cover

རྙིང་མ་རྒྱུད་འབུམ་པོད་གསུམ་པ། ག༽

སྡེ་དགེའི་ཤིང་པར་རྙིང་མ་རྒྱུད་འབུམ།

Nitartha international

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

སངས་རྒྱས་ཀུན་གྱི་དགོངས་པའི་བཅུད་བསྡུས་རི་བོ་བརྩེགས་པའི་རྒྱུད།


DNG003_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། སརྦ་བུདྡྷཱ་྅་ཤཱ་ཡ་སུ་ར་སཾ་གྲ་ཧ་གི་རི་ཀུ་ཊ་ཏནྟྲ། བོད་སྐད་དུ། སངས་རྒྱས་ཀུན་གྱི་དགོངས་པའི་བཅུད་བསྡུས་རི་བོ་བརྩེགས་པའི་རྒྱུད། དམ་པ་དང་པོའི་སངས་རྒྱས་ཀ་དག་རྣམ་པར་སྣང་བའི་སྐུ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་རྟོགས་ཤིང་བཤད་པའི་དུས་གཅིག་ན། ཀུན་གཞི་མཁའ་ཀློང་རྣམ་པར་དག་པའི་གནས། རིན་པོ་ཆེ་འོད་སྣ་ཚོགས་འཕྲོ་བའི་གདངས། དབྱིངས་རྣམ་པར་དག་པའི་ཀློང་ཀུན་གཞིའི་ཕོ་བྲང་། རྩལ་ཟེར་ཡན་ལག་འོད་གསལ་ཀུན་འབྱུང་གི་མཁའ། སེམས་ཉིད་ཁྱབ་གདལ་ཆེན་པོའི་དཀྱིལ་འཁོར། རང་བཞིན་གྱིས་འོད་གསལ་བ། དེ་ཉིད་དུ་རྣམ་པར་དག་པ། རྒྱུ་རྐྱེན་འཕོ་འགྱུར་མེད་པ། སྐྱེ་འགག་གཉིས་སུ་མེད་པར་རང་གྲོལ་བ། རང་བྱུང་འོད་གསལ་རྣམ་དག་བསམ་མི་ཁྱབ་ཀྱི་ལྷ་ཁང་ནི།


DNG003_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོ་འདུ་དང་འཕེལ་འགྲིབ་མེད་པའི་གནས་སོ། །གནས་དེ་ན་ཡེ་ཐོག་མའི་སངས་རྒྱས། ཀ་དག་དངོས་མེད་ཟང་ཀ་མི་སྣང་གསལ་བའི་རང་བཞིན་དུ་བཞུགས་སོ། །སྟོན་པ་དེ་ཉིད་ལས་མི་གཞན་རང་བྱུང་རང་དྭངས་ཀྱི་འཁོར་ལ། ཆོས་ཀྱི་དབྱིངས་ཀྱི་བསྟན་པ། ཡེ་མེད་མཚོན་མེད་བློ་འདས་ཐ་སྙད་མིང་ལས་འདས་པའི་ཐེག་པ། ངག་ཏུ་མི་གསུང་བྱིན་གྱིས་རླབས་ཀྱིས་གསུངས་སོ། །ཡེ་ཐོག་གཞིའི་སྟོན་འཁོར་རོ། །བྱིན་གྱིས་རླབས་ཀྱི་སྟོན་པ་ནི། དམ་པ་དང་པོའི་སངས་རྒྱས་ཀུན་གྱི་སྤྱི་ཕུད་བྱ་བ་བཞུགས་སོ། །དེས་འོད་གསལ་རྣམ་དག་དཀྱིལ་འཁོར་ལ། བྱ་བཙལ་རྩོལ་བསྒྲུབ་མེད་པའི་བསྟན་པ་གསུངས་སོ། །ཡེ་ཤེས་མཐུའི་སྟོན་པ་ནི། རང་བཞིན་ཀུན་ཏུ་བཟང་པོས། རྡོ་རྗེ་སེམས་དཔའ་ལ་ཐུགས་ཀྱི་བསྟན་པ་བྱིན་གྱིས་རླབས་ཀྱིས་བཤད། སྔོན་བྱུང་ཕུན་སུམ་ཚོགས་པ་ལྔའོ། །དེའི་རྗེས་འཇུག་ཕུན་སུམ་ཚོགས་པ་ལྔ་ནི། སྟོན་པ་རྡོ་རྗེ་སེམས་དཔའ་ཡིས། །སེམས་ལྷག་ཅན་སོགས་འཁོར་རྣམས་ལ། །གསང་སྔགས་ཡང་ཏི་སྤྱི་ཐེག་བཤད། །འོད་གསལ་གནས་བཤད་ངོ་བོ་དུས། །


DNG003_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་འཇུག་ཕུན་སུམ་ཚོགས་པ་ལྔའོ། །དེའི་གདུང་གསོབ་ཕུན་སུམ་ཚོགས་པ་ལྔ་ནི། ཨུ་རྒྱན་གནས་སུ་དགའ་རབ་རྡོ་རྗེ་ཡིས། །འཇམ་དཔལ་བཤེས་གཉེན་ལ་སོགས་འཁོར་རྣམས་ལ། །རྒྱུད་སྡེ་སྤྱི་བཤད་རིག་འཛིན་རིག་པས་བརྒྱུད། །གདུང་གསོབ་ཕུན་སུམ་ཚོགས་པ་ལྔའོ། །ཡེ་ཐོག་སྟོན་པའི་རྗེས་འཇུག་གདུང་འཚོབ་པའོ། །དམ་པ་དང་པོའི་རྗེས་འཇུག་གདུང་འཚོབ་ནི། །དེ་ཡི་རྗེས་འཇུག་འོད་གསལ་སྣང་མཛད་ཀྱིས། །འོག་མིན་གནས་སུ་ས་བཅུའི་འཁོར་ལ་བཤད། །གསང་སྔགས་བསྟན་པ་རང་གི་ངོ་བོ་ཡིས། །དེ་ཡི་གདུང་འཚོབ་ཕུན་སུམ་ཚོགས་ལྔ་ནི། །གསང་བའི་གནས་སུ་སྟོན་པ་ཧེ་རུ་ཀས། །གསང་སྔགས་བསྐྱེད་རིམ་ཞི་ཁྲོའི་འཁོར་ལ་བཤད། །དུས་ནི་མཚན་མ་སྣ་ཚོགས་དུས། །དམ་པ་དང་པོའི་གདུང་གསོབ་བོ། །རྡོ་རྗེ་སེམས་དཔའི་གདུང་འཚོབ་རྗེས་འཇུག་ནི། །ཁང་བཟང་གནས་སུ་སྤྲུལ་སྐུའི་སྟོན་པ་ཡིས། །མོས་ཚང་ཀུན་དགའ་བོ་ལ་སྡེ་སྣོད་རྣམ་གསུམ་བཤད། །སྤྲུལ་སྐུས་ཚིག་ཏུ་བསྡེབས་ཏེ་བཤད་པའི་དུས། །དེ་ཡི་གདུང་འཚོབ་ཕུན་སུམ་ཚོགས་ལྔ་ནི། །ཀུན་དགའ་བོ་ཡིས་འཛམ་གླིང་ཕུག་པ་རུ། །དགེ་སློང་ལྔ་བརྒྱའི་འཁོར་ལ་མདོ་སྡེ་འདུལ་བ་བཤད། །དུས་ནི་ཚིག་བསྡེབས་བཤད་པའི་དུས། །རྡོ་རྗེ་སེམས་དཔའི་རྗེས་འཇུག་གདུང་འཚོབ་བོ། །མདོར་བསྡུས་ཕུན་སུམ་ཚོགས་ལྔ་ནི། །རང་བཞིན་ངོ་བོ་ཐུགས་རྗེ་གསུམ། །ཆོས་སྐུ་སྐྱེ་བ་མེད་པའི་སྟོན་པ་དང་། །ལོངས་སྐུ་ཡེ་ཤེས་མཐུ་ཡི་སྟོན་པ་དང་། །སྤྲུལ་སྐུ་བྱིན་གྱིས་རླབས་ཀྱི་སྟོན་པ་ནི། །སྐྱེ་མེད་ཡེ་ཤེས་བྱིན་རླབས་སྟོན་པ་ཡིས། །སྟོན་པ་ཕུན་སུམ་ཚོགས་པས་བཤད། །ཆོས་སྐུ་གསུང་དུ་མེད་པའི་བསྟན་པ་དང་། །ལོངས་སྐུ་རང་གི་ངོ་བོས་བསྟན་པ་དང་། །སྤྲུལ་སྐུ་གསུང་དུ་བརྗོད་པའི་བསྟན་པ་དང་། །མེད་དང་ངོ་བོ་བརྗོད་པ་ནི། །བསྟན་པ་ཕུན་སུམ་ཚོགས་པར་བཤད། །ལོངས་སྐུ་སྤྲུལ་སྐུ་སེམས་དཔའ་ཆོས་སྐུའི་འཁོར། །ས་བཅུ་རིགས་ལྔ་


DNG003_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་ཡུམ་ལོངས་སྤྱོད་རྫོགས་པའི་འཁོར། །རིགས་དྲུག་སྡེ་བརྒྱད་འདོད་འདུས་སྤྲུལ་སྐུའི་འཁོར། །རང་རྒྱུད་འདྲེལ་དང་དོན་གྱིས་གཅིག །འདོད་པས་བསྡུས་པའི་འཁོར་རྣམས་ནི། །འཁོར་ནི་ཕུན་སུམ་ཚོགས་པར་བཤད། །ཆོས་དབྱིངས་རྣམ་པར་དག་པ་ཆོས་སྐུའི་གནས། །ཁྱད་པར་འོག་མིན་ལོངས་སྤྱོད་རྫོགས་པའི་གནས། །ཁང་བཟང་སྤྲུལ་པ་སྐུ་ཡི་གནས། །ཐམས་ཅད་སྡུད་དང་ཁྱད་པར་འཕགས། །ཁང་བཟང་སྤྲུལ་པ་བཞུགས་གནས་ནི། །གནས་ནི་ཕུན་སུམ་ཚོགས་པར་བཤད། །ཆོས་སྐུས་བྱིན་གྱི་རླབས་ཀྱིས་བཤད་པའི་དུས། །ལོངས་སྐུས་རང་གི་ངོ་བོས་བཤད་པའི་དུས། །སྤྲུལ་སྐུས་ཚིག་ཏུ་བསྡེབས་ཏེ་བཤད་པའི་དུས། །འདས་དང་མ་འོངས་ད་ལྟ་གསུམ། །དུས་ནི་ཕུན་སུམ་ཚོགས་པར་བཤད། །སྔོན་བྱུང་རྗེས་འཇུག་གདུང་གསོབ་དེ་བཞིན་ནོ། །གཅིག་དང་འདྲེལ་དང་གཏན་ལ་འབེབས། །མ་ཚང་མེད་དང་དགོས་པ་ཚང་། །རྒྱུད་ཀྱི་ཕུན་སུམ་ཚོགས་པའོ། །ཞེས་གསུངས་སོ། །སངས་རྒྱས་ཀུན་གྱི་དགོངས་པའི་བཅུད་འདུས་རི་བོ་བརྩེགས་པའི་རྒྱུད་ལས། ཕུན་སུམ་ཚོགས་པ་གསལ་བར་བསྟན་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་ཡེ་ཐོག་ཀ་དག་སངས་རྒྱས་ལ། །རང་བྱུང་ངང་དྭངས་ཁྱེའུ་ཆུང་གིས། །ཕྱག་བཙལ་པུས་བཙུགས་ཐལ་མོ་སྦྱར་ཏེ་གུས་པས་འདི་སྐད་ཞུས། ཨ་ཐ་ཏིཥྛ་མ་ཧཱ་སུ་ཁ་ཧོ། ཕུན་སུམ་ཚོགས་པའི་དོན་ནི་དེ་ལྟར་ན། །གང་ཡང་མེད་པའི་སྔོན་རོལ་ན། །སྔོན་ཐོག་དུས་ན་ཇི་ལྟར་གནས། །སངས་རྒྱས་སེམས་ཅན་གཞི་ནི་ཇི་ལྟར་གནས། །ཡར་རྒྱས་མར་འཁྲུལ་སྐྱོན་ནི་གང་ནས་བྱུང་། །དེ་གཉིས་སྐྱོན་དང་ཡོན་ཏན་ཇི་ལྟར་ལགས། །སྙིང་པོ་ཀ་དག་གང་གིས་རྟོགས། །བྱར་མེད་བློ་འདས་ཇི་ལྟར་ལགས། །དངོས་མེད་རྣལ་མ་གང་གིས་ཐོབ། །སངས་རྒྱས་ཀུན་གྱི་ཐུགས་ཀྱི་བཅུད། །དགོངས་པའི་བཅུད་འདིར་ཇི་ལྟར་འདུས། །རི་བོ་བརྩེགས་པ་དཔེ་ཡིས་ཇི་ལྟར་བསྟན། །གསང་སྔགས་


DNG003_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

བརྡའ་ཡིས་ཇི་ལྟར་བཤད། །མ་བསྒྲུབས་འབྲས་བུ་ཇི་ལྟར་འཐོབ། །ཐེག་དགུའི་བལྟ་བསྒོམ་ཇི་ལྟར་ལགས། །དེ་ལས་སྤྱི་ཏི་གང་གིས་སྤགས། །སྤྱི་ཏི་ཡོ་གའི་དོན་རྟོགས་ནས། །གོལ་སྒྲིབ་འཁྲུལ་པ་ཡོད་དམ་མེད། །ཤེས་མེད་བློ་འདས་ལ་ཆེན་གང་དུ་བཟླ། །འཁོར་གྱིས་དོན་དྲིས་བཅོ་བརྒྱད་པོ། །སྟོན་པས་འཁོར་ལ་གནང་བར་ཞུ། །ཤིན་ཏུ་ཟབ་པར་བཀའ་སྩོལ་ཅིག །ཅེས་ཞུ་བ་ཕུལ་ལོ། །རི་བོ་བརྩེགས་པའི་རྒྱུད་ལས། གླེང་སློང་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ངང་དྭངས་ཁྱེའུ་ཆུང་གིས། །ཡེ་ཐོག་ཀ་དག་སངས་རྒྱས་ལ། །གང་ཡང་མེད་པའི་སྔོན་རོལ་ན། །སྔོན་ཐོག་དུས་ན་ཇི་ལྟར་གནས། །ཞེས་ཞུས་པས། ཡེ་ཐོག་ཀ་དག་སངས་རྒྱས་ཀྱིས། །འོད་དང་རྩལ་དང་ཤེས་རིག་དྲན་སེམས་དང་། །འགྱུ་བ་ཡིད་དང་ཡན་ལག་འགག་མེད་འཁོར། །རང་བྱུང་ངང་གསལ་འགག་མེད་འཁོར། །རང་བྱུང་ངང་དག་འོད་གསལ་འཁོར། །ས་ཆུ་མེ་རླུང་ནམ་མཁའ་དང་། །འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ཕྲག་དོག་ལྔ། །དེ་སོགས་དུག་ལྔ་རྟོག་ཚོགས་ཉོན་མོངས་འཁོར་རྣམས་དང་། །འཛམ་གླིང་མི་རྣམས་ལྷ་སྲིན་སྡེ་བརྒྱད་དང་། །སྣང་སྲིད་སྐྱེ་འགུལ་ཡོད་མེད་རྟག་ཆད་དང་། །ས་བཅུའི་བྱང་ཆུབ་སེམས་དཔའ་རྒྱལ་བ་རིགས་ལྔ་དང་། །རྣལ་འབྱོར་རྣམ་བཞི་སྐལ་ལྡན་མོས་ཚོགས་དང་། །ངང་དྭངས་གསལ་དག་འཁོར་ཚོགས་ལ། །ཐོག་མའི་ཀུན་བཟང་ཀ་དག་རྣལ་མ་ཡི། །སྐུ་དང་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔས། །འོད་ཟེར་རྣམ་ལྔ་ཕྱོགས་བཅུ་ཀུན་ཏུ་འཕྲོས། །སེམས་ཅན་རྣམས་ཀྱི་ངན་སོང་གསུམ། །སྦྱོང་བར་བྱེད་པའི་འོད་འཕྲོས་པས། །ཉོན་མོངས་པས་ནི་སེམས་འཁྲུགས་པས། །མི་ཤེས་འདམ་དུ་བྱིང་བ་ཡི། །སེམས་ཅན་ཀུན་ལ་སྨན་པ་དང་། །ཁྱབ་བདག་བདག་ལ་སྨན་པ་དང་། །བདག་དོན་བདག་ལ་ཐུགས་བརྩེའི་ཕྱིར། །ཉོན་མོངས་མ་ལུས་བསལ་བ་དང་། །མི་ཤེས་མ་ལུས་ཤེས་བྱའི་ཕྱིར། །དབང་པོ་


DNG003_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་པ་མཁྱེན་མཆོག་གིས། །བསམ་པའི་ཁྱད་པར་ཇི་བཞིན་དུ། །བློ་དང་གང་མཐུན་ཐེག་པ་ཡིས། །བླ་མེད་འབྲས་བུ་ཐོབ་བྱའི་ཕྱིར། །སེམས་ཅན་རྣམས་དང་མོས་ཚོགས་འཁོར། །བྱང་ཆུབ་རང་ཆས་སངས་རྒྱས་གཅེར་མཐོང་བཤད། །འཁོར་རྣམས་མ་ཡེངས་གུས་པས་ཉོན། །ཨ་ཨ་ཏིཥྛ་བྷོ་ཡེ་དྷརྨ་དྷཱ་ཏུ་ཧྲྀ་ད་ཡ་མ་ཧཱ་སུ་ཁ་ཧོ། བྷ་ཏ་དྷརྨ་སརྦ་དྷཱ་ཏུ་ཐུ་ལ་ཧྲྀ་ད་ཡ་ཨ། སྔོན་ཐོག་སྔོན་མེད་མིང་དང་བྲལ་ན་ཡང་། །མི་འབྲལ་ཤེས་ཕྱིར་ངང་དྭངས་འཁོར་ལ་བཤད། །གང་ཡང་མེད་པའི་སྔོན་རོལ་ན། །ཐ་སྙད་མིང་གིས་མི་ཕེབས་ཏེ། །རྣམ་པ་ཀུན་ལྡན་རྣམ་པ་མེད། །དངོས་མེད་ཟང་ཀ་རྣལ་མ་དེ། །ཀ་དག་གཞི་མེད་ཀུན་གྱི་གཞི། །ཅང་མེད་ཅིར་སྣང་ཡེ་མེད་དེ། །ཤེས་མེད་ངང་དྭངས་སྟོང་སང་ངེ་། །དེ་ཉིད་རྣམ་ཤེས་ཡུལ་ལས་འདས། །དང་པོའི་སངས་རྒྱས་རྒྱུ་མེད་པས། །ཐོག་མ་མེད་པས་སྤྲོས་མེད་པའོ། །སངས་རྒྱས་ཐོག་མ་ཐ་མ་མེད། །ཡང་དག་མཐའ་ལ་རྣམ་པར་གནས། །ཡང་དག་བདག་མེད་དེ་བཞིན་ཉིད། །ཡེ་ཤེས་གཉིས་མེད་ཚུལ་འཆང་བ། །ཡེ་ཤེས་ལྡན་པ་ཡོད་མེད་ཤེས། །ཡེ་ཤེས་མིག་གཅིག་གདོད་ནས་དག །རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ། །ཐུག་པ་མེད་པ་དཔེ་མེད་པ། །མི་མངོན་མི་སྣང་གསལ་བྱེད་མིན། །མི་འགྱུར་ཀུན་འགྲོ་ཁྱབ་པ་དེ། །དཔེར་བྱ་ཀུན་ལས་འདས་པའོ། །མིང་ཙམ་འདི་ཞེས་བསྟན་པར་ནི། །ཀ་དག་སངས་རྒྱས་མཚོན་དུ་མེད། །དངོས་མེད་བློ་འདས་ཐ་སྙད་མེད། །ཅེས་གསུངས་སོ། །སངས་རྒྱས་ཀུན་གྱི་དགོངས་པའི་བཅུད་འདུས་རི་བོ་བརྩེགས་པའི་རྒྱུད་ལས། གང་ཡང་མེད་པའི་སྔོན་རོལ་ན། དངོས་མེད་ཤེས་མེད་མཚོན་མེད་ཀ་དག་ཐ་སྙད་དང་དཔེ་དང་ཚིག་དང་ཡི་གེ་ལས་འདས་པར་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ངང་དྭངས་འོད་འབར་གྱིས། །ཡེ་ཐོག་ཀ་དག་སངས་རྒྱས་ལ། །སངས་རྒྱས་སེམས་ཅན་གཞི་ནི་ཇི་ལྟར་ལགས། །ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །


DNG003_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་དག་ངང་ལ་བྱེ་བྲག་མེད་ན་ཡང་། །རྩལ་གྱི་རིག་པ་བཤད་ཀྱིས་ཉོན། །སངས་རྒྱས་སེམས་ཅན་འཁོར་འདས་གཞི། །ཁྱབ་གཞི་གཡོ་གཞི་འབྱུང་གཞི་ནི། །ཀུན་གཞི་མཁའ་ཀློང་བརྡལ་ཁྱབ་ནི། །སངས་རྒྱས་སེམས་ཅན་འཁོར་འདས་གཞི། །དངོས་མེད་མཉམ་པའི་ཀློང་ན་ཀུན་འབྱུང་མཛོད་པོ་ཆེ། །རྩལ་ཟེར་སྣ་ཚོགས་འབྱུང་བའི་བང་མཛོད་ཡིན། །རྒྱ་མཚོ་ས་གསེར་བང་མཛོད་བཞིན། །མཉམ་པས་སྐྱེ་འབྱུང་ཟད་མེད་འགྱུར་བ་མེད། །ཅེས་གསུངས་སོ། །རི་བོ་བརྩེགས་པའི་རྒྱུད་ལས། སངས་རྒྱས་སེམས་ཅན་གྱི་གཞི་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ངང་དྭངས་གསལ་དག་གིས། །ཡེ་ཐོག་ཀ་དག་སངས་རྒྱས་ལ། །གཉིས་ཀའི་གཞི་རུ་མཉམ་པ་ན། །ཡར་རྒྱས་མར་འཁྲུལ་སྐྱོན་ནི་གང་ནས་བྱུང་། །ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །སྙིང་པོས་ཁྱབ་པར་མཉམ་པ་ལ། །རིག་དང་མ་རིག་རྣམ་གཉིས་ལས། །ཡར་རྒྱས་མར་འཁྲུལ་གཉིས་སུ་བྱུང་། །འགྱུ་དང་མི་འགྱུ་རྣམ་གཉིས་ལས། །སྐུ་གསུམ་དུག་གསུམ་གཉིས་སུ་བྱུང་། །འགྱུར་དང་མི་འགྱུར་རྣམ་གཉིས་ལས། །ཐོག་མའི་སངས་རྒྱས་འཁྲུལ་པ་བྱུང་། །ཟིན་དང་མ་ཟིན་རྣམ་གཉིས་ལས། །ཤེས་མི་ཤེས་ནི་གཉིས་སུ་བྱུང་། །འཕྲད་དང་མ་འཕྲད་རྣམ་གཉིས་ལས། །འཆར་སྒོ་འཁྲུལ་སྒོ་གཉིས་སུ་བྱུང་། །རྟོགས་དང་མ་རྟོགས་རྣམ་གཉིས་ལས། །སྐུ་གསུམ་ཁམས་གསུམ་གཉིས་སུ་བྱུང་། །ངོ་བོ་གཅིག་ལ་སྣང་ཚུལ་གཉིས། །རྟོགས་དང་མ་རྟོགས་གཉིས་སུ་བྱུང་། །གཅིག་མིན་གཉིས་ནི་ཡིན་མ་ཡིན། །ཕུག་རོན་སྐེ་དང་ག་པུར་འདྲ། །ངོ་བོ་གཅིག་ལ་སྣང་ཚུལ་གཉིས། །རྐྱེན་དང་གང་འཕྲད་སྨན་དུག་གཉིས། །དངོས་མེད་ཀུན་བྱེད་གཞི་གཅིག་ལ། །རྟོགས་དང་མ་རྟོགས་རྣམ་གཉིས་ལས། །སངས་རྒྱས་སེམས་ཅན་གཉིས་སུ་བྱུང་། །གཞི་གཅིག་ཤུགས་ལ་ལྡོག་བཅས་གཉིས། །སྔོན་ལ་གང་སྐྱེས་ལྡོག་བཅས་སོ། །དོན་རྟོགས་ཀ་དག་ཆོས་ཀྱི་སྐུ། །མ་རྟོགས་འགྲོ་དྲུག་འཁོར་བར་འཁྱམས། །ཞེས་གསུངས་སོ། །


DNG003_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

རི་བོ་བརྩེགས་པའི་རྒྱུད་ལས། ཡར་རྒྱས་མར་འཁྲུལ་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ངང་དྭངས་གསལ་དག་གིས། །ཡེ་ཐོག་ཀ་དག་སངས་རྒྱས་ལ། །དེ་གཉིས་སྐྱོན་དང་ཡོན་ཏན་ཇི་ལྟར་ལགས། །ཞེས་ཞུས་པ་ལས། སྟོན་པས་འཁོར་ལ་བཀའ་སྩལ་པ། །རྟོགས་ན་སྐྱོན་ཡོན་གཉིས་མེད་དེ། །མ་རྟོགས་བློ་ལ་སྐྱོན་ཡོན་བྱུང་། །སྐྱོན་གྱི་རྩ་བ་རླུང་གཡོས་ཡིན། །ཡེ་ཤེས་རླུང་གྱུར་ཡིད་རྟོག་སྐྱེ་མ་ནུས། །རིག་པ་སྙིང་པོར་ཐིམ་པས་འགྱུ་མ་ནུས། །སྙིང་པོ་རིག་པར་ཐིམ་པས་ཐོག་མར་ཡེ་སངས་རྒྱས། །སྙིང་པོ་མ་དང་འཕྲད་པས་ཡེ་ཤེས་རང་ས་ཟིན། །རིག་ཡིད་མ་རིག་རྩད་ཆོད་འཁྲུལ་པ་ཀ་ནས་དག །སྙིང་པོའི་ཀློང་དུ་ཡོན་ཏན་བསམ་མི་ཁྱབ། །རྟོགས་ཚད་མཁྱེན་ཚད་ཡོན་ཏན་བརྗོད་མི་ལངས། །ནམ་མཁའི་ཁམས་དང་ཉི་ཟླ་ནོར་བུའི་ཚུལ། །ཞེས་གསུངས་སོ། །རི་བོ་བརྩེགས་པའི་རྒྱུད་ལས། ཀ་དག་སངས་རྒྱས་ཀྱི་ཡོན་ཏན་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ངང་དྭངས་གསལ་དག་གིས། །ཐོག་མའི་སངས་རྒྱས་ཀུན་བཟང་ལ། །མ་རིག་འཁྲུལ་པའི་སྐྱོན་ནི་གང་ནས་བྱུང་། །ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །སྐྱོན་ནི་རླུང་དང་མ་རིག་པ། །མཉམ་པའི་རང་བཞིན་མི་ཤེས་མ་རིག་རླུང་། །རླུང་གིས་རྐྱེན་བྱས་རིག་པས་ས་མ་ཟིན། །རིག་པས་ས་མ་ཟིན་པས་ཡིད་རྟོག་སྐྱེས། །ཡིན་ནམ་མིན་ནམ་མིང་གི་རྣམ་གྲངས་སྐྱེས། །མིང་ལ་བརྟགས་པས་སེམས་སུ་འདོད་པ་སྐྱེས། །སྐྱོན་གྱི་རྩ་བ་རླུང་རིག་ངར་འཛིན་གྱིས། །ལྡོག་ཐབས་མི་ཤེས་ཡིད་ཀྱི་འདོད་ཞེན་སྐྱེས། །དེ་རྣམས་སྟོབས་ཀྱིས་འོད་གཟུགས་ཁ་མིག་ཅན། །དེ་ཡི་སྐྱོན་གྱིས་ཉོན་མོངས་དྲུག་ཏུ་སྐྱེས། །བདག་འཛིན་དུག་ལྔ་འགོང་པོ་ང་བདག་གིས། །རིགས་དྲུག་སེམས་ཅན་འཁྲུལ་པས་འཁོར་བར་འཁྱམས། །གཟུང་འཛིན་ཡུལ་སེམས་ཕྱོགས་རིས་དགག་བསྒྲུབ་སྐྱོན། །སྣང་བརྟགས་ཆགས་སྡང་སྐྱོན་ལ་བརྗོད་


DNG003_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

མི་ལངས། །རྩ་བ་ཡིད་གཉིས་ང་བདག་ཞེ་འདོད་དུག་གསུམ་སྐྱོན་གྱི་རྩ་བ་ཡིན། །ཞེས་གསུངས་སོ། །རི་བོ་བརྩེགས་པའི་རྒྱུད་ལས། སྐྱོན་གྱི་རྩ་བ་བསྟན་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ངང་དྭངས་གསལ་དག་གིས། །ཡེ་ཐོག་ཀ་དག་སངས་རྒྱས་ལ། །སྙིང་པོ་ཀ་དག་གང་གིས་རྟོགས། །ཞེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ། །སྙིང་པོ་བཅུད་སྤུངས་གནད་ཆེན་བཤད། །འོད་གསལ་ངང་དྭངས་ཐུགས་ལ་ཆོངས། །སྙིང་པོ་ཀ་དག་རྟོགས་ཐབས་ལ། །ཞེ་འདོད་བྱ་རྩལ་རྩོལ་བསྒྲུབ་བཞག །མི་བལྟ་མི་བསྒོམ་མི་སྤྱོད་བློ་ལས་འདས། །དངོས་མེད་ཀ་དག་ཟང་མ་དེ། །བྱ་བཙལ་བསམ་འདས་མཚོན་དུ་མེད། །བློ་འདས་བསམ་བྲལ་དགོངས་པ་རྟོགས། །རྟོགས་པའི་དུས་ན་ཤེས་བརྗོད་མཐའ་དང་བྲལ། །དངོས་མེད་ཀུན་དངོས་ཅང་མེད་ཅིར་སྣང་དེ། །ཡེ་མེད་མིན་ཏེ་སྣ་ཚོགས་སྣང་། །སྣ་ཚོགས་སྣང་ལ་དངོས་གཞི་མེད། །ཅང་མེད་མ་ཡིན་གཉིས་སུ་སྣང་། །གཉིས་སུ་མ་གྲུབ་གཅིག་ཏུ་འདུག །གཅིག་ཏུ་མི་འདུག་དངོས་པོ་མེད། །དངོས་མེད་མཚན་ཉིད་བློ་ལས་འདས། །རེ་ཞིག་མཚོན་ན་གསལ་སྟོང་དབྱེར་མེད་དེ། །རང་བྱུང་འོད་གསལ་ངང་དྭངས་རྣམ་པར་དག །གསལ་དྭངས་སང་དེ་དྭངས་ལ་གོ་སྐབས་མེད། །དེ་ཡིས་སྙིང་པོ་ཀ་དག་རྟོགས། །ཅི་ཡང་མ་ཡིན་བྱང་ཆུབ་སེམས། །དངོས་མེད་རྩིས་གདབ་བློ་ལས་འདས་པའོ། །སྙིང་པོ་བཅུད་སྤུངས་གདམས་ངག་གནད། །ཅེས་གསུངས་སོ། །རི་བོ་བརྩེགས་པའི་རྒྱུད་ལས། སྙིང་པོ་ཀ་དག་རྟོགས་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ངང་དྭངས་གསལ་དག་གིས། །ཡེ་ཐོག་ཀ་དག་སངས་རྒྱས་ལ། །བྱར་མེད་བློ་འདས་ཇི་ལྟར་ལགས། །ཞེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ། །བྱར་མེད་བློ་འདས་ངས་བཤད་ཀྱིས། །འཁོར་རྣམས་མ་ཡེངས་གུས་པས་ཉོན། །དགུ་རྩེ་སྤྱི་ཏི་ཡོ་ག་ནི། །བྱ་བཙལ་རྩོལ་བ་མི་བྱེད་དེ། །མ་བཅོས་ངང་ལ་བཞག་པས་ཆོག །བྱས་པའི་ཆོས་རྣམས་འཇིག་


DNG003_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར། །མ་བྱས་རང་བྱུང་ཆོས་ཤིག་བཤད། །རྩོལ་བསྒྲུབ་ཆོས་རྣམས་ཡིད་སྨོན་ཡིན། །རྩོལ་མེད་བསྒྲུབ་མེད་ཆོས་ཤིག་བཤད། །ཞེ་འདོད་བསམ་དཔྱད་བློ་ཡི་ཆོས། །ཞེ་འདོད་བསམ་བྲལ་བློ་འདས་ཆོས་ཤིག་བཤད། །ཅེས་གསུངས་སོ། །རི་བོ་བརྩེགས་པའི་རྒྱུད་ལས། བྱར་མེད་བློ་འདས་བཤད་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་ངང་དྭངས་གསལ་དག་གིས། །ཡེ་ཐོག་ཀ་དག་སངས་རྒྱས་ལ། །དངོས་མེད་རྣལ་མ་གང་གིས་ཐོབ། །ཅེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ། །དངོས་མེད་རྣལ་མ་ཐོབ་ཐབས་ནི། །ལུས་ངག་ཡིད་གསུམ་རྩོལ་བཞག་ལ། །མི་བལྟ་མི་བསྒོམ་སྤྱོད་ཐོབ་མེད། །དངོས་མེད་ཡེ་ཤེས་བློ་ལས་འདས། །གསལ་སྟོང་ངང་ལ་མི་འབྲལ་བ། །སང་ངེ་སལ་ལེ་དངོས་མཚན་མེད། །གང་ཡང་མི་རྟོག་བསམ་ལས་འདས། །དངོས་མེད་རྣལ་མ་ཟང་ཀ་ལ། །གང་ལ་སེམས་མེད་རྟོག་འཛིན་མེད། །ཡིད་རིག་དྲན་བསམ་བློ་ལས་འདས། །ཞེ་འདོད་རྩིས་གདབ་མེད་པས་ཐོབ། །ཐོབ་པའི་དུས་ན་དངོས་མེད་བློ་ལས་འདས། །སྣང་སྲིད་ཆོས་ལ་དབྱེ་བསལ་འདས། །ཞེས་གསུངས་སོ། །རི་བོ་བརྩེགས་པའི་རྒྱུད་ལས། དངོས་མེད་ཐོབ་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་ངང་དྭངས་གསལ་དག་གིས། །ཡེ་ཐོག་ཀ་དག་སངས་རྒྱས་ལ། །སངས་རྒྱས་ཀུན་གྱི་ཐུགས་ཀྱི་བཅུད། །དགོངས་པའི་ཡང་སྙིང་ཇི་ལྟར་འདུས། །ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །དགོངས་པའི་ཡང་སྙིང་བཅུད་འདུས་ངས་བཤད་ཀྱིས། །འཁོར་རྣམས་མ་ཡེངས་ཐུགས་ལ་ཞོག །ཨ་ཐ་ཏིཥྛ། བཛྲ་སཏྭ་བྷོ། ཨ་སིདྡྷི་ཨ་ཨ། བུཌྜྷ་སརྦ་མ་ལ་ཏིཥྛ་ཐུ་ལ་དུ་ན་ཨ་ཨ། དེ་ནས་ཡེ་ཐོག་སངས་རྒྱས་ཀྱིས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཐུགས་ཀྱི་ཡང་སྙིང་དགོངས་པའི་བཅུད། །སངས་རྒྱས་ཀུན་གྱི་དགོངས་འདུས་བཤད། །འོད་གསལ་ངང་དྭངས་ཡིད་ལ་ཆོངས། །དངོས་མེད་ཀ་དག་བརྗོད་


DNG003_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ཀྱང་། །བློ་དམན་རྟོགས་པ་སྐྱེ་ཕྱིར་བཤད། །ཆོས་ཉིད་རྣམ་པར་དག་པས་ན། །ཆོས་ཀུན་རང་བཞིན་རྣམ་དག་པ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཐུགས་ཀྱི་ཡང་སྙིང་བཅུད་འདུས་འདི། །དགོངས་པའི་མདོ་རྣམས་གཅིག་བསྡུས་པ། །ཡེ་མེད་ཀ་དག་དངོས་མེད་ཀུན་བྱེད་ནི། །སྤྱོད་པ་ཐམས་ཅད་དང་བྲལ་བ། །མཐའ་དང་དབུས་ནི་མི་དམིགས་པ། །སྒྲོ་སྐུར་མེད་པ་བླང་དོར་མེད། །རྒྱུ་འབྲས་ལས་འདས་པ། ཡེ་ནས་དག་པ། ཡེ་ནས་ཟིན་པ། བྱ་བ་མེད་པ། བཙལ་བ་མེད་པ། བསྒྲུབ་པ་མེད་པ། བཙལ་དུ་མེད་པ། གཞན་ནས་མི་འབྱུང་བ། གཉེན་པོ་མེད་པ། བྱེད་པ་པོ་མེད་པ། མ་བྱས་པ། མ་བརྟགས་པ། བདག་མེད་པ། མ་བཅོས་པ། དེ་ཡིན་པ། ངེས་པ། མ་ནོར་བ། ཇི་བཞིན་པ། མ་འགགས་པ། མ་སྐྱེས་པ། མི་ནུབ་པ། མ་ལྷགས་པ། མི་སྣང་བ། མ་བྱུང་བ། མི་འགྲོ་བ། ཡེ་ནས་གནས་པ། ཀུན་ལ་ཁྱབ་པ། མིང་མེད་པ། གཟུགས་མེད་པ། མཚན་མ་མེད་པ། ཐ་སྙད་མེད་པ། བལྟར་མེད་པ། གཟུང་དུ་མེད་པ། མཚོན་དུ་མེད་པ། དཔེ་མེད་པ། ཚད་མེད་པ། བརྟག་ཏུ་མེད་པ། རྟོག་གེ་ལས་འདས་པ། དཔག་ཏུ་མེད་པ། བསམ་དུ་མེད་པ། བསམ་གྱིས་མི་ཁྱབ་པ། ཀུན་གྱི་འབྱུང་གནས། ཐམས་ཅད་ནས་ཐམས་ཅད་དུ་བཏང་སྙོམས་ཆེན་པོའོ། །སྟོང་པ་ཉིད་ལས་རིག་པར་ཤར། །རང་བྱུང་ངང་དྭངས་བྱུང་སར་ཐིམ། །སྐྱེ་མེད་ཀ་དག་བློ་ལས་འདས། །དངོས་མེད་ཀ་དག་ཟང་ཀ་ཡེ་དག་རྣལ་མ་ཤེས། །སྙིང་པོ་ཡང་སྙིང་བཅུད་འདུས་དེ་ཁོ་ནའོ། །ཡེ་ཐོག་ཀ་དག་གི་སངས་རྒྱས་ཀྱི་ཐུགས་ཀྱི་ཡང་སྙིང་དགོངས་པའི་བཅུད་བསྡུས་པའི་དཔེ་ནི། ཤེལ་གོང་། གསེར་དང་། ནམ་མཁའ། ཉི་ཟླ། ནོར་བུ། ཆུ་ཤིང་། རྒྱ་མཚོའི་ཚུལ། ཀ་དག་འགྱུར་མེད་ཕྱོགས་དང་བྲལ། །འོད་གསལ་ཀུན་ཁྱབ་དངོས་མེད་གཡོ་རྩོལ་མེད། །ཅེས་གསུངས་སོ། །རི་བོ་བརྩེགས་པའི་རྒྱུད་ལས། ཡེ་ཐོག་ཀ་དག་སངས་རྒྱས་ཀྱི་དགོངས་པའི་བཅུད་བསྡུས་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།


DNG003_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་འོད་གསལ་ངང་དྭངས་ཀྱིས། །ཡེ་ཐོག་ཀ་དག་སངས་རྒྱས་ལ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་ཀྱི་ཡང་སྙིང་གསལ་བའི་བཅུད་འདུས་གསུང་དུ་གསོལ། །ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །དམ་པ་དང་པོའི་སངས་རྒྱས་འོད་མི་འགྱུར་བས་གསུངས་པ། ཆོས་ཀུན་རང་བཞིན་མེད་པ་ཉིད། །མྱ་ངན་འདས་ཤེས་དེ་ལ་བྱ། །སྟོང་ཉིད་རང་བཞིན་རྣམ་པར་དག །དེ་ཉིད་མི་གནས་བློ་ལས་འདས། །ཞེས་གསུངས་སོ། །དེ་ནས་རང་བྱུང་ངང་དྭངས་ཀྱིས། །འདི་སྐད་གསུངས་སོ། །སེམས་ཅན་གྱིས་སངས་རྒྱས་རྣམས་ཀྱི་གསལ་བའི་ཡང་སྙིང་བཅུད་འདུས། ཡེ་མེད་གདོད་ནས་ཀ་དག་ཟང་ཀ་རྣལ་མ་བློ་འདས་དེ་མཐོང་ན། ཡེ་ཇི་བཞིན་པའི་ངོ་བོ་ཀ་དག་ཟང་ཀ་མཐོང་བ་ཡིན་ནོ། །མཐོང་མེད་དངོས་བྲལ་དམིགས་མེད་དེ་ནི་མཐོང་བ་ཡིན་ནོ། །དེ་ལ་ནི་ཆོས་རྡུལ་ཙམ་ཡང་མི་དམིགས་སོ། །དེ་ནི་ནམ་མཁའི་མཚན་ཉིད་དེ། དེ་ལ་ནི་བྱང་ཆུབ་པར་བྱ་བ་ཡང་མེད་ལ་གྲུབ་པར་བྱ་བ་ཡང་མེད། དེ་ལ་སེམས་ཅན་དུ་གདགས་པ་ཡང་མེད་དོ། །ཆོས་ཅན་ཡང་མེད་ལ། ཆོས་ཅན་དུ་གདགས་པ་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ཀ་ནས་དག་པའི་བྱང་ཆུབ་སེམས་ཏེ། ནམ་མཁའ་ནི་མཚན་ཉིད་ཐམས་ཅད་དང་བྲལ་བའོ། །དེའི་ཕྱིར་ན་བྱང་ཆུབ་ནི། ཡེ་མེད་ཀ་དག་བློ་འདས་ལས་བཙལ་བར་བྱའོ། །ཀ་དག་དངོས་མེད་ཟང་ཀ་དེ། རང་བཞིན་གྱིས་ཡོངས་སུ་དག་པའི་ཕྱིར། དངོས་པོ་མེད་ཅིང་བློའི་བྱེད་པ་པོ་ལས་འདས་པས། ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད། གཉིས་ཀ་མེད་པར་ཡང་མི་དམིགས་སོ། །དེ་ལ་སངས་རྒྱས་ཀྱིས་མ་གཟིགས་མི་གཟིགས་གཟིགས་པར་མི་འགྱུར་རོ། །ཇི་ལྟར་མ་གཟིགས་ན། ཁ་དོག་དབྱིབས་དང་མུན་པར་མ་གཟིགས་སོ། །ཕོ་མོ་མ་ནིང་ཁམས་གསུམ་ཇི་ལྟ་བུར་ཡང་མ་གཟིགས་སོ། །ཀ་དག་དངོས་མེད་བློ་འདས་ནི། །མིང་དུ་བཏགས་པ་ཡང་མེད་དོ། །མིང་དུ་བཏགས་པ་ཐམས་ཅད་ནི་བླ་དྭགས་


DNG003_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

སུ་རིག་པར་བྱའོ། །དེའི་ཕྱིར་ན་སངས་རྒྱས་ནི་བླ་དྭགས་སོ། །ཆོས་ནི་བླ་དྭགས་སོ། །དགེ་འདུན་ཡང་བླ་དྭགས་སོ། །དེ་བཞིན་དུ་དབྱིངས་དང་ཡེ་ཤེས་དང་། ཆོས་ཀྱི་སྐུ་དང་། སྐུ་ཐ་དད་པ་དང་། སེམས་ཅན་དུ་འཇིག་རྟེན་ལ་སོགས་པ་ཐམས་ཅད་དུ་བཏགས་ཤིང་ཆགས་པ་ཇི་སྙེད་པ་བླ་དྭགས་འབའ་ཞིག་ཏུ་རིག་པར་བྱའོ། །བླ་དྭགས་གང་ཡིན་པ་དེ་ནི་གློ་བུར་དུ་མིང་དུ་བཏགས་པ་སྟེ། ཡེ་ནས་ལྡན་པ་མ་ཡིན་ནོ། །གལ་ཏེ་ཡེ་ནས་ལྡན་པ་ཞིག་ཡིན་ན་ནི། གང་གློ་བུར་བ་ཐམས་ཅད་ཕྱིས་མི་འབྱུང་བར་འགྱུར་རོ། །གང་ལ་མིང་བཏགས་གཞི་མེད། །རྒྱུ་བཏགས་ཆགས་པ་གྲུབ་པ་ཡིན། །དེ་ནི་བྱར་མེད་བྱས་སོ་ཡིན། །མི་སྣང་བ་ལ་ཀུན་སྣང་བ། །ཐམས་ཅད་ཐམས་ཅད་གློ་བུར་སྣང་། །སྣང་ཉིད་མེད་པའི་སྙིང་པོ་དེ། །ཡོད་མེད་གཉིས་སུ་དམིགས་པ་མེད། །སངས་རྒྱས་མེད་ལ་སངས་རྒྱས་དང་། །བྱང་ཆུབ་ཉིད་ལ་སོགས་པ་ཡི། །ཐ་སྙད་མིང་གི་བླ་དྭགས་རྣམས། །མི་ཤེས་བློ་ལ་བསྟན་ཕྱིར་བཏགས། །དེ་ལ་དངོས་གཞི་ག་ལ་ཡོད། །ཐམས་ཅད་ནས་ཐམས་ཅད་དུ་བླ་དྭགས་ཀྱི་མཚན་མ་མེད་དོ། །རྣམ་པ་མེད་དོ། །ཡུལ་མེད་དོ། །འཇུག་པ་མེད་དོ། །སངས་པ་མེད་དོ། །ལུང་བསྟན་པ་མེད་དོ། །ངེས་པར་རྙེད་པ་མེད་དོ། །ཡེ་མེད་ཀ་དག་ཡེ་གསལ་རྣལ་མ་བློ་འདས་ཏེ། །ཐམས་ཅད་ནས་ཐམས་ཅད་དུ་བྱང་ཆུབ་པ་ཉིད་དོ། །སྟོང་པ་ཉིད་དོ། །དེ་ཁོ་ན་ཉིད་དོ། །ངེས་པ་དམ་པ་ཉིད་དོ། །གཞན་མ་ཡིན་པ་ཉིད་དོ། །སྐྱེ་བ་མེད་པ་ཉིད་དོ། །འགག་པ་མེད་པ་ཉིད་དོ། །དེ་བཞིན་ཉིད་དོ། །མ་ནོར་བ་དེ་བཞིན་ཉིད་དོ། །ཆོས་ཉིད་དོ། །ཆོས་ཀྱི་དབྱིངས་ཉིད་དོ། །བསམ་གྱིས་མི་ཁྱབ་པ་བསམ་དུ་མེད་པ་ཉིད་དོ། །དེ་དག་ཐམས་ཅད་ཀྱང་དངོས་པོ་ཀ་དག་བློ་འདས་ཉིད་དོ། །ཀ་ནས་དག་པ་ཟང་ཀ་དེ་ལ། གཅིག་དང་། མང་པོ་དང་། གཅིག་མང་པོར་སྣང་བ་དང་། མང་པོ་གཅིག་ཏུ་འགྱུར་བ་དེ་ལ་ནི། གཅིག་ཅེས་བྱ་བ་བློ་ལས་འདས་པའོ། །ཐ་དད་ཞེས་པ་གཉིས་སྣང་ལས་གྲོལ་བའོ། །ཞེས་གསུངས་སོ། །དེ་ནས་སངས་རྒྱས་ཀུན་ཏུ་བཟང་པོས། ཐུགས་


DNG003_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཡང་སྙིང་བཀའ་སྩལ་པ། རང་བཞིན་གཅིག་པ་དང་། མ་གོས་པ་དང་། གོ་འབྱེད་པ་དང་། སྐྱེ་བ་མེད་པ་དང་། འཇིག་པ་མེད་པ་དང་། དབྱིབས་མེད་པ་དང་། ཁ་དོག་མེད་པ་དང་། འདུས་མ་བྱས་པ་དང་། གཟུང་བ་མེད་པ་དང་། འཛིན་པ་མེད་པ་དང་། མཐའ་དང་དབུས་མེད་པ་དང་། འཕེལ་བ་དང་འགྲིབ་པ་མེད་པ་དང་། འགྲོ་བ་དང་འོང་བ་མེད་པ་དང་། གཡོ་བ་དང་འགུལ་བ་མེད་པ་དང་། ཆགས་པ་དང་གནས་པ་མེད་པ་དང་། འཇིག་པ་དང་སྟོངས་པ་མེད་པ་དང་། འགྱུར་བ་དང་མ་ཁྱབ་པ་མེད་པ་དང་། མི་འབྱུང་བ་དང་མ་ཆུབ་པ་མེད་པ་དང་། སྐྱོ་བ་དང་དུབ་པ་མེད་པ་དང་། མཚན་ཉིད་དང་རྒྱུ་རྐྱེན་མེད་པ་དང་། འབྲས་བུ་དང་རྩོལ་བ་མེད་པ་དང་། མངོན་པར་འདུ་བྱེད་པ་མ་ཡིན་ནོ། །དཔེར་ན་ནམ་མཁའ་དང་འདྲའོ། །ནམ་མཁའ་དེ་ནི་ཡོད་པ་ལས་མེད་པར་འགྱུར་བ་མ་ཡིན། མེད་པ་ལས་ཡོད་པར་འགྱུར་བ་མ་ཡིན། དེ་བཞིན་དུ་གསལ་བ་ལས་མི་གསལ་བར་འགྱུར་བའམ། མི་གསལ་བ་ལས་གསལ་བར་འགྱུར་བའམ། ཐ་དད་པ་ལས་གཅིག་ཏུ་འགྱུར་བ་དང་། ཡིན་པ་ལས་མིན་པར་འགྱུར་བ་དང་། མིན་པ་ལས་ཡིན་པར་འགྱུར་བ་དང་། ཉེ་བ་དང་རིང་བ་དང་། དེ་བཞིན་དུ་ཆེ་ཆུང་བཟང་ངན་བདེ་སྡུག་དང་། ཁྱབ་དང་མ་ཁྱབ་དང་། བྱུང་དང་མ་བྱུང་དང་། དག་དང་མ་དག་དང་། གྲུབ་དང་མ་གྲུབ་དང་། མཐོང་དང་མ་མཐོང་དང་། ཡངས་དང་དོག་དང་། དབྱིབས་དང་ཁ་དོག་དང་། ཕྱི་དང་ནང་དང་། སྐྱེ་བ་དང་འགགས་པ་དང་། འཕོ་དང་མི་འཕོ་དང་། འགྱུར་དང་མི་འགྱུར་དང་། མུན་པ་དང་སྣང་བ་དང་། སྔོན་དང་ཕྱི་མ་དང་། མཐའ་དང་དབུས་དང་། གོང་མ་དེ་དག་ཐམས་ཅད་ཀྱང་། བདག་དང་གཞན་དུ་གྱུར་པ་དང་། དེ་བཞིན་དུ་བླངས་ནས་དོར་བར་གྱུར་པ་དང་། དོར་བ་ལས་བླང་བར་གྱུར་པ་མེད་པའི་ཕྱིར། ནམ་མཁའ་ནི་ཐམས་ཅད་དུ་མ་བཅོས་པའོ། །དེ་བཞིན་དུ་དངོས་མེད་ཀ་དག་རྣལ་མ་ལ། དུས་ཐམས་ཅད་དུ་མ་བཅོས་མ་བསླད་པའོ། །མི་རྩོལ་མི་སེམས། བློ་བཅོས་ཞེ་འདོད་དང་རྩིས་གདབ་མེད་པར་གནས་སོ། །རྒྱལ་བ་ཀུན་ཏུ་བཟང་པོས་


DNG003_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་པ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཡང་སྙིང་དགོངས་པའི་བཅུད་བསྡུས་ནས་གསུངས་སོ། །དེ་ནས་དཔལ་རྡོ་རྗེ་སེམས་དཔས་ཐུགས་དགོངས་ཀྱི་བཅུད་བསྡུས་ནས་གསུངས་པ། བསམ་གྱིས་མི་ཁྱབ་ཆོས་འདི་རྣམས། །དེ་བཞིན་ཉིད་དུ་གཅིག་པས་ན། །གང་གིས་དེ་བཞིན་དེ་ཤེས་ན། །ཀུན་ལ་དབང་བསྐུར་ཐོབ་པ་ཡིན། །རྡོ་རྗེ་སེམས་དཔས་གསུངས་སོ། །སངས་རྒྱས་ཀུན་གྱི་དགོངས་པའི་བཅུད། །སེམས་ལྷག་ཅན་གྱིས་བཀའ་སྩལ་པ། །ཀ་དག་རྣལ་མ་རང་དྭངས་པས། །འདི་ཞེས་ཚིག་ཏུ་མ་གསུངས་པ། །ཁྱབ་པས་གཅིག་པའི་བྱིན་རླབས་ཀྱིས། །ཇི་ལྟར་འདོད་པས་སོ་སོར་འཇལ། །ཞེས་གསུངས་སོ། །དེ་ནས་སེམས་དཔའ་རྡོ་རྗེ་ཡིས། །དུས་གསུམ་བདེ་གཤེགས་ཐུགས་ཀྱི་བཅུད། །དགོངས་པའི་བཅུད་འདུས་བཀའ་སྩལ་པ། །བསམ་གྱིས་མི་ཁྱབ་ཀུན་ཤེས་ན། །བསམ་དུ་མེད་པར་དེ་བཞག་ལ། །དཔག་ཏུ་མེད་པའི་ཡོན་ཏན་འབྱུང་། །རྣམ་པ་ཐམས་ཅད་མཁྱེན་པ་ཡིན། །ཞེས་གསུངས་སོ། །དེ་ནས་འོད་གསལ་རྣམ་དག་གིས། །སངས་རྒྱས་ཀུན་གྱི་ཐུགས་ཀྱི་བཅུད། །ཀུན་གྱི་རྩ་བ་འདིར་བཅད་པས། །འདི་དོན་གང་རིག་ཐོས་པའི་མཆོག །ཐམས་ཅད་འདི་ལས་འབྱུང་བས་ན། །འདི་ཤེས་ཀུན་ཤེས་ཤེས་རབ་མཆོག །ཅེས་གསུངས་སོ། །དེ་ནས་གསལ་དག་ངང་དྭངས་ཁྱེའུ་ཆུང་གིས། །སངས་རྒྱས་ཀུན་གྱི་ཐུགས་དགོངས་པ། །གསང་བའི་ནང་ནས་གསང་ཆེན་འདི། །ཉིད་ཀྱིས་ཉིད་ཀྱང་མི་མཐོང་བར། །གཞན་གྱིས་ཀ་དག་ག་ལ་མཐོང་། །ཞེས་གསུངས་སོ། །དེ་ནས་ངང་དྭངས་ཁྱེའུ་ཆུང་གིས། །སངས་རྒྱས་ཀུན་གྱི་བཅུད་གསུངས་པ། །ཆོས་རྣམས་ཀུན་གྱི་སྙིང་པོ་འདི། །གསེར་དང་མཁའ་བཞིན་མི་འགྱུར་བས། །མི་ནུབ་སྟོར་བྲལ་མེད་པའི་ཕྱིར། །ཆོས་ཀྱི་དམ་པ་ཆེན་པོ་མཆོག །ཅེས་གསུངས་སོ། །དེ་ནས་ངང་དྭངས་རིན་ཆེན་གྱིས། །སངས་རྒྱས་ཐུགས་ཀྱི་བཅུད་ཕྱུང་བ། །མི་འགྱུར་ནམ་མཁའི་རང་བཞིན་ཏེ། །དག་པ་དག་ལ་དག་པ་ཉིད། །


DNG003_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པ་རྟོགས་པས་རྟོགས་པར་སྣང་། །སྤྱི་ལུས་དེར་སྣང་ཅི་ཡང་མེད། །ཅེས་གསུངས་སོ། །དྲི་མེད་རྣམ་དག་དགོངས་གསུངས་པ། །རང་བཞིན་ཀ་དག་མ་བཅོས་པས། །ཡོངས་ཀྱི་འོད་ལ་དེ་བཞིན་ཉིད། །ཀུན་གྱི་སྙིང་པོ་དེ་ཉིད་པས། །ཅིས་ཀྱང་མ་བསྒྲིབས་ནམ་མཁའ་ཆེ། །ཞེས་གསུངས་སོ། །ཞེན་མེད་ངང་དྭངས་བཅུད་གསུངས་པ། །སྟོང་པ་ཉིད་ཀྱི་སྙིང་པོ་ལ། །སྣ་ཚོགས་སྣང་བའི་འཁོར་གྱིས་བསྐོར། །སུས་ཀྱང་མ་བྱས་རང་བྱུང་ལ། །ཀ་དག་ཇི་བཞིན་དཀྱིལ་འཁོར་ཉིད། །ཅེས་གསུངས་སོ། །དེ་ནས་རིག་པའི་ཁྱེའུ་ཆུང་གིས། །སངས་རྒྱས་གསང་བའི་ཡང་སྙིང་གསུངས། །དངོས་མེད་ཀ་དག་མངོན་གྱུར་ན། །མེད་པ་མི་ཟད་འབྱུང་བ་ཡི། །ཆེ་བའི་ཡོན་ཏན་རྒྱུན་མི་འཆད། །ཅིར་སྣང་ཀུན་འབྱུང་རིན་ཆེན་གཏེར། །ཞེས་གསུངས་སོ། །ངང་དྭངས་ཀུན་གྲོལ་དགོངས་གསུངས་པ། །སངས་རྒྱས་ཀུན་གྱི་དགོངས་པ་འདི། །ཤེས་ནས་དེ་ལ་གང་གནས་པ། །ཀ་དག་ཉིད་ལ་དབང་ཐོབ་པའོ། །དེ་བཞིན་དགོངས་པའི་རིགས་འཛིན་ཉིད། །ཅེས་གསུངས་སོ། །དེ་ནས་ཀུན་རིག་འཕྲུལ་རྗེ་ཡིས། །སངས་རྒྱས་དགོངས་པའི་བཅུད་གསུངས་པ། །ཀ་དག་དངོས་མེད་ཟང་ཀ་མ། །གཞི་རྩ་མེད་པའི་སྐད་ཅིག་མ། །དེ་ཉིད་རིག་ན་བདེ་ཆེན་ཐོབ། །ཅེས་གསུངས་སོ། །ཡང་རིག་པའི་རྒྱལ་པོས་གསུངས་པ། ཀ་དག་རྣལ་མ་དེ་ཉིད་ནི། །དཔག་ཅིང་གཞལ་བར་མཐའ་ཡས་པས། །དཔག་མེད་རྒྱལ་པོའི་ཕོ་བྲང་ཡིན། །དེས་ན་ཀུན་བཀོད་ཀུན་ཀྱང་དེར་གཅིག་གནས། །ཞེས་གསུངས་སོ། །ཡང་དངོས་མེད་ཀུན་བྱེད་དགོངས་པའི་བཅུད་གསུངས་པ། ཡེ་ནས་ཀ་དག་མ་བཅོས་ཇི་བཞིན་པ། །ཆོས་སོ་ཅོག་གི་སྙིང་པོ་སྟེ། །མེད་པ་ལས་བྱུང་སྣ་ཚོགས་སྣང་། །སྣང་མེད་དེ་བཞིན་དཀྱིལ་འཁོར་རྫོགས། །ཞེས་གསུངས་སོ། །དེ་ནས་ཅང་མེད་ཅིར་སྣང་གཅོད་ཀྱིས་དགོངས་འདུས་གསུངས་པ། དེ་བཞིན་ཉིད་དུ་དོན་བསྟན་དུ། །དེ་བཞིན་ཉིད་དུ་ཀུན་གཅིག་པས། །གང་གིས་གང་ལ་གང་གིས་བསྟན། །ཉིད་ལ་ཉིད་གླེང་ཁོ་ནར་ཟད་དོ། །


DNG003_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་སོ། །སེམས་ཉིད་ཀུན་བྱེད་རྒྱལ་པོས་དགོངས་པའི་བཅུད་གསུངས་པ། ཇི་སྙེད་བསམ་གྱིས་མི་ཁྱབ་པའི། །ཆོས་ཀུན་ཀ་དག་སྟོང་རིག་ན། །སངས་རྒྱས་ཀུན་དང་མཉམ་སྦྱོར་བས། །རྣལ་འབྱོར་ཆེན་པོའི་བསམ་གཏན་ཡིན། །ཞེས་གསུངས་སོ། །གསལ་དྭངས་སྤྲོས་གཅོད་ཀྱིས་གསུངས་པ། ཀ་དག་སྨྲ་བརྗོད་མེད་པ་ལས། །དེ་མཚོན་ཕྱིར་ན་ཐ་སྙད་བརྗོད། །གང་བརྗོད་པ་ཉིད་དངོས་མེད་ཉིད། །དེ་ཉིད་སྤྲོས་མེད་བློ་འདས་དོན། །ཞེས་གསུངས་སོ། །དེ་ནས་རང་བྱུང་རང་རིག་གིས་གསུངས་པ། དངོས་མེད་ཀུན་སྣང་ཀུན་གྱི་གཞི། །སེམས་ཅན་སངས་རྒྱས་གཉིས་ཀྱི་དབྱིངས། །རིག་དང་མ་རིག་གཉིས་ཁོ་ན། །དག་དང་མ་དག་གཉིས་སུ་སྣང་། །ཞེས་གསུངས་སོ། །དེ་ནས་ངང་དྭངས་རིན་ཆེན་གྱིས་གསུངས་པ། བསམ་གྱིས་མི་ཁྱབ་མི་ཤེས་པར། །བསམ་མེད་ངང་དུ་གང་འཇོག་པ། །བྱིས་པ་དེ་ནི་བླུན་པ་ཡིན། །མུན་པའི་སྐྱེ་མཆེད་ཉིད་དུ་འགྱུར། །ཞེས་གོལ་བར་གསུངས་སོ། །དེ་ནས་འཛིན་མེད་ཀུན་གསལ་གྱིས་གསུངས་པ། བསམ་མེད་བསམ་གྱིས་མི་ཁྱབ་ཆོས། །ལྷག་པར་མཐོང་ན་གཞི་གནས་པ། །རྣམ་རྟོག་སྤང་ལེན་གང་བྱེད་པ། །དེ་དག་སྒྲིབ་པ་མུ་མཐའ་ཡས། །ཞེས་གསུངས་སོ། །དངོས་མེད་ཟང་ཐལ་གྱིས་དགོངས་པའི་བཅུད་གསུངས་པ། དངོས་མེད་ཀུན་གྱི་རང་བཞིན་ནི། །མ་སྐྱེས་པ་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ན་སྐྱེ་བ་མེད། །ཅེས་གསུངས་སོ། །བློ་འདས་ཡེ་མེད་ཀྱིས་གསུངས་པ། གདོད་དག་ཀུན་སྣང་ཡེ་ཤེས་འདི། །སུས་ཀྱང་མ་བྱས་རང་བྱུང་སྟེ། །ཐམས་ཅད་འབྱུང་བའི་རྩ་བ་ནི། །རང་ལས་བྱུང་བའི་དཀྱིལ་འཁོར་རྫོགས། །ཞེས་གསུངས་སོ། །གཉིས་སྣང་སྤྲོས་གཅོད་ཀྱིས་གསུངས་པ། འཁོར་བ་དང་ནི་མྱ་ངན་འདས། །སོ་སོར་སྣང་བ་མ་ཡིན་ཏེ། །གློ་བུར་རྣམ་རྟོག་མཐའ་ཡས་པའི། །ཇི་བཞིན་ཉིད་དེ་རབ་དེས་ན། །དེ་ལ་འཁོར་བའི་རང་བཞིན་མེད། །ཅེས་གསུངས་སོ། །དེ་ནས་གསང་བའི་བདག་པོ་ཡིས། །སངས་རྒྱས་དགོངས་པའི་བཅུད་


DNG003_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ། །ཀ་དག་དེ་ཉིད་ཅིར་ཡང་མི་སྣང་ན། །གློ་བུར་རྣམ་རྟོག་ཐ་དད་པའི། །རྣམ་རྟོག་དེ་ནི་ཟད་པར་སྣང་། །སྣང་བ་ཉིད་ན་སྣང་བ་མེད། །ཅེས་གསུངས་སོ། །མངོན་རྫོགས་རྒྱལ་པོས་ཐུགས་ཀྱི་བཅུད་གསུངས་པ། །དངོས་མེད་ཀ་དག་ཡེ་མེད་ཡེ་ཤེས་དངོས་གྲུབ་པས། །ཟད་པ་མེད་ཅིང་འཕེལ་བ་མེད། །ད་གདོད་བསྒྲུབ་ཏུ་ག་ལ་ཡོད། །ཅེས་གསུངས་སོ། །རང་བྱུང་རྒྱལ་པོས་དགོངས་པའི་བཅུད་གསུངས་པ། །ཐོག་མ་མེད་ནས་བསགས་པ་ཡི། །རྣམ་རྟོག་སྤྲིན་ཕུང་དཔག་མེད་པ། །སྟོང་ཉིད་སྐད་ཅིག་རིག་པ་ཡིས། །དེ་བཞིན་ཉིད་དུ་རྣམ་པར་གསལ། །ཞེས་གསུངས་སོ། །པདྨ་དྲི་མེད་དགོངས་པའི་བཅུད་གསུངས་པ། །ཡོད་མཐོང་སྣང་གྲག་ཆོས་སོ་ཅོག །ཐ་དད་སྣ་ཚོགས་མཐའ་ཡས་ཀྱང་། །དངོས་མེད་ཀ་དག་དེ་བཞིན་ཉིད། །མ་བསྒྲིབས་འོད་གསལ་རྣམ་དག་གོ། །ཞེས་གསུངས་སོ། །དེ་ནས་སྣ་ཚོགས་འུབ་ཆུབ་དགོངས་པའི་བཅུད་གསུངས་པ། དཔག་ཏུ་མེད་པའི་འཇིག་རྟེན་དུ། །སྒྲོན་མ་བསམ་གྱིས་མི་ཁྱབ་པས། །ཇི་སྙེད་པ་ཡི་ཆོས་བསྟན་པ། །མཐའ་ཡས་དོན་ནི་གཅིག་ཏུ་ཟད། །དངོས་མེད་ཟང་ཀ་ཀ་དག་དགོངས་བཅུད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སངས་རྒྱས་ཀུན་གྱི་ཐུགས་དགོངས་བཅུད། །སྙིང་པོ་ཡང་སྙིང་བཅུད་བསྡུས་པས། །ཐམས་ཅད་ཐམས་ཅད་ཇི་སྙེད་པ། །ཚིག་གི་ཐ་སྙད་ཙམ་དག་ལས། །འདི་ལས་བྱ་བ་ཅི་ཡང་མེད། །དངོས་མེད་ཀ་དག་ཡེ་སངས་རྒྱས། །ཨེ་ཧོ་ཨ་ཨ་སིདྡྷི་སིདྡྷི་ཨ་དྷ་ཐིམ། དུས་གསུམ་བདེ་གཤེགས་སངས་རྒྱས་ཀྱང་། །དངོས་མེད་ཀ་དག་ཐ་སྙད་བློ་འདས་ཏེ། །ཀ་དག་ལྷུན་གྲུབ་ཐུགས་དགོངས་བཅུད། །མ་ལུས་དགོངས་འདུས་རི་རབ་ལྷུན་གྲུབ་བརྩེགས། །ཞེས་གསུངས་སོ། །སངས་རྒྱས་ཀུན་གྱི་དགོངས་པའི་བཅུད་འདུས་རི་བོ་བརྩེགས་པའི་རྒྱུད་ལས། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་ཡང་སྙིང་དགོངས་པའི་བཅུད་འདུས་པར་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།


DNG003_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ངང་དྭངས་ཁྱེའུ་ཆུང་གིས། །ཡེ་ཐོག་ཀ་དག་སངས་རྒྱས་ལ། །རི་བོ་བརྩེགས་པ་དཔེ་ཡིས་ཇི་ལྟར་བསྟན། །ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །དངོས་མེད་ཀ་དག་དཔེ་ལས་འདས་ན་ཡང་། །དོན་གསལ་འོད་གསལ་དཔེ་ཡིས་མཚོན་ནས་བཤད། །དཔེར་ན་རི་བོ་བརྩེགས་པ་ཡང་། །ལྷུན་པོའི་ངང་ལ་འགྱུར་མེད་བརྩེགས། །གཡོ་རྩོལ་འཕོ་འགྱུར་མེད་པར་གྲུབ། །ཡེ་མེད་གདོད་དག་ཀ་དག་བརྩེགས། །དངོས་མེད་བློ་འདས་བྱར་མེད་བརྩེགས། །སྟོང་གསལ་གདངས་ལ་དྭངས་སངས་བརྩེགས། །སྙིང་པོའི་ངང་དུ་ཡེ་ཤེས་བརྩེགས། །ཆོས་ཉིད་ཀློང་དུ་རྩལ་ཟེར་བརྩེགས། །ཆོས་སྐུའི་ཀློང་དུ་སྐུ་གསུམ་བརྩེགས། །སྙིང་པོ་སྐྱེ་འགག་གཉིས་མེད་བརྩེགས། །ཀ་དག་བསྟན་པ་མི་འགྱུར་ཏེ། །དངོས་མེད་མ་བཅོས་གསལ་ལ་དྭངས་པའོ། །ཀ་དག་བློ་འདས་བྱར་མེད་བརྩེགས། །ཡེ་ནས་རྒྱུན་ཆད་མེད་པ་སྟེ། །དེ་ཕྱིར་རི་བོ་བརྩེགས་པའི་རྒྱུད། །ཅེས་གསུངས་སོ། །རི་བོ་བརྩེགས་པའི་རྒྱུད་ལས། རི་བོ་དཔེར་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་ངང་དྭངས་ཁྱེའུ་ཆུང་གིས། །ཡེ་ཐོག་ཀ་དག་སངས་རྒྱས་ལ། །གསང་སྔགས་བརྡའ་ཡིས་ཇི་ལྟར་བཤད། །ཅེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །གསང་སྔགས་ལྟ་སྒོམ་བརྡའ་ཡིས་བསྟན། །ངང་དྭངས་ཁྱེའུ་ཆུང་ཐུགས་ལ་ཆོངས། །ཁྱུང་ཆེན་ནམ་མཁར་ལྡིང་བ་དང་། །རུས་སྦལ་འཁར་གཞོང་བཅུག་པ་དང་། །སྨྱོན་པ་གླང་པོ་ཆུར་ཞུགས་དང་། །རི་རྒྱལ་ལྷུན་པོ་འགྱུར་མེད་དང་། །ཤེལ་གོང་ནོར་བུ་རིན་ཆེན་གསེར། །བརྡའ་དོན་གནད་འགྲོལ་མན་ངག་འདིས། །ཤེས་རབ་ཅན་གྱིས་བརྡའ་གནད་བཀྲོལ། །ཞེས་གསུངས་སོ། །སེང་གེ་ནམ་མཁའི་འབྲུག་ཐོས་དང་། །རུས་སྦལ་མཁའ་ལ་བསྙེག་པ་དང་། །རལ་གྲི་སྣུམ་གྱིས་ངར་བཏགས་དང་། །གླང་པོས་དམག་གི་ཚོགས་བསྒྱུར་དང་། །བཀྲེས་པ་གཡོས་ལེགས་ཟས་ཟ་དང་། །བཙོ་མ་གཡའ་དང་བྲལ་བ་དང་། །མེ་ལོང་དྲི་མ་བྲལ་བ་དང་། །ཉི་མ་མུན་པ་


DNG003_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་དང་། །རྒྱ་མཚོ་གཡོ་འགུལ་མེད་པ་དང་། །དུང་ཉིད་ཡེ་དག་དཀར་བ་དང་། །སྒྲོན་མེས་མུན་པ་སེལ་བ་དང་། །ཆུ་བོ་རྒྱུན་ཆད་མེད་པའོ། །ཞེས་གསུངས་སོ། །རི་བོ་བརྩེགས་པའི་རྒྱུད་ལས། གསང་སྔགས་བརྡས་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་ངང་དྭངས་ཁྱེའུ་ཆུང་གིས། །ཡེ་ཐོག་ཀ་དག་སངས་རྒྱས་ལ། །མ་བསྒྲུབས་འབྲས་བུ་ཇི་ལྟར་འཐོབ། །ཅེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །ཐེག་གཞན་ཞེ་འདོད་ངས་མ་བཤད། །རྩོལ་མེད་ཡེ་ནས་འབྲས་བུ་བསྟན། །ངང་དྭངས་ཁྱེའུ་ཆུང་ཐུགས་ལ་ཆོངས། །ཡེ་ནས་དག་པ་དངོས་མེད་དེ། །རང་ལ་གདོད་མ་ཉིད་ནས་གནས། །ཀ་དག་བློ་འདས་རྟོགས་པའི་ཐབས། །དེ་ལ་འབྲས་བུ་ཐོབ་ཅེས་བཤད། །ཅེས་གསུངས་སོ། །རི་བོ་བརྩེགས་པའི་རྒྱུད་ལས། འབྲས་བུ་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་ངང་དྭངས་ཁྱེའུ་ཆུང་གིས། །ཡེ་ཐོག་ཀ་དག་སངས་རྒྱས་ལ། །ཐེག་དགུའི་ལྟ་སྒོམ་ཇི་ལྟར་ལགས། །ཞེས་ཞུས་པ་དང་། ཡེ་ཐོག་སྟོན་པས་བཀའ་སྩལ་པ། །སྙིང་པོ་ཀ་དག་བལྟར་མེད་ཀྱང་། །བློ་ཁྱད་ཐེག་པའི་ལྟ་སྒོམ་བཤད། །ངང་དྭངས་ཁྱེའུ་ཆུང་ཐུགས་ལ་ཆོངས། །ཉན་ཐོས་པ་ཡི་ལྟ་སྒོམ་ནི། །ཡུལ་རྡུལ་གང་ཟག་བདག་མེད་བལྟ། །འགོག་པའི་སྙོམས་འཇུག་ཚོགས་དྲུག་ཡུལ་བཀག་བསྒོམ། །རང་རྒྱལ་པ་ཡི་ལྟ་སྒོམ་ནི། །རྟེན་འདྲེལ་བཅུ་གཉིས་རྣམ་པར་རིག་བྱེད་བལྟ། །བྱང་ཆུབ་སེམས་དཔའི་ལྟ་སྒོམ་ནི། །བདེན་པ་གཉིས་སུ་བལྟ་ལ་སྟོང་པར་བསྒོམ། །གསང་སྔགས་ཕྱི་རྒྱུད་ལྟ་སྒོམ་ནི། །དག་པ་ཆོས་ཉིད་ཀྲི་ཡའི་ལྷ་དྲུག་བསྒོམ། །ཨུ་པ་ཡ་ཡི་ལྟ་སྒོམ་ནི། །དཔོན་གཡོག་ཚུལ་ལྟར་སུམ་ཅུ་རྩ་བདུན་བསྒོམ། །ཡོ་ག་པ་ཡི་ལྟ་བ་ནི། །སྐྱེ་འགག་གཉིས་མེད་བྱང་ཆུབ་རྣམ་ལྔ་བསྒོམ། །མ་ཧཱ་ཡོ་གའི་ལྟ་སྒོམ་ནི། །སྣང་སྟོང་གཉིས་མེད་ཏིང་འཛིན་རྣམ་གསུམ་བསྒོམ། །ཨ་ནུ་ཡོ་གའི་ལྟ་སྒོམ་ནི། །


DNG003_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་དང་ཡེ་ཤེས་མ་བསྐྱེད་རྫོགས་ཚུལ་བསྒོམ། །ཨ་ཏི་ཡོ་གའི་ལྟ་བསྒོམ་ནི། །སྣང་སྲིད་ཆོས་སྐུ་སྟོང་པ་ཧད་པོར་བསྒོམ། །ཞེས་གསུངས་སོ། །རི་བོ་བརྩེགས་པའི་རྒྱུད་ལས། ཐེག་པའི་ལྟ་སྒོམ་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་ངང་དྭངས་ཁྱེའུ་ཆུང་གིས། །ཡེ་ཐོག་ཀ་དག་སངས་རྒྱས་ལ། །དགུ་ལས་སྤྱི་ཏི་གང་གིས་སྤགས། །ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །དངོས་མེད་ཀ་དག་སྤགས་དང་མ་སྤགས་མེད། །བློ་ཁྱད་དགུ་རྩེའི་སྤྱི་རྗེའི་སྤགས་ཚུལ་ནི། །ཀ་དག་བློ་འདས་ཞེ་འདོད་རྟེན་མེད་ཀྱི། །ཕྱོགས་བྲལ་ལྟ་བ་དགུ་ལས་སྤགས། །ཡིད་སེམས་གཡོ་འགུལ་གང་ལའང་བསམ་བསྒོམ་མེད། །དྲན་སེམས་གང་ལ་མི་སྐྱེ་བསྒོམ་པའི་རྒྱལ་པོ་སྤགས། །གང་ཡང་མ་ཆགས་ཡིད་སྨོན་བློ་ལས་འདས། །ཞེས་གསུངས་སོ། །རི་བོ་བརྩེགས་པའི་རྒྱུད་ལས། དགུ་ལས་སྤྱི་ཏི་འཕགས་པའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་ངང་དྭངས་ཁྱེའུ་ཆུང་གིས། །ཡེ་ཐོག་ཀ་དག་སངས་རྒྱས་ལ། །དགུ་རྩེ་རྟོགས་ན་གོལ་སྒྲིབ་ཡོད་དམ་མེད། །ཅེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ། །སྤྱི་རྗེ་བློ་འདས་འདི་རྟོགས་ན། །གོལ་སྒྲིབ་འཁྲུལ་པ་གང་ཡང་མེད། །སྟོང་གསལ་ཀ་དག་གསལ་དག་སྟོང་། །ཡེ་མེད་གདོད་ནས་དངོས་གཞི་མེད། །གོལ་སྒྲིབ་འཁྲུལ་གསུམ་ཀ་ནས་དག །ཅེས་གསུངས་སོ། །སྟོན་པས་འཁོར་ལ་ཡང་གསུངས་པ། །དེ་མ་རྟོགས་ཀྱི་གང་ཟག་ལ། །གོལ་སྒྲིབ་འཁྲུལ་པ་བསམ་མི་ཁྱབ། །ཐེག་པ་རེ་ལ་བཅུ་ཚན་བཅུ། །གོལ་སྒྲིབ་སུམ་བརྒྱ་དྲུག་ཅུ་ཡོད། །མདོར་བསྡུས་རྣམ་པ་གསུམ་དུ་བསྡུས། །གནས་དོན་མ་རྟོགས་སྒྲིབ་པ་ཡིན། །ཀ་དག་མ་རྟོགས་འཁྲུལ་པ་ཡིན། །འོག་མ་འོག་མའི་ལྟ་སྒོམ་གྱིས། །གོང་མ་གོང་མ་བསྒྲིབས་པ་ཡིན། །ཞེས་གསུངས་སོ། །རི་བོ་བརྩེགས་པའི་རྒྱུད་ལས། གོལ་སྒྲིབ་འཁྲུལ་པ་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།དེ་ནས་ངང་དྭངས་ཁྱེའུ་ཆུང་གིས། །ཡེ་ཐོག་ཀ་དག་སངས་རྒྱས་ལ། །ཤེས་མེད་བློ་འདས་གོལ་སྒྲིབ་ལ་ནི་གང་དུ་བཟླ། །ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །ཤེས་མེད་བློ་འདས་རྟོགས་པ་ཡིས། །སྙིང་པོ་མ་བུ་ངོ་འཕྲད་འཁྲུལ་དུ་མེད། །དངོས་མེད་འོད་གསལ་མུན་སངས་སྒྲིབ་པ་མེད། །འགྲོ་སྒོ་མ་ནོར་གོལ་དུ་མེད། །གོལ་སྒྲིབ་འཁྲུལ་གསུམ་ལ་བཟླའོ། །ཞེས་གསུངས་སོ། །རི་བོ་བརྩེགས་པའི་རྒྱུད་ལས། གོལ་སྒྲིབ་འཁྲུལ་པ་ལ་བཟླ་བའི་ལེའུ་སྟེ་བཅུ་དགུ་པའོ།། །།


DNG003_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ངང་དྭངས་ཁྱེའུ་ཆུང་གིས། །ཡེ་ཐོག་ཀ་དག་སངས་རྒྱས་ལ། །ལྟ་སྒོམ་ལ་བཟླ་ཇི་ལྟར་ལགས། །ཞེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ། །ཤེས་མེད་བློ་འདས་རྟོགས་པ་ཡིས། །སྙིང་པོ་མ་བུ་ངོ་འཕྲད་འཁྲུལ་དུ་མེད། །དངོས་མེད་འོད་གསལ་མུན་སངས་སྒྲིབ་པ་མེད། །འགྲོ་སྒོམ་ནོར་གོལ་དུ་མེད། །གོལ་སྒྲིབ་འཁྲུལ་གསུམ་ལ་བཟླའོ། །ཞེས་གསུངས་སོ། རི་བོ་བརྩེགས་པའི་རྒྱུད་ལས། །གོལ་སྒྲིབ་འཁྲུལ་བ་ལབ་པའི་ལེའུ་སྟེ་བཅུ་དགུ་པའོ། དེ་ནས་ངང་དངས་ཁྱེའུ་ཆུང་ཡིས། །ཡེ་ཐོག་ཀ་དག་སངས་རྒྱས་ལ། །ལྷ་སྒོམ་ལ་བཟླ་ཇི་ལྟར་ལགས། ཞེས་ཞུས་པས། སྟོན་པས་འཁོར་ལ་བཀའ་བསྩལ་པ། །ལྟ་སྒོམ་སྤྱོད་འབྲས་ལ་བཟླ་ནི། །ཡིན་རྒྱུ་ཡེ་མེད་ཚིག་མེད་བལྟར་མེད་ཞེ་འདོད་མེད། །ལྟ་བའི་རྒྱལ་པོ་རྟེན་མེད་ཕྱལ་བས་ལྟ་བའི་ལ་ཆེན་བཟླ། །མིན་རྒྱུ་ཡེ་མེད་གཡོ་རྩོལ་དྲན་རྟོག་བསམ་དམིགས་མེད། །གཡོ་འགུལ་རྟོག་མེད་བསྒོམ་པའི་ལ་ཆེན་བཟླ། །བྱར་མེད་གང་ཡང་མ་ཆགས་སྤྱོད་པའི་ལ་ཆེན་བཟླ། །དངོས་མེད་གདོད་གྲུབ་ཀ་དག་བློ་འདས་འབྲས་བུའི་ལ་ཆེན་བཟླ། །ལྟ་སྒོམ་སྤྱོད་འབྲས་ལ་ཆེན་བཟླ། །རྟེན་མེད་མི་འགྱུར་རྟོག་དཔྱོད་བློ་ལས་འདས། །གཞིར་བསྡུས་དབྱེར་མེད་གཅིག་ཏུ་བཟླ། །གཅིག་ནི་དངོས་མེད་ཀ་དག་གོ། །ཞེས་གསུངས་སོ། །རི་བོ་བརྩེགས་པའི་རྒྱུད་ལས། ལྟ་སྒོམ་ལ་བཟླ་བའི་ལེའུ་སྟེ་ཉི་ཤུ་པའོ།། །།དེ་ནས་ངང་དྭངས་ཁྱེའུ་ཆུང་གིས། །ཡེ་ཐོག་ཀ་དག་སངས་རྒྱས་ལ། །མཚན་དང་གཏད་རྒྱ་ཇི་ལྟར་གཟུང་། །ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །དུས་གསུམ་དེ་བཞིན་གཤེགས་པས་གཅིག་ཏུ་བསྡུས། །སངས་རྒྱས་ཀུན་གྱི་ཐུགས་དགོངས་ཡང་སྙིང་བཅུད། །བཅུད་འདུས་རི་བོ་བརྩེགས་པ་སྐུ་གསུམ་ལྷུན་གྲུབ་བརྩེགས། །དེ་ཕྱིར་སངས་རྒྱས་ཀུན་གྱི་
དགོངས་འདུས་རི་བོ་བརྩེགས་པར་ཟུང་། །ཐེག་པ་དགུ་ལས་ཁྱད་པར་འཕགས་པའི་ཕྱིར། །དགུ་རྩེ་སྤྱི་ཏི་ཡོ་ག་བྱ་བར་ཟུང་། །ལྟ་སྒོམ་སྤྱོད་འབྲས་ཀུན་གྱི་ལ་བཟླའི་ཕྱིར། །ལ་ཟློ་སྤྱི་རྒྱལ་ཀུན་གྱི་རྒྱུད་དུ་ཟུང་། །ཞེས་གསུངས་སོ། །སྟོན་པས་ཡང་གསུངས་པ། རྒྱུད་འདི་གཏད་པའི་སློབ་མ་སྣོད་ལྡན་ནི། །རི་བོའི་བློ་ལ་ཉི་ཟླའི་སེམས། །རལ་གྲིའི་ཤེས་རབ་དར་དཀར་རྒྱུད། །ཤེལ་གོང་དམ་ཚིག་བུ་ཆུང་སྤྱོད། །དེ་ལྡན་འཇིག་རྟེན་འདི་ན་དཀོན། །བླ་མ་གཙུག་ཁུར་དམ་ཚིག་བསྲུང་། །ཤེས་རབ་ཆེ་ལ་གཏོང་ཕོད་ཆེ། །ངང་རིང་དགེ་སེམས་མན་ངག་འཆང་། །དེ་ལྟ་བུ་ལ་རྒྱུད་འདི་གཏད། །སྣོད་མེད་རྣམས་ལ་མ་གཏད་ཅིག །ཅེས་གསུངས་སོ། །སངས་རྒྱས་ཀུན་གྱི་དགོངས་པའི་བཅུད་བསྡུས་རི་བོ་བརྩེགས་པའི་རྒྱུད་ལས། མཚན་དང་གཏད་རྒྱ་བསྟན་པའི་ལེའུ་སྟེ་ཉེར་གཅིག་པའོ།། །།སངས་རྒྱས་ཀུན་གྱི་དགོངས་པའི་བཅུད་བསྡུས་རི་བོ་བརྩེགས་པའི་རྒྱུད་རྫོགས་སོ།། །།

དྲི་མེད་ཀ་དག་གི་རྒྱུད་རིན་པོ་ཆེ་གསལ་བ་ཆེན་པོ་ཞེས་བྱ་བ།


DNG003_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨ་མ་ལ་ཤུཌྜྷ་ཏནྟྲ་རཏྣ་མ་ཧཱ་པྲ་ཀ་ཊ་ནཱ་མ། བོད་སྐད་དུ། དྲི་མེད་ཀ་དག་གི་རྒྱུད་རིན་པོ་ཆེ་གསལ་བ་ཆེན་པོ་ཞེས་བྱ་བ། བཅོམ་ལྡན་འདས་ཡེ་ཇི་བཞིན་པའི་རྡོ་རྗེ་འཆང་ཆེན་པོ། སྐྱོན་ཀ་དག་ཡོན་ཏན་ལྷུན་གྱིས་གྲུབ་པའི་སྟོན་པ། དྲི་མ་མེད་པའི་དགོངས་པ་མངའ་བ། རིན་པོ་ཆེ་འོད་འབར་བའི་དཔལ་ལ་ཕྱག་འཚལ་ལོ། །བུཌྜྷ་སརྦཱ་མ་ལ། ས་མ་དྷཱི་ཨ་ཧོ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་སྟོན་པ་འོད་མི་འགྱུར་བ་རིན་པོ་ཆེ་དྲི་མེད་འོད་གསལ་བ། ཡེ་ཇི་བཞིན་པ་ཆེན་པོ་གཞོན་ནུ་བུམ་པའི་སྐུ་རུ་བཞུགས་པ། གཞོན་ནུའི་མཚན་རབ་ཏུ་དྭངས་པ། ཤེས་རབ་ཀྱི་སྐུར་བཞེངས་པ་སྟེ། ཆོས་ཉིད་དྲི་མེད་ཀ་དག་གི་ཀློང་། མི་འགྱུར་བའི་གཞལ་མེད་ཁང་། ཕྱི་ནང་མེད་པར་ཟང་ཐལ་བ། རྒྱ་ཡོངས་སུ་མ་ཆད་པའི་ཀློང་དུ་རིན་པོ་ཆེ་འོད་གསལ་བས། སྤྲུལ་སྐུའི་གནས་སུ་ཤར་བ་ནི། ལྷོ་ཕྱོགས་བདེ་ལྡན་ཡིད་འདྲེས་པའི་ཚལ། པདྨ་བརྩེགས་པའི་ཕོ་བྲང་། གསང་ཆེན་རོལ་པའི་དུར་ཁྲོད། མེ་རི་འབར་བའི་རྩེ་


DNG003_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཞུགས་ཏེ། དཔལ་འཇིགས་བྱེད་ཀྱི་རྒྱལ་པོ་ལ། མངོན་པར་འཁོད་པའི་མཁའ་འགྲོ་རྣམ་པ་ལྔ་དང་། བྱང་ཆུབ་སེམས་དཔའ་སྤྲིན་གྱི་ཤུགས་ཅན་བདུན་དང་། གསང་བའི་བདག་པོ་རྣམས་བྱིན་གྱི་རླབས་ཀྱིས་འདུས་སོ། །དེའི་ཚེ་གསང་བའི་བདག་པོས་སྣ་དྲངས་ཏེ། འདུས་པའི་ཚོགས་ཀྱིས་མར་མེ་མཛད་ལ་བརྐྱང་ཕྱག་འཚལ་ཏེ། བསྐོར་བ་ལན་དགུ་མཛད་དེ། འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ། དཔལ་གྱི་དཔལ་མཆོག་ཧེ་རུ་ཀ །གསང་བ་ཡང་གསང་དྲི་མེད་ཀ་དག་དོན། །རིན་ཆེན་འོད་གསལ་ཆེན་པོའི་རྒྱུད། །མ་རིག་མུན་པ་བསལ་བའི་ཕྱིར། །ཤེས་རབ་ཆེན་པོ་སྤར་བའི་ཐབས། །འདུས་པའི་ཚོགས་ལ་གསུང་དུ་གསོལ། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། ཨེ་མ་ཧོ། གསང་བའི་མཛོད་ཆེན་རིན་ཆེན་ཐུགས་ཀྱི་གཏེར། །འགྱུར་མེད་ཆོས་ཉིད་གསང་བའི་རྒྱས་བཏབ་པ། །ཤེས་རབ་ཀ་དག་ཆེན་པོའི་རྒྱ་དྲལ་ནས། །ཀ་དག་འོད་གསལ་རྒྱུད་ཆེན་གཏེར་ཕྱུང་བ། །དབུགས་མེད་འགྱུར་བ་ཡེ་ཤེས་རླུང་གི་རྟ། །རང་བྱུང་ཡེ་ཤེས་མི་བོ་ཆེན་པོས་ཆིབས། །ཡིད་ལས་འདས་པའི་ཤེས་རབ་ཀ་དག་མཚོན། །ཕྱག་ཏུ་བསྣམས་ཏེ་ཟླ་གམ་པདྨ་ཅན། །གསུང་གི་སྒོ་མོ་ཆེན་པོར་ལམ་ཕྱུང་ནས། །ཆོས་སྐུ་དྲི་མེད་ཀ་དག་ལ་སོགས་པ། །རིན་ཆེན་འོད་གསལ་ཆེན་པོ་ངས་བཤད་ཀྱི། །འདུས་པའི་འཁོར་ཚོགས་རྣ་བ་ངེས་ལྷོགས་དང་། །ཚིག་གི་བདུད་རྩིས་བློ་ཡི་ཐེ་ཚོམ་ནད། །གཏིང་ནས་ཕྱུང་ལ་གཞི་དགོངས་ཆེན་པོའི་དོན། །དྲི་མེད་ཀ་དག་རིན་ཆེན་འོད་གསལ་འདི། །སྐལ་ལྡན་ཐུགས་ལ་སྒྲོན་མ་གསལ་བར་བསྟན། །ཞེས་གསུངས་སོ། །དྲི་མེད་ཀ་དག་གི་རྒྱུད་རིན་པོ་ཆེ་འོད་གསལ་བ་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་དཔལ་གྱི་དཔལ། །ཆོས་ཉིད་ཀ་ནས་ཇི་ལྟར་དག །དག་པའི་ངོ་བོ་ཇི་ལྟར་གནས། །དྲི་མ་ཕྲ་རགས་ཅི་ཡིས་སྣང་། །དག་པའི་ངང་དུ་སྐྱོལ་ཐབས་གང་། །འདུས་པའི་ཚོགས་ལ་གསུང་དུ་གསོལ། །


DNG003_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ཞུས་སོ། །ཀ་དག་གཞི་ནས་དག་ལ་རང་སྣང་ཚུལ། །འབྱུང་གསུམ་ཕྲ་རགས་རྣམ་པ་གསུམ། །དྭངས་མའི་ཆུ་ལ་ས་བཏབ་རྙོག་དང་མཚུངས། །ངོ་བོ་དྲི་མེད་ཀ་དག་གོང་མ་བཞིན། །དེ་ལྟར་རྟོགས་པའི་ཤེས་རབ་མིག་ཡོད་པས། །རྣམ་གསུམ་མ་ཐུབ་ངོ་བོ་འདུག་ཚུལ་ཡང་། །གསུམ་ཉིད་བྱུང་ཚུལ་གནས་ཚུལ་ངོ་ལ་གསལ། །དབུགས་དང་བྲལ་བས་ཕྲ་རགས་རང་དག་འགྱུར། །ཤེས་རབ་ཅན་ལ་ད་ལྟ་ཉིད་ལ་དག །དེ་ལྟར་མ་མཐོང་རྩོལ་བས་དག་འགྱུར་མེད། །ཅེས་གསུངས་སོ། །དྲི་མེད་ཀ་དག་གི་རྒྱུད་རིན་པོ་ཆེ་འོད་གསལ་ཆེན་པོ་ལས། ཆོས་ཉིད་ཀ་དག་རིན་པོ་ཆེ་འོད་གསལ་བར་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་རྡོ་རྗེ་འཆང་ལ་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་དྲི་མ་མེད། །རྟོག་མེད་ཡེ་ཤེས་རང་གསལ་མངའ། །རིག་པ་ཀ་ནས་ཇི་ལྟར་དག །དག་པའི་ངོ་བོ་ཇི་ལྟར་གནས། །དྲི་མ་ཕྲ་རགས་ཅི་ཡིས་སྣང་། །དྲི་མ་དག་པར་གང་གིས་བྱེད། །འདུས་པའི་ཚོགས་ལ་གསུང་དུ་གསོལ། །རྡོ་རྗེ་འཆང་གིས་བཀའ་སྩལ་པ། །སྐྱེ་འགག་མེད་པའི་ཡེ་ཤེས་ལས། །ཕྱོགས་ལྷུང་མེད་པའི་ཤེས་རབ་གསལ། །དེ་ཉིད་རིག་པ་ཉག་གཅིག་གསལ། །གདོད་ནས་དག་པའི་རིག་པ་ལ། །སྒོ་ལྔའི་ཆོས་ཅན་ཀ་ནས་དག །རིག་པ་ཟང་ཐལ་སྤྲོས་མེད་ལ། །ཡིད་ཀྱི་རྣམ་ཤེས་ཀ་ནས་དག །རང་གསལ་འཛིན་མེད་ཡེ་གནས་ལ། །ངར་འཛིན་ཉོན་མོངས་ཅན་གྱི་ཡིད། །མ་སྦྱངས་ཀ་ནས་དག་པ་ཡིན། །རིག་པ་སྤྲོས་དང་བྲལ་བ་ཉིད། །ཉག་གཅིག་ཀ་ནས་དག་པ་ལ། །འཕེལ་འགྲིབ་གང་སྟོངས་མེད་པས་ན། །ཀུན་གཞི་ཀ་ནས་དག་པ་ཡིན། །དེ་དག་ཡོན་ཏན་ཕྱོགས་སྣང་སྟེ། །ངོ་བོ་འདུག་ཚུལ་འདི་ལྟར་གནས། །མི་རྟོག་ཡེ་ཤེས་རང་གསལ་ལ། །སེམས་མེད་རང་རིག་ཡེ་གནས་དོན། །ལྷ་ཡི་ལྷ་མཆོག་བཀའ་སྩལ་པ། །རྡོ་རྗེ་འཛིན་སོགས་ངེས་ཟུང་ཞིག །ཕྱི་ནང་མེད་པའི་ཟང་ཐལ་ནི། །ཆོས་ཉིད་གཟུང་འཛིན་བྲལ་བ་ལ། །འབྱུང་བཞིའི་སྒྲིབ་པ་


DNG003_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་ནས་དག །ཆོས་ཉིད་མཚན་མེད་སྤྲོས་བྲལ་ལ། །འབྱུང་བཞིའི་མཚན་མ་ཀ་ནས་དག །ཆོས་ཉིད་འབྱུང་བ་མེད་པ་ལ། །ས་ཡི་མཚན་མ་ཀ་ནས་དག །ཆོས་ཉིད་གདོད་ནས་དག་པ་ལ། །ཆུ་ཡི་མཚན་མ་ཀ་ནས་དག །ཆོས་ཉིད་རང་གསལ་ཆེན་པོ་ལ། །མེ་ཡི་མཚན་མ་ཀ་ནས་དག །ཆོས་ཉིད་མི་གཡོ་ཐོགས་མེད་ལ། །རླུང་གི་མཚན་མ་ཀ་ནས་དག །འབྱུང་ཟད་ཆོས་ཉིད་ཡེ་གདངས་ལ། །ནམ་མཁའི་མཚན་མ་ཀ་ནས་དག །ཆོས་ཉིད་གདོད་ནས་དག་པའི་རྒྱ་མཚོ་ཆེན་པོ་ལ། །འབྱུང་ལྔའི་རྡུལ་གྱི་མཚན་མ་ཀ་ནས་དག །ཆོས་ཉིད་ཁ་དོག་མེད་པའི་རང་གསལ་ལ། །འབྱུང་བ་བཞི་ཡི་བག་གི་ཁ་དོག་ཀ་ནས་དག །ཀ་དག་ངང་གི་ཆོས་ཉིད་འདུག་ཚུལ་ནི། །ཡོན་ཏན་མཚན་ཉིད་གྲངས་ལས་འདས་མོད་ཀྱང་། །ཆོས་ཉིད་དོན་གྱི་འདུག་ཚུལ་འདི་ལྟར་གནས། །དངོས་མེད་སྤྲོས་བྲལ་དག་གསལ་ཟང་ཐལ་དེ། །མཚན་མའི་རྫས་མེད་ཐམས་ཅད་འཆར་བའི་རྟེན། །དག་པའི་ཆུ་དང་དག་པའི་མེ་ལོང་བཞིན། །དྲི་མ་ཕྲ་རགས་རྣམ་གསུམ་སྣང་བ་ཡང་། །ཆོས་ཉིད་མཚན་ཉིད་ཡེ་ཉིད་འབྱུང་བ་ལྔ། །རིག་པའི་མཚན་ཉིད་ཡེ་ནས་འབྱུང་བ་ལྔ། །དེ་ཉིད་མཚུངས་པས་རིན་ཆེན་འོད་གསལ་བ། །དེ་ལྔའི་ནང་དུ་དེ་ལས་དེ་ལྟར་གསལ། །དེ་གསུམ་མཚུངས་པས་མཐུ་བརྟས་རགས་པར་སྣང་། །གཅིག་ལ་གཅིག་འཐབ་དྲི་མ་ཕྲ་བར་སྣང་། །དག་པའི་ཀློང་དུ་གོང་མའི་གདངས་ཤར་བས། །ཆོས་ཉིད་ངང་ལ་སྒྲིབ་པའི་བག་ཏུ་སྣང་། །ཡོན་ཏན་མཚུངས་པས་འོད་གསལ་ཕྲ་རགས་སྣང་། །བློས་བཏགས་ཕྱི་ནས་བལྟ་བའི་དོན་བསྒྲིབས་ཀྱང་། །གཞན་ལ་ལྟོས་འགྱུར་ཆོས་མ་ཡིན། །རིམ་གསལ་སྟོང་ཉིད་སྙིང་པོར་གནས། །བུམ་པའི་ནང་གི་མར་མེ་བཞིན། །གསལ་ལ་གཡོ་སེམས་མེད་པའོ། །ཚོགས་བརྒྱད་ཆོས་ཅན་སྣང་བ་ཡང་། །རང་རིག་འབྱུང་ལྔའི་མཚན་ཉིད་ཀྱིས། །ཕྱོགས་རེའི་ཀློང་ནས་ཡེ་ཤེས་རླུང་། །དབུགས་མེད་འབྱུང་བ་ལྔས་བསྐྱོད་པས། །ཤེས་རབ་རླུང་འབྱུང་སྣང་བ་ལྔ། །འོད་ལྔ་ཟེར་གྱི་


DNG003_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་དུ་ཤར། །ཆོས་ཉིད་ངང་ལ་འོད་གསལ་བ། །དེ་ནི་རང་བྱུང་ཡེ་ཤེས་ལ། །བག་ཆགས་མ་ལུས་ཡོངས་སུ་སྨིན། །འབྱུང་བ་ཡུམ་ལྔས་བསྐྱེད་པའོ། །དེ་ཚེ་སྒོ་ལྔ་སྣང་བ་དེ། །ཡེ་ཤེས་རིན་ཆེན་འོད་གསལ་ཡིན། །ཚོགས་བརྒྱད་དྲི་མ་ཕྲ་རགས་ཀྱང་། །བསལ་ཅིང་སྤངས་པས་མི་འདག་སྟེ། །ཤེས་རབ་སྐྱེ་ཐབས་རྣམ་གཉིས་ཀྱིས། །མ་རིག་ལིང་ཏོག་བསལ་བ་ཡིས། །ཤེས་རབ་གསལ་བའི་སྤྱན་ཕྱེ་བས། །དྲི་མེད་ཀ་དག་ངོ་ལ་སྣང་། །དེ་དག་སྣང་ཚུལ་འོད་གསལ་བ། །དེ་ཡི་རིམ་བསྟན་གོང་ལྟར་སྣང་། །སྐད་ཅིག་ཆ་ལས་འཛིན་པ་དག །དེ་ཡིས་དྲི་མ་རང་དག་འགྱུར། །ཞེས་གསུངས་སོ། །དྲི་མེད་ཀ་དག་ཆེན་པོ་འོད་གསལ་བ་ལས། རིག་པ་ཀ་དག་རིན་པོ་ཆེ་འོད་གསལ་དུ་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་མཐའ་ལས་འདས། །ཆོས་སྐུ་ཀ་ནས་ཇི་ལྟར་དག །དྲི་མ་ཕྲ་རགས་ཅི་ཡིས་སྣང་། །དག་པའི་ཐབས་སུ་གང་རྣམས་བསྟན། །འདུས་པའི་ཚོགས་ལ་གསུང་དུ་གསོལ། །ཞེས་ཞུས་སོ། །ཇི་བཞིན་རྫོགས་པ་དཔལ་གྱི་དཔལ། །ཁྲག་འཐུང་རྒྱལ་པོས་བཀའ་སྩལ་པ། །ཉོན་ཅིག་རྡོ་རྗེ་འཛིན་སོགས་ཀུན། །ཆོས་སྐུ་ཀ་ནས་འདི་ལྟར་དག །ཆོས་སྐུ་དྲི་མེད་དག་གསལ་ལ། །གཟུང་བ་ཕྲ་རགས་ཀ་ནས་དག །རིག་པ་དྲི་མེད་རང་གསལ་ལ། །འཛིན་པ་ཕྲ་རགས་ཀ་ནས་དག །དེ་ཕྱིར་གཉིས་མེད་ཟང་ཐལ་ལ། །གཉིས་སྣང་དེར་འཛིན་ཀ་ནས་དག །ཆོས་ཉིད་དྲི་མེད་སྙིང་པོ་རུ། །རིག་པ་དྲི་མེད་རང་གསལ་བས། །ཆད་པའི་དྲི་མ་ཀ་ནས་དག །རིག་པ་དྲི་མེད་སྟོང་གསལ་ལ། །ཆོས་ཉིད་དྲི་མེད་སྟོང་གསལ་གྱིས། །གཉིས་སུ་མེད་པས་རྒྱས་བཏབ་པས། །རྟག་པའི་དྲི་མ་ཀ་ནས་དག །དེ་དང་མཚུངས་པའི་དྲི་མ་ཀུན། །མ་བསལ་ཀ་དག་ཡེ་ཡིན་མོད། །འདུག་ཚུལ་ངོ་བོ་གནས་ལུགས་ནི། །དྲི་མེད་ནམ་མཁའི་སྙིང་པོ་ལ། །རྟོག་མེད་རིག་པའི་སྙིང་པོ་ཤར། །སྟོང་གསལ་དབྱེར་མེད་རང་གསལ་ལ། །རང་གདངས་མི་


DNG003_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

འགག་མཚན་མ་མེད། །ཐུགས་རྗེའི་སྒོ་ནས་མ་འགགས་པས། །མི་འགྱུར་བ་ནི་ས་ཡི་བདག་ཉིད་ཆེ། །དྲི་མེད་ཀུན་འདུས་ཆུ་ཡི་བདག་ཉིད་ཆེ། །གཟུང་འཛིན་རྟོག་མེད་མེ་ཡི་བདག་ཉིད་ཆེ། །དབྱིངས་ལ་ཡིན་ནམ། གཉིས་ལ་ཐོགས་མེད་རླུང་གི་བདག་ཉིད་ཆེ། །རང་གསལ་མི་འགག་ནམ་མཁའི་བདག་ཉིད་ཆེ། །འབྱུང་བ་ལྔ་ཡི་བདག་ཉིད་ཆོས་ཀྱི་སྐུ། །རིག་པ་ཉག་གཅིག་འགྱུར་མེད་ལྷུན་གྱིས་གྲུབ། །སྤྲོས་མེད་མཁའ་ལ་ཉི་མ་ཤར་བ་བཞིན། །ཆོས་ཉིད་ཀློང་ན་རིག་པ་འགྱུར་མེད་གནས། །དྲི་མ་ཕྲ་རགས་སྣང་བ་ཡང་། །འགྱུར་མེད་འོད་གསལ་རགས་པར་སྣང་། །དངོས་མེད་སྤྲོས་བྲལ་འོད་ལྔ་འཕྲོ། །དེ་སྟོབས་ཉིད་ཀྱིས་ཤིན་ཏུ་ཕྲ། །ཡོན་ཏན་སྣང་ཆར་ངོ་མ་ཤེས། །དྲི་མ་གཟུང་འཛིན་དེ་ཡིས་བྱས། །དེ་ཕྱིར་དྲི་མེད་འོད་གསལ་ཡིན། །དག་པའི་ཐབས་སུ་བརྡའ་དང་ངག །བརྡས་མཚོན་སྒྲས་ནི་བརྗོད་པ་ཡིན། །ངོ་བོ་སྣང་ཚུལ་གཉིས་རྟོགས་པས། །དྲི་མེད་ཀ་དག་ཆོས་ཀྱི་སྐུ། །དྲི་མེད་དག་པའི་ནམ་མཁའ་ལ། །དྲི་མེད་ཀ་དག་རང་བཞིན་ཤར། །ཟང་ཐལ་གསང་བའི་སྒོ་བཞི་ནས། །མ་བསྒྲིབས་ཡེ་ཤེས་སྤྱན་ལ་གསུམ། །རིན་ཆེན་འོད་ལ་ཕྲ་རགས་གསུམ། །མི་གནས་ཀ་དག་ངོ་ལ་སྣང་། །གསལ་བ་བཀྲུ་བ་མ་བྱས་པར། །དབུགས་དང་བྲལ་བས་རང་དག་འགྱུར། །ཞེས་གསུངས་སོ། །དྲི་མེད་ཀ་དག་གི་རྒྱུད་རིན་པོ་ཆེ་འོད་གསལ་ཆེན་པོ་ལས། ཆོས་སྐུ་ཀ་ནས་དག་པ་རིན་པོ་ཆེ་འོད་གསལ་འབར་བ་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་རྡོ་རྗེ་འཛིན་པས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་མཁྱེན་གསལ་རིག །ཤེས་རབ་སྐུ་ལྔ་ཀ་ནས་ཇི་ལྟར་དག །ཤེས་རབ་སྐུ་ལྔའི་བཞུགས་ཚུལ་ཇི་ལྟར་གསལ། །དྲི་མ་ཕྲ་རགས་རྩལ་སྣང་ཇི་ལྟར་གསལ། །དག་པའི་ངང་དུ་གྲོལ་ཐབས་ཇི་ལྟར་ལགས། །འདུས་པའི་ཚོགས་ལ་ངེས་པར་བཀའ་སྩོལ་ཅིག །རྡོ་རྗེ་འཆང་གིས་བཀའ་སྩལ་པ། །རྡོ་རྗེ་འཛིན་པ་ངེས་ཟུང་ཞིག །ཆོས་སྐུ་སྙིང་པོ་འབྱུང་ལྔར་ལྡན། །རང་གི་རིག་པ་


DNG003_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

མི་འགག་པར། །བུམ་པའི་ནང་གི་མར་མེ་བཞིན། །འབྱུང་ལྔའི་གོ་ནས་རིག་པ་འགྱུར། །དབུགས་མེད་འགྱུ་བ་ཡེ་ཤེས་རླུང་། །ཤེས་རབ་གསལ་བ་ལྔར་ལྡན་པས། །འོད་ཀྱི་མཚན་མ་ཀ་ནས་དག །གསལ་བའི་མེ་ཏོག་ཤེས་རབ་སྐུ་ལྔ་ལ། །མ་རིག་ལས་བྱུང་ཡུལ་གྱི་རྗེས་འབྲངས་པས། །དངོས་མཚན་གཟུགས་མེད་རྣམ་རྟོག་ཆས། །གསལ་འགྲིབ་སྐྱེ་དང་འགགས་པར་བཅས། །ཡིད་གཉིས་མཚན་མར་ཞེན་སྣང་ཀ་ནས་དག །དེ་མེད་དེ་འཛིན་པ་ཡི་ཞེན་པ་ཀ་ནས་དག །ཤེས་རབ་སྐུ་ལྔའི་འདུག་ཚུལ་ནི། །ཆོས་སྐུ་འབྱུང་ལྔའི་རང་བཞིན་ཅན། །མི་གཡོ་གསལ་ལ་མི་རྟོག་པ། །ཕྱོགས་ལྷུང་མེད་པའི་ཤེས་རབ་ལ། །ཆོས་སྐུ་དྲན་རྟོག་མེད་པའི་ཐུགས། །སྙིང་པོ་བཅུད་འདྲིལ་མཚན་མ་མེད་པའི་སྐུ། །སྐུ་ཡི་རང་བཞིན་སྙིང་པོ་འབྱུང་བ་ལྔ། །དངོས་མེད་འགྱུར་མེད་ཡོན་ཏན་དྲི་མ་མེད། །ཐོག་མ་གཉིས་མེད་འབྱུང་བ་ལྔ་ཡི་བདག །དེ་ལྟར་མ་འགགས་རིག་པའི་ཡེ་ཤེས་རླུང་། །དབུགས་མེད་འགྱུ་བ་ཤེས་རབ་ངོར་སྣང་བ། །ས་རླུང་དལ་གསལ་སྐུ་ལྔ་འཆར་བའི་རྒྱུ། །ཆུ་ཡི་རླུང་འགྱུས་སྐུ་ལྔའི་ངོ་བོར་འགྲིལ། །མེ་ཡི་རླུང་འགྱུས་སྐུ་ལྔ་ཕྱག་རྒྱར་རྫོགས། །རླུང་གི་རླུང་འགྱུས་ཆོས་ཉིད་ཀློང་དུ་བསྐྱོད། །སྐུ་མདོག་ཕྱག་རྒྱ་མ་འདྲེས་སོ་སོར་གསལ། །རང་བཞིན་མ་འགགས་བརྗོད་དུ་མེད་པའི་གསུང་། །ཤེས་རབ་དོན་ལ་མཚན་མའི་ཕྱག་རྒྱ་མེད། །ཤེས་རབ་རང་བཞིན་ཡེ་ནས་གསལ་བ་ལ། །སྤྲུལ་པའི་སྐུ་ལྔ་ཝལ་ལེ་ཁྱུག་གེ་གསལ། །དངོས་མཚན་མེད་པས་གདུལ་བྱས་མཐོང་བ་མེད། །ཤེས་རབ་ཡིན་པས་རང་གསལ་འགག་པ་མེད། །ཡིད་འདས་ཀུན་ཏུ་རྒྱུ་བས་གཟུང་འཛིན་མེད། །འདུས་བྱས་ཙམ་ལ་སྒྱུ་མ་ཙམ་སྣང་དང་། །ཡིད་ཀྱི་ཡུལ་འགྱུར་ཕྱོགས་མཐུན་མཚན་མ་ཡང་། །ཤེས་རབ་སྐུ་ལྔ་རིན་ཆེན་འོད་གསལ་ཏེ། །རླུང་གི་སྟོབས་ལས་ཡིད་ཀྱི་རྣམ་པ་བྱུང་། །རླུང་ལྔ་འཐབས་པས་འབྱུང་ལྔ་རྫོགས་པར་བྱས། །ཆོས་ཉིད་ཀློང་ན་ཡེ་ཤེས་སྒྱུ་མ་ཙམ། །མེ་ལོང་གཟུགས་སྣང་ཆུ་ཟླ་འཇའ་ཚོན་ཙམ། །


DNG003_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

མ་འགགས་དངོས་མེད་མ་འདྲེས་སོ་སོར་སྣང་། །ཕྱི་ནང་བློས་བཏགས་ཤེས་རབ་སྐུ་བསྒྲིབས་ཀྱང་། །ཤེས་རབ་ངོ་ལ་དངོས་མཚན་ཀ་ནས་དག །དེ་ཙམ་སྣང་བ་ཤེས་རབ་སྐུ་ཡི་གདངས། །དེ་ལྟར་རྟོགས་པ་ཀ་དག་ཤེས་རབ་དང་། །སོ་སོར་རྟོག་པའི་ཤེས་རབ་ངོ་ལ་གསལ། །དབུགས་དང་བྲལ་བས་དྲི་མ་རང་དག་འགྱུར། །ཆུ་ལྦུའི་ནང་དུ་བྱད་ཀྱི་གདངས་ཤར་བཞིན། །སྟོང་གསལ་མ་འགགས་ཤིན་ཏུ་ཕྲ་བའི་བདག །མན་ཤེལ་ཀློང་ན་མ་འདྲེས་གསལ་བ་ལྟར། །ཆོས་སྐུ་དྲི་མེད་ཟང་ཐལ་ངང་ན་གསལ། །ཞེས་གསུངས་སོ། །དྲི་མེད་ཀ་དག་གི་རྒྱུད་རིན་པོ་ཆེ་འོད་གསལ་ཆེན་པོ་ལས། ཤེས་རབ་ཀ་དག་གི་རིན་པོ་ཆེ་འོད་གསལ་བར་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་རྡོ་རྗེ་འཛིན་པས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་ཐུགས་རྗེ་ཅན། །སྤྲུལ་སྐུ་ཀ་ནས་ཇི་ལྟར་དག །སྤྲུལ་སྐུའི་གནས་ལུགས་ཇི་ལྟར་བཞུགས། །དྲི་མ་ཕྲ་རགས་ཅི་ལས་བྱུང་། །དྲི་མ་གཉིས་པོ་དག་པའི་དག་ལུགས་གང་། །ཞེས་ཞུས་སོ། །རང་བྱུང་ཐུགས་རྗེས་བཀའ་སྩལ་པ། །ཆོས་ཉིད་ཀ་ནས་དག་པ་ཡི། །མེ་ལོང་གཡའ་དག་ལྟ་བུ་ལ། །རང་བྱུང་ཡེ་ཤེས་ཟེར་ཤར་བ། །མི་འགྱུ་བ་ཡི་འགྱུ་བ་སྟེ། །ཡེ་ཤེས་རླུང་གིས་ཟེར་ལྔ་བསྐྱེད། །ཐུགས་རྗེ་རྒྱུན་གྱི་ཐག་པར་ཤར། །ཆོས་ཉིད་དག་པའི་ཀློང་དུ་འཁྱིལ། །འབྱུང་བ་ལྔ་ཡི་རླུང་ཆེན་གྱིས། །བསྐྱེད་བསྡུས་སྨིན་བསྐྱེད་ལྔ་བྱས་པས། །ཆོས་སྐུའི་འབྲས་བུ་གཟུགས་སྐུར་སྨིན། །མི་བསྐྱོད་རིན་འབྱུང་མཐའ་ཡས་གྲུབ། །སྣང་མཛད་ཀུན་ཏུ་ཞལ་དུ་ཤར། །དེ་ནི་ཆོས་སྐུ་སྤྲུལ་པའི་སྐུ། །ཤེས་རབ་སྐུ་ཡི་རྩལ་སྟོབས་ཡིན། །ཕྱིས་ནི་གདུལ་བྱ་རང་སྣང་ལ། །འདུལ་བྱེད་རིག་པ་རང་སྣང་གསལ། །ཤེས་བྱའི་དཀྱིལ་འཁོར་འོད་དུ་གསལ། །རང་བྱུང་སྐུ་ལྔ་འོད་ཀྱི་སྦུབས་ནས་འཐོན། །ཆེ་བའི་ཡེ་ཤེས་མ་བཙལ་ལྷུན་གྱིས་གྲུབ། །ཐུགས་རྗེའི་རྒྱུད་ལས་ཐུན་མོང་གདུལ་བྱ་སྒྲོལ། །དྲི་མེད་སྐུ་གསུང་


DNG003_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ལས་གཡོས་པ་མེད། །བག་ཆགས་སྦུབས་སུ་གཟུགས་ཕུང་ཞི་བའི་སྐུ། །ཕྲ་རགས་སྒྲིབ་པ་རྟོག་གེའི་ངང་ལ་སྣང་། །སྐུ་ལྔའི་ཡོན་ཏན་རིན་ཆེན་འབར་བའི་འོད། །ངོ་བོ་ཀ་དག་ཕྲ་རགས་གདོད་ནས་མེད། །དེ་ལྟར་རྟོགས་པས་ཐེག་པ་བརྒྱད་པོ་ལྟར། །རྩོལ་བསྒྲུབ་མ་བྱས་དྲི་མ་ཀ་ནས་དག །མ་བཙལ་ལྷུན་གྲུབ་སྐུ་དང་ཡེ་ཤེས་གསལ། །སོ་སོར་རྟོག་པའི་ཤེས་རབ་སྤྱན་ངོ་ལ། །དབུགས་དང་བཅས་ནས་སྙིང་པོ་གཞི་ལ་རྫོགས། །སྒྲིབ་མེད་ཡེ་ཤེས་འགྲོ་བ་ཀུན་ལ་ཁྱབ། །དབུགས་དང་བྲལ་བའི་ཀ་དག་ཀློང་ན་གསལ། །ཡེ་ཤེས་འོད་ཀྱི་བུམ་པའི་གསང་རུམ་ནས། །ཕྱག་རྒྱའི་སྣང་བ་གང་བསྟན་ངང་དུ་གནས། །སྐུ་དང་ཡེ་ཤེས་རྒྱུ་ཡིན་ཀློང་དུ་ཐིམ། །ཤེས་རབ་སྐུ་ལ་མཚན་མའི་གཟུགས་མེད་པས། །མཚན་མའི་སྐུ་ལ་རྟོག་པ་མི་མངའ་བར། །ཡེ་ཤེས་ཀློང་ན་ཐ་དད་མེད་པར་བཞུགས། །ཞེས་གསུངས་སོ། །དྲི་མེད་ཀ་དག་རིན་པོ་ཆེ་འོད་གསལ་ཆེན་པོའི་རྒྱུད་ལས། སྤྲུལ་སྐུ་ཀ་དག་རིན་པོ་ཆེ་འོད་གསལ་བར་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།རྡོ་རྗེ་འཛིན་པས་ཡང་ཞུས་པ། །ཀྱེ་ཀྱེ་བཅོམ་ལྡན་ཡེ་ཤེས་ཐུགས། །ཡེ་ཤེས་ཀ་དག་ཇི་ལྟར་དག །རང་གི་ངོ་བོ་ཇི་ལྟར་གནས། །དྲི་གསུམ་སྣང་བ་ཅི་ཡིས་སྣང་། །དྲི་མ་དག་པར་གང་གིས་བྱེད། །འདུས་པའི་ཚོགས་ལ་གསུང་དུ་གསོལ། །ཞེས་ཞུས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཨེ་མ་ཧོ། རྡོ་རྗེ་འཛིན་པ་ལ་སོགས་ཉོན། །དང་པོར་རྒྱུ་མེད་རང་བྱུང་ཡེ་ཤེས་ངང་། །བར་དུ་རྐྱེན་མེད་བདེ་བ་ཆེན་པོའི་ངང་། །མ་བཅོས་འབྲས་བུ་ཡེ་ཤེས་རྣམ་ལྔར་སྣང་། །འདུས་བྱས་འཕྲལ་བྱུང་ཀ་ནས་དག་པའི་དོན། །ཕྱོགས་ལྷུང་མེད་པའི་ཤེས་རབ་ལས། །འབྱེད་པ་མེད་པའི་ཤེས་རབ་ཤར། །མ་རིག་གཏི་མུག་ཀ་ནས་དག །དྲི་མ་ཕྲ་བའི་ཕྲ་བ་དག །འབྱེད་པ་མེད་པའི་ཤེས་རབ་དང་། །མཉམ་ཉིད་བདེ་བར་ཁོད་བསྙམས་པས། །ང་རྒྱལ་ཕྲག་དོག་དྲི་མ་ཕྲ་བ་མེད། །ཤེས་


DNG003_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

རབ་རང་གསལ་རང་སྣང་ལ། །ཆགས་སྡང་སྐྱེ་བའི་ཡུལ་མེད་པས། །རགས་པའི་དྲི་མ་ཀ་ནས་དག །ཡེ་ཤེས་རང་གི་འདུག་ཚུལ་ནི། །རྣམ་གྲངས་བརྩི་ལུགས་གྲངས་མེད་ཀྱང་། །བློ་ཉམས་ཕྱོགས་ཙམ་ཆ་མཐུན་ཡིན། །ངེས་པའི་འདུག་ཚུལ་ཡེ་ཤེས་ལྔ། །ལྔ་པ་གསུམ་འདུས་དེ་ཉིད་ཉག་གཅིག་དང་། །ཆོས་རྣམས་འབྱུང་གནས་ཀ་ནས་དག །ཀ་དག་དབྱིངས་ཉིད་ཆོས་སྐུ་ཡེ་ཤེས་ཉིད། །སྙིང་པོ་འབྲུ་ལྔ་ཆོས་སྐུའི་རང་བཞིན་ལས། །རང་བཞིན་མ་འགགས་མེ་ལོང་ཡེ་ཤེས་འོད། །ཤེས་རབ་སྒོ་ནས་སོ་སོར་རང་གསལ་བས། །ཀུན་རྟོག་ཡེ་ཤེས་མ་བཙལ་ལྷུན་གྱིས་གྲུབ། །གདུལ་བྱའི་འཁོར་ལ་འདུལ་བྱེད་རང་སྣང་བས། །སྐུ་ལྔ་ཡོངས་རྫོགས་ཐུགས་རྗེས་དོན་མཛད་པ། །བྱ་བ་གྲུབ་པའི་ཡེ་ཤེས་རང་བཞིན་གསལ། །སྐུ་དང་ཡེ་ཤེས་ཐ་དད་མེད་པར་སྣང་། །རང་བཞིན་ཡོད་མེད་གཉིས་མེད་ཁོད་བསྙམས་པས། །མཉམ་ཉིད་ཡེ་ཤེས་རང་གི་འདུག་ཚུལ་ཏེ། །དེ་ཡི་རང་གདངས་ཡེ་ཤེས་ལྔ་ཡི་འོད། །དུག་ལྔ་དུག་གསུམ་ཡེ་ཤེས་འོད་གསལ་བ། །མ་རྟོགས་བློ་ལ་ཡེ་ཤེས་སྒྲིབ་མོད་ཀྱང་། །ཡེ་ཤེས་ངོ་ལ་གདོད་ནས་རྣམ་པར་དག །ཡོན་ཏན་རང་སྣང་མ་རྟོགས་སྒྲིབ་པར་ཤར། །ཡེ་ཤེས་ལྔ་རྣམས་བརྡའ་དང་ངག་བསྟན་པས། །དག་ཚུལ་སྣང་ཚུལ་སོ་སོར་དོན་མཐོང་སྟེ། །སྒྲིབ་མེད་ཡེ་ཤེས་རང་གི་ངོ་ལ་སྣང་། །ཤེས་རབ་བསྟན་ལ་ཡེ་ཤེས་རང་གསལ་བ། །འདམ་པད་བཞིན་དུ་སྐྱོན་གྱིས་གོས་པ་མེད། །སྐྱོན་དང་བྲལ་བས་སྐུ་གསུམ་ཡེ་ཤེས་གསལ། །ཞེས་གསུངས་སོ། །དྲི་མེད་ཀ་དག་གི་རྒྱུད་རིན་པོ་ཆེ་འོད་གསལ་ཆེན་པོ་ལས། ཡེ་ཤེས་ཀ་དག་རིན་པོ་ཆེ་འོད་གསལ་བར་བསྟན་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་ཤེས་རབ་བདག །ཤེས་རབ་ཀ་དག་ཇི་ལྟར་དག །ཤེས་རབ་འདུག་ཚུལ་ཇི་ལྟར་འདུག །དྲི་མ་རྩལ་དུ་སྣང་བ་ཅིའི་རྒྱུ་


DNG003_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །ཤེས་རབ་དྲི་མ་ཅི་ཡིས་སེལ། །འདུས་པའི་ཚོགས་ལ་གསུང་དུ་གསོལ། །ཞེས་ཞུས་སོ། །རྡོ་རྗེ་འཆང་གིས་བཀའ་སྩལ་པ། །གསང་བདག་ལ་སོགས་ངེས་ཟུང་ཞིག །ཤེས་རབ་རང་གསལ་རྟོག་མེད་ལ། །ཤེས་བྱའི་ཡུལ་གྱུར་དུ་མ་རྣམས། །ཤེས་བྱ་ཤེས་བྱེད་རྟོག་མེད་པར། །ཤེས་རབ་གསལ་བ་རྒྱུན་ཆད་མེད། །དྲི་མ་རགས་པ་ཀ་ནས་དག །ཤེས་རབ་རང་གསལ་སྐྱེ་འགག་མེད། །རེས་འཇོག་གསལ་འགྲིབ་མེད་པ་ནི། །དྲི་མ་ཕྲ་བ་ཀ་ནས་དག །ཤེས་རབ་རྣམ་རྟོག་བག་ཆགས་མེད། །ཕྲ་བའི་ཕྲ་བ་ཀ་ནས་དག །འདུག་ཚུལ་གསལ་ལ་མ་རྟོགས་གཅོད། །རང་གསལ་འཛིན་མེད་དུས་གསུམ་མཉམ། །གཅོད་དང་གཟུང་བ་རྣམ་གཉིས་དོན། །འབྱེད་པ་མེད་དང་སོ་སོར་རྟོགས། །སྤུ་གྲི་རལ་གྲི་མཐུན་པའི་དཔེ། །དེ་ལྟར་མ་རྟོགས་ཤེས་རབ་མ་སྨིན་པས། །གཟུགས་ཀྱི་འོད་དུ་དྲི་མ་ཕྲ་རགས་སྣང་། །གཅོད་ཀྱི་ཡོན་ཏན་རིན་ཆེན་འོད་གསལ་བ། །རགས་པར་སྣང་བ་བློ་དམན་རྣམས་ལའོ། །རང་གིས་ཕར་བལྟས་ཡོན་ཏན་ཚུར་སྣང་བས། །གཅོད་དང་གཟུང་བར་གཉིས་ཡོད་དེ་ཉིད་སྣང་། །དྲི་མེད་ཀ་དག་འོད་གསལ་ཡིན། །བརྡའ་དང་ངག་གིས་གོང་ལྟར་གཏན་ཕབ་པས། །ཤེས་རབ་སྤྱན་ཕྱེ་རང་གསལ་བས། །གཉིས་ཀྱིས་མ་བསྒྲིབས་ཡོད་མེད་ཤེས་རབ་གསལ། །གསལ་བའི་རྟ་ཕོ་ཡེ་ཤེས་རླུང་གིས་བྱེད། །འོད་གསལ་རྟ་རུ་འགྱུར་བྱེད་རླུང་གིས་ཆེ། །དེ་དང་བྲལ་བ་དེ་ཉིད་རང་དག་འགྱུར། །ཞེས་གསུངས་སོ། །དྲི་མེད་ཀ་དག་གི་རྒྱུད་རིན་པོ་ཆེ་འོད་གསལ་བ་ལས། ཤེས་རབ་ཀ་དག་རིན་པོ་ཆེ་འོད་དུ་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་མི་གཡོ་མགོན། །དགོངས་པ་ཀ་དག་ཇི་ལྟར་དག །དགོངས་པའི་འདུག་ཚུལ་གང་དང་གང་། །ཕྲ་རགས་སྣང་བ་གང་ལས་བྱུང་། །བསལ་ཞིང་བྲི་བའི་ཐབས་རྣམས་གང་། །འདུས་པའི་ཚོགས་ལ་བཤད་དུ་གསོལ། །


DNG003_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ཞུས་སོ། །མི་གཡོ་མགོན་གྱིས་བཀའ་སྩལ་པ། །ཨེ་མ་རྡོ་རྗེ་འཛིན་ལ་སོགས། །མ་བཅོས་ངང་ལས་གཡོས་མེད་རྟོག་པ་མེད། །རྒྱ་མཚོ་འདྲ་སྟེ་མི་གཡོ་ཡུལ་མེད་པས། །རགས་པའི་དྲི་མ་སྣང་བ་ཀ་ནས་དག །རང་བྱུང་སྐུ་དང་ཡེ་ཤེས་མི་འགག་པས། །དོན་གྱི་ངོ་ལ་གསལ་འགྲིབ་གདོད་ནས་མེད། །དེ་ཕྱིར་རང་བཞིན་མེ་སྟག་ལྟ་བུ་ལ། །བྱིང་རྨུགས་མྱོས་འཐིབས་ཀ་ནས་དག །ཀ་དག་རང་གི་དགོངས་པ་ལ། །རང་གི་འདུག་ཚུལ་བག་ཆགས་ཀྱི། །ཞེན་པ་ཡེ་ནས་རྣམ་པར་དག །དེ་ཕྱིར་ཕྲ་བའི་ཕྲ་བ་དག །རང་གི་འདུག་ཚུལ་གཅིག་ལས་མེད་མོད་ཀྱང་། །བློ་དང་སྦྱར་ནས་རྣམ་པ་གཉིས་སུ་བསྟན། །བསྒོམ་དུ་ཡོད་དང་མེད་དང་རྣམ་པ་གཉིས། །བསྒོམ་དུ་མེད་པའི་དོན་བསྟན་པ། །བསྒོམ་བྱ་སྐུ་དང་ཡེ་ཤེས་གཉིས། །རང་གི་རིག་པར་ཡེ་གནས་པས། །རིག་པ་རྒྱུན་ཆད་མེད་པ་ལ། །མ་རྨུགས་གསལ་བའི་རྟོགས་མཐའ་བྲལ། །ངང་བཞག་བསམ་བྲལ་ཉིད་དུ་བདེ། །བསྒོམས་ན་དགོངས་པའི་དགྲ་གཉིས་གཞོམ། །མི་རྟོག་པ་ཡི་དགྲ་རྒོད་པས། །གསལ་བའི་དགྲ་ཡང་བྱིང་བས་བསལ། །བྱ་བ་བཏང་ལ་དལ་བར་བསྡད། །དབང་པོ་ལྔ་ཡི་སྒོ་མི་བཅད། །བློ་འཕང་བསྟོད་ལ་རྒོད་པ་ན། །མིག་ཡང་མི་བསྒུལ་གཞག་པར་བྱ། །དབུགས་ཀྱང་ཅུང་ཟད་ཙམ་བཟུང་སྟེ། །འོག་སྒོ་ལྷོད་ལ་བློ་འཕང་སྨད། །གྲང་སར་མི་བསྡད་ཆང་བཟང་པོ། །མི་བཟི་ཙམ་བཏུང་ཐུན་བཟུང་ངོ་། །རྐུན་མ་གཉིས་པོ་མེལ་ཚེས་བསྲུང་། །མ་ཚོར་ཡིད་ལ་བྱེད་པ་ཡི། །དགོངས་པ་རང་སར་བསྐུལ་བ་ནི། །ཡིད་རྟོག་རྐུན་བུས་མི་རྟོག་བརྐུ། །འོན་ཏང་དགོངས་པ་དངོས་པོའི་གཤིས། །དེ་ནི་བསྒོམ་པའི་བསླབ་ཐབས་སོ། །མ་བཅོས་ངང་གིས་དེ་ལ་གནས། །བྱིང་རྒོད་མ་ཤོར་རང་བཞིན་ནོ། །གསལ་ལ་མི་རྟོག་དེ་ཉིད་མི་འབྱེད་པས། །བདག་ཉིད་ཆེན་པོ་རང་རིག་རྒྱལ་པོར་བཞག །སྐུ་གསུམ་རང་བཞིན་རིན་ཆེན་འོད་གསལ་བ། །དེ་ཡིས་མངོན་དུ་གྱུར་པ་ཡིན། །
ཉམས་སྟོབས་མཐོང་སྣང་རང་བཞིན་ཤུགས་ཀྱིས་འཆར། །ཉིན་གྱི་རིགས་ལ་ཇི་བཞིན་བརྡའ་ལ་བལྟ། །སྣང་བ་ཕྱུང་ལ་ཡུན་དུ་དམིགས་ལ་གཏད། །མཚན་གྱི་རིགས་ལ་སྒྲོན་མའི་སྣང་བ་བལྟ། །ཉལ་བའི་དུས་སུ་མ་བཅོས་ངང་ལ་བཞག །རླུང་གི་རྟ་ལ་རིག་པའི་སྐུ་རྒྱུ་བ། །ཁ་དང་ཐུགས་སུ་རང་སྣང་སྣང་བ་ཤར། །བག་ལ་ཉལ་བ་མངོན་དུ་དབྱུང་བའི་ཐབས། །གོང་བསྟན་བཞིན་དུ་བཞག་ནས་དབྱུང་། །དྲི་མ་ཕྲ་རགས་ཙམ་དུ་སྣང་བ་ཡང་། །རང་གི་དྲི་མ་འོད་དུ་དབྱུང་། །རང་བཞིན་ཡོན་ཏན་རིན་ཆེན་འོད་གསལ་དུ། །འཕྲོ་རྒོད་རྟོག་དཔྱོད་རང་གི་རྩལ་ཡིན་པས། །བློ་དམན་དག་གི་བློ་ཡི་དྲི་མ་ཡང་། །རྟོགས་ལྡན་ངོ་ལ་རིན་ཆེན་འོད་དུ་གསལ། །དེ་ལྟར་རྟོགས་པས་རྩོལ་བ་མ་བྱས་པར། །ཤེས་པའི་ངོ་ལ་ད་ལྟ་ཉིད་ནས་དག །དབུགས་དང་བྲལ་ནས་ཀ་དག་ངང་ལ་གནས། །ཞེས་གསུངས་སོ། །དྲི་མེད་ཀ་དག་རིན་པོ་ཆེ་འོད་གསལ་བའི་རྒྱུད་ལས། དགོངས་པ་ཀ་དག་འོད་གསལ་དུ་བསྟན་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་སྟོན་པས་གདམས་པ། ཨེ་མ་ཧོ་རྡོ་རྗེ་ལག་ན་འཆང་། །གསང་བའི་དོན་ནི་ངས་བཤད་རྒྱུད། །ཀུན་ལ་མ་བསྟན་རིན་ཆེན་གཏེར་དུ་སྦོས། །སྐལ་ལྡན་ཅན་གྱི་བདུད་རྩི་སྨན། །སྐལ་མེད་དུག་ཏུ་གྱུར་ཏ་རེ། །ཞེས་གསུངས་སོ། །ཨེ་མ་ཧོ་རྡོ་རྗེ་འཆང་ཆེན་པོས། །དྲི་མེད་ཀ་དག་རིན་ཆེན་འོད་གསལ་འདི། །དྲི་མེད་དགོངས་པ་འདིས་རྟོགས་པས། །བློ་ཡི་རྣམ་རྟོག་ཀུན་དང་བྲལ། །མགོན་པོ་ཉིད་ལ་རྗེས་ཡི་རངས། །ཞེས་གསུངས་སོ། །དྲི་མེད་ཀ་དག་འོད་གསལ་ཆེན་པོའི་རྒྱུད་ལས། རྒྱུད་གཏད་པ་དང་། རྗེས་སུ་ཡི་རང་བའི་ལེའུ་སྟེ་བཅུ་པའོ།། །།རྫོགས་པ་ཆེན་པོ་དྲི་མེད་ཀ་དག་གི་རྒྱུད་རྫོགས་སོ།། །།

རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་ཉི་ཟླའི་སྙིང་པོ་འོད་འབར་བ་བདུད་རྩིའི་རྒྱ་མཚོ་འཁྱིལ་པའི་རྒྱུད།


DNG003_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཏནྟྲ་སརྦ་རཱ་ཛ་སཱུརྱ་ཙནྡྲ་ཧྲྀ་ད་ཡ་པྲ་བྷཱ་ཛྭ་ལཱ་མྲྀ་ཏ་ས་མུ་དྲ་ཀུཎྜ་ལི་ཏནྟྲ། བོད་སྐད་དུ། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་ཉི་ཟླའི་སྙིང་པོ་འོད་འབར་བ་བདུད་རྩིའི་རྒྱ་མཚོ་འཁྱིལ་པའི་རྒྱུད། སྔོན་ཐོག་སྤྱི་ཕུད་ཀྱི་སྟོན་པ་སྙིང་པོའི་དེ་


DNG003_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

ཁོ་ན་ཉིད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་བཤད་པའི་དུས་གཅིག་ན། ཆོས་ཉིད་ཁ་གཏིང་མེད་པའི་ཀློང་ན། རང་བྱུང་མུ་མཐའ་གྲོལ་བའི་སྟོན་པས་རང་སྣང་འོད་ཀྱི་འཁོར་ལ། གསལ་དག་རང་གྲོལ་གྱི་བསྟན་པ་བཤད། དུས་ཀྱི་རྒྱལ་པོ་ཐོག་མཐའ་མེད་པའི་དུས་ན། སྡུད་པ་པོ་ནི་རང་རིག་ཁྱེའུ་ཆུང་ངོ་། །དེ་ནི་སྔོན་བྱུང་ཐོག་མའི་ཕུན་སུམ་ཚོགས་པའོ། །རང་བྱུང་རྩལ་གྱི་ཕུན་སུམ་ཚོགས་པ་ལྔ། །སྟོན་པའི་རྒྱལ་པོ་རང་བྱུང་ངང་དྭངས་ཀྱིས། །འཁོར་གྱི་དམ་པ་རང་གསལ་ཁྱེའུ་ཆུང་ལ། །བསྟན་པའི་རྒྱལ་པོ་རང་དྭངས་ཆེན་པོ་བཤད། །འོད་གསལ་གནས་ན་སྔ་ཕྱི་མེད་དུས་སོ། །གཞི་རྩལ་དབྱེར་མེད་ཕུན་སུམ་ཚོགས་པ་ནི། །འོད་གསལ་གནས་ནས་ངང་དྭངས་སྟོན་པ་ཡིས། །རང་སྣང་འཁོར་ལ་རང་གྲོལ་བསྟན་པ་བཤད། །དུས་གསུམ་དབྱེར་མེད་རང་སངས་ཆེན་པོའི་དུས། །དེ་ཡི་རྗེས་འཇུག་ཕུན་སུམ་ཚོགས་པ་ནི། །འོད་གསལ་གནས་ནས་རྡོ་རྗེ་སེམས་དཔའ་ཡིས། །དགའ་རབ་རྡོ་རྗེ་སྙིང་པོའི་འཁོར་ལ་ནི། །ཀུན་རྫོབ་ཙམ་དུ་བླ་མེད་ཐེག་པ་བཤད། །ཡོངས་རྫོགས་ཐོད་རྒལ་མན་ངག་ཚིག་བརྗོད་དུ། །གདུང་སོབ་མ་འོངས་དུས་ན་འབྱུང་བར་འགྱུར། །སྡུད་པ་པོ་ནི་རང་རིག་ཁྱེའུ་ཆུང་ངོ་། །ཞེས་གསུངས་སོ། །རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་ཉི་ཟླའི་སྙིང་པོ་འོད་འབར་བ་བདུད་རྩིའི་རྒྱ་མཚོ་འཁྱིལ་པའི་རྒྱུད་ལས། ཕུན་སུམ་ཚོགས་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་རང་སྣང་གསལ་དག་གིས། །མུ་མཐའ་ཡོངས་གྲོལ་སྟོན་པ་ལ། །ཕུན་སུམ་ཚོགས་པ་དེ་ལྟར་ན། །ཅི་ཡང་མེད་ལས་གང་མ་བྱུང་། །སྤྱི་གཞི་སྔོན་ཐོག་ཇི་ལྟར་གནས། །ཞེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ། །བརྡའ་དང་གནད་ཀྱིས་བསྟན་བྱ་ཡི། །འཁོར་རྣམས་མ་ཡེངས་གུས་པས་ཉོན། །ཐོག་མ་ཡེ་ཡི་དུས་ཙམ་ན། །ཨ་ཨ་ཨའོ། །ནམ་མཁའ་མེད་པའི་སྔོན་རོལ་ན། །འབྱུང་


DNG003_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

བ་གང་ཡང་ཡོད་མ་ཡིན། །དངོས་མེད་མིང་མེད་མཚོན་ལས་འདས། །དེ་བཞིན་སངས་རྒྱས་སེམས་ཅན་གཉིས། །གང་ཡང་བཏགས་གྲུབ་མེད་པའི་ཚེ། །གང་ཡང་མ་གྲུབ་ཅིར་མི་སྣང་། །མིང་མེད་མཐའ་སྟོངས་བློ་ཡུལ་མིན། །ཡེ་སྟོང་གང་ལ་དངོས་པོ་མེད། །མངོན་སུམ་མི་སྣང་རང་བཞིན་ཁྱབ། །ཅེས་གསུངས་སོ། །རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་ཉི་ཟླའི་སྙིང་པོ་འོད་འབར་བ་བདུད་རྩིའི་རྒྱ་མཚོ་འཁྱིལ་པའི་རྒྱུད་ལས། ཐོག་མའི་གཞིའི་གནས་ལུགས་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་རང་སྣང་འོད་གསལ་གྱིས། །མུ་མཐའ་ཡོངས་གྲོལ་སྟོན་པ་ལ། །པུས་བཙུགས་ཐལ་སྦྱར་འདི་སྐད་ཞུས། །གཏིང་ཡངས་ཆོས་ཉིད་དོན་གྱི་ངོ་བོ་ཇི་ལྟར་གནས། །འོད་གསལ་རྩལ་གྱི་ཡན་ལག་ཇི་ལྟར་ཤར། །ཆོས་ཅན་སྣང་སྲིད་སྣ་ཚོགས་ཇི་ལྟར་གྲོལ། །དེ་ཉིད་འགྲོལ་ཐབས་གདམས་ངག་ཇི་ལྟར་ལགས། །གྲོལ་བའི་འབྲས་བུ་ཇི་ལྟར་ཐོབ་པར་འགྱུར། །ཡོངས་རྫོགས་ཐེག་པར་རིམ་དགུ་དགོས་མི་དགོས། །ཐེག་པ་རིམ་པའི་གྲུབ་མཐའ་ཇི་ལྟར་ཤར། །མུ་མཐའ་གྲོལ་བའི་ལྟ་བསྒོམ་ཇི་ལྟར་མཐོང་། །གསང་སྔགས་ཟབ་མོ་བརྡའ་ཡིས་ཇི་ལྟར་བསྟན། །གནད་ཀྱི་གདམས་པ་དགོས་དོན་གང་དུ་འདུས། །ཉོན་མོངས་དུག་རྣམས་མ་སྤངས་ཇི་ལྟར་གྲོལ། །དུག་ལྔ་གཏན་ནས་བརླག་པར་ཇི་ལྟར་བགྱི། །མ་རིག་མུན་པ་ཀ་ནས་ཇི་ལྟར་དག །ང་བདག་འདི་དང་དུག་གསུམ་ཇི་ལྟར་བསད། །སེམས་ཅན་སངས་རྒྱས་ཚུལ་ནི་ཇི་ལྟར་རྒྱས། །འཁོར་བའི་སྡུག་བསྔལ་མྱ་ངན་ཇི་ལྟར་འདས། །མཚན་མར་སྣང་བའི་དངོས་པོ་ཇི་ལྟར་གྲོལ། །མཁའ་འགྲོ་གསང་བའི་བརྡའ་གནད་ཇི་ལྟར་གསུང་། །ཐེག་པ་རྣམས་ཀྱི་གྲུབ་མཐའ་ཇི་ལྟར་མེད། །ཡོངས་རྫོགས་ཐོད་རྒལ་བླ་མེད་ལྟ་བསྒོམ་གང་། །རིག་སེམས་ཡིད་བློ་རྩད་ནས་ཇི་ལྟར་བཅད། །སྣང་བ་འགྱུ་བ་ཀུན་གཞི་ཇི་ལྟར་གྲོལ། །སེམས་མེད་རིག་མེད་ཆོས་རྣམས་ཇི་ལྟར་ལགས། །


DNG003_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་པའི་འཇུག་པ་ལྟ་སྒོམ་ཇི་ལྟར་མེད། །རྣམ་རྟོག་སྡིག་པ་ཀ་ནས་ཇི་ལྟར་དག །བག་ཆགས་སྒྲིབ་པ་གཏན་ནས་ཇི་ལྟར་སངས། །སངས་རྒྱས་རྣམས་ཀྱི་ཐུགས་དགོངས་ཇི་ལྟར་འདུས། །ཆོས་རྣམས་ལ་བཟླ་ཆེན་པོ་ཇི་ལྟར་ལགས། །འཁྲུལ་ཆོད་བློ་ཟད་ཕུགས་སུ་ཇི་ལྟར་བསྐྱལ། །སྲིད་པ་ཐམས་ཅད་ལྟོ་ནས་ཇི་ལྟར་བཟློག །ཉོན་མོངས་དམག་དཔུང་ཆེན་པོ་ཇི་ལྟར་བཟློག །ཁམས་གསུམ་འཁོར་བ་རུ་ནས་ཇི་ལྟར་བཟློག །འགྲོ་བ་དྲུག་གི་གཡང་ས་ཇི་ལྟར་བཅད། །ཆོས་རྣམས་གོ་ཟློག་དོན་ནི་ཇི་ལྟར་རྟོགས། །འགྲོ་དྲུག་ཇ་ལོག་ཆེན་པོ་ཇི་ལྟར་བསྒྱུར། །གོང་འོག་ཐེག་པའི་བྱེ་བྲག་ཇི་ལྟར་དབྱེ། །ཆོས་མེད་ཟད་སར་བསྐྱལ་བའི་གདམས་པ་གང་། །སྡིག་བཅུ་མ་སྤངས་ཐར་པ་ཐོབ་ལགས་སམ། །དགེ་བཅུ་མ་སྤྱད་བྱང་ཆུབ་ཇི་ལྟར་ཐོབ། །ཚོགས་བསག་སྨོན་ལམ་མེད་པར་སངས་རྒྱས་གང་། །ལྷ་དབང་མ་བསྐུར་དངོས་གྲུབ་ཇི་ལྟར་ཐོབ། །རྒྱུད་ཀྱི་རྒྱལ་པོས་ཇི་ལྟར་བཏུལ་བར་བྱ། །ཉི་ཟླའི་སྙིང་པོ་དཔེ་དོན་ཇི་ལྟར་ལགས། །དཔེ་མཚོན་སྙིང་པོའི་དོན་ནི་ཇི་ལྟར་འཆར། །བདུད་རྩིའི་རྒྱ་མཚོ་ཆེན་པོའི་དཔེས་མཚོན་ནས། །གདམས་ངག་བདུད་རྩིའི་རྒྱ་མཚོར་ཇི་ལྟར་འཁྱིལ། །ཆོས་རྣམས་བློ་ཟད་ཅི་ལྟར་བསྐྱལ། །རྒྱུད་ཀྱི་མཚན་ཉིད་བཤད་པ་ཇི་ལྟར་ལགས། །ཀྱེ་སྟོན་པའི་རྒྱལ་པོ་ཐོག་མའི་སངས་རྒྱས་ཁྱོད། །འཁོར་གྱི་དམ་པ་རང་སྣང་གསལ་དག་ལ། །ཞུ་ཚིག་དེ་རྣམས་ཞུས་མཐའ་དགྲོལ་བ་ཞུ། །ཞེས་ཞུ་བ་རླབས་པོ་ཆེ་ཞུས་སོ། །ཉི་ཟླའི་སྙིང་པོ་འོད་འབར་བ་བདུད་རྩིའི་རྒྱ་མཚོ་འཁྱིལ་པའི་རྒྱུད་ལས། གླེང་སློང་བའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་རང་སྣང་ཁྱེའུ་ཆུང་གིས། །མུ་མཐའ་ཡོངས་གྲོལ་སྟོན་པ་ལ་ཞུས་པ། །གཏིང་ཡངས་ཆོས་ཉིད་དོན་དེ་ཡི། །ངོ་བོ་གནས་ལུགས་ཇི་ལྟར་གནས་པ་ལགས། །ཞེས་གསོལ་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །གཏིང་ཡངས་ཆོས་ཉིད་དོན་གྱི་གནས་ལུགས་ནི། །བདག་གིས་ཟབ་པར་


DNG003_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་ཀྱིས་གུས་པར་ཉོན། །ཨ་ཐང་འབོང་ཡང་ཏ་ཏི་ཨ། །གཏིང་ཡངས་དོན་གྱི་གནས་ལུགས་དེ། །ཅང་མེད་དངོས་མེད་བརྗོད་མེད་ཀྱང་། །རྟོག་པ་བསལ་ཕྱིར་རེ་ཞིག་བསྟན། །མུན་ཁུང་གསེར་འཚོལ་སྒྲོན་མེའི་དཔེས། །དོན་གྱི་གསེར་དང་སྤྲད་པར་བྱ། །གཏིང་ཡངས་དོན་གྱི་གནས་ལུགས་ནི། །སྔོན་ཐོག་ཅི་ཡང་མེད་པ་ཡིན། །ཐོག་མ་མིང་དང་བྲལ་བ་ཡིན། །གཞི་ལ་འཁྲུལ་པ་མེད་པ་ཡིན། །དངོས་གཞི་གྲུབ་པ་མེད་པ་ཡིན། །རླུང་ལྔ་འགྱུར་བ་མེད་པ་ཡིན། །འབྱུང་ལྔ་རང་སར་ཐིམ་པ་ཡིན། །འོད་ལྔ་རང་སར་དག་པ་ཡིན། །རྩལ་ལྔ་རང་སར་ཐིམ་པ་ཡིན། །ཟེར་ལྔ་རང་སར་དག་པ་དང་། །ཤེས་པ་ཤེས་རྒྱུ་མེད་པ་དང་། །རིག་པ་སྐྱེ་བ་མེད་པ་དང་། །མ་རིག་ཀ་ནས་དག་པ་དང་། །མིན་འཁྲུལ་སྙེམས་བྱེད་མེད་པ་དང་། །སྟོང་པ་གསལ་བ་ལས་འདས་དང་། །ཐུགས་རྗེ་ཡོན་ཏན་འཆར་བ་མེད། །ཡིད་འཁོར་རྣམ་གསུམ་འཁྲུལ་ཆོད་ནས། །མུན་པའི་འཁོར་སྒོར་མ་འཁྱམས་པས། །རང་བཞིན་ངོ་བོ་ཐུགས་རྗེ་ལས། །མཆོག་གི་དང་པོ་སྐུ་གསུམ་འཆང་། །དེ་ཉིད་ཀློང་གྱུར་ཡེ་སངས་རྒྱས། །དམ་པ་དང་པོའི་སངས་རྒྱས་ཡིན། །ཆོས་ཉིད་དབྱིངས་སུ་མངོན་སངས་རྒྱས། །ཐོག་མའི་ཀུན་ཏུ་བཟང་པོའོ། །གཏིང་ཡངས་ཁ་གཏིང་མེད་པའི་དོན། །ཆོས་ཉིད་དོན་གྱི་གནས་ལུགས་ཡིན། །མི་སྣང་གསལ་བའི་རང་བཞིན་ཅན། །ཆོས་ཉིད་དོན་གྱི་གནས་ལུགས་ཡིན། །ཅང་མེད་ཅིར་སྣང་ཅིར་མ་གྲུབ། །ཆོས་ཉིད་གཏིང་མཐའ་ཡངས་པ་ཡིན། །སྣ་ཚོགས་མཚན་མའི་དངོས་པོ་མེད། །ཆོས་ཉིད་གཏིང་མཐའ་ཡངས་པ་ཡིན། །ཡེ་མེད་ཀུན་འབྱུང་སྟོང་པ་ཉིད། །ཆོས་ཉིད་གཏིང་མཐའ་ཡངས་པ་ཡིན། །དངོས་མེད་རང་བྱུང་གསལ་བའི་བདག །གཏིང་ཡངས་དོན་གྱི་གནས་ལུགས་ཡིན། །གཏིང་ཡངས་མི་མངོན་མཁའ་གསལ་དག །ཆོས་ཉིད་གཏིང་མཐའ་ཡངས་པ་ཡིན། །དངོས་པོར་མི་སྣང་ཡོངས་ལ་ཁྱབ། །གཏིང་ཡངས་དོན་གྱི་གནས་ལུགས་ཡིན། །དངོས་མེད་སྣ་ཚོགས་ཀུན་གྱི་གཞི། །ཀུན་ལྡན་གང་ཡང་གྲུབ་པ་མེད། །ལྷུན་གྲུབ་རྒྱ་མ་ཆད་པའི་དོན། །ཆོས་


DNG003_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་གཏིང་མཐའ་ཡངས་པ་ཡིན། །དངོས་པོ་དངོས་མེད་ཀུན་གྱི་བདག །ཆོས་ཉིད་གཏིང་མཐའ་ཡངས་པ་ཡིན། །དཔེ་མེད་ཟླ་མེད་མཚོན་དུ་མེད། །ཆོས་ཉིད་གཏིང་མཐའ་ཡངས་པ་ཡིན། །ཅིར་ཡང་མ་གྲུབ་ཅིར་ཡང་སྣང་། །ཆོས་ཉིད་གཏིང་མཐའ་ཡངས་པ་དང་། །གཏིང་ཡངས་ཆོས་ཉིད་དོན་གནས་ལུགས། །སྐྱེ་མེད་ཀ་དག་ཡིད་དབྱེར་མེད། །ཡེ་ནས་ཆོས་ཉིད་རྣལ་མའོ། །འབྲས་བུ་ཡེ་གྲུབ་དངོས་གཞི་མེད། །རང་བཞིན་ཅང་མེད་ངོ་བོ་གསལ། །ཐུགས་རྗེ་ངང་དྭངས་ཆེན་པོ་ཡིན། །ཡོན་ཏན་མ་བསྒྲུབས་རང་ལས་འཁྲུངས། །ཕྲིན་ལས་ཐོགས་མེད་རང་སར་གྲོལ། །ཆོས་ཉིད་གཏིང་མཐའ་ཡངས་པ་ཡིན། །སྙིང་པོ་མ་བཅོས་གཤིས་སུ་གནས། །དངོས་མེད་ཟང་ཀ་རང་འཁྲུངས་ཡིན། །རིག་མེད་ཡིད་མེད་སེམས་ལས་འདས་པའོ། །ཆོས་ཉིད་གྲུབ་པའི་མཐའ་ལས་གྲོལ། །བསམ་བརྗོད་དམིགས་བློའི་ཡུལ་ལས་འདས། །ཞེས་གསུངས་སོ། །རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་ཉི་ཟླའི་སྙིང་པོ་འོད་འབར་བ་བདུད་རྩིའི་རྒྱ་མཚོ་འཁྱིལ་པའི་རྒྱུད་ལས། གཏིང་ཡངས་ཆོས་ཉིད་དོན་གྱི་གནས་ལུགས་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་རང་སྣང་ཁྱེའུ་ཆུང་གིས། །མུ་མཐའ་ཡངས་གྲོལ་སྟོན་པ་ལ། །འོད་གསལ་རྩལ་གྱི་ཡན་ལག་རྣམས། །ཆོས་ཉིད་ངང་ལས་ཇི་ལྟར་ཤར། །ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །འོད་གསལ་རྩལ་གྱི་འཆར་ལུགས་ནི། །དཔེ་དང་དོན་དུ་སྦྱར་ལ་བཤད། །འཁོར་རྣམས་མ་ཡེངས་གུས་པར་ཉོན། །དཔེར་ན་ཉི་མའི་སྙིང་པོ་ལ། །རྩལ་ཟེར་ཡན་ལག་ཤུགས་ལས་ཤར། །དེ་བཞིན་སྙིང་པོའི་གནས་ལུགས་ལས། །རིག་སྣང་རྩལ་ཟེར་ཤུགས་ལ་འཆར། །ཙནྡན་གླ་རྩི་སྒོག་པ་ལ། །གང་ན་གནས་ཀྱང་དྲི་ངད་ལྡན། །དེ་བཞིན་ཆོས་ཉིད་རང་བཞིན་ཡང་། །གང་ན་གནས་ཀྱང་འོད་དང་ལྡན། །ཉི་ཟླ་གར་ཡོད་འོད་གསལ་ཞིང་། །སྙིང་པོས་གར་ཁྱབ་རྩལ་ཟེར་འཆར། །དེ་ཡང་ཇི་ལྟར་འཆར་ཞེ་ན། །


DNG003_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་མེད་ངང་ལས་ཀུན་གཞི་ཤར། །དངོས་མེད་ངང་ལས་དངོས་ཀུན་ཤར། །སྣང་མེད་ངང་ལས་སྣ་ཚོགས་ཤར། །ཡོད་མེད་ངང་ལས་འཁོར་འདས་ཤར། །གཉིས་མེད་ངང་ལས་མ་རིག་ཡེ་ཤེས་ཤར། །ཅིར་ཡང་གྲུབ་པ་མེད་པའི་ངང་ཉིད་ལས། །རང་བཞིན་ངོ་བོ་ཐུགས་རྗེ་གསུམ་དུ་ཤར། །རིག་དང་མ་རིག་རྣམ་གཉིས་ལས། །དེ་ལས་སྐུ་གསུམ་དུག་གསུམ་གཉིས་སུ་ཤར། །དེ་ལས་ཞིང་ཁམས་རྣམ་གསུམ་ཡིད་འཁོར་གསུམ་དུ་ཤར། །དེ་ལས་རང་སར་གྲོལ་དང་མ་གྲོལ་ལས། །འཆར་སྒོ་འཁྲུལ་སྒོ་གཉིས་སུ་ཤར་བ་སྟེ། །དེ་ལས་འགྱུ་དང་མི་འགྱུ་ལས། །རིག་མེད་སེམས་འཁྲུལ་འཁྲུལ་མེད་ཤར། །དེ་ལས་རྟོགས་དང་མ་རྟོགས་པས། །གཟུགས་ལྔ་སྐུ་ལྔ་ཉིད་དུ་ཤར། །དེ་ལས་མངོན་དུ་གྱུར་དང་མ་གྱུར་པས། །འཁོར་བ་མྱང་འདས་གཉིས་སུ་ཤར། །ཅི་ཡང་མེད་ལས་ཅིར་ཡང་ཤར་བ་ཡིན། །རྟོགས་མ་རྟོགས་ལས་སངས་རྒྱས་སེམས་ཅན་གཉིས། །གཏིང་ཡངས་ཆོས་ཉིད་ང་ཡི་རྩལ་དུ་ཤར། །ཞེས་གསུངས་སོ། །རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་ཉི་ཟླའི་སྙིང་པོ་འོད་འབར་བ་བདུད་རྩིའི་རྒྱ་མཚོ་འཁྱིལ་པའི་རྒྱུད་ལས། འོད་གསལ་རྩལ་གྱི་ཡན་ལག་འཆར་ལུགས་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་རང་སྣང་འོད་གསལ་གྱིས། །མུ་མཐའ་ཡོངས་གྲོལ་སྟོན་པ་ལ། །ཆོས་ཅན་སྣ་ཚོགས་མུ་མཐའ་ཇི་ལྟར་གྲོལ། །སྟོན་པས་རང་སྣང་འཁོར་ལ་བཀའ་སྩལ་པ། །ཆོས་ཅན་སྣ་ཚོགས་མུ་མཐའ་གྲོལ་ལུགས་ནི། །ཡོངས་རྫོགས་ཐོད་རྒལ་བླ་མེད་ཐེག་པ་འདིར། །རྩོལ་བསྒྲུབ་མ་བྱས་གྲོལ་བར་བཤད། །བྱ་བཙལ་རྩོལ་བསྒྲུབ་འཁོར་བའི་འདམ་དུ་ཚུད། །དེ་བས་བྱར་མེད་བློ་འདས་འདི། །ཅི་ཡང་མ་བྱས་ལས་རྣམས་ཟིན། །གང་ཡང་མ་བསྒྲུབ་དོན་རྣམས་གྲུབ། །ཅི་ལའང་མ་སྤྱད་གྲོལ་བ་ཐོབ། །གར་ཡང་མ་ཞུགས་ཆོས་སྒོ་མཐོང་། །ཅི་ཡང་བསྲུང་མེད་དོན་མི་འདའ། །སྒྲིབ་པ་མ་སྦྱངས་ཀ་ནས་དག །དམ་ཚིག་མ་བསྲུངས་རང་སྐྱོན་ཀ་ནས་དག །ལྟ་བ་མ་བལྟས་ཆོས་ཉིད་མཐོང་། །སྒོམ་པ་མ་བསྒོམས་སྙིང་པོའི་ཀློང་། །སྤྱོད་པ་མ་སྤྱད་ཆགས་སྡང་གྲོལ། །འབྲས་བུ་མ་བསྒྲུབས་རང་ལས་གྲུབ། །གང་ཡང་མ་བརྟགས་བློ་བཞག་པས། །མཚན་མ་སྣ་ཚོགས་


DNG003_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

རང་གྲོལ་གྱུར། །རྩོལ་བ་མེད་པར་རང་གནས་པས། །ཆོས་ཅན་སྣ་ཚོགས་རང་གྲོལ་གྱུར། །ཡིད་རིག་སེམས་བློ་དྲན་རྟོག་གིས། །གང་ལའང་རྟོག་དཔྱོད་མ་བཅུག་པས། །ཆོས་ཅན་སྣ་ཚོགས་རང་གྲོལ་གྱུར། །སྒོ་ལྔ་གསལ་དྭངས་ཆོས་དབྱིངས་ལ། །ཡིད་སེམས་འཛིན་རྟོག་མ་སྐྱེས་ན། །ཆོས་ཅན་སྣ་ཚོགས་རང་གྲོལ་གྱུར། །སྣང་བ་རང་སྣང་ཆེན་པོ་ལ། །འཛིན་རྟོག་མ་བཅུག་རང་གྲོལ་གྱུར། །སྣང་སྲིད་སྣ་ཚོགས་ཇི་སྙེད་ལ། །མ་བཀག་མ་བསྒྲུབས་རང་གྲོལ་གྱུར། །སྤང་ལེན་མེད་པའི་སྣང་བ་རང་སོ་ལ། །མི་ལེན་མི་འདོར་མཉམ་པར་གནས་པ་ཡིས། །ཆོས་ཅན་སྣང་སྲིད་སྣ་ཚོགས་རང་གྲོལ་གྱུར། །ཆོས་ཉིད་གཏིང་མཐའ་ཡངས་པ་ཆེན་པོ་ལ། །རིག་པ་གཅིག་པུ་མུ་མཐའ་ཡོངས་གྲོལ་བས། །ཆོས་ཅན་སྣང་སྲིད་སྣ་ཚོགས་མུ་མཐའ་གྲོལ། །ཞེས་གསུངས་སོ། །རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་ཉི་ཟླའི་སྙིང་པོ་འོད་འབར་བ་བདུད་རྩིའི་རྒྱ་མཚོ་འཁྱིལ་པའི་རྒྱུད་ལས། ཆོས་ཅན་སྣ་ཚོགས་མུ་མཐའ་གྲོལ་བར་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་རང་སྣང་ཁྱེའུ་ཆུང་གིས། །མུ་མཐའ་ཡོངས་གྲོལ་སྟོན་པ་ལ། །དེ་ཉིད་འགྲོལ་ཐབས་གདམས་ངག་གང་། །ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །དེ་ཉིད་འགྲོལ་ཐབས་ངས་བཤད་ཀྱིས། །འཁོར་རྣམས་མ་ཡེངས་གུས་པར་ཉོན། །གདམས་ངག་བདུད་རྩི་རྣམ་པ་གསུམ། །ཕྱི་རུ་སྣང་སྲིད་རང་གྲོལ་བདུད་རྩི་དང་། །ནང་དུ་དུག་གསུམ་འཇོམས་པའི་བདུད་རྩི་དང་། །གསང་བ་སྐྱེ་མེད་ཀ་དག་གོ། །དེ་ལ་ཕྱི་ཡི་བདུད་རྩི་ནི། །སྣང་བ་སྣ་ཚོགས་རང་སོ་ལ། །གཟུང་འཛིན་དགག་བསྒྲུབ་མེད་པར་གྲོལ། །ནང་གི་བདུད་རྩི་བསྟན་པ་ནི། །དུག་གསུམ་སྐུ་གསུང་ཐུགས་སུ་བཅོམ། །དེ་ཡང་ཇི་ལྟར་བཅོམ་ཞེ་ན། །གཏི་མུག་ཆོས་སྐུས་བདུད་དངོས་བཅོམ། །ཞེ་སྡང་དུག་ནི་ལོངས་སྐུས་བཅོམ། །འདོད་ཆགས་དུག་ནི་སྤྲུལ་སྐུས་བཅོམ། །དེར་ནི་དུག་གསུམ་


DNG003_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

ནད་གཅོད་དེ། །སྐུ་གསུང་ཐུགས་ཀྱི་བདུད་རྩིས་བཅོམ། །གསང་བ་སྐྱེ་མེད་ཀ་དག་གི། །བདུད་རྩི་ཆེན་པོ་བསྟན་པ་ནི། །ཆོས་ཉིད་གཏིང་མཐའ་ཡངས་པ་དང་། །ཆོས་ཅན་རིག་པ་མུ་མཐའ་གྲོལ། །སྙིང་པོ་སྐྱེ་བ་མེད་པ་དང་། །ཡན་ལག་མ་འགགས་ཀ་ནས་དག །དངོས་མེད་རྣལ་མར་གནས་པ་དང་། །སྙིང་པོ་ལྷུན་གྲུབ་འཕོ་འགྱུར་མེད། །གསང་བ་བློ་ཡི་སྤྱོད་ཡུལ་མིན། །སྐྱེ་མེད་ཀ་དག་བདུད་རྩིའོ། །བདུད་རྩི་རྣམ་གསུམ་གདམས་ངག་འདིས། །རྣམ་པ་གསུམ་གྲོལ་སྐུ་གསུང་ཐུགས། །ཞེས་གསུངས་སོ། །ཉི་ཟླའི་སྙིང་པོ་འོད་འབར་བ་བདུད་རྩིའི་རྒྱ་མཚོ་འཁྱིལ་པའི་རྒྱུད་ལས། གྲོལ་ཐབས་ཀྱི་གདམས་ངག་བསྟན་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་རང་སྣང་ཁྱེའུ་ཆུང་གིས། །མུ་མཐའ་ཡོངས་སུ་གྲོལ་བ་ལ། །གྲོལ་བའི་འབྲས་བུ་ཇི་ལྟར་ཐོབ། །ཅེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །གྲོལ་བའི་འབྲས་བུ་ཐོབ་ལུགས་ལས། །སྣང་བ་གྲོལ་བའི་འབྲས་བུ་ནི། །གསལ་དག་ཟང་ཐལ་ཆོས་ཀྱི་དབྱིངས། །རིག་པ་གྲོལ་བའི་འབྲས་བུ་ནི། །སྐྱེ་མེད་ཀ་དག་ཆེན་པོ་ཐོབ། །སེམས་གཞི་གྲོལ་བའི་འབྲས་བུ་ནི། །དངོས་མེད་གཏིང་ཡངས་ཆེན་པོ་ཐོབ། །ཕྱི་དང་ནང་དང་གསང་བ་གསུམ། །སྣང་བ་རིག་པ་སེམས་གཞི་གསུམ། །སྣང་གྲོལ་རིག་མེད་སྐྱེ་མེད་གྲོལ། །ཞེས་གསུངས་སོ། །ཉི་ཟླའི་སྙིང་པོ་འོད་འབར་བ་བདུད་རྩིའི་རྒྱ་མཚོ་འཁྱིལ་པའི་རྒྱུད་ལས། གྲོལ་བའི་འབྲས་བུ་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ངང་དྭངས་རང་གྲོལ་གྱིས། །མུ་མཐའ་ཡོངས་གྲོལ་སྟོན་པ་ལ། །ཡོངས་རྫོགས་བླ་མེད་ཐེག་པ་འདིར། །ཐེག་པ་རིམ་དགུ་དགོས་མི་དགོས། །ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །ཡོངས་རྫོགས་ཐོད་རྒལ་ཐེག་པ་རུ། །ཐེག་པ་མ་ལུས་ཀུན་འདུས་པས། །ཐེག་དགུའི་ལྟ་བ་མི་དགོས་སོ། །ཉན་ཐོས་རང་རྒྱལ་བྱང་སེམས་དང་། །ཀྲི་


DNG003_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་ཨུ་པ་ཡོ་ག་དང་། །དེ་དག་བློས་བརྟགས་བྱས་ཆོས་ཡིན། །མ་ཧཱ་ཨ་ནུ་ཨ་ཏི་གསུམ། །དེ་གསུམ་ལྟ་བ་གཉིས་སུ་བཟུང་། །གཞི་ལ་ཐོས་པ་ཁ་འབྱམས་པས། །བློས་བརྟགས་ཐེག་དགུས་དགོས་པ་མེད། །ཅེས་གསུངས་སོ། །ཉི་ཟླའི་སྙིང་པོ་བདུད་རྩིའི་རྒྱ་མཚོ་འཁྱིལ་པའི་རྒྱུད་ལས། ཐེག་པ་རིམ་དགུ་མི་དགོས་པར་བསྟན་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་རང་སྣང་འོད་གསལ་གྱིས། །ཐེག་པའི་གྲུབ་མཐའ་མ་བསྒྲུབས་པར། །མཐའ་གྲོལ་ལྟ་སྒོམ་ཇི་ལྟར་མཐོང་། །ཞེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ། །ཡོངས་རྫོགས་བླ་མེད་ཐེག་པ་ཡི། །ཐེག་གཞན་གྲུབ་མཐའ་མ་བསྒྲུབས་པར། །མཐའ་གྲོལ་བལྟ་བསྒོམ་མཐོང་བར་འགྱུར། །ཐེག་པའི་གྲུབ་མཐའ་ཐ་སྙད་ཡིན། །ཐ་སྙད་ཆོས་ཀྱིས་སངས་མི་རྒྱས། །དེར་ནི་གྲུབ་མཐའི་དགོས་པ་མེད། །བློས་བརྟགས་ཆོས་རྣམས་ཡོངས་གྲོལ་བས། །མཐའ་གྲོལ་བལྟ་བསྒོམ་ཆེན་པོ་མཐོང་། །མཐོང་བའི་དུས་ན་ངོས་བཟུང་མེད། །ཅེས་གསུངས་སོ། །ཉི་ཟླའི་སྙིང་པོ་བདུད་རྩིའི་རྒྱ་མཚོ་འཁྱིལ་པའི་རྒྱུད་ལས། ཐེག་པའི་གྲུབ་མཐའ་མ་བསྒྲུབས་པར་ལྟ་སྒོམ་མཐོང་བར་བསྟན་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་རང་སྣང་ཁྱེའུ་ཆུང་གིས། །མུ་མཐའ་ཡོངས་གྲོལ་སྟོན་པ་ལ། །གསང་སྔགས་བརྡའ་ཡིས་ཇི་ལྟར་བསྟན། །ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །མ་ཧཱ་དྷ་ཏི་སེ་ཡ་ཨས་བྷོ་ཡ་དྷྲི་ཏྲ་ཡ། གསང་སྔགས་གནད་རྣམས་བརྡའ་ཡིས་བཤད། །འཁོར་རྣམས་མ་ཡེངས་ཡིད་ལ་ཟུང་། །གུ་རུ་བཛྲ་སཏྭ་ཤྲཱི་མཉྫུ། ཏ་ཐཱ་ག་ཏ། བྷུཌྜྷ་སརྦ་ན་མ། བྷུདྡྷཱ་ཡ། དྷརྨ་ཀཱ་ཡ། རཏྣ་ཀོ་ལ་ཏ་བྷ་ལི། ཨས་བྷོ་ཡ། སུརྱ་མ་ཧཱ་ལ་ཨས། ཞེས་བྱ་སྟེ། ཆོས་ཀྱི་དབྱིངས་ཀྱི་མཁའ་འགྲོ་མས་བརྡའ་ཆོས་གསུངས་པ། གནམ་རིམ་པ་བཅུ་གསུམ་གྱི་སྟེང་ན། ཡབ་ཁྲི་རྗེ་གཙུག་བརྟན་བྱ་བ་དང་། ཡུམ་སྣང་སྲིད་ཀྱི་བདག་མོ་


DNG003_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་གསལ་ཀུན་སྒྲོལ་མ་བྱ་བ་གཉིས་ཀྱིས། ཡུལ་མཁའ་ཀློང་ཀུན་འབྱུང་ཡངས་པ་ཅན་གྱི་ཕོ་བྲང་ཞེས་བྱ་བར། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་སྦྱོར་བ་བྱས་པས། གཉིས་སུ་མེད་པའི་བྱིན་རླབས་ལས་བདུད་རྩི་དཀར་དམར་གྱི་ཆར་ནམ་མཁའ་ལ་བབས་པས་སེམས་ཅན་རྣམས་ཀྱིས་འཐུངས་པས་མགྲིན་པའི་ལམ་དུ་བརྒྱུད་དེ་ཐུགས་རྗེ་དབྱིངས་སུ་ཐིམ། སེམས་ཅན་ཐམས་ཅད་སྐྱེ་ཤི་མེད་པའི་དངོས་གྲུབ་ཐོབ་སྟེ་འགྲོ་དྲུག་ཏུ་མི་འཁོར་ཏེ། སྐྱེ་ཤི་རྩད་ནས་གཅོད་པའི་བརྡའོ། །ནམ་མཁའི་དབྱིངས་ནས་ཉི་ཟླ་ཤར། །གཏི་མུག་མ་རིག་མུན་པ་སངས། །ཞེས་གསུངས་སོ། །ཉི་ཟླའི་སྙིང་པོ་འོད་འབར་བ་བདུད་རྩིའི་རྒྱ་མཚོ་འཁྱིལ་པའི་རྒྱུད་ལས། སྟེང་ལྷའི་འཇིག་རྟེན་དུ་གསང་སྔགས་བརྡའ་ཆོས་སུ་གསུངས་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་རང་སྣང་ཁྱེའུ་ཆུང་གིས། །མུ་མཐའ་ཡོངས་གྲོལ་སྟོན་པ་ལ། །བར་དུ་བརྡའ་ཆོས་གསུང་དུ་གསོལ། །ཞེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ། །བར་མིའི་འཇིག་རྟེན་ཁམས་སུ་མ་ཧཱ་གུ་རུ་པ་དང་། ཡེ་ཤེས་ཀྱི་མཁའ་འགྲོ་མས་ཆོས་གསུངས་པ། མ་ཧཱ་བློ་ཨ་ཨ། གནམ་ས་གའུ་ཁ་སྦྱོར་བར་སྣང་སྣང་གསལ་འོད་གསལ་གྱི་དཀྱིལ་འཁོར་གསང་བའི་གཞལ་ཡས་ཁང་ཞེས་བྱ་བར། ཡབ་ཁྱེའུ་ངང་དྭངས་ཀུན་རིག་འཕྲུལ་རྗེ་བཙན་བྱ་བ་དང་། ཡུམ་མཛེས་མ་ལྷན་ནེ་ལྕམ་གསལ་བའི་འབར་ཞེས་བྱ་བ་སྟེ། ཡབ་ཡུམ་གཉིས་ཀྱིས་གཉིས་སུ་མེད་པར་སྦྱར་བའི་བྱིན་རླབས་ལས་བར་སྣང་སྟོང་ཁམས་གསལ་བའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་བསྐལ་པའི་མེ་བོ་ཆེ་འབར་ཏེ། སྣང་སྲིད་དངོས་པོ་བློས་བརྟགས་ཀྱི་ཆོས་ཐམས་ཅད་གཞོབ་ཏུ་བསྲེགས་ཏེ། ཉོན་མོངས་པ་ཐམས་ཅད་ས་བོན་མེད་པར་བརླགས་ནས། ཐལ་བ་ནི་གཟུགས་བསྡུས་དངོས་པོའི་ཆོས་ནས་རྒྱུ་ཆོས་བློས་བརྟགས་བྱ་བཙལ་མཐའ་ལ་ཞེན་པ་རྣམས་ཏེ། དེ་དག་ཐམས་ཅད་བསྐལ་པའི་འཐོར་རླུང་ལ་བསྐུར་བས། སྣང་སྲིད་སྣང་བརྟགས་གཟུང་འཛིན་


DNG003_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་སྡང་གཅིག་ཀྱང་མ་ལུས་པ་རླུང་པོས་ཁྱེར་ནས་སྟོང་སངས་ཀྱིས་ཐལ་ལོ། །དེར་བར་སྣང་གསལ་བའི་ཁྲི་སྟེང་ན། སྣང་གསལ་འོད་ཀྱི་དཀྱིལ་འཁོར་ནས་གསལ་བའི་ཟླ་བ་ཤར་བས། གཏི་མུག་བག་ཆགས་སྒྲིབ་གཡོགས་ཀྱི་མུན་པའི་སྨག་རུམ་ཐམས་ཅད་དུས་གཅིག་ཏུ་སངས་ནས། དེ་ནས་རིན་པོ་ཆེ་གསལ་བའི་འོད་ལྔ་ཤར་ཏེ། འོད་དེའི་རང་བཞིན་གསལ་བ་ལ། སྣང་བ་ངང་དྭངས་ཏེ་རང་བཞིན་མེད་པར་འོད་སྙིང་པོ་ལ་ཐིམ་མོ། །དེར་སྐལ་བ་དང་ལྡན་པ་རྣམས་ཀྱིས་གསང་སྔགས་བརྡའི་གནད་གོ་སྟེ། རྟོགས་ནས་སངས་རྒྱས་པས་སྐྱེ་ཤི་མེད་པར་འཁོར་བར་འཁྱམས་མི་སྲིད་དེ་རྡོ་རྗེ་ལྟ་བུའི་སྐུར་གྱུར་ཏོ། །དེ་ལྟར་སྐལ་ལྡན་གང་གིས་རྟོགས་ཀྱང་འགྲོ་དྲུག་སེམས་ཅན་གྱི་སྡུག་བསྔལ་གཅིག་ཀྱང་མི་མངའ་འོ། །སརྦ་དྷརྨ་དྷཱ་ཏུ་ཨ་ཨ། དབྱིངས་སྐྱེ་བ་མེད་པར་ཐིམ་མོ། །རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་ཉི་ཟླའི་སྙིང་པོ་འོད་འབར་བ་བདུད་རྩིའི་རྒྱ་མཚོ་འཁྱིལ་པའི་རྒྱུད་ལས། བར་མིའི་འཇིག་རྟེན་དུ་གསང་སྔགས་བརྡས་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་རང་སྣང་ཁྱེའུ་ཆུང་གིས། །མུ་མཐའ་ཡོངས་གྲོལ་སྟོན་པ་ལ། །འོག་ཀླུའི་ཡུལ་དུ་བརྡའ་ཆོས་གསུང་དུ་གསོལ། ཞེས་ཞུས་པས། བྷ་ར་ཏྲི་ཏྲ་མ་གྷ་ར་ཨ། ས་རིམ་པ་བཅུ་གསུམ་གྱི་འོག་ན། ཡབ་སྲིན་པོ་ཛྭ་ལ་རཀྴ་དང་། ཡུམ་བདུད་སྲིན་ནག་མོ་ཀུན་གྲོལ་མ་གཉིས། ཡབ་ཡུམ་གཉིས་སུ་མེད་པར་སྦྱོར་བའི་བྱིན་རླབས་ལས། སྦྱོར་མཚམས་ནས་བསྐལ་པའི་འཐོར་རླུང་ཆེན་པོ་བྱུང་ནས་སྣང་སྲིད་དངོས་པོ་རྟོག་ཚོགས་ཐམས་ཅད་རླུང་ལ་བསྐུར་ཏེ། རྣམ་རྟོག་ཉོན་མོངས་ཀྱི་རྩི་སྦུར་ཐམས་ཅད་གཅིག་ཀྱང་མ་ལུས་པ་ཁྱེར་ནས། དེར་སྣང་སྲིད་ཀྱི་དངོས་པོ་བློས་བརྟགས་འདུས་བྱས་ཀྱི་ཆོས་རྣམས་གཏན་མེད་པར་གྱུར་ཏེ། ནམ་མཁའ་སྟོང་པ་མཐའ་དང་དབུས་མེད་ཕྱོགས་དང་རིས་མེད་པར་སྟོང་སངས་ཐལ་ལོ། །རྟེན་མེད་ནམ་མཁའ་ལ་གནས་པའི་


DNG003_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

བརྡའ་ཆོས་ཡིན་གསུངས་སོ། །ཉི་ཟླའི་སྙིང་པོ་འོད་འབར་བའི་བདུད་རྩིའི་རྒྱ་མཚོ་འཁྱིལ་པའི་རྒྱུད་ལས། འོག་ཀླུའི་འཇིག་རྟེན་དུ་བརྡའ་ཆོས་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་རང་སྣང་འོད་གསལ་གྱིས། །མུ་མཐའ་ཡོངས་གྲོལ་སྟོན་པ་ལ། །གནད་ཀྱི་དགོས་དོན་གང་དུ་འདུས། །ཞེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ། །གནད་ཀྱི་དགོས་དོན་འདུ་ལུགས་ནི། །ཐོག་མཐའ་གཉིས་ཀྱི་གནད་དུ་འདུས། །སྔོན་ཐོག་ཡེ་ཡི་གནད་བསྟན་པ། །ཡེ་མེད་གཏིང་ཡངས་སྐྱེ་མེད་དབྱིངས། །རྒྱུ་རྐྱེན་སྐྱེ་འགག་མེད་པ་ནི། །ཐོག་མའི་གནད་དུ་ཤེས་པར་བྱ། །རྩལ་ཟེར་རིག་པ་གཡོ་འགྱུ་ནི། །ཐ་མའི་གནད་དུ་ཤེས་པ་བྱ། །དགོས་དོན་ཐོག་མཐའ་གཉིས་མེད་གནད། །འཁྲུལ་གནད་གཞི་ལ་བཟློག་གནད་བུ། །མ་གནད་བུ་ལ་བུ་གནད་མ། །མ་བུ་དབྱེར་མེད་དགོས་དོན་གནད། །སྣང་གནད་བུ་ལ་འཁྲུལ་གནད་མ། །སྣང་སེམས་དབྱེར་མེད་དགོས་དོན་སྟོང་། །སྟོང་གནད་མ་ལ་དངོས་གནད་བུ། །སྟོང་ལས་ཀུན་འབྱུང་རང་གྲོལ་གནད། །གནད་ཀྱི་དགོས་དོན་དབྱེར་མེད་འདུས། །འཁྲུལ་པའི་གནད་ནི་ཡིད་རིག་སེམས། །རིག་མེད་འགྱུ་མེད་སེམས་མེད་གནད། །གནད་ཀྱི་དགོས་དོན་འཁྲུལ་པ་སངས། །སྣང་གསལ་ཉི་མའི་གནད་ཡིན་ཏེ། །འོད་གསལ་ཟླ་བའི་གནད་ཡིན་ནོ། །སྒོ་ལྔ་ཡུལ་ལྔ་འཁྲུལ་པའི་གནད། །འཛིན་མེད་ཟང་ཐལ་འཁྲུལ་བཟློག་གནད། །སྲོག་གནད་སྙིང་ཡིན་བྱ་གནད་ཁ། །དེ་བཞིན་ཐོག་མཐའ་གཉིས་ཀྱི་གནད། །གནད་ཀྱི་དགོས་དོན་འཁོར་འདས་གཉིས། །རྟོགས་དང་མ་རྟོགས་གཉིས་ལས་བྱུང་། །ཞེས་གསུངས་སོ། །ཉི་ཟླའི་སྙིང་པོ་བདུད་རྩིའི་རྒྱ་མཚོ་འཁྱིལ་པའི་རྒྱུད་ལས། གནད་ཀྱི་དགོས་དོན་འཁོར་འདས་གཉིས་སུ་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་རང་སྣང་འོད་གསལ་གྱིས། །མུ་མཐའ་ཡོངས་གྲོལ་སྟོན་པ་ལ། །ཉོན་མོངས་མ་སྤངས་མི་ལྟར་གྲོལ། །


DNG003_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ། །ཉོན་མོངས་མ་སྤངས་གྲོལ་ལུགས་ནི། །གཏི་མུག་མ་སྤངས་ཆོས་སྐུར་གྲོལ། །ཞེ་སྡང་མ་སྤངས་ལོངས་སྐུར་གྲོལ། །འདོད་ཆགས་མ་སྤངས་སྤྲུལ་སྐུར་གྲོལ། །ང་རྒྱལ་མ་སྤངས་དབྱེར་མེད་གྲོལ། །ཕྲག་དོག་མ་སྤངས་བདེ་ཆེན་གྲོལ། །ཞེས་གསུངས་སོ། །དུག་ལྔ་མ་སྤངས་རང་གྲོལ་བར་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་རང་སྣང་ཁྱེའུ་ཆུང་གིས། །མུ་མཐའ་ཡོངས་གྲོལ་སྟོན་པ་ལ། །དུག་ལྔ་གཏན་བརླག་ཇི་ལྟར་བགྱི། །ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །དུག་ལྔ་གཏན་ནས་བརླག་ལུགས་ནི། །ཟབ་པར་བཤད་ཀྱིས་གུས་པར་ཉོན། །སྐྱེ་མེད་ཀ་དག་རྟོགས་པ་ཡིས། །གཏི་མུག་མ་རིག་གཏན་ནས་བརླག །འོད་གསལ་ཀ་དག་ཆོས་ཉིད་མཐོང་། །རང་སྣང་རང་བཞིན་སངས་རྒྱས་པས། །ཞེ་སྡང་ངོ་བོ་གཏན་ནས་བརླག །ཆོས་ཉིད་གསལ་གདངས་ཆེན་པོར་གནས། །ཆགས་མེད་འདོད་ཆགས་རང་གྲོལ་བས། །འདོད་ཆགས་ཞེན་པ་གཏན་ནས་བརླག །བདེ་ཆེན་གསང་བའི་ཀློང་ན་གནས། །ང་རྒྱལ་རང་བཞིན་རྣམ་དག་པའི། །ཆེ་བའི་འཛིན་པ་གཏན་ནས་བརླག །མཉམ་ཉིད་ཡེ་ཤེས་ཆེན་པོར་གནས། །མུ་མཐའ་ཡོངས་གྲོལ་གདམས་ངག་གིས། །ཕྲག་དོག་འཛིན་པ་གཏན་ནས་བརླག །གཉིས་འཛིན་གཏན་སངས་དོན་རྣམས་གྲུབ། །དུག་ལྔ་གཏན་བརླག་མིང་ཡང་མེད། །ཅེས་གསུངས་སོ། །ཉོན་མོངས་དུག་ལྔ་གཏན་ནས་བརླག་པར་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་རང་སྣང་ཁྱེའུ་ཆུང་གིས། །མུ་མཐའ་ཡོངས་གྲོལ་སྟོན་པ་ལ། །མ་རིག་ཀ་ནས་ཇི་ལྟར་དག །ཅེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །མ་རིག་ཀ་ནས་དག་ལུགས་ནི། །སྔོན་ནས་འཐིབས་པའི་མ་རིག་མུན་པ་ལ། །ཡེ་ཤེས་སྣང་གསལ་ཉི་མ་ཤར་བ་ཡིས། །མ་རིག་མུན་པའི་སྨག་རུམ་ཀ་ནས་དག །


DNG003_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

བསྐལ་པ་སྟོང་དུ་བསགས་པའི་གཏི་མུག་དང་། །རང་བྱུང་འོད་གསལ་ཆེན་པོའི་ཉི་མ་ཤར། །མ་རིག་མུན་པའི་སྒྲིབ་གཡོགས་ཀ་ནས་དག །ཅེས་གསུངས་སོ། །མ་རིག་པའི་སྨག་རུམ་ཀ་ནས་དག་པར་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་རང་སྣང་ཁྱེའུ་ཆུང་གིས། །མུ་མཐའ་ཡོངས་གྲོལ་སྟོན་པ་ལ། །ང་བདག་དུག་གསུམ་ཇི་ལྟར་བསད། །ཅེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ། །ང་བདག་དུག་གསུམ་བསད་ལུགས་ནི། །ཟབ་པར་བཤད་ཀྱིས་འཁོར་རྣམས་ཉོན། །རང་བྱུང་ཡེ་ཤེས་གཤེད་མ་ཡིས། །འགོང་པོ་ང་བདག་དོན་སྙིང་ཕྱུང་། །རང་བྱུང་ཡེ་ཤེས་ཆེན་པོར་གནས། །སྐུ་གསུམ་དཔའ་བོ་ཆེན་པོ་ཡིས། །ཉོན་མོངས་དུག་གསུམ་སྙིང་བཏོན་ནས། །སྐུ་གསུམ་རྒྱལ་བའི་ཕོ་བྲང་གདབ། །གཏི་མུག་བསད་པས་ཆོས་སྐུ་མཐོང་། །ཞེ་སྡང་བསད་པས་ལོངས་སྐུ་མཐོང་། །འདོད་ཆགས་བསད་པས་སྤྲུལ་སྐུ་མཐོང་། །དུག་གསུམ་བསད་པས་སྐུ་གསུམ་མཐོང་། །ཞེས་གསུངས་སོ། །ང་བདག་དུག་གསུམ་བསད་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།དེ་ནས་རང་སྣང་ཁྱེའུ་ཆུང་གིས། །མུ་མཐའ་ཡོངས་གྲོལ་སྟོན་པ་ལ། །སེམས་ཅན་སངས་ནི་ཇི་ལྟར་རྒྱ། །ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །ངན་རྟོག་གྲོལ་ན་སངས་རྒྱས་ཡིན། །ཡིད་འཁྲུལ་སངས་ནས་སངས་རྒྱས་ཡིན། །ཉོན་མོངས་མེད་ན་སངས་རྒྱས་ཡིན། །རྣམ་རྟོག་མེད་ན་སངས་རྒྱས་ཡིན། །དུག་ལྔ་བརླགས་ན་སངས་རྒྱས་ཡིན། །བློ་ལས་གྲོལ་ན་སངས་རྒྱས་ཡིན། །སྣང་གྲོལ་འཛིན་མེད་སངས་རྒྱས་ཡིན། །ཞེ་འདོད་མེད་ན་སངས་རྒྱས་ཡིན། །སྡུག་བསྔལ་མེད་ན་སངས་རྒྱས་ཡིན། །ཞེས་གསུངས་སོ། །སེམས་ཅན་སངས་རྒྱས་ཚུལ་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་རང་སྣང་ཁྱེའུ་ཆུང་གིས། །མུ་མཐའ་ཡོངས་གྲོལ་སྟོན་པ་ལ། །འཁོར་བ་མྱ་ངན་ཇི་ལྟར་འདས། །ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །


DNG003_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བའི་སྡུག་བསྔལ་གྲོལ་ན་མྱ་ངན་འདས། །འཁོར་བའི་འཁྲུལ་སྣང་ཆོད་ན་མྱ་ངན་འདས། །འཁོར་བའི་ཆགས་སྡང་གྲོལ་ན་མྱ་ངན་འདས། །འཁོར་བའི་གཉེན་འདྲེལ་སྤངས་ན་མྱ་ངན་འདས། །འཁོར་བའི་འདམ་ནས་ཐོན་ན་མྱ་ངན་འདས། །གཟུང་འཛིན་སྒྲོག་ལས་གྲོལ་ན་མྱ་ངན་འདས། །འཛིན་རྟོག་རྟོད་ཕུར་ཕྱིན་ན་མྱ་ངན་འདས། །ཉོན་མོངས་རྒྱ་ནས་ཐར་ན་མྱ་ངན་འདས། །རྣམ་རྟོག་དྲ་བ་ཆོད་ན་མྱ་ངན་འདས། །བྱ་བཙལ་ཞེ་འདོད་མེད་ན་མྱ་ངན་འདས། །ཞེས་གསུངས་སོ། །འཁོར་བའི་སྡུག་བསྔལ་ལས་གྲོལ་ནས་མྱ་ངན་ལས་འདས་པར་བསྟན་པའི་ལེའུ་སྟེ་ཉི་ཤུ་པའོ།། །།དེ་ནས་རང་སྣང་ཁྱེའུ་ཆུང་གིས། །མུ་མཐའ་ཡོངས་གྲོལ་སྟོན་པ་ལ། །མཚན་མའི་དངོས་པོ་ཇི་ལྟར་གྲོལ། །ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །མཚན་མའི་དངོས་པོ་གྲོལ་ལུགས་ནི། །སྣང་སྲིད་སྣོད་བཅུད་དངོས་པོ་ཀུན། །རང་སྣང་ཆོས་ཉིད་དབྱིངས་སུ་གྲོལ། །ཡུལ་གྱི་དངོས་པོ་རང་སར་གྲོལ། །སྡུག་བསྔལ་མཚན་མ་དངོས་མེད་གྲོལ། །འཁོར་བ་མྱ་ངན་འདས་པར་གྲོལ། །སྒོ་ལྔ་ཟང་ཐལ་ཆེན་པོར་གྲོལ། །ཡུལ་ཡང་འཛིན་ཞེན་མེད་པར་གྲོལ། །ཐམས་ཅད་རང་བཞིན་དངོས་མེད་གྲོལ། །ཞེས་གསུངས་སོ། །མཚན་མའི་དངོས་པོ་རང་སར་གྲོལ་བར་བསྟན་པའི་ལེའུ་སྟེ་ཉེར་གཅིག་པའོ།། །།དེ་ནས་རང་སྣང་ཁྱེའུ་ཆུང་གིས། །མུ་མཐའ་ཡོངས་གྲོལ་སྟོན་པ་ལ། །མཁའ་འགྲོ་གསང་བའི་བརྡའ་གནད་གང་། །ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །མ་ཧཱ་གུ་རུ་དམ་པ་དང་། ལས་ཀྱི་མཁའ་འགྲོ་མས་གསང་བའི་བརྡའ་ཆོས་གསུངས་པ། སེམས་ཅན་ཐམས་ཅད་ལ་གནོད་ཅིང་འཚེ་ལ་སྡུག་བསྔལ་དུ་འཇུག་པའི་དགྲའི་སྲོག་མ་བཅད་ན་སངས་མི་རྒྱའོ། །ཞེས་གསུངས་སོ། །དེ་ནས་རིན་ཆེན་གསལ་བའི་མཁའ་འགྲོ་མས་ལས་ཀྱི་མཁའ་འགྲོ་མ་ལ་ཞུས་པ། སེམས་ཅན་ཐམས་ཅད་ལ་གནོད་པའི་དགྲ་དེ་ནི་གང་ལགས། དེའི་སྲོག་རྩ་ཇི་ལྟར་བཅད། དགྲ་དེ་


DNG003_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྣམ་གྲངས་དུ་མཆིས། དགྲ་དེའི་རྩ་བ་གང་དུ་མཆིས། དགྲ་དེ་ལ་ཇོ་བོ་ཡོད་དམ་མེད། ཡོད་ན་དགྲ་དེའི་ཇོ་བོ་ཇི་ལྟར་འདུལ། ཞེས་ཞུས་པ་དང་། ལས་ཀྱི་མཁའ་འགྲོ་མས་ལན་གསུངས་པ། སེམས་ཅན་ཐམས་ཅད་ལ་གནོད་ཅིང་འཚེ་བའི་དགྲ་ནི་དུག་ལྔ་ལགས་སོ། །དགྲ་དེའི་གྲངས་ནི་ཉོན་མོངས་བརྒྱད་ཁྲི་བཞི་སྟོང་ལགས་སོ། །དགྲ་དེའི་རྩ་བ་ནི་འགོང་པོ་ང་བདག་ཏུ་འདུས་སོ། །དགྲ་དེའི་ཇོ་བོ་ནི་མ་རིག་པ་ཞེ་འདོད་ལགས་སོ། །དགྲ་དེའི་སྲོག་རྩ་ནི་སྐྱེ་བ་མེད་པར་གཅོད་དོ། །ཞེས་གསུངས་སོ། །ཡང་རིན་ཆེན་མཁའ་འགྲོ་མས་ཞུས་པ། དགྲ་དེའི་སྲོག་རྩ་བཅད་ལགས་སམ། ཞེས་ཞུས་པ་དང་། ལས་ཀྱི་མཁའ་འགྲོ་མས་ལན་གསུངས་པ། དགྲ་དེའི་སྲོག་རྩ་ནི་བཅད་མི་དགོས་ཏེ། དགྲ་དེའི་རྩ་བ་ང་བདག་ཆོད་པས་འཆིའོ། །ཞེས་གསུངས་སོ། །ཡང་རིན་ཆེན་མཁའ་འགྲོ་མས་ཞུས་པ། ང་བདག་སྲོག་རྩ་ཇི་ལྟར་བཅད། །སྲོག་གཅོད་བཤན་པ་གང་གིས་བགྱི། །སྲོག་རྩ་བཅད་ཐབས་ཇི་ལྟར་བཅད། །དགྲ་དེའི་ཇོ་བོ་གང་གིས་འདུལ། །ཞེས་ཞུས་པ་དང་། ལས་ཀྱི་མཁའ་འགྲོ་མས་བཀའ་སྩལ་པ། དགྲ་དེའི་སྲོག་གཅོད་གཤེད་མ་ནི། །རང་བྱུང་རང་གྲོལ་བཤན་པ་ཡིས། །མུ་མཐའ་ཡས་པའི་གྲོགས་བཙལ་ནས། །སྐྱེ་མེད་ཀ་དག་དཔུང་བཅས་ཏེ། །ཤེས་རབ་རལ་གྲིའི་མཚོན་ཁྱེར་ལ། །མུན་སྣང་གཉིས་ཀྱི་སོ་མཚམས་སུ། །འཕྲང་གསུམ་བཅད་ནས་མཁར་སྒོའི་ནང་། །ཡིད་འཁོར་གསུམ་གྱི་ཁང་པ་ན། །དགྲ་བོ་ང་བདག་འདུག་པ་ལ། །རང་བྱུང་ངང་དྭངས་བཤན་པ་ཡིས། །ཤེས་རབ་རལ་གྲིས་སྐེ་བཅད་དེ། །རྡོ་རྗེ་ལྕགས་ཀྱུས་སྙིང་བཏོན་ནས། །མ་རིག་ང་བདག་སྲོག་བཅད་པས། །སྐྱེ་ཤི་རྩད་ཆོད་དབྱིངས་སུ་ཐིམ། །ཀ་དག་འོད་གསལ་ཀློང་ན་གནས། །སྐུ་གསུམ་ལྷུན་གྲུབ་དཔའ་བོ་ཡིས། །ཇོ་བོ་ཞེ་འདོད་སྲོག་རྩ་བཅད། །དེ་ལྟར་དགྲ་རྣམས་སྲོག་ཆོད་པས། །སྐྱེ་མེད་ཀ་དག་ཟང་ཀར་འགྱུར། །བྱར་མེད་བློ་འདས་དབྱིངས་སུ་ཐིམ། །ཆོས་ཅན་རིག་པའི་མུ་མཐའ་གྲོལ། །


DNG003_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཉིད་གཏིང་མཐའ་ཡངས་པ་སྟེ། །མིང་མེད་མཐའ་སྟོངས་ཀློང་དུ་གྱུར། །ཞེས་གསུངས་སོ། །མཁའ་འགྲོ་གསང་བའི་བརྡའ་ཆོས་བསྟན་པའི་ལེའུ་སྟེ་ཉེར་གཉིས་པའོ།། །།དེ་ནས་རང་སྣང་ཁྱེའུ་ཆུང་གིས། །མུ་མཐའ་ཡོངས་གྲོལ་སྟོན་པ་ལ། །ཐེག་པའི་གྲུབ་མཐའ་ཇི་ལྟར་མེད། །ཅེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ། །ཡོངས་རྫོགས་བླ་མེད་དོན་རྟོགས་ན། །ཐེག་པའི་གྲུབ་མཐའ་ཀུན་འདུས་པས། །རིམ་དགུའི་གྲུབ་མཐའ་མེད་པར་བཤད། །དེ་ཡང་ཇི་ལྟར་མེད་ཅེ་ན། །ཉན་ཐོས་དཀའ་ཐུབ་འདུལ་ཁྲིམས་མེད། །རང་རྒྱལ་བརྟུལ་ཞུགས་ཚངས་སྤྱོད་མེད། །བྱང་སེམས་སྡོམ་པ་བསྲུང་བྱ་མེད། །ཀྲི་ཡའི་ཁྲུས་དང་གཙང་སྦྲ་མེད། །ཨུ་པའི་དྲི་མ་དག་བྱེད་མེད། །ཡོ་གའི་སྔགས་དང་ཕྱག་རྒྱ་མེད། །ཡོད་མེད་ཆོ་འཕྲུལ་རྣམ་བཞི་མེད། །མ་ཧཱའི་ཏིང་འཛིན་བསྙེན་བསྒྲུབ་མེད། །ཨ་ནུའི་དབྱིངས་དང་ཡེ་ཤེས་མེད། །ཨ་ཏིའི་སྣང་བ་ཆོས་སྐུ་དང་། །རིག་པ་སངས་རྒྱས་བཏགས་པ་མེད། །ཡོངས་རྫོགས་བླ་མེད་དོན་རྟོགས་ན། །རིམ་དགུའི་གྲུབ་མཐའ་ངང་གིས་མེད། །ཅེས་གསུངས་སོ། །ཡོངས་རྫོགས་བླ་མེད་ཐེག་པའི་དོན་རྟོགས་ན། ཐེག་པའི་གྲུབ་མཐའ་མེད་པར་བསྟན་པའི་ལེའུ་སྟེ་ཉེར་གསུམ་པའོ།། །།དེ་ནས་རང་སྣང་ཁྱེའུ་ཆུང་གིས། །མུ་མཐའ་ཡོངས་གྲོལ་སྟོན་པ་ལ། །ཐོད་རྒལ་ལྟ་སྒོམ་ཇི་ལྟར་ལགས། །ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །བླ་མེད་ཐོད་རྒལ་ལྟ་སྒོམ་ནི། །དོན་ལ་མཚོན་བརྗོད་ལས་འདས་ཀྱང་། །མ་མཚོན་རྟོགས་པར་མི་འགྱུར་བས། །མུན་ཁུང་གསེར་སྒྲོན་ལྟ་བུར་བཤད། །མུ་མཐའ་ཡོངས་གྲོལ་ལྟ་བའི་རྒྱལ་པོ་ཡིན། །མུ་མེད་གཏིང་ཡངས་སྒོམ་པའི་རྒྱལ་པོ་ཡིན། །མཐའ་ཆོད་ཕྱོགས་བྲལ་སྤྱོད་པའི་རྒྱལ་པོ་ཡིན། །རེ་མེད་རང་གནས་འབྲས་བུའི་རྒྱལ་པོ་ཡིན། །ཡོངས་རྫོགས་ཐོད་རྒལ་


DNG003_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

བལྟ་བསྒོམ་ཁྱད་པར་འཕགས། །མུ་མེད་མཐའ་ཡས་ནམ་མཁའ་ཀློང་ཡངས་ལྟ་བ་ཡིན། །ཆོས་ཉིད་གཏིང་གྲོལ་རྒྱ་མཚོ་ཀློང་ཡངས་སྒོམ་པ་ཡིན། །མཐའ་སྟོངས་ཕྱོགས་མེད་གླང་ཆེན་སྨྱོན་པ་སྤྱོད་པ་ཡིན། །སྐུ་གསུམ་ལྷུན་གྲུབ་འབྲས་བུའི་རི་བོ་ཆེན་པོ་ཡིན། །ཞེས་གསུངས་སོ། །ཡོངས་རྫོགས་བླ་མེད་ཀྱི་བལྟ་བསྒོམ་བསྟན་པའི་ལེའུ་སྟེ་ཉེར་བཞི་པའོ།། །།དེ་ནས་རང་སྣང་ཁྱེའུ་ཆུང་གིས། །མུ་མཐའ་ཡོངས་གྲོལ་སྟོན་པ་ལ། །རིག་སེམས་ཡིད་བློའི་རྩད་གཅོད་གང་། །ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །དེ་དག་རྩ་བ་བཅད་ཐབས་ནི། །རིག་མེད་སྐྱེ་མེད་རྟོགས་པ་ཡིས། །རིག་སྐྱེ་འཁྲུལ་པ་རྩད་ནས་བཅད། །རང་བྱུང་ངང་དྭངས་རྟོགས་པ་ཡིས། །སེམས་འཁྲུལ་ཆགས་སྡང་རྩད་ནས་བཅད། །འགྱུ་མེད་ངང་ཐིམ་དོན་རྟོགས་པས། །ཡིད་འགྱུའི་འཛིན་རྟོག་རྩད་ནས་བཅད། །རིག་སེམས་ཡིད་ཀྱི་གཟུང་འཛིན་མེད། །འཁྲུལ་མེད་བློ་ཟད་རྟོག་ཚོགས་མེད། །ཅེས་གསུངས་སོ། །སེམས་རིག་ཡིད་བློ་རྩད་ནས་བཅད་པའི་ཐབས་བསྟན་པའི་ལེའུ་སྟེ་ཉེར་ལྔ་པའོ།། །།དེ་ནས་རང་སྣང་ཁྱེའུ་ཆུང་གིས། །མུ་མཐའ་ཡོངས་གྲོལ་སྟོན་པ་ལ། །སྣང་བ་འགྱུ་བ་ཀུན་གཞི་ཡི། །གྲོལ་ལུགས་ཇི་ལྟར་བསྟན་དུ་གསོལ། །ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །སྣང་འགྱུ་གཞི་གསུམ་གྲོལ་ལུགས་ནི། །སྣང་བ་དགག་བསྒྲུབ་མི་བྱ་རང་སར་ཞོག །སྤང་ལེན་མེད་པས་སྣང་སྲིད་རང་གྲོལ་ལོ། །འགྱུ་བ་གཟུང་འཛིན་མི་བྱ་རིག་པའི་མིང་འཛིན་བཅད། །འགྱུ་མེད་ངང་དྭངས་རིག་པ་རང་སར་གྲོལ། །ཀུན་གཞི་སྐྱེ་མེད་བག་ཆགས་སྒྲིབ་གཡོགས་སངས། །སྙམ་བྱེད་རྩིས་གདབ་མི་བྱ་གཉེན་པོར་གྲོལ། །དེ་གསུམ་ཉིད་ཀྱང་གཅིག་ཏུ་གྲོལ་བ་ནི། །སྣང་བྱེད་འགྱུ་མེད་ཀུན་གཞི་ཆོས་ཉིད་ཀློང་། །ཞེས་གསུངས་སོ། །སྣང་བ་འགྱུ་བ་ཀུན་གཞིའི་གྲོལ་ལུགས་བསྟན་པའི་ལེའུ་སྟེ་ཉེར་དྲུག་པའོ།། །།དེ་ནས་རང་སྣང་ཁྱེའུ་ཆུང་གིས། །མུ་མཐའ་ཡོངས་གྲོལ་སྟོན་པ་ལ། །སེམས་རིག་ཆོས་


DNG003_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཇི་ལྟར་མེད། །ཅེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །ཡོངས་རྫོགས་ཐོད་རྒལ་བླ་མེད་ལ། །སེམས་རིག་ཆོས་རྣམས་ཡོད་མ་ཡིན། །དངོས་གཞི་མེད་པས་སེམས་མེད་དོ། །སྐྱེ་བ་མེད་ལས་རིག་པ་མེད། །ཐ་སྙད་མེད་པས་ཆོས་རྣམས་མེད། །དྲན་སེམས་འཁྲུལ་པ་ཡིན་པས་སེམས་ཀྱི་བཏགས་ཆགས་མེད། །རིག་པ་འཁྲུལ་རྒྱུ་ཡིན་པས་རིག་མེད་སྐྱེ་བ་མེད། །ཐེག་དགུ་བློ་ཆོས་ཡིན་པས་ཆོས་མེད་མུ་མཐའ་གྲོལ། །རིག་སེམས་ཆོས་གསུམ་མེད་པར་བསྟན་པའི་ལེའུ་སྟེ་ཉེར་བདུན་པའོ།། །།དེ་ནས་རང་སྣང་ཁྱེའུ་ཆུང་གིས། །མུ་མཐའ་ཡོངས་གྲོལ་སྟོན་པ་ལ། །ཐེག་འཇུག་བལྟ་བསྒོམ་ཇི་ལྟར་མེད། །ཅེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །ཀུན་རྫོབ་ཐོད་རྒལ་སྒོར་ཞུགས་ནས། །ཐེག་པ་མ་ལུས་ཡོངས་རྫོགས་པས། །ཐེག་དགུའི་སྒོ་རུ་འཇུག་མི་དགོས། །ཐེག་པ་མེད་ཅིང་འཇུག་པ་མེད། །འཇུག་པའི་སྒོ་མེད་ལྟ་སྒོམ་མེད། །དེ་ཡང་ཇི་ལྟར་མེད་ཅེ་ན། །བདེན་པའི་རྟེན་འདྲེལ་བདེན་གཉིས་འཇུག་སྒོ་མེད། །བདག་མེད་རིས་མེད་སྟོང་པ་བཅོ་བརྒྱད་མེད། །ཡུལ་རྡུལ་རྟེན་འདྲེལ་བྱང་སེམས་ལྟ་སྒོམ་མེད། །རིགས་གསུམ་དག་པ་རིགས་ལྔ་སྐྱེ་འགག་མེད། །སྣང་སྟོང་རྒྱུ་འབྲས་ཡེ་སངས་ཞེ་འདོད་མེད། །དེར་ནི་བསྐྱེད་རྫོགས་གསུམ་གྱི་བལྟ་བསྒོམ་མེད། །སྣང་སྟོང་གཉིས་མེད་དབྱིངས་དང་ཡེ་ཤེས་མེད། །ཅེས་གསུངས་སོ། །ཐེག་པའི་འཇུག་པ་ལྟ་སྒོམ་མེད་པར་བསྟན་པའི་ལེའུ་སྟེ་ཉེར་བརྒྱད་པའོ།། །།དེ་ནས་རང་སྣང་ཁྱེའུ་ཆུང་གིས། །མུ་མཐའ་ཡོངས་གྲོལ་སྟོན་པ་ལ། །རྣམ་རྟོག་ཀ་ནས་ཇི་ལྟར་དག །ཅེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ། །ཡོངས་རྫོགས་བླ་མེད་ཐེག་པའི་དོན་རྟོགས་ན། །ཆོས་དབྱིངས་གཏིང་མཐའ་ཡངས་པ་ལ། །རིག་པ་མུ་མཐའ་ཡོངས་གྲོལ་བས། །སྡིག་དང་རྣམ་རྟོག་ཀ་ནས་དག །དཔེར་ན་བསྐལ་པའི་འཐོར་རླུང་གིས། །རྩི་སྦུར་མ་ལུས་ཀུན་


DNG003_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

དག་བཞིན། །གཏིང་ཡངས་མཐའ་གྲོལ་གདམས་པ་ཡིས། །ཐིག་ལེ་མཐོང་རྡོལ་ཡེ་ཤེས་གསལ། །འོད་གསལ་ཆོས་ཉིད་དོན་རྟོགས་པས། །རྣམ་རྟོག་སྒྲིབ་པ་ཀ་ནས་དག །སྐྱེ་མེད་དངོས་མེད་ཅང་མེད་རྟོགས། །མཚམས་མེད་ལྔ་དང་མི་དགེ་དག །སྙིང་པོའི་ཀློང་དུ་རབ་གནས་ནས། །དགེ་སྡིག་གཉིས་ཀ་མ་སྤྱད་པས། །རང་གྲོལ་ངན་སོང་སྐྱེ་ལྷུང་མེད། །གཏིང་ཡངས་སྙིང་པོའི་ཀློང་གནས་པས། །དགེ་སྡིག་གཉིས་ཀ་ཀ་ནས་དག །དཔེར་ན་ཤེལ་སྒོང་དག་པའི་ནང་། །སྨན་དུག་བཟང་ངན་གཉིས་དག་ལྟར། །གཏིང་ཡངས་མུ་མཐའ་ཡོངས་གྲོལ་བས། །རྟོག་སྒྲིབ་རྣམ་སྨིན་ཀ་ནས་དག །ཅེས་གསུངས་སོ། །རྣམ་རྟོག་སྒྲིབ་པ་ཀ་ནས་དག་པར་བསྟན་པའི་ལེའུ་སྟེ་ཉེར་དགུ་པའོ།། །།དེ་ནས་རང་སྣང་ཁྱེའུ་ཆུང་གིས། །མུ་མཐའ་ཡོངས་གྲོལ་སྟོན་པ་ལ། །བག་ཆགས་སྒྲིབ་པ་ཇི་ལྟར་དག །ཅེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །འོད་གསལ་ཀ་དག་དོན་རྟོགས་པས། །བག་ཆགས་སྒྲིབ་པ་གཏན་ནས་སངས། །སེམས་ལ་དངོས་མེད་སྐྱེ་མེད་པས། །བག་ཆགས་སྒྲིབ་པ་གཏན་ནས་སངས། །སྐྱེ་མེད་ཀ་དག་དོན་རྟོགས་པས། །བག་ཆགས་སྒྲིབ་པ་གཏན་ནས་སངས། །གཞི་ལ་བག་ཆགས་སྒྲིབ་མེད་པས། །བག་ཆགས་སྒྲིབ་པ་གཏན་ནས་སངས། །ཐིག་ལེ་ཁོང་གསལ་གཏིང་གསལ་བས། །བག་ཆགས་སྒྲིབ་པ་གཏན་ནས་སངས། །རང་བྱུང་འོད་གསལ་སྒྲིབ་ཆགས་མེད། །ཅེས་གསུངས་སོ། །བག་ཆགས་སྒྲིབ་པ་གཏན་ནས་སངས་པར་བསྟན་པའི་ལེའུ་སྟེ་སུམ་ཅུ་པའོ།། །།དེ་ནས་རང་སྣང་ཁྱེའུ་ཆུང་གིས། །མུ་མཐའ་ཡོངས་གྲོལ་སྟོན་པ་ལ། །གསང་སྔགས་བརྡའ་ཡིས་ཇི་ལྟར་བཤད། །ཅེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །གསང་སྔགས་བརྡའ་ཡི་ཆོས་བཤད་ཀྱི། །འཁོར་རྣམས་མ་ཡེངས་གུས་པར་ཉོན། །ཨ་བྷོ་ཡ་ཧྲི་ཏྲ་དྷ་ཐི་མ་ཨ་ཨ། སྣང་སྲིད་ཐམས་ཅད་ཀྱི་སྤྱི་མེས་སྔོན་ཐོག །ཁྲི་རྗེ་གཙུག་བརྟན་གྲགས་པ་བྱ་བ་དེས། ནམ་


DNG003_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་གོས་སུ་གྱོན། ས་གཞི་གདན་དུ་བཏིང་། སྐར་མདའ་རྐེད་ལ་བཅིངས། ན་བུན་མགོ་ལ་གོན། འཇའ་ཚོན་རྒྱལ་མཚན་བྱས། གཡས་སུ་ཉི་མ་ཐོགས། གཡོན་དུ་ཟླ་བ་ཐོགས། སྣང་སྲིད་ལྟོ་བར་བཅུག རྒྱ་མཚོ་ཁྲོག་ཆོད་བྱས། འགྲོ་དྲུག་གི་སེམས་ཅན་ཐམས་ཅད་ཀྱི་སྙིང་བཏོན་ནས་ཟོས་པས། ལུས་ཐམས་ཅད་བདེ་བས་གང་སྟེ། སེམས་ཅན་ཐམས་ཅད་ཀྱི་སྙིང་བཏོན་ནས་ཟོས་ཀྱང་། དེ་ཐམས་ཅད་མ་ཤི་བར་སངས་རྒྱས་སྐད་དེ། དེ་ངོ་མཚར་ཆེའོ། །དེ་ནས་སྣང་སྲིད་ཐམས་ཅད་ཀྱི་མངའ་བདག་མོ། སེམས་ཅན་ཐམས་ཅད་ཀྱི་འབྱུང་གནས་ཡུམ་སྲིད་པའི་རྒྱལ་མོ། ཀུན་གཞི་ཀུན་གྱི་དབང་མོ་ཆེ་བྱ་བ་དེ་ལས་སྲིད་པའི་སེམས་ཅན་སྐྱེས་ཀྱང་སེམས་ཅན་མང་དུ་མ་སོང་ལ། སྐྱེས་པ་ཐམས་ཅད་ཤི་ཡང་ཉུང་དུ་མ་སོང་སྐད་དེ། དེ་ཡང་འཕེལ་བའམ་འགྲིབ་པའམ། ཟད་པ་དང་། གང་བ་དང་། སྟོངས་པ་ཡང་མེད་དོ། །དེ་ཡང་ཤིན་ཏུ་ངོ་མཚར་ཆེའོ། །ཡང་ནམ་མཁའི་དབྱིངས་སྟོང་གསལ་གྱི་ལྷ་ཁང་ན། དྲི་མེད་རང་གསལ་གྱི་ཁྱེའུ་ཆུང་བྱ་བ་དེས། འོད་ཀྱི་ན་བཟའ་གསོལ། འཇའ་ཚོན་སྣ་ལྔས་སྐ་རགས་བྱས། སྤྲིན་གྱི་ཞྭ་གོན། རླུང་པོ་རྐང་པས་མནན། ཆུ་གཏེར་ཁར་བླུགས། ཕྱག་གཡས་སུ་མཚོན་ཆའི་འཁོར་ལོ་བསྐོར་ནས། འཁྲུལ་པ་གང་སྐྱེས་ཐམས་ཅད་རྩད་ནས་བཅད། གཡོན་དུ་ཉི་ཟླའི་སྒྲོན་མེ་ཐོགས་ནས་མ་རིག་པའི་སྒྲིབ་གཡོགས་བསལ། བདུད་རྩིའི་བཅུད་འཐུངས་པས་སྣང་སྲིད་མཉམ་པར་སྦྱར། ནོར་བུ་རིན་པོ་ཆེ་སྙིང་ལ་བཅངས་པས་དགོས་འདོད་ཐམས་ཅད་རང་ལས་བྱུང་སྐད་དེ་ཤིན་ཏུ་ངོ་མཚར་ཆེའོ། །དེ་ཡང་ནམ་མཁའི་དབྱིངས་སུ་བལྟས། རྒྱ་མཚོའི་ཀློང་དུ་ཉལ། ཉི་ཟླའི་མཚམས་སུ་འདུག །འོད་ལྔའི་ནང་དུ་བཞུགས། རླུང་ནག་འཚུབ་མས་ཁྱེར། རི་ལ་མེ་ཆེན་འབར་བའི་ལེའུ་སྟེ་སོ་གཅིག་པའོ།། །།དེ་ནས་རང་སྣང་ཁྱེའུ་ཆུང་གིས། །མུ་མཐའ་ཡོངས་གྲོལ་སྟོན་པ་ལ། །སངས་རྒྱས་ཐུགས་དགོངས་ཇི་ལྟར་


DNG003_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

འདུས། །ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །སངས་རྒྱས་རྣམས་ཀྱི་ཐུགས་དགོངས་ནི། །ཡོངས་རྫོགས་ཐོད་རྒལ་ཐེག་པར་འདུས། །དེ་ཡང་ཇི་ལྟར་འདུས་ཤེ་ན། །སྔོན་ཐོག་སྤྱི་ཕུད་ཐུགས་དགོངས་ནི། །དངོས་མེད་གཏིང་གསལ་དགོངས་པར་འདུས། །ཡེ་ཐོག་སྟོན་པའི་ཐུགས་དགོངས་ནི། །ཡེངས་མེད་གཏིང་ཡངས་དགོངས་པར་འདུས། །ཐོག་མའི་སངས་རྒྱས་དགོངས་པ་ནི། །གཏིང་མཐའ་ཡས་ལ་མུ་མཐའ་གྲོལ། །དམ་པ་དང་པོའི་ཐུགས་དགོངས་ནི། །སྐྱེ་མེད་ཆོས་ཉིད་དགོངས་པར་འདུས། །རྡོ་རྗེ་སེམས་དཔའི་ཐུགས་དགོངས་ནི། །རང་བྱུང་འོད་གསལ་དགོངས་པར་འདུས། །སེམས་དཔའ་རྡོ་རྗེའི་ཐུགས་དགོངས་ནི། །དབྱིངས་ནས་རིག་ཤར་དབྱིངས་སུ་གྲོལ། །ངང་དྭངས་ཁྱེའུ་ཆུང་ཐུགས་དགོངས་ནི། །ཆོས་ཅན་ཆོས་ཉིད་དབྱིངས་སུ་གྲོལ། །ལོངས་སྐུ་སྣང་མཛད་ཐུགས་དགོངས་ནི། །དངོས་མེད་སྣ་ཚོགས་རང་བཞིན་གྲུབ་པ་མེད། །སྤྲུལ་སྐུ་ཤཱཀ་ཐུབ་ཐུགས་དགོངས་ནི། །རང་བཞིན་ཅིར་ཡང་མ་གྲུབ་པས། །ཆོས་རྣམས་གང་ཡང་ཡོད་མ་ཡིན། །འདས་དུས་སངས་རྒྱས་དགོངས་པ་ཡང་། །རང་བཞིན་སྟོང་ལ་ངོ་བོ་གསལ། །ད་ལྟ་སངས་རྒྱས་དགོངས་པ་ནི། །སྣང་སྲིད་འཁོར་བའི་ཆོས་རྣམས་ཀུན། །རང་སར་གྲོལ་ནས་རང་བཞིན་མེད། །མ་འོངས་སངས་རྒྱས་དགོངས་པ་ནི། །འཁོར་བའི་ཆོས་ནི་འཁྲུལ་པ་སྟེ། །འཁྲུལ་པ་སངས་ནས་ཅིར་མ་གྲུབ། །དུས་གསུམ་སངས་རྒྱས་དགོངས་འདུས་པས། །སྣ་ཚོགས་གསོག་སྣང་ཆོས་རྣམས་ཀུན། །བརྟགས་ན་ཅིར་ཡང་མེད་པ་ལ། །མ་བརྟགས་པ་ན་རང་བཞིན་གསལ། །དགའ་རབ་རྡོ་རྗེའི་ཐུགས་དགོངས་ནི། །མིང་མེད་མཐའ་སྟོངས་ཆོས་རྣམས་མེད། །ཅེས་གསུངས་སོ། །དེ་ནས་ཐུན་མོང་མ་ཡིན་པ། །དེ་ཁོ་ན་ཉིད་སངས་རྒྱས་རྣམས་ཀྱི་དགོངས་པ་འདུས་པ། །སྙིང་པོ་ལྷུན་གྲུབ་བྱང་ཆུབ་སེམས་ཀྱི་དགོངས་པ་ནི། །ཡེ་ནས་དངོས་པོ་མེད་པ་ལ། །རང་གསལ་རང་བཞིན་གྲུབ་པ་མེད། །རྒྱུ་


DNG003_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱེན་གཉེན་པོས་བསྐྱེད་བཤིག་མེད། །དུས་གསུམ་འཕོ་འགྱུར་མེད་པ་ལ། །ཡེ་མེད་ཡེ་དྭངས་ཡེ་གསལ་བ། །རྣམ་པ་ཀུན་ལྡན་གང་ཡང་མེད། །སྐྱེ་བ་མེད་པ་འགག་པ་མེད། །རང་བྱུང་རང་སྣང་འོད་གསལ་བ། །ཅིར་སྣང་ཀ་ནས་དག་པ། གཉིས་མེད་རང་སར་གྲོལ་བ། བྱེད་པ་པོས་མ་བྱས་པ། རྒྱུ་ལས་མ་བྱུང་བ། རྐྱེན་གྱིས་མ་བསྐྱེད་པའོ། །དངོས་མེད་ཅང་མེད་མིང་མེད་པས། །བློ་འདས་ཆོས་མེད་བསྟན་མེད་པ། །ཚིག་མེད་བརྗོད་པའི་ཡུལ་ལས་འདས། །མ་ལུས་སངས་རྒྱས་རྣམས་ཀྱི་ཐུགས་དགོངས་ནི། །བྱས་པས་མ་བྱུང་མ་བྱས་ཀློང་ན་གསལ། །བལྟས་པས་མ་མཐོང་མ་བལྟས་དབྱིངས་ན་གསལ། །བསྒོམས་པས་མ་རྙེད་མ་བསྒོམས་ཀློང་ན་གནས། །བཙལ་བས་མ་རྙེད་མ་བཙལ་རང་ལས་གྲུབ། །སྤྱད་པས་མ་གྲོལ་མ་སྤྱད་ཆགས་སྡང་གྲོལ། །བསྲུངས་པས་མ་ཐུབ་མ་བསྲུངས་ཀ་ནས་དག །སྦྱངས་པས་མ་འབྱངས་མ་སྦྱངས་སྒྲིབ་པ་དག །ཕྱིན་པས་མ་སླེབས་མ་བགྲོད་སྡོད་པའི་ས། །བསྒྲུབས་པས་མ་གྲུབ་སྐུ་གསུམ་རང་ལས་གྲུབ། །ཡང་དག་སངས་རྒྱས་རྣམས་ཀྱི་དགོངས་འདུས་པ། །ཆོས་དབྱིངས་གཏིང་མཐའ་ཡངས་པར་འདུས། །ཆོས་ཅན་མུ་མཐའ་ཡོངས་གྲོལ་ལོ། །སྐྱེ་མེད་ཀ་དག་ཐུགས་དགོངས་འདུས། །དངོས་མེད་ཟང་ཀའི་དགོངས་པར་འདུས། །བྱར་མེད་བློ་འདས་དགོངས་པར་འདུས། །ཅང་མེད་དངོས་མེད་ཐུགས་དགོངས་ཡིན། །གསལ་དྭངས་རིན་ཆེན་མེད་པར་འདུས། །ཅང་མེད་ཅིར་སྣང་དེ་ཉིད་མེད། །གཞི་མེད་སྣ་ཚོགས་རང་བཞིན་མེད། །མེད་པ་རང་བྱུང་ངང་དུ་གྲོལ། །ཅིར་སྣང་རང་སྣང་ཉིད་དུ་གྲོལ། །གཤིས་ཀྱི་འདུག་ཚུལ་སྙིང་པོ་ནི། །མ་བཅོས་རྣལ་མ་རང་འཁྲུངས་སོ། །སོ་མ་གཉུག་མ་ལྷོད་པ་བག་ཡངས་སོ། །བདེ་བར་གཤེགས་པ་ཀུན་གྱི་ཐུགས་དགོངས་ནི། །བྱ་བཙལ་རྩོལ་བས་མི་རྙེད་མ་བྱས་ལྷུན་གྱིས་གྲུབ། །བཙལ་ཞིང་བསྒྲུབས་པས་མི་འགྲུབ་མ་བཙལ་རང་ལ་གྲུབ། །བལྟས་ཤིང་བསྒོམས་པས་མ་མཐོང་མ་བལྟས་རང་ལ་གསལ། །


DNG003_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་ཆོས་བློས་བརྟགས་ཆོས་མིན་བྱར་མེད་བློ་ལས་འདས། །དངོས་རྣམས་མིང་མེད་མཐའ་སྟོངས་བློ་ཡི་ཡུལ་ལས་འདས། །ཞེས་གསུངས་སོ། །སངས་རྒྱས་རྣམས་ཀྱི་ཐུགས་དགོངས་ཇི་ལྟར་འདུས་པར་བསྟན་པའི་ལེའུ་སྟེ་སོ་གཉིས་པའོ།། །།དེ་ནས་རང་སྣང་ཁྱེའུ་ཆུང་གིས། །མུ་མཐའ་ཡོངས་གྲོལ་སྟོན་པ་ལ། །ཆོས་རྣམས་ལ་བཟླ་ཆེན་པོ་བཤད་དུ་གསོལ། །ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །སངས་རྒྱས་དགོངས་པ་ལ་བཟླའི་ཆོས་བཤད་ཀྱི། །འཁོར་རྣམས་ཉོན་ལ་ཐུགས་ཀྱི་དཀྱིལ་དུ་ཆོངས། །ཨ་དྷརྨ་སརྦ་དྷཱ་ཏུ་ཧྲི་ཏྲ་བྷོ་ཡ་ཐུ་ལ་ཨ་ཨ། ཡོངས་རྫོགས་ཐོད་རྒལ་ཆོས་རྣམས་ལ་བཟླ་འདི། །དབང་པོ་ཡང་རབ་ཐོད་རྒལ་ཆིག་ཆོད་ལས། །ཀུན་གྱི་ཐུན་མོང་མིན་ནོ་མ་བསྟན་ཅིག །ཀུན་རྫོབ་ཆོས་རྣམས་བླ་མེད་ལ་བཟླ་ཞིང་། །སྔོན་ཐོག་མིང་མེད་ཆོས་ཉིད་སྐྱེ་མེད་ལ། །རང་བྱུང་རང་རྩལ་ཡན་ལག་རོལ་པའི་ཆོས། །བློས་བརྟགས་འཁྲུལ་པ་ཡིན་པས་ལ་ཟློ་བཤད། །དངོས་མེད་སྐྱེ་མེད་སྙིང་པོའི་གནས་ལུགས་ནི། །ཀུན་གཞི་མེད་ལ་རླུང་དང་འབྱུང་ལྔ་མེད། །སྙིང་པོ་མེད་ལ་འོད་དང་རྩལ་ཟེར་མེད། །ཤེས་མེད་རིག་མེད་མ་རིག་འཁྲུལ་པ་མེད། །རང་བཞིན་ངོ་བོ་ཐུགས་རྗེ་རྣམ་གསུམ་མེད། །ཡིད་འཁོར་གསུམ་མེད་ཡིད་རིག་སེམས་འཁྲུལ་མེད། །འཆར་སྒོ་འཁྲུལ་སྒོ་གཟུགས་ལྔ་སྐུ་ལྔ་མེད། །གསལ་དྭངས་མི་གཡོ་དོན་སྙིང་རྣམ་ལྔ་མེད། །དབང་པོ་རྣམ་ལྔ་རྣམ་ཤེས་ཚོགས་བརྒྱད་མེད། །ཡན་ལག་ལྔ་དང་གཟུགས་རྣམས་དངོས་པོ་མེད། །དུག་གསུམ་དུག་ལྔ་སྒོ་ལྔ་ཡུལ་ལྔ་མེད། །རིག་འཁྲུལ་རྐྱེན་འཁྲུལ་གློ་བུར་འཁྲུལ་པ་མེད། །ཕྱི་ནང་ཡུལ་སེམས་གཟུང་འཛིན་དགག་སྒྲུབ་མེད། །དགྲ་གཉེན་ཆགས་སྡང་བདག་གཞན་ངར་འཛིན་མེད། །སྐུ་དང་ཡེ་ཤེས་མིང་དུ་འདོགས་མཁན་མེད། །ཚིག་དང་ཡི་གེ་དཔེ་དོན་བརྗོད་མཚོན་མེད། །རྒྱུ་འབྲས་དགེ་སྡིག་གཉིས་སུ་སྟོན་མཁན་མེད། །བསྟན་བྱ་སྟོན་བྱེད་རིམ་དགུར་


DNG003_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

འཆད་མཁན་མེད། །ཆོས་རྣམས་ཉན་བཤད་དངོས་མེད་རང་བཞིན་མེད། །རྒྱུ་རྐྱེན་གཉེན་པོ་སྐྱེ་འགག་འགྲོ་འོང་མེད། །འཕོ་འགྱུར་གནས་ས་བྱུང་ས་ལྡོག་ས་མེད། །ཤེས་དང་མ་ཤེས་རྟོགས་དང་མ་རྟོགས་མེད། །སངས་རྒྱས་སེམས་ཅན་འཁོར་བ་མྱང་འདས་མེད། །མ་རིག་ཡེ་ཤེས་རྣམ་རྟོག་ཆོས་ཉིད་མེད། །སྐྱེ་རྒ་ན་འཆི་གནོད་གསུམ་ཆུ་བཞི་མེད། །སྣང་སྲིད་སྣོད་བཅུད་བློས་བརྟགས་ལྟ་སྒོམ་སྤྱོད་འབྲས་གང་ཡང་མེད། །ལྷུན་རྫོགས་ཕྲིན་ལས་རྩོལ་བ་བྱར་མེད་དེ། །བསྲུངས་སྦྱངས་བགྲོད་བསྒྲུབས་སྤངས་ཐོབ་སངས་རྒྱས་མེད། །དགེ་སྡིག་མཐོ་རིས་ངན་སོང་སྐྱེ་གནས་མེད། །མང་ཉུང་འཕེལ་འགྲིབ་སྣང་བརྟགས་བློ་ཆོས་མེད། །ཉམས་རྟགས་དྲོད་དང་ཡོན་ཏན་ས་ཐོབ་མེད། །བདེ་སྡུག་ལོངས་སྤྱོད་ཡིན་མིན་གཉིས་ཀ་མེད། །གཞི་མེད་འཁྲུལ་མེད་བློ་ཡི་ཡུལ་ལས་འདས། །མིང་མེད་བསམ་བརྗོད་དམིགས་པའི་སྤྱོད་ཡུལ་གྲོལ། །ཞེས་གསུངས་སོ། །ཆོས་རྣམས་མ་ལུས་ལ་ཟློ་ཆེན་པོ་འདི། །བློ་དམན་རྣམས་ཀྱིས་སྤྱོད་ཡུལ་མ་ཡིན་པས། །ཡང་རབ་སྐལ་ལྡན་རྣམས་ཀྱི་ཐུགས་ལ་ཆོངས། །རྟོགས་ཤིང་མངོན་དུ་གྱུར་ན་དེ་ལྟར་ཡིན། །སྐལ་མེད་ཐོལ་བྱུང་ཀུན་ལ་བསྟན་གྱུར་ན། །དེ་དོན་མི་རྟོགས་སྐྲག་ཅིང་སྐུར་པ་འདེབས། །ཚིག་ཞེན་ཁ་ཆོས་དོན་མེད་འཆལ་བའི་རྒྱུ། །ཁ་རྫོགས་མིན་ནོ་ཆོས་དང་སེམས་སུ་བསྲེས། །ཡེ་ཤེས་ཡིན་ནོ་སྟོང་གསལ་མཐའ་གྲོལ་འདིས། །བློ་དངོས་འདྲེས་ནས་སྙིང་པོའི་ཀློང་དུ་ཉོལ། །བྱ་བ་ཀུན་ཐོང་རྟོག་མེད་དབྱིངས་སུ་སྡོད། །བྱར་མེད་རྣལ་མ་སྙིང་པོའི་དོན་ལ་ལྟོས། །མེད་པ་མ་ཡིན་གསལ་ཞིང་རིག་པ་ཆེ། །ཡོད་པ་མ་ཡིན་དངོས་པོ་རང་བཞིན་མེད། །གཉིས་པ་མ་ཡིན་གཉིས་མེད་ཆོས་ཉིད་དོན། །གོང་འོག་ཁྱད་པར་བློ་ཡི་ཚིག་དོན་རྩིས། །ཞེས་གསུངས་སོ། །ཆོས་རྣམས་ལ་བཟླ་ཆེན་པོའི་ལེའུ་སྟེ་སོ་གསུམ་པའོ།། །།དེ་ནས་རང་སྣང་ཁྱེའུ་ཆུང་གིས། །


DNG003_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

མུ་མཐའ་ཡོངས་གྲོལ་སྟོན་པ་ལ། །འཁྲུལ་ཆོད་བློ་ཟད་ཕུགས་བསྐྱལ་གང་། །ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །འཁྲུལ་པའི་རྒྱུ་རྐྱེན་རྩད་ནས་ཆོད། །འཁྲུལ་མེད་ཡེ་ཤེས་ཕུགས་སུ་བསྐྱལ། །འཁྲུལ་སྣང་འཁོར་བའི་ཆོས་རྣམས་ལ། །མི་བདེན་རང་བཞིན་སྟོང་པའི་ཕྱིར། །འཁྲུལ་ཆོད་ཆོས་ཉིད་དབྱིངས་སུ་བསྐྱལ། །དེ་མ་ཡིན་ལ་དེར་འཛིན་པའོ། །འཁྲུལ་པའི་ཤེས་པ་རྣམས་ཆོད་ནས། །སྡུག་བསྔལ་སངས་པས་མྱ་ངན་འདས། །བློ་ཟད་ཆོས་ཉིད་མཐའ་རུ་ཕྱིན། །འཁྲུལ་སངས་ཆོས་ཉིད་ཕུགས་སུ་བསྐྱལ། །ཞེས་གསུངས་སོ། །ཆོས་ཉིད་ཕུགས་སུ་བསྐྱལ་བར་བསྟན་པའི་ལེའུ་སྟེ་སོ་བཞི་པའོ།། །།དེ་ནས་རང་སྣང་ཁྱེའུ་ཆུང་གིས། །མུ་མཐའ་ཡོངས་གྲོལ་སྟོན་པ་ལ། །སྲིད་པ་ལྟོ་ནས་ཇི་ལྟར་བསྒྱུར། །ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །སྲིད་པ་ལྟོ་བསྒྱུར་འདི་ལྟར་བསྒྱུར། །ཁྱི་ཕག་བྱ་དང་སྦྲུལ་བསད་ལ། །མེ་འབར་མཚོ་སྐེམ་མུན་པ་བསལ། །སྐྱེ་མེད་ཀ་དག་རྟོགས་པ་ཡིས། །སྲིད་པ་སྐྱེ་བ་མེད་པར་བསྒྱུར། །སྐྱེ་འགག་གཉིས་མེད་རང་གྲོལ་བས། །སྲིད་པ་སངས་རྒྱས་དགོངས་པར་བསྒྱུར། །ཞེས་གསུངས་སོ། །སྲིད་པ་ལྟོ་བསྒྱུར་བསྟན་པའི་ལེའུ་སྟེ་སོ་ལྔ་པའོ།། །།དེ་ནས་རང་སྣང་ཁྱེའུ་ཆུང་གིས། །མུ་མཐའ་ཡོངས་གྲོལ་སྟོན་པ་ལ། །ཉོན་མོངས་དམག་དཔུང་ཇི་ལྟར་བཟློག །ཅེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །མིང་མེད་བློ་ལས་འདས་པ་ཡི། །མུ་མཐའ་ཡོངས་གྲོལ་སྟོན་པ་ལ། །སྐྱེ་མེད་ཀ་དག་དཔའ་བོ་ཡིས། །ཉོན་མོངས་དམག་དཔུང་དགྲ་རྣམས་བཟློག །སྙིང་པོ་ཆོས་སྐུ་སྐྱེ་མེད་ཀྱིས། །ཉོན་མོངས་གཏི་མུག་དམག་དཔུང་བཟློག །རང་བྱུང་འོད་གསལ་ཆེན་པོ་ཡིས། །ཉོན་མོངས་ཞེ་སྡང་དམག་དཔུང་བཟློག །བདེ་ཆེན་འོད་གསལ་ཆེན་པོ་ཡིས། །ཉོན་མོངས་འདོད་ཆགས་དམག་དཔུང་བཟློག །སྤྲོས་གཅོད་རང་གྲོལ་དཔའ་བོ་ཡིས། །


DNG003_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་མོངས་ང་རྒྱལ་དམག་དཔུང་བཟློག །སྟོང་ལས་ཀུན་འབྱུང་རང་གྲོལ་གྱིས། །ཉོན་མོངས་ཕྲག་དོག་དམག་དཔུང་བཟློག །མུ་མཐའ་ཡོངས་གྲོལ་དཔའ་བོ་ཡིས། །ཉོན་མོངས་འཁོར་བའི་དམག་དཔུང་བཟློག །ཅེས་གསུངས་སོ། །ཉོན་མོངས་དམག་དཔུང་བཟློག་པའི་ལེའུ་སྟེ་སོ་དྲུག་པའོ།། །།དེ་ནས་རང་སྣང་ཁྱེའུ་ཆུང་གིས། །མུ་མཐའ་ཡོངས་གྲོལ་སྟོན་པ་ལ། །འཁོར་བ་རུ་ནས་ཇི་ལྟར་བཟློག །སྟོན་པས་འཁོར་ལ་བཀའ་སྩལ་པ། །སྔོན་ཐོག་སྤྱི་ཕུད་དམག་དཔོན་གྱིས། །མུ་མཐའ་ཀུན་གྲོལ་དམག་རྣམས་བསགས། །རང་བྱུང་ངང་དྭངས་དཔའ་བོ་ཡིས། །མ་རིག་འཁོར་བའི་དམག་དཔུང་བཟློག །སྡུག་བསྔལ་རྣམ་དག་དཔའ་བོ་ཡིས། །འཁོར་བའི་སྡུག་བསྔལ་རུ་ནས་བཟློག །སྐྱེ་མེད་ཀ་དག་གདམས་ངག་གིས། །འཁོར་བའི་ཟུག་རྔུ་རུ་ནས་བཟློག །ཅེས་གསུངས་སོ། །འཁོར་བ་རུ་ནས་བཟློག་པའི་ལེའུ་སྟེ་སོ་བདུན་པའོ།། །།དེ་ནས་རང་སྣང་ཁྱེའུ་ཆུང་གིས། །མུ་མཐའ་ཡོངས་གྲོལ་སྟོན་པ་ལ། །འགྲོ་དྲུག་གཡང་ས་ཇི་ལྟར་བཅད། །ཅེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ། །སྙིང་པོའི་རང་བཞིན་སྐྱེ་བ་མེད་པ་ལས། །རྩལ་ཟེར་ཡན་ལག་རྟོག་པའི་ཡིད་གཡོས་པས། །བདག་མེད་མ་རྟོགས་ཞེ་སྡང་དམྱལ་བར་སྐྱེས། །ཞེ་སྡང་རང་གྲོལ་དམྱལ་བའི་གཡང་ས་བཅད། །ཡིད་རྩད་མ་བཅད་སེར་སྣ་ཡི་དྭགས་གནས་སུ་སྐྱེས། །མ་བཅིངས་རང་གྲོལ་ཡི་དྭགས་གཡང་ས་བཅད། །འོད་གསལ་མ་རྟོགས་གཏི་མུག་བྱོལ་སོང་སྐྱེས། །ཡེ་ཤེས་འོད་གསལ་བྱོལ་སོང་གཡང་ས་བཅད། །ང་རྒྱལ་མ་གྲོལ་ལྷ་མིན་གནས་སུ་སྐྱེས། །མཉམ་ཉིད་རང་གྲོལ་ལྷ་མིན་གཡང་ས་བཅད། །ཕྲག་དོག་དག་གིས་མི་ཡི་གནས་སྐྱེས་པས། །དངོས་མེད་རང་གྲོལ་མི་ཡི་གཡང་ས་བཅད། །འདོད་ཆགས་ཞེན་པས་ལྷ་ཡི་གནས་སུ་སྐྱེས། །འགག་མེད་རང་གྲོལ་ལྷ་ཡི་གཡང་ས་བཅད། །སྐྱེ་མེད་སྙིང་པོ་ཆོས་སྐུ་ལྷུན་གྲུབ་པས། །མི་


DNG003_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་མི་འགག་འགྲོ་དྲུག་གཡང་ས་བཅད། །ཅེས་གསུངས་སོ། །འགྲོ་དྲུག་གཡང་ས་བཅད་པའི་ལེའུ་སྟེ་སོ་བརྒྱད་པའོ།། །།དེ་ནས་རང་སྣང་ཁྱེའུ་ཆུང་གིས། །མུ་མཐའ་ཡོངས་གྲོལ་སྟོན་པ་ལ། །ཆོས་རྣམས་གོ་ལྡོག་ཇི་ལྟར་རྟོགས། །ཞེས་གསོལ་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །ཡོངས་རྫོགས་ཐོད་རྒལ་ཐེག་པ་ཡིས། །རྒྱུ་འབྲས་ཆོས་རྣམས་གོ་བཟློག་པས། །བསྐྱེད་བྱ་སྐྱེད་བྱེད་མེད་པར་རྟོགས། །བློས་བརྟགས་ཆོས་རྣམས་གོ་བཟློག་པས། །བྱར་མེད་བློ་འདས་ཆོས་ཉིད་རྟོགས། །ཐེག་དགུའི་ཆོས་རྣམས་གོ་བཟློག་པས། །དགུ་རྩེ་བཅུ་འདས་ཡོངས་རྫོགས་རྟོགས། །གྲུབ་མཐའི་ལྟ་སྒོམ་གོ་བཟློག་པས། །མཚོན་མེད་བལྟར་མེད་བསྒོམ་མེད་རྟོགས། །བྱས་ཆོས་རྩོལ་བསྒྲུབ་གོ་བཟློག་པས། །བྱར་མེད་ཀུན་རྫོགས་བླ་མེད་རྟོགས། །རིག་པ་གོ་བཟློག་རིག་མེད་རྟོགས། །ཡིད་འགྱུ་གོ་བཟློག་འགྱུ་མེད་ངང་དྭངས་རྟོགས། །སེམས་ཀྱི་གོ་བཟློག་སེམས་མེད་ཆགས་མེད་རྟོགས། །སངས་རྒྱས་འདོད་ལས་གོ་བཟློག་སངས་རྒྱས་མེད། །ཅེས་གསུངས་སོ། །ཆོས་རྣམས་གོ་བཟློག་གི་ལེའུ་སྟེ་སོ་དགུ་པའོ།། །།དེ་ནས་རང་སྣང་ཁྱེའུ་ཆུང་གིས། །མུ་མཐའ་ཡོངས་གྲོལ་སྟོན་པ་ལ། །དུག་ལྔ་ཇ་ལོག་ཇི་ལྟར་འགྱུར། །ཞེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ། །དུག་ལྔ་ཇ་ལོག་སྐུ་ལྔར་འགྱུར། །དེ་ཡང་ཇི་ལྟར་འགྱུར་ཞེ་ན། །གཏི་མུག་ཇ་ལོག་ཆོས་སྐུར་འགྱུར། །ཞེ་སྡང་ཇ་ལོག་ལོངས་སྐུར་འགྱུར། །འདོད་ཆགས་ཇ་ལོག་སྤྲུལ་སྐུར་འགྱུར། །ང་རྒྱལ་ཇ་ལོག་མཉམ་པ་ཉིད། །ཕྲག་དོག་ཇ་ལོག་བདེ་ཆེན་སྐུ། །ཞེས་གསུངས་སོ། །དུག་ལྔ་ཇ་ལོག་བསྟན་པའི་ལེའུ་སྟེ་བཞི་བཅུ་པའོ།། །།དེ་ནས་རང་སྣང་ཁྱེའུ་ཆུང་གིས། །མུ་མཐའ་ཡོངས་གྲོལ་སྟོན་པ་ལ། །གསང་སྔགས་བརྡའ་ཡིས་ཇི་ལྟར་བཤད། །ཅེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ། །གསང་སྔགས་བརྡའ་ཡི་ཆོས་བསྟན་གྱིས། །འཁོར་རྣམས་མ་ཡེངས་གུས་པས་ཉོན། །ཨ་བྷོ་ཡ་དྷི་ཏྲ་ཨ་དྷ་ཐིམ་ཡ།


DNG003_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

རི་མཆོག་རྩེ་ནས་བལྟས་པས་སྣང་སྲིད་ཐམས་ཅད་མཐོང་། །ཉི་མ་མཁའ་ལ་ཤར་ན་རྒྱལ་ཁམས་ཐམས་ཅད་གསལ། །ཨ་ཐ་སྡིས་ཐ་མ་ཧཱ་སུ་ཁ་ཧོ། དེ་ནས་མཁའ་འགྲོ་གསང་བའི་བརྡའ་གནང་བཤད། རིན་ཆེན་སྣང་གསལ་འོད་གསལ་གྱི་ལྷ་ཁང་ན། ལྷ་ཀུན་གྱི་སྤྱི་ཕུད་ཉི་ཟླའི་མེ་ལོང་ཅན་བྱ་བ་དང་། ལྷ་མོ་མཛེས་མ་འོད་སྟོང་ལྡན་མ་གཉིས་བཟའ་མི་བྱས་པས། སྣང་སྲིད་འཁོར་འདས་ཐམས་ཅད་ཉིད་དེ་གཉིས་ཀྱིས་བསྐྱེད་དེ་ཤིན་ཏུ་ངོ་མཚར་ཆེ་བའི་བརྡའོ། །ཡང་སྣང་གསལ་རྣམ་དག་འོད་གསལ་གྱི་ལྷ་ཁང་ན། ཁྱེའུ་ཆུང་ཀུན་རིག་འཕྲུལ་གྱི་རྗེ་བཙན་དམ་པ་དང་། ལྷ་མོ་ངང་དྭངས་འོད་གསལ་མཛེས་མ་འོད་འབར་མ་གཉིས་བཟའ་མི་བྱས་ནས་ཡབ་ཡུམ་གཉིས་མེད་སྦྱར་བ་ལས། དེར་ཡུམ་ལ་སྲས་རང་བྱུང་འོད་གསལ་ཀུན་མཁྱེན་བྱ་བ་སྐུ་འཁྲུངས་པས། སྲས་དེས་ཕྱོགས་བཞི་མཚམས་བརྒྱད་དུ་ནམ་མཁའི་མཐའ་འཚོལ་དུ་ཕྱིན་པས། དེ་ལ་མཐའ་དབུས་མ་རྙེད་དེ་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་སྤྲོས་པ་བཅད་ནས། སྙིང་པོའི་ཀློང་དུ་ཐིམ་པའི་མན་ངག་གོ། །ཡང་སྲས་འོད་གསལ་ཀུན་མཁྱེན་སྤྲོས་གཅོད་ཀྱིས། འགྲོ་ས་མ་རྙེད་སླར་ལོག་སྟེ། འཇིགས་པའི་དགྲ་ཡིས་ཁྱེར་གྱིས་དོགས་ནས། རྒྱུ་འགྲུལ་མ་བྱས་པར་ཡིད་བཞིན་གྱི་ནོར་བུ་བཅངས་ནས་ཁྱིམ་དུ་བསྡད་པས། རྩོལ་བསྒྲུབ་ཞེ་འདོད་བྱ་མ་དགོས་པར། དགོས་འདོད་ཐམས་ཅད་ཤུགས་ལས་བྱུང་། བྱ་བ་ཐམས་ཅད་བཏང་བས་ལས་རྣམས་ཟིན། །བྱ་བཙལ་རྩོལ་བསྒྲུབ་མེད་པས་དོན་རྣམས་གྲུབ། །ཡེ་ནས་དོན་རྟོགས་རེ་དོགས་རྩད་ནས་བཅད། །ཐིག་ལེ་ཉག་གཅིག་གསང་བའི་བརྡའ་ཆོས་ཡིན། །ཞེས་གསུངས་སོ། །གསང་སྔགས་བརྡའ་ཆོས་བསྟན་པའི་ལེའུ་སྟེ་ཞེ་གཅིག་པའོ།། །།དེ་ནས་རང་སྣང་ཁྱེའུ་ཆུང་གིས། །མུ་མཐའ་ཡོངས་གྲོལ་སྟོན་པ་ལ། །མཁའ་འགྲོ་གསང་བའི་བརྡའ་ཆོས་གང་། །ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བརྡའ་ཆོས་བཤད་པ།


DNG003_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་བྲག་དགུ་རུམ་བརྩེགས་པའི་ནང་ནས་རིན་པོ་ཆེའི་གཏེར་རྙེད། རྒྱ་མཚོ་ཆེན་པོའི་ནང་ནས་རང་བྱུང་ངང་དྭངས་ཀྱི་ཁྱེའུ་ཆུང་གིས་རིན་པོ་ཆེ་གསེར་གྱི་ཟ་མ་ཏོག་ཏུ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་རྙེད་ནས་ཟ་མ་ཏོག་ཏུ་བཅུག་སྟེ། མི་འགྱུར་མི་ཤིགས་པའི་རྒྱས་བཏབ་པའི་མན་ངག་གོ། །རིན་པོ་ཆེ་སྣ་ཚོགས་འོད་འབར་བའི་ནང་ན། རིན་པོ་ཆེ་གཅིག་གཞན་བས་ཁྱད་དུ་འཕགས་ཏེ། དེ་ནི་སྙིང་པོ་མཆོག་གི་རིན་པོ་ཆེ་བྱ་བ་ཡིན་པས། རིན་པོ་ཆེ་སྣ་ཚོགས་དེ་ལས་འབྱུང་སྟེ། དེའི་ཁོང་དུ་འདུས་པའི་མན་ངག་གོ། །མཁའ་འགྲོ་གསང་བའི་བརྡའི་ཆོས་བསྟན་པའི་ལེའུ་སྟེ་ཞེ་གཉིས་པའོ།། །།དེ་ནས་རང་སྣང་ཁྱེའུ་ཆུང་གིས། །མུ་མཐའ་ཡོངས་གྲོལ་སྟོན་པ་ལ། །ཐེག་པའི་ཁྱད་པར་ཇི་ལྟར་དབྱེ། །ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །ཡོངས་རྫོགས་ཐོད་རྒལ་ཐེག་པ་རུ། །ཐེག་པ་མ་ལུས་ཀུན་འདུས་ཀྱང་། །འོན་ཀྱང་རེ་ཞིག་དབྱེ་བ་བསྟན། །སེམས་ཅན་བློ་ཡི་ཁྱད་པར་ལས། །རབ་འབྲིང་གསུམ་དུ་ཕྱེ་བས་དགུ། །ཡང་རབ་ཐོད་རྒལ་ཆིག་ཆོད་དོ། །ཐེག་པའི་སྒོ་ཡང་དེ་ལྟར་བསྟན། །ཉན་ཐོས་རང་རྒྱལ་བྱང་སེམས་གསུམ། །ཐ་མའི་རབ་འབྲིང་གསུམ་ལ་བསྟན། །ཀྲི་ཡ་ཨུ་པ་ཡོ་ག་གསུམ། །འབྲིང་གི་རབ་འབྲིང་གསུམ་ལ་བསྟན། །མ་ཧཱ་ཨ་ནུ་ཨ་ཏི་གསུམ། །རབ་ཀྱི་རབ་འབྲིང་རྣམས་ལ་བསྟན། །ཡང་རབ་སྤྱི་ཏི་ཡོ་ག་སྟེ། །ཐོད་རྒལ་ཡང་ཏི་ཡོ་གའོ། །དབང་པོ་ཆིག་ཆོད་སྐལ་ལྡན་ལ། །ཡོངས་རྫོགས་ཐོད་རྒལ་བླ་མེད་བསྟན། །ཞེས་གསུངས་སོ། །ཐེག་པའི་དབྱེ་བ་བསྟན་པའི་ལེའུ་སྟེ་ཞེ་གསུམ་པའོ།། །།དེ་ནས་རང་སྣང་ཁྱེའུ་ཆུང་གིས། །མུ་མཐའ་ཡོངས་གྲོལ་སྟོན་པ་ལ། །དེ་རྣམས་བལྟ་བ་ཇི་ལྟར་འདོད། །ཅེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །ཐེག་པའི་རིམ་པའི་ལྟ་བ་ནི། །བཤད་ཀྱིས་མ་ཡེངས་གུས་པར་ཉོན། །ཉན་ཐོས་ལྟ་བ་རྣམ་པ་གཉིས། །བྱེ་བྲག་སྨྲ་བའི་འདོད་ལུགས་ནི། །སྙིང་པོའི་རང་བཞིན་མ་


DNG003_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པས། །ཡན་ལག་བུ་ཡི་སྣང་ཚུལ་ལ། །ཕྱི་ཡུལ་རང་སེམས་སོ་སོར་མཐོང་། །མཐོང་བས་སྐོར་བ་བར་དང་བཅས། །གཡག་རྔ་ནེ་སིང་ལྟ་བུར་སྣང་། །མདོ་སྡེ་པ་ཡི་ལྟ་བ་ནི། །རྡུལ་ཕྲན་མི་སྣང་གོང་བུ་གཅིག་ཏུ་སྣང་། །བདག་མེད་ཚོགས་དྲུག་ཡུལ་འགེགས་འདོད། །དེ་ལས་རང་རྒྱལ་ལྟ་བས་འཕགས་པ་ནི། །ཕྱི་ཡི་ཡུལ་ཡང་འབྱུང་བ་རྟེན་འདྲེལ་སྣང་། །ནང་གི་སེམས་ཀྱང་རྟེན་འདྲེལ་རིམ་པ་སྣང་། །བདག་མེད་རྣམ་པར་རིག་པ་མེད་པར་འདོད། །དེ་ལས་འཕགས་པ་སེམས་ཙམ་བལྟ་བ་ནི། །རྣམ་བདེན་རྣམ་མེད་རྣམ་པ་གཉིས་སུ་འདོད། །རྣམ་པར་བདེན་པར་འདོད་པའི་ལྟ་བ་ནི། །རང་གི་རིག་པ་རྒྱུན་གྱི་རྟག་པ་ལ། །རྟོག་པ་སྐད་ཅིག་རྒྱུན་གྱིས་མི་རྟག་པ། །རྣམ་པར་སྣང་བ་སེམས་སུ་བདེན་པར་འདོད། །མཐའ་བཞི་བྲལ་བས་གཟུང་འཛིན་གཉིས་སྟོང་པ། །རང་རིག་གསལ་བའི་ངོ་བོ་གཅིག་ཏུ་འདོད། །སེམས་ཙམ་རྣམ་མེད་པ་ཡི་ལྟ་བ་ནི། །ཕྱི་རོལ་སེམས་ཀྱི་རྣམ་པ་མེད་པ་རུ། །རང་རིག་བདེན་པའི་ཤེས་པའི་ངོ་བོ་ལ། །དེ་ཉིད་གཞན་དུ་བརྗོད་དུ་མེད་པ་ལ། །གསལ་བྱེད་གཞན་ལ་ལྟོས་པ་ཅི་ཡང་མེད། །དབུ་མ་པ་ཡི་ལྟ་བའི་འདོད་ལུགས་ནི། །སྒྱུ་མར་འདོད་དང་རྣལ་འབྱོར་སྤྱོད་པའོ། །སྒྱུ་མ་ལྟ་བུའི་ལྟ་བའི་འདོད་ལུགས་ནི། །སྣང་སེམས་ཐམས་ཅད་སྒྱུ་མ་ཙམ་དུ་འདོད། །ཕྱི་ཡི་དངོས་པོ་དག་ནི་ཐམས་ཅད་ཀྱང་། །ཡང་དག་པར་ན་རང་བཞིན་གྲུབ་པ་མེད། །འཇིག་རྟེན་འཁོར་བའི་སྡུག་བསྔལ་སྒྱུ་མ་འདྲ། །བརྟགས་ཤིང་དཔྱད་ན་རང་བཞིན་གྲུབ་པ་མེད། །ཡོད་དང་མེད་དང་དབུས་དང་དབུས་མ་ཡིན། །ཀུན་རྫོབ་ཆུ་ཡི་ཟླ་བ་ཙམ་དུ་འདོད། །རྣལ་འབྱོར་སྤྱོད་པ་ལྟ་བའི་འདོད་ལུགས་ནི། །ཆོས་རྣམས་ཐམས་ཅད་མཉམ་པ་ཉིད་དུ་འདོད། །ཡོད་མེད་དངོས་པོ་ཅི་ཡང་འདོད་པ་མེད། །སྟོང་པ་བཅོ་བརྒྱད་ནམ་མཁའ་དང་འདྲའོ། །ཞེས་གསུངས་སོ། །མཚན་ཉིད་སྡེ་གསུམ་གྱི་ལྟ་བ་བསྟན་པའི་ལེའུ་སྟེ་ཞེ་བཞི་པའོ།། །།དེ་ནས་རང་སྣང་ཁྱེའུ་ཆུང་གིས། །མུ་མཐའ་


DNG003_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་གྲོལ་སྟོན་པ་ལ། །ཀྲི་ཡོག་སྡེ་གསུམ་བལྟ་བ་གང་། །ཞེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ། །ཀྲི་ཡའི་བལྟ་བའི་འདོད་ལུགས་ནི། །དངོས་མེད་སྙིང་པོ་མ་རྟོགས་པས། །ཡན་ལག་འདི་ལྟར་སྣང་བ་ཀུན། །རིགས་གསུམ་ལྷ་ཡི་དཀྱིལ་འཁོར་འདོད། །དོན་དམ་དག་པ་རྣམ་གསུམ་བལྟ། །སྙིང་པོ་མ་རྟོགས་ཨུ་པ་ཡས། །ཀུན་རྫོབ་རིགས་བཞིའི་ལྷ་དལ་ལ། །དོན་དམ་སྐྱེ་འགག་མེད་པར་འདོད། །ཡོ་གའི་བལྟ་བའི་འདོད་ལུགས་ནི། །སྙིང་པོ་མ་རྟོགས་ཡན་ལག་ལས། །ཀུན་རྫོབ་རིགས་ལྔའི་དཀྱིལ་འཁོར་འདོད། །རྣམ་ཤེས་ལྔ་པོ་རིགས་ལྔར་འདོད། །དོན་དམ་སྐྱེ་འགག་མེད་པར་འདོད། །ཅེས་གསུངས་སོ། །ཀྲི་ཡོག་སྡེ་གསུམ་གྱི་ལྟ་བ་བསྟན་པའི་ལེའུ་སྟེ་ཞེ་ལྔ་པའོ།། །།དེ་ནས་རང་སྣང་ཁྱེའུ་ཆུང་གིས། །མུ་མཐའ་ཡོངས་གྲོལ་སྟོན་པ་ལ། །དེ་ལས་ཁྱད་པར་འཕགས་པ་ཡི། །བསྐྱེད་རྫོགས་གསུམ་གྱི་ལྟ་བ་གང་། །ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །མ་ཧཱ་ཡོ་གའི་ལྟ་བའི་འདོད་ལུགས་ནི། །ཆོས་ཉིད་གཏིང་ཡངས་མ་རྟོགས་པས། །ཕྱི་ནང་སྣོད་བཅུད་སྣང་བ་ལ། །ཐབས་དང་ཤེས་རབ་གཉིས་སུ་འདོད། །སྣོད་ནི་ཐབས་ཀྱི་རང་བཞིན་ལ། །བཅུད་ནི་ཤེས་རབ་རང་བཞིན་ཏེ། །ཐབས་ནི་བསྐྱེད་པའི་རིམ་པའི་ཚུལ། །ཤེས་རབ་རྫོགས་པའི་རིམ་པའི་ཚུལ། །ཐབས་ཤེས་གཉིས་སུ་སྣང་བ་ཡང་། །སྣང་སྟོང་གཉིས་མེད་ཟུང་འཇུག་འདོད། །དེ་ལས་འཕགས་པའི་ཨ་ནུ་ནི། །སྙིང་པོ་ཀ་དག་མ་རྟོགས་པས། །རྩལ་གྱི་ཡན་ལག་ཤེས་པ་ལ། །ཕྱི་ཡུལ་ཆོས་དབྱིངས་གཞལ་ཡས་ཁང་། །ནང་བཅུད་ལྷ་ཡི་རང་བཞིན་ཏེ། །དེ་ལྟར་གཉིས་ཀྱི་རང་བཞིན་ལས། །དབྱིངས་དང་ཡེ་ཤེས་གཉིས་མེད་འདོད། །དེ་ལས་ཁྱད་འཕགས་ཨ་ཏི་ནི། །གཏིང་ཡངས་མཐའ་གྲོལ་མ་རྟོགས་པས། །ཕྱི་ཡུལ་ཆོས་ཉིད་སྣང་བར་འདོད། །སྐྱེ་འགག་འགྱུར་བའི་ཤེས་པ་ལ། །རིག་པ་རང་བྱུང་ཆོས་སྐུར་འདོད། །བལྟ་


DNG003_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡེ་སངས་རྒྱས་པར་འདོད། །ཡིད་སྨོན་ཁ་ལ་འབྱམས་པ་ལས། །དེ་ལྟར་མངོན་དུ་གྱུར་པ་ཉུང་། །ཞེས་གསུངས་སོ། །མ་ཧཱ་ཨ་ནུ་ཨ་ཏི་གསུམ་གྱི་ལྟ་བ་བསྟན་པའི་ལེའུ་སྟེ་ཞེ་དྲུག་པའོ།། །།དེ་ནས་རང་སྣང་ཁྱེའུ་ཆུང་གིས། །མུ་མཐའ་ཡོངས་གྲོལ་སྟོན་པ་ལ། །ཐེག་པ་དགུ་ལས་ཁྱད་འཕགས་པའི། །སྤྱི་ཏིའི་ལྟ་བ་ཇི་ལྟར་ལགས། །ཞེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ། །ཀ་དག་ཀུན་གྲོལ་བལྟ་བའོ། །དཔེར་ན་ནམ་མཁའ་ཉི་ཟླ་ཤེལ་སྒོང་དུ། །སྣང་སྲིད་བཟང་ངན་སྨན་དང་དུག་བསྟན་ཡང་། །སྣང་བ་མ་འགགས་རང་བཞིན་ཀ་ནས་དག །དེ་བཞིན་སྙིང་པོ་ཀ་དག་ལ། །སྐུ་ལྔས་མ་བརྒྱན་དུག་ལྔས་མ་གོས་སོ། །མ་རིག་ཡེ་ཤེས་སྐྱོན་ཡོན་ཀ་ནས་དག །ཅེས་གསུངས་སོ། །སྤྱི་ཏི་ཡོ་གའི་ལྟ་བ་བསྟན་པའི་ལེའུ་སྟེ་ཞེ་བདུན་པའོ།། །།དེ་ནས་རང་སྣང་ཁྱེའུ་ཆུང་གིས། །མུ་མཐའ་ཡོངས་གྲོལ་སྟོན་པ་ལ། །དེ་ལས་ཁྱད་པར་འཕགས་པ་ཡི། །ཡང་ཏིའི་ལྟ་སྒོམ་ཇི་ལྟར་ལགས། །ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །ཡང་ཏི་ཡོ་གའི་ལྟ་བ་ནི། །ཆོས་ཉིད་གཏིང་མཐའ་མེད་པ་ལ། །ཆོས་ཅན་ཐམས་ཅད་མུ་མཐའ་གྲོལ། །དཔེར་ན་ནམ་མཁའ་མཐའ་མེད་ལས། །ཆོ་འཕྲུལ་སྣ་ཚོགས་མཁའ་དབྱིངས་གྲོལ། །དེ་བཞིན་གཏིང་མཐའ་ཡངས་པ་ལ། །ཡན་ལག་རིག་པས་བརྟགས་སྣང་ཀུན། །རིག་པ་མུ་མཐའ་དབྱིངས་སུ་གྲོལ། །ཞེས་གསུངས་སོ། །ཡང་ཏིའི་ལྟ་བ་བསྟན་པའི་ལེའུ་སྟེ་ཞེ་བརྒྱད་པའོ།། །།དེ་ནས་རང་སྣང་ཁྱེའུ་ཆུང་གིས། །མུ་མཐའ་ཡོངས་གྲོལ་སྟོན་པ་ལ། །ཡོངས་རྫོགས་ཐོད་རྒལ་ལྟ་བ་གང་། །ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །སྙིང་པོ་མིང་མེད་མཐའ་གྲོལ་འདི། །བློ་ཡི་སྤྱོད་ཡུལ་མ་ཡིན་ཏེ། །འོན་ཀྱང་རེ་ཞིག་འཁོར་ལ་བསྟན། །དངོས་མེད་ཀུན་ལྡན་གང་མ་གྲུབ། །རིག་མེད་རིག་སྐྱེད་སྐྱེ་མེད་གྲོལ། །ཡེ་མེད་


DNG003_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་འབྱུང་མུ་མཐའ་གྲོལ། །རང་བཞིན་ལྷུན་གྱིས་གྲུབ་པ་ལ། །ངོ་བོ་གསལ་ལ་དག་པར་གྲོལ། །དེ་རྣམས་བསྡུས་པའི་བལྟ་བ་ནི། །དབྱིངས་ལས་ཀུན་ཤར་དབྱིངས་སུ་གྲོལ། །དཔེར་ན་ནོར་བུ་རིན་ཆེན་བཞིན། །ཀུན་འབྱུང་གང་ཡང་གྲུབ་པ་མེད། །འགག་མེད་ཆོ་འཕྲུལ་རང་སར་གྲོལ། །ཞེས་གསུངས་སོ། །ཡོངས་རྫོགས་ཐོད་རྒལ་གྱི་ལྟ་བ་བསྟན་པའི་ལེའུ་སྟེ་ཞེ་དགུ་པའོ།། །།དེ་ནས་རང་སྣང་ཁྱེའུ་ཆུང་གིས། །མུ་མཐའ་ཡོངས་གྲོལ་སྟོན་པ་ལ། །ཆོས་རྣམས་ཟད་སར་ཇི་ལྟར་བསྐྱལ། །ཞེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ། །ཆོས་རྣམས་ཟད་སར་བསྐྱལ་བ་ནི། །དངོས་མེད་ཡེ་གདངས་མིང་མེད་བློ་ལས་འདས། །རང་བཞིན་ཅང་མེད་ངོ་བོ་གསལ་ཞིང་ཁྱབ། །བློས་བརྟགས་ཆོས་མེད་འཁྲུལ་ཆོས་ཟད་སར་བསྐྱལ། །སེམས་མེད་རིག་མེད་ཆོས་རྣམས་ཟད་སར་བསྐྱལ། །ཅང་མེད་དངོས་མེད་བརྗོད་པའི་ཡུལ་ལས་འདས། །ཞེས་གསུངས་སོ། །ཆོས་མེད་ཟད་སར་བསྐྱལ་བའི་ལེའུ་སྟེ་ལྔ་བཅུ་པའོ།། །།དེ་ནས་རང་སྣང་ཁྱེའུ་ཆུང་གིས། །མུ་མཐའ་ཡོངས་གྲོལ་སྟོན་པ་ལ། །གསང་བའི་བརྡའ་ཆོས་བཤད་དུ་གསོལ། །ཞེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ། །ཨ་ཐ་དྷ་ཏི་ས་ཡ་ཨ། རྒྱ་གར་ཡུལ་གྱི་ཕ་རོལ། སྲིན་པོའི་ཡུལ་གྱི་ཚུར་རོལ་ན། དེ་གཉིས་ཀྱི་སོ་མཚམས་སུ་གྱད་རྩལ་པོ་ཆེ་གཅིག་གིས་སྲིན་པོ་ཐམས་ཅད་ཀྱི་སྐེ་བཅད། སྙིང་བཏོན་ནས་ཟོས་པས་རྒྱལ་ཁམས་ཐམས་ཅད་བདེ་བ་ལ་བཀོད་དེ། རྒྱ་གར་ཡུལ་དུ་ཆོས་ཀྱི་ཆར་ཆེན་པོ་བབས་པའི་མན་ངག་གོ། །ཡང་དུར་ཁྲོད་བསིལ་བའི་ཚལ་ཞེས་བྱ་བ་ན། དུར་ཁྲོད་ཀྱི་བདག་མོ་འབར་མའི་གདོང་ཅན་མ་བྱ་བས་སེམས་ཅན་ཐམས་ཅད་ཀྱི་སྲོག་བཅད། ཤ་ཟོས་ཁྲག་འཐུངས་པས་འགྲོ་དྲུག་གཡང་ས་བཅད་དེ། སེམས་ཅན་ཐམས་ཅད་མི་མངོན་པའི་དབྱིངས་སུ་ཡེ་སངས་རྒྱས་པའི་མན་ངག་གོ། །ཡང་རིན་པོ་ཆེ་སྟོང་ལྡན་གྱི་ལྷ་ཁང་ན། ཤེལ་སྐུ་ཀ་དག་ཆེན་པོ་ལ་འཁོར་གཟིའི་


DNG003_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་དང་ནོར་བུ་ཆུ་དྭངས་ཀྱིས་བསྐོར་བའི་མན་ངག་གོ། །ཞེས་གསུངས་སོ། །མཁའ་འགྲོ་མ་གསང་བའི་བརྡའ་ཆོས་བསྟན་པའི་ལེའུ་སྟེ་ང་གཅིག་པའོ།། །།དེ་ནས་རང་སྣང་ཁྱེའུ་ཆུང་གིས། །མུ་མཐའ་ཡོངས་གྲོལ་སྟོན་པ་ལ། །སངས་རྒྱས་ངོ་སྤྲོད་བརྡའ་ཆོས་གང་། །ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །འཁོར་རྣམས་མ་ཡེངས་གུས་པར་ཉོན། །མཁའ་དབྱིངས་གསལ་བའི་འོད་ཁང་ནས། །འོད་ལྔ་ཟང་ཐལ་དུ་ཤར་བའི་མན་ངག་གོ། །ཡང་མུན་པའི་སྨག་རུམ་འཐིབས་པའི་ནང་དུ་གསལ་བའི་ཉི་མ་ཤར་བས་མུན་པ་ཀ་ནས་དག་སྟེ། སྣང་སྲིད་ཐམས་ཅད་གསལ་བའི་འོད་ཀྱིས་ཁེངས་པའི་མན་ངག་གོ། །ཡང་སྣང་བའི་འོད་ཀྱི་ལྷ་ཁང་དང་། མུན་པའི་འཁོར་ཁང་ཆེན་མོ་གཉིས་ཡོད་དེ། མུན་པའི་སྒོ་བཅད་ནས། ཡེ་ཤེས་ཀྱི་འཆར་སྒོ་ཕྱེ་བས། སྣང་སྲིད་འཁོར་འདས་ཀྱི་སེམས་ཅན་ཐམས་ཅད་སངས་རྒྱས་སུ་གཟིགས་ཤིང་མཐོང་བའི་མན་ངག་གོ། །ངོ་སྤྲོད་བརྡའ་ཆོས་བསྟན་པའི་ལེའུ་སྟེ་ང་གཉིས་པའོ།། །།དེ་ནས་རང་སྣང་ཁྱེའུ་ཆུང་གིས། །མུ་མཐའ་ཡོངས་གྲོལ་སྟོན་པ་ལ། །མན་ངག་བརྡའ་ཆོས་བསྟན་དུ་གསོལ། །ཞེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ། །དུག་མ་ཟོས་ན་ནད་མི་ལྡང་། །སྨན་ཟོས་ནད་དང་བྲལ་ཞིང་བདེ་དང་ལྡན། །རིན་ཆེན་གསལ་བའི་ཁྱེའུ་ཆུང་ཁྱོད། །གར་ཡང་མ་འགྲོ་དབྱིངས་སུ་ཉོལ། །ཅི་ཡང་མ་བྱེད་དལ་བར་སྡོད། །སྨྲ་བརྗོད་མ་མང་ཁ་རོག་འདུག །གྲོགས་ལ་མ་དགའ་གཅིག་པུར་བསྒོམ། །འཁོར་ཡུལ་ཆགས་སྡང་འདྲེལ་བ་ཆོད། །ཟང་ཟིང་འདུ་འཛི་ཀུན་བོར་ལ། །གཅིག་པུར་རི་ཁྲོད་དགོན་པར་སྒོམས། །བསྒོམ་དུ་མེད་ཀྱིས་སྐྱེ་མེད་དབྱིངས་སུ་ཉོལ། །སྤྱད་དུ་མེད་ཀྱིས་རྣལ་མར་དལ་པར་འདུག །བསྒྲུབ་ཏུ་མེད་ཀྱིས་སྙིང་པོའི་ཀློང་དུ་ཉོལ། །རྒྱུ་འབྲས་འདས་སོ་ལ་བཟླའི་ཆོས་མིན་བྱར་མེད་བློ་འདས་ལྟོས། །སྣང་བརྟགས་ཆོས་མིན་མིང་མེད་བརྗོད་


DNG003_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ལྟོས། །ཆོས་ཉིད་གཞི་ལ་འཁྲུལ་པ་མི་མངའ་བར། །ང་བདག་མ་རིག་དབང་གིས་འཁྲུལ་སྣང་ཡང་། །གདམས་པའི་གནད་ནི་གང་སྐྱེས་དུས་སུ་སངས། །སྣང་སྲིད་ཅིར་སྣང་རང་སར་གྲོལ་བ་ན། །དེ་ཀ་ཉིད་ལ་གནས་ལུགས་རྟོགས་ཞེས་བཤད། །ཅེས་གསུངས་སོ། །མན་ངག་གནད་ཀྱི་བརྡའ་ཆོས་རིན་ཆེན་སྤུངས་པ་ཞེས་བྱ་བའི་ལེའུ་སྟེ་ང་གསུམ་པའོ།། །།དེ་ནས་རང་སྣང་ཁྱེའུ་ཆུང་གིས། །མུ་མཐའ་ཡོངས་གྲོལ་སྟོན་པ་ལ། །སྡིག་བཅུ་མ་སྤངས་གྲོལ་ལགས་སམ། །ཞེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ། །ཡོངས་རྫོགས་ཐོད་རྒལ་བླ་མེད་ཀྱི། །ཆོས་ཉིད་གཏིང་མཐའ་ཡངས་པ་ལ། །རིག་པ་མཐའ་གྲོལ་དོན་རྟོགས་པས། །སྡིག་བཅུ་མ་སྤངས་གྲོལ་བར་བཤད། །དེ་ཡང་ཇི་ལྟར་གྲོལ་ཞེ་ན། །སྡིག་པ་ཆེད་དུ་མི་སྤྱོད་ཅིང་། །བློ་ཡི་རྟོགས་པས་མ་སྤངས་པས། །ཐར་པ་ཆེན་པོ་འཐོབ་པར་བཤད། །ཅེས་གསུངས་སོ། །མི་དགེ་སྤྱོད་སྤང་མེད་པར་གྲོལ་བར་བསྟན་པའི་ལེའུ་སྟེ་ང་བཞི་པའོ།། །།དེ་ནས་རང་སྣང་ཁྱེའུ་ཆུང་གིས། །མུ་མཐའ་ཡོངས་གྲོལ་སྟོན་པ་ལ། །དགེ་བཅུ་མ་སྤྱད་བྱང་ཆུབ་གང་། །ཞེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ། །ཡོངས་རྫོགས་བླ་མེད་སྒོར་ཞུགས་ནས། །ཆོས་དབྱིངས་ཀློང་ན་གནས་པའི་ཕྱིར། །དགེ་བཅུ་མ་སྤྱད་བྱང་ཆུབ་ཐོབ། །དེ་ཡང་ཇི་ལྟར་ཐོབ་ཅེ་ན། །ཆོས་ཉིད་གཏིང་ཡངས་སྙིང་པོའི་ཀློང་གནས་པས། །མཚན་བཅས་ཆོས་སྤྱོད་དང་དུ་མི་ལེན་ཏེ། །བྱམས་པ་ཕྱོགས་མེད་སྙིང་རྗེ་ཀུན་ལ་ཁྱབ། །ཀ་དག་མུ་མཐའ་ཡོངས་གྲོལ་དོན་རྟོགས་པས། །དགེ་བཅུ་མ་སྤྱད་བྱང་ཆུབ་ཐོབ། །ཅེས་གསུངས་སོ། །དགེ་བཅུ་མ་སྤྱད་པར་སངས་རྒྱས་པར་བསྟན་པའི་ལེའུ་སྟེ་ང་ལྔ་པའོ།། །།དེ་ནས་རང་སྣང་ཁྱེའུ་ཆུང་གིས། །མུ་མཐའ་ཡོངས་གྲོལ་སྟོན་པ་ལ། །ཚོགས་བསགས་སྨོན་ལམ་མ་བཏབ་པར། །ཡང་དག་སངས་རྒྱས་ཇི་ལྟར་ཐོབ། །ཅེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་


DNG003_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

པ། །ཡོངས་རྫོགས་ཐོད་རྒལ་དོན་རྟོགས་ན། །ཚོགས་གཉིས་མ་བསགས་ཡོངས་སུ་རྫོགས། །སྒྲིབ་གཉིས་མ་སྦྱངས་ཀ་ནས་དག །སྨོན་ལམ་མ་བཏབ་རང་ལས་གྲུབ། །སྙིང་པོ་ཆོས་སྐུར་རང་སངས་རྒྱས། །ཐེག་པ་འོག་མའི་ཆོས་བཞིན་དུ། །བྱ་རྩོལ་ཚོགས་གསོག་སྨོན་མེད་པར། །ཡང་དག་དོན་གྱི་སངས་རྒྱས་འཐོབ། །ཅེས་གསུངས་སོ། །སྨོན་ལམ་ཚོགས་རྫོགས་ལ་མི་ལྟོས་པར་སངས་རྒྱས་འཐོབ་པར་བསྟན་པའི་ལེའུ་སྟེ་ང་དྲུག་པའོ།། །།དེ་ནས་རང་སྣང་ཁྱེའུ་ཆུང་གིས། །མུ་མཐའ་ཡོངས་གྲོལ་སྟོན་པ་ལ། །དཀྱིལ་འཁོར་ལྷ་དབང་མ་བསྐུར་བར། །དངོས་གྲུབ་འབྲས་བུ་ཇི་ལྟར་ཐོབ། །ཅེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ། །ཡོངས་རྫོགས་ཐོད་རྒལ་བླ་མེད་འདིར། །ཆོས་ཉིད་གཏིང་མཐའ་ཡངས་པའི་དཀྱིལ་འཁོར་ན། །རང་བྱུང་འོད་གསལ་ཆེན་པོའི་ལྷ་ཚོགས་བཞུགས། །ཆོས་ཅན་སྣང་སྲིད་འཁོར་བའི་སེམས་ཅན་ལ། །རིག་པ་མུ་མཐའ་ཡོངས་གྲོལ་དབང་བསྐུར་བས། །དངོས་གྲུབ་འབྲས་བུ་སྙིང་པོ་ཆོས་སྐུ་ཐོབ། །ཐེག་པ་འོག་མའི་དཀྱིལ་འཁོར་མ་ཞུགས་ཤིང་། །བྱ་བཙལ་ཞེ་འདོད་དབང་བསྐུར་མ་བྱས་པར། །སྙིང་པོ་ཀློང་ཡངས་ཆོས་ཉིད་དཀྱིལ་འཁོར་ན། །སྔོན་ཐོག་སྤྱི་ཕུད་ལྷ་ཆེན་ཀ་དག་བཞུགས། །བུམ་སོགས་རྫས་ཀྱི་དབང་རྣམས་མ་བསྐུར་བར། །རང་དབང་རང་གིས་ཐོབ་པའི་དབང་གི་མཆོག །དངོས་མེད་དངོས་གྲུབ་ཐོབ་པ་ངོ་མཚར་ཆེ། །ཐོག་མའི་སོ་མ་སྙིང་པོའི་དོན་རྟོགས་པས། །ཞེ་འདོད་དབང་བསྐུར་མ་བྱས་ཆོས་སྐུ་ཐོབ། །ཅེས་གསུངས་སོ། །དཀྱིལ་འཁོར་ལྷ་དབང་མ་བསྐུར་བར་སྙིང་པོ་ཆོས་སྐུ་འཕོ་འགྱུར་མེད་པའི་འབྲས་བུ་ཐོབ་པར་བསྟན་པའི་ལེའུ་སྟེ་ང་བདུན་པའོ།། །།དེ་ནས་རང་སྣང་ཁྱེའུ་ཆུང་གིས། །མུ་མཐའ་ཡོངས་གྲོལ་སྟོན་པ་ལ། །རྒྱུད་ཀྱི་རྒྱལ་པོས་ཇི་ལྟར་བཏུལ། །ཞེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ། །རྒྱུད་རྗེ་ཡོངས་རྫོགས་ཐོད་རྒལ་གྱིས། །རྒྱུད་གཞན་ཕལ་པ་ཐམས་ཅད་བཏུལ། །རྒྱུད་ཀྱི་རྒྱལ་པོ་སྤྱི་ཕུད་ཀྱིས། །


DNG003_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་འོག་བྱ་རྩོལ་རྒྱུད་རྣམས་བཏུལ། །ཉི་ཟླའི་སྙིང་པོའི་རྒྱུད་ཆེན་གྱིས། །གཏི་མུག་མ་རིག་རྒྱུད་ཀུན་བཏུལ། །འོད་འབར་ཀ་དག་རྒྱུད་ཆེན་གྱིས། །བག་ཆགས་སྒྲིབ་གཡོགས་རྒྱུད་རྣམས་བཏུལ། །བདུད་རྩིའི་རྒྱ་མཚོའི་རྒྱུད་ཆེན་གྱིས། །ཉོན་མོངས་དུག་ལྔའི་རྒྱུད་རྣམས་བཏུལ། །ཞེས་གསུངས་སོ། །རྒྱུད་ཀྱི་རྒྱལ་པོས་གཞན་བཏུལ་ཚུལ་བསྟན་པའི་ལེའུ་སྟེ་ང་བརྒྱད་པའོ།། །།དེ་ནས་རང་སྣང་ཁྱེའུ་ཆུང་གིས། །མུ་མཐའ་ཡོངས་གྲོལ་སྟོན་པ་ལ། །ཉི་ཟླའི་སྙིང་པོའི་དཔེ་དོན་གང་། །ཞེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ། །ཉི་ཟླའི་སྙིང་པོའི་དཔེ་དོན་ནི། །དཔེར་ན་ཉི་མའི་སྙིང་པོ་ཡིས། །སྙིང་པོས་གར་ཁྱབ་འོད་ཀྱིས་ཁྱབ། །རི་རབ་རྩེ་ནས་ཉི་ཤར་བས། །འོད་ཀྱིས་རྒྱལ་ཁམས་སྣང་སྲིད་གསལ། །གསལ་ཡང་སྙིང་པོ་བལྟར་མི་མཐོང་། །དེ་བཞིན་སེམས་ཅན་ཐམས་ཅད་ལ། །སེམས་ཀྱིས་གར་ཁྱབ་སྙིང་པོས་ཁྱབ། །སྙིང་པོས་གར་ཁྱབ་སེམས་ཀྱིས་ཁྱབ། །འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། །རང་རིག་འོད་གསལ་ཀུན་ལྡན་ཡང་། །སེམས་ཀྱི་རང་བཞིན་མཐོང་བ་མེད། །རྟོགས་མ་རྟོགས་ཀྱིས་འཁོར་འདས་གཉིས། །མ་རིག་ཡེ་ཤེས་རྣམ་གཉིས་ལས། །རང་བྱུང་ཡེ་ཤེས་འོད་གསལ་བ། །མ་རིག་གཏི་མུག་ཀ་ནས་དག །བག་ཆགས་སྒྲིབ་གཡོགས་མུན་པ་སངས། །ཀ་དག་སངས་རྒྱས་དགོངས་པར་གནས། །སྣང་གསལ་ཉི་མའི་དཔེ་ཡིས་ནི། །གསལ་དག་མ་རིག་མུན་པ་སངས། །སྐྱེ་མེད་ཀ་དག་དགོངས་པའོ། །འོད་གསལ་ཟླ་བའི་རྒྱུད་ཀྱིས་ནི། །གཏི་མུག་བག་ཆགས་སྒྲིབ་པ་སངས། །རང་བྱུང་འོད་གསལ་དགོངས་པར་གནས། །ཉི་ཟླའི་སྙིང་པོ་མཐོང་བ་མེད་པ་བཞིན། །སེམས་ཉིད་སྙིང་པོ་དངོས་པོ་མེད། །དངོས་པོར་མ་མཐོང་བ་ནི་འོད་གསལ་ཉིད། །ཅེས་གསུངས་སོ། །ཉི་ཟླའི་དཔེ་དོན་བསྟན་པའི་ལེའུ་སྟེ་ང་དགུ་པའོ།། །།དེ་ནས་རང་སྣང་ཁྱེའུ་ཆུང་གིས། །མུ་མཐའ་ཡོངས་གྲོལ་སྟོན་པ་ལ། །བདུད་རྩིའི་རྒྱ་མཚོའི་དཔེས་མཚོན་


DNG003_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། །གདམས་ངག་བདུད་རྩི་ཇི་ལྟར་འཁྱིལ། །ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །ཐོག་མར་རྒྱ་མཚོའི་དཔེས་བསྟན་ནས། །དཔེར་ན་བདུད་རྩིའི་མཚོར་འཁྱིལ་པས། །གང་འཐུངས་ནད་འཐོན་སྐྱེ་འཆི་མེད། །དེ་ལྟར་གྱུར་ཀྱང་རྒྱ་མཚོ་དེ། །ཟད་པ་མེད་ཅིང་འཕེལ་བ་མེད། །གང་བ་མེད་ཅིང་སྟོངས་པ་མེད། །ཅེས་གསུངས་སོ། །དཔེ་བསྟན་པའི་ལེའུ་སྟེ་དྲུག་ཅུ་པའོ།། །།དེ་ནས་རང་སྣང་ཁྱེའུ་ཆུང་གིས། །མུ་མཐའ་ཡོངས་གྲོལ་སྟོན་པ་ལ། །དཔེ་མཚོན་བདུད་རྩི་ཇི་ལྟར་འཁྱིལ། །ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །ཡོངས་རྫོགས་ཐོད་རྒལ་བདུད་རྩིའི་རྒྱ་མཚོ་ནི། །ཆོས་ཉིད་གཏིང་མཐའ་མེད་པའི་རྒྱ་མཚོ་དང་། །ཆོས་ཅན་རིག་པ་མཐའ་གྲོལ་བདུད་རྩི་དང་། །གྲོལ་གྱུར་མངོན་སངས་རྒྱས་པའི་བདུད་རྩིའོ། །དེ་ལས་དང་པོ་ཆོས་ཉིད་ཁ་གཏིང་དུ། །མེད་པའི་གདམས་ངག་བདུད་རྩི་བསྟན་པ་ནི། །སྣ་ཚོགས་སྣང་བ་ཡེ་མེད་དངོས་པོ་མེད། །དངོས་མེད་གཏིང་གསལ་ཁ་གསལ་སྙིང་པོར་གྲོལ། །གཤིས་ཀྱི་གནས་ལུགས་ངེས་པ་དམ་པ་ཉིད། །ཐོག་མཐའི་མིང་མེད་བློ་འདས་མཚོན་དུ་མེད། །སྐྱེ་མེད་ཀ་དག་དངོས་མེད་ཟང་ཀ་མ། །སོ་མ་རྣལ་མ་རང་འཁྲུངས་ཡེ་ནས་གྲུབ། །ཡེ་སངས་ཡེ་རྒྱས་ཡེ་ཟིན་ཡེ་རྫོགས་སོ། །མིང་མེད་མཐའ་སྟོངས་བསམ་བརྗོད་དམིགས་ཡུལ་གྲོལ། །ཞེས་གསུངས་སོ། །ཆོས་ཉིད་མུ་མེད་གཏིང་ཡངས་རྒྱ་མཚོར་འཁྱིལ་པའི་ལེའུ་སྟེ་རེ་གཅིག་པའོ།། །།དེ་ནས་རང་སྣང་ཁྱེའུ་ཆུང་གིས། །མུ་མཐའ་ཡོངས་གྲོལ་སྟོན་པ་ལ། །ཆོས་ཅན་རིག་པའི་མུ་མཐའ་རྣམས། །ཡོངས་གྲོལ་བདུད་རྩིའི་རྒྱ་མཚོ་གང་། །ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །དུག་གསུམ་འཕྲང་སྒུགས་དགྲ་གསུམ་བསད། །སྣང་གསུམ་གཏན་དབབ་རྫོང་གསུམ་བཞུགས། །དགྲ་གསུམ་བསད་ལ་མཁར་གསུམ་བསྲུང་། །ཕུང་མཁན་སྙིང་བཏོན་ནམ་མཁར་ཉལ། །


DNG003_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དོན་གདམས་ངག་བསྟན་པ་ནི། །འཕྲང་གསུམ་འདས་དང་ད་ལྟ་ཕྱིས། །དགྲ་གསུམ་ཡིད་རིག་སེམས་དང་གསུམ། །རང་སྣང་རང་བཞིན་རང་གྲོལ་གསུམ། །སྐྱེ་མེད་ཀ་དག་བློ་འདས་རྫོང་། །དུག་གསུམ་དགྲ་བསད་སྐུ་གསུམ་མཁར། །ང་བདག་ཞེ་འདོད་གཟུང་འཛིན་ཐོན། །ཆོས་ཉིད་སྐྱེ་མེད་དབྱིངས་སུ་ཉོལ། །ཞེས་གསུངས་སོ། །དེ་ནས་ཆོས་ཅན་གྲོལ་ལུགས་ནི། །སྣང་སྲིད་སྣ་ཚོགས་སྣང་བ་ལ། །གནས་ལུགས་སྣང་ཚུལ་གྲོལ་ལུགས་གསུམ། །གནས་ལུགས་སྙིང་པོ་གཏིང་མཐའ་ཡས། །སྐྱེ་མེད་ཀ་དག་བློ་ལས་འདས། །སྣང་ཚུལ་ཡུལ་གྱི་སྣང་ལུགས་ལ། །རང་སྣང་རང་བཞིན་རང་སོ་གསུམ། །དེ་ལ་གྲོལ་ལུགས་རྣམ་གསུམ་སྟེ། །རང་སྣང་མ་བཀག་མ་ཞེན་རང་སར་གྲོལ། །སྣང་བའི་རང་བཞིན་དབྱེ་བསལ་མེད་པར་གྲོལ། །རིག་པ་སེམས་ཀྱི་གྲོལ་ལུགས་བསྟན་པ་ནི། །རིག་མེད་འགྱུ་མེད་སེམས་མེད་ངང་དྭངས་སུ། །ཞེན་འཛིན་ཐམས་ཅད་ཀ་དག་ཆེན་པོར་གྲོལ། །ཆོས་ཅན་གྲོལ་བས་ཆོས་ཉིད་བདུད་རྩིར་འཁྱིལ། །སྣང་བ་རང་སར་གྲོལ་ན་ཆོས་དབྱིངས་བདུད་རྩིར་འཁྱིལ། །ཀུན་གཞི་རང་སར་གྲོལ་ན་བདུད་རྩི་རྒྱ་མཚོར་འཁྱིལ། །ཞེས་གསུངས་སོ། །ཆོས་ཅན་རིག་པ་གྲོལ་བའི་བདུད་རྩི་རྒྱ་མཚོར་འཁྱིལ་པའི་ལེའུ་སྟེ་རེ་གཉིས་པའོ།། །།དེ་ནས་རང་སྣང་ཁྱེའུ་ཆུང་གིས། །མུ་མཐའ་ཡོངས་གྲོལ་སྟོན་པ་ལ། །ཀློང་གྱུར་མངོན་སངས་རྒྱས་པ་ཡི། །མན་ངག་བདུད་རྩི་ཇི་ལྟར་འཁྱིལ། །ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །སྐྱེ་མེད་ཆོས་ཉིད་བདུད་རྩི་ཡིས། །སྙིང་པོ་ཀློང་གྱུར་མངོན་སངས་རྒྱས། །གཏིང་ཡངས་དོན་གྱི་བདུད་རྩི་ཡིས། །ཆོས་ཉིད་དབྱིངས་སུ་མངོན་སངས་རྒྱས། །སྙིང་པོ་ཀ་དག་བདུད་རྩི་ཡིས། །སྐྱེ་མེད་ཆོས་སྐུར་མངོན་སངས་རྒྱས། །སྔོན་ནས་རང་སེམས་སངས་རྒྱས་ཏེ། །དོན་རྟོགས་ཀློང་གྱུར་མངོན་སངས་རྒྱས། །ཞེས་གསུངས་སོ། །སྙིང་པོ་ཀློང་གྱུར་མངོན་སངས་རྒྱས་པའི་བདུད་རྩི་རྒྱ་མཚོར་འཁྱིལ་པའི་ལེའུ་སྟེ་རེ་གསུམ་པའོ།། །།དེ་ནས་


DNG003_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

རང་སྣང་ཁྱེའུ་ཆུང་གིས། །མུ་མཐའ་ཡོངས་གྲོལ་སྟོན་པ་ལ། །ཡོངས་རྫོགས་བླ་མེད་ཐེག་པ་ལ། །གོལ་ས་སྒྲིབ་པ་ཡོད་དམ་མེད། །ཅེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །ཡོངས་རྫོགས་ཐོད་རྒལ་དོན་རྟོགས་ན། །གོལ་ས་སྒྲིབ་པ་འཁྲུལ་ས་མེད། །ཅེས་གསུངས་སོ། །དེ་ནས་འཁོར་གྱིས་ཡང་ཞུས་པ། །དེ་མ་རྟོགས་ཀྱི་གང་ཟག་ལ། །གོལ་ས་སྒྲིབ་པ་ཇི་ལྟར་འབྱུང་། །ཞེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ། །གོལ་སྒྲིབ་ཉིས་སྟོང་ལྔ་བརྒྱ་ཡོད། །དབྱེ་བས་མི་རྫོགས་གསུམ་དུ་འདུས། །སྙིང་པོ་མ་རྟོགས་གོལ་ས་འབྱུང་། །ཀ་དག་མ་རྟོགས་སྒྲིབ་པས་བསྒྲིབས། །རང་ས་མ་ཟིན་འགྲོ་དྲུག་འཁྲུལ། །ཞེས་གསུངས་སོ། །ཡོངས་རྫོགས་མ་རྟོགས་པ་ལ་གོལ་སྒྲིབ་བསྟན་པའི་ལེའུ་སྟེ་རེ་བཞི་པའོ།། །།དེ་ནས་རང་སྣང་ཁྱེའུ་ཆུང་གིས། །མུ་མཐའ་ཡོངས་གྲོལ་སྟོན་པ་ལ། །གོལ་སྒྲིབ་འཁྲུལ་པ་ཇི་ལྟར་བཅད། །ཅེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །ཆོས་ཉིད་སྙིང་པོ་མ་རྟོགས་གོལ་ས་ཡང་། །གཏིང་ཡངས་སྙིང་པོའི་དོན་རྟོགས་གོལ་ས་མེད། །ཀ་དག་མ་རྟོགས་སྒྲིབ་པས་བསྒྲིབས་པ་ཡང་། །འོད་གསལ་དངོས་པོའི་དོན་རྟོགས་བསྒྲིབ་ཏུ་མེད། །སྒོ་ལྔ་འཁྱམས་པས་འཁྲུལ་པར་གྱུར་པ་ཡང་། །སྐྱེ་མེད་རང་ས་ཟིན་པས་འཁྲུལ་རྩད་ཆོད། །ལྟ་བ་སྤྱོད་པ་ལ་སོགས་གོལ་ས་ཡང་། །ཞེ་འདོད་ཕྱོགས་དང་བྲལ་ས་མེད། །ཉན་ཐོས་ལ་སོགས་ཐེག་པའི་སྒྲིབ་པ་ཡང་། །ཀུན་རྫོགས་བླ་མེད་དོན་རྟོགས་སྒྲིབ་པ་མེད། །འགྲོ་དྲུག་འཁོར་བར་འཁྱམས་པའི་འཁྲུལ་པ་ཡང་། །མཐའ་གྲོལ་ཡིད་རྩད་ཆོད་པས་འཁྲུལ་དུ་མེད། །ཅེས་གསུངས་སོ། །གོལ་སྒྲིབ་འཁྲུལ་པ་རྩད་ནས་བཅད་པའི་ལེའུ་སྟེ་རེ་ལྔ་པའོ།། །།དེ་ནས་རང་སྣང་ཁྱེའུ་ཆུང་གིས། །མུ་མཐའ་ཡོངས་གྲོལ་སྟོན་པ་ལ། །གོལ་སྒྲིབ་ལ་བཟླ་ཇི་ལྟར་ལགས། །ཞེས་ཞུས་པ་དང་། སྟོན་


DNG003_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

པས་འཁོར་ལ་བཀའ་སྩལ་པ། །ཡོངས་རྫོགས་ཐོད་རྒལ་དོན་རྟོགས་ནས། །ཐེག་པ་མེད་པར་ལ་བཟླའོ། །རང་བྱུང་འོད་གསལ་དོན་རྟོགས་ན། །སྒྲིབ་པ་མེད་པར་ལ་བཟླའོ། །རང་སེམས་ཆོས་སྐུའི་དོན་རྟོགས་ན། །འཁོར་བ་མེད་པར་ལ་བཟླའོ། །དུག་གསུམ་ཀ་དག་དོན་རྟོགས་ན། །སྐུ་གསུམ་མེད་པར་ལ་བཟླའོ། །དུག་ལྔ་ཀ་དག་དོན་རྟོགས་ན། །སྐུ་ལྔ་མེད་པར་ལ་བཟླའོ། །གཏིང་ཡངས་མུ་མཐའ་ཀུན་གྲོལ་དོན་རྟོགས་ན། །མིང་མེད་བློ་འདས་ཆེན་པོར་ལ་བཟླའོ། །རང་སེམས་དངོས་མེད་ཆོས་སྐུའི་དོན་རྟོགས་ན། །ཐམས་ཅད་སངས་རྒྱས་ཞིང་ཁམས་ལ་བཟླའོ། །ཐེག་ཆོས་གྲུབ་མཐའ་མེད་པའི་དོན་རྟོགས་ན། །བསམ་བརྗོད་དམིགས་ལས་འདས་པར་ལ་བཟླའོ། །སེམས་རིག་སངས་རྒྱས་མེད་པའི་དོན་རྟོགས་ན། །བློ་ཟད་འཁྲུལ་སངས་ཞེ་འདོད་མེད་པར་ལ་བཟླའོ། །ལྟ་སྒོམ་སྤྱོད་འབྲས་ཉམས་རྟགས་མེད་རྟོགས་ན། །བྱར་མེད་རྩོལ་བྲལ་བློ་ལས་འདས་པར་ལ་བཟླའོ། །ཞེས་གསུངས་སོ། །གོལ་སྒྲིབ་འཁྲུལ་གསུམ་ལ་བཟླ་བའི་ལེའུ་སྟེ་རེ་དྲུག་པའོ།། །།དེ་ནས་རང་སྣང་ཁྱེའུ་ཆུང་གིས། །མུ་མཐའ་ཡོངས་གྲོལ་སྟོན་པ་ལ། །སྙིང་པོ་དོན་གྱི་གདམས་པ་གང་། །ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །སྙིང་པོ་དོན་གྱི་གདམས་ངག་འདི། །སྐལ་ལྡན་ཐུགས་ཀྱི་དཀྱིལ་དུ་ཆོངས། །སྙིང་པོ་མིང་མེད་གཏིང་མཐའ་ཡས། །རིག་པ་སྐྱེ་མེད་མུ་མཐའ་གྲོལ། །དངོས་མེད་བློ་ཡི་སྤྱོད་ཡུལ་གྲོལ། །ཞེས་གསུངས་སོ། །སྙིང་པོ་དོན་གྱི་གདམས་པ་བསྟན་པའི་ལེའུ་སྟེ་རེ་བདུན་པའོ།། །།དེ་ནས་རང་སྣང་ཁྱེའུ་ཆུང་གིས། །མུ་མཐའ་ཡོངས་གྲོལ་སྟོན་པ་ལ། །བདུད་རྩི་བཅུད་ཐིགས་རྣམ་གསུམ་གང་། །ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །བདུད་རྩི་བཅུད་ཐིགས་རྣམ་གསུམ་འདི། །གསལ་དག་རིན་ཆེན་ཐུགས་ལ་ཆོངས། །ཆོས་ཉིད་རྒྱ་མཚོའི་ཀློང་ནས་མ་སྤངས་བདུད་རྩིའི་བཅུད་ཐིགས་པས། །


DNG003_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ལས་ཉིད་ཤར་དེ་ཉིད་ངང་དུ་གྲོལ། །སྐྱེ་མེད་རྒྱ་མཚོའི་ཀློང་ནས་བདུད་རྩིའི་བཅུད་ཐིགས་པས། །རང་བྱུང་འོད་གསལ་ཆེན་པོའི་དབྱིངས་སུ་གྲོལ། །ཆོས་ཅན་སྣང་སྲིད་ཀློང་ནས་བདུད་རྩིའི་བཅུད་ཐིགས་པས། །རང་སྣང་མ་སྤངས་མ་བསྒྲུབས་རྩིས་གདབ་མེད་པར་གྲོལ། །ཅེས་གསུངས་སོ། །བདུད་རྩི་བཅུད་ཐིགས་རྣམ་གསུམ་སྐལ་ལྡན་ལ་ཐིགས་པའི་ལེའུ་སྟེ་རེ་བརྒྱད་པའོ།། །།དེ་ནས་རང་སྣང་ཁྱེའུ་ཆུང་གིས། །མུ་མཐའ་ཡོངས་གྲོལ་སྟོན་པ་ལ། །གདམས་ངག་རྩ་བའི་བཀའ་ཆོམས་རྣམ་གསུམ་གང་། །ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །གལ་འགེགས་འཕྲང་གནད་རྩ་བའི་ཆོས་གསུམ་ནི། །ང་ཡི་རང་བཞིན་ཅི་ཡང་མེད་པ་ལ། །ང་ཡི་མཚན་ཉིད་སྣ་ཚོགས་ཅིར་ཡང་ཤར། །ཤར་ཙམ་ཉིད་ནས་སྣ་ཚོགས་རང་སར་གྲོལ། །ཞེས་གསུངས་སོ། །གདམས་ངག་རྩ་བའི་ཚོམ་བུ་བསྟན་པའི་ལེའུ་སྟེ་རེ་དགུ་པའོ།། །།དེ་ནས་རང་སྣང་ཁྱེའུ་ཆུང་གིས། །མུ་མཐའ་ཡོངས་གྲོལ་སྟོན་པ་ལ། །རྒོལ་རྩོད་སྨྲ་བའི་མཚོན་ཆ་གང་། །ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །སྨྲ་བའི་མཚོན་ཆ་བསྐོར་བའི་ཐབས། །འཁོར་རྣམས་མ་ཡེངས་གུས་པར་ཉོན། །སྤྱི་ཏི་ཡང་ཏི་ཐོད་རྒལ་ལ། །ཐེག་པ་དགུ་ཡི་དགྲ་འོང་སྟེ། །ཨ་ཏི་ནས་ནི་ཉན་ཐོས་པར། །གྲུབ་མཐའ་མི་མཐུན་དགུ་ཡོད་པས། །དེ་དགུའི་རྒོལ་བ་བྱུང་བ་ན། །དང་པོ་བཙན་པོ་མཁར་དུ་བརྩིགས། །དེ་ནས་མི་འཇིགས་དཔའ་བོ་བཏང་། །དེ་ནས་སྲ་བའི་གོ་ཆ་བཙལ། །དེ་ནས་རྣོ་བའི་མཚོན་ཐོགས་ལ། །ཐེག་དགུ་རྩོད་པ་འདྲི་བའི་ཚེ། །ཕ་རོལ་གྲུབ་མཐའ་ཆབ་ཏུ་གཞུག །དཔའ་བོ་བཞག་ལ་བཙན་མཁར་བསྲུངས། །ཕར་ལ་སེམས་འདི་ཡོད་མེད་འདྲི། །ཡོད་ན་གཟུགས་དང་ཁ་དོག་འདྲི། །གལ་ཏེ་མེད་དོ་ཞེས་སྨྲ་ན། །སེམས་འདི་ཡེ་ནས་མེད་པ་ན། །སྣ་ཚོགས་སེམས་ཅན་གང་ལས་བྱུང་། །ཡིད་ལས་བྱུང་ཞེས་ཟེར་བ་ན། །མེད་པར་འདོད་པ་ཉམས་པར་འགྱུར། །


DNG003_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་འགྱུར་མེད་འཕྲང་དུ་གཞུག །ཅེས་གསུངས་སོ། །མཚོན་ཆའི་འཁོར་ལོ་དང་པོ་བསྟན་པའི་ལེའུ་སྟེ་བདུན་ཅུ་པའོ།། །།དེ་ནས་རང་སྣང་ཁྱེའུ་ཆུང་གིས། །མུ་མཐའ་ཡོངས་གྲོལ་སྟོན་པ་ལ། །འཁོར་ལོ་གཉིས་པ་ཇི་ལྟར་བསྐོར། །ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །ང་ཡི་ངོ་བོ་དངོས་པོ་མེད་པ་ལ། །དངོས་མེད་དེ་ཉིད་སྣ་ཚོགས་རང་སྣང་བའོ། །འདི་ལྟར་ཕྱི་ནང་སྣང་བའི་ཡུལ་རྣམས་ལ། །ཉན་ཐོས་རྡུལ་ཕྲན་གཟུང་འཛིན་གཉིས་སུ་བལྟ། །རང་རྒྱལ་རྟེན་འདྲེལ་རྣམ་པར་རིག་བྱེད་ཀྱིས། །རྡུལ་མེད་ཡུལ་གྱི་རྣམ་པ་སྟོང་པར་འདོད། །དེ་ལས་སེམས་ཙམ་པ་ཡིས་བརྒལ་བ་ནི། །ཡུལ་སྣང་ཐམས་ཅད་སེམས་ལས་མ་འདས་ཏེ། །དཀར་དམར་སྣ་ཚོགས་སེམས་ཉིད་སྣང་བའོ། །དེ་ལ་དབུ་མ་པ་ཡིས་བརྒལ་བ་ནི། །ཕྱི་རོལ་སྣ་ཚོགས་སེམས་ལས་ལོག་པ་སྟེ། །འཁོར་བའི་རང་བཞིན་སྒྱུ་མའི་དཔེ་བརྒྱད་བལྟ། །དེ་ལ་བརྟགས་ཤིང་དཔྱད་པས་རང་བཞིན་མེད། །དེ་ལ་ཕྱི་རྒྱུད་ཀྲི་ཡ་པས་བརྒལ་བ། །ཕྱི་རོལ་སྣང་བ་རིགས་གསུམ་ལྷ་རུ་སྣང་། །དོན་དམ་རང་བཞིན་དག་པ་ཆོས་ཉིད་བལྟ། །ཨུ་པ་ཡ་ལ་ལྟ་བ་གཞུང་ཚུགས་མེད། །དེ་ལ་ཡོ་ག་པ་ཡིས་བརྒལ་བ་ནི། །འདི་ལྟར་སྣང་བ་ཀུན་རྫོབ་རིགས་ལྔ་ལྷ། །དོན་དམ་སྐྱེ་འགག་མེད་པར་འདོད་པ་ཡིན། །ཕྱི་རྒྱུད་གསུམ་པས་ནང་རྒྱུད་ཁྱད་འཕགས་པ། །བསྐྱེད་པ་མ་ཧཱ་ཡོ་གས་སྣང་སྲིད་འདི། །སྣང་བ་མ་འགགས་ལྷ་དང་ལྷ་མོར་སྣང་། །ཐབས་ཀྱི་རང་བཞིན་བསྐྱེད་པའི་རིམ་པའི་ཚུལ། །ལྷ་རྣམས་སྣང་ལ་རང་བཞིན་མེད་པར་འདོད། །ཤེས་རབ་རང་བཞིན་རྫོགས་པའི་རིམ་པ་ལ། །དོན་དམ་རང་བཞིན་སྣང་སྟོང་དབྱེར་མེད་འདོད། །དེ་ལ་ཨ་ནུ་ཡོ་གས་བརྒལ་བ་ནི། །སྣང་བ་ལྷ་དང་ལྷ་མོར་མི་འདོད་དེ། །ཆོས་ཀྱི་དབྱིངས་ལ་རིག་པ་ཡེ་ཤེས་སྣང་། །དོན་དམ་དབྱིངས་དང་ཡེ་ཤེས་གཉིས་མེད་བལྟ། །དེ་རྣམས་མན་ཆད་ཨ་ཏི་གསུམ་བཏོན་པ། །བྱ་བཙལ་རྩོལ་བསྒྲུབ་ཨ་


DNG003_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

ནུ་མན་ཆད་ཀྱིས། །ཞེ་འདོད་མེད་ལ་ལྟ་བ་ཞེ་འདོད་བྱུང་། །རྩོལ་བསྒྲུབ་མེད་ལ་བྱ་བཙལ་རྩོལ་བས་བསྒྲུབས། །ཡིད་སྨོན་བསྒོམས་པས་འདུས་བྱས་ཆོས་སྒོར་ཞུགས། །རང་ལ་བཞག་ནས་རྒྱང་དུ་བཙལ་བ་ཡིས། །ལོང་བས་ནམ་མཁའི་མཐའ་ནི་འཚོལ་དང་འདྲ། །བསྐལ་པ་བརྒྱར་ཡང་སངས་རྒྱས་འཐོབ་པ་མིན། །ཞེས་གསུངས་སོ། །ཐེག་པ་བརྒྱད་སུན་འབྱིན་པར་བསྟན་པའི་ལེའུ་སྟེ་དོན་གཅིག་པའོ།། །།དེ་ནས་རང་སྣང་ཁྱེའུ་ཆུང་གིས། །མུ་མཐའ་ཡོངས་གྲོལ་སྟོན་པ་ལ། །ཨ་ཏི་སྤྱི་ཏིའི་ཁྱད་པར་གང་། །དེ་གཉིས་རྩོད་པ་ཇི་ལྟར་བགྱི། །ཨ་ཏིས་སྤྱི་ཏི་ལ་རྒོལ་བར། །སྨྲ་བའི་མཚོན་ཆ་ཇི་ལྟར་བསྐོར། །ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །ཨ་ཏི་ཡོ་གའི་རྣལ་འབྱོར་པས། །སྤྱི་ཏིའི་ཐེག་པ་ལ་འདྲི་བ། །ཐེག་པ་དགུ་ལ་མ་གཏོགས་པའི། །སྤྱི་ཏི་བློས་བརྟགས་མ་ཡིན་ནམ། །མིན་ན་ང་ཡི་ཨ་ཏི་དང་། །སྤྱི་ཏི་ཁྱད་པར་གང་གིས་སྤགས། །ཞེས་པ་ཨ་ཏིས་བརྒལ་བ་ལ། །སྤྱི་ཏིའི་སྟོན་པས་ལན་སྨྲས་པ། །སེམས་ཅན་བློ་འདི་མ་ཟད་པས། །ཐེག་པ་ཟད་པ་མེད་པར་གསུངས། །ཉོན་མོངས་བརྒྱད་ཁྲི་བཞི་སྟོང་གི། །གཉེན་པོར་ཆོས་སྒོ་དེ་སྙེད་གསུངས། །བློ་ལ་རབ་འབྲིང་རྣམ་པ་གསུམ། །དེ་ལས་གསུམ་གསུམ་ཕྱེ་བས་དགུ། །དེ་ལ་ཐེག་པ་དགུ་རུ་གསུངས། །དབང་པོ་ཡང་རབ་ཐོད་རྒལ་ལ། །སྤྱི་ཏི་ཡང་ཏི་ཐོད་རྒལ་བསྟན། །བློ་ཁྱད་ཡོད་ཕྱིར་ཐེག་ཁྱད་ཡོད། །བློ་མེད་འཁྲུལ་ཆོད་སངས་པ་ན། །ཐེག་པ་མེད་ཅིང་འཇུག་པ་མེད། །ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །གནས་ལ་ཕྱེ་བས་དགུ་ཡིན་ཏེ། །ངེས་པའི་གདམས་ངག་གཅིག་ནས་འབྱུང་། །གཅིག་པོ་སྤྱི་ཏི་ཡོ་ག་ཡིན། །སྤྱི་ནི་ཐེག་པའི་དབྱིངས་ཕྱུང་སྟེ། །ཏི་ཡིས་ཀུན་གྱི་ཏི་ཀ་སྟོན། །ཡོ་ནི་ལྟ་སྤྱོད་ཟུང་འདྲེལ་ཏེ། །ག་ཡིས་རང་གནས་ཆིག་ཆོད་བསྟན། །ཁྱོད་ཀྱི་ཨ་ཏིའི་ལྟ་སྒོམ་གང་། །


DNG003_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པ་འབྲས་བུ་ཇི་ལྟར་སྒྲུབ། །འདི་ལྟར་སྣང་བ་ཇི་ལྟར་འདོད། །ཆོས་དང་སངས་རྒྱས་ཡོད་དམ་མེད། །དམྱལ་བ་ཡི་དྭགས་ཅི་ལ་ཟེར། །ཐོག་མ་སེམས་འདི་ཡོད་དམ་མེད། །མེད་ན་སེམས་ཅན་ག་ལས་འོང་། །ཡོད་ན་དེ་དུས་ཇི་ལྟར་གནས། །སངས་རྒྱས་སེམས་ཅན་རྣམ་པ་གཉིས། །དེ་གཉིས་གཞི་ལ་གཅིག་མི་གཅིག །གཅིག་ན་འཁོར་འདས་ཇི་ལྟར་འབྱུང་། །མི་གཅིག་འདྲེལ་པ་མེད་པར་འགྱུར། །འདྲེལ་མེད་བསྒྲུབས་པ་དོན་མེད་འགྱུར། །བྱེ་མ་ལས་ནི་མར་བཞིན་ནོ། །འདྲེལ་པ་ཡོད་ན་འདྲེལ་གཉིས་བརྟགས། །དང་པོ་བདག་ཉིད་གཅིག་པ་ན། །འཁྲུལ་བཅས་འཁྲུལ་མེད་ཕན་ཚུན་འགལ། །དེ་དང་དེ་ལས་བྱུང་འདྲེལ་ན། །སངས་རྒྱས་ལས་ནི་སེམས་ཅན་ནམ། །སེམས་ཅན་ལས་ནི་སངས་རྒྱས་བྱུང་། །དང་པོ་ལྟར་ན་མ་འཁྲུལ་པས། །སངས་རྒྱས་པ་ཡང་དོན་མེད་འགྱུར། །གཉིས་པ་ལྟར་ན་ཀུན་སངས་རྒྱས། །འབད་པ་མེད་པར་གྲོལ་བར་ཐལ། །ཡང་ན་འཁྲུལ་རྟོག་ཅན་དུ་འགྱུར། །གཞི་ལ་འཁྲུལ་པ་ཡོད་དམ་མེད། །ཡོད་ན་སོལ་བའི་བྱི་དོར་བཞིན། །ཐོས་བསམ་བསྒོམས་ཀྱང་སངས་མི་རྒྱ། །གཞི་ལ་འཁྲུལ་པ་མེད་པ་ན། །སེམས་ཅན་ཐམས་ཅད་སངས་རྒྱས་རིགས། །གཞི་ལ་འཁྲུལ་པ་མེད་པ་ལ། །གློ་བུར་འཁྲུལ་པ་བྱུང་ཟེར་ན། །ནམ་མཁའི་སྤྲིན་ལྟར་རང་སངས་རིགས། །ཐུག་པ་མེད་པའི་སྐྱོན་དུ་འགྱུར། །ཁྱོད་ཀྱི་ཨ་ཏིའི་ལྟ་བ་དེ། །རིག་པ་ཆོས་སྐུར་འདོད་མི་འདོད། །སྣང་བ་ཆོས་སྐུར་འདོད་མི་འདོད། །ཁྱོད་ཀྱི་ལྟ་སྒོམ་སྤྱོད་འབྲས་སྟོན། །དེ་ནས་བདག་གིས་ཁྱད་བཏོན་གྱིས། །ཞེས་པ་ཕར་ལ་དྲི་བར་བྱ། །ཞེས་གསུངས་སོ། །ཕར་ལ་རྩོད་ཟློག་དྲིས་པའི་ལེའུ་སྟེ་དོན་གཉིས་པའོ།། །།དེ་ནས་རང་སྣང་ཁྱེའུ་ཆུང་གིས། །མུ་མཐའ་ཡོངས་གྲོལ་སྟོན་པ་ལ། །ཨ་ཏིར་སྨྲ་བའི་མཚོན་ཆ་གང་། །ཞེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ། །དེ་ལ་ཨ་ཏིའི་འདོད་གཞུང་ནི། །ཡེ་གཞི་ལྷུན་


DNG003_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་སྐྱེ་མེད་པས། །ཀ་དག་ལྷུན་གྲུབ་གཉིས་སུ་འདོད། །ལྟ་བ་སྣང་སྲིད་ཆོས་སྐུར་བལྟ། །སྒོམ་པ་སྟོང་པའི་ངང་ལ་བསྒོམ། །སྤྱོད་པ་བྱ་རྩོལ་མེད་པར་སྤྱོད། །འབྲས་བུ་རེ་དོགས་མེད་པར་བསྒྲུབ། །རིག་པ་ཡེ་སངས་རྒྱས་པར་འདོད། །སྣང་བ་ཆོས་ཉིད་ཞིང་ཁམས་ཡིན། །ཞེས་གསུངས་པ་དང་། དེ་ལ་སྤྱི་ཏིའི་མཚོན་གྱིས་བརྡེག །ཁྱོད་ཀྱི་ཡེ་མེད་སྔོན་རོལ་ན། །གཞི་ལ་ལྷུན་གྲུབ་ཡོད་པའི་ཕྱིར། །རྒྱ་ཆད་ཕྱོགས་ལྷུང་སྐྱོན་དུ་འགྱུར། །ཐོག་མ་གཞི་ལ་མིང་མེད་ལ། །ཁྱོད་ལ་གཞི་ལ་མིང་འདོགས་བྱུང་། །མིང་མེད་དམ་བཅའ་ཉམས་པར་འགྱུར། །ཡང་ནི་ཁྱོད་ཀྱི་གཞི་དེ་ཀ་དག་ན། །ནག་པོ་མ་དག་ཉིད་དུ་འགྱུར། །ཡེ་ཤེས་ཀ་དག་མ་རིག་བཅས། །ཁྱོད་ཀྱི་ལྟ་བ་ཆོས་སྐུ་ན། །ཆོས་སྐུ་འདུས་བྱས་ཡིན་ནམ་མིན། །ཡིན་ན་འདུས་བྱས་འཇིག་པ་ལྟར། །ཆོས་སྐུ་སྐྱེ་འཇིག་ཅན་དུ་འགྱུར། །མིན་ན་སྣང་བ་འཇིག་པ་དང་། །ཆོས་སྐུ་མི་འཇིག་མངོན་དུ་འགལ། །རིག་པ་སངས་རྒྱས་ཡིན་ནམ་མིན། །རིག་པ་སངས་རྒྱས་ཡིན་ཟེར་ན། །སངས་རྒྱས་དགོངས་པ་འགྱུར་མི་འགྱུར། །དེ་ནི་འགྱུར་བ་མེད་ཅེ་ན། །ཁྱོད་ཀྱི་རང་གི་རིག་པ་དེ། །སྔ་མ་འགགས་ལ་ཕྱི་མར་འགྱུར། །རིག་པ་སྐྱེ་འགག་འགྱུར་བའི་ཕྱིར། །འགྱུར་བ་མེད་དང་མངོན་སུམ་འགལ། །འགྱུར་ལྡོག་ཡོད་དོ་ཞེས་ཟེར་ན། །སངས་རྒྱས་སེམས་ཅན་དུ་འགྱུར་བས། །རིག་པ་སངས་རྒྱས་ཡིན་ན་ཉམས། །ཡང་ན་རིག་པ་རང་བྱུང་ཡེ་ཤེས་ན། །བསྒོམ་དུས་རིག་པ་སྐྱོན་མི་སྐྱོན། །གལ་ཏེ་མི་སྐྱོན་པར་འདོད་ན། །སྟོང་པའི་ངང་བསྒོམ་དོན་དང་འགལ། །སྤྱོད་འབྲས་ལ་སོགས་དགོས་པ་མེད། །དོན་མེད་ཚི་ཆད་ནད་དུ་འགྱུར། །གལ་ཏེ་རིག་པ་སྐྱོན་པ་ན། །རང་བྱུང་ཡེ་ཤེས་ཉམས་པར་འགྱུར། །ཞེས་གསུངས་སོ། །ཨ་ཏིར་སྨྲ་བའི་མཚོན་ཆའི་རང་བཞིན་བསྟན་པའི་ལེའུ་སྟེ་དོན་གསུམ་པའོ།། །།དེ་ནས་རང་སྣང་ཁྱེའུ་ཆུང་གིས། །མུ་མཐའ་ཡོངས་གྲོལ་སྟོན་པ་ལ། །ཨ་ཏིས་སྤྱི་ཏིར་དྲི་བ་ཡིས། །སྨྲ་


DNG003_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

བའི་མཚོན་ཆ་ཇི་ལྟར་བསྐོར། །ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །ཨ་ཏིས་སྤྱི་ཏི་ལ་སྨྲ་བ། །ང་ཡི་འདོད་གཞུང་དེ་ལྟར་ན། །དེ་ལས་ཁྱོད་ཀྱིས་ཁྱོད་དཔོགས་དང་། །ཁྱོད་ཀྱི་སྤྱི་ཏིའི་རང་གཞུང་གིས། །ཐོག་མའི་དུས་ན་ཇི་ལྟར་འདོད། །སངས་རྒྱས་སེམས་ཅན་རྣམ་པ་གཉིས། །དེ་གཉིས་གཞི་ལ་གཅིག་ཉིད་དམ། །མི་གཅིག་ཟེར་ན་འབེལ་མེད་དམ། །གཞི་དེ་མཉམ་མམ་བཟང་ངན་ཡོད། །གཞི་ལ་འཁྲུལ་པ་ཡོད་དམ་མེད། །མེད་ན་གློ་བུར་བ་ཡིན་ན། །སེམས་དང་རིག་པ་ཡོད་དམ་མེད། །མེད་ན་སེམས་ཅན་གང་ནས་བྱུང་། །ཐེག་ཆོས་གྲུབ་མཐའ་ཡོད་དམ་མེད། །ཡོད་ན་བློས་བརྟགས་ཐ་སྙད་ཡིན། །མེད་ན་ཐོས་བསམ་དགོས་པ་མེད། །སངས་རྒྱས་བྱ་བ་ཡོད་དམ་མེད། །ཡོད་ན་སངས་རྒྱས་གང་ན་བཞུགས། །དམྱལ་བ་ཡི་དྭགས་ཡོད་དམ་མེད། །ཡོད་ན་དམྱལ་བ་སྟོན་དང་ཡེ། །མེད་ན་སྡིག་པས་གང་ལ་གནོད། །ཁྱོད་ཉིད་ལྟ་སྒོམ་ཇི་ལྟར་འདོད། །ཅེས་པ་ཨ་ཏིས་དྲིས་པ་དང་། །རང་སྣང་ཁྱེའུ་ཆུང་གིས་སྨྲས་པ། །རྩོད་པའི་འཁོར་ལོ་འདི་ལྟར་བསྐོར། །མི་ཕིགས་སྲ་བའི་གོ་ཆ་གོན། །མི་ཕེབས་བཙན་པོའི་རྫོང་བཞུགས་ནས། །ལུང་དང་རིགས་པའི་མཚོན་ཆས་བརྡེག །ཁྱོད་ཀྱིས་ང་ལ་འདྲི་བ་ལས། །ཐོག་མའི་དུས་ན་གནས་ལུགས་དེ། །ཆོས་ཉིད་གཞི་ལ་འདྲི་བའམ། །འོན་ཏེ་ཆོས་ཅན་རྩལ་ལ་འདྲི། །དང་པོ་ལྟར་ན་ཡེ་ཐོག་མ། །སྔོན་རོལ་མིང་མ་ཐོགས་པ་ལ། །གཏིང་ཡངས་བློ་ཡི་ཡུལ་ལས་གྲོལ། །སྐྱེ་མེད་མཚོན་བརྗོད་དམིགས་ལས་འདས། །སངས་རྒྱས་སེམས་ཅན་རྣམ་པ་གཉིས། །གཞི་ལ་གཅིག་མི་གཅིག་འདྲི་བ། །ངོ་བོ་མཚན་ཉིད་གང་ལ་འདྲི། །ངོ་བོ་ལྟར་ན་དེ་གཉིས་གཅིག །གནས་པ་དུས་ཀྱི་ཀུན་གཞིར་གཅིག །མཚན་ཉིད་རྟོགས་མ་རྟོགས་ཀྱིས་གཉིས། །གཞི་ལ་བཟང་ངན་འདྲི་བ་དེ། །རྟོགས་དང་མ་རྟོགས་གང་ལ་འདྲི། །མ་རྟོགས་བློ་ལ་བཟང་ངན་སྣང་། །གཞི་ལ་འཁྲུལ་པ་ཡོད་མེད་ནི། །ཆོས་ཉིད་གཞི་ལ་འཁྲུལ་པ་མེད། །


DNG003_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

དཔེར་ན་ཤེལ་སྒོང་དྲུག་དག་ཏུ། །དཀར་ནག་སྨན་དུག་གང་བསྟན་སྣང་། །ཤེལ་ལ་གང་ཡང་གྲུབ་པ་མེད། །དེ་བཞིན་སྐྱེ་མེད་སྙིང་པོ་ལ། །རྩལ་ཟེར་འཁྲུལ་པ་ཅིར་སྣང་ཡང་། །གཞི་ལ་མ་གྲུབ་ཀ་ནས་དག །འཁྲུལ་པ་གཞི་ལ་མེད་པར་བཅད། །རིག་པ་རྩལ་ལམ་མ་འགགས་པར། །སྣ་ཚོགས་ཅིར་ཡང་འཆར་བར་སྣང་། །སེམས་རིག་ཡོད་མེད་འདྲི་བ་དེ། །རྟོགས་དང་མ་རྟོགས་གང་ལ་འདྲི། །དང་པོ་ལྟར་ན་གང་ཡང་མེད། །ངང་དྭངས་རང་སར་བརླག་པའོ། །མ་རྟོགས་བློ་ལ་འདྲི་བ་ན། །སྣང་སྲིད་སེམས་ཅན་ཐམས་ཅད་ལ། །ཡིད་རིག་སེམས་གསུམ་ཀུན་ལ་ཁྱབ། །སེམས་ཅན་གར་ཁྱབ་སེམས་རིག་ཡོད། །ཐེག་ཆོས་གྲུབ་མཐའ་ཡོད་མེད་དེ། །སངས་རྒྱས་དགོངས་པ་ལ་འདྲིའམ། །འོན་ཏེ་སེམས་ཅན་བློ་ལ་འདྲི། །སངས་རྒྱས་དགོངས་པའི་ཀློང་གནས་ན། །ཐེག་ཆོས་གྲུབ་པའི་བློ་ཡང་མེད། །ཅི་ཕྱིར་སངས་རྒྱས་དགོངས་པ་དེ། །བློ་འདས་རྩིས་གདབ་མེད་པས་སོ། །སེམས་ཅན་བློ་ཡི་ངོ་གང་ལ། །ཐེག་ཆོས་གྲུབ་མཐའ་བསམ་མི་ཁྱབ། །ཇི་སྲིད་སེམས་ཅན་བློ་ཡོད་པར། །ཐེག་པ་སྣ་ཚོགས་གྲུབ་མཐའ་ཡོད། །སངས་རྒྱས་ཡོད་དམ་འདྲི་བ་དེ། །ཆོས་ཉིད་གཏིང་མཐའ་མེད་པ་དང་། །ཆོས་ཅན་ངོ་གཅིག་གང་ལ་འདྲི། །ཆོས་ཉིད་གཞི་ལ་འདྲི་བ་ན། །སངས་རྒྱས་མེད་པས་མིང་ཡང་མེད། །རང་ཉིད་སངས་རྒྱས་ཡིན་པས་གཞན་ན་མེད། །ཆོས་ཅན་ངོ་ལ་འདྲི་བ་ན། །མ་འགགས་རོལ་པ་སྣ་ཚོགས་ལ། །སངས་རྒྱས་ཡོད་པ་ལྟར་ཡང་སྣང་། །ཐེག་འོག་གཞུང་ཡིན་གོང་ལ་མེད། །དམྱལ་བ་ཡི་དྭགས་ཡོད་མེད་དེ། །རྟོགས་པའི་ངོ་ལ་འདྲི་བ་ན། །དམྱལ་བ་མེད་པས་སྡུག་བསྔལ་མེད། །མ་རྟོགས་པ་ཡི་ངོ་ལ་ནི། །སྡིག་པས་དམྱལ་བ་ལྟར་ཡང་སྣང་། །སྤྱི་ཏིའི་ལྟ་སྒོམ་དྲི་བ་དེ། །ང་ཡི་རང་བཞིན་མིང་མེད་བློ་འདས་ཀྱང་། །རེ་ཞིག་ཁྱོད་ལ་ལྟ་སྒོམ་བསྟན་པར་བྱ། །ཞེ་འདོད་གཏད་མེད་ཕྱོགས་བྲལ་ལྟ་བའི་རྒྱལ་པོ་ཡིན། །དངོས་


DNG003_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

མེད་གཟའ་གཏད་མེད་པ་སྒོམ་པའི་རྒྱལ་པོ་ཡིན། །ཟང་ཀ་རྣལ་མ་སོ་མ་གཏད་མེད་སྤྱོད་པའི་རྒྱལ་པོ་ཡིན། །དུན་ཆུང་རང་གནས་རེ་མེད་འབྲས་བུའི་རྒྱལ་པོ་ཡིན། །ཞེས་གསུངས་སོ། །སྤྱི་ཏི་སྨྲ་བའི་མཚོན་ཆའི་འཁོར་ལོ་བསྐོར་བའི་ལེའུ་སྟེ་དོན་བཞི་པའོ།། །།དེ་ནས་རང་སྣང་ཁྱེའུ་ཆུང་གིས། །མུ་མཐའ་ཡོངས་གྲོལ་སྟོན་པ་ལ། །སྙིང་པོ་དོན་གྱི་ངོ་སྤྲོད་གང་། །ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །དོན་གྱི་ངོ་སྤྲོད་ཐིག་ལེ་མཐོང་བརྟོལ་ནས། །ཟང་ཐལ་གསང་ལམ་ཆེན་པོའི་མན་ངག་ལ། །རང་བཞིན་སྙིང་པོའི་གནས་ལུགས་དང་། །རྟོགས་ལུགས་ཡིན་ལུགས་ངོ་སྤྲོད་དང་། །གདམས་ངག་རྩ་ཚོམས་གསུམ་གསུམ་སྟེ། །ཡེ་མེད་གཏིང་ཡངས་ཆོས་སྐུ་དང་། །ཡེ་གདངས་རང་བྱུང་ངང་དྭངས་དང་། །རང་གསལ་དག་པའི་ཁྱེའུ་ཆུང་རྣམས། །རང་གསལ་ཆོས་དབྱིངས་འོད་ཁང་དུ། །འདུ་འབྲལ་མེད་པའི་ངོ་སྤྲོད་ནི། །རྩ་ཚོམས་འཕྲང་གནད་གལ་འགགས་བཞི། །སྒྲོན་མ་བཞི་ཡི་ངོ་སྤྲོད་སྟེ། །དཔེར་ན་མུན་པར་གསེར་སྟོར་བ། །བཙལ་བས་མི་རྙེད་སྒྲོན་མེས་རྙེད། །དེ་བཞིན་མ་རིག་མུན་པའི་ནང་། །སྙིང་པོ་དོན་གྱི་གསེར་སྟོར་བ། །གཞན་མིན་སྒྲོན་མ་བཞི་ཡིས་རྙེད། །དེ་ལ་སྒྲོན་མ་རྣམ་པ་བཞི། །རང་གསལ་སེམས་ཀྱི་སྒྲོན་མ་དང་། །རྟོགས་པ་ཡེ་ཤེས་སྒྲོན་མ་དང་། །རང་བྱུང་ངང་དྭངས་སྒྲོན་མ་དང་། །སྙིང་པོ་ཆོས་ཉིད་སྒྲོན་མའོ། །སྒྲོན་མ་བཞི་ཡིས་ངོ་སྤྲད་དེ། །སྙིང་པོའི་རང་བཞིན་དངོས་མེད་ལ། །དེ་ཉིད་སྣ་ཚོགས་རྟོགས་པར་ཤར། །ཤར་ཙམ་ཉིད་ན་རང་སར་གྲོལ། །མིང་མེད་གཏིང་མཐའ་ཡོངས་གྲོལ་བ། །ཆོས་ཀྱི་དབྱིངས་སུ་མངོན་སངས་རྒྱས། །སྙིང་པོ་ཀློང་གྱུར་གཞི་ལ་ཐིམ། །དབྱེར་མེད་གདེངས་ཟིན་འཁྲུལ་པ་སངས། །ཀ་དག་སྙིང་པོའི་ཀློང་ནས་ཤར། །ཞེས་གསུངས་སོ། །སྙིང་པོའི་ངོ་སྤྲོད་བསྟན་པའི་ལེའུ་སྟེ་དོན་ལྔ་པའོ།། །།དེ་ནས་རང་སྣང་ཁྱེའུ་ཆུང་གིས། །མུ་མཐའ་ཡོངས་གྲོལ་སྟོན་པ་ལ། །གསང་མཛོད་ལྔ་ཡི་སྒོ་ལྔ་ལ། །ལྡེ་མིག་ལྔ་ཡིས་ཇི་


DNG003_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་དབྱེ། །ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །མཚན་ཉིད་འདུལ་བའི་གསང་མཛོད་ལ། །བྱ་རྩོལ་བསྲུང་སྡོམ་སྒོ་ཡིས་བཅད། །དག་པ་ཆིག་བརྒྱུད་གསང་མཛོད་ལ། །བྱ་བཙལ་རྩོལ་བསྒྲུབ་སྒོ་ཡིས་བཅད། །བསྐྱེད་རྫོགས་གཉིས་ཀྱི་གསང་མཛོད་ལ། །ཐབས་ཀྱི་སྦྱོར་སྒོ་དེ་ཡིས་བཅད། །རྫོགས་པ་ཨ་ཏིའི་གསང་མཛོད་ལ། །ཁ་རྫོགས་ཕྱལ་པའི་སྒོ་ཡིས་བཅད། །སྤྱི་ཏི་ཡང་ཏིའི་གསང་མཛོད་ལ། །གཞི་ཐོག་ཁ་འབྱམས་སྒོ་ཡིས་བཅད། །གསང་བའི་སྒོ་ལྕགས་ཕྱེ་བས་ནི། །སྙིང་པོ་དོན་གྱི་གཏེར་དང་འཕྲད། །ཤེས་རབ་འཕྲུལ་གྱི་ལྡེ་མིག་གིས། །སྤྱོད་པའི་འདྲེན་སྒོ་ཕྱེ་བ་ཡིས། །མཚན་ཉིད་སྡེ་གསུམ་ཆོས་རྣམས་ཤེས། །དག་བྱེད་མངོན་པའི་ལྡེ་མིག་གིས། །བྱ་བཙལ་རྩོལ་བསྒྲུབ་སྒོ་ཕྱེ་བས། །རིགས་གསུམ་རིགས་ལྔའི་ལྷ་ཚོགས་མཐོང་། །ཐབས་ཀྱི་སྦྱོར་སྒོའི་སྒོ་ལྕགས་ལ། །ཏིང་འཛིན་གསུམ་དང་བསྙེན་བསྒྲུབ་བཞིས། །ཐབས་ཀྱི་སྦྱོར་སྒོ་ཕྱེ་བ་ཡིས། །སྣང་སྲིད་ལྷ་དང་ལྷ་མོར་མཐོང་། །ཡེ་ཤེས་འཕྲུལ་གྱི་ལྡེ་མིག་གིས། །ཤེས་རབ་གསང་སྒོ་ཕྱེ་བ་ཡིས། །དབྱིངས་དང་ཡེ་ཤེས་གཉིས་མེད་མཐོང་། །རང་བྱུང་རིག་པའི་ལྡེ་མིག་གིས། །ཁ་རྫོགས་ཕྱལ་བའི་སྒོ་ཕྱེ་བས། །སྣང་སྲིད་ཆོས་སྐུ་སངས་རྒྱས་མཐོང་། །སྣང་གསལ་ཟང་ཐལ་ལྡེ་མིག་གིས། །གཞི་ཐོག་ཁ་འབྱམས་སྒོ་ཕྱེ་བས། །སྐྱེ་མེད་ཀ་དག་ཆོས་སྐུ་མཐོང་། །གསང་མཛོད་ལྔ་ཡི་སྒོ་ཕྱེ་བས། །ངེས་པ་དོན་གྱི་ཆོས་ལྔ་ཤེས། །ཞེས་གསུངས་སོ། །གསང་མཛོད་ལྔའི་སྒོ་ལྕགས་ལ་འཕྲུལ་གྱི་ལྡེ་མིག་ལྔས་དབྱེ་བའི་ལེའུ་སྟེ་དོན་དྲུག་པའོ།། །།དེ་ནས་རང་སྣང་ཁྱེའུ་ཆུང་གིས། །མུ་མཐའ་ཡོངས་གྲོལ་སྟོན་པ་ལ། །གསང་བའི་བརྡའ་ཡིས་ཇི་ལྟར་བཤད། །ཅེས་ཞུས་པ་དང་། སྟོན་པས་གསང་སྔགས་བརྡས་བསྟན་པ། །ཨ་བྷོ་ཡ་ཏྲི་ཏི་ཨ་ཨ་ཨ། རི་བོ་དགུ་བརྩེགས་ཀྱི་སྟེང་དུ་ཤིང་རྩེ་མོ་བྱུང་རྒྱལ་སྐྱེས་ཏེ། ཤིང་དེ་ལ་རིན་པོ་ཆེ་གསེར་གྱི་ནེ་ཙོ་གཅིག་ཆགས་ནས་སྐད་སྣ་ཚོགས་སྒྲོགས་པའི་མན་ངག་གོ། །གནམ་རིམ་པ་བཅུ་གསུམ་གྱི་ཁ་ན་རིན་པོ་ཆེ་བཻ་ཌཱུརྱའི་ཉི་ཟླ་ཤར་བས་སྣང་སྲིད་ཐམས་ཅད་གསལ་བའི་


DNG003_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཀྱིས་ཁེབས་ཏེ། མུན་པའི་སྨག་རུམ་ཐམས་ཅད་སྐད་ཅིག་ལ་སངས་པའི་མན་ངག །ནམ་མཁའི་དབྱིངས་ནས་བདུད་རྩིའི་བཅུད་གསུམ་ཐིགས་ནས་དེ་སྐལ་བ་དང་ལྡན་པ་རྣམས་ཀྱིས་ཟོས་པས། དུག་ལྔ་ཉོན་མོངས་ཀྱི་ནད་ཕྱིན་ཏེ། སྐྱེ་ཤིའི་རྩ་བ་ཆོད་དོ། །འགྲོ་དྲུག་གཡང་ས་བཅད། ཁམས་གསུམ་འཁོར་བ་མེད་དེ་སེམས་ཅན་ཐམས་ཅད་ཡེ་སངས་རྒྱས་པའི་མན་ངག །ཀྱེ་མ་ཧོ་སྐལ་ལྡན་རྣལ་འབྱོར་ཀུན། །དོན་དམ་སྐྱེ་མེད་མཐོང་འདོད་ན། །མིང་མེད་གཏིང་མཐའ་ཡས་པའི་ལྷ་ཁང་ལྟོས། །ཞེས་གསུངས་པ་དང་། དེར་སྐལ་ལྡན་རྣམས་ཀྱིས་མིང་མེད་གཏིང་མཐའ་ཡས་པའི་ལྷ་ཁང་བལྟས་པས། ཅི་ཡང་མ་མཐོང་གང་ཡང་མི་འདུག་ནས། དོན་མེད་ཀྱི་མཁའ་འང་ཤེས་རིག་གི་དྲན་སེམས་གཟུང་འཛིན་མེད་པར་རང་གྲོལ་ལོ། །གསང་སྔགས་བརྡས་བཤད་པའི་ལེའུ་སྟེ་དོན་བདུན་པའོ།། །།དེ་ནས་རང་སྣང་ཁྱེའུ་ཆུང་གིས། །མུ་མཐའ་ཡོངས་གྲོལ་སྟོན་པ་ལ། །ཡོངས་རྫོགས་ཐོད་རྒལ་ཐེག་པ་རུ། །ཐེག་པ་རིམ་དགུ་ཇི་ལྟར་རྫོགས། །ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །ཡོངས་རྫོགས་བླ་མེད་ཐེག་པ་འདིར། །ཐེག་པ་མ་ལུས་ཡོངས་རྫོགས་ཏེ། །ཡུལ་རྡུལ་གཟུང་འཛིན་རང་གྲོལ་བས། །ཉན་ཐོས་ཐེག་པ་ཡོངས་སུ་རྫོགས། །རྟེན་འདྲེལ་རྣམ་པ་རིག་བྱེད་མེད། །རང་རྒྱལ་ཐེག་པ་ངང་གིས་རྫོགས། །བདེན་པ་གཉིས་སུ་མ་བཟུང་བས། །བྱང་སེམས་ཐེག་པ་ཡོངས་སུ་རྫོགས། །དག་གསུམ་རིགས་གསུམ་ལྷ་མེད་པས། །ཀྲི་ཡའི་ཐེག་པ་ཡོངས་སུ་རྫོགས། །ཡར་བལྟ་མར་སྤྱོད་རྩེ་གཉིས་མེད། །ཨུ་པ་ཡ་ཡི་ཐེག་པ་རྫོགས། །རིགས་ལྔ་སྐྱེ་འགག་གཉིས་མེད་པས། །ཡོ་གའི་ཐེག་པ་ཡོངས་སུ་རྫོགས། །ཐབས་དང་ཤེས་རབ་གཉིས་མེད་པས། །མ་ཧཱ་ཡོ་གའི་ཐེག་པ་རྫོགས། །རྫོགས་ཚུལ་དབྱིངས་དང་ཡེ་ཤེས་མེད། །ཨུ་ནུ་ཡོ་གའི་ཐེག་པ་རྫོགས། །རིག་པ་རང་བྱུང་མི་འདོད་པར། །སྣང་བ་ཡེ་ནས་ཆོས་སྐུ་ཡིན། །ཨ་ཏི་ཡོ་གའི་ཐེག་པ་རྫོགས། །ཀ་དག་མ་དག་མུ་མཐའ་གྲོལ། །སྤྱི་ཏི་ཡོ་གའི་ཐེག་པ་རྫོགས། །མིང་མེད་མཐའ་སྟོངས་བློ་ཡུལ་འདས། །ཡང་ཏི་ཡོ་གའི་ཐེག་པ་


DNG003_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས། །སྣང་སྲིད་འཁོར་འདས་ཐམས་ཅད་རྫོགས། །དཔེ་ནི་ཇི་ལྟར་རྫོགས་ཤེ་ན། །གནམ་ས་གཉིས་སུ་སྐྱེ་འགྲོ་གཟུགས་བསྡུས་རྫོགས། །འབྱུང་ཆེན་ནམ་མཁར་འབྱུང་བ་རྣམ་ལྔ་རྫོགས། །དཀྱིལ་འཁོར་ཆེན་པོར་ས་ཚོན་རྣམ་ལྔ་རྫོགས། །ཟ་འོག་སྣམ་བུར་དར་སྣ་སྣ་ཚོགས་རྫོགས། །ཕྱི་ཡི་རྒྱ་མཚོར་ཆུ་རྣམས་མ་ལུས་རྫོགས། །མཆོག་རབ་རི་བོར་རི་བདུན་རིན་ཆེན་རྫོགས། །ངག་གིས་བརྗོད་ཚད་སེམས་ཀྱིས་བརྟགས་ཚད་རྫོགས། །གཅིག་རྫོགས་གཉིས་རྫོགས་ཐམས་ཅད་མ་ལུས་རྫོགས། །ཡོད་མཐའ་མེད་མཐའ་རྟག་ཆད་གཉིས་ཀ་རྫོགས། །དགག་བསྒྲུབ་སྤང་ལེན་སྣང་སྲིད་འཁོར་འདས་རྫོགས། །ཡོངས་རྫོགས་བླ་མེད་ཐོད་རྒལ་ཐིག་ལེ་རུ། །བརྟགས་སྣང་ཆོས་རྣམས་མ་ལུས་ཡོངས་སུ་རྫོགས། །ཞེས་གསུངས་སོ། །རྒྱུད་ཐམས་ཅད་ཀྱི་སྤྱི་ཕུད་ཉི་ཟླའི་སྙིང་པོ་འོད་འབར་བ་བདུད་རྩིའི་རྒྱ་མཚོ་འཁྱིལ་པའི་རྒྱུད་ལས། ཡོངས་རྫོགས་བླ་མེད་ཐོད་རྒལ་གྱི་ཐེག་པར་སྣང་སྲིད་འཁོར་འདས་མ་ལུས་པ་ཡོངས་སུ་རྫོགས་པར་བསྟན་པའི་ལེའུ་སྟེ་དོན་བརྒྱད་པའོ།། །།དེ་ནས་རང་སྣང་ཁྱེའུ་ཆུང་གིས། །མུ་མཐའ་ཡོངས་གྲོལ་སྟོན་པ་ལ། །ཡོངས་རྫོགས་བླ་མེད་གསང་བ་ཡི། །བརྡའ་ཡི་ཆོས་རྣམས་ཇི་ལྟར་བཤད། །ཅེས་ཞུས་པ་དང་། སྟོན་པས་ཡོངས་རྫོགས་བརྡའ་བཤད་པ། །ཨ་ཐ་མ་ཧཱ་སུ་ཁ་ཧོ། ཀྱེ་ཧོ་སྐལ་ལྡན་རིགས་ཀྱི་བུ། །འོད་གསལ་སྣང་གྲོལ་ལྷ་ཁང་དུ། །རང་རིག་གསལ་བའི་ཁྱེའུ་ཆུང་ཁྱོད། །གསལ་དག་རང་གྲོལ་དེ་ཁར་སྡོད། །ཀུན་བྱེད་ཆོས་རྣམས་མུ་མཐའ་གྲོལ། །ངང་དྭངས་གསལ་བའི་ཁྱེའུ་ཆུང་གིས། །ཤེས་རབ་རལ་གྲི་མདའ་ཐོགས་ལ། །ཁྱི་ཕག་བྱ་སྤྲེལ་དུག་སྦྲུལ་གསོད། །རླུང་ནག་ཚུབས་མས་ཁྱེར་དུ་ཆུག །མེ་གསོད་ར་ཆོག་མཚོ་མོ་སྐོམས། །སྒྲོག་ཁྲོལ་རི་སྙིལ་ཕྱགས་མས་ཐོབ། །ཁྱོད་རང་རྒྱ་མཚོའི་གཏིང་དུ་ཉོལ་ལ་ནམ་མཁའི་དབྱིངས་སུ་ལྟོས། །དེ་ཡིས་རང་སེམས་ཀ་དག་མཐོང་བར་འགྱུར། །ཡོངས་རྫོགས་ཐོད་རྒལ་ཐེག་པ་བརྡའ་ཡིས་བསྟན། །ཆུ་རྣམས་ཀུན་གྱི་རྩ་བ་གར་འདུས་ལྟོས། །ཆུ་རྒྱལ་སྤྱི་ཕུད་གང་ཡིན་ཤེས་པར་གྱིས། །རི་རྣམས་ཀུན་གྱི་རྩེ་རྒྱལ་གང་ཡིན་ལྟོས། །སྣ་ཚོགས་རི་རྣམས་གར་འདུས་


DNG003_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པར་གྱིས། །འབྱུང་བ་རྣམས་ཀྱི་སྤྱི་ཕུད་གང་ཡིན་ལྟོས། །འབྱུང་ཆུང་སྣ་ཚོགས་གར་འདུས་ཤེས་པར་གྱིས། །དར་ཟབ་རྣམས་ཀྱི་རྒྱལ་པོ་གང་ཡིན་ལྟོས། །སྣ་ཚོགས་དར་སྣ་གར་འདུས་ཤེས་པར་གྱིས། །གཟའ་སྐར་ཀུན་གྱི་སྤྱི་ཕུད་རྩེ་རྒྱལ་ལྟོས། །སྣ་ཚོགས་འོད་རྣམས་གར་འདུས་ཤེས་པར་གྱིས། །ཤིང་རྣམས་ཀུན་གྱི་རྩེ་རྒྱལ་སྤྱི་ཕུད་ལྟོས། །སྣ་ཚོགས་ཤིང་རྣམས་གར་འདུས་ཤེས་པར་གྱིས། །སྨན་རྣམས་ཀུན་གྱི་སྤྱི་རྒྱལ་གང་ཡིན་ལྟོས། །སྣ་ཚོགས་སྨན་རྣམས་གར་འདུས་ཤེས་པར་གྱིས། །དེ་རྣམས་བརྡའ་དང་དཔེ་ཡིས་བསྟན་པ་བཞིན། །ཐེག་པ་རྣམས་ཀྱི་རྩེ་རྒྱལ་སྤྱི་ཕུད་ལྟོས། །ཐེག་པ་སྣ་ཚོགས་གར་འདུས་ཤེས་པར་གྱིས། །ཆོས་རྣམས་ཀུན་གྱི་རྩེ་རྒྱལ་སྤྱི་ཕུད་ལྟོས། །ཆོས་རྣམས་རྩ་བ་གར་འདུས་ཤེས་པར་གྱིས། །གྲུབ་མཐའ་ཀུན་གྱི་རྩེ་རྒྱལ་སྤྱི་ཕུད་ལྟོས། །གྲུབ་མཐའི་གོང་རྒལ་གང་ཡིན་ཤེས་པར་གྱིས། །རྒྱུད་རྣམས་ཀུན་གྱི་རྩེ་རྒྱལ་སྤྱི་ཕུད་ལྟོས། །རྒྱུད་སྡེ་སྣ་ཚོགས་གར་འདུས་ཤེས་པར་གྱིས། །ལུང་རྣམས་ཀུན་གྱི་སྤྱི་རྗེ་གང་ཡིན་ལྟོས། །ལུང་རྣམས་རྩ་བ་གར་འདུས་ཤེས་པར་གྱིས། །མན་ངག་རྣམས་ཀྱི་རྩ་བ་གར་འདུས་ལྟོས། །མན་ངག་རྒྱལ་པོ་གང་ཡིན་ཤེས་པར་གྱིས། །དཀྱིལ་འཁོར་རྣམས་ཀྱི་རྩེ་རྒྱལ་གང་ཡིན་ལྟོས། །འཇུག་སྒོའི་རྒྱལ་པོ་གར་འདུས་ཤེས་པར་གྱིས། །དབང་རྣམས་ཀུན་གྱི་རྩེ་རྒྱལ་སྤྱི་ཕུད་ལྟོས། །དབང་བསྐུར་སྣ་ཚོགས་གར་འདུས་ཤེས་པར་གྱིས། །དངོས་གྲུབ་ཀུན་གྱི་རྩེ་རྒྱལ་སྤྱི་ཕུད་ལྟོས། །བྱིན་རླབས་སྣ་ཚོགས་གར་འདུས་ཤེས་པར་གྱིས། །བལྟ་བསྒོམ་ཀུན་གྱི་རྩེ་རྒྱལ་སྤྱི་ཕུད་ལྟོས། །སྤྱོད་འབྲས་དམ་ཚིག་གར་འདུས་ཤེས་པར་གྱིས། །ཉོན་མོངས་ཀུན་གྱི་རྒྱལ་པོ་གང་ཡིན་ལྟོས། །ཁམས་གསུམ་འཁོར་བའི་རྩ་བ་གར་འདུས་ཤེས་པར་གྱིས། །དེ་འདུལ་གདམས་ངག་རྒྱལ་པོ་གང་ཡིན་ལྟོས། །འདུག་ལུགས་གདམས་ངག་གར་འདུས་ཤེས་པར་གྱིས། །ཀྱེ་ཧོ་སྐལ་ལྡན་རིགས་ཀྱི་བུ། །མུན་པའི་གླིང་དུ་སྒྲོན་མེ་ཐོགས། །འདམ་ནས་ཕྱུང་ལ་སྒྲོག་ནས་ཁྲོལ། །དྲ་བ་ཆོད་ལ་རྒྱ་ནས་ཐོན། །སྐྱེ་ན་སོད་ལ་ལངས་ན་སྙོལ། །ཆགས་ན་ཕྲོལ་ལ་ཞེན་ན་ཆོད། །འབར་ན་སོད་ལ་བཅིངས་ན་ཁྲོལ། །ཚུད་ན་ཐོན་ལ་འཐིབས་ན་སོལ། །རྩ་བ་ཕྱུང་ལ་ཡན་ལག་ཆོད། །སྐྱེད་ན་སེལ་ལ་བྱུང་ན་ཆུག །རིན་ཆེན་ཆོངས་ལ་ཁྱིམ་དུ་སྡོད། །མི་ཟད་པ་ཡི་གཏེར་རྙེད་ནས། །རྒྱུ་འགྲུལ་མ་བྱེད་ཆོས་ཉིད་དབྱིངས་


DNG003_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཉོལ། །བདུད་རྩིའི་བཅུད་འཐུངས་སྙིང་པོའི་ཀློང་དུ་སྡོད། །བྱ་བ་ཀུན་ཐོངས་རྣལ་མའི་ས་ལ་འདུག །དྲེལ་བ་ཀུན་ཆོད་བྱར་མེད་བློ་འདས་ལྟོས། །རྩ་བ་ཕྱིན་ལ་འུབ་ཀྱིས་བསྡུས། །ལས་རྣམས་ཟིན་ལ་དོན་རྣམས་གྲུབ། །བློ་ཟད་འཁྲུལ་ཡང་སྙིང་པོའི་ཆོས་སྐུར་གནས། །ཞེས་གསུངས་སོ། །ཡོངས་རྫོགས་ཐོད་རྒལ་བླ་ན་མེད་པའི་ཐེག་པ་བརྡའི་སྒོ་ནས་བསྟན་པའི་ལེའུ་སྟེ་དོན་དགུ་པའོ།། །།དེ་ནས་ངང་དྭངས་ཁྱེའུ་ཆུང་གིས། །མུ་མཐའ་ཡོངས་གྲོལ་སྟོན་པ་ལ། །རྒྱུད་ཀྱི་མཚན་འདི་ཇི་ལྟར་གསུང་། །ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །ཡོངས་རྫོགས་རྒྱུད་ཀྱི་མཚན་བཤད་ཀྱི། །འཁོར་རྣམས་མ་ཡེངས་གུས་པར་ཉོན། །རྒྱུད་སྡེ་མ་ལུས་ཀུན་གྱི་སྤྱི་རྗེ་ཡིན། །དེ་ཕྱིར་རྒྱུད་སྡེ་ཀུན་གྱི་རྩེ་རྒྱལ་བྱ་བར་ཟུང་། །ཉི་ཟླའི་སྙིང་པོ་འོད་འབར་མ་རིག་སེལ། །དེ་ཕྱིར་ཉི་ཟླ་འོད་འབར་རྒྱུད་དུ་ཟུང་། །ཉོན་མོངས་བདུད་ལ་ཆོས་ཉིད་རྩིས་འདུལ་བས། །བདུད་རྩི་ནད་སེལ་བྱ་བར་ཟུང་། །མཁའ་ཀློང་རྣམ་དག་རྒྱ་མཚོར་འཁྱིལ་པས་ན། །སྐྱེ་མེད་ཀ་དག་སྨན་གྱི་རྒྱ་མཚོར་ཟུང་། །མུ་མཐའ་ཡོངས་གྲོལ་ལྟ་བའི་བདུད་རྩི་རྒྱ་མཚོར་འཁྱིལ། །ཆོས་ཉིད་གཏིང་མཐའ་ཡངས་པའི་བསྒོམ་པའི་བདུད་རྩི་རྒྱ་མཚོར་འཁྱིལ། །ཆོས་ཀུན་མཚན་མ་ཀུན་གྲོལ་སྤྱོད་པའི་བདུད་རྩི་རྒྱ་མཚོར་འཁྱིལ། །སྙིང་པོ་དོན་དམ་འབྲས་བུ་བདུད་རྩི་རྒྱ་མཚོར་འཁྱིལ། །ཆོས་ཀུན་ཡོངས་རྫོགས་བདུད་རྩི་རྒྱ་མཚོར་འཁྱིལ། །དེ་ཕྱིར་བདུད་རྩི་རྒྱ་མཚོར་འཁྱིལ་པའི་རྒྱུད་དུ་ཟུང་། །ཐེག་པ་སྣ་ཚོགས་གསལ་བར་སྟོན་པའི་ཕྱིར། །ཆོས་ཀུན་གསལ་བའི་ཉི་ཟླ་བྱ་བར་ཟུང་། །ཆོས་རྣམས་ཀུན་གྱི་གོ་འབྱེད་འཕྲང་སེལ་ཕྱིར། །གོ་འབྱེད་འཕྲང་སེལ་ཆེན་པོའི་རྒྱུད་དུ་ཟུང་། །ཐེག་པ་ཐམས་ཅད་ལ་བཟླ་གཉའ་གཅོག་ཕྱིར། །ལ་ཟློ་གཉའ་གཅོག་ཐོད་རྒལ་བྱ་བར་ཟུང་། །སྣང་སྲིད་ཆོས་རྣམས་མ་ལུས་ཀུན་རྫོགས་པས། །ཡོངས་རྫོགས་བླ་མེད་ཐོད་རྒལ་ཐེག་པར་ཟུང་། །ཐེག་པ་ཀུན་གྱི་སྒོ་འབྱེད་བལྟ་བསྒོམ་སྟོན། །ཤེས་རབ་འཕྲུལ་གྱི་ལྡེ་མིག་བྱ་བར་ཟུང་། །ཆོས་རྣམས་རིན་ཆེན་རྩར་ལ་བརྒྱུས་པ་ཡིས། །རིན་ཆེན་གསེར་གྱི་ཕྲེང་བ་བྱ་བར་ཟུང་། །ཞེས་གསུངས་སོ། །ཉི་ཟླའི་སྙིང་པོ་བདུད་རྩིའི་རྒྱ་མཚོ་འཁྱིལ་པའི་རྒྱུད་ལས། མཚན་བསྟན་པའི་ལེའུ་སྟེ་བརྒྱད་ཅུ་པའོ།། །།དེ་ནས་རང་སྣང་ཁྱེའུ་ཆུང་གིས། །མུ་མཐའ་ཡོངས་གྲོལ་སྟོན་པ་ལ། །རྒྱུད་འདི་གཏད་གནས་གང་ལ་གཏད། །ཅེས་ཞུས་པས། སྟོན་པས་གཏད་པའི་གནས་བསྟན་པ། །ཉི་ཟླའི་སྙིང་པོའི་རྒྱུད་འདི་ནི། །རི་རབ་བློ་ལ་ཉི་ཟླའི་


DNG003_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

སེམས། །ཤེས་རབ་རལ་གྲི་རྒྱ་མཚོའི་ཐུགས། །དམ་ཚིག་ཤེལ་སྒོང་རང་རྒྱུད་འཇམ། །བླ་མ་ལ་གུས་མན་ངག་ཐུབ། །ཆགས་པ་མེད་པར་ཡོན་རྣམས་འབུལ། །བཀའ་རྒྱུད་གཏེར་འཆང་དམ་ཚིག་བསྲུང་། །དེ་ལྟའི་སྣོད་ལ་རྒྱུད་འདི་གཏོད། །སྣོད་དང་མི་ལྡན་སློབ་མ་ནི། །རེ་ལྡེའི་རྒྱུད་ལ་ཚེར་མའི་སེམས། །ཕྱིར་སྲུལ་བློ་ལ་དུག་གི་སེམས། །དམ་མེད་ང་རྒྱལ་གཡོ་སྒྱུ་ཅན། །སློབ་དཔོན་གསང་ཞིང་རང་ཆེ་འབྱིན། །ཆེ་སྤྱོད་དྲེགས་པས་གྲོགས་མཆེད་བསླུ། །རིན་ཆེན་མེད་པར་གཡོ་སྒྱུས་འབྲལ། །ཕྲལ་ནས་མི་འཆད་ཟོང་དུ་འཚོང་། །སྡིག་ལ་རྔམས་ལ་དགེ་བ་དགགས། །རྒྱུད་ངན་ང་རྒྱལ་སེར་སྣ་ཅན། །དེ་ལྟའི་སྣོད་ལ་བྱིན་པ་ན། །བེའུ་སྒྲེལ་གཡང་ལ་ལྷུང་བ་བཞིན། །གཉིས་ཀ་རྡོ་རྗེ་དམྱལ་བར་འགྲོ། །དཔེར་ན་སེང་གེའི་འོ་མ་ཡང་། །སྣོད་ངན་ཕལ་བར་བླུགས་གྱུར་ན། །སྣོད་ཀྱང་ཆག་ལ་བཅུད་ཀྱང་འབོ། །དེ་བཞིན་རྒྱུད་ཀྱི་རྒྱལ་པོ་འདི། །སྣོད་མེད་དམ་ཉམས་ལ་བསྟན་ན། །ཆོས་དང་རང་ཉིད་གཉིས་ཀ་བརླག །དེ་བས་སྣོད་ཀྱི་ཁྱད་བརྟགས་གཅེས། །ཞེས་གསུངས་སོ། །རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་ཉི་ཟླའི་སྙིང་པོ་འོད་འབར་བ་བདུད་རྩིའི་རྒྱ་མཚོ་འཁྱིལ་པའི་རྒྱུད་ལས། རྒྱུད་གཏད་པའི་གནས་བསྟན་པའི་ལེའུ་སྟེ་གྱ་གཅིག་པའོ།། །།རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་ཉི་ཟླའི་སྙིང་པོ་འོད་འབར་བ་བདུད་རྩིའི་རྒྱ་མཚོ་འཁྱིལ་པའི་རྒྱུད་ཆེན་པོ་རྫོགས་སོ།། །།བཀའ་རྒྱ། གཏད་རྒྱའོ། །ཨུ་རྒྱན་གུ་རུ་པདྨ་ཡིས། །ཕྱི་མར་ཅི་འབྱུང་ད་ལྟར་ཤེས། །ཡོངས་རྫོགས་བླ་མེད་འབྱུང་བའི་དུས། །སྐུ་དང་གསུང་གི་བསྟན་པ་ནུབ། །ཐུགས་ཀྱི་བསྟན་པ་དར་བའི་ཚེ། །དེ་དུས་ཡོངས་རྫོགས་ཐོད་རྒལ་འབྱུང་། །ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །དུས་ངན་ཟེར་ཞིང་སྤྱོད་ངན་བྱེད། །སྡེ་འཁྲུག་ནང་རྒྱས་ཆོས་འཁོར་འཇོམས། །ཁྲིམས་ཞིག་བོད་ཁམས་སིལ་བུར་འགྲོ། །ཕ་སྤུན་ནང་འཐབ་ངན་འགྲན་བྱེད། །གོས་སུ་ཁྱི་ཐུལ་རྣལ་འབྱོར་མང་། །ཟོང་དུ་ཆོས་འཚོང་ལག་ཆར་མི་ཐོད་ཐོགས། །ཉམས་མྱོང་གླུར་ལེན་ཐོ་ཅོས་འགེངས། །མི་ཐུབ་རྣམ་གསུམ་བྱུང་དུས་སུ། །ཡོངས་རྫོགས་བླ་མེད་ཐེག་པ་འབྱུང་། །ཞེས་གསུངས་སོ། །ཨུ་རྒྱན་པདྨས་བཤད་ཅིང་། སྐ་བ་དཔལ་བརྩེགས་ཀྱིས་བསྒྱུར། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ལ་གཏད་པའོ། །གཏེར་རྒྱ། གཏད་རྒྱ། སྦས་རྒྱ། ཟབ་རྒྱའོ།། །།

སྐྱེ་མེད་ཀ་དག་ཟང་ཀའི་རྒྱུད།


DNG003_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨ་ཛ་ནུ་ཤུདྡྷཱ་སཾ་སྐྲི་ཏ་ཏནྟྲ། བོད་སྐད་དུ། སྐྱེ་མེད་ཀ་དག་ཟང་ཀའི་རྒྱུད། སྐྱེ་མེད་ཀ་དག་ཟང་ཀ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཅི་ཡང་མ་ཐོས་གང་དུ་ཡང་མ་མཚོན་པའི་དུས་མེད་པ་ན། སྐྱེ་མེད་གནས་ལུགས་ཀ་དག་ཆོས་སྐུ་ཡིས། །དངོས་མེད་སྟོན་པས་ཟང་ཀའི་འཁོར་ལ་བཤད། །སྔ་ཕྱི་དུས་མེད་འཕོ་འགྱུར་མེད་པའི་དུས། །གླེང་གཞི་ཕུན་སུམ་ཚོགས་པའོ། །དེ་ནས་དངོས་མེད་ཟང་ཀ་ཡིས། །སྐྱེ་མེད་ཀ་དག་སྟོན་པ་ལ། །ཕུན་སུམ་ཚོགས་པའི་དོན་ནི་དེ་ལྟར་ན། །སྐྱེ་མེད་དོན་ནི་ཇི་ལྟར་ལགས། །ཀ་དག་དོན་ནི་ཇི་ལྟར་ལགས། །ཟང་ཀའི་དོན་ནི་ཇི་ལྟར་ཡིན། །དངོས་མེད་བློ་འདས་ཇི་ལྟར་བཤད། །ཡང་རབ་ཀ་དག་ཇི་ལྟར་རྟོགས། །རྟོགས་ཐབས་གདམས་ངག་ཇི་ལྟར་ལགས། །སྐྱེ་མེད་ཀ་དག་ཇི་ལྟར་ཐོབ། །ཅེས་ཞུས་སོ། །སྐྱེ་མེད་ཀ་དག་གི་རྒྱུད་ལས། གླེང་སློང་ཕུན་སུམ་ཚོགས་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་དངོས་མེད་ཟང་ཀ་ཡིས། །སྐྱེ་མེད་ཀ་དག་ཆོས་སྐུ་ལ། །སྐྱེ་མེད་ཆོས་སྐུ་ཇི་ལྟར་གནས། །ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །སྐྱེ་མེད་ཆོས་སྐུའི་གནས་ལུགས་ནི། །སྐྱེ་བ་མེད་པར་གནས་པ་ཡིན། །འགག་པ་མེད་པར་གནས་པ་ཡིན། །གཉིས་སུ་མེད་པར་གནས་པ་ཡིན། །བློ་ངོ་བོ་ཉིད་ལས་གྲོལ་བ་ཡིན། །རྒྱུ་རྐྱེན་འཕོ་འགྱུར་མེད་པ་ཡིན། །རྩོལ་བསྒྲུབ་བྱ་བཙལ་མེད་པ་ཡིན། །གཡོ་འགུལ་རྩིས་གདབ་མེད་པ་ཡིན། །ཚུལ་གྱི་ལྡན་ལ་རྣམ་པ་གང་ཡང་མེད་པ་ཡིན། །དཔེ་མེད་ཟླ་མེད་དོ་མེད་ཡིན། །དངོས་མེད་གཏད་མེད་བྱར་མེད་བསམ་བརླག་པའོ། །ཡེ་མེད་ཀ་དག་ཟང་ཀ་དོ་མེད་པ། །ཅང་མེད་ཅིར་སྣང་འཛིན་མེད་མིན་ཕྱུང་པོ། །མཚོན་མེད་ཚིག་མེད་སྨྲར་མེད་བརྗོད་མེད་པའོ། །སྐྱེ་མེད་རང་གནས་རྟོག་པ་མེད་པའི་དོན། །གསལ་བྱེད་གཞན་ལ་ལྟོས་པ་ཅིར་ཡང་མེད། །ནམ་མཁའ་འདི་ནི་ཅིར་འདུག་ལྟོས། །ཞེས་གསུངས་སོ། །སྐྱེ་མེད་ཀ་དག་གི་རྒྱུད་ལས། སྐྱེ་མེད་ཆོས་སྐུའི་གནས་ལུགས་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་དངོས་མེད་ཟང་ཀ་ཡིས། །ཀ་དག་དོན་གྱི་གང་རྣམས་དག །ཅེས་སྟོན་པ་


DNG003_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །ཀ་དག་ཉིད་ལ་དག་དང་མ་དག་མེད། །དེ་མ་རྟོགས་ཀྱི་བློ་ཅན་ལ། །ཉི་མའི་དཔེས་མཚོན་ཤེལ་གོང་ཀ་དག་བསྟན། །དངོས་མེད་ཟང་ཀ་ཀ་དག་ཚུར་ལ་ཉོན། །ཉི་མའི་དཔེ་ལ་མུན་པ་ཀ་ནས་དག །ཤེལ་གོང་ལ་ནི་གཞན་སྐྱོན་ཀ་ནས་དག །དེ་བཞིན་ཀ་དག་རང་བཞིན་ཀྱང་། །འཁྲུལ་གཞི་མ་གྲུབ་ཀ་ནས་དག །འཁྲུལ་རྒྱུ་མ་གྲུབ་ཀ་ནས་དག །འཁྲུལ་རྐྱེན་མ་གྲུབ་ཀ་ནས་དག །འཁྲུལ་འབྲས་མ་གྲུབ་ཀ་ནས་དག །འཁྲུལ་ཚུལ་མ་གྲུབ་ཀ་ནས་དག །འཁྲུལ་དཔེ་མ་གྲུབ་ཀ་ནས་དག །དུག་གསུམ་མ་གྲུབ་ཀ་ནས་དག །དུག་ལྔ་མ་གྲུབ་ཀ་ནས་དག །ཡིད་འཁོར་གསུམ་མེད་ཀ་ནས་དག །འགྱུ་བའི་རླུང་མེད་ཀ་ནས་དག །གསལ་བའི་འོད་མེད་ཀ་ནས་དག །འཆར་བའི་ཟེར་མེད་ཀ་ནས་དག །སྐྱེ་བའི་རིག་མེད་ཀ་ནས་དག །ཤེས་རབ་མཉམ་མེད་ཀ་ནས་དག །མ་རིག་འཁྲུལ་མེད་འཁྲུལ་སྒོ་དག །འཁྲུལ་ཚུལ་རྣམ་གསུམ་ཀ་ནས་དག །འཁྲུལ་མིན་གཟུགས་ལྔ་ཀ་ནས་དག །ཁམས་གསུམ་འགྲོ་དྲུག་ཀ་ནས་དག །ཡིད་གཉིས་གཟུང་འཛིན་ཀ་ནས་དག །འགོང་པོ་ང་བདག་ཀ་ནས་དག །ཡུལ་སེམས་དབྱེ་བསལ་ཀ་ནས་དག །ཕྱི་ནང་དགག་བསྒྲུབ་སྤང་ལེན་ཀ་ནས་དག །སྣང་སྲིད་འཁོར་འདས་ཀ་ནས་དག །ཡོད་མེད་རྟག་ཆད་ཀ་ནས་དག །གཟུགས་སྣང་རིག་བརྟགས་ཇི་སྙེད་མ་ལུས་ཀ་ནས་དག །སྣང་སྲིད་འཁོར་འདས་ཀ་ནས་དག །ཅེས་གསུངས་སོ། །ཡང་སྟོན་པས་བཀའ་སྩལ་པ། ཀུན་གྱི་གཞི་མེད་ཀ་ནས་དག །གཡོ་འགུལ་རྩལ་མེད་ཀ་ནས་དག །ཀླུང་འགྱུ་འོད་ཟེར་ཀ་ནས་དག །མ་རིག་ཡེ་ཤེས་ཀ་ནས་དག །ཤེས་དང་མ་ཤེས་ཀ་ནས་དག །འཕྲད་དང་མ་འཕྲད་ཀ་ནས་དག །ཟིན་དང་མ་ཟིན་ཀ་ནས་དག །འགྱུར་དང་མ་འགྱུར་ཀ་ནས་དག །མཉམ་དང་མི་མཉམ་ཀ་ནས་དག །རིག་དང་མ་རིག་ཀ་ནས་དག །ཡིད་འཁོར་རྣམ་གསུམ་ཀ་ནས་དག །རང་བཞིན་ངོ་བོ་ཀ་ནས་དག །འཆར་སྒོ་འཁྲུལ་སྒོ་ཀ་ནས་དག །མ་རིག་གཉིས་འཛིན་ཡུལ་སེམས་ཀ་ནས་དག །སེམས་


DNG003_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་སངས་རྒྱས་ཀ་ནས་དག །འཁོར་བ་མྱང་འདས་ཀ་ནས་དག །སྒོ་ལྔ་ཡུལ་ལྔ་ཀ་ནས་དག །རྣམ་ཤེས་ཚོགས་བརྒྱད་ཀ་ནས་དག །གཟུགས་མེད་ལ་སོགས་ཡུལ་མེད་ཀ་ནས་དག །ཡིད་རིག་མི་འཇུག་མི་རྟོག་ཀ་ནས་དག །སྒྲིབ་གཡོགས་ཡེ་མེད་ཀ་ནས་དག །ཉོན་མོངས་བག་ཆགས་གཏན་མེད་ཀ་ནས་དག །ཡུལ་སེམས་གཉིས་འཛིན་རྟོག་ཚོགས་ཀ་ནས་དག །ཅེས་གསུངས་སོ། །སྐྱེ་མེད་ཀ་དག་གི་རྒྱུད་ལས། ཀ་དག་གི་དག་ལུགས་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་དངོས་མེད་ཟང་ཀ་ཡིས། །སྐྱེ་མེད་ཀ་དག་ཆོས་སྐུ་ལ། །ཟང་ཀའི་དོན་ནི་ཇི་ལྟར་ཡིན། །ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །འཁོར་བ་གཞི་མེད་ཟང་ཀ་ཡིན། །འཁོར་བའི་རྒྱུ་མེད་ཟང་ཀ་ཡིན། །འཁོར་བའི་རྐྱེན་མེད་ཟང་ཀ་ཡིན། །འཁོར་བའི་གཟུགས་མེད་ཟང་ཀ་ཡིན། །འཁོར་བའི་ཡུལ་མེད་ཟང་ཀ་ཡིན། །གཏི་མུག་ཡེ་མེད་ཟང་ཀ་ཡིན། །ཞེ་སྡང་ཡེ་མེད་ཟང་ཀ་ཡིན། །འདོད་ཆགས་ཡེ་མེད་ཟང་ཀ་ཡིན། །ང་རྒྱལ་ཡེ་མེད་ཟང་ཀ་ཡིན། །ཕྲག་དོག་ཡེ་མེད་ཟང་ཀ་ཡིན། །མ་རིག་སྒྲིབ་མེད་ཟང་ཀ་ཡིན། །སྒྲིབ་ཉིད་དངོས་མེད་ཟང་ཀ་ཡིན། །ཡུལ་མེད་ཕྱོགས་རིས་དབྱེ་བསལ་མེད། །གང་ལ་རིག་སེམས་འཛིན་མེད་ཟང་ཀ་ཡིན། །དྲན་རྟོག་བློ་མི་སྐྱེ་ན་ཟང་ཀ་ཡིན། །རང་བྱུང་རང་དྭངས་རང་སངས་ཟང་ཀ་ཡིན། །འོད་གསལ་སྒྲིབ་མེད་གསལ་དྭངས་ཟང་ཀ་ཡིན། །ཀ་དག་དངོས་མེད་ཟང་ཀ་དེ། །ཅང་མེད་ཅིར་སྣང་དངོས་གཞི་མེད། །དངོས་མེད་ཀུན་གཞི་རང་བྱུང་སྟེ། །ཐོལ་བྱུང་ངང་དྭངས་དྭངས་སངས་ངེ་། །སྟོང་གསལ་དངོས་པོ་ཅི་ཡང་མེད་སངས་ངེ་། །


DNG003_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

སལ་ལེ་ལྷན་ནེ་ཕྱང་ངེ་བུན་ནེ་འོ། །ཐ་སྙད་ཙམ་ཡིན་མཚོན་དུ་ཅི་ཡང་མེད། །མིང་མེད་མཚོན་འདས་གང་གི་དངོས་གཞི་མེད། །དེ་ལྟར་སུས་རྟོགས་ཟང་ཀ་ཡིན། །ཞེས་གསུངས་སོ། །སྐྱེ་མེད་ཀ་དག་གི་རྒྱུད་ལས། ཟང་ཀ་མའི་དོན་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་དངོས་མེད་ཟང་ཀ་ཡིས། །སྐྱེ་མེད་ཀ་དག་སྟོན་པ་ཆོས་སྐུ་ལ། །དངོས་མེད་བློ་འདས་ཇི་ལྟར་བཤད། །ཅེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །དངོས་མེད་བློ་འདས་བཤད་དུ་མེད་ན་ཡང་། །ཡང་དག་ཚིག་གི་སྒྲོན་མས་སྐལ་ལྡན་འཁོར་ལ་བཤད། །བྱ་བཙལ་བློ་འདས་ཆོས་ཤིག་བཤད། །ཡུལ་སེམས་དངོས་མེད་ཆོས་ཤིག་བཤད། །ཞེ་འདོད་མེད་པའི་ཆོས་ཤིག་བཤད། །རྩོལ་བསྒྲུབ་མེད་པའི་ཆོས་ཤིག་བཤད། །མ་འདྲེས་ཡོངས་རྫོགས་ཆོས་ཤིག་བཤད། །འུབ་ཆུབ་ཆེན་པོའི་ཆོས་ཤིག་བཤད། །གསལ་དག་རང་གྲོལ་ཆོས་ཤིག་བཤད། །རང་བྱུང་རང་རིག་ཆོས་ཤིག་བཤད། །ཐོལ་བྱུང་ངང་དྭངས་ཡུལ་མེད་ཆོས་ཤིག་བཤད། །སྐྱེ་མེད་ཀ་དག་ཆོས་ཤིག་བཤད། །དངོས་མེད་ཟང་ཀའི་ཆོས་ཤིག་བཤད། །སྔོན་ཐོག་ས་ནོན་ཆོས་ཤིག་བཤད། །བྱ་བྲལ་ཡེ་བཞག་ཆོས་ཤིག་བཤད། །ཆོས་ཟད་བློ་ཟད་ཆོས་ཤིག་བཤད། །སེམས་མེད་དངོས་མེད་ཆོས་ཤིག་བཤད། །རིག་མེད་སྐུ་མེད་ཆོས་ཤིག་བཤད། །སྣང་མེད་རྟག་མེད་ཆོས་ཤིག་བཤད། །སྤྲོས་པའི་མཐའ་རྣམས་ཡོངས་བྲལ་ཆོས་ཤིག་བཤད། །སྣ་ཚོགས་གཅིག་འདུས་ཆོས་ཤིག་བཤད། །གཅིག་མེད་ཟད་པར་ཟད་པའི་ཆོས་ཤིག་བཤད། །ཐུག་སར་ཐུག་པས་སྐྱོལ་སར་སྐྱོལ་བའི་ཆོས་ཤིག་བཤད། །དངོས་མེད་ཀུན་འབྱུང་སྣ་ཚོགས་ཆོས་


DNG003_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག་བཤད། །གཅིག་མེད་མཚོན་མེད་མ་བཤད་ཀུན་རྟོགས་བཤད། །སངས་རྒྱས་སྐུ་དང་ཡེ་ཤེས་རིགས་ལྔ་བྱང་ཆུབ་ལྔ། །ཐེག་ཆོས་གྲུབ་མཐའ་ཐ་སྙད་མིང་འདོགས་རྣམས། །བླ་དྭགས་ཡིན་ཏེ་དོན་ལ་བརྗོད་དུ་མེད། །ཆོས་བོར་སངས་རྒྱས་རིག་མེད་ཀ་དག་རྟོགས། །སེམས་མེད་སངས་རྒྱས་ཡིད་མེད་སྣང་བ་དག །མཚོན་མེད་དཔེ་མེད་བཤད་མེད་དངོས་གཞི་མེད། །སྣང་སྲིད་འཁོར་འདས་ཡོད་མེད་ཇི་སྙེད་མ་ལུས་ཀུན། །སྐྱེ་མེད་ཀ་དག་བློ་འདས་དངོས་མེད་སྙིང་པོའི་ཆོས་ཤིག་བཤད། །ཐ་སྙད་ཀུན་བྲལ་བརྗོད་མེད་དེ་ཉིད་ཁོ་ན་བཤད། །བཤད་པ་མ་ཡིན་མཚོན་དུ་ཚིག་ལས་འདས། །ཆོས་གཅིག་མ་བཤད་ཆོས་གཅིག་དངོས་པོ་མེད། །མེད་པ་མ་ཡིན་སྟོང་གསལ་མཐའ་རྣམས་གྲོལ། །ཞེས་གསུངས་སོ། །དངོས་མེད་བཤད་ཐབས་ཀྱི་ལེའུ་སྟེ་ལྔ་པའོ།། །།དེ་ནས་དངོས་མེད་ཟང་ཀ་ཡིས། །སྐྱེ་མེད་ཀ་དག་ཆོས་སྐུ་ལ། །ཡང་རབ་ཀ་དག་ཇི་ལྟར་རྟོགས། །ཞེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ། །ཡང་རབ་སྐལ་ལྡན་རྣལ་འབྱོར་གྱིས། །གོང་ལྟར་དོན་ལས་མ་གཡོས་པར། །སྐྱེ་མེད་ཀ་དག་དངོས་མེད་ཟང་ཀ་རྟོགས། །གོང་བཤད་དོན་རྣམས་སེམས་དང་འདྲེས། །རང་བྱུང་རིས་མེད་རང་སར་ཐིམ། །གསལ་སྟོང་སྣང་མེད་ཡུལ་སེམས་མེད། །འཁྲུལ་ཆོད་འཛིན་མེད་སྣང་བ་དག །ཕྱི་རོལ་ནང་དག་ཡིད་གཉིས་མེད། །ཐོལ་བྱུང་ངང་དྭངས་ཀློང་དུ་ཐིམ། །གཉིས་སྣང་ཞེ་འདོད་བྱ་རྩོལ་ཡོངས་མི་རྟོག །ཞེས་གསུངས་སོ། །ཀ་དག་གི་རྒྱུད་ལས། ཡང་རབ་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་དངོས་མེད་ཟང་ཀ་ཡིས། །སྐྱེ་མེད་ཀ་དག་ཆོས་སྐུ་ལ། །རྟོགས་ཐབས་གདམས་ངག་ཇི་ལྟར་ལགས། །ཞེས་ཞུས་པ་དང་། སྟོན་


DNG003_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

པས་འཁོར་ལ་བཀའ་སྩལ་པ། །རྟོགས་ཐབས་ཐུགས་ཀྱི་བཅུད་ཕྱུང་བཤད། །དངོས་མེད་ཟང་ཀའི་ཐུགས་ལ་ཆོངས། །སྐྱེ་བ་མེད་པར་གཏན་ལ་དབབ། །ལམ་ཀ་ནས་དག་པར་གཏན་ལ་དབབ། །འབྲས་བུ་དངོས་མེད་ཟང་ཀ་ལ་ཡང་བཟླ། །གཞི་ནི་སྐྱེ་མེད་བརྗོད་འདས་ཐ་སྙད་མེད། །རྣམ་པ་གང་གིས་མིང་མ་ཐོགས། །ཐིག་ལེ་ཆེན་པོ་ཡི་གེ་མེད། །རྣམ་པ་ཀུན་ལྡན་རྣམ་མེད་དཔེ་ཡང་མེད། །སྣ་ཚོགས་ཆོས་རྣམས་མཐའ་ཡས་གྲོལ། །སྐྱེ་མེད་ངང་དྭངས་ཤེས་མེད་རྟོག་པ་མེད། །ཅེས་གསུངས་སོ། །ཀ་དག་ལམ་དུ་ཁྱེར་བ་ནི། །སྒྲིབ་གཉིས་འཁོར་འདས་ཆོས་རྣམས་ཀ་ནས་དག །ཡུལ་རྣམས་ཀ་དག་ཕྱོགས་རིས་མེད། །རིག་ཡིད་སེམས་དག་འཛིན་རྟོག་མེད། །སྣ་ཚོགས་ཆོས་རྣམས་ཡུལ་སྣང་ལ། །རིག་སེམས་དྲན་བློ་གང་ལ་ཡིད་མི་འཇུག །རྟོག་དཔྱོད་གཟུང་འཛིན་དབྱེ་བསལ་མེད། །རང་བྱུང་རྩལ་དྭངས་འཛིན་མེད་ཟང་ཐལ་ལོ། །སྙིང་པོ་ཡན་ལག་གཉིས་མེད་ཤེས་པ་མ་བུ་འཕྲད། །གསལ་སྟོང་དབྱེར་མེད་ནམ་མཁའ་འདྲ། །ཤུགས་འབྱུང་ངང་དྭངས་ནམ་མཁའ་འདྲ། །ཤེས་མེད་གསལ་དྭངས་དྭངས་སངས་ངེ་། །རང་བྱུང་ངང་དྭངས་སྟོང་སངས་ངེ་། །གསལ་དག་རང་གྲོལ་བདེ་ཕྱོད་དེ། །རང་སངས་རང་རླག་གོ་སྐབས་མེད། །མེད་ལས་ཀུན་འབྱུང་སྙིང་པོ་འོད་གསལ་ཀློང་། །ཅང་མེད་ཅིར་སྣང་དངོས་མེད་སྣ་ཚོགས་གཅིག་ཏུ་འདུས། །གཅིག་དང་མེད་ཤེས་མེད་ཀུན་ཤེས། །ཀུན་འཕྱ་སླར་ལག་པའོ། །སྣང་སྟོང་རིག་སྟོང་ཡུལ་སེམས་གཉིས་མེད་སྟོང་། །ཀུན་འབྱུང་ཀུན་གསལ་ཀུན་སྣང་ཀུན་བརྟགས་ཀུན་གཞི་མེད། །མཁའ་དབྱིངས་ཆོས་ཉིད་ཀུན་གཞིའི་ཕོ་བྲང་ནས། །སྣ་ཚོགས་རྩལ་ཟེར་མཁའ་དབྱིངས་ཆོས་ཉིད་ཀློང་དུ་ཐིམ། །སྟོང་ལ་གསལ་དྭངས་ངང་ལ་དངོས་གཞི་ཅི་ཡང་མེད། །མཚོན་པའི་ཚིག་མེད་ཐ་སྙད་ཀུན་དང་བྲལ། །བརྗོད་དུ་ཡེ་མེད་ཆོས་རྣམས་ཟད་སར་


