Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་གོ་གཅིག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཕགས་པ་མི་གཡོ་བ་ཞེས་བྱ་བའི་གཟུངས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཕགས་པ་མི་གཡོ་བ་ཞེས་བྱ་བའི་གཟུངས།next

འཕགས་པ་མི་གཡོ་བ་ཞེས་བྱ་བའི་གཟུངས།


DKG091_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱཪྱ་ཨ་ཙ་ལ་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་མི་གཡོ་བ་ཞེས་བྱ་བའི་གཟུངས། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་གྱི་ཁང་བུ་བརྩེགས་པ་ན་བཞུགས་ཏེ། དེའི་ཚེ་བཅོམ་ལྡན་འདས་ཀྱི་འཁོར་འདུས་པ་ནི་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དང་། ནམ་མཁའི་སྙིང་པོ་དང་། སའི་སྙིང་པོ་དང་། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་། འཇམ་དཔལ་དང་། སྤྱན་རས་གཟིགས་དབང་ཕྱུག་དང་། ལག་ན་རྡོ་རྗེ་དང་། བྱམས་པ་ལ་སོགས་པ་ས་བཅུ་པ་འབའ་ཞིག་དང་ངོ་། །དེ་ནས་བྱང་ཆུབ་སེམས་དཔའ་བྱམས་པ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཛམ་བུ་གླིང་ན་གནས་པའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ཤ་ཟ་མ་རུངས་པ་དག་གིས་མི་ནད་དང་། ཕྱུགས་ནད་དང་། ཡམས་ནད་དང་། རྣམ་པར་འཚེ་བ་དང་། དུས་མ་ཡིན་པའི་འཆི་བ་དང་། སྡང་བ་དང་། རྨི་ལམ་ངན་པ་དང་། དུས་མ་ཡིན་པའི་རླུང་དང་། སེར་བ་དང་། ས་གཡོས་པ་ལ་སོགས་པ་བྱུང་སྟེ། དེ་དག་ཞི་བར་མཛད་དུ་གསོལ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཅང་མི་གསུང་བར་རྣམ་པར་དག་པའི་སྒོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་སྟེ། སྐུའི་བ་སྤུའི་ཁུང་བུ་ནས་འོད་ཟེར་མེ་ལྕེ་རབ་ཏུ་འབར་


DKG091_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

བ་བྱུང་སྟེ། འདོད་པ་དང་། གཟུགས་དང་། གཟུགས་མེད་པ་ལ་ཐུག་པ་མེ་ལྕེ་འབར་བ་གཅིག་ཏུ་གྱུར་ཏོ། །དེའི་ཚེ་ཉི་མ་དང་ཟླ་བ་ལ་སོགས་པའི་འོད་ཀྱང་ལྷམ་མེ་དང་། ལྷན་ནེ་དང་། ལྷང་ངེ་མ་ཡིན་ཏེ། ལྷ་རྣམས་ཀྱི་འོད་ཀྱང་ལྷམ་མེ་དང་། ལྷན་ནེ་དང་། ལྷང་ངེ་མ་ཡིན་ནོ། །ཀླུ་དང་། གནོད་སྦྱིན་དང་། ཤ་ཟ་ལ་སོགས་པ་རྣམས་ནི་རླུང་དྲག་པོས་བདས་པའི་ཤིང་བཞིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་དབྱིངས་རྣམ་པར་མི་རྟོག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་སྟེ། མཉམ་པའི་ཕྱག་རྒྱ་བཤིག་ནས་ཞབས་ཀྱི་པུས་མོ་ས་ལ་བརྡབས་པས་ཐུགས་ཀྱི་བདག་ཉིད་ཀྱི་བརྟན་པའི་སྐུ་ཅན་གྱི་ཁྲོ་བོ་ཞབས་བརྐྱང་བསྐུམ་དུ་བཞུགས་པ་དག་བྱུང་སྟེ། ཐབས་ལས་བྱུང་བའི་ཁྲོ་བོའི་སྤྲུལ་པ་དཔག་ཏུ་མེད་པ་དང་བཅས་ནས་ནམ་མཁའ་མ་ལུས་པ་འོད་ཀྱིས་འགེངས་པའོ། །འོད་ཀྱི་དཀྱིལ་འཁོར་དག་ན་བཞུགས་པ་ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་དང་། དྲག་པོ་ཆེན་པོ་བཞི་པོ་དག་ཧ་ཧཱུྃ་ཧྲིཿཞེས་བྱ་བས་སྐྲག་པར་བྱེད་པ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། སེར་སྣ་དག་འཇོམས་པ། ཀླུ་དང། གནོད་སྦྱིན་དང་། ཤ་ཟ་ཡི་དགས་ལ་སོགས་པ་ཧཾ་མཾ་ཞེས་བརྗོད་པས་སྐྲག་པར་མཛད་པ་དག་སྤྲུལ་ཏོ། །གསུང་གི་བདག་ཉིད་ཀྱི་བརྟན་པའི་སྐུ་ཅན་ཞབས་ཕྱེད་ས་ལ་པུས་མོ་དང་མཐེ་བོ་བཙུགས་པ། ཞབས་གཅིག་ལངས་ཏེ་པུས་མོ་བཙུགས་པས་བཞུགས་པའི་ཁྲོ་བོ་བརྟན་པའི་སྐུ་ཅན། ཤེས་རབ་ཀྱི་བདག་ཉིད་རལ་གྲི་མེ་འོད་དང་བཅས་པས་འོད་ཀྱིས་འགེངས་པ་དག་སྤྲུལ་ཏོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས་པ་ལས་བྱུང་བའི་ཁྲོ་བོ་དག་གི་སྔགས་སྨྲས་པ། ན་མཿ ས་མནྟ་བཛྲཱ་ཎཱཾ། ཨ་ཙ་ལ་ཀ་ན་ཙཎྜ་མ་ཧཱ་རོ་ཥ་ཎ་སྥོ་ཊ་ཡ་ཧཱུྃ་བཛྲ་དྷྲྀཀ་ཁཌྒ། ཧཱུྃ་མཾ་ཧཱུྃ་མཾ་ཞེས་བརྗོད་དེ། ཕྱག་རྒྱ་ནི་ལག་པ་གཡས་པ་ཁུ་ཚུར་བཅངས་ཏེ། སྲིན་ལག་དང་མཐེའུ་ཆུང་གཉིས་བསྒྲེང་བ་ནི་རལ་གྲིའི་ཕྱག་རྒྱ་སྟེ། གཡས་སྐོར་དུ་མཚམས་བཅད་དོ། །ན་མཿས་མཏྣ་བཛྲཱ་ཎཱཾ། ཨ་ཙ་ལ་ཀ་ན་ཙཎྜ་མ་ཧཱ་རོ་ཥ་ཎ། སྥོ་ཊ་ཡ་ཧཱུྃ། ཨ་མྲྀ་ཏ་ཧཱུྃ་ཧཱུྃ་ཞེས་བརྗོད་དོ། །ཕྱག་རྒྱ་ནི་ལག་པ་སོར་མོ་རྣམས་བརྐྱང་སྟེ་མཐེའུ་ཆུང་མཐེ་བོས་མནན་པ་ནི་རྡོ་རྗེ་རྩེ་གསུམ་པའི་ཕྱག་རྒྱ་སྟེ།


DKG091_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་ནས་བསྐོར་ལ་བགེགས་བསྐྲད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་པར་དག་པའི་ཏིང་ངེ་འཛིན་གྱིས་སྲུང་བ་གསུངས་པ་ནི། དམར་པོའི་ཡི་གེ་རྃ་སྤྱི་བོར་བསམ་སྟེ། རྣམ་པར་དག་པའི་ཡི་གེ་འདིས་བརྟན་པར་བྱས་ནས། རྡོ་རྗེ་དང་རལ་གྲིས་ལུས་མེ་འོད་དང་བཅས་པར་བསྒོམས་ཏེ། ན་མཿས་མཏྣ་བཛྲཱ་ཎཱཾ། ཨ་ཙ་ལ་ཀ་ན་ཙཎྜ་མ་ཧཱ་རོ་ཥ་ཎ་ཀ་ཏེ་བྷྱཿ། སརྦ་བི་ག་ཏེ་བྷྱོ།བི་ཤྭ་མུ་ཁེ་བྷྱཿ། སརྦ་ཏ་ཐཱ་ག་ཏ་ཧཱཾ་མཱཾ་རཀྵ། ཞེས་བརྗོད་དེ་ཕྱག་རྒྱ་ནི་རྡོ་རྗེ་ཐལ་མོ་སྦྱར་ཏེ། མཛུབ་མོ་གཉིས་གུང་མོའི་རྒྱབ་ཏུ་སྦྱར་ཏེ་སྨིན་མཚམས་སུ་བཅའ་བར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་ཀྱི་སེམས་རིག་པ་ཆེན་པོའི་སྲུང་བ་གསུངས་པ་ནི། ཧཱུྃ་དང་གཞིའི་རྣམ་པས་བལྟས་ཏེ། ན་མཿས་མནྟ་བཛྲཱ་ཎཱཾ། ཨ་ཙ་ལ་ཀ་ན་ཙཎྜ་མ་ཧཱ་རོ་ཥ་ཎ་ཀ་ཏེ་བྷྱཿ། སརྦ་བི་ག་ཏེ་བྷྱོ། བི་ཤྭ་མུ་ཁེ་བྷྱཿ། སརྦ་ཏ་ཐཱ་ག་ཏ་ཧཱཾ་མཱཾ་རཀྵ་མ་ཧཱ་བ་ལེ། སརྦ་ཏ་ཐཱ་ག་ཏ་པྲ་མེ་ནི་ར་གརྫ་ཧཱུྃ་ཧཱུྃ་ཕཊ་ཏྲ་ཐ་ཏྲ་ཐ། ཨ་པྲ་ཏི་ཧ་ཏེ་སྭཱ་ཧཱ། ཞེས་བརྗོད་དེ་ཕྱག་རྒྱ་ནི་རྡོ་རྗེའི་ཐལ་མོ་སྦྱར་ལ་མཛུབ་མོ་གཉིས་ནང་དུ་བཀུག་ལ་གུང་མོ་རྩེ་སྤྲད་དེ། སྲིན་ལག་གཉིས་བརྐྱང་ནས་མཐེའུ་ཆུང་གཉིས་ཅུང་ཞིག་བཀུག་ལ་སྙིང་ཁར་བཅས་ཏེ་སྲུང་བ་ནི་ཡུམ་གྱི་སྟེ། བགེགས་དང་ལོག་འདྲེན་དང་མ་རུངས་པ་ཐམས་ཅད་དྲན་པ་ཙམ་གྱིས་འབྱེར་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱམས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཁ་ཟས་བྱེ་བྲག་བཟའ་བ་དང་། བཅའ་བ་དང་། གཞིབ་པ་དང་། བཏུང་བ་དང་། བལྡག་པ་ལ་སོགས་པ་དང་།གཟུགས་དང་། སྒྲ་དང་། དྲི་དང་། རོའི་བྱེ་བྲག་ལ་བྱིན་གྱིས་བརླབ་པ་མཛད་དེ། ཨོཾ་སརྦ་དྷརྨ་ཏཱ་སི་ཏ་ཧཱུྃ་ཞེས་བྱས་པས་དག་པར་བྱས་ཏེ། ཨོཾ་ཨ་མྲྀ་ཏ་ཨོཾ་ཧཱུྃ་ཧྲཱིཿ། ཞེས་བྱ་བས་ནི་འདོད་པའི་དོན་དུའོ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ། སཾ་བྷ་ར་སཾ་བྷ་ར་ཧཱུཾ་ཞེས་བྱ་བས་ལན་བདུན་བདུན་བཏབ་སྟེ་བསྔོས་པས་ཚིམ་པར་འགྱུར་རོ། །ཕྱག་རྒྱ་ནི་མཆོག་སྦྱིན་གྱི་ཕྱག་རྒྱའོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ། ལྡང་བར་འདོད་ན་སྔགས་འདི་བརྗོད་པར་


DKG091_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཤྩཎྜ་བཛྲ་པཱ་ཎ་ཡེ། ན་མོ་བཛྲ་ཀྲོདྷཱ་ཡ། དཾ་ཥྚོདྐ་ཊ་བྷཻ་ར་ཝཱ་ཡ། ཨ་སི་མུ་ས་ལ་པ་ར་ཤུ་པཱ་ཤ་ཧ་སྟཱ་ཡ། ཏདྱ་ཐཱ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི། ཁ་ཁ་ཁཱ་ཧི་ཁཱ་ཧི། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། གྲྀཧྞ་གྲྀཧྞ། གརྫ་གརྫ། བི་སྥོ་ཊ་ཡ། བི་སྥོ་ཊ་ཡ། སརྦ་བིགྷ་ནཾ་བི་ནཱ་ཡ་ཀཱ་ནཱཾ་མ་ཧཱ་ག་ཎ་པ་ཏི་ཛཱི་བི་ཏ་ཨནྟ་ཀ་ར་ཎ་སྭཱ་ཧཱ། ཞེས་བྱ་བ་བརྗོད་དོ། །ལག་པ་གཉིས་ཁུ་ཚུར་བཅངས་ལ་ཁ་ནང་དུ་བསྟན་ཏེ། མཛུབ་མོ་བསྒྲེང་ལ་བྲང་དུ་བསྣོལ་ལ་ཕྱག་རྒྱ་བཅིངས་ཏེ། གཏོར་མ་བཏང་ཞིང་འཆག་པའི་དུས་སུ་ཡང་དེ་བཞིན་ནོ། །ཉེ་རེག་བྱ་བ་དང་། ཁྲུས་བྱ་བ་ནི་རིན་པོ་ཆེའི་བུམ་པར་དྲི་ཞིམ་པོའི་ཆུ་ལ། ན་མཿ ས་མནྟ་བཛྲཱ་ཎཱཾ། ཨ་ཙ་ལ་ཀ་ན་ཡ་ཨ་མྲྀ་ཏ་ཞེས་ལན་བདུན་བདུན་བཏབ་སྟེ། ལག་པ་གཡོན་པས་བུམ་པ་བཟུང་ནས་གཡས་པའི་གུང་མོ་དང་སྲིན་ལག་ཅུང་ཟད་ཙམ་བཀུག་ལ། རི་མོ་ཅན་གྱི་ནང་དུ་ཨ་བསམས་ལ་ཆུ་བླུགས་ཏེ། ཨོཾ་ཤུདྡྷ་དུན་ཏེ་ཤོ་དྷ་ན་ཡེ་སྭཱ་ཧཱ། ཞེས་བྱ་བས་ཁྲུས་བྱའོ། །དེ་སྐད་ཅེས་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། བྱང་ཆུབ་སེམས་དཔའ་བྱམས་པ་ལའོ། །དེ་ནས་རྒྱལ་པོ་ཆེན་པོ་བཞི་འཁོར་དང་བཅས་པ་དང་། སུམ་ཅུ་རྩ་གསུམ་གྱི་ལྷ་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱིས་མེ་ཏོག་དང་། རྔ་དང་། བདུག་སྤོས་དང་། ལྷའི་ཞལ་ཟས་དང་། ལྷའི་བུ་ཕོ་དང་། བུ་མོ་དག་རིན་པོ་ཆེའི་རྒྱན་དང་བཅས་པས་ཤིང་རྟ་དཔག་ཏུ་མེད་པ་དང་། མཆོད་པའི་ཡོ་བྱད་དཔག་ཏུ་མེད་པ་དག་གིས་བཅོམ་ལྡན་འདས་ལ་མཆོད་པ་དང་བསྐོར་བ་རྒྱ་ཆེན་པོ་དག་བྱས་ཏེ་བྱང་ཆུབ་སེམས་དཔའ་བྱམས་པ་དང་ཐབས་ཅིག་ཏུ་འདུག་གོ། །དེ་ནས་བྱང་ཆུབ་སེམས་དཔའ་བྱམས་པ་སྤྲོ་བ་དང་ལྡན་པས་བཅོམ་ལྡན་འདས་ལ་བལྟའོ། །བཅོམ་ལྡན་འདས་ཀྱིས་བྱམས་པའི་བསམ་པ་མཁྱེན་ནས་བསམ་གཏན་དང་པོ་ལ་མཉམ་པར་བཞག་སྟེ། འདོད་པའི་བདེ་བ་སྤངས་ཏེ་དགའ་བར་རྟོག་པ་ཙམ་མོ། །དེ་ནས་བསམ་གཏན་དང་པོ་ནས་གཉིས་པ་ལ་མཉམ་པར་བཞག་སྟེ། རྩེ་གཅིག་པའི་རྟོག་སྤྱོད་སྤངས་ཏེ་དགའ་བདེ་ཙམ་མོ། །བསམ་གཏན་གཉིས་པ་ནས་


