རིན་པོ་ཆེ་བདར་བའི་གཟུངས།


DKG098_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཨོཾ་སྨ་ར་སྨ་ར། བི་སྨ་ན་སྐར་མ་ཧཱ་ཛ་པ་ཧཱུྃ་ཞེས་བརྗོད་ཅིང་རིན་པོ་ཆེ་བདར་བས་རིན་པོ་ཆེའི་གདུགས་དང་རྒྱལ་མཚན་ལ་སོགས་པའི་ཆར་དཔག་ཏུ་མེད་པ་ནམ་མཁའི་ཁམས་གང་བར་བསམས་ལ་དབུལ་ལོ། །རིན་པོ་ཆེ་བདར་བའི་གཟུངས་རྫོགས་སྷོ།།