DNG003_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱལ། །ཞེས་གསུངས་སོ། །འབྲས་བུ་དངོས་མེད་ཟང་ཀ་ལ་བཟླ་ནི། །ཆོས་རྣམས་ཀ་དག་ངང་ལ་ཡེ་ནས་གནས། །གོང་བསྟན་ཀློང་དུ་གྱུར་ཅིང་དེ་ལས་མ་འདས་ཆོས། །ཐོག་མ་མེད་ནས་སྐྱེ་མེད་ཀ་ནས་དག །རེ་དོགས་ཡིད་སྨོན་བྱར་མེད་ལ་བཟླར་རང་ལ་གྲུབ། །ཅེས་འབྲས་བུ་བསྟན་པའོ། །སྐྱེ་མེད་ཀ་དག་གི་རྒྱུད་ལས། རྟོགས་ཐབས་ཐུགས་ཀྱི་བཅུད་ཕྱུང་གི་ལེའུ་སྟེ་བདུན་པའོ།། །།དེ་ནས་དངོས་མེད་ཟང་ཀ་ཡིས། །སྐྱེ་མེད་ཀ་དག་སྟོན་པ་ལ། །སྐྱེ་མེད་ཀ་དག་ཇི་ལྟར་ཐོབ། །ཅེས་ཞུས་པ་དང་། །སྟོན་པས་འཁོར་ལ་བཀའ་སྩལ་པ། །སྐྱེ་མེད་ཀ་དག་ངང་ལ་ཐོབ་དང་མ་ཐོབ་མེད། །འཁོར་རྣམས་བྲོད་པ་བསྐྱེད་ཕྱིར་ཐོབ་ཅེས་བཤད། །མི་སྐྱེ་མི་འགག་སྐྱེ་མེད་དེ། །ཤེས་མེད་རང་གསལ་ཉིད་ལ་གནས། །གསལ་དྭངས་མ་གཡོས་སྐྱེ་མེད་ཀློང་དུ་གྱུར། །དེ་ཀ་ཉིད་ལ་ཐོབ་ཅེས་བཤད། །ཉོན་མོངས་ཁམས་རྣམས་ཀ་ནས་དག །སྒྲིབ་གཡོགས་མ་རིག་མུན་པ་མེད། །བག་ཆགས་ཆགས་སྡང་ཀ་ནས་དག །རང་དག་རང་གདངས་རང་སངས་སྐྱོན་སྒྲིབ་གང་ཡང་མེད། །གསལ་དག་འོད་གསལ་ཀ་དག་དྲི་མ་མེད། །གཏིང་གསལ་ཁ་གསལ་གསལ་དག་གཟུང་འཛིན་དག །དེ་བཞིན་ཉིད་དག་ཡང་དག་རྣམ་པར་དག །དེ་ལྟར་སུས་རྟོགས་ཀ་དག་ཐོབ་ཅེས་བཤད། །ཅེས་གསུངས་སོ། །སྐྱེ་མེད་ཀ་དག་གི་རྒྱུད་ལས། སྐྱེ་མེད་ཀ་དག་དྲི་མེད་དངོས་མེད་ཀ་དག་ཐོབ་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་དངོས་མེད་ཟང་ཀ་ཡིས། །སྐྱེ་མེད་ཀ་དག་ཆོས་སྐུ་ལ། །རྒྱུད་འདིའི་མཚན་ནི་ཇི་ལྟར་གཟུང་། །ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །གང་ཡང་མ་སྐྱེས་མཚན་མེད་ཕྱིར། །སྐྱེ་བ་མེད་པའི་རྒྱུད་དུ་ཟུང་། །མ་རིག་བག་ཆགས་ཀ་དག་ཕྱིར། །ཀ་དག་དྲི་མེད་རྒྱུད་དུ་ཟུང་། །ཤེས་མེད་འོད་
གསལ་དྭངས་སངས་ངེ་། །ཡེ་ཤེས་མིག་གཅིག་དྲི་མ་དག །ཡེ་དག་ཤེལ་སྒོང་ཉི་ཟླ་བཞིན། །རྟོག་ཚོགས་སྒྲིབ་གཡོགས་ཉོན་མོངས་དག །ངང་དྭངས་གསལ་གདངས་རྒྱུད་དུ་ཟུང་། །སྐྱེ་མེད་ཀ་དག་ཆོས་སྐུ་ཟང་ཀར་གནས། །ཀ་དག་ཟང་ཀའི་རྒྱུད་དུ་ཟུང་། །ཞེས་གསུངས་སོ། །ཀ་དག་ཟང་ཀའི་རྒྱུད་ལས། མཚན་བསྟན་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་དངོས་མེད་ཟང་ཀ་ཡིས། །སྐྱེ་མེད་ཀ་དག་སྟོན་པ་ལ། །རྒྱུད་འདི་གཏད་པ་གང་ལ་གཏད། །ཅེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ། །རྒྱུད་འདི་གཏད་པའི་སློབ་མ་ནི། །སྨྲས་པ་མི་འགྱུར་རི་རབ་འདྲ། །དམ་ཚིག་ཤེལ་སྒོང་པདྨ་འདྲ། །རང་རྒྱུད་གླ་དྲེང་དར་དཀར་འདྲ། །ཤེས་རབ་རིག་པ་སྤུ་གྲི་རལ་གྲི་འདྲ། །བླ་མ་ལ་གུས་དགེ་སེམས་དམ་ཚིག་ལྡན། །མན་ངག་གཏེར་འཆང་འདོད་དོན་ཁར་མི་གཏང་། །དེ་ལྟ་བུ་ཡི་སློབ་མ་ལ། །སྐྱེ་མེད་ཀ་དག་རྒྱུད་འདི་གཏད། །སྣོད་མེད་དམ་མེད་ང་རྒྱལ་དྲེགས་པ་ཅན་ལ་མ་སྦྱིན་ཅིག །ཅེས་གསུངས་སོ། །སྐྱེ་མེད་ཀ་དག་ཟང་ཀའི་རྒྱུད་ལས། ཡོངས་སུ་གཏད་པའི་ལེའུ་སྟེ་བཅུ་པའོ།། །།སྐྱེ་མེད་ཀ་དག་གི་རྒྱུད་རྫོགས་སོ།། །།

སྐུ་ཐམས་ཅད་ཀྱི་སྣང་བ་སྟོན་པ། དབང་རྫོགས་པ་རང་བྱུང་ཆེན་པོའི་རྒྱུད་ཅེས་བྱ་བ།

གླེང་གཞི།


DNG003_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཀཱ་ཡཱ་ལོ་ཀོདྡིཥྛ་བྷི་ཥིཉྩ་མ་ཧཱ་སྭ་ཡཾ་བྷཱུ་ཏནྟྲ་ནཱ་མ། བོད་སྐད་དུ། སྐུ་ཐམས་ཅད་ཀྱི་སྣང་བ་སྟོན་པ། དབང་རྫོགས་པ་རང་བྱུང་ཆེན་པོའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་དབང་ཐམས་ཅད་ཀྱི་བདག་ཉིད་པདྨ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་བསྟན་པའི་དུས་གཅིག་ན། རིག་པའི་སྣང་བ་ཡོངས་སུ་གསལ་བའི་གཞལ་ཡས་ན། རིག་པའི་རྩལ་གྱི་དབང་གི་མངའ་བདག་དེས། འདི་སྐད་ཅེས་བསྟན་ཏོ། །སྣང་བའི་རིག་པ་ཁྱད་པར་ཅན་ཀུན་ཏུ་སྣང་བ་རྣམས་ཉོན་ཅིག །རིག་པའི་གནས་ལུགས་འགགས་པ་མེད་པའི་དབང་། །བྱ་བ་རྒྱུན་དུ་སྤྱོད་པའི་དབང་། །འདས་


DNG003_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྗེས་སུ་བཟུང་བའི་དབང་། །མ་འོངས་གནད་ལ་འགེལ་བའི་དབང་། །ད་ལྟ་སྨིན་པར་བྱེད་པའི་དབང་། །མ་རྫོགས་རྫོགས་པར་བྱེད་པའི་དབང་། །ཐམས་ཅད་བཟློག་པར་བྱེད་པའི་དབང་། །གསོ་བྱེད་ཡོ་བྱད་ཉིད་ཀྱི་དབང་། །འདུ་བྱེད་རོ་ལངས་གསེར་བསྒྱུར་དབང་། །ཐལ་བྱེད་རོ་བསྲེག་འཁོར་ལོའི་དབང་། །སྒྲུབ་བྱེད་རལ་གྲི་མཚོན་ཆའི་དབང་། །སྨིན་བྱེད་སྡོམ་པ་རྣམ་བཞིའི་དབང་། །ཐམས་ཅད་དབང་གི་འཁོར་ལོར་བསྟན་པའོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། རང་རིག་བྷན་དྷ་འབར་བའི་གཞལ་ཡས་ནས། བཅོམ་ལྡན་འདས་དབང་ཐམས་ཅད་ཀྱི་བདག་ཉིད། པདྨ་ཧེ་རུ་ཀ་ཞེས་བྱ་བ་བཞུགས་ཏེ། དེ་ཡང་བཅོམ་ལྡན་འདས་དེ་ཉིད་དབུ་གསུམ་པ་ཕྱག་དྲུག་པ། ཞབས་བཞི་བགྲད་པ། སྐུ་ལ་དུར་ཁྲོད་ཀྱི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། གླང་ཆེན་གྱི་པགས་པ་དང་། ཀླུ་རིགས་བཞིས་དབུ་དང་ཡན་ལག་བརྒྱན་པ། ཞིང་ཆེན་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། བསྐལ་པའི་མེ་རི་སྣ་ཚོགས་སྐུ་ལས་འཕྲོ་བ། ཕྱག་ན་མཚོན་ཆ་གར་ཡང་མ་ངེས་པ་བསྣམས་པ། ཞབས་རེ་རེ་ལ་ལྕགས་ཀྱི་རྟ་རྨིག་གསུམ་གསུམ་བྱུང་བ། དབུ་རེ་རེ་ལ་རྟ་མགོ་ལྗང་ཞུར་རེ་རེ་རྟ་སྐད་ཕྱོགས་བཅུར་སྒྲོགས་པ། ཞལ་ནས་པདྨ་ཏ་ཀྲྀཏ་ཀྱི་སྒྲ་སྒྲོགས་པ། དབང་ཐམས་ཅད་ཀྱི་དེ་བཞིན་ཉིད་འགྲོ་བ་ཡོངས་ལ་བསྐུར་བ། སྐུ་མདོག་ལེ་བརྒན་དབང་གི་དཀྱིལ་འཁོར་རྫོགས་པ། ཞབས་ཀྱི་འོག་ཏུ་ཏ་ཀྲྀཏ་ཁྲོ་བོ་ཆེན་པོ་བརྒྱད་པོ་བརྫིས་པ། ལྟེ་བ་ན་རྟ་མགྲིན་དམར་པོ་ཞལ་གཅིག་ཕྱག་གཉིས་པ། ཐུགས་ཀ་ན་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་སྐུ་མདོག་སྔོན་པོ། ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་ཚངས་པའི་འཇིག་རྟེན་དུ་གསོར་ཞིང་། གཡོན་སྡིགས་མཛུབ་དང་ཞགས་པ་བསྡམས་པ། དཔུང་པར་ཧཱུཾ་ཀ་ར་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་ན་གསོད་པའི་སྟ་རེ་ཕྱར་བ། གཡོན་ན་ཕུར་པ་འདྲིལ་བའོ། །རྟ་མགོའི་སྟེང་ན་རྡོ་རྗེ་སེམས་དཔའ་དཀར་པོ། གཡས་རྡོ་རྗེ་རྩེ་དགུ་ཐུགས་ཀར་འཛིན་


DNG003_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

པ། གཡོན་དྲིལ་བུ་དཀུ་ལ་བརྟེན་པའོ། །དེ་ལྟ་བུའི་བཅོམ་ལྡན་འདས་དེ་ལ། འཁོར་དཔག་ཏུ་མེད་པའི་ཚོགས་འདི་ལྟ་སྟེ། པདྨ་ཧེ་རུ་ཀ་ལ་སོགས་རིགས་ཀྱི་ཁྲོ་བོ་ལྔ་དང་། ཡུམ་ཀྲོ་དྷཱི་ཤྭ་རི་མ་དང་། རྡོ་རྗེ་སེམས་དཔའ་དང་། རྣམ་པར་སྣང་མཛད་དང་། རིན་ཆེན་འབྱུང་ལྡན་དང་། སྣང་བ་མཐའ་ཡས་དང་། དོན་ཡོད་གྲུབ་པ་དང་། སངས་རྒྱས་སྤྱན་མ་དང་། མཱ་མ་ཀཱི་དང་། གོས་དཀར་མོ་དང་། དམ་ཚིག་སྒྲོལ་མ་དང་། ནམ་མཁའི་དབྱིངས་ཕྱུག་མ་དང་། རྡོ་རྗེའི་རྡོ་རྗེ་དང་། རྡོ་རྗེ་ལས་དང་། རྡོ་རྗེ་ཆོས་དང་། རྡོ་རྗེ་རྣོན་པོ་དང་། རྡོ་རྗེ་རལ་གྲི་དང་། རྡོ་རྗེ་བེ་ཅོན་དང་། རྡོ་རྗེ་ཐོ་བ་དང་། རྡོ་རྗེ་མཻ་ཏྲིའོ། །འཇོམས་མ་རེག་དང་། འཇོམས་མ་ཡིད་དང་། འཇོམས་མ་དྲི་དང་། ) འཇོམས་མ་རོ་དང་། འཇོམས་མ་དུས་དང་། འཇོམས་མ་ཆེན་མོ་འབྱུང་བ་ལྔ་དང་། འཇོམས་མ་ཆེན་མོ་སྣང་བ་མའོ། །ལྷ་དབང་དང་། མི་དབང་དང་། ལྷ་མ་ཡིན་གྱི་དབང་པོ་དང་། བྱོལ་སོང་གི་དབང་པོ་དང་། ཡི་དྭགས་ཀྱི་དབང་པོ་དང་། དམྱལ་བའི་དབང་པོ་ཆེན་པོ་དང་། འབྲས་བུ་སྣང་བའི་སྟོན་པ་ཆེན་པོའོ། །དེ་བཞིན་གཤེགས་པའི་རིགས་ཀྱི་མཁའ་འགྲོ་མ་དང་། རྡོ་རྗེའི་རིགས་དང་། རིན་པོ་ཆེའི་རིགས་དང་། པདྨའི་རིགས་དང་། ལས་ཀྱི་རིགས་དང་། དབྱིངས་ཀྱི་རིགས་དང་། ཡེ་ཤེས་ཀྱི་རིགས་དང་། ལས་ཀྱི་རིགས་དང་། ཤ་ཟའི་རིགས་དང་། ཁྲག་འཐུང་གི་རིགས་དང་། རུས་པ་མུར་བའི་རིགས་དང་། མཁའ་འགྲོ་དང་། ཤུགས་འགྲོ་དང་། སྟོབས་འགྲོ་དང་། རྫུ་འཕྲུལ་གྱིས་འགྲོ་བ་དང་། ཐབས་ཀྱིས་འགྲོ་བ་དང་། སྣང་བ་ཞོན་ནས་འགྲོ་བ་དང་། འབྱུང་བ་ལ་ཞོན་ནས་འགྲོ་བ་དང་། སྐད་ཀྱིས་འགྲོ་བ་དང་། དུས་བཞི་ལ་འགྲོ་བའོ། །ས་བརྒྱད་པ་ལ་གནས་པ་དང་། དགུ་པ་ལ་གནས་པ་དང་། བཅུ་པ་ལ་གནས་པའི་འཁོར་རོ། །ཀླུའི་རྒྱལ་པོ་དགའ་བོ་དང་། འཇོག་པོ་དང་། མཐའ་ཡས་དང་། དུང་སྐྱོང་ལ་སོགས་པའོ། །ཕྱག་ན་རྡོ་རྗེ་དང་། རྟ་མགྲིན་དང་། གཤིན་རྗེ་གཤེད་དང་། འཇམ་དཔལ་དང་། ཕྱག་རྡོར་ཞི་བ་དང་། སྤྱན་རས་གཟིགས་དང་། རིགས་
ཀྱི་ཁྲོ་བོ་བསམ་གྱིས་མི་ཁྱབ་པའོ། །གྲུལ་བུམ་གྱི་རྒྱལ་པོ་དང་། མིའམ་ཅིའི་རྒྱལ་པོ་དང་། ལྟོ་འཕྱེའི་རྒྱལ་པོ་དང་། ལྷ་མ་ཡིན་གྱི་རྒྱལ་པོ་དང་། དྲི་ཟའི་རྒྱལ་པོ་དང་། འབྱུང་པོ་ཐམས་ཅད་ཀྱི་རྒྱལ་པོ་དང་། ཤ་ཟའི་རྒྱལ་པོ་དང་། ཡི་དྭགས་ཀྱི་རྒྱལ་པོ་དང་། ས་ལ་གནས་པ་དང་། ཆུ་ལ་གནས་པ་དང་། རླུང་ལ་གནས་པ་དང་། མེ་ལ་གནས་པ་དང་། ནམ་མཁའ་ལ་གནས་པའི་འཁོར་བསམ་གྱིས་མི་ཁྱབ་པས་བསྐོར་བའོ། །དེ་ནས་བཅོམ་ལྡན་འདས་དཔལ་ཆེན་པོ་དེ་ཉིད་དྲེགས་པ་ཅན་ཐམས་ཅད་དབང་དུ་སྡུད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་འཁོར་དཔག་ཏུ་མེད་པའི་རིགས་རྣམས་དང་། ཐབས་ཅིག་ཏུ་བཞུགས་སོ། །ཞེས་རྫོགས་པ་རང་བྱུང་ཆེན་པོའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།

ཁྲུས་ཐམས་ཅད་ཀྱི་ལུང་།


DNG003_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། སརྦ་སིན་དྷུ་ཧུ་ཀ་ར་ཡ་སིང་ནཱ་མ། བོད་སྐད་དུ། ཁྲུས་ཐམས་ཅད་ཀྱི་ལུང་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དེ་ནས་འཁོར་དེ་རྣམས་ཀྱི་ནང་ནས། གསང་བའི་བདག་ཉིད་རྡོ་རྗེ་རྣམ་འཇོམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་དབང་གི་བདག །ཁམས་གསུམ་འཁོར་བའི་སེམས་ཅན་ལ། །རྣམ་རྟོག་དྲི་མ་བསམ་ཡས་པས། །སྒྲིབ་པ་རྣམ་པ་གཉིས་སྦྱངས་པའི། །ཐབས་ཆེན་མཚོན་པའི་ཡན་ལག་དང་། །སེམས་ཅན་དྲི་མ་ཅན་དག་གི། །རྟོགས་པ་སྦྱངས་པའི་ཁྲུས་ཆེན་དང་། །ཁྲུས་ཀྱི་སྒྲུབ་པ་གསུང་དུ་གསོལ། །དེ་ནས་པདྨ་ཧེ་རུ་ཀས། །རྣམ་འཇོམས་ཉིད་ལ་བཀའ་སྩལ་པ། །ཀྱེ་མ་རྡོ་རྗེ་རྣམ་འཇོམས་ཉོན། །ངས་བསྟན་ལེགས་པར་ཡིད་ལ་ཟུང་། །ཁྲུས་ཀྱིས་རྣམ་རྟོག་སྦྱོར་བྱེད་ན། །ཤིན་ཏུ་དབེན་པའི་གནས་དག་ཏུ། །ཕྱི་མཚམས་ཚུལ་བཞིན་བྱ་བ་དང་། །སྤྱི་བཤགས་ལ་སོགས་རབ་ཏུ་བྱ། །དེ་ནས་དཀྱིལ་འཁོར་འདོམ་གང་ལ། །བ་ཡི་རྣམ་ལྔས་སྦྱང་བར་བྱ། །ཙནྡན་ལ་སོགས་དྲི་ཞིམ་པོས། །ཆག་ཆག་རབ་ཏུ་བཏབ་ནས་ནི། །ཐིག་ནི་གཞུང་དང་མཐུན་པ་སྟེ། །ཤིན་ཏུ་རྒྱས་


DNG003_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

པར་གདབ་བྱ་སྟེ། །དེ་ནས་ཚོན་སྣ་ལྔ་ཡང་དགྱེ། །དབུས་ནི་ཟླུམ་པོའི་ཕོ་བྲང་དུ། །པདྨ་མཛེས་པ་འདབ་བརྒྱད་བྲི། །པདྨའི་ལྟེ་བ་སྔོན་པོས་བཀང་། །འདབ་མ་རྣམས་ནི་མཛེས་ཚོན་ནོ། །དེ་ཡི་ཕྱི་རོལ་གྲུ་བཞི་སྟེ། །སྒོ་དང་བཅས་པ་དག་ཏུ་བྲི། །གྲུ་ཆད་ལྗང་གུ་མཛེས་པ་སྟེ། །སྒོ་རྣམས་རིགས་དང་འདྲ་བའོ། །སྒོ་ཡི་མཐའ་མ་ཟླུམ་པོ་སྟེ། །རྡོ་རྗེའི་ར་བར་བཅས་པ་བྲི། །ཟླུམ་པོའི་ཁ་དོག་དམར་པོ་བྱ། །བར་ཁྱམས་ནག་པོ་དག་ཏུ་བྱ། །དེ་ནས་དཀྱིལ་འཁོར་དེ་ཉིད་ལ། །རྫས་ནི་འདི་ལྟར་དགོད་པར་བྱ། །པདྨའི་ལྟེ་བའི་དཀྱིལ་དག་ཏུ། །བུམ་པ་མཛེས་པ་གཅིག་བཞག་སྟེ། །ཚོན་སྐུད་ལྔ་ཡི་གཟུང་ཐག་གདགས། །པདྨའི་འདབ་མ་རེ་རེ་ལ། །ལྷ་བཤོས་རེ་རེ་གཞག་པར་བྱ། །དཀྱིལ་འཁོར་ཕྱོགས་མཚམས་བརྒྱད་ཉིད་དུ། །ཕུར་པ་བཅུ་ལ་ཁྲོ་བོའི་སྔགས། །ཕྱོགས་བཅུ་ཉིད་དུ་རབ་ཏུ་བཀོད། །ཕྱོགས་སྐྱོང་བཅུ་ལ་གཏོར་མ་བཅུ། །ཡི་དྭགས་འབྱུང་པོའི་གཏོར་མ་དང་། །རིགས་དྲུག་རྣམས་ལ་གཏོར་མ་གཅིག །ཆོས་སྐྱོང་འཁོར་དང་བཅས་པ་དང་། །མ་མོ་རྣམས་ལ་གཏོར་མ་གཅིག །དབུས་སུ་དཔལ་གྱི་གཏོར་མ་བཅའ། །སྒོ་བཞིར་རལ་གྲི་བཞི་ཡང་གཟུག །གྲུ་བཞིར་མདའ་བཞིར་མེ་ལོང་བཞི། །དར་སྣ་དག་ཀྱང་གདགས་པར་བྱ། །ཁྲུས་ཆུའི་བུམ་པ་གཅིག་ནི་གྲུ་ཆད་དེ། །བུམ་པ་དེ་དག་རྣམས་ལ་ཡང་། །སྨན་གྱི་ཡོ་བྱད་སྣ་ཚོགས་དང་། །ཀ་ར་བུ་རམ་ལ་སོགས་དང་། །གསེར་དང་མན་ཤེལ་ནོར་བུ་དང་། །རིན་ཆེན་སྣ་ལྔ་ཅི་སྙེད་དང་། །རྒྱ་མཚོའི་ཚྭ་དང་ལན་ཚྭ་དང་། །ཚྭ་སྣ་ཅི་སྙེད་ཡོད་པ་དང་། །སྤོས་དང་ཙནྡན་གླ་རྩི་དང་། །དྲི་ཞིམ་པ་ཡི་སྤོས་རྣམས་དང་། །མར་དང་ཤ་དང་རོ་ཞིམ་དང་། །འབྲས་དང་ནས་དང་འབྲུ་རྣམས་དང་། །ཤིང་ཐོག་ལ་སོགས་འབྲས་བུ་རྣམས། །བུམ་པ་དག་གི་སྙིང་པོར་གསུངས། །རས་དཀར་དྲི་མེད་གཙང་མ་ཡིས། །མགུལ་ཆིངས་དག་ནི་བྱ་བར་གསུངས། །དེ་ནས་དཀྱིལ་འཁོར་དེ་ཉིད་ལ། །རས་དཀར་མཛེས་པས་གདུགས་སུ་བྱ། །ཡུངས་ཀར་སཱ་ལུ་ལྗང་པ་ཡིས། །བུམ་པའི་ཁ་རྒྱན་བྱ་བར་གསུངས། །


DNG003_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བཅོམ་ལྡན་དབང་ཆེན་ལ། །རྣམ་འཇོམས་ཉིད་ཀྱིས་ཡང་ཞུས་པ། །ཀྱེ་ཀྱེ་བཅོམ་ལྡན་དབང་ཆེན་སྐུ། །དཀྱིལ་འཁོར་རྫས་ཉིད་དེ་ལྟར་ན། །སྒོམ་ཐབས་མཆོད་པའི་རིམ་པ་གསུངས། །བཅོམ་ལྡན་པདྨ་ཧེ་རུ་ཀས། །རྡོ་རྗེ་ཁྲོ་བོ་དེ་ཉིད་ལ། །སྟོབས་ལྡན་ཉིད་ཀྱིས་བཀའ་སྩལ་པ། །ཀྱེ་མ་ཉོན་ཅིག་རྣམ་པར་འཇོམས། །སྒྲུབ་པ་ཆེན་པོ་དེ་ཉིད་ལ། །འཇུག་དུས་ཚེས་ཆེན་བཅོ་ལྔ་ལ། །བསྒྲུབ་པའི་ཞག་གྲངས་རབ་ནི་བདུན། །འབྲིང་བོ་ཞག་ལྔ་ཐ་མ་གསུམ། །དེ་ལྟར་བསྒྲུབ་པ་བྱེད་པའི་ཚེ། །དང་པོ་དབང་གི་བྲོ་བརྡུང་ཞིང་། །དེ་ཚེ་རྣལ་འབྱོར་ཆེན་པོ་རྣམས། །བསྒོམ་པའི་རིམ་པ་འདི་ལྟ་སྟེ། །པདྨ་དབང་གི་དཀྱིལ་འཁོར་རྣམས། །སྐད་ཅིག་ཙམ་ལ་རབ་ཏུ་བསྐྱེད། །དབུས་སུ་པདྨ་ཧེ་རུ་ཀ །དབུ་གསུམ་ཕྱག་དྲུག་ཞབས་བཞི་སྟེ། །གཡས་ཀྱི་ཞལ་ནི་ལྗང་གུ་སྟེ། །གཡོན་ནི་སྔོ་ལ་དབུས་ནི་དམར། །ཕྱག་དྲུག་གཡས་ཀྱི་དང་པོ་ན། །དགྲ་སྟྭ་བསྣམས་ཤིང་སྐྱེ་རྩ་གཅོད། །འོག་མ་གཉིས་ཀྱི་ཕྱག་མཚན་ནི། །མདུང་ཐུང་རལ་གྲི་བསྣམས་པའོ། །གཡོན་པ་གསུམ་གྱི་ཕྱག་མཚན་ནི། །བམ་དབྱུག་ཐོད་པ་སྡིགས་མཛུབ་སྟེ། །དབུ་ཡི་སྟེང་ན་རྟ་མགོ་གསུམ། །རྟ་སྐད་སྒྲོགས་ཤིང་དབང་སྐད་འཚེར། །མེ་རི་སྣ་ཚོགས་འཕྲོ་བའི་མེ། །དེ་ལྟ་བུ་ཡི་དབང་ཆེན་ཉིད། །བདག་ཉིད་ཐུགས་ཀའི་དཀྱིལ་འཁོར་དུ། །ཡི་གེ་ཧྲཱྀཿཉིད་དམར་པོ་བསམ། །དེ་ཉིད་འོད་དུ་ཞུ་བ་དང་། །བདག་ཉིད་པདྨ་དབང་དུ་བསྐྱེད། །དེ་ནས་ཧྲཱྀཿཧྲཱྀཿཞེས་བརྗོད་པས། །བདག་ཉིད་སྟེང་དུ་ཆད་པར་བསམ། །དེ་ནས་རྟ་མགོ་གསུམ་དུ་བསམ། །དེ་ནས་བཛྲ་ཧྲཱྀཿཞེས་བརྗོད། །དེ་ཉིད་འོད་དུ་ཞུ་བ་དང་། །བདག་ཉིད་དཔལ་ཆེན་མདུན་དག་ཏུ། །རྡོ་རྗེ་རྣམ་འཇོམས་བསྒོམ་པའོ། །དེ་ཉིད་སྐུ་མདོག་ཕྱག་མཚན་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་སྔོ། །གཡས་པས་བུམ་པ་དཀར་པོ་བསྣམས། །རྡོ་རྗེ་རྒྱ་གྲམ་བུམ་པའི་ཁ་ཉིད་བཅད་པའོ། །གཡོན་པས་སྡིགས་མཛུབ་ཕུར་པ་འདྲིལ། །ཀླུ་དབང་རིགས་བཞིས་སྐུ་ལ་བརྒྱན་


DNG003_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །དེ་ལྟར་གསལ་བར་བསྒོམ་པ་དང་། །བསྙེན་པ་གཙོ་བོའི་སྔགས་འདི་བརྗོད། །ཨོཾ་པདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུྃ་ཧྲཱྀཿ། སྔགས་དེ་བརྒྱ་རྩ་བརྒྱད་བརྗོད་པས། །རྣམ་འཇོམས་སྐུ་ནི་གྲངས་མེད་བསམ། །རྡོ་རྗེ་རྣམ་འཇོམས་དེ་དག་གི། །ཐུགས་ཀའི་ཡི་གེ་ས་བོན་ལས། །ཁྲུས་ཀྱི་ལྷ་མོ་གྲངས་མེད་བསམ། །སྟོང་གསུམ་ཐམས་ཅད་ཁེངས་པར་བསམ། །ཁྲུས་ཀྱི་ལྷ་མོ་དེ་དག་ནི། །སྐུ་མདོག་དཀར་མོ་འོད་ཟེར་ཅན། །གཡས་པ་རྣམས་ནི་བུམ་པ་སྟེ། །གཡོན་པ་རྣམས་ནི་སྡིགས་མཛུབ་བོ། །དེ་ནས་བཅོམ་ལྡན་བདེ་ཆེན་དེས། །རྣམ་འཇོམས་ཉིད་ལ་ལུང་བསྟན་པ། །ཀྱེ་མ་རྡོ་རྗེ་རྣམ་འཇོམས་ཉོན། །གསང་སྔགས་ཁྲུས་ཀྱི་སྒྲིབ་སྦྱང་སྔགས། །ཁྱོད་ཀྱིས་འདུས་པའི་ཚོགས་ལ་སྨྲོས། །དེ་ནས་རྣམ་འཇོམས་དེ་ཉིད་ཀྱིས། །གསང་སྔགས་ཁྲུས་ཀྱི་ཚིག་འདི་སྨྲས། །ན་མཿཙཎྜ་བཛྲ་ཀྲོ་དྷཱ་ཡ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། དེ་སྐད་སྔགས་དེ་ལན་ཉེར་གཅིག །བརྗོད་ཅིང་བཅོམ་ལྡན་དབང་ཉིད་བསམ། །དེ་ལས་འོད་ཟེར་རབ་འཕྲོས་པས། །ཁམས་གསུམ་རྒྱུད་དྲུག་སེམས་ཅན་གྱི། །རྣམ་རྟོག་སྒྲིབ་པ་སྦྱངས་པར་བསམ། །དེ་ནས་ཁྲུས་ཀྱི་ལྷ་མོ་རྣམས། །གསལ་བ་འོད་དང་ལྡན་གྱུར་ནས། །བདུད་རྩིའི་བུམ་པ་དེ་དག་གིས། །ནང་ནས་བདུད་རྩིའི་ཆུ་རྒྱུན་བབས། །དེ་ཉིད་སྟོང་གསུམ་ཁྱབ་པ་ལས། །བདག་དང་མཐའ་ཡས་སེམས་ཅན་གྱི། །སྡུག་བསྔལ་ཐམས་ཅད་མེད་པ་དང་། །སྒྲིབ་པ་ཐམས་ཅད་བཀྲུས་པར་བསམ། །ཕྱི་དང་ནང་གི་ནད་རྣམས་ཀྱང་། །ལྷ་མོ་དེ་དག་ཐམས་ཅད་ཀྱིས། །བདུད་རྩིའི་ཆུ་ཡིས་བཀྲུས་པར་བསམ། །རྒྱུན་དུ་དེ་ལྟར་བསམ་བཞིན་དུ། །སྤྱི་ཆོག་གཞུང་དང་མཐུན་པར་བྱ། །རྒྱུན་དུ་བགྲངས་པའི་སྔགས་འདིའོ། །ཨོཾ་བཛྲ་ཙཎྜ་སརྦ་ཨཱ་ཤུཌྜྷ་རཾ་ཡཱ། སརྦ་པཱ་པ་བི་ཤོ་དྷ་ཧོ་རཾ་རཾ་ཁཾ་རཾ་རཾ། བཛྲ་ཙཎྜ་རཾ་རཾ། དེ་ནི་རྒྱུན་འབུལ་དག་ཏུ་བཟླས། །དེ་ནས་བསྒྲུབ་པའི་ཐ་མ་ལ། །རིགས་ཀྱི་སློབ་མ་དེ་དག་ལ། །དབུས་ཀྱི་བུམ་པས་དབང་བསྐུར་བྱ། །ཁྲུས་ཀྱི་བུམ་པས་ཁྲུས་ཉིད་བྱ། །གཙོ་བོའི་བུམ་པ་དེ་ཉིད་དུ། །དཔལ་ཆེན་


DNG003_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་སྐུ་བསྟན་པ། །སློབ་བུའི་སྤྱི་གཙུག་དག་ཏུ་བཞག །འོག་མའི་སྔགས་འདི་ཉིད་ལན་བདུན་བརྗོད། དེ་ནས་རྡོ་རྗེ་སློབ་དཔོན་དེས། །ཆེ་བའི་གླུ་འདི་རབ་ཏུ་བླངས། །ཧཱུྃ་བདུད་རྩི་དག་པའི་ཡེ་ཤེས་སྐུ། །ཆོས་ཉིད་མཁའ་མཉམ་ཡེ་ཤེས་བུམ། །རྣམ་རྟོག་ཀུན་སྦྱོང་ཡེ་ཤེས་ཆུ། །རིག་པ་འོད་གསལ་སྙིང་པོར་བཅས། །མཁའ་གསང་མཉམ་སྦྱོར་ལན་ཚྭའི་རོ། །རྣམ་དག་དྲི་མེད་བཅུད་ལེན་སྨན། །འདོད་ཡོན་ལས་གྲུབ་རིན་པོ་ཆེ། །རིན་ཆེན་འོད་འབར་དྲི་ཞིམ་སྤོས། །གསོ་བྱེད་རྡོ་རྗེའི་འོ་མའི་ཆུ། །འདོད་པ་ཚིམ་བྱེད་འབྲས་བུ་དང་། །བསྙེན་འདྲིལ་ཐུགས་རྗེའི་དར་དཔྱང་དང་། །འབྲས་བུ་བཅུད་ཀྱིས་གཏམས་པ་ཡི། །ཆོས་ཉིད་མཉམ་པའི་བུམ་པ་ཡིས། །སྐལ་ལྡན་འདི་ལ་དབང་བསྐུར་བས། །ཆོས་ཉིད་རང་སྟོབས་རྙེད་ནས་ཀྱང་། །དབང་ཆེན་སྐུ་དང་ལྡན་པར་ཤོག །ཨོཾ་མ་ཧཱ་ཀཱ་ལ་ཤ་སིདྡྷི་བཛྲ་ཧཱུྃ། དེ་ནས་ཁྲུས་ཀྱི་བུམ་པ་ཡིས། །སློབ་མ་དེ་ལ་ཁྲུས་བྱས་ཏེ། །སྤྱི་གཙུག་དག་ཏུ་བཞག་ལ་ཡང་། །སྔགས་ནི་འོག་མ་ལན་བདུན་བརྗོད། །དེ་ནས་ཁྲུས་ཀྱི་བུམ་པ་དེ། །རྣམ་འཇོམས་ཉིད་དུ་གསལ་བར་བསྒོམ། །དེ་ནས་རྡོ་རྗེ་སློབ་དཔོན་དེས། །ཆེ་བའི་གླུ་འདི་བརྗོད་པར་བྱ། །རྣམ་དག་དྲི་མེད་ཡེ་ཤེས་ཆུས། །བཀྲུས་པས་རྣམ་རྟོག་སྡུག་བསྔལ་བྲལ། །རྣམ་རྟོག་དྲི་མ་ལས་སྦྱོངས་ཤིང་། །སངས་རྒྱས་ཞིང་ཁམས་རབ་འབྱམས་ཀྱི། །ཡེ་ཤེས་ཆུ་རྒྱུན་བབས་ནས་ན། །ཁྱོད་ཀྱི་རྣམ་རྟོག་བྱང་གྱུར་ནས། །ཕྱི་དང་ནང་གི་སྡུག་བསྔལ་རྣམས། །ཐམས་ཅད་ཞི་བར་གྱུར་ནས་ཀྱང་། །ཡེ་ཤེས་སྣང་བ་གསལ་བར་སྟོན། །དག་པའི་ཡེ་ཤེས་བདུད་རྩི་འདིས། །དྲི་མའི་སྐྱོན་རྣམས་བྱང་བ་དང་། །མི་གཙང་ལ་སོགས་ཉམས་པ་ཀུན། །ཤེལ་སྒོང་ལྟ་བུར་གྱུར་ནས་ནི། །རྣམ་འཇོམས་ཉིད་ཀྱི་སྐུ་གསུང་ཐུགས། །རིགས་ཀྱི་བུ་ལ་རྫོགས་པར་ཤོག །ཨོཾ་ཙཎྜ་བཛྲ་ཀྲོ་དྷ་ཀཱ་ཡ་ཧཱུྃ་ཧཱུྃ་ཧྲིཿ། དེ་ནས་གཏོར་མས་དབང་བསྐུར་བྱ། །གཏོར་མ་གཏོང་ཞིང་དཀྱིལ་འཁོར་བསྡུ། །ཞེས་རྫོགས་
པ་རང་བྱུང་ཆེན་པོའི་རྒྱུད་ལས། ཁྲུས་ཀྱི་ལེའུ་སྟེ་གཉིས་པའོ།། །།

གཤིན་གྱི་གནས་ལུང་ཆེན་མོ།


DNG003_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། མ་ཧཱ་སུ་ཀ་ས་བི་ཡ་དུར་ན་མཱ། བོད་སྐད་དུ། གཤིན་གྱི་གནས་ལུང་ཆེན་མོ་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་མཉམ་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་དཔལ་པདྨའི་རྒྱལ་པོ་དེ་ཉིད་ཀྱིས། སེམས་ཅན་ཚེ་འདས་པའི་སེམས། རིག་པ་ངོ་སྤྲད་པའི་ཆོ་ག་དང་། རིགས་དྲུག་ནས་དྲངས་ཤིང་ལམ་སྟོན་པ་འདི་གསུངས་སོ། །ཕྱོགས་བཅུ་ན་གནས་པའི་ལྷ་དང་། ཀླུ་དང་། ལྷ་མ་ཡིན་དང་། མི་དང་། བྱང་ཆུབ་སེམས་དཔའི་འཁོར་རྣམས་ལ་རབ་ཏུ་བོས་ཏེ་འདི་གསུངས་སོ། །ཀྱེ་འདུས་པའི་ཚོགས་ཕལ་ཆེར་ང་ལ་ཉོན་ཅིག །སེམས་ཅན་ཐམས་ཅད་སྡུག་བསྔལ་ལ་ཆགས་ཤིང་། སྡུག་བསྔལ་ལ་སྤྱོད་པའོ། །ཚེ་འདས་པའི་སྡུག་བསྔལ་དང་། རྣམ་རྟོག་སྦྱོང་བའི་ཕྱིར། ངས་ཚེ་འདས་པ་བར་དོ་ལས་འདས་པའི་ལམ་དུ་ལུང་བསྟན་པ་འདི་བསྟན་གྱིས། ལེགས་པར་ཉོན་ཅིག་ཅེས་གསུངས་པས། དེ་ནས་འཁོར་རྣམས་རབ་ཏུ་དགའ་སྟེ་འདི་སྐད་བརྗོད་དོ། །ཨེ་མ་ཧོ། ལེགས་སོ་བདག་ཅག་རྣམས་ཀྱི་ལེགས་པར་བཟུང་། །དཔའ་བོ་ཆེན་པོས་བཀའ་སྩོལ་ཅིག །དེ་ནས་དབང་ཆེན་དེ་ཉིད་ཀྱིས། །ཉེ་བའི་འཁོར་ལ་བཀའ་སྩལ་པ། །ཀྱེ་ཀྱེ་འདུས་པའི་འཁོར་ཚོགས་ཉོན། །གནས་ཀྱི་ཆོ་ག་ཆེན་མོ་ནི། །ང་ཡིས་ལེགས་པར་བཤད་པར་བྱ། །སེམས་ཅན་ལས་ཀྱིས་མནར་བ་ཡི། །དབང་པོ་རབ་འབྲིང་ཐ་མ་གསུམ། །ཤིན་ཏུ་རྒྱས་པ་འདི་ལྟ་སྟེ། །དབང་པོ་ཉི་ཤུ་རྩ་གཅིག་གོ། །ཡང་གསོལ་པ། སེམས་ཅན་ལས་ཀྱི་མནར་དེ་ཡི། །བར་དོའི་གནས་ལུགས་ཅི་ལྟར་ལགས། །རྡོ་རྗེ་འཆང་གིས་བཀའ་སྩལ་པ། །སེམས་ཅན་ཀུན་གྱི་ལམ་ཆེན་ནི། །བར་དོའི་སྣང་བ་ཆེན་པོ་ཡིན། །རྣམ་པ་བཞི་རུ་ང་ཡིས་གསུངས། །རང་བཞིན་གནས་པའི་བར་དོ་དང་། །ཆོས་ཉིད་རང་སྣང་བར་དོ་དང་། །རྨི་ལམ་འཛིན་པའི་བར་དོ་དང་། །སྲིད་པ་འཁྱམས་བྱེད་བར་དོའོ། །རང་བཞིན་གནས་པའི་བར་དོ་ལ། །ཆོས་ཉིད་གསང་བའི་དོན་རྟོགས་


DNG003_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །གང་ལ་མ་ཆགས་ཤེས་རབ་ཕ་རོལ་ཕྱིན། །དེ་ནས་ལུས་འདི་བོར་བ་དང་། །ཆོས་ཉིད་རང་སྣང་བར་དོ་ལ། །གཉིས་སུ་མེད་པར་གནས་ནས་ནི། །ཞག་ནི་རྣམ་བདུན་སྡོད་པར་ངེས། །དེ་ཚེ་སེམས་ཅན་ཆེན་པོ་དེ། །ཆོས་ཉིད་མ་ལ་རབ་གནས་ཏེ། །སེམས་དང་རིག་པའི་ཡེ་ཤེས་གཉིས། །ཞག་བདུན་བར་དུ་རབ་ཏུ་བྲལ། །ཆོས་ཉིད་རང་ཡུལ་མཐོང་བའི་ཕྱིར། །དེ་ནས་ཞག་བདུན་ལོན་པ་དང་། །སེམས་ཀྱི་ས་བོན་ལངས་པ་དང་། །ལྷུན་གྲུབ་ཆེན་པོ་རབ་འདས་ནས། །རྨི་ལམ་བར་དོ་ཆེན་པོར་འགྲོ། །དེ་ཚེ་སྔོན་གྱི་བག་ཆགས་དྲན། །དེ་ཚེ་གནས་ཀྱི་ཆོ་ག་གསུངས། །གནས་ཀྱི་ཆོ་ག་ཆེན་པོ་རྣམས། །ཕྱག་རྒྱ་འཁོར་ལོས་མཚམས་བཅད་བྱ། །དེ་ནས་བུཌྜྷ་ཧེ་རུ་ཀས། །དབང་ཆེན་ཉིད་ལ་དོན་ཞུས་པ། །ཀྱེ་མ་དཔའ་བོ་དབང་གི་བདག །གནས་ལུང་ཆེན་པོ་བསྒྲུབ་པ་ཡི། །དཀྱིལ་འཁོར་ཆོ་ག་གསུང་དུ་གསོལ། །དེ་ནས་དབང་ཆེན་དེ་ཉིད་ཀྱིས། །ཞུས་པའི་ཚིག་འདི་བཀའ་སྩལ་པ། །གནས་ལུང་བསྒྲུབ་པ་འདི་ལྟ་སྟེ། །ཚེ་འདས་ལུས་བརྗེས་གནས་དེ་རུ། །དཀྱིལ་འཁོར་འདོམ་གང་གྲུ་བཞི་སྟེ། །དྲི་སྣ་གསུམ་གྱིས་ཆག་ཆག་གདབ། །དེ་ནས་ཚོན་ཐིག་བྱིན་གྱིས་བརླབ། །བཅུ་དྲུག་ཐིག་དང་ལྡན་བྱས་ལ། །དེ་ནས་ཚོན་ཉིད་རབ་ཏུ་དགྱེ་བར་བྱ། །ཕོ་བྲང་གྲུ་བཞིར་ལྡན་པ་ལ། །ཚོན་རྩི་མཐིང་ག་དག་གིས་དགང་། །ཕྱི་རིམ་ཟླུམ་པོ་དག་ཏུ་གསུངས། །རྡོ་རྗེའི་ར་བར་བཅས་པ་བྲི་བྱ་ཞིང་། །ཕོ་བྲང་བསྣོལ་མའི་བར་དག་ནི། །དམར་པོ་དག་གིས་རབ་ཏུ་བཀང་། །དེ་ཡི་ཕྱི་རིམ་གྲུ་བཞི་སྟེ། །སྒོ་དང་བཅས་པར་རབ་ཏུ་བཤད། །སྒོ་ནི་རིགས་དང་མཐུན་པ་ལ། །བར་ཁྱམས་སྔོན་པོ་དག་ཏུ་བྱ། །གྲུ་ཆད་ལྗང་གུ་མཛེས་པའོ། །དེ་ཡི་ཕྱི་རིམ་ཟླུམ་པོར་གསུངས། །ཟླ་གམ་བཞི་ནི་དམར་པོའོ། །ཀྱེ་མ་བཅོམ་ལྡན་དབང་གི་བདག །གསང་བའི་དཀྱིལ་འཁོར་དེ་ཉིད་ལ། །མངོན་པའི་རྫས་ནི་ཇི་ལྟར་ལགས། །དཔལ་ཆེན་ཁྱེད་ཀྱིས་བཀའ་སྩོལ་ཅིག །གསང་བའི་དཀྱིལ་འཁོར་དེ་ཉིད་ལ། །དབུས་ཀྱི་ཕོ་བྲང་སྟེང་དག་ཏུ། །བུམ་པ་མཛེས་པ་གཅིག་


DNG003_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་སྟེ། །རས་དཀར་གཙང་མས་མགུལ་ཆིངས་བྱ། །ནང་དུ་ཆུ་གཙང་དག་གིས་དགང་། །ཁ་རྒྱན་ཅི་འབྱོར་དག་གིས་བྱ། །ཤར་ཕྱོགས་དག་ཏུ་གཏོར་མ་གཅིག །རཀྟ་བདུད་རྩིས་བྲན་ལ་བཞག །ལྷོ་ཕྱོགས་གཏོར་མ་ཕུད་ཀྱིས་བྲན། །ནུབ་ཀྱི་རཀྟ་དག་གིས་བྲན། །བྱང་དུ་བདུད་རྩིའི་དྲི་ཆུས་བྲན། །བྱང་ཤར་མཚམས་སུ་ལན་ཆགས་གཏོར། །ཤ་སྣ་ཚོགས་ཚད་དག་དང་ནི། །དཀར་གསུམ་མངར་གསུམ་ལ་སོགས་དང་། །ཉ་ཤ་དག་དང་སྒོ་ང་དང་། །ཁུར་བ་ལ་སོགས་ཟས་སྣ་རྣམས། །ཅི་འབྱོར་པ་ཡིས་གཏོར་མ་བརྒྱན། །འབྲས་ཆང་གྲོ་ཆང་ཡོས་ཆང་དང་། །བུ་རམ་ཆུ་དང་ཀར་ཆུ་དང་། །དར་བ་ཞོ་དང་མར་ཁུ་ཡིས། །གཏོར་མ་དེ་ཉིད་བྲན་ཏེ་བཞག །གསང་བའི་དཀྱིལ་འཁོར་དེ་ཉིད་ལ། །སྒོ་བཞིར་རལ་གྲི་བཞི་ཡང་གཟུག །གྲུ་བཞིར་མདའ་བཞི་མེ་ལོང་བཞི། །དར་སྣ་བཞི་ཡང་གདགས་པར་བྱ། །དེ་ནས་དཀྱིལ་འཁོར་དེ་ཉིད་ལ། །ཞི་ཁྲོའི་སྐུ་ཡི་དཀྱིལ་འཁོར་རམ། །གང་ཡོད་སྟེང་དུ་དགྲམ་པར་བྱ། །དེ་ཡི་སྟེང་དུ་རས་དཀར་གཙང་མ་ཡིས། །གདུགས་ནི་རབ་ཏུ་འབུབས་པར་བྱ། །རས་དཀར་གཙང་མ་དེ་ཉིད་ལ། །ཡི་གེ་ཨ་ཉིད་དཀྱིལ་དུ་བྲི། །གསང་བའི་དཀྱིལ་འཁོར་དེ་ཉིད་ལ། །མཐིང་ནག་དར་གྱི་ཡོལ་བ་དྲེ། །དཀྱིལ་འཁོར་དེ་ཡི་ཤར་སྒོ་རུ། །དྲི་མ་དག་ནི་དགོད་ལ་བཞག །ཕོ་ལ་གཞུ་དང་དོང་རལ་དང་། །ཕོ་ཡི་ཆས་སུ་ཅི་ཡོད་བཞག །མོ་ལ་འཕང་དང་སྐུར་མ་དང་། །མོ་ཡི་ཆ་རྐྱེན་ཅི་ཡོད་བཞག །དེ་ནས་དྲི་མ་དེ་དག་ལ། །གཤིན་གྱི་མིང་བྱང་བསྟན་པ་ནི། །ཤོག་གུ་དར་ལ་རབ་བྲིས་ནས། །མདའ་འཕང་དག་ལ་བཏགས་ལ་གཟུག །དེ་ནས་གཏོར་མ་ཆ་གསུམ་གཏང་། །ཕྱི་ཆོག་ལ་སོགས་མཆོད་པ་ལྔ། །གཞུང་དང་མཐུན་པར་རབ་བྱས་ནས། །ཞི་བའི་ཕྲིན་ལས་རྫོགས་པར་བྱ། །དེ་ནས་ཁྲོ་བོའི་གཞུང་བསྲང་ལ། །གཤེད་བྱེད་བསྐྲད་པའི་ཆོ་ག་བྱ། །དེ་ནས་དྲི་མ་དེ་ཉིད་ལ། །སློབ་དཔོན་ཏིང་འཛིན་ལྡན་པ་དེས། །ཕོ་མོ་གང་ཡིན་རྣམ་ཤེས་དགུག །རཾ་ཡཾ་ཁཾ་གིས་བསྲེག་སྦྱང་བཀྲུས། །དེ་ནས་སྔགས་འཆང་དེ་


DNG003_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱིས། །ཨེ་མ་རཾ་ཞེས་རབ་བརྗོད་པས། །སྣོད་བཅུད་འཇིག་རྟེན་ཐམས་ཅད་ནི། །མཐིང་ནག་གྲུ་གསུམ་ཨེ་རུ་བསམ། །གཤེད་བྱེད་ཐམས་ཅད་བརླག་པར་བསམ། །དེ་ནས་དྲི་མ་དེ་ཉིད་ལ། །དེ་བ་བི་ཤུཌྜྷ་རི་ནི་རབ་བརྗོད་པས། །ཞི་ཁྲོའི་ལྷ་ཚོགས་དེ་དག་ཀུན། །དྲི་མ་ཚེ་འདས་ལུས་ལ་གཟུགས། །དེ་ནས་དྲི་མ་དེ་ཉིད་ནི། །ལྷ་ཚོགས་རྣམས་སུ་གསལ་བ་དང་། །ཚེ་འདས་དེ་ཡི་ལུས་པོ་ལ། །མཛེས་པའི་རྒྱན་ཆ་དག་གིས་བརྒྱན། །དར་དཔྱངས་དག་དང་གདུགས་ཀྱིས་དགབ། །དེ་ནས་རྡོ་རྗེ་སློབ་དཔོན་དེས། །དབང་ཆེན་སྟབས་སུ་བཞུགས་ནས་ནི། །ཚིགས་བཅད་འདི་སྐད་བརྗོད་པར་བྱ། །ཨེ་མ་ཧོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྐུ་དང་གསུང་དང་ཐུགས་དང་ནི། །ཡོན་ཏན་ཕྲིན་ལས་ཟག་པ་ཟད། །ཟད་མི་ཤེས་པ་ཡི་བདེན་པ་དང་། །གཞན་ཡང་བདག་ཅག་རྡོ་རྗེ་སློབ་དཔོན་དང་། གསང་བའི་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པའི་བདེན་པས། གཤིན་པོ་ཚེ་ལ་འདས་པ་འདི། རིགས་དྲུག་གང་ན་གནས་ཀྱང་རུང་སྟེ། ངན་སོང་གསུམ་གྱི་སྒོ་ཆོད་ཅིག །མཐོ་རིས་སུ་སྒོ་འབྱེད་པའི་གསང་བའི་དཀྱིལ་འཁོར་འདིར། སྐད་ཅིག་ལ་མཆིས་པར་གྱུར་ཅིག །གཞན་ཡང་འདི་ལ་གནོད་པར་བྱེད་པའི་བདུད་དམ། བགེགས་གང་ཡང་རུང་བས། འདི་ལ་གནོད་པར་མ་བྱེད་ཅིག །གལ་ཏེ་གནོད་པར་བྱས་ན། བཅོམ་ལྡན་འདས་པདྨ་དབང་ཆེན་གྱི་བྱིན་རླབས་ཀྱིས། ཐལ་བ་རྡུལ་ཕྲན་བཞིན་དུ་གྱུར་ཅིག །དེ་སྐད་ཅེས་བརྗོད་ཅིང་སྔགས་འདི་གསུམ་བརྗོད་དོ། །ཨོཾ་བི་ཤ་ཀྲོ་དྷ་ཧ་ན་ཧ་ན་ཧ་ལ་ཧ་ལ་ཧཱུྃ་ཕཊ། ཅེས་བརྗོད་ཅིང་། ཉུང་ཀར་ལ་བསྔགས་ལ་ཕྱོགས་བཅུར་གཏོར་རོ། །དེ་ནས་འཛབ་ཏུ་བགྲང་བའི་སྔགས་འདི་བྲོ་བརྡུང་ཞིང་བཟླས་སོ། །ཨོཾ་པདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུྃ་ཧྲཱྀཿ། སྔགས་དེ་ལས་ནི་འོད་འཕྲོས་པས། །རྟ་མགྲིན་དམར་པོ་གྲངས་མེད་འཕྲོས། །འགྲོ་དྲུག་གནས་ནས་དྲངས་པར་བསམ། །དེ་ནས་དྲི་མའི་སྙིང་ག་ནས། །རྟ་མགྲིན་དེ་དག་ཐམས་ཅད་ཀྱིས། །


DNG003_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་ནས་གཉིས་མེད་ལྷ་རུ་གསལ། །དེ་ནས་བྷུཌྜྷ་ཧེ་རུ་ཀས། །དབང་བདག་ཉིད་ལ་དོན་ཞུས་པ། །ཀྱེ་མ་བཅོམ་ལྡན་དབང་ཆེན་སྐུ། །ཚེ་འདས་སེམས་ཅན་དེ་དག་ནི། །ངན་སོང་གསུམ་ནས་དྲངས་པའི་ཕྱིར། །ཆོ་གའི་སྦྱོར་བ་གསུང་དུ་གསོལ། །དེ་ནས་པདྨ་ཧེ་རུ་ཀས། །དེ་དག་རྣམས་ལ་བཀའ་སྩལ་པ། །དེ་ནས་ཞི་བའི་འཛབ་དབྱངས་བགྲངས། །ཨོཾ་ཨཱཿཧཱུྃ་བཛྲ་དྷྲྀཀ་མུཾ་དྷཱ་ཏྭཱི་ཤྭ་རཱི། ལཱཾ་དྭེ་ཥ་ར་ཏི། པཱཾ་ར་ག་ར་ཏི་སྟྭཾ། མཱཾ་མོ་ཧ་ར་ཏི། ཨཱཾ་ཨ་རོ་ལིཀ །དེ་སྐད་བརྗོད་ཅིང་གཟུགས་ལ་བསྡིམ། །ཡི་གེ་དེ་དག་རེ་རེ་ཡི། །འོད་ཟེར་རབ་ཏུ་འཕྲོས་པ་ཡིས། །ཤེས་བྱའི་རྣམ་རྟོག་སྒྲིབ་པ་དང་། །བལྟ་བ་གོལ་བའི་སྒྲིབ་བྱང་བསམ། །དེ་ནས་སྔགས་ཀྱི་འོད་ཟེར་དེས། །ཚེ་འདས་ལུས་ལ་ཕོག་པ་དང་། །ལུས་ངག་ཡིད་གསུམ་སྒྲིབ་བྱང་ནས། །ལུས་ཀྱི་དངོས་པོ་མེད་པར་བསམ། །དེ་ནས་ཚེ་འདས་དངོས་པོ་དེ། །ཡི་གེ་ནྲྀ་དུ་གྱུར་ནས་ནི། །དེ་ནས་ཧཱུྃ་དུ་གྱུར་པར་བསམ། །དེ་ལས་འོད་ཟེར་འཕྲོ་འདུ་ལས། །བཛྲ་ཨཱཿཧཱུྃ་རབ་བརྗོད་པས། །རྡོ་རྗེར་གྱུར་ནས་སྐྱེ་འཇིག་བྲལ། །དེ་ལྟར་སྐྱེ་བ་མེད་བསམས་ནས། །དཀྱིལ་འཁོར་བཞེངས་སུ་གསོལ་བ་ཡི། །ཆོ་ག་མངའ་གསོལ་བྱིན་བརླབ་བསྐྱེད། །རཾ་ཡཾ་ཁཾ་གིས་བསྲེགས་སྦྱངས་ལས། །བསྐྱེད་པའི་སྔགས་འདི་ལན་གསུམ་བརྗོད། །བྷྲཱུཾ་བི་ཤུདྡྷེ་བྷནྡྷ་ཛྙཱ་ན་ཙཀྲ་བྷྲཱུཾ། དེ་ཉིད་འོད་དུ་ཞུ་བ་ལས། །གཞལ་ཡས་ཁང་ནི་རབ་ཏུ་བསམ། །འཁོར་ལོ་རིན་ཆེན་གཞལ་ཡས་ཁང་། །བྷན་དྷ་ཡེ་ཤེས་རྣམ་པར་བསམ། །རྒྱ་ཁྱོན་དཔག་ཏུ་མེད་པར་བསམ། །དེ་ཡི་ནང་དུ་བསམ་བྱ་བ། །སྔགས་འདིས་རབ་ཏུ་བསྐྱེད་པར་བྱ། །ཨ་ཙནྡྲ་མཎྜ་ལ་ཧཱུྃ། མ་སཱུརྱ་མཎྜ་ལ་ཧཱུྃ། པཾ་པདྨ་མཎྜ་ལ་ཧཱུྃ། ཧཱུྃ་ཏྲཾ་ཏི་ར་བཾ་ལ་སོགས་པའི། །ཟླ་བའི་དལ་དང་ཉི་མའི་དལ། །པདྨ་སྟོང་དང་ལྡན་པ་ཡི། །བདག་ཉིད་རབ་ཏུ་བསམ་པར་བྱ། །ཏི་ར་བཾ་ལ་སོགས་པ་ཡི། །ཕྱོགས་སྐྱོང་གདན་ཡང་རབ་ཏུ་བསམ། །དེ་ཡི་སྟེང་དུ་དབང་ཆེན་བསམ། །ཕྱོགས་མཚམས་ཀུན་ཏུ་ཁྲོ་བོ་བསམ། །དེ་ལྟར་དཀྱིལ་འཁོར་བཞེངས་ནས་ནི། །དཀྱིལ་འཁོར་བཞེངས་སུ་


DNG003_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་ཡི། །ཆོ་ག་འདི་སྐད་བརྗོད་པར་བྱ། །དབང་ཞུ་རབ་ཏུ་གོན་ནས་ནི། །མགོ་ལ་དར་དཔྱངས་རབ་བཅིངས་ནས། །རྡོ་རྗེའི་གླུ་ཆེན་འདི་སྐད་བླང་། །ཧཱུྃ། རྣམ་དག་ཡེ་ཤེས་གཞལ་ཡས་ཁང་། །སྟོང་པ་ཡེ་ཤེས་བྷན་དྷའི་ནང་། །གསལ་བ་ཡེ་ཤེས་ཐིག་ལྡན་པ། །མཁའ་མཉམ་རྒྱ་ཁྱོན་དཔག་ཏུ་མེད། །འོད་ཟེར་ལྔ་ལྡན་མུ་ཁྱུད་བཅས། །རང་རིག་ཡེ་ཤེས་འཁོར་ལོའི་དབྱིབས། །རྣམ་དག་ཡེ་ཤེས་ཀློང་ཡངས་དཀྱིལ། །དུར་ཁྲོད་མེ་རི་སྣ་ཚོགས་འཕྲོ། །ཡཾཿ། ཡེ་ཤེས་རླུང་གིས་རྣམ་རྟོག་ཐམས་ཅད་གཏོར། །སྐྱེ་མེད་ཡེ་ཤེས་ཤེས་རབ་དབྱིངས་སུ་སྒྲོལ། །རཾཿ། ཡེ་ཤེས་མེ་ཡིས་རྟོག་པ་སྦར་སྦུར་བསྲེག །ཤེས་རབ་ཡེ་ཤེས་བསྐལ་པའི་མེ་ལྟར་འབར། །ཁཾཿ། ཡེ་ཤེས་ཆུ་ཡིས་ཉོན་མོངས་རྣམ་ལྔ་བཀྲུས། །ཡེ་ཤེས་ཆུ་ཡི་རྒྱ་མཚོ་རྦ་རླབས་འཁྲུགས། །ལཾཿ། ཆོས་ཉིད་ས་ཡིས་སྣང་སྲིད་འཁོར་འདས་འདེགས། །ཆོས་ཉིད་མི་འགྱུར་ཐེག་པའི་ས་རྣམས་བགྲོད། །ཀེཾཿ། ཡེ་ཤེས་ཀེཾ་གྱིས་གཏི་མུག་འབྲས་བུ་གཏིང་། །ཆོས་ཉིད་མ་སྐྱེས་སྟོང་པའི་འབྲས་བུར་ལྡན། །བྷྲཱུཾཿ། ཡེ་ཤེས་རྣམ་དག་ཕོ་བྲང་དཀྱིལ་འཁོར་འདིར། །རྒྱལ་བ་རྣམས་ལ་བཞེངས་བཞུགས་མི་མངའ་ཡང་། །སྟོང་ཉིད་ཐེག་ལྡན་རྒྱལ་བའི་གཤེགས་ཁང་འདིར། །ཐམས་ཅད་གཤེགས་ནས་བརྟན་པར་བཞུགས་སུ་གསོལ། །ཧཱུྃ། རིག་པའི་རང་བཞིན་ཡི་གེ་ཧཱུྃ་གི་ངང་། །གྲུ་བཞི་ཡེ་ཤེས་བཞི་དང་ལྡན་གྱུར་ནས། །ཆོས་ཉིད་གཏོར་མ་ཞལ་ཟས་བདུད་རྩི་ཧཱུྃ། །རིག་པའི་ཡེ་ཤེས་ཡི་གེ་ཨོཾ་དུ་གསལ། །རྣམ་རྟོག་རྒྱན་གཅོད་ཐིག་ཆེན་འབྲས་བུས་བཅུ་དྲུག །ཀྱང་འདུག་མཛེས། །བདུད་རྩི་གཏོར་མ་བསྲེག་སྦྱང་བཀྲུས། །ཨོཾཿ། ཡེ་ཤེས་ལྔ་ལྡན་རིག་པའི་ཡེ་ཤེས་ཨོཾ། །ཡེ་ཤེས་རང་སྣང་སྣ་ཚོགས་ལྔ་ལྡན་པ། །ཡེ་ཤེས་བཅུད་ལྡན་ཐམས་ཅད་གཏོར་མས་ཚིམ། །ཕོ་བྲང་རབ་མཛེས་རྡོ་རྗེའི་དཀྱིལ་འཁོར་འདིར། །སྒྲུབ་རྫས་བྱིན་གྱིས་བརླབ་ཅིང་བརྟན་པར་བཞུགས། །སྒོ་བཞི་རབ་མཛེས་ཡེ་ཤེས་ཕྱོགས་བཞིར་གསལ། །ཡེ་ཤེས་རང་སྣང་འཁོར་ལོ་ལྟ་བུའི་དབྱིབས། །


DNG003_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

འབར་བའི་དཀྱིལ་འཁོར་ཡེ་ཤེས་ཕོ་བྲང་འདིར། །ཁྲོ་རྒྱལ་ཐམས་ཅད་བརྟན་པར་བཞུགས་སུ་གསོལ། །ཨོཾ་བཛྲ་མཎྜལ་སུ་སྟེ་སྟྭམ། དེ་ལྟར་དཀྱིལ་འཁོར་ཆོ་ག་བསྟན། །དཀྱིལ་འཁོར་ཆོ་ག་རབ་རྫོགས་ནས། །བརྡའ་སྒོ་དབྱེ་བའི་རིམ་པ་བྱ། །ཚེ་འདས་ལས་ཀྱི་སེམས་ཅན་དེ། །དཀྱིལ་འཁོར་དེ་ཡི་ཤར་སྒོ་ནས། །ཕོ་བྲང་ནང་དུ་ཚུད་པར་བསམ། །དེ་ནས་གླུ་ཆེན་འདི་སྐད་བརྗོད། །ཧཱུྃ། ཤར་ལྷོ་ནུབ་བྱང་སྒོ་བཞི་ནས། །རིག་པའི་ཡེ་ཤེས་སྒོ་འབྱེད་ཀྱིས། །ཤེས་རབ་ཆེན་པོའི་སྒོ་ཕྱེ་ཞིག །རིག་པའི་ཡེ་ཤེས་སྒོ་ཕྱེ་བས། །སེམས་ཀྱི་རྣམ་རྟོག་དྲི་མ་བྲལ། །ཙིཏྟའི་དཀྱིལ་འཁོར་སྒོ་ཕྱེ་བས། །ཡེ་ཤེས་སྣང་བ་ཕྱོགས་བཅུར་གསལ། །སྒྲོན་མ་མིག་གི་སྒོ་ཕྱེ་བས། །རིག་པའི་ཡེ་ཤེས་རྟོག་མེད་གསལ། །སེམས་ཀྱི་ཡི་གེ་ནྲྀ་གནས་པ། །གསལ་བའི་ཡེ་ཤེས་མིག་ཕྱེ་བས། །རིག་པའི་ཡེ་ཤེས་ཧཱུྃ་དུ་གྱུར། །ཡེ་ཤེས་གསལ་བའི་སྒོ་ཕྱེ་བས། །དཀྱིལ་འཁོར་ཕོ་བྲང་མངོན་པར་སྣང་། །འདིར་ནི་དཀྱིལ་འཁོར་གསལ་གྱུར་པས། །ཡེ་ཤེས་ཐམས་ཅད་དབབ་ཏུ་གསོལ། །ས་མནྟ་བཛྲ་སཏྭ་ཧཱུྃ། ཀྱེ་མ་བཅོམ་ལྡན་དཔལ་ཆེན་སྐུ། །ཚེ་འདས་རིགས་ཀྱི་བུ་དེ་ཉིད། །དཀྱིལ་འཁོར་ལྷ་ཚོགས་དེ་དག་གི། །ཞལ་ནི་གང་གིས་བལྟ་བར་འགྱུར། །དབང་ཆེན་ཉིད་ཀྱིས་ལུང་བསྟན་པ། །ཀྱེ་མ་ཉོན་ཅིག་ཧེ་རུ་ཀ །རྡོ་རྗེ་སློབ་དཔོན་གསང་བ་དེས། །ཚིག་བཤད་འདི་དག་བརྗོད་བྱས་ན། །དཀྱིལ་འཁོར་ལྷ་ཡི་ཞལ་མཐོང་འགྱུར། །དེ་ནས་དཀྱིལ་འཁོར་ཤར་སྒོ་ནས། །དྲི་མ་འཛིན་པའི་མི་དག་གིས། །དྲི་མ་དག་དང་བཅས་པ་ཡིས། །དཀོན་མཆོག་གསུམ་ལ་ཕྱག་གསུམ་འཚལ། །དེ་ནས་རྡོ་རྗེ་སློབ་དཔོན་དེས། །ཚིག་ནི་འདི་སྐད་བརྗོད་པར་བྱ། །ཧོ་མི་གནས་པ་ཡི་ཡེ་ཤེས་ཆེན་པོའི་བདག་ཉིད་ཞི་ཁྲོ་གསང་བའི་དཀྱིལ་འཁོར་བཅས་པ་དང་། བཅོམ་ལྡན་པདྨ་དབང་གི་དཀྱིལ་འཁོར་གྱིས། ཚེ་འདས་འདི་ལ་ཞལ་བསྟན་དུ་གསོལ། བྱིན་གྱིས་བརླབ་ཏུ་གསོལ། དབང་བསྐུར་དུ་གསོལ། མཐུ་བསྟན་དུ་གསོལ། སྒྲིབ་པ་སྦྱང་


DNG003_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གསོལ། གནས་སྤར་བར་མཛད་དུ་གསོལ། ཨོཾ་བཛྲ་སརྦ་ཀ་པ་ཛ་ཧཱུྃ། དེ་ནས་ཏིང་འཛིན་རབ་བརྟན་པས། །སྔགས་ཀྱི་འོད་ཟེར་ལྡན་འཕྲོས་པས། །ཚེ་འདས་ཉིད་ལ་དབང་བསྐུར་བས། །དེ་ནས་བྱིན་དབབ་བཤགས་པ་བྱ། །པདྨཱནྟ་ཀྲྀཏ་བྲོ་བརྡུང་ཞིང་། །རུ་ལུ་གར་གྱིས་མཆོད་པ་འབུལ། །དེ་ནས་དབུས་བུམ་བྱིན་གྱིས་བརླབས། །བུམ་པའི་ནང་དུ་ལྷ་རྣམས་བསྐྱེད། །བུམ་པ་མཛེས་པ་དེ་ཉིད་ལ། །དཀྱིལ་འཁོར་ལྷ་ཚོགས་གསལ་བ་དང་། །དང་པོའི་གནས་སུ་གཞག་པར་བྱ། །མཆོད་དང་བཤགས་པ་བྱེད་ཙམ་ན། །ཚེ་འདས་ཉིད་ཀྱིས་བྱེད་པར་བསམ། །དེ་ནས་བྱིན་དབབ་བྱས་པ་དང་། །ལྷ་དང་དཀྱིལ་འཁོར་ཇེ་གསལ་བསྒོམ། །ཕུད་དང་གཏོར་མ་བྱིན་གྱིས་བརླབས། །དེ་ནས་རྡོ་རྗེ་སློབ་དཔོན་དེས། །ཏིང་འཛིན་གསུམ་ལ་འབད་པར་བྱ། །དེ་ལྟར་ཏིང་འཛིན་རབ་གསལ་བས། །དཀྱིལ་འཁོར་སྒོ་བཞིར་དབང་བྲོ་བརྡུང་། །དེ་ནས་དབང་གི་ཞྭ་གོན་ལ། །མཆོད་པ་ཆེན་པོ་འདི་སྐད་བརྗོད། །ཧཱུྃ་མཆོད་པའི་ཕྱག་རྒྱ་ཆེན་པོ་ནི། །སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་ཀྱིས། །མཉེན་འཇམ་རེག་ན་བདེ་བ་དང་། །སངས་རྒྱས་ཞིང་ཁམས་རབ་འབྱམས་སུ། །སངས་རྒྱས་རོལ་མོ་སྣ་ཚོགས་དང་། །དབྱིབས་ལེགས་རྫིང་བུ་རོ་མཆོག་བསིལ། །ཡེ་ཤེས་རོལ་མོའི་རྒྱན་ལྡན་པ། །ཆོས་ཀྱི་གླུ་དང་ཡེ་ཤེས་གར། །སྣང་བའི་བྲོ་དང་སངས་རྒྱས་གསུང་། །ཚངས་པའི་གསུང་དང་རུ་ལུའི་སྒྲ། །དབང་གི་སྟབས་དང་པདྨའི་གསུང་། །དབང་མཆོག་བྱིན་རླབས་ཆེན་པོ་ཡིས། །ཧཱུྃ་བླ་དྲེ་རྒྱལ་མཚན་ལྷབ་ལྷུབ་དང་། །བདུག་སྤོས་མར་མེ་ཙནྡན་དྲི། །འདོད་ཡོན་ལ་སོགས་རིན་ཆེན་གྱིས། །རྒྱལ་བ་རྒྱ་མཚོ་རྣམས་ལ་མཆོད། །སིལ་སྙན་ཞལ་ཟས་གཞལ་ཡས་ཁང་། །མཛེས་པར་བྲིས་ཤིང་སྤྲས་པ་དང་། །སེམས་དང་ཆོས་དང་གླུ་ཆེན་པོ། །དབང་ཆེན་དཀྱིལ་འཁོར་ཉིད་ལ་འབུལ། །རིན་ཆེན་རྒྱན་དང་ཡོ་བྱད་ཆུ། །ཞི་བའི་ཚོགས་ལ་མཆོད་པར་འབུལ། །ཨ་ལ་ལ་སྟེ་མཆོད་པར་བཞེས། །ནང་གི་མཆོད་པའི་ཕྱག་རྒྱ་ནི། །དྲི་ཆེན་རྡོ་


DNG003_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཆེ་མཆོག་དང་། །བྱང་ཆུབ་སེམས་དང་རཀྟའི་དབང་། །དྲི་ཆུ་རྡོ་རྗེ་སྒྲིབ་སྦྱངས་ཆུ། །བདུད་རྩི་ཡོན་ཏན་ལས་གྲུབ་གཏེར། །ཐོགས་པ་མེད་པར་མཉམ་སྦྱོར་ནས། །དབང་ཆེན་སྐུ་ལ་མཆོད་པ་འབུལ། །ཚེ་དང་གལ་ཕྱི་ཛ་གད་དང་། །དྲག་པོ་ཚིམས་བྱེད་ཀུན་ཏུ་རྒྱུག །གཙང་མའི་ཕུད་དང་གཏོར་མ་ཡིས། །འབར་བའི་དཀྱིལ་འཁོར་ཀུན་ལ་མཆོད། །ཚིལ་ཆེན་སྣང་གསལ་ཆེན་པོ་དང་། །དྲག་པོའི་རྒྱན་ཆ་སྣ་ཚོགས་དང་། །དབང་ཆེན་བྲོ་དང་རུ་ལུའི་སྒྲ། །ཁྲོ་རྒྱལ་རྣམས་ལ་མཆོད་པར་འབུལ། །རྔ་ཆེན་དང་ནི་དྲིལ་བུའི་སྒྲ། །ཅང་ཏིལ་གྷཎྜ་པི་ཝང་སྒྲ། །མཆོག་ཆེན་དུང་དང་གླིང་བུ་དང་། །ཏིང་ཏིང་ཤག་དང་ཀར་ཀོ་ཏྲ། །ཆ་ལང་ལ་སོགས་སྒྲ་རྣམས་དང་། །ལྷ་དང་ཀླུ་ཡི་སྒྲ་སྐད་རྣམས། །མཐུན་སྦྱར་གཉིས་མེད་མཆོད་པ་འབུལ། །གཟུགས་དང་སྒྲ་དང་དྲི་དང་རོ། །རེག་བྱ་ལ་སོགས་འདོད་ཡོན་ལྔ། །བཅོམ་ལྡན་དཔལ་ཆེན་ཉིད་ལ་མཆོད། །དཀྱིལ་འཁོར་ཚོགས་དང་མཆོད་རྫས་ཀྱིས། །གཉིས་མེད་བསྡུས་ཏེ་མཉམ་སྦྱོར་ནས། །འབར་བའི་དཀྱིལ་འཁོར་ཀུན་ལ་མཆོད། །རྒྱལ་སྲིད་རྫས་དང་ཡོ་བྱད་དང་། །སྣ་ཚོགས་མཆོད་པ་ཆེན་པོར་འབུལ། །ཨ་ལ་ལ་སྟེ་བཞེས་སུ་གསོལ། །འབྱུང་པོ་ཀུན་ལ་མཆོད་པ་ནི། །ལན་ཆགས་མཆོད་པའི་ཕྱག་རྒྱ་ནི། །གཏོར་མ་ཡེ་ཤེས་རྣམ་དག་དང་། །ཟས་ཀྱི་རོ་མཆོག་སྣ་ཚོགས་པས། །སྦྱངས་པའི་ལན་ཆགས་བྲལ་གྱུར་ཅིག །ཉ་ཤ་དང་ནི་ཕག་པའི་ཤ ། ཤ་བའི་ཤ་དང་དགོ་བའི་ཤ ། བྱ་རྒོད་ཤ་དང་འདབ་ཆགས་ཤ ། སྟག་ཤ་དོམ་ཤ་སྤྲེའུའི་ཤ ། ཁྱི་ཤ་སྲེ་མོང་བྱི་ལའི་ཤ ། བ་ཤ་བོང་ཤ་རྟ་ཤ་དང་། །རྐྱང་ཤ་ལ་སོགས་ཤ་སྣ་རྣམས། །འབུལ་ལོ་ལན་ཆགས་རྣམས་ལ་འབུལ། །འདོད་ཆགས་ལན་ཆགས་བྲལ་གྱུར་ཅིག །རི་དྭགས་ཤ་སྣ་ཕུལ་བ་ཡིས། །ཡིད་ཀྱི་ལན་ཆགས་བྲལ་གྱུར་ཅིག །འདབ་ཆགས་ཤ་སྣ་ཕུལ་བ་ཡིས། །སེམས་ཀྱི་ལན་ཆགས་བྲལ་གྱུར་ཅིག །སྡེར་ཆགས་ཤ་སྣ་ཕུལ་བ་ཡིས། །ལུས་ཀྱི་ལན་ཆགས་བྲལ་གྱུར་ཅིག །སེམས་ཅན་རྐང་མེད་ཤ་ཕུལ་བས། །


DNG003_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ངག་ཡིད་གསུམ་དྲི་མ་ལན་ཆགས་བྲལ་གྱུར་ཅིག །ཤ་ཡི་རིགས་རྣམས་ཕུལ་བ་ཡིས། །ལན་ཆགས་ཐམས་ཅད་བྲལ་གྱུར་ཅིག །འབྲས་ཆང་གྲོ་ཆང་ཡོས་ཀྱི་ཆང་། །རྒུན་ཆང་ཤིང་ཐོག་ཆང་དང་ནི། །བུ་རམ་ཆང་དང་ལན་ཚྭའི་ཆུ། །མོས་ཆུ་བསིལ་ཆུ་གུར་གུམ་ཆུ། །རྒྱ་མཚོ་ལྟེང་ཀ་ལུ་མའི་ཆུ། །ཀ་ར་དང་ནི་སྦྲང་རྩིའི་ཆུ། །ཁྲག་དང་ཞོ་དང་དར་བ་ཡི། །བཏུང་བའི་མཆོད་པ་འདི་ཕུལ་བས། །ལན་ཆགས་ཐམས་ཅད་བྲལ་གྱུར་ཅིག །མངར་གསུམ་དག་གི་ཆུ་ཕུལ་བས། །འདོད་པའི་ལན་ཆགས་བྲལ་གྱུར་ཅིག །ཆང་གི་རིགས་མཆོག་འདི་ཕུལ་བས། །ཞེ་སྡང་ལན་ཆགས་བྲལ་གྱུར་ཅིག །དཀར་གསུམ་དག་གི་ཆུ་ཕུལ་བས། །ཀླུ་རིགས་ལན་ཆགས་བྲལ་གྱུར་ཅིག །ལན་ཚྭའི་ཆུ་རྣམས་ཕུལ་བ་ཡིས། །གཉན་གྱི་ལན་ཆགས་བྲལ་གྱུར་ཅིག །ཆུ་སྣ་ཇི་སྙེད་ཕུལ་བ་ཡིས། །ས་བདག་ལན་ཆགས་བྲལ་གྱུར་ཅིག །ཧཱུྃ་ཤ་དང་མར་དང་ཁུར་བ་དང་། །ཛ་གད་གཏོར་མ་ཕུལ་བ་ཡིས། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང་། །ལྟོ་འཕྱེ་ས་བདག་རིགས་རྣམས་དང་། །གྲུལ་བུམ་གཉན་གྱི་རིགས་རྣམས་དང་། །བྱོལ་སོང་ཀླུ་ཡི་རིགས་རྣམས་དང་། །ཡི་དྭགས་ཤ་ཟའི་རིགས་ཅན་དང་། །སྟོབས་ཆེན་བདུད་ཀྱི་རིགས་རྣམས་དང་། །བཙན་དང་རྒྱལ་འགོང་འཁོར་བཅས་དང་། །མ་མོ་དང་ནི་གཤིན་རྗེ་དང་། །ཁྱེད་རྣམས་ཀུན་གྱི་ལན་ཆགས་ནི། །སྐད་ཅིག་ཉིད་ལ་བྲལ་གྱུར་ཅིག །ཚེ་ལས་འདས་པའི་སེམས་ཅན་འདི། །སེམས་ཀྱི་མདུད་པ་མྱུར་དུ་ཁྲོལ། །ལན་ཆགས་རྐྱེན་གྱིས་ཟས་ནོར་ལོངས། །ཚེ་འདས་རིགས་ཀྱི་བུ་འདི་དང་། །ལུས་དང་གྲིབ་མར་མ་འགྲོགས་པར། །ངན་སོང་གསུམ་གྱི་ལམ་མ་བསྟན། །སྔགས་འཆང་བདག་གི་ངག་འདི་ཉོན། །དབང་ཆེན་ཉིད་ཀྱི་བཀའ་མ་བཅག །ཧཱུཾ་ཉོན་ཅིག་ལྟོས་ཤིག་འབྱུང་པོ་རྣམས། །ང་ནི་པདྨ་དབང་ཆེན་ཏེ། །ཐམས་ཅད་ང་ཡི་དབང་དུ་སྡུད། །དྲེགས་པ་ཅན་རྣམས་སྤ་བཀོང་བྱེད། །གནོད་བྱེད་སྙིང་ལ་བྲོ་བརྡུང་སྟེ། །གཤེད་བྱེད་ཐལ་


DNG003_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

བར་བརླག་པའི་བྲོ། །སྲི་ཆེན་དབང་དུ་སྡུད་པའི་བྲོ། །དྲེགས་པ་གནད་ལ་བོར་བའི་བྲོ། །ང་ཡི་བཀའ་འདི་མ་བཅགས་པར། །ལན་ཆགས་གཏོར་མ་འདི་ལོངས་ལ། །རང་རང་གནས་སུ་བྱེར་བར་གྱིས། །རང་རང་གནས་སུ་བྱེར་ནས་ཀྱང་། །ཚེ་འདས་གཤེད་དུ་མ་བྱེད་པར། །ངན་སོང་ལམ་གྱི་སྒོ་ཆོད་ཅིག །ཡོན་བདག་རིགས་རྒྱུད་འདི་རྣམས་ལ། །ཕྱིན་ཆད་སྡང་བར་མ་བྱེད་ཅིག །ཨོཾ་པདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། སྔགས་དེ་བཟླས་ཤིང་ཡུངས་ཀར་གཏོར། །མཆོད་པའི་གཞུང་རྣམས་རྫོགས་པ་དང་། །ཚོགས་ཀྱི་མཆོད་པ་རབ་ཏུ་བྱ། །ཚོགས་ཆེན་མཆོད་པ་དེ་དག་ཀུན། །ཚེ་འདས་དེ་ཡིས་དྲངས་པར་བསམ། །དེ་བཞིན་གཞུང་བཞིན་རྫོགས་པར་བྱ། །དེ་ནས་བདུན་ཚིགས་དང་པོ་ལ། །དང་པོའི་ཆོ་ག་འདི་དག་བརྗོད། །སྔགས་འདི་བརྗོད་ཅིང་སྤྲོ་བར་བྱ། །དེ་ནས་གླུ་ཆེན་འདི་སྐད་བརྗོད། །ཚེ་འདས་མདུན་དུ་བསམ་པའོ། །ཧཱུྃ་ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། །ཁྱོད་ཀྱི་རྣམ་རྟོག་ངས་སྦྱང་གིས། །ང་ལ་གུས་པར་ཕྱག་འཚོལ་ཅིག །སེམས་ཀྱི་ཐེ་ཚོམ་ཉིད་སོལ་ལ། །བདེ་བའི་སྟན་ལ་རབ་འདུག་ལ། །སྔགས་འཆང་ང་ཡི་ངག་འདི་ཉོན། །ཚེ་འདས་བྱ་བའི་རིགས་ཀྱི་བུ། །འདི་ནས་འཇིག་རྟེན་འོག་འདི་ན། །དམྱལ་བ་བྱ་བ་འཇིགས་རུང་བ། །སྡུག་བསྔལ་རྣམ་པ་སྣ་ཚོགས་པ། །མི་བཟད་ཁྱོད་ཀྱིས་མྱོང་བར་འགྱུར། །ཞེ་སྡང་རྒྱུད་ལས་ལོག་པས་ན། །སྡུག་བསྔལ་དེ་ལས་བསྒྲལ་བྱའི་ཕྱིར། །བཟོད་པའི་ཆུ་བོ་འདི་ལོངས་ཤིག །ཨོཾ་དུ་སི་ན་རག་ས་མཱ་ཛ་ཧཱུྃ། དེ་ནས་དྲི་མ་དེ་ཉིད་ལ། །དབང་གི་དཀྱིལ་འཁོར་ལྔ་བསམས་ལ། །སྤྱི་གཙུག་ཟླ་བའི་དཀྱིལ་འཁོར་ཏེ། །ལྕེ་ལ་པདྨ་འདབ་བརྒྱད་བསམ། །སྙིང་གར་ཉི་མའི་དཀྱིལ་འཁོར་བསམ། །ལྟེ་བར་རིན་ཆེན་ཟུར་བརྒྱད་བསམ། །རྐང་མཐིལ་ཨེ་ཉིད་ཟུར་གསུམ་བསམ། །དེ་ལྟའི་དཀྱིལ་འཁོར་དེ་དཀྱིལ་དུ། །དང་པོ་ལ་ནི་ཨ་དཀར་པོ། །གཉིས་པར་སུ་ཉིད་སེར་པོར་བསམ། །གསུམ་པར་ནྲྀ་ཉིད་ནག་པོར་བསམ། །བཞི་པར་པྲེ་ཉིད་སེར་པོ་སྟེ། །


DNG003_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་བར་དུ་ཉིད་དུང་ཁའོ། །དྲུག་པ་ཏྲི་ཉིད་ནག་པོ་སྟེ། །དེ་ལྟར་གནས་པའི་རང་བཞིན་དེ། །དབང་ཉིད་བསྐུར་བའི་རང་བཞིན་གྱིས། །དང་པོ་ཡི་གེ་ཨོཾ་གྱུར་བསམ། །གཉིས་པ་ཨཱཿལ་གསུམ་པ་ཧཱུྃ། །བཞི་པ་སྭཱ་སེར་ཀུན་ཏུ་སྣང་། །ལྔ་པ་ཧཱ་རུ་གྱུར་པར་བསམ། །དྲུག་པ་ཧྲཱྀཿཉིད་བསམ་པར་བྱ། །དེ་ལྟར་བསམས་པར་བུམ་པ་ཡི། །ཆུ་ཡིས་དྲི་མ་བཀྲུ་བར་བྱ། །བུམ་པ་དྲི་མའི་སྟེང་དུ་བཞག །དབང་ཉིད་བསྐུར་བར་རབ་བྱའོ། །དམྱལ་བའི་གནས་ནས་ཐོན་པར་བསམ། །དེ་ནས་འདི་སྐད་དབྱངས་བླང་ངོ་། །ཧཱུྃ་ཉོན་ཅིག་དགོངས་ཤིག་རིགས་ཀྱི་བུ། །ཚེ་འདས་བྱ་བ་རིགས་ཀྱི་བུ། །འདི་ནས་འཇིག་རྟེན་འོག་ན་ནི། །ཡི་དྭགས་འཇིག་རྟེན་བསམ་མི་ཁྱབ། །བཀྲེས་དང་སྐོམ་གྱི་སྡུག་བསྔལ་ནི། །མི་བཟད་ཁྱོད་ཀྱིས་མྱོང་བར་འགྱུར། །དེ་ལས་བསྒྲལ་བར་བྱ་བའི་ཕྱིར། །ང་ནི་བཅོམ་ལྡན་དཔལ་ཆེན་ཏེ། །ཡི་དྭགས་སྡུག་བསྔལ་ངས་བསྒྲལ་གྱིས། །སྦྱིན་པའི་ཆུ་བོ་འདི་ལོངས་ཤིག །ཨ་སུ་ནྲྀ་པྲེ་དུ་ཏྲི་ཧཱུྃ། ཨ་ཨཿ། བསྐྱེད་རིམ་བསྐུར་ཐབས་གོང་དང་མཐུན། །ཡི་དྭགས་སྡུག་བསྔལ་བྲལ་བར་བསམ། །དེ་ནས་བྱོལ་སོང་སྡུག་བསྔལ་ཡང་། །དེ་ཡི་སྦྱོང་ཚིག་འདི་སྐད་དོ། །ཧཱུྃ་ཚེ་འདས་རིགས་ཀྱི་བུ་ཁྱོད་ཉོན། །ང་ཡིས་བསྟན་པ་འདི་ལ་ཉོན། །བསྟན་པ་འདི་ལ་མ་ཞུགས་ན། །འདི་ནས་མངོན་སྣང་ཡུལ་འདི་ན། །བྱོལ་སོང་བྱ་བའི་སྡུག་བསྔལ་ནི། །མི་བཟད་ཁྱོད་ཀྱིས་མྱོང་བར་འགྱུར། །དེ་ལས་བསྒྲལ་བར་བྱ་བའི་ཕྱིར། །ང་ནི་པདྨ་ཧེ་རུ་ཀས། །སྣང་བའི་དཀྱིལ་འཁོར་བསམ་མི་ཁྱབ། །རང་རིག་གསལ་བའི་སྒོ་དབྱེ་བས། །སྣང་གསལ་ཡེ་ཤེས་མེ་ལོང་ལྟོས། །སྡུག་བསྔལ་མཐའ་ལས་ངས་བསྒྲལ་གྱིས། །བྱོལ་སོང་རྣམས་ཀྱི་སྡུག་བསྔལ་ནི། །ང་ཡིས་ཕྲལ་བར་བྱ་བའི་ཕྱིར། །ཤེས་རབ་ཆུ་བོ་འདི་ལོངས་ཤིག །ཨོཾ་ཀཱ་ཡ་བཛྲ་ཙཀྲ་ཨ་སུ་ནྲྀ་པྲེ་དུ་ཏྲི་ཧཱུྃ་ཨ་ཨཿ། དེ་ལྟར་འཇིག་རྟེན་རབ་གསལ་བས། །བྱོལ་སོང་སྡུག་བསྔལ་བྲལ་བར་བསམ། །དེ་ནས་རིམ་གྱིས་དྲང་བ་ནི། །ལྷ་ཡི་ཡུལ་ནས་དྲང་བ་དང་། །ལྷ་མ་


DNG003_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་དང་རྒྱུད་ལྔ་ནས། །མི་ཡི་གནས་སུ་དྲང་བར་བཤད། །དེ་ནས་མི་ཡུལ་རིན་ཆེན་ནས། །གནས་སྤར་བ་ཡི་ཆོ་ག་དང་། །དབང་བསྐུར་ཆོ་ག་རྒྱས་པར་བྱ། །དེ་ནས་སློབ་དཔོན་གསང་བ་དེས། །ངན་སོང་གསུམ་ནས་རབ་དྲངས་ནས། །ཚེ་འདས་གནས་ལྔ་དག་ཏུ་ཡང་། །འབྲུ་ལྔའི་དབང་བསྐུར་འདི་སྐད་བརྗོད། །ཧཱུྃ་ངན་སོང་གསུམ་གྱི་ཕུང་པོ་ལྔར། །དཔའ་བོ་འབྲུ་ལྔའི་ཕྲ་བཀོད་དེ། །རྒྱུ་ལྔ་འཁོར་བའི་ལམ་རྒྱུན་གཅད། །ཐམས་ཅད་རྒྱལ་བའི་སྲས་པོར་བྱའོ། །དབང་ཆེན་གསང་བའི་ངང་ཉིད་ནས། །སངས་རྒྱས་སེམས་ཅན་གཉིས་མེད་པས། །སྲིད་གསུམ་ཟོས་ཀྱང་ང་མ་འགྲངས། །ཁམས་གསུམ་འཐུང་ཀྱང་ང་མ་ངོམས། །སྟོང་གསུམ་ཐམས་ཅད་བསྒྲལ་བའི་ཞིང་། །མ་སྐྱེས་པས་ན་འགགས་པ་འཇིག །རང་བཞིན་མེད་པས་བསྒྲལ་བའི་རྒྱུ། །སེམས་ཉིད་ཡངས་པའི་མཁའ་ཀློང་དུ། །སྟོང་གསུམ་མ་ལུས་སྟོན་པས་ན། །འབུམ་གྱི་ཆར་ཡང་མི་ཕོད་དེ། །ནམ་མཁས་གར་ཁྱབ་རིག་པས་ཁྱབ། །རིག་པའི་རང་བཞིན་ཆོས་ཀྱི་སྐུ། །ཕྱི་ནང་གཉིས་ཀ་སེམས་སུ་བསྒྲལ། །རིག་པའི་རང་བཞིན་མྱ་ངན་འདས། །སྐྱེ་ཤི་གཉིས་ཀ་རྒྱུད་ནས་དག །ཡོད་མེད་གཉིས་ཀྱི་མཐའ་ལས་འདས། །ཅིར་ཡང་སྣང་ལ་གཟུང་དུ་མེད། །མེད་པ་མ་ཡིན་སྙིང་པོའི་ངང་། །མི་ཞེས་བྱ་བ་བཅོམ་ལྡན་འདས། །གཅིག་པུ་ཉིད་ལ་ཡེ་ཤེས་གསལ། །བློ་ལྡན་གང་ཞིག་སྐལ་ཆེ་བས། །འདི་ནི་བསྒྲལ་བའི་ལུང་ཞེས་གྲགས། །ཚེ་འདས་བྱ་བ་རིགས་ཀྱི་བུ། །འདི་ན་མ་ཆགས་གནས་སུ་གཤེགས། །ཧ་ན་ཧ་ན་ཧཱུྃ་ཕཊ། བཛྲ་སྥ་ར་ཎ་ཧཱུྃ་ཕཊ། ས་མ་ཡ་སྟྭཾ། དེ་ནས་རཱུ་ཏྲ་ནག་པོའི་ཏིང་ངེ་འཛིན་གསལ་ལ། ཉོན་མོངས་ལྔ་ལས་བསྐྱེད་པ་ཡི། །རཱུ་ཏྲ་སྡིག་ཆེན་འདི་བྱུང་བས། །འདི་ཉིད་རབ་ཏུ་གནན་པར་བྱ། །དེ་ནས་ལྟུང་བ་བཤགས་གྱུར་ནས། །ཆགས་པ་བྲལ་བས་འདི་སྐད་བརྗོད། །ཧཱུྃ་ལྷ་ཞེས་གཞན་དུ་བསྟན་པ་ཡང་། །ཚིག་གི་ཐ་སྙད་ཙམ་དུ་ཟད། །རིག་པའི་ངང་ལ་གཉིས་མེད་པའི། །རྟོགས་པའི་དོན་ལ་གཅིག་ཏུ་


DNG003_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན། །ཙིཏྟའི་དཀྱིལ་དུ་གནས་བཅས་པས། །སྟོང་གསུམ་ཐམས་ཅད་གཞལ་ཡས་ཁང་། །ཡིད་ཀྱིས་དཀྱིལ་འཁོར་ལྷ་བཀོད་དེ། །སྐྱེ་འགྲོ་མ་ལུས་རྒྱལ་བའི་སྲས། །བྱང་ཆུབ་སེམས་སུ་དབྱེར་མེད་པས། །ཅི་ལྟར་སྣང་བ་ཀུན་ཏུ་བཟང་། །ཀུན་གཞི་ཡེ་ནས་རྟོག་མེད་མཉམ། །ཕྱི་ནང་སྣོད་བཅུད་ཆོས་ཀྱི་སྐུ། །འདི་ལས་གཞན་པའི་སངས་རྒྱས་ནི། །བུ་གཅིག་གཞན་དུ་མ་ཚོལ་ཅིག །རྡོ་རྗེའི་དབང་ཉིད་འདི་ལོངས་ལ། །སྐྱེ་མེད་བྱང་ཆུབ་དྲན་པར་གྱིས། །ཨོཾ་ཨཱཿཧཱུྃ། བཛྲ་ཞི་ཀ་བཛྲ་ཧཱུྃ་ཨ། ཤིན་ཏུ་ཉེ་བའི་མི་དག་གིས། །ཕོ་ལ་གཞུ་མོ་རྒྱུད་བཟང་གི། །མཆོག་མ་དག་ལ་དར་སྣ་བཏགས། །དེ་ནས་གཞུ་དེ་རབ་ཏུ་བདུང་། །དེ་ནས་མདའ་ཡང་རབ་བཏང་ལ། །རྡོ་རྗེ་སློབ་དཔོན་གསང་བ་དེས། །གསང་བའི་ཐབས་ཀྱི་གླུ་འདི་བླང་། །མོ་ཉིད་ཡིན་ན་འཕང་ཉིད་གསོར། །དེ་ནས་འདི་སྐད་བརྗོད་པར་བྱ། །ཧཱུཾ་སྟོང་པ་ཉིད་ཀྱི་ཀློང་དཀྱིལ་དུ། །ཕ་རོལ་ཕྱིན་བཅུའི་ཤེས་རབ་དབྱིངས། །ཅང་ཤེས་འཕྲུལ་གྱི་ཏིང་འཛིན་གཞུ། །བརྒྱན་པའི་རིན་ཆེན་མཆོག་མ་གཏེར། །གསུང་ནི་ཀ་ལ་པིང་ཀའི་རྒྱུད་སྦྲེངས་བཞིན། །མཐའ་གཉིས་བྲལ་བའི་ཡེ་ཤེས་གཉུག་མ་སྙུག་འདྲ་ལས། །ཡི་དམ་ནང་དུ་སྒྲོལ་མའི་ཡིད་བཞིན་ནང་དུ་སྒྲོན་མའི་ཡེ་ཤེས་ཞགས། ཟེར་བ་ཡང་བྱུང་མཁའ་འགྲོ་ཞབས། །ཚུལ་བཞིན་ཐུགས་ལས་བྱུང་བའི་མར་གསུམ་མ། །ང་དང་བདག་ཏུ་ལྟོས་པའི་ངན་སོང་བཅོམ། །རྒྱུད་དྲུག་ཉོན་མོངས་འཁོར་བའི་གནས་བསྒྲལ་ཏེ། །བྱང་ཆུབ་སྙིང་བསྒྲིལ་ཡིག་དྲུག་བྱིན་རླབས་ཏེ། །སྐུ་ལ་ཐིམ་ནས་རྒྱལ་བའི་སྲས་སུ་གྱུར། །ཡེ་ཤེས་མཆོག་གི་ས་ལ་གནས་ཐོབ་ནས། །རིགས་ལྔ་གསང་བའི་གྲལ་དུ་གཟུད་པར་བྱ། །ཨེ་མ་རིགས་ཀྱི་བུ་ཁྱོད་ཉོན། །ཁྱོད་ཀྱི་རྣམ་ཤེས་ནྲྀར་བཅས་པ། །བདག་ཉིད་བཅོམ་ལྡན་དཔལ་ཆེན་གྱིས། །རྣམ་ཤེས་ཧཱུྃ་དུ་བསྡུས་ནས་ནི། །ཕཊཿཀྱིས་གསང་བའི་དབྱིངས་སུ་འཕངས། །ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་ཧྲཱྀཿ། སརྦ་ཏ་ན་ཤོ་དྷ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཏིཥྛ་ལྷན། དེ་ནས་ཕུང་


DNG003_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

པོ་བསྟན་པ་ཡི། །ཆོ་གའི་སྦྱོར་བ་རབ་ཏུ་གསུངས། །སློབ་དཔོན་ཏིང་འཛིན་ལྡན་པ་དེས། །རིག་པའི་ཡེ་ཤེས་ཧཱུྃ་ལྡན་པས། །ཆོས་ཉིད་མ་ཡི་རྩ་རྒྱུད་ནས། །སྤྱི་གཙུག་བདེ་ཆེན་འོད་དུ་ཞུ། །དེ་ལས་འོད་འཕྲོས་སངས་རྒྱས་ཞིང་། །སྲས་དང་བཅས་པས་ཕྱོགས་བཅུར་གང་། །ཞིང་ཁམས་ལུས་ལ་བརྒྱན་པར་བསམ། །དེ་ནས་རིགས་ལྔར་སྐྱེད་བྱེད་པའི། །སྦྱོར་བའི་གླུ་ཆེན་འདི་སྐད་དོ། །ཨོཾ་བཅོམ་ལྡན་རྒྱལ་བ་རིགས་ལྔ་ལ། །འདི་ཡི་ཕུང་པོ་ལྔ་བསྟབས་པས། །གཉིས་མེད་སྦྱོར་བའི་མཁའ་དབྱིངས་སུ། །ས་བོན་ཧཱུཾ་ལས་བསྐྱེད་གྱུར་ཅིག །རིགས་ཀྱི་ཡབ་ལྔར་བསྐྱེད་གྱུར་ནས། །ཐུགས་རྗེ་ཕྱོགས་བཅུར་འགྱེད་པར་ཤོག །ཧཱུྃ་ཡུམ་ཆེན་དབྱིངས་ཕྱུག་ལྔ་རྣམས་ལ། །འདི་ཡི་འབྱུང་བ་ལྔ་བསྟབས་པས། །གཉིས་མེད་སྦྱོར་བའི་མཁའ་དབྱིངས་སུ། །ས་བོན་ཧཱུྃ་ལས་བསྐྱེད་གྱུར་ཅིག །དབྱིངས་ཕྱུག་ལྔ་རུ་བསྐྱེད་ནས་ཀྱང་། །ཐུགས་རྗེ་ཕྱོགས་བཅུར་འགྱེད་པར་ཤོག །སེམས་དཔའ་ཆེན་པོ་བརྒྱད་རྣམས་ལ། །འདི་ཡི་རྣམ་ཤེས་བརྒྱད་བསྟབས་པས། །གཉིས་མེད་སྦྱོར་བའི་མཁའ་དབྱིངས་སུ། །ས་བོན་ཧཱུྃ་ལས་བསྐྱེད་གྱུར་ཅིག །སེམས་མ་ཆེན་མོ་བརྒྱད་རྣམས་ལ། །འདི་ཡི་ཡུལ་བརྒྱད་བསྟབ་པ་ཡིས། །གཉིས་མེད་སྦྱོར་བའི་མཁའ་དབྱིངས་སུ། །ས་བོན་ཧཱུྃ་ལས་བསྐྱེད་གྱུར་ཅིག །ཁྲོ་བོ་ཆེན་པོ་བཞི་རྣམས་ལ། །ལུས་ཀྱི་སྐྱེ་མཆེད་བཞི་བསྟབས་པས། །གཉིས་མེད་སྦྱོར་བའི་མཁའ་དབྱིངས་སུ། །ས་བོན་ཧཱུྃ་ལས་བསྐྱེད་གྱུར་ཅིག །ཁྲོ་བོ་བཞི་རུ་སྐྱེས་ནས་ཀྱང་། །རང་གསལ་འོད་དང་ལྡན་གྱུར་ཅིག །ཁྲོ་མོ་ཆེན་མོ་བཞི་རྣམས་ལ། །ཕྱིན་ཅི་ལོག་རྟོག་བཞི་བསྟབས་པས། །གཉིས་མེད་སྦྱོར་བའི་མཁའ་དབྱིངས་སུ། །ས་བོན་ཧཱུྃ་ལས་བསྐྱེད་གྱུར་ཅིག །ཁྲོ་མོ་བཞི་རུ་སྐྱེས་ནས་ཀྱང་། །རང་གསལ་འོད་དང་ལྡན་གྱུར་ཅིག །ཧཱུྃ་བཅོམ་ལྡན་ཀུན་བཟང་ཡབ་ཡུམ་ལ། །འདི་ཡི་ཡིད་ཆོས་གཉིས་བསྟབས་པས། །གཉིས་མེད་སྦྱོར་བའི་མཁའ་དབྱིངས་སུ། །ས་བོན་ཧཱུྃ་ལས་བསྐྱེད་གྱུར་ཅིག །ཀུན་བཟང་


DNG003_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་ཡུམ་བསྐྱེད་ནས་ཀྱང་། །རང་གསལ་འོད་དང་ལྡན་གྱུར་ཅིག །བཅོམ་ལྡན་ཐུབ་པ་དྲུག་རྣམས་ལ། །གཉིས་མེད་རིག་པའི་ཐུགས་དཀྱིལ་དུ། །ས་བོན་ཧཱུྃ་ལས་བསྐྱེད་གྱུར་ཅིག །ཨོཾ་སྥ་ར་ཎ་ཕཊཿ། ཧཱུྃ་སྥ་ར་ཎ་བྷྲཱུཾ། ཨ་སྥ་ར་ཎ་ཧཱུྃ། ད་ནི་ས་ལམ་གནས་མཆོག་བསྟན། །དེ་ནས་བཅོམ་ལྡན་མངོན་རྫོགས་དེས། །སེམས་ཅན་ལྷ་རུ་བསྐུལ་བ་འདི། །རབ་ཏུ་བརྗོད་ཅིང་བཀའ་སྩལ་ཏོ། །ལྷ་རྣམས་སྐུལ་བྱེད་ཆོ་ག་ནི། །ཐམས་ཅད་གཉིས་སུ་མེད་པར་བསྐུལ། །མཉམ་མེད་མཆོད་པ་འདི་སྐད་དོ། །ཨོཾ་སྔོན་གྱི་ཐུགས་དམ་ཆེན་པོ་ནི། །སེམས་ཅན་འབྱམས་ཀླས་མ་ལུས་ཀུན། །སངས་རྒྱས་ཞིང་དུ་དག་སྦྱངས་པས། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །གསེར་ཞུན་ལྟ་བུར་གནས་པ་ལ། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །གསུམ་གྱིས་བྱིན་བརླབས་འོད་ཀྱི་འབྲུ། །ཡབ་ཡུམ་གནས་སུ་བཏེགས་ནས་ཀྱང་། །སྦྱོར་བའི་ལྷུམས་སུ་ཕཊ་ཀྱིས་འཕངས། །ཐུགས་ཀར་ཐིམ་ནས་སྐུ་ཡི་དབྱིབས། །རྡོ་རྗེའི་ལམ་བྱུང་ཡུམ་གྱི་མཁའ། །གཉིས་མེད་དབྱིངས་སུ་གནས་སྤར་ནས། །ལྷ་རྣམས་སྙིང་པོ་སོ་སོའི་སྒྲས། །འདི་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཨོཾ་སརྦ་བཛྲ་ཏ་ཀྲྀཏ་གྷྲི་རྣ་ཨ་ཡཾ་སྥ་ར་ཎ་ཕཊ། སུ་ཏྲི་ཛཿ། དེ་ནས་ཆོས་ཀྱི་དབྱིངས་ཆེན་དུ། །རིགས་ལྔ་སྦྱོར་བའི་བརྡས་བསྐུལ་བསམ། །ཚེ་འདས་ལས་ཀྱི་སེམས་ཅན་དེ། །ཚོན་གང་འོད་འབར་སྐུ་རུ་བསམ། །དེ་ནས་གཉིས་མེད་རབ་གསལ་བའི། །གླུ་ཆེན་འདི་སྐད་རབ་ཏུ་བརྗོད། །ཧཱུྃ་མུ་ཏིག་དཀར་པོ་དྲི་མེད་དང་། །ཙནྡན་དམར་པོ་དྲི་མེད་གཉིས། །བྱང་ཆུབ་སེམས་ཀྱི་ཐིག་ལེ་གསུམ། །རྟོགས་པའི་ཀློང་དུ་འདྲེས་པ་ལ། །མི་ཞེས་བྱ་བ་སངས་རྒྱས་ཡིན། །སངས་རྒྱས་གཞན་དུ་མ་ཚོལ་ཅིག །བཙལ་ཀྱང་རང་གི་དོན་མི་རྙེད། །རྟོག་མེད་མཉམ་མེད་རིག་པའི་ངང་། །དངོས་མེད་སྟོང་གསལ་འཇའ་ཚོན་སྐུ། །གསང་བའི་དཀྱིལ་འཁོར་འོད་ལྔར་གསལ། །རྫོགས་པ་ཆེན་པོའི་གནས་ལུགས་


DNG003_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི། །བྱང་ཆུབ་སེམས་ལ་མ་ཡེངས་ན། །དཀྱིལ་འཁོར་ཐམས་ཅད་འདི་ལ་རྫོགས། །དཔེར་ན་མུན་ལ་སྣང་བྱུང་བཞིན། །ཆོས་ཉིད་རང་སྣང་འདི་བལྟས་པས། །རྒྱུད་དྲུག་སེམས་ཅན་ཐམས་ཅད་ཀུན། །སངས་མ་རྒྱས་པ་གཅིག་ཀྱང་མེད། །ཚེ་འདས་སྒྲིབ་པ་བྱང་གྱུར་ནས། །སངས་རྒྱས་སྲས་སུ་དབང་བསྐུར་རོ། །ཨོཾ་བཛྲ་ཏིཥྛ་ས་མ་ཡ་མུ་དྲ་ཧཱུྃ། བོ་དྷི་ཙིཏྟ་སིཌྜྷ་ཀུ་རུ་ཨ་བྷི་ཥིཉྩ་ཧཱུྃ། སྔགས་ཀྱི་འཕྲོ་འདུའི་ཏིང་འཛིན་བརྟན། །དེ་ལྟར་ཏིང་འཛིན་གསལ་གྱུར་ནས། །རྟོགས་པའི་གླུ་ཆེན་འདི་སྐད་དོ། །ཨེ་མ་བྱང་ཆུབ་སེམས་ཀྱི་ཀློང་བརྡལ་བས། །ཀུན་བཟང་རིག་པའི་རང་བཞིན་ལས། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །ལྷ་དང་ལྷ་མིན་འདྲེ་ཡང་མེད། །འཁོར་བ་མེད་ཅིང་མྱང་འདས་མེད། །རིག་པ་ཡེ་ཤེས་གཅིག་པུ་ཉིད། །འཁོར་འདས་གཉིས་སུ་བཏགས་པ་མེད། །ང་དང་བདག་མེད་མངོན་སངས་རྒྱས། །དེ་ཕྱིར་སངས་རྒྱས་སྲས་ཉིད་དོ། །ཙིཏྟ་བཛྲ་ས་མ་ཡ་ཧཱུྃ། དེ་ནས་ཆོས་ཉིད་བུམ་པ་དེས། །དྲི་མ་དག་ལ་དབང་བསྐུར་རོ། །སངས་རྒྱས་ཞིང་ལས་མི་གཡོ་བའི། །དབང་བསྐུར་ཆོ་ག་འདི་སྐད་དོ། །ཨོཾ་གཉིས་མེད་གསལ་བའི་ཨོཾ་ཉིད་དེ། །གཉིས་མེད་དབྱིངས་ནས་བྷ་གར་ཐིམ། །ཡུམ་གྱི་མཁའ་ལ་གནས་པ་དེར། །བོ་དྷི་ཙིཏྟས་དབང་བསྐུར་ནས། །ཡི་གེ་འབྲུ་གསུམ་བྱིན་གྱིས་བརླབ། །རིགས་ངེས་རྒྱལ་བའི་སྲས་སུ་བྱ། །ཕྱིན་ཆད་འགྲོ་བའི་དོན་བྱའི་ཕྱིར། །བསྐུལ་བའི་ས་ལ་གནས་པར་བྱའོ། །ཡོངས་ལ་དབང་བསྐུར་དབང་གི་མཆོག །གང་ལ་མ་ཆགས་འདོད་དགུར་བསྒྱུར། །གཉིས་སུ་མེད་པའི་ཕོ་བྲང་དུ། །སྤང་ལེན་མེད་པར་དབང་བསྐུར་རོ། །བུམ་པ་ཟླུམ་པོའི་ཕོ་བྲང་དུ། །སྣོད་བཅུད་མ་ལུས་དབང་དུ་བསྡུས། །ཐིག་ལེ་ཆེན་པོའི་རྒྱས་བཏབ་པས། །སེམས་ཅན་ཐམས་ཅད་སངས་རྒྱས་ཡིན། །ཚེ་འདས་འདི་ནི་རྒྱལ་བའི་སྲས། །ངན་སོང་འཁོར་བའི་བལྟ་བ་བསལ། །རྣམ་པར་རྟོག་པའི་འདོད་པ་བཅོམ། །རང་གི་ཡེ་ཤེས་ལུང་གིས་གསལ། །སྔར་འདས་སངས་རྒྱས་བཞུགས་པ་


DNG003_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན། །རྣལ་འབྱོར་རྡོ་རྗེ་ཆེ་གེ་ཁྱོད། །རྒྱལ་བ་ཀུན་གྱིས་བསྔགས་པར་མཛད། །སྔོན་གྱི་དེ་བཞིན་དབང་གནས་ཤོག །རྒྱལ་བའི་ས་ལས་མི་གཡོ་ཞིང་། །རང་གི་ས་ལ་གཏན་དུ་འདུག །རཏྣ་མ་གུ་ས་མན་ཏྲཾ་ཏྲཾ། ཨོཾ་ལཱཾ་ཧཱུྃ་མཱུཾ་སྭཱ་མཾ་ཨཾ་པཱཾ་ཧཱ་ཏཱཾ། མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན། བཛྲ་སྭ་བྷཱ་ཝ་ཨཱཧྨ་ཀོ྅ཧཾ། དེ་ལྟར་དབང་བསྐུར་ཏིང་འཛིན་གསལ། །དེ་ལྟར་རྒྱལ་བ་མཉེས་བྱེད་པའི། །སྔགས་འདིས་ཐམས་ཅད་མཆོད་པར་བྱ། །དེ་ཡང་ཚེ་འདས་སངས་རྒྱས་དེས། །བདག་ཉིད་སློབ་དཔོན་གསང་བ་ལ། །མཆོད་ཆེན་སྔགས་འདིས་མཆོད་པར་བསམ། །ཨོཾ་སུ་ར་ཏོ་བཛྲ་ན་མཿ། བ་བྷུ་བ་བྷུ་ཧྲཱྀཿ། ཨོཾ་སུ་ར་ཏོ་བཛྲ་ན་ར་ཧྲཱྀཿ། ཨོཾ་སུ་ར་ཏོ་ན་མོ་བུཌྜྷ་ཧྲཱྀཿ། ཨོཾ་སུ་ར་ཏོ་བཛྲ་ན་ཧ་ཧྲཱྀཿ། ཨོཾ་སུ་ར་ཏོ་བཛྲ་གྷནྡྷེ་ཧཱུྃ། ཨོཾ་སུ་ར་ཏོ་དུག་མ་རུ་ཀ་ར་གུཾ་གུཾ། ཨོཾ་བཛྲ་སུ་ར་ཏོ་བཛྲ་མོ་ཀེ་ཏཾ་ཏཾ། ཨོཾ་སུ་ར་ཏོ་བཛྲ་པི་ཤིང་དུ་ཏི་ར་ཨ་ཨཱཿ། ཨོཾ་སུ་ར་ཏོ་བཛྲ་ཤྲི་ཧྲི་ཧྲཱྀཿ། ཨོཾ་ཨེ་མ་ཧཱ་སུ་ར་ཏོ་བི་ནི་སེ་ནི་ཏྭ་བཛྲ་བ་ནི་སེ་ན་ཏྲ་ཐཱ། ཨོཾ་ཧེ་མ་ཧཱ་སུ་ར་ཏོ་བཛྲ་གཱི་ཏཱི་ཏི། ཨོཾ་ཧེ་མ་ཧཱ་སུ་ར་ཏོ་བཛྲ་ནྲྀ་ཏྱེ་སེ་ལེ། ཨོཾ་སུ་ར་ཏོ་བཛྲ་རཱུ་པ་ཛ་ཛཿ། ཨོཾ་སུ་ར་ཏོ་བཛྲ་ཤཔྡ་སུ་ཀེ་ཧཱུྃ་ཧཱུྃ། ཨོཾ་སུ་ར་ཏོ་བཛྲ་གྷནྡྷེ་སུ་ཀི་བཾ་བཾ། ཨོཾ་སུ་ར་ཏོ་མ་ཧཱ་ར་ས་ཧོ་ཧོཿ། དེ་ནས་མཆོད་ཆེན་རྫོགས་པར་བྱ། །འདི་ནི་གནས་དང་བདུན་ཚིགས་དང་། །གཤེད་བྱེད་དབྲལ་བའི་ཆོ་གའོ། །དེ་ནས་དཀྱིལ་འཁོར་སྒོ་བཞི་ནས། །རྡོ་རྗེའི་དབང་བསྐུར་བྱ་བ་ནི། །རྡོ་རྗེ་མཆེད་ཀྱིས་འབོད་པར་བྱ། །གནས་ཆོག་གཞུང་བཞིན་བྱེད་པ་ན། །བསྒྲུབ་པ་རབ་འབྲིང་གསུམ་དུ་བྱ། །རོ་དེ་ཡོད་ན་མཆོག་ཏུ་གསུངས། །དེ་ལ་ཁྲུས་བྱ་དབང་རྫོགས་བྱ། །གནས་ཀྱི་རིམ་པ་བྱེད་པ་ན། །རབ་གནས་བརྟན་པར་བཞུགས་པ་དང་། །གནས་སྤར་བ་ཡི་མཆོད་པ་བྱ། །བདུན་ཚིགས་དག་ཏུ་བྱེད་པ་ན། །ཞག་གཅིག་དག་གིས་ཐོན་པར་བྱ། །མཆོད་པའི་ལས་རྣམས་ཅི་འབྱོར་བྱའོ། །ཚོགས་དང་ཞལ་ཟས་སྣ་ཚོགས་དབུལ། །སངས་རྒྱས་རྣམས་དང་བྱང་སེམས་མཆོད། །ཞག་བདུན་ལོན་པའི་ཚེ་ན་ཡང་། །བདུན་ཚིགས་དང་པོ་འདི་ལྟར་
བྱའོ། །དེ་ནས་དཀྱིལ་འཁོར་བསྡུ་བར་བྱའོ། །ཕྱི་ཆོག་ནང་ཆོག་གཞུང་བཞིན་བྱའོ། །གནས་དང་བདུན་ཚིགས་གཉིས་སུ་མེད་པའོ། །ཞེས་རྫོགས་པ་རང་བྱུང་གི་རྒྱུད་ལས། གནས་དང་བདུན་ཚིགས་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།

རྣལ་འབྱོར་པ་ཚེ་འདས་པའི་བདུན་ཚིགས་བར་མའི་ཆོ་ག།


DNG003_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། པ་རུ་པ་རུ་རཱི་ན་མཿ། བོད་སྐད་དུ། རྣལ་འབྱོར་པ་ཚེ་འདས་པའི་བདུན་ཚིགས་བར་མའི་ཆོ་ག་ཞེས་བྱ་བ། བཅོམ་ལྡན་འདས་པདྨ་དབང་གི་ལྷ་ལ་ཕྱག་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་དེ་ཉིད་ལ། རིགས་ལྔའི་ལྷ་ཚོགས་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་དབང་ཆེན་སྐུ། །བར་དོ་ཡི་ནི་སྣང་བ་ལ། །ཞག་ནི་ཅི་ཙམ་ཐོགས་པར་འགྱུར། །མོས་པའི་འཁོར་ལ་གསུང་དུ་གསོལ། །སྟོབས་ཆེན་ཉིད་ཀྱིས་བཀའ་སྩལ་པ། །ཀྱེ་མ་ཉོན་ཅིག་འདུས་པའི་འཁོར། །སེམས་ཅན་རྣམས་ཀྱི་ལམ་ཆེན་ནི། །ཆོས་ཉིད་རང་སྣང་བར་དོ་ལ། །ཞག་བདུན་བར་དུ་གནས་པར་འགྱུར། །དེ་ནི་རང་རང་སྣང་བའི་ཡུལ། །སེམས་དང་རིག་པ་ཞག་བདུན་བྲལ། །དེ་ཚེ་རྣམ་རྟོག་འགྱུ་མེད་གསལ། །དེ་ནས་ཞག་བདུན་ལོན་པ་དང་། །སྔོན་གྱི་བག་ཆགས་སད་ནས་ནི། །སེམས་ལ་སྣང་བ་ཕྲ་རགས་འབྱུང་། །དེ་ཚེ་བདུན་ཚིགས་དང་པོ་ཡིས། །བག་ཆགས་ཁད་ཀྱིས་འབྲི་བར་གསུངས། །དེ་ནི་རྨི་ལམ་འཛིན་པའི་བར་དོའོ། །དེ་ཉིད་ཞག་བདུན་གནས་པའོ། །དེ་ཚེ་སེམས་ཀྱི་རྣམ་རྟོག་ལྡང་། །སྣང་བའི་ཆོ་འཕྲུལ་དེ་དག་ཀུན། །བན་བུན་ཡད་ཡུད་ལང་ལོང་འོང་། །དེ་ཚེ་ཤེས་པ་གྱ་གྱུར་གནས། །དཔེར་ན་མི་དགའ་བ་ཡི་མི་དག་ལ། །ཚིག་ནི་འཇམ་པོར་སྨྲ་བ་ཡིས། །མི་དགའ་སྤངས་ནས་བདེ་སྤྱོད་ལྟར། །དེ་ཚེ་བདུན་ཚིགས་གཉིས་པ་འདིས། །ཚེ་འདས་རིགས་ཀྱི་བུ་དེ་ཡི། །ཤེས་པ་བཟུང་ནས་བདེ་ལ་གནས། །དེ་ནས་སྲིད་པ་བར་དོ་དེར། །ཞག་བདུན་གནས་ཤིང་སྡུག་བསྔལ་དྲན། །ཚེ་འདས་ཤེས་པ་རང་དབང་མེད། །ཕ་རོལ་དག་གིས་འཕྲོག་པ་དང་། །རང་དབང་མེད་པའི་སྤྱོད་པ་འབྱུང་། །དེ་ནས་ཞག་བདུན་ལོན་པ་དང་། །བདུན་ཚིགས་


DNG003_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་མའི་དབང་བསྐུར་བས། །མཐོ་རིས་གོ་འཕང་གསུམ་ཐོབ་འགྱུར། །དེ་ལྟར་བདུན་ཚིགས་བྱས་པ་ན། །རང་རང་སྡུག་བསྔལ་གནས་སུ་འགྲོལ། །དེ་ལྟར་བདུན་ཚིགས་བྱས་པས་ན། །དམྱལ་བར་འགྲོ་བའི་མི་དག་ཀུན། །བྱོལ་སོང་གནས་སུ་འདྲེན་པའོ། །ཡི་དྭགས་གནས་སུ་སྐྱེ་བ་རྣམས། །ལྷ་མ་ཡིན་གྱི་གནས་སུ་འདྲེན། །བྱོལ་སོང་གནས་སུ་སྐྱེ་བ་རྣམས། །ལྷ་ཡི་གནས་སུ་འདྲེན་པར་བྱེད། །ཆ་མཉམ་དག་ཏུ་སྐྱེ་བ་རྣམས། །མི་ཡི་གནས་སུ་འདྲེན་པར་བྱེད། །ལྷ་དང་མི་རུ་སྐྱེ་བ་རྣམས། །ས་ལ་གནས་པའི་རིགས་སུ་སྐྱེ། །བྱང་སེམས་རིགས་སུ་སྐྱེ་བ་དག །བླ་མེད་གོ་འཕང་འཐོབ་པར་གསུངས། །དེ་ཕྱིར་བདུན་ཚིགས་ཆོ་ག་བཤད། །བདུན་ཚིགས་བར་མའི་སྦྱོར་བ་ཡི། །ཆོ་ག་མདོར་བསྡུས་ཡན་ལག་དང་། །དཀྱིལ་འཁོར་རྫས་དང་ཡོ་བྱད་རྣམས། །ཉེ་བའི་འཁོར་ལ་བཤད་དུ་གསོལ། །དེ་ནས་རྣམ་གྲོལ་དེ་ཉིད་ཀྱིས། །ཉེ་བའི་འཁོར་ལ་བཀའ་སྩལ་པ། །འདུས་པའི་འཁོར་ཚོགས་ལེགས་པར་ཉོན། །བདུན་ཚིགས་མཆོད་པ་འདི་ཉིད་ལ། །སྒྲིབ་སྦྱོང་ལས་ཀྱི་དཀྱིལ་འཁོར་བཞེངས། །དཀྱིལ་འཁོར་བཞེངས་སུ་གསོལ་ནས་ནི། །དབུས་སུ་དཔལ་གྱི་གཏོར་མ་བཅའ། །ལན་ཆགས་གཏོར་མ་གོང་དང་མཐུན། །དཀྱིལ་འཁོར་དེ་ཡི་ཤར་སྒོ་རུ། །དྲི་མ་དེ་ཉིད་རྩ་རུ་ཡང་། །ལྷ་བཤོས་མཛེས་པ་བཅུ་གསུམ་བཞག །ཤིན་ཏུ་གཙང་མའི་གཏོར་མ་བཞག །མཆོད་པ་རྣམ་ལྔ་ཉིད་ཀྱང་དབུལ། །ཕྱི་ཆོག་ནང་ཆོག་གཞུང་བཞིན་བྱ། །དགེ་བའི་ལས་རྣམས་ཅི་ནུས་བྱ། །ཚེ་འདས་ཉིད་ཀྱང་བྱེད་པར་བསམ། །རིགས་དྲུག་གནས་ནས་དྲང་བ་དང་། །སྐྱེ་བ་མེད་པར་ལམ་བསྟན་བྱ། །སངས་རྒྱས་སྲས་པོར་དབང་བསྐུར་ཞིང་། །ཞིང་ཁམས་དེ་ལས་མི་གཡོ་བའི། །རབ་ཏུ་གནས་པའི་ཆོ་ག་བྱ། །དེ་ནས་མཆོད་ཆེན་འདི་སྐད་བརྗོད། །ཧཱུྃ་གསང་བ་ཡེ་ཤེས་མཆོད་ཆེན་འདི། །གར་དང་ཡེ་ཤེས་ཕྱག་རྒྱར་གསལ། །མཆོད་པའི་དཀྱིལ་འཁོར་སྤྲིན་ཚོགས་ནི། །གཉིས་མེད་འཁྲིལ་དང་ཡིད་བཞིན་


DNG003_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར། །ཡིད་དུ་འོང་དང་མཛེས་པ་ཡི། །འོད་ཟེར་སྣ་ཚོགས་འཕྲོ་བ་དང་། །ཡེ་ཤེས་སྒོ་དང་རབ་ལྡན་པའི། །མ་ཉམས་བཀོད་ལེགས་དབྱིབས་ཉིད་དང་། །གསལ་འཚེར་ལྷུན་སྡུག་ཕོ་བྲང་འདིར། །འཁོར་བཅས་རབ་འབར་གཤེགས་སུ་གསོལ། །ཨོཾ་ཨེ་ཧྱེ་ཧི་ས་མ་ཡ་མུ་དྲ་སྟྭཾ། ཨོཾ་གདན་བཏིང་ལགས་སོ་བཅོམ་ལྡན་འདས། །ཉི་ཟླ་རིན་ཆེན་སྣ་ལྔ་དང་། །པདྨ་རབ་མཛེས་སྟོབས་ལྡན་པའི། །གླང་ཆེན་རྟ་དང་རྨ་བྱའི་ཁྲི། །ནམ་མཁའ་ལྡིང་དང་སེང་གེ་དང་། །ཉི་ཟླ་གསལ་བའི་གདན་བཏིང་ངོ་། །སྣ་ཚོགས་ཡིད་འོང་གདན་བཏིང་ངོ་། །ས་མ་ཡ་པྲ་བྷ་ན་ཙཀྲ་ཏིཥྛ་ལྷན། ཧཱུྃ་ཤིན་ཏུ་མཛེས་པའི་གདན་དང་ནི། །རང་སྣང་འོད་གསལ་གཞལ་ཡས་འདིར། །བླ་མ་སངས་རྒྱས་སྲས་བཅས་དང་། །རིགས་ལྔ་ཁྲོ་རྒྱལ་ཡབ་ཡུམ་རྣམས། །པདྨའི་གདན་ལ་བཞུགས་སུ་གསོལ། །པདྨ་ཀ་མ་ལ་ཡ་སྟྭཾ། ཨོཾ་དམིགས་མེད་མཁའ་མཉམ་རྡོ་རྗེ་སྙིང་པོའི་སྐུ། །ཨཱཿབཅོམ་ལྡན་མགོན་པོ་རྡོ་རྗེ་ཡེ་ཤེས་སྐུ། །ཧཱུྃ་བརྗོད་མེད་བསམ་བྲལ་རྡོ་རྗེ་ཆོས་ཀྱི་སྐུ། །བྱ་བ་རྫོགས་པའི་འགྱུར་མེད་ས་ལ་གནས། །ཡེ་ཤེས་བཅོམ་ལྡན་རྟོག་མེད་ཆོས་ཀྱི་སྐུ། །འཛིན་མེད་ཆོས་ཀྱི་སྐུ་ལ་ཕྱག་འཚལ་བསྟོད། །ཨོཾ་འགག་མེད་རྡོ་རྗེའི་དོན་ཉིད་འཛིན་པ་སྟེ། །ཨཱཿཐུགས་རྗེའི་སྤྱན་ལྡན་ལོངས་སྤྱོད་རྫོགས་པའི་སྐུ། །ཧཱུྃ་མུ་ཁྱུད་ཕོ་བྲང་ལྔ་ལྡན་དཀྱིལ་འཁོར་ན། །སྐུ་ལྔ་རྟོག་མེད་སོ་སོའི་མཚན་འཛིན་པ། །འགྱུར་མེད་དོན་ལྡན་རིགས་ལྔའི་ཡེ་ཤེས་སྐུ། །ཚོམ་བུ་ལྔ་ལྡན་གཙོ་བོའི་དཀྱིལ་འཁོར་སྟོན། །ཡབ་ལྔ་ཡུམ་ལྔ་སྐུ་ལྔ་མདུན་རྒྱབ་མེད། །ཡེ་ཤེས་ཐུགས་རྗེའི་སྤྱན་ལྡན་ལོངས་སྤྱོད་སྐུ། །སྟོང་གསལ་ལོངས་སྤྱོད་སྐུ་ལ་ཕྱག་འཚལ་བསྟོད། །ཨོཾ་ཐུགས་རྗེའི་སྟོབས་ཀྱིས་འགྲོ་བ་ཕ་རོལ་སྒྲོལ། །ཨཱཿསྐུ་མདོག་ཁྲོ་བོའི་ཆ་ལུགས་གད་རྒྱངས་ཅན། །ཧཱུྃ་དབུ་གསུམ་ཐོར་ཚུགས་གཅིག་ཏུ་བཅིངས་པས་འཁོར་རྣམས་སྐྲག །ཕྱག་དྲུག་ཕྱག་མཚན་ཐ་དད་བསྣམས་པས་དགྲ་བགེགས་འདུལ། །སྐུ་ལ་ཆས་བརྒྱད་གསོལ་ཞིང་མ་མོ་དབང་དུ་སྡུད། །ཐུགས་རྗེས་འགྲོ་བ་


DNG003_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

འདམ་ནས་འདྲེན་མཛད་བཅོམ་ལྡན་སྨན་གྱི་བླ། །ཕ་རོལ་སྟོབས་ཀྱིས་འདུལ་བའི་ཁྲོ་རྒྱལ་ཧཱུྃ་སྒྲ་ཅན། །མ་རིག་འཇོམས་པའི་ཐུགས་རྗེའི་འོད་པོ་ཆེ། །སྣ་ཚོགས་སྤྲུལ་པའི་སྐུ་ལ་ཕྱག་འཚལ་བསྟོད། །ཨོཾ་སྐུ་གསུམ་དོན་ལྡན་སངས་རྒྱས་ཀུན་གྱི་མེས། །ཨཱཿཐུགས་རྗེའི་སྟོབས་བདག་གཞོན་ནུ་ཉིད་ཀྱི་སྐུ། །ཧཱུྃ་སྐུ་གསུམ་ཡེ་ཤེས་རྫོགས་ལ་ཕྱག་འཚལ་བསྟོད། །ཨོཾ་ཨཱཿཧཱུྃཿ། བདག་ཅག་སྡུག་བསྔལ་ཆེན་པོས་ཟིན་པ་ལ། །ཐུགས་རྗེའི་ལྕགས་ཀྱུས་འཛིན་པ་སྐུ་དྲིན་ཆེ། །བདག་ཅག་འདོད་པའི་ཚད་པས་གདུང་བ་ལ། །ཐུགས་རྗེའི་ཆུ་རྒྱུན་འབེབས་པ་སྐུ་དྲིན་ཆེ། །བདག་ཅག་འཁོར་བའི་གཅོང་རོང་དོག་མོར་ལྷུང་བ་ལ། །ཐུགས་རྗེའི་ཞགས་པས་འགྲོ་བ་འདྲེན་མཛད་པ། །ཐབས་ལྡན་ཡེ་ཤེས་སྐུ་ལ་ཕྱག་འཚལ་བསྟོད། །བདག་ཅག་མ་རིག་མུན་པའི་དབང་དུ་འཁྱམས་པ་ལ། །རྣམ་དག་སྒྲོན་མེ་འདེགས་ལ་ཕྱག་འཚལ་བསྟོད། །བསྐལ་པ་དཔག་ཏུ་མེད་པར་ལམ་སྟོར་བར། །ས་མཁན་རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད། །དང་པོའི་ནོར་བུ་མ་རྙེད་རྟག་ཏུ་སྟོར། །གཞལ་ཡས་སྟོན་མཛད་ཁྱོད་ལ་ཕྱག་འཚལ་བསྟོད། །ལས་དང་ཉོན་མོངས་རྒྱུད་དྲུག་འཁོར་བ་ཡི། །ཆུ་བོ་སྒྲོལ་མཛད་གྲུ་ལ་ཕྱག་འཚལ་བསྟོད། །རྡོ་རྗེ་སེམས་དཔར་སྤྲུལ་ནས་འགྲོ་དོན་མཛད། །ཡེ་ཤེས་མཉམ་ཉིད་སྐུ་ལ་ཕྱག་འཚལ་བསྟོད། །འཁོར་བའི་རྒྱ་མཚོ་དཔག་ཏུ་མེད་པ་ནས། །ཐུགས་རྗེས་འདྲེན་མཛད་ཁྱོད་ལ་ཕྱག་འཚལ་བསྟོད། །སྐུ་མཆོག་འབར་བའི་ཡེ་ཤེས་རྣམ་པར་དག །སངས་རྒྱས་ཐུགས་རྗེ་ཅན་ལ་ཕྱག་འཚལ་བསྟོད། །ཨ་ཏི་ཤ་བཛྲ་ས་མ་ཡ་སྟྭཾ། ཧོ་མི་གནས་པའི་ཡེ་ཤེས་ཀྱི་མངའ་བདག་རྣམས་དགོངས་སུ་གསོལ། ཚེ་ལས་འདས་པ་ཆེ་གེ་མོ་འདི་བྱང་ཆུབ་ཀྱི་སྙིང་པོ་ལ་མ་གནས་པའི་བར་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་བསྟན་པ། གསུང་བསྟན་པ། ཐུགས་བསྟན་པ། ཡོན་ཏན་བསྟན་པ། ཕྲིན་ལས་བསྟན་པ་མི་ཟད་པའི་འཁོར་དང་བཅས་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་


DNG003_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་སྣང་བ་དང་། མི་སྣང་བ་དང་། གསུང་གྲགས་པ་དང་བཅས་པ་དང་། གྲགས་པ་མེད་པ་དང་། མདོ་སྡེ་དང་། འདུལ་བ་དང་། མངོན་པ་དང་། ཐུགས་རྟོག་པ་དང་བཅས་པ་དང་། རྟོག་པ་མེད་པ་དང་། རབ་ཏུ་བྱུང་བ་དང་། ཁྱིམ་པའི་བྱང་ཆུབ་སེམས་དཔའ་དང་། སེམས་རབ་ཏུ་བྱུང་བ་དང་། ཚུལ་ཁྲིམས་རྣམ་པར་དག་པ་དང་ལྡན་པ་དང་། ཆོས་ཀྱི་སྐུ་ཐམས་ཅད་དང་། སྤྲུལ་པའི་སྐུ་ཐམས་ཅད་དང་། ལོངས་སྐུ་ཐམས་ཅད་དང་། ངོ་བོ་ཉིད་ཀྱི་སྐུ་ཐམས་ཅད་དང་། དཀྱིལ་འཁོར་ཀྱི་ལྷ་ཚོགས་ཐམས་ཅད་ལ། བདག་རྡོ་རྗེ་སློབ་དཔོན་དང་། ཚེ་ལས་འདས་ཤིང་འཕོས་པའི་ཆེ་གེ་མོ་ཞེས་བྱ་བས། གུས་པའི་ཚུལ་གསུམ་གྱིས་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། །སྐྱེ་བ་མེད་པ་རྡོ་རྗེའི་སྐུ་ཐོབ་པར་མཛད་དུ་གསོལ། ཐབས་ཀྱིས་འཁོར་བའི་ཆུ་བོ་ལས་བསྒྲལ་དུ་གསོལ། ཡེ་ཤེས་ཐོགས་པ་མེད་པའི་སྤྱན་ལྔ་བསྟན་དུ་གསོལ། ལྷའི་སྐུ་ཐམས་ཅད་མངོན་པར་སྣང་བར་མཛད་དུ་གསོལ། དེ་ནས་སློབ་དཔོན་གསང་བའི་དབང་ཐོབ་པ་དེས། ཏིང་འཛིན་ལ་གནས་པར་བྱས་ནས། མཆོད་པ་རྣམ་པ་ལྔ་ལ་སོགས་ཅི་འབྱོར་བའི་མཆོད་པ་འབུལ་ལོ། །ཚིགས་བཅད་གོང་མ་དེ་བར་བར་ལ་གཏང་བར་བྱའོ། །དེ་ནས་སློབ་དཔོན་དེ་ནང་གི་ཕྲིན་ལས་གང་ཡང་རུང་བ་གཞུང་བསྲང་ངོ་། །དཀྱིལ་འཁོར་ཐམས་ཅད་གསལ་བར་བསྒོམ། དེ་ནས་གོང་གི་མཆོད་པ་རྣམས་དང་རིགས་དྲུག་གནས་ནས་དྲང་བའི་ཆོ་ག་ཡང་བྱའོ། །ལན་ཆགས་གཏོར་མའི་ཆོ་ག་ཡང་བྱའོ། །ཚེ་འདས་པའི་རིགས་ཀྱི་བུ་ལ་དབང་བསྐུར་བ་དང་། གནས་སྤར་བའི་ཆོ་ག་ཡང་བྱའོ། །ཆོས་ཀྱི་སྐུའི་གནས་སུ་བརྟན་པར་བཞུགས་པར་བསམ་ཞིང་། རིགས་དྲུག་གི་གནས་ནས་ཡང་ནས་ཡང་དུ་དྲང་ངོ་། །མཆོད་པ་ཐམས་ཅད་ཀྱི་སྔགས་ནི། ཨོཾ་པྲ་བྷཉྩ་ཀྲ་ཐ་ཡཱ་སྟྭ། བཛྲ་པཱུ་ཛ་ཧོ། མ་ཧཱ་ཀ་རུ་ཎི་ཀཱ་ཡཱ་ས་མ་ཡཱ་མུ་དྲ། བཛྲ་དྷུ་པེ་དྷཱུ། བཛྲ་པུཥ྇་པུ། བཛྲ་གནྡྷེ་གན། བཛྲ་ནཱིརྟི་ཧཱུྃ། བཛྲ་གཱིཏཱི་ཧྲཱྀཿ། བཛྲ་ཏིང་ས་ཛ་ཧོ། བཛྲ་ཨཱ་ལོ་ཀེ་ཧྲཱྀཿ། བཛྲ་ཧ་ཧ་ཧེ་ཧེ་ཧྲི་ཧྲི། བཛྲ་མ་ཧཱ་སརྦ་ཀུ་ན་ལ་རག་ཤ་ཧེ། སརྦ་ཏ་ཐཱ་ག་ཏ་ས་མ་ཡཱ། མ་ཧཱ་མུ་དྲ་ཨཱ། དེ་ལྟར་སྔགས་ཆེན་དེ་བརྗོད་


DNG003_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ནས། མཆོད་པ་ཆེན་པོ་འདི་སྐད་བརྗོད། ཨོཾ་བདེ་བར་གཤེགས་སོ་བཅོམ་ལྡན་འདས། །བདེ་བར་གཤེགས་སོ་ཁྲོ་རྒྱལ་ཚོགས། །ཧཱུཾ་བདེ་བར་གཤེགས་སོ་ཨ་ར་ལི། །རྒྱལ་བ་རྒྱ་མཚོའི་ཡེ་ཤེས་ཀྱིས། །སྲིད་པ་རྒྱ་མཚོ་མཐའ་ཡས་ཀུན། །ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ། །ཨོཾ་ཨ་ལ་ལ་ཧོ། རིགས་ལྔ་ཁྲག་འཐུང་བཅས་པ་ལ། །སྣང་ཞིང་སྲིད་པའི་ཆོས་རྣམས་ཀུན། །ཀུན་ཏུ་བཟང་པོའི་མཆོད་པར་འབུལ། །འགྲོ་བའི་དོན་དུ་བཞེས་སུ་གསོལ། །ཚེ་ལས་འདས་པ་ཆེ་གེ་མོ་འདི་དང་། བདག་ཅག་རྡོ་རྗེ་སློབ་དཔོན་དང་། མཆེད་དང་ལྕམ་དྲལ་འཁོར་དང་བཅས་པ་རྣམས་ཀྱི་སྒྲིབ་པ་གཉིས་སྦྱངས། ཚོགས་རྣམ་པ་གཉིས་རྫོགས་ནས། ཐུགས་དམ་རྒྱ་མཚོ་ཡོངས་སུ་བསྐང་བར་གྱུར་ཅིག །ཉམས་ཆག་ཐམས་ཅད་སོར་ཆུད་པར་གྱུར་ཅིག །རྐྱེན་དབང་ཐམས་ཅད་བཟློག་པར་གྱུར་ཅིག །བདུད་ཀྱི་དཔུང་རྣམས་ཆོམས་ཤིག །ཚེ་ལས་འདས་པ་གཤེད་དང་བྲལ་བར་གྱུར་ཅིག །ཚིག་དེ་རྣམས་ནི་མཆོད་པ་ཀུན་གྱི་བར་བར་དུ་ཤེས་པར་བྱའོ། །ད་ནི་རྒྱལ་སྲིད་སྣ་བདུན་གྱིས་མཆོད་པ་ནི། ཧཱུྃ་མཆོད་པའི་ཕྱག་རྒྱ་ཆེན་པོ་ནི། །སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་གཏིབ། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཞིང་། །མཉེན་འཇམ་རེག་ན་བདེ་བ་ཡིས། །ཏྲཾ། སྣ་ཚོགས་རིན་པོ་ཆེ་ཡི་གཞི། །མཛེས་པར་བྲིས་ཤིང་སྤྲས་པ་དང་། །ཀུན་འབྱུང་རིན་ཆེན་ཕུང་པོ་འབར། །དབྱིབས་ལེགས་རྫིང་བུ་རོ་མཆོག་བསིལ། །བྷྲཱུཾ། རིན་ཆེན་རྣམ་པ་སྣ་ཚོགས་དང་། །རྒྱན་དང་དཔག་བསམ་ལྗོན་པའི་ཚལ། །ཧྲཱྀཿ། གླུ་དབྱངས་ཚིགས་སུ་བཅད་པའི་སྒྲ། །ཏྲཾ། བླ་དྲེ་རྒྱལ་མཚན་ན་བཟའ་གདུགས། །དོ་ཤལ་དཔུང་རྒྱན་སེ་མོ་དོ། །བཟའ་དང་བཏུང་བའི་ཚོགས་རྣམས་ཀྱིས། །རང་ལ་མཛེས་པར་བརྒྱན་པ་དང་། །ལྷ་དང་ལྷ་མོ་རྡུལ་སྙེད་པས། །བྲོ་གར་ལ་སོགས་བསམ་ཡས་ཀྱིས། །ཕྱོགས་བཅུ་ནམ་མཁའི་ཁམས་བཀང་ནས། །བླ་མ་དཀྱིལ་འཁོར་ཚོགས་ལ་འབུལ། །འགྲོ་བའི་ཚེ་འདས་དོན་དུ་བཞེས་སུ་གསོལ། ཞེས་


DNG003_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ལ་འགྲེས་དོན་དུ་བཞེས་སུ་གསོལ། །ཏྲཾ། ཞིང་འདིར་རིན་ཆེན་སྣ་བདུན་གྱིས། །ཕྱོགས་བཅུ་ནམ་མཁའི་ཁམས་བཀང་ནས། །དངོས་གྲུབ་འབྲས་བུ་འདོད་པའི་ཕྱིར། །ཉིན་རེ་ཤེས་རབ་ཅན་གྱིས་མཆོད། །ཕྱི་ཡི་སྦས་པ་གསང་ལ་སོགས། །ནང་གི་མཆོད་པ་མཆོག་འདི་རྣམས། །ཕྱག་རྒྱ་སྦྱོར་བའི་ཚུལ་བཞེས་ལ། །ཚུལ་བཞིན་རྒྱས་པར་དབུལ་བར་བྱའོ། །ཚེ་འདས་དོན་དུ་བཞེས་སུ་གསོལ། །ཏྲཾ་རཏྣ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨདྨ་ཀོ྅ཧཾ། ད་ནི་དུག་ལྔ་ཡེ་ཤེས་ལྔའི་མཆོད་པ་འབུལ་ཏེ། ཧཱུཾ་སྟོང་གསུམ་སྟོང་གི་འཇིག་རྟེན་ན། །སྲིད་གསུམ་སེམས་ཅན་ཐམས་ཅད་ཀུན། །ཞེ་སྡང་སྤྱོད་པའི་ལས་གང་རྣམས། །རྡོ་རྗེ་རིགས་ཀྱི་ལས་སྤྱོད་དེ། །དམིགས་པ་སྒྲོལ་བའི་མཆོད་པར་བཞེས། །སྟོང་གསུམ་སྟོང་གི་འཇིག་རྟེན་ན། །སྲིད་གསུམ་སེམས་ཅན་ཐམས་ཅད་ཀུན། །འདོད་ཆགས་སྤྱོད་པའི་ལས་གང་རྣམས། །པདྨ་རིགས་ཀྱི་ལས་སྤྱོད་དེ། །ཐམས་ཅད་ཡབ་ཡུམ་གཉིས་མེད་སྦྱོར། །ཚེ་འདས་དོན་དུ་བཞེས་སུ་གསོལ། །སྟོང་གསུམ་སྟོང་གི་འཇིག་རྟེན་ན། །སྲིད་གསུམ་སེམས་ཅན་ཐམས་ཅད་ཀུན། །གཏི་མུག་སྤྱོད་པའི་ལས་གང་རྣམས། །བདེ་གཤེགས་རིགས་ཀྱི་མཛད་སྤྱོད་དེ། །ཚེ་འདས་དོན་དུ་བཞེས་སུ་གསོལ། །སྟོང་གསུམ་སྟོང་གི་འཇིག་རྟེན་ན། །སྲིད་གསུམ་སེམས་ཅན་ཐམས་ཅད་ཀུན། །ང་རྒྱལ་སྤྱོད་པའི་ལས་རྣམས་ཀུན། །རིན་ཆེན་རིགས་ཀྱི་ལས་སྤྱོད་དེ། །དམིགས་པའི་དམ་ཚིག་མཆོད་པར་བཞེས། །ཚེ་འདས་དོན་དུ་བཞེས་སུ་གསོལ། །སྟོང་གསུམ་སྟོང་གི་འཇིག་རྟེན་ན། །སྲིད་གསུམ་སེམས་ཅན་ཐམས་ཅད་ཀུན། །ཕྲག་དོག་སྤྱོད་པའི་ལས་རྣམས་གང་། །ལས་ཀྱི་རིགས་ཀྱི་ལས་སྤྱོད་དེ། །དམིགས་པའི་དམ་ཚིག་མཆོད་པར་བཞེས། །ཚེ་འདས་དོན་དུ་བཞེས་སུ་གསོལ། །འདོད་ཆགས་ཞེ་སྡང་གཏི་མུག་ཆེ། །ང་རྒྱལ་ཕྲག་དོག་སྤྱོད་པ་རྣམས། །རྡོ་རྗེ་ཐེག་པར་རབ་རྟོགས་ཏེ། །མཆོག་གི་མཆོད་པར་བཞེས་སུ་གསོལ། །ཚེ་འདས་དོན་ཕྱིར་བཞེས་སུ་གསོལ། །ཨ་ལ་ལ་ཧོ། དུག་ལྔ་ཡེ་ཤེས་ལྔ་ཡི་མཆོད་པ་འདི་ཕུལ་བས། ཚེ་ལས་འདས་པ་ཆེ་གེ་མོ་དང་། བདག་ཅག་རྡོ་རྗེ་སློབ་དཔོན་དང་། མཆེད་དང་ལྕམ་དྲལ་འཁོར་དང་བཅས་པ་


DNG003_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་སྒྲིབ་པ་རྣམ་པ་གཉིས་བྱང་། ཚོགས་རྣམ་པ་གཉིས་རྫོགས་ནས། ཐུགས་དམ་ཡོངས་སུ་བསྐང་བར་གྱུར་ཅིག །ཉམས་ཆག་སོར་ཆུད་པར་གྱུར་ཅིག །རྐྱེན་རྣམས་བཟློག་པར་གྱུར་ཅིག །བདུད་དཔུང་ཆོམས་ཤིག །ཚེ་འདས་གཤེད་དང་བྲལ་བར་གྱུར་ཅིག །ད་ནི་ཕྱག་རྒྱ་བཞིའི་མཆོད་པ་དབུལ་ཏེ། ཧཱུཾ་ནམ་མཁའི་མཐའ་ཀླས་འཇིག་རྟེན་ནས། །སྲིད་གསུམ་སེམས་ཅན་མ་ལུས་ཀུན། །གཟུགས་སུ་སྣང་བ་ཇི་སྙེད་པ། །སྣ་ཚོགས་ཕྱག་རྒྱའི་དཀྱིལ་འཁོར་ཏེ། །སྐུ་མཆོག་ཕྱག་རྒྱའི་མཆོད་པར་བཞེས། །སྒྲ་རུ་གྲགས་པ་ཅི་སྙེད་པ། །ཐམས་ཅད་མ་ལུས་སྔགས་ཀྱི་ཚིག །གསུང་མཆོག་ཕྱག་རྒྱའི་མཆོད་པར་བཞེས། །སེམས་ཀྱི་རྟོག་པ་ཅི་སྙེད་པ། །ཏིང་འཛིན་འབུམ་ཕྲག་བསམ་ཡས་པ། །ཐུགས་མཆོག་ཕྱག་རྒྱའི་མཆོད་པར་བཞེས། །དགེ་དང་མི་དགེའི་ལས་གང་རྣམས། །ཐམས་ཅད་སངས་རྒྱས་མཛད་སྤྱོད་དེ། །ལས་ཀྱི་ཕྱག་རྒྱའི་མཆོད་པར་བཞེས། །ཀུན་ནས་ཀུན་ཏུ་ཐམས་ཅད་ཀུན། །དངོས་པོ་ལ་སོགས་བརྟན་གཡོ་ཀུན། །ཐམས་ཅད་རྒྱལ་བའི་དཀྱིལ་འཁོར་ཏེ། །བདེ་གཤེགས་ཕྱག་རྒྱའི་མཆོད་པ་བཞེས། །ད་ནི་བདུད་རྩིའི་མཆོད་པ་དབུལ་ཏེ། ཧཱུཾ་བདེ་གཤེགས་རིགས་ཀྱི་ཐུགས་དམ་བསྐང་བ་ནི། །དྲི་ཆེན་ངད་ལྡན་སྤོས་ཀྱི་བསུང་མཆོག་འདི། །གཏི་མུག་ཤེས་རབ་འབར་བར་བྱིན་བརླབ་མཛད་སླད་དུ། །བུཌྜྷ་རིགས་ཀྱི་ཐུགས་དམ་བསྐང་གྱུར་ཅིག །ཧཱུཾ་རྡོ་རྗེ་རིགས་ཀྱི་ཐུགས་དམ་བསྐང་བ་ནི། །མུ་ཏིག་དཀར་པོ་དྲི་མེད་བྱང་ཆུབ་སེམས། །ཐམས་ཅད་བསྐྱེད་པའི་རྒྱུ་སྟེ་འཁོར་བ་འཛིན། །ཞེ་སྡང་བདུད་ཀྱི་རིགས་རྣམས་ཞི་བར་མཛད་སླད་དུ། །རྡོ་རྗེ་རིགས་ཀྱི་ཐུགས་དམ་བསྐང་གྱུར་ཅིག །ཧཱུཾ་པདྨ་རིགས་ཀྱི་ཐུགས་དམ་བསྐང་བ་ནི། །རཀྟ་ཟླ་གམ་དྲི་མེད་བྱང་ཆུབ་སེམས། །ཐམས་ཅད་བསྐྱེད་པའི་རྒྱུ་སྟེ་འཁོར་བ་འཛིན། །འདོད་ཆགས་ལེན་པ་མེད་པའི་རིགས་པ་སྟེ། །སྦྱོར་བ་རྣམ་པར་དག་པ་མཛད་སླད་དུ། །པདྨ་རིགས་ཀྱི་ཐུགས་དམ་བསྐང་གྱུར་ཅིག །ཧཱུཾ་རིན་ཆེན་


DNG003_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཀྱི་ཐུགས་དམ་བསྐང་བ་ནི། །ཤ་ཆེན་ཤེས་རབ་འབར་བའི་བྱིན་རླབས་ཀྱིས། །ཁམས་གསུམ་མ་ལུས་དབང་དུ་བསྡུས་ནས་ཀྱང་། །ང་རྒྱལ་བདུད་ཀྱི་རིགས་རྣམས་ཞི་བར་མཛད་སླད་དུ། །རིན་ཆེན་རིགས་ཀྱི་ཐུགས་དམ་བསྐང་གྱུར་ཅིག །ཧཱུཾ་ལས་ཀྱི་རིགས་ཀྱི་ཐུགས་དམ་བསྐང་བ་ནི། །རྡོ་རྗེ་ལས་ཀྱི་ཆུ་སྟེ་པཉྩ་ཨ་མྲྀ་ཏ། །ཕྲག་དོག་ཆེན་པོའི་ལས་ཀྱི་རྒྱུ་སྦྱང་སྟེ། །ལས་ཀྱི་རིགས་ཀྱི་ཐུགས་དམ་བསྐང་གྱུར་ཅིག །དེ་ནས་བྱང་ཆུབ་སེམས་ཀྱི་མཆོད་པ་འབུལ་ཏེ། ཨོཾ་དྲི་མེད་རྣམ་དག་ནམ་མཁའི་རང་བཞིན་ལ། །ཨཱཿ། ལོག་རྟོག་མཚན་མ་མང་པོའི་སྤྲིན་ཕུང་རྣམས། །ཧཱུཾ་ཡེ་ཤེས་ཉི་ཟེར་འོད་ཀྱིས་རབ་བསལ་ཏེ། །དག་པའི་དོན་དུ་རྟོགས་ཏེ་མཆོད་པར་འབུལ། །ཨཱོཾ་དམ་རྫས་བདུད་རྩི་ལྔ་དང་ཡེ་ཤེས་ལྔ། །ཨཱཿསྐུ་ལྔ་ཆོས་ལྔའི་རང་བཞིན་དབྱེར་མེད་ཅིང་། །ཧཱུཾ་དེ་བཞིན་དག་པ་ཉིད་ཀྱི་དག་པ་ཉིད་མཆོད་ནས། །ཆོས་ཉིད་ལ་ཡང་ཆོས་ཉིད་ཐིམ་པར་འབུལ། །ཤེས་རབ་སེམས་མ་ཡུམ་གྱི་གཞལ་ཡས་སུ། །རྒྱལ་བའི་དཀྱིལ་འཁོར་མ་ལུས་མཆོད་བཀོད་དེ། །ཐབས་དང་ཤེས་རབ་གཉིས་མེད་སྦྱོར་མཆོད་ཀྱིས། །རྒྱལ་བའི་དཀྱིལ་འཁོར་ཚོགས་ལ་མཆོད་པར་འབུལ། །ཨཱོཾ་ལྡན་དཀར་ལ་འཚེར་བའི་ཡོན་ཏན་ལས། །ཨཱཿལྡན་དམར་ལ་དྭངས་པའི་བྱིན་རླབས་ཀྱིས། །ཧཱུཾ་ལྡན་བདེ་ཆེན་གར་མཛད་གར་གྱི་དབང་ཕྱུག་ཆེ། །བདེ་ཆེན་སྐུ་ལ་དབང་གི་མཆོད་པ་འབུལ། །ཨཱོཾ་དག་ཅིང་གསལ་བ་ཤེལ་གྱི་དཀྱིལ་འཁོར་དུ། །ཨཱཿཕྲ་ཞིང་མཉེན་པ་གསེར་གྱིས་ལུག་རྒྱུད་བཞིན། །ཧཱུཾ་དབྱེར་མེད་དབྱིངས་སུ་གཅིག་པས་ན། །བྱང་ཆུབ་སེམས་སུ་རྟོགས་ནས་རིག་པ་ཉིད་ལ་མཆོད་པར་འབུལ། །ཨཱོཾ་བཀྲ་ཤིས་མཚན་ལྡན་རྡོ་རྗེ་ཀ་པཱ་ལ། །ཨཱཿའཕྲུལ་ཞལ་ཡིད་འོང་རི་མོས་བརྒྱན་པ་འདི། །ཧཱུཾ་འོད་དང་དུ་བ་སྒྲ་དང་དྲི་ལ་སོགས། །དབྱིངས་ནས་བཏོན་ནས་དབྱིངས་སུ་མཆོད་པར་འབུལ། །ཚེ་འདས་དོན་དུ་མཆོད་པ་བཞེས་སུ་གསོལ། །ཐབས་དང་ཤེས་རབ་གསང་བ་


DNG003_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་ཀྱི་མཆོད་པར་ཕུལ་བ་ལ་སོགས་པའོ། །ད་ནི་རྨད་དུ་བྱུང་བ་གཏོར་མའི་མཆོད་པ་འབུལ་ཏེ་འདི་སྐད་དོ། །ཧཱུཾ་རྣམ་དག་སྒྲིབ་སྤངས་སྲིད་གསུམ་སྐྱོན་བྲལ་བའི། །སྟོན་ཀའི་ཟླ་གསལ་དྲི་མེད་ཞལ་མངའ་ཞིང་། །བཅོམ་ལྡན་བདེ་གཤེགས་དཀྱིལ་འཁོར་ཅན། །ཞི་ཁྲོ་འཁོར་བཅས་མ་ལུས་ཐམས་ཅད་དང་། །དུས་གསུམ་རྒྱལ་བ་ཐམས་ཅད་བསྐྱེད་པའི་ཡུམ། །ཤེས་རབ་ལྷ་མོ་རིགས་ཀྱི་ཡུམ་ལ་སོགས། །རྣལ་འབྱོར་སྒྲུབ་དང་རིག་འཛིན་ཐམས་ཅད་ལ། །ཚེ་འདས་དོན་ཕྱིར་མཆོད་ཅིང་ཕྱག་འཚལ་ལོ། །མི་མཉམ་མཉམ་པས་ནམ་མཁའ་ཁྱབ་པ་དང་། །བསོད་ནམས་ཡེ་ཤེས་ཚོགས་ཀྱིས་རབ་བརྒྱན་པས། །ཡིད་བཞིན་སྐུ་མཆོག་ཡོན་ཏན་མཐའ་ཡས་གཏེར། །ཤེས་རབ་དཀྱིལ་འཁོར་མ་ལུས་ཐམས་ཅད་དང་། །ཕྱག་བརྙན་འདུ་འཕྲོ་རྔམ་པའི་ཚོགས་ལ་སོགས། །རྣལ་འབྱོར་ཆེན་པོས་མཆོད་པ་མང་པོ་འཚལ། །དགྱེས་པ་རོལ་མོའི་མཆོད་པ་འདི་བཞེས་ལ། །ཨོཾ་གཞོང་པ་རྣམ་དག་ཆོས་ཀྱི་དབྱིངས། །གཏོར་མ་ཡེ་ཤེས་ཕྱག་རྒྱའི་ཚོགས། །ཚེ་དང་གལ་གཉིས་མཐུན་བསྡེབས་ནས། །རཀྟ་དམར་གྱིས་ཐིག་བཀྱེ་ཞིང་། །མི་བཟུང་གཏོར་བའི་གཏོར་མ་འདི། །འབུལ་ནི་བླ་མ་ལྷ་ལ་འབུལ། །མཆོད་ནི་གསང་བའི་དཀྱིལ་འཁོར་མཆོད། །སྦྱོར་ལྡན་ཚོགས་སུ་བཀྲམ་སྟེ་འབུལ་ལགས་ན། །ཚེ་འདས་དོན་དུ་བཞེས་སུ་གསོལ། །ཨོཾ་ཨཱཿཧཱུཾ་མ་ཧཱ་ཨརྒྷཾ་པྲ་ཏཱིཙྪ་ཧོ། བྷ་ལིངྟ་ཁ་ཁ་ཁཱ་ཧི། ཨ་ལ་ལ་ཧོ། རྨད་དུ་བྱུང་བའི་མཆོད་པའོ། །ད་ནི་གར་གྱི་མཆོད་པ་དབུལ་བར་བྱ་སྟེ། ཨོཾ་པདྨཱནྟ་ཀྲྀཏ་ཧ་ཡ་གྲཱི་བ་ཧཱུཾ། རུ་ལུ་རུ་ལུ་ཧཱུཾ་ཕཊ། དེས་ནི་ཏིང་འཛིན་གསལ་བ་དང་། འདི་སྐད་དོ། །ཧཱུཾ་བཅོམ་ལྡན་པདྨ་ཧེ་རུ་དང་། །པདྨ་ཀྲོ་དྷཱི་ཤྭ་རི་ལ། །འབར་བའི་གར་གྱིས་བསྐོར་བ་ནི། །སྲིད་གསུམ་འཇོམས་མཛད་དབྱིངས་ཕྱུག་གཽ་རི་མ། །དམ་ཚིག་དབྱིངས་མཆོག་སྐུལ་བྱེད་ཙཽ་རཱི་མ། །སྟོང་གསུམ་རྒྱལ་མཛད་རྒྱས་བྱེད་པྲ་མོ་ཧ། །མ་ལུས་ཟ་བྱེད་རྡོར་


DNG003_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱར་བེ་ཏཱ་ལཱི། །བདེ་ཆེན་ཞིང་དུ་འདྲེན་མཛད་པུཀྐ་སཱི། །བསྒྲལ་ནས་ཞལ་དུ་སྟོབས་མཛད་གྷསྨ་རཱི། །ཐུགས་རྗེའི་འཇིག་རྟེན་སྒྲོལ་མཛད་སྨ་ཤ་ནཱི། །འབར་མ་སྟོང་གསུམ་སྟོངས་མཛད་ཙཎྜ་ལཱི། །གར་དང་དབྱངས་ཀྱི་མཆོད་པ་འདིས། །ཚེ་འདས་སྒྲིབ་པ་བྱང་གྱུར་ནས། །དཔལ་གྱི་ཐུགས་དམ་བསྐང་གྱུར་ཅིག །བདག་ཅག་གཡར་དམ་བསྐང་གྱུར་ཅིག །ཧཱུཾ་བཅོམ་ལྡན་པདྨ་ཧེ་རུ་དང་། །པདྨ་ཀྲོ་དྷཱི་ཤྭ་རཱི་ལ། །ཕྲ་མེན་གར་གྱིས་བསྐོར་བ་ནི། །འགྲོ་བའི་སྡུག་བསྔལ་གཅོད་བྱེད་སིང་ཧ་མ། །འཆི་བདག་བདུད་ཀྱི་སྡེ་བཅོམ་བྱཱ་གྷྲི་མ། །དུར་ཁྲོད་བགེགས་ཀྱི་ཚོགས་བཅོམ་སྲྀ་ག་ལཱ། །རྡོ་རྗེ་བདུད་འདུལ་ཟ་བྱེད་ཤྭ་ན་མ། །མགྱོགས་མ་ཁྲག་འཐུང་སྙོག་བྱེད་གྲྀ་ཌྷ་མ། །འཁོར་བའི་སྡུག་བསྔལ་ཚེ་འཕྲོགས་ཀཾ་ཀ་མ། །ཡོན་ཏན་ཡིད་བཞིན་བདག་ཉིད་ཀཱ་ཀ་མ། །འགྲོ་བའི་དོན་མཛད་ཁྲག་འཐུང་ཨུ་ལཱུ་མ། །གར་དང་དབྱངས་ཀྱི་མཆོད་པ་འདིས། །ཚེ་འདས་སྒྲིབ་པ་བྱང་གྱུར་ནས། །དཔལ་གྱི་ཐུགས་དམ་བསྐངས་གྱུར་ནས། །བདག་ཅག་དབྱར་དམ་བསྐང་གྱུར་ཅིག །ཕྲ་མེན་ཐུགས་དམ་བསྐང་གྱུར་ཅིག །ཧཱུཾ་བཅོམ་ལྡན་པདྨ་ཧེ་རུ་དང་། །ཡུམ་ཆེན་ཀྲོ་དྷཱི་ཤྭ་རཱི་མ། །སྒོ་མ་གར་གྱིས་བསྐོར་བ་ནི། །རྟ་གདོང་དཀར་མོ་ལྕགས་ཀྱུ་འདྲེན། །ཕག་གདོང་ནག་མོ་མཆེ་ཞགས་འཕེན། །ཉི་ཟླ་དམར་མོ་ལྕགས་སྒྲོག་སྡོམ། །ཐལ་བྱེད་ལྗང་ནག་དྲིལ་འཁྲོལ་དགྱེས། །གར་དང་དབྱངས་ཀྱི་མཆོད་པ་འདིས། །ཚེ་འདས་སྒྲིབ་པ་བྱང་གྱུར་ནས། །དཔལ་གྱི་ཐུགས་དམ་བསྐང་གྱུར་ཅིག །སྒོ་མའི་ཐུགས་དམ་བསྐང་གྱུར་ཅིག །བདག་ཅག་དབྱར་དམ་བསྐང་གྱུར་ཅིག །ཨ་ལ་ལ་ཧོ། གར་དང་ཡེ་ཤེས་མཆོད་པ་འདི་ཕུལ་བས། ཚེ་ལས་འདས་པའི་ཆེ་གེ་མོ་འདི་དང་། བདག་ཅག་རྡོ་རྗེ་སློབ་དཔོན་དང་། མཆེད་དང་ལྕམ་དྲལ་འཁོར་དང་བཅས་པ་རྣམས་ཀྱི། སྒྲིབ་པ་རྣམ་པ་གཉིས་བྱང་། ཚོགས་རྣམ་པ་གཉིས་རྫོགས་ནས། ཐུགས་དམ་རྒྱ་མཚོ་ཡོངས་སུ་བསྐང་བར་གྱུར་ཅིག །


DNG003_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ཆག་ཉམས་ཐམས་ཅད་སོར་ཆུད་པར་གྱུར་ཅིག །རྐྱེན་དབང་ཐམས་ཅད་བཟློག་པར་གྱུར་ཅིག །བདུད་དཔུང་ཆོམས་ཤིག །ཚེ་འདས་གཤེད་མ་དང་བྲལ་བར་གྱུར་ཅིག །དེ་ནས་བསྟོད་པའི་རྒྱལ་པོ་གླུ་ཡེ་ཤེས་ཀྱི་མཆོད་པ་བྱུང་སྟེ། འདི་སྐད་དོ། །ཧཱུཾ་གཏུམ་ཆེན་དུས་མཐའི་མེ་ལྟར་འབར། །འོད་ཟེར་ཉི་མ་འབུམ་གྱིས་བརྗིད། །ཁྲོ་གཉེར་གློག་སྟོང་འགྱུ་བ་བཞིན། །མཆེ་བ་ཟང་ཡག་ཟ་བྱེད་ཆེ་ཧོ། །ཧཱུཾ་ཕཊ་རྔམས་པའི་ང་རོ་འབྲུག་སྟོང་སྒྲོགས། །ཐུག་ཆོམས་རི་རབ་འབུམ་སྙིལ་སྐད། །ཨ་ལ་ལ་ཡི་གད་རྒྱངས་ཅན། །བཤུག་པའི་འཐོར་རླུང་གཡེང་བ་ཆེ་ཧོ། །ཧཱུཾ་ཁྲོ་བོ་ཤེས་རབ་འོད་པོ་ཆེ། །ཡེ་ཤེས་དཀྱིལ་འཁོར་ཀུན་ཏུ་གསལ། །འབར་བའི་ཡེ་ཤེས་ཀུན་ཏུ་འཇོམས། །སྣ་ཚོགས་ཡེ་ཤེས་ཐིག་ལེ་ཆེ་ཧོ། །ཧཱུཾ་ཁྲོ་བོའི་རྒྱལ་པོ་སྤྲིན་ཆེན་པོ། །ཁྲོ་བོའི་དཀྱིལ་འཁོར་ཆར་ཆེན་འབེབས། །དཀྱིལ་འཁོར་ཡིད་བཞིན་འབྱུང་བའི་གཏེར། །སྣ་ཚོགས་འོད་ཀྱི་ཐིག་ལེ་ཆེ་ཧོ། །ཧཱུཾ་བདུད་ཀུན་གྱི་ནི་བདུད་ཆེན་པོ། །བདུད་ཀྱི་བདུད་སྟེ་བདུད་རྣམས་འཇོམས། །འཇིགས་པའི་ཚོགས་ཀྱང་འཇིགས་བྱེད་པ། །འཇིགས་བྱེད་ཆེན་པོ་ཐིག་ལེ་ཆེ་ཧོ། །ཧཱུཾ་རྡོ་རྗེའི་བྲག་སྟེ་སྲ་ཆེན་པོ། །རྡོ་རྗེའི་ཆུ་བོ་སྡུད་ཆེན་པོ། །རྡོ་རྗེའི་མེ་སྟེ་ཀུན་འབར་ཆེ། །རྡོ་རྗེའི་རླུང་སྟེ་འཐོར་རླུང་ཆེ། །ཧོ། དེ་ཡན་ཆད་མཆོད་པ་ཆེན་པོའི་རིམ་པའོ། །འདི་མན་ཆད་ཚོགས་དང་བསྟབ་པ་བྱའོ། །ཧོ་ཧེ་རུ་ཀ་ཡི་གནས་ཆེན་པོ། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །དཔལ་ཆེན་ཁྲག་འཐུང་འཁོར་དང་བཅས། །དུར་ཁྲོད་མཆོག་གི་གནས་འདི་རུ། །ཞིང་ཆེན་གསར་རྙིང་ཏི་རར་བཅས། །དམར་གྱི་ཨརྒྷ་རྒྱ་མཚོར་བསྐྱིལ། །མཁའ་འགྲོ་འབར་བའི་ཚོགས་བཅས་ཀུན། །མ་ལུས་གཤེགས་ནས་བསྣམ་དུ་གསོལ། །ཨཱོཾ་ཛ་ཧཱུཾ་བཾ་ཧོ། ཤྲཱི་ཧེ་རུ་ཀ་ཨི་དམ། པུཥྤ། དྷཱུ་བ། ཨཱ་ལོ་ཀ །གྷནྡྷ་ཁ་ཁ་ཁཱ་ཧི་ཁཱི་ཧི། ཛཿཧཱུཾ་བཾ་ཧོ། ཤྲཱི་ཧེ་རུ་ཀ །མ་ཧཱ་བཛྲ་པྲ་བེ་
ཤ་ཡ། ཨཱ་བེ་ཤ་ཡ་པྲ་ཏིཙྪ་ཧོ། ཤྲཱི་བན་ཁ་ཁ་ཁཱ་ཧི་ཁཱ་ཧི། ཤྲཱི་བན་ཙ་ཁཱ་ཧི་ཁཱ་ཧི། ད་ནི་ཚོགས་བསྒྲལ་བར་བྱ་སྟེ། མཆེ་བའི་ཕྱག་རྒྱ་བཅས་ལ་འདི་སྐད་དོ། །ཧཱུཾ་ང་ནི་ཟ་བྱེད་ཆེན་པོ་སྟེ། །ཁམས་གསུམ་མ་ལུས་བསྒྲལ་བ་དང་། །གདུག་པ་མ་ལུས་འདུལ་བ་དང་། །ཤ་རུས་ལ་སོགས་བཟའ་བར་བྱ། །ང་ནི་ཁྲག་འཐུང་ཆེན་པོ་སྟེ། །འཁོར་བའི་དྲ་བར་ཆགས་པ་ཡི། །དམར་ཆེན་བསྐྱིལ་བའི་རྒྱ་མཚོ་ལ། །འཁོར་གྱི་ཕྲ་མེན་ཚོགས་དང་རོལ། །མ་རུངས་འདོད་ལ་མ་ཆགས་ཤིང་། །དམ་ཚིག་ཉམས་དང་དགྲ་ཆེན་པོ། །ཐུགས་རྗེ་བྱམས་དང་ལྡན་པ་པོས། །ངོ་མཐོན་སྟོབས་ཀྱིས་བསྒྲལ་བར་བྱ། །ཛ་ཧཱུཾ་བཾ་ཧོ། ཤྲཱི་ཧེ་རུ་ཀ་མ་ཧཱ་སརྦ་དུཥྚཱན། ས་མ་ཡ། མུ་དྲ་མཱ་ར་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧྲྀ་ད་ཡ། པི་པཱ་ཧཱུཾ་ཕཊ། ཛཿཧཱུཾ་བཾ་ཧོཿ། ཤྲཱི་ཧེ་རུ་ཀ །མ་ཧཱ་བཛྲ་ས་མ་ཡ་མུ་དྲ། མ་ཧཱ་མཱཾ་ས། མ་ཧཱ་རཀྟ། མ་ཧཱ་བ་སུ་ཏ། མ་ཧཱ་པཉྩ་ཨ་མྲྀ་ཏ། ཁ་ལེ་ཁ་ལེ། ཁ་ཧི། ཧཱུཾ་བྷྱོ་ཧཱུཾ་བྷྱོ་ཧཱུཾ་བྷྱོ་ཧཱུཾ་བྷྱོ་ཧཱུཾ་བྷྱོ། དེ་ལྟར་མཆོད་པའི་གཞུང་རྫོགས་ནས། །སྡིག་པ་བཤགས་དང་གསོལ་བ་གདབ། །རིགས་དྲུག་གནས་ནས་དྲང་བར་བྱ། །དཀྱིལ་འཁོར་བསྡུ་ཞིང་མཆོད་རྫོགས་བྱ། །གསང་སྔགས་ཚིག་དང་དགོངས་པས་བསྡུ། །ཕྱག་རྒྱ་དང་ནི་སྔགས་ཚིག་གོ། །ཞེས་རྫོགས་པ་རང་བྱུང་ཆེན་པོ་དབང་བསྐུར་གསང་བའི་རྒྱུད་ལས། རྣལ་འབྱོར་པ་ཚེ་འདས་པའི་བདུན་ཚིགས་གཉིས་པའི་ལེའུ་སྟེ་བཞི་པའོ།། །།

ཚེ་ལས་འདས་པ་རྣམས་ཀྱི་བདུན་ཚིགས་ཐ་མ་ལ་རང་རང་གི་ཟས་གཏད་ཤིད་ཀྱི་ལུང་།


DNG003_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བཛྲ་དུ་རླི་མ་ཧཱ་སུ་ཀ་ནཱ་མ། བོད་སྐད་དུ། ཚེ་ལས་འདས་པ་རྣམས་ཀྱི་བདུན་ཚིགས་ཐ་མ་ལ་རང་རང་གི་ཟས་གཏད་ཤིད་ཀྱི་ལུང་ཆེན་པོ་ཞེས་བྱ་བ། བཅོམ་ལྡན་འདས་སངས་རྒྱས་འོད་སྲུང་ལ་ཕྱག་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་དཔལ་པདྨ་དབང་ཆེན་ཉིད་དང་། འདུས་པའི་ཚོགས་ཀྱི་བཅོམ་ལྡན་འདས་དེ་རྣམས་ཀྱིས། རྣལ་འབྱོར་པ་ཚེ་འདས་པ་རྣམས་ཀྱི་བདུན་ཚིགས་ཐ་མ་ལ། རང་རང་གི་ཟས་གཏད་པའི་ཆོ་ག་འདི་གསུངས་སོ། །ཀྱེ་མ་འདུས་པའི་ཚོགས་རྣམས་ཉོན། ངས་ནི་སྣང་བའི་དཀྱིལ་འཁོར་


DNG003_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་འདི་བསྟན་གྱིས། ལེགས་པར་ཉོན་ཅིག །དེ་ནས་ཉེ་བའི་འཁོར་རྣམས་སྟན་ལས་ལངས་ནས་འདི་སྐད་བརྗོད་དོ། །ཨེ་མ་ཧོ། ལེགས་སོ་ལེགས་སོ་ལེགས་པར་གསུངས། །བདག་ཅག་རྣམས་ཀྱིས་ངེས་བཟུང་ནས། །ཕྱི་རབས་རྣམས་ལ་ངེས་པར་བསྟན། །དེ་ནས་རྣམ་རོལ་དེ་ཉིད་ཀྱིས། །ཉེ་བའི་འཁོར་ལ་བཀའ་སྩལ་པ། །ཀྱེ་ཀྱེ་འདུས་པ་ཆེན་པོའི་ཚོགས། །བདུན་ཚིགས་ཐ་མའི་ཆོ་ག་ནི། །མཆོད་པ་གོང་ནས་བྱུང་བ་བཞིན། །འགྱུར་མེད་གནས་པའི་དཀྱིལ་འཁོར་བཞེངས། །དཀྱིལ་འཁོར་དེ་ཡི་ཤར་ཕྱོགས་སུ། །འགྲོ་དྲུག་དྲང་བའི་དཀྱིལ་འཁོར་བྱ། །མཎྜལ་ནར་མོ་ལྷོ་བྱང་དུ། །ཐིག་ནི་ལིང་རྩེ་དྲུག་ཏུ་བྱ། །དང་པོ་མུ་ཁྱུད་འབུར་ལྔ་བྲི། །དབུས་ནི་ནག་པོ་དག་ཏུ་བྱ། །ཐ་མ་གྲུ་བཞི་ལམ་པ་སྟེ། །དེ་ཡི་སྟེང་ན་རིན་པོ་ཆེ། །དམིག་ནི་དམར་པོ་དག་ཏུ་བྱ། །ཐ་མ་གྲུ་བཞི་ལམ་པའོ། །དེ་ཡི་སྟེང་དུ་ཟླུམ་པོ་ཡི། །ཁ་དོག་དུད་ཁ་དག་ཏུ་བྱ། །ཕྱི་རིམ་གྲུ་བཞི་དག་ཏུ་བྱ། །དེ་ཡི་སྟེང་དུ་ཐོད་རིས་ཏེ། །ཁ་དོག་ལྗང་གུ་དག་ཏུ་བྱ། །ཐ་མ་གྲུ་བཞི་ལམ་པ་སྟེ། །དེ་ཡི་སྟེང་དུ་འདབ་མ་བརྒྱད། །ཁ་དོག་སེར་པོ་དག་ཏུ་བྱ། །ཕྱི་རིམ་གྲུ་བཞི་ལམ་པའོ། །དེ་ཡི་སྟེང་དུ་འཁོར་ལོའི་དབྱིབས། །རྩིབས་བཞི་དག་ནི་མཛེས་པའི་ཚོན། །ཕྱི་རིམ་གྲུ་བཞི་དག་ཏུ་བྱ། །དང་པོའི་དཀྱིལ་དུ་ཡི་གེ་ཏྲི་ཉིད་ནག་པོའོ། །གཉིས་པ་ལ་ནི་ཡི་གེ་པྲི་ཉིད་དམར། །གསུམ་པར་དུཿཉིད་དུད་ཁ་བྲི། །བཞི་པར་ཡི་གེ་སུ་ཉིད་ལྗང་གུའོ། །ལྔ་པར་ཨ་ཉིད་དཀར་པོ་བྲི། །དྲུག་པར་ཡི་གེ་ནྲྀ་སེར་བྲི། །མཎྜལ་དེ་དག་རེ་རེ་ལ། །གཏོར་མ་སྣ་ཚོགས་རེ་རེ་བཞག །དང་པོར་མེ་ཆུ་བསིལ་གཡབ་བཞག །གཉིས་པར་རིན་ཆེན་སྒྲོམ་བུའི་གཟུགས། །གསུམ་པར་ཤེས་རབ་པོ་ཏིའི་གཟུགས། །བཞི་པར་མདུང་ཐུང་གོ་ཆའོ། །ལྔ་པར་པི་ཝང་དུང་ཉིད་གཟུགས། །དྲུག་པར་གསེག་ཤང་པར་བུའོ། །མཎྜལ་རེ་རེ་དག་ལ་ཡང་། །རང་རང་འདྲེན་སྒོའི་ལམ་


DNG003_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དགོད། །དྲུག་པ་དག་ལ་ཕོ་བྲང་ལམ། །ཐུབ་པ་ཆེན་པོའི་གཟུགས་ཀྱང་བཀོད། །མཆོད་པ་གོང་བཞིན་རྫོགས་པར་བྱ། །རིགས་དྲུག་དྲངས་ཤིང་དབང་རྫོགས་བྱ། །དེ་ནས་དཔའ་བོ་དེ་ཉིད་ལ། །ཉེ་བའི་འཁོར་གྱིས་དོན་ཞུས་པ། །ཀྱེ་ཀྱེ་བཅོམ་ལྡན་དབང་ཆེན་སྐུ། །མཎྜལ་རིམ་པ་དེ་ལྟར་ན། །ལན་ཆགས་ཟན་གཏོར་ཆོ་ག་གསུངས། །དེ་ནས་དཔའ་བོས་བཀའ་སྩལ་པ། །ཀྱེ་མ་ཉེ་བའི་འཁོར་རྣམས་ཉོན། །དེ་ལྟར་བྱ་རིམ་རྫོགས་ནས་ནི། །སྔགས་པ་ཏིང་འཛིན་ལྡན་པ་དེས། །གཙང་མའི་གནས་སུ་བདེར་འདུག་ནས། །དང་པོའི་གནས་ནས་རབ་བཀུག་ལ། །འགུགས་པའི་སྔགས་དང་ཕྱག་རྒྱ་ནི། །རབ་ཏུ་བསྟན་པ་འདི་ལྟ་སྟེ། །སྔགས་འདིས་ཐམས་ཅད་བཀུག་པར་བསམ། ཨོཾ་བཛྲ་ཨངྐུ་ཤ་ཛ་ཛ། ཨོཾ་བཛྲ་ཀྲོ་ཏ་ཧཱུཾ་ཕཊ། ཛ་ཧཱུཾ་སྥ་ར་ཎ་ཧཱུཾ། ཕྱག་རྒྱ་ལྕགས་ཀྱུ་ལྟ་བུས་ནི། །ཏིང་འཛིན་རབ་ཏུ་གསལ་བ་ཡིས། །ཚེ་འདས་རབ་ཏུ་ཁུགས་ནས་ནི། །དྲི་མ་དག་ལ་ཐིམ་པར་བསམ། །དེ་ནས་སྔགས་འདི་རབ་བརྗོད་ལ། །ཕྱག་རྒྱ་རྣམ་པ་བཞི་ཉིད་ཀྱིས། །འགུགས་དང་འཆིང་དང་འཛིན་པ་དང་། །རབ་ཏུ་སྡོམ་པའི་སྔགས་འདིའོ། །ཛཿཧཱུཾ་བཾ་ཧོཿ། ས་མ་ཡ། ཨང་ཀུ་ཤ་ཛ་ཛ། ས་མ་ཡ་ཧོ། ས་མ་ཡ་སྟྭམ། ས་མ་ཡ་ལྷན། སྔགས་དེ་ལན་བདུན་བཟླས་པ་དང་། །ཏིང་འཛིན་རབ་ཏུ་གསལ་བ་དང་། །ཕྱག་རྒྱ་རབ་ཏུ་བསྒྱུར་བ་ཡིས། །བསྡམས་ནས་འཆུགས་དབང་མེད་པར་བསམ། །དེ་ནས་ཚེ་འདས་དེ་ཉིད་ལ། །བུ་དང་བུ་མོ་ཡོད་པ་ན། །ཤ་སྣ་ལ་སོགས་སྒོ་ང་དང་། །ཁུར་བ་མར་དང་ཟས་སྣ་རྣམས། །ཅི་འབྱོར་བ་ཡིས་སྣོད་བཀང་ལ། །གདུང་བའི་མཆི་མ་རབ་འབྱིན་ཅིང་། །གདུང་བའི་སྨྲེ་སྔགས་འོ་དོད་འབོད། །ལག་ཏུ་ཟས་དང་སྐོམ་ཐོགས་ལ། །སྦྱོར་བ་ངུ་འབོད་ལས་བྱེད་ཅིང་། །ཟས་གཏད་ཆོ་ག་འདི་སྐད་དོ། །ཧཱུཾ་ཟས་ལོངས་ཚེ་འདས་རིགས་ཀྱི་བུ། །ང་ནི་དབང་ཆེན་དཔལ་གྱི་སྐུ། །སངས་རྒྱས་སྐུ་དང་མཉམ་སྦྱོར་བའི། །ཡེ་ཤེས་འོད་ཟེར་རབ་འཕྲོ་བས། །ཐམས་


DNG003_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་འདོད་པ་ཚིམས་བྱེད་པ། །བཅུད་ཆེན་རོ་མཆོག་སྟོང་ལྡན་པར། །སྟོང་པ་རང་སྣང་འོད་ཀྱིས་བརྒྱན། །སྟོང་གསུམ་བཅུད་དུ་མཉམ་སྦྱར་ནས། །སྐུ་གསུམ་ཡེ་ནས་བདུད་རྩི་སྟེ། །དག་པ་དྲི་མེད་མཆོག་ཆེན་འདི། །རང་བྱུང་ཉིད་ཀྱི་དབྱིངས་ཉིད་ནས། །སྟོང་པ་ཉིད་ལ་མཆོད་པ་འབུལ། །རིག་པ་སྐྱེ་མེད་དཀྱིལ་ཡངས་ནས། །ཡེ་ཤེས་ལྔ་ལས་འོད་འཕྲོས་ཤིང་། །ཆོས་སྐུ་ནམ་མཁའ་ལྟ་བུ་ལ། །ལོངས་སྐུ་སྤྲིན་ཕུང་ལྟ་བུ་སྟེ། །སྤྲུལ་སྐུ་ཉི་མའི་འོད་བཞིན་སྣང་། །སྐུ་གསུམ་རྒྱལ་བའི་ཞིང་ཁམས་ནས། །མཆོད་ཆེན་རྣམ་པར་དག་པ་ཡིས། །རིག་པ་ཉིད་ལ་རིག་པའི་ཆོ་འཕྲུལ་མཆོད། །དཀོན་མཆོག་གསུམ་དང་སྐུ་གསུང་ཐུགས། །མཆོད་པའི་རྟེན་དུ་གྱུར་པ་ལ། །མཆོད་པའི་ཕྱག་རྒྱ་ཆེན་པོས་མཆོད། །རྒྱལ་བ་རྣམས་དང་བདག་སྦྱོར་ཕྱིར། །དམ་ཚིག་ལྷ་ཚོགས་ཐམས་ཅད་དང་། །ཕྱོགས་སྐྱོང་རིགས་ཀྱི་ལྷ་རྣམས་དང་། །དམ་ཚིག་སྐྱོང་བའི་སྲུང་མ་དང་། །དམ་ཅན་སྲུང་མ་འཁོར་བཅས་ལ། །བཟའ་བཅའ་ལོངས་སྤྱོད་རྫས་ཀྱིས་མཆོད། །ལྷ་དང་ཀླུ་དང་གནོད་སྦྱིན་དང་། །འབྱུང་པོ་འཁོར་དང་བཅས་པ་ལ། །རྡོ་རྗེའི་ལོངས་སྤྱོད་རྣམ་ལྔ་འབུལ། །ས་དང་བར་སྣང་ཁམས་ལ་གནས། །གཟུགས་མེད་རིགས་རྣམས་ཅི་སྙེད་པར། །སྣ་ཚོགས་ཕྱག་རྒྱའི་མཆོད་པ་འབུལ། །མངོན་པར་སྣང་དང་མངོན་པར་གྲགས། །མངོན་པར་རྒྱུ་བའི་གཟུགས་ཅན་ལ། །མཆོད་པའི་ལན་ཆགས་ཟས་འདི་ལོངས། །སྣང་སྲིད་འགྲོ་བ་རིགས་དྲུག་དང་། །ཚེ་འདས་རིགས་ཀྱི་བུ་ཁྱོད་ཀྱིས། །རང་གི་ཚེ་རབས་ཡུན་གྱི་བརྒྱགས། །ལོངས་སྤྱོད་ཚེ་ཡི་བརྒྱགས་འདི་ལོངས། །འདི་ནི་སྔོན་གྱི་དམ་ཚིག་སྟེ། །དེ་ཕྱིར་ཁྱོད་ཀྱིས་ཟས་འདི་ལོངས། །ཧཱུཾ་ཡེ་ཤེས་དག་པའི་ངང་གིས་སྦྱངས། །སྟོང་པ་ཉིད་ཀྱི་གཞོང་པ་རུ། །ཚེ་འཛིན་ཟས་དང་རོ་མཆོག་ཤ ། མར་དང་ཁུར་བ་ཟས་སྣ་དང་། །འབྲུ་བཅུད་ཆང་དང་བཏུང་བའི་ཚོགས། །སྣ་ཚོགས་ཡིད་འོང་ཐམས་ཅད་ནི། །ཚེ་འདས་ཁྱོད་ལ་གཏེར་དུ་འབུལ། །


DNG003_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

ལན་ཆགས་ཕྱིར་ན་ཟས་འདི་ལོངས། །མཉམ་པའི་དཀྱིལ་འཁོར་འདི་ཉིད་ལ། །ཆགས་པའི་ས་མེད་གནས་སུ་བཞུད། །དྲི་མེད་རྣམ་དག་རྫས་འདི་ལོངས། །ཆོས་ཉིད་ཐབས་ལ་མཁས་པ་ཡིས། །སྟོང་པ་ཉིད་དུ་མཉམ་སྦྱོར་ལ། །ཚེ་འདས་ཁྱེད་ལ་ཟས་གཏད་ཀྱིས། །ཁོང་ཁྲོའི་སེམས་སུ་མ་བྱེད་པར། །ཟས་འདི་ལོངས་ལ་རང་སེམས་ལྟོས། །སྟོང་པ་ཉིད་ཀྱི་ཀློང་དཀྱིལ་ནས། །ཡེ་ཤེས་དག་པའི་འོད་འཕྲོས་པས། །ཆོས་ཉིད་ལམ་དུ་གཉིས་མེད་བསྒྲལ། །རྒྱུ་རྐྱེན་གཉིས་པོ་སྟོང་པའི་ཕྱིར། །ཚེ་འདས་རིགས་ཀྱི་བུ་ཁྱོད་ཀྱང་། །ཕྱི་ནས་རྒྱུ་འདི་མ་ལེན་པར། །སྐྱེ་མེད་བྱང་ཆུབ་དྲན་པར་གྱིས། །ཆོས་ཉིད་རང་སྣང་དབང་ཐོབ་ཤོག །ཡང་དག་ངེས་པའི་ལུང་འདི་ཉོན། །རིན་ཆེན་རྟེན་དང་ཕུང་པོའི་དཀྱིལ། །རང་རིག་གསལ་བའི་སྒོ་ཕྱེ་བས། །འདི་ནི་སངས་རྒྱས་ཞིང་ཁམས་སྟེ། །འདི་ལས་བུ་གཅིག་མ་གཡོ་ཞིག །རྡོ་རྗེའི་ཚིག་འདི་རབ་ཏུ་ལོངས། །སྟོང་ཉིད་གསལ་བའི་སྒོ་ཕྱེ་བས། །རང་རིག་ཡེ་ཤེས་རྟོགས་པ་མཉམ། །ཟས་འདི་ལོངས་ལ་རང་སྣང་ལྟོས། །འདི་ནི་ཁྱོད་ཀྱི་གཏན་སྲིད་ཡིན། །བུ་དང་བུ་མོ་གཉིས་ཀྱིས་ཀྱང་། །གདུང་བའི་ཤུགས་ཕྱུང་ཟན་འདི་ལོངས། །གདོང་ནས་མཆི་མ་བཏོན་ནས་ནི། །བུ་ཡིས་ཟས་གཏད་ཟས་འདི་ལོངས། །བརྩེ་བའི་སྨྲེ་སྔགས་འདི་བཏོན་པས། །ངག་འདི་ཉོན་ལ་གནས་སུ་དེངས། །འཁོར་བ་འདི་ནི་སྡུག་བསྔལ་ཆེ། །བྱས་པས་མི་ཟིན་ལས་ཡོད་པས། །འཁོར་བ་འདི་རུ་མ་གནས་པར། །རང་གི་ཆོས་ཉིད་འོད་རེ་གསལ། །བདེ་བ་ཅན་གྱི་ཞིང་ཁམས་ན། །སྟོང་པ་ཆེན་པོ་ཡུལ་རེ་ཡངས། །འཁོར་བ་འདི་ན་གཅོང་རེ་ཆེ། །ཡངས་པ་ཅན་གྱི་ཞིང་ཁམས་ན། །ཆོས་ཉིད་འོད་གསལ་ལྷུན་རེ་འཐུག །ཟས་འདི་ལོངས་ལ་དབྱིངས་སུ་དེངས། །ཨོཾ་ལཾ་སྥ་ར་ཎ། ཧཱུཾ་ལཾ་སྥ་ར་ཎ། སྭཱ་ལཾ་སྥ་ར་ཎ། ཧཱ་ལཾ་སྥ་ར་ཎ། ཧྲཱྀ་ལཾ་སྥ་ར་ཎ། ཏྲཱཾ་ལཾ་སྥ་ར་ཎ། བྷྲཱུཾ་ལཾ་སྥ་ར་ཎ། དུཥྚན་བཛྲ་ཨ་ཧཱུཾ་སྥ་ར་ན་ཕཊ་སྭཱ་ཧཱ། ཨཱ་ཨཱ་ཨཱ། དེ་ནས་སློབ་དཔོན་གསང་བ་


DNG003_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

དེས། །གདུང་བའི་ཚིག་བཤད་འདི་སྐད་བརྗོད། །ཧོ་སྤྲོས་པ་མེད་པའི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་ན། སྐུ་སྣང་ལ་རང་བཞིན་མེད་པ། རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ཐམས་ཅད། བདག་རྡོ་རྗེ་སློབ་དཔོན་འཁོར་དང་བཅས་པ་རྣམས་ལ་དགོངས་སུ་གསོལ་ལོ། །འཕགས་པ་དཀོན་མཆོག་གསུམ་པོ་དང་། ཉན་ཐོས་དང་། འཕགས་པ་རང་རྒྱལ་དང་། དགྲ་བཅོམ་པ་དང་། རྒྱུན་དུ་ཞུགས་པ་དང་། ས་ལ་གནས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་དང་ལྡན་པ་རྣམས་དང་། རྒྱལ་བ་སྲས་དང་བཅས་པ་རྣམས་དགོངས་སུ་གསོལ་ལོ། །ཧོ་འབྱུང་པོའི་ཚོགས་སྟོང་ཕྲག་བརྒྱད་ཅུ་དང་། མཁའ་ལ་རྒྱུ་བའི་ཡི་དྭགས་རྣམས་དགོངས་སུ་གསོལ། གཞན་ཡང་ཚེ་ལས་འདས་པའི་རྣལ་འབྱོར་ཆེ་གེ་མོ་ཁྱོད་དང་། རྡོ་རྗེ་མཆེད་དང་ལྕམ་དྲལ་རྣམས་དགོངས་སུ་གསོལ་ལོ། །གཞན་ཡང་གསང་སྔགས་ལ་གནས་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྣམས་དགོངས་སུ་གསོལ་ལོ། །དོ་ནུབ་ཚེ་ལས་འདས་པའི་ཆེ་གེ་མོ་འདི་ལ་ཡུན་གྱི་ཟས་གཏད་ཅིང་། སྐྱེ་བ་མེད་པའི་ལམ་སྟོན་པས། བཅོམ་ལྡན་འདས་རིག་པའི་རྒྱལ་པོ་དབང་གི་ལྷ་ཚོགས་ཀྱིས་དབང་དམ་པ་བསྐུར་དུ་གསོལ། བསྒྲུབ་པའི་རྫས་འདི་དག་ལ་བྱིན་གྱིས་རློབས་ཤིག །ཨེ་མ་ཧོ། ཚེ་ལས་འདས་ཤིང་ལུས་བརྗེས་པའི་ཆེ་གེ་མོ་ཁྱོད་ཉོན་ཅིག །སྔོན་བྱུང་བའི་དུས་ན་སྟོན་པ་མར་མེ་མཛད་ཆེན་པོ་བྱ་བ་ཞལ་བཞུགས་པའི་དུས་ན། ཡབ་རྒྱལ་པོ་སྣང་འོད་ཚེ་འདས་པ་ལས། སྲས་རྒྱལ་བུ་འཁོར་ལོ་སྟོང་ལྡན་གྱིས་གདུང་བའི་མཆི་མ་ཕྱུང་། བརྩེ་བའི་ངག་བཏོན། གུས་པའི་ཤུགས་ཕྱུང་། འཛངས་པའི་འོ་དོད་བོས་ནས། བུའི་ཟས་གཏད་པས་ཡུན་གྱི་སྲིས་དང་དགེ་བའི་ཕུལ་དུ་གྱུར་པ་དེ་བཞིན་དུ། དོ་ནུབ་ཚེ་འདས་པ་རྡོ་རྗེ་ཆེ་གེ་མོ་ཁྱོད་ལ། བུ་ཆེ་གེ་མོ་འདིས། བུའི་ཟས་འདི་གཏད་པས་ཡུན་གྱི་སྲིས་སུ་གྱུར་ནས། དགེ་བའི་ཕུལ་དུ་གྱུར་ཅིག །སྔོན་བྱུང་བའི་དུས་ན། ཡུལ་མ་ག་དྷཱའི་གྲོང་ཁྱེར་དུ། རྒྱལ་པོ་གཟུགས་ཅན་སྙིང་པོ་


DNG003_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ཚེ་འདས་པའི་ཚེ། བུ་མོ་སྣང་བའི་སྒྲོན་མས། གདུང་བའི་མཆི་མ་ཕྱུང་ཞིང་བརྩེ་བའི་ངག་བཏོན་ནས། བུ་མོའི་ཟས་གཏད་པས་ཡུན་གྱི་སྲིས་སུ་གྱུར་ནས། དགེ་བའི་ཕུལ་དུ་གྱུར་པ་དེ་བཞིན་དུ། དོ་ནུབ་བུ་མོ་ཆེ་གེ་མོ་ཞེས་བྱ་བ་འདིས། ཚེ་འདས་པ་ཆེ་གེ་མོ་ཁྱོད་ལ། བུ་མོས་གདུང་བའི་མཆི་མ་ཕྱུང་། བརྩེ་བའི་ངག་གི་སྨྲེ་སྔགས་བཏོན་ནས་ཟས་འདི་གཏད་པས། ཡུན་གྱི་སྲིས་སུ་གྱུར་ནས། དགེ་བའི་ཕུལ་དུ་གྱུར་ཅིག །སྔོན་བྱུང་གི་དུས་ན། བྱ་རྒོད་ཕུང་པོའི་རིའི་ལྷོ་ཕྱོགས་སུ། ཡབ་རྒྱལ་པོ་མ་སྐྱེས་དགྲ་ཚེ་འདས་པའི་ཚེ། དགེ་སློང་ཤཱ་རིའི་བུས་ཞང་ཟས་འདི་གཏད་པས། ཆགས་པའི་མདུད་པ་གྲོལ་བ་དེ་བཞིན་དུ། དོ་ནུབ་ཚེ་འདས་པའི་ཆེ་གེ་མོ་ཁྱོད་ལ། ཞང་པོ་ཆེ་གེ་མོས་ཟན་འདི་གཏད་པས། འཇིག་རྟེན་འདི་ལ་ཆགས་པའི་འཚེ་བ་དང་བྲལ་ནས། ཁྱོད་བདེ་བ་ལ་གནས་པར་གྱུར་ཅིག །སྔོན་བྱུང་གི་དུས་ན། སྟོན་པ་རྡོ་རྗེ་སེམས་དཔའ་བྱ་རྒོད་ཕུང་པོའི་རིའི་ལྷོ་ཕྱོགས་ན་བཞུགས་པའི་ཚེ། ཡབ་རྒྱལ་པོ་ཀརྨ་འོད་བཟང་ཚེ་འདས་པའི་ཚེ་ན། དགེ་སློང་མ་པདྨ་སྤྱན་གྱིས་གདུང་བའི་མཆི་མ་ཕྱུང་ནས། བདེན་པའི་ཆོས་བཤད། རོ་མཆོག་བརྒྱ་དང་ལྡན་པའི་ཟས་ཕུལ་ནས། འཇམ་པའི་གཏམ་གྱིས་བཀྲོལ་ནས། སྲུ་མོའི་སྲུ་ཟས་གཏད་པས། འཁོར་བའི་སྒོ་ཆོད་པ་དེ་བཞིན་དུ། དོ་ནུབ་ཚེ་ལས་འདས་པ་ཁྱོད་ལ། སྲུ་མོ་ཆེ་གེ་མོས་སྲུ་ཟས་འདི་གཏད་ཅིང་གདུང་བའི་མཆི་མ་ཕྱུང་ནས། བྱམས་པའི་གཏམ་གྱིས་བཀྲོལ་ནས། བརྩེ་བའི་སྨྲེ་སྔགས་བཏོན་ནས་ཟས་འདི་གཏད་པས་འཁོར་བའི་སྒོ་འགགས་ནས། བདེ་བའི་ལམ་དང་འཕྲད་པར་གྱུར་ཅིག །སྔོན་བྱུང་གི་དུས་ན། སྟོན་པ་འོད་སྲུངས་ཆེན་པོ་བཞུགས་པའི་དུས། རྒྱལ་པོ་སྣང་མཛད་འོད་ཅེས་བྱ་བ། ཚེ་འདས་པའི་དུས་ན། འཁོར་ཆེན་པོ་བརྒྱད་ཀྱིས་གདུང་བའི་མཆི་མ་ཕྱུང་ནས། བརྩེ་བའི་ངག་བཏོན་ཅིང་། བདེན་པའི་ཆོས་བཤད་ཅིང་། དཀོན་པའི་ཟས་བསྟབས་ནས། ཟས་གཏད་པ་དེ་བཞིན་དུ།


DNG003_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

དོ་ནུབ་ཚེ་འདས་པ་ཁྱོད་ལ་འཁོར་ཆེ་གེ་མོ་རྣམས་ཀྱིས་གདུང་བའི་མཆི་མ་ཕྱུང་ནས། བརྩེ་བའི་ངག་བཏོན། གུས་པའི་ཤུགས་ཕྱུང་དཀོན་པའི་ཟས་བཙལ་ནས། སྡུག་བསྔལ་ཆེར་སྤྱད་ནས། ཚེ་འདས་ཆེ་གེ་མོ་ཁྱོད་ལ་ཡུན་གྱི་ཟས་གཏད་པས། འདི་ལོངས་ལ་སྣང་བ་འདི་འདས་པའི་ཕ་རོལ་ན། བདེ་བ་ཅན་གྱི་ཞིང་ཁམས་ཡོད་ཀྱིས་དེར་སོང་ཞིག །སྔོན་བྱུང་གི་དུས་ན། སྟོན་པ་ཤཱཀྱ་ཐུབ་པ་རྡོ་རྗེའི་གདན་ན་བཞུགས་ཙམ་ན། བྲམ་ཟེའི་རིགས་ཀྱི་སྲས་འོད་ལྡན་ཆེན་པོ་ཞེས་བྱ་བ་དེ་ཚེ་འདས་པའི་ཚེ། ཡུམ་བློ་གྲོས་རྒྱན་བཟང་མའི། སྲས་ཚེ་འདས་ནས་ཞག་ཉི་ཤུ་རྩ་གཅིག་ན། སྟོན་པ་ཉིད་ཀྱིས་བདེན་པའི་ཆོས་བཤད། མ་ཡིས་གདུང་བའི་མཆི་མ་ཕྱུང་ནས། བརྩེ་བའི་ངག་བཏོན། གུས་པའི་ཤུགས་ཕྱུང་། དཀོན་པའི་ཟས་བཙལ་ནས། ཚེ་འདས་པ་ལ་མ་ཡི་ཟས་གཏད་པས། ཡུན་གྱི་སྲིས་སུ་གྱུར་ནས། དགེ་བའི་ཕུལ་དུ་གྱུར་པ་དེ་བཞིན་དུ། དོ་ནུབ་སྲས་ཚེ་འདས་ཆེ་གེ་མོ་ལ། ཡུམ་ཆེ་གེ་མོ་ཞེས་བྱ་བས་གདུང་བའི་མཆི་མ་ཕྱུང་ནས། བརྩེ་བའི་ངག་བཏོན་ཞིང་། གུས་པའི་ཤུགས་ཕྱུང་ནས། དཀོན་པའི་ཟས་རོ་མཆོག་བརྒྱ་དང་ལྡན་པ་སྣ་ཚོགས་གཏད་པས། ཚེ་འདས་པའི་ཡུན་གྱི་སྲིས་དང་། དགེ་བའི་ཕུལ་དུ་གྱུར་ཅིག །དོ་ནུབ་ཚེ་འདས་པའི་ཆེ་གེ་མོ་ཁྱོད་ཟས་འདི་ལོངས་ལ། མི་སྣང་བའི་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ་སོང་ཞིག །གནས་འདི་དང་ཁྱོད་གཉིས་འདྲེལ་པ་མེད་པས་འདི་རུ་མ་འདུག་པར་གཞན་དུ་དེངས་ཤིག །དོ་ནུབ་ཚེ་འདས་ཁྱོད་ཀྱི་དོན་དུ། དཀོན་པའི་རོ་མཆོག་དང་ཟས་སྣ་ཚོགས་ཚད་དང་། ཤ་དང་། མར་དང་། ཁུར་བ་དང་། ཤ་བའི་ཤ་ལ་སོགས་ཏེ་རོ་མཆོག་གི་ཤ་སྣ་དགུ་དང་། སྒོ་ང་དང་། གང་བུ་དང་། ཤིང་ཏོག་ལ་སོགས་ཏེ། ཁ་མ་བྱེ་བ་བཅུ་གསུམ་དང་། ཀ་ར་དང་། བུ་རམ་དང་། སྦྲང་རྩི་ལ་སོགས་ཏེ། འདོད་པ་ཚིམས་བྱེད་ཀྱི་རོ་མཆོག་དྲུག་དང་། ཞོ་དང་། འོ་མ་དང་། དར་བ་དང་། མར་ལ་སོགས་རྩི་ཐོག་སྣ་དགུ་དང་། གྲོ་ཐུག་དང་། འོ་ཐུག་དང་། འབྲས་ཐུག་ལ་སོགས་ཏེ། བྲོ་བའི་རོ་མཆོག་བཞི་དང་། དེ་ལ་སོགས་ཏེ་རོ་མཆོག་གི་རྣམ་པ་ཁ་བ་དང་། མངར་བ་དང་། བསྐ་བ་དང་། སྲེག་པ་དང་། སྐྱུར་བ་ལ་སོགས་རོ་མཆོག་སྣ་ཚོགས་པ་དང་། ཟས་སྣ་ཚོགས་འབྱོར་ཚད་ཀྱི་ཟས་འདི་གཏད་ཀྱིས་ལོངས་ཤིག །འདོད་པའི་ཡོན་ཏན་ལྔ་ལ་སོགས་ཏེ། དག་ཅིང་འབྱོར་པའི་དགེ་བའི་རྩ་བར་བསྔོ་ཡིས་ལོངས་ཤིག །ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། ལམ་པ་སྟ་བྷ་དུལ་ཡཱ། ཨ་ལི་ཨུ་ལི་ཏཱ་ལི་ཏ་པ་ལི་ཨརྒྷཾ་པྲ་ཏཱིཙྪ་ཧོ། ཞེས་བརྗོད་ཅིང་དྲངས། དེ་ནས་རིགས་དྲུག་གནས་ནས་དྲངས་ཤིང་དབང་བསྐུར། ཟས་སྣ་དང་སྐོམ་ཉིད་འབྱོར་ཚད་དབུལ། བདེན་པ་བདར། ཆོས་བཤད། དགེ་བའི་ལས་ཅི་ནུས་བྱ། སྤང་སྐོང་བཀླག །ཉེའུ་འདོན་བྱའོ། །མཆོད་སྦྱིན་གྱི་གཏོར་མ་གཏང་། མཆོད་པ་ཅི་ནུས་བྱ། བཤགས་པ་བྱ། གསོལ་བ་གདབ། སྐུ་གདུང་རིང་བསྲེལ་མཆོད་པ་བྱ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། བཅོམ་ལྡན་འདས། པདྨ་དབང་གི་ལྷ་ཚོགས་ལ་ཕྱག་འཚལ་ཞིང་། གསོལ་བ་གདབ། དེ་ནས་དཀྱིལ་འཁོར་གྱི་ཕྱོགས་ཀུན་ནས། དམ་སྲི་མནན། ཚེ་འདས་པ་ལ་ལམ་བསྟན། གཏོར་མ་གཏོང་། དཀྱིལ་འཁོར་བསྡུ། ཕྱིས་ལྡང་མི་ནུས་པའི་དབང་གིས་གཟིར་མནན་བྱ། དཀྱིལ་འཁོར་གྱི་ཞལ་བསྲོ། དེ་ནས་དཀྱིལ་འཁོར་གྱི་ས་རློག་ལ། གསེག་མའི་ས་བོན་བཏབ་ལ། འདི་མ་སྐྱེས་ཀྱི་བར་དུ་མ་ལྡངས་ཤིག །ཅེས་གཟིར་མནན་བྱའོ། །ཞེས་རྫོགས་པ་རང་བྱུང་ཆེན་པོའི་རྒྱུད་ལས། རྣལ་འབྱོར་པའི་བདུན་ཚིགས་ཐ་མ་བསྟན་པའི་ལེའུ་སྟེ་ལྔ་པའོ། །རྫོགས་སོའོ།། །།

ལམ་སྟོན་བསྒོམ་པའི་ལུང་།


DNG003_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། མ་ལཱ་ས་ཧུ་སུ་ཀ་ནཱ་མ། བོད་སྐད་དུ། ལམ་སྟོན་བསྒོམ་པའི་ལུང་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་གཉིས་མེད་ཀྱི་རྒྱལ་པོ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དེ་ནས་བཅོམ་


DNG003_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་པདྨ་དབང་གིས་བདག་ཉིད་ལ། ཉེ་བའི་འཁོར་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་པདྨ་དབང་གི་བདག་ཉིད་ཆེན་པོ། སེམས་ཅན་འཁོར་བ་ལས་བསྒྲལ་ནས་བདེ་བ་ཅན་གྱི་ཞིང་ཁམས་སུ་ལམ་སྟོན་པའི་ཆོ་ག་བཤད་དུ་གསོལ། དེ་ནས་དཔལ་ཆེན་ཉིད་ཀྱིས་བཀའ་སྩལ་པ། །ཀྱེ་མ་ཉོན་ཅིག་རྡོ་རྗེ་འཛིན། །སློབ་དཔོན་གསང་བའི་དབང་ཐོབ་དེས། །མཎྜལ་དྲུག་པའི་གཞུང་རྫོགས་ནས། །ལམ་བསྟན་ལུང་ནི་བསྟན་པར་བྱ། །མཆོད་པའི་ཚོགས་ནི་རབ་རྫོགས་ནས། །གསང་བའི་སློབ་དཔོན་དེ་ཉིད་ཀྱིས། །རིགས་དྲུག་གནས་ནས་དྲངས་པ་ཡི། །ཆོ་ག་འདི་ནི་བརྩམ་པར་བྱ། །མཎྜལ་ཟླུམ་པོའི་སྟེང་དག་ནས། །ཐུབ་པའི་ཕྱག་མཚན་བླངས་ནས་ནི། །ཚིག་འདིས་སྡུག་བསྔལ་གནས་ནས་དྲངས། །ཧཱུཾ་མ་རིག་འཁོར་བའི་རྩ་བ་སྟེ། །ཚེ་འདས་བྱ་བ་རིགས་ཀྱི་བུ། །འདི་ལ་ཆགས་པར་མ་བྱེད་པར། །བདེ་བ་ཅན་གྱི་ཞིང་དུ་བཞུད། །ཞེ་སྡང་འདི་ཡིས་ཁྱོད་རེ་བསླུས། །ཞེ་སྡང་ཁྱོད་ཀྱི་བདུད་ཡིན་པས། །དང་པོ་སྲིད་པར་འཁྱམས་པ་ཡང་། །ཞེ་སྡང་རང་དགར་སྤྱོད་པས་འཁོར། །ད་ལྟ་སྡུག་བསྔལ་སྤྱོད་པ་ཡང་། །ཞེ་སྡང་བདག་ཏུ་བཟུང་བས་ནོངས། །ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། །ཞེ་སྡང་བདག་ཏུ་མ་འཛིན་ཞིག །ཞེ་སྡང་བདག་ཏུ་འཛིན་པ་ན། །ཞེ་སྡང་ཆེན་པོའི་རྒྱུ་བསགས་ནས། །ངུ་འབོད་ཆེན་པོའི་གནས་སུ་འགྲོ། །སྡུག་བསྔལ་སྣ་ཚོགས་ཁྱོད་ཀྱིས་མྱོང་། །བཙོ་བསྲེག་གནས་ནས་ཐར་ཐབས་མེད། །མཚོན་ཆའི་ཆར་དང་མེ་ཆེན་འོབས། །འཆིང་དང་འཚོད་པའི་ལས་རྣམས་དང་། །འགུགས་འཆིང་བསྡམ་པའི་ལས་རྣམས་ཀྱིས། །ཡུན་རིང་ཐར་བའི་གནས་མེད་པས། །ཉམ་ཐག་སྡུག་བསྔལ་མྱོང་བར་འགྱུར། །དེ་ལས་གྲོལ་བར་བྱ་བའི་ཕྱིར། །བཟོད་པའི་ཆུ་བོ་འདི་ལོངས་ཤིག །ཨོཾ་ན་ར་ཀ་ཏྲི་ཨ་སུ་དུ་པྲེ་ནྲྀ་སྥ་ར་ཎ་ཕཊ། ཨེ་མ་ཧོ། རིགས་ཀྱི་བུ། ཚེ་འདས་པའི་ཆེ་གེ་མོ་ཁྱོད་ཉོན་ཅིག །འདི་ནས་


DNG003_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་འདིའི་འོག་ན། དཔག་ཚད་ལྔ་བརྒྱའི་འོག་རོལ་ན། ན་རག་དམྱལ་བའི་འཇིག་རྟེན་བྱ་བ་ཤིན་ཏུ་སྡུག་བསྔལ་དང་ལྡན་པ་ཚ་བ་དང་། གྲང་བའི་སྡུག་བསྔལ་འབའ་ཞིག་ཆེར་སྤྱོད་པ། སེམས་ཅན་ཉོན་མོངས་པ་ཞེ་སྡང་ཆེར་སྤྱད་པ་ལྟུང་བའི་གནས་ཡོད་དེ། དེ་རུ་ཅི་སྲིད་ལྷུང་སྲིད་ན། བསྐལ་པ་ལྔ་བརྒྱའི་བར་དུ་ཐར་བའི་ཐབས་མེད་པས། དེར་ཚེ་འདས་པ་ཁྱོད་ཀྱིས་ཉོན་མོངས་པ་ཞེ་སྡང་ལ་སྤྱད་པའི་དབང་གིས། དམྱལ་བའི་གནས་དེར་ལྷུང་སྲིད་ན། ཞིང་ཁམས་དེ་འདུལ་བའི་ཐུབ་པ་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ཞེས་བྱ་བ་ཡོད་ཀྱིས། དེའི་ཚེ་ཁྱོད་ཀྱིས་སངས་རྒྱས་ཡིད་ལ་དྲན་པ་དང་། ཆོས་ཡིད་ལ་དྲན་པ་དང་། དགེ་འདུན་ཡིད་ལ་དྲན་པ་དང་། ཡི་དམ་ཡིད་ལ་དྲན་པ་དང་། ཏིང་འཛིན་ཡིད་ལ་དྲན་པ་དང་། རྡོ་རྗེའི་སློབ་དཔོན་ཡིད་ལ་དྲན་པར་གྱིས་ལ། སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །དམྱལ་བ་འདུལ་བའི་ཐུབ་པ་ཆེན་པོ་ལ་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། །ཞེས་བརྗོད་ཅིང་སྐྱབས་སུ་སོང་ཞིག །དེ་ནས་ཡི་དྭགས་ཀྱི་ཐུབ་པ་བླངས་ནས་འདི་སྐད་དོ། །ཧཱུཾ་འཁོར་བའི་རྒྱུ་ནི་མ་རིག་པ། །མ་རིག་སེམས་ཀྱི་རྩད་བཅད་ན། །འཁོར་བར་འཛིན་པ་ཡོད་མ་ཡིན། ཀྭ། ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། །འཇིག་རྟེན་འདི་འདྲ་སྡུག་བསྔལ་ཆེ། །བདེ་བ་ཅན་གྱི་ཞིང་དུ་བཞུད། །འདོད་ཆགས་འདི་ཡིས་ཁྱོད་རེ་བསླུས། །འདོད་ཅིང་ཆགས་པའི་ལས་རྣམས་ནི། །བྱང་ཆུབ་སྙིང་པོ་སྒྲིབ་པའི་རྒྱུ། །དང་པོ་འཁོར་བར་ལྟུང་བ་ཡང་། །ཡིད་དང་ཆོས་མེད་སྣང་བ་ལ། །མེད་པ་ཡོད་པར་སྤྱད་པས་བསླུས། །འདོད་ཆགས་རང་དགར་སྤྱད་པས་ནོངས། །ད་ལྟའི་ཆགས་པ་ཆེན་པོ་ཡང་། །འདོད་ཆགས་ཡུལ་དུ་བཟུང་བས་ནོངས། །ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། །འདོད་ཅིང་ཆགས་པར་མ་བྱེད་ཅིག །འདོད་ཅིང་ཆགས་པར་བྱས་པ་ན། །འདོད་ཆགས་ཡུལ་སྣང་དགྲར་ལངས་ནས། །བཀྲེས་སྐོམ་སྡུག་བསྔལ་


DNG003_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སུ་སྐྱེ། །སྒྲིབ་པ་གསུམ་ལ་རྟག་ཏུ་གནས། །སེར་སྣའི་འཆིང་བ་མ་ཁྲོལ་བས། །ཟས་ཀྱིས་གདུངས་ཤིང་སྐོམ་མི་མྱོང་། །ཡིད་ནི་གཞན་འགྱུར་འདུག་དབང་མེད། །ཡུན་རིང་ཐར་བར་དཀའ་བའི་གནས། །དེ་རུ་ཁྱོད་ཀྱི་ཤེས་པ་ལྡང་། །སྡུག་བསྔལ་ཉམ་ཐག་མྱོང་བར་འགྱུར། །དེ་ལས་གྲོལ་བར་བྱ་བའི་ཕྱིར། །སྦྱིན་པའི་ཟས་ནོར་འདི་ལོངས་ཤིག །ཨོཾ་སརྦ་དུ་ཨ་སུ་པྲེ་ནྲྀ་སྥ་ར་ཎ་ཕཊ། ཨེ་མ་ཧོ། ཚེ་འདས་ཤིང་ལུས་བརྗེས་པའི་ཆེ་གེ་མོ་ཁྱོད་ཉོན་ཅིག །འདི་ནས་འཇིག་རྟེན་འདིའི་འོག་དཔག་ཚད་སུམ་བརྒྱའི་འོག་ན། བཀྲེས་ལྡན་ཆེན་པོ་ཞེས་བྱ་བའི། ཡི་དྭགས་ཀྱི་འཇིག་རྟེན་ཡོད་པས། དེ་ནི་འདོད་ཆགས་ཤས་ཆེར་སྤྱད་པ་ལས་ཆགས་པ་ཡིན་པས་རིགས་ཀྱི་བུ་ཁྱོད་ཇི་སྲིད་དེར་ལྷུང་སྲིད་པས། ཉོན་མོངས་པ་འཁོར་བ་ལ་མངོན་པར་ཆགས་པས་མ་ཞེན་ཅིག །དེར་ཅི་སྲིད་ལྷུང་སྲིད་ན། བསྐལ་པ་སུམ་བརྒྱའི་བར་དུ་ཐར་བའི་གནས་མེད་དོ། །ཚེ་འདས་པ་ཁྱོད་ཀྱིས་ཉོན་མོངས་པ་འདོད་ཆགས་ལ་སྤྱོད་པའི་དབང་གིས། འཇིག་རྟེན་ཁམས་དེར་ལྷུང་སྲིད་ན། ཞིང་ཁམས་དེ་འདུལ་བའི་ཐུབ་པ་ཁ་འབར་མ་ཞེས་བྱ་བ། ཁ་ནས་མེ་འབར་བ། ཕྱག་ན་རིན་པོ་ཆེའི་སྒྲོམ་བུ་བསྣམས་པ། ཤིན་ཏུ་བཀྲེས་པའི་ངང་ཚུལ་ཅན་ཅིག་ཡོད་ཀྱིས། དེ་ལ་སྐྱབས་སུ་འདོང་བའི་ཕྱིར། དེའི་ཚེ་སངས་རྒྱས་ཡིད་ལ་དྲན་པར་གྱིས་ཤིག །ཆོས་ཡིད་ལ་དྲན་པར་གྱིས་ཤིག །འཕགས་པའི་དགེ་འདུན་ཡིད་ལ་དྲན་པར་གྱིས་ཤིག །ཡི་དམ་གྱི་ལྷ་ཡིད་ལ་དྲན་པར་གྱིས་ཤིག །ཏིང་འཛིན་ཡིད་ལ་དྲན་པར་གྱིས་ཤིག །སློབ་དཔོན་ཡིད་ལ་དྲན་པར་གྱིས་ལ། སངས་རྒྱས་ལ་ཕྱག་འཚལ་ལོ། །དམ་པའི་ཆོས་ལ་ཕྱག་འཚལ་ལོ། །འཕགས་པའི་དགེ་འདུན་ལ་ཕྱག་འཚལ་ལོ། །ཡི་དྭགས་འདུལ་བའི་ཐུབ་པ་ལ་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ་ཞེས་བརྗོད་ལ་སྐྱབས་སུ་སོང་ཞིག །དེ་ནས་བྱོལ་སོང་གི་ཐུབ་པ་བླངས་ལ་འདི་སྐད་དོ། །ཨེ་མ་གསོན་ཅིག་དགོངས་


DNG003_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག་རིགས་ཀྱི་བུ། །ཚེ་འདས་བྱ་བའི་རིགས་ཀྱི་བུ། །མ་རིག་འཁོར་བའི་རྩ་བ་སྟེ། །འཁོར་བ་འདི་ནི་གཏི་མུག་ཆེ། །འདི་ན་འདུག་པར་མ་བྱེད་ཅིག །བདེ་བ་ཅན་གྱི་ཞིང་དེར་བཞུད། །གཏི་མུག་འདི་ཡིས་ཁྱོད་རེ་བསླུས། །གཏི་མུག་རྨུགས་པའི་རྒྱུ་འདི་ནི། །ཤེས་རབ་སྒྲིབ་པའི་རྒྱུ་ཡིན་པས། །གཏི་མུག་འདི་ལ་མ་སྤྱོད་ཅིག །དང་པོ་འཁོར་བར་ལྟུང་བ་ཡང་། །གཏི་མུག་མྱོས་པའི་དབང་གིས་ནོངས། །ད་ལྟ་རང་སྣང་དངོས་མེད་ལ། །གཏི་མུག་རང་དགར་སྤྱོད་པས་ནོངས། །ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། །གཏི་མུག་རྨུགས་པར་མ་བྱེད་ཅིག །རྨུགས་ཤིང་ཐོས་པ་མེད་པ་ན། །ཐོས་བསམ་ཤེས་རབ་མ་ཤེས་པས། །བྱོལ་སོང་རྨུགས་པའི་གནས་སུ་འགྲོ། །རྨུགས་ཤིང་དྲན་པ་མེད་པར་འགྱུར། །གཅིག་ལ་གཅིག་ཟའི་སྡུག་བསྔལ་ནི། །གཅིག་ལ་གཅིག་ཟ་ཁྱོད་ཀྱིས་མྱོང་། །ཤིན་ཏུ་རྨུགས་པར་བྱེད་པ་ཡིས། །ལུས་འདི་ཡང་ཡང་འཕོ་བར་འགྱུར། །དེ་རུ་ཁྱོད་ཉིད་སྐྱེས་གྱུར་ན། །སྡུག་བསྔལ་ཉམ་ཐག་མྱོང་བར་འགྱུར། །དེ་ལས་གྲོལ་བར་བྱ་བའི་ཕྱིར། །ཤེས་རབ་སྒྲོམ་བུ་འདི་ལོངས་ཤིག །ཨོཾ་སརྦ་པྲེ་ཨ་སུ་ནྲྀ་སྥ་ར་ཎ་ཕཊ། ཨེ་མ་ཧོ། ཚེ་ལས་འདས་པ་ཆེ་གེ་མོ་ཁྱོད་ཉོན་ཅིག །འདི་ནས་རི་བོ་ཆེན་པོའི་མཚམས་བཞི་ན་གླིང་ཆེན་པོ་བཞིའི་བར་བར་ན་མུན་པའི་འཇིག་རྟེན་དཔག་ཏུ་མེད་པ་ཡོད་པས། དེ་ཚོར་བྱོལ་སོང་གི་རིགས་སྟོང་ཕྲག་དུ་མ་ཡོད་པ། དེ་རྣམས་གཅིག་གི་ཤ་གཅིག་གིས་ཟ་བའི་སྐལ་བ་ལས་བདེ་བ་སྐད་ཅིག་ཀྱང་མེད་པར་གནས་པས། དེ་ནི་སེམས་ཅན་ཉོན་མོངས་པ་གཏི་མུག་ཤས་ཆེར་སྤྱད་པ་འབའ་ཞིག་སྐྱེས་པའོ། །དེ་ན་ལྟུང་བའི་གནས་ཡོད་པས། ཞིང་ཁམས་དེར་མ་ཆགས་པར། དེ་ན་བྱོལ་སོང་འདུལ་བའི་ཐུབ་པ། རུ་རུ་རྨུགས་པ་ཞེས་བྱ་བ་སེང་གེའི་ངང་ཚུལ་ཅན། ཕྱག་ན་ཤེས་རབ་ཀྱི་པོ་ཏི་བསྣམས་པ་གཅིག་ཡོད་ཀྱིས། དེ་ལ་སྐྱབས་སུ་འདོང་བའི་ཕྱིར། སངས་རྒྱས་ཡིད་ལ་དྲན་པར་གྱིས་ཤིག །དམ་པའི་ཆོས་ཡིད་ལ་དྲན་


DNG003_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱིས་ཤིག །འཕགས་པའི་དགེ་འདུན་ཡིད་ལ་དྲན་པར་གྱིས་ཤིག །ཡི་དམ་གྱི་ལྷ་ཡིད་ལ་དྲན་པར་གྱིས་ཤིག །ཏིང་འཛིན་ཡིད་ལ་དྲན་པར་གྱིས་ཤིག །རྡོ་རྗེ་སློབ་དཔོན་ཡིད་ལ་དྲན་པར་གྱིས་ཤིག །སྙིང་པོ་ཡིད་ལ་དྲན་པར་གྱིས་ལ། སངས་རྒྱས་ལ་ཕྱག་འཚལ་ལོ། །དམ་པའི་ཆོས་ལ་ཕྱག་འཚལ་ལོ། །འཕགས་པའི་དགེ་འདུན་ལ་ཕྱག་འཚལ་ལོ། །བྱོལ་སོང་འདུལ་བའི་དབང་པོ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཞེས་བརྗོད་ཅིང་སྐྱབས་སུ་སོང་ཞིག །དེ་ནས་ལྷ་མ་ཡིན་གྱི་ཐུབ་པ་བླངས་ལ་འདི་སྐད་དོ། །ཧཱུཾ་ཚེ་འདས་བྱ་བ་རིགས་ཀྱི་བུ། །བྱོལ་སོང་ཡུལ་ན་གཏི་མུག་ཆེ། །འདི་ནས་སྟེང་ན་དཔག་ཚད་ཉིས་བརྒྱ་ན། །ལྷ་མ་ཡིན་ཞེས་བྱ་བ་ཡི། །འཇིག་རྟེན་ཉམས་དགའ་དང་རེ་སྤྲོ། །བྱོལ་སོང་ཡུལ་དུ་མ་འདུག་པར། །ལྷ་མ་ཡིན་གྱི་གནས་སུ་བྱོན། །མ་རིག་འཁོར་བའི་རྩ་བ་སྟེ། །རང་རིག་ཡེ་ཤེས་རྟོག་མེད་པས། །ལྷ་མ་ཡིན་གྱི་ཡུལ་དེ་ན། །གནས་པའི་ས་མེད་སྡུག་བསྔལ་ལྡན། །དེ་རུ་ཆགས་པ་མ་སྐྱེ་བར། །བདེ་བ་ཅན་གྱི་ཞིང་དུ་བཞུད། །ཕྲག་དོག་འདི་ཡིས་ཁྱེད་རེ་བསླུས། །དང་པོ་འཁོར་བར་ལྟུང་བ་ཡང་། །ཕྲག་དོག་རླུང་ལྟར་འཚུབས་ནས་ནོངས། །ད་ལྟ་མཉམ་ལ་ཕྲག་དོག་པས། །རྟག་ཏུ་རྩོད་པ་རྒྱུན་མི་ཆད། །ཀྭ། ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། །ཕྲག་དོག་འཚུབ་པར་མ་བྱེད་ཅིག །འཚུབ་མ་ཐག་ཏུ་འཛིན་པ་ན། །རྩོད་ལྡན་འདི་ལ་རབ་ཆགས་ནས། །ཡུན་རིང་སྡུག་བསྔལ་ཁྱོད་ཀྱིས་མྱོང་། །སྡུག་བསྔལ་ཉམ་ཐག་མྱོང་བར་འགྱུར། །དེ་ལས་གྲོལ་བར་བྱ་བའི་ཕྱིར། །བསམ་གཏན་གོ་མཚོན་འདི་ལོངས་ཤིག །ཨོཾ་སརྦ་སུ་ཨ་ནྲྀ་སྥ་ར་ཎ་ཕཊཿཧཱུཾ་ཨ། ཀྱེ་ཚེ་འདས་པའི་ཆེ་གེ་མོ་ཁྱོད་ཉོན་ཅིག །གནས་ལ་ཆགས་པ་ཆེན་པོས། སྡུག་བསྔལ་ཁྱོད་ཀྱིས་མྱོང་བར་གྱུར་ཏེ། ལྷ་མ་ཡིན་གྱི་གནས་ན། རྩོད་པའི་སྡུག་བསྔལ་


DNG003_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་གྱིས་མི་ཁྱབ་སྟེ། དེ་ནི་སེམས་ཅན་ཉོན་མོངས་པ་ཕྲག་དོག་ཤས་ཆེར་སྤྱོད་པ་འབའ་ཞིག་ལས་བྱུང་སྟེ། རིགས་ཀྱི་བུ་ཁྱོད་དེར་ཆགས་པར་མ་བྱེད་ཅིག །དེ་ན་ཆགས་པ་ཆེར་སྐྱེས་པ་ན། དེ་ན་ལྷ་མ་ཡིན་འདུལ་བའི་དབང་པོ་ཐགས་བཟང་རིས་བྱ་བ་སྐུ་ལ་བསམ་གཏན་གྱི་གོ་གྱོན་པ། ཕྱག་ན་བསམ་གཏན་གྱི་མདུང་ཐོགས་པ། ལྷ་མ་ཡིན་གྱི་ངང་ཚུལ་ཅན་ཡོད་ཀྱིས། དེ་ལ་སྐྱབས་སུ་འདོང་བའི་ཕྱིར། སངས་རྒྱས་ཡིད་ལ་དྲན་པར་གྱིས་ཤིག །དམ་པའི་ཆོས་ཡིད་ལ་དྲན་པར་གྱིས་ཤིག །འཕགས་པའི་དགེ་འདུན་ཡིད་ལ་དྲན་པར་གྱིས་ཤིག །ཡི་དམ་གྱི་ལྷ་ཡིད་ལ་དྲན་པར་གྱིས་ཤིག །རྡོ་རྗེ་སློབ་དཔོན་ཡིད་ལ་དྲན་པར་གྱིས་ཤིག །སངས་རྒྱས་ལ་ཕྱག་འཚལ་ལོ། །དམ་པའི་ཆོས་ལ་ཕྱག་འཚལ་ལོ། །འཕགས་པའི་དགེ་འདུན་ལ་ཕྱག་འཚལ་ལོ། །ལྷ་མ་ཡིན་འདུལ་བའི་ཐུབ་པ་ཐགས་བཟང་རིས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཞེས་བརྗོད་ཅིང་སྐྱབས་སུ་སོང་ཞིག །དེ་ནས་ལྷའི་ཐུབ་པ་བླངས་ལ་འདི་སྐད་དོ། །ཧཱུཾ་གསོན་ཅིག་དགོངས་ཤིག་རིགས་ཀྱི་བུ། །ཚེ་འདས་བྱ་བའི་རིགས་ཀྱི་བུ། །ལྷ་མིན་ཡུལ་ན་ཕྲག་དོག་ཆེ། །དེ་ན་སྡུག་བསྔལ་བསམ་མི་ཁྱབ། །དེ་ཡི་སྟེང་ན་ལྷ་ཡི་ཡུལ། །ཉམས་དགའ་དང་སྤྲོ་ཡིད་འོང་དང་། །ལོངས་སྤྱོད་སྣ་ཚོགས་འདི་ན་ཡོད། །རྒྱན་དང་རོལ་མོ་བསམ་མི་ཁྱབ། །ལྷ་མིན་ཡུལ་དུ་མ་འདུག་པར། །ལྷ་ཡི་ཡུལ་དུ་བདེ་བར་བྱོན། །ཧཱུཾ་མ་རིག་འཁོར་བའི་རྩ་བ་སྟེ། །རང་རིག་ཡེ་ཤེས་རྟོག་མེད་པས། །ལྷ་ཡི་གནས་ན་འདུག་ས་མེད། །ལོངས་སྤྱོད་ཉིད་ལ་ཆགས་ཆགས་ནས། །ངན་སོང་གསུམ་གྱི་གནས་སུ་ལྟུང་། །དེ་རུ་ཆགས་པར་མ་བྱེད་པར། །བདེ་བ་ཅན་གྱི་ཞིང་དུ་བཞུད། །ང་རྒྱལ་འདི་ཡིས་ཁྱོད་རེ་བསླུས། །ལྷ་ཡི་ཡུལ་ན་ང་རྒྱལ་ཆེ། །དང་པོ་འཁོར་བར་ལྟུང་བ་ཡང་། །ང་རྒྱལ་རི་བོ་བརྩེགས་པས་འཁོར། །ད་ལྟ་ང་རྒྱལ་སྤྱད་པས་ན། །དགའ་ལྡན་ལྷ་ཡི་ཡུལ་དུ་སྐྱེས། །ལོངས་སྤྱོད་འཁོར་ལ་ཆགས་ཆགས་


DNG003_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །ངན་སོང་འཁོར་བའི་གནས་སུ་ལྟུང་། ཀྭ། ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། །ང་རྒྱལ་རྟོག་པར་མ་འཛིན་ཅིག །ང་རྒྱལ་རྟོག་པར་བཟུང་བ་ན། །ལོངས་སྤྱོད་འདི་ལ་རབ་ཏུ་ཆགས། །ལོངས་སྤྱོད་འདི་ལ་ཆགས་པའི་མཐུས། །འཁོར་བ་ཉིད་ཀྱི་གནས་སུ་ལྟུང་། །ཡུན་རིང་ཐར་བའི་གནས་མི་ཐོབ། །སྡུག་བསྔལ་ཉམ་ཐག་མྱོང་བར་འགྱུར། །དེ་ལས་གྲོལ་བར་བྱ་བའི་ཕྱིར། །བརྩོན་འགྲུས་པི་ཝང་འདི་ལོངས་ཤིག །ཨོཾ་སརྦ་ཨ་སུ་ནྲྀ་སྥ་ར་ཎ་ཕཊ་ཧཱུཾ་ཨཱ། ཨེ་མ་ཧོ། ཚེ་འདས་ཤིང་ལུས་བརྗེས་པའི་ཆེ་གེ་མོ་ཁྱོད་ཉོན་ཅིག །ལྷའི་གནས་འདི་ན་ལོངས་སྤྱོད་འཁོར་བའི་རྒྱུ་ལ་ཆགས་པས། ཐ་མ་ངན་སོང་གསུམ་དུ་ལྟུང་བར་འགྱུར་བས། རིགས་ཀྱི་བུ་དེར་ཆགས་པར་མ་བྱེད་པར། ཞིང་ཁམས་དེ་ན་ལྷ་འདུལ་བའི་ཐུབ་པ། ལྷའི་དབང་པོ་བརྒྱ་བྱིན་ཞེས་བྱ་བ་ལྷའི་ཆ་བྱད་འཛིན་པ། ཕྱག་ན་པི་ཝང་དང་རོལ་མོ་བསྣམས་པ་གཅིག་ཡོད་ཀྱིས། དེ་ལ་སྐྱབས་སུ་འགྲོ་བའི་ཕྱིར། སངས་རྒྱས་ཡིད་ལ་དྲན་པ་དང་། དམ་པའི་ཆོས་དང་། འཕགས་པའི་དགེ་འདུན་དང་། རྡོ་རྗེ་སློབ་དཔོན་ཡིད་ལ་དྲན་པར་གྱིས་ལ། སངས་རྒྱས་ལ་ཕྱག་འཚལ་ལོ། །དམ་པའི་ཆོས་ལ་ཕྱག་འཚལ་ལོ། །འཕགས་པའི་དགེ་འདུན་ལ་ཕྱག་འཚལ་ལོ། །ལྷའི་དབང་པོ་བརྒྱ་བྱིན་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཞེས་བརྗོད་ཅིང་སྐྱབས་སུ་སོང་ཞིག །དེ་ནས་མིའི་ཐུབ་པ་བླངས་ལ་འདི་སྐད་དོ། །ཧཱུཾ་གསོན་ཅིག་དགོངས་ཤིག་རིགས་ཀྱི་བུ། །ཚེ་འདས་བྱ་བའི་རིགས་ཀྱི་བུ། །ལྷ་ཡི་ཡུལ་ན་ང་རྒྱལ་ཆེ། །ང་རྒྱལ་རང་དགར་སྤྱོད་པའི་ཕྱིར། །འདི་ན་ཆ་མཉམ་བྱང་ཆུབ་ཉེ། །ལྷ་ཡི་ཡུལ་དུ་མ་ཆགས་པར། །ཆ་མཉམ་མི་ཡི་གནས་འདིར་བྱོན། །ཧཱུཾ་མ་རིག་འཁོར་བའི་རྒྱུ་ཡིན་ཏེ། །འདི་ལ་ཆགས་པར་མ་བྱེད་པར། །བདེ་བ་ཅན་གྱི་ཞིང་དུ་བཞུད། །ཁོང་ཁྲོ་འདི་ཡིས་ཁྱོད་རེ་བསླུས། །ཁོང་ཁྲོ་བདག་ཏུ་མ་འཛིན་ཅིག །ཁོང་ཁྲོ་བདག་ཏུ་འཛིན་པ་ན། །དང་པོ་འཁོར་བར་ལྟུང་བ་


DNG003_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་། །ཁོང་ཁྲོ་རང་དགར་སྤྱད་པས་ནོངས། །ད་ལྟ་ཁོང་ཁྲོ་ཉིད་སྤྱད་ན། །མི་ཡི་སྡུག་བསྔལ་ཆེན་པོར་འགྱུར། །ཡུན་རིང་སྡུག་བསྔལ་མྱོང་བར་འགྱུར། །དེ་ལས་གྲོལ་བར་བྱ་བའི་ཕྱིར། །ཚུལ་ཁྲིམས་ཕུང་པོ་འདི་ལོངས་ཤིག །ཨོཾ་སརྦ་ནྲྀ་ཏྲི་དུ་པྲེ་སུ་ཨ་སྥ་ར་ཎ་ཧཱུཾ་ཕཊཿཨཱ། ཨེ་མ་ཧོ། ཚེ་འདས་ཤིང་ལུས་བརྗེས་པའི་ཆེ་གེ་མོ་ཉོན་ཅིག །མིའི་གནས་འདི་ནི་བདེ་སྡུག་གི་ར་བ་ཆེན་པོ་སྟེ། འདི་ལ་མ་ཆགས་པར་བདེ་བ་ཅན་གྱི་ཞིང་དུ་བཞུད་ཅིག །མི་ཡི་གནས་འདི་འདུལ་བའི་ཤཱཀྱ་ཐུབ་པ་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའི་ཞབས་ཀྱི་པདྨ་ལས་སྤྲུལ་པའི་མིའི་ཆ་བྱད་ཅན་ཕྱག་ན་གསེག་ཤང་དང་པར་བུ་ཐོགས་པ་དེ་ཡིད་ལ་དྲན་པར་གྱིས་ལ། དེ་ལ་སྐྱབས་སུ་འགྲོ་བའི་ཕྱིར། སངས་རྒྱས་དང་། ཆོས་དང་། འཕགས་པའི་དགེ་འདུན་དང་། ཡི་དམ་གྱི་ལྷ་དང་། རྡོ་རྗེ་སློབ་དཔོན་ཡིད་ལ་དྲན་པར་གྱིས་ལ། སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །མིའི་ཐུབ་པ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཞེས་བརྗོད་ཅིང་སྐྱབས་སུ་སོང་ཞིག །དེ་ནས་མིའི་གནས་ནས་དྲི་མ་དཀྱིལ་འཁོར་གྱི་ཕྱི་ཁྱམས་མུ་ཁྱུད་ཀྱི་སྟེང་དུ་བཞག་ལ། རིགས་དྲུག་གི་དཀྱིལ་འཁོར་དབྱེ་བར་བྱའོ། །དེ་ནས་སློབ་དཔོན་གྱིས་ལམ་བསྟན་པ་འདི་སྐད་དོ། །ཧོ་རིགས་ཀྱི་རྒྱལ་པོ་པདྨ་དབང་གི་སྐུ་ལ་ཕྱག་འཚལ་ལོ། །ཚེ་འདས་པ་འདི་ལ་གཤེད་དུ་བྱེད་པ་དང་། སྒྲིབ་པ་ཐམས་ཅད་བྱང་བར་མཛད་དུ་གསོལ། ཧོ་ཚེ་འདས་པ་ཆེ་གེ་མོ་ཁྱོད་ཉོན་ཅིག །ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ན། མངོན་པར་དགའ་བའི་ཞིང་ཁམས་ན། སྟོན་པ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ། སྐུས་འདུལ་བའི་ཆོས་སྟོན་ཏོ། །རིགས་ཀྱི་བུ་ཁྱོད་དེ་རུ་སྐུས་འདུལ་བའི་ཆོས་ཉོན་ལ། ཕྱི་ནང་གི་སྒྲོ་འདོགས་ཆོད་ལ། བདེ་བ་ཅན་གྱི་ཞིང་ཁམས་སུ་བཞུད་ཅིག །ལྷོ་ཕྱོགས་ན་དཔལ་དང་ལྡན་པ་ཞེས་བྱ་བའི་ཞིང་ཁམས་ཡོད་དེ།


DNG003_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ན་སྤྲུལ་པའི་སྐུ་དེ་བཞིན་གཤེགས་པ། ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་འབྱུང་ལྡན་ཞེས་བྱ་བ་ཡོན་ཏན་གྱིས་འདུལ་བའི་སྒོ་ནས་ཆོས་བསྟན་པ་གཅིག་ཡོད་ཀྱིས་དེར་རིགས་ཀྱི་བུ་ཁྱོད་མ་འཇིགས་པར་ཡོན་ཏན་གྱིས་འདུལ་བའི་ཆོས་ཉོན་ཅིག །ཕྱི་ནང་གི་སྒྲོ་འདོགས་ཆོད་ལ། ཆོས་ཉིད་ཀ་དག་གི་ཞིང་ཁམས་སུ་བཞུད་ཅིག །ནུབ་ཕྱོགས་ན་པདྨ་བརྩེགས་པ་ཞེས་བྱ་བའི་ཞིང་ཁམས་ཡོད་དེ། དེ་ན་སྤྲུལ་པའི་སྐུ་སྣང་བ་མཐའ་ཡས་ཞེས་བྱ་བ་ཡོད་ཀྱིས། དེས་གསུང་གིས་འདུལ་བའི་ཆོས་སྟོན་ཏོ། །དེར་རིགས་ཀྱི་བུ་ཁྱོད་མ་འཇིགས་པར་གསུང་གིས་འདུལ་བའི་ཆོས་ཉོན་ལ། ཕྱི་ནང་གི་སྒྲོ་འདོགས་ཆོད་ལ་དེར་མ་གནས་པར་ཆོས་ཉིད་ཀ་དག་གི་ཞིང་དུ་བཞུད་ཅིག །བྱང་ཕྱོགས་ན་ལས་རབ་ཡོངས་སུ་རྫོགས་པའི་ཞིང་ཁམས་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྲུལ་པའི་སྐུ་དོན་ཡོད་གྲུབ་པ་ཞེས་བྱ་བ་ཡོད་ཀྱིས། དེས་ཕྲིན་ལས་ཀྱིས་འདུལ་བའི་ཆོས་སྟོན་གྱིས། དེ་ལ་རིགས་ཀྱི་བུ་ཁྱོད་མ་འཇིགས་པར་ཕྲིན་ལས་ཀྱིས་འདུལ་བའི་ཆོས་ཉོན་ལ། ཕྱི་ནང་གི་སྒྲོ་འདོགས་ཆོད་ལ། ཆོས་ཉིད་ཀ་དག་གི་སར་བཞུད་ཅིག །བྱང་ཤར་མཚམས་ན་སྟོབས་རྣམ་པར་བཀོད་པ་ཞེས་བྱ་བའི་ཞིང་ཁམས་ཤིན་ཏུ་ཡངས་པ་ཞེས་བྱ་བ་ཡོད་ཀྱིས། ཞིང་ཁམས་དེ་ན་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་བྱ་བ་ཡོད་ཀྱིས། དེ་ལ་རིགས་ཀྱི་བུ་མཐུ་སྟོབས་ཀྱི་དབང་ཞུས་ལ། བདུད་དང་ཉོན་མོངས་པ་ཟིལ་གྱིས་ནོན་ལ། ཆོས་ཉིད་ཀ་དག་གི་སར་བཞུད་ཅིག །ཤར་ལྷོ་མཚམས་ཀྱི་འཇིག་རྟེན་གྱི་ཁམས་ན། ཞིང་ཁམས་ཐུགས་རྗེས་བརྒྱན་པ་ཞེས་བྱ་བ་དེ་ན། བཅོམ་ལྡན་འདས་ཐུགས་རྗེ་ཐམས་ཅད་ཀྱི་བདག་པོ། སྤྱན་རས་གཟིགས་དབང་ཕྱུག་ཞེས་བྱ་བ་ཡོད་ཀྱིས། དེ་ལ་རིགས་ཀྱི་བུ་ཁྱོད་འཇིགས་པར་མ་བྱེད་པར། བཅོམ་ལྡན་འདས་དེ་ལ་རྫུ་འཕྲུལ་གྱི་དབང་ཞུས་ལ། ཐུགས་རྗེ་ཕྱོགས་བཅུར་མཛད་ཅིང་ཆོས་ཉིད་ཀ་དག་གི་སར་བཞུད་ཅིག །ལྷོ་


DNG003_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

ནུབ་ཀྱི་འཇིག་རྟེན་གྱི་ཁམས་ན། ཞིང་ཁམས་འཇམ་པའི་མགོན་ཅེས་བྱ་བ་ཡོད་དེ། དེ་ན་བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་ཞེས་བྱ་བ་ཡོད་དེ། དེ་ལ་རིགས་ཀྱི་བུ་ཁྱོད་མ་འཇིགས་པར་ཆོས་ཐམས་ཅད་ཀྱི་སྤྱན་ཁོང་དུ་ཆུད་པ་ཞེས་བྱ་བའི་དབང་ཞུས་ལ། སྣང་སྲིད་ཀྱི་ཆོས་ཐམས་ཅད་བཤད་ཅིང་ཀ་དག་གི་སར་བཞུད་ཅིག །ནུབ་བྱང་གི་འཇིག་རྟེན་གྱི་ཁམས་ན། ཞིང་ཁམས་ཡིད་འཁྲུགས་པ་ཐམས་ཅད་ཞི་བར་བྱེད་པ་ཞེས་བྱ་བ་ཡོད་དེ། དེ་ན་བཅོམ་ལྡན་འདས་མི་འཁྲུགས་པ་ཞེས་བྱ་བ་ཡོད་ཀྱིས། དེ་ལ་རིགས་ཀྱི་བུ་ཁྱོད་མ་འཇིགས་པར་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་བསྟན་པའི་དབང་ནོས་ལ། ཆོས་ཉིད་ཀ་དག་གི་སར་བཞུད་ཅིག །སྟེང་གི་ཕྱོགས་ན་ནམ་མཁའ་རྣམ་པར་དག་པ་ཞེས་བྱ་བའི་འཇིག་རྟེན་ཡོད་དེ། དེ་ན་བཅོམ་ལྡན་འདས་ནམ་མཁའི་རྒྱལ་པོ་ཞེས་བྱ་བ་ཡོད་ཀྱིས། དེ་ལ་རིགས་ཀྱི་བུ་ཁྱོད་མ་འཇིགས་པར་དེ་ལ་ལྟ་བའི་གནས་ལུགས་རྫོགས་པ་ཆེན་པོ་གཞིའི་དབང་ཞེས་བྱ་བ་ཡོད་ཀྱིས། དབང་དེ་ནོས་ལ། ཆོས་ཉིད་ཀྱི་གཞི་སྣང་ལ་བཞུད་ཅིག །འོག་གི་ཕྱོགས་ན་ཞིང་ཁམས་མ་གཡོས་པ་ཞེས་བྱ་བ་ཡོད་དེ། དེ་ན་བཅོམ་ལྡན་འདས་འོད་སྲུངས་ཆེན་པོ་ཞེས་བྱ་བ་ཡོད་ཀྱིས། དེ་ལ་རིགས་ཀྱི་བུ་ཁྱོད་མ་འཇིགས་པར། དེ་ལ་རང་རིག་མངོན་པར་སྣང་བ་ཞེས་བྱ་བའི་དབང་ཡོད་ཀྱིས། དེ་ལས་དབང་དེ་ནོས་ལ་ཆོས་ཉིད་རང་སྣང་གི་ནམ་མཁའ་ལ་བཞུད་ཅིག །ཕྱོགས་བཅུའི་འཇིག་རྟེན་གྱི་དབུས་ན། དུར་ཁྲོད་ཆེན་པོ་མེ་རི་འབར་བ་ཞེས་བྱ་བ་ཡོད་དེ། དེ་ཡང་ཤིན་ཏུ་ཡངས་པ་འཇིགས་ཤིང་སྐྱི་བུང་བ། སྐྲག་ཅིང་རྔམས་པ་ཅིག་ཡོད་དེ། དེ་ནས་བཅོམ་ལྡན་འདས་པདྨ་དབང་གི་རྒྱལ་པོ་ཞེས་བྱ་བ་ཡོད་ཀྱིས། རིགས་ཀྱི་བུ་ཁྱོད་དེ་ལ་མ་འཇིགས་པར་བཅོམ་ལྡན་དེ་ལ་རིག་པ་རང་གནས་ཀྱི་དབང་ཞེས་བྱ་བ་ཡོད་ཀྱིས། དབང་དེ་ནོས་ལ། ཆོས་ཉིད་རང་སྣང་གི་ནམ་མཁའ་ལ་མ་འཇིགས་མ་སྔངས་མ་སྐྲག་པར་སོང་ཞིག །ཀྱེ་མ་ཚེ་འདས་པའི་བྱང་ཆུབ་སེམས་དཔའ་ཁྱོད་ཉོན་ཅིག །


DNG003_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ན་བཅོམ་ལྡན་འདས་སྣང་བ་མཐའ་ཡས་ཀྱི་ཞིང་ཁམས་བསམ་གྱིས་མི་ཁྱབ་པ་ཡོད་ཀྱིས། རིགས་ཀྱི་བུ་དེར་སེང་གེའི་འགྲོས་ཀྱིས་སོང་ལ། གླང་པོ་ཆེའི་ལྟ་སྟངས་ཀྱིས་ལྟོས་ཤིག །མངོན་པར་དགའ་བ་ཞེས་བྱ་བའི་ཚལ་ན། བྱང་ཆུབ་མཐའ་ཡས་ཀྱི་ཕུགས། སེང་གེའི་སྒྲ་བསྒྲགས་པ་ཞེས་བྱ་བ་ན། འཕགས་པ་ནམ་མཁའ་མཛོད་ཅེས་བྱ་བ། ཤིན་ཏུ་སྐྱི་བུང་བ་གཅིག་ཡོད་ཀྱིས། དེ་ལ་མ་འཇིགས་པར་སོང་ཞིག །དེ་འདས་པའི་ཕྱི་རོལ་ན་སངས་རྒྱས་མར་མེ་མཛད་བཟང་པོ་ཞེས་བྱ་བ་རྒྱན་འོད་ཀྱི་ཕུང་པོ་དང་ལྡན་པ་ཡོད་དེ། དེ་ཁྱོད་ལ་སྣང་བར་འགྱུར་རོ། །རིགས་ཀྱི་བུ་དེ་མཐོང་བའི་དུས་སུ་སྐུས་འདུལ་བའི་ཆོས་སྟོན་ཏེ། ལོངས་སྤྱོད་རྫོགས་པའི་སྐུ་མཚན་དང་དཔེ་བྱད་དུ་མ་དང་ལྡན་པས། སྐུ་དང་གཉིས་སུ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །ཀྱེ་མ་ཚེ་འདས་པའི། བྱང་ཆུབ་སེམས་དཔའ་ཁྱོད་ཉོན་ཅིག །རིགས་ཀྱི་བུ་ཆོས་ཆེན་པོ་སྣང་བའི་ཐུགས་རྗེ་འདས་པའི་ཕ་རོལ་ན། རང་རིག་པའི་སྣང་བ་བསམ་གྱིས་མི་ཁྱབ་པ་ཡོད་ཀྱིས། རིགས་ཀྱི་བུ་དེར་སེང་གེའི་འགྲོས་སྟངས་ཀྱིས་སོང་ལ། གླང་པོ་ཆེའི་ལྟ་སྟངས་ཀྱིས་ལྟོས་ཤིག །རིག་པ་འདུས་མ་བྱས་པའི་སྣང་བ་ཞེས་བྱ་བ་ན། ཆོས་ཉིད་སྟོང་པ་གསལ་བ་ཆེན་པོའི་གནས་སེང་གེའི་སྒྲ་སྒྲོགས་པ་ཞེས་བྱ་བ་ཤིན་ཏུ་སྐྱི་བུང་བ་གཅིག་ཡོད་ཀྱིས། དེ་ལ་མ་འཇིགས་པར་བྱ་ཁྱུང་ནམ་མཁར་ལྡིང་བའི་འགྲོས་ཀྱིས་སོང་ཞིག །དེ་འདས་པའི་ཕ་རོལ་ན། ཐོག་མའི་སངས་རྒྱས་འོད་མི་འགྱུར་བ་ཞེས་བྱ་བ་ཡོད་ཀྱིས། དེ་ཁྱོད་ལ་སྣང་བར་འགྱུར་གྱིས། དེ་སྣང་བའི་དུས་སུ་སྐུ་གསུམ་དབྱེར་མི་ཕྱེད་པའི་ཆོས་སྟོན་པར་འགྱུར་རོ། །ཆོས་ཀྱི་སྐུ་སྐྱེ་འགག་ཐམས་ཅད་དང་བྲལ་བར་བསྟན་པས། སྐུ་གསུང་ཐུགས་གཉིས་སུ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །དེའི་ཚེ་རིགས་ཀྱི་བུ་ཁྱོད་ཀྱིས་སྐུ་བརྟན་པར་གྱིས་ཤིག །གསུང་བརྟན་པར་གྱིས་ཤིག །
ཐུགས་བརྟན་པར་གྱིས་ཤིག །རིག་པ་བརྟན་པར་གྱིས་ཤིག །དེས་ནི་སྐྱེ་བ་མེད་པར་ཐལ་ལོ། །དེ་སྐད་ཅེས་ལམ་བསྟན་པར་བྱའོ། །གཞན་དག་གི་ཕུང་པོ་སྦྱང་ཡང་། རིགས་དྲུག་གནས་ནས་དྲངས་པ་དང་། ལམ་བསྟན་འདི་ལྟར་ཤེས་པར་བྱའོ། །ཞེས་རྫོགས་པ་རང་བྱུང་ཆེན་པོའི་རྒྱུད་ལས། ལམ་བསྟན་པའི་ལེའུ་སྟེ་དྲུག་པའོ། །རྫོགས་སོའོ།། །།

ཚེ་འདས་ཀྱི་གདུང་སྲེག་པའི་ཆོ་ག་རོ་སྲེག་ཐལ་བའི་ལུང་།


DNG003_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། མ་ཧཱ་ས་མ་ཡ་ཏྲ་རུ་པུ་ཀ་ནཱ་མ། བོད་སྐད་དུ། ཚེ་འདས་ཀྱི་གདུང་སྲེག་པའི་ཆོ་ག་རོ་སྲེག་ཐལ་བའི་ལུང་ཞེས་བྱ་བ། བཅོམ་ལྡན་འདས་པདྨ་དབང་གི་སྐུ་ལ་ཕྱག་འཚལ་ལོ། །དེ་ནས་པདྨ་དབང་གི་སྐུ་ལ། ཉེ་བའི་འཁོར་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་དབང་གི་སྐུ། །སེམས་ཅན་བག་ཆགས་སྦྱང་བའི་ཕྱིར། །རྣམ་རྟོག་སྦྱོང་བའི་ཐབས་ཆེན་གསུང་། །ཞེས་ཞུས་སོ། །དེ་ནས་བཀའ་སྩལ་པ། ཀྱེ་མ་རྡོ་རྗེ་འཛིན་པ་ཉོན། །ངས་བསྟན་ལེགས་པར་ཡིད་ལ་ཟུང་། །རོ་སྲེག་ཆོ་ག་བྱེད་པ་ན། །རོ་ཡི་ཁང་པ་ལེགས་བྱས་ལ། །རོ་ནི་སྔོས་ཆུ་འོ་མས་བཀྲུ། །དེ་ནས་རོ་དེ་ཁང་པར་གཞུག །ཁང་པ་དེ་ཡི་མདུན་ཉིད་དུ། །དཀྱིལ་འཁོར་འདོམ་གང་པ་གཅིག་བྱ། །ཆག་ཆག་གདབ་ཅིང་ཐིག་སྐུད་བརླབ། །ཆག་ཆག་གདབ་པའི་སྔགས་འདིའོ། །ཨོཾ་ཤོ་དྷ་ཡ་བཛྲ་ཨཱཿཧཱུཾ། ཐིག་སྐུད་བྱིན་བརླབ་སྔགས་འདིའོ། །ཨོཾ་བཛྲ་ཀ་ས་ར་ཧཱུཾ་ཏྲུཾ། ས་ཚོན་བྱིན་གྱིས་བརླབ་པའི་སྔགས་འདིའོ། །ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། དེ་ནས་དཀྱིལ་འཁོར་དེ་ཉིད་ལ། །ཐིག་གདབ་བྱིན་རླབས་རྫོགས་པ་དང་། །ཚོན་ནི་རབ་ཏུ་དགྱེ་བར་བྱ། །དབུས་ཀྱི་ཕོ་བྲང་ཟླུམ་པོ་བྱ། །གྲུ་གསུམ་མཐིང་ནག་ཨེ་རུ་བྱ། །ཟླ་གམ་རྣམ་གསུམ་དབང་ཆེན་དམར། །ཟླུམ་པོ་མུ་ཁྱུད་བར་དག་ཏུ། །ཡི་གེ་ཧཱུཾ་ཉིད་བྲི་བར་བྱ། །ཟླུམ་པོ་དེ་ཡི་ཕྱི་རིམ་དུ། །པདྨའི་གློ་འབུར་འདབ་བརྒྱད་བྱ། །ཁ་དོག་དམར་པོ་དག་ཏུ་གསུངས། །གློ་འབུར་བར་ནི་ལྗང་གུས་དགང་། །དེ་ཡི་ཕྱི་རིམ་མྱུ་ཁྱུད་ཟླུམ། །མེ་རི་དག་ན་བྱི་བར་གསུངས། །


DNG003_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡི་ཕྱི་རིམ་གྲུ་བཞི་སྟེ། །སྒོ་དང་བཅས་པ་རབ་ཏུ་བྲི། །གྲུ་ཆད་དཀར་པོའི་སྟེང་དག་ཏུ། །བྱང་ཤར་མཚམས་ཀྱི་གྲུ་ཆད་ལ། །རྡོ་རྗེ་རྒྱ་གྲམ་བྲི་བར་བྱ། །ཤར་ལྷོའི་གྲུ་ཆད་སྟེང་ཉིད་དུ། །རིན་པོ་ཆེ་ཡི་སྙེ་མ་བྲི། །ལྷོ་ནུབ་གྲུ་ཆད་སྟེང་དུ་ཡང་། །པདྨ་མཛེས་པ་འདབ་བརྒྱད་བྲི། །ནུབ་བྱང་གྲུ་ཆད་སྟེང་དུ་ཡང་། །རལ་གྲི་ལྗང་གུ་བྲི་བར་བྱ། །སྒོ་ནི་རིགས་དང་འདྲ་བ་སྟེ། །སྒོ་ཡི་ཁ་ཁྱེར་ཟླ་གམ་ལ། །བུམ་པ་རིགས་དང་འདྲ་བ་བྲི། །དེ་ཡི་ཕྱི་རིམ་ཟླུམ་པོ་སྟེ། །ཟླ་གམ་བཞི་ནི་དམར་པོར་བྱ། །ཟླུམ་པོ་དེ་ཡི་ཕྱི་རིམ་དུ། །འཁོར་ལོ་རྩིབས་ནི་བཅོ་ལྔ་བྲི། །འཁོར་ལོའི་རྩིབས་མཆན་དག་ཏུ་ནི། །ཡི་གེ་ཕཊཿནི་རེ་རེ་བྲི། །ཕྱི་རིམ་ཟླུམ་པོ་དག་ཏུ་བྱ། །རྡོ་རྗེའི་ར་བ་བཅས་པ་བྲི། །ཕྱི་རིམ་མེ་རི་དག་ཏུའོ། །དེ་ལྟར་དཀྱིལ་འཁོར་རབ་བྲིས་ནས། །དཀྱིལ་འཁོར་དེ་ཡི་སྟེང་དུ་ཡང་། །སྒྲུབ་པའི་རྫས་ནི་ཚོགས་ཚད་བཞག །ཕོ་བྲང་གྲུ་གསུམ་སྟེང་དག་ཏུ། །དཔལ་གྱི་གཏོར་མ་གཞག་པར་བྱ། །མུ་ཁྱུད་ཕྱི་མའི་སྟེང་དུ་ཡང་། །གཏོར་མ་ཆ་གསུམ་གཞུང་མཐུན་བཤམ། །དཀྱིལ་འཁོར་དེ་ཡི་ཤར་ཕྱོགས་སུ། །རིགས་དྲུག་དཀྱིལ་འཁོར་སྟེང་དུ་ཡང་། །ཤ་སྣ་དག་གི་གཏོར་མ་དང་། །དཀར་གསུམ་དག་གིས་བརྒྱན་པ་དང་། །མངར་གསུམ་དག་གིས་བརྒྱན་པ་དང་། །ཆུ་གཙང་དག་གིས་བྲན་པ་དང་། །ཁྲག་སྣ་དག་གིས་བྲན་པ་དང་། །བག་ཟན་ཁུར་བས་བརྒྱན་པའོ། །འགྲོ་དྲུག་དྲང་བ་གོང་དང་འདྲ། །ཕྱི་ཆོག་ནང་ཆོག་གཞུང་བཞིན་བྱ། །དེ་ནས་སློབ་དཔོན་གསང་བ་དེས། །མེ་ཡི་ལྷ་དང་མཉམ་སྦྱར་ནས། །བཅོམ་ལྡན་སྣང་བ་མཐའ་ཡས་བསྒོམ། །མེ་ཡི་ལྷ་ཚོགས་སྤྱན་དྲངས་པའི། །སྔགས་འདི་རབ་ཏུ་བརྗོད་པ་དང་། །མེ་ཡི་ལྷ་དང་གཉིས་མེད་བསམ། །དེ་ནས་མེ་ལྷ་བཞུགས་གསོལ་དང་། །མེ་ཡི་དཀྱིལ་འཁོར་གསལ་གདབ་དང་། །མེ་ཡི་ལྷ་ཉིད་བསྡུ་བ་དང་། །མེ་ཡི་ལྷ་ཚོགས་བསྡིམ་པ་དང་། །མེ་ལྷ་ཉིད་དང་དམ་ཚིག་བསྲེ། །མེ་ལྷ་སྦར་བའི་ཆོ་ག་དང་། །དེ་ཉིད་


DNG003_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་རླབས་སྔགས་སུ་བཤད། །དེ་དག་ཐམས་ཅད་བསྐྱེད་པ་ཡི། །སྔགས་འདི་རབ་ཏུ་བྱ་བར་གསུངས། །ཨོཾ་རཾ་མ་ཧཱ་ས་མ་ཡ་ཧཱུཾ་ཛ། ཨོཾ་མ་ཧཱ་ཤུ་རཾ་ཏཱ་ག་རཾ། ཨེ་ཨ་གྣེ་ཛྭ་ལ་རཾ། སུ་རཾ་སརྦ་བུ་ཏི་ཏིཥྛ་ས་མ་ཡ་ལྷན། ཨེ་རཾ་ཛྭ་ལ་རཾ། ཕཊ་རཾ། ཏྲག་རཾ། ཡམ་རཾ། ཁམ་རཾ། མ་མ་ར་ག་ཤ་ཛྭ་ལ་རཾ། སུ་མ་རཾ། ཀེ་མ་རཾ། བྷྲཱུྃ་རཾ། སྥ་ར་ཎ་རཾ། སཾ་ཧ་ར་ཎ་རཾ་སཱུརྱ་རཾ། ཙནྡྲ་རཾ། བཾ་རཾ། ཨེ་ཨགྣེ་མཎྜ་ལ་སྟྭཾ་ཧཱུཾ་སྭཱ་ཧཱ། ཨོཾ་མ་ཧཱ་ས་མ་ཡ་མུ་དྲ་རཾ། སརྦ་ཡ་དུ་ལིང་ཏིང་། སང་ཧ་ར་ཎ་ཧཱུཾ། ཨེ་ཨགྷི་རྡེ་བ་སུ་ཏྲི་རཾ། ཧ་ཧ་སྟམ་བྷ་བཛྲ་བཛྲ་ཧཱུཾ་ཧཱུཾ་ཧཱུཾ། ཨོཾ་ཨཱརྱ་དྷརྨ་མུ་དྲ་ས་མ་ཡ་དྷུ་དྷུ་རཾ། ཡཾ་རཾ་ཧཱུཾ་ཕཊཿསྭཱ་ཧཱ། ཨེ་རཾ། ཛྭ་ལ་རཾ། ཕཊ་རཾ། ཏྲག་རཾ། ཧྲཱྀཿརཾ། པདྨ་ཀྲོ་དྷ་རཾ། དྷཾ་དྷཾ། སྥ་ར་ཎ་ཕཊ་རཾ། གྲྀཧྞ་གྲྀཧྞ་རཾ། ཧ་ན་ཧ་ན་རཾ། ད་ཧ་ད་ཧ་རཾ། པ་ཙ་པ་ཙ་རཾ། ཧཱུཾ་རཾ་སྥ་ར་ཎ། ཨ་རཾ་སྥ་ར་ཎ། སྭཱ་རཾ་སྥ་ར་ཎ། ཧཱ་རཾ་སྥ་རཾ་ཎ། ཨོཾ་རཾ་སྥ་ར་ཎ་ཕཊ། ཨོཾ་ཨཱཿཧཱུཾ་རཾ་རཾ་རཾ། ཧྲྀ་ད་ཡ་རཾ་རཾ་རཾ། ཨོཾ་པདྨཱནྟ་ཀྲྀཏ་རཾ་རཾ་རཾ། ཧུ་ལུ་ཧུ་ལུ་རཾ་རཾ་རཾ། མ་ཧཱ་དྷརྨ་ཨཱ། ཤོ་དྷ་ཡ། ཨགྣི་རཾ་རཾ། ཧཱུཾ་ཨ་ཨ་ཨ། དེ་ལྟར་སྔགས་རྣམས་རྫོགས་ནས་ཀྱང་། །བདག་ཉིད་པདྨ་དབང་དུ་བསྒོམ། །བདག་གི་མདུན་དུ་སྣང་མཐའ་ཡས། །སྐུ་མདོག་དམར་པོ་འོད་ཆགས་བསྒོམ། །པདྨཱནྟ་ཀྲྀཏ་སྒྲ་བརྗོད་པས། །བདག་ཉིད་དབང་ཆེན་ཐུགས་ཀ་ནས། །རྟ་མགྲིན་དམར་པོ་གཅིག་བྱུང་སྟེ། །རྟ་སྐད་ཐེངས་གསུམ་བརྗོད་པ་ཡིས། །སྲིད་གསུམ་མེ་རུ་འབར་བར་བསྒོམ། །ཚེ་འདས་སྒྲིབ་གཉིས་བྱང་བར་བསམ། །དེ་ནས་དབང་ཆེན་བདག་ཉིད་ལ། །རང་བཞིན་བསྟོད་པ་འདི་སྐད་དོ། །ཧྲཱྀཿ། ཡེ་ཤེས་རིག་པ་ཉིད་ལས་སྐྱེས་པའི་ལྷ། །རང་བྱུང་ཐུགས་རྗེའི་དཔལ་ལ་ཕྱག་འཚལ་བསྟོད། །ཆོས་དབྱིངས་མཁའ་ལ་སྐར་ཚོགས་སྤྲས་པའི་སྐུ། །པདྨ་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད། །ཞལ་


DNG003_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཕྱག་དྲུག་གཡས་ན་མོ། །དཀར་བའི་མདོག་ལ་བཞད་པ་ཆེ། །ཞལ་གསུམ་ཕྱག་དྲུག་གཡོན་ན་མོ། །དམར་བའི་མདོག་ལ་ཐིག་ལེ་ཆེ། །ཞལ་གསུམ་ཕྱག་དྲུག་དབུས་ན་མོ། །དམར་ནག་མདོག་ལ་ཁྲོ་གཉེར་ཆེ། །དབུས་ན་རྟ་མགོ་ལྗང་ཞུར་ལ། །རྟ་མགྲིན་རྒྱལ་པོ་རྟ་སྐད་འཚེར། །ལྷང་ལྷང་ཙེར་ཙེར་ཕྱོགས་བཅུར་སྒྲོགས། །ཁམས་གསུམ་མ་ལུས་དབང་དུ་སྡུད། །སྤྱན་ནས་མེ་ཡི་ཚ་ཚ་འཕྲོ། །ཤངས་ནས་འཐོར་བའི་རླུང་ཆེན་ལྡང་། །གཡས་ཀྱི་རྟ་སྐད་ཐེངས་གཅིག་གིས། །མྱ་ངན་འདས་པའི་ཆོས་ཀྱང་སྟོན། །གཡོན་གྱི་རྟ་སྐད་ཐེངས་གཅིག་གིས། །གཡར་དམ་ཅན་ལ་དངོས་གྲུབ་སྟེར། །དབུས་ཀྱི་རྟ་སྐད་ཐེངས་གསུམ་གྱིས། །སྲིད་གསུམ་མ་ལུས་དབང་དུ་སྡུད། །སྐུ་མདོག་དམར་ནག་དུར་ཁྲོད་མེ་ཆེན་འབར། །པགས་ཆེན་རློན་པའི་གཡང་གཞིའི་ཤམ་ཐབས་ཅན། །སྦྲུལ་ནག་སྟོང་གིས་བརྒྱན་པའི་གདེངས་ཀ་ཅན། །ཚངས་པ་ཆེན་པོ་ལ་སོགས་ལྷ་ཆེན་གྱི། །མགོ་བཅད་སྦྲེལ་བས་དབུ་ཡི་རྒྱན་དུ་བྱས། །ཐལ་ཆེན་ཁྲག་དང་ཞག་གི་ཚོམ་བུས་སྤྲིས། །འཇིགས་ཚོགས་ཆེན་པོ་དུར་ཁྲོད་རྒྱན་གྱི་གནས། །དཔའ་བོ་ཆེན་པོ་སྒེག་ཆེན་འཇིགས། །ཁ་ཊྭཱཾ་རྔེའུ་ཆུང་རལ་གྲི་དགྲ་སྟྭ་དང་། །མདའ་གཞུ་མདུང་ཐུང་གསེར་གྱི་ཞགས་བརྐྱང་ཞིང་། །ཐོད་ཕྲེང་རྒྱན་དུ་བྱས་ཤིང་བཙུན་མོའི་ཚོགས་ལ་འཁྲིལ། །དཔའ་བོ་ཆེན་པོ་འབར་ཆེན་པོ། །ལྷ་ཆེན་བརྒྱད་ནི་ཞབས་ཀྱིས་མནན། །ཀླུ་ཆེན་བརྒྱད་ནི་གདན་དུ་བཏིང་། །གཡས་ཀྱི་ཕྱག་བརྒྱད་བྱུང་བ་ཡིས། །ལྷ་ཆེན་བརྒྱད་ཀྱི་མགོ་བཅད་ནས། །བྷནྡྷ་བརྒྱད་ནི་རཀྟས་བཀང་། །རཱུ་ཏྲ་བརྒྱད་ཀྱིས་དཀྲུགས་ཤིང་གསོལ། །གཡོན་གྱི་ཕྱག་བརྒྱད་བྱུང་བས་ནི། །ལྷ་ཆེན་བརྒྱད་ཀྱི་སྙིང་ཕྱུང་ནས། །ཙིཏྟ་བརྒྱད་ནི་ཐབས་ཀྱིས་རོལ། །དགྲ་བོའི་ཞིང་ཆེན་ཁྲ་ལ་ལ། །ཐོད་རུས་རྐང་རུས་ཉི་ལི་ལི། །རཀྟའི་རྒྱ་མཚོ་སྔོ་དམར་ཀྱི་ལི་ལི། །དབང་ཕྱུག་ཆེན་པོ་བསྐྱོད་ཙམ་ན། །འཁོར་གྱི་མ་ཚོགས་ལས་ལ་བྷྱོ། །ཀང་ཀང་ཆུམ་ཆུམ་ལས་ལ་འདུས། །


DNG003_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་པདྨཱནྟ་ཀྲྀཏ་ཧཱུཾ་ཧུ་ལུ་ཧུ་ལུ་ཧཱུཾ་ཧྲཱྀཿཛ། དེ་ལྟར་བསྟོད་ཅིང་ལས་རྣམས་རྫོགས། །དེ་ནས་མེ་ལྷའི་ཆོ་ག་བྱ། །མེ་ཉིད་སྦྱངས་པའི་ཏིང་འཛིན་ལྡན། །ཚེ་འདས་བག་ཆགས་བསྲེག་པར་བསམ། །ཕྱི་ནང་ཉོན་མོངས་ཟད་པར་བསམ། །ཆོས་ཉིད་དབང་དང་ལྡན་བྱ་ཞིང་། །དཀྱིལ་འཁོར་ལྷ་ཚོགས་གསལ་བར་བསྒོམ། །མེ་ལྷ་བདག་དང་དབྱེར་མེད་བསྐྱེད། །རིག་པའི་སྟོབས་དང་ཏིང་འཛིན་བསྐྱེད། །རང་རིག་མཉམ་ལ་མ་འདྲེས་བསྒོམ། །མེ་ཡི་ལྷ་ནི་སྤྱན་དྲངས་ནས། །མེ་ཡི་སྒྲིབ་སྦྱོང་ལས་འདི་བྱ། །སྔགས་འདི་བརྗོད་ཅིང་དབང་བྲོ་བརྡུང་། །ཨོཾ་བཛྲ་སཏྭ་ཧྲྀ་ད་ཡ། བཛྲ་པཱ་ཎི་ཧཱུཾ་ཕཊ། དེ་སྐད་བརྗོད་ཅིང་ལྷ་གསུམ་བསྐྱེད། །ཞི་རྒྱས་དབང་དང་མངོན་སྤྱོད་པའི། །མེ་ཡིས་མཆོད་པ་རྫོགས་པར་བྱ། །ཞི་བའི་མཆོད་པ་འདི་སྐད་དོ། །ཧཱུཾ་སྣང་སྲིད་ནམ་མཁའ་སྟོང་པའི་ཧོམ་ཁུང་དུ། །འབྱུང་བ་སྣ་ཚོགས་སྣང་བའི་མེ་སྦར་བས། །མཚན་མ་སྣ་ཚོགས་སྣང་བའི་མེ་བྱུང་སྟེ། །རྣམ་ཤེས་ཕུང་པོའི་ཚོགས་རྣམས་བསྲེགས་སྦྱངས་ཐིམ། །ཧཱུཾ་དབུས་ཕྱོགས་ཟླུམ་པོའི་ཧོམ་ཁུང་དུ། །བཅོམ་ལྡན་རྣམ་པར་སྣང་མཛད་ལས། །ཆོས་ཀྱི་དབྱིངས་ཀྱི་མེ་བྱུང་བས། །གཏི་མུག་རྣམ་རྟོག་བསྲེགས་སྦྱངས་ཐིམ། །ཤར་ཕྱོགས་ཟླུམ་པོའི་ཧོམ་ཁུང་ནས། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་ལས། །མེ་ལོང་ལྟ་བུའི་མེ་བྱུང་བས། །ཞེ་སྡང་རྣམ་རྟོག་བསྲེགས་སྦྱངས་ཐིམ། །ལྷོ་ཕྱོགས་ཟླུམ་པོའི་ཧོམ་ཁུང་དུ། །བཅོམ་ལྡན་རིན་ཆེན་འབྱུང་ལྡན་ལས། །མཉམ་པ་ཉིད་ཀྱི་མེ་བྱུང་བས། །ང་རྒྱལ་རྣམ་རྟོག་བསྲེགས་སྦྱངས་ཐིམ། །ནུབ་ཕྱོགས་ཟླུམ་པོའི་ཧོམ་ཁུང་ནས། །བཅོམ་ལྡན་སྣང་བ་མཐའ་ཡས་ལས། །སོ་སོར་རྟོགས་པའི་མེ་བྱུང་བས། །འདོད་ཆགས་རྣམ་རྟོག་བསྲེགས་སྦྱངས་ཐིམ། །བྱང་ཕྱོགས་ཟླུམ་པོའི་ཧོམ་ཁུང་ནས། །བཅོམ་ལྡན་དོན་ཡོད་གྲུབ་པ་ལས། །བྱ་བ་གྲུབ་པའི་མེ་བྱུང་བས། །ཕྲག་དོག་རྣམ་རྟོག་བསྲེགས་སྦྱངས་ཐིམ། །ཧཱུཾ་ཞི་བའི་མེ་ནི་དཀར་ལ་འཚེར། །རྣམ་ཤེས་དག་པའི་ཞིང་དུ་སྒྲོལ། །ཚེ་འདས་བྱ་བའི་རིགས་ཀྱི་བུ། །ཁྱོད་ཀྱི་


DNG003_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

མ་རིག་ངས་བསྒྲལ་བས། །ཆོས་ཉིད་ཞི་བའི་དོན་རྟོགས་ཤོག །ཨོཾ་བཛྲ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། དེ་ནས་ཏིང་འཛིན་རབ་ལྡན་པས། མར་ལ་སོགས་པ་རོ་བསྲེག་ཁང་བུའི་ནང་དུ་བླུགས་ལ། རྒྱས་པའི་མེ་ཆོག་རྫོགས་པར་བྱ། ཧཱུྃ་སྲིད་གསུམ་ཡུམ་གྱི་བྷ་གའི་ཧོམ་ཁུང་དུ། །ལྷག་པ་བྱང་ཆུབ་སེམས་ཀྱི་མེ་སྦར་བས། །སྤྲུལ་པ་ཡེ་ཤེས་གསལ་བའི་མེ་བྱུང་ནས། །སྐྱེ་རྒ་ན་འཆིའི་སྡུག་བསྔལ་བསྲེགས་སྦྱངས་ཐིམ། །ཧཱུཾ་དབུས་ཕྱོགས་གྲུ་བཞིའི་ཧོམ་ཁུང་དུ། །ཡུམ་ཆེན་ནམ་མཁའི་དབྱིངས་ཕྱུག་ལས། །དེ་བཞིན་རིགས་ཀྱི་མེ་བྱུང་བས། །མ་རིག་རྟོག་པ་བསྲེགས་སྦྱངས་ཐིམ། །ཤར་ཕྱོགས་གྲུ་བཞིའི་ཧོམ་ཁུང་དུ། །ཡུམ་ཆེན་སངས་རྒྱས་སྤྱན་ཉིད་ལས། །རྡོ་རྗེ་རིགས་ཀྱི་མེ་བྱུང་བས། །ཡིད་ཀྱི་རྣམ་རྟོག་བསྲེགས་སྦྱངས་ཐིམ། །ལྷོ་ཕྱོགས་གྲུ་བཞིའི་ཧོམ་ཁུང་དུ། །ཡུམ་ཆེན་མཱ་མ་ཀཱི་ཉིད་ལས། །རིན་ཆེན་རིགས་ཀྱི་མེ་བྱུང་བས། །སེམས་ཀྱི་རྣམ་རྟོག་བསྲེགས་སྦྱངས་ཐིམ། །ནུབ་ཕྱོགས་གྲུ་བཞིའི་ཧོམ་ཁུང་དུ། །ཡུམ་ཆེན་གོས་དཀར་མོ་ཉིད་ལས། །པདྨ་རིགས་ཀྱི་མེ་བྱུང་བས། །འཛིན་པའི་རྣམ་རྟོག་བསྲེགས་སྦྱངས་ཐིམ། །བྱང་ཕྱོགས་གྲུ་བཞིའི་ཧོམ་ཁུང་དུ། །ཡུམ་ཆེན་དམ་ཚིག་སྒྲོལ་མ་ལས། །ལས་ཀྱི་རིགས་ཀྱི་མེ་བྱུང་བས། །ཞེན་པའི་རྣམ་རྟོག་བསྲེགས་སྦྱངས་ཐིམ། །ཧཱུཾ་རྒྱས་པའི་མེ་ནི་སེར་ལ་འཚེར། །ཚེ་འདས་ལས་ལ་གནས་པ་འདི། །སྐྱེ་མེད་དབྱིངས་སུ་སྒྲོལ་བའི་ཕྱིར། །རྒྱས་པའི་མེ་ཡིས་རྟོག་སྦྱངས་ནས། །སྐྱེ་མེད་བྱང་ཆུབ་གནས་སུ་བཞུད། །ཚེ་འདས་རྣམ་ཤེས་ཚོགས་བརྒྱད་རྣམས། །ཡེ་ཤེས་ཆེན་པོའི་མེ་བརྒྱད་ཀྱིས། །བསྲེགས་ནས་ཐལ་བ་རྡུལ་དུ་བརླག །སྦྱིན་སྲེག་དཀྱིལ་འཁོར་དམ་པ་འདིས། །ཆོས་ཉིད་རྒྱས་པའི་དོན་རྟོགས་ཤོག །ཨོཾ་རཏྣ་ཨེ་ལ་རཾ། དེ་ནས་ཏིང་འཛིན་རབ་ལྡན་པས། །ཟས་ཕུད་གཏོར་མའི་ཕུད་བསགས་ནས། །དབང་གི་མེ་ཡི་མཆོད་རྫོགས་བྱ། །དབང་


DNG003_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

གི་མེ་ཆོག་འདི་སྐད་དོ། །ཧཱུཾ་སྣང་སྲིད་རྡོ་རྗེ་འབར་བའི་ཧོམ་ཁུང་དུ། །རྟོག་མེད་ཡེ་ཤེས་རིམ་གྱིས་མེ་སྦར་བས། །སྐྱེ་མེད་རྟོག་པའི་ཀློང་ནས་མེ་བྱུང་ནས། །རྣམ་རྟོག་མཚན་མའི་བདུད་རྣམས་བསྲེགས་སྦྱངས་ཐིམ། །སྟེང་ཕྱོགས་ཟླ་གམ་ཧོམ་ཁུང་དུ། །བཅོམ་ལྡན་གཟི་བརྗིད་འོད་འཕྲོ་ལས། །ཡེ་ཤེས་ཆེན་པོའི་མེ་བྱུང་ནས། །ངར་རྟོག་མཚན་མ་བསྲེགས་སྦྱངས་ཐིམ། །ཤར་ཕྱོགས་ཟླ་གམ་ཧོམ་ཁུང་ནས། །བཅོམ་ལྡན་པདྨ་གསང་བ་ལས། །ཁ་དོག་ལྔ་ཡི་མེ་བྱུང་བས། །ཆགས་སྡང་དྲག་པོ་བསྲེགས་སྦྱངས་ཐིམ། །ལྷོ་ཕྱོགས་ཟླ་གམ་ཧོམ་ཁུང་ནས། །བཅོམ་ལྡན་པདྨ་ཆེ་མཆོག་ལས། །འབར་མ་བརྒྱད་ཀྱི་མེ་བྱུང་བས། །བདུད་དང་མུ་སྟེགས་བསྲེགས་སྦྱངས་ཐིམ། །ནུབ་ཕྱོགས་ཟླ་གམ་ཧོམ་ཁུང་ནས། །བཅོམ་ལྡན་པདྨ་ལས་སྐུ་ལས། །སྟོང་པ་ཉིད་ཀྱི་མེ་བྱུང་བས། །དངོས་པོའི་རྣམ་རྟོག་བསྲེགས་སྦྱངས་ཐིམ། །བྱང་ཕྱོགས་ཟླ་གམ་ཧོམ་ཁུང་ནས། །རྣལ་འབྱོར་བདག་ལས་མེ་བྱུང་བས། །མཚན་མའི་རྣམ་རྟོག་བསྲེགས་སྦྱངས་ཐིམ། །དབང་གི་མེ་ནི་དམར་ལ་དྭངས། །རྣམ་ཤེས་བརྒྱད་ལ་ཛྭ་ལ་རཾ། །ཕུང་པོ་ལྔ་ལ་ཛྭ་ལ་རཾ། །ཚེ་འདས་ལས་ངན་སྡིག་ཅན་ཁྱོད། །དང་པོ་འཁོར་བར་ཅི་ཕྱིར་འཁོར། །ད་ལྟ་གནས་པ་ཅི་ལ་གནས། །ཐ་མ་ཆགས་པ་ཅི་ལ་ཆགས། །ཁྱོད་ནི་དེ་ལས་མ་གྲོལ་ན། །འཁོར་བའི་གནས་ལས་མི་ཐར་ཏེ། །ང་ཡིས་རྣམ་ཤེས་བསྲེགས་ནས་ནི། །ཆོས་ཉིད་དབང་གི་ཕོ་བྲང་དུ། །ཕཊ་ཀྱིས་འཕངས་ལ་བསྡིམ་པར་བྱ། །ཚེ་འདས་རྟོག་པས་བཅིངས་པ་ཁྱོད། །ཆོས་ཉིད་དབང་གི་དོན་རྟོགས་ཤོག །ཨོཾ་ཕཊ་མ་ཨེ་ད་དུ་ཕཊཿརཾ། དེ་ནས་ཏིང་འཛིན་རབ་ལྡན་པས། །དམར་གཏོར་ཕུད་དང་བཅས་པ་བླུག །དྲག་པོའི་མེ་ཆོག་རྫོགས་པར་བྱ། །མཆོད་པ་རྒྱས་པ་འདི་སྐད་དོ། །ཧཱུཾ་འབྱུང་བ་ལྔ་ཡི་ཧོམ་ཁུང་དུ། །གསང་བ་སྔགས་ཀྱི་མེ་སྦར་བས། །སྟོང་པ་སྣ་ཚོགས་བསྡུས་པའི་མེ་བྱུང་བས། །འདི་ཡི་ཕུང་པོ་རྣམ་ལྔ་ཛྭ་ལ་རཾ། །ཧཱུཾ་ཡེ་ཤེས་ཀློང་ཡངས་འཁྱིལ་


DNG003_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཧོམ་ཁུང་དུ། །དག་པ་ཡེ་ཤེས་ཆེན་པོའི་ཡམ་ཤིང་ལ། །སྐྱེ་མེད་ཆོས་སྐུ་ཆེན་པོའི་མེ་སྦར་བས། །སྟོང་པ་ཆེན་པོའི་མེ་བྱུང་ནས། །འདི་ཡི་ཡུལ་ལྔ་ཛྭ་ལ་རམ། །དཔལ་ཆེན་ཧེ་རུའི་ཞལ་གྱི་ཧོམ་ཁུང་དུ། །འཛབ་དང་སྙིང་པོ་འཕྲོ་འདུའི་མེ་སྦར་བས། །དག་པ་ཡེ་ཤེས་ཆེན་པོའི་མེ་བྱུང་ནས། །འདི་ཡི་ཡུལ་བརྒྱད་ཛྭ་ལ་རམ། །སྣང་སྲིད་ཡུམ་གྱི་བྷ་གའི་ཧོམ་ཁུང་དུ། །གསང་བ་ཡེ་ཤེས་ཡམ་ཤིང་ལ། །ལྷག་པ་བྱང་ཆུབ་སེམས་ཀྱི་མེ་སྦར་བས། །གསང་བ་ཡེ་ཤེས་ཐིག་ལེའི་མེ་བྱུང་ནས། །འདི་ཡི་འདོད་ཆགས་ཛྭ་ལ་རམ། །ཆོས་ཉིད་འགྱུར་བ་མེད་པའི་ཧོམ་ཁུང་དུ། །རིག་པ་རྟོག་པ་མེད་པའི་ཡམ་ཤིང་ལ། །ཡེ་ཤེས་སྒྲོན་མེ་གསལ་བའི་མེ་སྦར་བས། །སྣང་སྲིད་ཆོས་སྐུའི་མེ་བྱུང་ནས། །འདི་ཡི་གཏི་མུག་བསྲེགས་སྦྱངས་ཐིམ། །ཧཱུཾ་རྟོག་མེད་ནམ་མཁའ་སྟོང་པའི་ཧོམ་ཁུང་དུ། །སྐྱེ་འགྲོ་རྩི་ཤིང་ནགས་ཚལ་ཡམ་ཤིང་ལ། །སྣ་ཚོགས་ཡེ་ཤེས་ཆེན་པོའི་མེ་སྦར་བས། །འདི་ཡི་ཞེ་སྡང་ཛྭ་ལ་རམ། །ཆོས་ཉིད་བརྡལ་བ་ཆེན་པོའི་ཧོམ་ཁུང་དུ། །སྣ་ཚོགས་མཚན་མར་འཛིན་པའི་ཡམ་ཤིང་ལ། །འཛིན་མེད་རྟོག་མེད་རང་བྱུང་མེ་སྦར་བས། །ཡེ་ཤེས་སྟོང་གསལ་ཆེན་པོའི་མེ་བྱུང་ནས། །འདི་ཡི་ཕྲག་དོག་ཛྭ་ལ་རམ། །སྣང་སྟོང་གསལ་བ་ཡུམ་གྱི་བྷ་གའི་ཧོམ་ཁུང་དུ། །དག་པ་ཁ་དོག་ལྔ་ཡི་ཡམ་ཤིང་ལ། །ཡེ་ཤེས་ཆེན་པོ་ལྔ་ཡི་མེ་སྦར་བས། །ཆོས་ཉིད་ཡུལ་ལྔ་ཤེས་པའི་མེ་བྱུང་ནས། །འདི་ཡི་ང་རྒྱལ་ཛྭ་ལ་རམ། །ཧཱུཾ་ཤར་ཕྱོགས་གྲུ་གསུམ་ཧོམ་ཁུང་ནས། །བཅོམ་ལྡན་བཛྲ་ཧེ་རུ་ལས། །སེངྷ་བརྒྱད་ཀྱི་མེ་བྱུང་ནས། །མ་རིག་ལོག་རྟོག་ཆེན་པོ་འདིའི། །གློ་སྙིང་ནང་ཁྲོལ་ཛྭ་ལ་རམ། །ལྷོ་ཕྱོགས་གྲུ་གསུམ་ཧོམ་ཁུང་དུ། །ཁྲོ་རྒྱལ་རཏྣ་ཧེ་རུ་ལས། །ཕྲ་མེན་བརྒྱད་ཀྱི་མེ་བྱུང་ནས། །མགོ་དང་ཡན་ལག་ཛྭ་ལ་རམ། །ནུབ་ཕྱོགས་ཟུར་གསུམ་ཧོམ་ཁུང་ནས། །ཁྲོ་རྒྱལ་པདྨ་ཧེ་རུ་ལས། །ཡུམ་ཆེན་ལྔ་ཡི་མེ་བྱུང་ནས། །མིག་དང་དབང་པོ་ཛྭ་ལ་རམ། །


DNG003_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཕྱོགས་ཟུར་གསུམ་ཧོམ་ཁུང་ནས། །ཁྲོ་རྒྱལ་ཀརྨ་ཧེ་རུ་ལས། །རིན་ཆེན་འདུས་པའི་མེ་བྱུང་ནས། །བར་དུ་གཅོད་པའི་འབྱུང་པོ་འདིའི། །ཤ་དང་ཁྲག་ལ་ཛྭ་ལ་རམ། །དབུས་ཕྱོགས་ཟུར་གསུམ་ཧོམ་ཁུང་ནས། །ཁྲོ་རྒྱལ་བུཌྜྷ་ཧེ་རུ་ལས། །མ་མོ་འདུས་པའི་མེ་བྱུང་ནས། །མིང་དང་རུས་ལ་ཛྭ་ལ་རམ། །ཧཱུཾ་ཁྲོ་རྒྱལ་རྟ་མཆོག་རྒྱལ་པོ་ཡིས། །མེ་ཡི་ལྷ་དང་མཉམ་སྦྱར་ནས། །འདི་ཡི་མགོ་ལུས་ཛྭ་ལ་རམ། །ཨེ་ལ་རམ། ཛྭ་ལ་རམ། ཕཊ་རམ། འབྱུང་པོ་ཛྭ་ལ་རམ། བར་དུ་གཅོད་པའི་འབྱུང་པོ་ཛྭ་ལ་རམ། དེ་ནས་ཏིང་འཛིན་རབ་ལྡན་པས། །ཟས་དང་གཏོར་མ་ཕུད་བླུགས་ལ། །མེ་ཡི་ཆོ་ག་རྒྱས་པར་བྱ། །འདི་སྐད་རབ་ཏུ་བརྗོད་པར་བྱ། །ཧཱུཾ་ང་ནི་ཡེ་ཤེས་བསྐྱེད་པའི་ལྷ། །མེ་ཡི་ལྷ་ཚོགས་སྤྱན་འདྲེན་གྱིས། །གནས་འདིར་རབ་ཏུ་གཤེགས་སུ་གསོལ། །ཧཱུཾ་མེ་ཡི་མ་ནི་གོས་དཀར་མོ། །མེ་ཡི་ལྷ་ནི་སྣང་མཐའ་ཡས། །མེ་ཡི་གཙོ་བོ་དབང་ཆེན་སྐུ། །མེ་ཡི་མཚན་ཉིད་སྲེག་པར་བྱེད། །མེ་ཡི་ཡབ་ནི་ཚ་བ་ཆེ། །མེ་ཡི་སྣང་བ་དམར་ལ་དྭངས། །མེ་ཡི་ལྷ་ཚོགས་སྤྱན་འདྲེན་གྱིས། །གནས་འདིར་གཤེགས་ལ་དངོས་གྲུབ་སྩོལ། །ཧཱུཾ་གཏི་མུག་ནམ་མཁའི་མེ་ནི་སྨུག་ནག་འབར། །ཞེ་སྡང་མེ་ཡི་མེ་ནི་དཀར་ནག་འབར། །ང་རྒྱལ་ས་ཡི་མེ་ནི་སེར་ནག་འབར། །འདོད་ཆགས་ཆུ་ཡི་མེ་ནི་དམར་ནག་འབར། །ཕྲག་དོག་རླུང་གི་མེ་ནི་ལྗང་ནག་འབར། །མེ་ཡི་ཕུང་པོ་ནམ་མཁའི་མཐའ་དང་མཉམ། །འདི་ཡི་ཉོན་མོངས་ལྔ་ལ་ཛྭ་ལ་རམ། །ཞེ་སྡང་རུས་པའི་མེ་ནི་ཕྱོགས་བཅུར་འཕྲོ། །འདོད་ཆགས་ཤ་ཡི་མེ་ནི་བསྐལ་པར་འབར། །ཕྲག་དོག་ནང་ཁྲོལ་མེ་ནི་ཀུན་ཏུ་འབར། །ང་རྒྱལ་ཆུ་རྒྱུས་མེ་ནི་ནམ་མཁར་འབར། །གཏི་མུག་ཁྲག་གི་མེ་ནི་ས་གཞི་ཁེངས། །མེ་ཡི་ཕུང་པོ་བསྐལ་པའི་མཐའ་དང་མཉམ། །ཡེ་ཤེས་མེ་དཔུང་ཕྱོགས་བཅུར་རབ་ཏུ་འཕྲོ། །འདི་ཡི་རྣམ་ཤེས་ཚོགས་ལ་ཛྭ་ལ་རམ། །ཧཱུཾ་ཡེ་ཤེས་ཆེན་པོའི་དཀྱིལ་འཁོར་ནས། །


DNG003_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་འོད་ལྔའི་མེ་བྱུང་ནས། །འདི་ཡི་ཕུང་པོ་ལྔ་ལ་ཛྭ་ལ་རམ། །སྟོང་པ་ཉིད་ཀྱི་ཀློང་དཀྱིལ་ནས། །ཡེ་ཤེས་རྣམ་ལྔའི་མེ་བྱུང་བས། །འདི་ཡི་དབང་པོ་ལྔ་ལ་ཛྭ་ལ་རམ། །ཆོས་ཉིད་ཞི་བའི་དཀྱིལ་འཁོར་ནས། །ཚོམ་བུ་རྣམ་ལྔ་བྱུང་བ་ཡིས། །འདི་ཡི་ཡུལ་ལྔ་ཛྭ་ལ་རམ། །སྣང་བ་ཆེན་པོའི་དཀྱིལ་འཁོར་ནས། །རིགས་ཀྱི་སྐུ་ལྔ་བྱུང་བ་ཡིས། །འདི་ཡི་ཆགས་སྡང་ལྔ་པོ་ཛྭ་ལ་རམ། །དཔལ་ཆེན་ཧེ་རུ་ཀ་ཡི་ཐུགས་ཀ་ནས། །ཀོའུ་རཱི་མ་བརྒྱད་བྱུང་བ་ཡིས། །འདི་ཡི་རྣམ་ཤེས་བརྒྱད་ལ་ཛྭ་ལ་རམ། །དཔལ་ཆེན་ཧེ་རུ་ཀ་ཡི་ཡན་ལག་ལ། །སྒོ་སྐྱོང་མ་བཞི་བྱུང་བ་ཡིས། །འཇིགས་པ་བཞི་ལ་ཛྭ་ལ་རམ། །དཔལ་ཆེན་སྣང་བ་ཆེན་པོ་ལས། །རིགས་ཀྱི་ཡུམ་ལྔ་བྱུང་བ་ཡིས། །འབྱུང་བ་ལྔ་ལ་ཛྭ་ལ་རམ། །ཛྭ་ལ་རམ་སྟེ་མཆོད་པར་རོལ། །དཔལ་ཆེན་གནས་སུ་མཆོད་པར་རོལ། །ཨོཾ་ཀརྨ་ཏིཥྛ་ཡ་ནི་རམ་ཕཊ། ཛྭ་ལ་རམ་ཕཊཿརམ། ཨེ་ལ་རམ། དེ་ནས་ཏིང་འཛིན་ངེས་པར་བསྒོམ། །དེ་ནས་ཟན་དང་ཕུད་གཏོར་དེ། །ངེས་པའི་གླུ་ཆེན་འདི་སྐད་དོ། །ཧཱུཾ་ཆོས་སྐུ་མཁའ་ཁྱབ་དག་པའི་བྱིན་རླབས་ལས། །རིག་པའི་རྒྱལ་པོ་ཁྲོ་རྒྱལ་དབང་གི་སྐུ། །སྐུ་མདོག་དམར་དྭངས་མེ་ཡི་འོད་ལྡན་འཕྲོ། །དེ་ཡི་སྐུ་ལས་འོད་ཟེར་རབ་འཕྲོས་པས། །མ་རིག་འཇོམས་པའི་མེ་ནི་སྣ་ཚོགས་འབར། །ཞེ་སྡང་འཇོམས་པའི་མེ་ནི་དཀར་ནག་འབར། །གཏི་མུག་འཇོམས་པའི་མེ་ནི་སྨུག་ནག་འབར། །འདོད་ཆགས་འཇོམས་པའི་མེ་ནི་དམར་ནག་འབར། །ཕྲག་དོག་འཇོམས་པའི་མེ་ནི་ལྗང་ནག་འབར། །ང་རྒྱལ་འཇོམས་པའི་མེ་ནི་སེར་ནག་འབར། །མེ་ཡི་བསྐལ་པ་མུན་ནག་གློག་ལྟར་འཁྱུག །དུར་ཁྲོད་མེ་རི་སྣ་ཚོགས་ཀུན་དུ་འབར། །ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། །སྣ་ཚོགས་མེ་ཡིས་ཁྱོད་ཀྱི་སྡུག་བསྔལ་སྦྱོང་། །ཤེས་རབ་ཆེན་པོ་ཡུམ་གྱི་མེ་བྱུང་བས། །འཁོར་བའི་སྡུག་བསྔལ་ཡེ་ཤེས་ཆེན་པོར་བསླང་། །སྒྲིབ་དང་ཉོན་མོངས་ནད་རྣམས་
ཞི་བར་མཛོད། །ཨེ་ཨགྣི་སྥ་ར་ཎ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཨ་ཨ་རམ་རམ་སྭཱ་ཧཱ། དེ་ལྟར་མཆོད་པའི་རིམ་རྫོགས་ནས། །བསྐང་གསོའི་ཆོ་ག་རྒྱས་པར་བྱ། །བཤགས་པ་བྱ་ཞིང་དབང་རྫོགས་བྱ། །གནས་བསྲུང་བ་དང་ལམ་ཉིད་བསྟན། །གཏོར་མ་བཏང་ཞིང་ལྷ་ཚོགས་བསྡིམ། །མེ་ལྷ་བསྡིམ་དང་སྔགས་ཉིད་བཟླས། །རིག་པ་བསྐུལ་ཞིང་སྟོང་ཉིད་བསྒོམ། །ཆོས་སྐུ་ངོས་བསྟན་གཉིས་མེད་བསམ། །སྐུ་གསུམ་གཞི་རྫོགས་རང་འོད་སྐུ། །རང་བཞིན་གསལ་སྣང་རིག་པའི་ངང་། །ཆོས་ཉིད་ཡུལ་དང་གསང་མཚན་འབོད། །མིང་ནས་འདོན་ཞིང་ལས་གྲུབ་བྱ། །དཀྱིལ་འཁོར་བསྡུ་ཞིང་ས་རྣམས་རློག །ཕྱིས་ནི་ལྡང་མེད་འདྲེ་མནན་གདབ། །དཀྱིལ་འཁོར་གསོ་ཞིང་གསང་སྔགས་བཟླས། །རྒྱུ་རྣམས་སྦྱངས་ཤིང་སྐྱེ་རྒྱུན་གཅོད། །གནས་ནས་སྦར་ཞིང་ཕཊ་ཅེས་བཟླས། །ཤེས་པ་བསྡུ་ཞིང་ཧཱུཾ་གིས་བསྐྱེད། །གཤེད་བྱེད་བསྐྲད་ཅིང་གནས་ལུགས་བསྟན། །སྐུ་གསུམ་བརྗོད་ཅིང་ཐིག་ལེར་གཞུག །ཞིང་ཁམས་བསྟན་ཞིང་སྐུ་བསྟན་བྱ། །ལྷ་ཡི་ངོ་བསྟན་ཡེ་ཤེས་དབབ། །རྒྱུ་རྐྱེན་དབྲལ་ཞིང་རིག་པ་གཅུན། །རང་བཞིན་ཉིད་དང་ངོ་བོ་བསྟན། །སྣང་བ་གསལ་ཞིང་སྒྲིབ་པ་སྦྱང་། །གཉིས་མེད་ལྷ་དང་དབྱེར་མེད་བསམ། །དུས་དང་གནས་དང་ཡེ་ཤེས་བསྟན། །ས་ལམ་སྦར་བ་རབ་ཏུ་བཤད་པའོ། །ཞེས་རྫོགས་པ་རང་བྱུང་ཆེན་པོའི་རྒྱུད་ལས། རོ་བསྲེག་ཐལ་བའི་ལུང་བསྟན་པའི་ལེའུ་སྟེ་བདུན་པའོ། །རྫོགས་སོའོ།། །།

དུར་གདབ་ཚ་ཚའི་ལུང་།


DNG003_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བྷ་ར་བྷི་བྷི་ནཱ་མ། བོད་སྐད་དུ། དུར་གདབ་ཚ་ཚའི་ལུང་ཞེས་བྱ་བ། བཅོམ་ལྡན་འདས་རིག་པ་དབང་གི་ལྷ་ལ་ཕྱག་འཚལ་ལོ། །དེ་ནས་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་དབང་གི་སྐུ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྐུ་གདུང་རྟེན་ནི་གང་ལ་བགྱི། །ཉེ་བའི་འཁོར་ལ་གསུང་དུ་གསོལ། །ཞེས་ཞུས་སོ། །དེ་ནས་དབང་ཆེན་དེ་ཉིད་ཀྱིས། །གོས་སྔོན་


DNG003_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ལ་བཀའ་སྩལ་པ། །ཀྱེ་མ་གསང་བའི་བདག་པོ་ཉོན། །རྣལ་འབྱོར་ཏིང་འཛིན་ལྡན་པ་ཡིས། །དབེན་པའི་གནས་སུ་བདེར་འདུག་ལ། །སྐུ་གདུང་རྟེན་དང་མཆོད་རྟེན་གདབ། །བདག་དང་གཞན་གྱི་དོན་ཡང་རུང་། །མཐར་ཕྱིན་ངེས་པའི་ཐབས་འདི་བརྩམ། །དབང་ཆེན་སྐུ་དང་གཉིས་མེད་ཅིང་། །སྤྱན་རས་གཟིགས་ཀྱི་ཏིང་འཛིན་བསྒོམ། །སྐུ་མདོག་དཀར་པོ་འོད་ཆགས་པ། །གཡས་པས་ཨུཏྤལ་ཕྱག་མཚན་ཏེ། །གཡོན་པས་སྐྱབས་སྦྱིན་ཕྱག་རྒྱའོ། །འོད་ཟེར་རབ་ལྡན་བསྒོམས་ནས་ནི། །ས་རྣམས་བྱིན་རླབས་ལྡན་པར་བརླབ། །སྤྱན་རས་གཟིགས་དབང་བསྐྱེད་པའི་སྙིང་པོ་ནི། །འདི་ཡིས་སྐུ་མདོག་གསལ་བར་འགྱུར། །ཨོཾ་ཨེ་པདྨ་དྷཱ་ཏུ་ནིརྟཱི་ཤྭ་རཱ་ཡ། ཨ་ཝ་ལོ་ཀི་ཏེ་ཧཱུཾ། དེས་ནི་སྐུ་རྣམས་གསལ་བར་བསྒོམ། །སྔགས་དེ་ལན་བརྒྱད་བརྗོད་པ་དང་། །སྤྱན་རས་གཟིགས་དབང་གསལ་བའོ། །དེ་ལྟར་ལྷ་དང་ལྡན་གྱུར་ནས། །མཆོད་རྟེན་གདབ་པའི་ལས་འདི་བརྩམ། །ཤིན་ཏུ་གཙང་མའི་ས་ཕྱོགས་ནས། །ས་བླང་མཆོད་རྟེན་རྒྱུ་ཉིད་བཙལ། །ས་ཉིད་རྐོ་བའི་སྔགས་འདིའོ། །ཨོཾ་བཻ་རོ་ཙ་ན་ཧཱུཾ། སྔགས་དེ་བརྒྱ་རྩ་བརྗོད་པ་དང་། །ཨོཾ་ལས་འོད་ཟེར་རབ་འཕྲོས་པས། །ས་ཡི་སྐྱོན་རྣམས་ཅི་ཡོད་པ། །ཨོཾ་ལས་འོད་བྱུང་ཞུ་བར་བསམ། །དེ་ནས་འདག་པ་བརྫི་བའི་སྔགས། །འདི་ནི་ལན་གྲངས་བརྒྱ་རྩ་བརྗོད། །ཨོཾ་བཛྲ་བཱི་ར་ཧཱུཾ་ཕཊ། སྔགས་དེ་ལན་བརྒྱ་བརྗོད་པ་དང་། །ཧཱུཾ་ལས་འོད་དུ་འཕྲོས་པར་བསམ། །དེ་ཉིད་འོད་དུ་ཞུ་བ་ལས། །འདག་པའི་དངོས་པོ་ཧཱུཾ་དུ་བསམ། །བསམ་གྱིས་མི་ཁྱབ་ཧཱུཾ་དེ་ཡིས། །འདག་པའི་རྟོག་པ་སྦྱངས་ནས་ནི། །རྟོག་མེད་འོད་དུ་རྣམ་པར་བསམ། །དེ་ནས་འབི་འབི་བྱ་བའི་སྔགས། །འདི་ཡི་ཏིང་འཛིན་ལྡན་པར་གསུངས། །ཨོཾ་ཨཱཿཧཱུཾ། ཡི་གེ་དེ་དག་འོད་འབར་བསམ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྐུ་ཡི་ཡི་གེ་ཨོཾ་དུ་འདོད། །གསུང་གི་ཡི་གེ་ཨཱཿརུ་གསལ། །ཐུགས་ཀྱི་ཡི་གེ་ཧཱུཾ་ཡིན་
པས། །སྐུ་གསུང་ཐུགས་སུ་གསལ་བར་བསྒོམ། །དེ་ནས་ཚ་ཚ་གདབ་པའི་སྔགས། །འདི་ཉིད་རབ་ཏུ་བརྗོད་པར་བྱ། །ཨོཾ་ཨཱཿཧཱུཾ། བཻ་རོ་སྭཱ་ཧཱ། ཡཱ་ཧཱུཾ་ཕཊ། དེ་ལྟར་ཚ་ཚ་བཏབ་ནས་ནི། །རབ་ཏུ་གནས་པའི་གསང་སྔགས་བཟླས། །སྔགས་འདིས་རབ་ཏུ་གནས་པའོ། །ཨོཾ་ཨེ་དྷཪྨ་ཡེ་དྷར་ཡིན་ནམ། ཤ་ཏ་ཐཱ་ག་ཏ། ཡོ་ནི་ཨེ་བ་མ་ཏིཥྚ་ལྷན། སི་ཏི་ཧཱུཾ་ཧཱུཾ། དེས་ནི་རབ་ཏུ་གནས་པ་དང་། །ལྷ་ཚོགས་བརྟན་པར་བཞུགས་པར་བསམ། །དབང་བསྐུར་ཕྱག་རྒྱ་འདི་ལྟ་སྟེ། །ཁྱུང་གཤོག་ལྟ་བུའི་ཕྱག་རྒྱ་ཡིས། །དབང་བསྐུར་བརྟན་པར་བཞུགས་སུ་གསོལ། །དེ་ལྟར་བྱིན་བརླབ་རྫོགས་ནས་ནི། །ཆུ་བོ་དག་ལ་ཚ་ཚ་བསྐྱལ། །ཞེས་རྫོགས་པ་རང་བྱུང་ཆེན་པོའི་རྒྱུད་ལས། དུར་གདབ་ཚ་ཚའི་ལུང་བསྟན་པའི་ལེའུ་སྟེ་བརྒྱད་པའོ། །རྫོགས་སོ།། །།

རོ་ལངས་གསེར་དུ་སྒྲུབ་པའི་ལུང་།


DNG003_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨེ་དུབ་མ་བུ་རི་ཁ་མ་ཧཱ་ནི་སུ་ཁ་ནཱ་མ། བོད་སྐད་དུ། རོ་ལངས་གསེར་དུ་སྒྲུབ་པའི་ལུང་ཞེས་བྱ་བ། བཅོམ་ལྡན་འདས་དབང་ཆེན་རང་གནས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་དབང་ཆེན་གྱི་སྐུའི་སྤྱན་སྔར། བུཌྜྷ་ཧེ་རུ་ཀས། རོ་ལངས་གསེར་དུ་བསྒྲུབ་པ་འདི་སྨྲས་སོ། །ཨེ་མ་ཧོ། ཕྱོགས་བཅུའི་ལྷ་དང་ཀླུ་རྣམས་ཉོན། །རྣལ་འབྱོར་གང་ཞིག་སྟོབས་ལྡན་པས། །དབེན་པའི་གནས་སུ་རབ་སོང་ལ། །རོ་ལངས་གསེར་གྱི་སྒྲུབ་པ་བརྩམ། །ཤིན་ཏུ་དབེན་པའི་གནས་དེར་ཡང་། །དཀྱིལ་འཁོར་འདོམ་གང་གྲུ་བཞི་བྱ། །དེ་ནས་ཆག་ཆག་རབ་བཏབ་ལ། །ཕྱི་ནང་གསང་བའི་མཚམས་ཉིད་བཅད། །ཕྱི་མཚམས་གཅད་པར་བྱ་བ་ནི། །གནས་ཀྱི་ཕྱོགས་བཞི་དག་ཏུ་ཡང་། །རྒྱལ་ཆེན་དག་ལ་མཐོ་བཞི་སྟེ། །གཏོར་མ་ཆ་རེ་མཐོ་རྩར་བཏང་། །ཤོག་བུ་སོར་བཞི་པ་རེ་ལ། །རྒྱལ་ཆེན་བཞི་ཡི་སྔགས་བྲིས་ལ། །རང་རང་ཕྱོགས་ཕྱོགས་དག་ཏུ་དགོད། །དེ་ནི་ཕྱི་ཡི་མཚམས་སུ་བསྟན། །ནང་མཚམས་བཅད་པ་འདི་ལྟ་སྟེ། །ཁྲོ་བོ་བཅུ་ཡི་སྔགས་


DNG003_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བཅད། །གསད་པ་འཁོར་ལོ་མཚོན་ཆས་བཅད། །གཏོར་མ་ཆ་གསུམ་རབ་ཏུ་བཏང་། །གཏོར་མ་ཆ་གསུམ་མེད་པ་ན། །གསེར་སྐྱེམས་དག་ནི་རྒྱས་པར་བཏང་། །ཆབ་གཏོར་ནུས་ཚད་དག་ཏུ་བཏང་། །དེ་ལྟར་མཚམས་བཅད་རྫོགས་པ་དང་། །འབྲུ་ལྔའི་ཆོ་ག་རྫོགས་པར་བྱ། །མཆོད་རྟེན་བརྒྱད་ནི་གདབ་བྱ་ཞིང་། །བཤགས་པ་ཆེན་པོ་རྫོགས་པར་བྱ། །དེ་ལྟར་སྔོན་འགྲོ་རབ་རྫོགས་ནས། །དེ་ནས་ནང་དུ་འོང་བ་དང་། །དཀྱིལ་འཁོར་ཆེན་པོ་དེ་ཉིད་ལ། །ཐིག་ནི་རབ་ཏུ་གདབ་པར་བྱ། །རྣལ་འབྱོར་ཆེན་པོ་གསུམ་གྱིས་བསྒྲུབ། །རྡོ་རྗེ་སློབ་དཔོན་གསང་བ་དེས། །རྡོ་རྗེ་རྒྱལ་པོས་བུ་མཆོག་ལ། །ཐིག་སྐུད་སྣ་ནི་ལེགས་སྦྱིན་ལ། །བར་སྣང་དག་ཏུ་འཐེན་ནས་ནི། །སྲིང་སྲིང་ལན་གསུམ་རྡོ་རྗེས་བྱ། །ནུབ་ནས་ཤར་དུ་ཁ་བལྟས་ལས། །ཐིག་གཅིག་དཀྱིལ་དུ་གདབ་པར་བྱ། །དེ་ལ་སོགས་ཏེ་ཐིག་རྣམས་གདབ། །དེ་ནས་ཚོན་ཉིད་རབ་ཏུ་དགྱེ། །ཞི་བའི་དཀྱིལ་འཁོར་རབ་ཏུ་བཞེངས། །དེ་ཡི་སྟེང་དུ་རྫས་རྣམས་བསག །སྒོ་ལ་གྲི་དང་གྲ་བཞིར་མདའ། །དར་དཀར་ཡོལ་བ་དག་ཀྱང་བྱ། །དཔལ་གྱི་གཏོར་མ་བྱང་ཕྱོགས་སུ། །ལྷོ་རུ་མ་མོའི་གཏོར་མ་གཞག །ཤར་དུ་འབྱུང་པོའི་གཏོར་མ་གཞག །ནུབ་ཏུ་ཕུད་དང་རཀྟའོ། །དེ་ནི་དཀྱིལ་འཁོར་བསྟན་པའོ། །དེ་ཡང་རོ་དེ་ལེན་པའི་ཚེ། །རོ་ལངས་ལ་སོགས་གདུལ་བྱའི་ཕྱིར། །འཆི་བདག་གཤིན་རྗེ་གནས་པའི་སར། །སྔགས་དང་ལྡན་པའི་མཚོན་ཆ་བརྡེག །དེ་ནས་རོ་ཁུར་མི་དེ་ལ། །མྱོས་པའི་ཆུ་ཡིས་རབ་མྱོས་བྱ། །དེ་ནས་རོ་དེ་བསྒྲུབ་པར་བྱ། །དཀྱིལ་འཁོར་ཕོ་བྲང་དབུས་དག་ཏུ། །བརྒྱང་ཤིང་དག་དང་ལྡན་པ་སྟེ། །སྐྲ་བཅིངས་ཐོར་ཚུགས་རྣམ་གདག་གོ། །རང་རང་རྒྱན་ཆ་དག་གིས་བརྒྱན། །དང་པོ་སྤོས་ཆུ་འོ་མས་བཀྲུ། །དེ་ལྟར་དཀྱིལ་འཁོར་སྟེང་བཞག་ལ། །བསྒྲལ་བའི་ཐབས་ནི་རྣམ་གསུམ་སྟེ། །ཚེ་འདས་དོན་ཕྱིར་བསྒྲལ་བ་དང་། །མཐུ་རྩལ་དབྱུང་ཕྱིར་བསྒྲལ་བ་དང་། །ཉམས་


DNG003_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ཆག་སྐོང་ཕྱིར་བསྒྲལ་བའོ། །དེ་ལྟར་བསྒྲལ་བར་བྱ་བའི་ཕྱིར། །བསྒྲུབ་པ་རབ་འབྲིང་གསུམ་དུ་བྱ། །ཚེ་འདས་དོན་ཕྱིར་བསྒྲལ་བ་ན། །དབང་བསྐུར་བྱིན་བརླབ་བྱ་བ་དང་། །རིགས་དྲུག་དྲངས་དང་ལམ་བསྟན་བྱ། །ལན་ཆགས་གཏོར་མ་རྒྱུན་དུ་བཏང་། །ཚོགས་དང་མཆོད་པ་རྒྱུན་མི་གཅད། །དུས་བཞིའི་ཚོགས་ནི་སྣ་ཚོགས་བཏང་། །མཐུ་རྩལ་དབྱུང་ཕྱིར་བསྒྲལ་བ་ན། །བསྒྲུབ་པ་ཞག་གསུམ་བྱེད་པ་ན། །ཞག་གཉིས་ཁྲོ་བོའི་ཕྲིན་ལས་བྱ། །དེ་ནས་དཀྱིལ་འཁོར་སྟེང་ཉིད་དུ། །སློབ་དཔོན་གསང་བའི་རྒྱ་བཀྲོལ་ལ། །ཐུན་དང་རལ་གྲི་མཚོན་ཆ་བསྣམས། །རྡོ་རྗེའི་ལུས་པོ་ཉིད་ལ་ཡང་། །གཡང་གཞི་དུར་ཁྲོད་རྒྱན་གྱིས་བརྒྱན། །ལག་ཏུ་མཚོན་ཆའི་དབང་བསྐུར་ལ། །སྐེ་ལ་རལ་གྲི་རབ་བཏབ་ལ། །གང་ལ་དམིགས་པའི་མིང་བྲིས་ལ། །དམིགས་པ་རབ་ཏུ་བསམ་པར་བྱ། །མ་ཉེས་རབས་རྣམས་རབ་ཏུ་བརྗོད། །དེ་ནས་མགོ་ཉིད་ཆོད་པ་དང་། །ཧ་ཧ་ཞེས་བྱའི་སྒྲ་བརྗོད་ཅིང་། །བསྟན་པ་འཇིག་པ་བསད་པ་ཡི། །ལེགས་སོ་ཞེས་བྱར་རབ་ཏུ་བརྗོད། །དེ་ཉིད་འདྲེག་པའི་སྔགས་འདིའོ། །ཨོཾ་པདྨཱནྟ་ཀྲྀཏ་ཀྲོ་ཏ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཧཱུཾ་ཧ་ཧ་ཁཱ་ཧི་ཁཱ་ཧི། སྔགས་དེ་ལན་གྲངས་བརྒྱ་རྩ་བརྗོད། །སྔགས་རྣམས་བརྗོད་ཅིང་དབང་ཆེན་བསྒོམ། །དབང་ཆེན་སྐུ་ཉིད་གསལ་བ་དང་། །རྡོ་རྗེའི་གིང་ཕོ་མཚན་ལྡན་དེས། །མཚོན་ཆའི་ཚོགས་རྣམས་རྫོགས་པ་དང་། །ཁྲོ་བོ་འགྱིང་བའི་སྟབས་ཀྱིས་ནི། །དཀྱིལ་འཁོར་རབ་ཏུ་བསྐོར་བྱ་ཞིང་། །བསྒྲལ་བའི་ལས་རྣམས་རྫོགས་པར་བྱ། །ལེགས་པར་བརྗོད་པ་གོང་བཞིན་ནོ། །རྒྱུན་དུ་བགྲང་བའི་སྔགས་འདི་བརྗོད། །ཨོཾ་པདྨཱན་ཏ་ཀྲྀཏ་བཛྲ་ཀྲོ་ཏ་ཧ་ཡ་གྲཱི་བ་ཧཱུཾ་ཧྲཱྀཿ། གསང་བའི་སྔགས་འདི་མང་དུ་བརྗོད། །དབང་ཆེན་ཡུམ་དང་བཅས་པ་སྟེ། །དེ་ནས་རྡོ་རྗེ་གིང་ཕོ་དེས། །སློབ་དཔོན་དག་ལ་མགོ་ཉིད་དབུལ། །སློབ་དཔོན་གསང་བ་དེ་ཉིད་ཀྱིས། །བདེ་གཤེགས་མཁའ་འགྲོའི་ཐུགས་དམ་བསྐང་། །དེ་ནས་ཙིཏྟ་དབྱུང་བའི་སྔགས། །འདི་སྐད་དྲག་ཏུ་བརྗོད་བྱ་ཞིང་། །སློབ་དཔོན་ཙིཏྟ་ཕྱུང་ཞེས་


DNG003_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོ། །དེ་ནས་རྡོ་རྗེ་བཤན་པ་དེས། །སྔགས་འདི་བརྗོད་ཅིང་ཙིཏྟ་ཕྱུང་། །ས་མ་ཡ་ཏ་ཧི། ཙིཏྟ་ཧཱུཾ་འདུས་ཁ་དུར་མཱ་ར་ཡ་ཧཱུཾ། སྔགས་དེས་ཙིཏྟ་དྲང་བར་བྱ། །གིང་པ་བརྟུལ་ཞུགས་ལྡན་པ་ན། །ཟ་ཞིང་སློབ་དཔོན་དེ་ལ་དབུལ། །དེ་ནས་ཚེ་འདས་སྤར་བ་དང་། །དངོས་གྲུབ་བླང་བའི་སྔགས་ཀྱང་བཟླས། །དངོས་གྲུབ་ལེན་པའི་དུས་ཉིད་དུ། །རོ་དེ་ལངས་ན་དངོས་གྲུབ་འཐོབ། །དེ་ཚེ་ལངས་པ་དེ་ཉིད་ལ། །བདག་ཉིད་དབང་ཆེན་རབ་ལྡན་པས། །མཚོན་ཆ་ཕུར་པ་དག་གིས་ཀྱང་། །གནས་དག་ཏུ་ནི་གདབ་བྱ་ཞིང་། །སྔགས་འདི་བརྒྱ་དང་རྩ་བརྒྱད་བརྗོད། །ཨོཾ་ཧྲཱྀཿཐཱ་སརྦ་སིདྡྷི་བཛྲ་ཧཱུཾ། སྔགས་དེས་དངོས་གྲུབ་འཐོབ་པའོ། །ཚེ་འདས་དེ་ཉིད་སྦར་བྱ་བའི། །སྔགས་འདིས་སྦྱོར་བའི་ལྷུམས་སུ་འཕང་། །ཨོཾ་དྷྲཾ་ཀ་ཛ་ཨེ་སྤ་ར་ཎ་ཕཊ་ཕཊ། རིགས་ལྔའི་སྲས་སུ་དབང་བསྐུར་རོ། །སྔགས་འདིས་དབང་བསྐུར་བསྟན་པའོ། །ཨོཾ་སྭ་ལམ་དུ་ཏྲིང་ཧྲི་ཏ་ཡ་སྟྭམ། སྐུ་གསུམ་རྡོ་རྗེའི་སྐུར་གྱུར་ནས། །འོད་ལྔའི་མུ་ཁྱུད་བར་དུའོ། །འོད་ཟེར་སྐུ་ལྔ་འབར་བར་བསམ། །དེ་ནས་སློབ་དཔོན་གསང་བ་དེས། །དབང་བསྐུར་བྱིན་རླབས་རྫོགས་པ་དང་། །ཤ་རྣམས་ལེགས་པར་བཤའ་བྱ་ཞིང་། །འཁོར་ན་གནས་པའི་བུ་རྣམས་དང་། །བདག་ཉིད་ལོངས་སྤྱོད་སྤེལ་བྱའི་ཕྱིར། །མཱཾ་ས་ཟ་ཞིང་སྔགས་འདིའོ། །ཨོཾ་ཨཱཿཧཱུཾ་ཧྲྀ་ད་ཡ་སི་ཏི་ཧཱུཾ་ཕཊ། དེ་ནི་ལོངས་སྤྱོད་སྔགས་སུ་བསྟན། །མཐུ་རྩལ་དབྱུང་ཕྱིར་བསྒྲལ་བའོ། །ཚེ་འདས་དོན་ཕྱིར་བསྒྲལ་བ་ན། །བསྒྲུབ་པ་ཐ་མའི་ནུབ་ཉིད་དུ། །རོ་ཡི་རྒྱན་དང་བརྒྱངས་ཕོག་ལ། །ཞི་བའི་དཀྱིལ་འཁོར་སྟེང་དག་ཏུ། །ཁ་སྦུབ་དག་ཏུ་བསྙལ་བྱས་ལ། །རྒྱབ་ཏུ་ཐིག་རྣམས་ལེགས་བཏབ་ལ། །ཁྲོ་བོའི་དཀྱིལ་འཁོར་རབ་བྲིས་ལ། །མཆོད་པའི་ཚོགས་རྣམས་རབ་རྫོགས་བྱ། །སློབ་དཔོན་ཉིད་ཀྱིས་སྣ་དྲངས་ལ། །དཀྱིལ་འཁོར་རོ་ཡི་ཐ་མ་བསྐོར། །པདྨཱནྟ་ཀྲྀཏ་དབྱངས་བླངས་ཤིང་། །དབང་མཆོག་བྲོ་ནི་རབ་ཏུ་བརྡུང་། །རྒྱབ་ཀྱི་ཚངས་ཐིག་སྟེང་ནས་བྱ། །རབ་ཏུ་བཤའ་ཞིང་དབང་རྫོགས་


DNG003_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། །སྔགས་འདིའི་འོད་ཟེར་རབ་འཕྲོས་བསམ། །རུ་ལུ་གར་གྱི་མཆོད་པའི་སྔགས། །སྣ་ཚོགས་མཆོད་ཕྱིར་སྔགས་འདིའོ། །ཨོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། སྔགས་དེའི་འོད་ཟེར་རབ་འཕྲོས་པས། །སྐུ་དང་གསུང་དང་ཐུགས་ཉིད་ལས། །འོད་འཕྲོས་སྒྲིབ་པ་སྦྱང་བར་བྱ། །དེ་ནས་བྱ་བྱེད་ཟིན་པ་དང་། །ནང་ཁྲོལ་རྣམ་ལྔ་མཆོད་པའི་རྒྱུ། །མིག་དང་རྣམ་ལྔ་མཆོད་པར་འབུལ། །དེ་ནི་ཚེ་འདས་དོན་ཕྱིར་རོ། །ཉམས་ཆག་བསྐང་ཕྱིར་བསྒྲལ་བ་ནི། །བཤའ་ལུགས་གོང་དང་མཐུན་པ་ལ། །བསྒྲུབ་པ་ནུབ་ནི་གཉིས་འདས་ནས། །ཁྲོ་བོའི་དཀྱིལ་འཁོར་བཞེངས་ནས་ནི། །མཆོད་པའི་ཡོ་བྱད་ཅི་འབྱོར་བསག །དཀྱིལ་འཁོར་ཐ་མ་རབ་ཏུ་བསྐོར། །རང་གི་ཡི་དམ་གང་ཡིན་བསྒོམ། །བསྐང་གསོའི་རྫས་རྣམས་གང་ཡོད་སྦྱར། །བཤགས་པ་བསྐང་གསོ་རྒྱས་པར་བྱ། །ལོངས་སྤྱོད་སྔགས་དང་བྱ་ཐབས་རྣམས། །གོང་དུ་སྨོས་པ་ཁོ་ན་འོ། །ཚོགས་དང་གཏོར་མ་རྒྱུན་མི་གཅད། །བར་ཆད་བགེགས་རྣམས་ཚར་གཅོད་བྱ། །གཤེད་བྱེད་དབྲལ་ཞིང་ལམ་བསྟན་བྱ། །བསྐང་བའི་རྒྱུ་དང་སྦྱར་ཏེ་བསྐང་། །ཚོགས་དང་མཆོད་པའི་ཡོ་བྱད་ལ། །འབྲུ་དང་ཏིང་འཛིན་ལྡན་པས་བརླབ། །མ་མོའི་ཐུགས་དམ་རྟག་ཏུ་བསྐང་། །དེ་ནི་ཉམས་ཆག་བསྐང་ལུགས་སོ། །དེ་ལྟར་རོ་བསྒྲུབ་རབ་ཏུ་བརྩམ། །སྔགས་འདིས་ཐམས་ཅད་འགྲུབ་པའོ། །ཨོཾ་སརྦ་ཀ་རུ་ཎ། པདྨ་བཛྲ་པཱ་ཎི། བཛྲ་སཏྭ་ས་མ་ཡ་ཨཱ་ཡཿཨ་མྲི་ཏ་ཏི་ར་ཧཱུཾ་ཕཊ་སྭཱ་ཧཱ། སྔགས་དེ་བཟླ་ཞིང་དངོས་གྲུབ་བླང་། །སྲིན་ལག་མཐེ་བོང་བར་དག་ཏུ། །དལ་གཉིས་མཉམ་ཞིང་ཙིཏྟ་བཟུང་། །དུས་བཞིའི་ཚོགས་ཀྱི་ཚེ་ན་ཡང་། །དངོས་གྲུབ་བླངས་ཤིང་གསེར་དུ་བསམ། །དེ་ལྟར་ཏིང་འཛིན་ལྡན་པ་ཡིས། །ལོ་གཉིས་བསྒྲུབ་པ་བྱས་པ་ན། །ལྕེ་ཉིད་གསེར་དུ་འགྱུར་བར་ངེས། །ལྕེ་ཉིད་གསེར་དུ་གྱུར་པ་ན། །སྲིན་ལག་ཏིང་འཛིན་ལྡན་པས་བླང་། །བླངས་ལ་སྦྲང་རྩིའི་ཆུ་དང་སྦྱར། །ཞིབ་པར་བཏགས་
ཤིང་གསང་སྔགས་བཟླས། །དེ་ནས་ཀུན་གྱིས་བགོས་ལ་བཟའ། །ཟོས་ན་སྐྱེ་མེད་བྱང་ཆུབ་ཐོབ། །ཐུན་མོང་དངོས་གྲུབ་ཐམས་ཅད་ཐོབ། །ཟས་ནི་ཡིད་ལ་དྲན་པས་ཚིམ། །ལུས་ལ་གོས་མེད་གཅེར་བུར་ཚུགས། །གཉེར་མ་མེད་ཅིང་གཞོན་ནུར་འགྱུར། །ལོ་ནི་ལྔ་བརྒྱ་གཞོན་ནུར་གནས། །དེ་ནས་ཚེ་འཕོས་ཕྱིར་མི་ལྡོག །ཡོན་ཏན་དེ་ལྟར་འབྱུང་བའོ། །ཞེས་རྫོགས་པ་རང་བྱུང་ཆེན་པོའི་རྒྱུད་ལས། ཐལ་བྱེད་རོ་ལངས་གསེར་དུ་བསྒྲུབ་པའི་ལེའུ་སྟེ་དགུ་པའོ། །རྫོགས་སོའོ།། །།

ཆོས་ཉིད་ཆབ་གཏོར་གྱི་ལུང་རྣམ་པར་བསྡུས་པ།


DNG003_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨོཾ་སརྦ་པ་ན་རེ་ཀ་དྷརྨ་སུ་ཀ་ནཱ་མ། བོད་སྐད་དུ། ཆོས་ཉིད་ཆབ་གཏོར་གྱི་ལུང་རྣམ་པར་བསྡུས་པ་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་རྟ་མཆོག་ལ་ཕྱག་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་དབང་ཆེན་དེ་ལ། འཕགས་པ་འཇམ་དཔལ་གྱིས་བསྐོར་བ་ལན་གསུམ་བྱས་ཏེ། རྒྱུ་བསོད་ནམས་ཀྱི་ཚོགས་ལ་བརྟེན་ནས། འབྲས་བུ་ཡེ་ཤེས་ཀྱི་ཚོགས་བསགས་པ་འདི་སྐད་གསུངས་སོ། །ཀྱེ་ཀྱེ་འཁོར་གྱི་ལྷ་ཀླུ་ཉོན། །གང་ཞིག་བསོད་ནམས་འཕེལ་འདོད་པས། །ང་ཡི་བསྟན་པའི་ལུང་འདི་ཉོན། །སྟོང་ཉིད་རིག་པའི་སྟོབས་ལྡན་པས། །དབེན་པའི་གནས་སུ་བདེར་འདུག་ལ། །རིག་པའི་ཡེ་ཤེས་རང་སྣང་ཀྱང་། །ཚོགས་འདི་བསགས་པས་བྱང་ཆུབ་ཉེ། །ང་དང་བདག་ཏུ་མི་འཛིན་ཅིང་། །སྟོང་ཉིད་གསལ་བར་རབ་བསྒོམས་ཏེ། །ངེས་དོན་ཆོས་སྤྱོད་འདི་བསྟན་བྱ། །རྫོགས་ཆེན་མན་ངག་ལུང་ལྡན་པས། །སྣོད་བསྟན་པ་དང་བཅུད་ཉིད་བསྟན། །མགྲོན་དང་ཡོན་ཏན་རྒྱས་པར་བསྟན། །སྔགས་དང་ཕྱག་རྒྱ་ཏིང་འཛིན་བསྟན། །རྣམ་པ་བདུན་ལྡན་རྣལ་འབྱོར་པས། །འཇམ་དཔལ་སྙིང་པོ་བསྡུས་པ་འདི། །ཉམས་དགའ་བ་ཡི་ཕྱོགས་དག་ཏུ། །རིན་པོ་ཆེ་ཡི་སྣོད་དག་གམ། །རབ་ཏུ་གཙང་བའི་སྣོད་དག་ཏུ། །ཆུ་གཙང་འོ་མ་སྦྱར་ལ་བླུག །རིན་པོ་ཆེ་དང་ཙན་དན་བརྡར། །མེ་ཏོག་འབྲུ་དང་སྨན་གྱིས་བརྒྱན། །གཙང་མའི་སྨན་དང་ཕྱེ་


DNG003_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས། །ཀ་ཏི་དང་ནི་པུ་ཙ་དང་། །དབང་དང་ན་ག་སྨན་གྱི་ཚོགས། །ཅི་འབྱོར་བ་ཡིས་སྣོད་དགང་ངོ་། །དེ་ལྟར་སྣོད་ཉིད་རབ་གཏམས་ལ། །འཕགས་པ་སྤྱན་དྲངས་མཆོད་པ་འབུལ། །བྱང་ཆུབ་སེམས་བསྐྱེད་བྱམས་པ་བསྒོམ། །འགྲོ་ལ་ཕན་གདགས་སྙིང་རྗེ་བསྒོམ། །བལྟ་བ་གསལ་གདབ་དགའ་བ་བསྐྱེད། །ཕྱོགས་མེད་རང་གསལ་བཏང་སྙོམས་ཏེ། །འབྲས་བུ་རང་གྲོལ་དམིགས་མེད་དོ། །དེ་ལྟར་སྔོན་འགྲོ་རྫོགས་ནས་ནི། །བདག་ཉིད་རྣལ་འབྱོར་ཐུགས་ཀ་ནས། །ཡི་གེ་ཨ་གཅིག་ཆད་པ་ལས། །བདག་ལ་སོགས་པའི་སྣོད་བཅུད་ནི། །སྟོང་ཞིང་བདག་མེད་ཆེན་པོར་བསྒོམ། །དེ་ནས་ཨ་དེ་སྤར་གྱུར་པས། །རིན་ཆེན་སྣོད་དུ་ཕོག་པར་བསམ། །དེ་རྣམས་འོད་དུ་ཞུ་བ་ལས། །སྣོད་ཀྱི་འཇིག་རྟེན་ཐམས་ཅད་དང་། །གཏོར་སྣོད་དྲི་མ་སྦྱང་བར་བྱ། །དེ་ནས་ཨ་དེ་སླར་འདུས་ནས། །གཏོར་མའི་སྣོད་ལ་ཐིམ་གྱུར་པས། །སྟོང་གསུམ་སྟོང་གི་འཇིག་རྟེན་ཁམས། །བདུད་རྩི་དག་གི་རང་བཞིན་དུ། །མེར་གྱིས་ཞུ་ནས་གང་བར་བསམ། །དེ་ནས་ཏིང་འཛིན་རབ་ལྡན་པས། །ཨ་ཡི་རང་བཞིན་དེ་ཉིད་ལས། །རང་རང་ཡི་དམ་ལྷ་ཉིད་ཀྱི། །ས་བོན་གང་ཡིན་གྱུར་པར་བསམ། །དེ་ནས་ཡི་དམ་མེད་པ་ན། །ཝཱ་གཱི་ཤྭ་རར་གྱུར་པར་བསམ། །དེ་ཉིད་འོད་དུ་ཞུ་བ་ལས། །འཇམ་དཔལ་སྐུ་མདོག་གསལ་བར་བསྒོམ། །བདག་དང་གཉིས་མེད་གནས་པ་ལ། །སངས་རྒྱས་ཞིང་ཁམས་རབ་འབྱམས་སུ། །འཇམ་དཔལ་སྐུ་ནི་གྲངས་མེད་བསམ། །ཡི་དམ་སྙིང་པོ་གང་ཡིན་པ། །བདག་གི་ཐུགས་ཀར་ཐིམ་གྱུར་ནས། །བདག་ཉིད་ཡི་དམ་ལྷ་རུ་བསྐྱེད། །བདག་ཉིད་ཏིང་འཛིན་གསལ་བ་དང་། །ཡི་དམ་སྙིང་པོ་གང་ཡིན་པ། །ཡི་གེ་ཛ་རུ་གྱུར་པར་བསམ། །དེ་ཉིད་འོད་དུ་ཞུ་བ་ལས། །ཛ་ཡིས་སྟོང་གསུམ་གང་བར་བསྒོམ། །དེ་དག་རབ་ཏུ་འཕྲོས་པ་ལས། །འཕགས་པ་སྤྱན་དྲངས་འགྲོ་དྲུག་བཀུག །མགྲོན་རྣམས་རབ་ཏུ་བཀུག་པ་དང་། །འཕགས་པ་དཀོན་མཆོག་གསུམ་པོ་དང་། །


DNG003_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་དང་རྒྱལ་བ་རྣམས། །ནམ་མཁའ་དག་ལ་ལྷགས་པར་བསམ། །མ་མོ་མཁའ་འགྲོ་ཆོས་སྐྱོང་རྣམས། །བར་སྣང་ཁམས་སུ་ཁེངས་པར་བསམ། །འགྲོ་བ་རིགས་དྲུག་སེམས་ཅན་རྣམས། །ས་གཞི་རབ་ཏུ་ཁེངས་པར་བསམ། །དེ་ལྟར་མགྲོན་རྣམས་སྤྱན་དྲངས་ལ། །སྔགས་འདིས་མགྲོན་རྣམས་ཚིམ་པར་བསམ། །རིགས་ཀྱི་བུ་དེ་ནི་འདི་ལྟ་སྟེ། ཏདྱ་ཐཱ། མ་ཧཱ་ཨཱ་བེ་ཤ་ཡ་ཨ། སརྦ་ཏ་ཐཱ་ག་ཏ། བྷ་ས་ལི། ཛྭ་ལ་ཡ། སརྦ་ཨ་མྲྀ་ཏ་ཀུནྡྷ་ལི་ཧ་ན་ཧ་ན་ཧཱུཾ། སརྦ་པྲེ་ཏ་མུད་ཏ་སིཾ་ཧཱུཾ། སྔགས་དེ་ལན་བདུན་བརྗོད་པར་བྱ། །རྫོགས་ཆེན་ཕྱག་རྒྱ་གཅིག་པར་འབུལ། །ཡོངས་སུ་དག་དང་མ་དག་པའི། །ཐམས་ཅད་འདོད་པ་བསྐང་བར་བསམ། །དང་པོ་འཕགས་པ་དཀོན་མཆོག་མཆོད། །གཉིས་པ་དཔལ་དང་མ་མོ་དང་། །ཆོས་སྐྱོང་སྲུང་མ་ལ་སོགས་མཆོད། །གསུམ་པ་འཇིག་རྟེན་འགོ་ལྷ་མཆོད། །བཞི་པ་རྒྱལ་ཆེན་བཞི་རྣམས་དང་། །ཚངས་པ་བརྒྱ་བྱིན་ལྷ་རྣམས་དང་། །གཟའ་དང་རྒྱུ་སྐར་ཐམས་ཅད་མཆོད། །ལྔ་པ་ལན་ཆགས་མགྲོན་ལའོ། །དྲུག་པ་ཡི་དྭགས་མགྲོན་རྣམས་མཆོད། །བདུན་པས་ཐམས་ཅད་ཚིམ་པར་བྱེད་པའོ། །དེ་ལྟར་བསྔོ་བ་རྣམས་རྫོགས་ནས། །བསྔོ་དང་ཆོས་ཀྱི་སྦྱིན་པ་བཏང་། །ཡེ་ཤེས་ལྔ་ཡི་འོད་ཟེར་ནི། །དབང་པོ་ལྔ་ཡི་འཕྲོ་འདུ་ལས། །འདོད་པའི་ཡོན་ཏན་ལྔ་ལྡན་པས། །ལྷ་ཡི་ལོངས་སྤྱོད་ལྔར་ལྡན་ཞིང་། །ཐམས་ཅད་ཚིམས་བྱེད་བདུད་རྩི་འདིས། །དཀོན་མཆོག་ཡོན་ཏན་ཐམས་ཅད་དང་། །རིགས་ལྔ་སྲས་དང་ཡུམ་དུ་བཅས། །དབང་ཆེན་ལྷ་ཚོགས་ཐམས་ཅད་དང་། །ཡི་དམ་ལྷ་དང་སློབ་དཔོན་དང་། །དཔལ་དང་མ་མོ་མཁའ་འགྲོ་དང་། །ཆོས་སྐྱོང་སྲུང་མ་འཁོར་བཅས་དང་། །དཀྱིལ་འཁོར་ལྷ་ཚོགས་ཀུན་ལ་བསྔོ། །སྲིད་པའི་མགྲོན་དུ་གྱུར་པ་ཡི། །རྒྱལ་ཆེན་བཞི་དང་གཙང་རིགས་ལྷ། །ཚངས་པ་བརྒྱ་བྱིན་འཁོར་དང་བཅས། །ཉེ་བའི་ལྷ་དང་གཟའ་རྣམས་
དང་། །སྲེད་མེད་བུ་དང་རྒྱུ་སྐར་དང་། །ཕྱོགས་སྐྱོང་འཁོར་དང་བཅས་ལ་འབུལ། །ལན་ཆགས་མགྲོན་ལ་བསྔོ་བ་ནི། །མཁའ་ལ་རྒྱུ་དང་བར་སྣང་རྒྱུ། །རི་རབ་གནས་དང་ངོས་ལ་གནས། །རྒྱ་མཚོར་གནས་དང་གླིང་ལ་གནས། །ས་དང་ཆུ་ལ་གནས་པ་དང་། །ཡིད་ཀྱིས་འགྲོ་དང་གཟུགས་ཀྱིས་འགྲོ། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང་། །འབྱུང་པོའི་ཚོགས་དང་ཤ་ཟ་དང་། །གཟུགས་ཅན་དང་ནི་གཟུགས་མེད་དང་། །ལྟོ་འགྲོ་དང་ནི་རྐང་འགྲོ་དང་། །མི་འམ་ཅི་དང་ཡི་དྭགས་དང་། །བྱོལ་སོང་རིགས་དང་ན་རག་དང་། །ཡི་དྭགས་རྣམས་ལ་ཟས་དང་སྐོམ། །ཐོགས་པ་མེད་པར་འབྱུང་འགྱུར་ཤོག །དེ་དག་རྣམས་ལ་ཅི་རིགས་པ། །རང་རང་འདོད་པ་ཚིམ་གྱུར་ཅིག །ཀུན་ཀྱང་གནོད་པ་མ་བྱེད་པར། །ལོངས་སྤྱོད་ལྔ་དང་ལྡན་གྱུར་ཅིག །ཅེས་རྫོགས་པ་རང་བྱུང་ཆེན་པོའི་རྒྱུད་ལས། ཆབ་གཏོར་གྱི་མན་ངག་མཆོད་པ་ལོངས་སྤྱོད་ཀྱི་ལེའུ་སྟེ་བཅུ་པའོ། །རྫོགས་སོའོ།། །།

ཐམས་ཅད་ཟློག་བྱེད་མཚོན་ཆའི་ལུང་།


DNG003_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། སརྦ་མ་ན་ཡ་སུ་ཀ་ནཱ་མ། བོད་སྐད་དུ། ཐམས་ཅད་ཟློག་བྱེད་མཚོན་ཆའི་ལུང་ཞེས་བྱ་བ། བཅོམ་ལྡན་འདས་སྟོབས་ཀྱིས་རྣམ་པར་འཇོམས་པའི་སྐུ་ལ་ཕྱག་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་དཔལ་རྟ་མཆོག་གིས། བར་ཆད་ཐམས་ཅད་ཟློག་པ་འདི་གསུངས་སོ། །ཀྱེ་ཀྱེ་གསང་སྔགས་འཆང་བའི་རིགས། །ལེགས་པར་ཉོན་ཅིག་རྡོ་རྗེ་འཛིན། །བར་ཆད་ཐམས་ཅད་བཟློག་འདོད་ན། །ང་ཡི་གསང་སྔགས་འདི་ལ་ཞུགས། །གསང་སྔགས་བཟླས་པ་བརྩོན་འདོད་ན། །དབེན་པའི་གནས་སུ་རབ་ཕྱིན་ལ། །རང་ཉིད་ཡི་དམ་ལྷར་བསྐྱེད་ལ། །དཔལ་ལྡན་རྡོ་རྗེ་སེམས་དཔའ་བསྒོམ། །ཉི་ཟླ་གསལ་བའི་དལ་བསྐྱེད་ཅིང་། །རྡོ་རྗེ་སེམས་དཔའི་ཐུགས་ཀའི་དལ། །ཨོཾ་བཛྲ་སཏྭ་ཧཱུཾ། སྔགས་དེ་རབ་ཏུ་གསལ་བར་བསྐྱེད། །ཐུགས་ཀའི་དལ་གྱི་སྟེང་དག་དུ། །ཡི་གེ་ཧྲཱྀཿའབར་བཞི་བསྐྱེད་དེ། །དེ་ལྟར་རབ་ཏུ་གསལ་བར་བསྐྱེད། །དེ་ནས་བསྐྱེད་པའི་སྔགས་འདི་བཟླས། །ཨོཾ་པདྨཱནྟ་ཀྲྀཏ་བཛྲ་མ་ཧཱ་ཀྲོ་ཏ་ཧ་ཡ་གྲཱི་


DNG003_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཧཱུཾ། གསང་སྔགས་དེ་ཉིད་བཟླས་པ་ཡིས། །ཧྲཱྀཿབཞི་འོད་དུ་རབ་ཞུ་ནས། །ཡི་གེ་གསུམ་ནི་ཞལ་གསུམ་སྟེ། །བཅོམ་ལྡན་དབང་ཆེན་དེ་ཉིད་ནི། །གཡས་དཀར་གཡོན་སྔོ་དབུས་ལྗང་ཞལ། །ཧྲཱྀཿགསུམ་སྟེང་དུ་ཆགས་པ་ལས། །རྟ་མགོ་ལྗང་གུ་གསུམ་དུ་བསམ། །རྟ་སྐད་དྲག་ཏུ་འཚེར་བར་བསམ། །གཡས་གཡོན་དང་པོ་ལྕགས་སྒྲོག་འཛིན། །གཡས་ཀྱི་བར་མ་རལ་གྲི་ལ། །དགྲ་སྟྭ་དག་ནི་ཐ་མའོ། །གཡོན་གྱི་བར་མས་གཤོལ་ལམ་གཏན། །ཐ་མས་ཐོ་བ་རབ་ཏུ་བསྣམས། །ཞབས་བཞིས་ས་བདག་ཀླུ་དབང་གནོན། །སྦྲུལ་དང་ཐོད་པའི་རྒྱན་ཆ་ལྡན། །དུར་ཁྲོད་རྒྱན་ཆས་རྣམ་པའོ། །དེ་ལྟར་གསལ་བར་བསྒོམ་པའོ། །ཤིན་ཏུ་གསང་བའི་སྔགས་འདིའོ། །ཨོཾ་པདྨཱནྟ་ཀྲྀཏ་ཡ་གྷྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། གསང་སྔགས་དེ་ཉིད་བཟླས་པ་ཡིས། །རྟ་མགྲིན་བསམ་གྱིས་མི་ཁྱབ་པས། །ས་གཞི་བར་སྣང་གང་བར་བསམ། །སྟོང་གསུམ་འཇིག་རྟེན་ཁེངས་པའོ། །དེ་ལྟར་རབ་ཏུ་བསམ་རྫོགས་ནས། །དབང་ཆེན་གསང་བའི་ཐུགས་ཀ་རུ། །ཕྱག་ན་རྡོ་རྗེ་གསལ་བར་བསྒོམ། །སྐུ་མདོག་སྔོན་པོ་ཞལ་གཅིག་པའོ། །དེ་ལྟར་ལྷ་གསུམ་བསྒོམ་བྱས་ལ། །ཀླུ་ལ་སོགས་པའི་གདོན་རྣམས་བསྐྲད། །མཆོད་པའི་ལས་རྣམས་ཅི་ནུས་བྱ། །ཤིན་ཏུ་དབེན་ཞིང་ཉམས་དགའ་བར། །རྣལ་འབྱོར་དགེ་སྦྱོར་དོན་ལ་བརྩོན། །གང་དག་མི་ཡི་རིགས་རྣམས་ལ། །ས་བདག་ལ་སོགས་གདོན་ཞུགས་ན། །དེ་དག་བཅོས་ཤིང་བསྐྲད་པའི་ཐབས། །བརྟག་པ་དག་དང་བཅས་འདིའོ། །ཁ་དང་སྣ་དང་མིག་དག་དང་། །དབང་པོ་ལྔ་ནས་ཞུགས་པ་དང་། །མགོ་དང་རྐང་པ་ལག་པ་དང་། །ཡན་ལག་ལྔ་ལ་འཇུག་པའི་ས། །གསང་བའི་གནས་དང་སྙིང་ག་དང་། །ཕོ་ཁ་སྨིན་ཕྲག་པུས་མོ་ནི། །ཀླུ་རྣམས་འཇུག་པའི་གནས་སུ་བཤད། །དབང་པོ་ལྔ་ལ་ཞུགས་པ་དང་། །འབྲས་བུ་སྣ་རྩེར་འབྱུང་བར་ངེས། །རང་ངམ་གཞན་དག་གང་ཞུགས་ཀྱང་། །དེ་ཉིད་རབ་ཏུ་བཅོས་པའི་ཐབས། །སྔགས་ཀྱིས་བཅོས་དང་རྫས་ཀྱིས་


DNG003_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

བཅོས། །སྔགས་ཀྱིས་གསོ་བ་འདི་ལྟ་སྟེ། །གསང་སྔགས་གོང་མའི་རྗེས་དག་ཏུ། །དྲག་སྔགས་འདི་ཉིད་བཏགས་ལ་བཟླས། །ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ། སྔགས་དེ་རབ་ཏུ་བཟླ་བྱ་ཞིང་། །དང་པོ་ཞི་བས་ཐར་བྱ་ཞིང་། །དེ་ཡིས་ཐར་བར་མ་གྱུར་ན། །བགེགས་རྣམས་བསྐྲད་པའི་སྦྱོར་བ་བྱ། །བག་ཟན་བཟང་པོ་དག་ལ་ཡང་། །རྨི་ལམ་དག་ཏུ་གང་བྱུང་བའི། །གཟུགས་བརྙན་རྒྱས་པར་བྱ་བའོ། །ཕྱི་དང་ནང་གི་ནད་རྣམས་ཀྱང་། །ཚ་གྲང་གཉིས་ལས་མ་འདས་ཕྱིར། །བདག་གམ་གཞན་དག་བསྲུང་བ་ཡི། །གང་ཡང་རུང་བའི་མི་དེ་ལ། །གྲང་བའི་ནད་དང་ལྡན་པ་ལ། །གཟུགས་དེ་སྔོ་སྐྱ་དག་གིས་བྱུག །བལ་ནག་སྐྲ་ཚུགས་ཐུར་དུའོ། །ཚ་བའི་ནད་ཉིད་ཤས་ཆེ་ན། །གཟུགས་ཀྱི་ཁ་དོག་དམར་སེར་ཏེ། །རལ་པ་སྐྲ་ཚུགས་གྱེན་ལ་བསྒྲེང་། །བདག་ཉིད་བསྲུང་བ་བྱེད་པ་ན། །བདག་གི་མལ་གྱི་འོག་ཏུ་ཡང་། །གྲུ་གསུམ་དག་ནི་གཏིང་དུ་བརྐོ། །ཁྲུ་གང་གཏིང་ལ་ཐུར་དུ་བྱ། །ཚུར་ལ་ཁྲུ་གང་ཚད་དུ་བྱ། །ཁྲུ་ཡི་ངོས་ལ་ཁྲུ་ཕྱེད་ཚད། །དུར་ཁྲོད་སོལ་བས་ནག་པོར་བྱུག །དོང་གི་ནང་དུ་གཟུགས་བརྙན་གཞག །དུར་ཁྲོད་ཐལ་བས་བྱུགས་ལ་ཤིང་གིས་ཁ་ཡང་བཅད། །ཤིང་ལ་རི་རབ་འཁོར་ཡུག་བྲི། །དེ་ཡི་སྟེང་དུ་མལ་བཅས་ལ། །རྣལ་འབྱོར་ལྷ་དང་ལྡན་པ་ཡིས། །གསང་སྔགས་བཟླས་ཤིང་གནན་པར་བྱ། །གཞན་གྱི་ལུས་བསྲུང་བྱེད་པ་ན། །དཀྱིལ་འཁོར་སྟེང་དུ་གཟུགས་དེ་བཞག །ཕྱག་ན་རྡོ་རྗེའི་གཟི་བརྗིད་ཀྱིས། །ནད་པའི་ལུས་ཀྱི་གདོན་བསྡུས་ནས། །རྨ་བྱ་མདོངས་དང་ལྡན་པའི་སྒྲོས། །ནད་པའི་ལུས་ལ་བྱབ་བྱ་ཞིང་། །གཟུགས་བརྙན་དེ་ལ་བསྡིམ་པར་བྱ། །བལ་ནག་སྐུད་པ་སུམ་བསྒྲིལ་གྱིས། །ནད་པའི་ལུས་ལ་བསྐོར་བྱ་ཞིང་། །གཟུགས་བརྙན་དག་གི་ལུས་ལ་བཅིངས། །དེ་ནས་ལྷ་ཡི་དཀྱིལ་འཁོར་སོགས། །ཞག་དགུ་བསྒྲུབ་པ་བྱས་ནས་ནི། །ལྷོའམ་ནུབ་ཏུ་སྦྱིན་བསྲེག་བྱ། །


DNG003_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

གསང་སྔགས་བཟླས་པ་ནུས་ཚད་བྱའོ། །ཕུར་པ་དག་དང་རྡོ་རྗེ་ཡིས། །གཟུགས་དེ་དུམ་བུར་གཏུབ་བྱ་ཞིང་། །བཅོམ་ལྡན་མེ་ལྷའི་ཚོགས་ལ་འབུལ། །དེ་ཉིད་ལ་ནི་བརྒྱ་རྩ་བྱ། །དེས་ནི་གདོན་ལས་ཐར་བར་འགྱུར། །རྫས་ནི་གུ་གུལ་མུ་ཟི་དང་། །གླ་རྩི་ཆུ་དག་གཉིས་སུ་སྦྱར། །རང་གི་དྲི་ཆུས་ཆུ་བྱས་ལ། །ལུས་ལ་བྱུགས་པས་འབྱུང་པོ་འབྲོས། །དེས་ནི་འབྱུང་པོའི་གདོན་ལས་ཐར། །ཡན་ལག་དག་ལ་ཞུགས་པ་ལ། །འབྲས་བུ་རྩི་ལོག་ཤ་རོ་འབྱུང་། །གདོན་དེ་ཉིད་ལས་ཐར་བའི་ཐབས། །གསང་སྔགས་གོང་དང་འདྲ་བ་ལས། །མུ་ཟི་ཚིལ་ཆེན་ཤ་ཆེན་དང་། །གླ་རྩི་བ་བླ་ཏི་ཚ་དང་། །ཡུངས་ཀར་དུར་ཁྲོད་ཐལ་བ་སྦྱར། །དེ་ལ་གསང་སྔགས་གདབ་བྱ་ཞིང་། །དུས་བཞིར་ལུས་ལ་བྱུགས་བྱ་ཞིང་། །ཆུ་གཙང་སྔགས་བཏབ་ལྟོར་བཏང་ཞིང་། །མུ་ཟི་གུ་གུལ་དུད་པ་ཡིས། །སྣ་བུག་དག་ནས་བདུག་པར་བྱ། །སྦྲུལ་དང་སྦལ་པ་ལྕོང་མོ་དག །ཁ་དང་སྣ་ནས་ཐོན་པར་བསམ། །དེ་ལྟར་སྦྱོར་བ་རབ་བྱས་ན། །ཟླ་བ་གསུམ་གྱིས་གདོན་ལས་ཐར། །གནས་ལྔ་དག་ཏུ་ཞུགས་པ་ན། །འབྲས་བུ་སྨིན་མ་བྱི་བར་ངེས། །དེ་ལས་ཐར་བར་བྱ་བའི་ཐབས། །གསང་སྔགས་དག་ནི་སྦྱོར་བ་བརྩམ། །གདོན་རྣམས་ཐམས་ཅད་འཇོམས་བྱེད་པའི། །དྲག་སྔགས་གསང་བ་འདི་ཉིད་བསྟན། །ཨོཾ་བཛྲ་ཀྲོ་ཏ་ཧྱ་གྷྲཱི་བ་ནཱི་ལཾ། བཛྲ་པཱ་ཎི་མཱ་ར་ཡ་མྱོགས་མྱོགས། མཱ་ར་ཡ་སོད་སོད། མཱ་ར་ཡ་གཏོགས་ཤིག །ཟུང་ཞིག་རབ་ཏུ་སོད། མཱ་ར་ཡ་སོད་མཱ་ར་ཡ་ཛ་ཛ། དྲག་སྔགས་དེ་ནི་རྒྱུན་དུ་བགྲང་། །ལྷ་གསུམ་ཡིད་ལ་གསལ་བ་ཡིས། །སྔགས་དེ་རྒྱུན་དུ་བཟླས་ན་ནི། །འབྱུང་པོ་ཐམས་ཅད་སྐྲག་པར་ངེས། །བདུན་འབུམ་དག་གིས་རབ་ཏུ་འགྲུབ། །དགྲ་བགེགས་གང་ཡང་རུང་བ་རྣམས། །ཟླ་བ་གསུམ་གྱིས་ཚར་གཅོད་འགྱུར། །རྨ་ནི་གང་དུ་བྱུང་བ་དེར། །སྔགས་གདབ་མཆིལ་མ་བྱུགས་པར་བྱ། །དེ་ལྟར་རྟག་ཏུ་བྱས་པ་ན། །གནས་ལྔའི་གདོན་ལས་ཐར་བར་འགྱུར། །དེ་ནི་གདོན་གྱི་གནས་སྲུང་སྟེ། །གདོན་རྣམས་འཇུག་པའི་


DNG003_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

གནས་རྣམས་ནི། །རྣམ་པ་བཅོ་ལྔ་དག་གིས་བཤད། །དེ་དག་གོང་དུ་སྨོས་པ་བཞིན། །འཇུག་སྒོའི་གདོན་ལས་ཐར་བའོ། །ཡི་དྭགས་གདོན་འདི་བསམ་ཡས་ཀྱང་། །རིགས་ནི་རྣམ་པ་གསུམ་དུ་འདུས། །ཀླུ་ལ་སོགས་པའི་ས་གདོན་དང་། །ཤ་ཁྲག་མཆོད་པར་འདོད་པའི་རིགས། །འབྱུང་པོ་དུར་ཁྲོད་གནས་པའི་རིགས། །རྣམ་པ་གསུམ་དུ་ང་ཡིས་བཤད། །འཇུག་པའི་གནས་ནི་རྣམ་པ་གསུམ། །རྩ་དང་ཁྲག་ལ་འཇུག་པ་དང་། །པགས་པ་རུས་ལ་འཇུག་པ་དང་། །སྙིང་དང་མགོ་ལ་འཇུག་པ་སྟེ། །དེ་རྣམས་གདོན་ནི་ཞུགས་པའི་རྟགས། །བདག་གམ་གཞན་བསྲུང་སྐྱེས་བུ་དེ། །སྔ་མའི་བཞིན་དང་མདོག་དག་ལས། །བཞིན་མདངས་མེད་ཅིང་བསམ་པ་ཆུང་། །སྤྱོད་པ་གཞན་དུ་འགྱུར་བ་ནི། །གང་དག་མཛེས་པར་སྤྱོད་ཀྱང་རུང་། །མི་མཛེས་པ་ཡི་སྤྱོད་ཀྱང་རུང་། །དགེ་དང་མི་དགེའི་སྤྱོད་ཡུལ་ནི། །འཕྲལ་གྱིས་རྐྱེན་དབང་མ་ཡིན་ན། །གདོན་གྱིས་ཟིན་པའི་མཚན་མར་བསྟན། །དེ་ལྟར་གྱུར་པའི་མི་དེ་ལ། །ཞི་བའི་གཏོར་མས་མཆོད་པར་བྱ། །དེ་ནས་བགེགས་དེ་མ་བསྐྲད་ན། །ནད་དེ་འཕེལ་ནས་མ་རུངས་བྱེད། །དེ་ཡང་རང་རང་བརྟགས་པ་ནི། །ཀླུ་ཡི་རིགས་ཀྱིས་ཟིན་པ་ན། །ནད་རྣམས་གྲང་བར་འབྱུང་བར་ངེས། །ལུས་དང་ཡན་ལག་སྦྲིད་ཅིང་རེངས། །ནད་རྣམས་ལྗི་ཞིང་ལུས་སེམས་གཡེངས། །དེ་ལྟར་ཞུགས་པའི་རྟགས་རྣམས་ནི། །ཀླུ་ཡི་གདོན་གྱིས་ཟིན་པར་ངེས། །མ་མོའི་གདོན་གྱིས་ཟིན་པ་ན། །ཚ་བའི་ནད་དུ་འབྱུང་བར་ངེས། །སེམས་དང་ལུས་ནི་ལྗི་བས་ཟིན། །དྲན་པ་ཉམས་ཤིང་ཤེད་ཀྱང་རྨུགས། །དེ་ལྟར་ནད་ཀྱིས་ཟིན་པ་ན། །མ་མོའི་གདོན་གྱིས་ཟིན་པར་ངེས། །འབྱུང་པོ་རོ་ལངས་གདོན་རྣམས་དང་། །རྒྱལ་པོ་ལ་སོགས་གདོན་རྣམས་ནི། །སྣ་ཚོགས་གདོན་གྱིས་ཟིན་གྱུར་ན། །གློ་བུར་ནད་ནི་སྣ་ཚོགས་འབྱུང་། །དེ་ལྟར་ནད་ཀྱིས་ཟིན་གྱུར་ན། །འབྱུང་པོའི་གདོན་རྣམས་ཡིན་པར་ངེས། །དེ་ལྟར་རྣམ་གསུམ་གདོན་དག་ནི། །རང་རང་གནས་སུ་ཞི་བའི་ཐབས། །ཀླུ་ཡི་གདོན་གྱིས་ཟིན་པ་ལ། །ཆབ་གཏོར་གཙང་མའི་གཏོར་མས་


DNG003_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད། །མ་མོའི་ནད་ཀྱིས་ཟིན་པ་ན། །ཞི་བའི་སྦྱིན་སྲེག་ཤ་ཁྲག་མཆོད། །ཁྲག་དང་བཅས་པས་མཆོད་པར་བྱ། །འབྱུང་པོའི་ནད་ཀྱིས་ཟིན་པ་ལ། །ཁ་ཟས་སྣ་ཚོགས་གཏོར་མས་མཆོད། །དེ་ཡིས་ཐར་བར་མ་གྱུར་ན། །དྲག་པོའི་སྦྱོར་བ་བརྩོན་པར་བྱ། །ཞི་རྒྱས་དབང་དྲག་མངོན་སྤྱོད་པའི། །ལས་ནི་ཅི་རིགས་སྦྱོར་བ་བརྩམ། །དེས་ནི་གདོན་ལས་ཐར་བར་འགྱུར། །ཀླུ་ཡི་གདོན་ལ་རིགས་ལྔ་སྟེ། །རྒྱལ་རིགས་དང་ནི་བྲམ་ཟེའི་རིགས། །རྗེའུ་རིགས་དམངས་རིགས་གདོལ་པའི་རིགས། །ཀླུ་རིགས་ལྔ་ཡི་གདོན་དག་ནི། །འཇུག་པའི་སྒོ་ནི་རྣམ་པ་ལྔ། །གནས་ནི་རྣམ་པ་ལྔ་རུ་གནས་པའོ། །གབ་པའི་ཡུལ་ནི་རྣམ་པ་ལྔ། །དེ་ལྟར་གནས་པའི་རྒྱུ་བརྟགས་དང་། །རྣམ་སྨིན་རིག་དང་གསོར་རུང་བརྟག །རྒྱལ་རིགས་ཀླུ་ཡི་འཇུག་ས་ནི། །སྤྱི་བོའི་གཙུག་ནས་འཇུག་པར་ངེས། །དེ་ཉིད་བརྟག་པ་རབ་ཏུ་གཅེས། །མི་ཡི་རིགས་དང་ཀླུ་ཡི་རིགས། །སྦྱར་ནས་བརྟགས་པ་འདི་ལྟར་བྱ། །ཞུགས་ནི་ཟིན་པའི་བརྟག་པ་དང་། །ཕྱིས་ནི་འཇུག་ཏུ་འགྲོ་བ་བརྟག །སྤྱི་གཙུག་ཐེགས་པའི་རྟགས་རྣམས་ནི། །གསང་བའི་གནས་སུ་འབྱུང་བར་ངེས། །གནས་པའི་ས་ནི་མགྲིན་པའོ། །གབ་པའི་ས་ནི་སྙིང་གའོ། །རྒྱལ་རིགས་ཀླུ་ཡིས་ཟིན་པ་དེ། །སྙིང་ནི་མི་དགའ་འགྲོ་སྙིང་འདོད། །རི་བོས་མནན་སྙམ་བྱེད་པའོ། །དམངས་རིགས་དག་གི་མི་དག་ལ། །རྒྱལ་རིགས་ཀླུ་ཡི་རྟགས་རྣམས་བྱུང་བ་ན། །མི་དེ་མི་ཐར་སྟོང་ཉིད་བསྒོམ། །རྒྱལ་རིགས་རྗེའུ་རིགས་མི་དག་ལ། །གོང་གི་རྟགས་དེ་བྱུང་བ་ན། །སྔགས་དང་རྫས་ཀྱི་བསྲུང་བ་འབད། །དེས་ནི་གདོན་ལས་ཐར་བར་འགྱུར། །བྲམ་ཟེའི་རིགས་དང་གདོལ་པ་ལ། །རྒྱལ་རིགས་ཀླུ་ཡི་ཐེབས་གྱུར་ན། །དྲག་པོའི་ལས་བྱས་ཐར་བར་འགྱུར། །དེ་དག་རྒྱལ་རིགས་གདོན་གྱི་བརྟགས་པའོ། །རྗེ་རིགས་ཀླུ་ཡི་བརྟགས་པ་ནི། །འཇུག་པའི་


DNG003_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་ནི་སྨིན་ཕྲག་གོ། །སྨིན་པའི་འབྲས་བུ་མིག་ལའོ། །གློ་བར་གནས་ཞིང་ཟ་བར་བྱེད། །གབ་པའི་ཡུལ་ནི་རུས་པ་ཁོལ། །རྗེའུ་རིགས་ཀླུ་ཡིས་ཟིན་པའི་མི། །སྨིན་མ་ཟ་ཞིང་འཕྲུག་པར་བྱེད། །ལུས་ལ་རྨ་དང་སྐྲངས་པ་འབྱུང་། །རུས་པ་ཁོལ་ཞིང་ན་ཚ་ཆེ། །དེ་ལྟར་བྱུང་བའི་མི་དེ་ཡང་། །རྗེའུ་རིགས་ཀླུ་ཡིས་ཟིན་པར་ངེས། །ཆོ་གའི་སྦྱོར་བ་འབད་པར་བྱ། །རྒྱལ་རིགས་མི་ལ་ཟིན་གྱུར་ན། །ཡུན་རིང་བར་དུ་མི་ཐར་བས། །དབང་དང་བསྒྲུབ་པ་ཆེན་པོ་དང་། །རིགས་སྔགས་རྒྱུན་དུ་བཟླས་པས་ཐར། །དམངས་རིགས་མི་ལ་ཞུགས་པ་ན། །ཞི་བའི་ལས་རྣམས་བརྩམས་པས་འགྲུབ། །རྗེའུ་རིགས་མི་ལ་ཞུགས་པ་ན། །དྲག་པོའི་སྔགས་དང་སྦྱིན་སྲེག་གིས། །མྱུར་དུ་བགེགས་ལས་ཐར་བར་འགྱུར། །བྲམ་ཟེའི་རིགས་ལ་ཞུགས་པ་ན། །གསང་སྔགས་བཟླས་ཞིང་ལྷ་བསྒོམ་པས། །མྱུར་དུ་གདོན་ལས་ཐར་བར་འགྱུར། །གདོལ་པའི་རིགས་ལ་ཞུགས་པ་ན། །ཆུ་ཡི་ཧོམ་དང་གཏོར་མས་འགྲུབ། །དེས་ནི་རྗེའུ་རིགས་གདོན་ལས་ཐར། །བྲམ་ཟེའི་རིགས་ཀྱི་ཀླུ་རྣམས་ནི། །ཞུགས་པའི་བརྟག་པ་འདི་ལྟར་རོ། །འཇུག་པའི་སྒོ་ནི་གསང་བའི་གནས། །འབྲས་བུ་སྨིན་པའི་ས་ཉིད་ནི། །ལུས་ལ་ཤ་བཀྲ་ཤུ་བ་འབྱུང་། །མཆིན་པར་གནས་ཤིང་ཁྲག་ལ་ཟ། །གབ་པའི་ས་ནི་ཤ་མཐོང་བས། །བྲམ་ཟེའི་རིགས་ཀྱི་རྟགས་རྣམས་ནི། །ཁ་སྣ་སྐམ་ཞིང་ཆུ་དད་ཆེ། །སྣ་ནས་ཁྲག་ནི་རྒྱུན་དུ་འབྱུང་། །གཞོགས་ནི་གཡས་པ་ན་བ་དང་། །ཕྱིས་ནི་རྐང་ལག་ཞ་བར་ངེས། །མིག་གི་བཀྲག་དང་ཤ་བཀྲག་ཤོར། །ཤེས་པ་ཉམས་པའི་རྟགས་རྣམས་ནི། །བྲམ་ཟེའི་རིགས་ཀྱིས་ཟིན་པར་ངེས། །རྒྱལ་རིགས་མི་ལ་ཟིན་གྱུར་ན། །རབ་ཏུ་ཐར་བར་དཀའ་བར་ངེས། །དམངས་རིགས་མི་ལ་ཟིན་གྱུར་ན། །སྤོས་དང་ཙན་དན་དྲི་ཞིམ་དང་། །ཆུ་གཙང་ཆུ་ཡིས་སྦྱར་བྱས་ལ། །ནད་པའི་ལུས་རྣམས་བཀྲུས་བྱས་པས། །ཟླ་བ་དྲུག་ནས་ཐར་བར་ངེས། །རྗེའུ་རིགས་མི་ལ་ཟིན་གྱུར་ན། །དྲག་པོའི་ལས་རྣམས་བརྩམ་པས་འགྲུབ། །བྲམ་ཟེའི་རིགས་རྣམས་ཟིན་གྱུར་ན། །


DNG003_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་དང་ཕྱག་རྒྱ་བསྟན་པས་འགྲུབ། །གདོལ་པའི་རིགས་རྣམས་ཟིན་གྱུར་ན། །མནན་དང་སྦྱིན་སྲེག་བྱས་པས་འགྲུབ། །དེ་ལྟར་སྦྱོར་བ་རབ་བྱས་ན། །བྲམ་ཟེའི་རིགས་ལས་ཐར་བར་འགྱུར། །དམངས་རིགས་གདོན་གྱི་བརྟག་ཐབས་ནི། །འཇུག་ས་མིག་ལ་འཇུག་པར་ངེས། །མཁལ་མར་གནས་ཞིང་རྩ་ལ་ཟ། །གབ་པའི་ས་ནི་ཚིགས་པའོ། །མིག་རྩ་དམར་ཞིང་གསུས་པ་ཆེ། །སྨིན་པའི་ས་ནི་རྐང་མཐིལ་ལོ། །ཚིགས་པ་ན་ཞིང་དྲན་པ་ཉམས། །ཚིག་པ་ཟ་ཞིང་ཉམས་མི་དགའ། །ཕྱིས་ནི་ཀྱོག་པོར་འགྲོ་བར་ངེས། །ངོ་བཀྲག་འཆོར་ཡང་སོ་ཡང་དཀར། །ཕྱིས་ནི་མཛེ་རུ་འགྲོ་བར་ངེས། །དེ་རྣམས་རྟགས་དང་ལྡན་པ་ལ། །དམངས་རིགས་གདོན་དུ་རིག་པར་བྱ། །རྒྱལ་རིགས་མི་ལ་ཟིན་པ་ན། །སྣ་ཚོགས་སྦྱོར་བ་བྱས་པ་ཡིས། །མྱུར་དུ་གདོན་ལས་ཐར་བར་འགྱུར། །རྗེའུ་རིགས་མི་ལ་ཟིན་པ་ན། །བདག་ཉིད་དབང་ཆེན་འབར་བར་བསྒོམ། །ཤིན་ཏུ་ཁྲོས་པའི་ངང་དུ་གསལ། །དབུ་གསུམ་ཕྱག་བརྒྱད་ཞབས་བཞི་འཇིགས། །རྟ་མགོ་གསུམ་ནི་དྲག་ཏུ་འཚེར། །སྐུ་མདོག་སྔོ་ནག་རབ་ཏུ་འཇིགས། །དུར་ཁྲོད་རྒྱན་གྱིས་སྐུ་ལ་བརྒྱན་པའོ། །གཡས་ཀྱི་དང་པོ་ཁ་ཊྭཱཾ་ག །བར་མ་རྔེའུ་ཆུང་རབ་ཏུ་འཛིན། །དེ་ཡི་འོག་མས་རལ་གྲི་ཕྱར། །ཐ་མ་གཉིས་ནི་མདའ་གཞུ་འགེང་། །གཡོན་གྱི་དང་པོ་མདུང་ཐུང་ངོ་། །འོག་མས་གསེར་གྱི་ཞགས་པ་བརྐྱང་། །དེ་ཡི་འོག་མ་བེ་ཅོན་བསྣམས། །གཡས་ཀྱི་ཞབས་བརྒྱད་ལྷ་ཆེན་མནན། །གཡོན་གྱི་ཞབས་བརྒྱད་ཀླུ་བརྒྱད་བརྫིས། །དེ་ལྟར་གསལ་བར་བསྒོམས་ནས་ནི། །རིགས་གསུམ་ཁྲོ་བོ་མདུན་དུ་བསམ། །གསང་སྔགས་བཟླས་པ་རྫོགས་པ་ཡིས། །དམངས་རིགས་གདོན་ལས་ཐར་བར་འགྱུར། །གདོལ་པའི་རིགས་ཀྱི་རྟགས་རྣམས་ནི། །འཇུག་པའི་སྒོ་ནི་རྐང་མཐིལ་ནས། །གནས་ནི་མཆེར་པར་གནས་པ་ལ། །རྩ་རྣམས་ལ་ཡང་ཟ་བར་བྱེད། །གབ་པའི་ས་ནི་ཆུ་རྒྱུས་ན། །འབྲས་བུ་སྨིན་མ་མཚུལ་ཁུང་སྟེ། །ན་ཚ་རབ་ཏུ་ཆེ་བ་དང་། །ལུས་ལ་ཁུ་


DNG003_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲིགས་མང་པོ་འོང་། །སོག་ཕྲག་དག་ནི་འཁྱུག་པ་དང་། །སྐབས་སུ་གློ་འཁྱུག་ཚིག་པ་ཟ། །ཤེས་པ་འཐིབ་ཅིང་ཉལ་ལ་དགའ། །ཁ་ཟས་དག་ནི་སྐྱུགས་པར་བྱེད། །ཕྱིས་ནི་ཚིགས་སུ་ཆད་པར་ངེས། །རྟགས་ནི་དེ་དང་ལྡན་པ་ན། །གདོལ་རིགས་ཀླུ་ཡིས་ཟིན་པར་ངེས། །ནད་ཀྱང་གློ་བུར་ཐུག་གིས་འོང་། །དེ་ལ་བཅོས་ཞིང་བསྐྲད་པའི་ཐབས། །འདི་ལྟར་རབ་ཏུ་བརྩམ་པར་བྱ། །རྒྱལ་རིགས་ལ་སོགས་མི་རྣམས་ལ། །གནོད་པར་བྱེད་པའི་བགེགས་བསྐྲད་པ། །ཞི་རྒྱས་དབང་དྲག་རྫོགས་པར་བྱ། །དེ་ལྟར་སྦྱོར་བ་རབ་བྱས་ན། །གདོལ་རིགས་ཀླུ་ལས་ཐར་བར་འགྱུར། །ཀླུ་རིགས་ལྔ་ཡི་གདོན་རྣམས་ནི། །རྒྱལ་རིགས་དག་གིས་ཟིན་གྱུར་ན། །ཐར་བར་དཀའ་ཞིང་ནད་ཀྱང་འོང་། །དྲག་པོའི་སྦྱོར་བས་བསྐྲད་པར་བྱ། །དྲག་པོའི་ལས་ཀྱིས་མ་ཐར་ན། །ཞི་རྒྱས་སྤྱོད་པའི་ལས་ཀྱིས་བསྐྲད། །རྗེའུ་རིགས་ཀླུ་ཡིས་ཟིན་གྱུར་ན། །ནད་ཀྱི་དཔྱད་ནི་གསུམ་འོང་སྟེ། །དེ་དག་དང་པོ་བཅོས་པའི་ཐབས། །དང་པོ་བདེན་བདར་ཟས་ཀྱིས་མཆོད། །དེས་ཀྱང་ཕན་པར་མ་གྱུར་ན། །དྲག་པོའི་ལས་ལ་ནན་ཆེར་བྱ། །བྲམ་ཟེའི་རིགས་ཀྱིས་ཟིན་གྱུར་ན། །དང་པོ་ཁྲུས་དང་གཙང་སྦྲས་མཆོད། །དེས་ཀྱང་ཕན་པར་མ་གྱུར་ན། །ཞི་བའི་ལས་ལ་ཕལ་ཆེར་འབད། །དམངས་རིགས་གདོན་གྱིས་ཟིན་པ་ན། །ཟས་དང་གཏོར་མས་མཆོད་པར་བྱ། །དེས་ཀྱང་ཕན་པར་མ་གྱུར་ན། །རྒྱས་པ་ཉིད་ལ་འབད་པར་བྱ། །གདོལ་པའི་རིགས་ཀྱིས་ཟིན་གྱུར་ན། །དང་པོ་ཆུ་ཡི་ཧོམ་ཁུང་བྱ། །དེ་ཡིས་ཕན་པར་མ་གྱུར་ན། །དབང་གི་སྦྱིན་སྲེག་རྫོགས་པར་བྱ། །རིགས་ལྔ་ཀླུ་ཡིས་ཟིན་གྱུར་ན། །དང་པོ་ཞི་བའི་སྦྱོར་བ་བྱ། །ཆབ་གཏོར་དང་ནི་འོ་མས་མཆོད། །ཆབ་གཏོར་རྒྱས་པར་བྱ་བ་ནི། །མཚོ་ཡི་ཆུ་དང་ལྟེང་ཀའི་ཆུ། །ལུ་མའི་ཆུ་དང་རྫིང་བུའི་ཆུ། །ཁྲོན་པའི་ཆུ་དང་འབབ་པའི་ཆུ། །ཆུ་སྣ་ཚོགས་ཚད་བླངས་ལ་ཡང་། །ཤིན་ཏུ་གཙང་བའི་སྣོད་དུ་བླུག །བ་དམར་དག་གི་འོ་མ་དང་། །མེ་ཏོག་མཛེས་


DNG003_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

པས་བརྒྱན་པར་བྱ། །ས་བཟང་དང་ནི་གུ་གུལ་དཀར། །ཀླུ་སྨན་སྣ་ཚོགས་དག་དང་ནི། །བག་ཟན་དག་དང་སྦྱར་བྱ་ཞིང་། །ཀླུ་ཡི་གཟུགས་ནི་སྣ་ཚོགས་བྱ། །ཆུ་དེའི་ནང་དུ་གཞུག་པར་བྱ། །པདྨ་འདབ་བརྒྱད་དཀར་པོ་སྟེ། །གེ་སར་ཆུ་ཡི་སྣོད་དེར་གཞག །འབྲས་ཆེན་ལ་སོགས་ཟས་བཟང་དང་། །འོ་མ་སྨན་དུ་སྦྱར་བ་ཡི། །གཏོར་མ་གཅིག་ནི་གཞག་པར་བྱ། །མཆོད་པའི་ཡོ་བྱད་ཚོགས་པ་དང་། །བདག་ཉིད་ཁྲུས་ནི་རབ་བྱས་ལ། །གོས་ནི་གཙང་མ་གོན་པར་བྱ། །སྤོས་དང་དྲི་སྣ་ཚོགས་ཀྱིས་བྱུགས། །ཆུ་དེའི་ནང་དུ་བླུག་པའི་རྫས། །མེ་ཏོག་སྤོས་དང་ཙནྡན་དང་། །རིན་པོ་ཆེ་རྣམས་བརྡར་ལ་བླུག །རྩ་བའི་གསང་སྔགས་རྗེས་ཉིད་དུ། །སྔགས་འདིས་ཀླུ་རྣམས་མཆོད་པར་བྱ། །སརྦ་པཉྩ་ནཱ་ག་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། གསང་སྔགས་དེ་ཡིས་མཆོད་པའོ། །གཏོར་མ་གསང་སྔགས་འདི་ཡིས་འབུལ། །སརྦ་པཉྩ་ནཱ་ག་ཨི་དཾ་བ་ལིཾ་གྲྀཧྞཱ་གྲྀཧྞཱ་པ་ཡ་སྭཱ་ཧཱ། ལན་བདུན་དག་གིས་ཀླུ་རྣམས་མཆོད། །ཨུཏྤལ་ལྟ་བུའི་ཕྱག་རྒྱ་ཡིས། །གཙང་མའི་ཀླུ་རྣམས་མཆོད་པར་བསམ། །ཆུ་དང་བཅས་པའི་གཏོར་མ་ནི། །ཀླུ་རྣམས་གནས་པའི་ས་རུ་བསྐྱལ། །དེས་ནི་ཀླུ་ཡི་གདོན་རྣམས་ཐུབ། །དེས་ཀྱང་གདོན་དང་མ་བྲལ་ན། །དྲག་པོའི་ལས་རྣམས་བརྩམ་པར་བྱ། །དབང་ཆེན་ཏིང་འཛིན་རབ་ལྡན་པས། །བདག་གི་ཐུགས་ཀའི་ཧཱུཾ་ཉིད་ལས། །ཕྱག་ན་རྡོ་རྗེ་གཏུམ་པོར་བསམ། །བདག་ཉིད་དཔུང་པ་གཡས་པ་ན། །ཡི་གེ་ཧྲཱྀཿགཅིག་ཆད་པ་ལས། །ཁྲོ་བོ་རྟ་མགྲིན་དམར་པོར་བསམ། །རྟ་མགྲིན་དེ་ལས་འོད་འཕྲོས་པས། །གཤིན་རྗེའི་གཤེད་དང་མི་གཡོ་མགོན། །ཤིན་ཏུ་གཏུམ་པའི་ཁྲོ་བོར་བསམ། །དེ་ལྟར་ལྷ་རྣམས་བསྐྱེད་པ་དང་། །ཐོག་མའི་གསང་སྔགས་རྗེས་དག་ཏུ། །གསང་སྔགས་འདི་ཡིས་ཀླུ་རྣམས་བསད། །ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ན་ནཱ་ག་མཱ་ར་ཡ་མྱོགས་མྱོགས། ནཱ་ག་མཱ་ར་ཡ་ཐུམ། ནཱ་ག་མཱ་ར་ཡ་ཤིག །རོ་ལ་རྨུགས། ཤག་མཱ་ར་ཡ། སྙིང་ཁྲག་ཚལ་པ་བཾ་རིལ་གཏུབ་གཏུབ། གསང་སྔགས་དེས་ནི་ཀླུ་རྣམས་གསོད། །འབྱུང་པོ་ཐམས་ཅད་ཚར་གཅོད་བྱེད། །དྲེགས་


DNG003_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐམས་ཅད་འདུལ་བ་ཡིས། །དེ་ལྟར་གསང་སྔགས་དག་ལ་བསྐྱར། །ཀླུ་ཡི་རིགས་རྣམས་གསད་པ་ཡི། །སྦྱོར་བ་དེ་ཉིད་བརྩོན་པར་བྱ། །རྒྱལ་རིགས་ཀླུ་ཡི་རྟགས་བྱུང་ན། །རས་སམ་གྲོ་ག་ཤིང་ཤུན་ལ། །རྒྱལ་རིགས་ཀླུ་ཡི་གཟུགས་བྲིས་ལ། །ལིངྒ་དེ་ཡི་སྙིང་ག་རུ། །ནཱ་ག་མཱ་ར་ཡ་ཞེས་བྲི། །ལིངྒ་དེ་ཡི་གཡས་ཕྱོགས་སུ། །རྒྱལ་རིགས་མཱ་ར་ཡ་ཞེས་བྲི། །གཡོན་དུ་ནཱ་ག་གཏུབས་དང་མྱོགས་ཞེས་བྲི། །དེ་ལྟར་ལིངྒ་བྱས་པ་ཡི། །མགྲིན་པར་ལིངྒ་རེ་རེ་བྲི། །དེ་ལྟར་ལིངྒ་བྱས་ཟིན་ནས། །བྲུབ་ཁུང་གྲུ་གསུམ་སྔོན་པོར་བྱ། །དེ་ཡི་ཐ་མ་ཟླུམ་པོར་བརྩིགས། །ཟླུམ་པོའི་ཁ་དོག་སྔོ་ནག་ལ། །མེ་རི་ཡིས་ནི་མཛེས་པར་བྲི། །ཟླུམ་པོར་བརྩེགས་པའི་སྟེང་དག་ཏུ། །རྡོ་རྗེ་བེ་ཅོན་གཟུགས་ཉིད་བྲི། །གྲུ་གསུམ་བརྩེགས་པའི་སྟེང་དག་ཏུ། །ཁ་ཊྭཱཾ་རྡོ་རྗེ་རྒྱ་གྲམ་བྲི། །དེ་ཡི་ནང་དུ་ལིངྒ་གཞུག །སྐེ་ཚེ་ཉུང་དཀར་ཉུང་ནག་དང་། །བཙན་དུག་ལ་སོགས་དུག་རྣམས་དང་། །དུར་ཁྲོད་ཐལ་བའི་རྫས་རྣམས་ནི། །དུར་ཕོར་དག་གི་ནང་དུ་བླུག །དེ་ལ་གསང་སྔགས་རབ་བཏབ་ཅིང་། །ལིངྒ་དེ་ལ་བྲབ་པར་བྱ། །བལ་པོ་སེའུའི་ལྕུག་མའམ། །སྙག་ཤད་དག་གི་ལྕུག་མ་ཡིས། །ནད་པའི་སྙིང་ག་དག་ནས་དེད། །ལུས་ཀུན་ཁྱབ་པར་བརྡོལ་བྱ་ཞིང་། །བདག་ཉིད་གླད་ལ་ལན་གསུམ་བསྐོར། །ས་ལ་ལན་ནི་གསུམ་བརྡབ་ཅིང་། །ལིངྒ་དེ་ལ་བསྡིམ་པར་བྱ། །གསང་སྔགས་བཟླས་པ་རབ་ཏུ་བྱ། །བདག་ཉིད་དབང་ཆེན་ལྡན་པ་ཡིས། །གསང་སྔགས་བཟླ་ཞིང་ལྕུག་མས་བརྡེགས། །ཀླད་སྐོར་ས་ལ་བརྡབ་པ་དང་། །ལིངྒ་དག་ལ་ཡང་ཡང་བསྡིམ། །བཅོམ་ལྡན་པདྨ་རྟ་མཆོག་དང་། །ཕྱག་རྡོར་ལ་སོགས་འཁོར་རྣམས་ལ། །གཏོར་མ་རྒྱན་ལྡན་དག་གིས་ཀྱང་། །དུས་གསུམ་དག་ཏུ་མཆོད་པར་བྱ། །མཚམས་ནི་མ་ཐོན་བར་དུ་ཡང་། །དཔལ་གྱི་གཏོར་མ་གཏའ་རུ་བཟུང་། །ཞག་བདུན་བར་དུ་བསྒྲུབ་པ་དང་། །དེ་ནས་ལིངྒ་དེ་ཉིད་ནི། །ཡུགས་ས་མོ་ཡི་ཞབས་མས་གཏུམ། །བྲ་མའི་ཤིང་གི་མེ་ཡིས་སྦར། །དུག་དང་གོང་གི་ཐུན་གྱིས་བྲབ། །དྲག་སྔགས་དེ་ཉིད་རབ་ཏུ་བཟླས། །བདག་ཉིད་ཁྲོ་བོའི་ཏིང་འཛིན་བརྟན། །ཐུན་དང་ལྕུག་མས་རབ་ཏུ་བྲབ། །ཐུན་དང་ལྕུག་མས་བྲབ་