DKG091_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་ལ་མཉམ་པར་བཞག་སྟེ། རྟོག་པ་དང་དཔྱོད་པ་སྤངས་ཏེ་བདེ་བ་ཙམ་མོ། །དེ་ནས་བསམ་གཏན་གསུམ་པ་ནས་བཞི་པ་ལ་མཉམ་པར་བཞག་སྟེ། ཚོར་བ་ཉེ་བར་ཞི་བའི་བདེ་བ་ཙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཏིང་ངེ་འཛིན་དེ་དག་དང་ལྡན་ན་རྣམ་པར་དག་པའོ། །བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཀྱིས་ནི་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུད་སྤེལ་བའོ། །དེ་བཞིན་དུ་ཆོས་ཐམས་ཅད་ནི་ནམ་མཁའ་ལྟར་མཐའ་བཞི་ལས་རྣམ་པར་གྲོལ་བའོ། །ན་མཿས་མནྟ་བཛྲཱ་ཎཱཾ། དྷརྨ་དྷཱ་ཏུ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་དེ་ཕྱག་རྒྱ་ནི་འདིའོ། །ལག་པ་གཉིས་སོ་སོར་ཁུ་ཚུར་བཅངས་ཏེ། མཐེ་བོང་གཉིས་ནང་དུ་བཅུག་ལ་མཛུབ་མོ་གཉིས་བསྒྲེང་བའོ། །འཕགས་པ་མི་གཡོ་བའི་གཟུངས་ལས་གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྡོ་རྗེའི་སྐྱིལ་མོ་ཀྲུང་བཅས་ཏེ་སྙིང་གར་ཉི་མའི་དཀྱིལ་འཁོར་ལ་ཐུགས་ཀྱི་ས་བོན་འོད་ཀྱིས་ནམ་མཁའ་ཀུན་ཁེངས་པར་བསམས་ཏེ།ས་བོན་དེ་ལས་ཆོས་ཐམས་ཅད་ཚིག་གི་ལམ་དང་བྲལ་བའོ་ཞེས་བྱ་བའི་སྒྲ་དང་བཅས་པས་འཕེལ་བ་དང་འགྲིབ་པའི་སྒྲ་འོད་ཟེར་འཕྲོ་འདུ་དང་བཅས་པའོ། །དེ་ནས་སྣ་ཚོགས་པའི་གདན་འདམ་ནས་སྐྱེས་པའི་དྲི་མ་མེད་ཅིང་ཡོངས་སུ་རྒྱས་པ་ཚོགས་ཀྱི་བདག་པོའི་སྟེང་དུ་རྟ་བདུན་པ་ཀུན་ནས་འོད་འཕྲོ་བ་འདམ་སྐྱེས་དང་ལྡན་པ་དག་གི་སྟེང་དུ་ནམ་མཁའི་མདོག་ཅན་གྱི་ཐུགས་ཀྱིས་བོན་དང་བདག་ཉིད་གཅིག་པའི་ནམ་མཁའི་ཁམས་ཀུན་ཏུ་ཁྱབ་པར་འོད་ཀྱིས་འགེངས་པའི་ཤེས་རབ་ཀྱི་རལ་གྲི་སྔོན་པོ་དག་ཏུ་གྱུར་ཏེ། དེ་དག་ལས་བདུད་དང་མ་རུངས་པ་མཐའ་དག་འཇོམས་པའི་ཁྲོ་བོ་ཆེན་པོ་རྣམ་རྟོག་ཐམས་ཅད་ཡོངས་སུ་བཅོམ་པ་དྲི་མ་མེད་ཅིང་གཞོན་ནུའི་སྐུའོ། །དེ་ཡང་གཞོན་ཞིང་སྐུའི་ཤ་རྒྱས་པ་ནི་དཔེར་ན་བུས་པ་གཞོན་ནུ་ལང་ཚོ་ལ་བབ་པའི་ལུས་ལྟ་བུ་སྟེ། དེའི་སྐུ་མདོག་ནི་མཐིང་ནག་ཏུ་གནས་ཏེ། དཔེར་ན་དབྱར་གྱི་ཆར་སྤྲིན་ནག་པོའི་མདོག་བཞིན་དུ་གནས་པའོ། །ནམ་མཁའ་མ་ལུས་པ་ཐམས་ཅད་དུ་འོད་ཀྱིས་འགེངས་པ་ནི་དཔེར་ན་རྟ་བདུན་


DKG091_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འོད་ཀྱིས་གླིང་ཀུན་ཏུ་ཁྱབ་པ་བཞིན་ནོ། །དབུ་སྐྲ་གཅིག་ཏུ་བཅིངས་ཤིང་འཕྱར་བ་ནི་དཔེར་ན་ཤིང་ཨ་ལ་ཀའི་འབྲས་བུ་བཞིན་ནོ། །སྐུ་ཅུང་ཞིག་འགྱིང་བ་དང་གཡོ་བ་ནི་དཔེར་ན་དཔག་བསམ་གྱི་ཤིང་ཡོངས་འདུ་ས་བརྟོལ་བཞིན་ནོ། །ཞབས་བརྐྱང་བསྐུམ་དུ་བཞུགས་པ་ནི་དཔེར་ན་གྱད་ཀྱི་འགྲོས་བཞིན་ནོ། །སྤྱན་གསུམ་ཤིན་ཏུ་དམར་བ་ནི་དཔེར་ན་པ་ལ་ཤའི་མེ་ཏོག་བཞིན་ནོ། །སྤྱན་སྟེང་འོག་ཏུ་བལྟ་བ་ནི་སྟེང་འོག་གི་བགེགས་བསྲེག་པ་སྟེ། དཔེར་ན་ལྷ་མ་ཡིན་གྱི་བྱ་གཏོར་མ་ཟ་བ་བཞིན་ནོ། །མཆེ་བ་གཙིགས་པ་ནི་དཔེར་ན་ཟླ་བ་ཕྱེད་པ་བཞིན་ནོ། །ལྗགས་ཤིན་ཏུ་འཁྱུག་པ་ནི་དཔེར་ན་ནམ་མཁའི་གློག་བཞིན་ནོ། །སྨིན་མ་ཁྲོ་གཉེར་དུ་བསྡུས་པ་ནི་དཔེར་ན་ཤིང་པ་ལ་ཀྵའི་ལོ་མ་བཞིན་ནོ། །ཕྱག་གཡས་ན་རལ་གྲི་བསྣམས་པ་ནི་དཔེར་ན་གཟའ་ཆེན་པོའི་འོད་ལྷུང་བ་བཞིན་ནོ། །སྦྲུལ་གྱི་ཞགས་པ་གཡོན་ན་བསྣམས་པ་ནི་དཔེར་ན་རྒྱ་མཚོའི་མཆིང་བཞིན་ནོ། །དེ་ལྟ་བུའི་སྐུ་དེས་ནི་ཚངས་པ་དང་། བརྒྱ་བྱིན་དང་། རྒྱལ་པོ་ཆེན་པོ་བཞི་པོ་དག་དང་། ཕྱོགས་སྐྱོང་བ་ལ་སོགས་པ་རྣམས་དབང་དུ་སྡུད་པ། ལྷ་དང་། ཀླུ་མ་རུངས་པ་དང་། སྲིན་པོ་དང་། ཤ་ཟ་དང་། གྲུལ་བུམ་དང་། ལྟོ་འཕྱེ་ལ་སོགས་པ་འཇོམས་པར་བྱེད་པ་དག་གོ། །དེའི་སྔགས་བཅོམ་ལྡན་འདས་ཀྱིས་གསུངས་པ། ན་མཿས་མནྟ་བཛྲཱ་ཎཱཾ་ཏྲ་ཊ། ཨ་མོ་གྷ་ཙཎྜ་མ་ཧཱ་རོ་ཥ་ཎ། སྥོ་ཊ་ཡ་ཧཱུཾ། ཏྲ་མ་ཡ་ཏྲ་མ་ཡ་ཧཱཾ། ཏྲ་ཏ་ཧཱཾ་མཾ་ཞེས་བརྗོད་པར་བྱའོ། །དེ་ནི་འཚེ་བ་དང་། རྣམ་པར་འཚེ་བ་དང་། སྡང་བ་དང་། རྣམ་པར་སྡང་བ་དང་། ལོག་འདྲེན་དང་། རྣམ་པར་ལོག་འདྲེན་དང་། སྲིན་པོ་དང་། ལྷ་དང་། ཀླུ་དང་། གྲུལ་བུམ་དང་། ཤ་ཟ་ལ་སོགས་པ་ཐམས་ཅད་ཞི་བར་འགྱུར་རོ། །རླུང་ལས་གྱུར་པ་དང་། མཁྲིས་པ་ལས་གྱུར་པ་དང་། བད་ཀན་ལས་གྱུར་པ་དང་། འབྲས་དང་། ཤུ་བ་དང་། གཡན་པ་དང་། མཛེ་དང་། འབྲུམ་བུ་དང་། འབྲུམ་བུ་ཕྲ་མོ་དང་། རིམས་ཉིན་གཅིག་པ་དང་། ཉིན་གཉིས་པ་དང་། ཟླ་བ་ཕྱེད་པ་དང་། ལྡང་དུབ་པ་དང་། ཡུད་ཙམ་པའི་རིམས་དང་། རྟག་པའི་རིམས་ལས་ཐར་བར་འགྱུར་རོ། །སེང་གེ་དང་། སྟག་དང་། དོམ་དང་།


DKG091_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

དྲེད་དང་། སྤྱང་ཀི་དང་། སྦྲུལ་དུག་ཅན་དང་། སྦྲང་བུ་དང་། ཤ་སྦྲང་དང་། བུང་བའི་གནོད་པ་ལས་ཐར་རོ། །རྒྱལ་པོའི་ཆད་པ་དང་། དམག་དཔུང་གི་འཇིགས་པ་ལས་ཐར་རོ། །རྐུན་པོ་དང་། བྲན་དང་། བཟའ་མི་འཐབ་ཅིང་རྩོད་པ་ལས་ཐར་རོ། །ཆུ་ཡིས་འཇིགས་པ་དང་། མེ་ཡིས་འཇིགས་པ་དང་། ས་གཡོས་པའི་འཇིགས་པ་དང་། ལྕེ་འབབ་པའི་འཇིགས་པ་ལས་ཐར་རོ། །རལ་གྲི་དང་། ཤཀྟི་དང་། དགྲ་སྟ་དང་། མདུང་དང་། མདའ་དང་། མདའ་བོ་ཆེ་དང་། འཁོར་ལོ་དང་། མཚོན་ཆའི་འཇིགས་པ་ལས་ཐར་རོ། །འཆི་བ་དང་། དུས་མ་ཡིན་པར་འཆི་བ་ལས་ཐར་རོ། །མཚམས་མེད་ལྔ་ལ་སོགས་པའི་སྡིག་པ་ཀུན་འདག་པར་འགྱུར་རོ། །སེམས་ཅན་དམྱལ་བ་དང་། ཡི་དགས་དང་། དུད་འགྲོའི་སྐྱེ་གནས་དང་། ཡུལ་མཐའ་འཁོབ་དང་། དབང་པོ་མ་ཚང་བ་དང་། ལྷ་ཚེ་རིང་པོ་དང་།ལོག་པར་ལྟ་བ་འཛིན་པ་དང་། སངས་རྒྱས་འབྱུང་བ་ལ་མཉེས་པ་མེད་པ་དག་ཏུ་མི་འགྱུར་རོ། །གཟུངས་སྔགས་འདི་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་གསུངས་ཏེ། ལན་ཅིག་བརྗོད་པས་ཀྱང་སྡིག་པ་ཐམས་ཅད་འདག་པར་འགྱུར་རོ། །འདི་བརྗོད་པའི་གང་ཟག་དེས་ནི་ཆོས་ཉིད་ཀྱི་ལམ་རྡོ་རྗེ་ལྟ་བུ་མྱུར་བ་ཉིད་དུ་ཐོབ་པར་འགྱུར་རོ། །དེ་ནས་རྟ་བདུན་པའི་སྟེང་དུ་རྣམ་པར་དག་པའི་ཡི་གེ་ནམ་མཁའ་མ་ལུས་པ་འོད་ཀྱིས་འགེངས་པ་བསམས་ཏེ། བྱམས་པའི་ལྟ་བས་ལྟ་བའི་ཕྱིར་ཧཱཾ་སེར་པོ་མིག་ཏུའོ། །སྲོག་གི་ལམ་དུ་ནི་མཾ་ནག་པོ་བསམ་པར་བྱའོ། །སྤྱི་བོར་ཆོས་ཉིད་རྣམ་པར་དག་པའི་ཡི་གེ་བསམས་ཏེ། སྔགས་འདི་བརྗོད་པར་བྱའོ། །ན་མཿས་མནྟ་བཛྲ་པཱ་ཎི་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཞེས་བརྗོད་དེ་ལག་པ་ཐལ་མོ་སྦྱར་ཏེ། གུང་མོ་བསྒྲེང་བའི་རྒྱབ་ཏུ་མཛུབ་མོ་ཅུང་ཟད་བཀུག་ལ་སྲིན་ལག་ཀྱང་དེ་བཞིན་དུ་བྱས་ཏེ། རྡོ་རྗེའི་ཕྱག་རྒྱའོ། །འདིའི་བྱིན་གྱིས་བརླབས་ཀྱིས་མ་རིག་པ་འཇོམས་ཤིང་ཡེ་ཤེས་ཀྱི་སྐུ་ཉིད་དུ་བྱིན་གྱིས་བརླབ་པའོ། །གསེར་ལ་སོགས་པའི་སྣོད་དུ་ཁ་ཟས་ཀྱི་བྱེ་བྲག་ནས་དང་། འབྲས་དང་། གྲོ་དང་། སོ་བ་དང་། ཏིལ་ལ་སོགས་པ་དང་། ཞོ་དང་། འོ་མ་དང་། སྦྲང་


DKG091_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

རྩི་དང་། ཁ་ར་དང་། གསེར་དང་། དངུལ་དང་། ཟངས་དང་། མུ་ཏིག་དང་། བྱི་རུ་དག་བླུགས་ཏེ། འབྲུ་གསུམ་པའི་སྔགས་ཀྱིས་བྱིན་གྱིས་བརླབས་ནས་སྔགས་འདི་བརྗོད་པར་བྱའོ། །ན་མཿས་མནྟ་ཏ་ཐཱ་ག་ཏེ་བྷྱོ། བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུཏྒ་ཏེ། སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་ཞེས་བརྗོད་པར་བྱའོ། །ཕྱག་རྒྱ་ནི་མཆོག་སྦྱིན་གྱི་ཕྱག་རྒྱའོ། །ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ། ཨོཾ་སཾ་བྷཱ་ར་སཾ་བྷཱ་ར་ཧཱུཾ་ཞེས་བྱ་བས་འབྱུང་པོ་ཀུན་ལ་མཆོད་པར་བྱའོ། །དེ་ནས་གསང་སྔགས་འདི་བརྗོད་པར་བྱའོ། །ན་མཿས་མནྟ་བུདྡྷཱ་ནཱཾ། ཙཎྜ་མ་ཧཱ་རོ་ཥ་ཎ་ཨ་ས་མེ་ཏྲི་ས་མེ་མ་ཧཱ་ས་མ་ཡ། སརྦ་པཱ་པཾ་སྭཱ་ཧཱ། ཕྱག་རྒྱ་ཐལ་མོ་སྦྱར་ལ་གསོལ་བ་གདབ་སྟེ་དམ་ཚིག་གསོ་བའོ། །འཕགས་པ་མི་གཡོ་བའི་གཟུངས་ལས་ལེའུ་སྟེ་གཉིས་པའོ།། །།དེ་ནས་དམ་ཚིག་ནི་འདི་ཡིན་ཏེ། སངས་རྒྱས་དང་ཆོས་དང་དགེ་འདུན་ནི་འབྲས་བུ་དང་། ལམ་དང་། སྒྲུབ་པའི་ཁྱད་པར་ཏེ། གང་ནས་བརྩམས་ཏེ་ཁྱད་པར་གྱིས་མཆོད་ཅིང་ནམ་དུ་ཡང་མི་འབྲལ་བར་བྱའོ། །ཚད་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུད་རྟག་ཏུ་སྒོམ་ཞིང་སྨོན་ལམ་རྒྱ་ཆེན་པོ་གདབ་པར་བྱའོ། །སྔགས་དང་། ཕྱག་རྒྱ་དང་། སྔགས་དང་ཕྱག་རྒྱའི་རྟེན་རྒྱུན་དུ་བཅང་ཞིང་བྲལ་བར་མི་བྱའོ། །ལྷ་དང་། བླ་མ་དང་། བྱང་ཆུབ་ཀྱི་གྲོགས་ལ་ཁོང་ནས་འཁྲུག་པའི་སེམས་སྤང་ངོ་། །སྲོག་གིས་བསྡུས་པའི་སེམས་ཅན་ཐམས་ཅད་ལ་བྱམས་པ་དང་། སྙིང་རྗེ་སྔོན་དུ་སོང་བས་གནོད་པ་དང་། རྣམ་པར་འཚེ་བ་སྤངས་ཏེ་ནམ་ཡང་དོར་བར་མི་བྱའོ། །སེར་སྣ་སྤངས་ཏེ་སེམས་ཅན་ལ་སྦྱིན་པ་སྦྱིན་པར་བྱའོ། །སེམས་ཅན་ལ་གནོད་པ་དང་། རྣམ་པར་འཚེ་བ་སྤངས་པའི་ཚུལ་ཁྲིམས་བསྟེན་པའོ། །རང་ལ་རྣམ་པར་འཚེ་བ་ལ་བཟོད་པར་བྱའོ། །རང་དང་གཞན་གྱི་དོན་བསྒྲུབ་པ་ལ་བརྩོན་པ་དོར་བར་མི་བྱའོ། །རྣམ་པར་གཡེང་བ་སྤངས་ཏེ་བསམ་གཏན་ལ་མཉམ་པར་གཞག་གོ། །ཉལ་བ་དང་ལྡང་བ་ཀུན་ཏུ་རང་བཞིན་གྱིས་རྣམ་པར་དག་པའི་དོན་ལ་མ་ཡེངས་པར་བྱའོ། །དམ་ཚིག་མེད་ཅིང་མི་གནས་པ་ལ་བསམ་གཏན་དང་། ཏིང་ངེ་འཛིན་དང་། སྔགས་དང་། ཕྱག་རྒྱ་ལ་སོགས་པ་ཀུན་


