Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་གོ་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཤ་ལོ་ཀ་སྟོང་ལོབས་པའི་གཟུངས།
   
   
   
   
   
   
   
   
   
   
   


 
previousཤ་ལོ་ཀ་སྟོང་ལོབས་པའི་གཟུངས།next

ཤ་ལོ་ཀ་སྟོང་ལོབས་པའི་གཟུངས།


DKG093_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །བཱི་རེ་བཱི་རེ། མ་ཏི་ཏེ་ཛེ། ཏེ་ཛ་མ་ཏི་དྷཱ་ར་ཎཱི། ཤྲུ་ཏ་དྷཱ་ར་ཎཱི། ཛ་ཡནྟི་བི་ཛ་ཡནྟི་མ་ཏིདྷཱ་ར་ཎཱི་སྭཱ་ཧཱ། སྨན་བྲམ་ཧི་ཞོ་གཉིས་ཞིབ་ཏུ་བཏགས་ཏེ། འོ་མའི་ནང་དུ་བསྐོལ་ལ་སྔགས་འདི་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ། ཞག་བདུན་གྱི་བར་དུ་འཐུངས་ན་གདོན་མི་ཟ་བར་ཐོས་པ་འཛིན་པར་འགྱུར་རོ། །སངས་རྒྱས་ཀྱིས་གསུངས་པའམ། བསྟན་བཅོས་ཀྱང་རུང་སྟེ། ཐོས་ན་ཉིན་ཞག་གཅིག་ལ་ཤ་ལོ་ཀ་སྟོང་ལོབས་པར་འགྱུར་རོ། །ཤ་ལོ་ཀ་སྟོང་ལོབས་པའི་གཟུངས་རྫོགས་སོ།།


previousཤ་ལོ་ཀ་སྟོང་ལོབས་པའི་གཟུངས།next