DNG003_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་ན། །ནད་པའི་ལུས་ཀྱི་ནད་རྣམས་ཀུན། །ཕྱག་ན་རྡོ་རྗེའི་མཐུ་རྩལ་དང་། །གཤིན་རྗེ་གཤེད་ཀྱི་བརྟུལ་ཤུག་དང་། །རྟ་མགྲིན་རྒྱལ་པོའི་དྲག་ཤུལ་དང་། །མི་གཡོ་བ་ཡི་དྲག་སྔགས་དང་། །རྟེན་འདྲེལ་རྫས་ཀྱི་བདེན་པ་ཡིས། །ནད་པའི་ལུས་ཀྱི་ནད་རྣམས་ཀུན། །ཐོན་ནས་འབྱུང་པོའི་ལིང་གར་བསྡིམ། །དེ་ནས་མེ་སྦར་དྲག་སྔགས་བཟླས། །དེ་ནས་སྦྱིན་སྲེག་ཟིན་པ་དང་། །བག་ཟན་དག་གིས་གཟུགས་བྱས་ལ། །བསྲེག་པའི་ཐལ་བ་དག་དང་བཅས། །ཁམ་སའི་བླུག་མའི་ནང་དུ་གཞུག །ཐུན་གྱིས་བྲབས་ལ་ལྕུག་མས་བྲབ། །ཆུ་མིག་ཤར་དུ་བལྟས་པ་ཡི། །འགྲམ་དུ་འདོམ་གསུམ་ཚད་དུ་སྦ། །དེ་ལྟར་སྦྱོར་བ་ཆེན་པོ་ནི། །ཉི་ཤུ་རྩ་བརྒྱད་བྱས་གྱུར་ན། །རྒྱལ་རིགས་གདོན་ལས་ཐར་བར་འགྱུར། །གང་དག་མི་ཡི་རིགས་རྣམས་ལ། །རྗེ་རིགས་ཀླུ་ཡིས་ཟིན་གྱུར་ན། །དྲག་པོའི་ལས་ཀྱིས་གསོ་བྱེད་པའི། །སྦྱོར་བ་འདི་ལ་བརྩོན་པར་བྱ། །དེ་གཉིས་སྦྱོར་བ་ཆེན་པོ་ནི། །བཅོམ་ལྡན་ཕྱག་ན་རྡོ་རྗེ་ཡི། །བདག་ཉིད་ཏིང་འཛིན་ལྡན་པ་ཡིས། །འབྲུབ་ཁུང་གོང་དང་འདྲ་བ་ལས། །དྲག་པོའི་ཐུན་དང་སྦྱོར་བ་ནི། །ར་ཕག་ཚིལ་དང་བོང་ཚིལ་དང་། །བ་ཚིལ་ཁྱི་ཚིལ་ལ་སོགས་པ། །སྦྱིན་སྲེག་རྫས་སུ་རྒྱས་པར་གསུངས། །ལིང་ག་རྣམ་པ་གསུམ་བྱ་སྟེ། །མིང་བྱང་གོང་དང་འདྲ་བའོ། །རྨ་བྱ་མཛེས་པས་ལུས་ལ་བྱབ། །ལིང་ག་ཉིད་ལ་བསྡིམ་ཞིང་བཟླས། །སེང་ལྡིང་ཕུར་པ་སོར་བརྒྱད་ལ། །དབང་ཆེན་གསང་སྔགས་བྲིས་པ་ཡང་། །བདག་ཉིད་ཐོང་ག་གཡས་པ་ལ། །ལེ་བརྒན་དར་གྱིས་དྲིལ་ལ་གདགས། །ལྕགས་ཀྱི་ཕུར་བུ་སོར་བཞི་ལ། །རྡོ་རྗེ་གཏུམ་པོའི་སྔགས་བྲིས་ལ། །བདག་གི་ཐོང་ག་གཡོན་པ་ལ། །དར་སྔོན་དག་གིས་དྲིལ་ལ་གདགས། །དེ་ནས་ཏིང་འཛིན་ལྡན་པ་དེས། །རྨ་བྱས་བྱབ་ཅིང་ལིང་གར་བསྡིམ། །ལིང་ག་གཅིག་ལ་ཐུན་གྱིས་བྲབ། །གཅིག་ལ་ནད་པའི་ནད་རྣམས་བསྡིམ། །


DNG003_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ལ་ཚིལ་བུའི་དུད་པས་བདུག །དེ་ལྟར་གསང་བ་རབ་ལྡན་པས། །བསྒྲུབ་པའི་ཚད་ནི་གོང་དང་མཐུན། །ལིང་ག་རོ་རས་དག་གིས་གཏུམ། །སྐྱེར་པའི་ཤིང་གི་མེ་སྦར་ཞིང་། །ལིང་ག་གཉིས་ནི་བསྲེག་པར་བྱ། །དེས་ནི་སྦྱོར་བ་ཟིན་པ་དང་། །ཆུ་མིག་ནུབ་ཏུ་བལྟ་བའི་སར། །ལིང་ག་གཅིག་དང་བཅས་པ་ནི། །གོང་དང་འདྲ་བར་སྦ་བར་བྱ། །དེ་ལྟར་སྦྱོར་བ་ཉིད་བྱས་ན། །རྗེའུ་རིགས་གདོན་ལས་ཐར་བར་འགྱུར། །བྲམ་ཟེའི་རིགས་ཀྱི་རྟགས་བྱུང་ན། །བདག་ཉིད་རྣལ་འབྱོར་ཆེན་པོ་ཉིད། །གཤིན་རྗེ་གཤེད་ཀྱི་ཏིང་འཛིན་གྱིས། །སྐྱེར་པའི་ཕུར་པ་སོར་བཞི་ལ། །གཤིན་རྗེ་གཤེད་ཀྱི་སྔགས་བྲིས་ལ། །བདག་ཉིད་ཐོང་ག་གཡོན་པ་ན། །དར་སེར་དག་གིས་དྲིལ་ལ་བཏག །དབང་ཆེན་ཕུར་པ་གོང་དང་མཚུངས། །བོང་དུག་བཙན་དུག་ལ་སོགས་ཏེ། །དུག་གི་རྣམ་པ་ཅི་སྙེད་དང་། །ཁྲག་སྣ་ཅི་སྙེད་ཡོད་པ་དང་། །ཁྱི་ལུད་དྲི་ཆེན་མངལ་ཁྲག་དང་། །ཡུགས་ས་མོ་ཡི་ཞབས་མ་ནི། །ཐུན་དང་བྲབ་པའི་རྫས་སུ་བསྟན། །ཕག་པ་དག་གི་སྣ་རྩེ་ལ། །གསང་སྔགས་བཟླའ་ཞིང་ལུས་ལ་བྱབ། །ལིང་ག་ཉིད་ལ་བསྡིམ་པར་བྱ། །དེ་ནས་བསྒྲུབ་པ་ཐ་མ་ལ། །དུག་ཤིང་སྐྱེར་པའི་མེ་སྦར་ཞིང་། །རྫས་རྣམས་ཐབ་ཏུ་བསྲེག་པར་བྱ། །ཁྲག་གིས་གཏོར་ཞིང་ལིང་ག་བསྲེག །དེ་ལ་སྦྱོར་བ་ཟིན་པ་དང་། །ཐལ་བ་ལིང་གར་བཅས་པ་ནི། །ཆུ་མིག་ལྷོ་ངོས་བལྟ་བ་རུ། །གོང་དང་འདྲ་བར་སྦ་བར་བྱ། །བྲམ་ཟེའི་རིགས་ལས་ཐར་བར་འགྱུར། །དམངས་རིགས་རྟགས་ནི་བྱུང་བ་ན། །བཅོམ་ལྡན་རྟ་མགྲིན་དམར་པོ་བསྒོམ། །དབང་ཆེན་ཕུར་པ་གོང་དང་འདྲ། །ར་གན་ཕུར་པ་སོར་བཞི་ལ། །རྟ་མགྲིན་དག་གི་སྔགས་བྲིས་ལ། །བདག་ཉིད་ཐོང་ག་གཡོན་པ་ལ། །དར་སྣ་ཚོགས་ཀྱིས་དྲིལ་ལ་གདགས། །ཤོག་བུའི་ལིང་ག་བརྒྱ་རྩ་བསྲེག །བཅའ་ལུག་གོང་དང་འདྲ་བ་ལ། །དབུས་ཀྱི་ཆུ་མིག་དག་ཏུ་ཡང་། །གོང་དང་འདྲ་བར་སྦ་བར་


DNG003_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། །དེས་ནི་དམངས་རིགས་གདོན་ལས་ཐར། །གདོལ་པའི་རིགས་ཀྱི་རྟགས་བྱུང་ན། །འཕགས་པའི་རྒྱལ་པོ་མི་གཡོ་བསྒོམ། །རྫས་དང་བྱ་ཐབས་གོང་དང་འདྲ། །དབང་ཆེན་ཕུར་པ་གོང་དང་འདྲ། །དངུལ་གྱི་ཕུར་པ་སོར་བཞི་ལ། །མི་གཡོ་བ་ཡི་སྔགས་བྲིས་ལ། །བདག་ཉིད་ཐོང་ག་གཡོན་པ་ལ། །དར་དཀར་དག་གིས་དྲིལ་ལ་གདགས། །དེ་ནས་སྦྱོར་བ་ཟིན་པ་དང་། །ཟླ་གམ་མཛོ་མོའི་མེ་སྦར་ཞིང་། །ལིང་ག་བསྲེག་ཅིང་གསང་སྔགས་བཟླས། །ཆུ་མིག་བྱང་དུ་བལྟ་བར་ཡང་། །གོང་དང་འདྲ་བར་སྦ་བར་བྱ། །དེས་ནི་གདོལ་པའི་གདོན་ལས་ཐར། །རིགས་ལྔ་ཀླུ་ཡི་ཟིན་གྱུར་ན། །རེས་འགའ་ན་ཞིང་རེས་འགའ་གྲང་། །ཤེས་པ་རྨུགས་ཤིང་ཉལ་ལ་དགའ། །སྐྱུར་དང་དམར་ལ་མི་དགའ་ཞིང་། །དཀར་དང་མངར་ལ་དགའ་བ་ན། །ཀླུ་རིགས་ལྔ་ཡི་ཟིན་པར་ངེས། །རྨི་ལམ་དག་ལ་བྱོལ་སོང་དང་། །ཁྱི་དང་ཕག་དང་ཉ་སྦྲུལ་དང་། །སེམས་ཅན་གཟུགས་ནི་སྣ་ཚོགས་འབྱུང་། །དེ་རྣམས་བཅོས་པར་བྱ་བའི་ཐབས། །སྣ་ཚོགས་སྦྱོར་བ་རབ་ཏུ་བྱ། །དེ་ལྟར་གསད་པར་བྱ་བའི་ཐབས། །དྲག་སྔགས་འདི་ཡིས་བྱ་བར་གསུངས། །ཨོཾ་ཤྲཱི་བཛྲ་ཙཎྜ་ནཱ་གའི་རོ་སྙིང་ཤ་ཀུ་རུ་མཱ་ར་ཡ་ཛ་ཛཱ། ནཱ་ག་དུཥྚན་ཕཊ། ནཱ་ག་སྙིང་ཐིག་མཱ་ར་ཡ་ཕཊ། ནཱ་གའི་སྲོག་ཁ་ལོང་། ལྡར་ཡ་ཕཊ། གསང་སྔགས་དེ་སྐད་བཟླས་པ་ཡིས། །ཀླུ་རྣམས་ཐམས་ཅད་དབང་མེད་པར། །སྲོག་རྩ་དྲངས་ནས་བརྒྱལ་སྟེ་འཆི། །ཡང་ན་འདར་ཞིང་སྐྲག་པ་ཡིས། །མིག་རྩ་རིག་རིག་གཞན་དུ་བྲོས། །སྐྲག་ཅིང་སྔངས་པས་བཀའ་ཉན་བྱེད། །སྦྱོར་བ་ཡང་དང་ཡང་བྱ་ཞིང་། །གསང་སྔགས་ལན་འབུམ་བཟླས་པ་ན། །རིགས་ལྔའི་ཀླུ་རྣམས་བསྐྲད་པར་བྱེད། །དྲགས་ན་རང་ངམ་འཁོར་ལ་ལྡོག །ཕྱིར་མི་ལྡོག་པའི་བྱ་ཐབས་ལ། །བདག་ཉིད་དབང་དུ་བསྒོམ་པ་ཡིས། །སྐྲ་ནི་སྤྱི་བོའི་གཙུག་ཏུ་བཅིངས། །རྨ་བྱའི་སྒྲོ་ནི་སྤྱི་བོར་བཙུགས། །གཡས་པས་རལ་


DNG003_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

གྲི་རབ་ཏུ་ཐོགས། །གཡོན་པ་དག་ནི་ཕུར་བའོ། །ཕག་པའི་སྣ་ནི་དཔུང་པ་གཡས། །སིང་ལྡེང་ཕུར་པ་ཐོང་ག་གཡས། །ལྕགས་ཕུར་ཐོང་ག་གཡོན་དུའོ། །གླ་རྩི་བཙན་དུག་སྐེ་ལའོ། །ཡུངས་ཀར་རྡོ་རྗེ་རྩེ་དགུའོ། །དེས་ནི་ཕྱིར་ལ་ལྡོག་མི་འགྱུར། །དེ་ནས་སྦྱོར་བ་ཅི་བྱས་ཀྱང་། །རང་ལ་ལྡོག་པའི་མིང་མེད་དོ། །དེས་ནི་ཀླུ་རྣམས་གདོན་ལས་ཐར། །ས་བདག་རིགས་ཀྱིས་ཟིན་པ་ན། །རྟགས་དང་འཇུག་པའི་མཚན་ཉིད་བསྟན། །འཇུག་པའི་ས་ལ་ངེས་པ་མེད། །ལུས་པོའི་བཀྲག་ནི་སེར་པོར་འགྱུར། །མཁྲིས་པ་དག་ལ་གནས་བཅས་ནས། །ཆུ་སེར་དག་ལ་ཟ་བར་བྱེད། །ལུས་ཀྱི་སྟོབས་རྣམས་ཤོར་བ་དང་། །ཟས་ནི་མངར་སྐྱུར་ཅི་ཟོས་པ། །ཁོང་པར་དྲོས་ན་སྐྱུགས་པར་བྱེད། །རྐང་པ་ཀྱོག་དང་ལག་པ་ཀྱོག །མེ་མི་ཐུབ་ལ་འགྲོ་མི་ནུས། །ས་ལ་ཉལ་ཞིང་འདོད་ཆགས་ཆེ། །དང་པོ་སྐྱ་རྦབ་དག་ཏུ་འགྱུར། །ལུས་པོའི་ཤ་སྐམ་འགྲམ་ཤ་མེད། །དྲི་ཆུའི་མདོག་ནི་ཆུ་རྩའི་ཁུ། །ཕོ་སྟོད་མི་བདེ་སྐད་ཀྱང་འགགས། །གཏམ་ནི་སྨྲ་སྙིང་མི་འདོད་ཅིང་། །སོ་ཡི་རྩི་འཆོར་རྐང་མཐིལ་སེར། །མཐེབ་དང་མཛུབ་མོའི་བར་ཤ་ཤོར། །སེན་མོ་ཉིད་ཀྱང་སེར་པོ་ལ། །མཆིན་པ་ན་ཞིང་ཡན་ལག་ན། །ཕྱིས་ནི་སྐམ་པོར་འགྲོ་བར་ངེས། །དེ་ལྟ་བུ་ཡི་རྟགས་རྣམས་ནི། །ས་བདག་གདོན་དུ་ཤེས་པར་བྱ། །དེ་དག་དང་པོ་བཅོས་པའི་ཐབས། །ས་སྣ་མི་མཐུན་སྣ་ཚོགས་དང་། །རིན་ཆེན་གཏོར་མས་མཆོད་པར་བྱ། །ཀླུ་ཡི་སྐབས་ནས་འབྱུང་བ་བཞིན། །འདིར་ཡང་སྦྱོར་བ་དེ་ལྟར་བརྩམ། །ཀླུ་ཡི་གཟུགས་བརྙན་མ་གཏོགས་པ། །བུམ་པའི་སྦྱོར་བའི་དཀྱིལ་འཁོར་ནི། །ཀླུ་ཡི་སྐབས་དང་མཐུན་པའོ། །རིན་ཆེན་གཏོར་མ་སྣ་ཚོགས་དང་། །ཀླུ་ཡི་སྐབས་ནས་བྱུང་བ་ཡི། །མཆོད་པའི་སྔགས་དང་གཏོར་སྔགས་སོ། །ཕྱག་རྒྱ་བུམ་པ་ལྟ་བུས་མཆོད། །ས་བདག་གནས་པའི་ས་རུ་བསྐྱལ། །དེས་ནི་ས་བདག་གདོན་ལས་ཐར། །དེ་ཡིས་ཐར་བར་མ་གྱུར་ན། །དྲག་པོའི་སྦྱོར་བ་


DNG003_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

བརྩམ་པར་བྱ། །ཤིན་ཏུ་དབེན་པའི་གནས་ཉིད་དུ། །འབྲུབ་ཁུང་གྲུ་གསུམ་རྩེ་སྤྲད་གསུམ། །ས་བཟང་དག་གི་འདག་པས་བརྩིག །གཅིག་ནི་དཀར་པོ་བསྐུ་བར་བྱ། །གཉིས་ནི་ནག་དང་དམར་པོ་བྱ། །དེ་ཡི་ཕྱི་རིམ་གྲུ་བཞི་སྟེ། །གྲུ་བཞིའི་ངོས་ལ་མེ་རི་བྲི། །ཁ་ལ་རྡོ་རྗེས་བསྐོར་བར་བྱ། །གྲུ་གསུམ་ཁ་ནི་ཐོད་པས་བསྐོར། །བག་ཟན་གྲོག་མཁར་ས་དག་ལ། །རྔ་མོང་གཟུགས་ནི་ནག་པོ་བྱ། །དེ་ཡི་སྟེང་དུ་བསྐྱོན་བྱས་ལ། །རྩངས་པའི་གཟུགས་དང་དམིག་པས་བསྐྱོན། །རྩངས་པ་དེ་ཡི་སྙིང་ག་རུ། །ཡི་གེ་དག་ནི་སྔོན་པོར་བྲི། །གྲོ་ག་ཤིང་ཤུན་དག་ལ་ཡང་། །ས་བདག་མཱ་ར་ཡ་ཞེས་བྲི། །གཟུགས་ཀྱི་ཁོང་པར་གཞུག་པར་བྱ། །དེ་ནི་ལྷོ་ཕྱོགས་ཁ་བསྟན་ལ། །བྲུབ་ཁུང་ནང་དུ་གཞུག་པར་བྱ། །ཤོག་ཤོག་ལིང་ག་རེ་རེ་ལ། །སྙིང་གར་ས་བདག་མཱ་ར་ཡ། །སྔགས་དེ་བྲིས་ལ་བྲུབ་ཁུང་ནང་། །དཔལ་གྱི་གཏོར་མ་དག་ཀྱང་བྱ། །བདག་ཉིད་དབང་ཆེན་རབ་གསལ་བས། །བྲུབ་ཁུང་སྟེང་དུ་གཏོར་མ་བཞག །གཏོར་མའི་ནང་དུ་གཟུགས་དེ་གཞུག །བདག་ཉིད་དཔྲལ་བའི་ཧཱུཾ་ཉིད་ལས། །འཕགས་པ་མི་གཡོ་ཞེས་བྱ་བའི། །ཁྲོ་རྒྱལ་རལ་གྲི་ཐོགས་པར་བསམ། །བདག་གི་མདུན་དུ་ཡོད་པ་ཡི། །མི་དེར་མི་གཡོའི་དབང་བསྐུར་བྱ། །བདག་ཉིད་དཔལ་ཆེན་ལྡན་པ་ཡིས། །སློབ་མ་མཚན་ལྡན་དེ་ལ་ཡང་། །ཤིན་ཏུ་རྣོ་བའི་རལ་གྲི་བསྐུར། །ནད་པ་དེ་ལ་བསྐོར་བྱ་ཞིང་། །རལ་གྲི་གླད་ལ་བསྐོར་བར་བྱ། །ནད་པའི་ལུས་ལ་ཐུག་པར་བྱ། །གཟུགས་དེ་ལ་ཡང་བསྡིམ་པར་བྱ། །སློབ་དཔོན་གསང་བའི་དབང་ཐོབ་དེས། །གསང་སྔགས་འདི་ནི་དྲག་ཏུ་བཟླས། །ཧྲིཿབཛྲ་པཱ་ཎི་ནཱ་ག་དུ། སྙིང་ཁྲག་ཚལ་པ་སྙིང་ཁྲག་ལ་ཧབ་ཧབ་ཧུབ་ཧུབ། མཱ་ར་ཡ་སྙིང་ལ་ཛ་དུ་ཡ་ཛ་ཛ། དེ་ནས་སློབ་དཔོན་མཚན་ལྡན་དེས། །རྩ་བའི་སྔགས་ཀྱི་རྗེས་སུ་ཡང་། །སྔགས་འདི་བཟླས་ཤིང་རལ་གྲི་ཕྱར། མ་ཧཱ་ནཱ་ག་པ་ཏི་སྥ་ར་ན་ཕཊ་ཕཊ། རལ་གྲི་དག་ལ་བཟླ་བྱ་ཞིང་། །ནད་པ་དེ་ཡི་གཟུགས་ལ་


DNG003_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

བསྡིམ། །དེ་ནས་གང་ཡང་རུང་བའི་མིས། །གཟུགས་དེ་ལྷོ་ཕྱོགས་དག་ཏུ་བསྐྱལ། །དེ་ནས་ལོག་ནས་འོང་བ་དང་། །སློབ་དཔོན་དེ་ཡིས་སྦྱིན་སྲེག་བྱ། །ཚེར་མ་ཅན་གྱི་ཤིང་དག་ལ། །རཾ་དང་ལྡན་པས་མེ་ཉིད་སྦར། །དེས་ནི་ས་བདག་གནོད་ལས་ཐར། །ཕྱིས་ནི་ལྡང་བར་མི་ནུས་སོ། །གང་དག་གཉན་གྱིས་ཟིན་གྱུར་ན། །རྟགས་ནི་འདི་རྣམས་འབྱུང་བར་ངེས། །འཇུག་པའི་སྒོ་ནི་གསུས་པའོ། །སྙིང་གར་གནས་ཤིང་ཆུ་སེར་འབུད། །སྐད་ནི་འཛེར་ཞིང་ཤ་མདོག་ནག །ཤ་ཡི་རྒྱུ་ཡང་ཆུང་བར་འགྱུར། །ཡང་ན་རྫིས་པ་དག་ཏུ་འགྱུར། །ལག་པའི་མཁྲིག་མ་ཕྲ་བར་ངེས། །དོན་མེད་རྨ་རྣམས་འབྱུང་བ་དང་། །དབང་པོའི་ཆགས་པ་མི་སྐྱེ་དང་། །གསུས་པ་ན་ཞིང་སྐམ་པར་བྱེད། །ཚིགས་པ་ན་ཞིང་ཆུ་སེར་འབྱུང་། །སྐབས་སུ་ཁོལ་བུར་ན་བ་དང་། །སྨིན་མའི་བཀྲག་ནི་ཉམས་པར་འགྱུར། །མཛེ་ཡི་རྟགས་རྣམས་འབྱུང་བ་དང་། །རྐང་པའི་མཐིལ་ནས་འཕྲིག་པ་རྣམས། །གཉན་གྱི་ནད་དུ་ཤེས་པར་བྱ། །འགྲོ་བར་བྱེད་པའི་ཚེ་ན་ཡང་། །རྐང་པ་འཁོར་ཞིང་ལུས་པོ་འཁྱོམ། །ཁ་དང་སྣ་དང་མིག་རྣམས་ནས། །ཆུ་ནི་དུས་མིན་འབྱུང་བ་དང་། །ཕྱིས་ཀྱང་གཉན་གྱི་མཛེ་རུ་འགྲོ། །དེ་ལ་སོགས་པའི་མཛེ་རིགས་ནི། །རྣམ་པ་བརྒྱད་ཉིད་ལྡན་པ་ན། །གཉན་གྱི་གདོན་གྱིས་ཟིན་པར་ངེས། །དེ་དག་བཅོས་པའི་ཐབས་འདིའོ། །དང་པོ་ཞི་བས་མཆོད་པར་བྱ། །ཆབ་གཏོར་མཆོད་རྟེན་གདབ་པར་བྱ། །དེས་ཀྱང་ཕན་པར་མ་གྱུར་ན། །དབང་ཆེན་ཏིང་འཛིན་ལྡན་པ་ཡིས། །གྲུ་གསུམ་ཐབ་ཁུང་བརྩིག་པར་བྱ། །བྲུབ་ཁུང་ནག་པོར་བརྩིགས་པའི་སྟེང་། །ཁ་ཊྭཱཾ་རྡོ་རྗེའི་གཟུགས་སུ་བྲི། །དུར་ཁྲོད་ཤིང་དང་ཚེར་མའི་ཤིང་། །དུག་ཤིང་ཚོགས་ཀྱིས་གྲུ་གསུམ་བརྩིགས། །གདོན་གྱི་གཟུགས་ནི་སྔོ་སྐྱར་བྱ། །བལ་ནག་སྐྲ་ནི་ཐུར་ལ་བསྙིལ། །སྙིང་གར་ཡི་གེ་པྲེ་ཉིད་བྲི། །སྐུད་པ་ནག་པོ་སུམ་བསྒྲིལ་གྱིས། །ལིང་ག་དེ་ཡི་སྐེ་ལ་གདགས། །ཕུར་པ་བཞི་ལ་ཕྱོགས་བཞིར་བརྟོད། །


DNG003_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

གྲི་དང་གདུག་པའི་མཚོན་ཆ་བསྣམས། །བདག་ཉིད་ཁ་ཡང་ལྷོ་རུ་བསྟན། །དེ་ནས་ཏིང་འཛིན་ལྡན་པ་ཡིས། །བགེགས་རྣམས་བཀུག་མི་གཟུགས་ལ་བསྡིམ། །སྐུད་པ་ནག་པོ་གཟུང་བྱ་ཞིང་། །གསང་སྔགས་འདི་ཡིས་ལིང་ག་བཅིང་། །ཨོཾ་ཧྲཱྀཿབཛྲ་བྷནྡྷ་ཧཱུཾ། དུཥྚ་གྷྲྀཧྞ་བནྡྷ་ཧཱུཾ། གསང་སྔགས་བཟླ་ཞིང་ལིང་ག་བཅིང་། །དེ་ལྟར་ཡང་ནས་ཡང་བྱས་ཤིང་། །རྨི་ལམ་ཁུགས་པར་མཐོང་བ་དང་། །གདབ་པའི་གནས་ལྔར་ཕུར་བུ་གདབ། །དེ་ནས་གྲི་ཡིས་གཏུབ་པར་བྱ། །རྡོ་རྗེས་བརྡུང་ཞིང་སྔགས་འདི་བཟླས། །ཤྲཱི་བཛྲ་པཱ་ཎི། ས་ནཱ་ག་དུ་ལིང་སྙིང་ལ་གཏུབ། སྙིང་ཁྲག་ཚལ་པ་མཱ་ར་ཡ་རྦད། དེ་ནས་བརྡུངས་ཤིང་ཧོམ་དུ་བསྲེག །དེ་ནས་བྲུབ་ཁུང་དེ་ཉིད་དུ། །གྲུ་གསུམ་བཞིན་དུ་གཏིང་དུ་བརྐོ། །སོལ་བ་ལ་སོགས་ཐོ་རལ་རྣམས། །གཏིང་དུ་བྲུབ་ཅིང་ས་ཡིས་བརྫིས། །དེ་ཡི་སྟེང་དུ་བཞག་པའི་རྫས། །གཡམ་པ་སྔོན་པོ་ལེབ་མོ་ལ། །རྡོ་རྗེ་རྒྱ་གྲམ་བྲིས་པས་བཅད། །དབང་ཆེན་ཏིང་འཛིན་ལྡན་པ་ཡིས། །ཁྲོ་བོ་བརྗིད་པའི་སྟོབས་ཀྱིས་འགྲོ། །དབང་གི་རྟ་བྲོ་བརྡུང་བར་བྱ། །ཧ་ཧ་ཞེས་བྱ་གད་རྒྱངས་སྒྲོགས། །པདྨཱནྟ་ཀྲྀཏ་གླུ་ཆེན་བླངས། །དེ་ནས་གྲི་ཡིས་བཙབ་པར་བྱ། །དེ་ཡི་གསང་སྔགས་འདི་དག་གོ། །ཚེད་ཚེད་མཱ་ར་ཡ། ཁཱ་བེ་ན་ཧཱུཾ་ཕཊ། ལན་ནི་ཉི་ཤུ་རྩ་གཅིག་བརྗོད། །ཕྱིས་ནི་མི་ལྡང་བ་ཡི་སྔགས་འདི་ཡིན། དུཥྚ་ཀྲ་ཧ་ན། སྟྭམ་བྷ་ན་ཀུ་རུ་ལམ། དེ་ཉིད་བཅོ་བརྒྱད་དག་གིས་འགྲུབ། །དེ་ལྟར་བཅོ་བརྒྱད་བྱས་གྱུར་ན། །གཉན་གྱི་གདོན་ལས་ཐར་བར་འགྱུར། །སྦྱོར་བ་འདི་ཉིད་བྱས་པ་ན། །ས་བདག་གདོན་ལས་ཐར་བར་འགྱུར། །དེ་ལྟར་ལས་རྣམས་རྫོགས་བྱས་ན། །ཀླུ་དང་གཉན་དང་ས་བདག་དང་། །ས་གདོན་ལས་ནི་རབ་ཏུ་ཐར། །མཛེ་ཡི་ནད་རྣམས་ཞི་བར་འགྱུར། །དེས་ནི་ལས་རྣམས་མྱུར་བའོ། །གང་དག་མི་ཡི་རིགས་རྣམས་ལ། །མཛེ་ལ་སོགས་པའི་ནད་རྣམས་ནི། །རིམས་དང་སྨྱོ་འབོགས་ནད་ལ་སོགས། །མ་མོའི་གདོན་ལས་གྱུར་པས་ན། །


DNG003_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

མ་མོའི་རིགས་ལ་བསམ་ཡས་ཀྱང་། །གདོན་ནི་རྣམ་པ་ལྔ་རུ་འདུས། །ས་ལ་དབང་བའི་མ་མོ་དང་། །འབྱུང་བ་ཆུ་ལ་དབང་བ་དང་། །མེ་ལ་དབང་བའི་མ་མོ་དང་། །དེ་བཞིན་རླུང་ལ་དབང་བ་དང་། །ནམ་མཁའ་དག་ལ་དབང་བའོ། །དེ་དག་སྲུང་བའི་ཐབས་ལ་ཡང་། །རྣམ་པ་གཉིས་སུ་ང་ཡིས་བཤད། །གཞན་དག་མངགས་པའི་ཕོ་ཉ་དང་། །འཕྲལ་གྱི་གདོན་རྣམས་ལས་ཀྱི་འཕྲོ། །རྣམ་པ་གཉིས་སུ་ང་ཡིས་བཤད། །བསྲུང་བའི་ཐབས་ནི་རེ་རེའོ། །བརྟག་པའི་ཐབས་ནི་འདི་ལྟ་སྟེ། །གཞན་གྱིས་མངགས་པའི་གདོན་རྣམས་ནི། །གདོན་གྱིས་ཟིན་པའི་མི་དེ་ཡང་། །གདོང་ནི་ནག་ལ་སྐམ་པའོ། །ལུས་པོ་ལྗི་ཞིང་ཚིག་པ་ཟ། །མིག་རྩ་དམར་ཞིང་ཁྲོ་ལ་དགའ། །ཤེས་པ་བྱིང་ཞིང་ཕོ་མཆིན་ན། །རྨི་ལམ་ཆུ་བོ་ཆེན་པོ་རྨི། །དེ་ལྟར་བྱུང་བའི་མི་དེ་ཡང་། །སྔགས་པའི་མཐུ་ཡིས་ཟིན་པར་ངེས། །དེ་དག་བཅོས་པའི་ཐབས་ཉིད་ནི། །དང་པོ་མདོས་དང་ཞི་བས་བཟློག །དེས་ཀྱང་ཐར་བར་མ་གྱུར་ན། །དབང་ཆེན་ཏིང་འཛིན་ལྡན་པ་ཡིས། །བདག་ཉིད་མལ་གྱི་འོག་ཏུ་ཡང་། །གྲུ་གསུམ་དག་ནི་ནག་པོར་བྱ། །ནང་དུ་སྔགས་པའི་གཟུགས་བརྙན་རྣམས། །མ་མོའི་གཟུགས་བརྙན་གཞུག་པར་བྱ། །སྟེང་དུ་དུར་ཁྲོད་རྡོ་ལེབ་ལ། །གླིང་བཞི་རི་རབ་བྲིས་པས་མནན། །དབང་ཆེན་ཏིང་འཛིན་ལྡན་པ་ཡིས། །དེ་ཡི་སྟེང་དུ་ཉལ་བྱ་ཞིང་། །འཁོར་ལོ་ཉིད་ཀྱང་བསྐོར་བར་བྱ། །གསང་སྔགས་འདི་ནི་མཚན་བརྒྱ་བཟླས། །ཧྲི་ཧྲི་མ་ཏྲི་མཱ་ར་ཡ་བཟློག །མ་ཏྲི་མ་ཏྲི་རང་ལ་མཱ་ར་ཡ་ཟློག་ཟློག །རྦད་རྦད། རྩ་བའི་གསང་སྔགས་ལན་བདུན་བརྗོད། །དེ་ནས་སྔགས་དེ་ནུས་ཚད་བགྲང་། །དེས་ནི་བྱད་ཁ་ཐམས་ཅད་བཟློག །མ་མོའི་ཕྱིར་བཟློག་གསང་བའོ། །རྣམ་སྨིན་ཡིན་ན་ཐར་བར་དཀའ། །དགེ་སྦྱོར་རྫོགས་ན་བཟློག་པ་སྲིད། །འཕྲལ་གྱི་གདོན་དུ་གྱུར་པ་ན། །ས་ལ་དབང་བའི་རྟགས་རྣམས་ནི། །འདི་ལྟ་ཉིད་དུ་འབྱུང་བར་ངེས། །ལུས་པོ་ལྗི་ཞིང་ཉལ་ལ་དགའ། །དྲན་པ་ཉམས་ཤིང་ཤི་འབྲས་འདོན། །ཤེས་པ་བྱིང་ནས་མགོ་བོ་འཁོར། །


DNG003_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

མིག་ཀྱང་མི་མཐོང་ཁྲག་ལྟ་བུ། །རྣ་བ་འོན་ནས་སྒྲ་མི་ཐོས། །རྐང་ལག་འདར་ཞིང་གློ་སྙིང་རྨུགས། །དེ་ལྟ་བུ་ཡི་རྟགས་རྣམས་ནི། །ཐ་མ་མཛེ་རུ་འགྲོ་བར་ངེས། །དེ་ནི་ས་ལ་དབང་བའོ། །དེ་ལ་བཟློག་པ་བྱ་བའི་ཐབས། །དང་པོ་ཞི་བའི་ལས་ཀྱིས་མཆོད། །དེས་ཀྱང་ཐར་པར་མ་གྱུར་ན། །རི་གསུམ་རྩེ་མོར་ཕྱིན་ལ་ཡང་། །བྲུབ་ཁུང་ཟུར་གསུམ་གཏིང་དུ་བརྐོ། །མ་མོའི་གཟུགས་དང་མིང་བྲིས་ལ། །རླུང་དང་འཚུབ་མའི་ཚེ་ན་བསྲེག །ཐལ་བ་རླུང་ལ་ཕྱོགས་བཞིར་གཏོར། །གསང་སྔགས་དུས་དེར་འདི་ཉིད་བཟླས། །ཏྲི་ཏྲི་ཞུང་ཞུང་། ཡ་སུ་ཏྲག་རག་ཤ་ཏྲག་ནི་ཧེད་ཧེད། སྙིང་ཁྲག་གཞིབ་གཞིབ། མ་ཧ་ར་ནིའི་སྙིང་ཁྲག་ལ་མཱ་ར་ཡ་རྦད། སྔགས་བརྒྱ་རྩ་བརྒྱད་བརྗོད་པ་ཡིས། །ཀླུ་མོ་ས་གདོན་གསོད་པར་བྱེད། །སྔགས་དེ་རྒྱུན་དུ་བཟླས་པ་ན། །ས་ལ་དབང་བའི་གདོན་ལས་ཐར། །ཆུ་ལ་དབང་བ་མ་མོའི་གདོན། །སྐྱེས་བུ་གང་ལ་ཞུགས་པ་ཡི། །རྟགས་ནི་འདི་ལྟར་འོང་བར་ངེས། །གདོན་དེ་ཞུགས་པའི་མི་དེ་ཡང་། །ལུས་པོ་ཚ་ཞིང་ཁ་སྣ་གཤེར། །སྙིང་ཡང་འཕར་ཞིང་ཆུ་མི་ཐུབ། །ཁོང་པ་ཚ་ཞིང་ལུས་པོ་འདར། །མིག་ཀྱང་གྱེན་ལ་ཟློག་པར་བྱེད། །མགོ་དང་ཡན་ལག་ན་བར་བྱེད། །ཤེས་པ་གསལ་ཞིང་ལྡང་མི་ནུས། །མིག་རྩ་ནག་ཅིང་སོ་ནག་པ། །ཆུ་ལ་དབང་བ་ཡིན་པར་ངེས། །གདོན་དེ་ཉིད་ལས་ཐར་བའི་ཐབས། །སྦྱོར་བའི་ཐབ་འདི་སྔགས་པས་བརྩམ། །སྣ་ཚོགས་ཆུ་རྣམས་བླངས་པ་ཡང་། །རྫས་ནག་དག་གིས་བྲུབ་ཁུང་བྱ། །དེ་ཡི་ནང་དུ་ཆུ་རྣམས་བླུག །མ་མོའི་གཟུགས་དང་ལིང་ག་བྱ། །ཆུ་ཡི་ནང་དུ་ནུབ་པར་གཞུག །དུར་ཁྲོད་སྐུད་པ་སུམ་སྒྲིལ་གྱིས། །ལིང་གའི་སྙིང་གར་བརྟོད་ལ་དྲང་། །དུར་ཁྲོད་ཐལ་བ་ལ་སོགས་པའི། །ས་སྣ་ཚོགས་ཚད་དག་དང་ནི། །མཁར་གོང་བཏགས་པའི་ཕྱེ་མ་དང་། །སོ་དོག་ཟངས་ཕྱེ་ལྕགས་ཕྱེ་དང་། །སྣ་ཚོགས་རྡོ་ཡི་ཕྱེ་མ་དང་། །ཡུངས་ཀར་ཉུང་ནག་སྐེ་ཚེ་དང་། །ར་དུག་


DNG003_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

བོང་དུག་བཙན་དུག་དང་། །དུག་སྣ་ཅི་སྙེད་ཡོད་པ་དང་། །ར་ཁྲག་ཁྱི་ཁྲག་མི་ཁྲག་དང་། །རྟ་ཁྲག་ལ་སོགས་ཁྲག་སྣ་རྣམས། །མུ་ཟི་ཁྱི་ལུད་གུ་གུལ་དང་། །ཤུ་དག་བ་བླ་མི་གཙང་རྫས། །དྲི་མ་ཅན་གྱི་རྫས་སྣ་ཚོགས། །རང་རང་དག་གི་མི་མཐུན་པའི། །དང་པོ་རྡོ་ཡི་ཐུན་གྱིས་བྲབ། །དེ་ནས་འབྲུ་ཡི་རིགས་ཀྱིས་བྲབ། །དེ་ནས་དུག་སྣའི་ཚོགས་ཀྱིས་བརྡེག །དེ་ནས་ཁྲག་ལ་བསྔགས་ཤིང་བླུག །དེ་ནས་ས་ཡིས་བྲབ་པར་བྱ། །དེ་ནས་དེ་ཡི་འདག་པ་རྣམས། །བསྡུས་ལ་མ་མོའི་གཟུགས་བརྙན་བྱ། །ཁོང་དུ་མ་མོའི་མིང་བྱང་གཞུག །ཐུན་གྱིས་བྲབ་ཅིང་གསང་སྔགས་བཟླས། །སྔགས་འདིས་མ་མོའི་སྲོག་གཅོད་པའོ། །ཧཱུཾ་ཧྲི་མ་མོའི་སྙིང་ཁོས། རག་མོའི་ཤ་རུས་ལ་རྒྱུག་སྲིང་། མཱ་ར་ཡ་ཛ་ཛ། དབང་ཆེན་ཏིང་འཛིན་ལྡན་པ་ཡིས། །གསང་སྔགས་དེ་ནི་བརྒྱ་རྩ་བཟླས། །ཐུན་ལ་བཟླས་ཤིང་བྲབ་པར་བྱ། །དེ་ནས་གཟུགས་བརྙན་དེ་ཉིད་ནི། །དུར་ཁྲོད་གྲོག་པོ་སུམ་མདོར་མནན། །གྲུ་གསུམ་དོང་དུ་སྤྱི་ཚུགས་མནན། །བསྒྲུབ་པ་ཞག་ལྔ་དག་ཏུ་བྱ། །ལན་ནི་སུམ་ཅུ་བྱས་པ་ཡི། །ཆུ་ཡི་གདོན་ལས་ཐར་བར་འགྱུར། །མ་མོའི་གདོན་ནི་ཆུ་ལ་དབང་། །ཆུ་ལ་དབང་བའི་གདོན་དེ་ཡང་། །ས་ཡི་སྦྱོར་བས་བསྐྲད་པར་བྱེད། །སྦྱོར་བ་དེ་ལྟར་བྱས་པ་ན། །ཆུ་ལ་དབང་བའི་མ་མོ་ཡི། །གདོན་ལས་རབ་ཏུ་ཐར་བའོ། །གང་དག་མེ་ལ་དབང་བའི་གདོན་དག་ནི། །སྐྱེས་བུ་གང་ལ་ཞུགས་པའི་རྟགས། །འདི་ལྟར་རབ་ཏུ་ཤེས་པར་བྱ། །མེ་ལ་དབང་བའི་མ་མོའི་གདོན། །ཞུགས་པའི་རྟགས་ནི་འདི་ལྟ་སྟེ། །གདོན་དེ་ཞུགས་པའི་མི་དེ་ནི། །ཁ་སྣ་སྐམ་ཞིང་ལུས་པོ་ཚ། །ལུས་ཀྱི་ཤ་ཡི་རྟགས་རྣམས་ནི། །དམར་པོའི་ཐིག་ལེ་སྐབས་སྐབས་ཡོད། །རེས་འགའ་སྐྲངས་ཤིང་རེས་འགའ་ཞི། །ལུས་པོ་སྐམ་ལ་གནག་པར་བྱེད། །ལག་པ་སྦྲིད་ལ་རྐང་པ་འཁོར། །དམར་ལ་དགའ་ཞིང་ཟ་ལ་རྔམ། །སྐད་ཀྱང་ཕྲ་ཞིང་མགྲིན་པ་ཕྲ། །མགོ་བོ་ཕྱེད་མར་ན་བ་དང་། །འཁོར་ལ་ཁྲོ་ཞིང་མིག་རྩ་དམར། །ཉི་མ་ཕྱེད་ནས་མཚན་མོ་འཐིབ། །ཤེས་པ་མི་གསལ་


DNG003_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

བྱིང་བར་བྱེད། །མགོ་དང་ཡན་ལག་ན་བ་ན། །མེ་ལ་དབང་བའི་གདོན་ཡིན་ནོ། །དེ་དག་བཟློག་ཅིང་བཅོས་པའི་ཐབས། །དང་པོ་མེ་ཡི་ཧོམ་གྱིས་མཆོད། །དེས་ཀྱང་ཕན་པར་མ་གྱུར་ན། །དྲག་པོའི་སྦྱོར་བ་བརྩམ་པར་བྱ། །འབྲུབ་ཁུང་གོང་དང་འདྲ་བ་ལས། །ཤིང་གི་རྣམ་པ་འདི་ལྟའོ། །ཕ་དགུ་མ་དགུ་བུ་དགུའི་ཤིང་། །དེ་ལ་སོགས་པའི་ཤིང་སྣ་ཚོགས། །སྣ་ཚོགས་ཤིང་གི་ཧོམ་བྱས་ལ། །མ་མོའི་གཟུགས་དང་མིང་བྱང་བྲི། །ལིང་ག་བརྒྱ་ནི་རྩ་བརྒྱད་བྱ། །ཧོམ་གྱི་རྩེ་མོར་བཏགས་ནས་ཀྱང་། །སྣ་ཚོགས་ཐུན་གྱིས་བྲབ་པར་བྱ། །རྒྱ་མཚོའི་ཆུ་དང་ལྟེང་ཀའི་ཆུ། །ལུ་མ་དང་ནི་འབབ་ཆུ་དང་། །ནགས་ཀྱི་ཆུ་དང་གངས་ཆུ་དང་། །སྣ་ཚོགས་པ་ཡི་ཆུ་བླངས་ལ། །ཁྲག་སྣའི་ཚོགས་དང་བསྲེ་བར་བྱ། །དྲག་སྔགས་འདི་ཡིས་མ་མོ་བསྐྲད། །དབང་ཆེན་ཏིང་འཛིན་ལྡན་བྱས་ལ། །དྲག་སྔགས་འདི་ཡིས་ཆུ་ལ་དབབ། ཧྲི་མ་མ་ནན། ཏྲིའུ་ཏྲིའུ། ཤ་ཏྲིའུ་ཤ་ཏྲིའུ། རག་མོ་མཱ་ར་ཡ་ནན། དུམ་བུ་དུམ་བུ་རྦད་རྦད། དྲག་སྔགས་འདི་ནི་བཟླ་བྱ་ཞིང་། །ཤིང་ལ་མེ་སྦར་ཆུ་ཡིས་བྲབ། དེ་ནས་ཆུ་དང་ཐལ་བ་བཅས་པ་བསྡུས། །མ་མོ་དེ་ཡི་གཟུགས་སུ་བྱ། །སྐུད་པ་སྔོ་དམར་ལུས་ལ་བཅིངས། །ཐུན་གྱིས་བྲབ་ཅིང་ཕུར་པས་བརྡེག །དེ་ནས་གཟུགས་དེ་ཡང་བསྡུས་ལ། །དུར་ཁྲོད་རོ་བསྲེག་འོག་ཏུ་མནན། །དེས་ནི་མ་མོའི་སྲོག་རྩ་འཇོམས། །མེ་ལ་དབང་བའི་མ་མོའི་རིགས། །སྦྱོར་བ་དེ་ཡིས་བརླག་པར་བྱེད། །དེས་ནི་གདོན་ལས་ཐར་པའོ། །གང་དག་མི་ཡི་རིགས་རྣམས་ལ། །རླུང་ལ་དབང་བའི་མ་མོ་ཡི། །གདོན་གྱིས་ཟིན་པའི་རྟགས་རྣམས་ནི། །འདི་ལྟར་བྱུང་ན་རིགས་པར་བྱ། །དབང་དུ་གྱུར་པའི་མི་དེ་ནི། །ཤེས་པ་ཡང་ཞིང་འགྲོ་ལ་དགའ། །སྙིང་རྩ་འདར་ཞིང་སྤྱོད་པ་རྩིང་། །དྲན་པ་ཉམས་ཤིང་འོ་དོད་འབོད། །དབེན་པའི་ཕྱོགས་སུ་སོང་ནས་ནི། །གླུ་ཡང་ལེན་སྙིང་འདོད་པ་འབྱུང་། །དགོང་མོ་ཉི་མ་ནུབ་ཁ་རུ། །སྙིང་ཡང་མི་དགའ་གླུ་ལེན་ཅིང་། །ལབ་ལོབ་མང་པོའི་གཏམ་ལ་


DNG003_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

དགའ། །མི་དང་དུས་གསུམ་འགྲོགས་པར་བྱེད། །སྙིང་དང་གློ་བ་ནང་རོལ་གྲང་། །གཞོགས་ནི་གཡོན་པ་ན་བ་ན། །སྙིང་ཡང་སིང་སིང་བྱེད་པར་ངེས། །ལུས་ལ་ནག་པོའི་ཐིག་ལེ་འབྱུང་། །རྟགས་དེ་རྣམས་དང་ལྡན་པ་ན། །རླུང་ལ་དབང་བའི་གདོན་ཡིན་ནོ། །དེ་དག་བཅོས་ཤིང་བསྐྲད་པའི་ཐབས། །དང་པོ་ཞི་བའི་གཏོར་མས་མཆོད། །དེས་ཀྱང་ཕན་པར་མ་གྱུར་ན། །དྲག་པོའི་སྦྱོར་བ་འདི་དག་བརྩམ། །འབྲུབ་ཁུང་གོང་དང་འདྲ་བ་ལས། །བདག་ཉིད་དཔལ་ཆེན་ཐུགས་ཀ་ནས། །ཡི་གེ་ཡཾ་ཞེས་ཆད་པ་ལས། །བྲུབ་ཁུང་ནང་དུ་འོད་དུ་བསམ། །དེ་ཉིད་འོད་དུ་ཞུ་བ་ལས། །རླུང་གི་དཀྱིལ་འཁོར་ཟླ་གམ་བསམ། །རླུང་གི་དཀྱིལ་འཁོར་དེ་ཉིད་དུ། །མ་མོའི་གཟུགས་ཉིད་བསམ་པར་བྱ། །བྲུབ་ཁུང་ནང་དུ་ལིང་ག་གཞུག །ཐུན་གྱིས་བྲབ་ཅིང་གཟུགས་དེར་བསམ། །ཚེར་མ་ཅན་གྱི་མེ་སྦར་ལ། །དྲག་སྔགས་འདི་ནི་རབ་ཏུ་བརྗོད། །ཧྲི་ཏ་ས་མ་མ་ཏྲི། ཡ་རྦད་ཧཱུཾ། སྙིང་རྩ་དུར་ལིང་ཛ་ཛ། དྲག་སྔགས་ལན་ནི་ཉི་ཤུ་གཅིག །བཟླས་པས་མ་མོ་བསྐྲད་པར་ངེས། །མེ་སྦར་ཐུན་དང་སྔགས་ཀྱིས་གཟིར། །སྦྱོར་བ་ལན་ནི་ཉི་ཤུ་གཅིག །བྱས་ཤིང་གཟུགས་ལ་བསྡིམ་བྱས་ན། །རླུང་ལ་དབང་བའི་ནད་ལས་ཐར། །གང་དག་མི་ཡི་རིགས་རྣམས་ལ། །ནམ་མཁའི་མ་མོས་ཟིན་པ་ཡི། །རྟགས་ནི་འདི་ལྟར་འབྱུང་བར་ངེས། །ལུས་སེམས་ལྗི་ཞིང་མིག་ཀྱང་སེར། །མགོ་བོ་ཟིང་ལོང་བྱེད་པ་དང་། །མིག་ཀྱང་ཟིང་ལོང་སྣ་རྩ་དམར། །ཤེས་པ་འཐིབ་ཅིང་ཉལ་ལ་དགའ། །སྨད་ཚིགས་ན་ཞིང་མཇིང་པ་རེང་། །ཤེས་པ་འཁྱམ་ནས་ན་བ་ནི། །ནམ་མཁའི་མོ་གདོན་ཡིན་པར་ངེས། །དེ་དག་བཅོས་ཤིང་བསྐྲད་པའི་ཐབས། །དང་པོ་ཞི་བའི་གཏོར་མས་མཆོད། །དེས་ཀྱང་ཕན་པར་མ་གྱུར་ན། །དྲག་པོའི་སྦྱོར་བ་བརྩམ་པར་བྱ། །བདག་ཉིད་དཔལ་ཆེན་ཐུགས་ཀ་ནས། །ཡི་གེ་ཨེ་ཉིད་ཆད་པ་ལས། །བྲུབ་ཁུང་དེ་


DNG003_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་ནང་དུ་ཡང་། །ཨེ་གནས་ནམ་མཁའ་གྲུ་གསུམ་བསམ། །དེ་ཡི་དཀྱིལ་དུ་མ་མོ་བསམ། །གཟུགས་དང་ལིང་ག་ཉིད་ཀྱང་ངོ་། །ཐུན་གྱིས་བྲབ་ཅིང་དྲག་སྔགས་བཟླས། །ཐོག་མའི་གསང་སྔགས་རྗེས་ཉིད་དུ། །དྲག་སྔགས་འདི་ཉིད་བཏགས་པས་འགྲུབ། །མ་ཏྲི་ནཱ་ག་པྲ་ཤཱ་མ་ན་ཡ་སྭཱ་ཧཱ། གསང་སྔགས་དེ་ཉིད་བཟླ་བྱ་ཞིང་། །གང་དུ་དགོས་པའི་སྦྱོར་བ་རྣམས། །སྐབས་འདིར་ཐམས་ཅད་རྫོགས་པར་བྱེད། །ལན་ནི་བརྒྱ་རྩ་བྱས་པ་ན། །ནམ་མཁའི་མ་མོའི་གདོན་ལས་ཐར། །གདོན་དེ་བརྟགས་པས་མ་ཤེས་ན། །སྣ་ཚོགས་སྦྱོར་བ་རྫོགས་པར་བྱ། །དེས་ནི་མ་མོའི་གདོན་ལས་ཐར། །འབྱུང་པོའི་གདོན་གྱི་ནད་རྣམས་ནི། །གློ་བུར་དག་ཏུ་འབྱུང་བར་ངེས། །དེ་དག་རྣམས་ལས་ཐར་བའི་ཐབས། །བདག་ཉིད་དབང་ཆེན་བརྗིད་པར་བསྒོམ། །སྐུ་ནི་རི་རབ་བརྗིད་པ་ཙམ། །སྟོང་གསུམ་འཇིག་རྟེན་ཁྱབ་པར་བསྒོམ། །ཕྱག་ན་རྡོ་རྗེ་ཐུགས་ཀར་བསྒོམ། །དེ་ཡིས་བགེགས་རྣམས་འཇོམས་པར་བསམ། །དཔྲལ་བར་འཕགས་པ་མི་གཡོ་བསམ། །མགྲིན་པར་རྟ་མགྲིན་རྒྱལ་པོ་བསམ། །ལྟེ་བར་གཤིན་རྗེ་གཤེད་པོ་བསམ། །དེ་ལྟར་བསྐྱེད་རིམ་རྫོགས་ནས་ནི། །བགེགས་རྣམས་གང་ཡིན་མདུན་ན་བསམ། །བདག་ཉིད་ལྷ་ཡི་ཐུགས་ཀ་ན། །ཕྱག་ན་རྡོ་རྗེ་གཏུམ་པོ་བསམ། །དེ་ཡིས་བགེགས་ནི་བརྡུངས་པར་བསམ། །ཐམས་ཅད་འཇོམས་པར་བྱེད་པ་ཡི། །གསང་སྔགས་དམ་པ་འདི་རྣམས་སོ། །ཨོཾ་པདྨཱནྟ་ཀྲྀཏ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ། བཛྲ་ཙཎྜ་མ་ཧཱ་རེ་ཥ་ཎ་ཧཱུཾ་ཕཊ། ཡ་མཱནྟ་ཀ་ཧྲིང་ཧྲིང་། བཛྲ་ཙཎྜ་མེ་རེ་ལིང་ཧཱུཾ་ཕཊ། གསང་སྔགས་བཟླ་ཞིང་ལྷ་ཚོགས་བསྒོམ། །སྔགས་དེ་བཟླས་ཤིང་ལིང་ག་བྲབ། །དེ་ལྟར་རྒྱུན་དུ་བཟླ་བྱ་ཞིང་། །ལྷ་ཚོགས་མཉེས་པའི་གཏོར་མ་འོག་ནས་གོང་གི་གསང་སྔགས་ཞེས་པ་འདིའོ་དང་། །ཐུགས་དམ་བསྐུལ་ཞིང་བསྟོད་པ་བྱ། །དངོས་གྲུབ་མྱུར་དུ་འབྱུང་བར་ངེས། །དེས་ནི་སྣ་ཚོགས་གདོན་འཇོམས་པའོ། །གང་དག་མི་ཡི་རིགས་རྣམས་ལ། །རྒྱལ་པོའི་གདོན་གྱིས་འཚེ་བྱེད་ན། །


DNG003_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་བསྐྲད་པའི་སྦྱོར་བ་བརྩམ། །རྒྱལ་པོས་ཟིན་པའི་མི་དེ་ལ། །རྟགས་ནི་འདི་ལྟར་འབྱུང་བར་ངེས། །སྙིང་མི་དགའ་ཞིང་གླུ་ཆུང་ལེན། །དོན་མེད་འགྲོ་སྙིང་འདོད་པ་སྟེ། །མགོ་དང་མཇིང་པ་སྟོད་མི་བདེ། །གློ་སྙིང་འདར་ཞིང་མིག་རྩ་རིག །སྙིང་ག་མི་བདེ་མཆིན་པ་འཕྱངས། །ཡང་ན་གསུས་པ་སྒལ་ལ་འབྱར་བར་བྱེད། །རྨི་ལམ་སྟག་དང་སེང་གེ་དང་། །འབག་དང་རོལ་མོ་རྒྱ་རྟའི་ཚོགས། །བཙུན་པ་མི་ཆེན་རྨི་བ་རྣམས། །ལྷ་ཁང་གསུང་རབ་མཆོད་རྟེན་རྣམས། །མཆོད་པ་རྒྱས་པར་རྨི་བ་དང་། །སྙིང་དང་སྲོག་རྩ་འདར་ཞིང་ན། །སོ་འཐབ་དབུགས་ཀྱང་རྒོད་པར་བྱེད། །ཡང་ན་ཁ་ཡང་འཛུམ་པ་སྟེ། །མཇིང་པ་ཡོ་ཞིང་རྒོད་ཁ་སྙི། །དེ་ལྟ་བུ་ཡི་རྟགས་རྣམས་ནི། །རྒྱལ་པོའི་གདོན་གྱིས་ཟིན་པར་ངེས། །དེ་དག་བཅོས་ཤིང་བསྐྲད་ཐབས་ནི། །བདག་ཉིད་སྔགས་པའི་མདུན་ཉིད་དུ། །བྲུབ་ཁུང་གྲུ་གསུམ་གྲུ་གང་སྟེ། །ནང་དུ་རྒྱལ་པོའི་ལིང་གཟུད་དེ། །གཟུགས་ཀྱི་རྒྱུ་ནི་འདི་ལྟ་སྟེ། །ཤེལ་ལ་སོགས་ཏེ་རིན་ཆེན་ལྔ། །ས་བཟང་དག་དང་སྦྱར་བ་ནི། །གྲུ་གང་དག་གི་ཚད་དུ་བྱ། །དེ་ནས་བྲུབ་ཁུང་ནང་དུ་གཞུག །ཁྱི་ལུད་བོང་ཚིལ་ར་ཚིལ་དང་། །ཁྱི་ཚིལ་མི་ཚིལ་བ་ཚིལ་དང་། །རྟ་བོན་དང་ནི་མུ་ཟི་དང་། །ལྕགས་ཕྱེ་ཟངས་ཕྱེ་ཡུངས་ཀར་དང་། །ཕ་ཝང་ལོང་བུ་དུག་སྣ་ཚོགས། །མི་ཁྲག་དང་ནི་རྟ་ཁྱིའི་ཁྲག །ཁྲག་སྣ་དག་ནི་སྣ་ཚོགས་དང་། །ཐུན་དང་ཟོར་གྱི་རྫས་རྣམས་བསག །ལྕགས་ཀྱི་ཕུར་པ་སོར་བརྒྱད་པ། །སྔགས་འདི་བཟླས་ཤིང་གཟུག་པའོ། །ཨོཾ་པདྨ་ཧྲཱྀཿབཛྲ་པཱ་ཎི་སར། རཱ་ཙའི་སྙིང་ཁྲག་ལ་ཚལ་པ་མཱ་ར་ཡ་ཛ། སྔགས་དེ་ལན་ནི་བརྒྱ་རྩ་བརྒྱད། །ཕུར་པ་དག་ལ་བཟླའ་བྱ་ཞིང་། །ཐུན་གྱིས་བྲབ་ཅིང་ཕུར་པས་བརྡེག །ཚེར་མའི་ཤིང་གིས་མེ་སྦར་ཞིང་། །དར་དང་ཟ་འོག་སྟག་གཟིག་རས། །ལྤགས་རས་སྤྱང་རས་གཡི་རས་རྣམས། །མེར་བསྲེག་གཟུགས་ལ་མེ་ཡང་སྦར། །དེ་ལྟར་ལན་བདུན་བྱས་པ་ན། །རྒྱལ་པོའི་གདོན་


DNG003_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སྐྲོད་པར་ངེས། །གང་ཞིག་དམ་སྲིའི་གདོན་རྣམས་ནི། །མི་ཡི་ལུས་ལ་ཞུགས་གྱུར་ན། །རྟགས་ནི་འདི་ལྟར་འབྱུང་བར་ངེས། །ཁ་ཤ་སྲབ་ཅིང་མིག་ཀྱང་འཚག །རྒྱུ་ཞབས་ན་ཞིང་སོ་ཡང་ན། །མཁལ་མ་འཕྲིག་ཅིང་ན་བར་བྱེད། །སྐད་ཀྱང་འགགས་ལ་སྙིང་མི་དགའ། །རྨི་ལམ་ན་ཡང་བུད་མེད་འབྱུང་། །ཆས་བཟང་བྱུང་ན་ཞེན་པའི་རྟགས། །གོས་ངན་བྱུང་ན་འཇུག་པའི་རྟགས། །རྟགས་དེ་རྣམས་དང་ལྡན་གྱུར་ན། །དམ་སྲི་གདོན་ཕྲན་གནོད་པར་ངེས། །དེ་དག་བསད་ཅིང་བསྐྲད་པའི་ཐབས། །སྦྱོར་བ་འདི་ཉིད་བརྩམ་པར་བྱ། །རྣལ་འབྱོར་ཏིང་འཛིན་ལྡན་པ་དེས། །གྲུ་གསུམ་དོང་ནི་གཏིང་དུ་བརྐོས། །ནང་དུ་དམ་སྲིའི་མིང་བྱང་བཅུག །བོང་བུ་ག་པའི་འབྲས་བུ་ལ། །སྔགས་འདི་བཟླས་ཤིང་ཉལ་ཁར་བརྡུང་། །དབང་ཆེན་ཏིང་འཛིན་ལྡན་པར་བསྒོམ། །ཀླུ་འདུལ་དབང་ཆེན་སྐུ་ལ་བསྟོད། །སྔགས་འདི་བརྒྱ་རྩ་བརྗོད་ཅིང་བརྡུང་། ཤན་ཏྲི་བུ་ཤམ། དམ་སྲི་མཱ་ར་ཡ་ཏྲི་ནན། མཱ་ར་ཡ་རྦད་དུམ་ཛ་ཛ་ཛ། སྔགས་དེ་བཟླས་ཤིང་མཚན་མོ་བརྡུང་། །ཕྱག་ན་རྡོ་རྗེས་བཀུག་པར་བསམ། །རྟ་མགྲིན་དམར་པོས་བཟུང་བར་བསམ། །གཤིན་རྗེ་གཤེད་ཀྱིས་བསྡམ་པར་བསམ། །མི་གཡོ་བས་ནི་གཏུབ་པར་བསམ། །དེས་ནི་དམ་སྲིའི་གདོན་ལས་ཐར། །གང་དག་མི་ཡི་རིགས་རྣམས་ལ། །གདོན་རྣམས་གནོད་པའི་རྨི་ལམ་ནི། །བྱེ་བྲག་བཤད་པ་འདི་ལྟ་སྟེ། །གདོན་ཕྲན་གདོན་དང་སྲིད་པའི་འདྲེ། །སྲིད་པའི་འདྲེ་རྣམས་རྨི་ལྟས་ནི། །རང་གི་ཤ་ཡང་ཟ་བ་དང་། །རྒྱ་གྲམ་དག་ཏུ་ཉལ་བ་དང་། །དུད་འགྲོའི་ཚོགས་ནི་མང་པོ་དང་། །ལུས་ལ་སྲོག་ཆགས་ཞུགས་པ་དང་། །འདམ་རྫབ་ཉལ་དང་མཚོ་ལ་བྱིང་། །གོས་རྣམས་མེད་དང་བཙོན་དུ་བཟུང་། །རྒྱ་ལ་བཙུད་དང་སྐྲ་བཀྲུ་ལུས་ལ་རྨ་བྱུང་དང་། །བྱ་རྣམས་ཤ་ལ་ཟ་ཞིང་ལྡིང་། །དེ་ལྟ་བུ་ཡི་རྟགས་རྣམས་ནི། །སྲིད་པའི་འདྲེ་རུ་ཤེས་པར་བྱ། །འཕྲལ་གྱི་གདོན་དུ་གྱུར་པའི་རྟགས། །རྨི་ལམ་རྟགས་ནི་འདི་ལྟར་


DNG003_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་། །སློབ་དཔོན་ཕྱོགས་ཀྱི་འདྲེ་གདོན་ན། །སློབ་དཔོན་ལྟ་བུར་སྤྲུལ་ནས་འོང་། །ཞང་པོའི་ཕྱོགས་ཀྱི་འདྲེ་གདོན་ན། །ཞང་པོ་ལྟ་བུར་བརྫུ་ནས་འོང་། །སྲུ་མོའི་ཕྱོགས་ཀྱི་འདྲེ་གདོན་ན། །སྲུ་མོ་ལྟ་བུར་སྤྲུལ་ནས་འོང་། །ཕ་ཚན་ཕྱོགས་ནས་འདྲེ་གདོན་ན། །ཕ་ཁུ་རྒན་རབ་དག་ཏུ་འོང་། །ཕ་མེས་དག་ཏུ་ཞུགས་པ་ན། །ཕ་མེས་དག་ཏུ་བཅས་ནས་འོང་། །རང་གི་ཚེ་ལ་ཞུགས་པ་ན། །ན་མཉམ་དག་ཏུ་སྤྲུལ་ནས་འོང་། །མ་ཡི་རིགས་སུ་ཞུགས་པ་ན། །མ་ཡི་ཕྱོགས་ཀྱི་ཆོ་འཕྲུལ་འོང་། །ཞང་པོའི་དྲིན་ལ་འདྲེ་གདོན་ན། །བདག་ཉིད་མ་ལྟར་སྤྲུལ་ནས་འོང་། །དེ་ལྟར་གདོན་གྱི་རྣམ་པ་ནི། །ལན་གསུམ་བཏུད་ནས་བྱུང་བ་ན། །ངེས་པར་དེ་ཡི་ཕྱོགས་ནས་གདོན། །དེ་དག་ལས་ནི་ཐར་པའི་ཐབས། །གོང་གི་གསང་སྔགས་བཟླས་པའོ། །དེས་ནི་གནོད་པ་རྣམས་ལས་ཐར། །རྟགས་དེ་རྣམས་ནི་བྱུང་བ་ན། །གསང་སྔགས་བཟླས་པ་བརྩོན་པར་བྱའོ། །དེ་ལྟར་གསང་སྔགས་རབ་བཟླས་ན། །འབྱུང་པོའི་གདོན་ལས་ཐར་པར་ངེས། །གང་དག་མི་ཡི་རིགས་རྣམས་ལ། །རྨི་ལམ་སུམ་ཅུ་རྩ་གཉིས་རྨི་བ་ན། །སྔགས་འདི་ལན་བདུན་བརྗོད་པ་ཡིས། །རྨི་ལམ་ངན་པ་བཟློག་པར་ངེས། །ཨོཾ་སརྦ་པྲ་བྷཉྩཀྲ་དུཥྚ་ཡ་བཟློག །དེ་ལྟར་སྔགས་དེ་བཟླས་པ་ན། །རྨི་ལམ་ངེས་པར་བཟློག་པའོ། །གང་དག་མི་ཡི་རིགས་རྣམས་ལ། །འགོང་པོ་ཁྱིམ་དུ་ཞུགས་གྱུར་ན། །བསམ་པ་འགྲུབ་པར་མི་བྱེད་ཅིང་། །འཁོར་དང་ལོངས་སྤྱོད་ཉམས་པ་ནི། །འགོང་པོ་ཡི་དྭགས་གནོད་པར་བྱེད། །འགོང་པོ་ཐམས་ཅད་ཁ་འཆིང་བ། །དྲག་སྔགས་འདི་ཡིས་ཁ་འཆིང་བའོ། །འགོང་པོ་ཧབ་ཤ་ཏྲིག་ནན། ཐ་ཏྲི་མྱགས་ཐུམ་རིལ་རྦད། དེ་ལྟར་གནོད་པའི་མི་དེ་ཡིས། །བོང་བུ་གྭ་པའི་རྣ་མཆོག་ཏུ། །འགོང་པོའི་གཟུགས་དང་མིང་བཅུག་ལ། །ཟངས་ཀྱི་ཤོ་དང་རྡོ་ཤོ་དང་། །རུས་པའི་ཤོ་ཡང་ནང་དུ་བྲུབ། །ཡུངས་ཀར་དག་ལ་སྔགས་བཟླས་ཤིང་། །ར་ཡི་སྒང་སྟོག་དག་གིས་འབུད། །དེ་ལྟར་


DNG003_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་སྔགས་བཟླས་བྱས་ན། །འགོང་པོ་ཐམས་ཅད་ཁ་འཆིང་བྱ། །གང་དག་མི་ཡི་རིགས་རྣམས་ལ། །ལྷོག་འབྲས་ཕོལ་དང་སྐྲངས་པའི་ནད་རྣམས་དང་། །སྦྲུལ་གྱིས་ཟིན་དང་གག་པའི་ནད་རྣམས་དང་། །རྨ་རྣམས་འཚོ་མེད་སྐྲངས་པར་གྱུར་པ་ལ། །གསང་སྔགས་བཟླས་ཤིང་སྦྱོར་བ་འདི་ལྟ་སྟེ། །དུར་ཁྲོད་ས་དང་ཚ་ཚ་ས་སྣ་དང་། །མི་ཡི་དྲི་ཆེན་སྤྱང་ཀི་དང་། །ཝ་དང་ཁྱི་དང་ཕག་པ་དང་། །ལྕགས་དང་ཟངས་དང་དུག་སྣ་དང་། །དྲི་ཆུ་དང་ནི་དྲི་ཆེན་སྦྱར། །འདག་པ་སྦྱར་ཅིང་བྱུག་པར་བྱ། །དྲག་སྔགས་འདི་ཡིས་གདབ་པར་བྱ། །ལུས་ལ་བྱུགས་ན་ནད་རྣམས་འཇོམས། །གསང་སྔགས་གོང་མའི་རྗེས་དག་ཏུ། །དྲག་སྔགས་འདི་ནི་རབ་ཏུ་བཤད། །ཨ་ཧྲིང་ཧྲིང་སིང་སིང་སྭཱ་ཧཱ། དེ་ཉིད་གདབ་ཅིང་འདག་པ་བྱུགས། །དེ་ལྟར་རྒྱུན་དུ་བྱས་པ་ན། །གོང་གི་ནད་རྣམས་ཞི་བར་གསུངས། །གང་དག་མི་ཡི་རིགས་རྣམས་ལ། །དུག་ལ་སོགས་པའི་ནད་ཀྱི་རིགས། །ཤ་དུག་སྦྱར་དུག་རྩི་དུག་ནི། །དེ་དག་ཞི་བར་བྱ་བའི་ཐབས། །བདག་ཉིད་དབང་ཆེན་མགྲིན་པ་རུ། །རྨ་བྱ་མདངས་ལྡན་བསྒོམ་པར་བྱ། །ཆུ་གཙང་འཁར་ཕོར་ནང་དུའོ། །རང་ལ་ཚ་བ་འདུས་གྱུར་པས། །མཆིལ་མ་ཆུ་ཡི་ནང་དུ་བོར། །ཤ་དུག་ལོ་དུག་ཟླ་དུག་དང་། །སྦྱར་བའི་དུག་རྣམས་ཐུབ་པར་གསུངས། །གཞན་དག་བསྲུང་བར་བྱེད་པ་ན། །ཐུགས་ཀར་སྔགས་བཟླས་མཆིལ་མའོ། །དེ་དག་རྒྱུན་དུ་བྱས་ཤིང་གདབ། །དུག་གི་རོ་རྣམས་འདྲོང་བར་བསམ། །སྔགས་འདི་འབུམ་གྱིས་འགྲུབ་པར་ངེས། །ཨོཾ་སང་ཧ་ཀ་ལི་ཧ་ས་ཧཱུཾ། ཀ་བ་ཙ་རེ། མ་ཧཱ་དེ་བའི་གླིང་སྲུང་། ཨོཾ་ཙན་འབིས། ཧེ་བྷིས། མ་ཧཱ་བྷིས། ཀོ་རོ་ཙ་བྷིས་ཛ། ཞེས་པའི་སྔགས་དེ་བཟླས་ཤིང་སྤུར་བར་བྱ། །དེས་ནི་དུག་རྣམས་འཇོམས་པའོ། །མཛེ་དུག་ལ་སོགས་རྩི་དུག་ལ། །ག་པུར་བཟང་པོ་ཞོ་གཅིག་དང་། །ཆུ་གཙང་དག་ཏུ་སྦྱར་བྱས་ནས། །སྔགས་འདི་བརྒྱ་རྩ་གདབ་པར་བྱ། །དེས་ནི་ལུས་ཀུན་ཁྲུས་བྱས་ནས། །བ་སྤུའི་བུ་གར་


DNG003_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

སྐམ་དུ་གཞུག །དེས་ནི་རྩི་དུག་ཐམས་ཅད་ཐུབ། །དེ་ཡི་སྔགས་ནི་འདི་སྐད་དོ། །ཨོཾ་ཁྲག་ཉལ་རམ་སྭཱ་ཧཱ། སྔགས་དེ་བརྒྱ་རྩ་བརྒྱད་བཟླས་ཞིང་། །ག་པུར་སྦྱོར་བ་དག་བྱས་ན། །རྩི་ཡི་དུག་ལས་ཐར་པར་གསུངས། །ལྔ་བརྒྱ་དུས་ཀྱི་ཐ་མ་རུ། །སངས་རྒྱས་བསྟན་པ་ནུབ་ཁ་རུ། །དུག་གི་སྦྱོར་བ་རྒྱ་ཆེར་འབྱུང་། །དེ་དག་སྔགས་ཀྱིས་བསྲུང་བ་ནི། །སྦྱོར་དུག་ཤ་དུག་རྩི་དུག་ནི། །གོང་དུ་གསང་སྔགས་བསྟན་པའོ། །བཙན་དུག་དག་གི་སྔགས་འདིའོ། །ཨོཾ་ཀྲིང་ཀྲིང་སོད། ཁྲུག་ལེ་ཧྲི། སྔགས་འདི་བརྒྱ་རྩ་བཟླས་བྱས་ནས། །སྲིན་ལག་གཉིས་ཀྱི་བར་དག་ཏུ། །བཙན་དུག་བླངས་ཏེ་ཟོས་གྱུར་ཀྱང་། །སྔགས་ཀྱི་ནུས་པས་ཐུབ་པར་ངེས། །དུས་ནི་སྙིགས་མའི་དུས་དེ་རུ། །སངས་རྒྱས་བསྟན་པ་ནུབ་པའི་རྟགས། །དུག་གི་སྦྱོར་བ་འབྱུང་བར་ངེས། །མཛེ་ནད་ལ་སོགས་ནད་རྣམས་ནི། །ནད་ནི་བཞི་བརྒྱ་རྩ་བཞི་འབྱུང་། །དེ་དག་འབྱུང་བའི་དུས་ཉིད་དུ། །རྫོགས་པ་རང་བྱུང་རྒྱུད་འདི་གསུངས། །ལེའུ་འདི་དག་འབྱུང་བ་ཡིས། །སེམས་ཅན་ཀུན་གྱི་མགོན་དུ་གྱུར། །འདི་ལྟར་སྤྱོད་པ་རྫོགས་བྱས་ནས། །ནད་རྣམས་ཞི་བར་ངས་བཤད་དོ། །གང་དག་མི་ཡི་རིགས་རྣམས་ལ། །མཚན་མོའི་འདྲེ་དང་གདོན་གྱིས་གནོད་བྱེད་ན། །ཚོན་སྣ་ལྔ་ཡི་སྐུད་པ་ལ། །རྩ་བའི་མདུད་པ་ལྔ་བོར་ཏེ། །རྩ་བའི་གསང་སྔགས་བརྒྱ་རྩ་བཟླས། །ལུས་སམ་མགུལ་དུ་བཏགས་གྱུར་ན། །གདོན་དེ་ཉིད་ལས་ཐར་པར་འགྱུར། །ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །ཕྱུགས་ནད་སྣ་ཚོགས་འབྱུང་བར་ངེས། །དེ་དག་ཞི་བར་བྱེད་པའི་ཐབས། །སྲུང་བ་མཚམས་ཀྱི་འཁོར་ལོ་ལས། །སྡེ་བརྒྱད་དྲག་སྔགས་ཐ་མར་བྲི། །དར་རམ་རས་ནི་སེར་པོས་གྲིལ། །སྐྱེར་པའི་ཕུར་པ་སོར་བཞི་ལ། །གསང་སྔགས་ནུས་ཚད་བཟླས་པ་ནི། །མགུལ་དུ་བཏགས་པས་ཕྱུགས་ནད་ཆད། །གང་དག་མི་ཡི་རིགས་རྣམས་ལ། །རིམས་ནད་དག་གིས་བཏབ་གྱུར་ན། །དེ་དག་རྣམས་ལ་ཐར་པའི་ཐབས། །སྦྱོར་བ་འདི་ཉིད་བྱས་པས་ཐུབ། །ཁྲུས་ནི་སྣ་ཚོགས་བྱས་ནས་ནི། །ནམ་ལངས་པ་


DNG003_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་དྲི་ཆུ་ཡིས། །དང་པོ་ཐ་མ་ཕོ་ནས་བར་མས་ཁྲུས་བྱས་ཤིང་། །ལྟོར་ཡང་བག་ཙམ་གཏོང་བར་བྱ། །སྣ་བུག་ནང་དུ་བག་ཙམ་བླུགས། །རྩ་བའི་སྔགས་ནི་བཟླས་བྱ་ཞིང་། །དེ་ལྟར་རྒྱུན་དུ་བྱས་པ་ན། །འགོས་ནད་རིམས་ལས་ཐར་བར་ངེས། །དེ་ལྟར་སྦྱོར་བ་བྱས་པ་ཡིས། །ནད་ཀྱི་སྡུག་བསྔལ་ཞི་བར་འགྱུར། །ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །ནད་ཀྱི་སྡུག་བསྔལ་བསམ་མི་ཁྱབ། །དེ་རྣམས་ཞི་བར་བྱ་བའི་ཕྱིར། །དབང་ཆེན་གསང་བའི་རྒྱུད་འདི་གསུངས། །དེ་ནས་གསང་སྔགས་བསྟན་པ་གནས། །དེ་ནས་གདོན་རྣམས་འཇོམས་བྱེད་པའི། །གསང་སྔགས་འདི་ནི་རྒྱས་པར་འགྱུར། །ལོ་ནི་ལྔ་བརྒྱ་བར་དུ་གནས། །དེ་ནས་གསང་སྔགས་བསྟན་པ་ནི། །ཡུན་རིང་གནས་པར་ངས་མ་བཤད། །གསང་སྔགས་འདི་ནི་ཤིན་ཏུ་གསང་། །དེ་ཕྱིར་བགེགས་རྣམས་འཇོམས་པའོ། །དེ་ནས་དབང་ཆེན་འཁོར་བཅས་ལ། །བསྟོད་པའི་གླུ་ཆེན་འདི་སྐད་དོ། །ཧྲཱྀཿ། རིག་པ་ཡེ་ཤེས་ཉིད་ལས་བསྐྱེད་པའི་ལྷ། །དབང་ཆེན་ཀུན་འདུས་དབང་གི་རྒྱལ་པོ་ཁྱོད། །དབང་གི་མདོག་དམར་བསྐལ་པའི་མེ་ལྟར་འབར། །ཞལ་གསུམ་ཕྱག་དྲུག་ཁྲོ་རྒྱལ་རྟ་སྐད་མཚེར། །ཤིན་ཏུ་བརྗིད་དང་དུར་ཁྲོད་ཆས་ཀྱིས་བརྒྱན། །ཞབས་བཞི་བགྲད་ཅིང་རྒྱ་མཚོའི་ཀླུ་རྣམས་བརྫིས། །ཞལ་ནས་ཚེམས་བརྡར་ཀླུ་ཡི་གཤེད་མར་མཛད། །སྤྱན་རྩ་རིག་ཅིང་མ་མོ་ཕོ་ཉར་འགྱེད། །དབུ་དགུ་ཕྱག་ནི་བཅོ་བརྒྱད་སྟེ། །ཞབས་བརྒྱད་ཁྲོ་རྒྱལ་ཀླུ་བརྒྱད་བརྫིས། །དམར་ནག་སྐུ་ནི་སྣ་ཚོགས་སྟོན། །དྲེགས་པ་ཅན་རྣམས་ཞལ་དུ་རྔུབ། །དབང་གི་སྐུ་མདོག་དམར་འཕྲོ་བ། །སྲིད་པ་གསུམ་ཉིད་དབང་དུ་སྡུད། །རྟ་སྐད་ཕྱོགས་བཅུར་སྒྲོགས་པ་ཡིས། །དུས་གསུམ་ཁྲོ་བོ་དམ་ལ་སྡུད། །རྟ་བྲོ་ཐང་གསུམ་བརྗིད་པ་ཡིས། །སྲིད་གསུམ་འབྱུང་པོའི་སྙིང་ལ་བརྡུང་། །ཕྱག་མཚན་མང་པོ་བསྣམས་པ་ཡིས། །ཀླུ་རྣམས་ཐམས་ཅད་ཐལ་བར་རློགས། །ཀུན་ལ་བྱམས་པའི་ཁྲོ་རྒྱལ་ཀླུ་འདུལ་ཁྱོད། །དབང་


DNG003_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་སྐུ་ལ་གཉིས་མེད་ཡིད་ཕྱག་བསྟོད། །ཧཱུཾ། ཁྲོ་བོའི་རྒྱལ་པོ་རྟ་མགྲིན་དབང་གི་སྐུ། །ཧྲཱྀཿདང་ཕཊཿཀྱིས་ཀླུ་རྣམས་ཟ་བར་བྱེད། །མིག་ནས་མེ་འབར་རྒྱ་མཚོའི་ཀླུ་རྣམས་བསྲེག །ཤངས་ནས་རླུང་འཚུབས་འཇིག་རྟེན་ཁམས་ཀུན་འཁྲུགས། །ལྕགས་ཀྱི་རྨིག་པས་ཀླུ་ཡི་སྙིང་ནས་འདྲེན། །ཀླུ་ཡི་སྙིང་འབྱིན་ཀླུ་རྣམས་བསྲེག་པར་བྱེད། །གསོད་བྱེད་ཁྲོ་རྒྱལ་ཆེན་པོ་ཡིས། །དགྲ་བགེགས་སྙིང་ཁྲག་རྔམ་པའི་ཞལ་གྱིས་གསོལ། །དབང་ཆེན་ཁྱེད་ཀྱི་ཐུགས་ཀ་ནས། །གསང་བའི་བདག་པོ་གོས་སྔོན་ཅན། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་སྔོ། །གཡས་པའི་ཕྱག་ན་བསྣམས་པ་ནི། །ཀླུ་འདུལ་གསེར་གྱི་རྡོ་རྗེ་བསྣམས། །ཟུང་ཞིག་གཏོགས་ཤིག་རྣམ་པར་ཆིངས། །གཡོན་པའི་ཕྱག་ན་བསྣམས་པ་ནི། །སྦྲུལ་ཞགས་ཕུར་བུ་ཕྱོགས་བཅུར་འདེབས། །དྲོངས་ཤིག་ཁུག་ཅིག་སྙིང་ལ་ཡ། །བཅོམ་ལྡན་ཕྱག་ན་རྡོ་རྗེ་ནི། །སྣ་ཚོགས་མཆོག་གི་སྐུ་འབར་ཞིང་། །སྐུ་ནི་རི་རབ་ལྟ་བུར་བརྗིད། །གསུང་སྒྲས་སྟོང་གསུམ་ཟིལ་གྱིས་གནོན། །ཐུགས་ནི་ཆོས་ཉིད་བྱམས་པར་ལྡན། །རལ་པ་ཁམ་ནག་གྱེན་དུ་བརྫེས། །གསུས་པ་ཆེ་ལ་སྦྲུལ་ཡང་ཟ། །ཀླུ་རྣམས་ཟ་བའི་མཆེ་བ་གཙིགས། །རལ་པ་གྱེན་དུ་བརྫེས་པ་ཡིས། །ཀླུ་ཡི་འཇིག་རྟེན་དབང་དུ་བསྡུ། །ཨག་ཚོམ་མེ་ལྟར་འབར་བ་ཡིས། །མི་ཡི་འཇིག་རྟེན་སྐྱོབ་པར་བྱེད། །ཞབས་གཉིས་བརྐྱང་བསྐུམ་ཚུལ་བསྟན་པས། །ཀླུ་རྣམས་སྐྲོད་པར་བྱེད་པའོ། །བཅོམ་ལྡན་ཕྱག་ན་རྡོ་རྗེ་ནི། །ལྷ་ཆེན་བརྒྱད་ནི་ཕྱག་གིས་སྒྲོལ། །ཀླུ་ཆེན་བརྒྱད་ནི་ཞབས་ཀྱིས་མནན། །བདུད་དང་མ་མོའི་སྲོག་རྩ་འཕྲོག །རྒྱལ་འགོང་ཀུན་གྱི་དོན་སྙིང་འབྱིན། །མ་བདུད་ཐམས་ཅད་གསོད་པར་བྱེད། །ཕྱག་ན་རྡོ་རྗེ་སྟོབས་པོ་ཆེ། །རི་རབ་གླིང་བཞིར་བཅས་པ་ནི། །ཁྱོད་ཀྱི་ལག་པ་གཡས་པ་ཡིས། །འཕངས་པས་འཇིག་རྟེན་འཁྲུག་པར་བྱེད། །རྒྱ་མཚོའི་གཏིང་ན་གནས་པ་ཡི། །ཀླུ་རྣམས་ཁྱོད་ཀྱིས་ཟས་སུ་ཟ། །རི་རབ་ངོས་ཀྱི་ཀླུ་རྣམས་ནི། །དཔག་ཚད་བརྒྱད་ཁྲིར་འཕེན་པར་བྱེད། །ཀླུ་འདུལ་ཁྱོད་ལ་


DNG003_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་འཚལ་བསྟོད། །ཁྲོ་བོའི་རྒྱལ་པོ་རྟ་སྐད་འཚེར། །དབང་ཆེན་ཁྱེད་ཀྱི་ཐུགས་ཀ་ནས། །ཕྱག་ན་རྡོ་རྗེ་ཕོ་ཉར་འགྱེད། །དབང་ཆེན་ཁྱོད་ཀྱི་དཔྲལ་བ་ན། །ཧཱུཾ། ཁྲོ་རྒྱལ་འཕགས་པ་མི་གཡོ་བ། །སྐུ་མདོག་ནག་པོ་འཇིགས་པའི་སྐུ། །ཞལ་གཅིག་ཕྱག་གཉིས་བརྗིད་པ་ཆེ། །གཡས་པས་རལ་གྲི་བསྣམས་པ་ཡིས། །ཁམས་གསུམ་སེམས་ཅན་སྐྱེས་རྩད་གཅོད། །གཡོན་པས་སྡིགས་མཛུབ་ཞགས་པ་བསྣམས། །ཐམས་ཅད་ཆིངས་ཤིག་རྣམ་པར་སྡོམས། །འཕགས་པའི་རྒྱལ་པོ་མི་གཡོ་བ། །རྡུངས་ཤིག་ཁྲོ་བོའི་རྒྱལ་པོ་ཁྱོད། །དགྲ་དང་བགེགས་རྣམས་རྡུལ་དུ་རློགས། །ཁྲོ་བོའི་རྒྱལ་པོ་མི་གཡོ་མགོན། །ཀླུ་འདུལ་འཇིགས་པའི་སྐུ་ལ་བསྟོད། །ཧཱུཾ། བཅོམ་ལྡན་དབང་ཆེན་མགྲིན་པ་ནས། །སྤྲུལ་པའི་རྟ་མགྲིན་དམར་པོ་བྱུང་། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར། །གཡས་པས་བེ་ཅོན་བསྣམས་པ་ཡིས། །སྲིད་པའི་འབྱུང་པོ་རྡུལ་དུ་བརླག །གཡོན་པས་སྡིགས་མཛུབ་བསྒྲེངས་པ་ཡིས། །ཐམས་ཅད་མ་ལུས་སྒྲོལ་བར་བྱེད། །རྟ་མགྲིན་རྟ་སྐད་འཚེར་བ་ཡིས། །ཀླུ་ལ་སོགས་པའི་བགེགས་རྣམས་འཇོམས། །སྐུ་ནི་མེ་ཡི་ཚ་ཚ་འཕྲོ། །གདོན་བགེགས་ཐམས་ཅད་ཐལ་བར་བརླག །སྤྲུལ་ཅིག་རོལ་ཅིག་རྟ་མགྲིན་རྒྱལ། །འབྱུང་པོ་འཇོམས་ལ་ཕྱག་འཚལ་བསྟོད། །བཅོམ་ལྡན་དཔལ་ཆེན་ལྟེ་བ་ནས། །ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང་། །ཀམ་ཀམ་ཚིག་ཚིག་རལ་པ་མེ་ལྟར་འབར། །གཡས་ན་འཁོར་ལོ་རྩིབས་སྟོང་བསྐོར། །སྲིད་གསུམ་མ་མོ་གསོད་པར་བྱེད། །དབང་དུ་སྡུས་ཤིག་གཤིན་རྗེ་གཤེད། །གཡོན་པས་སྦྲུལ་ཞགས་སྡིགས་མཛུབ་བསྒྲེངས། །དམ་ཚིག་ཉམས་པའི་གཤེད་མ་མཛད། །མ་མོའི་སྐུ་འདུལ་ཁྲོ་རྒྱལ་གཤིན་རྗེ་གཤེད། །མཐིང་ནག་འཇིགས་བྱེད་ཁྲོ་རྒྱལ་དགྲ་བོའི་གཤེད། །ཐམས་ཅད་འཆིང་བྱེད་ཞགས་པ་ཀླད་ལ་བསྐོར། །མ་མོའི་


DNG003_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

གཤེད་བྱེད་ཁྲོ་རྒྱལ་གཤིན་རྗེའི་གཤེད། །སྐུ་མདོག་གསལ་འགྱུར་མ་མོ་གཅེར་བུར་འགྱུར། །འཇིགས་བྱེད་རྔམ་པའི་ཁྲོ་རྒྱལ་ཚོགས་དང་བཅས། །གློ་སྙིང་ཞལ་དུ་གསོལ་ཞིང་སྙིང་ཁྲག་དྲོན་མོ་འཇིབས། །མི་མགོ་ཀླད་ཁྲག་ཉིད་ཀྱི་ཞལ་དུ་གསོལ། །ཁྲོ་རྒྱལ་འཇིག་བྱེད་ཧ་ལ་ཧ་ལའི་སྐུ། །ལྗགས་འདྲིལ་ཙམ་གྱིས་རྡོ་རྗེའི་ཐོག་ཆེན་འབེབས། །ཀུན་གྱི་གཤེད་བྱེད་མ་མོ་འདུལ། །མ་མོ་དབང་དུ་བསྡུ་ལ་ཕྱག་འཚལ་བསྟོད། །པདྨ་དབང་གི་སྐུ་ནི་བརྗིད་པ་ཆེ། །བཅོམ་ལྡན་ཕྱག་ན་རྡོ་རྗེ་ཀླུ་འདུལ་བརྗིད། །མི་གཡོ་མགོན་པོས་བདུད་དང་སྲིན་པོ་འདུལ། །གཤིན་རྗེ་གཤེད་ཀྱིས་དགྲ་བོ་མ་རུངས་འཇོམས། །རྟ་མགྲིན་ཉིད་ཀྱིས་ཐམས་ཅད་འགུགས་པར་བྱེད། །ཁྲོ་རྒྱལ་བགེགས་རྣམས་འཇོམས་ལ་ཕྱག་འཚལ་བསྟོད། །ཧྲཱྀ་ཏ་ཡ་པདྨ་ཀྲོ་ཏ་ཧཱུཾ་ཧཱུཾ་མཱ་ར་ཡ་ཛ་ཛ། གསང་སྔགས་དབང་པོས་བསྐུལ་བྱས་ལ། །བགེགས་རྣམས་འདུལ་བའི་ཏིང་འཛིན་ལྡན། །དེ་ལྟར་ལས་རྣམས་རྫོགས་པར་བྱའོ། །དཀྱིལ་འཁོར་སྦྱོར་བ་རྫོགས་པར་བྱའོ། །སྔགས་དང་ཕྱག་རྒྱའི་དབང་རྫོགས་བྱ། །བཅོམ་ལྡན་དབང་ཆེན་སྐུ་ཉིད་ལ། །འཁོར་གྱི་ལྷ་དང་ཀླུས་བསྟོད་ནས། །རང་རང་སྟན་ལ་མངོན་པར་འདུག །ཡི་དྭགས་རྣམས་ནི་དྲེད་ཅིང་སྔངས། །འབྱུང་པོ་ཤ་ཟའི་གདོན་ལས་ཐར། །ལས་རྣམས་ཐམས་ཅད་འགྲུབ་པར་འགྱུར། །ཆེན་པོ་ལས་ནི་ཤིན་ཏུ་ཆེ། །དབང་ཆེན་གསང་བའི་རྒྱུད་འདི་ནི། །རབ་ཏུ་འབྱུང་བར་དཀའ་བ་སྟེ། །ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །རྒྱུད་འདི་འབྱུང་ཞིང་ལས་རྣམས་འགྲུབ། །རྫོགས་སངས་རྒྱས་དང་མཉམ་པར་སྦྱོར། །དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར། །རྒྱུད་རྒྱལ་གསང་བ་འདི་ཉིད་ནི། །ཐམས་ཅད་འདུལ་བྱེད་གཉེན་པོ་སྟེ། །ཐམས་ཅད་རང་རང་བདེ་ལ་འགོད་པའོ། །ཨེ་མ་ཧོ། དཀྱིལ་འཁོར་གསང་བའི་བཀོད་པ་འདི། །འདི་ལྟར་རབ་ཏུ་བྱ་བར་གསང་། །དབུས་སུ་དམར་ནག་གྲུ་གསུམ་མཛེས། །ཟླ་གམ་གསུམ་ནི་སྔོ་ནག་བྲི། །དེ་ཡི་ཕྱི་རིམ་དག་ཏུ་ཡང་། །


DNG003_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

གྲུ་བཞི་སྒོ་དང་བཅས་པ་བྲི། །ཕྱི་རིམ་ཟླུམ་པོ་མུ་ཁྱུད་བྲི། །དེ་ལྟར་དཀྱིལ་འཁོར་བྲིས་བྱས་ལ། །དབུས་སུ་དཔལ་གྱི་གཏོར་མ་དང་། །དབང་ཆེན་བསྒྲུབ་པའི་རྫས་ནི་བཞག །ཟླ་གམ་གསུམ་གྱི་སྟེང་དག་ཏུ། །ལྕགས་ཀྱི་ཕུར་པ་རེ་རེ་ལ། །དར་དམར་གདུགས་ནི་ཕུབ་པའོ། །སྒོ་བཞིར་དགྲམ་པའི་རྫས་རྣམས་ནི། །ཤར་དུ་ཤེལ་གྱི་ཕུར་པ་ལ། །དར་དཀར་གདུགས་དང་བཅས་པའོ། །ལྷོ་རུ་སྐྱེར་པའི་ཕུར་པ་ལ། །དར་སེར་གཙང་མའི་གདུགས་ཀྱིས་ཕུབ། །ནུབ་ཏུ་སེང་ལྡེང་ཕུར་པ་ལ། །དར་དམར་དག་གི་གདུགས་ཀྱིས་ཕུབ། །བྱང་དུ་ལྕགས་ཀྱི་ཕུར་པ་ལ། །དར་ལྗང་དག་གི་གདུགས་ཀྱིས་ཕུབ། །བྱང་ཤར་མཚམས་ཀྱི་གྲུ་ཆད་སྟེང་། །ལྕགས་ཀྱི་ཕུར་པ་དག་བཙུགས་ལ། །དར་ཚོན་དག་གི་ཅོད་པན་བཏགས། །ཤར་ལྷོ་མཚམས་ཀྱི་གྲུ་ཆད་སྟེང་། །དུག་རྣམས་བྱུགས་པའི་ཕུར་པ་སྟེ། །དར་ནག་དག་གི་ཅོད་པན་བཏགས་པའོ། །ལྷོ་ནུབ་མཚམས་སུ་བཞག་པ་ནི། །སེང་ལྡེང་ཕུར་པ་ཁྲག་གིས་བྱུགས། །དར་ནག་ཅོད་པན་བཏགས་པའོ། །ནུབ་བྱང་མཚམས་སུ་མཆོག་ཕུར་ནི། །མཐིང་ནག་དར་གྱི་ཅོད་པན་བཏགས། །གྲུ་ཆད་ཕྱི་མ་བཞི་པོ་ལ། །གཏོར་མ་རེ་རེ་གཞག་པར་བྱ། །དེ་ལྟར་རྫས་རྣམས་བཤམས་པའོ། །བསྒྲུབ་པའི་སྐབས་སུ་ཤེས་པར་བྱ། །བསྙེན་པའི་སྐབས་སུ་དཔལ་གཏོར་དག་གིས་སོ། །ལས་ལ་སྦྱོར་བའི་དུས་ཙམ་ནས། །ཁྲག་དང་དུག་ཐུན་ཐུན་རྫས་བསག །རང་རང་ཐུན་དང་འདྲ་བར་བཤད། །དེས་ནི་ལས་རྣམས་འགྲུབ་པར་གསུངས། །གང་ཞིག་ལོངས་སྤྱོད་ཉམས་པ་ཡིས། །འདི་ལྟར་སྤྱད་ན་དངོས་གྲུབ་འབྱུང་། །ཚེ་དང་བསོད་ནམས་རྒྱས་པར་འཕེལ། །སྐྱེ་དང་མི་སྐྱེའི་སྡུག་བསྔལ་བྲལ། །འདིས་ནི་བསམ་པ་ཉེ་བར་འགྲུབ་པའོ། །ཞེས་རྫོགས་པ་རང་བྱུང་ཆེན་པོའི་རྒྱུད་ལས། ཐམས་ཅད་ཟློག་བྱེད་མཚོན་ཆའི་ལེའུ་སྟེ་བཅུ་གཅིག་
པའོ། །རྫོགས་སོའོ།། །།

བདུད་རྩི་ཐལ་བའི་ནང་དུ་ཐམས་ཅད་སྦྱོར་བའི་ལུང་།


DNG003_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། སརྦ་མ་ཁ་སུ་ར་ཨ་སྨ་ཐ་ཀ་སུ་ནཱ་མ། བོད་སྐད་དུ། བདུད་རྩི་ཐལ་བའི་ནང་དུ་ཐམས་ཅད་སྦྱོར་བའི་ལུང་ཞེས་བྱ་བ། བཅོམ་ལྡན་ཆེ་མཆོག་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་དེ་ཉིད་ཆེ་མཆོག་ཧེ་རུ་ཀ་ཞེས་བྱ་བར་གྱུར་ནས། བདུད་རྩི་ཐལ་བའི་སྦྱོར་བའི་ལེའུ་འདི་གསུངས་སོ། །ཀྱེ་མ་ཀོའུ་རཱི་འཁོར་རྣམས་ཉོན། །ཁམས་གསུམ་རྣམ་རྒྱལ་ཡུམ་ཉིད་ཀྱིས། །བྷ་གའི་དབྱིངས་ནས་བཀའ་སྩལ་པ། །བདུད་རྩིའི་སྦྱོར་བ་འདི་ཉིད་ལས། །སྦྱོར་བ་དམ་པ་འདི་ལྟ་སྟེ། །སྐུ་ཡི་སྦྱོར་བ་བདུད་རྩི་འདི། །ཐང་ལས་བྱུང་བའི་བདུད་རྩི་དང་། །ནམ་མཁའ་དག་ལས་བྱུང་བ་དང་། །དེ་བཞིན་རང་ལས་བྱུང་བ་དང་། །སྣ་ཚོགས་དག་ནི་རྫས་བསགས་ལ། །སྨན་ནི་རྣམ་པ་ཅི་སྙེད་དང་། །དེ་བཞིན་དུག་ཀྱང་རབ་ཏུ་གསུངས། །དུག་ལྔ་བདུད་རྩིས་སེལ་བའི་ཕྱིར། །རྩ་བ་ལྔ་ཡི་སྦྱོར་བ་ལས། །ཡན་ལག་བསམ་གྱིས་མི་ཁྱབ་བསྟན། །སྦྱོར་བའི་རྫས་ཀྱི་ཐེམ་ལས་ནི། །ཨོཾ་དང་ཨཱཿདང་ཧཱུཾ་དག་གིས། །སྦྱོར་བ་བྱིན་གྱིས་བརླབས་ནས་ནི། །བདུད་རྩི་ཆེན་པོ་བསྒྲུབ་པ་འདི། །ཤིན་ཏུ་དབེན་ཞིང་ཉམས་དགའ་བའི། །གནས་ནི་རབ་ཏུ་བཙལ་ནས་ཀྱང་། །གནས་ཀྱི་མཚན་ཉིད་བརྟགས་པ་ནས། །འཇུག་པའི་དུས་ཉིད་བསྟན་པའོ། །གནས་ཀྱི་མཚན་ཉིད་བརྟག་པ་ནི། །ནགས་ཚལ་རབ་ཏུ་མང་བའོ། །བྱ་སྐད་སྣ་ཚོགས་སྒྲོགས་པ་དང་། །བྲག་རི་མཐོ་བར་འདུག་པ་དང་། །མེ་ཏོག་སྣ་ཚོགས་འཁྲུངས་པ་དང་། །གཙང་མའི་ཆུ་འབབ་ཉི་མ་རྟག །བཅུད་དང་འབྲས་བུ་སྨིན་པ་རུ། །གནས་ནི་ཟླ་གམ་དབྱིབས་དག་ཏུ། །བསྒྲུབ་པའི་དཀྱིལ་འཁོར་ཞལ་ཕྱེ་སྟེ། །དཀྱིལ་འཁོར་མདའ་གང་ཚད་དུ་བྱ། །ཡུག་གིས་མ་ཕོགས་དཔངས་མཐོ་བ། །ཤིན་ཏུ་བྱུགས་པས་ལེགས་པ་ལ། །དྲི་ཆུས་ཆག་ཆག་ལེགས་བཏབ་ལ། །དེ་ནས་ཆག་དེ་བསྐམ་པ་དང་། །


DNG003_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་རོལ་དག་ཏུ་སོང་ལ་ནི། །ཆ་གསུམ་བཏང་དང་ཕྱི་བཤགས་རྣམས། །གཞུང་དང་མཐུན་པར་རབ་བྱས་ལ། །ཕྱི་མཚམས་ལ་སོགས་དེ་བཞིན་བྱ། །དེ་ནས་ནང་དུ་འོངས་ནས་ནི། །ནང་མཚམས་གསང་བའི་མཚམས་ཡང་གཅད། །དེ་ནས་ནང་བཤགས་ཚུལ་བཞིན་བྱ། །དེ་ནས་དཀྱིལ་འཁོར་དེ་ཉིད་ལ། །ཆང་ཕུད་གཙང་མ་མ་ཉམས་པས། །ཆག་ཆག་ལེགས་པར་གདབ་པར་བྱ། །དེ་ནས་དཀྱིལ་འཁོར་དེ་ཉིད་ལ། །ཚངས་ཐིག་ལ་སོགས་ཐིག་རྣམས་ནི། །གནམ་ཐིག་ས་ཐིག་ཚུལ་བཞིན་བྱ། །དེ་ནས་ཚོན་རྩི་སྣ་ཚོགས་ཀྱིས། །དཀྱིལ་འཁོར་དེ་ལ་དགོད་པར་བྱ། །དབུས་ཀྱི་ཕོ་བྲང་ཟླུམ་པོ་ལ། །དཀྱིལ་དུ་མཐིང་ནག་གྲུ་གསུམ་སྟེ། །ཟླ་གམ་དབུས་ཀྱི་ཁ་དོག་ནི། །སེར་དང་དམར་དང་དཀར་བའོ། །དེ་ཡི་ཐ་མ་དག་ཏུ་ནི། །འཁོར་ལོ་རྩིབས་བརྒྱད་དག་ཏུ་བྱ། །འཁོར་ལོའི་རྩིབས་ཀྱི་རྩེ་མོ་ལ། །ནོར་བུ་འོད་འབར་རེ་རེ་བྱ། །འཁོར་ལོའི་མདོག་ནི་སེར་པོར་བཏང་། །དེ་ཡི་ཕྱི་རིམ་གྲུ་བཞིའི་སྟེང་། །ལྗང་གུའི་མདོག་ནི་རབ་ཏུ་གསུངས། །དེ་ཡི་ཕྱི་རིམ་དག་ཏུ་ཡང་། །ཟླུམ་པོ་སྒོ་དང་བཅས་པ་བྲི། །དཀྱིལ་འཁོར་ཆེན་པོ་དེ་ཉིད་ཀྱི། །གྲུ་ཆད་བཞི་ཡི་ཟུར་དག་ཏུ། །བསྒྲུབ་པའི་ཡུམ་བཞི་གཞག་པར་བྱ། །དེ་ནས་བསྒྲུབ་པའི་མཚན་ཉིད་བསྟན། །དེ་ནས་རྡོ་རྗེ་ཁམས་གསུམ་གནམ་ཞལ་མས། །བདུད་རྩི་ཆེན་པོའི་སྦྱོར་བ་དང་། །བདུད་རྩིའི་སྣོད་དང་དམ་རྫས་གཞག །གཙོ་བོ་ཡབ་ལ་རབ་ཏུ་ཞུས། །ཀྱེ་མ་ཁྲོ་བདག་ཆེན་པོའི་སྐུ། །དཀྱིལ་འཁོར་ཆེན་པོ་དེ་ཉིད་ལ། །བསྒྲུབ་པའི་རྫས་ནི་ཇི་ལྟར་དགོད། །ཉེ་བའི་འཁོར་ལ་བཀའ་སྩོལ་ཅིག །དེ་ནས་མངོན་རྫོགས་རྒྱལ་པོ་ཡིས། །ཡུམ་གྱི་བྷ་ག་དམ་པ་ལས། །སྦྱོར་བ་བརྡའ་ཡིས་རབ་བསྐུལ་ནས། །ཉེ་བའི་འཁོར་ལ་བཀའ་སྩལ་པ། །ཉོན་ཅིག་ཉེ་བའི་འཁོར་རྣམས་ཉོན། །བསྒྲུབ་པའི་དཀྱིལ་འཁོར་དེ་ཉིད་ཀྱིས། །སྟེང་དུ་རྫས་རྣམས་བསགས་པ་ནི། །མཐིང་ནག་དབུས་ཀྱི་སྟེང་ཉིད་དུ། །རིགས་བཟང་བྷནྡྷ་མཚན་ལྡན་དང་། །


DNG003_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

དམངས་རིགས་མོ་ཡི་བྷན་དྷ་གཉིས། །ཁ་དོག་རིགས་དང་རི་མོ་གཉིས། །ཕོ་ལ་འཁོར་ལོ་དཔག་བསམ་ཤིང་། །ཡི་གེ་ལྟ་བུའི་རི་མོ་རྣམས། །ཕོ་ལ་བྱུང་ན་བཟང་བར་བཤད། །པདྨ་དག་དང་མེ་ཡི་རིས། །མཚན་མ་ལྟ་བུར་བྱུང་བ་ནི། །མོ་ཡི་རིགས་ལ་བཟང་བར་བཤད། །དབྱིབས་དང་ཁ་དོག་རབ་བརྟགས་ལ། །དབུས་སུ་རབ་ཏུ་གཞག་པར་བྱ། །འཁོར་ལོའི་རྩིབས་མ་རེ་རེ་ལ། །བུམ་པ་མཛེས་པ་རེ་རེ་གཞུག །བུམ་པ་དེ་དག་རེ་རེ་ཡི། །རྩ་རུ་ཕུར་པ་རེ་རེ་ལ། །ཁྲོ་བོ་བཅུ་ཡི་སྔགས་རྣམས་ཀུན། །རེ་རེ་དག་ལ་བྲིས་ལ་བཀོད། །ཕུར་པ་བཅུ་པོ་དག་ལ་གདགས། །དར་དམར་ཅོད་པན་རེ་རེ་བཏགས། །དེ་ཡི་ཕྱི་རིམ་གྲུ་ཆད་ལ། །མདའ་དང་མེ་ལོང་དར་སྣ་དང་། །རལ་གྲི་གཏོར་མ་རེ་རེ་བཞག །དཀྱིལ་འཁོར་དེ་ལ་སྒོ་བཞི་ལ། །བུམ་པ་རིགས་དང་མཐུན་པ་རེ། །རས་དཀར་མགུལ་ཆིངས་དག་དང་བཅས། །ཤར་དུ་མཛེས་པའི་སྤྱན་ཕྱེ་ལ། །ལྷོ་ཡི་བུམ་པ་དེ་ཉིད་ལས། །མཛེས་པའི་ཞལ་ཉིད་བྲི་བར་བྱ། །ནུབ་བྱང་གཉིས་ལ་མ་དང་ཧཱུཾ། །ལེགས་པར་བྲིས་ལ་དགོད་པར་བྱ། །དེ་ནས་ཉེ་བའི་འཁོར་རྣམས་ཀྱིས། །གཙོ་བོ་ཡབ་ལ་དོན་ཞུས་པ། །ཀྱེ་ཀྱེ་བཅོམ་ལྡན་ཧེ་རུ་ཀ །དམ་རྫས་མཚན་ཉིད་དེ་ལྟར་ན། །སྨན་གྱི་རིགས་རྣམས་གསུང་དུ་གསོལ། །དེ་ནས་རྣམ་གྲོལ་ཧེ་རུ་ཀས། །ཉེ་བའི་འཁོར་ལ་བཀའ་སྩལ་པ། །ཀྱེ་མ་ཉོན་ཅིག་ཡུམ་གྱི་ཚོགས། །སྨན་གྱི་རིགས་རྣམས་འདི་ལྟ་སྟེ། །རིགས་ནི་ལྔ་རུ་ང་ཡིས་བཤད། །རྩ་བ་འབྲས་བུ་ལྔ་རུ་བཤད། །བསྒྲུབ་པའི་དཀྱིལ་འཁོར་དེ་ཉིད་ཀྱི། །དབུས་ཀྱི་ཐོད་པ་དག་ཏུ་ཡང་། །དྲི་ཆེན་སྐམ་པོ་སྲང་གཅིག་བཞག །ཤར་གྱི་བུམ་པའི་ནང་དག་ཏུ། །བྱང་ཆུབ་སེམས་ནི་སྲང་ཕྱེད་བཞག །ལྷོ་རུ་བསྒྲལ་བའི་མཱཾ་ས་ཉིད། །མིག་དང་སྣ་ལ་གཞི་བླངས་ལ། །དེ་བཞིན་སྙིང་དང་མཁལ་མ་དང་། །མཆིན་པ་ལ་སོགས་སྲང་གསུམ་བཞག །ནུབ་ཏུ་སྣ་ཚོགས་རཀྟ་


DNG003_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད། །བསྒྲལ་བའི་རཀྟ་སྣ་ཚོགས་ནི། །སྲང་གསུམ་ཚད་དང་མཉམ་པར་བཞག །བྱང་གི་བུམ་པའི་ནང་དག་ཏུ། །དྲི་ཆུ་སྣ་ཚོགས་བསྲེས་པ་ནི། །ཕུལ་ཐག་གང་གི་ཚད་དུ་བྱ། །དེ་ནས་ཤར་དུ་ཕོར་སྣོད་དག་ཏུ་ནི། །ར་ས་ཡ་ན་ལ་སོགས་ཏེ། །ཉུང་ཀར་གུ་གུལ་དག་དང་ནི། །རྡོ་རྗེ་ཕུར་པ་དག་དང་ནི། །གོ་རོ་ཙ་ན་ཆེན་པོ་དང་། །རཀྟ་ལ་སོགས་གཞག་པར་བྱ། །དེ་ནས་དཀྱིལ་འཁོར་ལྷོ་ཕྱོགས་སུ། །བསྒྲུབ་པའི་ཡུམ་ཉིད་བཞག་ནས་ནི། །རྒྱན་ཆ་སྣ་ཚོགས་རབ་ཏུ་བརྒྱན། །དཔྲལ་བར་ཐལ་ཆེན་མཚན་མ་བཏབ། །དཀྱིལ་འཁོར་དབུས་ཀྱི་ཕྱོགས་དག་ཏུ། །སྒྲུབ་པོ་ཡབ་ཡུམ་འདུག་ནས་ནི། །དཀྱིལ་འཁོར་བྱང་གི་ཕྱོགས་དག་ཏུ། །དགྲ་བགེགས་ཟློག་པའི་མཚོན་ཆ་བཞག །དབུས་ཀྱི་ཕོ་ཐོད་དག་ལ་ཡང་། །གོང་གི་རི་མོ་མེད་པ་ན། །རྡོ་རྗེ་ཉིད་དང་ཧྲི་དང་ཐ། །དམངས་རིགས་མོ་ཡི་བྷནྡྷ་ལ། །གོང་གི་རི་མོ་མེད་པ་ན། །པདྨ་དང་ནི་ཨོཾ་ཞེས་བྲིས། །དེ་ཡི་ནང་དུ་བླུག་པའི་སྨན། །ཤ་ཆེན་དང་ནི་ཁྲག་ཆེན་དང་། །དེ་བཞིན་དྲི་ཆེན་བྱང་ཆུབ་སེམས། །དྲི་ཆུ་ལ་སོགས་གཙོ་བོ་ལྔ། །དེ་ཡི་འབྲས་བུ་ཆེན་པོ་ནི། །མིག་དང་སྣ་དང་རྣ་བ་ལྕེ། །ཙིཏྟ་ལ་སོགས་ཆ་མཉམ་སྟེ། །སྲང་ནི་ཕྱེད་དང་གསུམ་དག་བཞག །དེ་ཡི་འཕྲོད་དུ་བསྟན་པ་ནི། །གུར་གུམ་དང་ནི་ཙན་དན་དང་། །སྤང་སྤོས་དང་ནི་རྒྱ་སྤོས་དང་། །དེ་བཞིན་སྤྲུལ་མ་སྤྲུ་མའམ་སྤྲུ་བ་རྣམ་ལྔ་ཡང་། །ཆ་མཉམ་སྲང་ཕྱེད་ཚད་དུ་བཞག །དེ་ཡི་འབྲས་བུ་སྦྱར་བ་ནི། །མི་དང་རྟ་དང་ཁྱི་དང་ནི། །དེ་བཞིན་གླང་དང་ལུག་ལ་སོགས། །མཁྲིས་པ་ལྔ་དང་ཀླད་པ་ལྔ། །རྒྱུངས་པ་ལྔ་དང་དྲི་ཆེན་ལྔ། །ཆ་མཉམ་སྲང་གི་ཕྱེད་དང་གཉིས། །དེ་ཡི་འཕྲོད་ཉིད་སྨན་བསྟན་པ། །ག་པུར་དང་ནི་མུ་ཏིག་དང་། །ལན་ཚྭ་དང་ནི་རྒྱ་སྐག་དང་། །ཤིང་ཚ་དག་དང་ཆ་མཉམ་ལ། །ཞོ་གཅིག་དག་གི་ཚད་དུ་བྱ། །དེ་རྣམས་ཚད་དུ་བསྟན་པ་ཡིན། །དམངས་རིགས་དྲི་ཆེན་དག་དང་ནི། །རྟ་དཀར་དང་ནི་གླང་པོ་ཆེ། །ཁྱི་


DNG003_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་དག་དང་ཤང་ཤང་གི། །དྲི་ཆེན་དག་ནི་ཆ་མཉམ་ལ། །ཞོ་ཕྱེད་དག་གི་ཚད་དུ་བྱ། །དེ་ཡི་འཕྲོད་དུ་བསྟན་པ་ནི། །ཁྱི་ཤ་དང་ནི་ཁམ་བུ་དང་། །སྙིང་ནི་ཞོ་ཤ་དག་དང་ཨ་རུ་ར། །སུག་སྨེལ་ཉིད་དང་ཆ་མཉམ་ལ། །ཞོ་གཅིག་དག་གི་ཚད་དུ་བྱ། །འབྲས་དང་ཏིལ་དང་གུར་གུམ་དང་། །དྲི་ཆུ་ཆ་མཉམ་སྦྱར་བར་བྱ། །ཚད་ནི་གསུམ་མམ་གཅིག་ཏུ་བཏང་། །ཤིང་ཐོག་ཨ་འབྲས་སྐྱུ་རུ་ར། །བ་རུ་ར་དང་ལི་ག་དུར། །ཐལ་དཀར་རྡོ་རྗེ་དག་དང་ནི། །ཆ་མཉམ་སྦྱར་དེ་ཞོ་ཕྱེད་ཙམ། །ནཱ་ག་གེ་སར་ཀླུ་སྨན་དང་། །གླ་རྩི་དང་ནི་ཙན་དན་དང་། །ཁ་རུ་ཚ་དང་རྒྱ་སྤོས་དང་། །ཛ་ཏི་ཕ་ལ་ཤུ་མོ་ཟ། །ཆ་སྙོམས་སྦྲང་རྩི་དག་ཏུ་སྦྱར། །གསེར་དང་དངུལ་དང་ཟངས་དང་ལྕགས། །གཡུ་དང་དུང་དང་ར་གན་དང་། །ཞིབ་ཏུ་བརྡར་ལ་ཆ་སྙོམས་ལ། །དྲོད་ལ་ཕབ་ནས་ཞོ་གཅིག་བཏང་། །དེས་ནི་འོད་རྣམས་འབྱུང་བར་འགྱུར། །དཀར་པོའི་རུས་དང་བྱི་ལའི་སྙིང་། །དྭ་བའི་ཁུ་བ་དག་དང་སྦྱར། །སྲན་མ་གསུམ་གྱི་ཚད་དུ་བཏང་། །ཞག་བདུན་བསྒྲུབ་པ་བྱས་པ་ན། །དྲི་ནི་སྣ་ཚོགས་འབྱུང་བར་འགྱུར། །གླ་རྩི་དང་ནི་ཙན་དན་དང་། །སེང་གེའི་ལྕི་བ་གོ་ཤིར་ཥ། །གུར་གུམ་ཆུ་དང་སྦྱར་བྱས་ནས། །ནམ་གཉིས་དག་ནི་བཏང་གྱུར་ནས། །ཞག་ལྔ་ལོན་པ་དག་དང་ནི། །དྲི་ཞིམ་པ་དང་དུ་བ་འབྱུང་། །དེ་ལྟར་རང་རང་སྣོད་དག་ཏུ། །དཀྱིལ་འཁོར་མཐའ་མར་བཤམས་ནས་ནི། །ཚེས་ནི་བརྒྱད་ལ་ཞུགས་པ་དང་། །ཞག་གཅིག་དབང་གི་བྲོ་བརྡུང་ཞིང་། །དཀྱིལ་འཁོར་དེ་ལ་བྱིན་བརླབ་བྱ། །དེ་ནས་སྨན་གྱི་རིགས་རྣམས་ཀུན། །ཁ་དོག་རིགས་རྣམས་མིག་གིས་དབྱེ། །ཁ་དོག་དཀར་བ་ཐམས་ཅད་ཀུན། །རྡོ་རྗེ་རིགས་ཀྱི་སྨན་དུ་བཤད། །དེ་བཞིན་སེར་དང་དམར་བ་དང་། །ལྗང་དང་མཐིང་ག་ལ་སོགས་རྣམས། །རིགས་ནི་སོ་སོར་ཕྱེ་བ་རྣམས། །དཀྱིལ་འཁོར་ཤར་གྱི་ཕྱོགས་ཉིད་དུ། །ལྕགས་ཀྱི་གཏུན་བུས་རབ་ཏུ་བཏགས། །ཡུམ་དང་རྡོ་རྗེ་རྒྱལ་པོས་བཏགས། །ཤིན་ཏུ་ཞིབ་པར་བཏག་བྱ་ཞིང་། །སྔགས་


DNG003_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

འདིས་རབ་ཏུ་བཏག་པར་བྱ། །ཨོཾ་ཨ་མྲྀ་ཏ་བཛྲ་ཧ་ན་ཧ་ན་ཧཱུཾ། དེ་སྐད་བརྗོད་ཅིང་སྨན་རྣམས་བཏགས། །དེ་ནས་སྨན་རྣམས་ཐོགས་པ་དང་། །གསང་བ་རྡོ་རྗེ་སློབ་དཔོན་གྱིས། །བྱིན་བརླབ་བྱ་ཞིང་སྨན་རྣམས་བསྲེ། །བསྲུང་བའི་སྔགས་འདི་ཀུན་གྱིས་བཟླས། །ཨོཾ་ཨ་མྲྀ་ཏ་མུ་ས་ལེ་སྭཱ་ཧཱ། དེ་སྐད་བརྗོད་ཅིང་ཞིབ་ཏུ་བསྙམས། །དེ་དག་སྨན་གྱི་རིགས་རྣམས་ཀུན། །གླང་པོ་ཆེ་ལས་བྱུང་བ་ལྔ། །འོ་མ་སྙུག་སྒོང་དག་གིས་དགང་། །དྲི་ཆུ་འོ་ཀོན་ཙམ་དུ་སྦྱར། །དམངས་རིགས་མོ་ཡི་བྷནྡྷ་རུ། །ཤོང་ཚད་བླུགས་ལ་ཕོ་ཡིས་དགབ། །འཕེལ་ནས་གཉིས་ཀ་ཁེངས་པ་དང་། །དངོས་གྲུབ་ཆེན་པོ་ཐོབ་པར་གསུངས། །གང་ཡང་རུང་བའི་ཐོད་པ་ལྔར། །ལྷག་མ་བླུགས་ལ་གྲུ་བཞིར་བཞག །སྣ་ཚོགས་དར་གྱིས་ཁ་བཅད་དེ། །དབུས་ཀྱི་བྷནྡྷ་ཁ་སྦྱར་ལ། །དར་དམར་དག་གིས་ཐུམ་བུར་གཡོགས། །མཆེད་ལྕམ་དུ་ཡོད་གཟུངས་ཐག་བཏག །དེ་ནས་རས་དཀར་གཙང་མ་ཡིས། །ཡོལ་བ་དག་ནི་རབ་ཏུ་བྱ། །འཛབ་ཏུ་བགྲང་བའི་སྔགས་འདིའོ། །ཨོཾ་ཨཱཿཧཱུཾ། སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཧྲཱྀཿཋ། དབྱངས་དང་བཅས་པས་རབ་ཏུ་བགྲང་། །ཕྲིན་ལས་གང་ཡང་རུང་བ་བསྲང་། །དེ་ནས་རྟགས་རྣམས་བྱུང་བ་དང་། །དངོས་གྲུབ་བླང་བའི་ཆོ་ག་བྱ། །དེ་ནས་བདག་ཉིད་ཏིང་འཛིན་གྱིས། །དཔལ་ཆེན་ཆེ་མཆོག་ཧེ་རུ་ཀར། །རབ་ཏུ་གསལ་བར་བསྒོམ་པ་ནི། །དབུ་མང་ཕྱག་ཀྱང་མང་པོ་ལ། །སྨུག་ནག་སྐུ་ནི་རབ་ཏུ་འབར། །དབུ་ནི་ཉི་ཤུ་རྩ་གཅིག་སྟེ། །ཕྱག་ཀྱང་བཞི་བཅུ་རྩ་གཉིས་ཏེ། །དཀྱིལ་འཁོར་དུས་གཅིག་བསྒོམ་པའོ། །བདག་ཉིད་གཙོ་བོ་བསྐྱེད་པའི་སྔགས། །ཨོཾ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་རཾ་ཛྭ་ལ་ཧཱུཾ། བདག་ཉིད་གཙོ་བོར་གསལ་བར་བསྒོམ། །གསང་བའི་ཡུམ་ཀྱང་ཡབ་དང་འདྲ། །སྔགས་འདིས་ཡུམ་ཉིད་གསལ་བར་བསྐྱེད། །ཨོཾ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་སརྦ་ཏ་ཐཱ་ག་ཏ་མུ་དྲ་ཨ་བྷི་ཥིཉྩ་ཧཱུཾ། དེ་ལྟར་


DNG003_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་རིམ་རྫོགས་ནས་ནི། །སྒྲུབ་པོ་ཡབ་ཡུམ་ཉིད་དུ་སྦྱར། །ཡབ་ཡུམ་སྤོས་ཆུ་འོ་མས་བཀྲུ། །གུར་གུམ་སྲན་མའི་རིལ་བུ་ཙམ། །པདྨའི་ནང་དུ་དྲིལ་ཏེ་གཞུག །དེ་ནས་སྐྱོར་བ་རབ་བྱས་ནས། །བྱང་ཆུབ་སེམས་དང་རཀྟ་སྦྱར། །དེ་ཉིད་དབུས་སུ་གཞག་པར་བྱ། །དེ་ནས་ནུབ་ནི་གཉིས་པ་ནས། །གུ་ཧྱེའི་སྔགས་འདི་རབ་ཏུ་བགྲང་། །ཨོཾ་བཛྲ་ཙིཏྟ་ས་མ་ཡ་ཧཱུཾ། རབ་འབྲིང་ཐ་མ་གསུམ་དུ་བགྲང་། །དེ་ནས་དཀྱིལ་འཁོར་དེ་ཉིད་ཕྱོགས། །དབུས་སུ་བྱང་སེམས་རྣམ་སྣང་སྟེ། །ཤར་གྱི་འཁོར་ལོའི་རྩིབས་སྟེང་དུ། །རྡོ་རྗེ་དྲི་ཆུ་སྣ་ཚོགས་ཏེ། །ལྷོ་རུ་བྱང་གཡག་ཤ་ཆེན་དང་། །ཤ་བའི་ཤ་རྣམས་དགོང་པའོ། །ནུབ་ཀྱི་འཁོར་ལོ་དེ་ཉིད་ལ། །འབྱུང་བ་ལྔ་ཡི་རཀྟ་དང་། །མཱང་ས་དང་ནི་རཀྟ་ལ་སོགས་པའི། །སྣ་ཚོགས་རཀྟ་གཞག་པར་བྱ། །བྱང་དུ་བསྒྲལ་བའི་དྲི་ཆུ་གཞག །སྨན་གྱི་རིགས་རྣམས་གསལ་བ་དང་། །སྔགས་འདིས་ཐམས་ཅད་བྱིན་གྱིས་བརློབ། །ཨོཾ་སྭ་ཧཱུཾ་ཧྲཱྀཿཧཱ། རྩ་བའི་སྙིང་པོར་ཤེས་པར་བྱ། །ཞོ་ཤ་སྙིང་དང་མཁལ་ཞོ་ཤ ། ཀོ་རོ་ཞོ་ཤ་དག་དང་ནི། །ཤུ་དང་ཀུ་རེ་རྟ་དང་ཤུ་དག་སྲེ་མེ་དང་། །ནབ་སེ་ཤུ་དག་དག་དང་ཨ་རུ་ར། །ར་མོ་ཤ་གདང་སྐྱེར་བཱི་ཁཎྜ་དག་དང་ནི། །སྐྱེས་པའི་ཆུ་དང་སྦྱར་བ་ནི། །སྲང་ཕྱེད་དག་གི་ཚད་དུ་བྱ། །སྨན་གྱི་སྦྱོར་བ་དེ་དག་ཀུན། །དཀྱིལ་འཁོར་བྱང་དུ་ཁ་དོག་དབྱེ། །ཤར་དུ་སྨན་ཉིད་བཏག་པར་བྱ། །ལྷོ་རུ་འཁར་གཞོང་ནང་དུ་ནི། །སྨན་སྣ་ཚོགས་ཚད་བསག་པར་བྱ། །སྣ་ཚོགས་སྦྱར་བ་ནུས་པ་ཆེ། །སྨན་གྱི་རིགས་ནི་སྣ་ཚོགས་ཀུན། །བསྲེ་བའི་སྔགས་ནི་འདི་དག་བརྗོད། །ཨ་མྲྀ་བི་ཤོ་དྷ་ཡ། བསྲེ་དང་བཙག་པའི་སྔགས་སུ་བརྗོད། །དེ་ནས་རབ་འབྲིང་རྟགས་བྱུང་ནས། །དངོས་གྲུབ་དབབ་པའི་སྔགས་འདིའོ། །ཨོཾ་མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་སུ་ཁ་ཧྲི་ཕེམ་ཕེམ། གཡབ་དོར་ལ་སོགས་སྣ་ཚོགས་བྱ། །སྨན་གྱི་རང་བཞིན་དེ་དག་ཀུན། །མཆོག་


DNG003_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་ལག་པ་གཡོན་གྱིས་དཀྲུགས། །མཆོག་ཆེན་གླིང་བུ་འབུད་པས་གཡབ། །དུང་དང་རྔ་དང་དྲིལ་བུ་དང་། །ཅང་ཏེའུ་པི་ཝང་ལ་སོགས་སྒྲ། །སྒྲ་ནི་སྣ་ཚོགས་དཀྲོལ་ཞིང་འབུད། །དེ་ནས་དཀྱིལ་འཁོར་ངོས་བཞི་ནས། །མཆེད་ལྕམ་རྣམས་ཀྱིས་དབྱངས་འདི་བླང་། །རང་བྱུང་གདོད་ནས་དག་པ་ཡི། །རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན། །ར་སཱ་ཡ་ན་ལ་སོགས་རྫས། །རྩ་བ་འབུམ་ཕྲག་ཡོངས་ཀྱི་བཅུད། །གཉིས་མེད་བདེ་ཆེན་ལས་བྱུང་བའི། །བྱང་ཆུབ་སེམས་ནི་རྡོ་རྗེ་སྟེ། །ཤ་ཆེན་མཆོད་པ་རིན་པོ་ཆེ། །ཟས་མཆོག་ཚེ་ཡི་རིན་པོ་ཆེ། །པདྨ་མེ་ཏོག་ཡང་དག་ལྡན། །རྡོ་རྗེ་ཆུ་སྟེ་དྲི་ཆུ་མཆོག །ག་པུར་ཤེལ་གྱི་སྤོས་ཕོར་གསུམ། །རིན་ཆེན་མེ་ལྟར་འབར་བའི་མཆོག །རིན་ཆེན་འབུམ་ཕྲག་ཡངས་པའི་བཅུད། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །རྒྱུད་ལྔའི་སེམས་ཅན་ཀུན་སྒྲོལ་བ། །དུག་ལྔ་སེལ་བའི་ཐབས་མཆོག་སྟེ། །ཐམས་ཅད་བདུད་རྩིའི་རྣལ་འབྱོར་ཆེ། །མ་ལུས་འདུས་པའི་བདུད་རྩི་ཆེ། །སངས་རྒྱས་ཀུན་དང་མཉམ་སྦྱོར་ཕྱིར། །གཅིག་ཏུ་དཔའ་བོའི་རོ་རྣམས་དང་། །གཉིས་སུ་མེད་པར་རབ་སྦྱར་ནས། །དུས་གསུམ་བུཌྜྷ་ཐམས་ཅད་དང་། །རྒྱལ་བ་རྒྱ་མཚོ་རྣམས་ལ་མཆོད། །དབྱངས་དེ་བླངས་ཤིང་དངོས་གྲུབ་བླང་། །དེ་ནས་ཡུམ་གྱིས་སྨན་བླངས་ལ། །གཞུང་བཞིན་དག་གི་ཆོ་ག་བརྗོད། །དེ་ནས་ནུབ་ནི་ལྔ་པ་ན། །བདུད་རྩི་བྱིན་བརླབས་སྔགས་འདི་བརྗོད། །བཛྲ་ཨ་མྲྀ་ཏ། ཨོཾ་ཨཱཿཧཱུཾ་ཧྲཱྀཿཋ། དེ་ལྟར་བྱིན་བརླབས་རྫོགས་ནས་ནི། །དངོས་གྲུབ་བླང་བའི་སྔགས་འདི་བརྗོད། །ཨ་ཧོ་སུ་ཁ་དྷརྨ་ཀཱ་ཡ་ནི། ཨཱོཾ་ཨ་མྲྀ་ཏ་སིདྡྷི་ཧྲཱྀཿ། སྔགས་ཀྱི་ཡི་གེ་དེ་དག་ཀུན། །འོད་དུ་ཞུ་ནས་དངོས་གྲུབ་བླང་། །ཡི་གེ་དེ་དག་རེ་རེ་ལས། །ལྷ་ཡི་སྐུ་ནི་རེ་རེ་སྟེ། །ཡི་གེ་མཐུ་ནུས་དངོས་གྲུབ་བླང་། །དེ་ནས་དངོས་གྲུབ་རྫོགས་ནས་ནི། །སློབ་མ་དེ་ལ་དངོས་གྲུབ་དབང་ཉིད་བསྐུར། །དབང་གི་གནས་ལྔ་བསྟན་པ་ནི། །སྤྱི་གཙུག་བདེ་


DNG003_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དཀྱིལ་འཁོར་དེར། །ཟླ་བའི་དཀྱིལ་འཁོར་རྒྱ་ལོང་ཁ་སྦུབ་ཙམ། །དེ་ཡི་སྟེང་དུ་ཨོཾ་ཉིད་བསམ། །ལྕེ་ཉིད་པདྨར་གྱུར་སྟེང་དུ། །ཡི་གེ་ཨཱཿཉིད་འོད་འབར་བསམ། །ཐུགས་ཀར་ཉི་མའི་དཀྱིལ་འཁོར་བསམ། །དེ་ཡི་སྟེང་དུ་ཧཱུཾ་ཉིད་བསམ། །ལྟེ་བར་རཏྣ་ཟུར་བརྒྱད་སྟེང་དག་ཏུ། །རིན་ཆེན་འོད་འབར་སྟེང་དུ་ཡང་། །ཡི་གེ་སྭཱ་ཉིད་རབ་ཏུ་བསམ། །གསང་བའི་གནས་སུ་ཧཱ་ཉིད་བསམ། །ཡི་གེ་འབྲུ་ནི་ལྔ་པོ་ལས། །རིགས་ལྔའི་སྐུ་ནི་འོད་འབར་ཏེ། །འོད་ཟེར་ལྔ་ལྔ་རབ་ཏུ་འབར། །ཕྱག་རྒྱ་འཁོར་ལོ་རྩིབས་བརྒྱད་འབར། །དེ་ནས་དངོས་གྲུབ་དབང་རྫོགས་ནས། །འོད་ཟེར་གཙོ་བོའི་དབང་ཉིད་བསྐུར། །ཨོཾ་དཀར་སྤྱི་བོར་བསམ་པར་བྱ། །ལྕེ་ལ་ཨཱཿདམར་འོད་འབར་བསམ། །སྙིང་གར་ཧཱུཾ་ཉིད་མཐིང་གའོ། །ལྟེ་བར་ཡི་གེ་སྭཱ་སེར་བསམ། །གསང་བའི་ཡི་གེ་ཧཱ་ཉིད་ལྗང་གུའོ། །དཀར་དམར་འོད་ནི་མདངས་དང་ལྡན། །རང་ཉིད་བསམ་ཞིང་བུ་ལ་སྤྲོ། །དེ་ནས་བུ་ལ་འདུས་གྱུར་པས། །ཕྱག་མཚན་ཡི་གེ་དག་ཏུ་གྱུར། །ཨོཾ་ལས་འཁོར་ལོ་རྩིབས་བརྒྱད་འབར། །འབར་ནས་དྲི་ཆེན་བདུད་རྩིར་ཞུ། །ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་འབར། །འབར་ནས་བྱང་ཆུབ་སེམས་སུ་ཞུ། །སྭཱ་ལས་རིན་ཆེན་འོད་འབར་ཏེ། །འབར་ནས་མཱང་ས་བདུད་རྩིར་ཞུ། །ཧྲཱྀཿལས་འོད་ཟེར་སྣ་ཚོགས་འཕྲོས། །འཕྲོས་ནས་རཀྟའི་ཐིག་ལེ་ཞུ། །ཧཱ་ལས་སྐུ་ནི་འོད་འབར་བསམ། །འབར་ནས་དྲི་ཆུ་བདུད་རྩིར་ཞུ། །བུ་ཡི་དབང་ཉིད་རྫོགས་ནས་ནི། །སློབ་དཔོན་གསང་བའི་ཡུམ་ལྡན་དེས། །དབང་བསྐུར་ཚིག་ནི་འདི་སྐད་བརྗོད། །ཧོ་གདོད་ནས་རྣམ་དག་མ་སྐྱེས་ཆོས་ཀྱི་དབྱིངས། །དག་དང་མ་དག་རྣམ་རྟོག་མཐའ་ལས་འདས། །དུག་གསུམ་གཅིག་ལ་སྐུ་བསྟན་སྤྱི་ཤོལ་མེད། །དངོས་གྲུབ་བརླན་ཅན་སྣ་ཚོགས་འབར་བ་ཅན། །སུ་འདོད་སྦྱིན་གྱིས་འདི་ལ་ད་ཚུར་ལོངས། །སྐམ་པར་འདྲེངས་པའི་གཏི་མུག་མུན་པ་ལ། །སྤྲིན་མཐོངས་ཁུད་པར་ཉི་ཤར་དྲོ་བ་ལྟར། །བདུད་རྩིའི་རྒྱལ་པོ་དབང་ཆེན་འདི་སྦྱིན་པས། །རིག་འཛིན་རྒྱལ་པོ་གཙོ་བོའི་གོ་


DNG003_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

འཕང་འཐོབ། །ཚེ་དང་སྐད་དང་ཡིད་དུ་འོང་བ་དང་། །བགེགས་རྣམས་ཞི་ལ་སོགས་པ་སྟེ། །ནད་དང་བྲལ་ནས་ཅི་འདོད་པ། །ཡོན་ཏན་བརྒྱ་རྩ་འདི་ཡིས་འཐོབ། །དེ་སྐད་རབ་ཏུ་བརྗོད་པར་བྱ། །དེ་ནས་སློབ་མའི་དབང་བསྐུར་རྣམས། །ཐམས་ཅད་རིམ་པར་རྫོགས་པར་བྱ། །བདུད་རྩི་གཙོ་བོའི་དབང་བསྐུར་ཏེ། །གཙོ་བོ་གསང་གནས་སྤྱི་བོར་བསྐུར། །ཁ་ནི་མི་དབྱེ་གཙོ་བོར་བསྐུར། །སྔགས་འདིས་ཐམས་ཅད་ཀུན་ལ་བསྐུར། །ཨོཾ་ཨཱཿཧཱུཾ། ར་ས་ཡ་ཏ་ཛ་ན་ར་ས་ཡ་ན་ཛྙཱ་ན་གུ་ཎ་སིདྡྷི་ཡིན་ནམ་གྷུ་ན་སི་ཏི་ཧཱུཾ་ཧྲཱྀཿཛཱ། ཞེས་པས་ཀུན་ལ་དབང་དུ་བསྐུར། །བུམ་པ་ལ་སོགས་སྨན་སྣ་རྣམས། །རིམ་རེ་བསྐུར་ཞིང་རིམ་རེ་བསྒོམ། །སྤྱི་གཙུག་དབང་རྟེན་རལ་པ་ལ། །དར་གྱི་ཅོད་པན་རེ་རེ་ལ། །སྔགས་འདི་ལན་བརྒྱད་བརྗོད་ཅིང་གདགས། །ཨོཾ་ཤྲཱི་ཕཊ་ཨ་བྷི་ཥིཉྩ་ཧཱུཾ། དེ་སྐད་བརྗོད་ཅིང་དབང་དེ་བསྐུར། །ནས་ནི་འབྲས་བུ་བདུན་ཉིད་ལ། །གོང་མའི་སྔགས་ནི་བདུན་བརྗོད་ལ། །ཀུན་ལ་ཞག་གྲངས་ཙམ་རེ་གདགས། །གསང་བའི་མཚན་ཡང་གདགས་པར་བྱ། །དབང་གི་དངོས་གྲུབ་དེ་དག་ཀུན། །གཞན་གྱིས་མི་འཕྲོག་ཟིལ་གནོན་ཕྱིར། །སྦྱིན་སྲེག་ཆོ་ག་རྒྱས་པར་བྱ། །དབང་དང་སྨན་གྱི་སྦྱོར་བ་རྣམས། །ཤིན་ཏུ་རྒྱས་པ་ཉིད་དུ་བྱ། །སངས་རྒྱས་རྣམས་ཀྱི་རྫུ་འཕྲུལ་དང་། །སྨན་གྱི་བྱིན་བརླབས་ནུས་མཐུས་ནི། །ནད་དང་འབྱུང་པོ་ཐམས་ཅད་སེལ། །སྐྱེ་མེད་བྱང་ཆུབ་འབྲས་བུ་ཐོབ། །རིག་འཛིན་གསུམ་གྱི་འབྲས་བུ་ཐོབ། །དེ་ཡང་བསྒྲུབ་པ་ཆེན་པོའི་ཚེ། །ལྷ་ཡི་སྐུ་ནི་བསྒོམ་པར་བསྟན། །དེ་བཞིན་སྙིང་པོ་དག་ཀྱང་བསྟན། །གསང་སྔགས་གསུང་གི་དངོས་གྲུབ་ནི། །ཐམས་ཅད་འགྲུབ་པར་གདོན་མི་ཟ། །བདུད་རྩི་ཆེན་པོ་ཐལ་བའི་ལུང་། །ལུང་འདི་བདག་གིས་རབ་བཤད་པས། །བསྒྲུབ་པ་ཆེན་པོ་ཐམས་ཅད་ཀྱི། །མིག་དང་དབང་པོ་ལྟ་བུར་འགྱུར། །ཀྱེ་མ་ཉོན་ཅིག་ཡེ་ཤེས་འཁོར་ཆེན་ཉིད། །བདུད་རྩི་
ཆེན་པོའི་ངེས་ཚིག་འདི། །ཐམས་ཅད་ངེས་པར་ལུང་འདི་བསྟན། །རྣམ་གྲོལ་ཧེ་རུ་ཀ་ཡིས་ཀྱང་། །བདུད་རྩིའི་ངེས་ཚིག་འདི་དག་གསུངས། །བདུད་ཀྱིས་འཁོར་བའི་གཅོང་རོང་འདོན། །རྩི་ཡིས་ཡེ་ཤེས་ཐབས་ལ་སློན། །བདུད་ནི་འཁོར་བ་ཆེན་པོ་ལ། །རྩི་ཡིས་ཆོས་ཉིད་དོན་ལ་སྐྱེལ། །བདུད་རྩིའི་དོན་དག་གད་རྒྱངས་ཆེ། །བདུད་ནི་བར་ཆོད་བགེགས་ཆེན་ལ། །རྩི་ཡིས་ཆེ་མཆོག་ལྟ་བུར་འགྱུར། །བདུད་ནི་ཁུ་རླངས་སྤྲིན་ལྟ་བུར། །ཉི་མ་ལྟ་བུའི་རྩི་བཏབ་ནས། །ཡེ་ཤེས་དོན་ལ་ཐོགས་པ་མེད། །བདུད་ནི་མུན་ཁུང་ལྟ་བུ་ལ། །མར་མེ་ལྟ་བུའི་རྩི་བཏབ་ནས། །སྣང་བ་ཐམས་ཅད་ཐོགས་མེད་འགྱུར། །ཀྱེ་མ་ཆེ་མཆོག་ཧེ་རུ་ཀ །ནམ་མཁའ་ལྟ་བུའི་རྩི་ཆེན་ལ། །སྤྲིན་ཕུང་ལྟ་བུའི་བདུད་ཀྱིས་བསྒྲིབས། །ཤེལ་སྒོང་ལྟ་བུའི་རྩི་འདི་ལ། །དྲི་མ་ལྟ་བུའི་བདུད་ཀྱིས་བསྒྲིབས། །བདུད་རྩི་ཆེན་པོ་མཆོག་གི་ལུང་། །འདི་ནི་སྣང་བ་གོ་འབྱེད་པའོ། །མ་རིག་བདུད་ལ་རིག་པ་རྩིའི། །རྒྱ་ཡིས་བཏབ་ཅིང་འགྱུར་བ་མེད། །དེ་བཞིན་བདུད་རྩིའི་སྦྱོར་བ་འདི། །ཧེ་རུ་ཀ་ཡིས་རབ་ཏུ་གསུངས། །ཞེས་རྫོགས་པ་རང་བྱུང་ཆེན་པོའི་རྒྱུད་ལས། དབང་ཐམས་ཅད་ཀྱི་དེ་བཞིན་ཉིད་བསྟན་པའི་རྒྱུད། བདུད་རྩི་ཐལ་སྦྱོར་གྱི་ལུང་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ། །རྫོགས་སོའོ།། །།

ཐམས་ཅད་སྒྲོལ་བྱེད་ཚོགས་ཀྱི་ལུང་།


DNG003_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། དུ་པ་སརྦ་གྷ་ན་སུ་ཀ་ནཱ་མ། བོད་སྐད་དུ། ཐམས་ཅད་སྒྲོལ་བྱེད་ཚོགས་ཀྱི་ལུང་ཞེས་བྱ་བ། བཅོམ་ལྡན་འདས་རིགས་ལྔ་འཁོར་དང་བཅས་པ་ལ་ཕྱག་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་པདྨ་དབང་གི་སྤྱན་སྔར་རིགས་ལྔའི་དེ་བཞིན་གཤེགས་པ་རྣམས་ཀྱིས། བཏུད་དེ་ཐལ་མོ་སྦྱར་ནས། རང་རང་གི་འཁོར་ལ་བོས་ཏེ། ཚོགས་ཆེན་པོའི་མཆོད་པ་འདི་སྨྲས་སོ། །ཀྱེ་སེམས་དཔའ་ཆེན་པོ་ཉོན། གང་དག་མི་ཡི་རིགས་རྣམས་ཀུན། །འཁོར་དང་ལོངས་སྤྱོད་ཉམས་པ་དང་། །ལོངས་སྤྱོད་ཆུང་བར་གྱུར་པ་དང་། །རྒྱུ་


DNG003_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་ཚོགས་ལ་བརྟེན་འདོད་ན། །བསོད་ནམས་སྐྱེ་བར་འདོད་པ་ཡིས། །ཚོགས་ཀྱི་མཆོད་པ་བཤམ་པར་བྱ། །ཕྱི་མཚམས་སྤྱི་བཤགས་རྫོགས་བྱས་ལ། །ཞི་བའི་དཀྱིལ་འཁོར་བཞེངས་སུ་གསོལ། །རྫས་དང་ཡོ་བྱད་ཅི་འབྱོར་བཤམས། །ཁ་ཟས་འབྱོར་བཤམས་སྣ་ཚོགས་པའོ། །དཀྱིལ་འཁོར་དེ་ཡི་དབུས་དག་ཏུ། །ཟངས་ཆེན་ནང་དུ་ཚོགས་ཀྱིས་བཀང་། །ཀ་ར་བུ་རམ་ལ་སོགས་པའི། །དཀར་དང་གཙང་མའི་གཏོར་མ་དང་། །བཤོས་ཟན་བརྒྱ་དང་རྩ་བརྒྱད་དང་། །ཞི་བའི་ལྷ་ཚོགས་མཉེས་པ་ཡི། །རྫས་ནི་སྣ་ཚོགས་གཞག་པར་བྱའོ། །དེ་ལྟར་སྔོན་འགྲོ་རྫོགས་ནས་ནི། །ཞི་བའི་ཕྲིན་ལས་རྫོགས་བྱ་ཞིང་། །མཆོད་པ་སྣ་ཚོགས་དབུལ་བར་བྱ། །བསྒྲུབ་པའི་རྫས་དེ་ཐམས་ཅད་ལ། །ཡི་གེ་འབྲུ་གསུམ་བྱིན་གྱིས་བརླབས། །བདག་ཉིད་ཏིང་འཛིན་ལྡན་བྱས་ལ། །ཞག་གསུམ་ཚོགས་ཀྱི་འཁོར་ལོ་བསྐོར། །དུས་བཞིར་ཚོགས་ཀྱི་རྒྱུན་མི་གཅད། །དེ་ལྟར་ཏིང་འཛིན་བྱིན་བརླབས་ནས། །ཚོགས་རྣམས་སྤྱན་དྲང་འདི་སྐད་དོ། །ལྕགས་ཀྱུའི་ཕྱག་རྒྱ་ཐུགས་ཀར་བཅའ། །ལྕགས་ཀྱུའི་བར་ནས་ཛཿའཕྲོས་པས། །ཞི་བའི་ལྷ་ཚོགས་སྤྱན་དྲངས་བསམ། །དེ་ནས་སྤྱན་དྲངས་འདི་སྐད་དོ། །ཧཱུཾ། བདེ་བར་གཤེགས་སོ་རིགས་ལྔའི་ཚོགས། །རྒྱལ་བ་རྒྱ་མཚོ་འཁོར་དང་བཅས། །སེམས་དཔའ་དང་ནི་སེམས་མ་དང་། །ཐུབ་དྲུག་ཀུན་བཟང་ཡབ་ཡུམ་དང་། །སྒོ་བ་ཡབ་ཡུམ་འཁོར་བཅས་དང་། །ཞི་བའི་ཕོ་བྲང་འཁོར་བཅས་རྣམས། །ཚོགས་ཀྱི་གནས་འདིར་གཤེགས་སུ་གསོལ། །ཚོགས་མཆོག་དཀྱིལ་འཁོར་སྤྱན་འདྲེན་གྱིས། །རིན་ཆེན་གར་དང་གཟི་མདངས་འཕྲོ་བའི་ཚུལ། །ཚོགས་ཀྱི་མཆོད་པ་རབ་འབྱམས་མ་ལུས་ཀུན། །ལོངས་སྤྱོད་ཚོགས་ཀྱི་གནས་འདིར་གཤེགས་སུ་གསོལ། །གཉིས་མེད་འཁྲིལ་སྦྱོར་ཡུམ་བཅས་གཤེགས་སུ་གསོལ། །དེ་ནས་ཚོགས་བསྒྲལ་བ་ནི། རལ་གྲིའི་ཕྱག་རྒྱ་བཅའ་ལ། ཚོགས་ནི་དུམ་བུར་གཏུབ་


DNG003_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ལ། །བསྒྲལ་བའི་མཆོད་པ་འདི་སྐད་དོ། །ཧཱུཾ། ཚོགས་རྗེ་ཚོགས་བདག་དབང་དང་ལྡན། །སློབ་དཔོན་འཁོར་བཅས་དགོངས་སུ་གསོལ། །གཉིས་མེད་དབྱིངས་ལས་བསྐྱེད་པ་ཡི། །ཞི་བའི་ལྷ་ཚོགས་དགོངས་སུ་གསོལ། །བདག་ཉིད་དཔའ་བོའི་སྟོབས་དག་གིས། །ཐབས་མཁས་ཐུགས་རྗེའི་བྱིན་རླབས་ལས། །བཟའ་བཏུང་རྒྱུ་འདི་བསྒྲལ་བར་བྱ། །ཚོགས་ཀྱི་རྒྱུན་ནི་བྱང་ཆུབ་སེམས། །བྱང་ཆུབ་རྒྱུ་ནི་སྟོང་བདག་མེད། །རིག་པ་མེད་པས་རིག་ལས་འདས། །མཚན་མའི་ཡུལ་མེད་མངོན་སངས་རྒྱས། །བསྒྲལ་བའི་རྒྱུ་མེད་དབྱིངས་སུ་བསྒྲལ། །སརྦ་པྲ་པ་ན་ཧཱུཾ་ཁཱ་ཧི་ཁཱ་ཧི། དེ་ནས་མཆོད་པ་ནི་འདི་སྐད་དོ། །ཧཱུཾ། རྣམ་པར་སྣང་མཛད་བཀྲ་ཤིས་འབྱུང་བའི་གཏེར། །ཡིད་བཞིན་འཛུམ་པའི་སེམས་ཀྱིས་ཚོགས་འདི་བསྔོ། །བཟའ་བཅའ་དང་ནི་ལོངས་སྤྱོད་ཐམས་ཅད་བསྔོ། །ཡེ་ཤེས་ཀློང་ཡངས་འཁྱིལ་པའི་དཀྱིལ་འཁོར་ནས། །རྒྱལ་བའི་སྐུ་ལ་བཞེངས་བཞུགས་མི་མངའ་ཡང་། །འགྲོ་བའི་དོན་ལ་དགོངས་པས་ཚོགས་འདི་བཞེས། །ཤར་ཕྱོགས་འཁོར་ལོའི་རྩིབས་སྟེང་ན། །བཅོམ་ལྡན་མི་བསྐྱོད་རྡོ་རྗེ་ལ། །བྱང་ཆུབ་སེམས་དང་གཉིས་མེད་ཕྱིར། །དག་པའི་འོད་ཟེར་ཕྱོགས་བཅུར་འཕྲོ། །ཡབ་ཡུམ་གཉིས་མེད་ཚུལ་གྱིས་བཞེས་སུ་གསོལ། །ལྷོ་ཕྱོགས་འཁོར་ལོའི་རྩིབས་སྟེང་ན། །རིན་ཆེན་འབྱུང་ལྡན་སྣ་ཚོགས་ཅིར་ཡང་སྤྲུལ། །འཁོར་དང་ལོངས་སྤྱོད་བཅས་ཏེ་འབུལ་ལགས་ན། །ཡབ་ཡུམ་གཉིས་མེད་ཚུལ་གྱིས་བཞེས་སུ་གསོལ། །ནུབ་ཕྱོགས་འཁོར་ལོའི་རྩིབས་སྟེང་ན། །སྣང་བ་མཐའ་ཡས་སྤྲུལ་སྐུ་བྱང་ཆུབ་སེམས། །སེམས་ཅན་དོན་ལ་དགོངས་པའི་ཐུགས་རྗེ་ཅན། །རིག་པ་གཉིས་མེད་ཚུལ་གྱིས་ཁྱབ་མཛད་པ། །མཱང་ས་དང་ནི་རོ་མཆོག་ཚོགས་འདི་ནི། །ཡབ་ཡུམ་གཉིས་མེད་ཚུལ་གྱིས་བཞེས་སུ་གསོལ། །བྱང་ཕྱོགས་འཁོར་ལོའི་རྩིབས་སྟེང་ན། །དོན་ཡོད་གྲུབ་པ་གཉིས་མེད་གར་བསྒྱུར་ཞིང་། །


DNG003_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

འདུ་འབྲལ་མེད་པའི་ཚུལ་དུ་ཡབ་ཡུམ་སྦྱོར། །ལོངས་སྤྱོད་མ་ལུས་འདུས་པའི་རྫས་ཆེན་འདི། །བདག་ཉིད་མཉམ་པར་བཞག་པའི་ཚུལ་འདིས་འབུལ་ལགས་ན། །ཡབ་ཡུམ་གཉིས་མེད་ཚུལ་གྱིས་བཞེས་སུ་གསོལ། །བྱང་ཤར་འཁོར་ལོའི་རྩིབས་སྟེང་ན། །རྡོ་རྗེ་སེམས་དཔའ་གཉིས་མེད་གྱུར་པའི་ཚུལ། །ཕྱག་ན་རྡོ་རྗེ་དཔའ་བོའི་ཚུལ་གྱིས་བསྟན། །སྤྱན་རས་གཟིགས་དབང་འགྲོ་བ་སྟོབས་ཀྱིས་འདུལ། །སྐུ་མདོག་འོད་ཟེར་ལྔ་ཡི་ཕྲེང་བ་ཅན། །དགྱེས་ཏེ་འཛུམ་པའི་ཚུལ་གྱིས་གླུ་བླངས་པས། །སེམས་དཔའི་ཚོགས་ལ་གཉིས་མེད་མཆོད་པར་འབུལ། །པི་ཝང་སྒྲ་དང་གླིང་བུའི་སྒྲ་འབྱིན་པ། །སྣ་ཚོགས་སྒྲ་ཡི་མཆོད་པ་དམ་པ་འབུལ། །རྫས་དང་ལོངས་སྤྱོད་ཐམས་ཅད་མཆོད་པའི་མཐུས། །སེམས་དཔའ་སེམས་མ་རྣམས་ལ་མཆོད་པར་འབུལ། །རིན་ཆེན་སེམས་དཔའ་པད་མའི་སེམས་དཔའ་དང་། །ཆོས་ཀྱི་སེམས་དཔའ་ལས་ཀྱི་སེམས་དཔའ་ལ། །གཉིས་མེད་མཐུན་སྦྱོར་ཚོགས་མཆོད་དམ་པ་འབུལ། །ཕྱོགས་སྐྱོང་ཡབ་ཡུམ་དང་ནི་ཐུབ་པ་དྲུག །ཞི་བའི་ལྷ་ཚོགས་ཀུན་ལ་མཆོད་པར་འབུལ། །གཟུགས་དང་སྒྲ་དང་དྲི་དང་རོ། །འདོད་ཡོན་ལྔ་ལྡན་མཆོད་པར་འབུལ། །ཨ་ལི་ཨུ་ལི་ཧཱ་ལི་ཏ་པ་ལི། ཞེས་རྫོགས་པ་རང་བྱུང་ཆེན་པོའི་རྒྱུད་ལས། ཞི་བའི་ཚོགས་བསྒྲལ་བའི་ལེའུ་སྟེ་བཅུ་གསུམ་པའོ། །རྫོགས་སོ།། །།རྒྱ་གར་སྐད་དུ། བུཌྜྷ་ལིར་ཀྲོ་ཏ་སུ་ཀ་ནཱ་མ། བོད་སྐད་དུ། ཁྲོ་བོའི་རང་བཞིན་དུ་ཚོགས་བསྒྲལ་བའི་ལུང་ཞེས་བྱ་བ། བཅོམ་ལྡན་འདས་པད་མ་དབང་གི་ལྷ་ལ་ཕྱག་འཚལ་ལོ། །དེ་ནས་ཡང་ཁྲོ་བོའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ། །ཀྱེ་ཀྱེ་རང་རང་འདུས་པའི་ཚོགས་རྣམས་ཉོན། །གང་ཞིག་ལོངས་སྤྱོད་འཕེལ་འདོད་པས། །སྦྱོར་སྒྲོལ་ཚོགས་ཀྱི་མཆོད་པ་བཤམ། །ཁྲོ་བོའི་དཀྱིལ་འཁོར་བཞེངས་སུ་གསོལ། །
ཁྲོ་བོའི་རྫས་དང་ལོངས་སྤྱོད་བསགས། །ཁྲོ་བོའི་ཕྲིན་ལས་རྫོགས་པར་བྱའོ། །གསང་སྔགས་བྱིན་བརླབ་ལྡན་པར་བྱ། །བསྒྲལ་བའི་མཆོད་པ་འདི་སྐད་དོ། །ཧཱུཾ། བདག་ཉིད་པད་མ་གར་ལྡན་པས། །ཐབས་མཁས་པདྨ་དབང་ཆེན་གྱིས། །འགྱིངས་པའི་སྟབས་ཀྱིས་གར་བྱས་པས། །བསྒྲལ་བའི་རྒྱུ་རྣམས་དབྱིངས་སུ་བསྒྲལ། །བསྒྲལ་བའི་རྒྱུ་ལ་བསམ་ཡས་ཀྱང་། །སྲོག་ཅན་དང་ནི་སྲོག་མེད་རྒྱུ། །འདི་ནི་སྲོག་མེད་རྒྱུ་ཡིན་པས། །གིང་ཆེན་ཤེས་རབ་ཐབས་ལྡན་པས། །གཟུང་འཛིན་རྐང་པ་བསྣོལ་ནས་ནི། །གཉིས་མེད་བྱང་ཆུབ་སེམས་སུ་བསྒྲལ། །པྲ་བེ་ཤ་ཡ་ཧཱུཾ་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཕཊ་ཕཊ། དེ་ལྟར་ཚོགས་དེ་བསྒྲལ་བྱས་ལ། །ཆ་གསུམ་དག་ཏུ་གཅད་པར་བྱ། །རྡོ་རྗེ་རྒྱལ་པོས་ལས་ཀྱི་དྲི་ཆབ་ཀྱིས། །ཚོགས་དེ་བསངས་ཤིང་མཆོད་པར་བྱ། །དང་པོ་དཔའ་བོ་སྒེགས་པས་མཆོད། །གཉིས་པ་དྲི་མེད་དྲི་ཆེན་འཁོར་ལོས་མཆོག །གསུམ་པ་གཉིས་མེད་བཤགས་པས་མཆོད། །དེ་ལྟར་ཁྲོ་བོའི་མཆོད་རྫོགས་བྱའོ། །ཞེས་རྫོགས་པ་རང་བྱུང་ཆེན་པོའི་རྒྱུད་ལས། ཁྲོ་བོ་རང་བཞིན་གྱི་ཚོགས་ཀྱི་ལེའུ་སྟེ་བཅུ་བཞི་པའོ། །རྫོགས་སོའོ།། །།

སྤྱི་ཚོགས་བསྒྲལ་བའི་ལུང་།


DNG003_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཏིསྟ་སརྦ་ཀ་ཡ་ནཱ་མ། བོད་སྐད་དུ། སྤྱི་ཚོགས་བསྒྲལ་བའི་ལུང་ཞེས་བྱ་བ། བཅོམ་ལྡན་དབང་ཆེན་འདུས་པའི་སྐུ་ལ་ཕྱག་འཚལ་ལོ། །དེ་ནས་ཡང་འཁོར་ཉེ་བའི་སྲས་མཆོག་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་དབང་གི་ལྷ། །འདས་པའི་འཁོར་རྣམས་ཁྲོ་གཉེར་ལ། །སྤྱི་ཚོགས་བསྒྲལ་བ་བསྟན་དུ་གསོལ། །དེ་སྐད་ཞུ་བ་ཕུལ་གྱུར་ནས། །རང་རང་སྟན་ལ་ཉེ་བར་འདུག །དེ་ནས་ཉིད་ཀྱིས་རབ་ཏུ་བཤད། །ཀྱེ་མ་འདུས་པ་ཆེན་པོ་ཉོན། །ཚོགས་ཀྱི་ལུང་འདིར་བསྒྲལ་འདོད་པས། །བསྒྲལ་དང་སྤྱན་འདྲེན་མཆོད་རྫོགས་བྱ། །དཔའ་བོ་སྡེ་ང་བཤགས་པ་དང་། །བསྟབ་པ་གསུམ་གྱིས་མཆོད་པ་བྱ། །དེ་ནས་གིང་ཆེན་རྒྱན་ལྡན་དེས། །སྔགས་དང་ཕྱག་


DNG003_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་བྱིན་བརླབས་པས། །ཏིང་འཛིན་རྟ་མཆོག་སྐུར་ལྡན་པས། །མཆོད་པའི་ཕྱག་རྒྱས་ཉེར་མཆོད་དེ། །ལྷ་མོ་བཞི་ཡིས་ཉེར་མཆོད་དེ། །འདི་སྐད་བརྗོད་ཅིང་གླུ་ཆེན་བླང་། །ཧཱུཾ། མཆོད་པའི་གླུ་ཚིག་དབྱངས་ལྡན་པའི། །ཞི་ཁྲོའི་ཚོགས་དང་སེམས་དཔའ་ལ། །གཉིས་མེད་གར་གྱིས་མཆོད་པ་འབུལ། །ཆོས་དང་སེམས་དང་ཡིད་ཀྱིས་མཆོད། །ཨེ་མ་སངས་རྒྱས་ཀུན་སྦྱོར་བའི། །མཉམ་པའི་མཆོད་པ་ཆེན་པོས་མཆོད། །སྤྱན་ལས་མཆོད་པའི་ལྷ་འཕྲོས་པས། །གཟུགས་ཀྱི་མཆོད་པ་སྣ་ཚོགས་འབྱུང་། །ལག་གཉིས་གར་བསྒྱུར་བུམ་འཛིན་མས། །རྒྱལ་བ་མཉེས་ནས་སྤྱན་ལ་ཐིམ། །སྒྲ་ལས་མཆོད་པའི་ལྷར་གྱུར་པས། །སྒྲ་ཡི་མཆོད་པ་སྣ་ཚོགས་འབྱུང་། །ལག་གཉིས་གར་བསྒྱུར་རོལ་མོ་མས། །རྒྱལ་བ་མཆོད་བྱས་སྙན་ལ་ཐིམ། །ཤངས་ལས་མཆོད་པའི་ལྷར་གྱུར་ནས། །དྲི་ཡི་མཆོད་པ་སྣ་ཚོགས་འབྱུང་། །སྤྲོས་པས་རྒྱལ་བའི་སྐུ་མཆོད་ནས། །ལག་གཉིས་གར་བསྒྱུར་དྷཱུ་པེ་མས། །རྒྱལ་བ་མཉེས་བྱས་ཤངས་ལ་ཐིམ། །ལྗགས་ལས་མཆོད་པའི་ལྷར་གྱུར་པས། །རོ་ཡི་མཆོད་པ་སྣ་ཚོགས་བྱུང་། །སྤྲོས་པས་རྒྱལ་བའི་སྐུ་མཆོད་ནས། །ལག་གཉིས་གར་བསྒྱུར་ནི་ཝི་ཏེས། །རྒྱལ་བའི་སྐུ་མཆོད་ལྗགས་ལ་ཐིམ། །མཆོད་པའི་ལྷ་མོ་དེ་དག་ཀྱང་། །ལག་པས་གར་བསྒྱུར་རྐང་པས་སྟབས། །གཉིས་མེད་མཆོད་པ་རོལ་མོ་དང་། །པི་ཝང་འཛིན་དང་སྤོས་ཕོར་འཛིན། །ཞལ་ཟས་སྣ་ཚོགས་འཛིན་བྱེད་ཅིང་། །མཆོད་པའི་གླུ་དང་སྟབས་དང་ནི། །གར་གྱིས་ཐམས་ཅད་ཚིམ་པར་མཆོད། །ཡང་དག་སྐུ་དང་ཆོས་ཀྱི་སྐུ། །སངས་རྒྱས་ཞིང་ཁམས་རབ་འབྱམས་སུ། །ལྷ་མོ་བཞི་ཡིས་ཁེངས་གྱུར་ཏེ། །ཐམས་ཅད་མཆོད་པས་མཉེས་བྱས་ལ། །ཁྲོ་རྒྱལ་ཁྲག་འཐུང་ཐམས་ཅད་དང་། །ཞིབ་རྣམས་ལ་ཡང་མཆོད་པར་འབུལ། །ཨ་ལ་ལ་སྟེ་མཆོད་པར་བཞེས། །ཨོཾ་བཛྲ་གྷནྡྷེ་གྷན། བཛྲ་དྷཱུ་པེ་དྷཱུ། པུཥ྇་པུ། ཨོཾ་བཛྲ་ནཻ་ཝི་ཏེ་ཛ།


DNG003_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་བཛྲ་ཨཱརྱ་ཏེ་ཛ་ཏིང་ཧཱུཾ་ཛ། ཧཱུཾ། རྒྱལ་བ་ཞི་ཁྲོ་ཀུན་ལ་མཆོད་པ་ནི། །རང་བཞིན་མ་བསྐྱེད་རྫོགས་པ་ཡི། །ཡེ་ཤེས་ལྷ་ཚོགས་རོལ་ཅིག་དགོངས་སུ་གསོལ། །རྔ་དང་གླིང་བུ་དང་ནི་དུང་མཆོག་གིས། །རྒྱལ་བ་ཞི་ཁྲོའི་ཚོགས་ལ་མཆོད་པ་འབུལ། །ཆ་ལང་དང་ནི་པི་ཝང་སྒྲ་མཆོག་དང་། །མཆོག་ཆེན་ལ་སོགས་སྒྲ་ཡི་རོལ་མོ་ཡིས། །རྒྱལ་བ་ཞི་ཁྲོའི་ཚོགས་ལ་མཆོད་པ་འབུལ། །ཧཱུཾ། བུ་རམ་དང་ནི་ཀ་ར་སྦྲང་རྩི་ཡིས། །རྒྱལ་བ་ཞི་ཁྲོའི་ཚོགས་ལ་མཆོད་པ་འབུལ། །ཆང་དང་མཱཾ་ས་ཀེའུ་འབྲས་ལ་སོགས། །རོ་ལྡན་བྲོ་མཆོག་ཡེ་ཤེས་མཆོད་པ་ཡིས། །རྒྱལ་བ་ཞི་ཁྲོའི་ཚོགས་ལ་མཆོད་པ་འབུལ། །རཀྟ་དང་ནི་བདུད་རྩི་ཆེན་པོ་དང་། །དྲི་ཆུ་དྲི་ཆེན་བྱང་སེམས་དཀར་དམར་གྱིས། །རྒྱལ་བ་ཞི་ཁྲོའི་ཚོགས་ལ་མཆོད་པ་འབུལ། །ཛ་གད་ལ་སོགས་རོ་མཆོག་བརྒྱ་རྣམས་ནི། །རྒྱལ་བ་ཞི་ཁྲོའི་ཚོགས་ལ་མཆོད་པ་འབུལ། །ཧཱུཾ་སྤོས་དང་རྒྱ་སྤོས་དང་དང་ནི་ཙནྡན་དང་། །དྲི་མཆོག་ལ་སོགས་དྲི་སྣ་ཚོགས་རྣམས་ཀྱིས། །རྒྱལ་བ་ཞི་ཁྲོའི་ཚོགས་ལ་མཆོད་པ་འབུལ། །ཧཱུཾ་རས་མཆོག་དང་ནི་དར་མཆོག་དམ་པ་དང་། །འཇམ་ཞིང་དྲོ་བའི་རེག་བྱ་སྣ་ཚོགས་ཀྱིས། །རྒྱལ་བ་ཞི་ཁྲོའི་ཚོགས་ལ་མཆོད་པ་འབུལ། །སེམས་མཆོག་དང་ནི་ཡིད་ཀྱི་མཆོད་པ་ཡིས། །རྒྱལ་བ་ཞི་ཁྲོའི་ཚོགས་ལ་མཆོད་པ་འབུལ། །རྣམ་ཤེས་ལ་སོགས་ཚོགས་ཀྱི་མཆོད་པ་ཡིས། །རྒྱལ་བ་ཞི་ཁྲོའི་ཚོགས་ལ་མཆོད་པ་འབུལ། །རྟ་དང་གླང་ཆེན་ལ་སོགས་གསེར་དང་དངུལ། །བཻ་ཌཱུརྱ་དང་མན་ཤེལ་བྱེ་རུ་ཡིས། །རྒྱལ་བ་ཞི་ཁྲོའི་ཚོགས་ལ་མཆོད་པ་འབུལ། །དུང་དང་རྡོ་ཡི་དབྱིག་དང་ཟངས་ལྕགས་དང་། །གཡུ་དང་ནོར་དང་འབྲུ་དང་བང་མཛོད་ཀྱིས། །རྒྱལ་བ་ཞི་ཁྲོའི་ཚོགས་ལ་མཆོད་པ་འབུལ། །གོས་དང་སྟན་དང་མལ་ཆ་ལ་སོགས་ཏེ། །སྣ་ཚོགས་གཟུགས་ཀྱི་མཆོད་པ་དམ་པ་བཞེས། །ཧཱུཾ། བཅོམ་ལྡན་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ལ། །རྣལ་འབྱོར་
ཚོགས་མཆོད་འབུལ་ལོ་བཞེས་སུ་གསོལ། །ཡོ་བྱད་སྣ་ཚོགས་པ་ཡི་མཆོད་པ་འདིས། །རྒྱལ་བ་ཞི་ཁྲོའི་ཐུགས་དམ་བསྐང་གྱུར་ཅིག །ཨོཾ་ཚོགས་ཀྱི་འཁོར་ལོ་བསྐོར་བའི་ཡོན་ཏན་གྱིས། །ཚེ་རབས་སྔ་ཕྱི་མེད་པའི་སྒྲིབ་པ་རྣམས། །ཞི་ཁྲོའི་སྤྱན་སྔར་སྐད་ཅིག་ཙམ་གྱིས་བྱང་། །ཚེ་རབས་ཕྱི་མ་གནས་ནི་གར་སྐྱེས་ཀྱང་། །ཡོ་བྱད་ཆུང་བ་དག་ཏུ་མི་འགྲོ་ཞིང་། །རྟག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར། །རིན་པོ་ཆེ་དང་འབྲུ་ལ་ལོངས་སྤྱོད་ཅིང་། །རྫས་དང་ལོངས་སྤྱོད་ལྡན་པའི་སྐྱེས་བུར་འགྱུར། །དེ་བས་ལྷག་པའི་ཡོན་ཏན་འདི་ལྟར་འཐོབ། །ཡེ་ཤེས་བར་དོར་རང་སྣང་དག་པ་མཐོང་། །དེ་ལ་གོམས་ནས་མི་འགྱུར་ས་ལ་གནས། །སྤྲུལ་པ་སྟོང་གསུམ་གང་བར་འགྱེད་པར་འགྱུར། །དེ་ལྟར་བུ་ཡི་ཡོན་ཏན་ཐོབ་པར་འགྱུར། །ཡོན་ཏན་ཚོགས་ཀྱི་མཆོད་པ་དམ་པ་འདིས། །རྒྱལ་བ་ཞི་ཁྲོའི་ཚོགས་ལ་མཆོད་པར་འབུལ། །ཨ་ལ་ལ་སྟེ་མཆོད་པར་བཞེས། །ཨ་ལ་ལ་ཧོ་ཐུགས་རྗེས་དགོངས་སུ་གསོལ། །ཨ་ལ་ལ་སྟེ་ཐུགས་རྗེས་དགྱེས་པས་བཞེས། །རྣལ་འབྱོར་བདག་ལ་དངོས་གྲུབ་སྩལ་དུ་གསོལ། །བདག་ལ་དབང་བསྐུར་ཚོགས་མཆོད་དགྱེས་པར་རོལ། །ཨ་ལི་ཨུ་ལི་ཏཱ་ལི་ཏ་པཱ་ལི། ཁཱ་ཧི་ཁཱ་ཧི། མཱང་ས། རཀྟ། ཙིཏྟ། མ་ཧཱ་བ་སུ་ཏ། གོ་རོ་ཙ་ན་བ་ལིངྟ་ཁཱ་ཧི། དེས་ནི་ཚོགས་ཀྱི་ལས་ཐམས་ཅད་ཤེས་པར་བྱའོ། །ཞེས་རྫོགས་པ་རང་བྱུང་ཆེན་པོའི་རྒྱུད་ལས། སྤྱི་ཚོགས་བསྒྲལ་བའི་ལུང་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ། །རྫོགས་སོའོ།། །།

ཞི་བ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དབང་བསྐུར་བ།


DNG003_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། སརྦ་ཤཱ་ན་ཏིང་བོ་དྷི་སཏྭ་ཨ་བྷི་ཥིཉྩ་ནཱ་མ། བོད་སྐད་དུ། ཞི་བ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དབང་བསྐུར་བའི་ལེའུ་ཞེས་བྱ་བ་སྟེ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོའི་སྐུ་ལ་ཕྱག་འཚལ་ལོ། །དེ་ནས་དབང་ཐམས་ཅད་ཀྱི་བདག་ཉིད་དབང་གི་སྐུ་དེས། ཕྱི་ནང་སྣོད་བཅུད་ཐམས་ཅད་དབང་གིས་རང་བཞིན་དུ་བྱིན་གྱིས་བརླབས་ནས། ཞི་བ་བྱང་ཆུབ་སེམས་ཀྱི་ངང་དུ་དབང་བསྐུར་བ་ཞེས་བྱ་བ་འདི་རྣམ་པར་བཤད་དོ། །གསལ་བར་བྱའོ། །མངོན་པར་བསྟན་ནོ། །རྒྱས་པར་བཀྲལ་ལོ། །རིག་པར་ཡོངས་སུ་


DNG003_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་ངོ་། །དེ་ནས་བཅོམ་ལྡན་འདས་དེས། འཁོར་གྱི་སྲས་མཆོག་རྣམས་ལ་བོས་ཏེ། འདི་སྐད་གསུངས་སོ། །ཀྱེ་མ་ཀྱེ་མ་འཁོར་ཉོན་ཅིག །མ་རྟོགས་པ་རྣམས་རྟོགས་བྱེད་པའི། །དབང་གི་རྒྱལ་པོ་འདི་བསྟན་པས། །མ་སྨིན་པ་རྣམས་སྨིན་པར་འགྱུར། །དབང་གི་ངོ་བོ་འདི་བསྟན་པས། །ཆོས་ཀྱི་དབྱིངས་དང་མཉམ་པ་སྟེ། །བྱང་ཆུབ་ཉིད་དུ་ཉེ་བར་བསྟན། །རིག་པའི་ཡེ་ཤེས་མི་གསལ་བ། །དབང་འདི་བསྐུར་བས་གསལ་བར་འགྱུར། །དེ་རྣམས་གསལ་བར་འདོད་པ་ན། །དབང་བསྐུར་དམ་པ་འདི་ཉིད་བསྟན། །གྲོང་རྡལ་ཆེན་པོའི་དབུས་དག་ཏུ། །རྣལ་འབྱོར་པ་ཡིས་དོན་མི་འགྲུབ། །གྲོང་དང་གྲོང་ཁྱེར་ཟད་མཐའ་དང་། །ནགས་སམ་རི་བྲག་ལུང་སྟོང་དུ། །རྣལ་འབྱོར་བདག་གི་དོན་ལ་འཇུག །བསྒྲུབ་པ་ལ་བརྩོན་རིགས་སྣང་བརྟག །རྫོགས་པ་ཆེན་པོའི་དོན་བསྟན་པའོ། །ཐེག་པ་ཕྱི་ནང་ཐམས་ཅད་ཀྱི། །དབང་རྣམས་འདི་ཡི་དགེ་བར་བཤད། །དེ་ལ་དབང་བསྐུར་བྱེད་ཙམ་ན། །ཕྱི་མཚམས་ལ་སོགས་རྫོགས་པར་བྱ། །སྟ་གོན་ཆོ་གའི་གཞུང་རྫོགས་བྱ། །ཁྲུས་དང་རྡོ་རྗེའི་ཆུ་ཡང་བླུད། །དམ་ཚིག་མནའ་ཆུ་དམ་མནའ་བསྐྱལ། །དཀྱིལ་འཁོར་བྲི་བ་གྲུ་བཞི་འམ། །འདོམ་གང་གྲུ་བཞི་གནས་དང་སྦྱར། །ཐིག་དང་ཚོན་རྣམས་བྱིན་གྱིས་བརླབ། །མུ་ཁྱུད་ཟླུམ་པོ་ཕོ་བྲང་མཛེས། །འཁོར་ལོ་རྩིབས་བཞི་རིགས་དང་སྦྱར། །མུ་ཁྱུད་དམར་པོ་རྡོ་རྗེའི་ར། །ཕྱི་རིམ་གྲུ་བཞི་གྲུ་ཆད་ལྗང་། །གྲུ་བཞི་དག་གི་ཕྱི་རིམ་དུ། །མུ་ཁྱུད་ལྗང་གུ་ཟླུམ་པོར་བཤད། །ཟླ་གམ་བཞི་ནི་ཁ་དོག་སེར། །ཕྱི་རིམ་གྲུ་བཞི་སྒོ་དང་བཅས། །གྲུ་ཆད་རིགས་དང་འདྲ་བར་བཤད། །ཕྱི་རིམ་བར་དུ་ཟ་ར་ཚགས། །སྒོ་ནི་རིགས་དང་འདྲ་བ་ལ། །མུ་ཁྱུད་ཟླུམ་པོ་སྒོ་ཁྱུད་བཅས། །དེ་ལྟར་དཀྱིལ་འཁོར་གསལ་བྲིས་ལ། །རྫས་དང་ཡོ་བྱད་ཚོགས་པར་དགྲམ། །དབང་བསྐུར་ཡོ་བྱད་སྣ་ཚོགས་གཞག །རྟགས་ཀྱི་ཕྱག་རྒྱ་སྣ་ཚོགས་སྣང་། །མཐའ་ཡས་སེམས་ཀྱི་དབང་དུའོ། །བྱ་ཕྱིར་དཀྱིལ་འཁོར་རྫས་ཚོགས་བྱ། །རྟེན་པ་


DNG003_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

དང་ནི་བརྟེན་པ་ཅན། །ལས་རྣམས་རྫོགས་ཕྱིར་གཞག་པར་བྱ། །གསང་བའི་རྟགས་ཉིད་བསྟན་པ་ཡི། །རྫས་ཀྱི་རྣམ་པ་འདི་ལྟ་སྟེ། །དབུས་སུ་མནྫིལ་སྟེང་དག་ཏུ། །ཟངས་ཀྱི་ནང་དུ་གཏོར་མའོ། །གཏོར་མའི་ཁ་ནི་དར་དཀར་མཛེས། །འཁོར་ལོའི་རྩིབས་དང་ལྟེ་བ་ལ། །རྨ་བྱའི་མདོངས་ནི་རེ་རེ་གཟུག །རྩིབས་མཆན་གཏོར་མའི་ཁ་རུ་ཡང་། །མེ་ལོང་སྐྱོན་མེད་རེ་རེ་བཞག །གྲུ་ཆད་ལྗང་གུའི་སྟེང་དག་ཏུ། །སྙིང་པོ་དང་བཅས་རལ་གྲི་བཞག །ཟླ་གམ་སེར་པོའི་སྟེང་དག་ཏུ། །ནས་ཀྱི་གདན་ནི་འདབ་མ་བརྒྱད། །སྟེང་དུ་དུམ་པ་རེ་རེ་བཞག །དར་དཀར་མཛེས་པའི་མགུལ་ཆིངས་དང་། །ནང་དུ་ཆུ་གཙང་འོ་མ་སྟེ། །ཙན་དན་ཆུ་དང་སྤོས་ཆུ་དང་། །བྱང་ཕྱོགས་དག་ཏུ་གུར་གུམ་ཆུ། །ཁ་རྒྱན་དག་དང་བཅས་པའོ། །སྒོ་བཞིར་མདའ་ནི་མཛེས་པ་ལ། །མེ་ལོང་དར་སྣ་བཅས་པའོ། །ཁ་ཚར་མ་ཉམས་རས་དག་གིས། །དཀྱིལ་འཁོར་དག་གི་ཕྱི་ཡོལ་བྱ། །སྟེང་ན་སྣ་ཚོགས་དར་གྱི་གདུགས། །དེ་ལྟར་དཀྱིལ་འཁོར་རྒྱན་བཀྲམ་ཞིང་། །བུ་རྣམས་སྤོས་ཀྱི་ཆུ་ཡིས་བཀྲུ། །རྡོ་རྗེའི་གྲལ་ཕྱག་བྱས་ནས་ནི། །རྡོ་རྗེའི་གྲལ་ལ་འཁོད་པར་བྱ། །དེ་ནས་སློབ་དཔོན་དཔལ་ལྡན་དེས། །སྟ་གོན་ཆོ་ག་རྫོགས་པར་བྱ། །དཀྱིལ་འཁོར་གནས་པར་བྱ་བ་དང་། །བུམ་པ་སྟ་གོན་གནས་པར་བྱ། །སློབ་མ་སྟ་གོན་གནས་བྱ་དང་། །སྟ་གོན་ཆོ་གའི་ཏིང་འཛིན་བསར། །དེ་ནས་རིགས་ཀྱི་སློབ་མ་རྣམས། །གྲལ་དུ་སྣང་བས་གོ་བར་བྱ། །གྲལ་དུ་བཀོད་པའི་སྐལ་ལྡན་ལ། །དབང་རྫོགས་བྱས་ལ་མན་ངག་བྱིན། །ཕྱི་ནང་གསང་བ་ཡོངས་རྫོགས་ཀྱི། །དབང་བསྐུར་རྫོགས་པར་བྱེད་པ་ན། །དང་པོ་ཞི་བའི་དབང་རྫོགས་བྱ། །རྟེན་འདྲེལ་རྫས་ཀྱི་དོན་མཚོན་ནས། །སྐུ་གསུམ་འབྲས་བུ་ཐོབ་པའོ། །དེ་རྣམས་མཚོན་བྱེད་གསང་དབང་ནི། །ཕྲིན་ལས་རྫོགས་པར་འདོད་པས་ན། །སློབ་དཔོན་དབང་དང་ལྡན་པ་དེས། །དབང་བསྐུར་རྒྱན་རྣམས་གོན་


DNG003_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

པས་ནི། །ཕྲིན་ལས་འདི་རྣམས་རྫོགས་པར་བྱ། །སྟོབས་ལྡན་པདྨ་དབང་གི་སྐུ། །གསང་བའི་དཀྱིལ་འཁོར་ཡེ་ཤེས་ལྔ་ལྡན་འདི། །བུ་ཡི་དབང་རྣམས་རྫོགས་པར་བགྱི་འཚལ་ན། །བདག་ལ་དབང་སྩོལ་བུ་ལ་གནང་བར་མཛོད། །དཀྱིལ་འཁོར་ཞལ་བལྟ་མན་ངག་ཐོབ་བྱའི་ཕྱིར། །འདིར་མཆིས་ཞལ་སྟོན་དཔའ་བོས་གནང་བར་མཛོད། །འདོད་ཆགས་སྤངས་ནས་དག་པའི་ལམ་དུ་འཇུག །ཞེ་སྡང་སྤངས་ནས་དལ་གྱི་སྐུ་དང་སྦྱོར། །གཏི་མུག་སྤངས་ནས་ཤེས་རབ་ཡུལ་ལ་འཇུག །འཁོར་བ་སྤངས་ནས་ཡེ་ཤེས་བལྟ་བའི་ཕྱིར། །འདིར་རིག་དཀྱིལ་འཁོར་བུ་ལ་སྣང་བའི་ཕྱིར། །རྡོ་རྗེ་ཆེ་གེ་མོ་འཁོར་དང་བཅས་པ་རིག་པའི་ཡུལ་བལྟ་བས། །སློབ་མ་དཀྱིལ་འཁོར་འདིར་ཆུག་ལས་རྣམས་སྒྲུབ་པར་གྱིས། །ཧོ་རྡོ་རྗེ་སློབ་དཔོན་གཉེན་གྱི་དབུ་བཟུང་ནས། །ཡི་དམ་ལྷ་དང་མཁའ་འགྲོ་དམ་ཚིག་ཅན། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །དམ་ཚིག་ནོད་ཀྱིས་བདག་ལ་གནང་བར་མཛོད། །དཀྱིལ་འཁོར་འདིར་ཆུག་བདག་ལ་དབང་བསྐུར་གསོལ། །རྡོ་རྗེ་སློབ་དཔོན་གསང་བ་བདག་ལ་སྐུར། །ཧཱུཾ་རྡོ་རྗེ་དམ་ཚིག་ཁྲོ་ཆུ་ཁོལ་མ་འདི། །ཁྱོད་ལ་གཏད་ཀྱིས་ཐུབ་པར་གྱིས། །ཉམས་ན་དམྱལ་བའི་རྒྱུ་ཡིན་ཏེ། །ཐུབ་ན་ཡོན་ཏན་བརྒྱ་རྩ་འཐོབ། །དེ་བས་ཁྱེད་ཀྱིས་གུས་པས་ལོངས། །ས་མ་ཡ་སྟྭམ། བག་ཤ་ནི་ཧོ། རྡོ་རྗེའི་དམ་ཚིག་བདག་གིས་བླང་བར་བྱ། །བསྐལ་པ་ཞིག་ཀྱང་མི་གཏང་གཟུང་བར་བགྱིད། །དངོས་གྲུབ་ཆུ་བོས་བདག་གི་དྲི་མ་འཁྲུ། །མྱུར་དུ་དམ་ཚིག་ཆུ་བོ་བདག་ལ་སྩོལ། །རྡོ་རྗེ་དྲི་ཆུ་བདག་གིས་གཟུང་བར་བགྱི། །ཨོཾ་བཛྲ་ཏིཥྛ་ལྷན། ཆོས་ཉིད་རང་རྟགས་སྲོག་གི་འཁོར་ལོ་ཡི། །རྡོ་རྗེ་དྲིལ་བུ་ཁྱོད་ཀྱིས་ཡང་དག་ཟུང་། །ཆོས་ཉིད་གསུང་སྒྲས་ཐམས་ཅད་ཟིལ་མནན་ཕྱིར། །དྲིལ་བུ་དཀྲོལ་ཞིང་རྡོ་རྗེ་ཡང་དག་གསོར། །ཆོས་ཉིད་སྟོང་པ་ཡེ་ཤེས་དག་པ་ཡི། །རྣམ་དག་དོན་ལྔ་ཡེ་ཤེས་བུམ་པ་འདིས། །སྐལ་ལྡན་འདི་ལ་དབང་བསྐུར་བས། །སྟོང་རིག་


DNG003_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བའི་དོན་ལྡན་ཤོག །ཨོཾ་བཛྲ་ཙིཏྟ་ཡ་ཏིཥྛ་བཛྲ་ཡཱ་མི་སྟྭཾ། ཧཱུཾ་སྟོང་ཉིད་ཡེ་ཤེས་ལས་བྱུང་བའི། །ཆོས་སྐུ་དག་པའི་རང་བཞིན་ལས། །ཡེ་ཤེས་དག་པའི་ཕོ་བྲང་འདིར། །བཀྲ་ཤིས་དག་པའི་བུམ་པ་འདིས། །སྐལ་ལྡན་འདི་ལ་དབང་བསྐུར་གསོལ། །ཨོཾ་རཏྣ་ཨེ་ཝ་ཏི་ཛ་ཧཱུཾ། ཧཱུཾ་རྟོག་པའི་དྲི་མ་སེལ་བའི་བུམ་པ་འདི། །དག་པའི་ཡེ་ཤེས་གཉིས་དང་སྦྱོར། །ཡེ་ཤེས་སྟོན་པའི་བུམ་པ་རབ་མཛེས་པས། །སྐལ་ལྡན་འདི་ལ་དབང་བསྐུར་གསོལ། །ཨོཾ་པདྨ་དུ་ཏི་ཤྲི་ཧཾ་བག་ཏམ། ཧཱུཾ་བྱང་ཆུབ་ལས་བྱུང་བདུད་རྩིའི་སྣོད། །ཉོན་མོངས་སེལ་བའི་བུམ་པ་འདིས། །སྐལ་ལྡན་སྐྱེས་བུ་འདི་ལ་དབང་བསྐུར་གསོལ། །ཨོཾ་ཀརྨ་ཛྙཱ་ན་ཏམ་བག་ཤ་ཧཱུཾ། ཡེ་ཤེས་གསལ་བའི་སྒོ་བཞིར་ལྡན། །ཤེས་རབ་བསྐྱེད་པའི་མདའ་བཞི་ཡིས། །སྐལ་ལྡན་འདི་ལ་དབང་བསྐུར་བས། །སྣང་བ་བཞི་དང་འཕྲད་པར་ཤོག །ཨོཾ་ཛཿཧཱུཾ་བཾ་ཧོཿ། ཁ་གད་ཏ་ཛ་ཡ། ཤེས་རབ་དོན་སྟོན་རལ་གྲི་བཞིས། །སྐལ་ལྡན་འདི་ལ་དབང་བསྐུར་བས། །མཉམ་པ་ཉིད་ཀྱི་དོན་རྟོགས་ཤོག །ཨོཾ་བཛྲ་པྲད་ཛྙཱ་མ་ཧཱ་ཏམ་པ་ག་ཤ་ཧཱུཾ། ཆོས་ཉིད་རྣམ་དག་སྟོང་པའི་རྒྱུ། །ཡི་གེ་ཧཱུཾ་ལས་འོད་ཟེར་འཕྲོས། །ཐམས་ཅད་དེ་ཡི་དོན་ལ་གནས། །ཆོས་དབྱིངས་ཡེ་ཤེས་མཚོན་པའི་དཔེ། །མེ་ལོང་འདི་ལ་བརྟེན་པ་ཡིས། །སྐལ་ལྡན་འདི་ལ་དབང་བསྐུར་རོ། །ཆོས་དབྱིངས་ཡེ་ཤེས་དོན་རྟོགས་ཤོག །ཨོཾ་དྷརྨ་དྷཱ་ཏུ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཉོན་མོངས་དག་པ་ཡེ་ཤེས་རྒྱུ། །གསལ་འགྲིབ་མེད་པའི་དོན་བསྟན་པ། །རྫས་ཀྱི་མེ་ལོང་དམ་པ་འདིས། །སྐལ་ལྡན་འདི་ལ་དབང་བསྐུར་རོ། །མེ་ལོང་ཡེ་ཤེས་དོན་རྟོགས་ཤོག །ཨོཾ་ཨཱ་དཪྴ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཡབ་ཡུམ་གཉིས་མེད་དཀྱིལ་འཁོར་ལྡན། །ཡེ་ཤེས་སྟོང་གསལ་མཉམ་པའི་མེ་ལོང་འདིས། །སྐལ་ལྡན་འདི་ལ་དབང་བསྐུར་རོ། །མཉམ་


DNG003_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཡེ་ཤེས་དོན་རྟོགས་ཤོག །ཨོཾ་རཏྣ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཐམས་ཅད་འབྱུང་བ་ཡེ་ཤེས་དག་པའི་རྫས། །སྐལ་ལྡན་འདི་ལ་དབང་བསྐུར་རོ། །སོར་རྟོགས་ཡེ་ཤེས་དབང་ཐོབ་ཤོག །ཨོཾ་པདྨ་ཨ་ཏི་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཐམས་ཅད་གཉིས་མེད་གཅིག་ཏུ་འདུས་པའི་ཡེ་ཤེས་ཏེ། །ཆོས་རྣམས་བྱ་བར་རྫོགས་པར་མཛད་པ་ཡི། །སྐལ་ལྡན་འདི་ལ་དབང་བསྐུར་རོ། །བྱ་གྲུབ་ཡེ་ཤེས་དོན་རྟོགས་ཤོག །ཨོཾ་ཀརྨ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཁ་དོག་ཐམས་ཅད་སྟོན་མཛད་པའི། །ལྷུན་གྲུབ་དཀྱིལ་འཁོར་ཐམས་ཅད་ཀྱིས། །མུ་ཁྱུད་ར་བ་སྟོན་མཛད་པའི། །འོད་ཆེན་རྣམ་ལྔའི་མེ་ཏོག་འདིས། །སྐལ་ལྡན་འདི་ལ་དབང་བསྐུར་རོ། །རིན་ཆེན་སྦུབས་སུ་སངས་རྒྱས་ཤོག །ཨོཾ་པྲ་བེ་ཤ་ཡ་དུ་ཤ་ཧཱུཾ། སྣ་ཚོགས་པ་ཡི་རྫས་ཆེན་འདིས། །འདི་དང་ཕྱི་མ་གཉིས་ཀ་རུ། །ལོངས་སྤྱོད་ཆེན་པོ་འཕེལ་བར་འགྱུར། །བྱིན་བརླབས་དྲག་པོའི་གཏོར་མ་འདིས། །སྐལ་ལྡན་འདི་ལ་དབང་བསྐུར་རོ། །བར་ཆད་ཐམས་ཅད་བསལ་བ་དང་། །སངས་རྒྱས་བྱིན་རླབས་སྣང་བར་ཤོག །ཨོཾ་བ་ལིངྟ་དུ་ཤ་ནི་ཧཱུཾ། རྣམ་དག་དྲི་མེད་ཆོས་ཀྱི་སྤྱན། །དོ་ནུབ་ཁྱོད་ལ་གསལ་འགྱུར་ཤོག །སྤྱི་དང་རང་གི་དོན་ཤེས་པ། །གང་ཡང་མ་འགགས་ཤེས་རབ་སྤྱན། །དོ་ནུབ་ཁྱོད་ལ་གསལ་བར་གྱིས། །ཕྱི་དང་ནང་མེད་ཀུན་གསལ་བ། །རང་བཞིན་མ་གཡོས་རིག་པའི་སྤྱན། །དོ་ནུབ་ཁྱོད་ལ་གསལ་གྱུར་ནས། །རིགས་པའི་དཀྱིལ་འཁོར་གསལ་བར་ལྟོས། །དངོས་དང་དངོས་མེད་སྣང་བ་དང་། །བདག་གཞན་ཐམས་ཅད་དོན་གསལ་བའོ། །ཐམས་ཅད་མཁྱེན་ཉིད་གཞི་ཡི་སྤྱན། །དོ་ནུབ་ཁྱོད་ལ་གསལ་གྱུར་ནས། །རང་རིག་རྫོགས་པའི་དཀྱིལ་འཁོར་ལྟོས། །ཐོགས་པ་མེད་པའི་སྤྱན་ལྔ་ཡིས། །དཀྱིལ་འཁོར་ཕྱོགས་མཚམས་ཀུན་ལ་ལྟོས། །ཤར་གྱི་སྒོ་ནི་རིགས་པ་གསལ། །རིག་པའི་ཡེ་ཤེས་མཚོན་པའི་ཕྱིར། །ཡེ་ཤེས་དག་པའི་


DNG003_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་འཆར། །དེ་ཕྱིར་ཤར་གྱི་སྒོ་ཞེས་བྱ། །དེ་ཡང་ཁྱོད་ལ་བསྟན་པར་བྱ། །མ་དྲེད་མ་སྔངས་མྱུར་དུ་ལྟོས། །ཆགས་མེད་སྤྱན་གྱིས་བལྟས་བྱས་ན། །འགྱུར་མེད་ཡེ་ཤེས་དག་པ་མཐོང་། །ལྷོ་སྒོ་ཡེ་ཤེས་བསྐྱེད་པའི་སྒོ། །སྣང་བ་ལྷུག་པར་འཆར་བའི་རྟགས། །ཡེ་ཤེས་ཉི་ཤུ་རྩ་གཅིག་རྫོགས། །དེ་ཕྱིར་ལྷོ་ཡི་སྒོ་ཞེས་བྱ། །སྣང་བ་བསྟན་གྱིས་ལེགས་པར་ལྟོས། །དུས་འདིར་ཁྱོད་ཀྱིས་མ་བལྟས་ན། །ཕྱིས་ནས་རྙེད་པར་ག་ལ་འགྱུར། །ཡེ་ཤེས་མིག་གིས་མ་ཆགས་ལྟོས། །ནུབ་སྒོ་བག་ཆགས་ནུབ་པའི་སྒོ། །དུག་ལྔ་ཡེ་ཤེས་ལྔ་ལྡན་འོད། །འོད་ལྔ་མ་འདྲེས་རྫོགས་པའི་ས། །ཤེས་རབ་མིག་གིས་བལྟས་བྱས་ནས། །ཁྱོད་ཀྱིས་དཀྱིལ་འཁོར་ལྷ་ཚོགས་མཐོང་། །བྱང་སྒོ་ས་ལམ་བྱང་བའི་སྒོ། །སྐུ་ལྔ་ལྷུན་གྱིས་གྲུབ་པའི་སྒོ། །ལས་རབ་རྫོགས་པའི་སྒོ་ཆེན་འདི། །མཁྱེན་གསལ་མིག་གིས་མྱུར་དུ་ལྟོས། །རྡོ་རྗེ་རང་རྟགས་ཆེན་པོ་ནི། །སེམས་ཅན་ཀུན་གྱི་ལམ་རྒྱུད་ལ། །དཀྱིལ་འཁོར་དེ་བཞིན་གནས་པ་ཡིན། །རྡུལ་ཚོན་དཀྱིལ་འཁོར་འདི་བཞིན་དུ། །རང་གི་ལུས་ལ་ཡོད་པ་ཡིན། །དེ་བཞིན་ཕོ་བྲང་དཀྱིལ་འཁོར་ལྟོས། །རང་ལུས་གཞལ་ཡས་ཁང་གི་ཚུལ། །ལྷ་རྣམས་མ་བསྐྱེད་ལྷུན་གྱིས་རྫོགས། །དེ་ཕྱིར་དབང་གི་དཀྱིལ་འཁོར་ལྟོས། །མྱུར་དུ་བལྟས་ན་དངོས་གྲུབ་འཐོབ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མཎྜ་ལ་སཏྭ་ཧཱུཾ། དེ་ལྟར་རིམ་པ་རྫོགས་པར་བྱ། །དབང་གི་མཛད་སྤྱོད་ཏིང་འཛིན་བརྟན། །ལས་རྣམས་རྫོགས་པར་བྱེད་པའོ། །བུ་རྣམས་དངོས་གྲུབ་འདོད་པ་ལ། །སྟ་གོན་ལྔ་བརྡོལ་ཏིང་འཛིན་ཏེ། །མིག་དང་རྣ་བ་སྣ་དང་ལྕེ། །ཡིད་ལ་སོགས་པ་ཐམས་ཅད་ལ། །མངའ་གསོལ་བྱིན་བརླབས་མཐུ་བརྟན་པས། །དབང་པོ་ལྔ་ཡི་དབང་ཐོབ་ནས། །དངོས་གྲུབ་སྣ་ཚོགས་འཐོབ་པར་ངེས། །དེ་ལྟར་ཕྱི་ཡི་དབང་རྫོགས་ནས། །ལོངས་སྤྱོད་ཐམས་ཅད་འཕེལ་བར་འགྱུར། །ཆོས་ཉིད་སྐུ་ཡང་བག་གིས་མཐོང་། །ཕུང་པོ་ལྔ་ལས་དབང་བསྐུར་བས། །ཡེ་
ཤེས་ལྔ་ཉིད་རང་རྫོགས་པའོ། །ཞེས་རྫོགས་པ་རང་བྱུང་ཆེན་པོའི་རྒྱུད་ལས། ཞི་བ་བྱང་ཆུབ་སེམས་སུ་དབང་བསྐུར་བའི་ལེའུ་སྟེ་བཅུ་དྲུག་པའོ། །རྫོགས་སོའོ།། །།

ཁྲོ་བོ་ཐམས་ཅད་རང་བཞིན་དུ་དབང་བསྐུར་བའི་ལུང་།


DNG003_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། སརྦ་ཨ་བོ་ཀྲོ་ཏ་སུ་ནཱ་མ། བོད་སྐད་དུ། ཁྲོ་བོ་ཐམས་ཅད་རང་བཞིན་དུ་དབང་བསྐུར་བའི་ལུང་ཞེས་བྱ་བ། བཅོམ་ལྡན་འདས་པདྨ་དབང་གི་སྐུ་ལ་ཕྱག་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་པདྨའི་རྒྱལ་པོས་འདི་སྐད་ཅེས་གསུངས་སོ། །ཀྱེ་ཀྱེ་འདུས་པའི་ཚོགས་བཅས་ཉོན། །ཁྲོ་བོའི་དབང་བསྐུར་རྫོགས་བྱེད་ན། །མཆོད་པའི་གཞུང་རྣམས་རྫོགས་བྱས་ལ། །དཀྱིལ་འཁོར་ཉིད་དང་རྒྱན་ལྡན་ཕྱིར། །ཤིན་ཏུ་དབེན་པའི་ཉམས་དགའ་བར། །གནས་ཀྱི་མཚན་ཉིད་བརྟག་པར་བྱ། །གྲོང་རྡལ་ཟད་པའི་མཐའ་དག་དང་། །རྩི་ཤིང་ནགས་ཚལ་སྨིན་པའི་སར། །མེ་ཏོག་སྣ་ཚོགས་འཁྲུངས་པ་དང་། །ནུབ་ཕྱོགས་མཐོ་ལ་ཤར་ཉིད་གདེང་། །བྱང་ཉིད་སྐྱོར་བ་འདྲ་བ་དང་། །ལྷོ་ཕྱོགས་བརྡལ་བ་འདྲ་བའི་གནས། །བདག་ཉིད་མངོན་པའི་ཕྱོགས་དག་ཏུ། །གྲོགས་པོ་སལ་སུལ་མེད་པ་དང་། །ནུབ་ན་གཟུགས་པོ་མེད་པ་དང་། །སེམས་ཅན་ལྟ་བུའི་གཟུགས་མེད་དང་། །རྒྱབ་ནི་བྲག་ལ་གཏད་པ་དང་། །ལོགས་ན་ཤིང་ཏོག་སྣ་ཚོགས་འབར། །མདུན་ན་ནེའུ་སིང་ཆུ་བོ་འབབ། །ཡང་ན་ཚེ་ཟན་ལྟ་བུའི་གནས། །ར་རྒྱུད་རྣམས་ནི་མ་ཆད་པར། །བྱ་སྐད་སྣ་ཚོགས་སྒྲོགས་པའོ། །དེ་ལྟ་བུ་ཡི་གནས་དག་ཏུ། །དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། །ཛ་གད་ཕུད་ཀྱིས་ཆག་ཆག་གདབ། །དེ་ལྟ་བུ་ཡི་དཀྱིལ་འཁོར་ལ། །ཐིག་ནི་རབ་ཏུ་གདབ་པར་གསུངས། །ནུབ་ནས་ཤར་དུ་ཁ་བལྟ་ལ། །ཚངས་པའི་ཐིག་ནི་འགྱུར་མེད་གདབ། །དེ་ནས་ལྷོ་ནས་བྱང་དུའོ། །ཤར་ལྷོ་ནས་ནི་ནུབ་བྱང་དུ། །ལྷོ་ནུབ་ནས་ནི་བྱང་ཤར་དུ། །ལྷོ་ཡི་ཚངས་ཐིག་སྟེང་དག་ནས། །ནུབ་ཀྱི་ཚངས་ཐིག་སྟེང་དུ་འོ། །ཤར་ཉིད་ནས་ནི་ལྷོ་ཡི་སྟེང་། །བྱང་ཤར་དུ་ནི་སློབ་མས་གདབ། །ནུབ་ནས་


DNG003_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་དུ་དེ་བཞིན་ནོ། །ནུབ་ནས་ཕྱེད་མར་གཉིས་པོ་ལ། །ཤར་ཕྱོགས་དག་ཏུ་ཟིངས་ཀྱི་གདབ། །ལྷོ་ནས་བྱང་དུ་དེ་བཞིན་ཤེས། །དེ་དག་ལ་ནི་གྲུབ་ལ་གཏུག །དེ་ནས་ཕྱེད་ཕྱེད་ནས་ནིའོ། །དེ་ལྟར་ཡེང་ནི་སྤྲས་ལ་འདྲ། །དེ་ལྟར་ཐིག་ཉིད་རབ་རྫོགས་བྱའོ། །དེ་ནས་ས་ཚོན་བྱིན་གྱིས་བརླབ། །དཀྱིལ་འཁོར་དག་ལ་ཚོན་གྱིས་དགྱེ། །དབུས་ཀྱི་ཐིག་ནི་ཆ་གསུམ་ལ། །ཟླུམ་པོ་མུ་ཁྱུད་ལྗང་གུའོ། །ནང་དུ་གྲུ་གསུམ་མཐིང་ནག་མཛེས། །ཟླ་གམ་རྣམ་གསུམ་དབང་གི་ཚུལ། །ཚངས་ཐིག་ནས་བཙལ་བཞི་པ་ལ། །མུ་ཁྱུད་ཟླུམ་པོ་དག་ཏུ་བྲི། །དེ་ཡི་ནང་དུ་འཁོར་ལོ་བརྒྱད། །ཁ་དོག་སེར་པོ་དག་ཏུ་བྱ། །རྩིབས་མཆན་དག་ནི་མཛེས་ཚོན་ནོ། །ཚངས་ཐིག་དག་ནས་ལྔ་པ་ལ། །གྲུ་བཞི་སྒོ་དང་བཅས་པ་བྲི། །གྲུ་ཆད་ལྗང་གུ་མཛེས་པར་བྱ། །དེ་ནས་ཐིག་གཅིག་སྒོ་ལའོ། །དེ་ལྟར་གྲུབ་ལ་སྒོ་ཡི་ཕྱི། །སྒོ་ནི་རིགས་དང་འདྲ་བར་བཤད། །དེ་ནས་ཐིག་ནི་བཅུ་པ་ལ། །ཕྱི་རིམ་ཟླུམ་པོ་དག་ཏུ་བྲི། །ཟླུམ་པོའི་བར་ནི་ནག་པོས་དགང་། །རྡོ་རྗེའི་ར་བར་བཅས་པའོ། །ཕྱོགས་བཞི་ཟླ་གམ་རིགས་དང་འདྲ། །སྒོ་དང་སྒོ་རྒྱན་རབ་ཏུ་མཛེས་པའོ། །དེ་ལྟར་དཀྱིལ་འཁོར་རབ་བྲིས་ལ། །མངོན་པའི་རྫས་ནི་འདི་ལྟར་དགྲམ། །རྫས་རྣམས་བྱིན་གྱིས་བརླབས་ནས་ནི། །དཀྱིལ་འཁོར་སྟེང་དུ་རྫས་དགྲམ་སྟེ། །དབུས་ཀྱི་གྲུ་གསུམ་སྟེང་དག་དུ། །སྐྱེས་པ་བུད་མེད་བྷནྡྷ་གཉིས། །ཡང་ན་རབས་ཆད་ནག་པོའམ། །སྣེལ་གྲི་མོ་ཡི་ཐོད་པ་སྟེ། །ནལ་བུ་ཡོད་ན་མཆོག་ཏུ་གསུངས། །ཡང་ན་ལོངས་སྤྱོད་ལྡན་པ་ཡི། །ཕོ་ཐོད་དག་ལ་ཡི་གེ་བྷྲཱུཾ། །མོ་ཐོད་དག་ལ་མ་ཞེས་བྲི། །གང་ཡང་རུང་བའི་ཐོད་པ་གཅིག །ཡི་གེ་ཡཾ་དང་ལྡན་པའོ། །མོ་ཐོད་ནང་དུ་བླུག་པའི་རྫས། །བུད་མེད་བུ་མ་སྐྱེས་པའི་ཚིལ། །ཕོ་ཐོད་ནང་དུ་བླུག་པའི་རྫས། །བྱང་ཆུབ་སེམས་ནི་དཀར་དང་དམར། །ཐོད་པ་གཅིག་གི་ནང་དུ་ཡང་། །ཤ་ཁྲག་སྣ་ཚོགས་གཏོར་མའོ། །ཕོ་ཐོད་དར་དཀར་དག་གིས་གཏུམ། །མོ་


DNG003_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་དར་དམར་དག་གིས་དགབ། །ཟླ་གམ་གསུམ་གྱི་སྟེང་དུ་ཡང་། །རིན་ཆེན་བུམ་པ་གསུམ་བཞག་སྟེ། །རིན་པོ་ཆེ་ཡི་སྙིང་པོ་གསལ། །སྨན་ནི་སྣ་ཚོགས་ནང་དུའོ། །ཁ་དོག་དམར་པོ་དག་གིས་བྱུགས། །དར་དམར་དག་གིས་མགུལ་ཆིངས་སོ། །འཁོར་ལོའི་སྟེང་དུ་སྐུ་བརྒྱད་དོ། །གྲུ་ཆད་སྟེང་དུ་རྫས་བརྒྱད་དོ། །གྲུ་ཆད་དག་ནི་རེ་རེ་ལ། །མེ་ལོང་རེ་དང་རྨ་བྱའོ། །ཕྱི་རིམ་ཟླ་གམ་སྟེང་དག་ཏུ། །ཤར་ཕྱོགས་ཟླ་གམ་སྟེང་དག་ཏུ། །བྷནྡྷ་བཞི་གླིང་མཚན་ལྡན་དུ། །གཏོར་མར་བདུད་རྩི་བྲན་པའོ། །མཐིང་ནག་དར་གྱིས་ཁ་བཅད་དོ། །ལྷོ་ཕྱོགས་ཚིལ་གྱི་མར་མེ་སྟེ། །དར་སེར་དག་གི་ཡོལ་བ་སྟེ། །ནུབ་ཏུ་སེང་ལྡིང་ཕུར་བུ་ལ། །ལེ་བརྒན་དར་གྱི་གདུགས་ཀྱིས་དགབ། །བྱང་དུ་མར་མེ་ལྔ་ཉིད་བལྟམ། །དར་ལྗང་དག་གིས་ཡོལ་བ་བྱ། །དེ་ལྟར་རྫས་རྣམས་ཚོགས་པ་དང་། །དེ་ནས་དཀྱིལ་འཁོར་དེ་ཉིད་ལ། །དར་དཀར་དག་གིས་ཞལ་ཉིད་དགབ། །རས་སེར་ཁ་ཚར་མ་ཉམས་པས། །དཀྱིལ་འཁོར་དེ་ཉིད་ཕྱི་ཡོལ་བྱ། །དེ་ནས་རྫས་རྣམས་བཀོད་པ་དང་། །དབང་དང་རིམ་པ་རྫོགས་པར་བྱ། །དེ་ནས་སློབ་དཔོན་དབང་ལྡན་དེས། །དབང་བསྐུར་མན་ངག་ལུང་བསྟན་པས། །ཚིག་འདི་རྣམས་ཀྱིས་དབང་རྫོགས་བྱའོ། །དབང་གི་ཆས་ཀྱིས་རབ་བརྒྱན་པའི། །ལས་ཀྱི་རྡོ་རྗེ་རྒྱལ་པོ་ལ། །དཔྲལ་བར་ཐལ་ཆེན་མཚོན་པ་བྲི། །ལྕེ་ལ་རཀྟའི་ཐིག་ལེའོ། །སྙིང་གར་ཞག་གི་ཟོ་རིས་ཏེ། །མགོ་ལ་དབང་ཞུ་ལེགས་པར་བརྒྱན། །ལག་ན་རྡོ་རྗེ་དྲིལ་བུའམ། །ཁ་ཊྭཱཾ་རྔེའུ་ཆུང་གིས་མཚན་པའོ། །དེ་ནས་བུ་ལ་དབང་རྫོགས་བྱའོ། །དེ་ནས་དབང་རྣམས་རྫོགས་བྱ་ཡི། །མཚན་མ་རྟགས་ཀྱི་ཐིག་ལེ་བྱ། །དེ་ལྟར་མཚན་མ་བསྟན་ནས་ནི། །འདི་ལྟར་ཚིག་དབང་བསྟན་པའོ། །ཁྲོ་རྒྱལ་ཡབ་དང་ཡུམ་དུ་བཅས། །ཐམས་ཅད་གནས་འདིར་གཤེགས་སུ་གསོལ། །བགེགས་དང་ལོག་འདྲེན་ཐམས་ཅད་ཀུན། །ཁྲོ་བོའི་མཚན་ཐོས་ཙམ་གྱིས་ཀྱང་། །ཐམས་ཅད་བརྒྱལ་ཞིང་


DNG003_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

འོ་དོད་འབོད། །སྡུག་བསྔལ་ཆེན་པོས་ཟིན་པས་ན། །གནས་འདིར་མ་འདུག་གཞན་དུ་དེངས། །ཧོ་དགོངས་ཤིག་རོལ་ཅིག་ཁྲོ་རྒྱལ་རྣམས། །སློབ་མ་ཆུག་ཅིག་གནས་པར་མཛད་དུ་གསོལ། །དུག་གསུམ་རྩད་གཅོད་འཁོར་བ་དབྱིངས་ནས་ཐོན། །ང་ནི་ཁྲོ་རྒྱལ་པདྨ་སྟེ། །ང་ནི་དཀྱིལ་འཁོར་རྫས་སྟོན་གྱིས། །འབྱུང་པོའི་ཚོགས་རྣམས་རབ་དུ་དེངས། །ཁྱེད་ལ་དབང་གི་སྐལ་བ་མེད། །དབང་མཆོག་ཐོབ་པར་མི་འགྱུར་གྱིས། །ཕྱི་མ་དུས་ཀྱི་ཐ་མ་ལ། །སྟོན་པ་རྡོ་རྗེ་མི་བསྐྱོད་པས། །ཁྱེད་ལ་དབང་གིས་བརྡ་སྟོན་གྱིས། །འདི་ལ་སྐལ་མེད་དེར་དེངས་ཤིག །ཧོ་དབང་གི་སྐལ་བ་དང་མི་ལྡན་པ་རྣམས་ནི། དབང་གི་དཀྱིལ་འཁོར་འདི་ཡང་། ས་ཚོན་གྱི་དཀྱིལ་འཁོར་འཇིགས་པ་དང་བཅས་པར་མཐོང་བ་ཡིན་ནོ། །རྫས་རྣམས་ཀྱང་དཔའ་བརྟུལ་དང་མི་ལྡན་པ་ཡིན་ནོ། །གསང་བའི་དབང་གི་དཀྱིལ་འཁོར་འདི་ལ་ཡིད་མི་ཆེས་པ་དང་། དེ་ལྟ་བུ་ཡི་འདུ་ཤེས་དང་ལྡན་པ་རྣམས་ལ། རིན་པོ་ཆེ་འདི་ཡི་སྐལ་བ་མེད་པས། དབང་བསྐུར་ཡང་དབང་གི་ནུས་པ་མི་འབྱུང་བས། རིགས་ཀྱི་བུ་རྣམས་དེ་ལྟར་མ་བྱེད་ཅིག །ཐུགས་རྗེའི་འོད་དང་མཉམ་པར་གྱུར་པ་ཡིས། །སྣང་སྲིད་ཐམས་ཅད་ཡེ་ཤེས་ལྔ་ཡི་འོད། །འབྱུང་བ་ལྔ་ལ་ཡེ་ཤེས་ལྔ་ཡིས་ཁྱབ། །ཡེ་ཤེས་ལྔ་ལས་བྱུང་བའི་འོད་ལྔ་འདིས། །གཉིས་མེད་སྦྱོར་བ་གཞལ་ཡས་ཁང་། །ཡབ་ལྔའི་དངོས་གྲུབ་བླང་བའི་ཕྱིར། །འབྱུང་བ་དག་པའི་མར་མེ་དམ་པ་འདིས། །སེམས་ཅན་འདི་ལ་དབང་བསྐུར་བས། །རྣམ་པར་དག་པའི་ཞིང་ཁམས་སུ། །རྒྱལ་བ་ཡབ་དང་མཉམ་པར་ཤོག །ཨོཾ་པུ་ཏི་ཤ་སྟོམ་ཤ་ནི། ཡེ་ཤེས་ལྔ་དང་འོད་ལྔ་དང་། །ཡབ་ལྔ་དང་ནི་ཡུམ་ལྔ་ཡི། །དབང་བསྐུར་དམ་པ་ནོད་པའི་ཕྱིར། །ཡེ་ཤེས་རང་ལུས་དཀྱིལ་འཁོར་ལྡན། །རྡོ་རྗེའི་དོན་དང་གཉིས་མེད་བརྗིད་པའི་འོད། །དབང་གི་ཡེ་ཤེས་འོད་མཆོག་དམ་པ་དང་། །རང་གི་ཙིཏྟའི་དཀྱིལ་ན་གནས་པའི་འོད། །ངས་བསྟན་ཁྱེད་ཀྱིས་ཉེ་བར་ཡོངས། །འདི་བསྟན་པ་ཡི་ཡོན་ཏན་


DNG003_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས། །རང་སྣང་དག་པ་མཐོང་བར་ཤོག །ཨོཾ་མ་ཧཱ་སུ་གད་ཤ་སྟྭམ་བྷག་ཤ་ཧཱུཾ། འབྱུང་ཆེན་རྣམ་ལྔ་ཡེ་ཤེས་ལྔ་ལས་བྱུང་། །རིག་པ་ཉིད་མཚོན་ཡེ་ཤེས་རྫས། །ཀུན་དང་མི་མཉམ་ཡེ་ཤེས་ལྔ་འོད་ཀྱིས། །འགྱུར་མེད་ཕོ་བྲང་བསྟན་གྱིས་ཉེ་བར་ལོངས། །འབྱུང་བ་ཡེ་ཤེས་དག་པའི་རྫས་ཆེན་འདིས། །སེམས་ཅན་ཁྱོད་ལ་དབང་བསྐུར་བས། །ཡེ་ཤེས་གཅིག་ཆོད་འཆར་བར་ཤོག །ཨོཾ་འདུ་ཀ་ཤ་ཏི་ཏམ་བཀ་ཤ་ཧཱུཾ། འབྱུང་བ་ཐམས་ཅད་དབང་གི་དཀྱིལ་འཁོར་ཏེ། །དྲི་མེད་དབང་གི་ཡེ་ཤེས་རོལ་པ་ཡི། །དབང་བསྐུར་སངས་རྒྱས་ཀུན་དང་མཉམ་པའི་འོད། །འོད་ལྔ་ཉིད་ལ་རིག་པའི་སྐུ་ལྔ་གསལ། །ཡེ་ཤེས་དུས་དང་ལྡན་པའི་རྫས་ཆེན་འདིས། །སེམས་ཅན་འདི་ལ་དབང་བསྐུར་བས། །ངོ་བོའི་སྣང་བ་མཐོང་བར་ཤོག །ཨོཾ་ཛྙཱ་ན་སྟྭམ་བག་ཤ་ཧཱུཾ། རྡོ་རྗེའི་རིགས་དང་བུཌྜྷའི་རིགས། །རིན་ཆེན་རིགས་དང་པདྨའི་རིགས། །ལས་ཀྱི་རིགས་ལ་སོགས་པ་ཡི། །སངས་རྒྱས་ཀུན་གྱི་བྱིན་བརླབས་ཀྱིས། །བདག་ཅག་ཡང་དག་མཐོང་གྲོལ་ཤོག །ཨོཾ་ད་དུ་ཤ་སྟྭམ་བག་ཤ་ཧཱུཾ། བྷན་དྷ་ཡེ་ཤེས་རྣམ་པར་དག །ལྕང་ལོ་དབྱིངས་དང་འདུ་འབྲལ་མེད། །རྣམ་དག་ཡེ་ཤེས་གཞལ་ཡས་ཁང་། །སེམས་ཅན་འདི་ལ་དབང་བསྐུར་བྱ། །འདི་ལ་བསྐུར་བའི་ཡོན་ཏན་གྱིས། །འདི་ཡི་བར་ཆད་བསལ་བ་དང་། །ཕྱི་མར་གཞལ་ཡས་ཁང་ལྡན་ཤོག །ཨོཾ་བྷནྡ་སིདྡྷི་ཧཱུཾ། དགྲ་དང་བགེགས་བཟློག་ཕུར་པ་འདིས། །གང་ལ་བཏབ་པ་རླག་པར་བྱེད། །ཐལ་བ་བཞིན་དུ་བརླགས་ནས་ཀྱང་། །བགེགས་ཞེས་བྱ་བའི་མིང་ཡང་མེད། །རིག་པ་འདི་དང་དབྱེར་མེད་ཚུལ། །རང་ལ་ཡོད་པའི་ཡེ་ཤེས་དེ། །བར་ཆད་བསལ་ནས་མཐོང་བར་འགྱུར། །དེས་ན་ཕུར་པའི་དབང་བསྐུར་ལོངས། །ཨོཾ་བཛྲ་ཏ་ཀཱི་ལི་ཀཱི་ལ་ཡ་ཀ་ས་ཡ་ནི་ཧཱུཾ། རྒྱལ་བ་ཀུན་གྱི་དབང་བསྐུར་མཛད་པ་ཡི། །ཐོད་པ་མར་མེ་ཚིལ་ཆེན་རྣམ་གསུམ་གྱིས། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀྱིས། །དབང་བསྐུར་བདག་ལ་རྫོགས་པར་མཛོད། །ཨོཾ་ཨགྣེ་བྷྲཱུཾ། རིག་པ་དང་ནི་


DNG003_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཀྱི། །སྣང་བ་དམ་པ་འདི་ཡིན་པས། །རིགས་ཀྱི་བུ་ཁྱོད་མྱུར་དུ་ལྟོས། །ཕྱི་ཡི་དབྱིངས་དང་རིག་པ་གཉིས། །འདུ་འབྲལ་མེད་པ་དེ་བཞིན་ནོ། །རྫས་ཀྱི་དབྱིངས་དང་རིག་པ་འདིས། །དོ་ནུབ་ཁྱོད་ལ་དབང་བསྐུར་བས། །རྣམ་དག་དབྱིངས་དང་ཡེ་ཤེས་ཀྱི། །དབང་བསྐུར་དམ་པ་འཐོབ་པར་ཤོག །ཨོཾ། ཡེ་ཤེས་རིག་པའི་ཀློང་དཀྱིལ་ནས། །ཐུགས་རྗེའི་སྟོབས་ནི་ཁྱོད་ལ་སྣང་། །དྲི་མེད་འདུ་འབྲལ་མེད་པ་འདིས། །དོ་ནུབ་ཁྱོད་ལ་དབང་བསྐུར་བྱའོ། །ཨཱོཾ། གསང་བ་དག་པས་ཤེས་རབ་ཐབས་ལྟར་སྣང་། །དབྱིངས་དང་རིག་པ་གཉིས་མེད་ཤེས་རབ་ཐབས། །རྡོ་རྗེའི་དོན་ཉིད་རྣམ་སྦྱར་རིག་པར་ལྡན། །རྟོགས་པའི་དོན་ལྡན་ཤེས་རབ་དབྱིངས་དང་ལྡན། །དོ་ནུབ་ཁྱོད་ལ་དབང་བསྐུར་བར་བྱའོ། །ཨཱིཾ། ཐབས་འདི་ཀུན་ལ་དཀོན་པའི་ཐབས། །ཤེས་རབ་ཀུན་ལ་ཁྱབ་པའི་རྟགས། །ང་ཡིས་ཐབས་བསྟན་ཁྱེད་ཀྱིས་ལོངས། །གསང་སྔགས་རྒྱལ་པོའི་ཐབས་འདི་དག །དོ་ནུབ་ཁྱོད་ལ་དབང་བསྐུར་བར་བྱའོ། །ཨཱ། དབྱིངས་དང་རིག་པ་གཅིག་གྱུར་ནས། །རིགས་ལྔ་རྒྱལ་བ་ཡབ་ཡུམ་བཅུར། །དབང་བསྐུར་རྡོ་རྗེའི་དཀྱིལ་འཁོར་རྫོགས། །དབང་ནི་རང་རང་ཙིཏྟའི་དཀྱིལ། །རྡོ་རྗེའི་དཀྱིལ་འཁོར་བསྟན་གྱིས་གུས་ཕྱག་འཚོལ། །ཨ། ཡང་དག་བདེ་བའི་ས་ལ་མི་འགྱུར་འཁོར་ལོ་བསྐོར། །འདི་ཡང་ཁྱོད་ཀྱི་རང་རྟགས་ཏེ། །དོ་ནུབ་ང་ཡིས་བསྟན་པར་བྱ། །ཨོཾ་ཙཀྲ་སི་ཏི་ཧཱུཾ། ཐེག་པ་དགུ་དང་ཡེ་ཤེས་དགུ། །ས་དགུ་ལམ་དགུ་སྟོན་པའི་རྒྱུ། །མ་རིགས་པ་ལས་ཐར་པའི་ཡེ་ཤེས་ཏེ། །འགྲོ་བ་འདུལ་བྱེད་སྤྲུལ་པའི་སྐུ་ཐོབ་སྟེ། །ཀུན་གྱི་མཚོན་བྱེད་མཆོད་རྟེན་དམ་པ་འདིས། །དོ་ནུབ་ཁྱོད་ལ་དབང་བསྐུར་བས། །སྤྲུལ་པ་སྐུ་ཡི་ས་ཐོབ་ཤོག །ཨོཾ་པྲ་ཏི་ཤ་ཛ། སྤྲུལ་པའི་སྐུ་ལས་ཐུགས་རྗེ་འབྱུང་བའི་ཕྱིར། །སྤྲུལ་སྐུར་གྱུར་ནས་འགྲོ་བ་འདྲེན་པ་དང་། །ཡེ་ཤེས་ཐབས་ཀྱི་ཕ་རོལ་སྒྲོལ་གྱུར་


DNG003_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག །ཨོཾ་བཛྲ་ཙཎྜ་ནི་ཤ་ཡ་ན་ཧཱུཾ། ཡེ་ཤེས་བསྐྱེད་པའི་ཤེས་རབ་མེ་ཆེན་འདིས། །འགྲོ་བ་མ་རིག་སྒྲོན་མར་གསལ། །སྐྱེ་མེད་དབྱིངས་སུ་སྒྲོལ་བྱེད་མེ་ཆེན་འདིས། །དོ་ནུབ་ཁྱོད་ལ་དབང་བསྐུར་བས། །སྐྱེ་མེད་ཡེ་ཤེས་དོན་རྟོགས་ཤོག །ཨོཾ་ཨགྣེ་ཀ་ལ་ཤ་ཨ། རིག་པའི་ཡེ་ཤེས་དགོས་འདོད་སྐོང་མཛད་པའི། །ཡེ་ཤེས་འགག་མེད་ཤེས་རབ་དོན་ལྡན་ཞིང་། །སྣ་ཚོགས་ཅིར་ཡང་སྟོན་པ་རིག་པའི་དབང་། །དགོས་འདོད་སྐོངས་མཛད་རིན་ཆེན་དབང་བསྐུར་བས། །རིག་པ་ངོ་བོ་ཉིད་དང་ལྡན་གྱུར་ཅིག །ཨོཾ་རཏྣ་ཨེ་བམ་ཧཱུཾ། དྲི་མེད་སྐྱོན་བྲལ་ཡེ་ཤེས་དག་པའི་རྫས། །རིག་པ་ཆགས་མེད་སེམས་ལས་གྲོལ་བ་སྟེ། །རྣམ་རྟོག་མེད་པའི་རིག་པ་ཆོས་ཀྱི་སྐུ། །དྲི་མེད་སྐྱོན་བྲལ་པདྨའི་སྡོང་པོ་འདིས། །སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ། །ཨོཾ་པདྨ་ཀྲོ་ཏི་ནི་ཧཱུཾ། ཤེས་རབ་དང་ནི་གཉིས་མེད་སྦྱོར་བ་མཛད། །དཀྱིལ་འཁོར་ཉིད་དང་ཡེ་ཤེས་རྒྱུ་ལ་རོལ། །གཉིས་མེད་མཚོན་པའི་ཤེས་རབ་རལ་གྲི་འདིས། །སྐལ་ལྡན་ཁྱོད་ལ་དབང་བསྐུར་བས། །ཤེས་རབ་ཆེན་པོས་རང་རྒྱུད་གྲོལ་བར་གྱིས། །ཨོཾ་པྲཛྙཱ་ཀཱ་ཡ་སིདྡྷི་ཧཱུཾ། དཀྱིལ་འཁོར་དང་ནི་དབྱིངས་ཀྱི་ཡེ་ཤེས་དང་། །དབྱིངས་དང་ཡེ་ཤེས་དོན་སྦྱར་བས། །ཕྱི་དབྱིངས་དང་ནི་ནང་ཡེ་ཤེས། །གསང་བའི་ཡེ་ཤེས་ཆོས་ཉིད་དབང་དུ་འདུས། །དབྱེར་མེད་ཚུལ་གྱིས་དེ་བཞིན་གནས་པ་རྣམས། །ང་ཡིས་བསྟན་གྱིས་ང་ལ་ལེགས་པར་ཉོན། །ཡེ་ཤེས་དག་པའི་རྫས་ཀྱི་སྤྲིན་ཆེན་འདིས། །དོ་ནུབ་ཁྱོད་ལ་དབང་བསྐུར་བས། །དབྱིངས་དང་ཡེ་ཤེས་རྟོགས་ནས་ཀྱང་། །ཐུགས་རྗེ་ཕྱོགས་བཅུར་མཛད་པར་ཤོག །ཨོཾ་དྷཱ་ཏུ་ཛྙཱ་ན་ཧྲཱྀ་ཏྲཱཾ། སྟོང་པ་ཉིད་དང་ཡེ་ཤེས་སྐུ། །སྣ་ཚོགས་འབྱུང་བ་རོལ་པའི་སྐུ། །ཆོས་སྐུ་མཚན་མའི་སྐུ་མཆོག་འདིས། །སེམས་ཅན་ཁྱོད་ལ་དབང་བསྐུར་བས། །མཐར་ཕྱིན་འབྲས་བུ་ཐོབ་པར་ཤོག །ཨོཾ་བཛྲ་ཀཱ་ཡ་ཧཱུཾ། སྐྱེ་དང་འཆི་མེད་རྡོ་རྗེའི་སྐུ། །སྟོང་


DNG003_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་རྡོ་རྗེའི་སྙིང་པོ་ཅན། །དག་པའི་ཡེ་ཤེས་མཚོན་པའི་ཕྱིར། །དྲི་མ་དང་བའི་གཟུགས་སྐུར་ལྡན། །ཆོས་དབྱིངས་དག་པའི་ཡེ་ཤེས་མཚོན། །སྐྱེ་མེད་མཚོན་པའི་སྐུ་མཆོག་འདིས། །དོ་ནུབ་ཁྱོད་ལ་དབང་བསྐུར་རོ། །ཨོཾ་ཨ་ཀ་ཤ་ཡ་ནི་ཧཱུཾ། རྡོ་རྗེ་འགྱུར་མེད་རིག་པའི་དུས། །རང་རྟགས་མཚན་པ་དབང་གི་སྐུ། །འགྱུར་མེད་ཀུན་རྫོགས་སངས་རྒྱས་ཀྱི། །ས་ལམ་མཐར་ཕྱིན་གྲོལ་བར་ཤོག །ཨོཾ་བཛྲ་ཀྲ་ས་མ་ཧཱུཾ། སྙིང་པོའི་དོན་ཉིད་རྣམ་སྦྱང་ཕྱིར། །ཡེ་ཤེས་དག་པའི་ལམ་ཆེན་དང་། །སྙིང་པོ་རང་ཆས་རྡོ་རྗེའི་དོན། །སངས་རྒྱས་བཞི་ཡི་སྙིང་པོར་བཅས། །དེ་བཞིན་ཀུན་ལ་གནས་པ་ཡིན། །སྙིང་པོའི་དོན་ཉིད་འདི་བསྟན་པས། །རྟོགས་པ་རྒྱུད་ལ་སྐྱེ་འགྱུར་ཤོག །ཨོཾ་བཛྲ་ཙིཏྟ་ཀཱ་ཡ་ཧཱུཾ། སངས་རྒྱས་ཀུན་གྱི་དབང་བསྐུར་ནི། །བུམ་པ་འདི་ལ་མཛད་པ་ཡིན། །དབང་བསྐུར་འདི་ལ་བྱིན་གྱིས་བརླབ། །ཆོ་འཕྲུལ་རྒྱས་པར་སྟོན་པ་ཡི། །བུམ་པ་འདི་ལ་ཕྲིན་ལས་རྫོགས། །ཡེ་ཤེས་དག་པའི་དབང་བསྐུར་འདིས། །མ་རིག་འཁོར་བའི་རྒྱུན་གཅད་ཕྱིར། །དོ་ནུབ་ཁྱོད་ལ་དབང་བསྐུར་རོ། །ཨོཾ་བཛྲ་དོ་ཤ་ཧཱུཾ། ཐབས་དང་ཤེས་རབ་གཉིས་མེད་པས། །རྒྱལ་བ་ཡབ་ལྔ་ཡུམ་ལྔར་གསལ། །ཐབས་དང་ཤེས་རབ་དོན་ལྡན་པས། །ལོངས་སྤྱོད་རྫོགས་སྐུ་སྣང་བར་གསལ། །རྣམ་དག་སངས་རྒྱས་མཛད་སྤྱོད་དེ། །དེ་གནས་བརྟན་པ་ཐོབ་བྱ་སྟེ། །སངས་རྒྱས་ཀུན་དང་མཉམ་པ་ཡི། །ཡེ་ཤེས་དག་པའི་ཚོམ་བུ་འདིས། །དོ་ནུབ་ཁྱོད་ལ་དབང་བསྐུར་བས། །རང་སྣང་བར་དོར་བརྟན་པར་ཤོག །ཨོཾ་བཛྲ་སི་ཏ་ཀ་ཧཱུཾ། ཡེ་ཤེས་རང་རྟགས་རྡོ་རྗེའི་དོན་ཉིད་ལྡན། །སྐྱེ་འཇིག་བྲལ་བའི་སྐུ་ཡང་འོད་གསལ་བཞུགས། །འཆི་དང་བྲལ་བའི་གསུང་གི་ཟེར་ལ་རོལ། །སྐྱེ་དང་འཆི་མེད་རྡོ་རྗེ་དུས་མཚོན་སྐུ། །སྐྱེ་བ་མེད་པའི་ཡི་གེ་ཨ་དཀར་འདི། །སེམས་ཅན་རྣམས་ལ་རྟག་པར་ཡོད་པ་སྟེ། །དེ་ཡི་དོན་ནི་མཚོན་པའི་འོད་ལྔ་གསལ། །ཡང་དག་པ་དང་དབྱེར་མེད་མཉམ་པ་ཡིན། །དོན་མཚོན་


DNG003_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་རང་རྟགས་མཉམ་སྦྱར་བས། །སངས་རྒྱས་ཀུན་དང་དགོངས་པ་མཉམ་པ་ཡིན། །རྡོ་རྗེ་སྐྱེ་མེད་རང་རྟགས་མཉམ་པ་འདིས། །སེམས་ཅན་ཁྱོད་ལ་དབང་བསྐུར་བས། །སྐྱེ་མེད་ཡེ་ཤེས་རྟོགས་ནས་སངས་རྒྱས་ཤོག །ཨོཾ་བཛྲ་ཏན་མ་ཀ་ར་ཧཱུཾ། ཆོས་ཉིད་སྟོང་པ་ཡེ་ཤེས་དག་པའི་རྒྱུ། །གསང་སྔགས་ལམ་ལ་སྦྱོར་བ་སྟེ། །སྟོང་ཉིད་བུམ་པ་སྨན་གྱིས་གཏམས། །བདུད་རྩིར་དབང་རྫོགས་དཀྱིལ་འཁོར་རྫོགས་པ་སྟེ། །འཇིག་རྟེན་འདི་ན་ནད་མེད་འཚོ་བ་དང་། །ཕྱི་མ་ཡེ་ཤེས་རྟོགས་ནས་གྲོལ་གྱུར་ཅིག །བདུད་རྩི་དག་པའི་བཀྲ་ཤིས་བུམ་པ་འདིས། །སྐལ་ལྡན་འདི་ལ་དབང་བསྐུར་བས། །རྣམ་དག་བདུད་རྩི་ཡེ་ཤེས་དོན་ལྡན་ཤོག །ཨོཾ་ཛྙཱ་ན་ཨཱདྨ་ཀོ྅ཧཾ། སྟོང་པ་ཉིད་དང་ཡེ་ཤེས་ཀྱི། །དབང་བསྐུར་བདག་གིས་བླང་བའི་ཕྱིར། །རྫས་མཆོག་དམ་པ་བདུད་རྩིའི་བུམ་པ་འདི། །སྐྱེ་མེད་དབྱིངས་ནས་ཡེ་ཤེས་མཚོན་པའི་ཕྱིར། །སངས་རྒྱས་ལམ་དང་ཡེ་ཤེས་དག་པའི་ལམ། །ལམ་མཆོག་སྦྱངས་ནས་ཡེ་ཤེས་ལྔ་དང་སྦྱར། །འདུ་འབྲལ་མེད་པའི་རིག་པ་རྟོག་མེད་པར། །དབང་བསྐུར་འཁོར་བའི་ས་ལས་མཐར་ཕྱིན་ནས། །ཡེ་ཤེས་རྟོགས་པའི་དོན་ཆེན་དེ་ཐོབ་ནས། །རིན་ཆེན་ལྷུན་གྱིས་གྲུབ་པའི་ས་ཆེན་དེར། །སྤྲུལ་པ་འགགས་མེད་ཕྱོགས་བཅུར་གསལ་བར་མཛོད། །དེ་ལ་གནས་ནས་སེམས་ཅན་དོན་ལ་སྦྱོར། །དེ་ལྟར་ཡོན་ཏན་ཀུན་ལྡན་བུམ་པ་འདིས། །དོ་ནུབ་ཁྱོད་ལ་དབང་བསྐུར་བས། །སྟོང་ཉིད་སྙིང་པོ་མཐར་ཕྱིན་ཤོག །ཨོཾ་བཛྲ་བྷི་ཨཱཿཧཱུཾ། ཡེ་ཤེས་རྒྱུ་མཚོན་དག་པའི་རིག་པ་དང་། །གསང་སྔགས་ཀུན་གྱི་ཡེ་ཤེས་མཚོན་པའི་ཕྱིར། །རྫས་ཀྱི་བུམ་པ་སྟོང་ཉིད་དག་པ་འདིས། །གཞོན་ནུ་བུམ་པའི་སྐུ་ལ་མཐར་ཕྱིན་པའི། །རང་བཞིན་མ་འགགས་ཉི་མའི་འོད་བཞིན་གསལ། །ཐུགས་རྗེ་ཀུན་ནས་འགྲོ་བ་ཡོངས་ལ་ཁྱབ། །སྟོང་གསུམ་ལྡན་པས་ཆོས་ཉིད་དག་པའི་དོན། །


DNG003_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་དེ་བཞིན་ཉིད་ཀྱི་བུམ་པ་འདི། །དག་པའི་ལམ་མཚོན་བཀྲ་ཤིས་བུམ་པ་དང་། །དག་པའི་དོན་ཉིད་ཡེ་ཤེས་རྣམ་ལྔར་སྦྱར། །རྒྱུ་མཚན་དག་པའི་བཀྲ་ཤིས་བུམ་པ་འདིས། །ཀུན་གྱི་དོན་ཉིད་ཡེ་ཤེས་མཚོན་པའི་ཕྱིར། །དག་པའི་ལམ་དང་ཡེ་ཤེས་གསང་ལམ་དང་། །ལམ་ཆེན་འབྲས་བུའི་དུས་འདིས་མཚོན་པའི་ཕྱིར། །དོ་ནུབ་ཁྱོད་ལ་དབང་བསྐུར་རོ། །ཨོཾ་ཨཱཿཧཱུཾ་ཧྲཱྀཿ། རྣམ་དག་ཡེ་ཤེས་ཐོད་པའི་གཞལ་ཡས་ཁང་། །རིགས་ལྔ་ལྷུན་གྲུབ་ཡེ་ཤེས་ཐོད་པ་འདི། །གང་ཟག་དག་པའི་ཞིང་དུ་ཡཾ་གིས་སྤྱོད། །ཡི་གེ་ཡཾ་ལྡན་གང་དུ་ཡང་བྱུང་རྡོ་རྗེ་ཐོད་པ་སྟེ། །ཡཾ་གྱིས་དེ་བཞིན་མཁའ་ལ་རབ་བསྐྱོད་ནས། །འགྲོ་བ་དབྱིངས་སུ་འདྲེན་མཛད་དབྱིངས་ཀྱི་ཡེ་ཤེས་ཐོད་པ་འདི། །དག་པའི་དོན་ལྡན་གཞལ་ཡས་ཁང་གི་ཚུལ། །རྣམ་དག་དོན་སྤྱོད་རིན་ཆེན་ཐོད་པ་འདི། །དགོས་འདོད་རེ་བ་ཐམས་ཅད་སྐོང་མཛད་པའི། །རིན་ཆེན་ཟུར་བརྒྱད་བཀྲ་ཤིས་ཐོད་པ་འདིས། །སེམས་དང་ཡེ་ཤེས་སོ་སོར་འབྱེད། །རབ་ཏུ་གསང་བྱེད་བཀྲ་ཤིས་ཐོད་པ་འདིས། །སྐལ་ལྡན་ཁྱོད་ལ་དབང་བསྐུར་བས། །གཞལ་ཡས་ཁང་དུ་ཡཾ་གིས་བསྐྱོད་གྱུར་ཤོག །ཨོཾ་བཛྲ་བྷནྡ་ཧཱུཾ་ཡཱཾཿ། བསྐྱེད་པའི་ཡེ་ཤེས་མ་ཡིན་ཏེ། །རྫོགས་པ་ཀུན་ལ་ཁྱབ་པའི་དོན། །སངས་རྒྱས་ཀུན་དང་མཉམ་སྦྱར་བས། །ཡི་གེ་འབྲུ་བསྟན་དབྱིངས་སུ་འཁྱིལ། །བྷྲཱུཾ་གྱིས་མ་བསྐྱེད་ཆོས་ཉིད་མཁའ། །ཡེ་ཤེས་དག་པའི་ཐོད་པ་འདིས། །སྐལ་ལྡན་ཁྱོད་ལ་དབང་བསྐུར་བས། །དབྱིངས་ལས་ཕྱིར་མི་ལྡོག་པར་ཤོག །ཨོཾ་བྷནྡ་ཛྙཱ་ན་དུ་ཡི་ནི་ཧཱུཾ། ཤེས་རབ་དང་ནི་སྐུ་གསུང་ཐུགས། །ངོ་བོ་འགྱུར་མེད་ཆོས་ཀྱི་དོན། །རང་བཞིན་འགག་མེད་ལོངས་སྐུའི་དོན། །ཐུགས་རྗེའི་སྤྲུལ་པ་ཕྱོགས་བཅུར་འཕྲོ། །སྐུ་གསུམ་དོན་ལྡན་ཡི་གེ་ཨེ། །སྣ་ཚོགས་ཨེ་ཡིས་གཞལ་ཡས་ཁང་། །ཨེ་དང་ལྡན་པའི་ཐོད་པ་འདིས། །སྐལ་ལྡན་འདི་ལ་དབང་བསྐུར་བས། །སྐུ་གསུམ་འབྲས་བུ་མཐར་ཕྱིན་ཤོག །ཨོཾ་ཨཱཾ་ཏྲཱཾ་ཧཱུཾ་བྷྲཱུཾ་ཕཊ། ཤེས་རབ་དོན་བྱེད་ཡེ་ཤེས་དོན། །རང་རིག་སྒྲོན་མེ་འོད་ཆེན་ལྡན། །ཤེས་རབ་བསྐྱེད་པའི་པོ་ཏི་འདིས། །སྐལ་ལྡན་ཁྱོད་ལ་དབང་བསྐུར་བས། །


DNG003_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་རྟོགས་པའི་དོན་ལྡན་ཤོག །ཨོཾ་པྲཛྙཱ་ཤ་ཡ་ཧཱུཾ། ཧཱུཾ་སྣང་ཞིང་སྲིད་པའི་ཆོས་རྣམས་ལ། །མ་རྨོངས་ཅི་བཞིན་ཤེས་གྱུར་པའི། །ཕྱི་ནང་སྣང་བའི་ཆོས་རྣམས་ལ། །གང་ལ་ཐོགས་མེད་ཤེས་གྱུར་ནས། །བསམ་གཏན་ལྡན་ཞིང་སྐུ་འབར་དང་། །འགྲོ་བ་ཕ་རོལ་སྒྲོལ་བར་ཤོག །ཨོཾ་བཛྲ་གད་མ་ཧཱུཾ། ཤར་ཉིད་རྡོ་རྗེ་དབྱིངས་ཀྱི་སྒོ། །ཚོམ་བུ་བལྟ་ན་འདི་ལྟོས་ཤིག །ལྷོ་སྒོ་ལོངས་སྤྱོད་རྫོགས་པའི་སྒོ། །ཡེ་ཤེས་བལྟ་ན་འདིར་ལྟོས་ཤིག །ནུབ་སྒོ་སྐུ་ལྔ་མཐར་ཕྱིན་སྒོ། །རིགས་ཉིད་བལྟ་ན་འདིར་ལྟོས་ཤིག །བྱང་སྒོ་རྡོ་རྗེ་སྙིང་པོའི་སྒོ། །རིགས་ལྔ་བལྟ་ན་འདིར་ལྟོས་ཤིག །ཕོ་བྲང་པདྨ་རྣམ་དག་སྐུ། །རང་ལུས་བལྟ་ན་འདིར་ལྟོས་ཤིག །ཨོཾ་མཎྜ་ལ་ཨ་ཧཱུཾ། རང་རྟགས་རྡོ་རྗེའི་དོན་ཉིད་དེ། །དར་དང་འབྲུ་ཡི་རང་རྟགས་ཀྱིས། །འཇིག་རྟེན་འདི་ཡི་བར་ཆད་བསལ་བའི་ཕྱིར། །དབང་རྟགས་རྡོ་རྗེ་ཉིད་དང་འདུ་འབྲལ་མེད། །འཇིག་རྟེན་ལྷ་དང་མཁའ་འགྲོ་རྣམས། །འདི་ལ་བསྲུང་ཞིང་བསྐྱབ་པ་དང་། །དབང་རྟགས་འདི་ནི་མཐོང་བ་ཙམ་གྱིས་ཀྱང་། །བགེགས་རྣམས་བརྒྱལ་ཞིང་གཞན་དུ་འབྲོས། །ཡམས་དང་རིམས་ནད་ཀུན་ལས་ཐར་པ་དང་། །དབང་རྟགས་འདི་ཡིས་རབ་ཏུ་བསྐྱབ་པའི་ཕྱིར། །གནོད་སྦྱིན་རྣམས་དང་གསང་བའི་རིགས་རྣམས་དང་། །དེ་བཞིན་མཁའ་འགྲོའི་རིགས་དང་ནི། །པདྨ་དང་ནི་དེ་བཞིན་ལས་ཀྱི་རིགས། །ས་དང་བར་སྣང་གནས་པ་དང་། །རི་རབ་དང་ནི་མཚོ་ལ་གནས། །མཁའ་འགྲོ་དང་ནི་བཅས་པ་ཡིས། །འདི་ལ་སྐུ་ཡི་བསྲུང་བར་གྱིས། །ནད་དང་ཡམས་ལས་ཐར་པར་མཛོད། །དབང་རྟགས་འདི་ཉིད་བཏགས་པ་ཡིས། །ལམ་ཆེན་ལྔ་པོ་བསྟན་པར་གྱིས། །རྡོ་རྗེ་དོན་དང་འབྲལ་བ་མེད་པ་དང་། །ཡང་དག་ས་ལ་དེ་བཞིན་གནས་པ་དང་། །གསང་


DNG003_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀུན་གྱི་དགོངས་པ་ལོན་པར་ཤོག །ཨོཾ་བཛྲ་དུཥྚན་སརྦ་སྭཱ་ཧཱ་ན་ཧཱུཾ། ལས་ཀྱི་རིགས་ཀྱི་གསང་མཚན་གང་ཡིན་པས། །སེམས་དཔའ་ལས་ཀྱི་རིགས་རྣམས་ཀྱིས། །སྐལ་ལྡན་འདི་ལ་དབང་བསྐུར་རོ། །རིན་ཆེན་རིགས་ཀྱི་གསང་མཚན་གང་ཡིན་པས། །སྐལ་ལྡན་འདི་ལ་དབང་བསྐུར་རོ། །པདྨ་རིགས་ཀྱི་གསང་མཚན་གང་ཡིན་པས། །སྐལ་ལྡན་འདི་ལ་དབང་བསྐུར་རོ། །རྡོ་རྗེ་རིགས་ཀྱི་གསང་མཚན་གང་ཡིན་པས། །སྐལ་ལྡན་འདི་ལ་དབང་བསྐུར་རོ། །དེ་བཞིན་རིགས་ཀྱི་གསང་མཚན་གང་ཡིན་པས། །སྐལ་ལྡན་འདི་ལ་དབང་བསྐུར་རོ། །དེ་ལ་སོགས་པའི་བདེ་གཤེགས་ཐམས་ཅད་ཀྱི། །གསང་མཚན་དམ་པ་གང་ཡིན་པས། །སྐལ་ལྡན་འདི་ལ་དབང་བསྐུར་རོ། །ཨོཾ་བཛྲ་རཏྣ་པདྨ་ཀརྨ་བུཌྜྷ་སྟྭཾ། དེ་ལྟར་དབང་རྣམས་རྫོགས་པར་བྱ། །དེ་ནི་ཕྱི་དབང་རྫས་ཀྱིས་བསྐུར། །ལེགས་པར་བཤད་ཅིང་བཀྲོལ་བའོ། །རྫོགས་པ་ཆེན་པོའི་ལུང་བསྟན་པས། །ཏིང་ངེ་འཛིན་ལས་མ་ཡེངས་པར། །ཏིང་འཛིན་བརྟན་ན་དངོས་གྲུབ་འཐོབ། །ཅེས་རྫོགས་པ་རང་བྱུང་ཆེན་པོའི་རྒྱུད་ལས། ཁྲོ་བོའི་རིགས་ཀྱི་དབང་བསྐུར་བའི་ལེའུ་སྟེ་བཅུ་བདུན་པའོ། །རྫོགས་སོ།། །།རྒྱ་གར་སྐད་དུ། རཏྣ་ཨཱ་ཡུརྫྙཱ་ན་པྲི་ཏི་ནཱ་མ། བོད་སྐད་དུ། ཚེ་དབང་རིན་པོ་ཆེ་ཡེ་ཤེས་ཀྱི་ལུང་ཞེས་བྱ་བ། བཅོམ་ལྡན་འདས་ཚེ་དཔག་མེད་ཀྱི་ལྷ་ལ་ཕྱག་འཚལ་ལོ། །དེ་ནས་པདྨའི་སྐུ་ལ་ཚེ་དཔག་མེད་ཀྱིས་བསྐོར་ཏེ། འདི་སྐད་ཅེས་གསོལ་པ། ཀྱེ་ཀྱེ་བཅོམ་ལྡན་དབང་ཕྱུག་ཆེ། །ཀླུ་འདུལ་དབང་གི་རྒྱལ་པོ་ཉིད། །ཚེ་དང་ཡེ་ཤེས་ལྷུན་རྫོགས་པས། །ཚེ་དབང་དབང་ཆེན་བདག་གིས་སྨྲ། །དཔའ་བོ་ཉིད་ཀྱིས་གནང་བར་མཛོད། །དེ་ནས་དབང་གི་རྒྱལ་པོ་ཡིས། །ཚེ་མཆོག་ཉིད་ལ་ལུང་བསྟན་ཏེ། །ཀྱེ་ཀྱེ་ཚེ་མཆོག་རིན་ཆེན་ཕྲེང་། །ཁྱོད་ཀྱིས་ལེགས་པར་ཚེ་མཆོག་སྨྲོས། །དེ་ནས་ཉིད་ཀྱིས་རབ་ཏུ་སྨྲས། །ཚེ་དབང་རིན་ཆེན་སྐུར་བྱེད་ན། །འདི་ལྟར་ལས་རྣམས་རྫོགས་པར་བྱ། །ཤིན་ཏུ་དབེན་པའི་གནས་དག་ཏུ། །དཀྱིལ་འཁོར་མདའ་གང་གྲུ་བཞི་སྟེ། །


DNG003_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་རྣམས་གཞུང་དང་མཐུན་པ་སྟེ། །ཚོན་རྣམས་བྱིན་གྱིས་བརླབ་བྱ་སྟེ། །ཚོན་རྣམས་རབ་ཏུ་དགྱེ་བར་བྱ། །དབུས་སུ་གྲུ་བཞི་ལམ་པ་སྟེ། །ཕྱི་རིམ་དག་ནི་ཟླུམ་པོར་བྱ། །དེ་ཡི་ཕྱི་རིམ་གྲུ་བཞི་སྟེ། །སྒོ་དང་བཅས་པར་རབ་ཏུ་བཤད། །ཕྱི་རིམ་ཟླུམ་པོ་རྡོ་ར་བཅས། །དེ་ལྟར་དཀྱིལ་འཁོར་གསལ་བྲིས་ལ། །དགོད་པའི་རྫས་ནི་འདི་ལྟ་སྟེ། །བུམ་པ་མཛེས་པར་དཀར་གསུམ་སྟེ། །དར་དམར་དག་གིས་མགུལ་ཆིངས་ཏེ། །སྣ་ཚོགས་འབྲུ་ཡི་གདན་ལ་བཞག །འབྲས་ཆང་དག་ནི་ནང་དུའོ། །ཤ་དང་མར་དང་བུ་རམ་དང་། །ཁ་ཟས་རོ་ཞིམ་སྣ་ཚོགས་གཞུག །དེ་ཡི་སྟེང་དུ་བཞག་པའི་རྫས། །ཚེ་ཡི་འབྲང་རྒྱས་མཛེས་པ་ལ། །ཁ་ཟས་རོ་ཞིམ་རྣམས་ཀྱིས་བརྒྱན། །བྱ་རྒོད་སྒྲོ་ཡང་གཟུག་པ་སྟེ། །དར་སྣ་མེ་ལོང་མདའ་ལ་བཏག །མདའ་དེ་ཉིད་ལ་བཏག་པའི་རྫས། །སྐུད་པ་དམར་པོ་སུམ་བསྒྲིལ་ལ། །སྣ་ཚོགས་དར་གྱི་འཕུར་ལྕེ་གདགས། །སྲིན་ལག་བཟུང་ལ་གསང་སྔགས་བཟླས། །གྲུ་བཞི་ཕྱོགས་དང་མཚམས་ཉིད་དུ། །ཚེ་ཡི་འབྲང་རྒྱས་མཛེས་པ་རེ། །མདའ་དང་བཅས་པ་གདགས་པར་བྱ། །སྒོ་བཞིར་མདའ་དང་མེ་ལོང་སྟེ། །གྲུ་བཞིར་རལ་གྲི་རེ་རེའོ། །དེ་ལྟར་དཀྱིལ་འཁོར་རྫས་བཀོད་ལ། །རས་དཀར་གཙང་མའི་ཡོལ་བ་བྱ། །སྟེང་ན་གདུགས་ཀྱང་རབ་ཏུ་བཤད། །མཆོད་པའི་རྫས་ནི་རྫོགས་པར་བྱ། །བདག་ཉིད་དབང་ཆེན་ཏིང་འཛིན་བརྟན། །ཡི་གེ་ནྲྀ་ནི་འོད་འབར་བས། །སློབ་མ་ཚེ་དཔག་མེད་པར་བསམ། །བདག་ཉིད་དབང་ཆེན་བྱིན་བརླབས་ལས། །སངས་རྒྱས་སྐུ་ནི་གྲངས་མེད་བསམ། །སྐུ་དེ་འོད་དུ་གསལ་བ་དང་། །བདག་དང་སློབ་མའི་བར་ཉིད་དུ། །ཡི་གེ་ཨཱཿདཀར་དགུ་ཡང་བསམ། །རྒྱུན་ཆད་མེད་པའི་འོད་དཀར་བསམ། །དེ་ལྟར་ཨཱཿཉིད་གནས་པ་ལས། །ཨཱཿཨཱཿཞེས་ནི་དགུ་བརྗོད་པས། །འོད་ཟེར་དམར་པོ་འོད་འབར་ཏེ། །སློབ་མའི་ལུས་ལ་ཐིམ་པར་བསམ། །


DNG003_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ནི་ཚེ་དབང་ཐོབ་པར་བསམ། །གསང་སྔགས་ཚེ་ཡི་དབང་ཐོབ་ཕྱིར། །ཡི་གེ་ཨཱཿདམར་འོད་འཕྲོས་བསམ། །ཡི་གེ་དེ་དག་རེ་རེ་ལས། །ཚེ་དཔག་མེད་པ་རེ་རེ་བསམ། །ཚེ་དཔག་མེད་པའི་སྐུ་མདོག་ནི། །དམར་སྐྱ་མཛེས་པ་རྒྱན་ལྡན་ཏེ། །དཔེར་ན་མཚལ་ཉིད་བཟང་པོ་ལ། །ཁ་བ་དག་ནི་བབ་པ་ལྟར། །དམར་སྐྱ་འོད་ཟེར་འབར་བར་བསྒོམ། །གཡས་ན་ཚེ་ཡི་བུམ་པ་སྟེ། །གཡོན་ན་རིན་ཆེན་འོད་འབར་རོ། །ཡང་ན་སྐུ་མདོག་འདི་ལྟ་སྟེ། །སྐུ་སྟོད་སེར་ལ་འོད་ཟེར་འབར། །ལྟེ་བ་མན་ཆད་ལྗང་གུ་སྟེ། །ཕྱག་མཚན་གོང་དང་མཐུན་པའོ། །དེ་ལྟར་གསལ་བར་རྣམ་པར་བསྒོམ། །ཚེ་ལ་སོགས་པའི་རྫས་རྣམས་ཀྱང་། །འོད་དང་ཁ་དོག་དཀར་ལ་དམར། །སྔགས་པ་དབང་ཆེན་དག་གིས་ཀྱང་། །དཀྱིལ་འཁོར་དེ་ཡི་ཤར་ཉིད་དུ། །གོས་ནི་དམར་པོ་གྱོན་བྱས་ཏེ། །ཁ་ནི་ནུབ་ཕྱོགས་དག་ཏུ་བལྟ། །མཆེད་རྣམས་ཀུན་གྱི་སྔགས་འདིའོ། །ཨོཾ་ཨཱཿཧཱུཾ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་བཛྲ་དྷྲིཀ་ཛ་ཧཱུཾ་སྭཱ་ཧཱ། སྔགས་དེ་ཀུན་གྱིས་བརྗོད་པར་བྱ། །སྔགས་ཀྱི་འོད་ཟེར་དམར་པོར་བསམ། །ཆོས་ཀྱི་སྐུ་དང་དབྱེར་མེད་ཕྱིར། །ལྷ་དང་དབྱེར་མེད་ཏིང་འཛིན་ཏེ། །ཨཿདང་དབྱེར་མེད་གནས་པར་བསྒོམ། །ཆོས་ཉིད་འོད་དང་སྐུ་ལྟར་འཕྲོ། །སྐྱེ་བ་མེད་ལ་འཆི་མེད་སྟེ། །འཆི་མེད་རྡོ་རྗེ་ཐོབ་བྱའི་ཕྱིར། །ཚེ་དབང་རིན་ཆེན་རྒྱས་པར་བསྟན། །ཚེ་དབང་རིན་ཆེན་རབ་རྫོགས་ཏེ། །ཚེ་ཡི་རང་བཞིན་ཡི་གེ་ཡུ། །སྐུ་ཡི་རང་བཞིན་ཡི་གེ་ཨཱཿ། །ཨཱཿདང་ཡུཿཡི་མངོན་གསལ་བས། །ཚེ་དབང་ཆེན་པོ་རྫོགས་པར་བཤད། །དེ་ལྟར་ཏིང་འཛིན་མ་ཡེངས་ན། །ཚེ་དབང་དངོས་གྲུབ་ཐོབ་པ་སྟེ། །ཚེ་དང་ཡེ་ཤེས་རབ་གསལ་བས། །ཚེ་དབང་དཀྱིལ་འཁོར་ཉིད་ཀྱང་འཐོབ། །དེ་ལྟར་ཚེ་ཡི་ལས་རྫོགས་ནས། །ཚེ་ཉིད་འགུགས་པའི་ཕྲིན་ལས་བྱ། །ཧཱུཾ་ཤར་གྱི་ཕྱོགས་ནས་ཚེ་འགུགས་མ། །རྡོ་རྗེ་ཡིད་འཕྲོགས་ཆེན་མོ་སྟེ། །ཚེ་དབང་དཀྱིལ་


DNG003_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་སྟོན་མཛད་མ། །ཤར་གྱི་ཕྱོགས་ནས་ཚེ་ཁུག་ལ། །རྣལ་འབྱོར་བདག་ལ་ཚེ་དབང་སྩོལ། །ཧཱུཾ་ལྷོ་ཡི་ཕྱོགས་ནས་ཚེ་འགུགས་མ། །རྡོ་རྗེ་ཡིད་འཕྲོག་ཆེན་མོ་སྟེ། །ཚེ་ལ་དབང་བའི་རིག་འཛིན་གྱི། །ཚེ་ཁུག་གནས་འདིར་གཤེགས་སུ་གསོལ། །ལྷོ་ཡི་ཕྱོགས་ནས་ཚེ་ཁུག་ལ། །རྣལ་འབྱོར་བདག་ལ་ཚེ་དབང་སྩོལ། །ཧཱུཾ་ནུབ་ཀྱི་ཕྱོགས་ནས་ཚེ་འགུགས་མ། །རྡོ་རྗེ་ཡིད་འཕྲོག་ཆེན་མོ་སྟེ། །ཚེ་དང་བཀྲག་ལ་དབང་བསྒྱུར་མ། །ནུབ་ཀྱི་ཕྱོགས་ནས་ཚེ་ཁུག་ལ། །རྣལ་འབྱོར་བདག་ལ་ཚེ་དབང་སྩོལ། །ཧཱུཾ་བྱང་གི་ཕྱོགས་ནས་ཚེ་འགུགས་མ། །རྡོ་རྗེ་ཡིད་བསྐྱོད་ཆེན་མོ་སྟེ། །ཚེ་དང་རྫས་ལ་དབང་བསྒྱུར་མ། །བྱང་གི་ཕྱོགས་ནས་ཚེ་ཁུག་ལ། །རྣལ་འབྱོར་བདག་ལ་ཚེ་དབང་སྩོལ། །ཧཱུཾ་དབུས་ཀྱི་ཕྱོགས་ནས་ཚེ་འགུགས་མ། །རྡོ་རྗེ་སྣ་ཚོགས་འབྱུང་མ་སྟེ། །ཕྱོགས་སྐྱོང་བཅུ་ཡི་ལག་པ་ནས། །ཚེ་ཁུག་རྣལ་འབྱོར་བདག་ལ་སྩོལ། །དེ་ལྟར་བརྗོད་ཅིང་ཏིང་འཛིན་གསལ། །ཚེ་རྣམས་འཕེལ་བར་བྱེད་པ་ཡི། །ཆོ་ག་འདི་ནི་རབ་ཏུ་བརྗོད། །ཧཱུཾ་ཤར་ཕྱོགས་ཚེ་ཡི་མངའ་བདག་མོ། །སྐུ་མདོག་དཀར་སེར་འོད་ཟེར་འཕྲོ། །ཆིབས་སུ་འབྱུང་བ་ས་ལ་བཅིབས། །ཕྱག་ན་རྡོ་རྗེ་ཚེ་བུམ་འཛིན། །ཤར་ཕྱོགས་ཚེ་ཡི་དཀྱིལ་འཁོར་སྒོ་ཕྱེས་ལ། །ཚེ་ཡི་དཀྱིལ་འཁོར་དར་ཞིང་རྒྱས་པར་མཛོད། །རྡོ་རྗེའི་དངོས་གྲུབ་བདག་ལ་སྩོལ། །ཧཱུཾ་ལྷོ་ཕྱོགས་ཚེ་ཡི་མངའ་བདག་མོ། །སྐུ་མདོག་དམར་སེར་འོད་ཟེར་འབར། །ཆིབས་སུ་འབྱུང་བ་ཆུ་ལ་བཅིབས། །ཕྱག་ན་རིན་ཆེན་ཚེ་ཡི་བུམ་པ་བསྣམས། །ལྷོ་ཕྱོགས་ཚེ་ཡི་དཀྱིལ་འཁོར་སྒོ་ཕྱེས་ལ། །ཚེ་ཡི་དཀྱིལ་འཁོར་དར་ཞིང་རྒྱས་པར་མཛོད། །རིན་ཆེན་ཚེ་ཡི་དངོས་གྲུབ་བདག་ལ་སྩོལ། །ནུབ་ཕྱོགས་ཚེ་ཡི་མངའ་བདག་མོ། །སྐུ་མདོག་དམར་པོ་དབང་གི་སྐུ། །ཆིབས་སུ་འབྱུང་བ་མེ་ལ་བཅིབས། །ཕྱག་ན་པདྨ་ཚེ་བུམ་བསྣམས། །ནུབ་ཕྱོགས་ཚེ་ཡི་དཀྱིལ་འཁོར་སྒོ་ཕྱེས་ལ། །པདྨ་ཚེ་ཡི་དཀྱིལ་འཁོར་རྒྱས་པར་མཛོད། །པདྨ་ཚེ་ཡི་དངོས་གྲུབ་བདག་ལ་སྩོལ། །བྱང་ཕྱོགས་ཚེ་ཡི་མངའ་བདག་མོ། །


DNG003_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་མདོག་ལྗང་ནག་འབར་བའི་སྐུ། །ཆིབས་སུ་འབྱུང་བ་རླུང་ལ་བཅིབས། །ཕྱག་ན་ལས་གྲུབ་ཚེ་ཡི་བུམ་པ་བསྣམས། །བྱང་ཕྱོགས་ཚེ་ཡི་དཀྱིལ་འཁོར་སྒོ་ཕྱེས་ལ། །ལས་གྲུབ་ཚེ་ཡི་དངོས་གྲུབ་བདག་ལ་སྩོལ། །དབུས་ཀྱི་ཕྱོགས་ནས་བཅོམ་ལྡན་ཚེ་ཡི་མངའ་བདག་མོ། །སྐུ་མདོག་མཐིང་ནག་འགྱུར་བ་མེད། །ཆིབས་སུ་ནམ་མཁའི་འཇའ་ཚོན་བཅིབས། །ཕྱག་ན་བདུད་རྩི་ཚེ་ཡི་བུམ་པ་བསྣམས། །དབུས་ཕྱོགས་ཚེ་ཡི་དཀྱིལ་འཁོར་སྒོ་ཕྱེས་ལ། །བདུད་རྩི་ཚེ་ཡི་དངོས་གྲུབ་བདག་ལ་སྩོལ། །ཚེ་མཆོག་དཀྱིལ་འཁོར་དབབ་ཏུ་གསོལ། །ཚེ་ཡི་དབང་ཉིད་བསྐུར་བར་བྱ། །དབང་བསྐུར་གནས་སུ་ཡང་དག་སྟེ། །ཏིང་འཛིན་རབ་ཏུ་རྫོགས་བྱས་ཏེ། །རབ་ཏུ་གསང་བའི་ལས་གང་ཡང་། །གསུམ་དང་རྒྱུ་ཡི་ཡང་དག་སྟེ། །བསྡུ་དང་དམིགས་པ་གསལ་བར་བྱ། །སྐུ་གསུང་ཐུགས་ལ་གཟུང་བར་བྱ། །གནས་སུ་བཞག་པ་འདི་སྐད་དོ། །བཅོམ་ལྡན་རིགས་བཞིའི་སངས་རྒྱས་དང་། །རིགས་བཞིའི་ལྷ་མོ་འཁོར་དང་བཅས། །སེམས་དཔའ་དང་ནི་སེམས་མ་དང་། །བདེ་གཤེགས་ཡབ་ཡུམ་འཁོར་དང་བཅས། །དབང་བསྐུར་གནས་འདིར་གཤེགས་སུ་གསོལ། །དབང་བསྐུར་གནས་འདིར་གཤེགས་ནས་ཀྱང་། །སེམས་ཅན་འདི་ལ་དབང་ཞིག་བསྐུར། །ལོངས་སྤྱོད་རྫོགས་སྐུ་རྡོ་རྗེའི་སྐུ། །ཚེ་དབང་འདི་ལ་བསྐུར་དུ་གསོལ། །དཀྱིལ་འཁོར་འཁོར་ལོའི་ལྟེ་བ་ནས། །བཅོམ་ལྡན་ཚེ་དཔག་མེད་པ་ནི། །སྐུ་ལ་རིན་ཆེན་ཚེ་ཡི་བེར་ཆེན་གསོལ། །ཕྱག་ནས་རིན་ཆེན་ཚེ་ཡི་དངོས་གྲུབ་སྩོལ། །ཞལ་ནས་རིན་ཆེན་ཚེ་ཡི་འོད་ཟེར་འཕྲོ། །ཚེ་དང་ལོངས་སྤྱོད་རྒྱས་པར་མཛོད། །སེམས་ཅན་འདི་ལ་དབང་སྐུར་ཅིག །དབང་གི་དཀྱིལ་འཁོར་བརྟན་པར་མཛད་དུ་གསོལ། །བཅོམ་ལྡན་འཁོར་དང་བཅས་པ་ཡིས། །སེམས་ཅན་ལས་ནི་སད་མ་ལ། །རིན་ཆེན་ཚེ་ཡི་དཀྱིལ་འཁོར་སྤེལ་བའི་ཕྱིར། །ལོ་བརྒྱ་
འཚོ་དང་སྟོན་བརྒྱ་མཐོང་། །ཚེ་ལ་དབང་བའི་རིག་འཛིན་གྱི། །དངོས་གྲུབ་ཆེན་པོ་ཐོབ་པར་ཤོག །ཨོཾ་བུཌྜྷ་ཨཱ་ཡུར་ཛྙཱ་ན་ཧཱུཾ། བཛྲ་ཨཱ་ཡུརྫྙཱ་ན་བྷྲཱུཾ་ཏྲཱཾ། རཏྣ་ཨཱ་ཡུརྫྙཱ་ན་ཨེ། པདྨ་ཨཱ་ཡུརྫྙཱ་ན་ཨཱ། ཀརྨ་ཨཱ་ཡུརྫྙཱ་ན་ཧཱུཾ་ཧྲཱྀཿ། དེ་ལྟར་སྔགས་དང་ཏིང་འཛིན་གསལ། །ཚེ་དང་ཡེ་ཤེས་གསལ་སྣང་བས། །ལྷུན་རྫོགས་བྱང་ཆུབ་སེམས་སུ་སྣང་། །ཚེ་དང་ཡེ་ཤེས་རྒྱས་པའི་སྐུ། །མི་འགྱུར་ཚེ་ཡི་དངོས་གྲུབ་སྟེ། །རྡོ་རྗེ་ཚེ་ཡི་ལས་རྣམས་འགྲུབ། །འགྱུར་མེད་ཚེ་དབང་ཐོབ་པའོ། །ཞེས་རྫོགས་པ་རང་བྱུང་ཆེན་པོའི་རྒྱུད་ལས། ཚེ་དབང་བསྐུར་བའི་ལེའུ་སྟེ་བཅོ་བརྒྱད་པའོ། །རྫོགས་སོའོ།། །།

རང་ལུས་ཞིང་ཁམས་ཀྱི་དབང་གསང་བ།


DNG003_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨད་མ་ཨ་སུ་ཀ་ཨ་བྷི་ཥིཉྩ་ནཱ་མ། བོད་སྐད་དུ། རང་ལུས་ཞིང་ཁམས་ཀྱི་དབང་གསང་བ་ཞེས་བྱ་བ། བཅོམ་ལྡན་འདས་ལུང་ལས་གྲོལ་བ་ཉིད་ལ་ཕྱག་འཚལ་ལོ། །དེ་ནས་དུས་དེའི་ཚེ་འཁོར་བསམ་གྱིས་མི་ཁྱབ་པའི་དབུས་ནས། རྡོ་རྗེ་སེམས་དཔའ་ཉིད་སེང་གེ་རྣམ་པར་འགྱིང་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་བཞིན་དུ། ཕྱག་ན་རྡོ་རྗེ་ལ་དབང་བསྐུར་ཏེ། འདི་སྐད་ཅེས་བསྒོའོ། །ཨེ་མ་གསང་བདག་རྡོ་རྗེ་འཛིན། །ཁམས་གསུམ་སེམས་ཅན་ཐམས་ཅད་ནི། །མ་སྨིན་མ་གྲོལ་ཐར་པར་དཀའ། །གཟུང་འཛིན་དྲི་མས་བཅིངས་པའི་ཕྱིར། །ཀུན་ཀྱང་ཐར་པར་དཀའ་བས་ན། །རང་ལུས་དཀྱིལ་འཁོར་རྫོགས་བྱེད་པའི། །དབང་གི་ལུང་བསྟན་ཁྱོད་ཀྱིས་ཟུང་། །དེ་ནས་རྡོ་རྗེ་འཛིན་པ་ཡིས། །བདེ་བའི་སྟན་ལས་ལངས་ནས་ནི། །དགའ་མགུ་ཡི་རང་ཐལ་མོ་སྦྱར། །གདུང་བའི་ཤུགས་ཕྱུང་རྩོལ་བསྐྱེད་ནས། །དགའ་བའི་མདངས་བསྐྱེད་འདོད་སྒོ་གསལ། །ཤེས་རབ་མཆོག་ཆེན་ཐོབ་ནས་ཀྱང་། །རྡོ་རྗེ་འཆང་ལ་དོན་ཞུས་པ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །སེམས་ཅན་མ་སྨིན་སྨིན་བྱེད་པའི། །དབང་གི་ཐབས་ཆེན་གསུང་དུ་གསོལ། །དེ་ནས་རྡོ་རྗེ་འཆང་གིས་བཀའ་སྩལ་པ། ཀྱེ་མ་ཉོན་ཅིག་རྡོ་རྗེ་འཛིན། །གསང་སྔགས་ཐབས་ལ་རབ་བརྟེན་ནས། །དབང་དང་རིམ་


DNG003_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྫོགས་པར་བྱ། །རང་ལུས་དབང་དུ་ངོ་སྤྲད་ན། །ཤིན་ཏུ་དབེན་པའི་གནས་དག་ཏུ། །དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། །ཆག་ཆག་ལ་སོགས་གདབ་བྱ་ཞིང་། །ཚོན་རྣམས་རབ་ཏུ་དགྱེ་བར་བྱ། །དབུས་སུ་མུ་ཁྱུད་ཟླུམ་པོ་སྟེ། །འཁོར་ལོའི་རཱུ་ཏྲའི་སྟེང་དུ་བྱའོ་རྩིབས་བརྒྱད་རབ་ཏུ་མཛེས། །ཁ་ཕྱེ་བ་དང་མ་ཕྱེ་དང་། །པདྨ་དག་དང་སྤེལ་བའོ། །སྣ་ཚོགས་པདྨ་འདྲ་བར་འདོད། །ཕྱི་རིམ་ཟླུམ་པོ་འོད་ལྔའི་དེ་བཞིན་ནོ། །ཕྱི་རིམ་གྲུ་བཞི་སྒོ་དང་བཅས། །ཕྱི་རིམ་ཟླུམ་པོ་བུམ་པའི་དབྱིབས། །ཁ་མིག་སྐྲ་དང་བཅས་པའོ། །དེ་ལྟར་དཀྱིལ་འཁོར་ཉིད་བྲིས་ལ། །རྫས་ནི་རབ་ཏུ་དགོད་བྱ་སྟེ། །ཚོགས་དང་གཏོར་མ་གོང་དང་མཐུན། །དཀྱིལ་འཁོར་ལྟེ་བའི་དབུས་དག་ཏུ། །ཕོ་ཐོད་མོ་ཐོད་དག་དག་ནི། །རྨ་བྱ་མེ་ལོང་བྱང་སེམས་དཀར། །ཕྱི་རོལ་པདྨའི་སྟེང་དག་ཏུ། །བྱང་སེམས་དམར་དང་ཁྲོ་སྐུའོ། །དེ་ལྟར་རྫས་རྣམས་བསགས་ནས་ནི། །དབང་བསྐུར་ལས་རྣམས་རྫོགས་པར་བྱ། །འདི་ལྟར་ཡེ་ཤེས་འོད་སྐུ་སྟེ། །དག་པས་དག་པའི་རྒྱུ་མཚོན་ཏེ། །གང་བས་གསལ་བའི་འོད་ལྡན་པའོ། །ཆོས་སྐུ་ལྷུན་རྫོགས་བདེ་བ་ཆེ། །སྟོང་ཉིད་རང་གསལ་དབང་བསྐུར་རོ། །མ་ཧཱ་ཨ་ནུ་སྲ་ཏྲ་ཡཱ། ཨ་བྷི་ཥིཉྩ་ཨཱོཾ་ཨཱོཾ། ཆོས་ཉིད་གསལ་འཚེར་གཡོ་བ་མེད། །རྡོ་རྗེ་སྐྱོན་བྲལ་བྱང་ཆུབ་སེམས། །བདུད་རྩི་དག་པ་ཆོས་ཉིད་རྒྱུ། །འཁོར་འདས་མ་རྟོག་དབང་བྱང་སེམས་དཀར་པོ་བྱིན་ནོ། །བསྐུར་རོ། །བོ་དྷི་ཙིཏྟ་བཛྲ་ཨ་བྷི་ཥིཉྩ་ཨཱ་ཨཱ། འཁོར་བའི་སྐྱོན་སྤངས་ཡེ་ཤེས་དམར། །འདོད་ཆགས་མ་སྤངས་ཆོས་ཉིད་སྟོང་། །ཆགས་མེད་ཡེ་ཤེས་པདྨར་གསལ། །ཨེ་ལྡན་བྷ་ག་སྟོང་ཉིད་དེ། །བདག་ཉིད་བྱང་སེམས་དམར་པོ་བྱིན། གསང་བ་ཤེས་རབ་དབང་སྙིང་པོའི་དབང་བསྐུར་རོ། །ས་མན་ཙརྱ་སུ་ར་ག་ཨ་བྷི་ཥིཉྩ་ཧཱུཾ་ཧཱུཾ། དཔའ་བརྟུལ་རྡོ་རྗེའི་རང་བཞིན་ལ། །ཐ་དད་གཉིས་སུ་མི་འཛིན་ཅིང་། །རྒྱན་དང་ཆ་ལུགས་འོད་ཟེར་འབར། །རང་གསལ་ཆོས་ཉིད་མེ་ལོང་སྐུ། །
གཟུང་དང་འཛིན་པ་མེ་ལོང་ལ་ཁྲག་འཐུང་ཡབ་ཡུམ་དང་། རིགས་ལྔ་ཡབ་ཡུམ་བསྟན་རང་ལུས་ལ་གཉིས་ལས་འདས། །འགྱུར་མེད་དབྱིངས་སུ་དབང་བསྐུར་རོ། །ཨོཾ་ཨཱཿཧཱུཾ། ཀྲོ་ཏ་ས་ཡ་ནུ་ཡ་ཏ་དྷརྨ། ཞེས་རྫོགས་པ་རང་བྱུང་ཆེན་པོའི་རྒྱུད་ལས། རིག་པ་རང་གི་དབང་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ། །རྫོགས་སོའོ།། །།

བཀའ་རྟགས་ཕྱག་རྒྱའི་དབང་།


DNG003_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ས་ཀ་ར་ཨ་བྷི་མུ་ཏྲ་ནཱ་མ། བོད་སྐད་དུ། བཀའ་རྟགས་ཕྱག་རྒྱའི་དབང་ཞེས་བྱ་བ། བཅོམ་ལྡན་འདས་རང་བྱུང་གི་སྒྲོན་མ་འབར་བ་ལ་ཕྱག་འཚལ་ལོ། །དེ་ནས་འདུས་པའི་ཚོགས་རྣམས་ཀྱི་ནང་ནས། གསང་བའི་བདག་པོ་ཉིད་ལངས་ནས། འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །ཁམས་གསུམ་སེམས་ཅན་ཐམས་ཅད་ནི། །གྲོལ་ཞིང་ཐར་པའི་སྐབས་མེད་ན། །འདི་ནས་ཚིག་ཆད་བཅོམ་ལྡན་མགོན་པོས་བཀའ་སྩོལ་ཅིག །དེ་ནས་རྡོ་རྗེ་འཆང་ཆེན་དེས། །འཁོར་དེ་ཉིད་ལ་བཀའ་སྩལ་པ། །ཨེ་མ་གསང་བདག་གོས་སྔོན་ཅན། །སེམས་ཅན་རྟོག་པ་སྦྱོང་སླད་དུ། །ཆོས་སྐུ་ཐོབ་པར་བྱ་བའི་ཕྱིར། །བཀའ་རྟགས་ཕྱག་རྒྱའི་དབང་བསྐུར་བྱ། །བཀའ་རྟགས་ཕྱག་རྒྱའི་དབང་བསྐུར་ནི། །ཤིན་ཏུ་དབེན་ཞིང་ཉམས་དགའ་བར། །དཀྱིལ་འཁོར་འདོམ་གང་གྲུ་བཞི་སྟེ། །ཆག་ཆག་ལ་སོགས་ཐིག་གདབ་བྱ། །ཚོན་ཚོགས་རྒྱས་པར་དགྱེ་བར་བྱ། །ཕོ་བྲང་མཐིང་ནག་གྲུ་གསུམ་སྟེ། །ཕྱི་རིམ་འཁོར་ལོ་རྩིབས་བཞིར་ལྡན། །ཟླུམ་པོ་རྡོ་རྗེའི་ར་བར་བཅས། །དེ་ཡི་ཕྱི་རིམ་དག་ཏུ་ཡང་། །གྲུ་བཞི་སྒོ་དང་བཅས་པ་བྲི། །མཚམས་ཀྱི་གྲུ་ལ་བུམ་པ་བྲི། །ཕྱི་རིམ་ཟླུམ་པོ་དག་ཏུ་བཤད། །དེ་ལྟར་དཀྱིལ་འཁོར་བྲིས་བྱས་པར། །རྫས་ནི་རབ་ཏུ་དགྲམ་པར་བྱ། །དབུས་སུ་དབང་གི་རྫས་བཞི་བཞག །བུམ་པའི་སྟེང་དུ་བུམ་པ་རེ། །རྒྱན་དང་བཅས་ཏེ་གཞག་པར་བྱ། །ཚོགས་དང་གཏོར་མ་གོང་དང་འདྲ། །དེ་ལྟར་དཀྱིལ་འཁོར་
རབ་རྫོགས་ནས། །བཀྲ་ཤིས་ཉི་མ་ཕྱེད་དག་ལ། །སློབ་མ་ཤེས་རབ་ལྡན་པ་དེས། །དབང་གི་དོན་ལ་འཇུག་པར་བྱ། །དྲི་ཞིམ་ཆུ་ཡིས་ལུས་བཀྲུས་ཏེ། །དབང་ནོད་ཚིག་ཀྱང་བརྗོད་པར་བྱ། །དེ་ལྟར་གུས་པའི་ཚུལ་བྱས་ཏེ། །དབང་ཉིད་འདི་ལྟར་བསྐུར་བར་བྱ། །ཆགས་མེད་ཡེ་ཤེས་དྲི་མ་མེད། །རྣམ་དག་འོད་གསལ་ཤེས་རབ་ཐབས། །སྐུ་གསུམ་ཤེས་རབ་འབྱུང་བའི་གཏེར། །བྱང་ཆུབ་སེམས་ལས་སྤྲུལ་སྐུ་བསྐྱེད། །ཆོས་ཉིད་རྟོག་མེད་རྫས་བཞི་སྟེ། །གཉིས་འདས་ཆོས་སྐུའི་དབང་བསྐུར་རོ། །སུ་ཁ་བཛྲ་པྲ་ཏི་སྟ་ཧ་ཧ་ཨོཾ་ཨཱ། བྱང་ཆུབ་སྙིང་པོ་སྟོང་པའི་སྐུ། །སྐུ་གསུམ་ངོ་བོ་ཉིད་ལ་ནི། །ཡེ་ནས་མ་སྐྱེས་རང་རྫོགས་པས། །གཞན་ལ་བཙལ་བར་མི་བྱ་ཞིང་། །རང་ཉིད་ལྷ་ཡི་ལྷ་ལྟར་མཆོད། །རྫོགས་ཆེན་འདུ་འབྲལ་མེད་པ་ཡི། །སྟོང་པའི་ཡེ་ཤེས་དབང་བསྐུར་རོ། །སྭ་བྷཱ་ཝ་ཨ་ཊ་རི་ཤ་ཨེ་བཾ་ཧཱུཾ་ཨ། ཆོས་སྐུ་རྟོག་ལས་འདས་པས་ན། །བསམ་འདས་བརྗོད་མེད་ངོ་བོ་སྟོང་། །རང་བཞིན་རྫོགས་ཆེན་ལྷུན་གྲུབ་པས། །ཐིག་ལེ་གཅིག་པར་དབང་བསྐུར་རོ། །ཨ་བེ་སྟ་བྷ་ཡ་ཨ་ཧཱུཾ། ཨེ་མ་ངོ་མཚར་རྨད་བྱུང་བའི། །སྟོང་ཉིད་སྙིང་པོ་འོད་གསལ་དང་། །མ་ཆགས་གོས་མེད་བྱང་ཆུབ་སེམས། །དྲི་མེད་དག་པའི་རིག་སྣང་སྟེ། །རྫོགས་ཆེན་མཐའ་དང་དབུས་མེད་པས། །སྣང་བ་གཅིག་རྫོགས་དབང་བསྐུར་རོ། །ཨོཾ་སྭ་མ་མ་རཏྣ་ལམ་ཧཱུཾ། ཆོས་སྐུ་སྟོང་པ་ཉིད་ཀྱི་ངང་། །རང་བྱུང་ཡེ་ཤེས་རྟོག་མེད་དབྱིངས། །སྟོང་གསལ་རིག་པ་སྙིང་པོར་ལྡན། །སྟོང་ཞིང་བདག་མེད་ཡེ་ཤེས་ངང་། །ཆོས་རྣམས་ལྷུན་གྲུབ་རྫོགས་པ་ཆེ། །ཡང་དག་ཡེ་ཤེས་འོད་གསལ་བ། །སྟོང་པ་ཉིད་དུ་དབང་བསྐུར་རོ། །ཨ་ཨཱ་ཨི་ཨཱིཾ་ཨོཾ་ཧཱུཾ། ཞེས་རྫོགས་པ་རང་བྱུང་ཆེན་པོའི་རྒྱུད་ལས། བཀའ་རྟགས་ཕྱག་རྒྱའི་དབང་གི་ལེའུ་སྟེ་ཉི་ཤུ་པའོ། །རྫོགས་སོའོ།། །།

གསང་བ་ཡེ་ཤེས་ཐིག་ལེའི་དབང་། མཁའ་དབྱིངས་བུམ་པ་ལྟར་བསྐུར་བ།


DNG003_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། གྷུ་ཡ་ཛྙཱ་ན་ཨ་བྷི་ཀ་ལ་ཀྵ་ཏ་ནཱ་མ། བོད་སྐད་དུ། གསང་བ་ཡེ་ཤེས་ཐིག་ལེའི་དབང་། མཁའ་


DNG003_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་བུམ་པ་ལྟར་བསྐུར་བ་ཞེས་བྱ་བ། བཅོམ་ལྡན་འདས་མངོན་རྫོགས་ཐིག་ལེའི་སྐུ་ལ་ཕྱག་འཚལ་ལོ། །དེ་ནས་འདུས་པའི་འཁོར་རྣམས་ཀྱི་ནང་ནས། གསང་བའི་བདག་པོ་ཉིད་ལངས་ཏེ། འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་དབང་ཆེན་སྐུ། །སེམས་ཀྱིས་བཅིངས་པའི་འཁོར་བ་ལས། །གསང་བ་དབང་གི་བདག་ཉིད་ཀྱིས། །ཐབས་ནི་གང་གིས་གྲོལ་བར་འགྱུར། །འདིར་འདུས་འཁོར་ལ་བཀའ་སྩོལ་ཅིག །དེ་ནས་གསང་དབང་དོན་གསུངས་པ། །ཀྱེ་མ་ཉོན་ཅིག་རྡོ་རྗེ་འཛིན། །གསང་སྔགས་གསང་བའི་དབང་རྟགས་ནི། །ཅི་ལྟར་རྫོགས་པར་བྱེད་པ་སྟེ། །སློབ་མ་དམ་ལྡན་གསང་བ་ཐུབ། །དམ་ཚིག་ལྡན་པའི་སློབ་མ་ལ། །གསང་བའི་དབང་ནི་རྫོགས་བྱེད་ན། །གསང་བ་དབང་གི་རྫས་བསགས་ཏེ། །སློབ་མ་རིགས་ལྡན་གསུམ་མམ་ལྔ། །བདུན་ལས་འདས་ན་གསང་སྔགས་འཆལ། །དེ་ལྟར་གསང་ཐུབ་བུ་རྣམས་ལ། །གསང་བའི་དབང་ཉིད་བྱེད་འདོད་ན། །གཟུངས་མཆོག་ཡིད་དང་འཐད་པ་བཙལ། །དེ་ཡང་མཚན་ཉིད་བརྟག་པ་གཅེས། །དེ་ཡི་མཚན་ཉིད་བརྟག་པ་ནི། །རིགས་ནི་རྣམ་པ་བཞིར་བཤད་དེ། །འབྲས་བུ་སྐུ་བཞི་ངེས་པ་ཐོབ། །རིགས་ནི་རེ་རེ་དག་ལ་ཡང་། །ཁ་དོག་མང་ཞིང་བརྟག་པར་དཀའ། །རིགས་ནི་འདི་ལྟར་ཤེས་པར་བྱ། །པདྨའི་རིགས་དང་དུང་ཅན་ཏེ། །རི་མོ་ཅན་དང་ཧ་སྡི་ཡི། །རིགས་ནི་དེ་ལྟར་བརྟག་པ་གཅེས། །ཁ་དོག་འགྲོས་དང་སྐད་ཀྱིས་བརྟག །ཁ་དོག་བརྟག་པ་འདི་ལྟ་སྟེ། །པདྨའི་རིགས་སུ་གང་འདོད་པ། །ཁ་དོག་འགྲོས་དང་སྐད་ཀྱིས་བརྟག །བྱད་ནི་ཟླུམ་ཞིང་ཁ་དོག་སྨུག །སྐད་ཕྲ་ཡིད་དུ་འོང་སྨྲ་ཞིང་། །གཟུགས་དང་བོངས་ནི་ཐུང་ཞིང་སྦོམ། །ཡིད་དུ་འོང་ཞིང་ཆགས་པ་སྐྱེ། །སྐྲ་ནི་མདོག་སེར་ལི་ལ་འཇམ། །སེན་མོའི་མདོག་ཀྱང་དམར་ལ་དྭངས། །སྨིན་མཚམས་བར་ཡང་མ་ཆད་དང་། །ལོ་ནི་བཅོ་ལྔ་ཉིད་ལོན་པ། །པདྨའི་


DNG003_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་ཡིན་པར་འདོད། །དུང་ཆེན་དག་གི་མཚན་ཉིད་ནི། །བྱད་ཉིད་ཆེ་ཆུང་སྙོམས་པ་སྟེ། །ཁ་དོག་དཀར་ཞིང་སོ་ཡང་དཀར། །ལུས་པོ་རགས་ཤིང་དཔའ་བརྟུལ་ཆེ། །གཟུགས་བཟང་ཡིད་དུ་འོང་བ་སྟེ། །མིག་རྩ་ཡིད་ཙམ་དམར་བ་ལ། །སྐྲ་ཡང་ནག་ཅིང་འཛུམ་ཁ་སྙི། །སོར་མོ་ཕྲ་ཞིང་མཉེན་ལྕུག་ལེགས། །སེང་གེ་ལྟ་བུའི་འགྲོས་དང་ལྡན། །སྐད་ནི་ཚངས་པའི་དབྱངས་དང་མཚུངས། །བཅུ་དྲུག་ལོ་དང་ལྡན་པ་ན། །དུང་ཆེན་ཡིན་པར་རབ་ཏུ་བཤད། །རི་མོ་ཅན་གྱི་མཚན་ཉིད་ནི། །ཁ་ཉིད་ཆུང་ཞིང་ཤ་ཡང་སེར། །བྱད་ཀྱི་དཀྱུས་ཀྱང་རིང་བ་སྟེ། །གཟུགས་ཉིད་ཕྲ་ཞིང་སྨྲ་བ་ཉུང་། །མིག་གི་འབྲས་བུ་དཀར་ནག་འབྱེད། །སྐད་ནི་ང་རོ་ཆུང་བ་སྟེ། །ཤ་སྲབ་མཚོན་སྤུ་གསལ་བ་སྟེ། །ཡིད་དུ་འོང་ཞིང་གླང་ཆེན་འགྲོས། །དཔའ་བརྟུལ་ཆེ་ཞིང་ཞུམ་པ་ལྟར། །བཅུ་བཞི་ལོ་དང་ལྡན་པ་སྟེ། །རི་མོ་ཅན་དུ་ཡང་དག་འདོད། །ཧ་སྡི་མ་ཡི་མཚན་ཉིད་ནི། །བྱད་དཀྱུས་དག་ནི་རིང་བ་སྟེ། །ཤ་ཡི་མདོག་ནི་ཡིད་ཙམ་སྔོ། །སོ་དཀར་མིག་གི་འབྲས་བུ་ནག །གཟུགས་ཆེ་སྐེད་སྐབས་ཕྱེད་པ་སྟེ། །སྣ་རྒྱུད་བཟང་ཞིང་སྨིན་མ་བཟང་། །སྐབས་སྐབས་སྐད་ཀྱང་འཛེར་པར་བྱེད། །སྤྱོད་པ་དལ་ལ་ཚིག་འཇམ་སྨྲ། །བ་གླང་འགྲོས་འདྲ་བརྟུལ་ཤུགས་ལྡན། །སུམ་ཅུ་མན་ཆད་ལོ་རྣམས་སོ། །དེ་ལྟར་མཚན་དང་ལྡན་པ་ནི། །ཧ་སྡིའི་རིགས་སུ་ཡང་དག་འདོད། །གསང་བའི་ཡུམ་དེ་རེ་རེ་ཡི། །འབྲས་བུ་རེ་རེ་ཐོབ་པ་སྟེ། །རི་མོ་ཅན་དང་ཧ་སྡི་མཆོག །ཡང་ན་བུ་མང་ལོངས་སྤྱོད་ལྡན། །ལོ་ཚད་ངེས་པ་མེད་པར་བསྟན། །ཡང་ན་ཡིད་འོང་གཞོན་ནུ་མ། །སྐྱེས་པས་མ་གཅེས་བརྟུལ་ཤུགས་ཅན། །བཅུ་བཞིའི་ལོ་དང་ལྡན་པའོ། །དེ་ལྟར་བསྟེན་པའི་ཡུམ་ལ་ཡང་། །སྦྱོར་བས་འགྲུབ་དང་བརྟེན་པས་འགྲུབ། །བསམ་པས་འགྲུབ་དང་མཐོང་བའོ། །རི་མོ་ཅན་ལ་སྦྱོར་བས་ཏེ། །དུང་ཆེན་བསྟེན་པའི་སྟོབས་ཀྱིས་འགྲུབ། །


DNG003_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་དག་ནི་བསམ་པར་བྱ། །ཧ་སྡི་མཐོང་ཞིང་རེག་པས་སོ། །དབང་ཉིད་རྒྱས་པར་བྱེད་པ་ན། །རིགས་ནི་བཞི་ཀ་ཚང་བར་བྱ། །དེ་མེད་ན་ཡང་སོ་སོར་བཤད། །སྦྱོར་བ་བྱས་ན་དངོས་གྲུབ་རབ། །བསྟེན་པས་དངོས་གྲུབ་འབྲིང་དུའོ། །བསམ་པས་དངོས་གྲུབ་ཐ་མའོ། །མཐོང་བས་གསུམ་ཀའི་གྲོགས་སུ་བསྟན། །དེ་ལྟར་གཟུངས་དང་ལྡན་པར་བྱ། །དེ་ལྟར་ཡུམ་དང་ལྡན་པས་ནི། །དབང་བསྐུར་དོན་ལ་འཇུག་པར་བྱ། །ཤིན་ཏུ་དབེན་པའི་གནས་དག་ཏུ། །དཀྱིལ་འཁོར་འདོམ་གང་གྲུ་བཞི་བརྩིག །ཆག་ཆག་ཐིག་གདབ་ཚོན་འགྱེད་དེ། །མཆོད་རྫས་གོང་དང་འདྲ་བ་ལ། །དཀྱིལ་འཁོར་དག་ནི་བྱ་བ་སྟེ། །ཕོ་བྲང་ཟླུམ་པོ་འོད་ཟེར་ཅན། །པདྨ་འདབ་མ་བརྒྱད་ལྡན་བྱ། །བུམ་པའི་གཟུགས་དང་རི་མོར་བཅས། །མུ་ཁྱུད་ཕྱི་རིམ་རྩིབས་འཁོར་བརྒྱད། །ཕྱོགས་ཀྱི་རྩིབས་མཆན་བར་དག་དུ། །སྒོ་ནི་རིགས་དང་ལྡན་པ་བཀོད། །མུ་ཁྱུད་ཕྱི་རིམ་གྲུ་བཞི་འབར། །དེ་ཡི་ཕྱི་རིམ་ཟླུམ་པོར་བཀོད། །བར་ཁྱམས་དག་ནི་བུམ་བསྣོལ་ཏེ། །དེ་ལྟར་དཀྱིལ་འཁོར་བྲིས་བྱས་ཏེ། །དེ་ལ་རྫས་ནི་དགྲམ་པར་བྱ། །དབུས་ཀྱི་ལྟེ་བའི་དཀྱིལ་དག་ཏུ། །རྣམ་སྣང་མངོན་བྱང་སྐུ་ཉིད་བཞག །དེ་ཡི་སྟེང་དུ་སྣང་མཐའ་ཡས། །སྣང་བ་མཐའ་ཡས་སྤྱི་གཙུག་ཏུ། །བཅོམ་ལྡན་དབང་ཆེན་དེ་ཉིད་དོ། །དེ་ཡི་སྟེང་དུ་རྨ་བྱའི་གདུགས། །སྣ་ཚོགས་དར་གྱིས་བརྒྱན་པ་བཞག །རྫས་དེ་རྣམས་དང་ལྡན་པ་ནི། །དབང་ནི་ཆུ་བོ་བཞི་ཉིད་ཐོབ། །སྐུ་ཡི་རྣམ་པ་དེ་རྣམས་ཀྱང་། །ཤར་ནས་ནུབ་ཏུ་ཁ་ཡང་བསྟན། །གསང་བ་དབང་བྱེད་སློབ་དཔོན་ཡང་། །ནུབ་ནས་ཤར་དུ་ཁ་བལྟས་སོ། །དབུས་ཀྱི་ལྷ་ཚོགས་མདུན་དུ་ཡང་། །བཀྲ་ཤིས་མཛེས་པའི་བུམ་པ་བཞག །ཁ་རྒྱན་སྙིང་པོར་བཅས་པའོ། །དར་དམར་མགུལ་ཆིངས་རབ་ཏུ་བཤད། །ལྷ་དེ་ཉིད་ཀྱི་མདུན་དུ་ཡང་། །མེ་ལོང་གསལ་མཛེས་དགྲམ་པར་བྱ། །ཤར་ཕྱོགས་ཉིད་ཀྱི་ཆ་ལ་ཡང་། །རབས་ཆད་ཐོད་པ་མཚན་ལྡན་དུ། །བྱང་ཆུབ་སེམས་ནི་དམར་པོས་གཏམས། །དཀྱིལ་འཁོར་བྱང་གི་ཆ་ལ་ཡང་། །མེ་


DNG003_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

ལོང་ཡུ་བ་ཅན་དུ་ཡང་། །བྱང་ཆུབ་སེམས་ནི་དཀར་པོ་སྟེ། །དཀྱིལ་འཁོར་ལྷོ་ཡི་ཆ་ལ་ཡང་། །བུ་མ་སྐྱེས་པའི་བུད་མེད་ཚིལ། །ཤ་དང་མར་མེ་དག་དང་ནི། །རྫས་ནི་བཞི་ཡང་དེ་ལྟར་དགོད། །དེ་ལྟར་རྫས་ནི་ཚོགས་ནས་ནི། །སྒྲུབ་པོས་ཡུམ་རྣམས་ཆས་སུ་གཞུག །པདྨའི་རིགས་ལ་དར་དམར་གོས། །བྱི་རུའི་རྒྱན་དང་ལྡན་པའོ། །སྤོས་ཆུས་ལེགས་པར་བཀྲུས་ནས་ནི། །དབུ་རྒྱན་དར་གྱི་ཅོད་པན་གདགས། །འགྱིང་བའི་བག་ལྡན་གར་སྟབས་བྱ། །རྡོ་རྗེ་དྲིལ་བུ་ལག་བཟུང་སྟེ། །དཀྱིལ་འཁོར་ནུབ་ཏུ་གཡོན་ཕྱོགས་བཞག །དུང་ཆེན་མ་ནི་རས་དཀར་གོས། །གུར་གུམ་ཆུ་ཡིས་ལུས་བཀྲུས་ཏེ། །དུང་དང་བ་སོའི་རྒྱན་རྣམས་གདགས། །དབུ་རྒྱན་ཅོད་པན་ཀུན་ལའོ། །དཀྱིལ་འཁོར་ཤར་དུ་གཞག་པར་བྱ། །ཧ་སྡི་ལ་ནི་དར་སྔོན་བརྒྱན། །ཨུཏྤལ་སྔོན་པོའི་རྒྱན་དང་ལྡན། །ཙན་དན་ཆུ་ཡིས་ལུས་བཀྲུས་ཏེ། །དབུ་རྒྱན་དར་སྔོན་ཅོད་པན་ཅན། །རྡོ་རྗེ་དྲིལ་བུ་ལག་བཟུང་སྟེ། །འགྱིང་བའི་སྟོབས་ལྡན་བྱང་དུའོ། །རི་མོ་ཅན་ལ་དར་སེར་གོས། །འབྲས་བུ་གསུམ་གྱི་ཆུས་བཀྲུས་ཏེ། །མེ་ཏོག་གསེར་གྱི་རྒྱན་ལྡན་བྱའོ། །དབུ་རྒྱན་དར་སེར་ཅོད་པན་བཅིང་། །རྡོ་རྗེ་དྲིལ་བུ་ལག་བཟུང་སྟེ། །འགྱིང་བག་ལྡན་པ་ལྷོ་རུ་དགོད། །དེ་ནས་ཏིང་འཛིན་རབ་ལྡན་པས། །སྦྱོར་དང་སྒྲོལ་བའི་ལས་བརྩམས་ཏེ། །དབང་བསྐུར་རྒྱས་པར་བྱེད་འདོད་ན། །དབང་གི་དུས་དང་བསྐུར་ཐབས་དང་། །འཇུག་པའི་དུས་དང་བསྐུར་དུས་སོ། །ཕྱི་ནང་དབང་ཉིད་རྫོགས་བྱས་ནས། །གསང་བའི་དབང་ལ་འཇུག་པར་བྱ། །དབང་གི་དུས་ནི་འདི་ལྟར་ཏེ། །འབྲས་བུ་སྨིན་པའི་དུས་ཡིན་ནོ། །འཇུག་པའི་དུས་ནི་ཚེས་ལྔ་སྟེ། །བསྐུར་བའི་དུས་ནི་ནམ་ཕྱེད་དོ། །གཏོར་མ་ནམ་ལངས་དག་ལའོ། །དེ་ལྟར་བྱ་བ་སྔོན་སོང་ནས། །གསང་བའི་དོན་ལ་འཇུག་པར་བྱ། །དེ་ནས་སློབ་བུ་དད་ལྡན་དེས། །རང་གི་ཡུམ་དང་བཅས་པ་ཡང་། །སྤོས་ཆུ་འོ་མས་བཀྲུས་བྱས་ལ། །རྒྱན་དང་ཆ་


DNG003_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་ལྡན་བྱས་ཏེ། །དཀྱིལ་འཁོར་བསྐོར་ཞིང་དབང་བྲོ་བརྡུང་། །ཞུ་སྐྱེམས་དྲང་ཞིང་དབང་བསྐུར་གསོལ། །མཁའ་གསང་གཉིས་སྦྱོར་དབང་བསྐུར་གསོལ། །ཤེས་རབ་ཐབས་ལྡན་སྦྱོར་སྒྲོལ་དབང་། །དཔའ་བོ་ཆེན་པོས་བཀའ་སྩོལ་ཅིག །གསང་བདག་རྡོ་རྗེ་འཛིན་རྒྱལ་སྐུ། །མ་རིག་རྨོངས་པའི་ཡིད་ལྡན་པས། །ཤེས་རབ་མིག་གི་དབང་བསྐུར་གསོལ། །རྨུགས་ཤིང་མྱོས་པས་སྒྲ་མི་ཐོས། །གཉིས་མེད་སྙན་གྱི་དབང་བསྐུར་གསོལ། །རྣམ་རྟོག་བདག་ཏུ་འཛིན་པ་ཡིས། །རྣམ་དག་འོད་གསལ་དྲི་མ་ཚོར། །ཡེ་ཤེས་ཤངས་ཀྱི་དབང་བསྐུར་གསོལ། །འཁོར་འདས་གཉིས་འཛིན་སྤྱོད་པ་ཡིས། །ཆོས་ཉིད་དག་པའི་རོ་མ་མྱོང་། །རང་རིག་བཅུད་ལྡན་དབང་བསྐུར་གསོལ། །ཕྱི་ནང་ཡུལ་ལ་ཆགས་གྱུར་པས། །དབྱིངས་དང་རིག་པའི་ཡུལ་མ་མཐོང་། །འོད་གསལ་ལུས་ཀྱི་དབང་བསྐུར་གསོལ། །དྲན་པས་ཀུན་དུ་མཚོན་བྱེད་པའི། །རང་སྣང་སྙིང་པོའི་དོན་མ་རྟོགས། །བལྟ་བ་རིག་པའི་དབང་བསྐུར་གསོལ། །དེ་ལྟར་སློབ་བུ་དད་ལྡན་དེས། །དེ་སྐད་བརྗོད་ཅིང་གསང་དབང་ཞུ། །དེ་ནས་རྡོ་རྗེ་སློབ་དཔོན་དེས། །གསང་བའི་དབང་ཉིད་བསྐུར་བ་ཡི། །བུ་རྣམས་གྲལ་དུ་འཁོད་ནས་ཀྱང་། །སྦྱོར་བ་བརྡ་ཡིས་བསྐུལ་བར་བྱ། །བསྒྲུབ་པའི་ཡུམ་གཅིག་གཡོན་བཞག་ལ། །བདག་ཉིད་ཆས་དང་རྒྱན་བགོས་ལ། །དང་པོ་རྫས་ཀྱི་དབང་བསྐུར་བྱ། །ཡེ་ཤེས་རྣམ་དག་འོད་གསལ་ཆོས་སྐུའི་དབྱིངས། །སྐྱེ་མེད་རང་གསལ་ཐུགས་རྗེའི་དབྱིངས་ལས་བྱང་ཆུབ་སེམས། །དྲི་མེད་སྐྱོན་བྲལ་རིག་པ་ཞི་བའི་ཡབ། །སྟོང་པ་ཉིད་མཚོན་རྒྱུ་ལ་བྱང་ཆུབ་སེམས། །འཁོར་བར་མི་གནས་ཡེ་ཤེས་རང་སྣང་སྐུ་ལ་སྣ་ཚོགས་འཕྲོས། །དག་པའི་རྒྱུ་མཚན་བདེ་བའི་ཐིག་ལེ་སྟེ། །ཆགས་ལ་ཆགས་མེད་དགའ་བདེའི་དབང་བསྐུར་རོ། །སརྦ་དྷརྨ་རཏྣ་ཙན་ཏྲ་ཨཱ། སྟོང་ཉིད་དམར་དང་ཤེས་རབ་དབང་གི་སྐུ། །ཆོས་ཉིད་མཁའ་མཉམ་སྣང་སྲིད་ཤེས་རབ་ཡུམ། །གསང་སྔགས་ལས་བྱུང་ཐིག་ལེ་འདྲེན་མཛད་མ། །རཀྟའི་


DNG003_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་ཐིག་ལེ་འདྲེན་མཛད་མ། །ཤེས་རབ་དྲིལ་ནས་སྐུ་ཡི་སྣང་བ་འཆར། །བྷ་གའི་དབྱིངས་ནས་སྤྲུལ་པ་དུས་གསུམ་བྱུང་། །ཆགས་མེད་ཆ་མཉམ་བདེ་བ་སྐྱེད་པར་བྱེད། །ཡི་གེ་མུཾ་ལྡན་གསང་བའི་རིགས་སུ་སྣང་། །དབང་གི་རྟགས་སུ་འོད་ཟེར་ལེ་བརྒན་འཕྲོས། །རྟོག་མེད་ཤེས་རབ་དབྱིངས་ལས་དབང་བསྐུར་རོ། །ཨོཾ་མུཾ་སུ་ར་གྷ་ཡ་ཧཱུཾ། སྐྱེ་མེད་རོ་ལྡན་མཱཾ་ས་ཚིལ་ཆེན་བཅས། །རྒྱལ་བ་ཀུན་དང་སྐྱེ་མེད་སྙིང་པོར་མཉམ། །རིག་པའི་སྐུ་དང་སོ་སོ་ཐ་མི་དད། །དབྱིངས་དང་མི་འབྲལ་ཤེས་རབ་པདྨར་ལྡན། །སྒོ་ལྔ་མ་འགགས་ཞི་གནས་ལྷག་མཐོང་སྟེ། །བསྐྱེད་པ་མ་ཡིན་རང་བྱུང་རྫོགས་པ་ཆེ། །སྣ་ཚོགས་འོད་འཕྲོ་ལོངས་སྐུ་ཉིད་ཀྱི་ལུས། །མ་བསྒྲིབས་དྲི་མེད་ཤེས་རབ་ཡེ་ཤེས་སྤྱན། །གསང་བའི་མཛོད་འཛིན་ཐུགས་ནི་ཙིཏྟའི་ངང་། །མི་དམིགས་སྟོང་གསལ་དྲན་སྟོང་གཉིས་ལས་འདས། །གཉིས་འཛིན་ཡུལ་དག་ཆོས་ཉིད་དག་པའི་སྙན། །འཁོར་བའི་སྐྱོན་སྤོང་ཡེ་ཤེས་དྲི་མེད་ཤངས། །ཐེ་ཚོམ་གཉིས་བསལ་པདྨ་དག་པའི་ལྗགས། །སྐྱེ་བ་རྒྱུན་བཅད་ཡེ་ནས་སྐུ་གསུང་ཐུགས། །མ་སྐྱེས་ཐིག་ལེའི་ངང་དུ་དབང་བསྐུར་རོ། །ཨ་ཡཾ་སོ་ཏི་ཏ་ཨ་ཧཱུཾ་ཨཱཿ། སྟོང་པ་ཉིད་དང་ནམ་མཁའི་སྐུར་མཚོན་ཏེ། །སྟོང་ཞིང་བདག་མེད་མཐའ་གཉིས་རྣམ་པར་གསལ། །རྒྱ་མ་ཆད་པའི་ཡེ་ཤེས་བུམ་པའི་སྐུ། །སྟོང་ཉིད་དབྱིབས་ཟླུམ་ཡེ་ཤེས་ཐིག་ལེའི་དང་། །རྒྱུད་གསང་རྨད་བྱུང་སྐུ་ནི་དུ་མར་སྟོན། །མཐའ་དང་དབུས་མེད་ཡངས་པ་སྙིང་པོའི་དོན། །རང་སྣང་ཆོས་ཉིད་ཡེ་ནས་གཟུང་འཛིན་བྲལ། །ཆོས་ཉིད་ལས་ནི་སྐུ་ཉིད་སོ་སོར་གསལ། །ཡང་གསང་དོན་སྟོན་ཁ་རྒྱན་སྙིང་པོར་བཅས། །དག་པ་ཉིད་ཀྱིས་དག་པའི་སྙིང་པོར་སྟོན། །བུམ་པའི་གཟུགས་ལ་སྐུ་བཞི་ཡེ་ཤེས་གསལ། །སྐུ་གསུམ་སྟོང་པའི་མཐའ་གཉིས་རང་སྣང་སྟེ། །ཐབས་མཁས་ཡེ་ཤེས་སྤྲུལ་པ་ཕྱོགས་བཅུར་འགྱེད། །ཚིག་དང་བརྗོད་བྱ་གཉིས་ལས་རབ་ཏུ་འདས། །སངས་རྒྱས་དང་ནི་རིག་པ་སྟོང་


DNG003_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་གསལ། །ཡེ་ཤེས་དང་ནི་སྐུ་ཡང་མ་བསྒྲིབས་གསལ། །ཆོས་ཉིད་རང་བྱུང་རྟོག་མེད་པས། །མཁའ་ཀློང་དབྱིངས་སུ་དབང་བསྐུར་རོ། །ཨོཾ་ལཾ་དུ་ཡང་ཏྲི་ཏ་ཧཱུཾ། དེ་ལྟར་རྫས་ཀྱི་དབང་རྫོགས་ནས། །ཡང་དག་དབང་ལ་འཇུག་པར་བྱ། །ཡང་དག་དབང་ལ་འཇུག་ཚེ་ན། །གཡོན་གྱི་ཡུམ་ལ་དམིགས་བྱས་ཏེ། །བྱང་ཆུབ་སེམས་ཉིད་འདྲེན་པའི་ཕྱིར། །བྷ་གའི་ནང་དུ་རི་ལུ་གཞུག །ཕྱེད་འདྲེན་ན་ནི་ན་གཅིག་སྟེ། །ལྷག་མ་མེད་པར་རྫོགས་བྱེད་ན། །ཆེ་ཆུང་སྲན་མའི་ཚད་དུ་མཉམ། །དེས་ནི་གཉིས་ཀ་འདྲེན་པར་བྱེད། །ཐིག་ལེ་ཟློག་པར་བྱེད་པ་ན། །ཡི་གེ་འབྲུ་བཞི་དྲན་པར་བྱ། །དམར་པོ་རང་ལ་སྡིམ་བྱེད་ན། །འབྲུ་གཉིས་དགུ་དང་བཅས་པའོ། །དེ་ལྟར་དྲན་ཞིང་གསལ་བྱས་ནས། །རྡོ་རྗེ་ཆུ་འཐུང་ཞེས་བྱར་འགྱུར། །རིལ་བུ་བཅུག་ལ་སྦྱར་བྱས་ཏེ། །དཀྱིལ་འཁོར་ནུབ་ཀྱི་ཕྱོགས་དག་ཏུ། །སྒྲུབ་པོ་ཡབ་ཡུམ་སྦྱོར་བྱེད་པའི། །སྦྱོར་བའི་བརྡ་ཡིས་འདི་སྐད་བསྐུལ། །ཧོ་བདག་ཉིད་ལས་ནི་སྣ་ཚོགས་སྣང་། །རྒྱལ་བ་ཐམས་ཅད་མཉམ་སྦྱོར་བས། །མཁའ་ལས་སེམས་བབས་འོད་དུ་ཞུ། །འོད་འཕྲོས་སྦྱོར་བའི་བརྡས་བསྐུལ་ལོ། །ས་མ་ཡ། མཉམ་པར་སྦྱོར་ཅིག་རྡོ་རྗེ་རྒྱལ། །མུཾ་ཨ། བདེ་གསལ་ལོངས་སྤྱོད་ཆོས་ཀྱི་སྐུ། །གཉིས་མེད་དབྱིངས་སུ་བརྡ་སྦྱོར་འཁྱུད། །མུཾ་ཨཱཿ། བདེ་ལྡན་ཕུན་སུམ་ཚོགས་པའི་ས། །རྡོ་རྗེ་ལ་ནི་ཏི་པ་སྟེ། །པདྨ་ལ་ནི་བཛྲ་ཧཱུཾ། །སྡོམས་ཤིག་སྟོང་ཉིད་མུ་དྲ་སྟེ། །བསྡིམས་ཤིག་བྱང་ཆུབ་དབྱིངས་སུ་བསྡིམ། །ཏྲ་ཏ་མ་ཧཱུཾ་ལམ། དེ་ནས་སློབ་མ་དད་ལྡན་གྱིས། །མེ་ལོང་མ་ཆགས་མ་གས་པར། །བྱང་ཆུབ་སེམས་ནི་ལྕེ་ཡིས་བླངས། །བླངས་ཏེ་སློབ་དཔོན་ཉིད་ལ་འབུལ། །དེ་ནས་སློབ་དཔོན་གསང་བ་ཉིད། །འགྱིང་བག་ཆས་སུ་ཞུགས་ནས་ནི། །བུ་ལ་གནང་བའི་སྐབས་ཕྱེ་སྟེ། །སྟ་གོན་ཆོ་ག་རྫོགས་བྱས་ལ། །དང་པོ་སྤྱི་གཙུག་དབང་བསྐུར་ཏེ། །ཏིང་འཛིན་རིམ་པ་འདི་ལྟ་སྟེ། །བུ་ཡི་སྟེང་དུ་བཞག་པའི་ཚེ། །རྫས་དེ་ཡི་གེ་ཧཱུཾ་དུ་


DNG003_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

བསམ། །ཧཱུཾ་ཉིད་དམར་རྩ་དག་ཏུ་བསམ། །དེ་ནས་འོད་ཟེར་རབ་འཕྲོས་པས། །ཡི་གེ་དེ་ཉིད་ལེ་བརྒན་ཏེ། །འོད་ཟེར་ཕྱོགས་བཅུར་འཕྲོས་པར་བསམ། །དེ་ནས་ཚངས་པའི་བུ་གར་ཐིམ། །དུད་ཁང་འབར་བར་བབས་པར་བསམ། །ཧཱུཾ་དེའི་འོད་ཟེར་འཕྲོས་པ་ལས། །ཁྲོ་བོའི་དཀྱིལ་འཁོར་མགོ་ལ་བསམ། །དེ་ནས་ཆོས་ཉིད་རྩར་ཐིམ་པས། །ཧཱུཾ་དེ་འོད་ཀྱི་ཐིག་ལེར་བསམ། །དེ་ནས་ཙིཏྟར་ཐིམ་པར་བསམ། །ཧཱུཾ་དེ་སྣ་ཚོགས་འོད་དུ་བསམ། །དེ་ཉིད་ལས་ནི་ཞི་སྐུར་བསམ། །ཐུགས་ལ་དཀྱིལ་འཁོར་རྫོགས་པར་བསྒོམ། །དེ་ནས་ཡི་གེ་ཧཱུཾ་དེ་ཡང་། །སྒལ་ཚིགས་ཉིད་ཀྱི་རྟ་བརྒྱུད་ནས། །ཕོ་མོ་གང་ཡིན་གསང་གནས་སུ། །ཡི་གེ་དེ་ཉིད་བབས་པར་བསམ། །བརྒྱུད་པའི་དབང་ཉིད་མ་རྫོགས་པར། །ཡེ་ཤེས་དེ་ཉིད་བརྟན་པར་བསམ། །དེ་ལྟར་བབས་ལུགས་རྣམ་བཞི་བསྒོམ། །དེ་ལྟར་ཏིང་འཛིན་གསལ་བྱས་ལ། །བྱང་ཆུབ་སེམས་ཀྱི་སྣོད་དེ་ཡང་། །གྲུབ་མཆོག་དག་དང་ལྡན་པ་ཡིས། །གསང་བའི་གནས་སུ་གཞག་བྱ་སྟེ། །བྱང་ཆུབ་སེམས་ནི་མཱུཾ་དང་ཨཱ། །དེ་ཉིད་འོད་དུ་འཕྲོས་པ་ལས། །བྱང་ཆུབ་སེམས་ནི་འོད་དུ་བསམ། །མཱུཾ་དང་ཨ་ཡིས་ཕུལ་གྱུར་ནས། །གསང་བའི་མཁའ་ལ་ཐིམ་པར་བསམ། །ཧཱུཾ་དང་གཉིས་མེད་འཁྲིལ་པར་བསམ། །གཉིས་མེད་ཡི་གེ་དེ་དག་ནི། །ཡཾ་གིས་སྤངས་དག་རྩར་བསྐྱོད་ནས། །ལྟེ་བའི་རྩ་ལ་ཐིམ་པར་བསམ། །དེ་ཉིད་འོད་དུ་ཞུ་བ་ལས། །གང་དག་སྐྱེ་མེད་འདོད་པ་རྣམས། །ཡི་གེ་དེ་ཡི་བྱིན་བརླབས་ལས། །སྐྱེ་བའི་སྒོ་ཡང་བཅད་པར་བསམ། །གང་དག་བུ་དང་ཚ་འདོད་པས། །དེ་ཡི་འོད་དང་ཟེར་ལྡན་པས། །དབང་པོའི་དྭངས་མ་མིག་ཏུ་བསམ། །དེ་ལ་ཤ་གཟུགས་དོད་པར་བསམ། །དེ་ནས་ཡན་ལག་རྒྱས་པར་བསམ། །སྲིད་པའི་ཤ་གཟུགས་དོད་པའོ། །དེ་ནས་ཙིཏྟར་བརྒྱུད་པར་བསམ། །ཞི་བའི་སྐུ་ལ་ཐིམ་གྱུར་པས། །སྐུ་རྣམས་འོད་དང་ལྡན་གྱུར་པས། །ཡབ་ཡུམ་སྦྱོར་བ་བྱས་པར་བསམ། །མཁའ་ལ་སེམས་དང་འོད་འཕྲོས་པས། །ལྟེ་བའི་སྲས་ལ་དབང་བསྐུར་བསམ། །དེ་ནས་


DNG003_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

ཡཾ་གིས་བསྐྱོད་ནས་ནི། །ཆོས་ཉིད་སྟོང་པའི་རྩ་བཞིར་ཧཱུཾ། །ཐིག་ལེའི་སྐུ་ལས་འོད་འཕྲོས་པས། །དྭངས་མ་སྙིགས་སུ་ཕྱེ་གྱུར་ནས། །དྭངས་མ་ལྔ་ཡི་འོད་འཕྲོས་ནས། །ཡཾ་གྱིས་དུང་ཁང་ནང་དུ་བསྐྱོད། །དེ་ལས་འོད་ཟེར་ལྔ་བྱུང་བས། །ཁྲོ་བོའི་སྐུ་རྣམས་འོད་ལྡན་བསམ། །ཧཱུཾ་དང་ཨ་གཉིས་རྣམ་དག་པས། །ཁྲོ་བོ་ཡབ་ཡུམ་སྦྱོར་བར་བསམ། །དེ་ཉིད་ཐིག་ལེའི་སེམས་སྦྱར་བས། །བྱང་ཆུབ་སེམས་ནི་འོད་དུ་ཞུ། །དེ་ནས་ཧཱུཾ་གིས་མར་བདས་ནས། །སྲོག་པ་རྩ་ཡི་རྟ་བརྒྱུད་ནས། །ལྟེ་བའི་སྲས་ལ་དབང་བསྐུར་བསམ། །ཐིག་ལེ་དེ་ལ་བསྡིམས་ནས་ནི། །ཧཱུཾ་དེ་སླར་ལ་ལོག་པར་བསམ། །ཧཱུཾ་ལས་སྒྲ་དང་འོད་བྱུང་བས། །བུ་ཡི་ཚངས་པའི་བུ་ག་རུ། །ཧཱུཾ་ཉིད་འོད་དང་བཅས་པར་བསམ། །ཨ་ཉིད་མི་གནས་བྱུང་སྟེ་གནས། །མཱུཾ་གཉིས་རྣ་བ་གཡས་གཡོན་ནོ། །དེ་ལྟར་ཡིག་འབྲུ་རབ་གསལ་ཏེ། །སྤྱི་གཙུག་ཧཱུཾ་ཉིད་དེར་སྐུར་བསམ། །དེ་ལས་འོད་འཕྲོས་དབང་ཆེན་སྐུ། །ཡབ་ཡུམ་བཅས་པ་རབ་གསལ་བསྒོམ། །དབང་ཆེན་ཡབ་ཡུམ་སྦྱོར་བར་བསམ། །བྱང་ཆུབ་སེམས་ཉིད་བབ་པ་ལས། །བུ་ཡི་ལུས་ཉིད་ཐིམ་གྱུར་པས། །ལུས་ཉིད་འོད་དུ་ཞུ་བར་བསམ། །དེ་ལས་སྟོང་ཉིད་དེར་སྐུར་བསམ། །ཆོས་སྐུའི་སྲས་སུ་ཡང་དག་བསམ། །མིག་གི་ཨ་ཉིད་ལོངས་སྤྱོད་སྐུ། །བཅོམ་ལྡན་སྣང་བ་མཐའ་ཡས་བསམ། །ཡབ་ཡུམ་གྲངས་མེད་འཕྲོས་བསམས་ཏེ། །ཛཿཧཱུཾ་བཾ་ཧོཿའི་བརྡས་བསྐུལ་ནས། །ལས་ཀྱི་ཕྱག་རྒྱར་བསྡིམ་བྱས་ཏེ། །ཡབ་ཡུམ་གཉིས་མེད་བདེ་བ་ལས། །མཁའ་ལ་བྱང་ཆུབ་སེམས་བབས་པས། །ལུས་དང་དབང་པོ་ཚིམས་བྱས་ཏེ། །ལུས་རྣམས་འོད་དུ་ཞུ་གྱུར་ཏེ། །ལོངས་སྤྱོད་སྐུ་དང་དབྱེར་མེད་བསམ། །ལོངས་སྐུའི་སྲས་སུ་གྱུར་པའོ། །དེ་ནས་མཱུཾ་ལ་དམིགས་བྱས་ཏེ། །མཱུཾ་ཉིད་འོད་དུ་ཞུ་བ་ལས། །སྤྲུལ་སྐུ་རྡོ་རྗེ་འཛིན་དུ་བསམ། །དེ་ཉིད་འོད་དུ་ཞུ་བ་ལས། །རྣམ་སྣང་མངོན་བྱང་ཡབ་ཡུམ་བསམ། །ཛཿཧཱུཾ་བཾ་ཧོཿའི་བརྡས་བསྐུལ་བས། །ལས་ཀྱི་ཕྱག་རྒྱ་བསྡོམས་གྱུར་ནས། །ཡབ་ཡུམ་གཉིས་མེད་


DNG003_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བར་བསམ། །མཁའ་ལས་སེམས་ཕབ་འོད་འཕྲོས་པས། །བུ་ཡི་ལུས་ལ་ཐིམ་གྱུར་ནས། །ལུས་ནི་འོད་དུ་ཞུ་ནས་ནི། །དབང་རྫོགས་མངོན་ཤེས་དྲུག་ལྡན་པའི། །སྤྲུལ་སྐུ་ཉིད་ཀྱི་སྐུ་ཐོབ་སྟེ། །སྤྲུལ་སྐུ་རྡོ་རྗེའི་སྲས་དབང་ཐོབ། །རྫོགས་སངས་རྒྱས་དང་ཆོས་སྐུ་ཐོབ། །དེ་ལྟར་དབང་ཉིད་རབ་རྫོགས་ནས། །རྒྱུ་ནི་རྣམ་པ་བཞི་ཡིན་ནོ། །དེ་ནས་སྐུ་གསུམ་རྫོགས་པའི་དབང་། །རང་བྱུང་དབང་ཉིད་རབ་ཏུ་རྫོགས། །སྐུ་གསུམ་དབྱེར་མེད་ཐོབ་པའོ། །དབང་བསྐུར་དཀྱིལ་འཁོར་རྫོགས་བྱེད་ན། །དང་པོ་སྦྱོར་བ་བྱེད་ཚེ་ནས། །བདག་དང་བསྒྲུབ་པའི་ཡུམ་ཉིད་ཀྱི། །སྤྱི་གཙུག་བདེ་བའི་གནས་སུ་ཡང་། །ཡི་གེ་འདི་ལྟར་བསྒོམ་པར་བྱ། །ཡུམ་ལ་མུཾ་ཉིད་དམར་པོ་སྟེ། །ཡབ་ལ་ཨ་དཀར་འོད་འཕྲོའོ། །དེ་གཉིས་འོད་འབར་འཕྲོ་འདུ་ལས། །ཚངས་པའི་བུ་གར་ཐིམ་པར་བསམ། །དེ་ཉིད་འོད་དུ་བསྡུས་པ་ལས། །ས་མ་ཡ་ཞེས་སྒྲ་བྱུང་ནས། །དམ་ཚིག་ཕྱག་རྒྱས་འཁྱུད་ནས་ནི། །ཡབ་ཡུམ་གཉིས་མེད་སྦྱར་བར་བསམ། །མཁའ་ལས་བྱང་ཆུབ་སེམས་བབས་པས། །རྩ་བཞིའི་ནང་དུ་ཐིག་ལེ་སྟོང་། །དེ་ལས་གཟི་ལྡན་འོད་འཕྲོས་པས། །ཐིག་ལེ་དྭངས་སྙིགས་ཕྱེད་ནས་ནི། །དྭངས་མ་འོད་ཟེར་རྣམ་ལྔ་སྟེ། །སྙིགས་མ་དཀར་པོའི་ཐིག་ལེའོ། །དྭངས་མ་ཙིཏྟའི་ནང་དུ་བབས། །དེ་ལས་འོད་ཟེར་རབ་འཕྲོས་པས། །དྭངས་མ་སིད་ཏའི་སྒྲས་བྱུང་བས། །ཞི་བ་ཡབ་ཡུམ་བརྡས་བསྐུལ་བས། །ཆོས་ཀྱི་ཕྱག་རྒྱས་འཁྱུད་ནས་ནི། །ཡབ་ཡུམ་གཉིས་མེད་སྦྱོར་བར་བསམ། །བྱང་ཆུབ་སེམས་ཉིད་བབས་པ་ལས། །འོད་ཟེར་སྣ་ཚོགས་འཕྲོས་པ་ཡིས། །ཆ་ཤས་འོད་ཟེར་ཐམས་ཅད་ཀྱང་། །སྒལ་ཚིགས་ཐིག་ལེ་དག་ལ་ཐིམ། །ལས་ཀྱི་རླུང་གིས་དེད་ནས་ནི། །སྒལ་ཚིགས་ཉིད་ཀྱི་རྟ་བརྒྱུད་ནས། །གསང་བའི་མཁའ་ལ་བབས་གྱུར་ནས། །བདག་ཉིད་སྦྱོར་བའི་བརྡས་བསྐུལ་ཏེ། །


DNG003_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱི་ཕྱག་རྒྱས་འཁྱུད་བྱས་ཏེ། །ཡུམ་གྱི་བསྐྱོད་བཞིས་བདེ་བ་བསྐྱེད། །ཡབ་ཡུམ་གཉིས་མེད་ལྷུན་སྦྱར་ཏེ། །བདེ་གསང་ཆོས་ཉིད་དབང་བསྐུར་རོ། །སྙིང་པོའི་སྐུ་ཡང་དེས་ཐོབ་པོ། །དང་པོའི་སྐབས་སུ་ཤེས་པར་བྱ། །དེ་ལྟར་དབང་བསྐུར་རྫོགས་ནས་ནི། །སྦྱོར་བའི་དབང་བསྐུར་འདི་ལྟར་བརྗོད། །རིགས་ངེས་བསྟན་པའི་ཚིག་འདི་བརྗོད། །འདི་ནི་རིགས་ངེས་རྒྱལ་བའི་སྲས། །ཨེ་མ་ཧོ། དེ་རིང་ཕན་ཆད་རྒྱལ་བའི་སྐུ། །འདི་ནི་སངས་རྒྱས་ངེས་པའི་ལམ། །སྐུ་གསུམ་འབྲས་བུ་རང་སྣང་སྟེ། །ཕྱིན་ཅི་མ་ལོག་དབང་ཐོབ་ནས། །སངས་རྒྱས་ཀུན་དང་དབྱེར་མེད་མཉམ། །རྫོགས་སངས་རྒྱས་པའི་སྐུ་ཐོབ་པས། །ཕྱིར་མི་ལྡོག་པའི་ས་ཡང་ཐོབ། །གདོད་ནས་མ་ཆགས་སྙིང་པོའི་དོན། །སྔ་མ་ཁྱོད་ཀྱིས་མ་ཐོབ་སྟེ། །དུས་འདི་ཉིད་དུ་ཐོབ་པས་ན། །དེ་རིང་ཕན་ཆད་རྫོགས་སངས་རྒྱས། །ཡང་དག་ངེས་པའི་ས་ཐོབ་པས། །སངས་རྒྱས་ཀུན་དང་མཉམ་པར་སྦྱོར། །ཐིག་ལེ་ཉག་གཅིག་དབང་ཐོབ་པོ། །ལྔ་གསུམ་དགུ་ལ་རྫོགས་པའོ། །རྡོ་རྗེ་འཆང་གི་གྲལ་ཐོབ་པས། །དེ་ལ་ལྷུན་གྱིས་གནས་པར་སྤྱོད། །བདག་གིས་སྲས་སུ་བྱས་ནས་ནི། །སངས་རྒྱས་ཉིད་དང་མཉམ་པ་ཡི། །རབ་ཏུ་དགྱེས་པའི་དབང་ཐོབ་པོ། །ཨ་མ་སྭ་མོང་སྟན་བ་ཤནྜ་ཧཱུཾ། ཨ་ལྡན་བྱང་ཆུབ་སེམས་ཀྱི་རང་བཞིན་དཀར་ལ་དྭངས། །མཱུཾ་ལྡན་བྱང་སེམས་དམར་དང་འོད་ཟེར་འཕྲོས། །གཉིས་མེད་སྐུ་ཡང་རབ་ཏུ་གསང་བའི་ཐིག་ལེ་སྟེ། །སྐུ་གསུམ་ཡོན་ཏན་བྱང་ཆུབ་སེམས་མཉམ་པས། །བྱང་ཆུབ་སྙིང་པོ་སྒྱུ་མ་ལྷུན་གྲུབ་སྐུ། །ཐ་དད་མི་འབྱེད་ཆོས་སྐུ་སྟོང་བདག་མེད། །དཀར་དང་དམར་དང་ཤེས་རབ་ཐབས་མཁས་སྐུ། །ཆོས་ཉིད་སྟོང་པ་མཁའ་ཁྱབ་ཀུན་ལ་རོལ། །ཆགས་མེད་ཆགས་པའི་ཚུལ་བསྟན་བྱང་ཆུབ་ཉིད་ཀྱི་སྐུ། །མཚན་མ་སྤྲོས་བྲལ་གསང་བའི་ཡུམ་གྱི་དབང་། །ཐབས་མཁས་ཐུགས་རྗེ་ཆེན་པོ་ཡིན་པས་ན། །དེང་ནས་བཟུང་སྟེ་རྒྱལ་བའི་སྲས་སུའོ། །ཨོཾ་བོ་དྷི་ཙིཏྟ་ཨི་བ་ཀེ་ཡ་ཨཱ། ཨེ་
མ་ངོ་མཚར་བལྟ་བའི་དཀྱིལ་འཁོར་ཆེ། །དཀྱིལ་འཁོར་ཉིད་ལ་དཀྱིལ་འཁོར་ཉིད་བསྟན་པས། །སྔོན་ཆད་མ་འཚལ་དེང་ནས་བདག་གིས་ཤེས། །རང་གི་རང་བཞིན་ཡིན་པར་ད་ཤེས་པས། །གཞན་ནས་མ་བཙལ་ཕྱི་ནང་དབང་ཐོབ་པས། །གསང་བའི་དབང་དང་ཡོངས་རྫོགས་དུས་འདིར་ཐོབ། །དཔའ་བོས་གནང་བས་བཀའ་དྲིན་རབ་ཏུ་ཆེའོ། །ཧ་ཧ་ཧེ་ཧེ་རིག་ངེས་སོ། །ཨ་ཨ་ཨི་ཨི་ངོ་མཚར་རོ། །དབང་རྫོགས་ཡོན་ཡང་འབུལ་བར་བྱའོ། །སློབ་དཔོན་ཉིད་ཀྱིས་དལ་བསྡུའོ། །ཞེས་རྫོགས་པ་རང་བྱུང་ཆེན་པོའི་རྒྱུད་ལས། གསང་བ་མཁའ་དབྱིངས་བུམ་པའི་དབང་བསྐུར་བའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ། །རྫོགས་སོའོ།། །།

རྫོགས་པ་ཆེན་པོ་རང་སྣང་གི་དབང་།


DNG003_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། དར་ས་ཡ་སིང་ཨ་ནུ་བུ་ནཱ་མ། བོད་སྐད་དུ། རྫོགས་པ་ཆེན་པོ་རང་སྣང་གི་དབང་ཞེས་བྱ་བ། བཅོམ་ལྡན་འདས་རྡོ་རྗེའི་སྙིང་པོའི་སྐུ་ལ་ཕྱག་འཚལ་ལོ། །དེ་ནས་དེའི་ཚེ། དུར་ཁྲོད་ཆེན་པོའི་གནས་སུ། འཁོར་བསམ་གྱིས་མི་ཁྱབ་པའི་ཚོགས་འདུས་ཏེ། གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །བློ་འདས་རྫོགས་པ་ཆེན་པོའི་དབང་། །གང་གིས་འཐོབ་པར་འགྱུར་བ་ལགས། །འདུས་པའི་ཚོགས་ལ་བཀའ་སྩོལ་ཅིག །དེ་ནས་སྙིང་པོ་བྱང་ཆུབ་སྐུས། །ཉེ་བའི་འཁོར་ལ་བཀའ་སྩལ་པ། །ཀྱེ་མ་ཉོན་ཅིག་རྡོ་རྗེ་འཛིན། །ཡང་དག་ངེས་པའི་ལུང་འདི་ཡིས། །རྫོགས་པ་ཆེན་པོའི་གནས་ལུགས་སྟོན། །ཀྱེ་མ་ངོ་མཚར་བསྟན་པ་ཡིས། །རྫོགས་ཆེན་སྐུ་ཡང་འདིར་བསྟན་གྱིས། །འདིར་ནི་ངེས་པའི་རྒྱལ་པོ་ཐོབ། །ཁྱད་པར་དབང་རྫོགས་བྱེད་པ་ན། །ཤིན་ཏུ་དབེན་པའི་གནས་ཉིད་དུ། །དཀྱིལ་འཁོར་འདོམ་གང་ཚད་དུ་བྱ། །དྲི་སྣ་ལྔ་ཡིས་ཆག་ཆག་གདབ། །ཐིག་གདབ་ཚོན་ནི་དགྱེ་བར་བྱའོ། །ཕོ་བྲང་ཟླུམ་པོ་དག་ཏུ་བྱའོ། །དེ་ནས་ཕྱི་རིམ་འཁོར་ལོར་བསྐོར་བྱ་སྟེ། །མཐིང་ག་ལ་སོགས་རིམ་


DNG003_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་བྱ། །ལྟེ་བ་ལ་ཡང་བུམ་པ་སྟེ། །བུམ་པའི་ཕྱོགས་བཞིར་བུམ་པ་བྲི། །ཟླུམ་པོ་དེ་ཡང་བུམ་པ་བྲི། །དེ་ཡི་ཕྱི་རིམ་དག་ཏུ་ཡང་། །འཁོར་ལོ་ལྔ་རིམ་དག་ཏུ་བྱ། །འཁོར་ལོ་དེ་ཡི་དབུས་སུ་ཡང་། །ཕྱོགས་སུ་བུམ་པ་རེ་རེ་བྲི། །དེ་ལྟར་དཀྱིལ་འཁོར་ཉིད་བྲིས་ཏེ། །སྟེང་དུ་རྫས་ཉིད་དགྲམ་པར་བྱ། །བུམ་པའི་སྟེང་དུ་བུམ་པ་རེ། །མགུལ་ཆིངས་རྒྱན་དང་བཅས་པའོ། །དེ་ནས་དཀྱིལ་འཁོར་ཉིད་ཕུབ་སྟེ། །དེ་ཡི་སྟེང་དུ་དར་གྱི་གདུགས། །སྣ་ཚོགས་མཛེས་པ་དག་གིས་འབུབ། །ངེས་པའི་རྒྱལ་པོ་ཐོབ་བྱའི་ཕྱིར། །མདའ་དང་མེ་ལོང་དར་སྣའོ། །དེ་ལྟར་རྫས་རྣམས་རྫོགས་བྱས་ལ། །དབང་བསྐུར་ལས་ཀྱང་རྫོགས་པར་བྱ། །དེ་ནས་ཆོས་ཉིད་སྟོང་པ་ཡི། །རྫོགས་ཆེན་བཞི་ཡི་དབང་རྫོགས་བྱ། །སྐུ་གསུང་ཐུགས་དང་མི་འབྱེད་པར། །ཡང་དག་གསང་བའི་དབང་རྫོགས་ནས། །རྫོགས་པ་ཉིད་ཀྱང་དབང་བསྐུར་ཕྱིར། །བུ་ཉིད་དད་དང་ལྡན་པ་དེས། །དྲི་སྣ་ལྔ་ཡིས་ལུས་བཀྲུས་ཏེ། །རྒྱན་དང་ཆ་ལུགས་མཛེས་བརྒྱན་ཏེ། །ཞུ་བའི་ཚིག་རྣམས་རྫོགས་པར་བྱ། །དེ་ནས་སློབ་དཔོན་གསང་བ་ཡིས། །རང་གི་རྒྱན་ཆ་མཛེས་གོན་ལ། །འགྱིང་བའི་སྟབས་ཀྱིས་གར་བྱས་ཏེ། །དམ་ཚིག་ཆུ་བོ་བྱིན་ནས་ནི། །ཡེ་ཤེས་དག་པའི་དབང་བསྐུར་བྱས། །འདི་ཡིས་ཐམས་ཅད་གྲོལ་བར་གསུངས། །ཡང་དག་གསང་བའི་རྡོ་རྗེ་རིགས་ལྡན་པས། །མཚན་མའི་སྐྱོན་བྲལ་ཡེ་ཤེས་ཆེན་པོར་སྦྱོར། །ཤར་ཉིད་ནས་ཀྱང་ཤར་མེད་ཡང་དག་རིག་པ་ཆེ། །ཆོས་ཀྱི་སྐུ་ལས་ཆོས་སྐུའི་སྙིང་པོ་ཡང་གསང་སྟེ། །བསྒྲུབ་མེད་བསྒྲུབ་པའི་དཀྱིལ་འཁོར་ཞལ་ཕྱེས་ཏེ། །བལྟ་མེད་ལྟ་བའི་འོད་སྣང་ཆོས་སྐུར་བསྟན། །ཆོས་མེད་ཆོས་ཀྱི་སྐུ་དང་མཉམ་པར་སྦྱོར། །ཐབས་ཀྱི་མཛད་པ་ཅི་ཡང་མཛད། །ཆོས་སྐུ་སྐྱེ་མེད་རྡོ་རྗེ་ཉིད་དུ་དབང་བསྐུར་རོ། །ཨོཾ་ལང་སྟ་ན་བཛྲ་ཤྭ་དྷ་ཡ། ཡང་དག་སྤྲོས་མེད་རིན་ཆེན་ཕུང་པོ་ལྟར། །རྫོགས་སངས་རྒྱས་དང་གཉིས་


DNG003_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཡུལ་ལས་འདས། །འོད་གསལ་སྤྲོས་བྲལ་བློ་ཡི་ཡུལ་ལས་འདས། །ཆོས་མེད་བག་ཆགས་ཐམས་ཅད་སྲེག་བྱེད་པའི། །བྱང་ཆུབ་སྙིང་པོར་སྤྲུལ་པས་དབང་བསྐུར་རོ། །སྭ་ཧ་ཏྲ་ཐར་མང་། ཡང་དག་ཉིད་དུ་སྐུ་ལས་སྣང་མཐའ་ཡས། །རིག་པའི་སྐུ་ལ་མདུན་དང་རྒྱབ་མེད་དང་། །ཤེས་རབ་རང་བྱུང་སྐུ་ནི་ཐ་མི་དད། །སངས་རྒྱས་རྣམས་ཀྱི་འོད་འདིས་དབང་བསྐུར་རོ། །ཏྲ་ཐ་རཏྣ་ཨ་བྷི་ལཿ། །དྲི་མེད་རང་གསལ་དོན་ཉིད་གྲུབ་པ་སྟེ། །ཡང་གསང་ཐུགས་ཀྱི་ཉི་མའི་འོད་ཟེར་སྟོང་། །བྱང་ཆུབ་སེམས་ནི་བྱ་བ་ཡེ་ནས་རྫོགས། །རྣམ་དག་མེད་ཡང་ངང་དུ་དབང་བསྐུར་རོ། །ཨ་བུ་སྭོ་ཏྲི་ཡ་ཧཱུཾ། དེ་ལྟར་ཡང་དག་དབང་རྫོགས་ནས། །བསྒོམ་པའི་རིམ་པ་འདི་ལྟ་སྟེ། །ཤར་ཕྱོགས་ཆུ་ཡི་བུམ་པ་བླང་བྱས་ཏེ། །སྤྱི་བོའི་གཙུག་ཏུ་བསྐུར་བྱས་ལ། །འབྲས་བུ་གྲོལ་ལམ་དབང་ཐོབ་སྟེ། །རྫོགས་སངས་རྒྱས་དང་དབྱེར་མེད་མཉམ། །མཉམ་པ་འདི་ཡི་དབང་ཐོབ་སྟེ། །འདི་ལྟར་བསམ་རྫོགས་དབང་བསྐུར་བྱ། །བུམ་པ་ཉིད་ལ་ཧཱུཾ་བསམ་སྟེ། །ཧཱུཾ་ཉིད་འོད་དུ་ཞུ་བ་ལས། །བུམ་པ་ཉིད་ལ་ཁྲོ་སྐུར་བསྒོམ། །དེ་ཡིས་དབང་བསྐུར་ལས་རྫོགས་བསམ། །ལྷོ་ཕྱོགས་བུམ་པ་མགྲིན་པ་རུ། །ཨཱཿཉིད་འོད་འཕྲོས་ཐིག་ལེའི་སྐུ། །དེ་ལས་གོང་ལྟར་དབང་བསྐུར་བསམ། །ནུབ་ཀྱི་ལྟེ་བའི་གནས་སུ་བསྐུར། །ཡི་གེ་སྭཱ་ཉིད་འོད་ཞུ་བས། །སྐྱེ་བ་མེད་པའི་དབང་བསྐུར་བསམ། །བྱང་ཕྱོགས་གསང་བའི་གནས་སུའོ། །ཧཱ་ལས་འོད་འཕྲོས་དགའ་བདེའི་དབང་། །དུས་དེ་ཉིད་དུ་ཐོབ་པར་བསམ། །དབུས་ཀྱི་བུམ་པ་ཐུགས་ཀ་རུ། །ཨོཾ་ལས་འོད་འཕྲོས་ཞི་སྐུར་བསམ། །ཞི་བའི་སེམས་ལ་དབང་ཐོབ་བསམ། །དེ་ལྟར་ཏིང་འཛིན་རྫོགས་པར་བྱ། །ཨེ་མ་ཧོ། སྟོང་པ་ཉིད་ཀྱི་སྐུ་གསུམ་མ་སྤངས་རྫོགས། །རང་གསལ་ཡིད་འོང་འོད་འཕྲོས་ཆོས་སྐུའི་ངང་། །མཁའ་མཉམ་སྙིང་པོ་ཡེ་ཤེས་ཆོས་སྐུ་ཀུན་འབྱུང་ཀློང་། །སྐུ་གསུམ་མ་བསྐྱེད་ཆོས་ཉིད་དབྱིངས་སུ་རྫོགས། །རྒྱུ་མེད་རྐྱེན་བྲལ་རྡོ་རྗེ་སེམས་དཔའ་ཆེ། །རྡོ་རྗེ་ས་འཛིན་བློ་གྲོས་མཐའ་ཡས་ཤིང་། །རྡོ་རྗེ་སྐུ་འབར་ཡེ་ཤེས་
ལྷུན་རྫོགས་བརྗིད། །རྡོ་རྗེ་སེམས་དཔའ་ཡབ་ཡུམ་དཀྱིལ་འཁོར་ཆེ། །རྡོ་རྗེ་འབྱུང་པོ་རོ་ལངས་ཀུན་གྱི་བདག །རྡོ་རྗེ་མདའ་འཕེན་ཤེས་རབ་མཚོན་ཆ་སྟེ། །རྡོ་རྗེ་ཡངས་པ་དབྱིངས་ལ་གར་བསྒྱུར་ཞིང་། །རྡོ་རྗེའི་སྐུ་ཉིད་ཡངས་པ་ཆེ། །མཚན་མ་མེད་པ་རྡོ་རྗེའི་སྐུ། །བུམ་པ་རྡོ་རྗེ་ཐབས་སྟོབས་ཆེ། །སྐུ་དང་ཐུགས་ནི་རྡོ་རྗེའི་བདག །ཡང་དག་རྡོ་རྗེ་ཀུན་འབྱུང་ལམ། །ཡང་དག་ངེས་པའི་རྡོ་རྗེ་འདིས། །ཐམས་ཅད་དབང་གི་རྡོ་རྗེར་བསྟན། །དབང་ཉིད་ལས་ནི་རྡོ་རྗེ་འཕྲོ། །རྡོ་རྗེ་དབང་གི་རང་བཞིན་ལས། །རྡོ་རྗེ་གསང་བའི་རྒྱལ་མཚན་ལས། །གསང་སྔགས་རྡོ་རྗེའི་དབང་ཐོབ་སྟེ། །དེང་ནས་བཟུང་ནས་རྡོ་རྗེའི་སྐུ། །རྫོགས་སངས་རྒྱས་པ་རྡོ་རྗེའི་གསུང་། །དེང་ནས་བསྐལ་པ་སྟོང་དུ་ཡང་། །མི་འཇིག་བརྟན་པ་རྡོ་རྗེ་ཐོབ། །རང་རིག་བརྟན་པ་རྡོ་རྗེའི་སྐུ། །སྐུ་དང་ལྡན་པར་མ་གྱུར་པར། །སྐུ་གསུམ་བསྟན་པའི་དབང་ཐོབ་ནས། །འགྱུར་བ་མེད་པ་རྡོ་རྗེའི་ཐུགས། །འཁྲུལ་པ་སྤང་བས་ཡང་དག་ཐུགས། །ཆོས་ཀྱི་སྐུ་དང་ཡང་གསང་རྡོར། །མཁའ་གསང་གཙུག་གི་ནོར་བུ་སྟེ། །ཆོས་དང་ཆོས་ལས་རབ་འདས་པའི། །ཆོས་ཉིད་དབང་ཡང་དེར་ཐོབ་པོ། །ཞེས་རྫོགས་པ་རང་བྱུང་ཆེན་པོའི་རྒྱུད་ལས། རྫོགས་ཆེན་རང་གི་ལྟ་བ་བསྟན་པའི་ལེའུ་སྟེ་ཉི་ཤུ་གཉིས་པའོ། །རྫོགས་སོའོ།། །།

འཁོར་ལོ་རིན་པོ་ཆེ་སྐུ་ལྟར་བསྐུར་བ།


DNG003_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཀཱ་ཡ་ཙཀྲ་རཏྣ་ཨ་ཤ་ནཱ་མ། བོད་སྐད་དུ། འཁོར་ལོ་རིན་པོ་ཆེ་སྐུ་ལྟར་བསྐུར་བ་ཞེས་བྱ་བ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ། །དེ་ནས་འདུས་པའི་འཁོར་བསམ་གྱིས་མི་ཁྱབ་པས། བཅོམ་ལྡན་འདས་དེ་དག་ལ་འདི་སྐད་ཅེས་ཞུས་སོ། །ཀྱེ་ཀྱེ་བཅོམ་ལྡན་རྣམ་གྲོལ་བདག །འཁོར་བའི་སེམས་ཅན་འདི་དག་རྣམས། །འཁོར་བ་ཉིད་ལས་བསྒྲལ་བའི་ཕྱིར། །དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ཀྱི། །སྐུ་ཡི་དབང་བསྐུར་ཅི་ལྟར་ལགས། །རྡོ་རྗེ་འཛིན་པས་བཀའ་སྩོལ་ཅིག །དེ་ནས་མོས་འཁོར་དེ་དག་ལ། །རྡོ་རྗེ་འཛིན་པས་བཀའ་སྩལ་པ། །ཨེ་མ་རྡོ་རྗེ་གསང་བདག་ཉོན། །ང་ཡིས་ལེགས་པར་བསྟན་པར་བྱ། །སྟོབས་དང་ལྡན་པའི་སེམས་


DNG003_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཉོན། །སྐུ་ཡི་དབང་བསྐུར་བྱེད་ཚེ་ན། །ཤིན་ཏུ་དབེན་པའི་གནས་དག་ཏུ། །དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། །དྲི་སྣ་ལྔ་ཡི་ཆག་ཆག་གདབ། །ཐིག་གདབ་ཚོན་ཡང་དགྱེ་བར་བྱ། །དེ་ལྟར་བྱས་པའི་སྟེང་ཉིད་དུ། །དབུས་སུ་རིན་ཆེན་བུམ་པ་ཟླུམ། །ཁ་རྒྱན་མགུལ་ཆིངས་བཅིངས་པ་བཞག །ནས་ཀྱི་སྟེང་དུ་དེ་བཞག་སྟེ། །རིགས་ལྔའི་སྐུ་ཡང་དེ་བཞིན་བལྟས། །ཤར་ཉིད་དུ་ཡང་བུམ་པ་སྟེ། །རིགས་གསུམ་སྐུ་དང་གོས་དཀར་ཅན། །ལེགས་པར་ཕྱོགས་སུ་དགྲམ་པར་བྱ། །ལྷོ་ཉིད་དུ་ཡང་བུམ་པ་སྟེ། །རིག་གསེར་ཕྲེང་དང་ཚེ་དཔག་མེད། །ཕ་རོལ་ཕྱིན་དང་སྨན་གྱི་བླ། །ལྷོ་ཡི་ཕྱོགས་སུ་དེ་བཞིན་གཞག་པར་བྱ། །ནུབ་ཏུ་ཡང་ནི་བུམ་པ་སྟེ། །རིགས་ལྔ་ཁྲོ་སྐུ་རྣམ་པར་བཞག །བྱང་གི་ཕྱོགས་སུ་བུམ་པ་སྟེ། །སྒོ་བ་བཞི་ནི་ཕྱོགས་ཕྱོགས་བཞག །བྱང་ཤར་མཚམས་སུ་བུམ་པ་སྟེ། །རིགས་གསུམ་ཁྲོ་དང་རྣམ་འཇོམས་སོ། །ཤར་ལྷོ་མཚམས་སུ་བུམ་པ་སྟེ། །རྣམ་འཛིན་ཞལ་དང་སྟོབས་དྲུག་དང་། །གཤིན་རྗེ་ཞགས་པ་སྟོང་ཐོགས་ཀུན་བཟང་ངོ་། །ལྷོ་ནུབ་མཚམས་སུ་བུམ་པ་སྟེ། །རིགས་ལྔའི་ཡུམ་ནི་དེ་བཞིན་བཞག །ནུབ་བྱང་མཚམས་སུ་བུམ་པ་སྟེ། །ཀྲོ་ཏི་ཤྭ་རི་ལྔ་ཉིད་དོ། །ཕྱོགས་བཞི་མཚམས་དང་བརྒྱད་དུའོ། །དེ་ཡང་བཀྲ་ཤིས་ནས་ནི་རེ་རེའོ། །བུམ་པ་དེ་དག་རེ་རེའི་རྩར། །ཕུད་དང་བཅས་པའི་གཏོར་མ་རེ། །མཁས་པས་རབ་ཏུ་གཞག་པར་བྱ། །བྷནྡ་མཚན་ལྡན་དེ་བཞིན་ནོ། །དེ་ལྟར་རྫས་རྣམས་བཤམས་ནས་ནི། །དབང་བསྐུར་ཆོ་ག་རྫོགས་པར་བྱ། །དེ་ནས་འདི་སྐད་བརྗོད་བྱ་ཞིང་། །གསང་བ་གསུམ་དང་ལྡན་པའོ། །ཏིང་འཛིན་རྒྱལ་པོ་བསྒོམ་བྱ་ཞིང་། །ཚིག་དང་བཅས་པས་སྐུ་དེ་དག །རང་རང་གནས་སུ་བསྐུར་བར་བྱ། །ཧཱུཾ་ལྔ་ལྡན་རྡོ་རྗེ་འབར་བའི་དཀྱིལ་འཁོར་དུ། །རྡོ་རྗེ་འདུ་འབྲལ་མེད་པའི་སྐུར་གསལ་ལས། །གསང་བདག་


DNG003_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་རིགས་ཀྱི་དབང་བསྐུར་ཞིང་། །རྡོ་རྗེ་འདུས་པའི་སྲས་སུ་དབང་བསྐུར་རོ། །དཀྱིལ་འཁོར་ལྔ་དང་སྐུ་དང་ཡེ་ཤེས་དང་། །དུས་དང་གནས་དང་ཚིག་དང་རྡོ་རྗེ་ཡི། །གསང་བ་བདེ་ལྡན་རྡོ་རྗེ་གར་གྱི་བདག །བདག་དང་གཞན་དང་སྐུ་ལྔ་མཐར་ཕྱིན་ནས། །མི་འགྱུར་གསང་མཆོག་དགྱེས་པའི་གད་མོ་ཆེ། །རིག་དང་སྟོང་དང་བྱ་དང་བྱེད་པའི་སྟོབས། །ཆོས་དང་གནས་དང་སེམས་དང་ཡིད་ལ་བསྐུལ། །ཨ་ལ་ལ་ཧོ་རྡོ་རྗེ་མོས་པ་རྩལ། །རིགས་དང་ས་དང་རྡོ་རྗེ་དྲག་པོ་རྩལ། །དཀྱིལ་འཁོར་མཆོག་སྟོན་རྡོ་རྗེ་བཞད་པ་རྩལ། །སྟོང་དང་དགྱེས་མཆོག་རྡོ་རྗེ་འོད་འབར་རྩལ། །ཆོས་ཉིད་རང་སྣང་རྡོ་རྗེ་གཏེར་དབང་རྩལ། །དཀྱིལ་འཁོར་ཡང་གསང་རྡོ་རྗེ་རབ་བསྔགས་རྩལ། །དམར་ལྡན་ཡིད་འཕྲོག་རྡོ་རྗེ་གསུང་ཐོབ་རྩལ། །དཀྱིལ་འཁོར་རྒྱས་མཛད་དཀྱིལ་འཁོར་རིག་འཛིན་རྩལ། །ཨེ་མ་ཧོ། ཧེ་ཧེ་ཏི་སྟ་རྡོ་རྗེ་གསང་མཆོག་ཁྱོད། །དབང་ལྡན་དབང་གི་རིགས་ལྡན་རིགས་མཆོག་སྟེ། །འབར་བ་འོད་འཕྲོ་འཁོར་ལོའི་གཞལ་ཡས་སུ། །བདེ་ལྡན་དབྱིངས་མཆོག་སྐུ་ལྔས་དབང་བསྐུར་རོ། །ཆོས་ཉིད་དབྱིངས་ལ་རིག་པའི་དབྱིངས་ཤར་བས། །མཐོང་བ་ཉིད་དང་ཡེ་ཤེས་ཐབས་ཀྱི་སྐུ། །ཙིཏྟ་རིན་ཆེན་འཁོར་ལོའི་གཞལ་ཡས་སུ། །བདེ་མཆོག་ཐུགས་ཀྱི་འཁོར་ལོའི་དབང་བསྐུར་རོ། །བདེ་ལྡན་དབྱིངས་ཤར་ཤེས་རབ་དབྱིངས་ཀྱི་ངང་། །གསལ་འཚེར་ལྷུན་སྡུག་རྡོ་རྗེ་རབ་གསང་འབར། །གསང་བའི་མཁའ་དབྱིངས་བྷ་གའི་གཞལ་ཡས་སུ། །ཆོས་ཉིད་སྤྲོས་བྲལ་བདེ་ཆེན་དབང་བསྐུར་རོ། །རྡོ་རྗེ་གསང་བ་བདེ་མཆོག་དབྱིངས་སུ་སྒྲོལ། །ཤེས་རབ་ཐབས་ལྡན་ཀ་དག་ཡངས་པའི་ངང་། །སེམས་དཔའི་དཀྱིལ་འཁོར་སེམས་པའི་རང་བཞིན་མཆོག །ཆོས་རྣམས་དམིགས་མེད་རྡོ་རྗེ་སེམས་དཔའི་སྐུ། །ནམ་མཁའི་མཐའ་ལས་ཆོས་དབྱིངས་རོ་གཅིག་ཏུ། །ལས་རྣམས་


DNG003_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ཕྱིན་སྟོང་ཉིད་གདལ་བའི་སྐུ། །སེམས་དང་སྟོང་ཉིད་ཆོས་ཀྱི་སྐུ་ལ་དབང་། །མཚན་ལྡན་སྲིད་སྐྱེད་ལྟེ་བའི་གཞལ་ཡས་སུ། །རྡོ་རྗེ་ལས་གསང་ཐུགས་ཀྱི་དབང་བསྐུར་རོ། །གསལ་བ་རབ་བརྗིད་ཡེ་ཤེས་སེམས་དཔའི་ངང་། །ཤེས་རབ་འོད་འཕྲོ་ཉོན་མོངས་ཟིལ་གྱིས་གནོན། །རྡོ་རྗེ་མདའ་འཕེན་ཤེས་རབ་དབྱིངས་སུ་འཕེན། །དཀྱིལ་འཁོར་མཐའ་སྡུད་ཡེ་ཤེས་གསང་བའི་བདག །སངས་རྒྱས་ལྔར་ལྡན་ཐུགས་ཀྱི་ཅོད་པན་ཅན། །རིན་ཆེན་རྒྱུག་བྱེད་རྩ་བའི་གཞལ་ཡས་སུ། །མཉམ་ཉིད་འོད་འཕྲོ་ཆོས་སྐུའི་དབང་བསྐུར་རོ། །རྡོ་རྗེ་བདེ་ལྡན་ཐུགས་ཀྱི་གསང་མཆོག་སྐུ། །ཡང་དག་གསང་བ་ཐུགས་ཀྱི་དཀྱིལ་འཁོར་བདག །གསང་ལྡན་དབྱིངས་དང་ཡེ་ཤེས་འོད་འཕྲོ་ཞིང་། །ཕྱོགས་མེད་རང་སྣང་ཆོས་སྐུའི་དཀྱིལ་འཁོར་བདག །བདེ་ལྡན་ཆོས་དབྱིངས་གསང་བར་དབང་བསྐུར་རོ། །གསང་སྔགས་སྐུ་དང་ཡང་དག་མཐའ་འདས་དང་། །ས་རྣམས་མཐར་ཕྱིན་ཡེ་ཤེས་རྣམ་པར་དག །ཆོས་ཉིད་སྣང་སྟོང་ཀ་དག་ཉིད་དུ་སྣང་། །བྷནྡ་གསལ་འཕྲོ་འཁོར་ལོའི་གཞལ་ཡས་དབྱིངས། །རྟོག་མེད་བསམ་ཡས་སྙིང་པོ་ལྔ་ཡི་སྐུ། །རྡོ་རྗེ་ཐུགས་ཀྱི་སྲས་སུ་དབང་བསྐུར་རོ། །དེ་ལྟར་ཚིག་དོན་རྫོགས་བྱས་ནས། །སྔགས་དང་ཕྱག་རྒྱ་འདི་ལྟར་བསྟན། །མཁས་པ་ཏིང་འཛིན་ལྡན་པ་ཡིས། །དེ་ལྟར་ཏིང་འཛིན་ལྡན་པར་བསྐུར། །རྣམ་སྣང་མངོན་བྱང་ཕྱག་རྒྱ་ཡིས། །སྤྱི་གཙུག་གནས་སུ་རྣམ་པར་བཞག །ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། བུཌྜྷ་ཙཀྲ་པ་ཙ་ཧཱུཾ་ཧཱུཾ། འོད་ཟེར་འཕྲོ་འདུ་ལྡན་པ་ཡི། །མངོན་བྱང་སྐུ་དང་དབྱེར་མེད་བསམ། །གཡས་ནི་རྡོ་རྗེ་རྩེ་གསུམ་ཚུལ། །གཡོན་ན་དྲིལ་བུ་དཀྲོལ་བའི་ཚུལ། །མགྲིན་པའི་གནས་སུ་གཞག་པར་བྱ། །ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། བཛྲ་ཙཀྲ་པ་ཙ་ཧཱུཾ་ཧཱུཾ། ལག་གཉིས་མཉམ་པར་བཞག་པ་ཡིས། །ཐུགས་ཀའི་གནས་སུ་རྣམ་པར་བཞག །ཨོཾ་ཨཱཿ


DNG003_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ་སྭཱ་ཧཱ། རཏྣ་ཙཀྲ་པ་ཙ་ཨ་བྷི་ཥིཉྩ་ཛ་ཨ་ཨ་ཨ། ལག་གཉིས་མཉམ་པར་བཞག་པ་ཡིས། །ལྟེ་བའི་གནས་སུ་བཞག་ནས་ནི། །དེ་ལ་ཡང་ནི་འདི་སྐད་དོ། །ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། པདྨ་སརྦ་ཀུ་ལ་ན་ཧ་ཧ་ཧཱུཾ་ཨ། ལག་གཉིས་མཉམ་པར་བཞག་པ་ཡིས། །དཔྲལ་བའི་གནས་སུ་གཞག་པར་བྱ། །ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། ཀརྨ་དུཥྚན་གྷ་ར་ཨཉཱ་ཧཱུཾ་ཀྲ་བྷ་རྩ་མ་ཧྲི་ཧྲི་དྷྲི། གཡས་པ་རལ་གྲིའི་ཚུལ་བྱས་ལ། །གཡོན་པ་ཐུགས་ཀར་རྣམ་པར་བཞག །ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། ལ་ཛུ་ཏ་སྔ་བཛྲ་སིད་ཏི་ཧ་ཧ་ཧ། ལག་གཉིས་མཁྲིག་མ་བསྣོལ་ནས་ནི། །སྣ་ཚོགས་རྡོ་རྗེའི་ཚུལ་དུ་བྱ། །སྙིང་ག་ཉིད་དུ་རྣམ་པར་བཞག །ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། ཨོཾ་ནཱ་ག་ལམ་བཛྲ་ཀྲོ་དྷ་ཧཱུཾ་ཧཱུཾ་ཕཊ་ཕཊ། གཡས་པ་བརྐྱངས་ཏེ་ཐུགས་ཀ་རུ། །ཐལ་མོ་སྐྱབས་སྦྱིན་ཚུལ་དུ་བཟེད། །གཡོན་པ་བརྐྱངས་ཏེ་དེ་བཞིན་ནོ། །སྙིང་ག་དག་ཏུ་གཞག་པར་བྱ། །ལག་གཡས་གུར་གྱི་ཚུལ་བྱས་ལ། །སྤྱི་གཙུག་ཉིད་དུ་གཞག་པར་བྱ། །ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། བཱེ་ཤེད་སྭཱ་ཧཱ་ཧཱུཾ། གཡས་པས་བརྡེག་པ་ལྟར་བྱས་ལ། །སྙིང་གའི་གནས་སུ་གཞག་པར་བྱ། །ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། ཨོཾ་བཛྲ་དྷྲྀཀ །སྭཱ་རཏྣ་དྷྲྀཀ །པཱཾ་རཱ་ག་ར་ཏི། མཱཾ་མོ་ཧ་ར་ཏི། ཨཱཾ་ཨཱ་རོ་ལིཀ །བཛྲ་སཏྭ་ཧཱུཾ་ཧཱུཾ་སྭཱ་ཧཱ། རྡོ་རྗེ་ཁུ་ཚུར་བསྣོལ་བྱས་ལ། །སྙིང་གའི་གནས་སུ་གཞག་པར་བྱ། །ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། པྲཛྙཱ་སརྦ་ཧཱུཾ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཛ། རིན་ཆེན་སྒྲོམ་བུ་ལྟར་བྱས་ལ། །གསང་བའི་གནས་སུ་གཞག་པར་བྱ། །ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། བཛྲ་ཨཱ་ཡུ་སྭཱ་ཧཱ། ཧཱུཾ་ཧཱུཾ་ཨ། ལག་གཉིས་པདྨ་ལྟར་བྱས་ལ། །སྙིང་གའི་གནས་སུ་གཞག་པར་བྱ། །ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། ཨ་མྲི་ཏ་རུ་པ་ཧ་ལ་ཧཱུཾ། གཡོན་པ་སྡིགས་མཛུབ་ཕྱག་རྒྱ་ཡི། །ལག་པའི་མཐིལ་དུ་གཞག་པར་བྱ། །ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། ཨ་ཀྲོ་རཏྣ་ཨ་བྷི་ཥིཉྩ་ཨཱ་ཨཱ། གཡས་པས་སེ་གོལ་ཕྱག་རྒྱ་ནི། །ལྟེ་བའི་གནས་སུ་གཞག་པར་བྱ། ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། ཧ་ཡ་གྲཱི་བ་སརྦ་ཀུ་ལན་སི་ཏི་ཧཱུཾ། ལག་གཉིས་ཁྱུང་གཤོག་ལྟར་བྱས་ལ། །སྨིན་ཕྲག་ཉིད་དུ་གཞག་བྱས་ལ། །ཨོཾ་ཨཱཿཧཱུཾ་སྭཱ་ཧཱ།


DNG003_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

བྷུ་བྷུ་ཀྲོ་ཏ་སརྦ་ཀྲ་ཙམ་ཨ་བྷི་ཥིཉྩ་ཧཱུཾ། ལག་གཉིས་བུམ་པ་ལྟར་བྱས་ལ། །དཔྲལ་བའི་གནས་སུ་གཞག་པར་བྱ། །ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། ཀུཎྜ་ལི་ཨ་མྲྀ་ཏ་ཀརྨ་ཧཱུཾ། ལག་པ་སྲིན་ལག་མཐེབ་སྦྱར་ལ། །ལྕེ་ཡི་སྟེང་དུ་རྣམ་པར་བཞག །ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། བཛྲ་ཀྲི་ལཱིཾ་སི་སྱ་ནྱ་བྷུ་མ་ཕཊ། གཡོན་པས་ལྕགས་ཀྱུའི་ཕྱག་རྒྱ་ཡིས། །སྙིང་གའི་གནས་སུ་བཟུང་བྱས་ལ། །ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། ཛ་བ་རྒྱ་ཕཊ་ཕཊ་སྭཱ་ཧཱ། ལག་གཉིས་ཞགས་པའི་ཕྱག་རྒྱ་ཡིས། །མིག་གི་གཡས་སུ་རེག་བྱས་ལ། །ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། བཛྲ་སིང་ཧ་ཕཱ་ལ་ཡཱ། བྷོ་ཏི་ཧོ་ཧོ་ཧོ། ལག་གཉིས་འཁྱུད་བརྒྱུད་སྒྲོག་བསྡམས་ལ། །དཔུང་པ་གཡོན་དུ་གཞག་པར་བྱ། །ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། ཨོཾ་མང་དུ་ས་ཡ་ཧཱུཾ་ཨ་ཧོ། གཡས་གདེངས་གཡོན་བསྐུམ་ཁུ་ཚུར་གྱིས། །སྙིང་ག་ཉིད་དུ་བསྟན་བྱས་ལ། །ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། གྷ་ན་བཛྲ་ཀ་པ་ཙ་ཧཱུཾ་ཧཱུཾ། ལག་གཉིས་དགྲ་སྟྭའི་ཕྱག་རྒྱ་ཡིས། །པུས་མོ་གཡོན་དུ་གཞག་པར་བྱ། །ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། ཀ་ལ་ཧྲི་སྡི་ཀུ་ལ་ན་ཎྱེ་ཕཊ་ཕཊ་སྭཱ་ཧཱ། ལག་གཡས་མགོའི་ཕྱག་རྒྱ་ཡིས། །སྤྱི་བོའི་གཙུག་ཏུ་གཞག་པར་བྱ། །ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། པད་མཱནྟ་ཀྲྀད་ཧཱུཾ་ཁ་ཡ་སྭཱ་ཧཱ། གཡས་པ་རྩེ་གསུམ་ཕྱག་རྒྱ་ཡིས། །ལག་གཉིས་བུམ་པ་ལྟར་བྱས་ལ། །སྤྱི་གཙུག་དག་ཏུ་གཞག་པར་བྱ། །ཨོཾ་ཨཱཿཧཱུཾ་སྭཱ་ཧཱ་ཙན་བཛྲ་ན་ཡཱེ་ཡཱེ་ཧྱེ་ཧྱེ་ཕཊ་ཕཊ་སྭཱ་ཧཱ། ལག་གཉིས་གཞུ་འགེངས་ཚུལ་དུ་བྱ། །གཡོན་གྱི་མཛུབ་མོ་སྣ་རྩེར་བཞག །ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། བཛྲ་ཀུན་རེ་སེར་སེར་ཧཱུཾ་སྭཱ་ཧཱ། ལག་གཡོན་ལྕགས་ཀྱུའི་ཕྱག་རྒྱ་ཡིས། །སྙིང་ག་ཉིད་དུ་བཟུང་བྱས་ལ། །ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། བཛྲ་དུ་ཤན་ཀཱ་ཡ་བཛྲ་ཧཱུཾ་ཧཱུཾ། ལག་གཉིས་ཐོད་ཕྲེང་ཕྱག་རྒྱ་ཡིས། །སྤྱི་བོའི་གཙུག་ཏུ་གཞག་པར་བྱ། ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། བཛྲ་མ་འཛུ་ཀ་ཊར་མ་སུ་དྷ་ཧཱུཾ་ཧཱུཾ། ལག་གཉིས་མཉམ་པར་བཞག་པ་ཡི། །མགྲིན་པའི་གནས་སུ་གཞག་པར་བྱ། ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། སིལ་སི་ཧཱུཾ་ཨཱ། ལག་གཉིས་སེ་གོལ་བསྣོལ་མ་ཡི། །རྩིབ་ལོགས་གཡས་སུ་གཞག་པར་བྱ། །ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། མ་ནུ་པ་རི་ཤ་ཨཱ་བྷི་ཥིཉྩ་ཧཱུཾ་ཨོཾ། གཡས་པའི་མཐེབ་མས་གཡོན་མཛུབ་མནན། །


DNG003_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

རྩིབ་ལོགས་གཡོན་དུ་གཞག་པར་བྱ། །ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། ཨ་ལ་ཧྲི་ཨ་བྷི་ཥིཉྩ་ཨཱ། གཡས་པ་རལ་གྲི་ལྟ་བུ་ཡི། །ལྕེ་ཡི་སྟེང་དུ་གཞག་པར་བྱ། །ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། མཱུཾ་བྷྲུཾ་ཨ་བྷི་ཥིཉྩ་ཨོཾ་ཧཱུཾ། ལག་གཡོན་དག་གི་སོར་མོ་ནི། །མཐེབ་དང་མཛུབ་དང་མཐེའུ་ཆུང་སྤྲད། །ལྷག་མ་གཉིས་ནི་བསྒྲེང་བར་བྱ། །གཡས་པས་ཐལ་མོ་གདེངས་པ་ཡིས། །ལྟག་པའི་ཁུང་དུ་གཞག་པར་བྱ། །ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། སྡི་མི་སརྦ་ཨ་བྷི་ཥིཉྩ་སྭཱ་ཧཱ། ལག་པ་རྩེ་གསུམ་བསྒྲེང་བ་ཡིས། །རྣ་ལྟག་གཉིས་སུ་བཞག་པར་བྱ། །ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། བཛྲ་པུན་ཧ་ཨ་བྷི་ཥིཉྩ་སྭཱ་ཧཱ། ལག་པ་མཐེ་བོང་བསྒྲེང་བ་ཡིས། །རྣ་ལྟག་གཡོན་དུ་གཞག་པར་བྱ། ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། མུ་ཐ་ཤི་ཨ་བྷི་ཥིཉྩ་ཨ། ལག་གཡོན་མཐེའུ་ཆུང་མཛུབ་བརྐྱངས་ཏེ། །ལྐོག་མའི་གནས་སུ་གཞག་པར་བྱ། །ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། མུཾ་ལཾ་ཧཾ་ཏིལ་རི་ཨ་བྷི་ཥིཉྩ་ཨཱ། ལག་གཉིས་པདྨ་ལྟར་བྱས་ཏེ། །ནུ་མ་གཡས་སུ་གཞག་པར་བྱ། །ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། ས་ལམ་ཀྲོ་ཏི་ཨ་བྷི་ཥིཉྩ་ཨ། ལག་གཡོན་རྩིབས་བཞི་ལྟར་བྱས་ལ། །མཚོགས་མའི་སྟེང་དུ་གཞག་པར་བྱ། །ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། བྷི་ཤིར་ཨ་བྷི་ཤི་ཏི་ན་ཤཱ་ཨཱ། ལག་གཉིས་སོར་མོ་བསྣོལ་བྱས་ཏེ། །སྤྱི་གཙུག་སྟེང་དུ་གཞག་པར་བྱ། །ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། བྷི་ཤ་སྟན་ཏ་ཤ་ར་ཨ་བྷི་ཥིཉྩ་ཨཱ། སྐྱོབ་པ་མཐར་ཕྱིན་སྔགས་ལྡན་པའི། །བདེ་གཤེགས་དབུ་ཡི་དབང་བསྐུར་ནི། །བཀྲ་ཤིས་གདུགས་ལ་བརྟེན་བྱས་ནས། །དེང་མཆོག་བུ་ལ་གནས་པར་གྱིས། །ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། པི་བག་གྷ་ཡ་སི་ཨ་བྷི་ཥིཉྩ་ཨཱ། ལྟ་བྱེད་མ་འགགས་དོན་མཚོན་པའི། །བདེ་གཤེགས་སྤྱན་གྱི་དབང་བསྐུར་ནི། །བཀྲ་ཤིས་ཉ་ལ་བརྟེན་ནས་ནི། །དེང་མཆོག་བུ་ལ་གནས་པར་གྱིས། །ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། པྲ་ནི་པ་ཡ་བ་ཐུ་ག་བ་ཨ་བྷི་ཥིཉྩ་ཨཱ། སྨྲ་བྱེད་ཕ་རོལ་སྒྲོལ་ལ་མཁས། །སངས་རྒྱས་ལྗགས་ཀྱི་དབང་བསྐུར་ནི། །བཀྲ་ཤིས་པདྨ་ལ་བརྟེན་ནས། །དེང་མཆོག་བུ་ལ་གནས་པར་གྱིས། །ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། ཏི་ཀ་ཏ་ཡི་སི་ཨ་བྷི་ཥིཉྩ་ཨཱ། ཆོས་རྣམས་ལམ་བྱུང་ཆོས་དབྱིངས་


DNG003_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

ཟླུམ། །སངས་རྒྱས་མགུར་གྱི་དབང་བསྐུར་ནི། །བཀྲ་ཤིས་བུམ་པ་ལ་བརྟེན་ནས། །དེང་མཆོག་བུ་ལ་གནས་པར་གྱིས། །ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། ཏིཥྚ་ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཨཱ། མི་ནུབ་རྒྱལ་མཚན་ཆོས་སྐུའི་དོན། །སངས་རྒྱས་རྣམས་ཀྱི་སྐུ་ཡི་དབང་། །བཀྲ་ཤིས་རྒྱལ་མཚན་ལ་བརྟེན་ནས། །དེང་མཆོག་བུ་ལ་གནས་པར་གྱིས། །ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། བྷི་ཤད་དྷི་ཨ་ཡ་ཨ་བྷི་ཥིཉྩ་ཨཱ། སྒྲ་དབྱངས་རྟོག་མེད་དོན་མཚོན་པའི། །སངས་རྒྱས་རྣམས་ཀྱི་གསུང་གི་དབང་། །བཀྲ་ཤིས་དུང་ལ་བརྟེན་ནས་ཀྱང་། །དེང་མཆོག་བུ་ལ་གནས་པར་གྱིས། །ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། པི་ཀྲ་ཡ་རྒྱ་ཨ་ཨ་བྷི་ཥིཉྩ་ཨཱ། གསལ་འོད་ལྡན་པ་དཔལ་བེའུའི་ཐུགས། །སངས་རྒྱས་རྣམས་ཀྱི་ཐུགས་ཀྱི་དབང་། །བཀྲ་ཤིས་དཔལ་བེའུ་ལ་བརྟེན་ནས། །དེང་མཆོག་བུ་ལ་གནས་པར་གྱིས། །ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། ཙིཏྟཱ་ཡ་ཨ་བྷི་ཥིཉྩ་ཨཱ། ཐོགས་མེད་མྱུར་མགྱོགས་འཁོར་ལོའི་ཞབས། །སངས་རྒྱས་རྣམས་ཀྱི་ཞབས་ཀྱི་དབང་། །བཀྲ་ཤིས་འཁོར་ལོ་ལ་བརྟེན་ནས། །དེང་མཆོག་བུ་ལ་གནས་པར་གྱིས། །ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། ཙཀྲ་པུ་ལ་བྷིན་ཀུ་ཨ་བྷི་ཥིཉྩ་ཨཱ། དབང་དང་ལྡན་པའི་དཀྱིལ་འཁོར་ནི། །དབང་མཆོག་རྫས་བྱིན་བྱས་ནས་ནི། །དཀྱིལ་འཁོར་ཐམས་ཅད་རྫོགས་བྱས་ཏེ། །དད་ལྡན་འཁོར་ལ་རྫོགས་བྱ་སྟེ། །བདེ་ལྡན་གསང་མཆོག་བདེ་བའི་དབྱིངས། །ཡང་གསང་ཐུགས་ཀྱི་རྡོ་རྗེ་མཆོག །སངས་རྒྱས་ཀུན་དང་མཉམ་སྦྱོར་བས། །མཁའ་ལ་དབྱིངས་ལྡན་ཐམས་ཅད་དུ། །བདག་གིས་དབང་མཆོག་བསྐུར་བ་བཞིན། །དེང་ནས་བཟུང་སྟེ་ཐོབ་པར་ཤོག །ཐོབ་ནས་འགྱུར་མེད་བརྟན་པར་ཤོག །ཡང་དག་གསང་བའི་དོན་ལྡན་དེས། །འཇིག་རྟེན་པ་ཡི་སྐུ་གསུང་ཐུགས། །དེང་ནས་བཟུང་སྟེ་མ་བཏང་ཞིག །ཨེ་མ་སངས་རྒྱས་ཀུན་གྱི་དངོས། །རྡོ་རྗེ་འཆང་ཆེན་མ་བཏང་བར། །ཐུགས་ཀྱི་དཀྱིལ་དུ་ལེགས་པར་ཟུང་། །ཨ་ལ་ལ་ཧོ་རྫོགས་སངས་རྒྱས། །བདག་གིས་དེང་ནས་བཟུང་ནས་ནི། །བསྐལ་པ་བརྒྱ་སྟོང་བར་དུ་ཡང་། །བདག་གི་སྟོང་པ་ཉིད་ཀྱི་སྐུ། །ནམ་དུ་ཡང་
ནི་མི་བཏང་ངོ་། །དེ་ལྟར་དབང་རྫོགས་བྱས་ནས་ནི། །ཕྱག་རྒྱ་སྔགས་དང་བཅས་པ་རྣམས། །སྐུ་ཡི་བར་དུ་བསྐུར་ནས་ནི། །གསང་སྔགས་ལྡན་པས་རྫོགས་པར་བྱ། །ཆེ་གསང་ཆེན་པོ་འདི་བཤད་པས། །ཐམས་ཅད་རྫོགས་སངས་རྒྱས་ཀྱི་སྐུ་ཉིད་ཐོབ། །དེ་ལྟར་གཉིས་མེད་ལམ་མཆོག་ནི། །སངས་རྒྱས་རྣམས་ཀྱི་ཡེ་ཤེས་ཐུགས། །འདི་ནི་ངེས་པའི་ཡུལ་ཡིན་པས། །ཐབས་དང་ལྡན་པའི་ཡུལ་ཡང་ཡིན། །ཡི་དམ་སེམས་ཀྱི་དཀྱིལ་འཁོར་ནས། །ཆོས་ཀྱི་སྐུ་དང་དབྱེར་མེད་པས། །གཉིས་སུ་མེད་པ་ཐོབ་བྱའི་ཕྱིར། །འདི་ནི་ངེས་པའི་རྒྱུད་ཆེན་གསང་། །བདེ་མཆོག་ངེས་པའི་རྒྱལ་པོས་བཤད། །གསང་བའི་གསང་མཆོག་ངེས་པའི་ལུང་། །དབང་དང་ལྡན་པའི་དབང་ཉིད་ནི། །རྫོགས་པའི་སངས་རྒྱས་རྣམས་ཀྱིས་གསུངས། །སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས། །རྡོ་རྗེ་གསང་བའི་ལས་འདིའོ། །ཆོས་ཉིད་གསང་བའི་ལེགས་པའི་ལམ་རྒྱན་ནི། །སྐུ་དང་རྡོ་རྗེ་ཡིད་བཞིན་ནོར་བུའི་ཀློང་། །རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས། །མདོར་བསྡུས་དབང་ཆེན་ཉིད་ཀྱིས་བཤད། །ཅེས་རྫོགས་པ་རང་བྱུང་ཆེན་པོའི་རྒྱུད་ལས། འཁོར་ལོ་རིན་པོ་ཆེ་ལྟར་བཀོད་པའི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ། །རྫོགས་སོའོ།། །།

དབང་རིན་པོ་ཆེ་འཁོར་ལོ་རྣམ་པར་བཤད་པ།


DNG003_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། རཏྣ་ཨ་བྷི་ཥིཉྩ་ཨ་ནུ་ཙཀྲ་པྲ་སེ་ནཱ་མ། བོད་སྐད་དུ། དབང་རིན་པོ་ཆེ་འཁོར་ལོ་རྣམ་པར་བཤད་པ་ཞེས་བྱ་བ། བཅོམ་ལྡན་འདས་པདྨ་དབང་ལ་ཕྱག་འཚལ་ལོ། །དེ་ནས་པདྨ་དབང་ཆེན་ལ། །གསང་བའི་བདག་པོས་འདི་སྐད་གསོལ། །ཀྱེ་ཀྱེ་བཅོམ་ལྡན་དབང་ཆེན་སྐུ། །གསང་བའི་དབང་གི་རྣམ་པའི་ཚོམ། །དབང་ཆེན་ཉིད་ཀྱི་བཀའ་སྩོལ་ཅིག །དེ་ནས་ཕྱག་ན་རྡོ་རྗེ་ལ། །གསང་བའི་གསང་བདག་ཆེན་པོ་ཡིས། །གསང་བའི་དབང་ནི་འདི་སྐད་བཤད། །ཀྱེ་རྡོ་རྗེ་འཛིན་པ་ཉོན་ཅིག །ངས་བསྟན་ལེགས་པར་ཡིད་ལ་ཟུང་། །དབང་གི་རྣམ་པ་བཤད་བྱ་ཡི། །དཀྱིལ་འཁོར་ཚོན་དང་རྫས་རྣམས་བཤད། །སྐུ་གསུང་ཐུགས་དང་ཚོན་ཡིག་བཤད། །ཕྱི་དང་ནང་དང་གསང་བ་བཤད། །ཡོངས་སུ་རྫོགས་པ་ཆེན་པོ་བཤད། །ཕྱི་ལྟར་བཤད་པ་འདི་ལྟ་སྟེ། །དཀྱིལ་དང་འཁོར་དང་བྷནྡྷ་དང་། །དཀྱིལ་ནི་དབང་གི་གཞི་ཡིན་ལ། །


DNG003_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ནི་དབང་གི་ལམ་ཡིན་ནོ། །བྷན་ནི་འཛིན་པའི་དོན་ཡིན་ལ། །དྷ་ནི་གསང་མཆོག་བདེ་བའི་གནས། །སྐུ་ནི་སྤྲུལ་པའི་གསང་མཆོག་སྟེ། །རྡོ་རྗེ་ཐུགས་ཀྱི་དོན་ཡིན་ནོ། །དྲིལ་བུ་རྟོགས་པ་མཆོག་གསང་ཡིན། །སྤྱན་ལ་དབང་ནི་བསྐུར་བ་ནི། །ཐུགས་གསང་རྡོ་རྗེའི་སྐུ་ཐོབ་ཡིན། །དྲི་མེད་སྤྱན་ནི་རྣམ་པ་ལྔ། །མི་རྟོག་ཐོབ་པ་ཐེ་ཚོམ་མེད། །རྡོ་རྗེ་ལས་ཀྱི་ཆུ་ཉིད་ནི། །རྒྱུ་གཅིག་འབྲས་བུ་ཁྱད་པར་ཆེ། །གཉིས་སུ་ཟད་ཅིང་བརྟགས་པ་གཉིས། །འཁོར་དང་མྱ་ངན་འདས་པའོ། །དགོངས་སུ་གསོལ་བའི་ཐ་ཚིག་ནི། །ཐོབ་པའི་རྒྱུད་དང་བླང་ཐབས་སོ། །སྙན་གྱི་དབང་དག་བསྐུར་བ་ཡང་། །ཐོགས་མེད་སྙན་ནི་རྣམ་དྲུག་གིས། །དོན་དང་ལས་ནི་རྫོགས་པའོ། །ཤངས་ལ་དབང་ནི་རྫོགས་བྱེད་པ། །དྲི་ལྡན་མཚན་མ་གསུམ་ཐོབ་སྟེ། །གནས་བྱེད་ལྗགས་ལ་དབང་བ་ན། །རོ་ལྡན་འབྲས་བུ་བརྒྱད་ཐོབ་པོ། །དེ་ལྟར་རྫོགས་བྱེད་དབང་གི་ཚིག །མཁས་པ་ཡིས་ནི་རྫོགས་པར་བྱ། །འདུས་པ་བཞི་ཡང་རྫོགས་པ་སྟེ། །མེད་པ་བཞི་ཡང་ཐོབ་པ་སྟེ། །སྣང་བ་གསུམ་ལ་དབང་བསྐུར་ཐོབ། །རྡོ་རྗེའི་གསང་ཐོབ་དྲུག་ཐོབ་སྟེ། །འཛིན་པ་བཅུ་ལས་རྣམ་པར་ཐར། །སྟོང་པ་ཉིད་ནི་རྣམ་གསུམ་རྫོགས། །སྟོང་པའི་ཡུལ་ནི་གཞི་དག་ལ། །རང་དབང་ཉིད་དུ་བསྒྱུར་དབང་ཐོབ། །ལོག་པ་ཉིད་ལས་རྣམ་པར་གྲོལ། །ས་མཆོག་བཅུ་གཅིག་ཡོངས་སུ་རྫོགས། །མཚན་མ་བཅུ་དྲུག་ཟིལ་གྱིས་གནོན། །གཅིག་ལས་འབྲས་བུ་རྣམ་གསུམ་ཐོབ། །གཉིས་རྫོགས་ས་ལ་རྣམ་པར་གནས། །མཆོག་ཏུ་ལྡན་པ་གསུམ་ཡིག་ཡིན། །བྱ་བྲལ་ཐེག་པ་གསུམ་ཐོབ་སྟེ། །སྐྱེ་མེད་འཁོར་ལོ་དྲུག་ཀྱང་བསྐོར། །ཏིང་འཛིན་དྲུག་ལ་དབང་བསྒྱུར་ཞིང་། །སྡུག་བསྔལ་གསུམ་ལས་རྣམ་པར་ཐར། །བྱེད་པའི་སྦྱོར་བ་ཤིན་ཏུ་ཐོབ། །ཁམས་གསུམ་ལས་ནི་རྣམ་པར་རྒྱལ། །ལམ་གསུམ་ལས་ནི་རྣམ་པར་བརྒལ། །ཀྱང་བྱུང་འདུས་པའི་རྩ་ནི་སྟོང་ཕྲག་ལས། །བདེ་བའི་རླུང་ནི་བརྒྱད་ཅུ་ཐོབ། །འཚེར་བའི་ཐིག་ལེ་རྣམ་དགུ་ལས། །སྟོང་པའི་བདེ་བ་བཅོ་བརྒྱད་ཐོབ། །གསང་བ་ལུས་ནི་གསུམ་དག་ལ། །བརྟེན་པའི་འབྲས་བུ་བཅུ་བདུན་ནོ། །གསང་མཆོག་བདེ་བ་གཉིས་ལས་ནི། །འདོད་པའི་འབྲས་བུ་དྲུག་ཐོབ་པོ། །རིགས་ནི་རྣམ་པ་དྲུག་དག་ལས། །སོ་སོའི་མཚན་ཉིད་བཅུ་གཉིས་ཐོབ། །སྟོང་ཉིད་ཤེས་རབ་བདུན་ལས་ནི། །ཐད་ཀའི་འབྲས་བུ་བདུན་ཐོབ་པོ། །གསང་བའི་དཀྱིལ་འཁོར་