DKG091_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ཅིང་བཤད་པར་མི་བྱའོ། །སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པ་ལ་ཕྱིན་ཅི་ལོག་པ་དང་། བརྫུན་དུ་སྨྲ་བ་ནི་ཚངས་པར་སྤྱོད་པ་དང་། སྤྱད་པར་འདོད་པས་སྤང་བར་བྱའོ། །དགེ་སློང་རྣམས་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། དམ་ཚིག་དང་ལྡན་པ་ལ་གུས་པར་བྱ་ཞིང་བརྙས་པར་མི་བྱའོ། །ཐུན་མཚམས་ཀྱི་སྦྱོར་བ་དང་ལྡན་པར་བྱའོ། །ཁྲོ་བ་དང་། བབ་ཆོལ་དུ་སྨྲ་བ་དང་། ལད་ལུད་དང་། བཤང་གཅི་འདོར་བ་དང་། དྲི་མ་འཁྲུ་བ་དང་། སྐྲ་དང་སེན་མོ་ལ་སོགས་པའི་མི་གཙང་བ་དེ་དག་དང་། །དྲི་ང་བ་དང་། དྲི་མ་མི་ཞིམ་པ་དཀུ་ཞིང་མནམ་པ་དང་ལྡན་པ་ཐམས་ཅད་སྤང་བར་བྱའོ། །ཁང་པ་ནི་སྤོས་ཀྱི་ཁང་པ་ཡིད་དུ་འོང་བ་གཙང་ཞིང་དྲི་མ་མེད་པ་དག་བཀྲ་ཤིས་པའི་སྒོ་ཤར་དུ་བསྟན་པ། གསེང་སྐར་དང་བཅས་པའི་ཁང་པའམ། བྲམ་ཟེའི་ཁྱིམ་མམ། དགེ་འདུན་གྱི་ཀུན་དགའ་ར་བའམ། ལྷ་ཁང་ངམ། རི་བོའི་རྩེའམ། བྱ་སྐད་སྒྲོགས་པའི་སའམ། དགོན་པའམ། བས་མཐའ་འམ། སྤང་ལྗོངས་དག་ཏུ་དྲི་ཞིམ་པོའི་ཆུས་སྐྱོང་ནུལ་བྱས་ལ། རྩྭའི་སྟན་བཏིང་སྟེ་གནས་པར་བྱའོ། །ཁྲི་ལ་འདུག་པ་སྤང་བར་བྱའོ། །ཞོ་དང་། འོ་མ་དང་། མར་དང་། ལ་དུ་དང་། ལག་པན་དང་། སྣུམ་ཁུར་དང་། ཁུར་སྐྱ་དང་། འབྲས་དང་། འབྲས་ཟན་ལ་སོགས་པ་དག་སྨྱུང་བ་དང་ལྡན་པས་བཟའ་བར་བྱའོ། །ཤ་དང་། ཆང་དང་། སྒོག་པ་ལ་སོགས་པ་དཀུ་བའི་ཟས་རྣམས་ཀུན་ཏུ་སྤང་བར་བྱའོ། །ཟླ་བ་དང་། སྐར་མ་དང་། ཚེས་གྲངས་ལ་སོགས་པ་ནི་ཡར་གྱི་ངོ་དག་ལ་དཀོན་མཆོག་ལ་གསོལ་བ་བཏབ་ལ་བསྒྲུབ་པར་བྱའོ། །རེ་བ་དང་། རྔ་མ་དང་། རྩུབ་པ་དག་ནི་མ་ཡིན་ནོ། །འདོད་པའི་དོན་དུ་འཇམ་ཤིང་གནག་པ་ལ་ནི་འགལ་བ་མེད་དོ། །དུས་རྟག་ཏུ་ཡི་དམ་ལ་དད་པ་བསྐྱེད་པའི་ཕྱིར་བྱམས་པའི་བསམ་པ་དང་ལྡན་པས་བསྒྲུབ་པར་བྱའོ། །སྤྲུལ་པའི་ཁྲོ་བོ་རྡོ་རྗེ་ཤུགས་ཅན་ནི་ཁ་དོག་ཤིན་ཏུ་གནག་པ་སྟེ། ང་དང་ང་ཡིར་འཛིན་པའི་བདག་ཉིད་གནམ་ལྕགས་ཀྱི་འཁོར་ལོ་བསྣམས་པའོ། །རྡོ་རྗེ་ཆགས་ཆེན་ནི་མདོག་དེ་མར་པོ་ཆགས་པ་དང་ཆགས་པར་བྱེད་པའི་བཞིན་གྱི་མདའ་གཞུའོ། །རྡོ་རྗེ་རྣོན་པོ་ནི་ལྗང་ཁུ་སྟེ། འཛིན་ཅིང་ཡོངས་སུ་འཛིན་པའི་བདག་


DKG091_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ལྕགས་ཀྱུ་འཛིན་པའོ། །རྡོ་རྗེ་འབར་བ་ནི་མདོག་དམར་པོ་སྟེ། མི་ཤེས་པ་དང་མི་ཤེས་པ་འཇོམས་པའི་བདག་ཉིད་ཀྱི་རྡོ་རྗེའི་བྲག་འཛིན་པའོ། །རྡོ་རྗེ་ཁྲོ་བོ་ནི་སེར་པོ་སྟེ། ཁྲོ་བ་དང་ཁྲོ་བོའི་བདག་ཉིད་ཀྱི་རལ་གྲི་འབར་བ་བསྣམས་པའོ། །རྡོ་རྗེ་གཏུམ་ཆེན་ནི་མདོག་ལྗང་ནག་སྟེ། བཏང་སྙོམས་དང་བཏང་སྙོམས་སུ་གྱུར་པའི་བདག་ཉིད་ཀྱི་སྤྲིན་གྱི་ཞགས་པ་འཛིན་པའོ། །རྡོ་རྗེ་ཐབ་བདག་ནི་དུ་བའི་མདོག་ཅན་བྱ་བ་དང་བྱེད་པའི་བདག་ཉིད་ཀྱི་རྫ་རྔ་བསྣམས་པའོ། །རྡོ་རྗེ་སྟོབས་ཆེན་ནི་མཐིང་ག་སྟེ། དམན་པ་དང་།དམན་པའི་རང་བཞིན་ཅན་གྱི་གནམ་ལྕགས་ཀྱི་འཁོར་ལོ་འཛིན་པའོ། །རྡོ་རྗེ་རྒྱུའི་སྟོབས་ནི་དམར་ནག་སྟེ། རྟེན་འབྲེལ་དང་རྟེན་ཅིང་འབྲེལ་པར་འབྱུང་བའི་བདག་ཉིད་ཀྱི་བེ་ཅོན་འཛིན་པའོ། །རྡོ་རྗེ་རབ་འབྱེད་ནི་སྣ་ཚོགས་ཕྲིན་ལས་ཀྱི་མདོག་ཅན་མཐའ་དང་མཐའ་ལས་གྲོལ་བའི་བདག་ཉིད་ཅན་གྱི་རྡོ་རྗེ་རྩེ་གཅིག་པ་བསྣམས་པའོ། །དེ་དག་ནི་བཅུའི་བདག་ཉིད་ཅན་གྱི་མེ་འབར་བའི་སྐུ་ལས་རབ་ཏུ་འཕྲོ་བའོ། །འཕགས་པ་མི་གཡོ་བ་ཞེས་བྱ་བའི་གཟུངས་ལས་ལེའུ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་ཐུན་མོང་དུ་དེ་དག་བའི་ཕྱིར་དེའི་ཆོ་ག་གསུངས་པ། གནས་ཁང་ཡིད་དུ་འོང་བར་དྲི་ཞིམ་པོ་དང་ལྡན་པའི་ས་ལ་མཎྜལ་མདའ་གང་བ་བྱས་ཏེ། བའི་རྣམ་ལྔའི་སྐྱོང་ནུལ་བྱས་ལ། མེ་ཏོག་སྔོན་པོ་དགྲམ་པར་བྱའོ། །དེ་ནས་བུམ་པ་གསེར་རམ། དངུལ་ལམ། ཟངས་ལས་བྱས་པའི་ལྷུང་བཟེད་ཀྱི་ཚད་དུ་བྱ་སྟེ། དེར་རིན་པོ་ཆེ་གསེར་དང་། དངུལ་དང་། ཟངས་དང་། བྱི་རུ་དང་། མུ་ཏིག་དང་། རྣམ་པ་ལྔ་གཞུག་པར་བྱའོ། །སྦྲང་རྩི་དང་། བུ་རམ་དང་། ཁ་ར་དང་། ཞོ་དང་། འོ་མ་དང་། མར་རྣམས་གཞུག་པར་བྱའོ། །ནས་དང་། འབྲས་དང་། སོ་བ་དང་། ཏིལ་དང་། གྲོ་དང་། ཅུ་རྩེ་རྣམས་གཞུག་པར་བྱའོ། །ཅུ་གང་དང་། གུར་ཀུམ་དང་། ཛཱ་ཏི་དང་། སུག་སྨེལ་དང་། ཀ་ཀོ་ལ་དང་། ལི་ཤི་རྣམས་གཞུག་པར་བྱའོ། །ཙནྡན་དང་། ཨ་ཀ་རུ་དང་། དུ་རུ་སྐ་དང་། གླ་རྩི་དང་། རྒྱ་སྤོས་དང་། ག་བུར་ལ་སོགས་པའི་དྲི་རྣམས་ཀྱང་གཞུག་པར་བྱའོ། །མཚོ་དང་། རྫིང་དང་། ལྟེང་ཀ་དང་། འབབ་ཆུ་དང་། ལུ་མ་བཀོད་མ་རྣམས་ཀྱི་ཆུ་ཡང་བླུགས་


DKG091_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བ་ལའམ་རས་ལ་དྲིའི་ཆུས་བསང་བས་མགུལ་པ་བཅིངས་ཏེ་གཞག་པར་བྱའོ། །དྲི་དང་། མེ་ཏོག་དང་། འབྲས་བུ་དང་བཅས་པའི་ཤིང་ལ་ཁ་རྒྱན་བྱས་ཏེ། དྲི་དང་། སྤོས་དང་། མེ་ཏོག་དང་། མར་མེ་དང་། བྱུག་པ་དང་། ལྷ་བཤོས་དང་། རོལ་མོའི་སྒྲ་དག་ཀྱང་བཤམ་པར་བྱའོ། །འབྱུང་པོ་ཐམས་ཅད་པའི་གཏོར་མ་ཡང་ཆ་བདུན་ནམ་ལྔ་ལ་སོགས་པ་བྱའོ། །ན་མཿས་མནྟ་བཛྲཱ་ཎཱཾ། ཨ་ཙ་ལ་ཙཎྜ་མ་ཧཱ་རོ་ཥ་ཎ། སརྦ་བིགྷྣན་སྥོ་ཊ་ཡ། བཛྲ་དྷྲྀ་ཀ་ཁཌྒ་ཧཱུཾ་ཞེས་བྱ་བས་མཚམས་རྣམས་བཅིང་བར་བྱའོ། །དེ་བཞིན་དུ་བསྲུང་བའི་ཆོ་ག་རྫོགས་པར་བྱ་སྟེ། བུམ་པ་ལ་གཟུངས་ཀྱི་ཐག་པ་བཏགས་ནས་རྣམ་པར་དག་པའི་ཡི་གེས་ཡོངས་སུ་བསྒྱུར་བའི་བུམ་པ་ལ་བྷྲུཾ་ཞེས་བྱ་བའི་ས་བོན་ལས་ཁ་དོག་དང་། ཚད་དང་ལྡན་པའི་བུམ་པའོ། །ཐུགས་ཀྱི་ས་བོན་ལས་བྱུང་བའི་བཅོམ་ལྡན་འདས་དོན་དེ་ཁོ་ན་ཉིད་ལས་མཉམ་པར་བཞུགས་པ། བྱང་ཆུབ་སེམས་དཔའ་དང་། རང་སངས་རྒྱས་དང་། འཕགས་པའི་གང་ཟག་དང་བཅས་པ་གདན་སེང་གེའི་སྟེང་ན་སྣ་ཚོགས་པའི་གདན་པདྨ་དང་ཟླ་བའི་སྟེང་ན་བཞུགས་པའོ། །ཆོས་ཉིད་དང་ལྡན་པའི་རྣམ་པ་དྲུག་གིས་བཅོམ་ལྡན་འདས་བསམ་པར་བྱའོ། །ཆོས་ཉིད་དང་། སེམས་དང་། སེམས་ཀྱི་རྣམ་པ་དང་། སྒྲ་དང་། སྒྲ་བརྙན་དང་། གཟུགས་དང་། གཟུགས་བརྙན་དང་བཅས་པའི་སྐུར་ཉི་མའི་གདན་པདྨ་དང་ཚོགས་ཀྱི་བདག་པོ་གླང་སྣའི་སྟེང་དུ་བསམས་ཏེ། ཐུགས་ཀྱི་ས་བོན་ལས་རལ་གྲི་མེ་འོད་དང་བཅས་པས་ནམ་མཁའ་ཀུན་ཏུ་ཁེབས་པའོ། །དེ་ལས་བདུད་ཚར་གཅོད་པའི་བཅོམ་ལྡན་འདས་ཀྱི་སྐུར་བསམས་ཏེ། མཆོད་པས་བཅོམ་ལྡན་འདས་ལ་མཆོད་པར་བྱའོ། །ན་མཿས་མནྟ་བུདྡྷ་ནཱཾ། ཨོཾ་ཨཱཿཧཱུཾ། པྲ་བར་སད་ཀར་པྲ་ཏཱིཙྪ་ཧཱུཾ་ཞེས་བརྗོད་པར་བྱའོ། །ན་མཿས་མནྟ་བུདྡྷཱ་ནཱཾ། ཨོཾ་ཨཱཿཧཱུཾ། སརྦྦ་ཏེ་བ་ཏཱ་ཨ་ཙིན་ཏྱ་ཨ་མྲྀ་ཏ་དྷཱ་རཱ་ཡ་སྭཱ་ཧཱ་ཞེས་བརྗོད་པར་བྱའོ། །ན་མཿས་མནྟ་བུདྡྷཱ་ནཱཾ། ཨཱ་ཧ་ར་བྷ་ག་པཱ་ན། སརྦ་བིདྱཱ་དྷ་ར་པཱུ་ཛི་ཏེ་སྭཱ་ཧཱ་ཛི་ཏེ་སྭཱ་ཧཱ་ཞེས་བརྗོད་པར་བྱའོ། །ན་མཿས་མནྟ་བུདྡྷཱ་ནཱཾ། ཨོཾ་ཨཱཿཧཱུཾ། དྷརྨ་དྷཱ་ཏུ་ཨ་ནུ་ག་ཏེ་དྷཱུ་པེ་ཧཱུཾ་སྭཱ་ཧཱ་ཞེས་བརྗོད་པར་བྱའོ། །ན་མཿས་མནྟ་བུདྡྷཱ་ནཱཾ། ཨོཾ་ཨཱཿཧཱུཾ། མ་ཧཱ་མཻ་ཏྲི་བྷྱོ་ག་ཏེ་པུཥྤེ་ཧཱུཾ་ཞེས་བརྗོད་པར་བྱའོ། །ན་མཿས་མནྟ་བུདྡྷཱ་ནཱཾ། ཨོཾ་ཨཱཿཧཱུཾ། སརྦྦ་ཏ་ཐཱ་


