Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་གོ་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཤ་ལོ་ཀ་སུམ་སྟོང་ལོབས་པའི་གཟུངས།
   
   
   
   
   
   
   
   


 
previousཤ་ལོ་ཀ་སུམ་སྟོང་ལོབས་པའི་གཟུངས།next

ཤ་ལོ་ཀ་སུམ་སྟོང་ལོབས་པའི་གཟུངས།


DKG093_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨོཾ་མུ་ནི་ཀནྟེ་མུ་ནི་པྲ་བྷ་སྭ་རེ་སྭཱ་ཧཱ། བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱན་སྔར་དཀྱིལ་འཁོར་བྱས་ཏེ། ཤུ་དག་མཐེ་བོང་ཙམ་བླངས་ལ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ནས་ཟོས་ན་ཐོག་མའི་ཉིན་མོ་ཡི་གེ་ཤ་ལོ་ཀ་སྟོང་བཀླགས་པ་ཙམ་གྱིས་ལོབས་པར་འགྱུར་རོ། །ཞག་གསུམ་ལོན་པའི་ཉིན་མོ་ཤ་ལོ་ཀ་སུམ་སྟོང་ལོབས་པར་འགྱུར་རོ། །ཞག་བདུན་ལོན་པའི་ཉིན་མོ་ཐོས་པ་འཛིན་པར་འགྱུར་རོ། །ཤ་ལོ་ཀ་སུམ་སྟོང་ལོབས་པའི་གཟུངས་རྫོགས་སོ།། །།


previousཤ་ལོ་ཀ་སུམ་སྟོང་ལོབས་པའི་གཟུངས།next