DNG003_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་དགུ་ལས། །མུན་པ་བཅུ་གཅིག་རྣམ་པར་སངས། །རིག་པ་རྩལ་དབང་བཅོ་བརྒྱད་ལས། །སྣང་བ་འཆར་ཚུལ་བཅོ་ལྔ་ཐོབ། །སྦྱོར་བའི་མཚན་ཡིག་དྲུག་ཅུ་ལས། །ཕྱག་མཚན་དྲུག་ཅུ་རྩ་གཉིས་གསལ། །ལྷ་ཡི་མཚན་མ་དྲུག་ཅུ་གཉིས། །སྐུ་གསུང་ཐུགས་དང་བཅས་པ་གསལ། །གཉིས་དང་གཉིས་ལས་བཞིར་འགྱུར་དང་། །ཕྱེད་ཕྱེད་དྲུག་པ་སུམ་ཅུ་བདུན། །ལྷག་མ་ལྷག་མ་དང་པོའི་བདུན། །དྲུག་ཚོ་དག་ལ་བདུན་འགྱུར་རོ། །བརྒྱད་ཆ་ལ་ནི་ས་བོན་དངོས། །དྲུག་ཅུ་གཉིས་ནི་རྣམ་པར་གསལ། །ཕྱག་རྒྱ་རྣམ་པ་བཞི་ལྡན་ལས། །བདེ་གསང་ཕྱག་རྒྱ་བཞི་གཉིས་ཐོབ། །མཚན་མེད་སྐུ་ནི་རྣམ་དྲུག་ལས། །སེམས་ཀྱི་དཀྱིལ་འཁོར་རྣམ་ལྔ་རྫོགས། །ཀ་ལི་ཡི་གེ་བཞི་བཅུ་ལས། །མཚན་མའི་དབང་ནི་བཞི་གཉིས་ཐོབ། །རྟགས་ཀྱི་ཕྱག་རྒྱ་བདུན་ལས་ནི། །དབང་ཆེན་འཁོར་ལོ་རྣམ་གསུམ་ཐོབ། །གསུང་གི་འཁོར་ལོ་སུམ་ཅུ་ལས། །ཐུགས་ཀྱི་ཏིང་འཛིན་ལྔ་བཅུ་ཐོབ། །གསང་བའི་སྦྱོར་ཐོབ་དྲུག་ལས་ནི། །ཡབ་ཡུམ་བདེ་བ་སུམ་ཅུ་ཐོབ། །དོན་གྱི་སྙིང་པོ་སོ་གཅིག་ལས། །རྟགས་ཀྱི་ཕྱག་རྒྱ་ང་གཅིག་ཐོབ། །བསྒྲལ་བའི་ཡན་ལག་བཅུ་དགུ་ལས། །ཐུགས་ལྡན་དཀྱིལ་འཁོར་བརྒྱད་ཅུར་སྣང་། །ཉི་ཟླ་གཉིས་ནི་སུམ་འགྱུར་ལས། །སྐུ་གསུམ་འབྲས་བུ་བརྒྱ་འགྱུར་ཐོབ། །ཆོ་འཕྲུལ་བརྒྱད་ཅུ་རྩ་ལྔ་ལས། །ཡི་དམ་སུམ་ཅུ་རྩ་གཉིས་སྙེད། །སྟོང་རིག་གསལ་ལྡན་ཉི་ཤུ་ལ། །རྟོགས་པའི་འབྲས་བུ་བཅུ་གཉིས་ཐོབ། །ཁྱབ་བྱེད་རླུང་ནི་ལྔ་དག་ལས། །སྐྱེ་མེད་འབྲས་བུ་གསུམ་ཡང་ཐོབ། །རྟོག་པ་མེད་པ་ཆོས་ཀྱི་སྐུ། །རྣམ་པ་དྲུག་ནི་འདིར་སྣང་སྟེ། །ཐབས་ལྡན་བདེ་བ་ཉི་ཤུ་ཐོབ། །གསང་བའི་ངོ་བོ་གསུམ་ལ་ནི། །སྟོང་པ་ཉིད་ཀྱི་ཆོས་ལྔ་རྫོགས། །ས་བོན་འབྲས་བུ་དྲུག་ལས་ནི། །ཐད་ཀའི་འབྲས་བུ་རྣམ་དྲུག་བཟློག །སྟོང་པའི་མཚན་མ་བསམ་ཡས་ལས། །མཐའ་བཞི་བྲལ་བའི་དྲི་མེད་ཐོབ། །ཤེས་རབ་རྣམ་པ་བཞི་དག་གིས། །མུན་པའི་རྒྱུ་ནི་རྣམ་དྲུག་བཅད། །ཕྱོགས་མཚམས་བུམ་པ་བརྒྱད་ཀྱིས་ནི། །རྣམ་ཐར་སྟོང་པ་བཅུ་དྲུག་ཐོབ། །གསང་བའི་སྐུར་ཐབས་འདི་དག་ལས། །ཡོན་ཏན་འབྲས་བུ་བརྒྱ་རྩ་ཐོབ། །ཕྱིན་པའི་བལྟ་བ་རྣམ་བཞི་ལས། །དྲོད་རྟགས་བཞི་བཅུ་རྩ་གཉིས་རྫོགས། །སྐུ་ཡི་རང་བཞིན་ལྔ་དག་ལས། །མཐོང་བའི་སྐྱེས་


DNG003_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་གསུམ་ཡང་ཐོབ། །སྣང་བ་རྣམ་པ་བཞི་དག་ལས། །མཐོང་བའི་ཐབས་ནི་སོ་སོར་ཐོབ། །འདིར་སྣང་གཅིག་ལས་མ་འདས་ཚེ། །བདེན་པའི་ཁྱད་ནི་རེ་རེ་ལས། །ཡུལ་ནི་སོ་སོར་གཅོད་པར་ངེས། །འབྲས་བུའི་སྣང་བ་སྐྱེས་ཚུལ་ཐོབ། །བར་གྱི་སྣང་བ་དང་པོ་ལས། །མཐོང་བའི་ཡུལ་ནི་རེ་རེ་སྟེ། །འཇུག་དང་གྲོལ་བའི་དུས་གསུམ་ཐོབ། །སྨིན་པའི་འབྲས་བུ་ཡིད་ཆེས་གསུམ། །བར་གྱི་སྣང་བ་ཐ་མ་ལ། །འཇུག་པའི་སྣང་བ་སོ་སོ་དྲུག །མཐོང་སྟོང་ལམ་ཡང་དེ་བཞིན་ཏེ། །མུན་པའི་འཁོར་སྒོ་དྲུག་ལས་ཐར། །ཕྱེད་ཕྱེད་འདས་པའི་མཚམས་འཇུག་ཚེ། །སྤྲུལ་པའི་རྒྱུ་ནི་རྣམ་གཉིས་ཐོབ། །ལྔ་བརྒྱ་དག་ན་གྲོལ་བར་ངེས། །གསུང་མཆོག་གསུང་ནི་དྲུག་ཕྲག་བདུན། །མ་བཅོས་རྒྱུ་ལྔ་ལས་འཕྲོས་ནས། །བཞི་ནི་རྣམ་པར་བཅད་བྱས་ནས། །འཁྲུལ་པ་བཞི་ལས་རྣམ་པར་ཐར། །ཨཱ་ལི་སྒྲ་བསྒྱུར་སྟོང་ཕྲག་ལས། །འཇུག་པའི་ས་བོན་བདུན་ཉིད་དང་། །མཐར་ཕྱིན་ངེས་པའི་ས་ལ་ཐོབ། །གསང་བའི་ཕྱག་རྒྱ་དགུ་ལས་ནི། །སྐྱེ་མེད་མཚོན་པ་དགུ་འཐོབ་པོ། །ཨེ་མ་ཧོ་མགོན་པོ་རྫོགས་སངས་རྒྱས། །ཐོབ་བྱེད་སྡོམ་པ་བཤད་དུ་གསོལ། །རྫོགས་སངས་རྒྱས་ཀྱིས་བཀའ་སྩལ་ཏེ། །ཀྱེ་མ་ཉེ་དབང་གསང་བའི་བདག །ཐོབ་བྱེད་རྟགས་ཀྱི་འབྲས་བུ་ལས། །ཐབས་ནི་རྣམ་པ་སྡོམ་སྟེ་བཤད། །སྨིན་པར་བྱེད་པ་དྲུག་ཚེ་ན། །གཞི་དང་བཞེངས་དང་བཞག་པ་དང་། །ཡོངས་སུ་གྲོལ་བ་བཞི་ཡིན་ནོ། །རྫོགས་པའི་སྟོང་པ་བརྒྱད་ཚེ་ན། །ཁྲེགས་ཆོད་ཐོད་རྒལ་གཉིས་ཡིན་ནོ། །མཚན་མ་བཞི་བཅུའི་ཚེ་ན་ནི། །རྒྱས་འདེབས་རང་གྲོལ་གཉིས་ཡིན་ནོ། །རྟགས་ཀྱི་འབྲས་བུ་དྲུག་ཚེ་ན། །དངོས་དང་མཚན་མེད་གཉིས་ཡིན་ནོ། །རབ་ཏུ་བསྐུར་དང་རྫས་དྲུག་ཆེ། །སྟོང་པ་རང་གསལ་སྐྱེད་གསུམ་ཡིན། །ཕྱག་རྒྱ་རྣམ་པ་བཞི་ཚེ་ན། །སྟོང་དང་མཚན་མ་རྒྱས་འདེབས་སོ། །གནས་པ་དྲུག་གི་ཚེ་ན་ཡང་། །བཞག་ཐབས་རྣམ་པ་བཞི་ཡིན་ནོ། །མཚན་མ་གནས་བསྒྱུར་གསུམ་ཚེ་ན། །ཐར་ཆགས་སྐད་ཅིག་གཉིས་ཡིན་ནོ། །བུམ་པ་བརྒྱ་རྩའི་ཚེ་ན་ཡང་། །ཐིག་ལེ་གཅིག་དང་སྟོང་ཉིད་དོ། །ལུས་ཀྱི་གནས་ལུགས་བཞི་ཚེ་ན། །རྩ་དང་རླུང་དང་ཐིག་ལེའོ། །འབབ་


DNG003_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་རྣམ་པ་བཞི་ཚེ་ན། །ཡི་གེ་དགོངས་པ་འོད་ཟེར་རོ། །རྒྱུད་པ་རྣམ་པ་བཞི་ཚེ་ན། །དམ་དང་ཆོད་དང་ཆེན་ལས་སོ། །སྒྲུབ་ཐབས་རྣམ་པ་བཞི་ཚེ་ན། །ཐབས་དང་རྒྱུ་དང་ཡོན་ཏན་ནོ། །རྫས་ནི་རྣམ་པ་བཞི་ཚེ་ན། །བདེ་འཁོར་ཆོས་དང་ལོངས་སྤྲུལ་ལོ། །ཏིང་འཛིན་རྣམ་པ་བཞི་ཚེ་ན། །རྫོགས་དང་ཡན་ལག་མ་ཡིན་ནོ། །ཐོབ་ལུགས་རྣམ་པ་བཞི་ཚེ་ན། །ངོ་དང་ཆོས་དང་ལོངས་སྤྲུལ་ལོ། །ཡོན་ཏན་རྣམ་པ་བཞི་ཚེ་ན། །སྟོང་དང་གསལ་དང་བསྐུར་གནས་སོ། །བསྐུར་བའི་གནས་ནི་བཞི་ཚེ་ན། །བསྡིམ་དང་ཐིམ་དང་ཐོབ་དང་མཐོང་། །མ་བསྐུར་སྐྱོན་ནི་བཞི་ཚེ་ན། །སྡུག་དང་སྔངས་དང་དྲེད་རྟབ་པོ། །གསང་བ་རྣམ་པ་བཞི་ཚེ་ན། །ཐབས་དང་རྒྱུ་དང་ཡོན་ཏན་ནོ། །འབྱུང་བ་རྣམ་པ་བཞི་ཚེ་ན། །འབྱུང་དང་སྟོང་དང་གསལ་འཚེར་རོ། །རྟོགས་ལུགས་རྣམ་པ་བཞི་ཚེ་ན། །འགུལ་དང་འཕྲིགས་དང་ལྡེམ་མེའོ། །འབྲས་བུ་རྣམ་པ་བཞི་ཚེ་ན། །སྟོང་དང་སྣང་དང་གསལ་ཕྱིན་ནོ། །ཐུགས་རྗེ་རྣམ་པ་བཞི་ཚེ་ན། །འཕྲོ་དང་མཆེད་དང་སྐུ་རྫོགས་པའོ། །མེད་པའི་ལམ་ནི་བཞི་ཚེ་ན། །འཆར་དང་འགགས་དང་འཕྲོག་གནས་སོ། །ཐོབ་དང་རྒྱུ་མཐུན་རྣམ་བཞི་ན། །སྐྱེ་དང་འཆི་དང་ན་བྲལ་ལོ། །མ་བསྐུར་རྫོགས་པ་བཞི་ཚེ་ན། །ཁྲེགས་ཆོད་ཐོད་རྒལ་རང་བཞག་གོ། །རྩལ་ལས་ཤར་ལུགས་བཞི་ཚེ་ན། །ཐད་ཀར་རང་གྲོལ་ཟིལ་གནོན་ནོ། །གཞི་ལ་རྫོགས་པ་བཞི་ཚེ་ན། །མ་བསྒྱུར་མ་བཅོས་མ་བསླད་དོ། །གཞི་ལ་བསྐྱང་ཚུལ་བཞི་ཚེ་ན། །རང་དག་རྦད་ཆོད་ཀ་དག་གོ། །ལམ་དུ་བླང་བ་བཞི་ཚེ་ན། །རང་དག་ལྟ་དང་གཞི་བཞག་གོ། །འབྲས་བུར་དྲིལ་བ་བཞི་ཚེ་ན། །ཡེ་དག་ཡེ་རྫོགས་ཡེ་ཉིད་དོ། །སྣང་བ་རྣམ་པ་བཞི་ཚེ་ན། །གཅོད་དང་བཟློག་དང་བསྒྱུར་བཏང་ངོ་། །རིག་པ་རྣམ་པ་བཞི་ཚེ་ན། །རྟོགས་དང་གྲོལ་དང་མཐར་ཕྱིན་ནོ། །སྦྱོར་བ་རྣམ་པ་བཞི་ཚེ་ན། །ཡུལ་དང་སེམས་དང་རྟོགས་སྐུའོ། །སེམས་ལ་དབང་བ་བཞི་ཚེ་ན། །ཕྱི་ནང་གསང་བ་ཡོངས་རྫོགས་སོ། །གསལ་བ་རྣམ་པ་བཞི་ཚེ་ན། །མ་དང་བུ་དང་ཐད་ཀའོ། །གསལ་བའི་ཡུལ་ནི་བཞི་ཚེ་ན། །རྫོགས་དང་སྣང་དང་བསྒྱུར་བའོ། །སྟོང་པ་རྣམ་པ་བཞི་ཚེ་ན། །སེམས་དང་ཆོས་དང་མཚན་མའོ། །གསལ་བའི་གདམས་པ་བཞི་ཚེ་ན། །དངོས་དང་དངོས་


DNG003_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

མེད་རང་གསལ་ལོ། །དངོས་པོ་རྣམ་པ་བཞི་ཚེ་ན། །མཚན་མའི་མང་དང་ཡི་གེའོ། །མཆོག་ལྡན་དངོས་གྲུབ་རྣམ་པ་བཞི་ཡི་ཚེ། །དངོས་དང་སྣང་དང་རང་བཞིན་ནོ། །སྟོང་པའི་ཐིག་ལེ་དྲུག་གི་ཚེ། །ངོ་དང་འོད་དང་ནམ་མཁའོ། །མཚན་མའི་ཡིག་འབྲུ་གཉིས་ཀྱི་ཚེ། །དཀར་དང་དམར་དང་འཕྲོ་འདུའོ། །ཐབས་དང་ཤེས་རབ་འཁྲིལ་སྦྱོར་ཚེ། །ཡུལ་དང་རིག་པ་བདེ་བའོ། །དཀྱིལ་འཁོར་རྣམ་བཞི་བསྡིམ་པའི་ཚེ། །མི་དམིགས་གསུམ་དང་འོད་དྲུག་གོ། །ལྷ་ཡི་མཚན་མ་འཇུག་ཚེ་ན། །སྟོང་ཉིད་གསུམ་དང་རང་གསལ་ལོ། །ཆོས་སྐུའི་བདེ་བ་དྲུག་བྱེད་ཚེ། །ས་དང་དཀྱིལ་འཁོར་རྫོགས་སྐུའོ། །སྨིན་བྱེད་ཐོབ་པའི་ཡུལ་བཞིའི་ཚེ། །ས་བོན་མྱུ་གུ་འབྲས་བུའོ། །དགའ་བདེའི་ཡུལ་ནི་བཞི་ཚེ་ན། །སྣང་བ་རྒྱས་འདེབས་བདེ་ཆེན་རོལ། །རྟོག་མེད་ལམ་ནི་བཞི་ཡི་ཚེ། །སྣང་དང་མི་སྣང་ཆོས་མཆོག་གོ། །འཇུག་པ་རྣམ་པ་གསུམ་གྱི་ཚེ། །མཐོང་དང་རྟོགས་དང་ཐོབ་པའོ། །ལས་ཀྱི་རྣམ་པ་བཞི་ཡི་ཚེ། །རྟགས་དང་མཚན་མ་དུས་ཚོད་དོ། །རླུང་གི་འཕྲོ་འདུ་བཞི་ཡི་ཚེ། །གནས་དང་ལམ་དང་འཆར་སྒོ་གཅུན། །འགྱུར་བའི་དུས་ཚོད་བཞི་ཚེ་ན། །གནད་དང་གཅུན་དང་བརྟན་བཟློག་གོ། །ཐིག་ལེ་བདེ་བ་གཉིས་ཀྱི་ཚེ། །དྲན་དང་བསྡིམ་དང་བསྐོར་ལོག་གོ། །བསྐོར་ལོག་རྣམ་པ་བཞི་ཚེ་ན། །མུཾ་དང་ཨ་དང་སྤྲོ་བསྡུའོ། །མཚན་མའི་ཡི་གེ་གཉིས་ཀྱི་ཚེ། །སྒྲ་དང་མཚན་མ་ཁ་དོག་གོ། །གསང་བའི་འཕྲོ་འདུ་གཉིས་ཀྱི་ཚེ། །བདེ་དང་སྟོང་དང་ཁྱབ་བཞིའོ། །དྲན་པ་རྣམ་པ་བཞི་ཡི་ཚེ། །སྨིན་དང་གྲོལ་དང་བརྡལ་བའོ། །བཀྲ་ཤིས་མཚན་མ་བཞི་ཡི་ཚེ། །གཞལ་ཡས་རྣམ་པ་བཞི་ཡིན་ནོ། །མཚན་མ་བྷན་དྷ་བརྒྱད་ཀྱི་ཚེ། །སྐུ་དང་དབྱིངས་དང་རྣམ་ཐར་རོ། །གསལ་འཚེར་ཡུ་བ་ཅན་གྱི་ཚེ། །དབྱིངས་དང་ཐབས་དང་རབ་སྣང་ངོ་། །ཚལ་ཆེན་དུམ་བུ་གཅིག་པའི་ཚེ། །ཉག་གཅིག་སྤྲོས་བྲལ་གཞི་རྫོགས་སོ། །དཀར་འཚེར་དམར་ལ་དྭངས་པའི་ཚེ། །རྒྱས་གདབ་ཏིང་འཛིན་རོ་མྱང་གཉིས་ཡིན་ནོ། །སྦྲུལ་སྡུག་ཡིད་འོང་ལྔ་ཡི་ཚེ། །འོད་དང་ཁ་དོག་མཚན་མའོ། །མུ་མེད་གསལ་འཚེར་ལྔ་ཡི་ཚེ། །


DNG003_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་དང་ལམ་དང་འབྲས་བུའོ། །རིན་ཆེན་རོ་མཆོག་བཅུད་ཀྱི་ཚེ། །འཛིན་དང་རྫོགས་དང་རྟོགས་པའོ། །པདྨ་སྲེ་བྱེད་ལུ་མའི་ཚེ། །ཤེས་རབ་ཡུམ་དང་སེམས་མའོ། །ལས་རྣམས་གྲུབ་བྱེད་ལས་ཀྱི་ཚེ། །སྐུ་ལྔ་ཡེ་ཤེས་ལྔ་ཆོས་ལྔའོ། །ལས་ཀྱི་རྫས་ནི་བརྒྱད་ཀྱི་ཚེ། །བསྐུར་དང་ཐོབ་དང་འབྲས་བུའོ། །རིན་ཆེན་རྫས་ནི་བརྒྱད་ཀྱི་ཚེ། །ཐོབ་དང་གནས་དང་བརྟན་པའོ། །དཀྱིལ་དང་འཁོར་ནི་གཉིས་ཀྱི་ཚེ། །རིག་དང་ཡེ་ཤེས་ཡུལ་ཡིན་ནོ། །སྐུ་གསུམ་ཡུལ་དང་སྣང་བའི་ཚེ། །གསལ་དང་དྲོ་དང་བསིལ་བའོ། །སྣང་དང་མུན་དང་སྣང་བསྒྱུར་ཚེ། །འདྲིས་དང་ཤེས་དང་ཐག་ཆོད་དོ། །སོ་སོའི་མཚན་ཉིད་གསལ་བའི་ཚེ། །འོད་དང་ཁ་དོག་སྐུ་ལྔའོ། །རིག་གསལ་ཆོས་ཉིད་གཉིས་ཀྱི་ཚེ། །གནས་པ་དང་ནི་མཁའ་དབྱིངས་སོ། །གསལ་བའི་ལམ་བཞི་སྒོ་འབྱེད་ཚེ། །རིག་པ་ཡོན་ཏན་དངོས་གྲུབ་པོ། །རྫོགས་དང་གསལ་དང་འཕྲོ་བའི་ཚེ། །ཡུལ་དང་སྣང་བ་རྟོགས་ལུགས་སོ། །སེམས་ཀྱི་ཡུལ་དང་རིག་ཡུལ་ཚེ། །གསལ་དང་འཕྲོ་དང་རྫོགས་གྲུབ་པོ། །བཤད་བྱེད་རྣམ་གཉིས་བསྐུར་བའི་ཚེ། །ཡི་གེ་ཕྱག་མཚན་འཁོར་ལོའོ། །འདས་དང་འཛིན་དང་དམ་ཚིག་ཚེ། །གཟུང་དང་གནས་དང་སྐྱོན་ཡོན་ནོ། །གསང་བའི་དམ་ཚིག་དྲུག་གི་ཚེ། །གསུམ་དང་དྲུག་དང་ཆ་དགུའོ། །སངས་རྒྱས་གསུམ་དུ་འགྱུར་བའི་ཚེ། །འཁོར་དང་འཁྲུལ་དང་བཟློག་ལུགས་སོ། །འབྱུང་བ་རྣམ་པ་གཉིས་ཀྱི་ཚེ། །བྱུང་ས་གནས་ས་གྲོལ་ལུགས་སོ། །རིག་པ་ཉིད་ཀྱི་གནས་ལུགས་ཚེ། །གྲོལ་ལུགས་རྟོགས་ལུགས་ཐོབ་ལུགས་སོ། །སྐྱེ་མེད་ཡུལ་ལ་གནས་པའི་ཚེ། །ལྟ་ཐབས་བཞག་ཐབས་བསྐྱལ་ཐབས་སོ། །རང་བཞིན་རྣམ་པ་ལྔ་ཡི་ཚེ། །མིག་དང་ནམ་མཁའི་རིགས་སྣང་ངོ་། །སྟོང་པ་ཉིད་ཀྱི་ཆོ་འཕྲུལ་ཚེ། །རྫོགས་དང་རང་བཞིན་སྣང་བའོ། །གསང་སྔགས་འབྲས་བུ་བརྟག་པའི་ཚེ། །རང་བཞིན་སེམས་དང་སྤྱོད་ཡུལ་བྲལ། །སེམས་ཀྱི་འཁོར་ལོ་གནས་བྱུང་ཚེ། །ཆོས་དང་ཆོས་མིན་འཁྲུལ་པའོ། །ཡུལ་སེམས་གཉིས་སུ་སྣང་བའི་ཚེ། །ཆོས་ཉིད་གནས་དང་འབྲས་བུའོ། །ཡང་གསང་འབྲས་བུ་གཉིས་ཀྱི་ཚེ། །སྟོང་པ་ཉིད་དང་


DNG003_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྐུའོ། །ས་ལམ་རྣམ་པར་རྫོགས་བྱེད་ཚེ། །བཅུ་དང་ལྔ་དང་བཞི་ཡིན་ནོ། །རྟགས་དང་དབྱིངས་རིག་གསལ་བའི་ཚེ། །སྣང་བའི་ཡུལ་དང་བཟུང་ཐབས་སོ། །ཡེ་ཤེས་གཉིས་ལ་ལམ་གྱི་ཚེ། །སྣང་དང་མུན་དང་གོ་དབྱེའོ། །གོ་བའི་དུས་ནི་རྣམ་བཞིའི་ཚེ། །ཅོག་བཞག་རང་གྲོལ་མ་བསྐྱེད་པའོ། །ཕྱི་ནང་གསལ་བྱེད་གདམས་པའི་ཚེ། །ཞིང་ཁམས་ལུས་དང་ཐིག་ལེའོ། །སྐྱོན་མེད་རང་བཞིན་དག་པའི་ཚེ། །ཀ་དག་ལྷུན་གྲུབ་མ་ངེས་པའོ། །ལོངས་སྐུའི་མཚན་ཉིད་སྣང་བའི་ཚེ། །དཀར་དང་དམར་དང་སེར་ལྗང་ངོ་། །དེ་ནི་ཡང་དག་རྫོགས་པའི་ལམ། །གདམས་པའི་དུས་སུ་ཤེས་པར་བྱའོ། །དེ་བཞིན་གཤེགས་པ་བཅོམ་ལྡན་འདས། །རྫོགས་པའི་སངས་རྒྱས་དབང་ཆེན་སྐུ། །དེ་དག་རྣམ་པ་བཤད་པའི་ཚོམ། །དཔའ་བོ་རྡོ་རྗེ་དབང་གི་སྐུས། །ལེགས་པར་དགོངས་ཏེ་བཀའ་སྩོལ་ཅིག །རྡོ་རྗེ་ཁྲོ་བོས་རང་སྣང་བ། །གར་ལྡན་ཉིད་ཀྱིས་བཀའ་སྩལ་པ། །དཔའ་བོ་རྡོ་རྗེ་སེམས་དཔའི་སྐུ། །ལེགས་པར་བཤད་པར་བྱ་བ་ནི། །གང་དག་དེ་ལ་དཔེ་སྤྱོད་ཅིང་། །སྒྲ་ནི་བདུན་ཕྲག་ཉི་ཤུ་ལས། །ལྷག་མ་རྣམས་ལ་སུམ་ཆ་ཕྱེད། །དངོས་པོ་ལ་ནི་དྲུག་འགྱུར་རོ། །ཡན་ལག་རྣམ་ལ་གསུམ་གསུམ་ཕྱེད། །རབ་ཀྱིས་གདམས་པ་ཉིས་འགྱུར་ཚེ། །རབ་ཀྱིས་ལྷག་མ་ཕྱེད་ཕྱེད་དོ། །འབྲིང་ལ་གདམས་པ་ཉི་ཤུ་གཅིག །ལྷག་མ་ལ་ནི་བཞི་བཞིའོ། །ཐ་མ་ལ་ནི་ཉིས་འགྱུར་རོ། །གསུམ་གསུམ་ལ་ནི་ཕྲག་ཡས་དྲུག །ལྷག་མ་གསུམ་ནི་རེ་རེའོ། །དེ་ནས་བཞི་ནི་དྲུག་འགྱུར་རོ། །དབང་པོའི་ཡུལ་ནི་སུམ་ཆ་སྟེ། །ལམ་ལ་ལྔ་ལྔ་ཟུང་དུ་འཇུག །བཞི་ལ་གསུམ་གསུམ་དགུ་འགྱུར་རོ། །འབྲས་བུ་ལ་ནི་དྲུག་འགྱུར་རོ། །ལྷག་མ་རྣམས་ལ་ཕྱེད་ཕྱེད་དོ། །གསུམ་ལ་ཕྱེད་ནི་དྲུག་དྲུག་གོ། །དེ་དག་རྣམས་ལ་སོ་སོའི་ལུང་། །མདོ་ནི་རྣམ་པ་བཅོ་བརྒྱད་ལས། །ལྔ་ལྔ་ཟུང་དང་ཕྱེད་འགྱུར་རོ། །བདེ་བ་སྟོང་པ་ཉིད་ལས་ནི། །དང་པོ་བར་དང་ཐ་མར་འགྱུར། །སྟོང་པའི་ལམ་ནི་འདུས་པའོ། །དེ་རྣམས་ལ་ནི་དང་པོའོ། །བདེན་པ་འདུས་པས་བཞི་སྣང་ལ། །ལམ་ནི་དྲུག་དྲུག་ཕྱེད་སྣང་ངོ་། །


DNG003_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་གསང་བའི་གནས་དྲུག་ཡིན། །ཆོ་འཕྲུལ་ཡིག་འབྲུ་གསུམ་དག་ཡིན། །དྲན་པ་ལ་ནི་སུམ་འགྱུར་རོ། །ཤེས་པའི་དུས་ནི་གཅིག་ཤེས་སོ། །སྣང་བ་མཐོང་བའི་ཡུལ་དུས་ནས། །ཡུལ་ལས་ཐེ་ཚོམ་གཉིས་ཡིན་ནོ། །གཉིས་གཉིས་གསུམ་འགྱུར་དགུ་སྣང་སྟེ། །ཕྱག་མཚན་སུམ་ཅུ་རྩ་གཉིས་འགྱུར། །མཚན་མ་སྣང་བའི་རྒྱུ་དྲུག་ལས། །སོ་སོའི་ལམ་ནི་བརྒྱད་ཕྲག་གོ། །གསང་བའི་ལམ་ནི་བདུན་ཅུ་གཉིས། །རྒྱུ་ལས་གནས་པ་དྲུག་འགྱུར་རོ། །རྟགས་ལ་གཉིས་གཉིས་ལམ་འགྱུར་ཚེ། །གསང་བའི་སྐུ་གསུམ་གཉིས་ཏེ་དྲུག །དང་པོ་དཀར་དམར་གཉིས་དག་ལས། །ཐ་མ་དཀར་དམར་ལྔ་འགྱུར་རོ། །དེ་དག་རྣམས་ལ་ཕྱེད་ཕྱེད་དོ། །རྣམ་པར་འཕྲོ་བ་ཉིད་ཀྱང་ཡིན། །རྟགས་ཀྱི་ལྷག་མ་བཞི་བཞིའོ། །བྱ་བྲལ་འབྲས་བུ་ཐོབ་པའི་ཚེ། །ལྷག་མའི་ངེས་ཤེས་སུམ་ཆ་ཕྱེད། །སྟོང་པ་ཉིད་ནི་བདུན་འགྱུར་རོ། །ལྷག་མའི་འབྲས་བུ་གཅིག་ཏུ་གསལ། །ཆོས་ཀྱི་རྒྱུ་ནི་བདུན་གཉིས་ལས། །རྟོགས་པའི་འབྲས་བུ་དེ་ཕྲག་གོ། །གཅོད་བྱེད་ཤེས་རབ་དེ་བཞིན་ཆ། །དང་པོ་ལས་ཀྱི་ཕྱེད་བཀྱེད་པ། །རང་རང་སྣང་བ་རྫོགས་པར་བཤད། །དེ་འོག་ལས་ནི་ཉིས་འགྱུར་ལས། །དབང་གི་སྣང་བ་ཉིས་འགྱུར་རོ། །ཕྱེད་མ་ལས་ནི་ཕྱེད་འགྱུར་བ། །དེ་ཡི་འབྲས་བུ་རྫོགས་པའོ། །དེ་དག་དྲུག་ཆ་ཉིས་འགྱུར་ལས། །ཐད་ཀའི་འབྲས་བུ་རྫོགས་པའོ། །དེ་ཡི་སྣང་གསུམ་རྫོགས་པ་ལས། །ཞིང་ཁམས་རྣམ་པ་དྲུག་འགྱུར་རོ། །ལས་ཀྱི་འབྲས་བུ་ཉིས་འགྱུར་ལས། །དབང་རྫོགས་འབྲས་བུ་གཉིས་ཡིན་ནོ། །དབང་རྫོགས་འབྲས་བུ་ཉིས་འགྱུར་ལས། །རང་བཞིན་དབང་གི་འབྲས་བུ་དྲུག །དེ་ནི་ཕྱེད་དང་ཉིས་འགྱུར་ལས། །བཞི་རྫོགས་དབང་གི་འབྲས་བུའོ། །དེ་ཡི་རང་བཞིན་དྲུག་ལས་ནི། །ལམ་གྱི་དབང་གི་འབྲས་བུའོ། །དེ་ཡི་གཅོད་བྱེད་ཉིས་འགྱུར་ལས། །རང་བཞིན་དབང་བའི་འབྲས་བུ་དྲུག །དེ་ནི་ཕྱེད་དང་ཉིས་འགྱུར་ལས། །བཞི་རྫོགས་དབང་གི་འབྲས་བུའོ། །དེ་ཡི་རང་བཞིན་དྲུག་ལས་ནི། །ཁམས་ཀྱི་དབང་གི་འབྲས་བུའོ། །དེ་ཡི་གཅོད་བྱེད་རྣམ་དྲུག་ལས། །རིག་པ་རྩལ་དབང་འབྲས་བུའོ། །དེ་ཡི་འགྱུར་མེད་འབྲས་བུ་ལས། །འབྲས་བུའི་དབང་གི་


DNG003_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུའོ། །དེ་ཉིད་རྣམ་པ་གསུམ་ལས་ནི། །གཞི་ལམ་དབང་གི་འབྲས་བུའོ། །དེ་ཡི་ལུང་ནི་རྣམ་བཞི་ལས། །ཡིད་ཆེས་དབང་གི་འབྲས་བུའོ། །དེ་ཡི་ལས་ནི་རྣམ་བདུན་ལས། །མཚོན་པ་དབང་གི་འབྲས་བུའོ། །དེ་ལྟར་རྫོགས་བྱེད་ལམ་ལྔ་ལས། །བློ་གཞན་དབང་གི་འབྲས་བུའོ། །དེ་ལྟར་རྟོགས་པའི་སྐྱེས་བུ་དེས། །སྐྱེ་མེད་ས་ལ་རྣམ་པར་ཕྱིན། །མཐར་ཕྱིན་དབང་གི་འབྲས་བུའོ། །རྫོགས་སངས་རྒྱས་དང་མཉམ་སྦྱོར་བ། །དཀྱིལ་འཁོར་ཐམས་ཅད་མ་བསྒྲུབས་འགྲུབ། །ཐེ་ཚོམ་རྟོག་པ་ཆོད་པའོ། །ཞེས་རྫོགས་པ་རང་བྱུང་ཆེན་པོའི་རྒྱུད་ལས། དབང་རིན་པོ་ཆེ་འཁོར་ལོ་རྣམ་པར་བཤད་པའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པའོ། །རྫོགས་སོའོ།། །།གཏེར་ནས་གཏེར་དུ་སྩལ་པ་ལགས། །སྔགས་ཀྱི་སྲུང་མས་སྲུངས་ཤིག །བཅོམ་ལྡན་འདས་དཔལ་ཁྲག་འཐུང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་ནས་སྒྲ་ཐམས་ཅད་གཏན་ལ་ཕབ་པའི་མན་ངག །དོན་དང་ཡེ་ཤེས་ཀྱི་འདྲེལ་པ། གསང་སྔགས་ཀྱི་ལྟ་ཕུག །དོན་ཐམས་ཅད་ཀྱི་འདུས་ས། ཡེ་ཤེས་ཆེན་པོའི་མདོ་འདི་བསྟན་ཏེ། དེ་ལ་སྒྲའི་སྡོམ་བྱང་འདི་ལྟ་སྟེ། ཐམས་ཅད་དུ་སྒྲ་གར་གྲགས་པར། རང་བཞིན་རང་བྱུང་གི་ཐུགས་རྗེའི་ཡི་གེར་འདི་ལྟར་ཤེས་པར་བྱའོ། །དེ་ལ་འོག་ནས་བཤད་དེ། ཨཿནི་སྐྱེ་མེད་ཀྱི་ཡི་གེར་ཀུན་ཏུ་ཤེས་པར་བྱའོ། །ཧ་ནི་དག་པའི་ཡི་གེར་ཤེས་པར་བྱའོ། །ས་ནི་མི་འགྱུར་བའི་ཡི་གེར་ཤེས་པར་བྱའོ། །ཤ་ནི་ཤེས་རབ་ཀྱི་ཡི་གེར་ཤེས་པར་བྱའོ། །ལ་ནི་གཅོད་བྱེད་ཀྱི་ཡི་གེར་ཤེས་པར་བྱའོ། །ར་ནི་རང་བྱུང་ཐུགས་རྗེའི་ཡི་གེར་ཤེས་པར་བྱའོ། །ཡ་ནི་རང་སྣང་གི་ཡི་གེར་ཤེས་པར་བྱའོ། །འ་ནི་འགག་མེད་ཀྱི་ཡི་གེར་ཤེས་པར་བྱའོ། །ད་ནི་མཚོན་པའི་ཡི་གེར་ཤེས་པར་བྱའོ། །ཀ་ནི་སྐུ་གསུམ་གྱི་ཡི་གེར་ཤེས་པར་བྱའོ། །ཁ་ནི་གཉིས་སྣང་གི་ཡི་གེར་ཤེས་པར་བྱའོ། །ག་ནི་སྐྱོབ་པའི་ཡི་གེར་ཤེས་པར་བྱའོ། །ང་ནི་འཁོར་བའི་ཡི་གེར་ཤེས་པར་བྱའོ། །ཅ་ནི་ལྕི་བའི་ཡི་གེར་ཤེས་པར་བྱའོ། །ཆ་ནི་རྒྱན་གྱི་ཡི་གེར་ཤེས་པར་བྱའོ། །ཇ་ནི་སྣང་བའི་ཡི་གེར་ཤེས་པར་བྱའོ། །ཉ་ནི་ཤེས་པའི་ཡི་གེར་ཤེས་པར་བྱའོ། །ཏ་ནི་རྟག་པའི་ཡི་གེར་ཤེས་པར་བྱའོ། །ཐ་ནི་ཤིན་ཏུ་འཐུག་པའི་ཡི་གེར་ཤེས་


DNG003_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱའོ། །ད་ནི་ཆད་པའི་ཡི་གེར་ཤེས་པར་བྱའོ། །ན་ནི་ལུས་ཀྱི་ཡི་གེར་ཤེས་པར་བྱའོ། །པ་ནི་སྟོང་པའི་ཡི་གེར་ཤེས་པར་བྱའོ། །ཕ་ནི་ཐབས་ཀྱི་ཡི་གེར་ཤེས་པར་བྱའོ། །བ་ནི་མ་རིག་པའི་ཡི་གེར་ཤེས་པར་བྱའོ། །མ་ནི་གཞི་མཉམ་པའི་ཡི་གེར་ཤེས་པར་བྱའོ། །ཙ་ནི་ལམ་གྱི་ཡི་གེར་ཤེས་པར་བྱའོ། །ཚ་ནི་འབྱུང་བའི་ཡི་གེར་ཤེས་པར་བྱའོ། །ཛ་ནི་འཛིན་པའི་ཡི་གེར་ཤེས་པར་བྱའོ། །མཚན་མ་ལམ་གྱི་ཡི་གེ་ནི། །ཝ་ཞེས་བྱ་བ་ཤིན་ཏུ་ཉུང་ངོ་། །ཞ་ནི་བཞག་ཐབས་ཀྱི་ཡི་གེར་ཤེས་པར་བྱའོ། །ཟ་ནི་སྣང་བ་རང་ལོག་པའི་ཡི་གེར་ཤེས་པར་བྱའོ། །དེ་ལ་འདོགས་དང་ཡན་ལག་ནི། །དང་པོའི་དབང་དུ་འབོད་པར་བྱའོ། །སྒྲ་མི་ཤེས་པའི་ཡི་གེ་ནི་འདི་ལྟ་སྟེ། །ཐ་ལ་ར་བཏགས་བྱུང་བ་ནི། ཐར་ཞེས་འབོད་པར་བྱའོ། །ཨ་ཡང་དེ་བཞིན་ནོ། །དེ་བཞིན་དུ་ན་དང་། ཞ་དང་། ཟ་དང་། འ་དང་། ཨ་དང་། ར་སྟ་མི་འབྱུང་བ་ཐམས་ཅད་ལ་དེ་བཞིན་དུ་འབོད་པར་བྱའོ། །ཏ་ལ་ཡ་བཏགས་བྱུང་བ་ན། །ཏད་ཞེས་བྱ་བར་འབོད་པར་བྱའོ། །ཐ་ལ་བྱུང་ན། ཆེ་ཞེས་བྱ་བ་འབོད་པར་བྱའོ། །ད་ལ་བྱུང་ན། སྲིད་ཅེས་བྱ་བ་འབོད་པར་བྱའོ། །ན་ལ་བྱུང་ན། ར་ཞེས་འབོད་པར་བྱའོ། །འ་ལ་བྱུང་ན་འོད་ཅེས་འབོད་པར་བྱའོ། །ཙ་ལ་བྱུང་ན་ཙན་ད་ཞེས་འབོད་པར་བྱའོ། །ང་ལ་བྱུང་ན། ཏྲི་ཞེས་འབོད་པར་བྱའོ། །ཉ་ལ་བྱུང་ན་མཉན་ཞེས་འབོད་པར་བྱའོ། །ས་ལ་བྱུང་ན། སིན་ཞེས་འབོད་པར་བྱའོ། །ཨ་ལ་བྱུང་ན། བྲིད་ཅེས་འབོད་པར་བྱའོ། །ཅ་ལ་བྱུང་ན། འདུད་ཅེས་འབོད་པར་བྱའོ། །ཆ་ལ་བྱུང་ན། ཨོཾ་ཞེས་འབོད་པར་བྱའོ། །ཇ་ལ་བྱུང་ན། ལྟེ་བ་ཞེས་འབོད་པར་བྱའོ། །ཧ་ལ་བྱུང་ན། སིབ་ཞེས་འབོད་པར་བྱའོ། །དེ་མ་ཡིན་པའི་མི་རིགས་པ་གང་ལས་བྱུང་ཡང་། འོད་ཅེས་བྱ་བར་འབོད་དོ། །དེ་ཡང་རྡོ་རྗེ་སེམས་དཔའི་སྒྲ་དོན་གྱི་མན་ངག་ཏུ་བཤད་པའོ། །དེ་བཞིན་དུ་སྒྲ་ལས་ཐབས་ཀྱི་ཡན་ལག་འབྱུང་བར་བསྟན་པའོ། །སྔགས་ཀྱི་གཏན་ཚིགས་རྒྱས་པར་བསྟན་པའི་ལེའུ་སྟེ་ཉེར་ལྔ་པའོ།། །།ཨི་ཐི། གྷུ་ཧྱ། ཁ་ཐམ་རྫོགས་སོ། །རྫོགས་པ་རང་བྱུང་གི་རྒྱུད་མ་བུ་བཅུ་གཉིས་པ་རྫོགས་སོ།། །།

ཡི་གེ་མེད་པའི་རྒྱུད་ཆེན་པོ་ཞེས་བྱ་བ། རིན་པོ་ཆེ་རྒྱལ་མཚན་གྱི་རྒྱུད། རྒྱལ་པོའི་གདུང་རྒྱུད། ལྟ་བ་ནམ་མཁའ་དང་མཉམ་པའི་རྒྱུད་ཆེན་པོ།


DNG003_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨ་ནཀྵ་ར་མ་ཧཱ་ཏནྟ་ནཱ་མ་རཏྣ་དྷཱ་ཛ་རཱ་ཛ་སནྟ་ཏི་དྲྀཥྚི་ག་ག་ན་ས་མ་མ་ཧཱ་ཏནྟྲ། བོད་སྐད་དུ། ཡི་གེ་མེད་པའི་རྒྱུད་ཆེན་པོ་ཞེས་བྱ་བ། རིན་པོ་ཆེ་རྒྱལ་མཚན་གྱི་རྒྱུད། རྒྱལ་པོའི་གདུང་རྒྱུད། ལྟ་བ་ནམ་མཁའ་དང་མཉམ་པའི་རྒྱུད་ཆེན་པོའོ། །ཨཱཿབཅོམ་ལྡན་འདས་སྐུའི་སྣང་བ་རྒྱ་ཆེར་སྟོན་པ་ཉིད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་བསྟན་པའི་དུས་གཅིག་ན། རྒྱུད་ཐམས་ཅད་བཤད་དུ་མེད་དོ། །མཚན་མ་མེད་པའི་ཀློང་དུ་འདས་ཤིང་བཤད་དུ་མེད་དོ། །ལུང་ཐམས་ཅད་བསྟན་དུ་མེད་དོ། །མ་བཅོས་པའི་ཀློང་དུ་འདས་ཤིང་རྩོལ་བསྒྲུབ་མེད་པའོ། །མན་ངག་ཐམས་ཅད་མཚོན་དུ་མེད་པའོ། །མ་བསླད་པའི་ཀློང་དུ་འདས་ཤིང་། བསྒྲུབ་ཏུ་མེད་པའོ། །ཨེ་མ་ཧོ། ཉོན་ཅིག་སྣང་བ་དམ་པའི་འཁོར་རྣམས། སྣང་བ་ཐབས་ཀྱི་འཁོར་ལ་གནས་ལུགས་ཀྱི་རིག་པ་མ་འགགས་པར་གསལ་ལོ། །དེ་སྐད་ཅེས་རིག་པའི་གནས་ནས་སྔར་མ་གསུངས་སོ། །ད་ལྟ་ཉིད་དུ་མི་གསུང་ངོ་། །ཕྱིས་གསུང་བར་མི་འགྱུར་རོ། །ཨོཾ་འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ཆོས་ཉིད་རང་སྣང་གི་ནམ་མཁའ་ལ། སྟོབས་ཀྱི་རིག་པ་མ་འགགས་པར་ཤར་བའི་ཚེ། སྟོན་པ་ཉིད་སྣང་བ་མེད་པའི་སྐུས་བརྒྱན་པའི་ཀློང་ན་བཞུགས་ཏེ། དེའི་ཚེ་འཁོར་ནི་མི་སྣང་བའི་སྣང་བ་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་སོ། །དེ་ནས་དེ་ཡི་ཚེ་ཡིད་རྟོག་པ་དང་བཅས་པས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་རིག་པའི་རྒྱལ་པོ་ཉིད། སངས་རྒྱས་རྣམས་ཀྱི་ལྟ་བའི་དོན་གང་ལགས། དགོངས་པའི་དོན་ཇི་ལྟ་བུ་ལགས། ལུང་བསྟན་དུ་གསོལ། ཐབས་བསྟན་དུ་གསོལ། །ཞེས་ཞུ་བ་ཉིད་རབ་ཏུ་ཞུས་སོ། །དེ་ནས་ཡང་སྣང་བ་མེད་པའི་ཀློང་ནས། སྟོན་པ་མེད་པའི་རིག་པས་བཀའ་སྩལ་པ། ཀྱེ་མ་ཀྱེ་མ་མེད་བཞིན་དུ། སྣང་བའི་འཁོར་རྣམས་རབ་ཏུ་ཉོན་ཅིག །ང་རང་བྱུང་ཡེ་ཤེས་ཀྱི་ལྟ་བ་ལ་བཅད་པའི་ཡུལ་མེད་དོ། །སྔར་འདས་པ་མེད་དོ། །ཕྱིས་འབྱུང་བ་མེད་དོ། །ད་ལྟར་སྣང་བ་གང་ཡང་མེད་དོ། །ལས་མེད་དོ། །བག་


DNG003_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་མེད་དོ། །མ་རིག་པ་མེད་དོ། །སེམས་མེད་དོ། །ཡིད་མེད་དོ། །ཤེས་རབ་མེད་དོ། །འཁོར་བ་མེད་དོ། །མྱ་ངན་ལས་འདས་པ་མེད་དོ། །རིག་པ་ཉིད་ཀྱང་ཡོད་པ་མ་ཡིན་ནོ། །ཡེ་ཤེས་ཀྱི་སྣང་བ་གང་ཡང་མེད་དོ། །དེ་ཐམས་ཅད་འཛིན་པ་མེད་པ་ལས་བྱུང་ངོ་། །ཀྱེ་མ་ང་རང་བྱུང་གི་ཡེ་ཤེས་ལ་སྲོག་མེད་པས། དགེ་སྡིག་གི་མཐའ་ལས་འདས་པའོ། །ཨ་ཧོ། ང་རང་བྱུང་གི་ཡེ་ཤེས་ལ་བྱ་བྱེད་མེད་པས། ཕྱི་ཡུལ་དང་ནང་སེམས་ལས་འདས་པའོ། །ཨེ་མ་ཧོ། ང་རང་བྱུང་གི་ཡེ་ཤེས་གཞི་ལས་མ་གཡོས་པས། སྣང་བའི་རྟོག་པ་ཆོད་པའོ། །ཨ་ཨ། ང་རང་བྱུང་གི་ཡེ་ཤེས་ལ་འདུ་འབྲལ་མེད་པས། སྐུ་མངོན་པར་སྣང་བ་ཉིད་དོ། །ཧ་ཧ། ང་རང་བྱུང་གི་ཡེ་ཤེས་ལ་གཟིགས་སྣང་གི་མཐའ་དང་བྲལ་བས་ཡུལ་ཀུན་ལས་འདས་པ་ཉིད་དོ། །ཨེ་ཧཱ། ང་རང་བྱུང་གི་ཡེ་ཤེས་ལ་རྩིས་མེད་པས་གཟུང་འཛིན་ལས་འདས་པ་ཉིད་དོ། །ཨེ་ཨཱ། ང་རང་བྱུང་གི་ཡེ་ཤེས་ལ་ཕྱི་ནང་གཉིས་དང་བྲལ་བས་སྐྱོན་དང་ཡོན་ཏན་ལས་འདས་པའོ། །ཨེ་ཨཱ། ང་རང་བྱུང་གི་ཡེ་ཤེས་ལ་འཁྲུལ་པ་ཀ་ནས་དག་པས། ཡིན་མིན་གྱི་མཐའ་ལས་འདས་པའོ། །ཧ་ཧེ། ང་རང་བྱུང་གི་ཡེ་ཤེས་ལ་ཆོས་མེད་པས་ཐབས་ལས་འདས་པ་ཉིད་དོ། །ཨེ་ཧ། ང་རང་བྱུང་གི་ཡེ་ཤེས་ལ་འགྱུ་བྱེད་མེད་པས་ཤེས་རབ་ལས་འདས་པའོ། །ཨེ་མ་ཧོ། ང་ལ་སྟོང་པ་དང་སྣང་བ་མ་སྤངས་པར་རྫོགས་པའོ། །ང་ཉིད་ལ་གནས་ལུགས་དང་སྣང་ཐབས་གཉིས་མ་སྤངས་པར་རྫོགས་པའོ། །ང་ཉིད་ལ་ཡུལ་སེམས་གཉིས་མ་སྤངས་པར་རྫོགས་པའོ། །ང་ཉིད་ལ་སྲོག་དང་གཅོད་པ་གཉིས་མ་སྤངས་པར་རྫོགས་པའོ། །ང་ཉིད་ལ་སྡིག་པ་དང་རྣམ་སྨིན་གཉིས་མ་སྤངས་པར་རྫོགས་པའོ། །ང་ཉིད་ལ་བདག་དང་བདག་གིར་འཛིན་པ་གཉིས་མ་སྤངས་པར་རྫོགས་པའོ། །ང་ཉིད་ལ་རྟོག་པ་དང་དངོས་པོ་གཉིས་མ་སྤངས་པར་རྫོགས་པའོ། །ང་ཉིད་ལ་མཐོང་བ་དང་སྤྱོད་བྱེད་གཉིས་མ་སྤངས་པར་རྫོགས་པའོ། །ང་ཉིད་ལ་ཤེས་པ་དང་འཛིན་བྱེད་གཉིས་མ་སྤངས་པར་རྫོགས་པའོ། །ང་ཉིད་ལ་བྱེད་པ་དང་འཛིན་བྱེད་གཉིས་


DNG003_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

མ་སྤངས་པར་རྫོགས་པའོ། །ཀྱེ་མ་ང་ལ་སྐྱེ་དང་འཆི་བ་མེད་པས། །འགགས་པའི་ཆོས་ཉིད་ཡོངས་སུ་རྫོགས། །ང་ལ་ཕྱི་དང་ནང་མེད་པས། །གསལ་བའི་ཆོས་རྣམས་ཡོངས་སུ་རྫོགས། །ང་ལ་སྟོང་དང་དངོས་མེད་པས། །སྣང་བའི་ཆོས་ནི་ཡོངས་སུ་རྫོགས། །ང་ལ་དམིགས་པའི་ཡུལ་མེད་པས། །མཐོང་བའི་ཆོས་ནི་ཡོངས་སུ་རྫོགས། །ང་ལ་ལུས་དང་སེམས་མེད་པས། །རང་སྣང་ཆོས་ནི་ཡོངས་སུ་རྫོགས། །ང་ལ་བདག་དང་གཞན་མེད་པས། །རིག་པའི་ཆོས་ལྔ་ཡོངས་སུ་རྫོགས། །ང་ལ་བྱེད་པའི་རྒྱུ་མེད་པས། །བསམ་གཏན་ཆེན་པོ་ཡོངས་སུ་རྫོགས། །ང་ལ་ཕྱིན་པའི་ཡུལ་མེད་པས། །རང་སྣང་ཡུལ་ནི་ཡོངས་སུ་རྫོགས། །ང་ལ་ཕྱོགས་དང་རིས་མེད་པས། །གསང་བའི་ཡེ་ཤེས་ཡོངས་སུ་རྫོགས། །ང་ལ་སྣང་བ་འགག་མེད་པས། །དབྱིངས་ཀྱི་ཆོས་གསུམ་ཡོངས་སུ་རྫོགས། །ང་ལ་གཅིག་དང་གཉིས་མེད་པས། །ཐིག་ལེའི་ཆོས་རྣམས་ཡོངས་སུ་རྫོགས། །ང་ལ་མུན་དང་སྣང་མེད་པས། །མངོན་པར་སྣང་བའི་ཆོས་རྣམས་རྫོགས། །ང་ལ་བདག་རྟོག་གཉིས་མེད་པས། །སྟོང་པའི་ཆོས་ནི་ཡོངས་སུ་རྫོགས། །ང་ལ་དྲི་མ་གཉིས་མེད་པས། །གསལ་བའི་ཆ་ལྔ་ཡོངས་སུ་རྫོགས། །ང་ལ་སྐུ་ལྔ་རང་སྣང་བས། །ཞིང་ཁམས་ཐམས་ཅད་ཡོངས་སུ་རྫོགས། །ང་ལ་སྤྲོ་ཞིང་བསྡུ་མེད་པས། །ཡི་གེའི་དོན་རྣམས་ཡོངས་སུ་རྫོགས། །ང་ནི་འགྲན་པའི་ཟླ་མེད་ཀུན་ལས་རྒྱལ་བ་ཡིན། །ང་ནི་བཅོས་པའི་ཚིག་མེད་ཀུན་ལས་འཕགས་པ་ཡིན། །ང་ལ་མཐོང་བའི་ཡུལ་མེད་ཀུན་ལ་ཁྱབ་པ་ཡིན། །ང་ལ་གནས་པའི་ས་མེད་ཀུན་ལ་བརྟེན་པ་ཡིན། །ང་ནི་སྟོང་པའི་སེམས་མེད་ཀུན་ལ་མཚོན་པ་ཡིན། །ང་ནི་དྲན་པའི་ཡིད་མེད་ཀུན་ལ་འཇུག་པ་ཡིན། །ང་ནི་རེ་བ་ཉིད་མེད་ཀུན་ལ་ཡངས་པ་ཡིན། །ང་ནི་གཡང་ས་མེད་ཅིང་ཀུན་ལ་འཕྲོ་བ་ཡིན། །ང་ནི་འཁྲུལ་པའི་ཡུལ་མེད་སྣང་བ་ཆེན་པོ་ཡིན། །ང་ནི་སྤྱོད་པའི་རྒྱུ་མེད་ཀུན་ལ་སྤྱོད་པ་ཡིན། །ང་ནི་ཕྱིན་པའི་གནས་མེད་ཀུན་


DNG003_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཕ་རོལ་ཕྱིན། །ང་ནི་བྱ་བྱེད་གཉིས་མེད་སྣང་བ་སོ་སོ་པའོ། །ཐམས་ཅད་འབྱུང་ཞིང་འཁྲུལ་སྣང་ང་ཡི་སེམས། །ཐམས་ཅད་གནས་པས་འཁྲུལ་སྣང་ང་ཡི་ཐུགས། །ཐམས་ཅད་སྣང་བས་འཁྲུལ་སྣང་ང་ཡི་སྐུ། །ཐམས་ཅད་གྲགས་པས་འཁྲུལ་སྣང་ང་ཡི་གསུང་། །མཐོང་བ་མ་འགགས་ང་ཡི་གཟུགས་ལྟར་སྣང་། །ཐོས་པ་མ་འགགས་ང་ཡི་སྒྲ་ལྟར་གྲགས། །སྣོམ་བྱེད་མ་འགགས་ང་ཡི་དྲི་ལྟར་ཚོར། །མྱོང་བྱེད་མ་འགགས་ང་ཡི་རོ་ལྟར་བདའ། །ཚོར་བྱེད་མ་འགགས་ང་ཡི་ཡིད་ལྟར་མགྱོགས། །གསང་བའི་ཉོན་མོངས་ང་ཡི་ཆོ་འཕྲུལ་ཏེ། །སངས་རྒྱས་སེམས་ཅན་ང་ཡི་དུར་ས་ཡིན། །ཀུན་བྱེད་ང་ནི་སྣང་བ་རང་གསལ་ཆ། །སྣང་བ་མེད་པ་ཐོག་མའི་དུས་ཀྱི་ཚེ། །གཅོད་བྱེད་མགྱོགས་པའི་ཡིད་དྲུག་མ་འགགས་པས། །དྲན་བྱེད་མ་འགགས་ཚོགས་དྲུག་ལྷུག་པར་ཤར། །ཐོགས་པ་མེད་པའི་རླུང་ལྔ་བསྐྱོད་པ་ཡིས། །ཕོ་བྲང་མ་བཀོད་སྣང་བ་རྒྱ་ཡིས་བཏབ། །ཡེ་ནས་དག་པའི་སྐུ་ལྔ་འདུ་འབྲལ་མེད། །ཐབས་ལ་ཞེན་མེད་སྣང་བ་ལྷུག་པར་འཆར། །ཆགས་པ་མེད་པས་སྐུ་ལྔ་ཕྱི་ནང་མེད། །ཡངས་ཆེན་དག་པའི་སྐུ་ལྔ་རང་མངའ་བས། །སྟོང་པ་ཉིད་ཀྱི་སྣང་བ་རང་ཤར་བས། །ཕྱིན་པ་མེད་པའི་གནས་སུ་ཕ་རོལ་ཕྱིན། །སྟོང་པ་ཆེན་པོའི་སྤྱོད་ཡུལ་རང་གསལ་བས། །རྟོག་པ་མེད་པའི་སངས་རྒྱས་ཉག་གཅིག་མཐོང་། །བྱས་པ་མ་ཡིན་འཁོར་བའི་གདོས་ཐག་བཅད། །སངས་རྒྱས་པས་ཀྱང་སྐུ་གཅིག་གཅིག་གིས་བརྒྱན། །ཡེ་ཤེས་ལས་ནི་ཁྱད་པར་ཆེན་པོས་འཕགས། །ཀྱེ་མ། བསད་བཅད་ལས་ལ་དགའ་ན་སྣང་བ་ཆེན་པོ་གསལ། །སེམས་ཅན་ཐམས་ཅད་བསྒྲལ་ན་རང་སྣང་མ་དང་ཕྲད། །རྒྱུ་འབྲས་རྩད་ནས་བཅད་ན་རྒྱུ་དྲུག་རྩལ་གསུམ་འབྱོངས། །དགེ་བའི་རྒྱུན་ཐག་བཅད་ན་ལུ་གུ་རྒྱུད་དང་ཉེ། །ཕྱི་ནང་བྱ་བ་བཏང་ན་སྣང་བ་རྒྱ་ཡིས་ཐེབ། །སེམས་འཛིན་ལྟ་སྒོམ་མེད་ན་ཆོས་སྐུ་དངོས་པོ་ཡིན། །ལྟ་བའི་རྩལ་གསུམ་འབྱོངས་ན་སྣང་བ་སྐུ་ཡི་ཀློང་། །བྱ་བྱེད་གཡེང་བ་མེད་ན་ཆོས་ཉིད་བདེ་བའི་ས། །གཅིག་པུར་དལ་བར་འདུག་ན་རྩལ་གསུམ་ལུས་ལ་འབྱུང་། །ཐད་ཀ་གྲོགས་


DNG003_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཤེས་ན་ཅོག་བཞག་གཅིག་གི་ངང་། །དེ་དང་རྒྱུན་དུ་གནས་ན་དེ་ལ་ཅི་ཞིག་བྱ། །སྣང་བ་ཆེན་པོ་ཀུན་ལ་ཡང་དག་གནས། །གསང་བ་སྔགས་ཀྱི་དངོས་པོ་དེ་ཉིད་དོ། །ཞེས་ཡི་གེ་མེད་པའི་རྒྱུད་གསང་བ་ཉིད་ལས། རྗེས་སུ་གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་རིག་པའི་རང་བཞིན་གང་ཡང་མ་འགགས་པར་གསལ་བའི་དགོངས་པ་ལ་སྙོམས་པར་བཞུགས་སོ། །དེ་ནས་མེད་བཞིན་དུ་སྣང་བའི་བདག་པོས་འདི་སྐད་ཅེས་ཞུས་སོ། །ཀྱེ་མ་རིག་པའི་སྐུ་རྣམ་པར་དག་པ་ཆེན་པོས། །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རིག་པའི་དགོངས་པའི་བཞག་ས་ཆེན་པོ་གསུང་དུ་གསོལ། །ཞེས་ཞུས་སོ། །དེ་ནས་གནས་ལུགས་ཀྱི་རིག་པས། སྣང་བ་ཐབས་ཀྱི་འཁོར་ལ་བཀའ་སྩལ་པ། ཀྱེ་མ། སྣང་རྒྱུད་མེད་ཀྱང་སྣང་བའི་འཁོར་རྣམས་ཉོན་ཅིག །ངས་སྒྲིབ་ཕྱོགས་ཀྱིས་མ་བསྒྲིབས་པའི་སྣང་བ་ཉིད་བསྟན་གྱིས། ཤིན་ཏུ་སྣང་བའི་དོན་ལ་མ་ཡེངས་པར་ཉོན་ཅིག །རྩ་བའི་དགོངས་པ་ཆེན་པོ་ནི། གྲངས་ནི་བཞི་ཡིས་གཏན་ལ་ཕེབས་པར་འགྱུར་རོ། །དེ་ཡང་འདི་ལྟ་སྟེ། རིག་པ་ཡེ་ཤེས་སུ་མ་ནོར་བར་བསྟན་པ། མི་འགྱུར་བ་རྩ་བའི་ལུང་ཆེན་པོ། ཡངས་པ་ཆོས་ཉིད་ཀྱི་སྣང་བ་ཆེན་པོ། དགོངས་པ་ཆོས་ཉིད་ཀྱི་སྟོབས་ཆེན་པོ། ལྟ་བ་རང་བྱུང་གི་འགྲོས་ཆེན་པོ། མི་འགྱུར་བའི་གཟེར་ཡིག་ཆེན་པོ། བརྟགས་པར་དཀའ་བའི་འཕྱོངས་ཆེན་པོ། བལྟ་བར་དཀའ་བའི་མེ་ལོང་ཆེན་པོ། བགྲོད་པར་དཀའ་བའི་ལམ་ཆེན་པོ། གནས་པར་དཀའ་བའི་ཡུལ་ཆེན་པོ། ཕྱིན་པར་དཀའ་བའི་ས་ཆེན་པོ། མེད་བཞིན་དུ་སྣང་བའི་སྣང་བ་ཆེན་པོ། གཏིང་མེད་པའི་དཔག་པར་དཀའ་བ་ཆེན་པོ། ཁྱབ་པ་མེད་པའི་ཡེ་གདངས་ཆེན་པོ། ཤེས་པ་ཆེན་པོ་ལ་གཅོད་བྱེད་ཆེན་པོ། ཡུལ་རིག་གཉིས་སུ་མེད་པའི་དགོངས་པ་ཆེན་པོ། བེམས་པོ་མེད་པའི་སྣང་བ་ཆེན་པོ། མི་འགྱུར་བའི་ཡེ་ཤེས་གསལ་བ་ཆེན་པོ། ཕྲ་བ་ལ་བཟུང་བར་དཀའ་བ་ཆེན་པོ། ཆེ་བ་ལ་མཐོང་བ་མེད་པ་ཆེན་པོ། ཟླུམ་ལ་དབྱིབས་མེད་པ་ཆེན་པོ།


DNG003_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

འཁྱུག་པ་ལ་དབུགས་མེད་པ་ཆེན་པོ། གསལ་བ་ལ་མདོག་གནག་པ་ཆེན་པོ། མེད་པ་ལ་གཉེན་པོ་ཆེན་པོ། སྣང་བ་ལ་བརྟགས་དཀའ་བ་ཆེན་པོ། སྟོང་པ་ལ་སྣང་བ་ཆེན་པོ། གཅིག་པ་ལ་རྒྱ་མ་ཆད་པ་ཆེན་པོ། གཉིས་ལྟར་སྣང་བ་ལ་ཡོངས་སུ་རྫོགས་པ་ཆེན་པོ། མཛེས་པ་ལ་རྒྱན་མེད་པ་ཆེན་པོ། གང་བ་ལ་སྟོང་པ་ཆེན་པོ། སྨིན་པ་ལ་མ་རྫོགས་པ་ཆེན་པོ། སྐུ་ལྟར་སྣང་བ་ལ་འགྲོ་འོང་མེད་པ་ཆེན་པོ། ཨེ་མ་ཧོ། ཤིན་ཏུ་གསང་བའི་དགོངས་པ་ཆེན་པོས། རང་རིག་འདུག་ཚུལ་གྱི་དེ་བཞིན་ཉིད་ལ་གནས་པར་བྱ་སྟེ། ཐིག་ལེ་ཉག་གཅིག་ཡེ་ཤེས་ཀྱི་གནས་ལུགས་ཆེན་པོ་ནི། གང་གི་ཕྱོགས་སུ་བལྟས་པས་གྲུབ་པ་མེད་པ་ཉིད་དོ། །དེ་ཡང་རིགས་ཀྱི་བུ་གྲོང་ཁྱེར་ཆེན་པོ་ལས་འདས་ཏེ། ནགས་ཀྱི་ཀློང་ཆེན་པོའི་དགོན་པར་གནས་པར་གྱིས་ཤིག །ཕྱི་ནང་གི་བྱ་བ་དང་བྲལ་བར་བྱས་ཏེ། ལྟ་བའི་འཁྱེར་སོ་ཆེན་པོ་བཞི་པོ་འདི་དང་མ་བྲལ་ན། སངས་རྒྱས་ཀྱི་བདེན་པ་དང་མ་བྲལ་བར་བར་དོ་མེད་པར་སྐད་ཅིག་མ་ལ་འཚང་རྒྱའོ། །ཐུགས་རྗེའི་སྒོ་མ་འགགས་པར་སྤྲུལ་པ་ཆེན་པོ་ཕྱོགས་བཅུར་མཛད་དོ། །དེ་ཡང་འདི་ལྟར་ཤེས་པར་བྱའོ། །རི་བོ་ཅོག་བཞག་གི་ལྟ་བ་དང་། རྒྱ་མཚོ་ཅོག་བཞག་གི་དགོངས་པ་དང་། རིག་པ་ཅོག་བཞག་གི་མན་ངག་བསྟན་པ་དང་། སྣང་བ་ཅེར་བཞག་གི་ཐབས་བསྟན་པའོ། །ཨེ་མ་ཧོ། སངས་རྒྱས་ཆེན་པོའི་མཛད་སྤྱོད་ནི། །ཅོག་བཞག་བཞི་ལས་གཡོ་བ་མེད། །སངས་རྒྱས་ཉིད་ཀྱི་མཛད་པ་ནི། །དེ་ལས་མེད་པར་ང་ཡིས་བསྟན། ཨ་ཨཿ། རི་བོ་ཅོག་བཞག་ལྟ་བ་གསང་བ་ཉིད། །ཐེ་ཚོམ་ཡོད་པ་མ་ཡིན་འགྱུར་བ་ངང་གིས་མེད། །དེ་ཡང་ནམ་མཁའ་ཉིད་ཀྱི་ངང་ལ་རྣམ་པར་གསལ། །དོན་གྱི་ངོ་བོ་དེ་ཉིད་ལ། །བྱས་པ་མ་ཡིན་བྱེད་མཁན་ག་ལ་ཡོད། །བཅོས་པ་མ་ཡིན་བཅོས་པའི་བདག་པོ་མེད། །ལྟ་བ་མ་ཡིན་ལྟ་བྱེད་ཆོས་དང་བྲལ། །མཐོང་བ་མ་ཡིན་མཐོང་བྱེད་རྣམ་པར་གསལ། །སྣང་བྱེད་མ་ཡིན་སྣང་བའི་ཕྱོགས་དང་བྲལ། །བྲི་བ་མ་ཡིན་ཐོགས་མེད་ཕྱོགས་བཅུར་


DNG003_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ། །རྩོལ་བ་མ་ཡིན་རྩོལ་བསྒྲུབ་ཆོས་དང་བྲལ། །གཅིག་པུ་མ་ཡིན་དུ་མའི་ཆོས་དང་བྲལ། །ཕྱི་ནང་མེད་པས་ཕྱི་ནང་མེད་པར་གསལ། །བལྟ་བྱ་མ་ཡིན་རྟག་ཆད་གཉིས་ལས་འདས། །དེ་ལ་བལྟ་བ་མེད་པས་དེ་ལ་བལྟ་རུ་མེད། །ལྟ་བའི་དོན་ལས་མི་འདའ་ལྟ་བ་ངང་གིས་མེད། །དེ་ཡོད་མ་ཡིན་དེ་ཡི་ངང་དུ་གནས་པར་བྱ། །ཨེ་ཨཱེཿ། རྒྱ་མཚོ་ཅོག་བཞག་དག་གི་དགོངས་པ་ནི། །སྣང་བ་མ་ཡིན་སྣང་བར་བྱེད་པ་མིན། །སྟོང་པ་མ་ཡིན་སྟོང་པར་ཡོད་མ་ཡིན། །གསལ་བ་མ་ཡིན་གསལ་བ་ཆེན་པོའི་ཡུལ། །བྱིང་བ་མ་ཡིན་རྒོད་པ་ངང་གིས་མེད། །མ་གཡོས་མི་གཡོ་གཡོ་བར་མི་འགྱུར་ཏེ། །མ་སྤྱད་མི་སྤྱོད་སྤྱོད་པ་ཀུན་ལས་འདས། །བྱས་པས་མ་བྱུང་བཞག་ཐབས་ཆེན་པོ་ལྟོས། །སྤྲོ་བསྡུ་མ་བྱེད་ཅོག་བཞག་གཅིག་གི་ངང་། །གནས་པ་མ་ཡིན་དེ་ལས་འདས་པ་མེད། །གསང་བའི་ཡེ་ཤེས་རྒྱ་མཚོ་ལྟ་བུ་ལ། །ཡེ་ཤེས་ལྷུན་འབྱམས་མ་བསྐྱོད་དབྱིངས་སུ་ཞོག །གཏིང་དཔག་དཀའ་བའི་རྒྱ་མཚོ་ཆེན་པོ་ནས། །ནུབ་པ་མེད་པའི་རྒྱལ་མཚན་རྩེ་ལ་ལྟོས། །སྟོང་པའི་སེམས་མེད་མ་བཅོས་ཆེན་པོའི་སྐུ། །བྱས་པ་མེད་པས་བྱེད་པ་ཀུན་ལས་རྒྱལ། །ཡེ་ནས་མ་བཅོས་རང་བྱུང་ཅོག་བཞག་ཉིད། །སྣང་བ་མ་བསྒྱུར་བློ་ཡིས་མ་བཅོས་པ། །ཆོས་ཉིད་མཁའ་ལ་གནས་ན་དགོངས་པ་ཉིད་དུ་བསྟན། །ཆོས་སྐུ་ཡེ་ཤེས་བསམ་པ་ཀུན་སྤང་སྟེ། །འགྱུ་བྱེད་མེད་ན་བསྒོམ་པའི་དགོངས་པ་ཡིན། །དམིགས་པའི་ཕྱོགས་དག་མི་འཛིན་ན། །རྒྱ་མཚོའི་གཏིང་དུ་གཟའ་སྐར་ཤར་བ་བཞིན། །འཛིན་མེད་གསལ་ཆ་མ་འགགས་པས། །དགོངས་པའི་འདུག་ཚུལ་དེ་བཞིན་ནོ། །ཨཱོཾ་ཨཱོཾ་ཨཱོཾ། རིག་པ་ཅོག་བཞག་མན་ངག་ཉིད། །འདི་ནི་གསང་བའི་ཐུག་ས་ཡིན། །མིག་ནི་རབ་ཏུ་མནན་བྱ་སྟེ། །དེ་དང་འདུ་འབྲལ་མེད་པར་བརྟག །མིག་ཟུར་གཉིས་ལ་དབྱིངས་འབྱུང་བས། །འོད་ནི་ཕྲ་ལ་འཁྲིལ་བ་འབྱུང་། །དེ་ལས་ངོ་བོ་ལུ་གུ་རྒྱུད་ལྟར་འབྱུང་། །ཕྲ་དང་འཁྱུག་དང་འགྱུ་བའོ། །མིག་ནི་ནམ་མཁའི་ཁམས་སུ་བལྟ། །


DNG003_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་སྐུ་ཡི་ཐིག་ལེར་འཆར། །དེ་ཉིད་གོམས་པའི་དྲོད་རྙེད་ནས། །རིག་པའི་སྐུ་ནི་ལུ་གུ་རྒྱུད། །སྐུ་དང་བཅས་པ་སྣང་བའོ། །སྣང་བ་གཅིག་ཆོད་དགོངས་པ་ནི། །རིག་པ་ཉིད་ནི་བཞག་ས་བཙལ། །གསང་བའི་གསང་བ་ཆེན་པོ་སྟེ། །སྣང་བ་སྟོབས་ཀྱི་ཕ་རོལ་སྒྲོལ། །ཆགས་པས་མ་བཅིངས་རང་སྣང་ངོ་། །དེ་ལ་གསང་སྔགས་ཉིད་ཀྱི་སྐུ། །ལུ་གུ་རྒྱུད་དུ་རབ་ཏུ་གསལ། །ལྔ་ལྔ་ཟུང་གིས་ཀུན་ལ་ཁྱབ། །སྣ་ཚོགས་པར་ཡང་འཆར་བར་བཤད། །རིག་པའི་སྣང་བ་ཐབས་མཁས་པས། །གསང་སྔགས་ལམ་ནི་སྣ་ཚོགས་པས། །སངས་རྒྱས་སྐུ་ནི་སྣ་ཚོགས་པའོ། །འཁྲུལ་རྟོག་བློ་ནི་བསམ་མི་ཁྱབ། །དམིགས་པའི་ཡུལ་ཉིད་རྣམ་དག་པས། །མཚན་མའི་ཆོས་ནི་བརྗོད་ལས་འདས། །སྣང་བའི་རྐྱེན་ལྔ་འོད་དུ་གསལ། །ཕྲ་རགས་རིམ་པ་གཉིས་མེད་དེ། །རིག་པའི་ཡེ་ཤེས་སྐུ་ཡི་ཀློང་དུ་ཐིམ། །འགག་མེད་འོད་ལྔ་ཡུལ་སྣང་ཉིད། །གཟུགས་སྐུའི་བསམ་བཅས་ཉིད་དུ་བསྟན། །ང་ཉིད་རིག་པ་རང་སྣང་བས། །རིག་པའི་ཡེ་ཤེས་ཁྱབ་གདལ་བས། །སྣང་བ་ཆེན་པོ་གསལ་བ་རབ་ཏུ་ཆེ། །གསལ་བའི་རིག་པ་ང་ཡི་སྐུ་ལྟར་སྣང་། །བློ་ཡི་བྱེ་བྲག་བརྗོད་འདས་ཤིང་། །ཆོས་ཀྱི་སྐུ་ལ་བསམ་པ་མེད། །ཡེ་ཤེས་སྐུ་གཅིག་ཀུན་ཏུ་གསལ་བར་སྟོན། །གསང་བའི་ཡེ་ཤེས་རང་ཡིན་པས། །ཆགས་མེད་གསུང་གི་དཀྱིལ་འཁོར་ཆེ། །ཅོག་བཞག་ཉིད་དུ་ཐམས་ཅད་ཆུབ། །གསལ་བའི་ཡེ་ཤེས་ང་ཡི་ཀློང་། །རིག་པའི་གསལ་ཆ་ཕྱོགས་བཅུར་འཕྲོ། །གཅིག་བརྗོད་དུ་མ་མེད་པར་རིག །ཆོས་ཉིད་ཡེ་ནས་སྟོང་པར་གནས། །ཅོག་བཞག་ཨོ་ཡི་དགོངས་པ་ཉིད། །ལྟ་བ་དེ་ལྟར་གནས་པའོ། །ཨུ་ཨུ། སྣང་བ་ཅེར་བཞག་ཐབས་ཆེན་ནི། །སྣང་བ་ཆེན་པོ་ཀུན་གྱི་གཞི་མ་ཡིན། །འབྱུང་བ་ལྔ་ཡི་སངས་རྒྱས་ཕ་ལྟར་སྣང་། །ཆེན་པོ་ལྔ་ཉིད་མ་ཡིན་སྣང་བར་གསལ། །མ་ཡེངས་ངང་དུ་འཛིན་མེད་ཆེན་པོར་ཞོག །གསང་སྔགས་ཆེན་པོའི་ཡེ་ཤེས་ཆེན་པོ་ལྔ། །ཆེན་པོ་ལྔ་ཡིས་མ་བསྐྱོད་དབྱིངས་སུ་


DNG003_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

ཞོག །རྡོ་རྗེ་སེམས་དཔའི་རིག་པ་ཅོག་བཞག་ནི། །ཆོས་ཀྱི་སྐུ་ནི་སྣང་བ་ཐམས་ཅད་བསྟན། །ཡེ་ཤེས་དག་པའི་སྣང་བ་ཅིར་སྣང་བས། །གསང་བའི་བཞག་ཐབས་ཅེར་བཞག་ཐབས་ཀྱི་ངང་། །སྐུ་ཡི་སྣང་བ་འབྱུང་ལྔ་མ་སྤངས་པས། །སྤང་བ་མ་ཡིན་ངང་གི་དོན་ལ་ཞོག །ཆོས་ཉིད་ཀློང་ཡངས་ཅེར་སྣང་ཆེན་པོར་བརྟགས། །རྫོགས་པ་ཆེན་པོར་བསྒོམ་རྒྱུ་མ་དམིགས་ཏེ། །ལྟ་བའི་འདུ་ས་ཆེན་མོ་དབྱིངས་ཀྱི་སྒྲོན་མ་ཡིན། །བསྒོམ་པའི་བསྐྱལ་ས་ལུ་གུ་རྒྱུད་དུ་བསྟན། །སྤྱོད་པའི་སྤྱོད་ས་ཆེན་པོ་དེ་དང་མ་བྲལ་ན། །རྣམ་གསུམ་ངོ་བོ་ཉིད་དེ་ཡིན་པར་གསུངས། །སངས་རྒྱས་དགོངས་པ་བྱར་མེད་ཆེན་པོའི་ཀློང་། །དེ་ལས་མ་འདས་ཆོས་ཉིད་བསྒྲུབ་ཏུ་མེད། །དེ་དང་མ་བྲལ་གསང་སྔགས་ལྟ་བའོ། །ཞེས་ཡི་གེ་མེད་པའི་རྒྱུད་གསང་བ་ཆེན་པོ་ལས། དགོངས་པ་བཅའ་གཞིའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་རིག་པ་མི་འགྱུར་བའི་ཀློང་། ཆོས་ཉིད་ཀྱིས་བརྒྱན་པའི་ཕོ་བྲང་ནས། རིག་པ་འགྱུར་བ་མེད་པའི་ཡེ་ཤེས་ཀྱི། འོད་ཀྱི་སྐུ་ཆེན་པོས་འདི་སྐད་ཅེས་སྨྲས་སོ། །ཨེ་མ་ཧོ། རང་བཞིན་གྱི་སྣང་བ་རྣམ་པར་དག་པ་ཆེན་པོའི་ཡུལ་འདི་ནི། གསལ་ལ་འཚེར་བ་སྐུའི་ཕོ་བྲང་མི་འགྱུར་བར་གནས་པའོ། །འཁྲུལ་པ་གདུལ་བྱའི་སྣང་བ་འདི་ནི། རིག་པ་མཐའ་ཡས་པས། འཛད་པ་མེད་པའི་ཐུགས་རྗེ་སྣ་ཚོགས་པར་འབྱུང་བའོ། །ཆོས་ཉིད་ཡངས་པའི་སྣང་བ་ནི་གསལ་ལ་དྭངས་པ། ཡེ་ཤེས་མེད་པའི་གཅིག་ལས་དུ་མར་འཆར་བའོ། །གསང་བའི་ཡུལ་སྣང་བའི་སྣང་བ་ཆེན་པོ་སྟེ། སྐུའི་སྣང་བ་ཆེན་པོ་སྣ་ཚོགས་པ་ཉིད་དེ། གསུང་འགག་པ་མེད་པར་དོན་བྱེད་ནུས་པའོ། །སངས་རྒྱས་ཀྱི་སྐུའི་འོད་བསམ་གྱིས་མི་ཁྱབ་པ་སྟེ། ཐིག་ལེའི་འདུ་འཕྲོ་ཟེར་ལྟར་རབ་ཏུ་འབར་རོ། །གསང་སྔགས་ཆེན་པོའི་མཛད་པ་མ་ལུས་ལུས་པ་མེད་ཅིང་། སོ་སོར་འཕྲོ་བ་སྟེ།


DNG003_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ནས་བཞག་ཐབས་བཞི་དང་འདུ་འབྲལ་མེད་པའོ། །ཨེ་མ་ཧོ། གསང་སྔགས་ཉིད་ལ་གསང་སྔགས་ཉིད་གནས་པས། །ཡེ་ཤེས་ཉིད་ལས་ཡེ་ཤེས་ཆེན་པོར་འགྱུར། །ཆོས་ཉིད་མ་ལས་དཀྱིལ་དང་འཁོར་དུ་སྣང་། །སྐྱེ་བ་མེད་པའི་མངོན་སུམ་སངས་རྒྱས་ཀྱིས། །ཡུལ་མེད་རྣམ་པར་དག་པའི་སྣང་བ་མཐོང་། །སྐུ་དང་ཡེ་ཤེས་རང་ཆས་ངང་གིས་མེད། །སྟོང་པ་ཉིད་ལས་ཡེ་ཤེས་ཐུགས་འོད་འབར། །མུན་པ་མ་ཡིན་སྣང་བ་ཆེན་པོའོ། །དེ་ནས་མི་སྣང་བའི་སྣང་བ་ཆེན་པོས། རིག་པའི་སྐུ་ལུ་གུ་རྒྱུད་དུ་སྣང་བ་ཉིད་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་གསང་བའི་རིག་པ་འོད་དང་བཅས་པ། བདག་ཅག་རྣམས་ལ་གསལ་བའི་སྣང་བ་བསྟན་དུ་གསོལ། ཞེས་ཞུས་སོ། །དེ་ནས་རིག་པ་མཁའ་ཁྱབ་ཀྱི་ཡུལ་ཆེན་པོ་ནས། འདི་སྐད་ཅེས་གསུངས་སོ། །ཀྱེ་མ། སྣང་བའི་འཁོར་རྣམས་རབ་ཏུ་ཉོན་ཅིག །ང་ཡང་དག་པའི་རིག་པ་ཉིད་ལ་འཁྲུལ་པ་མེད་དེ། དེ་གང་ཞེ་ན། རིག་པ་ལུ་གུ་རྒྱུད་ཀྱི་སྐུ་ཉིད། སྔར་འཁྲུལ་མ་མྱོང་། ད་ལྟར་འཁྲུལ་པ་མེད། ཕྱིས་འཁྲུལ་པ་མི་སྲིད་དོ། །དེའི་ཕྱིར་ན་མ་འཁྲུལ་པའི་སངས་རྒྱས་སོ། །དབྱིངས་རྣམ་པར་དག་པའི་སྒྲོན་མ་ཉིད་ཀྱང་སྔར་མ་བྱས། ད་ལྟ་མི་བྱེད། ཕྱིས་བྱེད་པར་མི་འགྱུར་རོ། །དེའི་ཕྱིར་ན་མ་བྱས་པའི་ཆོས་ཞེས་བྱའོ། །མ་བཅོས་པའི་མཆོག་ཆེན་པོ། མ་བསླད་པའི་གཞི་ཆེན་པོ། མ་བསྒྱུར་བའི་སྣང་བ་ཆེན་པོ། ཆེན་པོ་གསུམ་གྱི་བདག་ཉིད་དང་ལྡན་པ་ནི། མ་འཁྲུལ་པའི་སངས་རྒྱས་མ་བྱས་པའི་ཆོས་བསྟན་པ་ཞེས་བྱའོ། །རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་དེ་ཉིད་ནི། སྔར་འཁོར་བ་ན་གནས་མ་མྱོང་། ད་ལྟ་འཁོར་བ་ན་གནས་མི་སྲིད། ཕྱིས་འཁོར་བ་ན་གནས་པ་མ་ཡིན་ནོ། །དབྱིངས་རྣམ་པར་དག་པའི་སྒྲོན་མ་དེ་ཉིད་ནི། སྔར་སེམས་ཅན་ཉིད་དང་བྲལ་མ་མྱོང་། ད་ལྟ་སེམས་དང་བྲལ་མི་སྲིད། ཕྱིས་འབྲལ་བར་མི་འགྱུར་རོ། །དེའི་ཕྱིར་ན་སྣང་བ་མེད་པ་ལས། སྣང་བར་ཤར་བའོ། །རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་དེ་ཉིད། སྔར་སངས་རྒྱས་མ་མྱོང་། ད་ལྟ་སངས་


DNG003_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་མི་སྲིད། ཕྱིས་འཚང་རྒྱ་བར་མི་འགྱུར་རོ། །དབྱིངས་རྣམ་པར་དག་པའི་སྒྲོན་མ་དེ་ཉིད། སྔར་སེམས་ཅན་ལ་གནས་མ་མྱོང་། ད་ལྟ་གནས་མི་སྲིད། ཕྱིས་གནས་པར་མི་འགྱུར་རོ། །དེའི་ཕྱིར་ན་ལུང་བསྟན་དུ་མེད་པ་ལ། མན་ངག་མཚོན་དུ་ཡོད་པ་ཞེས་བྱའོ། །ཨེ་མ་ཧོ། སངས་རྒྱས་དང་སེམས་ཅན་གཉིས་ནི། སྔར་རྒྱབ་གྱེས་མ་མྱོང་། ད་ལྟ་གྱེས་མི་སྲིད། ཕྱིས་གྱེས་པར་མི་འགྱུར་རོ། །དེའི་ཕྱིར་ན་ལུང་ལ་འཁྲུལ་པ་མེད་པ་ལ། མན་ངག་ལ་འཁྲུལ་པ་བྱུང་ངོ་ཞེས་བྱའོ། །སེམས་ཅན་ཐམས་ཅད་འཁོར་བ་ན་གནས་ཀྱང་། འཁོར་བ་ཉིད་སྔར་མཐོང་མ་མྱོང་། ད་ལྟ་མི་མཐོང་ངོ་། །ཕྱིས་མཐོང་བར་མི་འགྱུར་རོ། །དེའི་ཕྱིར་ན་ཆོས་ཉིད་ལ་རྟོག་པ་ཡོད་ཀྱང་། གང་ཟག་ལ་རྟོག་པ་མེད་པ་ཞེས་བྱའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེའི་སྐུ་ཉིད། སྔར་མ་རྟོགས། ད་མི་རྟོག །ཕྱིས་རྟོག་པར་མི་འགྱུར་རོ། །དེའི་ཕྱིར་ན་སངས་རྒྱས་ལ་རྟོག་པ་མེད་ཀྱང་། སྣང་ཚུལ་ལ་རྟོག་པ་ཞེས་བྱའོ། །སངས་རྒྱས་དང་སེམས་ཅན་ལ་དུས་ཆེན་པོ་མེད་པར་བསྟན་པའོ། །རིག་པའི་གནས་ལུགས་དེ་ཉིད་ལ། འཁྲུལ་པ་མེད་ཀྱང་། སྣང་ཐབས་ལ་འཁྲུལ་པ་ལྟར་སྣང་བའོ། །དེའི་ཕྱིར་ན་སངས་རྒྱས་དང་སེམས་ཅན་གཉིས་གཅིག་ལས་མ་གཡོས་པ་ཞེས་བྱའོ། །ཨེ་མ་ཧོ། དགོངས་གཅིག་མཁའ་ཀློང་གཉིས་སུ་མེད། །གསང་སྔགས་རྡོ་རྗེ་སེམས་དཔའ་རིག་པའི་སྐུ། །རྟག་པ་མ་ཡིན་ཆད་པ་ཡོངས་ཀྱིས་མེད། །སྟོང་པ་མ་ཡིན་གསལ་བ་ངང་གིས་མེད། །རྒྱུ་མཐུན་མ་ཡིན་སྣང་བ་རང་སར་དག །བྱུང་ཚུལ་མ་ཡིན་བྱུང་ཚུལ་ཡོངས་སུ་རྫོགས། །བསྐྱེད་ཚུལ་མ་ཡིན་སྣང་ཚུལ་གཉིས་སུ་སྣང་། །ཆོས་ཉིད་མིང་དང་ཡང་དག་ཉིད་དུ་བྲལ། །དག་པའི་ནམ་མཁའ་ངོས་བཟུང་ཀུན་ལས་འདས། །ཨ་ཡི་སྣང་བ་སྐྱེ་མེད་ངོས་གཟུང་མེད། །གཉིས་མེད་དག་པའི་ཡེ་ཤེས་མཁའ་ལ་གསལ། །བྱ་བྱེད་མ་འགགས་དམིགས་པ་ཡོངས་ཀྱིས་མེད། །རང་བཞིན་མེད་པས་མེ་ལོང་གཟུགས་བརྙན་འདྲ། །


DNG003_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

མ་འགགས་འགག་མེད་ཀུན་གྱི་སྙིང་པོར་གནས། །གསང་བའི་གནས་ལུགས་དེ་བཞིན་ནོ། །ཀྱེ་ཀྱེ། སྐུ་ཡི་སྣང་བ་མ་འགགས་པས། །གསུང་གི་རོལ་པ་ཅིར་ཡང་སྟོན། །ཐུགས་ཀྱི་མཛད་པ་ཅི་ཡང་མཛད། །རིག་པའི་བྱ་བྱེད་མ་འགགས་པས། །སེམས་ཀྱི་རྟོག་པ་སྣ་ཚོགས་པའོ། །ཞེས་ཡི་གེ་མེད་པའི་རྒྱུད་ཆེན་པོ་ལས། མ་འཁྲུལ་པའི་རིག་པ་ཉིད་ལ། མ་བྱས་པའི་ཆོས་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་རྒྱུད་བྱས་པ་མེད་པའི་རིག་པས། ལུང་བྱེད་པ་མེད་པའི་ཀུན་ཏུ་བཟང་མོ་ལ་བཀའ་སྩལ་པ། དེའི་ཚེ་ཐབས་འགག་པ་མེད་པའི་སྣང་བའི་རྣ་བས་ཉན་པ། ཀྱེ་ཀྱེ། སྣང་རྒྱུ་དམིགས་པ་དང་བྲལ་བའི་ཡེ་ཤེས་ཆེན་པོ་དང་ལྡན་པ། རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་ནི་གྲངས་མེད་པའི་སྣང་བ་ཆེན་པོ་སྟེ། སྐུ་དང་། ཐིག་ལེ་དང་། ཐིག་ལེའི་ཕྱེད་སྐུ་དང་། ཡེ་ཤེས་དང་། ཡེ་ཤེས་ཀྱི་གཟུགས་སྐུ་དང་། འོད་དང་འོད་ཀྱི་འཕྲོ་འདུ་དང་། དབུགས་མེད་པའི་འགྱུ་བ་དང་། སེམས་མེད་པའི་སྣ་ཚོགས་དང་། སྲོག་མེད་པའི་སྐུ་དང་བཅས་པའོ། །དབྱིངས་ཀྱི་སྒྲོན་མ་དག་པ་འདི་ལྟ་སྟེ། ཁྱབ་པ་མེད་པའི་རང་གདངས་དང་བཅས་པ། ཡུལ་མེད་པའི་གསལ་ཆ་དང་བཅས་པ། མ་བྱས་པའི་ར་བ་དང་བཅས་པ། མ་བྲིས་པའི་མུ་ཁྱུད་དང་བཅས་པ། མ་བཅད་པའི་ཡུལ་དང་བཅས་པ། མ་བཀོད་པའི་སྣང་བ་དང་བཅས་པའོ། །དེ་ཡང་དབྱིངས་དང་རིག་པ་འདུ་འབྲལ་མེད་པར་གནས་ཏེ། མ་དམིགས་པའི་ཡུལ་སྣང་བ་ཆེན་པོ་སྟེ། དྲི་མའི་ཕྱོགས་མེད་པ་ལས། དེའི་ངོ་བོ་རྒྱུ་སངས་པ། རྐྱེན་དག་པ། ཡུལ་མ་འགགས་པ། རང་གྲོལ་བ། རང་གི་ངོ་བོ་དང་བཅས་པ། ཡུལ་དྲུག་ལས་འདས་པ། ཆེན་པོ་ལྔ་དབྱིངས་སུ་དག་པ། མི་འཇིག་པ། རྐྱེན་མེད་པ་ལས། རྐྱེན་གྱིས་གྲོལ་བ། བལྟར་མེད་པ་ལ་ངོ་མཚར་ཆེ་བ། ཕྱོགས་མེད་པ་ལ་ལྟ་བྱེད་མ་འགགས་པའོ། །ཀྱེ་མ། སྣང་བ་ལ་སྐུ་བསམ་གྱིས་མི་ཁྱབ་པ་འབྱུང་ངོ་། །དུ་མའི་ཐ་སྙད་སྤངས་པ་མེད་པའི་ཀློང་དུ་ཆུབ་པའོ། །སངས་རྒྱས་ཀྱི་སྐུ་རབ་ཏུ་མང་བར་འཕྲོ་ཞིང་ཚུགས་པ་མེད་པའོ། །


DNG003_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་ལས་མ་གཡོས་བཞིན་དུ་སྣ་ཚོགས་སྟོན་པའོ། །འཁོར་བ་ལས་མ་འདས་པར་མྱ་ངན་ལས་འདས་པའོ། །ཆོས་ཀྱི་སྐུའི་སྣང་བ་ལས་མ་གཡོས་པའོ། །ཀུན་ཏུ་སྣང་ཞིང་ཟིལ་གྱིས་མི་གནོན་པ་ཉིད་དོ། །རིག་པའི་སྐུ་ནི་གསལ་ཆ་སྙོམས་པ་ཆེན་པོ་ཡིན་ཏེ། རྡོ་རྗེའི་སྐུའི་སྣང་བ་རྒྱ་ཆེ་བ་མཐོང་བར་འགྱུར་ཏེ། ང་ནི་བྱེད་པ་ཉིད་ལས་རབ་ཏུ་འདས་པའོ། །ཞེས་ཡི་གེ་མེད་པའི་རྒྱུད་གསང་བ་ཆེན་པོ་ལས། དོན་དམ་པ་སྣང་བའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཡང་ཡུལ་མེད་པའི་ཀློང་དག་པ་ལས། སྣང་བའི་ཕུང་པོ་བསམ་གྱིས་མི་ཁྱབ་པ་དང་བཅས་ཏེ། ཐབས་ཀྱི་རིག་པས། སྟོབས་ཀྱི་ཤེས་རབ་ལ་བཀའ་སྩལ་པ། མི་མཉམ་པའི་མཁའ་ཀློང་དག་པས་རབ་ཏུ་ཉན་ནོ། །ཀྱེ་ཀྱེ། སྣང་བ་འདིའི་མཚོན་ཚུལ་ལ། ཡི་གེ་མེད་ཅིང་ཚིག་ཐམས་ཅད་ལས་འདས་པའོ། །བརྗོད་པ་ཐམས་ཅད་ངང་གིས་མེད་པ་སྟེ། སྣ་ཚོགས་པའི་མཚོན་པ་ངང་གིས་མེད་པ། ཡུལ་མེད་པ། སེམས་མེད་པ། ཡི་གེ་མེད་པ། ཡི་གེ་མེད་པའི་ཕྱིར། རྒྱུད་མེད་པ། ལུང་མེད་པ། མན་ངག་ཐམས་ཅད་མེད་པ། ཚིག་ཐམས་ཅད་དང་བྲལ་བའོ། །བརྗོད་པ་ཐམས་ཅད་ཀྱིས་སྟོང་པའོ། །ཨེ་མ་ཧོ། ཆོས་སྐུ་སྣང་བའི་ཀ་མེད་པས། །ང་ལ་ཡི་གེ་ཡོད་མ་ཡིན། །ང་ལ་སྐྱེ་བ་ཉིད་མེད་པས། །ཡི་གེ་ཨ་ནི་ཡེ་ནས་མེད། །ང་ལ་འགག་པའི་གནས་མེད་པས། །ཡི་གེ་ཨོཾ་ནི་ངང་གིས་མེད། །ང་ལ་འདུ་འབྲལ་གཉིས་མེད་པས། །ཡི་གེ་ཧཱུཾ་ནི་ཤིན་ཏུ་ཟད། །སྐུ་ཡི་སྣང་བ་སྣ་ཚོགས་པས། །ཡི་གེའི་མིང་ནི་ངང་གིས་སྟོང་། །གསང་སྔགས་མཚན་ཉིད་རང་གསལ་བས། །ཡི་གེའི་དངོས་པོ་ག་ལ་ཡོད། །སངས་རྒྱས་ཉག་གཅིག་རང་སྣང་བས། །མཚན་མའི་ཡི་གེ་གང་ཡང་མེད། །རིག་པ་ཉིད་ལ་རྒྱུ་མེད་པས། །བསྐྱེད་པའི་ཡི་གེ་ག་ལ་ཡོད། །ཡེ་ཤེས་སྐུ་ལྔ་རང་རྫོགས་པས། །རྫོགས་པའི་ཨ་ཡང་ཡོད་མ་ཡིན། །ཐིག་ལེ་ཉག་གཅིག་ཀུན་ཆུབ་པས། །སྤྲོས་པའི་ཡི་གེའི་མིང་ཡང་མེད། །སྣང་བ་མ་འདྲེས་ཡོངས་


DNG003_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པས། །བསྡུ་བའི་ཡི་གེ་མེད་པར་གསུང་། །རིག་པའི་སྐུ་ལ་དངོས་མེད་པས། །ཡི་གེ་འབྲུ་གསུམ་ཡོད་མ་ཡིན། །འོད་ལྔས་བརྒྱན་པའི་རིག་པ་ལ། །ཁ་དོག་ཉིད་དུ་མེད་པས་ན། །ཡི་གེའི་ཁ་དོག་ཡོད་པ་མིན། །ཟླུམ་འཁྱིལ་ལུ་གུ་རྒྱུད་ཉིད་ལ། །དབྱིབས་སུ་སྣང་བ་མེད་པའི་ཕྱིར། །ཡི་གེའི་དབྱིབས་སུ་འདོད་པ་མིན། །རིག་པ་དངོས་དང་དངོས་མེད་པས། །ཡི་གེ་བདག་འདོད་ཡོད་པ་མིན། །རིག་པའི་སྐུ་ལ་གཉིས་མེད་ཕྱིར། །ཡི་གེའི་གཟུང་འཛིན་ག་ལ་ཡོད། །རིག་པ་གཅིག་དང་གཉིས་མེད་པས། །ཡི་གེའི་ས་ལམ་ང་མི་འདོད། །རིག་པའི་སྣང་བ་རང་རྫོགས་པས། །ཡི་གེའི་ཚོགས་གཉིས་ངས་མི་འདོད། །རང་རིག་དཔེ་མཚོན་དངོས་མེད་པས། །ཡི་གེའི་དཔེ་ཡིས་ང་མི་མཐོང་། །རིག་པའི་སྐུ་ལ་དྲི་མེད་པས། །ཡི་གེའི་དྲི་མས་ང་མི་བསྒྲིབ། །རང་རིག་དགེ་དང་སྡིག་མེད་པས། །ཡི་གེའི་དགེ་སྡིག་གཉིས་ལས་འདས་པའོ། །ཨེ་མ་ཧོ། ཡི་གེ་མེད་པའི་ཆོས་ཉིད་དག་པ་ལ། །ཡི་གེའི་རྒྱུ་རྩལ་གཉིས་སུ་བཏགས་པ་ཡོད་མ་ཡིན། །ཡི་གེའི་རྒྱུ་ནི་སྣ་ཚོགས་རབ་སྟོན་པས། །ཡི་གེ་ཉིད་ལ་དོན་མེད་ཡི་གེའི་དོན་གང་མེད། །ང་ཡི་རིག་པ་ཆོས་ལ་མ་བརྟེན་པས། །ཡི་གེའི་དོན་གྱིས་ང་ཡི་སྐུ་མི་མཐོང་། །ཐོག་མའི་རང་བྱུང་ཡེ་ཤེས་ཉིད། །རྒྱུ་རྐྱེན་གཉིས་ལ་མ་ལྟོས་པར། །ཡི་གེ་རྒྱུ་རྐྱེན་ང་མི་བསྒྲུབ། །ཡེ་ནས་སྐུ་གསུམ་རང་རྫོགས་པས། །ཡི་གེའི་ཚོགས་ལ་ང་མི་ལྟོས། །རྒྱུད་དང་ལུང་དང་མན་ངག་ཀྱང་། །ཡི་གེའི་ཚོགས་ལ་བརྟེན་པས་ན། །རྒྱུད་དང་ལུང་གིས་ང་ལ་བསྒྲིབ། །ཐོག་མའི་མགོན་པོ་དྲི་མེད་ཉིད། །འགྲན་ཟླ་མེད་པར་སངས་རྒྱས་པས། །ཡི་གེའི་དོན་ལ་ང་མི་གནས། །རང་བྱུང་རིག་པའི་རྒྱལ་པོ་ཉིད། །སྒྲོ་འདོགས་ཚིག་ལ་མ་བརྟེན་པས། །ཚིག་དང་ཡི་གེ་ང་ཡི་དུག །དང་པོ་བྱུང་ས་ཆེན་པོ་ལ། །ཚིག་གིས་བྱང་ཆུབ་མི་རྙེད་པས། །ཡི་གེའི་མཚན་ཉིད་ང་ལ་མེད། །བར་དུ་གྲོལ་ས་ཆེན་པོ་ལ། །རེ་དང་དོགས་པ་གཉིས་མེད་པས། །ཡི་གེའི་


DNG003_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

སྤང་ལེན་གང་ཡང་མེད། །རིག་པའི་རྣམ་པ་གྲངས་མང་བས། །བཞི་བཅུ་རྩ་གཉིས་ཡི་གེ་ཡང་། །དོན་དམ་ཉིད་ལ་ཡོད་མ་ཡིན། །སྐུ་ལྔ་འོད་ཀྱི་དཀྱིལ་འཁོར་ནང་། །བཏགས་པའི་ཡི་གེ་གཅིག་ཀྱང་མེད། །ང་ཡི་སྣང་བ་དག་པ་ལས། །གསལ་འགྱུར་ཡི་གེ་ངང་གིས་མེད། །གསང་བའི་རིག་པ་ལྷུན་རྫོགས་ལ། །ཡི་གེའི་མིང་ནི་གཅིག་ཀྱང་མེད། །གསང་སྔགས་ཨ་ཏིའི་སྣང་བ་ལ། །མཚན་མའི་ཡི་གེ་ཡོད་མ་ཡིན། །ཨ་ཏི་རང་རྫོགས་ཆེན་པོ་ལ། །འཁྲུལ་པའི་ཡི་གེ་མེད་པའོ། །ཞེས་ཡི་གེ་མེད་པའི་རྒྱུད་གསང་བ་ཆེན་པོ་ལས། རྫོགས་ཆེན་ཚིག་གིས་གོལ་བར་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་སྣང་བ་ཆེན་པོ་རང་བཞིན་གསལ་བའི་སྣང་བ་ལས། ཆོས་ཉིད་འདུ་འབྲལ་མེད་པའི་རིག་པར་བཞེངས་ཏེ། སྣང་བའི་རྒྱན་ཀུན་ཏུ་བཟང་མོ་ལ་བཀའ་སྩལ་པ། ཀྱེ། བརྡའ་དང་ཡི་གེ་དང་ཐ་སྙད་ཐམས་ཅད་རབ་ཏུ་སྤངས་ཏེ། རང་གི་སྐུའི་སྣང་བ་ལ་རབ་ཏུ་ལྟོས་ཤིག །ཕྱི་ཡི་ལོངས་སྤྱོད་ཐམས་ཅད་ལ་མ་ཆགས་པར། གྲོགས་མེད་པའི་ནགས་ཁྲོད་དག་ཏུ། དེ་ཉིད་ལ་གནས་པར་གྱིས་ཤིག །སྟོང་པ་ཕྱོགས་མེད་པའི་སྣང་བ་དེ་ཉིད་ལ་ལྟོས་ཤིག །ཤིན་ཏུ་གཟུང་བར་དཀའ་བ་དག་གི་གཞི་གཟུང་བར་འདོད་ན། རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་ཟུང་ཞིག །སྐྱེ་ཤི་མེད་པའི་དབྱིངས་གཅིག་ཏུ་འདྲིལ་བར་འདོད་ན། ) དབྱིངས་རྣམ་པར་དག་པའི་སྒྲོན་མ་དེ་ཉིད་ལ་ལྟོས་ཤིག །གྲོགས་མེད་པར་གཅིག་པུར་འདུག་པར་འདོད་ན། སྣང་བ་ཅེར་བཞག་གི་དགོངས་པ་དང་མ་བྲལ་བར་གྱིས་ཤིག །བལྟར་མེད་པའི་སྐུ་ལ་ལྟ་བར་འདོད་ན། གཅིག་པུ་ཐིག་ལེའི་གནས་སུ་རི་བོ་ཅོག་བཞག་གི་མན་ངག་ལ་མཐའ་བསྡུས་ཤིག །རྐང་པ་མེད་པར་མཁའ་ལ་འགྲོ་བར་འདོད་ན། རིག་པ་ཅོག་བཞག་གི་མན་ངག་ལ་རྩལ་སྦྱོང་ཞིག །ཕྱི་ནང་མེད་པར་ཟང་ཐལ་བར་འདོད་ན། རྒྱ་མཚོ་ཅོག་བཞག་གི་དགོངས་པ་ལ་རྟག་ཏུ་གནས་
པར་གྱིས་ཤིག །ཟང་ཐལ་གཅིག་རྫོགས་ཀྱི་དགོངས་པ་ཐོབ་པར་འདོད་ན། ཅོག་བཞག་བཞི་ཡི་དོན་ཉིད་ལས་མ་འདའ་ཞིག །འཁྲུལ་སྣང་ཞིང་ཁམས་སུ་འཆར་བར་འདོད་ན། སྒྲོན་མའི་དབྱིངས་རིག་གཉིས་དང་མ་བྲལ་བར་གྱིས་ཤིག །དེ་ནི་སྐྱེ་བ་མེད་པའི་ཐབས་མཆོག་ཏུ་གསུངས་སོ། །ཨེ་མ་ཧོ། དངོས་པོ་མེད་པའི་སྣང་བ་ངོ་མཚར་ཆེ་བ་སྟེ། རགས་པའི་འབྱུང་བ་ལྔས་བསྒྲིབས་ཏེ། ལུང་མེད་པ་ལ་སྣང་མ་ནུས་སོ། །རིག་པ་རང་སྣང་གི་སྣང་བ་དེ་ནི། ལྷུན་བརྗིད་དེ། ཕྲ་བའི་ཉོན་མོངས་པས་བསྒྲིབས་ཏེ་རྟག་མ་ཐུབ་པའོ། །ཆོས་ཉིད་མ་བཀོད་པའི་སྣང་བ་གསལ་དྭངས་ཏེ། སྣང་ཚོགས་དུ་མའི་སྤྱོད་པས་བསྒྲིབས་ནས་མངོན་སུམ་དུ་མེད་པའོ། །དེ་ཡང་རིག་པའི་ངོ་བོ་བཟུང་བར་དཀའ་ཡང་། ཡེ་ཤེས་ཀྱི་རྩལ་དལ་བས་འགྲུབ། རིག་པའི་དབྱིངས་མི་འགྱུར་ཡང་། རིག་པའི་རྐྱེན་སྟོབས་ཟད་པས་འགྲུབ། རིག་པའི་རང་བཞིན་ཀུན་ལ་ཁྱབ་ཀྱང་། ཆོས་ཀྱི་སྐུའི་གདམས་ངག་ལ་ཐུག་གོ། །ཞེས་ཡི་གེ་མེད་པའི་རྒྱུད་གསང་བ་ཆེན་པོ་ལས། རྫོགས་ཆེན་ཞལ་ཆེམས་སུ་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།གནས་ལུགས་ཀྱི་རིག་པས་སྣང་ཐབས་ཀྱི་འཁོར་ལ་སྨྲས་པ། གསང་བ་ཡི་གེ་མེད་པའི་རྒྱུད་ཆེན་པོ། རིན་པོ་ཆེ་རྒྱལ་མཚན་གྱི་རྒྱུད། རྒྱལ་པོའི་གདུང་རྒྱུད། བལྟ་བ་ནམ་མཁའ་དང་མཉམ་པའི་རྒྱུད་ཆེན་པོ་རྫོགས་སོ།། །།ས་མ་ཡ། རྒྱ་རྒྱ་རྒྱ། འགྲེལ་པ་པདྨ་ཁ་འབྱེད་བྱ་བ་དང་། བཤད་པའི་མིག་འབྱེད་བྱ་བ་ཡོད། ཡི་གེ་མེད་པ་ཉིད་ལ་མ་བུ་ལྔ།། །།

དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་ཡོངས་སུ་བཤད་པ། ཡེ་ཤེས་འདུས་པའི་མདོ། ཐེག་པ་ཆེན་པོ་གསང་བ་བླ་ན་མེད་པའི་རྒྱུད། ཆོས་ཐམས་ཅད་ཀྱི་འབྱུང་གནས། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ། གསང་སྔགས་གཅིག་པའི་ཡེ་ཤེས། རྫོགས་པ་ཆེན་པོའི་དོན་གསལ་བར་བྱེད་པའི་རྒྱུད། རིག་པ་རང་ཤར་ཆེན་པོའི་རྒྱུད་ཅེས་བྱ་བ།


DNG003_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། སརྦ་ཏ་ཐཱ་ག་ཏ་ས་མཱ་དྷི་པ་རི་བྷཱ་ཥཱ། ཛྙཱ་ན་ས་མུ་དཱ་ཡ་སཱུ་ཏྲ། མ་ཧཱ་ཡཱ་ན་གུ་ཧྱཱ་ནུཏྟ་ར་ཏནྟྲ། སརྦ་དྷརྨཱ་ཀ་ར། སརྦ་བུདྡྷཱ་ཉ་ཤ་ཡཾ། མཻནྟྲ་ཀ་ཛྙཱ་ན། མ་ཧཱ་སནྟྱརྠ་པྲ་ཀ་ཊ་ཏནྟྲ། བིདྱཱ་སྭོ་ད་ཡ་མ་ཧཱ་ཏནྟྲ་ནཱ་མ། བོད་སྐད་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་ཡོངས་སུ་བཤད་པ། ཡེ་ཤེས་འདུས་པའི་


DNG003_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

མདོ། ཐེག་པ་ཆེན་པོ། གསང་བ་བླ་ན་མེད་པའི་རྒྱུད། ཆོས་ཐམས་ཅད་ཀྱི་འབྱུང་གནས། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ། གསང་སྔགས་གཅིག་པའི་ཡེ་ཤེས། རྫོགས་པ་ཆེན་པོའི་དོན་གསལ་བར་བྱེད་པའི་རྒྱུད། རིག་པ་རང་ཤར་ཆེན་པོའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་གཞོན་ནུ་ཁྲོ་གཉེར་ཅན་དང་། ཕྱོགས་བཅུའི་སྤྲུལ་པའི་ཞིང་ཁམས་དང་བཅས་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་སྟོན་པ་ཉིད་ཀྱིས་བསྟན་པའི་དུས་གཅིག་ན། རྡོ་རྗེ་སེམས་དཔའ་དེ་བཞིན་ཉིད། སེམས་ཅན་ཀུན་གྱི་རང་རྒྱུད་སངས་རྒྱས་ཀྱི་ས་བོན་ལ་གནས་པའི་དོན་ཉེ་བར་སྟོན་ཏོ། །བྱིན་གྱི་རླབས་སངས་རྒྱས་ཐམས་ཅད་ཀྱིས་བཤད་པའི་རྒྱུད་ཉེ་བར་སྟོན་ཏོ། །རིགས་ཀྱི་བུ་རྣམས་མ་ཡེངས་པའི་ཚུལ་གྱིས་གུས་པར་ཉོན་ཅིག །རང་རང་གི་དོན་རིག་པ་ཆོས་ཀྱི་སྐུའི་ཆེན་པོ་ངས་བཤད་ཀྱིས་སེམས་ཀྱི་རྟོག་པ་སོལ་ལ། སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་གྱིས་ཉོན་ཅིག །དེ་སྐད་ཅེས་ཡེ་ཤེས་ཡེ་ཤེས་ཡུལ་དུ་ཀྱི་ཀློང་། འོད་ཀྱི་ཡུལ། རིག་པ་ཆོས་ཉིད་ཀྱི་ཡུལ་བསྟན། རིག་པའི་གནས། ངོ་བོའི་གནས་བསྟན། སྐུའི་མཁའ། ངོ་བོའི་སྣང་བ་བསྟན། གསུང་གི་ཟེར། མཛད་པའི་ཐུགས་རྗེ་བསྟན། ཐུགས་ཀྱི་དབྱིངས། རང་གི་དོན་བསྟན། ཤེས་རབ་ཀྱི་ཕོ་བྲང་ནས་རིག་པའི་གཞལ་ཡས་ཁང་བསྟན་འདི་སྐད་གསུངས་སོ། །འདི་སྐད་བདག་གིས་ཐོས་གསང་བའི་བདག་པོ་ལ་སོགས་པས་ཐོས་པའི་དུས་གཅིག་ན། འདི་ནས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ན། ཞིང་ཁམས་མངོན་པར་དགའ་བ་ཞེས་བྱ་བ་ཡོད་དེ། སྤྲུལ་པ་སྐུའི་ཞིང་ཁམས་དེ་ན། སྤྲུལ་པའི་སྐུ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་དམ་པ་ཐོབ་པའི་གནས་དེ་ན། གཞལ་ཡས་ཁང་གི་ཡོན་ཏན་དཔག་ཏུ་མེད་པ་ཡོད་དེ། དེ་ཡང་འདི་ལྟ་སྟེ། རིན་པོ་ཆེ་ཤེལ་ལས་གྲུབ་པའི་གཞལ་ཡས་ཁང་སྒོ་བཞི་དང་ལྡན་པ། རིན་པོ་ཆེ་ལྔའི་རྟ་བབས་དང་ལྡན་པ། ས་ཐམས་ཅད་ཀྱང་རིན་པོ་ཆེ་ཤེལ་ལས་གྲུབ་པ། ཤིན་ཏུ་ཡིད་དུ་འོང་བ། ལྟ་ན་སྡུག་པ། ཐེམ་སྐས་དང་། སྐར་ཁུང་དང་ལྡན་པ། ཕྱོགས་བཞི་ནས། གསེང་དཀར་ཆེན་པོ་བཞི་ཡོད་པ། གསེང་དཀར་ནས་ཉི་མ་ཤར་


DNG003_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

བས། རིན་པོ་ཆེ་ཤེལ་ལས་གྲུབ་པའི་ཁང་པ་ལ་ཕོག་པས། ནང་དུ་ཉི་མ་འོད་ལྔའི་སྣང་བ་ལྷུག་པར་འཆར་རོ། །གཞལ་ཡས་ཁང་དེའི་ཕྱི་རིམ་ན། ཡན་ལག་བརྒྱད་དང་ལྡན་པའི་ཆུ་བོའི་འོབས་ཡོད་པ། ཆུ་དེ་ལ་ནད་ཀྱིས་བཏབ་པ་རྣམས་ཀྱིས་འཐུངས་ན་ནད་འཚོ་བར་འགྱུར་བ། དེའི་ཕྱི་རིམ་ན་མཚེའུ་བརྒྱད་ཡོད་པ། དེ་རྣམས་ཀྱི་ནང་ན་ཡང་བྱ་སྐད་སྙན་པ་སྣ་ཚོགས་ཏེ། དེ་ཡང་འདི་ལྟ་སྟེ། བྱའི་རྒྱལ་པོ་ངང་པ་གསེར་ལྡན་དང་། མཐིང་རིལ་དང་། བྷུ་ག་བི་ད་དང་བྱ་ཀ་ཏི་ཡང་ཟེར ། རྨ་བྱ་དང་། ནེ་ཙོ་མི་སྐད་ཤེས་པ་དང་། ཁུ་བྱུག་དང་། ཤང་ཤང་ཏེའུ་དང་། རི་སྐེགས་དང་། དེ་ལ་སོགས་པའི་སྐད་སྙན་པའི་བྱ་རིགས་སྟོང་ཕྲག་བརྒྱད་ཅུ་དང་། ཡིད་དུ་འོང་བའི་བྱའི་རིགས་འདི་ལྟ་སྟེ། ཀང་ཀ་རི་ཀ་དང་། ཟེར་མོང་དང་། ལྦ་བ་དང་། ལྷའི་བྱ་དྲིལ་བུའི་སྐད་ཅན་དང་། བྱ་ཀྲི་ཏི་བ་གསེར་གྱི་རྡོ་རྗེའི་གཟུགས་དང་། དེ་ལ་སོགས་ཏེ། གཡུའི་མདོག་ལྟར་སྔོ་བ་དང་། དུང་གི་མདོག་ལྟར་དཀར་བ་དང་། བྱེ་རུའི་མདོག་ལྟར་དམར་བ་དང་། ཨིནྡྲ་ནཱི་ལ་ལྟར་མཐིང་བ་ལ་སོགས་ཏེ། ཡིད་དུ་འོང་བ་དང་། སྐད་སྙན་པ་བསམ་གྱིས་མི་ཁྱབ་པ་ཡོད་དོ། །དེའི་ཕྱི་རིམ་ན་རིན་པོ་ཆེ་སྣ་བདུན་གྱི་ལྕགས་རི་ཡོད་དོ། །དེ་རྣམས་ཀྱི་དབུས་ན་རིན་པོ་ཆེ་སྣ་བདུན་གྱི་ཁྲི་ཆོས་འཆད་པའི་གདན་དང་བཅས་པ་ཡོད་དོ། །དེར་སྤྲུལ་པའི་སྐུ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་དེས་སྲོད་ལ་འཁོར་རྣམས་ལ་རྒྱུའི་ཆོས་འཆད་དོ། །ནམ་ཕྱེད་སྔགས་ཕྱིའི་ཆོས་འཆད་དོ། །ཐོ་རངས་ནང་གི་ཆོས་འཆད་དོ། །ཉི་མ་ཕྱེད་ནས་རྫོགས་པ་ཆེན་པོ་འབྲས་བུ་བླ་ན་མེད་པའི་ཆོས་འཆད་དོ། །དེ་ལྟར་ཞག་རེ་རེ་ལ་ཆོས་ཐུན་བཞི་བཞི་འབྱུང་ངོ་། །དེ་ན་གནས་པའི་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་སྐྱེ་བ་གཅིག་གིས་ཐོགས་པ་ཤ་སྟག་གོ། །ལོ་ཡང་ལྔ་བརྒྱ་ལྔ་བཅུ་ཐོབ་བོ། །ཞིང་ཁམས་དེ་ན་ཟས་དང་སྐོམ་ཡང་ཡིད་ལ་དྲན་པས་ཚིམ་པ་ཡོད་དོ། །དེ་ན་ནད་མེད་པ་དང་། བྱུང་སྲིད་ནའང་ཆུ་ཡན་ལག་བརྒྱད་དང་ལྡན་པ་དེ་འཐུང་བས་ནད་སེལ་ལོ། །མེ་ཏོག་སྣ་ཚོགས་ཀྱིས་སྤྲུལ་པའི་སྐུ་དེ་ལ་མཆོད་པ་ཆེར་བྱེད་པ་ཤ་སྟག་གོ། །གཞལ་ཡས་ཁང་དེའི་


DNG003_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

ཟུར་བཞི་ན་མུ་ཏིག་ལས་གྲུབ་པའི་མཆོད་རྟེན་བཞི་ཡོད་དེ། དེ་བཞིའི་བར་ན་དྲིལ་བུ་གཡེར་ཁའི་དྲ་བས་ཐག་པ་དྲེས་ནས་ཡོད་དོ། ཐག་པ་དེ་རླུང་གིས་བསྐྱོད་པ་དང་། དྲིལ་བུའི་སྒྲ་ཡིད་དུ་འོང་བ་སྣ་ཚོགས་འབྱུང་ངོ་། །ཕྱོགས་བཞི་ན་དར་སྣ་ཚོགས་ཀྱི་བ་དན་བཞི་ཡོད་དེ་རླུང་གིས་བསྐྱོད་པ་ལས། དྲི་ཞིམ་པ་སྣ་ཚོགས་འབྱུང་ངོ་། །གཞལ་ཡས་ཁང་དེ་ན་ཡོན་ཏན་དཔག་ཏུ་མེད་པ་དེ་ལྟ་བུ་ཡོད་དོ། །གཞལ་ཡས་ཁང་དེ་ནི་འདི་ནས་ཤར་ཕྱོགས་ན་དཔག་ཚད་ལྔ་བརྒྱ་འདས་པའི་སྟེང་ན་ཡོད་དོ། །དེར་སྐྱེས་པའི་བྱང་ཆུབ་སེམས་དཔའ་དེ་དག་ཀྱང་། སུམ་ཅུ་རྩ་གསུམ་གྱི་ལྷའི་ལོངས་སྤྱོད་དང་མཉམ་མོ། །ཤར་གྱི་སྤྲུལ་པ་སྐུའི་ཞིང་ཁམས་དེ་ན་དེ་བཞིན་དུ་ཡོད་དོ། །འདི་ནས་ལྷོའི་ཕྱོགས་ན་སྤྲུལ་པ་སྐུའི་ཞིང་ཁམས་དཔལ་དང་ལྡན་པ་དེ་ན་ཡང་། རིན་པོ་ཆེ་གསེར་ལས་གྲུབ་པའི་ཁང་པ་གྲུ་བཞི་པ་བ་གམ་དང་བཅས་པ། སྒོ་བཞི་རྟ་བབས་དང་བཅས་པ། ཟུར་བཞི་ལ་མཆོད་རྟེན་དང་བཅས་པ། ལོགས་བཞི་བ་དན་དང་བཅས་པ་དང་། ཕྱོགས་བཞི་ན་གསེང་དཀར་དང་བཅས་པ། མཚེའུ་བདུན་བྱ་དང་བཅས་པ། ཡན་ལག་བརྒྱད་དང་ལྡན་པའི་ཆུ་ལྕགས་རི་དང་བཅས་པ། ཁྲི་དང་ཆོས་ཀྱང་གོང་ལྟར་བཤད་དོ། །བྱང་ཆུབ་སེམས་དཔའ་དེ་དག་ཀྱང་སྐྱེ་བ་གཅིག་གིས་ཐོགས་པ་ཤ་སྟག་གོ། །སྤྲུལ་པའི་སྐུ་རིན་ཆེན་འབྱུང་ལྡན་གྱི་ཞིང་ཁམས་དེ་ན་ཡོན་ཏན་དེ་ལྟ་བུ་ཡོད་དོ། །འདི་ནས་ཀྱང་ནུབ་ཕྱོགས་པདྨ་བརྩེགས་པའི་ཞིང་ཁམས་དེ་ན་ཡང་། སྤྲུལ་སྐུ་སྣང་བ་མཐའ་ཡས་ཞེས་བྱ་བ་ཡོད་དེ། དེ་ན་ཡང་གོང་མའི་ཡོན་ཏན་དང་མཉམ་པ་ཡོད་དོ། །འདི་ནས་བྱང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ན། རིན་པོ་ཆེ་རྣམ་པར་བཀོད་པ་ཞེས་བྱ་བ་ཡོད་དེ། དེ་ན་ཡང་སྤྲུལ་པའི་སྐུ་དོན་ཡོད་གྲུབ་པ་ཞེས་བྱ་བའི་ཞིང་ཁམས་དེ་ན་ཡང་གཞལ་ཡས་ཁང་གི་ཡོན་ཏན་འདི་ལྟ་བུ་ཡོད་དེ། རིན་པོ་ཆེ་ཨིནྡྲ་ནཱི་ལ་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་དང་ལྡན་པ་ཡོད་དོ། །དེ་ན་ཡང་ཕྱོགས་བཞི་ན་གསེང་དཀར་ཆེན་པོ་བཞི་ཡོད་དེ། དེ་ན་ཉི་མ་ཤར་བས་འོད་ལྗང་གུས་ནང་ཁེངས་ནས་ཡོད་དོ། །


DNG003_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

ས་ཐམས་ཅད་ཨིནྡྲ་ནཱི་ལ་ལས་གྲུབ་པ་ཡོད་དོ། །དེའི་ཕྱི་ན་ཆུ་ཡན་ལག་བརྒྱད་དང་ལྡན་པའི་ཆུ་རེག་ན་བདེ་བ་དང་། འཐུངས་ན་ནད་ཐམས་ཅད་སེལ་བ་ཡོད་དོ། །དེའི་ཕྱི་རིམ་ན་མཚེའུ་བདུན་ཡོད་དེ། དེའི་ནང་དུ་བྱ་སྐད་སྙན་པ་སྒྲོགས་པ་གནས་ཏེ། དེ་ཡང་འདི་ལྟ་སྟེ། བྱའི་རྒྱལ་པོ་ངང་པ་གསེར་ལྡན་དང་། མཐིང་རིལ་དང་། བྱ་ཀ་ཏ་རི་དང་། རྨ་བྱ་དང་། ནེ་ཙོ་མི་སྐད་ཤེས་པ་དང་། ཁུ་བྱུག་དང་། ཤང་ཤང་ཏེའུ་དང་། རི་སྐེགས་དང་། དེ་ལ་སོགས་ཏེ་སྐད་སྙན་པའི་བྱ་རིགས་སྟོང་ཕྲག་བརྒྱད་ཅུ་དང་། ཡིད་དུ་འོང་བའི་བྱ་རིགས་འདི་ལྟ་སྟེ། ཀང་ཀ་རི་དང་། ཟེར་མོང་དང་། ལྦ་བ་དང་། ལྷའི་བྱ་དྲིལ་བུའི་སྐད་ཅན་དང་། བྱ་ཀྲི་ཏི་པ་གསེར་གྱི་རྡོ་རྗེའི་གཟུགས་ཅན་དང་། དེ་ལ་སོགས་ཏེ་ཡིད་དུ་འོང་བ་དང་། གཡུའི་མདོག་ལྟར་སྔོ་བ་དང་། དུང་གི་མདོག་ལྟར་དཀར་བ་དང་། བྱེ་རུའི་མདོག་ལྟར་དམར་བ་དང་། ཨིནྡྲ་ནཱི་ལའི་མདོག་ལྟར་མཐིང་བ་དང་། དེ་དག་ལ་སོགས་ཏེ་ཡིད་དུ་འོང་བ་དང་། སྐད་སྙན་པ་བསམ་གྱིས་མི་ཁྱབ་པ་ཡོད་དོ། །དེའི་ཕྱི་ན་རིན་པོ་ཆེ་སྣ་བདུན་གྱི་ལྕགས་རི་ཡོད་དེ། དེ་རྣམས་ཀྱི་དབུས་ན་རིན་པོ་ཆེ་མརྒཏ་ལས་གྲུབ་པའི་ཁྲི་ཆོས་བཤད་པའི་གདན་དང་བཅས་པ་ཡོད་དེ། དེར་སྤྲུལ་པའི་སྐུ་དོན་ཡོད་གྲུབ་པ་ཞེས་བྱ་བ་ཡོད་དེ། སྲོད་ལ་གདམས་ངག་གི་ཆོས་སྟོན་ཏོ། །ནམ་ཕྱེད་ན་དབང་གི་ཆོས་སྟོན་ཏོ། །ཐོ་རངས་སྤྱོད་པའི་ཆོས་སྟོན་ཏོ། །ཉི་མ་ཕྱེད་ན་ལྟ་བསྒོམ་གྱི་ཆོས་སྟོན་ཏོ། །དེ་ལྟར་ཞག་རེ་རེ་ལ་ཆོས་ཐུན་བཞི་བཞིས་འཁོར་རྣམས་ཀྱི་རྒྱུད་བཀྲོལ་ལོ། །དེ་ན་གནས་པའི་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་སྐྱེ་བ་གཅིག་གིས་ཐོགས་པ་ཤ་སྟག་སྟེ། ལོ་ཡང་སྟོང་ཐུབ་པོ། །ཞིང་ཁམས་དེ་ན་ཟས་དང་སྐོམ་ཡང་ཡིད་ལ་དྲན་པ་ཙམ་གྱིས་ཚིམས་པ་ཡོད་དོ། །དེ་ན་བད་ཀན་ལས་གྱུར་པ་དང་། རླུང་ལས་གྱུར་པ་དང་། མཁྲིས་པ་ལས་གྱུར་པ་དང་། འདུས་པ་ལས་གྱུར་པའི་ནད་མེད་དོ། །མེ་ཏོག་སྣ་ཚོགས་ཀྱིས་སྤྲུལ་པའི་སྐུ་དེ་ལ་མཆོད་པ་རྒྱ་ཆེར་བྱེད་པ་ཤ་སྟག་གོ། །བྱང་ཆུབ་སེམས་དཔའ་དེ་དག་ཀྱང་ཁ་དོག་ལྗང་གུ་ཤ་སྟག་སྟེ།


DNG003_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་དང་ཞོན་པ་ཡང་ཁ་དོག་ལྗང་གུ་ཤ་སྟག་གོ། །ཁྱེའུ་དང་བུ་མོའི་གཟུགས་སུ་སྣང་བ་ཡང་ཁ་དོག་ལྗང་གུ་ཤ་སྟག་གོ། །ཀུན་ཀྱང་འདོད་པ་དང་བྲལ་ཞིང་ཆོག་ཤེས་པ་ཤ་སྟག་གོ། །ཀུན་ཀྱང་སེམས་ཀྱི་རྣམ་རྟོག་མེད་པ་ཤ་སྟག་གོ། །ཞིང་ཁམས་དེ་ན་སེམས་རྣམ་པ་གསུམ་མེད་དོ། །འཛིན་པ་དང་བཅས་པའི་སེམས་དང་། དྲི་མ་དང་བཅས་པའི་སེམས་དང་། མཐའ་བཞིའི་དྲི་མ་དང་བཅས་པའི་སེམས་སོ། །ཡིད་དྲུག་མེད་དོ། །ཀུན་ཏུ་འཚོལ་བའི་ཡིད་དང་། གཏན་ལ་འབེབས་པའི་ཡིད་དང་། ངེས་པར་འཇོག་པའི་ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཡིད་དང་། རྣམ་པར་འགྱུ་བ་དང་། དྲན་པ་ཀུན་གྱི་ཡིད་དང་། ཉོན་མོངས་པ་དྲུག་མེད་དོ། །འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་དང་། ཕྲག་དོག་དང་། ཁོང་ཁྲོའོ། །མ་རིག་པའི་རྐྱེན་བཞི་བདག་ཉིད་གཅིག་པ་ལྷན་ཅིག་སྐྱེས་པ་དང་ཀུན་ཏུ་བརྟགས་པ་རྒྱུའི་རྐྱེན་དང་། དམིགས་པའི་རྐྱེན་དང་། དེ་མ་ཐག་པའི་རྐྱེན། བདག་པོའི་རྐྱེན་དང་བཅས་པ་མེད་དོ། །མ་རིག་པ་དང་བཅས་པ་མཚུངས་པར་ལྡན་པའི་ཡིད་དེ་ཡུལ་ལ་དཔྱད་ནས་ངའི་ཡིན་སྙམ་པའི་ཤེས་པ་མེད་དོ། །མེད་དོ། །ཀུན་ཀྱང་རྣམ་པར་རྟོག་པ་དང་བྲལ་བ་ཤ་སྟག་གོ། །གཞལ་ཡས་ཁང་དང་འཁོར་གྱི་ཡོན་ཏན་ནོ། །གཞལ་ཡས་ཁང་དེའི་གྲུ་བཞི་ན་རིན་པོ་ཆེ་ཤེལ་གྱི་མཆོད་རྟེན་ཁྲི་འཕང་དགུ་པ་བཞི་ཡོད་དོ། །དེའི་བར་དུ་གསེར་གྱི་དྲིལ་བུ་གཡེར་ཁའི་དྲ་བ་ཡོད་དོ། །དེ་རླུང་གིས་བསྐྱོད་པ་ལས་དྲིལ་བུའི་སྒྲ་སྙན་པ་སྣ་ཚོགས་འབྱུང་ངོ་། །མཆོད་རྟེན་བཞི་ལ་ཉི་མ་ཕོག་པས་འོད་ལྔའི་ཞགས་པས་སྦྲེལ་ནས་ཡོད་དོ། །ཕྱོགས་བཞི་ན་རྨ་བྱའི་བ་དན་བཞི་ཡོད་དོ། །དེ་རླུང་གིས་བསྐྱོད་པས་ཡིད་དུ་འོང་བ་དང་། མཛེས་པ་སྣ་ཚོགས་འབྱུང་ངོ་། །ཡོན་ཏན་དཔག་ཏུ་མེད་པ་དེ་ལྟ་བུ་ཡོད་དོ། །གཞལ་ཡས་ཁང་དེ་ནི་འདི་ནས་བྱང་ཕྱོགས་ན་དཔག་ཚད་ལྔ་བརྒྱའི་སྟེང་ན་ཡོད་དོ། །དེར་སྐྱེས་པའི་བྱང་ཆུབ་སེམས་དཔའ་དེ་དག་ཀྱང་གཟུགས་ཁམས་ཀྱི་ལྷ་དང་ལོངས་སྤྱོད་མཉམ་མོ། །བྱང་ཕྱོགས་ཀྱི་སྤྲུལ་པ་སྐུའི་ཞིང་ཁམས་དེ་ན་དེ་བཞིན་དུ་ཡོད་དོ། །ཞིང་ཁམས་དེ་ཚོའི་མདུན་གྱི་བར་སྣང་ལ་སྤྲུལ་པའི་སྐུ་ཁྲོ་བོའི་ཞིང་ཁམས་ཡོད་དེ། དུར་ཁྲོད་ཆེན་པོ་མེ་རི་འབར་བ་ཞེས་བྱ་བ་ཡོད་དོ། །ཐོད་པའི་ཁང་པ་གྲུ་བཞི་དང་ལྡན་པ་ཡོད་དེ། དེ་ཡང་འདི་ལྟ་སྟེ། ཐོད་པ་སྐམ་པོས་འགྲམ་གཞི་བྱས་པ། ཤ་རི་རཾ་ཡོད་པས་བརྩིགས་པ་


DNG003_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པ། བྷན་དྷ་ལྕང་ལོ་ཅན་གྱིས་ཁ་བད་བྱས་པ། རྒྱ་དང་འཕང་དཔག་ཏུ་མེད་པ། གནམ་ལྕགས་ཀྱི་གཟེར་གྱིས་བསྡམས་པ། རཀྟའི་ཞམ་ཆུ་འབབ་པ། ཉི་ཟླས་ཀ་གདན་བྱས་པ། ཆུ་སྲིན་ཁའི་ཀ་ཞུ་བྱས་པ། ལྷ་ཆེན་བརྒྱད་ཀྱི་གདུང་མ་དྲེས་པ། མཆོག་ཆེན་པོ་བརྒྱད་ཀྱི་དྲ་བ་བྱས་པ་ཡོད་དོ། །ཉིན་བཞིན་རླུང་འཚུབས་པ། མཚན་བཞིན་མེ་འབར་བ། གཞལ་ཡས་ཁང་དེའི་གྲུ་བཞི་ན་ཞིང་ཆེན་གྱི་གདུགས་ཕུབ་པ། ལྷ་མོ་ལྔས་གར་བྱེད་པ། ས་གཞི་ཐམས་ཅད་ཀྱང་རཀྟའི་རྦ་ཀློང་འཁྲུགས་པའོ། །གཞལ་ཡས་ཁང་དེའི་ནང་ན་བཅོམ་ལྡན་འདས་གཞོན་ནུ་དཔའ་བོ་སྟོབས་ལྡན་ཞེས་བྱ་བ་ཐུགས་ཞི་བ་ལས་མ་གཡོས་ཀྱང་། སྐུ་ཁྲོ་བོའི་ཆ་བྱད་དུ་བསྟན་པ། མཁའ་འགྲོ་མ་དང་ཁྲོ་བོ་དང་ཁྲོ་མོའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་ཡོད་དེ། དེ་ཡང་འདི་ལྟ་སྟེ། མཁའ་འགྲོ་མ་པུརྞ་ཉེ་བར་ཞི་བ་དང་། ཚངས་པ་དུང་གི་མགྲིན་པ་ཅན་དང་། དྲང་སྲོང་ཟླ་འོད་གཞོན་ནུ་དང་། ཡང་འཁོར་གྱི་མཁའ་འགྲོ་མ་ཨེ་ཀ་ཛ་ཊཱི་སྤུན་དྲུག་དང་། དེའི་བྲན་མོ་བཅུ་བཞི་དང་། གཡོག་མོ་ལྔ་བཅུ་རྩ་བརྒྱད་དང་། ཡང་གཡོག་འབུམ་ཁྲི་འབུམ་སྟོང་ལ་སོགས་ཏེ། མཁའ་འགྲོ་མའི་འཁོར་དཔག་ཏུ་མེད་པས་བསྐོར་བ། བཅོམ་ལྡན་འདས་དེའི་ཐུགས་ལས་སྤྲུལ་པའི་འཁོར་ཕྱག་ན་རྡོ་རྗེ་ལ་སོགས་ཏེ། ཁྲོ་བོའི་འཁོར་བསམ་གྱིས་མི་ཁྱབ་པས་བསྐོར་བ།འཁོར་ཕུན་སུམ་ཚོགས་པ་དགའ་རབ་རྡོ་རྗེ་ལ་སོགས་ཏེ། མིའི་འཁོར་བསམ་གྱིས་མི་ཁྱབ་པས་བསྐོར་བ། འཁོར་རྣམས་ལ་འབྲས་བུ་གསང་སྔགས་བླ་ན་མེད་པའི་ཆོས་འདིས་ཞི་བས་སྤྲུལ་པའི་བྱང་ཆུབ་སེམས་དཔའ་རྣམས་གྲོལ་བར་བྱེད་དོ། །ཐམས་ཅད་ཀྱང་ཁྲོ་བོའི་གཉེར་མ་དང་ལྡན་པ་ཤ་སྟག་གོ། །གཞལ་ཡས་ཁང་གནས་ཕུན་སུམ་ཚོགས་པ་དེ་ནི་ཤིན་ཏུ་ཡ་ང་བ་དང་ལྡན་པའོ། །དབང་པོ་ཐ་མའི་བདེན་པའི་སྟོབས་མ་མཐོང་བ་དེ་གང་ཟག་དག་ནི། ཤེས་པའི་ཁྱད་ཀྱིས་དེར་དྲེད་ཅིང་སྔངས་ནས། དང་པོའི་དྲན་པ་སད་ནས། སྤྲུལ་པ་སྐུའི་ཞི་བའི་ཞིང་དུ་སྐྱེ་བ་ཤ་སྟག་གོ། །དེ་དག་ལ་སོགས་ཏེ་ཐུན་མོང་དང་ཁྱད་པར་གྱི་འཁོར་དཔག་ཏུ་མེད་པས་བསྐོར་བ། ཆོས་ཀྱི་གླུ་དང་། ཆོས་ཀྱི་གར་སྣ་ཚོགས་དང་། ཆོས་ཀྱི་སྒྲ་སྣ་ཚོགས་


DNG003_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོགས་པ་བསྟན་པ་ཕུན་སུམ་ཚོགས་པ་ཤ་སྟག་གོ། །དེ་ནས་བཅོམ་ལྡན་འདས་སྟོན་པ་ཕུན་སུམ་ཚོགས་པ་སརྦ་དྷརྨ་སྙོམས་བྱེད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་རྣམས་ཀྱི་འོག་ན་ལས་མ་དག་པའི་ཞིང་ཁམས་ཤེས་བྱ་བ་ཡོད་དེ། དེ་ན་ཡང་མི་གཙང་བའི་ཁང་པ་རྒྱ་ཁྱོན་དཔག་ཏུ་མེད་པ་ཡོད་དོ། །སེམས་ཅན་གྱི་གཟུགས་ཐ་དད་པ་སྣ་ཚོགས་དམྱལ་བ་དང་། ཡི་དྭགས་དང་། བྱོལ་སོང་དང་། ལྷ་མ་ཡིན་ལྷ་དང་ལྔའོ། །ཡོད་དོ། །སྡུག་བསྔལ་གསུམ་ནད་ཀྱིས་བཏབ་པ་སྣ་ཚོགས་པ་ཡོད་དོ། །འདི་ནས་གཞན་དུ་སེམས་ཅན་ལུས་འཕོ་བ་དཔག་ཏུ་མེད་པ་ཡོད་དོ། །གཞན་ནས་འདི་རུ་ལུས་ལེན་པ་ཡང་ཡོད་དོ། །ཟས་དང་སྐོམ་གྱི་གདུང་བ་འདོད་པ་དང་བཅས་པ་ཡང་ཡོད་དོ། །དེ་ལས་བྱུང་བའི་མ་དག་པའི་ཁམས་ལྔ་ཡང་ཡོད་དོ། །དེ་ན་ཉོན་མོངས་རྩ་བ་མ་རིག་པ་ལས་ཀུན་བརྟགས་སུ་སྣང་བའོ། །པ་སྟོང་ཕྲག་བརྒྱད་ཅུ་རང་ཁ་མར་སྤྱོད་དོ། །དེ་ནི་སེམས་ཅན་ལས་མ་དག་པ་ལྷུང་བའི་གནས་ཡིན་ནོ། །དེ་ལྟ་བུའི་སྡུག་བསྔལ་དང་ལྡན་པ་དག་ཀྱང་ཡོད་དོ། །དེའི་ཕྱིར་ན་སེམས་ཅན་གྱི་ལས་བསམ་གྱིས་མི་ཁྱབ་པའི་བྱེ་བྲག་དེ་ལྟ་བུ་ཡིན་ནོ། །དེའི་ཕྱིར་ན་འདུལ་ཐབས་ཀྱི་ཐེག་པ་བསམ་གྱིས་མི་ཁྱབ་པ་གསུངས་ཀྱང་། གསང་བ་བླ་ན་མེད་པ་འདི་ནི་འཇིག་རྟེན་དུ་འབྱུང་བར་དཀའ་འོ། །འདི་ནི་དུས་ལ་བབ་པའི་གང་ཟག་ལས་སད་པ་འགའ་ལ་སྣང་ངོ་། །ཉོན་མོངས་པ་སྟོང་ཕྲག་བརྒྱད་ཅུའི་གཉེན་པོར་ཆོས་ཀྱི་སྒོ་མོ་སྟོང་ཕྲག་བརྒྱད་ཅུ་གསུངས་སོ། །འདས་པ། གསུང་ངོ་། །ད་ལྟའི། གསུང་བར་འགྱུར་རོ། །མ་འོངས་པའི། ཞེས་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།གཉིས་པ་གླེང་བསློང་བསྟན་དེ་ནས་དུར་ཁྲོད་ཆེན་པོ་མེ་རི་འབར་བ་དེ་ན། གཞོན་ནུ་དཔའ་བོ་སྟོབས་ལྡན་ཁྲོ་བོའི་སྟངས་སྟབས་དང་ལྡན་པས་ཞེས་བྱ་བ་གསལ་ལ་མི་རྟོག་པ་བཏང་བཞག་དང་བྲལ་བ་མཐའ་གཉིས་སུ་མེད་པའི་ཏིང་ངེ་འཛིན་ལས་བཞེངས་ནས། སརྦ་ཨ་ཀ་མ་ཐམས་ཅད་ནམ་མཁའ་རྣམ་པར་དག་པ་ནི། སརྦ་ཨ་ཀ་མ་ཐམས་ཅད་ནམ་མཁའ་རྣམ་པར་དག་པ་ནི། ཞེས་བྱ་བའི་སྒྲ་བརྗོད་པས། འཁོར་རྣམས་རྟོག་པ་སྐྱེས་ཏེ། དེ་རྣམས་ཀྱི་ནང་ནས་གསང་བའི་ངོ་བོ་བདག་པོ་ཕྱག་ན་རྡོ་རྗེས་བསྐོར་བ་ལན་གསུམ་


DNG003_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ནས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་གསང་སྔགས་བདག །འཁོར་རྣམས་རྟོག་པ་བསལ་དུ་གསོལ། །གསང་བའི་རིག་པ་ཉིད་བསྟན་དུ་གསོལ། ཞེས་ཞུ་བ་ཞུས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨེ་མ་ཧོ། ངོ་མཚར་དང་བཅས་པ། རྡོ་རྗེའི་བདག་པོ་ལེགས་པར་ཉོན། །ཨེ་མ་ངོ་མཚར་ཆེ་བའི་རྒྱུད། །ཐབས་ཆེན་གཏན་ཚིགས་འབྱུང་བ་ཡིན། །འདི་བྱུང་བས་ནི་རྟོག་པ་སེལ། །མ་གྲོལ་བ་ཡང་གྲོལ་བར་འགྱུར། །གྲོལ་བ་རྣམས་ནི་མཐར་ཕྱིན་འགྱུར། །མ་རིག་སེལ་བའི་ཉི་མ་འབྱུང་། །རྣམ་རྟོག་གྲོལ་བའི་རྒྱུད་ཆེན་འབྱུང་། །དེ་བཞིན་གོང་དུ་རྒྱུད་བརྗོད་དེ་བཞིན་ནོ། །ཞེས་བཀའ་སྩལ་ཏོ། །དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་ཞུ་བ་ཞུས་སོ། །ཀྱེ་ཀྱེ་བཅོམ་ལྡན་སྟོབས་ཀྱི་བདག །རྟོག་པ་བསལ་བ་ངོ་མཚར་ཆེ། །རྒྱུད་ཀྱི་རྒྱལ་པོ་གསུང་དུ་གསོལ། །སེམས་ཅན་རྟོག་པ་བསལ་བའི་ཕྱིར། །རང་རིག་རང་གི་དོན་གྱི་དགོངས་པ་ཐབས་ཆེན་བཤད་དུ་གསོལ། །ཉོན་མོངས་སྟོང་ཕྲག་བརྒྱད་ཅུ་ལ། །མཐའ་ཡས་པ་རྣམས་གཅིག་མ་རིག་པ་གིས་བསྡུ་རིག་པ་བ་གསུང་དུ་གསོལ། །གསང་སྔགས་རྡོ་རྗེའི་ཐེག་པ་ལ། །དོན་ཆེན་རྫོགས་ཆེན་དུ་དགྲོལ་བ་གསུང་དུ་གསོལ། །ཞེས་ཞུ་བ་ཞུས་སོ། །དེ་ནས་ཡང་བཀའ་སྩལ་པ། རྒྱུད་ཀྱི་རྒྱལ་པོའི་བཤད་ལུགས་ནི། །ཚིག་དོན་འདྲེལ་པ་ཆེན་པོ་ལས། །ཕུན་སུམ་ཚོགས་པ་ལྔ་དང་ལྡན། །གོང་དུ་བཤད་པའི་རྒྱུད་ཆེན་པོ། །རང་རིག་ཐབས་ཆེན་དེའི་ངོ་བོ་སྦྱོར་བ་ནི། །གཅིག་མ་རིག་པ་ལས་དུ་མར་སྣང་བའོ། །དུ་མ་རྟོགས་ན་གཅིག་དེའི་ངོ་བོ་རིག་པ་གི་དང་། །རིག་པའི་ཆོས་ཉིད་དབྱེ་བ་ནི། །ཆོས་སྐུ་ཐིག་ལེ་ཉག་གཅིག་ཏུ་གཅིག་ལ་ཐམས་ཅད་རྫོགས་པའོ། །ཉོན་མོངས་སྟོང་ཕྲག་བརྒྱད་ཅུ་ཡང་། །གཅིག་རིག་པ་ཐིག་ལེ་ཉག་གཅིག་ཏུ་མ་ཤེས་པས་བྱུང་བ་སྟེ། །གཅིག་དོན་གཅིག་ཏུ་འདུས་པ་དེའི་ངོ་བོ་ཤེས་པས་ནི་གྲོལ་བར་འགྱུར། །གཅིག་དང་དུ་མར་རིག་པ་དང་མ་རིག་པ་སྣང་བ་ཡང་། །རིག་པའི་ངོ་བོ་ལས་བྱུང་བས་ཆོ་འཕྲུལ་ཆེན་པོ་སྟེ། །ཐམས་ཅད་དེའི་ངོ་བོ་ལས་མ་འདས་པའོ། །ཆོ་འཕྲུལ་རང་ཁ་མའོ། །གཅིག་སྒྲོན་མ་ནི་ངོ་བོ་སྟོང་པ་ལ། །རང་


DNG003_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་འོད་ལྔ་གོ་མ་འགགས་པའོ། །གསལ་ཆ་མ་འགགས་པའོ། །གཅིག་མ་རིག་པ་ལ་ནི་དུ་མར་འོད་ལྔར་སྡུད་པ་ལས། །སྣ་ཚོགས་སྟོང་ཕྲག་བརྒྱད་ཅུ་རོལ་པར་འཆར་བའོ། །དོན་གཅིག་ཏུ་འདུས་པར་གསང་སྔགས་རྡོ་རྗེ་ཐེག་པ་ཡི། །དོན་ནི་གསུམ་དུ་འདུ་བའོ། །བལྟ་བསྒོམ་སྤྱོད་པ་གསུམ་དུ་འདུས། །ལྟ་བ་རྣམ་པ་གསུམ་དུ་འདོད། །ཆོས་ཅན་ཕྱི་ཡུལ་ལ་བལྟ་བའི་ལྟ་བ་དང་། །ཆོས་ཉིད་ནང་སེམས་ལ་བལྟ་བའི་ལྟ་བ་དང་། །རང་རིག་གསང་བ་རིག་པ་ལ་བལྟ་བའི་ལྟ་བའོ། །སྒོམ་པ་ལའང་གསུམ་གྱིས་སོ་སོའི་སེམས་འཛིན་པ་ལ་སོགས་ཏེ་གཏན་ལ་འབེབས་ཏེ་བསྟན་བསྟན། །ལྷ་དང་མི་ཡི་ཡེ་ཤེས་མ་མཐོང་གིས་དོགས་ནས་བསྒོམ་པ་བསྟན་པ་སེམས་འཛིན་དང་། །བྱང་ཆུབ་སེམས་དཔའི་བསམ་གཏན་དང་། །དེ་བཞིན་གཤེགས་པའི་དགོངས་པར་འདོད། །སྤྱོད་པ་ལ་ཡང་རྣམ་གསུམ་སྟེ། །མ་ཆགས་འཛིན་པའི་སྤྱོད་པ་དང་། །མཚན་ཉིད་ཐེག་པའི་སྤྱོད་པ་སྟེ་སངས་རྒྱས་ཀྱི་མཛད་སྤྱོད་ལ་ཡང་དག་པ་མ་ཡིན་པ་དང་། དགག་བསྒྲུབ་མེད་པའི་སྤྱོད་པ་དང་། །གསང་སྔགས་སྤྱིའི་སྤྱོད་པ་དང་། ཆགས་པ་ཞེན་མེད་སྤྱོད་པའོ། །རྫོགས་ཆེན་ལ་ཞེན་མེད་སྤྱོད་པ། དེ་ནི་སྡོམ་པའི་གོ་བའི་དུས་བསྟན་ཚིག་ཏུ་བསྟན། །བྱང་ཆུབ་ས་ལ་དེ་བཞིན་སྤྱོད་པ་གནས། །ཞེས་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། འཁོར་གྱིས་གླེང་སློང་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་གསུམ་པ་སྤྱོད་པ་བསྟན་གསང་བའི་བདག་པོས་འདི་སྐད་ཅེས་ཞུ་བ་ཞུས་སོ། །ཀྱེ་ཀྱེ་བཅོམ་ལྡན་ཐུགས་རྗེ་ཅན། །ངོ་བོ་དང་གོ་མ་འགགས་པ། གོང་འོག་བསྣོལ་བའི་ཚིག་ཞུ་ཡིས། །གནང་བའི་སྐབས་དབྱེ་བསྟན་དུ་གསོལ། །སྤྱོད་པ་སྤྱོད་པ་རང་གི་ངོ་བོ་བསྟན་དུ་གསོལ་མདོར་བསྡུས་གསུང་དུ་གསོལ། །ཞེས་ཞུ་བ་ཞུས་སོ། །ཐུགས་རྗེའི་སྟོབས་ཀྱིས་རིག་པའི་ཐབས་ཐུན་མོང་མ་ཡིན་པ་མངའ་བ་དེས་བཀའ་སྩལ་པ། །ཀྱེ་ཧོ་གསང་བའི་བདག་པོ་རྡོ་རྗེ་འཛིན་པ་ཉོན། །ཆོས་ཉིད་རང་གི་ཆོས་ཉིད་དོན་གྱི་རིག་པ་རྙེད་པར་འདོད་པ་ཡི། །དང་པོ་སྤྱོད་པ་འཁོར་འདས་ཁྲེགས་ཆོད་ཀྱིས་གསོད་པ་མདོར་བསྡུས་བྱ། །དེ་ཡང་མདོར་བསྟན་ཡིད་ལ་ཟུང་། །མ་ཆགས་


DNG003_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་དོན་ལ་སྐྱེལ་མི་ནུས་པའི་སྤྱོད་པ་ནི། །མཚན་ཉིད་ཐེག་ཉན་ཐོས་རང་རྒྱལ་བྱང་སེམས་པའི་སྤྱོད་པ་སྟེ། །དོན་གྱི་ཡུལ་བྱུང་གི་སྟོང་པ་ཉིད་ལ་ཆགས་པ་ཆེན་པོས་བཅིངས། །ཐབས་རྟོགས་པ་མ་རྙེད་པར་མེད་གྲོལ་བར་ག་ལ་འགྱུར། །དོན་མེད་རང་གི་སྤྱོད་ལ་ཆགས་པའོ། །གཉིས་སྣང་དུ་འཛིན་པའི་རྟོག་པས་རང་རྒྱུད་བཅིངས། །མ་རིག་པ་ལས་གྲོལ་བར་མི་འགྱུར་ཡུན་རིང་གནས། །འཁོར་བར་ཚུལ་འཆོས་དག་གི་སྤྱོད་པའོ། །དེ་ནས་གསང་བའི་བདག་པོ་རྡོ་རྗེ་འཛིན་པ་ཆེན་པོ་དེས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་མ་ཆགས་སྤྱོད། །དགག་བསྒྲུབ་མེད་པའི་སྤྱོད་པ་ཡི། །དོན་དང་རྣམ་བཤད་གསུང་དུ་གསོལ། །ཞེས་ཞུས་སོ། །སྤྱོད་པའི་བདག་པོས་བཀའ་སྩལ་པ། །ཨེ་མ་གསང་བདག་ངེས་པར་ཟུང་། །དགག་བསྒྲུབ་མེད་པའི་སྤྱོད་པ་ནི། །གསང་སྔགས་ཕྱི་ཀྲི་ཡ་ཨུ་པ་ཡོ་ག་ནང་སྤྱོད་པ་སྟེ། །ཉོན་མོངས་ལྷའི་ངོ་བོར་འཁྱེར་བ་དགག་པར་མི་འདོད་ཅིང་། །སེམས་ལས་མ་གཏོགས་པ་ཡེ་ཤེས་བསྒྲུབ་པར་མི་འདོད་ལ། །ཚིག་ཚིག་འབྲུ་ལ་རྟེན་འཆའ་བ་དོན་འདྲེལ་པའི་སྤྱོད་པའོ། །དོན་གྱི་ཆགས་བདག་དམ་ཚིག་སེམས་དཔའ་ལྷ་ཡེ་ཤེས་སེམས་དཔའ་ལ་ཆགས་མེད་མ་ཡིན་ཏེ། །ཐབས་ཐབས་ཆེ་བས་མཆོག་སྤྱོད་པ་ཁྱད་པར་འཕགས། །ཐབས་ཆེན་འཛིན་སྤྱོད་དེ་བཞིན་ནོ། །དེ་བཞིན་སྤྱོད་པའི་རྣལ་འབྱོར་ཀྱང་། །ཡང་དག་ཉིད་ཀྱི་སྤྱོད་པ་རྫོགས་ཆེན་གྱི་སྤྱོད་པ་མིན། །འོག་མ་པས་ཐབས་ཀྱི་ཁྱད་ཀྱིས་བྱང་ཆུབ་འབྱུང་། །ཁྱད་པར་ལྟ་སྤྱོད་གཅིག་གི་ངོ་གང་ལ། །ཡེ་ཤེས་རྟོགས་པའི་དམ་ཚིག་སེམས་དཔའ་ཡེ་ཤེས་སེམས་དཔའ་གཉིས་འདུ་འབྲལ་མེད། །ཅེས་གསུངས་སོ། །ཡང་གསང་བའི་བདག་པོས་གསོལ་པ། །ཀྱེ་ཀྱེ་བཅོམ་ལྡན་སྤྱོད་པའི་བདག །ཆགས་ལ་ཞེན་མེད་རྫོགས་པ་ཆེན་པོའི་སྤྱོད་པ་ཡི། །རང་རང་གི་དོན་སྦྱར་མཐུན་ཚིག་གསུང་དུ་གསོལ། །སྟོབས་པོ་ཆེ་ཡིས་བཀའ་སྩལ་པ། །ཀྱེ་མ་གསང་བའི་བདག་པོ་ཉོན། །ངས་བསྟན་ལེགས་པར་ཡིད་ཀྱིས་ཟུང་། །སྣང་བ་འདི་བློའི་སྤྱོད་ཡུལ་ལས་ཆགས་ལ་ཞེན་མེད་སྤྱོད་པ་ནི། །རྫོགས་ཆེན་ཨ་ཏིའི་སྤྱོད་པ་སྟེ། །བྱར་མེད་ངོ་བོ་ལ་བྱས་མེད་རྩལ་བྱུང་བ་མེད། །ཡོན་ཏན་འགྲོ་


DNG003_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ངོ་བོ་འོང་མེད་རང་བཞིན་གནས་པ་མེད། །ཐུགས་རྗེ་ཆགས་པ་མེད་ལ་ཞེན་པ་མེད། །བག་ཆགས་སྦུབས་ལ་གཞི་ཤེས་པའི་ཆོས་སྐུ་ཡེ་ཤེས་ཆགས། །བག་ཆགས་ཀྱི་སྦུབས་བོར་ཡེ་ཤེས་ཞེན་པ་མེད། །ནམ་མཁའ་སྣང་བའི་ཡུལ་ལ་སྒྲོན་མ་གཉིས་ཆགས། །སྣང་འགགས་ལུས་བོར་ནས་སྒྲོན་མ་ཡུལ་ལ་ཞེན་པ་མེད། །ཆགས་ལ་འདི་ཞེས་ཞེན་མེད་སྤྱོད་པ་ནི། །རྣལ་འབྱོར་བློ་རྩལ་དང་ལྡན་པས་ཆེན་པོའི་སྤྱོད་པའོ། །ཡང་དག་དོན་རྟོགས་ཞེན་མེད་ས་ལ་གནས། །སྣང་བ་དེ་ལ་ཆགས་ཀྱང་ཞེན་པ་མེད་ན་དོན་གྱི་ངོ་བོ་ཉིད་རྟོགས་ན་སྤྱོད་པ་ཆེན་པོ་ཡིན། །ཡུལ་བདག་ཏུ་འཛིན་པའི་ཡུལ་མེད་བློ་ལ་ཞེན་པའི་ཡོད་མེད་ཀྱི་མཐའ་ལས་གྲོལ། །འདི་ཞེས་དམིགས་པའི་ཡུལ་མེད་གཟའ་གཏད་རྟོག་པ་ཟད་ཆོས་ལས་གྲོལ། །འཁྲུལ་པ་ཆོད་པ་མ་རིག་པ་རང་ཁ་མ་ལམ་དུ་ཁྱེར་གནས་མེད་རྣམ་རྟོག་སེམས་ལས་གྲོལ། །ཞེས་གསུངས་སོ། །ཞེས་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། སྤྱོད་པའི་དོན་བསྡུས་ཏེ་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་དགོངས་པའི་བདག །ལྷ་དང་མི་ཡི་སེམས་འཛིན་དོན་བཤད་པའི། །དོན་ཆེན་འཁོར་ལ་བསྟན་དུ་གསོལ། །ཞེས་ཞུས་པས། ཁྲོ་བོའི་རྒྱལ་པོས་བཀའ་སྩལ་པ། ཀྱེ་མ་གསང་བདག་ལེགས་པར་ཉོན། །བསྒོམ་པའི་རིམ་པ་འདི་ལྟ་སྟེ། །ལྷ་དང་མི་ཡི་སེམས་འཛིན་ནི། །ཁ་སྣའི་དབུགས་ནི་བསྡམས་བྱས་ན། །རྟོག་མེད་ཡིད་ལ་འགྱུས་པ་ན། །ཤེས་པ་གཅིག་པའི་ངོ་བོ་སྟེ། །འཕྲལ་གྱི་རྣམ་རྟོག་མེད་པར་གསུངས། །ཡང་དག་དོན་ཆེན་མཚོན་མི་ནུས། །ཞེས་གསུངས་སོ། །དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་སྟོབས་ཀྱི་བདག །བྱང་ཆུབ་སེམས་དཔའི་བསམ་གཏན་ལ། །འཇུག་སྒོ་བྱེ་བྲག་གསུང་དུ་གསོལ། །ཞེས་ཞུས་སོ། །དེ་ནས་ཡང་བཀའ་སྩལ་པ། །ཀྱེ་ཧོ་རྡོ་རྗེ་འཛིན་པ་ཉོན། །བསམ་གཏན་བྱེ་བྲག་བསམ་མི་ཁྱབ། །མདོར་བསྡུས་བཤད་ཀྱིས་ལེགས་པར་ཉོན། །བྱང་ཆུབ་སེམས་


DNG003_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

དཔའི་བསམ་གཏན་ནི། །སེམས་ནི་འཛིན་པ་མ་ཡིན་ཏེ། །ངང་ངམ་ཤུགས་ཀྱིས་སྐྱེ་བའོ། །གོམས་པ་ཀློང་དུ་གྱུར་པ་དང་། །ཟས་ཀྱི་འདུ་ཤེས་སྤང་བའོ། །ས་ལ་གནས་པ་རྣམས་ཀྱི་སྤྱོད། །རྣམ་རྟོག་ངང་གིས་མེད་པའོ། །དེས་ཀྱང་དོན་ཆེན་མཚོན་མི་ནུས། །ཞེས་གསུངས་སོ། །དེ་ནས་ཡང་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་སྤྲུལ་སྐུ་བཅོམ་ལྡན་འདས། །དེ་བཞིན་གཤེགས་པའི་དགོངས་པའི་དོན། །མོས་པའི་འཁོར་ལ་བསྟན་དུ་གསོལ། །ཞེས་ཞུས་སོ། །རྡོ་རྗེ་འཆང་གིས་བཀའ་སྩལ་པ། །ཨ་ཧོ་རྡོ་རྗེ་འཛིན་པ་ཉོན། །ངས་བསྟན་ལེགས་པར་ཡིད་ལ་ཟུང་། །དེ་བཞིན་གཤེགས་པའི་དགོངས་པ་ནི། །ནམ་མཁའི་མཐོངས་སུ་ཤེས་པར་བྱ། །དེ་ལ་གོམས་པར་གྱུར་ན་ཡང་། །ཡེ་ཤེས་སྣང་བ་ལྷུག་པར་འཆར། །ཡང་དག་ལམ་ཡང་དེ་བཞིན་ནོ། །འཛིན་མེད་ཡུལ་ལ་དེ་བཞིན་གནས། །རྟོགས་པའི་དུས་ན་དེ་བཞིན་ནོ། །མ་རྟོགས་སེམས་ཅན་ཐམས་ཅད་ལ། །མཚོན་དུ་ཡོད་པར་གནས་པའོ། །དེ་བཞིན་གཤེགས་པའི་དགོངས་པ་ལ། །སྐྱེ་དང་འགྲིབ་པ་མེད་པའོ། །དེ་ཡང་གྲོལ་ལུགས་གང་ཞེ་ན། །གདམས་ངག་དོན་གྱིས་གྲོལ་བའོ། །ཞེས་གསུངས་སོ། །ཞེས་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། སྒོམ་པའི་དོན་བསྡུས་ཏེ་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཡང་གསང་བའི་བདག་པོ་རྡོ་རྗེ་འཛིན་པ་ཆེན་པོ་དེས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་རྣམ་གྲོལ་བདག །སྒོམ་པའི་དམིགས་བསལ་དེ་ལྟར་ན། །ལྟ་བའི་དོན་བཤད་གསུང་དུ་གསོལ། །ཆོས་ཅན་ལྟ་བ་གསུང་དུ་གསོལ། །ཞེས་ཞུས་སོ། །ཁྲོ་བདག་ཆེན་པོས་བཀའ་སྩལ་པ། །ཨ་ཧོ་རྡོ་རྗེ་འཛིན་པ་ཉོན། །ལྟ་བའི་བྱེ་བྲག་བསམ་མི་ཁྱབ། །དེ་རྣམས་དོན་བསྡུས་ང་ཡིས་བསྟན། །མ་ཡེངས་ཚུལ་གྱིས་གུས་པར་ཉོན། །ཆོས་ཅན་མཚན་མར་སྣང་བ་ལ། །མིག་གི་དབང་པོ་མ་འགགས་པ། །སེམས་ཀྱི་བལྟ་བ་ལེགས་པ་ཡིན། །རང་གི་རིག་པ་གསལ་བ་ཡིན། །ཆོ་འཕྲུལ་ཕྱི་ཡི་སྣང་བ་


DNG003_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། །རྟོག་མེད་གསལ་བའི་ངོ་བོ་ལ། །རང་བྱུང་ཆེན་པོར་ཤེས་གྱུར་ན། །ཆོས་ཅན་བལྟ་བའི་ལྟ་བའོ། །ཞེས་གསུངས་སོ། །དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་ཞུས་སོ། །ཀྱེ་ཧོ་བཅོམ་ལྡན་རྣམ་དག་སྐུ། །ཆོས་ཅན་ལྟ་བ་དེ་ལྟར་ན། །ཆོས་ཉིད་བལྟ་བའི་དོན་བཤད་པ། །ཚིག་གི་སྒོ་ནས་གསུང་དུ་གསོལ། །ཞེས་ཞུས་སོ། །གསང་སྔགས་བདག་པོས་བཀའ་སྩལ་པ། །ཀྱེ་མ་གསང་བདག་ངེས་པར་ཟུང་། །ཆོས་ཉིད་རིག་པ་སྐྱེ་མེད་ལ། །རྣམ་རྟོག་མཚན་མ་ངང་གིས་མེད། །རིག་པ་དགག་བསྒྲུབ་མེད་པ་ལ། །ཞེན་པའི་སྤྱོད་པ་ག་ལ་ཡོད། །ཆོས་ཉིད་རྟོགས་པར་བྱེད་པ་ནི། །བྱར་མེད་ངང་དུ་ཤེས་པར་བྱ། །བྱ་བྱེད་བྲལ་བའི་རིག་པ་ནི། །གང་གི་ཕྱོགས་སུ་མ་ལྷུང་བ། །བསྒོམ་པ་ཆེན་པོ་ཞེས་བྱའོ། །དེ་ཡང་རྟོགས་བྱེད་འདི་ལྟ་སྟེ། །འདུ་ཤེས་གཅིག་པའི་ཤེས་རབ་ཀྱིས། །བློ་གཏིང་ཡིད་ཆེས་གྱུར་པ་དང་། །ཆོས་ཉིད་སྐྱེ་མེད་རྟོགས་གྱུར་ན། །ཡེ་ཤེས་ཆེན་པོ་སྐྱེ་བར་འགྱུར། །ཆོས་ཉིད་སྐྱེ་མེད་སྣང་བ་ལ། །སྐྱེ་བྱ་སྐྱེ་བྱེད་གཉིས་ལྟར་སྣང་། །དེ་ཡང་ཆོས་ཉིད་ཆོས་ཅན་ནི། །གཅིག་མ་ཤེས་པས་བྱུང་བ་སྟེ། །གཅིག་ཤེས་ནས་ནི་གྲོལ་བར་འགྱུར། །དེ་ལྟར་སྐྱེ་མེད་དོན་རྟོགས་ནས། །ཆོས་ཉིད་བལྟ་བའི་ལྟ་བར་འདོད། །ཅེས་གསུངས་སོ། །དེ་ནས་ཡང་རྡོ་རྗེ་འཛིན་པ་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་རང་རིག་བདག །ཆོས་ཉིད་ལྟ་བ་དེ་ལྟར་ན། །རང་རིག་ལྟ་བ་གསུང་དུ་གསོལ། །ཞེས་དྲི་བ་དྲིས་སོ། །དེ་ནས་རྡོ་རྗེ་འཆང་ཆེན་དེས། །ཚིག་གི་སྒོ་ནས་བཀའ་སྩལ་པ། །ཀྱེ་མ་རྡོ་རྗེ་འཛིན་པ་ཉོན། །ངས་བསྟན་ལེགས་པར་ཡིད་ལ་ཟུང་། །གཟུང་འཛིན་རྣམ་རྟོག་འཁོར་བ་ལ། །རང་རིག་ལྟ་བ་འདི་ལྟར་གནས། །ཤེས་པ་ངང་གིས་མ་གཡོས་པའི། །རྟགས་ནི་ཐུགས་རྗེའི་འདྲེལ་ཐག་གོ། །དོན་ནི་སྐུ་ལྔའི་དཀྱིལ་འཁོར་རོ། །དཔེ་ནི་ནམ་མཁའི་འཇའ་ཚོན་ནོ། །གནས་ནི་ཙིཏྟའི་དཀྱིལ་ན་གནས། །


DNG003_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ནི་བྷྲྀ་གུ་ཧ་ནས་འབྱུང་། །ཡུལ་ནི་ནམ་མཁའ་སྟོང་པའོ། །དུས་ནི་བར་དོའི་སྣང་བའོ། །ངོ་བོ་འགྱུར་མེད་ཆེན་པོ་ཡིན། །རང་བཞིན་འགག་མེད་ཀུན་ལ་ཁྱབ། །ཐུགས་རྗེའི་སྣང་བ་མ་འགགས་པའོ། །རྒྱུ་ནི་ཀུན་ལ་དེ་བཞིན་གནས། །རྐྱེན་ནི་གདམས་ངག་ཉི་ཤུའོ། །རྒྱུ་རྐྱེན་འཛོམ་ན་རང་རིག་རྟོགས། །རྟོག་མེད་གསལ་བའི་ངོ་བོ་ལ། །འཛིན་པའི་རྣམ་རྟོག་ངང་གིས་མེད། །འཛིན་མེད་རང་གསལ་དེ་བཞིན་གནས། །འཛིན་མེད་འགྲོ་འོང་མེད་པའི་ཆོས། །སངས་རྒྱས་ཀུན་གྱི་དགོངས་པ་ཡིན། །རྟོག་མེད་རང་གསལ་ཆེན་པོ་ནི། །མ་བསྐྱོད་མཁའ་ལ་གསལ་བའོ། །དེ་ལྟར་རྟོགས་པའི་རྣལ་འབྱོར་དེ། །རང་རིག་ལྟ་བ་ཆེན་པོར་འདོད། །ཅེས་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། ལྟ་བ་མདོར་བསྡུས་ཏེ་བསྟན་པའི་ལེའུ་ལྔ་པའོ།། །།དེ་ནས་ཡང་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ཞེས་བྱ་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་མཚན་དུ་རྡོ་རྗེ་གཏད་དེ་དབང་བསྐུར་བས། དབང་ཐོབ་པས་གསང་སྔགས་བླ་ན་མེད་པའི་ཞུ་བ་པོར་དབང་ཐོབ་པ་དེས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་དབང་གི་བདག །དབང་གི་བསྐུར་ཐབས་གསུང་དུ་གསོལ། །ཞེས་ཞུ་བ་ཞུས་སོ། །དེ་ནས་བཅོམ་ལྡན་འདས་ཐུགས་རྗེ་དང་ལྡན་པ་དེས། པདྨ་ཧེ་རུ་ཀ་ཞེས་བྱ་བར་སྤྲུལ་ནས། དབང་རྫོགས་པའི་ས་མ་ཏི་ལས་བཞེངས་ཏེ། འདི་སྐད་ཅེས་བཀའ་སྩལ་པ། ཨེ་མ་ཧོ། དབང་ནོད་འཁོར་རྣམས་ལེགས་པར་ཉོན། །དབང་ལ་རྣམ་པ་གཉིས་ཀྱིས་བསྟན། །དེ་ཡང་བསྟན་པ་འདི་ལྟ་སྟེ། །རྟོགས་པ་ཡེ་ཤེས་དབང་བསྐུར་དང་། །མ་རྟོགས་རྡུལ་ཚོན་དབང་བསྐུར་རོ། །མ་རྟོགས་རྡུལ་ཚོན་དབང་བསྐུར་ནི། །མཚན་མའི་རྫས་ལ་བརྟེན་པ་དང་། །རྡུལ་ཚོན་དཀྱིལ་འཁོར་བརྟེན་པ་དང་། །ཡུམ་གྱི་བྷ་གའི་དབང་བསྐུར་རོ། །མཚན་མ་རྫས་ལ་རྣམ་གསུམ་སྟེ། །བཀྲ་ཤིས་རྫས་བརྒྱད་བསྐུར་ཐབས་དང་། །རིན་ཆེན་བུམ་པའི་བསྐུར་ཐབས་དང་། །ཤ་ཁྲག་གཏོར་མའི་བསྐུར་ཐབས་སོ། །


DNG003_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་བསྐུར་ཐབས་རྣམ་གསུམ་སྟེ། །འཁོར་གྱི་དཀྱིལ་འཁོར་བསྐུར་ཐབས་དང་། །ཙ་ཀ་ལི་ཡི་བསྐུར་ཐབས་དང་། །དབུས་ཀྱི་ཕོ་བྲང་བསྐུར་ཐབས་སོ། །ཡུམ་ལ་རྣམ་པ་གསུམ་དུ་འདུས། །ཕྱག་རྒྱའི་སྒོ་ནས་བསྐུར་ཐབས་དང་། །བྷ་ག་དང་ནི་རྡོ་རྗེ་ཡི། །དབང་བསྐུར་དམ་པ་མཆོག་ཡིན་ནོ། །བྱང་སེམས་དཀར་དམར་བསྐུར་ཐབས་སོ། །མ་རྟོགས་རྡུལ་ཚོན་དབང་བསྐུར་རོ། །དེ་ལ་སོགས་ཏེ་དབང་བསྐུར་རྣམས། །རིམ་པ་བཞིན་དུ་ཤེས་པར་བྱ། །རྟོགས་པ་ཡེ་ཤེས་དབང་བསྐུར་ནི། །རྣམ་པ་གསུམ་དུ་ཤེས་པར་བྱ། །སེམས་ཅན་སྣང་བ་ཕྱི་ལྟར་བསྐུར། །བསྒོམ་པ་སེམས་འཛིན་ནང་ལྟར་བསྐུར། །ངོ་སྤྲོད་ཉི་ཤུ་རྩ་གཅིག་གིས། །གསང་བའི་དབང་དུ་བསྐུར་བར་བྱ། །ངོ་སྤྲོད་ལ་ཡང་རྣམ་གསུམ་སྟེ། །དཔེ་དོན་རྟགས་གསུམ་ཚོགས་པ་ཡི། །མཚོན་པའི་དབང་ཆེན་བསྐུར་བར་བྱ། །རིག་པའི་ཡེ་ཤེས་ངོ་སྤྲོད་ཀྱིས། །གསང་བའི་ཡེ་ཤེས་དབང་བསྐུར་བྱ། །རིག་པ་རྐྱང་པའི་ངོ་སྤྲོད་ཀྱིས། །གཟུགས་སྐུའི་ཞིང་ཁམས་དབང་བསྐུར་བྱ། །རྟོགས་པའི་ཡེ་ཤེས་དབང་མཆོག་གིས། །ཅིར་སྣང་རིག་པར་ཤེས་པའོ། །རིག་པ་དགག་བསྒྲུབ་མེད་པ་ཡིས། །དབང་རྣམས་དུས་གཅིག་རྫོགས་པའོ། །དབང་རྣམས་གྲོལ་བྱེད་གདམས་ངག་གོ། །དམིགས་མེད་དཀྱིལ་འཁོར་ཆེན་པོ་ཡི། །དབང་ནི་རང་ལ་ཡོད་པའོ། །དེ་ཡང་དོན་ལ་བཀྲོལ་ཏེ་གསུངས། །གཅིག་བཀྲོལ་གཉིས་བཀྲོལ་ཐམས་ཅད་བཀྲོལ། །གྲོལ་བ་རང་བྱུང་གཞན་ལས་མེད། །རང་བྱུང་དབང་ཆེན་དེ་བཞིན་ནོ། །དོན་གྱི་དབང་མཆོག་དཀྱིལ་འཁོར་ལ། །གཅིག་རྫོགས་གཉིས་རྫོགས་ཐམས་ཅད་རྫོགས། །དོན་དབང་ཡེ་ཤེས་མཚོན་པ་ལས། །གཅིག་མེད་གཉིས་མེད་ཐམས་ཅད་མེད། །རྡོ་རྗེའི་དོན་རྟོགས་དབང་ཆེན་ལས། །གཅིག་བྱུང་གཉིས་བྱུང་ཐམས་ཅད་བྱུང་། །སྟོང་པ་ཡེ་ཤེས་དབང་ཆེན་ལས། །གཅིག་སྐྱེ་གཉིས་སྐྱེ་ཐམས་ཅད་སྐྱེ། །རྟོགས་ན་དབང་མཆོག་དེ་ལྟར་བསྐུར། །མ་རྟོགས་པ་ཡི་ཚིག་


DNG003_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་ནས། །རྫས་རེ་དོན་རེས་བསྟན་པར་བྱ། །བསྐྱེད་པ་ཞི་བའི་དབང་དང་ནི། །རྫོགས་པ་ཁྲོ་བོའི་དབང་བསྐུར་རོ། །གསང་མཚན་རྡོ་རྗེའི་དབང་ཡང་བསྐུར། །བཀའ་རྟགས་པོ་ཏིའི་དབང་བསྐུར་ཞིང་། །དེ་ལ་སོགས་པའི་རྫས་རྣམས་ཀུན། །རིམ་པ་བཞིན་དུ་བསྐུར་བར་བྱ། །ཞེས་བཀའ་སྩལ་ཏོ། །ཞེས་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། དབང་གི་བསྐུར་ཐབས་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་ཐུགས་རྗེ་ཅན། །དབང་བསྐུར་ཡོན་ཏན་བསྟན་དུ་གསོལ། །ཞེས་ཞུས་སོ། །སྟོབས་ཀྱི་བདག་པོས་བཀའ་སྩལ་པ། །ཨ་ཧོ་གསང་བའི་བདག་པོ་ཉོན། །ངས་བསྟན་ལེགས་པར་ཡིད་ལ་ཟུང་། །ཡོན་ཏན་བྱེ་བྲག་འདི་ལྟ་སྟེ། །ཡེ་ཤེས་སྣང་བ་ཆེན་པོ་ལ། །ཐོགས་རྡུགས་མེད་པར་འགྱུར་བ་དང་། །རང་སྣང་གྲོགས་སུ་བསྟན་པ་དང་། །བྱ་བ་ཐམས་ཅད་བྱེད་པར་འགྱུར། །ཞེས་བཀའ་སྩལ་ཏོ། །དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་ཞུ་བ་ཞུས་སོ། །ཨེ་མ་ངོ་མཚར་ཆེ་བ་དབང་གི་ཡོན་ཏན་རྒྱས་པར་གསུང་དུ་གསོལ། ཞེས་ཞུས་སོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨེ་མ་ཧོ། གསང་བའི་བདག་པོ་ཉོན། ངས་ལེགས་པར་བསྟན་གྱིས་ཡིད་ལ་ཟུང་། དབང་བསྐུར་བའི་ཡོན་ཏན་འདི་ལྟ་སྟེ། བར་མ་དོ་ལ་རང་གི་སྣང་བ་ངོ་ཤེས་པར་འགྱུར་རོ། །ངོ་ཤེས་ནས་ཀྱང་དེ་ཉིད་ལ་བརྟན་པ་ཐོབ་སྟེ། སྤྲུལ་པའི་སྐུ་ཞག་ཉི་ཤུ་རྩ་གཅིག་ནས་འགྱེད་ནུས་སོ། །དབང་པོ་རབ་ཀྱིས་མཐར་ཕྱིན་པ་གཅིག་ཀྱང་སྡུག་བསྔལ་གྱི་དངོས་པོ་ལ་སོགས་པ་མི་འོང་ངོ་། །ཉམས་སུ་ལེན་པའི་དུས་ནས། ཡེ་ཤེས་ཀྱི་སྣང་བ་མ་འགགས་པར་གསལ་བའོ། །དེ་ནི་ཁྱད་པར་གྱི་ཡོན་ཏན་ཞེས་བྱའོ། །ཐུན་མོང་གི་ཡོན་ཏན་འདི་ལྟ་བུ་འཐོབ་བོ། །མཁའ་འགྲོ་མའི་སྐད་ཤེས་པ་དང་། མཁའ་འགྲོ་མས་བྱིན་རླབས་བྱེད་པ་དང་། བྱིན་རླབས་བྱས་པས་མི་རྣམས་ཀྱིས་བཀུར་བའི་གནས་སུ་མཐོང་བ་དང་། འགྲོ་བ་ཐམས་ཅད་བྱམས་པ་དང་། གཟུགས་


DNG003_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

མཛེས་ཤིང་བལྟ་ན་སྡུག་པ་དང་། བསོད་ནམས་རྒྱ་ཆེན་པོ་འཕེལ་བ་དང་། འཆི་འཕོས་ནས་ཀྱང་འཁོར་ལོས་སྒྱུར་བའི་རྒྱལ་པོའི་རིགས་སུ་སྐྱེ་བ་དང་། ནོར་བུ་རིན་པོ་ཆེ་ལྟ་བུ་ཡོན་ཏན་ཆེན་པོ་འབྱུང་བ་དང་། པདྨ་ལྟ་བུར་དག་པའི་ཆོས་ལ་སྤྱོད་པ་དང་། མཆོད་རྟེན་ལྟ་བུར་ཐམས་ཅད་ཀྱིས་བསྐོར་བའི་འོས་སུ་མཐོང་བ་དང་། གདུགས་ལྟ་བུ་འགྲོ་བ་ཕལ་བ་ཟིལ་གྱིས་གནོན་པ་དང་། མེ་དཔུང་ལྟ་བུར་ཤེས་རབ་ཀྱིས་འགྲོ་བ་ཕལ་བ་སྒྲོལ་ནུས་པ་དང་། རལ་གྲི་ལྟ་བུ་དོན་བྱེད་ནུས་པ་དང་། རྡོ་རྗེའི་ལྕགས་ཀྱུ་ལྟ་བུ་འགྲོ་བ་ཐུགས་རྗེས་འཛིན་ནུས་པ་དང་། ཆོས་ཀྱི་སྤྲིན་ལྟ་བུས་དབྱིངས་ཡེ་ཤེས་འདུ་འབྲལ་མེད་པའི་དོན་རྟོགས་སོ། །ཕྱི་ནང་གི་བྱ་བ་ཐམས་ཅད་བྱེད་པའོ། །དེས་ནི་བྱ་བ་གང་དང་ཅི་བྱེད་པ་ཐམས་ཅད་འཐོབ་པར་འགྱུར་རོ། །དེ་ལ་ནི་བགེགས་དང་ལོག་འདྲེན་གྱིས་ཚུགས་པར་མི་འགྱུར་རོ། །བུ་མང་ཞིང་ལོངས་སྤྱོད་ཆེ་བ་ནི་དབང་ཐོབ་པའི་རྟགས་སོ། །ཚེ་སྔ་ཕྱི་དྲན་པར་འགྱུར་རོ། །སེམས་ཅན་སྐྱེ་བ་ལེན་པ་དག་ཀྱང་མཐོང་བར་འགྱུར་རོ། །ཕ་རོལ་གྱི་སེམས་ཤེས་པར་འགྱུར་རོ། །མི་མ་ཡིན་དང་གཏམ་ཟེར་བར་འགྱུར་རོ། །དེ་དག་ལ་སོགས་ཏེ་ཡོན་ཏན་བརྒྱ་དང་རྩ་བརྒྱད་ཐོབ་པར་འགྱུར་རོ། །ཞེས་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། དབང་བསྐུར་བའི་ཡོན་ཏན་བསྟན་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཐུགས་རྗེ་ཆེན་པོ་དང་ལྡན་པ། དབང་མ་བསྐུར་བའི་སྐྱོན་བསྟན་དུ་གསོལ། །ཞེས་ཞུས་སོ། །དེ་ནས་ཡང་གཞོན་ནུ་དཔའ་བོ་སྟོབས་ལྡན་གྱིས་བཀའ་སྩལ་པ། ཀྱེ་གྲོགས་པོ་དག་ཉོན་ཅིག །ངས་བསྟན་གྱི་ཡིད་རྟོག་པ་སོལ་ལ་མ་ཡེངས་པར་ཉོན་ཅིག །དབང་མ་ཐོབ་པའི་སྐྱོན་ནི་འདི་ལྟ་བུའོ། །བར་མ་དོ་ལ་དྲེད་པ་དང་སྔངས་པ་དང་། རྡུགས་པ་དང་། ཐོགས་པ་དང་། འདུ་ཤེས་ཤོར་བ་ཡང་འབྱུང་ངོ་། །བག་ཆགས་ཀྱི་ལུས་མ་བོར་བར་དུ་ཡང་འགྲོ་བ་རྣམས་ཀྱིས་བཀུར་བའི་འོས་སུ་མི་མཐོང་བ་དང་། བསོད་ནམས་ཆུང་བ་དང་། ཚེ་ཐུང་བ་དང་། འཚོ་བའི་ལོངས་སྤྱོད་


DNG003_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ཉུང་བ་དང་། ཁས་ཉེན་པ་དང་། བར་ཆད་མང་པོ་འབྱུང་ངོ་། །བྱ་བ་ཐམས་ཅད་མི་འགྲུབ་པོ། །དེ་ནི་གསང་སྔགས་སྤྱོད་པའི་དབང་མ་ཐོབ་པའི་སྐྱོན་ནོ། །གསང་སྔགས་སྤྱོད་པའི་རྣལ་འབྱོར་པས་དང་པོ་དབང་ཐོབ་པར་བྱའོ། །དབང་མ་ཐོབ་ན་སངས་རྒྱས་ཀྱང་། དེ་བཞིན་གཤེགས་པའི་ས་ལ་འཁོར་ལོ་བསྐོར་མི་ནུས་སོ། །འཁོར་ལོ་མ་བསྐོར་ན་ཐུགས་རྗེས་སྤྲུལ་པའི་སྐུས་འགྲོ་བའི་དོན་བྱེད་མི་ནུས་སོ། །དེའི་ཕྱིར་ན་གསང་སྔགས་སྤྱོད་པས་དབང་ཐོབ་པར་བྱའོ། །ཞེས་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། དབང་མ་ཐོབ་པའི་སྐྱོན་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་ཐབས་ལ་མཁས། །དབང་གི་རྣམ་པ་དེ་ལྟར་ན། །དམ་ཚིག་དབྱེ་བ་གསུང་དུ་གསོལ། །ཞེས་ཞུས་སོ། །དམ་ཚིག་བདག་པོས་བཀའ་སྩལ་པ། །ཀྱེ་མ་ཕྱག་ན་རྡོ་རྗེ་ཉོན། །དམ་ཚིག་འབུམ་སྡེར་གསུངས་པ་ལས། །བསམ་གྱིས་མི་ཁྱབ་དམ་ཚིག་རྣམས། །རྣམ་པ་གཉིས་སུ་འདུས་པར་གསུངས། །སློབ་དཔོན་དང་ནི་སློབ་མ་གཉིས། །བསྲུང་བའི་རྒྱུ་ཞེས་ཀུན་ཏུ་གྲགས། །བསྲུང་བའི་རྒྱུ་ནི་སློབ་དཔོན་ཏེ། །སྲུང་བར་བྱེད་པ་སློབ་མའོ། །དེ་ལ་སྤྱོད་པ་རྗེས་འཇུག་གོ། །དང་པོ་སློབ་དཔོན་འདྲེལ་པ་བརྟག་པར་བྱ། །སློབ་དཔོན་མཁས་པའི་གདུང་འཛིན་པའི། །མི་ཤེས་ང་རྒྱལ་ཆེན་པོ་དང་། །བླུན་རྨོངས་ཚིག་ཕྱིར་འབྲང་བ་དང་། །གསང་སྔགས་དོན་ལ་མི་དགོངས་དང་། །གཞན་གྱི་ཞེ་གཅོད་ཁེངས་ཚིག་དང་། །ལོག་པའི་ལམ་དུ་ཞུགས་པ་དང་། །དབང་གི་དཀྱིལ་འཁོར་ཞལ་མ་མཐོང་། །དམ་ཚིག་ཕྱལ་པར་གྱུར་པ་དང་། །དྲིས་པ་དག་ལ་ལན་མི་ཐེབས། །ཐོས་ཆུང་ང་རྒྱལ་ཆེ་བ་དག །སློབ་དཔོན་མ་བརྟགས་སློབ་མའི་བདུད། །གསང་སྔགས་སྟོན་པའི་སློབ་དཔོན་མིན། །རྫོགས་ཆེན་ཨ་ཏི་སྟོན་མི་ནུས། །དེ་དང་འགྲོགས་པར་མི་བྱའོ། །བཀུར་སྡི་ཕུ་དུད་མི་བྱེད་ཅིང་། །གསང་སྔགས་འཆོལ་བར་སྤྱོད་པ་དང་། །རིགས་རྒྱུད་མེད་ཅིང་ངང་རྒྱུད་མེད། །ཤེས་རབ་


DNG003_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་བར་གྱུར་པ་དང་། །བཀའ་དྲིན་ཁྱད་དུ་གསོད་པ་དང་། །རང་གི་རིགས་རྒྱུད་བརྗོད་པ་དང་། །ལུས་ལ་རྒྱན་བཟང་འདོགས་པ་དང་། །དོན་མེད་ཕྱལ་པར་གྱུར་པ་སྟེ། །སློབ་མ་མ་བརྟགས་སློབ་དཔོན་དགྲ། །ཉམས་སུ་མི་ལེན་གང་ཟག་ལ། །རྫོགས་པ་ཆེན་པོའི་དོན་མི་བཤད། །རྡོ་རྗེ་དོན་ལྡན་མན་ངག་སློབ་དཔོན་ནི། །ངང་རྒྱུད་བཟང་ཞིང་སློབ་པ་དག་ལ་མཁས། །དབང་ཐོབ་གསང་སྔགས་དོན་ལ་སྦྱར། །ཕྱི་ནང་བྱ་བ་ཐམས་ཅད་ཤེས། །ཡི་དམ་ལྷ་དང་འདུ་འབྲལ་མེད། །ཏིང་ངེ་འཛིན་ལ་ཡེངས་པ་མེད། །རྫོགས་ཆེན་མན་ངག་དོན་ལྡན་པའི། །གསང་སྔགས་གསང་བའི་རྒྱུད་ལ་མཁས། །ཕྱི་ནང་སྒྲུབ་ཐབས་ཐམས་ཅད་བྱེད། །ལྟ་བའི་དོན་ལས་མི་འདའ་ཞིང་། །ཕྱི་ནང་གསང་བའི་བྱ་བ་བཏང་། །ཡོན་ཏན་ནོར་བུ་རིན་ཆེན་ལྟར། །ཟད་མེད་གཏེར་ལ་སྤྱོད་པའོ། །ཐུགས་རྗེའི་འདྲེལ་ཐག་མ་ཆད་ཅིང་། །བརྩེ་གདུང་རྒྱུན་ཐག་མ་ཆད་པ། །སློབ་དཔོན་སློབ་མའི་འདྲེལ་པའོ། །དེ་ལྟར་མན་ངག་སློབ་དཔོན་ལ། །རང་ལུས་དང་ནི་རིན་ཆེན་རྫས། །ཤིན་ཏུ་དཀོན་པ་དག་གིས་བསྙེན། །དད་པའི་སྟོབས་དང་བརྩོན་འགྲུས་ཆེ། །ཤེས་རབ་ཆེ་ཞིང་འཛིན་ཆགས་མེད། །ཕུ་དུད་ཆེ་ཞིང་གསང་སྔགས་སྤྱོད། །རྟོག་མེད་སེམས་ལ་ཡེངས་པ་མེད། །དམ་ཚིག་ལྡན་ཞིང་བསྒྲུབ་ལ་བརྩོན། །དྲེང་ངེ་དུང་ངེ་བསྒྲུབ་ལ་བརྩོན། །ལྷང་ངེ་ལྷན་ནེ་བསྒོམ་ལ་སྤྱོད། །སློབ་དཔོན་གསུངས་པ་ཅི་བཞིན་བྱེད། །དམ་ཚིག་ཕྱལ་པར་མི་བཏང་ཞིང་། །སྤྱོད་ལམ་གཞན་དང་མཐུན་པར་སྤྱོད། །གུས་པའི་ཚུལ་གྱིས་སེམས་དད་ཅིང་། །ཚིག་གཅིག་བསྟན་པ་རྗེས་སུ་འཛིན། །རང་གི་དོན་ལ་དེ་བཞིན་སྤྱོད། །གསང་བར་གཉེར་གཏད་ཐུབ་པར་བྱེད། །རྡོ་རྗེའི་དོན་ལས་མི་འདའ་ཞིང་། །ཐོས་པ་ཆེ་བའི་གང་ཟག་བསྟན། །རང་གི་དོན་ལ་འདའ་བ་མེད། །དྲེགས་པའི་ཚིག་མེད་འཇམ་པོར་སྨྲ། །ཕ་རོལ་སེམས་དང་མཐུན་འཇུག་བྱེད། །སློབ་དཔོན་དང་ནི་དེ་བཞིན་གཤེགས། །ཁྱད་མེད་གཅིག་གི་ཚུལ་དུ་བྱེད། །དེ་ནི་སློབ་མའི་མཚན་ཉིད་སྟེ། །དེ་ལྟར་ལྡན་པའི་སློབ་མ་དེ། །


DNG003_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པ་ཆེན་པོའི་སྣོད་དུ་གསུངས། །མན་ངག་རྫོགས་པ་ཆེན་པོའི་དོན། །སྣོད་ངན་ཕལ་དུ་བླུག་མི་བྱ། །དད་དང་ལྡན་པ་འགའ་ཡི་བཅུད། །སྣོད་ངན་དག་ཏུ་བླུགས་གྱུར་ན། །བཅུད་མེད་གཉིས་ཀ་འཕུང་བར་བྱེད། །དེ་ཕྱིར་སྣོད་མེད་རྣམས་ལ་གསང་། །ཞེས་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། སློབ་དཔོན་དང་སློབ་མའི་འདྲེལ་པ་བརྟགས་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་དམ་ཚིག་འཆང་། །དམ་ཚིག་དབྱེ་བ་གསུང་དུ་གསོལ། །ཞེས་ཞུས་སོ། །དམ་ཚིག་བདག་པོས་བཀའ་སྩལ་པ། ཨ་ཧོ་གསང་བའི་བདག་པོ་ལ་སོགས་པ། ཉོན། །དམ་ཚིག་སྡོམ་པ་གཟུང་བར་གྱིས། །འབུམ་སྡེར་གསུངས་པའི་དམ་ཚིག་རྣམས། །མདོར་བསྟན་ལེགས་པར་ཡིད་ལ་ཟུང་། །དེ་ཡང་མདོར་བསྟན་འདི་ལྟ་སྟེ། །རྟོགས་བྱེད་བལྟ་བའི་དམ་ཚིག་ངོ་བོ་ངེས་ཚིག་དབྱེ་བའོ། །ངོ་བོ་རྟོག་མེད་ཤེས་རབ་ཡིན། ངེས་ཚིག་ནི། རིག་པ་ལ་ཕྱི་ནས་བལྟ་བས་ན་བལྟ་བ། དེ་བྱེ་ན་ཆོས་ཅན་མཚན་ཉིད་གཉིས་སུ་མེད་དོ། །དང་། །སྤྱོད་པ་རྒྱུན་གྱི་དམ་ཚིག་དང་། །བསྒྲུབ་པ་སྤྱི་ཡི་དམ་ཚིག་བཤད། །ཐུན་མོང་སྤྱི་ཡི་དམ་ཚིག་དང་། །མེད་པ་དང་། གཅིག་པུ་དང་། ཕྱལ་པ་དང་ལྷུན་གྱིས་གྲུབ་པའོ། །སྟོང་པའི་ཕྱིར་མེད་པའོ། །སེམས་དང་བྲལ་བའི་ཕྱིར་གཅིག་པུ། འདས་པའི་ཕྱིར་ཕྱལ་པ། གཞི་ལ་ཡོད་པའི་ཕྱིར་ལྷུན་གྲུབ་བོ། །སྐུ་གསུང་ཐུགས་ཀྱི་དམ་ཚིག་གོ། །སྐུའི་སྲོག་གཅོད་པ་སྤང་བར་བྱ། གསུང་གི་རྫུན་དང་ཕྲ་མ་ཞེ་གཅོད་པའི་ཚིག་སྤང་། ཐུགས་ཀྱི་སྒོ་ནས་བསམ་གཏན་མི་དཀྲུག །སློབ་དཔོན་གྱི་ཐུགས་མི་དཀྲུག་གོ། །ཡན་ལག་གྲངས་ཀྱི་དམ་ཚིག་དང་། །སྤྱད་པར་བྱ་བའི་དམ་ཚིག་ཉི་ཤུའོ། །གལ་མདོ་ངེས་པའི་དམ་ཚིག་གོ། །མ་ཁྲེལ་པའི་ཚུལ་བཞི་ལ་བསྒོམ་བསྒྲུབ་དེ་ཡི་དམ་ལྷས་མ་ཁྲེལ། གཡོ་སྒྱུ་དང་ཟོག་མེད་པར་རང་གིས་མ་ཁྲེལ། བཀུར་སྡི་ཆེ་སྟེ་སློབ་དཔོན་གྱིས་མ་ཁྲེལ། བརྩེ་གདུང་ཆེ་སྟེ་མཆེད་ལྕམ་གྱིས་མ་ཁྲེལ། མ་ཉམས་པ་བཞི་ནི། ཟླ་ཡིས་མ་ཉམས་པ། ཞོར་གྱིས་མ་ཉམས་པ། རྩ་བ་སྐུ་གསུང་ཐུགས་ཀྱིས་མ་ཉམས་པ། ཡན་ལག་གྲངས་ཀྱིས་མ་ཉམས་པའོ། །མཐར་ཕྱིན་པའི་འབྲས་བུ་བཞི་ནི། རིག་པ་ནོན་པ། དམ་ཅན་འགོ་ཞིང་མཐུ་རྩལ་འབྱུང་བ་དང་། མང་པོས་བཀུར་ཞིང་གྲགས་པ་འབྱུང་བ་དང་། ཡིད་དུ་འོང་ཞིང་དགོས་པ་འབྱུང་བ་དང་བཞིའོ། །དེ་ལ་སོགས་པའི་དམ་ཚིག་རྣམས། །མདོ་དང་རྒྱས་པ་ཆེན་པོའོ། །དམ་ཚིག་ལ་ནི་


DNG003_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་བཞིན་གནས། །བསྐལ་པ་ཞིག་ཀྱང་མི་གཏོང་ན། །དམ་ཚིག་ཆེན་པོའི་བསྲུང་ཐབས་སོ། །དམ་ཚིག་སྡོམ་པར་ཇི་ལྟར་གནས། །དམ་ཚིག་ལ་ནི་གང་གནས་པ། །བསམ་པ་ཐམས་ཅད་མཐར་ཕྱིན་འགྱུར། །དེ་ཡང་བསྲུང་ཐབས་འདི་ལྟ་སྟེ། །སློབ་དཔོན་དང་སློབ་མའི་བསྲུང་ཐབས་བསྟན་ཏེ། དེ་ཡང་ཤེས་པ་ལ་ཁྱད་ཡོད་པའི་ཕྱིར། ཁྱད་པར་བཅུ་ཡིས་སློབ་དཔོན་འཕགས། མི་ཤེས་པ་སློབ་པ་དང་། དྲིས་པ་ལ་ལན་རྒྱས་པར་འདེབས་པ་དང་། དབང་བསྐུར་མན་ངག་རྒྱས་པར་སྟོན་པ་དང་། མཁས་པ་དང་། ཡངས་པ་དང་། ཆེ་བ་དང་། གཏིང་ཟབ་པ་དང་། མི་འགལ་བ་དང་། རྒྱུད་ཀྱི་དོན་སྟོན་པ་དང་། རེ་རེའི་མཚན་རེ་སྟོན་པ་བཅུ་ཐམ་པའོ། །ཤེས་པ་གཅིག་གི་ཁྱད་པར་གྱིས། །ཁྱད་པར་བཅུ་ཡི་བསྲུང་ཐབས་འཕགས། །གཅིག་ལ་དེ་ལས་ཉུང་བའོ། །དམ་ཚིག་རྒྱལ་པོ་དེ་བཞིན་སྤྱོད། །ཉམས་ན་དམྱལ་བར་ངེས་པར་འགྲོ། །གསང་སྔགས་དོན་སྤྱོད་སློབ་དཔོན་ལ། །ཅི་འབྱོར་པ་ཡི་མཆོད་པ་འབུལ། །གང་མཉེས་པ་ཡིས་བསྟེན་པར་བྱ། །རྫས་དང་ཡོ་བྱད་ཐམས་ཅད་ཀྱང་། །སློབ་དཔོན་དམ་ཚིག་མ་ཉམས་ལ། །ཚོགས་ཀྱི་འཁོར་ལོ་རྒྱ་ཆེར་བྱ། །རྡོ་རྗེའི་མཆེད་ལ་དེ་བཞིན་ནོ། །རྡོ་རྗེའི་སྤུན་ལ་དོན་བཞིས་བསྟན། །སྤྱིའི་མཆེད་དང་ཉེ་བའི་མཆེད་དང་འདྲེས་པའི་མཆེད་དང་། །དཀྱིལ་འཁོར་བུམ་པ་འདྲེས་པའོ། །སློབ་དཔོན་ལ་ཡང་དེ་བཞིན་ཏེ། །ཆོས་བྱེད་ཀུན་སྤྱིའི་སློབ་དཔོན་དང་འདྲེས་པའི་སློབ་དཔོན་དང་དམ་ཚིག་འབོགས་པ་དབང་། །བསྐུར་བའི་མན་ངག་རྫོགས་ཆེན་གྱི་དོན་སྟོན་པའི་ལུང་གི་སློབ་དཔོན་ནོ། །དེ་ཡང་ངེས་ཚིག་འདི་ལྟ་སྟེ། །གཞན་གྱིས་མི་ཤེས་ཤེས་པར་དགྲོལ་ཕྱིར་སློབ། །རྫོགས་ཆེན་དོན་རང་གི་རིག་པ་ལ་སྦྱོར་བས་དཔོན། །སློབ་མའི་ངེས་ཚིག་འདི་ལྟ་སྟེ། །སེམས་མ་ཡེངས་ཚུལ་གྱིས་དད་པ་དང་ལྡན་པས་ཉན་པས་སློབ། །མན་ངག་གསང་བའི་གཉེར་གཏད་ཐུབ་པའི་སྣོད་དུ་གྱུར་པས་མ། །དེ་ལྟར་དོན་ལྡན་དཔོན་སློབ་ནི། །ཡང་དག་པ་ལ་མཉམ་པོར་གནས། །དམ་ཚིག་ལྡན་པ་དེ་བཞིན་ནོ། །ཉམས་ན་གཉིས་ཀ་འཚིག་པར་འགྱུར། །སྐུ་ཡི་དམ་ཚིག་ཉམས་གྱུར་ན། །རྡོ་རྗེ་དམྱལ་བ་ཆེན་པོར་འཚེད། །འོ་དོད་འབོད་པའི་གནས་སུ་སྐྱེ། །དཔོན་གྱིས་ཉམས་ན་སྦྱང་ཐབས་མེད། །གཉིས་ཀ་ངུ་འབོད་ཆེན་པོར་སྐྱེ། །


DNG003_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་མས་ཉམས་ན་སྦྱང་ཐབས་ཡོད། །གསུང་རབ་རྒྱ་ཆེན་བཀླག་པ་དང་། །ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར། །འཁོར་གསུམ་ཡོངས་དག་བྱ་བར་གསུངས། །གསུང་གི་དམ་ཚིག་ཉམས་གྱུར་ན། །སྣང་བ་འགགས་པར་འགྱུར་བ་དང་། །མུན་རུམ་ཆེན་པོའི་གནས་སུ་སྐྱེ། །དེ་ནས་ཐོན་པར་གྱུར་ནས་ཀྱང་། །ལྐུགས་པ་དག་ཏུ་སྐྱེ་བར་འགྱུར། །དེ་ཡང་སྦྱང་ཐབས་འདི་ལྟ་སྟེ། །མར་མེ་བརྒྱ་རྩའི་ཆོ་ག་དང་། །སྤང་སྐོང་བརྒྱ་རྩ་འདོན་པ་དང་། །བཤགས་པ་རྣམ་པ་སྣ་ཚོགས་བྱ། །དེས་ནི་སྦྱངས་པའི་ཡོན་ཏན་མཐོང་། །ཐུགས་ཀྱི་དམ་ཚིག་ཉམས་གྱུར་ན། །ཡིད་འཁྲུགས་ཆེན་པོའི་གནས་སུ་སྐྱེ། །རྟག་ཏུ་རྩོད་པ་རྒྱུན་མི་འཆད། །འཐབ་དང་སྡུག་བསྔལ་ཆེན་པོ་དང་། །ཡང་ན་དྲན་པ་མེད་པར་འགྱུར། །ཡང་ན་དྲན་པ་རེངས་པར་འགྱུར། །སྨྱོ་འབོག་ནད་ཀྱིས་ཐེབས་པར་འགྱུར། །ཐ་མ་ངུ་འབོད་གནས་སུ་སྐྱེ། །དེ་ཡང་སྦྱང་ཐབས་འདི་ལྟ་སྟེ། །སློབ་དཔོན་མཉེས་པའི་རྫས་ཀྱིས་མཆོད། །འབྱོར་ཚོགས་ཅི་ཡོད་འཕགས་པ་མཆོད། །དེ་ལྟར་བཤགས་པ་བྱས་གྱུར་ན། །བསམ་པ་ཐམས་ཅད་འགྲུབ་པར་འགྱུར། །འདོད་པ་ཐམས་ཅད་སྐོང་བར་འགྱུར། །བྱ་བ་ཐམས་ཅད་རྫོགས་པར་འགྱུར། །དམ་ཚིག་ཉམས་པའི་སྔ་ལྟས་སུ། །མི་བདེ་རྣམ་པ་སྣ་ཚོགས་འབྱུང་། །ཡམས་དང་འཚེ་བའི་ནད་རྣམས་དང་། །རིམས་ནད་སྣ་ཚོགས་འབྱུང་བར་འགྱུར། །གདོན་དང་ལོག་འདྲེན་རྣམས་ཀྱིས་ཀྱང་། །བསད་ནས་སེམས་ཅན་དམྱལ་བར་འགྲོ། །མིག་གིས་གཟུགས་མི་མཐོང་བར་འགྱུར། །རྣ་བ་འོན་ཅིང་ལས་མི་འགྲུབ། །མཛེ་དང་ཤུ་བའི་ནད་རྣམས་འབྱུང་། །ཆོམ་རྐུན་རྒྱལ་པོའི་ཆད་པ་འབྱུང་། །གཞན་ལ་མེད་པའི་རིམས་ནད་འབྱུང་། །བུ་དང་ཆུང་མ་འཆི་བར་སྟོན། །ཡུལ་རྣམས་ཐམས་ཅད་དགྲར་ལྡང་ཞིང་། །བྱས་པ་དོན་མེད་ཆེན་པོར་འགྱུར། །སྔ་ལྟས་དེ་ལྟར་བྱུང་བ་དང་། །གོང་དུ་བསྟན་པའི་བཤགས་པ་བྱ། །བྱས་ན་བཟློག་པའི་དངོས་གྲུབ་འབྱུང་། །ཞེས་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། དམ་ཚིག་གི་ལེའུ་སྟེ་བཅུ་


DNG003_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་ཡེ་ཤེས་སྐུ། །དམ་ཚིག་བྱེ་བྲག་དེ་ལྟར་ན། །ཆོས་སྐུའི་མཚན་ཉིད་གསུང་དུ་གསོལ། །ཞེས་ཞུས་སོ། །རྡོ་རྗེའི་སྟོབས་ཀྱིས་བཀའ་སྩལ་པ། །ཀྱེ་མ་རྡོ་རྗེ་འཛིན་རྒྱལ་ཉོན། །ངས་བསྟན་ལེགས་པར་ཡིད་ལ་ཟུང་། །ཆོས་སྐུ་ཡེ་ཤེས་ཆེན་པོའི་ལུང་། །མཚན་ཉིད་རྣམ་པ་གསུམ་དང་ལྡན། །ངོ་བོ་མི་འགྱུར་བའི་སྙིང་པོ་དང་ཤར་བའི་ཡེ་ཤེས་ལྷང་ངེ་བའོ། །རང་བཞིན་མ་འགགས་པ་རང་གསལ་ཡུལ་ལས་ཐལ་བྱུང་རྒྱ་ཆད་མེད་པར་སྣང་བའོ། །ཐུགས་རྗེ་ཀུན་ཏུ་ཁྱབ་པའི་ཐུགས་རྗེ་ཡུལ་བདག་གི་བཟུང་བ་ཙམ་དུ་བཟུང་ཡང་ལམ་ལ་ཉེ་རིང་མེད་དོ། །གསུམ། །ཆོས་ཀྱི་སྐུ་ཡི་མཚན་ཉིད་ཡེ་ཤེས་ཀྱི་ལམ་སྣང་བའི་ཡུལ་དུ་ཤར་ནས་རབ་ཏུ་གྱེས་པ་དེ་ལས་འཛིན་པ་ལྟར་མཛད་དོ། །ཡིན། །མི་འཇིག་སྟོང་དང་གསལ་བ་དང་། །བྱ་བ་ཐམས་ཅད་རྫོགས་པ་ནི། །ཆོས་ཀྱི་སྐུ་ཡི་ངེས་ཚིག་གོ། །འགྱུར་མེད་སྐུ་ཉིད་འགྱུར་བ་མེད་པས་ཡེ་ནས་ཕྱོགས་དང་རིས་སུ་མེད་པ་དག་གི་ཆོས་སྐུ་ཆེན་པོར་བཞུགས་སོ། །འགག་མེད་ཡེ་ཤེས་ཀྱི་སྐུ་དེ་ལ་དྲི་མ་མེད་ཅིང་འགག་པ་མེད་པས་སྣང་བ་ལ་ཐོགས་རྡུགས་མེད་དོ། །ཁྱབ་པ་དེ་ཡང་ཀུན་ལ་ཁྱབ་པས་ཏེ་རང་གི་སྙིང་གི་དཀྱིལ་ན་ཡེ་ཤེས་ས་བོན་འོད་དང་འོད་ཀྱི་ཚུལ་དུ་གནས་པ་དེ་ཉིད་ཀུན་ལ་ཁྱབ་པའི་ཕྱིར་རོ། །གསུམ། །ཆོས་ཀྱི་སྐུ་ཡི་ངོ་བོའོ། །གསལ་ཀ་དག་གི་ངོ་བོ་ལ་ཡེ་ཤེས་ཀྱི་སྣང་བ་ཕྱོགས་བཅུར་ཤར་ནས་ནུབ་པ་མེད་པའོ། །དང་དྭངས་འབྱུང་བ་འོད་དུ་འབྱུང་ཞིང་གསལ་བ་ཟེར་དུ་གསལ་བས་ཆོས་ཀྱི་སྐུ་ལ་མཚན་མ་མེད་པའོ། །དང་མ་འདྲེས་དེ་ཡང་ཁ་དོག་དང་ཡུལ་ཆོས་ཀྱི་དབྱིངས་སུ་སྣང་བ་ལ་རང་གི་དེ་ཉིད་ལ་གཞན་འགྱུ་ཞིང་འོད་དུ་འཕྲོ་བའོ། །གསུམ། །ཆོས་ཀྱི་སྐུ་ཡི་ཡུལ་ཡིན་ནོ། །དཔག་མེད་དེ་ཡང་ཚད་ཀྱིས་གཟུང་དུ་མེད་པ་རྒྱ་ཆེ་ཆུང་མེད་པ་དབྱིངས་འདི་ཞེས་བྱ་བར་མེད་པའི་སྣང་བ་དང་བཅས་པའོ། །དམིགས་མེད་མཐའ་དང་དབུས་མེད་པས་ཕྱོགས་ལ་གནས་པ་མེད་པ་ལ་འཛིན་པ་མེད། །དེ་ལ་ཡིད་མེད་པས་ཆགས་པ་དང་ཡིད་དུ་འོང་བ་མེད་དོ། །ཆོས་ཀྱི་སྐུ་ཡི་ཡེ་ཤེས་ཀྱི་ལམ་དུ་མ་ཤར་བས་སྣང་བ་རང་གསལ་བའོ། །གནས་ཡིན་ནོ། །སྣང་བ་འགག་མེད་ཡུལ་ལ་ཞེན་མེད་སེམས་ལ་ཆགས་པ་མེད། །ཆོས་ཀྱི་སྐུ་ཡི་སྤྱོད་པའོ། །མི་རྟོག་པ་ལྷན་ནེ་མ་ཡེངས་པ་ལྷང་ངེ་མ་གཡས་ཡེངས་པ་མེད། །ཆོས་ཀྱི་སྐུ་ཡི་བསྒོམ་པ་ཡིན། །བལྟར་མེད་རང་ལ་རྫོགས་བལྟས་ཟིན་གཞི་ལ་


DNG003_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་ལྟ་བ་རྫོགས། །བྱ་བ་མེད་པའོ། །ཆོས་ཀྱི་སྐུ་ཡི་ལྟ་བ་ཡིན། །རང་གི་རིག་པ་བྱས་མེད་གཞན་ནས་བྱུང་མེད་ད་ལྟར་འབྱུང་བ་མེད། །ཆོས་ཀྱི་སྐུ་ཡི་འབྲས་བུ་ཡིན། །བསྒྲུབ་མེད་མཐའ་གྲོལ་བསྒྲུབས་ཟིན་རང་དང་འགྲོགས་པར་སྒྲུབ་པ་རྫོགས། །ངང་གིས་མ་གཡོས་པ་ཆོས་ཀྱི་སྐུ་ཡི་ཕྲིན་ལས་ཡིན། །རིག་པ་གཅིག་བྱུང་གཉིས་སྒྲོན་མ་གཉིས་བྱུང་ཐམས་ཅད་སྣང་བའི་ཡེ་ཤེས་བྱུང་། །ཆོས་ཀྱི་སྐུ་ཡི་ཡོན་ཏན་ཡིན། །འགག་མེད་ཡུལ་ལ་ཟང་ཐལ་གསལ་དྭངས་སྟེང་འོག་ངོས་བཟུང་མེད་ངོ་བོས་སྟོང་། །མི་འགྱུར་བ། ཆོས་ཀྱི་སྐུ་ཡི་སྣང་བ་ཡིན། །ཕྱི་དབྱིངས་མེད་ནང་རིག་པ་མེད་དབུས་སུ་མེད། །དངོས་པོ་དང་བྲལ། ཆོས་ཀྱི་སྐུ་ཡི་རང་ལུས་ཡིན། །དབུགས་མེད་པའི་ཕྱིར་འགྲོ་མེད་ཡིད་མེད་པའི་ཕྱིར་འོང་མེད་སེམས་མེད་པའི་ཕྱིར་གནས་པ་མེད། །ཆོས་ཀྱི་སྐུ་ཡི་རང་རྟགས་ཡིན། །གསལ་བ་ཉི་མ་གཏིང་ཟབ་པ་རྒྱ་མཚོ་མ་ཆགས་སྐྱོན་གྱིས་མ་གོས་པ་པདྨ་དང་། །མི་འགྱུར་བ་རི་བོ་ཡངས་ཤིང་གོ་སྐབས་འབྱེད་པ་ནམ་མཁའ་ཟིལ་གྱིས་གནོན་པ་སེང་གེ་གསུམ། །བལྟ་བའི་རང་རིག་གནས་ལུགས་ཡིན། །ཆོས་ཀྱི་སྐུ་ཡི་མཚོན་དཔེ་ཡིན། །ཡིད་མེད་བསམ་དང་བྲལ་བའི་རིག་པ་ངོ་བོ་ཀ་དག་ཆོས་ཀྱི་སྐུ། །ཡུལ་ལ་སྣང་བྱ་སྣང་བྱེད་བདག་ལ་མེད་པར་ལྷུན་གྲུབ་འགྲོ་བ་ཡོངས་ལ་ཁྱབ། །རང་ལ་ཆོས་ཀྱི་སྐུ་ཡི་ཕོ་བྲང་འགྱུར་མེད་འདི། །འོད་ཟེར་གྱི་ཚུལ་དུ་རང་རང་ཙིཏྟའི་དཀྱིལ་ན་ཕོ་བྲང་འགྱུར་མེད་བཏབ། །དངོས་པོ་སྟོང་པ་ངོ་བོ་ཡེ་ཤེས་སྙིང་པོ་འོ། །རིག་པ་གསལ་བ་དབྱིངས་འོད་ཀྱི་སྙིང་པོ་རིག་པའོ། །རྩོལ་བ་ལས་འདས་པ་རང་བྱུང་རིག་པའི་སྙིང་པོ་རིག་པའི་ངོ་བོ འོ། །སྙིང་པོ་ཡེ་ཤེས་སྐུ་གསུམ་དང་ལྡན་པ་ཆོས་ཀྱི་སྐུ། །འོད་ཀྱི་སྙིང་པོ་ཡེ་ཤེས་དོན་རྟོགས་ས་ལམ་བགྲོད་པ་མེད། །བརྗོད་པའི་མཐའ་དང་བྲལ་བའི་ཆོས་སྐུ་ཆེན་པོ་འདི། །ཀུན་ལ་གནས་ཏེ་ཀུན་གྱིས་རྟོགས་པ་མེད། །ཡིད་མེད་སེམས་མེད་མ་རིག་འཁྲུལ་པ་མེད། །ཅེས་བཀའ་སྩལ་ཏོ། །ཞེས་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། ཆོས་སྐུའི་མཚན་ཉིད་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་སྤྲུལ་པའི་སྐུ། །ཆོས་ཀྱི་སྐུ་ཡི་མཚན་ཉིད་


DNG003_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་ན། །ལོངས་སྐུའི་མཚན་ཉིད་གསུང་དུ་གསོལ། །ཞེས་ཞུས་སོ། །རྡོ་རྗེ་འཆང་གིས་བཀའ་སྩལ་པ། །ཨེ་མ་ཧོ་གསང་བདག་ངེས་པར་ཟུང་། །ལོངས་སྤྱོད་རྫོགས་པའི་སྐུ་ལ་ཡང་། །དབྱེ་ན་བསམ་གྱིས་མི་ཁྱབ་སྟེ། །མདོར་བསྟན་ལེགས་པར་ཡིད་ལ་ཟུང་། །ཁ་དོག་མ་འདྲེས་སོ་སོའི་མཚན་འཛིན་པ། །མཚན་དང་དཔེ་བྱད་བཟང་པོའི་འོད་ཟེར་འབར། །ཡབ་དང་ཡུམ་དང་སྐུ་ཡི་ཆ་ལུགས་འཛིན། །ལོངས་སྤྱོད་རྫོགས་པའི་སྐུ་ཡི་མཚན་ཉིད་དོ། །སྐྱེ་བ་ཡོད་དེ་འཆི་མེད་རྡོ་རྗེ་ལྡན། །རང་གི་འོད་ལྔ་སྐུ་རིགས་ལྔ་ཁ་དོག་མ་འདྲེས་སོ་སོར་གསལ། །ཡབ་རྣམ་སྣང་། རྡོ་རྗེ་སེམས་དཔའ་རིན་འབྱུང་སྣང་མཐའ། དོན་གྲུབ་བོ། །ལྔ་ཡུམ་ལྔ་ནམ་མཁའི་དབྱིངས་ཕྱུག་མ། སངས་རྒྱས་སྤྱན་མ། མཱ་མ་ཀི། གོས་དཀར་མོ། དམ་ཚིག་སྒྲོལ་མའོ་ཚོམ་བུ་ལྔ་དང་ལྡན། །སངས་རྒྱས་ལྔའི་ལམ་དུ་རིག་པ་ཡེ་ནས་གནས་པའི་ཡུལ་དུ་ཤེས་པའོ། །ཡེ་ལྔ་ཤེས་རྟོགས་ཚད་ལྷ་རུ་ཤེས། ཡེ་ཤེས་སུ་ཤེས། འོད་དུ་ཤེས། གཉིས་མེད་དུ་ཤེས། རང་སྣང་དུ་ཤེས་ལྔ་རྟོགས་རྟོགས་པའི་ཚུལ་ལྔ་ལ། ཡུལ་དབྱིངས་སུ་རྟོགས་སྐྱེ་མེད་དུ་འགྲོ། སྐུར་རྟོགས། སྣང་བ་འོད་སྐུར་རྟོགས། ཤེས་པ་རིག་པར་རྟོགས། མཚན་མ་རིག་པ་མ་བུར་རྟོགས་སོ། །པ་ལྔ་དང་ལྡན། །གཞི་ལྔ་གནས་པའི་གཞི། དངོས་པོའི་གཞི། གསང་བའི་གཞི། གནས་སྐབས་ཀྱི་གཞི། ལམ་གྱི་གཞིའོ། །ལམ་ལྔ་མཐོང་ལམ། སྦྱོར་ལམ། བསྒོམ་ལམ། ཚོགས་ལམ། མཐར་ཕྱིན་པའོ། །འབྲས་བུ་ལྔ་ཡེ་ཤེས་ཀྱི་འབྲས་བུ། རང་སྣང་གི་འབྲས་བུ། རྟོགས་པ་མངོན་གྱུར་གྱི་འབྲས་བུ། སྣང་བ་འོད་ཀྱི་འབྲས་བུ། ཚད་མ་ཡེ་ཤེས་ཀྱི་འབྲས་བུའོ། །དང་ལྡན། །གནས་ལྔ་ས་བོན་གྱི་གནས་ཙིཏྟ། ཡེ་ཤེས་ཀྱི་གནས་ཀླད་པ། སྒྲོན་མའི་གནས་མིག །ཐིག་ལེའི་གནས་ནམ་མཁའ། སྐུའི་གནས་ཐིག་ལེའོ། །ཡུལ་ལྔ་རིག་པའི་ཡུལ་དབྱིངས། སྒྲོན་མའི་ཡུལ་ནམ་མཁའ། ཡེ་ཤེས་ཀྱི་ཡུལ་བར་དོ། འོད་ཀྱི་ཡུལ་མ་འགགས་པ། ལོངས་སྐུའི་ཡུལ་ཚོམ་བུའོ། །ངོ་བོ་ལྔ་དང་ལྡན། །ལོངས་སྤྱོད་རྫོགས་པའི་སྐུ་ཡི་ངོ་བོའོ། །ཆོས་ཉིད་སྟོང་པའི་ངང་དུ་གནས་པས་ལོངས། །གསལ་ལ་མ་འདྲེས་ཀུན་ལ་ཁྱབ་པས་ལོངས། །ཡེ་ཤེས་ལྔ་ལ་ལོངས་སྤྱོད་འདུ་འབྲལ་མེད་པར་གནས་པས་ལོངས། །ཀུན་དང་མི་མཉམ་སོ་སོའི་མཚན་དང་ལྡན་པས་ལོངས། །ཐབས་དང་ཤེས་རབ་འདུ་


DNG003_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

འབྲལ་མེད་པར་གནས་པས་ལོངས། །སྣང་བ་ལྔ་ཉིད་མཚན་མ་མེད་པར་གནས་པས་སྤྱོད། །འཛིན་པ་མེད་པར་རང་གསལ་ཀུན་ལ་རོལ་པས་སྤྱོད། །སང་ངེ་སལ་ལེ་ཀུན་ལ་སྙོམས་པར་གནས་པས་སྤྱོད། །ལྷང་ངེ་ལྷན་ནེ་ཡུལ་ལ་གནས་ཤིང་སྤྲུལ་པ་འགྱེད་པས་སྤྱོད། །སྐུ་གཉིས་དོན་ལ་མཐར་ཕྱིན་རོལ་པས་སྤྱོད། །འཛིན་མེད་རང་གི་ས་ལ་གནས་ཤིང་སྤྲུལ་པ་ཕྱོགས་བཅུར་མཛད་པས་སྤྱོད། །ཐམས་ཅད་འབྱུང་ཞིང་ཐམས་ཅད་བསྐྱེད་པས་སྤྱོད་པའི་མཐར་ཕྱིན་ཡིན་པས་སྤྱོད། །ཕྱི་ནང་གསང་བ་ཀུན་ལ་འདས་པས་རྫོགས། །དམིགས་མེད་དོན་ལ་རྟོགས་པ་ཅིག་ཆར་སྣང་བས་རྫོགས། །རྟག་ཆད་ཀྱི་ཕྱོགས་སུ་མ་ལྷུང་འགྲོ་འོང་མེད་པས་རིག་པའི་རྩལ་རྫོགས། །བློ་ལས་འདས་པས་བྱས་པ་མ་ཡིན་དཔྱད་པའི་ཕྱོགས་དང་བྲལ་རང་ལ་བྱུང་བས་རྫོགས། །རང་གི་དོན་རྟོགས་གཞན་གྱི་དོན་ཆེན་འགྲེལ་པས་རྫོགས། །བྱ་བ་ཐམས་ཅད་བྱ་བྱེད་ཀུན་ལས་འདས་པས་རྫོགས། །དངོས་པོ་ལས་འདས་པས་སྟོང་པའི་ཡེ་ཤེས་རང་ལ་ཆས་པས་པ། །སྟོང་ཉིད་མ་འགགས་སོ་སོར་གསལ་བས་པ། །ཡེ་ཤེས་མ་འགགས་ཐབས་ལ་རོལ་པས་པ། །གསལ་ལ་མི་རྟོག་འཛིན་པ་མེད་པས་པ། །རྒྱན་དང་ཆ་ལུགས་རང་གི་མཚན་ཉིད་འཛིན་པས་པ། །འཛིན་མེད་རང་གསལ་ངོ་བོར་གནས་པས་སྐུ། །ཁ་དོག་སྣང་བ་སོ་སོའི་མཚན་ཉིད་འཛིན་པས་སྐུ། །རྡོ་རྗེའི་དོན་ཉིད་དོན་དང་ལྡན་པས་སྐུ། །དོན་རྟོགས་རང་རང་མཚན་དང་ལྡན་པའི་ཕྱིར་ན་སྐུ། །ཕྱི་དང་ནང་མེད་ཀུན་ཏུ་གསལ་བས་སྐུ། །ངོ་བོ་འགྱུར་བ་མེད་པར་ཁ་དོག་སོ་སོར་གསལ་བས་སྐུ། །རང་བཞིན་གསལ་ལ་མ་ཡེངས་ཐུགས་རྗེ་ཕྱོགས་བཅུར་འཆར་བས་སྐུ། །ཞེས་བཀའ་སྩལ་ཏོ། །ཞེས་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། ལོངས་སྤྱོད་རྫོགས་པའི་སྐུའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཞུས་སོ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །ལོངས་སྐུའི་གནས་ལུགས་དེ་ལྟར་ན། །སྤྲུལ་སྐུའི་སྣང་ལུགས་ཇི་ལྟར་ལགས། །དཔའ་བོ་ཆེན་པོས་བཀའ་


DNG003_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

སྩལ་ཞུ། །ཞེས་ཞུས་སོ། །བཅོམ་ལྡན་རྡོ་རྗེ་འཆང་གིས་བཀའ་སྩལ་པ། །ཀྱེ་མ་གསང་བའི་བདག་པོ་ཉོན། །ངས་བསྟན་བློ་ཡི་རྟོག་པ་སོལ། །སྤྲུལ་པ་སྐུ་ཡི་མཚན་ཉིད་ནི། །བྱ་བ་རྫོགས་དང་བྱ་བ་བྱེད། །རྣམ་པ་གཉིས་སུ་འདོད་པའོ། །དེ་ཡང་བསྟན་པ་འདི་ལྟ་སྟེ། །བྱ་བ་རྫོགས་པའི་སྤྲུལ་སྐུ་ནི། །རང་གི་རྒྱུད་གྲོལ་མངོན་སངས་རྒྱས། །དེ་ནས་སྤྲུལ་པ་འགྱེད་པའོ། །ཕྱི་ནང་བྱ་བ་རྫོགས་པ་སྟེ། །བྱ་བ་རྫོགས་པའི་སྤྲུལ་སྐུར་འདོད། །བྱ་བ་བྱེད་པའི་སྤྲུལ་སྐུ་ནི། །གང་འདུལ་དེ་ལ་དེར་སྟོན་ཅིང་། །རིགས་དྲུག་གི་སྟོན་པ་གང་ཡིན་པ་དེའི་ཆ་བྱད་དུ་སྤྲུལ་ལོ། །གཞན་དང་ལྷའི་སྐད་ལ་སོགས་པ་ཡང་སྟོན་མཐུན་པར་སྣང་བ་ལ། །དོན་ནི་གོང་མ་ལྟ་བུའོ། །གཞན་གྱི་དོན་ལ་མ་རྨོངས་ཤིང་། །ཅིར་ཡང་བསྒྱུར་དུ་བཏུབ་པའོ། །གཞན་དང་མཐུན་པར་སྣང་བ་ལ། །འགྲོ་བ་ཟིལ་གྱིས་གནོན་པའོ། །ཉོན་མོངས་ངང་གིས་མེད་པ་ལ། །བག་ཆགས་ལུས་ལྟར་སྣང་བའོ། །དུས་ལ་བབ་པའི་སེམས་ཅན་ལ། །ཡང་དག་དོན་ཆེན་སྟོན་པར་བྱེད། །འགྲོ་བ་གང་དག་འདུལ་བ་ལ། །དེ་དང་མཐུན་པར་ལྷའི་ཡུལ་དུ་བརྒྱ་བྱིན་ལྟ་བུའམ། ལྷ་མ་ཡིན་ལ་ཐགས་བཟང་རིས། མི་ལ་ཤཱཀ་ཐུབ། བྱོལ་སོང་ལ་རུ་རུ་ལྟ་བུ། ཡི་དྭགས་ལ་ཁ་འབར་མ་ལྟ་བུ། དམྱལ་བ་ལ་ཆོས་ཀྱི་རྒྱལ་པོ་ལྟ་བུར་སྤྲུལ་ནས་ཆོས་སྟོན་པའོ། །སྣང་བའོ། །ཐམས་ཅད་སྐད་ནི་ཤེས་པ་སྟེ། །ལྷའི་སྐད་ལ་སོགས་པས་རང་རང་དང་མཐུན་པར་ཆོས་སྟོན་གང་གི་སྐད་ལ་དེ་སྟོན་པའི། །ལྷ་ལ་སོགས་པའི་ཆ་ལུགས་སུ་སྤྲུལ་ནས་མཐུན་པས་མཐུན་པར་འདུལ་བ་ལ། །ལ་ལར་ཉན་ཐོས་ལ་ཉོན་མོངས་པ་འདོད་ཆགས་ཀྱི་ཕྱོགས་སྤང་བར་བསྟན་ཚིག་གི་སྒོ་ནས་སྟོན། །ལ་ལར་རྟེན་འདྲེལ་སྒོ་ནས་སྟོན། །རང་སངས་རྒྱས་ལ་ང་རྒྱལ་སྤང་བར་བསྟན་ལ་ལར་སྨོན་འཇུག་སྒོ་ནས་སྟོན། །བྱང་ཆུབ་སེམས་དཔའི་ཐེག་པས་ཞེ་སྡང་སྤང་བར་བསྟན་ལ་ལར་སྐྱེད་པའི་སྒོ་ནས་སྟོན། །ཀྲི་ཡའི་སྒོ་ནས་གཏི་མུག་སྤང་བར་བསྟན་ལ་ལར་གཉིས་ཀའི་སྒོ་ནས་སྟོན། །ཨུ་པའི་ཐེག་པས་ཕྲག་དོག་སྤང་བར་བསྟན་ལ་ལར་བྱང་ཆུབ་ལྔ་ཡིས་སྟོན། །ཡོ་གས་ཁོང་ཁྲོ་སྤང་བར་བསྟན་ལ་ལར་ཏིང་འཛིན་གསུམ་གྱིས་སྟོན། །མ་ཧཱ་ཡོ་གས་ཉོན་མོངས་གནས་བསྒྱུར་ལ་ལར་དབྱིངས་


DNG003_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཡེ་ཤེས་སྟོན། །ཨ་ནུས་ཉོན་མོངས་པ་སྤྱད་པར་འདོད་རྫོགས་ཆེན་དོན་ནི་ཨ་ཏིས་ཉོན་མོངས་པ་གནས་དག་ཏུ་བསྟན་འགའ་ལས་འབྱུང་མི་འགྱུར། །གང་ཟག་ལས་ཅན་རིག་པ་ཅན་འགའ་ལས་གཞན་དུ་མ་གསུངས་པའོ། །འགའ་ལ་སྣང་། །དེ་ཡང་སྟོན་ལུགས་འདི་ལྟ་སྟེ། །གསང་སྔགས་ཀྱི་སྣོད་དུ་རུང་བ་ལ་རྫོགས་ཆེན་གཞན་གྱི་བཞེད་གཞུང་དུ་བསྟན་ཏེ་ལ་ལར་བསྒོམ་པ་ཅན་འབའ་ཞིག་ཏུ་སྟོན། །ལ་ལར་རིག་མེད་སྟོང་པར་སྟོང་པ་ཕྱང་ཆད་དུ་སྟོན། །ལ་ལར་རིག་མེད་བེམ་པོར་བེམ་པོ་ལས་གཞན་མེད་པར་སྟོན། །ལ་ལར་རིག་པ་རྐྱང་པར་རིག་པ་མིན་པ་ཅི་ཡང་མེད་ཟེར་བར་སྟོན། །ལ་ལར་སེམས་ལ་རིག་པ་སེམས་ལ་སངས་རྒྱས་ཡོད་པ་འདོད་རྐྱང་པར་སྟོན། །ལ་ལར་ཀུན་གཞི་ཆོས་སྐུར་ཀུན་གཞི་ཆོས་སྐུ་ཆེན་པོར་སྟོན། །ལ་ལར་དགེ་མེད་སྡིག་མེད་སྟོན། །ལ་ལར་བསྒོམ་པ་ཅན་དུ་སྟོན། །ལ་ལར་བསྒོམ་པ་མེད་པར་སྟོན། །དེ་ལྟར་སྟོན་བྱེད་སྤྲུལ་པའི་སྐུས། །གསང་སྔགས་བླ་ན་མེད་པ་ཡི། །དོན་འདི་འགའ་ལས་འདས་པས་མ་གསུངས་སོ། །ད་ལྟར་མི་གསུང་མ་འོངས་པར་གསུང་བར་མི་འགྱུར་རོ། །འདས་པ་དང་། མ་འོངས་པ་དང་ད་ལྟར་རྣམས་ཀྱིས་སྐབས་སུ་གསུང་བར་འགྱུར་ན་ཡང་། །དགྲ་བཅོམ་རང་རྒྱལ་མདོ་སྡེ་དང་། །ཐེག་དམན་མིང་ཡང་མེད་བློ་ཞན་པ། ཐེག་པ་ཆུང་བ། མི་མོས་པ། སྒྲོ་སྐུར་འདེབས་པ། ཉན་ཐོས་ལ་སོགས་པའི་དྲི་མ་མེད་པའི་ནང་དུ། །བླ་མེད་ཐེག་པ་རྫོགས་པ་ཆེན་པོའི་དོན་འདི་ནི་སྒྲོག་པར་འགྱུར། །དེས་ན་སོ་སོ་སྐྱེ་བོ་དང་ཉན་ཐོས་བློ་དམན་གཞན་ལ་གསང་། །དེ་རྣམས་ལྡན་པའི་སུ་ལ་འདུག་ཀྱང་སྐྱེས་བུ་དེ། །བྱ་བ་བྱེད་པའི་སྤྲུལ་སྐུར་འདོད། །ཅེས་གསུངས་སོ། །དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་ཐུགས་རྗེ་ཆེན་པོ་དང་ལྡན་པ་སྤྲུལ་པའི་སྐུའི་དབྱེ་བ་དེ་ལྟར་ལགས་ན། སྤྲུལ་པ་སྐུའི་ངེས་ཚིག་ཅི་ལྟར་ལགས། ཞེས་ཞུས་སོ། །དེ་ནས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་གསང་བའི་བདག་པོ་ཁྱོད་ཉོན་ཅིག །སྤྲུལ་སྐུའི་ངེས་ཚིག་འདི་རྣམས་ཡིན་པར་ཤེས་པར་གྱིས་ཤིག །འཇིག་རྟེན་ཁམས་ཀྱི་སེམས་ཅན་རྣམས་ལ་མཐུན་པར་སྣང་བའི་ཕྱིར་ན་སྤྲུལ་པའི་སྐུའོ། །དོན་བྱེད་ནུས་པའི་ཕྱིར་ན་ཡང་སྤྲུལ་


DNG003_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྐུ། བྱ་བ་ཐམས་ཅད་བྱེད་པའི་ཕྱིར་ན་ཡང་སྤྲུལ་པའི་སྐུ། སེམས་ཅན་ལས་སད་པ་རྣམས་སྐྱེ་མེད་དབྱིངས་སུ་སྒྲོལ་ནུས་པའི་ཕྱིར་ན་ཡང་སྤྲུལ་པའི་སྐུ། ཞིང་ཁམས་གཅིག་ཏུ་ཡུན་ཐུང་བའི་ཕྱིར་ཡང་སྤྲུལ་པའི་སྐུ། ཐུགས་རྗེ་ཕྱོགས་མེད་དུ་འཆར་བའི་ཕྱིར་ཡང་སྤྲུལ་པའི་སྐུ། ཁྲོ་ཞིང་གཏུམ་པའི་ཕྱིར་ཡང་སྤྲུལ་པའི་སྐུ། ཞི་ཞིང་དེས་པའི་ཕྱིར་ཡང་སྤྲུལ་པའི་སྐུ། འགྲོ་བ་རྣམས་ཀྱིས་མཛེས་པར་མཐོང་བའི་ཕྱིར་ན་ཡང་སྤྲུལ་པའི་སྐུའོ། །དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་བཅོམ་ལྡན་འདས་སྐུ་དང་ཡེ་ཤེས་ཀྱི་བདག་ཉིད་དང་ལྡན་པས། སྤྲུལ་པའི་སྐུའི་བརྟག་ཐབས་གསུང་དུ་གསོལ། ཞེས་ཞུས་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀྱེ་ཧོ་གསང་བའི་བདག་པོ་ཉོན། སྤྲུལ་སྐུའི་བརྟག་ཐབས་འདི་ལྟར་ཤེས་པར་བྱ་སྟེ། བཞུད་པའི་དུས་ན་ཡང་སྤྱན་གཞན་དུ་མི་ཡེངས་པ་དང་། ལྟག་པའི་བདུད་ཁོང་ན་སྐྲ་གཡས་སུ་འཁྱིལ་པ་ཚོམ་གཅིག་ཡོད་པ་དང་། ཐུགས་ཀ་ན་རྡོ་རྗེའི་གཟུགས་ཡོད་པ་དང་། སྐྱེ་གནས་ནི་རྒྱལ་རིགས་སམ་རིགས་མཐོ་བ་རྣམས་སུ་སྐྱེའོ། །སྤྱོད་པ་གང་ལྟར་ཡང་མཐུན་པ་ལྟར་སྤྱོད་པའོ། །ཅི་སྐད་སྨྲས་ཀྱང་དེ་ལ་རྗེས་སུ་མི་འཛིན་པའོ། །རང་གི་ཞེ་ལ་འདོད་པ་མི་བསྒྲུབ་པའོ། །བྱ་རྩོལ་དང་འཛིན་པ་ངང་གིས་མེད་པའོ། །སེམས་ཅན་གང་གིས་ཀྱང་འདོད་པའི་གོ་སེལ་བའོ། །དེ་རྣམས་དང་ལྡན་པ་ནི་སྤྲུལ་པའི་སྐུ་ཡིན་པར་ཤེས་པར་བྱའོ། །ཞེས་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། སྤྲུལ་པའི་སྐུའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་ཞུས་སོ། །ཀྱེ་ཀྱེ་བཅོམ་ལྡན་སྐུ་གསུམ་བདག །སྤྲུལ་སྐུའི་ཆོས་ཉིད་དེ་ལྟར་ན། །སྐུ་གསུམ་དགོངས་པ་གསུང་དུ་གསོལ། །ཞེས་ཞུས་སོ། །ཡང་བཀའ་སྩལ་པ། ཀྱེ་ཀྱེ་གསང་བདག་རྡོ་རྗེ་ཅན། །ངས་བསྟན་ལེགས་པར་ཡིད་ལ་ཟུང་། །སྐུ་གསུམ་ཡེ་ཤེས་སྣང་བ་ནི། །གང་ལ་ཐོགས་པ་མེད་པ་དང་། །དམིགས་པའི་ཡུལ་ནི་གཅིག་པ་ཡི། །ངོ་བོ་སོ་སོར་


DNG003_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བའོ། །ཆོས་ཀྱི་སྐུ་ཡི་སྣང་ལུགས་སོ། །རང་བཞིན་གཅིག་ལ་ངོ་བོ་གཉིས། །ལོངས་སྤྱོད་རྫོགས་པའི་སྣང་བ་ཡིན། །ངོ་བོ་ཐ་དད་རང་བཞིན་ཐ་དད་ཅིང་། །གང་ལ་མི་འགག་བྱ་བྱེད་མེད། །སྤྲུལ་པ་སྐུ་ཡི་སྣང་བ་ཡིན། །དེ་ཡང་ཆོས་སྐུའི་དོན་བརྗོད་པ། །སྐུ་གསུམ་གཅིག་ལ་རྫོགས་པའོ། །སྐུ་གསུམ་གཅིག་ནི་རང་བཞིན་པ། །དུ་མར་སྣང་བ་འཁྲུལ་པ་ཡིན། །ཆོས་ཀྱི་སྐུ་ནི་བསམ་པའི་ཡུལ་དང་བྲལ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་རྣམ་རྟོག་བདུད་དང་བྲལ། །དེ་ལྟར་སྐུ་གསུམ་སྣང་བ་ལས། །ཡང་དག་བསྐྱེད་དང་དམིགས་པ་མེད། །འཇུག་དང་གྲོལ་བའི་སེམས་ཀྱང་མེད། །འཛིན་དང་སྤྱོད་པ་ག་ལ་ཡོད། །ཆགས་དང་ཞེན་པའི་ཚིག་ལས་འདས། །སྤང་བྱ་སྤོང་བྱེད་གཉིས་ལས་འདས། །ཡུལ་དང་སེམས་དང་ཡིད་ལས་འདས། །ཡུལ་དང་དམིགས་པ་མེད་པ་ལ། །རང་སྣང་ཅིག་ཆོད་སྣང་བའོ། །འཛིན་མེད་རང་སར་གྲོལ་བ་སྟེ། །སྤྲུལ་པ་ཕྱོགས་བཅུར་མཛད་གྱུར་ན། །དམིགས་པ་དག་པའི་ཡུལ་སྣང་ལ། །ཡེ་ཤེས་ཅིག་ཆོད་སྐྱེ་བར་འགྱུར། །དམིགས་པ་མེད་པའི་ཡུལ་སྣང་ལ། །མཚན་མ་རང་སར་གྲོལ་བར་འགྱུར། །དེ་ལས་སྤྲུལ་པ་རྒྱ་ཆེར་འབྱུང་། །དེ་ཡང་ལུས་ལ་སྣང་ལུགས་ནི། །རིག་པ་ཆོས་སྐུའི་ངོ་བོ་ཡིན། །དེ་ལས་སྣང་བ་མ་འགགས་པས། །ལོངས་སྐུའི་ངོ་བོར་ཡང་དག་འདོད། །དེ་ཕྱིར་སྐུ་གསུམ་ལུས་ལ་རྫོགས། །སྐུ་གསུམ་དག་པའི་སྣང་བ་ལ། །གཅིག་རྫོགས་གཉིས་རྫོགས་ཐམས་ཅད་རྫོགས། །ཡེ་ཤེས་སྣང་བ་མ་འགགས་གསལ། །བྱ་བ་བཏང་བའི་རིག་པ་ལ། །སྣང་དག་ཡེ་ཤེས་འོད་ཟེར་འཕྲོ། །རྟོག་མེད་དག་པའི་རིག་པ་ལ། །འོད་ཟེར་སྣ་ལྔ་མ་འགགས་གསལ། །འཛིན་མེད་རང་གྲོལ་ཆེན་པོ་ལ། །ཕྱི་ནང་གསང་བའི་ཆོས་རྣམས་རྫོགས། །བྱ་བ་བཏང་བའི་རིག་པ་ལ། །བྱ་བྱེད་ཆོས་རྣམས་དུས་གཅིག་རྫོགས། །སེམས་དང་བྲལ་བའི་རིག་པ་ལ། །སྣ་ཚོགས་སྣང་བ་དུས་གཅིག་རྫོགས། །རང་སྣང་གསལ་དག་ཆེན་པོ་ལ། །


DNG003_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་པའི་སྣང་བ་དུས་གཅིག་རྫོགས། །རང་གྲོལ་རང་སྣང་ཆེན་པོ་ལ། །གཞན་འབྱུང་ཆོས་རྣམས་དུས་གཅིག་རྫོགས། །སྐུ་གསུམ་རྫོགས་ལུགས་དེ་བཞིན་ནོ། །བྱ་བ་མེད་པས་འཁྲུལ་པ་སངས། །རྟོག་པ་མེད་པས་ཉོན་མོངས་སངས། །འཛིན་པ་མེད་པས་རང་བྱུང་སངས། །ཞེན་པ་མེད་པས་རྣམ་རྟོག་སངས། །ཆགས་པ་མེད་པས་མ་རིག་སངས། །སྐུ་གསུམ་སངས་ལུགས་དེ་བཞིན་ནོ། །རྟོག་པ་མེད་པའི་རིག་པ་ལ། །འོད་ལྔ་གསལ་བའི་ཡེ་ཤེས་རྒྱས། །རིག་པ་བྱ་བྱེད་བྲལ་བ་ལ། །དམིགས་པའི་ཡུལ་མེད་སྐུ་གསུམ་རྒྱས། །རིག་པ་ཡུལ་མེད་སྣང་བ་ལ། །འཛིན་པའི་ཡུལ་མེད་འོད་ལྔ་རྒྱས། །རིག་པ་ཡེ་ཤེས་ཆེན་པོ་ལ། །དོན་དམ་རང་སྣང་འབྲས་བུ་རྒྱས། །སྐུ་གསུམ་རྒྱས་ལུགས་དེ་བཞིན་ནོ། །རིག་པ་རྟོག་མེད་ཆོས་སྐུའི་ངོ་བོ་ཡིན། །རིག་པ་མ་འགགས་གསལ་བ་ལོངས་སྐུ་ཡིན། །རིག་པ་ཅིར་ཡང་སྣང་བ་སྤྲུལ་སྐུ་ཡིན། །དེ་ཕྱིར་སྐུ་གསུམ་སྣང་བ་ནི། །སྣང་བ་འདི་ལ་རྫོགས་པའོ། །སྐུ་གསུམ་ཀློང་ན་འགག་མེད་ཡེ་ཤེས་གསལ། །སྐུ་གསུམ་ཀློང་ནས་ཐུགས་རྗེའི་ཉི་མ་ལྔ་ཤར་ཞིང་། །ཡེ་ཤེས་ཉི་མའི་འོད་ལ་ཐམས་ཅད་སྙོམས་པར་འགྱུར། །ཡེ་ཤེས་སྒྲོན་མའི་འོད་ཀྱིས་ཐམས་ཅད་གཏིང་མཐའ་ཡས། །སངས་རྒྱས་སྒྲོན་མ་རང་སྣང་འོད་པོ་ཆེ། །རིག་པའི་སྒྲོན་མ་གཏིང་དཔག་དཀའ་བའི་དོན། །ལམ་གྱི་སྒྲོན་མ་ཡེ་ཤེས་འོད་དུ་གསལ། །མིག་གི་སྒྲོན་མས་མཐོང་བ་མ་འགགས་གསལ། །དེ་རྣམས་སྐུ་གསུམ་རྒྱན་དུ་འདོད། །ཅེས་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། སྐུ་གསུམ་གཅིག་ཏུ་དྲིལ་བའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །སྐུ་གསུམ་གནས་ལུགས་དེ་ལྟར་ན། །སྐུ་ལྔའི་གནས་ལུགས་གསུང་དུ་གསོལ། །ཞེས་ཞུས་སོ། །རྡོ་རྗེ་འཆང་གིས་བཀའ་སྩལ་པ། །ཀྱེ་ཀྱེ་གསང་བདག་སེམས་དཔའ་ཉོན། །སྐུ་ལྔ་ཡེ་ཤེས་སྣང་


DNG003_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི། །ཡབ་ཡུམ་གཉིས་ཀྱི་ཚུལ་དུ་སྣང་། །ཡབ་ཀྱི་ཆ་འཛིན་ཐབས་ཀྱི་སྐུ། །ཡུམ་གྱི་ཆ་འཛིན་ཤེས་རབ་སྐུ། །ཐབས་དང་ཤེས་རབ་གཉིས་ལྟར་སྣང་། །དེ་ཡང་ཐབས་ནི་འགག་པ་མེད། །ཤེས་རབ་འགྱུར་བ་མེད་པའོ། །འགག་མེད་ཀློང་དང་འགྱུར་མེད་ཀློང་། །གཉིས་མེད་གཅིག་གི་ངང་སྣང་ལ། །འདུ་འབྲལ་མེད་པའི་ངང་དུ་ཤེས། །དེ་ལྟར་རྟོགས་ན་སངས་རྒྱས་དངོས། །དེ་ཡང་སྐུ་ལྔའི་སྣང་བ་ནི། །ངོ་བོ་མཚན་དང་དཔེ་བྱད་ལྡན། །རང་བཞིན་སོ་སོའི་མཚན་ཉིད་འཛིན་པའོ། །དེ་ཡང་སྟོང་པའི་མུ་དང་ཚིག་གི་མུ། །མུ་གཉིས་བསལ་ནས་ས་ལེར་གནས་པའོ། །དེ་ཡང་རིགས་ནི་ལྔར་སྣང་ཞིང་། །དེ་བཞིན་གཤེགས་པའི་རིགས་དང་ནི། །རྡོ་རྗེའི་རིགས་དང་རིན་ཆེན་རིགས། །པདྨའི་རིགས་དང་ལས་ཀྱི་རིགས། །དེ་བཞིན་རིགས་ལྔར་འདོད་པའོ། །དེ་ཡང་དོན་སྦྱོར་གང་ཞེ་ན། རིག་པའི་དོན་ལ་དེ་བཞིན་གཤེགས་པས་དེ་བཞིན་རིགས་སུ་བཤད། །རིག་པའི་དོན་ལ་སྐྱེ་དང་འཆི་བ་མེད་པས་རྡོ་རྗེའི་རིགས་སུ་བཤད། །རིག་པའི་དོན་ལས་སྣ་ཚོགས་འབྱུང་བས་རིན་པོ་ཆེ་ཡི་རིགས་སུ་བཤད། །རིག་པའི་དོན་ལ་སྐྱོན་མེད་དག་པས་པདྨའི་རིགས་སུ་བཤད། །རིག་པའི་ངང་ལས་བྱ་བ་ཐམས་ཅད་བྱུང་བས་ལས་ཀྱི་རིགས་སུ་བཤད། །དེ་བཞིན་སྣང་བ་ཡེ་ཤེས་ཆེན་པོ་ལ། །རིགས་ཀྱི་ངེས་པ་དེ་བཞིན་ནོ། །དེ་ནི་རིགས་ཀྱི་ཚིག་དོན་ནོ། །སྐུ་ཡི་ཚིག་དོན་རྣམ་པ་ལྔ། །དེ་ཡང་བཤད་ལུགས་འདི་ལྟ་སྟེ། །རྣམ་སྣང་དང་ནི་རྡོ་རྗེ་སེམས། །དེ་བཞིན་རིན་ཆེན་འབྱུང་ལྡན་ལ། །སྣང་བ་མཐའ་ཡས་དོན་ཡོད་གྲུབ། །དེ་ཡང་དོན་ལ་སྦྱོར་ལུགས་ནི། །རིག་པའི་སྣང་བ་འགག་པ་མེད་པས་རྣམ་པར་སྣང་མཛད་ཡིན། །རིག་པས་བདག་དོན་གཞན་དོན་གཉིས་ཀ་རྟོགས་པས་རྡོ་རྗེ་སེམས་དཔའ་ཡིན། །ཅིག་ཅར་རིག་པར་ཤེས་པས་རིན་ཆེན་འབྱུང་ལྡན་ཡིན། །རིག་པ་སྣང་བར་མཐོང་བས་སྣང་བ་མཐའ་ཡས་ཡིན། །རིག་པ་སྐྱེ་མེད་རྟོགས་པས་དོན་ཡོད་གྲུབ་པའོ། །དེ་ལྟར་སྐུ་ལྔའི་དོན་ལ་མ་ཡེངས་འགྱུར་མེད་སྤྱོད་པ་ན། །སྐུ་ལྔ་


DNG003_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ཕྱིན་སྐུ་གཅིག་དོན་ལ་སྤྱོད། །སྐྱེ་མེད་ཆོས་སྐུ་གདོད་ནས་དག་པ་ལ། །བྱ་དང་བྱེད་པའི་ཆོས་ཀུན་ཀ་ནས་མེད། །བྱ་བྱེད་བྲལ་བས་རིག་པ་རང་སར་གྲོལ། །དཔེར་ན་སྦྲུལ་གྱི་མདུད་པ་བཞིན། །རང་སར་རང་གྲོལ་ཆེན་པོར་འགྱུར། །གང་དག་ཚིག་ལ་མི་གནས་མིང་ལ་མི་གནས་ན། །དེ་ནི་ཤེས་རབ་ཕ་རོལ་ཕྱིན། །སངས་རྒྱས་ཉིད་ཀྱི་དགོངས་པའོ། །ཤེས་རབ་ཀྱིས་ནི་དེ་ཉིད་ཐོབ། །ཉོན་མོངས་ཀུན་ལས་གྲོལ་བར་འགྱུར། །སངས་རྒྱས་དགོངས་པ་རང་བྱུང་ཉིད། །སུས་ཀྱང་རྟོགས་པར་མི་འགྱུར་རོ། །རྡོ་རྗེ་སེམས་དཔའ་བདག་ཉིད་ཀྱང་། །རྡོ་རྗེའི་སྤོ་ལ་ང་སངས་རྒྱས། །དེ་ཕྱིར་སྤྲུལ་པ་ཕྱོགས་བཅུར་མཛད། །གཉིས་མེད་ཡེ་ཤེས་རྡོ་རྗེ་སེམས་དཔའི་ངང་། །རྡོ་རྗེ་སེམས་དཔའ་གཉིས་མེད་རང་ལ་རྫོགས། །རང་བྱུང་ཡེ་ཤེས་གཉིས་མེད་རྟོགས་པའི་དོན་དང་ལྡན། །ཡེ་ཤེས་སྣང་བ་འགག་མེད་ཆེན་པོ་སྟེ། །རང་ལས་བྱུང་ཞིང་རང་ལ་ཐིམ། །ཐ་དད་རང་བཞིན་འགྱུར་བ་མེད། །དེ་ཕྱིར་སྐུ་ལྔའི་ཡེ་ཤེས་སོ། །སྐུ་དང་ཡེ་ཤེས་འདུ་འབྲལ་མེད། །དོན་ལ་དེ་བཞིན་གནས་པའོ། །ཞེས་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། སྐུ་ལྔའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་གསང་སྔགས་བདག །སྐུ་ལྔའི་སྣང་བ་དེ་ལྟར་ན། །ཡེ་ཤེས་སྣང་བ་གསུང་དུ་གསོལ། །ཞེས་ཞུས་སོ། །དེ་ནས་ཡང་ཐུགས་རྗེ་དང་ལྡན་པ་དེས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་མ་གསང་བདག་ངེས་པར་ཟུང་། །ཆོས་མེད་ཤེས་རབ་རང་བྱུང་བ། །ཆོས་ཀུན་ཁོང་ནས་སྐྱེ་བར་འགྱུར། །དེ་ལས་ཡེ་ཤེས་འབྱུང་བར་འགྱུར། །ཡེ་ཤེས་དབྱེ་བ་འདི་ལྟ་སྟེ། །ཉི་ཤུ་རྩ་ལྔའི་ངོ་བོ་ལས། །བསྡུས་ན་རྣམ་པ་ལྔར་འདུས་སོ། །དེ་ཡང་གྲངས་བསྟན་འདི་ལྟ་སྟེ། །ཆོས་དབྱིངས་ཡེ་ཤེས་རྟོག་མེད་དང་། །མེ་ལོང་ཡེ་ཤེས་འགག་མེད་གསལ། །མཉམ་ཉིད་ཡེ་ཤེས་མ་འདྲེས་རྫོགས། །སོར་རྟོགས་ཡེ་ཤེས་གོ་ཞིང་རྟོགས། །བྱ་གྲུབ་ཡེ་ཤེས་ཆོས་


DNG003_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་རྫོགས། །དེ་ལྟར་རྣམ་པ་ལྔར་འདོད་དོ། །ཞེས་བཀའ་སྩལ་ཏོ། །དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཛིན། །ཡེ་ཤེས་དབྱེ་བ་དེ་ལྟར་ན། །ཡེ་ཤེས་བཤད་ལུགས་གསུང་དུ་གསོལ། །ཞེས་ཞུས་སོ། །དེ་ནས་ཡང་བཀའ་སྩལ་པ། ཨེ་མ་ཧོ་གསང་བའི་བདག་པོ་ཉོན། །ཡེ་ཤེས་ཆེན་པོའི་བཤད་ལུགས་ནི། །རྟོགས་པ་མངོན་གྱུར་སངས་རྒྱས་དང་། །རང་བཞིན་ལྷུན་གྲུབ་སངས་རྒྱས་སོ། །ཡེ་ནས་རང་བཞིན་ལྷུན་གྱིས་གྲུབ། །ཤེས་ན་རྟོགས་པ་མངོན་དུ་གྱུར། །ཡེ་ཤེས་ངེས་ཚིག་དེ་བཞིན་ནོ། །ཚིག་དོན་སྦྱོར་བ་འདི་ལྟ་སྟེ། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི། །སྟོང་པ་ཆེན་པོའི་ཡུལ་ཉིད་དང་། །གསལ་བ་འོད་ཀྱི་སྣང་བ་དང་། །ཡེ་ཤེས་རིག་པའི་སྤྱོད་ཡུལ་གསུམ། །དེ་གསུམ་འཛོམ་པས་དབྱིངས་ཞེས་བྱའོ། །དེ་ལ་ཡང་ནི་རྣམ་པ་གཉིས། །དག་པ་ཡེ་ཤེས་དབྱིངས་ཉིད་དང་། །མ་དག་སེམས་ཅན་དབྱིངས་སུ་བསྟན། །དག་པ་ཡེ་ཤེས་དབྱིངས་ཉིད་ནི། །སྟོང་གསལ་དབྱེར་མེད་རིག་པའི་ཀློང་། །འགྱུར་མེད་ཆོས་སྐུའི་ཕོ་བྲང་ངོ་། །མ་དག་སེམས་ཅན་ཕྱི་དབྱིངས་ནི། །སྟོང་པ་རིས་མེད་འདུས་མ་བྱས། །དེ་ལས་ས་རྡོའི་སྣང་བར་གྱུར། །སེམས་ཅན་རྣམས་ཀྱི་ཡུལ་ཡིན་ནོ། །དེ་ནི་ཆོས་དབྱིངས་ཡེ་ཤེས་སོ། །མེ་ལོང་ལྟ་བུའི་ཡེ་ཤེས་ནི། །དཔེར་ན་མེ་ལོང་དཀྱིལ་འཁོར་དྭངས་པ་ལ། །གང་བསྟན་རྐྱེན་དེ་འོང་བ་བཞིན། །དེ་བཞིན་རིག་པ་དྲི་མེད་ལ། །ཉོན་མོངས་རྐྱེན་གྱི་དབང་དུ་འགྱུར། །དེ་ལས་གྲོལ་བའི་རིག་པ་ནི། །ངོ་སྤྲོད་ནང་དུ་ཤེས་པར་བྱ། །དེ་ལ་མཚན་མའི་གྲོལ་ལུགས་ནི། །སྣ་ཚོགས་སྣང་བ་ཤེས་རིག་ཡུལ། །བློ་ལ་སྣང་བའི་ཐེ་ཚོམ་རྣམས། །རིག་པའི་ངང་དུ་རྫོགས་པའོ། །བློ་དང་དངོས་པོའི་ཆོས་རྣམས་ཀྱང་། །རིག་པ་ཡེ་ཤེས་ངང་དུ་རྫོགས། །དེ་ཡང་ངེས་ཚིག་འདི་ལྟ་སྟེ། །སྣ་ཚོགས་ཤེས་རབ་དོན་ལ་སྤྱོད་པས་མེ། །དེ་ལ་རྟོགས་ཤིང་གོམས་པས་ལོང་། །མེ་


DNG003_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

ལོང་ཡེ་ཤེས་དེ་བཞིན་ནོ། །མཉམ་ཉིད་ཡེ་ཤེས་དོན་སྦྱོར་ནི། །ཆོས་རྣམས་མཉམ་པའི་ངོ་བོ་ལ། །གང་གིའང་ཕྱོགས་སུ་མ་ལྷུང་བའོ། །མཉམ་ཉིད་སངས་རྒྱས་ཀུན་གྱི་རྗེ། །ཆོས་རྣམས་དུས་གཅིག་རྫོགས་པའོ། །མཉམ་ཉིད་ངེས་ཚིག་འདི་ལྟ་སྟེ། །ཆོས་ཉིད་རྒྱ་ཆད་མེད་པས་མཉམ། །རིག་པ་དོན་དང་ལྡན་པས་ཉིད། །མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །སོ་སོར་རྟོགས་པའི་ཡེ་ཤེས་ནི། །བྱ་བྱེད་བྲལ་བའི་རིག་པར་རྟོགས། །དེ་ཡང་རྟོགས་ལུགས་རྣམ་པ་མང་། །འོག་ནས་བྱུང་བའི་ཚིག་ཏུ་བསྟན། །དེ་ཡང་ངེས་ཚིག་འདི་ལྟ་སྟེ། །དབང་པོ་ཉི་ཤུ་རྩ་གཅིག་ཡོད་པའི་ཕྱིར། །སོ་སོར་རྟོག་ཞེས་དེ་ལ་བྱ། །སོ་སོར་རྟོག་པའི་ཡེ་ཤེས་དེ་བཞིན་ནོ། །བྱ་བ་གྲུབ་པའི་ཡེ་ཤེས་ནི། །ཅིར་སྣང་རིག་པའི་ངང་དུ་རྫོགས། །བྱ་བྱེད་རྟོགས་པའི་ངང་དུ་རྫོགས། །བྱ་མེད་རྟོག་མེད་ངང་དུ་རྫོགས། །བྱ་བ་བཏང་བའི་རྣལ་འབྱོར་དེ། །ཡང་དག་ས་ལ་དལ་བས་འགྲུབ། །དེ་ལྟར་ཡེ་ཤེས་ཆེན་པོའི་དོན། །རྟོགས་ན་ཡང་དག་ངེས་པར་གྲོལ། །མ་རྟོགས་པ་ཡི་སེམས་ཅན་ལ། །ཚིག་རེ་དོན་རེས་གོ་བར་འགྱུར། །དེ་ཕྱིར་ཚིག་དང་དོན་འདྲེལ་ཞིང་། །ཚིག་གིས་དོན་ཆེན་མཚོན་པར་བྱེད། །དེས་ན་ཚིག་དོན་འདྲེལ་བས་བརྟགས། །མཚོན་པའི་ཚིག་དང་ཡི་གེ་ནི། །ཡང་དག་ཉིད་ལ་མེད་མོད་ཀྱང་། །བློ་ཡི་ཐེ་ཚོམ་བསལ་བའི་ཕྱིར། །ཚིག་ལ་རྟག་ཏུ་འདྲིས་པར་བྱ། །ཞེས་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། ཡེ་ཤེས་ལྔའི་དོན་བསྡུས་ཏེ་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།(དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཧོ་བཅོམ་ལྡན་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཡེ་ཤེས་ལྔའི་དོན་དེ་ལྟར་ལགས་ན། ཡེ་ཤེས་ཉི་ཤུ་རྩ་ལྔའི་དོན་གསུང་དུ་གསོལ། །ཞེས་ཞུས་སོ། །དེ་ནས་ཡང་བཀའ་སྩལ་པ། ཀྱེ་ཧོ་གསང་བའི་བདག་པོ་ཉོན་ཅིག །མ་ཡེངས་པར་སེམས་ཀྱི་རྟོག་པ་སོལ་ཅིག །ཡེ་ཤེས་ཉི་ཤུ་ལྔ་ནི་འདི་ལྟ་སྟེ། །དེ་


DNG003_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དབྱིངས་ཀྱི་ཡེ་ཤེས་དང་། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་གཉིས། །དབྱིངས་རྣམ་པར་དག་པའི་ཡེ་ཤེས་དང་། དབྱིངས་ཆེན་པོའི་ཡེ་ཤེས་གཉིས། །དབྱིངས་ཐམས་ཅད་གཉིས་སུ་མེད་པའི་ཡེ་ཤེས་དང་ལྔའོ། །་རིག་པའི་ཡེ་ཤེས་འཁོར་བ་ལ་ལོག་པ་དང་མ་ལོག་པའོ། །མེ་ལོང་ལྟ་བུའི་ཡེ་ཤེས་དང་། །མེ་ལོང་ཆེན་པོའི་ཡེ་ཤེས་གཉིས། །རྟོག་མེད་གསལ་བའི་ཡེ་ཤེས་དང་། །རྟོག་མེད་དྭངས་པའི་ཡེ་ཤེས་གཉིས། །གསལ་བ་འཛིན་མེད་ཆེན་པོའི་ཡེ་ཤེས་དང་ལྔའོ། །ཧྚ་དག་པའི་ཡེ་ཤེས་ངོ་བོ་དག་པ་ལ་སྣང་བ་ཡུལ་གྱི་དབང་དུ་མ་གྱུར་པའོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། མཉམ་པ་ཉིད་མ་འགགས་པའི་ཡེ་ཤེས་གཉིས། མི་གཡོ་བ་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། མི་འགག་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་གཉིས། ཅི་ལ་ཡང་མི་གནས་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་ལྔའོ། །མླཱ་དེ་ལ་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ་སོར་རྟོག་པའི་ཡེ་ཤེས་སུ་ལ་བཟླ་བའོ། །སོ་སོར་རྟོག་པའི་ཡེ་ཤེས་དང་། དོན་ཐམས་ཅད་རབ་ཏུ་འབྱེད་པའི་ཡེ་ཤེས་གཉིས། རྟོག་པ་སྐད་ཅིག་མ་ལ་སྐྱེས་པའི་ཡེ་ཤེས་དང་། སྒྲ་ཐམས་ཅད་རྣམ་པར་སེལ་བའི་ཡེ་ཤེས་གཉིས། སྒྲ་དང་ཚིག་ལ་མི་གནས་པར་གོ་བའི་ཡེ་ཤེས་དང་ལྔའོ། །ཀྵུ་སྐུ་ཤེས་རབ་དག་པའི་དབྱིངས་སུ་ཤར་བའི་ཐུགས་རྗེ་རང་ལ་སྣང་བའོ། །བྱ་བ་གྲུབ་པའི་ཡེ་ཤེས་དང་། བྱ་བ་ཐམས་ཅད་བྱེད་པའི་ཡེ་ཤེས་གཉིས། བྱ་བ་ལ་མི་གནས་པའི་ཡེ་ཤེས་དང་། བྱ་བ་བཏང་བའི་ཡེ་ཤེས་གཉིས། སྒྲོ་འདོགས་ཐམས་ཅད་ཆོད་པའི་ཡེ་ཤེས་དང་ལྔའོ། །དྷི་མུ་ཨཿརྟོག་མེད་ཀྱི་ཤེས་རབ་རང་ལ་ཤར་བས་སྐྱེ་མེད་རང་སྣང་དུ་ཤེས་པའོ། །དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཧོ་བཅོམ་ལྡན་ཡེ་ཤེས་བདག །ཡེ་ཤེས་དབྱེ་བ་དེ་ལྟར་ན། །ཡེ་ཤེས་མཚོན་ཚིག་གསུང་དུ་གསོལ། །ཞེས་ཞུས་སོ། །རྡོ་རྗེ་འཆང་གིས་བཀའ་སྩལ་པ། །ཀྱེ་མ་གསང་བའི་བདག་པོ་ཁྱོད། །ཡེངས་མེད་རྩེ་གཅིག་སེམས་ཀྱིས་ཉོན། །རྣམ་དག་ཆོས་ཉིད་བདལ་བའི་ཀློང་། །རྣམ་པར་དག་པའི་དབྱིངས་སུ་བཤད། །རྟོག་མེད་བསམ་པ་ཀུན་སྤངས་ཤིང་། །དབྱིངས་ཆེན་གསལ་བའི་ཡེ་ཤེས་ཡིན། །ཕྱི་ནང་སྟོང་པ་རིས་མེད་ནི། །


DNG003_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་ཀྱི་ཡེ་ཤེས་ཆེན་པོར་འདོད། །ཕྱི་ནང་གསང་བའི་ཚིག་རྣམས་རྫོགས། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡིན། །གཉིས་མེད་དོན་ལྡན་རྡོ་རྗེའི་དོན་སྟོན་པ། །གཉིས་མེད་དབྱིངས་ཀྱི་ངོ་བོར་འདོད། །འགག་མེད་གསལ་གདངས་ཆེན་པོའི་དོན། །མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དག་པ་གསལ་དྭངས་ངོ་བོ་ལ། །དག་པའི་སྣང་བ་དུས་གཅིག་རྫོགས། །མེ་ལོང་ཡེ་ཤེས་ཆེན་པོ་ཡིན། །རྣམ་རྟོག་ཡིད་མེད་ཡུལ་དུ་སྣང་བའི་སེམས་མ་ཞུགས་པ་སེམས་མེད་ལ། །ཡུལ་བདག་རྟོག་གི་བློ་ལས་འདས་པ་ཆགས་པའི་འཛིན་པ་མ་ཞུགས་ལ། །རྟོག་མེད་གསལ་བའི་ཡེ་ཤེས་ཡིན། །འོད་སྣང་མ་འགགས་གསལ་བ་ལ། །ཡིད་ཀྱི་རྟོག་པ་མ་འགྱུས་པས། །རྟོག་མེད་དྭངས་པའི་ཡེ་ཤེས་ཡིན། །གསལ་བྱ་གསལ་བྱེད་ཆོས་དང་བྲལ། །དེ་ལ་རྣམ་རྟོག་མ་འགྱུས་ན། །གསལ་བ་ཡུལ་རྟོག་གི་བློ་ལས་འདས་པ་འཛིན་མེད་ཡེ་ཤེས་ཡིན། །ཆོས་ཉིད་མཉམ་པ་མ་འདྲེས་པ། །མཉམ་པ་ཉིད་ཀྱི་ཡེ་ཤེས་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པར་རྟོགས་པ་ཡིན། །མ་འགགས་སོ་སོའི་མཚན་འཛིན་པའི། །མཉམ་ཉིད་དབྱིངས་དང་རིག་པ་གཉིས་སུ་མེད་པ་མ་འགགས་ཡེ་ཤེས་ཡིན། །མི་གཡོ་བ་ནི་སྐུ་ཡི་རྒྱ། །རྒྱ་ཆད་ཕྱོགས་ལྷུང་མེད་པ་ནི། །མི་གཡོ་མཉམ་ཉིད་ཡེ་ཤེས་ཡིན། །མི་འགག་གསལ་དྭངས་ཆེན་པོ་ལ། །ཡིད་ཀྱི་རྟོག་པ་གསལ་བ་ནི། །མཉམ་ཉིད་མི་འགག་ཡེ་ཤེས་ཡིན། །ཅི་ལ་མི་གནས་ཡེ་ཤེས་ཀུན་གྱི་རྩེ། །མཚན་མ་རང་སར་གྲོལ་བ་ནི། །ཅི་ལ་མི་གནས་མཉམ་ཉིད་ཡེ་ཤེས་ཡིན། །བློ་ལ་སྣང་བའི་ཐེ་ཚོམ་ཐམས་ཅད་ངོ་བོར་ཕྱི་འབྱུང་བའི་དབང་དུ་མ་གྱུར་པས་གྲོལ། །སོ་སོར་རྟོག་པའི་ཡེ་ཤེས་ཡིན། །སྣ་ཚོགས་གཅིག་ཏུ་སྡུད་པ་སྟེ། །དེ་ལ་དབྱེ་ན་དོན་རྣམས་འབྱེད། །དོན་རྣམས་འབྱེད་པའི་ཡེ་ཤེས་ཡིན། །རྟོགས་པའི་དོན་ལས་མི་འདའ་ཞིང་། །སྐད་ཅིག་གསུམ་ལ་གྲོལ་བྱེད་པས། །སྐད་ཅིག་སྐྱེ་བའི་ཡེ་ཤེས་ཡིན། །སྒྲ་ཚིག་རིག་པའི་ངོ་བོར་འདས། །ཐ་སྙད་གཅིག་ལ་རྫོགས་པའི་ཕྱིར། །སྒྲ་རྣམས་སེལ་བའི་ཡེ་ཤེས་ཡིན། །སྒྲ་ཚིག་ཐམས་ཅད་


DNG003_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

རང་ལ་རྫོགས། །རིག་པའི་ཀློང་དུ་ཚིག་རྣམས་འདས། །ཚིག་ལ་མི་གནས་ཡེ་ཤེས་ཡིན། །རང་རིག་འཛིན་པའི་ཆོས་ལས་གྲོལ། །ཐ་སྙད་བཏགས་པའི་མིང་སྤངས་ཤིང་། །བྱ་བ་གྲུབ་པའི་ཡེ་ཤེས་ཡིན། །ཐུགས་རྗེའི་འོད་ཟེར་ཕྱོགས་བཅུར་འཕྲོ། །སྤྲུལ་པས་འགྲོ་བའི་དོན་བྱེད་ཕྱིར། །བྱ་བ་བྱེད་པའི་ཡེ་ཤེས་ཡིན། །ཡེ་ཤེས་འགྱུར་མེད་ངང་ལ་བྱ་བ་བཏང་། །དངོས་པོ་མཚན་མའི་ཆོས་ལས་འདས་པ་ནི། །བྱ་བ་མི་གནས་ཡེ་ཤེས་ཡིན། །རིག་པ་རྟོག་མེད་གསལ་བ་ལ། །ཤེས་པ་ངང་གིས་དལ་བ་ནི། །བྱ་བ་བཏང་བའི་ཡེ་ཤེས་ཡིན། །ཕྱི་ནང་གསང་བའི་ཆོས་རྣམས་ཀུན། །རིག་པའི་ཀློང་དུ་ཀུན་འདས་པས། །སྒྲོ་འདོགས་ཆོད་པའི་ཡེ་ཤེས་ཡིན། །དེ་ལྟར་ཡེ་ཤེས་དོན་སྦྱར་ནི། །གང་ཞིག་མྱ་ངན་འདའ་འདོད་པས། །འདི་ལ་གནས་ན་གཉིས་མེད་ཐོབ། །སྐུ་གསུམ་ས་ལ་ཕྱིར་མི་ལྡོག །ཡེ་ཤེས་མཚོན་དཔེ་དེ་བཞིན་ནོ། །ཞེས་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། ཡེ་ཤེས་ཉི་ཤུ་རྩ་ལྔར་དབྱེ་བའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་འོད་ལྔའི་བདག །ཡེ་ཤེས་དོན་སྦྱོར་དེ་ལྟར་ན། །འོད་ལྔའི་སྣང་བ་གསུང་དུ་གསོལ། །ཞེས་ཞུས་སོ། །དེ་ནས་ཡང་བཀའ་སྩལ་པ། ཀྱེ་མ་གསང་བདག་རྡོ་རྗེ་འཛིན། །འོད་ལ་དབྱེ་བ་བསམ་གྱིས་མི་ཁྱབ་སྟེ། །དེ་ཡང་མདོར་བསྟན་ཡིད་ལ་ཟུང་། །དག་པ་ཡེ་ཤེས་འོད་དང་ནི། །མ་དག་འཁྲུལ་པའི་འོད་དུ་འདོད། །དེ་ཡང་བཤད་ལུགས་འདི་ལྟ་སྟེ། །མ་དག་འཁྲུལ་པའི་འོད་ལ་དྲུག །དབང་པོ་ཐ་མའི་ཐ་མ་ལ། །དཀར་པོར་འཆར་དང་སེར་པོར་འཆར། །དམར་པོར་འཆར་དང་ལྗང་གུའོ། །དེ་བཞིན་མཐིང་གར་འཆར་བའོ། །བན་བུན་དག་ཏུ་འཆར་བར་འདོད། །དེ་ནི་མ་དག་འཁྲུལ་པའི་འོད། །མ་དག་སེམས་ཅན་འཁྲུལ་པ་ལ། །དག་པའི་འོད་ལྔ་འདི་ལྟར་ཡོད། །དེ་ཡང་རིགས་དྲུག་སེམས་ཅན་ལ། །ཁ་དོག་ལྔ་ཡི་གནས་ལུགས་དྲུག །རྡོ་རྗེ་སེམས་


DNG003_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་ང་ཡིས་བཤད། །དེ་ཡང་རྟོགས་དང་མ་རྟོགས་གཉིས། །རྟོགས་དང་ལྡན་པའི་གང་ཟག་ལ། །འོད་ལྔ་སྐུ་ལྔར་འཆར་བའོ། །མ་རྟོགས་སེམས་ཅན་ཐམས་ཅད་ལ། །མི་ལ་མཚོན་དུ་ཡོད་པའོ། །ལྷ་རྣམས་ལ་ནི་བལྟར་ཡོད་པའོ། །ལྷ་མ་ཡིན་ལ་ཕྲ་བར་ཡོད། །བྱོལ་སོང་རང་གནས་ཙམ་དུ་ཡོད། །ཡི་དྭགས་རྣམས་ལ་འཕྲིགས་པར་སྣང་། །དམྱལ་བའི་ཡུལ་ལ་ཏིལ་འབྲུ་ཙམ། །དེ་བཞིན་འོད་དྲུག་གནས་པའོ། །དེ་ནི་མ་དག་འཁྲུལ་པའི་འོད། །དག་པ་ཡེ་ཤེས་འོད་སྣང་ནི། །རྟོགས་དང་ལྡན་པའི་གང་ཟག་ལ། །སྣང་བ་འདི་ལ་སྣང་ལུགས་དང་། །བར་མ་དོ་ལ་སྣང་ལུགས་དང་། །འཁྲུལ་སྣང་འོད་ལ་སྣང་ལུགས་སོ། །སྣང་བ་འདི་ལ་སྣང་ལུགས་ནི། །ཡེ་ཤེས་ཆེན་པོའི་སྣང་ལུགས་དེ། །གནས་ནི་ཙིཏྟའི་དཀྱིལ་ན་གནས། །ལམ་ནི་རྒྱ་མཚོའི་ནང་ནས་འབྱུང་། །ཡུལ་ནི་ནམ་མཁའ་སྟོང་པའོ། །ལུས་ནི་སྐུ་དང་ཡེ་ཤེས་སོ། །སྤྱན་ནི་ཤེས་རབ་སྒྲོན་མའོ། །སྙིང་པོ་ཀུན་གསལ་མེ་ལོང་ངོ་། །དཔེར་མཚོན་མན་ཤེལ་དྲི་མེད་བཞིན། །དུས་ནི་ཆོས་ཉིད་བར་དོའོ། །རིན་ཆེན་སྦུབས་ལས་མཐར་ཕྱིན་ནོ། །སྣང་བ་འདི་ལ་སྣང་ལུགས་སོ། །བར་མ་དོ་ལ་སྣང་ལུགས་ནི། །ཉི་ཤུ་རྩ་གཅིག་སྣང་ལུགས་དང་། །དག་པ་གཅིག་ཆོད་སྣང་ལུགས་སོ། །ཉི་ཤུ་རྩ་གཅིག་སྣང་ལུགས་ནི། །འོག་ནས་འབྱུང་བའི་ཚིག་ཏུ་བསྟན། །དག་པ་གཅིག་ཆོད་སྣང་ལུགས་ནི། །ཡེ་ཤེས་དག་པའི་ནམ་མཁའ་ལ། །འོད་ལྔ་འགྱུར་མེད་གསལ་བ་ནི། །དེ་ཡང་ཚོམ་བུ་ལྔ་ལྔ་དང་། །ཡབ་ཡུམ་ཚུལ་དུ་འཆར་བའོ། །དེ་ཡང་ཁ་དོག་འདི་ལྟ་སྟེ། །མཐིང་ག་རྣམ་པར་སྣང་མཛད་སྐུ། །ཡེ་ཤེས་ཆོས་དབྱིངས་ཡེ་ཤེས་ཏེ། །ཡུམ་ནི་ནམ་མཁའི་དབྱིངས་ཕྱུག་མ། །འབྱུང་བ་སྟོང་པ་ནམ་མཁའ་ཡིན། །ཕུང་པོ་གཟུགས་ཀྱི་ཕུང་པོ་ཡིན། །ས་ནི་བྱ་བ་རྫོགས་པའི་ས། །དེ་བཞིན་གཤེགས་པའི་རིགས་སུ་བཤད། །དཀར་པོ་རྡོ་རྗེ་སེམས་དཔའི་སྐུ། །ཡེ་ཤེས་མེ་ལོང་ཡེ་ཤེས་ཏེ། །


DNG003_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་ནི་སངས་རྒྱས་སྤྱན་དུ་འདོད། །འབྱུང་བ་བསྐྱེད་པའི་ས་ཆེན་པོ། །ཕུང་པོ་རྣམ་ཤེས་ཕུང་པོ་སྟེ། །ས་ནི་སྣ་ཚོགས་འབྱུང་བའི་ས། །རིགས་ནི་རྡོ་རྗེའི་རིགས་སུ་བཤད། །སེར་པོ་རིན་ཆེན་འབྱུང་ལྡན་སྐུ། །ཡེ་ཤེས་མཉམ་ཉིད་ཡེ་ཤེས་སོ། །ཡུམ་ནི་མཱ་མ་ཀི་རུ་འདོད། །འབྱུང་བ་ཆུ་བོ་ཆེན་པོ་སྟེ། །ཕུང་པོ་ཚོར་བའི་ཕུང་པོའོ། །ས་ནི་བྱ་བ་བཏང་བའི་ས། །རིགས་ནི་རིན་ཆེན་རིགས་སུ་བཤད། །དམར་པོ་སྣང་བ་མཐའ་ཡས་སྐུ། །ཡེ་ཤེས་སོར་རྟོགས་ཡེ་ཤེས་ཡིན། །ཡུམ་ནི་གོས་དཀར་ཡུམ་ཆེན་མོ། །འབྱུང་བ་སྲེག་བྱེད་མེ་ཡིན་ནོ། །ཕུང་པོ་འདུ་ཤེས་ཕུང་པོའོ། །ས་ནི་རྣམ་པར་སྟོན་པའི་ས། །རིགས་ནི་པདྨའི་རིགས་སུ་བཤད། །ལྗང་གུ་དོན་ཡོད་གྲུབ་པའི་སྐུ། །ཡེ་ཤེས་བྱ་གྲུབ་ཡེ་ཤེས་ཡིན། །ཡུམ་ནི་དམ་ཚིག་སྒྲོལ་མར་འདོད། །འབྱུང་བ་འདེགས་བྱེད་རླུང་ཡིན་ནོ། །ཕུང་པོ་འདུ་བྱེད་ཕུང་པོའོ། །ས་ནི་བྱ་བ་ཟིན་པའི་ས། །རིགས་ནི་ལས་ཀྱི་རིགས་སུ་བཤད། །དེ་བཞིན་དག་པའི་སྣང་བའོ། །སེམས་ཅན་ཀུན་ལ་དེ་བཞིན་ནོ། །རང་རང་ལུས་ལ་གནས་པའོ། །བར་དོ་ལ་ཡང་དེ་བཞིན་འཆར། །ཐམས་ཅད་དེ་ཡི་ཀློང་དུ་ཡང་། །ང་ཡིས་བཤད་ཅིང་བསྟན་པའོ། །འོད་འདས་པའི་འོད་ཡུལ་དུ་སྣང་། མ་འོངས་པའི་འོད་སྒྲར་སྣང་བ་དང་དེ་ཡང་སྐུ་གསུམ་དུ་སྣང་དང་ཡེ་ཤེས་ལྔར་སྣང་བ་དང་། །ཡུམ་ལྔར་བསྟན་དང་འབྱུང་བ་ལྔ་དང་ཕུང་པོ་ལྔ་དང་། །ས་དང་རིགས་ལྡབས་བཅུ་དྲུག་ཏུ་འགྱུར་སུ་བཤད་པའོ། །བར་མ་དོ་ལ་དེ་ལྟར་སྣང་། །རྟོགས་པའི་བློ་ལ་དེ་ལྟར་རོ། །ཞེས་བཀའ་སྩལ་ཏོ། །ཞེས་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། འོད་ལྔ་སྐུ་དང་སྦྱར་བའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་འབྱུང་བའི་བདག །འོད་ཀྱི་དོན་སྦྱོར་དེ་ལྟར་ན། །འབྱུང་བའི་དཀྱིལ་འཁོར་གསུང་དུ་གསོལ། །ཞེས་ཞུ་བ་ཞུས་སོ། །དེ་ནས་ཡང་བཀའ་སྩལ་པ། ཀྱེ་ཧོ་གསང་བའི་བདག་པོ་ཉོན། །འབྱུང་བ་ལྔ་ཡི་མཚན་ཉིད་ནི། །ངས་བསྟན་ཁྱོད་ཀྱིས་གོ་བར་གྱིས། །འབྱུང་བ་ཆེན་པོ་བཅོམ་ལྡན་འདས། །འགྲོ་བ་ཀུན་ལ་རང་


DNG003_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གནས། །ཁམས་གསུམ་སེམས་ཅན་ཐམས་ཅད་ནི། །འབྱུང་བ་ལྔ་ཡི་དབྱིངས་ལ་སྤྱོད། །འབྱུང་བ་མེད་པའི་སྔོན་རོལ་ཏུ། །སངས་རྒྱས་སེམས་ཅན་མིང་ཡང་མེད། །འབྱུང་བ་ལྔ་ཉིད་མ་ཡི་དབྱིངས། །འབྱུང་བ་ལྔ་ལས་མ་གྲུབ་པའི། །སྐྱེ་འགྲོ་སེམས་ཅན་གཅིག་ཀྱང་མེད། །དེ་ལ་གནས་པའི་སེམས་ཅན་གྱི། །འབྱུང་བ་རྣམ་པ་གཉིས་སུ་བསྟན། །ཕྱི་འབྱུང་དང་ནི་ནང་འབྱུང་ངོ་། །ཕྱི་ཡི་འབྱུང་བ་འདི་ལྟ་སྟེ། །ས་སྲ་བ་དང་ཆུ་སྡུད་པ་དང་མེ་སྲེག་པ་དང་ནི། །དེ་བཞིན་རླུང་བསྐྱོད་པ་ཕྱིའི་རླུང་དང་ནང་དང་གསང་བ་ལ་སོགས་དང་ནམ་མཁའ་ཡངས་པ འོ། །འབྱུང་བ་ལྔ་ཡི་མཚན་ཉིད་ནི། །འབྱུང་བའི་རྒྱུ་ནི་ས་ཡིན་ནོ། །འབྱུང་བའི་ཤེས་རབ་མེ་ཡིན་ནོ། །འབྱུང་བའི་སྤྲུལ་པ་རླུང་ཡིན་ནོ། །འབྱུང་བའི་བདག་པོ་ཆུ་ཡིན་ནོ། །འབྱུང་བའི་ཆོས་ཉིད་ནམ་མཁའ་འོ། །དེ་ལྟར་འབྱུང་བ་ཆེན་པོ་ལྔ། །ཕྱི་ཡི་འབྱུང་བ་ཆེན་པོར་འདོད། །དེ་ནས་ཡང་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་འབྱུང་ཆེན་བདག །འབྱུང་བའི་ངེས་ཚིག་གསུང་དུ་གསོལ། །ཞེས་ཞུས་སོ། །འབྱུང་བདག་ཆེན་པོས་བཀའ་སྩལ་པ། །ཨ་ཧོ་གསང་བའི་བདག་པོ་ཉོན། །འབྱུང་བའི་ངེས་ཚིག་འདི་ལྟ་སྟེ། །བྱས་པས་མ་བྱུང་འབྱུང་བ་ལྷུན་གྱིས་གྲུབ། །ཐམས་ཅད་སྐྱེད་པར་བྱེད་པས་འབྱུང་བ་ཆེན་པོ་ཡིན། །འགྲོ་བ་ཡོངས་ལ་ཁྱབ་པས་འབྱུང་བ་ཆེན་པོ་ཡིན། །ཅིག་ཅར་སྐྱེས་པས་འབྱུང་བ་ཆེན་པོ་ཡིན། །རང་ལ་ཡོད་པས་འབྱུང་བ་ཆེན་པོ་ཡིན། །འགྱུར་བ་མེད་པས་འབྱུང་བ་ཆེན་པོ་ཡིན། །མཐུན་པར་སྣང་བས་འབྱུང་བ་ཆེན་པོ་ཡིན། །དོན་བྱེད་ནུས་པས་འབྱུང་བ་ཆེན་པོ་ཡིན། །འབྱུང་བའི་ངེས་ཚིག་དེ་བཞིན་ནོ། །ཡང་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་བདག་ཉིད་ལྡན། །འབྱུང་བ་ཆེན་པོའི་ངེས་ཚིག་དེ་ལྟར་ན། །འབྱུང་བའི་དོན་སྦྱོར་གསུང་དུ་གསོལ། །ཞེས་ཞུས་སོ། །རྡོ་རྗེ་འཆང་གིས་བཀའ་སྩལ་པ། །ཀྱེ་ཀྱེ་འདུས་པའི་འཁོར་ཚོགས་ཉོན། །འབྱུང་བའི་དོན་སྦྱོར་འདི་ལྟ་སྟེ། །ཆོས་སྐུ་གདོད་ནས་དག་པའི་རང་བཞིན་ལ། །ངོ་བོ་འགྱུར་བ་མེད་པས་འབྱུང་


DNG003_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

བ་ས་ཡང་ཡིན། །རིག་པའི་ཡེ་ཤེས་དོན་ལ་སྤྱོད་པས་འབྱུང་བ་མེ་ཡང་ཡིན། །རིག་པའི་ཡེ་ཤེས་མ་བསྐྱོད་དབྱིངས་སུ་ཤེས་པས་འབྱུང་བ་རླུང་ཡང་ཡིན། །རིག་པའི་ཡེ་ཤེས་སྐུ་སྦུབས་ཀྱང་འདུག་གསུམ་གཅིག་ཏུ་དྲིལ་བས་འབྱུང་བ་ཆུ་ཡང་ཡིན། །སྟོང་གསལ་གཉིས་མེད་ངང་དུ་ཐིམ་པས་འབྱུང་བ་ནམ་མཁའ་ཡིན། །འབྱུང་བའི་དོན་སྦྱོར་དེ་བཞིན་ནོ། །འབྱུང་བ་ཆོས་ཉིད་ཆེན་པོ་ནི། །ཀུན་ལ་དེ་ལྟར་སྣང་བའོ། །སྣང་བ་འགག་མེད་འབྱུང་བའི་ཆོ་འཕྲུལ་ཡིན། །རིག་པ་འགྱུར་མེད་འབྱུང་བའི་ངོ་བོ་ཡིན། །དེ་ལྟར་འབྱུང་བ་ཆེན་པོ་ཉིད། །སངས་རྒྱས་པས་ཀྱང་ང་སྔར་བྱུང་། །འབྱུང་བ་ཆེན་པོ་ལྔ་ཉིད་ནི། །རང་ལས་བྱུང་ཞིང་རང་ལ་རྫོགས་པའོ། །འབྱུང་བའི་གཏན་ཚིགས་དེ་བཞིན་ནོ། །སངས་རྒྱས་རྣམས་ཀྱི་ཐུགས་རྗེ་ནི། །འབྱུང་བ་ལྔ་རུ་སྣང་བའོ། །འབྱུང་བ་ཆེན་པོའི་ཀློང་དཀྱིལ་དུ། །རང་བྱུང་ཡེ་ཤེས་གཏེར་དུ་སྦས། །སྟོང་པ་ཉིད་ཀྱི་ཕོ་བྲང་དུ། །དག་པའི་སྣང་བ་གཏེར་དུ་སྦས། །ཡེ་ཤེས་དབྱིངས་ཀྱི་ཀློང་དཀྱིལ་དུ། །སྐུ་ལྔ་འགྱུར་མེད་གཏེར་དུ་སྦས། །ཆོས་ཉིད་བར་དོའི་སྣང་བ་ལ། །རིག་པའི་ཡེ་ཤེས་གཏེར་དུ་སྦས། །ཉོན་མོངས་ལྔ་ཡི་གཏིང་རུམ་དུ། །རིག་པ་འགག་མེད་གཏེར་དུ་སྦས། །བག་ཆགས་འཁྲུལ་པའི་ཀློང་དཀྱིལ་དུ། །ཤེས་རབ་གསལ་བ་གཏེར་དུ་སྦས། །དེ་ལྟར་སངས་རྒྱས་དུར་ས་ན། །རང་གི་སྙིང་གི་དཀྱིལ་དུ་སྦས། །གཏེར་ཆེན་དེ་རྣམས་རྟོགས་པར་བྱ། །ཞེས་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། ཕྱིའི་འབྱུང་བ་ལྔ་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་འདུས་པའི་འཁོར་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་ཐུགས་རྗེ་ཆེན་པོ་དང་ལྡན་པ། ཕྱིའི་འབྱུང་བ་དེ་ལྟར་ལགས་ན། ནང་གི་འབྱུང་བ་གསུང་དུ་གསོལ། །ཞེས་ཞུས་སོ། །ཡང་བཀའ་སྩལ་པ། ཨེ་མ་ཧོ། ངོ་མཚར་ཆེ་བའི་ཆོས་ངས་བསྟན་གྱིས་ལེགས་པར་ཉོན། འབྱུང་བ་ཆེན་པོ་ལྔ་ནི་རང་གི་ལུས་ལ་ཚང་ངོ་། །དེ་ཡང་རླུང་རྣམ་པ་ལྔས་ཡེ་ཤེས་ཀྱི་གདངས་བྱེད་དོ། །


DNG003_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

མེ་རྣམ་པ་ལྔས་ཡེ་ཤེས་ཀྱི་རྩལ་བྱེད་དོ། །ས་ལྔ་ཡིས་ཡེ་ཤེས་ཀྱི་ངོ་བོ་བྱེད་དོ། །ཆུ་ལྔས་ཡེ་ཤེས་ཀྱི་ཡུལ་བྱེད་དོ། །ནམ་མཁའ་རྣམ་པ་ལྔས་ཡེ་ཤེས་ཀྱི་གནས་བྱེད་དོ། །རླུང་རྣམ་པ་ལྔ་གྲངས་ངེས་པ་བསྟན་གང་ཞེ་ན། སྲོག་འཛིན་པའི་རླུང་སྲོག་པ་རྩ་ན་གནས་དང་། བཀྲག་དང་གཟི་མདངས་སྐྱེད་པའི་སྨིན་ཕྲག་ན་གནས་རླུང་དང་། མེ་དང་མཉམ་དུ་གནས་པའི་རླུང་ཕོ་བ་ན་གནས་དང་། ཀུན་ལ་ཁྱབ་བྱེད་ཀྱི་རླུང་ལུས་ཀུན་ཁྱབ་པར་གནས་དང་། སྙིང་རྗེ་མེད་པ་བསྐལ་པ་ལས་ཀྱི་རླུང་དང་ལྔའོ། །རླུང་དེ་རྣམས་སེམས་ཅན་ཀུན་གྱི་ལུས་ཀྱི་མགོ་མཇུག་ན་གནས་སོ། །མེ་ལ་གྲངས་ངེས་པ་བསྟན་ལྔ་སྟེ། ཕྱི་ནང་ཀུན་ལ་གསལ་གྱི་མེ་མིག་དང་ཡན་ལག་ལ་གནས་དང་། ཕྱི་ནང་ཀུན་ཏུ་ཁྱབ་བྱེད་ཀྱི་མེ་གློ་བ་ན་གནས་དང་། ཕྱི་ནང་ཀུན་མཉམ་པའི་མེ་ཤ་ལྤགས་བར་ན་གནས་དང་། ཕྱི་ནང་གི་བྱ་བ་རྟོགས་པའི་མེ་རྐང་མཐིལ་ན་གནས་དང་། ཕྱི་ནང་གི་བྱ་བ་གྲུབ་པའི་མེ་ལག་མཐིལ་ན་གནས་དང་ལྔའོ། །ས་ལ་ཡང་ལྔ་གྲངས་ངེས་པ་བསྟན་སྟེ། ཀུན་ཏུ་སྣང་བའི་ས་རིག་པ་དང་ལྷན་ཅིག་ཏུ་གནས་དང་། མི་འགྱུར་བ་རྡོ་རྗེའི་ས་སྒྲོན་མ་དང་ལྷན་ཅིག་ཏུ་གནས་དང་། ཐམས་ཅད་འབྱུང་བ་རིན་པོ་ཆེའི་ས་ཐིག་ལེ་དང་ལྷན་ཅིག་ཏུ་གནས་དང་། སྣང་བ་སྟོན་པ་ཀུན་ཏུ་མཐའ་ཡས་པའི་ས་ཡེ་ཤེས་དང་ལྷན་ཅིག་གནས་དང་། བསྒྲུབ་པ་མཐར་ཕྱིན་པའི་ས་ཤེས་རབ་དང་ལྷན་ཅིག་ཏུ་གནས་དང་ལྔའོ། །ཆུ་རྣམ་པ་ལྔ་གྲངས་བསྟན་པ་ནི། འགྱུར་བ་མེད་པའི་ཆུ་རྩ་ཐམས་ཅད་ན་གནས་དང་། ཞི་བ་གསལ་དག་གི་ཆུ་རུས་པ་ཐམས་ཅད་ལ་གནས་དང་། ཡོན་ཏན་འབྱུང་བ་རྒྱས་པའི་ཆུ་ཁྲག་ཐམས་ཅད་ལ་ཁྱབ་པར་གནས་དང་། ཆགས་པ་མེད་པའི་ཆུ་ཆུ་སེར་ཐམས་ཅད་ལ་ཁྱབ་པར་གནས་དང་། འཛིན་མེད་རྫོགས་པའི་ཆུ་མིག་གི་ནང་དུ་གནས་དང་ལྔའོ། །ནམ་མཁའ་ལྔ་ནི། སྤྱི་ཀུན་ལ་ཁྱབ་པའི་ནམ་མཁའ་རིག་པ་དངོས་དང་། ཡུལ་མེད་གསལ་གདངས་ཀྱི་ནམ་མཁའ་འོད་ལྔ་དང་། མ་འདྲེས་པ་དག་པའི་ནམ་མཁའ་དབྱིངས་རྣམ་པར་དག་པ་དང་། དོན་མཚོན་བྱེད་རྟགས་ཀྱི་དོན་ཡེ་ཤེས་ཀྱི་ནམ་མཁའ་དང་། དག་པའི་ཞིང་དུ་བགྲོད་བྱེད་ཀྱི་ནམ་མཁའ་དེ་ཡང་ངོ་སྤྲོད་ཉི་ཤུ་རྩ་གཅིག་གོ་འོ། །


DNG003_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་འབྱུང་བ་རྣམ་པ་ལྔ་ཉིད་རང་ལ་རང་བཞིན་གྱིས་གནས་པའོ། །དེ་ཡང་བཤད་ལུགས་འདི་ལྟར་ཡིན་ནོ། །སྲོག་འཛིན་པའི་རླུང་ལའང་ལྔ་སྟེ། རྩ་བ་འཛིན་པའི་སྲོག་རིག་པའི་མདངས་བསྐྱེད་དང་། སྐྱོབ་བྱེད་ཀྱི་སྲོག་དྷཱ་ཏུའི་མདངས་བསྐྱེད་དང་། རྣམ་པར་ཕྲ་བའི་སྲོག་འོད་ཀྱི་དང་། མི་གཙང་བའི་སྲོག་མ་རིག་པའི་སེམས་དང་དང་། རྣམ་པར་འདར་བྱེད་ཀྱི་སྲོག་ཡིད་ཀྱི་གྲོགས་བྱེད་དང་ལྔའོ། །དེ་དང་ལྷན་ཅིག་གནས་པའི་རླུང་ལ་ཡང་ལྔ་སྟེ། དྭངས་སྙིགས་འབྱེད་པའི་རླུང་སོག་དང་གཉིས་སུ་མེད་དང་། དྲོད་བསྐྱེད་པའི་རླུང་རིག་པ་དང་གཉིས་སུ་མེད་དང་། གསལ་འགྱུར་གྱི་རླུང་སྒྲོན་མ་དང་གཉིས་སུ་མེད་དང་། རྣམ་པར་སྡུད་པའི་རླུང་དྷཱ་ཏུ་དང་གཉིས་སུ་མེད་དང་། རྣམ་པར་གཟེངས་བསྟོད་པའི་རླུང་པྲཛྙཱ་དང་གཉིས་སུ་མེད་དང་ལྔའོ། །བཀྲག་དང་གཟི་མདངས་སྐྱེད་པའི་རླུང་ལ་ཡང་ལྔ་སྟེ། རྣམ་པར་ཤེས་པ་སྐྱེད་པའི་རླུང་ཤེས་རབ་ཀྱི་ཡུལ་བྱེད་དང་། རྣམ་པར་ཡིད་འབྱུང་བའི་རླུང་སྣང་བའི་ཡུལ་དང་། རྣམ་པར་མདངས་དང་ལྡན་པའི་རླུང་སྒྲོན་མ་དང་། རྣམ་པར་སླེབ་པའི་རླུང་མ་རིག་པའི་ཡུལ་དང་། རྣམ་པར་རྒོད་པའི་རླུང་ཡིད་ཀྱི་ཡུལ་དང་ལྔའོ། །རྣམ་པར་ཁྱབ་བྱེད་ཀྱི་རླུང་ལ་ཡང་ལྔ་སྟེ། གཞི་ལ་ཁྱབ་བྱེད་ཀྱི་རླུང་ཡེ་ཤེས་ལ་སྣང་དང་། འཕྲལ་དུ་ཁྱབ་བྱེད་ཀྱི་རླུང་སྒྲོན་མ་ལ་སྣང་དང་། སྔངས་ཤིང་སྐྲག་པ་ཁྱབ་བྱེད་ཀྱི་རླུང་ཤེས་པ་ལ་སྣང་དང་། དྲན་པ་ཁྱབ་བྱེད་ཀྱི་རླུང་བསམ་པ་ལ དང་། འཛིན་པས་ལུས་ཀུན་ཁྱབ་པའི་རླུང་སེམས་ལ་སྡང་ངོ་དང་ལྔའོ། །སྙིང་རྗེ་མེད་པ་བསྐལ་པ་ལས་ཀྱི་རླུང་ལ་ཡང་ལྔ་སྟེ། རྣམ་པར་སྐྱོད་བྱེད་ཀྱི་རླུང་ཕུང་པོ་ལ་ཁྱབ་དང་། རྣམ་པར་སྒྲོལ་བྱེད་ཀྱི་རླུང་སྐད་ཅིག་ལ་ཁྱབ་དང་། རྣམ་པར་ཟློག་བྱེད་ཀྱི་རླུང་བར་དོ་ལ་ཁྱབ་དང་། རྣམ་པར་འགྱུར་བྱེད་ཀྱི་རླུང་རྟགས་པ་ལ་ཁྱབ་དང་། སྐད་ཅིག་མའི་རླུང་སྐད་ཅིག་གསུམ་ལ་ཁྱབ་དང་ལྔའོ། །དེ་ལྟར་རླུང་ལྔའི་རང་བཞིན་དུ། སེམས་ཅན་ཀུན་ལ་གནས་པའོ། །ཡང་དག་པའི་ས་ལ་སྐྱོད་པར་བྱེད་པའི་ཕྱིར་ན། སྐྱོད་བྱེད་ཀྱི་རླུང་ཞེས་བྱའོ། །དག་པ་ཡེ་ཤེས་ཀྱི་སྲོག་འཛིན་པའི་ཕྱིར་ན། སྲོག་འཛིན་པའི་རླུང་ཞེས་བྱའོ། །ཡེ་ཤེས་ཀྱི་འོད་ལྔ་རང་ཆས་སུ་ཡོད་པའི་ཕྱིར་ན། བཀྲག་དང་གཟི་མདངས་སྐྱེད་པའི་རླུང་ཞེས་བྱའོ། །ཤེས་རབ་ཀྱིས་ཡང་


DNG003_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

དག་པའི་དབྱིངས་སུ་སྒྲོལ་ནུས་པའི་ཕྱིར་ན། སྙིང་རྗེ་མེད་པ་བསྐལ་པ་ལས་ཀྱི་རླུང་ཞེས་བྱའོ། །ཡེ་ཤེས་ཀྱི་སྣང་བ་དང་འདུ་འབྲལ་མེད་པའི་ཕྱིར་ན། མེ་དང་མཉམ་དུ་གནས་པའི་རླུང་ཞེས་བྱའོ། །རླུང་ཐམས་ཅད་ལ་དོན་དེ་བཞིན་དུ་གནས་སོ། །ཞེས་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། ནང་གི་འབྱུང་བ་ལྔའི་དབྱེ་བ་བསྟན་པའི་ལེའུ་སྟེ་ཉི་ཤུ་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་འདས་པའི་སྐུ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །དགོངས་པའི་གནས་ལུགས་གསུང་དུ་གསོལ། །ཞེས་ཞུས་སོ། །དེ་ནས་ཡང་བཀའ་སྩལ་པ། ཀྱེ་ཧོ་འདུས་པའི་འཁོར་ཚོགས་མཁའ་འགྲོ་མ་དང་བཅས་པ་ཉོན་ཅིག །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་ནི། རང་གི་རིག་པ་འགྱུར་མེད་བྱང་ཆུབ་སེམས་ལས་ཐམས་ཅད་བྱུང་། །རྟག་པར་རྡོ་རྗེའི་དོན་ལྡན་ཐམས་ཅད་གཉིས་མེད་གཅིག་གི་ངང་། །གཅིག་ཤེས་གྱུར་ན་ཆོས་ཉིད་བདེ་ཆེན་མཐོང་ཞིང་དེ་ལ་སྤྱོད། །ཙིཏྟའི་དཀྱིལ་འཁོར་འོད་དུ་གསལ་བས་འདས་པའི་སངས་རྒྱས་དངོས། །བར་དོའི་སྣང་བ་མ་འགགས་ལམ་དུ་འཆར་བས་མ་འོངས་སངས་རྒྱས་དངོས། །བྱང་ཆུབ་ལམ་གྱི་སྒྲོན་མ་ཡུལ་ལ་སྣང་བས་ད་ལྟའི་སངས་རྒྱས་དངོས། །དུས་གསུམ་སངས་རྒྱས་དགོངས་པ་ཚད་མར་བཞག་པ་ཡིན། །དུས་གསུམ་སངས་རྒྱས་གཞན་ལ་མེད་པར་རང་བྱུང་རང་ལ་ཐིམ། །སངས་རྒྱས་རྣམས་ཀྱི་དགོངས་པ་ལག་བཅངས་ཡིན་པར་རྡོ་རྗེ་སེམས་དཔས་བསྟན། །དེ་ཡང་དུས་གསུམ་སངས་རྒྱས་མཚན་བརྗོད་འདི་ལྟ་སྟེ། །ཐོག་མེད་དུས་ན་འདས་པས་མར་མེ་མཛད་དུ་བཤད། །ཕྱིས་འབྱུང་ཡུལ་དུ་མེད་པས་བྱམས་པ་ཆེན་པོར་བཤད། །ཆ་ལུགས་མངོན་པར་སྣང་ཞིང་གཞན་དོན་བྱེད་པས་ཤཱཀ་ཐུབ་ཆེན་པོར་བཤད། །དེ་བཞིན་དུས་གསུམ་སངས་རྒྱས་ནི། །རང་གི་སྣང་བ་ཆེན་པོར་བཤད། །དེ་ཡང་ལུས་ངག་ཡིད་གསུམ་མོ། །ངག་ནི་འདས་པའི་སངས་རྒྱས་ཡིན། །ཡིད་ནི་མ་


DNG003_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

འོངས་སངས་རྒྱས་ཡིན། །ལུས་ནི་ད་ལྟའི་སངས་རྒྱས་སོ། །སངས་རྒྱས་རྣམ་གསུམ་དེ་ལྟར་གནས། །འགྱུར་མེད་བྱང་ཆུབ་སེམས་ལ་འཁྲུལ་པ་ག་ལ་ཡོད། །འཁྲུལ་མེད་བྱང་ཆུབ་སེམས་ནི་འགྲོ་བ་ཡོངས་ལ་ཁྱབ། །བྱང་ཆུབ་སྙིང་པོ་སངས་རྒྱས་ཀུན་དང་མཉམ། །རང་རིག་སྒྲོན་མ་རང་སྣང་འོད་ཀྱི་ཡུལ། །ཀུན་ལ་གནས་ཏེ་རང་གསང་ཐབས་ཀྱིས་ཆོད། །དུས་གསུམ་སངས་རྒྱས་དགོངས་པའི་མཆོག་དོན་ཡིན། །སངས་རྒྱས་ཀུན་དང་མི་གཡོ་མཉམ་པར་གནས། །དུས་གསུམ་སངས་རྒྱས་ཐམས་ཅད་ནི། །སྐུ་གསུང་ཐུགས་ལ་ཐམས་ཅད་འདུས། །གསུང་ནི་འདས་པའི་སངས་རྒྱས་སོ། །ཐུགས་ནི་མ་འོངས་སངས་རྒྱས་སོ། །སྐུ་ནི་ད་ལྟར་བཞུགས་པའོ། །དུས་གསུམ་སངས་རྒྱས་ཐམས་ཅད་ནི། །སྐུ་གསུམ་ངང་དུ་འདུས་པའོ། །ཆོས་ཀྱི་སྐུ་ནི་འདས་པའི་སངས་རྒྱས་ཡིན། །ལོངས་སྐུ་སླད་ཀྱིས་འབྱོན་པའོ། །སྤྲུལ་སྐུ་ད་ལྟར་བཞུགས་པའོ། །དེ་ཡང་ཆོས་སྐུའི་ངང་ལ་རྫོགས། །ཆོས་སྐུ་འོད་ལྔའི་སྣང་བས་ཁྱབ་པས་ལོངས་སྤྱོད་རྫོགས་པའི་སྐུ། །ཆོས་སྐུ་ཅིར་ཡང་སྣང་བས་སྤྲུལ་པའི་སྐུ། །ཆོས་སྐུ་བསམ་པ་ཀུན་དང་བྲལ་བས་ཆོས་ཀྱི་སྐུ་ལ་ཆོས་སྐུ་ཡིན། །ཆོས་སྐུ་བརྗོད་པའི་མཐའ་དང་བྲལ་བས་འདས་པ་ཡིན། །ཆོས་སྐུ་ཡུལ་དུ་མེད་པས་སླད་ཀྱིས་འབྱོན་པ་ཡིན། །ཆོས་སྐུ་ད་ལྟར་བསྟན་དུ་ཡོད་པས་ད་ལྟར་བཞུགས་པ་ཡིན། །དེ་ཡང་རིག་པའི་ངང་ལ་རྫོགས། །རིག་པ་འཛིན་པ་མེད་པས་ཆོས་ཀྱི་སྐུ་ཡི་རང་བཞིན་ཡིན། །རིག་པའི་སྣང་བ་འགག་པ་མེད་པས་ལོངས་སྐུའི་རང་བཞིན་ཡིན། །རིག་པ་སྣ་ཚོགས་ཅིར་ཡང་འཆར་བས་སྤྲུལ་པ་སྐུ་ཡི་རང་བཞིན་ཡིན། །དེ་ལྟར་རིག་པའི་ངང་ལ་ཆོས་རྣམས་ཐམས་ཅད་རྫོགས། །རིག་པ་སྐྱེ་མེད་ཤེས་ན་ཆོས་རྣམས་ཀུན་གྱི་མཆོག་གམ་རྩེ་མོ་ཡིན། །རིག་པ་འགག་མེད་ཤེས་ན་ཆོས་རྣམས་ཀུན་གྱི་མེ་ལོང་ཡིན། །རིག་པ་འགྱུར་མེད་ཤེས་ན་ཆོས་རྣམས་ཀུན་གྱི་འབྲས་བུ་ཡིན། །རིག་པ་ཕྱོགས་མེད་ཤེས་ན་ཆོས་རྣམས་ཀུན་གྱི་ལྟ་བ་ཡིན། །རིག་པ་རྟོག་མེད་ཤེས་ན་ཆོས་རྣམས་ཀུན་གྱི་འཁྱེར་སོ་ཡིན། །


DNG003_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པ་རང་སྣང་ཤེས་ན་ཆོས་རྣམས་ཀུན་གྱི་འབྱུང་གནས་ཡིན། །རིག་པའི་འགྲོ་ས་ཤེས་ན་ཆོས་རྣམས་ཀུན་གྱི་བཞག་ས་ཡིན། །རིག་པ་གཉིས་སྣང་ཤེས་ན་ཆོས་རྣམས་ཀུན་གྱི་རང་ཡུལ་ཡིན། །རིག་པ་སེམས་མེད་ཤེས་ན་ཆོས་རྣམས་ཀུན་གྱི་དྲི་མེད་ཡིན། །རིག་པ་ཡིད་མེད་ཤེས་ན་ཆོས་རྣམས་ཀུན་གྱི་གཞི་མེད་ཡིན། །རིག་པ་ཐིག་ལེར་ཤེས་ན་ཆོས་རྣམས་ཀུན་གྱི་འགྲོ་ས་ཡིན། །རིག་པ་འོད་ལྔར་ཤེས་ན་ཆོས་རྣམས་ཀུན་གྱི་རང་ལུས་ཡིན། །རིག་པ་དམིགས་མེད་ཤེས་ན་ཆོས་རྣམས་ཀུན་གྱི་གནས་པ་ཡིན། །རིག་པ་བྱར་མེད་ཤེས་ན་ཆོས་རྣམས་ཀུན་གྱི་སྤྱོད་པ་ཡིན། །རིག་པ་མཚོན་དཔེ་ཤེས་ན་ཆོས་རྣམས་ཀུན་གྱི་དཔེར་མཚོན་ཡིན། །རིག་པའི་རང་རྟགས་ཤེས་ན་ཆོས་རྣམས་ཀུན་གྱི་ཟེར་ཐག་ཡིན། །རིག་པའི་དངོས་པོ་ཤེས་ན་ཆོས་རྣམས་ཀུན་གྱི་ས་བོན་ཡིན། །རིག་པའི་ཆོ་འཕྲུལ་ཤེས་ན་ཆོས་རྣམས་ཀུན་གྱི་གྲོགས་སུ་བསྟན། །རིག་པའི་རྩ་བ་ཤེས་ན་ཆོས་རྣམས་ཀུན་གྱི་སྡོང་པོ་ཡིན། །རིག་པའི་འགྲོགས་ཟླ་ཤེས་ན་ཆོས་རྣམས་ཀུན་གྱི་སྤང་བྱ་ཡིན། །རིག་པའི་དཀྱིལ་འཁོར་ཤེས་ན་ཆོས་རྣམས་ཀུན་གྱི་ཐུག་ས་ཡིན། །དེ་ལྟར་བློ་ཡི་ཐེ་ཚོམ་བསལ་ནས་རིག་པའི་རྟོགས་ལུགས་ཡིན། །ཞེས་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། དུས་གསུམ་གྱི་སངས་རྒྱས་ཀྱི་དགོངས་པ་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། །།(དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་ཐུགས་རྗེ་ལྡན། །དུས་གསུམ་དགོངས་པ་དེ་ལྟར་ན། །སེམས་ཅན་གྲོལ་ལུགས་བཤད་དུ་གསོལ། །ཞེས་ཞུས་སོ། །དེ་ནས་ཡང་བཀའ་སྩལ་པ། ཀྱེ་མ་གསང་བའི་བདག་པོ་ཉོན། །སེམས་ཅན་ལ་ཡང་གཉིས་ཀྱིས་བཤད། །རྟོགས་པ་དང་ནི་མ་རྟོགས་པའོ། །གྲོལ་ལུགས་ལ་ཡང་རྣམ་གཉིས་སོ། །མ་དག་འཁོར་བར་གྲོལ་ལུགས་དང་། །དག་པ་ཡེ་ཤེས་གྲོལ་ལུགས་སོ། །མ་དག་འཁོར་བའི་གྲོལ་ལུགས་ནི། །རྣམ་རྟོག་འཁོར་བ་ཁོ་ན་སྟེ། །ངུ་འབོད་ཆེད་པོའི་གནས་དམྱལ་བའི་གནས་ན་སྡུག་བསྔལ་ཆེན་པོ་དང་ལྡན་པ་ཉོན་མོངས་ཞེ་སྡང་ཤས་ཆེ་བ་


DNG003_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱུང་དང་ནི། །ཤིན་ཏུ་བཀྲེས་པའི་གནས་ཡི་དྭགས་ཀྱི་གནས་འདོད་ཆགས་ཆེ་བ་ལས་བྱུང་ཤིན་ཏུ་ཟས་ཀྱིས་གདུངས་ཏེ་བཀྲེས་པའོ། །དག་དང་། །རྨུགས་ཤིང་མྱོས་པའི་གནས་བྱོལ་སོང་གི་གནས་གཏི་མུག་ཤས་ཆེ་བ་ལས་བྱུང་ཆེན་དང་། །རབ་ཏུ་རགས་པའི་གནས་ལྷ་མིན་གྱི་གནས་ཕྲག་དོག་ཤས་ཆེ་བ་ལས་བྱུང་དང་ནི། །དེ་བཞིན་ཆ་མཉམ་མི་ལ་ཆ་ལྔ་མཉམ་ལ་གནས་ཆེན་དང་། །ཤིན་ཏུ་དགའ་ལྡན་གནས་ལྷའི་གནས་ང་རྒྱལ་ལས་བྱུང་བའོ། །སུ་བཤད། །མ་རྟོགས་པ་ཡི་སེམས་ཅན་ལ། །དེ་ལས་འགྲོ་ས་མེད་པའོ། །བདེན་པ་མཐོང་བའི་སེམས་ཅན་ནི། །རྟོགས་པ་རྒྱུད་ལ་མ་སྐྱེས་ཀྱང་། །ཕྱོགས་བཅུ་སྤྲུལ་པའི་ཞིང་ཁམས་སུ། །གནས་ནས་མཐར་ཕྱིན་འབྲིང་གི་མཆོག་གི་གྲོལ་ལུགས་གྲོལ་བར་འགྱུར། །དེ་ནི་མ་རྟོགས་གྲོལ་ལུགས་སོ། །རྟོགས་པ་རྣམས་ཀྱི་གྲོལ་ལུགས་ནི། །ལ་ལ་འོད་ལྔའི་དབྱིངས་སུ་ཡེ་ཤེས་ཀྱི་སྣང་བ་རང་གི་ཡུལ་དུ་མཐོང་ནས་གང་ཟག་དབང་པོ་འབྲིང་གི་ཕུལ་གྲོལ་བའོ། །གྲོལ། །ལ་ལ་སྐུ་ལྔའི་དབྱིངས་སུ་འབྲིང་གི་རྩེ་མོ་གྲོལ། །ལ་ལ་ཚོམ་བུ་ལྔ་ཡིས་འབྲིང་གི་མཆོག་གི་གྲོལ་ལུགས་གྲོལ། །ལ་ལ་མེ་ལོང་དབྱིངས་སུ་འབྲིང་གི་རབ་ཀྱི་གྲོལ། །ལ་ལ་མུ་ཁྱུད་དབྱིངས་སུ་འབྲིང་གི་འབྲིང་གི་གྲོལ། །ལ་ལ་སྟེང་འོག་ཚོམ་བུར་འབྲིང་གི་ཐ་མ་གྲོལ། །ལ་ལ་མུ་ཁྱུད་སྟོང་པར་འབྲིང་གི་མཐར་ཕྱིན་པའི་གྲོལ་ལུགས་སོ། །གྲོལ། །དེ་ནི་འབྲིང་གི་གྲོལ་ལུགས་སོ། །ལ་ལ་ཁ་དོག་དཀར་པོར་ཐ་མའི་མཐར་ཕྱིན་པའི་གྲོལ་ལུགས་སོ། །གྲོལ། །ལ་ལ་ཐ་མའི་རྩེ་མོ་ཁ་དོག་སེར་པོར་གྲོལ། །ལ་ལ་ཐ་མའི་ཕུལ་གྱི་ཁ་དོག་དམར་པོར་གྲོལ། །ལ་ལ་ཐ་མའི་མཆོག་ཁ་དོག་ལྗང་གུར་གྲོལ། །ལ་ལ་ཐ་མའི་རབ་ཀྱི་ཁ་དོག་མཐིང་གས་གྲོལ། །ལ་ལ་ཐ་མའི་འབྲིང་ཁ་དོག་ལྔ་གས་གྲོལ། །ལ་ལ་ཐ་མའི་ཐ་མས་ཐིག་ལེ་ཟེར་གྱིས་གྲོལ། །དེ་ནི་ཐ་མའི་གྲོལ་ལུགས་སོ། །ལ་ལ་སྐད་ཅིག་གསུམ་གྱིས་རབ་ཀྱི་མཐར་ཕྱིན་པའི་གྲོལ། །ལ་ལ་རབ་ཀྱི་རྩེ་མོ་མེ་ལོང་གཉིས་དང་ཚོམ་བུ་ལྔ་ཡིས་གྲོལ། །ལ་ལ་རབ་ཀྱི་ཕུལ་ཡབ་ཡུལ་གྱི་དང་ཡུམ་གྱིས་གྲོལ། །ལ་ལ་སྣང་བ་མེར་མེར་ཤིག་ཤིག་གིས། །རབ་ཀྱི་མཆོག་གི་རང་གི་བདེན་པ་རབ་ཀྱི་རབ་སྐྱེས་ཏེ་གྲོལ། །ལ་ལ་ཐུགས་རྗེའི་འོད་ཟེར་གྱིས། །རབ་ཀྱི་འབྲིང་གི་ལ་ལ་ཚོམ་བུ་གཉིས་ཀྱིས་གྲོལ། །རབ་ཀྱི་ཐ་མའི་ལ་ལ་ཅིར་སྣང་སྐུའི་རང་བཞིན། །དེ་ཡང་ཡེ་ཤེས་ཀྱི་སྣང་བ་རེ་རེ་སྣང་ལུགས་ཀྱི་སྣང་བ་རེ་རེ་སྐད་ཅིག་མར་རེ་ལ་མཐོང་བའི་དབང་


DNG003_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

པོ་མ་འགགས་པའོ། །དག་གིས་གྲོལ། །དེ་ནི་རབ་ཀྱི་གྲོལ་ལུགས་སོ། །རྟོགས་པ་རྣམས་ཀྱི་གྲོལ་ལུགས་དེ་བཞིན་ནོ། །ཡང་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྟོགས་པའི་བདག །རྟོགས་པའི་སེམས་ཅན་རྣམས་དང་ནི། །མ་རྟོགས་འཁོར་བའི་སེམས་ཅན་གཉིས། །ཁྱད་པར་གང་ལགས་གསུང་དུ་གསོལ། །ཞེས་ཞུས་སོ། །ཡང་བཀའ་སྩལ་པ། ཨེ་མ་ཧོ་གསང་བའི་བདག་པོ་ཉོན། །ངས་བསྟན་ལེགས་པར་ཡིད་ལ་ཟུང་། །རྟོགས་དང་མ་རྟོགས་ཁྱད་པར་ནི། །ངོ་སྤྲོད་ཉི་ཤུ་རྩ་གཅིག་གོ། །ངོ་སྤྲོད་བསྟན་པ་རྟོགས་པའི་མཆོག །མ་བསྟན་གྲོལ་བར་ག་ལ་འགྱུར། །སངས་རྒྱས་ཐམས་ཅད་དགོངས་པ་ནི། །ངོ་སྤྲོད་ནང་དུ་ཤེས་པར་བྱ། །དེ་ལྟར་ངོ་སྤྲོད་བསྟན་གྱུར་ན། །སངས་རྒྱས་བདེན་པ་མཐོང་བ་ཡིན། །སངས་རྒྱས་རྣམས་ཀྱི་བདེན་པ་ནི། །འོད་སྣང་དག་པའི་གཟིགས་སྣང་མཁྱེན། །དག་པའི་ཞིང་ལ་མཐར་ཕྱིན་འགྱུར། །རྣམ་དག་ལམ་ལ་རབ་གནས་ཤིང་། །དག་པའི་དབྱིངས་སུ་གཉིས་མེད་ཐིམ། །ཐིམ་ནས་འོད་ཟེར་ཕྱོགས་བཅུར་འཕྲོ། །ཉོན་མོངས་རྟོག་པ་སེལ་བར་འགྱུར། །ཡེ་ཤེས་དག་པའི་སྤྱོད་ཡུལ་ནི། །སྣང་བ་འགག་མེད་སོ་སོར་གསལ། །ཐུགས་རྗེ་འགག་མེད་ཕྱོགས་བཅུར་འཕྲོ། །ཡེ་ཤེས་འགག་མེད་ཡུལ་ལ་སྣང་། །སྒྲོན་མ་འགག་མེད་ཀུན་ལ་ཁྱབ། །ཤེས་རབ་འགག་མེད་དོན་ལ་སྤྱོད། །འགག་མེད་རྣམ་དག་ཆོས་དབྱིངས་འདི། །ཀུན་དང་མི་མཉམ་རང་གི་ཐུགས་ལ་འཆང་། །རྡོ་རྗེའི་དོན་ཉིད་ཕོ་བྲང་འགྱུར་མེད་དོ། །ཞེས་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། སེམས་ཅན་གྱི་གྲོལ་ལུགས་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ།། །།དེ་ནས་ཡང་གསང་བའི་བདག་པོ་དང་། མཁའ་འགྲོ་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་ཡི་གེའི་བདག །ཡི་གེའི་འབྲུ་བཤད་གསུང་དུ་གསོལ། །ཞེས་ཞུས་སོ། །རྫུ་འཕྲུལ་ཅན་གྱིས་བཀའ་སྩལ་པ། །ཨ་ཧོ་ཉེ་བའི་འཁོར་རྣམས་ཉོན། །ངས་བསྟན་ལེགས་པར་ཡིད་ལ་ཟུང་། །སངས་རྒྱས་ཐམས་ཅད་དགོངས་པ་ནི། །ཚིག་དང་ཡི་གེ་མེད་པ་ལ། །ཚིག་དང་ཡི་གེ་ལྟར་སྣང་སྟེ། །འོན་ཀྱང་ཚིག་གིས་


DNG003_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཆེན་འགྲོལ། །དེ་ཡང་ཡི་གེའི་འབྲུ་ལ་འདུས། །དེ་རྣམས་དོན་བཤད་འདི་ལྟ་སྟེ། །ཡི་གེ་ཐམས་ཅད་བསྐྱེད་པའི་རྒྱུ། །ཀ་ལ་ཡང་དག་རྫོགས་པར་གྲགས། །ཆོས་རྣམས་ཀུན་གྱི་མཐའ་སྡུད་ནི། །ཡི་གེ་ཨ་ལ་རྫོགས་པའོ། །ཆོས་རྣམས་ཀུན་གྱི་ནམ་མཁའ་ནི། །ཡི་གེ་ཁ་ལ་རྫོགས་པའོ། །ཆོས་རྣམས་ཀུན་གྱི་དྲི་མེད་ནི། །ཡི་གེ་ག་ལ་རྫོགས་པའོ། །ཆོས་རྣམས་ཀུན་གྱི་རིག་པ་ནི། །ཡི་གེ་ང་ལ་རྫོགས་པའོ། །ཆོས་རྣམས་ཀུན་གྱི་རོལ་པ་ནི། །ཡི་གེ་ཙ་ལ་རྫོགས་པའོ། །ཆོས་རྣམས་ཀུན་གྱི་དྲི་མེད་ནི། །ཡི་གེ་ཚ་ལ་རྫོགས་པའོ། །ཆོས་རྣམས་ཀུན་གྱི་སྣང་བ་ནི། །ཡི་གེ་ཛ་ལ་རྫོགས་པའོ། །ཆོས་རྣམས་ཀུན་གྱི་ཉམས་མྱོང་ནི། །ཡི་གེ་ཝ་ལ་རྫོགས་པའོ། །ཆོས་རྣམས་ཀུན་གྱི་རྟག་པ་ནི། །ཡི་གེ་ཊ་ལ་རྫོགས་པའོ། །ཆོས་རྣམས་ཀུན་གྱི་དཀྱིལ་འཁོར་ནི། །ཡི་གེ་ཋ་ལ་རྫོགས་པའོ། །ཆོས་རྣམས་ཀུན་གྱི་ཆད་པ་ནི། །ཡི་གེ་ཌ་ལ་རྫོགས་པའོ། །ཆོས་རྣམས་ཀུན་གྱི་རང་ལུས་ནི། །ཡི་གེ་ཎ་ལ་རྫོགས་པའོ། །ཆོས་རྣམས་ཀུན་གྱི་བསྟན་པ་ནི། །ཡི་གེ་ཏ་ལ་རྫོགས་པའོ། །ཆོས་རྣམས་ཀུན་གྱི་སྟོང་པ་ནི། །ཡི་གེ་ཐ་ལ་རྫོགས་པའོ། །ཆོས་རྣམས་ཀུན་གྱི་རིག་པ་ནི། །ཡི་གེ་ད་ལ་རྫོགས་པའོ། །ཆོས་རྣམས་ཀུན་གྱི་མ་རིག་ནི། །ཡི་གེ་ན་ལ་རྫོགས་པའོ། །ཆོས་རྣམས་ཀུན་གྱི་གཞི་མ་ནི། །ཡི་གེ་པ་ལ་རྫོགས་པའོ། །ཆོས་རྣམས་ཀུན་གྱི་ཆོས་སྐུ་ནི། །ཡི་གེ་ཕ་ལ་རྫོགས་པའོ། །ཆོས་རྣམས་ཀུན་གྱི་ལོངས་སྐུ་ནི། །ཡི་གེ་བ་ལ་རྫོགས་པའོ། །ཆོས་རྣམས་ཀུན་གྱི་སྤྲུལ་སྐུ་ནི། །ཡི་གེ་མ་ལ་རྫོགས་པའོ། །ཆོས་རྣམས་ཀུན་གྱི་སྟོང་ལམ་ནི། །ཡི་གེ་ཡ་ལ་རྫོགས་པའོ། །ཆོས་རྣམས་ཀུན་གྱི་བཞག་ཐབས་ནི། །ཡི་གེ་ར་ལ་རྫོགས་པའོ། །ཆོས་ཀྱི་སྐད་ཅིག་མ་གསུམ་ནི། །ཡི་གེ་ལ་ལ་རྫོགས་པའོ། །ཆོས་རྣམས་ཀུན་གྱི་འགག་མེད་ནི། །ཡི་གེ་ཤ་ལ་རྫོགས་པའོ། །ཆོས་རྣམས་ཀུན་གྱི་ཡེ་ཤེས་ནི། །ཡི་གེ་ཥ་ལ་རྫོགས་པའོ། །ཆོས་རྣམས་ཀུན་གྱི་འཆར་ལུགས་


DNG003_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །ཡི་གེ་ས་ལ་རྫོགས་པའོ། །ཆོས་རྣམས་ཀུན་གྱི་ལ་གཅོད་ནི། །ཡི་གེ་ཧ་ལ་རྫོགས་པའོ། །ཆོས་རྣམས་ཀུན་གྱི་ཤེས་རབ་ནི། །ཡི་གེ་ཀྵ་ལ་རྫོགས་པའོ། །ཆོས་རྣམས་ཀུན་གྱི་ཐུག་ས་ནི། །ཡི་གེ་ལ་རྫོགས་པའོ། །ཆོས་རྣམས་ཀུན་གྱི་རང་བཞིན་ནི། །ཡི་གེ་གྷ་ཛྷ་ཌྷ་དྷ་བྷ་ལ་རྫོགས་པའོ། །དེ་བཞིན་ཡི་གེའི་དོན་སྦྱར་རྣམས། །ཀུན་ལ་དེ་བཞིན་ཤེས་པར་བྱ། །ཡི་གེའི་མཚན་དང་འབོད་པ་རྣམས། །འདི་ལྟར་ཀུན་ལ་ཤེས་པར་བྱ། །ཡི་གེའི་གནས་དང་ལོངས་སྤྱོད་དང་། །འདི་ལྟར་ཀུན་ལ་ཤེས་པར་བྱ། །དེ་ལ་འདོགས་དང་ཡན་ལག་ནི། །གུ་གུ་འོད་ཀྱི་ཡི་གེར་བཤད། །འགྲེང་བུ་ལམ་གྱི་ཡི་གེར་བཤད། །ན་རོ་དབྱིངས་ཀྱི་ཡི་གེར་བཤད། །ཀླད་སྐོར་ཆོས་ཉིད་ཡི་གེར་བཤད། །དེ་ནི་གོང་གི་ཡི་གེ་བཞི། །སྒྲོན་མའི་ཡི་གེར་འདོད་པའོ། །ཞབས་ཀྱུ་ཐུགས་རྗེའི་ཡི་གེར་བཤད། །ཡ་ཏ་ཁྱབ་པའི་ཡི་གེར་བཤད། །ར་ཏ་འཆར་བའི་ཡི་གེར་བཤད། །དེ་ལ་འདོགས་ནི་གང་བྱུང་བ། །འདོགས་དང་སྦྱར་ཏེ་བཤད་པའོ། །ཡང་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །ཡི་གེའི་འབྲུ་བཤད་དེ་ལྟར་ན། །ཡི་གེའི་འདོགས་བཤད་གསུང་དུ་གསོལ། །ཞེས་ཞུས་སོ། །དེ་ནས་ཡང་བཀའ་སྩལ་པ། ཨ་ཧོ་གསང་བའི་བདག་པོ་ཉོན། །ཡི་གེའི་འདོགས་བཤད་འདི་ལྟ་སྟེ། །ཡི་གེ་ཐམས་ཅད་འདོགས་ཀྱིས་བཤད། །ཡན་ལག་འདོགས་ཀྱི་དབང་དུ་བཤད། །དེ་ལ་ཡི་གེ་ཐམས་ཅད་ཀྱི། །བཤད་ལུགས་གཉིས་སུ་འདུས་པ་སྟེ། །མྱ་ངན་འདས་པའི་བཤད་ལུགས་དང་། །འཁོར་བའི་ཡི་གེའི་བཤད་ལུགས་སོ། །མྱ་ངན་འདས་པའི་ཡི་གེ་ནི། །འདོགས་དང་ཡན་ལག་བཤད་པའོ། །མ་དག་འཁོར་བའི་ཡི་གེ་ནི། །དང་པོ་མ་ལ་བཤད་པའོ། །དེ་ལྟར་བཤད་ལུགས་རྣམ་གཉིས་ཀྱིས། །ཡི་གེ་ཀུན་གྱི་དོན་འགྲོལ་ལོ། །དེ་ཡང་འདི་ལྟར་བཤད་པར་བྱ། །ཀོ་ཀཱོ། ཀེ་ཀཱེ། ཀི་ཀཱི། ཀུ་ཀཱུ། ཀྱ་ཀྱཱ། ཀྲ་ཀྲཱ། ཀཾ་ཀཱ། ཁོ་ཁཱོ། ཁེ་ཁཱེ། ཁི་ཁཱི། ཁུ་ཁཱུ། ཁྱ་ཁྱཱ། ཁྲ་ཁྲཱ། ཁཾ་ཁཱ། གོ་གཱོ། གེ་གཱེ། གི་གཱི། གུ་གཱུ། གྱ་གྱཱ། གྲ་གྲཱ། གཾ་གཱ། གྷོ་། གྷེ་གྷཱེ། གྷི་གྷཱི། གྷུ་གྷཱུ། རྒྷྲཾ་། གྷྲ་གྷྲཱ། གྷཾ་གྷཱ། ངོ་ཋྭཱི་། ངེ་་། ངི་ངཱི་། ངུ་ངཱུ་། ང་ཡ་ངཱ་ཡ། ང་ར་ངཱ་ར། ངཾ་ངཱ་། ཙོ་། ཙེ་ཙེ། ཙི་ཙཱི། ཙུ་ཙཱུ། ཙ་ཡ་ཙ་ཡ། ཙ་ར་ཙ་ར། ཙཾ་ཙཱ། ཚོ་དྡྷཱི ། ཚེ་པྲཱི ། ཚི་ཚཱ། ཚུ་ཚཱུ། ཚ་ཡ་ཚཱ་ཡ། ཚ་ར་ཚཱ་ར། ཚཾ་ཚཱ། ཛོ་ངཱཾ ། ཛེ་ཛཱེ། ཛི་ཛཱི། ཛུ་ཛཱུ། ཛ་ཡ་ཛཱ་ཡ། ཛ་ར་ཛཱ་ར། ཛཾ་ཛཱ།


DNG003_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

ཛྷོ་དྷྡྷཾ ། ཛྷེ་དྷྡྷ ། ཛྷི་ཛྷཱི། ཛྷུ་ཛྷཱུ། ཛྷ་ཡ་ཛྷཱ་ཡ། ཛྷ་ར་ཛྷཱ་ར། ཛྷཾ་ཛྷཱ། ཉོ་ཋྭི ། ཉེ་། ཉི་ཉཱི། ཉུ་ཉཱུ། ཉ་ཡ་ཉཱ་ཡ། ཉ་ར་ཉཱ་ར། ཉཾ་ཉཱ། ཊོ་དྠཱ ། ཊེ་ཏྤཱུ ། ཊི་ཊཱི། ཊུ་ཊཱུ། ཊ་ཡ་ཊཱ་ཡ། ཊ་ར་ཊཱ་ར། ཊཾ་ཊཱ། ཋོ་ཨཱོཾ ། ཋེ་དྡཱ ། ཋི་ཋཱི། ཋུ་ཋཱུ། ཋ་ཡ་ཋཱ་ཡ། ཋ་ར་ཋཱ་ར། ཋཾ་ཋཱ། ཌོ་ཌཱོ། ཌེ་ཌཱེ། ཌི་ཌཱི། ཌུ་ཌཱུ། ཌ་ཡ་ཌཱ་ཡ། ཌ་ར་ཌཱ་ར། ཌཾ་ཌཱ། ཌྷོ་ཧྲཱ ། ཌྷེ་། ཌྷི་། ཌྷུ་ཌྷཱུ། ཌྷ་ཡ་ཌྷཱ་ཡ། ཌྷ་ར་ཌྷཱ་ར། ཌྷཾ་ཌྷཱ། ཎོ་ཎཱོ། ཎེ་ཎཱེ། ཎི་ཎཱི། ཎུ་ཎཱུ། ཎ་ཡ་ཎཱ་ཡ། ཎ་ར་ཎཱ་ར། ཎཾ་ཎཱ། ཏོ་ཏཱོ། ཏེ་ཏཱེ། ཏི་ཏཱི། ཏུ་ཏཱུ། ཏ་ཡ་ཏཱ་ཡ། ཏྲ་ཏྲཱ། ཏཾ་ཏཱ། ཐོ་། ཐེ་། ཐི་ཐཱི། ཐུ་ཐཱུ། ཐ་ཡ་ཐཱ་ཡ། ཐ་ར་ཐཱ་ར། ཐཾ་ཐཱ། དོ་དཱོ། དེ་དཱེ། དི་དཱི། དུ་དཱུ། ད་ཡ་དཱ་ཡ། ད་ར་དཱ་ར། དཾ་དཱ། དྷོ་། དྷི་ཛྙཽ། དྷི་དྷཱི། དྷུ་དྷཱུ། དྷ་ཡ་དྷཱ་ཡ། དྷྲ་དྷྲཱ། དྷཾ་དྷཱ། ནོ་ནཱོ། ནེ་ནཱེ། ནི་ནཱི། ནུ་ནཱུ། ན་ཡ་ནཱ་ཡ། ནྲ་ནྲཱ། ནཾ་ནཱ། པོ་པཱོ། པེ་པཱེ། པི་པཱི། པུ་པཱུ། པྱ་པྱཱ། པྲ་པྲཱ། པཾ་པཱ། ཕོ་། ཕེ་། ཕི་ཕཱི། ཕུ་ཕཱུ། ཕྱ་ཕྱཱ། ཕྲ་ཕྲཱ། ཕཾ་ཕཱ། བོ་བཱོ། བེ་བཱེ། བི་བཱི། བུ་བཱུ། བྱ་བྱཱ། བྲ་བྲཱ། བཾ་བཱ། བྷོ་། བྷེ་ཎྚཱ། བྷི་གྷཱི། བྷུ་བྷཱུ། བྷྱ་བྷྱཱ། བྷྲ་བྷྲཱ། བྷཾ་བྷཱ། མོ་མཱོ། མེ་མཱེ། མི་མཱི། མུ་མཱུ། མྱ་མྱཱ། མྲ་མྲཱ། མཾ་མཱ། ཡོ་ཡཱོ། ཡེ་ཡཱེ། ཡི་ཡཱི། ཡུ་ཡཱུ། ཡ་ཡ་ཡཱ་ཡ། ཡ་ར་ཡཱ་ར། ཡཾ་ཡཱ། རོ་རཱོ། རེ་རཱེ། རི་རཱི། རུ་རཱུ། ར་ཡ་རཱ་ཡ། ར་ར་རཱ་ར། རཾ་རཱ། ལོ་ལཱོ། ལེ་ལཱེ། ལི་ལཱི། ལུ་ལཱུ། ལ་ཡ་ལཱ་ཡ། ལ་ར་ལཱ་ར། ལཾ་ལཱ། ཤོ་དྷཱོ། ཤེ་ཤཱེ། ཤི་ཤཱི། ཤུ་ཤཱུ། ཤ་ཡ་ཤཱ་ཡ། ཤྲ་ཤྲཱ། ཤཾ་ཤཱ། ཥོ་ཀྐླཱྀ ། ཥེ་། ཥི་ཥཱི། ཥུ་ཥཱུ། ཥ་ཡ་ཥཱ་ཡ། ཥ་ར་ཥཱ་ར། ཥཾ་ཥཱ། སོ་སཱོ། སེ་སཱེ། སི་སཱི། སུ་སཱུ། ས་ཡ་སཱ་ཡ། སྲ་སྲཱ། སཾ་སཱ། ཧོ་ཧཱོ། ཧེ་ཧཱེ། ཧི་ཧཱི། ཧུ་ཧཱུ། ཧ་ཡ་ཧཱ་ཡ། ཧྲ་ཧྲཱ། ཧཾ་ཧཱ། ཀྵོ་། ཀྵེ་ཪྐུ ། ཀྵྀ་ཀྵཱི། ཀྵུ་ཀྵཱུཾ། ཀྵ་ཡ་ཀྵཱ་ཡ། ཀྵ་ར་ཀྵཱ་ར། ཀྵཾ་ཀྵཱ། ཨ སྥོ །སྐྱེ་བ་མེད་པའོ། །མ་ཕྱི་གསུམ་ལ་ཡིག་གཟུགས་མི་འདྲ་བ་བྱུང་བས་ཆ་མ་ཆོད་པར་གསུམ་ག་བྲིས་པ་ཡིན། ཀྵ ཀྲུྃ །སྐུ་གསུམ་དག་པའི་དབྱིངས་སུ་འདུས་པའོ། །ཁྨ ཀྲྃ །ཆོས་ཉིད་མ་བཅོས་པ་རྣམ་པར་དག་པའི་ཀློང་དུ་འདུས། ག ཥྠོ །


DNG003_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་ལྔ་ཡེ་ཤེས་ལྔའོ། །གྷ །སྟོང་པ་དག་པའི་ཡེ་ཤེས་ལྔའོ། །དྷ། འཁོར་འདས་གཉིས་སུ་མེད་པ། ཙྐ །སྣང་བཞི་སྐུ་གསུམ། ཚྫ རྒྷྃ ཤྲྀཾ །མ་འགགས་སྣང་བའི་འཆར་ལུགས། རྟྟཱ །གང་ཤར་བ། ཛྷ བྲྃ །འབྱུང་བའི་ཡེ་ཤེས། ཉཱ།ཤེས་རབ་སྐྱེ་འབྲི་མེད་པར་བསྟན། ཊཱ གཱཾ དྡྷཾ །འདི་ན་ཡི་གེ་ཆད་ཡོད་པས་དཔྱད་དགོས། ཡེ་ཤེས། ཌྞ ཅཻ པྲུཾ །སྟོང་པ་ཡེ་ཤེས་སྙིང་པོ་ཅན། ཌྷ རྣཾ ཀྵྨོཾ །སྟོང་པ། ཎཱ ཌྭྀ །འདུས་པ། ཏཪྟལྟ།བརྟག་པ་ཤེས་རབ་ཀྱི་སྐུ་བསྟན། ཐ ཝྱི ཪྠ།སྟོང་པ་རང་སྣང་གི་རྒྱན། དཛྷཊྡ། ཆད་པ་སྟོང་པའི་རྒྱས་བཏབ། དྷ རྡྷ། ཆད་པ་དག་པའི་རྒྱས་བཏབ། ནཱ །ལུས་ལ་སྐུའི་རྒྱས་བཏབ། ཛྫཻ རྤེ །སྟོང་པ་ལ་སྟོང་པ་ཤར། ཏྟཱེ སྡ ཕཱི །མི་འགྱུར་བ། བཱ ཤྟི །མ་རིག་པ། བྷ ཏྦྒ དཱཾ །རིག་པ་དབྱེར་མེད་དུ་བསྟན། བྱཱྃ ཤྚྲཱ །ཀུན་ཏུ་བཟང་པོའི་ཀློང་དུ་མ་བཅོས་པ་བསྟན། ལྺྼྻ དྷྲཾ ཧྲཱེཾ །མཐའ་རྣམ་པར་མི་འབྱེད་པ་ཤེས་རབ་སྐུ་གསུམ་གྱི་སྣང་བ་ཤར། རླ ཧྲེཾ ཀྴཱུ །ཐུགས་རྗེ་ལ་བཟླ་བའི་ཡེ་ཤེས་རྟོགས་པ། ལྨ ཀྴྨྱཻ །མཚན་མ་གཅོད་པའི་ཆོས་ཉིད། ཤྚ ཀྴྱཱ ཀྡཱ །ཤེས་རབ་མི་འགྱུར་བའི་གཞི་སྣང་བ་སྟོང་། བྷ ཀྴྀ ཀླཱི །ཆད་པ་སྟོང་པའི་ས། སྷ ཀྴྨྱཻ ཀྵྣཱ །དངོས་པོ་མེད་པ། ཧྨ ཀྵཱཾ ཧྨ།སྟོང་པ་ཡེ་ཤེས་ཀྱི་ཧལ་བཀོད་པ་གསལ་དྭངས་འགྱུར་བ་མེད་པའི་ལམ་གྱི་མཐར་ཐུག་པ་མེད་པར་བསྟན་པ་དང་ཨ་དྭངས་བདེ་བའི་སྐུ་ལས་དོན་འབྱུང་བསྟན་པ་དང་། ཡོངས་སུ་བཀོད་པ་རྡོ་རྗེའི་ལམ་ལ་འགྱུར་བ་མེད་པར་བསྟན་པའོ། །ཀྵཿཀྵ།སྐྱེ་བ་མེད་པར་ཡེ་ཤེས་ཡུལ་ལ་སྣང་བ་དག་པ་ཤེས་རབ་ཀྱི་ཡེ་ཤེས་མདོ། །དེ་ལྟར་ཡི་གེ་དོན་སྦྱར་ན། །ཆོས་ཉིད་གཞི་དབྱིངས་རྣམ་པར་དག་པའི་ཡུལ་ལ་ཡེ་ཤེས་བསྟན་པ་དང་། བདལ་བའི་ཡེ་ཤེས་སྐུ་ལ་དངོས་པོ་མེད་པར་བསྟན་པ་དང་། གཞི་སྣང་འོད་ཀྱི་ཡུལ་ལ་སེམས་མེད་པར་བསྟན་པ་དང་། མ་འགགས་པ་ཆོས་ཉིད་ཀྱི་ཡུལ་ལ་སྤང་ཐོབ་མེད་པར་བསྟན་པའོ། །ལ་དེ་བཞིན་སྦྱོར། །དེ་ནི་འདོག་གི་དབང་དུ་བཤད་པའོ། །ཡན་ལག་དབང་དུ་བཤད་པ་འདི་ལྟ་སྟེ། །རྒྱས་པར་གོང་དུ་བཤད་པའོ། །མདོ་ཙམ་བསྟན་པ་འདི་ལྟ་སྟེ། །( - ཀྵྦཀྴྦཱ)་ཆོས་ཀྱི་སྐུ་ལས་འོད་ལྔའི་སྣང་བ་མ་འགགས་པའི་ལམ་ལྔ་ཤར་བ་དབྱིངས་ཉིད་དང་འདུ་འབྲལ་མེད་པར་ཐུགས་ཁྱབ་པ་གོས་པ་མེད་པར་ཤར་བའོ། །(- ཀྟཱཀཱྃ)་ལོངས་སྐུ་ལས་འོད་དང་ལམ་དུ་བྱེད་པས་ད་དུང་ཐུགས་རྗེ་ལྡན་པས་འཆར་ལུགས་དང་ཐུགས་རྗེ་ཁྱབ་པ་གསུམ་དང་ལྡན་པའོ། །(- ཀྵེཾཀྵྞ)་སྤྲུལ་སྐུ་ལས་ལམ་ཉེ་བའི་འོད་ཀྱི་ཡུལ་དུ་འདུས་པའི་འཆར་ལུགས་ཐུགས་རྗེ་ཁྱབ་པ་གསུམ་དང་ལྡན་པའོ། །(- ཀྵྞཱཀྵྨྱུ)་སྟོང་པ་རྒྱུ་དང་བཅས་པའོ། །(- ཀྵྞིཾཀྵྨྼྻུྃ)་ཡུལ་འཁོར་བ་མྱ་ངན་ལས་འདས་པའི་ཡེ་ཤེས་སུ་ཤར་བ་ཡུལ་ལ་ཡེ་ཤེས་ལྷུག་པར་ཤར་བ་འདས་པ་དང་སྟོང་པའི་ཡེ་ཤེས་ལས་འདས་པའོ། །(- ཀྵྨྼྻུཾཀྴྨྃ)་སྣང་བ་བུད་དུམ་བཅད་པའི་ཡེ་ཤེས་དྲི་མ་མེད་པར་ཤར་བའོ། །(- ཀྵྱཀྐོུ)་ཡུལ་ཆོས་དབྱིངས་ཀྱི་ཕོ་བྲང་ལ་སྣང་བའི་ཡེ་ཤེས་མཐའ་ལས་འདས་པས་ཡེ་ཤེས་འགག་པ་མེད་པར་རོལ་པའོ། །(- རྐྐིཾརྐྐཱྀཾ)་སྣང་བ་ཡུལ་ལ་སྤྱོད་པའི་ཡེ་ཤེས་ཤར་བའོ། །(- རྐྐྃཁྒཱ)་དུས་གསུམ་བདེ་བར་གཤེགས་པའི་བུཌྜྷའི་ཐུགས་རྗེ་ལ་ཐུག་མེད་པའོ། །(- ཁཱཾགྷྞཱཾ)་སྟོང་པའི་མཐའ་སྤངས་པའི་དབྱིངས་ཆེ་བ་ཤེས་རབ་ལ་མཐར་ཐུག་པ་མེད་པའོ། །(- རྒྷྲཾགྒྷླཱྀ)་མ་རིག་པ་འཁོར་བའི་རྩ་བ་ཅན་ཀུན་གཞི་ཡེ་ཤེས་ཀྱི་རྩ་བ་ཅན་ཡེ་ཤེས་ཡུལ་གྱི་རྩ་བ་ཅན། ( - གྒྷཱཾགྒྼཱྀ)་ལུས་ལ་སྣང་བའི་དུས་བསྟན་པ་དང་ལམ་འཆར་བའི་དུས་བསྟན་པ་དང་ཀུན་ལ་ཁྱབ་པར་བསྟན་པའོ། །(- གྷྒྷགྷེཾ)་སྣང་བ་ལམ་གྱི་ཡེ་ཤེས་ངོས་བཟུང་


DNG003_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའོ། །(- གྒཾཏྟཱ)་ཤེས་རབ་སྟོང་པའི་ལམ་ལ་མཐར་ཐུག་པ་མེད་པའོ། །(- ཊྼཱྀཊླཱྀ)་རྡོ་རྗེ་ཁོང་གསེང་གི་ལམ་ལ་མཐར་ཐུག་མེད་པའོ། །(- ཏྣོརྟྱེ)་རྟོག་པ་སྟོང་པའི་རྒྱས་བཏབ་པའོ། །(- ཊཱྀཏྱཱྃ)་ཐམས་ཅད་དབྱིངས་སུ་བསྟན་པ། ( - ཏཱྃརྟཱ)་ཆད་པའི་སྣང་བ། ( - རྟྟཱཏྱཱུ)་ཆོས་ཉིད་ཆད་པ་ལས་འདས་པ། ( - ཏྱེཾཋླཱྀ)་སེམས་ཅན་གྱི་ལུས་ཐ་དད་པ་ལ་ཆོས་ཐ་དད་པ་བསྟན་པ། ( - ཋྚཱཐཱཾ)་སྒྱུ་འཕྲུལ་སྒྲ་ལས་རྒྱུད་བསྡུས་ཏེ་བརྟེན་པའི་ཡེ་ཤེས་སོ། །( - དྷཱུཾཌྲོཾ)་འཕགས་པའི་ལམ་ལྔ་ལ་ཡེ་ཤེས་ཡུལ་དུ་སྣང་བའོ། །( - དླྀཊྟྲྀ)་རིག་པའི་ཡེ་ཤེས་ཀྱི་སྣང་བ་ལ་མ་རིག་པའི་གེགས་སེལ་བའོ། །(- དྒྷདྡེ)་ཆོས་ཀྱི་དབྱིངས་མུ་ཁྱུད་དུ་བསྟན་པའོ། །(- གྡཱདྒྟཱ)་འཇུག་པ་ཡུལ་གྱི་སྣང་བ་ལ་མ་རིག་པ་མེད་ཡེ་ཤེས་ལམ་གྱི་སྣང་བ་ལ་སེམས་མེད་བསྐྱོད་པ་རླུང་གི་ཤེས་རབ་ལ་ཡིད་མེད་དོ། །(- དྡྷཱཾདྷཱེ)་ཚད་བསྟན་པ་དང་ཡེ་ཤེས་ཀྱི་གནས་བསྟན་པའོ། །(- ཌྷཱྀདྡྷིཾ)་ཚད་མ་ལམ་གྱི་ཤེས་རབ་ལ་རྒྱུ་མེད། རོ་སྙོམས་ལམ་གྱི་སྤྱོད་པ་ལ་ཕྱོགས་མེད། སྣང་བ་ཡུལ་གྱི་ལམ་ལ་སྣང་བ་མེད། ( - དྡྷྱཱདྷྱཱ)་ཡོད་པ་ལ་སྣང་དུ་རུང་བ་ཡིན་མིན་གྱི་སྣང་བ་ལ་མེད་པས་གཟུང་བྱ་མེད་སྟོང་པ་གསལ་བ་ཤེས་རབ་ཀྱི་སྟོང་པ་དག་པ་མཐའ་ལས་འདས་པའོ། །(- ཌྼྷྟཌྡྷ)་ཤེས་རབ་ཡུལ་ལ་སྣང་བ་ལམ་རྒྱུད་ལ་སྨིན་ཏེ་ཡེ་ཤེས་མཁའ་ལ་འཁྱིལ། ( - ཌྡྙྟཌྷཱུ)་ནང་གི་དྲོད་རྙེད་འབྲས་བུ་མཐར་ཕྱིན་པའོ། །(- དྨཽཌྷི)་འབྱུང་བ་རང་གདངས་དང་འཕྲད་སྣང་བ་ལམ་དུ་སློང་རིག་པས་རང་ཡུལ་རྙེད་ཤེས་རབ་དབྱིངས་སུ་སྡུད་སྣང་བ་ལམ་དུ་གྲོལ། ( - དྡྷཱྀདྡྷྭི)་དག་པས་དག་པའི་ས་ནོན་ཡེ་ཤེས་ཀྱིས་ཡེ་ཤེས་མཐར་ཕྱིན་ལམ་གྱིས་ལམ་རྙེད་དབྱིངས་ལ་དབྱིངས་ཐིམ་འབྲས་བུ་མཐར་ཕྱིན་པའོ། །(- དྡྷྲྀདྡྷྲི)་སྐྱེ་མེད་ལམ་དུ་ཁྱེར་ནས་སྣང་བ་མ་བསྐྱལ། ཡེ་ཤེས་ཡུལ་དུ་ཤར། དབྱིངས་སྣང་བ་ལ་ཕྲད་པས་སྒྲོན་མ་ཡུལ་སྣང་དག་པ་མཐོང་བའོ། །ཡན་ལག་བཤད་ལུགས་དེ་བཞིན་ནོ། །དེ་ཡང་བཤད་ལུགས་འདི་ལྟ་སྟེ། །འདོགས་དང་ཡན་ལག་འདྲེལ་པ་ལ། །བཤད་ལུགས་འདོགས་ཀྱི་བཤད་པའོ། །ཡི་གེའི་འབྲུ་ནི་དོན་ལ་སྦྱར། །ཡི་གེ་བཤད་ལུགས་སྒྲ་ལྟར་བཤད། །ཡི་གེ་ར་དང་ལ་ནི་ཙ་མེད་པའོ། །ཡི་གེའི་དཔེ་མཚོན་དོན་སྦྱོར་ནི། །དེ་བཞིན་ཀུན་ལ་གནས་པའོ། །ཞེས་བཀའ་སྩལ་ཏོ། །ཞེས་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། ཡི་གེའི་འབྲུ་བཤད་བསྟན་པའི་ལེའུ་སྟེ་ཉི་ཤུ་གསུམ་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྣམ་དག་སྐུ། །ཡི་གེའི་བཤད་ལུགས་དེ་ལྟར་ན། །རིག་པའི་བཞག་ཐབས་གསུང་དུ་གསོལ། །ཞེས་ཞུས་སོ། །རྡོ་རྗེའི་སྐུ་ཡིས་བཀའ་སྩལ་པ། །ཀྱེ་ཧོ་གསང་བའི་བདག་པོ་ཉོན། །ཁྱོད་ཀྱི་དོན་བརྗོད་ཅི་ལྟར་


DNG003_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །ཅེས་བཀའ་སྩལ་པ། གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །སྨྲས། །ཀྱེ་ཀྱེ་བཅོམ་ལྡན་ཐུགས་རྗེ་ཅན། །བདག་གི་དོན་བརྗོད་འདི་ལྟར་ལགས། །ཕྱག་གི་དོན་ནི་འཛིན་པ་སྟེ། །རྡོ་ཡི་དོན་ནི་རིག་པ་ལགས། །རྗེ་ཡི་དོན་ནི་ཡེ་ཤེས་ལ། །སྣ་ཚོགས་རོལ་པར་འཆར་པ་ལགས། །གསང་བ་རིག་པའི་སྒྲོན་མ་ཉིད། །ཀུན་ལ་ཡོད་དེ་གསང་བ་ལགས། །བདག་གི་དོན་བརྗོད་དེ་བཞིན་ནོ། །དེ་ནས་ཡང་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་ཐུགས་རྗེ་ཅན། །བདག་གི་དོན་བརྗོད་དེ་བཞིན་ཏེ། །རིག་པའི་བཞག་ཐབས་གསུང་དུ་གསོལ། །ཞེས་ཞུས་སོ། །དེ་ནས་ཡང་བཀའ་སྩལ་པ། ཨ་ཧོ་གསང་བའི་བདག་པོ་ཉོན། །རིག་པའི་བཞག་ཐབས་འདི་ལྟ་སྟེ། །ཁྱོད་ཀྱིས་བློ་ལ་གོ་བར་གྱིས། །རྟོག་མེད་རྣམ་དག་ངོ་བོ་ལ། །འབྲས་བུ་གསལ་ལ་འཛིན་པ་མེད། །འཛིན་རྟོག་དམིགས་པའི་ཡུལ་མེད་པས། །བྱར་མེད་ངང་དུ་རིག་པ་ཞོག །རྐྱེན་མེད་པ་ཡི་ཡེ་ཤེས་ལ། །དངོས་མེད་རང་གསལ་ཏིང་འཛིན་ཞོག །ཤེས་པ་གཅིག་པའི་ཡེ་ཤེས་ལ། །སྣ་ཚོགས་གསལ་བའི་ཏིང་འཛིན་ཞོག །ཡེ་ཤེས་དག་པའི་སྣང་བ་ལ། །ཆུ་བོའི་རྒྱུན་གྱི་ཏིང་འཛིན་ཞོག །བྱས་དང་བྱེད་པ་མེད་པ་ལ། །འཛིན་མེད་རང་གྲོལ་ཏིང་འཛིན་ཞོག །རྟག་ཆད་རྣམ་གཉིས་བལྟ་བ་ལ། །སྟོང་གསལ་གཉིས་མེད་ཏིང་འཛིན་ཞོག །སྟོང་པ་ཡེ་ཤེས་སྙིང་པོ་ལ། །སྐུ་ལྔ་མ་འདྲེས་ཏིང་འཛིན་ཞོག །སྐུ་དང་ཡེ་ཤེས་སྣང་བ་ལ། །རིག་པ་རྟོག་མེད་ཏིང་འཛིན་ཞོག །གསང་བ་ཙིཏྟའི་ཀློང་དཀྱིལ་དུ། །འགྱུར་མེད་རིག་པའི་ཏིང་འཛིན་ཞོག །ནམ་མཁའ་སྟོང་པའི་ཀློང་དཀྱིལ་ན། །སྒྲོན་མ་རྣམ་གཉིས་མ་འགགས་པ། །སོ་སོའི་དོན་ལ་རིག་པ་འགྱུར་མེད་ཞོག །ཐིག་ལེ་སྟོང་པའི་སྒྲོན་མའི་དོན་ཉིད་རྡོ་རྗེའི་སྐུ། །རིག་པ་དབྱིངས་ཀྱི་སྒྲོན་མ་ནམ་མཁའ་སྟོང་པའི་ཡུལ། །དཔེར་ན་ཡི་གེ་ན་རོ་བཞིན། །འགྲོ་བ་ཡོངས་ལ་ཁྱབ་པ་ཡིན། །ཞེས་གསུངས་སོ། །དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་ཐབས་ཀྱི་སྐུ། །ཐིག་ལེ་སྟོང་པའི་སྒྲོན་མ་དང་། །རིག་པ་དབྱིངས་ཀྱི་སྒྲོན་མ་གཉིས། །ཁྱད་པར་གང་གིས་ཕྱེ་བ་ལགས། །ཐུགས་ཀྱི་དཀྱིལ་


DNG003_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བཅུད་ཕྱུང་བ། །མོས་དང་གུས་པའི་འཁོར་ལ་བཀའ་སྩལ་འཚལ། །ཞེས་ཞུས་སོ། །དེ་ནས་ཡང་བཀའ་སྩལ་པ། ཀྱེ་ཀྱེ་རྡོ་རྗེ་འཛིན་པ་ཉོན། །ངས་བསྟན་ལེགས་པར་ཡིད་ལ་ཟུང་། །གསང་སྔགས་ཐམས་ཅད་སྒྲོན་མ་གཉིས་ལ་རྫོགས། །དེ་ཡང་ཁྱད་པར་འདི་ལྟ་སྟེ། །ཐིག་ལེ་སྟོང་པའི་སྒྲོན་མ་རྩོལ་བའི་སེམས་དང་བཅས། །རྩོལ་བྱེད་ཡོད་པས་སྒྲོན་མའི་དོན་མ་རྟོགས། །རིག་པ་དབྱིངས་ཀྱི་སྒྲོན་མ་ནི། །རྩོལ་བའི་སེམས་དང་བྲལ་ཞིང་ཡེ་ཤེས་དབྱིངས་ལ་སྤྱོད། །དེ་ཡང་ནམ་མཁའ་གསལ་ལ་དྭངས་པ་ལ། །རིག་པ་མིག་ལ་བཅུག་ནས་ནི། །བལྟས་ན་སྣང་བ་མཐོང་བར་འགྱུར། །དེ་ལ་ཡང་ནི་འདི་ལྟ་སྟེ། །དབྱིངས་ལ་སྐུ་ཡིས་བརྒྱན་པ་ནི། །འདི་ལྟར་ཀུན་ལ་ཤེས་པར་བྱ། །རིག་པ་དབྱིངས་ཀྱི་སྒྲོན་མའི་དཀྱིལ། །སྟོང་པའི་ཡེ་ཤེས་འོད་གསལ་སྐུ། །འགུལ་བ་དང་ནི་འཕྲིགས་བཞིན་པ། །དེ་བཞིན་སྣ་ཚོགས་འཕྲོ་བའོ། །དེ་ལ་བརྟན་པ་ཐོབ་གྱུར་ན། །འགྲོ་མེད་འོང་མེད་ངང་དུ་ཐིམ། །འགུལ་དང་འཕྲིགས་པ་ག་ལ་ཡོད། །དེ་ནི་བརྟན་པ་ཐོབ་པའོ། །དེ་ལྟར་རྟོགས་པ་སྐྱེས་གྱུར་ནས། །དབྱིངས་ལ་སྐུ་ཡིས་བརྒྱན་པ་ནི། །འདི་ལྟར་ཀུན་ལ་ཤེས་པར་བྱ། །རིག་པ་འགྱུར་བ་མེད་པ་ལ། །དབྱིངས་ནི་འོད་ཀྱི་སྣང་བར་ཤར། །ནམ་མཁའ་གང་བར་མཐོང་བ་ནི། །སྐུ་ལ་དབྱིངས་ཀྱིས་བརྒྱན་པའོ། །དེ་ལྟར་སྒྲོན་མ་རྣམ་པ་གཉིས། །འདུ་འབྲལ་མེད་པར་རྟོགས་པ་ནི། །སྐྱེ་མེད་དོན་ལ་འདུ་འབྲལ་མེད། །ཀ་དག་ས་ལ་མཐར་ཕྱིན་གྲོལ་བར་འགྱུར། །ཞེས་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། རིག་པའི་བཞག་ཐབས་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་ཐེག་ཆེན་བདག །རིག་པའི་བཞག་ཐབས་དེ་ལྟར་ན། །ཐེག་པའི་དབྱེ་བ་གསུང་དུ་གསོལ། །ཞེས་ཞུས་སོ། །དེ་ནས་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེས། འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་མ་གསང་བདག་ལེགས་པར་ཉོན། །ངས་བསྟན་ཡིད་ཀྱི་རྟོག་པ་སོལ། །ཐེག་པའི་དབྱེ་བ་འདི་ལྟ་སྟེ། །མདོ་དང་རྒྱས་པ་ཆེན་པོ་དང་། །ཤིན་ཏུ་


DNG003_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པ་ཆེན་པོའོ། །ཤིན་ཏུ་རྒྱས་པ་ཆེན་པོ་ནི། །བརྒྱད་ཁྲི་བཞི་སྟོང་བསམ་མི་ཁྱབ། །རྒྱ་ཆེ་གྲངས་མེད་ཆེན་པོ་སྟེ། །བསམ་གྱིས་མི་ཁྱབ་གཞལ་དུ་མེད། །བརྗོད་མེད་བསམ་འདས་ཆེན་པོའོ། །རྒྱས་པ་ཆེན་པོ་འདི་ལྟ་སྟེ། །དབྱེ་བ་རྣམ་པ་དགུར་འདོད་དེ། །ཉན་ཐོས་དང་ནི་རང་རྒྱལ་དང་། །དེ་བཞིན་བྱང་ཆུབ་སེམས་དཔའ་འོ། །ཀྲི་ཡ་དང་ནི་ཨུ་པ་ཡ། །དེ་བཞིན་ཡོ་གའི་ཐེག་པར་བཤད། །མ་ཧཱ་ཨ་ནུ་ཡོ་ག་དང་། །དེ་བཞིན་རྫོགས་པ་ཨ་ཏིའོ། །དེ་ལྟར་རྣམ་པ་དགུར་བཤད་དེ། །ཆོས་ཀྱི་བསྟན་པ་ཆེན་པོ་ཡིན། །དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་བཅོམ་ལྡན་རྡོ་རྗེ་འཆང་། །ཐེག་པའི་བཤད་ལུགས་གསུང་དུ་གསོལ། །ཞེས་ཞུས་སོ། །ཡང་བཀའ་སྩལ་པ། ཀྱེ་ཧོ་གསང་བ་རྡོ་རྗེ་འཛིན། །ང་ཡི་ཐེག་པ་བསམ་ཡས་ཀྱང་། །བཤད་ལུགས་རྣམ་པ་གཉིས་སུ་འདུས། །འཁོར་བ་དང་ནི་མྱང་འདས་སོ། །དེ་ཡང་འཁོར་བ་འདི་ལྟ་སྟེ། །ལོག་ལྟ་དང་ནི་རྟག་ལྟའོ། །ལོག་པའི་ཐེག་པ་འདི་ལྟ་སྟེ། །འཇིག་ཚོགས་སུམ་བརྒྱ་དྲུག་ཅུར་འདོད། །སུམ་བརྒྱ་དབྱིངས་ལ་བཤད་པའོ། །དྲུག་ཅུའི་ལྟ་བ་འདི་ལྟ་སྟེ། །གྲངས་ཅན་ལོག་པར་སྨྲ་བ་དང་། །བྱེ་བྲག་རང་གི་རྒྱུར་སྨྲ་དང་། །ཀུ་མཱ་ར་ལ་ཆེན་པོ་དང་། །གོལ་བ་དག་ཏུ་སྨྲ་བ་དང་། །རྣ་མ་ཕུག་པའི་གཞུང་འཛིན་དང་། །གསང་བ་མེ་ལྔ་བསྟེན་པ་དང་། །མེ་རས་ཏིལ་མར་ལུས་བསྲེག་དང་། །མདུང་རྩེའི་དཀའ་ཐུབ་ལོག་སྤྱོད་དོ། །མཆོང་དང་འཚོགས་པའི་དཀའ་ཐུབ་དང་། །ཤ་བཀོལ་ལུས་ལ་བྱས་འཐོགས་དང་། །ཁྱི་ཡི་ཆ་བྱད་སྤྱོད་པ་དང་། །དེ་བཞིན་མངོན་ཤེས་ཕྲ་མོ་ཡིས། །སངས་རྒྱས་བྱིན་རླབས་ཅིར་སྣང་བའི། །ལོག་པའི་དཀའ་ཐུབ་སྤྱོད་པའོ། །རྣམ་པའི་ལྟ་བ་འདི་ལྟ་སྟེ། །བྱེད་པ་རྒྱུར་སྨྲ་དག་དང་ནི། །བྱེད་པ་ལམ་དུ་ཁྱེར་བ་དང་། །རྟག་པ་དོན་བརྩོན་ཆེན་པོ་དང་། །ཐེར་ཟུག་འགྱུར་མེད་སྨྲ་བ་དང་། །གནས་སྐབས་རྟག་པར་སྨྲ་བ་དང་། །རྒྱུ་ལ་རྟག་པར་སྨྲ་བ་དང་། །འབྲས་བུ་རྟག་པར་


DNG003_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲ་བ་དང་། །རྟག་པ་ཉིད་ལ་ལམ་ལྟོས་དང་། །སྤྱོད་པ་རྟག་པར་འདོད་པ་དང་། །དོན་ལ་རྟག་མེད་ཆད་ལྟ་དང་། །དེ་བཞིན་རྟག་པའི་རྣམ་པའོ། །ཚད་མེད་ངན་སྔགས་གཙོར་བྱེད་དང་། །མོ་དང་པྲ་ལ་གཙོར་བྱེད་དང་། །རྫུ་འཕྲུལ་ཕྲ་མོ་གཙོར་བྱེད་དང་། །རྩོད་པ་ལྷུ་རུ་ལེན་པ་དང་། །དཀའ་ཐུབ་སྤྱོད་པ་དག་དང་ནི། །འཇིག་རྟེན་འདི་ལ་ཞེན་པ་དང་། །རང་གི་བྱ་བ་འཛིན་པ་དང་། །ལྭ་བ་ཅན་དུ་གྱུར་པ་དང་། །མི་ཕམ་རས་གོས་དག་དང་ནི། །ཕྱག་མཚན་གཙོ་བོར་བྱེད་པའོ། །བྱ་བ་ལྟོས་པར་སྨྲ་བ་དང་། །རིག་པས་ཕ་རོལ་སུན་འབྱིན་དང་། །རྒྱུ་མེད་ཆད་པར་སྨྲ་བ་དང་། །ཕྱང་ཆད་སྟོང་པར་སྨྲ་བ་དང་། །རྒྱུ་ཆད་འབྲས་བུ་ཆད་ལྟ་དང་། །ལམ་ཆད་ཡེ་ཤེས་ཆད་ལྟ་དང་། །ཆད་པ་ཐེར་ཟུག་ཆེན་པོ་དང་། །ལམ་ཆད་འབྲས་བུ་གཏན་ཆད་དང་། །ལོག་པའི་སེམས་ཀྱི་ཆད་ལྟ་དང་། །ཆད་པ་སྟོང་པ་ཆེན་པོའོ། །རིག་བྱེད་གསང་བར་སྨྲ་བ་དང་། །ཆ་མཐུན་གོལ་བའི་མུ་སྟེགས་དང་། །མངོན་སྣང་སེམས་ཀྱི་མུ་སྟེགས་དང་། །འཁྲུལ་སྣང་འཛིན་པའི་མུ་སྟེགས་དང་། །ཞེ་སྡང་བསྐྱེད་པའི་མུ་སྟེགས་དང་། །བྱད་བྱེད་སེམས་ཀྱི་མུ་སྟེགས་དང་། །འཛིན་པ་དོན་མེད་མུ་སྟེགས་དང་། །ཁ་ཚིག་གོལ་བའི་མུ་སྟེགས་དང་། །རྟག་པ་དོན་མེད་མུ་སྟེགས་དང་། །ཀ་ནི་དང་ནི་སེར་སྣ་དང་། །བྷ་སི་ར་དང་ཀ་ཤི་ཤའི་ཡང་འདུག །སཾ་དྷི་ར་དང་དྷ་སིང་དང་། །ཀ་ཏི་དང་ནི་སང་གྷ་དང་། །ཤངྈ་རི་དང་མདོ་དྷ་ཤ་ཀའོ། །དྲུག་ཅུའི་དབྱེ་བ་དེ་ལྟར་ཏེ། །དེ་ཡང་མདོར་བསྡུས་འདི་ལྟ་སྟེ། །རྟག་པ་དང་ནི་ཆད་པའོ། །ཆད་པར་བལྟ་བའི་དོན་ནི་འདི་ལྟ་སྟེ། །ཕྱམ་ཆད་མུ་མེད་སྟོང་པ་ཆེ། །རྒྱུན་ཆད་ནམ་མཁའ་སྟོང་པ་བཞིན། །ཆད་པ་རང་བཞིན་མེད་པར་བལྟ། །འབྲས་བུ་ཆད་པའི་དོན་ནི་སྟོང་པའོ། །སྟོང་པ་མེད་པའི་རྟག་པ་ནི། །རྟག་པའི་ཐེག་པའི་གྲུབ་མཐའ་ནི། །རྟག་པ་ཐེར་ཟུག་གྲུབ་མཐའ་སྟེ། །རྒྱུ་རྟག་དངོས་པོ་འདི་ལྟ་སྟེ། །རང་གི་ཙིཏྟའི་དཀྱིལ་འཁོར་ན། །ཕ་ཡི་རྒྱུ་ལས་མ་བྱུང་ཞིང་། །མ་ཡི་རྐྱེན་ལ་མ་བརྟེན་པའི། །ཆེ་སྟེ་ཆེ་ན་སྲན་མ་ཙམ། །ཆུང་སྟེ་ཆུང་ན་ཉུང་འབྲུ་ཙམ། །ཡང་ཆུང་སྐྲ་ཡི་རྩེ་མོ་ཙམ། །


DNG003_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

སྣུམ་ལ་འདྲིལ་བ་དཀར་ལ་དྭངས། །དེ་ནི་རྒྱུ་ཡི་རང་བཞིན་ཏེ། །ཡེ་ནས་མི་འགྱུར་རྟག་པར་ཡོད། །དེ་དང་བག་ཆགས་ཕུང་པོ་ནི། །མི་འབྲལ་གཅིག་ཏུ་གནས་པས་ན། །རྒྱུ་རྟག་པ་ཡི་གྲུབ་མཐའ་འདོད། །འབྲས་བུ་རྟག་པ་འདི་ལྟ་སྟེ། །ཕྱ་དང་དབང་ཕྱུག་ཆེན་པོ་ནི། །བསྟེན་ཅིང་མཆོད་པའི་ཡོན་ཏན་གྱིས། །དང་པོ་ལུས་འདི་བོར་གྱུར་ཀྱང་། །རང་རང་ས་ལ་སྐྱེ་བར་བྱེད། །ཕྱ་འམ་དབང་ཕྱུག་ཆེན་པོ་ཡིས། །བྱས་ཏེ་འབྲས་བུ་རྟག་པར་འདོད། །རྟག་དང་ཆད་པ་རྣམ་པ་གཉིས། །རང་རང་དོན་ལ་མི་མཐུན་པའོ། །དེ་ལ་སོགས་པའི་ལོག་ལྟ་རྣམས། །རྣམ་པ་བཞིར་ནི་འདུས་པར་འདོད། །མུ་སྟེགས་དང་ནི་མུར་ཐུག་དང་། །རྒྱང་འཕེན་དང་ནི་ཕྱལ་པའོ། །དེ་ཡང་བཤད་ལུགས་འདི་ལྟ་སྟེ། །མུ་སྟེགས་རྟག་པ་ཐེར་ཟུག་གོ། །མུར་ཐུག་ཕྱེད་རྟག་ཕྱེད་ཆད་དོ། །ཕྱལ་པ་ཆད་པ་ཕྱང་ཆད་དོ། །རྒྱང་འཕེན་འབྲས་བུ་ཆད་པའོ། །དེ་ལྟར་སུམ་བརྒྱ་དྲུག་ཅུ་ཡང་། །རྣམ་པ་བཞི་རུ་འདུས་པའོ། །དེ་ཡང་རྟག་ཆད་གཉིས་སུ་འདུས། །དེ་ཡང་དོན་མེད་ཕྱལ་པར་འདུས། །འཇིག་རྟེན་པ་ཡི་རྐང་གྲངས་སོ། །ཞེས་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། འཇིག་རྟེན་པའི་ཐེག་པའི་གྲངས་བསྡུས་ཏེ་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་ལྔ་པའོ།། །།དེ་ནས་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །འཇིག་ཚོགས་རྐང་གྲངས་དེ་ལྟར་ན། །དེ་རྣམས་བཤད་ལུགས་གསུང་དུ་གསོལ། །ཞེས་ཞུ་བ་ཞུས་སོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨེ་མ་ཧོ་གསང་བའི་བདག་པོ་ཉོན་ཅིག །ངས་བསྟན་གྱིས་ལེགས་པར་ཉོན་ཅིག །གྲངས་ཅན་གྱི་ནི་འདོད་པ་འདི་ལྟ་སྟེ། །རྡུལ་དང་མུན་པ་སྙིང་སྟོབས་གསུམ། །རྟག་པ་ལོག་པར་འཛིན་པའོ། །དེ་ནས་ཀྱང་གཏི་མུག་གིས་གཞི་བྱེད་པར་འདོད། འདོད་ཆགས་ཀྱིས་བདེ་བ་བསྐྱེད་པར་འདོད། ཞེ་སྡང་གིས་དཔུང་བཟློག་པར་འདོད་པའོ། །དེ་ནི་གྲངས་ཅན་གྱི་འདོད་གཞུང་ངོ་། །བྱེ་བྲག་པའི་ལྟ་བ་འདི་ལྟ་སྟེ། ཕྱིའི་ཕུང་པོ་ཁམས་དང་སྐྱེ་མཆེད་རྡུལ་ཕྲ་


DNG003_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་བལྟ། དེ་ཡང་དང་པོ་འཛིན་པས་བཟུང་ནས་རྡུལ་ཕྲ་རབ་ཏུ་བགྲང་སྟེ། འདི་ནི་འཇིག་པའི་རྒྱུ་ཅན་ནོ། །འདི་ནི་སྟོང་པའི་རྒྱུ་ཅན་ནོ། །འདི་ནི་སྟོང་པ་ཅི་ཡང་མེད་པའི་རྒྱུ་ཅན་ནོ། །ལུས་འདི་བོར་བ་དང་། སེམས་ནམ་མཁའི་བག་ལ་ཞ། ལུས་ནི་འབྱུང་བའི་བག་ལ་ཞ། ཅང་མེད་སྟོང་པའི་མུ་ལ་གནས་པའོ། །ཀུ་མཱ་རའི་གྲུབ་མཐའ་འདི་ལྟར་འདོད། སེམས་མེད་པའི་ལུས་སུ་འདོད། ལུས་ལ་སེམས་མེད་དོ། །སེམས་མེད་པས་ལུས་བོར་ཙམ་ན། སྟོང་པ་ཅི་ཡང་མེད་པར་འདོད་པའོ། །རྣམ་ཕུག་པའི་གྲུབ་མཐའ་འདི་ལྟ་སྟེ། སྣང་བ་འདི་ལ་གནས་སྐབས་ཀྱིས་རྟག་པར་མཐོང་ལ། དོན་དམ་པ་ལ་སྣང་བ་འདི་ནི་མི་རྟག་པར་འདོད་པའོ། །ཕྱི་མའི་སྣང་བ་ལ་ཕྱའམ། དབང་ཕྱུག་གི་འཁོར་དུ་རྟག་པར་འདོད་དོ། །རྣ་མ་ཕུག་པའི་བཞེད་གཞུང་ཡང་དེ་ལྟ་བུའོ། །གསང་བའི་མེ་ལྔ་བསྟན་པ་འདི་ལྟ་སྟེ། སངས་རྒྱས་ཀྱི་སྤྲུལ་པའི་ཞིང་ཁམས་ན་གནས་པའི་གང་ཟག་གིས་མར་མེ་བཏང་བས། ཡེ་ཤེས་ལྔའི་སྣང་བ་ལས་སངས་རྒྱས་པ་མངོན་པར་ཤེས་པ་ཕྲ་མོས་མཐོང་སྟེ། མེ་ལྔ་ལ་སྤྱོད་པ་ཡོད་དེ། དེ་ཡང་ཙནྡན་གྱི་སྡོང་པོ་ལ་ཏིལ་མར་གྱིས་བཙོས་ཏེ། མེའི་ཕུང་པོ་ལྔ་བཏང་སྟེ། རང་གིས་ལུས་བསྲེག་པ་དག་ཀྱང་ཡོད་དོ། །མེ་རས་པ་ཞེས་བྱ་བ་རང་གི་ལུས་ལ་རས་ཏིལ་མར་དུ་བཙོས་ནས་རང་གིས་ལུས་ལ་དཀྲིས་ཏེ། དེ་ལ་མེ་བཏང་སྟེ། རང་གི་ལུས་བསྲེག་པ་དག་ཀྱང་ཡོད་དོ། །མདུང་རྩེ་གསུམ་པའི་དཀའ་ཐུབ་སྤྱོད་པ་ཡོད་དེ། དེ་ཡང་མདུང་རྩེ་གསུམ་པ་ས་ལ་བཙུགས་ཏེ་དེའི་ཁར་མཆོངས་ཏེ། དཀའ་ཐུབ་སྤྱོད་པ་ཡོད་དོ། །བྲག་གམ་གཡང་ལ་མཆོངས་ཏེ་ལུས་བརླག་པར་བྱེད་པ་ཡང་ཡོད་དོ། །ལོག་པ་ཆ་འཛིན་གྱི་སྤྱོད་པ་ཞེས་བྱ་སྟེ། རང་གི་ལུས་ལས་ཤ་མེ་ལོང་ཙམ་པ། དཔུང་པ་གཡས་གཡོན་དང་སྤྱི་བོའི་གཙུག་ནས་ཁོལ་དུ་བཏོན་ནས་རང་གིས་ལུས་པོ་དོང་དུ་བཅུག་ནས། དུར་བྱའི་རིགས་ཀྱིས་རང་གི་ལུས་ཟ་བར་འཇུག་པ་དག་ཀྱང་ཡོད་དོ། །ཡང་ལོག་པ་དུད་འགྲོའི་སྤྱོད་པ་ཅན་ཞེས་བྱ་སྟེ། ཁྱིའི་ཆ་བྱད་དུ་ཞུགས་ཏེ། ལོག་པའི་དཀའ་ཐུབ་སྤྱོད་


DNG003_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

པ་དག་ཀྱང་ཡོད་དོ། །བྱེད་པ་པོ་རྒྱུར་སྨྲ་བ་ནི། དཔེར་ན་ཤིང་མཁན་མཁས་པས་སྐྱེས་པ་དང་བུད་མེད་ཀྱི་གཟུགས་ཐ་དད་པར་བྱས་ཏེ་བྱ་བ་བྱེད་པ་ལྟར། ཆོས་ལོག་པ་ཡང་རང་གི་མངོན་ཤེས་ཀྱིས་བྱ་བ་བྱས་ནས། དེ་ནས་ཕྱའམ་དབང་ཕྱུག་གི་འཁོར་དུ་སྐྱེ་བར་འདོད་པ་དག་ཀྱང་ཡོད་དོ། །བྱེད་པ་ལམ་དུ་འཁྱེར་བའི་གྲུབ་མཐའ་ནི། འཇིག་རྟེན་འདི་ན་ཁྱིམ་ལ་སོགས་པའི་བྱ་བ་བྱས་པས། ཕྱི་མ་རང་གི་ལུས་བོར་བ་དང་། ཕྱའམ་དབང་ཕྱུག་གིས་རང་གི་སྔུན་བསུས་ནས། རི་རབ་ཀྱི་བང་རིམ་ལ་གནས་པར་བྱེད་པའོ། །རྟག་པ་དོན་མཚོན་པའི་བལྟ་བ་ནི་དོན་རང་གི་བརྟགས་པ་ལ། རྟག་ཀྱང་འདུག་གཞན་ལ་ཆད་པས་ཕྱང་ཆད་དུ་གཏོང་བའོ། །སྟོན་དེ་ཡང་རྟག་པ་ཐེར་ཟུག་ཏུ་སྨྲ་བ་ནི། འདི་ལྟར་འདོད་དེ། དོན་རྟག་པ་འགྱུར་མེད་ཆེན་པོ་ལ། རང་བཞིན་ངེས་པར་འདོད་པའོ། །ཡང་གནས་སྐབས་སུ་འགྱུར་བར་སྨྲ་བ་ནི་འདི་ལྟ་སྟེ། དོན་ཆད་པ་ལ་གནས་སྐབས་ཀྱི་རྟག་པར་ལྟ་བའོ། །ཡང་རྒྱུ་རྟག་པར་ལྟ་བ་ཡོད་དེ། རང་གི་སྙིང་གི་དཀྱིལ་ན་རྒྱུའི་དངོས་པོ་དེ། དབྱིབས་ཟླུམ་པ། ཁ་དོག་དཀར་བ། ཆེ་ཆུང་གི་ཚད་ནི་སྲན་མ་ཙམ། ཕའི་རྒྱུ་ལས་མ་བྱུང་ཞིང་། མའི་རྐྱེན་གྱིས་མ་བསྐྱེད་པ་རྟག་པར་བལྟ་བ་ཡོད་དོ། །འབྲས་བུ་རྟག་པར་བལྟ་བ་ནི། རྒྱུ་མི་རྟག་སྟེ་སེམས་དངོས་པོ་མེད། འབྲས་བུ་རྟག་སྟེ་ཕྱའམ་དབང་ཕྱུག་ཆེན་པོ་ཡོད་ངེས་ཟེར་བའོ། །རྟག་པ་ལ་ལམ་ལྟོས་པ་ནི། རྒྱུ་མི་རྟག་སྟེ་སེམས་དངོས་པོ་མེད། འབྲས་བུ་མི་རྟག་སྟེ་ཕྱའམ་དབང་ཕྱུག་གིས་སར་གྲོགས་མེད་པར་ཕྱིན་ཏེ། མི་ཕྱིན་ཡང་ལམ་རྟག་སྟེ་ཕྱའམ་དབང་ཕྱུག་ནི་རི་རབ་ཀྱི་སྟེང་ན་གནས་ཏེ། དེར་ལམ་ལ་གནས་པར་འདོད་པའོ། །ཡང་སྤྱོད་པ་ལ་རྟག་པར་འདོད་པ་ནི། རྒྱུ་དང་འབྲས་བུ་མི་རྟག་སྟེ། སྤྱོད་པ་རྟག་པས་གྲོལ་བར་འདོད་དེ། ཡུལ་དང་ཁང་པ་ཐམས་ཅད་ཀྱང་རྟག་པའི་དངོས་པོ་ཡིན། སྣང་བ་འདི་གང་ཡང་རྟག་པར་བལྟའོ། །དོན་རྟག་པ་མེད་པར་ཆད་པར་བལྟ་བ་ནི། དོན་ཆད་པར་བལྟ་བ་སྟེ། འདི་ཉིད་ལ་རྟག་པའི་གྲུབ་མཐར་སྤྱོད་དོ། །ངན་སྔགས་