DKG091_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

ག་ཏ་ཨ་ཙི་པྲཱ་ན་ཨ་བྷཱ་བ་ག་ག་ན་བྷྱ་ནི་ཪྱ་ཨཱ་ལོ་ཀེ་ཧཱུཾ་སྭཱ་ཧཱ་ཞེས་བརྗོད་པར་བྱའོ། །ན་མཿས་མནྟ་བུ་དྡྷཱ་ནཱཾ། ཨོཾ་ཨཱཿཧཱུཾ། ག་ག་ན་ས་མ་ཡ་གནྡྷེ་ཧཱུཾ་སྭཱ་ཧཱ་ཞེས་བརྗོད་པར་བྱའོ། །ན་མཿས་མནྟ་བུདྡྷཱ་ནཱཾ། ཨཱ་ཧ་ར་སརྦྦ་ཏ་ཐཱ་ག་ཏེ་ནཻ་ཝེ་དྱེ་པཱུ་ཛ་ན་སྥ་ར་ཎ་ཡེ་ཧཱུཾ་སྭཱ་ཧཱ་ཞེས་བརྗོད་པར་བྱའོ། །ན་མཿས་མནྟ་བུདྡྷཱ་ནཱཾ། ཨ་བི་སྨ་ར་ཡེ། སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ། དྷརྨ་དྷཱ་ཏུ། ཨཱ་ཀཱ་ཤཱཡ། ས་མནྟྲ་ཡ། སརྦ་ཏ་ཐཱ་ག་ཏ་པ་རི་ཤུདྡྷ་མཎྜ་ལེ། མ་མ་པྲ་ནི་དྷི་པུ་ཛ་ན་མ་བེ་ལེན་དྷརྨ་དྷཱ་ཏུ། ཨ་དྷིཥྛཱ་ན་པཱ་ཙ་ཧཱུཾ་སྭཱ་ཧཱ་ཞེས་བརྗོད་དོ། །རྡོ་རྗེ་དང་དྲིལ་བུ་གསིལ་བར་བྱའོ། །ཐལ་མོ་བཀན་ལ་མཛུབ་མོ་གཉིས་གུང་མོའི་རྒྱབ་ཏུ་ཅུང་ཞིག་བཀུག་ལ་སྦྱར། སྲིན་ལག་དང་མཐེའུ་ཆུང་བསྣོལ་ལ་མཐེ་བོ་ཅུང་ཞིག་བཀུག་པ་ནི་ཡོན་ཆབ་ཀྱི་ཕྱག་རྒྱའོ། །སོར་མོ་རྣམས་གུང་མོ་ལ་བརྟེན་ཏེ་ཅུང་ཟད་བཀུག་ནས་གུང་མོ་བསྒྲེང་བ་ནི་བདུག་སྤོས་ཀྱི་ཕྱག་རྒྱའོ། །སོར་མོ་རྣམས་ཕན་ཚུན་དུ་བསྣོལ་ཏེ་ནང་དུ་བཅུག་ནས། མཛུབ་མོ་མཐེ་བོས་མནན་པ་ནི་མེ་ཏོག་གི་ཕྱག་རྒྱའོ། །མཐེ་བོ་དང་གུང་མོའི་སོར་མོ་རྩེ་སྤྲད་དེ། ལྷག་མ་ཁུ་ཚུར་བཅངས་པ་ནི་མར་མེའི་ཕྱག་རྒྱའོ། །མི་འཇིགས་པའི་ཕྱག་རྒྱ་ལག་པ་གཡོན་པས་མཁྲིག་མ་བཏེག་པ་ནི་དྲིའི་ཕྱག་རྒྱའོ། །ཐལ་མོ་བཀན་པའི་ཟུར་སྦྱར་ཏེ། མཐེའུ་ཆུང་གཉིས་གཤིབས་ནས་བསྒྲེང་བ་ནི་ལྷ་བཤོས་ཀྱི་ཕྱག་རྒྱའོ། །སྤྱི་པོར་ལག་པ་བསྐོར་ཏེ། ཐལ་མོ་ཁོང་སྟོང་སྦྱར་ནས་དགྲོལ་བ་ནི་རྒྱ་ཆེན་པོའི་མཆོད་པ་སྟེ། མཆོད་པའི་རྫས་རྣམས་རང་བཞིན་གྱིས་དག་པའི་ལྷ་མོས་རྫས་སྦྱངས་པའོ། །ན་མཿས་མནྟ་བུདྡྷཱ་ནཱཾ། ཨ་བྷཱ་བ་སྭབྷཱ་བ་མུད་ག་ཏཱ་ནཱཾ། ན་མཿཔྲེ་ཏྱེ་ཀ་བུདྡྷཱ་ཨཱཪྱ་ཤྲ་བ་ཀཱ་ནཱཾ། ན་མོ་བོ་དྷི་སཏྭཱ་ནཱཾ། ད་ཤ་བྷཱུ་མི་པྲ་ཏིཥྛི་ཤ་ར་ཎཱཾ། བོ་དྷི་ས་ཏྭཱ་ཡ། མ་ཧཱ་ས་ཏྭཱ་ནཱཾ། ཏདྱ་ཐཱ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། དུཥྚ་སྭཱ་ཧཱ། ཀཱ་མ་ཀྲ་ཨ་སི་མུ་ས་ལ་པ་ར་ཤུ་པཱ་ཤ་ཧ་སྟཱ་ཡ། ཙ་ཏུར་བྷུ་ཛཱ། ཙ་ཏུར་མུ་ཁ་ཥ་ཊ་ཙ་ར་ཎ། གཙྪ་ཡ་གཙྪ་ཡ། སརྦ་བིགྷྣན་གྷཱ་ཏ་བི་ཀྲྀ་ཏཱི་ནཱ་ན། སརྦ་བྷཱུ་ཏ་བྷ་ཡཾ་ཀ་ར་ཨཊྚ་ཧཱ་ས་ནི་ནཱི་ཏེ་བྱཱ་གྷྲ་ཙརྨ་ནི་བཱ་ས་ནི། ཀུ་རུ་ཀུ་རུ་སརྦ་དྷརྨཱ་ཎཱཾ། ཙྪིནྡྷ་ཙྪིནྡྷ། སརྦ་མནྟྲ། བྷིནྡྷ་བྷིནྡྷ། པ་ར་མནྟྲ། ཨཱ་ཀརྵ་ཡ། ཨཱ་ཀརྵ་ཡ། སརྦ་བྷཱུ་ཏ།ནི་ར་མ་ཐ་ནི་ར་མ་ཐ། སརྦ་དུཥྚཾ། པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། མཎྜ་ལ་མ་དྷྱེ་བྷཻ་བས་ཏྭཱ་ཛཱི་བི་ཏིནྟ། ཀ་ར་ཀ་ར། ཀུ་རུ་ཀུ་རུ། མ་མ་སརྦ་ཀཱརྱཾ། ད་ཧ་ད་ཧ། པ་ཙ་པ་ཙ།


DKG091_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

མཱ་བི་ལམྦ། ས་མ་ཡཾ། ཨ་ནུ་སྨ་ར་ཧཱུཾ་ཧཱུཾ་སྥོ་ཊ་ཡ་སྥོ་ཊ་ཡ། སརྦ་ཥཊ་པ་རི་པཱུར་ཀ །ཧེ་བྷ་ག་བཱ་ན། ཀཉྩི་རཱ་ཡ་སི། མ་མ་སརྦཱ་རྠཾ་སཱ་དྷ་ཡ། ཨ་མོ་གྷ། ཙཎྜ་མ་ཧཱ་རོ་ཥ་ཎ་སྥོ་ཊ་ཡ་ཧཱུཾ། ཏྲ་མ་ཏྲ་མ་ཧཾ་མཾ་ཞེས་པ་བདུན་ནམ་ཉི་ཤུ་རྩ་གཅིག་བརྗོད་པར་བྱ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་བར་དམིགས་ལ། ལས་དང་རྣམ་པར་སྨིན་པ་དང་། འཇིག་པ་དང་། གནོད་པ་དང་། རྣམ་པར་འཚེ་བ་དང་། ནད་ལ་སོགས་པ་ཞི་བར་དམིགས་ཏེ་བཟླས་པར་བྱའོ། །དེ་ནས་གཏོར་བར་འདོད་པས་ཟློས་པའི་ཚེ་གདམས་པའི་ཚུལ་གྱིས་དབུལ་བར་བྱའོ། །འཕགས་པ་མི་གཡོ་བའི་གཟུངས་ལས་ལེའུ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་རས་རིས་ཀྱི་ཆོ་ག་གསུངས་པ། ཤིང་བལ་ཤིན་ཏུ་དྲི་མ་མེད་པ་ལ་བྲམ་ཟེའམ་གཙང་སྦྲ་དང་ལྡན་པས་ཁྲུས་བྱས་ཏེ། དཀོན་མཆོག་གསུམ་ལ་གསོལ་བ་བཏབ་ལ་བརྟག་པར་བྱའོ། །རིགས་ངན་དམངས་རིགས་ལ་སོགས་པའི་རས་དག་ནི་སྤང་བར་བྱའོ། །རས་དེ་གུར་ཀུམ་དང་། གླ་རྩི་དང་། ཨ་ཀ་རུ་ལ་སོགས་པའི་ཆུས་བཀྲུས་ཏེ་དག་པར་བྱའོ། །དེ་ནས་སྔགས་འདི་གྲོ་ག་འམ་རས་ལ་བྲིས་ནས་གདགས་པར་བྱའོ། །ཨ་ཨཱ། ཨི་ཨི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། །ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ་ཞེས་བྱ་བ་བྲིས་ཏེ་དགོད་པར་བྱའོ། །དེ་ནས་སྔགས་འདི་ལན་བདུན་བརྗོད་པར་བྱའོ། །ན་མཿས་མནྟ་བུདྡྷ་ནཱཾ། ཙཎྜ་མ་ཧཱ་རོ་ཥ་ཎ། སྥོ་ཊ་ཡ་ཧཱུཾ། ཏྲ་ཐ་ཧཾ་མཾ། ཨོཾ་བཱ་ཀྱེ་དཾ་ན་མཿཞེས་བྱ་བ་ལས་ཐམས་ཅད་འགྲུབ་པ་སྟེ། གུར་ཀུམ་དང་། ཙནྡན་དང་། གླ་རྩིའི་ཆུ་ལ་བསྔགས་ཤིང་གཏོར་བར་བྱའོ། །དེ་ནས་རི་མོ་མཁན་ཁྲུས་དག་པར་བྱ་སྟེ། བྲམ་ཟེའི་རིགས་ཀྱིས་བྲི་བར་བྱའོ། །ཚོན་ནི་གསེར་དང་། དངུལ་དང། ཟངས་དང་། ལྕགས་རང་གིས་བྲི་བར་བྱ་བའམ། ཡང་ན་དཀར་རྩི་དང་། མཚལ་དང་།ལྡོང་རོས་དང་། བ་བླ་དང་། སྤང་མ་དང་། མཐིང་ཤུན་དང་། རྒྱ་སྐྱེགས་དང་། རྡོ་སོལ་དང་། སྣག་ཙ་དང་། དེ་ལ་སོགས་པའི་ཚོན་རྣམས་ལ་ཨ་ཀ་རུ་དང་། དུ་རུ་སྐ་དང་། ཙནྡན་དང་། གླ་རྩི་དང་། རྒྱ་སྤོས་ལ་སོགས་པ་རྣམས་དང་སྦྱར་ལ་སྔགས་འདི་ལན་


DKG091_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་བརྗོད་དེ་བྲི་བར་བྱའོ། །ན་མཿས་མནྟ་བུདྡྷ་ནཱཾ། ཙཎྜ་མ་ཧཱ་རོ་ཥ་ཎ་སྥོ་ཊ་ཡ་ཧཱུཾ། ཏྲ་ཐཱ་ཧཾ་མཾ། བཱཀྱེ་ཧཱུཾ། ཨོཾ་ཨཱཿབི་ར་ཧཱུཾ། ཁེ་ཙ་ར་མཾ་ཞེས་བརྗོད་ལ་བྲི་བར་བྱ་སྟེ། ཁྱད་པར་བཟང་པོ་འཛོམ་པའི་དུས་སུ་ཚུལ་ཁྲིམས་དང་ལྡན་ཞིང་དག་པ་ལ་ཁ་ཟས་བྱིན་ཏེ་སྤྱན་དབྱེ་བར་བྱའོ། །བྲི་བ་ཡང་དེ་བཞིན་ཏེ། སྤྱན་འབྱེད་པའི་དུས་སུ་སྔགས་འདི་བརྗོད་དོ། །ན་མཿས་མནྟ་བུདྦྷཱ་ནཱཾ། ཙཎྜ་མ་ཧཱ་རོ་ཥ་ཎ་སྥོ་ཊ་ཡ་ཧཱུཾ། ཏྲ་ཐཱ་ཧཱཾ་མཱཾ། ག་ག་ན་བར་ལཀྵ་ཎ། ཀ་རུ་ཎ་མ་ཡ། སརྦ་ཏ་ཐཱ་ག་ཏ་ཙཀྵུཿཨོཾ་ཨཱཿཧཱུཾ་སྭཱ་ཧཱ་ཞེས་སྦྲང་རྩི་གསེར་གྱི་ཐུར་མ་ལ་བྱུགས་ལ་ལན་གསུམ་དུ་བྱུག་པར་བྱའོ། །བྲིས་སྐུ་ཚད་དང་ལྡན་པ་ཡོངས་སུ་ཟིན་པ་དང་། འདྲི་མཁན་ལ་ཇི་ལྟར་འདོད་པ་བཞིན་དུ་སྦྱིན་པར་བྱ་སྟེ། གསེར་རམ། དངུལ་ལམ། ཟངས་སམ། རྭའམ། རྡོ་བ་དག་ལས་བྱེད་ན་ཡང་དེ་བཞིན་དུ་བྱའོ། །གཟུགས་དང་སྐུའི་ཁྱད་པར་གྱི་རང་བཞིན་དང་། རང་བཞིན་མ་ཡིན་པས་ཁྱད་པར་ཐ་དད་པ་དག་ཏུ་བྱ་སྟེ། །རང་བཞིན་དང་ལྡན་པ་ལ་བར་ཆད་ཞི་བར་བྱ་བའི་ཕྱིར་གཟུགས་སྐུ་ལས་ནི་ཡོངས་སུ་བསྒྱུར་ནས་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་ཁྱད་པར་བཟང་པོའི་དུས་སུ་ཁང་པ་བའི་རྣམ་ལྔས་བྱུག་པར་བྱས་ཏེ། རས་རིས་དང་། ཐང་ཀ་དང་། པོ་ཏི་དང་། གླེགས་བམ་ལ་སོགས་པ་མཎྜལ་གྱི་སྟེང་དུ་བཞུགས་སུ་གསོལ་ཏེ། སྤོས་དང་། མེ་ཏོག་དང་། མར་མེ་དང་། དྲི་དང་། ལྷ་བཤོས་ལ་སོགས་པའི་མཆོད་པའི་ཁྱད་པར་དཔག་ཏུ་མེད་པ་བཤམས་ཏེ། གཏོར་མ་ཡང་དེ་བཞིན་དུའོ། །གདུགས་དང་། རྒྱལ་མཚན་དང་། བ་དན་དང་། བླ་རེ་ལ་སོགས་པ་ཡང་བྲེ་བར་བྱའོ། །དེ་ནས་ཁྲོ་བོའི་སྐུ་དང་ལྡན་པས་སྔགས་བརྗོད་པར་བྱ་སྟེ། ན་མཿས་མནྟ་བུདྡྷཱ་ནཱཾ། ཨ་མོ་གྷ་ཨེ་ཧི་ཨ་པྲ་ཏི་ཧ་ཏ། ཨ་ཙ་ལ་ཙེ་ཏ་ཨེ་ནཾ་ཏ་ཀ་ཎཾ། ཏིཥྛ་ཏིཥྛ། ཙུ་རུ་ཙུ་རུ། ཏ་དི་ཏ་དི། ཏ་ཊ་ཏ་ཊ། བིགྷཱན་གྷཱ་ཏ་ཡ། མཱ་ར་ཡ། ཁཱ་ད་ཡ། སྥོ་ཊ་ཡ། ས་ཏཾ་ཙ་མེ། ཨ་ནུ་བནྡྷ་ཡ། ཨཱ་ཛྙི་ཀུ་རུ། ཨ་དྷ་ཧ་དྷ་ཧ་ནཾ་ཀྲ། ཀ་ཏ་ཀ་ཏ། མ་ཏ་མ་ཏ། ཧཾ་ཧཾ་མཾ་མཾ། ཨེ་ཏེ་བ་ལ་ཨེ་ཏེ་པ་ལ། ཨེ་ཧི་མ་ཧཱ་ནུ་ནི་བི་ཤ་ན། ནཊྚ་ནཊྚ། ཨཱ་བེ་ཤ་ཡ། ཨཱ་བེ་ཤ་ཡ། ཨ་ཙ་ལེ་ཙེ་ཧ། ཏཊ་ཏཊ། ད་མ་ད་མ། ཕཊ་ཕཊ་ཞེས་འབུམ་བརྗོད་པར་བྱ་སྟེ། ལྷའི་སྐུ་གཉིས་ལ་ནི་བྱེ་བའོ། །ཞི་བ་ནི་