DNG003_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་བོར་བྱེད་པ་ནི། ངན་སྔགས་གཙོ་བོར་བྱས་ནས་ཕུང་བའི་ལས་དྲག་པོ་བྱེད་པ་ནི་ནག་པོ་ཆིག་ཚུགས་སུ་སྨྲ་བ་སྟེ། དེ་ལ་མངོན་པར་ཞེན་ཅིང་འབྲས་བུ་འདོད་པའོ། །མོ་དང་པྲ་ལ་གཙོར་བྱེད་པ་ནི། འཇིག་རྟེན་འདིའི་བདེ་བ་འབའ་ཞིག་ལ་ལྟོས་ཏེ། ཕྱི་མ་ཅང་མེད་ཟེར་བའོ། །རྫུ་འཕྲུལ་ཕྲ་མོ་གཙོར་བྱེད་པ་ནི། འཇིག་རྟེན་འདི་ན་རྫུ་འཕྲུལ་གྱིས་དམག་གི་དཔུང་བཟློག་པ་ཡོད་དེ། ཕྱི་མ་ལ་ཡང་རྫུ་འཕྲུལ་གྱིས་ཟིལ་གྱིས་མནན་ཏེ། ཕྱའམ་དབང་ཕྱུག་གི་འཁོར་དུ་སྐྱེ་བར་འདོད་དོ། །རྩོད་པ་ལྷུར་ལེན་པའི་བལྟ་བ་ནི་འདི་ལྟ་སྟེ། རང་གི་བདེན་པ་ཁོང་དུ་བཅུག་སྟེ། ཕ་རོལ་པོ་སུན་འབྱིན་པ་ལ་དོན་རེ་བ་དག་ཀྱང་ཡོད་དོ། །ལོག་པའི་དཀའ་ཐུབ་ལ་གཙོར་བྱེད་པ་དག་ཀྱང་ཡོད་དོ། །འཇིག་རྟེན་འདི་ལ་ཞེན་པ་ནི་འཇིག་རྟེན་རྒྱང་འཕེན་པ་ཞེས་བྱ་སྟེ། འཇིག་རྟེན་འདིའི་བྱ་བ་ལ་སྤྱོད་པའོ། །ཡང་རང་གི་བདེན་པ་ཁོང་དུ་བཅུག་ནས། གཞན་ཁྱད་དུ་གསོད་པ་དག་ཀྱང་ཡོད་དོ། །ལ་ལ་ཆ་ལུགས་ཀྱིས་དོན་འཚོལ་བ་དག་ཀྱང་ཡོད་དོ། །དེ་ཡང་སྐྲའི་ལ་བ་བྱས་ཏེ་དོན་འཚོལ་བ་དག་ཀྱང་ཡོད་དོ། །རས་རྐྱང་བ་རེས་ལུས་དཀྲིས་ཏེ་ང་ལ་ནང་གི་དྲོད་སྐྱེས་ཟེར་བ་དག་ཀྱང་ཡོད་དོ། །ཕྱག་མཚན་དུ་ཁ་ཊྭཱཾ་ག་དང་ཅང་ཏེའུ་ཐོགས་ནས་ང་ནི་སྤྲུལ་པའི་སྐུ་ཡིན་ཟེར་བ་དག་ཀྱང་ཡོད་དོ། །ཁྱོད་ཀྱིས་དགེ་བ་ཅི་བྱས་ཀྱང་ང་ལ་ཕན་ནོ་ཟེར་ཞིང་དོན་དེ་ལ་ལྟོས་པ་དག་ཀྱང་ཡོད་དོ། །རང་གི་རིག་པས་ཕ་རོལ་གྱི་རིག་པ་སུན་ཕྱུང་ནས་ང་ཡིས་བྱས་པ་ཡིན་ནོ་ཞེས་ཟེར་ཞིང་དོན་དེ་ལ་ལྟོས་པ་དག་ཀྱང་ཡོད། རྒྱུ་ཆད་དེ་ནམ་མཁའ་ལྟ་བུ་ཕྱང་ཆད་ཟེར་བ་ཡང་ཡོད་དོ། །ཕྱང་ཆད་དེ་རང་གི་ལུས་ཀྱང་སྟོང་ངོ་ཟེར་བ་དག་ཀྱང་ཡོད་དོ། །རྒྱུ་ཡང་ཆད་འབྲས་བུ་ཡང་ཆད་པ་ནི། རྒྱུ་ཆད་དེ་སེམས་དངོས་པོར་བཟུང་བ་མེད། འབྲས་བུ་ཆད་དེ་ཕྱའམ་དབང་ཕྱུག་མེད་ཟེར་བ་དག་ཀྱང་ཡོད་དོ། །ཡང་ལམ་ཆད་དེ་སུན་མ་མེད། ཡེ་ཤེས་ཆད་དེ་སངས་རྒྱས་མེད་ཟེར་བའོ། །རྒྱུ་ཡང་མེད་པས་འབྲས་བུ་ཡང་མེད་པས་སྟོང་པ་ཕྱང་ཆད་དེ་ཟེར་བ་དག་ཀྱང་ཡོད་དོ། །ལམ་ལ་གནས་སྐབས་ཀྱིས་ཆད་པ་དག་འབྲས་བུ་གཏན་ཆད་ཟེར་བ་དག་ཀྱང་ཡོད་དོ། །ལོག་པའི་སེམས་ཀྱིས་སྲོག་གཅོད་དོ། །སྲོག་བཅད་


DNG003_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས་དོན་འབྱུང་ངོ་ཟེར་བ་དག་ཀྱང་ཡོད་དོ། །ཆད་པ་སྟོང་པ་ཡིན་ཅི་སྟེ་ཁྱོད་ཀྱང་ཆད། ང་ཡང་ཆད་པའི་ཕྱིར་སྟོང་པ་ཅང་མེད་ཟེར་བ་དག་ཀྱང་ཡོད་དོ། །རིག་བྱེད་གསང་བར་སྨྲ་བ་དག་ནི། དོན་ནམ་མཁའ་སྟོང་པ་ཅི་ལྟ་བ་བཞིན་དུ། སྟོང་པ་ཕྱལ་ཆད་ཡོད་པ་དངོས་པོར་མེད། ཆ་བག་གཅིག་ཡོད་དེ་དབང་པོ་ལ་སྣང་དུ་རུང་བ་ཡང་ཡོད་ཟེར་བ་དག་ཀྱང་ཡོད་དོ། །ཆ་མཐུན་པ་ལ་གོལ་བའི་མུ་སྟེགས་ཞེས་བྱ་བ་སྟེ། ནང་པ་སངས་རྒྱས་པ་དང་ཆ་མཐུན་པ་ལས་གོལ་ཏེ། སངས་རྒྱས་པའི་གྲུབ་མཐའ་ལོག་པས་གོལ་བ་ཤ་སྟག་གོ། །མངོན་པར་སྣང་བ་སེམས་ཀྱི་ཆོ་འཕྲུལ་ཞེས་བྱ་བར་རྟོག་སྟེ། ཐམས་ཅད་ཆོ་འཕྲུལ་ཞེས་བྱ་བར་སྟོན་པ་དག་ཀྱང་ཡོད་དོ། །ཡང་འཁྲུལ་པའི་སྣང་བ་འདི་དག་བདེན་པ་ཡིན་ལ་དོན་དམ་པ་མེད་པའི་ཕྱིར་རོ་ཟེར་བ་དག་ཀྱང་ཡོད་དོ། །ཞེ་སྡང་སྐྱེས་པས་འབྱུང་པོ་ཚར་ཆོད་དེ་རིགས་ཀྱི་བུ་ཞེ་སྡང་ལ་གནས་པར་བྱའོ་ཟེར་བ་དག་ཀྱང་ཡོད་དོ། །ཆ་བྱད་དུ་སེམས་འདི་རང་སངས་རྒྱས་པ་ཡིན་པས་འདི་ལ་བཅོས་སུ་མེད་ཟེར་བ་དག་ཀྱང་ཡོད་དོ། །ལྷའི་སྐུ་བསྒོམས་པ་གཅིག་པུ་ལ་བརྟེན་པས་ཆོག་ཟེར་བ་དག་ཀྱང་ཡོད་དོ། །ཁ་ཅིག་གིས་ང་ནི་མུ་སྟེགས་བྱེད་ཡིན་པས་མུ་སྟེགས་རྩོད་པ་ལྟར་སྨྲ་བ་ལས་གོལ་བ་དག་ཀྱང་ཡོད་དོ། །རྟག་པ་འདི་ཁོ་ན་ཡིན་པས་འདི་ལ་ཅིར་ཡང་བྱར་མེད་ཟེར་བ་དག་ཀྱང་ཡོད་དོ། །ཀ་ནི་པ་ཞེས་བྱ་སྟེ་དོན་ཕྱལ་པར་འདོད་པའོ། །སེར་སྣ་བ་ཞེས་བྱ་སྟེ་སྣང་བ་ཟད་ཅིང་སྟོངས་ཀྱིས་དོགས་པའི་སྡུག་བསྔལ་དང་ལྡན་པའོ། །བྷ་སི་ར་ཞེས་བྱ་སྟེ་ཁྱད་པར་གྱི་དོན་གང་ཡང་མེད། ཐུན་མོང་གི་དོན་ཅི་ཡང་ཡོད་པར་འདོད་པའོ། །ཀ་བྷི་ཤ་ཞེས་བྱ་སྟེ། ཐུན་མོང་གི་དོན་མེད་ལ་ཁྱད་པར་གྱི་དོན་ཅི་ཡང་ཡོད་པར་འདོད་པའོ། །སིན་དྷ་ར་ཞེས་བྱ་སྟེ་དོན་ཅི་ཡང་མེད་པར་འདོད་པའོ། །པ་སི་པ་ཞེས་བྱ་སྟེ། དོན་ཅི་ཡང་ཡོད་པར་འདོད་པའོ། །ཀ་ཏི་པ་ཞེས་བྱ་སྟེ། དོན་ཅི་ཡང་ཡོད་པ་ལ་དབུགས་ཆད་པའི་བར་དུ་ཆད་པར་འདོད་པའོ། །སང་གྷ་ཞེས་བྱ་སྟེ་ང་དགེ་འདུན་གྱི་ཆ་བྱད་དུ་ཞུགས་པས་ཆོག་ཅེས་ཟེར་བ་དག་ཀྱང་ཡོད་དོ། །ཤང་ཀ་རི་ཞེས་བྱ་བ་སྟེ་རྣམ་པར་མི་རྟག་པ་


DNG003_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་པའོ། །ལུས་རྣམ་པར་མི་རྟག་བདེན་པ་ནི་ཕྱའམ་དབང་ཕྱུག་བདེན་པའོ། །དྷི་ཤ་ཀ་ཞེས་བྱ་སྟེ། ཐམས་ཅད་ཀྱི་མདོ་ཕྱ་དང་དབང་ཕྱུག་ལ་འདུས་པའོ། །ཕྱ་དང་དབང་ཕྱུག་རི་རབ་ཀྱི་ཁ་ན་ཡོད་ངེས་ཟེར་བ་དག་ཀྱང་ཡོད་དོ། །དེ་བཞིན་དུ་འཇིག་ཚོགས་ཀྱི་བལྟ་བ་གྲངས་མེད་པའི་མདོ་གཉིས་སུ་འདུས་སོ། །དེ་ཡང་རྟག་པར་བལྟ་བ་དང་། ཆད་པར་བལྟ་བ་གཉིས་སུ་འདུས་སོ། །དེ་ལས་འཇིག་ཚོགས་ཀྱི་བལྟ་བ་གྲངས་མེད་པར་འཕྲོས་སོ། །དེ་བཞིན་དུ་རིགས་ཀྱི་བུ་ཁྱོད་ལོག་པའི་ལམ་ལ་ཞུགས་ཀྱིས་དོགས་པའི་ཕྱིར། ངས་འཇིག་ཚོགས་ཀྱི་བལྟ་བ་མདོར་བསྡུས་ཏེ་བསྟན་པའོ། །ཞེས་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། འཇིག་ཚོགས་ཀྱི་ལྟ་བ་རྒྱས་པར་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་དྲུག་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་རྡོ་རྗེ་སེམས་དཔའ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་ཐེག་ལྡན་དོན། །ཐེག་པའི་བཤད་ལུགས་གསུང་དུ་གསོལ། །ཞེས་ཞུས་སོ། །དེ་ནས་ཡང་བཀའ་སྩལ་པ། ཀྱེ་ཧོ་གསང་བའི་བདག་པོ་ཉོན། །གསང་བའི་བདག་པོ་ཁྱོད་ཀྱིས་ནི། །ཐེག་པའི་སྒོ་རྣམས་ཡིད་ལ་ཟུང་། །ང་ཡིས་དོན་བསྡུས་ཁྱོད་ལ་བསྟན་པར་བྱ། །དེ་ཡང་ཉན་ཐོས་ཐེག་པ་འདི་ལྟ་སྟེ། །འཇུག་པའི་སྒོ་ནི་བདེན་པ་རྣམ་པ་བཞི། །ཉན་ཐོས་སྤྱི་ཡི་འཇུག་སྒོའོ། །དབྱེ་བ་རྣམ་པ་གཉིས་སུ་འདོད། །བྱེ་བྲག་པ་དང་མདོ་སྡེའོ། །བྱེ་བྲག་པ་ཡི་ལྟ་བ་ནི། །ཕུང་པོ་ཁམས་དང་སྐྱེ་མཆེད་ལ། །གཡག་རྔ་ནེའུ་སིང་ཚུལ་དུ་འདོད། །རང་གི་བློ་ཡིས་བལྟས་གྱུར་ན། །རྡུལ་དང་རྡུལ་ཕྲན་ཚུལ་དུ་འདོད། །དེ་བཞིན་རྣམ་པ་གཞིག་ནས་ནི། །སྟོང་པ་ཉིད་དུ་བསྒོམ་པའོ། །མདོ་སྡེ་པ་ཡི་ལྟ་བ་ནི། །ཁ་ཏོན་བྱས་པའི་རང་བཞིན་དང་། །ཐོས་པ་བསམ་པ་བསྒོམ་པ་གསུམ། །ཤེས་རབ་རྣམ་གསུམ་བསྒོམ་པ་ཡིས། །ས་བཅུའི་འབྲས་བུ་ཐོབ་པར་འདོད། །ཉན་ཐོས་སྤྱི་ཡི་བསྒོམ་པ་ནི། །བདེན་པ་རྣམ་པ་བཞི་བསྒོམ་ཞིང་། །འབྲས་བུ་རྣམ་པ་བཞིར་འདོད་དོ། །དེ་ཡང་བསྒོམ་ལུགས་


DNG003_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟ་སྟེ། །འགོག་པ་བསྒོམ་པར་འདོད་པ་ལ། །ཀུན་འབྱུང་སྤང་བར་འདོད་པའོ། །འགོག་པ་བསྒོམ་ལུགས་འདི་ལྟ་སྟེ། །ཕྱི་ཡི་འབྱུང་བ་དེ་དག་ལ། །མི་ཆགས་གནས་སུ་ཞུགས་ནས་ནི། །དང་པོ་ཟས་ལ་གོམས་པར་བྱེད། །ཟས་ལ་གོམས་པར་གྱུར་པ་དང་། །བསམ་གཏན་ཏིང་ངེ་འཛིན་ནི་བསྒོམ་པར་བྱེད། །བསམ་གཏན་མི་རྟོག་ཚིག་ཚུགས་བསྒོམ། །རྒྱལ་བ་བྱམས་པའི་བསྟན་པ་ལ། །འབྲས་བུ་ཐོབ་པར་འདོད་པའོ། །ཀུན་འབྱུང་སྤང་བ་འདི་ལྟ་སྟེ། །ཟས་ཀྱི་འདུ་ཤེས་བྲལ་བ་དང་། །ཀུན་འབྱུང་རྒྱུན་ཐག་ཆོད་པར་འདོད། །དེ་ཡང་ཞེ་སྡང་གཉེན་པོར་བསྒོམ། །ཉོན་མོངས་ཐམས་ཅད་སེལ་བའོ། །ས་ལམ་བསྒོམ་པ་འདི་ལྟ་སྟེ། །འདོད་ཆགས་གཉེན་པོར་བསྒོམ་པ་དང་། །གཏི་མུག་གཉེན་པོར་བསྒོམ་པ་དང་། །དེ་བཞིན་ལམ་གྱི་བསྒོམ་པ་ནི། །སྡུག་བསྔལ་སྤང་བར་འདོད་པའོ། །ལམ་གྱི་བསྒོམ་ལུགས་འདི་ལྟ་སྟེ། །འདོད་ཆགས་གཉེན་པོར་བསྒོམ་པ་ནི། །རང་གི་དཔྲལ་བའི་དཀྱིལ་འཁོར་དུ། །ཀེང་རུས་དཀར་པོ་མཐེ་བོང་ཙམ། །དཀར་པོ་འོད་ཆགས་བསྒོམ་པ་ལ། །དེ་ལས་བསྐྱེད་པས་མགོ་བོ་ཙམ། །དེ་ནས་ལུས་པོ་ཙམ་བསྒོམས་ཏེ། །དེ་ནས་རང་གི་མཐོང་ཡུལ་ཙམ། །དེ་ནས་ཅིར་སྣང་ཐམས་ཅད་བསྒོམ། །དེ་ལྟར་སྟོང་གསུམ་དཀར་པོ་སྟེ། །དེ་ལྟར་དཀར་པོར་གོམས་གྱུར་ན། །འདོད་ཆགས་སྡུག་བསྔལ་སྤང་བའོ། །གཏི་མུག་སྡུག་བསྔལ་སྤོང་བ་ནི། །རང་གིས་སྤྱི་བོའི་གཙུག་ཏུ་ཡང་། །མར་མེ་གསལ་ལ་དྭངས་པ་གཅིག །བསྒོམས་པས་ཤེས་པ་གསལ་བ་དང་། །སེམས་ནི་སྟོང་པར་འདོད་པའོ། །དེས་ནི་གཏི་མུག་སྡུག་བསྔལ་སྤོངས། །དེ་ལྟར་རྣམ་བཞི་བསྒོམ་པ་ཡིས། །འབྲས་བུ་རྣམ་པ་བཞི་འཐོབ་པོ། །འབྲས་བུ་རྣམ་བཞི་གང་ཞེ་ན། །འགོག་པ་བསྒོམ་པའི་འབྲས་བུ་ནི། །རྒྱུན་དུ་ཞུགས་པ་འཐོབ་པ་སྟེ། །ས་དང་པོ་རབ་ཏུ་དགའ་བ་འཐོབ་པ་སྟེ། །དེ་ཡང་ས་བདུན་མན་ཆད་དོ། །ཀུན་འབྱུང་བསྒོམ་པའི་རང་བཞིན་གྱིས། །ལན་ཅིག་ཕྱིར་མི་འོང་བ་འཐོབ། །ས་བརྒྱད་མན་ཆད་འཐོབ་པའོ། །


DNG003_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་བསྒོམ་པ་ཡི་ཡོན་ཏན་གྱིས། །དགྲ་བཅོམ་འབྲས་བུ་འཐོབ་པ་ནི། །ས་བཅུ་མཐར་ཕྱིན་ཐོབ་པའོ། །ས་དང་ལམ་ལ་གནས་པའི་ཚེ། །ཉན་ཅིང་ཐོས་པར་བྱེད་པའོ། །ས་བདུན་མན་ཆད་སེམས་དཔའ་ནི། །རང་རང་དཔོན་ལ་ཉན་པའོ། །ས་བརྒྱད་མན་ཆད་སེམས་དཔའ་ནི། །སྤྲུལ་པའི་སྐུ་ལས་ཉན་པའོ། །དེ་ཡང་དངོས་པོར་མཐོང་མེད་དོ། །བྱིན་གྱི་རླབས་ཀྱིས་མཐོང་བའོ། །ཉན་ཐོས་ཐེག་པ་དེ་ལྟར་འདོད། །དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་ཞུས་སོ། །ཀྱེ་ཀྱེ་བཅོམ་ལྡན་ཐེག་ཆེན་བདག །ཉན་ཐོས་ཐེག་པ་དེ་ལྟར་ན། །རང་རྒྱལ་ཐེག་པའི་བལྟ་བ་གསུངས། །ཞེས་ཞུ་བ་ཞུས་སོ། །ཡང་བཀའ་སྩལ་པ། ཀྱེ་ཧོ་གསང་བའི་བདག་པོ་ཉོན། །རང་རྒྱལ་མདོ་སྡེའི་གྲུབ་མཐའ་ནི། །འཇུག་པའི་སྒོ་ནི་རྟེན་འདྲེལ་བཅུ་གཉིས་སོ། །རྟོགས་པའི་ལྟ་བ་གང་ཟག་བདག་མེད་ལ། །ཆོས་ཀྱི་བདག་ཕྱེད་ཡོད་པར་བལྟ། །བསྲུང་བའི་ཚུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་བསྲུང་། །བསྒོམ་པའི་རིམ་པ་མི་རྟོག་ཆོས་ཉིད་བསྒོམ། །ཕྱི་དང་ནང་གི་རྟེན་འདྲེལ་རྣམས། །གོམས་ནས་སྟོབས་སུ་གྱུར་པ་དང་། །འབྲས་བུ་མཐར་ཕྱིན་ཚད་དུ་འདོད། །དེ་ཡང་དཔེར་མཚོན་འདི་ལྟ་སྟེ། །དཔེར་ན་དུར་ཁྲོད་རོ་བཞིན་ཏེ། །དུར་ཁྲོད་ཆེན་པོར་སོང་ནས་ནི། །དང་པོ་རོ་འདི་གང་ནས་བྱུང་། །ད་ལྟ་འདི་ཡི་དངོས་པོ་ཅི། །སྙམ་དུ་དཔེ་ཡིས་མཚོན་པར་བྱེད། །དེ་ཡང་མ་རིག་པ་ལས་བྱུང་། །མ་རིག་པ་ལས་འདུ་བྱེད་དོ། །འདུ་བྱེད་རྣམ་པར་ཤེས་པའོ། །རྣམ་པར་ཤེས་ལས་མིང་བྱུང་ཞིང་། །མིང་ལས་གཟུགས་ཀྱི་རང་བཞིན་བྱུང་། །གཟུགས་ལས་སྐྱེ་མཆེད་རྣམ་དྲུག་བྱུང་། །སྐྱེ་མཆེད་དྲུག་ལས་རེག་པ་བྱུང་། །རེག་ལས་ཚོར་བ་བྱུང་བར་གྱུར། །ཚོར་ལས་སྲེད་པ་བྱུང་བར་གྱུར། །སྲེད་པ་ལས་ནི་ལེན་པ་བྱུང་། །ལེན་པ་ལས་ནི་སྲིད་པ་བྱུང་། །སྲིད་པ་ལས་ནི་སྐྱེ་བ་བྱུང་། །སྐྱེ་བ་ལས་ནི་རྒས་པ་བྱུང་། །རྒས་པ་ལས་ནི་ན་བ་བྱུང་། །ན་བ་ལས་ནི་ཤི་བ་བྱུང་། །དེ་བཞིན་རྟེན་འདྲེལ་བཅུ་གཉིས་བསྒོམ། །དེ་ལྟར་བསྒོམ་པའི་ཡོན་ཏན་གྱིས། །ས་བཅུ་ཡི་ནི་འབྲས་བུ་འཐོབ། །མི་སྡུག་རྣམ་པ་བརྒྱད་བསྒོམས་ཏེ། །དུར་


DNG003_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོད་ཕྱོགས་སུ་ཕྱིན་ནས་ནི། །རང་གིས་ལུས་ལ་འདི་ལྟར་རྟོག །དང་པོ་རྣམ་པར་སྔོ་བར་འདོད། །དེ་ནས་རྣམ་པར་དམར་བར་འདོད། །རྣམ་པར་གནག་པ་དག་དང་ནི། །དེ་བཞིན་རྣམ་པར་བམ་པ་དང་། །དེ་བཞིན་རྣམ་པར་འབུ་ཞུགས་དང་། །རྣམ་པར་འཐོར་བ་དག་ཏུ་འདོད། །དེ་བཞིན་རྣམ་པར་དཀར་བའོ། །དེ་བཞིན་འདོད་ཆགས་གཉེན་པོ་རུ། །མི་སྡུག་རྣམ་བརྒྱད་བསྒོམ་པའོ། །ཉན་དང་ཐོས་པ་མེད་པ་སྟེ། །དེ་ཕྱིར་རང་རྒྱལ་ཐེག་པར་འདོད། །དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །རང་རྒྱལ་ཐེག་པ་དེ་ལྟར་ན། །བྱང་ཆུབ་སེམས་དཔའི་ཐེག་པ་གསུང་དུ་གསོལ། །ཞེས་ཞུ་བ་ཞུས་སོ། །དེ་ནས་ཡང་བཀའ་སྩལ་པ། ཀྱེ་ཧོ་གསང་བའི་བདག་པོ་ཉོན། །ངས་བསྟན་ལེགས་པར་ཡིད་ལ་ཟུང་། །བྱང་ཆུབ་སེམས་དཔའི་ཐེག་པ་ནི། །འཇུག་པའི་སྒོ་ནི་རྣམ་པ་གཉིས། །དོན་དམ་དང་ནི་ཀུན་རྫོབ་བོ། །བསྲུང་བའི་ཚུལ་ཁྲིམས་ཡན་ལག་ནི། །སྡོམ་པ་བརྒྱད་ཅུ་རྩ་ལྔའོ། །རྟོགས་པའི་བལྟ་བ་སྟོང་ཉིད་ཡེ་ཤེས་སོ། །དོན་དམ་ཀུན་རྫོབ་འདི་ལྟ་སྟེ། །ཀུན་རྫོབ་རྣམ་པ་གཉིས་སུ་འདོད། །ལོག་པ་དང་ནི་ཡང་དག་གོ། །ལོག་པའི་ཀུན་རྫོབ་འདི་ལྟ་སྟེ། །བཏགས་པར་སྣང་བ་ཐམས་ཅད་ཀུན། །མཐུན་པར་སྣང་ལ་དོན་བྱེད་ནུས། །བརྟགས་ན་ངོ་བོ་ཉིད་ཀྱིས་དབེན། །དོན་ནི་མེད་པ་ལྟར་སྣང་ངོ་། །དེ་ནི་ལོག་པའི་ཀུན་རྫོབ་པོ། །ཡང་དག་ཀུན་རྫོབ་འདི་ལྟ་སྟེ། །དགེ་བ་བཅུ་ཡི་ལས་རྣམས་དང་། །དཀར་པོར་འགྱུར་བའི་བསམ་པ་དང་། །མོས་པའི་བསམ་པ་ཅི་སྙེད་པ། །ཡང་དག་ཀུན་རྫོབ་ཆེན་པོར་འདོད། །སྦྱིན་པ་ལ་སོགས་ཚུལ་ཁྲིམས་དང་། །དེ་བཞིན་ཏིང་འཛིན་ལ་སོགས་རྣམས། །ཡང་དག་ཀུན་རྫོབ་ཆེན་པོའོ། །དོན་དམ་ལ་ཡང་རྣམ་པ་གཉིས། །མཚན་མ་ཚིག་གི་དོན་དམ་དང་། །ཡང་དག་སེམས་ཀྱི་དོན་དམ་མོ། །མཚན་མ་ཚིག་གི་དོན་དམ་ནི། །ཐམས་ཅད་སུན་འབྱིན་རྩོད་པའོ། །དེ་ཡང་ཚད་མའི་རིག་པ་ཡིས། །གང་དེ་ཉིད་ལ་དེ་ལྟར་སྣང་། །ཚིག་གི་སྟོང་པ་ཆེན་པོ་ལས། །དོན་དམ་སྟོང་ཉིད་མ་


DNG003_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པའོ། །མཚན་མ་ཚིག་གི་དོན་དམ་མོ། །ཡང་དག་སེམས་ཀྱི་དོན་དམ་ནི། །སྟོང་པ་ཅང་མེད་བསྒོམ་པར་འདོད། །དཔེར་ན་ནམ་མཁའ་སྟོང་པ་བཞིན། །སྟོང་པའི་དོན་ཉིད་དེ་ལྟར་རོ། །སྟོང་ཉིད་ཕྱང་ཆད་མུ་མེད་དོ། །ཞེས་ནི་སྤྱོད་ཅིང་ཆགས་པའོ། །ལམ་ནི་འདི་ལྟར་འདོད་པའོ། །ས་ལ་སྦྱང་བར་འདོད་པ་སྟེ། །དེ་ཡང་དྲོད་བསྐྱེད་བཟོད་པ་དང་། །རྩེ་མོ་འཇིག་རྟེན་ཆོས་མཆོག་གོ། །དྲོད་ལ་རྣམ་པ་གསུམ་གྱིས་བསྟན། །ཕྱི་དང་ནང་དང་གཉིས་ཀའོ། །ཕྱི་ཡི་དྲོད་སྐྱེས་འདི་ལྟ་སྟེ། །གཉིས་པ་དྲི་མ་མེད་པ་ལ། །དངོས་པོས་སྣང་བ་སྟོང་པར་སྐྱེ། །དེ་ནི་ཏིང་འཛིན་ཉམས་ལེན་ཏེ། །ས་གཉིས་དག་ལ་སྐྱེ་བར་འགྱུར། །ནང་གི་དྲོད་ནི་དྲུག་པ་ལས། །སྟོང་པ་རིག་བྱེད་དག་ཏུ་རྟོགས། །གཉིས་ཀའི་དྲོད་ནི་འདི་ལྟ་སྟེ། །བདུན་པ་དག་ལ་སྐྱེ་བར་འགྱུར། །བརྒྱད་པ་བཟོད་པ་ཐོབ་པ་སྟེ། །དགུ་པ་རྩེ་མོ་མཐར་ཕྱིན་ནོ། །བཅུ་པ་འཇིག་རྟེན་ཆོས་ཀྱི་མཆོག །དེ་བཞིན་ས་བཅུ་ཐོབ་པར་འདོད། །དེ་ནི་བྱང་སེམས་ཐེག་པ་སྟེ། །སྟོང་པ་ཚིག་མེད་ཡི་གེ་མེད། །ཅང་མེད་སྟོང་པར་འདོད་པའོ། །དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་ཐེག་པའི་བདག །མཚན་ཉིད་ཐེག་པ་དེ་ལྟར་ན། །རྡོ་རྗེ་ཐེག་པ་གསུང་དུ་གསོལ། །ཞེས་ཞུས་སོ། །ཡང་བཀའ་སྩལ་པ། ཨ་ཧོ་གསང་བའི་བདག་པོ་ཉོན། །ངས་བསྟན་ལེགས་པར་ཡིད་ལ་ཟུང་། །རྡོ་རྗེའི་ཐེག་པ་རྣམ་པ་གཉིས། །ཕྱི་པ་ཐུབ་པའི་རྒྱུད་དང་ནི། །ནང་པ་ཐབས་ཀྱི་རྒྱུད་དུ་གསུངས། །དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་སྤྲུལ་པའི་སྐུ། །ཕྱི་པ་རྒྱུད་ཀྱི་ཐེག་པ་གཉིས། །འཁོར་ལ་མདོར་བསྡུས་གསུང་དུ་གསོལ། །ཞེས་ཞུ་བ་ཞུས་སོ། །དེ་ནས་ཡང་བཀའ་སྩལ་པ། ཀྱེ་ཧོ་གསང་བའི་བདག་པོ་ཉོན། །ཕྱི་པའི་རྒྱུད་ལ་རྣམ་གསུམ་སྟེ། །ཀྲི་ཡ་ཡོ་ག་ཨུ་པ་གསུམ། །བཤད་ལུགས་བསམ་གྱིས་མི་ཁྱབ་པོ། །ཡང་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་གསང་སྔགས་བདག །ཀྲི་ཡའི་ཐེག་པ་གསུང་དུ་གསོལ། །དེ་ནས་ཡང་བཀའ་སྩལ་པ། ཀྱེ་ཧོ་


DNG003_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བའི་བདག་པོ་ཉོན། །ཀྲི་ཡའི་ཐེག་པའི་གྲུབ་མཐའ་ནི། །འཇུག་པའི་སྒོ་ནི་དག་པ་གསུམ། །ཁྲུས་དང་གཙང་སྦྲས་འཇུག་པའོ། །བསྲུང་བའི་དམ་ཚིག་འདི་ལྟ་སྟེ། །ལུང་གཅིག་ཆུ་ལ་མི་བཏུང་ཞིང་། །མ་ཡེངས་ངང་ལ་སྤྱོད་པའོ། །བྱ་བ་དག་པ་རྣམ་གསུམ་བྱེད། །དག་པ་རྣམ་གསུམ་གང་ཞེ་ན། །ལྷ་དང་དཀྱིལ་འཁོར་དག་པ་དང་། །རྫས་དང་ཡོ་བྱད་དག་པ་དང་། །སྔགས་དང་ཏིང་འཛིན་དག་པའོ། །རྟོགས་པའི་བལྟ་བ་འདི་ལྟ་སྟེ། །ལྷ་དང་རྣལ་འབྱོར་དག་པ་གཉིས། །རྗེ་དང་འབངས་ཀྱི་ཚུལ་དུ་བལྟ། །སྤང་བའི་རིམ་པ་འདི་ལྟ་སྟེ། །ཤ་དང་ཉ་དང་སྒོག་པ་དང་། །དེ་བཞིན་ཆང་ལ་སོགས་པ་སྤངས། །ཏིང་ངེ་འཛིན་ལ་ཞེན་པའོ། །ཐེག་པ་ཀྲི་ཡ་དེ་བཞིན་ནོ། །དེ་ནས་ཡང་ཞུ་བ་འདི་སྐད་ཞུས་སོ། །ཀྱེ་ཀྱེ་བཅོམ་ལྡན་ཁྲོ་བདག་སྐུ། །ཀྲི་ཡའི་ཐེག་པ་དེ་ལྟར་ན། །ཨུ་པའི་ཐེག་པ་གསུང་དུ་གསོལ། །ཞེས་ཞུས་སོ། །ཡང་བཀའ་སྩལ་པ། ཨེ་མ་གསང་བདག་ངེས་པར་ཟུང་། །ཨུ་པ་ཡ་ནི་འདི་ལྟ་སྟེ། །ལྟ་བ་ཡོ་གར་བལྟ་བ་ལ། །སྤྱོད་པ་ཀྲི་ཡར་སྤྱོད་པའོ། །དེ་ཕྱིར་གཉིས་ཀའི་རྒྱུད་ཅེས་གྲགས། །དེ་ནས་ཡང་ཞུས་སོ། །ཀྱེ་ཀྱེ་བཅོམ་ལྡན་ཡེ་ཤེས་སྐུ། །ཨུ་པའི་གྲུབ་མཐའ་དེ་ལྟར་ན། །ཡོ་གའི་ཐེག་པ་གསུང་དུ་གསོལ། །ཞེས་ཞུས་སོ། །དེ་ནས་ཡང་བཀའ་སྩལ་པ། ཀྱེ་ཧོ་གསང་བའི་བདག་པོ་ཉོན། །ཡོ་གའི་གྲུབ་མཐའ་འདི་ལྟ་སྟེ། །འཇུག་པའི་སྒོ་ནི་མངོན་པར་བྱང་ཆུབ་ལྔ། །རྟོགས་པའི་བལྟ་བ་ལྷ་དང་གྲོགས་པོའི་ཚུལ། །བསྲུང་བའི་དམ་ཚིག་མ་ཁྲེལ་རྣམ་གསུམ་བསྲུང་། །སྤྱོད་པ་དགག་སྒྲུབ་མེད་པའོ། །བྱང་ཆུབ་ལྔ་པོ་འདི་ལྟ་སྟེ། །གདན་གྱི་སྒོ་ནས་བྱང་ཆུབ་དང་། །ཕྱག་མཚན་སྒོ་ནས་བྱང་ཆུབ་དང་། །སྐུ་ཡི་སྒོ་ནས་བྱང་ཆུབ་དང་། །བསྐྱེད་པའི་སྒོ་ནས་བྱང་ཆུབ་དང་། །ཡིག་འབྲུའི་སྒོ་ནས་བྱང་ཆུབ་པོ། །དེ་ལྟར་བྱང་ཆུབ་ལྔ་པོ་སྤྱོད། །མ་ཁྲེལ་གསུམ་པོ་གང་ཞེ་ན། །ཡི་དམ་ལྷ་ཡིས་མ་ཁྲེལ་དང་། །སློབ་དཔོན་མཆེད་ཀྱིས་མ་ཁྲེལ་དང་། །རང་གི་སེམས་ཀྱིས་མི་ཁྲེལ་བའོ། །ལྷ་དང་རྣལ་འབྱོར་བདག་


DNG003_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱང་། །སྤུན་དང་གྲོགས་པོའི་ཚུལ་དུ་འདོད། །ལྷ་ཡི་དཀྱིལ་འཁོར་བདག་དང་གཉིས་མེད་བསྒོམ། །ལྷ་ཡང་བདག་ལས་བྱུང་ཞིང་བདག་ལ་ཐིམ་པར་འདོད། །དེ་ལྟར་བདག་དང་ལྷ་ཡི་འཕྲོ་འདུར་འདོད་པའོ། །དེ་ནས་ཡང་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཛིན། །ཡོ་གའི་གྲུབ་མཐའ་དེ་ལྟར་ན། །ནང་པའི་ཐེག་པ་གསུང་དུ་གསོལ། །ཞེས་ཞུས་སོ། །དེ་ནས་ཡང་བཀའ་སྩལ་པ། ཀྱེ་མ་གསང་བདག་རྡོ་རྗེ་འཛིན། །མ་ཡེངས་ཚུལ་དུ་གུས་པར་ཉོན། །ནང་པ་རྣམ་པ་གསུམ་དུ་འདོད། །མ་ཧཱ་ཨ་ནུ་ཨ་ཏིའོ། །འདུ་འབྲལ་མེད་པའི་ཚུལ་དུ་འདོད། །ཡང་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་ཡེ་ཤེས་བདག །མ་ཧཱའི་གྲུབ་མཐའ་གསུང་དུ་གསོལ། །ཞེས་ཞུས་སོ། །དེ་ནས་ཡང་བཀའ་སྩལ་པ། ཀྱེ་མ་གསང་བའི་བདག་པོ་ངེས་པར་ཟུང་། །མ་ཧཱའི་གྲུབ་མཐའ་འདི་ལྟ་སྟེ། །འཇུག་པའི་སྒོ་ནི་ཏིང་འཛིན་རྣམ་པ་གསུམ། །རྟོགས་པའི་ལྟ་བ་ཅིར་སྣང་ལྷ་དང་ལྷ་མོར་བལྟ། །བསྲུང་བའི་དམ་ཚིག་རྩ་བ་སྐུ་གསུང་ཐུགས། །འབྲས་བུ་ཐབས་དང་ཤེས་རབ་འདུ་འབྲལ་མེད་པའོ། །ཏིང་འཛིན་རྣམ་གསུམ་འདི་ལྟ་སྟེ། །དེ་བཞིན་ཉིད་ཀྱི་ཏིང་འཛིན་ནི། །རྟོག་མེད་ས་ལེ་སང་ངེའོ། །ཀུན་ཏུ་སྣང་བའི་ཏིང་འཛིན་ནི། །གསལ་ལ་མ་ཡེངས་ཚུལ་དུ་བསྒོམ། །དེ་བཞིན་རྒྱུ་ཡི་ཏིང་འཛིན་ནི། །ཧཱུྃ་ལས་སེམས་དཔའ་སུམ་བརྩེགས་བསྒོམ། །བདག་ཉིད་དམ་ཚིག་སེམས་དཔའ་ལ། །ཕུན་སུམ་ཚོགས་པ་བཞི་དང་ལྡན། །ཏིང་འཛིན་ཡིག་འབྲུ་སེམས་དཔའ་ལ། །གསལ་བ་རྣམ་པ་གསུམ་དང་ལྡན། །ཡེ་ཤེས་སེམས་དཔའ་རྣམ་གཉིས་ཏེ། །ཞི་བ་དང་ནི་ཁྲོ་བོའོ། །རྒྱུ་ཡི་ཏིང་འཛིན་འདི་ལྟ་སྟེ། །ཡཾ་རླུང་གི་དཀྱིལ་འཁོར་དང་རཾ་མེའི་དཀྱིལ་འཁོར་དང་ཁཾ་ཆུའི་དཀྱིལ་འཁོར་དང་ནི། །ར་རཀྟའི་རྒྱ་མཚོ་དང་སུཾ་གསེར་གྱི་ས་གཞི་དང་ཀེཾ་ཀེང་རུས་ཀྱི་རི་རབ་དང་ནི། །པཾ་པདྨའི་གདན་འདབ་མ་སྟོང་དང་ལྡན་དང་ཨ་དེའི་སྟེང་དུ་ཨ་ལས་ཟླ་བའི་དལ་དང་མ་དེའི་སྟེང་དུ་ཉི་མའི་དལ་དང་ནི། །ཧཱུྃ་སཾ་ཧ་འ་ན་ཧཱུྃ་གིས་ཚུར་བསྡུའོ་དང་ཕཊ་སྥ་ར་ཎ་ཕཊ་ཀྱིས་སྤྲོས་སོ་ལ་སོགས་པའོ། །ཡིག་འབྲུའི་འོད་ཟེར་བསམ་མི་ཁྱབ། །རབ་ཏུ་


DNG003_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་ནས་ང་གདན་གྱི་སྟེང་དུ་ཡི་དམ་ལྷ་རྒྱལ་ལྡན། །རྣམ་པ་ལྷ་དང་སྟོང་པའོ། །དེ་ནི་ཏིང་འཛིན་གསུམ་དུ་འདོད། །དམ་ཚིག་རྣམ་གསུམ་འདི་ལྟ་སྟེ། །སྐུ་ཡི་སྒོ་ནས་སྲོག་གཅོད་སྤང་བར་བྱ། །མ་བྱིན་ལེན་དང་མི་ཚངས་སྤྱོད་པ་སྤང་། །གསུང་གི་སྒོ་ནས་རྫུན་དང་ཕྲ་མ་སྤང་། །ཚིག་རྩུབ་དང་ནི་དེ་བཞིན་ངག་འཁྱལ་སྤང་། །ཐུགས་ཀྱི་སྒོ་ནས་བརྣབ་སེམས་གནོད་སེམས་དང་། །ལོག་པར་ལྟ་བ་སྤང་བར་བྱ། །ཐབས་དང་ཤེས་རབ་འདུ་འབྲལ་མེད་པར་རྟོགས། །མ་ཧཱའི་གྲུབ་མཐའ་དེ་བཞིན་འདོད། །དེ་ནས་ཡང་གསང་བའི་བདག་པོ་རྡོ་རྗེ་འཛིན་པ་ཆེན་པོ་དེས། འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་འདས་པའི་སྐུ། །མ་ཧཱའི་གྲུབ་མཐའ་དེ་ལྟར་ན། །ཨ་ནུའི་གྲུབ་མཐའ་གསུང་དུ་གསོལ། །ཞེས་ཞུ་བ་ཞུས་སོ། །དེ་ནས་ཡང་བཀའ་སྩལ་པ། ཀྱེ་མ་རྡོ་རྗེ་འཛིན་པ་ཉོན། །ལུང་ཆེན་ཨ་ནུའི་ཐེག་པ་ནི། །དབྱིངས་དང་ཡེ་ཤེས་རྣམ་པ་གཉིས། །འདུ་འབྲལ་མེད་པའི་རྡོ་རྗེར་འདོད། །འཇུག་པའི་སྒོ་ནི་ཅིག་ཅར་རིམ་གྱིས་སོ། །རྟོགས་པའི་ལྟ་བ་འདུ་འབྲལ་མེད་པའོ། །ཅིག་ཆར་འཇུག་པ་གང་ཞེ་ན། །ལྷ་རྣམས་མ་བསྐྱེད་སྙིང་པོ་དྲན་པས་རྫོགས། །རིམ་གྱིས་འཇུག་པ་གང་ཞེ་ན། །དབྱིངས་དང་ཡེ་ཤེས་རིམ་ཞུགས་ནས། །རྡོ་རྗེ་འཛིན་པའི་ས་ལ་འབྲས་བུ་ཐོབ། །བསྲུང་བའི་དམ་ཚིག་འདི་ལྟ་སྟེ། །གསང་སྔགས་དོན་སྟོན་རྟག་ཏུ་བཀུར་བར་བྱ། །གསང་སྔགས་སྟོན་པའི་སློབ་དཔོན་ལ། །ཅི་འབྱོར་པ་ཡི་མཆོད་པ་ཕུལ། །སློབ་དཔོན་དང་ནི་དེ་བཞིན་གཤེགས། །ཁྱད་མེད་གཅིག་གི་ངོ་བོར་གནས། །མདོར་བསྡུས་དབྱིངས་དང་ཡེ་ཤེས་སོ། །ལུང་ཆེན་ཨ་ནུའི་གྲུབ་མཐའ་འོ། །དེ་ནས་ཡང་ཞུས་པས། ཀྱེ་ཀྱེ་བཅོམ་ལྡན་ཡེ་ཤེས་སྐུ། །ཨ་ནུའི་ཐེག་པ་དེ་ལྟར་ན། །རྫོགས་ཆེན་ཨ་ཏི་ཡོ་ག་ཡི། །ལྟ་བ་ཕྱིན་ཅི་མ་ལོག་པ། །ཐེག་པའི་མདོར་བསྡུས་གསུང་དུ་གསོལ། །ཞེས་ཞུས་སོ། །ཡང་བཀའ་སྩལ་པ། ཀྱེ་མ་གསང་བའི་བདག་པོ་ཉོན། །ངས་བསྟན་ལེགས་པར་ཡིད་ལ་ཟུང་། །རྫོགས་ཆེན་ཨ་ཏི་ཡོ་ག་ལྟ་བ་ཕྱིན་ཅི་མ་ལོག་པ་ལ། །གཅིག་མ་རིག་པ་མེད་རྫོགས་


DNG003_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་རིག་པའི་སྐུ་རྫོགས་ཐམས་ཅད་ཆོས་ཀྱི་དབྱིངས་རྫོགས། །གཅིག་སྒྲོན་མ་བྱུང་གཉིས་ཤེས་རབ་བྱུང་ཐམས་ཅད་ཡེ་ཤེས་བྱུང་། །གཅིག་སྟོང་པ་ཉིད་སྐྱེས་གཉིས་དབྱིངས་དང་ཡེ་ཤེས་སྐྱེས་ཐམས་ཅད་འོད་ཀྱི་སྐུ་རྣམ་པར་དག་པ་སྐྱེས། །གཅིག་མ་རིག་པ་མེད་གཉིས་སེམས་དང་ཡིད་མེད་ཐམས་ཅད་ཉོན་མོངས་པ་མེད། །དེ་བཞིན་རྫོགས་ཆེན་ཨ་ཏི་ལ། །བྱས་པའི་ཆོས་ནི་ཀ་ནས་མེད། །བྱ་དང་བྱེད་པ་མེད་པའོ། །རྫོགས་པ་ཆེན་པོའི་དོན་ཉིད་ལ། །དམ་ཚིག་བསྲུང་རྒྱུ་མེད་པས་ཡེ་ནས་བསྲུངས་དང་བྲལ། །མེད་པ་ཕྱལ་པ་ལྷུན་གྲུབ་གཅིག་པུ་ཉིད། །གསང་སྔགས་ཀུན་གྱི་དགོངས་པ་ཆེན་པོ་ཡིན། །རྫོགས་ཆེན་ཨ་ཏི་ཡོ་ག་འདི། །དཔེར་ན་གཅན་གཟན་སེང་གེ་བཞིན། །གསང་བ་ཨ་ཏི་ཡོ་ག་ནི། །རང་རིག་གཏན་ལ་འབེབ་ཅིང་ཐེག་དམན་ཟིལ་གྱིས་གནོན། །རང་བྱུང་རང་ལ་ཐིམ་ཞིང་སྐུ་གསུམ་དོན། །སྐྱེ་མེད་དབྱིངས་ལས་བསྒོམ་མེད་ཆེན་པོ་ཡི། །བསྒོམ་དུ་སྒོམ་བྱེད་གཉིས་དང་བྲལ། །འཛིན་པ་མེད་པའི་རང་གྲོལ་ནི། །དཔེར་ན་སྦྲུལ་གྱི་མདུད་པ་བཞིན། །རང་གྲོལ་རང་སངས་ཆེན་པོའོ། །དེ་བཞིན་མཚན་མའི་བསམ་པ་རྣམས། །རང་གྲོལ་རང་སངས་ཆེན་པོའོ། །རྫོགས་ཆེན་ཨ་ཏིའི་ཐེག་པ་ལ། །རེ་དང་དོགས་པ་ག་ལ་ཡོད། །རེ་དོགས་ཡོད་ན་ལྟུང་བའི་རྒྱུ། །དེ་བཞིན་ཉིད་དེ་རང་གྲོལ་ལོ། །དེས་ན་མཚན་མར་སྣང་བ་ཡང་། །རང་ལས་བྱུང་ཞིང་རང་ལ་ཐིམ། །དེ་བཞིན་རྫོགས་ཆེན་ཨ་ཏི་ལ། །བསྒྲུབ་མེད་སྒྲུབ་དང་བྲལ་བའོ། །བྱས་མེད་བྱུང་བ་མེད་པའོ། །འགག་མེད་ཁྱབ་གདལ་འུབ་ཆུབ་པོ། །འགྱུར་མེད་ཀློང་ཡངས་ཆེན་པོའོ། །ཆོས་མེད་སངས་རྒྱས་མེད་པའོ། །གནས་མེད་ཡེ་ཤེས་མེད་པའོ། །སེམས་མེད་ཡིད་མེད་སངས་རྒྱས་མེད་པའོ། །ཞེས་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། ཐེག་པ་རིམ་དགུའི་དབྱེ་བ་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་བདུན་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་ཐམས་ཅད་མཁྱེན། །རིམ་དགུའི་གྲུབ་མཐའ་དེ་ལྟར་ན། །ཁམས་གསུམ་འཁོར་བའི་སེམས་ཅན་གྱི། །དང་པོའི་འཁྲུལ་ཚུལ་ཅི་ལྟར་ལགས། །ཞེས་ཞུས་སོ། །


DNG003_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཡང་བཀའ་སྩལ་པ། ཀྱེ་གྲོགས་པོ་དག །ཡང་དག་པའི་སངས་རྒྱས་ལ་འཁྲུལ་པ་མི་མངའ་ཡང་། རྡོ་རྗེ་སེམས་དཔའ་དང་པོ་གཞི་ཞེས་བྱ་བ་ངེས་པ་མེད་པ་ཅིར་ཡང་སྣང་བ། གང་ཡང་ཐོགས་པ་མེད་པ། རང་བཞིན་མ་ངེས་པ། ངོ་བོ་མི་འགྱུར་བ། ངང་གིས་མ་གཡོས་པ། ཡེ་ཤེས་ཀྱི་འོད་གསལ་བ། འོད་དེ་ཡང་ཀུན་ལ་སྣང་ཞིང་དོན་བྱེད་ནུས་པ། བདག་དང་བདག་གིས་སྟོང་པ། སྟོང་པ་ཉིད་མི་འགྱུར་བའི་ཆོས་ཅན་གསལ་ལ་མ་ངེས་པ། དེ་ཡང་སྐད་ཅིག་མ་ངེས་པ་ལས་འགྱུར་བ་མེད་པ་དོན་གྱི་སྙིང་པོ་ཚིག་ལས་འདས་པའོ། །གཞི་ཐོག་ནས་འཁྲུལ་ལུགས་ནི། ཡུལ་ཡངས་པ་ཅན་ཞེས་བྱ་བ་ནས་འཁྲུལ་ལོ། །གནས་དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་ལ་དབང་པོ་ཉི་ཤུ་རྩ་གཅིག་ཡོད་པའི་ཕྱིར་རོ། །དེ་ཡང་ངོ་བོ་ལ་འགྱུར་བ་མེད་དོ། །རང་བཞིན་མ་ངེས་སོ། །ངོ་བོ་ནི་ཀ་དག་གི་ཡེ་ཤེས་སོ། །ཐུགས་རྗེའི་སྣང་བ་སྣ་ཚོགས་འཆར་བའོ། །མཛེས་ལྡན་ཞེས་བྱ་བ་ནས་འཁྲུལ་ལོ། །དུས་ནམ་སྲོས་པ་ན་འཁྲུལ་ལོ། །དེ་ཡང་ལ་ལ་ཉམས་ལས་འཁྲུལ། ལ་ལ་སྙམ་བྱེད་ལས་འཁྲུལ། ལ་ལ་དེ་མ་ཐག་པ་ལས་འཁྲུལ། ལ་ལ་སྣང་བ་ལས་འཁྲུལ། དེ་བཞིན་དུ་ཉི་ཤུ་རྩ་གཅིག་ཏུ་ཤེས་པར་བྱའོ། །ལོ་ཕག་གི་ལོ་ལ་འཁྲུལ་ལོ། །དེ་ཡང་གཏི་མུག་ལས་མ་རིག་པའི་རྒྱུ་ལངས་ཏེ་ཕག་གི་ཡུལ་དང་ངའི་ཤེས་པ་བྱུང་བ་ཡུལ་དུ་བཟུང་ནས་བདག་གི་ཡིན་སྙམ་པ་ཙམ་ལས་རྒྱུ་རྩ་བའི་མ་རིག་པ་ལངས་པ་ཞེས་བྱ་བ་སྟེ་དེ་ཡང་ཡུལ་ཡུལ་ཅན་གྱི་དབང་དུ་བྱས་ན་ཡུལ་གཟུང་བ་དང་བློའི་ཤེས་པ་མཉམ་དུ་ལངས་པ་ལྟ་བུར་བཟུང་ནས་སྐྱེ་བ་པ་དང་པོའི་རྟོག་པ་བྱུང་ངོ་། །ཉི་མ་སྦྲུལ་གྱི་ཉི་མ་ལ་འཁྲུལ་ལོ། །དེ་ཡང་ཞེ་སྡང་ལས་མ་རིག་པའི་གནས་ཙམ་དུ་བྱུང་ནས་སེམས་ཅན་ཐམས་ཅད་ཀྱང་ང་ཡི་སྙམ་པའི་རང་གི་ཤེས་པ་བཟུང་ནས་སྐད་ཅིག་གིས་ཉོན་མོངས་པ་ཡུལ་ལ་སྣང་བས་ཡུལ་དང་དབང་པོ་སྣོད་དུ་རུང་བའི་ཤེས་པར་འཁྲུལ་པས་མ་རིག་པའོ། །སྐར་མ་བྱ་ལ་འཁྲུལ་ལོ། །དེ་ཡང་ཉོན་མོངས་པ་འདོད་ཆགས་ཤས་ཆེར་བྱུང་བས་འཁྲུལ་གཞི་སྔ་བར་བྱུང་ངོ་། །དེ་ལས་ཉོན་མོངས་པའི་ཚོགས་བསམ་གྱིས་མི་ཁྱབ་པ་བྱུང་སྟེ་ཡུལ་མེད་པ་ལ་ཡུལ་དུ་བཟུང་ནས་འཁྲུལ་ལོ། །མིའི་མིང་ནི་རྒན་མོ་ལིང་ཏོག་ཅན་ཞེས་བྱ་བ་འཁྲུལ་ལོ། །དེ་ཡང་མ་རིག་པ་དངོས་སུ་སྣང་བ་ལས་འཁྲུལ་པ་དྲུག་བྱུང་སྟེ་དེ་ལས་ཡེ་ཤེས་ཀྱི་ཆ་ཤས་ཕྲ་བ་གཅིག་བྱུང་སྟེ་ཡུལ་ལ་སྣང་བ་ལས་ལམ་ལ་ཐག་རིང་བ་ལྟར་སྣང་བ་ཡིན་ནོ། །དུས་མ་ངེས་པ་ལས་འཁྲུལ་ལོ། །དེ་ཡང་རང་བཞིན་མ་ངེས་པ་ངོ་བོ་མི་འགྱུར་བ་ཡུལ་ཀུན་ལ་འཇུག་པ་ཡེ་ཤེས་རང་ལ་ཤར་བ་མ་ཤེས་ནས་ཀུན་དུ་འཁྲུལ་ལོ། །གྲོགས་ནི་མི་བཞིས་བྱས་སོ། །དེ་ལ་རྐྱེན་བཞི་བྱུང་བས་འཁྲུལ་པ་ཡུལ་གྱི་ཕ་མ་ཞེས་བྱ་སྟེ་མ་རིག་པ་དངོས་ནི་བདག་པོའི་རྐྱེན། དེའི་རྒྱུ་རང་ལ་ཡོད་པས་རྒྱུའི་རྐྱེན། ཡུལ་གཞན་ལ་རྟོག་པས་དམིགས་པའི་རྐྱེན། དེ་མ་ཐག་


DNG003_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྐྱེན་ཏེ་འཁྲུལ་པ་བརྒྱད་དུ་བྱུང་ངོ་། །དེ་ནས་མི་རྒོད་ལྔ་བྱུང་ངོ་། །དེ་ལས་ཉོན་མོངས་ལྔ་བྱུང་སྟེ་འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ཕྲག་དོག་བྱུང་སྟེ་འཁྲུལ་པ་དགུ་བྱུང་ངོ་། །རྒྱབ་བརྟེན་པ་མི་གཅིག་བྱུང་ངོ་། །དེ་ཡང་འཁོར་བ་ཞེས་བྱ་བ་ཡུལ་ལ་མངོན་པར་སྣང་བ་དགའ་བ་དང་མི་དགའ་བའི་སེམས་བསམ་པ་སྣ་ཚོགས་འབྱུང་ངོ་། །བདེ་བ་དང་སྡུག་བསྔལ་བ་ཡང་བྱུང་ངོ་། །དེ་ནས་རྐུན་མ་མི་གཅིག་བྱུང་ངོ་། །དེ་ནི་ཁོང་ཁྲོ་ཞེས་བྱ་སྟེ་ཡུལ་དང་ཤེས་པ་ལྷན་ཅིག་ཏུ་གནས་པ་བྱུང་ནས་ལམ་དུ་ཡེ་ཤེས་མ་གསལ་ལོ། །དེ་ཐམས་ཅད་བསགས་པས་མི་གཅིག་བྱུང་ངོ་། །དེ་ཐམས་ཅད་འདུས་པ་ཞེས་བྱ་སྟེ། མ་རིག་པ་དང་མཚུངས་པར་ལྡན་པའི་ཡིད་ཅེས་བྱ་བ་གཅིག་བྱུང་ནས་ཡེ་ཤེས་ལམ་དུ་སྒྲིབ་སྟེ་དེ་ཡུལ་ལ་འཆར་དུ་མ་སྟེར་ནས་ང་དང་བདག་ཏུ་བཟུང་ངོ་། །དེ་ལ་སོགས་པ་དམག་གི་ཚོགས་དཔག་ཏུ་མེད་པ་བྱུང་ངོ་། །དེ་ལ་སོགས་པ་དཔག་ཏུ་མེད་པར་འཁྲུལ་ལོ། །དེ་ནི་འཁྲུལ་གཞི་མེད་པ་ལས་བྱུང་བའི་ཕྱིར་ན་སྲིད་པ་ཞེས་བྱ་བ་ཆགས་སོ། །སེམས་ཅན་གྱི་གཟུགས་བསམ་གྱིས་མི་ཁྱབ་པ་ཆགས་སོ། །འཁྲུལ་པའི་ལམ་དང་བསམ་པ་ཡང་། ཅི་ལྟར་བསམ་པའི་རྟོག་པ་ལྟར་རྟོག་པ་བྱུང་ངོ་། །ཞེས་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། དང་པོའི་འཁྲུལ་གཞི་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་བརྒྱད་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་ད་ལྟའི་སྐུ། །དང་པོའི་འཁྲུལ་ལུགས་དེ་ལྟར་ན། །སེམས་ཅན་བློ་ལ་ཅི་ལྟར་གནས། །ཞེས་ཞུས་སོ། །དེ་ནས་ཡང་བཀའ་སྩལ་པ། ཀྱེ་མ་གསང་བའི་བདག་པོ་ཉོན། །ཡང་དག་སངས་རྒྱས་དགོངས་པ་ནི། །སེམས་ཅན་ཀུན་གྱི་རང་རྒྱུད་ལ། །སྐུ་དང་ཡེ་ཤེས་ཚུལ་དུ་གནས། །དེ་ཡང་ཙིཏྟའི་དཀྱིལ་ན་ནི། །ཉུང་འབྲུ་འམ་ནི་ཏིལ་འབྲུ་ཙམ། །མ་བསྐྱེད་རྫོགས་པའི་ཚུལ་དུ་གནས། །ཙིཏྟའི་སྒོ་བཞི་མ་འགགས་གསལ། །རྣམ་པར་འཆར་བ་བྱེད་པ་དང་། །རྣམ་པར་ནུབ་པར་བྱེད་པ་དང་། །སྐད་ཅིག་འཆར་བར་བྱེད་པ་དང་། །སྐད་ཅིག་ནུབ་པར་བྱེད་པའོ། །དེ་ཡང་མཚན་བརྗོད་འདི་ལྟ་སྟེ། །ཀ་ཏི་གསེར་གྱི་རྩ་ཆེན་དང་། །ཤེལ་གྱི་སྦུ་གུ་ཁོང་པ་སྟོང་། །དར་དཀར་སྣལ་མ་ཕྲ་ལ་འཁྲིལ། །སྟོང་པ་རང་གྲོལ་རྩ་ཆེན་པོ། །དེ་ཡང་སྒོ་བཞི་རང་སྣང་རྩ། །དེ་ནས་ལམ་བྱུང་ཨ་བ་དྷཱུ་ཏིའི་ནང་དུ་ཐིམ། །དྷཱུ་ཏིའི་ནང་ནས་འོད་འཕྲོས་ཏེ། །


DNG003_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

སྒལ་ཚིགས་གཡས་ནས་ལམ་ཕྱུང་སྟེ། །རྩེ་ཆུང་གཡས་ནས་དུང་ཁང་ནང་དུ་ཐིམ། །དེ་ལས་འོད་འཕྲོས་སྒྲོན་མ་བཞི། །མ་འགགས་ནམ་མཁའ་སྟོང་པ་ལ། །སང་ངེ་ས་ལེ་འོད་ཀྱི་སྐུ། །ལུ་གུ་རྒྱུད་ཀྱི་ཚུལ་དུ་གནས། །སྒྲོན་མ་རྣམ་བཞི་འདི་ལྟ་སྟེ། །ཐིག་ལེ་སྟོང་པའི་སྒྲོན་མ་དང་། །རིག་པ་དབྱིངས་ཀྱི་སྒྲོན་མ་དང་། །ཤེས་རབ་རང་བྱུང་སྒྲོན་མ་དང་། །རྒྱང་ཞགས་ཆུ་ཡི་སྒྲོན་མ་ནི། །སེམས་ཅན་ཀུན་ལ་གནས་པའོ། །སྙིང་པོ་འགྱུར་མེད་ཆེན་པོ་ནི། །ཁྱབ་གདལ་འུབ་ཆུབ་བདེ་ཆེན་ཀུན་ལ་ཁྱབ། །བརྗོད་མེད་དོན་རྟོགས་ལམ་ལ་བཅོས་པ་མེད། །རྣམ་དག་དོན་སྤྱོད་ཡེ་ཤེས་གཡོ་བ་མེད། །རྒྱུ་མེད་སེམས་མེད་རྟོག་པ་མེད། །མ་རྟོགས་འཁོར་བ་ཐམས་ཅད་ལ། །སྙིང་པོ་དག་པ་འགྱུར་མེད་གཞི། །རང་བྱུང་རང་ལ་གནས་པའོ། །དེ་ནི་དག་པའི་གནས་ལུགས་སོ། །དེ་ནས་ཡང་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་སེམས། །དག་པའི་གནས་ལུགས་དེ་ལྟར་ན། །ཁམས་གསུམ་འཁོར་བའི་སེམས་ཅན་ལ། །མ་དག་སྣང་བ་ཅི་ལྟར་ལགས། །ཞེས་ཞུས་སོ། །དེ་ནས་ཡང་བཀའ་སྩལ་པ། ཀྱེ་ཧོ་གསང་བདག་རྡོ་རྗེ་འཛིན། །ངས་བསྟན་ལེགས་པར་ཡིད་ཀྱིས་ཟུང་། །མ་དག་པ་ཡི་གནས་ལུགས་ནི། །སེམས་ཅན་ཀུན་གྱི་རང་རྒྱུད་ལ། །མ་དག་སུམ་བརྩེགས་གནས་པའོ། །དེ་ཡང་གནས་ལུགས་འདི་ལྟ་སྟེ། །སྙིང་དང་གློ་བའི་བར་ན་ཡང་། །བརྩེགས་མ་གསུམ་དུ་གནས་པའོ། །དེ་ནི་རྩ་ནས་འགྱུ་བའོ། །སྲོག་པ་རྩ་ནས་ལམ་ཕྱུང་ངོ་། །སྒོ་ནི་ཁ་དང་སྣ་ནས་བྱུང་། །དེ་ལས་སྟོང་ཕྲག་བརྒྱད་ཅུའོ། །དེ་ལ་སོགས་པའི་ཉོན་མོངས་རྣམས། །སྣ་ཚོགས་དུ་མར་འབྱུང་བའོ། །དེ་ནས་ཡང་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་མ་འོངས་སྐུ། །དག་པ་དང་ནི་མ་དག་པའི། །གནས་ལུགས་མདོར་བསྡུས་དེ་ལྟར་ན། །གཉིས་ཀྱི་ལ་བཟླ་གསུང་དུ་གསོལ། །ཞེས་ཞུས་སོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨེ་མ་གསང་བའི་བདག་པོ་ཉོན། །ཡང་དག་ཆོས་ཉིད་ལྟ་བ་ནི། །ཕྱོགས་དང་རིས་མེད་གཅིག་པུ་ཉིད། །ཡང་དག་བདེ་ཆེན་ལྟ་བ་ལ། །དག་དང་མ་དག་གཉིས་སུ་མེད། །


DNG003_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་དང་ངན་པའི་ཡུལ་ལས་འདས། །ཡིན་དང་མིན་པའི་རྟོག་པ་མེད། །བླང་དང་དོར་བའི་སེམས་མེད་ཅིང་། །གཅིག་དང་དུ་མར་མེད་པའོ། །ཐིག་ལེ་ཉག་གཅིག་ངོ་བོའོ། །མ་རིག་རིག་པའི་ངོ་བོར་རྟོགས། །རྣམ་རྟོག་ཆོས་ཉིད་ངང་དུ་རྟོགས། །ཆགས་སྡང་ལྔ་པོ་ཡེ་ཤེས་ལྔ། །ཡུལ་ལྔ་འོད་ལྔ་དག་ཏུ་རྟོགས། །དེ་བཞིན་རྣམ་པ་ཐམས་ཅད་ཀུན། །དག་དང་མ་དག་མེད་པའོ། །ཞེས་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། སེམས་ཅན་རང་རྒྱུད་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་དགུ་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ་བཅོམ་ལྡན་ཐུགས་རྗེ་ཆེན་པོ་དང་ལྡན་པ། སེམས་ཅན་ཀུན་གྱི་རྒྱུ་དེ་ལྟར་ལགས་ན། དང་པོ་གཞིའི་གནས་ལུགས་ཇི་ལྟར་ལགས། དོན་དམ་པ་བདག་ཅག་རྣམས་ལ་བསྟན་དུ་གསོལ། ཞེས་ཞུས་སོ། །དེ་ནས་ཡང་བཀའ་སྩལ་པ། ཨེ་མ་ཧོ། ཕྱག་ན་རྡོ་རྗེ་ཁྱོད་ཉོན་ཅིག །དང་པོ་ང་ལས་བྱུང་བའོ། །ང་མེད་པ་ཡི་སྔོན་རོལ་ནས། །གཞི་ནི་འདི་ལྟར་གནས་པ་སྟེ། །གཞི་ཀ་དག་ཆེན་པོ་ཞེས་བྱ་སྟེ། །ངོ་བོ་རང་བཞིན་ཐུགས་རྗེ་རྣམ་པ་གསུམ་དུ་གནས་སོ། །ངོ་བོ་མི་འགྱུར་བའི་ཡེ་ཤེས། མ་འགགས་པར་གསལ་བ་གཞོན་ནུ་བུམ་སྐུའི་གནས་ལུགས་ཞེས་བྱའོ། །རང་བཞིན་འོད་ལྔའི་སྣང་བ་མ་འགགས་པའོ། །ཐུགས་རྗེའི་སྣང་བ་ནི། དཔེར་ན་སྤྲིན་མེད་པ་ལྟ་བུའོ། །དེ་ནི་ཀ་དག་གི་གནས་ལུགས་ཞེས་བྱ་སྟེ། རྒྱ་གར་ཡང་མ་ཆད། ཕྱོགས་གར་ཡང་མ་ལྷུང་བའོ། །དེའི་འོག་ན་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ཞེས་བྱ་བ་ཡོད་དེ། དེ་ལ་འཆར་ལུགས་རྣམ་པ་གསུམ་ཡོད་དོ། །སྒོ་རྣམ་པ་གཉིས་ཡོད་དོ། །དེ་ནི་གཞི་ལྷུན་གྲུབ་ཞེས་ཀྱང་བྱའོ། །གཞི་མ་ངེས་པ་ཞེས་ཀྱང་བྱ། གཞི་སྣ་ཚོགས་སུ་འཆར་བ་ཞེས་ཀྱང་བྱའོ། །དེ་མན་ཆད་ན་ལྡོག་པའི་ས་ཡོད་དོ། །དེའི་འོག་ན་གཞི་སྣང་ཆེན་པོ་ཞེས་བྱ་བ་ཡོད་དོ། །དེའི་འོག་ན་ལོངས་སྐུའི་སྣང་བ་ཡོད་དོ། །རིགས་ཀྱི་བུ་སྒྲོན་མ་རྣམ་པ་གཉིས་ངོ་ཤེས་པར་གྱིས་ཤིག །རྣམ་པར་ཤེས་པ་རྩེ་གཅིག་པའི་ཏིང་ངེ་འཛིན་གྱིས་ཉམས་སུ་ལོངས་ཤིག །སྒྲོན་མ་རྣམ་པ་


DNG003_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ལ་འདྲིས་པར་གྱིས་ཤིག །དེ་ལྟར་ཉམས་སུ་ལོངས་ནས་ཡེ་ཤེས་ཀྱི་སྣང་བ་ཐོགས་པ་མེད་པར་འཆར་རོ། །དེའི་ཕྱིར་ན་ཡེ་ཤེས་ཀྱི་སྣང་བ་ལ་རྟག་ཏུ་གོམས་པར་བྱའོ། །རང་རང་གི་བདེན་པ་མཐོང་བར་བྱའོ། །རང་རང་གིས་རིག་པའི་དྲོད་སྐྱེས་པའི་ཚད་ཟིན་པར་བྱའོ། །མཚོན་པའི་ཡེ་ཤེས་ཤེས་པར་གྱིས་ཤིག །ཅེས་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། གཞིའི་གནས་ལུགས་བསྟན་པའི་ལེའུ་སྟེ་སུམ་ཅུ་པའོ།། །།དེ་ནས་ཡང་གསང་བའི་བདག་པོ་དང་མི་དང་མི་མ་ཡིན་གྱི་འཁོར་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་ཧོ། སྟོན་པ་ཆེན་པོ་བདག་ཅག་མོས་པའི་འཁོར་རྣམས་ལ། གཞིའི་གནས་ལུགས་དེ་ལྟར་ལགས་ན། རང་གིས་རྟོགས་ཚུལ་ཅི་ལྟར་ལགས། ཞེས་ཞུས་སོ། །དེ་ནས་ཡང་བཀའ་སྩལ་པ། ཀྱེ་མོས་པའི་འཁོར་རྣམས་ཉོན་ཅིག །དོན་ཆེན་པོ་ངས་བསྟན་གྱིས། གུས་པ་དང་བཅས་པའི་སེམས་ཀྱིས་ཉོན་ཅིག །དེ་ཡང་རྟོགས་པ་ལ་སོ་སོ་ཐ་དད་པ་ལྟར་སྣང་ངོ་། །རྟོགས་པ་དང་མ་རྟོགས་པ་གཉིས་ཀྱིས་ཁོང་ན་ཐམས་ཅད་ཡོད་དོ། །སྟོན་པ་ཆོས་ཀྱི་རྗེས་ཚིགས་སུ་བཅད་དེ་བཀའ་སྩལ་པ། ཨེ་མ་ཧོ། ནོར་བུ་རིན་ཆེན་བདུད་རྩི་འདི། །བཙལ་བས་རྙེད་པའི་ཐབས་མེད་དེ། །ཀུན་གྱི་ཙིཏྟའི་དཀྱིལ་འཁོར་ན། །འགག་མེད་ཚུལ་གྱིས་འོད་ལྔར་གསལ། །འགྱུར་མེད་དོན་གྱི་སྐུ་ལྔ་གནས། །ཁྱབ་བརྡལ་དྷཱ་ཏུ་ལས་ཡེ་ཤེས་བྱུང་བར་བསྟན་པ་དང་རིག་པ་དང་དྷཱ་ཏུ་འདུ་འབྲལ་མེད་པར་དབྱིངས་འབྱུང་བར་བསྟན་པའོ། །ས་དང་པོ་ལས་ཀུན་གྱི་ཡེ་ཤེས་འཆར་བའོ། །འུབ་ཆུབ་བདེ་བའི་སྐུ། །ཀུན་ལ་འོད་སེམས་ཅན་ཐམས་ཅད་ལ་སྣང་བའི་འོད་ལྔ་རང་ཆས་སུ་གནས་སོ། །དེ་ཡང་སྣང་བའི་འོད་ལ་ཞེ་འདོད་མེད་པར་སྣང་བའོ། །ཀྱི་སྙིང་པོར་ངའི་སྐུ་ལ་འཕེལ་འགྲིབ་མེད་སྟོང་པ་རྡོ་རྗེའི་སྐུ་ལ་མཐར་ཐུག་མེད། ཆོས་ཉིད་ཀྱི་ཡུལ་ལ་སྣང་བ་མེད་གནས། །རྟོག་མེད་རྣམ་དག་ཆོས་ཀྱི་དབྱིངས། །དེ་ཡང་ཆོས་ཀྱི་དབྱིངས་རྣམ་པར་དག་པ་དངོས་པོའི་ཆོས་དང་བྲལ་བ་ཡིན་པ་ལ་སྣང་བ་ཙམ་མེད་པ་ལ་བཟུང་དུ་མེད་པ་ཡུལ་ལ་སེམས་མེད་པ་སྣང་བ་ལ་ཡེ་ཤེས་མེད་སྒྲོན་མ་ལ་ཡིད་མེད་སེམས་ལ་ཆོས་མེད་པའོ། །འགྲན་ཟླ་མེད་པར་ཉག་གཅིག་པའོ། །རྫོགས་པའི་ཡེ་ཤེས་ཕྱོགས་ཀུན་དང་བྲལ་བས་སྟོང་པའི་ཡེ་ཤེས་དངོས་པོར་སྣང་བ་མ་ཡིན་པས་ཤེས་པ་རིག་པའི་ངོ་བོ་ཡིན། རིག་པ་ཉིད་ལས་གཞན་ན་མེད་དེ་རིག་པ་ཉིད་ཀྱང་འོད། འོད་ཉིད་ཀྱང་སྟོང་པ་ཉིད་དེ་རིག་པ་ལ་སྣང་། དེ་ཡང་


DNG003_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཀུན་གྱིས་ཙིཏྟའི་དཀྱིལ་དུ་གནས་སོ། །དཀྱིལ་རྟོགས་པའི་དུས་སུ་ནི་ཅིར་སྣང་ཐམས་ཅད་འོད་ཀྱི་སྐུར་སྣང་ཡུལ་དང་དབང་པོ་གཟུང་དུ་མེད་པའི་ཡེ་ཤེས་ཆེན་པོའོ། །དང་འཁོར་ནི་སྒོ་ལྔའི་རྣམ་པར་ཤེས་པ་གསལ་བའོ། །དང་ཕོ་བྲང་དང་ནི་ཀ་དག་ཚན་པོའི་སྣང་བའོ། །རིག་པ་མི་འགྱུར་བའི་ཀུན་ཏུ་བཟང་པོ་དང་སྟོང་དེ་ཡང་དབྱིངས་ལ་འདུས་ཤིང་རྫོགས་དང་གསལ་དེ་ཡང་འོད་དུ་གསལ་བས་དངོས་པོའི་ཕྱོགས་སུ་མ་ལྷུང་ཞེ་འདོད་ཀྱི་ཡུལ་ལས་འདས་པས་མངོན་སུམ་དུ་ཤེས་པའོ། །བའོ། །དེ་བཞིན་སེམས་ཅན་ཐམས་ཅད་ལ། །ལམ་ལ་ཐུག་པ་མེད་པའི་ཡེ་ཤེས་ཡུལ་མེད་པའི་རིག་པ་མཁའ་ལ་ཁྱབ་པའོ། །ངོ་བོ་འགྱུར་མེད་རང་བཞིན་འགག་མེད་ཐུགས་རྗེ་ཀུན་ལ་ཁྱབ་པའོ། །དེ་ལྟར་གནས་པའི་དོན་ཆེན་པོ། །རྟོགས་པར་བྱ་དང་བྱེད་པ་ནི། །སེམས་ཅན་ཀུན་གྱིས་རྟོགས་བྱའི་ཕྱིར། །རྒྱུད་ཆེན་རྒྱལ་པོ་འདི་བཤད་དོ། །བློ་ལ་སྣང་བའི་ཐེ་ཚོམ་རྣམས། །བསལ་གྱིས་གུས་པས་མཉན་པར་གྱིས། །གསང་སྔགས་ཀུན་གྱིས་རྟོགས་པའི་ཚུལ། །ང་ཡིས་བསྟན་པ་བཞིན་དུ་གྱིས། །འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། །བློ་ནི་ཉི་ཤུ་རྩ་གཅིག་ལ། །རྟོགས་ལུགས་ཉི་ཤུ་རྩ་གཅིག་བྱུང་། །དེ་ཡང་བསྡུ་ན་འདི་ལྟ་སྟེ། །རྣམ་པ་གཉིས་སུ་ཡང་དག་འདུས། །འོད་ལྔ་རང་ལས་བྱུང་བར་རྟོགས་པ་དང་། །སྐུ་ལྔ་ལྷུན་གྱིས་གྲུབ་པར་རྟོགས་པའོ། །དེ་ཡང་སྒྲོན་མ་རྣམ་པ་བཞི། །འགག་པ་མེད་པའི་ཚུལ་གྱིས་གནས། །ནམ་མཁའ་སྟོང་པའི་དཀྱིལ་འཁོར་དུ། །བཅོས་མེད་སྒྲོན་མ་རྣམ་པ་བཞི། །མ་འགགས་པ་ཡི་ཚུལ་གྱིས་གསལ། །རིག་པ་དབྱིངས་ཀྱི་སྒྲོན་མ་ནི། །ནམ་མཁའ་སྟོང་པའི་ཀློང་དཀྱིལ་དུ། །དབྱིངས་ཀྱི་རང་བཞིན་འོད་ཀྱི་སྐུ། །མ་འགགས་འགག་མེད་རྣམ་པར་གསལ། །ཡེ་ཤེས་ལྔ་ལྡན་ཐུགས་ཀྱི་སྐུ། །ལུ་གུ་རྒྱུད་ཀྱི་ཚུལ་དུ་འཆར། །དེ་ཡང་འགྲོ་དང་འོང་བ་དང་། །འགུལ་བ་དང་ནི་འཕྲིགས་པའོ། །རིག་པ་དབྱིངས་ཀྱི་སྒྲོན་མ་རུ། །བཅུག་སྟེ་རིག་པ་མ་འགུལ་ན། །འགྱུར་མེད་རྟོགས་པར་རབ་ཏུ་བཤད། །ཤེས་རབ་རང་བྱུང་སྒྲོན་མ་ནི། །སྒྲོ་འདོགས་ཐམས་ཅད་ཆོད་པ་དང་། །ཐིག་ལེ་སྟོང་པའི་སྒྲོན་མ་ནི། །རྩོལ་བ་མེད་པར་ཤར་གྱུར་ཀྱང་། །རྒྱང་ཞགས་ཆུ་ཡི་སྒྲོན་མ་ཡིས། །དེ་ལ་ལྟ་བ་མ་ཡེངས་ན། །མཐར་ཕྱིན་སྒོམ་པའི་ཚད་དུ་གསུངས། །དེ་ལ་འགག་མེད་སྣང་བ་ཤར་གྱུར་ན། །


DNG003_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་རྟོགས་པའི་མཆོག་ཏུ་གསུངས། །དེ་ལྟར་ཆོས་ཉིད་དོན་ལ་ཡང་། །རྟོགས་དང་མ་རྟོགས་གཉིས་སུ་མེད། །རྟོགས་པ་ཡེ་ཤེས་ལྟར་སྣང་སྟེ། །མ་རྟོགས་འཁོར་བ་ལྟར་སྣང་ངོ་། །རྟོགས་དང་མ་རྟོགས་གཉིས་མེད་ཀྱང་། །འཁྲུལ་པའི་བག་ཆགས་སྣང་བ་ལ། །རྟོགས་པའི་སྐྱེས་བུ་ཕོ་རྩལ་ཅན། །མི་འགྱུར་མཉམ་པའི་ངང་དུ་ཐིམ། །རྟོག་མེད་ཤེས་རབ་རང་ཤར་རོ། །བདེ་ཆེན་བརྩེགས་པའི་ས་ཆེན་ཏེ། །མ་བཀོད་ནོར་བུའི་ཕུང་པོ་ལྟར། །སྣ་ཚོགས་རང་བྱུང་ངང་དུ་ཐིམ། །སངས་རྒྱས་ཀུན་གྱི་མེས་པོ་ནི། །འོད་མི་འགྱུར་བར་ཀུན་ཏུ་གྲགས། །སངས་རྒྱས་ཀུན་གྱི་ས་བོན་ནི། །སེམས་མེད་རིག་ཅེས་ཀུན་ཏུ་གྲགས། །སངས་རྒྱས་ཀུན་གྱི་རྣམ་དག་སྤྱན། །སྒྲོན་མ་རྣམ་པ་བཞི་རུ་གྲགས། །སངས་རྒྱས་ཀུན་གྱི་ཕོ་བྲང་ནི། །ཙིཏྟའི་དཀྱིལ་ཞེས་ཀུན་ཏུ་གྲགས། །སངས་རྒྱས་ཀུན་གྱི་བཤུལ་ལམ་ནི། །བར་དོ་རྣམ་པ་གསུམ་དུ་གྲགས། །སངས་རྒྱས་ཀུན་གྱི་བསྐྱལ་ས་ནི། །ཀ་དག་ཆེན་པོའི་དཀྱིལ་འཁོར་རོ། །དེ་བཞིན་སངས་རྒྱས་ཐམས་ཅད་ཀྱང་། །རང་རང་རྒྱུད་ལ་དེ་བཞིན་ནོ། །ཞེས་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། རྟོགས་ཚུལ་བསྟན་པའི་ལེའུ་སྟེ་སུམ་ཅུ་རྩ་གཅིག་པའོ།། །།དེ་ནས་ཡང་གསང་བའི་བདག་པོས། འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་རྣམ་དག་སྐུ། །རིག་པའི་རྟོགས་ཚུལ་དེ་ལྟར་ན། །རིག་པའི་མཚོན་དཔེ་གསུང་དུ་གསོལ། །ཞེས་ཞུས་སོ། །དེ་ནས་ཡང་བཀའ་སྩལ་པ། ཀྱེ་མ་གསང་བའི་བདག་པོ་ཉོན། །ཡེ་ཤེས་རྣམ་དག་མཁའ་ཀློང་དུ། །རྟོག་མེད་གསལ་བའི་རིག་པ་ཐིམ། །ནམ་མཁའ་སྟོང་པའི་ཀློང་དཀྱིལ་དུ། །ཉི་མའི་དཀྱིལ་འཁོར་ཐིམ་པ་བཞིན། །རྣམ་དག་སྟོང་པའི་ནམ་མཁའ་ལ། །སྒྲོན་མ་རྣམ་གཉིས་མ་འགགས་ཐིམ། །དཔེར་ན་ཆུ་བོ་ཆེན་པོ་ལ། །ཆུ་བྲན་ཐམས་ཅད་འདུས་པ་ལྟར། །རིག་པ་སྐྱེ་མེད་ཀློང་དཀྱིལ་དུ། །ཕྱི་ནང་གསང་བའི་ཆོས་རྣམས་འདུས། །དཔེར་ན་མེ་ལོང་དཀྱིལ་འཁོར་ལ། །གང་བསྟན་དེ་ཉིད་འོང་བ་ལྟར། །སྟོང་ཉིད་ནམ་མཁའི་རིག་པ་ལ། །སྒྲོན་མའི་སྣང་བ་མ་


DNG003_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

འགགས་པས། །ས་ལེ་སང་ངེ་གནས་པའོ། །དེ་ནས་ཡང་ཞུས་པ། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ། དོན་གྱི་མཚོན་དཔེ་གསུང་དུ་གསོལ། ཞེས་ཞུ་བ་ཞུས་སོ། །དེ་ནས་ཡང་ཐུགས་རྗེའི་བདག་པོས་བཀའ་སྩལ་པ། ཀྱེ་གྲོགས་པོ་དག་ཉོན་ཅིག །ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད། དཔེ་ཡིས་མཚོན་པར་བྱའོ། །དེ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དགོངས་པ་ནི། བརྟེན་ནི་གཟུགས་ཀྱི་ཕུང་པོ་ལ་བརྟེན་ནོ། །དཔེར་ན་ཁྲ་ཚང་དུ་ཉལ་བ་ལྟ་བུའོ། །གནས་ནི་སྙིང་ན་གནས་ཏེ། དཔེར་ན་བུམ་པའི་སྐུ་ལྟ་བུའོ། །ལམ་ནི་རྩ་བཞི་ནས་བྱུང་སྟེ། དཔེར་ན་མུ་ཏིག་གི་ཕྲེང་བ་ལྟ་བུའོ། །འཁྱིལ་ནི་དུང་ཁང་དཀར་པོའི་ནང་དུ་འཁྱིལ་ཏེ། དཔེར་ན་བུམ་ནང་གི་མར་མེ་ལྟ་བུའོ། །སྒོ་ནི་མིག་ནས་འབྱུང་སྟེ། ཐིག་ལེ་སྟོང་པའི་སྒྲོན་མ་ནི། དཔེར་ན་རྨ་བྱའི་མདོངས་ལྟ་བུའོ། །དབྱིངས་རིག་པའི་སྒྲོན་མ་ནི། དཔེར་ན་ཡི་གེ་ན་རོ་ལྟ་བུའོ། །ཡུལ་ནི་ནམ་མཁའ་སྟོང་པའོ། །དུས་ནི་བར་དོའི་སྣང་བའོ། །དཔེར་ན་མེ་ལོང་གི་དཀྱིལ་འཁོར་ལྟ་བུའོ། །འགྲོ་ས་ནི་རིན་པོ་ཆེའི་ལུས་ཏེ། དཔེར་ན་ཁ་བྲག་གི་ལམ་ལྟ་བུའོ། །གྲོལ་ས་ནི་ཀ་དག་གི་སྣང་བ་སྟེ། །དཔེར་ན་བུམ་པའི་སྐུ་ལྟ་བུའོ། །དེ་ནས་ཡང་ཞུས་པ། ཀྱེ་ཀྱེ་ཐུགས་རྗེ་ཆེན་པོ་དང་ལྡན་པ། ཡེ་ཤེས་ཀྱི་ཐིམ་ཚུལ་མཚོན་དཔེ་གསུང་དུ་གསོལ། ཞེས་ཞུས་སོ། །དེ་ནས་ཡང་བཀའ་སྩལ་པ། ཀྱེ་གྲོགས་པོ་དག །ལྷུན་གྲུབ་ཀྱི་སྣང་བ་ལ། རང་གི་དེ་ཉིད་སྟོབས་སུ་གྱུར་ནས་བདེན་པ་མཐོང་བའི་ཚེ། ཐིམ་ལུགས་བརྒྱད་པོ་ཤེས་པར་བྱའོ། །དེ་ཡང་ཐུགས་རྗེ་ལ་ཐུགས་རྗེ་ཐིམ་པ་དཔེར་ན་ཉི་མ་ནུབ་པའི་ཟེར་ལྟ་བུའོ། །ཡེ་ཤེས་ལ་ཡེ་ཤེས་ཐིམ་པ་ནི། དཔེར་ན་མ་པང་དུ་བུ་འཇུག་པ་ལྟ་བུའོ། །འོད་ལ་འོད་ཐིམ་པ་ནི། དཔེར་ན་འཇའ་ཚོན་ནམ་མཁའ་ལ་ཡལ་བ་ལྟ་བུའོ། །སྐུ་ལ་སྐུ་ཐིམ་པ་ནི། དཔེར་ན་བུམ་པའི་སྐུ་ལྟ་བུའོ། །གཉིས་མེད་ལ་གཉིས་མེད་ཐིམ་པ་ནི། དཔེར་ན་ཆུ་བོ་ལ་ཆུ་བོ་ཐིམ་པ་ལྟ་བུའོ། །མཐའ་གྲོལ་ལ་མཐའ་གྲོལ་ཐིམ་པ་ནི། དཔེར་ན་ནམ་མཁའ་ལ་ནམ་མཁའ་ཐིམ་པ་ལྟ་བུའོ། །དག་


DNG003_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡེ་ཤེས་ཀྱི་སྒོ་ངོ་བོ་ཀ་དག་ལ་ཐིམ་པ་ནི། དཔེར་ན་སེང་གེས་གངས་ཟིན་པ་ལྟ་བུའོ། །མ་དག་པ་འཁོར་བའི་སྒོ་དག་པ་ཡེ་ཤེས་ཀྱི་སྒོ་ལ་ཐིམ་པ་ནི། དཔེར་ན་སྦྲའི་ཆོན་ཐག་བསྡུས་པ་ལྟ་བུའོ། །དེ་མར་དཔེས་དོན་ཆེན་མཚོན་པའོ། །ཞེས་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། མཚོན་པ་དཔེའི་ལེའུ་སྟེ་སུམ་ཅུ་སོ་གཉིས་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ། རིགས་པའི་མཚོན་དཔེ་དེ་ལྟར་ལགས་ན། དུས་མེད་ཤར་བའི་ཡེ་ཤེས་ལ། །འཛིན་པ་ཡོད་མེད་གསུང་དུ་གསོལ། །ཞེས་ཞུས་སོ། །དེ་ནས་ཡང་བཀའ་སྩལ་པ། ཨ་ཧོ་གསང་བདག་ཆེན་པོ་ཉོན། །ངས་བསྟན་ལེགས་པར་ཡིད་ལ་ཟུང་། །འཛིན་མེད་སྐྱེ་མེད་རང་སར་གྲོལ། །རྟོག་མེད་མཉམ་ཉིད་ཆོས་ཀྱི་སྐུ། །བཟུང་བས་མི་ཟིན་ཆུ་ཟླ་འདྲ། །དཔེར་ན་སྦྲུལ་གྱི་མདུད་པ་བཞིན། །རང་བྱུང་རང་གྲོལ་ཆེན་པོའོ། །འཛིན་མེད་རྡོ་རྗེ་སྙིང་པོའི་སྐུ། །རྐྱེན་གྱིས་མི་འཇིག་སྲ་མཁྲེགས་ལྡན། །འཛིན་པ་རང་སར་གྲོལ་བ་ནི། །ཡིད་མ་འགྱུས་པའི་ནམ་མཁའ་ལ། །གསལ་དྭངས་འོད་ཀྱི་ཐིག་ལེ་ལྔ། །དུས་དང་རྣམ་པ་ཐམས་ཅད་གསལ། །མ་འདྲེས་རྫོགས་པའི་ཚོམ་བུ་ལྔ། །མ་བསྐྱེད་རྫོགས་པའི་ཚུལ་དུ་གསལ། །རྟོག་མེད་རང་སང་ངོ་བོ་ལ། །འཛིན་པའི་རྟོག་པ་ག་ལ་ཡོད། །འཛིན་རྟོག་མེད་པའི་ཆོས་ཉིད་ནི། །འཛིན་དང་ཆགས་པ་མེད་པས་སྟོང་། །རང་བྱུང་རིག་པའི་སྒྲོན་མ་ལ། །སེམས་དང་ཡིད་ལ་སོགས་པ་ཡི། །རྣམ་རྟོག་མཚན་མ་ངང་གིས་མེད། །མཚན་མ་མེད་པའི་ཆོས་ཉིད་ནི། །བྱ་བའི་ཕྱོགས་སུ་མ་ལྷུང་བའོ། །འཛིན་པ་མེད་པའི་ཆོས་ཉིད་ནི། །བློ་ཡི་ཕྱོགས་སུ་མ་ལྷུང་བའོ། །རྣམ་དག་བརྗོད་མེད་ཡེ་ཤེས་ནི། །དྲི་མའི་ཕྱོགས་སུ་མ་ལྷུང་བའོ། །སྟོང་པ་ཀུན་ཁྱབ་རྡོ་རྗེ་ནི། །དངོས་པོའི་ཕྱོགས་སུ་མ་ལྷུང་བའོ། །རང་གསལ་བདེ་ཆེན་ཆོས་ཉིད་ནི། །གཞན་འབྱང་ཕྱོགས་སུ་མ་ལྷུང་བའོ། །འཛིན་པ་མེད་པའི་ཆོས་ཉིད་བྱང་ཆུབ་སེམས། །རྟོག་པ་མེད་པས་རང་གསལ་བདེ་


DNG003_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཤུགས། །རྟོག་པ་མེད་པས་མཉམ་ཉིད་སྐུ་ཡི་རྒྱ། །ཡེ་ཤེས་རྣམ་དག་དོན་ལ་ཚིག་གིས་བཅོས་སུ་མེད། །འཛིན་མེད་རང་སྣང་ཆོས་ལ་འཛིན་པའི་དངོས་པོ་མེད། །རིག་པ་སྐྱེ་མེད་ངང་ལ་བསྐྱེད་བྱ་སྐྱེད་བྱེད་མེད། །ཆོས་ཉིད་སྐྱེ་བ་མེད་པ་རང་བྱུང་རིག་པ་ཉིད། །ཆོས་ཀྱི་སྙིང་པོར་གྱུར་པ་སྒྲོན་མ་རྣམ་པ་གཉིས། །འཛིན་དང་ཞེན་པའི་ཆོས་ལས་འདས། །འཛིན་མེད་རང་སངས་ངོ་བོ་ལ། །འཛིན་པའི་བསམ་པ་རང་གིས་མེད། །ཡེ་ཤེས་བསྐྱེད་པའི་སངས་རྒྱས་ལ། །ཆོས་ཀྱི་བསམ་པ་མེད་པའོ། །སངས་རྒྱས་དང་ནི་སེམས་ཅན་གཉིས། །དབྱེར་མེད་གཅིག་གི་རང་བཞིན་ནོ། །རིག་པའི་དངོས་པོ་འཛིན་པའི་མཐའ་དང་བྲལ། །རྟོག་མེད་རང་སང་ཆོས་སྐུ་ཆེན་པོ་ཡིན། །དངོས་པོའི་ཆོས་རྣམས་ཀུན་དང་བྲལ། །རང་བྱུང་རང་ཐིམ་ཆེན་པོ་ནི། །འཛིན་མེད་ཆོས་ཉིད་ཆེན་པོའོ། །སངས་རྒྱས་ཀུན་གྱི་ཡེ་ཤེས་ནི། །གཅིག་དང་དུ་མར་མེད་པའོ། །སངས་རྒྱས་ཀུན་གྱི་རིག་པ་ནི། །རྟོག་མེད་རང་གསལ་ཆེན་པོའོ། །སངས་རྒྱས་ཀུན་གྱི་འོད་ལྔ་ནི། །འཛིན་མེད་རང་གསལ་ཆེན་པོའོ། །དེ་བཞིན་སངས་རྒྱས་དགོངས་པ་ནི། །ཐོགས་མེད་བསྐྱོད་པའི་རླུང་ཆེན་གྱིས། །འཛིན་པ་མེད་པ་རང་གི་སེམས། །བསྐྱོད་ནས་ཡེ་ཤེས་དབྱིངས་སུ་ཐིམ། །རྟོག་པ་མེད་པའི་གཏིང་དུ་གསལ། །མ་འགགས་ཡུལ་གྱི་མཁའ་གསལ་ལྟོས། །རང་གི་རིག་པའི་དཀྱིལ་འཁོར་ལ། །ཡིད་ལ་དཀྱིལ་འཁོར་བཙལ་མི་དགོས། །ལྷ་ཡི་ལྷ་ནི་བླ་མ་མཆོག །སངས་རྒྱས་ཀུན་གྱི་དཀྱིལ་འཁོར་ནི། །རང་གི་སྙིང་གི་དཀྱིལ་དུ་རྫོགས། །དཀྱིལ་འཁོར་ཀུན་གྱི་སྙིང་པོར་རིག །སངས་རྒྱས་ཀུན་གྱིས་རབ་བསྔགས་པ། །སྒྲོན་མ་རྣམ་པ་གཉིས་སུ་འདུས། །ཞེས་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། རིག་པ་འཛིན་མེད་དུ་བསྟན་པའི་ལེའུ་སྟེ་སོ་གསུམ་པའོ།། །།དེ་ནས་ཡང་ཞུས་པ། ཀྱེ་མ་ཀློང་ཐུགས་རྗེ་ཆེན་པོ་དང་ལྡན་པ། སེམས་ཅན་རྣམས་བར་དོ་ལ་ཅི་ལྟར་འཁྲུལ་ལུགས་གསུང་དུ་གསོལ། དེ་ནས་ཡང་བཀའ་སྩལ་པ། ཀྱེ་ཉེ་བའི་འཁོར་རྣམས་ཉོན་ཅིག །ངས་དོན་ཆེན་པོ་བསྟན་གྱིས་ལེགས་པར་ཉོན་ཅིག །སེམས་ཅན་རྣམས་ནི་བར་


DNG003_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

དོ་ལ་འདི་ལྟར་འཁྲུལ་ལོ། །ལ་ལ་རྣམ་པ་ལས་འཁྲུལ་དབང་བོ་ཐ་མའི་འཁྲུལ་ལུགས་ལོ། །ལ་ལ་ཉམས་ལས་འཁྲུལ་ཐ་མའི་འབྲིང་ལོ། །ལ་ལ་དེ་མ་ཐག་པ་ལས་འཁྲུལ་ཐ་མའི་རབ་ལོ། །ལ་ལ་དམིགས་པ་ལས་འཁྲུལ་ཐ་མའི་ཕུལ་ལོ། །ལ་ལ་ཅི་མི་སྙམ་པ་ལས་འཁྲུལ་ཐ་མའི་རྩེ་མོ་ལོ། །ལ་ལ་སྙམ་བྱེད་ལས་འཁྲུལ་ཐ་མའི་མཆོག་ལོ། །ལ་ལ་ཡུལ་ལས་འཁྲུལ་ཐ་མའི་ངེས་པར་འཇོག་པ་ལོ། །ལ་ལ་ཡུལ་མེད་པ་ལས་འཁྲུལ་འབྲིང་གི་ཐ་མ། ལོ། །ལ་ལ་སྙིང་པོ་ལས་འཁྲུལ་འབྲིང་གི་འབྲིང་ལོ། །ལ་ལ་མ་རིག་པ་ལས་འཁྲུལ་འབྲིང་གི་རབ་ལོ། །ལ་ལ་རྐྱེན་ལས་འཁྲུལ་འབྲིང་གི་ཕུལ་ལོ། །ལ་ལ་བརྟགས་པ་ལས་འཁྲུལ་འབྲིང་གི་རྩེ་མོ་ལོ། །ལ་ལ་ངང་ལས་འཁྲུལ་འབྲིང་གི་མཆོག་ལོ། །ལ་ལ་ངོ་མ་ཤེས་པ་ལས་འཁྲུལ་འབྲིང་གི་ངེས་པར་འཇོག་པ་ལོ། །ལ་ལ་འཛིན་པ་ལས་འཁྲུལ་རབ་ཀྱི་ཐ་མ་ལོ། །ལ་ལ་འཛིན་པ་མེད་པ་ལས་འཁྲུལ་རབ་ཀྱི་འབྲིང་ལོ། །ལ་ལ་འདུ་ཤེས་ལས་འཁྲུལ་རབ་ཀྱི་རབ་ལོ། །ལ་ལ་རྒྱུ་ལས་འཁྲུལ་རབ་ཀྱི་ཕུལ་དུ་ཕྱིན་པ་ལོ། །ལ་ལ་སྐད་ཅིག་གིས་འཁྲུལ་རབ་ཀྱི་རྩེ་མོ་ལོ། །ལ་ལ་བཏགས་པ་ལས་འཁྲུལ་རབ་ཀྱི་མཆོག་ལོ། །ལ་ལ་གཟུགས་ལས་འཁྲུལ་རབ་ཀྱིས་ངེས་པར་འཇོག་པའོ། །ལོ། །བར་མ་དོ་ལ་སེམས་ཅན་བློ་ཉི་ཤུ་རྩ་གཅིག་ཡོད་པའི་ཕྱིར་ན། འཁྲུལ་ལུགས་གཅིག་ལ་སྣང་བ་རྫོགས་པར་འོང་སྟེ། དེ་ཡང་འཁྲུལ་ལུགས་རེ་རེ་ལ་སྣང་བ་རེ་རེ་འཆར་རོ། །དེ་ནི་བར་དོ་ལ་འཁྲུལ་ལུགས་རྒྱས་པར་བསྟན་པའོ། །དེ་ཡང་ཡེ་ཤེས་ཀྱི་ཁྱད་པར་གྱིས་སྣང་བ་རེ་རེ་འཆར་རོ། །དེ་ལ་བར་དོ་གསུམ་པའོ། །གཞི་ལྷུན་གྲུབ་ལ་ངེས་པ་རྙེད་པའོ། །ཀ་དག་གི་སར་ཕ་རོལ་ཏུ་ཕྱིན་པ་འཐོབ་པའོ། །དེའི་ཕྱིར་ན་འབྱུང་བ་མ་ལ་ཐིམ་པ་ཞེས་བྱའོ། །ཞེས་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། བར་དོ་ལ་འཁྲུལ་ལུགས་བསྟན་པའི་ལེའུ་སྟེ་སོ་བཞི་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་ཡེ་ཤེས་སྐུ། །བར་དོའི་འཁྲུལ་ལུགས་དེ་ལྟར་ན། །རྫོགས་ཆེན་ཨ་ཏི་ཡོ་ག་ཡི། །ལྟ་བའི་མདོར་བསྡུས་ཅི་ལྟར་ལགས། །དཔའ་བོ་ཆེན་པོས་བཀའ་སྩོལ་ཅིག །ཅེས་ཞུས་སོ། །དེ་ནས་


DNG003_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་བཀའ་སྩལ་པ། ཨ་ཧོ་གསང་བའི་བདག་པོ་ཉོན། །ངས་བསྟན་མ་ཡེངས་ཚུལ་གྱིས་ཉོན། །རྡོ་རྗེ་རང་ཉིད་མི་འགྱུར་གནས། །རྟོག་པ་མེད་པ་ཆོས་ཀྱི་སྐུ། །མཚན་མ་མེད་པ་རང་སར་གྲོལ། །འགྱུར་མེད་ཨ་ཏིའི་ངོ་བོ་ལ། །བྱ་དང་བྱེད་པའི་ཆོས་མེད་དོ། །ཨ་ཏི་རྫོགས་པ་ཆེན་པོ་ལ། །གཅིག་རྫོགས་གཉིས་རྫོགས་ཐམས་ཅད་རྫོགས། །རྫོགས་ཆེན་ཨ་ཏིའི་ངོ་བོ་ལ། །ཕྱི་ནང་གསང་བའི་ཆོས་རྣམས་རྫོགས། །དགེ་བ་བྱར་མེད་སྡིག་པ་སྤང་དུ་མེད། །དགེ་སྡིག་གཉིས་དང་བྲལ་བའི་རིག་པ་ཆོས་ཀྱི་སྐུ། །དགེ་བ་མི་བྱ་བྱས་ན་སངས་རྒྱས་མེད། །སྡིག་པ་མི་སྤང་སྤངས་ན་སངས་རྒྱས་འགྲུབ་མི་འགྱུར། །ཁམས་གསུམ་སེམས་ཅན་ཐམས་ཅད་སྲོག་གཅོད་བྱས་ན་མངོན་སངས་རྒྱ་བར་འགྱུར། །ཕ་དང་མ་གཉིས་བསད་དེ་བཏང་གྱུར་ན། །ཡེ་ཤེས་དག་ནི་མཐོང་བར་འགྱུར། །སྲོག་བཅད་སྡིག་ཏུ་མི་འགྱུར་འགྱུར་ན་སངས་རྒྱས་མེད། །སྲོག་བཅད་སྤངས་ན་སངས་རྒྱས་རྒྱབ་ཀྱིས་ཕྱོགས། །དུས་གསུམ་སངས་རྒྱས་སྲོག་བཅད་གྲོལ་བར་གྱུར། །སྲོག་མ་བཅད་ན་སངས་རྒྱས་འབྱུང་མི་འགྱུར། །བདག་ཉིད་ལྷ་ཡི་དཀྱིལ་འཁོར་རང་ལ་རང་གནས་པས། །ལྷ་ལ་མཆོད་པ་མི་འབུལ་མཆོད་པ་ཕུལ་ན་འཆིང་བར་འགྱུར། །མཆོད་པ་ཕྱག་རྒྱ་ལ་སོགས་སྐུ་ལ་སྒྲིབ་པ་ཡིན། །ཕྱག་རྒྱ་མི་བསྒྱུར་ཕྱག་རྒྱ་བསྒྱུར་ན་རིན་ཆེན་བརླག་པར་འགྱུར། །དཀྱིལ་འཁོར་མི་བྲི་དཀྱིལ་འཁོར་བྲིས་ན་རང་གི་དེ་ཉིད་ཡལ། །སངས་རྒྱས་དགོངས་པ་བྱ་བྱེད་བྲལ་བའོ། །བསམ་གཏན་ཏིང་འཛིན་ལ་སོགས་སངས་རྒྱས་སྐུ་ལ་བསྒྲིབ་པ་ཡིན། །བསྒོམ་པ་མི་བྱ་བྱས་ན་འཁྲུལ་པའི་བསམ་པ་ཡིན། །སངས་རྒྱས་མི་བསྒྲུབ་བསྒྲུབས་ན་རྩོལ་བར་འགྱུར། །འཁོར་བ་མི་སྤང་འཁོར་བ་སྤངས་ན་སངས་མི་རྒྱ། །སངས་རྒྱས་གུད་ན་མེད་པས་རིག་པ་ཉིད་ལས་གང་ཡང་མེད། །འཁོར་བ་གུད་ན་མེད་དེ་རང་གི་སེམས་སུ་ཐམས་ཅད་འདུས། །འདུས་བྱས་དགེ་རྩ་མི་བྱ་བྱས་ན་འཆིང་བར་འགྱུར། །མཆོད་རྟེན་ལྷ་ཁང་ལ་སོགས་འདུས་བྱས་དགེ་རྩ་སྤང་། །བྱས་པའི་ཆོས་ནི་བྱས་པས་མི་ཟིན་བཞག་པས་ཟིན་པར་འགྱུར། །བྱ་བ་བཏང་བའི་རྣལ་འབྱོར་མི་སྤངས་པ་དེ་


DNG003_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གཤེགས། །ཡང་དག་སངས་རྒྱས་ལམ་ནི་དེ་བཞིན་ཀུན་ལ་ཤེས་པར་བྱ། །ཀྱེ་མ་འདུས་པའི་འཁོར་ཚོགས་ཉོན། །ང་མེད་པ་ཡི་སྔོན་རོལ་ན། །སངས་རྒྱས་སེམས་ཅན་གཉིས་མེད་དེ། །ལམ་དང་གྲུབ་པ་ག་ལ་ཡོད། །ང་ལས་མ་བྱུང་གང་ཡང་མེད། །ང་ནི་སྟོང་པ་ཆེན་པོའོ། །ང་ལས་འབྱུང་བ་རྣམ་ལྔ་བསྐྱེད། །ང་ནི་འབྱུང་བ་རག་ཆེན་པོའོ། །ང་ནི་སངས་རྒྱས་ཀུན་གྱི་མེས། །ང་མེད་པ་ཡི་སྔོན་རོལ་ན། །སངས་རྒྱས་བྱ་བའི་མིང་ཡང་མེད། །ང་ནི་ཐབས་ཀྱི་ཕ་རོལ་ཕྱིན། །ང་ལ་མཚན་མའི་ཆོས་མེད་པས། །ང་ཡི་སེམས་ལ་གཡོ་བ་མེད། །ང་ནི་སངས་རྒྱས་ཀུན་གྱི་དུར། །འགྱུར་མེད་དུར་ས་ང་ལ་ཡོད། །ང་ནི་སེམས་ཅན་ཀུན་གྱི་གནས། །བག་ཆགས་ལུས་ལྟར་སྣང་བའོ། །ང་ནི་འབྱེད་མེད་ཤེས་རབ་བོ། །ང་ལ་ཕྱི་ནང་གསང་བ་རྫོགས། །ང་ནི་རྡོ་རྗེ་སྙིང་པོའི་སྐུ། །ང་ལས་སངས་རྒྱས་བསྐྱེད་པའོ། །ང་ནི་སྐྱེ་མེད་རིག་པའི་དོན། །ང་ནི་དངོས་པོའི་ཆོས་དང་བྲལ། །ང་ལ་མཚན་མ་མེད་པའི་ཕྱིར། །ང་ནི་སེམས་ཅན་དུར་ནས་འདོན། །ང་ལ་ཐུགས་རྗེ་འཆར་བའི་ཕྱིར། །ང་ནི་སྟོང་པའི་ཚིག་ལས་འདས། །ང་ལས་གསལ་ཆ་བྱུང་བའི་ཕྱིར། །ང་ནི་མུན་པར་སྣང་བར་འགྱུར། །སྒྲོན་མ་རྣམ་གཉིས་ཡོད་པའི་ཕྱིར། །ང་ནི་ཕྱོགས་སུ་མ་ལྷུང་དེ། །ང་ལ་འཛིན་པ་མེད་པའི་ཕྱིར། །ཨེ་མ་གསང་བདག་རྡོ་རྗེ་འཛིན། །ལེགས་པར་ཉོན་ལ་གུས་པར་ལྟོས། །སངས་རྒྱས་མེད་པས་སངས་རྒྱས་མིང་ཡང་མེད། །སྟོན་པ་སངས་རྒྱས་མིང་དུ་འདོགས་པའི་སངས་རྒྱས་འཁྲུལ། །ཡང་དག་དོན་གྱི་ངོ་བོ་ལ། །སངས་རྒྱས་དང་ནི་སེམས་ཅན་མེད། །རིག་པ་འཛིན་པ་མེད་པས་སྟོང་། །སྟོང་པ་ཉིད་ལ་མི་གནས་ན། །རང་གི་བདེ་ཆེན་ས་ལ་གནས། །སངས་རྒྱས་ཀུན་གྱི་རྗེ་བཙན་པ། །རང་གི་རིག་པ་ཤེས་པར་བྱ། །རང་སྣང་རིག་པའི་རྒྱལ་པོ་ཉིད། །ཀུན་ལ་ཡོད་དེ་ཀུན་གྱིས་རྟོག་པ་མེད། །རང་སྣང་རིག་པའི་སྒྲོན་མ་དེ། །ཀུན་གྱིས་གོ་བར་དཀའ་བའོ། །མཚུངས་མེད་རྟོག་པ་མེད་པ་ཡི། །རང་གསལ་


DNG003_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཉིད་དག་པ་འདི། །དགེ་མེད་སྡིག་མེད་དོན་ཆེན་འབྱུང་བ་ནི། །སངས་རྒྱས་ཀུན་གྱིས་གསུངས་པའི་དོན་བཅུད་ཡིན། །དུས་གསུམ་སངས་རྒྱས་ཐམས་ཅད་ལ། །དགོངས་པ་གཅིག་ལས་མེད་པའོ། །སངས་རྒྱས་ཀུན་གྱི་རིག་པ་ནི། །སེམས་ཅན་ཀུན་གྱི་རང་ལུས་ན། །འོད་ལྔའི་མུ་ཁྱུད་ཟླུམ་པོར་གནས། །སེམས་ཅན་ཀུན་གྱི་ངོ་བོ་ནི། །འགྱུར་མེད་སྐུ་ཡི་ངོ་བོའོ། །སངས་རྒྱས་སེམས་ཅན་ཐམས་ཅད་ལ། །རང་རང་ཐུགས་ཀྱི་དཀྱིལ་འཁོར་ཚང་། །ང་ཉིད་གཅིག་པུ་དཀྱིལ་འཁོར་ལྷ། །ང་ཉིད་རྡོ་རྗེ་རྐྱེན་དང་བྲལ། །ང་ཉིད་དཔའ་བོ་གཅིག་པུ་ཉིད། །ངས་ནི་བྱ་བ་ཐམས་ཅད་བྱེད། །གསང་སྔགས་རྒྱལ་པོ་ཚིག་ལས་འདས། །ཚིག་དང་ཡི་གེ་སྟོན་པའི་གང་ཟག་འཁྲུལ། །གསང་སྔགས་ཀུན་གྱི་གསང་བ་ཡང་བཅུད་འདི། །སྣོད་དང་ལྡན་པའི་སྐྱེས་བུ་རྣམས་ལ་གནང་། །རྫོགས་ཆེན་ཨ་ཏི་ཡོ་ག་ནི། །དཔེར་ན་གཅན་གཟན་སེང་གེ་བཞིན། །གངས་ཀྱི་སྟོད་ན་གནས་ཤིང་སྡེར་ཆགས་ཟིལ་གྱིས་གནོན། །དེ་བཞིན་རྫོགས་ཆེན་ཨ་ཏི་ནི། །སྣ་ཚོགས་དོན་ཆེན་སྟོན་ཏེ་ཐེག་དམན་ཟིལ་གྱིས་གནོན། །སེང་གེས་ངར་སྐད་བཏོན་པས་གཅན་གཟན་ཐམས་ཅད་བརྒྱལ་ཞིང་སྐྲག །རྫོགས་ཆེན་རང་སྐད་འདོན་པས་ཐེག་དམན་ཐམས་ཅད་བརྒྱལ། །ཀུན་དང་མི་མཉམ་རྫོགས་ཆེན་ཨ་ཏིའི་དོན། །སངས་རྒྱས་ཀུན་གྱི་གསང་བ་ཡང་བཅུད་ཡིན། །སངས་རྒྱས་ཀུན་གྱི་ཐུགས་མཆོག་ཆོས་ཀྱི་གནས། །དུས་ལ་འགྱུར་བ་མེད་པའི་སངས་རྒྱས་ནི། །རང་རང་ཙིཏྟའི་དཀྱིལ་འཁོར་ཆེན་པོ་ན། །སྐུ་དང་ཡེ་ཤེས་འོད་དང་ཟེར་དུ་གནས། །འགྱུར་མེད་སྐུ་ལ་ཡེ་ཤེས་ཟིལ་གྱིས་བརྒྱན། །འགགས་མེད་འོད་ལ་སྐུ་ཡི་ལོངས་སྤྱོད་རྒྱན། །སེམས་དང་བྲལ་བའི་རིག་པ་སངས་རྒྱས་དངོས། །ཡིད་དང་བྲལ་བའི་རྡོ་རྗེ་སེམས་དཔའ་ངས། །གསལ་བྱེད་དངོས་པོར་སྣང་ལ་རྟོག་པ་མེད་པར་ཤེས། །རྟོག་མེད་ཤེས་རབ་མཉམ་ཉིད་ནི། །རང་གིས་རང་གྲོལ་ཆེན་པོའོ། །ཞེས་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། རྫོགས་ཆེན་གྱི་བལྟ་བ་ལ་བཟླ་བའི་ལེའུ་སྟེ་སོ་ལྔ་


DNG003_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

པའོ།། །།དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །རྫོགས་ཆེན་ལྟ་བ་དེ་ལྟར་ན། །དཀྱིལ་འཁོར་མཚན་ཉིད་གསུང་དུ་གསོལ། །ཞེས་ཞུས་སོ། །དེ་ནས་ཡང་བཀའ་སྩལ་པ། ཨ་ཧོ་གསང་བའི་བདག་པོ་ཉོན། །ངས་བསྟན་ལེགས་པར་ཡིད་ལ་ཟུང་། །དཀྱིལ་འཁོར་རྣམ་པ་གསུམ་དུ་འདོད། །རང་བཞིན་དཀྱིལ་འཁོར་ཆེན་པོ་དང་། །རྩ་བའི་དཀྱིལ་འཁོར་ཆེན་པོ་དང་། །གཟུགས་བརྙན་དཀྱིལ་འཁོར་གསུམ་དུ་འདོད། །རང་བཞིན་དཀྱིལ་འཁོར་ཆེན་པོ་ནི། །འོག་མིན་ཆོས་དབྱིངས་ཕོ་བྲང་ན། །དབུས་ཀྱི་འཁོར་ལོའི་ལྟེ་བ་ལ། །རྣམ་པར་སྣང་མཛད་དཀྱིལ་ཡིན་ཏེ། །རིགས་བཞི་ལྷ་དང་ལྷ་མོའི་འཁོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་གཅིག །ཤར་ཕྱོགས་འཁོར་ལོའི་རྩིབས་སྟེང་ན། །རྡོ་རྗེ་སེམས་དཔའ་དཀྱིལ་ཡིན་ཏེ། །རིགས་བཞི་སེམས་དཔའི་འཁོར་གྱིས་བསྐོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་གཉིས། །ལྷོ་ཕྱོགས་འཁོར་ལོའི་རྩིབས་སྟེང་ན། །རིན་ཆེན་འབྱུང་ལྡན་དཀྱིལ་ཡིན་ཏེ། །རིན་ཆེན་རིགས་ཀྱི་འཁོར་གྱིས་བསྐོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་གསུམ། །ནུབ་ཕྱོགས་འཁོར་ལོའི་རྩིབས་སྟེང་ན། །སྣང་བ་མཐའ་ཡས་དཀྱིལ་ཡིན་ཏེ། །པདྨ་རིགས་ཀྱི་འཁོར་གྱིས་བསྐོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་བཞི། །བྱང་ཕྱོགས་འཁོར་ལོའི་རྩིབས་སྟེང་ན། །དོན་ཡོད་གྲུབ་པ་དཀྱིལ་ཡིན་ཏེ། །ལས་ཀྱི་རིགས་ཀྱི་འཁོར་གྱིས་བསྐོར། །རང་བཞིན་དཀྱིལ་འཁོར་ཆེན་པོ་ལྔ། །མ་བསྐྱེད་རྫོགས་པའི་ཚུལ་དུ་གནས། །དེ་ཡང་བཞུགས་ཚུལ་འདི་ལྟ་སྟེ། །ཞི་བའི་ཆ་ལུགས་ཀུན་དང་མཐུན། །བཞེངས་པ་དང་ནི་བཞུགས་པ་དང་། །ཡབ་དང་ཡུམ་དུ་སྣང་བ་དང་། །ཕྱག་རྒྱ་དང་ནི་ཏིང་འཛིན་ནོ། །སྒོ་བ་སྒོ་མ་འཁོར་དང་བཅས། །ཐུབ་པ་དྲུག་ལ་སོགས་པའོ། །འཁོར་ནི་དཔག་ཏུ་མེད་པའོ། །དེ་ཡང་ཕྱག་མཚན་ཐ་དད་དང་། །ཕྱག་རྒྱ་གར་ལ་སོགས་པ་བསྒྱུར། །སྒྲ་དང་རོལ་མོ་སྣ་ཚོགས་ཀྱིས། །གཙོ་བོ་


DNG003_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་ཡུམ་མཆོད་པར་བྱེད། །རང་བཞིན་དཀྱིལ་འཁོར་ཆེན་པོ་ནི། །ལྷ་དང་ལྷ་མོ་ཐམས་ཅད་ཀྱང་། །འགྱིང་བའི་སྟབས་དང་བཅས་པའོ། །ཀུན་ཀྱང་འོད་ཟེར་ལྔ་ལྔར་ལྡན། །རང་ལས་བྱུང་ཞིང་རང་ལ་གྲོལ། །དེ་ཡང་དབུ་རྒྱན་ལྔ་ལྔ་དང་། །དཔུང་རྒྱན་དང་ནི་མགུར་ཆུ་དང་། །ཕྱག་གདུབ་དང་ནི་ཞབས་གདུབ་དང་། །དོ་ཤལ་དང་ནི་སེ་མོ་དོ། །དེ་བཞིན་རྒྱན་གྱི་རྣམ་པ་དང་། །མཚན་དང་དཔེ་བྱད་ལྡན་པའི་སྐུ། །ཁ་དོག་མ་འདྲེས་སོ་སོའི་མཚན་འཛིན་པ། །དབུས་མཐིང་ཤར་ཕྱོགས་དཀར་པོ་སྟེ། །ལྷོ་ཕྱོགས་སེར་པོ་ནུབ་ཕྱོགས་དམར། །བྱང་ཕྱོགས་ལྗང་གུ་རྫོགས་པའོ། །རིགས་ཀྱི་ཁ་དོག་དེ་བཞིན་ནོ། །དེ་ནི་རང་བཞིན་དཀྱིལ་འཁོར་རོ། །དེ་ནས་ཡང་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྣམ་དག་སྐུ། །ཞི་བའི་དཀྱིལ་འཁོར་དེ་ལྟར་ན། །ཁྲོ་བོའི་དཀྱིལ་འཁོར་གསུང་དུ་གསོལ། །ཞེས་ཞུས་སོ། །དེ་ནས་ཡང་བཀའ་སྩལ་པ། ཀྱེ་མ་གསང་བའི་བདག་པོ་ཉོན། །ངས་བསྟན་ལེགས་པར་ཡིད་ལ་ཟུང། །ཞི་བ་རེ་རེའི་དབུ་རྒྱན་ལ། །ཁྲོ་བོའི་ཚོམ་བུ་ལྔ་ལྔ་ཚང་། །དེ་ཡང་ཚང་ལུགས་འདི་ལྟ་སྟེ། །རྣམ་པར་སྣང་མཛད་དབུ་རྒྱན་དུ། །བུཌྜྷ་ཧེ་རུ་གཙོ་བོར་འདོད། །ཤར་དུ་བཛྲ་ཧེ་རུ་ཀ །ལྷོ་རུ་རཏྣ་ཧེ་རུ་ཀ །ནུབ་ཏུ་པདྨ་ཧེ་རུ་ཀ །བྱང་དུ་ཀརྨ་ཧེ་རུ་ཀ །དེ་བཞིན་ཞི་བའི་དབུ་རྒྱན་དུ། །ཁྲོ་བོའི་དབུ་རྒྱན་ལྔ་ལྔའོ། །རང་བཞིན་དཀྱིལ་འཁོར་ཆེན་པོར་འདོད། །ཁྲོ་བོ་རྣམས་ཀྱི་བཞུགས་ཚུལ་ནི། །སྟངས་སྟབས་དང་ནི་བརྡེག་པའི་ཚུལ། །བརྗིད་པའི་ཚུལ་དང་གཏུམ་པ་དང་། །ཁྲོ་གཉེར་གློག་སྟོང་འགྱུ་བཞིན་དང་། །འབྲུག་སྒྲ་དང་ནི་རུ་ལུའི་སྒྲ། །སྟག་ལྤགས་དང་ནི་གླང་ཆེན་ལྤགས། །སྦྲུལ་དང་ཐོད་པ་སེ་རལ་ཁ། །ཕྱག་མཚན་མཚོན་ཆ་སྣ་ཚོགས་བསྣམས། །དེ་ཡང་དབུ་གསུམ་ཕྱག་ནི་དྲུག་པའོ། །དེ་ཡང་ཁ་དོག་འདི་ལྟ་སྟེ། །མཐིང་ནག་དང་ནི་དཀར་ནག་དང་། །སེར་ནག་དང་ནི་དམར་ནག་དང་། །ལྗང་ནག་ཕྲིན་ལས་རྫོགས་པའོ། །དེ་ནི་རང་བཞིན་དཀྱིལ་འཁོར་རོ། །དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་


DNG003_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་རྡོ་རྗེ་འཆང་། །རང་བཞིན་དཀྱིལ་འཁོར་དེ་ལྟར་ན། །གཟུགས་བརྙན་དཀྱིལ་འཁོར་གསུང་དུ་གསོལ། །ཞེས་ཞུས་སོ། །དེ་ནས་ཡང་བཀའ་སྩལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ཉོན། །ང་ཡིས་བསྟན་གྱིས་གུས་པས་ཉོན། །གཟུགས་བརྙན་དཀྱིལ་འཁོར་ཆེན་པོ་ནི། །དབང་བསྐུར་དམ་པ་བྱེད་པའི་ཚེ། །དཀྱིལ་འཁོར་རྣམ་པ་གཉིས་སུ་འདོད། །ཞི་བ་དང་ནི་ཁྲོ་བོ་གཉིས་སུ་གསུངས། །དབང་རྫོགས་བྱེད་ན་དེ་ལྟར་བྱ། །ཞི་བའི་དཀྱིལ་འཁོར་ཆེན་པོ་ནི། །དབུས་སུ་འཁོར་ལོ་རྩིབས་བཞིའོ། །ཐ་མ་རྡོ་རྗེའི་ར་བར་བཅས། །རིན་ཆེན་ཕ་གུ་དག་དང་ནི། །ཟ་ར་ཚག་གི་ཕྲེང་བར་ལྡན། །དེ་བཞིན་སྒོ་དང་སྒོ་ཁྱུད་ལྡན། །དེ་ནི་ཞི་བའི་དཀྱིལ་འཁོར་ཡིན། །ཁྲོ་བོའི་དཀྱིལ་འཁོར་འདི་ལྟ་སྟེ། །དབུས་སུ་འཁོར་ལོ་རྩིབས་བརྒྱད་ལྡན། །ཕོ་བྲང་གྲུ་གསུམ་མཐིང་ནག་ལྡན། །དེ་ལ་སོགས་པའི་བྱ་བ་རྣམས། །རིམ་པ་བཞིན་དུ་ཤེས་པར་བྱ། །དེ་ནི་རྡུལ་ཚོན་དལ་དུ་འདོད། །དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་ཡེ་ཤེས་སྐུ། །རྡུལ་ཚོན་དཀྱིལ་འཁོར་དེ་ལྟར་ན། །རྩ་བའི་དཀྱིལ་འཁོར་ཅི་ལྟར་ལགས། །མོས་པའི་འཁོར་ལ་གསུང་དུ་གསོལ། །ཞེས་ཞུས་སོ། །དེ་ནས་ཡང་བཀའ་སྩལ་པ། ཀྱེ་མ་གསང་བའི་བདག་པོ་ཉོན། །ངས་བསྟན་ལེགས་པར་ཡིད་ལ་ཟུང་། །རྩ་བའི་དཀྱིལ་འཁོར་ཆེན་པོ་ནི། །རང་རང་ཙིཏྟའི་དཀྱིལ་ན་གནས། །དེ་ཡང་དཀྱིལ་འཁོར་འདི་ལྟ་སྟེ། །རང་བྱུང་རིག་པ་དཀྱིལ་ཡིན་ཏེ། །འོད་ལྔའི་སྣང་བ་འཁོར་དུ་འདོད། །རྩ་བའི་དཀྱིལ་འཁོར་ཆེན་པོ་གཅིག །རང་རང་དུང་ཁང་དཀར་པོ་ན། །རྣམ་དག་ཐིག་ལེ་དཀྱིལ་ཡིན་ཏེ། །ཐིག་ཕྲན་ཟེར་ལྡན་འཁོར་དུ་འདོད། །རྩ་བའི་དཀྱིལ་འཁོར་ཆེན་པོ་གཉིས། །རྣམ་དག་ཆོས་ཉིད་སྟོང་པའི་ཀློང་དཀྱིལ་དུ། །ལུ་གུ་རྒྱུད་ནི་དཀྱིལ་ཡིན་ཏེ། །དབྱིངས་ཀྱི་སྒྲོན་མ་འཁོར་དུ་འདོད། །རྩ་བའི་དཀྱིལ་འཁོར་ཆེན་པོ་གསུམ། །དེ་ལ་སོགས་པའི་དཀྱིལ་འཁོར་རྣམས། །སྐུ་ཡི་དཀྱིལ་འཁོར་འགྱུར་མེད་ཀློང་། །


DNG003_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་གི་དཀྱིལ་འཁོར་འགག་མེད་ཡངས། །ཐུགས་རྗེའི་དཀྱིལ་འཁོར་རྟོག་མེད་དང་། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནི། །རང་རང་དཀྱིལ་དང་འཁོར་དུ་བཅས། །འགྲོ་མེད་འོང་མེད་འགྱུར་བ་མེད། །རང་རང་ཙིཏྟའི་དབྱིངས་ན་གནས། །དེ་ལྟར་དཀྱིལ་འཁོར་ཆེན་པོའི་དོན། །རང་རང་ལུས་ལ་རྫོགས་པའོ། །ཞེས་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་སོ་དྲུག་པའོ།། །།དེ་ནས་ཡང་མཁའ་འགྲོ་མའི་ཚོགས་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་ཡེ་ཤེས་བདག །མཁའ་འགྲོ་མ་ཡི་རིགས་རྣམས་ལ། །རང་རང་དོན་ཆེན་བསྟན་དུ་གསོལ། །ཞེས་ཞུས་སོ། །ཡང་བཀའ་སྩལ་པ། ཀྱེ་མ་གསང་བའི་འཁོར་ཚོགས་ཉོན། །ངས་བསྟན་ལེགས་པར་ཡིད་ལ་ཟུང་། །རང་རང་དོན་སྦྱར་འདི་ལྟ་སྟེ། །སེམས་ཅན་ཀུན་གྱི་རང་རིག་ནི། །སྙིང་གི་དཀྱིལ་དུ་གནས་པའོ། །དེ་ཡང་གནས་ལུགས་འདི་ལྟ་སྟེ། །ཤེས་ཤིང་རིག་པའི་ངོ་བོར་ཡོད། །དེ་ཡང་རིག་པའི་སྐུ་དང་ལྡན། །སྐུ་ལ་ཡེ་ཤེས་འགག་མེད་གསལ། །ཡེ་ཤེས་ལས་བྱུང་འོད་དུ་ཡོད། །དེ་ཡང་རིག་པའི་ངོ་བོ་ལས། །ཤེས་རབ་རྣམ་པ་བཞི་དང་ལྡན། །ཤེས་རབ་རྣམ་བཞི་འདི་ལྟར་ལྡན། །ཤེས་རབ་རྣམ་བཞི་འདི་ལྟ་སྟེ། །རྣམ་པར་གྲོལ་བྱེད་ཤེས་རབ་ནི། །ཐམས་ཅད་སྒྲོལ་བར་བྱེད་པའོ། །ཉོན་མོངས་དག་པའི་ཞིང་དུ་སྒྲོལ། །རྟོག་མེད་སྐྱེ་མེད་ངང་དུ་སྒྲོལ། །མ་རིག་རིག་པའི་ཀློང་དུ་སྒྲོལ། །ཤེས་རབ་རྟོག་མེད་ངང་དུ་སྒྲོལ། །དེ་ཕྱིར་སྒྲོལ་བྱེད་ཤེས་རབ་བོ། །རྣམ་པར་སྐྱོད་བྱེད་ཤེས་རབ་ནི། །སྐུ་ལྔ་ཀ་དག་དབྱིངས་སུ་སྐྱོད་པར་བྱེད། །འོད་ལྔ་འཛིན་མེད་དབྱིངས་སུ་སྐྱོད་པར་བྱེད། །རིག་པ་ཡེ་ཤེས་དབྱིངས་སུ་སྐྱོད་པར་བྱེད། །སྒྲོན་མ་ནམ་མཁའི་དབྱིངས་སུ་སྐྱོད་པར་བྱེད། །དེ་ཕྱིར་སྐྱོད་བྱེད་ཤེས་རབ་བོ། །རྣམ་པར་སྡུད་བྱེད་ཤེས་རབ་ནི། །འབྱུང་བ་འོད་ལྔའི་ནང་དུ་སྡུད། །ནམ་མཁའ་སྒྲོན་མའི་ངང་དུ་སྡུད། །སྐུ་ལྔ་རིག་པའི་ངང་དུ་སྡུད། །རིག་པ་རྟོག་མེད་ངང་དུ་སྡུད། །དེ་ཕྱིར་སྡུད་བྱེད་ཤེས་རབ་


DNG003_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

བོ། །རྣམ་པར་འབྱེད་བྱེད་ཤེས་རབ་ནི། །མ་རིག་རིག་པ་གཉིས་སུ་འབྱེད། །ཉོན་མོངས་ཡེ་ཤེས་གཉིས་སུ་འབྱེད། །དག་དང་མ་དག་གཉིས་སུ་འབྱེད། །འཁོར་བ་མྱང་འདས་གཉིས་སུ་འབྱེད། །རྟོགས་དང་མ་རྟོགས་གཉིས་སུ་འབྱེད། །བཟང་དང་ངན་པར་འབྱེད་པའོ། །དེ་ཕྱིར་འབྱེད་བྱེད་ཤེས་རབ་བོ། །དེ་ལྟར་སེམས་ཅན་རང་རྒྱུད་ལ། །མ་བསྐྱེད་རྫོགས་པའི་ཚུལ་དུ་གནས། །སངས་རྒྱས་ཀུན་གྱི་རང་ལུས་ནི། །སེམས་ཅན་ཀུན་གྱི་སྙིང་ལ་གནས། །སངས་རྒྱས་ཀུན་གྱི་ཐུགས་རྗེ་ནི། །སེམས་ཅན་ཀུན་གྱི་མགོ་ལ་གནས། །སངས་རྒྱས་ཀུན་གྱི་སྒྲོན་མ་ནི། །སེམས་ཅན་ཀུན་གྱི་མིག་ལ་གནས། །སངས་རྒྱས་ཀུན་གྱི་ཤེས་རབ་ནི། །སེམས་ཅན་ཀུན་གྱི་ཡུལ་ལ་གནས། །སངས་རྒྱས་ཀུན་གྱི་རྟོགས་པ་ནི། །སེམས་ཅན་ཀུན་གྱི་བློ་ལ་གནས། །དེ་བཞིན་སེམས་ཅན་ཐམས་ཅད་ལ། །རང་རང་དོན་ཆེན་དེ་བཞིན་ནོ། །ཙིཏྟའི་དཀྱིལ་ན་གནས་པའོ། །སེམས་ཅན་ཀུན་གྱི་ཡེ་ཤེས་ནི། །སངས་རྒྱས་རྣམས་ལ་མེད་པའོ། །རང་ལས་བྱུང་བའི་ཤེས་རབ་སྐུ། །འགྱུར་མེད་རྟོག་མེད་མཉམ་ཉིད་དོ། །འགག་མེད་ཀུན་ཁྱབ་གསལ་བ་དང་། །རང་གསལ་རང་གྲོལ་ཆེན་པོའོ། །དེ་ལྟར་སེམས་ཅན་ཀུན་ལ་གནས། །རང་གི་ལུས་ལ་དེ་བཞིན་ནོ། །ཞེས་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། རང་རང་གི་དོན་བསྟན་པའི་ལེའུ་སྟེ་སོ་བདུན་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །རང་རང་དོན་སྦྱར་དེ་ལྟར་ན། །བཏགས་པའི་དོན་ནི་ཇི་ལྟར་ལགས། །ཞེས་ཞུས་སོ། །དེ་ནས་ཡང་བཀའ་སྩལ་པ། ཨ་ཧོ་ཕྱག་ན་རྡོ་རྗེ་ཉོན། །སངས་རྒྱས་སེམས་ཅན་ཐམས་ཅད་ལ། །འདི་ནས་ཚིག་ཆད་སོང་། ཇི་ལྟར་སེམས་ཅན་ཐམས་ཅད་ཀྱི། །རང་རང་ལུས་ལ་གནས་པའོ། །འཛིན་པ་མེད་པ་རང་གྲོལ་ནི། །སངས་རྒྱས་མར་མེ་མཛད་ཀྱིས་བསྟན། །རང་སང་ཆོས་ཉིད་བདེ་ཆེན་ནི། །སྣང་བ་མཐའ་ཡས་ཞིང་དུ་རྟོགས། །རྟོག་མེད་མཉམ་ཉིད་ཡེ་ཤེས་ནི། །མི་


DNG003_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཐིག་ལེའི་ཀློང་དུ་རྟོགས། །རང་བྱུང་རིག་པའི་ངོ་བོ་ནི། །ཙིཏྟའི་དཀྱིལ་འཁོར་ཀློང་དུ་རྟོགས། །རང་བྱུང་མིག་གི་སྒྲོན་མ་ནི། །ནམ་མཁའ་སྟོང་པའི་དཀྱིལ་དུ་རྟོགས། །སྐུ་ལྔ་ཡབ་ཡུམ་བཅུ་པོ་ཡང་། །ཚོམ་བུར་སྣང་བའི་དུས་ན་རྟོགས། །ཡེ་ཤེས་འགག་མེད་ཤར་བ་ཡང་། །བཞི་སྦྱོར་ཡེ་ཤེས་སྣང་བར་རྟོགས། །རིག་པ་སྣ་ཚོགས་འབྱུང་བ་ཡང་། །ལྷུན་གྲུབ་བདེ་ཆེན་ས་ལ་རྟོགས། །སྐྱེ་ཤི་མེད་པའི་རྡོ་རྗེ་ནི། །ཀ་དག་ཆེན་པོའི་ས་ལ་རྟོགས། །མ་འགགས་རྟོག་མེད་ངོ་བོས་སྟོང་། །རིག་པ་འགག་མེད་ཀློང་དུ་རྟོགས། །དེ་ཡང་བཤད་ལུགས་འདི་ལྟ་སྟེ། །རྟོགས་པར་བྱེད་པ་ཤེས་རབ་སྟེ། །རྟོགས་པའི་རྒྱུ་ནི་རིག་པའོ། །མེད་པ་ཤེས་པས་རྟོགས་ཤེས་བྱ། །རྟོགས་པའི་ངོ་བོ་མཐོང་བའོ། །མཐོང་བའི་རང་བཞིན་འདི་ལྟ་སྟེ། །ནམ་མཁའ་སྟོང་པའི་ཀློང་དཀྱིལ་དུ། །སྒྲོན་མ་རྣམ་གཉིས་མ་འགགས་པས། །ཡུལ་ལ་རྟོག་མེད་གསལ་བ་ནི། །རང་བྱུང་རང་ཤར་སྣང་བའོ། །དེ་ལྟར་མཐོང་ན་རྟོགས་པའི་མཆོག །མཐོང་དང་རྟོགས་པ་ཤེས་རབ་གསུམ། །སངས་རྒྱས་ཀུན་གྱི་དགོངས་པ་ཡིན། །རྟོག་མེད་རྒྱལ་པོ་ཤེས་རབ་རང་བྱུང་འདི། །རྟོགས་པ་མེད་ཅིང་མཐོང་བའི་ཡུལ་ལས་འདས། །མཐོང་དང་རྟོགས་དང་ཐོབ་པ་གསུམ། །མན་ངག་ཀུན་གྱི་ཡང་བཅུད་ཡིན། །རང་ཉིད་གཅིག་པུར་དལ་བར་འདུག་གྱུར་ན། །ཡེ་ཤེས་སྣང་བ་འགག་མེད་འཆར། །དེ་ལ་གནས་ན་ཏིང་འཛིན་འཐོབ། །དེ་ལ་སྒྲོན་མ་རྣམ་པ་གཉིས། །དབྱིངས་དང་རིག་པར་བསྟན་པའོ། །ཆོས་ཉིད་སྟོང་ཉིད་ཕོ་བྲང་དུ། །དག་པའི་ལམ་ལྔ་མ་བསྐྱེད་རྫོགས། །འགྱུར་མེད་ཡེ་ཤེས་བརྡལ་བའི་སྐུ། །འགྱུར་མེད་རྣམ་དག་ཡེ་ཤེས་ཀློང་། །རྟོག་མེད་འཛིན་པའི་ཡེ་ཤེས་ལྔ། །བསམ་པའི་རྣམ་རྟོག་བྲལ་བའོ། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ང་མེད་པ་ཡི་སྔོན་རོལ་ན། །སངས་རྒྱས་མེད་དེ་སེམས་ཅན་མེད། །སྐུ་དང་ཡེ་ཤེས་མེད་པའོ། །རིག་པ་ཡང་དག་ཡེ་ཤེས་ཀློང་། །རྟོག་མེད་འཛིན་པའི་ཡེ་ཤེས་ལྔ། །བསམ་པའི་རྣམ་རྟོག་བྲལ་བའོ། །སངས་རྒྱས་


DNG003_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱི་ཡེ་ཤེས་སྐུ། །རིག་དང་ས་དང་ལམ་ཡང་མེད། །ང་དང་རང་བཞིན་བདག་ཉིད་མེད། །འཁོར་དང་མྱ་ངན་འདས་པ་མེད། །དེ་ལྟར་མེད་པར་རྟོགས་པ་དང་། །ཡོད་པ་རྣམ་པ་གཉིས་སུ་འདུས། །ང་ཡོད་པ་ཡི་བལྟ་བ་ན། །ད་ལྟ་ན་ཡང་འདུག་སྐུ་ལྔ་ཡེ་ཤེས་རྣམ་ལྔ་ཡོད། །འགྱུར་མེད་རིག་པ་འགག་མེད་ཡོད། །འོད་ལྔ་རྟོགས་དང་དྲུག་ཀྱང་ཡོད། །སྒྲོན་མ་བཞི་དང་ཡུལ་ལྔ་ཡོད། །ཁ་དོག་སྐུ་དང་རིགས་ཀྱང་ཡོད། །ཡུལ་དང་དངོས་པོར་འཛིན་པ་ཡོད། །དེ་ལྟར་ཡོད་པར་རྟོགས་པའོ། །ཞེས་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། རྟོགས་ལུགས་བསྟན་པའི་ལེའུ་སྟེ་སོ་བརྒྱད་པའོ།། །།དེ་ནས་ཡང་མཁའ་འགྲོ་མའི་རིགས་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་ཐུགས་རྗེ་ཆེན་པོ་དང་ལྡན་པས་བདག་ཅག་རྣམས་ལ་བརྡའ་ཡིས་མཚོན་ལ། སྒྲུབ་རྒྱུད་ཀྱིས་མཚོན་པ་གསུང་དུ་གསོལ། ཞེས་ཞུས་སོ། །དེ་ནས་ཡང་བཀའ་སྩལ་པ། ཀྱེ་ཀློང་དུ་དག་པ་རྣམས་ཉོན་ཅིག །སངས་རྒྱས་ཀྱི་དགོངས་པའི་ཚད་ནི་འདི་རྣམས་ཀྱིས་གཟུང་བར་བྱའོ། །ཨགྷ། ཆོས་ཉིད་སྤྲོས་དང་བྲལ་བ། ཧ། མི་འགྱུར་བ། སྭ། སྟོང་པ། ར། ཡེ་ཤེས་སུ་འཆར་བ། དྷ། སྐུ་ལས་འདས་པ། སཱ། ཀློང་དུ་ཡེ་ཤེས་ཀྱི་ངོ་བོར་ཐིམ། ཨ། སྐྱེ་མེད་སྟོང་པའི་རྒྱས་བཏབ་པའོ། །དཔེ་གཅིག་ལ། ཨ། མི་འགྱུར་བ། ག་ཏ། ཆོས་ཉིད་སྤྲོས་པ་དང་བྲལ། པཱ། སྟོང་པ། ར། ཡེ་ཤེས་སུ་འཆར་བ། དྷ། ཀུན་ལས་འདས་པ། སང་། ཀློང་དུ་ཡེ་ཤེས་ཀྱི་ངོ་བོ་ཐིམ། ཨང༔ སྐྱེ་མེད་སྟོང་པའི་རྒྱས་བཏབ་པའོ། །སྔོན་ཡུལ་ཡངས་པ་ཅན་ཞེས་བྱ་དང་པོའི་འཁྲུལ་གཞི་བསྟན་ཏེ་གཞོན་ནུ་བུམ་པ་སྐུའི་གནས་ལུགས་སོ། །བ་ན། སྟོན་པ་འོད་འགྱེད་པ་ཞེས་བྱ་བ་ཡོད་དེ། རིག་པ་རང་བྱུང་གི་ཡེ་ཤེས་ཕྱོགས་མེད་དུ་ཤར་བའོ། །དེ་ལ་བུ་སྤུན་གཉིས་ཡོད་པ། དེ་ཡང་རིག་པ་དང་མ་རིག་པ་གཉིས་སུ་བྱུང་ནས་འཁྲུལ་པ་མ་རིག་པའོ། །གྲོག་པོ་སྟོང་པར་ལྷུན་གྲུབ་ཀྱི་སྣང་བ་ལས་འཁྲུལ་ནས་ཡེ་ཤེས་མ་བུ་འཛོལ་བཙོན་དུ་མ་རིག་པས་རིག་པ་འཁོར་བར་བཅིངས་པའོ། །བཟུང་ཟེར་ཏེ་ཡ་ཆ། ངོ་མཚར་ཆེ་བའི་ཚིག །དེ་ནས་དམག་མི་ལྔ་བྱུང་ནས་དེ་ལས་འདོད་ཆགས་བྱུང་བས་ཉོན་མོངས་པའི་གནས་སུ་སོང་། དེ་ལས་ཞེ་སྡང་བྱུང་བས་དེ་བས་ཀྱང་རིགས་སུ་ལོག་དེ་ལས་ང་རྒྱལ་བྱུང་བས་ང་དང་བདག་ཏུ་བཟུང་། དེ་ལས་ཕྲག་དོག་བྱུང་ནས་ཉོན་མོངས་པའི་གནས་སུ་ཞུགས་པའོ། །དེ་རྣམས་ཀྱི་རྩ་བ་གཏི་མུག་ཅེས་བྱ་བ་བྱུང་ནས་ཉོན་མོངས་པའི་རྩ་བ་བཟུང་རྡོའི་མཁར་རྩེ་རིག་པའི་


DNG003_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཡུལ་གྱི་དབང་དུ་སོང་ནས་ཉོན་མོངས་པའི་ཆ་ཉེ་བར་བཟུང་སྟེ་དེ་ལས་ཆགས་སྡང་ལྔ་བྱུང་ནས་ཤིན་ཏུ་རིགས་སོ། །ནས་བཅོམ་ཟེར་ཏེ་ཡ་ཆ། དེ་ངོ་མཚར་ཆེ་བའི་ཚིག་བསྟན་ནས་སེམས་ཅན་མ་རིག་པས་བཅིངས་པ་འགྲོལ་བའི་ཐབས་རྨད་དུ་བྱུང་བ་ཡེ་ཤེས་ཀྱི་དོན་ཁྱད་པར་ཅན་སྐྱེའོ། །བུ་གཉིས་དོང་དུ་དེ་ཡང་རིག་པའི་ཡེ་ཤེས་འཁོར་བའི་དོང་དུ་བསྒྱུར་ནས་ཡེ་ཤེས་གསལ་དུ་མ་སྟེར། རིག་པ་ཡུལ་ལ་མ་ཤར། ཤེས་རབ་མཁའ་ལ་འཁྱིལ་པའོ། །བཅུག་ནས་མ་རིག་པ་ལས་ཡུལ་བདག་ཏུ་བཟུང་ནས་ཡེ་ཤེས་ལམ་དུ་མ་སློང་སྟེ་བདག་དང་བདག་གིར་བཟུང་བའི་འཛིན་པ་ཆགས་པས་སོ། །དེ་ཡང་མ་རིག་པས་ཡེ་ཤེས་འཆར་བ་བཅད་ནས་སྣང་བ་འཆར་དུ་མ་སྟེར་རོ། །དེ་ཡང་མཚན་མའི་རྟོག་པ་བཟུང་ནས་ཡུལ་སྐྱེ་བ་མེད་པ་ལས་ཡུལ་ཅན་དུ་བཟུང་ནས་འཁྲུལ་པ་བྱུང་ངོ་། །དེ་ནས་མ་རིག་པའི་ཆས་ཡུལ་ལ་རྟོག་པ་དང་ལྷན་ཅིག་གནས་པས་ང་དང་བདག་གིར་འཛིན་པ་བྱུང་ངོ་། །ཡེ་ཤེས་ལམ་ཁྱད་པར་ཅན་དུ་རྟོགས་པ་སྣང་བ་ལྔའི་བཟུང་བས་ཡེ་ཤེས་སྐྱེ་མ་ནུས་ཏེ་སེམས་དང་ཡིད་ལ་སོགས་པས་བསླད་པའོ། །རྒན་མོ་ལིང་ཏོག་ཅན་གྱིས་དེ་ཡང་ཉོན་མོངས་པའི་ལོ་མ་ཤིན་ཏུ་རྒྱས་ཏེ། ཡེ་ཤེས་ཀྱི་འབྲས་བུ་སྨིན་དུ་མ་སྟེར་ཏེ། །དེ་ཡང་མ་རིག་པས་ཡེ་ཤེས་ཀྱི་མིག་བསྒྲིབས་ནས་སྣང་བ་མེད་པས་ཡེ་ཤེས་ལ་ཚད་ཟིན་མེད་པ་འོད་ཡང་མ་རིག་པས་མ་བསྒྲིབས་ན་ཡེ་ཤེས་སྐྱེ་བ་ལ་ཐེ་ཚོམ་མེད་དོ། །སྒོ་བཅད་ཟེར་ཏེ་ཡ་ཆ། ཡུལ་མེད་པ་ལ་ཡུལ་དུ་བཟུང་ནས་འཁྲུལ་པ་བྱུང་ངོ་། །དེ་ནས་མི་བཞིས་ད་ནི་འཁྲུལ་པ་བཟློག་ལུགས་བསྟན་ཏེ་དེ་ཡང་ཤེས་རབ་བཞི་སྟེ་སྒྲོལ་བྱེད་ཀྱི་ཤེས་རབ་ཀྱིས་ཉོན་མོངས་པ་བསྒྲལ་སྡུད་བྱེད་ཀྱི་ཤེས་རབ་ཀྱིས་ཡེ་ཤེས་སྡུས། འབྱེད་བྱེད་ཀྱི་ཤེས་རབ་ཀྱིས་ཉོན་མོངས་དང་ཡེ་ཤེས། སྦྱོང་བྱེད་ཀྱི་ཤེས་རབ་ཀྱིས་ཡུལ་དབྱིངས་སུ་བསྐྱོད་པའོ། །དེད་པས་ཟིན་ཤེས་རབ་ཀྱིས་ཉོན་མོངས་པ་ཀུན་བཅོམ། ཡེ་ཤེས་ཀྱི་སྣང་བ་འགག་པ་མེད་པར་མཐོང་། ཡེ་ཤེས་ཀྱི་དབྱིངས་སུ་ལོག་ཏེ། མི་ལྔ་རྟ་དང་ཕྲལ་ཟེར་ཏེ་ཡ་ཆ། དེ་ནས་ཡང་བར་དོ་དང་པོ་ལ་ཚོམ་བུའི་སྣང་བ་ལ་ཡེ་ཤེས་རང་ལོག་སྟེ་ཉོན་མོངས་པ་ལྔ་དབུགས་དང་ཕྲལ་ནས་འགྱུར་མེད་ཆོད་པའོ། །དེ་ཡང་རགས་པའི་ཉོན་མོངས་པ་ཐམས་ཅད་ཡེ་ཤེས་ཀྱི་སྣང་བ་འབའ་ཞིག་གོ། །བུ་གཉིས་རང་གིས་རང་ཤོར་ནས་དེ་ཡང་ཡེ་ཤེས་ཀྱི་སྣང་བ་ཡུལ་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ་ཤར་ནས་ཡེ་ཤེས་ཀྱི་ཡུལ་ཀུན་ཏུ་ཡངས་པ་དང་ལྡན་པའོ། །དེ་ཡང་སྣང་བ་མི་འགག་སྣང་བྱེད་མི་དམིགས་ཡེ་ཤེས་ཀྱི་གནས་པ་མཐོ་དམན་མེད་ཡེ་ཤེས་ཀྱིས་ཡེ་ཤེས་ཀྱི་སྣང་བ་མཐོང་སྐུ་སྐུ་ལ་ཐིམ་འབྱུང་བ་འབྱུང་བ་ལ་འཁྱིལ་རིག་པ་རང་ལུས་རྙེད་པའོ། །དེ་ཡང་བྱེད་པ་དང་བཅས་པ་མ་ཡིན་ན་བྱ་བྱེད་མེད་པའི་རིག་པ་དངོས་པོ་དང་བྲལ་བའི་ངང་དུ་བཞག་ནས་ཡེ་ཤེས་རང་ས་ཟིན་ཏེ། དེ་ལ་བསྒོམས་ཤིང་བསྒྲུབས་པས་ཡེ་ཤེས་ཀྱི་ངོ་བོ་མི་རྙེད་ལམ་ལ་ཐུག་པ་མེད་ཡེ་ཤེས་ལ་ཟིན་པ་མེད་དོ། །དེ་ཡང་མ་ཡིན་ཏེ་བྱ་བྱེད་མེད་པའི་རིག་པ་ནམ་མཁའ་ལ་ཡལ་བར་བྱའོ། །དེ་ཡང་སྒྲོན་མའི་དབྱིངས་སུ་གཞུག་གོ། །བཙོན་བསྲུང་བསད་ཟེར་ཏེ་དེ་ཡང་ཡ་ཆ། རིག་པའི་ཡེ་ཤེས་ཕྱོགས་མེད་དུ་ཤར་བས་གཟུང་འཛིན་གྱི་བྱ་བ་བསད་དེ། དེ་ཡང་ཡུལ་བལྟ་བ་བལྟ་མི་ནུས་


DNG003_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

དེར་བཏང་ནས་ཡེ་ཤེས་རབ་ལོག་གོ། །ཡུལ་མེད་པར་ཡེ་ཤེས་རང་ལུགས་སུ་ཤར་ནས་སོ། །སྣང་བ་ཡུལ་མེད་པའི་སྣང་བ་རང་ཤར་ཅིང་ཡིད་ཀྱི་སྤྱོད་པ་མེད་པའི་ཡེ་ཤེས་སོ། །བུ་གཉིས་ཅིག་ཆར་ཕར་ཉི་མ་ཅན་དུ་བྲོས་ནས་འདི་ནི་ཉམས་སུ་བླང་བ་བསྟན་ཏེ་དྷཱ་ཏུ་རིག་པའི་སྒྲོན་མའི་ནང་དུ་ཐིག་ལེ་སྟོང་པའི་སྒྲོན་མ་འདུས་ཏེ། མི་གནས་ལམ་ཕྱུང་ནས་རང་སྣང་གི་ནམ་མཁའ་ལ་རང་བཞིན་གྱི་འོད་གདངས་བཞུགས་སོ། །དེ་ཡང་དཔེར་ན་ཉི་མ་ལྟ་བུའི་ཡེ་ཤེས་ཀྱི་སྒྲོན་མེ་གཉིས་ཀྱི་འོད་ལ་སྒྲོན་མ་གཉིས་བཞུགས་སོ། །དེ་ཡང་ནམ་མཁའ་གང་བར་སྣང་ཞིང་ཡེ་ཤེས་ཀྱི་ངོས་འཛིན་ནི་དེའི་ཡུལ་དུ་ཉམས་སུ་ལེན་པའི་སྐྱེས་བུ་རྣམས་དེ་ལ་འདྲིས་པར་བྱ་ཞིང་། དེའི་འོད་ལས་ཡིད་གཞན་དུ་མ་ཡེངས་པར་བྱའོ། །འབངས་ལ་དཔྱ་བསྡུས་ནས་སྒྲོན་མ་དེས་ཀྱང་ཡུལ་ཅན་གྱི་སྣང་བ་ཉོན་མོངས་པ་ཐམས་ཅད་ཡེ་ཤེས་ཀྱི་སྣང་བར་ཤར་ནས་དེ་ལ་རབ་ཏུ་སྤྱོད་པའི་རིག་པ་རྒྱལ་པོའི་ཚུལ། སྒོ་ལྔ་འབངས་ཀྱི་ཚུལ་རིགས་པའི་ངོ་བོས་སྒོ་ལྔའི་འོད་ཀྱི་སྣང་བ་ཟིལ་གྱིས་མནན་ནས་ཡེ་ཤེས་རང་ཡུལ་དུ་ཤར་ནས་སྣང་བ་གཞན་དབང་དུ་མ་སོང་བར་འོད་དུ་སྣང་བའོ། །ཡེ་ཤེས་ཀྱི་སྣང་བ་ལམ་ལྔ་ལ་འོད་ཤར་ནས་སྒོ་ལྔ་ཆམ་ལ་ཕབ་པའོ། །བཙུན་མོ་ཉི་ཤུ་རྩ་གཅིག་གིས་གྲོས་བྱས་ནས་དེ་ལྟར་ངོ་སྤྲོད་ཉི་ཤུ་རྩ་གཅིག་གིས་ཉམས་སུ་བླངས་དགོས་ཏེ་དེ་ཡང་དོན་ལ་སྐྱེ་བ་མེད་ཀྱང་མཚན་མ་སྐྱེད་བྱེད་ཡོད་པས་དཔེ་རྣམས་ཀྱིས་མཚོན་དགོས་ཏེ་དེ་ལ་སྐུ་དང་འོད་དུ་བསྟན་པའི་ཡེ་ཤེས་ཀྱི་སྣང་བ་དང་སྦྱར་ནས་སྣང་བ་དེ་ལས་ཡེ་ཤེས་ཀྱིས་ཡིད་འཕྲོ་འདུ་ཟད་དེ་སྣང་བ་རང་སྣང་བ་ཡིན་ནོ། །འོད་དང་འོད། སྐུ་ནི་རང་གི་རིག་པའོ། །དེ་ཡང་རང་གི་ཤེས་རབ་ཀྱིས་ཆོད་པར་བྱས་ནས་རྐྱེན་གྱིས་དབང་དུ་རིག་པ་མ་སོང་བའོ། །བསམ་རྡུགས་ཀྱི་ལྷ་ཁང་དུ་བྲོས་ཏེ། དེ་ལ་ཡང་ངོ་སྤྲོད་ཉི་ཤུ་རྩ་གཅིག་གིས་རང་གི་སྣང་བ་རང་གིས་ངོ་ཤེས་ནས་ཆོས་ཀྱི་སྐུ་བསམ་པ་དང་བྲལ་བའི་སྣང་བ་དེ་ཀ་དག་ཆེན་པོའི་སྐུ་གཞོན་ནུ་བུམ་པ་སྐུའི་སྣང་བ་ཕུགས་སུ་སྤྱད་པ་མེད་པའི་རང་སྣང་ཆེན་པོ་ཡུལ་ལ་སྣང་ཞིང་ཡུལ་ལ་ལོངས་སྤྱོད་པ་དེ་ཡང་མ་དག་པའི་ཡུལ་ལྟ་བུ་མ་ཡིན་ཏེ་ཡེ་ཤེས་དག་པའི་སྣང་བ་འབའ་ཞིག་ཏུ་སྣང་ངོ་། །མི་ལྔས་ཕུབ་གོན་ནས་དེ་ཡང་སྐུ་ལྔ་ཡེ་ཤེས་ལྔ་སྣང་བ་ཡེ་ཤེས་ལ་འོད་ལྔ་སྣང་བ་འོད་ལ་དབྱིངས་སུ་སྣང་བ་དབྱིངས་མཐའ་ལ་མི་གནས་རྒྱ་མ་ཆད་ཅིང་ཀུན་ཏུ་མཐའ་ཡས་པ་དབུས་དང་མཐའ་མེད་པ་མ་འགགས་པ་རང་གིས་རིག་པའི་སྤྱོད་ཡུལ་དུ་གྱུར་པ་སྟེ་ཟེར་ཕྱོགས་བཅུར་འཕྲོ་བ་སྣང་བ་ཕྱོགས་མེད་དུ་འཆར་བ་རང་བཞིན་དང་ངོ་བོ་མི་འགྱུར་བའོ། །སྒོ་བསྲུངས་ནས་སུས་ཀྱང་འོང་མ་ནུས་ཟེར་ཏེ་ཡ་ཆ། དེ་ཡང་འོད་ལྷ་དང་འོད་ཀྱི་ཚུལ་དུ་གནས་པས་སྐྱེ་ཤིའི་གནས་མེད་པར་སྣང་བ་མ་འགགས་པར་སྣང་བའོ། །དེ་ཡང་བར་དོའི་དུས་བསྟན་ཏེ་བར་དོ་ལ་ཡེ་ཤེས་མ་པང་དུ་བུ་འཇུག་པ་ལྟ་བུ་སྟེ་ཡེ་ཤེས་ཀྱི་འོད་ཕྱོགས་མེད་དུ་ཤར་བས་ཡུལ་ལ་བལྟར་མེད་ཡེ་ཤེས་ལ་གཞལ་དུ་མེད་སྣང་བ་ལ་དབྲི་བཀོལ་མེད་དབྱིངས་ལ་ཆེ་ཆུང་མེད་དོ། །དེ་ནས་མི་བཞིས་མེ་ལོང་བཞིར་བྱད་བལྟས་པས་དེ་ཡང་ཡེ་ཤེས་ཀྱི་སྣང་བ་ཞེས་བྱ་སྟེ་དེ་ལ་ཡེ་


DNG003_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རང་གི་སྣང་བ་ངོ་ཤེས་ནས་ཡེ་ཤེས་ཀྱི་དྭངས་མ་ལྔ་ཡུལ་ཆོས་ཀྱི་དབྱིངས་ལ་ཤར་ནུས་ཏེ་རང་སྣང་བའི་ཡུལ་ཡེ་ཤེས་ཀྱི་གནས་སུ་མ་གྱུར་པ་གང་ཡང་མེད་དོ། །ཡེ་ཤེས་དེ་ཡང་བྱ་བ་དྲུག་པའི་ཆ་མཚུངས་ཏེ་ཀ་དག་ལ་ཡོད་པའི་ཕྱིར་རོ། །རང་ངོ་རང་གི་ཤེས་ཟེར་ཏེ་ཡ་ཆ། དེ་ཡང་རང་གི་སྣང་བ་ཡུལ་ལ་ཤར་ནས་ཡེ་ཤེས་རང་གི་སྣང་བ་མཐོང་འབྱུང་བ་མའི་དབྱིངས་སུ་ཕྱིན་ཤེས་རབ་ཀྱི་བྱ་བ་ཟིན་སྣང་བ་གྲོགས་སུ་ཤར་ཡེ་ཤེས་ཡུལ་ལ་ཤར་སྟོང་པ་ཉིད་དབྱིངས་སུ་ཐིམ་ཡང་དག་པའི་ཡུལ་ལ་ངེས་པ་སྐྱེ་བའོ། །དེ་ཡང་རིག་པའི་ཡེ་ཤེས་ཡུལ་དང་ཕྲད་པས་སྣང་བ་ལ་ངེས་པ་སྐྱེ་སྟེ་རང་སྣང་ཡིན་སྙམ་པ་ཙམ་མོ། །དེ་ནས་ཁང་པ་གཅིག་ལ་སྒོ་བརྒྱད་དེ་ཡང་ལྷུན་གྲུབ་ཀྱི་སྣང་བ་ལ་ངེས་པ་རྙེད་པའོ། །དེ་ཡང་ཡེ་ཤེས་ལྟར་ཤར་བའི་སྒོ་ལ་རང་གི་ཤེས་པ་སད། སྐུ་ལྟར་ཤར་བའི་སྒོ་ལ་བདེན་པ་མཐོང་། འོད་ལྟར་ཤར་བའི་སྒོ་ལ་སྟོབས་རྙེད། ཐུགས་རྗེ་ལྟར་ཤར་བའི་སྒོ་ལ་ངེས་ཤེས་སྐྱེ། གཉིས་མེད་ཀྱི་སྒོ་ལ་བདག་རྟོག་གི་བློ་དང་བྲལ། མཐའ་གྲོལ་ལྟར་ཤར་བའི་སྒོ་ལ་ཡེ་ཤེས་མ་བུ་འཕྲད། དག་པ་ཡེ་ཤེས་ཀྱི་སྒོ་ལ་མཐར་ཕྱིན་པ། མ་དག་པའི་སྒོ་ལ་ཐུགས་རྗེ་མ་འགགས་པའོ། །ཡོད་པ་མཐོང་བས་རང་ལ་རང་གད་མོ་ཤོར་ཟེར་ཏེ་ཡང་ཡ་ཆ། དེ་ཡང་ཡེ་ཤེས་ཀྱི་གནས་དང་རང་གི་རིག་པའི་ཡུལ་དང་ཤེས་རབ་ཀྱི་རྩལ་གསུམ་མཉམ་པས་ཡེ་ཤེས་ཆེན་པོའི་ས་ཟིན་པས་སོ། །དེ་ཡང་རང་སྣང་དུ་ཡོད་པ་ལ་གཞན་འབྱུང་གིས་ཆོས་དང་བྲལ། མཚན་མའི་དངོས་པོ་གར་ཡང་གཟུང་དུ་མེད། ཡུལ་ཅན་དུ་རྟོག་པ་གང་ཡང་མེད་པ་དག་ཏུ་རྟོག་པའི་ས་བོན་ཕྱུང་། ཡེ་ཤེས་ལ་གསལ་འགྲིབ་མེད་པའི་རང་སྣང་རང་ལ་ཤར། དེ་ཡང་འབྱུང་བ་ཡེ་ཤེས་ཀྱི་ལམ་དུ་བསླང་། །དོན་ཆོས་ཉིད་དུ་ཐམས་ཅད་འདུས། ཡེ་ཤེས་སྟོང་པའི་ཡུལ་དུ་སྣང་སྟོང་པ་ཉིད་ཀྱི་དབྱིངས་སུ་ཐིམ། དེ་བཞིན་བརྡའ་ཡི་རྣམ་པ་ཀུན། །མཚོན་ནས་ཡེ་ཤེས་དོན་ལ་སྦྱོར། །ཞེས་བཀའ་སྩལ་པས། མཁའ་འགྲོ་མ་རྣམས་ངོ་མཚར་མཆོག་ཏུ་སྐྱེས་སོ། །ཞེས་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། འཁྲུལ་ཚུལ་དང་འཁྲུལ་པ་བཟློག་པའི་ལེའུ་སྟེ་སོ་དགུ་པའོ།། །།དེ་ནས་ཡང་མཁའ་འགྲོ་མ་དཀར་མོའི་ཚོགས་དཔག་ཏུ་མེད་པ་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ། བརྡའི་ཆོས་ཀྱིས་སེམས་ཅན་གྱི་རྟོག་པ་སོལ་ཅིག །བདག་ཅག་མཁའ་འགྲོ་མ་རྣམས་ཀྱི་མ་རིག་པའི་མིག་ཕྱེས་ཤིག །སེམས་ཅན་ཀུན་གྱིས་གོ་བར་གྱིས་ཤིག །ཅེས་ཞུས་སོ། །དེ་ནས་ཡང་སྟོན་པས་ལེགས་པར་གསུངས་སོ། །ངས་ནི་བརྡའ་ཡིས་སེམས་ཅན་རྣམས་ཀྱི་རྟོག་པ་བསལ་ལོ། །མཁའ་འགྲོ་མའི་འཁོར་རྣམས་རབ་ཏུ་ཉོན། ཡང་ཡུལ་འཁོར་འཁོར་བའི་གནས་ན་རིགས་དྲུག་གི་སེམས་ཅན་དཔག་ཏུ་མེད་པ་རང་གི་སྙིང་པོ་རང་ཆས་ཀྱི་ས་བོན་དང་བཅས་སོ། །ཡུག་


DNG003_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་མོ་ཞེས་བྱ་བ་ན། འདམ་རྫབ་ཆེན་པོ་ཉོན་མོངས་པ་སྟོང་ཕྲག་བརྒྱད་ཅུ་ཉོན་མོངས་པ་བསམ་གྱིས་མི་ཁྱབ་པའི་དཀྱིལ་ན། གཅིག་གི་ནང་ན་མར་མེ་གཅིག་རིག་པའི་ཡེ་ཤེས་ཡུལ་གྱི་དབང་དུ་མ་སོང་བར་སྣང་བའོ། །མ་ཤི་བར་འདུག་པས། ཡུལ་མ་དྭངས་དང་ལྡན་རིག་པའི་ཡེ་ཤེས་ལ་མ་རིག་པའི་ཆ་ཞུགས་ནས་འཁྲུལ་མགོ་བཟུང་། དེ་ཡང་བག་ཆགས་ཀྱི་ཕུང་པོ་ཡེ་ཤེས་ཀྱི་སྣང་བ་ལྔ་རིག་པ་དང་བཅས་པ་ཡོད་པ་དེ་ཡང་ཡུལ་གྱི་དབང་དུ་འགྲོ་འདོད་དེ། དེ་ལ་ཤེས་རབ་རང་བྱུང་གི་སྒྲོན་མས་ལུང་བསྟན་པ་ཉམས་སུ་བླང་བའི་དོན་དུ་གསུངས་པའོ། །པ་ཞེས་བྱ་བ་ན། སྟོན་པ་མེ་ལོང་ཅན་སྒྲོན་མ་ལ་ཡེ་ཤེས་ལྔའི་ཡུལ་མ་འགགས་པར་ཡོད་པས་སྣང་བ་གཞན་ལ་རག་མ་ལུས་ཏེ་རང་སྣང་རང་ཤར་བས་ཡེ་ཤེས་ཀྱི་གནས་པ་ལ་རང་ཆས་སུ་འོད་ལྔ་ཡུལ་སྒོ་ལྔ་ལ་སྣང་། ལམ་ལྔ་མིག་ལ་སྣང་། ངོ་བོ་ལྔ་སྙིང་ལ་སྣང་རྟགས་སྒྲོན་མ་ལ་སྣང་ཡེ་ཤེས་ལྔ་མཐའ་མི་ཕྱེད་ཡུལ་ལ་སྣང་བར་ཤར་ཞེས་བྱ་བས་མཐོང་སྟེ། དེ་ལ་འདི་སྐད་ཅེས་བྱས་སོ། །ཀྱེ་མ་སེམས་ཅན་མདངས་ཡེ་ཤེས་ཀྱི་གནས་ལུགས་ནི་ཡེ་གདོད་མ་ནས་རང་སྣང་དུ་ཡོད་པ་གཞན་བྱུང་གི་ཆོས་མེད། སྟོང་པའི་ཡུལ་མེད། ཡེ་ཤེས་ཀྱི་གནས་མེད། དག་པའི་ཡུལ་མེད། སྟོང་པའི་ལམ་ལྔ་སྣང་བ་མ་འགགས་སོ། །དང་ལྡན་པ་ཁྱོད་ཉོན་ཅིག །ངས་ཁྱོད་ལ་ལུང་བསྟན་ནོ། །ཁྱོད་མ་ཡེངས་པར་ཉོན་ཅིག །རི་བོ་ཆེན་པོ་མ་ལ་ཡ་ཞེས་བྱ་བའི་རྩེ་མོ་ན། རང་གི་ལུས་ལ་བྱ་སྟེ་དེ་ཡང་རང་གི་སྙིང་གི་ནང་ན་རིག་པ་གནས། རྩ་ལ་ཐིག་ལེ་ཀླད་པ་ན་ཡེ་ཤེས། མིག་ལ་སྒྲོན་མ་གནས་པར། མགོ་བོའི་ནང་ནས་མིག་ཏུ་ལམ་བྱུང་སྟེ་དེ་ཡང་སྒྲོན་མ་རྣམ་པ་གཉིས་ནམ་མཁའ་ལ་ཡེ་ཤེས་ཀྱི་འོད་དུ་གསལ་ལོ་དེ་ཡང་རིག་པའི་ཟེར་དུ་སྣང་བ་རང་བཞིན་ཡེ་ཤེས་ཀྱི་དབང་དུ་འཆར་རོ། །རྒྱ་མཚོ་མུ་ཁྱུད་ཅན་ཞེས་བྱ་བ་ན། དེའི་ནང་ན་ཡབ་འོད་སྲུང་ཞེས་བྱ་བ་དང་། རིག་པའི་སྐུ་འོད་དུ་གནས་ཏེ་འོད་དེ་ལ་ཡང་ཐུག་པ་མེད་ཅིང་བྲི་བ་མེད་པ་ཡེ་ཤེས་ཀྱི་རང་འོད་དང་བཅས་ཏེ་ལམ་ལ་ངོས་བཟུང་གི་མཐའ་དང་བྲལ་བའོ། །ཡུམ་དེ་ཡང་ཡུམ་ཆོས་ཉིད་ཀུན་ཏུ་བཟང་མོ་རང་ལ་ཤར་ཅིང་འཕྲོས་པའོ། །ཐབས་ཀྱི་ཆ་འཛིན་པས་འོད་དུ་སྣང་། ཤེས་རབ་ཀྱི་ཆ་འཛིན་པས་ཡེ་ཤེས་སུ་སྣང་། དེ་ཡང་ཆོས་ཀྱི་སྐུ་བདེ་བ་ཆེན་པོའི་ཡུལ་ཤར་བའོ། །རྡོ་རྗེ་ཕག་མོ་གཉིས་བཤོས་པ་ལས། མིང་སྲིང་གཉིས་བྱུང་སྟེ། དྷཱ་ཏུའི་སྒྲོན་མ་དང་ཐིག་ལེ་སྟོང་པའི་སྒྲོན་མའོ། །དེ་ནས་ཕ་མ་ཐབས་ཤེས་སུ་སྣང་བ་ནི་མ་འགགས་པ་ཙམ་མོ། །གཉིས་ཀྱིས་མིང་སྲིང་སྒྲོན་མ་གཉིས་ཡིན་པར་བསྟན་གཉིས་ལ་འདི་སྐད་ཅེས་ཟེར་རོ། །བུ་དབྱིངས་རྣམ་པར་དག་པའི་སྒྲོན་མ་ཡུལ་དུ་སྣང་བ་ཙམ་སྟེ། དེ་ཡང་ཡུལ་དུ་སྣང་བའི་ཡེ་ཤེས་གསལ་དུ་མ་སྟེར་ཏེ་ཡུལ་རང་ཡུལ་ཅན་དུ་བཟུང་ངོ་། །ཞེ་སྡང་


DNG003_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

གི་མེ་ལ་བྱ་སྟེ་དེ་ཡང་ཡུལ་དང་ཕྲད་ནས་མེས་བྱེད་པ་དང་འདྲ་སྟེ་ཀུན་ཏུ་འབར་ཞིང་མཆེད་པའོ། །ཁྱོད་སོང་ལ་བདུད་ནག་པོའི་མ་རིག་པ་ཡུལ་ནས་མེ་ལོང་ལ་ཤོག་ཅིག །བུ་མོ་ཐིག་ལེ་སྟོང་པའི་སྒྲོན་མ་ལ་བྱ་སྟེ་རིག་པ་ལ་ཟུང་ཞིག་ཁྱོད་སོང་ལ་སུམ་ཅུ་རྩ་གསུམ་ལྷའི་ཡུལ་རྣམ་པར་རྒྱལ་རིག་པ་དང་ཡེ་ཤེས་འབྲས་བུ་སྨིན་མ་སྨིན་ནོ། །དེ་ཉམས་སུ་བླངས་ན་ཡེ་ཤེས་ཀྱི་སྐུ་དང་འོད་མཐོང་བའི་ཁང་བཟང་ནས་མེ་ཏོག་རང་རིག་དངོས་ལ་བྱའོ། །ཐུས་ལ་ཤོག་ཅིག་བྱས་པས། བུ་ན་རེ་ང་མི་འགྲོ་སྒྲོན་མ་ཡུལ་གྱི་དབང་དུ་མི་འགྲོ་བའོ། །ཟེར་རོ། །དེ་མ་རིག་པ་ཡུལ་ལ་འཇུག་པས་ནས་ཕ་མ་གཉིས་ན་རེ། །བུ་ཁྱོད་མི་འགྲོ་བ་ཅི་སྟེ་བྱས་པས། བུ་ན་རེ་བདུད་ཉོན་མོངས་པ་ཤིན་ཏུ་རགས་པས་ཀྱི་ཡུལ་ན་བདུད་མ་རིག་པ་རྩ་བའི་བདུད་ཧ་ལི་ཀ་ནག་པོ་ཞེས་བྱ་བ་གཅིག་ཡོད་པས། བདག་བཙོན་དུ་མ་རིག་པའི་དབང་དུ་རིག་པ་བཟུང་ནས་འགྲོ་ཟེར་བས། ཡང་ཕ་མ་གཉིས་ལྷན་ཅིག་སྐྱེས་པའི་ཉོན་མོངས་པ་ན་རེ་འདི་སྐད་ཟེར་རོ། །བུ་དེ་སྐད་མ་ཟེར་བར་བདུད་ཀྱི་ཡུལ་ན། ཨ་ཕྱི་ལིང་ཉོན་མོངས་པའི་རྩ་བ་མ་རིག་པ་ཏོག་ཅན་ཞེས་བྱ་བ་ཡོད་ཀྱིས། དེ་ཁྱོད་ཀྱི་རིག་པ་དང་ལྷན་ཅིག་སྐྱེས་པའི་མ་རིག་པ་ཨ་ཕྱི་ཡིན་གྱིས་དེ་ལ་མེ་སློང་ལ་ཤོག་བྱས་པས། བུ་ན་རེ་འདི་སྐད་ཟེར་རོ། །ཀྱེ་ཡབ་ཡུམ་བདག་རིག་པའི་སྣང་བ་འགགས་གིས་ཡུལ་དེ་མ་ལགས་ཏེ། ཡུལ་དེར་བདག་མཆི་ཡིས། མ་རིག་པ་དང་རིག་པར་འདྲེས། བདག་ལ་གཡོག་པོ་མི་ཡེ་ཤེས་ལྔ་ལྔ་ཐོང་ཞིག །ཏིལ་མར་གྱིས་ངར་སྒྲོལ་བྱེད་ཤེས་རབ་ཀྱི་སྐྱོང་བྱེད་དཔྱོད་པར་བྱེད་པའི་ཤེས་རབ་བླུད་པའི་རལ་གྲི་གཅིག་སྐུར་ཅིག །མེ་ལོང་འོད་ལྔའི་སྣང་བ་ལྔ་སྐུར་ཅིག་བྱས་པས། །ཕ་མ་གཉིས་དགའ་ལྷན་ཅིག་སྐྱེས་པ་དང་གཉིས་དུས་མཚུངས་པས་ནས་དེ་ཀ་ལྟར་བྱའོ་ཟེར་ནས། མི་ལྔ་གཡོག་ཡེ་ཤེས་ལྔ་ཏུ་བརྫངས། འོད་ལྔ་མེ་ལོང་ལྔ་བསྐུར་རོ། །ཡང་བུ་ན་དབྱིངས་རིག་པའི་སྒྲོན་མ་རེ་འདི་སྐད་ཟེར་རོ། །ཀྱེ་མ་ཡབ་ཡུམ་དག །བདག་ནི་བདུད་ཀྱི་ཡུལ་འཁོར་བ་ནས་ནས་མ་ཐོན་ན། ཅི་ལྟར་བགྱི་ཞེས་དྲིས་པས། ཕ་མ་གཉིས་ན་རེ། ཡུལ་རིན་པོ་ཆེའི་ཙིཏྟ ། ཕུང་པོ་ཞེས་བྱ་བ་ན། གདོལ་པ་ཅན་གྱི་མི་བཞི་ཤེས་རབ་བཞི་ཡོད་ཀྱིས། དེ་ཚེ་དམག་ཏུ་སྒྲོན་ལ། མི་གཅིག་སྡུད་བྱེད་ཀྱི་ཤེས་རབ་གིས་དམག་སྡུས་ཤིག །མི་གཅིག་འབྱེད་བྱེད་ཀྱི་ཤེས་རབ་གིས་ལྕགས་ཁྲོལ་ཅིག །མི་


DNG003_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སྒྲོལ་བྱེད་ཀྱི་ཤེས་རབ་དང་གཅོད་བྱེད་ཀྱི་ཤེས་རབ་ཀྱིས་སྒོ་ཆོག་ཅིག །དེ་སྐད་ཅེས་ཕ་མ་གཉིས་ལྷན་སྐྱེས་ཀྱིས་ལུང་བསྟན་ནས། བུ་ན་རེ་དེ་ལྟར་བགྱིའོ་ཟེར་ནས་རིག་པ་འཁོར་བར་སོང་མ་རིག་པའི་སྦུབས་བླངས་སོང་བ་ལས། དེ་ནས་བདུད་རྩ་བའི་ཉོན་མོངས་པ་ཧ་ལི་ཀ་ནག་པོས་མཐོང་སྟེ། འོ་མི་འཁོར་བ་ལ་ཆགས་པ་ཤ་བོ་བྱུང་བས། འཁོར་སྟོང་ཕྲག་བརྒྱད་ཅུ་རྣམས་ཀྱིས་འདི་མ་བཏང་བར་ཟུང་ཞིག་བྱས་པས། བདུད་ཀྱི་མི་ལྔས་ཆགས་སྡང་ལྔ་བཟུང་ངོ་། །ཨ་ཕྱི་ལིང་ཏོག་ཅན་མ་རིག་པ་གྱིས། སྒོ་ལྕགས་བཅུག་ནས། འཁོར་རྣམས་ལ་སྔོན་འདིས་ངའི་བུ་བསད་ཤ་ལྤག་གི་ལུས་བླང་ངོ་པ་ཡིན་པས་འདི་འཁོར་བ་ལས་མ་བཏང་ཞིག་བྱས་པས། འཁོར་རྣམས་ན་རེ། དེ་ཀ་ལྟར་བགྱིའོ་ཟེར་ནས། འགྲོ་བའི་དབང་མ་བྱུང་ངོ་། །དེ་ནས་ཡང་བུ་དེས་འདི་སྐད་ཅེས་བྱས་སོ། །ཀྱེ་ཨ་མ་རིག་པ་ཕྱི་བདག་གི་རིག་པ་ཕ་མ་ཐབས་ཤེས་གཉིས་ཀྱི་ཞལ་ནས། ཁྱོད་ཀྱི་ཨ་མ་རིག་པ་ཕྱི་ལིང་ཏོག་ངོ་བོ་སྒྲིབ་པ་ཅན་ཅན་བྱ་བ་དེ་བདུད་ཀྱི་ཡུལ་ན་འཁོར་བའི་ཡུལ་ན་ཡོད་ཡོད་ཀྱིས། དེ་ནས་མེ་ལོང་ལ་ཤོག་ཟེར་བ་ལགས་ཀྱིས། བདག་མ་བཟུང་བར་ཐོང་བྱས་པས། རྒན་མོས་ན་རེ་ཁྱོད་མི་བཏང་བ་ཡིན། ངའི་བུ་འཁོར་བ་ལས་ཡེ་ཤེས་སུ་ལོག་པའི་ཕྱིར་ཁྱོད་ཀྱི་ཕས་བསད་པ་ཡིན་པས་མི་བཏང་ངོ་ཟེར་རོ། །དེ་ནས་བུ་དེས་འདི་སྐད་ཅེས་བྱས་སོ། །བདག་མི་བཏང་ན་ཤེས་རབ་ཀྱིས་དམག་འདྲེན་བྱས་པས། མོ་ན་རེ། ཁྱོད་རང་དམག་དྲོངས་ཟེར་ནས་མ་ཐར་རོ། །ལུས་ཡོད་པས་དེ་ནས་ཁོས་མགྲོན་མདོ་སྡེ་འདུལ་བ་མངོན་པ་གསུམ་པོ་མི་གསུམ་ལ་ཐན་བཏང་བ། ཀྱེ་གྲོགས་པོ་དག །ཡུལ་རིན་ཆེན་སྤུངས་པ་ཞེས་ཙིཏྟ་བྱ་བ་ན། ཤེས་རབ་བཞི་ལས་བྱ་གདོལ་པའི་རིགས་ཀྱི་མི་བཞི་སྒྲོན་མ་བཞི་ཡོད་ཀྱིས། དེར་ཁྱོད་ཀྱི་ཁྱེའུ་རིག་རིག་པ་ལ་བྱ་བྱེད་བཙོན་དུ་བཟུང་བས། དམག་ཤེས་རབ་ཆེན་པོ་དཔུང་མང་པོ་ཆོས་སྐད་ཅིག་ལ་རྟོགས་པ་ལ་ཤོག་ཅིག་བྱས་པས་ཁོ་ན་རེ་ཐན་རྒྱུད་ལུང་ལ་བརྟེན་དགོས་བགྱིའོ་ཟེར་ནས་སོང་ངོ་། །དེ་ནས་ཞག་གསུམ་རྟོགས་པ་སྐད་ཅིག་མ་གསུམ་ལ་གྱི་ནང་པར་ཉི་མ་ཤར་ཙམ་ན། དམག་མང་ཤེས་རབ་རྒྱུད་ལ་སྐྱེས་པོ་བྱུང་ནས་སྒོ་བཅག་ལུས་བོར་ནས་ཡེ་ཤེས་ལ་འཇུག་ནས། བཙོན་གྱི་ལྕགས་ལུས་ལས་


DNG003_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

བཅག །རྒན་མོ་ཡུལ་མ་རིག་པའི་རྩ་བ་བཅད་ནས་བཏོན། མི་ལྔ་ཆགས་སྡང་ལྔ་རྩ་དང་བྲལ་རྟ་དང་ཕྲལ། ཨ་ཕྱིའི་བུ་བཙོན་མིག་པ་རིག་པར་གྲོལ་དུ་བཟུང་། འཁོར་རྣམས་སྟོང་ཕྲག་བརྒྱད་ཅུ་རལ་གྲིས་མགོ་བཅད་དེ་བསད་དོ། །དེ་ནས་རང་གི་མིག་ལས་ལམ་བྱས་ཡུལ་དུ་བྲོས། དེ་ནས་རང་གི་ཡུལ་དུ་ཕྱིན་པས། སྲིང་མོས་སུམ་ཅུ་རྩ་གསུམ་ལྷའི་ཡུལ་ནས། སྒྲོན་མ་ཉམས་སུ་བླང་རྣམ་པར་རྒྱལ་བའི་ཁང་བཟང་ནས་འོངས་པའི་ཚད་མེ་ཏོག་མང་པོ་ཁྱེར་ནས་བྱུང་བ་དང་འཕྲད་དོ། །དེ་ནས་ཕ་མ་གཉིས་ཀྱིས་ངོ་ཤེས་ཡེ་ཤེས་རང་རིག་པར་གྱུར་ནས་རབ་ཏུ་དགའ་ནས། མིང་སྲིང་སྒྲོན་མ་གཉིས་གཉིས་ལ་མིང་བཏགས་པ། མིང་པོ་རྡོ་རྗེ་ལུ་དབྱིངས་རིག་པའི་སྒྲོན་མ་གུ་རྒྱུད་འདྲེན་པ་ཞེས་བྱ་བ་བཏགས་སོ། །སྲིང་མོའི་མིང་ནི་མུ་ཁྱུད་ཐིག་ལེ་སྟོང་པའི་སྒྲོན་མ་འཛིན་ཞེས་བྱ་བར་བཏགས་སོ། །དེ་ནས་མིང་འཁྲུལ་སྣང་འགགས་ནས་སྲིང་གཉིས་གྲོས་བྱས་པ། སྟོན་པ་མེ་ལོང་བར་དོ་དང་པོ་ཅན་བྱ་བ་དེ་མཐོང་ནས། དེ་གཉིས་ལ་ལུང་ཤེས་རབ་དང་ཡེ་ཤེས་བསྟན་པ། ཀྱེ་རིགས་ཀྱི་བུ་ཉོན་ཅིག །ཡུལ་མ་བཀོད་པར་སྣང་བར་དོ་བ་ན། རིན་ཆེན་ཤེལ་དྲི་མ་མེད་པ་གྱི་མཆོད་རྟེན། ཁྲི་འཕང་ལྔ་འོད་ལྔ་པ་གཅིག་ལ། ལོགས་རེ་ལ་མི་ལྔ་ལྔ་ཚོམ་བུ་ལྔ་མདུན་མ་བྱེད་པས་ཤེལ་གྱི་མཆོད་རྟེན་འོད་ཀྱི་ལམ་དེའི་འཁོར་ལོ་ལ། དངུལ་དཀར་གྱི་ཡེ་ཤེས་བཞི་སྦྱོར་གྱི་སྣང་བ་མེ་ལོང་བཞི་བཏགས་ནས་ཡོད་པ། དེ་ལ་རི་བོ་མ་ལ་ཡའི་རྩེ་མོ་མིག་ནས་ནས་བྱ་ར་གྱིས་ལ། མུ་ཁྱུད་དབྱིངས་སུ་ཀྱི་ར་བར་ཆུག་ཅིག །དེ་ལ་རིན་པོ་ཆེའི་རྟོགས་ཚད་སྐས་ཚུགས་ལ། ལག་ཏུ་ཉམས་སུ་ལོངས་རིན་པོ་ཆེའི་སྣོད་བཅུད་ཀྱིས་བཀང་བ་ཅིག་ཐོགས་ལ་འཛེགས་ཤིག །དེ་ནས་མཆོད་རྟེན་གྱི་རྩེ་ནས་འོད་ཀྱི་ལམ་སྟོན་པ་འོད་མི་རང་གི་སྣང་བ་འགྱུར་བ་ཞེས་བྱ་བ་ཅིག་ཡོད་ཀྱིས། དེ་ལ་འོད་ཟེར་གྱི་ཉག་ཐག་ཅིག་ཞབས་ཐུགས་ཀ་ནས་གཡས་པ་ནས་འོང་གིས་དེ་ལ་ཁྱོད་མ་འཇིགས་པར་དེ་རང་རིག་ཡིན་པས་ལ་འཇུས་ལ་སོང་ཞིག །དེ་ནི་ཁྱོད་རང་གི་སྣང་བའི་ཡབ་རང་གི་རིག་པ་ཡིན་གྱིས་དེར་རྒྱུག་ཅིག །དེ་འདས་པའི་གོང་ན་རིན་པོ་ཆེ་ཤེལ་གྱི་ལྷུན་གྲུབ་ཁང་པ་གཅིག་ལ་སྒོ་


DNG003_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ཡོད་ཀྱིས། དེ་ན་ཁྱོད་ཀྱི་མ་སྣ་ཚོགས་སུ་སྣང་བ་བྱ་བ་ཡོད་ཀྱིས། དེ་ནས་ཁྱོད་ཀྱིས་མ་ངོ་ཤེས་པར་འགྱུར་རོ། །དེའི་གོང་ན་ཀ་དག་རང་སྣང་གི་སྣང་བ་རིན་པོ་ཆེ་སྣ་ཚོགས་ལས་བྱས་པའི་ཁང་པ་ཡོད་ཀྱིས། དེ་ཁྱོད་ཀྱི་གནས་ཡིན་པས་དེར་ས་ཕྱིར་མི་ལྡོག་ཟུང་ཞིག །དེ་སྐད་ཅེས་སྟོན་པས་ལུང་བསྟན་པས། ཁྱེའུ་ལུ་གུ་རྒྱུད་འདྲེན་པས་དབྱིངས་རིག་པའི་སྒྲོན་མ་འདི་སྐད་ཅེས་བྱའོ། །ཀྱེ་སྟོན་པ་ཆེན་པོ་དེ་ལྟར་བདག་གིས་བགྱིའོ། །ཟེར་ནས་སྲིང་མོ་སྒྲོན་མས་ཡུལ་རྙེད་པ་ལ་འདི་སྐད་ཅེས་ཟེར་རོ། །སྟོན་པས་ལུང་བསྟན་པ་ཕྱིར་མི་ལྡོག་པ་བཞིན་དུ་བྱའོ། །ཟེར་ནས། ཉི་མའི་ཟེར་ལ་རྟ་རུ་ཐུགས་ཀའི་ཟེར་ཐག་ལ་ཞོན་ནས། འཇའ་ཚོན་གྱི་འོད་ཀྱིས་སྒ་བསྟད་ནས། མུ་ཏིག་གི་ཕྲེང་བས་གློ་རྟོག་པ་ལམ་དུ་ཁྱེར་བསྡམས་ནས་ལག་ཏུ་ཤེལ་གྱི་ཤེས་རབ་ཀྱི་མདུང་ཐུང་ཐོགས་ནས། ནམ་མཁའི་དཀྱིལ་དུ་རྣམ་སྣང་གི་ནམ་མཁའ་ལ་ལམ་ཕྱུང་ནས། རིན་པོ་ཆེའི་ཀ་དག་གི་སྣང་བ་འབྲི་ན་ཁང་པའི་ནང་ན་ཐོག་རྡུག་མེད་པར་སོང་ཟེར་ཏེ་ཡ་ཆ། དེ་ནས་དཀར་མོའི་ཚོགས་རྣམས་ཀྱིས་ངོ་མཚར་སྐྱེས་ནས་འདི་སྐད་ཅེས་བརྗོད་དོ། །ཨ་ཧཱུྃ་ཐུགས་རྗེས་ཉི་ཤར་སྟོང་ཁམས་ཁྱབ་མཛད་པ། །འོད་ཟེར་སྟོང་ལྡན་མ་རིག་མུན་ཁང་འཇོམས། །ཆོས་ཉིད་མི་འགྱུར་སྐུ་མདོག་མཐིང་གར་ལྡན། །ཐུགས་རྗེ་དྲུག་ལྡན་ཕྱག་དྲུག་མཚོན་ཆ་བསྒྱུར། །དྲི་མེད་ཡེ་ཤེས་མཆེ་བ་དཀར་པོ་གཙིགས། །རུ་ལུའི་སྒྲ་ལྡན་གདུག་པ་ཐབས་ཀྱིས་འདུལ། །ཐུགས་རྗེའི་ཞགས་པས་འགྲོ་བ་འདྲེན་མཛད་པའི། །ཡེ་ཤེས་སྤྱན་ལྡན་ཁྱོད་ལ་ཕྱག་འཚལ་བསྟོད། །ཐུགས་རྗེའི་སྟོབས་ལྡན་རྡོ་རྗེ་ཡེ་ཤེས་སྐུ། །འགྲོ་བ་འདམ་ནས་འདྲེན་མཛད་ཐུགས་རྗེའི་ཞགས་པ་ཅན། །ངོ་བོ་མི་འགྱུར་རྡོ་རྗེའི་དོན་དང་ལྡན། །ཡེ་ཤེས་རྣམ་དག་སྐུ་ལ་ཕྱག་འཚལ་བསྟོད། །རྣམ་རྟོག་སྒྲིབ་མེད་ཡེ་ཤེས་འབར་བའི་སྐུ། །ཡེ་ཤེས་ཚོགས་རྫོགས་རྣམ་དག་ས་ལ་གནས། །རྡོ་རྗེའི་ལུས་ཉིད་རྣམ་དག་སྤྱན་ལྡན་པའི། །ཉི་མ་སྟོང་གི་འོད་ཟེར་ཐུགས་རྗེ་ཅན། །རང་རིག་རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད། །འོད་ཟེར་ཕྲེང་བས་འགྲོ་བའི་སྣང་བ་སྟོན། །ཤེལ་སྒོང་ལྟ་བུ་སྐྱོན་མེད་


DNG003_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་དག །སྐྱོན་མེད་ཡེ་ཤེས་ཆོས་སྐུའི་མཚན་ཉིད་འཛིན། །ངོ་བོ་མི་འགྱུར་ཐུགས་རྗེའི་སྐུར་ཤར་བས། །ཐུགས་རྗེས་ཕ་རོལ་སྒྲོལ་ལ་ཕྱག་འཚལ་བསྟོད། །མ་འགགས་སོ་སོའི་མཚན་འཛིན་ཡེ་ཤེས་དོན། །མཚན་དང་དཔེ་བྱད་ལྡན་ཞིང་རྣམ་དག་སྐུ། །འགག་མེད་ལོངས་སྤྱོད་རྫོགས་ལ་ཕྱག་འཚལ་བསྟོད། །ཡེ་ཤེས་སྐུ་མཆོག་འབར་བའི་ཆོས་སྐུའི་དོན། །བསམ་པ་ཀུན་སྤངས་ཆོས་ཉིད་མིང་དང་བྲལ། །རྣམ་དག་ཡེ་ཤེས་སྐུ་ལ་ཕྱག་འཚལ་བསྟོད། །ཞི་བའི་སྐུ་ལ་ཁྲོ་བོའི་ཆ་བྱད་ཅན། །འགྲོ་བ་ཟིལ་གྱིས་གནོན་མཛད་སྟོབས་པོ་ཆེ། །ཁྲོ་རྒྱལ་ཧཱུྃ་སྒྲ་ཅན་ལ་ཕྱག་འཚལ་བསྟོད། །ཅེས་མཁའ་འགྲོ་མ་རྣམས་ཀྱིས་བསྟོད་ནས། རང་ལ་རང་ངོ་མཚར་སྐྱེས་ནས་འདི་སྐད་ཅེས་བརྗོད་དོ། །ཨེ་མ་ཧོ་དོན་ཆེན་པོ་རྙེད་དོ། །ཨེ་མ་ཧོ་ཀློང་གཅིག་ཏུ་འདུས་སོ། །ཨེ་མ་ཧོ་མཐའ་ཀློང་དུ་འདུས་སོ། །ཨེ་མ་རྟོགས་པ་སྐད་ཅིག་མ་ལ་གྲུབ་པོ། །ཨ་ལ་ལ་ཧོ། སངས་རྒྱས་ཀྱི་དགོངས་པ་རྙེད་དོ། །རང་ལས་བྱུང་བའི་ནོར་བུ་རིན་པོ་ཆེའི་དོན་ཐུགས་སུ་ཆུད་དོ། །ཅེས་བརྗོད་ཅིང་གླུ་དང་རོལ་མོ་སྣ་ཚོགས་པ་དང་། སྒྲ་སྣ་ཚོགས་ཀྱིས་མཆོད་པ་ཆེར་བྱས་སོ། །ཞེས་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། ཡོངས་སུ་བསྟོད་པའི་ལེའུ་སྟེ་བཞི་བཅུ་པའོ།། །།དེ་ནས་ཡང་མཁའ་འགྲོ་མ་སེར་མོའི་ཚོགས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་བཅོམ་ལྡན་ཐུགས་རྗེ་ཆེན་པོ་དང་ལྡན་པ། བདག་ཅག་རྣམས་ལ་ཐབས་དམ་པ་བསྟན་དུ་གསོལ། ཞེས་ཞུས་སོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀྱེ་འབྱུང་བའི་བདག་མོ་རྣམས་ཉོན་ཅིག །ངས་དོན་མ་ནོར་བར་ཁྱེད་ལ་བསྟན་གྱིས་ལེགས་པར་ཉོན། ངས་ནི་སངས་རྒྱས་མ་མཐོང་ངོ་། །དེའི་ཕྱིར་སངས་རྒྱས་ཀྱི་བྱིན་གྱིས་བརླབས་པ་མེད་པའི་ཕྱིར། ཐབས་ཞེས་བྱ་བ་མེད་དོ། །དེ་ནས་ཡང་མཁའ་འགྲོ་མ་རྡོ་རྗེའི་གཙུག་ཕུད་ཅེས་བྱ་བས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཐུགས་རྗེ་ཆེན་པོ་དང་ལྡན་པ་སྒྲུབ་རྒྱུད་ཀྱི་བརྡའ་ཆེན་གསུང་དུ་གསོལ། ཞེས་ཞུས་སོ། །དེ་ནས་བཅོམ་ལྡན་འདས་དགོངས་པ་


DNG003_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

རང་གནས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་ཡང་མཁའ་འགྲོ་མ་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་བཅོམ་ལྡན་འདས་ཏིང་ངེ་འཛིན་ལས་བཞེངས་ཤིག །འཇིག་རྟེན་གྱི་ཁམས་འོད་ཀྱིས་ཁོང་ཞིག །མ་རིག་པའི་མུན་པ་ཆོམས་ཤིག །ཡེ་ཤེས་ཀྱི་སྣང་བ་སྟོན་ཅིག །ཅེས་ཞུས་སོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཏིང་ངེ་འཛིན་ལས་བཞེངས་ནས། འོད་ཟེར་གྱི་ཕུང་པོས་འཇིག་རྟེན་གྱི་ཁམས་སྟོང་གསུམ་གྱི་སྟོང་ཆེན་པོ་ཐམས་ཅད་ཁེངས་སོ། །དེ་ནས་སྟོན་པ་ཐུགས་རྗེ་ཆེན་པོ་དེས། མཁའ་འགྲོ་མའི་ཚོགས་རྣམས་ལ་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་མཁའ་འགྲོ་མའི་འཁོར་རྣམས་ཉོན་ཅིག །སྔོན་ཡུལ་རྣམ་པར་དག་པ་རིག་པའི་ཞིང་ཁམས་ཞེས་བྱ་བ་ན། མཁར་སྒོ་བརྒྱད་ལྷུན་གྲུབ་དང་ལྡན་པའི་མཁར་ཞིག་ཡོད་དོ། །མཁར་དེའི་རྩེར་ཁྱེའུ་རིག་པ་སྣང་བའི་རིག་བྱེད་བྱ་བ་ཡོད། དེ་ལ་མ་རྒན་དེ་རིག་པ་དང་དུས་མཉམ་མོ་ལིང་ཏོག་ཅན་ཞེས་བྱ་བ་ཡོད། ཡུལ་དེའི་མདའ་ན་འཁོར་བ་སྡིག་སྤྱོད་ཉོན་མོངས་པ་པའི་རྒྱལ་པོ་གྲགས་པ་དབང་ཕྱུག་བྱ་བ་དེ་ལ་བུ་རྒྱལ་བུ་ལྔ་ཆགས་སྡང་ལྔ་ཡོད་པས། སྲས་པོ་ལྔས་ཡུལ་སྒོ་ལ་ཡིན་སྐུ་རྩེད་ལ་སོགས་པ། རྒན་མོ་ལིང་མ་རིག་པ་དང་དུས་མཉམ་ཏོག་ཅན་མདོ་ན་མར་སྐྱོ་བསངས་སྒོ་ལྔ་པ་ལ་བྱུང་བས། སྲས་རྒྱལ་བུ་ལྔས་བཙོན་དུ་བཟུང་ཡུལ་དང་ཕྲད་ཟེར་བ་དེ་ཡང་ཡ་ཆ་ཨང་བྱས་པས་མཁའ་འགྲོ་རྣམས་ངོ་མཚར་མཆོག་ཏུ་སྐྱེས་ནས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཐུགས་རྗེ་ཆེན་པོ་དང་ལྡན་པའི་སྟོན་པ་དེས་ནི་བདག་ཅག་རྣམས་ཀྱི་རྟོག་པ་སེལ་བར་གྱུར་ཏོ། །ཨེ་མ་ངོ་མཚར་ཤིན་ཏུ་ཆེའོ། །སྟོན་པས་ལུང་བསྟན་དུ་གསོལ། ཨེ་མ་ཧོ། དེ་ནས་ཡང་སྟོན་པས་བཀའ་སྩལ་པ། དེ་ནས་བུ་རིག་པ་མ་བསྙེགས་མ་ལ་སོང་བ་ཡང་བཟུང་ནས་ལྕགས་སུ་བཅུག་འཁོར་བར་བཟུང་ཟེར་བ་དེ་ཡ་ཆ། དེ་ནས་མཁའ་འགྲོ་མ་སེར་མོ་ཡེ་ཤེས་ཀྱི་མདངས་དང་ལྡན་པ་ཞེས་བྱ་བ་དེས་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ་སྟོན་པ་ཆེན་པོ། སེམས་ཅན་གྱི་རྟོག་པ་གང་གིས་སེལ་བར་འགྱུར། ཞེས་ཞུས་སོ། །དེ་ནས་ཡང་བཀའ་སྩལ་པ། སྔོན་ཡུལ་རིན་པོ་ཆེ་ཙིཏྟ་སྤུངས་པ་


DNG003_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ན། རྒན་མ་རིག་པ་མོ་གཅིག་ལ་རིག་པའི་ཡེ་ཤེས་ནོར་བུ་རིན་པོ་ཆེ་གཅིག་ཡོད་པ། རྐུན་མོ་མི་ལྔས་ཆགས་སྡང་ལྔ་ཁྱེར་ནས། རྒན་མོ་སྡུག་བསྔལ་གྱིས་ཟིན་ཟེར་བ་དེ་འཁོར་བའི་འདམ་དུ་ཆགས་པ་ཡ་ཆ། དེ་ནས་མཁའ་འགྲོ་མ་རྡོ་རྗེ་ཧཱུྃ་སྒྲ་ཅན་ཞེས་བྱ་བས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་སྟོན་པ་ཆེན་པོས་ཐབས་བསྟན་དུ་གསོལ། ཞེས་ཞུས་སོ། །དེ་ནས་ཡང་སྟོན་པས་བཀའ་སྩལ་པ། རྒན་མོ་དེའི་རྗེས་ཤེས་རབ་ཀྱི་བཅད་པས། ཡུལ་ཚེར་མ་འཁོར་བའི་སྡུག་བསྔལ་ཅན་དུ་སོང་ནས། རྐུན་མ་མི་ལྔ་ཆགས་སྡང་ལྔ་བཀུག་པས། རྒན་མོ་བརྒྱལ་འཁོར་བར་སོང་ཟེར་བ་དེ་ཡ་ཆ། དེ་ནས་ཡང་འཇོམས་བྱེད་དམག་གི་རྒྱལ་མོས་འདི་སྐད་ཅེས་གསོལ་ཏོ། །བདག་ཅག་རྣམས་ལ་འཁྲུལ་འཁོར་བའི་དུའམ་པའི་བཟློག་ཚུལ་བསྟན་དུ་གསོལ། ཞེས་ཞུས་སོ། །དེ་ནས་ཡང་བཀའ་སྩལ་པ། དེ་ནས་རྐུན་མོ་ཡུལ་ཚེར་མ་ཅན་མ་དག་པའི་ཡུལ་ནས་རྗེས་ཆོད་པས། རྒན་མོ་བརྒྱལ་བ་རིག་པ་རང་སངས་ཟེར་བ་དེ་ཡ་ཆ། དེ་ནས་ཡང་རྡོ་རྗེ་མཁའ་འགྲོ་མ་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་སྟོན་པ་ཆེན་པོ་གྲོལ་ལུགས་གསུང་དུ་གསོལ། ཞེས་ཞུས་སོ། །དེ་ནས་ཡང་བཀའ་སྩལ་པ། དེ་ནས་ཡང་རྒན་མོ་དེའི་བུ་མེ་ལྷ་དཀར་པོ་རིག་པའི་ཡེ་ཤེས་ཉིད་ཞེས་བྱ་བ་དེས་འདི་སྐད་ཅེས་ཟེར་རོ། །ངའི་རིག་པའི་ངོ་བོ་ནོར་བུ་མ་བརླག་གམ་བྱས་པས། མི་ལྔ་ཉོན་མོངས་ལྔ་པོ་ན་རེ། ནོར་བུ་མ་བརླག་གིས། ཁྱོད་རང་གིས་ཨ་མ་རྒན་མོ་མ་རིག་པ་སོད་ཅིག །མ་རྒན་མོ་མ་བསད་པར་མ་རིག་པས་སྒྲིབ་པར་བྱེད་ནོར་བུ་མི་སྟེར་འཁོར་བ་ལ་མི་ཐར་རོ། །ཟེར་བས། ཁོས་རིག་པས་ཁོ་རང་གི་མ་མ་རིག་བསད་ནས་འཕྲལ་བྱུང་གི་ཉོན་མོངས་པ་ལྔའི་ཤ་ཟོས་ཁྲག་འཐུང་རུས་པ་མུར། དངོས་པོ་མེད་པར་བྱས་ནས། ནོར་བུ་རྐུན་མོས་བྱིན་རིག་པ་གང་གི་དབང་དུ་ཡང་མ་སོང་བ་པ་དེ་ཡ་ཆ། དེ་ནས་ཡང་མཁའ་འགྲོ་མ་སེར་མོའི་ཚོགས་ཀྱིས་སྟོན་པ་ལ་བསྟོད་པ། ཨཿཧཱུྃ་བཅོམ་ལྡན་མགོན་པོ་རྡོ་རྗེ་ཡེ་ཤེས་སྐུ། །བརྗོད་མེད་བསམ་བྲལ་རྡོ་རྗེ་ཆོས་ཀྱི་སྐུ། །བྱ་བ་རྫོགས་པས་འགྱུར་མེད་ས་ལ་གནས། །ཡེ་ཤེས་མཆོག་ལྡན་རྟོག་མེད་ཆོས་ཀྱི་སྐུ། །འཛིན་མེད་ཆོས་ཀྱི་སྐུ་ལ་ཕྱག་འཚལ་བསྟོད། །མ་འགགས་རྡོ་རྗེའི་དོན་ཉིད་འཛིན་པ་སྟེ། །མུ་ཁྱུད་འོད་ཀྱི་དཀྱིལ་འཁོར་


DNG003_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

ཕོ་བྲང་ནས། །སྐུ་ལྔ་རྟོག་མེད་སོ་སོའི་མཚན་འཛིན་པ། །མི་འགྱུར་དོན་ལྡན་རིགས་ལ་ཡེ་ཤེས་སྐུ། །ཚོམ་བུ་ལྔ་ལྡན་གཙོ་བོའི་དཀྱིལ་འཁོར་སྟོན། །ཡབ་ལྔ་ཡུམ་ལྔ་མདུན་རྒྱབ་མེད་པ་ཡི། །ཡེ་ཤེས་ཐུགས་རྗེའི་སྤྱན་ལྡན་ལོངས་སྤྱོད་རྫོགས་པའི་སྐུ། །སྟོང་གསལ་ལོངས་སྤྱོད་སྐུ་ལ་ཕྱག་འཚལ་བསྟོད། །ཐུགས་རྗེའི་སྟོབས་ཀྱིས་འགྲོ་བ་ཕ་རོལ་སྒྲོལ། །སྐུ་མཆོག་ཁྲོ་བོའི་ཆ་ལུགས་གད་རྒྱངས་སྒྲོགས། །དབུ་གསུམ་ཐོར་ཚུགས་གཅིག་ཏུ་བཅིངས་པས་འཁོར་རྣམས་སྐྲག །ཕྱག་དྲུག་ཕྱག་མཚན་ཐ་དད་བསྣམས་པས་བགེགས་རྣམས་འདུལ། །སྐུ་ལ་ཆས་བརྒྱད་གསོལ་ཞིང་མ་མོ་དབང་དུ་སྡུད། །ཐུགས་རྗེས་འགྲོ་བ་འདམ་ནས་འདྲེན་མཛད་བཅོམ་ལྡན་སྨན་གྱི་བླ། །ཕ་རོལ་སྟོབས་ཀྱིས་སྒྲོལ་བའི་ཁྲོ་རྒྱལ་ཧཱུྃ་སྒྲ་ཅན། །མ་རིག་འཇོམས་པའི་ཐུགས་རྗེ་འོད་པོ་ཆེ། །སྣ་ཚོགས་སྤྲུལ་པའི་སྐུ་ལ་ཕྱག་འཚལ་བསྟོད། །སྐུ་གསུམ་དོན་ལྡན་སངས་རྒྱས་ཀུན་གྱི་མེས། །ཐུགས་རྗེའི་སྟོབས་བདག་གཞོན་ནུ་ཉིད་ཀྱི་སྐུ། །སྐུ་གསུམ་ཡེ་ཤེས་རྫོགས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་ནས། རང་རང་གི་དོན་རྙེད་ནས་ངོ་མཚར་སྐྱེས་སོ། །ཨ་ལ་ལ་ཧོ། དོན་ཆེན་པོ་རྙེད་དོ། །གསང་སྔགས་ཐམས་ཅད་རང་གི་ཐུགས་སུ་ཆུད་དོ། །སངས་རྒྱས་ཀྱི་སྐུ་སེམས་ཅན་ལ་བྱུང་ངོ་། །ཨེ་མ་ཧོ། ཐ་དད་གཅིག་ཏུ་འདུས་སོ། །ཀློང་གཅིག་ཏུ་འདྲིལ་ལོ། །ཨ་ཧོ་ཀློང་ཐམས་ཅད་སྒྲོན་མ་ལ་འདུས་སོ། །སྒྲོན་མ་ཐམས་ཅད་འོད་ལ་འདུས་སོ། །ཀྱེ་མ་ཧོ་འོད་ཐམས་ཅད་སྐུ་ལ་འདུས་སོ། །སྐུ་ཐམས་ཅད་རིག་པ་ལ་འདུས་སོ། །ཨཿཧཱུྃ་རིག་པ་ཐམས་ཅད་མི་གནས་པའི་ཀློང་དུ་ཐིམ་མོ། །དེ་བཞིན་དུ་རང་གི་དོན་ཐམས་ཅད་རང་རང་གིས་རྟོགས་ནས། ཐེ་ཚོམ་གྱི་རྟོག་པ་བསལ་ལོ། །ཞེས་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། འཁྲུལ་པའི་རང་བཞིན་གྱི་བརྡའི་ལེའུ་སྟེ་ཞེ་གཅིག་པའོ།། །།དེ་ནས་ཡང་མཁའ་འགྲོ་མ་དམར་མོའི་ཚོགས་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་སྟོན་པ་ཆེན་པོ་བདག་ཅག་རྣམས་ལ་ཐབས་དམ་པ་


DNG003_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་དུ་གསོལ། གསུང་དུ་གསོལ། ལུང་བསྟན་དུ་གསོལ། ཞེས་ཞུས་སོ། །དེ་ནས་སྟོན་པ་ཆེན་པོས་བཀའ་སྩལ་པ། ཀྱེ་ཉོན་ཅིག་ཁྱོད་རྣམས་ལ་ངས་བསྟན་གྱིས་གུས་པར་ཉོན་ཅིག །སྔོན་བག་ཆགས་ཀྱི་ཕུང་པོ་ལ་བྱ་ཡུལ་མ་ག་དྷཱའི་གྲོང་ཁྱེར་ཆེན་པོ་ཞེས་བྱ་བ་ན། རྒྱལ་པོ་རིག་པ་མཛེས་ལྡན་སྙིང་པོ་ཞེས་བྱ་བ་ལ། ལྷ་ཁང་འོད་ལྔ་ཡིད་དུ་འོང་བ་ཞིག་ཡོད་པ་ལས་འབངས་ཉོན་མོངས་པ་རྣམས་ཀྱིས་ཁེང་ལོག་བྱས་ཏེ། ལྷ་ཁང་ལ་མེ་ཕྱོགས་བཅུ་ནས་ཤིན་ཏུ་རགས་པ་བཏང་བས་ལྷ་ཁང་མ་ཚིག་ཟེར་བ་དེ་ཡ་ཆ། རིག་པ་ལ་འཕེལ་འགྲིབ་མེད། དེ་ནས་དམར་མོ་ཁྲག་འཇིབ་མས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་སྟོན་པ་ཆེན་པོ་ཁམས་གསུམ་འཁོར་བའི་སེམས་ཅན་རྣམས་ཐབས་གང་གིས་འཚང་རྒྱ་བར་འགྱུར། ཞེས་ཞུས་སོ། །དེ་ནས་ཡང་བཀའ་སྩལ་པ། ཡུལ་ཉོན་མོངས་རགས་པའི་སེམས་ཅན་འདུས་པ་རྣམ་པར་བཀོད་པ་ཞེས་བྱ་བ་ན། རྒྱ་ནག་གི་རྒྱལ་པོ་ལི་སློབ་དཔོན་མཁས་པ་ལ་བྱ་ཀར་ཏ་ཞེས་བྱ་བས། གབ་རྒྱུད་ལུང་མན་ངག་འཛོམ་པ་ལ་བྱ་ཚེ་ཆེན་པོ་གཅིག་བཏིང་ནས། གཤིན་རྩིས་འཁོར་བ་ལས་ཐར་བའི་ཐབས་བསྟན་བྱས་པས་གཏོ་ཆོག་ཏུ་བཙུན་མོ་ཉི་ཤུ་རྩ་གཅིག་ངོ་སྤྲོད་ཉི་ཤུ་རྩ་གཅིག་ལ་བྱ་མཛེས་པའི་ཆས་སུ་བཅུག་ནས། ལམ་བར་དོ་ལ་པོ་ཆེའི་བཞི་མདོར་བསྐྱལ་བས་ཤི་ཁ་བཅད་པ་དེ་ཡ་ཆ། ཆང་ཟེར། དེ་ནས་ཡང་དམར་མོ་དབང་གི་སྐུས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་སྟོན་པ་ཆེན་པོ་ཐབས་བསྟན་དུ་གསོལ། ཞེས་ཞུས་སོ། །དེ་ནས་ཡང་སྟོན་པས་བཀའ་སྩལ་པ། དེ་ནས་རྒྱ་ནག་གི་རྒྱལ་པོ་མན་ངག་གི་སློབ་དཔོན་ལི་གར་ཏ་འཕྲུལ་གྱི་རྒྱལ་པོ་དེས། བཙུན་མོ་ཉི་ཤུ་ངོ་སྤྲོད་ཉི་ཤུ་རྩ་གཅིག་རྩ་གཅིག་ལ་མཛེས་རང་འོད་པའི་རྒྱན་གྱིས་བརྒྱན། མགྱོགས་པའི་ཤེས་རབ་རྟ་ལ་སྐྱོན། གསལ་བའི་མིག་སྒྲོན་མ་ཕྱེས། བརྡེག་པའི་མཚོན་རྒྱུད་ལུང་བསྐུར་ནས། གཅོད་མན་ངག་པའི་སོ་བཏགས། གོན་པའི་འོད་ཀྱི་གོས་བསྐོན། འདུག་ཀ་དག་པའི་ཡུལ་བཙལ། གནས་འོད་ཀྱི་སྣང་བ་པའི་ཁྱིམ་བཙལ། འགྲོ་བའི་བར་དོ་ལམ་བཙལ་ནས། བཏང་བས་ཤི་སྒབ་ཆོད་འཁོར་བ་ལས་སྒྲོལ་ཟེར་བ་དེ་ཡ་ཆ། དེ་ནས་ཡང་འཇིག་རྟེན་ཕུང་བྱེད་མས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་སྟོན་པ་ཆེན་པོ་སངས་


DNG003_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཀྱི་བསྟན་པ་འཇིག་པའི་དུས་ཅི་ཙམ་ན་ལགས། ཞེས་ཞུས་སོ། །དེ་ནས་ཡང་བཀའ་སྩལ་པ། ཀྱེ་མ་མཁའ་འགྲོ་མ་རྣམས་ཉོན་ཅིག །སངས་རྒྱས་ཀྱི་བསྟན་པ་འདི་འཇིག་པའི་རྟགས་སུ། འཇིག་རྟེན་གྱི་ཁམས་སུ་མུ་གེ་དང་ནད་སྣ་ཚོགས་པ་འབྱུང་ངོ་། །འཇིག་རྟེན་གྱི་ཁམས་ན་གནོད་སྦྱིན་སྐར་མདའ་གདོང་ཞེས་བྱ་བ་དང་། བདུད་ཧེ་ལེ་ཁྱབ་པ་ཞེས་བྱ་བ་གཉིས་འཐབ་པས་འཁྲུག་པ་འབྱུང་བ་ཡིན་ནོ། །མ་མོ་སྲིད་པ་ཀུན་གྱི་མངའ་བདག་མོ་ཞེས་བྱ་བ་དང་། འཇིག་རྟེན་ཕུང་བྱེད་མ་གཉིས་ལ་འབྲུ་སྣ་ཚོགས་ཀྱི་བང་བ་གཅིག་ཡོད་དེ། དེ་གཉིས་འཐབ་པའི་རྟགས་སུ་མུ་གེ་འབྱུང་བ་ཡིན། ནག་མོ་སྡེར་འཛིང་མ་བྱ་བ་དང་། སྲིད་པ་བདེ་འགྲོ་མ་བྱ་བ་གཉིས་འཐབ་པའི་རྟགས་སུ་ནད་མང་པོ་འབྱུང་བ་ཡིན། དུས་ལྔ་བརྒྱ་སྙིགས་མའི་དུས་ན། སྐྱེས་པ་ཐམས་ཅད་གྲིར་ཤི་བའི་དུས་འབྱུང་ངོ་། །བཙུན་པ་རྣམས་ཀྱིས་ཁྲིམས་མི་ཐུབ་པའི་དུས་འབྱུང་ངོ་། །བུད་མེད་རྣམས་ཀྱིས་སྨད་མི་ཐུབ་པའི་དུས་འབྱུང་ངོ་། །ཕ་དང་བུ་བརྡའ་མི་འཕྲོད་པའི་དུས་འབྱུང་ངོ་། །གཞོན་པ་རྣམས་རྩོད་པ་ལ་དགའ་བའི་དུས་འབྱུང་ངོ་། །མཁའ་འགྲོ་མ་མི་ཡུལ་དུ་འབྱུང་བའི་དུས་འབྱུང་ངོ་། །ཁ་ཚིག་ཕྲ་མོ་ལ་བརྟེན་ནས། སྤྱོད་པ་བབ་ཆོལ་དུ་བྱེད་པའི་དུས་འབྱུང་ངོ་། །གསང་སྔགས་བོན་དུ་གྱེར་བའི་དུས་འབྱུང་ངོ་། །གསང་སྔགས་སྟོན་པའི་སློབ་དཔོན་མི་བཀུར་བར་གཉེན་དང་ཉེ་བའི་ཁ་ངོ་བལྟ་བའི་དུས་འབྱུང་ངོ་། །སྔགས་པས་གསང་མི་ཐུབ་པའི་དུས་འབྱུང་ངོ་། །སྐྱེས་པས་ཆོས་མི་ཐུབ་པའི་དུས་འབྱུང་ངོ་། །མི་རྣམས་ཀྱིས་གོས་ནག་པོ་གོན་པའི་དུས་འོང་ངོ་། །སྒྲུབ་པ་པོ་རྣམས་གྲོང་ཡུལ་དུ་འབབ་པའི་དུས་འབྱུང་ངོ་། །གསང་སྔགས་ཀྱི་ཟབ་ཆོས་ལ་མི་སྤྱོད་པར་ལོག་པའི་ཆོས་ལ་སྤྱོད་པའི་དུས་འབྱུང་ངོ་། །སངས་རྒྱས་ཀྱི་དགོངས་པ་ཉམས་སུ་མི་ལེན་པར། གླུ་གར་དང་རོལ་མོ་དང་རྩེད་མོ་ལ་དགའ་བའི་དུས་འབྱུང་ངོ་། །སྒྲུབ་པ་པོ་རང་གཅིག་པུར་མི་འདུག་པར། མི་མང་པོ་ཚོགས་ནས་ཁ་ཚིག་ལ་སྤྱོད་པའི་དུས་འབྱུང་ངོ་། །སྲིན་པོ་གསོད་བྱེད་ནག་པོ་བྱ་བ་དང་། སྲིན་མོ་ནག་མོ་རག་ཤ་མ་བྱ་བ་གཉིས་སྔགས་པ་ཀུན་གྱི་ཡིད་དུ་ཞུགས་


DNG003_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

ནས། དགོན་པ་མི་འཛིན་པར་གྲོང་ཡུལ་དུ་འབབ་ཅིང་གཙོ་བོ་བྱེད་ཅིང་ཕུང་པའི་ལས་དྲག་པོ་བྱེད་པ་འབྱུང་ངོ་། །ཚངས་པ་དུང་གི་ཐོར་ཚུགས་ཅན་དང་། ཡུམ་ཕུང་བྱེད་མ་ནག་མོ་གཉིས་ཀྱིས་བུ་དགེ་བསྙེན་དཀར་པོ་བྱ་བ་གཅིག་བཙུན་པ་ཀུན་གྱི་སྙིང་དུ་ཞུགས་ནས། རང་གི་འདུ་ཁང་མི་སྐྱོང་བར་སྡེ་པ་འཛིན་པའི་དུས་འབྱུང་ངོ་། །དེ་ལ་སོགས་པའི་རྟགས་མི་སྡུག་པ་དང་། མི་ལེགས་པ་འབྱུང་སྟེ། དེའི་དུས་ཙམ་ན་བསྟན་པ་ནུབ་པའི་རྟགས་ཡིན་ནོ། །གསང་སྔགས་གསང་བ་འདི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་གཅིག་གིས་སྤྱད་ནས་དར་ཞིང་རྒྱས་པར་འགྱུར་རོ། །དེ་ནས་ལོ་ལྔ་བརྒྱ་ན་མུན་པའི་བསྐལ་པ་ལོ་དྲུག་ཅུ་འབྱུང་ངོ་། །དེ་ནས་སངས་རྒྱས་རྣམ་པར་བཀོད་པ་རིན་པོ་ཆེའི་རྒྱན་ཞེས་བྱ་བ་འཇིག་རྟེན་ན་འབྱུང་ངོ་། །དེས་མཚན་ཉིད་ཀྱི་ཆོས་ལོ་བརྒྱ་ཐམ་པ་གནས་པར་བྱེད་དོ། །དེ་ནས་ཡང་མུན་པའི་བསྐལ་པ་ལོ་དྲུག་ཅུ་འབྱུང་ངོ་། །དེ་ནས་ཡང་དེ་བཞིན་གཤེགས་པ་འོད་སྲུངས་ཆེན་པོ་ཞེས་བྱ་བ་འཇིག་རྟེན་དུ་འབྱུང་ངོ་། །མི་དང་འཁོར་རྣམས་ཀྱང་འོད་འདོམ་རེ་དང་བཅས་ནས་འོང་ངོ་། །རྫོགས་པ་ཆེན་པོ་ལོ་དྲུག་ཅུ་གནས་པར་བྱེད་དོ། །ཞིང་ཁམས་དེ་ན་སངས་རྒྱས་ཀྱི་འབྲས་བུ་ཐོབ་པའི་གང་ཟག་སུམ་ཅུ་འབྱུང་ངོ་། །དེ་ནས་མུན་པའི་བསྐལ་པ་ལོ་ལྔ་བཅུ་འབྱུང་ངོ་། །དེ་ནས་ཡང་དེ་བཞིན་གཤེགས་པ་གཙུག་ཕུད་རིན་པོ་ཆེ་བྱ་བ་འཇིག་རྟེན་དུ་འབྱུང་ངོ་། །དེ་ནས་ཡང་དམ་པའི་ཆོས་འདུལ་བ་ལོ་བཅུ་ཐམ་པ་གནས་པར་བྱེད་དོ། །དེ་ནས་ཀྱང་རང་སངས་རྒྱས་ལྔ་བཅུ་འབྱུང་ངོ་། །དེ་ནས་བསྐལ་པ་ཆེན་པོ་བཞི་འབྱུང་ངོ་། །དེ་ཡང་དང་པོ་མུ་གེའི་བསྐལ་པ་འབྱུང་ངོ་། །དེ་ནས་མཚོན་གྱི་བསྐལ་པ་འབྱུང་ངོ་། །དེ་ནས་ནད་ཀྱི་བསྐལ་པ་འབྱུང་ངོ་། །དེ་ནས་མེ་བདུན་གྱི་བསྐལ་པ་འབྱུང་ངོ་། །དེ་ནས་འབྱུང་བ་ཆུའི་བསྐལ་པ་འབྱུང་ངོ་། །དེ་ནས་ཐ་མ་རླུང་གིས་འཇིག་པར་འགྱུར་རོ། །དེ་ནས་ལོ་ལྔ་བརྒྱའི་བར་དུ་སྟོངས་པར་གནས་སོ། །དེ་ནས་ཡང་སྟོངས་པ་དང་། ཆགས་པ་དང་། འཇིག་པ་གསུམ་དུས་མཉམ་སྟེ། ཡང་དཔག་བསམ་གྱི་ཤིང་རྒྱས་པ་ཆེན་པོ་ཞེས་བྱ་བ་ཆགས་སོ། །འདབ་མའི་སྟེང་དུ་མུ་ཏིག་གི་


DNG003_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲེང་བ་ཡིད་དུ་འོང་བ་གཅིག་ཡོད་དེ། དེ་ལ་ཐམས་ཅད་མཁྱེན་པའི་སྤྱན་ཆགས་པས། འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་ཆགས་སོ། །དེ་ནས་སྟོན་པ་བྱམས་པ་ཆེན་པོ་ཞེས་བྱ་བ་འཇིག་རྟེན་གྱི་ཁམས་དེར་འབྱུང་ངོ་། །དེར་ཡང་དམ་པའི་ཆོས་དར་ཞིང་རྒྱས་པར་བྱེད་དོ། །སྐྱེ་དགུའི་ཚེ་ལོ་ཡང་དྲུག་ཁྲི་ཐུབ་པོ། །དེ་བཞིན་དུ་རིམ་པར་ཆགས་ཤིང་རིམ་པས་སྟོངས་པའོ། །ཞེས་བཀའ་སྩལ་ཏོ། །དེ་ནས་ཡང་མཁའ་འགྲོ་མ་རྣམས་སྐད་ཅིག་ཏུ་ཡིད་འཁྲུགས་ནས་བརྒྱལ་བར་གྱུར་ཏོ། །དེ་ནས་ཡང་མཁའ་འགྲོ་མ་རྣམས་བརྒྱལ་སངས་ནས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་ཀྱི་ཧུད་ཤེས་པ་བརླགས་པར་གྱུར་ཏོ། །ཀྱེ་མ་ཀྱི་ཧུད་བསྐལ་པ་ལས་ཐར་བའི་ཐབས་མེད་དོ། །ཀྱེ་ཧུད་དེ་ལས་ཐར་བའི་ཐབས་བསྟན་དུ་གསོལ། །ཞེས་བརྗོད་ཅིང་གདོད་ནས་མཆི་མ་འདོན་ཞིང་འོ་དོད་ཆེན་པོ་འབོད་ཅིང་བཅོམ་ལྡན་འདས་ལ་བསྐོར་བ་བྱེད་ཅིང་དེ་སྐད་བརྗོད་པས། སྟོན་པས་བཀའ་སྩལ་པ། ཀྱེ་ཉོན་ཅིག །དེ་རྣམས་ཀྱི་དབང་དུ་མི་འགྲོ་བའི་རིག་པ་ནི། རྒྱུད་ཆེན་པོ་འདི་ཡིས་གྲོལ་བར་འགྱུར་རོ། །ཞེས་བཀའ་སྩལ་པས། མཁའ་འགྲོ་མ་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །ཨཿཧཱུྃ་བདག་ཅག་སྡུག་བསྔལ་ཆེན་པོས་གཟིར་བ་ལ། །ཐུགས་རྗེའི་ལྕགས་ཀྱུས་འཛིན་པ་ངོ་མཚར་ཆེ། །བདག་ཅག་འདོད་པའི་ཚད་པས་གདུང་བ་ལ། །ཐུགས་རྗེའི་རླན་གྱི་ཆུ་རྒྱུན་འབེབས་པ་སྐུ་དྲིན་ཆེ། །བདག་ཅག་འཁོར་བའི་གཅོང་རོང་དོག་མོར་ལྷུང་བ་ལས། །ཐུགས་རྗེའི་ཞགས་པས་འགྲོ་བ་འདྲེན་མཛད་པ། །ཐབས་ལྡན་ཡེ་ཤེས་སྐུ་ལ་ཕྱག་འཚལ་བསྟོད། །བདག་ཅག་མ་རིག་མུན་པའི་འདམ་དུ་འཁྱམས་པ་ལ། །རྣམ་དག་སྒྲོན་མ་འདེགས་ལ་ཕྱག་འཚལ་བསྟོད། །བསྐལ་པ་དཔག་ཏུ་མེད་པར་ལམ་སྟོར་བའི། །ས་མཁན་རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད། །དང་པོའི་ནོར་བུ་མ་རྙེད་རྟག་ཏུ་སྟོར། །གཞལ་ཡས་སྟོན་མཛད་ཁྱེད་ལ་ཕྱག་འཚལ་བསྟོད། །འཁོར་བའི་ཆུ་བོ་བསྒྲལ་བར་མ་གྱུར་པའི། །ཕ་རོལ་སྒྲོལ་མཛད་གྲུ་ལ་ཕྱག་འཚལ་བསྟོད། །


DNG003_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་སེམས་དཔར་སྤྲུལ་ཞིང་འགྲོ་དོན་བྱེད། །ཡེ་ཤེས་མཉམ་ཉིད་སྐུ་ལ་ཕྱག་འཚལ་བསྟོད། །འཁོར་བའི་རྒྱ་མཚོ་དཔག་ཏུ་མེད་པས་ནས། །ཐུགས་རྗེའི་འདྲེན་མཛད་དེ་ལ་ཕྱག་འཚལ་བསྟོད། །སྐུ་མཆོག་འབར་བའི་ཡེ་ཤེས་རྣམ་པར་དག །སངས་རྒྱས་ཐུགས་རྗེ་ཅན་ལ་ཕྱག་འཚལ་བསྟོད། །ཅེས་མཁའ་འགྲོ་མ་རྣམས་ཀྱིས་བསྟོད་ནས། དགའ་བའི་སེམས་སྐྱེས་སོ། །དེ་ནས་ཡང་འདི་སྐད་ཅེས་བརྗོད་དོ། །ཨ་ཧོ་ཀློང་གཅིག་ཏུ་འཁྱིལ་ལོ། །སྣང་བ་རྣམ་པར་དག་གོ། །ཨེ་མ་ཧོ། རང་གིས་རིག་པ་མཐོང་ངོ་། །དེ་ཉིད་སྟོབས་སུ་གྱུར་ཏོ། །ཅེས་བརྗོད་ནས་མི་སྣང་བའི་ངང་དུ་གཤེགས་སོ། །ཞེས་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། དུས་བསྟན་པའི་ལེའུ་སྟེ་ཞེ་གཉིས་པའོ།། །།དེ་ནས་ཡང་མཁའ་འགྲོ་མ་ལྗང་མོའི་ཚོགས་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །སྟོན་པ་ཆེན་པོ་ཁྱེད་ཀྱིས་སངས་རྒྱས་ཀྱི་དགོངས་པ་ཚད་བཟུང་བར་ནུས་སམ། ཞེས་ཞུས་པས། སྟོན་པས་བཀའ་སྩལ་པ། ཀྱེ་འབྱུང་བའི་བདག་མོ་རྣམས་ཉོན་ཅིག །སངས་རྒྱས་ཀྱི་དགོངས་པ་ལ་ཚད་མེད་དོ། །ཐུན་མེད་དོ། །མཚམས་མེད་དོ། །ཞེས་བཀའ་སྩལ་པས། མཁའ་འགྲོ་མ་རྣམས་ངོ་མཚར་སྐྱེས་ནས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་སྟོན་པ་ཆེན་པོ་སངས་རྒྱས་ཀྱི་དགོངས་པ་ཚད་མེད་པའི་ལུང་བསྟན་དུ་གསོལ། ཞེས་ཞུས་སོ། །དེ་ནས་ཡང་སྟོན་པས་བཀའ་སྩལ་པ། ཀྱེ་འབྱུང་བའི་བདག་མོ་རྣམས་ཉོན་ཅིག །ངས་ཆོས་ཐམས་ཅད་སྒྲ་དང་བརྡའ་ལ་བསྡུས་ཏེ་བསྟན་གྱིས་ལེགས་པར་ཉོན་ཅིག །ཨ། སྐྱེ་བ་མེད་པ། གྷ་ཏ། འགགས་པ་མེད་པ། སཾ། དག་པ། བྷུད་ཏ་ཡ། མི་འགྱུར་བ་སངས་རྒྱས་ཀྱི་སྐུ། ཨ་དྷུ། ལམ་སྐྱེ་བ་མེད་པ་འཆར་བའི་ཐུགས་རྗེ། དཔག་བསམ་གྱི་ཤིང་ལ་སྐྱེས་པ་བརྒྱད་ཁྲིས་སྟ་རེ་རྣོན་པོ་ཐོགས་ནས་བཅད་པས། སུས་ཀྱང་མི་ཆོད་པ་བསྟན་པའི་མན་ངག །སངས་རྒྱས་ཀུན་གྱི་ཡེ་ཤེས་ནི། །གཅིག་དང་དུ་མའི་ཕྱོགས་དག་དང་། །ཐ་སྙད་བརྩམས་པའི་ཆོས་དང་བྲལ། །རྟོག་མེད་འཛིན་པ་མེད་པའི་ཆོས། །གཟུང་བའི་


DNG003_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་མེད་འཛིན་པའི་སེམས་ལས་གྲོལ། །སངས་རྒྱས་དགོངས་པ་རྒྱས་པ་ཆེན་པོའོ། །ཤེས་པ་གཅིག་ཏུ་བསྡུས་པ་ག་ལ་ཡོད། །སྤྲོས་མེད་བསྡུས་མེད་ངང་ལ་རིག་པ་བྱར་མེད་གསལ། །རང་བྱུང་རང་གྲོལ་ངང་དུ་དབྱེར་མེད་མཉམ། །སྐྱེ་འགགས་མེད་པའི་མེ་ལོང་འོད་པོ་ཆེ། །ཀུན་གྱི་སྙིང་པོ་ཡིན་པར་སངས་རྒྱས་ཀུན་གྱིས་གསུངས། །དྷཱ་ཏུ། གོ་བར་དཀའ་བ་དྷཱ་ཏུ། ཀཱ་ཡ། སྐུ་དང་ཡེ་ཤེས་ཀྱི་སྣང་བ། པྲ་ས་ར། མི་འགྱུར་བ། དུ་པ་ཡཱ། རང་བཞིན་གྱི་སྣང་བ། ཨ། སྤྲོས་པའི་སེམས་ཡེ་ཤེས་སུ་འདུས་པས་ཡེ་ཤེས་རང་ལ་སྣང་བ། བྲག་ཕུག་སྟོང་པ་གཅིག་གི་ནང་ན་མར་མེ་གཅིག་ལ་མི་གཉིས་རྩོད་པའི་མན་ངག་བསྟན་པ། འཛིན་པ་མེད་པའི་རང་གསལ་ནི། །བཅོས་པ་མེད་པའི་ངང་དུ་ཞོག །སངས་རྒྱས་ཀུན་གྱི་ཡེ་ཤེས་ནི། །རང་ཉིད་ཙིཏྟའི་དཀྱིལ་དུ་ཞོག །རྟོག་པ་མེད་པའི་རང་སྣང་ནི། །ནམ་མཁའ་སྟོང་པའི་དཀྱིལ་དུ་ཞོག །རང་རིག་བཅོས་པ་མེད་པ་ནི། །སྒྲོན་མ་རྣམ་གཉིས་ཡུལ་ལ་ཞོག །སངས་རྒྱས་རྣམས་ཀྱི་མེས་པོ་ནི། །རང་བྱུང་ཤེས་རིག་ཡུལ་ལ་ཞོག །གསང་སྔགས་ཀུན་གྱི་ལྟ་ཕུགས་ནི། །སྒྲོན་མའི་ཡུལ་ལ་མ་ཡེངས་ལྟོས། ཧཱུྃ། ཡེ་ཤེས་དབྱིངས་སྡུད་པ། ཨ། སྐྱེ་བ་མེད་པའི་ཡེ་ཤེས། པྲན། ཆོས་ཅན་གྱི་སྣང་བ། ཏི། མི་འགྱུར་བ་རྡོ་རྗེའི་སྐུ། སརྦ། ཆོས་ཐམས་ཅད་ལས་འདས་པའི་ཡེ་ཤེས། ཨ། སྟོང་པ་སྐྱེ་བ་མེད་པར་རྟོགས་པ། བྷ། ཡེ་ཤེས་ཡུལ་ལ་སྣང་བ་བསྟན་པ། དྷུ། དུས་མེད་པར་སྣང་བ། ཁེརྒ། དག་པའི་དོན་དུ། ཨ་ཤི། སྐྱེ་མེད་དུ་འདས། ཧ། དག་པའི་ཡེ་ཤེས་དྲི་མ་མེད་པ། རིན་པོ་ཆེའི་མིག་གཉིས་ནམ་མཁའ་སྟོང་པའི་དཀྱིལ་དུ། གཡུའི་ཁུ་བྱུག་ལ་ཞོན་ནས་ཡུལ་དྲུག་འཇོམས་པའི་མན་ངག་བསྟན་པ། ཨེ་མ་ཧོ་སངས་རྒྱས་དགོངས་པ་ནི། །བཙལ་བ་མེད་པར་རང་ལས་རྙེད། །ཕོ་བྲང་རྣམ་དག་དཀྱིལ་འཁོར་ནི། །འགྱུར་བ་མེད་པར་རང་ལ་བཏབ། །རྟོག་པ་མེད་པའི་ཆོས་ཉིད་ནི། །འགྱུར་བ་མེད་པར་རང་སར་གྲོལ། །རྣམ་དག་འོད་གསལ་ཆེན་པོའི་དབྱིངས། །ཕྱིན་པ་མེད་པར་ཡུལ་དང་འཕྲད། །བྱས་པ་མེད་པར་དཀྱིལ་འཁོར་ནི། །འཛིན་པ་མེད་པར་རང་ལུས་རྙེད། །ཡང་དག་ཡུལ་མེད་སྤྱོད་པ་ནི། །བཅོས་པ་མེད་པའི་ཀློང་དུ་གྲོལ། །རྒྱུན་ཆད་མེད་པའི་དགོངས་པ་ནི། །རང་བྱུང་སྒྲོན་མའི་ངང་དུ་


DNG003_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས། །སངས་རྒྱས་ཡེ་ཤེས་དངོས་མེད་ལ། །འཛིན་པའི་བསམ་པ་སྤང་བའོ། །མ་དག་ཡེ་ཤེས་འབར་བ་ལས། །ཉེས་པའི་སྐྱོན་གྱིས་མ་གོས་པའོ། །ཤ །ཤེས་རབ་འགགས་མེད། སཱ། ཆོས་ལས་འདས་པའི་སྐུ། རི། རྟག་པ་ལས་འདས་པའི་འོད། ཨ་དུ། སྐུ་སྟོང་པ་དུས་གསུམ་དུ་འགྱུར་བ་མེད་པ། མ། མཉམ་པའི་དོན། བྷ། ཡེ་ཤེས་ཡུལ་དུ་ཤར། གྷ། འབྱུང་བ་ལྔ། ལཱ། བལྟ་བའི་དོན། ཨེ་དྷུ། བསྒོམ་དུ་མེད་པའི་ཡེ་ཤེས། ཨ། ཡེ་ནས་གནས་པའི་དོན་ནོ། །ཆུ་བོ་ཆེན་པོ་ཧུབ་ཀྱིས་འདེབས་པའི་མན་ངག །རྒྱུན་ཆད་མེད་པའི་དགོངས་པ་ནི། །ནམ་མཁའི་ངང་དུ་ཤེས་པར་བྱ། །སྟོང་པ་ཆེན་པོའི་ཡེ་ཤེས་ནི། །རྟོག་མེད་ངང་དུ་ཤེས་པར་བྱ། །བསམ་དང་བྲལ་བའི་རིག་པ་ནི། །ཙིཏྟའི་དཀྱིལ་དུ་ཤེས་པར་བྱ། །རང་བྱུང་རིག་པའི་དངོས་པོ་ནི། །ལུ་གུ་རྒྱུད་དུ་ཤེས་པར་བྱ། །རང་གྲོལ་ཆེན་པོའི་ལྟ་སྟངས་ནི། །སེང་གེ་ལྟ་བུར་ཤེས་པར་བྱ། །རང་གྲོལ་རང་སངས་ཆེན་པོ་ནི། །བསམ་པའི་དངོས་པོ་མེད་པ་སྟེ། །བརྗོད་པའི་ཚིག་དང་བྲལ་བའི་ཆོས། །ཨ་ཏིའི་ནང་དུ་ཤེས་པར་བྱ། །རིག་པའི་ཀློང་དུ་ཀུན་ཤེས་པའོ། །ཛྙཱ་ན། ཡེ་ཤེས་དག་པའི་སྒྲོན་མ་ཡུལ་གྱི་དབྱིངས་སུ་འདུས། པྲ། སཱ་ཡང་འདུག །ཆོས་དང་སྣང་བ་གཉིས་མེད། ཀྵ། ཀ་ཡང་བྱུང་། སྐུ་དང་ཡེ་ཤེས་ཡུལ་དུ་མེད་པར་ཆོ་འཕྲུལ་སྟོན། ཡ། འབྱུང་བ་རང་ཕོག་ཏུ་ཡེ་ཤེས་དུས་དང་མཐའ་མེད་པར་སྣང་བའོ། །དྷ། དངོས་པོའི་དོན་དབྱིངས་ལ་ཐིམ། མ། གཞི་ལ་འགྱུར་བ་མེད། སང་། ལམ་ལ་མཐར་ཐུག་མེད། ཀ །སྐུ་ཡེ་ནས་གནས་པའི་དོན། རི། སྣང་བ་སྒྲའི་ཆོ་འཕྲུལ། ཡ། ཡང་དག་པའི་ལམ། ཧ། དག་པའི་ཡེ་ཤེས། ཨ། སྐྱེ་མེད་དུ་སྣང་བ། བྷུ་དྲ། དུས་གསུམ་དུ་སྣང་བ། དྷ་ཨ། ཡེ་ཐོག་མ་ནས་སྐྱེ་བ་མེད། རིན་པོ་ཆེ་ཤེལ་གྱི་མཆོད་རྟེན་གསེར་གྱི་སྐས་བཙུགས་ནས་འཛེགས་པའི་མན་ངག །སངས་རྒྱས་ཀུན་གྱི་ལམ་ཆེན་ནི། །བར་དོ་རྣམ་པ་གསུམ་དུ་གསུངས། །དེ་ཡང་རིག་པའི་ཡེ་ཤེས་སྐུ། །མ་བསྐྱེད་པ་ཡི་ཚོམ་བུ་ལྔ། །རང་ལས་བྱུང་ཞིང་རང་ལས་འཕྲོ། །རིག་པ་རྣམ་དག་ཡེ་ཤེས་ནི། །མ་འགགས་པ་ཡི་མེ་ལོང་བཞིན། །སྐྱེ་དང་འབྲི་བ་མེད་པར་སྣང་། །སངས་རྒྱས་ཀུན་གྱི་སྤྱན་དུ་གསུངས། །རིག་པ་སྣ་ཚོགས་ཡེ་ཤེས་ནི། །


DNG003_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

རང་བྱུང་སྒོ་བརྒྱད་དཀྱིལ་འཁོར་ལྡན། །རིག་པ་འགྱུར་མེད་གནས་པ་ནི། །རང་གྲོལ་ཡེ་ཤེས་གཅིག་པའི་ས། །སངས་རྒྱས་སེམས་ཅན་གཅིག་པའི་ས། །སངས་རྒྱས་སེམས་ཅན་སྣང་བ་ཀུན། །གཅིག་ཤེས་ནང་དུ་ཤེས་པར་བྱ། །ཐམས་ཅད་ངོ་བོ་ཤེས་གྱུར་ན། །ཡེ་ཤེས་དག་པའི་སྣང་བའོ། །བག་ཆགས་མེད་པའི་རིག་པ་ནི། །རང་ཉིད་ཡུལ་ལ་བརྟག་པར་བྱ། །དེ་ཕྱིར་རང་ལུས་རྙེད་པའོ། །མ། ཆོས་ཆེན་པོ་གསང་བ་བླ་ན་མེད་པ། ཧ། སྤོང་བྱེད་དང་བླང་བྱར་མེད། ལང་། འཛིན་པ་ལས་འདས་ཡེ་ཤེས་མེད། ཀཾ། ཐམས་ཅད་སྟོང་པའི་ཡེ་ཤེས་སུ། སརྦ། བདག་རྟོག་གི་བློ་མེད། ཡ། ཡང་དག་ཡུལ་གྱིས་སྟོང་པ། དྷུ། མིང་གིས་སྟོང་པ། ཧ་ཏ། རྟག་པ་སྟོང་པའི་ལྟ་བ། ཡ། ཡང་དག་པའི་ལྟ་བ། རྒྱ་མཚོ་ཆེན་པོ་གཅིག་གི་ནང་དུ་ཆུ་བོ་འདུ་བའི་མན་ངག །ཀ་དག་རིག་པའི་ཀློང་དཀྱིལ་དུ། །ཕྱི་ནང་གསང་བའི་ཆོས་རྣམས་འདུས། །སྐྱེ་མེད་ཡེ་ཤེས་དཀྱིལ་འཁོར་དུ། །གསང་སྔགས་རྒྱལ་པོ་རྡོ་རྗེའི་བདག །རྡོ་རྗེ་གསང་བའི་ཡེ་ཤེས་ནི། །གསང་སྔགས་ཀུན་གྱི་རིག་པ་དངོས། །ཡང་དག་ས་ལ་མི་གཡོ་ཞིང་། །འོད་གསལ་ངང་དུ་གཉིས་མེད་ཐིམ། །གསང་སྔགས་རྒྱལ་པོ་མི་མཉམ་རྡོ་རྗེའི་སྐུ། །ཡེ་ཤེས་ཀུན་གྱི་གཏེར་དུ་གསུངས། །ཡང་དག་ལམ་དང་བརྗོད་མེད་ངང་དུ་འཇུག །སྐྱེ་མེད་རྡོ་རྗེའི་སྐུ་ནི་འཇིགས་པ་ཀུན་དང་བྲལ། །རྣམ་དག་ཡེ་ཤེས་ཆེན་པོའི་སྐུ། །བརྗོད་མེད་ཚིག་དང་བྲལ་བས་རིག་པ་ཡེ་ཤེས་སྐུ། །རྣམ་དག་ལམ་ལས་རྡོ་རྗེའི་སྐུ་འབྱུང་ཞིང་། །ཡེ་ཤེས་རྣམ་དག་བརྡལ་བའི་དཀྱིལ་འཁོར་འདི། །མ་བསྐྱེད་རྫོགས་པའི་ཚུལ་དུ་འགྲོ་བ་ཡོངས་ལ་ཁྱབ། །རྡོ་རྗེའི་སྐུ་ཉིད་ངང་ལས་ཡང་དག་འབྱུང་། །རིག་པའི་སྐུ་ཉིད་ང་ཡི་ངང་དུ་ཡང་དག་ཐིམ། །ཡང་དག་སྐུ་ཉིད་རྡོ་རྗེའི་དོན་དུ་གསུང་། །ང་མེད་ང་ལས་ཐམས་ཅད་བྱུང་། །ང་མེད་ང་ལ་ཐམས་ཅད་རྫོགས། །ང་ཡི་ངང་དུ་ཐམས་ཅད་འདུ། །སངས་རྒྱས་ཀུན་གྱི་མེས་པོ་ནི། །ང་ཡི་རིག་པར་ཤེས་པར་བྱ། །གསང་སྔགས་ཐམས་ཅད་རིག་པའི་ཀློང་། །སྐྱེ་མེད་ངང་དུ་ཤེས་པར་བྱ། །ཨ། སྐྱེ་བ་མེད་པའི་ཡེ་ཤེས། ཨཱ། སྐྱེ་མེད་ཀྱི་རིག་པ། ཨ། སྐྱེ་མེད་ཀྱི་སྣང་བ། སརྦ། ཐམས་ཅད་ནས་ཐམས་ཅད་དུ་འདས་པ་རེ་བ་མེད་པ། ཀཱ་ཡ། ཆོས་ཀྱི་སྐུ་ཡུལ་དང་འོད་ལས་འདས། མ་ཧཱ། ལོངས་སྐུ་


DNG003_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ་ལས་འདས། སནྟི། མི་འགྱུར་བའི་ཆོས་ཉིད་ཀྱི་གཞི། དར། དར་པ་ཡང་། ཡ། སྟོང་པའི་ཆོས་ཉིད་ཡུལ་བཟུང་། ག་བྷ་ཏ་ཡང་། ཏ། བཀའ་རྟགས་ཀྱི་ཕྱག་རྒྱ་དུས་ལས་མི་འདའ། ཞུ་བ་ཡ། འཛིན་པ་མེད་པའི་སྣང་བ་ཡུལ་མེད་པའི་རིག་པ་ཡེ་ནས་གནས་པའོ། །བྷུ་ཏུ། བྷ་དྷུ་ཡང་། འདས་པ་དང་མ་འོངས་པ་མེད་པའི་ཡེ་ཤེས། ཨ། སྐྱེ་བ་མེད་པའི་ཡེ་ཤེས། ནམ་མཁའ་གཅིག་གི་ངང་དུ་འཇའ་ཚོན་ལྔ་ཐིམ་པའི་མན་ངག །རང་གི་ཡེ་ཤེས་སྣང་བ་ནི། །ནམ་མཁའ་སྟོང་པའི་ངང་དུ་ཐིམ། །རིག་པ་རྟོག་མེད་ཆེན་པོ་ནི། །ཡང་དག་བརྗོད་མེད་ངང་དུ་ཐིམ། །འཛིན་མེད་རང་དག་ངོ་བོ་ནི། །རྟོག་མེད་ཆེན་པོའི་ངང་དུ་ཐིམ། །འགྱུར་མེད་རང་སངས་ཆེན་པོ་ནི། །མཁའ་ཁྱབ་སྟོང་པའི་ངང་དུ་ཐིམ། །འབྱུང་བ་མེད་པའི་ཆོས་ཉིད་ནི། །འོང་བ་མེད་པའི་ངང་དུ་ཐིམ། །རྒྱུ་མེད་སངས་རྒྱས་རང་བྱུང་ནི། །རྐྱེན་མེད་རྣམ་དག་ངང་དུ་ཐིམ། །ཕྱོགས་དང་རིས་སུ་འཛིན་པ་ཡང་། །ཕྱོགས་ལྷུང་མེད་པའི་ངང་དུ་ཐིམ། །རང་གསལ་རྣམ་དག་ཆེན་པོ་ནི། །ཡེ་ཤེས་འགྱུར་མེད་ངང་དུ་ཐིམ། །དུས་གསུམ་སངས་རྒྱས་དགོངས་པ་ནི། །སྒྲོན་མ་ཉིད་ཀྱི་ངང་དུ་ཐིམ། །ཟག་མེད་ངང་ལ་རབ་གནས་པ། །སྐད་ཅིག་ཡེ་ཤེས་ཀློང་དུ་འདུས། །རྡོ་རྗེའི་ལམ་ལ་རབ་གནས་པ། །བརྗོད་མེད་ལམ་ལ་དེ་བཞིན་གཤེགས། །སྐུ་ལྔའི་ལམ་ལ་རབ་གནས་པ། །མི་བསྐྱོད་མཁའ་ལ་དེ་བཞིན་གཤེགས། །དུས་མེད་ཡེ་ཤེས་རང་སྣང་ངོ་། །ཞེས་བཀའ་སྩལ་ཏོ། །དེ་ནས་མཁའ་འགྲོ་མ་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་བཅོམ་ལྡན་ཐུགས་རྗེ་ཆེན་པོ་དང་ལྡན་པ། །དོན་དེ་ལྟ་བུ་གསུངས་པ་ངོ་མཚར་ཆེ་ལགས་སོ། །ཞེས་བརྗོད་ནས་ཡང་བསྟོད་པ། ཨཱཿཧཱུྃ་བཅོམ་ལྡན་མགོན་པོ་རྡོ་རྗེ་ཡེ་ཤེས་སྐུ། །རྣམ་དག་རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད། །ཡེ་ཤེས་ལྔ་ལྡན་རྡོ་རྗེ་སྙིང་པོའི་སྐུ། །རྡོ་རྗེ་འོད་དཔག་མེད་ལ་ཕྱག་འཚལ་བསྟོད། །གསང་སྔགས་བདག་པོ་རྡོ་རྗེ་ཡེ་ཤེས་སྐུ། །རྟོག་མེད་ཆོས་ཀྱི་སྐུ་ལ་ཕྱག་འཚལ་བསྟོད། །མ་རིག་དབྱིངས་སུ་སྒྲོལ་མཛད་ཐམས་ཅད་མཁྱེན། །ཐུགས་རྗེས་དབྱིངས་སུ་སྒྲོལ་ལ་ཕྱག་འཚལ་བསྟོད། །སངས་རྒྱས་ས་དང་ལམ་ལ་བགྲོད་མེད་སྟོན། །ཡང་དག་སྐྱེ་


DNG003_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དོན་ལ་ཕྱག་འཚལ་བསྟོད། །རྡོ་རྗེའི་དོན་ལྡན་འདུ་འབྲལ་མེད་པར་སྟོན། །མཛེས་པའི་འོད་ལྡན་ཁྱེད་ལ་ཕྱག་འཚལ་བསྟོད། །ཡེ་ཤེས་དག་པའི་སྐུ་ལ་དྲི་མེད་རྣམ་པར་དག །སྟོབས་ཀྱིས་ཕ་རོལ་སྒྲོལ་ལ་ཕྱག་འཚལ་བསྟོད། །ཡེ་ཤེས་དྲི་མེད་འོད་ལྔའི་དཀྱིལ་འཁོར་ན། །སྐུ་ལྔ་མ་འདྲེས་རྫོགས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་དོ། །དེ་ནས་མཁའ་འགྲོ་མའི་རིགས་རྣམས་ཀྱི་འདི་སྐད་ཅེས་བརྗོད་དོ། །ཨེ་མ་ཧོ། ཀློང་རྣམ་པར་དག་གོ། །སྐྱེ་གནས་ཐམས་ཅད་རྣམ་པར་དག་གོ། །ཨཱཿཧཱུྃ་དོན་གཅིག་ཏུ་བསྡུས་སོ། །ཡེ་ཤེས་ཡེ་ཤེས་ཀྱི་ཀློང་དུ་ཐིམ་མོ། །ཨ་ལ་ལ་ཧོ། རིག་པ་རིག་པའི་མཁའ་ལ་བསྐྱོད་དོ། །དོན་རང་གིས་དེ་ཉིད་དུ་འདུས་སོ། །ཨ་ཧོ། རྟགས་མངོན་དུ་སྣང་ངོ་། །རྟོགས་སོ། །ཤེས་སོ། །གོའོ། །ཞེས་བརྗོད་དེ་མི་སྣང་བའི་ངང་དུ་གཤེགས་སོ། །ཞེས་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། བརྡའ་ལྔ་བསྟན་པའི་ལེའུ་སྟེ་ཞེ་གསུམ་པ་རྫོགས་སོ། །དཔལ་སྔགས་ཀྱི་སྲུང་མས་དམ་ཚིག་ཉམས་པའི་སྙིང་ཐོན་ཅིག །རྒྱ་རྒྱ་རྒྱ།། །།( དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །བརྡའ་ཡི་རྣམ་པ་དེ་ལྟར་ན། །དོན་གྱི་ཡེ་ཤེས་གསུང་དུ་གསོལ། །ཞེས་ཞུས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀྱེ་མ་གསང་བདག་རྡོ་རྗེ་འཛིན། །མ་ཡེངས་ཚུལ་གྱིས་གུས་པར་ཉོན། །རང་སྣང་ཆོས་ཉིད་ནམ་མཁའ་ལ། །མ་བསྐྱོད་པ་ནི་རྟོགས་པའི་མཆོག །དུས་གསུམ་འགྱུར་བ་མེད་པའི་ཀློང་ཡངས་ནས། །བསྒོམ་དུ་མེད་པའི་དོན་བྱུང་བ། །ཡང་དག་ངེས་པའི་ལུང་འབྱུང་ཆེན་པོ་འདི། །གང་ལས་མ་བྱུང་རིག་པ་ཉིད་ལས་ཤར། །བསྒོམ་དུ་མེད་པའི་དོན་ནི་གང་ཡང་མ་སྤངས་ཏེ། །འཛིན་ཆགས་མེད་ན་བླ་མེད་རྙེད་པ་ཡིན། །མཆོད་པ་མེད་ན་ལྷ་རྣམས་འགྲུབ་པ་ཡིན། །བཟླས་སུ་མེད་ན་སྙིང་པོ་རྫོགས་པ་ཡིན། །བསྒྲུབ་ཏུ་མེད་ན་དངོས་གྲུབ་རྙེད་པ་ཡིན། །བསམ་པ་མེད་ན་ཆོས་སྐུ་ཆེན་པོ་ཡིན། །འབྱུང་བ་ལྔ་དང་སངས་རྒྱས་ལྔ། །དབྱེར་མེད་


DNG003_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་གི་ངོ་བོར་རྟོགས། །རིག་པ་གསལ་འགྲིབ་མེད་པ་དང་། །མ་རིག་སྣ་ཚོགས་སྣང་བ་གཉིས། །དབྱེར་མེད་གཅིག་གི་ངོ་བོར་རྟོགས། །སྐྱེ་དང་འཆི་བ་མེད་པ་རིག་པ་ཆོས་ཀྱི་སྐུ། །རྟོག་མེད་ངང་དུ་གཉིས་མེད་ཚུལ་གྱིས་རྟོགས། །ཡོངས་སུ་ཀུན་ལ་ཁྱབ་པས་སྣང་མཐའ་ཡས། །སྣང་སྲིད་ཀུན་ལ་ཁྱབ་པས་ཀུན་གཞི་ཀློང་ཡངས་ན། །རིག་པ་རང་ལ་ཁྱབ་པས་ཡེ་ཤེས་རོལ་པར་སྣང་། །མཐའ་ལ་ཐུག་པ་མེད་པར་ཡེ་ཤེས་རང་ལ་ཡོད་པའོ། །དེ་ནས་ཡང་ཞུས་པ། ཀྱེ་ཀྱེ་ཐུགས་རྗེ་ཆེན་པོ་དང་ལྡན་པས། བདག་ཅག་རྣམས་ལ་ཐབས་དམ་པ་བསྟན་དུ་གསོལ། །ཞེས་ཞུས་སོ། །དེ་ནས་ཡང་བཀའ་སྩལ་པ། ཀྱེ་ཉོན་ཅིག །ངས་བསྟན་གྱིས་ལེགས་པར་ཟུང་ཞིག །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་ཡེ་ནས་སྐྱེ་བ་མེད་པའི་ངང་ལ་གསལ་བ་ཡིན་ནོ། །རྒྱུ་རང་བྱུང་ཡེ་ཤེས་ལ་ཡེ་ནས་རང་བྱུང་གི་ཡེ་ཤེས་བགྲོད་ཅིང་སྦྱང་མི་དགོས་པའི་སངས་རྒྱས་ཡིན་པས་ན། འབྲས་བུ་སྐུ་ལྔ་ཡེ་ནས་རྒྱུའི་སྒོ་ཁེགས་པར་རང་བྱང་ཆུབ་པ་ཡིན་ནོ། །དུས་དང་གནས་དང་ཡེ་ཤེས་བཀོད་པའི་གནས་སོ། །སངས་རྒྱས་ཀྱི་ཡུལ་ནི་མདངས་དག་པའོ། །དེ་བཞིན་ཀུན་ལ་ཤེས་པར་གྱིས་ཤིག །ཅེས་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། དོན་བསྟན་པའི་ལེའུ་སྟེ་ཞེ་བཞི་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཐུགས་རྗེ་ཆེན་པོ་དང་ལྡན་པ། གསང་སྔགས་ཀྱི་སྒྲ་དོན་གསུང་དུ་གསོལ། ཞེས་ཞུས་སོ། །དེ་ནས་ཡང་བཀའ་སྩལ་པ། ཀྱེ་རྡོ་རྗེ་འཛིན་པ་ཉོན་ཅིག །ངས་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་བསྟན་གྱིས་ལེགས་པར་ཉོན་ཅིག །དེ་ཡང་ཆོས་ཀྱི་སྐུའི་སྒྲ་ནི། དྷརྨཱ་ཀ་ཡཱ། ཆོས་སྐུའི་སྣང་བ་མ་འགགས་པའོ། །གྷ་ཙ་ཀ་ཡཱ། ལོངས་སྐུའི་ཡེ་ཤེས། གྷ་བ་ཛ་ཀ་ཡཱ། སྤྲུལ་སྐུའི་ཐུགས་རྗེ། བྱི་ཏ་ཧ། སྟོང་པ་ཉིད་ཀྱི་བལྟ་བ། ཛྙཱ་ན། ཡེ་ཤེས་དང་ཡེ་ཤེས་དངོས། བཛྲ། རྡོ་རྗེའི་སྐུ། མ་ནུ། སེམས་ཅན་གྱི་རྟོགས་པ། ཏེ་ཙིཏྟ། སེམས་སྟོང་པ། ཨརྱ་ཐ། རིག་པ་སྟོང་པ། བྷུཌྜྷ། སངས་རྒྱས་ཀྱི་ཡེ་ཤེས། བོ་དྷི་སཏྭ། བྱང་ཆུབ་སེམས་དཔའ། ཏ་ཐ་ག་ཏ། དེ་བཞིན་གཤེགས་པའི་སྔགས། དྷཱ་ཏུ། དབྱིངས་ཀྱི།


DNG003_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

ཨད་མ། གཞི་མི་འགྱུར་བ། སཾགྷ་ར། ལམ་དུ་སྣང་བ། ཨེ་བྷ་ས། མ་རིག་པ་ཟད་པ། སུ་པ་རི། འོད་སྣང་བ་དག་པ། མ་ཧཱ་ལཱ། དེ་བཞིན་གྱི་དཀྱིལ་འཁོར། དྷི་བ། ལྷའི་སྐུ། མུ་དྲ། ཕྱག་རྒྱའི་རྒྱས་བཏབ། མ་ཧཱ། སྟོང་པ་ཆེན་པོ། པ་ཏྲ། ཆོས་ཆེན་པོ། བྷ་ཧུ་ཏྲ། གཞན་ལ་རག་མ་ལུས་པ། ཁེན་ཏྲི། ཆོས་ཆུང་བ། ཨེ་ཀ །རྫོགས་པ་གཅིག་པ། ཨ་ཀ་མ་ནི། ནམ་མཁའ་རྣམ་པར་དག་པ། ཤྲི། ཏྲི་ཡང་། ཏྲི། ཤེས་རབ་སྟོང་པ། བི། བ་ཏྲི་ཡང་། བྲི་ཏྲི། ཐབས་ཀྱི། པྲཛྙ། ཤེས་རབ་ཉིད་སྟོང་། སརྦ། ཐམས་ཅད། ནི་སིང་ཀ་ར། ཡང་དག་པའི་བལྟ་བ། ནོ་པི་ཀ །སྟོང་པ་ཉིད་ཀྱི་སྒྲུབ་ཐབས། མ་ལཱ། ཆོས་མཉམ་པ། ཨེ་བྷ་སཱ། མ་འོངས་པའི་བལྟ་བ། ས་བྷེ་ས། ད་ལྟའི་བལྟ་བ། དྷི་པ་ཨ། རྟགས་མངོན་པར་སྣང་བ། ཨ་ཏེ། གོ་བའི་ཡུལ། ཀུ་ཏ། མ་གོ་བའི་ཤེས་པ། སིན་དྷུ། གསལ་བའི་སྣང་བ། པྲ་ས་ར། རྒྱས་པའི་སྒྲ། རུ་པ་ངུ་པ་ཡཱ་ཡང་ཡཱ། འདུས་པའི་སྙིང་པོ། སན་དྷི་དྷི། སན་ཏི་དྷ་ར་བ་ཡང་། ར་པ། རྫོགས་པ་ཆེན་པོའི་བལྟ་བ། གྷ་ཏ། གྷ་ཏ་ཨ་ཡང་། པ་ངྻ་། སྣང་བའི་ཡུལ། ཨཾ་ཀ་ར། བསྐྱེད་པ་ལ་རྫོགས། བྷ་ག་བཱན། སྟོང་པ་ཉིད་ཀྱི་བཅོམ་ལྡན་འདས། པྲཛྙཱ་ཤྲཱི། ཤེས་རབ་དག་པའི་དཔལ། འབུ་འབུ་སུ་ཀུ་ཡང་། སུག་གུ། ཡུམ་མ་ཤེས་པ། གྷུ་ཡ། གསང་བའི་རིགས། མན་ཏྭ། གསང་སྔགས་ཀྱི་འབྲས་བུ། ས་མ་ཡ། དམ་ཚིག་གསང་བ། སམ་དྷི། ཏིང་ངེ་འཛིན་རྣམ་པར་དག་པ། ས་མན་ཏ། དགོངས་པ་རྩེ་གཅིག་པ། ཨཱརྱ། འཁོར་བ་ལ་འཕགས། ཨེ་ཀ །ས་དང་པོ་རབ་ཏུ་དགའ་བ། དྷུ་ཡཱེ། གཉིས་པ་དྲི་མ་མེད་པ། པ་ཏྲི། གསུམ་པ་འོད་འཕྲོ་བ། ཛ་རི། བཞི་པ་འོད་བྱེད་པ། པ། ལྔ་པ་སྦྱང་དཀའ་བ། ཚ་དྷུ། དྲུག་པ་མངོན་དུ་གྱུར་པ། ཙེ་ན། བདུན་པ་རིང་དུ་སོང་བ། ཚ་དྷ། བརྒྱད་པ་མི་གཡོ་བ། གྷ་ཏ། དགུ་པ་ལེགས་པའི་བློ་གྲོས། ཚེ་ཧ། བཅུ་པ་ཆོས་ཀྱི་སྤྲིན། དེ་བཞིན་སྒྲ་ཡི་རྣམ་པ་ཀུན། །ཅི་ལྟར་མཐུན་པའི་དོན་མཚོན་པའོ། །དེ་ནི་གྲངས་ཀྱི་གོ་དཀའ་བ་དག་བསྟན་པའོ། །ཞེས་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། གྲངས་ཡིག་བསྟན་པའི་ལེའུ་སྟེ་ཞེ་ལྔ་པའོ།། །།དེ་ནས་ཡང་མཁའ་འགྲོ་མའི་རིགས་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བསྒོམ་དུ་མེད་དོ། །སྒོམ་བྱེད་ནི་མ་འགགས་པའོ། །བསྒོམ་རྒྱུ་ནི་མི་དམིགས་པའོ། །དགོངས་པའི་ཚད་ནི་ནམ་མཁའ་ལ་གཟུང་ངོ་། །ཞེས་བརྗོད་དོ། །དེ་ནས་འདོད་ཆགས་ཀྱི་གཙོ་མོ་ཨེ་ཀ་ཙ་ཏི་མས་འདི་


DNG003_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཅེས་བརྗོད་དོ། །སྐད་ཅིག་ངང་ལས་ཆོས་རྣམས་ཐམས་ཅད་བྱུང་། །ཨེ་མ་ཧོ་རིན་ཆེན་བྱང་ཆུབ་སེམས། །ཀུན་ལ་ཡོད་དེ་ཀུན་གྱིས་མཐོང་བ་མེད། །རང་བྱུང་བདུད་རྩིའི་ཐིགས་པ་འདི། །བཙལ་བྱ་བཙལ་བྱེད་མེད་པར་རང་ལས་ཤར། །སངས་རྒྱས་དགོངས་པ་རང་བྱུང་སྐྱེ་བ་མེད། །གནས་དང་འགྲོ་འོང་མེད་པའི་རང་བྱུང་ཆེན་པོ་ཡིན། །འཛིན་ཆགས་མེད་པའི་རང་གྲོལ་ཆེན་པོ་འདི། །སེམས་མེད་སྐྱེ་མེད་ངང་དུ་ཤེས་པར་བྱ། །དུས་མེད་སྣང་བའི་རང་བྱུང་ཆེན་པོ་ནི། །ནམ་མཁའི་ངང་ལས་ཉི་ཟླའི་ཆོ་འཕྲུལ་འབྱུང་བ་བཞིན། །སྐྱེ་མེད་ངང་ལས་འགག་མེད་ཆོ་འཕྲུལ་བྱུང་། །དེ་བཞིན་ཆོ་འཕྲུལ་ཆེན་པོ་དཀའ་བ་མེད། །གསང་བའི་སྙིང་པོའི་དོན་ཉིད་ནི། །རང་བྱུང་གསང་བའི་དཀྱིལ་འཁོར་དུ། །ཡང་དག་དོན་ཆེན་འབྱུང་བར་འགྱུར། །སྐྱེ་མེད་དོན་རྟོགས་ངང་དུ་གྲོལ། །དེ་ཕྱིར་རྡོ་རྗེའི་བལྟ་བར་འདོད། །ཅེས་བརྗོད་ནས་མི་སྣང་བའི་ངང་དུ་གཤེགས་སོ། །དེ་ནས་ཡང་མཁའ་འགྲོ་མ་འདོད་ཆགས་ཀྱི་གཙོ་མོ་ཁྲོ་གདོང་མས་འདི་སྐད་ཅེས་བརྗོད་དོ། །ཨེ་མ་ཧོ། རང་བྱུང་བདེ་བའི་ཀློང་ནས་དཀྱིལ་འཁོར་རྣམ་ལྔར་ཤར། །ཤེས་རབ་བདེ་ཆེན་ཀློང་ནས་སྐུ་ལྔ་མ་འགགས་གསལ། །སྐྱེ་མེད་རྣམ་དག་ཀློང་ནས་ཡེ་ཤེས་འོད་ལྔ་གསལ། །མ་བསྐྱེད་རྫོགས་པའི་ཀློང་ནས་རིག་པའི་སྐུ་ལ་མདུན་རྒྱབ་མེད། །ཡེ་ཤེས་རྫོགས་པའི་ཀློང་ནས་ཤེས་རབ་གཙུག་ཕུད་ལྔར་སྣང་ཞིང་། །སྐྱེ་དང་འགག་མེད་ངང་དུ་རྟོགས་ཤིང་རབ་ཏུ་གྲོལ་བར་འགྱུར། །སྟོང་པ་ཚིག་མེད་ངང་ལས་རྣམ་དག་བརྗོད་མེད་ངང་དུ་རྟོགས་ཤིང་ཐིམ། །སྐྱེ་དང་འགག་མེད་གསང་སྔགས་ཀུན་གྱི་བཅུད་ནི་རང་གི་ཐུགས་ལ་འཆང་། །སྟོང་ཉིད་ཡེ་ཤེས་ཀློང་ནས་ལྷ་ཡི་ཆོ་འཕྲུལ་མ་བསྐྱེད་རྫོགས། །གཉིས་མེད་ཀློང་ནས་ཀུན་གྱི་ངོ་བོ་འགྱུར་མེད་ཆེན་པོར་རྟོགས། །གསང་སྔགས་བཅུད་དང་སངས་རྒྱས་དགོངས་པའི་ཚད། །རྣམ་དག་སྒྲོན་མ་སྐྱེ་མེད་ཀློང་དུ་ཡང་དག་སངས་རྒྱས་སོ། །འགྱུར་མེད་འགག་མེད་ཆོ་འཕྲུལ་ཅིར་ཡང་སྣང་ཞིང་སྤྱོད། །འཛིན་ཆགས་མེད་པའི་ཆོས་ཉིད་བྱང་ཆུབ་སེམས་ལ་ཉོན་མོངས་ག་ལ་ཡོད། །རྡོ་རྗེ་སྙིང་པོའི་སྐུ་ལ་སྐྱེ་


DNG003_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་མེད་ཅིང་ཡུལ་ལ་རྣམ་པར་སྣང་། །སྐྱེ་འགག་མེད་ཅིང་ཐིག་ལེ་ཉག་གཅིག་རང་བྱུང་དབྱིངས་ལ་སྤྱོད། །ས་དང་ལམ་ལ་བགྲོད་ཅིང་སྦྱང་དུ་མེད་པའི་སྐུ་ལ་འཛིན་པའི་བསམ་པ་མེད། །འཛིན་པ་མེད་ཅིང་ཆགས་ཞེན་མེད་ན་སངས་རྒྱས་ཆོས་སུ་འདོད། །ཅེས་བརྗོད་ནས་མི་སྣང་བའི་ངང་དུ་གཤེགས་སོ། །དེ་ནས་ཡང་འདོད་ཆགས་ཀྱི་གཙོ་མོ་མེ་ལོང་གདོང་གིས་འདི་སྐད་སྨྲས་སོ། །ཨེ་མ་ཧོ་སྐུ་གཅིག་ཀུན་ལ་ཁྱབ་པའི་སྐུ། །མཐོང་ཞིང་རྟོགས་པར་དཀའ་ཞིང་བརྗོད་པའི་ཚིག་དང་བྲལ། །ཁྱབ་བརྡལ་འུབ་ཆུབ་ཀུན་གྱི་སྙིང་པོ་ཡིན། །རང་བྱུང་འགག་མེད་དཀྱིལ་འཁོར་ཆེན་པོ་ནི། །རང་རང་ཙིཏྟའི་དཀྱིལ་ན་ཁ་དོག་འབར། །དཀར་འཇམ་སྟོང་པའི་རྩ་དག་དང་། །ཐིག་ལེ་འཕྲོ་བའི་རྩ་རྣམས་དང་། །རྣམ་པར་གྲོལ་བྱེད་རྩ་རྣམས་དང་། །ཤེལ་དཀར་རྒྱུ་བའི་རྩ་དག་ནས། །རྣམ་ཤེས་རླུང་ལ་ཞོན་ནས་ནི། །བྷྲི་གུ་ཏ་ཡི་སྒོ་ཆེན་ནས། །ལམ་བྱུང་སྟོང་པའི་ངང་དུ་ཐིམ། །ཐིམ་བྱེད་མེད་པར་ས་ལེར་གསལ། །ཚོམ་བུ་ལྔར་ལྡན་ཡེ་ཤེས་གསལ། །དུས་མེད་རང་སར་གྲོལ་བའོ། །སྐྱེ་མེད་དབྱིངས་ལས་ཡེ་ཤེས་བྱུང་། །འགག་མེད་ངང་དུ་གཉིས་མེད་ཐིམ། །རྫོགས་དང་མ་རྫོགས་ཐ་སྙད་བྲལ། །འགྲོ་དང་འོང་མེད་གནས་སུ་དག །སྐྱེ་དང་འཆི་མེད་དབྱིངས་སུ་རྫོགས། །གནས་པ་མེད་པར་རང་གྲོལ་རྟོགས། །ཡེ་ཤེས་འཛིན་མེད་ཆོས་དང་བྲལ། །ཡང་དག་ས་ལ་དེ་བཞིན་གཤེགས། །ཞེས་བརྗོད་ནས་མི་སྣང་བའི་ངང་དུ་གཤེགས་སོ། །དེ་ནས་ཡང་འཇིག་རྟེན་ཕུང་བྱེད་འདོད་ཆགས་ཀྱི་གཙོ་མོས་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ་ལྟ་བ་དང་ནི་སྒོམ་པ་དང་། །དེ་བཞིན་སྤྱོད་པའི་རྣལ་འབྱོར་དང་། །དེ་རྣམས་གསང་སྔགས་དོན་དུ་འདོད། །དེ་ཡང་བསྟན་པ་འདི་ལྟ་སྟེ། །རང་བྱུང་བཅོས་པ་མེད་ན་སྤྱོད་པ་ཆེན་པོ་ཡིན། །གསལ་ལ་འཛིན་པ་མེད་ན་སྒོམ་པ་ཆེན་པོ་ཡིན། །རྒྱ་ཆད་ཕྱོགས་ལྷུང་མེད་ན་ལྟ་བ་ཆེན་པོ་ཡིན། །དེ་བཞིན་ལྟ་བ་སྒོམ་པ་དང་། །རང་བྱུང་འཛིན་མེད་རྣམ་དག་ནི། །གཅིག་དང་དུ་མ་མེད་པར་རྟོགས། །རྡོ་རྗེ་སེམས་དཔའི་རང་སྣང་ནི། །རང་གྲོལ་


DNG003_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་མེད་ངང་དུ་རྟོགས། །རང་བྱུང་རྟགས་ཀྱི་སངས་རྒྱས་ནི། །རང་ཉིད་སངས་རྒྱས་དངོས་ཡིན་པས། །ཡེ་ཤེས་དག་པའི་ཆོས་སྐུ་ལ། །རང་ཉིད་ལྷ་ཡི་དཀྱིལ་འཁོར་ཉིད། །ཡེ་ཤེས་ལམ་ལ་དགག་སྒྲུབ་མེད། །འཛིན་པའི་ཡུལ་ལ་བདག་འཛིན་མེད། །སངས་རྒྱས་ཆོས་ལ་བདག་རྟོག་མེད། །ཡང་དག་ལམ་ལ་ཞེ་འདོད་མེད། །ཡང་དག་སྐུ་ལ་ལྷ་དང་བྲལ། །ཉིད་ལས་མི་གཞན་འཁོར་ཉིད་ཀྱང་། །རང་ལས་བྱུང་ཞིང་རང་ལ་ཐིམ། །སངས་རྒྱས་ཀུན་གྱི་མཛད་པ་ནི། །ཡེ་ཤེས་ངང་ལ་རོལ་པར་མཛད་པའི་སྐུ། །རྣམ་དག་སྟོང་པའི་ཡེ་ཤེས་མཁའ་ལ་གསལ། །རང་བྱུང་འཛིན་པ་མེད་པའི་ཆོས། །ཡེ་ཤེས་འཛིན་པ་དངོས་དང་བྲལ། །ལམ་ཤེས་ཉིད་ལ་ལྟོས་པ་མིན། །དེ་བཞིན་གཤེགས་པ་ཉིད་དུ་ཤེས་པའོ། །ཞེས་བརྗོད་ནས་མི་སྣང་བའི་ངང་དུ་གཤེགས་སོ། །དེ་ནས་ཡང་འདོད་ཆགས་ཀྱི་གཙོ་མོ་རྨ་བྱའི་མགྲིན་གྱིས་འདི་སྐད་ཅེས་གསོལ་ཏོ། །སངས་རྒྱས་ཀུན་གྱི་དགོངས་པ་ནི། །རང་གི་ངང་དུ་ཡང་དག་གནས། །དེ་ཡི་གོང་ན་གཞན་མེད་ཡེ་ཤེས་དངོས། །རང་བྱུང་སངས་རྒྱས་ཆེན་པོ་ཡིན། །སྐྱེ་མེད་རྡོ་རྗེའི་བདག་ཉིད་ནི། །ལྷ་ཡི་དཀྱིལ་འཁོར་ཆེན་པོར་རྟོགས། །རྣམ་པར་དག་པའི་སྐུ་མཆོག་ནི། །ཕོ་བྲང་འགྱུར་མེད་ངང་དུ་རྟོགས། །སྐྱེ་འཇིག་མེད་པའི་བདེ་ཆེན་ནི། །སངས་རྒྱས་ཀུན་གྱི་བདེ་ཆེན་ཡིན། །འདུ་འབྲལ་མེད་པའི་ཀ་དག་ནི། །རང་རང་ཐུགས་ཀྱི་དཀྱིལ་ན་རྫོགས། །རྟོགས་དང་མ་རྟོགས་གཉིས་སུ་མེད། །འཛིན་དང་གོལ་བའི་ཆོས་རྣམས་མེད། །དགེ་དང་སྡིག་པ་ག་ལ་ཡོད། །གསང་བ་ཡོངས་རྫོགས་དཀྱིལ་དུ་འདུས། །དཔེར་ན་བང་མཛོད་རྒྱས་པ་བཞིན། །དགོས་འདོར་རེ་བ་སྤྱོད་པ་ལྟར། །རིག་པ་གསང་བའི་བང་མཛོད་ནི། །ཅི་ལྟར་སྣང་བ་ཀློང་དུ་ཐིམ། །ཐིམ་པ་དམིགས་པ་མེད་པའི་ཆོས། །འགག་མེད་ཀློང་དུ་དེ་བཞིན་གཤེགས། །ཡང་དག་རྡོ་རྗེའི་སྐུ་ལ་རྫོགས། །གསལ་འགྲིབ་མེད་པའི་རང་སྣང་ནི། །སྐྱོན་མེད་ཡུལ་ལ་མངོན་པར་སྣང་། །མཛད་པ་མེད་པའི་ཕྲིན་ལས་ཅིར་


DNG003_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མཛད། །རྟོགས་པའི་ལྟ་བ་རྣམ་པར་དག་པའོ། །ཞེས་བརྗོད་ནས། མི་སྣང་བའི་ངང་དུ་གཤེགས་སོ། །དེ་ནས་ཡང་འདོད་ཆགས་ཀྱི་གཙོ་མོ་ཐོད་པའི་ཕྲེང་བ་ཅན་གྱིས་འདི་སྐད་ཅེས་གསོལ་ཏོ། །ཕྱི་དང་ནང་མེད་གསལ་བའི་བདེ་ཆེན་ཆེ། །ཀུན་གྱི་གཞི་མར་གྱུར་པ་ཐེག་པ་ཆེ། །བརྗོད་པས་ཐོག་ཏུ་མི་ཕེབ་སྟོབས་པོ་ཆེ། །འགྱུར་མེད་རྣམ་པར་དག་པའི་ཏིང་ངེ་འཛིན། །སྣ་ཚོགས་ཅིར་སྣང་སྣང་བས་ཆོ་འཕྲུལ་ཆེ། །ཡང་དག་ས་ལ་བགྲོད་པས་མཆོངས་པ་ཆེ། །སྲིད་པ་རྒྱ་ཐེགས་བྱས་པས་སྟོབས་པོ་ཆེ། །མ་བསྐྱོད་མཁའ་ལ་གཤེགས་པའི་གོམ་པོ་ཆེ། །རྣམ་དག་གཅིག་ཏུ་སྡུད་པས་ཡངས་པ་ཆེ། །ཕྱི་རྒྱ་རླབས་ཀྱིས་ཆེད་པས་ཤེས་རབ་ཆེ། །མ་འགགས་གཅིག་ཏུ་བསྡུས་པས་ཡེ་ཤེས་ཆེ། །གསལ་བ་རང་སྣང་ཡིན་པས་རིག་པ་ཆེ། །ཀུན་གྱི་གོང་མར་གྱུར་པས་གཙོ་བོ་ཆེ། །སྟོང་པའི་ཚིག་དང་བྲལ་བས་གསལ་བ་ཆེ། །བྱར་མེད་རྣམ་པར་དག་པས་རྫོགས་པ་ཆེ། །འཛིན་མེད་རང་སར་གྲོལ་བས་སྟོང་པ་ཆེ། །ཐམས་ཅད་ཟིལ་གྱིས་གནོན་པས་བརྗིད་པ་ཆེ། །ཡུལ་མེད་རྣམ་པར་དག་པས་བཀོད་པ་ཆེ། །ཡང་དག་དབྱིངས་ལ་བསྐྱོད་པས་འཛིན་པ་ཆེ། །དགེ་དང་སྡིག་པ་མེད་པའི་ཁམ་པོ་ཆེ། །རྟག་ཆད་མུ་ལ་མི་གནས་རྟོགས་པ་ཆེ། །འཛིན་རྟོག་ལམ་ལ་མི་གནས་བསམ་གཏན་ཆེ། །སྟོང་པ་གསལ་བས་བརྒྱན་པའི་ཁ་དོག་ཆེ། །ཡང་དག་ཆེ་བ་རྣམས་དང་ལྡན་པ་འདི། །ཆེ་བའི་གོང་ན་གཞན་མེད་རང་ཉིད་ཆེ་བའི་ལྷ། །གསང་སྔགས་རྣམས་ཀྱི་དགོངས་པ་དེ་བཞིན་ནོ། །ཞེས་བརྗོད་ནས་མི་སྣང་བའི་ངང་དུ་གཤེགས་སོ། །དེ་ནས་ཡང་འདོད་ཆགས་ཀྱི་གཙོ་མོ་ཁམས་གསུམ་དྲོད་ཉུལ་མས་འདི་སྐད་ཅེས་བརྗོད་དོ། །ཨེ་མ་ཧོ། གསང་བའི་རིན་ཆེན་བང་མཛོད་ནས། །རྣམ་དག་ནོར་བུ་རིན་ཆེན་འབར། །འཛིན་རྟོག་གཡེང་བས་མ་བརླགས་སམ། །རང་བྱུང་རྟོག་མེད་སངས་རྒྱས་ལ། །ཆགས་པའི་རང་བདུད་མ་ཞུགས་སམ། །བཏང་སྙོམས་ཆེན་པོའི་ཏིང་འཛིན་ལ། །མཚན་མའི་ཆོས་ཀྱི་


DNG003_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

མ་གོས་སམ། །རྟོག་མེད་ཡེ་ཤེས་རང་གྲོལ་ལ། །འཁོར་བའི་ཉེས་པས་མ་གོས་སམ། །རང་སྣང་དག་པའི་རིག་པ་ལ། །གཞན་བྱུང་ཆོས་ཀྱི་མ་བསྒྲིབས་སམ། །རང་བྱུང་གསལ་བའི་མར་མེ་ལ། །རྣམ་རྟོག་རླུང་གིས་མ་བསྐྱོད་དམ། །རིག་པ་སེམས་དང་བྲལ་བ་ལ། །རྣམ་རྟོག་སེམས་ཀྱིས་མ་བསླད་དམ། །དེ་ནི་གསང་སྔགས་ཚད་མ་སྟེ། །རྟོག་མེད་ངང་དུ་ཤེས་པར་བྱ། །གསལ་ཡངས་འཛིན་པ་མེད་པ་ལ། །རང་སར་གྲོལ་བའི་ཆོས་ཉིད་རྟོགས། །སངས་རྒྱས་ཀུན་གྱི་ཡེ་ཤེས་ནི། །ང་ཉིད་ཡིན་པར་ཤེས་པར་བྱ། །བདག་དང་གཞན་དུ་མེད་པ་ལ། །བདག་གཞན་བློ་ནི་འཁྲུལ་པའི་སེམས། །མཉམ་པ་ཉིད་ཀྱི་ཡེ་ཤེས་ནི། །གང་ལ་ཆགས་པའི་སེམས་མེད་པས། །འདས་དང་མ་བྱོན་ད་ལྟར་གྱི། །དགོངས་པ་དམ་པའི་ཚད་མ་ཡིན། །གཅིག་མེད་གཉིས་སྣང་སེམས་ལས་གྲོལ། །ཞེས་བརྗོད་ནས། མི་སྣང་བའི་ངང་དུ་གཤེགས་སོ། །དེ་ནས་ཡང་འདོད་ཆགས་ཀྱི་གཙོ་མོ་ནམ་མཁའི་སྐུས་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ། ཀུན་གྱིས་རྟོགས་པར་དཀའ་བའི་རིག་པ་འདི། །ཕྲ་ཞིང་ཤེས་པར་དཀའ་བས་ཀུན་གྱིས་མཐོང་བ་མེད། །འཛིན་མེད་ཀུན་ལ་སྙོམས་པས་རང་བྱུང་བདེ་བའི་ཀློང་། །འགག་མེད་རྣམ་དག་ཀློང་དུ་དེ་བཞིན་རྣམ་པར་རོལ། །ཀློང་ལས་ཡང་དག་ལྷ་མོའི་སྐུར་སྣང་བ། །རྣམ་རྟོག་བག་ཆགས་ལུས་ལ་ལྷ་མོའི་ཆོ་འཕྲུལ་འབྱུང་། །ཞེན་མེད་སྟོང་པའི་ངང་ལ་རིག་པའི་ཉི་ཤར་བས། །ནུབ་པ་མེད་པའི་གཏེར་ཆེན་དཀྱིལ་འཁོར་ནས། །འགྱུར་བ་མེད་པའི་སྐུ་ལྔ་ཤར་གྱིས་བྱུང་། །རྟོག་པ་མེད་པའི་ངང་དུ་གཉིས་མེད་ཐིམ། །ཡང་དག་ས་ལ་མ་བཀོད་ཕུང་པོ་ལྔ། །སྣང་བའི་ཆོ་འཕྲུལ་ཅིར་སྣང་སྟོན་པར་མཛད། །རིག་དང་མ་རིག་གཉིས་ཀྱང་འཛིན་པའི་རྟོགས་པ་ཡིན། །གསང་སྔགས་འཆང་བའི་དཀྱིལ་འཁོར་རོལ་པའི་ཡེ་ཤེས་སྐུ། །ས་ལམ་མེད་པས་ས་ཆེན་འདས་པ་སྟོང་། །ཡུལ་མེད་རྣམ་པར་དག་པའི་རིག་པ་མཁའ་ལ་གསལ། །ངས་ནི་བྱས་པ་མ་ཡིན་བྱུང་བའི་ཆོས་ཉིད་དོ། །ཆོས་ལ་ངོས་བཟུང་ཡོད་ན་འཛིན་


DNG003_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཞེ་འདོད་ཡིན། །གསང་བ་དང་ནི་གབ་པ་དངོས་མ་ཡིན། །ཡང་དག་དཀྱིལ་འཁོར་རང་བྱུང་རྫོགས་པའི་སྐུ། །ས་དང་ལམ་གྱི་ཐ་སྙད་བྲལ་བའི་ཆོས་ཉིད་དོ། །རང་རིག་རང་དག་རང་སར་གྲོལ་བར་འདོད། །དམིགས་པ་མེད་པའི་ཏིང་འཛིན་བཏང་བཞག་བྲལ། །གྲུབ་པ་མེད་པའི་ཡང་དག་ཕོ་བྲང་ཉིད། །རང་གི་ཐུགས་ལ་གསང་སྔགས་རྒྱལ་པོ་སྤྱོད། །ཅེས་བརྗོད་ནས་མི་སྣང་བའི་ངང་དུ་གཤེགས་སོ། །ཞེས་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། མཁའ་འགྲོ་མས་རང་སྐད་སྨྲས་པའི་ལེའུ་སྟེ་ཞེ་དྲུག་པའོ།། །།དེ་ནས་ཡང་མཁའ་འགྲོ་མའི་ཚོགས་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་ཡེ་ཤེས་སྐུ། །ཐོག་མ་མེད་པའི་དུས་ཀྱི་ཚེ། །སྟོན་པ་བྱོན་པ་གང་དུ་བྱོན། །སྐུ་ཡི་འཁྲུངས་རྟེན་གང་ལ་བགྱིས། །འདུལ་བའི་བསྟན་པ་གང་གང་བཙུགས། །ཉེ་བའི་འཁོར་ནི་གང་གང་ལགས། །རྒྱུད་ཀྱི་རྒྱལ་པོ་གང་གང་གསུང་། །སྤྲུལ་པ་ཅི་ལྟར་མཛད་དེ་བྱོན། །མོས་པའི་འཁོར་ལ་བསྟན་དུ་གསོལ། །ཞེས་ཞུས་སོ། །དེ་ནས་ཡང་བཀའ་སྩལ་པ། ཀྱེ་ཀྱེ་ཡེ་ཤེས་རྗེ་མོ་ཉོན། །ངས་བསྟན་ལེགས་པར་ཡིད་ལ་ཟུང་། །ང་ནི་རྡོ་རྗེ་སྲ་མཁྲེགས་ལྡན། །ཐོག་མ་མེད་པའི་དུས་ཀྱི་ཚེ། །ང་ཡི་ནོར་བུ་རིན་ཆེན་སྟོར། །ནོར་བུ་སྟོར་བའི་རང་བཞིན་གྱིས། །མུན་སྣང་གཉིས་ཀྱི་མཚམས་ནས་འོང་། །རྐྱེན་བཞིའི་དམིགས་པ་མ་དག་པས། །དགའ་ལྡན་བརྩེགས་པའི་ཡུལ་དུ་འོངས། །ང་ཡི་རྟེན་ནི་པདྨ་དག་པ་ཡིན། །གསང་སྔགས་རྒྱུད་ཆེན་བསྟན་པ་བཙུགས། །ཉེ་བའི་འཁོར་ནི་མི་འཁྲུགས་པའོ། །རྒྱུད་ཀྱི་རྒྱལ་པོ་ཐལ་འགྱུར་བཤད། །ལོ་བརྒྱད་མཛེས་པའི་ཚུལ་དུ་སྤྲུལ། །ངས་ནི་འདུལ་བའི་བསྟན་པ་བཙུགས། །དེ་ནས་ཡང་མཁའ་འགྲོ་མ་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །སྟོན་པའི་བྱོན་ལུགས་དེ་ལྟར་ན། །སྟོན་པའི་ཕ་མ་གང་གིས་བགྱིས། །རུས་ནི་ཅི་སྐད་བྱ་བར་གྲགས། །སྟོན་པའི་མཚན་ནི་ཅི་སྐད་བཏགས། །སྟོན་པའི་ཡུལ་ནི་གང་ལྟར་ལགས། །ཞེས་ཞུས་སོ། །


DNG003_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སྟོན་པས་བཀའ་སྩལ་པ། ཕ་ནི་རང་བྱུང་ཆེན་པོ་ཡིན། །མ་ནི་མཁའ་མཉམ་རིག་པའི་ཀློང་། །ཡུལ་ནི་མ་བཀོད་མདངས་ལྡན་ཡིན། །རུས་ནི་རྡོ་རྗེ་འགྱུར་མེད་རུས། །སྣང་སྟོང་ཡང་དག་ང་ཡི་མཚན། །ཡུལ་ནི་འོད་གསལ་ལྔ་པོ་ཡིན། །མན་ངག་རང་བྱུང་ཡེ་ཤེས་ཡིན། །འདས་པ་ང་ཡི་ཡེ་ཤེས་ཡིན། །མ་འོངས་ང་ཡི་ཡུལ་ལུང་བསྟན། །ད་ལྟ་ང་ཡི་རིག་པ་ཡིན། །དེ་ནས་མཁའ་འགྲོ་མ་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་སྟོན་པ་ཡེ་ཤེས་སྐུ། །དེ་ནས་གནས་ནི་གང་དུ་བྱོན། །ཡུལ་ནི་ཅི་སྐད་བྱ་བ་ཡིན། །གསང་སྔགས་གང་དང་གང་དག་གསུངས། །འཁོར་ནི་གང་དང་གང་གིས་འཁོར། །སྐུ་ཡི་གསོལ་ཟས་ཅི་ཡིས་བགྱིས། །དེ་ནས་ཡང་བཀའ་སྩལ་པ། དེ་ནས་གནས་ནི་ལྷ་ཡུལ་དགའ་ལྡན་ཏེ། །སུམ་ཅུ་རྩ་གསུམ་ཁང་བཟང་དེར། །སྦྱིན་པ་དང་ནི་ཚུལ་ཁྲིམས་དང་། །བཟོད་པ་དང་ནི་བརྩོན་འགྲུས་དང་། །དེ་བཞིན་བསམ་གཏན་ཤེས་རབ་དང་། །འཁོར་ལོ་རྣམ་པ་དྲུག་ལྡན་ནོ། །འཁོར་ནི་རྣམ་པ་བདུན་གྱིས་བསྐོར་། །འབྲས་བུ་རྣམ་གསུམ་འཚོ་བའི་ཟས། །སངས་རྒྱས་རྡོ་རྗེའི་སྐུ་ཉིད་དོ། །དེ་ནས་ཡང་སྟོན་པས་འཁོར་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་པ། ཀྱེ་འདུས་པ་ཆེན་པོའི་ཚོགས་ཉོན་ཅིག །དུས་མེད་པར་ཡེ་ཤེས་ཀྱི་སྣང་བ་རང་ཤར་རོ། །གནས་མེད་པར་གསང་སྔགས་ཀྱི་རིག་པ་རང་གྲོལ་ལོ། །སྟོབས་མེད་པར་སྣང་སྲིད་ཀྱི་ཆོས་ཐམས་ཅད་ལ་བཟླའོ། །དེ་ནས་ཡང་མཁའ་འགྲོ་མ་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །ནོར་བུ་རིན་ཆེན་བདུད་རྩི་ལ། །རྣམ་རྟོག་འཛིན་པས་མ་བརླགས་སམ། །ཞེས་ཞུས་སོ། །ཡང་བཀའ་སྩལ་པ། ཨེ་མ་ཧོ། ནོར་བུ་རིན་ཆེན་བདུད་རྩི་འདི། །ཐོག་མ་མེད་པའི་དུས་ཀྱི་ཚེ། །ང་ཡི་ནོར་བུ་རིན་ཆེན་སྟོར། །དེ་ཡིས་སྡུག་བསྔལ་ལོག་པར་འཁྱམས། །ནོར་བུ་རིན་ཆེན་བདུད་རྩི་དེ། །བཙལ་བས་རྙེད་པའི་གནས་མེད་དོ། །རང་ལས་རང་བྱུང་རིག་པར་རྟོགས། །ནོར་བུ་རིན་ཆེན་བདུད་རྩི་དེ། །སྟོར་བ་མ་ཚོར་རྙེད་པ་ཚོར། །སྟོར་བས་དངོས་པོ་མཚན་མ་མེད། །རྙེད་པས་དགའ་བའི་


DNG003_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

མདངས་དང་ལྡན། །རྙེད་པའི་དུས་དང་སྟོར་བའི་དུས། །ཁྱད་མེད་གཅིག་གི་ངང་དུ་རྟོགས། །ནོར་བུ་རིན་ཆེན་བདུད་རྩི་ལ། །བྱས་ཤིང་བསྒོམས་པས་རྙེད་མི་འགྱུར། །སྒྲོན་མ་དབྱིངས་ཀྱི་སྣང་བ་ལ། །མ་ཡེངས་གསལ་ལ་འཛིན་པ་མེད་པར་བརྟགས། །དེ་ལྟར་དོན་ལས་མ་ཡེངས་ནས། །རིན་ཆེན་བདུད་རྩིའི་སྒྲོན་མ་རྙེད་པ་ཡིན། །ནོར་བུ་རིན་ཆེན་བདུད་རྩི་འདི། །གཏང་བཞག་མེད་ན་རྙེད་པའི་མཆོག །འཛིན་པ་མེད་ན་རང་སར་གྲོལ། །ནོར་བུ་རྣམ་པར་བཀོད་པའི་དོན། །རང་ལས་བྱུང་ཞིང་རང་ལ་ཐིམ། །དེ་ལ་རྩོལ་བ་མ་ཞུགས་ན། །རྡོ་རྗེ་རིན་ཆེན་ཞེས་བྱར་གྲགས། །སྤང་བྱ་སྤོང་བྱེད་རྣམ་གཉིས་མེད། །སྤང་འཛིན་བྱེད་ན་བདུད་རྩི་མེད། །གསལ་འཛིན་མེད་ན་བདུད་རྩི་རྙེད། །རང་བྱུང་བདུད་རྩིའི་སྨན་ཆེན་འདི། །འཛིན་མེད་རྣམ་དག་ངང་དུ་ཡང་དག་གྲོལ། །ནོར་བུ་རིན་ཆེན་གསང་བ་འདི། །གང་གི་ཕྱོགས་སུ་མ་ལྷུང་བ། །སངས་རྒྱས་བདུད་རྩི་དམ་པ་ཡིན། །དམིགས་པ་མེད་པར་རང་ཉིད་མཐོང་། །མཐོང་བ་ཉིད་ན་དགག་བསྒྲུབ་མེད། །མཐོང་དང་ཤེས་དང་རྟོགས་པ་གསུམ། །ཁྱད་མེད་གཅིག་གི་རང་བཞིན་ཡིན། །རྟོགས་དང་ཀློང་དུ་གྱུར་པ་དང་། །གོམས་པ་མཐར་ཕྱིན་གྲོལ་བ་གསུམ། །སངས་རྒྱས་འབྲས་བུ་ཆེན་པོར་བཤད། །ཨེ་མ་ཧོ། རྡོ་རྗེ་སེམས་དཔའ་བདག་ཉིད་ཀྱང་། །མི་འགྱུར་ཀློང་དུ་སངས་རྒྱས་རྙེད། །ཡང་དག་ས་ལ་མངོན་སངས་རྒྱས། །མཉམ་ཉིད་དབྱིངས་སུ་རིག་པ་འཁྱིལ། །རྟོག་མེད་ངང་ནས་སྒྲོན་མེ་གསལ། །ཟག་མེད་ལམ་ལ་རབ་གནས་པས། །འགྱུར་མེད་ཀློང་དུ་གཉིས་མེད་ཐིམ། །བྱས་མེད་ངང་ནས་བྱུང་བ་རྙེད་པ་ཡིན། །བྱས་པ་རང་སངས་ངང་དུ་ཤེས་པ་རྙེད་པ་ཡིན། །གསལ་བ་འཛིན་པ་མེད་པར་ནོར་བུ་རྙེད་པ་ཡིན། །ངན་སོང་སྤང་དུ་མེད་པར་ནོར་བུ་རྙེད་པ་ཡིན། །བདེ་ཆེན་སངས་རྒྱས་འགག་མེད་གསལ། །ཡང་དག་ལམ་རྙེད་རྡོ་རྗེའི་སྐུ། །སྐྱེ་མེད་རྡོ་རྗེའི་སྙིང་པོའི་སྐུ། །དུས་དང་ཐབས་མེད་རང་སར་གྲོལ། །གསང་བའི་བདག་ཏུ་སྐྱེ་མེད་ཐིམ། །ཡང་དག་ཉིད་ཀྱི་སྐུ་


DNG003_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱང་། །རྡོ་རྗེ་སྐུ་ཡི་ངང་དུ་དེ་བཞིན་གཤེགས། །མཁའ་མཉམ་དཀྱིལ་འཁོར་ཆེན་པོ་ནི། །ཡང་དག་ལམ་ལ་རབ་གནས་པ། །གསང་བའི་རྡོ་རྗེ་ཡེ་ཤེས་སྐུ། །དཀྱིལ་འཁོར་ཐམས་ཅད་རང་ཉིད་དོ། །རྡོ་རྗེ་ཐེག་པའི་ལམ་ཆེན་འདི། །རང་གི་བདེ་ཆེན་ཉིད་དུ་གྲོལ། །གསང་སྔགས་ཀུན་གྱི་བལྟ་བ་ནི། །རྡོ་རྗེ་སེམས་དཔའི་ཐུགས་ལ་རྫོགས། །འཇིག་རྟེན་འདས་པའི་རིན་པོ་ཆེ། །ཞེས་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། སྟོན་པ་བྱོན་ཚུལ་གྱི་ལེའུ་སྟེ་ཞེ་བདུན་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་སྟོན་པ་ཀུན་ཏུ་བཟང་པོ་ལགས། །སྟོན་པ་བྱོན་པ་དེ་ལྟར་ན། །སྐྱེ་མེད་ངང་དུ་ཅི་ལྟར་གྲོལ། །རྣམ་དག་མཁའ་ལ་གང་ལྟར་གཤེགས། །ཐིག་ལེའི་བྱེ་བྲག་ཅི་ལྟར་ལགས། །ཞེས་ཞུས་སོ། །དེ་ནས་ཡང་བཀའ་སྩལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ཉོན། །ངས་བསྟན་ལེགས་པར་ཡིད་ལ་ཟུང་། །སྐྱེ་མེད་རིག་པ་སངས་རྒྱས་ནི། །མཚན་མའི་ཚིག་མེད་ངང་དུ་གྲོལ། །སངས་རྒྱས་མཛད་པའི་ཕྲིན་ལས་ནི། །བྱ་དང་བྱེད་པ་མེད་པར་གྲོལ། །སངས་རྒྱས་སྐུ་ཉིད་རྣམ་དག་སྟེ། །འགྱུར་མེད་ཡེ་ཤེས་སྙིང་པོ་ཉིད། །ང་ཉིད་ཀློང་ཡངས་ངང་དུ་ཞོག །སངས་རྒྱས་རྟོག་མེད་ཐུགས་ལྡན་པས། །བསམ་དང་བྲལ་བའི་ཡེ་ཤེས་ཐུགས། །ཡང་དག་སེམས་མེད་རང་དུ་གྲོལ། །སངས་རྒྱས་རྡོ་རྗེ་འགག་མེད་གསུངས། །མཚན་མའི་རོལ་པ་སྣ་ཚོགས་སྟོན། །ངོ་བོ་ཉིད་ནི་དོན་ལས་གྲོལ། །སངས་རྒྱས་ཡོན་ཏན་བསམ་མི་ཁྱབ། །འཇིག་རྟེན་ཁམས་ནི་རབ་འབྱམས་སུ། །སྐུ་ཡི་སྤྲུལ་པ་བསམ་མི་ཁྱབ། །རྡོ་རྗེ་ཡེ་ཤེས་ཆེན་པོ་སྟོན། །ཀ་དག་ཡེ་ཤེས་ངང་དུ་གྲོལ། །འགྱུར་མེད་སངས་རྒྱས་དགོངས་པ་ཡང་། །སྐྱེ་མེད་གསལ་འགྲིབ་འཛིན་རྟོག་མེད། །ཡེ་ཤེས་མཁའ་ཁྱབ་རྣམ་པར་སྟོང་། །རྡོ་རྗེ་སེམས་དཔའི་སྐུ་ཉིད་རྫོགས། །སངས་རྒྱས་དཔེ་དང་ཡེ་ཤེས་ཀྱང་། །སྒྲོན་མ་རྣམ་དག་ངང་དུ་གྲོལ། །ཨེ་མ་ཧོ། རྣམ་དག་མཁའ་ལ་ཡེ་ཤེས་


DNG003_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས། །བཟུང་བས་མི་ཟིན་རླུང་དང་མཚུངས། །ནམ་མཁའ་རྣམ་པར་དག་པ་ལ། །རྣམ་དག་དབྱིངས་ཀྱི་སྒྲོན་མ་གཤེགས། །གཞན་དབང་མ་ཡིན་བྱུང་བ་མིན། །ཡེ་ཤེས་མཁའ་མཉམ་ཀློང་དཀྱིལ་དུ། །རྡོ་རྗེའི་སྐུ་ཉིད་མ་བསྐྱོད་གཤེགས། །ཟིལ་གནོན་སེང་གེའི་སྟོབས་དང་མཚུངས། །ཡེ་ཤེས་སྟོང་པའི་རང་གདངས་ལ། །ཐིག་ལེའི་ཆོ་འཕྲུལ་མ་བསྐྱོད་གཤེགས། །ཀུན་འཕྲོ་ཉི་མའི་འོད་ཟེར་བཞིན། །ལྟ་བ་རང་བཞིན་ནམ་མཁའ་ལ། །རིག་པའི་སྐུ་ཉིད་མ་བསྐྱོད་གཤེགས། །ཁྱུང་ཆེན་ནམ་མཁར་ལྡིངས་དང་མཚུངས། །ནམ་མཁའ་སྟོང་པའི་དཀྱིལ་དག་ཏུ། །སྤྱན་ཉིད་མི་འགྱུར་མཁའ་ལ་གཤེགས། །གླང་ཆེན་མི་འགྱུར་ལྟ་སྟངས་མཚུངས། །ཆགས་མེད་ས་ལ་གནས་པ་ན། །རྡོ་རྗེ་རྒྱལ་པོས་གྲོལ་བར་གསུངས། །མདོ་དང་རྒྱས་པ་ཉིད་དུ་གསུངས། །ཨེ་མ་སངས་རྒྱས་ཐིག་ལེ་ནི། །སེམས་ཅན་ཀུན་གྱི་ཙིཏྟ་ན། །རྣམ་དག་སྐུ་ཡི་ཐིག་ལེ་གནས། །སེམས་ཅན་ཀུན་གྱི་དྷཱུ་ཏི་ན། །སྟོང་ཉིད་རྟགས་ཀྱི་ཐིག་ལེ་གནས། །སེམས་ཅན་ཀུན་གྱི་ཤེལ་དཀར་ན། །སྟོང་གསལ་འབར་བའི་ཐིག་ལེ་གནས། །སེམས་ཅན་ཀུན་གྱི་དར་དཀར་ན། །ལམ་གྱི་ཐིག་ལེ་བཟང་པོ་གནས། །སེམས་ཅན་ཀུན་གྱི་སྟོང་ལམ་ན། །འོད་གསལ་གཉིས་མེད་ཐིག་ལེ་གནས། །སེམས་ཅན་ཀུན་གྱི་སྒལ་ཚིགས་ན། །འདུ་འབྲལ་མེད་པའི་ཐིག་ལེ་གནས། །སེམས་ཅན་ཀུན་གྱི་དུང་ཁང་ན། །ཡེ་ཤེས་གདངས་ཀྱི་ཐིག་ལེ་གནས། །སེམས་ཅན་ཀུན་གྱི་མིག་ན་ཡང་། །རྣམ་དག་འོད་ཀྱི་ཐིག་ལེ་གནས། །སེམས་ཅན་ཀུན་གྱི་ཡུལ་ཉིད་ན། །སྣ་ཚོགས་འཆར་བའི་ཐིག་ལེ་གནས། །དེ་བཞིན་སེམས་ཅན་ཐམས་ཅད་ལ། །དབྱེར་མེད་ཚུལ་གྱིས་གནས་པ་ཡིན། །རྡོ་རྗེ་སེམས་དཔའི་སྐུ་ཉིད་ཀྱང་། །ཡེ་ཤེས་དག་པའི་མཁའ་ལ་གཤེགས། །སངས་རྒྱས་རྣམས་ཀྱི་ཡེ་ཤེས་ནི། །སེམས་ཅན་རྣམས་ལ་ཕྱེད་ཡོད་དོ། །སྟོང་པའི་ངང་ལས་ཡེ་ཤེས་ཆོ་འཕྲུལ་བྱུང་། །རྡོ་རྗེའི་ངང་ལས་རྡོ་རྗེའི་ཆོ་འཕྲུལ་འབྱུང་། །རྡོ་རྗེའི་ལམ་ལ་སངས་


DNG003_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཉིད་གཤེགས་པ། །ཡང་དག་མཁའ་ལ་རིག་པ་ཉིད་གཤེགས་པ། །གཉིས་མེད་ངང་དུ་ཁྱབ་མེད་མཉམ། །སྐྱེ་དང་འཆི་མེད་རྡོ་རྗེའི་བདག །ཡང་དག་སྐུ་ལ་སྐྱེ་དང་འཆི་བ་མེད། །སེམས་དང་བག་ཆགས་སངས་རྒྱས་དངོས་མ་ཡིན། །རིག་པའི་ཡེ་ཤེས་སེམས་དང་བག་ཆགས་བྲལ། །སངས་རྒྱས་མཛད་པ་རྣམ་འཕྲུལ་ཅིར་ཡང་སྟོན། །རྟོགས་དང་མ་རྟོགས་ཚིག་གི་དཔྱོད་པ་ཡིན། །འཛིན་པ་མེད་ན་སངས་རྒྱས་གསང་བ་ཡིན། །ཆགས་པ་མེད་ན་རྡོ་རྗེའི་དོན་ཉིད་ཐོབ། །ཞེན་པ་མེད་ན་རིག་པའི་རང་ལུས་རྙེད། །ཚིག་དང་བྲལ་ན་ཡེ་ཤེས་དབྱིངས་སུ་སྐྱོལ། །བསམ་པ་བརླགས་ན་སྒྲོན་མ་ཉམས་སུ་ལོན། །དེ་ལྟར་རྟོག་དང་བལྟ་བ་དང་། །མི་རྟོག་བསྒོམས་ན་སངས་རྒྱས་རྙེད་མི་འགྱུར། །ཡེངས་པ་མེད་པའི་བསྒོམ་པ་ཆེན་པོ་འདི། །གསལ་དང་འཛིན་པའི་ངང་དུ་མ་ལྷུང་བའོ། །ཡང་དག་ཚིག་དང་བྲལ་བའི་བསྒོམ་པ་ཆེན་པོ་འདི། །གང་ལ་བལྟས་ཀྱང་ཆུ་བོའི་གཞུང་དང་མཚུངས། །སངས་རྒྱས་དགོངས་པ་ཀུན་གྱིས་གོ་བ་མེད། །རྡོ་རྗེའི་སྐུ་ཉིད་ཀུན་གྱིས་མཐོང་བ་མེད། །རིག་པའི་སྐུ་ཉིད་འདུ་འབྲལ་མེད་པར་སྤྱོད། །སེམས་དཔའི་དོན་ཉིད་སྐུ་ཕྱེད་ཡོད་པར་གྲགས། །མི་ཟད་གཏེར་ལ་རིན་ཆེན་ལོངས་སྤྱོད་པའོ། །རྡོ་རྗེའི་ལམ་ལ་ནོར་བུའི་ཕུང་པོ་བཀོད། །སངས་རྒྱས་ཀུན་གྱི་དེ་བཞིན་ཉིད་དུ་གསུངས། །ཞེས་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། ཐིག་ལེ་ཕྱེས་ཏེ་བསྟན་པའི་ལེའུ་སྟེ་ཞེ་བརྒྱད་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །ཐིག་ལེའི་རྣམ་གྲངས་དེ་ལྟར་ན། །རྒྱུད་ཀྱི་སྒྲ་ཆེན་གསུང་དུ་གསོལ། །ཞེས་ཞུས་ནས་འདི་སྐད་ཅེས་བརྗོད་དོ། །བཛྲ། ཡེ་ནས་གནས་པའི་དོན། མ་ན། རྟོག་མེད་ཀྱི་སྐུ། ཨེ། ཨ་དང་ཨེ་ནི་འདས་པའི་དོན་མཚོན་པ། བྷ་ས། དངོས་པོ་སྟོང་པ་རིག་པ་སྟོང་པའི་ཡུལ་ལ་མི་གནས་པའོ། །དྷ། དག་པ། དུ། འདུས་པ། ཡང་། སྟོང་


DNG003_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྒྲོན་མ། ཀ །ཆོས་ཀྱི་སྐུ། ཡ། ལོངས་སྐུ། སང་། སྤྲུལ་སྐུ། ཏེ། འདུ་འབྲལ་མེད། ཅེས་བརྗོད་པས་སྟོན་པས་འདི་སྐད་བསྒྲགས་སོ། །དཔེ་གསུམ་ལ་འདྲ་མིན་འདུག་པ་འདི་བཞིན་བྲིས། བྷན་ཡང་། དྷ། ཡེ་ཤེས་སེམས་ཀྱི་དབང་དུ་མི་འགྱུར་སྟེ་དོན་གོང་མ་བཞིན། ཏི། ཏེ་ཡང་། ཤེས་རབ་སྟོང་པའི་སྒྲོན་མ་ཡེ་ཤེས་བཅོས་སུ་མེད། ཤ ། རྣམ་པ་སྟོང་པའོ། །མ་ལཱ། མང་ཡང་། འདས་པའི་སྟོང་པའི་ངོ་བོ་ཀ་དག་གི་གཞི། ཧ། དྷ་ཡང་། དག་པ་ལམ་གྱི་གནས་སྟོང་པ་ཤེས་རབ་ཀྱི་ཡུལ་ལ་གནས་པ། ཡང་། མཾ་ཡང་། མ་བསླད་པའི་ཆོས་ཉིད་མ་བཅོས་པ། ཀ་ལ། མཚན་མའི་ཡེ་ཤེས་ངོས་བཟུང་གི་མཐའ་དང་བྲལ། སརྦ། གཞི་འབྱུང་བ་ལྔའི་ཡེ་ཤེས་ཀུན་གྱི་སྙིང་པོ་དུས་གསུམ་དུ་རྟག་པའོ། །ཡང་དུ། ཐུགས་རྗེའི་ངང་གིས་འོད་གསལ་བའི་འོད་ཀྱི་ལུས་སྟོང་པའི་ཤེས་རབ་བོ། །ཏ། སྟོང་པ་སྙིང་པོའི་ལུས། ཨ་ཧ། ཨེ་ཧ་ཡང་། མཐའ་ལས་འདས་པ་དངོས་པོ་མེད་པ་སྟོང་པའི་ངོ་བོ། སཾ། མཐའ་ལ་མི་གནས་པའི་རྡོ་རྗེའི་སྐུ་ཡོད་པའི་ལམ་ལ་ཡེ་ནས་གནས་པའོ། །མུཾ་ཏྲི་ཧྲིཿ། བུ་ཏྲི་ཧྲི། སངས་རྒྱས་ཀུན་གྱི་སྙིང་པོ་ཡེ་ནས་གནས་པ་ཡང་དག་ལམ་གྱི་ཡི་གེ་སྟོང་པའོ། །སཾ། གསང་བ་རིག་པའི་གནས་འབྱུང་བ་ལྔ་ལས་འདས་པའི་རིག་པ། ཀ་ར། སེམས་མེད་པའི་སྐུ་ཡུལ་མེད་པའི་སྣང་བའོ། །སྙིང་པོ་འང་། ཨུ། སྤྲུལ་སྐུ་མངོན་སུམ་པ་ཉིད་དོ། །ཨཱཿ། ལོངས་སྐུ་གཟུང་དུ་མེད་པའི་ཆོས་ཉིད་དོ། །ཨ། ཆོས་སྐུ་བདག་མེད་པའི་ཡུལ་རང་གྲོལ་བ་ཉིད་དོ། །ཥེཿ། འཁོར་བ་ལས་ལོག་པའི་ཤེས་རབ། འབྱུང་བ་ལས་ལོག་པའི་རང་གདངས་སོ། །ཙོ། ཡུལ་ལོག་པའི་ཆོས་ཉིད་ཤེས་པ་ལས་ལོག་པའི་སྣང་བ། ཥྚི། ཡུལ་ལས་ལོག་པའི་སྐུ་གསུམ། ཊཱི། ཊྱཾ་ཡང་། སྟོང་པ་ལས་ལོག་པའི་གསལ་བ་སེམས་ལས་ལོག་པའི་སངས་རྒྱས། ཌ། ཊ་ཡང་། སྒྲ་ལས་ལོག་པའི་ཡེ་ཤེས་ཚིག་ལ་ལོག་པའི་སྣང་བའོ། །ཥ། ཆོས་ལས་ལོག་པའི་ཡུལ། སྐུ་ལས་ལོག་པའི་ཡུལ་དུ་སྣང་བའོ། །ཙ། ཆོས་ཉིད་ལས་ལོག་པའི་གཞི་མ་རིག་པ་ཡེ་ཤེས་ཀྱི་སྣང་བར་རང་ལོག་པའོ། །ཥ། ཡིད་ལོག་པའི་ཤེས་རབ་སེམས་མེད་པའི་སངས་རྒྱས་སོ། །མཱ། འདུས་པ་རིན་པོ་ཆེའི་སྣང་བ་ཡུལ་ཐད་ཀར་གཅོད་པའོ། །ཀླ་མ། ཀླ་མ་ཡང་། སྐུ་ཡེ་ཤེས་ལས་ལོག་པ་དང་མ་ལོག་པ་མི་མངའ་བ་དེ་ཡང་རྟགས་ལྟ་བུ། ཨུ། སྟོང་པའི་སྐུ་གཉིས་མེད་ཕྱོགས་


DNG003_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མ་ལྷུང་བ་ཉིད་དོ། །ཏ། གསལ་བའི་ཡེ་ཤེས་འོད་མཐའ་གྲོལ། ཁེ། ཤེས་པ་རིག་པ་གསལ་བ་བར་མེད་རང་གྲོལ་བ་ཉིད་དོ། །སྒམ། རྒམ་ཡང་། ཆོས་ཉིད་སྣང་བ་ཡང་དག་པ་ཉིད་འཛིན་མེད་རང་གྲོལ་ཉིད་དོ། །ཨ། ཆོས་ཀྱི་དབྱིངས་དངོས། ནྡྱེ ། ཡང་། ནྜྷཱེ ། སྐུ་གསུམ་གྱི་སྣང་བ་རང་ལ་རྫོགས་པ་ཡུལ་ཡེ་ཤེས་སུ་ཤར་བས་རིག་པ་ཡུལ་དང་སྣང་སྟོངས་མཁའ་ལ་ཐིམ། སྱུ། ཡང་། ཎྜིཾ ། མི་འགྱུར་བའི་ཡེ་ཤེས་རྟག་པ་ཆེན་པོའི་སྐུ་སེམས་ཅན་གྱི་ལུས་ཀུན་ལ་ཁྱབ་སྟེ་དེ་ཡང་ཐུགས་རྗེའོ། །ཎྡྱཱ ། མི་འགྱུར་བའི་ཤེས་རབ་མ་སླེབས་པའི་ཡུལ་ལ་བཟུང་བའི་ཆོས་ཉིད་ཀྱི་ངང་དུ་སྟོང་པའོ། །ཎྚཱ ། ཡང་། ནྤྲ ། སྐྱེ་བ་མེད་པའི་ཡེ་ཤེས་ཤེས་རབ་དང་དབང་པོ་སྟོང་པ་ཡེ་ནས་སྟོང་པ་ཡེ་ནས་གནས་པའི་དོན་ཚིག་ལས་འདས་པ་བསྒྲུབ་ཏུ་མེད་པའི་རིག་པའོ། །ནྤ ། ཡང་། ནྡྱ ། མ་རྟོགས་པའི་ཆོས་ཉིད་ཡུལ་དང་བཅས་པའི་སྣང་བ་ལམ་དང་སྣང་བ་གཉིས་ལ་མི་ལྟོས་པའི་ཆོས་ཉིད་ཡིན་པ་ལམ་ལྔ་དང་ལྡན་པ་མེད་པས་གཟུང་དུ་མེད་པ་དག་པའི་མཐའ་རྣམ་པར་གསལ་བའོ། །གྀ ནྡཻ ། སྟོང་པའི་མཐའ་གང་དུ་ཡང་མ་ལྷུང་བ་དེ་ལས་ཡེ་ཤེས་དུས་མེད་དུ་འཆར་བས་ཡུམ་དང་ཡབ་ཀྱི་ཆ་འཛིན་པ་ལྟར་སྣང་བའོ། །ནྜཱ ། ནྡྡྷ ། ཡང་། སྟོང་པའི་རིག་པ་མཁའ་ཁྱབ་ཏུ་གནས་པ་ཡེ་ནས་རིག་པ་དོན་ཆོས་ཉིད་ལས་མ་གཡོས་པས་རིག་པ་གང་གི་ཕྱོགས་སུ་མ་ལྷུང་བ་འཛིན་མེད་ངོ་ངོ་སྟོང་པ་ཡེ་ནས་གནས་པའོ། །ནཾ ། བྲོ ། ཡང་། སྣང་བའི་ཡུལ་དུ་མེད་པས་ལམ་དང་ཡེ་ཤེས་ལ་ཉེ་རིང་མེད་པ་སྟོང་པ་ལ་ལམ་མེད་པར་འཇུག་པ་ལ་གནས་མེད་པ། རྦྲ ། བྷྲི ། ཡང་། བྷྲཱིཾ ། མའི་ཆོས་ཉིད་དངོས་པོའི་མཐའ་དང་བྲལ། རྦྷཱུ ། བྷཱ ། དངོས་པོ་སྟོང་པ་ཉིད་མཉམ་པ་ཉིད་ཀྱི་སྙིང་པོ་ཅན་ཁྱབ་བྱེད་འཆར་བྱེད་མ་འགགས་པའི་སྐུ་གསུམ་མོ། །བྔྔྷོ ། བྡྷྱ ། ཤེས་རབ་ཀྱི་སྣང་བ་གསུམ་དུ་ཤར་ནས་ཡེ་ནས་དོན་བྱེད་ནུས་པའོ། །ཁྱུ། བྟྲཱ ། དངོས་པོ་སྟོང་པའི་བཞག་ཐབས་དངོས་པོ་བཟུང་དུ་མེད་པའི་ཤེས་རབ་གསུམ་ཤར་བའོ། །བྲཾ ། མྲོཾ ། མི་འགྱུར་བའི་ཁྱབ་པ་གསུམ་གྱི་ཡེ་ཤེས་གོང་དུ་སྣང་ངོ་། །བྚྀ ། རྨྨཾ ། མིག་ལྔ་དང་ཤེས་པ་ལྔ་ལམ་ལྔ་དང་ཡེ་ཤེས་ལྔའི་སྣང་བའོ། །མྱཱཾ ། རྨཱཾ ། དག་པ་རྒྱུ་མཚན་གྱི་ཡི་གེ་དུས་དང་དུས་མཐའ་རྣམ་པར་འབྱེད་པའི་ཤེས་རབ་རྣམ་པར་དག་པ་ཡུལ་དང་དབང་པོའི་སྟོབས་དབྱིངས་


DNG003_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཡེ་ཤེས་སུ་སྣང་ངོ་དེ་ཡང་རྟག་པ་སྐྱེ་མེད་ཀྱི་འོད་དང་ལྡན་པའོ། །རྨྨོ ། ཙུཾ ། མ་བཅོས་པའི་ཆོས་ཉིད་དེ་དངོས་གཞི་རྣམ་པར་སྟོང་པ་ཡེ་ཤེས་ཀྱི་སྙིང་པོའོ། །དེ་ཡང་ལུས་སྐྱེ་མེད་ལུས་རྣམ་པར་གཞག་པའི་སྐུ་གསུམ་རྟག་པ་འཁྲུལ་པ་ལས་ལོག་པའི་ཡེ་ཤེས་སྟོང་པ་ཐ་དད་ཀྱི་འོད་དང་འོད་ཀྱི་ཡུལ་དང་འཛིན་པའི་ཆོ་འཕྲུལ་གྱི་འོད་དང་ཡང་དག་པ་ཆོས་ཉིད་ཀྱི་འོད་དོ། །རྩཾ ། ཛྲོཾ ། ཛྙླྀ ། ལུས་ལ་ཡེ་ཤེས་ཀྱི་སྣང་བ་ཡེ་ནས་གནས་པའི་དོན་གསལ་བར་བྱེད་དེ་གཞན་འབྱུང་གི་ཡེ་ཤེས་ཆོས་ལ་གནས་པ་མེད་པ་བདག་ཏུ་རྟོག་པའི་ཡེ་ཤེས་མཐའ་ལ་གནས་པ་མེད་པས་སྐུ་གསུམ་སྣང་བའི་རྟགས་ཐུགས་རྗེ་འཛིན་མེད་ཀྱི་ཡེ་ཤེས་ཀྱིས་ལམ་ལ་གནས་པའོ། །ཛྱ ། ཛྲཱཾ ། མི་འགྱུར་བའི་ཆོས་ཉིད་ཀྱི་ཡུལ་རྣམ་པར་དག་པ་ལས་བྱུང་བའི་སྣང་བ་རང་ལོག་གི་ཡེ་ཤེས་ཕྱོགས་དང་རིས་མེད་པར་རང་སྣང་བའི་ཆོས་ཉིད་སྟོང་པ་སྐུ་གསུམ་ལ་ཟླ་བའི་དབྱིངས་མཉམ་པ་ཉིད་ཀྱི་ཡེ་ཤེས་དུས་གསུམ་གཅིག་ཏུ་འཆར་བའོ། །ཛྙྲཱྀ ། ཛྷྲྀ ། ཛྙིཾ ། སྐུ་གསུམ་ཆོས་ཉིད་ཀྱི་སྣང་བ་ཡུལ་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ལ་སྣང་བ་དེ་ཡང་རང་གི་ཡུལ་ལ་ཡེ་ཤེས་ཀྱི་སྣང་བ་ལྔ་ལྷུག་པར་འཆར་བ་དོན་ཆོས་ཉིད་ཀྱི་དབྱིངས་ལས་མ་གཡོས་པ་སྣང་བ་ལས་ལོག་པའི་ཆོས་རྟག་པ་ཡེ་ཤེས་ཀྱི་འཆར་ལུགས་ཐུགས་རྗེ་གསུམ་དང་ལྡན་པ་མཚན་མ་ཟིལ་གྱིས་གནོན་པའི་འོད་དང་ལྡན་པའོ། །(- ཝྟཱཡྲོཾ) ། ( - ཡྻཱཾཡླྀཾ) ། རྱཱ ། རྟག་པའི་ཆོས་ཉིད་ཆད་པའི་ཕྱོགས་སུ་མ་ཤོར་གནས་པའི་ཆོས་ཉིད་སྟོང་པའི་ཕྱོགས་སུ་མ་ཤོར་བས་སྐུ་གསུམ་རྟག་པ་ལས་ལོག་པའི་ཤེས་རབ་གཉིས་མེད་ཀྱིས་ཆོས་གསུམ་དང་ལྡན་པའོ། །རྡྷ ། རྼྀ ། སྐྱེ་མེད་ཡེ་ཤེས་ཀྱི་སྙིང་པོ་མ་བཅོས་པ་ལས་མ་ལོག་པའི་རྒྱས་བཏབ་བརྟག་པ་དབྱིངས་ཀྱི་ཡེ་ཤེས་ཡིན་པ་ལས་འདས་པའི་སྐུ་དང་ཡེ་ཤེས་སྟོང་པའི་དབྱིངས་དང་གསལ་བའི་དབྱིངས་དང་མཐར་ཐུག་པ་མེད་པའི་དབྱིངས་དང་རྒྱ་ཆེ་བའི་དབྱིངས་སོ། །། འབྱུང་བ་ལས་ལོག་པའི་ཆོས་ཉིད་གཞི་མ་བཅོས་པའི་སེམས་ཀྱི་དངོས་པོའི་མཐའ་དང་བྲལ་སངས་རྒྱས་ཡུལ་དུ་མེད་པའོ། །རྱཱི ། རྵཱུ ། །སྟོང་པ་ལས་ལོག་པའི་ཤེས་རབ་ཆད་པ་ལ་ལོག་པའི་སྟོང་པ་ཆད་པ་དང་རྟག་པ་མེད་པའི་ཡེ་ཤེས་སོ། །༔ ལླཱྀ ༔མཚན་མ་མིང་གི་ཐ་སྙད་དང་བྲལ་བ་དེ་ཡང་


DNG003_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་གསུམ་རང་ལོག་པ་རྟག་པ་སྟོང་པའི་འཆར་བྱེད་དབྱིངས་རྣམ་པར་དག་པ་དང་བཅས་པའོ། །དེ་ལ་སོགས་པའི་སྒྲ་རྣམས་ནི། །རབ་ཏུ་འབོད་དང་དམིགས་པ་ཡང་། །དོན་ཉིད་མཐུན་པའི་ཚིག་གིས་བརྗོད། །གསང་སྔགས་སྒྲ་འགྱུར་ཚད་མ་ཉིད། །རང་གི་དོན་ལ་ཤེས་པའོ། །རང་རང་འབྲུ་དང་སྦྱར་ལ་བཤད། །འདོགས་དང་ཡན་ལག་བསྟན་པ་ཡང་། །ཅི་ལྟར་འཚམས་པ་བཞིན་དུ་བརྗོད། །སྒྲ་ལ་ཆེ་དང་ཆུང་བ་ཡང་། །དོན་ཉིད་ཆེ་དང་ཆུང་བར་འདོད། །སྒྲ་ཚིག་ཡི་གེའི་འགོ་འདྲེན་པ། །རང་ཉིད་རིག་པ་ཆོས་ཀྱི་སྐུ། །གཟུང་དང་འཛིན་པའི་ཆོས་མེད་པས། །རྟོགས་དང་མ་རྟོགས་ཚིག་ལས་འདས། །རྡོ་རྗེ་སེམས་དཔའ་བདག་ཉིད་ཀྱང་། །ཡང་དག་མཁའ་ལ་སོ་སོར་མ་འགགས་ཤར། །སྟོང་གསལ་དབྱིངས་སུ་མངོན་སངས་རྒྱས། །རྣམ་དག་མཁའ་ལ་ཡང་དག་ཕྱིན། །རྡོ་རྗེ་ལྟ་བུའི་སྐྱེ་མེད་རྟོགས། །རང་ཉིད་རྡོ་རྗེའི་སྤོ་ལ་རྫོགས། །དེ་ཕྱིར་སྒྲ་ཡིས་སྣ་ཚོགས་དོན་ཆེན་སྟོན། །སྒྲ་དང་བརྡ་ཡིས་གསང་སྔགས་སྟོན་པར་བྱེད། །གསང་སྔགས་དོན་ཆེན་སྒྲ་ལ་འདུས། །རྟོག་མེད་སྒྲ་ཡིས་ཡེ་ཤེས་དབྱིངས་སུ་སྒྲོལ། །ཞེས་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། གཏན་ཚིགས་སྒྲའི་ལེའུ་སྟེ་ཞེ་དགུ་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །སྒྲ་དང་དོན་ཉིད་དེ་ལྟར་ན། །གཞི་ལམ་རྫོགས་ཆེན་གསུང་དུ་གསོལ། །ཞེས་ཞུས་སོ། །ཡང་བཀའ་སྩལ་པ། ཀྱེ་མ་གསང་བའི་བདག་པོ་ཉོན། །ངས་བསྟན་ལེགས་པར་ཡིད་ལ་ཟུང་། །རྫོགས་ཆེན་ཨ་ཏི་ཡོ་ག་ལ། །གཞི་དང་ལམ་དང་འབྲས་བུ་མེད། །འོན་ཀྱང་གཞི་ལམ་འབྲས་བུ་གསུངས། །གཞི་ལ་རྣམ་པ་གཉིས་


DNG003_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གསུངས། །ཀ་དག་ཆེན་པོའི་གཞི་དང་ནི། །ལྷུན་གྲུབ་སྣ་ཚོགས་གཞི་རུ་འདོད། །ཀ་དག་ཆེན་པོའི་གཞི་ལ་ཡང་། །ཡེ་ཤེས་མ་འགགས་གསལ་བའོ། །དེ་ཡང་ངོ་བོ་མི་འགྱུར་དང་། །རང་བཞིན་གསལ་བས་ཀུན་ལ་ཁྱབ། །ཡེ་ཤེས་རྣམ་དག་ངོ་བོ་ལ། །ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དང་ལྡན། །སངས་རྒྱས་དགོངས་པ་རང་སྣང་རྣམ་དག་ཉིད་ཀྱི་སྐུ། །འཛིན་དང་གོལ་མེད་གནས་པ་མེད་པར་དབྱིངས་ལ་སྤྱོད་ཅིང་སྤྲུལ་པ་མཛད། །རང་ཉིད་རྡོ་རྗེའི་ས་ལ་ཡང་དག་གཤེགས་ཤིང་ཐིག་ལེའི་སྐུ། །ཐིག་ལེ་རྣམ་དག་ཡེ་ཤེས་བཀོད་པའི་དཀྱིལ་འཁོར་འགྲོ་བའི་གཞི། །ལམ་བཀོད་རིན་པོ་ཆེ་ཡི་ས་ལ་སྦྱང་བའི་ཡུལ་མེད་ཕ་རོལ་ཕྱིན། །གསང་སྔགས་ཀུན་གྱི་ཡེ་ཤེས་ཚིག་གིས་དཔག་ཏུ་མེད་པར་དབྱིངས་ལ་བཀོད་ཅིང་སྤྲུལ་པ་མཛད། །འཛིན་མེད་རང་སྣང་ཡེ་ཤེས་ཀུན་གྱི་སྙིང་པོ་ཡིན་པར་ཀུན་ནས་སྟོན། །བསྟན་ཀྱང་གྲོལ་བར་མི་འགྱུར་གྲོལ་བ་ག་ལ་ཡོད། །ཡང་དག་པ་དང་བདེར་གཤེགས་སྙིང་པོ་གཉིས་མེད་མཉམ་པའི་དོན། །སངས་རྒྱས་མཛད་པའི་ཡེ་ཤེས་མེད་པར་གཟའ་གཏད་ལམ་དང་བྲལ། ཡང་བྱུང་གསང་སྔགས་དགོངས་པ་ཡིན་པར་གསུངས། །གསང་སྔགས་ཀུན་གྱི་ལམ་ནི་སྒྲོན་མ་རྣམ་དག་ངོ་བོར་འདུས་པར་གསུངས། །ཨེ་མ་ཧོ། གསུང་དང་མ་གསུངས་ཐམས་ཅད་རང་གི་དེ་ཉིད་རྟོགས་དང་མ་རྟོགས་ཁྱད། །རིག་པའི་ངང་ལས་འདས་པ་མེད་ཅིང་མ་འོངས་མེད་པར་ཀུན་བྱེད་རྒྱལ་པོས་གསུངས། །རྒྱལ་བ་རྣམས་ཀྱི་དགོངས་པ་ཡང་དག་རྡོ་རྗེ་མོ་ཡི་ཀློང་དུ་ཐམས་ཅད་འདུས། །རང་གྲོལ་སྐྱེ་དང་བྲལ་བའི་རིག་པ་རྡོ་རྗེའི་སྐུ་ལ་སྐྱེ་འཇིག་མེད་པར་ཡང་དག་རྒྱལ་པོས་གསུངས། །ཚིག་མེད་ཡི་གེ་མེད་པའི་དོན་ལ་སྐྱེ་དང་འཆི་བ་མེད་ན་འགག་མེད་ཀློང་དུ་མྱ་ངན་འདས། །སངས་རྒྱས་ཡེ་ཤེས་ལུས་ཉིད་རྡོ་རྗེའི་སྤོ་ལ་སངས་རྒྱས་བརྙེས། །རྡོ་རྗེ་སེམས་དཔའི་རང་ཉིད་རྡོ་རྗེའི་རྒྱ་དང་ལྡན་པར་ཤེས། །རང་སྣང་ཆོས་ཉིད་ཀུན་གྱི་གོང་མ་ཡིན་པར་སངས་རྒྱས་རྣམས་ཀྱིས་གསུངས། །ཡང་དག་ཉིད་ལ་དག་དང་


DNG003_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

མ་དག་མེད་པར་མཁྱེན་ཅིང་རིག །སངས་རྒྱས་ཀུན་གྱིས་བསྔགས་པའི་སྙིང་པོ་ཡེ་ཤེས་སྐུ་ཉིད་གནས་དང་བྲལ་བའི་ཚེ། །རང་གི་དེ་ཉིད་མཐོང་ནས་དེ་ཉིད་ལ་ཡང་དྲན་པ་སྐྱེས་ནས་བདེ་ཆེན་ས་ལ་ཐིམ། །ཡེངས་དང་མ་ཡེངས་མེད་པར་དོན་ཉིད་རང་ལ་ཤར་ཅིང་རང་ལ་སྣང་བ་ན། །ཟག་པ་མེད་ལ་ཆོས་རྣམས་ཀུན་གྱི་བདེན་པ་མཐོང་བའི་དུས་སུ་བསྟན་པ་ཡིན། །ཡང་དག་སངས་རྒྱས་གཞི་ལ་བཟང་ངན་མེད་པར་གཉིས་མེད་མཉམ་པ་ཡིན། །རང་རྒྱལ་རྣམས་དང་ཐེག་པ་དམན་པའི་རིགས་རྣམས་ལ། །སངས་རྒྱས་གསང་བའི་དོན་མི་བཤད། །གཞན་ཡང་གསང་སྔགས་དོན་ཆེན་ནི། །བློ་དམན་ཤེས་པ་ཆུང་བ་དང་། །ཁ་གསགས་གཡོ་སྒྱུའི་སེམས་དག་དང་། །ལམ་དང་ས་ལ་ཞེན་པ་ཡི། །རིགས་དང་རྒྱུད་མེད་དག་ལ་ནི། །གསང་སྔགས་གསང་བ་བསྒྲག་མི་བྱ། །ཆོས་ཉིད་རྟོགས་པའི་རྣལ་འབྱོར་པས། །ཅིར་སྣང་འོད་ཀྱི་སྣང་བར་མཐོང་། །རྡོ་རྗེ་ལྟ་བུའི་སངས་རྒྱས་ནི། །གཅིག་དང་དུ་མའི་གཟུགས་སུ་མེད། །དཔེར་ན་རྩལ་གྱི་རྒྱལ་པོ་བཞིན། །ཐམས་ཅད་ཟིལ་གྱིས་གནོན་པས་སྐྲག་པར་བྱེད། །དེ་བཞིན་ཀ་དག་རྫོགས་ཆེན་ནི། །སངས་རྒྱས་མན་ཆོད་ཐེག་དམན་ཟིལ་གྱིས་གནོན། །སངས་རྒྱས་མཛད་པས་ཐམས་ཅད་སྐྲག་པར་བྱེད། །ཡང་དག་སངས་རྒྱས་བདེ་ཆེན་ཐུགས་ལས་བྱུང་། །གཞི་དང་ལམ་ལ་མི་ལྟོས་སངས་རྒྱས་མཉམ་མེད་ཡིན། །ཡང་དག་སྤྲུལ་པས་ཡང་དག་ཉིད་དུ་སྒྲོལ། །གཞི་ལ་ངོ་བོ་རང་བཞིན་ཐུགས་རྗེ་རྫོགས། །ལམ་ལ་སྐུ་ལྔ་ཡེ་ཤེས་ལམ་ལྔ་རྫོགས། །འབྲས་བུ་སྐུ་གསུམ་ཡེ་ཤེས་འོད་སྣང་རྫོགས། །དེ་ཕྱིར་གཞི་ལམ་འབྲས་བུ་གསུམ། །འདུ་འབྲལ་མེད་པའི་ཚུལ་དུའོ། །འབྲས་བུ་མ་གཡོས་ཆོས་ཀྱི་སྐུ། །ལམ་ནི་རྣམ་དག་སྐུ་ལྔ་ཡིན། །གཞི་ཉིད་མི་འགྱུར་རང་བཞིན་ཆེ། །རྟོག་མེད་གཞི་ཡི་ངོ་བོ་ལ། །སངས་རྒྱས་སེམས་ཅན་གཉིས་སུ་མེད། །སྐྱེ་བ་མེད་ཅིང་འཆི་བ་མེད། །གནས་པ་མེད་ཅིང་རང་སར་གྲོལ། །འཛིན་པ་མེད་པས་བདེན་པ་མཐོང་། །འགྱུར་མེད་


DNG003_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་གྱི་ངོ་བོ་ནི། །འཛིན་པ་མེད་པས་རང་དག་གོ། །སྣ་ཚོགས་ལམ་གྱི་ངོ་བོ་ལ། །ཆགས་དང་འཛིན་པ་མ་ཞུགས་ན། །ལམ་གྱི་དེ་ཉིད་མཐོང་བ་ཡིན། །གཞི་ལམ་བདག་ཉིད་བློ་དང་མཉམ། །རང་བྱུང་ཐབས་ཀྱི་རྒྱལ་པོ་ལ། །སྟོབས་ཀྱིས་རིག་པ་རང་བྱུང་ཤར། །གཞི་ལམ་འབྲས་བུ་མཐར་ཕྱིན་ཡིན། །རང་བྱུང་རྟོག་མེད་ངོ་བོ་ལ། །ཤེས་རབ་དོན་གྱི་སྐུ་ཉིད་ཤར། །གཞི་ལམ་འབྲས་བུ་མཐར་ཕྱིན་ཡིན། །གསལ་དག་ཆེན་པོའི་བལྟ་བར་གསུངས། །ཞེས་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། གཞི་ལམ་འབྲས་བུ་རྒྱས་པར་བསྟན་པའི་ལེའུ་སྟེ་ལྔ་བཅུ་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །གསང་སྔགས་གཏན་ཚིགས་གསུང་དུ་གསོལ། །ཞེས་ཞུས་སོ། །ཡང་བཀའ་སྩལ་པ། ཀྱེ་གསང་བའི་བདག་པོ་ལེགས་པར་ཉོན་ཅིག །ངས་བསྟན་མ་ཡེངས་ཡིད་ཀྱིས་ཉོན། །སྔགས་ཀྱི་གཏན་ཚིགས་ངས་བསྟན་གྱིས། །དང་བའི་སེམས་ཀྱིས་གུས་པར་ཉོན། །རྟོག་མེད་སེམས་ཀྱིས་མ་ཡེངས་ཉོན། །སྔགས་ཀྱི་གཏན་ཚིགས་ཆེན་པོ་ནི། །གང་གི་ཕྱིར་ན་ཆོས་ཉིད་འདོད་པར་གསུངས། །དེ་ཡང་བསྟན་པ་འདི་ལྟ་སྟེ། །རྟོག་མེད་ཆོས་ཉིད་ཡིན་པར་གསུངས། །དབྱིངས་ལ་སྐུ་ཡིས་བརྒྱན་པའི་ཕྱིར། །ཐིག་ལེ་རྐྱང་པ་རྟོགས་ན་དེ་ཉིད་མཐོང་བ་མིན། །ཐིག་ལེ་སྐུ་ཡིས་བརྒྱན་པའི་ཕྱིར། །སྐུ་ནི་གཅིག་པུར་རྟོགས་ན་དེ་ཉིད་མཐོང་བ་མིན། །སྐུ་ལ་ཐིག་ལེས་ཁྱབ་པའི་ཕྱིར། །གཉིས་མེད་རྟོགས་ན་དེ་ཉིད་མཐོང་བ་ཡིན། །གཉིས་མེད་གསལ་བས་བརྒྱན་པའི་ཕྱིར། །གཏན་ཚིགས་གང་དག་ཅི་ཕྱིར་བཤད། །གང་དག་འཛིན་པ་ཡོད་གྱུར་ན། །ཡེ་ཤེས་མཐོང་བ་མེད་པར་འགྱུར། །ཡེ་ཤེས་འཛིན་པ་མེད་པའི་ཕྱིར། །གང་དག་ཆགས་པའི་སེམས་ཡོད་ན། །ཡང་དག་ཡེ་ཤེས་མཐོང་མི་འགྱུར། །འོད་གསལ་ཆགས་པ་མེད་པའི་ཕྱིར། །གང་དག་ཞེན་པའི་སེམས་ཡོད་ན། །རྟོག་མེད་ཆོས་སྐུ་མཐོང་མི་


DNG003_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། །སྐུ་ལ་ཞེན་པ་མེད་པའི་ཕྱིར། །གང་དག་རྟོག་པའི་སེམས་ཡོད་ན། །རང་གི་དེ་ཉིད་མཐོང་མི་འགྱུར། །སྒྲོན་མ་རྟོག་པ་མེད་པའི་ཕྱིར། །གང་དག་ས་ལམ་རྩོལ་འདོད་ན། །བར་དོའི་སྣང་བ་རྟོགས་མི་འགྱུར། །ས་ལམ་སྦྱང་དུ་མེད་པའི་ཕྱིར། །དགོས་པའི་མིང་གིས་མཚམས་སྦྱོར་བས། །དེ་ཉིད་མེད་པ་ཉིད་དུ་འགྱུར། །གང་དག་མཚན་མའི་སེམས་མེད་ན། །སྟོང་པ་ཚིག་མེད་དག་ཏུ་འགྱུར། །གང་དག་སེམས་ལས་དོན་ཚོལ་ན། །རིག་པའི་རྒྱལ་པོ་སྤང་བར་འགྱུར། །རྒྱལ་བ་རྣམས་ཀྱི་ཕྱག་རྒྱ་ནི། །བསྒྱུར་དང་མི་བསྒྱུར་གཉིས་ལས་འདས། །གསང་སྔགས་དོན་གྱི་ལྷ་ལ་སོགས། །བསྐྱེད་དང་མ་བསྐྱེད་གཉིས་སུ་མེད། །སེམས་ཅན་ཤ་ཁྲག་སྲོག་ལུས་ལ། །བསད་དང་མ་བསད་གཉིས་སུ་མེད། །ཡང་དག་ཉིད་ཀྱི་སངས་རྒྱས་ལ། །བསྒྲུབ་དང་མ་བསྒྲུབས་གཉིས་སུ་མེད། །འཁོར་བའི་སྡུག་བསྔལ་ཆེན་པོ་ལ། །སྤང་དང་མ་སྤངས་གཉིས་སུ་མེད། །ཡང་དག་རིག་པའི་རྒྱལ་པོ་ལ། །བསྒོམ་དང་མ་བསྒོམས་གཉིས་སུ་མེད། །བདེ་ཆེན་གསལ་བའི་ལམ་ལྔ་ལ། །སྦྱང་དང་མ་སྦྱངས་གཉིས་སུ་མེད། །རྟོག་པ་མེད་པའི་ཆོས་ཉིད་ལ། །སྤྱད་དང་མ་སྤྱད་གཉིས་སུ་མེད། །གཉིས་མེད་ལྟ་བ་ཆེན་པོ་འདི། །ཁྱུང་ཆེན་ནམ་མཁར་ལྡིངས་དང་མཚུངས། །ཡང་དག་སྤྱི་རྒྱ་རླབས་ཀྱིས་གཅོད། །ཟག་མེད་ལམ་གྱི་རྒྱལ་པོར་གསུངས། །སངས་རྒྱས་ཀུན་གྱི་ཡང་དག་ལམ། །རྣམ་གསུམ་བར་དོའི་དཀྱིལ་འཁོར་ཏེ། །བརྗོད་དང་མ་བརྗོད་གཉིས་དང་བྲལ། །རིག་པ་ཉིད་ཀྱི་སྣང་བ་ནི། །རྟག་ཆད་གཉིས་ཀྱི་མཐའ་ལས་འདས། །བརྗོད་མེད་རྣམ་པར་དག་པའི་ཆོས། །ཡིན་དང་མིན་པའི་མཐའ་ལས་འདས། །དགག་བསྒྲུབ་མེད་པའི་སྤྱོད་པ་ནི། །འཛིན་དང་ཆགས་པའི་མཐའ་ལས་འདས། །གསལ་བ་སྙམ་བྱེད་བསྒོམ་པ་ནི། །བྱིང་དང་རྒོད་པའི་མཐའ་ལས་འདས། །ཕྱོགས་དང་རིས་མེད་ལྟ་བ་ཡང་། །བཟང་དང་ངན་པའི་མཐའ་ལས་འདས། །ཡང་དག་ཆོས་


DNG003_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཆེན་པོ་ཡང་། །སྣང་དང་མི་སྣང་མཐའ་ལས་འདས། །རང་གི་ཡེ་ཤེས་རྣམ་དག་ཉིད། །གོལ་དང་སྒྲིབ་པའི་ཆོས་ལས་གྲོལ། །སངས་རྒྱས་དགོངས་པའི་བདག་ཉིད་ལ། །བསྒོམ་དང་མི་བསྒོམ་མཐའ་ལས་འདས། །སངས་རྒྱས་ཀུན་གྱི་མེས་པོ་ལ། །རྟོགས་དང་མ་རྟོགས་མཐའ་ལས་འདས། །དེ་བཞིན་ཉིད་ཀྱི་གཏན་ཚིགས་ལ། །གསལ་འགྲིབ་འཛིན་རྟོག་ག་ལ་ཡོད། །དྲི་མེད་དག་པའི་ཆོས་སྐུ་ལ། །བྱས་པའི་བསམ་པ་ག་ལ་ཡོད། །ཆོས་དང་ཆོས་མིན་སྣང་བ་ཡང་། །མཚན་མའི་ཞེ་འདོད་ག་ལ་ཡོད། །ཡེ་ཤེས་སེམས་དང་བྲལ་བ་ལ། །བག་ཆགས་དྲི་མ་ག་ལ་ཡོད། །རིག་པ་གྲོགས་དང་བྲལ་བ་ལ། །མ་རིག་འཁྲུལ་པ་ག་ལ་ཡོད། །སངས་རྒྱས་ཀུན་གྱི་མེས་པོ་ནི། །རྒྱལ་བ་འོད་མི་འགྱུར་བ་ཡིན། །ཡང་དག་ས་ལ་གང་གནས་པ། །རྡོ་རྗེ་རྒྱལ་པོའི་ལུང་ཉིད་ཐོབ། །སངས་རྒྱས་མེད་པའི་སངས་རྒྱས་ཀྱིས། །རྡོ་རྗེ་སེམས་དཔའ་དཔའ་བོ་ལ། །དབང་བསྐུར་དཀྱིལ་འཁོར་བསྟན་ནས་ནི། །སེམས་ཅན་ཀུན་གྱི་མ་རིག་པ། །འགྲོལ་བའི་རྒྱུད་ཆེན་རྒྱལ་པོ་བཤད། །ང་ཡི་ཆོ་འཕྲུལ་དེ་བཞིན་དུ། །གང་ལ་ཐོགས་པ་མེད་པར་འབྱུང་། །སངས་རྒྱས་ཀུན་གྱི་ལམ་ཆེན་རྒྱུད། །ང་ཡིས་བཤད་ཅིང་ང་ཡིས་བཀྲོལ། །རྟོག་མེད་རྡོ་རྗེའི་ལུས་ཉིད་ཀྱང་། །རང་གི་ལུས་ལས་ཡང་དག་འབྱུང་། །སེམས་ཅན་རྣམས་ཀྱི་ལུས་ཉིད་ལ། །སངས་རྒྱས་རྣམས་ཀྱི་དུར་ས་བཏབ། །རྣམ་ཤེས་དག་པའི་ནམ་མཁའ་ལ། །དེ་ཉིད་ཤེས་པའི་རྣལ་འབྱོར་པས། །དེ་ཉིད་གོམས་པར་ཉམས་སུ་ལོངས། །གསང་སྔགས་འབྲས་བུ་གང་འདོད་པས། །དེ་ཉིད་ལ་ཡང་གོམས་པར་བྱ། །ཆོས་ཉིད་འོད་གསལ་མདངས་དང་ལྡན། །སངས་རྒྱས་བསྔགས་པ་དེ་ཉིད་ཐོབ། །ང་ཡི་རིག་པ་ཆོས་ཉིད་ལ། །སེམས་དང་དྲི་མའི་ཆོས་དང་བྲལ། །ཕྲ་དང་རགས་པའི་དྲི་མ་རྣམས། །ཐམས་ཅད་ངོ་བོ་སྒྲིབ་པའོ། །ཞེས་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། སྔགས་ཀྱི་གཏན་ཚིགས་བསྟན་པའི་ལེའུ་སྟེ་ང་གཅིག་པའོ།། །།


DNG003_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་བཅོམ་ལྡན་ཐུགས་རྗེ་ཆེན་པོ་དང་ལྡན་པ། །བདག་ཅག་མོས་པའི་འཁོར་རྣམས་ལ། །ཐབས་ཀྱི་མན་ངག་ཡན་ལག་ཀྱང་བྱུང་བསྟན་དུ་གསོལ། །ཞེས་ཞུས་སོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀྱེ་ཧོ་གསང་བའི་བདག་པོ་ཉོན་ཅིག །ངས་ལེགས་པར་ཕྱེ་ལ་གང་ཟག་གི་རིགས་བསྟན་གྱིས་ཉོན་ཅིག །ཅེས་བཀའ་སྩལ་པ་དང་། གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་སྟོན་པ་ཆེན་པོ། ཚོགས་དང་ཐབས་ཀྱི་ལམ་ལ་གནས་པ་ཡི། །རྣལ་འབྱོར་ཆོས་རྣམས་གསུང་དུ་གསོལ། །ཞེས་ཞུས་པས། སྟོན་པས་བཀའ་སྩལ་པ། ཀྱེ་ཉེ་བའི་འཁོར་རྣམས་ཉོན་ཅིག །མཚན་མ་ཚིག་གི་རྣལ་འབྱོར་དང་། །རྟགས་ཙམ་འཛིན་པའི་རྣལ་འབྱོར་དང་། །མཐར་ཕྱིན་འབྲས་བུའི་རྣལ་འབྱོར་དང་། །རྗེས་སུ་རྣལ་འབྱོར་ཉིད་དང་ནི། །ངང་ཉིད་ངེས་པའི་རྣལ་འབྱོར་དང་། །སྣང་བ་སེམས་ཀྱི་རྣལ་འབྱོར་དང་། །འཇུག་པ་ལས་ཀྱི་རྣལ་འབྱོར་དང་། །བྱ་བ་རྒྱུ་ཡི་རྣལ་འབྱོར་དང་། །བྱེད་པ་རྐྱེན་གྱི་རྣལ་འབྱོར་དང་། །མཐར་ཕྱིན་འབྲས་བུའི་རྣལ་འབྱོར་དང་། །ཡང་དག་དོན་གྱི་རྣལ་འབྱོར་དང་། །མཐར་ཕྱིན་གྲོལ་བའི་རྣལ་འབྱོར་དང་། །བྱ་བ་རྫོགས་པའི་རྣལ་འབྱོར་རོ། །རྣལ་འབྱོར་ཆེན་པོའི་དོན་ཉིད་ནི། །ཆེ་བ་དང་ནི་ཆུང་བ་རྣམས། །རང་ཉིད་ཡིན་པར་ཤེས་པར་བྱ། །ས་དང་ལམ་ལ་གྲོལ་བའི་རྣལ་འབྱོར་བཞི། །དེ་ནི་ཚིགས་སུ་བཅད་པས་གསུངས། །དེ་ཡང་རྣལ་འབྱོར་རྣམ་པ་ལྔ། །བསམ་གྱིས་མི་ཁྱབ་རྣལ་འབྱོར་ཀྱང་། །རྣམ་པ་ལྔ་ཡི་ཁོག་ཏུ་འདུས། །དེ་ཡང་བསྟན་པ་འདི་ལྟ་སྟེ། །རྩལ་ཆེན་རྫོགས་དང་ལུང་ཆེན་ཐོབ། །དབུགས་ཆེན་འབྱིན་དང་ལུས་སེམས་ཕྱེད། །བཀའ་སྡོད་ལས་ཀྱི་རྣལ་འབྱོར་རོ། །རྣལ་འབྱོར་ཆེན་པོ་དེ་རྣམས་ཀྱིས། །ངང་དུ་ཐམས་ཅད་འདུས་པར་གསུངས། །དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་སེམས། །


DNG003_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་ཆེན་པོ་དེ་རྣམས་ཀྱི། །བཤད་ལུགས་འཁོར་ལ་གསུང་དུ་གསོལ། །ཞེས་ཞུ་བ་ཞུས་སོ། །དེ་ནས་ཡང་བཀའ་སྩལ་པ། ཀྱེ་མ་གསང་བའི་བདག་པོ་ཉོན། །ང་ཡི་བསྟན་གྱིས་ཡིད་ཀྱིས་ཟུང་། །མཚན་མ་ཚིག་གི་རྣལ་འབྱོར་ནི། །ཚིག་ལ་ཞེན་ཅིང་ཚིག་ལ་སྤྱོད། །མི་ཤེས་ཚིག་ལ་ལྟོས་གྱུར་ན། །དེ་ཉིད་གྲོལ་བར་ངས་མ་བཤད། །རྟགས་ལ་ལྟོས་པའི་རྣལ་འབྱོར་ནི། །རང་ཉིད་རྟགས་ལ་ལྟོས་གྱུར་ནས། །སྤྱོད་པས་གཞན་ལ་ངོམ་སེམས་བྱེད། །རང་གི་རྟོགས་པ་ཉིད་ཀྱིས་བཅིངས། །དེ་ཡང་གྲོལ་བར་ངས་མ་བཤད། །རྗེས་སུ་འཇུག་པའི་རྣལ་འབྱོར་ནི། །གང་དག་མོས་པའི་ས་ལ་གནས། །མོས་པའི་སྤྱོད་པ་བྱེད་པ་སྟེ། །དང་པོའི་ས་ལ་རེག་པས་ཞོག །དེ་ཉིད་གྲོལ་བར་ངས་མ་བཤད། །ངང་ཉིད་ངེས་པའི་རྣལ་འབྱོར་ནི། །རྣམ་པར་མི་རྟོག་ཆིག་ཚུགས་བསྒོམ། །མི་རྟོག་པ་ཡི་བདག་ཉིད་ཅན། །དེ་ཉིད་གྲོལ་བར་ངས་མ་བཤད། །སྣང་བ་སེམས་ཀྱི་རྣལ་འབྱོར་ནི། །ཐམས་ཅད་ང་ཡི་སེམས་ལས་བྱུང་། །སེམས་ཉིད་རྟོགས་ན་ཅི་བྱར་ཡོད། །དེ་སྐད་ཀུན་ཏུ་རྗོད་བྱེད་པ། །ང་ཡིས་གྲོལ་བར་མ་བཤད་དོ། །འཇུག་པ་ལས་ཀྱི་རྣལ་འབྱོར་ནི། །དོན་ཉིད་བྱ་བས་འགྲུབ་པར་འདོད། །བྱ་བ་ཆེན་པོས་བཅིངས་པ་རྣམས། །དང་པོ་སེམས་བསྐྱེད་བྱ་བ་བྱེད། །དེ་ནས་བཟུང་ནས་བྱ་བ་རྣམས། །ཐམས་ཅད་བྱེད་ཅིང་འགྲུབ་པའོ། །དེ་ཡང་གྲོལ་བར་ངས་མ་བཤད། །བྱ་བ་རྒྱུ་ཡི་རྣལ་འབྱོར་ནི། །རྒྱུ་ཉིད་ལམ་དུ་སློང་བ་སྟེ། །རྒྱུ་ལ་རེ་ཞིང་རྒྱུ་ལ་ལྟོས། །རྒྱུ་ཉིད་མངོན་པར་སྟོན་པ་སྟེ། །དེ་ཡང་གྲོལ་བར་ངས་མ་བཤད། །བྱེད་པ་རྐྱེན་གྱི་རྣལ་འབྱོར་ནི། །སྤྱོད་པས་ཡང་དག་དོན་འཚོལ་བ། །རིགས་མི་མཐུན་པའི་ཕྱོགས་འཛིན་པ། །དེ་ཡང་གྲོལ་བར་ངས་མ་བཤད། །མཐར་ཕྱིན་འབྲས་བུའི་རྣལ་འབྱོར་ནི། །རྟོག་པ་ལམ་དུ་འཁྱེར་བ་སྟེ། །ས་དང་ལམ་ལ་མི་གནས་པར། །རང་གི་དེ་ཉིད་མཐོང་ནས་ནི། །ཡང་དག་གྲོལ་བ་ཆེན་པོར་འདོད། །


DNG003_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་དོན་གྱི་རྣལ་འབྱོར་ནི། །རང་གི་རྟོགས་པ་རྙེད་ནས་ཀྱང་། །བར་དོའི་སྣང་བ་དག་པ་ལ། །རང་གི་ཡང་དག་ཉིད་མཐོང་ནས། །དེ་ནས་མཐར་ཕྱིན་གྲོལ་བར་འདོད། །མཐར་ཕྱིན་གྲོལ་བའི་རྣལ་འབྱོར་ནི། །ངེས་པ་རྙེད་པའི་ས་ཉིད་ལས། །རང་གི་དེ་ཉིད་རྙེད་མཐོང་ནས། །ཡང་དག་ས་ལ་འདའ་བར་འདོད། །བྱ་བ་རྫོགས་པའི་རྣལ་འབྱོར་ནི། །ཀ་དག་སངས་རྒྱས་ཆེན་པོ་ཡིན། །དེ་ལས་གཤེགས་སུ་མེད་པར་གསུངས། །རྣལ་འབྱོར་ཆེན་པོ་དེ་བཞི་ལ། །ས་ལ་སྦྱང་དུ་མེད་པར་གསུངས། །ལམ་ལ་བགྲོད་དུ་མེད་པར་གསུངས། །དེ་ཡང་རྣལ་འབྱོར་ལྔ་ལ་རྫོགས། །ཁམས་གསུམ་སེམས་ཅན་ཐམས་ཅད་ནི། །བཀའ་སྡོད་ལས་ཀྱི་རྣལ་འབྱོར་ཡིན། །བདེན་པ་མཐོང་བའི་གང་ཟག་དེ། །འཁྲུལ་པའི་སྣང་བ་འགགས་པ་ནི། །ལུས་སེམས་ཕྱེད་པའི་རྣལ་འབྱོར་ཡིན། །ལྷུན་གྲུབ་སྣ་ཚོགས་སྣང་བ་ལ། །ངེས་པར་རྙེད་པར་གྱུར་པ་ནི། །ལུང་ཆེན་ཐོབ་པའི་རྣལ་འབྱོར་ཡིན། །དབང་པོ་ཐ་མའི་ཐ་མ་ནི། །ཕྱོགས་བཅུ་སྤྲུལ་པའི་ཞིང་ཁམས་སུ། །གནས་ནས་དེ་བཞིན་གཤེགས་པ་དེས། །དབུགས་ཆེན་འབྱིན་པའི་རྣལ་འབྱོར་ཡིན། །ཀ་དག་འགྱུར་མེད་ཆེན་པོ་ལ། །བྱ་རྩོལ་ཐམས་ཅད་བྲལ་བ་སྟེ། །རྩལ་ཆེན་རྫོགས་པའི་རྣལ་འབྱོར་ཡིན། །དེ་བཞིན་རྣལ་འབྱོར་ཆེན་པོ་རྣམས། །རང་རང་འདོད་པ་བསམ་ལས་འདས། །སྙིང་པོ་དོན་གྱི་མན་ངག་སྟེ། །མ་མཐོང་གྲོལ་བར་ག་ལ་འགྱུར། །སངས་རྒྱས་རྣམས་ཀྱི་དགོངས་པ་ཡང་། །འདི་ཉིད་མཐོང་ནས་གྲོལ་བར་འགྱུར། །རིག་པ་ཡེ་ཤེས་ཆེན་པོ་ནི། །རང་ལ་བྱུང་ཞིང་རང་ལ་ལྟོས། །ཞེས་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། ཡོངས་སུ་རྣལ་འབྱོར་གྱི་ལེའུ་སྟེ་ང་གཉིས་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཕྲིན་ལས་རྣམ་པར་འབྱེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་ཡང་ཕྱག་ན་རྡོ་རྗེ་ལ་སོགས་པའི་འཁོར་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་འདས་ཏིང་ངེ་འཛིན་ལས་བཞེངས་ཤིག །


DNG003_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

མོས་པའི་འཁོར་རྣམས་ལ་ཕྲིན་ལས་ཀྱི་རྣམ་པ་ཅི་ལྟར་ལགས་གསུང་དུ་གསོལ། ཞེས་ཞུས་པས། བཅོམ་ལྡན་འདས་ཏིང་ངེ་འཛིན་ལས་བཞེངས་ནས། འཁོར་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་མོས་པའི་འཁོར་རྣམས་ཉོན་ཅིག །ངས་ཁྱེད་རྣམས་ལ་ཐབས་བསྟན་གྱིས། །ལེགས་པར་ཉོན་ཅིག །ཕྲིན་ལས་རྣམ་པ་བཞི་ཡོད་དོ། །དེ་ཡང་ཚིགས་སུ་བཅད་དེ་བཀའ་སྩལ་པ། ཀྱེ་ཧོ་རྡོ་རྗེ་འཛིན་པ་ཉོན། །ཞི་བ་དང་ནི་རྒྱས་པ་དང་། །དེ་བཞིན་དབང་དང་དྲག་པོར་འདོད། །དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་ཡེ་ཤེས་སྐུ། །ཕྲིན་ལས་རྣམ་པ་བཞི་པོ་དེ། །རང་ལ་ཅི་ལྟར་ཚང་བ་ལགས། །ཞུས་ལན་རྒྱས་པར་གསུང་དུ་གསོལ། །ཞེས་ཞུ་བ་ཞུས་སོ། །ཡང་བཀའ་སྩལ་པ། ཀྱེ་ཧོ་རྡོ་རྗེ་འཛིན་པ་ཉོན། །ཕྲིན་ལས་རྣམ་པ་བཞི་ཡི་དོན། །ངས་བསྟན་ལེགས་པར་ཡིད་ལ་ཟུང་། །ཞི་བ་ཆེན་པོའི་ཕྲིན་ལས་ནི། །རང་གི་ཙིཏྟའི་དཀྱིལ་ན་གནས། །དེ་ཡང་འཇམ་དང་འདྲིལ་བ་དང་། །དཀར་དྭངས་འོད་ཟེར་འཕྲོ་བ་བཞི། །སྐུ་དང་གསུང་དང་ཐུགས་ཉིད་ལྟར། །ཀུན་ཁྱབ་ཡེ་ཤེས་དབུ་རྒྱན་ལྡན། །ཞི་བའི་དཀྱིལ་འཁོར་དེ་བཞིན་གནས། །དེ་ནས་ཡང་ཞུས་པ། ཀྱེ་ཀྱེ་སྟོན་པ་ཆེན་པོ་ལགས། །བདག་ཉིད་ལུས་ཀྱི་དཀྱིལ་འཁོར་ལ། །ཕྲིན་ལས་རྒྱས་པ་ཅི་ལྟར་ཚང་། །མོས་པའི་འཁོར་ལ་གསུང་དུ་གསོལ། །ཞེས་ཞུས་སོ། །དེ་ནས་ཡང་བཀའ་སྩལ་པ། ཀྱེ་རྡོ་རྗེ་འཛིན་པ་ལེགས་པར་ཉོན། །ཕྲིན་ལས་རྒྱས་པ་ཆེན་པོ་ནི། །རང་གི་འགྱུར་མེད་རྩ་ཆེན་ན། །ཕྲིན་ལས་རྒྱས་པ་ཆེན་པོའི་སྐུ། །འོད་ལྔ་སྐུ་ལྔ་ཉིད་དུ་རྒྱས། །རིག་པ་སྐུ་ཡི་ཀློང་དུ་རྒྱས། །སྐུ་རྣམས་ཡེ་ཤེས་ཀློང་དུ་རྒྱས། །ཡེ་ཤེས་འོད་ཀྱི་ཀློང་དུ་ཡང་དག་རྒྱས། །འོད་རྣམས་ཟེར་གྱི་ཀློང་དུ་ཡང་དག་རྒྱས། །དེ་བཞིན་སྐུ་དང་ཡེ་ཤེས་རྣམས། །མི་གནས་པ་ཡི་དཀྱིལ་འཁོར་དུ། །སངས་རྒྱས་ལམ་ལ་འཇུག་པར་


DNG003_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས། །དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་སྟོན་པ་རྡོ་རྗེ་སེམས་དཔའ་ཉིད། །རང་རང་ལུས་ཀྱི་དཀྱིལ་འཁོར་ལ། །དབང་གི་ཕྲིན་ལས་ཅི་ལྟར་གནས། །བདག་ཅག་མོས་པའི་འཁོར་རྣམས་ལ། །དབང་དུ་འདུས་ལུགས་གསུང་དུ་གསོལ། །ཞེས་ཞུས་སོ། །དེ་ནས་སྟོན་པས་བཀའ་སྩལ་པ། །ཀྱེ་མ་གསང་བདག་རྡོ་རྗེ་འཛིན། །ང་ཡིས་བསྟན་གྱིས་ང་ལ་ཉོན། །ཕྲིན་ལས་དབང་གི་དཀྱིལ་འཁོར་ནི། །རང་གི་དུང་ཁང་དཀྱིལ་འཁོར་ན། །སྒྲོན་མ་རྣམ་པ་གཉིས་སུ་གསལ། །དེ་ཡང་བསྟན་པ་འདི་ལྟ་སྟེ། །རིག་པ་དབྱིངས་ཀྱི་སྒྲོན་མ་ཡིས། །སྐུ་དང་ཡེ་ཤེས་དབང་དུ་སྡུད། །ཐིག་ལེ་སྟོང་པའི་སྒྲོན་མ་ཡིས། །ཕྱི་ཡི་འབྱུང་བ་དབང་དུ་སྡུད། །ཤེས་རབ་རང་བྱུང་སྒྲོན་མ་ཡིས། །རང་གི་དེ་ཉིད་དབང་དུ་སྡུད། །རྒྱང་ཞགས་ཆུ་ཡི་སྒྲོན་མ་ཡིས། །འཁྲུལ་པའི་དེ་ཉིད་དབང་དུ་སྡུད། །རིག་པ་རྟོག་མེད་ཆེན་པོ་ཡིས། །རྣམ་རྟོག་ཉོན་མོངས་དབང་དུ་སྡུད། །འགྱུར་མེད་སངས་རྒྱས་ལམ་ཆེན་ནི། །བར་དོའི་སྣང་བ་དབང་དུ་སྡུད། །དེ་ལྟར་དབང་གི་དཀྱིལ་འཁོར་ཉིད། །རང་གི་ལུས་ལ་རྫོགས་པའོ། །དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་ཞུས་སོ། །ཀྱེ་ཀྱེ་སྟོན་པ་ཆེན་པོ་ལགས། །སེམས་ཅན་ཀུན་གྱི་རང་ལུས་ལ། །ཕྲིན་ལས་མངོན་སྤྱོད་ཅི་ལྟར་གནས། །མོས་པའི་འཁོར་ལ་གསུང་དུ་གསོལ། །ཞེས་ཞུས་སོ། །དེ་ནས་ཡང་བཀའ་སྩལ་པ། ཀྱེ་མ་གསང་བའི་བདག་པོ་ཉོན། །ངས་བསྟན་ཡིད་ལ་ལེགས་པར་ཟུང་། །སངས་རྒྱས་ཕྲིན་ལས་དྲག་པོ་ནི། །རང་གི་དབང་པོའི་སྒོ་དག་ལ། །ཕྲིན་ལས་དྲག་པོའི་དཀྱིལ་འཁོར་གནས། །མིག་གི་དབང་པོ་མ་འགགས་པས། །ཡུལ་ལ་འཛིན་ཅིང་རྟོག་པ་ནི། །ཕྲིན་ལས་དྲག་པོ་ཉིད་དུ་བཤད། །སྒོ་ལྔའི་རྣམ་ཤེས་ཡུལ་ལ་ཤར་བ་ནི། །དྲག་པོའི་དཀྱིལ་འཁོར་གཅིག་ཏུ་འདོད། །ཉོན་མོངས་སྟོང་ཕྲག་བརྒྱད་ཅུ་ཉིད། །ཡུལ་ལ་ཤར་ཅིང་སྤྱོད་པ་ནི། །ཕྲིན་ལས་དྲག་པོ་ཉིད་དུ་བསྟན། །


DNG003_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་ཕྲིན་ལས་རྣམ་པ་བཞི། །རང་རང་ལུས་ལ་རྫོགས་པར་གསུངས། །དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །རང་གི་ཚང་ལུགས་དེ་ལྟར་ན། །ཕྲིན་ལས་རྣམ་བཞིའི་དོན་རྣམས་ནི། །གཞི་ལ་ཅི་ལྟར་ཚང་བ་ལགས། །མོས་པའི་འཁོར་ལ་གསུང་དུ་གསོལ། །ཞེས་ཞུས་སོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀྱེ་མ་གསང་བའི་བདག་པོ་ཉོན། །ཕྲིན་ལས་རྣམ་པ་བཞི་ཡི་དོན། །གཞི་ལ་ལེགས་པར་ཚང་བའོ། །དེ་ཡང་བསྟན་པ་འདི་ལྟ་སྟེ། །ཁ་དོག་དཀར་དམར་སྣ་ཚོགས་འོད། །གཞི་ལ་བབ་ཀྱིས་གྲུབ་པའོ། །ཁ་དོག་དཀར་པོ་ཞི་བའི་དཀྱིལ་འཁོར་ལྡན། །ཁ་དོག་སེར་པོ་རྒྱས་པའི་དཀྱིལ་འཁོར་ལྡན། །ཁ་དོག་དམར་པོ་དབང་གི་འོད་དུ་འབར། །ཁ་དོག་ལྗང་གུ་དྲག་པོའི་འོད་དུ་གསུངས། །ཁ་དོག་མཐིང་ག་ཕྲིན་ལས་རྫོགས་པའི་འོད། །དེ་ཡང་བཤད་ལུགས་འདི་ལྟ་སྟེ། །དཀར་པོ་ཆོས་ཉིད་ཞི་བ་ལ། །ཉོན་མོངས་དྲི་མ་ག་ལ་ཡོད། །གོས་པ་མེད་པའི་དཀྱིལ་འཁོར་ནི། །དཔེར་ན་ཤེལ་གོང་དག་པ་ལ། །དྲི་མའི་སྐྱོན་གྱིས་མ་གོས་བཞིན། །དེ་བཞིན་ཞི་བའི་ཆོས་ཉིད་ལ། །ཉོན་མོངས་གོས་པ་མེད་པའོ། །སེར་པོ་རྒྱས་པའི་ཆོས་ཉིད་ལ། །ཡོན་ཏན་ཐམས་ཅད་འབྱུང་བ་ནི། །དཔེར་ན་ནོར་བུ་རིན་པོ་ཆེ། །དགོས་འདོད་ཐམས་ཅད་འབྱུང་བ་ལྟར། །ཆོས་ཉིད་རྒྱས་པ་ཆེན་པོ་དེར། །ཡོན་ཏན་སྣ་ཚོགས་ཤར་བ་ཡིས། །སེམས་ཅན་ཐམས་ཅད་གྲོལ་བར་བྱེད། །ཡོན་ཏན་རྒྱས་པ་ཆེན་པོར་འདོད། །དམར་པོ་དབང་གི་ཆོས་ཉིད་དེ། །མ་བཙལ་གཞི་ལ་གྲུབ་པ་ཡིན། །དབང་ཉིད་ཆོས་སྐུའི་ངོ་བོ་སྟེ། །ཐམས་ཅད་མ་བཙལ་གྲུབ་པ་སྟེ། །དཔེར་ན་རིན་ཆེན་གསེར་ལ་ནི། །སེར་པོ་བཙལ་མི་དགོས་པ་བཞིན། །གཞི་སྣང་ཆེན་པོའི་དཀྱིལ་འཁོར་ལ། །དབང་གི་དཀྱིལ་འཁོར་བཙལ་མི་དགོས། །ཆོས་ཉིད་


DNG003_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་ལ་དབང་ཉིད་རྫོགས་པའོ། །ལྗང་གུ་ཆོས་ཉིད་དྲག་པོ་སྟེ། །ཐམས་ཅད་དྲག་པོའི་ངོ་བོར་རྫོགས། །གཞི་ཉིད་དག་པའི་ཆོས་ཉིད་དེ། །གང་ལ་ཐོགས་མེད་འཆར་བ་ནི། །དཔེར་ན་རླུང་གིས་སྦུར་མ་ནི། །གང་ལ་ཐོགས་མེད་བསྐྱོད་པར་བྱེད། །དེ་བཞིན་གཞི་སྣང་ངོ་བོ་ལས། །ཡེ་ཤེས་ཐོགས་པ་མེད་པར་འཆར། །གང་ལ་ཐོགས་མེད་ཡེ་ཤེས་ནི། །ཕྲིན་ལས་དྲག་པོའི་ངོ་བོ་ཡིན། །དེ་བཞིན་གཞི་ཡི་ངོ་བོ་ལ། །ཕྲིན་ལས་བསྐྱེད་རིམ་རྫོགས་པའོ། །དེ་ཡང་ཕྲིན་ལས་བཞི་ཡི་དོན། །མཐིང་ག་ཉིད་ལ་རྫོགས་པའི་དོན། །ཕྲིན་ལས་རྣམ་བཞི་གཞི་ལ་བབ་ཀྱིས་གྲུབ། །དེ་ཕྱིར་ཁ་དོག་མཐིང་གར་བཤད། །ཕྲིན་ལས་ཀུན་གྱི་ཡེ་ཤེས་ནི། །བྱ་བ་ཐམས་ཅད་བྱེད་པ་ཡིན། །ཕྲིན་ལས་ཀུན་གྱི་དཀྱིལ་འཁོར་ནི། །མ་བཙལ་རང་ལ་ཡོད་པའོ། །ཕྲིན་ལས་ཀུན་གྱི་ཕྱག་རྒྱ་ནི། །མ་བསྒྱུར་གཞི་ལ་རྫོགས་པའོ། །ཕྲིན་ལས་ཀུན་གྱི་ལྷ་ཚོགས་ནི། །རང་གི་ལུས་ལ་རྫོགས་པའོ། །ཕྲིན་ལས་ཀུན་གྱི་སྙིང་པོ་ནི། །སྒྲོན་མའི་ཡེ་ཤེས་ཆེན་པོར་གསུངས། །ཕྲིན་ནི་སངས་རྒྱས་ཉིད་ལ་བརྗོད། །ལས་ནི་ཡེ་ཤེས་ཉམས་སུ་ལེན། །ཕྲིན་ལས་རང་ཉིད་ཡིན་པར་གསུངས། །རྡོ་རྗེ་སེམས་དཔའ་ཆོས་སྐུ་ཉིད། །ངང་ལས་བྱུང་ཞིང་ངང་ལ་རྫོགས། །རྫོགས་པས་གཞི་ལ་དེ་བཞིན་ནོ། །དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་ཡེ་ཤེས་སྐུ། །ཕྲིན་ལས་རྣམ་པ་བཞི་པོ་དེ། །ལམ་དུ་འཁྱེར་ན་ཅི་ལྟར་འཁྱེར། །མོས་པའི་འཁོར་ལ་གསུང་དུ་གསོལ། །ཞེས་ཞུས་སོ། །དེ་ནས་ཡང་བཀའ་སྩལ་པ། ཀྱེ་མ་གསང་བའི་བདག་པོ་ཉོན། །ངས་བསྟན་ལེགས་པར་ཡིད་ལ་ཟུང་། །ཕྲིན་ལས་རྣམ་པ་བཞི་ཡི་དོན། །ལམ་ལ་རྫོགས་ལུགས་འདི་ལྟ་སྟེ། །བར་དོ་དང་པོ་ཚོམ་བུ་ལ། །སྐུ་ཡི་སྣང་བ་མཐོང་བ་སྟེ། །ཞི་བའི་ལམ་དུ་ཡང་དག་འདོད། །བར་དོ་གཉིས་པའི་ཡེ་ཤེས་ལ། །ཡེ་ཤེས་ངོ་བོ་མཐོང་བ་སྟེ། །རྒྱས་པའི་ལམ་ཉིད་


DNG003_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པར་འདོད། །བར་དོ་གསུམ་པ་ལྷུན་གྲུབ་སྣང་བ་ལ། །རང་གི་དེ་ཉིད་མཐོང་བ་ནི། །གོམས་པ་ཚད་དུ་ཕྱིན་པ་ཡིན། །དབང་གི་ཆོས་ཉིད་ཡིན་པར་གསུངས། །ཀ་དག་ཆོས་ཉིད་རྫོགས་པ་ལ། །ཐོགས་པ་མེད་པར་ཕྱིན་པ་སྟེ། །དྲག་པོའི་ཆོས་ཉིད་ཡིན་པར་གསུངས། །ཕྲིན་ལས་ཆོས་ཉིད་ཐམས་ཅད་ཀྱང་། །རང་ལས་བྱུང་ཞིང་རང་ལ་ལྟོས། །དེ་ལ་སོགས་པའི་ཆོས་ཉིད་རྣམས། །རང་གི་བལྟ་བར་མཐོང་བར་བྱ། །སངས་རྒྱས་ཀུན་གྱི་ཡེ་ཤེས་འགག་པ་མེད། །རང་གི་ཡུལ་ནི་དག་པ་ཆེན་པོ་ལ། །མཚན་མ་ལྟོས་པའི་ཆོས་ཀྱི་དབང་དུ་མི་འགྱུར་བའི། །རིག་པ་ནམ་མཁའི་ངང་དུ་ཤེས་པར་བྱའོ། །མཚན་མའི་དབང་དུ་གྱུར་ན་ཡེ་ཤེས་མཐོང་དུ་མེད། །སྔགས་ཀྱི་ཕྲིན་ལས་ཆོས་ཀྱི་སྐུ། །སངས་རྒྱས་དགོངས་པ་རང་གི་དེ་ཉིད་དོ། །རྫོགས་དང་མ་རྫོགས་ང་ཡི་ཆོ་འཕྲུལ་ཡིན། །ང་ཉིད་རིག་པའི་ཀློང་དུ་སངས་རྒྱས་ཡིན། །ཀློང་དུ་འདས་དང་མ་འདས་ཐམས་ཅད་ཚིག་གི་ལམ། །རང་ལ་ཡེ་ཤེས་འཆར་བ་ནི། །དཔེར་ན་ནམ་མཁར་ཉི་ཤར་བཞིན། །ཐམས་ཅད་ལམ་ཉིད་རང་ལ་ཤར་བའོ། །ཞེས་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། ཕྲིན་ལས་གསང་བའི་ལེའུ་སྟེ་ང་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་ཆོས་ཉིད་ཟབ་མོའི་ཀློང་དུ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་སྟོན་པ་ཆེན་པོ་ཆོས་ཀྱི་སྐུ། །ཕྲིན་ལས་དོན་ཉིད་དེ་ལྟར་ན། །ཏིང་ངེ་འཛིན་ལས་རབ་ཏུ་བཞེངས། །ཞེས་ཞུས་སོ། །དེ་ནས་སྟོན་པ་ཆེན་པོ་ཏིང་ངེ་འཛིན་ལས་བཞེངས་ནས། འདི་སྐད་ཅེས་བཀའ་སྩལ་ཏོ། །དྷརྨ། ཀ་ཡཱ། རཏྣ། ཨ་མ་ལ། དེ་སྐད་ཅེས་བརྗོད་ནས་ཏིང་ངེ་འཛིན་ལས་བཞེངས་པས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་འོད་ཀྱི་སྣང་བས་ཁེངས་སོ། །དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་


DNG003_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ཞུས་སོ། །ཀྱེ་ཀྱེ་བཅོམ་ལྡན་ཆོས་སྐུའི་བདག །བདག་ཅག་མོས་པའི་འཁོར་རྣམས་ལ། །རྫོགས་ཆེན་རྩེ་མོ་གསུང་དུ་གསོལ། །ཞེས་ཞུས་སོ། །དེ་ནས་ཡང་བཀའ་སྩལ་པ། ཀྱེ་མ་གསང་བའི་བདག་པོ་ཉོན་ཅིག །ངས་བསྟན་ལེགས་པར་ཡིད་ལ་ཟུང་། །རྡོ་རྗེ་རྫོགས་པའི་རྩེ་མོ་ནི། །རིག་པ་སྐྱེ་མེད་ངང་ལ་འབྲས་བུ་བྱར་མེད་རྫོགས། །རིག་པ་འགྱུར་མེད་ངང་ལ་འབྲས་བུ་རྟོག་མེད་རྫོགས། །རིག་པ་དྲི་མེད་ངང་ལ་འབྲས་བུ་རྣམ་དག་རྫོགས། །རིག་པ་སྣ་ཚོགས་ངང་ལ་འབྲས་བུ་ཉག་གཅིག་རྫོགས། །རིག་པ་འགག་མེད་ངང་ལ་འབྲས་བུ་འགྱུར་མེད་རྫོགས། །རིག་པ་སྐྱེ་མེད་ངང་ལ་འབྲས་བུ་འཆི་མེད་རྫོགས། །རིག་པ་སྟོང་པའི་ངང་ལ་འབྲས་བུ་གསལ་བ་རྫོགས། །རིག་པ་རྟོག་མེད་ངང་ལ་འབྲས་བུ་འཛིན་མེད་རྫོགས། །རིག་པ་རང་གྲོལ་ངང་ལ་འབྲས་བུ་རང་སངས་རྫོགས། །རིག་པ་ཞེན་མེད་ངང་ལ་འབྲས་བུ་ཆགས་མེད་རྫོགས། །རིག་པ་བདེ་བའི་ངང་ལ་འབྲས་བུ་དགའ་བ་རྫོགས། །རིག་པ་སྐུ་ཡི་ངང་ལ་འབྲས་བུ་འོད་ཉིད་རྫོགས། །རིག་པ་དངོས་མེད་ངང་ལ་འབྲས་བུ་སྐུ་ལྔ་རྫོགས། །རིག་པ་ཀུན་ཁྱབ་ངང་ལ་འབྲས་བུ་མཉམ་ཉིད་རྫོགས། །རིག་པ་རྣམ་དག་ངང་ལ་འབྲས་བུ་ཡེ་དག་རྫོགས། །རིག་པ་བློ་མེད་ངང་ལ་འབྲས་བུ་ངོ་བོར་རྫོགས། །རིག་པ་སེམས་མེད་ངང་ལ་འབྲས་བུ་མཉམ་ཉིད་རྫོགས། །རིག་པ་ཡེངས་མེད་ངང་ལ་འབྲས་བུ་བསམ་བྲལ་རྫོགས། །རིག་པ་ཡེ་ཤེས་རང་སངས་དེ་བཞིན་ནོ། །འགག་མེད་ནམ་མཁའ་འབྱུང་བ་ཀུན་གྱི་རྩེ། །འགྱུར་མེད་རང་སངས་ཆོས་ཉིད་ཀུན་གྱི་རྩེ། །རང་གྲོལ་རྣམ་དག་དགོངས་པ་ཀུན་གྱི་རྩེ། །རང་བྱུང་ཡེ་ཤེས་ཆོས་རྣམས་ཀུན་གྱི་རྩེ། །རྣམ་དག་སྒྲོན་མ་ལྟ་བ་ཀུན་གྱི་རྩེ། །རིག་པའི་རྒྱལ་པོ་རྟོགས་པ་ཀུན་གྱི་རྩེ། །ཡེ་ཤེས་བར་དོ་ལམ་རྒྱལ་ཀུན་གྱི་རྩེ། །རྫོགས་ཆེན་ཨ་ཏི་ཐེག་པ་ཀུན་གྱི་རྩེ། །རང་རིག་ཙིཏྟ་དཀྱིལ་འཁོར་ཀུན་གྱི་རྩེ། །ནམ་མཁའ་སྟོང་པ་ཡུལ་རྣམས་ཀུན་གྱི་རྩེ། །ཀ་དག་ཆེན་པོ་ཆོས་རྣམས་ཀུན་གྱི་རྩེ། །


DNG003_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོལ་བྱེད་རྒྱལ་པོ་ཆོས་རྣམས་ཀུན་གྱི་རྩེ། །ས་གསུམ་གནས་པ་སངས་རྒྱས་ཀུན་གྱི་རྩེ། །ཐིག་ལེ་སྟོང་པ་ཡེ་ཤེས་ཀུན་གྱི་རྩེ། །སྟོང་པ་ཡེ་ཤེས་ཡངས་པ་ཀུན་གྱི་རྩེ། །དག་པའི་ཡེ་ཤེས་འགག་མེད་ཀུན་གྱི་རྩེ། །ཐིག་ལེ་ཉག་གཅིག་རྫོགས་པ་ཀུན་གྱི་རྩེ། །མ་བཅོས་ཆགས་མེད་སྤྱོད་པ་ཀུན་གྱི་རྩེ། །འཛིན་མེད་རང་གྲོལ་སྒོམ་པ་ཀུན་གྱི་རྩེ། །ཟང་མ་ཐལ་བྱུང་ལྟ་བ་ཀུན་གྱི་རྩེ། །སྐད་ཅིག་གྲོལ་བ་འབྲས་བུ་ཀུན་གྱི་རྩེ། །བྱ་རྩོལ་བྲལ་བ་ཕྲིན་ལས་ཀུན་གྱི་རྩེ། །བསྒྲུབ་མེད་རྩལ་སྤྲུག་བསྒྲུབ་པ་ཀུན་གྱི་རྩེ། །བྱིན་རླབས་རང་ཤར་ཡོན་ཏན་ཀུན་གྱི་རྩེ། །བསྒྱུར་མེད་རང་རྫོགས་ཕྱག་རྒྱ་ཀུན་གྱི་རྩེ། །མ་བཏབ་ལྷུན་གྲུབ་སྨོན་ལམ་ཀུན་གྱི་རྩེ། །དུས་མེད་འཆར་བ་སྣང་བ་ཀུན་གྱི་རྩེ། །མ་བསྐྱེད་རྫོགས་པ་ལྷ་རྣམས་ཀུན་གྱི་རྩེ། །དེ་བཞིན་རྫོགས་པ་རྩེ་མོ་སྤྱི་བཅིངས་ལྟ་བ་ཡིན་པར་གསུངས། །རྡོ་རྗེ་སེམས་དཔའི་སྤྱི་བཅིངས་ལྟ་བ་འདི། །རྒྱལ་བ་ཀུན་གྱི་དགོངས་པའི་གསང་བ་ཡིན། །རི་བོ་ཀུན་གྱི་སྤྱི་ནི་རི་རྒྱལ་ལྷུན་པོས་བཅིངས། །ཐེག་པ་ཀུན་གྱི་སྤྱི་ནི་ཨ་ཏི་ཡོ་གས་བཅིངས། །རྒྱུད་རྣམས་ཀུན་གྱི་སྤྱི་ནི་རྒྱུད་རྒྱལ་འདི་ཡིས་བཅིངས། །ཡེ་ཤེས་ཀུན་གྱི་སྤྱི་ནི་སྒྲོན་མ་གཉིས་ཀྱིས་བཅིངས། །རིག་པ་ཀུན་གྱི་སྤྱི་ནི་ལུ་གུ་རྒྱུད་ཀྱིས་བཅིངས། །ཆོས་སྐུ་ཀུན་གྱི་སྤྱི་ནི་ཀ་དག་ཆེན་པོས་བཅིངས། །ལོངས་སྐུ་ཀུན་གྱི་སྤྱི་ནི་ཚོམ་བུ་ལྔ་ཡིས་བཅིངས། །སྤྲུལ་སྐུ་ཀུན་གྱི་སྤྱི་ནི་རྡོ་རྗེ་སེམས་དཔས་བཅིངས། །སངས་རྒྱས་ཀུན་གྱི་སྤྱི་ནི་འོད་དཔག་མེད་པས་བཅིངས། །སྤྱི་བཅིངས་རྒྱལ་པོ་སངས་རྒྱས་ཡེ་ཤེས་ལུང་། །རང་གི་སྙིང་ལ་རྫོགས་ལུགས་དེ་བཞིན་ནོ། །སྤྱི་བཅིངས་རྒྱལ་པོ་ཡེ་ཤེས་ཚིག་ལས་འདས། །སངས་རྒྱས་ཀུན་གྱི་སྤྱི་བཅིངས་ཀུན་ལ་མཉམ་པར་གནས། །སྤྱི་བཅིངས་ཤེས་ན་སངས་རྒྱས་ཀུན་གྱི་རང་ལུས་རྙེད། །སངས་རྒྱས་དགོངས་པ་དེ་ལྟར་སྣང་བའོ། །ཞེས་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། རི་བོ་སྤྱི་


DNG003_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

བཅིངས་ཀྱི་ལྟ་བ་བསྟན་པའི་ལེའུ་སྟེ་ང་བཞི་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་ཡེ་ཤེས་སྐུ། །བདག་ཅག་མོས་པའི་འཁོར་རྣམས་ལ། །ཐབས་ཀྱི་གྲོལ་ལུགས་གསུང་དུ་གསོལ། །ཞེས་ཞུས་སོ། །དེ་ནས་ཡང་བཀའ་སྩལ་པ། ཀྱེ་མ་གསང་བའི་བདག་པོ་ཉོན། །ངས་བསྟན་ཡིད་ལ་བཟུང་བར་གྱིས། །སངས་རྒྱས་དགོངས་པ་རང་བྱུང་འདི། །ལྟ་བ་རིག་པའི་རྟ་ཕོ་ལྟ་བ་ལ། །མིག་གི་དབང་པོས་མ་ཡེངས་པར། །འཛིན་པའི་རྟོག་པ་མ་ཞུགས་པས། །རང་གི་ལྟ་བ་མཐོང་བ་ཡིན། །ལྟ་དང་མི་བལྟ་ཆོས་ཡིན་ཏེ། །ཆོས་ལ་གནས་པར་མི་བྱ་དེ་ལ་ལྟོས། །དུས་གསུམ་སངས་རྒྱས་དགོངས་པ་འདི། །ནམ་མཁའ་སྟོང་པའི་ངང་དུ་འདུས། །སེམས་ཅན་ཀུན་གྱི་འབྲས་བུ་ནི། །བྷྲྀ་གུ་ཏ་ཡི་ནང་དུ་འདུས། །བདེ་བ་ཟག་མེད་ཐིག་ལེ་ནི། །རང་གི་སྙིང་གི་དཀྱིལ་ན་གནས། །འདུས་པ་ཆེན་པོའི་སྣང་བ་ནི། །དག་པ་ཡུལ་གྱི་མཁའ་ལ་རྫོགས། །སངས་རྒྱས་འདུས་པའི་ལམ་ཉིད་ནི། །ཆོས་སྐུ་རང་གི་ཡུལ་གྱི་ནང་དུ་འདུས། །རྒྱ་མཚོ་ཆེན་པོའི་སྤྱི་བོ་ཉིད། །སྣ་ཚོགས་ཆེན་པོའི་མཚོ་ཡིས་བཅིངས། །འཛིན་མེད་རང་སངས་ལྟ་བ་ཉིད། །རྣམ་དག་ནམ་མཁའི་རྒྱལ་པོས་བཅིངས། །གསང་སྔགས་གཏན་ཚིགས་ཆེན་པོ་ནི། །རྒྱུད་ཆེན་རྒྱལ་པོ་འདི་ཡིས་བཅིངས། །འོད་རྣམས་ཀུན་གྱི་སྤྱི་བོ་ནི། །མཐིང་ག་སྣ་ཚོགས་བསྐྱེད་པས་བཅིངས། །རིག་པ་ཀུན་གྱི་སྤྱི་བོ་ནི། །མཁའ་མཉམ་སྟོང་པའི་ངང་དུ་བཅིངས། །ཡེ་ཤེས་ཀུན་གྱི་སྤྱི་བོ་ནི། །སྟོང་གསལ་ཆེན་པོའི་ཐིག་ལེས་བཅིངས། །ཅི་ལ་མི་གནས་ཆོས་ཀྱི་སྐུ་ཡིས་སྤྱི། །བསམ་དང་བྲལ་བའི་ངང་དུ་བཅིངས། །སྤྱི་བཅིངས་ཚིག་གིས་དོན་བཙལ་བས། །དོན་རྙེད་ཚིག་དང་དོན་དུ་འདྲེལ། །དོན་ནི་སྐྱེ་མེད་རང་གསལ་རྙེད། །དེ་ལ་གཉེན་པོས་གཞིག་ཏུ་མེད། །དེ་ལ་ཕྱོགས་དང་རིས་སུ་མེད། །ང་དང་བདག་ཏུ་འཛིན་དུ་མེད། །བཟང་དང་ངན་


DNG003_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྣམ་རྟོག་མེད། །ཡིན་དང་མིན་པའི་མཐའ་ལས་འདས། །རྟོགས་དང་མ་རྟོགས་ཆོས་ལས་འདས། །རྟག་དང་ཆད་པ་གཉིས་ལས་འདས། །གོལ་དང་སྒྲིབ་པའི་ཕྱོགས་དང་བྲལ། །རྟོགས་དང་མ་རྟོགས་གཉིས་སུ་མེད། །དག་དང་མ་དག་མཐའ་ལས་འདས། །སེམས་དང་ཡིད་དང་ཆོས་ལས་འདས། །ཤེས་དང་མ་ཤེས་གཉིས་སུ་མེད། །མ་རིག་འཁྲུལ་པའི་སེམས་ལས་འདས། །སྒྲ་དང་ཐ་སྙད་ཚིག་དང་བྲལ། །གཟུང་འཛིན་སེམས་ཀྱི་དྲི་མ་མེད། །རྟོག་པའི་ལམ་གྱི་དྲི་མ་བསལ། །བསམ་པ་སྣ་ཚོགས་བྱས་པ་མེད། །དངོས་པོར་འཛིན་པའི་ཆོས་དང་བྲལ། །ས་དང་ལམ་ལ་སྦྱང་དུ་མེད། །ལྷ་ལ་མཆོད་པ་ཕུལ་མི་དགོས། །དགེ་བ་བཅུ་ཡིས་བསྐྱབ་ཏུ་མིན། །སྡིག་པས་དེ་ལ་གོས་མི་འགྱུར། །འཁོར་བ་ངན་སོང་ག་ལ་ཡོད། །མྱ་ངན་འདས་པའི་ཆོས་མེད་ཅིང་། །བདག་དང་གཞན་དུ་བལྟ་བ་མེད། །ལོག་དང་མ་ལོག་ག་ལ་ཡོད། །ཡོད་དང་མེད་པའི་མཐའ་ལས་འདས། །ཁ་དོག་མེད་ཅིང་དབྱིབས་མེད་པའོ། །དཔེ་མཚོན་བསྟན་དུ་མེད་པ་ལ། །གཟུང་བའི་ཆོས་དང་བྲལ་བའོ། །སངས་རྒྱས་མེད་ལ་སེམས་ཅན་མེད། །སྲོག་མེད་གཅོད་པ་ག་ལ་ཡོད། །འཛིན་མེད་ཆགས་པ་མེད་པའོ། །དཔེར་ན་རྒྱ་མཚོ་ཆེན་པོ་ལ། །ཆུ་བྲན་ཐམས་ཅད་འདུ་བ་ལྟར། །དག་པ་ཆེན་པོའི་ཀློང་དཀྱིལ་དུ། །སྣ་ཚོགས་སྐུ་ཡི་དཀྱིལ་འཁོར་དུ། །ཐམས་ཅད་འདུ་ཞིང་འཕྲོ་བའོ། །ཆོས་སྐུ་བསམ་པ་ཀུན་ལས་འདས། །ལོངས་སྐུ་བརྗོད་པ་ཀུན་ལས་འདས། །སྤྲུལ་སྐུ་སེམས་དང་ཡིད་ལས་འདས། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །བརྗོད་པའི་ཚིག་ལས་འདས་པའོ། །ཞེས་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། རྒྱ་མཚོ་ཀློང་རྡོལ་བར་བསྟན་པའི་ལེའུ་སྟེ་ང་ལྔ་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་སྟོན་པ་བཅོམ་ལྡན་འདས། །སངས་


DNG003_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་དགོངས་པའི་ཚད་གསུངས་ཤིག །ཅེས་ཞུས་སོ། །དེ་ནས་ཡང་བཀའ་སྩལ་པ། ཨེ་མ་གསང་བདག་རྡོ་རྗེ་འཛིན། །ཆོས་ཀྱི་རང་བཞིན་མེད་རྟོགས་ལ། །རྟོག་པའི་བསམ་པ་ངོ་མཚར་ཆེ། །འཛིན་པ་མེད་པའི་བདེ་ཆེན་ལ། །འཛིན་ཆགས་བྱུང་བ་འཁྲུལ་པའི་སེམས། །སྐྱེ་མེད་དག་པའི་ངོ་བོ་ལ། །འཆི་བ་བྱུང་བ་འཁྲུལ་པའི་སེམས། །གཟུང་འཛིན་བྲལ་བའི་ཆོས་སྐུ་ལ། །བསམ་བྱ་བྱུང་བ་འཁྲུལ་པའི་སེམས། །འཛིན་མེད་རང་དག་སྤྱོད་པ་ལ། །འཛིན་ཆགས་བྱུང་བ་འཁྲུལ་པའི་སེམས། །དེ་ལ་སོགས་པའི་ཉོན་མོངས་རྣམས། །གཅིག་གིས་གཅིག་བཅིངས་གྲོལ་བ་མེད། །ཨེ་མ་ཧོ། སྣང་བ་ཆེན་པོ་གསལ་བ་ཆེ། །དག་པའི་ནམ་མཁའ་མཐའ་དང་བྲལ། །སྤྲོས་བྲལ་ཆོས་ཉིད་འགྱུར་བ་མེད། །མཐའ་དང་དབུས་མེད་ཕྱོགས་ཆ་ཀུན་དང་བྲལ། །རང་སྣང་ཆོས་དབྱིངས་རྣམ་དག་ཅིང་། །དང་པོའི་སངས་རྒྱས་རྒྱུ་མེད་པར། །ཐ་མ་རྐྱེན་གྱིས་བསྐྱེད་དུ་མེད། །སྟོང་པ་ཡེ་ཤེས་སྙིང་པོ་ཅན། །མཐའ་ལ་མི་གནས་རྡོ་རྗེའི་སྐུ། །སྤྲོས་དང་བྲལ་བའི་ཆོས་ཉིད་ལ། །ངོ་བོ་རང་བཞིན་ཐུགས་རྗེའི་བདག །ཡེ་ཤེས་སྐུ་གསུམ་འོད་དུ་གསལ། །མཁའ་ལ་ཉི་ཤར་མུན་པ་སེལ། །ཡེ་ཤེས་ལྔ་ཡི་མཚན་ཉིད་གསལ། །སངས་རྒྱས་སྤྲུལ་པ་རབ་འབྱམས་འབྱུང་། །སངས་རྒྱས་ཀུན་གྱི་སྐུ་མཆོག་ནི། །མཆོག་དང་ཐུན་མོང་དངོས་གྲུབ་རྣམས། །རང་ལས་བྱུང་ཞིང་རང་གིས་སྤྲུལ། །དཔེར་ན་ཉི་ཟླའི་དཀྱིལ་འཁོར་ལྟར། །གསལ་དང་དྲོ་དང་བསིལ་བ་དང་། །ཡང་ཞིང་གཡོ་བའི་བདག་ཉིད་འཛིན། །ཆོས་ཉིད་དཀྱིལ་འཁོར་ཆེན་པོ་ལ། །གཅིག་དང་གཉིས་ཀྱི་རྟོག་པ་མེད། །དཔེར་ན་ཉི་མའི་དཀྱིལ་འཁོར་ལྟར། །སྟོང་གསུམ་ཁྱབ་ཅིང་འོད་ཀྱིས་འཇིག་རྟེན་ཁེངས། །དེ་བཞིན་ཤེས་རབ་དཀྱིལ་འཁོར་ཉིད། །འགྲོ་བ་ཀུན་ལ་ཁྱབ་ཅིང་ཡེ་ཤེས་སྙིང་པོའི་གྲོགས། །དཔེར་ན་ཟླ་བའི་དཀྱིལ་འཁོར་ནི། །གསལ་


DNG003_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

དང་བསིལ་བའི་བདག་ཉིད་འཛིན་ཅིང་གྲོལ། །དེ་བཞིན་ཐབས་ཀྱི་དཀྱིལ་འཁོར་ནི། །ཐམས་ཅད་སྒྲོལ་བར་བྱེད་པའི་ཡེ་ཤེས་སྐུ། །འགྲོ་བ་སྒྲོལ་བར་བྱེད་པའི་ཆོ་འཕྲུལ་སྟོན། །དེ་ཡང་ཐབས་ཀྱི་དཀྱིལ་འཁོར་དེ། །ཀུན་ལ་ཡོད་པ་མ་ཡིན་ནོ། །གསང་སྔགས་ཐབས་དང་ལྡན་པ་འགའ། །དེ་ཡི་དོན་ལ་ཡང་དག་ཉིད་དུ་སྤྱོད། །གསང་སྔགས་ཀུན་གྱི་དགོངས་པ་ཡིན་པར་འདོད། །རྡོ་རྗེའི་ལུས་ལ་སྐྱེ་འཇིག་ཀུན་དང་བྲལ། །ཡང་དག་ས་ལ་མ་ཡེངས་སྤྱོད། །བདེ་ཆེན་ས་ལ་མི་གཡོ་མཉམ་པར་བཞག །ཐབས་དང་ལྡན་པ་སྐྱེས་བུ་འགའ་ཡི་དོན། །རང་གི་ས་ལ་ཡང་དག་ཉིད་དུ་སྤྱོད། །ཆོས་སྐུ་མ་འགགས་རང་གི་ས་ཉིད་འཛིན། །ལོངས་སྐུ་མ་བསྐྱེད་རང་རང་མཚན་ཉིད་འཛིན། །སྤྲུལ་སྐུ་འཆི་མེད་ཕ་རོལ་སྒྲོལ་བར་བྱེད། །ཡེ་ཤེས་ལམ་ཉིད་མི་འགྱུར་རྡོ་རྗེའི་བདག །ཆོས་ཀྱི་རང་བཞིན་སྐྱེ་མེད་རྟོགས་གྱུར་ན། །དེ་ཉིད་སངས་རྒྱས་ཡིན་ཏེ་ལོགས་ན་མེད། །ཆོས་རྣམས་ཐམས་ཅད་སེམས་ཀྱི་འཁྲུལ་པ་སྟེ། །སེམས་ནི་བག་ཆགས་ཐམས་ཅད་སྡུད་པ་ཡིན། །ཆོས་ནི་བག་ཆགས་ཞེན་པ་ཀུན་དང་བྲལ། །སེམས་ལ་སངས་རྒྱས་མེད་པར་ཡིད་ཆེས་ནས། །རང་གི་ལྟ་བ་མཐོང་བའི་སྐྱེས་བུ་དེ། །མི་གཡོ་བཞིན་དུ་མཐར་ཕྱིན་གྲོལ་བར་གསུངས། །དེ་དོན་ཉིད་ལ་རྩེ་གཅིག་མཉམ་གཞག་ན། །མཚན་མའི་རྟོག་པ་རང་སར་གྲོལ་བར་གསུངས། །སྐྱེ་མེད་རྡོ་རྗེའི་སྐུ་ལ་སྣང་སྲིད་གསལ། །ཆོས་ཉིད་ཞི་བའི་སྐུ་ལ་དགོངས་པ་གསལ། །རྟོག་མེད་མཉམ་ཉིད་སྐུ་ལ་རྟོག་མེད་གསལ། །ཡང་དག་བདེ་བའི་སྐུ་ལ་འོད་ལྔ་གསལ། །བདེ་ཆེན་ཀུན་ཁྱབ་སྐུ་ལ་ཐིག་ལེ་གསལ། །སྲིད་པ་སྤྱི་བཅིངས་སྐུ་ལ་བལྟ་བ་གསལ། །མཉམ་ཉིད་ཡེ་ཤེས་སྐུ་ལ་མཐོང་བ་གསལ། །ཤེས་རིག་སྟོང་པའི་སྐུ་ལ་འོད་ལྔ་གསལ། །ཡེ་ཤེས་བརྡལ་བའི་སྐུ་ལ་ཡེ་ཤེས་གསལ། །འགྱུར་མེད་ཡངས་པའི་སྐུ་ལ་སྒྲོན་མ་གསལ། །དེ་བཞིན་


DNG003_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ཡི་རྣམ་པ་རྣམས། །དེ་བཞིན་ཉིད་དུ་ཤེས་པར་བྱའོ། །ཞེས་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། ཉི་ཟླ་དྲོད་མཉམ་པའི་ལེའུ་སྟེ་ང་དྲུག་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་སྟོན་པ་ཆེན་པོ་བདག་ཅག་མོས་པའི་འཁོར་རྣམས་ལ་ཐབས་དམ་པ་བསྟན་དུ་གསོལ། །ཞེས་ཞུས་པས། སྐད་ཅིག་གཅིག་ལ་སྟོན་པས་སྤྲུལ་པའི་ཚོགས་མང་པོ་མངོན་པར་སྤྲུལ་ལོ། །དེ་ནས་འཁོར་རྣམས་ངོ་མཚར་མཆོག་ཏུ་སྐྱེས་ནས། ཨེ་མ་ཧོ་ཐབས་ཀྱི་མན་ངག་གསུང་དུ་གསོལ། །ཞེས་ཞུས་སོ། །དེ་ནས་ཡང་བཀའ་སྩལ་པ། དོན་ཆེན་པོ་ངས་བཤད་ཀྱིས་ལེགས་པར་ཉོན་ཅིག །ཀྱེ་གྲོགས་པོ་དག་འདི་ལྟ་སྟེ། རང་བྱུང་གི་ཡེ་ཤེས་ལ་ཚིག་མེད་དོ། །ཡི་གེ་མེད་དོ། །ས་དང་ལམ་མེད་དོ། །ཡིད་མེད་དོ། །སེམས་མེད་དོ། །མ་རིག་པ་མེད་དོ། །རྐྱེན་བཞི་མེད་དོ། །འཕྲལ་བྱུང་མེད་དོ། །ཀུན་ནས་ལྡང་བ་མེད་དོ། །བག་ལ་ཉལ་བ་མེད་དོ། །རྣམ་པ་མེད་དོ། །ཉམས་མེད་དོ། །དེའི་ཕྱིར་ན་རྒྱ་ཆད་ཕྱོགས་ལྷུང་མེད་པའི་ལྟ་བ་ཞེས་བྱའོ། །དེ་ཡང་འདི་ལྟ་སྟེ། རྒྱ་མ་ཆད་པའི་ཡེ་ཤེས་སོ། །ཕྱོགས་ལྷུང་མེད་པའི་ལྟ་བ། ཀུན་ཏུ་ཁྱབ་པའི་ཆོས་ཉིད། ཐོགས་པ་མེད་པའི་ཤེས་རབ། འཛིན་པ་མེད་པའི་རང་གྲོལ། རྟོག་པ་མེད་པའི་རང་མདངས། འགག་པ་མེད་པའི་ཡེ་ཤེས། ཆགས་པ་མེད་པའི་འོད་ལྔ། རང་སར་གྲོལ་བའི་ཆོས་ཉིད། ལྷུན་གྱིས་གྲུབ་པའི་སངས་རྒྱས། སེམས་དང་བྲལ་བའི་རིག་པ། དབུགས་དང་བྲལ་བའི་སངས་རྒྱས། གསལ་ལ་རྟོག་མེད་ཀྱི་བསྒོམ་པ། འཛིན་ཆགས་མེད་པའི་སྤྱོད་པ། ཞེ་འདོད་མེད་པའི་བལྟ་བ། དེ་ཉིད་མཐོང་བའི་འབྲས་བུ། བསྒྲུབ་ཏུ་མེད་པའི་ཕྲིན་ལས། རང་དག་ཆེན་པོའི་ཡེ་ཤེས་སོ། །སངས་རྒྱས་ཀྱི་དགོངས་པས་རང་གི་ཡེ་ཤེས་ཀྱི་དོན་འགྲོལ་ལོ། །ཞེས་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། ནམ་མཁའ་ཁད་མཉམ་པའི་ལེའུ་སྟེ་ང་བདུན་པའོ།། །།དེ་ནས་ཡང་གསང་


DNG003_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །དགོངས་པ་རང་བྱུང་གི་ཡེ་ཤེས་ཆེན་པོ་ལ། དཔེ་གང་གིས་གཏན་ལ་འབེབས་པར་འགྱུར། སྟོན་པས་བསྟན་དུ་གསོལ། ཞེས་ཞུས་སོ། །དེ་ནས་ཡང་བཀའ་སྩལ་པ། ཀྱེ་ཀྱེ་འཁོར་རྣམས་ཉོན་ཅིག་རིགས་ཀྱི་བུ། དཔེ་ཡི་ངོ་སྤྲོད་འདི་ལྟ་སྟེ། སངས་རྒྱས་དང་སེམས་ཅན་གྱི་དཔེ་ནི། མགོ་དང་རྭའི་ཚུལ་ལོ། །གཅིག་ལས་དུ་མར་བྱུང་། རིག་པ་དང་མ་རིག་པའི་དཔེ་ནི། ཆུ་དང་རི་མོའི་ཚུལ་ཏེ། རྐྱེན་ལ་རག་ལུས། སེམས་དང་རིག་པའི་དཔེ་ནི། ཆུ་དང་ལྦུ་བའི་ཚུལ། སེམས་ཀྱི་དབང་དུ་མ་གྱུར། ཤེས་རབ་དང་ཡིད་ཀྱི་དཔེ་ནི། གསེར་དང་ར་གན་གྱི་ཚུལ་ཏེ་ཁ་དོག་མི་ཕྱེད། ཀུན་གཞི་དང་ཆོས་སྐུའི་དཔེ་ནི་རྒྱ་མཚོ་དང་གྲུའི་ཚུལ་ཏེ་ལམ་འབྱུང་། འབྱུང་བ་དྭངས་སྙིགས་ཀྱི་དཔེ་ནི། གཉིད་ལོག་པ་དང་། གཉིད་སད་པའི་དཔེ་སྟེ། དབང་པོའི་ཁྱད་ཡོད་པའི་ཕྱིར། འཁྲུལ་པའི་སྣང་བ་དང་བར་དོའི་དཔེ་ནི། མུན་པ་དང་སྣང་བའི་ཚུལ་ཏེ། དག་དང་མ་དག་ཡོད་པའི་ཕྱིར། རྟོགས་དང་མ་རྟོགས་པའི་དཔེ་ནི་བ་མོ་དང་རེག་པའི་ཚུལ་ཏེ། སྣང་བ་ཟིལ་གྱིས་གནོན་པ་དང་མི་གནོན་པའི་ཁྱད་ཡོད་པའི་ཕྱིར། ཤེས་རབ་དང་བག་ཆགས་ཀྱི་དཔེ་ནི། མེ་དང་སྦུར་མའི་ཚུལ་ཏེ། ཉོན་མོངས་བསྲེག་པའི་ཕྱིར། དེ་རྣམས་ནི་མཚུངས་པའི་དཔེ་ཞེས་བྱའོ། །དེས་ནི་དཔེའི་ཏིང་ངེ་འཛིན་རབ་ཏུ་སྐྱེའོ། །དེ་ནས་འཁོར་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་སྟོན་པ་ཆེན་པོ། དག་པའི་མཚོན་དཔེ་རྣམས་གསུང་དུ་གསོལ། ཞེས་ཞུས་སོ། །དེ་ནས་ཡང་བཀའ་སྩལ་པ། ཀྱེ་འདུས་པའི་འཁོར་རྣམས་ཉོན་ཅིག །རིག་པ་ཡེ་ཤེས་ཀྱི་སྣང་བ་ལ་འཇུག་པའི་དཔེ་ནི། མའི་པང་དུ་བུ་འཇུག་པ་ལྟ་བུའོ། །ཡིད་ཆེས་པར་བྱ་བའི་ཕྱིར། ཡེ་ཤེས་དང་འོད་ཀྱི་དཔེ་ནི། གསེར་དང་སེར་པོ་ལྟ་བུའོ། །མིང་དང་ཁ་དོག་མི་ཕྱེད་པའི་ཕྱིར། གདམས་ངག་ཐེབས་པའི་དཔེ་ནི། ཆང་དང་ར་རོ་བ་ལྟ་བུའོ། །


DNG003_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་ལ་འཇུག་པའི་ཕྱིར། ཡེ་ཤེས་འོད་ལ་ཐིམ་པའི་དཔེ་ནི། ནམ་མཁའ་དང་འཇའ་ཚོན་ལྟ་བུའོ། །དངོས་པོ་མེད་པའི་ཕྱིར། ཡེ་ཤེས་དབྱིངས་སུ་ཐིམ་པའི་དཔེ་ནི། རྒྱ་མཚོ་ལ་ཆུ་བྲན་འདུས་པ་ལྟ་བུའོ། །གཉིས་མེད་གཅིག་ཏུ་འདྲེས་པའི་ཕྱིར། རིག་པ་ཕྱིར་མི་ལྡོག་པའི་དཔེ་ནི། དཔག་ཆེན་གྱི་མདའ་ལྟ་བུའོ། །ཐོགས་པ་མེད་པའི་ཕྱིར། དེ་ནས་གསང་བའི་བདག་པོ་ཉིད་ཀྱིས་རྟོགས་པ་རྙེད་དོ། །འཁོར་རྣམས་ཀྱིས་ཀྱང་བདེན་པ་མཐོང་ངོ་། །དེ་ནས་ཡང་བདེན་པ་མཐོང་བ་དེ་ལ་ཡང་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ། བདེན་པ་མཐོང་བའི་རིག་ཆེན་ལ། །དེ་ལ་འོད་ཀྱི་ཚོགས་འདུས་པས། །ཕྱོགས་མེད་མཚམས་མེད་སྟེང་འོག་མེད། །སྣང་བ་ཐམས་ཅད་འོད་དུ་ཤར། །འོད་ལ་སྐུ་ཡི་ངོ་བོས་བརྒྱན། །སྐུ་ནི་སྟོང་པའི་ཚིག་ལས་འདས། །འགག་མེད་སྐྱེ་བ་མེད་པའི་སྐུ། །ཀུན་གྱིས་མཐོང་བར་དཀའ་བའི་དོན། །རབ་ཏུ་གསང་བའི་ནོར་བུ་འདི། །ཐུགས་ཀྱི་དོན་ལས་མི་འདའོ། །དེ་ནི་བདེན་པ་མཐོང་བའི་ལུགས། །གསང་སྔགས་ཀུན་གྱི་དགོངས་པ་ནི། །སངས་རྒྱས་ཀུན་གྱི་མེས་པོ་ཉིད། །རིག་པ་ཆོས་སྐུ་ཆེན་པོར་འདོད། །རིག་དང་ས་དང་ལྟ་དང་བྲལ། །ཡེ་ཤེས་ཀྱིས་ནི་ས་ལམ་བགྲོད། །ཡང་དག་མཐར་ཕྱིན་གྲོལ་བའོ། །ཞེས་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། དཔེའི་ངོ་སྤྲོད་བསྟན་པའི་ལེའུ་སྟེ་ང་བརྒྱད་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་དགོངས་པ་རང་གྲོལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་ཡང་གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་བསྐོར་བ་ལན་གསུམ་བྱས་ནས། འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་ཐུགས་རྗེ་ཆེན་པོ་དང་ལྡན་པ། ཏིང་ངེ་འཛིན་ལས་བཞེངས་ཤིག །སེམས་ཅན་གྱི་རྟོག་པ་སོལ་ཅིག །མ་རིག་པའི་མིག་སེལ་བར་མཛོད་ཅིག །མཐོང་བའི་ཡུལ་མ་འགགས་པར་སྣང་བ་སྟོན་ཅིག །སྒྲ་དང་རྟོག་པ་ཐམས་ཅད་སོལ་ཅིག །ཅེས་ཞུས་པས། སྟོན་པ་ཏིང་ངེ་འཛིན་ལས་བཞེངས་ནས། སྟོང་གསུམ་གྱི་སྟོང་ཆེན་པོའི་


DNG003_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་གྱི་ཁམས་ཐམས་ཅད་འོད་ཀྱིས་ཁེངས་པར་མཛད་དོ། །དེ་ཡང་འདི་ལྟ་སྟེ། བྱེ་བ་ཁྲག་ཁྲིག་བསམ་གྱིས་མི་ཁྱབ་པ་དང་། སྒྲ་ཆེན་པོས་འཇིག་རྟེན་གྱི་ཁམས་དྲེད་པ་དང་། སྔངས་པ་དང་། སྐྲག་པ་དང་འཇིགས་ཤིང་བརྒྱལ་བའོ། །དེ་ནས་བཅོམ་ལྡན་འདས་ཏིང་ངེ་འཛིན་ལས་བཞེངས་ནས། སྤྲུལ་པ་མང་པོ་འགྱེད་དོ། །བཅོམ་ལྡན་འདས་དེའི་ཐུགས་དཔལ་གྱི་བེའུ་ནས། བཅོམ་ལྡན་འདས་མི་ཕམ་མགོན་པོ་ཞེས་བྱ་བར་སྤྲུལ་ལོ། །དེ་བཞིན་གཤེགས་པ་དེས་ཀྱང་འགྲོ་བའི་མ་རིག་པ་སེལ་ལོ། །དེས་ནི་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་བྱང་ཆུབ་སེམས་དཔའི་རྟོག་པ་བསལ་ལོ། །ཤངས་ནས་དེ་བཞིན་གཤེགས་པ་རྣམ་པར་གཟིགས་ཞེས་བྱ་བར་སྤྲུལ་ནས་ལྷོ་ཕྱོགས་ཀྱི་འཇིག་རྟེན་ཁམས་ཀྱི་བྱང་ཆུབ་སེམས་དཔའི་རྟོག་པ་བསལ་ལོ། །དབུའི་གཙུག་ཏོར་ནས་བཅོམ་ལྡན་འདས་གཙུག་ཏོར་རྣམ་པར་འབྱེད་པ་ཅེས་བྱ་བ་སྤྲུལ་ནས། ནུབ་ཕྱོགས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྟོག་པ་བསལ་ལོ། །གསང་བའི་གནས་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཞེས་བྱ་བ་སྤྲུལ་ནས། བྱང་ཕྱོགས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ལ་ཆོས་ཀྱི་འཁོར་ལོ་བསྐོར་རོ། །ཕྱག་གི་འཁོར་ལོ་ལས་བཅོམ་ལྡན་འདས་ནམ་མཁའ་མཐའ་ཡས་ཞེས་བྱ་བ་སྤྲུལ་ནས། སྟེང་གི་ཕྱོགས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྟོག་པ་བསལ་ལོ། །ཞབས་ཀྱི་འཁོར་ལོ་ནས་བཅོམ་ལྡན་འདས་སྟོང་སྤྱི་ཕུད་ཀྱི་རྒྱལ་པོ་ཞེས་བྱ་བ་སྤྲུལ་ནས། འོག་གི་ཕྱོགས་སུ་འཇིག་རྟེན་གྱི་ཁམས་སྣ་ཚོགས་བཀོད་པ་ཞེས་བྱ་བར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྟོག་པ་བསལ་ལོ། །བ་སྤུ་ཉག་མ་རེ་རེ་ལས་ཀྱང་དེ་བཞིན་གཤེགས་པའི་སྐུ་གྲངས་མེད་པར་སྤྲུལ་ལོ། །བཅོམ་ལྡན་འདས་རེ་རེ་ལས་ཀྱང་དེ་བཞིན་གཤེགས་པའི་སྐུ་བྱེ་བ་ཕྲག་དྲུག་འབུམ་བྱུང་ངོ་། །ཐུགས་ཙིཏྟའི་དཀྱིལ་ནས་ཕྱག་ན་རྡོ་རྗེ་སྤྲུལ་ནས་ཞུ་བ་པོ་རང་བྱུང་དུ་ཤར་རོ། །དབུ་སྐྲའི་རྩེ་མོ་ལས། ལྷའི་བུ་རྟོག་པ་རབ་ཏུ་སེལ་བར་སྤྲུལ་


DNG003_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

ལོ། །འོད་ཀྱི་དཀྱིལ་འཁོར་དཔག་ཏུ་མེད་པར་སྤྲུལ་ལོ། །ཆོས་ཀྱི་འཁོར་ལོ་ཡང་དཔག་ཏུ་མེད་པ་བསམ་གྱིས་མི་ཁྱབ་པར་བསྐོར་རོ། །སངས་རྒྱས་ཀྱི་མཛད་པ་ཡང་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་མཛད་དོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་འཁྲུགས་སོ། །རབ་ཏུ་གཡོས་སོ། །འུར་འུར་རབ་ཏུ་འུར་འུར་ཀུན་ཏུ་འུར་འུར་རོ། །ཆེམ་ཆེམ་རབ་ཏུ་ཆེམ་ཆེམ། ཀུན་ཏུ་རབ་ཏུ་འཁྲུགས་སོ། །ཕྱོགས་ཐམས་ཅད་འཁྲུགས་སོ། །དེ་ཡང་ཤར་ཕྱོགས་མཐོ་ན་ནུབ་ཕྱོགས་དམའོ། །ནུབ་ཕྱོགས་མཐོ་ན་ཤར་ཕྱོགས་དམའ་བར་གྱུར་ཏོ། །ལྷོ་ཕྱོགས་མཐོ་ན་བྱང་ཕྱོགས་དམའོ། །བྱང་ཕྱོགས་མཐོ་ན་ལྷོ་ཕྱོགས་དམའོ། །དབུས་མཐོ་ན་མཐའ་དམའོ། །མཐའ་མཐོ་ན་དབུས་དམའོ། །དེ་ལྟ་བུའི་ཆོ་འཕྲུལ་ཆེན་པོ་བསྟན་ཏོ། །འཇིག་རྟེན་གྱི་ཁམས་ཀྱི་མཁའ་འགྲོ་མ་ཐམས་ཅད་བརྒྱལ་སངས་ནས་ངོ་མཚར་ཆེན་པོ་སྐྱེས་ནས། ཨེ་མ་ཧོ་དོན་དང་མཐུན་ནོ། །དག་པས་དག་པ་ཉིད་བཀྲུའོ། །ཡང་དག་པ་ཉིད་ཐོབ་པོ། །སྐྱེ་གནས་ཐམས་ཅད་རྒྱུན་བཅད་དོ། །འགྲོ་བ་དེ་རྣམས་ཐམས་ཅད་ཀྱང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །ཆོ་འཕྲུལ་གྱི་སྤྲུལ་པ་གྲངས་མེད་པ་འགྱེད་པའོ། །ཞེས་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། སྤྲུལ་པ་མཛད་པའི་ལེའུ་སྟེ་ང་དགུའོ།། །།དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །སྤྲུལ་པ་དེ་ལྟར་མཛད་པ་ན། །དོན་དམ་དཀྱིལ་འཁོར་གསུང་དུ་གསོལ། །ཞེས་ཞུས་སོ། །དེ་ནས་ཡང་བཀའ་སྩལ་པ། ཀྱེ་འདུས་པ་ཆེན་པོ་ཉོན། ངས་ལེགས་པར་བསྟན་གྱིས་མ་ཡེངས་པར་ཟུང་ཞིག །རྟོགས་དང་མ་རྟོགས་ཁྱད་པར་ནི། །མཐོང་དང་མ་མཐོང་ཁྱད་པར་རོ། །ལྟ་བ་མཐོང་བའི་ཁྱད་པར་ནི། །མཐོང་དང་གོམས་པའི་ཡེ་ཤེས་ནི། །གང་ལ་འཛིན་པའི་སེམས་མེད་པ། །མཐོང་བའི་ཚད་ནི་འདི་ཡིས་བཟུང་། །ནམ་མཁའ་རྣམ་པར་དག་པ་ལ། །མིག་གི་དབང་པོ་མ་འགགས་པས། །ནམ་མཁའི་དཀྱིལ་


DNG003_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

དུ་དེ་བཞིན་ཉིད། །དབྱིངས་ཀྱི་སྒྲོན་མ་དག་པ་སྟེ། །ཤེས་རིག་རྒྱལ་པོ་མཐོང་བ་དེ། །དེ་ལ་གོམས་པར་གྱུར་པ་ནི། །རང་གི་ལྟ་བ་མཐོང་བ་ཡིན། །དེ་ལ་རབ་ཏུ་གོམས་པ་གཅེས། །དེ་ནས་སྣང་བ་ཤར་བ་དང་། །རང་གི་ཤེས་རིག་ཆེན་པོ་ཡིས། །བརྟགས་ན་ཡེ་ཤེས་སྣང་བ་ལས། །སྐུ་དང་ཡེ་ཤེས་ཕྱོགས་མེད་ཤར། །དེ་ཡང་འཆར་ལུགས་འདི་ལྟ་སྟེ། །དང་པོ་མེ་ལོང་དཀྱིལ་འཁོར་ཙམ། །དེ་ལ་སྣང་བ་དུམ་བུར་འཆར། །དེ་ལས་ཡུལ་གྲུ་ཙམ་དུ་འཆར། །དེ་ལས་ནམ་མཁའ་གང་བར་འཆར། །ཅི་སྣང་འོད་ཀྱི་དཀྱིལ་འཁོར་དུ། །ཤར་ནས་གཟུགས་སྐུ་མཐོང་བའི་ཚེ། །སྐུ་ཡི་དཀྱིལ་འཁོར་ཐམས་ཅད་ནི། །རང་ལས་བྱུང་ཞིང་རང་ལས་སྤྲུལ། །ནམ་མཁའ་གང་བའི་སྣང་བ་རྣམས། །མཐོང་བའི་ཆོས་ཉིད་མ་འགགས་པའོ། །ཡེ་ཤེས་མཁའ་ལ་གཤེགས་པའི་རྟགས། །རང་བཞིན་ཉིད་ཀྱི་དཀྱིལ་འཁོར་ལ། །ངོ་བོ་ཉིད་ཀྱི་སྐུ་ཤར་བས། །ཤར་བ་དེ་ཉིད་རང་ཉིད་ཡིན། །སངས་རྒྱས་དགོངས་པ་ཚད་མའི་ཆོས། །ཡང་དག་དོན་ལ་དེ་བཞིན་གཤེགས། །དེ་ནི་གོམས་པའི་ཚད་དུ་བསྟན། །ཅེས་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། རྟགས་ཚད་བསྟན་པའི་ལེའུ་སྟེ་དྲུག་ཅུའོ།། །།དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །སྟོན་པ་ཆེན་པོ་སེམས་ཞེས་བགྱི་བ་ཅི་ལ་བགྱི། སྟོན་པས་ལུང་བསྟན་དུ་གསོལ། ཞེས་ཞུས་སོ། །དེ་ནས་ཡང་བཀའ་སྩལ་པ། དེ་ཡང་དབྱེ་ན་འདི་ལྟ་སྟེ། སྣ་ཚོགས་སྡུད་པ་ལྟ་བུའི་སེམས་དང་། གཙང་སྨེ་མེད་པ་ཕག་ལྟ་བུའི་སེམས་དང་། དཔའ་བརྟུལ་སྟག་ལྟ་བུའི་སེམས་དང་། ཡང་བ་སྒྲོ་ལྟ་བུའི་སེམས་དང་། བསྐྱོད་པ་རླུང་ལྟ་བུའི་སེམས་དང་། རབ་ཏུ་མྱོས་པ་འདམ་རྫབ་ལྟ་བུའི་སེམས་དང་། མཆེད་པ་མེ་སྟག་ལྟ་བུའི་སེམས་དང་། འདོད་པ་བྱ་ལྟ་བུའི་སེམས་དང་། རྒྱས་པ་ཡལ་ག་ལྟ་བུའི་སེམས་དང་། གོགས་པར་དཀའ་བ་གར་སྦྱིན་ལྟ་བུའི་སེམས་དང་། གཟའ་གཏད་མེད་


DNG003_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྨྱོན་པ་ལྟ་བུའི་སེམས་དང་བཅུ་གཅིག་གོ། །དེ་ནས་ཡང་རབ་ཏུ་བཤད་པ་འདི་ལྟ་སྟེ། སེམས་ནི་བག་ཆགས་ཐམས་ཅད་སྡུད་པའོ། །སེམས་ནི་བག་ཆགས་ཐམས་ཅད་སློང་བའོ། །སེམས་ནི་ཉོན་མོངས་པ་ཐམས་ཅད་གསོགས་པའོ། །སེམས་ནི་བག་ཆགས་ཐམས་ཅད་ཀྱི་གཞི་ཡིན་ཏེ། བག་ཆགས་དེ་ཡང་འགོག་པར་དཀའ་བས་རང་གི་སྣང་བ་འགྲིབ་པར་བྱེད། མ་རིག་པ་དང་མཉམ་དུ་གནས་པས། མ་རིག་པ་ཡང་འདི་ལྟ་སྟེ། རྩ་བ་སེམས་ཀྱི་མ་རིག་པ་དང་། འཁྲུལ་པ་ཡུལ་གྱི་མ་རིག་པ་དང་། འཁྲུལ་གཞི་གཞིའི་མ་རིག་པ་དང་། འཛིན་པ་རྟོག་པའི་མ་རིག་པ་དང་། བཅོས་པ་ལམ་གྱི་མ་རིག་པ་དང་། མ་ཤེས་རྨོངས་པའི་མ་རིག་པ་དང་། །དེ་ལྟར་མ་རིག་པ་རྣམ་པ་དྲུག་བྱུང་སྟེ། རང་གི་སྣང་བ་མི་མཐོང་ངོ་། །དེ་ཡང་འདི་ལྟ་སྟེ། རྩ་བ་སེམས་ཀྱི་མ་རིག་པ་ནི། ལྷན་ཅིག་སྐྱེས་པ་དངོས་ཡིན་ཏེ། རིག་པའི་ཡེ་ཤེས་ངོ་མ་ཤེས་ནས་འཁྲུལ་ཏེ། ང་ལས་ཡེ་ཤེས་ཀྱི་སྣང་བ་འདི་བྱུང་ངམ། ངའི་སྣང་བ་འདི་མིན་ནམ་སྙམ་པའི་ཤེས་པ་བྱུང་སྟེ། སྙམ་བྱེད་བྱུང་བ་དེ་ལྷན་ཅིག་སྐྱེས་པའི་རྩ་བ་མ་རིག་པ་ཡིན་ཏེ། བདག་ཏུ་རྟོག་པའི་བློ་བྱུང་བས་འཁྲུལ་ལོ། །དེས་ནི་རིག་པ་ཡེ་ཤེས་ཀྱི་སྣང་བ་བསྒྲིབས་སོ། །དེ་ནི་རྩ་བ་སེམས་ཀྱིས་རིག་པ་ཞེས་བྱའོ། །ད་ནི་འཁྲུལ་པ་ཡུལ་གྱི་མ་རིག་པ་སྟོན་ཏེ། འཁྲུལ་པ་ནི་གོང་གིས་འཁྲུལ་ལོ། །ཡུལ་ནི་སྔོན་འཇིག་རྟེན་མ་ཆགས་ཙམ་ན། དཔག་བསམ་གྱི་ཤིང་རྒྱས་པ་ཞེས་བྱ་བ། སངས་རྒྱས་གཞོན་ནུ་བུམ་པ་སྐུའི་བྱིན་རླབས་ལས་བྱུང་བའི་ཤིང་དང་། སྒོ་ང་ལས་བྱུང་བའི་དྲོད་དང་། རླན་ལས་བཙས་པ་གཅིག་ཡོད་པ་དེ་ལ་ཡིད་རང་བྱུང་གི་ཡེ་ཤེས་བྱ་བ་གཅིག་བསྐྱོད་པ་ལས། མི་མཇེད་འཇིག་རྟེན་གྱི་ཁམས་ཆགས་སོ། །དེ་ནི་འཁྲུལ་པ་ཡུལ་གྱི་མ་རིག་པ་ཞེས་བྱའོ། །འཁྲུལ་གཞི་གཞིའི་མ་རིག་པ་ནི་རང་གིས་རང་མ་དག་པ་ལས་བྱུང་སྟེ། དང་པོ་རྒྱུའི་རྐྱེན་ཞེས་བྱ་བ། མ་རིག་པ་དངོས་བྱུང་སྟེ་གཞི་མ་ཤེས་པས་མ་རིག་པའོ། །


DNG003_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལས་དམིགས་པའི་རྐྱེན་ཞེས་བྱ་བ་འཁྲུལ་པ་ཡུལ་གྱི་མ་རིག་པ་ཞེས་བྱའོ། །དེ་ལས་བདག་པོའི་རྐྱེན་ཞེས་བྱ་བ། ཤིང་ལ་ངར་འཛིན་བྱུང་། དེ་ལས་མཚུངས་པ་དེ་མ་ཐག་པའི་རྐྱེན་ཞེས་བྱ་བ་ཤེས་པ་རགས་སུ་སོང་ནས་འཛིན་པ་བཟུང་ངོ་། །དེ་ལས་ཉོན་མོངས་པ་རགས་སུ་སོང་། དེ་ནི་འཁྲུལ་པ་གཞིའི་མ་རིག་པ་ཞེས་བྱའོ། །འཛིན་པ་རྟོག་པའི་མ་རིག་པ་ནི། དེ་ལས་ཉོན་མོངས་པའི་ཚོགས་དཔག་ཏུ་མེད་པ་བྱུང་ངོ་། །དེ་ཡང་འདི་ལྟ་སྟེ། འཛིན་པའི་ཡིད་དྲུག་བྱུང་ངོ་། །མ་རིག་པ་དང་མཚུངས་པའི་ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཡིད་དང་། ཀུན་ཏུ་ཚོལ་བའི་ཡིད་དང་། གཏན་ལ་འབེབས་པའི་ཡིད་དང་། རྣམ་པར་རགས་པའི་ཡིད་དང་། ངེས་པར་འཇོག་པའི་ཡིད་དོ། །དེ་ལ་ཡང་འདི་ལྟ་སྟེ། མ་རིག་པ་དང་མཚུངས་པར་ལྡན་པའི་ཡིད་ནི། འདི་ལྟ་སྟེ། རྩ་བ་མ་རིག་པ་དངོས་ཡིན་ལ། ཡིད་ཀྱི་འགྱུ་བ་དང་བཅས་པའོ། །དེ་ནི་མ་རིག་པ་དང་མཚུངས་པར་ལྡན་པའི་ཡིད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་ནི། ཡུལ་ལ་ངའི་ཡིན་སྙམ་པའི་ཤེས་པས་ང་དང་བདག་ཏུ་བཟུང་བས། ཉོན་མོངས་པའི་དབང་དུ་སོང་བའི་ཕྱིར་ན། ཡིད་ཀྱི་རྣམ་པར་ཤེས་པ་ཞེས་བྱའོ། །གཏན་ལ་འབེབས་པའི་ཡིད་ནི། ཡུལ་ངའི་ཡིན་ནོ་སྙམ་པའི་ཤེས་པས་བཟུང་བས། དེ་ལ་ཆགས་པ་སྐྱེས་ནས་གཏན་ལ་འབེབས་པ་ཞེས་བྱའོ། །ཀུན་ཏུ་ཚོལ་བའི་ཡིད་ནི། ཡུལ་གྱི་དབང་དུ་སོང་ནས། ཉོན་མོངས་པ་ཕྲ་བ་ཐམས་ཅད་ཟླ་ལ་སྡུད་དོ། །དེའི་ཕྱིར་ཀུན་ཏུ་འཚོལ་བའི་ཡིད་ཅེས་བྱའོ། །རྣམ་པར་རགས་པའི་ཡིད་ནི། ཉོན་མོངས་པ་རགས་པས་སྲོག་གཅོད་པ་དང་། དམ་ཚིག་ཉམས་པའི་ལས་མང་པོ་བྱེད་པའོ། །ངེས་པར་འཇོག་པའི་ཡིད་ནི། དེ་རྣམས་ཀྱི་སྣང་བ་ལ་ང་ཡིན་སྙམ་པ་དང་། གཞན་གྱི་ཡིན་སྙམ་པ་དེ་ནི་ངེས་པར་འཇོག་པའི་ཡིད་དོ། །དེ་ནི་འཛིན་པ་རྟོག་པའི་མ་རིག་པ་ཞེས་བྱའོ། །བཅོས་པ་ལམ་གྱི་མ་རིག་པ་ནི། ཡིད་དྲུག་འདུས་ནས་ཡེ་ཤེས་ཀྱི་ལམ་བསྒྲིབས་པ་


DNG003_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། དེ་ཡང་ཡིད་ཀྱིས་ཡེ་ཤེས་མི་མཐོང་གསལ་དུ་མི་སྟེར། ཡེ་ཤེས་ལ་རྟོག་པ་མེད། ཡིད་འགྱུ་བྱེད་ཡོད་པའི་ཕྱིར། སངས་རྒྱས་ཀྱི་ལམ་བསྒྲིབས་པ་ཡིན་ནོ། །དེ་ནི་བཅོས་མ་ལམ་གྱི་མ་རིག་པ་ཞེས་བྱའོ། །མི་ཤེས་རྨོངས་པའི་མ་རིག་པ་ནི། རང་གི་སྣང་བ་འོད་དུ་ཡོད་པ་མ་ཤེས་པས་ཡང་ནས་ཡང་དུ་འཁོར་བར་འཁོར་རོ། །དེ་ནི་མི་ཤེས་རྨོངས་པའི་མ་རིག་པ་ཞེས་བྱའོ། །དེ་བཞིན་དུ་མ་རིག་པ་དྲུག་ཏུ་བྱུང་ན་ཡེ་ཤེས་ཀྱི་སྣང་བ་མ་ཤེས་པའོ། །དེ་ཡང་འདི་ལྟ་སྟེ། ཡང་དག་པ་ཀ་དག་གི་སྣང་བ་ལ་མ་རིག་པ་མེད། སེམས་མེད། ཡིད་ཀྱང་མེད། ལྷུན་གྲུབ་ཀྱི་རྩལ་ལ་མ་རིག་པ་བྱུང་། མ་རིག་པའི་རོལ་པ་ལས་སེམས་བྱུང་། སེམས་ཀྱི་རྒྱན་ལས་ཡིད་བྱུང་། ཡིད་ཀྱི་ཡུལ་ལས་དུག་ལྔ་བྱུང་། དུག་ལྔ་ལས་ཉོན་མོངས་པ་བཅུ་དྲུག་བྱུང་། བཅུ་དྲུག་ལས་ཉི་ཤུ་རྩ་ལྔ་བྱུང་། དེ་ལས་ལྔ་བཅུ་རྩ་གཅིག་བྱུང་། དེ་ལས་སྟོང་ཕྲག་བརྒྱད་ཅུ་བྱུང་ངོ་། །བཅུ་དྲུག་པོ་གང་ཞེ་ན། མ་རིག་པ་དང་། སེམས་དང་། ཡིད་དང་། འཛིན་པ་དང་། རྟོག་པ་དང་། མ་ཤེས་པ་དང་། མ་མཐོང་བ་དང་། མ་རྟོགས་པ་དང་། མ་གོ་བ་དང་། རང་གི་དེ་མ་ཐག་པ་དང་། ང་ཡིར་བཟུང་བ་དང་། གཞན་ལ་སེར་སྣ་བྱེད་པ་དང་། འདོད་པ་དང་། ཆགས་པ་དང་། ཁེངས་པ་དང་། ཁྲོ་བ་དང་བཅུ་དྲུག་གོ། །དེ་རྣམས་ཀུན་གྱི་སྟེང་དུ། གཏི་མུག་དང་། འདོད་ཆགས་དང་། ཞེ་སྡང་དང་། ང་རྒྱལ་དང་། ཕྲག་དོག་དང་། དེ་ཡང་འདི་ལྟ་སྟེ། གཏི་མུག་ལ་ལྔ་སྟེ། རབ་ཏུ་རྨུགས་པའི་གཏི་མུག་དང་། མ་ཤེས་པའི་གཏི་མུག་དང་། མ་མཐོང་བའི་གཏི་མུག་དང་། ཤིན་ཏུ་འཐིབས་པའི་གཏི་མུག་དང་། རབ་ཏུ་མྱོས་པའི་གཏི་མུག་དང་ལྔའོ། །འདོད་ཆགས་ལ་ཡང་ལྔ་སྟེ། ཞེ་ལ་འདོད་པའི་འདོད་ཆགས་དང་། ཤིན་ཏུ་གདུང་བའི་འདོད་ཆགས་དང་། སྲོག་ལ་མི་བལྟ་བའི་འདོད་པ་དང་། ཞེ་སྡང་དང་བཅས་པའི་འདོད་ཆགས་དང་། མཁའ་ལ་སྤྱོད་པའི་འདོད་ཆགས་དང་ལྔའོ། །ཞེ་སྡང་


DNG003_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡང་ལྔ་སྟེ། འདོད་པ་ཤས་ཆེ་བའི་ཞེ་སྡང་དང་། ཁོང་ཁྲོ་དང་བཅས་པའི་ཞེ་སྡང་དང་། ཤིན་ཏུ་རགས་པའི་ཞེ་སྡང་དང་། གཏི་མུག་དང་བཅས་པའི་ཞེ་སྡང་དང་། དུས་ཀྱི་འབྲུག་ཆར་ལྟ་བུའི་ཞེ་སྡང་དང་ལྔའོ། །ང་རྒྱལ་ལ་ཡང་ལྔ་སྟེ། ཟིལ་གྱིས་གནོན་པ་སེང་གེ་ལྟ་བུའི་ང་རྒྱལ་དང་། གོང་ན་མེད་པ་ནམ་མཁའ་ལྟ་བུའི་ང་རྒྱལ་དང་། དཔའ་བརྟུལ་ཆེ་བ་སྟག་ལྟ་བུའི་ང་རྒྱལ་དང་། ངའོ་སྙམ་པ་དུར་བྱ་ལྟ་བུའི་ང་རྒྱལ་དང་། མི་མཉམ་པ་དང་མཉམ་པར་རློམས་པ་གླང་ཆེན་ལྟ་བུའི་ང་རྒྱལ་དང་ལྔའོ། །ཕྲག་དོག་ལ་ཡང་ལྔ་སྟེ། ཕྲ་བའི་ཕྲག་དོག་དང་། ང་རྒྱལ་ལས་བྱུང་བའི་ཕྲག་དོག་དང་། ཤིན་ཏུ་རྩུབ་པའི་ཕྲག་དོག་དང་། རགས་པའི་ཕྲག་དོག་དང་། བལྟ་བའི་ཕྲག་དོག་དང་ལྔའོ། །དེ་ནི་ཉོན་མོངས་པ་ཉི་ཤུ་རྩ་ལྔའོ། །དེ་ལས་ཁོང་ཁྲོ་བྱུང་། ཁོང་ཁྲོ་ལས་འདུ་བྱེད་ཉི་ཤུ་རྩ་ལྔ་བྱུང་། དེ་ལས་བསམ་གྱིས་མི་ཁྱབ་བརྗོད་ཀྱིས་མི་ལངས། གྲངས་མེད་པ། གྲངས་ལས་འདས་པ་བགྲང་དུ་མེད་པ་བྱུང་ངོ་། །ཞེས་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། མ་རིག་པ་སེམས་ཀྱི་ལེའུ་སྟེ་རེ་གཅིག་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་སྟོན་པ་ཆེན་པོ། མ་རིག་པ་དེ་ལྟར་ལགས་ན། རིག་པའི་དབྱེ་བ་གསུང་དུ་གསོལ། ཞེས་ཞུས་སོ། །དེ་ནས་ཡང་བཀའ་སྩལ་པ། ཀྱེ་གསང་བའི་བདག་པོ་ཉོན་ཅིག །ངས་ལེགས་པར་བསྟན་གྱིས་ཁྱོད་ཀྱིས་ཟུང་ཞིག །དེ་ཡང་འདི་ལྟ་སྟེ། ཟིལ་གྱིས་གནོན་པ་སེང་གེ་ལྟ་བུའི་རིག་པ་དང་། ཁྱད་པར་གླང་པོ་ཆེ་ལྟ་བུའི་རིག་པ་དང་། མཁའ་ལྡིང་ཁྱུང་ལྟ་བུའི་རིག་པ་དང་། མ་འདྲེས་ཡོངས་སུ་རྫོགས་པ་འཇའ་ཚོན་ལྟ་བུའི་རིག་པ་དང་། ཐམས་ཅད་བསྲེག་པ་མེ་ལྟ་བུའི་རིག་པ་དང་། ཡངས་ཤིང་གོ་སྐབས་འབྱེད་པ་ནམ་མཁའ་ལྟ་བུའི་རིག་པ་དང་། བསྐྱོད་པ་རླུང་ལྟ་བུའི་རིག་པ་དང་། ཐེ་ཚོམ་མེད་པ་ཐི་བྱ་ཚང་དུ་འཇུག་པ་ལྟ་བུའི་རིག་པ་དང།


DNG003_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་པ་རྒྱ་མཚོ་ལྟ་བུའི་རིག་པ་དང་། གཟུང་དུ་མེད་པ་ཆུ་ཟླ་ལྟ་བུའི་རིག་པ་དང་། ཀུན་ཏུ་མཐའ་ཡངས་པ་བར་སྣང་ལྟ་བུའི་རིག་པ་དང་། དྲི་མ་མེད་པ་མན་ཤེལ་ལྟ་བུའི་རིག་པ་དང་། གོས་པ་མེད་པ་པདྨ་ལྟ་བུའི་རིག་པ་དང་། རྒྱུན་ཆད་མེད་པ་ཆུ་གཞུང་ལྟ་བུའི་རིག་པ་དང་། འགག་པ་མེད་པ་ལྦུ་བ་ལྟ་བུའི་རིག་པ་སྟེ། དེ་ནི་རིག་པའི་གྲངས་བསྟན་པའོ། །དེ་ཡང་ཡང་དག་པར་རིག་པ་རྡོ་རྗེ་ལུ་གུ་རྒྱུད་དུ་ཡོད་དོ། །དངོས་པོ་ལ་དེ་ལྟར་མེད་ཀྱང་། རྩལ་དུ་སྣང་བ་དེ་ལྟར་བྱུང་ངོ་། །དེའི་ཡོན་ཏན་ལ་སྐུ་བྱུང་ངོ་། །སྐུའི་རོལ་པ་ལས་ཡེ་ཤེས་བྱུང་ངོ་། །ཡེ་ཤེས་ཀྱི་རྒྱན་ལས་འོད་བྱུང་ངོ་། །འོད་ཀྱི་རྩེ་མོ་ལས་ཟེར་བྱུང་ངོ་། །དེ་ཡང་སྐུ་གང་ཞེ་ན། རྩ་བ་རིག་པའི་སྐུ་དང་། ཡངས་པ་ཆོས་ཀྱི་སྐུ་དང་། བརྡལ་བ་དབྱིངས་ཀྱི་སྐུ་དང་། མི་འགྱུར་བ་རྡོ་རྗེའི་སྐུ་དང་། འགྱུར་བ་མེད་པ་ངོ་བོ་ཉིད་ཀྱི་སྐུ་དང་། ཡང་དག་པ་བདེ་བའི་སྐུ་དང་། ལོག་པ་སེམས་ཀྱི་སྐུ་དང་། མཐོང་བ་རང་གྲོལ་གྱི་སྐུ་དང་། རིག་པ་ཐིག་ལེའི་སྐུ་དང་། རྒྱ་མ་ཆད་པ་ནམ་མཁའི་སྐུ་དང་། ཕྱོགས་སུ་མ་ལྷུང་བ་ཉི་ཟླའི་སྐུ་དང་། ཐ་མི་དད་པ་གཅིག་ཤེས་ཀྱི་སྐུ་དང་། ཞེན་པ་མེད་པ་རང་གྲོལ་གྱི་སྐུའོ། །དེ་ཡང་འདི་ལྟ་སྟེ། རྩ་བ་རིག་པའི་སྐུ་ནི། རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་ཡིན་ཏེ། རང་གི་མིག་གིས་དབང་པོ་ལ་མ་འགགས་པར་གསལ་ལོ། །དེ་ནི་རྩ་བ་རིག་པའི་སྐུ་ཞེས་བྱའོ། །ཡངས་པ་ཆོས་ཀྱི་སྐུ་ནི། དང་པོའི་གཞི་ཀ་དག་ཆེན་པོ་དེ་ལ། བསམ་པ་མེད། མ་རིག་པ་མེད། སེམས་མེད། ཡིད་མེད། འཛིན་པ་མེད་དེ། དེ་ཡང་འདི་ལྟ་སྟེ། རྒྱ་མ་ཆད་པའི་ཡེ་ཤེས། ལྷུན་གྱིས་གྲུབ་པའི་སངས་རྒྱས། སྤྲོས་པ་མེད་པའི་ཆོས་ཉིད། མཐའ་དང་བྲལ་བའི་རིག་པ། དག་པ་ཆེན་པོའི་སྣང་བ། ཕྱོགས་ལྷུང་མེད་པའི་བལྟ་བར་བཞུགས་སོ། དེ་ཡང་། ཡངས་པ། གསལ་བ། མི་འགྱུར་བ། ཡེ་ཤེས་མི་འགག་པ། ཐིག་ལེ་སྣ་ཚོགས་སུ་འཕྲོ་བ། མ་གྲུབ་པའི་ཆོས་ཉིད།


DNG003_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་རྒྱ་མ་རལ་པ། ནང་ཡེ་ཤེས་ཀྱི་འོད་ལྔ་མ་འགགས་པར་གསལ་བ། སྐུ་དང་ཡེ་ཤེས་ཀྱི་ངོ་བོར་བཞུགས་སོ། །དེ་ནི་ཡངས་པ་ཆོས་ཀྱི་སྐུ་ཞེས་བྱའོ། །བརྡལ་བ་དབྱིངས་ཀྱི་སྐུ་ནི། དབྱིངས་རྣམ་པར་དག་པའི་སྒྲོན་མ་ཡིན་ཏེ། དབྱིངས་དེ་ཡང་རྒྱ་མ་ཆད་པ་ཕྱོགས་སུ་མ་ལྷུང་བ། འགྲིབ་པ་མེད་པ། འཕེལ་བ་མེད་པ། སྟོང་པ་མེད་པ། གང་བ་མེད་པ། གསལ་ཆ་དང་བཅས་པ། སྐུ་མང་པོ་འཆར་བའི་གནས། ཡངས་པ་ཀུན་གྱི་བདག་ཉིད། ཤིན་ཏུ་ཆེ་བ། གོང་ན་མེད་པ། བལྟ་བ་མཐོང་བའི་སངས་རྒྱས། ངེས་པ་རྙེད་པའི་ས་ཞེས་བྱའོ། །དེ་ནི་བརྡལ་བ་དབྱིངས་ཀྱི་སྐུ་ཞེས་བྱའོ། །མི་འགྱུར་བ་རྡོ་རྗེའི་སྐུ་ནི། སངས་རྒྱས་མེད་པའི་འབྲས་བུ། སེམས་ཅན་མེད་པའི་འཁོར་བ། སྲོག་བཅད་པའི་སངས་རྒྱས། བྱས་པ་མེད་པའི་བྱུང་བ། མཐོང་བ་མེད་པའི་ཡུལ། ཤེས་མ་མྱོང་བའི་གཏམ། སྲོག་གཅོད་པའི་དགེ་བ། ལེན་མ་མྱོང་བའི་ལུས། བསྒྲུབས་པ་མེད་པའི་ལྷ། མ་བགྲངས་པའི་སྙིང་པོ། མ་བསྒོམས་པའི་བསྒོམ་པ། མ་བྲིས་པའི་དཀྱིལ་འཁོར། མ་བསགས་པའི་ཚོགས། དེ་ནི་མི་འགྱུར་བ་རྡོ་རྗེའི་སྐུའོ། །འགྱུར་བ་མེད་པའི་ངོ་བོ་ཉིད་ཀྱི་སྐུ་ནི། གྲུབ་མཐའ་འགྱུར་མེད། གཏན་ཚིགས་ངེས་མེད། མཚན་ཉིད་གཉིས་མེད། བལྟ་བ་ཕྱོགས་མཐོང་། བསྒོམ་པ་མཐོང་བ། སྤྱོད་པ་བྱར་མེད། འབྲས་བུ་ཐོབ་མེད། དམ་ཚིག་བསྲུང་མེད། རོལ་པ་འགག་མེད། ངོ་བོ་ཟང་ཐལ། རང་བཞིན་ཀུན་ཁྱབ། ཐུགས་རྗེ་མཁའ་ཁྱབ་བོ། །དེ་ནི་འགྱུར་བ་མེད་པ་ངོ་བོ་ཉིད་ཀྱི་སྐུའོ། །དག་པ་བདེ་བའི་སྐུ་ནི། གསལ་བ་མཁའ་ཁྱབ། སྟོང་པ་ཀུན་ཁྱབ། ཡེ་ཤེས་མིག་ཁྱབ། རིག་པ་ལུས་ཁྱབ། སྒྲོན་མ་ཡུལ་ཁྱབ། ཆོས་སྐུ་གཞི་ཁྱབ། ལོངས་སྐུ་རང་ཁྱབ། སྤྲུལ་སྐུ་ཀུན་ཁྱབ། འོད་ལྔ་གནས་ཁྱབ་པོ། །དེ་དག་ནི་དག་པ་བདེ་བའི་སྐུའོ། །ལོག་པ་སེམས་ཀྱི་སྐུ་ནི། སྣ་ཚོགས་འབྱུང་བ། སྣ་ཚོགས་སྡུད་པ།


DNG003_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱི་ལམ། ཐམས་ཅད་ཀྱི་གནས། ཐམས་ཅད་ཀྱི་གཞི། འཁོར་བ་རང་ཁ་མའོ། །དེ་ནི་ལོག་པ་སེམས་ཀྱི་སྐུའོ། །མཐོང་བ་རང་གྲོལ་གྱི་སྐུ་ནི། མི་འགྱུ་སྟེ་འགྱུ་བ། འགྱུ་སྟེ་མི་འགྱུ་བ། སྲོག་མེད་པའི་སྐུ། སེམས་མེད་པའི་སེམས་ཅན། དབུགས་མེད་པའི་འགྱུ་བ། འགྲོ་འོང་མེད་པའི་སངས་རྒྱས། དུས་ཐམས་ཅད་པའི་ཡེ་ཤེས། རྟག་པར་བཞུགས་པའི་ཆོས་ཉིད། འཛིན་པ་མེད་པའི་རང་གྲོལ། རྟོག་པ་མེད་པའི་སྐུ་ལྔ། མཐའ་མ་འགགས་པའི་ཤེས་རབ། རང་སར་གྲོལ་བའི་ཆོས་ཉིད་དོ། །དེ་ནི་མཐོང་བ་རང་གྲོལ་གྱི་སྐུའོ། །གཅིག་པ་ཐིག་ལེའི་སྐུ་ནི། འབྱུང་བ་ཀུན་ཁྱབ་ཀྱི་ཡེ་ཤེས། འབྱུང་བ་ཀུན་སྣང་གི་ཡེ་ཤེས། འབྱུང་བ་ཀུན་འབྱུང་གི་ཡེ་ཤེས། འབྱུང་བ་ཀུན་གསལ་གྱི་ཡེ་ཤེས། འབྱུང་བ་གཏིང་གསལ་གྱི་ཡེ་ཤེས། འབྱུང་བ་མཁའ་གསལ་གྱི་ཡེ་ཤེས། འབྱུང་བ་ཕྱི་གསལ་གྱི་ཡེ་ཤེས། འབྱུང་བ་ནང་གསལ་གྱི་ཡེ་ཤེས། འབྱུང་བ་སྟོང་པར་རང་བྱུང་གི་ཡེ་ཤེས་སོ། །དེ་ནི་གཅིག་པ་ཐིག་ལེའི་སྐུའོ། །རྒྱ་མ་ཆད་པ་ནམ་མཁའི་སྐུ་ནི། སྣང་བ་དང་ཡེ་ཤེས་རྒྱ་མ་ཆད། ནམ་མཁའ་དང་དབྱིངས་རྒྱ་མ་ཆད། སེམས་ཅན་དང་སངས་རྒྱས་རྒྱ་མ་ཆད། སེམས་དང་སེམས་ཅན་རྒྱ་མ་ཆད། འབྱུང་བ་དང་འོད་སྣང་རྒྱ་མ་ཆད། མཐོང་བ་དང་རང་ལུས་རྒྱ་མ་ཆད། སྟོང་པ་དང་ཆོས་ཉིད་རྒྱ་མ་ཆད། ལྷུན་གྲུབ་དང་ཀ་དག་རྒྱ་མ་ཆད། ཞིང་ཁམས་དང་ལྷུན་གྲུབ་རྒྱ་མ་ཆད། ཚོམ་བུ་དང་འཁྲུལ་སྣང་རྒྱ་མ་ཆད། སེམས་དང་ཡེ་ཤེས་རྒྱ་མ་ཆད། ཡིད་དང་ཤེས་རབ་རྒྱ་མ་ཆད། རིག་པ་དང་མ་རིག་པ་རྒྱ་མ་ཆད། སྟོང་པ་དང་གསལ་བ་རྒྱ་མ་ཆད་དོ། །དེ་ནི་རྒྱ་མ་ཆད་པ་ནམ་མཁའི་སྐུ་ཞེས་བྱའོ། །ཕྱོགས་སུ་ལྷུང་བ་མེད་པ་ཉི་ཟླའི་སྐུ་ནི། འཛིན་པ་མེད་པས་རང་གྲོལ། རྟོག་པ་མེད་པས་རང་སངས། འགྱུ་བ་མེད་པས་རང་དག །གསལ་བ་མེད་པའི་འཚེར་བ། བསྒོམ་དུ་མེད་པའི་ཆོས་ཉིད། གཟུང་དུ་མེད་པའི་ཡངས་པ། སངས་རྒྱས་མེད་པའི་སེམས་


DNG003_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ནོ། །དེ་ནི་ཕྱོགས་སུ་མ་ལྷུང་བ་ཉི་ཟླའི་སྐུ་ཞེས་བྱའོ། །ཐ་མི་དད་པ་གཅིག་ཤེས་ཀྱི་སྐུ་ནི། སྒྲོན་མ་མཁའ་ཁྱབ། ཡེ་ཤེས་དབྱིངས་ཁྱབ། ཤེས་རབ་ཡུལ་ཁྱབ། ཐབས་ཀྱིས་ལམ་ཁྱབ། དབང་པོས་སེམས་ཁྱབ་པོ། །དེ་ནི་ཐ་མི་དད་པ་སྒྲོན་མའི་སྐུའོ། །ཞེན་མེད་རང་གྲོལ་གྱི་སྐུ་ནི། སྣང་བ་ལ་མི་ཞེན། མེད་པ་མི་བསྒྲུབ། ཡོད་པ་མི་སྤང་། མེད་པ་ལ་ཞེ་འདོད་མི་བྱེད། ཡོད་པ་ལ་མངོན་པར་མི་ཞེན། བྱས་པ་མི་བསྒྲུབ། བྱུང་བ་མི་འགེག །བྱུང་བ་ལ་སྐྱོན་དུ་མི་བལྟ། ཉོན་མོངས་པ་མི་སྤང་། སངས་རྒྱས་མི་བསྒྲུབ། བསྒོམ་པ་མི་བསྒོམ། ལྟ་བ་མི་བལྟ། འཁྲུལ་སྣང་མི་འགེག །དག་སྣང་མི་འཚོལ། སེམས་ལ་སངས་རྒྱས་མི་རེ། རིག་པ་ལ་སེམས་ཅན་མི་དོགས། ཀུན་གཞི་ལ་ཆོས་སྐུ་མི་རེ། སྒྲོན་མ་བཞི་ལས་གཟུགས་སྐུར་མི་ལྡོག །ལམ་ལ་སྦྱང་དུ་མེད། འབྲས་བུ་ཐོབ་ཏུ་མེད། གཞི་ལ་བཟང་ངན་མེད། རྟོགས་པ་དང་མ་རྟོགས་པ་གཉིས་སུ་མེད། དེ་ནི་ཞེན་མེད་རང་གྲོལ་གྱི་སྐུའོ། །སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཚད་མར་བཞག་པའོ། །སྐུ་མི་འགྱུར་བ་ལས་ཡེ་ཤེས་འགག་པ་མེད་པ་འབྱུང་ངོ་། །དེ་ཡང་འདི་ལྟ་སྟེ། སྐུ་ལ་དབྱིངས་ཡོད་པའི་ཕྱིར། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་། །དབྱིངས་ལ་གསལ་བ་ཡོད་པའི་ཕྱིར། །མེ་ལོང་ལྟ་བུའི་ཡེ་ཤེས་བྱུང་། །གསལ་བ་ལ་གཉིས་མེད་ཡོད་པའི་ཕྱིར། །མཉམ་པ་ཉིད་ཀྱི་ཡེ་ཤེས་བྱུང་། །གཉིས་མེད་ལ་མཐོང་བ་ཡོད་པའི་ཕྱིར། །སོ་སོར་རྟོག་པའི་ཡེ་ཤེས་བྱུང་། །མཐོང་བ་ལ་ཚད་ཡོད་པའི་ཕྱིར། །བྱ་བ་གྲུབ་པའི་ཡེ་ཤེས་བྱུང་ངོ་། །ཡེ་ཤེས་ལས་འོད་བྱུང་སྟེ། །ཡེ་ཤེས་མི་འགྱུར་བའི་ཕྱིར་མཐིང་གར་བྱུང་། །ཡེ་ཤེས་དག་པའི་ཕྱིར་དཀར་པོར་བྱུང་ངོ་། །ཡེ་ཤེས་ལ་ཡོན་ཏན་འབྱུང་བའི་ཕྱིར་སེར་པོར་བྱུང་ངོ་། །ཡེ་ཤེས་ལ་དབང་རྫོགས་པའི་ཕྱིར་དམར་པོར་བྱུང་ངོ་། །ཡེ་ཤེས་ལ་ཕྲིན་ལས་རྫོགས་པའི་ཕྱིར། །ལྗང་གུར་


DNG003_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ངོ་། །དེ་བཞིན་དུ་སེམས་ཅན་ཀུན་ལ་ཡང་དེ་བཞིན་གནས་སོ། །གསང་སྔགས་ཐམས་ཅད་ཀྱི་མདོ་ཡང་དེ་བཞིན་ནོ། །སངས་རྒྱས་ཐམས་ཅད་ཀྱི་དགོངས་པའི་ཚད་ཀྱང་དེ་བཞིན་ནོ། །དེ་བཞིན་གཤེགས་པའི་དགོངས་པ་རང་གྲོལ་བ་ཆེན་པོའོ། །མན་ངག་ཐམས་ཅད་ཀྱི་མདོ་ཡིན་ནོ། །དེ་བཞིན་དུ་རྟོགས་པར་གྱིས་ཤིག །རིགས་ཀྱི་བུ་དེ་བཞིན་དུ་ཤེས་པའི་རིགས་ཀྱི་བུ་དེ་ནི། ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །ཞེས་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། རིག་པ་དང་ཡེ་ཤེས་ཀྱི་ལེའུ་སྟེ་རེ་གཉིས་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་མ་འོངས་སྐུ། །ཐོག་མེད་ཀྱང་བྱུང་རྟོག་མེད་སངས་རྒྱས་རང་གྲོལ་ལ། །འཛིན་པའི་སེམས་ཉིད་ཅི་ལྟར་བྱུང་། །མོས་པས་སྤྱོད་པའི་འཁོར་རྣམས་ལ། །མ་ནོར་ལེགས་པར་བསྟན་དུ་གསོལ། །ཞེས་ཞུས་སོ། །དེ་ནས་ཡང་བཀའ་སྩལ་པ། ཀྱེ་མ་གསང་བའི་བདག་པོ་ཉོན། །ངས་བསྟན་ལེགས་པར་ཡིད་ལ་ཟུང་། །མཐོང་བར་གྱིས་ལ་གོ་བར་གྱིས། །ཤེས་པར་གྱིས་ལ་རྟོགས་པར་གྱིས། །སངས་རྒྱས་འཛིན་མེད་རང་གྲོལ་ལ། །རྣམ་རྟོག་མཚན་མ་ངང་གིས་མེད། །བསམ་མེད་ཆོས་སྐུའི་ངོ་བོ་སྟོང་། །རྟོག་མེད་གསལ་བའི་ཆོས་ཉིད་དོ། །རྡོ་རྗེ་སེམས་དཔའི་རིག་པ་ཉིད། །རྐང་མེད་མཁའ་ལ་ཀུན་ཏུ་རྒྱུག །རིག་པའི་ཡེ་ཤེས་ཆེན་པོ་ནི། །གྲོགས་མེད་གཅིག་པུར་ཡང་དག་བདེ། །རིག་པའི་ཡེ་ཤེས་རྟོག་མེད་ནི། །བལྟར་མེད་སྐུ་ལ་ཡང་དག་བལྟ། །བརྗོད་མེད་རང་གི་རིག་པ་ནི། །དཔེར་ན་གར་སྦྱིན་སྣོད་དང་འདྲ། །མ་རིག་སྦུར་མ་ལྟ་བུ་སྟེ། །དེ་ཡི་རྩི་ལ་ཆགས་པ་བཞིན། །རིག་པ་ཡེ་ཤེས་སྐྱེ་མེད་ལ། །མ་རིག་འཕྲལ་དུ་ཆགས་པའོ། །དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །བདག་ཅག་མོས་པའི་འཁོར་རྣམས་ལ། །གང་གི་ཐབས་ཀྱིས་གྲོལ་བ་རྣམས། །མོས་པའི་


DNG003_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལ་གསུང་དུ་གསོལ། །ཞེས་ཞུས་སོ། །དེ་ནས་ཡང་བཀའ་སྩལ་པ། སངས་རྒྱས་ཀུན་གྱི་ཡེ་ཤེས་ནི། །གང་གི་ཕྱོགས་སུ་མ་ལྷུང་བའོ། །དཔེར་ན་སྦུར་དང་སྦྱིན་སྣོད་ལ། །ཆུ་ཡིས་གཉིས་ཀ་སེལ་བ་ལྟར། །རིག་དང་མ་རིག་རྟོགས་པ་ཡང་། །ཆོས་ཉིད་རང་སྣང་ནམ་མཁའ་ལ། །རིག་པའི་ཡེ་ཤེས་མ་ཡེངས་པར། །འཛིན་མེད་ངང་དུ་བཞག་གྱུར་ན། །ཡེ་ཤེས་རང་སྣང་མཐོང་བའི་ལམ་ལ་ཤེས་ཤིང་རིག །མ་འགག་འཁྲུལ་པའི་ཆོས་ལས་ལོག་པའོ། །བསལ་མེད་ཆོས་སྐུ་སྤྲོས་བྲལ་ནི། །སངས་རྒྱས་ཡེ་ཤེས་ལུས་ཉིད་ལས། །རྟོག་མེད་སངས་རྒྱས་ངོ་བོ་གསལ། །འཛིན་མེད་རང་དག་ཆེན་པོ་ལ། །རྡོ་རྗེ་སེམས་དཔའི་རིག་པ་གསལ། །གསལ་དང་སྟོང་པའི་ཡེ་ཤེས་ལ། །མཚན་མ་མེད་པའི་ཆོས་ཉིད་གསལ། །ཞེ་འདོད་མེད་པའི་བསྒོམ་པ་ལ། །བཏང་གཞག་མེད་པའི་ཏིང་འཛིན་གསལ། །སྤང་ཐོབ་མེད་པའི་བལྟ་བ་ལ། །རྟོག་པ་མེད་པའི་མཐོང་བ་གསལ། །བཅོས་པ་མེད་པའི་སྤྱོད་པ་ལ། །བྱས་པ་མེད་པའི་བྱུང་བ་གསལ། །བསམ་དང་བྲལ་བའི་ཆོས་སྐུ་ལ། །འགག་པ་མེད་པའི་ལོངས་སྐུ་གསལ། །མཚན་མ་མེད་པའི་ཆོས་ཉིད་ལ། །ཐམས་ཅད་འདྲེན་པའི་སྤྲུལ་སྐུ་གསལ། །ཕྱིར་མི་ལྡོག་པའི་སྐུ་གསུམ་ལ། །གཟུང་འཛིན་མེད་པའི་རིག་པ་གསལ། །ཡང་དག་སངས་རྒྱས་ལམ་རྒྱལ་ལ། །སྦྱང་དུ་མེད་པའི་དཀྱིལ་འཁོར་གསལ། །སྐྱེ་བ་མེད་པའི་ཡིག་འབྲུ་ལ། །འདུ་འབྲལ་མེད་པའི་ལྷ་ཚོགས་གསལ། །ནུབ་པ་མེད་པའི་རྒྱལ་མཚན་ལ། །འགྱུར་བ་མེད་པའི་སྒྲོན་མ་གསལ། །རྟོག་པ་མེད་པའི་ཡེ་ཤེས་ལ། །གསལ་འགྲིབ་མེད་པའི་འོད་ལྔ་གསལ། །བསྟན་དུ་མེད་པའི་ལུང་ཆེན་ལ། །ཤེས་སུ་མེད་པའི་ཆོས་སྐུ་གསལ། །བརྗོད་དུ་མེད་པའི་མན་ངག་ལ། །གཟུང་དུ་མེད་པའི་རིག་པ་ཟིན། །བཤད་དུ་མེད་པའི་ཆོས་ཉིད་ལས། །ཐོབ་ཏུ་མེད་པའི་འབྲས་བུ་ཐོབ། །ཡི་གེ་མེད་པའི་རྒྱུད་ཆེན་ལས། །བཤད་དུ་མེད་པའི་སངས་རྒྱས་གསལ། །བསྒྲུབ་ཏུ་


DNG003_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་ཕྲིན་ལས་ལ། །བྱ་རུ་མེད་པའི་མཆོད་པ་གསལ། །ཆོས་ཉིད་འགྱུར་མེད་སྣང་བ་ལ། །ལྷ་དང་བྲལ་བའི་རིག་པ་གསལ། །སྟོང་པ་ཉིད་ཀྱི་ཆོས་ཉིད་ལ། །བདེ་བ་ཟག་མེད་ཐིག་ལེ་གསལ། །ཡང་དག་དོན་གྱི་ཆོས་སྐུ་ལ། །རྟོག་མེད་གསལ་བའི་ཡེ་ཤེས་གསལ། །འགྱུར་མེད་རང་གསལ་ངོ་བོ་ལ། །རྟོག་མེད་མཉམ་པའི་ཐིག་ལེ་གསལ། །རྣམ་དག་དབྱིངས་ཀྱི་ཐིག་ལེ་ལ། །བརྗོད་མེད་ལམ་གྱི་ཐིག་ལེ་གསལ། །ས་ལ་མི་གནས་སྐུ་མཆོག་ལ། །བཏང་སྙོམས་ཡེ་ཤེས་དཀྱིལ་འཁོར་གསལ། །བྱ་རྩོལ་བྲལ་བའི་ཆོས་ཉིད་ལ། །དཀྱིལ་འཁོར་ལྔ་ཡི་འདུ་འཕྲོ་གསལ། །རྟོག་པ་ལམ་གྱི་སངས་རྒྱས་ལ། །འབྲས་བུ་རྒྱུ་ཡི་སངས་རྒྱས་གསལ། །གྲོལ་བ་འབྲས་བུའི་སངས་རྒྱས་ལ། །སྨིན་པ་རྟགས་ཀྱི་སངས་རྒྱས་གསལ། །བྱ་བྱེད་བྲལ་བའི་རིག་པ་ལ། །འཛིན་མེད་རྡོ་རྗེའི་སྐུ་ཉིད་གསལ། །ཀུན་ཏུ་ཁྱབ་པའི་ཡེ་ཤེས་ལ། །རང་གསལ་ཆོས་ཉིད་རྟོག་མེད་གསལ། །ཨེ་མ་ཧོ། འཛིན་པ་མེད་པའི་ཆོས་ཉིད་རང་གདངས་གསལ་བའི་ཤུགས། །རྟོག་པ་མེད་པའི་ཆོས་ཉིད་མཁའ་ཁྱབ་ཀུན་ལ་རོལ། །འཛིན་པ་མེད་པའི་ཆོས་ཉིད་རང་སར་དག །རྟོག་པ་མེད་པའི་རང་གྲོལ་བདེ་བའི་ཤུགས། །ཡེངས་པ་མེད་པའི་རང་སྣང་ཀུན་ལ་ཁྱབ། །ཡང་དག་ཆོས་ཉིད་བདེ་ཆེན་ས་ལ་གཤེགས། །ཞེས་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། རང་བཞིན་གསལ་བའི་ལེའུ་སྟེ་དྲུག་ཅུ་རེ་གསུམ་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་སྟོན་པ་ཆེན་པོ། འཁོར་རྣམས་ལ་དབང་པོའི་བྱེ་བྲག་གསུང་དུ་གསོལ། ཞེས་ཞུས་སོ། །དེ་ནས་ཡང་བཀའ་སྩལ་པ། ཀྱེ་མོས་པའི་འཁོར་རྣམས་ཉོན་ཅིག །ངས་སེམས་ཅན་གྱི་མ་རིག་པ་བསལ་བའི་ཕྱིར། སྣང་བའི་འཆར་ལུགས་ཉི་ཤུ་རྩ་གཅིག་ཡོད་པའི་ཕྱིར། འདི་རྣམས་ཡིད་ལ་ཟུང་ཞིག །དབང་པོ་ལ་རྣམ་པ་གསུམ་གྱིས་བསྟན་ཏེ། རབ་དང་། འབྲིང་དང་། ཐ་མའོ། །རབ་ལ་བདུན་ཏེ།


DNG003_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཀྱི་ཐ་མ་དང་། རབ་ཀྱི་འབྲིང་དང་། རབ་ཀྱི་རབ་དང་། རབ་ཀྱི་ཕུལ་དང་། རབ་ཀྱི་མཆོག་དང་། རབ་ཀྱི་རྩེ་མོ་དང་། རབ་ཀྱི་མཐར་ཕྱིན་པའོ། །དེ་ནི་རབ་ཀྱི་དབྱེ་བ་ཡིན་ནོ། །དེ་ཡང་མཐོང་ཚུལ་རེ། ཡེ་ཤེས་ཀྱི་སྣང་བ་སྐྱེ་ཚུལ་རེ། རྟོགས་པའི་ཚད་རེ། སྣང་བའི་སྐྱེས་ཚུལ་རེ། གོ་བའི་སྐྱེས་ཚུལ་རེ། ཤེས་པས་བརྟགས་ལུགས་རེ་ཤར་ནས་རང་རང་གིས་སྣང་བ་ལ་བརྟན་པ་ཐོབ་པའོ། །འབྲིང་ལ་ཡང་བདུན་ཏེ། འབྲིང་གི་ཐ་མ་དང་། འབྲིང་གི་འབྲིང་དང་། འབྲིང་གི་རབ་དང་། འབྲིང་གི་ཕུལ་དང་། འབྲིང་གི་མཆོག་དང་། འབྲིང་གི་རྩེ་མོ་དང་། འབྲིང་གི་མཐར་ཕྱིན་པའོ། །དེ་ལ་ཡང་ཡེ་ཤེས་སྐྱེ་བའི་ཚད་རེ་འབྱུང་ངོ་། །དེ་ནི་དབང་པོ་འབྲིང་གི་ཡིན་ནོ། །ཐ་མ་ལ་ཡང་བདུན་ཏེ། ཐ་མའི་ཐ་མ་དང་། ཐ་མའི་འབྲིང་དང་། ཐ་མའི་རབ་དང་། ཐ་མའི་མཆོག་དང་། ཐ་མའི་ཕུལ་དང་། ཐ་མའི་རྩེ་མོ་དང་། ཐ་མའི་མཐར་ཕྱིན་པའོ། །དེ་ཡང་དབང་པོ་རབ་ལ་སྐད་ཅིག་མ་གསུམ་ལ་འཚང་རྒྱ་ནས་སྤྲུལ་པ་རང་བཞིན་དུ་འབྱུང་ངོ་། །དེ་ཡང་སྐད་ཅིག་མ་གཅིག་ལ་ཚོམ་བུའི་སྣང་བ་འགགས། སྐད་ཅིག་མ་གཅིག་ལ་ལྷུན་གྲུབ་ཀྱི་སྣང་བ་སྐྱེ། སྐད་ཅིག་མ་གཅིག་ལ་ཀ་དག་གི་བདེན་པ་མཐོང་། དེ་ཡང་སྤྲུལ་པ་ནི། ཀ་དག་གི་ས་ནས་མི་འགྱེད་དེ། ལམ་དུ་དབང་ཐམས་ཅད་ཀྱི་དེ་བཞིན་ཉིད་ཐོབ་ནས། དཔེར་ན་སྐར་མདའ་ནམ་མཁའ་ལ་རྒྱུག་པའི་ཚུལ་ཏེ། སྐར་མདའ་དེ་ལས་འོད་འཕྲོས་པ་དང་འདྲ་བར་སྤྲུལ་པ་བཀྱེས་ནས་འགྲོ་བའི་དོན་བྱེད་དོ། །དོན་བྱེད་ནི་ཞག་གསུམ་ནས་ནུས་སོ། །དབང་པོ་རབ་ཀྱི་རྩེ་མོ་ནི། ཞག་གཅིག་བར་དོར་སྡོད་དེ། དེ་ཡང་ཡེ་ཤེས་བཞི་སྦྱོར་གྱི་སྣང་བ་ལ་རང་གི་སྣང་བ་ཐོབ་སྟེ། དེ་ཡང་བདག་གི་མིག་ནས་ཡེ་ཤེས་ཀྱི་མེ་གཉིས་སྣང་བ་བྱུང་ནས། མཚོན་ཆར་བབས་པ་དེ་ཀུན་ཚིག་ནས། སྣང་བ་འགག་པ་མེད་པར་ཤར་ནས། དེ་ལ་རང་གི་ཤེས་པ་སད་ནས། རང་གི་


DNG003_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་མཐོང་སྟེ། ལྷུན་གྲུབ་ཀྱི་ས་ལ་ངེས་པ་རྙེད་ནས། ཡང་སྐར་མདའ་ལྟ་བུར་ཤེས་པར་བྱའོ། །དབང་པོ་རབ་ཀྱི་མཆོག་ནི་ཞག་གཉིས་ནས་འཚང་རྒྱ་སྟེ། དེ་ཡང་ཚོམ་བུའི་སྣང་བ་ལ་ཞག་གཅིག་སྡོད་དེ། དེ་ཡང་རང་གི་ཐུགས་ཀ་ནས་ཡེ་ཤེས་ཀྱི་ཉི་མ་གཅིག་འཆར་ཏེ། དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། དེ་ལས་འོད་ཟེར་གྱི་རྩེ་མོ་རེ་རེ་ལ་དེ་བཞིན་གཤེགས་པའི་སྐུ་རེ་རེ་འཆར་རོ། །དེ་ནས་སྣང་བའི་སྤྱོད་ཡུལ་ཐམས་ཅད་སྐུའི་རང་བཞིན་དུ་མཐོང་ངོ་། །དེ་ནས་ཡང་ལྷུན་གྲུབ་ཀྱི་སྣང་བ་ལ་ཡང་ངེས་པ་རྙེད་ནས། སྤྲུལ་པ་ཞག་བདུན་ནས་དོན་བྱེད་དུས་སོ། །ཡང་སྐར་མདའ་བཞིན་ནོ། །རབ་ཀྱི་ཕུལ་ནི་ཞག་གསུམ་གྱིས་བར་དོ་ལ་སྡོད་དོ། །དེ་ཡང་ཚོམ་བུ་ལ་ཞག་གཅིག་སྡོད་དོ། །དེ་ལ་ཡང་ངེས་པ་མ་རྙེད་པར་ཡེ་ཤེས་ཀྱི་སྣང་བ་ལ་རང་གི་སྣང་བ་ཆ་གཅིག་འཆར་རོ། །དེར་ཡང་ཞག་གཉིས་སྡོད་དོ། །ཞག་དང་པོར་འོད་མཐོང་ངོ་། །ཞག་གཉིས་པ་ལ་སྐུ་མཐོང་ངོ་། །སྐུ་དེ་ཡང་ཆེ་བ་རགས་པ་མཐོང་ངོ་། །དེ་ལ་ཡིད་ཆེས་ནས་ལྷུན་གྲུབ་ཀྱི་ས་ལ་ངེས་པ་རྙེད་དོ། །དེ་ཡང་སྐར་མདའ་ལྟར་ཤེས་པར་བྱའོ། །སྤྲུལ་པ་ཡང་ཞག་བཅུ་གཅིག་ནས་དོན་བྱེད་ནུས་སོ། །རབ་ཀྱི་རབ་ནི། ཞག་བཞི་བར་དོ་ལ་སྡོད་དེ། དེ་ཡང་རང་གི་མདུན་ན་ཚོམ་བུ་ལྔ་བཀྲ་ས་ལེ་འདུག་པ་མཐོང་ནས། དེ་ལ་རང་གི་བག་ཆགས་སད་ནས། ཤར་ཕྱོགས་ཀྱི་ཚོམ་བུ་ལ་ཞག་གཅིག་སྡོད་དོ། །དེ་བཞིན་དུ་ཕྱོགས་བཞིའི་ཚོམ་བུ་ལ་ཞག་རེ་རེ་སྡོད་དོ། །དེ་ནས་ཡང་ལྷུན་གྲུབ་ལ་ངེས་པ་རྙེད་ནས་འཚང་རྒྱའོ། །སྤྲུལ་པ་ཡང་ཞག་བཅུ་བཞི་ནས་དོན་བྱེད་ནུས་སོ། །དབང་པོ་རབ་ཀྱི་འབྲིང་ནི། ཞག་ལྔ་ནས་མཐོང་ངོ་། །དེ་ཡང་འདི་ལྟ་སྟེ། ཞག་བཞི་ཚོམ་བུ་ལ་སྡོད་དོ། །ཞག་གཅིག་ཡེ་ཤེས་ཀྱི་སྣང་བ་ལ་སྡོད་དོ། །དེ་ཡང་རང་གི་ཐུགས་ཀ་ནས་འོད་ཟེར་རྟ་རྔ་ཙམ་གཅིག་བྱུང་སྟེ། །དེ་ཡང་ནམ་མཁའི་ཁམས་སུ་འགྲེང་བུར་འོང་ངོ་། །དེ་ལ་རང་གི་མིག་མ་ཡེངས་པར་བཟུང་ནས་བལྟས་པས། ནམ་མཁའི་དཀྱིལ་ནས་ཚོམ་བུ་ཆེན་


DNG003_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

པོ་གཅིག་བཀྲ་ས་ལེ་བདེ་མཐོང་ནས། དེ་ལ་ཡིད་ཆེས་རབ་ཏུ་སྐྱེས་ནས། རང་གི་ཡིན་སྙམ་པའི་ཤེས་པ་གཅིག་བྱུང་བས། ཡིད་ཆེས་པས་མ་པང་དུ་བུ་འཇུག་པའི་གདམས་ངག་ཅེས་བྱའོ། །དེ་ནས་དེ་ལ་རང་གི་རིག་པ་རིམ་གྱིས་ཐིམ་པ་ནི། མི་འགྱུར་བ་གསེར་གྱི་ཐུར་མ་ལྟ་བུའི་གདམས་ངག་གོ། །དེ་ལ་ཡང་མི་གནས་པ་ཀ་དག་གི་ས་ལ་ཐིམ་པ་ནི། ཕྱིར་མི་ལྡོག་པ་དཔག་ཆེན་གྱི་མདའ་ལྟ་བུའི་མན་ངག་ཅེས་བྱའོ། །སྤྲུལ་པ་ཡང་ཞག་ཉི་ཤུ་རྩ་གཅིག་ནས་དོན་བྱེད་ནུས་སོ། །དབང་པོ་རབ་ཀྱི་ཐ་མ་ནི་ཞག་དྲུག་ཐོགས་ཏེ། དེ་ཡང་ཚོམ་བུ་ལ་ཞག་བཞི་ཐོགས་སོ། །ཡེ་ཤེས་ཀྱི་སྣང་བ་དང་པོ་ཆོས་ཀྱི་དབྱིངས་ལ་ཞག་གཅིག་ཐོགས་སོ། །དེ་བཞིན་དུ་མེ་ལོང་ལྟ་བུ་ལ་ཞག་གཅིག་ཐོགས་ཏེ། དེ་ནས་ཡང་རང་གི་མིག་གཉིས་ནས། ཡེ་ཤེས་ཀྱི་མེ་ལོང་གསལ་བ་གཉིས་ལྷག་གིས་འཆར་ཏེ། དེ་ལ་སྣང་བ་དཔག་ཏུ་མེད་པ་སྤྲོས་ནས། གཅིག་རང་གི་སྟེང་དུ་ཚོམ་བུ་གཅིག་ཏུ་མཐོང་སྟེ། གཅིག་རང་གི་མདུན་དུ་ཡང་ཚོམ་བུ་གཅིག་ཏུ་མཐོང་ངོ་། །དེ་ནས་ངེས་པ་ཐོབ་ནས་འཚང་རྒྱའོ། །སྤྲུལ་པ་ཡང་ཞག་ཉི་ཤུ་རྩ་ལྔ་ནས་དོན་བྱེད་ནུས་སོ། །བྷ༔ ཡེ་ནས་གནས་པའི་དོན་སྟོན་པའི་ཡེ་ཤེས། ཧུ༔ དྷུ་ཡང་འདུག །རྒྱུ་ལས་འདས་པའི་སྣང་བ་ཡུལ་ཤེས་པ་དུས་གཅིག་ཏུ་མི་གནས་པའོ། །ཨ༔ འདི་ལ། རྟག་པའི་ཕྱོགས་ཡངས་ཤིང་བྱད་མེད་པའི་སྣང་བའོ། །ཤོ་པ་ད་ནི༔ ཀ་ཡ་དྷ༔ པི་ཡ་དུ༔ པ་ཡ་ཨ༔ དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་སྟོན་པ་ཆེན་པོ། དབང་པོ་འབྲིང་གི་གྲོལ་ལུགས་གསུང་དུ་གསོལ། སྟོན་པས་ལུང་བསྟན་དུ་ཨ་ཤོ༔པ་ད་ནི༔དང་ཨ་ཤོ་པ་ད་ནི༔དང་ཨ་ཤོ་པ་ད་ནི༔དང་ཨཿཤོ་ཡ་ཏ་ནི༔དང་ཨཿཤོ་ཡཿཏ་ནིཿ། སྣ་ཚོགས་བྱུང་གསོལ། ཞེས་ཞུས་སོ། །ཡང་སྟོན་པས་བཀའ་སྩལ་པ། གསང་བའི་བདག་པོ་ཉོན་ཅིག །ངས་ལེགས་པར་བསྟན་གྱིས། མ་ཡེངས་པར་ཉོན་ཅིག །དེ་ཡང་འདི་ལྟ་སྟེ། འབྲིང་གི་ངེས་པ་འཇོག་པ་ནི། ཞག་བདུན་ནས་ངེས་པ་རྙེད་དོ། །དེ་ཡང་ཞག་ལྔ་


DNG003_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

ཚོམ་བུའི་སྣང་བ་ལ་སྡོད་དོ། །ཞག་གཅིག་ཆོས་ཀྱི་དབྱིངས་ལ་སྡོད་དོ། །ཞག་གཅིག་མེ་ལོང་གི་ཡེ་ཤེས་ལ་སྡོད་དོ། །དེ་ཡང་རང་གི་ཐུགས་ཀ་ནས་སྐུ་གཅིག་ཤར་བྱུང་བ་དེ་ལ་སྐུ་གྲངས་མེད་པ་འཕྲོས་པས་དེ་ལས་རང་གི་ཤེས་པ་སད་དེ། སྟོབས་སུ་གྱུར་ནས་ཡང་སྐར་མདའ་ལྟ་བུའོ། །སྤྲུལ་པ་ཡང་ཞག་ཉི་ཤུ་རྩ་དྲུག་ནས་དོན་བྱེད་ནུས་སོ། །དབང་པོ་འབྲིང་གི་རྩེ་མོ་ནི། ཞག་བརྒྱད་ཐོགས་ཏེ། ཡང་ཚོམ་བུ་ལ་ཞག་ལྔ་ཐོགས་སོ། །ཡེ་ཤེས་བཞིའི་སྣང་བ་ལ་ཞག་གསུམ་བསྡད་ནས། ཡང་རང་གི་སྟེང་ནས་ཡེ་ཤེས་ཀྱི་སྐུ་སྣ་ཚོགས་སུ་འཕྲོ་བ་གཅིག་མཐོང་བས་དེ་ལ་ངེས་པ་རྙེད་ནས། དེ་ཡང་སྐར་མདའ་ལྟ་བུའོ། །སྤྲུལ་པ་ཡང་ཞག་ཉི་ཤུ་རྩ་བདུན་ནས་དོན་བྱེད་ནུས་སོ། །འབྲིང་གི་མཆོག་ནི་ཞག་དགུ་ཐོགས་ཏེ། དེ་ཡང་ཚོམ་བུ་ལ་ཞག་ལྔ་ཐོགས་སོ། །ཡེ་ཤེས་ལ་ཞག་བཞི་ཐོགས་སོ། །དེ་ནས་ཡང་ངེས་པ་རྙེད་དོ། །ཅིར་སྣང་ཐམས་ཅད་མེ་ལོང་ལྟ་བུར་རྟོགས་ཤིང་མཐོང་ནས་བདེན་པ་འཐོབ་པོ། །སྤྲུལ་པ་ཡང་ཞག་སུམ་ཅུ་ནས་དོན་བྱེད་ནུས་སོ། །འབྲིང་གི་ཕུལ་ནི་ཞག་བཅུ་ཐོགས་ཏེ། དེ་ཡང་ཚོམ་བུ་ལྔ་ལ་ཞག་ལྔ། ཡེ་ཤེས་ཀྱི་སྣང་བ་ལ་ཞག་བཞི་ཐོགས་སོ། །ལྷུན་གྲུབ་ཀྱི་སྣང་བ་ལ་ཞག་གཅིག་ཐོགས་ནས། དེ་ཡང་སྐུ་དེ་དག་ཐམས་ཅད་གཉིས་མེད་དུ་རྟོགས་ནས་སངས་རྒྱས་སོ། །སྤྲུལ་པ་ཡང་ཞག་སུམ་ཅུ་རྩ་གཅིག་ནས་དོན་བྱེད་ནུས་སོ། །འབྲིང་གི་རབ་ནི་ཞག་བཅུ་གཅིག་ཐོགས་ཏེ། ཡང་ཚོམ་བུ་ལ་ཞག་ལྔ། ཡེ་ཤེས་ལ་ཡང་ཞག་ལྔ། ལྷུན་གྲུབ་ལ་ཞག་གཅིག་སྟེ། དེ་ནས་ཡང་ངེས་པ་རྙེད་ནས། སྣང་བ་ཐམས་ཅད་འོད་དང་འོད་ཀྱི་ཁྱིམ་དུ་མཐོང་ནས། ངེས་པ་རྙེད་དོ། །སྤྲུལ་པ་ཡང་ཞག་སུམ་ཅུ་རྩ་བཞི་ནས་དོན་བྱེད་ནུས་སོ། །འབྲིང་གི་འབྲིང་ནི། ཞག་བཅུ་གཉིས་ཐོགས་ཏེ། ཡང་ཚོམ་བུ་ལ་ཞག་ལྔ། ལོངས་སྐུ་ཁྲོ་བོའི་ཞིང་ཁམས་སུ་ཞག་གཅིག །ཡེ་ཤེས་ཀྱི་སྣང་བ་ལ་ཞག་ལྔ། ལྷུན་གྲུབ་ཀྱི་སྣང་བ་ལ་ཞག་གཅིག་གནས་ནས་ངེས་


DNG003_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྙེད་ནས་བརྟན་པ་ཐོབ་པོ། །སྤྲུལ་པ་ཡང་ཞག་སུམ་ཅུ་རྩ་བདུན་ནས་དོན་བྱེད་ནུས་སོ། །འབྲིང་གི་ཐ་མ་ནི་ཞག་བཅུ་གསུམ་ཐོགས་ཏེ། དེ་ཡང་ཚོམ་བུ་གོང་འོག་ལ་ཞག་དྲུག །ཡེ་ཤེས་ལ་ལྔ། ལྷུན་གྲུབ་ལ་ཞག་གཉིས་གནས་པས། ཡང་ཅིར་སྣང་མར་མེའི་དཀྱིལ་འཁོར་ལྟར་མཐོང་ནས་ངེས་པ་རྙེད་དོ། །སྤྲུལ་པ་ཡང་ཞག་སུམ་ཅུ་རྩ་དགུ་ནས་དོན་བྱེད་ནུས་སོ། །བྷ། དོན་གཅིག་གི་རིག་པ། དྷུ། ཤེས་རབ་ཀྱི་རིག་པ། སིང་། གཞི་ལས། ཁུ་པ་ས༔ འདི་ཡང་ལུ་པ་ཡཿདང་། དྷུ་པ༔ཡཿདག་བྱུང་། གསེར་དུ་སྣང་བ། ཨ༔ སྐྱེ་བ་མེད། དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ་དབང་པོ་ཐ་མའི་གྲོལ་ལུགས་གསུང་དུ་གསོལ། ཞེས་ཞུས་སོ། །དེ་ནས་ཡང་བཀའ་སྩལ་པ། ཀྱེ་གསང་བའི་བདག་པོ་ཉོན་ཅིག །དབང་པོ་ཐ་མའི་གྲོལ་ལུགས་ནི་འདི་ལྟ་སྟེ། དེ་ཡང་ཐ་མའི་ས་ཟིན་པ་ནི། ཞག་བཅུ་བཞི་ཐོགས། དེ་ཡང་ཚོམ་བུ་གོང་འོག་ལ་དྲུག །ཡེ་ཤེས་ལ་ལྔ། ལྷུན་གྲུབ་ལ་གསུམ་ཐོགས་པའི་ཐ་མ་ལ་རང་གི་སྣང་བར་མཐོང་ནས་ཡང་འཚང་རྒྱའོ། །སྤྲུལ་པ་ཡང་ཞག་བཞི་བཅུ་ནས་དོན་བྱེད་ནུས་སོ། །ཐ་མའི་རྩེ་མོ་ནི་ཞག་བཅོ་ལྔ་ཐོགས་ཏེ། ཡང་ཚོམ་བུ་དང་ཡེ་ཤེས་གོང་བཞིན་ནོ། །ལྷུན་གྲུབ་ལ་ཞག་བཞི་གནས་པའི་ཐ་མ་ཡང་རང་གི་སྣང་བར་མཐོང་ནས་ཡང་བརྟན་པ་ཐོབ་པོ། །སྤྲུལ་པ་ཡང་བཞི་བཅུ་ཞེ་གསུམ་ནས་དོན་བྱེད་ནུས་སོ། །ཐ་མའི་མཆོག་ནི་ཞག་བཅུ་དྲུག་ཐོགས་ཏེ། ཚོམ་བུ་དང་ཡེ་ཤེས་ལ་གོང་བཞིན་ནོ། །ལྷུན་གྲུབ་ལ་ཞག་ལྔ་གནས་པའི་ཐ་མ་ཡང་རང་གི་སྣང་བ་མཐོང་ནས་བརྟན་པ་ཐོབ་པོ། །སྤྲུལ་པ་ཡང་ཞག་ཞེ་དྲུག་ནས་དོན་བྱེད་ནུས་སོ། །ཐ་མའི་ཕུལ་ནི། ཞག་བཅུ་བདུན་ཐོགས་ཏེ། ཚོམ་བུ་དང་ཡེ་ཤེས་ཀྱང་གོང་བཞིན་ནོ། །ལྷུན་གྲུབ་ལ་ཞག་དྲུག་གནས་པའི་ཐ་མ་ཡང་རང་གི་སྣང་བར་མཐོང་ནས་བརྟན་པ་ཐོབ་པོ། །སྤྲུལ་པ་ཡང་ཞག་བཞི་བཅུ་ཞེ་བདུན་


DNG003_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དོན་བྱེད་ནུས་སོ། །ཐ་མའི་རབ་ཞག་བཅོ་བརྒྱད་ཐོགས་ཏེ། ཡང་ཚོམ་བུ་ལ་ཞག་དྲུག་ཐོགས་སོ། །ཡེ་ཤེས་ལ་ཞག་བརྒྱད། ལྷུན་གྲུབ་ལ་ཞག་བཞི་གནས་པའི་ཐ་མ་རང་གི་སྣང་བར་མཐོང་ནས་བརྟན་པ་ཐོབ་པོ། །སྤྲུལ་པ་ཡང་ཞག་ལྔ་བཅུ་ནས་དོན་བྱེད་ནུས་སོ། །ཐ་མའི་འབྲིང་ནི། ཞག་བཅུ་དགུ་ཐོགས་ཏེ། ཡང་ཚོམ་བུ་ལ་ཡང་ཞག་བཅུ་གཉིས་ཐོགས་སོ། །ཡེ་ཤེས་ལ་བཞི་གནས་སོ། །ལྷུན་གྲུབ་ལ་ཞག་གསུམ་གནས་པའི་ཐ་མ་རང་གི་སྣང་བ་ལ་བདེན་པ་མཐོང་ནས་བརྟན་པ་ཐོབ་པོ། །སེམས་ཅན་གྱི་དབང་པོ་དེ་རྣམས་ཀུན་སངས་རྒྱས་ཀྱི་ས་ནོན་པའོ། །བར་དོ་དེ་རྣམས་ཀྱང་དཔེར་ན་རྨི་ལམ་ལྟ་བུའོ། །དབང་པོ་ཐ་མའི་ཐ་མ་ནི། ཞག་ཉི་ཤུ་ལ་གནས་ནས། དེ་ཡང་ལྷུན་གྲུབ་ཀྱི་སྣང་བར་ལམ་བྱུང་ནས། མ་དག་པ་འཁོར་བའི་སྒོར་ལམ་བྱུང་ནས། ཕྱོགས་བཅུར་སྤྲུལ་པའི་ཞིང་ཁམས་སུ་གནས་ནས། བར་དོ་མེད་པར་ཡང་དག་པར་འཚང་རྒྱའོ། །དེ་ནས་ཡང་སེམས་ཅན་གྱི་བློ་བསམ་གྱིས་མི་ཁྱབ་ཀྱང་། བསྡུ་ན་ཉི་ཤུ་རྩ་གཅིག་ཏུ་འདུས་སོ། །དེ་བཞིན་དུ་སེམས་ཅན་ཀུན་གྱིས་རང་རྒྱུད་གྲོལ་བར་གྱིས་ཤིག །ཅེས་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། དབང་པོའི་བྱེ་བྲག་བསྟན་པའི་ལེའུ་སྟེ་དྲུག་ཅུ་རེ་བཞི་པའོ།། །།དེ་ནས་ཡང་གསང་བའི་བདག་པོ་ལ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ཀྱིས་ལུང་བསྟན་པ་འདི་ཡང་དག་པར་བཀའ་བགྲོ་བ་མཛད་དོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་མདུན་གྱི་ནམ་མཁའ་ལ་ལྷགས་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་རྒྱལ་བའི་སྲས་སུ་གྱུར་པའི་རིགས་ཕྱག་ན་རྡོ་རྗེ་ཁྱོད་ཉོན་ཅིག །ངས་ཁྱོད་ལ་ལུང་བསྟན་གྱིས་ལེགས་པར་མ་ཡེངས་པར་ཉོན་ཅིག །ལེགས་པ་ཐམས་ཅད་ཀྱི་གཞི་མ་མཆོག་ཏུ་གྱུར་པ་ཞེས་བྱ་བའི་ཞིང་ཁམས་སུ། སངས་རྒྱས་སྟོང་གི་གཙུག་ཕུད་ཀྱི་རྒྱལ་པོ་ཞེས་བྱ་བའི་ཉེ་གནས་སུ་ཁྱོད་གྱུར་ནས། གསང་སྔགས་ཀྱི་ཆོས་ཆེན་པོ་འདི་རྒྱས་པར་བྱེད་དོ། །


DNG003_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་དེ་བཞིན་གཤེགས་པ་འོད་ཟེར་ཀུན་ཏུ་མཐའ་ཡས་པ་ཞེས་བྱ་བས་ལུང་བསྟན་པ། རིགས་ཀྱི་བུ་ཁྱོད་ཉོན་ཅིག །ཁྱོད་ལ་ཡེ་ཤེས་ཀྱི་སྣང་བ་ལྔ་ལྷུག་པར་འཆར་རོ། །དེའི་དུས་སུ་རང་གི་དེ་ཉིད་ངོ་ཤེས་པར་གྱིས་ཤིག །རིགས་ཀྱི་བུ་རྟོགས་པ་ལམ་དུ་ཁྱེར་བའི་དུས་སུ། འཁྲུལ་བའི་སྣང་བ་ཟིལ་གྱིས་ནོན་པར་གྱིས་ཤིག །ཡང་དག་པའི་ཤེས་པ་སད་པའི་དུས་སུ། སྟོབས་དང་མི་འཇིགས་པ་ལ་གདེང་ཚུད་པར་གྱིས་ཤིག །སངས་རྒྱས་ཀྱི་ལམ་ལྔ་ཉམས་སུ་ལོངས་པར་གྱིས་ཤིག །ཅེས་ལུང་བསྟན་པས། གསང་བའི་བདག་པོ་ཕྱིའི་ཆོས་ལ་བཟོད་པ་ཐོབ་པོ། །དེ་ནས་ཡང་དེ་བཞིན་གཤེགས་པ་མེ་འོད་ཆུའི་རྒྱལ་པོ་ཞེས་བྱ་བས་ལུང་བསྟན་པ། ཀྱེ་རིགས་ཀྱི་བུ། སངས་རྒྱས་ཀྱི་བདེན་པ་མཐོང་བའི་དུས་སུ། སྤྱན་ལྔ་ལ་མཁས་པར་གྱིས་ཤིག །ཕྱི་ནང་གི་དྲོད་སྐྱེ་བའི་དུས་སུ་ཞིང་ཁམས་རྣམ་པར་དག་པ་རྣམས་མཐོང་བར་གྱིས་ཤིག །རིག་པས་སེམས་བཅོམ་པའི་དུས་སུ། ནམ་མཁའ་རྣམ་པར་དག་པ་ངོ་ཤེས་པར་གྱིས་ཤིག །ཡང་དག་པའི་སྟོབས་སྐྱེས་པའི་དུས་སུ་རྟགས་ངོ་ཤེས་པར་གྱིས་ཤིག །རང་གི་རིག་པ་ཕྱོགས་མེད་དུ་ཤར་བའི་དུས་སུ། དོན་ངོ་ཤེས་པར་གྱིས་ཤིག །རོལ་པ་སྣ་ཚོགས་སུ་སྣང་བའི་དུས་སུ། དཔེ་ངོ་ཤེས་པར་གྱིས་ཤིག །ཅེས་ལུང་བསྟན་པས། གསང་བའི་བདག་པོས་ནང་གི་ཆོས་ལ་བཟོད་པ་ཐོབ་པོ། །དེ་ནས་ཡང་དེ་བཞིན་གཤེགས་པ་རྡོ་རྗེ་གཙུག་ཕུད་ཀྱིས་འདི་སྐད་ཅེས་ལུང་བསྟན་ཏོ། །ཀྱེ་རིགས་ཀྱི་བུ་ཡང་དག་པའི་ཤེས་པ་སྐྱེས་པའི་དུས་སུ་གཞོན་ནུ་བུམ་པའི་སྐུ་ངོ་ཤེས་པར་གྱིས་ཤིག །རིག་པ་རང་སར་དག་པའི་དུས་སུ། མཁར་གཞོང་ནང་གི་བཅུད་ངོ་ཤེས་པར་གྱིས་ཤིག །རྟོག་པ་འཛིན་པའི་སེམས་དང་བྲལ་བའི་དུས་སུ། མེ་ལོང་གཉིས་ངོ་ཤེས་པར་གྱིས་ཤིག །ལྟ་བ་ལ་བཟླ་བའི་དུས་སུ། རྒྱུད་ཀྱི་རྒྱལ་པོ་འདི་ངོ་ཤེས་པར་གྱིས་ཤིག །བསྒོམ་


DNG003_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཀློང་རྡོལ་བའི་དུས་སུ། སྒྲོན་མའི་ཚད་ངོ་ཤེས་པར་གྱིས་ཤིག །སྤྱོད་པ་གཏིང་རྡོལ་བའི་དུས་སུ། མན་ཤེལ་གྱི་དཀྱིལ་འཁོར་ངོ་ཤེས་པར་གྱིས་ཤིག །ཅེས་ལུང་བསྟན་པས། གསང་བའི་བདག་པོས་ཆོས་ཐམས་ཅད་ཀྱི་མིག་རྙེད་དོ། །དེ་ནས་ཡང་དེ་བཞིན་གཤེགས་པ་རྒྱན་དམ་པ་ཞེས་བྱ་བ་དེས་ལུང་བསྟན་པ། ཀྱེ་རིགས་ཀྱི་བུ་ལེགས་པར་ཡིད་ལ་ཟུང་ཞིག །སངས་རྒྱས་ཀྱི་དགོངས་པ་ཀློང་དུ་གྱུར་པའི་དུས་ན། གཟུགས་སྐུ་ངོ་ཤེས་པར་གྱིས་ཤིག །རང་གི་སྣང་བ་ཡུལ་ལ་ལྷུག་པར་ཤར་ཙམ་ན། རྩ་བཞི་བཟློག་པ་ངོ་ཤེས་པར་གྱིས་ཤིག །བར་དོ་གཉིས་པ་ལ་འོད་མཚོན་ཆ་ལྟ་བུར་ཤར་ཙམ་ན་ཉི་མའི་ཟེར་ངོ་ཤེས་པར་གྱིས་ཤིག །རྣམ་རྟོག་མེད་པའི་རིག་པ་མཁའ་ལ་གསལ་བའི་དུས་ན། ཚོམ་བུའི་དེ་བཞིན་ཉིད་ངོ་ཤེས་པར་གྱིས་ཤིག །དེ་བཞིན་དུ་རང་གི་དཀྱིལ་འཁོར་ལྔ་ངོ་ཤེས་པར་གྱིས་ཤིག །ཅེས་ལུང་བསྟན་པས། གསང་བའི་བདག་པོས་ཚོམ་བུའི་སྣང་བ་མཐོང་ངོ་། །དེ་ནས་ཡང་དེ་བཞིན་གཤེགས་པ་འོད་ཀྱི་དགོངས་པ་ལས་མི་འདའ་བའི་གཟི་བརྗིད་ཀྱི་རྒྱལ་པོས་འདི་སྐད་ཅེས་ལུང་བསྟན་ཏོ། །ཀྱེ་རིགས་ཀྱི་བུ་སེམས་མེད་པའི་རིག་པ་ངོ་ཤེས་པར་གྱིས་ཤིག །ཡིད་དང་བྲལ་བའི་ཤེས་རབ་ངོ་ཤེས་པར་གྱིས་ཤིག །དབུགས་དང་བྲལ་བའི་སྐུ་ངོ་ཤེས་པར་གྱིས་ཤིག །འཛིན་པ་དང་བྲལ་བའི་རང་གྲོལ་ངོ་ཤེས་པར་གྱིས་ཤིག །རྟོག་པ་དང་བྲལ་བའི་འོད་སྣང་ངོ་ཤེས་པར་གྱིས་ཤིག །འབྱུང་བ་དང་བྲལ་བའི་ཡེ་གདངས་ངོ་ཤེས་པར་གྱིས་ཤིག །བག་ཆགས་ལས་འདས་པའི་རིག་པ་ངོ་ཤེས་པར་གྱིས་ཤིག །རྒྱུ་མེད་པའི་འབྲས་བུ་ངོ་ཤེས་པར་གྱིས་ཤིག །དུས་དང་བྲལ་བའི་རང་གདངས་ངོ་ཤེས་པར་གྱིས་ཤིག །སངས་རྒྱས་མེད་པའི་སེམས་ཅན་ངོ་ཤེས་པར་གྱིས་ཤིག །དབང་རང་བྱུང་གི་དཀྱིལ་འཁོར་ངོ་ཤེས་པར་གྱིས་ཤིག །ཅེས་ལུང་བསྟན་པས། གསང་བའི་བདག་པོས་གཞིའི་དབང་གི་བདེན་པ་


DNG003_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་ངོ་། །དེ་ནས་ཡང་དེ་བཞིན་གཤེགས་པ་མར་མེ་མཛད་ཆེན་པོས་འདི་སྐད་ཅེས་ལུང་བསྟན་ཏོ། །ཀྱེ་རིགས་ཀྱི་བུ་ངས་དོན་མ་ནོར་བར་བསྟན་གྱིས། ལེགས་པར་ཉོན་ཅིག །སྐྱེ་བ་མེད་པའི་ཚད་འཆི་བ་མེད་པ་ལ་ཟུང་ཞིག །འགག་པ་མེད་པའི་ཚད་སྣ་ཚོགས་འཆར་བའི་ཕྱིར་ཟུང་ཞིག །འགྱུར་བ་མེད་པའི་ཚད་གཏིང་ཟབ་པས་ཟུང་ཞིག །ཡངས་པའི་ཚད་མཐའ་དབུས་མེད་པས་ཟུང་ཞིག །དགོངས་པའི་ཚད་མ་ཡེངས་པས་ཟུང་ཞིག །ཏིང་ངེ་འཛིན་གྱི་ཚད་བཏང་བཞག་མེད་པས་ཟུང་ཞིག །མ་བཅོས་པའི་ཚད་སྐྱོན་མེད་པས་ཟུང་ཞིག །རྟོགས་པ་ལམ་དུ་ཁྱེར་བའི་ཚད་འཆར་ནུབ་མེད་པས་ཟུང་ཞིག །གདམས་ངག་ཐོབ་པའི་ཚད་སྣང་བ་ཟད་པས་ཟུང་ཞིག །ཅེས་ལུང་བསྟན་པས། གསང་བའི་བདག་པོས་ཤེས་རབ་ཆེན་པོའི་དོན་ཐམས་ཅད་ཐུགས་སུ་ཆུད་དོ། །དེ་ནས་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དགོངས་པའི་ཚད་གསུངས་པ། ཨེ་མ་ཧོ་གསང་བའི་བདག་པོ་ཉོན། །སངས་རྒྱས་ཀུན་གྱིས་དགོངས་པ་ནི། །སེམས་ཅན་ཀུན་གྱི་ལམ་ལ་གནས། །རྣམ་དག་དོན་སྤྱོད་དགོངས་པ་ནི། །ཐུན་དང་མཚམས་མེད་གཅིག་པུ་ཉིད། །གཞན་ལ་བརྟེན་པ་མ་ཡིན་ནོ། །གཞན་ལ་བརྟེན་ན་རྩོལ་བར་འགྱུར། །ཉོན་ཅིག་སངས་རྒྱས་དགོངས་པ་ནི། །བྱ་དང་བྱེད་པའི་ཆོས་དང་བྲལ། །བྱ་བྱེད་སྤངས་ན་བདེ་བ་རྙེད། །བདེ་བ་རྙེད་པའི་གང་ཟག་དེ། །ཡང་དག་ས་ལ་ལྷུན་གྲུབ་རྙེད། །དེ་ནི་དགོངས་པའི་ཚད་མ་ཡིན། །ཆོས་རྣམས་ཀུན་གྱི་དགོངས་པ་ནི། །རང་དག་རང་གྲོལ་ཆེན་པོའོ། །དགོངས་དང་མི་དགོངས་ཚིག་གི་ལམ། །ཚིག་ལྡན་ལ་ཡང་བདེ་བ་མེད། །ཡང་དག་ཆོས་སྐུ་འགག་པ་མེད། །ཚིག་ལས་འདས་པའི་ཆོས་སྐུའོ། །ཞེས་གསུངས་ནས། མི་སྣང་བའི་ངང་དུ་སེ་གོལ་གཏོགས་པ་ཙམ་ལ་གཤེགས་སོ། །ཞེས་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། རྗེས་སུ་ལུང་བསྟན་པའི་ལེའུ་སྟེ་དྲུག་ཅུ་རེ་ལྔ་


DNG003_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

པའོ།། །།དེ་ནས་ཡང་གསང་བའི་བདག་པོ་ངོ་མཚར་མཆོག་ཏུ་སྐྱེས་ནས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་སྟོན་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ། །བདག་ཅག་མོས་པའི་འཁོར་རྣམས་ལ། །སེམས་ཅན་སྣང་བ་ཅི་ལྟར་འགག །གསུང་དུ་གསོལ། ལུང་བསྟན་དུ་གསོལ། ཞེས་ཞུ་བ་ཞུས་སོ། །དེ་ནས་ཡང་སྟོན་པས་བཀའ་སྩལ་པ། ཀྱེ་མོས་པ་བསྐྱེད་པའི་རིགས་ཀྱི་བུ་རྣམས་ཉོན་ཅིག །ངས་མ་ནོར་བར་བསྟན་གྱིས། ལེགས་པར་ཡིད་ལ་ཟུང་ཞིག །ཐབས་ཀྱི་དོན་ལེགས་པར་ཡིད་ལ་ཟུང་ཞིག །ཀྱེ་གྲོགས་པོ་དག །སེམས་ཅན་རྣམས་དབུགས་འཕོ་བའི་ཚེ། ཕྱི་ཡི་འབྱུང་བ་ལྔ་ནང་གི་འབྱུང་བ་ལྔ་ལ་ཐིམ། ནང་གི་འབྱུང་བ་ལྔ་གསང་བའི་འབྱུང་བ་ལྔ་ལ་ཐིམ། གསང་བའི་འབྱུང་བ་ལྔ་ཡོངས་སུ་རྫོགས་པའི་འབྱུང་བ་ལྔ་ལ་ཐིམ་ནས། ལམ་ཆེན་པོ་ལ་འཇུག་པའི་ཚེ། འདི་ལྟར་ཤེས་པར་བྱའོ། །དེ་ནས་ནང་གི་འབྱུང་བ་ལྔ་ཕྱི་ལ་ཐིམ་པའི་རྟགས་སུ་འདི་ལྟར་ཤེས་པར་བྱའོ། །ས་ས་སྟོང་པའི་རྩལ་འབྱོངས་ནས་ཡེ་ཤེས་བག་ལ་ཞོག །ཡེ་ཤེས་ཀྱི་དྭངས་མ་རིག་པའི་སྟོབས་ལ་ཞབས་ཡེ་ཤེས་ལམ་དུ་སྣང་མ་ནུས་སོ། །ལ་ཐིམ། ཆུ་ཡེ་ཤེས་ཀྱི་བརླན་རིག་པའི་ངང་དུ་ཞབས་ཁ་སྣ་ནས་ཆུ་འདྲུབ་དེ་ཡང་རིག་པའི་ཡེ་ཤེས་ལ་གསལ་འགྲིབ་མེད་ཀྱང་རྩལ་དུ་སྣང་མ་ནུས་པས་རིག་པ་བག་ལ་ཞའོ། །ཆུ་ལ་ཐིམ། མེ་མེ་ཡེ་ནས་རང་གི་རིག་པ་ཤེས་རབ་ཀྱི་ངོ་བོར་གནས་ཀྱང་དུས་དེར་རླུང་ནང་དུ་ཞུགས་པས་རྩལ་ཕྱིར་སྣང་མ་ནུས་པའོ། །ལ་ཐིམ། རླུང་རིག་པའི་རྩལ་རྫོགས་པས་ཡུལ་ལ་མི་གནས་པས་ལུས་ཀྱི་སྟོབས་ཤོར་ཡེ་ཤེས་ཀྱི་ཡོན་ཏན་བག་ལ་ཞ་བའི་ཕྱིར་རོ། །རླུང་ལ་ཐིམ། ནམ་མཁའ་རིག་པ་བར་དོ་ལ་ཐིམ་པས་ཡེ་ཤེས་རང་ས་ཟིན་པའི་དུས་ཏེ། བར་སྣང་རིག་པ་ལ་སྣང་བ་ལ་རྡོས་བཅས་འཆིང་བྱེད་དང་བྲལ་དུ་ཉེ་བའི་ཕྱིར་རོ། །ནམ་མཁའ་ལ་ཐིམ་ནས། དེ་ཡང་ས་ས་ལ་ཐིམ་པ་ལ་གཉིས་ཏེ། ཕྱིའི་ས་ནང་གི་ས་ལ་ཐིམ། ནང་གི་ས་ཕྱིའི་ས་ལ་ཐིམ། ཕྱིའི་ས་ནང་གི་ས་ལ་ཐིམ་པའི་དུས་ནི། དང་པོའི་དུས་སོ། །ནང་གི་ས་ཕྱིའི་ས་ལ་ཐིམ་པའི་རྟགས་སུ། ལུས་ཀྱི་སྟོབས་འཆོར་རོ། །དེ་ཡང་


DNG003_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟ་སྟེ། ཀུན་ཏུ་སྣང་བའི་ས་ཐིམ་པའི་རྟགས་སུ། ཕྱིའི་ཤེས་པ་རྨུགས། མི་འགྱུར་བ་རྡོ་རྗེའི་ས་ཐིམ་པའི་རྟགས་སུ། ལུས་ཀྱི་སྟོབས་འཆོར་རོ། །ཐམས་ཅད་འབྱུང་བ་རིན་པོ་ཆེའི་ས་ཐིམ་པའི་རྟགས་སུ་སྟོབས་ཉམས་ནས་ལྡང་མི་ནུས། སྣང་བ་སྟོན་པ་ཀུན་ཏུ་མཐའ་ཡས་པའི་ས་ཐིམ་པའི་རྟགས་སུ། ལོངས་སྤྱོད་རྫོགས་པའི་སྟོབས་འཆོར་ནས་དགོངས་པ་མི་གསལ་ལོ། །བསྒྲུབ་པ་མཐར་ཕྱིན་པའི་ས་ཐིམ་པའི་རྟགས་སུ། སྒྲོན་མའི་སྣང་བ་འགགས་སོ། །ནང་གི་ཆུ་ཕྱིའི་ཆུ་ལ་ཐིམ་པའི་རྟགས་སུ། ཆུ་མི་ཐུབ་སྟེ། འགྱུར་བ་མེད་པའི་ཆུ་ཐིམ་པའི་རྟགས་སུ། ཁ་སྣ་ནས་ཆུ་འཛག །ཞི་བ་གསལ་དག་གི་ཆུ་ཐིམ་པའི་རྟགས་སུ། གསང་བའི་གནས་ནས་ཆུ་མི་ཐུབ། ཡོན་ཏན་རྒྱས་པའི་ཆུ་ཐིམ་པའི་རྟགས་སུ། མིག་གྱེན་ལ་ལྡོག་ནས་འོང་། ཆགས་པ་མེད་པའི་ཆུ་ཐིམ་པའི་རྟགས་སུ། ཁ་སྣ་སྐམ་པ་ཡིན། འཛིན་མེད་རྫོགས་པའི་ཆུ་ཐིམ་པའི་རྟགས་སུ་རྣ་བས་སྒྲ་མི་ཐོས་པ་ཡིན་ནོ། །ནང་གི་མེ་ཕྱིའི་མེ་ལ་ཐིམ་པའི་རྟགས་སུ་ལུས་ཀྱི་དྲོད་འཆོར་བ་ཡིན། དེ་ཡང་འདི་ལྟར་ཤེས་པར་བྱའོ། །ཕྱི་ནང་ཀུན་ཁྱབ་ཀྱི་མེ་ཐིམ་པའི་རྟགས་སུ། ནང་གི་དྲོད་ཤོར་ཞིང་ཤེས་པ་མི་གསལ། ཕྱི་ནང་ཀུན་ཏུ་མཉམ་པའི་མེ་ཐིམ་པའི་རྟགས་སུ། གསང་བའི་དྲོད་འཆོར། ཕྱི་ནང་གི་བྱ་བ་རྫོགས་པའི་མེ་ཐིམ་པའི་རྟགས་སུ། ཡོངས་སུ་རྫོགས་པའི་དྲོད་འཆོར། ཕྱི་ནང་གི་བྱ་བ་གྲུབ་པའི་མེ་ཐིམ་པའི་རྟགས་སུ། སྟོང་པའི་སྒྲོན་མ་མི་མཐོང་ངོ་། །ཕྱི་ནང་རྫོགས་པའི་མེ་ཐིམ་པའི་རྟགས་སུ། ཤེས་པ་རེས་གསལ་རེས་མི་གསལ་ལོ། །ནང་རླུང་ཕྱི་རླུང་ལ་ཐིམ་པའི་རྟགས་སུ། ལུས་ཀྱི་རྩལ་ཤོར། དེ་ཡང་འདི་ལྟར་ཤེས་པར་བྱའོ། །བཀྲག་དང་གཟི་མདངས་སེད་པའི་རླུང་ཐིམ་པའི་རྟགས་སུ། ལུས་ཀྱི་བཀྲག་འཆོར། མེ་དང་མཉམ་དུ་གནས་པའི་རླུང་ཐིམ་པའི་རྟགས་སུ། ལུས་ནས་ཆུ་འབྲུབ། སྲོག་འཛིན་པའི་རླུང་ཐིམ་པའི་


DNG003_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་སུ་དབུགས་མི་ཐུབ། ཀུན་ཏུ་ཁྱབ་བྱེད་ཀྱི་རླུང་ཐིམ་པའི་རྟགས་སུ། ལུས་ཀྱི་བཀྲག་དང་དྲན་པ་འཆོར། སྙིང་རྗེ་མེད་པ་བསྐལ་པ་ལས་ཀྱི་རླུང་ཐིམ་པའི་རྟགས་སུ། ཕྱི་དབུགས་ཆད་པ་ཡིན་ནོ། །དེ་ནི་ཕྱིའི་འབྱུང་བ་ཞེས་བྱའོ། །ནམ་མཁའ་ནམ་མཁའ་ལ་ཐིམ་པ་ནི། ཕྱི་ཀུན་ལ་ཁྱབ་པའི་ནམ་མཁའ་སྒྲོན་མ་རྣམ་པར་དག་པ་ལ་ཐིམ་མོ། །ཡུལ་མེད་གསལ་དག་གི་ནམ་མཁའ་རིག་པ་ལ་ཐིམ་མོ། །མ་འདྲེས་པ་དག་པའི་ནམ་མཁའ་དབྱིངས་ལ་ཐིམ་མོ། །དོན་མཚོན་བྱེད་ཀྱི་ནམ་མཁའ་ཤེས་རབ་ལ་ཐིམ་མོ། །དག་པའི་ཞིང་དུ་སྒྲོལ་བྱེད་ཀྱི་ནམ་མཁའ་ཉི་ཤུ་རྩ་གཅིག་དོན་ལ་ཐིམ་མོ། །དེ་ནི་ནང་གི་འབྱུང་བ་ཞེས་བྱའོ། །རྩ་བ་འཛིན་པའི་སྲོག་ཐིག་ལེ་ལ་ཐིམ་མོ། །སྐྱོབ་བྱེད་ཀྱི་སྲོག་ནམ་མཁའ་ལ་འཁྱིལ་ལོ། །རྣམ་པར་འཕྲོ་བའི་སྲོག་ལུས་ལ་འཁྱིལ་ལོ། །མི་གཙང་བའི་སྲོག་ནམ་མཁའ་ལ་ཡལ་ལོ། །རྣམ་པར་འདར་བྱེད་ཀྱི་སྲོག་དབྱིངས་སུ་ཐིམ་མོ། །དེ་ནི་གསང་བའི་འབྱུང་བ་ཞེས་བྱའོ། །དྭངས་སྙིགས་འབྱེད་པའི་རླུང་ཚོམ་བུ་ལ་ཐིམ་མོ། །དྲོད་སྐྱེད་པའི་རླུང་འོད་ལ་ཐིམ་མོ། །གསལ་འགྱུར་གྱི་རླུང་སྐུ་ལ་ཐིམ་མོ། །རྣམ་པར་སྡུད་པའི་རླུང་ཡེ་ཤེས་ལ་ཐིམ་མོ། །རྣམ་པར་གཟིངས་བསྟོད་པའི་རླུང་ཐུགས་རྗེ་ལ་ཐིམ་མོ། །རྣམ་པར་ཤེས་པ་བསྐྱེད་པའི་རླུང་སྟོང་པ་ལ་ཐིམ་མོ། །རྣམ་པར་ཡིད་འབྱུང་བའི་རླུང་གཉིས་མེད་ལ་ཐིམ་མོ། །རྣམ་པར་མདངས་དང་ལྡན་པའི་རླུང་མཐར་གྲོལ་ལ་ཐིམ་མོ། །རྣམ་པར་སྲེག་པའི་རླུང་བདེ་བ་ཆེན་པོ་ལ་ཐིམ་མོ། །རྣམ་པར་དགོད་པའི་རླུང་གསལ་བ་ལ་ཐིམ་མོ། །གཞི་ལ་ཁྱབ་བྱེད་ཀྱི་རླུང་མཁའ་གསལ་ལ་ཐིམ་མོ། །འཕྲལ་ཁྱབ་བྱེད་ཀྱི་རླུང་གཏིང་གསལ་ལ་ཐིམ་མོ། །སྔངས་ཞིང་སྐྲག་པ་ཁྱབ་བྱེད་ཀྱི་རླུང་ཡུལ་ལ་ཐིམ་མོ། །དྲན་པ་ཁྱབ་བྱེད་ཀྱི་རླུང་བར་དོ་ལ་ཐིམ་མོ། །འཛིན་པས་ལུས་ཀུན་ཁྱབ་པའི་རླུང་རང་སྣང་ལ་ཐིམ་མོ། །རྣམ་པར་སྐྱོད་བྱེད་ཀྱི་རླུང་གིས་རིག་པ་མཁའ་ལ་བསྐྱོད་


DNG003_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །རྣམ་པར་སྒྲོལ་བྱེད་ཀྱི་རླུང་གིས་ཕྱི་ནང་གི་ཆོས་དང་ཕྲལ་ལོ། །རྣམ་པར་ལྡོག་བྱེད་ཀྱི་རླུང་གིས་རང་གི་རིག་པ་གཞི་ལ་ལྡོག་གོ། །རྣམ་པར་མྱུར་བྱེད་ཀྱི་རླུང་གིས་རིག་པའི་ཡུལ་མཐོང་། སྐད་ཅིག་མའི་རླུང་གིས་སྐད་ཅིག་མ་གསུམ་ལ་ཀ་དག་གི་ས་ལ་ཕྱིན་པར་བྱེད་དོ། །དེ་ནི་ཡོངས་སུ་རྫོགས་པའི་འབྱུང་བའོ། །གང་ཟག་རྐྱེན་གྱི་དབང་དུ་མ་སོང་བ་རྣམས་དེ་བཞིན་དུ་ཚེ་དུས་བྱེད་དོ། །དེ་ལྟར་མིན་པ་ཚེའི་འདུ་བྱེད་བྱས་པ་ནི། བྱང་ཆུབ་སེམས་དཔའི་དབུགས་འཕོ་ལུགས་ཞེས་བྱ་སྟེ། སྐྱེ་གནས་ཀྱང་བདེ་བ་དང་ལྡན་པར་སྐྱེའོ། །དེ་མིན་ལས་ཟད་པ་རྣམས་ལ་དེ་བཞིན་དུ་ཤེས་པར་གྱིས་ཤིག །བདེན་པ་མཐོང་བའི་སེམས་ཅན་རྣམས་ལ་འདི་ལྟར་ཤེས་པར་བྱའོ། །རིགས་ཀྱི་བུ་དེ་མྱ་ངན་ལས་འདས་པའི་ཚེ་ལུས་ཀྱི་ཟུང་ཤེར་ནས་ཡེ་ཤེས་ཀྱི་སྣང་བ་གཞི་ལས་འཕགས་ནས་ཡེ་ཤེས་མཁའ་ལ་བསྐྱོད་པའི་ཚེ། རིག་པ་མི་གནས་ལམ་ཕྱུང་ནས་མཁའ་ལ་བསྐྱོད་དོ། །དེ་ཡང་འདི་ལྟར་ཤེས་པར་བྱའོ། །ཙིཏྟའི་དཀྱིལ་ནས་རིག་པ་ཐིག་ལེ་ལ་ཐིམ་མོ། །ཐིག་ལེ་སྒྲོན་མ་ལ་ཐིམ་མོ། །སྒྲོན་མ་འོད་ལ་ཐིམ་མོ། །འོད་སྐུ་ལ་ཐིམ་མོ། །སྐུ་ཚོམ་བུ་ལ་ཐིམ་མོ། །ཚོམ་བུ་ཡེ་ཤེས་ལ་ཐིམ་མོ། །ཡེ་ཤེས་ལྷུན་གྲུབ་ལ་ཐིམ་མོ། །ལྷུན་གྲུབ་ཀ་དག་ཆེན་པོ་ལ་ཐིམ་ནས་ས་ཟིན་པའོ། །གང་ཟག་བདེན་པ་མཐོང་བ་རྣམས་ཀྱི་ཐིམ་ལུགས་དང་གྲོལ་ལུགས་དེ་ལྟར་སྣང་ངོ་། །ཞེས་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། སེམས་ཅན་གྱི་འཕོ་ཚུལ་བསྟན་པའི་ལེའུ་སྟེ་དྲུག་ཅུ་རེ་དྲུག་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་སྟོན་པ་རྡོ་རྗེ་སེམས། །བདག་ཅག་མ་རིག་སེམས་ཅན་ལ། །ཐར་པའི་ཐབས་ཆེན་གསུང་དུ་གསོལ། །ཞེས་ཞུས་སོ། །དེ་ནས་ཡང་སྟོན་པས་བཀའ་སྩལ་པ། ཀྱེ་མ་གསང་བའི་བདག་པོ་ཉོན། །ངས་བསྟན་ལེགས་པར་ཡིད་ལ་ཟུང་། །སེམས་ཀྱི་རྣམ་རྟོག་སྤོངས་


DNG003_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཉོན། །ཡང་དག་ཐབས་ཆེན་དོན་བཤད་ཀྱིས། །མ་ཡེངས་ཚུལ་གྱིས་གུས་པར་ཉོན། །སངས་རྒྱས་དགོངས་པའི་ཚད་གསུངས་པ། །གསང་བ་སྙིང་གི་ཕོ་བྲང་ན། །ཉུང་འབྲུ་འམ་ནི་ཏིལ་འབྲུ་ཙམ། །མ་བསྐྱེད་རྫོགས་པའི་ཚུལ་དུ་གནས། །དེ་ལ་རྟོགས་དང་མ་རྟོགས་མེད། །ཡིན་དང་མིན་པའི་མཐའ་ལས་གྲོལ། །ཤེས་དང་མ་ཤེས་གཉིས་སུ་མེད། །ཡངས་ཤིང་ཆ་ཕྲ་ཀུན་གྱིས་མཐོང་བ་མེད། །རྒྱ་ཆེ་གཏིང་ཟབ་ཀུན་གྱིས་ཤེས་པ་མེད། །འགྱུར་མེད་ཀློང་ཡངས་མཐའ་ལ་ཐུག་པ་མེད། །འགགས་མེད་སྤྱི་མདུད་དབྱིངས་ལ་བྲི་བ་མེད། །རྟོག་མེད་རང་གྲོལ་ལམ་ལ་སྦྱང་དུ་མེད། །རང་བྱུང་རང་ཤར་ངང་གིས་གོ་བ་མེད། །འབྱམས་ཡས་ཕུག་རྡིབ་སྙིང་པོ་གཞི་ལ་རྫོགས། །རྫོགས་པ་རང་བདག་འབྱུང་བ་ཀུན་གྱི་བདག །མཐའ་འདུས་དོན་སྤྱོད་སེམས་ལ་གཡེང་བ་མེད། །ང་མེད་བདག་མེད་འཛིན་པའི་བློ་དང་བྲལ། །དེ་སྐད་ཅེས་བཀའ་སྩལ་པས། དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་ཞུས་སོ། །ཀྱེ་ཀྱེ་སྟོན་པ་ཆེན་པོ་ལགས། །རྫོགས་ཆེན་ཨ་ཏི་ཡོ་ག་ཡི། །ལྟ་སྒོམ་འབྲས་བུ་གསུང་དུ་གསོལ། །ཞེས་ཞུས་སོ། །ཡང་བཀའ་སྩལ་པ། ཀྱེ་མ་གསང་བའི་བདག་པོ་ཉོན། །རྫོགས་ཆེན་ཨ་ཏི་ཡོ་ག་ལ། །ལྟ་དང་སྒོམ་དང་སྤྱོད་པ་མེད། །འོན་ཀྱང་ལེགས་པར་ཡིད་ལ་ཟུང་། །བསྒྲུབ་མེད་རྩལ་སྤྲུག་སྨོན་པ་མེད་པ་ཡི། །བྱར་མེད་ལྷུན་རྫོགས་སྔ་མ་དེ་ཉིད་དོན། །བྱ་དང་བྱེད་པ་ག་ལ་ཡོད། །སྤྱོད་པ་མེད་པའི་ཆོས་ཉིད་རང་བྱུང་འདི། །གང་ཡིན་ཕྱོགས་སུ་མ་ལྷུང་དཔེར་ན་ནམ་མཁའ་བཞིན། །ཡོད་པ་མ་ཡིན་སྟོང་པ་གཅིག་པུ་ཉིད། །མེད་པ་མ་ཡིན་ཡང་དག་བདེ་བའི་སྐུ། །བྱས་པ་མ་ཡིན་རང་བྱུང་རྟོག་མེད་ཉིད། །རྫོགས་ཆེན་ཨ་ཏི་ཡོ་ག་ལ། །བསྒོམ་པའི་ཆོས་ཉིད་ག་ལ་ཡོད། །བཏང་དང་གཞག་པ་མེད་པའི་ཆོས། །སྒོམ་དང་མ་བསྒོམས་མཐའ་ལས་གྲོལ། །འཛིན་མེད་སེམས་ཀྱི་དྲི་མས་བཅིངས། །ཡང་དག་རིག་པ་དྲི་མ་


DNG003_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

མེད། །དྲི་མེད་དག་པའི་ཆོས་སྐུ་ལ། །སྒོམ་དང་བསྒོམ་པར་བྱ་བ་མེད། །བསྒོམས་པས་ཡང་དག་ཉིད་མི་རྙེད། །རྙེད་ན་རང་རིག་མེད་པར་འགྱུར། །ཅི་ཕྱིར་རང་རིག་ཡེ་ཤེས་ལ། །ཡེངས་དང་མ་ཡེངས་མེད་པའི་ཕྱིར། །གང་ལ་འཛིན་པ་ཡོད་པ་ལ། །རང་བྱུང་ཡེ་ཤེས་ཡོད་མ་ཡིན། །གལ་ཏེ་རང་བྱུང་ཡེ་ཤེས་ཉིད། །བསྒོམ་པའི་དབང་དུ་གྱུར་པ་ན། །ཡེ་ནས་དམ་བཅའ་འགལ་བར་འགྱུར། །དེ་ཕྱིར་རྫོགས་ཆེན་ཨ་ཏི་ལ། །བསྒོམས་པས་དོན་མི་མཐོང་བར་བཤད། །རྫོགས་ཆེན་ཨ་ཏི་ཡོ་ག་ལ། །ལྟ་བ་ཉིད་ལ་བལྟ་རུ་མེད། །ལྟ་བ་སེམས་ཀྱི་དྲི་མ་ཡིན། །དྲི་མ་དག་པའི་ཆོས་ཉིད་ལས། །བལྟ་བྱ་ལྟ་བྱེད་གཉིས་དང་བྲལ། །ལྟ་བ་ཉིད་ལ་བལྟ་རུ་མེད། །ཅི་ཕྱིར་ལྟ་བ་ཡོད་གྱུར་ན། །རིག་པའི་སྒྲོན་མ་མེད་པར་འགྱུར། །རྣམ་དག་ཡེ་ཤེས་སྒྲོན་མ་ལས། །ལྟ་བྱེད་ཡོད་དེ་བལྟ་བ་མེད། །ཉིད་ལས་མི་གཞན་འཁོར་ཉིད་ཀྱང་། །སྒྲོན་མ་ཉིད་ཀྱི་ངང་ལ་རྫོགས། །དེ་ཕྱིར་རྫོགས་ཆེན་ཨ་ཏི་ལ། །ལྟ་བར་འཛིན་པའི་ཆོས་ཉིད་མེད། །ཅི་ཕྱིར་སྒྲོན་མ་ཡོད་པའི་ཕྱིར། །དེ་ཕྱིར་ལྟ་བ་མེད་པར་བཤད། །རྫོགས་ཆེན་ཨ་ཏི་ཡོ་ག་ལ། །འབྲས་བུ་བསྒྲུབ་ཏུ་མེད་པར་གསུངས། །འབྲས་བུ་བྱར་མེད་རང་བྱུང་ཉིད། །རྟོག་མེད་པ་ལ་དེ་བཞིན་ཉིད། །ཡེ་ཤེས་དག་སྣང་ཆེན་པོ་ལ། །འཛིན་མེད་རང་མདངས་གསལ་བའི་ཕྱིར། །གལ་ཏེ་འབྲས་བུ་ཡོད་པ་ན། །སངས་རྒྱས་མེད་པ་ཉིད་དུ་འགྱུར། །རང་བྱུང་རྩོལ་བ་མེད་པ་ཡི། །འབྲས་བུ་བྱས་པའི་ཆོས་ཉིད་དོ། །བྱས་པ་གང་དང་གང་ཡོད་པ། །འཇིག་པའི་ཆོས་ཉིད་ཡིན་པའི་ཕྱིར། །དེ་ཕྱིར་འབྲས་བུ་བསྒྲུབ་ཏུ་མེད། །བསྒྲུབས་ཟིན་བསྒྲུབ་ཏུ་མེད་པའི་ཕྱིར། །དེ་ཕྱིར་འབྲས་བུ་མེད་པར་བཤད། །རྫོགས་ཆེན་ཨ་ཏི་ཡོ་ག་ལ། །བྱ་དང་བྱེད་པའི་ཆོས་མེད་པས། །གཅིག་དང་བྱེ་བྲག་མེད་པ་ཡིན། །རྫོགས་ཆེན་ཆོས་ཉིད་ཆེན་པོ་ནི། །འདས་པའི་ཚིག་གིས་མཚོན་དུ་མེད། །


DNG003_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལ་ཡ་ཡི་རྩེ་མོ་ནས། །ཡང་དག་སྣང་སྲིད་ཆོས་ཀྱི་སྐུ། །མཐོང་བའི་དཔེ་མེད་དཔེ་དང་བྲལ། །དཔེ་ཟླ་མེད་པའི་ཉག་གཅིག་པོ། །ད་ལྟར་བཞུགས་པ་བསྟན་དུ་ཡོད། །རྒྱ་མཚོ་ཆེན་པོའི་གཏིང་རུམ་ན། །ཀླུ་རྒྱལ་དགའ་བོའི་ནོར་བུ་ལྟར། །ཟད་མེད་གཏེར་ལ་སྤྱོད་པའོ། །མ་འོངས་ཚིག་ལས་འདས་པའི་ཕྱིར། །དངོས་པོའི་གཟུགས་སུ་མེད་པའོ། །མཚན་མའི་ཆོས་ཉིད་སངས་པའི་ཕྱིར། །འཛིན་མེད་ཅིག་ཅར་འཇུག་པའོ། །དཔེར་ན་ཙནྡན་སྡོང་པོ་ལ། །སྦྲུལ་གྱིས་བསྲུངས་ཏེ་ལོན་པ་མེད། །ལོན་ན་ཚད་པའི་ནད་རྣམས་སེལ། །དེ་བཞིན་ཡེ་ཤེས་སྣང་བ་ཉིད། །བག་ཆགས་འཁྲུལ་པ་འདི་ཡིས་བསྲུངས། །འཁྲུལ་སྣང་འགག་ན་དག་སྣང་སྐྱེ། །དག་པའི་སྣང་བ་ཆེན་པོ་ལ། །འཛིན་པའི་ཆོས་ཉིད་མེད་པའོ། །སེམས་ཅན་ཀུན་གྱི་སྣང་བ་ནི། །བར་དོར་ཡུལ་ལ་རྣམ་པར་སྣང་། །བར་དོའི་ཆོས་ཉིད་དུས་ལས་འགྱུར་བ་མེད། །འགྱུར་མེད་ཆོས་ལ་འཁྲུལ་པ་མེད། །འཁྲུལ་པ་ཡོད་ན་ཆོས་ཉིད་མིན། །རང་གསལ་ཆོས་ལ་འགག་པ་མེད། །འགག་མེད་ཆོས་ལ་རྟོགས་པ་མེད། །དེ་བཞིན་ཆོས་ཉིད་རྟོགས་པ་རྣམས། །ཡང་དག་ཆོས་ཉིད་ཀུན་གྱི་ལམ། །ལམ་ལ་གནས་ན་ཡང་དག་ཆོས། །རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཉིད། །གསང་སྔགས་གསང་བའི་ཡེ་ཤེས་ཉིད། །གང་ལ་ཐོགས་པ་མེད་པར་འཆར། །ཤར་བ་མེད་ཅིང་ནུབ་པ་མེད། །སྟོང་པའི་ཆོས་ཉིད་ཡེ་ཤེས་ཡིན། །གསལ་བ་རྟོག་མེད་མཉམ་པ་མེད། །གོང་ན་མེད་པའི་ཆོས་ཉིད་ནི། །ཆུ་ཟླ་རྐྱེན་དང་འཕྲད་པ་བཞིན། །དངོས་སྣང་གཟུང་དུ་མེད་པའོ། །དཔེ་ཡི་དཀྱིལ་འཁོར་ཆེན་པོ་ཉིད། །གང་ལྟར་བརྟགས་པ་ལྟར་སྣང་ངོ་། །སྣང་བྱེད་རྡོ་རྗེའི་དཀྱིལ་འཁོར་ཉིད། །ཡང་དག་ཆོས་ཉིད་སྐྱེ་མེད་དམ། །ཡང་ན་འཛིན་མེད་རང་གྲོལ་ལོ། །ཅི་ཕྱིར་རང་གྲོལ་ཉིད་ཀྱི་རྒྱ། །མ་འགགས་ཆགས་པ་མེད་པའོ། །ཆགས་འཛིན་


DNG003_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ལས་གྲོལ་བ་ཉིད། །ཡང་དང་ཡང་དུ་ཤེས་པར་བྱའོ། །ཡང་དང་ཡང་དུ་འདྲིས་གྱུར་ན། །བདེན་པ་མཐོང་བའི་གང་ཟག་གོ། །ཡེ་ཤེས་སྐྱེ་དང་བདེན་པ་མཐོང་། །རིག་པ་ཤེས་དང་ཆོས་ཉིད་གོ། །ཡང་དག་བསྒྲུབ་དང་སྐྱེ་མེད་རྟོགས། །དེ་ཡང་བསྟན་པ་འདི་ལྟ་སྟེ། །དང་པོ་བདེན་པ་མཐོང་བ་གཅེས། །ཡེ་ཤེས་སྐྱེ་བའི་གང་ཟག་ནི། །ཕྱོགས་གཅིག་ངེས་ཤེས་སྐྱེས་པའོ། །རིག་པ་ཤེས་པའི་གང་ཟག་ནི། །བདེན་པ་མཐོང་བའི་སྐྱེས་བུའོ། །ཆོས་ཉིད་གོམས་པའི་གང་ཟག་ནི། །དགེ་སྡིག་ཤེས་པའི་རྣལ་འབྱོར་རོ། །ཡང་དག་བསྒྲུབ་པའི་གང་ཟག་ནི། །དངོས་གྲུབ་ཕྲ་མོ་བརྙེས་པའོ། །སྐྱེ་མེད་རྟོགས་པའི་རྣལ་འབྱོར་ནི། །ཡེ་ཤེས་མཐོང་བ་མ་ཡིན་ནོ། །བདེན་པ་མཐོང་བའི་གང་ཟག་ནི། །ཡང་དག་དཀྱིལ་འཁོར་མཐོང་བའོ། །ཡང་དག་དཀྱིལ་འཁོར་ཆེན་པོའི་དོན། །སུས་ཀྱང་མཐོང་བ་མེད་པར་གསུངས། །རྡོ་རྗེ་སེམས་དཔའི་ཆོས་ཉིད་འདི། །མཐོང་བ་མཆོག་ཏུ་གྱུར་པ་ལས། །གཞན་གྱིས་མཐོང་བ་ཡོད་རེ་ཀན། །ཞེས་སྟོན་པས་བྲོ་བཏོན་ནོ། །ཞེས་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། རྫོགས་ཆེན་གཏན་ཚིགས་དང་བཅས་ཏེ་བསྟན་པའི་ལེའུ་སྟེ་དྲུག་ཅུ་རེ་བདུན་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་སྟོན་པ་སྟོབས་ཆེན་བདག །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ཡི། །ངེས་ཚིག་ཁ་བྱང་གསུང་དུ་གསོལ། །མོས་པ་སྐྱེ་བའི་འཁོར་རྣམས་ལ། །རྒྱུད་རྒྱལ་ངེས་ཚིག་རྒྱལ་པོ་གསུངས། །ཞེས་ཞུས་སོ། །དེ་ནས་ཡང་བཀའ་སྩལ་པ། ཀྱེ་མ་གསང་བའི་བདག་པོ་ཉོན། །ང་ཡིས་ཁྱོད་ལ་བསྟན་པར་བྱ། །ལེགས་པའི་ཡིད་དང་བཅས་པས་ཉོན། །བདག་ཉིད་ལྟ་བུའི་རིག་པ་ལ། །གཟུང་དང་འཛིན་པ་མེད་པའི་ཕྱིར། །རང་ཞེས་བྱ་བར་ཤེས་པས་བཤད། །རྒྱུད་ཀྱི་རྒྱལ་པོའི་ངེས་ཚིག་ནི། །ཀྱེ་མ་སྣ་ཚོགས་རིག་པའི་ཀློང་དུ་འདུས། །


DNG003_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པའི་ཡེ་ཤེས་དངོས་པོ་སྟོན་པའི་ཕྱིར། །རིག་པའི་རྒྱུད་ཅེས་ཀུན་ཏུ་གྲགས་པ་ཡིན། །དེ་ཡང་འགག་མེད་རིག་པ་ལ། །ཆ་ཤས་ཆོས་དང་བྲལ་བའི་ཕྱིར། །རིག་པའི་རྒྱུད་ཅེས་ཀུན་ཏུ་གྲགས་པ་ཡིན། །རིག་པའི་རྒྱུད་ལ་འགྱུར་བ་མེད། །སྣ་ཚོགས་དོན་ལས་འདས་པའི་ཕྱིར། །རིག་པའི་རྒྱུད་ཅེས་ཀུན་ཏུ་གྲགས། །ཡེ་ཤེས་རྣམ་པ་ལྔ་ཡི་དོན། །རང་ལས་འཆར་ཞིང་སྟོན་པའི་ཕྱིར། །རང་གི་རྒྱུད་ཅེས་ཀུན་ཏུ་གྲགས། །རིག་པའི་ཆོས་སྐུ་དག་པ་དེ། །རང་ལས་རང་བྱུང་རྫོགས་པའི་ཕྱིར། །རང་གི་རྒྱུད་ཅེས་ཡོངས་སུ་གྲགས། །རིག་པ་སྐྱེ་འགག་མེད་པའི་དོན། །ང་ཡིས་ཁྱོད་ལ་བསྟན་པ་སྟེ། །རང་ཤར་ཞེས་ཀྱང་དེ་ལ་བྱ། །འཛིན་མེད་ཡངས་པའི་ཀློང་དཀྱིལ་ནས། །རྟོག་མེད་རང་བྱུང་སྐུ་ཉིད་ཤར། །རང་ཤར་ཞེས་ཀྱང་དེ་ལ་བྱ། །རང་བྱུང་ཕོ་བྲང་དཀྱིལ་འཁོར་ནས། །སྐུ་ལྔ་ལྷག་གིས་བྱུང་བ་སྟེ། །འགག་མེད་རང་ཤར་ཆེན་པོར་བཤད། །རྡོ་རྗེ་སེམས་དཔའི་ཡེ་ཤེས་ནི། །རང་ལས་ཤར་ཞིང་སྤྱོད་པ་ནི། །རང་ཤར་ཆེན་པོའི་རྒྱུད་ཅེས་ཀུན་ཏུ་གྲགས། །རང་བྱུང་གསང་ཆེན་དཀྱིལ་འཁོར་ཀུན་ལ་རོལ། །ཐབས་ཀྱི་འཁོར་ལོ་བསྐོར་ཞིང་སྤྱོད་པའི་ཕྱིར། །རང་ཤར་ཆེན་པོའི་རྒྱུད་ཅེས་འགྲོ་བ་ཡོངས་ལ་གྲགས། །སངས་རྒྱས་རྣམས་ཀྱི་དགོངས་པ་འདུས་པའི་ཕྱིར། །རང་ཤར་རྒྱུད་ཅེས་ཡང་དག་གྲགས། །ཡང་དག་སངས་རྒྱས་ཀུན་གྱི་ལམ་ཡིན་པས། །འགྱུར་མེད་རང་ཤར་ཞེས་སུ་བཤད་པ་ཡིན། །ཐམས་ཅད་འགགས་མེད་ཀློང་དུ་འདུས་པའི་ཕྱིར། །རིག་པ་རང་ཤར་ཞེས་སུ་གྲགས། །དེ་ཡིས་དོན་ཆེན་དགྲོལ་བའི་ཕྱིར། །རང་གྲོལ་ཆེན་པོའི་རྒྱུད་དུ་གྲགས། །ཐམས་ཅད་གཏན་ལ་འབེབས་པའི་ཕྱིར། །ཐལ་འགྱུར་ཆེན་པོའི་རྒྱུད་དུ་གྲགས། །སྡོམ་བྱང་རྒྱས་པར་བསྟན་པའི་ཕྱིར། །སྙིང་གི་མེ་ལོང་ཞེས་སུ་གྲགས། །གདམས་ངག་དོན་ལ་བསྟན་པའི་ཕྱིར། །ནོར་བུ་ཕྲ་བཀོད་ཅེས་སུ་གྲགས། །གོལ་སྒྲིབ་གདར་ཤ་བཅད་པའི་


DNG003_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། །ཐུགས་ཀྱི་མེ་ལོང་ཞེས་སུ་གྲགས། །ཐམས་ཅད་དབྱིངས་སུ་བསྐྱལ་བའི་ཕྱིར། །ཀློང་ཆེན་དྲུག་པ་ཞེས་སུ་གྲགས། །འཁྲུལ་གཞི་གཏན་ལ་དབབ་པའི་ཕྱིར། །བཀྲ་ཤིས་མཛེས་ལྡན་རྒྱུད་དུ་གྲགས། །འཁྲུལ་པ་གཞི་ལས་བཟློག་པའི་ཕྱིར། །མུ་ཏིག་ཕྲེང་བའི་རྒྱུད་ཅེས་གྲགས། །ཡེ་ཤེས་སྣང་བ་བསྟན་པའི་ཕྱིར། །སྒྲོན་མ་འབར་བའི་རྒྱུད་དུ་གྲགས། །རིག་པའི་སྐྱེན་རྣམས་སྤངས་པའི་ཕྱིར། །སྐུ་གདུང་འབར་བའི་རྒྱུད་དུ་གྲགས། །བལྟ་བ་གཏན་ལ་དབབ་པའི་ཕྱིར། །སེང་གེ་རྩལ་རྫོགས་རྒྱུད་དུ་གྲགས། །འཁྲུལ་སྣང་ལམ་དུ་ཁྱེར་བའི་ཕྱིར། །ཡི་གེ་མེད་པའི་རྒྱུད་ཅེས་གྲགས། །བར་དོའི་ཡེ་ཤེས་ངོས་གཟུང་ཕྱིར། །ཉི་ཟླ་ཁ་སྦྱོར་རྒྱུད་དུ་གྲགས། །སྒྲོན་མ་ཉམས་སུ་བླང་བའི་ཕྱིར། །ངོ་སྤྲོད་སྤྲས་པའི་རྒྱུད་དུ་གྲགས། །རང་གི་རིག་པ་བསྟན་པའི་ཕྱིར། །རིན་ཆེན་སྤུངས་པའི་རྒྱུད་དུ་གྲགས། །དབང་བསྐུར་གདམས་ངག་བསྟན་པའི་ཕྱིར། །རྫོགས་པ་རང་བྱུང་རྒྱུད་དུ་གྲགས། །དམ་ཉམས་རྩད་ནས་གཅད་པའི་ཕྱིར། །ནག་མོ་ཁྲོས་མའི་རྒྱུད་དུ་གྲགས། །དབང་གི་སྡོམ་བྱང་བསྟན་པའི་ཕྱིར། །གཙུག་ན་མེ་འབར་རྒྱུད་དུ་གྲགས། །ཞུས་ལན་རྒྱས་པར་བསྟན་པའི་ཕྱིར། །མེ་ལྕེ་ཕྲེང་བའི་རྒྱུད་དུ་གྲགས། །འོད་ཟེར་བྱུང་ཚུལ་བསྟན་པའི་ཕྱིར། །འོད་ཟེར་ཅན་གྱི་རྒྱུད་དུ་གྲགས། །ཐམས་ཅད་བཅུད་དུ་བསྟན་པའི་ཕྱིར། །ཆེ་མཆོག་དགོངས་པའི་རྒྱུད་དུ་གྲགས། །དེ་ལ་སོགས་པའི་རྒྱུད་སྡེ་རྣམས། །དུར་ཁྲོད་ཆེན་པོའི་གནས་མཆོག་འདིར། །ངས་བཤད་ལེགས་པར་ཡིད་ལ་ཟུང་། །ཞེས་གསུངས་པས། གསང་བའི་བདག་པོ་ངོ་མཚར་མཆོག་ཏུ་སྐྱེས་ནས། ཡང་འདི་སྐད་ཅེས་གསོལ་ཏོ། །ཀྱེ་སྟོན་པ་ཆེན་པོ་གསང་བའི་རྒྱུད་ཆེན་པོ་གསུང་དུ་གསོལ། ཞེས་ཞུ་བ་ཞུས་སོ། །དེ་ནས་སྟོན་པས་རྒྱུད་ཆེན་པོ་འདི་གསུངས་སོ། །དང་པོའི་རྒྱུད་ཆེན་པོ་ཞེས་བྱ་བའོ། །དེ་ནས་


DNG003_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

མན་ངག་གི་སྡོམ་བྱང་སྙིང་གི་མེ་ལོང་གི་རྒྱུད་ཆེ་ཆུང་གསུངས་སོ། །དེས་ན་ཡང་རྒྱུད་ཐམས་ཅད་དུས་གཅིག་ལ་གསུངས་སོ། །སྟོན་པ་ཆེན་པོ་དེས་བསམ་གྱིས་མི་ཁྱབ་པའི་རྒྱུད་གསུངས་སོ། །རྫོགས་པ་ཆེན་པོའི་དོན་གཏན་ལ་འབེབས་པའི་རྒྱུད་ཀྱི་རྒྱལ་པོ་འདི་ཡིས་ཤེས་པར་བྱའོ། །གསང་སྔགས་ཀྱི་ཁ་བྱང་དུ་མཛད་པའོ། །ཡང་དག་པའི་ལམ་དང་འདྲེས་པའི་རྒྱུད་ཆེན་པོ་འདི། ལས་དང་ལྡན་པ་སྦྱངས་པའི་སྟོབས་མ་ཉམས་པ་འགའི་བཅུད་ཡིན་ནོ། །སྐྱེས་བུ་བློ་རྩལ་རབ་ཀྱིས་བལྟ་བའི་རྒྱུད་ཡིན་ནོ། །ཞེས་སྟོན་པས་གསུངས་སོ། །ཞེས་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། རྒྱུད་ཀྱི་སྡོམ་བྱང་བསྟན་པའི་ལེའུ་སྟེ་དྲུག་ཅུ་རེ་བརྒྱད་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེའི་སྐུ། །བདག་ཅག་མོས་པའི་འཁོར་རྣམས་ལ། །སྟོན་པ་མྱ་ངན་འདས་འོག་ཏུ། །ལོག་ལྟའི་རིགས་རྣམས་ཐམས་ཅད་ཀུན། །རྩོད་ཅིང་སུན་འབྱིན་མི་འགྱུར་རམ། །རྒོལ་ཚིག་ལན་དང་བཅས་པ་གསུངས། །ཞེས་ཞུས་སོ། །དེ་ནས་བཅོམ་ལྡན་འདས་བལྟ་བ་ངན་པ་སེལ་བའི་དགོངས་པ་ལ་བཞུགས་སོ། །དེ་ནས་མཁའ་འགྲོ་མ་རྣམས་ཀྱིས་ལྷའི་རོལ་མོ་སྣ་ཚོགས་བྱས་ནས། སྟོན་པ་ལ་འདི་སྐད་ཅེས་ཞུས་སོ། །ཀྱེ་ཀྱེ་སྟོན་པ་ཆེན་པོ་ཏིང་ངེ་འཛིན་ལ་བཞེངས་ནས། བདག་ཅག་མོས་པའི་འཁོར་རྣམས་ལ། ཐབས་དམ་པ་བསྟན་དུ་གསོལ། མ་རིག་པའི་ལིང་ཏོག་བསལ་དུ་གསོལ། །ཞེས་ཞུས་སོ། །དེ་ནས་བཅོམ་ལྡན་འདས་ལྟ་བ་ངན་པ་སེལ་བའི་ཏིང་ངེ་འཛིན་ལས་བཞེངས་ཏེ། འཁོར་རྣམས་ལ་ཚིགས་སུ་བཅད་དེ་བཀའ་སྩལ་པ། ཨེ་མ་ཨེ་མ་འདུས་པའི་ཚོགས་རྣམས་ཉོན། །ང་ལ་སྐྱེ་དང་འཆི་མེད་ཀྱང་། །གལ་ཏེ་མྱ་ངན་འདས་སྲིད་ན། །མུ་སྟེགས་ལོག་པར་སྤྱོད་པ་རྣམས། །སུན་ཕྱུང་ཚར་གཅོད་བྱ་བའི་ཕྱིར། །གཏན་ཚིགས་ཕྱིར་རྒོལ་ལེའུ་བསྟན། །གལ་ཏེ་གཞི་ལ་རྩོད་གྱུར་ན། །


DNG003_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དག་རྩོད་པའི་གྲོགས་པོ་རྣམས། །ལྷུན་གྲུབ་དག་ཏུ་འདོད་པ་ན། །དྲི་བ་འདི་ལྟར་འདྲི་བར་བྱ། །སྣ་ཚོགས་འབྱུང་བར་འདོད་དམ་ཅི། །དྲིས་ལན་འདི་ལྟར་ཟེར་བ་ལ། །ལྡོག་པའི་རིག་པས་སུན་འབྱིན་བྱ། །སྣ་ཚོགས་འབྱུང་བར་འདོད་པ་ལ། །རོལ་པ་ཕྱོགས་མེད་འཆར་འདོད་ན། །གལ་ཏེ་ལྡོག་པ་འདི་ལྟར་བྱའོ། །ལྷུན་གྲུབ་དག་ཏུ་འདོད་པའི་ཕྱིར། །སེམས་ཅན་འབད་པས་གྲོལ་མི་འགྱུར། །གྲོལ་ན་ལྷུན་གྲུབ་མིན་པར་འགྱུར། །གཞི་དེ་འགྱུར་བ་ཅན་དུ་འགྱུར། །ཅི་ཕྱིར་ལྷུན་གྲུབ་ཡིན་པའི་ཕྱིར། །ལྷུན་གྲུབ་གཞི་ལ་མངོན་སུམ་མེད། །ཅི་ཕྱིར་གཏན་ཚིགས་མེད་པའི་ཕྱིར། །གང་ཕྱིར་རིག་པས་ཕུག་པའི་ཕྱིར། །ཆོས་སྐུ་མཚན་མ་ཅན་དུ་གང་འདོད་པ། །དེ་ལ་ཕྱིར་ཟློག་འདི་ལྟ་སྟེ། །ཆོས་སྐུ་རྣམ་དག་ཡེ་ཤེས་ལ། །དངོས་པོ་གཟུང་དུ་མེད་པའི་ཕྱིར། །མཚན་མ་ཅན་དུ་བཏགས་པ་མེད། །གལ་ཏེ་མཚན་མ་ཡོད་ན་ཡང་། །ཆོས་སྐུ་གཟུང་དུ་ཡོད་པར་འགྱུར། །ཅི་ཕྱིར་མངོན་སུམ་ཡུལ་དུ་འདོད་པའི་ཕྱིར། །མཚན་མ་ཅན་དུ་ལྡོག་པ་ན། །ཆོས་སྐུ་གཟུགས་སྐུར་ཡོད་པར་འགྱུར། །ཅི་ཕྱིར་དམིགས་སུ་ཡོད་དགོས་ཕྱིར། །ཆོས་སྐུ་དེ་ལྟར་མི་འདོད་དེ། །ངོ་བོ་སྟོང་པ་རང་བཞིན་གསལ། །མཐུན་པའི་འོད་དང་བཅས་པར་འདོད། །དེ་ལ་རྒོལ་བ་འདི་ལྟར་འོད། །ངོ་བོ་སྟོང་པ་ཡོད་པའི་ཕྱིར། །རིག་པ་མེད་པ་ཉིད་དུ་འགྱུར། །དཔེར་ན་ནམ་མཁའ་སྟོང་པ་བཞིན། །རིག་མེད་སྟོང་པ་ཉིད་དུ་འགྱུར། །གལ་ཏེ་སྟོང་ཉིད་ཡོད་ན་ནི། །ཆོས་སྐུའི་འོད་སྣང་མེད་པར་འགྱུར། །ཅི་ཕྱིར་སྟོང་པ་ཡིན་པའི་ཕྱིར། །འོན་ཀྱང་དེ་ལྟར་མི་འདོད་དེ། །སྟོང་པའི་རང་བཞིན་གསལ་བའི་ཕྱིར། །གསལ་བ་འདོད་ན་འདི་ལྟ་སྟེ། །དེ་ལ་ཞེན་ཆགས་ཡོད་པའི་ཕྱིར། །ཆོས་སྐུ་འདོད་པ་ཅན་དུ་འགྱུར། །ཅི་ཕྱིར་དགའ་བ་ཡོད་པའི་ཕྱིར། །འོན་ཀྱང་དེ་ལྟར་མི་འདོད་དོ། །སྣང་


DNG003_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རང་འོད་ཡོད་པའི་ཕྱིར། །ཆོས་སྐུའི་རྒོལ་ཚིག་དེ་བཞིན་ནོ། །ལ་ལ་དག་གི་འདོད་པ་ནི། །སེམས་ལས་འབྲས་བུ་ཚོལ་བར་འདོད། །དེ་ལ་བཟློག་པ་འདི་ལྟ་སྟེ། །སེམས་ཀྱི་དངོས་པོ་ཅི་ལྟར་ལགས། །དྲིས་ལན་རྒྱས་པར་གདབ་པ་ནི། །སེམས་ལ་དངོས་པོ་མེད་པའི་ཕྱིར། །འོ་ན་སེམས་ཀྱི་མཚན་ཉིད་ཅི། །དྲིས་ལན་རྒྱས་པར་གདབ་པ་ནི། །ཆོས་ཉིད་གཟུང་འཛིན་ག་ལ་ཡོད། །དཔེར་ན་ནམ་མཁའི་མཚན་ཉིད་བཞིན། །གཟུང་དང་འཛིན་པ་མེད་པའི་ཕྱིར། །དེ་ལ་བཟློག་པའི་ཚིག་སྨྲ་བ། །སེམས་ལ་གཟུང་འཛིན་ཡོད་དམ་མེད། །དྲིས་ལན་རྒྱས་པར་བསྟན་པ་ནི། །སེམས་ལ་གཟུང་དང་འཛིན་ཡོད་ཀྱང་། །ཆོས་ཉིད་གཟུང་འཛིན་མེད་པའི་ཕྱིར། །དེ་ལ་བཟློག་པ་ཡང་སྨྲས་པ། །གོང་གི་དམ་བཅའ་ཉམས་པར་གྱུར། །ཅི་ཕྱིར་སེམས་དང་ཆོས་ཉིད་གཅིག་པའི་ཕྱིར། །སེམས་ལ་གཟུང་འཛིན་བྱུང་གྱུར་ན། །སངས་རྒྱས་འབད་པས་རྙེད་མི་འགྱུར། །ཅི་ཕྱིར་སེམས་ལ་གཟུང་འཛིན་ཡོད་པའི་ཕྱིར། །དྲིས་ལན་བཟློག་སྟེ་བསྟན་པ་ནི། །གལ་ཏེ་སེམས་མེད་སངས་རྒྱས་ཉིད། །ཁྱོད་ཀྱིས་རྙེད་དམ་གང་གི་ཕྱིར། །དེ་ལ་དྲིས་ལན་རྒྱས་གདབ་པ། །སེམས་ལས་འབྲས་བུ་མི་འཚལ་ཏེ། །ཅི་ཕྱིར་སེམས་ལས་སྣ་ཚོགས་འབྱུང་བའི་ཕྱིར། །སེམས་ནི་བག་ཆགས་སྡུད་པ་ཡིན། །ཅི་ཕྱིར་འཛིན་པ་ཡུལ་ལ་འགྱུས་པའི་ཕྱིར། །སེམས་ནི་འཁོར་བའི་རྩ་བ་ཡིན། །སེམས་ནི་སྤང་བའི་རིམ་པ་ཡིན། །ཅི་ཕྱིར་རང་རིག་དངོས་པོ་ཡོད་པའི་ཕྱིར། །སེམས་ནི་འཁྲུལ་པའི་རྩ་བ་སྟེ། །ཐམས་ཅད་དེ་ལས་གྱེས་པ་ཡིན། །ཅི་ཕྱིར་འདྲ་གཞི་དག་ལས་གོལ་བའི་ཕྱིར། །སེམས་ནི་དྲི་མ་ཅན་དུ་བསྟན། །ཅི་ཕྱིར་རྣམ་རྟོག་ཡོད་པའི་ཕྱིར། །སེམས་ནི་བྱ་སྒྲོ་ལྟ་བུ་ཡིན། །ཅི་ཕྱིར་སྤངས་པ་མེད་པའི་ཕྱིར། །དེ་ནས་ཚུར་ལ་བཟློག་པའི་ཚིག་སྨྲས་པ། །འོ་ན་ཅི་ལྟར་


DNG003_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཉིད་འདོད། །དེ་ནས་དྲིས་ལན་རྒྱས་བཏབ་པ། །སེམས་ལ་འབྲས་བུ་མི་འདོད་དེ། །རིག་པའི་ཡེ་ཤེས་ཡོད་པའི་ཕྱིར། །འོ་ན་རིག་པ་འདི་ཉིད་ལ། །མཚན་ཉིད་རྣམ་པ་དུ་དང་ལྡན། །དེ་ནས་དྲིས་ལན་འདི་ལྟར་བྱ། །རིག་པའི་ཡེ་ཤེས་མཚན་ཉིད་ནི། །སྟོང་དང་གསལ་དང་ཁྱབ་པ་ཡིན། །ཅི་ཕྱིར་སྟོང་པ་ཉིད་ཅེས་བྱའོ། །དེ་ནས་དྲིས་ལན་འདི་ལྟར་བྱ། །རིག་པ་དངོས་པོ་མེད་པའི་ཕྱིར། །སྟོང་པ་ཞེས་ནི་དེ་ལ་བྱ། །དཔེར་ན་ནམ་མཁའ་སྟོང་པ་བཞིན། །སྣང་ཡང་དངོས་པོར་བཟུང་དུ་མེད། །དེ་ནས་དྲི་བ་དྲིས་པ་དང་། །འདི་སྐད་ཚིག་རྣམས་བརྗོད་པར་བྱ། །ཅི་ཕྱིར་སྟོང་པ་ཉིད་ཅེས་བྱ། །དེ་ནས་དྲིས་ལན་འདི་ལྟར་བྱའོ། །ཤེས་ཤིང་རིག་པ་ཡོད་པའི་ཕྱིར། །ཤེས་རིག་གསལ་བ་ཉིད་དུ་ཡོད། །ཅི་ཕྱིར་གསལ་བ་ཡོད་གྱུར་ན། །མཚན་མ་ཅན་དུ་མི་འགྱུར་རམ། །ཅི་ཕྱིར་གསལ་བ་མཛེས་པའི་ཕྱིར། །དེ་ནས་དྲིས་ལན་འདི་ལྟར་བྱ། །མཚན་མ་ཅན་དུ་མི་འགྱུར་ཏེ། །དེ་ལ་ཆགས་པ་མེད་པའི་ཕྱིར། །དེ་ཡང་འདི་ལྟར་ཤེས་པར་བྱའོ། །དཔེར་ན་ཉི་མའི་དཀྱིལ་འཁོར་བཞིན། །གསལ་ཡང་ཕྱོགས་སུ་མ་ལྷུང་བའོ། །ཅི་ཕྱིར་ཞེ་འདོད་མེད་པའི་ཕྱིར། །དེ་ལ་བཟློག་པའི་ཚིག་སྨྲས་པ། །གསལ་བ་ཞེ་འདོད་ཡོད་པའི་ཕྱིར། །ཅི་ཕྱིར་ཞེ་འདོད་མེད་པར་འགྱུར། །དེ་ལ་ཆགས་པས་བཟུང་བའི་ཕྱིར། །དེ་ལ་དྲིས་ལན་རྒྱས་བཏབ་པ། །དེ་ལྟར་མི་འདོད་འདི་བཞིན་ནོ། །དེ་ལ་ཁྱབ་པ་ཡོད་པའི་ཕྱིར། །འོ་ན་རྟོགས་དང་མ་རྟོགས་མེད་པར་འགྱུར། །ཅི་ཕྱིར་ཀུན་ལ་ཡོད་པའི་ཕྱིར། །དེ་ནས་དྲིས་ལན་རྒྱས་གདབ་པ། །དེ་ལ་བསྟན་དུ་ཡོད་པའི་ཕྱིར། །ཅི་ཕྱིར་དཔེར་ན་འབྲས་བུ་ལེན་པ་བཞིན། །འོ་ན་ཀུན་ཁྱབ་དམ་བཅས་ཉམས། །ཅི་ཕྱིར་བསྟན་དུ་ཡོད་པའི་ཕྱིར། །བསྟན་དུ་ཡོད་པའི་དོན་མཐོང་ཕྱིར། །ཅི་ཕྱིར་དོན་ལ་མཐོང་བ་ཡོད། །མཐོང་


DNG003_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་མེད་ལ་མཐོང་བྱེད་ཡོད། །ཅི་ཕྱིར་མཐོང་བྱེད་ཡོད་པར་འགྱུར། །གཞི་དང་སེམས་ཅན་གཅིག་པའི་ཕྱིར། །དེ་ཕྱིར་དོན་ལ་མཐོང་བ་ཡོད། །གང་ཕྱིར་རིག་པའི་ཆོས་ཉིད་ཡིན། །འཛིན་མེད་རང་སར་དག་པའི་ཕྱིར། །འཛིན་པ་མེད་ན་ཚིག་ཀྱང་མེད། །ཅི་ཕྱིར་ཚིག་ལ་འཛིན་ཡོད་ཕྱིར། །འོ་ན་དམ་བཅའ་འཛིན་པ་ཡོད་དམ་ཅི། །ཡང་དག་སེམས་ལ་འཛིན་མེད་ཀྱང་། །སྣ་ཚོགས་སེམས་ལ་འཛིན་པ་ཡོད། །ཅི་ཕྱིར་སྣ་ཚོགས་སེམས་སུ་འདོད། །ཐམས་ཅད་འབྱུང་བས་སྣ་ཚོགས་སེམས། །སངས་རྒྱས་འབྲས་བུ་འབྱུང་འགྱུར་རམ། །དེ་ནས་དྲིས་པའི་ལན་སྨྲས་པ། །ཐམས་ཅད་འབྱུང་ཕྱིར་སངས་རྒྱས་འབྱུང་། །འོ་ན་སངས་རྒྱས་འཛིན་པ་ཡོད། །ཅི་ཕྱིར་སྣ་ཚོགས་སེམས་ལས་བྱུང་བའི་ཕྱིར། །འོ་ན་ཚིག་ལ་འཛིན་པ་མེད་དམ་ཅི། །ཚིག་ལ་འཛིན་པ་མེད་པའི་ཕྱིར། །དཔེར་ན་བྲག་ཆ་ལྟ་བུ་སྟེ། །གྲགས་ཀྱང་འཛིན་པ་མེད་པ་བཞིན། །དེ་བཞིན་ཚིག་གི་དོན་བཙལ་བས། །དོན་རྙེད་ཚིག་ལ་ཞེན་པ་མེད། །དེ་ཕྱིར་འཛིན་མེད་ཆེན་པོར་བཤད། །ལ་ལས་གཉིས་མེད་དག་ཏུ་འདོད། །དེ་ལ་འདི་དག་བཟློག་པར་བྱ། །གཉིས་མེད་དག་ཏུ་འདོད་པ་རྣམས། །གཉིས་མེད་བྱ་བ་གང་ལ་སླེར་ཡང་བྱུང་བས་དཔྱད། གླེང་། །དེ་ལ་དྲིས་ལན་རྒྱས་པར་སྨྲ། །ཆོས་རྣམས་ཐམས་ཅད་གཉིས་མེད་ཡིན། །དེ་ཕྱིར་གཉིས་མེད་ཡིན་པར་འགྱུར། །སེམས་ཅན་མེད་པས་སངས་རྒྱས་མེད། །དེ་ཕྱིར་གཉིས་སྣང་མཐའ་དང་བྲལ། །ཡང་དག་དོན་ལ་གསུངས་པ་འམ། །འོན་ཏེ་འཁྲུལ་སྣང་ཡུལ་ལ་གསུངས། །དེ་ལ་ལན་དང་གཏན་ཚིགས་བསྟན། །ཡང་དག་དོན་ལ་དེ་བཞིན་ཏེ། །འཁྲུལ་སྣང་ཡུལ་ལ་གཉིས་སུ་སྣང་། །དེ་ལ་ཟློག་པའི་ཚིག་སྨྲས་པ། །ཡང་དག་དོན་ལ་གཉིས་མེད་ཕྱིར། །འཁྲུལ་སྣང་དོན་ལ་གཉིས་མི་རིགས། །ཅི་ཕྱིར་དོན་ལ་གཉིས་མེད་ཕྱིར། །གལ་ཏེ་སེམས་ཅན་ཐམས་ཅད་ཀྱང་། །འབད་མི་དགོས་པར་གྲོལ་བར་རིགས། །ཅི་ཕྱིར་


DNG003_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་ལ་གཉིས་མེད་ཕྱིར། །འོ་ན་གཉིས་སུ་འདོད་དམ་ཅི། །དེ་ནས་དྲིས་ལན་གདབ་པར་བྱ། །སངས་རྒྱས་སེམས་ཅན་མེད་པའི་ཚེ། །གཞི་ལ་གཉིས་དང་གསུམ་དུ་མེད། །དེ་ལས་རོལ་པའི་རྩལ་ཤར་བས། །སངས་རྒྱས་སེམས་ཅན་གཉིས་སུ་བྱུང་། །ད་ལྟའི་གཞི་ལ་གཉིས་སུ་འདོད། །ཅི་ཕྱིར་གཉིས་སུ་ཡོད་པར་གསུངས། །གཞི་ལ་བཟང་ངན་མེད་པའི་ཕྱིར། །འོ་ན་འགྱུར་ལྡོག་མེད་པར་འགྱུར། །ཅི་ཕྱིར་སེམས་ཅན་སངས་མི་རྒྱ་བར་རིགས། །དཔེར་ན་སོལ་བ་ནག་པོ་ལ། །ཕྱི་བདར་བྱས་ཀྱང་དཀར་པོ་མེད། །དེ་བཞིན་སེམས་ཅན་འཁྲུལ་པ་ཡང་། །བསྒོམ་བསྒྲུབ་བྱས་ཀྱང་སངས་མི་རྒྱས། །དེ་ནས་དྲིས་ལན་འདི་ལྟར་གདབ། །དེ་ལ་བསྟན་དུ་ཡོད་པའི་ཕྱིར། །བསྟན་ནས་འབྲས་བུ་ཐོབ་པར་འགྱུར། །མ་བསྟན་གྲོལ་བར་ག་ལ་འགྱུར། །གཞི་ཡི་ཆོས་ལ་མཚན་མ་མེད། །ལམ་གྱི་ཆོས་ལ་འཛིན་ཡོད་མིན། །འབྲས་བུའི་ཆོས་ཉིད་ཐོབ་པ་མིན། །སེམས་ཅན་གཞི་དང་སངས་རྒྱས་གཞི། །ཁྱད་པར་གཅིག་གིས་ཕྱེ་བར་ངེས། །ཁྱད་པར་གཅིག་པོ་གང་གི་ཕྱིར། །ཅི་ཕྱིར་ཁྱད་པར་གཅིག་ཅེས་བྱ། །སངས་རྒྱས་གཞི་ལ་ཡེ་ཤེས་ཡོད། །སེམས་ཅན་གཞི་ལ་ཡེ་ཤེས་མེད། །ཡེ་དང་ཤེས་པ་གཉིས་འཛོམ་ན། །སངས་རྒྱས་དགོངས་པ་དམ་པ་ཡིན། །དེ་ཕྱིར་གཞན་ལ་ཁྱད་ཅི་ཡོད། །ལ་ལས་ཀུན་གཞི་ཆོས་སྐུར་འདོད། །དེ་ལ་ལན་བཏབ་བསྟན་པའི་ཕྱིར། །ཀུན་གཞིའི་མཚན་ཉིད་ཇི་ལྟར་ཡིན། །དེ་ནས་དེ་ཡི་ལན་སྨྲས་པ། །ཐམས་ཅད་རྫོགས་ཕྱིར་ཀུན་གཞི་ཡིན། །དེ་ནས་དྲིས་པའི་ཚིག་གིས་བཟློག །སངས་རྒྱས་འགྱུར་བ་ཡོད་པར་རིགས། །ཅི་ཕྱིར་ཀུན་གཞི་སྣ་ཚོགས་འཆར་བའི་ཕྱིར། །དེ་ལ་ཐམས་ཅད་རྫོགས་པའི་ཕྱིར། །སངས་རྒྱས་ཉིད་དུ་སེམས་ཅན་རིགས། །ཅི་ཕྱིར་ཐམས་ཅད་རྫོགས་པའི་ཕྱིར། །ཡང་ན་སངས་རྒྱས་རེས་འཇོག་ཅན་དུ་འགྱུར། །ཅི་ཕྱིར་


DNG003_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་འཆར་བའི་ཕྱིར། །རེས་འགའ་སངས་རྒྱས་ཡིན་པར་འགྱུར། །རེས་འགའ་སེམས་ཅན་ཡིན་པར་འགྱུར། །ཅི་ཕྱིར་རེས་འཇོག་ཡོད་པའི་ཕྱིར། །དེ་ནས་དྲི་བ་བཟློག་སྟེ་སྨྲས། །འོ་ན་ཀུན་གཞི་མེད་དམ་ཅི། །དེ་ནས་དྲིས་པའི་ལན་བཏབ་པ། །ཀུན་གཞི་རྣམ་རྟོག་འཛིན་པ་ལ། །སྣ་ཚོགས་པ་ཡི་ཤེས་པས་བསླད། །ཀུན་གཞི་མ་རིག་དངོས་པོ་ཡིན། །ཀུན་གཞི་ཞེས་ཀྱང་དེ་ལ་བྱའོ། །ཞེས་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། ཕྱིར་རྒོལ་བ་ཐམས་ཅད་སུན་འབྱིན་པའི་ལེའུ་སྟེ་དྲུག་ཅུ་རེ་དགུ་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་ཐམས་ཅད་མཁྱེན། །བདག་ཅག་མོས་པའི་འཁོར་རྣམས་ལ། །གསང་སྔགས་ཚིག་དོན་གསུང་དུ་གསོལ། །ཞེས་ཞུས་སོ། །དེ་ནས་ཡང་བཀའ་སྩལ་པ། ཀྱེ་མ་གསང་བའི་བདག་པོ་ཉོན་ཅིག །སེམས་ཅན་སྡུག་བསྔལ་ཆེན་པོ་ལས། །ཐར་པའི་ཐབས་བསྟན་ལེགས་པར་ཉོན། །ཡང་དག་དཀྱིལ་འཁོར་བསམ་མི་ཁྱབ། །དེ་རྣམས་དོན་ཆེན་འདིར་བསྟན་གྱིས། །ཤེས་རབ་རང་བྱུང་དོན་གྱིས་ཉོན། །ཡང་ནས་ཡང་དུ་དོན་བསྟན་པས། །ཡང་དག་བློ་ཡི་གཏིང་དུ་གོ། །ཤེས་རབ་ཆེན་པོས་རྟོགས་པའི་རྟགས། །མཁའ་ལྟར་མཉམ་པ་ཉིད་ལ་གནས། །ཤེས་རབ་ཆེན་པོས་ཁྱབ་པའི་རྟགས། །མི་གཡོ་མཉམ་བཞག་འདུས་མ་བྱས། །ཤེས་རབ་ཆེན་པོས་གྲུབ་པའི་རྟགས། །མ་ཆགས་ཐབས་ཀྱིས་ཀུན་སྤྱོད་ན། །ཤེས་རབ་ཆེན་པོས་འགྲུབ་པ་ཡིན། །སངས་རྒྱས་ཀུན་གྱི་དགོངས་པ་ནི། །ཤེས་རབ་ཆེན་པོས་ཤེས་པར་བྱའོ། །ཤེས་རབ་ཆེན་པོས་སྐད་ཅིག་ལ། །ཆོས་ཀུན་ཁོང་དུ་ཆུད་པར་བྱེད། །ཤེས་རབ་དོན་ཉིད་ཀུན་ལ་ཡོད། །དེ་ཕྱིར་ཤེས་རབ་ཆེན་པོ་གསུངས། །དེ་ཡང་ཆོས་རྣམས་འདི་ལྟ་སྟེ། །སྐྱེ་བ་མེད་པས་འགག་པ་མེད། །འཛིན་པ་མེད་པས་རང་སར་གྲོལ། །དམིགས་


DNG003_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་པས་སྤྲོས་པ་མེད། །བྱས་པས་མ་བྱུང་ཀུན་ལ་ཡོད། །འདུས་མ་བྱས་པ་རྣམ་དག་དབྱིངས། །འཛིན་པའི་ཐ་དད་ཆོས་དང་བྲལ། །རང་བཞིན་མེད་པས་བརྗོད་དང་བྲལ། །ཡང་དག་ཆོས་ཉིད་རིག་པའི་ཀློང་། །ཀུན་ལ་ཁྱབ་པས་ཡབ་ཀྱི་ངང་། །ཐམས་ཅད་བསྐྱེད་པས་ཡུམ་གྱི་དབྱིངས། །བསྟན་དུ་མེད་པས་འོད་ཀྱི་ཡུལ། །བརྗོད་དུ་མེད་པའི་ཤེས་རབ་ལ། །བསྟན་དུ་མེད་པའི་ལུང་ཆེན་སྣང་། །གཏང་བཞག་བྲལ་བའི་ཆོས་སྐུ་ལ། །དམིགས་པ་མེད་པའི་ཏིང་འཛིན་གསལ། །སངས་རྒྱས་ཀུན་གྱི་ལམ་དུ་བཤད། །ཀུན་གཞི་ཡུམ་གྱི་ཤེས་རབ་ལས། །རང་བྱུང་ཐབས་ཀྱི་ཡེ་ཤེས་ཤར། །ཤར་བ་ཉིད་ན་ནུབ་པ་མེད། །སྤྲོ་བསྡུ་མེད་པའི་འོད་སྣང་ངོ་། །འདུས་མ་བྱས་པའི་ཀློང་དཀྱིལ་ནས། །རིག་པའི་རྒྱལ་པོ་ཡེ་ཤེས་འཕྲོ། །སྐྱེ་འགག་མེད་པའི་ཀློང་དཀྱིལ་ནས། །ཤེས་རབ་མིག་གིས་གསལ་བ་ནི། །ཀུན་ལ་ཁྱབ་པའི་ཉག་གཅིག་ཡིན། །ཡོངས་ལ་གནས་ཤིང་འོད་ཟེར་འཕྲོ། །ཐམས་ཅད་རོལ་པའི་དཀྱིལ་འཁོར་ལ། །འགག་མེད་ཤེས་རབ་རྣམ་དག་གསལ། །རང་བྱུང་ཤེས་རབ་བདུད་རྩི་ཡིས། །མ་རིག་འཁོར་བའི་ནད་རྣམས་སེལ། །ནད་དོ་ཅོག་དང་བྲལ་བའི་ཕྱིར། །བདུད་རྩི་རང་བྱུང་དཀྱིལ་འཁོར་གསལ། །དེ་ལ་མ་བཅོས་ལྷུག་པ་ནི། །གཏང་དང་བཞག་པ་མ་བྱས་ན། །འདུ་འབྲལ་མེད་པའི་ཤེས་རབ་བོ། །དངོས་པོ་ཡུལ་གྱི་ཤེས་རབ་ལ། །ཐབས་ཀྱིས་ཞགས་པས་འགྲོ་བ་འདྲེན། །དེ་ཕྱིར་ཤེས་རབ་ཕ་རོལ་ཕྱིན། །མ་འགགས་རོལ་པའི་ཆོས་ཉིད་ལ། །ཀུན་བཟང་ཡངས་པའི་དབྱིངས་ཉིད་ཤར། །དགོངས་པ་ཤེས་རབ་ཆེན་པོའི་དབྱིངས། །འཛིན་པ་ཆོས་ཉིད་ཆགས་པ་མེད། །རྟོག་པ་མེད་པས་སྨྲ་བསམ་འདས། །དཔེར་ན་ནམ་མཁའི་ཆོ་འཕྲུལ་བཞིན། །བརྗོད་པའི་ཆོས་དང་བྲལ་བར་གསུངས། །འོད་ལྔ་ཀུན་ཁྱབ་ཆོས་ཀྱི་དབྱིངས། །ཕྱོགས་སུ་མ་ལྷུང་


DNG003_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མ་ཆད། །ཕྱི་དང་ནང་མེད་ཡངས་པ་ཆེ། །དག་པ་དྲི་མེད་ཤེལ་གོང་བཞིན། །སྣང་ལ་རང་བཞིན་མེད་པར་གསུངས། །ཆུ་ཟླ་སྒྱུ་མ་སྨིག་རྒྱུ་བཞིན། །མེད་པ་ཟོང་མ་མ་ཡིན་ལ། །ཡོད་པ་ཡང་ནི་མ་ཡིན་ནོ། །ཡོད་མེད་གཉིས་ལས་འདས་པའི་ཕྱིར། །རྟོགས་ལྡན་ཡིད་ལ་དྲན་པ་མེད། །རིག་པའི་ངོ་བོ་སྐྱེ་བ་མེད། །སྣང་བའི་རང་བཞིན་འགག་པ་མེད། །རིག་པའི་མཚན་ཉིད་དངོས་པོ་མེད། །རིག་པའི་འབྲས་བུ་མ་བཅོས་པ། །རིག་པའི་སྐུ་ནི་གསུམ་དུ་གསུངས། །རིག་པའི་གསུང་ནི་བརྟག་པ་ཡིན། །རིག་པའི་ཐུགས་ནི་གོ་བ་སྟེ། །རིག་པའི་ཡོན་ཏན་ཟད་པ་མེད། །རིག་པའི་ལས་ནི་སྣ་ཚོགས་གྲུབ། །དེ་ཡང་མཚན་ཉིད་འགྱུར་མེད་ཡིན། །ཐ་དད་མ་ཡིན་གཅིག་པུ་ཉིད། །སངས་རྒྱས་བས་ཀྱང་ང་སྔར་བྱུང་། །གཟུང་འཛིན་བསླད་པའི་ཆོས་མེད་པའོ། །འགག་མེད་ཉམས་ལ་ཤར་གྱུར་ན། །རྟོགས་པ་རྒྱུད་ལ་སྐྱེས་པ་ཡིན། །སྟོང་གསུམ་ཡེ་འབྱམས་ཡེ་ཤེས་ནི། །བརྡལ་བ་ཆེན་པོ་ཕྱོགས་མེད་ན། །ཡེ་ཤེས་མཐོང་བའི་དམ་པ་སྟེ། །བཟང་ངན་མེད་པའི་དོན་ཤེས་ན། །ཆོས་ཉིད་ཡེ་ནས་མ་བཅོས་པའོ། །འོད་ལྔ་འགག་མེད་ཤར་བ་དེ། །རང་བྱུང་ཡེ་ཤེས་དེ་ལ་ཤར། །ལྷུན་གྲུབ་ཡེ་ཤེས་ཕྱོགས་རིས་མེད། །མི་གནས་ཡེ་ཤེས་ཕྱི་ནང་མེད། །སྟོང་པའི་ཡེ་ཤེས་དངོས་པོ་མེད། །མེ་ལོང་ཡེ་ཤེས་རྟོག་པ་མེད། །མཉམ་ཉིད་ཡེ་ཤེས་ཆེ་ཆུང་མེད། །སོར་རྟོགས་ཡེ་ཤེས་མ་འདྲེས་གསལ། །བྱ་གྲུབ་ཡེ་ཤེས་མཐར་ཕྱིན་ནོ། །རང་བྱུང་ཡེ་ཤེས་བཙལ་བ་མེད། །ཅི་སྟེ་བཙལ་བས་འགྲུབ་གྱུར་ན། །རང་བྱུང་ཡེ་ཤེས་ཡོངས་མི་བདེན། །རིག་པའི་ཡེ་ཤེས་བསྒོམ་པ་མེད། །ཅི་སྟེ་བསྒོམ་པ་ཡོད་གྱུར་ན། །རིག་པའི་ཡེ་ཤེས་ཡོངས་མི་བདེན། །རིག་པའི་ཡེ་ཤེས་རང་ཤར་ནས། །བཙལ་བ་མེད་པར་ལྷུན་གྱིས་གྲུབ། །རང་བྱུང་ཡེ་ཤེས་དོན་མཐོང་ན། །བསྒྲུབ་པ་མེད་པར་ཡོངས་


DNG003_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གྲུབ། །རིག་པ་འོད་ཀྱི་སྐུར་མཐོང་ན། །ཆོས་རྣམས་ཐམས་ཅད་བདག་ལ་གསལ། །ཡངས་སོ་ཆེའོ་ཡེ་ཤེས་མཆོག །གསལ་ལ་དག་པ་འོད་ལྔ་ཤར། །འོད་ལྔ་གཉིས་སུ་མེད་པར་མཐོང་། །སངས་རྒྱས་སེམས་ཅན་སོ་སོའི་མཚན། །ཡེ་ཤེས་ཆེན་པོས་ཀུན་ལ་ཁྱབ། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་པས། །རིག་པའི་དོན་ཉིད་གཉན་པ་ཡིན། །ཐེག་པའི་བྱེ་བྲག་བསམ་ཡས་ཀྱང་། །ཡེ་ཤེས་རྟོགས་ན་གཅིག་ལས་མེད། །འོད་ལྔ་མཐོང་ན་སངས་རྒྱས་རྙེད། །རྙེད་པ་ཉིད་ན་རྙེད་རྒྱུ་མེད། །དག་པའི་ཡེ་ཤེས་ཕྱོགས་དང་བྲལ། །སྟོང་པའི་རིག་པ་ཡུལ་དང་བྲལ། །སངས་རྒྱས་ཐམས་ཅད་དགོངས་པ་ཡང་། །ང་ཡི་རིག་པ་ཉིད་ལས་བྱུང་། །ང་ཡི་སྐུ་ཉིད་མི་འགྱུར་བའོ། །ང་ཡི་གསུང་ནི་མ་བཅོས་པའོ། །ང་ཡི་ཐུགས་ནི་མ་གཡོས་པའོ། །ང་ཡི་མཛད་པ་ཁྱད་པར་ཅན། །ང་ཡི་རོལ་པ་མཐའ་ལས་འདས། །ང་ཡི་བྱིན་རླབས་འདུས་མ་བྱས། །ང་ཡི་མཐུ་སྟོབས་འཇིག་རྟེན་བཅོམ། །ང་ལ་ང་ཞེས་བྱ་བ་མེད། །ང་ལ་བདག་མེད་ཕྱོགས་མེད་པས། །འཛིན་པའི་རྟོག་པ་ག་ལ་ཡོད། །ཞེན་པའི་རྟོག་པས་རང་རྒྱུད་བཅིངས། །དེ་ལས་གྲོལ་བར་བྱ་བའི་ཕྱིར། །སྟོང་པ་ཉིད་ལས་འོད་ལྔར་གསལ། །ཆགས་མེད་འོད་ལ་འཛིན་པ་མེད། །དེ་ཉིད་རྟོགས་པའི་རིག་པ་ཡང་། །ཕྱོགས་ལ་ཤོར་ན་ལྷུང་བར་འགྱུར། །འདུ་འབྲལ་མེད་པའི་དབྱིངས་ཉིད་ལ། །བཟང་ངན་སྤང་ལེན་རྟོག་པ་མེད། །དབྱེར་མེད་འོད་ལྔས་ཁྱབ་པའི་ཕྱིར། །སྐྱེ་དང་འཆི་བའི་མཚན་མ་མེད། །མེད་པ་མ་ཡིན་ཁྱབ་པའི་སྐུ། །འདུ་འབྲལ་མེད་པ་རང་ལ་འཆར། །མི་ཕྱེད་མཉམ་པའི་སྤྱོད་པ་ལ། །རང་སྣང་ཐབས་ཀྱི་སྤྱོད་པར་རོལ། །འདུས་མ་བྱས་པའི་ཀློང་དཀྱིལ་ནས། །བཅོས་པ་མེད་པའི་ཡེ་ཤེས་ཤར། །འཛིན་རྟོག་མེད་པའི་ཆོས་ཉིད་ལ། །བཙལ་བ་མེད་པའི་རིག་པ་གནས། །རྫོགས་པ་ཆེན་པོའི་གྲུབ་


DNG003_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ལ། །གཅིག་རྫོགས་གཉིས་རྫོགས་ཐམས་ཅད་རྫོགས། །ཡོད་མཐའ་རྫོགས་ལ་མེད་མཐའ་རྫོགས། །རྟགས་མཐའ་རྫོགས་ལ་ཆད་མཐའ་རྫོགས། །ཡིན་པ་རྫོགས་ལ་མིན་པ་རྫོགས། །དེ་ཕྱིར་རྫོགས་པ་ཞེས་བྱའོ། །རྫོགས་ཆེན་ཆོས་ཉིད་ཡངས་པ་ལ། །གོང་ན་གཞན་མེད་གཅིག་པུ་ཉིད། །དེ་ལ་ཚིག་གིས་མཚོན་དུ་མེད། །རང་བྱུང་དཀྱིལ་འཁོར་ཆེན་པོ་ཉིད། །འགྱུར་མེད་དཀྱིལ་འཁོར་དམ་པར་གསུངས། །འགག་མེད་རོལ་པ་ཆེན་པོ་ཡིན། །དེ་ཡི་གོང་ན་གཞན་མེད་པས། །ཡང་དག་གསང་བའི་དཀྱིལ་འཁོར་ཡིན། །འཛིན་པས་བཟུང་ནས་ཡེ་ཤེས་བཅིངས། །འཛིན་པ་བཏང་ན་རང་བྱུང་རྙེད། །དེ་ཕྱིར་དག་སྣང་ཡེ་ཤེས་ཡིན། །མཚན་མ་མེད་པའི་ཆོས་ཉིད་ལ། །ཆགས་པའི་སྤྱོད་པ་ག་ལ་ཡོད། །ཤེས་རབ་དོན་ལ་ཡི་གེ་མེད། །ཤེས་རབ་ཉིད་ཀྱིས་དེ་ཉིད་ཐོབ། །ཞི་བའི་ཆོས་ཉིད་སྣང་མཐའ་ཡས། །ཡང་དག་ཤེས་རབ་དོན་ལ་སྤྱོད། །སྣ་ཚོགས་ཤེས་རབ་ཅིར་ཡང་འཆར། །རྟོག་མེད་ཤེས་རབ་རང་སར་གྲོལ། །འཛིན་མེད་ཤེས་རབ་མཁའ་ལ་གསལ། །རིག་པའི་ཤེས་རབ་དབྱིངས་སུ་སྡུད། །མཁའ་མཉམ་ཤེས་རབ་གཅིག་ཏུ་འཁྱིལ། །སྐུ་ཡི་ཤེས་རབ་འགྱུར་བ་མེད། །གསུང་གི་ཤེས་རབ་འགག་པ་མེད། །ཐུགས་ཀྱི་ཤེས་རབ་རྟོག་པ་མེད། །ཡོན་ཏན་ཤེས་རབ་ཅིར་ཡང་རྟོགས། །ཕྲིན་ལས་ཤེས་རབ་རྩོལ་བ་མེད། །མྱུར་བྱེད་ཤེས་རབ་ཐོགས་རྡུགས་མེད། །སྨིན་བྱེད་ཤེས་རབ་ཉམས་པ་མེད། །ཡངས་པའི་ཤེས་རབ་མཐའ་དབུས་མེད། །ཟབ་པའི་ཤེས་རབ་གཏིང་དཔག་མེད། །ཕྲ་བའི་ཤེས་རབ་མཐོང་བ་མེད། །ཁྱབ་པའི་ཤེས་རབ་ཕྱོགས་རིས་མེད། །སྟོང་པའི་ཤེས་རབ་མཚོན་དུ་མེད། །གསལ་བའི་ཤེས་རབ་དྲི་མ་མེད། །འདས་པའི་ཤེས་རབ་ཚིག་དང་བྲལ། །ད་ལྟའི་ཤེས་རབ་མཚོན་དུ་མེད། །མ་འོངས་ཤེས་རབ་ཡུལ་དུ་མེད། །རིག་པའི་ཤེས་རབ་གཉིས་སུ་མེད། །ཡེ་ཤེས་ཤེས་རབ་


DNG003_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བ་ཆེ། །འོད་ཀྱི་ཤེས་རབ་རྒྱ་ཆད་མེད། །དབྱིངས་ཀྱི་ཤེས་རབ་ཕྱོགས་ཆ་མེད། །འབྱུང་བའི་ཤེས་རབ་མཚན་ཉིད་འཛིན། །ས་ཡི་ཤེས་རབ་ལྷུན་གྲུབ་དཔེ། །ཆུ་ཡི་ཤེས་རབ་སེམས་ཀྱི་དཔེ། །མེ་ཡི་ཤེས་རབ་ཤེས་རབ་དཔེ། །རླུང་གི་ཤེས་རབ་ཡེ་ཤེས་དཔེ། །ནམ་མཁའི་ཤེས་རབ་དབྱིངས་ཀྱི་དཔེ། །སྡུད་བྱེད་ཤེས་རབ་དབྱིངས་སུ་སྡུད། །སྐྱོད་བྱེད་ཤེས་རབ་མཁའ་ལ་གཤེགས། །དཔྱོད་བྱེད་ཤེས་རབ་དོན་ལ་དཔྱོད། །བསམ་བྲལ་ཤེས་རབ་རྟོག་པ་མེད། །སེམས་མེད་ཤེས་རབ་ཡུལ་ལ་སྣང་། །ཡིད་བྲལ་ཤེས་རབ་ཡུལ་དང་བྲལ། །སྒྲོན་མའི་ཤེས་རབ་ཁྱབ་གདལ་ཆེ། །འདུས་པའི་ཤེས་རབ་བདེ་བ་ཆེ། །རྒྱུ་མེད་ཤེས་རབ་འབྲས་བུ་ཆེ། །དངོས་པོའི་དང་པོའི་ཤེས་རབ་རྙོག་པ་མེད། ཀྱང་བྱུང་བས་བརྟག ཤེས་རབ་རྟོག་པ་མེད། །མཚན་མའི་ཤེས་རབ་ཆོས་དང་བྲལ། །དོན་དམ་ཤེས་རབ་གཟུང་དུ་མེད། །ཀུན་རྫོབ་ཤེས་རབ་ཐམས་ཅད་སྡུད། །འཛིན་པ་མེད་པའི་ཤེས་རབ་བོ། །དེ་བཞིན་རྟོག་མེད་ཤེས་རབ་རྣམས། །འགག་མེད་དོན་ལ་སྤྱོད་པའོ། །ཤེས་རབ་ཆེན་པོ་དེ་རྣམས་ཀྱིས། །འཛིན་མེད་ཕྱོགས་དང་བྲལ་བའོ། །ཡངས་པ་མཐའ་དབུས་མེད་པའོ། །རྟོག་མེད་ངོས་བཟུང་མེད་པའོ། །རྟག་ཆད་མཐའ་ལས་འདས་པའོ། །འདས་དང་མ་འདས་མེད་པའི་དོན། །ཕྱོགས་དང་རིས་སུ་གནས་པ་མེད། །སྟོན་པ་དགྱེས་ཏེ་དེ་སྐད་གསུངས། །འཁོར་གྱིས་ཡང་དག་ཐུགས་སུ་ཆུད། །མཁའ་མཉམ་རིག་པའི་ཀློང་དུ་རྟོགས། །རྣམ་རྟོག་མེད་པའི་མཁའ་ལ་བསྐྱོད། །ཆགས་སྡང་མེད་པའི་ཡུལ་དུ་ཤེས། །ཞེས་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། ཤེས་རབ་ཀྱི་དབྱེ་བ་བསྟན་པའི་ལེའུ་སྟེ་བདུན་ཅུ་ཐམ་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་སྟོན་པ་རྡོ་རྗེ་འཆང་། །བདག་ཅག་མོས་པའི་འཁོར་རྣམས་ལ། །


DNG003_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་སྣང་བ་ཆེན་པོ་ལ། །ཤེས་རབ་རྣམས་ཀྱིས་མཐོང་བའི་ཚད། །མོས་པའི་འཁོར་ལ་གསུང་དུ་གསོལ། །ཞེས་ཞུ་བ་ཞུས་སོ། །དེ་ནས་ཡང་བཀའ་སྩལ་པ། ཀྱེ་མ་གསང་བའི་བདག་པོ་ཉོན། །ངས་བསྟན་ལེགས་པར་ཡིད་ལ་ཟུང་། །མཚན་མའི་ཡིད་ཀྱི་རྟོག་པ་སོལ། །རྟོག་པས་གཡེངས་པའི་བདུད་རྣམས་ཆོམས། །བྱ་བས་གཡེངས་པའི་བར་ཆོད་སོལ། །རིག་པ་འགྱུར་མེད་རྟ་ལ་ཞོན། །ཡང་དག་འོད་ལ་རྟག་ཏུ་ལྟོས། །སྟོན་པས་ཚིག་གིས་དོན་ཆེན་མཚོན། །དོན་ཆེན་རྒྱལ་པོ་མཐོང་བའི་ཚད། །འདི་ཡིས་ཡང་དག་གཟུང་བར་བྱ། །གཅིག་པུར་བསྡད་ན་བདེ་བ་འཐོབ། །རང་སྣང་གྲོགས་སུ་འཆར་བའི་ཕྱིར། །ཕ་རོལ་སེམས་དང་མཐུན་པ་ཡིན། །རང་གི་དེ་དང་མི་འབྲལ་ཕྱིར། །ཆགས་དང་ཞེན་པ་མེད་པར་འགྱུར། །རང་གི་ས་ལ་འགྲོ་བའི་ཕྱིར། །གང་ལ་ཞེ་འདོད་བྱེད་མི་འགྱུར། །རང་གི་དོན་ཉིད་རྙེད་པའི་ཕྱིར། །ཤིང་བལ་འདབ་མ་བཞིན་དུ་ཡང་། །འབུ་དང་སྲིན་བུ་དེངས་པའི་ཕྱིར། །ཞེས་བཀའ་སྩལ་པས། གསང་བའི་བདག་པོ་རྟོགས་པ་རབ་ཏུ་སྐྱེས་ནས། འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་སྟོན་པ་ཆེན་པོ། བདག་ཅག་རྣམས་ལ་རྟོགས་པའི་སྔ་རྟགས་རྒྱས་པར་གསུང་དུ་གསོལ། །ཞེས་ཞུས་སོ། །དེ་ནས་ཡང་སྟོན་པས་བཀའ་སྩལ་པ། ཀྱེ་གྲོགས་པོ་དག་ཉོན་ཅིག །ངས་དོན་མ་ནོར་བར་བསྟན་གྱིས། ལེགས་པར་ཉོན་ཅིག །སངས་རྒྱས་ཀྱི་དགོངས་པ་རྙེད་པའི་ཚད་འདི་རྣམས་ཀྱིས་ཟུང་ཞིག །དེ་ཡང་བདེ་བ་དང་ལྡན་པ་དང་། འཇིག་རྟེན་འདི་ལ་མངོན་པར་ཞེན་པ་མེད་པ་དང་། སྣང་བ་ཐམས་ཅད་འོད་དུ་འཆར་བ་དང་། འོད་ལ་སྐུའི་ཚོམ་བུ་མ་འགགས་པར་འཆར་བ་དང་། འཛིན་པ་མེད་པའི་ལུས་བདེ་བ་དང་། ཤེས་པ་རྩེ་གཅིག་ཏུ་གྱུར་པ་དང་། ཤེས་པ་ངང་གིས་དལ་བ་དང་། ཤེས་པ་མི་གཡེངས་པ་དང་། ཤེས་པ་གཞན་ལ་མི་འཇུག་པ་དང་། ཤེས་པ་ཅི་ཡང་མ་ཡིན་པར་རྟོགས་པ་དང་། ཤེས་པ་མི་འགྱུར་བ་དང་།


DNG003_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་མ་འགགས་པར་གསལ་བ་དང་། ཤེས་པ་མི་རྟོག་པར་འཆར་བ་དང་། ཤེས་པ་འཛིན་པ་མེད་པར་རང་གྲོལ་བ་དང་། ཕྱི་ནང་གི་ཆོས་ལ་འཛིན་པ་ཆུང་བ་དང་། ལུས་ལ་ཆགས་པ་དང་ཞེན་པ་མེད་པ་ཡིན་ནོ། །སྔ་རྟགས་དེ་རྣམས་དང་ལྡན་ན། ཡེ་ཤེས་ཀྱི་སྣང་བ་ལ་ཐོགས་རྡུགས་མེད་པར་གྲོལ་ལོ། །རིགས་ཀྱི་བུ་དེ་མྱ་ངན་ལས་འདས་པའི་རྟིང་ལ་ཡང་། འོད་དང་སྒྲ་དང་གདུང་དང་རིང་བསྲེལ་དང་། ས་གཡོ་བ་ལ་སོགས་འབྱུང་ངོ་། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱང་དེ་ལ་ཕྱག་བྱེད་པ་ལ་སོགས་པ་རྣམས་འབྱུང་ངོ་། །མི་མ་ཡིན་པ་རྣམས་ཀྱིས་གྲོགས་བྱེད་ཅིང་། རྟག་ཏུ་དེ་དང་མི་འབྲལ་ལོ། །འོད་ཀྱིས་འཇིག་རྟེན་གང་ན་འདུག་པ་དེ་མཐོང་ནས། དེ་ལ་འཛིན་པ་མ་སྐྱེས་པས། རང་གིས་རང་ཡིན་པར་ངོ་ཤེས་པའོ། །མི་དང་འགྲོགས་སྙིང་མི་འདོད་པ་ནི། རང་གི་སྣང་བ་ཤར་བའི་རྟགས་ཡིན་ནོ། །རི་ཕུག་དག་ཏུ་འགྲོ་བར་བྱེད་པ་ནི། སངས་རྒྱས་དགོངས་པ་རྙེད་པའི་རྟགས་ཡིན། འཇིག་རྟེན་གྱི་བྱ་བ་བྲལ་བ་ནི་སྣང་བ་ཕྱོགས་མེད་དུ་མཐོང་བ་ཡིན། དེ་རྣམས་མིན་པར་འདི་ལྟར་བྱུང་ན། ཁ་ཚིག་ལ་སྤྱོད་ཅིང་གཏིང་མ་རྟོགས་པར་སྨྱོན་པ་ལྟ་བུར་གྱུར་ན། བར་ཆད་ཀྱི་བདུད་བྱུང་བ་ཡིན་པས། ཚོགས་རྒྱ་ཆེན་པོ་བཏང་ལ་ཉམས་སུ་བླང་། ཡང་ན་དྲན་པ་ཉམས་པ་ལྟ་བུ་བྱུང་ན་སྣང་བ་མ་མཐོང་བའི་རྟགས་ཡིན་པས། རྩ་གསུམ་བཟློག་པ་བྱ། མཁའ་འགྲོ་མས་ལུང་བསྟན་དུ་བྱུང་ན། ཉམས་བལྟ་བ་ཡིན་པས་དགོངས་པ་ལ་གཏད། རྟགས་དེ་བཞིན་དུ་བྱུང་ན་དགོངས་པ་ཚད་དུ་ཕྱིན་པའི་རྟགས་ཡིན། ཞེས་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། རྟགས་བསྟན་པའི་ལེའུ་སྟེ་དོན་གཅིག་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །བདག་ཅག་མོས་པའི་འཁོར་རྣམས་ལ། །ཐབས་ཀྱི་དཀྱིལ་འཁོར་གསུང་དུ་གསོལ། །ཞེས་ཞུས་སོ། །


DNG003_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཡང་སྟོན་པས་བཀའ་སྩལ་པ། ཀྱེ་ཧོ་གསང་བའི་བདག་པོ་ཉོན། །ངས་བསྟན་ལེགས་པར་ཡིད་ལ་ཟུང་། །ཐབས་ཀྱི་དཀྱིལ་འཁོར་གསུངས་པ་ནི། །ཡང་དག་ཐུགས་ནི་རྣམ་པར་རོལ། །གསང་སྔགས་ཐབས་ཀྱི་རང་བཞིན་པས། །ཐབས་ལ་གནས་ཤིང་སྤྱད་པར་བྱ། །ཐབས་ནི་གསང་སྔགས་ཀུན་གྱི་ལམ། །ཡང་དག་ཆོས་ཉིད་ཐབས་ལ་གནས། །རིག་པའི་དཀྱིལ་འཁོར་གསལ་བ་ལ། །ཡིད་ཀྱི་རྟོག་པ་མ་འགྱུས་པ། །ཐབས་ཀྱི་དཀྱིལ་འཁོར་མཆོག་ཏུ་གསུངས། །འབྱུང་བ་ལྔ་ཉིད་ཐབས་ཀྱི་སྐུ། །ཆེན་པོ་ལྔ་ཉིད་ཐབས་ཀྱི་ཡུལ། །སྣ་ཚོགས་འབྱུང་བ་ཐབས་ཀྱི་གསུང་། །རྟོག་པ་མེད་པ་ཐབས་ཀྱི་ཐུགས། །དེ་ཉིད་མཐོང་བ་ཐབས་ཀྱི་ལམ། །ཐབས་ཉིད་མ་འགགས་ཆོས་ཉིད་དོན། །ཡང་དག་ས་ལ་མི་གཡོ་ཞིང་། །བདེན་པ་མཐོང་བའི་ས་ཉིད་ལ། །མཐར་ཕྱིན་ཏིང་འཛིན་ཐོབ་པ་ཉིད། །ཐབས་ཀྱི་དཀྱིལ་འཁོར་ཆེན་པོར་བཤད། །ཡེ་ཤེས་རྒྱལ་པོ་རྙེད་པ་ཉིད། །ཐབས་ཀྱི་དཀྱིལ་འཁོར་མཉམ་པ་ཉིད། །མཚན་མའི་ཆོས་དང་བྲལ་གྱུར་ན། །ཐབས་ཉིད་རྫོགས་པ་ཆེན་པོའོ། །ཐབས་ཀྱི་དབྱེ་བ་འདི་ལྟ་སྟེ། །ཐམས་ཅད་སྐྱོབ་པའི་ཐབས་དང་ནི། །བརྟེན་པ་ལམ་གྱི་ཐབས་ཉིད་དང་། །འཇུག་པ་ལས་ཀྱི་ཐབས་ཉིད་དང་། །འགྲོ་བ་བསྒྲལ་བའི་ཐབས་དང་ནི། །ལམ་ཉིད་རྟོགས་པའི་ཐབས་དང་ནི། །འབྲས་བུ་ཤེས་པའི་ཐབས་ཉིད་དོ། །ཤེས་རབ་ཡུམ་གྱི་ཐབས་དང་ནི། །གསང་བ་ཡེ་ཤེས་ཐབས་ཉིད་དོ། །མཚོན་པ་དཔེ་ཡི་ཐབས་དང་ནི། །ཡང་དག་དོན་གྱི་ཐབས་ཉིད་དོ། །སྒྲོན་མ་ཡུམ་གྱི་ཐབས་དང་ནི། །མཁའ་མཉམ་སྐུ་ཡི་ཐབས་ཉིད་དོ། །ཡོད་པ་རྟགས་ཀྱི་ཐབས་དང་ནི། །རང་གསལ་འབྲས་བུའི་ཐབས་ཉིད་དོ། །སྟོང་པ་མེད་པའི་ཐབས་དང་ནི། །རང་བཞིན་གསང་བའི་ཐབས་སུ་བཤད། །ཨེ་མ་ཧོ། ཡང་དག་ཐུགས་ཀྱི་དཀྱིལ་འཁོར་ནི། །ཐུགས་རྗེ་རྟགས་ཀྱི་ཟླ་བ་ཤར། །ནོར་བུ་རིན་ཆེན་ཕུང་པོ་ལ། །ཐབས་


DNG003_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཟླ་བ་སྐུར་ཤར་བ། །རང་བྱུང་དོན་ཉིད་མཁའ་ལ་སྤྱོད། །ཡེ་ཤེས་དོན་ལ་ཅིར་སྣང་རྫོགས། །ཡང་དག་དོན་ལ་སྣ་ཚོགས་འཕྲོ། །ཐིག་ལེའི་སྐུ་ལ་སྣང་སྲིད་གསལ། །དག་པའི་ལམ་ལ་འོད་དུ་གསལ། །རིག་པའི་ངང་དུ་ཐམས་ཅད་འདུས། །གསང་སྔགས་ངོ་ལ་ཐམས་ཅད་རྫོགས། །དགོངས་པ་ཡང་སྟོང་པའི་ལམ་ལ་འོད་ཟེར་འཕྲོ། །སྣ་ཚོགས་གཟུགས་ལས་ཡེ་ཤེས་སྐྱེས། །སྐྱེ་མེད་ངང་ལས་ཆོ་འཕྲུལ་བྱུང་། །དེ་བཞིན་དོན་ཉིད་ཡེ་ཤེས་ལ། །དྲི་མའི་ཆོས་ཉིད་ག་ལ་ཡོད། །རྟགས་དང་རྡོ་རྗེའི་དོན་ཉིད་ལ། །འཛིན་པའི་སེམས་ཉིད་ག་ལ་ཡོད། །མཉམ་ཉིད་གཏིང་མཐའ་ཡས་པ་ལ། །སྟོང་པའི་ཡེ་ཤེས་ཡུལ་ལས་འདས། །སེམས་དང་ཡེ་ཤེས་འདྲེས་ཤིང་མཚུངས། །དེ་ལས་གྲོལ་བར་བྱ་བའི་ཐབས། །སེམས་ནི་དྲི་མའི་རང་བཞིན་པས། །དྲི་མ་ཉིད་ལས་ཐར་དུས་མེད། །སེམས་ལས་སྣ་ཚོགས་འབྱུང་བ་ཡིན། །སྣ་ཚོགས་གཅིག་གི་རང་བཞིན་ལས། །རིག་པའི་ཀློང་དུ་མྱ་ངན་འདས། །ཨེ་མ་ཧོ། ཡེ་ཤེས་དག་པའི་རང་བཞིན་ལ། །དྲི་མའི་ཆོས་ཉིད་ཀ་ནས་དག །དག་པའི་ཆོས་ལ་གསལ་འགྲིབ་མེད། །སྟོང་པའི་ཆོས་ལ་སྐྱེ་འགག་མེད། །གསལ་བའི་ཐབས་ལ་སྤང་ལེན་མེད། །ཡེ་ཤེས་དོན་ལ་འདས་པ་མེད། །རྡོ་རྗེའི་དོན་ལ་འགྱུར་བ་མེད། །དག་པའི་ས་ལ་སྦྱང་དུ་མེད། །སྟོང་པའི་ཡུལ་ལ་གནས་སུ་མེད། །ཡང་དག་སངས་རྒྱས་དེ་བཞིན་ནོ། །དཀྱིལ་འཁོར་སྟོང་ཉིད་འོད་གསལ་བ། །དག་པའི་ལམ་ལ་ཆགས་མེད་ཤར། །འཛིན་མེད་རང་སར་གྲོལ་བ་ནི། །དཔེར་ན་སྦྲུལ་གྱི་མདུད་པ་བཞིན། །རང་གྲོལ་ཆེན་པོའི་ངང་དུ་སྐྱོལ། །འོད་གསལ་ཐབས་ཀྱི་སྐུ་མངའ་བ། །ཡེ་ཤེས་ཐབས་ལ་ཤེས་རབ་རོལ། །དག་པའི་ཡེ་ཤེས་ཟླ་འོད་བཟང་། །ཐབས་ཀྱི་ཀློང་ནས་འོད་གསལ་བ། །ཤེས་རབ་ཀློང་དུ་གཉིས་མེད་ཐིམ། །སྒྲོན་མའི་ནང་ནས་སྐུ་ཤར་


DNG003_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

བ། །ནམ་མཁའི་ཀློང་ན་ཡང་དག་ཐིམ། །ཙིཏྟའི་དཀྱིལ་ནས་འོད་འཕྲོས་པ། །རྡོ་རྗེའི་ལམ་ན་ལྷན་ནེར་གསལ། །བག་ཆགས་དཀྱིལ་ནས་མེ་འབར་བས། །སྣ་ཚོགས་འབྱུང་བའི་སེམས་ཉིད་བསྲེག །སྟོང་པའི་ནང་ནས་རྟགས་བྱུང་ནས། །འཁྲུལ་པའི་ཡུལ་ལ་མངོན་པར་སྣང་། །ཨེ་མ་ཧོ། བག་ཆགས་སྦུབས་ཀྱིས་ཡེ་ཤེས་བསྒྲིབས། །སྦུབས་ལ་མི་གནས་ཡེ་ཤེས་རང་སར་ཕྱིན། །དཔེར་ན་སྦྲུལ་གྱིས་སྐོག་པ་བོར་བ་བཞིན། །སྦུབས་ལ་མི་གནས་ཡེ་ཤེས་མཁའ་ལ་སྤྱོད། །རིག་པའི་ངོ་བོ་སྦུབས་ཀྱིས་བསྒྲིབ་ཏུ་མེད། །གསང་བའི་རྟགས་ལ་ཉིན་མོ་མཚན་མོ་མེད། །ཡེ་ཤེས་ཐབས་ལ་ཅིས་ཀྱང་དཔྱོད་དུ་མེད། །ས་ལམ་མཐར་ཕྱིན་ཡེ་ཤེས་ཐབས་ཀྱི་སྐུ། །གང་ལ་མ་ཆགས་རང་གི་བདེ་ཆེན་ལ། །ཐོགས་པ་མེད་པའི་རླུང་གིས་བསྐྱོད་དེ་གཤེགས། །ཐོགས་མེད་རླུང་ལས་མེ་བྱུང་ཐམས་ཅད་བསྲེག །མེ་ཉིད་རང་ལས་བྱུང་ཞིང་རང་གི་ཡུལ་ལས་འདས། །དེ་ལས་ཆུ་བྱུང་གཅིག་གི་ངང་དུ་ཐམས་ཅད་སྡུད། །དེ་ནས་མི་གཡོ་མཉམ་པར་གནས་ཤིང་སྤྲུལ་པར་སྤྲུལ། །གསང་བའི་མཛོད་ནས་ཡེ་ཤེས་ས་བོན་ལྔར་སྣང་ཞིང་། །སྒོ་ལྔའི་ཡུལ་ལས་ཐལ་བའི་སྣང་བ་ལྔ། །མ་བཀོད་མཛེས་པའི་ཚུལ་དུ་ཡོངས་ལ་གསལ། །བདེ་བའི་ཆོས་ཉིད་ཀུན་གྱི་སྙིང་པོ་ཡིན་པར་ང་ཡིས་བཤད། །ཀུན་བཟང་རོལ་པ་ཐབས་དང་དབྱེར་མེད་སྤྱོད། །ཆགས་མེད་ས་ལ་ཐབས་ཀྱི་ཕ་རོལ་ཕྱིན། །ཐབས་ཉིད་སྐྱེ་འགག་མེད་པར་ཕ་རོལ་ཕྱིན། །ཚིག་མེད་ཡི་གེ་མེད་པས་ཐབས་ཀྱི་སྐུ་ལ་སྦྱོར། །སྐྱེ་མེད་རྣམ་དག་ཐབས་ཀྱི་གསུང་ལ་རོལ། །འཛིན་མེད་རང་གྲོལ་ཐབས་ཀྱི་ཐུགས་ལ་འཛིན། །ཡང་དག་ཐབས་ལ་ཅིས་ཀྱང་སྐྱོ་དུབ་མེད། །ཅེས་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། ཐབས་ཀྱི་སྒོ་བསྡུས་ཏེ་བསྟན་པའི་ལེའུ་སྟེ་དོན་གཉིས་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །བདག་


DNG003_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

ཅག་མོས་པའི་འཁོར་རྣམས་ལ། །ཡང་དག་དོན་ཉིད་གསུང་དུ་གསོལ། །ཞེས་ཞུས་སོ། །དེ་ནས་ཡང་བཀའ་སྩལ་པ། ཀྱེ་མ་རྡོ་རྗེ་འཛིན་པ་ཉོན། །ངས་བསྟན་ལེགས་པར་ཡིད་ལ་ཟུང་། །ཡང་དག་ཆོས་ནི་བདག་དང་བྲལ། །སེམས་ལ་སོགས་པའི་ཉོན་མོངས་རྣམས། །དྲི་མའི་མཐའ་དང་བྲལ་བའོ། །ཐ་དད་གསུམ་དང་བྲལ་བའི་སྐུ། །འགྲོ་དང་འོང་བ་མེད་པར་རྟོགས། །དྲི་མ་གསུམ་དང་བྲལ་བའི་ཆོས། །སངས་རྒྱས་སེམས་ཅན་ག་ལ་ཡོད། །ཕྲ་རགས་ལྔ་དང་བྲལ་བའི་ཆོས། །ཐ་དད་དུ་མ་ག་ལ་ཡོད། །དྲི་མ་བཞི་ཡིས་བཅིངས་པ་རྣམས། །མཐར་ཕྱིན་གྲོལ་བར་མ་གྱུར་ཀྱང་། །རྟོག་པ་རགས་པའི་སེམས་ཅན་རྣམས། །ཡང་དག་དོན་ཉིད་བལྟ་འདོད་ན། །ང་ཡིས་བསྟན་པའི་ལུང་ལ་ཉོན། །ང་ཡི་ཆོས་ཉིད་ཡུལ་ལ་ལྟོས། །ང་ཡི་བདེན་པའི་ལམ་ལ་ཞུགས། །ཕྲ་རགས་ལྔ་ཡི་དྲི་མ་རྣམས། །རྣམ་དག་ཡེ་ཤེས་ལྔ་ལ་ལྟོས། །ཕྲ་རགས་གཅིག་གིས་བཅིངས་པ་རྣམས། །ང་ཡི་རིག་པའི་རྒྱལ་པོ་ལྟོས། །དྲི་མ་ཡུལ་གྱིས་བཅིངས་པ་རྣམས། །དེ་བཞིན་ནམ་མཁའི་ཡུལ་ལ་ལྟོས། །འཛིན་པ་སེམས་ཀྱིས་བཅིངས་པ་རྣམས། །ཡང་དག་དོན་གྱི་སྒྲོན་མར་ལྟོས། །མཐའ་བཞིའི་རྒྱ་ཡིས་འཐུམས་པ་རྣམས། །དྲི་མ་རྣམ་དག་སྐུ་ལ་ལྟོས། །ལེགས་པའི་ལམ་དུ་ཞུགས་པ་རྣམས། །རྒྱུད་ཀྱི་རྒྱལ་པོ་འདི་ལ་ལྟོས། །དེ་ནི་ལེགས་པར་བཤད་པའོ། །ཨེ་མ་ཧོ། མཐའ་བཞི་བྲལ་བའི་ཆོས་སྐུ་ཆེན་པོ་དེ། །དྲི་མ་དག་པའི་མན་ཤེལ་སྐུ་ལ་ལྟོས། །མཐའ་དག་ཆོས་སྐུ་མུན་པ་སངས་པའི་སྐུ། །དྲི་མེད་མུན་བསལ་མར་མེའི་དཀྱིལ་འཁོར་ལྟར། །རིག་པའི་མེ་བཞིས་མཐའ་བཞིའི་མུན་པ་བསལ། །རྒྱ་མཚོའི་གཏིང་གི་ནོར་བུས་མུན་སེལ་ལྟར། །བག་ཆགས་གཏིང་ནས་ཕྲ་རགས་རྣམ་ལྔ་སེལ། །འཛིན་པ་དྲུག་དང་བྲལ་བའི་ཡེ་ཤེས་ཉིད། །ངོས་བཟུང་མེད་པ་ཡང་


DNG003_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཐུགས་སུ་ཆུད། །གསལ་བྱ་གསལ་བྱེད་མེད་པར་དེ་ཉིད་ཤར། །ལྟོས་པའི་ཆོས་ཉིད་གང་ལ་མ་ཆགས་ཤིང་། །ཆགས་པ་མེད་པར་ཡེ་ཤེས་དབྱིངས་སུ་སྡུད། །སྟོང་པ་རྡོ་རྗེའི་སྐུ་ལ་སྐྱེ་འཇིག་མེད་པ་ལྟར། །རིག་པའི་སྐུ་ལ་གསལ་འགྲིབ་མེད་པར་གསུངས། །ཆོས་དང་ཆོས་མིན་གཉིས་ནི་འདྲེས་ཤིང་མཚུངས། །དེ་ལ་ཆོས་ཅན་ཆོས་ཉིད་གཉིས་སུ་འདོད། །ཆོས་ཉིད་མེད་པས་ཆོས་ཅན་ག་ལ་ཡོད། །ཆོས་ཉིད་སྐྱེ་མེད་སྙིང་པོར་གསུངས། །ཆོས་ཅན་ཡུལ་ལ་བག་ཆགས་སྡུད་པར་གསུངས། །བག་ཆགས་བརྟན་ནས་ཆོས་ཉིད་མེད་པར་གསུངས། །ཡང་དག་ཆོས་ལ་བག་ཆགས་ཀ་ནས་མེད། །བག་ཆགས་ཡོད་ན་སྒྲོན་མ་མེད་པར་འགྱུར། །སྒྲོན་མའི་ཡུལ་ལ་ཕྲ་རགས་མེད་པའི་ཕྱིར། །ཡེ་ཤེས་སྣང་བ་ཀ་ནས་དག་པ་ཉིད། །ཕྲ་རགས་ཉིད་ཀྱིས་མ་བསྒྲིབས་པར། །སྒྲོན་མའི་ཡུལ་ལ་མངོན་པར་སྣང་། །སྣང་བ་སེམས་ལས་མ་བྱུང་ཞིང་། །རང་ལས་བྱུང་བའི་ཆོས་ཉིད་ལ། །འཁྲུལ་པ་བསམ་གྱིས་མི་ཁྱབ་འཕྲོ། །དྲི་མ་གཉིས་ཀྱི་ཆོས་རྣམས་ཀུན། །སྣང་བའི་ཕྱོགས་དང་བྲལ་བའོ། །ཀྱེ་མ་མཛད་སྤྱོད་གསང་བའི་སྤྱོད་པ་ནི། །གསང་སྔགས་ཡུལ་གྱི་སྙིང་པོ་ཉིད། །དྲི་མེད་ཟླ་བ་དཀར་པོ་ཉིད། །མུན་པ་སེལ་བའི་དཔེ་དང་མཚུངས། །གསང་སྔགས་ཐབས་ཀྱི་སྤྱོད་མཛད་པ། །ཐབས་ཉིད་སྐུ་ལས་ཡང་དག་སྤྲུལ། །དེ་ཡང་དྲི་མ་གསུམ་དང་བྲལ། །དྲི་མས་བྱས་པའི་ལས་ཉིད་ཀྱང་། །གསང་སྔགས་མཛད་པ་ལྔ་ཡི་ཀློང་དུ་འདུས། །སངས་རྒྱས་མཛད་པའི་ཡོན་ཏན་རྣམས། །ཆགས་མེད་རང་གྲོལ་ཉིད་དུ་ཤེས། །འཛིན་པ་མེད་པའི་ཆོས་ལས་གྲོལ། །ཞེན་པའི་དངོས་པོ་ཆོས་ལས་གྲོལ། །ཡང་དག་ལམ་གྱི་ཡུལ་ལས་གྲོལ། །དྲི་མ་ཕྲ་བའི་ཆོས་ཉིད་ཀྱང་། །སྣ་ཚོགས་བློ་ཡི་དྲི་མ་མེད། །དྲི་མ་མེད་པ་ཆོས་ཀྱི་སྐུ། །འཛིན་པའི་ཕྱོགས་སུ་ལྷུང་བ་མེད། །ཕྱོགས་དང་རིས་སུ་སྣང་བ་ཡང་། །བདེ་བ་ཆེན་པོའི་ཀློང་དུ་འདུས། །


DNG003_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་པའི་ཡེ་ཤེས་རང་ལུགས་ཉིད། །སྟོང་པ་ཡུམ་གྱི་མཁའ་ལ་རྫོགས། །རྫོགས་པ་གསང་བའི་དཀྱིལ་འཁོར་ཉིད། །ཙིཏྟའི་དཀྱིལ་ན་ལྷུན་གྱིས་གྲུབ། །ཐུགས་ལས་འཕྲོས་པའི་འོད་ཉིད་ཀྱང་། །ཐུགས་ལས་འདས་པའི་དབྱིངས་སུ་རྟོགས། །སྐུ་དང་གསུང་དང་ཐུགས་ཉིད་ཀྱང་། །རྒྱལ་བ་ཉིད་ལས་མེད་པར་གསུངས། །སྐུ་གསུང་ཡོན་ཏན་རྒྱལ་བ་མིན། །སྐུ་གསུང་ཐུགས་ལ་མཚན་མ་ཡོད། །མཚན་མ་ཡོད་པས་གྲོལ་མི་འགྱུར། །དེ་ཕྱིར་རྒྱལ་བ་སྐུ་ལས་འདས། །ཡང་དག་རྡོ་རྗེའི་སྐུ་ཉིད་ཀྱང་། །ངེས་པ་རྙེད་པའི་ས་ལ་གནས། །ཡེ་ཤེས་གཅིག་ཆོད་ས་ལ་ཡང་དག་འདས། །འདས་པ་ཉིད་ལ་དཔེ་མཚོན་ཕྱོགས་དང་བྲལ། །དཔེ་ཟླའི་ཕྱོགས་ལ་གནས་པ་མེད། །དཔེ་ཉིད་ཕྱོགས་དང་མཚོན་མེད་ན། །མཚན་དང་དཔེ་བྱད་ཡུལ་ལ་སྐུ་ཉིད་མེད། །སངས་རྒྱས་སྐུ་ལ་ཚིག་གིས་མཚོན་དུ་མེད། །མུན་པས་བསྒྲིབས་པའི་སྣང་བ་རྣམས། །མུན་པ་བསལ་ན་སྣང་བ་གསལ། །ཉིན་མོའི་ཕྱོགས་ལ་ཡེ་ཤེས་མེད། །མཚན་མོའི་ཕྱོགས་ལ་སྣང་བ་གསལ། །དངོས་པོ་ཉིད་ལ་དངོས་པོ་མེད། །སྟོང་པའི་ཕྱོགས་ལ་སྟོང་པ་མེད། །སྟོང་པ་ཡོད་ན་ཕྱལ་པ་ཡིན། །གསལ་བ་ཉིད་ལས་མ་གཡོས་ན། །སྟོང་དང་དངོས་པོའི་ཆོས་དང་བྲལ། །སྟོང་དང་དངོས་པོ་ཡོད་གྱུར་ན། །ཡེ་ཤེས་ཡུལ་ལ་མེད་པར་འགྱུར། །བརྟགས་པའི་ཡེ་ཤེས་མཚོན་པའི་དཔེ། །དྲི་མ་བཞི་དང་བྲལ་བར་གསུངས། །འདོད་པའི་སེམས་ལ་ཆགས་པ་མེད། །ཆགས་པ་ཡོད་ན་འདོད་པ་ཉིད། །མཚན་མ་གཞན་ལ་ལྟོས་པར་འགྱུར། །སྟོང་པ་མཚན་མས་སྟོང་པའི་ཕྱིར། །དྲི་མེད་དག་པའི་ཡུལ་ཉིད་ཀྱང་། །ཡུལ་ལས་གྲོལ་ནས་ས་ལ་གནས། །ས་ལམ་དངོས་པོའི་ཆོས་མེད་ཀྱང་། །འཛིན་པའི་ཡུལ་ལ་ས་ལམ་སྣང་། །བགྲོད་པའི་ཐ་སྙད་ཆོས་དང་བྲལ། །ཆོས་ནི་འཁོར་བའི་སྡུག་བསྔལ་ཏེ། །ཆོས་


DNG003_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སྤངས་ན་བདེ་བ་ཐོབ། །གང་ལ་དཔེ་དང་དོན་ཡོད་ཕྱིར། །དཔེ་ཉིད་སངས་རྒྱས་ཉིད་དུ་འདོད། །དཔེ་ལ་བརྟེན་ཅིང་དོན་ལ་ཡང་དག་སྤྱོད། །སྤྱད་ཀྱང་དེ་ཉིད་འགྱུར་བ་མེད། །ཡོད་དང་མེད་པའི་ཆོས་རྣམས་ཀུན། །ཡོད་པས་ཡེ་ཤེས་དོན་ལ་སྣང་། །མེད་པས་འཁོར་བའི་ཡུལ་ལས་ཐར། །ཐར་པ་ཉིད་ནས་ཡེ་ཤེས་མཐོང་བའི་དོན། །དེ་ལས་འདས་ན་རིག་པ་མེད་པར་འགྱུར། །འདོད། དཔེར་ན་སྒྱུ་མའི་སྐྱེས་བུ་ཡིས། །བྱ་བ་ཐམས་ཅད་བྱེད་པ་ལྟར། །ཡང་དག་རིག་པའི་དཀྱིལ་འཁོར་ནས། །སྣ་ཚོགས་སྡུད་པའི་སེམས་བྱུང་བས། །ཉོན་མོངས་ཡུལ་དུ་ལྷུག་པར་ཤར། །དེ་ཡི་དབང་དུ་མ་གྱུར་པར། །རིག་པ་ནམ་མཁའི་མཐོངས་སུ་གཟུང་བར་བྱ། །ཡང་དག་ཡེ་ཤེས་རྒྱལ་པོ་ཉིད། །ཡང་ནས་ཡང་དུ་གོམས་ཤིང་མཐར་ཕྱིན་བྱེད། །རྟོགས་དང་མ་རྟོགས་མཚན་མ་ཚིག་གི་ལམ། །ལམ་ལ་གནས་ན་ཡེ་ཤེས་མཐོང་བ་མེད། །ཡེ་ཤེས་ཉིད་ལ་ཚིག་དང་འཛིན་པ་མེད། །འཛིན་པ་སྤངས་པའི་ཆོས་ཉིད་ཀུན་ལ་རོལ། །རོལ་པ་རྒྱ་ཆེ་ཡང་དག་ཐུགས་ལས་བྱུང་། །འབྱུང་བའི་རྒྱལ་པོ་ཚིག་དང་འདྲེས་ཤིང་མཚུངས། །དཔེ་ཟླ་མེད་པའི་ཉག་གཅིག་ཐུགས་ལ་རོལ། །ཡེ་ཤེས་རོལ་པས་སོ་སོ་ཐ་དད་མཐོང་། །མཐོང་བ་ཉིད་ལ་དཔེ་ཡིས་མཚོན་དུ་མེད། །དཔེ་དང་ཡེ་ཤེས་ཕྱོགས་ལ་གནས་པ་མེད། །ཕྱོགས་སུ་འཛིན་པས་ཡེ་ཤེས་མཐོང་དུ་མེད། །ཕྲ་རགས་དྲི་མས་ཡང་དག་བདེ་བ་མེད། །ཡང་དག་ཆོས་སྤྱོད་རྟོག་པས་རྙེད་མི་འགྱུར། །བདེ་བ་འདོད་པས་བདེ་བར་རྒྱབ་ཀྱིས་ཕྱོགས། །དེ་བཞིན་ལྟ་དང་སྒོམ་པ་འདོད་པས་ལྟ་སྒོམ་ག་ལ་རྙེད། །ཡེ་ཤེས་དྲི་མ་སྤངས་ན་ཡང་དག་བདེ་བ་རྙེད། །དེ་ཕྱིར་ཕྲ་རགས་གཉིས་ཀྱི་དྲི་མ་སྤང་བར་བྱའོ། །ཞེས་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། ཕྲ་རགས་ཡེ་ཤེས་ཀྱི་དྲི་མ་སྤང་བའི་ལེའུ་སྟེ་དོན་གསུམ་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །


DNG003_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱེ་ཀྱེ་བཅོམ་ལྡན་ཐུགས་རྗེ་ཆེན་པོ་དང་ལྡན་པ། བདག་ཅག་མོས་པའི་འཁོར་མཁའ་འགྲོ་མ་དང་བཅས་པ་རྣམས་ལ། ཆོས་སྐུ་དང་། ལོངས་སྐུ་དང་། སྤྲུལ་སྐུ་གསུམ་གྱི་དབྱེ་བ་གསུང་དུ་གསོལ། ཞེས་ཞུས་སོ། །དེ་ནས་ཡང་བཅོམ་ལྡན་སྟོབས་ཆེན་བདག་པོ་དེས། འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་འདུས་པའི་ཚོགས་རྣམས་ཉོན་ཅིག །ངས་ཐབས་ཀྱི་ཡན་ལག་རྒྱས་པར་བསྟན་གྱིས། ལེགས་པར་ཉོན་ཅིག །སྐུ་ལ་བསམ་གྱིས་མི་ཁྱབ་ཀྱང་བསྡུ་ན་གསུམ་དུ་འདུས་སོ། །དེ་ཡང་གང་ཞེ་ན། ཆོས་ཀྱི་སྐུ་མཚན་མའི་ཡུལ་ལས་འདས་པ་དང་། ལོངས་སྤྱོད་རྫོགས་པའི་སྐུ་གཟུང་བའི་ཡུལ་ལས་འདས་པ་དང་། སྤྲུལ་པའི་སྐུ་ཆགས་པའི་ཡུལ་ལས་འདས་པའོ། །དེ་ཡང་ཆོས་ཀྱི་སྐུ་ལ་ཡང་གསུམ་སྟེ། ཆོས་ཀྱི་སྐུའི་ཆོས་སྐུ་དང་། ཆོས་ཀྱི་སྐུའི་ལོངས་སྐུ་དང་། ཆོས་ཀྱི་སྐུའི་སྤྲུལ་སྐུའོ། །དེ་ལ་ཡང་ཆོས་ཀྱི་སྐུའི་ཆོས་སྐུ་ནི་རིག་པ་ཆོས་ནི་ཡུལ་དུ་སྣང་བ། སྐུ་ནི་རིག་པའི་ངོ་བོ་མ་འགགས་པའོ། །ཆོས་སྐུའི་ལོངས་སྐུ་ནི་འོད་ལྔའོ། །ཆོས་སྐུའི་སྤྲུལ་སྐུ་ནི་མིག་གི་དབང་པོ་མཐོང་བ་མ་འགགས་པའོ། །ཆོས་ཀྱི་སྐུའི་ཡུལ་ནི་ནམ་མཁའ་རྣམ་པར་དག་པ། ཆོས་ཀྱི་སྐུའི་གནས་ནི་ཙིཏྟ། ཆོས་ཀྱི་སྐུའི་ལམ་ནི་རིན་པོ་ཆེ་ཤེལ་གྱི་སྦུ་གུ་ཅན་ནོ། །ལོངས་སྤྱོད་རྫོགས་པའི་སྐུ་ལ་གསུམ་སྟེ། ལོངས་སྤྱོད་རྫོགས་པའི་སྐུའི་ཆོས་སྐུ་དང་། ལོངས་སྐུའི་ལོངས་སྐུ་དང་། ལོངས་སྐུའི་སྤྲུལ་སྐུའོ། །དེ་ཡང་ལོངས་སྤྱོད་རྫོགས་པའི་སྐུའི་ཆོས་སྐུ་ནི། ཡེ་ཤེས་ལྔའི་སྣང་བ་མ་འགགས་པར་སང་ངེ་གནས་པ་ཡིན་ནོ། །ལོངས་སྤྱོད་རྫོགས་པའི་སྐུའི་ལོངས་སྐུ་ནི། ཐིག་ལེ་རྣམ་པ་ལྔའི་ལམ་དང་བཅས་པའོ། །ལོངས་སྤྱོད་རྫོགས་པའི་སྐུའི་སྤྲུལ་སྐུ་ནི། སྒོ་ལྔའི་རྣམ་ཤེས་ཡུལ་ལ་ཤར་བའོ། །ལོངས་སྤྱོད་རྫོགས་པའི་སྐུའི་གནས་ནི། ཨ་བ་དྷཱུ་ཏི། ལོངས་སྤྱོད་རྫོགས་པའི་སྐུའི་ལམ་རྩེའུ་ཆུང་གཡས་པ།


DNG003_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྤྱོད་རྫོགས་པའི་སྐུའི་སྣང་བ་ལྔར་ཤར་རོ། །སྤྲུལ་པའི་སྐུ་ལ་ཡང་གསུམ་སྟེ། སྤྲུལ་པའི་སྐུའི་ཆོས་སྐུ་དང་། སྤྲུལ་པའི་སྐུའི་ལོངས་སྐུ་དང་། སྤྲུལ་སྐུའི་སྤྲུལ་སྐུའོ། །དེ་ཡང་འདི་ལྟ་སྟེ། སྤྲུལ་སྐུའི་ཆོས་སྐུ་ནི་སྒྲོན་མ་གཉིས། སྤྲུལ་པ་སྐུའི་ལོངས་སྐུ་ནི་སྐུ་ལྔ་མཐོང་ལ། སྤྲུལ་པ་སྐུའི་སྤྲུལ་སྐུ་ནི་ཉོན་མོངས་པ་ལྔར་ཤར་བའོ། །སྤྲུལ་པ་སྐུའི་གནས་ནི་ཀླད་པ། སྤྲུལ་པ་སྐུའི་ལམ་ནི་མིག །སྤྲུལ་པ་སྐུའི་ཡུལ་ནི་འཁྲུལ་སྣང་ངོ་། །དེ་བཞིན་དུ་སྐུ་ཐམས་ཅད་དབྱིངས་ཀྱི་རང་བཞིན་ཅན་ཡིན་པར་ཤེས་པར་བྱའོ། །དབྱིངས་ཐམས་ཅད་ལ་སྐུ་ཡིས་བརྒྱན་ཅིང་རབ་ཏུ་འཕྲོ་བར་ཤེས་པར་བྱའོ། །སྐུ་དེ་རྣམས་རེ་རེ་ལ་ཆ་ཤས་ཀྱི་སྐུ་ཞེས་བྱ་བ་གྲངས་མེད་པ་ཡོད་དོ། །མདོར་བསྟན་པ་ནི་འདི་ལྟ་སྟེ། སེམས་ཉིད་དྲི་མའི་སྐུ་ཞེས་བྱ་སྟེ། ཡུལ་སྡུད་ཅིང་ཡུལ་མངོན་སུམ་དུ་འཛིན་པའོ། །སྤྱོད་པ་ཡུལ་གྱི་སྐུ་ཞེས་བྱ་སྟེ་གང་རང་གི་དོན་མི་མཐོང་བར་བྱེད་པའོ། །དེ་ནི་སྤྲུལ་པའི་སྐུའི་ཆ་ཤས་ཀྱི་སྐུའོ། །ལོངས་སྤྱོད་རྫོགས་པའི་སྐུའི་ཆ་ཤས་ཀྱི་སྐུ་ནི། གཟུགས་ཀྱི་སྐུ་དང་། སྒྲའི་སྐུ་དང་། དྲིའི་སྐུ་དང་། རོའི་སྐུ་དང་། རེག་གི་སྐུའོ། །དེ་ནི་ལོངས་སྤྱོད་རྫོགས་སྐུའི་སྤྲུལ་སྐུའོ། །ཆོས་ཀྱི་སྐུའི་སྤྲུལ་པའི་སྐུ་ནི། མིག་གི་སྐུ་དང་། རྣ་བའི་སྐུ་དང་། སྣའི་སྐུ་དང་། ལྕེའི་སྐུ་དང་། ལུས་ཀྱི་སྐུ་དང་། ཡིད་ཀྱི་སྐུའོ། །དེ་ནི་ཆོས་ཀྱི་སྐུའི་སྤྲུལ་པའི་སྐུའོ། །དེ་བཞིན་དུ་སྐུའི་འོད་ལ་ཞུགས་ནས། གསུང་གི་ཟེར་ལ་རོལ་ལོ། །གསུང་གིས་རྣམ་པར་དག་པའི་ཟེར་ཕྱོགས་བཅུར་འཕྲོ་བའོ། །གསུང་གི་ཟེར་རེ་རེ་ལ་ཡང་སྤྲུལ་པ་གྲངས་མེད་པ་འབྱུང་ངོ་། །ཞེས་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། སྐུ་གསུམ་གྱི་དབྱེ་བ་བསྟན་པའི་ལེའུ་སྟེ་དོན་བཞི་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་ཐུགས་རྗེ་ཅན། །སྐུ་གསུམ་དབྱེ་བ་དེ་ལྟར་ན། །བདག་ཅག་རྗེས་


DNG003_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཞུགས་པ་ལ། །དབང་གི་སྡོམ་བྱང་དབྱེ་ལུགས་གསུངས། །ཞེས་ཞུ་བ་ཞུས་སོ། །དེ་ནས་ཡང་བཀའ་སྩལ་པ། ཀྱེ་མ་རྡོ་རྗེ་འཛིན་པ་ཉོན། །ཆོས་ཉིད་ཤེས་པར་འདོད་པ་རྣམས། །དབང་གི་སྡོམ་བྱང་ལེགས་པར་ཉོན། །དབང་གི་དབྱེ་བ་འདི་ལྟ་སྟེ། །ཆོས་ཉིད་མཚོན་པའི་དབང་དང་ནི། །བྱ་བ་རྫོགས་པའི་དབང་དུ་གསུངས། །སྡོམ་བྱང་ཚིག་ལན་འདི་ལྟར་བྱ། །ཚིག་གི་དབང་ནི་དོན་མཚོན་དང་། །དབང་གི་ཚིག་ལ་ལན་སྨྲས་པ། །དབང་གི་གནས་དང་ལོངས་སྤྱོད་དང་། །དབང་གི་ཡུལ་དང་བསྐུར་ཐབས་རྣམས། །བློ་དམན་དོན་དུ་གསུངས་པ་སྟེ། །ཡང་དག་ཤེས་པའི་རྣལ་འབྱོར་ལ། །མཚོན་པའི་དབང་གིས་ཅི་ཞིག་བྱ། །རྟོགས་མཐོང་དབང་མཆོག་ཡོད་པའི་ཕྱིར། །མ་གོ་བ་ཡི་སེམས་ཅན་ལ། །རྫས་རེ་དོན་རེས་དབང་བསྐུར་བྱ། །དེ་ཡང་རིམ་པ་འདི་ལྟ་སྟེ། །ཕྱི་ཡི་འབྱུང་བ་ཚར་གཅོད་ཕྱིར། །སྣ་ཚོགས་དར་གྱི་ཅོད་པན་རེ། །རིགས་ཀྱི་བུ་ལ་གདགས་པར་བྱ། །ལྷ་དང་སྙིང་པོ་ཉིད་ཀྱང་གསུངས། །ལྷ་ལ་རྣམ་པ་གསུམ་གྱིས་བསྟན། །རྩ་བ་རྡོ་རྗེའི་ལྷ་དང་ནི། །བྱ་བ་བྱེད་དང་ལས་ཀྱི་ལྷ། །རྣམ་པ་གསུམ་དུ་ང་ཡིས་བཤད། །ལྷ་གསུམ་གཏད་པས་སྐུ་གསུམ་ཐོབ། །སྙིང་པོ་གཏད་པ་འདི་ལྟར་བྱའོ། །ཨོཾ་བཛྲ་སཏྭ། རྡོ་རྗེ་སེམས་དཔའི་རྩ་བའི་ལྷའི་སྙིང་པོའོ། །ཧྲྀ་ད་ཡ་པདྨ་ཧེ་རུ་ཀ །ལས་ཀྱི་ལྷ་ཡི་སྙིང་པོའོ། །ཨོཾ་བཛྲ་པཱ་ཎི་ཧཱུཾ་ཕཊ། ཕྱག་ན་རྡོ་རྗེ་བྱ་བ་བྱེད་པའི་ལྷའི་སྙིང་པོའོ། །དེ་སྐད་བརྗོད་པས་ཏིང་འཛིན་གསལ། །ཡང་དག་ས་ལམ་མཐར་ཕྱིན་འགྱུར། །ཏིང་འཛིན་གཅིག་གིས་ས་རྣམས་ནོན། །མི་བསྐྱོད་རྡོ་རྗེའི་དབྱིངས་སུ་ཕྱིན། །དེ་ནི་དབང་གི་སྡོམ་བྱང་ངོ་། །དབྱེ་བ་རྒྱས་པར་བསྟན་པ་ནི། །མཁའ་དབྱིངས་བུམ་པའི་དབང་དང་ནི། །རྒྱལ་ཐབས་སྤྱི་བླུག་རྡོ་རྗེའི་དབང་། །རྒྱལ་སྲིད་རིན་ཆེན་སྣ་བདུན་དབང་། །རིན་ཆེན་རྫས་བརྒྱད་འཁོར་


DNG003_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

ལོའི་དབང་། །གསང་བ་རྡོ་རྗེ་པདྨའི་དབང་། །དེ་ཡང་གཞི་ལ་ལྷུན་གྱིས་གྲུབ། །མཁའ་དབྱིངས་བུམ་པའི་དབང་བསྐུར་ནི། །རིག་པ་དབྱིངས་ཀྱི་རྒྱས་བཏབ་ནས། །གཞི་ལ་ལྷུན་གྱིས་གྲུབ་པའི་ཕྱིར། །མཁའ་དབྱིངས་བུམ་པའི་དབང་ཞེས་གྲགས། །རྒྱལ་ཐབས་སྤྱི་བླུག་དབང་བསྐུར་ཡང་། །གཞི་ལ་ལྷུན་གྱིས་གྲུབ་ནས་ཡོད། །དཔེར་ན་རྒྱལ་རིགས་སྤྱི་བོ་ནས། །དབང་བསྐུར་བརྟན་པ་ཐོབ་པའི་ཕྱིར། །རིགས་ཀྱི་བུ་ལ་དབང་བསྐུར་བས། །གཞི་སྣང་རྒྱ་ཡིས་བཏབ་པའི་ཕྱིར། །དེ་ཕྱིར་རྒྱལ་ཐབས་ཞེས་བྱར་གྲགས། །རྒྱལ་སྲིད་རིན་ཆེན་སྣ་བདུན་ཡང་། །གཞི་ལ་བབ་ཀྱིས་གྲུབ་ནས་ཡོད། །རྒྱལ་བ་ཀ་དག་དཀྱིལ་འཁོར་ལ། །རྫས་བདུན་ལྷུན་གྱིས་གྲུབ་པའི་ཕྱིར། །རྒྱལ་སྲིད་རིན་ཆེན་སྣ་བདུན་ཞེས། །རྒྱལ་བ་ཀུན་གྱིས་བསྔགས་པར་གསུངས། །དཔེར་ན་རྒྱས་པའི་འབྲས་བུ་བཞིན། །ཐམས་ཅད་བཅུད་ཀྱིས་རང་བཞིན་པས། །སེམས་ཅན་ཐམས་ཅད་ཚིམ་བྱེད་ལྟར། །རྒྱལ་སྲིད་དག་པའི་དབང་བསྐུར་གྱིས། །ཐམས་ཅད་འབྲས་བུ་ཐོབ་པར་བྱེད། །དེ་ཕྱིར་རྒྱལ་སྲིད་རིན་ཆེན་དབང་བསྐུར་བཤད། །རིན་ཆེན་རྫས་བརྒྱད་དབང་ཉིད་ཀྱང་། །གཞི་ལ་བབ་ཀྱིས་གྲུབ་པའི་ཕྱིར། །རིན་ཆེན་རྫས་བརྒྱད་དབང་བསྐུར་བྱ། །གང་དག་རང་བཞིན་སྣང་བ་ལ། །འཁོར་ལོ་རབ་ཏུ་བསྐོར་བའི་ཕྱིར། །བཀྲ་ཤིས་རྫས་བརྒྱད་དབང་བསྐུར་བསྟན། །དཔེར་ན་ཉི་མའི་སྙིང་པོ་ལ། །འོད་ཟེར་ཀུན་ནས་འབྱུང་བ་ལྟར། །བཀྲ་ཤིས་ཡོན་ཏན་རྫས་བརྒྱད་ཀྱིས། །དབང་བསྐུར་དག་སྣང་མཐོང་བར་འགྱུར། །རྡོ་རྗེ་པདྨའི་དབང་མཆོག་རྣམས། །རབ་ཏུ་གསང་ཞིང་སྤྱད་པར་བྱ། །དེ་ལ་སོགས་པའི་དབང་བསྐུར་རྣམས། །ཡང་དག་དབང་ཉིད་ཐོབ་པར་བྱའོ། །ཡང་དག་དབང་ལ་དོན་གསུམ་སྟེ། །ཕྱི་དང་ནང་དང་གསང་བའོ། །ཕྱི་ཡི་རོལ་པ་ཆེན་པོར་བསྐུར། །ནང་ནི་རིག་པའི་ཡུལ་ལ་


DNG003_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར། །གསང་བ་ངོ་སྤྲོད་ཉིད་དུ་བསྟན། །ཕྱི་ཡི་དབང་ལ་དོན་བཞིས་བསྟན། །དེ་ཡང་ཕྱི་དང་ནང་དང་ནི། །གསང་བ་ཡོངས་སུ་རྫོགས་པར་གསུངས། །ཕྱི་ཡི་ཕྱི་ནི་འདི་ལྟ་སྟེ། །རིན་ཆེན་རྫས་ལ་བརྟེན་པའོ། །ཕྱི་ཡི་ནང་ནི་འདི་ལྟ་སྟེ། །ཅིར་སྣང་རོལ་པར་བསྐུར་བར་བྱ། །ཕྱི་ཡི་གསང་བ་འདི་ལྟ་སྟེ། །དོན་དང་ཚིག་ལ་དབང་བསྐུར་བྱ། །ཕྱི་ཡི་ཡོངས་རྫོགས་འདི་ལྟ་སྟེ། །ཐམས་ཅད་རིག་པར་དབང་བསྐུར་བྱའོ། །ནང་གི་དབང་ལ་དོན་བཞི་བསྟན། །ཕྱི་དང་ནང་དང་གསང་བ་དང་། །དེ་བཞིན་ཡོངས་སུ་རྫོགས་པར་གསུངས། །དེ་ཡང་བསྟན་པ་འདི་ལྟ་སྟེ། །ནང་གི་ཕྱི་ནི་འདི་ལྟར་འདོད། །མཚན་མ་ཟིལ་གྱིས་གནོན་པའི་ཕྱིར། །བཀའ་རྟགས་ཕྱག་རྒྱའི་དབང་བསྐུར་བྱ། །ནང་གི་ནང་ནི་འདི་ལྟར་བྱ། །བསྒྲུབ་པ་ཚད་དུ་བྱ་བའི་ཕྱིར། །སྙིང་པོ་ལྷ་ཡི་དབང་བསྐུར་བྱ། །ནང་གི་གསང་བ་འདི་ལྟར་འདོད། །ཡབ་དང་ཡུམ་དུ་མཐུན་སྦྱར་ཕྱིར། །བྱང་ཆུབ་སེམས་ཀྱི་དབང་བསྐུར་བྱ། །ནང་གི་ཡོངས་རྫོགས་འདི་ལྟ་སྟེ། །མ་རིག་ཆོམ་ལ་དབབ་པའི་ཕྱིར། །རིག་པ་སྒྲོན་མའི་དབང་བསྐུར་བྱ། །གསང་བའི་དབང་ལ་དོན་བཞི་བསྟན། །ཕྱི་དང་ནང་དང་གསང་བ་དང་། །ཡོངས་སུ་རྫོགས་པ་བཞི་ཡི་བསྟན། །གསང་བའི་ཕྱི་ནི་འདི་ལྟ་སྟེ། །དཔེ་དང་དོན་དང་རྟགས་དང་གསུམ། །འོད་ལྔ་གསལ་བར་ཡོད་པའི་ཕྱིར། །ཤེལ་དང་སྐུ་ཡི་དབང་བསྐུར་བྱ། །གསང་བའི་ནང་ནི་འདི་ལྟ་སྟེ། །ཉི་ཤུ་རྩ་གཅིག་མཐར་དབྱུང་སྟེ། །གདམས་ངག་ཉི་ཤུའི་དབང་བསྐུར་བྱ། །གསང་བའི་གསང་བ་འདི་ལྟ་སྟེ། །དག་པ་ཉམས་སུ་བླང་བའི་ཕྱིར། །བཞག་ཐབས་བདུན་པའི་དབང་བསྐུར་བྱ། །གསང་བའི་ཡོངས་རྫོགས་འདི་ལྟ་སྟེ། །གསང་བའི་ཡེ་ཤེས་ཡོད་པའི་ཕྱིར། །རིག་པ་སྒྲོན་མའི་དབང་བསྐུར་བྱ། །དེ་བཞིན་དབང་


DNG003_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

གི་རྣམ་པ་རྣམས། །རིམ་པ་བཞིན་དུ་བསྐུར་བར་བྱ། །ཞེས་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། དབང་གི་སྡོམ་བྱང་བསྟན་པའི་ལེའུ་སྟེ་དོན་ལྔ་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་རྡོ་རྗེ་འཆང་། །དབང་གི་སྡོམ་བྱང་དེ་ལྟར་ན། །བདག་ཅག་མོས་པའི་འཁོར་རྣམས་ལ། །མཚན་མ་རང་གྲོལ་གསུང་དུ་གསོལ། །ཞེས་ཞུས་སོ། །དེ་ནས་ཡང་བཀའ་སྩལ་པ། ཨེ་མ་གསང་བའི་བདག་པོ་ཉོན། །ངས་བསྟན་ལེགས་པར་ཡིད་ལ་ཟུང་། །མཚན་མ་རང་གྲོལ་དགོངས་པ་ཉིད། །ཁྱོད་ཀྱིས་གོ་བར་ཤིན་ཏུ་དཀའ། །ངས་བསྟན་ཡང་དག་ཉིད་ལ་ཉོན། །ཕྱོགས་བཅུ་རབ་འབྱམས་རྡུལ་སྙེད་དུ། །སངས་རྒྱས་ས་བོན་གང་སྤྲོས་ཀྱང་། །ས་བོན་ཉིད་ལ་འཕེལ་འགྲིབ་མེད། །དེ་བཞིན་རང་གྲོལ་དགོངས་པ་ལ། །འཕེལ་འགྲིབ་ཆོས་དང་བྲལ་བ་ཡིན། །མཚན་མ་རང་གྲོལ་དགོངས་པ་ཉིད། །དཔེར་ན་རྒྱ་མཚོར་དར་ཆགས་བཞིན། །རྒྱ་མ་ཆད་ལ་ལྷུན་གྱིས་གྲུབ། །མཚན་མ་རང་གྲོལ་དགོངས་པ་ཉིད། །དཔེར་ན་རྒྱ་མཚོ་གནས་ན་གནས་པ་བཞིན། །གཞི་ལམ་མ་སྦྱངས་གནས་སུ་ཕྱིན། །སྟོང་པའི་ཀློང་དུ་རིག་པ་སྟོར། །སྟོར་བ་ཉིད་ན་རྙེད་པའི་མཆོག །རྟོགས་པ་སེམས་ཀྱི་ཕོ་བྲང་དུ། །སྣང་བ་སྟོང་པའི་ཆོས་ཉིད་སྟོར། །སྟོར་བས་ཡེ་ཤེས་མཁའ་ལ་འཁྱིལ། །རྙེད་པས་རྡོ་རྗེའི་སྐུ་དང་མཚུངས། །སྟོང་པ་ཆེན་པོའི་སྤྱོད་ཡུལ་ན། །དག་པའི་ཡེ་ཤེས་འོད་དུ་ཤར། །འོད་སྣང་མ་འགགས་དོན་ལ་སྤྱོད། །དཔེར་ན་རལ་གྲི་ཁ་མང་བཞིན། །སྟོང་པ་རང་སངས་ཆོས་ཉིད་ལ། །འཛིན་པ་མེད་པར་རང་སར་ཐལ། །རང་ཤར་ཆོས་ཉིད་མེ་ལོང་ལ། །འཛིན་པ་མེད་པར་རྟོག་མེད་རྙེད། །ཀུན་སྣང་ཡང་དག་དཀྱིལ་འཁོར་དུ། །སྟོང་གསལ་རྡོ་རྗེའི་དཀྱིལ་འཁོར་ནས། །རྟོག་མེད་རང་ཤར་ཟང་ཐལ་ཉིད། །འཛིན་པ་བཅོས་པའི་མཐའ་དང་བྲལ། །མཐའ་བྲལ་ཆོས་ལ་ཞེ་འདོད་མེད། །ཞེ་འདོད་རང་


DNG003_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་མེད་པར་ཤེས། །མཚན་མ་རང་གྲོལ་དགོངས་པ་ཉིད། །གསལ་བར་རྟོགས་པའི་ཕྱོགས་དང་བྲལ། །འཛིན་པ་མེད་པར་རང་སར་གྲོལ། །རྟོག་པ་མེད་པས་བདེན་པ་མཐོང་། །དེ་ཕྱིར་མཚན་མ་རང་གྲོལ་ལ། །བྱས་པའི་ཆོས་ནི་ཀ་ནས་མེད། །འབྱུང་དང་བྱུང་བའི་ཆོས་ལ་སྤྱོད། །སངས་རྒྱས་དགོངས་པ་རང་གྲོལ་ཉིད། །མུན་པ་སངས་པའི་ཕྱོགས་དག་ནས། །རབ་ཏུ་དྭངས་པས་བལྟ་བར་བྱ། །ཡང་དག་དོན་ལ་བལྟར་མེད་ཀྱང་། །བལྟས་ན་རང་གྲོལ་དགོངས་པ་རྙེད། །ལྟ་བ་ཀུན་གྱི་ཡང་རྩེ་འདི། །ཨ་ཏི་རྫོགས་པ་ཆེན་པོར་བཤད། །ཡངས་པ་གོ་སྐབས་ཕྱེ་བའི་དོན། །ནམ་མཁའ་ལྟ་བུར་ཤེས་པར་བྱ། །རྒྱ་ཆེ་གཏིང་ཟབ་དཔག་དཀའི་དོན། །རྒྱ་མཚོ་ཆེན་པོའི་གཏིང་དང་མཚུངས། །གསལ་བའི་འོད་ཟེར་འདུས་པའི་དོན། །ཉི་མའི་དཀྱིལ་འཁོར་ཉིད་དུ་ཤེས། །རྟོག་པའི་མཐའ་ལས་གྲོལ་བའི་ཕྱིར། །གསང་སྔགས་ཐབས་ཀྱི་རྒྱལ་པོར་གསུངས། །མཚན་མ་རང་གྲོལ་དགོངས་པའི་དོན་རྙེད་པས། །ཡེ་ཤེས་འོད་གསལ་གསང་བར་གསལ། །ཐེག་ཆེན་འདི་ནི་མཁའ་ལ་ཉི་ཤར་འདྲ། །མཐའ་ཡི་མུན་པ་ཡེ་ནས་མེད་ཅེས་གསུངས། །མཚན་མ་རང་གྲོལ་ཆོས་ཉིད་དགོངས་པ་ལས། །བསྒོམ་པའི་ཡུལ་མེད་འཛིན་པའི་ཆོས་ལས་གྲོལ། །བསྒོམ་ཆགས་མེད་པའི་བདག་འཛིན་སྡུག་བསྔལ་ཡིན། །བསྒོམ་པའི་གནས་མེད་རྟག་ཏུ་མཐོང་གྱུར་ན། །བསྒོམ་པ་མེད་པའི་མཚན་མ་རང་གྲོལ་གང་ལ་མི་རྟོག་མཐོང་། །དབྱེར་མེད་ལྷུན་རྫོགས་ཐིག་ལེ་དབྱིངས་ཉིད་ཆེ། །བསྐྱེད་པ་མི་མངའ་ཡེ་ཤེས་རིན་པོ་ཆེ། །རྫོགས་པ་མི་མངའ་བྱང་ཆུབ་སྙིང་པོ་ཆེ། །བྱ་བ་མེད་པས་ལྷུན་རྫོགས་ཐིག་ལེ་ཆེ། །འཁོར་བ་མེད་པས་མྱང་འདས་བདེ་བ་ཆེ། །ཀུན་དང་མི་མཉམ་རྡོ་རྗེའི་དཀྱིལ་འཁོར་ཆེ། །དེ་ལྟར་ཆེ་བའི་ཡེ་ཤེས་དེ་བཞིན་ཀུན་ལ་གནས། །བསྒྲུབ་ཏུ་མེད་པར་རང་ཆས་ཡེ་ནས་གནས། །བཙལ་དུ་མེད་དེ་མངོན་


DNG003_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་དག་པའི་དབྱིངས། །སྨོན་དུ་མེད་དེ་བདེ་ཆེན་ཐུགས་ལ་རྫོགས། །འདུས་བྱས་ཆོས་རྣམས་སྤང་དུ་མེད་དེ་སྤང་བྱེད་ཡོད། །ཆོས་རྣམས་ཐམས་ཅད་རང་ལ་རྫོགས་ཤིང་འཕྲོ། །སྤང་རྒྱུ་མེད་ཅིང་སྤངས་པའི་ཆོས་དང་བྲལ། །སྤང་བ་བོ་ཡང་མི་དམིགས་སྤང་བྱ་ག་ལ་ཡོད། །ཆོས་དང་རིག་པ་རྫོགས་པའི་སྐུ། །ལེན་མེད་འཛིན་དང་ཡོངས་སུ་བྲལ་བས་ན། །དུས་གསུམ་མཉམ་ཉིད་རྡོ་རྗེ་སེམས་དཔའ་ཆེ། །རྡོ་རྗེ་སེམས་དཔའ་ཡེ་ཤེས་ཀུན་ལ་རོལ། །རོལ་པ་བསམ་གྱིས་མི་ཁྱབ་མཐའ་ལ་ཐུག་པ་མེད། །དབྱིངས་ལ་བྲི་བ་མེད་ཅིང་ཆོས་ཉིད་ངང་དུ་རྟོགས། །རྟོགས་དང་མ་རྟོགས་མེད་པ་ཚིག་གི་མཐའ་བསལ་ཅིང་། །མཚན་མ་རང་གྲོལ་དོན་ལ་མ་ཡེངས་ན། །བརྟེན་པའི་ས་མེད་གཟུང་བའི་ཡུལ་དང་བྲལ། །ཡུལ་དང་འཛིན་པ་མེད་ན་བྱང་ཆུབ་བདེ་བའི་ཤུགས། །ཤུགས་དང་ཏིང་འཛིན་རྩལ་ལ་གང་འཇུག་པ། །གོལ་སྒྲིབ་ལྟུང་བར་འགྱུར་ཞིང་བྱང་ཆུབ་དེ་ལ་མེད། །ཡང་དག་བདེན་པའི་མཚན་མ་རང་གྲོལ་ནི། །གང་ལ་མ་ཆགས་ཕྱོགས་ལ་གནས་པ་མེད། །གནས་དང་ཏིང་འཛིན་བྱང་ཆུབ་སྒྲིབ་པའི་རྒྱུ། །རྒྱུ་དང་འབྲས་བུར་བཟུང་བས་མཚན་མའི་ཡུལ་དུ་གྱུར། །དེ་ཕྱིར་ལམ་ལ་ཐུག་པ་མེད་པས་རང་གི་ཐུགས་ལ་དྲིས། །སྟོང་པའི་ལམ་ལ་ཡང་དག་ཐུག་པ་མེད། །འོད་ཀྱི་ལམ་ལ་ཡེ་ཤེས་སྐྱེས་པ་ཡིས། །མཐོང་བའི་ལམ་ལ་ཡེ་ཤེས་འོད་གསལ་གྱི། །རྟོག་མེད་ལམ་ལ་འཛིན་མེད་རང་སར་གྲོལ། །མཚན་མ་རང་གྲོལ་དགོངས་པ་དེ་རྙེད་པས། །གསང་བའི་ལམ་ལ་ཐིག་ལེ་འདུ་འབྲལ་མེད། །སྒྲོན་མའི་ལམ་ལ་ཡེ་ཤེས་བྲི་བ་མེད། །ཡང་དག་ལམ་ལ་སངས་རྒྱས་སེམས་ཅན་མེད། །སྐུ་ཡི་ལམ་ལ་མུན་པ་ག་ལ་ཡོད། །ཡེ་ཤེས་ལམ་ལ་བཟང་ངན་ག་ལ་ཡོད། །འབྱུང་བའི་ལམ་ལ་འཁྲུལ་སྣང་ག་ལ་ཡོད། །སྣ་ཚོགས་ལམ་ལ་སྤྲོ་བསྡུ་ག་ལ་ཡོད། །རིག་པའི་ལམ་ལ་ཉོན་མོངས་ག་ལ་ཡོད། །འབྲས་བུའི་ལམ་ལ་རྒྱུ་ཉིད་ག་ལ་ཡོད། །


DNG003_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་པའི་ལམ་ལ་ཆད་པ་ག་ལ་ཡོད། །ཆད་པ་ལ་ཡང་རྟག་པ་ག་ལ་ཡོད། །དེ་བཞིན་མཚན་མ་རང་གྲོལ་ཆོས་ཉིད་ལ། །རྟོག་གེའི་ཆོས་ཉིད་མེད་པར་གསུངས། །བྱང་ཆུབ་དོན་གྱི་སྙིང་པོ་འདི་ཉིད་ཀྱང་། །གསང་སྔགས་རྒྱལ་པོ་འདི་ཡིས་མཐོང་བ་ལ། །ཐེག་དམན་གཞན་གྱིས་དོན་མི་མཐོང་། །མཐོང་བས་ཆོས་སྐུའི་ངོ་བོར་བཤད། །རྟོགས་པ་ལྷུན་གྲུབ་ངོ་བོར་བཤད། །ཤེས་པ་སྤྲུལ་སྐུའི་ངོ་བོར་བཤད། །གོ་བས་ལོངས་སྐུ་ཉིད་དུ་བསྟན། །གོ་དང་མཐོང་བའི་ཆོས་ཉིད་ཀྱང་། །གང་ལ་ཐོགས་པ་མེད་པར་གསུངས་པའོ། །ཨེ་མ་ཧོ་ནོར་བུ་རིན་ཆེན་ལྟར། །ཟད་མེད་གཏེར་ལ་བདེ་བའི་བང་མཛོད་རྙེད། །སྟོང་པའི་ཡུལ་ལ་བདེ་བའི་རྒྱ་ཡིས་ཐེབས། །བདེ་བའི་ངང་ལ་གསལ་བའི་རྒྱ་ཡིས་ཐེབས། །གསལ་བའི་དབྱིངས་ལ་སྐུ་ཡི་རྒྱ་ཡིས་ཐེབས། །སྐུ་ཉིད་རྡོ་རྗེའི་དབྱིངས་སུ་ཡང་དག་འདུས། །བདེ་བ་སྟོང་པའི་དབྱིངས་ལ་རོལ། །སྟོང་པ་བདེ་བའི་མཁའ་ལ་བསྐྱོད། །གསལ་བ་ཐུགས་རྗེའི་ངང་དུ་ཐིམ། །ཐིམ་པ་ཡང་དག་དབྱིངས་སུ་གྲོལ། །གྲོལ་བ་མཐར་ཕྱིན་ས་ལ་གཤེགས། །རྟོག་པས་རྡོ་རྗེའི་ལམ་དུ་ཞུགས། །དེ་ཉིད་རིག་པའི་སྐུ་ལ་འདུས། །མཐའ་ཉིད་རང་གྲོལ་ཉིད་དུ་འདུས། །རང་གྲོལ་ཆོས་ཉིད་ཡུལ་ལ་སྣང་། །སྣང་བ་ནམ་མཁའི་མཐའ་ལ་སྤྱོད། །མཐའ་ཉིད་རྡོ་རྗེའི་ལམ་དུ་ཞུགས། །རྡོ་རྗེའི་ལམ་ལ་འདུ་འབྲལ་མེད། །མཁའ་མཉམ་རྡོ་རྗེའི་སྐུ་ལ་འདུས། །རྡོ་རྗེའི་སྐུ་ཉིད་དབྱིངས་སུ་ཐིམ། །ཐིམ་པ་ཉིད་ནས་ཕྱིར་མི་ལྡོག །དེ་ལ་གཉེན་པོས་བཅོས་སུ་མེད། །ཅེས་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། མཚན་མ་རང་གྲོལ་གྱི་དགོངས་པ་བསྟན་པའི་ལེའུ་སྟེ་དོན་དྲུག་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་ཐུགས་རྗེ་ཆེན་པོ་དང་ལྡན་པ། མཚན་མ་རང་གྲོལ་གྱི་དགོངས་པ་དེ་ལྟར་ལགས་ན། སའི་དབྱེ་བ་དང་དུས་


DNG003_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་གསུང་དུ་གསོལ། ཞེས་ཞུས་སོ། །དེ་ནས་ཡང་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེས། འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་མ་གསང་བའི་བདག་པོ་ཉིད་ལེགས་པར་ཉོན་ཅིག །ངས་ཁྱོད་ལ་ལེགས་པར་བསྟན་པར་བྱའོ། །ཡིད་གཞན་དུ་མ་ཡེངས་པར་ལེགས་པར་ཉོན་ཅིག །སེམས་ཀྱི་དྲི་མ་གསུམ་པོ་སོལ་ལ། རིག་པ་མ་འགགས་པར་ཉོན་ཅིག །ས་ཞེས་བྱ་བ་གུད་ན་ཡོད་པ་མ་ཡིན་ནོ། །བདེན་པ་མཐོང་བའི་གང་ཟག་གཅིག་ལ་ས་ལམ་རྫོགས་ནས་ཡོད་དོ། །དེ་ལ་ངོ་སྤྲོད་བསྟན་པའི་གང་ཟག་དེ། དང་པོ་བདེན་པ་མཐོང་བའི་དུས་སུ་དེ་ལ་དགའ་བ་སྐྱེས་པ་ནི། ས་དང་པོ་རབ་ཏུ་དགའ་བའོ། །དེ་ནས་རང་གིས་སྣང་བར་ངོ་ཤེས་པ་ནི་ས་གཉིས་པ་དྲི་མ་མེད་པ་ཐོབ་པའོ། །དེ་ནས་དེ་ལ་གོམས་པ་ནི་ས་གསུམ་པ་འོད་བྱེད་པའི་ས་ནོན་པའོ། །དེ་ནས་དེ་ལ་གོམས་ནས་འོད་ཀྱིས་སྣང་བ་མཐོང་བ་ནི་བཞི་པ་འོད་འཕྲོ་བའི་ས་ཐོབ་པའོ། །དེ་ནས་ཡེ་ཤེས་ཀྱི་སྣང་བ་མཐོང་བ་དེ་ལ་གོམས་ནས་ཉོན་མོངས་པ་མཐའ་དག་རང་བཞིན་གྱིས་སྦྱངས་ནས་ཡེ་ཤེས་མཐོང་བ་དེ་ནི་ལྔ་པ་སྦྱང་དཀའ་བའི་ས་ནོན་པའོ། །དེ་ནས་འོད་ལས་ཐལ་བའི་སྐུ་གཅིག་མཐོང་ནས་སྐུ་མངོན་སུམ་དུ་གྱུར་པ་དེ་ནི། དྲུག་པ་མངོན་དུ་གྱུར་པའི་ས་ནོན་པའོ། །དེ་ནས་གོམས་པ་མཐར་ཕྱིན་ནས་ཉོན་མོངས་པ་རིང་དུ་སོང་བ་ནི། །བདུན་པ་རིང་དུ་སོང་བའི་ས་ནོན་པའོ། །དེ་ནས་ཡོན་ཏན་དེ་ལས་མ་གཡོས་པར་གནས་པ་ནི། བརྒྱད་པ་མི་གཡོ་བའི་ས་ནོན་པའོ། །དེ་ནས་དེའི་ངང་ལས་ཡོན་ཏན་རྫོགས་པ་ནི། དགུ་པ་ལེགས་པའི་བློ་གྲོས་ཀྱི་ས་ནོན་པའོ། །དེ་ནས་ཡེ་ཤེས་ཀྱི་སྣང་བ་ལ་རང་གི་ཤེས་པ་ཟིན་ནས་སྣང་བ་ལྷུག་པར་ཤར་བ་ནི། ཆོས་ཐམས་ཅད་ཀྱི་དོན་སྤྲིན་ལྟ་བུར་མཐོང་ནས་གོམས་པ་ནི་བཅུ་པ་ཆོས་ཀྱི་སྤྲིན་ལྟ་བུའི་ས་ནོན་པའོ། །དེ་ཡིས་གང་ཟག་བདེན་པ་མཐོང་བས་སྦུབས་འདི་ཉིད་མ་བོར་བ་ལ་ས་ནོན་པའོ། །གང་ཟག་སྦུབས་བོར་བ་རྣམས་ཀྱིས་ནི་ས་


DNG003_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟར་ནོན་པ་ཡིན་ཏེ། འཁྲུལ་སྣང་འགགས་ནས་ཚོམ་བུའི་སྣང་བ་ཤར་བ་ནི། བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ནོན་པ་ཡིན་ནོ། །དེ་ནས་སྣང་བ་དེ་ལ་མ་ཆགས་པར་ཕྱི་ནང་གི་ཆོས་ཐམས་ཅད་ཀྱིས་མ་གོས་པ་ནི། བཅུ་གཉིས་མ་ཆགས་པདྨ་ཅན་གྱི་ས་ནོན་པ་ཡིན་ནོ། །དེ་ནས་རང་གི་ཐུགས་ཀ་ནས་ཡེ་ཤེས་ཀྱི་ཟེར་ཐག་ཤར་ནས་ནམ་མཁའི་མཐོངས་ན་འོད་ཀྱི་ཚོམ་བུ་ལྔ་འཁོར་ལོའི་ཚུལ་དུ་གནས་པ་ནི། བཅུ་གསུམ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ནོན་པའོ། །དེ་ནས་ཡེ་ཤེས་ཀྱི་སྣང་བ་ལ་གནས་པ་ནི། ས་བཅུ་བཞི་པ་ལ་གནས་པ་ཡིན་ནོ། །དེ་ནས་ལྷུན་གྲུབ་ཀྱི་ས་ལ་ངེས་པ་རྙེད་པ་ནི། བཅོ་ལྔ་པ་རྡོ་རྗེ་འཛིན་པའི་ས་ཐོབ་པའོ། །དེ་ནས་ཀ་དག་གི་ས་ལ་ཡེ་ཤེས་ལྷུག་པར་ཤར་ནས། དེའི་གོང་ན་གཞན་མེད་པ་ནི། བཅུ་དྲུག་ཡེ་ཤེས་བླ་མའི་ས་ཐོབ་པའོ། །དེ་བཞིན་དུ་སེམས་ཅན་འདི་རྣམས་ཀུན་གྱིས་ས་ལམ་ལ་དེ་བཞིན་དུ་གནས་སོ། །དེ་བས་ན་སེམས་ཅན་བསམ་གྱིས་མི་ཁྱབ་པ་ཡོད་ཀྱང་། ཡེ་ཤེས་ཀྱི་ངོ་བོ་གཅིག་ལས་མེད་དོ། །ས་དང་ལམ་ཞེས་པ་གུད་ན་ཡོད་པ་མ་ཡིན་ནོ། །ས་དང་ལམ་ལ་སྦྱངས་ཤིང་བགྲོད་མི་དགོས་པ་ཡིན་པར་ཤེས་པར་བྱའོ། །དེའི་ཕྱིར་ན་ས་ལམ་ལ་བགྲོད་དུ་མེད་པའི་མན་ངག །དཀྱིལ་འཁོར་གྱི་ཚོམ་བུ་དང་བཅས་པ་རང་ལ་གསལ་བའི་ཕྱིར་རོ། །ཡེ་ཤེས་ཀྱི་སྣང་བ་ལྔ་རང་ལ་རྫོགས་པ་ཡིན་པར་ཤེས་པར་བྱའོ། །དེ་ལ་དཀྱིལ་འཁོར་མ་འགགས་པ་ཡིན་པར་ཤེས་པར་བྱའོ། །དེ་ཉིད་ལ་རྟག་ཏུ་འདྲིས་པར་བྱའོ། །ངོ་ཤེས་ཤིང་ཡིད་ཆེས་པར་བྱའོ། །བདེན་པའི་དེ་བཞིན་ཉིད་རབ་ཏུ་མཐོང་བར་བྱའོ། །དེ་ལ་རབ་ཏུ་གནས་པར་བྱའོ། །རྟག་ཏུ་དེ་ཉིད་ལམ་དུ་འཁྱེར་བར་བྱའོ། །དེ་ལ་རང་གི་ཡུལ་དག་པ་ལ་འཛིན་མེད་དུ་ཤར་བ་ངོ་ཤེས་པར་བྱའོ། །རིགས་ཀྱི་བུ་འཛིན་པ་མེད་པའི་ཤེས་པ་རང་ལུགས་སུ་འཆར་བ་ངོ་ཤེས་པར་བྱའོ། །ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་རང་ལས་བྱུང་ཞིང་རང་གིས་མཐོང་བ་ངོ་


DNG003_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པར་བྱའོ། །མཐའི་མུན་པ་བསལ་བར་བྱའོ། །དཀྱིལ་འཁོར་ལྔའི་དེ་བཞིན་ཉིད་ལ་མཁས་པར་བྱའོ། །དེ་བཞིན་དུ་ཡེ་ཤེས་ཐམས་ཅད་ཀྱི་དོན་ཐུགས་སུ་ཆུད་པར་བྱའོ། །གསང་བའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ལྔ་རང་བཞིན་གྱིས་འོད་གསལ་བར་གནས་པ་ཡིན་པའི་ཕྱིར། སངས་རྒྱས་ཀྱི་བདེན་པ་མཐོང་བར་བྱའོ། །ལམ་དུ་ཞུགས་པའི་ཚེ་མཁའ་རྣམ་པར་དག་པ་མཐོང་བར་བྱའོ། །རྒྱུད་ལ་ཤེས་རིག་ཤར་བའི་དུས་སུ་སྐུ་ངོ་ཤེས་པར་གྱིས་ཤིག །རྟོགས་པ་རྒྱུད་ལ་སྐྱེ་བའི་དུས་སུ་རིག་པའི་ཡུལ་ངོ་ཤེས་པར་གྱིས་ཤིག །ཏིང་ངེ་འཛིན་སྟོབས་སུ་གྱུར་པའི་དུས་སུ་སྒྲོན་མ་རྣམ་པར་དག་པ་ངོ་ཤེས་པར་གྱིས་ཤིག །སྟོབས་ཁྱད་པར་ཅན་སྐྱེས་པའི་དུས་སུ་ཏིང་ངེ་འཛིན་ལམ་དུ་འཁྱེར་བ་ཤེས་པར་གྱིས་ཤིག །རིག་པའི་སྐུ་མཐོང་བའི་དུས་སུ་ཞེ་འདོད་མེད་པར་ཤེས་པར་གྱིས་ཤིག །ཤེས་རབ་ཁྱད་པར་ཅན་རྒྱུད་ལ་སྐྱེས་པའི་དུས་སུ་བདུད་ཀྱི་བསླུ་བར་ངོ་ཤེས་པར་གྱིས་ཤིག །ཉམ་ང་བ་མེད་པར་སྤྱོད་པ་ཀློང་དུ་རྡོལ་བའི་དུས་སུ་ཤེས་རབ་ཀྱི་འཇུག་ཕྱོགས་ངོ་ཤེས་པར་གྱིས་ཤིག །སྟོང་པ་ཡུལ་ལ་ཁྱབ་པའི་དུས་སུ་འོད་ངོ་ཤེས་པར་གྱིས་ཤིག །སྒྲོན་མ་ཡུལ་ལ་སྣང་བའི་དུས་སུ་དབྱིངས་དང་ཡུལ་ངོ་ཤེས་པར་གྱིས་ཤིག །ཀྱེ་རིགས་ཀྱི་བུ་ཉོན་ཅིག །སངས་རྒྱས་ཀྱི་དགོངས་པའི་ཚད་ནི། ང་ཉིད་བདག་ཏུ་རྟོག་པའི་བློ་དང་བྲལ་ནས་རང་རིག་པའི་ཡེ་ཤེས་མི་གཡོ་བའི་ཤེས་རབ། མ་བསྒྲིབས་པའི་བསམ་གཏན། གནས་པ་མེད་པའི་ཏིང་ངེ་འཛིན། རྟོག་པ་མེད་པའི་ལྟ་བའོ། །དེ་རྣམས་ཀྱི་དོན་ལ་ཡང་མི་གནས་པར་གྱུར་ནས། སངས་རྒྱས་ཀྱི་དགོངས་པ་རྙེད་པའོ། །དེ་ཉིད་རང་གི་ཡེ་ཤེས་རང་སྣང་བའི་དུས་ན། ཐམས་ཅད་མི་གནས་པའི་ཡེ་ཤེས། སྐུའི་རོལ་པ་སྣ་ཚོགས། གསུང་གི་ཤེས་རབ་རྟོག་མེད། ཐུགས་ཀྱི་དགོངས་པ་འགག་མེད། རིགས་ཀྱི་བུ་དེ་ལྟ་བུའི་དོན་ལ་ཡང་མི་གནས་པའི་དུས་ན། སངས་རྒྱས་


DNG003_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དགོངས་པའི་ཚད་རྙེད་པ་ཡིན་ནོ། །ང་ཉིད་སྒྲོན་མའི་ཡེ་ཤེས་སྣང་བའི་དུས་ན། དག་པའི་ཞིང་ཁམས་རྣམས་མ་བཀོད་པར་སྣང་བ་མ་བསྒྲིབས་ཡོངས་སུ་གསལ་བའི་ལམ། མཐའ་དང་དབུས་སུ་མེད་པ། ཕྱོགས་དང་རིས་སུ་མེད་པ་དུ་མ་དང་བརྟེན་པ་མེད་པར་གསལ་བའོ། །ཚིག་གིས་བརྗོད་དུ་མེད་པ། དཔེ་ཡིས་མཚོན་དུ་མེད་པ། རང་རིག་པའི་ཡེ་ཤེས་སུ་གསལ་བ། འགྱུར་མེད་ཀྱི་ཡེ་ཤེས་ཡུལ་ལ་སྣང་བ། འགག་མེད་ཀྱི་གཟུགས་བརྙན་རྣམ་པར་དག་པ་བདག་ཏུ་རྟོག་པའི་མཐའ་རྣམ་པར་བསལ་བ། མཐའ་དབུས་མེད་པའི་ཡེ་ཤེས་སུ་གསལ་བ། སྟེང་འོག་མེད་པར་ཀུན་ཏུ་ཟང་ཐལ་བ། མཁྱེན་པའི་ངོ་བོ་སྟོང་པའི་ཤེས་རབ། འཛིན་རྟོག་བཙོན་དུ་བཟུང་བ། བདེ་བ་ལ་རེས་འཇོག་མེད་པ། ཐིམ་པ་ལ་མ་རྨུགས་པ། ཁྱབ་གདལ་ཡེ་ཤེས་ཀྱི་སྙིང་པོ་ཅན། འུབ་ཆུབ་སྟོང་པའི་རང་བཞིན་ཅན། ཡང་དག་ཤེས་པའི་ཁྱད་པར་དང་ལྡན་པའོ། །ཞེས་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། ས་ལམ་བསྒྲུབ་ཏུ་མེད་པའི་ལེའུ་སྟེ་དོན་བདུན་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་སེམས། །ས་ཡི་དོན་སྦྱོར་དེ་ལྟར་ན། །རྫོགས་ཆེན་རང་སྐད་གསུང་དུ་གསོལ། །ཞེས་ཞུ་བ་ཞུས་སོ། དེ་ནས་ཡང་བཀའ་སྩལ་པ། ཨེ་མ་རྡོ་རྗེ་འཛིན་རྒྱལ་ལེགས་པར་ཉོན། །ལམ་མེད་ལམ་དུ་ཞུགས་ན་ལྟུང་བ་ཆེན་པོར་འགྱུར། །དེ་བས་ལམ་ལ་མི་གནས་དོན་ལ་བལྟ། །རྫོགས་ཆེན་རང་སྐད་ཐུགས་ཀྱི་ལྟ་བ་ནི། །དོན་དཔེ་འདི་ལས་མེད་པར་གསུངས། །བྱ་རྒྱལ་མེད་པའི་སྔོན་རོལ་ན། །སྒོ་ངའི་ནང་ནས་གཤོག་དྲུག་རྒྱས། །ཁྱུང་ཆེན་མཁའ་ལ་ལྡིང་བ་བཞིན། །ནམ་མཁའ་མེད་པའི་སྔོན་རོལ་ན། །ནམ་མཁའི་མཚན་ཉིད་ཡེ་ནས་མེད། །ཆོས་ཉིད་མེད་པའི་སྔོན་རོལ་ན། །ཆོས་ཅན་མཚན་མའི་མིང་ཡང་མེད། །སངས་རྒྱས་མེད་པའི་སྔོན་རོལ་ན། །


DNG003_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་མཚན་མ་ཡེ་ནས་མེད། །མྱ་ངན་འདས་པའི་སྔོན་རོལ་ན། །འཁོར་བ་བྱ་བ་མིང་ཡང་མེད། །དེ་ཕྱིར་སངས་རྒྱས་ཐམས་ཅད་ཀྱི། །རྗེ་བཙན་དམ་པ་ང་ཡིན་ནོ། །འབྱུང་བ་ལྔ་པས་ང་ཉིད་ཆེ། །འབྱུང་བ་བས་ཀྱང་ང་སྔར་བྱུང་། །སངས་རྒྱས་བས་ཀྱང་ང་སྔར་རྒྱས། །ང་ནི་ཡང་དག་བདེ་བའི་སྐུ། །ང་ཡི་སྐུ་ལ་ཐམས་ཅད་རྫོགས། །ང་ཡི་གསུང་ལ་ཐམས་ཅད་རོལ། །ང་ཡི་ཐུགས་ལ་ཐམས་ཅད་རྟོགས། །ང་ཡི་ཡོན་ཏན་ཅིར་ཡང་སྣང་། །ང་ཡི་ཕྲིན་ལས་མ་བཙལ་རྙེད། །ང་ཡི་ལྟ་བ་ཐིག་ལེའི་སྐུ། །ང་ཡི་སྒོམ་པ་བློ་ལས་གྲོལ། །ང་ཡི་སྤྱོད་པ་ཡུལ་ལས་འདས། །ང་ཡི་འབྲས་བུ་གཅིག་པའི་ས། །ང་ཡི་དམ་ཚིག་བསྲུང་དང་བྲལ། །ང་ཡི་དབང་ལ་འགྱུར་བ་མེད། །ང་ནི་དུར་ཁྲོད་ཆེན་པོ་སྟེ། །སངས་རྒྱས་སེམས་ཅན་ཀུན་གྱི་དུར། །ང་ཡི་བྱིན་རླབས་ཆེན་པོ་ལས། །དུས་གསུམ་སངས་རྒྱས་ཐམས་ཅད་བྱུང་། །ང་ཡི་མཚན་མའི་སྐུ་ལྔ་ལས། །ལོངས་སྤྱོད་རྫོགས་པའི་ཞིང་ཁམས་ཆགས། །ང་ཡི་ཐུགས་རྗེའི་འོད་ཟེར་ལས། །སྤྲུལ་པ་ཕྱེད་སྣང་ཞིང་ཁམས་ཆགས། །ང་ཡི་མིག་གི་འོད་ཟེར་ལས། །ལས་དག་སྤྲུལ་པའི་ཞིང་ཁམས་ཆགས། །ང་ཡི་སྐུ་གསུམ་འགག་མེད་ཀུན་ལ་རོལ། །ང་ཡི་ཞིང་ཁམས་རྡོ་རྗེའི་སྐུ་ལ་རྫོགས། །ང་ཡི་སྙིང་པོ་ཙིཏྟའི་དཀྱིལ་ན་རྫོགས། །ང་ཡི་ངོ་བོ་ཀ་དག་ས་ལ་གནས། །ང་ཡི་འབྲས་བུ་སྒྲོན་མའི་ཡུལ་ལ་སྣང་། །ང་ཡི་མཛད་སྤྱོད་ནམ་མཁའི་དཀྱིལ་ན་གནས། །ང་ཡི་ཐུགས་རྗེ་འཁྲུལ་སྣང་ཡུལ་ལ་གནས། །ང་ཡི་དཀྱིལ་འཁོར་དུང་ཁང་ནང་དུ་རྫོགས། །ང་ཡི་ཡེ་ཤེས་བར་དོའི་ཡུལ་ལ་རྫོགས། །ང་ཡི་ཤེས་རབ་ཕྱི་ནང་ཆོས་ལ་རྫོགས། །ང་ཡི་ཏིང་འཛིན་སྟོང་པའི་ངང་ལ་གནས། །དེ་བཞིན་ང་ལས་མ་བྱུང་གང་ཡང་མེད། །ཐམས་ཅད་མ་ལུས་ང་ཡི་ཆོ་འཕྲུལ་ཏེ། །བརྗོད་མེད་རང་བྱུང་རྒྱལ་བ་ཀུན་གྱི་གསུང་། །རྣམ་དག་དོན་སྤྱོད་རྒྱལ་བ་ཀུན་གྱི་ཡབ། །སྣ་ཚོགས་ཤེས་རབ་རྒྱལ་བ་ཀུན་གྱི་ཡུམ། །ཐ་དད་ཡེ་ཤེས་


DNG003_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་ཀུན་གྱི་ངང་། །གཅིག་དང་དུ་མ་རྒྱལ་བ་ཀུན་གྱི་ཡུལ། །ཡེ་ཤེས་ཆོས་ཀྱི་དབྱིངས་དང་ཁྱད་མེད་པས། །སྐྱེ་མེད་ཡེ་ཤེས་མེ་ལོང་ལྟ་བུས་མཁྱེན། །ཡེ་ཤེས་རིག་པའི་ངང་དུ་དབྱེར་མེད་མཁྱེན། །ཆོས་ཀྱི་དབྱིངས་ལ་ཆོས་ཉིད་ཡེ་ཤེས་བརྗོད། །རྣལ་འབྱོར་རིག་པ་མཐོང་གྱུར་ན། །རྒྱལ་བ་མ་བསྒོམས་གཅིག་ཀྱང་མེད། །རིག་པའི་ངོ་བོ་འགྱུར་བ་མེད། །རང་བཞིན་ནམ་མཁར་གནས་པ་ནི། །ནམ་མཁར་གནས་པའི་འཇའ་ཚོན་བཞིན། །སང་ངེ་ས་ལེ་མ་འདྲེས་ཡོངས་སུ་རྫོགས། །དཔེར་ན་རྒྱལ་པོས་བློན་པོ་ལ་བསྒོས་ལྟར། །རིག་པ་དབྱིངས་ལ་ཤར་བས་ཕྱི་ཡི་ཚུལ། །འབངས་ཀྱིས་རྒྱལ་སྲིད་ཕུལ་ནས་དབང་བསྒྱུར་ལྟར། །རང་བྱུང་རང་རྫོགས་བླ་ན་མེད་པའི་ཚུལ། །རིག་པའི་ཡེ་ཤེས་ཟང་ཐལ་ཡུལ་ལས་འདས། །རང་རིག་བྱང་ཆུབ་སེམས་ལ་མ་རིག་མུན་པས་བསྒྲིབས། །འགྲོ་བ་ཀུན་གྱི་སྙིང་ལ་དུག་ཆེན་འདི་གཡོས་པས། །ཐར་ལམ་མི་འཐོབ་སྐྱེ་ཞིང་འཆི་ལ་རྟོག །མ་རིག་མ་སྤངས་བཞག་ན་རིག་པ་སྐྱེ་བར་འགྱུར། །ལྟ་བ་མ་ནོར་བདེན་གཉིས་དོན་ལྡན་ཞིང་། །བདག་དང་སངས་རྒྱས་དབྱེར་མེད་མཉམ་པའི་བློས། །རིག་པའི་ཡུལ་ལ་བལྟས་ན་ཏིང་འཛིན་ཐོབ། །དམིགས་པའི་ཡུལ་དང་བྲལ་ན་སྒྲོན་མ་ཡུལ་ལ་སྣང་། །སྣང་འབྱེད་བཙལ་སེམས་མེད་པར་ཡེ་ཤེས་དབྱིངས་སུ་འདུས། །ཐོབ་དང་མ་ཐོབ་མེད་པར་ཡེ་ཤེས་སྐྱེ། །གྲོལ་དང་མ་གྲོལ་གཉིས་མེད་ཤེས་རབ་ཆེ། །རྫོགས་པའི་རིག་པ་ཡུལ་ལ་ལྷུག་པར་ཤར། །ལྷུག་པ་ཉིད་ལ་ཡེ་ཤེས་སྣང་བ་འགག་མེད་སྐྱེ། །བསྐྱེད་བྱ་སྐྱེད་བྱེད་མེད་པར་ཡུལ་ལ་མངོན་པར་སྣང་། །མ་བཀོད་ནོར་བུའི་སྐུ་ལ་ཡེ་ཤེས་རྫོགས་པའོ། །ཀྱེ་མ་རྫོགས་པ་ཆེན་པོ་ཨ་ཏི་ནི། །གང་གི་ཕྱོགས་སུ་མ་ལྷུང་ཡེ་ཤེས་དོན་ལ་སྤྱོད། །དཔེར་ན་གཅན་གཟན་སེང་གེ་ཡིས། །སྡེར་ཆགས་ཟིལ་གྱིས་མནན་ནས་གངས་ལ་གནས་པ་བཞིན། །རྫོགས་ཆེན་རང་སྐད་སྨྲ་ཞིང་ཐེག་དམན་ཟིལ་གྱིས་གནོན། །རྫོགས་ཆེན་རང་སྐད་


DNG003_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲ་ཞིང་རང་གི་དོན་ལ་འཇོག །རྫོགས་ཆེན་ཡུལ་ལ་སངས་རྒྱས་སེམས་ཅན་མེད། །རྫོགས་ཆེན་གཞི་ལ་བཟང་དང་ངན་པ་མེད། །རྫོགས་ཆེན་ལམ་ལ་ཉེ་དང་རིང་བ་མེད། །རྫོགས་ཆེན་འབྲས་བུ་ཐོབ་དང་མ་ཐོབ་མེད། །རྫོགས་ཆེན་སྐུ་ལ་ཡིན་དང་མིན་པ་མེད། །རྫོགས་ཆེན་གསུངས་ལ་བསྒྱུར་དང་མ་བསྒྱུར་མེད། །རྫོགས་ཆེན་དབྱིངས་ལ་ཟད་དང་སྟོངས་པ་མེད། །རྫོགས་ཆེན་གནས་ལ་མཐོ་དང་དམའ་བ་མེད། །རྫོགས་ཆེན་ཆོས་ལ་སྤྱོད་དང་མི་སྤྱོད་མེད། །རྫོགས་ཆེན་རྩལ་ལ་རྫོགས་དང་མ་རྫོགས་མེད། །རྫོགས་ཆེན་རོལ་པ་ཤར་དང་མ་ཤར་མེད། །རྫོགས་ཆེན་དོན་ལ་བསྒོམ་དང་མ་བསྒོམས་མེད། །རྫོགས་ཆེན་རིག་པ་མཐོང་དང་མ་མཐོང་མེད། །རྫོགས་ཆེན་ཡེ་ཤེས་གསང་ཆེན་ཀུན་ལ་རོལ། །རྫོགས་ཆེན་མཐའ་ལ་འདི་ཞེས་བསྟན་དུ་མེད། །རྫོགས་ཆེན་དོན་ལ་ཚིག་དང་ཡི་གེ་མེད། །རྫོགས་ཆེན་རྒྱལ་པོའི་ལྟ་བ་དེ་བཞིན་གནས། །ཚིག་དང་ཡི་གེ་མེད་€_པར་རྫོགས་ཆེན་དོན་ལ་སྤྱོད། །གསལ་འགྲིབ་འཛིན་རྟོག་མེད་པར་རང་སྣང་བདེ་བའི་ཤུགས། །རྫོགས་ཆེན་དོན་ལ་དེ་བཞིན་གནས་མེད་པའོ། །ཀྱེ་མ་ཡང་དག་བདེ་བའི་སྐུ། །ཚིག་ལ་མི་གནས་སྒྲོན་མ་མཁའ་ལ་འཁྱིལ། །དོན་ལ་མི་གནས་ཡེ་ཤེས་གཏང་གཞག་མེད། །རྫོགས་པ་མེད་པར་མཚན་མ་རང་སར་གྲོལ། །ཡེ་ཤེས་རྡོ་རྗེ་སྒྲོན་མ་འབར་བའི་སྐུ། །ཡང་དག་བདེ་བའི་འོད་གསལ་མཉམ་པའི་སྐུ། །འགག་མེད་རང་གྲོལ་རྫོགས་ཆེན་ཨ་ཏིའི་དོན། །མ་བསྐྱེད་རྫོགས་པའི་ཐིག་ལེ་རྣམ་ལྔ་གསལ། །འགྱུར་མེད་ཡེ་ཤེས་དག་པའི་ཕྱོགས་དང་བྲལ། །སྟོང་པ་རང་སངས་ནམ་མཁའི་ཁུ་རླངས་བཞིན། །འགྱུར་མེད་རང་དག་ཆུ་ཡི་ལྦུ་བ་བཞིན། །རྣམ་དག་མཁའ་མཉམ་རྡོ་རྗེ་སྟོང་པ་ཉིད། །དུས་མེད་ལྷུག་པ་ཆུ་ཡི་དཀྱིལ་འཁོར་བཞིན། །སྟོང་པའི་དོན་ལ་ཅིས་ཀྱང་བསྐྱོད་དུ་མེད། །གསང་བའི་དཀྱིལ་འཁོར་


DNG003_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ལྔ་དང་ལྡན། །དག་པའི་ཡེ་ཤེས་ཚོམ་བུ་ལྔ་དང་ལྡན། །རྫོགས་ཆེན་གསང་བའི་དཀྱིལ་འཁོར་དམ་པ་ན། །རྫོགས་ཆེན་དོན་ལ་ཐོགས་པ་མེད་པར་འབྱུང་། །ཚིག་དོན་ཡེ་ཤེས་གཏན་ཚིགས་ཆེན་པོར་བཤད། །ཡང་དག་ཡེ་ཤེས་ཟླ་འོད་བཟང་། །འོད་ཆེན་སྟོན་ཀའི་ཟླ་བའི་འོད། །སྤྲོ་ཞིང་བསྡུ་བ་མེད་པ་ལྟར། །རྫོགས་ཆེན་འོད་ལ་སྐྱེ་དང་འབྲི་བ་མེད། །རྫོགས་ཆེན་ཡེ་ཤེས་རང་སྣང་ཡིན། །མཚན་མ་ཚིག་གི་མཐའ་དང་བྲལ། །མཐའ་བྲལ་ཡེ་ཤེས་ཆེན་པོའི་སྐུ། །འཛིན་པ་མེད་པར་གཟུགས་སུ་སྣང་། །འགྲོ་འོང་མེད་པར་དབྱིངས་སུ་ཐིམ། །གནས་པ་མེད་པར་རང་སར་གྲོལ། །སྟོང་པའི་ཚིག་གི་མཐའ་དང་བྲལ། །དག་པ་འོད་ཀྱི་ཡུལ་དང་བཅས། །ཁྱབ་པའི་ཐིག་ལེ་སྐུ་དང་བཅས། །ཡང་དག་ཡེ་ཤེས་འོད་དང་བཅས། །མཁའ་མཉམ་རིག་པའི་སྐུ་དང་བཅས། །སྟོང་པ་རྡོ་རྗེའི་ལམ་དང་བཅས། །གསལ་བ་འོད་ཀྱི་དབྱིངས་སུ་འདུས། །དེ་བཞིན་དགོངས་པ་དག་པའོ། །ཨེ་མ་རྫོགས་ཆེན་བྱང་ཆུབ་སེམས། །མཁའ་མཉམ་རྡོ་རྗེའི་སྐུ་ལ་སྤྱོད། །སྟོང་པ་ཡང་དག་ལུས་ལ་རྫོགས། །སེམས་སོགས་འཛིན་པའི་ཆོས་ལས་གྲོལ། །སྐྱེ་མེད་ཡང་དག་ངོ་བོ་རྙེད་པར་གསུངས། །མི་བསྐྱོད་མཁའ་ལ་རིག་པ་གསལ། །སྐྱེ་མེད་ཀློང་དུ་ཡང་དག་འདུས། །འགག་མེད་ཀློང་དུ་དེ་བཞིན་གཤེགས། །རྣམ་དག་སྤྱན་ལྔ་མངོན་སངས་རྒྱས། །འབར་བ་འབར་བའི་ཡེ་ཤེས་མཆོག །སྟོང་པ་སྟོང་པའི་ཡུལ་ལས་འདས། །དག་པ་དག་པའི་དཀྱིལ་འཁོར་རྙེད་པའོ། །ཞེས་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། རྫོགས་ཆེན་རང་སྐད་སྨྲ་བའི་ལེའུ་སྟེ་དོན་བརྒྱད་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་རྣམ་དག་སྐུ། །རྫོགས་ཆེན་རང་སྐད་དེ་ལྟར་ན། །བདག་ཅག་མོས་པའི་འཁོར་རྣམས་ལ། །མི་གཡོ་མཉམ་གཞག་གསུང་


DNG003_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གསོལ། །ཞེས་ཞུ་བ་ཞུས་སོ། །དེ་ནས་ཡང་བཀའ་སྩལ་པ། ཀྱེ་མ་གསང་བདག་རྡོ་རྗེ་འཛིན། །ངས་བསྟན་ཁྱོད་ཀྱིས་ལེགས་པར་ཉོན། །མི་གཡོ་མཉམ་གཞག་དགོངས་པ་ནི། །འདི་ལྟར་ཀུན་ལ་ཤེས་པར་བྱ། །མི་གཡོ་བ་ནི་སྐུ་ཡི་རྒྱན། །མི་བསྐྱོད་པ་ནི་ཡེ་ཤེས་ཏེ། །མི་འགག་པ་ནི་ཤེས་རབ་པོ། །ཡང་དག་མི་ཕྱེད་མཉམ་གཞག་གོ། །སྲོག་མེད་འཛིན་པ་མེད་པ་ཉིད། །བྱ་དང་བྱེད་པའི་ཐ་ཚིག་ལས། །ཡོད་དང་མེད་པའི་མཐའ་ལས་གྲོལ། །ཉོན་མོངས་སྤངས་པར་མི་འདོད་ཅིང་། །ཡེ་ཤེས་ལེན་པར་འདོད་མ་ཡིན། །མི་ལེན་པས་ན་བདག་མེད་ཅིང་། །ཅི་ཡང་མཉམ་ཉིད་ཡེ་ཤེས་འདོད། །རྟོག་པ་མ་ཞུགས་ཕྱོགས་དང་བྲལ། །ཡོད་མེད་གཉིས་ཀྱི་མཐའ་ལས་འདས། །བསམ་གཏན་ཉིད་ལ་བསམ་དུ་མེད། །ཡང་དག་དོན་ལ་བསྒྲུབ་ཏུ་མེད། །སྒྲོན་མའི་ཡུལ་ལ་བཙལ་དུ་མེད། །སྣང་བ་ཉིད་ལ་གཟུང་དུ་མེད། །ཡང་དག་སྐུ་ལ་བལྟ་དང་བྲལ། །རང་རིག་དོན་ལ་བསྒྲུབ་ཏུ་མེད། །སྣང་བའི་ཡུལ་ལ་འཛིན་དུ་མེད། །ཡོན་ཏན་རྩལ་ལ་འགག་པ་མེད། །མཚན་མའི་ཆོས་ལ་ཞེ་འདོད་མེད། །དག་པའི་འོད་ཟེར་ཐ་སྙད་སྟོང་། །ཡོན་ཏན་སྤྲུལ་པ་ཅིར་ཡང་སྤྲུལ། །ད་ལྟའི་རིག་པ་ཆོས་ཀྱི་སྐུ། །མ་འོངས་ཚིག་ལས་འདས་པའོ། །མངོན་སུམ་མི་གནས་ཡུལ་ལས་འདས། །ཆེ་བའི་ཆེན་པོ་རང་བཞིན་གནས། །བསྒྲུབ་པ་མ་ཡིན་འཁྲུལ་པ་སངས། །རྟོགས་པ་མ་ཡིན་དོན་དང་མཇལ། །སྟོང་པ་གསལ་བ་འོད་ཀྱི་སྐུ། །ཡེ་ཤེས་མཛེས་པ་ལྷན་ནེའོ། །སྣ་ཚོགས་འཕྲོ་བས་དོན་གཉིས་མཐོང་། །ཐམས་ཅད་གང་བས་ཡུལ་མེད་ཅིང་། །གཟའ་གཏད་མེད་པར་ས་ཉིད་ཐོབ། །གོམ་པ་གཅིག་གིས་ཕ་རོལ་ཕྱིན། །སྟོང་པ་མུ་མེད་གསལ་ལ་མཛེས། །གསལ་བ་ཡུལ་མེད་གཟུང་དུ་མེད། །སྣང་བར་མི་འདོད་ཆོས་དང་བྲལ། །གོ་བའི་ཡུལ་ན་ཤེས་རིག་ཆེ། །མཐོང་བའི་ཡུལ་ན་སྣང་བ་གསལ། །ཤེས་པའི་དུས་ན་ཡངས་པ་ཆེ། །མཐུན་


DNG003_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

པས་གང་གིས་ཆོས་དང་བྲལ། །ཐེ་ཚོམ་སྒྲོ་འདོགས་ཆོས་དང་བྲལ། །མི་གཡོ་མཉམ་གཞག་དཀྱིལ་འཁོར་ཉིད། །རང་ལས་སྤྲུལ་ཞིང་རང་ལ་ཐིམ། །བྱིང་དང་རྒོད་པའི་མཐའ་ལས་འདས། །རྟག་ཉིད་རྡོ་རྗེའི་སྐུ་དང་ལྡན། །མུན་པ་འཁོར་བའི་ཡུལ་ལས་འདས། །རྟོག་པ་དེ་ཉིད་རང་སར་གྲོལ། །རྟོགས་པ་ཆོས་ཉིད་རྒྱལ་པོར་གསུངས། །ཆོས་ཉིད་ཀ་དག་མ་རིག་མེད། །བསྟན་པ་ཀུན་གྱི་སྙིང་པོ་ཉིད། །ང་ལས་ཐམས་ཅད་བྱུང་བའོ། །བྱ་བྱེད་འཛིན་པའི་ཡུལ་ལས་འདས། །ཡང་དག་དོན་ལ་མཉམ་པར་བཞག །ཡེ་ཤེས་དོན་ལ་ངོས་བཟུང་མེད། །མཚོན་པའི་དཔེ་དང་བཅས་པའོ། །ཨེ་མ་བཀོད་པ་རིན་ཆེན་ཕྲེང་། །མ་བཀོད་ཕྱོགས་སུ་གྲུབ་པ་མེད། །རང་ཤར་མེ་ལོང་འོད་པོ་ཆེ། །དང་པོ་རྐྱེན་གྱིས་འཁྲུལ་པའི་ཕྱིར། །མཐའ་མ་རྐྱེན་གྱིས་བཟློག་པར་བྱེད། །དེ་ནས་རྐྱེན་དང་རྒྱུ་ཉིད་ཀྱང་། །རྡོ་རྗེ་སེམས་དཔའི་ཐུགས་ལས་བྱུང་། །རྡོ་རྗེ་སེམས་དཔའ་བདག་ཉིད་ཀྱང་། །ཡང་དག་ནོར་བུ་རིན་ཆེན་སྟོར། །དེ་ནས་མུན་པའི་སྨག་ཏུ་འཁྱམས། །དེ་ནས་ནོར་བུ་རིན་ཆེན་རྙེད། །སྣང་བ་ཉི་མའི་འོད་ཟེར་བཞིན། །ཀུན་ལ་སྙོམས་པའི་འོད་ལྟར་སྣང་། །ང་ཡི་ནོར་བུ་རིན་ཆེན་གྱི། །འོད་ལ་རྒྱལ་བ་ཐམས་ཅད་བཞུགས། །ནུབ་པ་མེད་པའི་འོད་ཆེན་ལ། །སྟོང་པ་མེད་པའི་ཉི་ཟླ་ཤར། །ཤར་བ་ཉིད་ནས་ནུབ་པ་མེད། །མ་འགགས་ཐབས་ཀྱི་སྐུ་ལྔ་གསལ། །འདུ་འབྲལ་མེད་པའི་ཐིག་ལེ་རྟོགས། །ཡང་དག་རིག་པའི་ཡེ་ཤེས་མཐོང་། །སྟོང་པ་ཡུལ་གྱི་རྒྱ་ཡིས་བཏབ། །རྣམ་དག་བུམ་པའི་འོད་ཟེར་འཕྲོ། །གསལ་བ་ཐུགས་ཀྱི་ཕོ་བྲང་ནས། །ཡེ་ཤེས་རིག་པའི་ཆོ་འཕྲུལ་སྣང་། །བྱ་བ་རྟོགས་པའི་ཡེ་ཤེས་གསལ། །འགྱུར་བ་མེད་པ་རིན་པོ་ཆེ། །དགོས་འདོད་རེ་བ་ཡིད་བཞིན་སྐོང་། །སྟོང་པ་ཡུལ་གྱི་ཕོ་བྲང་དུ། །རྡོ་རྗེ་སེམས་དཔའི་ཐིག་ལེར་ཤར། །དྲན་པ་མེད་པའི་ཀློང་དུ་འདུས། །བརྗོད་པ་མེད་པའི་ཀློང་དུ་


DNG003_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱལ། །བསམ་པ་མེད་པའི་ཆོས་སྐུ་མཐོང་། །ཡངས་པ་ཆེན་པོའི་དབྱིངས་ཉིད་མཐོང་། །བརྗོད་པ་མེད་པའི་ངང་དུ་ཐིམ། །ཡང་དག་རིག་པ་མཁའ་ལ་གཤེགས། །དཀྱིལ་འཁོར་ལ་ཡང་དཀྱིལ་འཁོར་ཐིམ། །ཆོས་ཉིད་ལ་ཡང་ཆོས་ཉིད་རོལ། །ཡེ་ཤེས་ཡེ་ཤེས་ཁྱད་པར་གྱིས། །ཆོས་ཉིད་དོན་ལ་བལྟས་པ་མེད། །དཀྱིལ་འཁོར་གསུང་གི་ཁྱད་པར་གྱིས། །གསང་སྔགས་ཐབས་ཀྱི་དཀྱིལ་འཁོར་ཉིད། །ཡུམ་གྱི་མཁའ་ལ་དེ་བཞིན་རོལ། །གསང་བའི་སྐུ་ལ་བརྗོད་དུ་མེད། །འོད་ལ་འོད་ཀྱིས་བརྒྱན་པ་ཉིད། །སྐུ་ལ་སྐུ་ཡིས་ཡང་དག་བརྒྱན། །ཡེ་ཤེས་ལ་ཡང་ཡེ་ཤེས་ཏེ། །དེ་བཞིན་ཐམས་ཅད་སོ་སོ་ནས། །མ་འགགས་སོ་སོའི་མཚན་ཉིད་འཛིན། །རིག་པའི་ཡེ་ཤེས་སྐུ་ལ་ཁྱབ། །སྐུ་ལ་ཡེ་ཤེས་དཀྱིལ་འཁོར་བྱུང་། །མ་བཀོད་ཕུང་པོ་མཛེས་པ་ཡི། །ལམ་ལས་ཡང་དག་དཀྱིལ་འཁོར་བྱུང་། །དོན་ལས་ཡེ་ཤེས་དཀྱིལ་འཁོར་བྱུང་། །སེམས་ལས་སྣ་ཚོགས་དཀྱིལ་འཁོར་བྱུང་། །ཆོས་ལས་རྡོ་རྗེའི་དཀྱིལ་འཁོར་བྱུང་། །ཡང་དག་དོན་རྟོགས་དེ་བཞིན་ནོ། །ཞེས་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། མི་གཡོ་མཉམ་གཞག་གི་དགོངས་པ་བསྟན་པའི་ལེའུ་སྟེ་དོན་དགུ་པའོ།། །།དེ་ནས་རྣམ་པར་གྲོལ་བའི་སྐྱེས་བུ་སྨྲ་བའི་སེང་གེ་འཇམ་དཔལ་གཞོན་ནུར་གྱུར་པ་ཞེས་བྱ་བ་དེས། འདི་སྐད་ཅེས་འཁོར་གྱི་བྱང་ཆུབ་སེམས་དཔའ་རྣམས་ལ་བཀའ་སྩལ་ཏོ། །ཀྱེ་མ་འདུས་པའི་འཁོར་ཚོགས་ཉོན། །ངས་བསྟན་ལེགས་པར་ཡིད་ཀྱིས་ཉོན། །ཨེ་མ་ཧོ། འཇམ་དཔལ་རང་བྱུང་ཡེ་ཤེས་ནི། །ཚིག་ལ་མི་གནས་ཀུན་གྱིས་གོ་བ་མེད། །གོ་བ་མེད་དེ་མཐོང་བྱེད་ཡོད། །མཐོང་བྱེད་རིག་པ་འདི་ལྟ་སྟེ། །ཤེས་རབ་རིག་པ་བློ་ཡི་ངང་ལས་སྤྱོད། །སྐུ་ཡི་རྣམ་པ་ཐུགས་ཀྱི་ཀློང་ནས་གསལ། །དཔེར་ན་མེ་ལོང་ཆུ་ཟླ་བཞིན། །མ་ཆགས་ཞེན་མེད་རང་གྲོལ་ཉིད། །སྟོང་པ་རང་སྣང་ཡུལ་ལ་མེད། །ཡུལ་ལ་འཆར་བའི་


DNG003_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་ནི་རྣམ་པ་གཉིས། །འདོད་པའི་སྒོ་ནས་ཤེས་རབ་རྩལ་དུ་ཤར། །ཡེ་ཤེས་སྒོ་ནས་སྐུ་དང་ཡེ་ཤེས་ཤར། །འབྱེད་མེད་ཤེས་རབ་གཞི་ལ་གནས་པ་འབྱུང་། །ངོ་སྤྲོད་རྟོགས་པ་ཐོབ་གྱུར་པས། །མི་བསླུ་ངེས་པའི་སྣང་བ་ལྔ། །ཤེས་རབ་མཁའ་ལ་བསྐྱོད་དེ་གཤེགས། །སྤྲོས་དང་བྲལ་བའི་ཆོས་ཀྱི་དབྱིངས། །ངོ་སྤྲོད་ནང་དུ་ཤེས་པར་བྱ། །དེ་ཡང་བསྟན་པ་འདི་ལྟར་ཡིན། །སྤྲད་པའི་རྒྱུ་ཉིད་རང་ལ་ཡོད། །སྤྲད་པའི་ཡུལ་ཉིད་སྣང་བ་ལྔ། །སྤྲད་པའི་རྐྱེན་ཉིད་འོད་སྣང་ལྔ། །སྤྲད་པའི་འབྲས་བུ་བདེན་པ་མཐོང་། །སྤྲད་པའི་ཡོན་ཏན་བསམ་མི་ཁྱབ། །སྣང་བ་ཡུལ་དང་གཉིས་མེད་ཤར། །བདེན་པ་དང་པོ་རབ་ཏུ་དགའ། །བདེན་གཉིས་ཚུལ་གྱི་ཡེ་ཤེས་རྒྱས། །བདེན་པ་གསུམ་ཉིད་དབྱིངས་སུ་འདུས། །བདེན་པ་བཞི་ཡི་ཚུལ་ཉིད་རྣམ་པས་སྟོང་། །བདེན་པ་ལྔ་ཉིད་མཁའ་ལ་གསལ། །བདེན་པ་དྲུག་གིས་དབྱིངས་སུ་འཁྱིལ། །བདེན་པ་བདུན་པས་གོས་པ་མེད། །བདེན་པ་བརྒྱད་པས་ཆགས་པ་མེད། །དེ་ཉིད་བདེན་པ་དགུ་དང་ལྡན། །བདེན་པ་བཅུ་ལ་མཐའ་བཞི་གསལ། །བཅུ་གཅིག་བདེན་པ་ཆོས་ལ་གྲོལ། །བདེན་པ་བཅུ་གཉིས་དྲི་མ་སྤངས། །བཅུ་གསུམ་ཡེ་ཤེས་བདེན་པ་མཐོང་། །བཅུ་བཞི་བདེན་པ་དེ་ཉིད་ཐོབ། །བདེན་པ་བཅོ་ལྔ་ཡང་དག་ཤེས། །བཅུ་དྲུག་བདེན་པས་རྟོགས་པ་ཉིད། །བཅུ་བདུན་བདེན་པས་སྐུ་ཉིད་ཐོབ། །བཅོ་བརྒྱད་བདེན་པས་དཀྱིལ་འཁོར་ཐོབ། །བདེན་པ་བཅུ་དགུས་ལྷ་ཚོགས་མཐོང་། །ཉི་ཤུའི་བདེན་པ་ཚད་དང་ལྡན། །རྩ་གཅིག་བདེན་པ་མཁའ་ལ་སྤྱོད། །དེ་ནས་སྤྱན་རས་གཟིགས་དབང་ཕྱུག་གིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་སྨྲ་བའི་སེང་གེ་རིགས་པ་དང་ལྡན་པ་ཁྱོད། །འཇམ་དཔལ་ཡང་དག་དགོངས་པ་ཉིད། །མཚན་མའི་ཆོས་དང་བྲལ་ལམ་ཅི། །ཡང་ན་མཚན་མ་མེད་པ་ལ། །ཡང་ན་དཀྱིལ་འཁོར་གཅིག་ལ་བརྟེན། །དེ་བཞིན་གང་གིས་མཚོན་


DNG003_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད། །ལུང་ལ་བརྟེན་ཏེ་གྲུབ་བམ་ཅི། །ཡང་ན་རིགས་པ་དག་ལ་བརྟེན། །དེ་བཞིན་མན་ངག་བརྟེན་འགྱུར་རམ། །ཡང་ན་རང་ཉིད་ལ་བརྟེན་ནམ། །དེ་བཞིན་གང་ལ་བརྟེན་པ་ཡིན། །ཡང་དག་དོན་ཆེན་བགྲོས་ཏེ་གསུངས། །ཞེས་དྲི་བ་དྲིས་སོ། །དེ་ནས་འཇམ་དཔལ་སྨྲ་བའི་སེང་གེ་སྐྱེས་བུ་དམ་པ་དེས། འདི་སྐད་ཅེས་སྨྲས་སོ། །ཀྱེ་ཧོ་ལེགས་པར་དྲིས་ལན་ཟུང་། །དྲི་བའི་ཕྱིར་ན་ལན་ཉིད་ཞུ། །དེ་ནས་དབང་ཕྱུག་དེས་སྨྲས་པ། །ཀྱེ་ཧོ་འཇམ་དཔལ་གཞོན་ནུ་ཉིད། །དྲིས་པའི་ལན་ཉིད་མེད་དམ་ཅི། །དེ་ནས་སྐྱེས་བུ་དམ་པས་གསུངས། །ང་ཡིས་ལན་གདབ་ལེགས་པར་ཉོན། །འཇམ་དཔལ་ཡང་དག་དགོངས་པ་ཉིད། །མཚན་མའི་ཆོས་དང་བྲལ་བའོ། །རྣམ་རྟོག་མཚན་མ་ཀ་ནས་དག །དགོས་ཆེད་འབྲས་བུ་རང་གྲོལ་ལོ། །ཡོན་ཏན་སྣ་ཚོགས་སྐུ་ལྔར་ཤར། །བསམ་པའི་དོན་འབྱུང་དེ་དག་ལས། །བློ་དམན་གང་ཟག་ཤེས་ཆུང་ལ། །མཚན་མ་བསྒོམ་པའི་རིམ་པར་སྣང་། །སྤྱི་དང་རང་གི་མཚན་ཉིད་བརྟགས། །དགོངས་པ་ཉིད་ལ་རྫོགས་པའོ། །དེ་མཐུན་ཤེས་རབ་ངེས་པར་རྙེད། །བསྒོམ་པའི་བྱེ་བྲག་གོང་བཞིན་དུ། །དེ་ལ་མཚན་མ་མེད་པའི་རྟགས། །ཤེས་རབ་ཆེན་པོས་དོན་རིག་ནས། །ཆོས་སྐུ་སྐྱེ་མེད་འགྱུར་མེད་ལ། །ལོངས་སྐུ་ཤེས་རབ་རིག་པའི་སྐུ། །མཁྱེན་པའི་ཡེ་ཤེས་མཁའ་ལ་དབང་བསྒྱུར་ཞིང་། །སྤྲུལ་སྐུས་གདུལ་བྱའི་ཡུལ་ལ་དོན་བྱེད་ནུས། །དེ་གསུམ་ཕྱོགས་ལྷུང་མེད་པའི་ཤེས་རབ་ལ། །འཇམ་དཔལ་ཡང་དག་དགོངས་པ་གསལ། །དེ་ལ་ཉི་ཤར་འདི་ལྟར་ཀུན་ལ་ཤར། །དང་པོ་ཆོས་སྐུའི་རིག་པ་ཤར། །རིག་པ་ཡེ་ཤེས་འོད་དུ་གསལ། །དེ་ལས་གཏིང་དཔག་མེད་པའི་འོད། །ཕྱོགས་བཅུ་ནམ་མཁའི་ཁམས་གང་ཞིང་། །དེ་ཡི་གཟི་བརྗིད་འཇིག་རྟེན་ཁྱབ། །དེ་ལས་མཐོང་བའི་ཁྱད་པར་གྱིས། །གོམས་པའི་དོན་ལ་མ་ཡེངས་ན། །ཡེ་ཤེས་རིག་པ་སངས་གྱུར་ནས། །ཤིན་ཏུ་སད་པ་སད་པའི་བདག །ཀུན་ཤེས་ཆོས་དང་བྲལ་


DNG003_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

བའོ། །དེ་ནི་དགོངས་པའི་ཚད་དུ་བསྟན། །དེ་མིན་བློ་ཞན་སེམས་ཅན་རྣམས། །ཆོས་སྐུ་ཟང་ཐལ་ཡངས་པར་མ་ཤེས་པར། །རྫོགས་རིམ་སྐྱེ་བ་མེད་པ་ཁས་བླངས་ཀྱང་། །ཝ་སྤྲེལ་སེང་གེ་དག་ཏུ་བརྫུས་པ་བཞིན། །དངོས་མེད་ཟང་ཐལ་ཆོས་སྐུ་མ་རྟོགས་པར། །བློ་ཡི་ཞེན་འདོད་མཚན་བཅས་ལྷ་ལ་བལྟ། །དེ་ནི་འཇམ་དཔལ་དགོངས་པ་མིན་པ་རྡོ་རྗེ་སེམས་དཔས་གསུངས། མཚན་མ་མེད་པའི་དགོངས་པ་ཉིད། །དཀྱིལ་འཁོར་ཉིད་ལ་བརྟེན་ཏུ་མེད། །ལྷ་ལ་བསྒོམ་དུ་མེད་པའི་ཕྱིར། །འཇམ་དཔལ་ཡང་དག་དགོངས་པ་ལ། །མཚོན་པའི་དཔེ་ཉིད་མན་ཤེལ་ཡིན། །ཡང་དག་དོན་ལ་ལུང་མེད་ཀྱང་། །མཚོན་ཕྱིར་ལུང་ལ་བརྟེན་ཏེ་བསྒྲུབ། །རིགས་པས་མི་འགྲུབ་ཤེས་རབ་དགོས། །རིགས་པས་བསྒྲུབས་ན་འོག་མར་འགྱུར། །དེ་ལ་མན་ངག་ངེས་པར་དགོས། །རང་ཉིད་ལས་ཀྱང་རྒྱུ་ཉིད་ཡོད། །ཐམས་ཅད་རང་ལས་བྱུང་བའི་ཕྱིར། །དུས་གསུམ་བདེར་གཤེགས་ཐུགས་ཀྱི་དགོངས་པ་མ་ནོར་བར། །དྲིས་ལན་རྒྱས་པར་ཁྱོད་ལ་བསྟན་པའོ། །དེ་ནས་ཡང་གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་སྨྲ་བའི་སེང་གེ་ཉིད། །འཇམ་དཔལ་གྱི་ཡེ་ཤེས་ལ་ཚད་གཟུང་དུ་ཡོད་དམ་མེད། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས། །གླུར་བླངས་གང་ལགས་བཤད་དུ་གསོལ། །ཞེས་དྲི་བ་དྲིས་སོ། །དེ་ནས་འཇམ་དཔལ་སྨྲ་བའི་སེང་གེ་གཞོན་ནུར་གྱུར་པ་དེས། འདི་སྐད་ཅེས་དྲིས་ལན་རྒྱས་པར་གདམས་སོ། །ཀྱེ་མ་རྡོ་རྗེ་འཛིན་རྒྱལ་ཉོན། །ང་ཡི་དགོངས་པ་ཚད་མར་བསྟན། །དྲིས་པའི་ལན་ལ་ལེགས་པར་ཉོན། །འཇམ་དཔལ་ཡེ་ཤེས་ཉིད་ལ་ཚད་མེད་ཀྱང་། །མ་རྟོགས་བློ་ལ་ཚད་ཀྱིས་བསྟན་དུ་ཡོད། །དྲི་མ་གསུམ་གྱིས་རྒྱལ་བའི་སྐུ་ལ་བསྒྲིབས། །རགས་པས་སངས་རྒྱས་ཞིང་ཁམས་བསྒྲིབས། །དྲི་མ་བསལ་བས་ཡེ་ཤེས་ཟང་མར་ཤར། །དྲི་མ་གསུམ་ནི་དུག་གསུམ་ངོ་བོར་བསྟན། །དེ་


DNG003_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་བསྟན་པ་འདི་ལྟ་སྟེ། །དྲི་མ་དག་ན་རགས་པར་བཤད། །དྲི་མས་རང་གི་ཡེ་ཤེས་བསྒྲིབས། །རགས་པས་སངས་རྒྱས་ཞིང་ཁམས་བསྒྲིབས། །ཕྲ་བས་ཡེ་ཤེས་སྣང་བ་བསྒྲིབས། །ཕྲ་བའི་ཕྲ་བས་ཡེ་ཤེས་སྒྲོན་མར་བསྟན། །རགས་པའི་རགས་པས་གཟུགས་སྐུའི་ཞིང་ཁམས་བསྟན། །དྲི་མའི་དྲི་མས་མ་རིག་རྩ་བར་བསྟན། །སྣང་བའི་རྒྱལ་པོ་ཆེན་པོ་དེ་བཞིན་གནས། །སེམས་ཅན་བློ་ལ་གནས་པའི་དོན་ཉིད་མ་ཤེས་ན། །ཡེ་ཤེས་རང་སྣང་དགོངས་པ་དེ་མཐོང་ངམ། །དེ་ཡང་རྟོགས་པས་མི་གནས་མུན་ཁང་མར་མེ་བཞིན། །སྣང་བ་མ་འགགས་འཇམ་དཔལ་ཡེ་ཤེས་དོན། །འཇམ་དཔལ་ཡེ་ཤེས་དྲི་མའི་སྐྱོན་རྣམས་ཐམས་ཅད་བསལ། །དཔལ་གྱིས་སེམས་ལ་སོགས་པའི་འཆིང་བ་གྲོལ། །འཇམ་དཔལ་ཡེ་ཤེས་དོན་ལ་གང་གནས་པ། །དེ་ནི་མྱ་ངན་འདའ་བར་རྡོ་རྗེ་སེམས་དཔས་བཤད། །འཇམ་དཔལ་ཡེ་ཤེས་དགོངས་པའི་དོན་ཉིད་ཚིག་ལས་འདས། །ཚིག་དང་ཡི་གེ་མཚན་མའི་ཆོས་ལས་ཡང་དག་གྲོལ། །ཆོས་ལ་དབང་བསྒྱུར་ཡེ་ཤེས་མཆོག་ལ་གནས། །ཡེ་ཤེས་དོན་ལ་འཇམ་དཔལ་ཡེ་ཤེས་སྐུ། །ཚིག་མེད་སྟོང་པའི་ངང་དུ་འཇམ་དཔལ་ཡེ་ཤེས་སྟོར། །སྟོར་བ་ཉིད་ནས་བསྒྲུབས་ཤིང་བཙལ་དུ་མེད། །དེ་ཡང་སྣང་བ་རྒྱ་ཆད་འབྱུང་བཞིའི་མཁའ་ལ་སྤྱོད། །འཇམ་དཔལ་དོན་གྱི་སྙིང་པོ་ལས། །སེམས་ལ་སོགས་པའི་དྲི་མ་མེད། །སྣང་བ་བྱར་མེད་ཆོས་དང་བྲལ། །འཇམ་དཔལ་ཡེ་ཤེས་ཆེན་པོ་ཉིད། །གང་དང་མི་མཉམ་ཀུན་ལ་རོལ། །འཇམ་དཔལ་ཡེ་ཤེས་དགོངས་པ་ཉིད། །གང་གི་དོན་ལ་གུས་པས་ལྟོས། །འཇམ་དཔལ་ཡེ་ཤེས་དོན་ཉིད་དོ། །དེ་ནས་ཐུགས་རྗེ་ཐབས་ཀྱི་བདག་པོས། འཇམ་དཔལ་སྨྲ་བའི་སེང་གེ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་སྨྲ་བའི་སེང་གེ་ལགས། །འཇམ་དཔལ་ངེས་ཚིག་གང་གིས་བཟུང་། །ཁྱེད་ཀྱིས་ལུང་བསྟན་ལེགས་པར་ཞུ། །ཞེས་དྲི་བ་དྲིས་སོ། །དེ་ནས་ཡང་རྣམ་པར་གྲོལ་བའི་སྐྱེས་བུ་འཇམ་དཔལ་


DNG003_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲ་བའི་སེང་གེ་དེས་འདི་སྐད་ཅེས་དྲིས་ལན་རྒྱས་པར་གནང་ངོ་། །ཀྱེ་ཧོ་སྤྱན་རས་གཟིགས་དབང་ཉོན། །བདག་གིས་རབ་ཏུ་སྨྲ་བར་བྱ། །འཇམ་དཔལ་དཔལ་དང་ལྡན་པའི་མཆོག །འཇམ་དཔལ་དགོངས་པ་གང་ཡིན་པ། །ང་ཡི་ཐུགས་ཀྱི་དཀྱིལ་ན་རྫོགས། །འཇམ་དཔལ་ཡང་དག་བདེ་བའི་སྐུ། །ཡང་དག་ཡེ་ཤེས་འོད་ལྔར་ལྡན། །ཆོས་སྐུ་ཁ་དོག་མ་འདྲེས་འཇམ། །དཀྱིལ་འཁོར་འདུ་འབྲལ་མེད་ཕྱིར་དཔལ། །སྣང་བ་རང་གདངས་ཡོད་ཕྱིར་འཇམ། །མ་རིག་མུན་པ་སངས་ཏེ་དཔལ། །སྒྲོན་མའི་འོད་ཀྱིས་ཁྱབ་ཕྱིར་འཇམ། །དེ་ལ་དུས་མེད་འཆར་ཕྱིར་དཔལ། །རང་སྣང་ཡུལ་ལ་སྣང་ཕྱིར་འཇམ། །ཕྱོགས་ལ་གནས་པ་མེད་ཕྱིར་དཔལ། །ཚིག་གཅིག་ཆད་པ་ཡིན་ནམ། དབྱིངས་ལ་འཕྲོ་འདུ་མེད་ཕྱིར་དཔལ། །འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡི། །མིང་ལ་གང་ཞིག་སུས་འཇུག་པ། །ཡེ་ཤེས་སྣང་བ་དེ་ཡིས་མཐོང་བར་འགྱུར། །འཇམ་དཔལ་སྐུ་དང་ཡེ་ཤེས་གསུང་། །མ་འགགས་སོ་སོའི་མཚན་ཉིད་འཛིན། །ཟབ་ཅིང་རྒྱ་ཆེ་འཇམ་དཔལ་ཉིད་ཀྱི་མིང་། །གཏིང་དཔག་དཀའ་འོ་འཇམ་དཔལ་ཆོས་ཀྱི་མཆོག །འཇམ་དཔལ་ངང་ལས་ཡང་དག་བདེ་བ་སྐྱེས། །འཇམ་དཔལ་ཉིད་ལ་ཟད་ཅིང་སྟོང་པ་མེད། །སྟོང་པའི་ངང་ལས་འཇམ་དཔལ་ཡེ་ཤེས་སྐུ། །སོ་སོའི་དོན་ལ་མི་གནས་འཇམ་དཔལ་ངང་ལས་ཐམས་ཅད་འདུས། །ཆོས་ཉིད་དཔལ་ལས་ཡང་དག་རྟོགས་པ་བསྐྱེད། །རྡོ་རྗེའི་སྐུ་ལ་འཇམ་དཔལ་ཡེ་ཤེས་གསལ། །སྣང་བ་མེད་པའི་འཇམ་དཔལ་ཡེ་ཤེས་ཉིད། །ཀུན་ལ་ཁྱབ་པས་དོན་མཛད་སྐུ་ཉིད་ཡངས། །འཇམ་དཔལ་ཤེས་རབ་མེ་ལོང་འོད་པོ་ཆེ། །དེ་ལས་འོད་བྱུང་ཐམས་ཅད་ངང་དུ་རྟོགས། །དེ་ནི་འཇམ་དཔལ་དཀྱིལ་འཁོར་ཆེན་པོར་བཤད། །འཇམ་དཔལ་སྐུ་ལ་ཐུག་པ་མེད། །འཇམ་དཔལ་ཡེ་ཤེས་མཁའ་ལ་གཤེགས། །ཡང་དག་སྐུ་ཡི་ཀློང་དུ་ཐིམ་པ་ཡིན། །འབྱུང་བ་ལྔ་ཡི་རབ་རིབ་ཀྱིས། །ཡེ་ཤེས་ལྔ་ཡི་རང་མདངས་བསྒྲིབས། །སྣ་ཚོགས་ཚིག་གི་ལོ་མ་ཡིས། །


DNG003_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་སྐུ་ཡི་དཀྱིལ་འཁོར་བསྒྲིབས། །སངས་རྒྱས་དང་ནི་སེམས་ཅན་ཡང་། །འཇམ་དཔལ་ང་ཡི་གསུང་ལས་འཕྲོས། །སྣ་ཚོགས་ཡུལ་དུ་སྣང་བ་ཡང་། །འཇམ་དཔལ་ང་ཡི་གསུང་ལས་སྤྲུལ། །ཡུལ་དྲུག་སྤྱོད་པའི་ཡིད་དྲུག་ཀྱང་། །འཇམ་དཔལ་ང་ཡི་ཐུགས་ལས་འཕྲོས། །དེ་བཞིན་རོལ་པ་སྣ་ཚོགས་ཀུན། །ང་ལས་སྤྲུལ་ཅིང་ང་ལས་བྱུང་། །ང་ནི་འཇམ་དཔལ་ཀུན་གྱི་དབྱིངས། །འཇམ་དཔལ་ཡེ་ཤེས་ཐུགས་ལ་རོལ། །འཇམ་དཔལ་གསུང་ནི་རྣམ་དག་ཉིད། །འབྱུང་བའི་ཡུལ་ལ་དེ་བཞིན་སྤྱོད། །བྱ་དང་བྱེད་པའི་ཆོས་ལས་གྲོལ། །འཇམ་དཔལ་ཡེ་ཤེས་སྤྲུལ་པ་ཉིད། །གང་ལྟར་བལྟས་པ་དེ་ལྟར་སྣང་། །འཇམ་དཔལ་དངོས་པོའི་ཆོས་ལས་འདས། །གང་དག་འཇམ་དཔལ་ཡེ་ཤེས་ཉིད། །ཡེ་ཤེས་མིག་གཅིག་དྲི་མ་མེད། །ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས། །ཡེ་ཤེས་ལུས་ལ་བག་ཆགས་མེད། །བཟང་ངན་མེད་པའི་འཇམ་དཔལ་ཉིད། །ཀུན་ལ་འཆར་བྱེད་མ་འགགས་སོ། །ཡང་དག་སངས་རྒྱས་ལམ་རིག་པའོ། །ལམ་ནི་རྣམ་པ་ལྔ་རུ་གྲགས། །ལམ་ལ་ཆགས་པ་མེད་པའི་དོན། །དོན་ལ་འགག་མེད་ཡུལ་ལ་ཤར། །དེ་ལས་གྲོལ་ཕྱིར་རྒྱུད་རྒྱལ་གསུངས། །མཚན་མའི་མིང་གི་ཆོས་རྣམས་ཀུན། །འཇམ་དཔལ་ང་ཡི་ངང་དུ་གྲོལ། །སྣང་བ་ཡེ་ཤེས་ཆོས་རྣམས་ཀུན། །འཇམ་དཔལ་ང་ཡི་ངང་དུ་ཐིམ། །མཁའ་ཀློང་དག་པའི་སྒྲོན་མ་གཉིས། །འཇམ་དཔལ་ང་ཡི་མིག་ལ་ཐིམ། །ཡེ་ཤེས་འབར་བའི་སྐུ་ལྔ་ཡང་། །འཇམ་དཔལ་ང་ཡི་མགོ་ལ་རྫོགས། །རིག་པ་ལྷུན་གྲུབ་སྐུ་ཉིད་ཀྱང་། །འཇམ་དཔལ་ང་ཡི་སྙིང་ལ་རྫོགས། །ཐིག་ལེ་མཐའ་ཡས་སྐུ་ཉིད་ཀྱང་། །འཇམ་དཔལ་ང་ཡི་རྩལ་ལ་རྫོགས། །དེ་ལ་སོགས་པའི་ཡེ་ཤེས་སྐུ། །ཐམས་ཅད་ང་ལ་རྫོགས་པར་གསུངས། །ཡེ་ཤེས་འཇམ་དཔལ་ཆོས་ཉིད་སྐུ། །ཡེ་ཤེས་རོལ་པའི་ཕྱིར་ན་འཇམ་དཔལ་དོན་དུ་བསྟན་པའོ། །གསང་སྔགས་ཀུན་གྱི་ཡེ་ཤེས་ཉིད། །མ་ནོར་དགོངས་པ་ཚད་མ་རྣམས། །འཇམ་


DNG003_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ངོ་བོའི་ངང་དུ་ཐམས་ཅད་འདུས། །དེ་ཕྱིར་ཡེ་ཤེས་སེམས་དཔར་གསུངས། །གང་དང་གང་དུ་འཇམ་དཔལ་རིགས། །ཡོད་པར་གྱུར་པ་ཐམས་ཅད་རྣམས། །ང་ལས་ཡང་དག་སྤྲོས་པའོ། །ང་ནི་བཅོམ་ལྡན་རྒྱལ་བ་ཉིད། །སྐུ་ལས་འོད་ཟེར་སྟོང་སྟོང་འཕྲོས། །གསུང་ལས་རོལ་པ་སྣ་ཚོགས་བྱུང་། །ཐུགས་ལས་དགོངས་པའི་དཀྱིལ་འཁོར་སྣང་། །དེ་བཞིན་འཇམ་དཔལ་ཉིད་ཀྱི་སྐུ། །སྣ་ཚོགས་ཅིར་ཡང་འཕྲོ་བའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། འཁོར་རྣམས་རབ་ཏུ་ཡི་རང་ངོ་། །དེ་ནས་སྟོན་པ་བཅོམ་ལྡན་རྡོ་རྗེ་སེམས་དཔའ་ཉིད། ཏིང་ངེ་འཛིན་ལས་བཞེངས་ནས། ལེགས་སོ་ཞེས་བྱ་བ་གནང་བས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་འོད་ཟེར་གྱི་ཕུང་པོས་ཀུན་ནས་གང་བར་གྱུར་ཏོ། །དེ་ནས་རྡོ་རྗེ་འཆང་ཆེན་པོ་དེས་འདི་སྐད་ཅེས། རྣམ་པར་གྲོལ་བའི་སྐྱེས་བུ་འཇམ་དཔལ་སྨྲ་བའི་སེང་གེ་ལ་བཀའ་སྩལ་པ། ཀྱེ་སྨྲ་བའི་སེང་གེ་བསྟན་པ་དེ་ལེགས་སོ། །དེ་ནི་སངས་རྒྱས་ཀྱི་དགོངས་པ་དངོས་སུ་བསྟན་པ་ཡིན་ནོ། །རིགས་ཀྱི་བུ་ཁྱོད་དེའི་དོན་ལ་མ་ཡེངས་པར་གྱིས་ཤིག །ཅེས་བརྗོད་ནས་ཡང་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་སྨྲ་བའི་སེང་གེ་སྐྱེས་བུ་དམ་པ་དེས། བཅོམ་ལྡན་རྡོ་རྗེ་འཆང་ཆེན་པོ་དེ་ལ་བསྐོར་བ་ལན་གསུམ་བྱས་ནས། མི་སྣང་བའི་མཁའ་རྣམ་པར་དག་པ་ལ་གཤེགས་སོ། །འཁོར་རྣམས་ཀྱང་འདུན་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཞེས་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། འཇམ་དཔལ་སྨྲ་བའི་སེང་གེའི་ལེའུ་སྟེ་བརྒྱད་ཅུ་པའོ།། །།དེ་ནས་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྟོང་སྤྱི་ཕུད་ཀྱི་རྒྱལ་པོ་ཞེས་བྱ་བ་དེས་འདི་སྐད་ཅེས། འཁོར་གྱི་ལྷ་དང་། ལྷ་མ་ཡིན་དང་། མཁའ་འགྲོ་མ་དང་། གནོད་སྦྱིན་གྱི་རིགས་དང་། བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་དང་། དེ་དག་ལ་སོགས་པའི་འཁོར་གྲངས་


DNG003_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་རྣམས་ལ་བཀའ་སྩལ་པ། ཀྱེ་འདུས་པའི་འཁོར་རྣམས་ཉོན་ཅིག །ང་ཡིས་དོན་ཆེན་བསྟན་པར་བྱ། །འདུས་པའི་འཁོར་ཚོགས་རྣམས་ཀྱིས་གུས་པར་ཉོན། །དང་པོ་སངས་རྒྱས་དགོངས་པ་དེ། །ཁྱུང་ཆེན་མཁའ་ལ་ལྡིང་བ་བཞིན། །སྤྲོ་བསྡུ་མེད་པར་ནམ་མཁར་སྤྱོད་པར་བྱེད། །ཐ་སྙད་མིང་ལ་མི་གནས་ཏེ། །བགྲོད་མེད་རང་གི་ས་ལ་ཕྱིན། །དགོངས་པ་ངད་ལ་བསྒོམ་དུ་ག་ལ་ཡོད། །ནམ་མཁའ་གུད་བཅད་མ་ཐུབ་ཟང་ཐལ་ལྟར། །དེ་བཞིན་བག་ཆགས་ཕུང་པོས་སྐུ་ལ་སྒྲིབ། །ནམ་མཁའ་གང་བའི་འོད་ལ་ཐུག་པ་མེད། །ཡང་དག་ལམ་ལ་ཤེས་རབ་སྐུ་ལྔ་ཤར། །ཡེ་ཤེས་སྐུ་ལྔ་ཀུན་གྱི་སྙིང་པོ་ཡིན་པར་གསུངས། །དོན་དམ་ཆོས་སྐུ་བཟུང་བའི་ཡུལ་ལས་འདས། །འདས་དང་མ་བྱོན་དེ་བཞིན་གཤེགས་པ་རྣམས། །རང་གི་སྙིང་པོར་རྫོགས་ཤིང་ཡང་དག་ཉིད་དུ་འཕྲོ། །སེམས་དང་ཆོས་ལ་སངས་རྒྱས་ག་ལ་ཡོད། །དཔེར་ན་ནོར་བུ་རིན་ཆེན་ལྟར། །ཟད་པ་མེད་པའི་གཏེར་ཆེན་ཡུལ་ལ་སྣང་། །སངས་རྒྱས་ལམ་ལ་བགྲོད་དུ་མེད་ཅིང་སྦྱང་དུ་མེད་པར་གསུངས། །ང་མེད་ང་ལ་ང་ཡི་ཆོ་འཕྲུལ་བྱུང་། །ང་མེད་ང་ཡི་འོད་ལ་ཐམས་ཅད་བཞུགས་པ་ཡིན། །ང་ཡི་རིག་པ་མེད་ལ་སྣ་ཚོགས་ཅིར་ཡང་སྣང་། །ང་ཡི་ཐུགས་ཀྱི་ཉི་མ་ལྔར་སྣང་ཞིང་། །རྒྱལ་བའི་ཞིང་ཁམས་རབ་འབྱམས་མ་ལུས་ཀུན། །ང་ཡི་ཉི་མ་རེ་རེའི་འོད་ལ་ཐམས་ཅད་བཞུགས། །རྒྱལ་བ་ཐམས་ཅད་ང་ཡི་འོད་ལ་འདེ་བ་ཡིན། །ང་མེད་པ་ཡི་རོལ་པ་ཅིར་ཡང་སྤྲུལ། །སྤྲུལ་པ་ཡེ་ཤེས་བྱེ་བ་ཐུགས་ལ་རོལ། །འབྱུང་བ་རྒྱུ་ཡི་རོལ་པ་སྣ་ཚོགས་སྟོན། །མཁའ་མཉམ་བུམ་པའི་སྐུ་ལྟར་ཕྱི་ཡི་ཆོས་དང་བྲལ། །མཚན་མའི་ཡེ་ཤེས་འཛིན་པ་རང་ག་མ། །དག་པའི་ཡེ་ཤེས་དངོས་པོའི་མཐའ་དང་བྲལ། །ཡུལ་དང་ཤེས་པའི་སྟོང་པའི་ཡུལ་ལས་འདས། །དཔེར་ན་སེང་གེ་རྩལ་རྫོགས་གར་ཡང་ཐོགས་མེད་ལྟར། །རིག་པའི་རྩལ་རྫོགས་གར་ཡང་ཐོགས་པ་མེད། །ཐོགས་པ་ཡོད་ན་རིག་པའི་རྩལ་མ་


DNG003_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོངས། །རྡོ་རྗེ་སྙིང་པོའི་སྐུ་ལ་འོད་ཟེར་སྟོང་དང་ལྡན། །འོད་ཟེར་སྟོང་ལས་གཟུགས་སྐུ་རེ་རེ་སྣང་། །དེས་ན་ཡང་དག་སྟོན་པའི་བསྟན་པ་འཛིན་པར་འགྱུར། །སྲ་ཞིང་བརྟན་པའི་ཡེ་ཤེས་ཟུང་འཇུག་ཀུན་ལ་ཆོ་འཕྲུལ་སྟོན། །རྒྱ་ཆེན་ཡེ་ཤེས་དོན་ལ་ཐུག་པ་མེད། །མཐོང་བའི་ལམ་ལ་ཡེ་ཤེས་མངོན་སངས་རྒྱས། །རྟག་དང་ཆད་པའི་གོལ་སྒྲིབ་རྣམ་པར་སེལ། །ཆེ་ཆུང་མེད་པར་ཡང་དག་མཁའ་ལ་བསྐྱོད། །བཟང་ངན་མེད་པའི་ཡེ་ཤེས་ཡུལ་ལ་འཇུག །མི་གནས་ཡེ་ཤེས་རང་བཞིན་ནི། །ཕྱོགས་དང་རིས་མེད་ཞེན་པ་རང་སར་གྲོལ། །ཞེན་མེད་རང་བྱུང་ཡེ་ཤེས་ལས། །ཞེན་པ་མེད་པས་བྱ་བ་བཏང་། །ཡེ་ནས་རང་བཞིན་དག་པ་ཡི། །གཞི་ལ་འཁྲུལ་པས་བྱ་བ་བཏང་། །ཡེ་ནས་བཟུང་བའི་ཡུལ་དག་ནི། །དམིགས་པའི་རྐྱེན་གྱི་བྱ་བ་བཏང་། །རིག་པའི་རྒྱལ་པོ་ཡེ་ཤེས་འོད་ཟེར་གྱིས། །ཡང་དག་མཁའ་ལ་ཉི་མ་ཤར་བ་བཞིན། །དག་པའི་སྐུ་ལ་སྒྲིབ་པ་མེད། །འཛིན་མེད་ཕྱོགས་དང་རིས་ལས་གྲོལ། །དེ་ཕྱིར་རང་གྲོལ་དགོངས་པར་བཤད། །དཔེར་ན་གསེར་འགྱུར་རྩི་བཞིན་དུ། །ཡེ་ཤེས་གཅིག་གིས་ཉོན་མོངས་དུ་མ་སེལ། །ཤེས་རབ་གཅིག་གིས་ཕྱི་ནང་སྒྲོ་འདོགས་ཆོད། །དག་པ་གཅིག་གི་འོད་ཀྱིས་ཕྱོགས་བཅུར་འཕྲོ། །སྣང་བ་གཅིག་གིས་གཏི་མུག་མུན་པ་སེལ། །སྒྲོན་མ་གཅིག་གིས་འཁོར་བའི་ལམ་སྣ་འདྲེན། །སྟོན་པ་གཅིག་གིས་འཁོར་བ་ཐམས་ཅད་སྒྲོལ། །ཉི་མ་གཅིག་གིས་གླིང་བཞི་ཁྱབ་པ་བཞིན། །རིག་པ་གཅིག་གིས་འགྲོ་བ་ཡོངས་ལ་ཁྱབ། །བསྟན་པ་གཅིག་ལ་ཐམས་ཅད་གནས་པར་འགྱུར། །ཤེས་རབ་གཅིག་གིས་ཀ་དག་ས་ལ་བསྐྱལ། །འོད་ཟེར་གཅིག་གིས་ངན་སོང་ཡུལ་ལས་ཐར། །ཐུགས་རྗེ་གཅིག་གིས་ངན་འགྲོ་ཕྱག་མས་འདེབས། །ཞགས་པ་གཅིག་གིས་རིགས་དྲུག་གནས་ནས་འདྲེན། །དེ་བཞིན་ཆོས་རྣམས་ཐིག་ལེ་ཉག་གཅིག་གོ། །ཨེ་མ་ཧོ། ཤེས་རབ་མེ་ཡིས་རྣམ་རྟོག་ཐམས་ཅད་བསྲེག །རིག་པའི་རླུང་གིས་འཛིན་


DNG003_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐམས་ཅད་གཏོར། །ཡེ་ཤེས་ཆུ་ཡིས་སྣང་བ་ཐམས་ཅད་སྡུད། །སྐུ་ཡི་ས་ལས་སྣ་ཚོགས་རོལ་པ་འབྱུང་། །དག་པའི་མཚོན་གྱིས་མ་རིག་གཏིང་ནས་ཕུག །སྟོང་པའི་ཡུལ་གྱིས་སྒྲོན་མ་ཐམས་ཅད་སྡུད། །གསལ་བའི་འོད་ལ་དགོངས་པ་ཐམས་ཅད་ཞུགས། །རྣམ་རྟོག་འདམ་ལ་ཡེ་ཤེས་མེ་ཏོག་སྐྱེས། །རྣམ་དག་མཁའ་ལ་གསལ་བའི་ཉི་མ་ཤར། །ཆོས་ཉིད་དོན་ལ་འཁྲུལ་པ་ཀ་ནས་མེད། །ཡེ་ཤེས་དབྱིངས་ལ་རྒྱ་ཆད་ཕྱོགས་ལྷུང་མེད། །མཛེས་པའི་སྐུ་ལ་རྒྱན་དང་ཆ་ལུགས་ལྡན། །འོད་ཀྱི་ཟེར་ལ་རིག་པའི་རྒྱལ་པོ་ཞོན། །དེ་ལས་ལམ་བྱུང་དེ་ཡི་ངང་དུ་ཐིམ། །དེ་ནི་ཡེ་ཤེས་ཀུན་གསལ་ས་ཆེན་ཡིན། །འོད་ཀྱི་སྣང་བ་མ་འདྲེས་ཀུན་ལ་མཉམ་པར་གནས། །ཐེག་ཆེན་རྫོགས་པའི་ངང་དུ་ཐམས་ཅད་འདུས། །གསང་བའི་མཁའ་ལ་སངས་རྒྱས་མཛད་སྤྱོད་འདུས། །སྣང་བ་འདི་ལ་མ་ཞེན་སྤྱོད་པའི་མཆོག་ཏུ་བཤད། །ཐེག་ཆེན་ནམ་མཁའི་ཀློང་ནས་ཉི་མ་དག་པ་ཤར། །ཉི་མའི་འོད་ཟེར་ཀུན་ལ་བྱམས་ཐུགས་ལྡན། །གསང་བའི་ཡུམ་དང་ཡབ་ལས་ཐིག་ལེ་འཕྲོས། །ཆགས་དང་མ་ཆགས་མེད་པའི་དབྱིངས་ལ་སྤྱོད། །ཡིན་དང་མིན་པའི་ཐ་སྙད་ཆོས་དང་བྲལ། །འཛིན་མེད་ཡུལ་ལ་དག་པའི་སྣང་བ་འཆར། །ཡང་དག་ཐུགས་ཀྱི་དཀྱིལ་འཁོར་རྣམ་ལྔ་གསལ། །སྤྱོད་པའི་སེམས་ཀྱིས་མ་བསྒྲིབས་སིང་ངེ་ས་ལེའོ། །འཛིན་པའི་ཡུལ་ལ་མི་གནས་ཀུན་གྱིས་བཅོས་སུ་མེད། །ཆགས་འཛིན་ཞེ་འདོད་ཡུལ་ལས་ཡང་དག་འདས། །བྱས་པས་ཆོས་ཉིད་མེད་པར་འབྱུང་བ་གཞི་ལ་གྲུབ། །བཞི་ཡང་བྱུང་མཆན། བསྒྲུབ་བྱ་རྩོལ་སེམས་མེད་པར་འཁོར་བའི་ནད་ལས་ཐར། །རང་བྱུང་དོན་སྤྱོད་སེང་གེའི་ང་རོ་བཞིན། །མཚན་མའི་ཡུལ་མེད་སྟོང་པའི་ཚིག་ལས་འདས། །ཡུལ་མེད་ཡུལ་ལས་ཡུལ་གྱི་སྣང་བ་བྱུང་། །སྐུ་མེད་སྐུ་ལས་སྐུ་ཡི་ཆོ་འཕྲུལ་བྱུང་། །གསུང་མེད་གསུང་ལས་གསུང་གི་རོལ་པ་བྱུང་། །ཐུགས་མེད་ཐུགས་ལས་ཐུགས་ཀྱི་རྟོག་པ་བྱུང་། །འགག་མེད་རྩལ་སེམས་ཡོན་ཏན་སྣ་ཚོགས་བྱུང་། །ཞི་རྒྱས་


DNG003_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དྲག་ཕྲིན་ལས་མཛད་སྤྱོད་བྱུང་། །འཛིན་མེད་རང་གྲོལ་ཐམས་ཅད་རོལ་པར་ཤར། །འགག་མེད་རྣམ་དག་དོན་གྱི་སྙིང་པོ་ཉིད། །བལྟས་པས་མ་མཐོང་རང་ལ་ལྷག་གིས་བྱུང་། །ཐམས་ཅད་འབྱུང་ཞིང་གསུང་གི་རོལ་པ་ཉིད། །གསང་སྔགས་དོན་ལ་ཡེ་ཤེས་སྐུ་ཉིད་ཤར། །ནུབ་པ་མེད་པ་རྒྱ་མཚོའི་ཀློང་ཡངས་སུ། །ཟད་པ་མེད་པའི་རིན་ཆེན་གཏེར་གནས་པས། །ཡངས་པའི་སྐུ་ལ་སྣང་སྲིད་ཐམས་ཅད་གསལ། །ལྷུན་གྲུབ་ཡུལ་ལ་མི་གནས་མཚན་མའི་ཆོས་ལས་གྲོལ། །ཐབས་ཆེན་ཀུན་གྱི་སྤྱོད་ཡུལ་སྙིང་པོར་ཤེས། །སྣང་སྲིད་མ་བཅོས་ཆོས་སྐུའི་ངང་ལ་རྫོགས་པ་བཞིན། །ནམ་མཁའི་ངང་ནས་སྣ་ཚོགས་འབྱུང་བ་ལྟར། །ཡང་དག་སེམས་དང་གཉིས་མེད་འདྲེས་ཤིང་མཚུངས། །བདག་ཉིད་རིག་པ་རང་ཤར་ལས། །སངས་རྒྱས་རྣམས་ཀྱིས་བཅོས་སུ་མེད། །བཅོས་ན་གོལ་སྒྲིབ་ལྷུང་བར་འགྱུར། །དེ་ཡང་གསང་བའི་ཡུལ་མེད་བཞིན། །སངས་རྒྱས་ཉིད་ལ་དངོས་སྣང་མེད། །སེམས་ཅན་ཡུལ་ལས་གཟུང་འཛིན་བྱུང་། །སངས་རྒྱས་ལུས་ལ་འོད་ལྔ་གནས། །སེམས་ཅན་མིག་ནས་འོད་ལྔ་འབྱུང་། །སེམས་ཅན་དང་ནི་སངས་རྒྱས་གཉིས། །སུས་ཀྱང་ཤེས་ཤིང་རྟོག་པ་མེད། །བཀའ་རྟགས་སྦས་པའི་རྒྱ་དང་ལྡན། །གསང་བའི་ཆོས་ལ་དོན་བཞི་བསྟན། །རང་བཞིན་དང་ནི་སྦས་པ་དང་། །གབ་པ་དང་ནི་ཁོ་ན་ཉིད། །རྣམ་པ་བཞི་རུ་རྒྱལ་བས་གསུངས། །ཡང་དག་མཚན་མའི་ཡུལ་དང་བྲལ། །འབད་རྩོལ་སེམས་ཀྱི་དྲི་མ་མེད། །ཡིན་དང་མིན་པའི་མཐའ་གཉིས་བསལ། །ལམ་དང་ས་ལ་མི་རེ་ཞིང་། །སྟོང་པའི་ལམ་ལ་ཡིད་ཀྱིས་རྒྱུག །བརྗོད་པའི་ཐ་སྙད་མིང་དང་བྲལ། །གསང་སྔགས་བྱ་བའི་ཡུལ་ལས་འདས། །གཟུང་འཛིན་བྲལ་ཏེ་མཁའ་ལ་གསལ། །ལྟོས་པ་མ་གྲུབ་དབྱིངས་ལ་རྫོགས། །མཚན་མའི་ཆོས་བཞི་ངང་གིས་སངས། །བདེ་བ་ཐུགས་ཀྱི་སྤྲུལ་པ་ལས། །ཡེ་ཤེས་དཀྱིལ་


DNG003_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ཐམས་ཅད་རྫོགས། །བྱ་བ་ཉིད་ལ་ལྟོས་པ་མེད། །ལྟོས་ན་ཡང་དག་བདེ་བ་མིན། །ཐམས་ཅད་རང་བྱུང་རིག་པའོ། །དེ་ནས་དེ་བཞིན་གཤེགས་པ་འོད་ཟེར་ཀུན་ནས་མཐའ་ཡས་པས། འདི་སྐད་ཅེས་སྨྲས་སོ། །ཀྱེ་ཧོ་ཡེ་ཤེས་གསང་བ་ཆེ། །ཡང་དག་དགོངས་པ་འདི་རིག་གམ། །འོན་ཏེ་གཞན་ལ་ལྟོས་འགྱུར་རམ། །ཕྱི་མ་ཡིན་ནམ་བདེ་བ་ཉིད་དུ་འགྱུར། །ལམ་ལྟོས་འགྱུར་རམ་འོན་ཏེ་རྫོགས། །ཡང་དག་ཡེ་ཤེས་ཡོད་འགྱུར་རམ། །རྟོགས་པས་འགྲུབ་བམ་མཐོང་བས་གྲུབ། །དྲིས་ལན་རྒྱས་པར་ལན་གདབ་ཞུ། །ཞེས་ཞུས་སོ། །དེ་ནས་དེ་བཞིན་གཤེགས་པ་སྟོང་སྤྱི་ཕུད་ཀྱི་རྒྱལ་པོས་འདི་སྐད་ཅེས་སྨྲས་སོ། །ཀྱེ་མ་ལན་གདབ་ལེགས་པར་ཉོན། །ལན་དང་དྲི་བ་དེ་དག་ནི། །རང་བཞིན་ཉིད་ཀྱིས་རྫོགས་པར་བྱ། །ཡང་དག་ཉིད་ལ་ལན་མེད་ཀྱང་། །དེ་ལ་ལན་གསུང་འདི་བཞིན་ནོ། །ཡང་དག་དགོངས་པ་འདི་ཡིས་བཙལ། །འདི་ཡང་ཆོས་ཀྱི་གཏམ་དུ་ཟུང་། །འདི་ཡང་མ་ཤེས་རང་ལས་བྱུང་། །བྱུང་ཡང་ཡེ་ཤེས་སྤྱན་དང་ལྡན། །ཚིག་ལ་ལྡན་དང་ཡང་དག་ལྡན། །དོན་ལ་ལྡན་པ་ག་ལ་ཡོད། །ཤེས་རབ་རྣོ་དང་བརྟུལ་བ་མེད། །ཕྱི་མ་མ་ཡིན་ཡང་དག་ཉིད། །བྱས་པ་མ་ཡིན་རང་བྱུང་རྡོ་རྗེའི་སྐུ་ཉིད་རྫོགས། །སྟོང་པས་རབ་བརྒྱན་འདུས་བྱས་ཆོས་ལས་གྲོལ། །མཛེས་པའི་འོད་ལྔ་གསལ་བ་ཆོས་སྐུར་གདོད་ནས་དག །བཙལ་བས་མ་ཡིན་རང་ལ་ལྷུན་གྱིས་གྲུབ། །འདས་པ་བརྗོད་དུ་མེད་ལ་མ་འོངས་ཚིག་ལས་འདས། །ད་ལྟར་ཡོད་ལ་བརྟགས་པར་ཤིན་ཏུ་དཀའ། །ཡོད་དང་མེད་པའི་ལམ་ལ་ཟང་ཐལ་ཞིང་། །ཡེ་ཤེས་སྤྱོད་ཕྱིར་རང་སྣང་ཉིད། །རྟོགས་པས་མི་འགྲུབ་མཐོང་བ་དགོས། །མཐོང་བས་ཡེ་ཤེས་དོན་དང་ཕྲད། །ལམ་དང་ཡུལ་དང་ཚིག་ལས་འདས། །སྟོང་དང་ཡལ་དང་མངོན་པར་སྣང་། །གཞན་དང་འབྱེད་པའི་ཆོས་ལས་གྲོལ། །སེམས་སོགས་དངོས་པོའི་ཆོས་ལས་གྲོལ། །འབྱུང་བའི་ཡུལ་ཉིད་ཀུན་སྣང་ཞིང་། །བསྟན་པའི་དོན་ཉིད་རང་གསལ་བ། །ཡེ་ཤེས་སྐུ་ལ་འཕེལ་འགྲིབ་མེད། །


DNG003_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་བདེན་པའི་བདེ་བ་ཡང་བྱུང་དོན་མཐོང་བས། །བྱས་པའི་རྒྱུ་ནི་རང་སར་གྲོལ། །སངས་རྒྱས་པས་ཀྱང་རང་ཉིད་ཆེ། །སངས་རྒྱས་ཀུན་གྱི་རྗེ་བཙན་པ། །རང་གི་རིག་པར་ཤེས་པར་བྱ། །དེ་ལ་སོགས་པའི་དགོངས་པ་རྣམས། །མ་བསྐྱེད་རྫོགས་པར་ཤེས་པར་བྱ། །དེ་ནས་རྡོ་རྗེ་སེམས་དཔའ་ཉིད་ཏིང་ངེ་འཛིན་ལས་བཞེངས་ནས་རིགས་ཀྱི་སངས་རྒྱས་དམ་པ་དེ་ལ་ལེགས་སོ་ཞེས་བྱ་བ་བྱིན་ནས། འཁོར་རྣམས་ཀྱིས་དེ་བཞིན་དུ་ཁོང་དུ་ཆུད་དོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱང་རྣམ་པ་དྲུག་ཏུ་གཡོས་སོ། །དེ་ནས་བཅོམ་ལྡན་འདས་གཞོན་ནུ་དཔའ་བོ་སྟོབས་ལྡན་གྱིས། འོད་ཟེར་ཀུན་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་དེ་བཞིན་གཤེགས་པ་སྟོང་སྤྱི་ཕུད་ཀྱི་རྒྱལ་པོ་ཞེས་བྱ་བ་དེས་བཅོམ་ལྡན་འདས་ཉིད་ལ་བསྐོར་བ་ལན་གསུམ་བྱས་ནས། དེ་བཞིན་གཤེགས་པ་དེ་ཡང་མི་སྣང་བའི་ཆོས་ཉིད་ཀྱི་ཕོ་བྲང་རྣམ་པར་དག་པར་གཤེགས་སོ། །དེ་ནས་འཁོར་ཐམས་ཅད་ཡེ་ཤེས་ཆེན་པོའི་སྣང་བ་ལ་གྲལ་གཅིག་ཏུ་འཁོད་དོ། །ཞེས་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། དེ་བཞིན་གཤེགས་པ་རང་བྱུང་གི་ལེའུ་སྟེ་གྱ་གཅིག་པའོ།། །།དེ་ནས་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཆོས་ཐམས་ཅད་ཀྱི་བཟོད་པ་ཐོབ་ལ་ཡེ་ཤེས་མངོན་དུ་གྱུར་པའི་སངས་རྒྱས་བཅོམ་ལྡན་འདས་གཟི་བརྗིད་རྣམ་པར་བཀོད་པ་ཞེས་བྱ་བ་དེས། འཁོར་གྱི་མཁའ་འགྲོ་མ་སྡེ་ཆེན་པོ་བཅོ་བརྒྱད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་ཀྱེ་ཡེ་ཤེས་ཚོགས་དག་ཉོན། །ང་ཡི་རང་རང་དོན་ཉིད་བསྟན། །ལེགས་པར་ཡིད་ལ་ལེན་པར་གྱིས། །ཡང་དག་རྣལ་འབྱོར་ཆེན་པོའི་དོན། །མཁའ་འགྲོ་ཤུགས་འགྲོ་སྟོབས་ཀྱིས་འགྲོ། །རི་རབ་གནས་དང་རྒྱ་མཚོའི་གནས། །དེ་བཞིན་ནམ་མཁའ་བར་སྣང་གནས། །ས་ཆུ་མེ་ལ་གནས་པ་དང་། །དེ་བཞིན་རླུང་དང་ཤིང་ལ་གནས་པ་དང་། །ཡེ་ཤེས་གནས་དང་དབྱིངས་ལ་གནས། །ཡེ་


DNG003_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་དང་ནི་ཆོས་ལས་གྲུབ། །ལས་དང་ཤ་ཟའི་འཁོར་དང་བདེ་ཆེན་གནས། །སྡེ་ཚན་བཅོ་བརྒྱད་འཁོར་བཅས་མཁའ་འགྲོ་མ། །རྣལ་འབྱོར་ཆེན་པོའི་དོན་ཉིད་ངས་བཤད་ཀྱིས། །གཞན་དུ་མ་གྱུར་རྟོག་བསལ་ཡིད་ཀྱིས་ཉོན། །བདེ་ཆེན་རིགས་ལ་གནས་པ་རྣམས། །ཡང་དག་རྣལ་འབྱོར་དོན་ཚོལ་ན། །ང་ཡི་བསྟན་པ་འདི་ལ་ཞུགས། །ལྷ་རྣམས་དཀྱིལ་འཁོར་ཐམས་ཅད་ཀྱང་། །ང་ཡི་རྒྱུད་རྒྱལ་འདི་ཡིས་འགྲུབ། །རིགས་གསལ་དཀྱིལ་འཁོར་དོན་ཉིད་རྣམས། །རང་ལས་བྱུང་བའི་དཀྱིལ་འཁོར་ཉིད། །ཡང་དག་རྫོགས་ཕྱིར་ང་ཡིས་བཤད། །གསང་སྔགས་ལམ་གྱི་འཇུག་སྒོ་རྣམས། །དོན་རྣམས་མཚོན་ཕྱིར་ང་ཡིས་བཤད། །རིག་པའི་ཡེ་ཤེས་ཐུག་མེད་རྣམས། །ང་ཡི་དཀྱིལ་འཁོར་ཉིད་ཡིན་པས། །ཁྱོད་ཀྱིས་གོ་བ་ཤིན་ཏུ་དཀའ། །དེ་ཕྱིར་ང་ཡི་ཡེ་ཤེས་ལྟ་བར་གྱིས། །ཕྱག་རྒྱའི་ལམ་ཉིད་སྦྱང་བའི་ཕྱིར། །རྡོ་རྗེའི་དཀྱིལ་འཁོར་ཉིད་དུ་བཤད། །མཁའ་འགྲོའི་སྡེ་ཚོགས་འཁོར་བཅས་རྣམས། །ང་ཡི་དཀྱིལ་འཁོར་བལྟ་འདོད་ན། །མན་ཤེལ་དཀྱིལ་འཁོར་ཉིད་ལ་ལྟོས། །ང་ཡི་ངོ་བོ་ལྟ་འདོད་ན། །དབྱིངས་ཀྱི་སྒྲོན་མ་དག་ལ་ལྟོས། །ང་ཡི་ཆོ་འཕྲུལ་བལྟ་འདོད་ན། །བར་སྣང་ཁམས་ཀྱི་འཇའ་ཚོན་ལྟོས། །ང་ཡི་རིག་པ་ཉིད་ལ་ལྟ་འདོད་ན། །ལུ་གུ་རྒྱུད་ཀྱི་སྐུ་ལ་ལྟོས། །ང་ཡི་ཡེ་ཤེས་ལྟ་འདོད་ན། །མེ་ལོང་དཀྱིལ་འཁོར་དག་ལ་ལྟོས། །ང་ཡི་ཐུགས་རྗེ་བལྟ་འདོད་ན། །ཉི་མའི་ཟེར་དང་སྐར་མདའ་ལྟོས། །ང་ཡི་རོལ་པ་བལྟ་འདོད་ན། །སྣ་ཚོགས་རྩི་ཤིང་ནགས་ཚལ་ལྟོས། །ང་ཡི་དགོངས་པ་བལྟ་འདོད་ན། །རྒྱ་མཚོ་ཆེན་པོའི་གཏིང་ལ་ལྟོས། །ང་ཡི་སྤྲུལ་པ་ལྟ་འདོད་ན། །རླུང་གི་དཀྱིལ་འཁོར་ཉིད་ལ་ལྟོས། །ང་ཡི་ཡོན་ཏན་ལྟ་འདོད་ན། །ཀླུ་རྒྱལ་དགའ་བོའི་གཙུག་ལ་ལྟོས། །ང་ཡི་ཞིང་ཁམས་ལྟ་འདོད་ན། །གཟུགས་སྐུ་རྣམ་གཉིས་དགོངས་པ་ལྟོས། །ང་ཡི་བཞུགས་ཚུལ་ལྟ་འདོད་ན། །གཞོན་ནུ་བུམ་པ་ཉིད་


DNG003_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ལྟོས། །ང་ཡི་རྩལ་ཉིད་ལྟ་འདོད་ན། །གཞོན་ནུ་དཔའ་བོའི་སྟོབས་ལྡན་ལྟོས། །ང་ཡི་དབུ་རྒྱན་ལྟ་འདོད་ན། །མར་མེའི་དཀྱིལ་འཁོར་དྭངས་པ་ལྟོས། །ང་ཡི་སྐུ་ལ་བལྟ་འདོད་ན། །མ་བསྐྱོད་ནམ་མཁའི་མཐོངས་སུ་ལྟོས། །ང་ཡི་ཡེ་ཤེས་རོལ་པ་ལས། །ཐམས་ཅད་འབྱུང་ཞིང་ཐམས་ཅད་འཕྲོ། །ང་ཡི་དབྱིངས་ལ་ལྟ་འདོད་ན། །ནམ་མཁའ་སྟོང་པའི་ཡུལ་ལ་ལྟོས། །ང་ཡི་ཐུགས་སྣང་བལྟ་འདོད་ན། །ཁ་དོག་ལྔ་ཡི་འོད་ལ་ལྟོས། །ང་ཡི་ཕྲིན་ལས་བལྟ་འདོད་ན། །བརྗོད་དུ་མེད་པའི་ངང་ལ་ལྟོས། །ང་ཡི་ཐིག་ལེ་ལྟ་འདོད་ན། །མཁར་གཞོང་ནང་གི་ཆུ་ལ་ལྟོས། །ང་ཡི་ཟང་ཐལ་ལྟ་འདོད་ན། །རྡུལ་ཚོན་མེ་ལོང་ཉིད་ལ་ལྟོས། །དེ་བཞིན་ང་ཡི་ཆོ་འཕྲུལ་རྣམས། །ཟད་མེད་འཕེལ་བ་མེད་པའོ། །ཨེ་མ་ཧོ། རྣམ་དག་ཆེན་པོའི་དཀྱིལ་འཁོར་ལ། །རྒྱུ་རྐྱེན་གཉིས་ཀྱི་ཆོས་དང་བྲལ། །གསལ་ལ་རང་བྱུང་ཡེ་ཤེས་དོན་ལ་སྤྱོད། །ཡིད་དྲུག་ཡུལ་དང་རྐྱེན་རྣམས་ཀུན། །གང་དག་འཛིན་པ་ལྟོས་པར་འགྱུར། །ཕྱོགས་འཛིན་མེད་ན་བདེ་བ་སྟེ། །ངར་འཛིན་ཡུལ་ལས་རྣམ་པར་ཐར། །བདག་འཛིན་ཆོས་ཀྱིས་རྣམ་པར་སྟོང་། །རྟག་པར་འཛིན་པའི་ཡུལ་ལས་གྲོལ། །མཚན་མ་ཡེ་ཤེས་རྒྱན་ཉིད་མཐོང་། །ལྟོས་པ་ལམ་གྱི་ཆོས་ལས་གྲོལ། །དེ་ཡང་རིག་པའི་དོན་ཉིད་རྟོགས། །རྟོགས་པའི་ཡེ་ཤེས་དོན་དང་མཇལ། །མཐོང་བ་ཉིད་ལས་དཔེ་གཞན་མེད། །དཔེ་མེད་ཡེ་ཤེས་རང་ཉིད་སྣང་། །གང་གིས་མ་གོས་ཕྱོགས་དང་བྲལ། །འདས་དང་མ་འདས་ཚིག་གི་ལམ། །ལམ་ལ་ཆགས་ཤིང་བཅོས་སུ་མེད། །ཆགས་པ་མེད་པའི་ཡེ་ཤེས་ཉིད། །ཆགས་དང་མ་ཆགས་མཐའ་ལས་འདས། །ཆགས་དང་མ་ཆགས་ཡུལ་ལ་སྣང་། །འདས་དང་མ་འདས་དུས་གསུམ་བཞུགས། །བཞུགས་དང་མ་བཞུགས་མཐའ་ལས་རྒྱལ། །འདས་དང་མ་འདས་ཆགས་པར་སྣང་། །མ་འོངས་ཚིག་གི་ཡུལ་ལས་འདས། །ཡིན་དང་མིན་པའི་མཐའ་