DKG091_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པའི་སྐུ་སྟེ། སྔོན་དུ་ནི་དེ་བཞིན་དུ་ཤེས་པར་བྱའོ། །ཨ་ཀ་རུ་དང་། དུ་རུ་སྐ་དང་། ཙནྡན་དང་། ག་བུར་དང་། གླ་རྩི་དང་། རྒྱ་སྦོས་ཀྱི་ཆུ་ལ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཤཱཀྱ་མུ་ན་ཡེ། ཏ་ཐཱ་ག་ཏེ་བྷྱཿ། ཨ་ར་ཧ་ཏ་བྷྱཿ། ས་མྱཀྶཾ་བུདྡྷཱ་ཡ། ཏདྱཐཱ། མུ་ནི་མུ་ནི་མ་ཧཱ་མུ་ནི་ཨོཾ་ཛ་ཡེ། ཛ་ཡེ། བཱཀྱེ་ཤེ་སྭཱ་ཧཱ། ཨོཾ་བཱཀྱེ་བཾ་ཛ་ཡ། ཨོཾ་བཱཀྱེ་ནིཥྚེ་ཡེ། ཨོཾ་བཱཀྱེ་ན་མཿ། ཨོཾ་བཱཀྱེ་དཾ་ན་མཿ། ཨོཾ་ཨཱཿཧཱུཾ་ཧཾ་མཾ་ཞེས་བྱ་བས་སྐུ་ཁྲུས་བྱའོ། །དེ་ནས་རོལ་མོ་བསྒྲག་པར་བྱ་སྟེ། རྫས་ལ་སྔགས་ཉི་ཤུ་རྩ་གཅིག་བཟླས་ནས། ན་མཿས་མནྟ་བུདྡྷཱ་ནཱཾ། ཧཾ་མཾ། ཨོཾ་ཨཱདྱཱ་ནཱཏྤན་ན་ཏྭཱ་ཏ་པྲ་བྷ་སྭ་ར་སུ་བི་ཤུད་དྷ། དྷརྨ་དྷཱཏུ། སྭབྷཱ་པ་ཨཱཏྨ་ཀོ྅ཧཾ་ཞེས་བྱ་བ་བརྗོད་པར་བྱའོ། །དེ་ནས་མཆོད་པ་དཔག་ཏུ་མེད་པས་མཆོད་དེ། འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ཏུ་བརྗོད་པའི་གཟུངས་སྔགས་སོ། །ན་མ་སྟྲཻ་ཡ་དྷྭི་ཀཱ་ནཱཾ། སརྦ་ཏ་ཐཱ་ག་ཏ་ནི་ཙཎྜ་ཙཎྜ། བ་ལ་པ་ལ། བ་ཏ་བ་ཏྲ། ཤཱནྟེ་ཤཱནྟེ། ཧ་ལ་ཧ་ལ། པ་ར་བ་ར། མ་རཱ་ཎ་མ་རཱ་ཎ། བཛྲ་ད་ལ་སྥོ་ཊ་མ། ལི་ཏི་ཏ་ཤི་ཁང་། ས་མནྟ་བཛྲ་ཎི་ཛྭ་ལ་ཛྭ་ལ། ན་མོ་སྟུ་ཏེ། ཨ་མོ་གྷ་ཙཎྜ་མ་ཧཱ་རོ་ཥ་ཎ་ས་སཾ་ར་ཎ་ར་ཎ། ཧཾ་ཧཱུཾ་ལ་བཛྲ་སྥོ་ཊ་མཾ་སྭཱ་ཧཱ། ན་མ་སྟྭཻ་ཡ་དྷྭི་ཀཱ་ནཱཾ་ཏ་ཐཱ་ག་ཏཱ་ནཱཾ་སརྦ་ཏྲ་ཨ་པྲ་ཏི་ཧ་ཏཱ་བཱ་པྟི་དྷརྨཏཱ་བ་ལཱི་ནཱཾ། ཨཾ་ཨ། །ས་མ་ས་མ་ས་མནྟོ་ཨ་ནཾ་ཏ་ཏཱ་བཱཔྟི་ཤཱ་ས་ནི། ཧ་ར་ཧ་ར། སྨ་ར་སྨ་ར་ཎ་པི་ག་ཏ་རཱ་ག །བུདྡྷ་དྷརྨ་ཏེ། ས་ར་ས་ར། ས་མ་བ་ལཱ། ཧ་ས་ཧ་ས། ཏྲ་ཡ་ཏྲ་ཡ། ག་ག་ན་མ་ཏཱ་བ་ར་ལཀྵ་ཎེ་ཛྭ་ལ་ཛྲ་ལ་ན་སཱ་ག་རེ་སྭཱ་ཧཱ། ན་མཿས་མནྟ་བུདྷཱ་ཡ། ན་མཿསརྦ་བུདྡྷཱ་བོ་དྷི་ས་ཏྭཱ་ནཱཾ། ཨོཾ་ཨ་ར་ཛེ་བི་རེ་ཛེ། མ་ཧཱ་བི་ར་ཛེ། མ་ཧཱ་བི་ར་ཛེ། སྭ་ར་ཏེ་སྭ་ར་ཏེ། ཏྲ་ཡི་ཏྲ་ཡི། བི་དྷ་མ་ནི། སཾ་བྷཾ་ཛ་ནི་ར་མ་ཏི། སིད་དྷ་ཨ་ཏྲེ་ཏྲཾ་སཱ་ཧཱ་ཞེས་བརྗོད་དོ། །འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྣམ་པར་དག་པའི་གཟུངས་ཏེ། ལན་ཅིག་བརྗོད་པ་ཙམ་གྱིས་ཀྱང་ལྷ་དང་། སྔགས་དང་། ཕྱག་རྒྱ་ཐམས་ཅད་རྣམ་པར་དག་པར་འགྱུར་རོ། །དེ་བཞིན་གཤེགས་པའི་དམ་ཚིག་གསུམ་དང་ལྡན་པའི་གཟུངས་འདིས་ལྷ་དང་། སྔགས་དང་། ཕྱག་རྒྱ་བཅིངས་བ་རྣམས་ནུས་པ་དང་ལྡན་པར་འགྱུར་རོ། །ལྷ་དང་། སྔགས་དང་། ཕྱག་རྒྱ་རྣམས་ཀྱིས་ལྟས་དང་མཚན་མ་བར་ཆད་མེད་པར་འགྱུར་རོ། །སྲོད་དང་ཐོ་རངས་ལ་དེ་བཞིན་གཤེགས་


DKG091_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐམས་ཅད་ཀྱི་དམ་ཚིག་གི་གཟུངས་འདི་རྗེས་སུ་བརྗོད་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གསུམ་བཀོད་པའི་ཁྲུས་འདི་ལ་བརྩོན་པར་བྱའོ། །ན་མཿས་མནྟ་བུདྣཱ་ནཱཾ། ཏདྱ་ཐཱ། ཨོཾ་ཨི་ཧོ་ཤུདྡྷེ་ཤུདྡྷེ། མཾ་ཧོ་ཤུདྡྷེ་ཤུདྡྷེ། རཾ་ཧོ་ཨཾ་ཤུདྡྷེ་ཤུདྡྷེ། ཨ་ཤུ་མཾ་བི་ཤུདྡྷེ་ཤུདྡྷེ་ཤུདྡྷེ་ས་མ་ཡ་སྭཱ་ཧཱ་ཞེས་བརྗོད་དོ། །འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གསུམ་བཀོད་པའི་གཟུངས་ཏེ། ཆུ་ལ་སྔགས་བཟླས་ནས་ཁྲུས་བྱས་ན་སྡིག་པ་ཀུན་འདག་པར་འགྱུར་རོ། །རྨི་ལམ་ངན་པ་དང་། ལྟས་ངན་པ་དང་། མཚན་མ་ངན་པ་དང་། དུས་མ་ཡིན་པའི་འཆི་བའི་དུས་བྱེད་པར་མི་འགྱུར་རོ། །རིམས་དང་། འབྲུམ་བུ་དང་། ལྷ་གོར་དང་། འབྲས་དང་། ཤུ་བ་དང་། འགོ་བའི་ནད་དང་། འཚེ་བ་ལས་ཐར་བར་འགྱུར་རོ། །འཕགས་པ་མི་གཡོ་བའི་གཟུངས་ལས་ལེའུ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། སྲིན་པོ་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་ལ་སོགས་པ་ཚར་གཅོད་པའི་ཕྱིར་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པ་གསུངས་པ། དང་པོ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་ཨེའི་རྣམ་པ་ཅན་གྱི་ནམ་མཁའོ། །རླུང་གི་དཀྱིལ་འཁོར་སྔོན་པོ་གཞུ་ལྟ་བུ་བ་དན་ཅན་ཡྃ་ལས་བྱུང་བའོ། །ཆུའི་དཀྱིལ་འཁོར་གངས་ལྟར་དཀར་བའི་ཟླུམ་པོ་བུམ་པ་ཅན་བྃ་ལས་སོ། །སའི་དཀྱིལ་འཁོར་གསེར་གྱི་མདོག་ཅན་གྲུ་བཞི་རྡོ་རྗེ་ཅན་ལྃ་ལས་བྱུང་བའོ། །དེའི་སྟེང་དུ་རི་རབ་རིན་པོ་ཆེ་སྣ་བཞི་ལས་གྲུབ་པའི་ཚད་དང་ལྡན་པ་ཨོཾ་ལས་བྱུང་བའོ། །མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པ་འབར་བ་དང་བཅས་པ་རྃ་ལས་སོ། །དེའི་ནང་དུ་བྷྲུྃ་ཁ་དོག་སྣ་ཚོགས་ལས་བྱུང་བའི་ཁང་བུ་བརྩེགས་པ་གྲུ་བཞི་པ་ལ་སྒོ་བཞི་དང་བཅས་པའི་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པ་ནི་ཤེལ་དང་། བཻ་ཌཱུཪྱ་དང་། བྱི་རུ་དང་། ཨིནྡྲ་ནཱི་ལ་དང་། གསེར་ལས་གྲུབ་པའོ། །དེའི་ནང་སྣ་ཚོགས་པའི་པདྨ་འདབ་མ་བརྒྱད་པའི་གདན་ནོ། །ཤར་གྱི་འདབ་མ་ནི་ཤེལ་ལས་གྲུབ་པའོ། །ལྷོའི་འདབ་མ་ནི་བཻ་ཌཱུཪྱ་ལས་གྲུབ་པའོ། །ནུབ་ཀྱི་འདབ་མ་ནི་བྱི་རུ་ལས་གྲུབ་པའོ། །བྱང་གི་འདབ་མ་ནི་ཨིནྡྲ་ནཱི་ལའོ། །མཚམས་རྣམས་ཀྱང་ཤེལ་དང་། བཻ་ཌཱུཪྱ་དང་། བྱི་རུ་དང་། ཨིནྡྲ་ནཱི་ལ་ལས་གྲུབ་པའོ། །དབུས་སུ་ནི་ཚོགས་བདག་གླང་སྣའི་སྟེང་དུ་སྣ་ཚོགས་པའི་འདམ་སྐྱེས་དང་ཉི་མའི་གདན་ནོ། །ཤར་དུ་བརྒྱ་


DKG091_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན། ལྷོར་ལྷ་ཆེན་པོ། །ནུབ་ཏུ་ཁྱབ་འཇུག །བྱང་དུ་ཐགས་བཟངས་རིས་སོ། །ཤར་ལྷོ་མཚམས་སུ་ཚངས་པ། ལྷོ་ནུབ་མཚམས་སུ་གཞོན་ནུ། ནུབ་བྱང་དུ་དགའ་བྱེད། བྱང་ཤར་དུ་ཀུན་དུ་རྒྱལ་བ་སྟེ། ལྷ་ཆེན་པོ་བརྒྱད་ཀྱི་སྟེང་དུ་པདྨ་དང་ཉི་མའི་གདན་ནོ། །ཡི་གེ་རྃ་ལས་བྱུང་བའི་ཉི་མ་དང་མྃ་ལས་བྱུང་བའི་ཤེས་རབ་ཀྱི་མཚན་མ་མྃ་དང་ལྡན་པ་ལས་བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་བདག་ཉིད་ཀྱི་མི་གཡོ་བ་ནམ་མཁའི་མདོག་ཅན་ཉི་མའི་སྙིང་པོ་ལ་པུས་མོ་རེག་ཅིང་བཞུགས་པའོ། །རིན་པོ་ཆེའི་རྒྱན་དང་ལྡན་པའི་བཅོམ་ལྡན་འདས་ནམ་མཁའ་མ་ལུས་པ་འོད་ཀྱིས་འགེངས་པ། ཕྱག་གཡས་ན་རལ་གྲི་བསྣམས་པ། གཡོན་ན་ཀླུའི་རྒྱལ་པོའི་ཞགས་པ་བསྣམས་པ། ཕུ་ཕུ་ཞེས་བྱ་བའི་སྒྲ་འདོན་པའོ། །ཤར་དུ་བཅོམ་ལྡན་འདས་རྡོ་རྗེའི་རིགས་ཡི་གེ་ཙྃ་ལས་བྱུང་བའི་ཤེས་རབ་ཀྱི་མཚན་མ་ཙྃ་དང་ལྡན་པ་ལས། བཅོམ་ལྡན་འདས་རྡོ་རྗེའི་རིགས་ཀྱི་བདག་ཉིད་ཅན་གྱི་མི་གཡོ་བ་ཤེལ་གྱི་མདོག་ཅན་ཉི་མའི་སྙིང་པོ་ལ་པུས་མོ་རེག་ཅིང་བཞུགས་པ་རིན་པོ་ཆེའི་རྒྱན་དང་ལྡན་པའོ། །བཅོམ་ལྡན་འདས་ནམ་མཁའ་མ་ལུས་པ་འོད་ཀྱིས་འགེངས་པ། ཕྱག་གཡས་ན་རལ་གྲི་བསྣམས་པ། གཡོན་པ་ན་ཀླུ་ནོར་རྒྱས་བསྣམས་པ་ཕུ་ཕུ་ཞེས་བྱ་བའི་སྒྲ་འདོན་པའོ། །ལྷོར་བཅོམ་ལྡན་འདས་རིན་པོ་ཆེའི་རིགས་ཡི་གེ་དྷཱི་ལས་བྱུང་བའི་ཤེས་རབ་ཀྱི་མཚན་མ་དྷཱི་དང་ལྡན་པ་ལས། བཅོམ་ལྡན་འདས་རིན་པོ་ཆེའི་རིགས་ཀྱི་བདག་ཉིད་མི་གཡོ་བ་བཻ་ཌཱུཪྱའི་མདོག་ཅན་ཉི་མའི་སྙིང་པོ་ལ་པུས་མོ་རེག་ཅིང་བཞུགས་པ། རིན་པོ་ཆེའི་རྒྱན་དང་ལྡན་པའི་བཅོམ་ལྡན་འདས་ནམ་མཁའ་མ་ལུས་བ་འོད་ཀྱིས་འགེངས་པ། ཕྱག་གཡས་ན་རལ་གྲི་བསྣམས་པ། གཡོན་ན་ཀླུའི་རྒྱལ་པོའི་ཞགས་པ་བསྣམས་པ་ཕུ་ཕུ་ཞེས་བྱ་བའི་སྒྲ་འདོན་པའོ། །ནུབ་ཏུ་བཅོམ་ལྡན་འདས་པདྨའི་རིགས་ཡི་གེ་མྃ་ལས་བྱུང་བའི་ཤེས་རབ་ཀྱི་མཚན་མ་མྃ་དང་ལྡན་པ་ལས། བཅོམ་ལྡན་འདས་པདྨའི་རིགས་ཀྱི་བདག་ཉིད་ཅན་གྱི་མི་གཡོ་བ་བྱི་རུའི་མདོག་ཅན་ཉི་མའི་སྙིང་པོ་ལ་པུས་མོ་རེག་ཅིང་བཞུགས་པ། རིན་པོ་ཆེའི་རྒྱན་དང་ལྡན་པའི་བཅོམ་ལྡན་འདས་ནམ་མཁའ་མ་ལུས་པ་འོད་ཀྱིས་འགེངས་པ། གཡས་ན་རལ་གྲི་བསྣམས་པ། གཡོན་ན་ཀླུ་ཆུ་ལྷ་བསྣམས་པ་ཕུ་ཕུ་ཞེས་བྱ་