DNG003_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སྤང་། །གསང་སྔགས་ཀུན་གྱིས་ཚད་མར་གསུངས། །གང་ལ་བདེ་བ་ཤུགས་ཀྱིས་འགྲུབ། །དེ་བཞིན་བསྒོམ་པའི་དོན་རྟོགས་ཉིད། །ཡེ་ཤེས་མཁའ་ལ་རྣམ་པར་རོལ། །འབྱུང་བའི་ཆོས་ཉིད་རྣམ་པར་དག །ཡུལ་ཉིད་སྟོང་པའི་མཐའ་ལས་གྲོལ། །རྟོགས་དང་མ་རྟོགས་ཚིག་གི་ལམ། །ཡང་དག་བདེ་བའི་ཉམས་སྤངས་ནས། །ཡེ་ཤེས་དོན་ལ་ལྷང་ངེའོ། །སངས་རྒྱས་ཀུན་གྱི་མཛད་པ་ནི། །ཡུལ་དང་སེམས་ལ་མི་གནས་པའོ། །ཡང་དག་སྟོང་ཉིད་མཁའ་ལ་རོལ། །སྤྱོད་པ་མཐར་ཕྱིན་དོན་ལ་སྤྱོད། །རྣམ་དག་སྐུ་ལ་ངོས་གཟུང་མེད། །ཡེ་ཤེས་སྒྱུ་ལུས་མཚུངས་པ་མེད། །ཡེ་ཤེས་ལམ་ལ་རྒྱ་ཆད་མེད། །ཡེ་ཤེས་ཡུལ་ནི་ཡངས་པ་ཆེ། །ཡེ་ཤེས་སྤྲུལ་པ་མཐའ་ཡས་ཤིང་། །སེམས་ཅན་མཐའ་ལ་ཐུག་པ་མེད། །ཡེ་ཤེས་སྐུ་ལ་འཕེལ་འགྲིབ་མེད། །དེ་བཞིན་མཚན་མའི་སྤྱོད་པ་མེད། །གསང་བའི་དོན་ལ་མཐར་ཐུག་མེད། །གཟུང་འཛིན་ཡུལ་ལས་ཡང་དག་ཐར། །ཐར་པ་ཉིད་ལ་བཅོས་སུ་མེད། །རྟོག་པའི་རྣམ་པ་ཡུལ་ལས་འདས། །གཟུང་འཛིན་ཞེན་པའི་མཐའ་ལས་འདས། །རྣམ་རྟོག་འཛིན་པའི་ཡུལ་ལས་ཐར། །ཞེ་འདོད་ཕྲ་མོའི་བློ་དང་བྲལ། །མཚན་མའི་མིང་གི་མཐའ་ལས་འདས། །ཡེ་ཤེས་མཁའ་ལ་ཀུན་རོལ་ཀྱང་། །རྣམ་དག་ལམ་ལ་ཐུག་པ་མེད། །རིག་པའི་རྒྱལ་པོ་ཀུན་སྤྱོད་ཀྱང་། །མཉམ་ཉིད་ཡེ་ཤེས་མཐོང་བ་མེད། །མཐོང་བའི་ལམ་ལ་རྟོག་པ་མེད། །གོམས་པའི་ལམ་ལ་མཐར་ཕྱིན་ནས། །རྒྱུ་ཡི་ལམ་ལ་ཐིག་ལེ་གནས། །ཞེན་པའི་མཐའ་ལས་རྣམ་པར་གྲོལ། །གཟའ་གཏད་ཆོས་ཉིད་རྣམ་པར་སངས། །ཚིག་དང་ཡེ་ཤེས་ཡུལ་ལ་ཤར། །འཆར་བྱ་འཆར་བྱེད་བློ་ལས་གྲོལ། །རྣམ་རྟོག་འཁོར་བའི་གཟུང་འཛིན་སྟོངས། །དག་པའི་ཡེ་ཤེས་རང་སྣང་ལ། །བསྐྱེད་པའི་རྒྱུ་དང་མཚོན་པའི་ཚིག །མིང་གི་ཐ་སྙད་ཆོས་དང་བྲལ། །ཡུལ་དང་མངོན་རྟོགས་ཆོས་ལས་འདས། །གསང་སྔགས་ཡང་བཅུད་དོན་རྙེད་


DNG003_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་། །མཚན་མར་འཛིན་པའི་འཁོར་བ་སངས། །ཡེ་ཤེས་སྐུ་ཉིད་དོན་ལ་རྒྱས། །སངས་རྒྱས་ཞེས་ཀྱང་དེ་ལ་བྱ། །བྱང་ཆུབ་སེམས་དཔའི་ངེས་ཚིག་རྣམས། །བྱང་ནི་ཆོས་ཀྱི་སྐུ་ལ་བྱང་། །ཆུབ་ནི་ལོངས་སྐུ་ལྔ་རུ་ཆུབ། །སེམས་དཔའ་སྤྲུལ་སྐུས་འགྲོ་དོན་བྱེད། །མཛད་པ་ཡེ་ཤེས་ཉིད་དུ་སྣང་བའོ། །དེ་ནས་མཁའ་འགྲོ་མའི་ཚོགས་རྣམས་མཆོག་ཏུ་དགའ་བའི་སེམས་དང་ལྡན་ནས། །དེ་བཞིན་གཤེགས་པ་གཟི་བརྗིད་རྣམ་པར་བཀོད་པ་དེ་ལ་འདི་སྐད་ཅེས་ཞུ་བ་ཞུས་སོ། །ཀྱེ་བཅོམ་ལྡན་འདས་ཡེ་ཤེས་ཐབས་ཀྱི་བདག་ཉིད་དང་ལྡན་པ། བདག་ཅག་མཁའ་འགྲོ་མའི་རིགས་རྣམས་ནི། ཡེ་ཤེས་ལ་སྤྱོད་པ་དང་ལྡན་པ་ཡང་ཤ་སྟག་ཡོད། སེམས་ཅན་རྣམས་ལ་རྣམ་པར་འཚེ་བའང་ཤ་སྟག་ཡོད། རྒྱལ་བའི་ཞལ་མ་མཐོང་བ་ཡང་ཤ་སྟག་བདོག་པས། ཐུགས་རྗེ་དང་ལྡན་པ། བདག་ཅག་རྣམས་བསྟན་པ་གང་ལ་གནས་པར་བྱ། སྟོན་པ་ཆེན་པོས་ལུང་བསྟན་དུ་གསོལ། ཞེས་ཞུ་བ་ཕུལ་ལོ། །དེ་ནས་ཡང་དེ་བཞིན་གཤེགས་པ་དེས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་མ་མཁའ་འགྲོ་མའི་རིགས་དང་སྡེ་རྣམས་ཉོན་ཅིག །ཁྱེད་རྣམས་ཀྱི་རིགས་རྣམས་ངའི་བསྟན་གྱིས། ལེགས་པར་ཡིད་ལ་ཟུང་ལ་ཉོན་ཅིག །དེ་ཡང་གཏན་ལ་འདི་ལྟར་དབབ་པར་བྱ་སྟེ། ཡེ་ཤེས་དང་ཡེ་ཤེས་ལས་གྲུབ་པ་ཉིད་དང་། ལས་དང་ལས་ལས་གྲུབ་པ་ཉིད་དང་། མཁའ་འགྲོ་མའི་རིགས་རྣམས་བསམ་གྱིས་མི་ཁྱབ་པ་རྣམས་དེའི་ནང་དུ་འདུས་སོ། །དེ་ནས་ཡང་མཁའ་འགྲོ་མའི་རིགས་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་སྟོན་པ་ཆེན་པོ་ཡེ་ཤེས་སྐྱེ་བའི་རྒྱུ། །བདག་ཅག་མཁའ་འགྲོ་མའི་རིགས་རྣམས་ལ། དོན་གྱི་སྙིང་པོ་བསྟན་པའི་ཕྱིར། །རང་རང་སྙིང་པོ་ཡང་དག་བཟུང་། །དེ་ཡིས་ཡེ་ཤེས་ལྷ་དང་འཕྲད། །འཕྲད་ནས་དངོས་གྲུབ་རྙེད་པར་འགྱུར། །དེ་ནས་དེ་བཞིན་གཤེགས་པ་དེས། །ཤིན་ཏུ་གསང་བའི་སྙིང་པོ་རྣམས། །འདི་རུ་མ་བསྟན་


DNG003_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དུ་སྦས། །དེ་ནས་ཡང་དག་མ་མོའི་ཚོགས། །དཔག་ཏུ་མེད་པར་ཚོགས་པ་རྣམས། །དགའ་མགུ་ཡི་རང་ཐལ་མོ་སྦྱར། །མཚོན་པའི་ཚིག་གིས་འདི་སྐད་བརྗོད། །ཀྱེ་མ་རྡོ་རྗེ་རྒྱལ་པོ་ཉིད། །སྙིང་པོ་བཞེས་པ་རྗེས་ཡི་རང་། །བདག་ཅག་མཁའ་འགྲོའི་འཁོར་རྣམས་ཀུན། །བསྟན་པ་འདི་ལ་མ་གནས་ན། །ཤ་འགུལ་སྙིང་འདར་མགོ་ལུས་འབྲལ། །མགོ་བོ་དུམ་བུ་སྟོང་དུ་འགྱུར། །ལུས་དང་ཡན་ལག་དེ་བཞིན་ནོ། །དེ་ཕྱིར་བསྟན་པ་འདི་ལ་གནས། །རྒྱུད་ཆེན་འདི་ཡི་མེལ་ཚེ་བྱེད། །ཅེས་ནི་ཁས་བླངས་དམ་བཅས་པས། བཅོམ་ལྡན་ཉིད་ཀྱི་ཞལ་ན་རེ། །མཁའ་འགྲོ་ཆེན་མོ་དེ་བཞིན་ནོ། །ཁས་བླངས་དེ་ལས་མ་འདའ་བར། །རང་རང་དོན་ལ་བརྩོན་པར་གྱིས། །ཡེ་ཤེས་སྤྲུལ་པ་ཕྱོགས་བཅུར་ཁྱེ། །ཞེས་སྟོན་པ་དེ་ཉིད་ཀྱི་སྤྱན་སྔར་དམ་བཅས་སོ། །དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་བཅོམ་ལྡན་ཐུགས་རྗེ་ཆེན་པོ་དང་ལྡན་པ། མཁའ་འགྲོ་མ་དེ་རྣམས་ཀྱིས་ལུང་བསྟན་པ་བྱུང་ན་ཅི་ལྟར་བགྱི། སྟོན་པས་ལུང་བསྟན་དུ་གསོལ། ཞེས་ཞུས་སོ། །དེ་ནས་ཐུགས་རྗེའི་བདག་པོ་དེ་ཉིད་ཀྱིས་བཀའ་སྩལ་པ། ཀྱེ་གསང་བའི་བདག་པོ་དོན་ལ་དགོངས་པའི་འཁོར་རྣམས་ཉོན་ཅིག །ངས་དོན་མ་ནོར་བར་བསྟན་གྱིས་འདོད་པ་སོལ་ལ། སེམས་ཡེངས་པ་མེད་པར་ཉོན་ཅིག །ལུང་སྟོན་པ་ལ་གཉིས་ཏེ། མཁའ་འགྲོ་མ་བདག་གི་དབང་དུ་གྱུར་པ་དང་། བདག་མཁའ་འགྲོ་མའི་དབང་དུ་གྱུར་པ་གཉིས་ཡིན་ཏེ། བདག་གི་དབང་དུ་མཁའ་འགྲོ་མ་གྱུར་པ་ནི། ལས་ཐམས་ཅད་འགྲུབ་ཅིང་བྱ་བ་རྫོགས་པའོ། །བདག་གི་དབང་དུ་མཁའ་འགྲོ་མ་འགྱུར་བའི་ཐབས་ནི། རིགས་ཀྱི་བུ་དེ་ཉམས་སུ་ལེན་པའི་དུས་སུ་ལུང་སྟོན་པ་དག་བྱུང་ནས། དེ་ལ་ཆགས་པ་དང་དགའ་བའི་སེམས་མ་བསྐྱེད་ཅིག །དེ་ལ་རྟག་པར་མི་འཛིན་ན། བདག་གི་དབང་དུ་མཁའ་འགྲོ་མ་གྱུར་པ་ཞེས་བྱའོ། །དེས་དོན་གང་ཡང་སྟོན་མི་ནུས་སོ། །ཡེ་ཤེས་རྣམ་པར་དག་པའི་


DNG003_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་མ་འཇིག་རྟེན་དུ་མི་འབྱུང་ངོ་། །ཤ་ཟ་ལས་ཀྱི་མཁའ་འགྲོ་མ་འཇིག་རྟེན་དུ་འོངས་ཏེ། སྒྲུབ་པ་པོའི་དྲོད་ཉུལ་དུ་འོང་བ་དག་ཡོད་དེ། དེ་ནི་གཟུགས་མངོན་པར་སྣང་བ་མེད་པའི་ཕྱིར། གྲོལ་བར་མི་ནུས་སོ། །ཡང་དག་པའི་ལམ་ལས་ཕ་རོལ་དུ་འགྲོ་བར་བྱ་བའི་ཕྱིར། མཁའ་འགྲོ་མ་རྣམས་ཀྱིས་ང་ལ་སྲོག་གི་སྙིང་པོ་དུས་གཅིག་ཏུ་ཕུལ་བ་ཡིན་ནོ། །བདག་མཁའ་འགྲོ་མའི་དབང་དུ་གྱུར་པ་ནི། བདག་ཉིད་ཀྱིས་ལུང་སྟོན་པ་དེ་ལ་བདེན་པར་བཟུང་ནས། ལུང་སྟོན་པ་དེ་ལ་རྟག་པར་བཟུང་སྟེ། ལུས་ལ་མི་ཆགས་པའི་སྤྱོད་པ་བྱེད་ཅིང་། འབྲས་བུ་ཡིན་མིན་གཉིས་ཀྱིས་མཐའ་ལས་འདས་སོ། །ཞེས་བྱ་བ་བརྗོད་ཅིང་། ལུང་སྟོན་པ་དེ་ལ་རྗེས་སུ་འཛིན་པ་དེ་ནི་བར་དུ་གཅོད་པའི་བདུད་ཉེ་བར་གྱུར་པ་ཡིན་པས། དེའི་དུས་སུ་བདུད་ཀྱི་བསླུ་བར་ངོ་ཤེས་པར་བྱའོ། །དེ་ནི་མུ་སྟེགས་ལོག་པའི་ཆ་འཛིན་པའི་སྤྱོད་པ་ཞེས་བྱའོ། །འབྲས་བུ་མེད་པའི་རྒྱང་འཕེན་པ་ཞེས་བྱའོ། །འབྲས་བུ་གང་ལ་ཡང་མི་རེ་ཞིང་ལས་ཀྱི་ཉེ་བར་འགྲུབ་བོ་ཞེས་བྱ་བ་ལ་སོགས་སྟོན་པ་ཡིན་ནོ། །དེའི་ཕྱིར་ན་ལུང་སྟོན་པ་ལ་རྟག་པར་མ་འཛིན་ཅིག །ཞེས་པ་ཡང་དག་པའི་ཡེ་ཤེས་ལ་བརྗོད་གཞི་ཐམས་ཅད་དང་བྲལ་བའི་རིག་པ་རྟོག་མེད་འཆར་བ་ཡིན་ནོ། །ལུང་ཐམས་ཅད་རང་གི་རྩ་བའི་ལུང་ཆེན་པོའོ། །དེའི་ཕྱིར་ན་ལུང་བསྟན་པས་མི་གྲོལ་བར་བཤད་པའོ། །དེ་ནས་ཡང་བཅོམ་ལྡན་གཞོན་ནུ་དཔའ་བོ་སྟོབས་དང་ལྡན་པ་དེ་ཉིད་ཀྱིས་ཏིང་ངེ་འཛིན་ལས་བཞེངས་ནས། དེ་བཞིན་གཤེགས་པ་གཟི་བརྗིད་རྣམ་པར་བཀོད་པ་དེ་ལ་ལེགས་སོ་ཞེས་བྱ་བ་བྱིན་པས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད། དེ་བཞིན་གཤེགས་པའི་སྐུ་མང་པོས་རོལ་པར་ཤར་རོ། །སྐུ་དེ་རྣམས་ཀྱང་མི་ཆེ་མི་ཆུང་ཆེ་ཆུང་སྙོམས་པ་ཡུངས་འབྲུ་ཙམ་བསམ་གྱིས་མི་ཁྱབ་པ་བྱུང་ངོ་། །དེ་ནས་དེ་བཞིན་གཤེགས་པ་དེ་ཉིད་ཀྱིས། སརྦ་སི་ཏི་སཾ་ཧ་ར་ཎ་ཧཱུཾ༔། ཞེས་བརྗོད་པས་སྐུ་དེ་དག་ཐམས་ཅད་ཐུགས་


DNG003_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

ཀར་ཐིམ་ནས། དེ་ནས་ཡང་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་བཞིན་གཤེགས་པ་གཟི་བརྗིད་རྣམ་པར་བཀོད་པ་དེས། བཅོམ་ལྡན་འདས་ཁྲོ་རྒྱལ་དེ་ཉིད་ལ་བསྐོར་བ་ལན་གསུམ་བྱས་ནས་མི་སྣང་བའི་ཆོས་ཉིད་ཀྱི་ཕོ་བྲང་ཆེན་པོ་རྣམ་པར་དག་པར་གཤེགས་སོ། །ཞེས་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། མཁའ་འགྲོ་མས་སྙིང་པོ་ཕུལ་བའི་ལེའུ་སྟེ་གྱ་གཉིས་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་རྡོ་རྗེ་འོད་དཔག་མེད། །ཏིང་ངེ་འཛིན་ལས་བཞེངས་སུ་གསོལ། །ཀྱེ་ཧོ་བཅོམ་ལྡན་ཐུགས་རྗེ་ཅན། །ཡང་དག་ངེས་པའི་སར་སྒྲོལ་ཕྱིར། །ཏིང་ངེ་འཛིན་ལ་མ་བཞུགས་ཤིག །འཁོར་གྱི་རྟོགས་པའི་རྒྱུད་ཉིད་སོལ། །མ་རིག་མུན་པ་ལེགས་བསལ་ཅིང་། །ཡེ་ཤེས་སྣང་བ་བསྟན་པའི་ཕྱིར། །བདག་ཅག་རྣམས་ལ་བཀའ་སྩལ་ཞུ། །ཞེས་ཞུས་སོ། །དེ་ནས་བཅོམ་ལྡན་འདས་ཁྲོ་བོའི་ཆ་ལུགས་ཅན་ཏིང་ངེ་འཛིན་ལས་བཞེངས་ནས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་འོད་ཀྱི་སྣང་བས་ཁེངས་སོ། །ཕྱོགས་ཐམས་ཅད་ཀྱང་རྣམ་པ་དྲུག་ཏུ་གཡོས་སོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱང་འུར་འུར་རབ་ཏུ་འུར་འུར་རོ། །ཆེམ་ཆེམ་ཀུན་ཏུ་རབ་ཏུ་ཆེམ་ཆེམ་མོ། །ཀུན་ཏུ་འགུལ་རབ་ཏུ་འགུལ་ལོ། །རབ་ཏུ་འཕྲིགས་པ་དག་དང་ལྡན་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་མ་གསང་བའི་བདག་པོ་ཉོན། །ངས་བསྟན་རྡོ་རྗེ་སེམས་ཀྱིས་ཉོན། །སངས་རྒྱས་ཡེ་ཤེས་ཐོགས་མེད་ནི། །བྱ་བ་གཏང་གཞག་མེད་པར་བཤད། །ཡང་དག་ཐུགས་ཀྱི་མེ་ལོང་ལས། །འཇིག་རྟེན་ཁམས་ཀུན་འོད་ཟེར་འཕྲོས། །འཕྲོས་པ་རང་ལ་འདུས་པའི་ཡེ་ཤེས་ལྔའོ། །སངས་རྒྱས་སེམས་ཅན་ཆོས་ལས་གྲོལ། །འདོད་དང་ཆགས་པའི་ཡེ་ཤེས་མེ་དང་འདྲ། །བྱས་པའི་ལས་སུ་ཤེས་པ་གང་དག་བརྟེན། །རྟེན་མེད་ཡེ་ཤེས་ལུས་ལས་འདས་པའི་སྐུ། །


DNG003_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

ཨེ་མ་རྡོ་རྗེའི་སྐུ་ལ་སྣང་སྲིད་གསལ། །བརྟེན་པའི་ཡེ་ཤེས་ཡངས་པའི་དཀྱིལ་འཁོར་ལྡན། །སངས་རྒྱས་མཛད་པའི་ཡོན་ཏན་ནི། །ཕྱོགས་དང་གནས་དང་འཛིན་པ་མེད། །རྟོགས་པའི་དོན་ལ་ངོས་བཟུང་མེད། །ཡང་དག་ཆས་ལ་འབྱུང་བ་རྫོགས། །རྟག་པར་མི་འགྱུར་རྡོ་རྗེའི་སྐུ་ཉིད་ལས། །ལྷུང་བའི་ཕྱོགས་ཉིད་ག་ལ་ཡོད། །འཛིན་རྟོག་མཐའ་དང་བྲལ་བའི་ཆོས། །མངོན་སུམ་ཡུལ་ལ་མི་གནས་པའོ། །རྡོ་རྗེ་གསང་བའི་དཀྱིལ་འཁོར་ཉིད། །ཡང་དག་ལམ་ལ་དེ་བཞིན་གཤེགས། །དངོས་པོའི་ཕྱོགས་ནས་སྟོང་པའི་ཡུལ། །ཞེ་འདོད་མཚན་མའི་ཆོས་དང་བྲལ། །དག་པའི་ཡེ་ཤེས་ཆེན་པོའི་ལམ། །རང་གི་དེ་ཉིད་ཡུལ་ལ་སྣང་ཞིང་འཕྲོ། །འཛིན་པ་མེད་ན་བདེ་བ་རྙེད་པ་ཡིན། །རྟོག་པ་མེད་ན་རང་སངས་ཆོས་ཀྱི་སྐུ། །ཡུལ་མེད་སེམས་ལ་འཛིན་པ་མ་རིག་དངོས། །ཕྱོགས་མེད་ཡུལ་ལ་བདེ་བའི་སྐུ་ཉིད་ཤར། །ཡང་དག་ལམ་ལ་ཐོགས་མེད་ཡེ་ཤེས་སྐུ། །ཡོད་མེད་ངང་ལས་ལྷ་ཡི་དཀྱིལ་འཁོར་ཉིད། །ཟང་མ་ཐལ་བྱུང་མཚན་མའི་ཆོས་ལས་གྲོལ། །རྟོག་མེད་ཆོས་སྐུའི་དངོས་པོ་དེ་བཞིན་ནོ། །རང་བཞིན་གཅིག་པས་ངོ་བོ་ཐ་དད་ཅིང་། །སྐུ་ལས་ཡེ་ཤེས་འཕྲོ་ཞིང་ཡུལ་ལ་ཁྱབ། །འབར་བའི་འོད་ཟེར་ཕྱོགས་བཅུའི་ཞིང་དུ་འཕྲོ། །ཐམས་ཅད་འདུས་པའི་ཐིག་ལེ་ཆེ། །མ་ལུས་འདུས་པའི་ཐིག་ལེ་ཆེ། །ཡང་དག་སྣ་ཚོགས་ཐིག་ལེ་ཆེ། །ཡོངས་རྫོགས་ལམ་གྱི་ཐིག་ལེ་ཆེ། །རྣམ་དག་དབྱིངས་ཀྱི་ཐིག་ལེ་ཆེ། །མཁའ་མཉམ་བུམ་པའི་ཐིག་ལེ་ཆེ། །འཁྲུལ་མེད་སྟོང་པའི་ཐིག་ལེ་ཆེ། །དོན་དམ་ཆོས་ཉིད་ཐིག་ལེ་ཆེ། །སྒྲོན་མ་ཡུལ་གྱི་ཐིག་ལེ་ཆེ། །བརྗོད་མེད་ལྷུན་གནས་ཐིག་ལེ་ཆེ། །མཚན་མ་མིང་གི་ཐིག་ལེ་ཆེ། །གསང་བ་ཡུམ་གྱི་ཐིག་ལེ་ཆེ། །ལུས་ལ་སེམས་ཀྱི་ཐིག་ལེ་ཆེ། །རྣལ་འབྱོར་རྫོགས་པའི་ཐིག་ལེ་ཆེ། །ཡངས་པ་དབྱིངས་ཀྱི་ཐིག་ལེ་ཆེ། །


DNG003_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཉིད་རྩ་བའི་ཐིག་ལེ་ཆེ། །འདུ་འབྲལ་མེད་པའི་ཐིག་ལེ་ཆེ། །སེམས་མེད་རིག་པའི་ཐིག་ལེ་ཆེ། །སངས་རྒྱས་གསང་བའི་ཐིག་ལེ་ཆེ། །རྫོགས་ཆེན་ཡང་ཐེག་ཆེན་དོན་གྱི་ཐིག་ལེ་ཆེ། །ཡེ་ཤེས་ནམ་མཁའི་ཐིག་ལེ་ཆེ། །མངོན་སུམ་བྱུང་བའི་ཐིག་ལེ་ཆེ། །སངས་རྒྱས་རྣལ་འབྱོར་ཐིག་ལེ་ཆེ། །ཐིག་ལེའི་དོན་རྣམས་འདུས་པའོ། །ཨེ་མ་ཧོ། ཡང་དག་གསང་བ་ཐུགས་དཀྱིལ་ན། །མ་བཀོད་ནོར་བུའི་ཕུང་པོ་བཞིན། །འོད་ཟེར་ནམ་མཁའི་མཐའ་དང་མཉམ། །ཡུལ་མེད་ཡུལ་ལ་གཅིག་པར་འཁྱིལ། །ལམ་མེད་ལམ་ལས་མཐར་ཕྱིན་ཞིང་། །རྟོག་མེད་ཡུལ་ལས་མངོན་སངས་རྒྱས། །གདོད་ནས་དག་པའི་སྣང་སྲིད་སྐུ། །བལྟས་པ་མེད་པར་ཐམས་ཅད་གསལ། །ཕྱིན་པ་མེད་པས་གནས་སུ་བགྲོད། །དོན་མེད་ཡུལ་གྱི་བལྟ་བ་མཐོང་། །དམིགས་པ་དག་པའི་མཁའ་ལ་གསལ། །ཟག་མེད་ལམ་ལ་མཐར་ཕྱིན་འགྱུར། །རང་སྣང་ཡུལ་ལ་དེ་བཞིན་གཤེགས། །བགྲོད་མེད་ལམ་ལ་འགྱུར་བ་མེད། །རྡོ་རྗེའི་ལམ་ལ་ཐིག་ལེ་འཕྲོ། །འདས་པའི་ལམ་ལ་སྣང་སྲིད་གསལ། །སངས་རྒྱས་ཡེ་ཤེས་མཉམ་པའི་དོན། །ང་མེད་ང་ཡི་ངང་དུ་རྫོགས་ཤིང་འཕྲོ། །བདག་མེད་རྫོགས་པའི་ཆོས་ཉིད་དོ། །ཡུལ་མེད་རང་བྱུང་དོན་ལ་འཇུག །རྟོག་མེད་གསང་སྔགས་དོན་ལ་སྦྱར། །འཛིན་མེད་རང་སྣང་ནམ་མཁའ་ལྡིང་། །བདེར་གཤེགས་ས་བོན་མྱུ་གུར་བཅས། །མཐར་སྤྱོད་ཆོས་ཀྱི་འཛིན་པ་མེད། །རྣམ་རྟོག་གཡེང་བའི་བདུད་དང་བྲལ། །ཡོད་དང་མེད་པའི་ཆོས་ལས་གྲོལ། །གཟུང་འཛིན་སེམས་ཀྱི་དྲི་མ་མེད། །རྣམ་རྟོག་ཡུལ་གྱི་བདུད་དང་བྲལ། །སངས་རྒྱས་ལམ་དང་འདུ་འབྲལ་མེད། །གསང་བའི་ཡེ་ཤེས་མཁའ་ལ་བསྐྱོད། །འཛིན་པ་མེད་པར་རང་སར་ཐལ། །རྡོ་རྗེ་རྡོ་རྗེ་གསང་བའི་རིགས། །ཡེ་ཤེས་སྐུ་ལ་ཡོན་ཏན་རྫོགས། །ཆོས་ཀྱི་སྐུ་ལ་མཚན་མ་གྲོལ། །ཡུལ་གྱི་སྐུ་ལ་འཛིན་པ་སྤངས། །ང་


DNG003_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་མ་བསྐྱོད་དབྱིངས་སུ་གཤེགས། །ང་ཉིད་རིག་པའི་སྐུ་དང་འཕྲད། །རྟོགས་མཐོང་ལྡན་པའི་གང་ཟག་ལ། །རྟོག་པ་ཡུལ་གྱི་མཐའ་ལས་གྲོལ། །རྣམ་རྟོག་སེམས་ཀྱི་དྲི་མ་མེད། །ངར་རྟོག་ཞེ་སྡང་མདུད་པ་གྲོལ། །ཤེས་རབ་ཡུམ་གྱི་མཁའ་ལ་རོལ། །སྟོང་པ་རང་སངས་ངོ་བོ་ཉིད། །ཡུལ་ནི་སྟོང་པའི་མཁའ་ལ་རོལ། །སེམས་དང་རྣམ་རྟོག་འཛིན་པ་མེད། །ཡུལ་དང་དབང་པོ་ཐ་དད་མེད། །ཤེས་བྱ་ཡུལ་གྱི་བདུད་དང་བྲལ། །སྟོང་པ་རང་བྱུང་རང་ཤར་སྐུ། །རྒྱུ་རྐྱེན་གཉིས་དང་བཅས་པའོ། །ཨེ་མ་ཧོ། ཡང་དག་དོན་གྱི་ཡེ་ཤེས་ནི། །མིང་དང་སྒྲ་དང་ཐ་སྙད་ཆོས་དང་བྲལ། །ཡང་དག་རྫོགས་པའི་སངས་རྒྱས་རྣམས། །བླ་མེད་འབྲས་བུ་རྙེད་པའི་ཕྱིར། །གསང་སྔགས་རྫོགས་པའི་ཐེག་ཆེན་འདི། །སུས་ཀྱང་རྙེད་པར་མི་འགྱུར་ཏེ། །རྣལ་འབྱོར་གསང་སྔགས་བདག་པོ་ཡིས། །ཐེག་རྒྱལ་འདི་ནི་ཐུགས་སུ་ཆུད། །ལམ་གྱི་མཆོག་དང་ཉེ་རིང་མེད། །གསང་སྔགས་དོན་དང་འདུ་འབྲལ་མེད། །ཡེ་ཤེས་ལམ་ལ་མཐར་ཐུག་མེད། །འབྱུང་བའི་དཀྱིལ་འཁོར་འོད་དུ་གསལ། །ཟག་མེད་ལམ་ལ་དེ་བཞིན་གཤེགས། །བགྲོད་མེད་ལམ་ལ་རྣམ་པར་འཁོད། །ཆགས་མེད་ལམ་ལ་དེ་བཞིན་གཤེགས། །མཐར་ཐུག་ལམ་ལ་གཉིས་མེད་གསལ། །རྣམ་དག་ལམ་ལ་ཕ་རོལ་ཕྱིན། །རྟོག་མེད་ལམ་ལ་དཀྱིལ་འཁོར་རྫོགས། །སེམས་སོགས་འཕྲོ་བའི་འཆིང་བ་གྲོལ། །བསམ་སོགས་སྟོང་པའི་ཆོས་དང་བྲལ། །ཡིན་མིན་བཟང་ངན་ཡུལ་ལས་འདས། །མཐའ་རུ་ལྷུང་བའི་ཆོས་ལས་གྲོལ། །འོད་ཀྱི་སྣང་བ་འགག་མེད་ཅིང་། །ཟེར་གྱི་སྤྲུལ་པ་ཕྱོགས་བཅུར་འཕྲོ། །མ་རིག་འཆིང་བའི་མདུད་པ་གྲོལ། །ཡེ་ཤེས་སྣང་བ་ཆེན་པོ་རྙེད། །ལམ་དང་བྱ་བྱེད་ཆོས་ལས་འདས། །བཟང་ངན་ཡུལ་དང་འཛིན་རྟོག་བྲལ། །ཤེས་དང་མི་ཤེས་ཚིག་


DNG003_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

གི་ལམ། །གསང་སྔགས་ཀུན་གྱི་བཅུད་ཕྱུང་བ། །ཤེས་རིག་ཡུལ་གྱི་རྟ་ཕོ་ལ། །ཤེས་རབ་འགག་མེད་མིས་ཞོན་ནས། །བར་སྣང་ཁམས་སུ་ལམ་ཕྱུང་ནས། །སྟོང་པ་ཆེན་པོའི་ཆོས་རྣམས་སྡུད། །ལམ་གྱི་གཏན་ཚིགས་བརྒྱད་དང་བྲལ། །འཛིན་རྟོག་ཡུལ་གྱི་དྲི་མ་སངས། །བདེ་བའི་ཡེ་ཤེས་འགག་པ་མེད་པའོ། །ཨེ་མ་ཧོ། ཡངས་སོ་ཆེའོ་ཆེས་ཆེའོ། །ཆུང་ངུ་རྣམས་ཀྱི་གཉེན་པོ་མཛད། །བདེ་བའི་ལམ་ལ་ཟད་མེད་ཕྱིར། །ཡང་དག་གསང་བ་དོན་གྱི་བཅུད། །ཐབས་དང་ཤེས་རབ་དོན་ལ་འཕགས། །ཨེ་མ་ཧོ། སྟོང་པ་ཡུལ་གྱི་ནམ་མཁའ་ལ། །ཡང་དག་བདེ་བའི་སྐུ་གཅིག་ཤར། །བྱས་པས་མཚན་མའི་ཆོས་ལས་གྲོལ། །སྐྱེ་འགག་མེད་པ་སོ་སོར་གསལ། །འབྱུང་འཇུག་མེད་པར་མཁའ་ལ་འཁྱིལ། །ཡོད་མེད་བཟང་ངན་རྟོག་པ་སངས། །ཅིག་ཅར་རིམ་གྱིས་བསྐྱེད་དུ་མེད། །ཡིན་མིན་མཚན་མའི་ཆོས་ལས་གྲོལ། །སྣང་དང་སྟོང་པའི་ཐ་སྙད་མེད། །ཡེ་ཤེས་ཡེ་ཤེས་ཁྱད་པར་ལས། །གསང་སྔགས་དོན་ལས་འདས་པ་མེད། །ཡེངས་དང་མ་ཡེངས་གཉིས་སུ་མེད། །ཡང་ནས་ཡང་དུ་ཡེ་ཤེས་མཐོང་། །མཐོང་བ་དེ་ལས་དཔེ་གཞན་མེད། །གསལ་ལ་འཛིན་པའི་བདུད་མེད་ན། །བྱས་པས་ཡང་དག་མེད་པ་ཉིད། །རང་གི་སྣང་བ་ཆེན་པོ་ཉིད། །ཡོད་པ་མ་ཡིན་མཁའ་ལ་ཐིམ། །མེད་པ་མ་ཡིན་རང་འོད་འབར། །ནམ་མཁའི་ངང་ལ་ཡེ་ཤེས་བཞི། །སྟོང་པའི་ངང་ལས་འོད་དུ་གསལ། །ཚད་མེད་ངང་ལས་ཡེ་ཤེས་གསལ། །ཡོད་མེད་ངང་ལས་སངས་རྒྱས་རྙེད། །བདེ་ཆེན་ངང་དུ་མངོན་རྫོགས་རྙེད། །རྡོ་རྗེ་ཡེ་ཤེས་སེམས་དཔའི་ཚུལ། །གསང་སྔགས་ཡེ་ཤེས་དོན་ལ་སྣང་། །འཛིན་མེད་ཡེ་ཤེས་ཡུལ་ལ་སྣང་། །རང་སྣང་རྣམ་དག་དགོངས་པ་ནི། །བསམ་ལས་འདས་པའི་ཆོས་སྐུའི་དོན། །ཡོད་མེད་ཡུལ་དང་ཞེན་པ་སངས། །


DNG003_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་སྟོང་དང་གཏིང་ན་གསལ། །བྱས་པའི་ཆོས་ལས་དེ་བཞིན་འདས། །དགོངས་པའི་ཡེ་ཤེས་རང་བྱུང་བ། །ཡུལ་དང་སྙིགས་མའི་སྣང་བ་མེད། །ས་ལ་གནས་དང་འགྲོ་བ་མེད། །རྟོག་པ་ཡུལ་གྱི་རྩ་བ་མེད། །ཀྱེ་མ་གསང་སྔགས་རྡོ་རྗེའི་བདག །ཡོད་མེད་གཉིས་ཀྱི་མཐའ་ལས་འདས། །གསང་སྔགས་ཚིག་ལས་དོན་བྱུང་བས། །བློ་ཡི་གཏིང་དུ་ཡང་དག་གོ། །ཀྱེ་མ་ཡེ་ཤེས་བདེན་པ་ཉིད། །ཡུལ་དུ་མེད་ལ་ལམ་དང་བཅས། །སྣང་བ་ཡུལ་གྱི་འཛིན་པ་མེད། །བྱས་པའི་ལམ་དང་བྱུང་བའི་ལམ། །འདུ་འབྲལ་མེད་པར་ལྷུན་གྱིས་གྲུབ། །ཐིག་ལེའི་ལམ་དང་སྟོང་པའི་ཡུལ། །བསྟན་པའི་ཡེ་ཤེས་ཡུལ་གྱི་གནས། །ཕྱོགས་ཆར་འཛིན་པའི་སེམས་མེད་ན། །བསམ་པ་རྩིས་ཀྱི་ཡུལ་མེད་ཅིང་། །ལམ་སྣང་འབྲས་བུ་ཚད་མ་མིན། །ཅིར་སྣང་ཡུལ་གྱི་དངོས་པོས་སྟོང་། །བྱ་བྱེད་གཉིས་ཀྱི་མཐའ་དང་བྲལ། །སྟོང་དང་འཛིན་པའི་ཐ་སྙད་མེད། །གཅིག་དང་དུ་མའི་མཐའ་ལས་འདས། །ཡོད་མེད་བཟང་ངན་ཡུལ་ལས་འདས། །སྟོང་པ་རང་བྱུང་ཚིག་ལས་འདས། །བྱ་བ་རྫོགས་པའི་རྒྱུད་ཉིད་སངས། །ཡིན་མིན་ཚིག་གི་སྒྲོ་འདོགས་ཆོད། །གསང་སྔགས་ཐབས་ཀྱི་སྐུར་ཤར་བ། །འཛིན་མེད་ཤེས་རབ་འོད་ལྔའི་ཡུལ། །རྟོག་མེད་གསལ་བའི་ལམ་ལྔར་སྣང་། །འགྱུར་མེད་ཡངས་པའི་དབྱིངས་སུ་ཐིམ། །ཚད་མེད་དཔེ་ཡི་གོལ་ས་བཅད། །མཐའ་དག་ཡེ་ཤེས་རང་སྣང་ཉིད། །ཆོས་སྤྱོད་རྟོགས་པའི་ལམ་ལས་གྲོལ། །རྣམ་རྟོག་འཆིང་བའི་བདུད་དང་བྲལ། །གསང་སྔགས་ལམ་གྱི་མཚན་མ་ཉིད། །གང་ལྟར་མེད་ལ་དེ་ལྟར་སྣང་། །ཡོངས་སུ་རྣལ་འབྱོར་ཆེན་པོར་རྟོགས་པའོ། །ཞེས་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། མཚན་མ་ཟིལ་གྱིས་མནན་པའི་ལེའུ་སྟེ་གྱ་གསུམ་པའོ།། །།དེ་ནས་དུས་དེ་ཉིད་དུ་དེ་བཞིན་གཤེགས་པ་གསེར་གྱི་འོད་ཟེར་སྣང་བ་ཞེས་བྱ་བ་དེ་ཉིད་དུ་གྱུར་ནས་


DNG003_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དཔག་ཏུ་མེད་པ་ལ་འདི་སྐད་ཅེས་བཀའ་བསྒོ་བ་མཛད་དོ། །ཀྱེ་སྐྱེས་བུ་དམ་པ་རྣམས་ལེགས་པར་ཉོན་ཅིག །དགའ་བའི་དད་པས་གུས་པར་ཉོན་ཅིག །དང་བའི་བློ་ཡིས་རྩེ་གཅིག་ཏུ་ཉོན་ཅིག །ཡིད་གཞན་དུ་མ་ཡེངས་པར་ཉོན་ཅིག །ང་ནི་སྔོན་ཡུལ་རྣམ་པར་བཀོད་པ་མཛེས་ལྡན་ཆེན་པོ་ཞེས་པ་ན་ཡོད་པའི་ཚེ། ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེས་རྣམ་པར་བརྒྱན་པ་ཞེས་བྱ་བ་ངའི་མདུན་དུ་ལྷགས་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་སྐྱེས་བུ་དམ་པ་སྨྲ་བའི་སེང་གེ་ཁྱོད་ཉོན་ཅིག །རིན་པོ་ཆེ་རྣམ་པར་བཀོད་པའི་ཕུང་པོ་ནི་དཔངས་མཐོ། རིན་པོ་ཆེའི་གཞལ་ཡས་ཁང་ནི་བཀོད་ལེགས། རིན་པོ་ཆེ་རྣམ་པར་དྲེས་པའི་བཙུན་མོ་ནི་རྒྱན་བཟང་། རིན་པོ་ཆེ་རྣམ་པར་བཀོད་པའི་དྲ་བ་ནི་ཆ་སྙོམས། རིན་པོ་ཆེ་མཛེས་པའི་རྟ་ནི་བང་མགྱོགས། རིན་པོ་ཆེ་སྣ་ཚོགས་ཀྱི་བང་བ་ལ་ཟད་པ་མེད། རིན་པོ་ཆེ་སྣ་ལྔའི་ཐང་ནི་ཀུན་སྙོམས། རིན་པོ་ཆེ་གསང་བའི་ཉི་མ་ལ་འཆར་ནུབ་མེད། རིན་པོ་ཆེ་ཆུའི་པདྨ་ལ་གོས་པ་མེད། རིན་པོ་ཆེ་མེའི་དཀྱིལ་འཁོར་ནི་བརྩེགས་ལེགས། རིན་པོ་ཆེ་རླུང་གི་ཤེས་རབ་ལ་ཐོགས་པ་མེད། རིན་པོ་ཆེས་སའི་དཀྱིལ་འཁོར་ནི་ཐེག་པ་ཆེ། རིན་པོ་ཆེའི་ནམ་མཁའ་ལ་མཐའ་དང་དབུས་མེད། རིན་པོ་ཆེ་འབར་བའི་འོད་ལ་འཆར་ནུབ་མེད། རིན་པོ་ཆེའི་ཟེར་གྱི་ཕྲེང་བ་ནི་བརྩར་ལེགས། རིན་པོ་ཆེ་སྟོང་པའི་དཀྱིལ་འཁོར་ནི་བྲི་ལེགས། རིན་པོ་ཆེ་མཐའི་རྒྱ་མདུད་གསུམ་ནི་དྲིལ་ལེགས། རིན་པོ་ཆེའི་གཏིང་གི་མུན་གསལ། ཆེ་ཆུང་ནི་ཡངས་ལ་ལྷུན་འཐུག །རིན་པོ་ཆེ་རྒྱལ་མཚན་གྱི་རྩེ་ལ་ནུབ་པ་མེད། རིན་པོ་ཆེ་སྒྲོན་མ་འབར་བ་ནི་འོད་གསལ། རིན་པོ་ཆེ་གསང་བའི་ཡེ་ཤེས་ལ་འཕེལ་འགྲིབ་མེད། རིན་པོ་ཆེ་རྣམ་པར་གྲོལ་བའི་ལམ་ལ་བགྲོད་དུ་མེད། རིན་པོ་ཆེ་སྐུ་གདུང་འབར་བའི་མཆོད་རྟེན་ནི་བརྩེགས་ལེགས། རིན་པོ་ཆེ་རྡོ་རྗེའི་གདན་ལ་འགྱུར་བ་མེད། རིན་པོ་ཆེ་སྟོང་པའི་ལམ་ལ་ཐུག་པ་མེད། དགོངས་པ་རང་གནས་ཀྱི་


DNG003_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

མན་ངག་ཏུ་བསྟན་པའོ། །དེ་ནས་དེ་བཞིན་གཤེགས་པ་དེས་འཁོར་གྱི་བྱང་ཆུབ་སེམས་དཔའ་རྣམས་ལ་བཀའ་སྩལ་པ། ཀྱེ་ཉེ་བའི་འཁོར་རྣམས་ལེགས་པར་ཉོན་ཅིག །ངས་ཡེ་ཤེས་དང་ཐབས་ལ་འཇུག་པའི་སྒོ་མ་ཤེས་ནས། ཞིང་ཁམས་རྒྱན་བཟང་པོ་ཞེས་བྱ་བར་དེ་བཞིན་གཤེགས་པ་གློག་གི་འོད་ཟེར་སྙིང་པོ་ཞེས་བྱ་བས་ང་ལ་ལུང་བསྟན་པ། ཀྱེ་རྒྱལ་བའི་སྲས་པོ་ཉོན་ཅིག །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དགོངས་པ་ལ་མཐར་ཐུག་པ་མེད་དོ། །སངས་རྒྱས་ཀྱི་དགོངས་པ་ལ་ཚད་མེད་དོ། །ཤེས་རབ་ལ་རྩིས་མེད་དོ། །གནས་ལ་བཟང་ངན་མེད་དོ། །བལྟ་བ་ལ་ཡིན་མིན་མེད་དོ། །གཞི་ལ་རྒྱ་ཆད་མེད་དོ། །ལམ་ལ་འཕོ་འགྱུར་མེད་དོ། །འབྲས་བུ་ལ་འགྱུར་ལྡོག་མེད་དོ། །ཡེ་ཤེས་ལ་གསལ་འགྲིབ་མེད་དོ། །ཤེས་རབ་ལ་སེམས་མེད་དོ། །གསང་སྔགས་ཐམས་ཅད་ཀྱི་དགོངས་པའི་ཚད་འདི་ལས་མ་གཏོགས་པ་གཞན་མེད་དོ། །འདུ་འབྲལ་མེད་པའི་ཡེ་ཤེས་ལམ་ལ་མངོན་པར་སྣང་བ་ཉིད་དོ། །དབྱིངས་ལ་ཐུག་པ་མེད་པའི་ཡེ་ཤེས་ཆེན་པོ་ལ་མཐའ་དང་དབུས་མེད་དོ། །དེ་སྐད་ཅེས་ལུང་བསྟན་ནས། དེ་བཞིན་གཤེགས་པ་དེ་ཡང་མི་སྣང་བའི་དཀྱིལ་འཁོར་ལ་གཤེགས་སོ། །ངས་ཀྱང་ལུང་བསྟན་པ་དེ་ལ་ངེས་པ་རྙེད་དོ། །དེ་ནས་དེ་བཞིན་གཤེགས་པ་དེའི་འཁོར་དུ་གཏོགས་པ་འོད་ཟེར་སྟོན་པའི་ཁྱེའུ་ཞེས་བྱ་བས། དེ་བཞིན་གཤེགས་པ་དེ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་སྟོན་པ་དེ་བཞིན་གཤེགས། །བདག་ཅག་མོས་པའི་འཁོར་རྣམས་ལ། །ཐབས་ཆེན་གཏན་ཚིགས་གསུང་དུ་གསོལ། །ཞེས་ཞུས་སོ། །དེ་ནས་དེ་བཞིན་གཤེགས་པ་དེས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་ཧོ་ཁྱེའུ་རིན་ཆེན་ཉོན། །ངས་བསྟན་ལེགས་པར་ཡིད་ལ་ཟུང་། །གསང་སྔགས་དགོངས་པའི་ཡང་བཅུད་ནི། །ལམ་དང་ཤེས་པའི་སྣང་བ་འདས། །འབྱུང་བ་གདོད་བྲལ་ཆོས་ཉིད་སྟོང་། །


DNG003_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་མེད་འཛིན་པ་མེད་པའི་སྣང་བའོ། །ཡུལ་དང་ཆོས་དང་སེམས་ལས་གྲོལ། །ཡང་དག་ཆོས་ཉིད་སྐུ་ཉིད་རྟོགས། །མཐོང་བའི་ཆོས་ཉིད་ཡུལ་ལ་འཇུག །དག་པའི་ཆོས་ཉིད་ཡུལ་དང་བྲལ། །གསང་བའི་ཡེ་ཤེས་མཐོང་བ་ཆེ། །མཐའ་དག་ཡེ་ཤེས་ཡངས་པ་ཆེ། །གསང་སྔགས་ཡེ་ཤེས་ཚིག་ལས་འདས། །མཚོན་པའི་སྐུ་དང་ཐ་སྙད་སྟོང་། །ཡོད་མེད་འཛིན་པའི་རྩོལ་བ་སྤངས། །ཡང་དག་ཐུགས་ལ་ཉི་ཤར་བཞིན། །སྟོང་པའི་ཡེ་ཤེས་ཚིག་མཐའ་ཡས། །དག་པའི་མཁའ་ལ་ནོར་བུ་གསལ། །ཡང་དག་དོན་ལ་བརྗོད་གཞི་མེད། །འདས་དང་མ་འདས་ཚིག་གི་ལམ། །གསང་སྔགས་གཅིག་པའི་ཡེ་ཤེས་ལྟོས། །ཡོད་མེད་འཛིན་པའི་བྱ་བ་དང་། །གསང་སྔགས་ཚིག་གི་མཐའ་ལས་གྲོལ། །ཤེས་པ་ཡུལ་གྱི་ལམ་དང་བྲལ། །མཚན་མའི་ཚིག་གིས་སྤྱོད་པ་མེད། །གསལ་འགྲིབ་འཛིན་རྟོག་ངང་གིས་བཅོམ། །རྣམ་རྟོག་འཁོར་བའི་བདུད་བཞི་བཅོམ། །འཁོར་བ་འཛིན་པའི་མདུད་པ་བཀྲོལ། །ཡིད་བཞིན་ཆོས་ཉིད་རེ་དོགས་བསལ། །འཛིན་པ་ཡུལ་གྱི་གོལ་སྒྲིབ་སྤངས། །ཡེ་ཤེས་དོན་ལ་མཐར་ཕྱིན་པའོ། །ཞེས་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། དགོངས་པ་ལུང་བསྟན་པའི་ལེའུ་སྟེ་གྱ་བཞི་པའོ།། །།དེ་ནས་ཡང་མཁའ་འགྲོ་མའི་འཁོར་དང་། གསང་བའི་བདག་པོ་དང་། མི་མ་ཡིན་གྱི་རིགས་བསམ་གྱིས་མི་ཁྱབ་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབས་བདུན་གྱིས། བཅོམ་ལྡན་འདས་གཞོན་ནུ་དཔའ་བོ་སྟོབས་ལྡན་ཉིད་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་སྟོན་པ་ཡེ་ཤེས་སྐུ། །སྟོན་པ་མྱ་ངན་འདས་འོག་ཏུ། །སྐུ་ཡི་རྟེན་ནི་གང་ལ་བགྱི། །གསུང་ནི་གང་གིས་སྒྲོག་པར་འགྱུར། །ཐུགས་ཀྱི་རྟེན་ནི་གང་གིས་བཟུང་། །ཉིད་ཀྱི་སྣང་བ་གང་ལ་བགྱི། །བདག་ཅག་མོས་པའི་འཁོར་རྣམས་ལ། །ལུང་བསྟན་


DNG003_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པ་གནང་བར་མཛོད། །ཅེས་ཞུས་སོ། །དེ་ནས་གཞོན་ནུ་དཔའ་བོ་སྟོབས་ལྡན་གྱིས་བཀའ་སྩལ་པ། ཀྱེ་ཧོ་མོས་པའི་འཁོར་རྣམས་ཉོན། །ངས་བསྟན་གསང་སྔགས་ཐབས་ཀྱིས་ཉོན། །ང་ལ་འཁོར་འདས་གཉིས་མེད་ཀྱང་། །སྟོན་པ་མྱ་ངན་འདའ་ཚུལ་སྟོན། །གསང་སྔགས་ཐབས་ལ་མཁས་པ་ཡིས། །ང་ནི་མྱ་ངན་འདས་འོག་ཏུ། །སྟོན་པ་ང་ཡི་གདུང་འཛིན་པའི། །སྟོན་པ་ང་ཡི་སྐུ་རྟེན་ནི། །འདི་ལྟར་ཀུན་ལ་ཤེས་པར་བྱ། །སྐུ་དང་གདུང་དང་རིང་བསྲེལ་དང་། །རྣམ་གསུམ་ང་ཡི་སྐུ་རྟེན་བཞག །གདུང་ལ་རྣམ་པ་ལྔ་བསྟན་ཏེ། །དེ་ཡང་བསྟན་པ་འདི་ལྟར་ཡིན། །སྲ་མཁྲེགས་རྡོ་རྗེ་འཇིག་པ་ཀུན་དང་བྲལ། །གསང་སྔགས་འབྲས་བུ་གཅིག་ཏུ་དྲིལ་བའི་རྟགས། །དབྱིབས་ཟླུམ་ཁ་དོག་སྣ་ཚོགས་འོད་ཟེར་འཕྲོ། །ཆེ་ན་སྲན་མའི་འབྲས་བུ་ཙམ་དུ་བཤད། །ཆུང་བའི་ཚད་ནི་ཡུངས་འབྲུ་ཙམ། །ཏིལ་འབྲུ་ཙམ་དུ་རྒྱལ་བས་བཤད། །དེ་ཡང་རིགས་བསྟན་འདི་ལྟ་སྟེ། །རྡོ་རྗེའི་གདུང་དང་པདྨའི་གདུང། །རིན་ཆེན་གདུང་དང་ལས་ཀྱི་གདུང་། །དེ་བཞིན་གཤེགས་པའི་གདུང་དུ་བཤད། །ང་ནི་མྱ་ངན་འདས་འོག་ཏུ། །སྐུ་ཡི་རྟེན་དུ་གདུང་བཞག་ཅིང་། །འགྲོ་བའི་མོས་པ་བསྐྱེད་པའི་ཕྱིར། །ང་ཡི་ཕུང་པོའི་རྟེན་རྣམས་སུ། །གདུང་གི་རིགས་ཆེན་འདི་བཞག་གོ། །ཤ་ཡི་རྟེན་དུ་ཤ་རཱི་རམ། །ཡང་དག་ཉིད་དུ་བཞག་པའོ། །ཁྲག་གི་རྟེན་དུ་ཆུ་རཱི་རམ། །སྲ་མཁྲེགས་རྡོ་རྗེའི་རྟེན་དུ་བཞག །རུས་པའི་རྟེན་དུ་བ་རཱི་རམ། །རྒྱལ་བ་ཉིད་ཀྱིས་ཚད་དུ་བཞག །ཡན་ལག་རྟེན་དུ་ཉ་རཱི་རམ། །ཤིན་ཏུ་སྤྲས་ཏེ་བཞག་པའོ། །རིང་བསྲེལ་ང་ཡི་རྒྱན་གྱི་རྟེན། །སྐུ་ནི་ང་ཡི་ཚབ་ཏུ་བཞག །གསང་སྔགས་འབྲས་བུའི་བཅུད་ཕྱུང་བ། །རྒྱལ་བ་ཀུན་གྱི་ཚབ་མར་བཞག་པའོ། །ང་ནི་མྱ་ངན་འདས་འོག་ཏུ། །ཐབས་ལྡན་མྱ་ངན་འདའ་འདོད་ན། །གསང་སྔགས་ཐབས་ལ་མ་ཡེངས་སྤྱོད། །ཐབས་ལྡན་མྱ་ངན་འདས་པ་དེ། །སྐུ་དང་གདུང་དང་རིང་བསྲེལ་དང་། །


DNG003_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་ཏུ་མེད་པའི་རྟགས་འབྱུང་ངོ་། །དེ་ནི་སྐུ་ཡི་རྟེན་དུ་གསུངས་པའོ། །ང་ཡི་ཐུགས་ཀྱི་རྟེན་དུ་ཡང་། །འདི་བཞིན་སེམས་ཅན་ཀུན་ལ་བཞག །སེམས་ཅན་ཀུན་གྱི་ཙིཏྟ་ན། །མཐིང་ག་དཀར་པོ་སེར་ལེ་བརྒན། །ལྗང་གུ་སྣ་ཚོགས་འབར་བའི་འོད། །སྐུ་དང་བཅས་ཏེ་རབ་ཏུ་བཞག །ཐུགས་ཀྱི་དཀྱིལ་འཁོར་ཆེན་པོ་ནི། །འདས་དང་མ་བྱོན་ད་ལྟར་གྱི། །རྒྱལ་བ་ཀུན་གྱི་དགོངས་པ་ནི། །ཐུགས་ལས་བཏོན་ཏེ་བཞག་པའོ། །ང་ཡི་ཐུགས་ཀྱི་རྟེན་དུ་ཡང་དག་བཞག །སེམས་ཅན་རྣམས་ཀྱི་ས་བོན་བྱེད་པར་འགྱུར། །ཐུགས་ཀྱི་རྟེན་དུ་དེ་བཞིན་ནོ། །ང་ཡི་གསུང་གི་རྟེན་ཉིད་དུ། །བརྒྱད་ཁྲི་བཞི་སྟོང་ཐེག་པའི་སྒོ། །བསམ་གྱིས་མི་ཁྱབ་བརྗོད་མི་ལངས། །བགྲང་དུ་མེད་དེ་གྲངས་ལས་འདས། །དཔག་ཏུ་མེད་པ་གསུངས་པའོ། །དེ་ཡང་བསྡུ་ན་འདི་ལྟ་སྟེ། །མདོ་སྡེ་འདུལ་བ་མངོན་པ་དང་། །རྣམ་པ་གསུམ་དུ་གསུངས་པའོ། །དེ་ཡང་རང་ཉིད་དག་ལ་རྫོགས། །ང་ཡི་གསུང་གི་དཀྱིལ་འཁོར་དུ། །དམ་པ་འདི་ཉིད་ཡིན་པར་གསུངས། །རྒྱུད་ཆེན་རྒྱལ་པོ་འདི་ཉིད་ཀྱིས། །སེམས་ཅན་རྟོག་པ་སེལ་བར་འགྱུར། །ང་ཡི་གསུང་དུ་འདི་བཞག་པས། །སེམས་ཅན་མ་རིག་ལྕགས་ལས་འགྲོལ། །གསུང་གི་དཀྱིལ་འཁོར་དེ་བཞིན་ནོ། །ང་ཡི་སྣང་བ་འདི་ལྟ་སྟེ། །སེམས་ཅན་ཀུན་གྱི་མིག་ལ་གནས། །དེ་ནི་སྒྲོན་མ་འབར་བ་ཡི། །འོད་ནི་ཐོགས་པ་མེད་པའོ། །དེ་ལ་ཡེངས་མེད་ཡིད་ཀྱིས་བལྟས་གྱུར་ན། །སྣང་བ་ཆེན་པོ་ཤར་བ་དེ། །ང་ཡི་སྣང་བ་ཆེན་པོ་ཡིན། །དེ་བཞིན་སྐུ་དང་གདུང་དང་འོད་རྣམས་ཀྱང་། །མྱ་ངན་འདའ་བར་གང་འདོད་པ། །དེ་ལ་རྟགས་རྣམས་འབྱུང་བར་བཤད། །ཤ་རཱི་རམ་ནི་མགོ་ལས་བྱུང་། །ཆུ་རཱི་རམ་ནི་ཁྲག་ལས་བྱུང་། །བ་རཱི་རམ་ནི་ཚིགས་ལས་བྱུང་། །ཉ་རཱི་རམ་ནི་རྐང་ལས་བྱུང་། །དེ་ཡང་རིགས་བསྟན་འདི་ལྟ་སྟེ། །ཤ་རཱི་རམ་ནི་དཀར་ལ་དྭངས། །ཆུ་རཱི་རམ་ནི་སྔོ་ལ་ནག །བ་རཱི་རམ་ནི་དཀར་སེར་ལྡན། །ཉ་རཱི་རམ་ནི་སྨུག་


DNG003_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

༼ཤོག་སྟོང་༽ནག་སྟེ། །དེ་བཞིན་ཁ་དོག་དབྱེ་བའོ། །ཤ་རཱི་རམ་གྱིས་སྐྱེ་མེད་ཐོབ། །ཆུ་རཱི་རམ་གྱིས་ཆོས་སྐུ་ཐོབ། །བ་རཱི་རམ་གྱིས་ལོངས་སྐུ་ཐོབ། །ཉ་རཱི་རམ་གྱིས་སྤྲུལ་སྐུ་ཐོབ། །དེ་ནི་འབྲས་བུའི་ཚད་དུ་བསྟན། །སྐུ་ལ་རྣམ་པ་གཉིས་ཡོད་དེ། །ཞི་བ་དང་ནི་ཁྲོ་བོར་གསུངས། །ཁྲོ་བོ་དེ་བཞིན་གཤེགས་པའོ། །ཞི་བས་སྤྲུལ་སྐུ་འབྱིན་མི་ནུས། །མཚན་མ་རྟགས་དང་མི་ལྡན་ན། །སྟོང་པ་ཆེན་པོའི་མཁའ་ལ་འཁྱིལ། །དེ་ཡང་སྐྱེ་མེད་ཐོབ་པར་གསུངས། །ཕྱི་ནང་གསང་བའི་དྲོད་རྣམས་ཀུན། །ཐོབ་ནས་དེ་བཞིན་གཤེགས་པར་གསུངས། །ཐེ་ཚོམ་མེད་པར་དེ་བཞིན་གཤེགས། །ས་ལ་ཐོགས་པ་མེད་པ་ཐོབ། །ལམ་ལ་འགྱུར་བ་མེད་པ་རྙེད། །དཀྱིལ་འཁོར་དོན་ལ་དེ་བཞིན་གཤེགས། །ས་རྣམས་ལ་ཡང་དེ་བཞིན་ནོ། །སྐྱེ་མེད་འབྲས་བུ་མེད་པར་བཤད། །བྱེད་པའི་ཆོས་དང་བྱས་པའི་ཆོས། །གང་གིས་ཕྱོགས་སུ་མ་ལྷུང་བའོ། །འཛིན་མེད་རང་སངས་ངོ་བོ་ཉིད། །འདས་པ་བརྗོད་དུ་མེད་པའོ། །ཞེས་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། རྒྱལ་བའི་རྟེན་བཞག་པའི་ལེའུ་སྟེ་བརྒྱད་ཅུ་གྱ་ལྔ་པའོ།། །།དེ་ནས་འཁོར་དེ་དག་ཐམས་ཅད་ཀྱིས་སྟོན་པ་ཆེན་པོ་དེ་ལ་མགྲིན་གཅིག་ཏུ་ཐལ་མོ་སྦྱར་ནས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་འདས་ཐུགས་རྗེ་དང་ཐབས་སུ་ལྡན་པ། བདག་ཅག་རྣམས་ཀྱིས་རྒྱུད་ཀྱི་རྒྱལ་པོ་འདི་ཇི་ལྟར་གཟུང་བར་བགྱི། རྗེས་སུ་འཇུག་པ་རྣམས་ལ་ཇི་ལྟར་བསྟན་པར་བགྱི། སྟོན་པས་ལུང་བསྟན་དུ་གསོལ། ཞེས་ཞུས་སོ། །དེ་ནས་ཡང་བཀའ་སྩལ་པ། ཀྱེ་མ་ཉོན་ཅིག་རིགས་ཀྱི་བུ། །རྒྱུད་རྒྱལ་ཡེ་ཤེས་ངེས་པ་འདི། །ཀུན་གྱིས་གཟུང་བར་དཀའ་བ་ཡིན། །རིག་དང་ལྡན་པ་རྣམས་ཀྱི་བཅུད། །གསང་བའི་བདག་པོ་ཁྱོད་ཀྱིས་ཟུང་། །རྗེས་སུ་འཇུག་པའི་འཁོར་རྣམས་ལ། །བསྣན་ཕྲི་མེད་པར་ཁྱོད་ཀྱིས་བྱིན། །ང་ཡི་རྒྱུད་ཆེན་རྒྱལ་པོ་འདི། །


DNG003_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

༼ཤོག་སྟོང་༽འཇིག་རྟེན་ཁམས་སུ་འབྱུང་བར་དཀའ། །འཇིག་རྟེན་ཁམས་ཀྱི་བཅུད་ཡིན་པས། །ཐབས་དང་ལྡན་པས་བླང་བར་བྱ། །གསང་སྔགས་དོན་གྱི་དགོངས་པའི་ཕུགས། །འདི་རུ་དགོངས་ནས་རྒྱུད་དུ་བསྟན། །ཨེ་མ་ཧོ། ངོ་མཚར་ཤིན་ཏུ་ཆེ། །འདིས་ནི་མ་རིག་མུན་པ་སེལ། །ཁམས་གསུམ་འཁོར་བའི་གདུང་བ་སེལ། །ཉོན་མོངས་འདམ་ལས་པདྨ་སྐྱེས། །ཡེ་ཤེས་མཁའ་ལ་རྣམ་པར་རོལ། །དེ་ཕྱིར་རྒྱུད་ཀྱི་རྒྱལ་པོ་འདི། །གསང་བའི་བདག་པོ་ཁྱོད་ཀྱིས་ཟུང་། །ང་ནི་མྱ་ངན་འདའ་འོག་ཏུ། །མོས་པ་སྦྱངས་པའི་འཁོར་རྣམས་ལ། །ཁྱོད་ཀྱིས་ལེགས་པར་བསྟན་པར་གྱིས། །ཡང་དག་ཡེ་ཤེས་ཆེན་པོའི་དོན། །འདིར་མ་འདུས་པ་གཅིག་ཀྱང་མེད། །ང་ཡི་བསྟན་པ་བཞིན་དུ་བྱོས། །ཞེས་བརྗོད་ནས་མི་སྣང་བའི་ངང་དུ་གཤེགས་སོ། །དེ་ནས་འཁོར་དེ་དག་ཐམས་ཅད་སྐད་གཅིག་ཏུ་ཡིད་འཁྲུགས་སོ། །དེ་ནས་ཡང་ནམ་མཁའ་ནས་སྒྲ་འདི་སྐད་ཅེས་སྒྲོགས་སོ། །བཛྲ་ཨ་བཛྲ་ཨ་དྷཱོ་ཏ་ན་ཀེ་ཤཱ་ཡ་ཨ་ཧཱུཾཿ། ཡང་བྱུང་ཤྭ་ཏཱ་ནཱ་ཀེ་ཤཱ་ཡཱ་ཡ་ཨ་ཧཱུཾ༔ དྷ་སིང༔ ཞེས་བྱུང་བས་འཁོར་རྣམས་ཡིད་འཁྲུགས་པ་ལས་ཐར་རོ། །དེ་ནས་དེ་རྣམས་ཀྱི་ནང་ནས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ཞེས་བྱ་བ་དེས་འཁོར་རྣམས་ལ་འདི་སྐད་ཅེས་བརྗོད་ཅིང་རྟོག་པ་བསལ་བའོ། །ཀྱེ་གྲོགས་པོ་དག་རྟོགས་པའི་དུས་སུ། ཡེ་ཤེས་ལ་ཐོགས་རྡུགས་མེད་དོ། །སྣང་བ་ལ་ཆེ་ཆུང་མེད་དོ། །རིག་པ་ལ་བཟང་ངན་མེད་དོ། །སྒྲོན་མ་ལ་སྐྱེ་འགག་མེད་དོ། །སྙིང་པོ་ལ་འགྱུར་བ་མེད་དོ། །མཐའ་ལ་ཐུག་པ་མེད་དོ། །དབྱིངས་ལ་བྲི་བ་མེད་དོ། །དགོངས་པ་ལ་སྔ་ཕྱི་མེད་དོ། །ཞེས་བརྗོད་ནས་ཡང་མི་སྣང་བའི་ངང་དུ་གཤེགས་སོ། །དེ་ནས་ཡང་དེ་རྣམས་ཀྱི་ནང་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགའ་རབ་རྡོ་རྗེ་ཞེས་བྱ་བས། འདི་སྐད་ཅེས་གསོལ་ཏོ། །ཀྱེ་གསང་བའི་བདག་པོ་རྒྱུད་འདི་གང་གིས་གཟུང་དུ་རུང་བར་འགྱུར། ལུང་བསྟན་དུ་


DNG003_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། ཞེས་ཞུས་སོ། །དེ་ནས་ཡང་ནམ་མཁའ་ནས་སྒྲ་འདི་སྐད་ཅེས་བརྗོད་དོ། །ཀྱེ་མ་ཡེ་ཤེས་གྲོགས་པོ་དག །གསང་སྔགས་རྒྱུད་ཆེན་རྒྱལ་པོ་འདི། །ཀུན་གྱིས་གཟུང་བར་དཀའ་བ་ཡིན། །དགའ་རབ་རྡོ་རྗེ་ཁྱོད་ཀྱིས་ཟུང་། །ཞེས་བརྗོད་ནས་ཅང་མེད་དོ། །དེ་ནས་འཁོར་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགའ་རབ་རྡོ་རྗེ་ལ་འདི་སྐད་ཅེས་ཞུས་སོ། །ཀྱེ་ལྷའི་བུ་དམ་པ་བདག་ཅག་རྣམས་ལ་ཐབས་དམ་པ་བསྟན་དུ་གསོལ། ཞེས་ཞུས་སོ། །དེ་ནས་དགའ་རབ་རྡོ་རྗེས་འདི་སྐད་ཅེས་གསུངས་སོ། །ཀྱེ་གྲོགས་པོ་དག་ཉོན་ཅིག །གསང་སྔགས་ཀུན་གྱི་ཡེ་ཤེས་ལ་མཁས་པར་བྱའོ། །ཡེ་ཤེས་ཀྱི་ལམ་ངོ་ཤེས་པར་བྱའོ། །བལྟ་བའི་ཡུལ་ངོ་ཤེས་པར་བྱའོ། །བསྒོམ་པའི་ཚད་ངོ་ཤེས་པར་བྱའོ། །རྟོགས་པའི་འབྲས་བུ་ངོ་ཤེས་པར་བྱའོ། །རྒྱུད་འདི་རིགས་ཀྱི་བུ་རྣམས་ཀྱིས་གཟུང་བར་བྱའོ། །ཞེས་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། ཡོངས་སུ་གཏད་པའི་ལེའུ་སྟེ་བརྒྱད་ཅུ་གྱ་དྲུག་པའོ།། །།སྟོན་པ་གཞོན་ནུ་དཔའ་བོ་སྟོབས་ལྡན་གྱིས་དུར་ཁྲོད་ཆེན་པོ་མེ་རི་འབར་བར་འཁོར་རྣམས་ཀྱི་རྟོག་པ་བསལ་བ། ཡེ་ཤེས་ལག་སྤྲད་དུ་བསྟན་པའི་རྒྱུད། རིག་པ་རང་ཤར་ཆེན་པོའི་རྒྱུད་ཅེས་བྱ་བ། མན་ངག་གི་བཤད་རྒྱུད་ཆེན་པོ་རྫོགས་སོ། །དཔལ་ལྡན་སྔགས་ཀྱི་སྲུངས་མ་ལྕམ་དྲལ་གཉིས་ཀྱིས་བཀའ་ཡི་བྱ་ར་གྱིས་ཤིག །དམ་ཚིག་ཉམས་པ་ཐམས་ཅད་ཀྱི་སྙིང་ཁྲག་འཇིབས་ལ་སྲོག་རྩ་ཆོད་ཅིག །དཔལ་སྔགས་ཀྱི་སྲུང་མ་སྨུག་ནག་ཁྲོས་མའི་རྒྱལ་མོ་ཨེ་ཀ་ཙ་ཏིས་བཀའི་བྱ་ར་གྱིས་ཤིག །ས་མ་ཡཱ། རྒྱ་རྒྱ་རྒྱ། དཔལ་ལྡན་ཞྭའི་མགོན་པོ་དམ་ཚིག་གི་བདག་པོས་དམ་ཚིག་ལ་མི་གནས་པ་རྣམས་ཞགས་པས་ཆིངས་ལ་སྒྲོག་ཅིག །དམ་ཚིག་ཉམས་པ་རྣམས་ལ་བྱིན་ན་མཁའ་འགྲོ་མ་སྡེ་ཆེན་བཅོ་བརྒྱད་ཀྱིས་ཆད་


DNG003_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆོད་ཅིག །བི་མ་ལ་མི་ཏྲ་ཆེན་པོ་དང་། སྐ་ཅོག་གསུམ་གྱིས། དཔལ་བསམ་ཡས་སུ་གཏན་ལ་ཕབ་ནས་བསྒྱུར་བའོ། །ལས་ཅན་རྣམས་དང་འཕྲད་པར་ཤོག །རིག་པ་རང་ཤར་རྒྱུད་ལ་མ་བུ་བདུན། ཡང་དཔེ་གཞན་ཞིག་ལ་གོང་གི་ཆད་པ་ཆོད་ཚིག་གི་འཕྲོར་འདི་བཞིན་འདུག །མན་ངག་རྒྱུད་གསང་བ་འདི་ནི། སློབ་དཔོན་བི་མ་ལས་སྒྲ་མི་མཐུན་པ་གསུམ་ལས་བསྒྱུར་བའོ། །དེ་ནས་རྗེ་བློན་གཉིས་ལ་གནང་སྟེ། རྒྱུད་ཆེན་པོ་འདི་ནི་རྗེ་ལས་ཉང་བན་ལ་ཡང་མེད་པར། རིན་པོ་ཆེ་ཤེལ་གྱི་གླེགས་ཤིང་དུ་བསྡམས་ནས། རིན་པོ་ཆེ་དངུལ་གྱི་ག་བུའི་ནང་དུ་བསྩལ་ནས་གཟེར་ཆེན་པོ་བཞིས་བསྡམས་ནས་ཉང་བན་ལ་རྗེའི་ཞལ་ནས། འདི་ནི་བོད་ཕུང་བར་བྱེད་པའི་ངན་སྔགས་ཡིན་གྱིས་འདིས་བོད་ཕུང་བར་འགྲོ་བས། འདི་ཡང་ཁྱོད་ཀྱི་དེ་ཚོའི་ཟླ་ལ་སྦོས་ཤིག་ཅེས་གདམས་ནས་རེ་ནག་གིས་གྲིལ་ཏེ་ཉང་བན་ལ་ཆ་མེད་པར་རྗེས་གནང་བ་ལགས་སོ། །དེ་ནས་ཉང་བན་ཆེན་པོ་དེས་ཞའི་ལྷ་ཁང་དུ་མགོན་པོ་དྲིས་ཐག་ཅན་ལ་གཉེར་དུ་གཏད་ནས་སྦས་པ་ལགས་སོ། །རྗེའི་གསང་བ་ཐུགས་ཀྱི་བཅུད་ཉིད་མ་ནོར་བ་ལགས་སོ། །དེ་ནས་གནས་བརྟན་ལྡང་པས་ལྕེ་བཙུན་སེང་གེ་དབང་ཕྱུག་ལ་གནང་བ་ལགས་སོ། །ལྷ་རྗེས་ཉམས་སུ་བླངས་པའི་མན་ངག་ཤིན་ཏུ་ཟབ་པར་བསྟན་པའོ། །གང་དང་ཡང་མི་འདྲ་བར་ཉམས་སུ་བླངས་པར་བསྟན་པ་གསང་སྐོར་གྱི་མན་ངག་དམ་པ་འདི་གུད་དུ་སྦས་པ་ལགས་སོ། །རྒྱུད་ཀྱི་རྒྱལ་པོ་འདི་ནི་འཛམ་བུའི་གླིང་གཞན་ན་མེད་པར་ཡིད་ཆེས་སོ། །ཉན་མི་དགོས་སོ། །དཔེ་ཐོབ་པས་ཆོག་གོ། །མན་ངག་རྣམས་ཀྱི་རྒྱལ་པོ་འདི་སྣོད་མེད་པ་ལ་བྱིན་ན་གཉིས་ཀ་འཚིག །ལས་ཀྱི་འཕྲོ་ཅན་སྦྱངས་པའི་སྣོད་ལྡན་གྱིས་རྙེད་པར་ཤོག །དེས་ནི་གསང་སྔགས་བསྟན་པ་ཡུན་རིང་གནས་པར་ཤོག །འགྲོ་བ་རྣམས་ཀྱི་མ་རིག་པའི་མུན་པ་སེལ་བར་གྱུར་ཅིག །བདག་འདྲ་སྨྱོན་པ་ལྕེ་བཙུན་གྱིས། །ཡང་དག་དོན་གྱི་མན་ངག་ཟབ་མོ་འདི། །རྒྱ་གར་མཁས་པའི་བཀའ་བརྒྱུད་བདག་ལ་བབ། །ཀུན་ལ་དཀོན་པའི་མན་ངག་ཟབ་མོ་འདི། །ཀུན་ལ་མ་སྤེལ་ས་ཡི་གཏེར་དུ་བཞག །ལས་ཀྱི་འཕྲོ་ཅན་གཅིག་གིས་རྙེད་པར་ཤོག །ཅེས་ལྷ་རྗེ་ཉིད་ཀྱིས་སྨོན་ལམ་བཏབ་ནས་སའི་གཏེར་དུ་སྦས་སོ། །སྔགས་ཀྱི་སྲུང་མ་རྣམས་ཀྱིས་སྲུངས་ཤིག །ཡང་དག་པ་ལགས་སོ། །རྫོགས་སོ། །ཞེས་པ་འདུག །

རིག་པ་རང་གྲོལ་ཆེན་པོ་ཐམས་ཅད་འགྲོལ་བའི་རྒྱུད་ཅེས་བྱ་བ།


DNG003_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། སྒྲ་བསྒྱུར་བ་ཁུངས་བཙུན་པའི་དགོས་པ། མ་ཧཱ་ཆེན་པོ་བིདྱཱ་རིག་པ་སཱ་མུ་ཀྟི་རང་གྲོལ་སརྦ་ཐམས་ཅད་གྷཊྚྀ་ཏ་འགྲོལ་བ་ཏན་ཏྲ་རྒྱུད་ནཱ་མ་ཅེས་བྱུང་། བོད་སྐད་དུ། རིག་པ་རང་གྲོལ་ཆེན་པོ་ཐམས་ཅད་འགྲོལ་བའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་སྟོབས་ཀྱིས་རྣམ་པར་བསྒྱིངས་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་སྟོན་པས་གིས་བསྟན་པའི་དུས་གཅིག་དུས་ན། །རིགས་ཀྱི་བུ་རྣམས་འཁོར་ལེགས་པར་དགེ་བའི་སེམས་ཀྱིས་ཉོན་ཅིག །རིག་པའི་བསྟན་པ་སྒྲོན་མ་འབར་བ་ངས་བསྟན་ནས། འཁོར་རྣམས་ཀྱི་རྒྱུད་འགྲོལ་བར་བྱའོ། །སེམས་ཀྱི་རྣམ་རྟོག་གིས་གཞན་དུ་མ་ཡེངས་ཤིག །མ་རིག་པའི་མཐའ་རྣམ་པ་བཞི་ཕྲོལ་ཅིག །དེ་སྐད་ཅེས་མཐའ་རྣམ་པ་བཞི་དང་བྲལ་བའི་རིག་པས་ཡུལ་ཆོས་ཀྱི་ཕོ་བྲང་ལ་གཟིགས་ནས། རིག་པ་རྣམ་པར་དག་པའི་ཀློང་འོད་ཀྱི་ཡུལ་སྐུའི་མཁའ། གསུང་གི་ཟེར། ཐུགས་ཀྱི་དཀྱིལ། ཆོས་ཉིད་ཀྱི་གནས། ཤེས་རབ་ཀྱི་རྒྱན། འོག་མིན་གྱི་གནས། ཕོ་བྲང་རྣམ་པར་དག་པ་ནས་དེ་སྐད་ཅེས་གསུངས་སོ། །གསུང་ངོ་། །གསུང་བར་འགྱུར་རོ། །འདི་སྐད་བདག་གིས་འཁོར་རྣམས་ཀྱིས་ཐོས་པའི་འཁོར་ལ་བསྟན་པ་དུས་གཅིག་ན། སྤྲུལ་པ་སྐུའི་ཞིང་ཁམས་རྣམ་པར་བཀོད་པ། དུར་ཁྲོད་མེ་རི་འབར་བ་ཞེས་བྱ་བར། བཅོམ་ལྡན་འདས་གཞོན་ནུ་དཔའ་བོ་སྟོབས་ལྡན་ཆེན་པོ་ཞེས་བྱ་བས། འཁོར་ནི་ལྷ་དང་། མི་དང་། ལྷ་མ་ཡིན་དང་། བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་འདུས་ནས། བསྟན་པ་བཀའི་བགྲོ་བ་མཛད་པས། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ། རྒྱུད་ཆེན་པོ་ཡང་དག་པའི་འགྲོལ་ལུགས་གསུང་དུ་གསོལ། །ཞེས་ཞུས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀྱེ་འདུས་པ་ཆེན་པོའི་ཚོགས་ཉོན་ཅིག །གསང་སྔགས་རང་བྱུང་གི་ཐབས་ཆེན་པོ་ངས་བསྟན་གྱིས་ལེགས་པར་ཉོན་ཅིག །གཏན་ཚིགས་རང་བྱུང་གི་རྒྱུད་ཆེན་པོ་འདི་ཡིས། ཆོས་ཐམས་ཅད་ཀྱི་དོན་གསལ་བར་


DNG003_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དོ། །དེ་ནས་ཚིགས་སུ་བཅད་དེ་བཀའ་སྩལ་པས། ཀྱེ་མ་ཡེ་ཤེས་ཀློང་ཡངས་ཉིད། །རྒྱ་ཆེ་ཀུན་གྱི་རྒྱུད་ཆེན་པོ་ལས་སྙིང་པོར་འདོད། །རབ་ཏུ་ཟབ་པའི་ཐུགས་ཀྱི་དགོངས་པ་ཉིད། །མ་ལུས་བཅུད་ཕྱུང་ཀུན་གྱི་དོན། །འདི་བསྟན་རྟོག་པ་སེལ་བར་འགྱུར། །དབང་པོ་ཐ་མའི་གང་ཟག་རྣམས། །འདི་ནས་ཤི་འཕོས་བར་དོ་ནས། །ཕྱེད་སྤྲུལ་སྐུ་ཡི་སྣང་སྤྲུལ་པའི་ཞིང་ཁམས་སུ། །སྐྱེས་ནས་འཁོར་བ་ཀུན་གྱི་ལམ་ལས་ཐར། །དང་པོའི་མཚན་དང་གྲོལ་ལུགས་ཀྱང་། །གླེང་གཞི་དང་ནི་གླེང་སློང་ངོ་། །དང་པོ་གླེང་གཞིའི་རྒྱུ་བསྟན་ཏོ། །སྟོན་པ་ཕུན་སུམ་ཚོགས་པ་གནས་དང་འཁོར་དང་དུས། །བསྟན་པ་དང་ནི་བཤད་ལུགས་སོ། །རྒྱུད་ཆེན་རྒྱལ་པོ་འདི་ཉིད་ལ། །བཤད་པའི་གནས་དང་ལོངས་སྤྱོད་རྣམས། །ཕྱི་དང་ནང་དང་གསང་བ་ཁོག་དབུབ་སྟེ་བཤད་པའོ། །དང་། །དེ་བཞིན་ཡོངས་སུ་རྫོགས་པའོ། །དེ་ལྟར་ཀུན་ལ་ཤེས་པར་བྱའོ། །གླེང་གཞི་བསྟན་པ་འདི་ལྟ་སྟེ། །སྟོན་པའི་གླེང་བསླང་བསྟན་པའོ། །ཡུལ་དང་འཁོར་རྣམས་དང་། །ཡབ་ཀྱི་གླེང་བསླང་ཀུན་ཏུ་ཤེས། །དེ་ཡང་མཚན་བཤད་འདི་ལྟ་སྟེ། །མཚན་དང་ཕྱག་དང་ཀླད་ཀྱི་དོན་དམ་བཅའོ། །དེ་ཉིད་ཀླད་ཀྱི་ཚིག་ཏུ་བསྟན། །གཞུང་ལ་བསྟན་པ་འདི་ལྟ་སྟེ། །མདོ་དང་རྒྱས་པ་ཆེན་པོ་དང་། །ཤིན་ཏུའང་རྒྱས་པ་ཆེན་པོར་བཤད། །དེ་ནི་གཞུང་གི་ཚིག་ཏུ་བསྟན། །མཇུག་གི་དོན་ནི་འདི་ལྟ་སྟེ། །བཀྲོལ་ཏེ་བཤད་མན་ངག་དོན་གྱི་བཤད་འགྲེལ་གྱིས། །རྒྱུད་ཆེན་དེ་ལ་དེ་བསྟན་ནོ། །གསང་སྔགས་ཀུན་གྱི་བཤད་ལུགས་ནི། །དེ་བཞིན་ཀུན་ལ་ཤེས་པར་བྱའོ། །ལེའུའི་མཚན་དང་དབྱེ་བ་རྣམས། །རང་རང་མཚན་ལ་སྦྱར་ཏེ་བཤད། །སྒྲ་དང་སྔགས་དང་སྦྱར་ལུགས་རྣམས། །དེ་ཡང་བསྟན་པ་འདི་ལྟ་སྟེ། །སྒྲ་ལ་རྣམ་པ་བཞི་ཡིས་བསྟན། །རིང་དང་ཐུང་དང་ཆེ་བ་དང་། །དེ་བཞིན་སྒྲ་ཡི་སྒྲ་ཞེས་བྱའོ། །གང་ནས་གང་དུ་སྒྲ་བྱུང་ཡང་། །འདི་ལྟར་ཀུན་ལ་ཤེས་པར་བྱ། །ཡི་གེའི་སྔགས་ལ་འདི་ལྟ་སྟེ། །ལོག་དང་འདོགས་དང་ཡན་ལག་རྣམས། །གང་ཡིན་པ་ཡང་འདིར་བརྗོད་ཅིང་། །གང་ལ་གང་གིས་འཚམས་པར་འབོད། །ལོག་པར་བཏགས་པ་མངོན་གྱུར་ཏེ། །


DNG003_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཉིད་སོ་ལ་བཞག་པ་སྟེ། །ཡན་ལག་མྱ་ངན་འདས་ཡིག་ཡིན། །འདོགས་ནི་འཁོར་བ་ཁོ་ནའོ། །དེ་བཞིན་སྔགས་དང་ཡི་གེ་རྣམས། །གང་ལ་གང་འཚམས་དེ་འབོད་དེ། །རྒྱུད་ལ་སོགས་པའི་བཤད་ལུགས་རྣམས། །གོང་དུ་བཤད་པ་ཁོ་ནར་ཟད། །ཐམས་ཅད་དེ་ཡིས་འགྲོལ་བར་འགྱུར། །རང་གྲོལ་ཐབས་ཆེན་རྒྱུད་ཆེན་འདིས། །ཐམས་ཅད་གྲོལ་བའི་ཤེས་རབ་མཆོག །འདི་ཡིས་བཤད་ཅིང་འདི་ཡིས་བཀྲོལ། །རྒྱུད་རྣམས་ཀུན་གྱི་མདུད་པ་རྣམས། །འདི་ཡིས་བཅིངས་པ་འགྲོལ་བའོ། །དང་པོ་ལ་ཡང་འདིས་བསྟན་ཏོ། །ཕྱི་ཡི་དོན་ཉིད་འདི་ལྟ་སྟེ། །གནས་དང་དུས་ལ་སོགས་པ་རྣམས། །གང་དུ་བསྟན་ཅིང་བཤད་པའོ། །ནང་གི་དོན་ནི་འདི་ལྟ་སྟེ། །དང་པོ་ལོ་རྒྱུས་དོན་བཤད་དང་། །རྩ་བ་དང་ནི་དགོས་ཆེད་དང་། །ཡི་གེ་དང་ནི་ཚིག་དོན་དང་། །དེ་བཞིན་ནང་དུ་བཤད་པར་བྱ། །ལོ་རྒྱུས་རྣམ་པ་གསུམ་གྱིས་བསྟན། །དགོངས་པས་བརྒྱུད་དང་བརྡའ་ཡིས་བརྒྱུད། །སྙན་ཁུང་བརྒྱུད་པ་གསུམ་དུ་གྲགས། །རྩ་བའི་དོན་ལ་འདི་ལྟ་སྟེ། །གདམས་ངག་ཉི་ཤུ་རྩ་གཅིག་གིས། །རིག་པའི་འཁོར་ལ་བསྟན་པར་བྱ། །དགོས་ཆེད་དོན་ལ་འདི་ལྟ་སྟེ། །རིག་པའི་ཡེ་ཤེས་གཏན་ལ་འབེབས། །དེ་ཡི་དགོས་ཆེད་བསྟན་པ་དང་། །རྒྱུད་ལུང་མན་ངག་ཐམས་ཅད་ཀུན། །འདི་ཡིས་ཡང་དག་འགྲོལ་བའི་ཕྱིར། །དགོས་ཆེད་གཉིས་སུ་བསྟན་པའོ། །ཡི་གེའི་དོན་ལ་འདི་ལྟ་སྟེ། །ཐམས་ཅད་སྡུད་ཕྱིར་བསྟན་པ་དང་། །ཐམས་ཅད་འབྱུང་ཕྱིར་བསྟན་པའོ། །བཤད་ཐབས་ཚིག་དོན་འདི་ལྟ་སྟེ། །ཚིག་གི་སྒོ་ནས་ཡང་དག་བཤད། །ཚིག་ལ་བཤད་ལུགས་གྲངས་མང་ཡང་། །འོག་ནས་རྒྱས་པར་འབྱུང་བའོ། །ཀླད་ཚིག་རྒྱས་པར་བསྟན་བྱའི་ཕྱིར། །དྲིས་པ་དག་དང་དྲིས་ལན་རྣམས། །འཁོར་དང་སྟོན་པ་ཉིད་དུ་བསྟན། །དེ་ཡང་མདོ་དང་རྒྱས་པའོ། །བཤད་ཐབས་ལུགས་དང་མདོ་རྒྱས་རྣམས། །ཡང་དག་ཚིག་དང་འདྲེལ་པར་བཤད། །དེ་ཡང་དང་པོ་སྤྲུལ་པའི་གནས། །ལོ་རྒྱུས་དོན་དང་བཅས་ཏེ་


DNG003_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

བཤད། །སྤྲུལ་པ་རང་བཞིན་གནས་དང་ནི། །ཤིན་ཏུ་འདས་པའི་གནས་སུ་བཤད། །སྤྲུལ་པའི་རྒྱུ་དང་ངེས་ཚིག་དང་། །བཤད་ཐབས་རིམ་པ་འདི་ལྟ་སྟེ། །དང་པོ་སྤྲུལ་པའི་རྒྱུ་བསྟན་པ། །ཡང་དག་སྦྱངས་དང་དོན་ཆེན་མཐོང་། །གང་ཟག་ཆེན་པོ་དེ་རྣམས་ཀུན། །བརྟེན་ཅིང་དབུགས་ཆེན་འབྱིན་གྱུར་པས། །སྤྲུལ་པའི་རྒྱུ་ཞེས་ཀུན་ཏུ་གྲགས། །སྤྲུལ་པའི་ངེས་ཚིག་འདི་ལྟ་སྟེ། །ཕྱེད་སྣང་ཞེས་ཀྱང་འདི་ལ་བྱ། །འཁོར་བ་ལོག་ཅིང་དག་པའི་ཞིང་ལ་སྣང་། །ཕྱེད་སྣང་དཀྱིལ་འཁོར་ཆེན་པོར་བཤད། །གང་ལ་གང་འདུལ་དེར་སྟོན་ཅིང་། །མཛད་པའི་ཕྲིན་ལས་མཐར་ཕྱིན་གྱུར་པ་ན། །སྤྲུལ་སྐུ་ཕྱེད་སྣང་ཞེས་ཀྱང་ཀུན་ཏུ་གྲགས། །རིམ་པ་བཞིན་དུ་ཀུན་ཏུ་བཤད། །དེ་བཞིན་ཀླད་ཀྱི་ཚིག་རྣམས་ཀུན། །རྒྱས་པར་ཡང་དག་བཤད་པའོ། །ཡང་དག་ཚད་མའི་དོན་དེ་ཉིད། །སུས་ཀྱང་ཤེས་པར་མེད་འགྱུར་ཞིང་། །ཡང་ན་གཏན་ཚིགས་བཤད་མི་དགོས། །ཐེག་དམན་གཞན་དག་ཟིལ་མནན་ཕྱིར། །ཚིག་ཆེན་དོན་ཆེན་བསྟན་པར་བྱ། །ཚིག་ལ་ཡང་དག་དོན་ཆེན་མི་རྟོག་གིས། །དེ་ནི་མདོར་བསྟན་གོང་ཚིག་གོ། །རྒྱུད་ཆེན་རྒྱལ་པོ་བཤད་ལུགས་རྣམས། །འདི་བཞིན་ཚིག་དོན་ལེགས་པར་བསྟན། །རྒྱུད་ཆེན་རྒྱལ་པོ་འདི་ཉིད་ལ། །ཤློ་ཀ་ནི་བདུན་བརྒྱ་ལྔ་བཅུའོ། །ཚེག་ནི་བྱེ་བ་དང་ནི་བདུན་བརྒྱ་སྟེ། །ཤད་ནི་འབུམ་དང་ཉིས་བརྒྱར་བཤད། །ལེའུ་བརྒྱད་ཅུ་རྩ་དྲུག་ལས། །འདུན་པའི་ཚིག་དང་བཤད་པའི་ཚིག །གབ་པའི་ཚིག་དང་སྦས་པའི་ཚིག །ཤིན་ཏུ་གསང་བའི་ཚིག་རྣམས་ཀུན། །རང་རང་དོན་དང་འབྲུ་ལ་སྦྱར། །ཡོད་མེད་སྟོང་པའི་ཚིག་རྣམས་ཀུན། །དོན་དང་བསྟུན་ཏེ་བཤད་པར་བྱ། །དབུ་ཞབས་དོན་ནི་བདུན་གྱིས་བསྟན། །དོན་དུ་ཤེས་དང་ལན་ཚིག་དང་། །འདི་ལྟར་རྒྱུད་ལས་ཤེས་པར་བྱ། །ཕྱག་འཚལ་བ་དང་མཚན་སྨོས་དང་། །བཤད་པར་དམ་བཅའ་ཀླད་ཀྱི་ཚིག །མདོ་དང་རྒྱས་པ་ཆེན་པོ་དང་། །ཤིན་ཏུ་རྒྱས་པ་ཆེན་པོ་རྣམས། །གཞུང་གི་ཚིག་ཏུ་བསྟན་པའོ། །མན་ངག་རྟོགས་


DNG003_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དོན་རྣམས་དང་། །རྣམ་པ་བདུན་དུ་གྲགས་པ་ཡིན། །དེ་ནི་དབུ་ཞབས་དོན་དུ་ཡང་དག་བསྟན། །ལེའུའི་དོན་རྣམས་སོ་སོ་ཡི། །མཚན་དུ་ཡང་དག་བཤད་པར་བྱ། །རྒྱུད་དང་ཡེ་ཤེས་བསྟན་པའི་ཕྱིར། །རྒྱུད་རྒྱལ་འདི་ཉིད་ཉོན་ཅིང་ལྟོས། །གཞན་དག་མ་ཁྲོལ་པ་རྣམས་ཀྱང་། །འདི་ལ་བསྟན་གྱིས་འགྲོལ་བར་གྱིས། །མཐར་ཕྱིན་འགྲོལ་བའི་རྒྱུད་ཆེན་འདི། །བཤད་ཅིང་དགྲོལ་བས་ཡིད་ཆེས་འགྱུར། །ཐེ་ཚོམ་མེད་ཅིང་རང་དོན་རྙེད། །མཐའ་ཡས་གཅིག་ཏུ་སྡུད་པའི་སེམས། །ང་ཡིས་དོན་ཆེན་འབྱུང་བར་བཤད། །མཇུག་གི་དོན་དང་ཡན་ལག་དོན། །རབ་ཏུ་བཤད་པས་ཡིད་ཆེས་འགྱུར། །བསྟན་པའི་རྒྱལ་པོའི་བཤད་ལུགས་ཀྱང་། །གནས་སྐབས་འདི་ལྟར་བསྟན་པའོ། །ལུང་ལྟར་བཤད་དང་རྒྱུད་ལྟར་བཤད། །མན་ངག་ལྟ་བུར་བཤད་པ་གསུམ། །འཇུག་པའི་སྒོ་ལ་ཤེས་པར་བྱ། །ལུང་ལ་རྣམ་པ་གསུམ་གྱིས་བསྟན། །བསྟན་པ་འཇུག་པའི་ལུང་དང་ནི། །ཤིན་ཏུ་གནས་པ་དག་གི་ལུང་། །གཏན་ལ་ཕབ་པའི་ལུང་དུ་བསྟན། །རྒྱུད་ལ་རྣམ་པ་ལྔ་རུ་བསྟན། །ཕྱི་རྒྱུད་བཤད་པའི་རྒྱུད་དག་དང་། །ནང་རྒྱུད་གཏན་ལ་འབེབ་རྒྱུད་དང་། །གསང་རྒྱུད་མན་ངག་རྒྱུད་ཆེན་དང་། །ཡོངས་སུ་རྫོགས་པ་ཉམས་བླངས་རྒྱུད། །སྙན་ཁུང་བརྒྱུད་པའི་རྒྱུད་དུ་བསྟན། །མན་ངག་ལ་ཡང་རྣམ་གསུམ་སྟེ། །ཉམས་སུ་བླང་བར་བསྟན་པ་དང་། །གཞན་དོན་བསྒྲུབ་ཕྱིར་བསྟན་པ་དང་། །བྱ་བ་བཏང་ཕྱིར་མན་ངག་གོ། །དེ་བཞིན་བཤད་ལུགས་རྫོགས་པར་བཤད། །ཀླད་ཚིག་བསྡུས་ཏེ་བསྟན་པའོ། །ཞེས་རིག་པ་རང་གྲོལ་ཆེན་པོའི་རྒྱུད་ལས། ཀླད་ཚིག་གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་ཐམས་ཅད་མཁྱེན། །བདག་ཅག་མོས་པའི་འཁོར་རྣམས་ལ། །ཀླད་ཚིག་རྒྱས་བསྟན་དེ་ལྟར་ན། །གཞུང་གི་ཚིག་རྣམས་གསུང་དུ་གསོལ། །ཞེས་ཞུས་སོ། །དེ་ནས་ཡང་བཀའ་སྩལ་པ། ཀྱེ་མ་གཞོན་ནུར་གྱུར་པ་ཉོན། །


DNG003_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

ངས་བསྟན་དགྱེས་པའི་ཚུལ་གྱིས་ཉོན། །སྤྱིར་ནི་རྒྱུད་ཀྱི་བཤད་ལུགས་རྣམས། །གཞུང་ལ་རྣམ་པ་གསུམ་གྱིས་བསྟན། །མདོར་བསྟན་རྒྱས་པར་བཤད་པ་དང་། །ཤིན་ཏུ་རྒྱས་པར་བསྟན་པའོ། །མདོ་ལ་རང་རང་ཚིག་གིས་བསྟན། །རྒྱས་པ་གཞུང་དང་མཐུན་པའོ། །ཤིན་ཏུ་རྒྱས་པ་དོན་གསུམ་མོ། །བཤད་བྱ་རིམ་པ་རྣམ་གསུམ་འདོད། །བཤད་པར་བྱ་བ་འདི་ལྟ་སྟེ། །རང་གི་གྲུབ་མཐའ་བསྐྱང་བ་དང་། །གཞན་གྱི་གྲུབ་མཐའ་སུན་འབྱིན་ཕྱིར། །བཤད་བྱ་ཞེས་ནི་དེ་ལ་བྱ། །བཤད་པ་དངོས་གཞི་འདི་ལྟ་སྟེ། །དེ་ཡང་ཚིག་གི་དོན་གྱིས་བསྟན། །རྣམ་པ་བཅུ་དང་ཉི་ཤུས་བསྟན་པའོ། །སྟག་མོའི་མཆོངས་སྟབས་ཤེས་རབ་ཀྱིས། །དོན་གྱི་ས་ཆེན་བཅད་དེ་བཤད། །ཁྱུང་ཆེན་མཁའ་ལྡིང་ལྟ་བུའི་བློས། །དོན་གྱི་ཁོག་ནི་ཕུབ་སྟེ་བཤད། །སེང་གེའི་གདངས་སྐད་ལྟ་བུའི་བློས། །ཐེག་དམན་ཟིལ་གྱིས་མནན་ཏེ་བཤད། །རུས་སྦལ་གོག་འགྲོས་ལྟ་བུའི་བློས། །ཡི་གེའི་འབྲུ་རྣམས་ཆོམས་པར་བཤད། །ཕོ་རོག་སོ་རྟོག་ལྟ་བུའི་བློས། །གོལ་སྒྲིབ་གདར་ཤ་བཅད་དེ་བཤད། །གྱད་ཀྱི་དོར་ཐབས་ལྟ་བུའི་བློས། །རྒྱས་པ་དོན་ལ་བསྡུས་ཏེ་བཤད། །གླང་ཆེན་ཉལ་བ་ལྟ་བུའི་བློས། །ལྟ་བ་དམིགས་ལ་བཙུགས་ཏེ་བཤད། །མཁའ་ལྡིང་རྒུམ་ཐུན་ལྟ་བུའི་བློས། །དོན་གྱི་དམིགས་ནི་བཙལ་ཏེ་བཤད། །གླག་མོ་གཟན་འཇུམ་ལྟ་བུའི་བློས། །དོན་ལ་ཐེ་ཚོམ་མེད་པར་བཤད། །གནའ་ཕྲུག་བྲག་འཛེགས་ལྟ་བུའི་བློས། །མི་འཚམས་པ་དང་འཚམས་པར་བཤད། །མུ་ཏིག་རྩར་བརྒྱུས་ལྟ་བུའི་བློས། །མན་ངག་དོན་དུ་བསྡེབས་ཏེ་བཤད། །དུས་ཀྱི་འབྲུག་ཆར་ལྟ་བུའི་བློས། །ཕ་རོལ་སུན་རྣམས་ཕྱུང་སྟེ་བཤད། །མཚན་མོའི་བུང་བ་ལྟ་བུའི་བློས། །སྒོ་མོ་ཀུན་ནས་བསྡུས་ཏེ་བཤད། །དཔག་བསམ་ལྗོན་ཤིང་ལྟ་བུའི་བློས། །ཤིན་ཏུ་རྒྱས་པ་ཆེན་པོར་བཤད། །མཁའ་གསལ་ཉི་མ་ལྟ་བུའི་བློས། །ཐམས་ཅད་ཡོངས་ལ་ཁྱབ་པར་བཤད། །གཏིང་གསལ་ཟླ་བ་ལྟ་བུའི་བློས། །འཁོར་བ་མྱ་ངན་འདས་པར་


DNG003_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

བཤད། །སེང་གེ་བཞུགས་ཚུལ་ལྟ་བུའི་བློས། །བསྒོམ་པའི་དོན་དང་བསྟུན་ཏེ་བཤད། །ངང་མོ་མཐུན་འགྲོས་ལྟ་བུའི་བློས། །དོན་གྱི་ཁོག་ཕུབ་བསྡེབས་ཏེ་བཤད། །བར་སྣང་འཇའ་ཚོན་ལྟ་བུའི་བློས། །ཆོས་དབྱིངས་རྒྱན་དང་བཅས་པར་བཤད། །སྤུ་གྲི་སོ་འདེབས་ལྟ་བུའི་བློས། །བལྟ་བ་ལ་ཤན་ཕྱེ་སྟེ་བཤད། །མེ་ལོང་དཀྱིལ་འཁོར་ལྟ་བུའི་བློས། །རྒྱུ་རྐྱེན་གཉིས་དང་བཅས་ཏེ་བཤད། །བར་སྣང་གློག་འགྱུ་ལྟ་བུའི་བློས། །ཚིག་རེ་དོན་རེ་མྱུར་བར་བཤད། །ནམ་མཁའ་སྟོང་པ་ལྟ་བུའི་བློས། །རྒྱ་ཆེ་མཐར་ཐུག་མེད་པར་བཤད། །ཟུག་པ་རྩ་བ་ལྟ་བུའི་བློས། །རིག་པའི་དངོས་པོ་བསྟན་ཏེ་བཤད། །འདྲིལ་བ་སྡོང་པོ་ལྟ་བུའི་བློས། །ཆོས་རྣམས་དོན་ལ་དྲིལ་ཏེ་བཤད། །གྱེས་པ་ཡལ་ག་ལྟ་བུའི་བློས། །མན་ངག་དོན་གྱིས་བརྟགས་ཏེ་བཤད། །རྒྱས་པ་ལོ་འདབ་ལྟ་བུའི་བློས། །ཉི་ཤུ་རྩ་གཅིག་དོན་རྣམས་བཤད། །གསལ་བ་མེ་ཏོག་ལྟ་བུའི་བློས། །སྒྲོན་མ་རྣམ་པ་གཉིས་ལྟར་བཤད། །སྨིན་པ་འབྲས་བུ་ལྟ་བུའི་བློས། །འབྲས་བུ་རྒྱུར་མི་ལྡོག་པར་བཤད། །དེ་ལ་སོགས་པའི་བཤད་ཐབས་རྣམས། །རིམ་པ་བཞིན་དུ་ཤེས་པར་བྱ། །བཤད་པའི་ཐབས་དང་འཇུག་སྒོ་རྣམས། །དེ་བཞིན་ཉིད་དུ་ཤེས་པར་བྱའོ། །དེ་ནས་ཡང་འཇམ་དཔལ་གྱིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་སྟོན་པ་ཡེ་ཤེས་སྐུ། །བཤད་པ་དངོས་ནི་ཇི་ལྟ་བུ། །བཤད་བྱའི་རིམ་པ་གསུང་དུ་གསོལ། །ཞེས་ཞུས་སོ། །དེ་ནས་ཡང་བཀའ་སྩལ་པ། ཀྱེ་མ་གཞོན་ནུ་སྟོབས་འདི་དཔྱད་ལྡན་ཉིད། །ངས་བསྟན་ལེགས་པར་དོན་གྱིས་ཉོན། །ཡིད་ལ་སོགས་པའི་བྱ་བ་ཐོང་། །བཤད་བྱའི་རིམ་པ་འདི་ལྟ་སྟེ། །ཡང་དག་དོན་གྱི་བཤད་བྱ་ནི། །གསང་བའི་ཚིག་དང་གབ་པའི་ཚིག །སྦས་པའི་ཚིག་རྣམས་བསྟན་བྱའི་ཕྱིར། །བཤད་བྱའི་རིམ་པའི་ངོ་བོ་ནི། །རྒྱུ་མཚུངས་ལྡན་པའི་ངེས་ཚིག་ལས། །གབ་དང་སྦས་པའི་བྱ་བ་རྣམས། །མ་ལུས་བཤད་པས་བཤད་ཅེས་བྱའོ། །རིམ་པའི་མདོ་ཉིད་


DNG003_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བར་སྟོན། །དེ་ཡང་ཚིག་ཉིད་དོན་གྱིས་བསྟན། །འཛིན་མེད་བཤད་པ་ཀུན་གྱི་དངོས། །ཕྱི་ནང་ཀུན་གྱི་ཡེ་ཤེས་ལ། །བྱས་པས་བཤད་པའི་ཚིག་རྣམས་རྙེད། །བྱུང་བས་ཡེ་ཤེས་དོན་ལ་སྦྱོར། །རིམ་པ་དངོས་མིན་བཤད་པར་བསྟན། །བཤད་བྱའི་རིམ་པའི་མཚན་ཉིད་ནི། །གང་ལ་འཛིན་པའི་བལྟ་བ་མེད། །དངོས་པོ་མེད་དང་སྣང་ཕྱིར་དང་། །བཤད་པའི་སྒྲ་ནི་གྲགས་པས་སྟོང་། །བཤད་པའི་ཚིག་ནི་དོན་ལ་སྦྱོར། །བཤད་པའི་དོན་ནི་དབྱིངས་སུ་སྡུད། །བཤད་པའི་བལྟ་བ་ཐུག་པ་མེད། །བཤད་པའི་བསྒོམ་པ་མི་གནས་ཤིང་། །བཤད་པའི་རྟགས་ལ་དུས་མཚམས་མེད། །བཤད་པའི་ཡུལ་ལ་དམིགས་པ་མེད། །དེ་བཞིན་བཤད་པའི་རིམ་པ་རྣམས། །ཀུན་ལ་དེ་བཞིན་ཤེས་པར་བྱའོ། །ཨེ་མ་དོན་ཉིད་མཚོན་པའི་ཕྱིར། །བཤད་པའི་རིམ་པ་བརྗོད་པའོ། །བཤད་པའི་གཞུང་ལ་འདི་ལྟ་སྟེ། །བལྟ་སྒོམ་སྤྱོད་པ་འབྲས་བུ་རྣམས། །གནས་དང་དུས་དང་ཡང་དག་ཉིད། །དོན་དམ་མཚོན་པའི་ངང་དུ་གསུངས། །དབྱེ་བའི་བྱེ་བྲག་རྒྱས་པ་རྣམས། །སྡོམ་བྱང་ནས་ཀྱང་དེ་བཞིན་ནོ། །ཨེ་མ་གཞུང་ལུགས་རྒྱས་པར་བཤད་པ་རྣམས། །དེ་ལ་དེ་ཡི་དོན་འབྱུང་བསྟན། །ཡང་དག་དགོངས་པ་དགྲོལ་བའི་ཕྱིར། །རང་གྲོལ་རང་གིས་དགྲོལ་བྱའི་ཕྱིར། །རྒྱུད་ཀྱི་རྒྱལ་པོ་འདི་བཤད་དོ། །གཞན་གྱི་བྱ་བ་རྫོགས་བྱའི་ཕྱིར། །རྒྱུད་ཆེན་ལེའུ་འདི་གསུངས་སོ། །གྲོལ་ལུགས་བཤད་ལུགས་རྣམ་པ་གཉིས། །ཀུན་ལ་ཁྱབ་པ་ཤེས་པར་བྱ། །དེ་ཡང་བསྟན་ལུགས་འདི་ལྟ་སྟེ། །སྒྲ་ཡི་དོན་རྣམས་བཀྲོལ་བའི་ཕྱིར། །ཚིག་གི་དོན་རྣམས་བཤད་པར་བྱ། །སྒྲ་ལ་རིང་དང་ཐུང་བ་རྣམས། །བསྟན་པ་འདི་ལྟར་ཡིན་པར་གསུངས། །ཨ་ལ་ཨ་བརྩེགས་རིང་བ་དང་། །ཀ་ལ་ཀ་བཏགས་རིང་བར་བཤད། །བ་ལ་བ་བཏགས་ཆེ་བར་འབོད། །ཛ་ལ་ཛ་བཏགས་འཐུག་པོར་འབོད། །ཉ་ལ་ཉ་བཏགས་རིང་པོར་འབོད། །ས་ལ་ས་བཏགས་ཐུང་ངུར་འབོད། །ཨ་ལ་ཨ་བཏགས་ཆེན་པོར་བཤད། །མ་ལ་མ་བཏགས་འཐུག་པོར་བཤད། །ག་ལ་ག་བཏགས་རིང་བར་བཤད། །ཚ་ལ་ཚ་བཏགས་ཐུང་ངུར་བཤད། །ཧ་ལ་ཧ་


DNG003_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

༼ཤོག་སྟོང་༽བཏགས་ཆེན་པོར་འབོད། །ཙ་ལ་ཙ་བཏགས་མཐུག་པོར་འོང་། །ཁ་ལ་ཁ་བཏགས་རིང་པོར་བསྟན། །ང་ལ་ང་བཏགས་ཐུང་ངུ་ཡིན། །ས་པ་ལ་པ་ལ་ས་བཏགས་ཆེན་པོར་འབོད། །ཐ་ལ་ཐ་བཏགས་མཐུག་པོ་ཡིན། །དེ་ལ་སོགས་པའི་ཡི་གེ་རྣམས། །འབྲུ་སྦྱར་དོན་ལ་ཤེས་པར་བྱ། །དེ་ཡང་དཀྲུགས་པ་འདི་ལྟ་སྟེ། །ཀ་ལ་ཙ་བཏགས་མཐུག་པོ་ཡིན། །ཐ་ལ་ན་བཏགས་མཐུག་པོར་འབོད། །ཛ་ལ་ཁ་པ་ཡང་བཏགས་མཐུག་པོ་བསྟན། །མ་ལ་ཤ་བཏགས་མཐུག་པོར་བཤད། །པ་ཡང་ས་ལ་ཨ་བཏགས་མཐུག་པོའི་དོན། །ད་ལ་ན་ན་ལ་ཏ་ཡང་བཏགས་མཐུག་པོར་བཤད། །དེ་རྣམས་མཐུག་པོ་དག་ཏུ་འབོད། །རིང་བའི་ཡི་གེ་འདི་ལྟ་སྟེ། །ཡ་ལ་ང་བཏགས་རིང་བར་བཤད། །ག་ལ་ཧ་བཏགས་རིང་བ་ཉིད་དུ་འབོད། །ཐ་ལ་ད་བཏགས་རིང་བ་ཉིད་དུ་བཤད། །འ་ལ་ཁ་བཏགས་རིང་བ་ཉིད་དུ་འབོད། །ཏ་ལ་ན་བཏགས་རིང་བར་བཤད། །ཤ་ལ་ཞ་བཏགས་རིང་བའོ། །དེ་རྣམས་རིང་བ་ཉིད་དུ་བཤད། །འདི་རྣམས་ཆེ་བར་འབོད་པའོ། །ས་སཱ་ཡང་ལ་ལ་བཏགས་ཆེ་བ་ཉིད། །མ་ལ་ཡ་ཡང་དུ་བཏགས་ཆེ་བའོ། །ཀ་ལ་སྐྲེ་བཏགས་ཆེ་བར་འབོད། །ཧ་ལ་ཧ་བཏགས་ཆེ་བ་ཉིད་དུ་འབོད། །ཉ་ལ་ར་བཏགས་ཆེ་བའོ། །ང་ལ་ཏེ་ཡང་དེ་བཏགས་ཆེ་བའོ། །ཡ་ལ་ལ་བཏགས་ཆེ་བ་ཉིད། །སྨ་ལ་ཁྲུ་བཏགས་ཆེ་བ་ཉིད། །དེ་རྣམས་ཆེ་བའི་ཡི་གེར་བཤད། །ཐུང་བའི་དོན་ནི་འདི་ལྟ་སྟེ། །ང་ཡང་ད་ལ་ཡ་བཏགས་ཐུང་ངུར་འབོད། །ག་ལ་ང་བཏགས་ཐུང་ངུར་བཤད། །ད་ལ་ང་བཏགས་ཐུང་ངུར་འབོད། །ཀ་ལ་ཞ་བཏགས་ཐུང་བར་བཤད། །ཇ་ཡང་ཛ་ལ་ད་བཏགས་ཐུང་བའོ། །ལ་ཡང་མ་ལ་ནི་བཏགས་ཐུང་བར་བཤད། །ཁ་ལ་ཨུ་བཏགས་ཐུང་བའོ། །ས་ལ་ཏ་ང་ཡང་བཏགས་ཐུང་བ་ཉིད། །ད་ལ་ན་བཏགས་ཐུང་བ་དག་ཏུ་བཤད། །དེ་ལ་ཡན་ལག་གང་བྱུང་བ། །དེ་དང་མཐུན་པར་འབོད་པའོ། །དེ་བཞིན་ལེའུའི་མཚན་བསྡུས་བསྟན་གཞུང་གི་ཚིག་རྣམས་ཀུན། །མདོ་དང་རྒྱས་པ་ཆེན་པོར་གསུངས། །ཡང་དག་གཏན་ལ་འབེབས་པའི་རྒྱུད། །


DNG003_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

༼ཤོག་སྟོང་༽ཀུན་གྱི་བཤད་ལུགས་མ་ནོར་བར། །མཐོང་ཚད་རྟོགས་ཚད་རྣམས་སུ་བཤད། །གོམས་པའི་རྒྱུད་ལ་ཤེས་རིག་གསལ། །དེ་ཡང་རྒྱུད་ཀྱི་གཏན་ཚིགས་སོ། །རྒྱུད་ཆེན་ངེས་ཚིག་གཏན་ཚིགས་དང་། །དང་པོ་ངེས་ཚིག་རྒྱུ་བསྟན་ཏེ། །བྱ་བ་རྒྱུ་ཡི་ངེས་ཚིག་དང་། །བྱེད་པ་རྐྱེན་གྱི་ངེས་ཚིག་གོ། །བྱ་བ་རྒྱུ་ཡི་ངེས་ཚིག་ནི། །ཡན་ལག་བརྒྱད་དང་ལྡན་ཕྱིར་རྒྱུད། །བྱེད་པ་རྐྱེན་གྱི་ངེས་ཚིག་ནི། །རྒྱལ་བ་དགོངས་པས་བརྒྱུད་ཕྱིར་རྒྱུད། །ཡང་ན་སྙན་ཁུང་བརྒྱུད་པ་འམ། །དེ་ཡི་ཕྱིར་ན་རྒྱུད་དུ་གསུངས། །དེ་ནི་གཞུང་ལུགས་རྒྱས་པའོ། །ཞེས་རིག་པ་རང་གྲོལ་ཆེན་པོའི་རྒྱུད་ལས། གཞུང་དོན་བསྡུས་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་གསུམ་པ་གཞུང་དོན་མདོར་བསྡུས་ལ་བསྟན་ཡང་གསང་བའི་བདག་པོས་འདི་སྐད་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་རྟོགས་ལྡན་དོན། །གཞུང་གི་ཚིག་དོན་དེ་ལྟར་ན། །མཇུག་གི་ཚིག་དོན་གསུང་དུ་གསོལ། །ཞེས་ཞུས་སོ། །དེ་ནས་ཡང་བཀའ་སྩལ་པ། ཀྱེ་གསང་བའི་བདག་པོ་རྡོ་རྗེ་འཛིན། །ལེགས་པར་བརྟན་པའི་ཡིད་བཅས་ནས། །བསམ་པ་བརྟན་པོས་བཟུང་བར་གྱིས། །ཆོས་ལ་སོགས་པའི་རྟོགས་པ་རྣམས། །མི་འཇིགས་དད་པས་འཇུག་པའི་ཕྱིར། །ཡང་དག་དོན་གྱི་ལུང་འདི་བཤད། །འཇིགས་བཅས་ཡིད་རྣམས་སྤངས་ལ་ཉོན། །ཀྱེ་མ་གསང་བདག་རྡོ་རྗེ་འཛིན། །མཚན་མ་སྤང་བའི་གཞུང་ལུགས་ནི། །གོང་དུ་བཤད་ཅིང་བཀྲོལ་བའོ། །མཇུག་གི་དོན་བསྟན་འདི་ལྟ་སྟེ། །མན་ངག་དོན་དང་གཏན་ཚིགས་དོན། །མཐའ་སྡུད་རྣམ་པ་གསུམ་དང་ནི། །རྫོགས་པའི་ཆོས་རྣམས་ཀུན་ཏུ་གྲགས། །མཐའ་སྡུད་རྣམ་གསུམ་འདི་ལྟ་སྟེ། །གཏི་མུག་རྨོངས་པའི་མདུད་པ་དང་། །ཞེ་སྡང་མངོན་སྣང་མདུད་པ་དང་། །འདོད་ཆགས་ལམ་གྱི་མདུད་པ་དང་། །རྣམ་པ་གསུམ་དུ་ཀུན་ཏུ་གྲགས། །དེ་རྣམས་གསལ་ཕྱིར་གདམས་ངག་བསྟན། །དེ་ཡང་ཉི་ཤུ་རྩ་གཅིག་གིས། །བློ་ཡི་ཐེ་ཚོམ་བསལ་བྱའི་ཕྱིར། །མ་ནོར་ལེགས་པར་བསྟན་པར་བྱ། །བསྟན་པའི་ཡུལ་ནི་སེམས་ཅན་ནོ། །བསྟན་པའི་རྒྱུ་ཉིད་ཀུན་ལ་ཁྱབ། །


DNG003_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

༼ཤོག་སྟོང་༽དེ་ཡང་བསྟན་ལུགས་འདི་ལྟ་སྟེ། །ཆོས་ཉིད་ཡུལ་ངོ་ཕར་སྤྲད་པས། །དོན་གྱི་སྙིང་པོ་ཚུར་ལ་འཕྲོད། །རང་གི་གདངས་ལ་ཕར་སྤྲད་པས། །ཡེ་ཤེས་སྣང་བ་ཚུར་ལ་མཐོང་། །འབྱུང་བའི་གདངས་ལ་ཕར་སྤྲད་པས། །དག་པའི་ཞིང་ཁམས་ཚུར་ལ་མཐོང་། །ནམ་མཁའི་ངང་ལ་ཕར་སྤྲད་པས། །སྒྲོན་མའི་སྙིང་པོ་ཚུར་ལ་མཐོང་། །དབང་པོའི་ཡུལ་ལ་ཕར་སྤྲད་པས། །བློ་ཡི་ཆོས་རྣམས་རང་སར་གྲོལ། །མཐོང་བའི་ཡུལ་ལ་ཕར་སྤྲད་པས། །གོམས་པའི་འབྲས་བུ་ཚུར་ལ་མཐོང་། །འཛིན་པའི་ཡུལ་ལ་ཕར་སྤྲད་པས། །འཛིན་མེད་རང་སྣང་ངོ་བོ་མཐོང་། །དག་པའི་ཡུལ་ལ་ཕར་སྤྲད་པས། །རྣམ་དག་ཞིང་ཁམས་ལྷུག་པར་མཐོང་། །རང་སྣང་ཡུལ་ལ་ཕར་སྤྲད་པས། །སྐྱེ་མེད་རང་སྣང་ངོ་བོ་མཐོང་། །གསང་སྔགས་རྒྱུད་ལ་ཕར་སྤྲད་པས། །འགག་མེད་སྣང་བ་མཐོང་བའོ། །ཡུལ་སྙིང་པོ་ཡུལ་གྱི་དྲི་མ་བསལ་བའོ། །གྱི་སྙིང་པོ་ལྟོས་པའི་ཆོས། །བྱ་རྩོལ་བྲལ་ཞིང་ཀ་ནས་དག །སྙིང་པོ་བགྲོད་མེད་ངོ་བོ་ཉིད། །ལམ་ལ་འཛིན་པའི་གོལ་ས་མེད། །ཡོད་མེད་སྟོང་པའི་ཆོས་རྣམས་ལ། །བྱ་རྒྱུའི་དྲི་མ་མེད་པའོ། །ཀུན་སྡུད་ཡུལ་རྣམས་སྤང་བ་ལ། །མཚན་མར་འཛིན་པའི་གོལ་ས་མེད། །དེ་ལྟར་གདམས་ངག་ཐེབས་པ་དང་། །གོམས་པའི་སྟོབས་ཀྱིས་ཉམས་ལེན་བྱ། །གདམས་པའི་ཡུལ་དང་བསྟན་ཐབས་ཀྱང་། །འདི་ལྟར་ཀུན་ལ་ཤེས་པར་བྱ། །དང་པོ་དཔེ་ཡི་དཀྱིལ་འཁོར་གྱིས། །དོན་གྱི་སྙིང་པོ་བསྟན་པར་བྱ། །དེ་ནས་རྟགས་ཀྱི་ངོ་སྤྲོད་ཀྱིས། །ཡིད་ཆེས་བསྐྱེད་ཅིང་གཏན་ལ་དབབ། །དེ་ནས་དོན་གྱི་ངོ་སྤྲོད་ཀྱིས། །ཉམས་སུ་བླང་བའི་རིམ་པ་བྱ། །ཉི་མའི་དཀྱིལ་འཁོར་ངོ་སྤྲོད་ཀྱིས། །སྐུ་གསུམ་གཏན་ལ་དབབ་པར་བྱ། །ཆུ་ཡི་ཟླ་བའི་ངོ་སྤྲོད་ཀྱིས། །བར་དོ་དང་པོའི་ངོས་གཟུང་བྱ། །ནམ་མཁའ་སྤྲིན་མེད་ངོ་སྤྲོད་ཀྱིས། །ཆོས་ཀྱི་དབྱིངས་ལ་ངོས་གཟུང་བྱ། །བར་སྣང་འཇའ་ཚོན་ངོ་སྤྲོད་ཀྱིས། །མུ་ཁྱུད་ར་བའི་ངོས་གཟུང་བྱ། །རྒྱ་མཚོ་དྭངས་པའི་ངོ་སྤྲོད་ཀྱིས། །ཡེ་ཤེས་སྣང་བའི་བཞིའི་ངོས་གཟུང་བྱ། །མེ་ལོང་དཀྱིལ་འཁོར་ངོ་སྤྲོད་ཀྱིས། །ཡེ་ཤེས་བཞི་རྣམས་ངོས་གཟུང་བྱ། །མར་མེའི་དཀྱིལ་འཁོར་དྭངས་པ་ཡིས། །རྟོག་མེད་གསལ་བ་ངོས་གཟུང་བྱ། །


DNG003_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

༼ཤོག་སྟོང་༽མན་ཤེལ་དཀྱིལ་འཁོར་ལྟ་བུ་ཡིས། །དྲི་མེད་ཀ་དག་ངོས་གཟུང་བྱ། །གཞོན་ནུ་བུམ་པའི་ངོ་སྤྲོད་ཀྱིས། །ཀ་དག་ཆོས་སྐུ་ངོས་གཟུང་བྱ། །གཟུགས་སྐུ་ཉམས་ཀྱི་ངོ་སྤྲོད་ཀྱིས། །ཚོམ་བུའི་སྣང་བ་ངོས་གཟུང་བྱ། །དཀྱིལ་འཁོར་མེ་ལོང་ངོ་སྤྲོད་ཀྱིས། །ཞིང་ཁམས་གཉིས་པ་ངོས་གཟུང་བྱ། །སྣང་བ་བུ་གའི་ངོ་སྤྲོད་ཀྱིས། །ཐུགས་ཀའི་ཟེར་ཐག་ངོས་གཟུང་བྱ། །ནམ་མཁའ་སྤྲིན་བཅས་ངོ་སྤྲོད་ཀྱིས། །མ་རིག་རིག་པ་ངོས་གཟུང་བྱ། །སྐུ་ཕྱེད་བསྟན་པའི་ངོ་སྤྲོད་ཀྱིས། །སེམས་དཔའི་ཆོས་རྣམས་ངོས་གཟུང་བྱ། །འཁར་གཞོང་བཅུད་ཀྱི་ངོ་སྤྲོད་ཀྱིས། །ཡེ་ཤེས་ངོ་བོ་ངོས་གཟུང་བྱ། །དཔའ་བོ་སྟོབས་ལྡན་ངོ་སྤྲོད་ཀྱིས། །ཁྲོ་བོའི་ཞིང་ཁམས་ངོས་གཟུང་བྱ། །འདྲ་འབག་ཕྱེད་སྐུའི་ངོ་སྤྲོད་ཀྱིས། །རང་གི་གནས་ལུགས་ངོས་གཟུང་བྱ། །སྒྲོན་མའི་བཞག་ཐབས་ཆེན་པོ་ཡིས། །སྣང་བའི་འཆར་ལུགས་ངོས་གཟུང་བྱའོ། །དེ་བཞིན་ཉི་ཤུ་རྩ་གཅིག་གིས། །རང་རང་ཡེ་ཤེས་གཏན་ལ་དབབ། །དེས་ནི་གཞུང་དོན་རྒྱས་པར་བསྟན། །ཨེ་མ་རྫོགས་ལུགས་འདི་ལྟ་སྟེ། །གཞུང་ལ་རྫོགས་དང་རྫོགས་པ་མཐར་ཐུག་བསྡུ་བ་བསྟན་ཀླད་ལ་རྫོགས། །སྟོང་པ་རྫོགས་དང་ཡེ་ཤེས་རྫོགས། །འོད་ལྔ་རྫོགས་དང་སྐུ་ལྔ་རྫོགས། །མཐར་ཕྱིན་པ་ལ་དེ་བཞིན་གཤེགས། །དབང་བསྐུར་དཀྱིལ་འཁོར་རྫོགས་ནས་ནི། །གདམས་ངག་རྒྱས་པ་གདབ་པར་བྱ། །དམ་ཚིག་ལ་ནི་ཅི་བཞིན་གནས། །གསང་སྔགས་ཐབས་ལྡན་དག་ལ་ཡང་། །མ་ནོར་ལུང་ཆེན་བསྟན་པར་བྱ། །གསང་སྔགས་གནད་ཀྱི་བཅུད་ཕྱུང་བའི། །རབ་ཏུ་གསང་བའི་ཡེ་ཤེས་མཆོག །དགོངས་པ་ཚད་མེད་ཡུལ་གཞལ་བའི། །ཡེ་ཤེས་གསང་བའི་བདུད་རྩི་འདི། །ཀུན་གྱིས་གོ་བར་དཀའ་བའི་དོན། །དགོངས་པ་ཡང་དག་ཆེན་པོར་འདོད། །དཀྱིལ་འཁོར་གསང་བ་ཐམས་ཅད་ཀྱི། །ལྷ་ཉིད་འདི་ལ་རྫོགས་པའོ། །ཀླད་ཀྱི་ཚིག་ལ་གཞུང་དོན་རྫོགས། །མཇུག་གི་ཚིག་ལ་ཀླད་དོན་རྫོགས། །རྒྱུད་ཆེན་རྒྱལ་པོ་འདི་ཉིད་ལ། །སྦས་པ་གསུམ་དང་གསང་བ་གསུམ། །མན་ངག་དྲུག་ལྡན་དཀྱིལ་འཁོར་ནི། །གཞུང་གི་ཁོངས་ནས་ཤེས་


DNG003_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱའོ། །དེ་བཞིན་རྒྱུད་ཀྱི་རྒྱལ་པོ་ལས། །འཕན་དང་འཁྲུགས་རྣམས་མེད་པར་གསུངས། །ཀླད་དང་གཞུང་ལ་སོགས་པ་རྣམས། །རབ་ཏུ་གསལ་བ་ཉིད་ཡིན་པས། །གཞན་དུ་མ་བསྟན་འདི་ཉིད་དོ། །རྒྱུད་ཀྱི་རྒྱལ་པོ་བཤད་ཐབས་ནི། །དོན་གསུམ་གྱིས་ནི་རྒྱས་པར་བསྟན། །གཞུང་དོན་མན་ངག་རྒྱས་བསྟན་དང་། །དེ་བཞིན་སོ་སོའི་རིམ་པ་རྣམས། །རབ་ཏུ་བཤད་ཅིང་བཀྲོལ་བའོ། །རྒྱུད་འདི་བཤད་པའི་ཐབས་ལས་ཀྱང་། །རྒྱུད་ཀྱི་ལྡང་ཚད་དང་མཚོན་དཔེ་བསྟན་པའོ། །རྒྱུད་ཀྱི་ཆེ་བ་བསྟན་པ་དང་། །རྒྱུད་ཀྱི་ལྡང་ཚད་མཚོན་དཔེ་དང་། །རྒྱུད་ཀྱི་གཏན་ཚིགས་བསྟན་པའོ། །རབ་ཏུ་དབྱེ་བ་རྒྱས་པ་དང་། །གདམས་ངག་གསང་བ་རྒྱས་པ་དང་། །རྟོགས་ལྡན་ཐེག་པས་རྒྱས་པའོ། །བསྡུ་བ་རྣམ་པ་གསུམ་གྱིས་བསྟན། །ཐེག་པའི་དོན་བཀྲོལ་བསྡུ་བ་དང་། །བཞག་ཐབས་ཆེན་པོར་བསྡུ་བ་དང་། །རིག་པའི་ངང་དུ་བསྡུ་བའོ། །དེ་ཡང་རྒྱས་བསྟན་འདི་ལྟ་སྟེ། །དཔེར་ན་ནམ་མཁའ་སྟོང་པ་ཡི། །ངང་དུ་ཉི་ཟླ་སྡུད་པ་བཞིན། །ཆོས་ཀྱི་ཕོ་བྲང་ཡངས་པ་རུ། །སྣ་ཚོགས་ཡེ་ཤེས་ཆེན་པོར་སྡུད། །ཡང་དག་དོན་གྱི་ཀློང་ཡངས་སུ། །རིག་པ་སྟོང་པའི་ཡེ་ཤེས་སྡུད། །མཚན་མ་བྲལ་བའི་ནམ་མཁའ་ལས། །སྒྲོན་མ་ཡེ་ཤེས་ངོ་བོ་སྡུད། །རྣམ་དག་དབྱིངས་ཀྱི་སྒྲོན་མ་རུ། །ཕྱི་ནང་གསང་བའི་ཆོས་རྣམས་སྡུད། །རྒྱས་པར་བསྟན་པ་དེ་བཞིན་ནོ། །ཞུས་པའི་ཚིག་དང་བཀའ་དྲིས་པའི་ཡང་བསྟན་པའོ། །སྩལ་པ། །ཞུས་པའི་ཚིག་ལ་དོན་གསུམ་སྟེ། །བདག་དོན་བསྡུས་ཏེ་ཞུས་པ་དང་། །གཞན་དོན་རྒྱས་པར་ཞུས་པ་དང་། །གཉིས་ཀའི་དོན་དུ་ཞུས་པའོ། །བཀའ་སྩལ་པ་ལ་དོན་བདུན་བསྟན། །གཉེན་པོའི་དོན་ལ་དགོངས་པ་དང་། །བསྡུ་བའི་དོན་ལ་དགོངས་པའོ། །དྲང་བའི་དོན་ལ་བཀའ་སྩལ་དང་། །ལྡེམ་པོར་དགོངས་པ་བསྟན་པ་དང་། །རིམ་པའི་ཁྱད་པར་བཀའ་སྩལ་དང་། །ལམ་གྱི་ཁྱད་དུ་བསྟན་ཅིང་དགོངས། །བློ་དང་བསྟུན་ཏེ་བཀའ་སྩལ་དང་། །ཞུས་པ་ཉིད་དང་ཞུས་ལན་དང་། །མདོ་དང་རྒྱས་པར་བསྟན་པ་སྟེ། །དེ་རྣམས་དོན་བཀྲོལ་འདི་ལྟ་སྟེ། །གཉེན་པོའི་དོན་དུ་དགོངས་པ་ནི། །


DNG003_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་མོངས་སྟོང་ཕྲག་བརྒྱད་ཅུ་ལ། །ཆོས་ཀྱི་སྒོ་ཡང་དེ་ཙམ་མོ། །བསམ་གྱིས་མི་ཁྱབ་བརྗོད་མི་ལངས། །གཞལ་དུ་མེད་པར་གསུངས་པའོ། །བསྡུ་བའི་དོན་ཉིད་འདི་ལྟ་སྟེ། །ཉོན་མོངས་སྟོང་ཕྲག་བརྒྱད་ཅུ་ཡང་། །རྩ་བ་རྣམ་པ་གསུམ་དུ་འདུས། །བརྒྱད་ཁྲི་བཞི་སྟོང་སྒོ་མོ་ཡང་། །བསྡུ་ན་རྣམ་པ་གསུམ་དུ་བཤད། །དེ་ཡང་བསྡུ་ན་འདི་ལྟ་སྟེ། །ཉོན་མོངས་སྟོང་ཕྲག་བརྒྱད་ཅུ་ཡང་། །རྩ་བ་མ་རིག་ཉིད་ལ་འདུས། །དེ་བཞིན་ཆོས་ཀྱི་སྒོ་མོ་ཡང་། །རང་རིག་གཅིག་པུ་ཉིད་ལ་འདུས། །དེ་ནི་བསྡུ་བའི་དོན་དུ་གསུངས། །དྲང་བའི་དོན་ནི་འདི་ལྟ་སྟེ། །འཁོར་བའི་སྐྱོན་རྣམས་བརྗོད་པ་དང་། །མྱ་ངན་འདས་པའི་ཡོན་ཏན་བརྗོད་པའོ། །དྲང་ནས་ཁད་ཀྱིས་ཞུགས་པར་བྱ་བའི་ཕྱིར། །བློ་དམན་རྣམས་ཀྱི་དོན་དུ་གསུངས། །དེ་ནི་དྲང་བའི་དོན་དུ་བསྟན། །ལྡེམ་པོའི་དགོངས་པ་འདི་ལྟ་སྟེ། །བློ་དམན་རྣམས་ལ་གསང་བའི་ཕྱིར། །གཅུས་དང་གབ་སྟེ་བསྟན་པ་དང་། །གཞན་དག་ཟིལ་གྱིས་མནན་པའི་ཕྱིར། །དགོངས་པ་ལྡེམ་པོར་བསྟན་པའོ། །ཚིག་ལ་ལྡེམ་དང་དོན་ལ་དྲང། །ལྡེམ་དགོངས་མན་ངག་ཚིག་ཏུ་བསྟན། །རིམ་པའི་ཁྱད་ཀྱི་དགོངས་པ་ནི། །རྫོགས་ཆེན་དགོངས་པའི་རང་སྐད་དོ། །ལམ་གྱི་དུས་ན་དགོངས་པ་ནི། །གསུམ་མམ་མན་ངག་ཉི་ཤུ་གཅིག །བློ་དང་བསྟུན་ཏེ་དགོངས་པ་ནི། །ཐེག་པ་ཉི་ཤུ་རྩ་གཅིག་གོ། །ངེས་པའི་ཚིག་ཆོད་བཀའ་སྩལ་ནི། །གསང་བའི་ཐེག་པ་ཉིད་ཀྱི་དོན། །བསམ་གྱིས་མི་ཁྱབ་དོན་རྣམས་ཀྱང་། །གསང་བའི་ཐེག་པ་འདི་ཉིད་དོ། །དགོངས་པའི་ཐེག་པ་གྲངས་མང་ཡང་། །འདི་ཉིད་དོན་ནི་རྟོགས་པ་མེད། །དེ་ཕྱིར་ཐེག་ཆེན་གསལ་བར་གྲགས། །ཐེག་རྒྱལ་འདི་ནི་རབ་ཏུ་གསང་ཞིང་སྤྱད་པར་བྱ། །གསང་སྔགས་གནད་ཀྱི་ལོངས་སྤྱོད་རྣམས། །ཡང་དག་བདེ་ཆེན་མཁའ་ལ་རོལ། །དེ་ཕྱིར་ཐེག་པའི་བཅུད་ཕྱུང་བའི། །རྒྱུད་ཆེན་འདི་ལ་གོམས་པར་བྱ། །གསང་སྔགས་ཐེག་པའི་རྒྱུད་ཆེན་འདི། །བདེ་བ་ཉིད་ལ་རྒྱ་ཆེར་རོལ། །གསང་སྔགས་རྒྱུད་རྒྱལ་ཐེག་པར་བཤད། །ཀླད་དང་གཞུང་དང་མཇུག་དག་ལས། །མདོ་དོན་བསྡུས་ཏེ་བསྟན་པ་ཡིན། །དེ་བཞིན་


DNG003_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ཆེན་གང་བཤད་པ། །དེ་ལྟར་ཀུན་ལ་ཤེས་པར་བྱ། །ཚིག་དོན་རྒྱས་པ་ཆེན་པོ་དང་། །ཤིན་ཏུའང་རྒྱས་པ་ཆེན་པོར་བཤད། །ངེས་པའི་དོན་ཆེན་འདི་བསྟན་པས། །ཐེག་པ་དམན་པའི་རིགས་རྣམས་ཀུན། །ཤིན་ཏུ་བློ་དམན་སྐྲག་པར་འགྱུར། །ཡང་དག་ངེས་པའི་ལུང་ཆེན་འདི། །ཀུན་དང་མི་མཉམ་གོང་མའོ། །གཏན་ཚིགས་བརྒྱད་དང་འདྲེལ་བར་བཤད། །གཏན་ཚིགས་བརྒྱད་པོ་འདི་ལྟ་སྟེ། །ཡང་དག་ངེས་པའི་གཏན་ཚིགས་དང་། །གཞན་དོན་འདྲེལ་བའི་གཏན་ཚིགས་དང་། །རང་དོན་བསྒྲུབ་པའི་གཏན་ཚིགས་དང་། །མཚན་མ་མིང་གི་གཏན་ཚིགས་དང་། །འཇུག་པ་ལམ་གྱི་གཏན་ཚིགས་དང་། །བདེན་པ་རྒྱུད་ཀྱི་གཏན་ཚིགས་དང་། །ངེས་པ་ལུང་གི་གཏན་ཚིགས་དང་། །སུན་འབྱིན་རིག་པའི་གཏན་ཚིགས་སོ། །གཏན་ཚིགས་ཆེན་པོ་རྣམ་པ་བརྒྱད། །དེ་བཞིན་ཀུན་ལ་ཤེས་པར་བྱ། །རྣལ་འབྱོར་ལམ་གྱི་གཏན་ཚིགས་རྣམས། །རིམ་ནས་རིམ་དུ་སྐྱེ་དང་འགག །ས་དང་ལམ་ལ་ཤེས་པར་བྱ། །ཆོས་ལ་འཛིན་མེད་མཚན་མའི་བློ་དང་བྲལ། །སྟོང་པ་ཡང་དག་རྙེད་པའི་དོན་དང་ཉེ། །གསང་སྔགས་སྦས་པའི་མན་ངག་རྣམས། །གཞུང་གི་ཚིག་ལས་ཤེས་པར་བྱ། །དེ་བཞིན་དོན་གྱིས་རྒྱས་པར་བསྟན། །བགྲོད་མེད་ལམ་ལ་དེ་བཞིན་གཤེགས། །དེ་ལ་སོགས་ཏེ་མཇུག་གི་དོན། །ཤིན་ཏུ་རྒྱས་པར་བསྟན་པའོ། །ཞེས་རིག་པ་རང་གྲོལ་ཆེན་པོའི་རྒྱུད་ལས། མཇུག་དོན་རྒྱས་པར་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ། རྒྱུད་ཀྱི་གྲོལ་ལུགས་དེ་ལྟར་ལགས་ན། མན་ངག་གི་དོན་བཤད་ལུགས་གསུང་དུ་གསོལ། ཞེས་ཞུས་སོ། །དེ་ནས་རྡོ་རྗེ་འཆང་ཆེན་པོ་དེས་བཞི་ལ་མན་ངག་གིས་བཤད་ལུགས་བསྟན་བཀའ་སྩལ་པ། ཀྱེ་གྲོགས་པོ་དག་ཉོན་ཅིག །ངས་དོན་མ་ནོར་བར་བསྟན་གྱིས་ལེགས་པར་ཉོན་ཅིག །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་འབྲས་བུ་ལ་ཐོབ་པ་མི་མངའ་བའི་ཕྱིར་ཡེ་ཤེས་ལ་གསལ་


DNG003_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

འགྲིབ་མེད། ལྟ་བ་ལ་རྩིས་གདབ་མེད། དགོངས་པ་ལ་བར་མཚམས་མེད། འོད་ལ་གཟུང་འཛིན་མེད། སྐུ་ལ་གཟུགས་མེད། དབྱིངས་ལ་རྒྱ་ཆད་མེད། ཡུལ་ལ་བདག་འཛིན་མེད། ཞིང་ཁམས་ལ་བལྟར་མེད། དེ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་མཛད་པའོ། །ད་ནི་རིག་པའི་ལོངས་སྤྱོད་སྟོན་ཏེ། མན་ངག་གསལ་བའི་དོན་རབ་ཏུ་འབྱེད་དེ། ངོ་བོ་ཀ་དག །རང་བཞིན་ལྷུན་གྲུབ། ཐུགས་རྗེ་ཕྱེད་སྣང་། ཞིང་ཁམས་ཚོམ་བུ་ལ་རྒྱ་ཆད་མེད། སྣང་བ་ལྔ། འབྱུང་བ་གཉིས། ཡེ་ཤེས་ཀྱི་ངོ་བོ་དྲུག །ཡེ་ཤེས་ཀྱི་གནས་གསུམ། ཡེ་ཤེས་འབྱུང་བའི་ཚད་གཅིག་ཡེ་ཤེས་ཀྱི་ལམ་བཞི། ཡེ་ཤེས་ཀྱི་འགྲོས་གཅིག །འདས་པའི་ཚིག་གསུམ་གྱིས། འཁོར་འདས་ཀྱི་རྒྱ་མི་བཅད། གཅོད་པའི་ཚིག་དྲུག་གིས་ཤེས་རབ་ཡུལ་ལ་བསྐྱལ། བསྟན་པའི་ཚིག་གསུམ་གྱིས་ཡེ་ཤེས་མ་བུ་སྤྲད། དང་པོའི་བྱུང་ས་གཅིག་གིས་ཡེ་ཤེས་ཀྱི་གནས་བཙལ། རིག་པའི་བཞག་ས་གཅིག་གིས་ཉམས་སུ་བླངས་པའི་ཐབས་བསྟན། སྐུ་ཡི་གནས་ལུགས་གསུམ་གྱིས་དོན་གཅིག་ཏུ་སྡུད། རིག་པའི་ཡུལ་གཉིས་ཀྱིས་འོད་ཀྱི་མདངས་གསལ། དཔེ་རིག་པའི་ལོངས་སྤྱོད་རྒྱས་པར་བསྟན་ཏེ། ལམ་གྱི་ཡེ་ཤེས་ངོས་བཟུང་བར་བསྟན་པའོ། །དེ་ནས་ཡང་འཇམ་དཔལ་གྱིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཐུགས་རྗེའི་བདག་པོ། གཞི་ལམ་གྱི་མཚན་ཉེ་བར་གསུང་དུ་གསོལ། ཞེས་ཞུས་སོ། །དེ་ནས་ཡང་བཀའ་སྩལ་པ། ཀྱེ་མ་ཧོ། སྐྱེས་བུ་དམ་པ་ཁྱོད་ཉོན་ཅིག །ངས་ལེགས་པར་བསྟན་གྱིས། ཁྱོད་ཀྱི་ཡིད་ལ་མ་ཡེངས་པར་ཟུང་ཞིག །དེ་རྣམས་ཐམས་ཅད་ཀྱི་དོན་གསལ་བ་འདི་ཡིན་ནོ། །གཞི་བསམ་པ་ལས་འདས་པ། རྟོག་པ་ལས་འདས་པ། ངོ་བོ་ཐ་དད་ལས་འདས་པ། རང་བཞིན་དངོས་པོ་ལས་འདས་པ། ཐུགས་རྗེ་མཛད་པ་ལས་འདས་པ། འབྲས་བུ་རྩོལ་བསྒྲུབ་ལས་འདས་པ། ཡེ་ཤེས་ཡིན་མིན་ལས་འདས་པའོ། །སྤྱོད་པ་ཆོས་དང་འདྲེལ་པ། དམ་ཚིག་ལྟ་བ་དང་འདྲེལ་པ། བསྒྲུབ་པ་ལྷ་དང་འདྲེལ་པ། དབང་གདམས་


DNG003_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

ངག་དང་འདྲེལ་པ། དགོངས་པ་གཉིས་མེད་དང་འདྲེལ་པ། སྒོམ་པ་འཛིན་མེད་དང་འདྲེལ་པ། ལྟ་བ་མིང་དང་འདྲེལ་པ། མིང་དོན་སྙིང་དང་འདྲེལ་པ། དཔེ་འཇའ་ཚོན་དང་འདྲེལ་པ། རྟགས་སྒྲོན་མ་དང་འདྲེལ་པ། དབྱིངས་ནམ་མཁའ་དང་འདྲེལ་པ། སངས་རྒྱས་དང་སེམས་ཅན་དུ་འདྲེལ་པའོ། །ངོ་བོ་ལ་ཆོས་མེད། སངས་རྒྱས་ལ་སེམས་མེད། སེམས་ལ་འབྲས་བུ་སྨིན། ཆོས་ལ་བསྒྲུབ་ཏུ་མེད། འབྲས་བུ་ལ་ཐོབ་ཏུ་མེད། དགོངས་པ་ལ་བར་མཚམས་མེད། ཐུགས་རྗེ་ལ་དབྲི་བཀོལ་མེད། ལྟ་བ་ལ་ཡིན་མིན་མེད་པའོ། །གཞི་ལས་འདས་པའི་བྱུང་ས། ཅི་སྟེ་དང་པོ་རྐྱེན་གྱིས་འཁྲུལ་པའི་ཕྱིར་རོ། །ལམ་ལ་འདས་པའི་སྣང་བ། ཅི་སྟེ་ཉམས་སུ་བླང་དགོས་པའི་ཕྱིར་རོ། །འབྲས་བུ་ལས་འདས་པའི་སྣང་བ། ཅི་སྟེ་འབྲས་བུ་རྒྱུར་མི་ལྡོག་པའི་ཕྱིར་རོ། །ཨེ་མཐོང་བ་ཡེ་ཤེས་ཀྱི་ཚད་བསྟན་པ་མ་ཧོ། སངས་རྒྱས་ཀྱི་ལམ་ལྔ་ངོ་ཤེས་ན། སྣང་བ་ལ་དགག་བསྒྲུབ་མེད་པར་འཆར་རོ། །སངས་རྒྱས་ཀྱི་བདེན་པ་མཐོང་བའི་དུས་ན། རང་གི་ཤེས་པ་སྟོབས་སུ་གྱུར་ནས། ཡེ་ཤེས་མཁའ་ལ་བརྡལ་བའོ། །སངས་རྒྱས་ཀྱི་དགོངས་པ་རྙེད་པ་ནི། ཡུལ་ལ་ཤེས་པ་འཇུག་པ་མེད་པའོ། །སངས་རྒྱས་ཀྱི་དགོངས་པ་ཉམས་སུ་ལེན་པའི་དུས་སུ། ཡེ་ཤེས་མཁའ་ལ་གསལ་བ་འདི་ལྟ་སྟེ། སྣང་བ་ཡུལ་ལ་ཤར་ན་སྐུ་དང་བཅས་པའོ། །ཡེ་ཤེས་ཀྱི་སྣང་བ་རང་ལ་སྐྱེ་བའི་དུས་ནི། ནམ་མཁའ་ལ་འོད་ཀྱི་ཐིག་ལེ་ཤར་བའོ། །རིག་པ་ལ་ཉོན་མོངས་པས་མ་གོས་པའི་དུས་ནི། རྐྱེན་དབང་དུ་མི་འགྲོ་བའོ། །བདུད་བཞི་ཆོམས་པའི་དུས་ནི། སྣང་བ་ཉོན་མོངས་པའི་དབང་དུ་མ་སོང་བའོ། །རྫོགས་ཆེན་མཐའ་ལ་སྐྱོལ་བའི་དུས་ནི། ཤེས་པ་བྱིང་རྒོད་དུ་མ་སོང་བའོ། །ཡེ་ཤེས་ཁོངས་ནས་གསལ་བའི་དུས་ནི། གཉིད་ལོག་པའི་དུས་ལྟ་བུ་ལ་ཤེས་པར་བྱའོ། །རིག་པ་མཁའ་ལ་གསལ་བའི་དུས་ནི། ནམ་ལངས་པ་ལྟ་བུ་ཤེས་པར་བྱའོ། །ཡེ་ཤེས་དངོས་དང་བྲལ་བའི་དུས་ནི། ཆང་གིས་ར་རོ་བ་ལྟ་བུར་


DNG003_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པར་བྱའོ། །ཀྱེ་མ། རིགས་ཀྱི་བུ་ཡེ་ཤེས་ཀྱི་སྣང་བ་གསལ་བའི་དུས་ན། བར་དུ་གཅོད་པའི་བདུད་ཀྱི་བདུད་ཀྱི་རྒྱུ་བསྟན་པ་སྣང་བ་འདི་ལྟ་བུ་དག་ཀྱང་འབྱུང་ངོ་། །ཀྱེ་མ། རིགས་ཀྱི་བུ་ཁྱོད་ལ་སྣང་བ་དེས་ཅི་ཞིག་བྱ། སྣང་བ་དེ་ནི་ཡང་དག་པ་མ་ཡིན་ནོ། །དེ་ནི་འཁོར་བའི་རྒྱུ་ཁོ་ནའོ། །ཟེར་ཞིང་རང་གི་སྣང་བ་དང་འཐད་པའི་ཚིག་བརྗོད་པ་དེ་ནི་བདུད་ཀྱི་བསླུ་བ་དང་པོའོ། །དེ་ནས་མཁའ་འགྲོ་མའི་ཆ་བྱད་དུ་ཞུགས་ནས། རིགས་ཀྱི་བུ་ངས་ཁྱོད་ལ་ལུང་བསྟན་གྱིས། དེ་ནི་ཡང་དག་པ་མ་ཡིན་ནོ། །དེ་ནི་ལོག་པ་ཁོ་ནའོ། །འདི་ལྟར་བྱས་ན་རིགས་ཀྱི་བུ་ཁྱོད་གྲོལ་བར་འགྱུར། ཞེས་ལུང་སྟོན་པ་འདི་ནི་བདུད་ཡིན་པར་ཤེས་པར་བྱའོ། །དེ་ཡི་དུས་སུ་རང་གི་དེ་ཉིད་ལས་མ་ཡེངས་པར་བྱའོ། །གླང་པོ་ཆེའི་ལྟ་སྟངས་ཀྱིས་བལྟ་བར་བྱའོ། །དེ་ནས་བཅོམ་ལྡན་འདས་གཞོན་ནུ་དཔའ་བོ་སྟོབས་ལྡན་ཉིད་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩལ་པ། ཨ་ཨ་ཀྱེ་མ་ཧོ། རྟོགས་པ་མཚན་མས་བཅིངས་པའི་བདུད། །བསམ་གྱིས་མི་ཁྱབ་གྲངས་མང་ཞིང་། །བརྗོད་དུ་མེད་པས་བསམ་མི་ཁྱབ། །རྣམ་རྟོག་མཚན་མ་ཅི་འགྱུས་པ། །ཐམས་ཅད་བདུད་ཀྱི་རང་བཞིན་ཏེ། །དེ་ཡང་མདོར་བསྟན་འདི་ལྟ་སྟེ། །གཟུང་འཛིན་ཡུལ་ལ་ཆགས་ན་ཕྱི་ཡི་བདུད། །རྣམ་རྟོག་འཁྲུལ་པར་སྤྱོད་ན་ནང་གི་བདུད། །རྟོགས་པ་ཁ་འབྱམས་བདུད་ཀྱི་སླུ་བ་ཡིན། །ལུས་ལ་རྒྱན་བཟང་བདུད་ཀྱི་སླུ་བ་ཡིན། །གཉེན་གྱི་བྱ་བ་བདུད་ཀྱི་སླུ་བ་ཡིན། །དགྲ་ལ་ཆགས་པ་བདུད་ཀྱི་སླུ་བ་ཡིན། །བདག་ཏུ་རྟོག་ན་བདུད་ཀྱི་སླུ་བ་ཡིན། །ལུས་ལ་ཆགས་པ་སྐྱེས་ན་དེ་ཡང་བདུད། །འཛིན་པ་ཡུལ་ལ་ཆགས་ན་ཕྱི་ཡི་བདུད། །ཏིང་འཛིན་རོ་ལ་ཆགས་ན་ནང་གི་བདུད། །སྣང་བ་ཡུལ་ལ་ཆགས་ན་ཡུལ་གྱི་བདུད། །ཡིན་མིན་ཐེ་ཚོམ་ཞུགས་ན་རྟོགས་པའི་བདུད། །བྱ་བྱེད་གཡེངས་པས་ཁྱེར་ན་འཁོར་བའི་བདུད། །རྟོག་པ་ཁོང་དུ་ཞུགས་ན་སེམས་ཀྱི་བདུད། །གཟུང་འཛིན་ཆོས་ལ་ཆགས་ན་ཡིད་ཀྱི་བདུད། །ལོངས་སྤྱོད་འཁོར་ལ་ཆགས་ན་གཡེངས་པའི་བདུད། །འཁོར་བའི་ཆོས་ལ་ཆགས་ན་ཕུང་པོའི་བདུད། །


DNG003_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

རྩོད་པའི་འདམ་ལ་ཆགས་ན་ཉོན་མོངས་བདུད། །དགའ་སྡུག་གྲོགས་ལ་ཆགས་ན་ལྷ་ཡི་བདུད། །ཁྲོ་གཏུམ་དཔའ་རྔམ་ཆེ་ན་འཆི་བདག་བདུད། །བསྒོམ་པའི་ལྷ་ལ་ཆགས་ན་འཆིང་བའི་བདུད། །ཆགས་སྡང་ལྔ་ལ་ཆགས་ན་ངན་སོང་བདུད། །ཆོས་སྤྱོད་བཅུ་ལ་ཆགས་ན་སྐྱེ་གནས་བདུད། །འཁོར་བའི་ལམ་ལ་ཆགས་ན་མ་རིག་རྨོངས་པའི་བདུད། །ཡུལ་ལ་རྔམ་སེམས་བྱེད་ན་ཆགས་པའི་བདུད། །ཆོས་ལ་སྨོད་པ་འདོར་ན་ཕྲག་དོག་བདུད། །གཞན་ལ་སྐྱོན་འཛིན་བྱས་ན་ང་རྒྱལ་བདུད། །ཕ་རོལ་སྤོང་བར་བྱེད་ན་སྐྱོན་གྱི་བདུད། །དེ་བཞིན་བདུད་ཀྱི་བསླུ་བ་བསམ་མི་ཁྱབ། །བརྗོད་ཀྱིས་མི་ལངས་གྲངས་མང་ཡང་། །རྩ་བ་བདུད་བཞི་ཆོམ་གྱུར་ན། །བདུད་རྣམས་གཞན་གྱིས་གླགས་མི་རྙེད། །བདུད་ཀྱི་བྱེ་བྲག་དེ་ལྟར་འདོད། །དེ་རྣམས་དབང་དུ་མ་བྱུང་བའི་རིག་པ་བསྟན་པ་དེ་རྣམས་དབང་དུ་མ་གྱུར་པའི། །རིག་པ་ཡེ་ཤེས་ཆེན་པོ་ནི། །ནམ་མཁའི་ངང་ལ་ཤེས་པར་བྱ། །རིག་པ་ཡེ་ཤེས་ཆེན་པོ་ཉིད། །གང་གི་ཕྱོགས་སུ་ཤོར་བ་མེད། །རང་ཉིད་ཆོས་སྐུར་རྟོགས་གྱུར་ན། །བདུད་ཅེས་བྱ་བ་ལོགས་ན་མེད། །ཆོས་སྐུ་གཟུང་འཛིན་བྲལ་བ་ལ། །མཚན་མའི་བདུད་ཀྱི་ཕྱོགས་དང་བྲལ། །སྤྱད་པས་ངེས་པའི་ལུང་ཉིད་ལས། །བདུད་ལས་ཐར་པའི་མན་ངག་བསྟན། །ཡེ་ཤེས་སྣང་བ་འཛིན་མེད་དུ། །ཕྱོགས་ལ་གནས་པ་མེད་པར་ཤར། །ལམ་ལ་ཞུགས་པ་མེད་པར་གྲོལ། །འབྲས་བུ་དེ་བཞིན་མཁའ་ལ་རོལ། །དེ་བཞིན་ཉིད་ཀྱི་དཀྱིལ་འཁོར་དུ། །གསང་བ་ཡེ་ཤེས་ཕོ་བྲང་བསྟན། །ཡེ་ཤེས་འཕྲོ་ཞིང་ཟེར་ལ་རོལ། །རྣམ་དག་དབྱིངས་ཀྱི་ཕོ་བྲང་དུ། །སྟོང་པའི་ཡེ་ཤེས་མཁའ་ལ་རོལ། །རྟོག་པ་ཉིད་ལ་ཡེ་ཤེས་སྐྱེ། །དྲན་པ་ཉིད་ལ་དྲན་མེད་རྙེད། །མ་རིག་དཀྱིལ་ནས་རིག་པ་རྙེད། །རྣམ་རྟོག་ཉིད་ལས་ཡེ་ཤེས་སྐྱེ། །སྟོང་པའི་ངང་ལས་གསལ་བ་རྙེད། །བློ་ཡི་དཀྱིལ་ན་ངོ་བོ་རྙེད། །དེ་བཞིན་བློ་དངོས་ཆོས་རྣམས་ཀུན། །ངོ་བོ་ཉིད་དུ་གྲོལ་བའོ། །གསང་སྔགས་ལམ་ལ་ཤེས་རབ་གསལ། །ཐབས་ཀྱི་ལམ་ལ་གོམས་པ་གསལ། །


DNG003_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་མཚན་མའི་ཆོས་རྣམས་ཀུན། །མཚན་མ་མེད་པའི་ངང་དུ་གྲོལ། །བྱས་པ་དངོས་པོའི་ཆོས་རྣམས་ཀུན། །བྱར་མེད་སྟོང་པའི་ངང་དུ་གྲོལ། །འཛིན་མེད་རང་སྣང་ཆོས་རྣམས་ཀུན། །རྣམ་དག་སྟོང་པའི་མཁའ་ལ་གྲོལ། །དགོངས་པ་དཔེ་མེད་དོན་རྣམས་ཀུན། །ཡང་དག་གསང་བའི་དབྱིངས་སུ་གྲོལ། །སྣ་ཚོགས་བསྐྱེད་པའི་ངོ་བོ་ཉིད། །འདུ་ཤེས་མེད་པའི་ངང་དུ་གྲོལ། །གསང་སྔགས་གསང་བའི་རོལ་པ་ཉིད། །ཡེ་ཤེས་བཞི་སྦྱོར་དབྱིངས་སུ་གྲོལ། །གཉིས་སྣང་སེམས་ཀྱི་ཆོ་འཕྲུལ་རྣམས། །ཐིག་ལེ་ཉག་གཅིག་ངང་དུ་གྲོལ། །ཡེ་ཤེས་ཀུན་སྣང་གྲོང་ཁྱེར་ཉིད། །ཚོམ་བུ་ལྔ་ཡི་ཀློང་དུ་གྲོལ། །ཡང་དག་ཡེ་ཤེས་ས་བོན་ཉིད། །ཀ་དག་ཆེན་པོའི་དབྱིངས་སུ་གྲོལ། །དེ་ཕྱིར་རྣམ་རྟོག་འཁོར་བའི་བདུད། །མེད་ཅིང་སྟོང་ལ་གཟུང་དུ་མེད། །བདུད་ཀྱང་རང་གི་ངང་དུ་རྟོགས། །ཡེ་ཤེས་ཆེན་པོའི་སྣང་བ་ལ། །བདུད་མེད་བདུད་དུ་བྱ་བ་མེད། །རང་བྱུང་གཅིག་པ་གཅིག་པུ་ཉིད། །དེ་ལས་མ་གཏོགས་བདུད་མེད་དོ། །བདུད་ཉིད་རང་གི་རིག་པར་ལྟོས། །དེ་མ་གཏོགས་པའི་བདུད་རྣམས་ཀུན། །ངང་གིས་མེད་ཅིང་ངང་གིས་བཅོམ། །ང་མེད་པ་ཡི་སྔོན་རོལ་དུ། །བདུད་ཅེས་བྱ་བའི་མིང་ཡང་མེད། །བདུད་ཉིད་ང་ལས་བྱུང་བའི་ཕྱིར། །བདུད་ཅེས་བྱ་བ་ལོགས་ན་མེད། །རྣམ་རྟོག་བདག་ཏུ་འཛིན་པ་ཡི། །བདུད་ཀྱི་རྩ་བ་ཆེན་པོ་གཅིག །ང་ཉིད་རྟོགས་ན་བདུད་རྣམས་སངས། །རྣམ་རྟོག་འཛིན་པའི་བདུད་རྣམས་ཀུན། །ཐབས་ཀྱིས་ང་ཡི་ངང་དུ་ཞི། །དེ་ཕྱིར་རྣམ་རྟོག་འཛིན་པའི་བདུད་རྣམས་ཀུན། །ཀ་ནས་མེད་ཅིང་ཀ་ནས་དག །བདུད་རྣམས་ཡེ་ཤེས་རོལ་པ་སྟེ། །ང་ལས་བྱུང་ཞིང་ང་ལས་འཁྲུལ། །དེ་ཕྱིར་ང་ཡི་ཆོ་འཕྲུལ་ཡིན། །ང་ཡི་རོལ་པ་བསམ་མི་ཁྱབ། །ང་ཡི་ཆོ་འཕྲུལ་དཀའ་བ་མེད། །ཐམས་ཅད་ང་ཡི་རོལ་པའོ། །ཞེས་རིག་པ་རང་གྲོལ་ཆེན་པོའི་རྒྱུད་ལས། མན་ངག་གི་དོན་བཤད་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཡང་ལྔ་པ་མཚན་མ་དངོས་བྲལ་གྱིས་ལེའུ་བསྟན་པའོ། །འཇམ་དཔལ་


DNG003_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

གཞོན་ནུར་གྱུར་པ་སྐྱེས་བུ་དམ་པ་དེས། འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་ཁྲོ་བོའི་སྐུ། །མན་ངག་བཤད་ལུགས་དེ་ལྟར་ན། །བདག་ཅག་མོས་པའི་འཁོར་རྣམས་ལ། །དངོས་པོའི་ཆོས་ལ་གྲོལ་ལུགས་གསུང་། །ཞེས་ཞུས་སོ། །དེ་ནས་ཡང་བཀའ་སྩལ་པ། །ཀྱེ་མ་ཧོ། འཇམ་དཔལ་གཞོན་ནུར་གྱུར་པ་ཉོན། །རྡོ་རྗེའི་དོན་ཉིད་ངས་བསྟན་གྱིས། །ཁྱེད་ཀྱིས་ལེགས་པའི་སེམས་ཀྱིས་ཉོན། །མཚན་མ་དངོས་པོའི་ཆོས་ཉིད་ནི། །བྱ་བྱེད་འཛིན་པའི་ཆོས་དང་བྲལ། །འབྲས་བུ་རྒྱུར་མི་ལྡོག་པའི་ཆོས། །མ་ནོར་ལམ་གྱི་བདེན་པ་ཉིད། །མངོན་སྣང་སེམས་ལས་གྲོལ་བའི་ཕྱིར། །ལམ་གྱི་བྱ་བ་ཉིད་ལས་ཐར། །ཡེ་ཤེས་སྣང་བ་དངོས་པོར་མེད། །དག་པའི་ཡེ་ཤེས་ཡོད་པའི་ཕྱིར། །དག་པའི་དངོས་པོ་ཡུལ་ལས་འདས། །མཐའ་དང་དྲི་མའི་ཆོས་ལས་འདས། །མཐའ་བཞིའི་དྲི་མ་རང་སངས་ཉིད། །འཛིན་པའི་ཕྱོགས་ཆ་ཉིད་དང་བྲལ། །གསང་སྔགས་དགོངས་པ་དངོས་མེད་ནི། །འཛིན་པའི་ཡུལ་དང་བྲལ་བའི་ཕྱིར། །དངོས་པོའི་དྲི་མའི་ཆོས་དང་བྲལ། །འདོད་པའི་སེམས་ཀྱིས་དྲི་མ་ཉིད། །རང་བྱུང་ཐབས་ཀྱི་ཡེ་ཤེས་ལས། །ཐམས་ཅད་འབྱུང་ཞིང་ཐོན་པར་གསུངས། །ལམ་དང་དྲི་མའི་ཆོས་ཉིད་རྣམས། །ཀ་ནས་དག་ཅིང་བྱང་བ་ཉིད། །རྒྱལ་བ་ཀུན་གྱིས་རབ་བསྔགས་པས། །ཡེ་ཤེས་གསང་བའི་མཁའ་ལ་རོལ། །མཉམ་ཉིད་ཡེ་ཤེས་ཆེན་པོ་ཉིད། །སྣང་བའི་ཡེ་ཤེས་མངོན་པར་སྣང་། །རྒྱལ་བ་རྟགས་ཀྱི་ཕྱག་རྒྱ་ཉིད། །ཡང་དག་ཉིད་དུ་གནས་པའི་ཕྱིར། །གསང་བའི་ཡུམ་དང་གཉིས་མེད་སྦྱོར། །ཀུན་ཏུ་བཟང་པོའི་རོལ་པ་ཉིད། །ཅིར་ཡང་མཛད་ཅིང་ཅིར་ཡང་སྤྲུལ། །ཡེ་ཤེས་རྟོགས་པའི་ཀློང་དཀྱིལ་དུ། །ཐུགས་རྗེའི་ཉི་མ་མ་འགགས་ཤར། །སྣང་བ་རྣམ་པ་ལྔ་ཉིད་ལས། །ཡེ་ཤེས་སྤྲུལ་པ་ཕྱོགས་བཅུར་ཤར། །ཀུན་ཏུ་བཟང་མོའི་བྷ་ག་ལས། །ཐམས་ཅད་ཡེ་ཤེས་བསྐྱེད་པའི་རྒྱུ། །ཀུན་ནས་འབྱུང་ཞིང་ཀུན་ཏུ་ཤར། །


DNG003_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་བཟང་ཉིད་ཀྱི་ཤེས་རབ་ལས། །ཐམས་ཅད་རྫོགས་པར་ང་ཡིས་བཤད། །ཀུན་ཏུ་བཟང་པོའི་ཡེ་ཤེས་ནི། །ནམ་མཁའི་མཐའ་བཞིན་ཐུག་པ་མེད། །དབྱིངས་ཀྱི་དཀྱིལ་འཁོར་ཟད་པ་མེད། །ཡེ་ཤེས་དཀྱི་འཁོར་འགག་མེད་ཉིད། །ཀུན་ལ་རོལ་ཅིང་སྤྱོད་པའོ། །དངོས་པོ་མི་གནས་པའི་གཏན་ཚིག་པ་ཨེ་མ་དངོས་པོའི་ཆོས་རྣམས་ཀུན། །རང་དག་རྐྱེན་གྱིས་ཀ་ནས་མེད། །དྲི་མའི་ཆོས་ལ་གནས་པ་མེད། །སྣང་བའི་ཆོས་ལ་ཐེ་ཚོམ་མེད། །ཡང་དག་ལམ་ལ་མཐར་ཐུག་མེད། །དངོས་པོའི་ཡུལ་ལ་བསྒྲུབ་མི་དགོས། །དྲན་པ་མེད་པའི་བསམ་གཏན་ལ། །བརྗོད་མེད་ཏིང་འཛིན་ངོ་བོར་ཞོག །ལམ་དང་འཛིན་པའི་ཡུལ་མེད་པས། །དྲི་མ་བཞི་ཡིས་བཅིངས་པ་ཁྲོལ། །སངས་རྒྱས་ཡེ་ཤེས་བསྟན་བྱའི་ཕྱིར། །རྒྱུ་རྐྱེན་ལྟོས་པའི་ཚིག་རྣམས་སྤང་། །སངས་རྒྱས་ཡེ་ཤེས་རང་ལ་གྲུབ། །ཡེ་ཤེས་ཆེན་པོའི་སྣང་བ་རྣམས། །འགག་མེད་ཀུན་ལ་རོལ་ཅིང་སྤྱོད། །མཚན་མའི་མིང་དང་འཛིན་པ་སྟོངས། །སྟོང་པ་ལམ་གྱི་སྒྲོན་མ་སྟོངས། །ཡང་དག་ཤེས་པའི་ངོ་བོ་ལ། །བྱ་བ་བྱེད་པའི་རིག་པ་མེད། །འཛིན་པ་གོལ་བའི་རྒྱུ་ཉིད་ལས། །བྱང་ཆུབ་ལམ་གྱི་སྒྲོན་མ་ཉིད། །ལམ་ལ་དགག་དང་བསྒྲུབ་པ་མེད། །སྟོང་པའི་རིག་པ་གང་ཡང་མེད། །རྒྱ་ཆད་ཕྱོགས་ཆར་འཛིན་པ་སྤང་། །སྣང་བ་དངོས་པོའི་ཆོས་ཀྱིས་སྟོང་། །སྟོང་པ་མཚན་མའི་ཆོས་ལས་འདས། །འདས་པ་ཉིད་ལ་བརྗོད་དུ་མེད། །ལྟ་བ་ཞེ་འདོད་འཛིན་པ་ཡང་། །མཚན་མའི་ཆོས་མེད་རང་སར་གྲོལ། །རང་བྱུང་སྒྲ་ཡི་ཐ་སྙད་ཉིད། །ཡོད་པའི་ཕྱོགས་དང་མེད་པའི་ཕྱོགས། །ཐ་སྙད་གཉིས་ཀྱི་ཆོས་རྣམས་ཀུན། །ཡང་དག་ཉིད་ལ་ལྟ་དང་བྲལ། །འཛིན་པའི་གོལ་ས་ཆོས་ཉིད་མེད། །ཐ་དད་དངོས་པོའི་ཡུལ་ལས་འདས། །མཚན་མའི་ཚིག་དང་དངོས་པོའི་ཚིག །ཡུལ་ལ་ལྟོས་པ་ཉིད་དུ་བཤད། །བྱ་བ་རྫོགས་པའི་ཡེ་ཤེས་ཉིད། །དངོས་པོར་བརྗོད་པའི་ཚིག་དང་བྲལ། །གསང་སྔགས་རྡོ་རྗེ་སྲ་མཁྲེགས་


DNG003_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད། །ཡེ་ཤེས་རྡོ་རྗེ་ཐབས་ལ་རོལ། །འབྱུང་བའི་རྡོ་རྗེ་ཡེ་ཤེས་ཀུན། །སྟོང་པའི་རྡོ་རྗེ་ཐབས་ལ་རོལ། །དཀྱིལ་འཁོར་རྡོ་རྗེ་མཐའ་ཡས་ཤིང་། །བསྐྱེད་པའི་རྡོ་རྗེ་ཀུན་སྣང་ཞིང་། །འཁོར་བའི་དོན་ལ་རྡོ་རྗེའི་སྒྲ། །མཚན་མའི་རྡོ་རྗེ་མིང་དང་བྲལ། །མཐའ་ཡས་རྡོ་རྗེ་ཡུལ་ལ་འཇུག །གཉིས་མེད་རྡོ་རྗེ་སྟོང་པའི་ངང་། །གསང་སྔགས་རྡོ་རྗེ་ཡུལ་ལས་འདས། །རང་བྱུང་རྡོ་རྗེ་བརྗོད་དུ་མེད། །ཡོད་མེད་རྡོ་རྗེ་ཀུན་ལས་འདས། །གསང་སྔགས་རྡོ་རྗེ་མཉམ་པ་ཆེ། །མཁའ་དབྱིངས་རྡོ་རྗེ་སྟོང་པ་ཆེ། །ཡོན་ཏན་རྡོ་རྗེ་ངོ་མཚར་ཆེ། །ཕྲིན་ལས་རྡོ་རྗེ་གྲུབ་པ་ཆེ། །གསལ་བའི་རྡོ་རྗེ་ཡངས་པ་ཆེ། །སྣ་ཚོགས་རྡོ་རྗེ་སྡུད་པ་ཆེ། །ཡང་དག་རྡོ་རྗེ་མཉམ་པ་ཆེ། །རིག་པའི་རྡོ་རྗེ་གསལ་བ་ཆེ། །སེམས་ཀྱི་རྡོ་རྗེ་འཕྲོ་བ་ཆེ། །མ་རིག་རྡོ་རྗེ་རྨུགས་པ་ཆེ། །ཡིད་ཀྱི་རྡོ་རྗེ་འཁྲུགས་པ་ཆེ། །གཏི་མུག་རྡོ་རྗེ་འཐིབ་པ་ཆེ། །ཞེ་སྡང་རྡོ་རྗེ་འབར་བ་ཆེ། །འདོད་ཆགས་རྡོ་རྗེ་འཛིན་པ་ཆེ། །ང་རྒྱལ་རྡོ་རྗེ་ང་རོ་ཆེ། །ཕྲག་དོག་རྡོ་རྗེ་མདུད་པ་ཆེ། །ཁོང་ཁྲོ་རྡོ་རྗེ་གདུག་པ་ཆེ། །རྐྱེན་གྱི་རྡོ་རྗེ་གཅོད་པ་ཆེ། །འཁོར་བའི་རྡོ་རྗེ་ཞེན་པ་ཆེ། །ཆགས་པའི་རྡོ་རྗེ་མཚན་མ་ཆེ། །ཞེན་པའི་རྡོ་རྗེ་འདོད་པ་ཆེ། །འདུས་པའི་རྡོ་རྗེ་སྡུད་པ་ཆེ། །ཉོན་མོངས་རྡོ་རྗེ་གཅོད་པ་ཆེ། །ང་ཡི་རྡོ་རྗེ་ཆགས་འཛིན་ཆེ། །གཞན་གྱི་རྡོ་རྗེ་དྭངས་ཡང་དད་པ་ཆེ། །འཁྲུལ་པའི་རྡོ་རྗེ་ཆགས་པ་ཆེའོ། །ཡེ་ཤེས་དོན་ཀུན་མཐའ་ཡས་པར་བསྟན་པའོ། །དེ་ནས་ཡང་དག་རིགས་ཆེན་རྣམས། །བཤད་ཅིང་བཀྲོལ་ནས་དོན་ལ་སྤྱོད། །བྱང་ཆུབ་འཁྲུལ་པའི་རྣམ་པ་ཀུན། །ཡུལ་དུ་མི་གནས་སྤང་བྱ་སྟེ། །མྱ་ངན་འདའ་བར་འདོད་པ་ཡིས། །ཡེ་ཤེས་དོན་ལ་ཐུག་པ་མེད། །འོན་ཀྱང་དོན་འདི་བླང་བར་གྱིས། །དོན་ལས་གོལ་ན་བྱང་ཆུབ་རིང་། །དོན་ལ་གནས་ན་བྱང་ཆུབ་ཉེ། །འཁྲུལ་པ་ཟད་པར་བྱ་ཕྱིར་ཡེ་ཤེས་ཉིད། །རབ་ཏུ་འབར་བའི་འོད་ཟེར་ཀུན་ནས་འབྱུང་། །སྡོམ་པའི་མདོ་ལས་ཡེ་ཤེས་ཉིད། །རབ་ཏུ་བསྟན་ཕྱིར་བཤད་པར་བྱ། །རབ་ཏུ་བཤད་


DNG003_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཞི་ལམ་ནི། །གོང་དུ་བསྟན་ཅིང་བཤད་ཟིན་ཏོ། །དེ་ལྟར་གནས་པའི་སྐྱེས་བུ་དམ་པ་དེ། །དངོས་པོའི་ཆོས་ཉིད་ཟད་ནས་རང་བྱུང་ཐོབ། །རང་བྱུང་དངོས་བྲལ་ཡེ་ཤེས་ཉིད། །གང་ལ་འཛིན་པ་མ་སྐྱེས་པའོ། །ཞེས་རིག་པ་རང་གྲོལ་ཆེན་པོའི་རྒྱུད་ལས། མཚན་མ་དངོས་བྲལ་གྱི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་འཇམ་དཔལ་དྲུག་པ་ལེའུའི་སྡོམ་བྱང་བསྟན་པ་གཞོན་ནུར་གྱུར་པའི་སྐྱེས་བུ་དམ་པ་དེས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་ལེ་ལག་བདག །དངོས་པོ་སྟོང་པ་དེ་ལྟར་ན། །བདག་ཅག་མོས་པའི་འཁོར་རྣམས་ལ། །རྒྱུད་ཀྱི་རྒྱལ་པོའི་ལེ་ལག་རྣམས། །མ་ནོར་ལེགས་པར་གསུང་དུ་གསོལ། །ཞེས་ཞུས་སོ། །དེ་ནས་ཡང་དག་བཀའ་སྩལ་པ། ཀྱེ་མ་གཞོན་ནུར་གྱུར་པ་ཉོན། །རྒྱུད་ཆེན་རྒྱལ་པོ་བཤད་ལུགས་ལ། །གྲངས་མེད་བསམ་གྱིས་མི་ཁྱབ་སྟེ། །མདོར་བསྟན་ལེགས་པར་ཡིད་ལ་ཟུང་། །ལེ་ལག་མཚན་དང་དཔེར་བརྗོད་དང་། །རབ་ཏུ་བཤད་པར་བྱ་བ་དང་། །ཚིག་དང་སྦྱར་ཏེ་སྟོན་བྱེད་དང་། །རབ་ཏུ་བསྔགས་པའི་རིམ་པ་དང་། །བསྟན་པར་བྱ་ཕྱིར་མངོན་སྣང་ཕྱིར། །ལེའུ་རེ་ལ་སོ་སོར་དབྱེ། །བསམ་གྱིས་མི་ཁྱབ་བསྟན་པ་ཡང་། །བརྗོད་ཅིང་གྲངས་ལས་འདས་བྱའི་ཕྱིར། །རྒྱུད་ཆེན་མཚན་ལྡན་འདི་གསུངས་པས། །ཐམས་ཅད་མིག་དང་འདྲ་བར་འགྱུར། །ལམ་ལ་ཡུན་རིང་གནས་པ་རྣམས། །འདི་ཐོས་པ་ཡིས་ཉེ་བར་འགྱུར། །གཞུང་བཤད་ལེའུའི་མཚན་བཤད་བྱ། །དེ་ནས་དང་པོ་ལེའུ་བརྗོད་བྱ་སྟེ། །རྒྱུད་ཆེན་གླེང་གཞིའི་ལེའུ་བསྟན། །དོན་ནི་གོང་དུ་བསྟན་པའོ། །ཡང་དག་ཆེན་པོའི་གླེང་བ་དང་། །འདས་པའི་ཚིག་དོན་གླེང་བ་དང་། །གྲངས་ཀྱི་སྒོ་ནས་གླེང་བ་བསྟན། །ལེའུ་གཉིས་པའི་དོན་བསྟན་ནི། །གླེང་སློང་ཡན་ལག་རྒྱས་བསྟན་པ། །དོན་ནི་གོང་དུ་ཡང་དག་བསྟན། །མཚན་མའི་ཚིག་ལ་དོན་གསུམ་སྟོན། །སྔོན་བྱུང་རྒྱས་པའི་གླེང་སློང་དང་། །རྗེས་འཇུག་ཡུལ་ལ་གླེང་སློང་དང་། །ཚིག་དོན་གཏན་ཚིགས་གླེང་སློང་བསྟན། །ལེའུ་


DNG003_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པས་སྤྱོད་པ་བསྟན། །རྒྱས་པར་བསྟན་པ་ཉིད་ལས་གསུངས། །མདོར་བསྟན་དོན་ལ་དོན་གསུམ་སྟེ། །རང་བྱུང་ཐབས་ཀྱི་སྤྱོད་པ་དང་། །གཏན་ཚིགས་ཚིག་གི་སྤྱོད་ཡུལ་དང་། །མཚན་མ་མིང་གི་སྤྱོད་ཡུལ་བསྟན། །ལེའུ་བཞི་པས་བསྒོམ་པ་བསྟན། །དེ་ལ་བཤད་ལུགས་འདི་ལྟ་སྟེ། །དོན་གསུམ་ཐེ་ཚོམ་མེད་པར་བསྟན། །དམིགས་པ་གཅོད་པའི་སྒོམ་པ་དང་། །སྟོང་པ་རང་བྱུང་སྒོམ་པ་དང་། །མཚན་མ་ཟིལ་གནོན་སྒོམ་པ་བསྟན། །ལེའུ་ལྔ་པས་ལྟ་བ་བསྟན། །ལྟ་བའི་དོན་ལ་དོན་གསུམ་སྟེ། །རང་བྱུང་ཁོག་འགྲོལ་ལྟ་བ་དང་། །བཏང་སྙོམས་ཚིག་གི་ལྟ་བ་དང་། །ཡོད་མེད་དུས་མཚོན་ལྟ་བར་བསྟན། །ལེའུ་དྲུག་པས་དབང་དོན་བསྟན། །དབང་ཉིད་ལ་ཡང་དོན་གསུམ་མོ། །གསང་སྔགས་འབྲས་བུའི་དབང་དང་ནི། །ལྟ་བ་རིག་པའི་དབང་བསྐུར་དང་། །མཚན་མ་རྫས་ཀྱི་དབང་བསྐུར་བསྟན། །བདུན་པ་དབང་གི་ཡོན་ཏན་བསྟན། །ཡོན་ཏན་ལ་ཡང་དོན་གསུམ་སྟེ། །ཕྱི་ཡི་འབྱུང་པོ་ཚར་གཅོད་དང་། །ནང་གི་ཡེ་ཤེས་དྲོད་བསྐྱེད་དང་། །གསང་བ་རྟོགས་ཚད་ཡོན་ཏན་ནོ། །བརྒྱད་པ་དབང་མ་ཐོབ་པའི་སྐྱོན། །དེ་ཡང་དོན་གསུམ་བསྟན་པའོ། །ཡེ་ཤེས་སྣང་བ་ཉིད་ལ་ཐུག །གདམས་ངག་དྲན་བཞིན་ཉམས་པ་དང་། །ཕུང་པོའི་བདུད་ལ་སོགས་པ་མང་། །དགུ་པ་དཔོན་སློབ་འདྲེལ་པ་བསྟན། །དེ་ཉིད་ལ་ཡང་དོན་གསུམ་མོ། །བཅུད་ལྡན་ཡེ་ཤེས་དོན་སྦྱོར་དང་། །སྣོད་ལྡན་གསང་བ་ཐུབ་པ་དང་། །གཉིས་ཀ་གདུང་སེམས་གཅེས་པར་བསྟན། །བཞི་ཡང་བཅུ་པ་དམ་ཚིག་སྡོམ་པ་བསྟན། །དེ་ལ་ཡང་ནི་དོན་གསུམ་མོ། །བསྲུངས་པའི་ཡོན་ཏན་བསྟན་པ་དང་། །མ་བསྲུངས་སྐྱོན་ཉིད་བསྟན་པ་དང་། །བསྲུང་དུ་མེད་པར་བསྟན་པའོ། །བཅུ་གཅིག་ཆོས་སྐུའི་མཚན་ཉིད་བསྟན། །དེ་ཉིད་ལ་ཡང་དོན་གསུམ་མོ། །རང་བཞིན་ཆོས་ཀྱི་སྐུ་དང་ནི། །ངོ་བོ་ཆོས་སྐུ་ཆེན་པོ་དང་། །ས་བོན་ཆོས་སྐུ་གསུམ་དུ་གསུངས། །བཅུ་གཉིས་ལོངས་སྐུའི་མཚན་ཉིད་བསྟན། །དེ་ཉིད་ལ་ཡང་དོན་གསུམ་མོ། །གནས་པ་ལོངས་སྤྱོད་རྫོགས་


DNG003_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་དང་། །ཞིང་ཁམས་ལོངས་སྤྱོད་རྫོགས་པའི་སྐུ། །སྣང་ཚུལ་ལོངས་སྤྱོད་རྫོགས་པའི་སྐུ། །བཅུ་གསུམ་སྤྲུལ་སྐུའི་མཚན་ཉིད་བསྟན། །དེ་ལ་ཡང་ནི་དོན་གསུམ་སྟེ། །དོན་དང་མཐུན་སྣང་སྤྲུལ་སྐུ་དང་། །ཕྱེད་སྣང་ཞིང་ཁམས་སྤྲུལ་སྐུ་དང་། །ཐུགས་རྗེ་རང་བྱུང་སྤྲུལ་སྐུའོ། །བཅུ་བཞི་སྐུ་གསུམ་དགོངས་པ་བསྟན། །དེ་ཡང་རྣམ་པ་གསུམ་གྱིས་བསྟན། །སྐུ་གསུམ་དྲིལ་བའི་དགོངས་པ་དང་། །སྐུ་གསུམ་རྫོགས་པའི་དགོངས་པ་དང་། །འབྲས་བུ་སྐུ་གསུམ་དགོངས་པར་བཤད། །བཅོ་ལྔ་པ་ཉིད་སྐུ་ལྔ་སྟེ། །དེ་ཡང་རྣམ་དོན་གསུམ་གྱིས་བསྟན། །མཚན་མ་རང་གྲོལ་སྐུ་ལྔ་དང་། །གཞི་ལ་གནས་པའི་སྐུ་ལྔ་དང་། །མཐའ་ལ་སྐྱོལ་བའི་སྐུ་ལྔའོ། །བཅུ་དྲུག་ཡེ་ཤེས་རྣམ་ལྔ་བསྟན། །དེ་ཡང་དོན་གསུམ་དག་གིས་བསྟན། །འཛིན་མེད་ཡུལ་གྱི་ཡེ་ཤེས་དང་། །བར་དོ་སྣང་བའི་ཡེ་ཤེས་དང་། །དོན་མཚོན་ནང་གི་ཡེ་ཤེས་སོ། །བཅུ་བདུན་ཡེ་ཤེས་ཉི་ཤུ་བསྟན། །དེ་ཉིད་ལ་ཡང་དོན་གསུམ་སྟེ། །ཕྱེ་སྟེ་རབ་ཏུ་རྒྱས་པ་དང་། །ཤིན་ཏུ་རྣམ་རིག་ཙམ་བསྟན་དང་། །རབ་ཏུ་སྒྲ་དང་ཕྱེ་བར་བསྟན། །བཅོ་བརྒྱད་པ་ཉིད་འོད་ལྔ་སྐུ་དང་སྦྱར་བར་བསྟན། །དེ་ཡང་རྣམ་པ་གསུམ་གྱིས་བསྟན། །སྐུ་ལས་འོད་ཟེར་འབྱུང་བར་བསྟན། །འོད་ལས་སྐུ་ཉིད་གྲུབ་པ་དང་། །གཉིས་ཀ་ཐབས་ཀྱི་རོལ་པར་བསྟན། །བཅུ་དགུ་ཕྱི་འབྱུང་མཚན་ཉིད་བསྟན། །དེ་ཉིད་ལ་ཡང་དོན་གསུམ་སྟེ། །སོ་སོའི་མཚན་ཉིད་བསྟན་པ་དང་། །རང་གི་དོན་ཉིད་རྒྱས་བསྟན་དང་། །མཚན་མའི་མཚན་ཉིད་བསྟན་པའོ། །ཉི་ཤུ་ནང་གི་འབྱུང་བ་བསྟན། །དེ་ཡང་རྣམ་གསུམ་དག་གིས་བསྟན། །ཡེ་ཤེས་དོན་ལ་སྦྱར་བ་དང་། །འབྱུང་བ་རྩ་ལ་སྦྱར་བ་དང་། །ནང་གི་དྲོད་ལ་སྦྱར་བའོ། །རྩ་གཅིག་དུས་གསུམ་སངས་རྒྱས་ཀྱི། །དགོངས་པའི་དོན་ཉིད་མ་ནོར་བསྟན། །དེ་ཉིད་ལ་ཡང་དོན་གསུམ་སྟེ། །རྒྱལ་བ་རང་བྱུང་དགོངས་པ་དང་། །ཚིག་ལ་བསྟན་པའི་དགོངས་པ་དང་། །མཚན་མ་རང་གྲོལ་དགོངས་པ་དང་། །རྩ་གཉིས་སེམས་ཅན་གྲོལ་ལུགས་བསྟན། །དེ་ཡང་རྣམ་གསུམ་དོན་གྱི་བསྟན། །སྣང་བ་ཡུལ་གྱི་གྲོལ་ལུགས་དང་། །


DNG003_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་སྐུ་ཡིས་གྲོལ་བ་དང་། །སྒྲོན་མ་ཉིད་ཀྱིས་གྲོལ་བར་བསྟན། །རྩ་གསུམ་ཡི་གེ་འབྲུ་བཤད་བསྟན། །དེ་ཡང་རྣམ་དོན་གསུམ་གྱིས་བསྟན། །དང་པོ་ལ་ཡང་བཤད་ལུགས་དང་། །འདོགས་དང་ཡན་ལག་བཤད་ལུགས་དང་། །འདོགས་ཡིག་བསྡེབས་ཏེ་བཤད་ལུགས་བསྟན། །རྩ་བཞིས་རིམ་པའི་གཞག་ཐབས་བསྟན། །དེ་ཉིད་ལ་ཡང་དོན་གསུམ་སྟེ། །སྣང་བ་ཡུལ་ལ་གཞག་ཐབས་དང་། །ནམ་མཁའི་དཀྱིལ་དུ་གཞག་ཐབས་དང་། །རང་གི་མིག་ལ་གཞག་ཐབས་སོ། །རྩ་ལྔ་འཇིག་ཚོགས་རྐང་གྲངས་བསྟན། །དེ་ཉིད་ལ་ཡང་དོན་གསུམ་སྟེ། །སེམས་ལས་ལོག་པ་དག་དང་ནི། །སྤྱོད་པ་དག་ལས་ལོག་པ་དང་། །དེ་བཞིན་ཚིག་ལས་ལོག་པའོ། །རྩ་དྲུག་འཇིག་ཚོགས་འགྲེལ་པ་བསྟན། །དེ་ཉིད་ལ་ཡང་དོན་གསུམ་བསྟན། །བཤད་ལུགས་དོན་གྱི་འགྲེལ་བཤད་དང་། །རྒྱུད་ལ་ལྟོས་པའི་འགྲེལ་བཤད་དང་། །སྤྱོད་པ་ལོག་པའི་འགྲེལ་བཤད་དོ། །དེས་ནི་སྡོམ་ཚིག་རྒྱས་པར་བསྟན། །ལམ་བསྟན་ཚིག་ལ་གྲུབ་པ་མེད། །ལམ་སྤྱིར་གསང་བ་དེ་ཉིད་ལས། །སྡོམ་བྱང་ལྷ་དང་བཅས་པ་བསྟན། །ལེའུའི་མཚན་ཉིད་བསྟན་པའོ། །དེ་ནི་མཚན་གྱིས་ལེགས་པར་བཤད་ཅིང་བཀྲོལ་བའོ། །ཞེས་རིག་པ་རང་གྲོལ་ཆེན་པོའི་རྒྱུད་ལས། ལེའུའི་མཚན་གྱི་སྡོམ་བྱང་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་བདུན་པ་ལེའུ་རྩ་བའི་དོན་བསྟན་པ་འཇམ་དཔལ་གཞོན་ནུར་གྱུར་པ་དེ་ཉིད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །ལེའུའི་སྡོམ་བྱང་དེ་ལྟར་ན། །བདག་ཅག་མོས་པའི་འཁོར་རྣམས་ལ། །རྩ་ཚིག་ལེའུ་གསུང་དུ་གསོལ། །ཞེས་ཞུས་སོ། །ཀྱེ་མ་གཞོན་ནུར་གྱུར་པ་ཉོན། །མ་ནོར་བ་ཡི་དོན་ཉིད་ནི། །ངས་བསྟན་ཁྱོད་ཀྱིས་ལེགས་པར་ཉོན། །ལེའུའི་མཚན་དང་སྡོམ་བྱང་རྣམས། །རབ་ཏུ་བཤད་ཅིང་བསྟན་པར་བྱའོ། །དེ་ལ་རྩ་བའི་ཚིག་ཉིད་དང་། །རབ་ཏུ་བསྟུན་ཏེ་བཤད་པར་བྱ། །དེ་ཡང་ལེའུའི་མཚན་ཉིད་རིག་པའི་མཚན་ཉིད་བསྟན་པ་


DNG003_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

ལས། །རབ་ཏུ་གསང་བའི་ཚིག་རྣམས་ཀྱང་། །འདི་རུ་གསང་བ་མེད་པར་བསྟན། །ལེགས་པར་དགའ་མགུའི་སེམས་ཀྱིས་ཉོན། །དོན་ལ་ཡེ་ཤེས་ཐུག་པ་མེད། །འདས་པ་ཀུན་གྱི་སྣང་བ་ཡང་། །གང་དག་འཛིན་པའི་སེམས་དང་བྲལ། །དེ་ཕྱིར་ལེའུའི་རྩ་ཚིག་བསྟན་པར་བྱ། །ཨེ་མ་ཧོ། རྩ་བདུན་རིག་པའི་གཏན་ཚིགས་བསྟན་པ་ཡང་དག་ཐེག་པ་བསྟན། །དེ་དོན་རྣམ་པ་གཉིས་ཀྱིས་བསྟན། །མཚན་ཉིད་པ་དང་གསང་སྔགས་སོ། །རྩ་བརྒྱད་འཁྲུལ་པའི་རྩ་བ་བསྟན། །དེ་ལ་རྣམ་པ་བདུན་གྱིས་བསྟན། །རང་ཉིད་རང་གིས་འཁྲུལ་པ་དང་། །རྒྱུ་ཉིད་རྐྱེན་གྱིས་འཁྲུལ་པ་དང་། །འདྲ་གཞི་གཉིས་ལས་འཁྲུལ་པ་དང་། །ཡུལ་དང་ཤེས་པས་འཁྲུལ་པ་དང་། །མཚན་མ་བརྡ་ཡིས་འཁྲུལ་པ་དང་། །སྟོང་པའི་འོད་ལས་འཁྲུལ་པ་དང་། །སྒྲིབ་པ་མཐའ་བཞིས་འཁྲུལ་པའོ། །དེ་ནི་འཁྲུལ་ལུགས་རྒྱས་པར་བསྟན་པའོ། །གནས་ལུགས་ཀྱི་དོན་བསྟན་པ་རྩ་དགུ་སེམས་ཅན་རང་རྒྱུད་བསྟན། །དེ་ཉིད་ལ་ནི་དོན་བཞི་སྟེ། །མངོན་པ་སྐུ་ཡི་རྒྱུད་དང་ནི། །ཁྱབ་པ་འོད་ཀྱི་རྒྱུད་ཉིད་དང་། །ཤེས་རབ་རིག་པའི་རང་རྒྱུད་དང་། །རྣམ་དག་རིག་པའི་རང་རྒྱུད་བསྟན། །སུམ་ཅུ་གཞི་ཡི་གནས་ལུགས་བསྟན། །དེ་ཉིད་ལ་ཡང་དོན་བརྒྱད་དེ། །ངོ་བོ་མི་འགྱུར་གནས་ལུགས་དང་། །རང་བཞིན་ཀུན་ཁྱབ་གནས་ལུགས་དང་། །ཐུགས་རྗེ་ཡུལ་ཁྱབ་གནས་ལུགས་དང་། །སྟོན་བྱེད་འོད་ཀྱི་གནས་ལུགས་དང་། །སྟོང་པ་མཁའ་ཁྱབ་གནས་ལུགས་དང་། །གཉིས་མེད་རང་སྣང་གནས་ལུགས་དང་། །རིག་པ་ལུས་ལ་གནས་ལུགས་དང་། །ཤེས་རབ་མཁའ་ལ་གནས་ལུགས་སོ། །སོ་གཅིག་རིག་པ་རང་གིས་རྟོགས་ཚུལ་སྟོན། །དེ་ཉིད་ལ་ཡང་དོན་གསུམ་སྟེ། །ཉི་ཤུ་རྩ་གཅིག་རྟོགས་ལུགས་དང་། །ཤེས་པ་གཅིག་ཆོད་རྟོགས་ལུགས་དང་། །སྣང་བ་མཐོང་བའི་རྟོགས་པའོ། །སོ་གཉིས་རིག་པའི་མཚོན་དཔེ་བསྟན། །དེ་ཉིད་ལ་ཡང་དོན་གསུམ་སྟེ། །གཞི་ཉིད་མཚོན་པའི་མཚོན་དཔེ་དང་། །ལམ་ལྔ་མཚོན་པའི་མཚོན་དཔེ་དང་། །ངོ་བོའི་མཚོན་དཔེ་བཤད་པའོ། །སོ་གསུམ་རིག་པ་འཛིན་མེད་བསྟན། །དེ་ཉིད་རྣམ་དོན་གཉིས་སུ་


DNG003_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན། །ཡེ་ཤེས་ཉིད་ཀྱི་འཛིན་མེད་དང་། །ཁྱད་པར་ལམ་གྱིས་འཛིན་མེད་དོ། །སོ་བཞི་བར་དོའི་འཁྲུལ་ལུགས་བསྟན། །དེ་ལ་ཡང་ནི་དོན་བཞི་སྟེ། །སྣང་བ་སེམས་ཀྱི་འཁྲུལ་ལུགས་དང་། །དཔྱོད་པ་ཡིད་ཀྱི་འཁྲུལ་ལུགས་དང་། །སྣང་བ་འོད་ལས་འཁྲུལ་ལུགས་དང་། །ཉི་ཤུ་རྩ་གཅིག་འཁྲུལ་ལུགས་སོ། །དེ་ནི་འཁྲུལ་པའི་ཚིག་ཏུ་བསྟན། །སོ་ལྔ་རྫོགས་ཆེན་ལ་བཟླ་བསྟན། །དེ་ལ་དོན་ནི་དྲུག་གིས་བསྟན། །མཚན་མའི་ཚིག་གི་ལ་བཟླ་དང་། །རང་བྱུང་གཏན་ཚིགས་ལ་བཟླ་དང་། །གོལ་སྒྲིབ་སྒྲོ་འདོགས་ལ་བཟླ་དང་། །མངོན་སྣང་ཡུལ་ལ་ལ་བཟླ་དང་། །ལྡེམ་པོར་དགོངས་ཏེ་ལ་བཟླ་དང་། །དམིགས་པ་ལམ་གྱི་ལ་བཟླའོ། །སོ་དྲུག་དཀྱིལ་འཁོར་མཚན་ཉིད་སྟོན། །དཀྱིལ་འཁོར་དོན་ལ་རྣམ་གསུམ་སྟེ། །རྩ་བའི་དཀྱིལ་འཁོར་ཆེན་པོ་དང་། །རང་བཞིན་གསང་བའི་དཀྱིལ་འཁོར་དང་། །གཟུགས་བརྙན་ཡོངས་བཀོད་དཀྱིལ་འཁོར་རོ། །སོ་བདུན་རང་རང་དོན་ཆེན་བསྟན། །དེ་ལ་རྣམ་དོན་གཅིག་གིས་བསྟན། །རང་གི་ཙིཏྟའི་དཀྱིལ་འཁོར་དུ། །རང་རང་ཡེ་ཤེས་དོན་འདུས་པའོ། །སོ་བརྒྱད་གོམས་པའི་རྟོགས་ཚུལ་བསྟན། །དེ་ཉིད་ལ་ནི་རྣམ་གཉིས་སོ། །ཉམས་སུ་བླང་བའི་རིམ་པ་དང་། །གོམས་པའི་ཚད་ཀྱིས་གདམས་ངག་བསྟན་པའོ། །སོ་དགུ་རྟོགས་ཚུལ་བརྡའ་ལྔ་བསྟན། །དེ་ཉིད་ལ་ཡང་དོན་ལྔ་སྟེ། །རང་བཞིན་སྣང་བའི་བརྡ་རྣམས་དང་། །འཛིན་མེད་སེམས་ཀྱི་བརྡའ་དང་ནི། །རང་དོན་རིག་པའི་བརྡ་ཆེན་དང་། །རང་བཞིན་ལུང་གི་བརྡ་དང་ནི། །གོ་འབྱེད་སྒྲུབ་རྒྱུད་བརྡ་རྣམས་བཤད། །བཞི་བཅུ་ཡོངས་སུ་བསྟོད་བརྡ་བསྟན། །དེ་ནི་ཡང་དག་དོན་བཞི་བསྟན། །མཚན་གྱིས་སྒོ་ནས་བསྟོད་པ་དང་། །ཕྱག་མཚན་སྒོ་ནས་བསྟོད་པ་དང་། །སྐུ་གསུམ་ཉིད་ལ་བསྟོད་པ་དང་། །ཁྲོ་བོ་ཉིད་ལ་བསྟོད་པའོ། །ཞེ་གཅིག་འཁྲུལ་པའི་བརྡ་ཉིད་བསྟན། །དེ་ཉིད་ལ་ཡང་དོན་གཉིས་ཏེ། །འཛིན་པ་རང་གྲོལ་རྒྱུད་ཀྱི་བརྡ་དང་ནི། །སྣང་བ་ཡུལ་གྱི་བརྡ་ལྔ་བསྟན། །ཞེ་གཉིས་བསྟན་པའི་འཇིག་དུས་བསྟན། །དེ་ཉིད་ལ་ཡང་དོན་གཉིས་ཏེ། །རྟགས་རྣམས་འབྱུང་


DNG003_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

བར་བསྟན་པ་དང་། །བསྐལ་པའི་འབྱུང་དུས་བསྟན་པའོ། །ཞེ་གསུམ་བརྡའ་ལྔའི་སྒྲ་བསྒྱུར་བསྟན། །དེ་ཉིད་ལ་ཡང་དོན་གཉིས་ཏེ། །ཐམས་ཅད་བརྡའ་རུ་བསྟན་པ་དང་། །ཐམས་ཅད་བརྡའ་ལ་བསྡུས་པའོ། །དེ་བཞིན་སྒྲ་དོན་མན་ངག་རྣམས། །རབ་ཏུ་བསྡུ་བ་འདིར་གསུངས་སོ། །མཚན་མ་ལས་གྲོལ་ཡེ་ཤེས་ལས། །བསྐྱེད་དང་རྫོགས་པ་མེད་པར་གསུངས། །ཡང་དག་ལེའུའི་རྩ་བ་རྣམས། །གང་ཞིག་གནས་པར་འདོད་པ་རྣམས། །ལེའུ་འདི་ལས་བཙལ་བར་བྱའོ། །ཞེས་རིག་པ་རང་གྲོལ་ཆེན་པོའི་རྒྱུད་ལས། ལེའུའི་རྩ་བའི་དོན་གསལ་བར་བཤད་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་བརྒྱད་པ་ལེ་ལག་གི་དོན་བསྡུས་ཏེ་བསྟན་པ་འཇམ་དཔལ་གཞོན་ནུར་གྱུར་པ་སྐྱེས་བུ་དམ་པ་དེས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །ལེའུའི་རྩ་བཤད་དེ་ལྟར་ན། །བདག་ཅག་རྗེས་སུ་ཞུགས་རྣམས་ལ། །ལེའུའི་དོན་རྣམས་བཤད་དུ་གསོལ། །ཞེས་ཞུས་སོ། །དེ་ནས་བདག་ཉིད་ཆེན་པོ་དེས་བཀའ་སྩལ་པ། ཀྱེ་ཀྱེ་འཇམ་དཔལ་གཞོན་ནུར་གྱུར་པ་ཉོན། །ང་ཡིས་ལེགས་པར་བཤད་ཀྱིས་བརྟན་པར་ཟུང་། །དོན་དང་མཐུན་ཚིག་བསམ་ཡས་ཀྱང་། །ལེའུ་ཉིད་ཀྱི་དོན་ཉིད་ལས། །རབ་ཏུ་བཤད་ཅིང་ཤིན་ཏུ་གསལ། །མཚན་མས་བཅིངས་པའི་སེམས་ཅན་ཀུན། །གྲོལ་བའི་ཐབས་ཆེན་ངས་བསྟན་གྱིས། །རབ་ཏུ་གུས་པའི་སེམས་ཀྱིས་ཉོན། །ལེའུའི་དོན་སྦྱར་འདི་ལྟ་སྟེ། །ཞེ་བཞི་དོན་གྱི་ཡེ་ཤེས་བསྟན། །དེ་ཉིད་ལ་ཡང་དོན་ལྔ་སྟེ། །ཁྱད་པར་ཡེ་ཤེས་ལམ་དོན་དང་། །ཐུན་མོང་ཀུན་ཁྱབ་རང་དོན་དང་། །བརྡལ་བ་ཆོས་ཉིད་སེམས་དོན་དང་། །རང་བྱུང་སྒྲ་ཡི་སེམས་དོན་དང་། །རོལ་པ་སྣ་ཚོགས་སེམས་དོན་ནོ། །ཞེ་ལྔ་སྒྲ་ཡི་གྲངས་ཡིག་བསྟན། །དེ་ཉིད་ལ་ཡང་དོན་གསུམ་སྟེ། །ཕོ་ཡིག་ཐབས་ཀྱི་ཡི་གེ་དང་། །མོ་ཡིག་ཤེས་རབ་ཡི་གེ་དང་། །མ་ནིང་ཐུགས་རྗེའི་ཡི་གེར་བཤད། །ཞེ་དྲུག་མཁའ་འགྲོའི་རང་སྒྲ་བསྟན། །དེ་ཉིད་ལ་ཡང་དོན་གསུམ་བསྟན། །སོ་སོའི་མཚན་མས་སྨྲ་བ་དང་། །གཅིག་པའི་


DNG003_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དུ་སྨྲ་བ་དང་། །སྟོན་པ་ཉིད་ཀྱིས་རྗེས་སུ་བསྟན། །ཞེ་བདུན་སྟོན་པའི་བྱོན་ལུགས་བསྟན། །དེ་ཉིད་ལ་ཡང་དོན་བཞི་བསྟན། །པདྨར་བརྫུས་ཏེ་བྱོན་པ་དང་། །ཡུམ་གྱི་ལྷུམས་སུ་བྱོན་པ་དང་། །འོད་དང་སྒྲ་དང་བཅས་པ་དང་། །ཤིན་ཏུ་དམན་པའི་གཟུགས་སུ་བསྟན། །ཞེ་བརྒྱད་ཐིག་ལེ་རྒྱས་པར་བསྟན། །དེ་ཉིད་ལ་ནི་དོན་གསུམ་མོ། །གཞི་ཡི་ཐིག་ལེ་བཟང་པོའི་རབ། །ལམ་གྱི་ཐིག་ལེ་སྣ་ཚོགས་དང་། །འབྲས་བུ་ཡོངས་རྫོགས་ཐིག་ལེར་བསྟན། །ཞེ་དགུ་སྒྲ་ཡི་གཏན་ཚིགས་བསྟན། །གོང་དུ་རྒྱས་པར་བཤད་པའོ། །འདི་ཉིད་ལ་ཡང་དོན་གསུམ་མོ། །མཚན་མ་སྒྲ་ཡི་ཡི་གེ་དང་། །མཚོན་པ་སྒྲ་ཡི་ཡི་གེ་དང་། །སྡུད་པ་སྒྲ་ཡི་ཡི་གེར་བསྟན། །ལྔ་བཅུ་གཞི་ལམ་འབྲས་བུར་བསྟན། །དེ་ཉིད་ལ་ཡང་དོན་དྲུག་གོ། །ངོ་བོ་རྟོགས་པའི་གཞི་དང་ནི། །རང་བཞིན་ཐབས་ཀྱི་གཞི་རུ་བསྟན། །མངོན་སྣང་ཡུལ་གྱི་ལམ་དང་ནི། །གོམས་པའི་ཚད་ཀྱི་ལམ་དུ་བསྟན། །ཡང་དག་གཅིག་ཆོད་འབྲས་བུ་དང་། །རྟོགས་པ་རྒྱུར་མི་ལྡོག་པར་བསྟན། །ང་གཅིག་སྔགས་ཀྱི་གཏན་ཚིགས་བསྟན། །དེ་ཉིད་ལ་ཡང་དོན་ལྔ་སྟེ། །བཞི་ལས་མ་བྱུང་འབྲས་བུ་ལམ་གྱི་གཏན་ཚིགས་དང་། །མངོན་སྣང་ཡུལ་གྱི་གཏན་ཚིགས་དང་། །རང་བཞིན་རིག་པའི་གཏན་ཚིགས་དང་། །སྔགས་ཀྱི་གཏན་ཚིགས་བསྟན་པའོ། །ང་གཉིས་ཡོངས་སུ་རྣལ་འབྱོར་བསྟན། །དེ་ཉིད་ལ་ཡང་དོན་གཉིས་ཏེ། །འབྲས་བུ་ཚད་ཕྱིན་རྣལ་འབྱོར་དང་། །ལམ་ལ་གནས་པ་ཉིད་དུ་བསྟན། །ང་གསུམ་ཕྲིན་ལས་གསང་བ་བསྟན། །དེ་ཉིད་ལ་ཡང་དོན་བཞིའོ། །ཞི་བ་ཡོངས་སུ་རྫོགས་པ་དང་། །རྒྱས་པ་ཡང་དག་དོན་བསྟན་དང་། །དབང་གིས་འགྲོ་བ་དྲངས་པ་དང་། །དྲག་པོས་གདུག་པ་ཚར་གཅོད་དོ། །ང་བཞི་རི་བོ་སྤྱི་བཅིངས་བསྟན། །དེ་ཉིད་ལ་ཡང་དོན་གསུམ་སྟེ། །མཚན་མ་ཡུལ་གྱི་སྤྱི་བཅིངས་དང་། །སྒྲོན་མ་ཉིད་ཀྱི་སྤྱི་བཅིངས་དང་། །རྟོགས་པ་དོན་གྱི་སྤྱི་བཅིངས་སོ། །ང་ལྔ་རྒྱ་མཚོ་ཀློང་རྡོལ་བསྟན། །དེ་ཉིད་ལ་ཡང་དོན་གསུམ་སྟེ། །ཡུལ་གྱི་ཡེ་ཤེས་ཀློང་རྡོལ་དང་། །སྐུ་ཡི་ཡོན་ཏན་ཀློང་རྡོལ་


DNG003_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །སྒྲོན་མ་དབྱིངས་ཀྱི་ཀློང་རྡོལ་བའོ། །ང་དྲུག་ཉི་དྲོད་ཀྱང་། ཟླ་གྲངས་མཉམ་བསྟན། །དེ་ཉིད་རྣམ་དོན་གཉིས་ཀྱིས་བསྟན། །ཐབས་ཀྱིས་འགྲོ་བ་སྒྲོལ་བྱ་དང་། །ཤེས་རབ་ཡུལ་རྣམས་བཅད་པར་བསྟན། །ང་བདུན་ནམ་མཁའ་ཁད་མཉམ་བསྟན། །དེ་ཉིད་ལ་ཡང་དོན་བཞིས་བསྟན། །གཉིས་མེད་མཐའ་ལས་འདས་པ་དང་། །མཐར་ཕྱིན་ཡུལ་ལ་མི་གནས་དང་། །འགྲོལ་བའི་དབྱིངས་ཉིད་མཉམ་པ་དང་། །ཡང་དག་དོན་ལ་མཉམ་པར་བསྟན། །ང་བརྒྱད་དཔེ་ཡི་ངོ་སྤྲོད་བསྟན། །དེ་ཉིད་ལ་ཡང་དོན་གསུམ་སྟེ། །མཚན་མ་ཡུལ་གྱི་དཔེ་དང་ནི། །དག་པ་ཕྱོགས་མཚོན་དཔེར་བསྟན་དང་། །སྣང་བ་བརྡ་ཡི་དཔེ་རུ་བསྟན་པའོ། །ང་དགུ་སྤྲུལ་པ་མཛད་ལུགས་བསྟན། །དེས་རང་གི་སྤྲུལ་པ་བསྟན་པའོ། །དེ་ལ་རྣམ་དོན་གཉིས་ཀྱིས་བསྟན། །ཆོས་ཉིད་ངང་ལས་སྤྲུལ་པ་དང་། །གང་འདུལ་ཆས་སུ་ཞུགས་པ་བསྟན། །དྲུག་ཅུ་རྟོགས་པའི་ཚད་རྣམས་བསྟན། །དེ་ཉིད་ལ་ཡང་དོན་གསུམ་མོ། །སྣང་བ་ཉིད་ཀྱི་རྟོགས་ཚད་དང་། །འབྲས་བུའི་ལམ་གྱི་རྟོགས་ཚད་དང་། །མངོན་སྣང་ཡུལ་གྱི་རྟོགས་ཚད་དོ། །རེ་གཅིག་མ་རིག་སེམས་ཉིད་བསྟན། །དེ་ལ་ཡང་ནི་དོན་བཞིས་བསྟན། །འཛིན་པ་མ་རིག་རྩ་བར་བསྟན། །སྡུད་པས་སེམས་ཉིད་སྐྱབས་སུ་བསྟན། །འཁྲུལ་བྱེད་ཡིད་རྣམས་བསྟན་པ་དང་། །སྣར་ལྔར་ཡང་རྣམ་ལྔ་གྲོགས་སུ་བསྟན་པའོ། །རེ་གཉིས་རིག་པའི་ཡེ་ཤེས་བསྟན། །དེ་ཉིད་ལ་ཡང་དོན་བཞིས་གསུམ་ལས་མ་བྱུང་བསྟན། །རང་བྱུང་རྟོགས་པའི་རིག་པ་དང་། །ཤེས་རབ་མཚོན་པའི་རིག་པ་དང་། །མངོན་སྣང་ཡུལ་གྱི་ཡེ་ཤེས་སོ། །རེ་གསུམ་རང་བཞིན་གསལ་བར་བསྟན། །དེ་ཉིད་ལ་ནི་དོན་གསུམ་སྟེ། །དངོས་པོའི་རང་བཞིན་གསལ་བ་དང་། །སྐྱེ་མེད་རང་བཞིན་གསལ་བ་དང་། །ཀུན་ཁྱབ་རང་བཞིན་གསལ་བར་བསྟན། །རེ་བཞི་དབང་པོའི་བྱེ་བྲག་བསྟན། །དེ་ཉིད་ལ་ཡང་དོན་ལྔ་སྟེ། །རབ་ཏུ་དབྱེ་སྟེ་བསྟན་པ་དང་། །ཚིག་ཙམ་དག་ཏུ་བསྟན་པ་དང་། །དབང་པོ་ཤིན་ཏུ་རྣོ་བར་བསྟན། །རྟུལ་བ་དག་ཏུ་བསྟན་པ་དང་། །རབ་ཏུ་རྒྱས་པར་བསྟན་པའོ། །དེ་བཞིན་ཚིག་དོན་གསང་བ་རྣམས། །རབ་ཏུ་བཤད་ཅིང་མཚམས་སྦྱར་དང་། །


DNG003_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

མིང་དང་མཚན་མའི་དངོས་པོ་རྣམས། །རབ་ཏུ་བཤད་ཅིང་སྦྱར་བར་བྱ། །མཚན་མ་ཉིད་ལ་ལྟོས་གྱུར་ན། །ཡེ་ཤེས་སྣང་བ་འཆར་མི་འགྱུར། །ཡེ་ཤེས་སྣང་བ་ཆེན་པོ་ཉིད། །རབ་ཏུ་བཤད་ཅིང་བརྗོད་པར་བྱ། །དེ་ཡང་རབ་བསྟན་འདི་ལྟ་སྟེ། །མིང་དང་དངོས་པོ་འཛིན་པ་ཡིས། །ལམ་ལ་ལྟོས་ན་ཡེ་ཤེས་མེད། །སྣང་བ་མེད་པའི་ཆོས་ཉིད་ནི། །རབ་ཏུ་བཤད་ནས་མཚན་བརྗོད་བྱ། །ལེའུ་གསང་བ་འདི་ཉིད་ལས། །གབ་དང་སྦས་པའི་ཚིག་ཉིད་བསྟན། །ཡང་དག་ལམ་གྱི་ཚེག་ཉིད་བསྟན། །མཚན་མ་རྡོ་རྗེའི་རྒྱས་གདབ་ཕྱིར། །རབ་ཏུ་བཤད་པའི་རྒྱུད་ཆེན་འདི། །བཤད་ནས་རྡོ་རྗེའི་དོན་དུ་གསུངས། །དེ་ཉིད་ཡུལ་དང་སྤྲད་པའི་ཕྱིར། །དཔེ་དང་དོན་ལ་སོགས་པ་ཡིས། །གླེང་བསླང་དོན་ཉིད་བསྟན་པར་བཤད། །དེ་ཕྱིར་མཚན་དོན་རྒྱས་པར་བསྟན། །ཡང་དག་དོན་གྱི་དཀྱིལ་འཁོར་ཉིད། །རྒྱས་པར་བསྟན་ཅིང་བཀྲལ་བའི་ཕྱིར། །ལེའུ་འདི་ཉིད་གསུངས་པའོ། །ཞེས་རིག་པ་རང་གྲོལ་ཆེན་པོའི་རྒྱུད་ལས། ལེའུའི་དོན་བསྡུས་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་དགུ་པ་ལེའུའི་དོན་སྦྱར་བསྟན་པ་འཇམ་དཔལ་གཞོན་ནུར་གྱུར་པ་སྐྱེས་བུ་དམ་པ་དེས། འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་སྟོན་པ་ཡེ་ཤེས་སྐུ། །ལེའུའི་དོན་བསྡུས་དེ་ལྟར་ན། །བདག་ཅག་མོས་པའི་འཁོར་རྣམས་ལ། །ལེའུའི་དོན་སྦྱར་བསྟན་དུ་གསོལ། །ཞེས་ཞུས་སོ། །དེ་ནས་ཡང་བཀའ་སྩལ་པ། ཀྱེ་མ་གཞོན་ནུར་གྱུར་པ་ཁྱོད་ཉོན་ཅིག །ངས་བསྟན་ལེགས་པར་ཡིད་ལ་ཟུང་། །དགོངས་པ་རང་གནས་ཡེ་ཤེས་དོན། །ལེའུ་ཉིད་ལས་བཙལ་བར་བྱ། །ང་ཡིས་རྣམ་བཤད་ལེགས་པར་བསྟན། །ཁྱོད་ཀྱིས་མ་ཡེངས་གུས་པར་ཉོན། །ལེའུའི་མཚན་རྣམས་འདི་ལྟ་སྟེ། །རེ་ལྔ་རྗེས་སུ་ལུང་བསྟན་པ། །དེ་ཉིད་ལ་ཡང་དོན་གསུམ་སྟེ། །དཀྱིལ་འཁོར་ལྷ་ཡི་ལུང་བསྟན་དང་། །སྣང་བ་ཡུལ་གྱི་ལུང་བསྟན་དང་། །རིག་པ་སྟོང་པའི་ལུང་བསྟན་པའོ། །རེ་དྲུག་སྦུབས་ཀྱི་འཕོ་ཚུལ་བསྟན། །དེ་ཉིད་རྣམ་དོན་ལྔ་ཡིས་བསྟན། །སྣང་བ་ཡུལ་གྱི་འཕོ་ལུགས་


DNG003_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །རྟོགས་པ་ལམ་གྱི་འཕོ་ལུགས་དང་། །ཡེ་ཤེས་མིག་གི་འཕོ་ལུགས་དང་། །བག་ཆགས་སྣང་བའི་འཕོ་ལུགས་དང་། །སེམས་དང་ཡེ་ཤེས་འཕོ་ལུགས་སོ། །རེ་བདུན་རྫོགས་ཆེན་གཏན་ཚིགས་བསྟན། །དེ་ཉིད་ལ་ཡང་དོན་དྲུག་སྟེ། །གཉིས་མེད་རིག་པའི་གཏན་ཚིགས་དང་། །སྣང་བ་སེམས་ཀྱི་གཏན་ཚིགས་དང་། །རང་སྣང་ལམ་གྱི་གཏན་ཚིགས་དང་། །ཕྱིར་རྒོལ་སུན་འབྱིན་གཏན་ཚིགས་དང་། །སྟོང་པ་ཡེ་ཤེས་གཏན་ཚིགས་དང་། །རྣལ་འབྱོར་སྤྱོད་པའི་གཏན་ཚིགས་སོ། །རེ་བརྒྱད་རྒྱུད་ཀྱི་སྡོམ་བྱང་བསྟན། །དེ་ཉིད་རྣམ་དོན་བདུན་གྱིས་བསྟན། །རིག་པ་ཡེ་ཤེས་སྡོམ་བྱང་དང་། །རྣལ་འབྱོར་སྟོང་པའི་སྡོམ་བྱང་དང་། །རྒྱུད་ཀྱི་ལོ་རྒྱུས་སྡོམ་བྱང་དང་། །ཀུན་གཞི་སེམས་ཀྱི་སྡོམ་བྱང་དང་། །གཏན་ཚིགས་ལུང་གི་སྡོམ་བྱང་དང་། །བདེ་ཆེན་ཐུགས་རྗེའི་སྡོམ་བྱང་དང་། །སྟོང་པ་ཚིག་གི་སྡོམ་བྱང་ངོ་། །རེ་དགུ་ཕྱིར་རྒོལ་ཚིག་གིས་སུན་འབྱིན་བསྟན། །དེ་ཉིད་རྣམ་དོན་བཅུ་ཡིས་བསྟན། །ལོག་ལྟ་ཚར་གཅོད་སུན་འབྱིན་དང་། །རང་གི་གྲུབ་མཐའ་བསྐྱང་ཕྱིར་དང་། །རང་གི་ཆེ་བ་ཁྱད་འཕགས་དང་། །སྣང་བའི་སེམས་རྫོགས་སུན་འབྱིན་དང་། །སྣང་བའི་དྲག་པ་གྲགས་པའང་བྱུང་སུན་འབྱིན་དང་། །ཡེ་ཤེས་ལམ་ཉིད་སྐྱབས་པ་དང་། །རིག་པའི་ལམ་ལ་སུན་འབྱིན་དང་། །སྣང་བ་རྟོག་པ་སུན་འབྱིན་དང་། །སྟོང་པ་སྟོང་པའི་སུན་འབྱིན་དང་། །ལམ་གྱིས་ཡེ་ཤེས་སུན་འབྱིན་པའོ། །བདུན་ཅུ་ཤེས་རབ་ཡེ་ཤེས་དབྱེ་བ་བསྟན། །དེ་དོན་རྣམ་དོན་ཉི་ཤུ་སྟེ། །ཉེར་གཅིག་བྱུང་དྲག་པོའི་གྲགས་པའི་ཡང་བྱུང་ཤེས་རབ་ཁྱད་པར་དང་། །ལམ་སྟོན་སྟོང་པའི་ཤེས་རབ་དང་། །འཇུག་པ་ལམ་གྱི་ཤེས་རབ་དང་། །དེ་ཡི་མཚན་མའི་ཤེས་རབ་དང་། །རྟོགས་བྱེད་ཐབས་ཀྱི་ཤེས་རབ་དང་། །སྦྱོར་བ་ཡུམ་གྱི་ཤེས་རབ་དང་། །གསང་བ་ཡུལ་གྱི་ཤེས་རབ་དང་། །ཁྱད་པར་རྟགས་ཀྱི་ཤེས་རབ་དང་། །གོམས་པ་ཚད་ཀྱི་ཤེས་རབ་དང་། །སྣང་བ་སྐུ་ཡི་ཤེས་རབ་དང་། །རིག་པ་ལམ་གྱི་ཤེས་རབ་དང་། །ཤིན་ཏུ་མ་ཡེངས་ཤེས་རབ་དང་། །འཁོར་བ་འཁྲུལ་པའི་ཤེས་རབ་དང་། །ཚིག་མེད་སྟོང་པའི་


DNG003_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་དང་། །རྒྱལ་བ་རྟགས་ཀྱི་ཤེས་རབ་དང་། །མངོན་སྣང་ཡུལ་གྱི་ཤེས་རབ་དང་། །བསྒོམ་པ་འཛིན་པའི་ཤེས་རབ་དང་། །མཐའ་དབུས་མེད་པའི་ཤེས་རབ་དང་། །ལམ་བསྟན་འབྲས་བུའི་ཤེས་རབ་དང་། །གཏན་ཚིགས་སྟོང་པའི་ཤེས་རབ་དང་། །གཏན་ཚིགས་གཅིག་གི་ཤེས་རབ་བོ། །དོན་གཅིག་རྒྱལ་བའི་རང་རྟགས་བསྟན། །དེ་ཉིད་རྣམ་དོན་བཅུ་དགུ་བསྟན། །རྒྱལ་བ་མྱ་ངན་འདས་རྟགས་དང་། །ཡེ་ཤེས་རྟོགས་པའི་དྲོད་རྟགས་དང་། །སྣང་བ་མཐོང་བའི་རང་རྟགས་དང་། །ཡུལ་ལ་སྣང་བའི་མངོན་རྟགས་དང་། །ལམ་སྣ་ཟིན་པའི་མཚན་རྟགས་དང་། །བདེན་པ་མཐོང་བའི་དཔེ་རྟགས་དང་། །ཡང་དག་རྙེད་པའི་ཡུལ་རྟགས་དང་། །ཏིང་འཛིན་གོམས་པའི་སྟོབས་རྟགས་དང་། །འཇུག་པ་ཡུལ་གྱི་དུས་རྟགས་དང་། །རྣལ་འབྱོར་ལམ་གྱི་བསྒོམ་རྟགས་དང་། །མཚན་མ་མེད་པའི་སངས་རྟགས་དང་། །རྟགས་ལ་དཔེ་ཡི་རང་རྟགས་དང་། །མཐར་ཕྱིན་གྲོལ་བའི་དུས་རྟགས་དང་། །ཡུལ་དང་དབང་པོའི་བྱིང་རྟགས་དང་། །འདས་པའི་དུས་ཀྱི་མངོན་རྟགས་དང་། །རྗེས་འཇུག་དྲང་ཕྱིར་མངོན་རྟགས་དང་། །དོན་དམ་ཡུལ་གྱི་འབྲལ་རྟགས་དང་། །སེམས་ཉིད་དོན་གྱི་རང་རྟགས་དང་། །སྣང་བ་རྒྱས་འདེབས་རྟགས་སུ་བསྟན། །དོན་གཉིས་ཐབས་ཀྱི་འཇུག་སྒོ་བསྟན། །དེ་ཉིད་རྣམ་དོན་བཅུ་ཡིས་བསྟན། །གསང་སྔགས་ལམ་གྱི་ཐབས་བསྟན་དང་། །སྟོང་པ་སྙིང་པོའི་ཐབས་བསྟན་དང་། །རྟོགས་པ་ཚད་ཀྱི་ཐབས་བསྟན་དང་། །གསང་སྔགས་འབྲས་བུའི་ཐབས་བསྟན་དང་། །ཤེས་རབ་ཡུལ་གྱི་ཐབས་བསྟན་དང་། །ཡན་ལག་བཞི་ཡི་ཐབས་བསྟན་དང་། །དཀྱིལ་འཁོར་དབང་གི་ཐབས་བསྟན་དང་། །མཉམ་ཉིད་ལམ་གྱི་ཐབས་བསྟན་དང་། །རྟོག་མེད་ཡུལ་གྱི་ཐབས་བསྟན་དང་། །དག་པ་དོན་གྱི་ཐབས་བསྟན་པའོ། །དོན་གསུམ་ཕྲ་རགས་བསལ་བ་བསྟན། །དེ་ཉིད་ལ་ཡང་དོན་གསུམ་སྟེ། །མཚན་མ་དག་པའི་དྲི་མ་དང་། །འཛིན་པ་ཡུལ་གྱི་དྲི་མ་དང་། །ཤེས་བྱ་ནང་གི་དྲི་མའོ། །དོན་བཞི་སྐུ་གསུམ་དབྱེ་བ་བསྟན། །དེ་ཉིད་ལ་ཡང་དོན་གཉིས་ཏེ། །མཚན་མ་


DNG003_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

མིང་གི་སྐུ་གསུམ་དང་། །ཡང་དག་དོན་གྱི་སྐུ་གསུམ་མོ། །དོན་ལྔ་དབང་གི་སྡོམ་བྱང་བསྟན། །དེ་ལ་རྣམ་དོན་གསུམ་གྱིས་བསྟན། །གདམས་ངག་དོན་གྱིས་བསྟན་པ་དང་། །ཡང་དག་ཐོབ་ཕྱིར་བསྟན་པ་དང་། །རྫས་ལྔ་དག་གིས་བསྟན་པའོ། །དོན་དྲུག་རང་གྲོལ་དགོངས་པ་བསྟན། །དེ་ལ་རྣམ་དོན་བཅུ་ཡིས་བསྟན། །སྣང་བ་ཡུལ་ལ་གྲོལ་བ་དང་། །རང་སྣང་མཁའ་ལ་གྲོལ་བ་དང་། །ཏིང་འཛིན་སེམས་ལ་གྲོལ་བ་དང་། །འབྱུང་བ་རྐྱེན་གྱིས་གྲོལ་བ་དང་། །རང་དོན་ལམ་གྱིས་གྲོལ་བ་དང་། །སྣང་བ་དྲུག་གིས་གྲོལ་བ་དང་། །ལྟ་བ་ཉིད་ལས་གྲོལ་བ་དང་། །རྒྱུ་རྐྱེན་ཆོས་ལས་གྲོལ་བ་དང་། །རྟོག་འཛིན་མཐའ་ལས་གྲོལ་བ་དང་། །མཐའ་བཞི་ངང་ལས་གྲོལ་བར་བསྟན། །དོན་བདུན་ས་ལམ་བསྒྲུབ་མེད་བསྟན། །དེ་ཉིད་ལ་ནི་དོན་བཞིས་བསྟན། །སྦྱང་བའི་ཡུལ་དུ་མེད་པ་དང་། །དུ་མར་བགྲང་དུ་མེད་པ་དང་། །གནས་དང་འགྲོ་འོང་མེད་པ་དང་། །ས་ལམ་རིམ་པ་མེད་པའོ། །དོན་བརྒྱད་རྫོགས་ཆེན་རང་སྐད་བསྟན། །དེ་ལ་ཡང་ནི་དོན་གསུམ་སྟེ། །ལྟ་བ་དོན་གྱིས་སྨྲས་པ་དང་། །སྤྱོད་པ་དོན་གྱིས་སྨྲས་པ་དང་། །སྒོམ་པ་དོན་གྱིས་སྨྲས་པའོ། །དོན་དགུ་མི་གཡོ་མཉམ་གཞག་བསྟན། །དེ་ཉིད་ལ་ཡང་དོན་གསུམ་སྟེ། །རང་སྣང་ཉིད་ལས་མི་གཡོ་དང་། །རྣམ་གསུམ་དོན་ལས་མི་གཡོ་དང་། །སྒྲོན་མ་ཉིད་ལས་མི་གཡོའོ། །བརྒྱད་ཅུ་འཇམ་དཔལ་སྨྲ་བཞི་བསྟན། །དེ་ཉིད་ལ་ཡང་དོན་གསུམ་སྟེ། །ཐབས་ཀྱི་སྒོ་ནས་སྨྲ་བ་དང་། །ཤེས་རབ་ཉིད་ཀྱིས་སྨྲ་བ་དང་། །ཕ་རོལ་སྒྲོལ་ཕྱིར་སྨྲ་བའོ། །གྱ་གཅིག་གཤེགས་པ་རང་བྱུང་བསྟན། །དེ་ཉིད་ལ་ཡང་དོན་གཉིས་ཏེ། །རང་རང་ཚིག་གིས་སྨྲ་བ་དང་། །མཐུ་སྟོབས་སྒོ་ནས་སྨྲ་བའོ། །གྱ་གཉིས་སྙིང་པོ་ཕུལ་བ་བསྟན། །དེ་ཉིད་ལ་ཡང་དོན་གསུམ་སྟེ། །རང་གིས་ཞུས་ཏེ་ཕུལ་བ་དང་། །སྟོན་པས་བསྐུལ་ཏེ་ཕུལ་བ་དང་། །གསང་སྔགས་བྲིས་ཏེ་ཕུལ་བ་དང་། །གྱ་གསུམ་མཚན་མ་ཟིལ་གནོན་བསྟན། །དེ་ཉིད་རྣམ་དོན་བཅུ་གཅིག་གོ། །མཚན་མའི་ཡུལ་ལ་གནོན་པ་དང་། །གཞན་དོན་སེམས་ཀྱིས་གནོན་པ་དང་། །ཡུལ་དང་ཤེས་པ་གནོན་པ་དང་། །སྒྲོན་མ་ཉིད་ཀྱིས་གནོན་པ་དང་། །


DNG003_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་ལུས་ཀྱིས་གནོན་པ་དང་། །སྤྱོད་པ་རྒྱུན་གྱིས་གནོན་པ་དང་། །རང་དོན་རིག་པས་གནོན་པ་དང་། །ཡེ་ཤེས་ངོ་བོས་གནོན་པ་དང་། །ལམ་ཉིད་འབྲས་བུས་གནོན་པ་དང་། །གསང་སྔགས་དོན་གྱིས་གནོན་པ་དང་། །རིག་པ་སྟོབས་ཀྱིས་གནོན་པའོ། །གྱ་བཞི་དགོངས་པ་ལུང་བསྟན་ནོ། །དེ་ལ་རྣམ་དོན་གཉིས་ཀྱིས་བསྟན། །ཚིག་ལ་བརྟེན་ཏེ་ལུང་བསྟན་དང་། །རྒྱུ་མཚན་བརྟགས་ཏེ་ལུང་བསྟན་པའོ། །གྱ་ལྔ་རྒྱལ་བའི་རྟེན་བཞུགས་བསྟན། །དེ་ཉིད་རྣམ་དོན་དྲུག་གིས་བསྟན། །སྐུ་ཡི་ཚད་དུ་བསྟན་པ་དང་། །གསུང་གི་ཚད་དུ་བསྟན་པ་དང་། །ཐུགས་ཀྱི་ཚད་དུ་བསྟན་པ་དང་། །ཐམས་ཅད་འདུས་པར་བསྟན་པ་དང་། །མོས་པ་བསྐྱེད་ཕྱིར་བསྟན་པ་དང་། །ཡང་དག་ཉིད་དུ་བསྟན་པའོ། །གྱ་དྲུག་ཡོངས་སུ་གཏད་པ་བསྟན། །དེ་ཉིད་ལ་ཡང་དོན་བཞིས་བསྟན། །སྟོན་པས་གཏད་པ་ཉིད་དང་ནི། །དེ་ནས་ཞུ་བ་པོ་ཡིས་གཏད་པ་དང་། །སྡུད་པ་པོ་ཡིས་གཏད་པ་དང་། །དེ་ནས་ཡོངས་ལ་གཏད་པའོ། །དེ་བཞིན་ལེའུའི་མཚན་སྦྱོར་རྣམས། །རབ་ཏུ་མེད་ཅིང་སྤང་ཡངས་པའོ། །པའོ། །ལེའུ་གཉིས་ཀྱིས་མཚན་བསྟན་པ། །ལེགས་པར་བཀྲོལ་ཞིང་བཤད་པར་ཟད། །རབ་ཏུ་རྒྱས་པར་བསྟན་པའོ། །ཞེས་རིག་པ་རང་གྲོལ་ཆེན་པོའི་རྒྱུད་ལས། ལེ་ལག་དོན་བསྡུས་ཀྱི་ལེའུ་སྟེ་དགུ་པའོ།། །།དེ་ནས་ཡང་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ། ལེའུའི་དོན་དང་མཚན་བཤད་དེ་ལྟར་ལགས་ན། ཡོངས་སུ་བཟུང་བའི་ཐབས་གསུང་དུ་གསོལ། ཞེས་ཞུས་སོ། །དེ་ནས་ཡང་བཀའ་སྩལ་པ། ཀྱེ་རིགས་ཀྱི་བུ་རྣམས་ཉོན་ཅིག །ངས་ཐབས་དམ་པ་བསྟན་གྱིས་ལེགས་པར་ཉོན་ཅིག །ཡང་དག་པའི་ཡེ་ཤེས་ལ་འཕེལ་འགྲིབ་མེད་དོ། །ཡེ་ཤེས་ཀྱི་ལུས་ལ་ཡང་ཞིང་གཡོ་བ་མེད་དོ། །ཡེ་ཤེས་ཀྱི་སྣང་བ་ལ་གསལ་བ་དང་མི་གསལ་བ་མེད་དོ། །གསང་སྔགས་ཀྱི་ལམ་ལ་ཉེ་བ་དང་རིང་བ་མེད་དོ། །རང་གི་སྣང་བ་ལ་ཆེ་ཆུང་མེད་དོ། །སེམས་ཅན་གྱི་དབང་པོ་ལ་རྣོ་བརྟུལ་མེད་དོ། །དེ་ཅིའི་ཕྱིར་ཞེ་


DNG003_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

ན། སྣང་བ་ལ་བསྟན་དུ་ཡོད་པའི་ཕྱིར་ཐབས་ལ་ཆེ་ཆུང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། གདམས་ངག་བསྟན་པས་ཐམས་ཅད་གྲོལ་བའི་ཕྱིར་རོ། །སེམས་ཅན་གྱི་དབང་པོ་ལ་རྣོ་བརྟུལ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ངོ་སྤྲད་པས་ཆོག་པའི་ཕྱིར་རོ། །དེའི་ཕྱིར་ན། སངས་རྒྱས་ཀྱི་ལམ་ལ་མཁས་པར་གྱིས་ཤིག །སངས་རྒྱས་ཀྱི་བདེན་པ་ཉི་ཤུ་རྩ་གཅིག་ངོ་ཤེས་པར་གྱིས་ཤིག །འབྲས་བུ་སྨིན་པའི་ཚད་ཤེས་པར་གྱིས་ཤིག །ཀྱེ་མ་རིགས་ཀྱི་བུ་སངས་རྒྱས་ཀྱི་དགོངས་པ་ལ་བར་མཚམས་མེད། རང་གི་དེ་བཞིན་ཉིད་ལ་ཟད་ཅིང་སྟོངས་པ་མེད་དོ། །བལྟ་བ་རང་བྱུང་གི་ཡེ་ཤེས་ཉིད། གཟུང་འཛིན་གཉིས་ཀྱི་མཐའ་དང་བྲལ་བ་ཉིད་དོ། །དག་པ་ཡེ་ཤེས་ཀྱི་ཡུལ་ལ་ཡངས་དོག་གི་མཐའ་དང་བྲལ་བའོ། །དེ་ནས་རྒྱུད་དག་པར་བསྟན་པའོ། །བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩལ་པ། ཨེ་མ་ཧོ་རང་བྱུང་བདེ་བ་ཉིད། །ཕྱོགས་སུ་བལྟས་པས་གྲུབ་པ་མེད། །བདེ་བའི་ཡུལ་ལ་བདག་ཏུ་རྟོག་པ་མེད། །གསང་བའི་ཡེ་ཤེས་མཛོད་རྣམས་རབ་ཏུ་བསྟན། །ཡེ་ཤེས་ཀྱི་ནི་ཕྱོགས་འཛིན་སྤང་། །ལམ་རབ་བསམ་པ་མེད་པ་ཡི། །འདས་པའི་ལམ་ལ་ཐུག་པ་མེད། །རྒྱུད་ཀྱི་རྒྱལ་པོ་འདི་ཉིད་ལ། །བཤད་ལུགས་བསམ་གྱིས་མི་ཁྱབ་ཀྱང་། །མདོར་བསྡུས་བཤད་ཀྱིས་འདི་བསྟན་ནོ། །རྒྱུ་དང་ཡེ་ཤེས་མཚན་བཤད་བྱ། །གསང་སྔགས་ལམ་དང་ཡེ་ཤེས་ཉིད། །བཤད་པར་བྱ་བའི་རིམ་པར་གསུངས། །ཐ་དད་ཉིད་ལས་གྲོལ་བ་ཉིད། །ལམ་ཉིད་གསལ་བར་བྱ་བའི་ཕྱིར། །གཏན་ཚིགས་ལམ་ལ་རབ་ཏུ་བཤད། །ཡོངས་སུ་གཏད་པའི་ལེའུ་འདི། །བཤད་པ་ཐམས་ཅད་མིག་ཏུ་འགྱུར། །སྤང་བྱའི་ཡུལ་ལས་ཐར་བྱའི་ཕྱིར། །ཐེ་ཚོམ་སོམ་ཉི་སྤང་ཕྱིར་འདི་བཤད་དོ། །ཐེ་ཚོམ་དག་གིས་སེམས་ཅན་ལ། །འདི་བཤད་པ་ཡིས་རྟོག་པ་སེལ། །གསང་བ་སྔགས་ཀྱི་བཅུད་དག་ལ། །འདས་པའི་རྗེས་སུ་གནང་བའོ། །ཡོངས་སུ་གཏད་ཕྱིར་གསང་བ་བཤད། །གཏད་པ་ལ་ནི་རྣམ་གཉིས་ཏེ། །ཡོངས་སུ་གཏད་དང་རྗེས་སུ་གཏད། །རྣམ་པ་གཉིས་སུ་འདོད་པ་དེ། །དེ་ཉིད་ཡོངས་སུ་གཏད་པའི་ལེའུ་ལས། །བཤད་པའི་རིམ་པ་མདོར་བསྟན་བྱ། །
རྒྱལ་བ་རྟགས་དང་འདོད་པ་རྣམས། །རབ་ཏུ་བཤད་ཅིང་གཏད་པའི་ཕྱིར། །དེ་ཕྱིར་ཡོངས་སུ་བཤད་པ་བསྟན། །བཤད་ལུགས་བསམ་གྱིས་མི་ཁྱབ་པའོ། །འདི་ནི་གསང་བ་ཉིད་དུ་བསྟན། །གསང་སྔགས་དགོངས་པའི་མཐར་ཐུག་ནི། །ཚད་མ་འདི་ལས་ཤེས་པར་བྱ། །གཞུང་དོན་གཏན་ཚིགས་རྒྱས་པའི་ཕྱིར། །དེ་ཕྱིར་འདི་ཉིད་རྒྱས་པར་བསྟན། །རྒྱུད་འདི་ཉིད་ནི་བཤད་བྱས་པས། །ཐམས་ཅད་ཟིལ་གྱིས་གནོན་པར་འགྱུར། །བྱ་བ་བྱེད་པ་ཐམས་ཅད་ཀུན། །མཚན་མ་བཞི་ལས་གྲོལ་བར་འགྱུར། །ཞེས་རིག་པ་རང་གྲོལ་ཆེན་པོའི་རྒྱུད་ལས། ཡོངས་སུ་བཟུང་བར་གཏད་པའི་ལེའུ་སྟེ་བཅུ་པའོ།། །།རྒྱུད་ཆེན་པོའི་ལྡེ་མིག་ཏུ་བསྟན་པ། སྟོན་པ་སྟོབས་ལྡན་ཆེན་པོས། དུར་ཁྲོད་མེ་རི་འབར་བར། འཁོར་རྣམས་ཀྱི་རྟོག་པ་བསལ་བ། རྒྱུད་ཀྱི་ལྡེ་མིག་ཏུ་གསུངས་པའི་རྒྱུད། རིག་པ་རང་གྲོལ་ཆེན་པོ་རྒྱུད་ཅེས་བྱ་བ། རྫོགས་པ་ཆེན་པོའི་དོན་བསྟན་པ་རྫོགས་སོ། །། རྒྱ་རྒྱ་རྒྱ། སྔགས་ཀྱི་སྲུང་མས་སྲུངས་ཤིག །ས་མ་ཡཱ། རིག་པ་རང་གྲོལ་རྒྱུད་ལ་མ་བུ་བཞི།། །།

རིན་ཆེན་སྤུངས་པ་ཡོན་ཏན་ཆེན་པོ་སྟོན་པ་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ། རྒྱ་གར་གྱི་མཁན་པོ་བི་མ་ལ་མུ་དྲ།


DNG003_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། རཏྣ་ཀུ་ཊ་མ་ཧཱ་གུ་ཎོ་ཥྚ་ཏནྟྲ་རཱ་ཛ་ནཱ་མ། བོད་སྐད་དུ། རིན་ཆེན་སྤུངས་པ་ཡོན་ཏན་ཆེན་པོ་སྟོན་པ་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་མཉམ་པ་ཉིད་དུ་ཤེས་པ་ཀུན་གྱི་རྗེ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་བསྟན་པའི་དུས་གཅིག་ན། སྣང་བ་རྣམ་པར་དག་པ་སྣ་ཚོགས་ལེའུ་ལྔ་སྟོན། ཐུན་མོང་མ་ཡིན་པའི་གླེང་གཞི་ཚིག་དང་ཡི་གེ་པ་དང་ཡོན་ཏན་ཐམས་ཅད་ཀྱི་འབྱུང་ཁུངས། གཉིས་སུ་མེད་པ་རིན་པོ་ཆེའི་གཞི་གསལ་བ་ཚད་མེད་ཅིང་། གཞལ་དུ་མེད། དཔག་ཏུ་མེད། དམིགས་སུ་མེད། བལྟར་མེད་པའི་དཀྱིལ་འཁོར་ཆེན་པོ་རང་ཤར། མི་འགྱུར་བའི་ཡེ་ཤེས་ལྔའི་རོལ་པར་རང་ཤར་ནས། ཐེག་པ་སྤྱི་དང་རང་གི་ལྟ་བ་གཅིག་མ་ཡིན། ཐ་དད་མ་ཡིན། གནས་ཕུན་སུམ་ཚོགས་པ། མཉམ་པ་མ་ཡིན། མི་མཉམ་པ་མ་ཡིན། སོ་སོ་མ་ཡིན་གཅིག་ཏུ་མི་གནས་པའི་


DNG003_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་ཚད་མེད་པ་འདི་ནི། ཆོས་ཐམས་ཅད་ཀྱི་བྱུང་ཁུངས་སུ་ཡེ་ནས་གནས་པའོ། །དེ་སྐད་དུ་རང་གི་རང་དམས་པའི་ཚིག་ཏུ་རང་ཤར་རོ། །འདི་སྐད་བདག་གིས་ཐོས་པའི་དུས་དུས་གཅིག་ན། སྟོན་པ་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་རིན་པོ་ཆེ་འབར་བ་རྒྱན་སྤུངས་པ་ཞེས་བྱ་བ་ཉིད། བཀོད་པ་རྣམ་པར་བརྒྱན་པ་རིན་པོ་ཆེ་འོད་འབར་བ་ཞེས་བྱ་བའི་ནམ་མཁའ་གནས་ལ། སངས་རྒྱས་ཐམས་ཅད་ཀྱི་སྐུ་རྡོ་རྗེ་དང་། གསུང་རྡོ་རྗེ་དང་། ཐུགས་རྡོ་རྗེ་དང་། གནས་པ་ཆོས་ཀྱི་སྐུ་དང་། སྣང་བ་ལོངས་སྤྱོད་རྫོགས་པའི་སྐུ་དང་། ཤར་བ་སྤྲུལ་པའི་སྐུ་དང་། དེ་དག་གི་ཁྱད་པར་གྱིས་སྣང་བ་རྣམས་དང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་གཟུགས་འཛིན་པ་བསམ་གྱིས་མི་ཁྱབ་པ་ཐམས་ཅད་དང་། ཆོས་ཀུན་རོ་གཅིག་པ་ཡེ་ཤེས་ཆེན་པོའི་རོལ་པ་ལ་ཐབས་ཅིག་ཏུ་བཞུགས་སོ། །དེ་ནས་སངས་རྒྱས་ཐམས་ཅད་ཀྱི་ཆེ་བ་རང་བྱུང་གི་ཚིག་འདི་དག་བསྟན་པ་རྣམས་སུས་ཀྱང་བཤད་པ་མེད་པར་རང་བྱུང་ངོ་། །ཨེ་མ་ཧོ། ངོ་མཚར་འདི་ཀུན་ཡེ་ནས་ཆོས་ཉིད་ཀྱི་སྒྲ་རང་བྱུང་བའོ། །ཆེན་པོ་རྨད་ཀྱི་ཆོས། །བྱས་པ་མེད་པའི་ངང་བཟང་ནས། །སྐྱེ་མ་མྱོང་བའི་ཆོས་སྐུ་ཉིད་གཟུགས་ཀྱི་སྐུ། །ཐོབ་པ་མེད་པའི་སྐུར་སྣང་བ། རང་ལུས་ཀྱི། །མ་བསྒྲུབས་ཆོས་སྐུ་ཆེན་པོའི་སྐུ་ཐོབ་ནས། །ཐོས་མ་མྱོང་བའི་ཆོས་ཀྱི་གཏམ། །མ་བསྒྲགས་གྲགས་པའི་ཚུལ་གྱིས་ནི། །གཞི་ལས་གྲུབ་ཡེ་ནས་གླེང་བའི་དོན་རྣམས་ཀུན། །ཡུལ་འདི་ཡི་ཚུལ་དུ་རང་ཤར་ཏེ། །སྤྲོས་མེད་སྤྲོས་པའི་རྒྱུ་མེད་སྟོང་པ་དང་འཁོར་སྣང་བ་ཆེན་པོའི་གཞི་ལས་པས། །ཆོས་ཀུན་གང་དུ་ཡང་མ་གྲུབ་པར་མཉམ་པ་ཆེན་པོ་ནི། །ང་ཡིས་བཤད་ཀྱིས་ང་ལ་ཞི་བའི་སྐུ། རིག་པ་ཉོན། །འདུས་པ་གཙོ་འཁོར་དུ་མེད་པའི་ངང་ཉིད་ནས། །འབྲལ་བ་མེད་པའི་གཉིས་མེད་སེམས་སངས་པས། །མ་ཕྱིན་སྙིང་གནས་རང་སར་འདུག་པའི་གནས། །མི་སྣང་ཡེ་ཤེས་མེད་སྟོན་པ། །མི་འབྱེད་ཤེས་རབ་ཆེན་པོའི་འཁོར། །གཅིག་པས་ཐ་ཐམས་ཅད་མི་དད་པ་ལ། །གླེང་ངོ་བོ་ལ་བྲལ་བརྗོད་པ་མེད་པ་ཡི། །ཚིག་གི་རྒྱལ་པོ་འདི་དག་བསྟན་པ། ཡེ་ཤེས་གསུམ་དུ་ཀུན། །མིག་གི་མཐོང་བྱེད་མེད་པ་དབང་པོར་རང་


DNG003_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

གམ་ཡིས། །ལྷུན་གྲུབ་ཀྱིས་མ་བལྟས་མེད་པའི་ཡུལ་གཟིགས་ནས། །ལུས་མེད་ཀ་དག་གི་བསམ་བྲལ་ཐུགས་ལས་ནི། །རང་བྱུང་དུ་མ་གྲུབ་པ་ཡི་མགུར་ནས་དྲངས། །སྨྲ་མེད་མི་སྣང་ལྟོས་པ་མེད་ལྗགས་ལ་ཡང་། །སྤྲོས་མེད་ཤུགས་ཀྱིས་མི་འཛད་ཚུལ་དུ་བཀྲམ། །ཡེ་མེད་ཆོས་སྐུ་བཤད་ལུགས་བླ་མ་གསུངས་སོ། །རང་སྟོང་ཞལ་ནས་ནི། །འགྲོ་དང་འོང་མེད་དབུགས་ལས་བྱུང་། །ཕྱི་ནང་མ་བསྒྲིབས་དངོས་མེད་སྟོང་པ་བཅོ་བརྒྱད་ཚེམས་ལ་ཡང་། །བརྗོད་ཅིང་ཚིག་ཏུ་བཤད་པའི་རྟེན་མེད་པར། །མ་གསུངས་ཐོས་པའི་ཚུལ་རང་བཞིན་དུ་ཤར། །དུས་གསུམ་དུས་མེད་ཁྱད་པར་རྟོགས་པའམ་ལས། །བར་དང་མཚམས་མེད་རྟག་རྒྱུན་གྱིས། །གཞི་ཐོག་མ་བར་དང་མཐའ་འཁོར་བ་ལ་མེད་པར། །དུས་ཚོད་གྲངས་རྣམས་ཡེ་ཟད་པར་ཡེ་མེད་ཀྱི་བཞིན ། །མཉམ་པ་ཆེན་པོའི་བུཌྜྷའི་མཚན་ཉིད་སྒྲ་ལས་ནི། །ཡེངས་པ་ལྷུན་གྲུབ་མེད་པའི་སྣང་བ་ཡང་། །རྣམ་རྟོག་རང་ལ་ཆ་མེད་པར། །དུས་དེའི་དོན་རང་བཞིན་རྫོགས་པ་ཆེན་པོ་ཡི། །དོན་ཀུན་བློ་ཡི་དཀྱིལ་དུ་ཚུད། །ཕུན་སུམ་ཚོགས་པས་དུ་ཐག་ཆོད་པའི་དུས་མི་སྣང་ཡུལ་ཀུན་རྟོག་པ་རྟོགས་པ་ཤར་བའི་ངས་སྟོང་པར་ཡང་། །ཡེ་ནས་མ་བཅད་རང་ས་ཉིད་དུ་ཆོད། །འཁྲུལ་མ་མྱོང་བས་མ་རིག་རྩད། །མ་བརྟགས་ཡེ་ནས་ཆོད་ནས་དང་པོ་ནས་འདུག །གོང་དུ་འདི་ཀུན་སུས་མ་ཚོར། །རགས་པའི་འབྱུང་བ་བཞི་ཀུན་ཡང་། །ཐོག་མ་ཉིད་ནས་འོད་དུ་རང་དེངས་པར། །འགྲོ་བའི་གནས་མེད་རང་སངས་རང་མལ་དུ་པས། །རང་ལུས་ཡེ་ནས་སྟོང་པ་ཡིས་མེད་པར་ནི། །སྔ་ཕྱི་མེད་པར་འདིར་ཡང་རིག །འདི་ཀུན་དུས་མེད་དངོས་མེད་ལ་ངེས་པར་རྟོགས་པའི་རིག་དབྱིངས་དང་སྟོང་པ་བཅོ་བརྒྱད་ཡེ་དུས་པས། །གཅིག་དང་གཉིས་དང་དྲུག་གསུམ་གྱིས། །སྣང་མེད་སྣང་དང་སྣང་ཕྱེད་སྣང་། །མི་སྣང་མཛད་པའི་སྒྲ་རང་སངས། །ས་འཛིན་ས་ལ་གནས་པར་ནི། །ཡེ་ནས་འདུག་པ་སུས་མ་ཚོར། །བགྲོད་དུ་ཡེ་ནས་མེད་པ་ཡི། །ལམ་འདི་ཡེ་ནས་རང་ཉེ་བར། །འདི་ནི་རང་ལ་ཡེ་འདུག་པས། །སྔར་མ་མཐོང་སྟེ་རང་རིག་རྟུལ། །མི་གནས་བསམ་འདས་དགོངས་པ་ནི། །བསྒོམ་པ་མེད་པར་ཡེ་འདུག་པས། །འདི་ཡང་


DNG003_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

གང་གིས་སྔར་མ་རིག །ཆགས་དང་འཛིན་པའི་ཞེན་ཡུལ་ནི། །དང་པོ་ཉིད་ནས་ཆོས་ཉིད་ལས། །འདི་ཀུན་རང་གི་རང་སྣང་བར། །ཡེ་ནས་སྣང་བ་སྔར་མ་རིག །བདག་རྟོག་བཅིངས་པ་ཉོན་མོངས་ལྔ། །ཡེ་ནས་རིག་པ་རང་ཤར་བས། །ལྷན་ཅིག་གནས་པ་ཞལ་མ་འཚོ། །ས་ཆུ་མེ་རླུང་འབྱུང་བ་བཞི། །ཡེ་ནས་རང་གི་ལུས་ཡིན་པར། །སུས་མ་མཐོང་བའི་མིག་དེ་བརྟུལ། །ཡང་གསང་བསྡུས་པའི་མན་ངག་བཅུད། །བར་མཚམས་མེད་པར་རང་གྲགས་པ། །གང་གིས་འདི་ཉིད་མ་ཐོས་པར། །རྣ་བའི་དབང་པོ་མེད་དམ་ཅི། །རང་གནས་དབྱིངས་དང་རིག་པའི་དྲི། །བྲལ་བའི་སྐབས་མེད་རང་འཁོར་བ། །ཚོར་མ་མྱོང་བ་སྣ་འགགས་སམ། །བཅུད་གསུམ་མན་ངག་གཅིག་དྲིལ་རོ། །ཡེ་ནས་ལུས་སེམས་བཅུད་ཡིན་པས། །འདི་ཉིད་མ་མྱོང་ལྕེ་ཆད་དམ། །སྣང་བ་རང་འོད་ཁ་དོག་རྒྱན། །རང་གི་ལུས་དང་འབྲལ་མེད་པར། །ལུས་དང་གྲིབ་མ་བཞིན་དུ་ནི། །ཉིན་དང་མཚན་མོ་མེད་འདུག་པ། །སུས་ཀྱང་མ་རེག་ལུས་བེམ་མམ། །སྡུག་བསྔལ་ཕྱག་འདེད་བདེ་བའི་ཆོས། །བརྗོད་པ་མེད་པར་རང་གནས་པ། །སུས་མ་ཤེས་པ་བློ་རེ་བརྟུལ། །འཁོར་བའི་བག་ཆགས་ཡང་བརྩེགས་པ། །ཡེ་ནས་ཆོས་ཀྱི་སྐུར་འདུག་པས། །གང་གིས་མ་མཐོང་སྙིང་རྗེའི་གནས། །དབང་པོ་བདག་རྟོག་ཡུལ་ཤར་ནས། །དྲན་བསམ་འགྱུ་བ་སྣ་ཚོགས་རྣམས། །ཡེ་ནས་ལོངས་སྐུ་རང་ཤར་བས། །འདི་ཀུན་མ་དྲན་བརྗེད་རེ་ངས། །བྱ་བྱེད་ཐ་དད་རྩོལ་བསྒྲུབ་དང་། །སྐྱེ་བོ་འདུས་པའི་ཅ་ཅོ་ཀུན། །ཡེ་ནས་སྤྲུལ་པའི་སྐུ་ཡིན་པས། །སུས་མ་ཤེས་པ་ངོ་རེ་བརྟུལ། །ཅི་ལྟར་བསམ་དང་དྲན་འགྱུས་པ། །ཆུ་ཡི་རྒྱུན་བཞིན་བར་མེད་པར། །རྟག་ཏུ་རང་གི་ཡིད་འཕྲོག་པར། །རྩོལ་མེད་རང་བཞག་བསྒོམ་པར་ནི། །ཉམས་སུ་མ་ཚུད་སེམས་རེ་ཡེངས། །སྣོད་བཅུད་ཡོད་ཐོས་སྣང་བ་འདི། །བརྟགས་པས་རང་བཞིན་མེད་པ་ཡང་། །གྲོང་ཁྱེར་རྒྱུན་གཅོད་ལྟ་བ་ནི། །ཡེ་ནས་འདུག་པ་མ་མཐོང་བར། །དབང་པོ་རྣམས་ཀྱི་སྒོ་འགགས་སམ། །འདི་ཀུན་མ་ཕྱེད་འབྱེད་མེད་པར། །མི་སྣང་མེད་པའི་ཡུལ་ཉིད་དུ། །


DNG003_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལུས་ཡོད་པའི་འཁོར་རྣམས་ལ། །མ་བཤད་གསུངས་པ་མེད་པ་ཡི། །ཚིག་གི་རྒྱལ་པོ་རྣམས་སུ་ནི། །མི་སྣང་གཅིག་པའི་འཁོར་རྣམས་ཀྱིས། །སུ་ལ་ཞུས་པ་མེད་པར་ནི། །རྣ་བའི་དབང་པོས་མ་ཉན་པར། །མ་གླེངས་བསྒྲགས་པའི་ཚུལ་དུ་སྣང་། །མ་གཏད་རང་སོར་བཞག་པ་ཡི། །སེམས་ཀྱིས་འདི་ཡི་ཚིག་ཀུན་ཀྱང་། །སུས་ཀྱང་བསླབ་པ་མེད་པར་ནི། །སོ་སོའི་བློ་ལ་གོ་བར་སྣང་། །འདི་ཉིད་རང་གི་བློར་གོ་བས། །མི་སྣང་རྟོག་པ་མེད་པ་ཡིས། །སྣང་བ་ཐམས་ཅད་རང་དག་ནས། །ཐམས་ཅད་ཟང་མ་ཐལ་བྱུང་དུ། །སྟོང་གསལ་ཆེན་པོའི་རིགས་སུ་འགྱུར། །ས་ཆུ་མེ་རླུང་འབྱུང་བ་བཞི། །སོ་སོའི་ནུས་པ་མི་སྣང་བར། །ན་བུན་བཞིན་དུ་མཁའ་ལ་དེངས། །འཁྲུལ་པའི་ཞེན་པ་སྣ་ཚོགས་ནི། །ཅི་ལྟར་བསམ་ཀྱང་སྐྱེ་མེད་པར། །གཟུང་འཛིན་ཆ་རྣམས་རང་འགགས་ནས། །གང་མི་སྣང་སྟེ་རང་ཟད་ནས། །གསལ་བྱེད་རང་གི་ཉམས་མྱངས་པས། །ལུས་ཅན་ཀུན་ཀྱང་དེ་བཞིན་སོང་། །ལུས་མེད་རྣམས་ནི་སྨོས་ཅི་དགོས། །སུས་ཀྱང་གླེང་བ་མེད་པ་ཡི། །ངོ་མཚར་ཚིག་ནི་འདི་ཀུན་གྱིས། །སྟོན་པ་འཁོར་དང་སྡུད་པ་ཀུན། །རང་བཞིན་གྱིས་ནི་དལ་བ་ཐོབ། །དེ་སྐད་སུས་ཀྱང་མ་གསུངས་པའི་རང་ཤར་བའི་ཚིག་ཏུ་རང་བྱུང་བས། སྟོན་པ་ཀུན་ཏུ་བཟང་པོ་དང་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་འཁོར་ལོ་ལ་སོགས་ཏེ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་འཁོར་དང་བཅས་པ་རང་བྱུང་གི་ཡེ་ཤེས་དང་ལྡན་པར་གྱུར་ནས། རང་རྟོག་གི་ཞེན་པ་རྣམས་ལས་གྲོལ་ལོ། །ཞེས་རིན་ཆེན་སྤུངས་པ་ཆེན་པོའི་རྒྱུད་ཀྱི་རྒྱལ་པོ་ལས། རང་བྱུང་གི་ཡེ་ཤེས་རང་གིས་རང་རྙེད་པ་ཞེས་བྱ་བ་སྟེ། གླེང་གཞི་རང་གྲགས་ཀྱི་ལེའུ་སྟེ་དང་པོའོ།། །།དེ་ནས་སྟོན་པ་ཀུན་ཏུ་བཟང་པོ་རིན་པོ་ཆེ་སྤུངས་པའི་རྒྱན་ཞེས་བྱ་བ་དེས། འཁོར་དེ་དག་ལ་བོས་ནས་འདི་སྐད་དུ་ཚིག་གི་དོན་རྣམས་རྣམ་པར་བསྐུལ་ལོ། །ཀྱེ་མ་ཕྱོགས་བཅུའི་འཇིག་རྟེན་སྟེང་དང་འོག་གི་ཡང་། །ཁམས་གསུམ་ནས་ནི་སུས་ཀྱང་མ་གསུངས་པའི། །


DNG003_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བ་ངོ་མཚར་ཆེན་པོ་རྨད་ཀྱི་ཆོས། །འདི་ལྟར་བདག་སོགས་རྣམས་ཀྱི་བློ་གཏིང་ཡིད་ཆེས་བྱ། །འདི་དོན་སངས་རྒྱས་སྟོང་གིས་བྱིན་བརླབས་པས། །འཁོར་བའི་བག་ཆགས་རྣམས་ནི་གཏན་ནས་སྦྱངས། །གསང་ཆེན་ངེས་པའི་ཚིག་འདི་སུས་ཐོབ་པ། །བླ་མེད་མཆོག་རྣམས་འདི་ཡིས་དང་དུ་ལོངས། །དེ་ཕྱིར་ངེས་པའི་སྙིང་པོ་འདིར་འཇུག་བྱ། །ཞེས་གསུངས་པས། འཁོར་དེ་དག་གི་ནང་ནས། སངས་རྒྱས་ཐམས་ཅད་ཀྱི་གསུང་རྡོ་རྗེ་ཞེས་བྱ་བས་འདི་སྐད་ཅེས་གསོལ་སུས་ཀྱང་མ་གསུངས་པའི་ཚིག་དེ་དག་གང་ནས་བྱུང་སྙམ་པའི་ཐེ་ཚོམ་སྐྱེས་ཏེ་དྲིས་པ་ཏོ། །ཀྱེ་ཀྱེ་རིན་ཆེན་སྤུངས་པ་ཡི། །སྟོན་པ་ཀུན་ཏུ་བཟང་པོ་ཉིད། །སྔར་ཡང་སྟོན་པས་མ་གསུངས་པའི། །ཚིག་གི་རྒྱལ་པོ་དེ་དག་ཀུན། །སྟོན་པ་གང་གིས་གསུངས་པ་ལགས། །དེ་ཡི་འཁོར་ནི་སུ་ཞིག་ཡིན། །གནས་ནི་གང་ན་ཚིག་དེ་གསུང་། །འདི་ཀུན་བདག་གིས་མ་རིག་ན། །སྟོན་པ་ཉིད་ཀྱི་ཐུགས་རྗེ་ཡིས། །ཐུགས་ཀྱི་དཀྱིལ་ནས་བཅུད་ཕྱུང་ལ། །བདག་ལ་འདི་ཀུན་གསུང་བར་ཞུ། །དེ་ནས་སྟོན་པའི་གསུང་གིས་ཡང་། །རྡོ་རྗེ་འཆང་ཆེན་ཁྱོད་ཉོན་ཅིག །ངས་བསྟན་པ་ལ་ནོར་བ་མེད། །མ་འཁྲུལ་ནོར་མེད་སེམས་ཀྱིས་ཀྱང་། །ཁྱོད་ཀྱིས་འདི་ཀུན་བློ་ལ་ཞོག །གསང་མཆོག་ངེས་པའི་ཚིག་འདི་ཀུན། །སྟོན་པ་སུས་ཀྱང་གསུངས་པ་མེད། །རང་བྱུང་ཆེན་པོའི་ནམ་མཁའ་ལ། །ཡེ་ནས་རང་རྩལ་རིག་པ་མ་འགགས་ཕྱིར་གཡོ་བ་ལས་པས། །སྤྲོས་མེད་ཡེ་ནས་ཆོས་ཉིད་རང་སྒྲ་ནི། །མ་བསྟན་ཐོག་མ་ནས་རང་བྱུང་ཆེན་པོ་ཡང་། །འདི་ཀུན་ཆོས་ཉིད་ཀྱི་རང་སྒྲ་ཡིན་ཏེ། སེམས་ཅན་ཐམས་ཅད་དག་པའི་ནང་ནས་འཆར། རྒྱུན་དུ་ཚིག་འདི་ཀུན་གྲགས་པ་ཡིན། དེ་ལས་ཅི་སྙམ་སྐྱེ་བའི་དུས་སུ། འདི་ཀུན་ཡི་གེའི་ཁོངས་ནས་འབྱུང་བ་ཡིན་ནོ། །ཐོག་མ་ཉིད་ལས་རང་གྲགས་པར། །རྒྱུན་མ་ཆད་པའི་ཆོས་ཀུན་གྱིས། །རང་གི་སྒྲར་ནི་ཡེ་ནས་གྲགས། །དེ་ཕྱིར་རང་བྱུང་ཆེན་པོ་ཞེས། །ཚིག་གིས་མཚོན་པ་རྒྱུད་ཀུན་ཀུན་ཏུ་འབྱུང་། །དེ་ཕྱིར་རང་བྱུང་ཡེ་ཤེས་ཞེས་བྱ་བ། །རང་གི་རང་བྱུང་རང་ཤར་བ། །ཆོས་ཉིད་སྟོང་ཡེ་ནས་པའི་རང་སྒྲར་ནི། །ཡེ་ནས་ཆོས་ཀྱི་རྟག་ཏུ་འཁོར་


DNG003_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་བསྐོར། །རང་བྱུང་ཆེན་པོའི་ཚིག་ཏུའོ། །དེ་ལ་འཁོར་དུ་སྣང་བ་མེད། །སྣང་བྱེད་འཛིན་པའི་ཆ་དག་ལས། །ཕྱི་ཡི་ཡུལ་རྣམས་འཁོར་ལྟར་སྣང་། །ལས་དང་སེམས་གཉིས་འདུས་པ་ཡི། །འབྱུང་བ་འདུས་པའི་གཟུགས་མེད་པས། །འཁོར་དུ་སྣང་བ་ཙམ་དུ་མེད། །རིག་དང་ཡེ་ཤེས་ཁྱད་པར་ལས། །དག་པ་རང་ངོ་མཚོན་པ་ཡིས། །སྣང་བ་རགས་པའི་ཕུང་པོ་ནི། །སྣང་བྱེད་འཛིན་པའི་འཁོར་གྱི་ཚུལ། །འདི་ནི་རྣལ་འབྱོར་གསང་བའི་མཆོག །འདི་ཡི་གནས་ནི་འདི་ཞེས་བྱ། །མིང་དུ་གྲགས་པའི་མཚན་བཅས་ཡུལ། །རྣམ་པ་གང་དུ་མི་སྣང་བས། །མེད་པའི་སྟོང་པ་ཆོས་འབྱུང་ལས། །གསང་བ་ཆེན་པོའི་ངང་དབྱིངས་སུ། །ཡེ་ཉིད་ནས་ནི་གནས་པས་ན། །མ་བཟུང་གནས་ཀྱི་ཚུལ་ཅན་དུ། །རོལ་པ་ཆེན་པོར་ཐོག་མར་བྱུང་། །འདི་ལ་སུས་ཀྱང་གནས་པ་མེད། །གང་གིས་གནས་སུ་བྱས་པ་མེད། །འདི་ལ་ཕུན་སུམ་ཚོགས་པ་མེད། །འདུག་ཅིང་འོང་བ་ཉིད་དང་བྲལ། །དེ་བཞིན་ཡེ་སྟོང་ཆེན་པོར་གནས། །མེད་པ་ལས་ནི་དབྱིངས་ཀྱི་ཚུལ། །འདི་ལ་ཕྱི་དང་ནང་ཡང་མེད། །སྟེང་དང་འོག་ཏུ་བལྟ་བ་མེད། །ཕྱོགས་དང་མཚམས་སུ་སུས་ཀྱང་ཡང་། །འདི་ལ་བཟུང་བ་ཅུང་ཟད་མེད། །ལེན་མེད་དོན་འདི་སུས་རིག་པ། །ཀུན་བཟང་ང་བས་སྔར་སངས་རྒྱས། །ཡེ་ཐོག་དང་པོའི་སངས་རྒྱས་ཀྱི། །མི་གནས་ཡེ་ཤེས་ཆེན་པོའི་གནས། །སྔོན་ཐོག་ཉིད་ཀྱི་གཞི་རུ་ཡང་། །མ་བཞག་ཡེ་ནས་གནས་པའི་ཚུལ། །འདི་ལ་གནས་སུ་འཛིན་པའི་མི། །སངས་རྒྱས་ཀུན་གྱི་གསང་བའི་གནས། །འདི་ཡིས་སྙིང་པོ་བྱང་ཆུབ་བར། །འཛིན་པ་ཉིད་དུ་འགྱུར་བ་ཡིན། །ཞེས་གསུངས་པས། ངོ་མཚར་ཆེན་པོའི་སྤྲུལ་པ་རྣམས་རང་སྤྲུལ་ཏེ་ཐམས་ཅད་སྣང་བར་བྱས་སོ། །དེ་ནས་གསུང་གི་རྡོ་རྗེས། བཅོམ་ལྡན་རིན་ཆེན་སྤུངས་པའི་རྒྱན་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་ཞུས་སོ། །ཀྱེ་སྟོན་པ་ཆེན་པོ་ལགས། ངོ་མཚར་བ་ཞེས་བྱ་བའི་ཚིག་དེ་ཅི་ལྟ་བུ་ལགས། འདི་བདག་ལ་བསྟན་དུ་གསོལ། ཞེས་ཞུས་སོ། །དེ་ནས་སྟོན་པ་ཀུན་ཏུ་བཟང་པོ་རིན་ཆེན་སྤུངས་པའི་


DNG003_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་གྱིས་ཆོས་ཐམས་ཅད་ཡོན་ཏན་གྱི་འཆར་ཚུལ་ཅིར་ཡང་མ་འགགས་པར་གཟིགས་པས། རང་ལ་རང་ངོ་མཚར་ཏེ། རང་གིས་གད་མོ་ཆེན་པོའི་རྣམ་པ་ཉིད་ཀྱིས་ཉིད་ལ་རང་དགོད་པའི་འོད་དག་ལྗགས་ཀྱི་དབང་པོ་ལས་རང་ཤར་རོ། །ཀྱེ་སངས་རྒྱས་ཐམས་ཅད་ངོ་མཚར་གྱི་གད་མོ་བཅུ་གཉིས་ཀྱི་གསུང་གི་རྡོ་རྗེ་སྙིང་པོ། ལྟ་བ་རང་བྱུང་གི་ཡེ་ཤེས་ལ་ལྟོས་དང་། དགེ་སྡིག་དང་ལྟ་སྒོམ་ལས་འདས་པ་ངོ་མཚར། གཞི་མ་བསྐྱོད་པས་ལུས་ངག་གི་བྱ་བ་ཅི་བྱས་ཀྱང་ཕན་གནོད་དང་བྲལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་དངོས་པོ་གཤིས་ཀྱི་གནས་ཚུལ་ལ་ལྟོས་དང་། སྣང་བ་འདི་སྤུ་མ་བརྗེས་མདོག་མ་བསྒྱུར་བ་ངོ་མཚར། བདེ་སྡུག་ཅི་ལྟར་བསམས་ཀྱང་དོན་ལ་འགྱུར་བ་མེད་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྟོང་པ་ཆེན་པོ་ཀུན་འབྱུང་གི་ཡེ་ཤེས་ཉིད་ལ་ཕར་ལྟོས་དང་། དྲན་བསམ་གྱི་སྤྱོད་པ་སྣ་ཚོགས་ཅི་བྱས་ཀྱང་རོལ་པར་རང་ཤར་ཏེ་ངོ་མཚར། ཅི་ལྟར་བྱས་ཀྱང་སྐྱེ་མེད་ཀྱི་ཀློང་དུ་འགག་མེད་གྲོལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་ཉིད་ཀྱང་ཉོན་དང་། ཆོས་ཉིད་སྟོང་པ་ཀུན་ཁྱབ་ཀྱི་ཡེ་ཤེས་ལ་ལྟོས་དང་། སྐྱེ་བ་མེད་པ་དང་ཡེ་ནས་ལྷན་ཅིག་ཏུ་གནས་པ་ངོ་མཚར། སྐྱེས་བུས་མཚོན་རྣོན་པོ་ཐོགས་ནས་འགྲོ་བ་རྣམས་དུས་གཅིག་ལ་བསྒྲལ་ཀྱང་། གང་ཟག་དེའི་རྒྱུད་ལ་ཕན་གནོད་དང་བྲལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་རང་གི་ཤེས་པ་སྟོང་པ་ཀུན་སྣང་གི་ཡེ་ཤེས་ལ་ལྟོས་དང་། གང་ལྟར་སྣང་བ་ཐམས་ཅད་རང་གི་གྲོགས་སུ་ཤར་བ་ངོ་མཚར། ཅི་ལྟར་སྣང་ཡང་རང་བཞིན་ལས་མ་གཡོས་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་རིག་པ་སྟོང་པ་ཀུན་གྲོལ་གྱི་སྣང་བ་ལ་ལྟོས་དང་། རང་གི་གཉེན་པོར་རང་ཆེ་བ་ངོ་མཚར། ཉོན་མོངས་པ་རྣམས་རང་གིས་རང་གྲོལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་རིག་པ་སྟོང་པ་ཀུན་དག་གི་ངོ་བོ་ལ་ལྟོས་དང་། འབད་རྩོལ་མེད་པར་འབྲས་བུ་རང་ལ་རྙེད་པ་ངོ་མཚར། གཅིག་ཟིན་པས་འཁོར་འདས་ཐམས་ཅད་གཉིས་མེད་དུ་དག་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་ངོ་བོ་སྟོང་པ་ཆེན་པོ་ཀུན་བཞག་གི་ཚད་ལ་ལྟོས་དང་། འགྲོ་དྲུག་སྐུ་གསུམ་དུ་སྣང་བ་ངོ་མཚར། འགྲོ་བ་རྣམས་ཀྱིས་བསྒོམ་པ་རྡུལ་ཙམ་


DNG003_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཆ་ཡང་མ་བྱས་པར་དུས་གཅིག་ལ་སངས་རྒྱས་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྐུ་གསུམ་སྟོང་པ་ཆེན་པོ་ཡེ་རྫོགས་ཀྱི་འབྲས་བུ་ལ་ལྟོས་དང་། དུས་གསུམ་འདུ་འབྲལ་མེད་པའི་ཆོས་ཉིད་ངོ་མཚར། ཕ་རོལ་ཏུ་ཕྱིན་པ་དྲུག་མ་སྤྱད་པར་ཚོགས་རྣམས་དུས་གཅིག་ལ་རྫོགས་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་རིག་པ་ཅེར་བཞག་སྟོང་པ་ཆེན་པོ་ཀུན་མཉམ་གྱི་ཡེ་ཤེས་ལ་ལྟོས་དང་། བྱ་བྱེད་ཐམས་ཅད་རྒྱན་དུ་ཤར་བ་ངོ་མཚར། སྤང་ལེན་ཐམས་ཅད་ལྟ་བར་ལྟ་བས་གྲོལ་བ་ཡང་བྱུང་གྲོལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྟོང་པའི་སྟོང་པ་ཡི་སྟོང་ཆེན་པོ་ལ་ལྟོས་དང་། སངས་རྒྱས་ཐམས་ཅད་གཡང་སར་འདུག་པ་ངོ་མཚར། བྱ་བྱེད་བསྒོམས་པས་ལྟུང་བར་འགྱུར་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་མི་སྟོང་པའི་སྟོང་པ་དངོས་ཅན་ལ་ལྟོས་དང་། མེད་པ་ལ་བདག་ཏུ་འཛིན་པའི་ཐེག་པ་ངོ་མཚར། སྐྱེས་པས་སྐྱེ་མེད་ཐོབ་པ་ཧ་ཧ། ཞེས་གསུངས་པས། གསུང་གི་རྡོ་རྗེ་ལ་སོགས་པའི་འཁོར་དེ་དག་རྣམས་ངོ་མཚར་ཆེན་པོའི་ཚིག་གིས་རབ་ཏུ་ཚིམས་ནས། སྣང་བ་ཐམས་ཅད་ངོ་མཚར་ཆེན་པོར་ཤར་ནས། རང་སྣང་རང་གྲོལ་རང་ཐོབ་ནས། སྐུ་རྡོ་རྗེ་དང་གཉིས་སུ་མེད་པར་གྱུར་ཏོ། །སྟོན་པ་ཉིད་ཀྱིས་མ་གསུངས་པའི་གད་མོ་ཆེན་པོ་རང་ལ་བགད་པས། རང་ལ་རང་ངོ་མཚར་སྐྱེས་སོ། །ཞེས་རིན་པོ་ཆེ་སྤུངས་པའི་རྒྱན་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་ལས་ངོ་མཚར་མཆོག་གི་ལེའུ་སྟེ་གཉིས་པའོ།། །།དེ་ནས་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་སྟོན་པ་ཀུན་ཏུ་བཟང་། །གཞི་ཞེས་འཆར་ཚུལ་ཇི་ལྟ་བུ། །ཡོན་ཏན་འཆར་ཚུལ་ཇི་ལྟ་བུ། །ཡོན་ཏན་འཆར་སྒོ་གང་ཙམ་ལགས། །སྟོང་པ་ཉིད་ལ་ཇི་ལྟ་བུའི། །ཡོན་ཏན་རྫོགས་ཚུལ་བདག་ལ་གསུངས། །དེ་ནས་ཉིད་ཀྱིས་བཀའ་སྩལ་པ། །སྐྱེ་བ་མེད་པའི་ཆོ་འཕྲུལ་ལས། །སངས་རྒྱས་རྣམས་ཀྱི་མཛད་པ་རུ། །ཡེ་ནས་འབྱེད་པ་མེད་པར་ནི། །མ་འགགས་འགག་པ་མེད་པར་ཡང་། །སྣང་བ་ཉིད་ནི་ཡེ་དག་པར། །རང་གི་ངོ་ལ་གནས་པ་སྟེ། །མི་མཇེད་ཐུགས་རྗེ་ཆེན་པོ་ལས། །ལྷུན་


DNG003_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་དག་གདགས་པ་ཀྱང་ལ་མ་ངེས་པར། །འཆར་བྱེད་བརྒྱད་ཀྱི་ཚུལ་དུ་བྱུང་། །དེ་ནི་སྣང་ཚུལ་མ་འགགས་པས། །ཐུགས་རྗེ་ལྟ་བུའི་འཆར་ཚུལ་ལས། །སེམས་ཅན་ཀུན་གྱི་སྐྱོབ་པའི་གནས། །སྣང་བ་རང་གསལ་འགག་མེད་པས། །འོད་ལྔའི་གསལ་བྱེད་ཚུལ་དུ་སྣང་། །མཁྱེན་པའི་སྣང་ཆ་མ་འགགས་པས། །ཡེ་ཤེས་དག་པའི་སྒོ་ཉིད་དུ། །སྣང་བ་འགག་མེད་ལམ་ལྟར་ཤར། །རང་སྣང་ལུས་ཀུན་མཐའ་རྫོགས་ཕྱིར། །ཆོས་རྣམས་ཀུན་གྱི་སྐུ་ལྟར་སྣང་། །ཤེས་པའི་ངོ་བོ་གཅིག་ཡིན་པས། །གཉིས་སུ་མེད་པ་ལྟར་ཡང་ཤར། །དེ་ཉིད་རང་སར་གནས་པ་མེད། །མཐའ་གྲོལ་ཆེན་པོའི་སྣང་བ་ནི། །ངེས་མེད་ལྷུན་གྲུབ་གཞི་ལ་སྣང་། །རིག་པ་ཟང་ཐལ་གཅིག་རྫོགས་ཕྱིར། །དག་པ་ཡེ་ཤེས་ཉིད་ཀྱི་སྒོར། །ངོ་བོ་ཉིད་དང་འདྲེལ་པའོ། །འབྱུང་ཚུལ་འགག་པ་མེད་པའི་ཕྱིར། །སེམས་ཅན་རྣམས་ཀྱི་འབྱུང་ཁུངས་སུ། །མ་དག་འཁོར་བའི་སྒོ་ལྟར་ཡང་། །ཁྱབ་བྱེད་སྣང་བའི་ཆ་ལ་ཤར། །འདི་ཀུན་འཆར་བྱེད་བརྒྱད་དུ་སྣང་། །འབྱུང་བའི་ཚུལ་དུ་རང་ཤར་བས། །ལྷུན་གྱིས་གྲུབ་པའི་སྣང་བ་ཞེས། །རིན་པོ་ཆེ་ཡི་ཚུལ་དུ་སྣང་། །དེ་ལྟར་སྟོང་གསལ་ཆེན་པོ་ལས། །ཅི་མེད་ཅིར་ཡང་སྣང་བའི་ཚུལ། །བྱུང་ཚུལ་ཡོན་ཏན་མ་འགགས་ཏེ། །ལྷུན་གྲུབ་འཆར་བྱེད་མ་འགགས་པས། །སྣ་ཚོགས་སྣང་བའི་རང་བཞིན་དུ། །ཡོན་ཏན་ཆེན་པོ་རྣམས་སུ་སྣང་། །འཆར་བྱེད་སྒོ་རྣམས་བརྒྱད་ལ་ཡང་། །ཡོན་ཏན་བརྒྱད་ཀྱི་ཚུལ་དུ་ཤར། །རིགས་དྲུག་འབྲོས་ཁུང་རང་བཅད་ནས། །འཁོར་བའི་དཔྱང་ཐག་ཆད་པ་རྣམས། །སྙིང་རྗེའི་ཞགས་པས་བཟུང་བའི་ཕྱིར། །སྐྱེ་ཤིའི་གཟུགས་ཀྱི་སེམས་ཅན་ལ། །ཐུགས་རྗེ་ཆེན་པོ་ཉིད་དུ་སྣང་། །འཁོར་འདས་རང་འདྲེལ་ཡོན་ཏན་དུ། །གཉིས་ཆ་འདྲེས་པའི་ཚུལ་དུ་སྣང་། །འདི་མེད་འཁོར་འདས་ལྟེ་ཆད་པའི། །རྟོག་པ་མེད་པའི་སྐྱོན་འགྱུར་བས། །ཡོན་ཏན་བྱུང་ཚུལ་འདི་ཙམ་མོ། །སངས་རྒྱས་ཀུན་གྱི་རང་ཡུལ་ལ། །ལུས་དང་གྲིབ་མ་ཅི་བཞིན་དུ། །སྣང་བའི་འོད་ལྔས་ཁྱབ་པའི་ཕྱིར། །ནང་


DNG003_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྣང་ཆ་རང་གསལ་བས། །འོད་ལྔའི་ཚུལ་གྱི་འཆར་སྒོ་ལས། །ཡོན་ཏན་གསལ་བྱེད་ཕྱིར་མ་ཤོར། །འདི་མེད་སེམས་ཅན་རང་འོད་ལ། །རྒྱ་ཆད་རྒྱ་བཅད་གུད་དུ་བཅད་པ་དང་། །ཡང་བྱུང་ཀུན་ཏུ་ཆད་པར་འགྱུར། །ཟུང་འཇུག་འཆར་བྱེད་འདྲེལ་བའི་ཕྱིར། །རང་སྣང་ཡོན་ཏན་ཆེན་པོ་འབྱུང་། །ལུས་ཀུན་གཅིག་ཏུ་འདྲིལ་བའི་ཕྱིར། །སྐུ་གསུམ་གཅིག་ཏུ་གནས་པས་ན། །ངོ་བོ་སྐུ་ཡི་རང་བཞིན་ཏུ། །རང་སྣང་ནང་དུ་མི་འབྱེད་པས། །ངོ་བོ་གསལ་བྱེད་སྐུ་ལྔར་ཤར། །འདི་མེད་ངོ་བོ་མི་རྙེད་པར། །ལུས་ཀུན་རྫོགས་པའི་སྐུ་ལྟར་སྣང་། །དེ་ཀུན་ཐ་དད་མ་ཡིན་པར། །གཉིས་མེད་མཉམ་པར་གནས་པས་ན། །འབྱེད་མེད་གཉིས་སུ་མེད་པ་ཡི། །སྣང་བས་ཕྱི་དང་ནང་ཀུན་དུ། །ཁྱབ་བྱེད་ཆེན་པོའི་ཚུལ་དུ་ཤར། །འདི་མེད་རང་ངོ་ཐ་དད་པས། །འཁོར་འདས་འདྲེས་པའི་མཚམས་མི་སྦྱོར། །རང་ས་ཉིད་ལས་མི་གྲོལ་བས། །བསྒྱུར་སྒྱུར་ལྡོག་ཀྱང་བྱུང་བཟློག་མེད་པའི་སྐྱོན་འགྱུར་བས། །སྣང་བྱེད་ཡོན་ཏན་ཚུལ་དུ་ཤར། །ཤེས་བྱ་ཀུན་ལ་རབ་ཁྱབ་པས། །བཞི་སྦྱོར་ཆེན་པོའི་སྣང་བ་ནི། །འཁོར་འདས་འདྲེལ་པའི་ལམ་དུ་སྣང་། །འདི་མེད་གཞི་ལམ་མི་འབྱོར་བས། །ཡེ་ཤེས་བཞི་ཡི་ལམ་ཉིད་དུ། །སེམས་ཅན་རྣམས་ཀྱི་གསང་ལམ་དུ། །སྣང་བ་བཞི་ཡི་ཚུལ་དུ་ཡང་། །ཅིག་ཅར་བ་དང་རིམ་གྱིས་སུ། །དབང་པོའི་སྒོ་རྣམས་ཡིད་བཞིན་སྣང་། །མཐའ་བཞིའི་དྲི་མ་ལས་འདས་པའི། །འཆར་བྱེད་ཡོན་ཏན་མ་འགགས་པས། །མཐའ་གྲོལ་ཆེན་པོའི་སྣང་ཚུལ་དུ། །ལྷུན་གྲུབ་རང་རྫོགས་ཆེན་པོ་ལས། །ངེས་པའི་ཀ་དག་ལ་སྦྱོར་ཕྱིར། །མཐའ་དང་བྲལ་བའི་ཡེ་ཤེས་སུ། །འདི་ཉིད་རང་བྱུང་རང་ཤར་བས། །མཐའ་ལས་གྲོལ་བའི་སྣང་བར་ནི། །ངོ་བོ་ཉིད་དང་འདྲེལ་བར་སྣང་། །འདི་མེད་ངེས་པ་མི་ཐོབ་པས། །རྒྱུ་འབྲས་ལྡོག་པའི་སྐྱོན་འགྱུར་བས། །མཐའ་གྲོལ་ཉིད་དུ་ཡང་དག་སྣང་། །ཡོན་ཏན་འཆར་ཚུལ་མ་འགགས་པས། །འཁོར་བ་སྐྱེད་པའི་བྱུང་ཁུངས་ནི། །མ་དག་པ་ཡི་འཆར་སྒོ་ལྟར། །བྱུང་ཚུལ་འགག་པ་མེད་པར་ཤར། །འདི་མེད་


DNG003_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་པའི་མིང་མེད་པས། །དེ་ཕྱིར་མ་དག་འཁོར་བའི་སྒོ། །སྲིད་པ་རྣམས་ཀྱི་རྒྱུ་སྲང་དུ། །སྣང་བ་འགག་མེད་ཚུལ་དུ་ཤར། །མ་དག་འཁོར་བའི་སྒོ་ཞེས་བསྟན། །ཐོད་རྒལ་ཡེ་ཤེས་ཡོད་པས་ན། །དག་པ་ཉིད་ཀྱིས་དག་པ་མཚོན། །འཆར་བྱེད་སྣང་བ་སོ་སོ་ལས། །དག་པའི་ཡེ་ཤེས་ཆེན་པོའི་སྒོ། །ཟང་ཐལ་རྣམ་པ་གསུམ་དུ་འཆར། །འདི་མེད་རང་རྩལ་མི་རྫོགས་པས། །དག་པའི་ཡེ་ཤེས་ཆེན་པོའི་སྒོར། །ངོ་བོ་ཀ་དག་རྟོགས་ཕྱིར་ཤར། །ཀྱེ་མ་གསུང་གི་རྡོ་རྗེ་ཉོན། །དེ་ཀུན་སྐྱོན་ཡོན་འཆར་ཚུལ་ཏེ། །རིག་པ་ཉིད་ཀྱི་ཡོན་ཏན་ནམ། །རོལ་པའི་རྩལ་དུ་ཐིམ་ལུགས་བརྒྱད། །ལྷུན་གྲུབ་ངེས་པ་མེད་པའི་གཞི། །ཡོན་ཏན་ཚུལ་དུ་འདི་ལྟ་བུ། །ཐུགས་རྗེ་ཉིད་དུ་ཐུགས་རྗེ་ལས། །རང་གིས་ངོ་བོར་རང་ཐིམ་པས། །མ་བཞག་ཐོབ་པའི་ཚུལ་གྱིས་ནི། །མཛད་པ་འཛད་ཀྱང་མེད་པའི་ཀློང་དུ་འདས། །མི་མཛད་འཛད་ཀྱང་ཅིར་ཡང་མ་ཡིན་པར། །བྱེད་སྤྱོད་ཐམས་ཅད་མྱ་ངན་འདས། །མ་བྱས་བྱེད་པར་སྣང་མེད་པས། །འདུས་བྱས་རྣམས་ནི་དག་པའི་ཀློང་། །དེ་ཉིད་རང་ལ་རང་ཐིམ་པས། །གཞན་དུ་སོང་བ་མ་ཡིན་ནོ། །དཔེར་ན་ཉི་མའི་སྙིང་པོ་ལ། །རང་གི་ཟེར་རྣམས་རང་ཐིམ་ལྟར། །རང་གི་གདངས་དང་བཅས་པ་ཡིས། །གཟིགས་སྣང་ཐམས་ཅད་མྱ་ངན་འདས། །འདི་ཀུན་ཡོན་ཏན་རིན་པོ་ཆེ། །སྐྱོན་ལ་མི་གནས་རང་སའོ། །རང་འོད་རང་ལ་ཐིམ་པ་ནི། །འདི་ཡང་ཡོན་ཏན་ཆེན་པོར་བཤད། །རང་གི་ངོ་བོ་རྣམ་དག་པར། །མཚན་མར་འཛིན་པའི་ཞེན་ཡུལ་འགགས། །འབྱུང་བ་བཞི་ཡི་རགས་པ་ཡང་། །འདིར་མི་སྣང་སྟེ་ཞེན་པ་ལོག །རང་དག་སྟོང་པ་ཆེན་པོ་ལས། །ཁ་དོག་བདག་འཛིན་མྱ་ངན་འདས། །འདི་ཡང་གཞན་དུ་སོང་བ་མེད། །རང་གི་ངོ་བོར་རང་ཐིམ་པས། །སྣང་བ་ཐམས་ཅད་མྱ་ངན་འདས། །འོད་ཀྱི་དཀྱིལ་འཁོར་རང་ཐིམ་པས། །དཔེར་ན་ནམ་མཁའི་འཇའ་ཚོན་ཉིད། །ནམ་མཁའ་ཉིད་ལས་རང་ཡལ་ལྟར། །མི་འབྱེད་ཆེན་པོའི་ཀློང་ཡངས་སུ། །འཛིན་ཆགས་ཐམས་ཅད་མྱ་ངན་འདས། །


DNG003_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཡང་ཡོན་ཏན་རིན་པོ་ཆེའི། །ཡོན་ཏན་འཆར་ཚུལ་འདི་ལྟ་བུ། །ཡེ་ཤེས་ཉིད་ལ་ཡེ་ཤེས་ཉིད། །རང་གི་ངོ་བོར་རང་ཐིམ་པས། །ཤེས་པ་འཛིན་རྟོག་དྲན་བསམ་ནི། །རང་གནས་མཉམ་པ་ཉིད་ཀློང་དུ། །ཐམས་ཅད་གཉིས་མེད་མྱ་ངན་འདས། །སོ་སོའི་ཡེ་ཤེས་སྣང་ཆ་ཡང་། །བྱས་པ་མེད་པའི་ཀློང་དཀྱིལ་དུ། །ནུབ་པ་མེད་པར་མྱ་ངན་འདས། །དེ་ཉིད་རང་ལ་རང་ཐིམ་པས། །ཡེ་ཤེས་རོལ་པ་སྣ་ཚོགས་ཀུན། །རང་ངོ་རང་ལ་ཐིམ་པ་ནི། །དཔེར་ན་མ་པང་བུ་འཇུག་བཞིན། །རང་གི་ཡེ་ཤེས་རང་ཡིད་ཆེས། །རང་གི་རང་བཞིན་མྱ་ངན་འདས། །འདི་ཡང་ཡོན་ཏན་རིན་པོ་ཆེ། །ཡང་ནི་ཡོན་ཏན་ཐིམ་པའི་ཚུལ། །སྐུ་ཉིད་སྐུ་ལ་རང་ཐིམ་པས། །གཟུགས་སྐུ་མི་རྟོག་ཆེན་པོར་ན། །སྣང་བ་མེད་པར་མྱ་ངན་འདས། །རགས་པས་བསྡུས་པའི་འབྱུང་བ་དང་། །ཕྲ་བས་གཟུང་བའི་མ་རིག་སོགས། །འབྱེད་པ་མེད་པར་མྱ་ངན་འདས། །སྐུ་རྣམས་རང་ངོར་ཐིམ་པས་ནི། །ཤེས་པའི་གཟུང་ཆ་ཕྱིར་མ་ཤོར། །དཔེར་ན་བུམ་པའི་སྐུ་གཟུགས་བཞིན། །ནང་གསལ་ཕྱི་ཡི་འགྱུ་བ་རྣམས། །རང་བཞིན་མེད་པར་གནས་སུ་དག །འདི་ཡང་ཡོན་ཏན་རིན་པོ་ཆེ། །ཡང་ནི་ཡོན་ཏན་འདི་ལྟ་བུ། །གཉིས་མེད་གཉིས་མེད་རང་ཐིམ་པས། །གྲངས་སུ་འཛིན་པའི་ཞེན་པ་རྣམས། །ཉག་གཅིག་སྤྲོས་དང་བྲལ་བར་ནི། །མི་གཉིས་གཅིག་པའི་ཚུལ་དུ་ཡང་། །རང་ཐིམ་ཉིད་དུ་མྱ་ངན་འདས། །གཉིས་སུ་སྣང་བ་རང་ཐིམ་པས། །དཔེར་ན་ཆུ་བོ་ཆུ་བོ་ལ། །ཐིམ་པ་བཞིན་དུ་དབྱེར་མི་ཕྱེད། །དབྱེར་མེད་ཆེན་པོར་མྱ་ངན་འདས། །འདི་ཡང་ཡོན་ཏན་རིན་པོ་ཆེ། །མ་འགགས་ཡོན་ཏན་འདི་ལྟ་བུ། །མཐའ་གྲོལ་ཉིད་ནི་མཐའ་གྲོལ་ལ། །རང་གི་ངོ་བོར་རང་ཐིམ་པས། །སྐུ་གསུམ་འཛིན་པའི་རང་རྒྱུད་ཀུན། །ཡུལ་རྣམས་ཟད་པར་མྱ་ངན་འདས། །མཐའ་གཉིས་རང་དག་རང་ཐིམ་པས། །དཔེར་ན་ནམ་མཁའ་ནམ་མཁའ་ལ། །ཐིམ་པ་བཞིན་དུ་


DNG003_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

ངོས་བཟུང་མེད། །མུ་བཞིའི་རྟོག་ཞེན་རང་འགགས་ནས། །མི་གནས་ཆེན་པོར་མྱ་ངན་འདས། །འདི་ཡང་ཡོན་ཏན་རིན་པོ་ཆེ། །སྣང་བའི་ཡོན་ཏན་འདི་ལྟ་བུ། །མ་དག་འཁོར་བར་རང་འཇུག་སྒོ། །ངོ་བོ་ཉིད་ཀྱིས་ངག་སྒོ་ལ། །སོང་བ་མེད་པའི་ཚུལ་དུ་ཐིམ། །དཔེར་ན་སྦྲ་ཡི་ཆོན་ཐག་རྣམས། །བསྡུས་པས་དབུས་སུ་རང་འདུས་ལྟར། །དབང་པོའི་སྤྱོད་ཡུལ་མྱ་ངན་འདས། །འདི་ཡང་ཡོན་ཏན་རིན་པོ་ཆེ། །འདི་ལྟར་ཡོན་ཏན་ཆ་རྫོགས་པར། །དག་པའི་ཡེ་ཤེས་ཉིད་ཀྱི་སྒོ། །ངོ་བོ་ཉིད་ལ་རང་ཐིམ་པས། །སྐུ་དང་ཡེ་ཤེས་མྱ་ངན་འདས། །དཔེར་ན་སེང་གེས་གངས་ཟིན་བཞིན། །མི་ལྡོག་འཇིགས་མེད་གདོང་རྣམས་རྙེད། །འདི་ཡང་ཡོན་ཏན་རིན་པོ་ཆེ། །འདི་ལྟར་ཡོན་ཏན་འབྱུང་ཚུལ་གྱིས། །གཅིག་པར་གནས་པའི་ཡེ་ཤེས་ཀྱང་། །མ་བཙལ་རང་གིས་རང་རྙེད་པས། །སྔོན་ནས་ང་ཡི་རང་བཞིན་ནོ། །ཞེས་རིན་པོ་ཆེ་སྤུངས་པའི་རྒྱན་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ལས། ལྷུན་གྱིས་གྲུབ་པ་ངེས་པ་མེད་པའི་གཞིའི་བྱུང་ཚུལ་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་སྟོན་པ་ཀུན་ཏུ་བཟང་པོ་རིན་པོ་ཆེ་སྤུངས་པའི་རྒྱན་ཞེས་བྱ་བ་དེ་ཉིད་ཆོས་ཉིད་རྣམ་པར་དག་པ་མཉམ་པ་ཉིད་གཉིས་སུ་མེད་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་བཞུགས་བཞིན་དུ། སངས་རྒྱས་ཐམས་ཅད་ཀྱི་གསུང་གི་རྡོ་རྗེ་སྙིང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་མ་གསུང་གི་རྡོ་རྗེ་ཉོན། །ངས་བསྟན་ཚིག་ལ་འཁྲུལ་པ་མེད། །མ་འཁྲུལ་ཡེ་ཤེས་ཆེན་པོའི་ལུང་། །ང་ཡིས་བསྟན་གྱིས་ཁྱོད་ཀྱིས་ཟུང་། །གནས་པ་མེད་པའི་སེམས་ཉིད་འདི། །འགྲོ་ས་མེད་པ་ཡ་རེ་ཆ། །ཀུན་དུ་འཇུག་པའི་ཡིད་དྲུག་ལ། །བརྟན་པའི་ས་མེད་ཡ་རེ་ཆ། །ཐམས་ཅད་བསྡུས་པའི་ཀུན་གཞི་ལ། །བཞག་པའི་ས་མེད་ཡ་རེ་ཆ། །འཁོར་ཞིང་འཁྲུལ་པའི་མ་རིག་ལ། །འགྱུར་བའི་དབང་མེད་ཡ་རེ་ཆ། །ཐམས་ཅད་ཡུལ་ཞེན་ཉོན་མོངས་ལ། །གཞི་རྩ་མེད་པ་ཡ་རེ་ཆ། །ཕྲ་དང་རགས་པའི་དྲི་མ་ལ། །ཆགས་པ་མེད་པ་ཡ་རེ་ཆ། །འབྱུང་བ་རགས་པའི་གཟུགས་རྣམས་ལ། །


DNG003_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

གཏད་པའི་ས་མེད་ཡ་རེ་ཆ། །སྐྱེས་བུ་བརྟེན་པའི་ཚེ་སྲོག་ལ། །དུས་བཏབ་མེད་པ་ཡ་རེ་ཆ། །ཚོགས་དྲུག་ཡུལ་གྱི་སྣང་བ་ལ། །རྟག་པ་མེད་པ་ཡ་རེ་ཆ། །སྐྱེས་བུའི་དྲན་བསམ་བྱུང་ཚོར་ལ། །ཟད་པ་མེད་པར་ཡ་རེ་ཆ། །ལུས་ལས་འབྱུང་བའི་སྡུག་བསྔལ་ལ། །དང་བ་མེད་པ་ཡ་རེ་ཆ། །ཀྱེ་མ་གསུང་གི་བདག་ཉིད་ཉོན། །གཞི་རྩ་མེད་པའི་སེམས་ཉིད་འདི། །མ་བཙལ་བཞག་པ་ངོ་མཚར་ཆེ། །འགྲོ་དང་འོང་བའི་རིག་པ་ལ། །ཐུག་པ་མེད་པ་ངོ་མཚར་ཆེ། །ཡེ་གནས་ཆེན་པོའི་ཡེ་ཤེས་ལ། །གཉེན་པོ་མེད་པ་ངོ་མཚར་ཆེ། །རང་སྣང་དག་པའི་འོད་ལྔ་ལ། །ཤར་ནུབ་མེད་པ་ངོ་མཚར་ཆེ། །ཤར་བ་མེད་པའི་སྒྲོན་མ་ལ། །ནུབ་པ་མེད་པ་ངོ་མཚར་ཆེ། །མ་བཀོད་གསལ་བའི་དག་དབྱིངས་ལ། །ཕྱི་དང་ནང་མེད་ངོ་མཚར་ཆེ། །ཆ་ཕྲ་སྤྲོས་མེད་ཐིག་ལེ་ལ། །ལྔ་ལྔས་བརྒྱན་པ་ངོ་མཚར་ཆེ། །མི་འགྱུར་རིག་པའི་རང་སྐུ་ལ། །འགྲོ་འོང་མེད་པ་ངོ་མཚར་ཆེ། །སྣང་བ་རང་དག་ཆེན་པོ་ལ། །མཐའ་མེད་རྒྱ་ཆེ་ངོ་མཚར་ཆེ། །དབྱིངས་དང་རིག་པ་རང་འདྲེལ་ལ། །འགྲོ་བ་མེད་པ་ངོ་མཚར་ཆེ། །སྟོང་པ་ཆེན་པོའི་འབྱུང་གནས་ལ། །མཐའ་དབུས་མེད་པ་ངོ་མཚར་ཆེ། །ཐོག་མའི་མགོན་པོ་དྲི་མེད་ལ། །འགྲན་པའི་ཟླ་མེད་ངོ་མཚར་ཆེ། །ཉག་གཅིག་རང་གནས་དགོངས་པ་ལ། །བར་མཚམས་མེད་པ་ངོ་མཚར་ཆེ། །ཨེ་མ་གསུང་གི་རྡོ་རྗེ་ཉོན། །ཡང་ནི་ཡ་མཚན་འདི་ལྟ་བུ། །འདི་ཀུན་སུ་ཡིས་འཛིན་པའི་མི། །སངས་རྒྱས་སྟོང་གི་ཡོན་ཏན་འཆང་། །དེ་ཕྱིར་འདི་ཀུན་བསླབ་བྱའི་ཡུལ། །རྩོལ་བསྒྲུབ་རང་དག་སྤྱོད་པ་ལ། །དགག་བསྒྲུབ་མེད་པ་ཡ་མཚན་ཆེ། །རང་བཞིན་བསམ་གཏན་བར་མེད་ལ། །བྱིང་རྒོད་མེད་པ་ཡ་མཚན་ཆེ། །གཏད་པ་མངོན་གསུམ་བལྟ་བ་ལ། །རང་སྣང་རྫོགས་པ་ཡ་མཚན་ཆེ། །ཡེ་ཡོད་འབྲས་བུ་རང་ཐོབ་ལ། །དམིགས་གཏད་མེད་པ་ཡ་མཚན་ཆེ། །མ་བཅོས་ཆོས་ཉིད་ཅོག་བཞག་ལ། །ཐམས་ཅད་གསལ་བ་ཡ་མཚན་ཆེ། །རང་འཛིན་ལོག་པའི་སྐུ་


DNG003_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ལ། །ཅིག་ཅར་རྫོགས་པ་ཡ་མཚན་ཆེ། །བརྡལ་བ་ཆེན་པོའི་ནང་དབྱིངས་ལ། །མཐའ་ལ་ཐུག་མེད་ཡ་མཚན་ཆེ། །སྟོང་པ་ཆེན་པོའི་ཤེས་རབ་ལ། །རྡུགས་པ་མེད་པ་ཡ་མཚན་ཆེ། །འབྲས་བུ་ཆོས་སྐུ་སྟོང་ཉིད་ལ། །དངོས་པོ་ཟད་པ་ཡ་མཚན་ཆེ། །དངོས་མེད་ཡེ་ཤེས་ཟང་ཐལ་ལ། །གཟུང་བ་མེད་པ་ཡ་མཚན་ཆེ། །རང་བཞིན་བབས་ཀྱིས་སྣང་བ་ལ། །མཐོང་བ་མེད་པ་ཡ་མཚན་ཆེ། །ཀྱེ་མ་གསུང་གི་རྡོ་རྗེ་ཉོན། །འཛིན་པ་རང་དག་ཆོས་སྐུ་ཡིས། །སྤྲོས་མེད་རང་དག་གཞལ་ཡས་སུ། །ཉིད་དང་དབྱེར་མེད་སྣང་འཁོར་ལ། །མཚན་མ་མེད་པའི་གསུང་གིས་ནི། །སྤྲོས་པ་མེད་པའི་ཆོས་རྣམས་ནི། །མི་གནས་རང་ཟད་ཐུགས་ལས་ཕྱུང་། །མ་གསུངས་གསུངས་པ་མེད་པར་ནི། །མཉམ་པ་ཆེན་པོའི་ངང་དུ་བསྟན། །རང་གསལ་དག་པའི་ལོངས་སྐུ་ཡིས། །འོད་ལྔ་རྣམ་དག་གཞལ་ཡས་ནས། །སྤྲོས་མེད་བདེ་ཆེན་གསུང་གིས་ནི། །སྐུ་ལྔའི་རིགས་ཀྱི་འཁོར་རྣམས་ལ། །དངོས་མེད་དག་པའི་ཆོས་རྣམས་ནི། །ཡེ་ཤེས་ལྔ་འདུས་ཐུགས་ལས་ཕྱུང་། །རྣམ་དག་འོད་ཟེར་ལྗགས་ལ་བཀྲམ། །རང་བྱུང་ཡི་གེ་དྲུག་ཏུ་ཡང་། །མ་གསུངས་རང་བྱུང་ཆེན་པོར་བསྟན། །སྤྲུལ་སྐུ་དངོས་ཞེན་མེད་པ་ཡིས། །ཆོས་འབྱུང་གདུལ་བྱའི་རང་གནས་ནས། །རིགས་དྲུག་ལས་སད་སྐལ་ལྡན་ལ། །སྤྲོས་བཅས་ཚིག་གི་གསུང་གིས་ནི། །དབང་པོར་གང་མོས་ཆོས་རྣམས་ཀྱང་། །དྲན་པ་རང་གསལ་ཐུགས་ལས་ནི། །དབང་པོ་དོན་མེད་ལྗགས་ལ་བཀྲམ། །ཐེག་པ་གྲངས་ཀྱི་ཆོས་སུ་བསྟན། །ཨེ་མ་ཧོ་གསུང་གི་རྡོ་རྗེ་སྙིང་། །དེ་ལྟར་སྐུ་གསུམ་རང་ཤར་བས། །སེམས་ཅན་བྱང་ཆུབ་སེམས་དཔའ་དང་། །སངས་རྒྱས་ཀུན་གྱི་ཐུགས་ཀྱང་ཚིམས། །དེ་བཞིན་འགྲོ་རྣམས་རེ་བ་བསྐངས། །དེ་ནས་གསུང་གི་རྡོ་རྗེ་ཡིས། །སྟོན་པ་ཀུན་ཏུ་བཟང་པོ་ལ། །ཚིག་འདིས་ཞུ་བ་ཉིད་ནི་ཞུས། །ཀྱེ་ཀྱེ་སྟོན་པ་ཀུན་ཏུ་བཟང་། །དེ་ལྟར་སྐུ་གསུམ་བདག་མེད་ཚིག །ཆོས་ཀུན་རོ་གཅིག་ཉིད་གསུངས་པ། །དེ་ལྟར་གསུངས་པའི་དོན་དེ་ཀུན། །མ་འོངས་


DNG003_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཉིད་ཀྱིས་ཀྱང་། །ཉམས་སུ་ཇི་ལྟར་བླང་བར་བགྱི། །འདི་ཀུན་རིམ་པས་མ་འཚལ་ན། །འདི་རྣམས་སྟོན་པས་གསུང་བར་ཞུ། །དེ་ནས་སྟོན་པས་འདི་སྐད་གསུངས། །ཀྱེ་མ་སངས་རྒྱས་ཀུན་གྱི་ཡང་། །གསུང་གི་རྡོ་རྗེ་ཁྱོད་ཉོན་ཅིག །ངས་བསྟན་སྤྲོས་པའི་ཚིག་རྣམས་ལ། །དོན་ནི་ཆེ་ལ་གྲངས་མང་སྟེ། །འདི་ཀུན་བསྡུས་ནས་ཁྱོད་ལ་བསྟན། །འགྱུར་བ་མེད་པའི་སེམས་ཀྱིས་ཟུང་། །འདི་ལ་རབ་ཏུ་འཇུག་པ་ཡིས། །དང་པོ་དབང་མཆོག་ཉིད་ཐོབ་ནས། །བསྐུར་རྒྱུ་འབད་བཅས་ཉིད་དང་ནི། །རྫས་མེད་བརྡའ་ཡི་དབང་གིས་ནི། །མི་འགྱུར་གཞི་ཉིད་གཟུང་བར་བྱ། །དེ་ཉིད་བརྟན་པའི་ཡན་ལག་ཏུ། །དམ་ཚིག་རྣམ་གཉིས་བསྲུང་བར་བྱ། །འདི་ཀུན་སྔོན་དུ་བྱས་པ་ཡིས། །ཐེག་མཆོག་རྒྱལ་པོའི་ནང་དུ་གཞུག །དེ་ཀུན་དངོས་གཞི་འདི་ལྟ་བུ། །འདི་དག་བློ་རིམ་རྣམ་གཉིས་ཀྱིས། །དོན་གྱི་ངོ་བོ་ཉམས་སུ་བླང་། །དམིགས་པ་ཡུལ་ཅན་བློ་རྣམས་ལ། །སྒོམ་དང་བསྒོམ་བྱའི་ཐབས་ཀུན་བསྟན། །རིག་པ་རང་སྣང་བློ་ཅན་ལ། །ལྟ་བའི་ཐབས་རྣམས་གཅིག་ཏུ་བསྟན། །དེ་ཀུན་སྡོམ་ཚིག་རྣམ་གཉིས་ཀྱིས། །རིམ་པ་བྱེ་བྲག་རྣམ་ཕྱེས་ནས། །སྐྱེས་བུ་རྣམས་ཀྱི་བློ་ལ་འཇུག །འདི་ཀུན་སྣང་བ་རང་དེངས་སོ། །དེ་རིམ་བྱེ་བྲག་འདི་ལྟ་བུ། །ཁྲིགས་ཆགས་ཉིད་དུ་ཉམས་སུ་བླང་། །བལྟ་བ་ལ་རྒྱུན་བྱེད་པའི་རྣལ་འབྱོར་དང་། བསྒོམ་པ་དང་། སྤྱོད་པ་དང་། འབྲས་བུ་རྒྱུན་དུ་བྱེད་པའི་རྣལ་འབྱོར་རོ། །བདག་པོ་བཞི་ཡི་ཚུལ་གྱིས་ནི། །དོན་གྱི་ངོ་བོ་བཞི་ཡང་ཟུང་། །དེ་ཡི་སྤྱོད་པ་སྣང་བ་ལ་དབང་བསྒྱུར། བསྒོམ་པ་ཉིན་མཚན་ཁ་སྦྱོར་ཡུལ་རིག་རྣམ་བཞི་ཡིས། །འདི་ལྟར་སྣང་བའི་སྐྱེ་རྒྱུན་གཅོད། །འབྲས་བུ་ཕྱིར་མི་ལྡོག་སྟེ། བསེ་ཤིང་གི་འབྲས་བུ་ལྟ་བུའོ། །བཞག་ཐབས་སྣང་བ་ཅེར་བཞག་གི་ཐབས། རི་བོ་ཅོག་བཞག་གི་ཐབས། རྒྱ་མཚོ་དང་བའི་ཐབས། བལྟ་བ་ཅོག་བཞག་གི་ཐབས་དགོངས་པའོ། །མན་ངག་རྣམ་བཞི་ཡིས། །རིག་པ་གཏན་མེད་གནས་སུ་བཞག །དེ་དོན་དགོངས་པ་སྣང་སྲིད་བཞིར་བཞེངས་ཀྱི་དགོངས་པ། ཁམས་གསུམ་ཡོངས་གྲོལ་གྱི་དགོངས་པ། སྲིད་གསུམ་ཀ་དག་གི་དགོངས་པ། སྣང་


DNG003_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

བ་རིག་པ་ཅོག་བཞག་གི་མན་ངག་གོ། །རྣམ་བཞི་ཡིས། །སྣང་སྲིད་ཆོས་རྣམས་བདར་ཤ་བཅད། །དུས་ཚོད་མཆོད་པའི་དུས། ཆོས་ལ་གནས་པའི་དུས། ཆོས་བོར་བའི་དུས། ཆོས་ལས་འདས་ཤིང་གྲོལ་བའི་དུས་སོ། །གདམས་ངག་རྣམ་བཞི་ཡི། །ཆོས་རྣམས་ཀུན་ལ་རང་བྱན་བྱས། །དག་ཉོན་མོངས་གནས་བསྒྱུར། གནས་དག རྒྱས་གདབ། ཉོན་མོངས་ལས་གྲོལ་ལོ། །ལུགས་གྲོལ་བའི་གནད་བཞི་ཡི། །ཉོན་མོངས་རྣམས་ལ་དབང་བསྒྱུར་རོ། །དེ་ཡི་རང་གི་ཚད་འབེབས་པས། །དཔེ་བཞིས་ཡིད་ཆེས་རང་ངོ་བསྟན། །མི་འགྱུར་ལྟ་བའི་གདེང་ཆེན་བཞིའི། །མི་ལྡོག་ཡེ་ཤེས་ཚད་ཀྱང་བཟུང་། །འདི་ལ་གོམས་པར་སུས་བྱས་པ། །རང་བཞིན་རྫོགས་པ་ཆེན་པོ་ལ། །འདི་ཡིས་རེག་གོ་ས་མ་ཡ། །འདི་ལྟར་གང་ལ་སྣང་གྱུར་པ། །ཡེ་ཤེས་ཀུན་ཀྱང་ཕུགས་སུ་ཟིན། །གསང་ཆེན་ཕྱག་རྒྱ་ཆེན་པོ་འཐོབ། །སངས་རྒྱས་ཀུན་གྱིས་ངེས་པར་བཟུང་། །འཁོར་བའི་དོང་རྣམས་དུས་གཅིག་སྦུབ། །འཁྲུལ་པའི་སྣང་བ་བདར་ཤ་ཆོད། །དེས་ན་འདི་ལ་བརྩོན་པར་བྱའོ། །གསུང་གི་རྡོ་རྗེས་ཡང་གསོལ་པ། །ཀྱེ་མ་སྟོན་པ་ཀུན་ཏུ་བཟང་། །སྟོན་པ་ཉིད་ཀྱིས་སྔར་གསུངས་པའི། །དབང་དང་དམ་ཚིག་གཉིས་གསུངས་པ། །འདི་ལ་བདག་ནི་ཐེ་ཚོམ་སྐྱེས། །བདག་གི་ཐེ་ཚོམ་བསལ་བའི་ཕྱིར། །སྟོན་པ་ཐུགས་རྗེ་ཆེན་པོ་ཡིས། །རིམ་པས་ཕྱེ་ལ་བདག་ལ་གསུངས། །དེ་ནས་ཉིད་ཀྱིས་ཡང་གསུངས་པ། །ཀྱེ་མ་གསུང་གི་རྡོ་རྗེ་ཉོན། །ངས་བསྟན་པ་ལ་ཐེ་ཚོམ་མེད། །ཁྱོད་ཀྱིས་ཡིད་གཉིས་སྤོངས་ལ་ཟུང་། །གང་གིས་དབང་བསྐུར་འཛིན་པ་ཡི། །སངས་རྒྱས་ཀུན་ལ་འདི་ཡིས་རེག །འདི་ལ་སྐྱེས་བུས་དབང་ཐོབ་ན། །རིག་པའི་སྐུ་ལ་རང་དབང་ཐོབ། །དེ་བཞིན་ཕྱག་རྒྱ་ཆེན་པོ་ཐོབ། །འདི་ལ་སྔགས་དང་ཕྱག་རྒྱ་མེད། །དཀྱིལ་འཁོར་ལྷ་བཅས་མཆོད་པ་དང་། །འདི་ལ་དགོས་དོན་གང་ཡང་མེད། །རྫས་དང་ཆོ་ག་བཤམ་མི་དགོས། །འཇུག་དང་ཡེ་ཤེས་དབབ་ཏུ་མེད། །འོན་ཀྱང་བླ་མའི་གསུང་དག་གིས། །གདམས་པ་འདི་ལ་གོམས་བྱའི་ཕྱིར། །འདི་དོན་འཇུག་པའི་བརྡ་དོན་གྱིས། །རང་གི་ངོ་བོའི་ཚིག་འདི་ཉོན། །ཨ་ཧོ་གསུང་གི་རྡོ་རྗེ་ཉོན། །


DNG003_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་ཕྱོགས་ནམ་མཁའི་འདི་ཀུན་བླ་མའི་ཚིག་ཏུ་ཁམས་སུ་ཡང་། །ཁྱོད་ཀྱིས་གོམ་པ་ཀམ་ཀམ་བོར། །ལྷོ་ཡི་ཕྱོགས་སུ་ཁ་ལྟོས་ལ། །སོང་ལ་གོམ་པ་ཀམ་ཀམ་བོར། །བོར་ལ་དེ་ཉིད་ཉམས་མྱོང་སྤྱོད། །དེ་བཞིན་ནུབ་དང་བྱང་དུ་ཡང་། །ཁ་ལྟོས་གོམ་པ་ཀམ་ཀམ་བོར། །དེས་ནི་རང་སེམས་གཉུག་མ་ཡིས། །དཀྱིལ་འཁོར་དལ་གྱི་སྒོ་བཞིར་འཇུག་པའི་བརྡའོ། །ནང་དུ་ཞུགས་པ་ཡིན། །ཡང་ནི་གསུང་གི་རྡོ་རྗེ་ཉོན། །ནམ་མཁའི་དབྱིངས་སུ་ཡང་ལྟོས་དང་། །སྟེང་གི་ཉི་མ་རྣམ་པ་ལྔ། །ཁྱོད་ཀྱི་མིག་གིས་འདི་ལ་ལྟོས། །ལྷེང་ལྷེང་འོད་ཟེར་ཉམས་སུ་མྱོང་ངམ་ཞེས་དྲི་རྣམ་ལྔ་ལྟོས། །དེས་ནི་རང་གི་རིག་ལྷའི་ངོ་། །ཐོག་མ་ནས་ནི་རང་གནས་བསྟན། །ཡང་ནི་གསུང་གི་རྡོ་རྗེ་ཉོན། །ཡང་ནི་བར་སྣང་སྟོང་པ་ལ། །ཇེ་མཐོ་ཤེས་པ་བསྟོད་དུ་གཞུག་ཇེ་མཐོ་ཡར་སོང་དང་། །སོང་ཞིག་སོང་ཞིག་སླར་མ་ལོག །དེས་ནི་རྡོ་རྗེ་ལུ་གུ་རྒྱུད། །རང་གི་དབང་དུ་རང་དབང་གྱུར། །ཉོན་ཅིག་ཞེས་སློབ་མ་ལ་གསུང་གི་རྡོ་རྗེ་ཉོན། །དེ་དག་ཀུན་གྱི་དུས་ཉིད་དུ། །ཕྱིན་པས་འགྲོ་བའི་ས་འདུག་གམ། །འོན་ཏེ་འོང་བའི་ས་འདུག་གམ། །མེད་པར་ཤེས་པ་དེ་བཞིན་དུ། །མ་བཙལ་དོན་ཀྱང་དེ་བཞིན་ནོ། །དེ་དུས་བསྲུང་བའི་འཚམས་འདས་པས། །མེད་དང་གཅིག་པུ་ཕྱལ་པའི་ས། །སེམས་ཉིད་མ་རྟོགས་ཞེན་མེད་པས། །རང་སེམས་རྟོག་པས་བསྲུང་བྱ་བྲལ། །དེ་ཡི་གྲོགས་སུ་དེ་འགྱུར་རོ། །ཞེས་རིན་པོ་ཆེ་སྤུངས་པའི་རྒྱུད་ཀྱི་རྒྱལ་པོ་ལས་ངོ་མཚར་ཆེན་པོ་མཆོག་གི་བརྡའ། རྫོགས་པ་ཆེན་པོའི་རྣལ་འབྱོར་པ་རྣམས་ལ། བརྡའ་དབང་དུ་བསྐུར་བར་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཡང་སྟོན་པ་ཀུན་བཟང་གིས། །རང་གི་དམ་ཚིག་འདི་སྐད་གསུངས། །ཀྱེ་མ་གསུང་གི་རྡོ་རྗེ་ཡང་། །ཉོན་ཅིག་ང་ཡིས་འདི་སྐད་དུ། །དག་པ་ཆེན་པོའི་ཚིག་ཉིད་དུ། །འདི་སྐད་བཤད་ཀྱིས་ཁྱོད་ཀྱིས་ཟུང་། །ང་ནི་སྒྲ་ཚད་རང་རིག་ལ། །ཡོན་ཏན་རིན་ཆེན་གཏེར་ཆེན་འཆང་། །འདི་ནི་བཅངས་པ་ཙམ་གྱིས་ཀྱང་། །ཟད་པ་མེད་


DNG003_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལོངས་སྤྱོད་ཐོབ། །ཟད་མེད་འདི་ལ་གང་གནས་པ། །ནུབ་པ་མེད་པའི་གཏེར་ཆེན་རྙེད། །གཏེར་འདི་གང་གིས་རྙེད་པའི་མི། །ང་ཡི་ཡོན་ཏན་འདི་ལ་རྫོགས། །ཆོས་ཅན་མཚན་མ་སྣང་དུས་སུ། །ང་ཡི་ཡོན་ཏན་རང་སྣང་བས། །འདི་ལ་བླང་དང་དོར་མི་བྱ། །འགྲོ་བའི་སྡུག་བསྔལ་མྱོང་བའི་ཚེ། །ང་ཡི་བདེ་བ་རང་ཤར་ཡིན། །དེ་དུས་བདེ་སྡུག་དབྱེར་མེད་ན། །ང་ཡི་ཡོན་ཏན་འདི་ལ་རྫོགས། །དམྱལ་བ་བྱོལ་སོང་ཡི་དྭགས་ཀྱི། །གཟུགས་སུ་ཡུལ་དུ་སྣང་བའི་ཚེ། །ང་ཡི་སྐུ་ལ་རོལ་པ་ཡིན། །འདི་ལ་ཡ་ང་མེད་པའི་མི། །ང་ཡི་སྐུ་ལ་འདི་ཡིས་རེག །གཏི་མུག་ཞེ་སྡང་འདོད་ཆགས་ནི། །ཞེ་སྡང་དྲག་པོ་ནམ་སྐྱེས་ན། །ང་ཡི་རིག་པ་རྟོག་མེད་ཡིན། །འདི་ཉིད་རང་གིས་རང་གྲོལ་བས། །ང་ཡི་དམིགས་པ་འདི་ཡིས་མཐོང་། །ཡིད་ཀྱི་དྲན་པ་ཕྱིར་སྣང་ཚེ། །ང་ཡི་ཤེས་རབ་རང་དག་ཡིན། །འདི་ལ་རྗེས་སུ་བཅོས་མེད་ན། །ང་ཡི་སྒྲ་རྣམས་འདི་ཡིས་ཐོས། །བསམ་པའི་རྟོག་ཚོགས་འདུས་པའི་ཚེ། །ང་ཡི་ཏིང་འཛིན་མི་རྟོག་བཟང་། །འདི་ལ་ཞེན་པའི་བློ་མེད་ན། །ང་ཡི་དྲི་རྣམས་འདི་ཡིས་ཚོར། །རགས་པའི་ཚིག་གཟུགས་ཀྱང་ལ་བློ་ཞུགས་ཚེ། །ང་ཡི་ཉམས་མྱོང་ཤར་བ་ཡིན། །འདི་ལ་གཅིག་དང་གཉིས་ཟད་ན། །འདིས་ནི་ང་ཡི་རོ་ལ་མྱོང་། །འདི་ལྟར་སྣང་ཚད་ཐོས་ཚད་ཀུན། །ཀུན་བཟང་ང་ཡི་རོལ་པར་ཤར། །རོལ་པའི་འཆར་བྱེད་མ་འགགས་པས། །ང་ཡི་ཡོན་ཏན་ཉིད་དུ་འབྱུང་། །ཡོན་ཏན་སྣང་བྱེད་ངས་འདི་ཙམ་ཡང་བྱུང་བརྩམས་པས། །ཟད་པར་མི་འགྱུར་ཟད་པ་མེད། །དེ་ཕྱིར་སྐུ་གསུམ་ཕྱག་རྒྱའི་ཞིང་། །དེ་ནས་སྟོན་པ་ཉིད་རང་ལ་རང་ངོ་མཚར་བའི་ཚིག་གི་རྒྱལ་པོ་འདི་རང་བྱུང་དུ་གསུངས་སོ། །ཨེ་མ་ཧོ་གསུང་གི་རྡོ་རྗེ་སྙིང་པོ་ཁྱོད་ཉོན་ཅིག །རང་གི་རིག་པ་ཉིད་སྐྱེ་ཤི་དང་བྲལ་བའི་གནད་ཀྱིས། སེམས་ཅན་བྱེ་བའི་སྲོག་བཅད་པ་དང་། ཕ་རོལ་དུ་ཕྱིན་པ་བཅུ་རྟག་ཏུ་སྤྱོད་པའི་གང་ཟག་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་པའོ། །ཀྱེ་སངས་རྒྱས་ཀུན་གྱི་གསུང་གི་རྡོ་རྗེ། ཆོས་ཉིད་ལ་སྤྲོས་


DNG003_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་པའི་གནད་ཀྱིས། རྟག་ཏུ་སྟོང་པ་ཉིད་ལ་གོམས་པར་བསྒོམས་པའི་སྐྱེས་བུ་དང་། སྟོང་པ་ཉིད་སྐད་ཅིག་ཙམ་ཡང་ཡིད་ལ་མ་བྱས་པའི་གང་ཟག་གཉིས། འཚང་རྒྱ་བ་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར། ཀུན་ཏུ་བཟང་པོ་ང་ཉིད་ཀྱིས་བསྟན་པའོ། །ཀྱེ་གསུང་གི་རྡོ་རྗེ་རིག་པ་ཉིད་འདུས་མ་བྱས་པའི་གནད་ཀྱིས། འདུས་བྱས་ཀྱི་དགེ་རྩ་དཔག་ཏུ་མེད་པ་བྱས་པའི་དད་པ་ཅན་དང་། སྲོག་གཅོད་པ་ལ་རྟག་ཏུ་བརྩོན་པའི་མི་གཉིས་ལ། ཚོགས་རྫོགས་པའི་སྒོ་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར། ཀུན་ཏུ་བཟང་པོ་ངས་བསྟན་པའོ། །ཀྱེ་གསུང་གི་རྡོ་རྗེ་རིག་པའི་ཡེ་ཤེས་ལ་འགྲོ་འོང་མེད་པའི་གནད་ཀྱིས། ཆོས་ཉིད་ཀྱི་རྟགས་སྣ་ཚོགས་ལུས་ངག་ལ་བྱུང་བའི་སྐྱེས་བུ་དང་། ཐོས་བསམ་ལ་བློ་སྐད་ཅིག་ཀྱང་མ་སྦྱངས་པའི་གང་ཟག་གཉིས་ངོ་བོ་མཐོང་བ་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་པའོ། །ཀྱེ་གསུང་གི་རྡོ་རྗེ་ཆོས་ཉིད་ལ་སྐྱེ་འགག་མེད་པའི་གནད་ཀྱིས། དམྱལ་བ་ཚ་གྲང་ཉམས་སུ་མྱོང་བའི་སྐྱེས་བུ་དང་། སངས་རྒྱས་རྣམས་ཀྱི་བདེ་བ་ཉམས་སུ་མྱོང་བའི་སྐྱེས་བུ་གཉིས་ལ། རྟོགས་པའི་སྐྱེ་སྒོ་ཐོབ་པ་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་པའོ། །ཀྱེ་གསུང་གི་རྡོ་རྗེ་རིག་པ་ལ་འགྱུར་བ་མེད་པའི་གནད་ཀྱིས། ཡིད་ཆེས་ཀྱི་སྤྲོས་པ་ཆོད་པའི་སྐྱེས་བུ་དང་། བདག་རྟག་པར་ལྟ་བ་གཉིས་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་པའོ། །ཀྱེ་གསུང་གི་རྡོ་རྗེ་ཆོས་སྐུ་རང་ལ་ཡོད་པའི་གནད་ཀྱིས། ཕྱི་རོལ་དུ་མཆོད་པ་དང་། བསྟོད་པ་དང་། གསོལ་བ་སྣ་ཚོགས་བཏབ་པའི་སྐྱེས་བུ་དང་། ལས་བྱ་བྱེད་དང་བྲལ་བར་འདུག་པའི་སྐྱེས་བུ་གཉིས་ལ་འབྲས་བུ་ཐོབ་པ་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་པའོ། །ཀྱེ་གསུང་གི་རྡོ་རྗེ། དེའི་ཕྱིར་ན་རང་བྱུང་ཆེན་པོའི་ཚིག་འདི་དག་ལ་སྤྱོད་པའི་སྐྱེས་བུ་ནི་འབད་པ་མེད་པར་ཉམས་སུ་ལོངས་པའི་གདེང་རྙེད་ནས། སྣང་བ་དང་སྐུ་གསུམ་དབྱེར་མེད་དུ་སངས་རྒྱས་པ་ཡིན་ནོ། །ཚིག་འདི་དག་ཉན་ཐོས་དང་། རང་


DNG003_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ལ་སོགས་པའི་ནང་དུ་རྡུལ་ཙམ་ཡང་བརྗོད་པར་མ་བྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། དེ་དག་རྣམས་ཀྱིས་ཚིག་འདི་ཀུན་ཐོས་པས་སྐྲག་པ་དང་། སྔངས་པ་དང་བརྒྱལ་བར་འགྱུར་ཏེ་གསང་སྔགས་རྣམས་ལ་མི་མོས་ཏེ། ཡིད་བྱུང་ནས་དེའི་རྣམ་པར་སྨིན་པས་སེམས་ཅན་དམྱལ་བ་ཆེན་པོ་ཉམས་སུ་མྱོང་བར་འགྱུར་བས་ན། བསྟན་ཅིང་ཐོས་པ་དག་ལྟ་ཅི་སྨོས་ཏེ། རླུང་ཕྱོགས་ཙམ་དུ་ཡང་བརྗོད་པར་མི་བྱའོ། །གསུང་གི་རྡོ་རྗེས་གསོལ་པ། ཀྱེ་བཅོམ་ལྡན་འདས་ཉན་ཐོས་ལ་སོགས་དེ་དག་ཀུན། དེ་ལྟར་འབྱུང་བ་ཅིའི་རྒྱུ་ལགས། ཞེས་ཞུས་སོ། །བཀའ་སྩལ་པ། ཉན་ཐོས་དང་རང་རྒྱལ་རྣམས་ནི། སྐལ་བ་མེད་པས། གསང་སྔགས་རྣམས་ཀྱི་སྣོད་དུ་མ་གྱུར་པས་ན། བློ་ཆུང་བའི་ཕྱིར་ཏེ། དཔེར་ན་ཁབ་ཀྱི་མིག་ཏུ་རས་ཡུག་བརྫངས་པས་འགྲོ་ས་མེད་ཅིང་། ཤོང་བའི་སྐབས་མེད་པ་དང་འདྲའོ། །དེ་ནས་སྟོན་པ་ཉིད་ཀྱིས་ཀྱང་། རང་གི་ཆེ་བའི་ཚིག་རྣམས་འདི་སྐད་ཅེས་ནི་རྣམ་པར་བསྒྲགས། །ཆོས་སྐུ་རོ་གཅིག་མ་ཤེས་པས། །ཐ་སྙད་ཚིག་ལ་བདེན་འཛིན་པར། །ལུས་ཀྱིས་མི་ཐེག་ཁུར་ཁུར་འདྲ། །དབྱིངས་རིག་གཉིས་མེད་མ་ཤེས་པར། །མི་རྟོག་ལྟེང་པོ་སུས་བསྒོམ་པ། །རི་བོ་སྐེད་པ་བསྙེག་སྐེད་པར་བསྙེག་པ་འདྲ་ཡང་བྱུང་དང་འདྲ། །ཤུགས་འབྱུང་རང་ཤར་མི་ཤེས་པས། །བྱ་བྱེད་རྩོལ་བ་སུས་འཛིན་པ། །རི་མོ་མཁན་གྱི་ཚོགས་འཛིན་འདྲ། །རང་བྱུང་འགག་མེད་མ་ཤེས་པར། །སྣང་བ་བདེན་གཅིག་ངེས་འཇོག་པ། །ལྗོན་ཤིང་སྲོག་དང་བྲལ་བ་འདྲ། །སྐུ་གསུམ་ཡེ་རྫོགས་མ་ཤེས་པར། །ངེས་ལུང་གཞན་ནས་འཚོལ་བ་ནི། །གླང་པོའི་རྗེས་བཅད་མ་ཤེས་ཀྱང་བྱུང་མ་རྙེད་འདྲ། །སྙིང་པོ་བཅུད་ཐིགས་མ་ཤེས་པར། །རིག་པའི་རང་གདངས་སྟོན་པ་ནི། །མཁའ་འགྲོ་སྙི་ལ་ཟིན་པ་འདྲ། །ཅོག་བཞག་རང་གྲོལ་མ་ཤེས་པར། །ལྟ་བ་རྟོགས་པར་ཁས་འཆེ་བ། །དབུལ་པོ་རྒྱལ་པོར་བརྫུས་པ་འདྲ། །ལུས་ངག་དྲོད་རྟགས་མ་རྒྱས་པར། །སྐྱེ་མེད་རྟོགས་པར་ཁས་འཆེ་བ། །ལུང་པ་སྟོང་པའི་རླུང་དང་འདྲ། །ལུ་གུ་རྒྱུད་ལ་མ་གོམས་པར། །འཁྲུལ་སྣང་འགགས་པར་ཁས་
ལེན་པ། །མུན་ཁང་ནང་གི་མཛུབ་བཙུག་འདྲ། །བླ་མེད་རྒྱུད་འདི་མ་ཤེས་པར། །ཉམས་སུ་ལེན་པར་འདོད་པ་ནི། །ཁ་བྲག་ལམ་དུ་ཞུགས་པ་འདྲ། །གསུང་གི་རྡོ་རྗེ་སྙིང་པོ་ཁྱོད། །དེ་ཡི་ཕྱིར་ན་གསང་བའི་རྒྱུད། །འདི་ཉིད་འཛིན་པའི་སྐྱེས་བུ་ནི། །རང་རིག་རྣམས་ཀྱི་དབང་ཐོབ་སྟེ། །རྒྱུད་འདི་བཅད་པ་ཙམ་གྱིས་ནི། །རྡོ་རྗེ་འཆང་གི་སྤྲུལ་པར་འགྱུར། །རྒྱུད་འདི་སུ་ཡིས་བཀླག་པའི་མི། །ལྟ་བའི་དོན་ཀུན་སེམས་ལ་འཆར། །འདི་ཉིད་སུ་ཡིས་བྲིས་པ་དེ། །སངས་རྒྱས་ཀུན་གྱི་གསུང་ལ་རོལ། །དེ་ཡི་ཕྱིར་ན་དམ་པར་བྱའོ། །ཞེས་རིན་ཆེན་སྤུངས་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། ཁྱད་མེད་མཉམ་པ་ཆེན་པོའི་ལེའུ་སྟེ་ལྔ་པའོ།། །།དེ་སྐད་ཅེས་གསུངས་པས། སྐུ་གསུང་ཐུགས་རྡོ་རྗེ་ལ་སོགས་པའི་འཁོར་རྣམས་རྗེས་སུ་ཡི་རངས་ནས། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །རིན་པོ་ཆེ་སྤུངས་པའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ། འབུམ་ཕྲག་དྲུག་ཅུ་རྩ་བཞིའི་བཅུད་ཕྱུང་བ་རྫོགས་སོའོ།། །།རྒྱ་གར་གྱི་མཁན་པོ་བི་མ་ལ་མི་ཏྲ་དང་། བོད་ཀྱི་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་གཏན་ལ་ཕབ་པའོ། །དཔལ་སྔགས་ཀྱི་སྲུང་མས་བཀའ་འདི་སྲུངས་ཤིག །དམ་ཚིག་ཉམས་པའི་སྙིང་ཁྲག་འཇིབས་ཤིག །ས་མ་ཡ། རྒྱ་རྒྱ་རྒྱ། ཨུ་ཡ་ཨག་ཐ་མ། རིན་ཆེན་སྤུངས་པའི་རྒྱུད་ལ་མ་བུ་དྲུག། །།

དཔལ་ནམ་མཁའ་མེད་པའི་སྐུ་གདུང་འབར་བ་ཆེན་པོའི་རྒྱུད་ཅེས་བྱ་བ། རྒྱ་གར་གྱི་མཁན་པོ་བི་མ་ལ་མུ་དྲ།


DNG003_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། འདི་ལ་ལེའུ་གསུམ་གྱི་དོན་མཚན་ཀླད་དུ་སྨོས་པ། ཤྱ་ག་ག་ན་ཤ་རཱི་ར་ཛྭ་ལ་མ་ཧཱ་ཏནྟྲ་ནཱ་མ། བོད་སྐད་དུ། དཔལ་ནམ་མཁའ་མཚན་སྦྱོར་མེད་པའི་སྐུ་གདུང་འབར་བ་ཆེན་པོའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་འབྱུང་བ་རྣམས་རང་སར་དག་པ་ཆེན་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐུན་མོང་མ་ཡིན་པའི་གླེང་གཞི་བསྟན་པའི་དུས་གཅིག་ན། །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་གདུང་། །བསྟན་པ་སངས་རྒྱས་ཀུན་གྱི་ཡེ་ཤེས་ཀྱི། །མི་གནས་སྟོང་པ་གནས་ཆེན་པོ་ཡིས། །གནས་ནི་བསམ་པ་ཉིད་མེད་ན། །


DNG003_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་འཁོར་རིག་པའི་ཡེ་ཤེས་གདུང་། །མི་འབྱེད་སྣང་བའི་ཆོས་སྟོན་པ་གདུང་དུ། །ངས་ནི་ཐོག་མའི་དུས་དུས་ཕུན་སུམ་སུ་ཡང་། །འདི་ཉིད་དུ་ནི་འོང་བ་ཡིན། །ཆོས་ཀུན་གདུང་གི་རང་བཞིན་ལ། །འདི་ལྟར་གཏན་ལ་ཕབ་པའོ། །འདི་ནི་ངས་བསྟན་པ་ཡིས་སྟོན། །ངས་ནི་ཕྱིས་ཀྱང་སྟོན་པའོ། །འདི་སྐད་བདག་གིས་ཐོས་པའི་ཐུན་མོང་གི་གླེང་གཞི་དུས་གཅིག་ན། མི་རྟོག་གནས་རང་སྣང་ཆོས་འབྱུང་གཞལ་ཡས་ན། །སྟོན་པ་མི་འགྱུར་ཐུགས་རྗེ་ཆེན་པོའི་སྐུར་ཤར་བ། །རྡོ་རྗེ་འཆང་ཆེན་བཅོམ་ལྡན་གདུལ་འཁོར་བྱ་དྲུག །རིགས་དྲུག་སྐྱེ་གནས་དག་པར་བྱ་བའི་ཕྱིར། །སངས་རྒྱས་རྣམས་དང་བྱང་ཆུབ་སེམས་དཔའ་དང་། །ལྷ་དང་མི་སོགས་སྐལ་དང་ལྡན་པ་དང་། །གདུལ་བྱའི་འཁོར་ནི་བསམ་གྱིས་མི་ཁྱབ་དང་། །མི་གནས་ཆེན་པོ་རང་གི་བསམ་གཏན་ལས། །འབྱེད་པ་མེད་པའི་ཚུལ་གྱིས་མཉམ་པར་བཞུགས། །དེ་ནས་འཁོར་དུ་འདུས་པ་དེ་ནས་ནི། །རྡོ་རྗེ་རིགས་ཀྱི་མཁའ་འགྲོ་གསལ་བྱེད་ཀྱིས། །རྡོ་རྗེ་འཆང་གི་སྟོན་པ་ཉིད་ལ་ཡང་། །མི་འགྱུར་འགྱུ་བ་མེད་པའི་དབུགས་ཕྱུང་ནས། །འདི་སྐད་ཅེས་ནི་ཞུ་བ་རབ་ཏུ་ཞུས། །ཀྱེ་སྟོན་པ་ཉིད་ནི་རྡོ་རྗེ་འཆང་། །འཇིག་རྟེན་ཁམས་ནི་ཐམས་ཅད་ནས། །བཙལ་བས་མ་རྙེད་སངས་རྒྱས་དོན། །སུས་ཀྱང་རིག་པ་མེད་པ་དེ། །སྐལ་བ་ལྡན་པ་སུས་མཐོང་བ། །དེ་ལ་རྟགས་ནི་ཅི་ལྟ་བུ། །སྤྱི་དང་བྱེ་བྲག་སོ་སོ་ཡི། །རྟགས་ཀུན་བདག་ལ་བསྟན་དུ་གསོལ། །དེ་ནས་སྟོན་པ་རྡོ་རྗེ་འཆང་། །རང་རིག་གསལ་བའི་སྒོ་ཕྱེས་ནས། །ཤེས་རབ་ཆེན་པོའི་མཛོད་བསྟན་པ། །ཀྱེ་མ་མཁའ་འགྲོ་གསལ་ཡིད་མ། །ང་ཡིས་བསྟན་གྱིས་ཁྱོད་ཀྱིས་ཟུང་། །ངས་བསྟན་པ་ཡི་ཚིག་འདི་ལ། །འཁྲུལ་པ་རྡུལ་གྱི་ཆ་ཡང་མེད། །འཁྲུལ་པ་མེད་པའི་ཚིག་འདི་ལ། །ངེས་པའི་སྙིང་པོ་གསང་ཆེན་གྱི། །དོན་ཀུན་ཀྱང་ནི་འདི་ལས་བསྟན། །ཅི་ལྟར་རྫོགས་སངས་རྒྱས་རྣམས་ཀྱི། །སྐུ་ཡི་རྟགས་ཉམས་སུ་ལེན་པ་ལ་ལུས་ངག་ཡིད་གསུམ་ལ་རྟགས་འདི་ལྟར་འོང་། སེམས་ཅན་གྱི་ལུས་ལ་སྐུ་གསུང་ཐུགས་ཀྱི་རྒྱུད་ཅི་ལྟར་གནས་པ་བསྟན་དང་གསུང་གི་རྟགས། །


DNG003_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་རྡོ་རྗེ་ཐུགས་ཀྱི་རྟགས། །ཅི་ལྟར་སྔོན་དུ་ཤར་བ་ལྟར། །འདིར་ཡང་སྐལ་ལྡན་གྱི་སེམས་ཅན་ཀུན་ལུས་ལ། །འདི་དག་རྣམས་ནི་སེམས་ཅན་ཐམས་ཅད་ལ་ཡང་གཞི་ལ་བཅས་ཀྱིས་གྲུབ་ནས་ཡོད་སྣང་བར་འགྱུར། །འདི་ཉིད་སུ་ལ་སྣང་བ་དེ། །སྔོན་ནས་སྦྱངས་པའི་སྐལ་བ་ཅན། །སྔ་མ་བར་ཆོད་དུ་སོང་ལ་མ་སྨིན་པ་ལས་ནི། །ད་ལྟའི་དུས་ངེས་འབྲས་བུ་ནི། །སུ་ཡིས་ཚེ་འདི་ལ་བསྒྲུབ་པའི་འགྲུབ་པའི་མི་དེ་ལ། །ལུས་ཀྱི་རྟགས་དང་དེ་བཞིན་ངག །ཡིད་སོགས་རྟགས་འདི་འབྱུང་བ་ཡིན། །གལ་ཏེ་འདི་རྟགས་མ་བྱུང་ན། །དོན་ཕྱལ་པར་འཇིག་རྟེན་ཡིད་དཔྱོད་བལྟ་བར་འགྱུར། །དེ་ཕྱིར་རྟགས་ཉམས་སུ་བླངས་པའི་དང་སུ་ལྡན་པ། །འདི་ཡིས་གསང་བའི་ངེས་ལུང་ཐོབ། །རྒྱུད་འདི་རྣམས་ངེས་པའི་ལུང་གི་ཚད་ཟིན་པས། །ཕྱི་རོལ་ནང་སོགས་ཚད་ཀུན་ཟིན། །འདི་ནི་རྣལ་འབྱོར་དག་པའི་ལམ། །ལམ་འདི་ཉིད་ལ་གང་གནས་པ། །སངས་རྒྱས་རྣམས་ཀྱི་བདེན་པ་མཐོང་། །བདེན་མཐོང་ལུས་ལ་རྟགས་འདི་འོང་། །སྔོན་དུ་ཚེ་སྔ་མ་ལ་འབྱོངས་པའི་ཚད་འདིས་ཟུང་། །བདེར་བྷུ་ཌྜྷའི་གཤེགས་སྐུ་ལ་སུས་འབྱོངས་པ། །དེ་ཡི་དཔྲལ་བའི་འདི་ཀུན་རི་མོ་ལ་བརྟགས་པའོ། །དབྱེས་སུ་ཡང་། །དུང་ནི་གཡས་སུ་འཁྱིལ་པའམ། །ཡང་ན་རྩ་གསུམ་གཉེར་མ་གྱེན། །དེ་བཞིན་ཡང་ན་ཡི་གེ་ཨོཾ། །རི་མོ་འམ་ནི་རང་འབུར་དུ། །སུ་ལ་རྟགས་འདི་བྱུང་བའི་མི། །སྔོན་དུ་སངས་རྒྱས་སྐུ་ལ་སྦྱངས། །འདི་ཉིད་སྦྱངས་པའི་རྣལ་འབྱོར་དེ། །སངས་རྒྱས་སྐུ་དང་དབྱེར་མེད་པར། །གདེང་དང་ལྡན་པའི་རང་དུས་ནི། །འདིའི་རྩ་བ་གཉིས་ལ་སླར་ཚེ་ནི་གཉིས་ནས་ཐོབ་པར་འགྱུར། །འདི་ལ་བར་ཆོད་མ་ཞུགས་པར། །བསྒོམ་པ་ཉིད་ལ་བརྩོན་པ་ནི། །འདི་ཉིད་རབ་ཏུ་གཅེས་ཚེ་འདི་ལ་པའོ། །ཚེ་སྔ་མ་སངས་རྒྱས་ཀུན་གྱི་གསུང་ལ་ནི། །སྔོན་དུ་འབྱོངས་པའི་མི་དེ་ཉིད། །སྐལ་བ་དང་ནི་ལྡན་པ་ལ། །དེ་ཡི་མགྲིན་པའི་གཡས་གཡོན་དུ། །པདྨ་འདབ་མ་བརྒྱད་པ་འམ། །ཡང་ན་དུང་ནི་གཡས་སུ་འཁྱིལ། །དེ་བཞིན་དར་ལྕེ་ཕྱར་བ་འམ། །ལྕགས་ཀྱུ་དང་ནི་རལ་གྲི་འམ། །ཡི་གེ་ཨཱ༔ཡི་མཚན་མ་ནི། །


DNG003_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

རི་མོ་ཉིད་དང་འབུར་དུ་ནི། །སུ་ལ་ཡོད་པའི་སྐྱེས་བུ་དེ། །སངས་རྒྱས་ཀུན་གྱི་གསུང་ལ་ཡང་། །འདི་ཡིས་སྔོན་དུ་སྦྱངས་པས་ན། །ཚེ་གཉིས་ཀྱིས་ནི་གསུང་གཅིག་ཏུ། །ངེས་པའི་འབྲས་བུ་ཐོབ་པར་འགྱུར། །འདི་ལ་བར་ཆོད་མེད་པ་གཅེས། །བར་མ་ཆོད་པར་སུས་བསྒོམ་པ། །གདོན་མི་ཟ་བར་མཐོང་བར་འགྱུར། །སངས་རྒྱས་རྣམས་ཀྱི་ཐུགས་ལ་ཡང་། །སྔོན་དུ་གོམས་པར་ཚེ་སྔ་མ་ལ་སུས་བྱས་པ། །དེ་ཡི་ལུས་ལ་རྟགས་འདིའོ། །གང་གི་སྙིང་གའི་གནས་སུ་ནི། །རྩེ་གསུམ་རྡོ་རྗེ་གྱེན་འགྲེངས་དང་། །དེ་བཞིན་འཁོར་ལོ་རྩིབས་བཞིའམ། །རིམ་པ་གསུམ་པའི་ཤ་མདངས་སམ། །རིན་པོ་ཆེ་ཡི་དབྱིབས་ཉིད་དམ། །ཡི་གེ་ཧཱུྃ་གི་མཚན་མ་ནི། །སུ་ལ་བྱུང་བའི་སྐྱེས་བུ་ནི། །སངས་རྒྱས་ཀྱི་ཡང་ཐུགས་ལ་ནི། །འདི་ཡིས་གོམས་སོ་སྐལ་དང་ལྡན། །འདི་ནི་བསྒོམ་ལ་བརྩོན་བྱས་ན། །བར་མ་ཆོད་དེ་ཚེ་གསུམ་བར་མ་ཆོད་དེ་བསྒོམ་ན་ན། །སངས་རྒྱས་ཐུགས་ཀྱི་དཀྱིལ་འཁོར་དུ། །སངས་རྒྱས་པ་ལ་ཐེ་ཚོམ་མེད། །འདི་ལྟར་སྐུ་གསུང་ཐུགས་ལ་ནི། །སྔོན་དུ་གོམས་པའི་ཡོན་ཏན་གྱིས། །ད་ལྟ་ཆོས་སོ་ཅོག་ལ་ལས་དང་པོ་བ་རང་ལ་ནི། །ཞུགས་པ་ཙམ་ལ་རྟགས་ངེས་འབྱུང་། །དེ་ལྟར་རྟགས་དང་ལྡན་པ་ལས། །བར་མཚམས་མེད་པར་བསྒོམ་པ་ན་ཆོས་སྤྱོད་ན། །གདོན་མི་ཟ་བར་འབྲས་བུ་ཐོབ། །འདི་ཉིད་ལ་ནི་བར་ཆད་ན། །འབྲས་བུ་ཉིད་ནི་མི་འཐོབ་བར་མ་ཆད་པར་བསྒོམ་པ་གཅེས་སྟེ། །ཐུགས་ལས་ཡིད་འཁྲུགས་གནས་སུ་འགྱུར། །བར་ཆད་ལ་ལོག་པ་ནས་སྐུ་ལས་དེ་བཞིན་གཟུགས་ཁམས་ལྷ། །གསུང་ལས་ཚངས་པའི་གནས་སུའོ། །གལ་ཏེ་རྟགས་འདི་དག་རྣམས་ཀྱི་གཞིའི་ཡོན་ཏན་སེམས་ཅན་ཐམས་ཅད་ལ་ཡོད་པས་དམ་པའི་དོན་མ་མཐོང་། །ཤན་པ་སྨད་འཚོང་སྐལ་མེད་ལ། །གཞི་ནས་ཐམས་ཅད་ལ་ཡེ་ནས་སྐུ་གསུང་ཐུགས་ཡོད་པས། །གཞི་ལ་རང་ཆས་སུ་ས་བོན་གྱི་ཚུལ་དུ་དེ་ལ་སྔོན་དུ་གོམས་པས་ན། །ཚེ་སྔ་མ་ལ་གོང་དུ་བར་ཆོད་ཞུགས་པ་ལ། །གོང་གི་སྐུ་གསུང་བསྒོམ་ནས་ཐུགས་ཀྱི་རྟགས། །འདི་ཀུན་ལ་ཡང་འབྱུང་བ་ཡོད། །འདི་ལྟར་བྱུང་བའི་མི་དེ་ཡིས། །དམ་པའི་དོན་ལ་ངེས་ཞུགས་ན། །གདམས་པ་འདི་ལ་མི་དེ་སྐལ་དང་ལྡན་


DNG003_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར། །མ་ཞུགས་ལྡོག་པས་རེ་ཞིག་གོང་བཞིན་ནོ། །འདི་ཡོ་ག་དགའ་ལ་དྷུ་ཎྼྀ་སྐུ་གསུང་ཐུགས་ཀྱི་རྟགས་ཅི་ལྟར་འབྱུང་བ་སྟོན་ལྟར་སེམས་ཅན་དག་ལ་ཡང་། །སྔོན་དུ་སངས་རྒྱས་སྐུ་གསུང་ལ། །གོམས་ཤིང་སྦྱངས་པའི་རྟགས་སུ་ཡང་། །འདི་ལྟར་འབྱུང་ངོ་མཁའ་འགྲོ་མ། །སངས་རྒྱས་ཀུན་གྱི་སྐུ་ཉིད་ལ། །སྔོན་དུ་སུ་ཡིས་གོམས་དེ་ཡི། །སྨྲ་བའི་ཚིག་ནི་བཙན་པ་དང་། །ཆད་རྣམས་འགྱུར་བ་མེད་པར་ཡང་། །འདི་ཉིད་འགྱུར་ཏེ་སྐལ་དང་ལྡན། །ཉི་མ་ཡིས་ནི་དུས་ཉིད་ལ། །ཚིགས་སུ་བཅད་པ་སྟོང་ངམ་ནི། །ཡང་ན་བཞི་བརྒྱའི་ཚིགས་བཤད་ཀྱི། །དོན་ནི་བློ་ལ་སྣང་བར་འགྱུར། །ཅི་སྨྲས་གཞན་ལ་ཕན་སེམས་ཅན་གཞན་ལ་པའི་མི། །འདི་ནི་སྔོན་དུ་སྐུ་ལ་ཡང་། །གོམས་པ་ཡིན་ནོ་མཁའ་འགྲོ་མ། །སྔོན་དུ་སངས་རྒྱས་ཀུན་གྱི་ཡང་། །གསུང་ལ་སུ་ཡིས་གོམས་པ་ལ། །སྐད་ཕྱིན་མེད་པ་ནི་ཚངས་པའི་དབྱངས་བཞིན་དུ། །ཀུན་གྱི་རྣ་བར་སྙན་པ་དང་། །ཚིགས་སུ་བཅད་པ་སྟོང་རེ་ཡང་། །ཉིན་གཅིག་ལ་ནི་བློར་ཟིན་དང་། །སེམས་ཅན་ཐམས་ཅད་བྲན་བཞིན་དུ། །འདི་ཡི་འཁོར་ལ་འགྱུར་བ་ནི། །སྔོན་དུ་སངས་རྒྱས་གསུང་ལ་ཡང་། །འདི་ཡིས་གོམས་སོ་མཁའ་འགྲོ་མ། །སངས་རྒྱས་རྣམས་ཀྱི་ཐུགས་ལ་ཡང་། །སྔོན་དུ་གོམས་པའི་སྐྱེས་བུ་ཡིས། །ཕ་རོལ་ཚིག་ཅི་སྨྲས་པ་ན། །དེ་ཡི་དོན་ནི་བདེ་ཁོའི་འདོད་པ་ཅི་ཡོད་པ་གོ་བ་ཡིན་བླག་ཏུ། །ཅི་ལྟར་བཞིན་དུ་གོ་བ་དང་། །རང་གིས་སྨྲས་པའི་ཚིག་བཙན་པ་ཡིན་ཚིག་རྣམས་ལ། །འགྱུར་བ་མེད་པས་གཞན་རྗེས་འཛིན། །འདིས་ནི་སངས་རྒྱས་གསུང་ལ་ཡང་། །སྔོན་དུ་གོམས་སོ་མཁའ་འགྲོ་མ། །དེ་ལྟར་སྐུ་གསུང་ཐུགས་ལ་ཡང་། །སུ་ཡིས་གོམས་པའི་སྐྱེས་བུ་ནི། །ཚེ་གཉིས་ལས་ནི་སངས་རྒྱས་འཐོབ། །ཡང་ནི་མཁའ་འགྲོ་གསལ་སེམས་ཅན་གྱི་ཡིད་ལ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཡིད་ཉོན། །སེམས་ཅན་གང་གི་ཡིད་ལ་ཡང་། །འདི་རྟགས་རྣམས་དང་ལྡན་པ་དེ། །སངས་རྒྱས་སྐུ་གསུང་ཐུགས་ལ་ཡང་། །འདི་ཡིས་གོམས་པར་ང་ཡིས་བསྟན། །མ་


DNG003_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

ཞག་འགའ་ཙམ་ལ་བསླབས་བསྒོམ་པ་རང་བབས་དང། །སེམས་ནི་ངང་གིས་དལ་བ་རྙེད། །འདིས་ནི་སྔོན་དུ་སྐུ་ལ་གོམས། །བསམས་པས་ཆོས་རྣམས་བློར་སྣང་དང་། །སྔར་མ་མཐོང་བའི་ཡུལ་མཐོང་དང་། །སྔར་མ་ཐོས་པའི་ཆོས་ཀྱི་ཚིག །རང་བཞིན་ཉིད་དུ་ཤེས་པ་ནི། །འདིས་ནི་སྔོན་དུ་སངས་རྒྱས་ཀྱི། །གསུང་ལ་གོམས་སོ་མཁའ་འགྲོ་མ། །རྟག་ཏུ་གཅིག་པུར་འདུག་པ་དང་། །གང་ལ་འཇིགས་པའི་སེམས་མེད་དང་། །རི་དང་ནགས་ཚལ་འགྲིམ་པའི་མི། །འདིས་ནི་སྔོན་དུ་ཐུགས་ལ་ཡང་། །གོམས་པ་ཡིན་ནོ་མཁའ་འགྲོ་མ། །འདི་ལྟར་ལྡན་པའི་སྐྱེས་བུ་ལ། །བར་མ་ཆད་པར་བདེན་སྤྱད་ནས། །ཚེ་གསུམ་གྱིས་ནི་གདོན་མེད་པར། །སངས་རྒྱས་ཉིད་ལ་ཐེ་ཚོམ་མེད། །འདི་ལྟར་རིགས་བཟང་ངན་མེད་པར་དང་རིགས་མིན་ལ། །སྔོན་དུ་གོམས་པའི་ཤུགས་ཚེ་སྔ་མ་གོམས་པར་བྱས་པ་ལས་བར་ཆད་ནས་ཀྱིས་ནི། །འདིར་རྟགས་ལུས་ལ་འབྱུང་བ་ཡོད། །བྱ་དང་རི་དྭགས་ཁྱི་ལ་སོགས། །བྱོལ་སོང་གཟུགས་སུ་འཛིན་པ་ལ། །འདི་རྟགས་རྣམས་ནི་འབྱུང་བ་ཡོད། །སྔོན་དུ་སྦྱངས་ཏེ་བར་ཆད་ཡིན། །མཐར་མ་ཕྱིན་དེ་ཀུན་ཀྱང་ནི་སྐད་ཅིག་པར། །སྐྱེ་གནས་དག་ནི་གོང་བཞིན་ནོ། །འདི་ལྟར་སྔ་མའི་རྟགས་ཀྱིས་ནི། །བདེ་བའི་ལམ་ནི་རྒྱུར་འགྱུར་རོ། །སྐུ་གདུང་འབར་བ་རིན་པོ་ཆེའི་རྒྱུད་ལས། སྐྱེས་བུའི་ལུས་ངག་ཡིད་ལ་སྔོན་ཏུ་སྦྱངས་པའི་རྟགས་ཇི་ལྟར་འབྱུང་བ་བསྟན་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་སྟོན་པ་ཚེ་འདིའི་རྟགས་བསྟན་པ་རྡོ་རྗེ་འཆང་། །འདི་ཉིད་ཆོས་སྐུ་ཐམས་ཅད་ལ། །ཟག་པ་ཟད་ཅིང་རྡུལ་མེད་པས། །མཉམ་པ་ཉིད་ཀྱི་ཆོས་ཉིད་ལས། །མཉམ་པ་ཆེན་པོར་གཟིགས་ནས་ནི། །རྡོ་རྗེ་ཡི་ནི་རིགས་ཀྱི་ཡང་། །མཁའ་འགྲོ་མ་ནི་གསལ་ཡིད་ལ། །འདི་སྐད་ཚིག་ནི་སྟོན་པས་གསུངས། །ཀྱེ་མ་ཉོན་ཅིག་མཁའ་འགྲོ་མ། །ང་ཡིས་བསྟན་གྱིས་ང་ལ་ཉོན། །ཁྱོད་ཀྱིས་མི་འགྱུར་ཡིད་ཀྱིས་ཀྱང་། །ང་ཡི་ཚིག་འདི་རབ་ཉོན་ལ། །དང་བའི་


DNG003_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ཀྱིས་ལེགས་པར་ཟུང་། །འདི་ལྟར་སྐྱེས་བུ་སྐལ་བ་ཅན། །ཆོས་ཉིད་དོན་ལ་ཚེ་འདི་ལ་ནི་གོམས་ནས་ནི། །ཕྱིར་མི་ལྡོག་པའི་ཉམས་ལེན་ཐུན་མོང་མ་ཡིན་པ་ས་ལ་ཡང་། །སུ་ཡིས་སྤྱད་པར་ནུས་པ་ལ། །ལུས་ངག་སེམས་ཀྱི་རྟགས་སུ་ཡང་། །འདི་རྣམས་འབྱུང་ངོ་མཁའ་འགྲོ་མ། །གང་གིས་སྒྲ་ལ་གོམས་པའི་རྟགས་འབྱུང་བའི་སྒྲ་རྣམས་དང་། །རིགས་དྲུག་སྒྲ་ལ་སུས་གོམས་པ། །འདི་ལ་འབྱུང་བས་མི་གནོད་ཅིང་། །དེ་བཞིན་མེ་ཡིས་འཚིག་པ་མེད། །ཆུ་ཡིས་བྱིང་ཞིང་ཁྱེར་བ་མེད། །རྐང་པས་ས་ལ་ས་ལ་ཁྲུ་གང་གིས་མ་རེག་པར། །བར་སྣང་ལ་ཡང་འགྲོ་བར་ནུས། །རླུང་གིས་གྲང་ཞིང་གཡོ་བ་མེད། །འདི་ལྟར་སུ་ལ་བྱུང་བ་ནི། །འབྱུང་བཞིའི་སྒྲ་ལ་གོམས་པ་ཡིན། །མི་དང་མི་མ་ཡིན་པ་སོགས་སེམས་ཅན་སྣང་དང་མི་སྣང་བའི། །སྐད་ནི་གང་གིས་ཤེས་པ་དེ། །རིགས་དྲུག་གཟུགས་སུ་མི་ལེན་ཕྱིར། །འགྲོ་བ་དྲུག་གི་སྐད་རྣམས་ཤེས། །འགྲོ་དྲུག་སེམས་རྒྱུན་རང་ཆད་ཕྱིར། །དེ་ཀུན་མངོན་ཤེས་སེམས་ཀྱིས་བསམ་པ་ཤེས། །འཁྲུལ་རྟོག་བསམ་པ་ཟད་པའི་ཕྱིར། །མདོར་ན་མངོན་ཤེས་དྲུག་འབྱུང་སྟེ། །འགྲོ་བ་དྲུག་གི་སྣང་བ་ནི། །རང་གི་རང་བཞིན་ལོག་ནས་ནི། །ཕྱིས་ཀྱི་སྐྱེ་བ་བཅད་པའི་ཕྱིར། །འདི་ལྟར་སྐྱེས་བུ་འདིས་ཆོད་པའི། །རང་རྟགས་འདི་ཀུན་འབྱུང་བའོ། །འཁོར་འདས་རུ་ཤན་སྤྱོད་པ་འབྱེད་པ་ཡིས། །སྔོན་དུ་འགྲོ་བ་ལུས་ངག་གི། །སྤྱོད་པ་ལ་ནི་གོམས་པ་ལ། །འདི་ལྟར་ལུས་ལ་རྟགས་རྣམས་འབྱུང་། །ལུས་ཀྱི་ཞེན་པ་རང་ལོག་པས། །འཁྲུལ་པའི་ཞེན་པ་རྒྱུན་བཅད་ཕྱིར། །རང་གི་ཞན་ལ་གཏོང་བར་ནུས་ལུས་ལ་ཆགས་པ་མེད། །ནམ་མཁའ་ལ་ནི་བསྐྱོད་པ་དང་། །དེ་བཞིན་ས་ལ་འཛུལ་བར་ནུས། །བསམས་དང་མི་བསམ་དོན་རྣམས་ཕ་རོལ་གྱི་ཤེས། །ཁ་ནས་ཆོས་ཀྱང་སྨྲ་བར་སྔར་མ་ཐོས་པ་ལ་སོགས་པ་འགྱུར། །འདི་ལྟར་སུ་ལ་བྱུང་བའི་མི། །ལུས་དང་ངག་ཡིད་སེམས་ཀྱིས་ནི། །འཁོར་བའི་འཆིང་བའི་རྟོག་པ་ནི། །གང་


DNG003_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

གིས་བཅིངས་པ་ཀུན་ལས་གྲོལ། །ཕྱིས་ནི་ལུས་རུ་ཤན་ཕྱེད་པས་ངག་སེམས་འདྲེལ་ཆོད། །ལྟ་བ་ལ་ནི་གོམས་པའི་རྟགས། །སྐལ་བ་དང་ལྡན་སྐྱེས་བུ་ལ། །འདི་བཞིན་དུ་ཡང་འབྱུང་བར་འགྱུར། །སྟོང་པས་ལུས་དང་སེམས་རྒྱས་པས། །མཁའ་འགྲོ་བཞི་སྟེ་ནམ་མཁའ་ལས། །རླུང་ལ་རང་དབང་བསྒྱུར་བའི་ཕྱིར། །རླུང་བཞིན་སྐད་ཅིག་དྲུག་བརྒྱ་ལ། །འཛམ་བུ་གླིང་དུ་རྒྱུ་བར་ནུས། །གོམས་པའོ། །རང་སེམས་སྟོང་པར་རྟོགས་པའི་ཕྱིར། །གང་ལ་བེམ་པོ་བལྟས་པས་བཞུ་བར་ནུས། །འདི་ནི་ལྟ་བའི་གདེང་རྙེད་ཡིན། །གང་གིས་བསྒོམས་ལ་སྐྱེ་མེད་ཀྱིས་འབྱོངས་པའི་རྟགས། །ལུས་ལ་འབུ་སྲིན་སྲོག་ཆགས་མེད། །སྙིང་རྗེས་གཞན་དོན་མཐར་ཕྱིན་ཕྱིར། །རྣམ་རྟོག་སེམས་རྒྱུན་སྟོང་པས་ན། །ལུས་ནི་ཤིང་བལ་བཞིན་དུ་ཡང་། །རིག་པ་འཆི་མེད་དོན་ལྡན་པས། །ལུས་ནི་བཅུ་དྲུག་ལོན་བཞིན་གཞོན་ནུ་འགྱུར། །ཆོས་ཉིད་རླན་གྱིས་སེམས་ཁྱབ་ཕྱིར། །ལུས་སོགས་སྐྲ་རྣམས་སྣུམ་བྱུགས་མི་དགོས་བག་ལྡན། །འདི་ལྟར་སེམས་ནི་མི་འཕྲོ་བར། །གང་དུ་གཏོད་པའི་སའམ་བར་སྣང་ལ་སར་སྡོད་ཅིང་། །འཁྲུལ་པའི་ཡུལ་ལ་འཇུག་མི་ནུས། །འདི་ནི་བསྒོམ་པ་རང་རྙེད་ནས། །ཚེ་གཉིས་ཀྱིས་ནི་སངས་རྒྱས་འཐོབ། །གང་གིས་འོད་ལ་སུས་གོམས་པ། །རང་གིས་མཐོང་བའི་སྤྱོད་ཡུལ་དུ། །ས་དང་ཆུ་དང་མེ་དང་རླུང་། །མི་སྣང་སྟེ་འོད་དུ་འབྱུང་བའི་སྣང་བ་རང་ནུབ་སྟེ། །རིམ་གོང་ནས་གོང་དུ་གྱིས་ཁ་དོག་ལྔ་ལ་སྤྱོད། །འདི་དང་འབྲལ་བ་མེད་པའི་རྟགས། །ཕ་རོལ་པོ་རྣམས་ཀྱི་གཞན་གྱིས་མཐོང་བའི་སྤྱོད་ཡུལ་དུ། །སྨྱོན་པ་བཞིན་དུ་ཐོགས་མེད་པར། །གང་ལ་ཆགས་པ་མེད་པ་དང་། །རི་བྲག་རྣམས་ལ་ཟང་ཐལ་དང་། །དེ་བཞིན་ས་གཏིང་འཛུལ་བར་སྣང་། །ཆུ་རྣམས་ལ་ཡང་ཟང་ཐལ་ལོ། །ལུས་ལ་གོས་ཀྱང་མེད་པར་ནི། །གཅེར་བུ་གང་ལ་ཐོགས་མེད་ཅིང་། །ཟས་སོགས་འདོད་པ་རབ་བྲལ་བས། །འདིས་ནི་སྣང་བ་འདི་ཉིད་ལ། །འབྱུང་བ་རང་ལུས་ཀྱི་སར་དེངས་ནས་ནི། །


DNG003_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

ཟག་བཅས་ཕུང་པོ་མི་སྣང་བར། །འབྲས་བུ་ཐོབ་ལ་ཐེ་ཚོམ་མེད། །གང་གིས་དབྱིངས་ལ་གོམས་པ་ནི། །དབུགས་ནི་ཕྱི་ནང་རྒྱུ་བ་ཟད། །ནམ་མཁར་བྱ་བཞིན་འགྲོ་བ་དང་། །དེ་བཞིན་ཆུ་ལ་ཉ་བཞིན་དུ། །སྐལ་དང་ལྡན་པ་འདི་འགྲོ་སྟེ། །སྔར་མ་མཐོང་བའི་ཡུལ་རྣམས་དང་། །གླིང་དང་རི་རབ་བཅས་པ་ཡང་། །འདུག་ས་གཅིག་ནས་མཐོང་བ་དང་། །གནས་གཅིག་ནས་དེ་བཞིན་སངས་རྒྱས་ལོངས་སྐུའི་ཞིང་ཁམས་ནི། །སྔ་མས་མཐོང་བ་མེད་པ་རྣམས། །འདི་ཀུན་དུས་གཅིག་མཐོང་བར་འགྱུར། །འདི་ལྟར་རྟགས་དང་གང་ལྡན་པ། །འདི་ནས་ཟླ་བ་བཅུ་དྲུག་ནས། །ཆོས་ཀྱི་དབྱིངས་ཀྱང་མཐོང་བར་ཚད་ལ་ཕེབས་འགྱུར། །འདི་མཐོང་སྐལ་དང་ལྡན་པ་ལ། །སངས་རྒྱས་འབྲས་བུ་འདི་ཉིད་དུ། །ཐོབ་པར་འགྱུར་ལ་ཐེ་ཚོམ་ཚེ་གཅིག་ལ་མེད། །འདི་དུས་མི་དགེའི་ཉམས་སུ་མྱོང་བའི་དུས་སུ་སེམས་མི་འབྱུང་། །གལ་ཏེ་བསད་བཅད་ཅི་བྱུང་ཡང་བྱུང་ཡང་གནོད་པ་བྲལ། །འདི་ཡང་སྣང་བ་འདི་ཉིད་ལ། །ཟག་བཅས་རང་དེངས་སུ་ཕུང་པོ་མི་སྣང་བར། །འབྱུང་བ་རང་གིས་རང་དེངས་ནས། །འབྲས་བུ་ངེས་པར་ཐོབ་པ་ཡིན། །ལྷག་མ་ནང་གི་ཉམས་རྟགས་ནི། །གོང་ནས་གོང་འདིར་ནི་ང་ཡིས་མ་བཤད་དེ། །དོན་ཡི་གེའི་གྱིས་རང་གི་ཉམས་ལས་སྐྱེ། །ཉམས་སྐྱེས་ཤེས་པ་རྣལ་དུ་ཕེབས། །འདི་ཀུན་རབ་ཏུ་གསང་བའི་རྟགས། །རྣལ་འབྱོར་ལྡན་པའི་ཡེ་ཤེས་སོ། །ཐིག་ལེ་མིག་ནས་ཀློང་དུ་སུས་གྱུར་པ། །འདི་ནི་སྐལ་ལྡན་ཉག་གཅིག་མཐོང་། །ཐིག་ལེ་སྟོང་མིག་ནས་པའི་སྒྲོན་མ་ནི། །རྩོལ་བ་མེད་པར་རང་ཤར་དང་། །འདི་ཀུན་རང་གི་ཉམས་ཀྱི་རྟགས། །ཚིག་གི་སྤྲོས་པ་རྣམས་ཆོད་དེ། །གཞན་ལ་བློ་ནི་སྐད་ཅིག་ཀྱང་། །འཇུག་པར་མི་འགྱུར་དེ་སྐབས་མེད། །གཏམ་རྒྱུད་བརྗོད་པ་ཟད་པའི་ཕྱིར། །ལྐུགས་པ་ལྟར་གཞན་ལ་སྨྲ་བྱེད་བསམ་པ་ཡང་། །སྐྱེས་བུ་འདི་ལ་འབྱུང་མི་སྲིད། །སྒྲ་ཚིག་རྗེས་སུ་ག་ལ་འགྱུར། །འདི་ལྟར་སུ་ལ་སྣང་བ་དེ། །སྤྲོས་མེད་ཉག་


DNG003_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་ངེས་རྩད་ཆོད། །འདི་ལྟར་རྟགས་དང་ལྡན་པ་དེ། །དེ་ནས་ལོ་ནི་གཉིས་ནས་ཀྱང་། །རིག་པ་ཉིད་ཀྱི་ཚད་ཚད་ལ་ཕེབས་པ་ཤེས་ནས། །དབྱིངས་དང་རིག་པའི་རང་སྣང་དང་། །འབྲལ་བ་མེད་པར་འདུག་པའོ། །དེ་ཡང་ལུས་ཀྱི་འབྱུང་བ་རང་དེངས་སུ། །འགྱུར་བ་འདི་ལ་ཐེ་ཚོམ་མེད། །གང་གིས་སྐུ་ལ་ཚད་འབྱོངས་པ། །སྐལ་དང་ལྡན་པའི་སྐྱེས་བུ་ལ། །སྔོན་དུ་རྟགས་ནི་འདི་ལྟ་བུ། །ཆོས་ཀྱི་སྐུ་ལ་སུས་གོམས་པ། །གཞན་གྱིས་མཐོང་བའི་སྤྱོད་ཡུལ་དུ། །ལུས་ཡོ་གའི་མི་ནི་སུས་ཀྱང་མི་མཐོང་བས། །རྣལ་འབྱོར་རང་གིས་གང་མི་གནོང་དགར་རོལ། །མ་བཙལ་བཞག་པའི་བསམ་གཏན་ནི། །རང་གི་རྒྱུད་ལ་སྐྱེ་བ་དང་། །ཤེས་པ་ཅི་མི་སྙམ་པའི་ལམ། །རྣལ་འབྱོར་ཀུན་གྱི་སེམས་ལ་སྣང་། །འདི་ལྟར་འབྱུང་བའི་སྐྱེས་བུ་རྣམས། །ཆོས་ཀྱི་སྐུ་ཡི་སྣང་བ་མཐོང་། །འདི་མཐོང་འབྱུང་བས་མི་བསྒྲིབ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་ཡི་ཀློང་དུ་འདུས་པའོ། །གང་གིས་ལོངས་སྤྱོད་རྫོགས་པ་ལ། །གོམས་ཤིང་གདེངས་སུ་གྱུར་པའི་རྟགས། །འདི་ལྟར་ཉམས་སུ་མྱོང་བའི་མི། །སྐུ་ལྔ་ཡེ་ཤེས་ལྔ་ལ་རོལ། །རོལ་པ་ཆེན་པོའི་ལྟ་སྟངས་ཀྱིས། །འདི་ལྟར་རྟགས་དང་སུ་ལྡན་པ། །རྣལ་འབྱོར་དེ་ཉིད་ཀྱི་ལྡན་པའི་སྐལ་ལྡན་དེས། །ཅིའི་ཕྱིར་ན་ཐིག་ལེ་སྟོང་པའི་སྒྲོན་མ་ནི། །སྐྱེས་བུ་རང་གིས་རྩོལ་བ་མེད་པར་ཤར་བ་ལ། །ཕྱིས་མངལ་གྱི་གྲོང་ཁྱེར་དུ་འཇུག་མི་སྲིད་པས། དེ་ནས་རིང་པོ་མ་ལོན་པར་འདི་ལྟར་ཕྱིའི་རགས་པར་སྣང་བ་ཉིད་ཀྱང་སྐུ་རུ་སྣང་། །རིམ་གྱིས་མཐོང་བའི་སྐྱེས་བུ་ནི། །དང་པོ་མི་བསྐྱོད་པ། དེ་ནས་རིན་འབྱུང་། དེ་ནས་སྣང་མཐའ། དེ་ནས་དོན་གྲུབ། དེ་ནས་རྣམ་སྣང་ལོངས་སྐུའི་རྩ་བ་འདིས་མཐོང་ཡིན། །འདི་ལྟར་རྒྱུད་ལ་གོམས་པ་ཡི། །ངག་ནི་གསལ་ཞིང་སྐད་དང་ལྡན། །རྫུན་དུ་བརྗོད་པའི་ཚིག་རྣམས་ནི། །འདི་ཡི་ཁ་ནས་གཏན་མི་འབྱུང་། །དེ་བཞིན་མི་དགེ་ལས་ཀྱི་ཚིག །གཏམ་དུ་སྨྲ་བའི་བརྗོད་མཐའ་འགགས། །དེ་ལྟར་རྟགས་དང་ལྡན་པ་དེས། །འདི་དོན་ཉམས་སུ་བླངས་ན་ནི། །ནམ་མཁའ་ལ་ནི་འཕུར་བ་


DNG003_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །རི་བྲག་ལ་ཡང་ཟང་ཐལ་དང་། །ས་ཡི་འོག་དུ་འཛུལ་བ་དང་། །ཆུ་ལ་འབྱིང་བ་མེད་པར་འབྱུང་། །དེ་ལྟར་བྱུང་བའི་སྐལ་ལྡན་དེས། །དབྱིངས་རིག་གདེང་དུ་མ་ཚུད་ན། །འབྱུང་བ་ཉིད་ནི་རང་དེངས་སུ། །འགྱུར་བ་ཉིད་ནི་མ་ཡིན་ཏེ། །འདི་ནས་སྐྱེ་བ་འཕོས་ནས་ནི། །ཆོས་ཉིད་ཀྱི་ནི་བར་དོ་ལ། །སྐད་ཅིག་ཉིད་ལས་གྲོལ་བར་འགྱུར། །གང་དག་སྐྱེས་བུ་སྐལ་དང་ལྡན། །སྤྲུལ་པའི་སྐུ་ལ་གོམས་ནས་ནི། །འདི་ཉིད་གདེང་དུ་གྱུར་པའི་མི། །ལུས་ངག་སེམས་ལ་རྟགས་འདི་དང་། །སུ་ལ་བྱུང་བའི་སྐྱེས་བུ་ནི། །འདི་ཡང་སྐལ་དང་ལྡན་པར་འགྱུར། །སྔོན་དུ་ཐོས་པའི་ཆོས་རྣམས་ཀྱི། །དོན་འདི་རང་གི་རྒྱུད་ལ་ཡང་། །ཅིག་ཆར་དུ་ནི་འཆར་བ་ནི། །འདི་ལ་འགྱུར་རོ་མཁའ་འགྲོ་མ། །དེ་བཞིན་སྔོན་དུ་མ་ཐོས་པའི། །ཆོས་ཀྱི་ཚིག་རྣམས་སྣ་ཚོགས་པ། །རང་བཞིན་དུ་ནི་ཁ་ནས་སྨྲ། །དེ་བཞིན་གསང་སྔགས་གཞན་དག་གི། །རྒྱུད་ཀྱི་གཞུང་ལྟར་ཚིག་རྣམས་ཇི་བཞིན་དུ། །རིམ་པས་ཇི་ལྟར་གསལ་བར་འགྱུར། །དེ་བཞིན་ཆོས་རྣམས་མཐའ་དག་གི། །ཚིག་དང་དོན་གྱི་རྣམ་པ་ཀུན། །སེམས་ཅན་ཇི་ལྟར་མོས་པ་ཡི། །ཆོས་ཀྱི་གཞུང་སྣ་ཚོགས་གང་མོས་ལ་ཆོས་རྣམས་དང་ནི་མཐུན་པར་ཡང་། །ཇི་ལྟར་དྲིས་པའི་ལན་དེ་ནི། །སྐལ་དང་ལྡན་པར་སོ་སོ་རང་རང་དང་མཐུན་པར་འདིས་སྟོན་པས། །འདི་ནི་སྨྲ་བའི་སེང་གེའོ། །ལུས་ཀྱི་སྟོབས་སུ་སྔོན་མངོན་པས། །རྐང་མགྱོགས་པ་ཡི་སྟོབས་ཀྱང་རྙེད། །ལུས་ཀྱི་གཉེར་མ་མེད་པ་དང་། །སྐྲ་དཀར་དག་ཀྱང་ནག་པོར་འགྱུར། །དེ་བཞིན་བཅུ་དྲུག་ལོན་པ་བཞིན། །གཞོན་པའི་མདངས་དང་ལྡན་པར་འགྱུར། །དཔེར་ན་རྩྭ་ནི་གཞོན་ནུ་ལ། །ཆར་པ་དག་ནི་ཡང་བབས་པས། །སྐྱེད་ནི་རང་སྐྱེས་ལྡན་པར་འགྱུར། །སྔོན་ན་མེད་པའི་སྙིང་རྗེ་ཡང་། །འདི་ལ་གཏིང་ནས་སྐྱེ་བ་དང་། །དེ་རྗེས་སེམས་ཅན་དོན་ཇི་ལྟར་བྱ་སྙམ་པའི་ལ་འཇུག །རང་གི་ལུས་ཀྱི་ཤ་ཁྲག་གིས་ཕན་པ་ཡིས། །སེམས་ཅན་དག་ནི་འདོད་པ་འབྱུང་བ་ན། །འདི་ལ་ཇི་ལྟར་འདོད་པ་ཡིས། །ལུས་དང་ཡན་ལག་མགོ་དང་རྐང་ལག་


DNG003_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

གཏོང་བར་ནུས། །ཕྱི་རོལ་བདོག་པ་ནོར་རྫས་སྨོས་ཅི་དགོས། །དེ་བཞིན་རང་གི་བླ་མ་ལ། །གོང་བཞིན་ལུས་སྲོག་གཏོང་བར་ནུས། །འདི་ལྟར་སུ་ལ་འབྱུང་བའི་མི། །སྤྲུལ་པའི་སྐུ་ལ་འདིས་རེག་གོ། །དེ་ལྟར་ལྡན་པའི་སྐྱེས་བུ་ནི། །ཕྱིས་ནི་རང་བཞིན་སྤྲུལ་སྐུའི་ཞིང་ཁམས་སུ། །བརྫུས་ནས་སྐྱེ་བའི་ལུས་བླངས་ནས། །ལོ་ནི་དྲུག་ཁྲི་བརྒྱད་སྟོང་དུ། །དེར་ནི་གནས་ནས་སེམས་ཅན་དོན། །སྐྱེས་བུ་འདི་ཡིས་བྱེད་པའོ། །དེ་ནས་ངོ་བོའི་རང་བཞིན་ལས། །འཛམ་བུའི་གླིང་སོགས་གླིང་རྣམས་སུ། །སྤྲུལ་པ་བྱེ་བ་དྲུག་ཁྲི་ཡིས། །རང་རང་མཐུན་པའི་ལུས་བླངས་ནས། །སེམས་ཅན་དོན་ནི་བྱེད་པར་ནི། །འདིས་ནི་འགྱུར་རོ་མཁའ་འགྲོ་མ། །དེ་ནས་ངོ་བོ་ཀ་དག་ལ། །ཉི་མ་ལ་ནི་ཟེར་འདུས་ལྟར། །རང་གི་སྤྲུལ་པར་བཅས་པ་ནི། །རང་གི་གཅིག་ལ་གཅིག་ངོ་བོར་རང་ཐིམ་ནས། །དབྱེར་མེད་འབྱེད་པ་མེད་པར་འགྱུར། །ཅི་ལྟར་ཆུ་ལ་ཆུ་ཐིམ་དང་། །དེ་བཞིན་མར་ལ་མར་ཐིམ་དང་། །ནམ་མཁར་ནམ་མཁའ་ཐིམ་པ་བཞིན། །གཉིས་མེད་སྔ་ཕྱི་མེད་ངོས་བཟུང་མེད་པར་འགྱུར། །རིག་པ་ལ་ནི་སུས་གོམས་པ། །དེ་ཡི་ལུས་ལ་རྟགས་འདིའོ། །ས་རྡོ་གང་དུ་གཏད་པའི་དངོས་པོ་ལ། །དེར་ནི་རང་ཤེས་འཛུད་པར་ནུས། །གང་དུ་འདུག་པའི་རོ་ལ་སོགས་པ་ས་ཉིད་དུ། །ལུས་ཀྱང་དེ་ཡི་རྗེས་སུ་སྟེ། །ཅི་ལྟར་རེག་པ་ཉིད་དང་མཚུངས། །གཞན་གྱི་དད་པ་བསྒྱུར་ནུས་དང་། །བསམ་རྒྱུན་ཞེན་པ་རང་འགགས་དང་། །ནང་གི་རྟགས་དང་རྣམ་པར་ལྡན། །མངོན་སུམ་ཉིད་དུ་སུས་རིག་པ། །འདི་ནི་འབྱུང་བ་རང་གི་སར། །སྐལ་དང་ལྡན་པ་འདི་དེངས་ནས། །སྐྱེ་མེད་མཆོག་ལ་སྙོམས་པའོ། །མོས་པ་བསྐྱེད་པ་གང་གིས་སྐྱེ་མེད་སུ་ཡིས་ནི། །རྩད་ནས་ཆོད་པའི་མི་དེ་ལ། །རྟགས་ནི་འདི་ལྟ་བུ་ཡང་འབྱུང་། །འདི་རྟགས་སུ་ལ་ལྡན་པ་ནི། །རྡོ་རྗེ་འཆང་ང་དང་སྐལ་བ་མཉམ་པ་ཡིན། །ལུས་ལ་འབུ་སྐྱེ་བ་མེད་པས་སྲིན་ཤིག་ལ་སོགས། །གང་གི་སྐྲ་དང་སེན་མོ་སོགས། །འདི་ཀུན་མི་སྐྱེ་རྒྱུན་ཟད་ནས། །འདི་ནི་སྐྱེ་བ་མེད་པ་སྟེ། །འདི་ལྟར་རྟགས་དང་ལྡན་