DKG091_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྒྲ་འདོན་པའོ། །བྱང་དུ་བཅོམ་ལྡན་འདས་ལས་ཀྱི་རིགས་ཡི་གེ་ཧྃ་ལས་བྱུང་བའི་ཤེས་རབ་ཀྱི་མཚན་མ་ཧྃ་དང་ལྡན་པ་ལས། བཅོམ་ལྡན་འདས་ལས་ཀྱི་རིགས་ཀྱི་བདག་ཉིད་ཅན་གྱི་མི་གཡོ་བ་ཨིནྡྲ་ནཱི་ལའི་མདོག་ཅན་ཉི་མའི་སྙིང་པོ་ལ་པུས་མོ་རེག་ཅིང་བཞུགས་པ། རིན་པོ་ཆེའི་རྒྱན་དང་ལྡན་པའི་བཅོམ་ལྡན་འདས་ནམ་མཁའ་མ་ལུས་པ་འོད་ཀྱིས་འགེངས་པ། ཕྱག་གཡས་ན་རལ་གྲི་བསྣམས་པ། གཡོན་ན་ཀླུ་རིགས་ལྡན་བསྣམས་པ་ཕུ་ཕུ་ཞེས་བྱ་བའི་སྒྲ་འདོན་པ། ཤར་ལྷོ་མཚམས་སུ་རྃ་ལས་བྱུང་བའི་ཏྲི་ཤཱུ་ལ་རྃ་གྱིས་མཚན་པ་དང་ལྡན་པའི་ཞལ་གཅིག་ཕྱག་བཞི་བའི་ཁམས་གསུམ་རྣམ་པར་རྒྱལ་བ་གཡས་ཀྱི་དང་པོ་ན་ཏྲི་ཤཱུ་ལ། གཡོན་གྱི་དང་པོ་ན་ཀླུ་མཐའ་ཡས་ཀྱི་བུ། གཡས་གཡོན་གྱི་འོག་མ་ན་རྡོ་རྗེ་དང་ཐོད་པ་བསྣམས་པ། ལྷོ་ནུབ་མཚམས་སུ་ཥྃ་ལས་བྱུང་བའི་དབྱུག་ཐོ་ཥྃ་གིས་མཚན་པ་དང་ལྡན་པའི་ཞལ་གཅིག་ཕྱག་བཞི་པའི་གཤིན་རྗེ་གཤེད་པོ་བཻ་ཌཱུཪྱའི་མདོག་ཅན། གཡས་ཀྱི་དང་པོ་ན་རྡོ་རྗེའི་དབྱུག་ཐོ། གཡོན་གྱི་དང་པོ་ན་ཀླུ་དགའ་བོ་བསྣམས་པའོ། །གཡས་གཡོན་གྱི་འོག་མ་གཉིས་ན་ཐོ་བ་ཕུར་བུ་བསྣམས་པ། ནུབ་བྱང་མཚམས་སུ་ཎ་ལས་བྱུང་བའི་ཁ་ཊྭཱཾ་ག་ཎའི་མཚན་པ་དང་ལྡན་པའི་ཞལ་གཅིག་ཕྱག་བཞི་པའི་རྟ་མགྲིན་བྱི་རུའི་མདོག་ཅན། གཡས་ཀྱི་དང་པོ་ན་ཁ་ཊྭཱཾ་ག །གཡོན་གྱི་དང་པོ་ན་ཀླུ་པདྨ་ཆེན་པོ་བསྣམས་པ། གཡས་གཡོན་གྱི་འོག་མ་ན་ལྕགས་སྒྲོག་བསྣམས་པའོ། །བྱང་ཤར་མཚམས་སུ་ཧཱུྃ་ལས་བྱུང་བའི་བེ་ཅོན་ཧཱུྃ་གིས་མཚན་པ་དང་ལྡན་པའི་ཞལ་གཅིག་ཕྱག་བཞི་པའི་བདུད་རྩི་འཁྱིལ་པ་ཨིནྡྲ་ནཱི་ལའི་མདོག་ཅན། གཡས་དང་པོ་ན་བེ་ཅོན། གཡོན་གྱི་དང་པོ་ན་ཀླུ་སྟོབས་ཀྱིས་རྒྱུ་བསྣམས་པ། གཡས་གཡོན་གྱི་ཐ་མ་གཉིས་བསྣོལ་ནས་བསྡིགས་པའོ། །ཤར་ལྷོའི་གྲུ་ཆད་ལ་ལྷ་མོ་བདུག་པ་མ་མདོག་མཐིང་ག་པོག་ཕོར་འཛིན་པ་དང་ལྡན་པ། ལྷོ་ནུབ་ཏུ་ལྷ་མོ་མེ་ཏོག་མ་མདོག་དཀར་མོ་མེ་ཏོག་འཛིན་པ་དང་ལྡན་པའོ། །ནུབ་བྱང་དུ་ལྷ་མོ་མར་མེ་མ་དམར་མོ་མར་མེ་འཛིན་པ། བྱང་ཤར་དུ་ལྷ་མོ་དྲི་ཆབ་མ་ལྗང་གུ་དྲི་ཆུ་བསྣམས་པའོ། །དེ་དག་ནི་གཞོན་ནུ་ལང་ཚོ་ལ་བབ་པ་མཛེས་པའི་ཚུལ་ཅན་ཧཱུཾ་ལས་བསྐྱེད་པར་བྱའོ། །ཤར་


DKG091_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་སུ་ལྷ་མོ་རྟའི་གདོང་ཅན་ཁ་དོག་དཀར་མོ་ལྕགས་ཀྱུ་བསྣམས་པའོ། །ལྷོ་ཕྱོགས་སུ་ལྷ་མོ་གསེར་གྱི་མདོག་ཅན་ཞགས་པ་འཛིན་པའོ། །ནུབ་ཕྱོགས་སུ་ལྷ་མོ་དམར་མོ་ལྕགས་སྒྲོག་འཛིན་པའོ། །བྱང་ཕྱོགས་སུ་ལྷ་མོ་ལྗང་གུ་དྲིལ་བུ་འཛིན་པའོ། །དེ་དག་ནི་ཅུང་ཞིག་ཁྲོས་པའི་ཚུལ་ཅན་གྱི་ཕཊ་ལས་བསྐྱེད་པར་བྱ་སྟེ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ལ་ཡོངས་སུ་གནས་པར་བསྒོམ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་དག་པར་བརྗོད་པའི་གཟུངས་འདི་གསུངས་སོ། །ན་མཿས་མནྟ་བུདྡྷྲ་ནཱཾ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ། ན་མཿས་མནྟ་བཛྲཱ་ནཱཾ། ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུཾ་ཕཊ། ན་མཿས་མནྟ་བཛྲཱ་ནཱཾ། ཨ་ཀྲོ་ཏེ་ཀ་ཡ་མནྟ་ཀ་ཧཱུཾ་ཕཊ། ན་མཿས་མནྟ་བཛྲཱ་ནཱཾ། བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ན་མཿས་མནྟ་བཛྲཱ་ནཱཾ། ཏྲ་ཐ་ཨ་མོ་གྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ་ཕཊ། ན་མཿས་མནྟ་བུདྡྷཱ་ནཱཾ། ཏྲ་ཐ་བཛྲ། ཨ་ཙ་ལ་ཙེ་ཏ་ད་ཧ་ད་ཧ་ཧཱུཾ་ཕཊ། ན་མ་ས་མནྟ་བུདྡྷ་ནཱཾ། ཏྲ་ཐ་རཏྣ་ཨ་ཙ་ལ་པ་ཙ་ཧཱུཾ་ཕཊ། ན་མཿས་མནྟ་བུདྡྷཱ་ནཱཾ། ཏྲ་ཐ་པདྨ་ཨ་ཙ་ལ་ཙ་ལ་བནྡྷ་ཧཱུཾ་ཕཊ། ན་མཿས་མནྟ་བུདྡྷཱ་ནཱཾ། ཏྲ་ཐ་ཨ་མོ་གྷ་ཀརྨ་ཨ་ཙ་ལ་ཧ་ན་ཧ་ན་ཧཱུཾ་ཕཊ་ཞེས་བྱ་བ་གསུངས་ཏེ། ལྷ་དང་། ལྷ་མ་ཡིན་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། ལྷ་དང་། ཀླུ་དང་། མ་རུངས་པ་དང་སྡང་བ་རྣམས་ཞི་བར་བྱེད་ཅིང་སྡིག་པ་དམན་པའི་ལས་རྣམས་འདག་པར་འགྱུར་རོ། །འཕགས་པ་མི་གཡོ་བའི་གཟུངས་ལས་ལེའུ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་གྱི་ནང་དུ་གཟུངས་སྔགས་འདི་བཀའ་སྩལ་ཏོ། །ན་མཿས་མནྟ་བུདྡྷཱ་ནཾ། ཙཎྜ་མ་ཧཱ་རོ་ཥ་ཎ་ཨ་ཙ་ལ་ཀ་ན། ཙཎྜ་ཙཎྜ། ན་ཏ་ན་ཏ། མ་ཏ་ཊ་མ་ཏ་ཊ། མོ་ཊ་ཏ་མོ་ཊ་ཏ། ཤ་ཏ་ཤ་ཏ། ཊ་ཏ་ཊ་ཏ། ཧ་ན་ཧ་ན། ད་ཧ་ད་ཧ། མོ་ཧ་མོ་ཧ། མོ་ཧ་སརྦ་པཱ་པཾ་ཀ་ར། ཧ་ས་ཧ་ས། བཛྲ་ཧ་ས་ཨ་མོ་གྷ་ཀུ་རུ། ཧ་ས་ཧ་ས། མ་རྟ་མ་རྟ། གརྫ་གརྫ། བནྡྷ་བནྡྷ། ཧ་ན་ཧ་ན། ཏིཥྛ་ཏིཥྛ། ཨཱ་བི་ཤ་ཡ། ཨཱ་བི་ཤ་ཡ། མ་ཧཱ་མནྟྲ་པ་ལ་ཀ །དུ་ན་དུ་ན། ཏི་ནི་ཏི་ནི། ཁཱ་ཏ་ཁཱ་ཏ། སརྦ་བིགྷྣ་ན། མཱ་ར་ཡ་མཱ་ར་ཡ། སརྦ་དུཥྚཱཾ། བྷཀྵ་བྷཀྵ། སརྦ་བིགྷྣན།ཀུ་རུ་ཀུ་རུ། མ་ཧཱ་བི་ཥ། སརྦ་པཱ་བཾ། མ་ཧཱ་བཛྲ། སྥོ་ཊ་ཡ་སྥོ་ཊ་ཡ། ཧྲཱིཿབ་ལི་ཏ་ར་གྷ་ན་ཏ་ཀ། ཧཱུཾ་ཧཱུཾ་མཾ་མཾ་ཧཾ་ཧཾ། ན་མཿས་མནྟ་བུདྷཱ་ནཱཾ། མ་ཧཱ་ཙཎྜ་མ་ཧཱ་རོ་ཥ་ཎ་ཡ། ཨ་མོ་གྷ་ཨེ་ཧི། ཨ་པྲ་ཏི་ཧ་ཏ་ཨེ་ཧི། ཨ་ཙ་ལེ་ཙེ་ཏ་ཨ་ནནྟ་ཀཱ་ནཱཾ། ཏིཥྛ་ཏིཥྛ། ཙ་རུ་ཙ་རུ། ཏ་དི་ཊི་ཏི། ཏ་ཊ་ཏ་ཏ། བིགྷྣན་གྷ་ཏ་ཡ། མཱ་ར་ཡ། ཁཱ་ད་ཡ། སྥོ་ཊ་ཡ།


DKG091_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

ས་ཙ་མེ།ཨ་ནུ་བནྡྷ། ཨཛྙ་ཀུ་རུ་ཀུ་རུ། ཨ་ཧ་ས། ཨ་ད་ན། ཀྲ་ཀ་ཏ་མ་ཊ། མ་ཊ་མ་ཊ། ཧཾ་ཧཾ། ཨ་ཏི་པ་ལ་ཨི་ཏི་མ་ཧཱ་གུ་ཎ་བ་ཤི་ན། ནཊྚ་ནཊྚ་ཏ། ཨ་བི་ཤ་ཡ། ཨ་ཙ་ལ་ཙེ་ཏ། སརྦ་ཏྲ་ཨ་ནུཏྟ་རེ། ཀ་ཙེ་ཏ་ཏ་ཊ་ཏ་ཊ། ཌ་མ་ཌ་མ། ཧཾ་ཧཾ་མཾ་མཾ་ཕཊ་ཕཊ་ཧཱུཾ། ན་མཿས་མནྟ་བཛྲཱ་ཎཱཾ། ཏྲ་ཨ་མོ་གྷ་ཙཎྜ་མ་ཧཱ་རོ་ཥ་ཎ་སྥོ་ཊ་ཡ་ཧཱུཾ། ཏྲ་མ་ཡ་ཏྲ་མ་ཧཱུཾ་ཏྲ་ཊ། ཧཾ་མཾ། ཨོཾ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་སྭཱ་ཧཱ། ན་མཿས་མནྟ་བུདྡྷཱ་ནཱཾ། ཙཎྜ་མ་ཧཱ་རོ་ཥ་ཎ། ཨ་ཙ་ལ་ཙེ་ཏ། སྥོ་ཊ་ཡ་སྥོ་ཊ་ཡ་ཧཱུཾ། ཨ་ས་མན་ཏི་ཀ་ཏྲ་ཏ། མ་ཧཱ་བ་ལ། ཥཊྤཱ་ར་མནྟྲཾ། ཨཾ་ཨཾ་ཧཾ་ཧཾ། ཤུདྷཱ་ཏྲཻ་ལོ་ཀྱ་ཏུ་ཥྱེ་ཏུ་བཛྲ། ཨ་པྲ་ཏི་ཧ་ཏ་བི་ལི་བྷྱཿ། ན་མོ་ཛ་ལ་ཡ་ཏྲ་ཏ། ཨཊྚ་ཧ་ས་ན་མཾ་ཧཾ་སྭཱ་ཧཱ་ཞེས་གསུངས་མ་ཐག་ཏུ་འཛམ་བུ་གླིང་ན་གནས་པའི་ལྷ་དང་། ལྷ་མ་ཡིན་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། སྲིན་པོ་དང་། མིའམ་ཅི་དང་། ལྟོ་འཕྱེ་ལ་སོགས་པ་ཐམས་ཅད་སྲེག་ཅིང་ས་ལ་འགྱེལ་བར་གྱུར་ཏོ། །དེ་ནས་ཆོ་ག་གསུངས་པ་དང་། ལྕགས་སྣ་ལྔ་ལས་བྱས་པའི་རལ་གྲི་ཁྲུ་ཚད་གསུམ་པ་བྱས་ཏེ། སྔགས་ཀྱི་ཕྲེང་བ་མཾ་ཧཾ་ཞེས་བྱ་བ་བཀོད་ལ། ཁྲུ་དོ་དང་ལྡན་པའི་སྤོས་ཀྱི་མཎྜལ་བྱས་ཏེ། མཆོད་པའི་རྫས་དང་ལྡན་པའི་དྲི་བཞག་སྟེ། གཟུངས་སྔགས་འདི་ཁྲི་ཕྲག་ཏུ་བརྗོད་ཅིང་བཟླས་ན་རལ་གྲི་ནམ་མཁའ་ལ་འཕགས་པར་འགྱུར་རོ། །དེ་ནས་གཡུལ་དུ་ཞུགས་ན་དཔག་བསམ་གྱི་ཤིང་ཡང་དུམ་བུ་དུམ་བུར་གཅོད་པར་འགྱུར་ཏེ། གཡུལ་ལས་རྒྱལ་བར་བྱེད་དོ། །ལྕགས་སྣ་ལྔ་ལས་བྱས་པའི་ལྷུང་བཟེད་བྱས་ཏེ་ཧཾ་མཾ་ཞེས་བྱ་བའི་ཡི་གེ་བཀོད་དེ་གསེར་དང་། དངུལ་དང་། ཟངས་ལས་བྱས་པའི་བུམ་པར་གདུགས་དང་། རྒྱལ་མཚན་དང་། དཔལ་བེའུ་དང་། མེ་ཏོག་དང་། འཁོར་ལོ་དང་། ཉ་དང་། དུང་གཡས་སུ་འཁྱིལ་བ་རྣམས་དང་བྱི་རུ་བཅུག་པའམ། ཡང་ན་ཟངས་ལ་བྱི་རུ་བཅུག་པ་བྱས་ལ་གཟུངས་སྔགས་འདི་གྲོ་གའམ་རས་ལ་བྲིས་ཏེ། ཁོང་པའམ། མགུལ་དུ་བཏགས་ནས་གཟུངས་སྔགས་བྱེ་བ་བཟླས་ལ་ལྷུང་བཟེད་ནམ་མཁའ་ལ་འཕགས་ཏེ་གསོལ་བ་བཏབ་ན་འདོད་པའི་ཡོན་ཏན་ཅི་འདོད་པ་འབྱུང་སྟེ། ལྗོན་པའི་ཤིང་བཞིན་ནོ། །ནམ་མཁའི་ཏྲི་ཏའི་ལྕེ་དང་། འུག་པའི་མིག་དང་གཉིས་ཆ་མཉམ་པ་དང་། ལྕགས་སྣ་གསུམ་གྱི་ཕྱེ་མ་ལ་ཁྭ་ཏའི་ཁྲག་གིས་རི་ལུ་བདུན་ནམ་ཉི་ཤུ་རྩ་གཅིག་བྱས་ཏེ། ཐོད་པ་དུམ་བུ་གཅིག་པར་བཅུག་ལ་གཟུངས་སྔགས་ཧཾ་མཾ་ཞེས་བྱས་པས་པདྨ་ལ་བསྐོར་ཏེ་གཟུངས་སྔགས་བྱེ་བ་བཟླས་ན་པདྨ་ནམ་མཁའ་ལ་འཕགས་ཏེ། དེ་


DKG091_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

མི་དབུགས་དང་བྲལ་མ་ཐག་གི་སྙིང་གི་ཁྲག་རླངས་དང་སྦྱར་ཏེ། མིག་ནི་སྣང་བྱེད་དུ་བསམ་ཞིང་རལ་གྲིའི་ཕྱག་རྒྱས་མིག་དང་རྣ་བ་ལ་བསྐུས་ན་ཐམས་ཅད་མཐོང་ཞིང་ཐོས་ལ། ཁར་བཅུག་ན་རང་ཉིད་སུས་ཀྱང་མི་མཐོང་བར་འགྱུར་རོ། །ན་མཿས་མནྟ་བུདྡྷཱ་ནཱཾ། སརྦ་ཏ་ཐཱ་ག་ཏ་བྱ་བཱ་ལོ་ཀི་ཏེ་ཛ་ཡ་ཛ་ཡ། བཱ་ཀྱེ་དཾ་ན་ཝ་ནི་ཙཀྵུར་བི་ཤོ་དྷཱ་ཡ་སྭཱ་ཧཱ། རྔ་ལྤགས་ལ་བྱ་རྒོད་ཀྱི་ཚིལ་བུ་བྱུགས་ནས་མཉེས་ཏེ་ལྷམ་བྱས་ལ། ཧཾ་དང་མཾ་རང་གི་རྐང་མཐིལ་ལ་བྲིས་ཏེ། གཟུངས་སྔགས་བྱེ་བ་བཟླས་ན་ལྷམ་ནམ་མཁའ་ལ་འཕགས་ཏེ། རྐང་པ་ལ་བྱ་རྒོད་ཀྱི་ཚིལ་བུ་བྱུགས་ནས་གོན་ན་གར་འདོད་པར་ཕྱིན་ནོ། །ན་མཿས་མནྟ་བུདྡྷཱ་ནཱཾ། ཨོཾ་བྲུཾ་མ་ཧཱ་ཡེ་གྲྀ་ཏ་སྭཱ་ཧཱ་ཞེས་བྱ་བས་ནམ་མཁའ་ལ་འགྲོ་ཞིང་འཕགས་ཏེ་བྱ་རྒོད་བཞིན་དུའོ། །སྐྱེ་བ་བདུན་པའི་ཤ་དང་། བྱ་རྒོད་ཀྱི་ཤ་དང་། རྩངས་པའི་ཤ་དང་། སྦྲང་རྩི་རྣམས་སྦྱར་ལ་ལྡེ་གུ་བྱས་ཏེ། གཟུངས་སྔགས་བྱེ་བ་བརྗོད་དེ་ལུས་ལ་བྱུགས་ནས་རམ་ཉེ་བ་དང་། ཉེའུ་ཤིང་པ་དང་། པྲ་མ་ཀ་རའི་མར་དང་སྦྱར་བའི་ལྡེ་གུ་རྣམས་ནང་རེ་ལ་སྲང་རེ་ཆ་སྦྲང་རྩི་དང་། བ་སེར་སྐྱའི་འོ་མ་རྣམས་བཏང་སྟེ། ཟླ་བ་གཅིག་ཏུ་བསྒྲུབས་ན་ནམ་མཁའ་ལ་ཐོགས་པ་མེད་དོ། །རྟ་ནག་པོའི་མིག་གཉིས་དཀར་པོའམ། བྱི་བ་ནག་པོ་རྣ་བ་གཉིས་དཀར་བའམ། ཕ་བང་དཀར་པོའམ། མི་མངལ་ནས་སྐྲ་དཀར་བའི་སྲོག་ཆགས་ལ་རྨ་བྱའི་ཆུ་ཁར་ཕོར་དུ་བླུགས་པ་ལ་གཟུངས་སྔགས་བྱེ་བ་བཟླས་ཏེ་བླུད་ལ། དེའི་མིག་གཉིས་མ་ནོར་བར་བཏོན་པ་གྲིབ་མ་ལ་སྐམས་ནས་མ་རུལ་བའི་ཕྱེ་མ་ལ་སྔགས་འདི་བཏབ་སྟེ། གཡས་གཡོན་མ་ནོར་བར་བྱུགས་ན་ཐམས་ཅད་མཁྱེན་པར་འགྱུར་རོ། །འཕགས་པའི་སྤྱན་དང་ལྡན་པར་འགྱུར་རོ། །མོན་སྤོས་དང་། གིའུ་ཝང་དང་། སྟག་མའི་ཤུན་པ་དང་། ཉ་མཁྲིས་དང་། རུ་རྟ་དང་། ཕུག་རོན་གྱི་མིག་དང་། ལྕེ་དང་། གོ་རོ་ཙ་ན་དང་། རྟུག་པ་རྣམས་ལ་རི་ལུ་བྱས་ཏེ། ཁམ་པའི་གའུར་རི་ལུ་རེ་རེ་ལ་གཟུངས་སྔགས་ཧཾ་མཾ་ཞེས་བྱ་བ་བརྗོད་དེ། གའུ་ནམ་མཁའ་ལ་འཕགས་ནས། ན་མཿས་མནྟ་བུདྡྷཱ་ནཱཾ། ན་མཿཡཾ་ན་མ་ཧཱ་རི་བི་ནི་ནཱ་ཏ་ཧྲཱིཿཞེས་ལན་བདུན་བཏབ་ནས་བྱིན་ན་གང་འདོད་པ་དེ་དབང་དུ་འགྱུར་རོ། །བྱ་རྒོད་དང་། བྱ་གག་དང་། ཁྲ་དང་། སྟག་དང་། སྤྱང་ཀི་དང་། ཝ་དང་། དེ་རྣམས་ཀྱི་མཆེ་བ་དང་། སྡེར་མོ་དང་། བྲམ་ཟེའི་རུས་པའི་ཐལ་བ་ལ་གཟུངས་སྔགས་བཟླས་ཏེ། བསྒྲུབ་པ་བྱས་ནས་དུས་མ་ཡིན་པའི་སྤྲིན་


DKG091_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

དང་སེར་བ་དག་ལ་གཏོར་ན་སྤྲིན་རྣམས་འཐོར་ཞིང་སེར་བ་དང་། འབྲུག་དང་། ཐོག་ལ་སོགས་པ་ཞི་བར་འགྱུར་རོ། །གཅན་གཟན་ཐམས་ཅད་དང་། ཤ་ཟ་ཐམས་ཅད་དང་། ཁྱི་དང་། ཕག་དང་། རྔ་མོའི་རྟུག་པ་དང་། གུ་གུ་ལ་དང་སྦྱར་ཏེ། དུད་པས་བདུགས་ན་དོམ་ཀུན་འབྲོས་པར་འགྱུར་རོ། །འཕགས་པ་མི་གཡོ་བའི་གཟུངས་ལས་ལེའུ་བདུན་པའོ།། །།ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ། གཟུངས་སྔགས་འདི་ནི་སྔགས་ཀྱི་རྒྱལ་པོ་སྟེ། ལན་ཅིག་བརྗོད་པས་ཀྱང་འཛམ་བུའི་གླིང་གི་ལྷ་དང་། ཀླུ་དང་། གནོད་སྦྱིན་ལ་སོགས་པ་ཀུན་ཞི་བར་འགྱུར་རོ། །རིམས་ཉིན་གཅིག་པ་དང་། ཟླ་བ་ཕྱེད་པ་དང་། ཟླ་བ་གཅིག་པ་དང་། ལྡང་དུབ་པ་དང་། རྟག་པའི་རིམས་དང་། ཡུད་ཙམ་པ་ལས་ཐར་རོ། །འབྲུམ་བུ་དང་། ལྷ་གོར་དང་། ཤུ་བ་དང་། མེ་དབལ་དང་། གཡན་པ་དག་ཞི་བར་འགྱུར་རོ། །ལན་ཅིག་བརྗོད་པས་ཀྱང་མཚམས་མེད་པ་ལ་སོགས་པའི་སྡིག་པ་ཞི་བར་འགྱུར་རོ། །རིག་བྱེད་ཀྱི་ཚིག་གི་དང་པོ་དང་། །གཉིས་པའི་དང་པོར་བཅས་པ་ནི། །གསུམ་པ་དག་ནི་ལྔ་པར་ལྡན། །བཞི་པ་ཡི་ནི་བཞི་པ་དང་། །ལྔ་པ་དག་གི་ལྔ་པའོ། །ཨུཥྨའི་རྣམས་ཀྱི་བཞི་པ་དང་། །མཐར་གནས་པ་ཡི་གཉིས་པ་ནི། །ཨོ་ཡིས་མཚན་པ་བྲི་བྱ་སྟེ། །ཨུཥྨ་རྣམས་ཀྱི་གཉིས་པ་དང་། །བཞི་པའི་ཡེ་གེ་ལྔ་པ་དང་། ཨུཥྨའི་ཡི་གེ་བཞི་པ་ལ། །ཨུ་ཡིས་བརྒྱན་ཅིང་ཐིག་ལེར་བཅས་པའོ། །སྡེ་ཚན་ལྔ་པ་དག་གི་ནི། །དང་པོའི་ཡི་གེ་སྤངས་པ་དང་། །བཞི་པ་དང་པོར་བཅས་པ་ནི། །སྙིང་པོའི་ཡི་གེ་བཅུ་པ་དག་གོ། །འཁོར་ལོ་རྩིབས་བཅུ་པ་བསྒྲུབ་བྱའི་མིང་དང་བཅས་པ་བྲིས་ཏེ། ཁྱི་ནག་པོའི་ཐོད་པའི་ནང་དུ་བཅུག་ལ། གཟུངས་སྔགས་ལན་བརྒྱ་རྩ་བརྒྱད་བཟླས་ཏེ་ཡུངས་ཀར་གྱིས་བྲབ་པར་བྱའོ། །དེ་ནས་ཀླུ་ཡོད་པའི་གནས་སུ་ཁྱེར་ལ་རང་གི་ལུས་ལ་གླ་རྩིས་བྱུགས་ཏེ། ཆུ་མིག་ཏུ་ཐོད་པ་བཅུག་ལ་གཟུངས་སྔགས་འདི་བརྗོད་པར་བྱའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཥྩཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ། ན་མོ་བྷ་ག་བ་ཏེ་བུདྡྷ་བཱི་རཱ་ཡ། ཏདྱ་ཐཱ། ཕུ་ཊ་ཕུ་ཊ། བྷ་ར་བྷ་ར། མི་ལི་མི་ལི། ཧཱུཾ་ཧཱུཾ་ཕཊ་ཕཊ། ཕྱག་རྒྱ་ནི་སོར་མོ་རྣམས་བརྐྱང་སྟེ་མཐེའུ་ཆུང་བཀུག་ལ་མཐེ་བོས་མནན་ཏེ་བསྐོར་བར་བྱའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཥྕཎྜ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ན་མི་མི་ལི་ཙི་ལི་དྷོཾ། བནྡྷ་ཡ། ཀྲོ་དྷ་ཡ། བཛྲ་ལ་མ་ཡ། མ་ཀ་ན་ཡ། ཨོཾ་ཛྭ་ལ་ཛྭ་ལ། པྲ་ཛྭ་ལ་པྲ་ཛྭ་ལ། སྥུ་ཊ་སྥུ་ཊ། སརྦ་ནཱ་ག་བནྡྷ་བནྡྷ། ནཱ་ག་ནི་ས་ར་ས་ར། བི་སེར་སརྦ་དུཥྚཱཾ་ཧྲ་ད་ཡ།


DKG091_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

ཤོ་ཥ་ཎ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཕྱག་རྒྱ་ནི་ལག་པའི་ཟུར་གཉིས་གཤིབས་ཏེ། སྲིན་ལག་གཉིས་རྒྱབ་ཏུ་བསྣོལ་ལ་མཛུབ་མོ་གཉིས་ཀྱིས་མནན་ནས་མཐེའུ་ཆུང་གཉིས་གཤིབས་བསྒྲེང་ལ་གུང་མོ་དང་མཐེ་བོ་གཉིས་གཤིབས་ཏེ་སྤྱི་བོར་བཞག་ནས་སྔགས་ལན་བདུན་བརྗོད་དེ་ལྡང་བར་བྱའོ། །གུ་གུལ་དང་། ཡུངས་ཀར་དང་། ཤིང་ཀུན་དང་། དྲི་ཆེན་དང་། ཉའི་མཁྲིས་པ་དང་། སྒོག་སྐྱ་དང་། ཤུ་དག་རྣམས་སྦྱར་ཏེ་ལུས་ལ་བྱུགས་ན་རྫས་ཀྱི་བསྲུང་བའོ། །རྒྱ་སོལ་གྱི་མེ་ལ་བསྲེགས་ཏེ་བདུགས་ན་སེར་བ་དང་། དུས་མ་ཡིན་པའི་རླུང་རྣམས་ཞི་བར་འགྱུར་ཞིང་། གདོན་རྣམས་འབྲོས་པར་འགྱུར་རོ། །ཞོ་དང་། འོ་མ་དང་། མར་དང་། སྦྲང་རྩི་དང་། བུ་རམ་དང་། ཁ་ར་དང་། འབྲས་ཡོས་དང་། དུང་དང་། མཚལ་དང་། རྒྱ་མཚོའི་ལྦུ་བ་ལ་སོགས་པ་དག་འཁར་གཞོང་དུ་བླུགས་ཏེ། ཡུངས་ཀར་ལ་གཟུངས་སྔགས་འདི་བརྗོད་ཅིང་ཀླུ་མཆོད་པར་བྱའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཥྩཎྜ་བཛྲ་ཀྲོ་དྷཱ་ཡ་ཧཱུཾ་ཧཱུཾ། ཏདྱ་ཐཱ། ཨོཾ་ཨཱ་ནན་ཏ་ཀ །ཏཀྵ་ཀ །ཤཾ་ཁ་པཱ་ལ། བཱ་སུ་ཀི། མ་ཧཱ་པདྨ། ཨོཾ་ག་ཏ་བ་ལ་ཝ་ཏ། ཀརྐོཊ་ཕུ་སྭཱ་ཧཱ། ཞེས་བརྗོད་པས་ཀླུ་རྣམས་བདེ་བ་དང་ལྡན་པར་འགྱུར་རོ། །ཆར་དབབ་པར་འདོད་ན་དྲི་ཞིམ་པོའི་ཆུས་མཎྜལ་བྱས་ཏེ། སྤྲ་ཚིལ་ལ་ཀླུའི་གཟུགས་སོར་ཉི་ཤུ་རྩ་ལྔ་པ་བྱས་ནས་མཎྜལ་གྱི་སྟེང་དུ་མེ་ཏོག་གཏོར་ལ་གཟུངས་ཐག་བཏགས་ཏེ་གཞག་པར་བྱའོ། །སྙིང་གར་གོང་གི་དེ་གྲོ་ག་ལ་གིའུ་ཝང་གིས་བྲིས་ལ་གཞུག་པར་བྱས། ཉིན་མཚན་དུ་མཆོད་ཅིང་བལ་པོ་སེའུའི་ལྕུག་མས་བྱབ་པར་བྱས་ནས་གཟུངས་སྔགས་འདི་བརྗོད་པར་བྱའོ། །ཨོཾ་སུཾ་སུ་པྲ་ཏི་བཛྲ་དུན་ཏེ་མི་ལི་མི་མི་ལི་བ་རི་ཤཱ་ཡ་བ་རི་ཤཱ་ཡ་སྭཱ་ཧཱ། ཞེས་བརྗོད་དེ་རང་སྨྱུང་བར་གནས་པར་བྱའོ། །གལ་ཏེ་ཀླུ་རྣམས་ཀྱིས་ཆར་མི་འབེབས་ན་ཀླུ་རྣམས་ཀྱི་མགོ་ཨརྫ་ཀའི་དོག་པ་བཞིན་དུ་འགས་པར་འགྱུར་རོ། །སྤོས་ཀྱི་མཎྜལ་བྱས་ཏེ། རྒྱ་སྤོས་ཀྱི་མེ་ལ་གཟུགས་བསྲོ་ཞིང་གཟུངས་སྔགས་བརྗོད་པ་ནི་སྤོགས་པའི་ཆོ་གའོ། །དྲི་ཞིམ་པོའི་མེ་ལ་བུ་རམ་དང་། སྦྲང་རྩི་དང་། ཁ་ར་དང་། ཏིལ་ལ་སོགས་པའི་དགང་བླུགས་ཀྱིས་བཅོམ་ལྡན་འདས་ལ་མཆོད་པར་བྱ་སྟེ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བྱ་བས་མཆོད་པར་བྱའོ། །འཕགས་པ་མི་གཡོ་བའི་གཟུངས་ལས་ལེའུ་བརྒྱད་པའོ།། །།དེ་ནས་འདམ་སྐྱེས་པདྨ་སྣ་ཚོགས་པའི་འདབ་མ་ཅན་གྱི་སྟེང་དུ་ཨ་ལས་བྱུང་བའི་ཆུའི་དཀྱིལ་


DKG091_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར། དེའི་སྟེང་དུ་མུྃ་གྱི་ས་བོན་ལས་བྱུང་བའི་ཤེས་རབ་ཀྱི་མཚན་མ་མུྃ་དང་ལྡན་པ་ལས་འཕགས་པ་འཇམ་དཔལ་མགོན་པོའི་སྐུ་བྱིས་པ་ལོ་བརྒྱད་གཉིས་ལོན་པ་ལྟ་བུ་གསེར་བཙོ་མའམ་གུར་ཀུམ་གྱི་ཁ་དོག་འདྲ་བ། ཞལ་གཅིག་ཕྱག་གཉིས་པ། སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཕྱག་གཡས་པ་ན་རལ་གྲི་ནམ་མཁའ་ལ་འཕྱར་བ། གཡོན་པ་པོ་ཏི་ཐུགས་ཀར་འཛིན་པའི། ཤར་གྱི་པདྨའི་འདབ་མ་ལ། འཇམ་དཔལ་དཔའ་བོ་སྐུ་མདོག་ཁ་བ་ལ་གུར་གུམ་གྱིས་གཏོར་བ་འདྲ་བའི་ཞལ་གཅིག་ཕྱག་གཉིས་པ། སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཕྱག་གཡས་ན་རལ་གྲི་ནམ་མཁའ་ལ་འཕྱར་བ། གཡོན་པ་ན་ཨུཏྤ་ལའི་སྡོང་བུ་དང་བཅས་པ་ཐུགས་ཀ་ན་འཛིན་པའོ། །ལྷོའི་པདྨའི་འདབ་མ་ལ་འཇམ་དཔལ་གསུང་གི་དབང་ཕྱུག་སྐུ་མདོག་མཐིང་ག་ཞལ་གཅིག་ཕྱག་གཉིས་པ། སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཕྱག་གཡས་པ་ན་རལ་གྲི་ནམ་མཁའ་ལ་འཕྱར་བ། ཕྱག་གཡོན་པ་ན་འཁོར་ལོ་ཐུགས་ཀ་ན་འཛིན་པའོ། །ནུབ་ཀྱི་པདྨའི་འདབ་མ་ལ་འཇམ་དཔལ་རྣོན་པོ་སྐུ་མདོག་བྱི་རུ་བཅག་པ་ལྟ་བུ། ཞལ་གཅིག་ཕྱག་གཉིས་པ། སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཕྱག་གཉིས་ན་ཨུཏྤ་ལ་གཉིས་བསྣམས་པའོ། །བྱང་གི་པདྨའི་འདབ་མ་ལ་འཇམ་དཔལ་ཤེས་རབ་རལ་གྲི་སྐུ་མདོག་ལྗང་ཁུ་ཞལ་གཅིག་ཕྱག་བཞི་པ། སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཕྱག་གཡས་ཀྱི་དང་པོ་ན་རལ་གྲི་ནམ་མཁའ་ལ་འཕྱར་བ། གཡོན་གྱི་དང་པོ་ནུ་ཨུཏྤ་ལ་སྡོང་བུ་དང་བཅས་པ་ཐུགས་ཀར་འཛིན་པ། གཡས་ཀྱི་འོག་མ་ན་མདའ་འཛིན་པ། གཡོན་གྱི་འོག་མ་ན་རིན་པོ་ཆེའི་གཞུ་འཛིན་པའོ། །སྐུ་དེ་དག་ནི་མ་རིག་པའི་མུན་པ་ཐམས་ཅད་བསལ་བའི་ནམ་མཁའ་མ་ལུས་པའི་འོད་ཀྱིས་འགེངས་པའི་སྐུའོ། །ཨོཾ་དྷརྨ་དྷཱ་ཏུ་བཱ་གཱི་ཤྭ་རི་མུཾ་ཞེས་བརྗོད་པས་ཤེས་རབ་དང་ལྡན་ཞིང་ཐོས་པ་འཛིན་པ་དང་ཡིད་གཞུངས་པར་འགྱུར་རོ། །རིན་པོ་ཆེའི་བུམ་པ་ཅུ་གང་དང་། གུར་གུམ་དང་། ཨ་ཀ་རུ་དང་། ཙནྡན་དཀར་པོ་དང་། གླ་རྩི་ལ་སོགས་པ་དྲི་ཞིམ་པའི་ཆུ་བླུགས་ཏེ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ། ཨརྷ་ཏེ་བྷྱཿ། སམྱཀྶཾ་བུདྡྷེ་བྷྱཿ། ཏདྱ་ཐཱ། ཨོཾ་ཀུ་མཱ་ར་བྷཱུ་ཏཱ་ཡ། དྷཱ་ར་ཎཱི། བི་ཤྭ་སཾ་བྷ་བ། ཨཱ་གཙྪ་ཡ། ཨཱ་གཙྪ་ཡ། ཧུ་ལུ་ཧུ་ལུ། བྲུཾ་བྲུཾ་བྲུཾ། ཧཱུཾ་ཧཱུཾ་ཛི་ན་ཛི་ཀ །མཉྫུ་ཤྲི་ཡེ། སུ་ཤྲི།


DKG091_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཏ་ར་ཡ་མཾ་ཧཾ། སརྦ་དུཿཁེ་བྷྱཿཕཊ་ཕཊ། ཨ་མྲྀ་ཏོད་བྷ་བ་ས་མ་ཡ་ས་མ་ཡ། ཨུད་བྷ་བེ།སརྦ་པཱ་པཾ་མེ་ནཱ་ཤཱ་ཡ་སྭཱ་ཧཱ། ཞེས་གཟུངས་སྔགས་འདི་བུམ་པའི་ཆུ་ལ་ལན་བདུན་བརྗོད་དེ་ཁྲུས་བྱས་ན་སྡིག་པ་ཐམས་ཅད་འདག་པར་འགྱུར་རོ། །དབང་པོ་རྣོ་ཞིང་ཐོས་པ་འཛིན་པར་འགྱུར་རོ། །ན་མཿསརྦ་ཏ་ཐཱ་ག་ཏཱ་ཡ། ཨརྷད་ཏེ་བྷྱཿ། སམྱཀྶཾ་བུདྡྷཱ་ཡ། ན་མོ་མཉྫུ་ཤྲི་ཡེ། བོ་དྷི་སཏྭཱ་ཡ། མ་ཧཱ་ས་ཏྭཱ་ཡ། ཏདྱ་ཐཱ། ཨོཾ་མཉྫུ་གྷོ་ཥ། ཧ་ན་ཧ་ན། པ་ཙ་པ་ཙ། མ་ཊ་མ་ཊ། མ་ཐ་མ་ཐ། བི་དྷྭཾ་ས་ཡ། ཀ་ར་ཀ་ར། ཏུ་ཏྲ་ཏུ་ཏྲ། བྷཉྫ་བྷཉྫ། ཨཱ་བི་ཤ་ཡ། ཨཱ་བི་ཤ་ཡ། ཏུ་ཏྲ་ཏུ་ཏྲ། ཏུ་ཊ་ཏུ་ཊ། སྥུ་ཊ་ས་སྥུ་ཊ་ས། ཧྲྀ་ད་ཡ་སཱ་དྷ་ནི། ན་མཿསཾ་བོ་དྷ་ནི་པྲ་བེ་ཤ་ཡ། ལཽ་ཧུ་ཏ་ལཽ་ཧུ་ཏ། ཀྲཻ་ཏེ་ཀྲཻ་ཏེ། པྲ་བནྡྷ་པྲ་བནྡྷ། ཨཱ་བེ་ཤ་ཡ། ཨཱ་བེ་ཤ་ཡ། ཧཾ་མཾ་སརྦ་བིགྷྣ་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ་ཞེས་བྱ་བས་ནད་པ་ལ་འབྲས་ཀྱི་སྙེ་མའམ་ཏིལ་ལ་བཏབ་སྟེ་ཁྲུས་བྱའོ། །གཟུངས་སྔགས་བཟླས་པའི་ཁྲུས་བྱས་པས། ལས་དང་ཉོན་མོངས་པ་དང་། རྣམ་པར་སྨིན་པའི་སྡུག་བསྔལ་ལས་ཐར་བར་འགྱུར་རོ། །ཀ་རའི་ཤིང་གི་མེ་ལ་སྦྱིན་སྲེག་བྱས་ན་ཡང་ཞི་བར་འགྱུར་རོ། །རལ་གྲི་ལ་བཏབ་ནས་གཡུལ་དུ་ཞུགས་ན་གཡུལ་ལས་རྒྱལ་བར་འགྱུར་རོ། །སྨྱུང་བ་དང་ལྡན་པས་སྐུ་གཟུགས་ཀྱི་མདུན་དུ་བསྒྲུབ་པར་བྱ་ཞིང་འཕགས་པ་ལ་གསོལ་བ་གདབ་པར་བྱའོ། །གྲོ་གའམ་རས་ལ་བྲིས་ཏེ་སྡུག་བསྔལ་གྱིས་ཉེན་པ་ལ་གདགས་པར་བྱའོ། །སྐུད་པ་ལ་གཟུངས་སྔགས་བཏབ་སྟེ་མདུད་པ་བྱས་ལ་སྲིད་ཀྱིས་གདུངས་པ་ལ་བཏགས་ཏེ། འཕགས་པ་ལ་གསོལ་བ་གདབ་པར་བྱའོ། །རིགས་ཀྱི་བུའམ་བུ་མོ་དག་སྨྱུང་བས་འདུག་སྟེ། ཡི་དམ་དུ་འདོན་ན་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ཡི་དགས་དང་། ཤ་ཟ་ལ་སོགས་པའི་གདོན་མི་འབྱུང་ངོ་། །གཟའ་དང་། རྒྱུ་སྐར་དང་། ལྕེ་འབབ་པ་དང་། དུས་མ་ཡིན་པའི་འཆི་བདག་ལས་གྲོལ་བར་འགྱུར་རོ། །སྟག་དང་། དོམ་དང་། དྲེད་ལ་སོགས་པའི་དུད་འགྲོ་དག་གི་གནོད་པ་དང་། རླུང་དང་། སེར་བ་དང་། དུས་མ་ཡིན་པའི་ས་གཡོ་བ་རྣམས་ཞི་བར་འགྱུར་རོ། །ཡིད་གཞུངས་ཤིང་ཐོས་པ་འཛིན་པ་དང་། ཉོན་མོངས་པའི་བག་ཆགས་སྤོང་བ་ལ་གཞོལ་བར་འགྱུར་རོ། །འཕགས་པའི་སྐུ་ཐམས་ཅད་ཐོགས་པ་མེད་པའི་སྤྱན་གྱིས་མཐོང་བར་འགྱུར་རོ། །རིགས་ཀྱི་བུ་དང་བུ་མོ་དག་གིས་འདི་ལན་ཅིག་གམ། ལན་གསུམ་མམ། བདུན་ནམ་ཉི་ཤུ་རྩ་གཅིག་གམ། བརྒྱ་རྩ་བརྒྱད་དུ་རྗོད་པར་བྱེད་ན་དེའི་ལུས་ལ་


DKG091_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

མཛེ་དང་། ཕོལ་མིག་དང་། འབྲས་དང་། ཤུ་བ་དང་། གཡན་པ་དང་། ལྐོག་མའི་ལྷ་གོར་ན་བ་དང་། མིག་དང་། རྣ་བ་དང་། སོ་ན་བ་ལ་སོགས་པ་དག་མི་འབྱུང་ངོ་ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཞལ་འཛུམ་པ་མཛད་དེ། རྣམ་པར་ཐར་པའི་སྒོ་ཀུན་ནས་འཇུག་པའི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་སྟེ། སེམས་ཅན་དམྱལ་བ་དང་། ཡི་དགས་དང་། དུད་འགྲོ་དང་། གླིང་བཞིའི་མིའི་འཇིག་རྟེན་དུ་འོད་ཀྱིས་ཁྱབ་པར་མཛད་དོ། །དེ་ནས་རྒྱལ་པོ་ཆེན་པོ་བཞི་དང་། སུམ་ཅུ་རྩ་གསུམ་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་གནས་མན་ཆད་ཁྱབ་པར་མཛད་དོ། །བསམ་གཏན་དང་པོའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་གོ། །བསམ་གཏན་དང་པོ་ནས་ལངས་ཏེ་བསམ་གཏན་གཉིས་པ་ལ་མཉམ་པར་བཞག་གོ། །གཉིས་པ་ལས་ལངས་ཏེ་བསམ་གཏན་གསུམ་པ་ལ་མཉམ་པར་བཞག་གོ། །གསུམ་པ་ནས་ལངས་ནས་བསམ་གཏན་བཞི་པ་ལ་མཉམ་པར་བཞག་གོ། །བསམ་གཏན་བཞི་པ་ལས་ལངས་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་མཉམ་པར་བཞག་གོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ལངས་ནས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་མཉམ་པར་བཞག་གོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ལངས་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ལ་མཉམ་པར་བཞག་གོ། །ཅི་ཡང་མེད་པའི་སྐྱེ་མཆེད་ལས་ལངས་ནས་ཡོད་མིན་མེད་མིན་སྐྱེ་མཆེད་ལ་མཉམ་པར་བཞག་གོ། །དེ་ལས་ལངས་ནས་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ལ་མཉམ་པར་བཞག་གོ། །དེ་ནས་བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དང་། ནམ་མཁའི་སྙིང་པོ་དང་། སྒྲིབ་པ་རྣམ་པར་སེལ་བ་དང་། འཇམ་དཔལ་དང་། སྤྱན་རས་གཟིགས་ཀྱི་དབང་ཕྱུག་དང་། ཕྱག་ན་རྡོ་རྗེ་དང་། བྱམས་པ་ལ་སོགས་པ་རྣམས་མངོན་པར་དགའོ། །ལྷ་དང་། མི་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་མི་གཡོ་བའི་གཟུངས་ལོའུ་དགུ་པའོ།། །།འཕགས་པ་མི་གཡོ་བ་ཞེས་བྱ་བའི་གཟུངས་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་མི་ཏྲ་དང་། བོད་ཀྱི་ལོཙཱ་བ་དགེ་སློང་ཆོས་ཀྱི་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།


previousའཕགས་པ་མི་གཡོ་བ་ཞེས་བྱ་བའི་གཟུངས།next