DNG003_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ནི། །ཟླ་བ་དག་ནི་གསུམ་ནས་ཀྱང་། །འདི་ནི་འབྱུང་བ་རང་དེངས་སུ། །ཟག་བཅས་ཕུང་པོ་མི་སྣང་བར། །རང་ལུས་འོད་ཀྱི་མདངས་དཀྱིལ་དུ། །རིག་དང་བཅས་པར་འདི་འགྱུར་རོ། །འདི་ལ་བར་མ་དོ་མི་སྲིད། །སྐྱེ་བའི་ཞེན་རྒྱུན་བཅད་པས་ན། །འོད་ཀྱི་སྐྱེ་གཉིས་མཚམས་སུ་ལུས་མི་སྲིད། །ལུས་ཀུན་སྐུ་གསུམ་གྱི་མཐའ་ཡང་འདི་ཟད་ནས། །ལུས་མེད་ཆོས་སྐུ་ལུས་ཏེ་ལོངས་སྐུ་ལུས་ཀྱི་སྤྲུལ་སྐུ་མཆོག །འདི་གསུམ་ལུས་མེད་པའི་ལས་ནི་འདི་བརྒལ་ནས། །རང་དལ་ཆེན་པོའི་ལུས་གྲུབ་པ་མེད་པས། །རང་གི་ངོ་བོ་ཡེ་སངས་སུ། །ཡེ་གནས་སྙིང་པོའི་དོན་དུ་འགྱུར། །དེ་ཕྱིར་འདིས་ནི་སྐྱེ་མེད་ཐོབ། །སྐྱེ་བ་མེད་པའི་རྣལ་འབྱོར་དེ། །མི་གནས་སྟོང་པ་ཉིད་ལ་སྤྱོད། །སྟོང་པ་ཉིད་ཀྱི་རང་བཞིན་ལས། །མི་རྟོག་བསམ་པའི་ཞེན་མི་སྣང་། །ངང་དུ་ཡེ་གནས་དེ་བཞིན་ནོ། །འདི་ལྟར་རྟོགས་པའི་སྐྱེས་བུ་ཡིས། །ཡོད་མེད་ཡོན་ཏན་ཕུན་སུམ་ཚོགས་པ་ལྔ་ལྟར་ཀྱང་བསམ་མི་ཁྱབ། །གཅིག་པར་གནས་པའི་ཡེ་ཤེས་ནི། །རང་གི་རང་སྟོན་སྟོན་པ་ཆེ། །མ་བཀོད་ཡེ་གདངས་རང་གནས་ལ། །ཐབས་དང་ཤེས་རབ་རང་བཞིན་ལས། །སངས་རྒྱས་ཉིད་ཀྱང་རིགས་ཀྱང་གཉིས་སུ་སྣང་། །འདི་ཀུན་དེ་ཡི་འཁོར་དུ་སྣང་། །གཞི་སྣང་རང་བཞིན་མེད་པ་ལས། །སྨྲ་བསམ་བརྗོད་མེད་ཆོས་སུ་སྣང་། །དུས་གསུམ་མཉམ་པ་ཉིད་དུ་ཡང་། །ཡེ་ནས་འདི་ཀུན་རང་གནས་པའོ། །གང་གི་སྐྱེས་བུ་བློ་རྩལ་ཅན། །ལུས་ཀྱི་རྟགས་ནི་རྫོགས་པ་ན། །བར་མ་དོ་ཡི་ཆོས་ཉིད་ལས། །བདེན་པ་མཐོང་སྟེ་སངས་རྒྱས་པའོ། །སུ་ལ་ངག་གི་རྟགས་ཡོད་པ། །འདི་ནི་སྤྲུལ་པའི་ཞིང་ཁམས་སུ། །དབུགས་དབྱུང་སྐྱེ་བ་གཅིག་གིས་ཐོགས། །སེམས་ཀྱི་རྟགས་དང་གང་ལྡན་པ། །འདི་ནི་ཚེ་ཡི་འདུ་བྱེད་ཀྱིས། །སྐྱེ་བ་གཉིས་ཀྱི་བར་མེད་པར། །སྐར་མདའ་དག་ནི་ནམ་མཁའ་ལ། །རྒྱུག་པའི་ཚུལ་དུ་སྐད་ཅིག་གསུམ། །སྤྲུལ་པ་ཉིད་དང་བཅས་པ་ཡང་། །ངོ་བོ་ཉིད་ལ་རང་ཐིམ་མོ། །ལུས་དང་ངག་


DNG003_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

གི་རྟགས་འཛོམ་ན། །འདི་ནི་བྱང་ཆུབ་སེམས་ཆེན་པོ། །སེམས་ཅན་འཛིན་པའི་སྙིང་རྗེ་ཅན། །འདི་ནི་སེམས་ཅན་འཛིན་པའི་ཕྱིར། །ལོ་ནི་བྱེ་བ་བརྒྱ་སྟོང་དུ། །མི་ཡི་ལུས་ནི་གཅིག་གིས་ཀྱང་། །འདི་དོན་རྫོགས་པར་བྱས་ནས་ནི། །སྐྱེ་གཉིས་བར་དུ་མི་འཇུག་པར། །མངོན་པར་རྫོགས་པར་འཚང་ཡང་རྒྱ། །ཡང་ན་སྐལ་ལྡན་སུ་ཞིག་ལ། །ལུས་དང་སེམས་ཀྱི་རྟགས་ལྡན་པ། །འདི་ནི་འཇིག་རྟེན་མི་ཡུལ་དུ། །ཡུན་རིང་དག་ཏུ་མི་གནས་པར། །སྐྱེ་བ་མེད་པ་གོང་བཞིན་ནོ། །ངག་དང་སེམས་ཀྱི་རྟགས་ལྡན་ན། །འདི་ལྟར་ལྡན་ན་ལོ་བཅུ་ནས། །འབྱུང་བ་རང་སར་དེངས་ནས་ནི། །སྣང་བ་ཉིད་ནི་མི་སྣང་བར། །ཆོས་ཉིད་ཟད་པའི་སར་བསྐྱལ་ལོ། །གང་ལ་ལུས་ངག་སེམས་ཀྱི་རྟགས། །འདི་ལྟར་སྐྱེས་བུ་སྐལ་ལྡན་ལ། །སུ་ལ་འཛོམ་པའི་སྐལ་ལྡན་ལ། །འདི་ནས་ལོ་ནི་གཉིས་ནས་ཀྱང་། །འདི་ཡི་འབྱུང་བ་རང་དེངས་སུ། །འགྱུར་བ་འདི་ལ་ཐེ་ཚོམ་མེད། །འདི་ནི་སངས་རྒྱས་ཀུན་གྱི་ཡང་། །ལམ་དུ་སྣང་ངོ་ས་མ་ཡ། །འདི་ལྟར་རྫོགས་པའི་སྐྱེས་བུ་ཡིས། །ཅི་ལྟར་འདོད་པ་འབྱུང་སྲིད་ན། །དེ་ཀུན་ལ་ནི་འདིས་དབང་བསྒྱུར། །འདི་ལྟར་རྟགས་དང་མི་ལྡན་པར། །རང་སྣང་གདེངས་སུ་ཚུད་པར་ནི། །གང་གིས་ཁས་ནི་ལེན་པ་དེ། །ཡིད་དཔྱོད་རྣམས་ཀྱི་ལྟ་བ་དང་། །དེ་བཞིན་ཡིད་དཔྱོད་སྒོམ་པ་ནི། །འདི་ཀུན་ཡིན་པས་གྲོལ་བར་ཡང་། །འདི་ཉིད་ནུས་པ་མ་ཡིན་ཏེ། །འཁོར་བ་ཉིད་ལ་ཡུན་རིང་དུ། །མི་འདི་ཡང་ནི་གནས་པའོ། །ལུས་ངག་ཡིད་ཀྱི་རྟགས་ཀུན་ནི། །འགའ་ཙམ་བྱུང་བའི་སྐྱེས་བུ་ནི། །རྣམ་པར་གྲོལ་བ་མ་ཡིན་ཏེ། །འཇིག་རྟེན་ཐུན་མོང་དངོས་གྲུབ་དང་། །རིམ་གྱིས་ཉན་ཐོས་རང་སངས་རྒྱས། །འདི་ཀུན་གྱི་ནི་ས་ལ་ཡང་། །འདི་ཉིད་དེ་ཡི་ས་ལ་ཞུགས། །རྣམ་དག་ཆེན་པོའི་འབྲས་བུ་མེད། །རང་གི་སྣང་བ་བདེ་ལུགས་སུ། །འདི་ཡིས་ཟིན་པ་མ་ཡིན་ནོ། །དེ་ཕྱིར་རྣམ་པ་དང་བཅས་པའི། །སྣང་བ་ཉིད་ལ་སྤྱོད་པའོ། །གང་གི་ལུས་ངག་ལྡན་པ་ཡི། །རྟགས་ནི་རྫོགས་པའི་སྐྱེས་བུ་ནི། །མཉམ་པ་ཆེན་པོའི་ས་ལ་ཡང་། །འདི་ཀུན་འགྲོའོ་མཁའ་འགྲོ་མ། །དེ་ཕྱིར་དབྱིངས་རིག་བསྒོམ་པ་གཅེས། །དབྱིངས་དང་རིག་པ་སུས་གོམས་པ། །


DNG003_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

གོང་དུ་བཤད་པའི་རྟགས་དེ་རྣམས། །མི་འདོད་ཀྱང་འོང་ངེས་པའོ། །མི་འབྱུང་ཉིད་ནི་མི་སྲིད་དོ། །ཞེས་སྐུ་གདུང་འབར་བའི་རྒྱུད་ལས། སྐལ་ལྡན་གྱི་སྐྱེས་བུ་རྣམས་ལ་ལུས་ངག་ཡིད་ཀྱི་རྟགས་དང་། ད་ལྟ་ཅི་ལྟར་འབྱུང་བ་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་རྡོ་རྗེ་རིགས་ཀྱི་ཡང་། །མཁའ་འགྲོ་མ་ནི་གསལ་བའི་ཡིད། །རབ་ཏུ་མི་འཇིགས་ཆེན་པོ་ཡི། །རྟགས་དང་ལྡན་པར་གྱུར་ནས་ནི། །རང་གིས་རང་གི་མིག་ཉིད་ཀྱང་། །སྔར་མ་ཕྱེས་པ་འདིར་ཕྱིས་རྟགས་བསྟན་ཕྱེས་པས། །དང་ཞིང་མགུ་བའི་སེམས་བསྐྱེད་ནས། །རྡོ་རྗེ་འཆང་ལ་འདི་སྐད་གསོལ། །ཀྱེ་ཀྱེ་སྟོན་པ་རྡོ་རྗེ་འཆང་། །ད་ལྟ་བསྒོམས་ཤིང་བསྒྲུབས་པ་ཡིས། །རྣལ་འབྱོར་སྐལ་ལྡན་གོམས་སེམས་ལ། །རྟགས་ནི་དེ་ལྟར་འབྱུང་བས་ན། །རྣལ་འབྱོར་སྐལ་དང་ལྡན་པ་ཞིག །སྙིང་པོ་ངེས་པ་འདི་རྙེད་ནས། །འདི་ལ་གོམས་པར་མ་ནུས་ཏེ། །དབྱིངས་དང་ཡེ་ཤེས་རིག་པ་ལ། །གང་གིས་འབྱོར་བའི་ཚད་མེད་ནི། །འོན་ཏེ་སྐལ་དང་ལྡན་པ་དེས། །འདི་ཉིད་གོམས་པར་བྱེད་དུས་སུ། །ལུས་ནི་དང་པོ་འབྱུང་བས་བསྐྱེད་པས་ན། །འདི་དུས་འབྱུང་བ་ནང་མི་མཐུན་པས་བྱེར་ཟུག་ལས། །འབྱུང་བའི་ཕུང་པོའི་ལུས་ཀྱི་རྟེན་འགྱེལ་ཏེ། །འབྱུང་བ་རང་སར་མ་དག་པས། །དུས་སུ་ཟུག་པ་ཡི་ནི་འབྱུང་བ་ལ། །ནད་ཀྱིས་བཏབ་པར་གྱུར་ནས་ནི། །སྐྱེས་བུ་ཚེ་ཡི་དུས་བྱེད་དུས། །གོང་མ་གོང་མའི་ལོང་མེད་པར། །འགྱུར་བའི་སྐལ་དང་ལྡན་པ་ལ། །ལྷག་མ་ཟག་པའི་ཕུང་པོ་ལ། །ཕྱི་རྟགས་ཇི་ལྟར་འབྱུང་བ་ལགས། །ཡང་ན་རྟགས་མེད་མི་གྲོལ་ལམ། །འདི་ཀུན་ཇི་ལྟར་འགྱུར་བ་ལགས། །འདི་ཀུན་སྟོན་པས་བདག་ལ་ཡང་། །ཐུགས་ཀྱི་དཀྱིལ་ནས་བཅུད་ཕྱུང་ནས། །བདག་ལ་འདི་ཡི་ཆོས་ཀུན་ཡང་། །སྟོན་པ་ཐུགས་རྗེ་ཆེན་པོ་ཡིས། །བདག་ལ་རིམ་པ་ཇི་ལྟ་བར། །བཀའ་སྩལ་ཞུའོ་བཅོམ་ལྡན་འདས། །དེ་ནས་སྟོན་པ་རྡོ་རྗེ་འཆང་། །འདི་སྐད་ཚིག་གི་སྙིང་པོར་ཡང་། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ལས། །སྟོན་པ་ཡིས་ནི་གསུངས་པའོ། །ཐུགས་ནི་སྔོན་དུ་བཏང་ནས་ནི། །མཁའ་འགྲོ་གསལ་ཡིད་འབར་མ་ལ། །བོས་ཏེ་འདི་སྐད་བཀའ་སྩལ་ཏོ། །


DNG003_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱེ་མ་མཁའ་འགྲོ་བདེ་བ་འབྱིན། །ཅི་ལྟར་ཁྱོད་ཀྱིས་འདོད་པའི་ཚིག །ང་ཡིས་སྤྲོ་ཡིས་ང་ལ་ཉོན། །ང་ནི་ཡེ་ནས་འཁྲུལ་མེད་པས། །འཁྲུལ་མེད་སེམས་ལས་བྱུང་བའི་ཚིག །ཁྱོད་ཀྱིས་འཁྲུལ་པ་མེད་པར་ཟུང་། །སྐྱེས་བུ་བློ་རྩལ་རབ་ཉིད་ནི། །འཁྲུལ་པའི་སྣང་བ་འདི་ཉིད་ལ། །འབྱུང་བ་རང་གི་སར་དེངས་ནས། །ངོ་བོ་ཉིད་ཀྱི་འབྲས་བུ་ལ། །ཟག་བཅས་ཕུང་པོ་མི་སྣང་བར། །འབྲས་བུ་རང་སངས་ཉིད་དུ་འགྱུར། །འདི་ལྟར་ཕྱི་ཡི་རྟགས་རྣམས་ཏེ། །གང་དག་མྱ་ངན་ལས་འདས་ནས། །དེ་ལ་སྐུ་དང་གདུང་དང་ནི། །དེ་བཞིན་འོད་དང་སྒྲ་ཉིད་དང་། །ས་ནི་གཡོ་བར་འགྱུར་བའོ། །ནམ་མཁའ་ཆར་དང་ཁུ་རླངས་དང་། །འདི་ལྟར་རྟགས་ནི་ཕྱི་ནས་འབྱུང་། །དེ་ནས་མཁའ་འགྲོ་གསལ་བྱེད་ཀྱིས། །སྟོན་པ་ལ་ནི་འདི་སྐད་ཞུས། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །རིགས་ལྡན་མྱ་ངན་འདས་པའི་རྟགས། །སྐུ་ཞེས་བགྱི་བ་ཅི་ལྟ་བུ། །དེ་བཞིན་གདུང་ནི་རྣམ་པ་ཅི། །འོད་ཅེས་བགྱི་བ་གང་ལ་གསུངས། །དེ་བཞིན་སྒྲ་ཞེས་ཇི་ལྟ་བུ། །ས་ནི་ཇི་ལྟར་གཡོ་བ་ལགས། །དེ་བཞིན་ཆར་དང་ཁུ་རླངས་ཅི། །འདི་ཀུན་བདག་ལ་གསུང་དུ་གསོལ། །དེ་ནས་སྟོན་པས་ཡང་གསུངས་པ། །མཁའ་འགྲོ་གསལ་ཡིད་འབར་མ་ཉོན། །རིགས་ལྡན་མྱ་ངན་འདས་པ་ལ། །དེ་ཡི་ལྷག་མའི་ཟག་བཅས་ཀྱི། །ཕུང་པོ་རྗེས་ཤུལ་བསྲེགས་སྦྱངས་པས། །དེ་ལ་སྐུ་ནི་རྣམ་གཉིས་ཏེ། །ཞི་བའི་སྐུ་དང་ཁྲོ་བོའི་སྐུ། །རྣམ་པ་གཉིས་ཀྱི་གཟུགས་སུ་ཡང་། །སུ་ཞིག་རྣལ་འབྱོར་ལྡན་པ་ལ། །འདི་གཉིས་གཟུགས་ཀྱི་རྣམ་པ་ཡང་། །གལ་ཏེ་གཉིས་ཀ་བྱུང་བ་ན། །འདི་ནི་བར་དོ་མེད་པར་ཡང་། །ངོ་བོ་ཀ་དག་ཆེན་པོ་ཡི། །གདེང་དང་ལྡན་པར་འདི་འགྱུར་རོ། །ཞི་བའི་སྐུ་ཡི་རྟགས་བྱུང་ན། །ཞག་ནི་ལྔ་ཡིས་བདེན་མཐོང་སྟེ། །དེ་ཡང་སངས་རྒྱས་ཉིད་ཐིམ་མོ། །གལ་ཏེ་ཁྲོ་བོའི་སྐུ་བྱུང་ན། །འདི་ནི་ཆོས་ཉིད་བར་དོ་ལ། །སྐད་ཅིག་ཉིད་ནི་ཆ་ལྔ་ལས། །གྲོལ་བར་འགྱུར་རོ་མཁའ་འགྲོ་མ། །སྐྱེས་མཆོག་མྱ་ངན་འདས་པ་ལ། །སངས་རྒྱས་ཀུན་གྱི་གདུང་ཡང་འབྱུང་། །སངས་རྒྱས་རིགས་ཀྱི་ཁྱད་པར་ལས། །གདུང་གི་རིགས་ཀྱང་ལྔ་ལྔར་འབྱུང་། །ཤ་རཱི་རམ་ནི་


DNG003_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

བདེར་གཤེགས་གདུང་། །དེ་བཞིན་པ་རཱི་རམ་ཞེས་ནི། །རྡོ་རྗེ་རིགས་ཀྱི་གདུང་ཡིན་ནོ། །ཆུ་རཱི་རམ་ནི་རིན་པོ་ཆེ། །བསེ་རཱི་རམ་ནི་པདྨའོ། །དེ་བཞིན་ཉ་རཱི་རམ་ཞེས་བྱ། །ལས་ཀྱི་རིགས་ཀྱི་གདུང་ཡིན་ནོ། །ཐབས་ལྡན་མྱ་ངན་འདས་པ་ཡི། །ལུས་ལ་འདི་ཀུན་འབྱུང་བ་སྟེ། །སོ་སོའི་རིགས་ཀྱི་གདུང་བྱུང་ན། །ཆོས་ཉིད་བར་མ་དོ་ལ་ཡང་། །རང་རང་རིགས་ཀྱི་སངས་རྒྱས་ཀྱི། །སྐུ་ནི་མཐོང་ནས་གྲོལ་བའོ། །ཤེས་རབ་འཁོར་གྱིས་ཡང་གསོལ་པ། །ཀྱེ་ཀྱེ་སྟོན་པ་རྡོ་རྗེ་འཆང་། །གདུང་གི་རྣམ་པ་དེ་ཀུན་ལ། །རྟགས་དང་ཁ་དོག་ཉིད་དང་ཡང་། །དབྱིབས་ནི་ཇི་ལྟ་བུ་ཞིག་ལགས། །དེ་བཞིན་ཆེ་ཆུང་རིམ་པ་ཡིས། །སོ་སོའི་རིགས་ཀྱི་གདུང་དུ་ཡང་། །འདི་ཀུན་ཇི་ལྟར་གྲོལ་བ་ལགས། །འདི་དག་བདག་ལ་བསྟན་དུ་གསོལ། །དེ་ནས་ཡང་ནི་བཀའ་སྩལ་པ། །ཀྱེ་མ་ཉོན་ཅིག་མཁའ་འགྲོ་མ། །ཤ་རཱི་རམ་ཞེས་དཀར་ལ་དྭངས། །སྣུམ་ལ་འདྲིལ་ཏེ་ཁ་དོག་གསལ། །སྲན་མ་ཡི་ནི་རྡོག་འབྲུ་ཙམ། །འདི་ནི་རུས་པའི་དྭངས་མ་ལ། །སྨིན་པས་འདྲིལ་བར་འབྱུང་བ་ཡིན། །ཐབས་ལྡན་དེ་ཡི་མགོ་ལས་འབྱུང་། །བ་རཱི་རམ་ཞེས་སྔོ་ལ་ནག །ཉུང་དཀར་གྱི་ནི་འབྲུ་ཙམ་པ་འམ། །ཡང་ན་སྲན་ཆུང་འབྲུ་ཙམ་མོ། །འདི་ནི་དྲོད་ཀྱི་དྭངས་མ་འདྲིལ། །དེ་ཡི་རྩིབ་མའི་གོ་མཚམས་ནས། །འབྱུང་བ་ཡིན་ནོ་མཁའ་འགྲོ་མ། །ཆུ་རཱི་རམ་ནི་ཁ་དོག་སེར། །ཉུང་འབྲུ་ཙམ་སྟེ་ཁྲག་ལའོ། །དེ་ནི་མཆིན་པའི་སྟེང་ནས་འབྱུང་། །བསེ་རཱི་རམ་ནི་དམར་ལ་དྭངས། །ཆེ་ཆུང་ཚད་ནི་ཉུང་འབྲུ་ཙམ། །འདི་ནི་འབྱུང་བ་འདུས་ལས་འདྲིལ། །སྐལ་དང་ལྡན་པའི་མཁལ་མ་ལས། །འབྱུང་བ་ཡིན་ནོ་མཁའ་འགྲོ་མ། །ཉ་རཱི་རམ་ནི་ཨིནྟྲ་སྟེ། །ཉུང་འབྲུ་ཙམ་ལ་ཁ་དོག་གསལ། །ཤེས་པ་རྣམས་ཀྱི་དྭངས་མ་ལས། །འདི་ནི་གློ་བའི་སྟེང་ནས་འབྱུང་། །འདི་ཀུན་ཕྱི་དབྱིབས་ཟླུམ་ལ་འདྲིལ། །ཀུན་ཀྱང་གཏིང་གསལ་ཁ་དོག་ལྔ། །ཉུང་འབྲུ་ཙམ་མམ་སྲན་མ་ཙམ། །སྙིང་ལ་འབྱུང་ངོ་མཁའ་འགྲོ་མ། །འདི་དང་ཡང་ནི་འདྲ་བ་ཡི། །རིང་བསྲེལ་ཉིད་ནི་ཕྲ་མོ་སྟེ། །ཏིལ་གྱི་འབྲུ་དང་རྡུལ་ཆ་ཙམ། །འདི་ནི་འབྱུང་བས་བཤིག་


DNG003_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

པར་ནུས། །འདི་ནི་སྤྲུལ་པའི་ཞིང་ཁམས་སོ། །གདུང་ནི་སུས་ཀྱང་འཇིག་མི་ནུས། །སྲ་མཁྲེགས་འཇིགས་པ་ཀུན་བྲལ་བ། །འདི་ཀུན་འཇིགས་མེད་སངས་རྒྱས་ཐོབ། །གདུང་གི་གནས་ནི་གོང་བཞིན་བཤད། །སེམས་ཅན་རྣམས་ལ་ཡེ་ཉིད་ནས། །རང་བཞག་ཆེན་པོའི་གཞི་ལ་གནས། །སྨིན་དང་མ་སྨིན་ཁྱད་པར་ལས། །མངོན་དུ་འབྱུང་དང་བག་ལ་ཞ། །དེ་བཞིན་སྐུ་ནི་མགོ་ལས་སོ། །ཡང་ན་སྒལ་པའི་ཚིགས་མཚམས་ནས། །རིང་བསྲེལ་ཉིད་ནི་ཚིགས་བར་རམ། །ཡང་ན་ཤ་དང་པགས་པའི་བར། །འདི་ཀུན་ལས་ནི་བསྐྱེད་ཅིང་འབྱུང་། །འོད་ལ་རྣམ་པ་གསུམ་ཡིན་ནོ། །མུ་ཁྱུད་འཁོར་ཡུག་བཅས་པར་ནི། །གང་གི་ཤུལ་དུ་འབྱུང་བ་ན། །འདི་ནི་བར་དོ་དང་པོ་ལ། །ངེས་པ་ཡི་ནི་འབྲས་བུ་ཐོབ། །གལ་ཏེ་གྱེན་ལ་འགྲེངས་པ་ནི། །འདི་ནི་བར་དོ་མི་སྣང་བར། །སྐད་ཅིག་ལ་ནི་སངས་རྒྱས་དང་། །འོད་ནི་རྩིབས་ལ་སྣང་འགྱུར་ན། །འདི་ནི་བར་དོ་ཐ་མ་ལ། །མངོན་པར་བྱང་ཆུབ་ཉིད་རྙེད་དོ། །དེ་ལྟར་འོད་ཀྱི་དཀྱིལ་འཁོར་དུ། །གང་གིས་བྱང་ཆུབ་རྙེད་པའི་མི། །འདི་ནི་སྐལ་ལྡན་སེམས་ཅན་གྱིས། །སྤྲུལ་པ་ཡི་ནི་ཕྱོགས་བཅུ་རུ། །སེམས་ཅན་དོན་ཡང་རང་བཞིན་དུ། །འདི་ཡིས་བྱེད་དོ་མཁའ་འགྲོ་མ། །རྣལ་འབྱོར་ལྡན་པ་དེ་བཞིན་ནོ། །གང་དུ་གནས་པའི་གནས་ཁང་གི། །ཤར་གྱི་ཕྱོགས་ནི་ཉེ་བའི་སར། །སྒྲ་ནི་རབ་ཏུ་གྲགས་པ་ན། །འདི་ནི་རྡོ་རྗེའི་རིགས་སུ་འགྱུར། །དེ་བཞིན་ལྷོ་ཡི་ཕྱོགས་སུ་ཡང་། །སྒྲ་ནི་རིན་ཆེན་རིགས་སུ་འགྱུར། །ནུབ་དུ་པདྨ་དེ་བཞིན་ནོ། །བྱང་དུ་ལས་ཀྱི་རིགས་སུ་འགྱུར། །དེ་བཞིན་སྟེང་དུ་དེ་བཞིན་གཤེགས། །སྒྲ་ཡི་རང་བཞིན་འདི་ལྟ་བུ། །འུར་ཞིང་ཐུག་པ་སུམ་བརྩེགས་དང་བཞི་བརྩེགས་སུ་བརྩེགས་མ་དང་། །རྒྱུན་རིང་ཡུན་མི་ཐུང་བ་འཇམ་དལ་རིང་བའི་སྒྲ། །ཞི་དང་ཁྲོ་བོའི་རྒྱུན་རིང་ཐུང་འཚམས་པ་ཁྱོད་ཀྱིས་སོ། །དེ་ལྟར་སྒྲ་དང་ལྡན་གྱུར་ན། །འདི་ནི་ལོངས་སྤྱོད་རྫོགས་པ་ཡི། །སྐུ་ཡི་འབྲས་བུ་ཐོབ་པའོ། །དེ་ཀུན་ལོངས་སྐུའི་ཚེ་དང་མཉམ། །འདི་ལྟར་ལོངས་སྤྱོད་རྫོགས་ནས་ཀྱང་། །སྤྲུལ་པའི་སྐུ་ཡང་


DNG003_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

འབྱིན་པར་ནུས། །ནུས་དང་མཐུན་འཇུག་ཐབས་ཀྱིས་ནི། །འདི་ཡི་ས་ལ་མཐར་ཕྱིན་པའོ། །ས་ནི་གཡོ་བའི་སྐྱེས་བུ་དེའི། །དབུགས་དང་བྲལ་བའི་ཚེ་བྱུང་ན། །འདི་ནི་ཉན་ཐོས་ས་ཐོབ་པོ། །དེ་བཞིན་ཞག་ཤི་ནས་ནི་གསུམ་ན་ཡང་། །དེ་ཉིད་ས་ཡི་གཡོས་བྱུང་ན། །འདི་ནི་རང་སངས་རྒྱས་ཀྱི་ས། །ཞག་ནི་དྲུག་ནས་བྱུང་བ་ན། །འདི་ནི་བྱང་ཆུབ་སེམས་དཔའ་ཡི། །ས་ལ་འཇུག་གོ་མཁའ་འགྲོ་མ། །གལ་ཏེ་ཞག་ནི་དགུ་ན་ཡང་། །ས་ནི་གཡོས་པར་འགྱུར་བ་ན། །འདི་ནི་རིག་པ་འཛིན་པ་ཡི། །ས་ལ་ཅི་དགར་སྤྱད་པར་ནུས། །ས་ནི་གཡོས་པའི་སྐལ་ལྡན་ལ། །སངས་རྒྱས་འབྲས་བུ་མི་སྣང་སྟེ། །དེ་བཞིན་ས་དང་ལམ་རྣམས་ལ། །ཡུན་དུ་སྦྱང་ཞིང་གནས་པའོ། །ཡང་ཉོན་རྡོ་རྗེ་མཁའ་འགྲོ་མ། །ང་ཡིས་བསྟན་པའི་ཚིག་འདི་ཉོན། །འདི་ལྟར་སེམས་ཅན་ཐམས་ཅད་ནི། །ཚེ་ཡི་འདུ་བྱེད་བྱེད་པའི་ཚེ། །ནམ་མཁའ་ཡི་ནི་མཚན་ཉིད་ཀྱིས། །འདི་ཀུན་སྐྱེ་བའི་གནས་སྤྱོད་པའོ། །གང་གིས་ཤི་བ་དེ་ཚེ་ན། །ནམ་མཁའ་སྨུག་ནག་མུན་པ་ནག །དེ་བཞིན་ཆར་དང་ཁུ་རླངས་དང་། །རླུང་དང་སེར་བ་བུ་ཡུག་དང་། །འདི་ཀུན་སུ་ལ་བྱུང་བ་དེ། །དམྱལ་བ་ཡི་ནི་སྐྱེ་གནས་སུ། །འདི་ལ་བར་མ་དོ་མེད་པར། །འགྱུར་བ་ཡིན་ནོ་མཁའ་འགྲོ་མ། །ནམ་མཁའ་ན་བུན་ལྟ་བུ་ལ། །འོད་ནི་སེར་ལ་ཉི་ཟླ་ཤི། །རླུང་དང་སེར་བུ་མེད་པ་ལ། །སེར་སླག་སྤྲིན་སེར་ཉི་མ་མི་སྣང་དང་། །ཆར་འབབས་ཤུལ་ལམ་ཡང་ན་ནི། །དེ་ཡི་སྲོད་ལ་བབས་པར་གྱུར། །འདི་ལྟར་སུ་ལ་བྱུང་བ་དེ། །ཡི་དྭགས་ཀྱི་ནི་སྐྱེ་གནས་སུ། །སྐྱེ་བ་ཡིན་ནོ་མཁའ་འགྲོ་མ། །ནམ་མཁའ་སྨུག་ཅིང་རླུང་ཡང་མེད། །སྤྲིན་ནི་གནག་ལ་གོ་མཚམས་མེད། །ཡང་ན་ན་བུན་སྣང་བ་དང་། །རྨུགས་ཤིང་ཉམས་མི་དགའ་བ་ལ། །ཚེ་ཡི་འདུ་བྱེད་སུས་བྱས་པས། །འདི་ནི་བྱོལ་སོང་གནས་སུའོ། །ཤིན་ཏུ་དྲག་ཅིང་ལྷ་མིན་རླུང་གིས་འཁྲུགས། །སྤྲིན་ནི་ཁམ་ནག་འཇིགས་པའི་གཟུགས། །རབ་ཏུ་འཁྲུགས་ཤིང་འགྲོ་འོང་བཅས། །འབྲུག་དང་གློག་གི་སྐད་འབྱིན་དང་། །ཉི་མ་ཟླ་བ་སྣང་མི་ནུས། །འདི་


DNG003_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་སུ་ལ་བྱུང་བ་དེ། །འདི་ནི་ལྷ་མིན་སྐྱེ་གནས་སོ། །ནམ་མཁའ་གསལ་ཞིང་དྭངས་པ་ལ། །ཉི་མ་ཟླ་བའི་སྣང་བ་གསལ། །རླུང་དང་སེར་བུ་སྣང་མི་ནུས། །འདི་ནི་ལྷ་ཡི་སྐྱེ་གནས་སོ། །ཡང་ན་ནམ་མཁའ་གསལ་དྭངས་ལ། །མི་འབྱེད་སྤྲིན་ནི་དར་དཀར་བཞིན། །ཤིན་ཏུ་སྲབ་ཅིང་གསལ་བར་སྣང་། །ཡང་ན་ཉི་ཟླ་འོད་ཁྱིམ་ཅན། །འདི་ལྟར་སུ་ལ་བྱུང་བ་དེ། །མི་ཡི་སྐྱེ་གནས་འདིས་འཐོབ་བོ། །དེ་ལྟར་རྟགས་དང་སུ་ལྡན་པ། །ངེས་པར་རིགས་དྲུག་སར་སྐྱེ་ཡིན། །འདི་ལྟར་མ་ཡིན་འདུ་བྱེད་རྣམས། །ངེས་པ་མེད་པར་སྐྱེ་རྟགས་མེད་ངེས་པ་མེད་པ་ཡིན། །འདི་ལྟར་རྟགས་ནི་དེ་དག་ཀུན། །ཞག་ཤི་ནས་ནི་གཉིས་ནས་གསུམ་དུའོ། །འདི་ཀུན་སྐྱེ་གནས་དེར་སྐྱེའི་རྟགས། །ཡང་ནི་ཉོན་ཅིག་མཁའ་འགྲོ་མ། །འདི་ནི་རྒྱུད་ཀྱི་རང་བཞིན་དུ། །འདི་ལྟར་འགྱུར་རོ་མཁའ་འགྲོ་མ། །མ་བསྐུར་གཞི་ནས་རྫོགས་པའི་དབང་ཐོབ་ནས། །ཅོག་བཞག་རང་སར་བཞག་པའི་མན་ངག་བསྟན། །འདའ་མེད་བསྲུང་མཚམས་མེད་པའི་ཉམས་ལེན་བྱ། །རང་གནས་གཅིག་སར་གནས་པའི་དགོངས་པ་ལ། །ཐིག་ལེ་མི་འགྱུར་ཚད་ལྡན་དམིགས་སུ་ནི། །དམ་པའི་དོན་གྱི་བདེན་པར་གནས་པར་བྱའོ། །སྐུ་གདུང་འབར་བ་ཆེན་པོ་རིན་པོ་ཆེའི་རྒྱུད་ཆེན་པོ་ལས། ཕྱི་རྟགས་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།སྟོན་པ་རྡོ་རྗེ་འཆང་བ་ཡིས། །དེ་སྐད་ཚིགས་སུ་གསུངས་པ་ཡིས། །སངས་རྒྱས་འབྲས་བུ་ཆེན་པོ་ལས། །འཁོར་དུ་སྣང་བ་དེ་དག་ཀུན། །དགའ་ཞིང་མགུ་ནས་ཐལ་མོ་སྦྱར། །ཉིད་ཀྱིས་གསུངས་པའི་ཚིག་དོན་ལ། །རྗེས་སུ་ཡི་རང་མངོན་པར་བསྟོད། །དེ་ཀུན་སྐྱེ་བ་མེད་པར་གྲོལ། །ལྷ་དང་ལྷ་མིན་ཐམས་ཅད་ཀུན། །དད་པས་རྗེས་སུ་ཡི་རང་ངོ་། །དཔལ་ནམ་མཁའ་མེད་པའི་རྒྱུད་རིན་པོ་ཆེ་སྐུ་གདུང་འབར་བའི་རྒྱུད་ལས། སྐུ་གདུང་འབར་བའི་རྒྱུད་མ་བུ་བདུན་གསང་བ་ཡང་གསང་ཡང་འདུས་ཀྱི་སྙིང་པོ། རང་བཞིན་རྫོགས་པ་ཆེན་པོའི་རྒྱུད། འབུམ་ཕྲག་དྲུག་ཅུ་རྩ་བཞི་ལས་ཁྱད་པར་དུ་འཕགས་པ་རྫོགས་སོ།། །།རྒྱ་རྒྱ་རྒྱ། རྒྱ་གར་གྱི་མཁན་པོ་བི་མ་ལ་མུ་དྲ་དང་། བོད་ཀྱི་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་གཏན་ལ་ཕབ་པའོ།། །།

རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད་ཅེས་བྱ་བ།


DNG003_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། རཏྣཱ་ཀ་ར་ཤཔྡ་མ་ཧཱ་པྲ་སཾ་ག་ཏནྟྲ་ནཱ་མ། བོད་སྐད་དུ། རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་རང་བྱུང་ཆེན་པོ་མཆོག་གི་སྟོན་པ། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །ཐུན་མོང་མ་ཡིན་པའི་གླེང་གཞི་བཀོད་པ་འདི་སྐད་བདག་གིས་བསྟན་པའི་དུས་གཅིག་ན། །འཁོར་དང་འདས་པའི་ཐོག་མར་ནི། །རང་བྱུང་བྱས་པ་མེད་པ་ལས། །འབྱུང་བ་འདུས་པའི་ཕུང་པོར་ཤར། །ས་ཆུ་མེ་རླུང་འབྱུང་བ་བཞི། །དབུས་སུ་རླུང་སེམས་རྒྱུ་དང་རྐྱེན། །འདུས་ཤིང་བསྐྱེད་པའི་གཞལ་མེད་ཁང་། །རང་བྱུང་རིག་པས་བཅོས་པ་མེད། །འཁྲུལ་པ་ཡོངས་སུ་དག་པ་ལ། །བདེ་ཆེན་འདུས་པའི་ཐབས་ཀྱི་འཁོར། །སྐུ་དང་ཡེ་ཤེས་ཤེས་རབ་རླུང་། །མི་ཕྱེད་སྣ་ཚོགས་དམིགས་མེད་པས། །རྩ་རླུང་ཐབས་ཀྱི་བདེ་ཆེན་ཆོས། །སོ་སོའི་ཉམས་དང་མཐུན་པར་བཤད། །འདས་དང་མ་འོངས་ད་ལྟར་མེད། །མི་ཕྱེད་འབྱེད་པ་ཡོངས་སུ་མེད། །ཐམས་ཅད་རང་བྱུང་ཡེ་ཤེས་སོ། །ཐུན་མོང་གི་གླེང་གཞི་བཀོད་པ་འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། དགའ་དང་ལྡན་པ་བསོད་ནམས་བརྩེགས། །འགྲོ་བ་རྣམས་ཀྱི་ཐོག་མའི་ཡུལ། །ས་དང་ཆུ་དང་མེ་རླུང་གི། །འབྱུང་བ་ཆེན་པོ་བཞི་མི་སྣང་། །ཤ་ཁྲག་བཀོད་པའི་གཟུགས་མེད་པའི། །རང་སྣང་དག་པ་ཆེན་པོའི་ཡུལ། །རབ་ཏུ་མཛེས་ཤིང་རྒྱས་པ་ཡི། །པདྨའི་ཟེའུ་འབྲུ་རྫོགས་པའི་གྲངས། །སྟོང་དང་ལྡན་པ་དབུས་མའི་གནས། །ཡོན་ཏན་ཐམས་ཅད་རྫོགས་པ་ཡི། །རྐྱེན་བཞིས་སྨིན་པའི་གཟུགས་ཀྱི་སྐུ། །བརྫུས་ནས་སྐྱེས་པའི་ལུས་བླངས་ཏེ། །སྟོན་པ་སངས་རྒྱས་བཅོམ་ལྡན་འདས། །ལོ་བརྒྱད་མཛེས་པའི་གཟུགས་སུ་སྤྲུལ། །གཟིགས་སྟངས་གསུམ་ལས་སྟོན་པའི་སྐུ། །སྣང་བའི་འོད་ནི་བསམ་མི་ཁྱབ། །སྤྲུལ་པ་མཛད་པ་དང་པོར་བྱུང་། །རྒྱུད་འབྱུང་གླེང་གཞི་དང་པོ་ལ། །ལྔ་པོ་རྣམས་ཀྱི་ས་བོན་འཛིན། །གདུལ་བྱ་བརྫུས་ནས་སྐྱེས་པ་ལ། །ཁ་དོག་དཀར་ཞིང་ཤ་གཟུགས་


DNG003_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ། །ཟང་ཐལ་དྲི་མ་མེད་པའི་སྐུ། །ཉོན་མོངས་རགས་པ་རང་དག་སྟེ། །བག་ལ་ཉལ་བ་མ་ཡིན་པས། །མངོན་པར་རྒྱུ་བ་རྣམ་གཉིས་བྲལ། །དབང་པོ་ལྔ་ནི་རང་གསལ་ལ། །མཚན་མ་རྣམས་ནི་སྦུབས་སུ་ནུབ། །དབུགས་ལ་བརྟེན་པའི་འགྲོ་འོང་ཟད། །བར་སྣང་དག་ལ་གནས་བཅས་ནས། །ཕན་ཚུན་འཁོར་དང་ལངས་པར་བྱེད། །འགྲོ་དང་འགྲེང་དང་ཉལ་བ་དང་། །བསྐྱོད་ཅིང་རྒྱུག་པའི་རྣམ་པ་རྣམས། །བར་སྣང་ཉིད་ལས་གཞན་ཅི་མིན། །རང་ལས་འོད་བྱུང་སྣང་བ་ལས། །ཉི་ཟླ་ལ་སོགས་འོད་མི་སྣང་། །གོས་མེད་འཇམ་པའི་ངང་ཚུལ་ཅན། །མཛེས་ཞིང་ལྡེམ་བག་ལྡན་པ་ལ། །བག་ཡངས་རྣམ་ཤེས་གུད་མེད་པར། །བསམ་གཏན་དང་པོར་གནས་པ་བཞིན། །མངོན་དུ་བྱ་དང་བྱེད་པ་བྲལ། །གཟུགས་མེད་ལས་ཀྱི་འགྱུར་བྱེད་ལྟར། །ཁམས་དང་གུད་བཅས་ལས་མི་སྣང་། །ཁྱད་པར་སྙིང་པོའི་པདྨ་ལས། །སྟོང་དང་རྩ་གཅིག་གཟུགས་རྣམས་ནི། །འཇའ་ཚོན་སྒྱུ་མ་ཇི་བཞིན་དུ། །སངས་རྒྱས་རྣམས་ཀྱི་གཟུགས་སྐུའོ། །དེ་ཡི་ཁྱད་པར་སྟོན་པའི་གཟུགས། །རིས་ཅན་འོད་ཟེར་དཔག་ཏུ་མེད། །ང་ནི་ལྷ་བུ་དགའ་བྱེད་སྟེ། །དབང་ཕྱུག་རྫོགས་པའི་ལུས་བླངས་ནས། །སྟོན་པའི་གསུང་གི་འོད་ཟེར་ཁྱིམ། །རང་བཞིན་གྱིས་ནི་བདེ་བ་རྙེད། །དེ་ཚེ་མཛད་པའི་བྱིན་རླབས་ལས། །དྲུག་ཅུ་རྩ་བཞིའི་འོད་སྐར་ནི། །བར་སྣང་ཉིད་ལས་གཟུགས་བཀོད་པར། །སུས་ཀྱང་བྱས་པ་མེད་པར་སྣང་། །ཁྱད་པར་ཡང་ཞུན་བཅུ་བདུན་ནི། །བསྟན་པ་དམ་པ་རྫོགས་པའི་ཕྱིར། །སྐུ་གསུང་ཐུགས་ཀྱི་བསྟན་པ་དངོས། །རྡོ་རྗེ་བཅས་དང་སྐུ་གཟུགས་ནི། །སུས་ཀྱང་བྱས་པ་མ་ཡིན་པར། །ཡེ་ཐོག་ནས་ནི་རང་སྣང་བར། །སོ་སོའི་ལས་དང་སྐལ་མཐུན་པར། །གསེར་གྱི་སྙིང་པོ་ཉིད་ལ་སྣང་། །ཀུན་དང་ལྷན་ཅིག་མ་ཡིན་ནོ། །དེས་ན་སྙིང་དང་འདྲ་བས་གསང་། །དངོས་གྲུབ་མཆོག་རྣམས་མཐར་ཐུག་པའི། །འབད་ཅིང་རྩོལ་བ་མ་ཡིན་པས། །གང་སུ་འཕྲད་པ་གྲོལ་བར་ངེས། །དེས་ན་རྫོགས་ཆེན་བྱ་རྩོལ་བྲལ། །གཞན་འབད་


DNG003_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས་བྱུང་བ་མིན། །སངས་རྒྱས་བརྗོད་དུ་མེད་པ་ཡིས། །ཡེ་ཐོག་ནས་ནི་ཕྱག་མཛད་པའི། །ཆོས་ཀྱི་སྐུ་ལ་ངེས་བརྒྱུད་དེ། །ལས་ཅན་སྣང་བར་བྱེད་དོན་དུ། །སྤྲུལ་པའི་ས་བོན་ལྡང་བའོ། །དེ་ལྟར་དངོས་ཀྱི་བསྟན་པ་ལས། །གཟུགས་བརྙན་ཆོ་འཕྲུལ་འདི་ལྟ་བུ། །སུས་ཀྱང་བརྗོད་དུ་མེད་པར་ནི། །ནམ་མཁའ་མི་འབྱེད་བར་སྣང་ལས། །ཚིག་རྣམས་ཀུན་གྱི་ཐོག་མར་ཡང་། །དགུ་གཉིས་བཞི་ཡི་ཡང་སྟེང་ནས། །ཚངས་པ་ཆེན་པོའི་དབྱངས་སུ་བསྒྲགས། །དེ་ནས་ཆོས་ཉིད་ནམ་མཁའ་ལས། །ཁྱབ་འཇུག་ཆེན་པོའི་གསུང་གིས་ནི། །བྱིན་གྱིས་རླབས་ཀྱིས་རང་སྒྲར་སྟོན། །དེ་ནས་ཕྱོགས་བྲལ་ནམ་མཁའ་ལས། །ཀ་ལ་པིང་ཀའི་སྒྲ་དབྱངས་ལས། །བསྟན་པ་ཀུན་གྱི་བཅུད་བསྡུས་པའི། །རྒྱུད་ཀྱི་རྒྱལ་པོ་འདི་ཉིད་ནི། །ཚིག་རྣམས་ཀུན་གྱི་ཐོག་མར་ཡང་། །བརྒྱ་ཕྲག་གསུམ་དང་དྲུག་ཅུ་ཡི། །སྒྲ་ལས་དྲངས་ཏེ་སྟོན་པས་གསུངས། །དེ་ནས་འབྱུང་བ་སོ་སོའི་སྒྲ། །བྱེད་རྒྱུ་ཚ་དང་གྲང་བ་ལས། །སོ་སོའི་སྒྲ་དབྱངས་སྟོང་ཕྲག་བརྒྱད། །སྟོན་པས་བྱིན་གྱིས་བརླབས་པར་སྣང་། །ཁྱད་པར་འབྱེད་རྒྱུའི་གསུང་ལ་ཡང་། །སྒྲ་ཚིག་རྣམས་ནི་འབྱུང་བའི་གཞི། །ཡན་ལག་དྲུག་ཅུར་སྟོན་པས་ཀྱང་། །རང་སྣང་འདུས་པའི་འཁོར་ལ་གསུངས། །དེ་ཡང་དགོངས་པ་ཅི་ཞེ་ན། །གསུང་ཚུལ་དགོངས་པ་གསུམ་དང་བཅས། །གཉེན་པོ་བསྡུས་དང་དབང་པོའི་དོན། །ཚིག་རྣམས་བསྡུས་ཏེ་སྣང་བར་བྱས། །དེ་མ་ཡིན་པའི་བརྗོད་བྱའི་ཚིག །དུས་གསུམ་འབྱུང་བས་གསུང་བ་མེད། །སྒྲ་ཚིག་མིང་ལ་ངེས་བསྡུས་པས། །ཀ་ལ་པིང་ཀའི་སྒྲ་རྣམས་ཀྱང་། །འདྲེན་དང་འཇུག་དང་སྙན་པའི་ཕྱིར། །གསལ་བྱེད་སྒྲ་དོན་བཅུ་གཉིས་ལས། །བརྗོད་ཚིག་བཞི་འམ་ལྔར་བསྡུས་སོ། །སྟོན་པའི་གསུང་ལ་ངེས་བསྡུས་པས། །ཚངས་པའི་དབྱངས་ལ་སྟོང་དང་ལྔ། །ངེས་པའི་རྗོད་བྱེད་བརྒྱ་དང་གསུམ། །རིང་བྱེད་སུམ་ཅུར་ངེས་པར་བསྡུས། །དེ་ལ་གསལ་བྱེད་བཅུ་དྲུག་གོ། །རྟོགས་སངས་


DNG003_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་དྲུག་ཅུ་གཉིས། །སྤྲོས་མེད་ཡན་ལག་བཞི་བཅུ་གཉིས། །ཁྱད་པར་བསྡུས་པའི་རིགས་གཉིས་ནི། །སྒྲ་དང་ཚིག་གི་གཞི་མའོ། །དེ་ཡི་དགོངས་པ་ཅི་ཞེ་ན། །སོ་སོའི་ལས་ཀྱི་འཕྲུལ་གྱིས་ཀྱང་། །བསླབ་བྱའི་རྩ་བ་བཅུ་བཞི་གཉིས། །རི་མོ་རྣམས་ལ་མཁས་པ་ཡིས། །སྤྲུལ་པ་ལ་སོགས་འབྱིན་པ་དང་། །རྟག་ཏུ་དགོད་པའི་དོན་རྣམས་ཤེས། །དེ་ལྟར་གསུངས་པའི་ཆོ་འཕྲུལ་དུ། །རྒྱུད་རྣམས་ཀུན་གྱི་ཐོག་མར་ཡང་། །རྩ་བའི་སྒྲ་ཚིག་ཐལ་འགྱུར་ལས། །ཐམས་ཅད་ངེས་འབྱུང་བསྟན་པར་འཕྲོས། །བསྟན་པ་དམ་པའི་འདུ་མཆེད་གྲུབ། །གསུངས་པས་འཁོར་བ་ནུབ་པར་བྱེད། །འདི་ལ་ཡོན་ཏན་བསམ་འདས་སོ། །སྤྲུལ་པའི་བསྟན་པ་ཐོག་མར་ནི། །འདི་འབྱུང་བས་ནི་འཕེལ་བའོ། །ལུས་ཀུན་བརྫུས་པའི་ཐོག་མའི་ཚེ། །ཚེ་ལོ་དཔག་ཏུ་མེད་དུས་སུ། །བརྫུས་ནས་སྐྱེས་པའི་འགྲོ་བ་ལ། །མི་འབྱེད་རང་བཞིན་རྣམ་དག་པ། །ཐམས་ཅད་ངོ་བོ་དབྱེར་མེད་པར། །བརྗོད་ཅིང་སྒྲ་ཚིག་བདེ་རིག་སྟེ། །ཆོས་ཀྱི་སྐུ་ཡང་རྒྱུ་མེད་པ། །ལོངས་སྐུ་བརྡལ་བ་ཀུན་ཁྱབ་པར། །སྤྲུལ་སྐུ་སྤྲོས་གཞི་རྫོགས་པ་ལས། །དབྱེར་མི་ཕྱེད་པས་སྙོམས་ཞུགས་ཏེ། །རང་བཞིན་རྫོགས་པ་ཆེན་པོ་ཡི། །དཀྱིལ་འཁོར་གཅིག་ཏུ་ཐབས་ཅིག་འཁོད། །དེ་ལྟར་ངང་གཅིག་དབྱེར་མེད་དོ། །དེ་ནས་གཅིག་དང་ཐ་མི་སྡུད་པ་པོ་ཞུ་བ་རང་བྱུང་གི་བཀོད་པ་དད། །རང་བཞིན་དག་པའི་འཁོར་རྣམས་ལས། །ལྷ་དབང་གིས་ནི་འདི་སྐད་གསོལ། །ཨེ་མ་ཀྱེ་ཀྱེ་བཅོམ་ལྡན་འདས། །འདི་ལྟར་སྣང་བ་དམ་པ་ཉིད། །བསམ་གྱིས་མི་ཁྱབ་འདུས་པ་ཡི། །ཚིག་གི་རང་བཞིན་འདི་ལྟ་སྟེ། །འབྱུང་བཞིའི་དགོངས་དགོས་པ་ཡང་བྱུང་པ་ཇི་ལྟ་བུ། །ཡན་ལག་དོན་ཀུན་ཅི་ལྟར་གཉེར། །དེ་ཡི་དགོངས་དོན་ཅི་ལྟ་བུ། །སྒྲ་ཡི་བརྗོད་པ་ཅི་ཙམ་ཞིག །ཐལ་བའི་གནས་ནི་དུ་ཙམ་མཆིས། །འདི་མཚམས་འོག་གི་རང་དང་གཞན་གྱི་དམ་བཅའི་ཞེས་པ་དང་འཕེན་པ་རླུང་སྟེ་ཞེས་པ་གཉིས་ཀྱི་དྲི་བ་མ་བྱུང་འགྱུར་དང་འགྱུར་བྱེད་གང་དང་གང་། །ལེའུ་རྗོད་བྱེད་གསལ་བ་ཅི། །རྫོགས་པ་འདི་ལ་འདོད་པ་སུ། །གླེང་གཞི་འབྱུང་བ་ཅི་ཡི་


DNG003_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

དོན། །ལྷག་མའི་བསྟན་པ་དུ་དང་དུ། །འཇིག་པའི་རྒྱུ་ནི་ཅི་ལས་འབྱུང་། །ཞིག་ནས་གནས་པ་གང་ནས་བྱུང་། །བར་དུ་སུ་དང་སུ་ཡིས་འཛིན། །ཐ་མ་འདི་ཉིད་གང་དུ་འགྱུར། །ལུས་དང་ཡན་ལག་ཅི་ལྟ་བུ། །འབྱུང་བ་རྣམས་ཀྱི་འདོད་པ་ཅི། །སེམས་ཅན་དུས་ཀྱི་རིམ་པ་གང་། །ཕྱི་རོལ་ནང་དང་དོན་ནི་ཅི། །དུས་ཀྱི་འཕོ་བ་གང་དང་གང་། །ཞག་དང་ཟླ་བ་ལོ་རྣམས་ཅི། །ཚེ་དང་དབང་ཐང་གང་གིས་གཟུངས། །བྱེར་ཟུག་སྙོམས་པའི་མཐའ་ཅིར་འགྱུར། །འཁོར་བའི་ལམ་རྒྱུད་གང་གིས་བཅད། །སྟོན་པའི་ཡོན་ཏན་གང་གིས་བསྒྲུབ། །སྐུ་གསུམ་ངོ་བོ་ཅི་ལྟར་བསླབ། །ཐུན་མོང་ལས་ཀྱི་མཐའ་གང་ལགས། །བྱེ་བྲག་སྐུ་རྣམས་ཅི་ལྟར་འགྲུབ། །གཉིད་དང་རྨི་ལམ་ཅི་ལྟ་བུ། །སེམས་འདུལ་བསྒོམ་པ་གང་ལ་བགྱི། །རླུང་ཞེས་བགྱི་བའི་དགོངས་པ་གང་། །རྩ་ཡི་ཡོན་ཏན་ཅི་ཙམ་མཆིས། །དེ་བཞིན་ཐིག་ལེའི་རྣམ་པ་ཅི། །མཁའ་འགྲོ་མ་ཡི་ལས་མཐའ་གང་། །འཕོ་བའི་རྣམ་པའི་ལས་གང་ལགས། །རྟེན་ཅིང་འདྲེལ་པ་ཅི་ཡི་རྒྱུ། །ནད་དང་སྡུག་བསྔལ་གང་གིས་གྲོལ། །འབྱུང་བའི་འཕོ་ལུགས་ཇི་ལྟར་ལགས། །གནད་ཀྱི་འབྱུང་བ་གང་དང་གང་། །རྩིས་སྦྱོར་ལས་ཀྱི་ཡན་ལག་ཅི། །འབྱུང་བའི་བདེ་བ་གང་གིས་འགྲུབ། །སྤོ་བའི་ལས་ནི་གང་གིས་བགྱིས། །རིག་བཅས་བེམ་པོའི་བྱེ་བྲག་གང་། །གནད་རྣམས་རང་བཟློག་ཐབས་གང་ལགས། །གྲུབ་མཐའ་དགོངས་པ་གང་གིས་འགྲུབ། །མཐར་ཐུག་པ་ལ་དགོངས་པ་གང་། །བསྒྲུབ་པའི་རིམ་པ་དུ་ཞིག་མཆིས། །གནས་ལུགས་རྣམས་ཀྱི་འདུག་ཚུལ་ཅི། །འཁྲུལ་པའི་རྩིས་རྣམས་ཅི་ལྟར་བཟུངས། །ཤེས་བྱའི་སྤྲོས་པ་གང་གིས་བཅད། །བླ་མ་བསྟེན་པའི་ཐབས་གང་ལགས། །ཕྱི་རོལ་འབྱུང་རྟགས་གང་གིས་འཛིན། །དུས་དང་བསྟན་པའི་བབ་སོ་ཅི། །དབང་བསྐུར་བ་ཡི་ཆོ་ག་གང་། །དམ་ཚིག་སྡོམ་པ་ཅི་ལྟ་བུ། །བརྗོད་བྱ་ཚིག་གིས་བསྟན་པ་ཅི། །ཚིག་འདས་སྤྲོས་པ་གང་གིས་བཅད། །མངོན་སུམ་གནད་ལ་ཅི་ལྟར་བསྒྲེ། །


DNG003_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་འདས་རུ་ཤན་གང་གིས་ཕྱེད། །རླུང་འཛིན་སྤྱོད་པ་རྣམ་པ་དུ། །སེམས་འཛིན་བསླབ་རིམ་གང་ཙམ་ཞིག །ཕྱི་ནང་གསང་བའི་འཆི་རྟགས་ཅི། །བལྟ་བ་མཐའ་ལ་གང་གིས་བསྐྱལ། །བསྒོམ་པའི་སྲོག་ཤིང་གང་དང་གང་། །སྤྱོད་པའི་སྦྱོར་བ་ཇི་ལྟ་བུ། །འབྲས་བུའི་ཐོབ་ས་གང་ཙམ་ཞིག །འཁོར་བའི་ཆུ་རྒྱུན་ཅི་ཡིས་གཅོད། །བཅུད་ཀྱིས་ལེན་པ་ཇི་ལྟ་བུ། །གོས་ནི་གང་གིས་འགྲུབ་པ་ལགས། །འབྱུང་བའི་རྒྱུན་ནི་ཅི་ལྟར་གཅད། །བཞི་པོ་རོ་རྣམས་ཅི་ཡིས་སྙོམས། །མཛོད་ལ་ཡོན་ཏན་ཅི་ལྟར་འབྱུང་། །འཕགས་པའི་རྫུ་འཕྲུལ་ཅི་ཡིས་འགྲུབ། །གཏེར་ལ་ལོངས་སྤྱོད་ཅི་ལྟར་བགྱི། །གཞི་ལྔ་དབང་དུ་གང་གིས་འདུས། །འདི་དག་བདག་གིས་སྔར་མ་འཚལ། །སྣང་བའི་བདག་པོས་བདག་ལ་གསུང་། །བདག་ལ་རིམ་པ་གསལ་ཕྱེ་བས། །མ་འོངས་པ་ཡི་དུས་རྣམས་སུ། །འདི་ལ་དད་ཅིང་འདུན་པ་ཀུན། །རྫོགས་ཆེན་འདི་ལ་ཡིད་ཆེས་ནས། །བྱ་བྲལ་གླེན་པས་བདེ་ཆེན་རྙེད། །འཁོར་བའི་ཐ་མ་ཟད་ནས་ནི། །མྱ་ངན་འདས་པའི་ལམ་སྣ་ཟིན། །དེ་ཕྱིར་བདག་གིས་ཅི་ཞུས་པ། །རིམ་པ་གསལ་བར་ཕྱེས་ལ་གསུང་། །དེ་ནས་རྒྱུད་ཀྱི་ཆེ་བ་རྣམ་པར་བཀོད་པའི་བཀོད་པ་ཁྱབ་བདག་སེམས་དཔའ་ནི། །སྒྲ་ཚིག་མིང་དུ་མ་བསྒྲགས་ཀྱང་། །རང་བཞིན་བཅོས་མེད་ནམ་མཁའ་ལ། །བྲིས་ཞིང་བཀོད་པ་མ་ཡིན་པར། །ཡན་ལག་དྲུག་ཅུའི་དབྱངས་ལྡན་ཏེ། །མ་བྲིས་རི་མོའི་ཚུལ་ཙམ་དུ། །མདངས་དང་ལྡན་པའི་དབང་པོ་ལ། །ངེས་པར་སྣང་སྟེ་མངོན་སུམ་པའོ། །ཚངས་པ་ཆེན་པོའི་སྒྲ་ལ་ཡང་། །ཨིནྡྲ་ལྷ་ཡི་དབང་ཕྱུག་ཉོན། །ལུས་དང་ངག་ཡིད་རབ་གཙེར་བས། །ལོག་པའི་སྤྱོད་དང་བསམ་སྤངས་ཏེ། །དབང་པོ་ལ་སོགས་དག་བྱས་ནས། །དྲི་མ་སྤངས་པའི་སེམས་ཀྱིས་ཉོན། །ཨེ་མ་ངོ་མཚར་རྨད་བྱུང་བ། །སངས་རྒྱས་རྣམས་ཀྱིས་མ་གསུངས་པ། །རྒྱུད་གཞན་ལས་ནི་ཁྱད་འཕགས་འདི། །ཁམས་གསུམ་གནས་སུ་མི་ལྡོག་ཕྱིར། །རབ་ཏུ་གསང་ཆེན་ངེས་པའི་བཀའ། །བསྟན་པའི་སྙིང་པོ་འཕེལ་དོན་དུ། །ཐེག་པའི་ཡང་


DNG003_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

རབ་རྩེ་མོ་སྟེ། །ཆོས་ཀྱི་མེ་ལོང་དོན་གྱིས་སྡུད། །བཀའ་ཡི་འགྲེལ་པ་མན་ངག་སྙིང་། །རང་བཞིན་གསང་བ་རྫོགས་པ་ཆེ། །སྙིང་གི་ཏི་ཀ་ལུང་གི་མིག །ཡང་གསང་ལྡེ་མིག་བལྟ་བའི་ཕུགས། །སྤྱོད་པའི་སྦྱང་ས་བསྒོམ་པའི་གནད། །མངལ་གྱི་རྒྱུན་གཅོད་ངན་སོང་ཕྱག །གསང་བ་མཆོག་གི་རྒྱུད་བཤད་ཀྱིས། །རྡོ་རྗེ་ཡང་འཛིན་འཁོར་རྣམས་ཉོན། །ང་ཡི་སྤྲོས་པའི་ཚིག་རྣམས་ལ། །འཁྲུལ་པའི་རྡུལ་གྱི་ཆ་མེད་པས། །འདི་ནས་བསྟན་པའི་ཆོས་རྣམས་ལ། །ངེས་པར་གྲུབ་ཅིང་དོན་འབྱུང་བས། །ཐེ་ཚོམ་མེད་པར་འབྲས་བུ་འབྱིན། །དེས་ན་བསྟན་པའི་སྙིང་པོ་བསྟན། །ཀྱེ་ཀྱེ་དགའ་བར་བྱེད་པས་ཟུང་། །དྲིས་པའི་ཚིག་རྣམས་གསལ་ཕྱེ་བས། །ཁྱབ་འཇུག་གིས་ནི་སྐད་དག་ལས། །ཡི་གེའི་རྣམ་སྤྲུལ་འདི་ལྟ་བུ། །རང་བཞིན་བཅོས་མེད་ནམ་མཁའ་ལ། །མ་བཀོད་ཚིག་རྣམས་རང་བྱུང་བར། །དྲིས་དང་ལན་གྱི་ཚུལ་དུ་སྣང་། །ངང་གཞི་བབ་ཀྱིས་གྲུབ་པ་ཡི། །ཚིག་བྱུང་གཞི་ལ་འདི་ལྟར་སྣང་། །དྲི་བ་བདུན་ཅུ་ཟེར་ཀྱང་དོན་དྲུག་པར་ཡོད། དྲིས་ལན་དང་པོ། འབྱུང་བའི་དགོས་པ་འདི་ལྟ་སྟེ། །ཆུ་ནི་དྭངས་མ་སྡུད་པ་དང་། །སྙིགས་མ་རྣམས་ནི་འབྱེད་པའི་ལས། །སོ་སོའི་ལུས་ལ་བྱེད་པས་ན། །དགོས་པ་ཚད་དང་གྲངས་ངོ་ཤེས། །སས་ནི་གཞི་མ་འཛིན་པ་དང་། །གྲུབ་ཅིང་ཆགས་པའི་ལས་རྣམས་བྱེད། །སྨིན་པས་རྩ་ལ་སོགས་པ་བསྐྱེད། །དགོས་པ་ཀུན་རྫོབ་ཐིག་ལེར་ཤེས། །མེས་ནི་འབྱུང་བ་སེལ་བ་སྤེལ་ཡང་བྱུང་དང་། །སྨིན་ཅིང་གསལ་བའི་ལས་རྣམས་བྱེད། །འབར་ཞིང་མཆེད་པས་མིག་སོགས་བསྐྱེད། །དགོས་པ་དྲོད་རྣམས་ཤེས་པར་བྱེད། །རླུང་གིས་སྟོངས་དང་འདེགས་པ་དང་། །བསྐྱོད་ཅིང་གཡོ་བའི་ལས་རྣམས་བྱེད། །འགུལ་ཞིང་འཕྲིག་པས་ལུས་འཛིན་ཅིང་། །དགོས་པ་སེམས་ཀྱི་གནས་པ་ཤེས། །འབྱུང་བཞི་དག་གི་དཀྱིལ་འཁོར་ཆེ། །ལུས་སོགས་གྲུབ་པའི་རྒྱུ་བྱས་ཏེ། །བར་དུ་གནས་ཤིང་འཛིན་པ་བྱས། །ཐ་མ་འཇིག་པའི་ལས་ཀུན་བྱེད། །འབྱུང་བ་ཆེན་པོ་རྒྱུ་གཅིག་


DNG003_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

པས། །སྣ་ཚོགས་བྱེད་པའི་བདག་པོར་སྣང་། །དེས་ན་དགོས་པ་རང་དང་གཞན། །བྱ་བ་རྫོགས་པའི་དོན་ལ་མཁས། །དྲིས་ལན་གཉིས་པ། ཡན་ལག་དོན་ནི་འདི་ལྟ་བུ། །སངས་རྒྱས་རྣམས་ཀྱི་མཁྱེན་པ་ཡི། །ཚིག་བརྗོད་གསལ་བའི་རིམ་པ་ནི། །མཚན་བསྟན་པ་དང་གཞུང་གིས་ཀྱང་། །རིམ་དང་ཅིག་ཆར་བློ་རྣམས་ཀྱི། །རྟོགས་པར་བྱ་ཕྱིར་རྣམ་བཤད་པའོ། །གཞུང་ལ་རྣམ་པ་གཉིས་སུ་བསྟན། །ལུས་ཉིད་རྣམ་པར་གཞག་པ་དང་། །ཡན་ལག་དོན་གྱིས་རྒྱས་པར་དབྱེ། །ལུས་ནི་གླེང་གཞི་རྣམ་པ་གཉིས། །གཞན་ལས་ཁྱད་པར་འཕགས་དོན་དུ། །ཐུན་མོང་མིན་པའི་ལུས་ལ་སྦྱར། །ཐེག་གཞན་རྣམས་དང་སྒོ་བསྟུན་ཕྱིར། །ཐུན་མོང་དག་གི་གླེང་གཞི་ཡིས། །སྡུད་པ་རང་གི་འཁོར་རྣམས་ལ། །ཡིད་ཆེས་བྱ་ཕྱིར་བསྟན་པ་སྟེ། །འདུལ་གཞི་ལས་ནི་འདུལ་བྱེད་དུ། །བྱུང་བས་བསྟན་པ་གནས་པར་བྱེད། །ཡན་ལག་དཔེ་དང་ཚིག་དོན་ནོ། །ལེའུ་གྲངས་དྲུག་གིས་གཞུང་ཉིད་ལས། །ཅི་ལྟར་གནས་པའི་ཚིག་དོན་ནི། །ལུས་ཀྱི་ཁོག་པ་ཕྱེ་བ་ལྟར། །དོན་སྣོད་ལ་སོགས་སྣང་བར་སྟོན། །ཚིག་གི་དོན་ལ་རྣམ་པ་གཉིས། །དྲིས་དང་ལན་དུ་གསུངས་པའོ། །ལན་གཉིས་མདོ་དང་རྒྱས་པ་བཤད། །འདུལ་ཡུལ་གང་ཟག་མོས་དོན་དུ། །སྣ་ཚོགས་སྤྲོས་པ་དོན་ཡིན་ནོ། །དྲིས་ལན་གསུམ་པའོ། །ཨེ་མ་རྒྱུད་དག་ངེས་འབྱུང་བ། །དགོངས་པ་རྣམ་པ་གཉིས་ཡིན་ཏེ། །རིག་པ་རང་སྣང་བློ་ཅན་ལ། །རྒྱུད་ཀྱི་མཚན་དོན་རྣམ་ཕྱེ་སྟེ། །བརྡ་དང་སྒྲ་དང་དོན་གསུམ་གྱིས། །ཆོས་ཉིད་མངོན་སུམ་ལམ་བྱས་ཏེ། །ཁམས་གསུམ་འཁོར་བའི་རྒྱུན་བཅད་ནས། །ཕྱི་ཕྱིར་ལྡོག་པ་མེད་པ་ཡིས། །ཟད་པའི་མཚན་ཉིད་ཤེས་པའོ། །དམིགས་པས་ཡུལ་གྱི་བློ་རྣམས་ལ། །རྒྱུད་ཀྱི་གཞུང་རྣམས་རྣམ་ཕྱེ་སྟེ། །གང་ལ་གང་མོས་ངེས་པའི་གནད། །རེ་རེ་དག་ལ་གནད་བཙུགས་ནས། །འབྲལ་བ་མེད་པར་ཡོངས་རྟོགས་ན། །འཁོར་བ་དག་ལ་གནས་པ་མིན། །སྤྲོས་པ་ཉིད་ལ་དགའ་བའི་མིས། །སྣ་ཚོགས་


DNG003_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ལ་བསླབ་གྱུར་ནས། །དེས་ཀྱང་སོ་སོའི་བསྒྲུབ་པ་སྙེམས། །དགོངས་པའི་གནད་དོན་མན་ངག་ནི། །སོ་སོའི་སྐབས་དང་ཤེས་པར་བྱའོ། །དྲིས་ལན་བཞི་པ། རྒྱུད་ཀྱི་རྒྱལ་པོ་འདི་ཉིད་ཀྱིས། །ངེས་པའི་མཚན་གྱི་རྣམ་གྲངས་ལ། །བསྟན་ནས་རྫོགས་དོན་མན་ངག་ནི། །ཚིག་ཙམ་ངེས་པར་བརྟགས་ཕྱེ་སྟེ། །འབྲུ་རྣམས་དོན་དང་མཐུན་པར་ཡང་། །དོན་གྱི་ངོ་ལ་འདི་ལྟར་སྐྱེལ། །སྒྲ་ཡི་བརྗོད་པ་འདི་ལྟ་བུ། །རྒྱུད་རྣམས་གཞན་དུ་མ་བཤད་པས། །ཨེ་མ་ངོ་མཚར་ཆེ་བ་ཉིད། །ང་ཡི་སྤྲོ་ཡིས་ང་ལ་ཉོན། །སྒྲ་ཡི་བབ་སོ་རྣམ་པ་ལྔ། །ཚངས་དང་ཁྱབ་འཇུག་པིང་ཀ་དང་། །འབྱུང་བའི་སྒྲ་དང་སྟོན་པའི་གསུངས། །ལྔ་ཡིས་འབྱུང་བའི་ཆོས་རྣམས་ལ། །ཅི་དགར་རོལ་པ་ཆེན་པོར་སྤྱད། །ཚངས་པའི་གནས་ནི་ལྔ་པོ་ལ། །རེ་རེ་དག་ལ་བརྒྱ་ཕྲག་གཉིས། །གནས་གཞན་བྱེད་པ་རེ་རེ་སྟེ། །སྟོང་དང་གནས་གཞན་ལྔ་ཡིན་པས། །འདི་ཉིད་ཤེས་པ་ཙམ་གྱིས་ནི། །བཅོམ་ལྡན་འདས་ལ་རེག་པར་སྦྱོར། །ཁྱབ་འཇུག་གིས་ནི་གནས་གཞན་ལས། །གཉིས་དང་ལྔ་དང་དྲུག་གསུམ་གྱིས། །ཟུར་ཕུད་ཕྱེད་པའི་ལས་ཀྱི་རྒྱུ། །མཚན་ལྡན་སྡོམ་པ་རྫོགས་པ་ལ། །དེ་དག་ཉིད་ལ་བརྒྱ་བརྒྱ་སྟེ། །ངེས་འབྱེད་འཕྲུལ་གྱི་རྣམ་པ་ལས། །གྲངས་དེ་དེ་ཡིས་བརྗོད་ཤེས་ན། །རྒྱུད་དུ་མངོན་པར་ཤེས་པ་འགྲུབ། །པིང་ཀ་ལ་ཡི་སྒྲ་དབྱངས་ཀྱིས། །ལུས་ལ་བརྒྱ་དང་ཉི་ཤུ་ལ། །དེ་བཞིན་ངག་དང་སེམས་ལ་ཡང་། །གོང་མ་ཙམ་སྟེ་ངེས་བརྗོད་གསུངས། །འཇིག་རྟེན་པ་ཡི་ལྷ་རྣམས་དང་། །དེ་བཞིན་འདས་པའི་ལྷ་དག་དང་། །མཁའ་འགྲོ་མ་རྣམས་འདུས་པ་ཡིས། །སྒྲ་ཡི་བྱེ་བྲག་རྣམ་ཤེས་ན། །དེ་རྣམས་སྐད་ནི་ཤེས་པ་དང་། །མངོན་ཤེས་དྲུག་ལ་ངེས་སྤྱད་ན། །བདེ་གཤེགས་བཀའ་ཡི་དོན་རྣམས་ཤེས། །ཚིགས་སུ་བཅད་པའི་གྲངས་ཀྱིས་སུ། །སོ་སོར་གནས་དང་ངེས་པར་སྦྱོར། །དེ་ནས་ཆུ་ཡི་སྒྲ་ལ་ཡང་། །སྙན་བརྗོད་གསུང་ནི་བསམ་མི་ཁྱབ། །མཁས་པས་ཆོ་ག་རྫོགས་པའོ། །འབྱུང་བ་རྣམས་ཀྱི་སྒྲ་དོན་


DNG003_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །དཔའ་དང་དཔའ་བར་འགྲོ་བ་ཡིས། །ས་ཆུ་མེ་རླུང་བཞི་དག་ལ། །རེ་རེ་ལ་ཡང་གཉིས་གཉིས་ཏེ། །གཅིག་ནི་མ་ནིང་སྟོང་པས་ན། །ཕོ་དང་མོ་ཡི་ཁྱད་པར་ལས། །ཚ་དང་གྲང་བའི་བྱེད་རྒྱུ་ཅན། །སྟོང་ཕྲག་དག་ནི་གཉིས་གཉིས་ལས། །བརྗོད་ཅིང་བརྟགས་པའི་སྒྲ་རྣམས་ནི། །རྣལ་འབྱོར་པ་ཡིས་བརྗོད་ཤེས་ན། །དེ་དག་ཀུན་གྱི་སྐད་ལ་ཡང་། །བདེ་ལེགས་སུ་ནི་ཉན་པར་སྤྲོ། །དེ་ཉིད་སུ་ཡིས་ངེས་འབྱོངས་པ། །རིགས་དྲུག་ལ་ཡང་ངེས་པར་སྦྱོར། །དུས་དང་བཅས་ཏེ་མངོན་སྣང་བའོ། །འདས་དང་མ་འོངས་ད་ལྟར་གྱི། །སྟོན་པ་སངས་རྒྱས་བཅོམ་ལྡན་འདས། །དབྱངས་གཅིག་གིས་ནི་དཀྱིལ་འཁོར་དུ། །སྐལ་བ་ཅན་གྱི་སྣང་བ་ལ། །དབང་པོ་དྲུག་གི་རྣམ་དག་པས། །བཅུ་བཅུ་ཡི་ནི་སྐུ་གསུམ་ལས། །ཁྱད་པར་སྤྲུལ་པའི་སྐུ་ལས་འཕྲོས། །འཕྲོས་པ་ཡི་ནི་ཟེར་ཙམ་གྱིས། །རྣལ་འབྱོར་རྟོག་པའི་ཆུ་རྒྱུན་འགགས། །གནས་དང་འབྱེད་དང་གནས་བཅུད་ཡུལ། །ཐོབ་ཅིང་མཐོང་རྟོགས་ངེས་འཇུག་པའོ། །དེ་ལྟར་སྒྲ་ཡི་དགོས་པ་ནི། །རྣམ་པ་གཉིས་སུ་ཤེས་བྱ་སྟེ། །མཆོག་དང་ཐུན་མོང་པ་དག་གི། །ལས་ཅན་སོ་སོའི་ངེས་འབྱེད་འཕྲུལ། །མཆོག་ལ་སྐུ་ལྔ་མངོན་པར་འགྲུབ། །དེ་ལྟར་གྲུབ་པའི་རྟགས་བཅུ་ཡིས། །རྡོ་རྗེ་འཆང་གི་ལུས་དང་མཉམ། །འདི་ལ་ཡོན་ཏན་བརྗོད་མི་ལངས། །ཆོས་དང་ཆོས་ཀྱི་དབྱིངས་ཉིད་དང་། །གཞི་དང་ལམ་དང་འབྲས་བུ་ལ། །བདེ་བར་རོལ་པ་ཉིད་ཡིན་ནོ། །ཐུན་མོང་གྱུར་པའི་དགོས་པ་ནི། །སྒྲ་ཚད་རིག་པའི་བསྟན་ཆོས་དང་། །བཟོ་དང་སྒྱུ་རྩལ་སྣ་ཚོགས་དང་། །འཕོངས་དང་མ་སྦྱངས་ལས་རྣམས་འགྲུབ། །འབྱུང་བ་ལྔ་ལ་སྤྱོད་ནུས་དང་། །མཚོན་དང་དུག་ལས་རྒྱལ་བ་དང་། །བེམ་དང་རིག་བཅས་སྒྲ་རྣམས་དང་། །བརྡའ་དང་ཐ་སྙད་ལ་མཁས་འགྱུར། །མདོར་ན་དགོས་པའི་བསྟན་བཅོས་དང་། །བཀའ་ཡི་མཚན་ཉིད་ཤེས་པར་འགྱུར། །སྨན་དང་རྩི་སྦྱོར་བྱེ་བྲག་འབྱེད། །ཐལ་ཡིག་ཕུལ་དུ་ཕྱིན་པ་དང་། །འཇིག་རྟེན་སྦྱོར་བ་ལྷུན་གྱིས་གྲུབ། །སྒྲ་དོན་དེ་ལྟར་དགོས་པ་འགྲུབ། །རྒྱུད་ལ་


DNG003_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པའི་འཕྲུལ་འབྱེད་ཕྱེ། །དྲིས་ལན་ལྔ་པ། ཐལ་བའི་གནས་ནི་རྣམ་པ་བརྒྱད། །འཇིག་རྟེན་ཁམས་དང་ཞིང་ཁམས་དང་། །དམ་བཅའ་སྐྱོན་དང་སྐྱོན་གནས་དང་། །འཕེན་པའི་ལས་དང་སྦྱོར་བ་དང་། །གྲགས་དང་སོང་བའི་གནད་དང་བརྒྱད། །འདི་རྣམས་ཐལ་བའི་གནས་སུ་འདོད། །འཇིག་རྟེན་ཁམས་ནི་ཆགས་པ་དང་། །གནས་པ་ཉིད་དང་འཇིག་པའི་དུས། །སྟོང་པ་ཉིད་དང་རྒྱུ་དང་རྐྱེན། །གྲུབ་ཚུལ་དང་ནི་དྲང་ཚད་དོ། །ཞིང་ཁམས་རྣམ་པ་བཅུ་གསུམ་ལ། །འདི་ནས་འཇིག་རྟེན་འོག་ན་ནི། །ཐལ་བའི་དབྱངས་ཞེས་བྱ་བའི་ཡུལ། །རྒྱ་ཁྱོན་དཔག་དཀའ་རབ་ཏུ་མཛེས། །རྒྱུ་དང་རྐྱེན་དང་རང་བཞིན་དང་། །སྟོན་པའི་བསྟན་པ་དེ་ཡི་འཁོར། །སྟེང་དང་འོག་དང་ཕྱོགས་མཚམས་སུ། །ཆུ་ཞེང་ཉམས་དགའ་བཀོད་ལེགས་སྤྲས། །དེ་ནས་འཇིག་རྟེན་དྲུག་འོག་ཏུ། །ཐལ་བ་འཛིན་ཞེས་བྱ་བ་ནི། །འཁོར་ལོའི་དབྱིབས་ལ་ཟང་ཐལ་ལོ། །སྟོན་པའི་བསྟན་པ་བདེན་པ་ཉིད། །སྤྲས་ལེགས་བཀོད་པ་གཉིས་པའོ། །འདི་ནས་འཇིག་རྟེན་གསུམ་གཡས་ན། །ཐལ་བ་སྐྱོབ་ཅེས་བྱ་བ་ནི། །མརྒད་དག་གིས་ཡོངས་སྤྲས་པ། །འོད་དང་ཁ་དོག་ངེས་གསལ་ཞིང་། །སྟོན་པའི་བསྟན་པ་འདུལ་བའི་ཞིང་། །སོ་སོའི་ལས་དང་མཚན་བཅས་པའོ། །དེ་ནས་འཇིག་རྟེན་དྲུག་གི་སྟེང་། །ཐལ་བ་བརྡལ་ཞེས་བྱ་བ་ནི། །པདྨ་རྒྱས་པའི་དབྱིབས་འདྲ་བ། །ཤིན་ཏུ་བརྡལ་བ་ཁོད་སྙོམས་པ། །སྣ་ཚོགས་འོད་འབར་ཁ་དོག་ནི། །དཀར་དམར་སྣང་བ་འཁྲུགས་པ་ལས། །རགས་པའི་གཟུགས་བརྙན་སྣང་བ་མིན། །སྟོན་པའི་བསྟན་པ་འདུ་མཆེད་རྒྱས། །བསྐལ་པ་རྫོགས་པས་ཐལ་ཞེས་བྱའོ། །འདི་ནས་འཇིག་རྟེན་སྟེང་དུ་ཡང་། །བཅུ་དགུ་འདས་པའི་ཡང་སྟེང་ན། །ཐལ་བའི་བེ་ཅོན་ཞེས་བྱ་བ། །ལྗོངས་བདེ་ཡང་བྱུང་རབ་ཏུ་རྫོགས་ཏེ་ཉམས་དགའ་བར། །རིན་ཆེན་སིལ་མ་སྣ་ཚོགས་པས། །ངེས་པར་སྤྲས་ཏེ་སྤུངས་པའི་ཚུལ། །སྟོན་པའི་བསྟན་པ་རྫོགས་གཉིས་ལྡན། །ཐོད་པའི་ཕྲེང་བ་བཀོད་པ་འོ། །འདི་ནས་འཇིག་


DNG003_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་བྱང་ཤར་མཚམས། །ཐལ་བའི་རྒྱུན་ཞེས་བྱ་བ་ནི། །མཆོད་རྟེན་དབྱིབས་འདྲ་བང་རིམ་མཛེས། །བཀོད་པ་ལྔ་ཡིས་ཡོངས་སུ་སྤྲས། །སྒྲ་དབྱངས་སྣ་ཚོགས་འབྱུང་བའི་གཞི། །སྟོན་པའི་བསྟན་པ་དུས་འབྱུང་ངེས། །དེ་སྟེང་ཉི་ཤུ་རྩ་གཅིག་ན། །རབ་ཏུ་ཐལ་བས་ཁྱབ་ཅེས་བྱ། །དམིགས་པ་དག་པའི་རང་བཞིན་དུ། །ཕྱི་དང་ནང་མེད་ཟང་ཐལ་སྣང་། །སྟོན་པའི་བསྟན་པ་འབྱུང་བར་སྟོན། །བྱེད་པའི་རྒྱུ་རྐྱེན་ཁྱབ་འཇུག་གོ། །འདི་ནས་འཇིག་རྟེན་ལྷོ་ཤར་གཡོན། །འཇིག་རྟེན་ཁམས་ནི་དྲུག་འདས་ན། །ཐལ་བའི་སྒྲ་ཞེས་བྱ་བ་ཡི། །སྐྱོད་བྱེད་འཕན་གྱིས་རབ་ཏུ་བཀླུབས། །རྒྱལ་མཚན་གདུགས་ལ་སོགས་པ་བསྒྲེང་། །མེ་ཏོག་སིལ་མའི་ཆར་དང་དྲི། །སྟོན་པ་ཉིད་དང་བསྟན་པ་ལ། །མཛེས་བྱེད་གཟུགས་བརྙན་ཚོགས་ཀྱིས་བསྐོར། །བདེ་བའི་རོལ་པ་འབྱུང་བའོ། །འདི་ནས་འཇིག་རྟེན་ལྷོ་ནུབ་གཡས། །དྲུག་འདས་འོག་ན་ཐལ་བའི་རླུང་། །གཡོ་ཞིང་སྤྱོད་པ་བར་སྣང་ལ། །ཕན་ཚུན་གཡོ་ཞིང་ལྡིང་བ་དང་། །བསྐྱོད་པ་ལས་ནི་སྒྲ་རྣམས་འབྱུང་། །སྟོན་པའི་བསྟན་པ་རླུང་གིས་གཡོ། །ལྔ་ལྡན་འཇུག་པ་གསུམ་ཡིན་ནོ། །དེ་སྟེང་བཅུ་གསུམ་བརྩེགས་པ་ན། །རིན་ཆེན་ཐལ་བ་ཞེས་བྱ་ན། །བཀྲ་ཤིས་ཉི་མ་རྣམས་ཀྱིས་སྤྲས། །འདོད་པའི་ཡོན་ཏན་རྣམས་ཀྱིས་བརྒྱན། །འཕྲུལ་གྱི་རི་མོ་ཡི་གེ་མཛེས། །སྟོན་པའི་བསྟན་པ་གཟུགས་བརྙན་རྫོགས། །ལྡ་ལྡི་པདྨའི་སྤྱན་གྱིས་མཛེས། །འདི་ནས་ནུབ་བྱང་མཚམས་ཀྱི་སྟེང་། །འཇིག་རྟེན་ཁམས་ནི་དྲུག་པ་ན། །འདུ་བའི་ཐལ་བ་ཞེས་བྱ་བ། །མཆོད་པ་རྫོགས་པའི་ལྷ་མོར་བཅས། །འོད་ཀྱིས་ཁེངས་ཤིང་ཙནྡན་དྲི། །སྟོན་པའི་བསྟན་པ་ཆ་མཉམ་པ། །བཅུ་དྲུག་ལོ་ལྡན་མཛེས་པའི་གཟུགས། །རབ་ཏུ་གཞོན་པ་རྣམས་ཀྱིས་བསྐོར། །དེ་འོག་འཇིག་རྟེན་དགུ་པ་ན། །དུང་ལྡན་ཐལ་བའི་ལྷ་ཞེས་པ། །དད་ཅིང་བསུང་བའི་དྲི་ཡིས་མྱོས། །འཁྱུག་ཅིང་རབ་ཏུ་འབར་བའི་འོད། །རབ་ཏུ་མེར་མེར་པོ་ཡིས་འཁྲིགས། །སྟོན་པ་ཉིད་དང་བསྟན་པ་དང་། །དེ་ཡི་འཁོར་དང་ལོངས་སྤྱོད་རྫོགས། །འདི་ནས་འཇིག་རྟེན་དྲུག་པ་


DNG003_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

ན། །སྐར་མའི་ཐལ་བ་ཞེས་བྱ་བ། །འཁོར་ལོ་བརྩེགས་པའི་རྣམ་པ་ནི། །ལྔ་དང་དགུ་ཡིས་ཡོངས་སུ་བརྩེགས། །འཆར་ཁ་ཆུན་འཕྱང་རྣམས་ཀྱིས་བརྒྱན། །འབྲུག་སྒྲོགས་གློག་དམར་ལྕེ་རྣམས་འབྱིན། །སྟོན་པའི་བསྟན་པ་ལུང་གིས་བསྐོར། །འོད་འབྱུང་ཕྲེང་བ་ཀླུ་ཡི་གླུ་ཡང་གདུང་ཡང་བྱུང་གདོང་། །ཕྱོགས་དང་མཚམས་ཀུན་གསལ་བའོ། །དྲིས་ལན་དྲུག་པ། རང་དང་གཞན་གྱི་དམ་བཅའི་ཚིག །རང་གི་ཚིག་གིས་ངེས་བསལ་ཏེ། །རང་འདོད་ངེས་པར་སྐྱོལ་བ་ནི། །ལུང་དང་རིགས་པ་མན་ངག་གིས། །སྐྱོན་བསལ་བསྒྲུབ་དང་འགལ་བ་སྤང་། །སྐྱོན་གསུམ་སྤངས་ཏེ་ཐེ་ཚོམ་བསལ། །གཏན་ཚིགས་བཞི་དང་དམ་བཅའ་བླངས། །གནས་པའི་མཁར་བཟུང་ཟུར་ལ་བྲོས། །ཕྱོགས་བཞི་དབུས་སུ་འཁོར་ལོ་བྲི། །ཕྱོགས་བྲལ་གཏན་ཚིགས་བསྒྲུབ་བྱའོ། །གཞན་ལ་ཐལ་བའི་ངེས་འཇུག་རྩོད། །དམ་བཅས་བསྒྲུབ་བྱ་གཏན་ཚིགས་ལ། །གསུམ་གསུམ་དག་གི་འཕེན་པས་བསྐོར། །མཁས་པས་མཚན་ཉིད་རྫོགས་ཀྱིས་སྦྱར། །རང་གཞན་གྲུབ་པའི་བརྗོད་བྱའོ། །སྐྱོན་ནི་རང་དང་གཞན་གཉིས་ལས། །རང་སྐྱོན་རང་གིས་ཤེས་བྱས་ལ། །དམ་བཅས་གཏན་ཚིགས་བསྒྲུབ་བྱ་ནི། །སོ་སོའི་སྐྱོན་རྣམས་ངོས་བཟུང་སྟེ། །ཡོན་ཏན་རྣམས་ནི་རྫོགས་པར་བྱའོ། །གཞན་གྱི་ཡོན་ཏན་ཤེས་བྱས་ལ། །དེ་ཡི་སྐྱོན་རྣམས་མཁས་པས་བརྟགས། །སྒྲ་དོན་བརྗོད་བྱའི་ཚིག་ཙམ་ལས། །འདྲེལ་དང་འདྲེལ་མེད་མཚན་ཉིད་ཀྱིས། །ཁྱབ་བྱའི་དོན་རྣམས་ཐལ་འགྱུར་བརྩིའོ། །དྲིས་ལན་བདུན་པ། འཕེན་ལ་རླུང་སྟེ་འཕོ་བའི་ལས། །ཚིག་དང་ཟུར་ལ་གཞོན་གཞོག་ཀྱང་པ་དང་། །གཏན་ཚིགས་འཁོར་ལོ་འོག་དང་སྟེང་། །ལོག་དང་ཟུར་ལ་འབིགས་པར་བྱེད། །ཆོས་ཅན་ཆོས་ཉིད་ཚུལ་དག་གིས། །གཉིས་གཉིས་འཇུག་པས་འཕེན་པར་བྱེད། །རླུང་གིས་ཀྱང་ནི་ཉོན་མོངས་འཕེན། །མ་དག་པ་ཡིས་ནི་ཡང་ཡེ་ཤེས་སོ། །སྦྱོར་བའི་དམིགས་ཀྱིས་རང་འདོད་བསྐྱང་། །ཆོས་ཅན་དམ་བཅའ་གཏན་ཚིགས་དང་། །དཔེ་ཡིས་མཚོན་ཏེ་སྦྱོར་བ་གཅིག །ཆོས་ཅན་འདྲེལ་པ་


DNG003_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་གྱིས་ཤེས། །དམ་བཅའ་སྐྱོན་ནི་བརྟགས་ཏེ་བཅའ། །གཏན་ཚིགས་དག་གིས་འདྲེལ་དོན་བརྩིས། །དཔེས་ནི་སྣང་བའི་ཆོས་རྣམས་གྲུབ། །གྲུབ་མཐའ་བློ་ལ་བརྟེན་པ་ཡིས། །རང་གཞན་ཤེས་པའི་རྩལ་གྱིས་སོ། །གྲགས་པ་དག་གིས་ཐལ་འགྱུར་ཏེ། །བྱ་བའི་ལས་དང་དཔྱད་རྣམས་དང་། །ཚིག་དང་རྟོགས་པ་ཐ་དད་དང་། །རྒྱུ་རྐྱེན་སྨིན་སོ་སྣ་ཚོགས་ཏེ། །འགྲོ་བར་འདོད་དང་སོང་བ་དང་། །བྱེ་བྲག་འདྲེལ་སོ་ཐ་དད་པའི། །སོང་བ་ཞེས་བྱ་ཡུལ་རྣམས་དང་། །ལམ་དང་གནས་ཏེ་ཚིག་དང་འཇུག །དྲན་པ་དངོས་དང་དངོས་པོ་མེད། །བྱས་ཀྱང་འདུག་གནས་དང་བྱུང་དང་བྱེད་པ་དང་། །ལྡོག་བཅས་ལམ་དང་ལྡོག་མེད་ལམ། །བསྒྲུབས་པ་རྣམས་དང་སྒྲུབ་པར་བྱེད། །བྱ་བྱེད་རྒྱུ་རྣམས་དེ་དག་གོ། །དྲིས་ལན་བརྒྱད་པ། རྒྱུ་མཚན་ངེས་པའི་མཐར་སྡུད་ནི། །འགྱུར་ནི་འབྱུང་བའི་ཆོ་འཕྲུལ་གྱིས། །ནམ་ཟླ་དུས་ཀྱིས་འགྱུར་བས་ན། །རྣལ་འབྱོར་ཉམས་དང་ཤེས་པ་ཡང་། །འགྱུར་བའི་དུས་ཚོད་མཁས་པས་བཟུང་། །རླུང་མེ་ས་ཆུའི་འགྲོས་ཀྱིས་ནི། །མེ་རླུང་ས་ཆུ་བཞི་གཉིས་འཁོར། །ས་རླུང་ཆུ་མེ་འགྱུར་བྱེད་གཉིས། །རླུང་ས་མེ་ཆུ་ཆ་ལྔ་ལས། །འགྱུར་ཞིང་བྱེད་པ་ལུས་ཀྱི་གཞི། །སྟོང་པའི་གནས་ཏེ་བརྒྱད་ཡིན་ནོ། །འགྱུར་བར་བྱེད་པའི་ཤེས་པའི་རྩལ། །འཕྲོ་དང་འཁྱིལ་དང་མཆེད་པ་དང་། །འདུས་དང་རྟགས་ཏེ་འདི་རྣམས་ལ། །འདྲེན་ཅིང་གནས་པ་འགྱུར་བྱེད་ལ། །རླུང་རླུང་ས་ས་མེ་མེ་ཆུ། །གཅིག་གི་བྱེད་པ་བཅུ་དྲུག་ལས། །ཁྱབ་དང་འཇུག་དང་གནས་བྱེད་བསྲུངས། །ལུང་སྡེབ་ཡ་སྡེབ་སྡོམ་གཅིག་པ། །དཔའ་བར་བྱེད་པའི་འགྱུར་བྱེད་དོ། །དྲིས་ལན་དགུ་པ། ལེའུ་བརྗོད་གཉིས་ཀྱང་གསལ་ཕྱེ་ན། །སྣ་ཚོགས་བཀོད་པ་མན་ངག་གནས། །ངེས་པར་འབྱུང་འགྱུར་དང་པོ་ལ། །གཞི་སྟེ་མ་འོངས་ངེས་པར་སྟོན། །གླེང་གཞིར་བཅས་པས་གཞི་བཟུང་སྟེ། །གནད་འདུས་བཀོད་པ་སེམས་ཀྱི་རྟེན། །རང་ཐོག་འབེབས་པ་གཉིས་པ་ཡིན། །བཀའ་གསང་འབྱུང་ངེས་འགྱུར་ཚད་སྟོན། །གསུམ་པ་ཡེ་


DNG003_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་བཀོད་པ་ལ། །སྒྲ་བརྡའ་མཚོན་པའི་གཞི་མ་སྟོན། །བཞི་པ་ཆོས་ཉིད་བཀོད་པ་ལ། །ཡོན་ཏན་རྫོགས་པའི་སེམས་ཉིད་ལུང་། །ལྔ་པ་བལྟ་བསྒོམ་བཀོད་པ་སྟེ། །བྱ་བྲལ་རྫོགས་པ་དབྱིངས་ཀྱི་གནད། །དྲུག་པ་སྐུ་རྣམས་བཀོད་པ་སྟེ། །ཡོན་ཏན་རྫོགས་པ་གསང་བའི་གཞི། །དེ་ལྟར་དྲུག་གིས་སྐུ་གསུམ་གྱི། །འབྲས་བུ་ཐོབ་པ་དེ་དག་གོ། །ཚད་བསྟན་ལེའུ་གྱུར་དག་ཤེས། །དཔལ་གྱི་དགོངས་པ་འབྱུང་བའི་གཏེར། །བདེ་བ་ཐབས་ཀྱི་སྐུ་ཉིད་ཀྱང་། །ལུང་བསྟན་རྗེས་འཛིན་སེམས་ཀྱི་གནད། །འགྲོ་བ་བདག་སྐྱོབ་རླུང་གི་ལྷ། །ལྷག་མ་ཉིད་ཀྱང་དེ་ཙམ་མོ། །དྲིས་ལན་བཅུ་པ། རྫོགས་པ་ཞེས་ནི་བཤད་པ་ལ། །ཞེན་པ་རང་གྲོལ་བསྟན་པའི་ཚིག །གཞུང་ལ་ལྷག་ཆད་མེད་པ་དང་། །དོན་ལ་འཁྲུལ་པ་མེད་པར་རྫོགས། །བཤད་པ་ཐ་སྙད་ཚིག་དང་བྲལ། །རིགས་བྱེད་རྫོགས་པའི་རྣམ་པ་ལས། །འགྲོ་བ་དྲུག་གི་སྐད་རྣམས་དང་། །བརྡའ་ཡི་འཇུག་པ་ཐམས་ཅད་སྣང་། །སོ་སོའི་ནུས་པས་བུས་པ་སྦྱར་ཡང་འབྱུང་བསྒྱུར་བ་གང་། །རང་བཞིན་རྫོགས་པས་རྫོགས་པ་ཆེ། །སྣང་སྟོང་འབྱེད་པའི་རྫོགས་པ་ནི། །གཞུང་གི་ཚིག་དོན་གསལ་ཕྱེ་ནས། །ལྷག་མ་མེད་པར་ཡོངས་སུ་རྫོགས། །གཞི་ཉིད་འགྱུར་བ་མེད་པར་རྫོགས། །ལམ་ནི་དྲང་ཞིང་ཉེ་བར་རྫོགས། །འབྲས་བུ་བྱར་མེད་ངང་དུ་རྫོགས། །བལྟ་བསྒོམ་བྱ་བྲལ་ཆེན་པོར་རྫོགས། །དབང་དང་དམ་ཚིག་སྡོམ་པ་རྫོགས། །མདོར་ན་ཐམས་ཅད་རྫོགས་པའོ། །དྲིས་ལན་བཅུ་གཅིག་པ། གླེང་གཞི་དག་ལ་ཡང་དག་ཚིག །གདུལ་བྱ་གང་ཟག་སོ་སོ་ལ། །གདུལ་གཞི་ཕུང་པོ་རྣམ་པ་ལྔ། །དེ་ཡི་འདུལ་བྱེད་གླེང་གཞི་སྟེ། །གླེང་བ་ཚིག་ལ་བརྗོད་པ་གསུངས། །གཞི་ནི་རྣམ་པ་ལྔ་ཡིན་ཏེ། །གནས་ནི་རྣམ་པ་གསུམ་དུ་འདོད། །ཕུན་ཞེས་བྱ་བ་འདུས་པ་ལ། །གསུམ་ནི་གྲངས་ཏེ་འཆར་བྱེད་དོ། །ཚོགས་པ་ཡོན་ཏན་རྫོགས་པའོ། །སྟོན་པ་ཉིད་ཀྱང་གསུམ་ཡིན་ཏེ། །ཕུན་ཞེས་བྱ་བ་སྐུར་རྫོགས་པས། །གསུམ་ནི་སྐུ་གསུམ་འཆར་བྱེད་ལ། །ཚོགས་པས་འཁོར་རྣམས་སྡུད་བྱེད་


DNG003_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །འཁོར་ཀྱང་རྣམ་པ་གསུམ་ཡིན་ཏེ། །ཕུན་ཞེས་བྱ་བ་གཟུགས་སུ་བཀོད། །གསུམ་ནི་གྲངས་ཏེ་སྣ་ཚོགས་འདུས། །ཚོགས་པས་དད་ཅིང་འདུས་པའོ། །བསྟན་པ་ཉིད་ཀྱང་གསུམ་ཡིན་ཏེ། །ཕུན་ཞེས་བྱ་བ་ཡང་སྙིང་བཅུད། །གསུམ་ནི་སྡེ་སྣོད་རིན་པོ་ཆེ། །ཚོགས་པས་གང་ཟག་གྲོལ་བའོ། །དུས་ཀྱང་གསུམ་ལ་བཞི་འདུས་པས། །ཕུན་ཞེས་ཐེག་པ་ཀུན་རྫོགས་ཏེ། །གསུམ་ནི་འདས་དང་ད་ལྟ་ཕྱིས། །ཚོགས་པ་ངེས་པར་རྫོགས་པའོ། །ཐུན་མོང་མིན་པས་ཁྱད་པར་ཏེ། །ཐེག་པ་ཀུན་ལས་འཕགས་པའི་རྟགས། །བཅུད་རྣམས་སྙིང་པོར་བསྡུས་པ་སྟེ། །སྟོན་པས་གསུང་གིས་འཁོར་ལ་བསྟན། །ངོ་མཚར་མཆོག་འདུས་བསྟན་པའི་གཙོ། །ཐུན་མོང་གླེང་གཞིའི་རྒྱུ་དང་རྐྱེན། །གཞན་དང་ལུང་ཙམ་སྒོ་མཐུན་ཕྱིར། །ཐུན་མོང་པ་ཞེས་གྲགས་པའོ། །དྲིས་ལན་བཅུ་གཉིས་པ། འདི་ལྟར་བསྟན་པ་འདི་ཉིད་ལ། །ལྷག་མའི་བསྟན་པ་འདི་ལྟ་བུ། །དུས་ཀྱི་ངེས་པར་ཕྱེ་བ་བཤད། །སྙིང་པོ་ལྡན་དང་རྫོགས་ལྡན་དང་། །རྫོགས་ལྡན་དག་ནི་ཆེན་པོ་དང་། །དེ་བཞིན་གསུམ་དང་གཉིས་ལྡན་དང་། །རྩོད་ལྡན་དང་ནི་རྩོད་ལྡན་ཆེ། །དེ་དག་རེ་རེའི་བར་དག་ཏུ། །མུན་པའི་བསྐལ་པ་དྲུག་ཅུ་ལ། །བསྟན་པའི་བཙས་ནི་གཞན་དུ་འགྱུར། །བྱང་གི་ཕྱོགས་ན་གཡོ་བ་ལྡན། །བསྟན་པའི་སྒྲོན་མེ་དེར་གསལ་ཏེ། །དཔལ་ལྡན་སྐྱོང་ཞེས་བྱ་བ་ཡི། །དགེ་སློང་དག་གིས་འཛིན་པར་འགྱུར། །དེ་ཡི་ཡོན་བདག་རྒྱལ་པོ་ནི། །ཛི་ན་མི་ཏྲ་ཞེས་བྱ་ཡི། །བསྟན་པ་གསོ་བའི་གཞི་མ་བྱེད། །ལོ་ནི་སྟོང་དང་སུམ་བརྒྱར་གནས། །དེ་ནས་མུན་པའི་བསྐལ་པ་ནི། །དྲུག་ཅུའི་བར་དུ་གནས་པའོ། །དེ་ནས་ལྷོ་ཕྱོགས་ཚལ་བ་སྐྱོབ། །གླིང་ནི་ཡངས་ཤིང་མཛེས་པ་ནི། །བསྟན་པའི་སྲོག་ཤིང་དེར་བབས་ཤིང་། །དགའ་བའི་དཔལ་ཞེས་བྱ་བ་ཡི། །ལྕང་ལོ་ཅན་གྱི་རིགས་དག་གིས། །བསྟན་པ་འདི་ནི་འཛིན་པར་འགྱུར། །དེ་ཡི་ཡོན་བདག་ཁྱིམ་བདག་རིགས། །དགེ་བའི་དངོས་གྲུབ་ཅེས་བྱ་བས། །བསྟན་པ་དམ་པ་འདི་ཉིད་ནི། །ལོ་བརྒྱའི་བར་ལ་གནས་པར་བྱེད། །དེ་


DNG003_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

ནས་མུན་པའི་བསྐལ་པ་ནི། །ལོ་ནི་བརྒྱ་དང་ཉི་ཤུར་འགྱུར། །དེ་ནས་ཤར་ཕྱོགས་བདེ་བའི་རླུང་། །རྡོ་རྗེ་འབྱུང་བའི་རི་རྩེ་ལ། །བསྟན་པ་དམ་པ་འདི་བབས་ནས། །སཱུ་ཏྲ་སྡེ་ཞེས་བྱ་བ་ཡི། །རྒྱལ་པོ་ཉིད་ཀྱིས་བསྟན་པ་འཛིན། །དེ་ཡི་ཡོན་བདག་བྲམ་ཟེ་ནི། །ཛ་ཡ་ཨཱ་ཀར་ཞེས་བྱ་བས། །ལོ་ནི་སྟོང་དང་བཞི་བརྒྱར་གནས། །དེ་འོག་མུན་པའི་བསྐལ་པ་ནི། །ལོ་ནི་སྟོང་ཕྲག་ལྔར་འགྱུར་རོ། །དེ་ནས་ནུབ་ཕྱོགས་བརྩེ་བའི་གླིང་། །བྷ་རི་བྷ་ཏི་ས་ཡི་ཡང་བྱུང་ས་ལི་ཞེས་བྱ་བར། །འགྲོ་བ་བཟང་པོའི་རིགས་ལ་ཡང་། །ཡང་བཅུད་སྙིང་པོ་གསུམ་བབས་ནས། །དགེ་སློང་བདེ་བ་སྐྱོང་གིས་ཀྱང་། །བསྟན་པ་དམ་པ་འདི་འཛིན་ཏེ། །དེ་ཡི་ཡོན་བདག་དཔའ་བོ་འཛིན། །གདོལ་པའི་རིགས་ཀྱིས་ལོ་སྟོང་བར། །འདི་ཉིད་གནས་ཤིང་འཕེལ་བར་བྱེད། །དེ་འདས་འོག་ཏུ་མུན་པ་ཉིད། །ལོ་ནི་སྟོང་ཕྲག་ལྔར་གནས་ཏེ། །དེ་ནས་ཡང་ནི་འདིར་བབས་ཏེ། །རྡོ་རྗེ་གདན་ཞེས་འབྱུང་བའི་གནས། །འདི་ཉིད་འཕེལ་ནས་འོད་འབར་བ། །ལོ་ནི་ལྔ་བརྒྱ་ལྔ་བཅུའོ། །འདི་ཉིད་བློ་གྲོས་བཟང་པོས་འཛིན། །དེ་ཡི་ཡོན་བདག་མཁའ་འགྲོ་མ། །བསིལ་བྱེད་གཙང་མ་བྱ་བ་ཡིན། །དེ་ཡི་འོག་ཏུ་འཇིག་རྟེན་འདི། །ས་ཆུ་མེ་རླུང་སྡེབས་འཁྲུགས་ནས། །མི་གནས་སྟོང་པ་ཆེན་པོར་འགྱུར། །བསྐལ་པ་ཞེས་པ་དང་པོ་ལས། །ཐ་མ་འཇིག་པའི་དུས་འབྱུང་ངོ་། །དྲིས་ལན་བཅུ་གསུམ་པ། བསྟན་པ་འཇིག་པའི་ཉེ་རྒྱུ་ནི། །དེ་དག་སོ་སོའི་གནས་དག་ཏུ། །གང་ཟག་ལོག་སྲེད་ཅན་ཞེས་པ། །རེ་རེ་དག་གིས་བསྟན་པ་ཀུན། །འཇིག་པར་བྱེད་པའི་ཉེ་རྒྱུ་ཡིན། །འདི་ཉིད་དང་པོའི་མུན་པའི་དུས། །འཛམ་བུ་གླིང་གི་ནུབ་ཕྱོགས་སུ། །རྒྱལ་པོ་ལག་པའི་སོར་མོ་དྲུག །མདུན་ན་སོ་ལྷག་སྔོན་པོ་ཡོད། །ལག་པ་གཡས་པའི་གྲུ་མོ་ལ། །སྨེ་བ་ནག་པོ་སྡིག་པའི་དབྱིབས། །རབ་ཏུ་འཇིགས་པ་ཡོད་པ་ཡིས། །སངས་རྒྱས་བསྟན་པ་མུན་པར་འགྱུར། །ལོ་ནི་དྲུག་ཅུའི་བར་ལ་འགྱུར། །དེ་འདས་དཔལ་འཛིན་དང་པོས་འཛིན། །


DNG003_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་དང་སུམ་བརྒྱ་འདས་འོག་ཏུ། །ཡང་ནི་འཛམ་གླིང་བྱང་གི་ངོས། །གཟི་བརྗིད་ལྡན་པའི་རི་ཡི་རྩེར། །དགེ་སློང་གཟུགས་ལ་བྱམས་སེམས་བྲལ། །གཡས་པ་ལ་ནི་རྣ་བ་གཉིས། །མིག་ནི་ཟུར་གསུམ་མས་ཡར་འགེབ། །འདི་དང་མུ་སྟེགས་སྡེ་རྩོད་ནས། །ལོ་ནི་དྲུག་ཅུ་མུན་པར་འགྱུར། །དེ་འོག་བདེ་བའི་ལྷ་ཞེས་པས། །ལོ་བརྒྱའི་བར་ལ་འཕེལ་བར་བྱེད། །དེ་འདས་འཛམ་གླིང་བྱང་ཤར་དུ། །ཆུ་བོ་རབ་མེད་འབབ་པའི་རྩར། །རྒྱལ་པོའི་ལུས་ལ་བསོད་ནམས་ལྡན། །མིག་ནི་གཅིག་ལས་མེད་པ་ལ། །ཡན་ལག་རགས་ཤིང་ལུས་ཤེད་ལྡན། །འཕོང་དང་སྒྱུ་རྩལ་རྣམས་ཀྱིས་བརྒྱན། །འདིས་ནི་ཆོས་བྱེད་བསྣུབས་ནས་ནི། །ལོ་ནི་དྲུག་ཅུར་བསྟན་པ་ཉིད། །འདིར་ནི་ནུབ་ནས་གཞན་དུ་འགྱུར། །དེ་འདས་རང་སངས་རྒྱས་ཀྱི་གཟུགས། །རྡོ་རྗེ་གདན་ནས་ནུབ་ཏུ་འབྱུང་། །དེས་ནི་བསྟན་པ་དམ་པ་ཉིད། །ལོ་ནི་བརྒྱ་དང་ཉི་ཤུར་གནས། །དེ་འདས་འོག་ཏུ་འཛམ་གླིང་དབུས། །གསེར་གྱི་གྲོང་ཁྱེར་ཞེས་བྱ་བར། །གནས་རྟེན་ལུས་ལ་ལྕེ་རྩེ་གཉིས། །བོངས་ཆུང་ཡན་ལག་ཐུང་བ་ཞིག །སྡེ་པ་རྩོད་ཅིང་མཚོན་ཆ་འཛིན། །འདི་འབྱུང་བས་ནི་མུན་པར་ཡང་། །ལོ་ནི་དྲུག་ཅུའི་བར་ལ་འགྱུར། །དེ་འདས་འོག་ཏུ་འཛམ་གླིང་ཤར། །ཆུ་བོ་དག་ནི་ལོ་ཀི་ཏ། །གཡས་ཀྱི་ཕྱོགས་ཀྱི་འགྲམ་དག་ཏུ། །དཔལ་གྱི་སེང་གེ་ཞེས་བྱ་བས། །ལོ་ནི་སྟོང་དང་བཞི་བརྒྱར་གནས། །དེ་ནས་ཡང་ནི་འཛམ་གླིང་དབུས། །ཆུ་བོ་ཆེན་པོ་གངྒཱའི་འགྲམ། །རྒྱལ་པོའི་བུ་ལ་དཔུང་བ་ནི། །མར་གད་མདོག་དང་མཐུན་པ་ལ། །རབ་ཏུ་བྱུང་བ་སོར་བཞིའི་ཚད། །འདི་འབྱུང་བས་ནི་མུན་པ་ཡང་། །ལོ་ནི་དྲུག་ཅུའི་བར་ལ་འགྱུར། །དེ་འདས་འོག་ཏུ་ཀ་མ་ལ། །ཤཱི་ལ་ཞེས་པའི་གཙུག་ལག་ཁང་། །དེ་ཡི་བདག་པོ་གཞོན་ནུའི་མགོན། །འདིས་ནི་ལོ་སྟོང་བར་དུ་གནས། །དེ་འོག་འཛམ་བུ་གླིང་གི་ལྷོར། །ཚངས་པའི་གླིང་ཞེས་བྱ་བའི་གྲོང་། །དམངས་ཀྱི་རིགས་ལ་སེང་གེའི་མགོ། །འདི་ནི་སྐྱེས་ནས་ཟླ་གསུམ་ནས། །དྲུག་ཅུའི་བར་ལ་མུན་པར་འགྱུར། །དེ་འོག་བྱ་


DNG003_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

རྒོད་ཕུང་པོ་ལ། །དགེ་སློང་མཛེས་བྱེད་གཞོན་ནུ་ཡིས། །ལོ་ནི་ལྔ་བརྒྱ་ལྔ་བཅུར་གནས། །དེ་འདས་འོག་ཏུ་འཛམ་གླིང་མཚམས། །ཁ་ཆེའི་ཡུལ་ཞེས་བྱ་བ་ཡི། །སྒྲ་དང་ལྡན་པའི་གྲོང་ཁྱེར་དུ། །བྱ་ཡི་ལུས་ལ་མི་ཡི་གདོང་། །རིགས་ངན་དག་གི་ནང་སྐྱེས་པ། །འདི་ཉིད་སྐྱེས་ནས་ལོ་བཅུ་ནས། །དྲུག་ཅུའི་བར་དུ་མུན་པར་འགྱུར། །དེ་འདས་འོག་ཏུ་འཛམ་གླིང་ནི། །དབུས་ནས་ཤར་དུ་དཔག་ཚད་ལྔར། །དགེ་སློང་ཤཱཀྱ་ཛཱི་ཀ་ཡིས། །འདི་ནས་ལོ་བཅུའི་བར་དག་ཏུ། །སྒྲོན་མེ་འབར་བ་བཞིན་དུ་འགྱུར། །དེ་ལྟར་རིམ་པ་བདུན་གྱིས་ནི། །འཛམ་བུ་གླིང་དུ་འཕེལ་འགྲིབ་བྱེད། །དེ་ནས་མཛེས་ལྡན་བཀོད་པ་ཡི། །ཞིང་ཁམས་དག་ཏུ་ངེས་འཕར་ནས། །ཚེ་ལོ་དག་ནི་བཅུའི་འོག་ཏུ། །འདི་ན་མི་གནས་དེར་སྣང་ངོ་། །དྲིས་ལན་བཅུ་བཞི་པ། དེ་ལྟར་དར་འགྲིབ་རྫོགས་ནས་ནི། །བསྟན་པ་དམ་པའི་སྙིང་པོ་འདི། །ཡངས་པ་སྐྱོབ་པའི་འཇིག་རྟེན་དུ། །སངས་རྒྱས་བསྟན་པ་གནས་བྱེད་པའི། །ཨུཏྤལ་མེ་ཏོག་མཛེས་ཞེས་པའི། །སྟོན་པ་སངས་རྒྱས་བཅོམ་ལྡན་འདས། །བདེ་བྱེད་བརྩེགས་པའི་ཁང་བཟངས་སུ། །སྟོང་ཕྲག་ལྔ་དང་བཅས་པའི་འཁོར། །ཐམས་ཅད་བྱང་ཆུབ་སེམས་ཆེན་པོ། །མི་སྐྱེའི་ཆོས་ལ་བཟོད་ཐོབ་སྟེ། །དགེ་བའི་སེམས་ལྡན་འབའ་ཞིག་འབྱུང་། །སྟོན་པ་དེ་ཉིད་འབྱོན་པ་དང་། །ལོག་སྲེད་ཅན་རྣམས་ངེས་བཏུལ་ནས། །བསྟན་པ་དམ་པ་འདི་ཉིད་ནི། །ལོ་ནི་ལྔ་སྟོང་ཕྲག་སྟོང་དུ། །བསྟན་པའི་སྙིང་པོ་གནས་པར་བྱེད། །དེ་ནས་ཡང་ནི་སྔ་མ་བཞིན། །རིམ་པ་བདུན་གྱིས་འཕེལ་འགྲིབ་བྱེད། །དེ་འོག་གཙུག་ཕུད་དབྱངས་ལྡན་པའི། །འཇིག་རྟེན་ཁམས་ནི་ཡངས་པར་ནི། །སྟོན་པ་མཐའ་ཡས་འཁོར་བ་འཇིག །འཁོར་ནི་བརྒྱ་ཕྲག་ཕྱེད་དང་བརྒྱད། །ཀུན་ཀྱང་དགྲ་བཅོམ་ཟག་པ་ཟད། །བྱ་བ་བྱས་ཤིང་ཁུར་བོར་བའོ། །དེས་ཀྱང་བསྟན་པའི་སྙིང་པོ་ཉིད། །ལོ་ནི་འབུམ་ཕྲག་བདུན་དུ་གནས། །སྔར་ཤུགས་ཉིད་ཀྱི་རིམ་པ་ཡི། །དེ་ལྟར་


DNG003_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ་བདུན་ཐལ་ནས། །བསྐལ་པ་བརྒྱད་ཅུ་རྩ་ལྔར་ཡང་། །ཆོས་རྣམས་སངས་རྒྱས་སྐུར་ཐིམ་ནས། །འཇིག་རྟེན་ཁམས་ནི་གང་དུ་ཡང་། །སངས་རྒྱས་བསྟན་པ་མི་གནས་སོ། །དེ་ནས་འཇིག་རྟེན་འོག་མ་ལ། །བསྐལ་པ་ས་ཡ་དྲུག་འབུམ་དུ། །སངས་རྒྱས་བསྟན་པ་ཡུན་རིང་གནས། །འདི་ལ་འཕེལ་འགྲིབ་འབྱུང་བ་མིན། །འགྲོ་བ་རྣམས་ནི་སྨིན་བྱེད་དོ། །དྲིས་ལན་བཅོ་ལྔ་པ། རྫོགས་སངས་རྒྱས་ཀྱི་བསྟན་པ་ནི། །རྣམ་པ་གཉིས་སུ་འདོད་པ་ལ། །བསྟན་པ་དངོས་དང་གཟུགས་བརྙན་ཏེ། །གཟུགས་བརྙན་ཉིད་ལ་ངེས་མེད་སྟེ། །འདི་དང་འདི་འབྱུང་འཆོལ་བའོ། །ཉི་མ་རབ་ཏུ་སྣང་བར་བྱེད། །སྐུ་གསུང་ཐུགས་ཀྱི་དངོས་པོ་གསུམ། །སུ་ལ་བབ་པ་འབད་མེད་པར། །གདོན་མི་ཟ་བའི་སངས་རྒྱས་ཐོབ། །དེ་ཕྱིར་བྱིན་གྱིས་རླབས་ཀྱི་གནད། །གསུང་གི་སྤྲུལ་པ་ཉིད་ལས་ཀྱང་། །སྟོན་པའི་ཁ་དོག་ལེགས་བྲིས་ནས། །མཆན་ཁུང་གཡོན་དུ་བཏགས་བྱས་ཏེ། །དུས་སུ་ཀློག་དང་འཛིན་བྱས་ན། །གདོན་མི་ཟ་བར་འཚང་རྒྱ་ངེས། །རྒྱུད་འདི་སུས་ནི་རྟག་བཀླགས་ན། །དེས་ཀྱང་གོང་མ་བཞིན་དུ་འགྱུར། །བཀའ་གསང་ངེས་པ་བཅུ་བདུན་དང་། །བསྟན་པའི་གཟེར་དང་འཕྲུལ་ཡིག་བཅས། །སྤྲུལ་སྐུའི་ཞིང་ཁམས་ཐོག་མ་ལ། །སྟོན་པ་ཀུན་ཏུ་བཟང་པོ་ཡིས། །སྟུག་པོ་བཀོད་པའི་གནས་སུ་གསུངས། །དེ་ནས་ལྕང་ལོ་ཅན་གྱི་གནས། །ཀུན་གཟིགས་རྣམ་པར་སྣང་མཛད་ཀྱིས། །འདི་ཉིད་བཟུང་བས་རིགས་ལྔར་སྨིན། །དེ་འདས་ང་ཡིས་བཟུང་བ་ཡིས། །བསྟན་པའི་སྲོག་ཤིང་དམ་པ་ཡི། །སངས་རྒྱས་སྟོང་དང་རྩ་གཉིས་ནི། །འདི་ལ་བརྟེན་ནས་ངེས་པར་འབྱུང་། །བརྫུས་དང་སྒོ་ང་ལས་སྐྱེས་དང་། །དྲོད་དང་མངལ་ནས་སྐྱེས་པ་ཡི། །སེམས་ཅན་རྣམས་ནི་སྨིན་པར་བྱེད། །འདུལ་བའི་བསྟན་པ་འདི་ཉིད་ནས། །བཅུ་གཉིས་ཆོས་ཀྱི་འཁོར་ལོ་འབྱུང་། །འདི་ཡི་མཛད་པ་སུམ་ཅུ་དྲུག །སྐུ་གསུང་ཐུགས་ལ་བརྟེན་ནས་ནི། །གདུལ་ཡུལ་སེམས་ཅན་རྣམས་ལ་སྣང་། །ང་ནི་མྱ་ངན་འདས་འོག་ཏུ། །ནུབ་ཕྱོགས་ཨུ་རྒྱན་དག་


DNG003_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཡུལ། །དྷ་ན་ཀོ་ཤའི་ལྷ་ལྕམ་ལ། །ཕ་མེད་བུ་ནི་བཛྲ་ཧེ། །འདིས་ནི་དམ་པའི་བསྟན་པ་འཛིན། །དེ་ཡིས་རྗེས་བཟུང་ནུབ་ཀྱི་ཕྱོགས། །བྲམ་ཟེའི་ཕྲུག་གུ་སྐལ་ལྡན་པ། །མན་ཛུ་ཤྲཱི་པ་ཏི་ཞེས། །ལོ་ནི་བདུན་ཅུ་རྩ་ལྔར་འཛིན། །དེ་ཡི་རྗེས་སུ་སྐལ་ལྡན་པ། །སོ་ཤའི་གླིང་ཞེས་བྱ་བ་ཡི། །ཁྱིམ་བདག་རིགས་ལ་ཤྲཱི་སིངྷ་། །ཞེས་པ་ཡིས་ནི་འཛིན་པར་འགྱུར། །དེ་རྗེས་འཛིན་པ་གདོལ་པའི་རིགས། །ཛྙཱ་ན་སཱུ་ཏྲས་འདི་ཉིད་འཛིན། །དེ་རྗེས་འཛིན་པ་ཁྱིམ་བདག་རིགས། །ཕྱག་རྒྱ་རྒྱ་ཆེན་དག་གིས་འཛིན། །དེ་ཡི་རྗེས་ལ་རྒྱལ་པོའི་རིགས། །སྤྲུལ་པ་ཕྱག་བརྙན་བཅས་པས་འཛིན། །དེ་ཡི་རྗེས་ལ་དགེ་སྦྱོང་གཟུགས། །ལྷུན་གྱི་རྒྱལ་མཚན་དག་གིས་སོ། །དེ་རྗེས་སེངྷེ་ཤྭ་རས་འཛིན། །དེ་རྗེས་ས་ལ་གནས་པ་ཡི། །བྱང་ཆུབ་སེམས་དཔའ་དག་གིས་འཛིན། །དེ་འོག་ལག་ན་རྡོ་རྗེ་ཡི། །སྤྲུལ་པ་བཛྲ་ཕ་ལས་འཛིན། །དེ་འོག་རྒྱལ་པོ་སེང་གེ་སྟེ། །བཟང་པོ་དག་གིས་འཛིན་པའོ། །དེ་འོག་སྒྲ་མཁན་དཔལ་འཛིན་ནོ། །དེ་འོག་ཡོ་གི་པྲ་བྷས་འཛིན། །དེ་འོག་རྒྱལ་པོ་ཁྲི་འོད་དོ། །དེ་འོག་དགེ་སློང་དཔལ་དང་ལྡན། །དེ་ནས་བློ་གྲོས་མཆོག་གི་འཛིན། །དེ་ནས་མཁའ་འགྲོ་དཔལ་འཛིན་མས། །བསྟན་པ་འདི་ཉིད་བཟུང་ནས་ནི། །ཚེ་ལོ་བཅུ་པའི་དུས་ལ་དར། །དེ་ནས་མི་གནས་ངོ་བོའོ། །དྲིས་ལན་བཅུ་དྲུག་པ། བསྟན་པའི་སྙིང་ཐིག་གསང་བ་འདི། །དེ་ལྟར་བསྟན་པ་བདུན་འདས་ནས། །ཞིང་ཁམས་གཉིས་ལ་ངེས་སྤྱད་ནས། །དེ་ལྟར་བདུན་པོ་ཐལ་ནས་ཀྱང་། །རྡོ་རྗེ་གདན་གྱི་སྤོ་ལ་ནི། །བསྟན་པ་ཀུན་གྱི་གསུང་གི་བཙས། །རང་བྱུང་ཆེན་པོའི་ཡི་གེ་ཉིད། །སྒྲ་དང་བཅས་ཏེ་བབས་པ་ནི། །འདི་ནས་བསྐལ་པ་བྱེ་བ་ན། །འཁོར་ལོ་གློག་གི་ཕྲེང་བ་ཡི། །བཅོམ་ལྡན་འདས་ལ་སྣང་བར་འགྱུར། །དེ་ནས་ལོ་ནི་བརྒྱ་ཕྲག་གསུམ། །དེ་ལྟར་གསུམ་པོ་ཐལ་བའི་འོག །བསྟན་པའི་ཐུགས་ཀྱི་རྡོ་རྗེ་ཡང་། །སྟོན་པ་དེ་ལ་སྣང་བར་འགྱུར། །དེ་ནས་ལོ་


DNG003_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ལྔ་བརྒྱ་ནས། །བསྟན་པའི་སྐུ་ཡང་དེར་བབས་ཏེ། །དེ་ལྟར་བསྟན་པ་དངོས་བབས་ནས། །ཡང་ནི་བསྟན་པའི་མེ་རོ་ལྡང་། །སྟོན་པ་དེ་ཡི་འཁོར་དུ་ཡང་། །འཕགས་པ་ཚངས་པའི་འོད་ཅེས་པ། །རྫུ་འཕྲུལ་སྟོབས་ལྡན་རྫོགས་པ་ལ། །རབ་ཏུ་དད་ཅིང་འདུན་པ་ཉིད། །ངེས་པར་བཟུང་སྟེ་མངོན་པར་སྣང་། །དེ་ལ་སོགས་ཏེ་སྟོན་པའི་འཁོར། །འཕགས་པ་ཉན་ཐོས་ཁྲི་ཕྲག་གཉིས། །འདུལ་བའི་བསྟན་པ་བསྐལ་པ་གཅིག །དགྲ་བཅོམ་འབྲས་བུ་ཉིད་ལ་བཀོད། །དེ་ནས་མུན་པའི་བསྐལ་པ་དྲུག །དེ་ནས་དགྲ་བཅོམ་འབུམ་ཕྲག་གཉིས། །ཉིད་ཀྱི་འཁོར་དུ་འདུས་ནས་ནི། །མདོ་སྡེའི་བསྟན་པ་བསྐལ་པ་བརྒྱད། །དྲང་ངེས་ལས་ཀྱི་མཐའ་ལ་དགོད། །རྫུ་འཕྲུལ་སྟོབས་ལྡན་དབང་བསྐུར་ནས། །ངེས་པར་འཕེན་ཏེ་བསྟན་པ་རྫོགས། །ཡང་ནི་མྱ་ངན་འདའ་ཚུལ་སྟོན། །དེ་ནས་མུན་པའི་བསྐལ་པ་གཉིས། །དེ་ནས་སྟོན་པ་སྐུ་འཁྲུངས་ནས། །བྱང་ཆུབ་སེམས་དཔའ་ཆེན་པོའི་འཁོར། །སྟོང་ཕྲག་བརྒྱ་ནི་བརྒྱད་ཀྱང་བྱུང་འདུས་པ་ལས། །མཆོག་ཏུ་འདུས་པ་རབ་འཇིགས་དཔལ། །རབ་ཏུ་སྟོན་པའི་བསྟན་པ་སྡུད། །མངོན་པའི་བསྟན་པ་བསྐལ་པ་བརྒྱད། །བརྒྱ་ཡང་བྱུང་ཐམས་ཅད་ཚེ་གཅིག་འབྲས་བུ་ཐོབ། །འདི་དུས་འཁོར་བ་དོང་སྤྲུགས་ཏེ། །སེམས་ཅན་རྣམས་ཀྱིས་སངས་རྒྱས་འཐོབ། །འགྲོ་བ་དྲུག་ཅེས་སྣང་མི་སྲིད། །བསྐལ་པ་སྟོང་ཕྲག་ཉི་ཤུར་ནི། །སེམས་ཅན་འཁོར་བ་རྒྱུན་ཆད་ནས། །ལུས་ཅན་རྣམ་པར་མི་སྣང་ངོ་། །དེ་ནས་ལས་ཀྱི་བྱེ་བྲག་ལས། །སེམས་ཅན་ཉོན་མོངས་མངོན་མེད་ཀྱང་། །བག་ལ་ཉལ་བ་ལངས་པའི་དབང་། །ཤིན་ཏུ་ཕྲ་བ་བླངས་པའི་གཟུགས། །གྲངས་མང་རབ་ཏུ་ཕྲ་བ་ལས། །གཟུགས་ཅན་སེམས་ཅན་ལུས་འཕེལ་འགྱུར། །དེ་ལྟར་བརྗོད་ཀྱིས་མི་ལངས་པའི། །བསྟན་པའི་ཐ་མ་བསམ་མི་ཁྱབ། །རེ་ཞིག་ཚིག་གིས་མཚོན་པའོ། །དྲིས་ལན་བཅུ་བདུན་པའོ། །རྒྱུད་ཀྱི་ལུས་དང་ཡན་ལག་ནི། །ལུས་ལ་བཀོད་པ་བརྒྱ་


DNG003_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲག་ནི། །གཉིས་དང་ལྔ་བཅུ་ཐམ་པའོ། །དང་པོ་ངེས་པ་གསལ་བ་ཡིས། །སྣ་ཚོགས་བཀོད་པ་ཡན་ལག་ལ། །ཞུས་པ་བདུན་ཅུ་ཐམ་པ་ལ། །ཡན་ལག་བཀོད་པ་བརྒྱ་བཅུ་གཅིག་ཀྱང་བྱུང་གཅིག་གོ། །ལུས་ཉིད་རྫོགས་པར་བྱས་པའོ། །དེ་ཡི་ཡན་ལག་ཉིས་བརྒྱ་བཅུ། །གོང་མའི་ལུས་དང་ཡན་ལག་རྫོགས། །ལུས་རྫོགས་ཡན་ལག་གསང་འབྱེད་པའོ། །གཉིས་པའི་ལུས་ནི་ཉེར་བསྟན་པ། །གནད་རྣམས་འདུས་པའི་བཀོད་པ་ལ། །ཞུས་པ་ཉི་ཤུ་རྩ་བརྒྱད་ལས། །གནད་དུས་བཀོད་པ་སུམ་ཅུ་གཅིག །དེ་ཡིས་ལུས་ཉིད་རྫོགས་པ་ལ། །ཡན་ལག་བརྒྱ་ཕྲག་གཉིས་དང་བརྒྱད། །དེས་ནི་གཉིས་པའི་ལུས་དང་ནི། །ཡན་ལག་དག་ནི་རྫོགས་པའོ། །གསུམ་པའི་ལུས་ནི་ཉེར་བསྟན་པ། །ཞུས་པ་ཉི་ཤུ་རྩ་གཉིས་ལ། །ཡེ་ཤེས་བཀོད་པ་ལྔ་བཅུ་བརྒྱད། །ཡན་ལག་ཉིད་ལ་བརྒྱ་ཕྲག་གཉིས། །གསུམ་པའི་ལུས་ལ་ཡན་ལག་རྫོགས། །བཞི་པའི་ལུས་དང་ཡན་ལག་ནི། །ཞུས་པ་ཉེར་གཅིག་ཉིད་ཡིན་ནོ། །ཆོས་ཉིད་བཀོད་པ་སུམ་ཅུ་གཉིས། །ཡན་ལག་ལྔ་བཅུ་རྩ་བརྒྱད་དོ། །ལྔ་པའི་ལུས་དང་ཡན་ལག་ནི། །ཞུས་པ་བཅུ་གཅིག་དག་ཡིན་ཏེ། །བལྟ་བསྒོམ་བཀོད་པ་སུམ་ཅུ་གཉིས། །དེ་ཡི་ཡན་ལག་དྲུག་ཅུ་བཞི། །ལྔ་པའི་ལུས་དང་ཡན་ལག་རྫོགས། །དྲུག་པའི་ལུས་དང་ཡན་ལག་ནི། །ཞུས་པ་བརྒྱད་དུ་དྲིས་པ་ལས། །སྐུ་རྣམས་བཀོད་པ་བཅུ་དྲུག་ཡིན། །དེ་ཡི་ཡན་ལག་སུམ་ཅུ་གཉིས། །དྲུག་པའི་ལུས་དང་ཡན་ལག་རྫོགས། །དྲིས་ལན་བཅོ་བརྒྱད་པའོ། །འབྱུང་བའི་འདོད་པ་འདི་ལྟ་སྟེ། །སྤྱི་མཐུན་ལས་ཀྱི་བྱེ་བྲག་ལས། །སེམས་ཅན་ལས་ཀྱི་བརྟེན་སོ་ཡིས། །ཕྱི་ཡི་འབྱུང་བ་ལ་བརྟེན་ནས། །ལས་དང་གོས་དང་དབང་པོ་དང་། །འཁོར་དང་སྐྱེ་བ་རྫོགས་པར་འདོད། །ནང་འབྱུང་ལས་ཀྱི་རིམ་པ་ནི། །སས་ནི་ལུས་ཀྱི་གཞི་བྱས་ཏེ། །བསྐྱེད་པས་ཤ་ནི་སྨིན་པར་འདོད། །ཆུས་ནི་ལུས་ཀུན་བསྡུས་ནས་ནི། །བསྐྱེད་པས་ཁྲག་ཏུ་


DNG003_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

སྨིན་པར་འདོད། །མེས་ནི་ལུས་ཀུན་སྨིན་བྱས་ཏེ། །བསྐྱེད་པས་དྲོད་དུ་སྨིན་པར་འདོད། །རླུང་གིས་ལུས་ཀུན་འདེགས་པ་ལ། །བསྐྱེད་པས་དབུགས་སུ་སྨིན་པར་བྱེད། །དེ་ཡི་སྒྲ་དོན་བྱེ་བྲག་གིས། །སྤྱི་ཡི་རྣམ་པ་ངེས་བསྟན་པ། །གཟུགས་ལ་བསླབས་པས་ལུས་ཟད་འགྱུར། །སྒྲ་ཡིས་སྐད་རྣམས་ཤེས་པར་འགྱུར། །དྲིས་ནི་བཅུད་ཀྱིས་ལེན་པ་འགྲུབ། །རོས་ནི་དངོས་པོ་བདུད་རྩིར་བསྒྱུར། །ཚིག་ཆད་སོང་། རྩི་ནི་སེམས་ཅན་གཞན་དོན་དང་། །རང་གི་དོན་ཡང་རྫོགས་པའོ། །དྲིས་ལན་བཅུ་དགུ་པ། སེམས་ཅན་དུས་ནི་རྣམ་པ་བརྒྱད། །ནད་དང་རླུང་དང་ཚ་བ་ནི། །ཤེས་པ་ཉོན་མོངས་བྱང་སེམས་དང་། །ཡེ་ཤེས་ཉིད་དང་འབྱུང་བའོ། །དབྱར་དགུན་སྟོན་དཔྱིད་དུས་བཞི་ལ། །རླུང་མཁྲིས་བད་ཀན་འདུས་པ་བཞི། །སོ་སོའི་གནས་ནས་འཕོས་པ་ཡིས། །སེམས་ཅན་རླུང་སེམས་འཕོ་བའི་དུས། །འདི་དུས་རླུང་ནི་བརྩེག་མ་འམ། །ཡང་ན་དལ་ཞིང་བར་ཆད་པ། །ཡང་ན་ཕྲ་ཞིང་ཚ་བར་འགྱུར། །འདི་ཡིས་ཚེ་རྣམས་ཐུང་བར་བྱེད། །ཤེས་པ་འཕྲོག་ཅིང་མྱོས་པའོ། །སྐབས་སུ་གཡེང་ཞིང་འཕོ་བར་འགྱུར། །ཉོན་མོངས་ལྔ་པོ་འདུས་པ་ཡིས། །ངན་སོང་གནས་སུ་འཕེན་པར་བྱེད། །བྱང་ཆུབ་སེམས་ནི་འཇིལ་བ་དང་། །རབ་ཏུ་འཕྲིགས་ཤིང་ཕྲ་བར་འགྱུར། །ཡེ་ཤེས་གསལ་བ་མ་ཡིན་ནོ། །འབྱུང་བ་བྱེར་ཟུག་ལས་འཕྲོས་ནས། །སེམས་ཅན་གཅིག་གི་དུས་ཡིན་ནོ། །སེམས་ཅན་སྤྱི་ཡི་དུས་དག་ནི། །དང་པོ་དཔག་ཏུ་མེད་པ་ནས། །ཐ་མ་ཚེ་ལོ་བཅུ་པའི་བར། །དུས་ཀྱི་རིམ་པ་དྲུག་ཅུ་འབྱུང་། །ཉོན་མོངས་ལས་དབང་གཞན་འགྱུར་ཕྱིར། །རང་མཐུན་སྤྱི་དོན་ལས་ཀྱི་ཡང་། །ཚེ་ལོ་ཉིད་ནི་སྟོང་པ་ལས། །འཛམ་བུ་གླིང་པ་རྣམས་ལ་ཡང་། །བརྒྱ་ཡི་བར་ལ་དུས་རིམ་ནི། །སུམ་ཅུ་དག་ཏུ་འགྱུར་བ་ཡིན། །དེ་ནས་བརྩམས་ཏེ་བཅུ་ཡི་བར། །དུས་ཀྱི་རིམ་པ་སུམ་ཅུ་འབྱུང་། །གོམས་པའི་འཕོ་དུས་བརྒྱད་རིམ་གྱིས། །སྤྱོད་པ་ཕྱི་ནས་ངན་པར་འགྱུར། །དུས་ཀྱི་གདོན་དང་མུ་གེ་དང་། །མཚོན་དང་ནད་ཀྱིས་དུས་འབྱུང་


DNG003_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། །བྱེ་བྲག་མང་སྟེ་དུས་རིམ་པའོ། །དྲིས་ལན་ཉི་ཤུ་པ། ཕྱི་རོལ་འབྱུང་བ་རླུང་ལ་ཡང་། །ནམ་མཁའི་ཁམས་དང་སྦྱར་བ་སྟེ། །དེ་ལ་ཆུ་སྟེ་དེ་སྟེང་ས། །རྒྱ་ཁྱོན་ས་ལ་མཐུག་ཁོད་སྙོམས། །གྲངས་མེད་བཞི་དང་ས་ཡ་གཅིག །གཅིག་ནི་དེ་ཡི་བཞི་ཆ་སྟོང་། །གླིང་རྣམས་བཀོད་དང་རི་རབ་དང་། །དཔག་བསམ་ཤིང་དང་ནོར་བུར་བཅས། །ཉི་ཟླ་སོ་སོའི་ལྷ་རྣམས་དང་། །རྒྱ་མཚོ་ཆེན་པོའི་ཟབས་ཀྱིས་བསྐོར། །རི་རབ་རྣམས་དང་ཆུ་བྲན་དང་། །རིན་ཆེན་བདུན་གྱིས་ངེས་པར་བཀོད། །ནང་སྟེ་གཟུགས་མེད་དང་པོ་ལ། །གཟུགས་ཀྱི་ཁམས་ཏེ་འོད་གསལ་ནི། །རིམ་པས་འདོད་པའི་ཁམས་སུ་ཡང་། །ཟླ་བ་དྲི་མ་མེད་པ་དང་། །ཉི་མ་རབ་ཏུ་སྣང་བྱེད་ལས། །འཇིག་རྟེན་ཁམས་ནི་མཆེད་པ་སྟེ། །གཞན་འཕྲུལ་ལ་སོགས་ཡས་རིམ་བཞིན། །དེ་ནས་ལྷ་མིན་གནས་དག་སྟེ། །གླིང་བཞིའི་མི་རྣམས་རིམ་གྱིས་སོ། །ཉོན་མོངས་བདག་དང་བཅས་པ་ཡིས། །ངན་སོང་གནས་ནི་རིམ་པར་ཆགས། །རིགས་དྲུག་སོ་སོའི་འགྲོ་བ་ནི། །ནང་དུ་ཆགས་ཏེ་ལུས་བོང་དང་། །ཚེ་ཚད་སྤྱི་མཐུན་ལས་ཀྱི་ཡང་། །སོ་སོའི་གནས་དང་བསོད་ནམས་ནི། །གླིང་དང་མཐུན་པར་གནས་པའོ། །དོན་ནི་འཇིག་དང་ཆགས་པ་དང་། །གནས་པ་ཉིད་དང་སྟོངས་པ་དང་། །སྐྱེས་དང་རྒས་དང་ན་དང་འཆི། །སྲིད་པའི་འཁྲུལ་འཁོར་ཉིད་དུའོ། །དྲིས་ལན་ཉེར་གཅིག་པའོ། །དུས་ཀྱི་འཕོ་བ་འདི་ལྟ་སྟེ། །ཐོག་མ་དཔག་ཏུ་མེད་པ་ནས། །ཐ་མ་བཅུ་ཡི་བར་དག་ལས། །ཡར་སྐྱེས་པ་དང་མར་འགྲིབ་པ། །ནད་དང་མུ་གེ་མཚོན་དང་ནི། །བསྐལ་ཆུང་གསུམ་གྱིས་མཚམས་སྦྱར་ནས། །དྲུག་ཅུ་དག་ནི་ཐལ་ནས་ཀྱང་། །མེ་ཡིས་བདུན་ལ་ཆུ་ཡིས་བདུན། །དེ་ལྟར་བཅུ་བཞི་རྫོགས་ནས་ནི། །ལྷག་མ་རླུང་གིས་འཇིག་པ་ཡིན། །དེ་ལྟར་དྲུག་ཅུ་གནས་པ་དང་། །འཇིག་པའི་ཡུན་ཀྱང་དེ་ཙམ་ལས། །དྲུག་ཅུའི་བར་ལ་སྟོངས་པར་གནས། །དེ་ལྟར་བརྒྱ་དང་བརྒྱད་ཅུ་ཆགས་འཇིག་སྟོངས་པ་ལས། །ཡུན་གྱིས་


DNG003_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

བསྐལ་པ་དང་པོར་འདོད། །དེ་ལྟར་བརྒྱ་དང་བརྒྱད་ཅུ་ལ། །བར་གྱི་བསྐལ་པ་གཉིས་པའོ། །དེ་ལྟར་སྦྲགས་ཆགས་འཇིག་སྟོངས་པ་པ་དེ་ཙམ་ལས། །བསྐལ་པ་ཆེན་པོ་གཅིག་ཡིན་ནོ། །དྲིས་ལན་ཉེར་གཉིས་པ། ཞག་ནི་བཅུ་ཕྲག་གསུམ་པ་ཡང་། །ཟླ་བ་དག་ནི་གཅིག་ཡིན་ཏེ། །དེ་ལྟར་བཅུ་གཉིས་རྫོགས་པ་ལས། །ལོ་ནི་གཅིག་ཏུ་འདོད་པའོ། །ནང་དང་དགོང་མོ་བདུན་བརྒྱ་དང་། །ཉི་ཤུ་དག་ནི་རྫོགས་པ་ལས། །ཞག་ནི་སུམ་བརྒྱ་དྲུག་ཅུར་འདོད། །དེ་རྣམས་རྫོགས་པས་ལོ་ནི་གཅིག །ཞག་ནི་ཕོ་མོ་ལས་ཀྱི་དབྱེ། །ཟླ་བ་སྟོན་དཔྱིད་དབྱར་དང་དགུན། །རེ་རེ་དག་ལ་གསུམ་གསུམ་གྱིས། །འཇུག་ཅིང་འབྱུང་བའི་རྣམ་ལྔ་བྱེད། །བྱི་བ་གླང་དང་སྟག་ཉིད་དང་། །རྣ་རིང་སྦྲུལ་དང་འབྲུག་དང་ཡང་། །རྟ་དང་ལུག་དང་སྤྲེའུ་དང་། །བྱ་དང་ཁྱི་ཕག་བཅུ་གཉིས་ཀྱིས། །འབྱུང་བའི་རྩིས་རྣམས་སྤེལ་བའོ། །དྲིས་ལན་ཉེར་གསུམ་པ། ཚེ་ནི་སྤེལ་དང་གསོ་བ་དང་། །བསྒྲུབ་དང་རྒྱས་པའི་ཆོ་ག་ཉིད། །རྣལ་འབྱོར་པ་ཡིས་སྦྱོར་ཤེས་ན། །ཉི་ཟླ་དག་དང་མཉམ་པར་འགྱུར། །གཞན་ནི་མཉམ་དང་གཞིག་པ་ལས། །དགུག་དང་བཅིངས་དང་གཤེད་ལ་དབབ། །སྤོར་ཞིང་བསད་པའི་ལས་རྣམས་ཀྱང་། །རྣལ་འབྱོར་པ་ཡིས་བཀུག་དཀྲུག་ཀྱང་ཤེས་ན། །འགྲོ་བ་རྣམས་ནི་དབང་དུ་འདུས། །དབང་ཐང་སྤེལ་དང་གསོ་བ་དང་། །གནས་ཤིང་ཆགས་པར་བྱེད་པ་ཉིད། །གཞན་ནི་མཉམ་པའི་སྦྱོར་བ་ཉིད། །རྣལ་འབྱོར་པ་ཡིས་བརྩམ་པར་བྱའོ། །དྲིས་ལན་ཉེར་བཞི་པའོ། །བྱེར་ཟུག་སྙོམས་ལ་བཅུ་གཉིས་ཏེ། །ས་ཆུ་མེ་རླུང་བཞི་ལ་ཡང་། །གསུམ་གསུམ་ཉིད་དེ་བཅུ་གཉིས་ལ། །ཆུ་ཡི་ཟུག་པས་དབང་པོ་སྡུད། །བྱེར་བ་ཡིས་ནི་འཁྲུགས་པར་བྱེད། །སྙོམས་པ་ཡིས་ནི་འབྲས་བུ་འབྱིན། །ས་ཡི་ཟུག་པས་རྡུལ་རྣམས་འབྱིན། །བྱེར་བ་ཡིས་ནི་ཡན་ལག་འབྱིན། །སྙོམས་པས་ལུས་འབྱུང་རྫོགས་པའོ། །མེ་ཡི་ཟུག་པས་ནད་དུ་བྱེད། །བྱེར་བ་དག་གིས་ལུས་གནས་འགྱུར། །སྙོམས་པས་འབྱུང་བ་གནས་པར་བྱེད། །རླུང་གི་


DNG003_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

ཟུག་པས་འབྱུང་བ་སྐྱོབ། །བྱེར་བས་ལས་གཞན་འཇིག་པ་ལས། །སྙོམས་པས་རླུང་སེམས་གཅིག་དུ་སྡུད། །གསུམ་གྱིས་བྱེད་པའི་མཐའ་འདིའོ། །ཆུ་ཡི་ཟུག་པས་ས་འདུས་ལ། །ཆུའི་བྱེར་སྙོམས་གཉིས་ཆད། ཟུག་པ་ཟུག་པ་འཕྲད་པ་ཡིས། །གང་མི་འགྲུབ་ཅིང་འཇིག་པར་འགྱུར། །བྱེར་བ་ཉིད་ཀྱིས་ནད་དུ་འགྱུར། །སྙོམས་པས་རྩི་སྦྱོར་སྨན་རྣམས་འགྲུབ། །མེ་དང་རླུང་གཉིས་ཕུང་པོ་འཇིག །བྱེར་བས་ལས་ཀུན་འགྲུབ་པ་ལ། །སྙོམས་པས་འཁྲུག་པའི་ལས་མཐར་འགྱུར། །ཆུ་དང་མེ་ལས་དོན་རབ་འགྲུབ། །བྱེར་བས་གཞན་ལ་འཇུག་པར་འགྱུར། །སྙོམས་པས་ཚེ་རིང་དབང་ཐང་འགྲུབ། །ས་དང་རླུང་གིས་ཞི་བ་འགྲུབ། །བྱེར་བས་རྒྱས་དང་དབང་དུ་བྱེད། །སྙོམས་པས་མངོན་སྤྱོད་ལས་རྣམས་འགྲུབ། །རླུང་དང་ཆུ་ཡི་བྱ་བ་ཉིད། །བྱེར་བས་དགེ་བའི་ལས་ཀུན་འགྲུབ། །སྙོམས་པས་དམག་ལས་རྒྱལ་བའོ། །ས་དང་མེས་ནི་སྤེལ་བ་འགྲུབ། །བྱེར་བས་འབྱུང་བ་སྤོ་བ་འགྲུབ། །སྙོམས་པས་གཤེད་ཀྱི་ཆོ་ག་འགྲུབ། །ཟུག་བྱེར་ལས་ཀྱི་མཐའ་ལ་ཡང་། །ངེས་པར་འགྱུར་རོ་དབང་པོའི་ལྷ། །དྲིས་ལན་ཉེར་ལྔ་པ། འཁོར་བའི་ལས་རྒྱུད་གཅད་འདོད་ན། །བྱ་བ་བྲལ་བར་རྫོགས་པས་རྫོགས། །མཐའ་དང་བྲལ་བས་དབུས་མི་གནས། །ཡོངས་སུ་རྫོགས་པས་དངོས་དང་བྲལ། །ལྷག་མ་མེད་པས་ཆ་ཤས་མིན། །གཅིག་ཏུ་མ་ཡིན་གཉིས་མཐའ་ཟད། །དུ་མར་མི་སྣང་གཅིག་ལས་འདས། །བརྗོད་དུ་མེད་པས་ཚིག་གི་གཞི། །དངོས་བྲལ་སྟོང་པ་སྙིང་པོའི་དོན། །ཕྱོགས་སུ་མ་ལྷུང་ལྟ་བའི་དོན། །འདི་ཤེས་འཁོར་བའི་ལམ་འགག་གོ། །གནད་ལས་བྱུང་བའི་མངོན་སུམ་ཉིད། །གོམས་པའི་སྟོབས་ཀྱིས་འཁྲུལ་པ་འཇིག །རང་བཞིན་དག་པས་གཡེངས་པ་མེད། །རྒྱུན་དུ་གནས་པས་འབྲལ་བ་མེད། །རང་སྣང་ཡིན་པས་རྣམ་རྟོག་ཟད། །རླུང་ཟད་ཡེ་ཤེས་ཉིད་ལ་སྤྱོད། །འདི་དང་འབྲལ་བ་མེད་པ་ཡིས། །འགྲོ་དྲུག་ལམ་གྱི་རྒྱུན་གཅོད་དོ། །བྱས་ཤིང་བཅོས་པ་མེད་པ་ཡིས། །ཤུགས་སུ་སྤྱད་པས་


DNG003_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་པ་འདག །ལུགས་མ་ཡང་བྱུང་ལྷུག་མར་བྱུང་བས་སྐྱེ་བ་མེད། །འཛིན་ཆགས་མེད་པས་ཅི་དགར་རོལ། །རྣལ་དུ་ཕབ་པས་རྙོག་པ་སངས། །རང་བཞིན་ཡིན་པས་ཐབས་ལས་འདས། །འདིས་ཀྱང་འཁོར་བའི་སྒོ་འགག་གོ། །དྲིས་ལན་ཉེར་དྲུག་པའོ། །སྟོན་པ་སངས་རྒྱས་བཅོམ་ལྡན་འདས། །ཡོན་ཏན་བརྗོད་ཀྱིས་ལངས་པ་མིན། །ཕུན་སུམ་ཚོགས་པ་དྲུག་ཅུ་ཡིས། །བསྟན་པ་དམ་པའི་གཞི་མ་འཛིན། །འཇིག་རྟེན་ཁམས་སུ་ཡུན་རིང་བར། །སངས་རྒྱས་བསྟན་པ་གནས་པ་ལ། །ཡོན་ཏན་བརྗོད་ཀྱིས་མི་ལངས་པ། །དེ་ནི་གང་ལས་བྱུང་ཞེ་ན། །སྐུ་དང་གསུང་དང་ཐུགས་དང་ནི། །མཛད་པ་བཅུ་གཉིས་ཕྲག་གསུམ་གྱི། །སྟོན་པ་འཇིག་རྟེན་བྱོན་ནས་ནི། །གདུལ་བྱ་དག་གི་ཡོན་ཏན་ནོ། །ཕྱི་ནང་གསང་བའི་ལས་བཞི་ལས། །དག་བྱེད་ཡོན་ཏན་དཔག་ཏུ་མེད། །སྔར་བསྟན་གྱི་ནི་རིམ་པའོ། །བསྟན་པ་འཕེལ་ཞིང་རྫོགས་པ་ཡང་། །བཅོམ་ལྡན་འདས་ཀྱི་ཡོན་ཏན་ནོ། །དྲིས་ལན་ཉེར་བདུན་པ། སྐུ་གསུམ་བསླབ་པའི་རིམ་པ་ཉིད། །འབྱུང་བའི་འདོད་དོན་གཙོར་བྱས་ཏེ། །མཆོག་ཏུ་ས་ཆུ་མེ་རླུང་གི། །སྒྲ་ལ་བསླབས་པས་ངེས་པར་འགྲུབ། །ཆུ་ཡི་སྒྲ་ནི་གཤང་བ་ལ། །མཁའ་འགྲོ་མ་ཡི་སྒྲ་དབྱངས་འཛིན། །འདི་ལ་རྟག་ཏུ་གོམས་བྱས་ན། །སྤྲུལ་པའི་སྐུ་ཡང་ངེས་པར་འགྲུབ། །ས་ཡི་སྒྲ་ནི་བསིལ་ཞིང་ལྗི། །ཚངས་པ་ཆེན་པོའི་སྒྲ་སྐད་ལྡན། །འདི་ལ་རྟག་ཏུ་བརྟན་སྤྱོད་ན། །ལོངས་སྤྱོད་རྫོགས་སྐུ་ངེས་འགྲུབ་པའོ། །མེ་ཡི་སྒྲ་ནི་རིང་བྱེད་བསླབ། །ཁྱབ་འཇུག་ཆེན་པོའི་གསུང་དབྱངས་སྟོན། །འདི་ལ་མཉན་པར་སུས་སྤྱོད་པ། །ཆོས་སྐུའི་ཡོན་ཏན་ངེས་པར་འཐོབ། །རླུང་གི་སྒྲ་ནི་གཟིར་ཞིང་དྲག །མཁའ་ལྡིང་རྒྱལ་པོའི་སྦྱོར་བ་གསུང་། །འདི་ནི་རྟག་ཏུ་ཟློ་ཤེས་ན། །སྐུ་གསུམ་ཐུན་མོང་བསླབ་བྱའོ། །དེ་ལྟར་འབྱུང་བཞིའི་སྒྲ་དོན་ནི། །ཕྱི་ཡི་དུས་ལ་ངེས་པར་སྦྱོར། །དགུན་དང་དཔྱིད་དང་དབྱར་དང་སྟོན། །ཆུ་དང་ས་སྟེ་མེ་རླུང་གི། །རིམ་པ་དུས་དང་ངེས་སྦྱར་ཏེ། །


DNG003_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་ལུས་དང་བསྟུན་བྱས་ན། །འགྲུབ་པར་ཐེ་ཚོམ་མི་ཟའོ། །དྲིས་ལན་ཉེར་བརྒྱད་པའོ། །འཇིག་རྟེན་ཐུན་མོང་ལས་མཐའ་ནི། །འཕུར་བར་འདོད་པས་རི་ལུ་བསྟེན། །མི་སྣང་འདོད་པས་སེམས་བཞག་ལ། །ཐིག་ལེ་སྟོང་པའི་དྲ་བར་ནི། །ལུས་དང་སེམས་གཉིས་བཅུག་པས་འགྲུབ། །ཟང་ཐལ་འཐོབ་པར་འདོད་པ་ཡིས། །རླུང་ཉིད་བཟུང་སྟེ་ཐིག་ལེར་གཞུག །སྐབས་སུ་ཤེས་པ་ན་བུན་བཞིན། །ཚངས་པའི་གནས་ནས་འདོན་པར་བྱའོ། །མཚོན་དང་དུག་ལས་རྒྱལ་འདོད་པས། །འབྱུང་བ་བཞི་ལ་སེམས་གཏད་དེ། །ཕྱེ་མར་སྦྱར་ཞིང་ལས་བསྒྲུབས་ན། །དེ་དག་ངེས་པར་འགྲུབ་པའོ། །ཁྱི་དང་དྲེད་སྤྱང་ལས་རྒྱལ་བར། །འབྱུང་བ་བཞི་དག་རྗོད་བྱེད་ཅིང་། །རྟེན་ཅིང་འདྲེལ་བ་བཞི་བྱས་ན། །དེ་རྣམས་ལས་ནི་རྒྱལ་བར་འགྱུར། །འཇིགས་པ་བརྒྱད་ལས་ཐར་འདོད་པས། །འཁོར་ལོ་རི་མོ་ལྡན་པ་ཉིད། །སྤྱི་བོར་བསྒོམས་ཏེ་རླུང་བསྒོམས་ན། །འདིས་ཀྱང་དེ་དག་རྣམས་ལས་རྒྱལ། །མིག་སྨན་འགྲུབ་པར་འདོད་པ་ཡི། །ཁྭ་ཏ་བྱ་གཤོག་སྦྱོར་བ་ནི། །ལེགས་པར་སྦྱར་ཏེ་གསལ་བྱེད་ཀྱི། །ཡི་གེ་རྟག་ཏུ་བཟླས་སྤྱོད་ན། །ཁམས་གསུམ་པོ་ཡང་གསལ་བར་སྣང་། །དམག་དང་ཚོང་དང་གཉེན་སྦྱོར་ལས། །སུ་དག་རྒྱལ་བར་འདོད་པ་ཡིས། །འབྱུང་བའི་དུས་དང་ཕྱོགས་བཟུང་ནས། །འཁྲུགས་པ་མེད་པར་བྱས་ན་ཡང་། །ངེས་པར་འགྲུབ་པར་ཐེ་ཚོམ་མེད། །གང་གིས་རལ་གྲི་འཛིན་འདོད་ན། །ས་པ་ལ་སེ་ཡི་ཡང་བྱུང་ལ་སེར་པོའི་སྦྱོར་བ་ཡི། །འབྱུང་བའི་ཡི་གེ་རབ་བཟླས་ཤིང་། །ལུས་ཀྱི་གནས་ལྔར་ལེགས་སྤྱོད་ན། །འབྱུང་བའི་དུས་ཉིད་རབ་བསྡིམས་བསྡེབས་ཀྱང་བྱུང་ནས། །རབ་ཏུ་སྦྱོར་བ་བསྟན་པ་ཡིས། །རལ་གྲི་འཛིན་པ་ཆེན་པོར་འགྱུར། །མཁའ་འགྲོ་དབང་དུ་སྡུད་པའི་མིས། །མ་མོ་འདུ་བའི་སར་ཕྱིན་ནས། །རིན་པོ་ཆེ་ཡི་རིན་ཆེན་བསེའི་ཡང་བྱུང་སྦྱོར་བ་དག །འབྱུང་བའི་མགོ་ཉིད་འཚོགས་དུས་སུ། །ལེགས་པར་སྦྱར་ཏེ་རི་ལུ་ཉིད། །གང་གིས་ཁ་ཡི་ནང་བཟུང་ན། །


DNG003_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་མ་རྣམས་དབང་དུ་འགྱུར། །རྐང་མགྱོགས་བསྒྲུབ་པར་འདོད་པ་ཡིས། །རྡོ་རྗེའི་གཤོག་པ་བཅུ་དྲུག་ལ། །ཨ་དང་ཡཾ་གིས་རྣམ་པར་བརྒྱན། །འདབ་ཆགས་སྦྱོར་བ་བྱུང་དུས་ལ། །དུས་ལ་འཁྲུལ་པ་མེད་བྱས་ཏེ། །རྐང་པའི་མཐིལ་དུ་ལྡེ་གུས་ནི། །གྲངས་དང་མཐུན་པར་བྱུགས་པ་དང་། །སྐད་ཅིག་གིས་ནི་འཛམ་བུ་གླིང་། །རྒྱུ་ཞིང་འཁོར་བར་ཐེ་ཚོམ་མེད། །དུར་ཁྲོད་གནས་སུ་རྒྱུ་བས་ཀྱང་། །མིག་གི་སྦྱོར་བས་རི་ལུ་ཉིད། །རང་དུས་སྦྱོར་བའི་དུས་རྣམས་ལ། །ལེགས་པར་སྦྱར་ཏེ་ཨ་ཨ་ལིས་ཀྱང་བྱུང་ཡིས་བསྐོར། །རང་ལོའི་འབྱུང་བ་བཅུད་པ་ལ། །གནས་སུ་ཕྱིན་པས་ངེས་པར་འགྲུབ། །བཅུད་ཀྱིས་ལེན་པར་འདོད་པས་ནི། །བདུད་རྩི་རྣམ་ལྔ་སྦྱར་བའི་ཐབས། །གཞན་དུ་འབྱུང་བ་སྙོམས་པ་ལ། །མཁས་པས་ཆ་སྙོམས་ལེགས་སྦྱར་ནས། །རིན་པོ་ཆེ་ཡི་སྣོད་དུ་བླུགས། །དེ་ནས་སྦྲང་དང་ཨུད་ཙིད་ཏ། །ཁ་ཚར་ལེགས་པར་བཏབ་ནས་ནི། །དངུལ་ཆུའི་ཐིགས་པ་རེ་བླངས་ནས། །ནང་བཞིན་སྲན་མའི་རྡོག་མ་ཙམ། །མཁས་པ་དག་གིས་ཟ་སྤྱོད་ན། །བཅུད་ཀྱིས་ལེན་པ་ཆེན་པོར་ཡང་། །འགྱུར་བ་ཐེ་ཚོམ་མི་ཟའོ། །དྲིས་ལན་ཉེར་དགུ་པའོ། །བྱེ་བྲག་སྐུ་རྣམས་བསྒྲུབ་པ་ན། །འབྱུང་བ་བཞི་ཡི་དྲི་ལ་བསླབ། །ཆུ་ཡི་དྲིས་ནི་བདེ་བ་སྟེར། །འདི་ལ་ཟ་ནུས་འཕེལ་ཆེ་བས། །བཏབ་སྟེ་རླུང་ལ་སྦྱར་བ་ཡིས། །རྡོ་རྗེ་འཛིན་པའི་སྐུ་ཉིད་འགྲུབ། །ས་ཡི་དྲིས་ནི་རྟོགས་པ་སྡུད། །པ་ལཱ་ཤ་ཡི་སྦྱོར་ལུགས་དང་། །རྟེན་འདྲེལ་རྒྱུན་དུ་བསྟན་པ་ཡིས། །ངོ་བོ་ཉིད་ཀྱི་སྐུ་ཡང་འགྲུབ། །མེ་ཡི་དྲིས་ནི་ཉམས་བསྐྱེད་དེ། །རང་ལུས་གསལ་བའི་ཉམས་ཀྱིས་ནི། །གོམས་ན་ཧེ་རུ་ཀ་ཡང་འགྲུབ། །རླུང་གི་དྲིས་ནི་བསླབ་བྱའི་གནས། །གནས་འཇུག་ལས་ཀྱིས་བསྡེབ་བྱས་ཏེ། །ངེས་ལུས་རིམ་པ་གསལ་བསྒོམས་ན། །རིགས་ལྔའི་སྐུ་ནི་ལེགས་པར་འགྲུབ། །གཞན་ཡང་རོ་དང་རེག་ཉིད་ལ། །རིམ་པ་ཇི་ལྟར་བསླབ་བྱས་ན། །གང་འདོད་སྐུ་རྣམས་འགྲུབ་པ་ལ། །ཐེ་ཚོམ་ཟ་བ་མ་ཡིན་ནོ། །དྲིས་ལན་སུམ་ཅུ་པ།


DNG003_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

གཉིད་ཀྱི་རྣལ་འབྱོར་སུས་བསྒོམ་པ། །འདིས་ནི་གཏི་མུག་ལམ་དུ་བྱེད། །ཕྱི་ཡི་དུས་ནི་གཞི་དག་ལས། །རྣལ་འབྱོར་ལུས་ཀྱི་རྩལ་སྦྱངས་ཏེ། །རྩ་རྣམས་ཁུངས་སུ་བཟུང་བ་གནད། །ནང་གི་དུས་ནི་བཞི་ཉིད་ཀྱིས། །རྣལ་འབྱོར་དག་གི་རྩལ་སྦྱངས་ཏེ། །བརྗོད་པའི་རྒྱུན་རྣམས་གཅད་པ་གནད། །གསང་བའི་དུས་ནི་བཞི་ཡིས་ཀྱང་། །རྣལ་འབྱོར་སེམས་ཀྱི་རྩལ་སྦྱངས་ཏེ། །གཉིད་ལ་གོམས་པ་གནད་ཡིན་ནོ། །ཁོ་ན་ཉིད་ཀྱི་དུས་བཞི་ཡིས། །ལུས་དང་ངག་སེམས་ངེས་བསྡུས་ནས། །འོད་གསལ་ཆེན་པོ་གཉིད་དང་བསྲེ། །དེ་ལྟར་གོམས་ནས་སྐུ་གསུམ་ལ། །ངེས་པར་སྦྱོར་རོ་རྣལ་འབྱོར་པས། །རྨི་ལམ་གནད་ཀྱི་ལམ་ཁྱེར་ནི། །སྔོན་དུ་བྱ་དང་གནད་ལ་དབབ། །སྔོན་དུ་ལུས་ངག་སེམས་སྦྱངས་ཏེ། །འབྱོངས་པའི་རྟགས་ལ་བརྟེན་ནས་ནི། །བརྟག་དང་ཟིལ་གྱིས་གནོན་པ་དང་། །བག་ཆགས་གསུམ་པོ་ངེས་གཟུང་བྱ། །དེ་ནས་གནད་ལ་འབེབས་དུས་སུ། །སྦྱང་དང་བསྒྱུར་དང་བཅད་པ་དང་། །དཀྲུགས་དང་བཅུད་དང་གནད་ལ་འབོར། །བསྐྱིལ་བཟློག་ལས་ཀྱི་གནད་བྱས་པས། །ལས་ཀྱི་རྨི་ལམ་མཐའ་ཟད་དེ། །བག་ཆགས་འཁྲུལ་པ་དྲུང་ནས་ཐོན། །འདི་དུས་རང་གི་བརྩོན་འགྲུས་ཀྱིས། །རབ་ལ་ཆད་དང་འབྲིང་ལ་ཤེས། །ཐ་མ་འགྱུར་བར་ངེས་པ་སྟེ། །འདི་དག་རྨི་ལམ་ཐོག་མ་ཡང་། །རབ་ལ་བརྗེད་དང་ཐ་མ་འགགས། །འབྲིང་ལ་ཤིན་ཏུ་གསལ་བ་ལ། །ཐ་མ་ཡིན་པ་ཤེས་པའོ། །ཐ་མ་མི་གསལ་དེ་ནས་འགྱུར། །དེ་རྣམས་ཀྱིས་ནི་ཚད་ལ་ཕེབ། །དྲིས་ལན་སོ་གཅིག་པའོ། །སྐྱེས་བུས་རང་སེམས་མ་ཐུལ་བ། །མི་རྟོག་བསྒོམས་པས་ངེས་ཐུལ་ཏེ། །རྣལ་དུ་ཕེབས་ནས་རང་གིའོ། །སྔོན་དུ་སྦྱངས་པའི་རིམ་པ་དང་། །དངོས་གཞི་རང་གི་རྒྱུད་ལ་བརྟེན། །སྔོན་དུ་སྦྱང་བའི་རིམ་པ་ནི། །ལུས་ཀྱི་སྔོན་དུ་འགྲོ་བ་ལས། །སོ་སོའི་བྱེད་པའི་རྒྱུ་འགགས་པ། །རྡོ་རྗེའི་སྐྱིལ་ཀྲུང་དུ་བཅས་ཏེ། །ལུས་སྦྱང་སེམས་ལ་ཕན་པའོ། །ངག་ནི་ཧཱུྃ་ཞེས་གནས་པ་ལས། །རྒྱས་གདབ་པ་དང་རྩལ་


DNG003_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱང་དང་། །གཉན་བཙལ་ལམ་དུ་ཞུགས་པ་ཡིས། །དེ་ལྟར་ངག་སྦྱང་སེམས་ལ་ཕན། །སེམས་ནི་ཐོག་མ་བྱུང་བ་དང་། །བར་དུ་གནས་པ་ཐ་མར་འགྲོ། །དེ་ལྟར་གསུམ་ལ་བརྟགས་དཔྱད་ན། །སེམས་སྦྱང་སེམས་ཀྱི་གནས་ལུགས་ཤེས། །དངོས་གཞི་རང་གི་རྒྱུད་བརྟེན་ནི། །ལུས་ཀྱི་གནད་དང་ངག་དང་ཡང་། །སེམས་ཀྱི་གནད་ལ་བརྟེན་པ་ཡིས། །རླུང་ནི་ཅི་ནས་དལ་བྱ་སྟེ། །རབ་ཏུ་འཕང་བ་ལས་བྱུང་བ། །ལུས་དང་སེམས་ཀྱི་འདྲེལ་ཆད་དེ། །ཁམས་གསུམ་དུ་ཡང་ལྡོག་པ་མིན། །དྲིས་ལན་སོ་གཉིས་པ། རླུང་གི་དགོས་པ་རྣམ་པ་གཉིས། །འཇིག་རྟེན་ལུས་རྫོགས་བསྐྱེད་པ་དང་། །བརྟེན་ཅིང་གནས་པའི་ཚེ་རྣམས་དང་། །དབང་དང་ཚེ་ལ་སོགས་པ་འཕེལ། །བསོད་ནམས་ལས་ཀྱི་བྱེད་པའོ། །འགྲོ་བའི་བཀྲག་དང་གཟི་མདངས་བསྐྱེད། །མཆེད་ཅིང་སྡུད་པའི་ལས་ཀུན་བྱེད། །འདས་པའི་སྐུ་དང་ཡེ་ཤེས་དང་། །ཐིག་ལེ་ཉིད་ལ་གོམས་པ་དང་། །ཡང་ཞིང་སྟོང་དང་གསལ་བར་ཁྱབ། །ལུས་ཀྱི་འབྱུང་བ་ཟད་པ་དང་། །སེམས་ཀྱི་རྟོག་པ་འགགས་པ་དང་། །མི་རྟོག་ཡེ་ཤེས་སྐྱེ་བ་དང་། །ཕྱི་ཡི་སྣང་བ་ཟད་པ་དང་། །རླུང་སེམས་གཉིས་སུ་འདྲེས་པ་སྟེ། །དེས་ན་རླུང་གིས་ལས་ཀུན་བྱེད། །དྲིས་ལན་སོ་གསུམ་པ། ལུས་ཀྱི་གནད་ནི་རྩ་ཡིན་ཏེ། །གནས་དང་བཀོད་པ་འགྱུ་བ་དང་། །འཁོར་ལོའི་རྟེན་དང་ལུས་ཀྱི་སྲོག །མིང་དང་བྱེ་བྲག་རྒྱུ་དང་རྐྱེན། །བྱེད་པའི་ལས་དང་མཚན་ཉིད་དང་། །ཉོན་མོངས་ལས་དང་ཡེ་ཤེས་ལས། །ལམ་ལ་བརྟེན་ནས་མངོན་སྣང་བ། །ནད་དང་འབྱུང་བའི་བྱེ་བྲག་དང་། །འཁྲུག་མར་གནས་པའི་མཐའ་ཡིས་དབྱེ། །བསྡམས་པས་གཏེམས་ཀྱང་བྱུང་འགགས་ལ་བཙིར་བས་འཆིང་། །མནན་པས་གནས་ལ་གཅུད་པས་གསལ། །གཅུས་པས་རྒལ་ལ་དྲང་བས་ཤེས། །འཕུལ་བས་སྡོད་ལ་དྲག་པས་ཟིན། །དེ་ལྟར་རྩ་ཡིས་གནད་ཀྱིས་ཀྱང་། །སངས་རྒྱས་གནས་ནི་མཚོན་པའོ། །རྩ་ལ་བརྟེན་པའི་རླུང་དག་ནི། །ཉི་ཁྲི་དང་ནི་སྟོང་ཕྲག་གཅིག །དྲུག་བརྒྱ་དག་ཏུ་འགྱུ་བ་ནི། །འགྱུ་བ་ཆེན་


DNG003_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་རླུང་དུ་འདོད། །དེ་ཡི་བྱེད་ལས་རྣམ་པ་གཉིས། །གྱེན་ལ་རྒྱུ་དང་ཐུར་དུ་སེལ། །ཡང་ན་མཁས་པས་གནད་ཉིད་བཙལ། །རྩ་ནས་ངེས་པར་འགྱུ་བ་ནི། །འབུམ་ཕྲག་གཅིག་དང་ཁྲི་ཕྲག་གཉིས། །སྟོང་ཕྲག་དྲུག་དང་བརྒྱ་ཕྲག་དྲུག །རྩ་ནས་ངེས་པར་འབྱུང་བ་སྟེ། །འགྱུ་བ་ཆུང་བའི་རླུང་དུ་འདོད། །ནད་དང་གདོན་དང་ཚེ་ཡི་དུས། །མཁས་པས་ཤེས་པར་བྱ་དེ་ཡང་། །དེ་ཡི་གནད་ཀྱིས་སྦྱོར་ཐབས་འབད། །ཆེན་པོ་ལ་ནི་དུས་བརྩི་སྟེ། །མཆོག་དང་ཐུན་མོང་དངོས་གྲུབ་བརྟག །སོ་སོའི་ལས་ཀྱི་བྱེ་བྲག་གིས། །ལས་དང་ཡེ་ཤེས་གཉིས་བར་དང་། །ཉོན་མོངས་རྣམས་དང་རྟོག་མེད་ལས། །སོ་སོའི་གྲངས་ཚད་བཟུང་བ་སྟེ། །སྒོམ་པ་པོས་ནི་རྣམ་པར་སྦྱང་། །དེས་ནི་སོ་སོའི་རླུང་ཚད་ཟིན། །དྲིས་ལན་སོ་བཞི་པའོ། །ཐིག་ལེའི་ཆོས་ཉིད་བརྟན་འདོད་པས། །དོན་དམ་དང་ནི་ཀུན་རྫོབ་ལས། །རེ་ཞིག་ཀུན་རྫོབ་ཐིག་ལེ་ལ། །བརྟེན་ནས་སངས་རྒྱས་འདོད་པ་ཡིས། །རིགས་མ་མཚན་ཉིད་རྫོགས་པ་ནི། །ལྷ་དང་ལྷ་མིན་ཚངས་པ་དང་། །གལ་ཏེ་རིགས་ངན་མུ་སྟེགས་སམ། །མཚན་ཉིད་རྫོགས་པ་དག་མཐོང་ན། །འགུགས་པའི་སྦྱོར་བ་ངེས་བརྩམས་ནས། །བརྟེན་བྱ་ཉིད་དང་རྩ་རྣམས་དང་། །དམིགས་བྱ་དག་གིས་ལུས་རྫོགས་བྱ། །དེ་ནས་ཀུན་རྫོབ་ཐིག་ལེ་ཉིད། །དབབ་ཅིང་གཟུང་དང་བཟློག་པ་དང་། །རྩ་ལ་གདབ་ཅིང་རླུང་དང་བསྲེ། །སྟོང་ཉིད་བརྟན་བྱ་བློ་རྗེས་བཅད། །ལུས་དང་སེམས་གཉིས་གོ་བཟློག་བྱའོ། །དོན་དམ་ཐིག་ལེ་བརྟན་པ་ཡིས། །ཆོས་སྐུ་སྟོང་པའི་ཡུལ་རྣམས་རྙེད། །ཐིག་ལེ་སྟོང་པའི་སྒྲོན་མ་ཉིད། །གཏེམས་ཏེ་རིག་པའི་རྩལ་རྣམས་སྦྱང་། །ཉིན་མཚན་མེད་པར་གོམས་སྤྱོད་ན། །འདི་ཉིད་རྩོལ་བྲལ་མངོན་དུ་སྣང་། །དེ་ནི་འབྱོངས་པའི་ཚད་ཡིན་ནོ། །དྲིས་ལན་སོ་ལྔ་པའོ། །མཁའ་འགྲོ་མ་ཡི་ལས་ཀྱི་མཐའ། །དབྱེ་ན་བརྗོད་ཀྱིས་མི་ལངས་ཀྱང་། །མདོར་བསྡུས་ནས་ནི་བཤད་པར་བྱ། །རྟེན་འདྲེལ་ཟབ་མོ་དག་གིས་ཀྱང་། །ཟས་གོས་ལ་སོགས་བྲལ་བ་དང་། །བདེ་ཆེན་


DNG003_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

ཟག་མེད་ཐོབ་པ་དང་། །འབྱུང་བཞི་དག་ལ་དབང་སྒྱུར་འགྱུར། །དངོས་ལ་བརྟགས་པའི་ལས་མཐའ་ཡིས། །གཟུགས་དང་སྒྲ་དང་དྲི་དང་རོ། །རེག་གི་ཁམས་ལ་བརྟགས་པ་ཡིས། །འཇིག་རྟེན་ཐུན་མོང་ལས་མཐའ་དང་། །མངོན་པར་ཤེས་པ་རྫོགས་པ་དང་། །ཞིང་ཁམས་རྣམས་ལ་ལོངས་སྤྱོད་དོ། །དྲིས་ལན་སོ་དྲུག་པ། འཕོ་བའི་བྱེ་བྲག་རྣམ་པ་གསུམ། །དབང་པོ་དག་གི་དབྱེ་བ་ཡིས། །འོད་གསལ་བ་དང་སྒྱུ་ལུས་དང་། །ཐ་མ་ལུས་ངག་ཡིད་ལའོ། །ལུས་ངག་འཕོ་བ་རྣམ་པ་གཉིས། །དངོས་སུ་འཕོ་དང་དངོས་མེད་དོ། །དངོས་ནི་རླུང་གིས་སྦྱང་བའི་ཐབས། །སྒྲ་དང་བཟོ་དང་སྒྱུ་རྩལ་དང་། །རྟེན་ཅིང་འདྲེལ་ལ་སྦྱངས་པས་ནི། །སོ་སོའི་འབྱུང་བ་ནང་མཐུན་པས། །ལུས་ངག་ཡིད་ཀྱིས་གཏད་པས་འགྲུབ། །དངོས་མེད་སེམས་ཀྱི་གོམས་སྟོབས་བརྟན། །སྒྱུ་ལུས་རྨི་ལམ་དག་ལ་སྦྱངས། །དེ་ཉིད་འབྱོངས་པས་ལུས་ཉིད་ཀྱང་། །གྲིབ་མའི་རྣམ་པ་ལྟ་བུར་འགྱུར། །དེས་ནི་བར་མ་དོ་ཡི་ལུས། །འདི་དག་ངང་དུ་འཛིན་པར་འགྱུར། །འོད་གསལ་འཕོ་བ་རབ་ཀྱིས་ཏེ། །གཉིད་ཀྱི་བསམ་གཏན་ལ་སྦྱངས་ནས། །འབྱོངས་པས་ཉིན་དང་མཚན་མེད་པར། །ཕྱི་རོལ་སྣང་བ་གསལ་བ་ན། །འདིས་ནི་འོད་གསལ་ཆེན་པོ་འགྲུབ། །འདི་ཡི་ལུས་ཀྱང་ལུགས་ཀྱང་གསུམ་ཡིན་ཏེ། །བརྩོན་འགྲུས་ཀྱི་ནི་རིམ་པ་ཡིས། །སྤྲུལ་སྐུ་ལོངས་སྐུ་ཆོས་སྐུ་ལ། །ངེས་པར་དངོས་སུ་འཕོ་བར་ནུས། །དྲིས་ལན་སོ་བདུན་པ། རྟེན་འདྲེལ་སྦྱོར་བ་རྣམ་པ་གཉིས། །སྣ་ཚོགས་རྫུ་འཕྲུལ་བསྒྲུབ་པ་དང་། །འབྱུང་བ་གནད་ཀྱི་ཆོ་གའོ། །སྣ་ཚོགས་རྫུ་འཕྲུལ་ཐབས་སྣ་ཚོགས། །ལམ་སྣ་ཟིན་པས་རང་ཤེས་སྦྱར། །རྒྱུ་དང་མི་རྒྱུ་རླུང་གིས་བསྐོར། །བཀང་ཡང་བྱུང་ལུས་དང་དབང་པོ་བསྒྲུབ་པས་དབྱེ། །འབྱུང་བའི་གནད་ནི་རང་དང་གཞན། །ཕན་གནོད་འབྲས་བུ་ངེས་པར་འབྱིན། །རང་རང་ལུས་དང་འབྱུང་བར་སྦྱར། །ཆུ་དང་ས་དང་མེ་དང་རླུང་། །སོ་སོའི་ལས་ཀྱི་རྟེན་འདྲེལ་གྱིས། །གསོ་ཞིང་སྤེལ་དང་ཉམས་པར་བྱེད། །ས་དང་ཆུ་ཡིས་འཇིག་པ་


DNG003_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །ས་དང་མེས་ནི་སྤེལ་བའོ། །ས་དང་རླུང་གིས་གཤེད་དུ་འབེབས། །ཆུ་དང་མེས་ནི་ཉམས་པར་བྱེད། །ཆུ་དང་རླུང་གིས་གསོ་བའོ། །མེ་དང་རླུང་གིས་སྙོམས་པ་ཉིད། །བཞི་འདུས་པས་ནི་འཁྲུགས་པ་ཉིད། །གང་ཞིག་བརྗོད་པའི་རྟེན་འདྲེལ་ནི། །རྣལ་འབྱོར་སོ་སོའི་ཉམས་དང་སྦྱར། །ཡིད་ཀྱི་རྟེན་འདྲེལ་རླུང་ལ་དྲི། །གསུམ་འདུས་པ་ཡི་བྱེད་པ་ཉིད། །སོ་སོའི་སྡེབ་དང་ལེགས་སྦྱར་ན། །འདིས་ཀྱང་ཕན་དང་གནོད་པ་འགྲུབ། །དྲིས་ལན་སོ་བརྒྱད་པའོ། །ནད་དང་སྡུག་བསྔལ་གྲོལ་འདོད་པས། །རང་དང་གཞན་གཉིས་རྣམ་པར་སྦྱར། །གཞན་ལ་རྟེན་འདྲེལ་དག་གིས་བྱ། །རང་གི་སྤོ་དང་བྱབས་བྱའོ། །བྱ་བ་དག་ནི་གསུམ་ཡིན་ཏེ། །ལུས་ཀྱི་གནད་དང་ངག་དང་ཡང་། །དེ་བཞིན་སེམས་ཀྱི་གནས་ཀྱིས་དགྲོལ། །ལུས་ནི་འཁྲུལ་འཁོར་སྣ་ཚོགས་ལ། །སེང་གེ་ཉིད་དང་གླང་པོ་ཆེ། །བྱ་རྒོད་དག་དང་ལུག་གིས་སྤྲུག །ཝ་མོ་དང་ནི་སྐྱེས་བུ་ཉིད། །འབུ་སྲིན་ལ་སོགས་ལུས་དང་ནི། །འཁྲུལ་འཁོར་རྣམ་པ་སྣ་ཚོགས་ཀྱིས། །ཕྱི་ནང་སྟོད་སྨད་ཡན་ལག་ལུས། །རླུང་མཁྲིས་བད་ཀན་འདུས་པ་ནི། །འབྱུང་བ་ནད་སྡེབ་བཞི་ཡིས་སྦྱར། །ཚ་དང་གྲང་བས་མཐའ་ཕྱེས་ཏེ། །དེ་དང་དེ་སྦྱར་ནད་ལས་གྲོལ། །ངག་ནི་སྒྲ་སྐད་སྣ་ཚོགས་པ། །ཨཱ་ལི་ཀཱ་ལི་རབ་གསལ་བས། །རང་བཞིན་རྩ་ལ་གནས་པ་ཡི། །ཡི་གེ་བཟློག་བརྗོད་ཀྱང་ཚུལ་དྲུག་གིས་ཀྱང་། །སོ་སོའི་གནས་དང་སྦྱར་བ་དང་། །ལྷ་དང་ཀླུ་དང་གནོད་སྦྱིན་དང་། །སྲིན་པོ་ནམ་མཁའ་ལྡིང་གི་སྐད། །ཚངས་དང་བརྒྱ་བྱིན་ཁྱབ་འཇུག་དང་། །འདྲེ་དང་རླུང་ལྷ་དག་གི་དག་པའི་སྐད་ཀྱང་བྱུང་སྐད། །གྲུལ་བུམ་ལྟོ་འཕྱེ་དྲི་ཟ་དང་། །ལྷག་ཅིང་དངོས་པོའི་སྐད་ཀྱིས་ཀྱང་། །སོ་སོའི་སྐད་དང་སྦྱར་བས་གྲོལ། །སེམས་ནི་དྲན་པ་སྣ་ཚོགས་དང་། །ཅི་ལྟར་འགྱུས་པའི་མཐའ་ཡི་ཡང་། །རྣལ་འབྱོར་པ་ཡི་རིག་པས་དབྱེ། །གཞན་ཡང་ལུས་ངག་ཡིད་ཀྱིས་བསྒྱུར། །ཡང་ན་སེམས་ཀྱི་བྱ་བའི་ལས། །སྣ་ཚོགས་ཏིང་ངེ་འཛིན་གྱིས་བསྒྱུར། །སྡུག་བསྔལ་


DNG003_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱང་མཐའ་དབྱེའོ། །དྲིས་ལན་སོ་དགུ་པ། འབྱུང་བའི་འཕོ་བ་འདི་ལྟ་བུ། །ཨེ་མ་ངོ་མཚར་ཆེ་བར་བཤད། །ཕྱི་རོལ་ནང་གི་དབྱེ་བ་ལས། །ས་དང་ས་སྟེ་ལྷག་མ་ཡང་། །གོང་མའི་འགྲེས་ཀྱིས་ཤེས་པར་བྱའོ། །ཉིན་མཚན་ནང་ནུབ་ཞག་དང་ནི། །ཟླ་བ་ལོ་ཡི་འཁྲུལ་འཁྲུགས་ལུགས་ཀྱང་ལུགས་ཀྱིས། །བཅུ་གཉིས་ཕྲག་དང་སྦོམ་པ་ཡང་། །ཟུག་དང་བྱེར་དང་སྙོམས་པ་ལས། །ངེས་མེད་འཁྲུགས་མར་གནས་པ་བཞི། །དུས་ལ་ངེས་ཕྱེ་བཅུ་དྲུག་གི། །སོ་སོའི་དུས་ངེས་འཕོ་བའི་མཚམས། །རྟེན་འདྲེལ་ལ་སོགས་འབྱུང་བའི་གནས། །འཕོ་བའི་དུས་ལ་འཕོ་བ་སྟེ། །དེ་བཞིན་འཇུག་དུས་འཇུག་པ་ལ། །གནས་པའི་དུས་ན་གནས་པའོ། །འཁྲུགས་མ་ཉིད་ལ་འཁྲུགས་མར་རོ། །ཉིན་མཚན་ཞག་དང་ཟླ་བ་ལོ། །འཕོ་བའི་གནས་ནི་མཁས་པས་དཔྱད། །ཆུ་དང་ས་སྟེ་མེ་རླུང་གིས། །མཐུན་པ་དང་ནི་མི་མཐུན་པ། །སོ་སོའི་ལས་དུས་སྡེབ་ཀ་ཡིས། །ལས་ཀྱི་མཐའ་རྣམས་བསྒྱུར་བར་བྱའོ། །དྲིས་ལན་བཞི་བཅུ་པ། གནད་ཀྱི་འབྱུང་བ་རྣམ་ཕྱེ་ན། །བཞི་བརྒྱ་ཉིད་དང་རྩ་བཞི་ལས། །ངེས་བཅས་འཇུག་པ་བརྒྱད་ཅུར་སྡུད། །དེ་ལས་ཉི་ཤུ་རྩ་བཞིའོ། །མཆོག་ཏུ་གནས་པ་བཅུ་དྲུག་ཉིད། །ཕོ་མོའི་སྡེབས་ཀྱིས་བརྒྱད་དུ་འགྱུར། །རང་ངོ་དག་པ་བཞི་ཡིས་ནི། །གནད་རྣམས་བསྡུས་ཏེ་ངེས་པར་བསྟན། །བྱེར་ཟུག་སྙོམས་པའི་བྱེད་ལས་ཀྱི། །ཚེས་དང་ཟླ་བ་ལོ་རྣམས་དང་། །འཁྲུལ་པ་མེད་པར་སྦྱར་བྱས་ན། །གནད་རྣམས་དག་ཀྱང་ངེས་པར་འགྱུར། །དྲིས་ལན་ཞེ་གཅིག་པ། དེ་ལྟར་གནད་ལ་བརྟེན་ནས་ནི། །རྩིས་ཀྱི་སྦྱོར་བའི་ཡན་ལག་བཤད། །ཨེ་མ་ངོ་མཚར་ཆེ་བ་ཉིད། །སངས་རྒྱས་གཞན་གྱིས་མ་གསུངས་པའི། །འབྱུང་བའི་རྩིས་ཀྱི་རིམ་པ་ལ། །བརྟེན་ནས་འཁོར་འདས་འཇལ་བྱེད་པའི། །རབ་ཏུ་གསང་བ་འདི་ཉོན་ཅིག །ཆུ་དང་ས་སྟེ་མེ་རླུང་ལས། །རྣམ་པར་དབྱེ་བའི་རིམ་པ་ཉིད། །ལྔ་པ་གཅིག་ནི་མ་ནིང་སྟོང་། །ཤེས་ཤིང་བརྩི་བའི་རིམ་པ་ཡིན། །མིན་ཀྱང་ཟུག་དང་བྱེར་དང་སྙོམས་པའི་ལས། །བཅུ་གཉིས་


DNG003_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

དག་ལས་མ་ཡི་ལོ་རྣམས་ཀྱང་། །བཅུ་གཉིས་དག་སྟེ་གསུམ་གསུམ་གྱིས། །སོ་སོའི་དམིགས་དང་རྟེན་འདྲེལ་ཡང་། །དུས་དང་སྦྱོར་བ་མཁས་པས་བརྟགས། །བྲ་མ་ཞག་དང་ཟླ་བ་ལོ། །བྱེར་ཟུག་སྙོམས་པའི་དུས་ཀྱིས་ཀྱང་། །སྐྱེ་དང་རྒས་དང་ན་བ་དང་། །དེ་བཞིན་འཆི་བའི་དུས་རྣམས་གཟུང་། །གཟའ་དང་སྐར་མ་གདོན་རྣམས་དང་། །ཉི་མའི་དུས་ཀྱི་རིམ་པའོ། །བཟང་དང་ངན་པའི་བྱེ་བྲག་བརྩི། །བྱ་དང་མི་བྱ་མཁས་པས་གཟུང་། །གཟུགས་དང་སྒྲ་དང་དྲི་རོ་ཡིས། །ཚེ་རབས་སྔ་ཕྱིའི་ལས་འདྲེལ་བརྟགས། །འབྱུང་བ་སོ་སོའི་འགྱུ་བྱེད་ཀྱིས། །དགེ་སྦྱོར་འཕེལ་དང་གདོན་དུས་བཟུང་། །ནང་མཐུན་དབྱེ་བ་བཅུ་དྲུག་གིས། །ལས་དང་ཉོན་མོངས་ཡེ་ཤེས་བརྟགས། །འབྱུང་བས་བསྐྱེད་དང་གནས་དང་འཇིག །སྟོང་དང་འཁྱམས་དང་འབྱམས་པ་དང་། །འཁྱིལ་དང་འཁོར་དང་ལོག་པ་དང་། །རྣོ་དང་རྡུག་དང་དྲག་ཞན་དང་། །དགྲ་དང་གཤེད་དང་གྲོགས་དག་གིས། །རང་རང་ལས་ཀྱི་རྣམ་གྲངས་བརྩི། །ཕྱི་རོལ་འབྱུང་བའི་གཟུགས་དག་གིས། །ས་གཞི་ཡང་བྱུང་ཡ་བཞི་བཟུང་སྟེ་རང་རང་བསྟུན། །རང་རང་འབྱུང་བའི་བསྡེབ་ཀ་ཡིས། །ཚེ་དང་དབང་ཐང་དུས་རྣམས་བཟུང་། །ལྟེབ་དང་གཏུགས་ཀྱང་བྱུང་སྐྱེས་དང་ན་དང་འཆི་བ་ནི། །རང་དང་གཞན་དུ་ངེས་པར་སྦྱར། །ཟླ་བ་དགུན་དབྱར་དཔྱིད་སྟོན་དང་། །གསུམ་གྱི་གྲངས་བརྩིས་བཅུ་གཉིས་ལ། །ལོ་སྟོང་ཞག་ལོ་སྟོང་ཞག་ཀྱང་བཅུ་ཕྲག་གསུམ། །ཡང་བྱུང་ཀྱང་འབུམ་ཕྲག་གསུམ། །སྐར་མ་ཡི་ནི་གཉིས་མེད་པས། །ལོ་དང་ཟླ་བ་སྟེང་བརྩེགས་འགྱུར། །ཉིན་དང་མཚན་གྱི་སྒྱུར་བྱེད་ལས། །ཉིན་མཚན་མཉམ་པ་དུས་གཉིས་འགྱུར། །ཚེས་ཞེས་རྣམ་གྲངས་གྲགས་པ་ལས། །ཡར་གྱི་ངོ་ལ་མཚན་མོ་རིང་། །དེ་ནས་བརྒྱ་དང་བརྒྱད་ཅུ་ཡིས། །མར་གྱི་ངོ་ལ་ཉིན་མོ་རིང་། །ཉིན་མཚན་རིང་ཐུང་བྱེད་པ་ཡི། །འབྱུང་བ་ཕོ་མོའི་ཐབས་དབྱེ་ལས། །བཅུ་གཉིས་རིམ་པ་ཉིན་མཚན་ལས། །ལོག་པའི་དུས་ཏེ་མཁས་པས་བཟུང་། །


DNG003_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

ཉིན་མཚན་རིང་དང་ཐུང་བ་ལས། །དགེ་དང་མི་དགེ་དབྱེ་བའོ། །ཉིན་མཚན་འགྲེས་པའི་ཞག་ལ་ཡང་། །ཟླ་བ་ལོ་སྟེ་བྱེར་ཟུག་སྙོམས། །གསུམ་སྟེ་དུས་ནི་བཅུ་གཉིས་སྦྱར། །ཡང་བྱུང་རྟེན་འདྲེལ་དུས་ཏེ་བཅུ་གཉིས་སྦྱར། །ཐམས་ཅད་བཅུ་གཉིས་རིམ་ཤེས་ན། །འཇམ་དཔལ་མཁྱེན་པ་རྫོགས་པའོ། །ཕྱི་རོལ་འབྱུང་བའི་ཆོ་འཕྲུལ་དང་། །ཉིན་མཚན་རིང་ཐུང་རྣམ་གྲངས་ལས། །འབྱུང་བའི་ལོ་རྣམས་དུས་ཚོད་སྦྱར། །ལོ་ནི་སོ་སོའི་འགྲེས་སྦྱར་ཏེ། །མགོ་ལ་རང་དུས་མཉམ་སྦྱར་ནས། །རླུང་དང་འོད་དང་སྒྲ་ཆེན་དང་། །ས་གཡོས་མཉམ་དང་གཟུགས་བརྙན་དང་། །ནམ་མཁའ་དག་གི་ཡལ་ལུགས་ནི། །སོ་སོའི་ཕྱོགས་དང་ངེས་བསྟུན་ནས། །སད་དང་ཆར་ཆེན་ཆར་མེད་དང་། །མུ་གེ་ནད་དང་གདོན་རིགས་དང་། །རྩོད་དང་རི་ཁྲི་གཡོ་བ་ནི། །སོ་སོའི་དུས་དང་རིགས་ལས་ཤེས། །རྒྱལ་པོ་དམངས་དང་དགེ་སྦྱོང་དང་། །བཙུན་མོ་བློན་པོ་པཎྜི་ཏ། །རྒན་དང་གཞོན་དང་ཕྱུགས་རྣམས་དང་། །གཞན་ཡང་བྱོལ་སོང་སོ་སོའི་བྱེ་བྲག་དང་། །སྐྱེས་པ་བུད་མེད་གཟུགས་རྣམས་དང་། །ཤིང་ཐོག་ལོ་ཐོག་རྩི་ཐོག་རྣམས། །ལེགས་དང་ཉེས་དང་བཟང་ངན་རྣམས། །རིམ་པས་རྣལ་འབྱོར་པས་ཤེས་བྱའོ། །དྲིས་ལན་ཞེ་གཉིས་པ། ཨེ་མ་ངོ་མཚར་རྨད་བྱུང་བའི། །འབྱུང་བའི་བདེ་བ་འདི་ལྟ་བུ། །བསྟན་པ་གཞན་དུ་མ་གྲགས་པའི། །ཡང་གསང་བླ་ན་མེད་པ་ཉིད། །ལྟ་བུ་སྐལ་ལྡན་ངོ་ཆེ་བས། །ངོ་མི་ཆོགས་པས་ཁྱོད་ལ་བཤད། །མཆོག་ཏུ་སྐལ་ལྡན་བརྩོན་འགྲུས་ཅན། །འཁོར་བའི་ཡིད་དང་བྲལ་བ་ཡིས། །བླ་མ་མཆོད་དང་བསྟོད་བྱ་སྟེ། །འཇིག་རྟེན་བྱ་བ་ཀུན་སྤངས་ལ། །སོ་སོའི་འབྱུང་བ་དང་བསྟུན་ཏེ། །ཆུ་དང་ས་དང་མེ་དང་རླུང་། །སོ་སོའི་ལུས་དང་ངེས་སྦྱར་ཏེ། །འབྱུང་བ་སོ་སོའི་གོ་རིམ་གྱིས། །དངོས་པོའི་གཟུགས་རྣམས་ངེས་དཔྱད་ལ། །གཟུགས་དང་སྒྲ་དང་དྲི་དང་རོ། །སོ་སོའི་འདོད་པའི་ཡོན་ཏན་ལ། །སྒྲ་ནས་བརྩམས་ཏེ་བསླབ་པར་བྱའོ། །དེ་ཡང་རྣལ་འབྱོར་སྐལ་ལྡན་པས། །དངོས་པོ་སོ་སོའི་ཁ་དོག་དང་། །


DNG003_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིབས་ལ་ལེགས་པར་བརྟགས་དཔྱད་སྟེ། །ཐུན་མོང་མཆོག་གི་བསྒྲུབ་པར་སྦྱར། །དེ་ནས་སོ་སོའི་སྒྲ་ལ་སྦྱར། །སྒྲ་ལ་ངེས་པར་འབྱོངས་པ་ཡིས། །ལྷག་མ་རྣམས་ལ་བརྩམས་པས་འགྲུབ། །དེ་ལྟར་ཕྱི་རོལ་འབྱུང་བ་ལ། །བརྩོན་འགྲུས་རབ་དང་འབྲིང་མཐའ་ཡི། །ཞག་དང་ཟླ་བ་ལོ་རྣམས་ཀྱིས། །སོ་སོའི་ཚད་ལ་རྟགས་ཀྱིས་འགྲུབ། །འདི་ལྟར་སུ་ཡི་འགྲུབ་པ་ལ། །སྤྲུལ་པའི་སྐུ་དང་ལོངས་སྐུ་དང་། །ཆོས་སྐུ་ངོ་བོ་ཉིད་ཀྱི་སྐུ། །མཆོག་ཏུ་སྐུ་ཡི་འབྲས་བུར་སྦྱོར། །གཅིག་ནི་མ་ནིང་སྟོང་ཕྱིར་རོ། །སྒྲ་ལ་སོགས་པའི་དབྱེ་བ་ནི། །གནས་འཇུག་འབྱུང་དང་བཟློག་དུས་ཀྱི། །སོ་སོའི་བྱེ་བྲག་ལ་བརྟེན་ནས། །ཐུན་མོང་ལས་ཀྱི་སྦྱོར་ཀ་ནི། །མཁའ་འགྲོ་མ་དང་རིགས་དྲུག་དང་། །འབྱུང་བ་སོ་སོའི་སྐད་རྣམས་ལ། །བརྟེན་ནས་མངོན་པར་ཤེས་པ་འགྲུབ། །ཟས་གོས་འབྲལ་དང་འབྱུང་བ་ལ། །སྒྲ་དང་བྲལ་ནས་དབང་བསྐུར་རོ། །ལུས་ཀྱི་འབྱུང་བ་ཟད་པ་དང་། །མར་མེའི་གྲིབ་མ་བཞིན་དུ་འགྱུར། །རྒ་ཤིའི་སྡུག་བསྔལ་ཉེར་བྲལ་ནས། །ཉི་ཟླ་དག་དང་མཉམ་པར་འགྱུར། །ཕྱི་ནང་དབུགས་ནི་རྒྱུན་བཅད་ནས། །རྣམ་པར་རྟོག་པ་ཐམས་ཅད་འགགས། །མི་རྟོག་བསམ་གཏན་ལ་བརྟེན་ནས། །ཆོས་ཀྱི་དབྱིངས་དང་ཉེ་བར་སྦྱོར། །འཇིག་རྟེན་ཐུན་མོང་ལུས་བཟུང་ནས། །འདི་ཉིད་ཟད་ནས་ཁམས་གསུམ་དུ། །ལྡོག་པ་དེ་ནི་མ་ཡིན་ནོ། །དྲིས་ལན་ཞེ་གསུམ་པ། སྤོ་བའི་ལས་ནི་རྣམ་པ་གཉིས། །དངོས་པོ་ཉིད་དང་སྟོང་པའོ། །དངོས་པོ་གཟུགས་ཀྱིས་བསྡུས་པ་སྟེ། །དེ་ལྟར་འབྱུང་བ་ལ་འབྱོངས་ན། །རླུང་ལ་གོམས་པ་བརྟན་བྱས་ནས། །དངོས་པོའི་གཟུགས་ཅན་གང་རུང་ལ། །ཤེས་པ་བཅུག་པས་འགུལ་བར་ནུས། །དེ་ནི་དངོས་པོར་སྤོ་བ་ཙམ། །སྟོང་པ་སེམས་ཀྱི་གོམས་པ་གཙོ། །ཆོས་ཀྱི་དབྱིངས་དང་ཆོས་ཀྱི་སྐུ། །གཉིས་མེད་སྦྱོར་བས་སྟོང་པར་ཤེས། །སྟོང་ཉིད་གསལ་བའི་རང་བཞིན་ལ། །སེམས་ཀྱང་དེ་ཡི་ངང་ལའོ། །རྟེན་འདྲེལ་ཆོ་ག་རྫོགས་པ་ཡིས། །གནད་ཀྱི་སྤོ་ལ་གཏང་


DNG003_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་དང་། །སྐད་ཀྱི་བརྗོད་པ་ལས་ཤེས་བྱ། །སོ་སོའི་འབྱུང་འདུས་འཕྲད་པ་ཡིས། །མཐོང་བ་ཙམ་གྱིས་འཕོ་བར་བྱའོ། །གལ་ཏེ་བྱོལ་སོང་གཟུགས་མཐོང་ན། །རླུང་དང་སྦྱར་ཏེ་མཁས་པས་སོ། །འོན་ཏེ་དངོས་གྲུབ་ལ་ཐུག་ན། །མི་སྣང་གཟུགས་ཀྱིས་ལུས་ཀུན་འགྲུབ། །དངོས་པོ་ཆགས་པའི་རྫས་མཐོང་ན། །བླ་མ་མཆོད་ཕྱིར་སྤོ་བས་བླང་། །གཞན་དུ་བྱ་བ་མ་ཡིན་ནོ། །དེ་བཞིན་གཞོན་པའི་གཟུགས་ལ་སོགས། །བླ་མ་དཔའ་བོས་བཀའ་སྩལ་ན། །རླུང་ལ་གོམས་པས་འདི་ཡང་བླང་། །འཇུག་པའི་སེམས་དང་ལྡན་པ་ཡིས། །རྣལ་འབྱོར་པས་ནི་སྤོ་བར་བྱའོ། །དྲིས་ལན་ཞེ་བཞི་པ། སྤོ་འདོད་རྣལ་འབྱོར་སྐལ་ཆེ་བས། །རིགས་བཅས་སེམས་ཀྱི་བསྡུས་པ་ལ། །གཟུགས་སུ་སྣང་བའི་སྲོག་ཅན་ལ། །ནང་མཐུན་ལས་ཀྱི་འགྱུར་དག་གིས། །རང་གི་ནད་སོགས་གཞན་ལ་སྤོ། །དེ་ལྟར་སྤོས་པས་དངོས་ལས་གྲོལ། །གཞན་ནི་རྟེན་འདྲེལ་སྦྱོར་བ་གསུང་། །བེམ་པོའི་འབྱུང་བ་བཞི་དག་ལས། །དངོས་པོ་འགྱུར་བའི་རྟེན་འདྲེལ་གྱིས། །གྲངས་དང་བརྡའ་དང་སྐད་དག་གིས། །དམིགས་པ་བསྒྱུར་ཏེ་ནད་སོགས་སྤོ། །ཤིང་བུ་རྡེའུ་གསེག་མ་དང་། །རྩྭ་དང་མགལ་དུམ་གྱོ་མོ་སོགས། །དེ་བཞིན་ཆུ་ས་ནམ་མཁས་ཀྱང་། །ངེས་པར་བཟུང་སྟེ་སྤོ་བའི་ལས། །རྣལ་འབྱོར་སེམས་ཀྱི་སྟོབས་ཀྱིས་བསྒྱུར། །དེ་ཡི་རྟགས་ཚད་མཁས་པས་བརྟགས། །གཞགས་ནི་བཅག་དང་བསྒྱུར་བ་དང་། །བསླང་དང་བསྙལ་དང་བསྲང་བ་དང་། །སྤོ་དང་སྤར་དང་བོར་བ་དང་། །བཟུང་དང་ཕྱི་དང་བརྡུག་པ་ཡིས། །སྒྲུབ་པ་པོས་ནི་རབ་ཤེས་བྱ། །འགུགས་པའི་ཕྱག་རྒྱ་ལྡན་པ་ཡིས། །སེར་སྣས་བཅིངས་པའི་ཟས་ནོར་ལ། །བླ་མ་མཆོད་ཕྱིར་སྤོ་བས་བླང་། །འདི་ཉིད་སེམས་ལ་དམིགས་གསལ་ན། །ཁབ་ལེན་རྡོ་ལ་ལྕགས་འདུ་ལྟར། །ངེས་པར་ལེན་པར་བྱེད་པའོ། །གལ་ཏེ་འཇིག་རྟེན་རང་འདོད་ཕྱིར། །བརྩམས་ཀྱང་འགྲུབ་པ་མ་ཡིན་ནོ། །དྲིས་ལན་ཞེ་ལྔ་པ། རྒྱུད་གཞན་ཀུན་ལས་མ་བཤད་པའི། །འབྱུང་བའི་གནད་རྣམས་


DNG003_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

དྲང་དང་བཟློག །ཟབ་མོ་ངེས་པར་བཤད་ཀྱིས་ཉོན། །རླུང་དང་མཁྲིས་པ་བད་ཀན་དང་། །གཉིས་འདུས་པ་དང་གསུམ་འདུས་པ། །དེ་ཡི་ཕྱེད་དང་ཆ་བཅུ་གཉིས། །རིམ་པ་དུས་དང་ངེས་སྦྱར་ནས། །རྒྱུ་གཉིས་དག་ལ་རྐྱེན་བརྒྱད་ནི། །ཚ་དང་གྲང་བ་ངོས་བཟུང་སྟེ། །ཕྱི་ནང་ཡུལ་གཉིས་ཟུང་སྦྱར་ལ། །ལུས་དང་ཡན་ལག་མཁས་པས་དབྱེ། །སྟོད་སྨད་བར་གྱི་གནས་སྦྱར་ཏེ། །གནས་གསུམ་ལྡན་པས་ནད་རྣམས་གདོན། །ལུས་ཀྱིས་འཁྲུལ་འཁོར་སྣ་ཚོགས་དང་། །བཅུད་ཀྱིས་གཅུན་པའི་ལས་མཐའ་ཡིས། །འབྱུང་བའི་ནད་ཀུན་ཕྱིར་ལ་དྲངས། །ལུས་དང་ཡན་ལག་ཕྱི་ནང་གིས། །ངེས་པར་སྦྱར་ཏེ་སེམས་ལྡོག་བྱའོ། །ངག་གིས་སྒྲ་སྐད་སྣ་ཚོགས་དང་། །ཡི་གེའི་བརྡའ་སྦྱོར་སྣ་ཚོགས་དང་། །གནས་དང་བརྗོད་མེད་དོན་གྱིས་བྱའོ། །སེམས་ནི་ས་ཆུ་མེ་རླུང་དང་། །དམིགས་པ་སྣ་ཚོགས་ནད་དང་སྦྱར། །བཟློག་པ་དབང་པོའི་གནད་ཀྱིས་སོ། །སོ་སོའི་གྲངས་དང་ཚད་ཀྱིས་ནི། །ངེས་པར་རྟགས་ཚད་གྲོལ་མཚམས་ཀྱི། །དུས་ཚོད་ངེས་པར་ཤེས་པ་ཡིས། །རང་ལུས་ནད་ལས་གྲོལ་བ་དང་། །གཞན་ལུས་རྟེན་འདྲེལ་སྦྱོར་བ་ཤེས། །འདི་ལྟར་བྱས་པས་དོན་འགྲུབ་པའོ། །དྲིས་ལན་ཞེ་དྲུག་པའོ། །གྲུབ་མཐའི་དགོངས་པ་རྣམ་གཉིས་ཏེ། །འཇིག་རྟེན་ལམ་འཇུག་དགོངས་པ་དང་། །དམ་པ་དོན་གྱི་དགོངས་པའོ། །སོ་སོའི་གཞི་དང་དབང་པོ་ཡིས། །འཇིག་རྟེན་པ་དང་འདས་པ་ཡི། །ཐེག་པ་དག་ནི་གཉིས་སུ་འདོད། །གཞི་ནི་འཇིག་རྟེན་པ་ཡིན་ཏེ། །འདི་ལས་འདོད་པ་གཉིས་ཡིན་ནོ། །འདས་པ་རྒྱུ་དང་འབྲས་བུ་ལས། །རྒྱུ་ལ་གསུམ་ལ་འབྲས་བུར་གཉིས། །གཉིས་པོ་ལས་ཕྱེ་དྲུག་ཏུ་འགྱུར། །འདི་ལྟར་དབང་པོའི་རིམ་པས་སོ། །དེ་ལྟར་དགུ་ལ་བརྟེན་ནས་ནི། །ཁམས་གསུམ་པོ་ཡང་ཡང་དག་གི། །ལམ་དུ་འཇུག་པར་བྱེད་པའོ། །དམ་པའི་དོན་ནི་བློ་བྲལ་ནས། །དབང་པོ་ཅིག་ཆར་རང་གྲོལ་བས། །མངོན་སུམ་མཐོང་བའི་གནད་ཀྱིས་ནི། །རང་གི་གྲུབ་པའི་མཐའ་ཞིག་ནས། །གང་ལ་ཞེན་དང་འཛིན་མེད་པར། །ཡང་དག་ཆོས་ཉིད་


DNG003_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

རོ་མྱངས་ནས། །ཁམས་གསུམ་འཁོར་བའི་རྟེན་མེད་པར། །མཁའ་ལ་མཁའ་ཉིད་ཐིམ་པ་ལྟར། །རྣལ་འབྱོར་མཆོག་ཀྱང་དེ་བཞིན་ནོ། །དྲིས་ལན་ཞེ་བདུན་པ། མཐར་ཐུག་པ་ཡི་དགོངས་པ་ནི། །བསྐྱེད་པའི་མཐའ་ནི་ལུས་ཡིན་ཏེ། །དེ་ཉིད་ལྷ་དང་ཟུང་འཇུག་པས། །དངོས་པོ་ཟད་པ་ཉིད་ལ་ཐུག །རྫོགས་པའི་རིམ་པ་ཉིད་ཀྱི་མཐའ། །འགྱུ་ཞིང་འཛིན་པར་བྱེད་པས་ན། །རླུང་དང་ཤེས་པ་ཟུང་འཇུག་པའོ། །སྣང་བ་ཟད་པ་ཉིད་ལ་ཐུག །གྲུབ་པའི་མཐའ་ཡི་བརྗོད་བྱ་ལ། །རང་གཞན་འདོད་པ་ཟུང་འཇུག་པས། །རང་ངོ་ཤེས་པ་ཉིད་ལ་ཐུག །ཕྱག་རྒྱ་ཆེན་པོ་ཉིད་ཀྱི་མཐའ། །བསྒྱུར་བ་བདེ་བ་དག་ཡིན་ཏེ། །བདེ་དང་སྟོང་པ་ཟུང་འཇུག་པས། །ཡིད་ལ་བྱེད་པ་མེད་ལ་ཐུག །རང་བཞིན་རྫོགས་པ་ཆེན་པོའི་མཐའ། །ཆོས་རྣམས་རང་སར་བཞག་པ་སྟེ། །སྣང་ཤེས་ཆོས་ཉིད་ཟུང་འཇུག་པས། །ཡེ་གྲོལ་ཅོག་བཞག་ཉིད་ལ་ཐུག །དགོངས་པ་བློ་ལས་འདས་པ་དང་། །མཚན་བཅས་རང་སར་དག་པ་དང་། །སྟོང་དང་དངོས་པོའི་མཐའ་གྲོལ་དང་། །འགྱུ་ཟད་རྟོག་པ་མེད་པ་དང་། །བློ་ཟད་ཡིད་ལས་འདས་པའོ། །དྲིས་ལན་ཞེ་བརྒྱད་པ། ཨེ་མ་གསང་སྔགས་མཐར་ཐུག་པའི། །བསྒྲུབ་པའི་རིམ་པ་གྲངས་མང་ཡང་། །གཙོ་བོས་རྣམ་པར་ཕྱེ་བ་ཡི། །ཐབས་དང་ཤེས་རབ་མཆོག་ཏུ་ཟབ། །དེ་ཉིད་ལས་ནི་ཉེར་བསྡུས་པ། །རེ་ཞིག་ཤེས་རབ་རྣམ་པར་བཤད། །བྱིན་རླབས་སྟོན་པ་རྣལ་འབྱོར་མ། །འདི་ལས་བསྒྲུབ་པ་བདུན་དུ་འགྱུར། །བསྙེན་པ་བསྒྲུབ་པ་ལས་ཀྱི་མཐའ། །སོ་སོའི་སྔགས་རབ་མཆོག་ཏུ་ཟབ། །ཅི་ལྟར་ཡི་གེའི་སྦྱོར་འདྲེལ་གྱིས། །སོ་སོའི་རྩ་བའི་སྔགས་བཟུང་ལ། །སྒྲུབ་པ་པོས་ནི་བཟླས་པ་བརྩམ། །སྐྱེད་པར་བྱེད་པའི་གསལ་བྱེད་ལས། །སོ་སོའི་ཁ་དོག་གིས་ཕྱི་ནས། །ཆོ་གའི་ཡན་ལག་ཀུན་རྫོགས་ཏེ། །བཅོམ་ལྡན་འདས་མའི་གཟུགས་སུ་ལྡང་། །ཡེ་ཤེས་དབང་བསྐུར་གྱིས་བརྒྱན་ཏེ། །དངོས་གྲུབ་འདོད་པས་རྟག་ཏུ་བསྒོམ། །ཨཱ་ལི་ཀཱ་ལིའི་ཕྲེང་བ་ལ། །དམིགས་ཏེ་རྣལ་འབྱོར་བློ་གནས་བྱའོ། །རྒྱས་གདབ་སེམས་ལ་རྫོགས་པ་བརྟེན། །སླར་གསོ་ཡེ་ཤེས་ལུས་ཀྱིས་ནི། །ཡང་ནས་ཡང་དུ་གོམས་


DNG003_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་ན། །དྲུག་དང་བདུན་དང་དགུ་སྟེ་གཅིག །གཉིས་དང་གསུམ་དང་ལྔ་ཡིས་ནི། །གདོན་མི་ཟ་བར་འགྲུབ་པའོ། །དངོས་གྲུབ་སྟོན་པའི་འོད་ཟེར་ཅན། །འདི་ལ་བསྒྲུབ་པ་གསུམ་དུ་འགྱུར། །གསལ་བྱེད་ཕྲེང་བ་ནང་སྡེབས་ཀྱིས། །འདི་ཡིས་སོ་སོའི་སྔགས་ཀྱང་ཤེས། །དེ་ལ་བསྙེན་བསྒྲུབ་སྔར་དང་མཚུངས། །ཡན་ལག་འདུས་པའི་ཆོ་ག་ལས། །ལྷ་མོའི་མདོག་དང་ཞལ་ཕྱག་ནི། །གསལ་བར་རྣལ་འབྱོར་ལུས་གནས་ཏེ། །ཐུགས་ཀྱི་འོད་ཀྱི་ཕྲེང་བ་ལས། །དམིགས་པ་ཅི་འདོད་གསོལ་བ་གདབ། །སེམས་ནི་ཡི་གེ་རབ་གསལ་ཏེ། །ཟུང་འཇུག་རྫོགས་པ་ཆེན་པོར་བཞག །དེ་ལྟར་རྟག་ཏུ་བསྒོམ་པ་འམ། །ཡང་ན་ཐུན་དྲུག་རྒྱུན་བརྟེན་ན། །དགུ་དང་བདུན་དང་ལྔ་ཡིས་ནི། །ངེས་པར་འགྲུབ་པར་གདོན་མི་ཟའོ། །ལས་རྣམས་སྟོན་པ་ཙན་ཏི་ཀ །འདི་ཉིད་ལ་ཡང་སྒྲུབ་པ་གསུམ། །དབྱིངས་ཀྱི་ཡི་གེ་འཕྲུལ་སྡེབས་ཀྱིས། །འདི་རྣམས་སྔགས་ཀྱང་ཤེས་བྱས་ལ། །ཆོ་ག་ལྡན་པའི་རྣལ་འབྱོར་པས། །རང་སེམས་དག་པ་གནས་བསམས་ཏེ། །ལྷ་མོའི་གཟུགས་ཀྱི་མདོག་གསུམ་ལ། །ཡི་གེ་གཞུག་པའི་སྦྱོར་བ་ཡིས། །མི་མཐུན་མཚན་ཉིད་བསལ་བ་ལ། །ལས་ནི་སོ་སོའི་ཁྲོ་མོ་བསྒོམ། །ལས་རྫོགས་ནས་ནི་སྟོང་པ་ཡི། །སེམས་ཀྱི་རྣལ་འབྱོར་རྫོགས་པའོ། །དེ་ལྟར་རྟག་ཏུ་བསྒོམས་པ་ཡིས། །གཅིག་དང་གཉིས་དང་གསུམ་གྱིས་ནི། །འདོད་པའི་དོན་ཀུན་འགྲུབ་པའོ། །ཐབས་ཀྱི་སྒྲུབ་པ་ཟབ་མོ་ཉིད། །མདོར་བསྡུས་པས་ནི་བཤད་པར་བྱའོ། །ལས་ཀྱི་མཐར་ཐུག་གཤིན་རྗེའི་གཤེད། །འདི་ལ་སྒྲུབ་པ་གཉིས་ཡོད་དེ། །ཨཱ་ལི་ཀཱ་ལི་མཉམ་སྦྱར་བས། །དེ་ཡི་སྔགས་ཀྱང་ཤེས་པར་བྱ། །འཁོར་ལོའི་ལས་རྣམས་རྫོགས་བྱས་ཏེ། །ཆོ་གའི་དགོངས་པ་ཚང་བ་ལས། །ཅི་ལྟར་མོས་པའི་ཡི་གེ་ནི། །ཁ་དོག་ངེས་པར་བསམ་བྱས་ཏེ། །གཤིན་རྗེའི་གཤེད་ཀྱི་རྣལ་འབྱོར་བྱའོ། །གཅིག་ལ་ལས་ཀྱི་མཐའ་བསྒྱུར་ཏེ། །ཅི་ལྟར་འདོད་པའི་མོས་པས་བསྟེན། །གཅིག་ནི་ཡི་གེ་རྫོགས་


DNG003_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ། །རྣལ་འབྱོར་པ་ཡི་སེམས་གནས་བྱའོ། །ནུས་པའི་མཐར་ཐུག་མི་གཡོ་མགོན། །འདི་ལ་སྒྲུབ་པ་གསུམ་ཡོད་དེ། །ཨཱ་ལི་ཀཱ་ལི་སོ་སོའི་འདྲེལ། །དེ་རྣམས་སྔགས་ནི་ཤེས་པར་བྱ། །བསྲུང་བའི་དམ་ཚིག་ལྔ་པོ་ལ། །ཆོ་ག་རྣམས་ནི་རྫོགས་བྱས་ཏེ། །ཁྲོ་རྒྱལ་མི་གཡོ་མགོན་པོའི་སྐུ། །དད་པས་ངེས་པར་རང་ལུས་བསམ། །ལྕགས་ཀྱུ་ཡི་ནི་འོད་ཟེར་གྱིས། །དགུག་དང་བསད་དང་བསྐྲད་ཀྱང་བཅིངས་པའི་ལས། །རང་གིས་ཅི་ལྟར་འདོད་པ་སྤྲོ། །རྫོགས་པའི་བྱང་ཆུབ་དོན་དུ་བསྔོ། །འདི་ལྟར་བསྒྲུབ་པ་ཟབ་མོ་ཉིད། །གཤིན་རྗེའི་གཤེད་ནི་འབུམ་ཕྲག་གསུམ། །གཉིས་དང་ལྔས་ནི་རྣལ་འབྱོར་རྫོགས། །མི་གཡོ་འབུམ་ཕྲག་གཅིག་དང་ནི། །དེ་བཞིན་གཉིས་དང་གསུམ་གྱིས་འགྲུབ། །ཟབ་མོའི་དོན་གྱི་བསྒྲུབ་པ་གཉིས། །མདོར་བསྡུས་ངེས་པར་དྲིལ་བ་ཡིན། །འདི་ལ་ཐེ་ཚོམ་སུས་ཟ་བ། །སངས་རྒྱས་ཉིད་ཀྱི་བཀའ་བཅག་གོ། །དེ་ཕྱིར་ངེས་པར་འགྲུབ་པའོ། །དྲིས་ལན་ཞེ་དགུ་པ། གནས་ལུགས་འདུག་ཚུལ་འདི་ལྟ་བུ། །བཤད་ན་ཉན་ཐོས་རང་སངས་རྒྱས། །རབ་ཏུ་སྐྲག་སྟེ་བརྒྱལ་བར་འགྱུར། །དེས་ན་མཆོག་ཏུ་གསང་བར་བྱའོ། །བརྟག་པ་མེད་པའི་ཆོས་རྣམས་ནི། །བྱུང་བ་མེད་པའི་གཞི་ཞེས་བྱ། །དེ་ལ་གནས་པ་མེད་པའི་ཕྱིར། །དངོས་དང་སྟོང་པ་གང་མི་གནས། །གསལ་དང་མུན་པ་སྲིད་འབྱུང་མིན། །འགྲོ་འོང་སྲིད་མཐའ་མེད་ཕྱིར་རོ། །འབད་ཅིང་རྩོལ་བས་མ་བཅིངས་པས། །ཟང་མ་ཉིད་དང་ཐལ་བྱུང་ངོ་། །རྒྱ་ཆད་ཕྱོགས་ལྷུང་མེད་པའི་ཕྱིར། །དགེ་དང་སྡིག་པའང་འགྲུབ་པ་མེད། །དགེ་སྡིག་གཉིས་ཀ་སེལ་ཕྱིར་རོ། །འཁོར་དང་འདས་པ་མི་གནས་པས། །ཆོས་ཉིད་སྟོང་པ་ཀུན་ཁྱབ་ཕྱིར། །ཡེ་ཤེས་རང་ངོར་གནས་པ་ལས། །གསུམ་གྱི་ཚུལ་དུ་དབྱེར་མེད་དོ། །དྲིས་ལན་ལྔ་བཅུ་པ། འདི་ལྟར་གཞན་དུ་མ་བཤད་པའི། །འཁྲུལ་པའི་རྩིས་སྦྱོར་ངོ་མཚར་ཅན། །ང་ཡིས་བཤད་ཀྱིས་ལེགས་པར་ཉོན། །རྩ་བ་ཡི་ནི་རྟེན་འདྲེལ་ལས། །སོ་སོའི་ལུས་ཀྱི་འབྱུང་བ་དང་། །རྟེན་འདྲེལ་འཁོར་ལོའི་འདྲེལ་སོ་ཡིས། །འཁྲུལ་པའི་དུས་ཚོད་ངེས་བཟུང་སྟེ། །རགས་པར་གནས་པའི་དུས་དག་ལས། །རྣལ་འབྱོར་སེམས་ཀྱི་འཁྲུལ་


DNG003_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

ངོས་བཟུང་། །འཁྲུལ་དུས་གནས་དུས་བཟློག་པའི་དུས། །བྱེ་བྲག་གསུམ་ལས་བཅུ་གཉིས་ཚད། །མཐའ་ལྡན་ཚད་ཀྱི་འཁྲུལ་འཁོར་གྱིས། །རེ་མིག་རྣམས་ནི་མཁས་པས་བཟུང་། །དུས་དང་གྲངས་དང་ཉེར་ལེན་གྱིས། །ཕུང་པོ་ཁམས་ལ་སོགས་པར་སྦྱར། །ལྡོག་པར་བྱེད་པའི་གནད་ཀྱིས་ཀྱང་། །ལུས་ཅན་སོ་སོའི་འཁྲུལ་པ་བཟློག །དྲིས་ལན་ང་གཅིག་པ། ཤེས་བྱ་རང་གི་མཚན་ཉིད་ལ། །སྤྱི་དང་བྱེ་བྲག་འགྱུར་ཤེས་ཀྱིས། །སོ་སོའི་འདོད་པ་ཐ་དད་ཀྱང་། འཇིག་རྟེན་ཡིད་སྤྱོད་བལྟ་བ་ཡི། །སྤྲོས་པ་ལ་དགའི་བློ་རྣམས་ཀྱིས། །རེ་ཞིག་ཚིག་དང་བཅས་པ་སྤྱོད། །ལུགས་སུ་ཁྱད་པར་སྡེབས་གཉིས་ཀྱི། །འདུ་ཤེས་ཅན་དག་མཐའ་ལ་འཇོག །མངོན་སུམ་གནད་ཀྱི་མན་ངག་གིས། །འཁོར་འདས་འབྱེད་པའི་སྤྲོས་པ་གཅོད། །བསྒོམ་པ་གནད་ཀྱི་འཁོར་ལོ་ཡིས། །རླུང་སེམས་འདྲེལ་པའི་སྤྲོས་པ་གཅོད། །ཤེས་འཇུག་ལམ་གྱི་རིམ་པ་ཡིས། །ཐེ་ཚོམ་འཁྲུལ་པའི་བློ་རྣམས་གཅོད། །དྲིས་ལན་ང་གཉིས་པ། བླ་མ་རྡོ་རྗེ་འཆང་ཆེན་གྱིས། །རིམ་པ་རྣམ་པར་བཤད་པར་བྱའོ། །མཚན་ཉིད་རྫོགས་པའི་བླ་མ་ནི། །ཡོན་ཏན་ཀུན་གྱི་འབྱུང་ཁུངས་ཤིང་། །རྫོགས་པའི་བྱང་ཆུབ་གཞི་འཛིན་པའོ། །རྩ་བ་ཡན་ལག་བླ་མ་གཉིས། །སོ་སོའི་མཚན་ཉིད་ཚང་བ་ལ། །རྒྱལ་སྲིད་དང་ནི་རང་གི་ལུས། །འཁོར་དང་ལོངས་སྤྱོད་རྣམས་ཀྱིས་བསྟེན། །ལུས་ངག་སྤྱོད་པས་མཉེས་པ་ཡི། །བླ་མ་སངས་རྒྱས་མཉམ་སྦྱོར་བསྟེན། །དད་དང་ཤེས་རབ་ལྡན་པ་དང་། །མོས་ཤིང་འཁྲུལ་པ་མེད་པ་དང་། །བརྗོད་བྱ་རྣམས་ནི་འཁྲུལ་ནོར་མེད། །དབང་པོ་གསལ་བས་བླ་མ་བསྟེན། །བསྟེན་པ་དེ་ལས་ཡོན་ཏན་ནི། །དཔག་བསམ་ཤིང་དང་ཡིད་བཞིན་ནོར། །འདོད་འཇོའི་བ་དང་འདྲ་བ་ཡི། །ཡོན་ཏན་དཔག་ཏུ་མེད་པ་འཐོབ། །དེ་ལ་དམིགས་ཏེ་བླ་མ་བསྟེན། །འཁོར་བའི་གཡུལ་ལས་བཟློག་ཕྱིར་རོ། །དྲིས་ལན་ང་གསུམ་པ། ཕྱི་རོལ་འབྱུང་རྟགས་སྲ་བ་དང་། །ཚ་ཞིང་བསྲེག་དང་སྡུད་ཅིང་བརླན། །ཡང་ཞིང་འབྱེད་དང་ཁྱབ་པ་ཉིད། །འབྱུང་བའི་བསླབ་བྱའི་དུམ་བུ་ཡི། །རྣལ་


DNG003_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་པ་ཡི་ལུས་ངག་གིས། །འདི་དག་རྣམས་ཀྱང་འཛིན་པ་སྟེ། །བཅུ་གཉིས་ལོ་ཡི་དུས་ངེས་དང་། །རང་དང་མཐུན་པར་ལེགས་སྦྱར་ཏེ། །སོ་སོའི་དུས་ཀྱི་དང་པོ་ལ། །སྒྲ་དང་གདམས་ངག་སྨྲ་དང་གཏམ་ངན་ཡང་བྱུང་ལ་སོགས་ཏེ། །དམིགས་ཀྱི་ཆོ་འཕྲུལ་བཅུ་གཉིས་ལས། །ལྷ་རྣམས་ཀྱིས་ནི་འཇིག་རྟེན་ལྷ། །སྐྱོང་བར་བྱེད་པ་བཅུ་གཅིག་ལ། །ཐན་དུ་ངེས་པར་དམིགས་བྱས་ཏེ། །འཛམ་བུ་གླིང་དུ་སྣང་བར་བྱེད། །ནམ་མཁའ་དག་གི་ཡལ་ལུགས་ཀྱིས། །ཆོ་འཕྲུལ་གྱིས་ཀྱང་ངེས་པར་དབྱེ། །འཛམ་གླིང་རང་སའི་ཕྱོགས་བཟུང་སྟེ། །ཤར་ལ་སོགས་པའི་རྒྱལ་པོ་དང་། །མི་ཆེན་དམངས་ལ་སོགས་པ་ལ། །དགེ་དང་མི་དགེ་ངེས་པར་སྟོན། །དེ་བཞིན་རྒྱལ་ཁམས་ལེགས་ཉེས་དང་། །དགེ་དང་མི་དགེ་མཁས་པས་བརྟགས། །འདི་ནི་དངོས་པོའི་གྲུབ་པ་བརྙེས། །འཇིག་རྟེན་མངོན་ཤེས་ངེས་འགྲུབ་པོ། །དྲིས་ལན་ང་བཞི་པ། དུས་ནི་ལས་འཕྲོ་སད་པ་དང་། །འབྱུང་བའི་འགྱུར་དང་སེམས་ཀྱི་གནད། །འཁྲུལ་པ་དག་པས་རང་དུས་རྙེད། །དེ་ཡི་བཟློག་པའི་དུས་ཡིན་ནོ། །བསྟན་པའི་ཐབ་ནི་སྟོང་པ་དང་། །སྟོང་པ་ཉིད་དང་མཐར་བྱེད་དེ། །ལྷག་མ་གང་ཟག་སོ་སོའི་དུས། །གོང་དུ་བསྟན་པ་ཉིད་དང་མཚུངས། །དྲིས་ལན་ང་ལྔ་པ། ཨེ་མ་ལྷ་བདག་དབང་ཕྱུག་ཉིད། །དད་ལྡན་སྐལ་པ་ཆེན་པོ་ཉོན། །རྒྱུད་གཞན་དག་ཏུ་སྦས་པ་ཡི། །སུས་ཀྱང་ཤེས་པ་མེད་པ་ཡི། །དབང་བསྐུར་བ་ཡི་ཆོ་ག་བཤད། །ཕྱི་དང་ནང་དང་གསང་བ་དང་། །གསང་བ་ཡོངས་སུ་རྫོགས་པའོ། །སྡེབས་ནི་རྣམ་པ་བཞི་དག་གིས། །འགྲོ་བའི་ལུས་ངག་ཡིད་སེམས་བཞི། །རྣམ་པར་དག་པར་བྱ་བའི་ཕྱིར། །དབང་ནི་རྣམ་པ་བཞི་ཡིས་ཀྱང་། །སྐལ་བར་ལྡན་པ་སྨིན་པར་བྱའོ། །སྤྲོས་བཅས་ཉིད་དང་སྤྲོས་མེད་དང་། །ཤིན་ཏུ་སྤྲོས་པ་མེད་པ་དང་། །དེ་བཞིན་རབ་ཏུ་སྤྲོས་པ་མེད། །དབྱེ་བ་བཞི་ཡི་ཚུལ་གྱིས་ནི། །དད་ལྡན་རང་རྒྱུད་སྨིན་པར་བྱེད། །སྤྲོས་པ་ཅན་གྱི་དོན་དུ་ཡང་། །བསྙེན་པ་བསྒྲུབ་པ་ཉེ་བར་བསྙེན། །


DNG003_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་ཚང་བའི་བླ་མས་བྱ། །གཞན་ཡང་ས་ཡི་ཆོ་ག་དང་། །སྟ་གོན་ཐིག་དང་ཚོན་དགྱེ་དང་། །རྒྱུད་ལས་འབྱུང་བའི་དཀྱིལ་འཁོར་བཞེངས། །དེ་ནས་དབང་བསྐུར་ཆོ་ག་ཡང་། །ཉན་ཐོས་ཐེག་པ་ནས་བརྩམས་ཏེ། །རིམ་པ་བརྒྱད་པོ་རྫོགས་བྱས་ནས། །རྫོགས་ཆེན་རིག་པ་རྩལ་དབང་བསྐུར། །དེ་དག་སོ་སོའི་དགོངས་པ་དང་། །འཇུག་ཅིང་ནུས་པའི་ཁྱད་པར་བཤད། །སྤྲོས་མེད་དད་ལྡན་འཇུག་སྨིན་ཕྱིར། །སྤྲོས་པ་མེད་པའི་དབང་མཆོག་ནི། །མཎྜལ་བུམ་པ་ལ་བརྟེན་ནས། །ཚིགས་སུ་བཅད་པའི་དབང་སྦྱིན་བྱ། །ཤིན་ཏུ་སྤྲོས་པ་མེད་པ་ལ། །འཁོར་འདས་རུ་ཤན་འོག་བཞིན་དབྱེ། །དེ་ཚེ་ནམ་མཁའི་མཚན་ཉིད་ལས། །ལུས་ངག་ཡིད་ཀྱི་སྒྲིབ་པ་སྤང་། །མཚན་ཉིད་ཀྱིས་ནི་ངེས་པར་བརྟགས། །གལ་ཏེ་སྤྱོད་པ་མ་དག་ན། །རང་རང་མཐུན་པའི་དགེ་བས་སྦྱང་། །དབང་ནི་བརྡ་ལ་བརྟེན་པ་ཡིས། །རང་རིག་གསལ་བའི་རང་ངོ་འཕྲོད། །བརྡ་འགྲོལ་མན་ངག་མཁས་པས་བྱ། །རབ་ཏུ་སྤྲོས་པ་མེད་པ་ལ། །སེམས་ཀྱི་དཀྱིལ་འཁོར་སྒོ་ཕྱེ་ལ། །ལུས་ཀྱི་འདུག་སྟངས་ངེས་པར་བརྩམ། །དེ་ལ་གོམས་ཏེ་གཟིགས་སྟངས་སྦྱར། །མངོན་སུམ་རིག་པ་ལུང་གི་བརྡའོ། །དྲིས་ལན་ང་དྲུག་པ། རྟོག་མེད་སེམས་དཔའ་ལྷ་ཡི་བུ། །དགའ་བྱེད་དབང་ཕྱུག་མགུ་བྱའི་ཕྱིར། །དབང་བརྟེན་པ་ཡི་དམ་ཚིག་བཤད། །བྱེ་བྲག་བརྗོད་ཀྱིས་མི་ལངས་ཀྱང་། །མདོར་བསྡུས་སྐུ་དང་གསུང་དང་ཐུགས། །རྣལ་འབྱོར་ལུས་ངག་ཡིད་ལ་སྦྱར། །དམིགས་པ་བླ་མ་རྡོ་རྗེ་མཆེད། །བསྲུང་བའི་ཡུལ་གྱི་རྣམ་པར་དབྱེ། །སྡོམ་པ་ལུས་དང་ངག་ཏུ་འདུས། །རྡོ་རྗེ་གསང་བའི་གནས་གཟུང་བྱའོ། །དྲིས་ལན་ང་བདུན་པ། ཡང་ནི་ལྷ་དབང་དགའ་བྱེད་ཉོན། །ཚིག་བརྗོད་གྲུབ་མཐའི་རྣམ་གྲངས་ཀྱིས། །རིམ་པ་དགུ་ནི་ཡིད་སྤྱོད་པས། །མངོན་སུམ་གནད་དང་བྲལ་བ་ལ། །མ་འོངས་གདུལ་བྱའི་སེམས་ཅན་རྣམས། །ཚིག་ལ་ཡིད་ཆེས་བྱེད་པ་འབྱུང་། །རྟོག་པ་རགས་པའི་སེམས་ཅན་རྣམས། །ཚིག་ལ་སྤྱོད་ཕྱིར་སྨིན་པ་མིན། །འདི་ཡི་བསྟན་པ་ཐ་མའི་དུས། །མོས་པ་


DNG003_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པའི་ས་ཞེས་བྱའོ། །དྲིས་ལན་ང་བརྒྱད་པ། ཚིག་འདས་སྤྲོས་པ་ཡོངས་རྫོགས་ཆེ། །གསང་བ་ངེས་པའི་རྒྱུད་འདི་ནི། །མངོན་སུམ་ལམ་ལ་བརྟེན་པ་ཡི། །རང་ཤེས་རིག་པར་འདུས་པའོ། །སངས་རྒྱས་ཐམས་ཅད་བསྡུས་པ་ཡི། །རང་རིག་ངེས་པའི་ཆོས་ཉིད་ནི། །མཉམ་ཉིད་འདྲེས་པ་མེད་པས་སྤྱད། །དེ་ནི་ཚིག་འདས་རིམ་པའོ། །དྲིས་ལན་ང་དགུ་པ། མངོན་སུམ་གནད་ནི་ལུས་ངག་སེམས། །སོ་སོའི་གནད་རྣམས་ངེས་པར་བསྟུན། །དེ་ཡང་ལུས་ནི་སྐུ་གསུམ་ལས། །རྒྱུན་དུ་འདའ་བར་མི་བྱའོ། །ངག་ནི་བསླབ་རླབ་ཀྱང་དང་གནས་པ་དང་། །ལ་བཟླ་བ་ཡང་བསྟན་པར་བྱའོ། །སེམས་ནི་དབྱིངས་ལ་གཏད་པས་འགྲུབ། །གནད་གསུམ་མན་ངག་འབྲལ་མི་བྱ། །དེ་ཡང་སྒོ་དང་ཡུལ་ཉིད་དང་། །རླུང་དང་རིག་པའི་གནད་ཉིད་བརྟེན། །སྒོ་ནི་སྐུ་གསུམ་མིག་གིས་བལྟ། །ཡུལ་ནི་སྒྲིབ་བྱེད་བྲལ་བའོ། །རླུང་རིག་དལ་བས་ཡེ་ཤེས་འགྲུབ། །དེ་ལ་སྣང་བ་བཞིར་འགྱུར་ཏེ། །ཆོས་ཉིད་མངོན་སུམ་སྣང་བ་ཡིས། །ཡིད་དཔྱོད་འཛིན་པའི་ཚིག་ལས་འདས། །གོང་དུ་འཕེལ་བའི་ཉམས་སྣང་གིས། །འཁྲུལ་པའི་སྣང་བ་ནུབ་པར་བྱེད། །རིག་པ་ཚད་ཕེབ་སྣང་བ་ཡིས། །སྐུ་གསུམ་རྟོགས་པའི་ལམ་སྣང་འདས། །ཆོས་ཉིད་ཟད་པའི་སྣང་བ་ཡིས། །ཁམས་གསུམ་འཁོར་བའི་རྒྱུན་ཐག་བཅད། །དེ་ལ་མཐའ་བརྟེན་ཡིད་ཆེས་བྱའོ། །མི་འགུལ་གསུམ་ལ་གཞི་བཅས་པས། །རླུང་སེམས་གནད་ལ་ཕེབ་པའོ། །སྡོད་པ་གསུམ་གྱིས་ཚད་བཟུང་བས། །རྨི་ལམ་བཟློག་དང་ལུས་ངག་ཡིད། །རྟགས་དང་ཚད་ནི་ངེས་བཟུང་བའོ། །ཐོབ་པ་གསུམ་གྱིས་གཟེར་བཏབ་པས། །ཟག་བཅས་ཕུང་པོ་མི་སྣང་བའོ། །དྲིས་ལན་དྲུག་ཅུ་པའོ། །ཨེ་མ་ངོ་མཚར་ཆེ་བ་ཡི། །འཁོར་འདས་རུ་ཤན་མ་ཕྱེས་ན། །ཁམས་གསུམ་ལུས་ངག་ཡིད་ཀྱི་ཡང་། །འདྲེལ་པ་ཆོད་པར་མི་འགྱུར་བས། །འཁོར་འདས་རུ་ཤན་ཕྱེ་བ་བཤད། །འདི་ལ་རྣམ་པ་གསུམ་ཡོད་དོ། །ལུས་ནི་འགྲོ་དང་འདུག་པ་དང་། །བཅུད་ཅིང་འཁྲུལ་འཁོར་སྣ་ཚོགས་དང་། །ཡན་ལག་འཕེན་ཞིང་སྡུད་པ་དང་། །བྱ་བྱེད་རྣམ་པ་སྣ་ཚོགས་


DNG003_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན། །དྲན་པའི་སེམས་ཀྱིས་མངོན་བསླངས་ཏེ། །འགྲོ་དྲུག་གཟུགས་ཀྱི་སྤྱོད་པ་རྣམས། །སེམས་ཀྱིས་བླངས་ཏེ་ལུས་ཀྱིས་བྱའོ། །དེ་ལྟར་སུ་ཡིས་སྤྱོད་ནུས་ན། །ཅི་ལྟར་བརྩམས་པ་ཕྱིས་རྒྱུན་ཆད། །འདི་ལ་དགོས་པ་རྣམ་པ་གཉིས། །ཐུན་མོང་མཆོག་གི་དབྱེ་བས་བརྟགས། །དེ་ལྟར་རྟགས་དང་ཚད་ཕེབས་ན། །རྣལ་འབྱོར་པ་ཡི་ངག་སྤྱོད་བརྩམ། །བརྗོད་པ་རྟོག་པའི་རང་བཞིན་ཕྱིར། །སྒྲ་སྐད་རྣམ་པ་སྣ་ཚོགས་པ། །ཅི་སྨྲས་ལྡོག་པ་མེད་པའི་ཕྱིར། །ལྷ་དང་ཀླུ་དང་གནོད་སྦྱིན་དང་། །དྲི་ཟ་གྲུལ་བུམ་ཁྱབ་འཇུག་གི། །སྐད་ནི་བཟང་ངན་བྱེ་བྲག་བརྗོད། །མདོར་ན་འགྲོ་བ་དྲུག་གི་སྐད། །སེམས་ཀྱི་དྲན་བསམ་ངག་གིས་བརྗོད། །འདིར་ཡང་དགོས་པ་རྣམ་པ་གཉིས། །མཆོག་དང་ཐུན་མོང་མཐའ་ཡི་དབྱེ་བའོ། །དེ་ལྟར་ཚད་ལ་ཕེབས་ནས་ཀྱང་། །རྣལ་འབྱོར་པ་ཡིས་སེམས་སྦྱང་བྱ། །འདས་དང་མ་འོངས་ད་ལྟར་གྱི། །དྲན་བསམ་འཕྲོ་འདུའི་འཁོར་ལོར་བརྟེན། །དགའ་དང་མི་དགའ་བཟང་ངན་སེམས། །ཡོད་མེད་སྣ་ཚོགས་ཐམས་ཅད་ལ། །ཕྱི་རུ་བརྟགས་ཏེ་ནང་དུ་བསམ། །ཅི་ལྟར་བསམ་པའི་དྲན་པ་ཉིད། །ཕྱི་ནས་སྐྱེ་རྒྱུན་འཆད་པར་ངེས། །འདི་ཡི་དགོས་པ་གོང་གིས་དབྱེ། །དེ་ལྟར་སྤྱོད་པ་རྫོགས་བྱས་ན། །མངོན་སུམ་གནད་ལ་རྟག་ཏུ་འགེལ། །དེ་རྫོགས་ཁམས་གསུམ་འཇུག་པ་མིན། །རབ་ཏུ་གསང་སྟེ་བསྟན་པར་བྱའོ། །དྲིས་ལན་རེ་གཅིག་པ། གལ་ཏེ་ལུས་ཀྱི་སྤྱོད་པ་ལ། །བརྟེན་ནས་ནང་རླུང་འཛིན་འདོད་པས། །རླུང་འཛིན་སྤྱོད་པ་ཉེར་གཅིག་ནི། །རྣལ་འབྱོར་པ་ཡིས་བྱེད་སྤྱོད་ན། །རླུང་ལ་གོམས་ཏེ་ལུས་འབྱོངས་འགྱུར། །རྒྱན་ཆ་དག་ནི་ལྡན་པ་ལ། །གནས་སུ་རྟེན་འདྲེལ་འཁོར་ལོ་བྱ། །རླུང་དང་ཤེས་པ་རྒྱན་ལ་གཏད། །འགྲོ་ཞིང་མིག་གི་ལྟ་སྟངས་སྦྱར། །འདུག་པའི་ཚེ་ན་སེམས་འཕང་ངོ་། །དྲིས་ལན་རེ་གཉིས་པ། སེམས་འཛིན་བསླབ་པ་ཉེར་གཅིག་གིས། །དང་པོ་གནས་སུ་གཞུག་པ་དང་། །གཉིས་པ་ལུས་སེམས་འབྲལ་བ་དང་། །གསུམ་པ་ཆོས་ཉིད་མཐོང་བའོ། །


DNG003_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

འདི་དུས་ལུས་ངག་སེམས་ཀྱི་གནད། །རྣལ་འབྱོར་ལྡན་པས་རྣལ་དབབ་བྱའོ། །འགྱུ་བྱེད་རླུང་གི་བརྡའ་དང་ཡང་། །བསྲེས་ཤིང་འཕེན་ཅིང་སྡུད་པ་ཡི། །གནད་རྣམས་མཁས་པས་བསྟེན་བྱས་ན། །སེམས་ཀྱི་རྟོག་པ་རྒྱུན་ཆད་དོ། །དྲིས་ལན་རེ་གསུམ་པ། འཆི་བའི་རྟགས་ཀྱང་ཉི་ཤུ་གཅིག །དུར་ཁྲོད་དབེན་པའི་ཕྱོགས་སོང་ལ། །བླ་མ་མཆོད་ཅིང་གཏོར་མ་བྱ། །གཞན་ཡང་བཟའ་དང་བཏུང་བ་ཡིས། །འགྲོ་བ་གཞན་ཡང་མགུ་བྱས་ཏེ། །དེ་ནས་ཕྱི་ནང་གསང་བ་ཡི། །འཆི་བའི་རྟགས་ཀྱང་བརྟག་པར་བྱའོ། །གལ་ཏེ་ངན་ན་བཟློག་པ་བརྩམ། །བཟང་བས་བླ་མར་གསོལ་བ་བཏབ། །དྲིས་ལན་རེ་བཞི་པ། སེམས་ཅན་དོན་ཕྱིར་ལྷ་དབང་ཁྱོད། །བརྩེ་བའི་དོན་དེ་དྲིས་པའི་ལན། །ངས་བསྟན་འཁྲུལ་པ་མེད་པར་བཟུང་། །རང་བཞིན་རྫོགས་པ་ཆེན་པོ་ལ། །དམིགས་གཏད་ལྟ་བའི་བློ་ཟད་ཀྱང་། །རེ་ཞིག་ཚིག་གིས་གཏན་ལ་དབབ། །ཆོས་ཉིད་མངོན་སུམ་གནད་ཀྱིས་ཀྱང་། །ལས་ལ་བཟང་ངན་མེད་པར་རྟོགས། །སྙིང་ཐིག་ངེས་པར་བསྡུ་བ་ཡིས། །དབང་པོ་རྣམས་ལ་རྣོ་རྟུལ་མེད། །ཡིད་དཔྱོད་ཚིག་གི་མཐའ་ཟད་པས། །ཤེས་རབ་མིག་གི་དབང་པོས་མཐོང་། །ཚིག་གིས་ཆོས་ཉིད་མི་མཐོང་བས། །ཐུན་མོང་ཐེག་པས་དོན་མི་འགྲུབ། །སྐུ་གསུམ་ལམ་སྣང་ཡིན་པའི་ཕྱིར། །འདི་མཐོང་ཁམས་གསུམ་ལྡོག་པ་མིན། །ཆོས་ཀུན་མཉམ་པར་རོ་གཅིག་པས། །གཞི་དང་འབྲས་བུར་ལྟོས་མིན་པའོ། །རང་རིག་རྟོག་པ་ཀུན་བྲལ་བས། །གྲོལ་ལུགས་བཞི་དང་བཅས་པའོ། །གནད་བཞི་གྲོལ་བའི་གདེང་གིས་ནི། །འཁོར་དང་མྱ་ངན་འདས་མི་གནས། །མ་བྱུང་བྱས་པ་མེད་པའི་ཆོས། །གཞི་དང་རྩ་བ་མེད་པའོ། །ཐོས་མཐོང་གྲོལ་བའི་གནད་ཉིད་ནི། །གཉིས་དང་ལྔ་སྟེ་བརྒྱད་ཀྱིས་རྟོགས། །གདེང་ཆེན་བཞི་ཡིས་དབྱིངས་སུ་སྦྱར། །ངོ་སྤྲོད་གསུམ་གྱིས་ཡིད་ཆེས་བྱའོ། །དྲིས་ལན་རེ་ལྔ་པ། ཡང་ནི་བསྒོམ་པའི་སྲོག་ཤིང་བཤད། །སེམས་ཀྱི་ལུང་གིས་ངེས་སྦྱར་ཏེ། །གཞན་ཡང་བསྒོམ་པའི་གནད་རྣམས་ལ། །སྔོན་འགྲོ་བ་དང་དངོས་གཞི་


DNG003_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །རྗེས་འགྲོ་རྣམ་པ་གསུམ་དུ་འདོད། །ལུས་སྦྱངས་སེམས་ཉིད་གདུལ་བ་དང་། །ངག་གི་བྱ་བ་རྫོགས་པ་ཡིས། །སེམས་ཉིད་ལམ་དུ་ཞུགས་པའོ། །རླུང་ལ་བརྟེན་ཏེ་ལུས་སེམས་བྲལ། །ཁམས་གསུམ་འབྲོས་ཁུང་བཅད་པའི་ཕྱིར། །ལུས་ངག་ཞེན་པ་གཏིང་ནས་བཟློག །འགྲོ་དྲུག་གཡང་ས་མཉམ་པའི་ཕྱིར། །ལུས་ངག་ཡིད་ཀྱི་གནད་རྣམས་གཟིར། །སེམས་ཉིད་ཆོས་དང་བསྲེ་བའི་ཕྱིར། །རླུང་དང་ཤེས་པ་གྱེན་དུ་དྲང་། །འཁྲུལ་སྣང་ཟད་པར་བྱ་བའི་ཕྱིར། །རྟག་ཏུ་རླུང་ལ་གོམས་པར་བྱའོ། །དྲིས་ལན་རེ་དྲུག་པ། སྤྱོད་པའི་སྦྱོར་བ་དབྱིངས་རིག་ལ། །གཟེར་གསུམ་ལྡན་པ་འབྲལ་མེད་པར། །རྟག་ཏུ་འདྲིས་ན་སྤྱོད་པ་བདེ། །ཆོས་ཀུན་བྱ་བ་བྲལ་བ་དང་། །འཁོར་འདས་འདྲེལ་པ་ཆད་པའི་དུས། །རྟོག་བཅས་འཁྲུལ་པ་འགགས་པ་སྟེ། །འཁོར་བའི་གཡང་ས་རྒྱུན་བཅད་པས། །རྣལ་འབྱོར་ཆེན་པོའི་སྤྱོད་པའོ། །དྲིས་ལན་རེ་བདུན་པ། འབྲས་བུ་བརྗོད་པར་མི་ནུས་ཀྱང་། །ཆོས་རྣམས་ཟད་སར་ཕྱིན་པ་དང་། །རང་གི་གྲུབ་པའི་མཐའ་ཡང་འཇིག །འདི་དུས་བླ་མའི་མན་ངག་ནུབ། །བལྟ་སྒོམ་སྤྱོད་པའི་མཐའ་སྟོངས་པས། །ཆོས་སུ་སྣང་བ་ཡོད་མ་ཡིན། །སྐུ་དང་ཡེ་ཤེས་རྒྱུན་ཆད་པས། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །མདོར་ན་གང་ཡང་གནས་པ་མེད། །སོང་བ་མེད་པས་འོང་བ་མེད་པའོ། །དྲིས་ལན་རེ་བརྒྱད་པ། འཁོར་བའི་རྒྱུན་ཐག་གཅད་འདོད་པས། །ལུས་ངག་ཞེན་པ་བཟློག་ནས་ཀྱང་། །མངོན་སུམ་གནད་ལ་གཟིར་བར་བྱའོ། །འཁྲུལ་པའི་རྩིས་ཀྱི་སྦྱོར་བ་ཡི། །འཁོར་འདས་དུས་ཚོད་བཟུང་བྱས་ཏེ། །བཟློག་པའི་གནད་ལ་མཁས་པར་བྱའོ། །ཐུབ་དྲུག་ཚད་དུ་ཕྱིན་པ་ཡིས། །སྐྱོན་དྲུག་ལས་ནི་རྣམ་པར་གྲོལ། །དེས་ནི་འཁོར་བའི་རྒྱུན་ཆད་དོ། །དྲིས་ལན་རེ་དགུ་པ། བཅུད་ཀྱིས་ལེན་པ་འདི་ལྟ་བུ། །རྒྱུད་གཞན་ཀུན་ཏུ་མ་བསྟན་པ། །ཨེ་མ་ངོ་མཚར་ཆེ་བར་བཤད། །ལྷ་བདག་སེམས་དཔའ་ཁྱོད་ཉོན་ཅིག །རིན་པོ་ཆེ་ལ་བརྟེན་པ་ཡིས། །ཚེ་ནི་ཉི་ཟླ་དག་དང་མཉམ། །སྣ་ཚོགས་རྡོ་ཡི་སྦྱོར་བ་ཡིས། །མཚོན་


DNG003_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ལུས་ལ་ཚུགས་པ་མིན། །སྔོ་ལ་བརྟེན་པའི་སྦྱོར་བ་ཡིས། །སྐྲ་དཀར་གཉེར་མ་མེད་པར་འགྱུར། །རྩི་སྦྱོར་དག་གི་བཅུད་ལེན་གྱིས། །གཟི་བརྗིད་ལྡན་ཞིང་གཞོན་པར་འགྱུར། །ཤ་ལ་བརྟེན་པའི་སྦྱོར་བ་ཡིས། །ལུས་ཟུངས་ལྡན་ཞིང་སྟོབས་བསྐྱེད་འགྱུར། །གཞན་ཡང་རླུང་ལ་བརྟེན་པ་ཡི། །ངོ་མཚར་ཆེ་བའི་བཅུད་ལེན་བཤད། །འབྱུང་བ་རྒྱུན་གཅོད་ཅེས་བྱ་བའི། །སྟེང་དང་འོག་གི་རླུང་གིས་ཤེས། །མཁས་པས་རླུང་ནི་གནས་སུ་སྦ། །ཡང་ནི་རླུང་གི་འགྱུ་རྩིས་ཀྱིས། །ཟས་ཀྱི་རྣལ་འབྱོར་དག་ཏུ་འགྱུར། །འབྱུང་བ་དག་ལ་བརྟེན་པ་ཡིས། །ཅི་ལྟར་སྣང་བ་ཟས་སུ་འགྱུར། །དེ་ལྟར་བཅུད་ཀྱི་ལེན་པ་ཡིས། །འགྲོ་བའི་གདུང་བ་ཆོད་པའོ། །དྲིས་ལན་བདུན་ཅུ་པ། གོས་ཀྱི་རྣལ་འབྱོར་འདི་ལྟ་སྟེ། །རླུང་དང་རྟེན་འདྲེལ་ཟབ་མོས་བྱ། །རླུང་ནི་འཕེན་ཞིང་སྡུད་པ་ལས། །འགྲོ་འོང་བསྐྱིལ་བའི་གནད་ཀྱི་ཡང་། །དམིགས་པ་སོ་སོའི་འབྱུང་བ་དང་། །རྣལ་འབྱོར་ལུས་ལ་མཐུན་པར་དབྱེ། །རྟེན་ཅིང་འདྲེལ་བའི་སྦྱོར་ཀ་ཡིས། །གཉིས་དང་དྲུག་དང་བདུན་གསུམ་ལ། །རི་ལུ་ཕྱེ་མ་ལེགས་སྦྱར་ནས། །ལྟོར་བཏང་བྱུགས་པའི་མཐའ་ཡི་བྱའོ། །དྲིས་ལན་དོན་གཅིག་པ། ཡང་ནི་ལུས་འབྱུང་རྒྱུན་གཅོད་པའི། །བཅུད་ལེན་ངོ་མཚར་ཆེ་བ་བཤད། །དྲི་ཆེན་རྒྱུན་དུ་བསྐོར་ལྡོག་པས། །ཐ་མ་ལུས་ཀྱི་ཟག་པ་ཟད། །ཡང་ན་བཅུད་ཕྱུང་མར་ཁུ་ནི། །ཚད་དང་ལྡན་པ་བསྟེན་པ་ཡིས། །འབྱུང་བའི་རྒྱུན་རྣམས་ཆད་པར་འགྱུར། །ལུས་ཀྱི་འབྱུང་བ་རྒྱུན་ཆད་པས། །ལུས་ལ་སྲོག་ཆགས་མི་གནས་དང་། །བཤང་གཅི་ལ་སོགས་མེད་པ་དང་། །ཕྱི་ནང་རླུང་ཡང་མེད་པར་འགྱུར། །འདི་དུས་རྣལ་འབྱོར་ཆེན་པོ་སྟེ། །ཟས་གོས་གཉིས་ཀ་དག་པར་འགྱུར། །འདིས་ནི་ཚེ་དང་ལོངས་སྤྱོད་ལ། །ཅི་ལྟར་འདོད་པ་འགྲུབ་པར་འགྱུར། །དྲིས་ལན་དོན་གཉིས་པ། གལ་ཏེ་འབྱུང་བ་བཞི་པོ་ལ། །རོ་སྙོམས་བྱེད་པའི་རྣལ་འབྱོར་པས། །ས་ཆུ་མེ་རླུང་གནད་བསྟུན་ཏེ། །ལུས་དང་བསྲེས་ཏེ་རླུང་གིས་སྤར། །རང་ལུས་སོ་སོའི་འབྱུང་བ་ཡིས། །བསྒྱུར་ཞིང་དེ་ཉིད་སྤྱོད་པ་ལ། །གནད་འདུས་


DNG003_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་བསྒོམ་པར་བྱའོ། །དེ་ཉིད་གོམས་པའི་ཚད་ཕྱིན་པས། །བཞི་པོའི་ནུས་པ་ངོ་མཉམ་ནས། །བདེ་བར་སྤྱོད་ཅིང་འཇིག་བྲལ་ཏེ། །འདིས་ཀྱང་ཟས་གོས་གཉིས་འགྲུབ་ནས། །ཚེ་དང་ལོངས་སྤྱོད་རྫོགས་པའོ། །དྲིས་ལན་དོན་གསུམ་པའོ། །མཛོད་ཀྱི་ཡོན་ཏན་འདི་ལྟ་སྟེ། །ཐུན་མོང་མཆོག་གི་དངོས་གྲུབ་ལ། །ཅི་དགར་རོལ་ཅིང་བདེ་བར་འགྲུབ། །རྟེན་ཅིང་འདྲེལ་པའི་ཡན་ལག་རྫོགས། །རྫུ་འཕྲུལ་རྣམས་དང་མངོན་ཤེས་ཀྱང་། །མཛོད་ལ་སྤྱོད་པས་ངེས་པར་འགྲུབ། །ནད་དང་དུས་ཚོད་ཤེས་པར་འགྱུར། །དྲིས་ལན་དོན་བཞི་པ། འཕགས་པའི་རྫུ་འཕྲུལ་བསྒྲུབ་འདོད་པས། །དངོས་པོའི་རྟེན་དང་དངོས་མེད་ལ། །རླུང་གི་སྦྱངས་པས་ངེས་འགྲུབ་སྟེ། །སྒྲ་དང་བཟོ་དང་རྟེན་འདྲེལ་དང་། །བརྡའ་དང་ཚིག་དང་ཐ་སྙད་དང་། །དཔེ་དང་བྱ་བྱེད་བསླབ་ཐབས་ལ། །བརྟེན་ནས་ལས་རླུང་སྤྱད་པ་ཡིས། །རྫུ་འཕྲུལ་ཅི་ལྟར་འདོད་པ་འགྲུབ། །རྟོག་མེད་ཡེ་ཤེས་བསྒོམ་པ་དང་། །སྟོང་ཉིད་བསམ་དང་གནད་ཀྱིས་ཀྱང་། །འབད་རྩོལ་མེད་པར་རྫུ་འཕྲུལ་རྣམས། །ངེས་པར་འགྲུབ་པར་འགྱུར་བའོ། །དྲིས་ལན་དོན་ལྔ་པ། མི་འཛད་གཏེར་ལ་སྤྱོད་འདོད་པས། །ཁྲོམ་གྱི་འཁྲུལ་འཁོར་བསྟེན་པ་སྟེ། །དེ་ཡི་སྦྱོར་རྩིས་མཁས་པར་བྱ། །དུས་གསུམ་བཞི་གཉིས་ལྡན་པ་ཡི། །ཟླ་བཅུར་སྦས་ཤིང་ལེགས་བསྐམས་ནས། །གང་འདོད་ཕྱོགས་སུ་གཏད་བརྩམས་ཏེ། །ཟེར་དང་རླུང་ལ་སྦྱར་བ་ཡིས། །གང་འདོད་བརྩམ་པའི་ལས་རྣམས་འགྲུབ། །ཡང་ན་བསྒྲུབ་པ་ཟབ་མོ་ཡི། །བསྙེན་བསྒྲུབ་ལས་ཀྱི་མཐའ་ཕྱེ་བས། །ནོར་གྱི་བདག་པོ་བསྟེན་བྱས་ཏེ། །སྔགས་ལ་གོམས་པས་ལོངས་སྤྱོད་དོ། །དྲིས་ལན་དོན་དྲུག་པ། བཞི་ལྔ་དབང་དུ་བྱེད་པ་ཡིས། །སེམས་ཀྱི་བདག་པོས་ལུས་བཟུང་སྟེ། །གནས་གསུམ་འཁོར་ལོའི་ལྟོ་བར་ཡང་། །འབྲུ་བཞི་ལྔ་དང་གཟུགས་འདོགས་ཀྱིས། །མདོག་གི་ཡང་བྱུང་། སྤྲོ་བསྡུ་བསྡིམ་དང་འཁྱིལ་པས་བྱའོ། །དེ་ཉིད་རྫོགས་པས་འཕུར་བ་དང་། །འཛུལ་ཞིང་


DNG003_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

མི་འབྱེད་འཚིག་པ་མེད། །བྱིང་བར་མི་ནུས་རྒྱུག་ནུས་པའོ། །དེ་དག་གི་ཞབས་སྡུད་པའོ། །སྟོན་པ་སངས་རྒྱས་བཅོམ་ལྡན་འདས། །ཡོན་ཏན་ཐམས་ཅད་རང་རྫོགས་པས། །བརྗོད་ཅིང་གསུངས་པ་མ་ཡིན་པར། །རང་བྱུང་ཡེ་ཤེས་རོལ་པ་ལས། །སྒྲ་ཚིག་མིང་གི་ཆོ་འཕྲུལ་དུ། །སྐལ་བ་བཟང་པོ་རྣམས་ལ་སྣང་། །དེ་ལྟར་རྫོགས་ཆེན་གསང་བའི་ཚིག །ལྷ་དབང་གིས་ནི་ངེས་ཐོས་ནས། །ལུས་གུས་ཐལ་མོ་ལེགས་སྦྱར་ཏེ། །སྟོན་པ་ཉིད་ལ་རྗེས་ཡི་རང་། །ཐམས་ཅད་རྫོགས་པ་ཆེན་པོ་ལས། །རང་བཞིན་སྤྲོས་པ་མེད་པར་གྱུར། །ཆོས་ཉིད་དབྱིངས་ལས་དབྱེར་མེད་པའོ། །ཞེས་སྒྲ་ཐལ་འགྱུར་ཆེན་པོ་ཆོས་རྣམས་ཀུན་གྱི་རྩ་བ་ལས། སྣ་ཚོགས་བཀོད་པ་རང་བྱུང་མན་ངག་གི་རྩ་བ་ངེས་པར་འབྱུང་བའི་ལེའུ་སྟེ་དང་པོའོ།། །།དེ་ནས་ལྷ་དབང་རྟོག་པ་མེད། །ཆོས་ཀྱི་དབྱིངས་དང་དབྱེར་མེད་ཀྱང་། །མ་འོངས་དུས་ཀྱི་སེམས་ཅན་ལ། །རྟོགས་པས་ངེས་པར་འཁོར་བ་ལས། །བསྒྲལ་བར་བྱ་བའི་བློ་ཡིས་ཀྱང་། །སེམས་བསྐྱེད་སྔོན་དུ་བཏང་ནས་ནི། །སྟོན་པ་ཉིད་ལ་འདི་སྐད་ཞུས། །ཀྱེ་ཀྱེ་བརྫུས་ནས་སྐྱེས་པའི་སྐུ། །སེམས་ཅན་ཁམས་གསུམ་འཁོར་བ་ལས། །གྲོལ་བར་བྱེད་པའི་གནད་ཉིད་གང་། །བཅོམ་ལྡན་བདག་གིས་ཞུ་བ་བགྱི། །སེམས་ཅན་འཁོར་བའི་ཐོག་མ་གང་། །འདས་པའི་ཐ་མ་གང་གིས་བཟུང་། །སངས་རྒྱས་མ་འཁྲུལ་གནད་འདི་ཅི། །སེམས་ཅན་འཁྲུལ་པ་ཅི་ལས་བྱུང་། །རང་རིག་ཡེ་ཤེས་གནས་པ་གང་། །དེ་ཉིད་ལམ་ཡང་གང་ལས་འབྱུང་། །ཡེ་ཤེས་འཆར་བའི་སྒོ་ནི་ཅི། །སྒྲོན་མའི་གནད་ནི་ཅི་ལྟ་བུ། །དེ་ཡི་མཚན་ཉིད་ཅི་ལྟར་སྣང་། །ཡུལ་གྱི་གནད་ནི་གང་ལ་འཆར། །དེ་བརྟེན་ཁྱད་པར་གང་གིས་བསྒྲུབ། །བློ་རིམ་གནད་ནི་ཅི་ལྟ་བུ། །ཉམས་སུ་ཅི་ལྟར་ལེན་པ་ལགས། །དེ་ཡི་རྟགས་དང་ཚད་སྣང་ཅི། །བར་མ་དོ་ཡི་སྣང་བ་ཅི། །རང་སེམས་གྲོལ་བ་གང་གིས་གྲོལ། །གྲོལ་ནས་ཐུགས་རྗེ་ཅི་ལྟར་འབྱུང་། །དེ་ཉིད་ཡེ་ཤེས་གནད་ཉིད་གང་། །བཞུགས་


DNG003_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་གནས་ལུགས་ཅི་ལྟ་བུ། །དགོངས་པ་གཅིག་གམ་ཐ་དད་ལགས། །ཀུན་གཞི་ཆོས་སྐུ་གཉིས་གནད་གང་། །སེམས་དང་ཡེ་ཤེས་གནད་ཉིད་ཅི། །འབྱུང་བ་དྭངས་སྙིགས་གང་གིས་འབྱེད། །སྒྲོན་མ་ཅི་ལྟར་གཏེམས་པ་ལགས། །གཏེམས་པའི་སྣང་བ་ཅི་ལྟ་བུ། །རྩ་ཡི་གནད་ལ་དུ་ཙམ་ཞིག །སེམས་ཀྱི་སྦྱང་བ་རྣམ་པ་དུ། །ཉོན་མོངས་འབྱུང་བ་ཅི་ཡི་རྒྱུ། །འདི་དག་བདག་གིས་མ་ཤེས་པས། །སྟོན་པ་ཐུགས་རྗེ་ཆེན་པོ་ལ། །ཚིག་བརྗོད་རྟོག་དཔྱོད་མི་མངའ་ཡང་། །རང་བཞིན་བཅོས་མེད་ནམ་མཁའ་ནས། །བརྗོད་མེད་གསུང་གིས་བདག་ལ་གསུངས། །དང་པོ་ལ་ནང་གསེས་བཅུ་བདུན། དེ་ནས་སྟོན་པ་རྡོ་རྗེ་འཆང་། །རང་བཞིན་སྤྲོས་མེད་རྫོགས་ཆེན་ལས། །སྒྲ་ཚིག་མིང་དུ་མི་གནས་ཀྱང་། །ལྷ་དབང་ཉིད་ལ་འདི་སྐད་གསུངས། །རྟོག་པ་ཟད་པའི་ནམ་མཁའ་ལས། །སྒྲ་ཚིག་མིང་དུ་མ་བསྒྲགས་ཀྱང་། །རང་བྱུང་ཡེ་ཤེས་ཆེན་པོ་ཉིད། །གདོད་ནས་བྱས་མེད་རང་བཞིན་ལས། །མ་བཀོད་ཚིག་ཏུ་འདི་ལྟར་ཤར། །འཁོར་བ་རྣམས་ཀྱི་ཐོག་མ་ནི། །མི་འབྱེད་བྱས་མེད་རང་གཞན་ལས། །དམིགས་པར་འཛིན་པའི་ཡུལ་ཤར་ཏེ། །རྟོག་འཛིན་ལས་ནི་ཐ་དད་སྣང་། །དམིགས་འཛིན་འདྲེལ་པ་བཅུ་གཉིས་སུ། །འཁོར་བའི་ཐོག་མ་ཉིད་དུའོ། །མ་རིག་གསུམ་གྱི་འཁྲུལ་ཚུལ་ཏེ། །རྒྱུ་གཅིག་འབྱེད་མེད་རྩ་བ་སྟེ། །རང་ངོ་ཡིན་པར་མ་ཤེས་པ། །འདི་ཡང་འཁོར་བའི་ཐོག་མའོ། །དེ་ལས་གཅིག་གསུམ་བརྒྱ་ཕྲག་བཞི། །འཁོར་རྐྱེན་བརྒྱད་ཀྱིས་ངེས་བཟུང་སྟེ། །གཞི་གནས་འཁྲུལ་པའི་རྩིས་སྦྱོར་རོ། །དེ་ལས་ལྷན་ཅིག་སྐྱེས་པ་སྟེ། །དོན་དམ་ཀུན་རྫོབ་སྣང་བརྟགས་པའི། །བདེན་གཉིས་ཆ་ཡི་ཡུལ་ནས་ནི། །ལས་ཀུན་སྤྱོད་པ་ཉི་ཤུར་འགྱུར། །དེ་ཡུལ་སྣང་ཆའི་བྱེ་བྲག་ལས། །ཀུན་བརྟགས་ངེས་པའི་རྐྱེན་བཞིའི་ཆ། །རྒྱུ་དང་བདག་པོས་ངེས་བཟུང་སྟེ། །དམིགས་པ་ཉིད་དང་དུས་མཚུངས་པས། །འཁྲུལ་པའི་ཆ་ཡང་བརྒྱད་གཉིས་ཏེ། །དམིགས་པའི་དུས་ནི་མཚུངས་པས་ན། །འདུ་བྱེད་བཏགས་པའི་


DNG003_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་པ་ནི། །འདུ་བ་བརྒྱ་ལ་བརྒྱད་ཀྱང་བྱེད་པ་གཅིག །ལས་ཀུན་རྫོགས་པས་མཐའ་ཡས་འབྱུང་། །དེ་ཡི་དུས་དང་དབང་པོ་བརྩིའོ། །རྣམ་ཤེས་འཁྲུལ་པ་ལུགས་བཞིན་ལས། །སྣང་བ་ཡུལ་ནི་བརྒྱད་དང་དྲུག །ཤེས་པས་དཔྱོད་བྱེད་ཉི་ཤུར་འགྱུར། །དེ་ཡིས་ལུས་དང་ཡན་ལག་བརྩིའོ། །དེ་ཡང་མིང་གཟུགས་འཁྲུལ་པའི་ཆ། །མིང་ལས་གདགས་བཞི་དྲུག་ཅུ་གཉིས། །འཁོར་འདས་བཞི་དང་ཡི་གེར་བཅས། །གཟུགས་ནི་ཕྲ་རགས་རྟགས་ཕྱེ་ནས། །གྲུབ་ཅིང་འཛིན་པ་བརྒྱ་དང་ལྔ། །ལས་ཀུན་འགྱུར་བྱེད་བཞི་ཆས་བརྩིའོ། །སྐྱེ་མཆེད་འཁོར་ལོ་དྲུག་གི་ཡང་། །ཡུལ་དང་ཤེས་པ་དབང་པོའི་གནད། །སོ་སོའི་འཇུག་ཆ་བརྒྱད་གཉིས་དྲུག །ལས་ཡུལ་བརྩི་བ་དེ་ཙམ་མོ། །རེག་ཆ་སེམས་ཀྱི་འཁྲུལ་པའི་ལུགས། །རྒྱུ་བྱེད་སྣང་བ་ཉམས་བཅས་དྲུག །ལས་དང་བྱེད་པ་རེག་ཤེས་ལྔ། །མཐའ་ཡི་རྟོག་པ་བདུན་འགྱུར་བརྩི། །ཚོར་བའི་ཚུལ་ནི་བདུན་གཉིས་ཏེ། །ཡིད་ལྡན་སྣང་ཆའི་རྟོག་པ་ལས། །ཡིད་སེམས་འགྱུར་བ་བརྒྱད་ཅུར་འགྱུར། །དེ་ལས་རྟོག་བཅས་བདུན་ཅུར་བརྩིའོ། །སྲེད་པའི་འཁྲུལ་པ་གསུམ་ལྔ་ལས། །བྱས་ཚོགས་ཀྱང་ཚེ་གྲངས་ནི་དྲུག་ཅུ་སྟེ། །ཡན་ལག་མཐའ་ཡི་བཟློག་ཚུལ་གྲངས། །བརྒྱ་གཉིས་ལས་ཀྱི་མཐར་བཟློག་བྱའོ། །ལེན་པའི་འཁྲུལ་གཞི་བཅུ་གསུམ་དྲུག །ལས་མཐའི་གཟུགས་ལ་རེག་ནུས་བརྒྱ། །འཁྲུལ་བཟུང་ཡུལ་ལ་སྣང་ཆར་འགྱུར། །དེ་ཡི་བྱེད་པར་འགྱུར་བརྩིའོ། །སྲིད་པའི་འཁྲུལ་པ་བཅུ་གཉིས་ལ། །མི་འབྱེད་ཆ་ལ་བཅུ་དྲུག་གོ། །དེ་ཡིས་རྟོག་བཅས་ཡུལ་སེམས་བཅིངས། །ལས་བཞི་སོ་སོར་རྣམ་དཔྱད་བྱའོ། །སྐྱེ་བའི་ཆ་ལས་གསུམ་གཉིས་ལྔ། །འཇུག་དང་འོང་བ་རླུང་གིས་བྱེད། །ལངས་དང་གནས་པའི་དུས་ལ་བརྒྱད། །འཁོར་ཚུལ་འབྲས་བུ་བཅུ་གཉིས་སོ། །རྒ་དང་ཤི་ལས་འཁྲུལ་རྐྱེན་དགུ། །འབད་འགགས་རྟོག་པ་ལ་བཅོ་བརྒྱད། །གནས་སུ་འཇུག་པ་བརྒྱད་དང་ཆ། །བག་ལ་ཉལ་དང་ཀུན་འཁོར་རོ། །དེ་ལྟར་འཁྲུལ་རྩ་བཅུ་གཉིས་ལས། །ལུས་དང་


DNG003_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོ་ལོ་རྣམས་དང་། །སོ་སོའི་འབྱུང་བ་དུས་ཀྱིས་དབྱེ། །རང་དང་གཞན་ཏེ་བཞིར་འགྱུར་རོ། །འདི་དག་འཁོར་བའི་ཐོག་མར་བྱུང་། །སེམས་ཅན་ཁམས་ནི་དུ་མར་བཅས། །འཇུག་ཕྱིར་ལས་ཀུན་མཐར་སྤྱད་པ། །ལྡན་པས་རྫོགས་ཏེ་ཉེར་བསྟན་པའོ། །དྲིས་ལན་གཉིས་པ། ལྷ་དབང་ངོ་མཚར་ཆེན་པོ་ཉོན། །མྱ་ངན་འདས་པའི་ཐ་མ་ནི། །འཁྲུལ་པའི་རྟོག་པ་ཀུན་ཟད་པས། །འཁོར་བའི་བྱེད་སྣང་མེད་ཚེ་ན། །རྟོག་ཟད་འཁྲུལ་པ་རང་སྣང་བས། །འདས་པ་གཞག་ཕྱིར་སེམས་ཅན་ཁམས། །རང་བཞིན་དུ་ཡང་འདི་ཉིད་ཡུལ། །གཞན་དབང་མ་ཡིན་ཡོངས་སུ་གྲུབ། །ཀུན་བརྟགས་ལས་དང་བརྗོད་པས་སྟོང་། །མཐའ་ལྡན་ཕྱེ་བ་མ་ཡིན་ནོ། །གཉིས་གཉིས་འཇུག་དང་ཀུན་ཏུ་ཁྱབ། །ལས་དང་དབང་པོ་བློ་རྣམས་ཡུལ། །འཇུག་པའི་ལས་ནི་ཐད་ཀའོ། །དྲིས་ལན་གསུམ་པ། དེ་ལྟར་འཁོར་འདས་ཐོག་མཐའ་ལས། །སངས་རྒྱས་འཁྲུལ་པར་མ་གྱུར་པས། །གཞི་ལས་འཕགས་པའི་དབང་པོ་ཡིས། །རང་སྣང་རང་བཞིན་མེད་པར་ཤེས། །རྟོག་དཔྱོད་ཡིད་རྣམས་ཕྱིར་མ་ཤོར། །འགྱུ་བ་རང་ཐག་ཆོད་པའོ། །དེ་ཡང་གནས་ལུགས་ཆེན་པོ་ལས། །འཁྲུལ་ཞེས་ཀ་ནས་དག་པ་ལ། །མ་འཁྲུལ་ཉིད་དུ་བཅོས་སུ་མེད། །མེད་སྣང་མཐོང་བ་མེད་པའི་ཆོས། །བྱས་བྱུང་རྟོག་པ་རང་འགགས་སོ། །འཁྲུལ་ནས་དམིགས་པར་སྣང་བ་མིན། །རང་བཞིན་ཡེ་གདངས་མ་གཡོས་པས། །ཆོས་ཀུན་མཉམ་པར་རོ་གཅིག་གོ། །འཛིན་རྟོག་བྲལ་ནས་ཡེ་སངས་རྒྱས། །བཅོས་ཤིང་བསྒྱུར་དུ་བཏུབ་པ་མིན། །དེ་ཡི་གནད་ནི་ཡུལ་ཡིན་ཏེ། །ཡུལ་དང་སྟོང་པ་རིག་རྩལ་མཉམ། །ཐ་དད་རྟོག་པས་ཤེས་པ་མིན། །ཡང་ནི་འཁྲུལ་པ་མིན་པའི་གནད། །གཅིག་ཤེས་ང་ཡིས་ཐམས་ཅད་གྲོལ། །དེ་ཉིད་ཤེས་པས་བཟློག་པ་ཉིད། །མི་སྣང་འཛད་པ་མེད་པ་ལས། །འབྱུང་རིག་གནས་ཀྱི་རྟོག་པ་ཟད། །བྱས་པས་མ་ཕྱེ་བཅོས་སུ་མེད། །བྱ་དང་བྱེད་པའི་བློ་མེད་པས། །ཡུལ་རྐྱེན་སངས་པས་སངས་རྒྱས་སོ། །མཐའ་


DNG003_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་འགག་པ་མེད་པ་ལས། །ཡོངས་སུ་རྫོགས་པའི་ཏིང་འཛིན་གནས། །ཆེན་པོ་ཡིན་པས་གོང་ན་མེད། །རང་བཞིན་གཡོས་པ་མེད་ཕྱིར་རོ། །དྲིས་ལན་བཞི་པ། སེམས་ཅན་འཁྲུལ་པ་གོང་མ་ཡི། །རྩ་བའི་རྟེན་འདྲེལ་ལ་འཁྲིལ་པས། །འཁྲུལ་འཁོར་རྩིས་ཀྱི་གཞི་མར་བྱུང་། །ཆོས་ཉིད་རང་གདངས་སྣང་བ་ལས། །རྟོག་འཛིན་སྣང་བས་ཡིད་ཕྲོག་སྟེ། །འཁྲུལ་པའི་ཡུལ་ནི་ཕྲ་མོའི་ལས། །བསྒྲིབས་ཤིང་རང་སྣང་མ་དག་གྱུར། །དེ་ལས་བག་ལ་ཉལ་བ་ཉིད། །ཕྲ་ཞིང་རྡུལ་གྱི་ཆ་དག་ནི། །འགྱུ་ཞིང་འཛིན་པ་ཙམ་དུ་གྱུར། །ཕྲ་བས་ཕྲ་འགྱུར་ཤེས་པ་ལས། །རྟོག་དཔྱོད་གཟུང་ཆ་གཉིས་སུ་སོང་། །ཕྲ་རྡུལ་ཡེ་ཤེས་སྣང་བ་འགགས། །ཡུལ་ཤེས་ཐད་ཀ་ཙམ་དུ་ཤར། །མ་རིག་ལ་སོགས་བཅུ་གཉིས་ཆོས། །འགྲོ་བའི་འབྱུང་རིགས་བཅུ་གཉིས་འགྱུར། །དེ་ཡི་ནང་ཤེས་འབྱུང་བའི་ལུས། །ཕུང་པོ་རྣམས་དང་ཁམས་དང་ཡང་། །སྐྱེ་མཆེད་ལས་ཀྱི་ཚོགས་པ་འདུས། །ཉོན་མོངས་འདུས་པ་དཔག་མེད་ལས། །འགྲོ་བའི་ལུས་ཀྱི་རྟོག་ཚོགས་སྡུད། །རྟེན་འདྲེལ་ཚོགས་པ་དུ་མ་ལས། །མི་མཐུན་གཟུགས་སོགས་བྱེ་བྲག་གོ། །འབྱུང་བ་བཞི་ཡིས་བསྐྱེད་པའི་རྒྱུ། །རིགས་དང་གྲངས་ཀྱིས་རྣམ་བསྡུས་ཏེ། །མི་འདྲའི་ཁ་དོག་ཐ་དད་ལས། །གོང་མའི་ཆ་ལས་མངོན་སྣང་བའོ། །གཞི་ལས་རྟོག་ཚོགས་འདུས་པ་ཡིས། །བྱེད་པའི་ལས་ཀྱང་བཅུ་གཉིས་ཀྱིས། །འབྱུང་བའི་ཕུང་པོ་བརྟེན་པ་དང་། །གནས་དང་ཆགས་དང་འཇིག་པར་བྱེད། །འཁྲུལ་ཚུལ་བཅུ་གཉིས་དག་ལས་ནི། །བྱེད་པ་ཉིད་དུ་སྨིན་པ་ཡིས། །འགྲོ་བའི་ལས་དང་བསོད་ནམས་དང་། །དག་དང་མ་དག་གཟུགས་རྣམས་ཀྱི། །བྱེ་བྲག་སོ་སོར་སྣང་བར་བྱེད། །གཞན་ཡང་སྣོད་དང་བཅུད་དག་གི། །འབྱུང་བའི་ལས་ཀྱང་རླུང་གིས་བྱེད། །རླུང་གིས་འཕེན་ཅིང་སྡུད་པ་དང་། །འགྲོ་དང་འོང་དང་འཇུག་པར་བྱེད། །དེས་ན་རླུང་གིས་ལས་ཀུན་བྱེད། །བཟློག་པ་ཉིད་ཀྱང་རླུང་ལ་ཐུག །འཇུག་འཕེལ་ལས་ཀྱི་


DNG003_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ཡིས་དབྱེའོ། །དྲིས་ལན་ལྔ་པ། རང་རིག་ཡེ་ཤེས་ལུས་ལ་གནས། །ཏིལ་འབྲུ་ལས་ནི་མར་བཞིན་དུ། །ལུས་ཀྱི་བཀྲག་དང་གཟི་མདངས་ནི། །ཡེ་ཤེས་རླན་གྱིས་ཁྱབ་པར་བྱེད། །ལུས་དང་བསྟུན་པའི་སྐུ་རྣམས་དང་། །ཡེ་ཤེས་འོད་དང་ཁ་དོག་རྟགས། །ལས་དང་འཇུག་དང་སྐུ་རྣམས་ཀྱིས། །མདངས་དང་བཅས་ཏེ་ཁྱབ་པའོ། །ཤེས་རབ་ཉིད་དང་སྒྲོན་མའི་ལས། །དོན་དམ་ཀུན་རྫོབ་རྟགས་ཕྱེ་བའོ། །སྨིན་བྱེད་ཐིག་ལེ་སོ་སོའི་གནད། །འགྱུ་བྱེད་རྟོག་པ་རགས་འཛིན་པ། །ཡེ་ཤེས་སྣང་བ་བཞི་གཉིས་ཆ། །ལས་འབྱུང་འཇུག་པའི་དབྱེ་བ་ལས། །ཙིཏྟ་རིན་ཆེན་གཞལ་ཡས་སུ། །རིན་ཆེན་འདུས་པ་ཟུར་བརྒྱད་སྒོ། །ཡེ་ཤེས་ལྔ་དང་སྐུ་ལྔ་སྟེ། །རླུང་ལྔ་ཤེས་པའི་རྩལ་ཡང་ལྔ། །ཐམས་ཅད་ལྔ་ལྔའི་རང་བཞིན་ནོ། །སྐུ་ཡི་གནད་ནི་གདངས་ཀྱིས་སོ། །ཡེ་ཤེས་འདུག་སྟངས་དག་གིས་སོ། །ཐིག་ལེ་བསྐྱིལ་ཞིང་དཀྲུགས་པས་འགྲུབ། །འོད་ནི་ཡས་ཤིང་སྡུད་པའོ། །འདྲེལ་ལྡན་བསྡོམས་པས་རླུང་གི་གནད། །འཇུག་པའི་ལས་ནི་མཐའ་ཡིས་དབྱེའོ། །དེ་ཡི་འགྱུ་བྱེད་ལས་རླུང་ཟད། །འཁྲུལ་པའི་སྡེབས་དང་སྦྱར་བའོ། །རྡོ་རྗེ་ལུ་གུ་རྒྱུད་གནས་ཙིཏྟ་ནས་སྒོ་མིག་ནས་ཡུལ་ནམ་མཁའ་ལ་ཡེ་ཤེས་དངོས་སུ་འཆར་རོ། །རིག་པའི་གནད་ནི་བྱུང་བ་དང་། །བསྐྱིལ་འདིའི་དུས་ན་རླུང་འདྲེན་པ་ཞིང་མཁའ་རིག་པ་ལ་གཏད་པའོ། །གནད་ཡིན་ནོ། །དབྱིངས་ཀྱི་གནད་ནི་བསྡུ་བ་དང་། །དགུག་དང་ཁམས་ཀྱི་བྱེར་ཡས་སྦྱར། །སྣང་བའི་གནད་ནི་འཕེལ་དང་ཟད། །སྣ་ཚོགས་རང་སར་གྲོལ་བའོ། །དྲིས་ལན་དྲུག་པ། རིག་པ་ཡེ་ཤེས་ལམ་ཉིད་ནི། །རང་གི་རྩ་ཡི་འཁོར་ལོ་ལས། །སྐུ་གསུམ་རང་རྫོགས་གནས་པ་ལས། །རོ་མ་རྐྱང་མ་ཀུན་འདར་མ། །མ་གསུམ་དག་གིས་ལུས་བཟུང་སྟེ། །དབུ་མས་འཁོར་ལོ་བཞི་རྟེན་བྱས། །འདི་དག་གཡས་གཡོན་དབུས་གནས་པས། །ཀུན་རྫོབ་དོན་དམ་དབྱེ་བ་ཡིས། །ལུས་དང་ཡན་ལག་བསྐྱེད་པ་དང་། །སྒྲོན་མ་ཉིད་ཀྱང་སྨིན་པར་བྱེད། །རོ་མས་རོ་རྣམས་འཁོར་ལོ་ལ། །


DNG003_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་གིས་བསྐུལ་ཞིང་ཐིག་ལེ་འཕེན། །རོ་ནི་རྩ་ལ་བརྟེན་པ་ཡིས། །བདེ་བས་ལུས་སེམས་རྒྱས་པར་བྱེད། །མས་ནི་དྭངས་མ་སྡུད་པ་དང་། །གོང་འོག་གནས་ཀྱི་གཞི་མ་བྱེད། །འདི་ལ་བསྐྱིལ་ཞིང་གཏེམས་པ་གནད། །འདི་ཡི་ཡན་ལག་དྲུག་པོ་ལ། །གཏར་ཞིང་བསྲེགས་ན་ཡེ་ཤེས་འགག །དྲོད་ཐོབ་འདོད་ན་མཉེ་བ་གནད། །རླུང་དང་ཐིག་ལེ་དགུག་པར་བྱའོ། །རྐྱང་མས་སྐྱེད་བྱེད་འཁོར་ལོ་ལ། །རླུང་གིས་འཕེན་སྡུད་ཐིག་ལེ་འཇུག །རྐྱང་ཞེས་བྱ་བ་ཟླ་མེད་པས། །ཉག་གཅིག་དགོངས་པ་སྟོན་པར་བྱེད། །མས་ནི་སྙིགས་མ་སེལ་བ་དང་། །ངོ་བོའི་གཟི་མདངས་བསྐྱེད་པའོ། །འདི་ལས་གསེང་ཞིང་མཉེ་བ་གནད། །འདི་ལ་ཡལ་ག་མི་སྣང་བས། །སྨིན་སོ་བཞི་ལ་ཐིག་ལེས་གདབ། །ཟས་ལ་དབང་ཐོབ་འདོད་པས་ནི། །རླུང་ནི་གཏེམས་ཤིང་མཆིལ་མི་འདོར། །ཆུ་ཡང་དམ་ཚིག་གིས་ནི་རབ་བརྟག་གོ། །ཀུན་འདར་མས་ནི་དྲན་པ་དང་། །རྩེ་མོའི་འཁོར་ལོ་སྡུད་པས་སྨིན། །ལས་རླུང་བཟློག་ཅིང་ཡེ་ཤེས་འཛིན། །ཀུན་ནི་སྤྲུལ་སྐུའི་ཡོན་ཏན་སྟེར། །འདར་བས་ལོངས་སྐུའི་ཡོན་ཏན་ནོ། །མས་ནི་ཆོས་སྐུ་དངོས་སུ་སྟོན། །འདི་ཡི་ཡན་ལག་བཅུ་གཉིས་ལ། །གསེང་ཞིང་འདྲིལ་བ་གནད་ཡིན་ནོ། །ཚེ་ཉིད་སྤེལ་ན་བྱུགས་པ་བསྟན། །ཐིག་ལེ་ལུས་དང་སེམས་ཀྱིས་བྱའོ། །ཡེ་ཤེས་ལམ་ནི་འདི་དག་ལས། །ཐིག་ལེ་སྐུ་དང་བཅས་པར་འགྱུར། །རླུང་ནི་འགྲོ་འོང་ལས་ཀུན་བྱེད། །སེམས་ཀྱི་བདག་པོ་ཡིད་ཀྱིས་བཟུང་། །ལམ་གྱིས་བཟུང་དང་དགུག་པའོ། །དྲིས་ལན་བདུན་པ། ཡེ་ཤེས་འཆར་བའི་སྒོ་ཉིད་ནི། །ལུས་བཅུད་དྭངས་མ་ཀུན་འདུས་པའི། །ཙཀྵུ་ཞེས་པའི་སྒོ་ལས་འཐོན། །གཉིས་ཀྱི་ཆ་འཛིན་སྣང་བ་སྟོན། །སྐྱེད་བྱེད་རྩ་ལས་འདྲེལ་བྱུང་བའི། །རྩེ་མོ་ལས་ནི་གཅིག་གྱུར་པ། །དབང་པོ་ཡུལ་ལ་འཆར་བྱེད་པའི། །གཅིག་ལ་ཡལ་ག་ལྔ་ཡོད་པའི། །སོ་སོའི་དབང་པོའི་སྒོ་ལ་སྣང་། །ཁྱད་པར་སྐྱོན་དང་བྱེད་པ་ཡི། །བ་མེན་རས་འདྲ་འཁྱིལ་པ་ལས། །ཨ་འབྲས་ཞེས་པ་དཀར་ནག་


DNG003_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱེད། །རིག་ཅིང་གཟུགས་རྣམས་འཛིན་པ་དང་། །ཤེས་པའི་རང་རྩལ་རྫོགས་པར་སྟོན། །འདི་ལ་ཡེ་ཤེས་དངོས་འབྱུང་སྟེ། །མངོན་སུམ་པ་དང་རང་གནད་ཀྱིས། །ཆོས་ཉིད་དག་པའི་རང་སྣང་ཡུལ། །རྟོག་བཅས་འགགས་པར་གནས་པའོ། །དེ་ཡི་འབྱུང་བྱེད་ཅི་ཞེས་ན། །དོན་དམ་ཆོས་ཉིད་འབྱུང་བ་ལས། །སྒྲོན་མ་རྣམ་པ་བཞི་ཞེས་ཏེ། །སྨིན་ཅིང་འཇུག་ལ་ཁྱབ་སྟོང་པས། །ཆོས་ཉིད་ཡུལ་སྣང་སྡུད་པའོ། །རྒྱང་ཞགས་ལས་ནི་གཟུགས་སྡུད་སྟེ། །རླུང་གིས་བསྐྱོད་ཅིང་འཕེན་པར་བྱེད། །འོང་དང་འགྲོ་བའི་འཕེལ་འགྲིབ་ཀྱིས། །ཡེ་ཤེས་དག་ནི་སྡུད་པར་བྱེད། །ཐིག་ལེ་སྟོང་པས་ལས་ཀུན་བྱེད། །འདས་པའི་ལམ་གྱི་སྣ་བཟུང་ནས། །རླུང་གིས་བཀྲག་དང་གཟི་མདངས་བསྐྱེད། །བསྒྱུར་ཅིང་ཡེ་ཤེས་སྣང་བ་སྟོན་པའོ། །ཤེས་རབ་རང་བྱུང་སྒྲོན་མ་ཡིས། །ཆོས་ཀུན་མཉམ་པ་རོ་གཅིག་ཏུ། །བསྡུས་ཏེ་རང་སྣང་འཛིན་པར་བྱེད། །འདིས་ནི་བག་ཆགས་འདྲེལ་རྒྱུན་གཅོད། །དབྱིངས་ཀྱི་དྭངས་མ་སྡུད་པ་དང་། །རིག་པའི་སྐུ་རྣམས་འཛིན་པ་དང་། །གནད་གསུམ་བཅུད་དུ་སྨིན་པ་ཡིས། །འཁོར་བ་ཉིད་ནི་སྤོང་བར་བྱེད། །དེ་ལྟར་མིག་ལས་སྒྲོན་ཤར་བས། །སངས་རྒྱས་དགོངས་པའི་གནད་འདུས་པར། །རང་སྣང་ཡུལ་རྣམས་འཛིན་པའོ། །དྲིས་ལན་བརྒྱད་པ། སྒྲོན་མའི་གནད་ནི་ངས་བཤད་ཀྱིས། །ལྷ་བུ་སྐལ་ལྡན་ཁྱོད་ཉོན་ཅིག །ཡུལ་དང་རིག་པ་རླུང་དག་གིས། །ཆོས་ཉིད་ལམ་དུ་བཟུང་བའི་ཕྱིར། །ཡེ་ཤེས་རྫོགས་པའི་ཆོས་ཉིད་དག །འདི་ཡང་སྒྲོན་མའི་གནད་ཡིན་ནོ། །རྒྱང་ཞགས་འགུལ་པ་མེད་པ་གནད། །འདི་དུས་ལྟ་སྟངས་གསུམ་དང་སྦྱར། །ཤེས་རབ་སྒྲོན་མ་སྦྱང་བའི་གནད། །ཆོ་ག་གསུམ་གྱིས་སྤེལ་བ་དང་། །བསྒྲུབ་པའི་གནད་ཀྱིས་རྒྱ་ཉིད་བསྐྱེད། །ཐིག་ལེའི་སྒྲོན་མ་གཏེམས་པ་གནད། །རྩ་དང་མཐེབ་མཛུབ་མ་བྲལ་བས། །ཡེ་ཤེས་གོང་དུ་འཕེལ་བའོ། །དབྱིངས་ཀྱི་གནད་ནི་འཁྲིད་པ་སྟེ། །ཉི་མའི་བསླབ་ཐབས་རྣལ་འབྱོར་པས། །ལེགས་


DNG003_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྦྱང་སྟེ་ཁྲིད་པར་བྱ། །ཟླ་བ་དག་ལའང་བསླབ་པར་བྱའོ། །འདི་ལྟར་རྒྱུན་དུ་སུས་བྱས་པ། །འཁྲུལ་པའི་སྣང་བ་རྒྱུན་ཆད་དེ། །དག་པ་ཡེ་ཤེས་ལྔ་ཡི་འོད། །ས་རྡོ་རི་བྲག་བག་སྟོངས་ནས། །གྲུ་ཆད་དང་ནི་ཡུལ་གྲུ་ཙམ། །ཁྲིད་ལ་མཁས་པས་སྣང་བར་འགྱུར། །འདི་དུས་ཐབས་ཀྱིས་བཅོས་པ་གནད། །རྫོགས་པའི་ཆོས་ཉིད་ཐོབ་པའོ། །འདི་ལྟར་གོམས་པས་ཆོས་ཉིད་སྟོབས། །ལུས་འབྱུང་རང་སོར་རྫོགས་པའོ། །དེ་ལྟར་ལུས་འབྱུང་རྒྱུན་ཆད་པས། །ཟག་བཅས་ཕུང་པོ་མི་སྣང་བར། །འདི་ལ་མངོན་པར་འཚང་རྒྱའོ། །དྲིས་ལན་དགུ་པ། སྒྲོན་མའི་མཚན་ཉིད་འདི་ལྟ་སྟེ། །སྤྱིར་ཡང་སྣང་བ་སྟོན་པ་དང་། །ཡེ་ཤེས་མ་བུར་སྦྲེལ་བར་བྱེད། །འཁོར་འདས་ས་མཚམས་སྦྱོར་བའོ། །རང་གདངས་གསལ་བས་འོད་ལུས་ལ། །རྟོག་བྲལ་ཡེ་ཤེས་སྡུད་པར་བྱེད། །རྟོག་བཅས་ཡུལ་གྱི་སྣང་བ་ལ། །མི་རྟོག་ཡེ་ཤེས་གཞི་མ་འཛིན། །རྒྱང་ཞགས་སྒྲོན་མའི་མཚན་ཉིད་ནི། །ཁྱབ་པས་འཇུག་ལ་འཇུག་པས་ཁྱབ། །འབྱུང་བ་བཞི་བདག་བྱེད་པར་གནས། །འཛིན་འཇུག་མཆེད་དང་བྱེད་པའོ། །ཤེས་རབ་དག་གི་མཚན་ཉིད་ནི། །གསལ་བའི་ཚིག་འཇུག་གཞི་མ་སྡུད། །ཉོན་མོངས་ལས་དང་བག་ཆགས་བསྲེག །སྨིན་བྱེད་འཁོར་འདས་སྲོག་གཅོད་པའོ། །ཐིག་ལེ་སྟོང་པའི་མཚན་ཉིད་ནི། །ཟླུམ་ཞིང་རང་བཞིན་ཀུན་གསལ་བ། །དམར་དང་ཁ་དོག་གསལ་བའི་འོད། །སྤྲོས་དང་བཅས་ཏེ་མཆེད་པར་བྱེད། །དབྱིངས་ཉིད་དག་པའི་མཚན་ཉིད་ནི། །མཐིང་ག་རང་རྫོགས་གཉིས་ཀྱི་ཆ། །ཐབས་དང་ཤེས་རབ་རྫོགས་པ་ཡིས། །ཟུང་གཉིས་ཆ་ལས་སྐུ་གཉིས་འཛིན། །རབ་ཏུ་སྣང་བ་མཆེད་པར་བྱེད། །འདི་དག་རྣམས་ཀྱང་རང་ཤེས་རྫོགས། །ཁྱབ་བདག་སེམས་དཔའི་གཟུགས་བརྙན་སྟོན། །ལུ་གུ་རྒྱུད་ནི་སྲང་ནས་འདྲེན། །དཀྱིལ་འཁོར་རྫོགས་པའི་གཟུགས་དང་མཚུངས། །ཡེ་ཤེས་རྣམས་ཀྱི་གཟི་མདངས་སྟོན། །འོད་ཀྱི་གཏིང་མདངས་བཀྲག་ཀྱང་སྟོན། །སྐུ་དང་ཐིག་ལེ་འདུན་པའོ། །དེ་ལྟར་


DNG003_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་རྫོགས་པའི་སྐུ། །འདི་ཉིད་སུས་མཐོང་འཚང་རྒྱ་སྟེ། །སྐུ་གསུམ་ཟད་སར་རང་བཞིན་གྲོལ། །གཟུང་འཛིན་འཕྲང་ལ་བརྒལ་ནས་ནི། །འཁོར་འདས་གདོས་ཐག་ཆོད་པའོ། །དྲིས་ལན་བཅུ་པ། འདི་ཉིད་ཡུལ་གནད་འདི་ལྟ་སྟེ། །སྤྲིན་བྲལ་ཕྱི་ཡུལ་སྟོང་པ་ལ། །རྣལ་འབྱོར་ནམ་མཁའི་བྱ་ལམ་གནས། །འདི་དང་མ་བྲལ་ཆོས་ཉིད་དོ། །སྤྱིར་ནི་སོ་སོའི་མཚན་ཉིད་ལས། །ཡུལ་ནི་ཐ་དད་གཅིག་རྫོགས་གནང་། །ཡེ་ཤེས་འདུས་པས་སེམས་རྒྱུན་འགགས། །འབྱུང་བ་འདུས་པས་ལུས་རྫོགས་པའོ། །ཁྱད་པར་ཆེན་པོའི་སྣང་བ་ལས། །སྨིན་འཇུག་བསྐྱོད་པའི་ཡུལ་དུ་གནས། །རྟོག་མཐའ་ཟད་ཕྱིར་འཁོར་ལས་གྲོལ། །རྒྱང་ཞགས་ཡུལ་ནི་གཟུགས་ལ་སོགས། །སྡུད་ཅིང་འཛིན་ལ་འཕེན་པར་བྱེད། །གནད་ཀྱིས་བཅིང་དང་བཞག་པ་དང་། །དངོས་པོ་བསྒྱུར་དང་རྩ་བ་བཅད། །འདྲེན་ཅིང་གཟུགས་ལ་བསླབ་པར་བྱའོ། །ཤེས་རབ་ཡུལ་ནི་ཚིག་དང་དོན། །ཚིག་དོན་འདྲེལ་པར་འདོད་པ་ཡིས། །མཚོན་པས་ཤེས་དང་བརྗོད་པས་སོ། །མཚོན་པ་དཔེ་དང་བརྡའ་མཚོན་དང་། །ཚིག་གིས་མཚོན་པ་ཐ་མར་བརྗོད། །བརྗོད་པས་ཤེས་པ་ཐ་སྙད་དང་། །ངོ་སྤྲོད་པ་དང་འཁྲིད་པ་དང་། །ལ་བཟླ་ཤན་དབྱེ་དག་གིས་སོ། །ཐིག་ལེའི་ཡུལ་ནི་ཁ་དོག་སྟེ། །ལྔ་དང་དྲུག་དང་གསུམ་གཉིས་དྲུག །གསལ་དང་དྲོ་དང་བསིལ་བ་དང་། །ཡང་ཞིང་གཡོ་བའི་བདག་ཉིད་འཛིན། །དོན་དམ་ཆོས་ཉིད་འབྱུང་བའོ། །དབྱིངས་ཀྱི་ཡུལ་ནི་སྟོང་པ་དང་། །གསལ་དང་སྒྲིབ་བྲལ་མདངས་འབྱིན་པ། །ཁྱབ་ཅིང་ཡངས་ལ་གཅིག་འདུས་པའོ། །བག་རྡུལ་དྭངས་པའི་ནམ་མཁའ་ལ། །མཉམ་རྫོགས་ཆོས་ཉིད་དག་པའོ། །གསལ་ཞིང་ཡེ་ཤེས་ལྔ་ཡི་གདངས། །འོད་གསལ་དག་པའི་ལུས་ཉིད་དོ། །དྲིས་ལན་བཅུ་གཅིག་པ། ཡེ་ཤེས་དག་པའི་སྒྲོན་མའི་རྟེན། །སྤྱིར་ནི་རྟེན་དང་བརྟེན་པ་ཡིས། །འཁོར་འདས་ས་བོན་འཕེལ་བར་བྱེད། །རྒྱང་ཞགས་རྟེན་ནི་སྣང་བ་ལ། །དག་དང་


DNG003_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

མ་དག་བྱེ་བྲག་གིས། །ལས་དང་ཚོགས་པ་དག་དང་ནི། །སྐུ་དང་ཡེ་ཤེས་ཉིད་ལ་བརྟེན། །ཤེས་རབ་རང་བྱུང་བརྟེན་པ་ནི། །ཚིག་དང་ཡིན་མིན་རྟོག་པ་དང་། །གྲུབ་པའི་མཐའ་དང་ལྟ་སྒོམ་དང་། །ཆོས་ཉིད་ལ་ནི་བརྟེན་པའོ། །ཐིག་ལེ་སྟོང་པའི་བརྟེན་པ་ནི། །རྣམ་ཤེས་ཉིད་དང་བར་སྣང་དང་། །རྩ་དང་རླུང་དང་ཐིག་ལེ་དང་། །ཡེ་ཤེས་དག་ལ་བརྟེན་པའོ། །རྣམ་དག་དབྱིངས་ཀྱི་བརྟེན་པ་ནི། །སྨིན་མཚམས་ཉིད་དང་ནམ་མཁའ་དང་། །འོད་དང་ཐིག་ལེ་དག་དང་ཡང་། །སྣ་ཚོགས་སྐུ་ལ་བརྟེན་པའོ། །དེ་ཡང་རྟེན་ཡུལ་ཁྱད་པར་ནི། །གསུམ་གྱིས་བྱེད་འདུས་ཁྱད་པར་བརྟེན། །རྒྱང་ཞགས་ཉིད་ལས་རྟེན་པས་ནི། །སྐྱོན་མེད་བྱ་བྱེད་རྣམས་སྤངས་པས། །ཆོས་ཉིད་མ་ལ་སྤྱོད་པའོ། །ལས་དང་བག་ཆགས་དག་བྱེད་པས། །ཆོས་ཉིད་མངོན་སུམ་སྣང་བ་ལ། །བརྟེན་པས་འཁོར་བ་དོང་སྤྲུགས་ཏེ། །མྱང་འདས་མཚམས་སུ་རེག་ནུས་པའོ། །རྟོག་དཔྱོད་ཟད་པའི་སེམས་ཉིད་ཀྱིས། །འཁོར་བ་རྒྱང་དུ་འཕངས་པ་ཡིས། །ཡེ་ཤེས་དག་པའི་སྐུ་མཐོང་ནས། །འཁོར་འདས་གཉིས་ཀྱི་འདུན་ས་འཇིག །གང་གིས་མེ་ཏོག་མཛེས་མཐོང་བ། །འདིས་ནི་ཆོས་ཉིད་ཡུར་བར་འདྲོངས། །རིག་པ་སྲང་ལ་བཏབ་ནས་ནི། །ཆོས་རྣམས་ཟད་པའི་སར་བསྐྱལ་ལོ། །དབྱིངས་ལ་གོམས་པར་གྱུར་པའི་མིས། །འཁྲུལ་སྣང་སྟོངས་པར་བྱས་ནས་ནི། །ཆོས་ཉིད་དག་པའི་ཡུལ་མཐོང་བས། །ཞེན་ཡུལ་ཁུངས་ནས་ཐོན་པའོ། །དྲིས་ལན་བཅུ་གཉིས་པ། བློ་རིམ་གནད་ནི་འདི་ལྟ་སྟེ། །འབྱུང་བ་སྣོད་ཀྱི་ཁྱད་པར་ལས། །འབྱུང་བའི་སྨིན་སོའི་ཁྱད་པར་གྱིས། །འགྲོ་བའི་བློ་ཡི་བྱེ་བྲག་གིས། །རིགས་དང་དབང་པོ་ཐ་དད་དོ། །དེ་ཡང་འབྱུང་བའི་རྣམ་འཕྲུལ་གྱིས། །ཆུ་ཡི་སས་ནི་ལས་དག་པས། །ཐོག་མ་མཆེད་པར་ནུས་པ་ལ། །ཐ་མ་ཟིན་པའི་ཆོས་མི་བརྗེད། །ཆུ་ཡི་མེས་ནི་ཟིན་སྐྱེན་བརྗེད། །ཆུ་ཡི་རླུང་གིས་བློ་བསྒྱུར་ཅིང་། །ཀུན་ལ་འཇུག་ཅིང་ས་ཟིན་མེད། །ཆུའི་རླུང་ལན་གཉིས་བྱུང་བ་དཔྱད། ཆུ་ཡི་རླུང་གིས་ཡངས་པ་དང་། །ཡུལ་དང་


DNG003_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་འཕྲད་པར་འགྱུར། །ཆུ་ཡི་ཆུས་ནི་བབས་ཆེ་ཞིང་། །འདུ་ཤེས་ཆུང་ཞིང་ཟིན་པའོ། །ས་ཡི་འབྱུང་བ་དག་པ་ལས། །ས་ཡི་ཆུ་ཡིས་ཚིག་འཕེལ་དང་། །རྟོག་པ་སྣ་ཚོགས་སྤེལ་བར་བྱེད། །ས་ཡི་མེས་ནི་མཆོག་ཏུ་དབང་པོ་དག །གསལ་ཞིང་འཇམ་དེས་ལྡན་པར་སྟོན། །ས་ཡི་རླུང་གིས་རྨུགས་པ་དང་། །བར་ཆད་ཅན་དེ་རེས་འཇོག་འགྱུར། །ས་ཡིས་ས་ནི་ཚིགས་དང་ཡན་ལག་རྒྱས་པར་འཛིན། །མེ་ཡི་སས་ནི་དབང་པོ་རྒྱས། །ཆུ་ཡིས་འཇུག་ཅིང་ཁྱབ་པར་སྟོན། །རླུང་གིས་དབང་པོ་རབ་ཏུ་རྣོ། །མེ་ཡི་མེས་ནི་ཟིན་སྐྱེན་བརྗེད། །རླུང་གི་སས་ནི་དོན་སྤྱོད་ཆེ། །ཆུ་ཡིས་ཏིང་འཛིན་དམིགས་པ་གསལ། །མེ་ཡིས་ཚིག་ལ་ལོངས་སྤྱོད་ནུས། །རླུང་གི་རླུང་གིས་རྟོག་དཔྱོད་འཛིན། །འདི་ཡི་འབྱུང་བ་མ་དག་པས། །ལོག་པའི་ལས་ཀུན་བྱེད་པར་སྟོན། །སྣང་བ་གཡེངས་དང་ཤེས་པ་འགྱུར། །རྟོག་པ་རགས་ཤིང་མི་དགེ་སློང་། །ཆོས་ཀྱི་སེམས་ཀྱང་སྤང་བའོ། །དེ་ལྟར་འབྱུང་བ་སྣོད་དག་པས། །ཐར་པའི་ལམ་སྣ་སྟོན་པ་དང་། །སྐུ་གསུམ་ཡང་དག་གཏན་ལ་འབེབས། །དེ་ནས་མ་ཡི་མངལ་ཞུགས་པས། །ལོ་དང་ཟླ་བ་ཞག་གི་རྩིས། །སོ་སོའི་འབྱུང་བའི་རང་དུས་ཀྱིས། །དུས་ཚོད་ངེས་པར་བཟུང་བྱས་ལ། །རང་རང་འབྱུང་བ་གསོ་བ་ཡི། །རྟེན་འདྲེལ་སྔགས་པས་འབད་དེ་བརྟེན། །འབྱུང་བ་བསྐྱེད་པའི་ཆོ་ག་ཡིས། །དབང་པོ་རྣོ་ལ་ཡེ་ཤེས་གསལ། །གཟུགས་དང་ཁ་དོག་རྫོགས་པ་དང་། །འགྲོ་བ་བྱམས་ཞིང་ལོངས་སྤྱོད་ལྡན། །སྡིག་སྤང་དགེ་བ་སྤྱོད་པར་སྨིན། །དེས་ནི་འབྱུང་བས་བཅུད་བསྐྱབས་ཏེ། །སྣོད་ཀྱི་ཁ་དོག་བྱེ་བྲག་གིས། །མན་ཤེལ་མདོག་ཀྱང་འགྱུར་བ་བཞིན། །དྲི་མ་མེད་པའི་སེམས་ཉིད་ཀྱང་། །འབྱུང་བའི་སྣོད་ཀྱིས་དེ་བཞིན་ནོ། །དྲིས་ལན་བཅུ་གསུམ་པ། ཉམས་སུ་ལེན་པའི་གནད་འདིའོ། །དམིགས་རྟེན་ཉིད་དང་བསམ་གནས་སོ། །དམིགས་གཟུགས་སྒྲ་དྲི་རོ་དང་རེག །འདོད་པ་ལྔ་ཡི་གནས་སྦྱངས་ཏེ། །གཟུགས་ནི་ཁ་དོག་


DNG003_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིབས་རྣམས་དང་། །བཟོ་དང་སྒྱུ་རྩལ་ཐ་དད་དང་། །མིག་འཕྲུལ་རྣམ་པ་སྣ་ཚོགས་པའོ། །སྒྲ་ནི་པི་ཝང་བུམ་ལྡིར་དང་། །རྒྱུད་མངས་རྫ་རྔ་གླིང་བུ་དང་། །ཕེག་དང་ཧར་ལ་སོགས་པའོ། །དྲི་ནི་ངད་ལྡན་སྦྱར་བ་དང་། །ཡིད་མཐུན་རྟེན་འདྲེལ་ཟབ་མོས་བྱ། །རོ་ནི་བུ་རམ་དྲུག་ལྡན་དང་། །རྒུན་ཆང་སྦྱར་བ་སྣ་ཚོགས་བསྒྱུར། །རྟེན་འདྲེལ་ཡན་ལག་སྦྱོར་བའོ། །རེག་ནི་མཁས་པས་ཁྲི་སྟེང་འདུག །གཞུ་བསྣོལ་འབྱུང་བའི་སྦྱོར་བ་དང་། །ཤིང་གི་ལོ་མ་འགའ་ཞིག་གིས། །རེག་པ་ཙམ་གྱིས་ཆོས་ཉིད་ལ། །འབྲལ་མེད་སེམས་ཀྱི་གནས་པའོ། །སེམས་ནི་བཟུང་དང་གནས་པ་དང་། །རྩ་བ་བཅད་དང་དངོས་པོས་དེད། །ཡུལ་དང་ཤེས་པའི་བར་ནས་བཙལ། །ཡེངས་ལ་བོར་བ་རྣམས་ཡིན་ནོ། །དྲིས་ལན་བཅུ་བཞི་པ། དེ་ལྟར་ཉམས་སུ་བླངས་པ་ལས། །རྟགས་དང་ཚད་ནི་འདི་ལྟ་སྟེ། །ལུས་ནི་ཡང་ཞིང་ཟང་ཐལ་སྣང་། །ས་ལ་རེག་མེད་ཐོགས་མེད་དང་། །ངག་གི་ནུས་རྫོགས་གཏམ་ཟུངས་ཟད། །སེམས་ནི་འཕོ་བར་ནུས་པའོ། །མིག་དང་རྣ་བ་སྣ་དང་ལྕེ། །ལུས་ཀྱི་དབང་པོ་ཀུན་ཟད་སྟེ། །རང་བཞིན་མེད་པས་ནུས་པ་ཟད། །དྲིས་ལན་བཅོ་ལྔ་པ། བར་མ་དོ་ཡི་སྣང་བ་ནི། །རང་བཞིན་གནས་པའི་ཕུང་པོ་དང་། །ཁམས་དང་ཉོན་མོངས་ཡུལ་དུ་སྣང་། །འཆི་ཁའི་བན་བུན་ལང་ལིང་དང་། །ཤེས་པ་གཅིག་ཏུ་མི་གནས་པའོ། །ཆོས་ཉིད་བར་དོའི་སྐུ་དང་ཡང་། །ཡེ་ཤེས་འོད་དང་ཁ་དོག་གོ། །ཐིག་ལེ་མཆེད་དང་འབྱུང་སྣང་དག །ཅིར་སྣང་ཆོས་ཉིད་གཞལ་ཡས་སོ། །སྲིད་པའི་སྣང་བ་ཕྱད་ཕྱོད་དང་། །ཡད་ཡུད་རྨི་ལམ་སྣང་བ་ལྟར། །བདེན་སྣང་རྫུན་པ་ཡིད་ཀྱི་ལུས། །དཀར་གླེག་ལ་སོགས་རིགས་དྲུག་འོད། །སོ་སོའི་དམིགས་པའི་ཡུལ་སྣང་བའོ། །དྲིས་ལན་བཅུ་དྲུག་པ། རང་སེམས་གྲོལ་བ་ཞེས་བྱ་བ། །གཅིག་ནས་གཅིག་ཏུ་སོང་བ་མེད། །གང་གིས་བཀྲོལ་བ་མེད་པའི་སེམས། །གཞི་ལ་རྫོགས་པས་འགྲོ་འོང་མེད། །བརྟགས་པས་མ་རྙེད་རྒྱུ་མཚན་མེད། །གཞི་རྩ་མེད་པས་སྟོང་པར་གནས། །


DNG003_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

རང་གསལ་གནས་པའི་སེམས་དེ་ནི། །གནད་ཀྱིས་གྲོལ་བས་ཕྱོགས་རིས་མིན། །དུས་ཀྱིས་གྲོལ་བས་ལྟོས་གཞི་མེད། །འབད་མེད་གྲོལ་བས་རྩོལ་སྒྲུབ་མེད། །གདེང་གིས་གྲོལ་བས་འབད་རྩོལ་མེད། །དེ་ལ་གདེང་གིས་གྲོལ་བར་བཤད། །ཡེ་ནས་གྲོལ་བས་བསྐྱར་གཞི་མེད། །རང་གིས་གྲོལ་བས་གཉེན་པོ་མེད། །ཅེར་གྱིས་གྲོལ་བས་མཐོང་སར་ཡལ། །ཡོངས་སུ་གྲོལ་བས་འབད་མེད་པའོ། །དྲིས་ལན་བཅུ་བདུན་པ། དེ་ལྟར་གྲོལ་བའི་སེམས་ཉིད་ལ། །ཐུགས་རྗེ་མེད་པ་མ་ཡིན་ཏེ། །གཞི་ལ་གནས་པའི་ཡེ་ཤེས་ཀྱིས། །རང་བཞིན་ཤུགས་ཀྱིས་འཆང་གཞི་བྱེད། །མཚན་ཉིད་འཛིན་པའི་ཡེ་ཤེས་ཀྱིས། །རྐྱེན་གྱིས་དག་པ་སྨིན་པར་བྱེད། །ཤེས་དང་ཤེས་བྱའི་ཡེ་ཤེས་ཀྱིས། །མོས་གུས་ཅན་ལ་དངོས་གྲུབ་སྟེར། །དེ་ཡང་སེམས་ཉིད་སྨིན་པའི་ཚེ། །ཆོས་ཀྱི་སྐུ་ལ་གཞི་གནས་ཏེ། །ཀ་ནས་དག་པའི་དྲི་མ་ཟད། །ངོ་བོ་ཡེ་ནས་འཁྲུལ་པ་མེད། །འཆར་བྱེད་མ་འགགས་ལྷུན་གྲུབ་པོ། །རང་བཞིན་འདི་འདྲ་ངེས་པ་མེད། །ཀུན་ལ་ཁྱབ་པས་ཐུགས་རྗེ་སྟེ། །འཁོར་བ་འདས་པ་ཆད་པ་མིན། །ལོངས་སྐུའི་ཡེ་ཤེས་མཚན་ཉིད་འཛིན། །ཡུལ་དངོས་དག་པས་མེ་ལོང་སྟེ། །འཁོར་འདས་གཟུགས་བརྙན་གསལ་བའོ། །ཕྱོགས་རིས་མེད་པའི་མཉམ་པ་ཉིད། །དབང་པོའི་ཡུལ་བརྟེན་སོ་སོར་རྟོགས། །འབད་པས་མ་ཡིན་བྱ་བ་གྲུབ། །ཐ་དད་མེད་པས་ཆོས་ཀྱི་དབྱིངས། །སྤྲུལ་པའི་སྐུ་ལ་ཤེས་བྱ་སྟེ། །ཇི་ལྟར་མཁྱེན་པས་དངོས་པོ་ཡི། །གནས་ལུགས་རང་གི་དོན་དུ་ཤེས། །ཇི་སྙེད་པས་ནི་གདུལ་བྱ་ཡི། །བསམ་པ་ཅི་ལྟར་གནས་པ་ཤེས། །དེ་ལྟར་ཐུགས་རྗེའི་འཆར་ཚུལ་ལས། །གདུལ་བྱའི་འགྲོ་བ་ཐ་དད་ལ། །འདུལ་བྱེད་སྐུ་ཡང་དེ་ཙམ་མོ། །དྲིས་ལན་བཅོ་བརྒྱད་པ། དེ་ཉིད་ཡེ་ཤེས་གནད་བསྟན་པས། །དང་པོ་གཞི་ལ་ཁྱབ་ཚུལ་ལ། །བར་དུ་ལམ་ལ་རྫོགས་པ་ཡི། །ཐ་མ་འགྲོ་བའི་ལུས་ལ་ཁྱབ། །ལུས་ཀྱི་དུས་ནི་འདི་ལྟ་སྟེ། །འབྱུང་བ་འདུས་པའི་ཕུང་པོ་ཡི། །ཙིཏྟ་རིན་ཆེན་


DNG003_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

གཞལ་ཡས་ན། །ངོ་བོ་ཀ་ནས་དག་པའི་ཆ། །སྟོང་གསལ་འདུས་པ་སྐུ་ཡི་གདངས། །ཞལ་ཕྱག་རྫོགས་པ་བུམ་སྐུའི་ཚུལ། །ལྷུན་གྲུབ་འོད་ཀྱི་གོང་བུར་གནས། །ཐུགས་རྗེ་ཁ་དོག་སོ་སོར་གསལ། །རོ་མ་རྐྱང་མ་ཀུན་འདར་མ། །ཀ་ཏི་ཤེལ་གྱི་སྦུ་གུ་ཅན། །མེ་ལོང་མཉམ་ཉིད་སོ་སོར་རྟོགས། །བྱ་གྲུབ་ཆོས་དབྱིངས་ཡེ་ཤེས་ནི། །ཐིག་ལེ་རྒྱུ་དང་མི་རྒྱུ་དང་། །རང་རྩལ་རྫོགས་པའི་རྟེན་དུ་གནས། །དྭངས་མ་འདུས་པའི་མིག་གཉིས་ནས། །ཐབས་དང་ཤེས་རབ་ཁྱད་པར་ལས། །ཇི་ལྟར་མཁྱེན་པའི་ཐིག་ལེ་དང་། །དག་པ་དབྱིངས་ཀྱི་སྒྲོན་མར་སྨིན། །ཇི་སྙེད་པ་ནི་རྒྱང་ཞགས་དང་། །ཤེས་རབ་སྒྲོན་མར་སྨིན་པ་ཡིས། །འགྲོ་བ་རྣམས་ཀྱི་ལས་ཀྱི་ཡང་། །དབང་པོའི་བྱེ་བྲག་ཅི་ལྟ་བར། །དེ་ལ་བསླབས་པས་ཤེས་པར་འགྱུར། །དྲིས་ལན་བཅུ་དགུ་པ། བཞུགས་ཚུལ་གནས་ལུགས་རྣམ་པ་གཉིས། །ཐོག་མའི་གཞི་ལ་གནས་པ་དང་། །འཁྲུལ་པའི་ཡུལ་ལ་གནས་པའོ། །ཐོག་མའི་ངོ་བོ་རང་བཞིན་དང་། །ཐུགས་རྗེ་རྣམ་པ་གསུམ་དུ་གནས། །དེ་ཡང་ངོ་བོ་སྐུར་གནས་པས། །ཆོས་དང་ལོངས་སྤྱོད་སྤྲུལ་པའི་ཆར། །མ་ཕྱེ་འབྱེད་པ་མེད་པའི་ཚུལ། །བབ་ལས་གྲུབ་པ་ཉིད་ལ་ཡང་། །སྐུ་མདོག་ལ་སོགས་བློ་ཡུལ་མེད། །རང་བཞིན་འཆར་བྱེད་འོད་ཀྱི་ཚུལ། །དཀར་དམར་སེར་དང་ལྗང་མཐིང་ནི། །མཚན་མ་རིས་ཅན་མ་ཡིན་པར། །རིས་མེད་ཤེས་བྱའི་བབ་ལས་གྲུབ། །ཐུགས་རྗེ་འཆར་བ་སྣ་ཚོགས་ལས། །འདི་འདྲ་གཅིག་ཏུ་ངེས་མེད་པས། །སྣ་ཚོགས་སྣང་ཕྱིར་གཞི་ཞེས་བྱ། །འཁྲུལ་པའི་ཡུལ་ལ་རང་བཞག་དང་། །ཅོག་བཞག་རང་གྲོལ་རྒྱས་གདབ་པོ། །དྲིས་ལན་ཉི་ཤུ་པ། དགོངས་པ་གཅིག་ལས་གཡོས་པ་མེད། །སྣང་བ་སྣང་བའི་ཐོག་གསལ་བས། །བཞིན་དང་མེ་ལོང་ལྟ་བུ་ལས། །གྲོལ་བ་དེ་དང་དེ་ཉིད་གྲོལ། །ཤེས་པ་འགྱུ་བ་ཡུལ་སྟོང་པས། །མཐོང་ཤེས་རིག་པ་ཐ་དད་མིན། །དེ་ཉིད་རང་གི་ཐོག་ཏུ་གྲོལ། །གཅིག་ཤེས་པས་ནི་ཀུན་གྲོལ་བྱེད། །གཉིས་དང་གསུམ་གྱི་


DNG003_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་མཐའ་ཟད། །རྟོག་ཅིང་འཛིན་པའི་ཡུལ་མི་སྣང་། །འགྱུ་དང་འཛིན་པ་ཡེ་ནས་སྟོང་། །སྟོང་པའི་དགོངས་པ་གསལ་རྫོགས་པས། །དུ་མའི་གྲངས་མཐའ་ཟད་པའོ། །དྲིས་ལན་ཉེར་གཅིག་པ། ཀུན་གཞི་དང་ནི་ཆོས་སྐུའི་གནད། །དེ་ལ་ཀུན་གཞི་རེ་ཞིག་བཤད། །ཆོས་དང་ཆོས་མིན་ཀུན་གྱི་གཞི། །ངོ་བོ་ངེས་ཚིག་དབྱེ་བ་བཤད། །ངོ་བོ་བག་ཆགས་རྣམས་ཀྱི་སྣོད། །དབྱེ་བ་ཡུལ་དང་སྦྱོར་བ་དང་། །སྣ་ཚོགས་པ་དང་ཡེ་གཞིའོ། །ངེས་ཚིག་ཀུན་ནི་འདུས་པ་ལ། །གཞི་ནི་ཚོགས་ཤིང་སོགས་པའོ། །ཆོས་ཀྱི་སྐུ་ནི་སྤྲོས་བྲལ་ཏེ། །རང་གར་འཛིན་པའི་མཚན་མ་མེད། །ངོ་བོ་སྟོང་གསལ་དབྱེར་མེད་ལ། །དབྱེ་བ་ཆོས་དང་ལོངས་སྤྲུལ་སྐུ། །གསུམ་གྱི་དབྱེ་བས་ཁྱད་པར་འཇུག །ངེས་ཚིག་ཆོས་ནི་ཡང་དག་ལམ། །སྐུ་ནི་དེ་ལས་གྲུབ་པའོ། །དེ་ལྟར་དབྱེ་བའི་གནད་ཀྱིས་ནི། །དུས་དང་ཐབས་དང་དཔེ་ཉིད་དང་། །ཕྱེད་པའི་ཚད་ཀྱིས་འབྲས་བུའོ། །དྲིས་ལན་ཉེར་གཉིས་པ། སེམས་དང་ཡེ་ཤེས་གནད་ཉིད་ནི། །སེམས་ཞེས་བྱ་བ་འཁྲུལ་རྟོག་ལ། །ངོ་བོ་འཇུག་ཅིང་ཁྱབ་པ་ལ། །དྲན་བསམ་རྣམས་ཀྱི་གཞི་པའོ། །དབྱེ་བ་དག་དང་མ་དག་པ། །ངེས་ཚིག་བསམ་པ་དྲན་ཡུལ་སྐྱེ། །དེ་ཡང་གང་ལ་སེམས་དང་གང་གིས་སེམས། །གང་སེམས་པ་དང་གང་ཕྱིར་སེམས། །ཡེ་ཤེས་རྟོག་པ་མ་ཡིན་ཏེ། །ངོ་བོ་རང་གསལ་སྙིང་པོའི་དོན། །དབྱེ་བ་དག་ནི་གསུམ་དུ་འདོད། །ངེས་ཚིག་ཡེ་ནས་གནས་པའི་དོན། །དེ་ལྟར་ཤེས་པས་ཡེ་ཤེས་ཏེ། །དེ་ཉིད་དབྱེ་བའི་དོན་བསྟན་པ། །དུས་དང་ཐབས་དང་དཔེ་དང་ཚད། །དགོངས་པ་སོ་སོའི་འབྲས་བུ་དང་། །ཡེ་ཤེས་རྟོགས་པའི་མཚན་ཉིད་ནི། །ལུས་དང་ངག་དང་སེམས་ཀྱིས་ཀྱང་། །རྟགས་དང་ཚད་དང་འཇུག་པ་དང་། །མཚན་ཉིད་འགྱུར་བར་ཤེས་པ་དང་། །མཉམ་ཉིད་རྫོགས་པའི་བྱེ་བྲག་གོ། །དྲིས་ལན་ཉེར་གསུམ་པ། འབྱུང་བ་དྭངས་སྙིགས་འབྱེད་འདོད་པས། །དོན་དམ་ཀུན་རྫོབ་དབྱེ་བ་ལས། །འབྱུང་བ་ལ་ཡང་གཉིས་སུ་འདུས། །དེ་ཡི་སྨིན་པོ་བྱེད་ལས་དེ་ཙམ་མོ། །ས་ཡི་


DNG003_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

སྙིགས་མ་རགས་པ་ལས། །དེ་ཡི་སྨིན་པོ་ཕྲ་རབ་རྡུལ། །བྱེད་ལས་ཤ་དང་དེ་ཡི་ནད། །དྭངས་མས་ལུས་ཟུངས་རྫོགས་པ་དང་། །དོན་དམ་བྱང་སེམས་སྤེལ་བ་དང་། །རྒྱང་ཞགས་སྒྲོན་མར་སྨིན་པ་དང་། །གནད་ཀྱིས་གོམས་ཀྱང་འགྲུབ་པའོ། །ཆུ་ཡི་སྙིགས་མས་རླན་ཞིང་སྡུད། །བྱེད་ལས་ཁྲག་དང་དེ་ཡི་ནད། །སྨིན་པས་ཆུ་རྡུལ་ཚོགས་པ་སྡུད། །དྭངས་མས་རྒ་ཤི་ཟིལ་གནོན་དང་། །བྱེད་ལས་ཆོས་ཉིད་བརྟན་པ་དང་། །ཤེས་རབ་སྒྲོན་མར་སྨིན་པ་དང་། །གནད་ཀྱིས་ཟས་ཀྱི་རྣལ་འབྱོར་འགྲུབ། །མེ་ཡི་སྙིགས་མས་བསྲེག་ཅིང་མཆེད། །སྨིན་པས་ལུག་དང་གླང་རྡུལ་ལོ། །བྱེད་ལས་དྲོད་དང་དེ་ཡི་ནད། །དྭངས་མས་ངག་ལུས་རྫོགས་པ་དང་། །ཐིག་ལེའི་སྒྲོན་མར་སྨིན་པ་དང་། །གཉིད་ཀྱི་བསམ་གཏན་བསྒོམ་པ་དང་། །གནད་ཀྱིས་རྨི་ལམ་འགགས་པར་བྱེད། །རླུང་གི་སྙིགས་མས་དྭངས་འབྱེད་བསྐྱོད། །སྨིན་པས་ཉི་རྡུལ་རྫོགས་པ་དང་། །བྱེད་ལས་དབུགས་དང་དེ་ཡི་ནད། །དྭངས་མས་སེམས་བདེ་ནུས་པ་དང་། །བྱེད་ལས་ཆོས་ཉིད་གསལ་བ་དང་། །རྣམ་རྟོག་ཐ་དད་འབྱེད་པའོ། །སྨིན་པས་དབྱིངས་ཀྱི་སྒྲོན་མ་ལས། །གནད་ཀྱིས་བག་ཆགས་དྲུངས་ནས་འབྱིན། །དུས་དང་ཐབས་དང་གནད་དང་ཚིག །དེ་ཡི་རང་བཞིན་འཇུག་པ་ཡིས། །འབྱུང་བའི་གནད་ཀྱི་མན་ངག་རྫོགས། །དྲིས་ལན་ཉེར་བཞི་པ། སྒྲོན་མ་གཏེམས་པ་འདི་ལྟ་སྟེ། །དད་ལྡན་འཁོར་བའི་ཡིད་བྲལ་བས། །བླ་མ་མཆོད་དང་གཏོར་མ་བྱ། །འཁོར་བའི་འདྲེལ་པ་ཀུན་སྤངས་ཏེ། །དབེན་པའི་ཕྱོགས་སམ་དུར་ཁྲོད་དུ། །གྲོགས་སྤང་གཅིག་པུར་གནས་པར་བྱ། །གསུམ་པོ་བརྟེན་པ་མ་ཡིན་པར། །རང་གི་མཐེབ་དང་མཛུབ་མོ་ཡིས། །ཐིག་ལེ་སྟོང་པའི་སྒྲོན་མ་གཏེམས། །གཏེམས་པ་དེ་ལས་གང་བྱུང་བ། །ཆོས་ཉིད་མངོན་སུམ་སྣང་བའོ། །དེ་ལས་ཡེ་ཤེས་འཕེལ་བའི་ཉམས། །ཁ་དོག་དང་ནི་དབྱིབས་ཀྱིས་ཀྱང་། །ཕྱི་དང་ནང་ཀུན་གསལ་བར་ཁྱབ། །གོང་ནས་གོང་དུ་ངེས་པར་འཕེལ། །འདི་དུས་ལུས་ངག་བདེ་བའི་རྟགས། །སྣང་བའི་


DNG003_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་དང་རིམ་པས་སྦྱར། །ཡེ་ཤེས་རྫོགས་པའི་སྣང་བ་དང་། །ཆོས་ཉིད་དག་པའི་སྣང་བ་ལས། །སྣང་གསུམ་རྫོགས་ནས་ཟད་པར་འགྱུར། །དེ་ལ་འབྲས་བུ་ཞེས་བྱའོ། །དྲིས་ལན་ཉེར་ལྔ་པ། དེ་ལྟར་གཏེམས་པའི་སྣང་བ་ནི། །དང་པོ་དམར་པོ་དག་པ་ཡི། །དབང་རྫོགས་ཟླུམ་པོ་རང་གསལ་རྫོགས། །མཛུབ་གཉིས་དག་ལས་གསུམ་དུ་འགྱུར། །དེ་ནས་ཡང་ཡང་གཏེམས་པ་ཡིས། །ཡེ་ཤེས་ལྔ་ཡི་ཁ་དོག་ནི། །དཀར་དམར་ལྗང་གུ་སེར་མཐིང་ནང་། །ཡུལ་ལ་སྣང་སྟེ་རྩོལ་བའོ། །དེ་ནས་རྩོལ་བྲལ་ཕྱིན་པ་ཡང་། །རླུང་གི་ཆ་ཡིས་འགྲོ་དང་འོང་། །མེ་ལོང་དག་གི་དབྱིབས་ཙམ་ལས། །གཉིས་དང་གསུམ་གྱི་ཆར་སྣང་ངོ་། །དེ་ཉིད་རྟག་ཏུ་གོམས་པ་ལས། །ཁ་དོག་ལྔ་ཡི་འོད་ཀྱིས་ཀྱང་། །རེ་ལྡེ་ཙམ་ལས་གྲུ་ཆད་སྣང་། །ཡུལ་གྲུ་ཙམ་ལས་མཐོང་ཚད་དོ། །དེ་ལ་གོམས་པའི་ཚད་རྙེད་ནས། །ཐིག་ལེའི་ནང་དུ་སྐུ་དང་བཅས། །ཕྱེད་སྐུ་དག་ཏུ་ཡུན་འགའ་གནས། །དེ་ལས་ལྔ་ལྔ་ཟུང་དུ་བཅས། །རབ་ཏུ་གསལ་བའི་ཐིག་ལེས་འདྲེལ། །ཡབ་ཡུམ་སྐུ་ཡི་སྣང་བ་ཅན། །འཁྲུལ་སྣང་ཟད་ནས་ཞིང་ཁམས་སོ། །འདི་དུས་ལུས་ངག་ཡིད་ཀྱི་ཚད། །སོ་སོའི་སྣང་བ་མཐོང་དུས་ཀྱི། །རང་ལ་སྨིན་པས་རྟགས་རྫོགས་ཏེ། །ཟད་པའི་ཚད་རྣམས་མངོན་པར་སྣང་། །འདི་ལ་བརྩོན་འགྲུས་ཆེ་ཆུང་གིས། །ཞག་དང་ཟླ་བ་ལོ་རྣམས་ཀྱིས། །སོ་སོའི་དུས་ལ་ངེས་པར་འགྲུབ། །འགྱུར་བ་མེད་པའི་དུས་དག་ལས། །སོ་སོའི་ཚད་ལ་ཕེབས་པའོ། །དྲིས་ལན་ཉེར་དྲུག་པ། རྩ་ཡི་གནད་ནི་བརྒྱ་ཕྲག་གཉིས། །དེ་ལ་ལེགས་པར་གནད་བསྡུས་ནས། །བརྒྱ་དང་བཅོ་ལྔས་ལས་ཀུན་བྱེད། །རབ་ཏུ་འགྱུར་བ་རྩ་ཡི་གནད། །དྲུག་ཅུ་རྩ་བརྒྱད་ཆོས་ཉིད་སྦྱོར། །མཆོག་ཏུ་བདེ་བ་ཆེན་པོའི་རྩ། །གཞི་ཡིས་བཞི་ཡང་བྱུང་འགྲོ་བའི་སྣང་བ་སྟོན། །གཞི་ཡི་གནས་དང་འགྲོ་བའི་ལམ། །སྨིན་པའི་སྒོ་དང་བྱེད་པའི་ལས། །དུས་དང་དེ་ཡི་སྣང་ཚད་དོ། །དེ་ཡི་གནད་ཀྱི་མན་ངག་ནི། །གནས་དང་འོང་


DNG003_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

དང་འགྲོ་ལམ་རྟེན། །སྨིན་པའི་ས་དང་ཐིག་ལེ་སྦྱར། །དེ་ལྟར་སུ་ཡིས་བྱས་པ་ཡིས། །རྣམ་རྟོག་འགགས་ནས་ཡེ་ཤེས་སྐྱེའོ། །དུས་ནི་རླུང་གི་ཚད་ཀྱིས་བཟུང་། །འགྱུ་བའི་གྲངས་ཀྱིས་ཡེ་ཤེས་གནས། །མཁས་པས་ཤེས་པར་བྱས་ཏེ་བཟུང་། །བྱེད་ལས་རླུང་གི་གྲངས་ཚད་ཀྱིས། །མ་འཁྲུལ་པ་ལ་ཆོས་ཉིད་དང་། །མ་དག་ལས་ཀྱི་བྱེ་བྲག་སྟོན། །སྣང་བའི་ཚད་ཀྱང་ལུས་ངག་ཡིད། །སོ་སོའི་དུས་ལ་བབ་པས་སོ། །དྲིས་ལན་ཉེར་བདུན་པ། སེམས་ཀྱི་སྦྱངས་པ་འདི་ལྟ་སྟེ། །ཕྱི་རོལ་ཡུལ་དང་ནང་གི་ལུས། །བར་དུ་ལུས་དང་སེམས་བསྡམས་པས། །ངག་གི་བྱ་བའི་ལས་ཀྱི་བྱ། །མཆོག་ཏུ་སེམས་ཀྱིས་སེམས་ལ་སྦྱང་། །ཡུལ་ནི་ཡོད་དང་མེད་པ་དང་། །འགྲོ་དང་འོང་བའི་གནད་ཀྱིས་བསམ། །ལུས་ནི་མིང་དང་ཕྲ་རབ་རྡུལ། །བྱེ་བྲག་དུ་མ་ཉིད་ཀྱིས་གཞིག །ལུས་སེམས་བསྡོམ་པའི་བར་དུ་བརྟགས། །ངག་གི་བརྗོད་པ་བྱེ་བྲག་གིས། །སོ་སོའི་རླུང་དང་འགྲོ་དང་འོང་། །དུས་ཀྱི་གཉིས་མེད་བསྲེས་པས་འགྲུབ། །མཆོག་ཏུ་སེམས་ནི་འགྲོ་འོང་གནས། །རྒྱུ་མཚན་བརྟག་པ་མེད་པས་སྦྱངས། །དེ་ལྟར་འབྱོངས་པའི་ཚད་ཀྱང་བཟུང་། །དེ་ལྟར་དེ་ཡི་མཚན་ཉིད་རྫོགས། །དྲིས་ལན་ཉེར་བརྒྱད་པའོ། །ཉོན་མོངས་པ་ནི་རང་རྐྱེན་ལས། །རང་གི་གྲིབ་མས་འཇིགས་པ་བཞིན། །རང་གི་རང་བཞིན་མཐོང་བར་འགྱུར། །དེ་ཡང་རླུང་གི་གྲངས་ཚད་ལས། །བརྒྱ་དང་ཉི་ཤུའི་གྲངས་ཀྱིས་ཤེས། །ལ་ལ་ཡུལ་ལ་བརྟེན་པ་ཡིས། །བདེན་དང་རྫུན་གྱི་ཁྱད་པར་འབྱུང་། །ལ་ལ་དམིགས་པ་མེད་པ་ལས། །གཟུ་བོ་ཙམ་གྱིས་ཤེས་པར་གཟུང་། །ལ་ལ་འཁོར་འདས་འདོད་པ་ཡང་། །བདེན་པ་གཉིས་ལས་སེམས་གཉིས་འཁྲུལ། །དེ་ལས་སྣང་རྐྱེན་ཉོན་མོངས་སོགས། །གཞན་ཡང་རབ་ཏུ་བཤད་བྱ་བ། །སྣང་བ་འཁྲུལ་པའི་རང་བཞིན་ནི། །ཡེ་ཤེས་ཡིན་པར་སྔར་མ་མཐོང་། །རྟོག་བཅས་འཁྲུལ་པའི་གཞི་མེད་པས། །ཀུན་གཞི་ཆོས་སྐུ་ཆེན་པོར་རྟོགས། །འཁྲུལ་པའི་རང་རྟོག་རྒྱུན་ཆད་དོ། །དེ་ལྟར་འཁྲུལ་མེད་སྣང་བ་ནི། །ཡེ་ནས་གྲོལ་བའི་གནད་


DNG003_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འབྱུང་། །འགྲོ་བའི་ཕུང་པོ་སངས་རྒྱས་སྐུ། །ཡེ་ནས་ཡིན་པར་སུས་མ་རིག །ཕུང་པོ་སངས་རྒྱས་ལྔ་བདག་ཏུ། །རྩ་གནས་ཡི་གེ་གྲུབ་ལས་བྱུང་། །ཆུ་བུར་མིག་ལས་ཡེ་ཤེས་ནི། །རང་སྣང་ཡིན་པར་སུས་མ་མཐོང་། །དེ་ལས་འཁྲུལ་པའི་སྣང་བ་ནི། །སྒྲོན་མའི་གནད་ལས་བྱུང་བའོ། །གཞན་ཡང་ལུས་ཀྱི་སྤྱོད་ལམ་ཉིད། །སྐུ་གསུམ་དག་ཏུ་གྲོལ་བའི་ཕྱིར། །བྱ་བྱེད་ཐམས་ཅད་ཆོས་ཉིད་དོ། །ངག་ཏུ་ཅི་ལྟར་སྨྲས་པ་ཀུན། །གསང་སྔགས་གསང་བའི་བཟླས་པ་སྟེ། །ཡི་གེའི་རྣམ་འཕྲུལ་གནད་ལས་བྱུང་། །འགྲོ་བའི་སེམས་ཀྱི་རྟོག་པ་ཀུན། །བསམ་གཏན་ཡིན་པར་ཅི་མ་ཤེས། །རང་སེམས་རྟོགས་ལས་གྲོལ་བས་ན། །དེ་ནི་འབྱུང་བའི་གནད་ལས་བྱུང་། །དེ་ལྟར་ཐམས་ཅད་ཆོས་ཉིད་ལས། །བསླབ་པར་བྱ་བ་གང་མེད་ཅིང་། །གཞག་པར་བྱ་བ་ཅུང་ཟད་མེད། །གོང་དུ་མེད་པའི་ཆོས་ཉིད་དོ། །བྱ་བྱེད་བརྗོད་དང་བསམ་པ་ལས། །འཁོར་འདས་གྲོལ་བའི་གནད་བརྟགས་ཏེ། །སངས་མ་རྒྱས་པ་གཅིག་ཀྱང་མེད། །ཁམས་གསུམ་འཁོར་བ་དོང་སྤྲུགས་སོ། །གཞན་ཡང་ཁམས་གསུམ་སེམས་ཅན་ཀུན། །ལུས་ངག་ཡིད་ལས་མ་འདས་པས། །སྐུ་གསུམ་གཞན་དུ་བཙལ་མི་དགོས། །བཙལ་ཀྱང་རྙེད་པའི་གནས་མེད་དོ། །མ་བྱུང་བྱུང་བ་མེད་པ་ལས། །བལྟས་པས་མཐོང་བ་ངོ་མཚར་ཆེ། །ངོ་མཚར་ཆེན་པོའི་རོལ་པ་ནི། །སངས་རྒྱས་སེམས་ཅན་འབྱེད་པ་མེད། །ནམ་མཁའ་ལ་ནི་སྤྲིན་བཞིན་དུ། །རང་བྱུང་རང་ལ་རྫོགས་པས་ཞི། །ཆོས་ཉིད་མངོན་སུམ་ཁྱད་པར་གྱིས། །དབང་པོ་རྣོ་དང་བརྟུལ་མེད་པས། །སེམས་ཅན་ཐམས་ཅད་སངས་རྒྱས་ལས། །གཞན་དུ་གནས་པ་མ་ཡིན་ནོ། །ལུས་ཅན་སེམས་ཀྱིས་ཁྱབ་པའི་ཕྱིར། །སངས་རྒྱས་མ་ཡིན་སེམས་ཅན་མིན། །ས་བོན་ལས་ནི་འབྲས་བུ་བཞིན། །རང་གི་རང་བཞིན་གཤིས་ཀྱི་གནད། །བརྗོད་པའི་ཚིག་གིས་མ་ཡིན་པར། །དབང་པོ་ཡུལ་ལ་གསལ་སྣང་བས། །ཅེར་མཐོང་


DNG003_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་བའི་བདག་ཉིད་དོ། །གཞན་ཡང་རྐྱེན་གྱིས་སེམས་ཅན་རྣམས། །སངས་མ་རྒྱས་པ་གཅིག་ཀྱང་མེད། །རང་སྣང་ཡེ་ཤེས་ཆོས་མཐུན་ཕྱིར། །འཁོར་བ་ཡེ་ནས་ཡོད་མ་ཡིན། །དེ་ཕྱིར་རང་རང་སངས་རྒྱས་སོ། །སྐྱེ་བ་ཉིད་ནི་རྟོག་པ་ལས། །མངལ་དུ་གནས་པ་ཆོས་ཀྱི་དབྱིངས། །ལུས་སེམས་འདུས་པས་དབྱིངས་རིག་འདྲེལ། །ལུས་སུ་གནས་པས་སྐུ་གསུམ་སྟེ། །རྒས་པས་ཆོས་ཟད་འཁྲུལ་སྣང་འགགས། །ན་བས་ཆོས་རྣམས་ཉམས་སུ་མྱོང་། །ཤི་བས་སྟོང་པ་ངོས་བཟུང་མེད། །དེས་ན་སེམས་ཅན་སངས་རྒྱས་སོ། །དེ་ཡང་ཆོས་ཉིད་མངོན་སུམ་གནད། །མཐོང་བ་ཙམ་གྱིས་ཤེས་པ་དང་། །ཤེས་པ་ཡིས་ནི་རྟོགས་པ་དང་། །རྟོགས་པ་ཙམ་གྱིས་གྲོལ་བར་འགྱུར། །གྲོལ་ཞེས་བཀྲོལ་བ་མ་ཡིན་ཏེ། །ནམ་མཁའ་དག་ནི་ནམ་མཁའ་ལ། །ཐིམ་ནས་རང་བཞིན་དམིགས་མེད་ལྟར། །རིས་མེད་ཆ་ཤས་ཡོད་མ་ཡིན། །མངོན་སུམ་མཐོང་བའི་སྐལ་ལྡན་ལ། །ཁམས་གསུམ་འཁོར་བའི་མིང་མེད་པས། །སྲིད་གསུམ་གདར་ཤ་ཆོད་པའོ། །ཞེས་སྒྲ་ཐལ་འགྱུར་ཆེན་པོ་ཆོས་རྣམས་ཀུན་གྱི་རྩ་བ་ལས། གནད་འདུས་བཀོད་པ་རིག་པའི་རྩ་བ་ངེས་པར་འབྱུང་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ལྷ་དབང་དགའ་བྱེད་ཀྱིས། །ཡེ་ཤེས་བཀོད་པ་ཞེས་བྱ་བའི། །སངས་རྒྱས་བཅོམ་ལྡན་འདས་ལ་ཞུས། །ཆོས་ཉིད་གནས་པ་ཇི་ལྟར་ལགས། །དེ་ལས་འཁྲུལ་པ་ཅི་ལྟར་བྱུང་། །འཁྲུལ་པའི་རྒྱུ་རྐྱེན་གང་དང་གང་། །མཚན་ཉིད་རྟོགས་པ་ཅི་ཡི་ཕྱིར། །སེམས་ཅན་ཐ་དད་ཅི་ཡི་རྒྱུ། །རང་བཞིན་རྫོགས་པའི་གནས་སྐབས་གང་། །མིང་གི་མཚན་ཉིད་བྱེད་པ་གང་། །ལས་དང་དབང་པོའི་འཐད་པ་ཅི། །ཚིག་གི་འཇུག་པ་ཅི་ཡི་ཕྱིར། །བློ་དང་ཤེས་པ་གང་ལས་བྱུང་། །གཟུང་དང་འཛིན་པ་ཅི་ཡི་ཕྱིར། །ངོ་བོ་ཀ་དག་ཡེ་ཤེས་དང་། །རང་བཞིན་ལྷུན་གྲུབ་ཅི་ཡི་ཕྱིར། །ཐུགས་རྗེ་ཀུན་ལ་གང་གིས་ཁྱབ། །མེ་ལོང་ལྟ་བུ་ཅི་ཡི་ཕྱིར། །མཉམ་པ་ཉིད་ཀྱི་འདོད་པ་ཅི། །སོ་སོར་རྟོགས་པ་གང་


DNG003_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་ཞིག །བྱ་བ་ཇི་ལྟར་འགྲུབ་པ་ལགས། །ཆོས་ཀྱི་དབྱིངས་ལ་ཇི་ལྟར་སྤྱོད། །ཤེས་པས་བསྡུས་པའི་ཡེ་ཤེས་གང་། །ཇི་སྙེད་པ་ལ་ཁྱབ་པ་ཅི། །ཇི་ལྟ་མཁྱེན་པའི་དགོངས་པ་གང་། །ཡེ་ཤེས་རྣམས་ཀྱི་སྡོམ་གཅིག་གང་། །འདི་དག་བདག་གིས་སྔར་མ་འཚལ། །སྟོན་པ་ཐུགས་རྗེ་ཆེན་པོས་གསུངས། །ནམ་མཁའ་མི་འབྱེད་བར་སྣང་ནས། །སུས་ཀྱང་བྱས་པ་མེད་པའི་ཚིག །རང་བཞིན་རྟོག་པ་གང་མེད་པར། །བརྗོད་མེད་བསམ་དག་སྒྲ་ལས་ཀྱང་། །ཚིག་གི་རྒྱལ་པོ་འདི་དག་ནི། །སྟོན་པས་གསུངས་པའི་ཚུལ་དུ་ཤར། །དྲིས་ལན་དང་པོ་ལ་ནང་གསེས་བཅུས་བསྟན། ཆོས་ཉིད་གནས་པ་ཞེས་བྱ་བ། །དུས་ཀྱི་གནས་དང་རང་བཞིན་དང་། །འཕོ་བ་ངེས་པའི་ཚད་ཀྱིས་གནས། །ཡེ་ནས་གནས་དང་འབད་པ་དང་། །རྐྱེན་དང་རྒྱུ་རྐྱེན་བར་སྐབས་སོ། །དུས་ཀྱི་གནས་པའི་ཆོས་ཉིད་ནི། །དབྱར་དགུན་སྟོན་དཔྱིད་ཆ་བཞི་ལས། །སྟོན་གྱི་དང་པོར་ཕུང་པོ་དང་། །ཁམས་དང་ཡེ་ཤེས་རྒྱས་པའོ། །འདི་དུས་རྟེན་འདྲེལ་ཟབ་མོ་བསྟན། །ཟླ་བ་མར་གྱི་དགུ་དང་བརྒྱད། །ཡར་གྱི་བཅུ་བཞི་ལྔ་ལ་གནས། །ཞག་ནི་བཅུ་གཉིས་ཆ་ཡི་ཕྱེད། །ཉི་མའི་དུས་ཀྱང་བཅུ་གཉིས་ལ། །ཆ་ཡི་རྣམ་པ་བཞི་ལ་གནས། །འདི་དུས་ཆོས་ཉིད་སྦྱང་སྦྱར་ཡང་བྱུང་བར་བྱའོ། །རང་བཞིན་དུ་ནི་གནས་པ་དག །ཕྱི་རོལ་ཡུལ་དང་ནང་གི་སེམས། །བར་གྱི་དབུགས་ལ་གནས་པ་སྟེ། །འདི་ཡང་རྣལ་འབྱོར་པས་ཤེས་བྱ། །འཕོ་བ་ངེས་པའི་ཚད་གནས་ནི། །འགྱུ་བ་ཆེན་པོའི་རླུང་དག་གིས། །སོ་སོའི་གནས་སྐབས་འགྱུ་ཚད་ལ། །ལྔ་བརྒྱ་དག་ལ་རེ་རེ་ཉིད། །ཆོས་ཉིད་གནས་པའི་འཕོ་བ་སྟེ། །རྟོག་པ་འཛིན་པ་སྟོང་ཚིགས་ལའོ། །རིགས་དྲུག་སོ་སོའི་ལྟུང་བའི་གནས། །རླུང་གི་འགྱུ་བའི་མཚམས་སྦྱར་བཟུང་། །དེ་ལ་སེམས་ཉིད་གནས་པའི་ཐབས། །ལྔ་བརྒྱའི་དུས་ནས་བརྩིས་ནས་ནི། །སོ་སོའི་དགེ་བའི་སྦྱོར་ཁ་འབད། །འདི་ཡང་རྐྱེན་གྱིས་ཉོན་མོངས་འགྱུར། །སོ་སོའི་རླུང་གི་མཚམས་ནས་བཟུང་། །


DNG003_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་ཚད་ལས་ཀྱི་བྱེ་བྲག་ཡང་། །རླུང་གི་འགྱུར་ལས་ཤེས་པར་བྱའོ། །ཡེ་ནས་གནས་པའི་ཆོས་ཉིད་ནི། །སྣང་བ་མེད་པ་ཐོག་མའི་དུས། །རང་བཞིན་བཅོས་པ་མེད་པར་གནས། །དྲི་མེད་སེམས་ཀྱང་དེ་བཞིན་ནོ། །འབད་པས་མངོན་སུམ་གནད་གཟིར་བས། །མ་བཅོས་གཞི་ལ་གནས་པའོ། །རྐྱེན་གྱིས་གནས་པ་འབྱུང་བ་ཡི། །ལུས་ཀྱི་བྱེ་བྲག་དག་པ་དང་། །མ་དག་པ་ཡི་ཁྱད་པར་གྱིས། །ཡེ་ཤེས་གནས་པའི་བྱེད་པས་ནི། །སོ་སོའི་དུས་ཚོད་མཁས་པས་བཟུང་། །རྒྱུ་ཡིས་གནས་པའི་སེམས་དེ་ནི། །ཀུན་ལ་ཁྱབ་ཕྱིར་ཆོས་ཉིད་ངང་། །བཅོས་པ་མེད་ན་གནས་པ་ཡིན། །བར་སྐབས་གནས་པ་རླུང་གིས་དྲང་། །འགྱུ་བ་ཕྲ་བའི་བར་དུ་ཤེས། །འདི་ནི་ཡེ་ཤེས་གནད་འདུས་པའོ། །དྲིས་ལན་གཉིས་པ་དོན་བརྒྱད་བསྟན་པ། དེ་ལས་འཁྲུལ་པ་རྒྱུ་དང་རྐྱེན། །ཆ་དང་ཡན་ལག་ལས་ཉིད་དང་། །མ་སྨིན་རྣམ་རྟོག་འཁོར་བའོ། །མ་རིག་པ་ནི་རྣམ་པ་གསུམ། །བདག་ཉིད་གཅིག་པས་འཁྲུལ་རྩ་བྱས། །ལྷན་ཅིག་སྐྱེས་པས་རྟོག་པ་གཉིས། །ཀུན་ཏུ་བརྟགས་པས་ཡུལ་དུ་གྱུར། །རྐྱེན་ནི་རྣམ་པ་བཞི་དག་གིས། །འདུས་ཤིང་བཟུང་བས་འཁྲུལ་ཞེས་བྱ། །ཆ་ནི་འདུ་བྱེད་ལ་སོགས་པས། །འཁྲུལ་ཡུལ་ཆ་ལ་བཅུ་གཉིས་ཕྲི། །སྨིན་པས་ལོ་དང་བྱེད་ལས་སོ། །ཡན་ལག་སྤྲོས་པ་ཐ་དད་ལས། །ཐམས་ཅད་མིང་གི་བྱེ་བྲག་ཏུ། །འཁྲུལ་པའི་ཡུལ་ལ་རྣམ་གཉིས་འགྱུར། །ལས་ཀྱིས་འདོད་དང་གཟུགས་ཀྱི་ཁམས། །གཟུགས་མེད་ཁམས་ཏེ་རྣམ་གསུམ་བྱེད། །མ་སྨིན་པ་ནི་རིགས་དྲུག་གཟུགས། །མིང་དང་བྱེ་བྲག་ཐ་དད་འགྱུར། །རྣམ་རྟོག་བག་ལ་ཉལ་བ་དང་། །ཀུན་ནས་ལྡང་དང་ཁྱབ་ཚུལ་ལོ། །འཁོར་བ་ཞེས་པ་མཚུངས་པ་དང་། །ཚོགས་པའི་ལས་ཏེ་སྡུད་དང་མཆེད། །རྫོགས་དང་བྱེ་བྲག་སྣ་ཚོགས་པའོ། །དེ་ལྟར་འཁྲུལ་ཞེས་མིང་ཙམ་ལས། །རྟོག་འཛིན་བྱེད་པའི་རྟགས་དང་ནི། །ཚོགས་ཤིང་སྡུད་པའི་བྱེད་པ་ཅན། །མིང་གི་བྱེ་བྲག་གིས་བརྟགས་སོ། །དྲིས་ལན་གསུམ་པ་དོན་དགུ་བསྟན་པ། འཁྲུལ་


DNG003_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱུ་ནི་མ་རིག་པ། །གཞི་དང་ཤེས་པ་སྦགས་པ་དང་། །གཟུང་དང་དབང་པོ་འཁོར་ཚུལ་ལོ། །རྐྱེན་ནི་ཡུལ་དང་གཟུང་ཆ་ལས། །མཐའ་དང་མཐའ་ཡི་བྱེད་པ་དང་། །གཅིག་མ་ཤེས་པ་དམིགས་རྟེན་ནོ། །གཞི་ནི་གང་ཡང་འབྱེད་མེད་ཅིང་། །ངེས་པ་མེད་པ་ཙམ་ལས་སོ། །ཤེས་པ་འཇུ་དང་ཡལ་བ་དང་། །མཆེད་པར་འཛིན་པ་རྣམས་ཡིན་ནོ། །སྦགས་པ་དྲི་མར་འཛིན་པ་སྟེ། །ཤེས་བྱས་རང་རྒྱུད་བཅིང་བའོ། །གཟུང་བ་མ་ཡིན་ས་ལ་ཡང་། །བདེན་པས་དམ་དུ་བཅིང་བའོ། །དབང་པོ་ཡུལ་དང་ཤེས་པའི་ཆས། །རྟག་འཛིན་ཡུལ་དེར་སྣང་བའོ། །འཁོར་ཚུལ་གཅིག་པར་ཤེས་པས་ནི། །རྣམ་རྟོག་གཉིས་གཉིས་ཟུང་འཇུག་གོ། །མཐའ་ཡི་བྱེད་པ་ལས་དང་རྒྱུ། །འབྱུང་བ་དབང་པོའི་ལས་སུ་འགྱུར། །གཅིག་མ་ཤེས་པ་ཀ་དག་ལས། །ཆོས་ཉིད་རང་ངོ་མ་ཤེས་པས། །རྒྱུ་དང་མཚུངས་པའི་ཉེར་ལེན་ནོ། །དམིགས་པའི་རྟེན་ནི་ཁ་དོག་ལས། །གཉིས་ཆ་ཕྲ་བའི་འགྱུ་རྟེན་གྱིས། །འཁོར་བ་ལས་ཀྱི་དམིགས་གྱུར་ཏོ། །དྲིས་ལན་བཞི་པ་དོན་བརྒྱད་བསྟན་པ། མཚན་ཉིད་རྟོགས་པའི་བྱེ་བྲག་ནི། །ཡོད་དང་མེད་དང་སྣང་བ་དང་། །གསལ་དང་སྟོང་པ་རགས་པ་འཛིན། །རྣམ་ཤེས་འཛིན་པའི་གཟུགས་ཅན་ནོ། །ཡོད་པ་དངོས་པོའི་བྱེད་པ་ཅན། །སྣང་དང་མཚན་ཉིད་འཇུག་པས་ཁྱབ། །ལས་དང་བྱེ་བྲག་ཉེ་བར་སྟོན། །མེད་པས་གཟུགས་ལ་སོགས་པ་སྤང་། །ཡིད་དང་ཤེས་པའི་འཇུག་པ་ཅན། །མཚན་ཉིད་རྟག་ཏུ་མ་རྙེད་པའོ། །སྣང་བ་གཟུགས་ལ་སོགས་པ་སྟེ། །འཛིན་ཅིང་མཆེད་པ་སྡུད་པར་བྱེད། །གཉིས་འཇུག་ཁྱབ་པའི་རང་བཞིན་ཅན། །གསལ་བས་རང་ངོ་སྟོན་པ་དང་། །མི་སྣང་བ་ལས་ལོག་པའོ། །སྟོང་པ་སྐྱེ་བ་མ་ཡིན་ལས། །གནས་དང་མཐའ་དབུས་མེད་པར་སྟོན། །མ་བྱུང་བས་ན་འགག་མེད་དོ། །རགས་པ་རྡུལ་དང་ཕྲ་རགས་ལས། །སྣ་ཚོགས་གཟུགས་སུ་རྫོགས་པ་དང་། །རེག་ཡོད་འཇིག་པར་སྣང་བའོ། །འཛིན་པ་དབང་པོའི་ཡུལ་དག་ལ། །སོ་སོའི་བཟུང་བས་འཆིང་བ་དང་། །བདག་


DNG003_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཉོན་མོངས་ལས་ཀུན་བྱེད། །རྣམ་པར་ཤེས་པ་རྟོག་པའི་ཆ། །ཡུལ་ལ་འཇུག་ཅིང་སྤྱོད་པ་དང་། །རྟོག་དང་ལས་ཀྱི་རྣམ་པར་རྟོག །གཟུགས་ཅན་རིག་བཅས་བེམ་པོ་སྟེ། །སེམས་སྡུད་པ་དང་བཀོད་པའོ། །དྲིས་ལན་ལྔ་པ་དོན་བརྒྱད་བསྟན་པ། སེམས་ཅན་ཀུན་གྱི་ཐ་དད་རྒྱུ། །འབྱུང་བའི་རྒྱུ་དང་བྱེད་ལས་དང་། །དབང་པོ་ཉིད་དང་དབྱིབས་དང་ཚད། །སྒྲ་དང་སོ་སོའི་བརྗོད་པ་དང་། །གནས་པའི་སྣོད་ཀྱི་བྱེ་བྲག་གོ། །འབྱུང་བའི་རྒྱུ་ནི་བཞི་དག་ལས། །བརྟགས་པས་དྲུག་ཅུ་དག་ཡིན་ཏེ། །རྣམ་པར་ཕྱེ་བས་བཞི་བརྒྱ་བཞིའོ། །བྱེད་པའི་ལས་ནི་བཞི་གཉིས་དག་ལས། །བརྟགས་པས་བཅུ་གཉིས་དྲུག་ཅུ་དག་ཏུ་འགྱུར། །དེ་ལས་རིགས་དྲུག་ཐ་དད་དོ། །དབང་པོ་མིག་ལ་སོགས་པ་ཡི། །དབྱིབས་དང་ཁ་དོག་མི་མཐུན་པས། །བཞི་བརྒྱ་དག་དང་བཞི་ཡིས་ཀྱང་། །སེམས་ཅན་ལུས་ཀྱང་ཐ་དད་དོ། །དབྱིབས་ནི་ལུས་དང་ཡན་ལག་དང་། །སོ་སོའི་གླིང་དང་དབང་པོས་ཀྱང་། །འགྲོ་བའི་གཟུགས་ཀྱང་དེས་ཕྱེའོ། །ཚད་ནི་རིགས་དྲུག་སོ་སོ་སྟེ། །ཐོག་མ་བར་དང་ཐ་མ་དང་། །སོ་སོའི་བསོད་ནམས་ལས་ཀྱིས་དབྱེ། །སྒྲ་ནི་རིང་དང་ཐུང་བ་དང་། །དྲག་དང་ཞན་དང་གཟིར་དང་དབྱུང་། །ཕྲ་དང་སེང་དང་རྩེ་མོའོ། །དངོས་པོ་ས་ཆུ་མེ་རླུང་གིས། །ཤེས་པ་ཉིད་དང་བསོད་ནམས་དང་། །དབང་ཐང་ལུས་ཀྱི་ཤས་ཀྱིས་བརྟགས། །བརྗོད་པ་གནས་དང་འབྱུང་བ་དང་། །ལས་དང་རྟོག་པ་རང་གནད་དོ། །གནས་པའི་སྣོད་ནི་དག་པ་དང་། །མ་དག་པ་ཡང་བཅུད་ཀྱིས་དབྱེ། །དེས་ན་འབྱུང་བའི་རང་གནད་ལས། །སེམས་ཅན་ལུས་ཀྱང་ཐ་དད་དོ། །དྲིས་ལན་དྲུག་པ་དོན་བརྒྱད་བསྟན་པ། རང་བཞིན་རྫོགས་པའི་གནས་སྐབས་ནི། །ཆོས་ཉིད་དབྱིངས་དང་རང་ངོ་དང་། །འགྱུ་བ་སྟོང་དང་རྟོག་པ་ཟད། །གཞི་རྫོགས་ལམ་དང་འབྲས་བུའོ། །ཆོས་ཉིད་སུས་ཀྱང་བཅོས་སུ་མེད། །རང་བཞིན་དག་པ་སྤྲོས་པ་བྲལ། །རྣམ་རྟོག་ཐ་དད་ཡུལ་ལས་འདས། །ཚིག་བྱུང་འཁྲུལ་པ་རྒྱུན་ཆད་པའོ། །དབྱིངས་ནི་ཕྱི་དང་ནང་གི་སྟེ། །ཕྱི་ནི་སྤྲིན་བྲལ་མཁའ་ལ་འཛིན། །བག་རྡུལ་ཆར་གྱིས་དེངས་དུས་སུ། །མཁས་པས་མངོན་སུམ་གནད་


DNG003_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

གཟིར་དང་། །ནང་གི་སྒྲོན་མ་ལམ་དུ་བྱའོ། །རང་ངོ་རིག་པ་ལུ་གུ་རྒྱུད། །འགྲོ་འོང་ཕྲལ་ཏེ་མཁའ་ལའོ། །འགྱུ་བ་རླུང་གཉིས་བྱེད་པ་བཅད། །དགུ་པ་ཡི་ནི་རླུང་གིས་དབྱེ། །གནས་སུ་འཇུག་པ་ཐབས་ཀྱིས་དབྱེའོ། །དཔེ་ནི་རླུང་དག་སྟོང་པ་ཡི། །སྣང་བ་ཐམས་ཅད་ཟད་པར་འགྱུར། །དེ་ལྟར་རྣམ་རྟོག་ཟད་པ་དང་། །སྐྱེ་མེད་ཡེ་ཤེས་དུས་མཉམ་སྟེ། །འདི་ཚེ་འཁོར་འདས་འདྲེས་པའོ། །དེ་ཡང་གཞི་ལ་རྫོགས་པའི་གནད། །རང་བཞིན་མ་བཅོས་མངོན་དུ་སྣང་། །ལམ་ནི་སྒྲོན་མས་མཚམས་སྦྱར་ནས། །མངོན་སུམ་ཉིད་དུ་སྣང་བའོ། །འབྲས་བུ་གང་དུ་བཟློག་པ་མེད། །འདོད་དང་རེ་དོགས་ཡུལ་ལས་འདས། །རང་སྣང་ཀ་ནས་དག་པར་རྫོགས། །ཤེས་འཛིན་རྟོག་པ་ཀུན་ཟད་པའོ། །དྲིས་ལན་བདུན་པ་དོན་བརྒྱད་བསྟན་པ། མིང་གི་མཚན་ཉིད་བྱེད་པ་ནི། །རྒྱུ་དང་རྐྱེན་དང་བཏགས་པ་དང་། །མཐའ་དང་དང་པོ་ཐ་མ་བསྒྱུར། །བརྟགས་པས་མ་རྙེད་ཐ་སྙད་གཞིའོ། །མིང་གི་རྒྱུ་ནི་ཚིག་གི་བརྡ། །མཚན་ཉིད་གང་དུ་མ་གྲུབ་པས། །ལྟར་སྣང་གདགས་སུ་མེད་པའོ། །རྐྱེན་ནི་དབང་པོ་ཐད་ཀའི་ཡུལ། །སོ་སོའི་སྣང་ཞེན་བཅས་པ་ལ། །ཀུན་གཞི་ཚོགས་པའི་སྣང་ཆར་ཤར། །བཏགས་པས་བརྡ་དང་སྒྱུར་བྱེད་ལས། །མཚན་ཉིད་ཉེ་བར་སྟོན་པ་དང་། །ཁྱད་པར་མིང་གིས་གང་བསྒྱུར་གནད། །སོ་སོའི་སྐབས་དང་སྦྱར་བྱས་ནས། །བཅོམ་ལྡན་འདས་ཀྱང་འཇིག་པར་འགྱུར། །མཐའ་ནི་འབྱུང་བའི་གནད་ཀྱིས་དབྱེ། །བསད་དང་གསོ་དང་འཇིག་པའི་ལས། །མིང་དང་རྟེན་ཅིང་འདྲེལ་པས་བྱའོ། །དང་པོ་བཏགས་པའི་མིང་ཡི་གེ། །དང་པོ་དག་ལ་བརྟེན་པ་ཡིས། །བསད་དང་གསོ་དང་གནས་པ་ཉིད། །སོ་སོའི་ཚད་ཀྱིས་ཤེས་པར་གྱིས། །ཐ་མ་བསྒྱུར་བའི་མིང་གི་མཐའ། །བཟློག་ཅིང་བཞག་པ་འབྱུང་ལུས་སྦྱར། །ཡང་དག་ཆོས་ཉིད་རྟོག་བྲལ་ལ། །མིང་གི་མཚན་ཉིད་རབ་ཕྱེ་ནས། །ཕྱི་དང་ནང་ལ་རབ་བརྟགས་པས། །མིང་གིས་མཚན་ཉིད་མ་རྙེད་པས། །རང་གི་ཆོ་ག་རྫོགས་པར་འདོད། །ཐ་སྙད་རྣམས་ནི་ཚིག་གི་མཐའ། །གང་


DNG003_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

དུའང་ཡོད་མེད་མཐའ་ཡིས་དབྱེ། །ལུས་སེམས་གཉིས་ལ་བརྟགས་གཞིག་པས། །ཐ་སྙད་གཞི་ཡང་སྟོང་པའོ། །གཞི་ནི་གཅིག་དང་གཉིས་སུ་མིན། །བཏགས་སྟོང་ཡོད་མེད་མཐའ་འགགས་ཏེ། །བྱས་དང་བྱུང་བ་སུས་མི་རྙེད། །དེ་བཞིན་གནས་དང་འགྲོ་འོང་མེད། །དེ་ཕྱིར་ཆོས་ཉིད་སྟོང་པའོ། །དྲིས་ལན་བརྒྱད་པ་དོན་བདུན་བསྟན་པ། སེམས་ཅན་ལས་དང་དབང་པོ་ནི། །རླུང་དང་ཤེས་པ་ཕྱི་སྣོད་དང་། །འབྱུང་བ་སྤྱི་དང་ཁྱབ་བྱེད་ཚུལ། །གསུམ་དང་དགུ་དང་ཉེར་གཅིག་གོ། །སེམས་ཅན་ལས་ནི་རླུང་གི་ཡང་། །འབྱུང་བའི་འཕེན་པ་དག་ཏུ་ཕུལ། །དེ་ལས་ལས་ཀྱི་བྱེ་བྲག་གིས། །འཇུག་ཅིང་ཐབས་ཀྱིས་རབ་ཏུ་འབྱེད། །དེ་ཡི་བྱེད་པའི་ཤེས་པ་ནི། །མཁའ་ལ་སྤྲིན་གྱི་རང་བཞིན་ཉིད། །རླུང་གིས་གཏོར་བ་ཅི་བཞིན་དུ། །དུམ་བུ་དུམ་བུས་ལས་སྣང་སྟོན། །དེ་ལས་ལུས་ངག་ཡིད་གསུམ་ལ། །སྨིན་པས་ལས་ཀྱི་རྣམ་པར་སྟོན། །འབྱུང་བ་ས་ཆུ་མེ་རླུང་གིས། །ལུས་སུ་རྫོགས་པ་རླུང་གི་ལས། །ཁྱབ་བྱེད་སེམས་ཅན་ཐམས་ཅད་ལ། །འབྱུང་བཞིའི་ལུས་ལས་མ་འདས་པས། །སོ་སོའི་ལས་ཀྱི་སྡེབས་སུའོ། །ཚུལ་ནི་གཟུགས་སུ་གྲུབ་པ་དང་། །དེ་ཡི་ལས་ཀྱི་སྔ་ཕྱི་ལས། །སོ་སོར་བླངས་ཏེ་མྱོང་བར་འགྱུར། །དབང་པོ་གསུམ་ནི་རབ་འབྲིང་ཐ། །དེས་ནི་ཐེག་གསུམ་འདུ་ཤེས་བྲལ། །དེ་ལས་གསུམ་གསུམ་རབ་ཕྱེ་བས། །དགུ་སྟེ་ཐེག་དགུ་དབང་པོའི་གནད། །དེ་ལས་གཉིས་སུ་རབ་ཕྱེས་ཏེ། །དགུ་ཕྲག་གཉིས་ཏེ་སྣང་བའི་ཆ། །གཞི་ལ་གསུམ་བཞག་ཉེར་གཅིག་གིས། །སྣང་བ་ཉེར་གཅིག་རྫོགས་པའོ། །དྲིས་ལན་དགུ་པ་ནང་དོན་དྲུག་བསྟན་པ། ཚིག་གི་འཇུག་པ་འདི་ལྟ་སྟེ། །ཚངས་པ་ཁྱབ་འཇུག་བརྒྱ་བྱིན་དང་། །མཁའ་ལྡིང་དབང་ཕྱུག་དྲག་པོ་དང་། །སོ་སོའི་སྒྲ་དང་ལྷ་ཡི་སྐད། །གནས་གཞན་བརྩིས་པས་ཚིག་ལ་འཇུག །ཚངས་པས་ཚིགས་བཅད་དང་པོ་དང་། །ཕྱེད་རྫོགས་གནས་གཞན་བརྒྱད་དུ་འགྱུར། །དབང་ཕྱུག་གིས་ནི་ཚིགས་བཅད་དགུ། །དེ་ཡི་གནས་ཀྱི་ཕྱེད་གཉིས་འགྱུར། །ཁྱབ་འཇུག་གིས་ནི་སྟོང་གཉིས་ལ། །གནས་ལ་དབང་


DNG003_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

པས་གཅིག་རྫོགས་པའོ། །བརྒྱ་བྱིན་གྱིས་ནི་ཚིགས་བཅད་ལྔ། །སྒྲ་ཡི་བཟློག་པས་གསུམ་གཉིས་རྫོགས། །མཁའ་ལྡིང་ཚིགས་བཅད་དྲུག་གིས་ཀྱང་། །རྟགས་ཕྱེ་བས་ནི་བདུན་གཉིས་ལའོ། །དྲག་པོས་འཇུག་པ་གསུམ་སུམ་ཅུ་ཡང་བྱུང་གཉིས་ལ། །རྟགས་བཀོད་ལས་ཀྱི་བདུན་བརྒྱ་བཞི་ཡང་བཞིའོ། །སོ་སོའི་སྒྲ་ནི་གནས་པ་དང་། །འཇུག་དང་འབྱུང་བ་ལྡོག་པ་ལས། །དུས་ལ་བརྟེན་པས་ལྔ་ལྡན་རྫོགས། །ལྷ་ཡི་སྐད་ནི་སྟོང་ཕྲག་དྲུག །ཡན་ལག་སྤྲས་པས་དེ་ཉིས་འགྱུར། །གནས་གཞན་རྩ་བ་བརྩེ་བ་བཞི་ཡང་གཞི་དག་ལས། །ཚིག་ལ་རྟོག་པས་གནས་བརྒྱ་བརྒྱད་ཀྱང་གཉིས། །དེ་ལས་སྤྲོས་པས་སྤྲོས་པས་བརྒྱ་གྱ་བཞི་ཡང་བཞི་བརྒྱ་བཞི། །ཁྱད་པར་ངེས་པའི་ངེས་པར་དེ་བཅུར་ཡང་རྩིས་བཅུར་འགྱུར། །དེ་དག་རབ་ཏུ་སྦྱོར་ཤེས་པས། །ཚིག་ལས་དབང་སྟེ་སྨྲ་བའི་རྒྱལ། །དེས་ནི་སྦྱོར་མཆོག་ངེས་འགྲུབ་པའོ། །དྲིས་ལན་བཅུ་པ་ནང་དོན་དགུ་བསྟན་པའོ། །བློ་དང་ཤེས་པ་ཞེས་བྱ་བ། །སེམས་དང་ཡིད་དང་འགྱུ་བ་དང་། །འཕྲོ་དང་རྒོད་དང་རེངས་པ་དང་། །ཡུལ་དང་འཛིན་དང་ཞེན་པའོ། །སེམས་ནི་དག་དང་མ་དག་པའི། །ཁམས་གསུམ་པོ་ཡང་སངས་རྒྱས་འཇུག །ཡིད་ནི་ངོ་བོ་ངེས་ཚིག་དང་། །དབྱེ་བ་དག་གིས་ཤེས་པར་འགྱུར། །འགྱུ་བ་དྲན་དང་སྣང་བའི་ཆ། །བརྟགས་པ་ལས་ནི་བློ་འགྱུར་རོ། །འཕྲོ་བ་ཡུལ་གྱི་ལས་མཐའ་ལས། །བློ་དང་ཤེས་པའི་རྩལ་དུ་སྣང་། །རྒོད་པ་རླུང་གི་བྱེད་པའི་ལས། །འདུ་བྱེད་བློ་དང་ཤེས་པའི་བརྡའོ། །རེངས་པ་ཉོན་མོངས་གསུམ་དག་ལས། །བློ་ཞེས་འགྱུར་དང་ཤེས་པས་གཅོད། །གཉིས་འདུས་པ་ལས་ཤེས་ཁམས་གསུམ་ཡང་གསུམ་འབྱུང་། །ཡུལ་ནི་སྒོ་ལྔའི་སྣང་ཆ་ལས། །བློ་དང་ཤེས་པའི་འཇུག་ཆ་བྱུང་། །འཛིན་པ་མིག་ལ་སོགས་པ་ཡིས། །དེ་དང་དེ་ལ་བློ་ཤེས་དངོས། །ཞེན་པ་བློ་ཡི་རྟོགས་ཚད་བཞི། །ཤེས་པའི་ཚད་ལས་བརྒྱད་དུ་འགྱུར། །དེ་ལས་འབྱུང་བས་འཛིན་ཆགས་སོ། །དྲིས་ལན་བཅུ་གཅིག་པ། དེ་ལྟར་སྣང་ཆའི་བྱེད་པ་ལས། །གཟུང་དང་འཛིན་པ་གཉིས་སུ་ཤར། །གཟུང་བ་ཡུལ་ལ་འཛིན་པ་སེམས། །ཡུལ་སེམས་འདུས་པས་དུག་


DNG003_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་མོ། །ཡུལ་གནད་དབང་ལ་དབང་གནད་སེམས། །སེམས་གནད་མིག་ལ་མིག་གནད་རྩ། །དེས་ན་ལུས་ཀྱི་འདུག་སྟངས་ལ། །བག་ཆགས་ལུས་ཀྱི་འདྲེལ་ཆོད་དང་། །སངས་རྒྱས་དགོངས་པ་རྫོགས་པའོ། །རྩ་ནི་རྟེན་འདྲེལ་འཁོར་ལོ་ཡིས། །བཙལ་ཞིང་གཟུང་དང་སྤེལ་བའི་གནས། །རྣལ་འབྱོར་པ་ཡི་ཡན་ལག་གོ། །དྲིས་ལན་བཅུ་གཉིས་པ། ངོ་བོ་ཀ་དག་ཡེ་ཤེས་ལས། །མ་རིག་པ་ཞེས་སྲིད་མིང་མེད། །གཅིག་དང་གཉིས་ཀྱི་གྲངས་མེད་པའོ། །བརྟགས་པས་ཡོད་མེད་གྲུབ་པ་མེད། །གང་དུ་མ་ཕྱེ་ཆོས་ཉིད་ལས། །ཡེ་ཤེས་ཙམ་དུའང་གྲུབ་པ་མེད། །ཚིག་མེད་བརྗོད་ལས་གྲུབ་པ་མེད། །མཐའ་ལ་མི་གནས་རང་རིག་དག །གཟུང་འཛིན་མིང་གི་མཐའ་ཟད་པའོ། །རྒྱུ་མེད་རྐྱེན་གྱི་གྲངས་མེད་ལ། །གཉིས་སྣང་ཡུལ་དང་ཡུལ་ཅན་མེད། །མཚན་ཉིད་གང་དུའང་ཕྱེ་བ་མེད། །ཡུལ་རྐྱེན་རགས་པ་རང་ཟད་པའོ། །ཡེ་ནས་མེད་པས་དག་པས་དག །འཁྲུལ་རྟོག་འགགས་པས་ཅིར་མི་མཛད། །མ་སྐྱེས་པས་ན་འགག་སྟོང་ངོ་། །དྲིས་ལན་བཅུ་གསུམ་པ། རང་བཞིན་ལྷུན་གྲུབ་ཡེ་ཤེས་ཞེས། །མི་སྐྱེ་མི་འགག་ཅིར་མི་དགོངས། །ཡུལ་དག་ངེས་པ་མེད་ཕྱིར་རོ། །རྩལ་དང་ཡོན་ཏན་འགག་མེད་པས། །རོལ་པ་ཙམ་དུ་སྣང་བ་ལས། །སྣ་ཚོགས་རྫོགས་པའི་གཞི་མའོ། །མེད་ཕྱིར་སྣང་ལ་སྣང་ཕྱིར་སྟོང་། །སྣང་སྟོང་འཇུག་པའི་ཡན་ལག་ཅན། །སངས་རྒྱས་སེམས་ཅན་དག་ཡུལ་ལོ། །འདི་ལྟར་གཞི་ཞེས་མངོན་པར་གནས། །རང་བཞིན་ཙམ་དུ་གནས་པ་ལས། །ངོ་བོའི་ཆ་ནས་བརྟགས་པས་སྟོང་། །ཡན་ལག་སྤྲོས་ཕྱིར་མཁྱེན་པ་རྫོགས། །རང་གནས་ལྷུན་གྱིས་གྲུབ་པའི་ཕྱིར། །འདི་ལ་སྤང་བླང་གཉིས་མེད་པའོ། །དྲིས་ལན་བཅུ་བཞི་པ། ཐུགས་རྗེ་ཀུན་ཁྱབ་ཡེ་ཤེས་ལས། །མི་འཛད་སྣ་ཚོགས་འཆར་བའི་སྒོ། །འཛད་པ་ལྟར་སྣང་ངོ་བོར་རྫོགས། །ཆོས་སྐུ་སྟོང་པའི་རང་བཞིན་ལས། །ཡེ་ཤེས་མཁྱེན་པ་རྫོགས་པའི་ཆ། །ཐུགས་ཀྱིས་སེམས་ཅན་རྣམས་ལ་འཆར། །དེ་མེད་འཁོར་འདས་ལྟེ་ཆད་པས། །མཁྱེན་པས་རིག་ཅིང་གསལ་བའོ། །རང་རིག་


DNG003_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བའི་བདག་ཉིད་ལས། །རང་བཞིན་ཤུགས་ཀྱིས་ཐུགས་རྗེ་ཉིད། །མ་འགགས་འགག་པ་མེད་པའོ། །འབྱུང་བ་དག་པའི་ཆ་ནས་ནི། །ལས་སུ་མེད་པ་གཅིག་རྫོགས་པའོ། །ཉི་མ་ལས་ནི་འོད་བཞིན་དུ། །རང་ཆས་སྒྲིབ་པ་མེད་པའོ། །དྲིས་ལན་བཅོ་ལྔ་པ། དེ་ལས་མཚན་ཉིད་འཛིན་པ་ཡི། །ལོངས་སྐུའི་ཡེ་ཤེས་བཤད་པར་བྱའོ། །མེ་ལོང་ཡེ་ཤེས་གཟུགས་ཅན་གསལ། །དབྱིབས་དང་ཁ་དོག་སྣང་ཆ་རྫོགས། །དཀར་པོ་དྲི་མ་དག་ཕྱིར་རོ། །རང་ཆས་སྣང་སྟེ་འཁོར་འདས་སྦྱོར། །ཆོས་རྣམས་ཀུན་གྱི་གཟུགས་མཐོང་བས། །རང་གིས་ཡེ་ཤེས་ཞེས་བྱའོ། །གསལ་ཞིང་སྟོང་ལ་སྟོང་པར་གྲོལ། །གྲོལ་འཛིན་མཐའ་ཡི་རྟོག་པ་ཟད། །གཞན་མེད་གྲོལ་གཞི་རྫོགས་པའོ། །དྲིས་ལན་བཅུ་དྲུག་པ། མཉམ་པ་ཉིད་ཅེས་བྱ་བ་ནི། །མཉམ་རྒྱུ་གཉིས་ལ་མཉམ་རྐྱེན་གསུམ། །མཉམ་པའི་དུས་དང་ཚད་ཀྱིས་སོ། །འདི་ལ་གཉིས་མེད་རིག་དང་བྲལ། །མི་ཕྱེད་མི་འབྱེད་རང་གནས་ཉིད། །མཉམ་པ་ཞེས་བྱ་ཆོས་ཉིད་ལ། །ཟུག་རྔུ་སྤྲོས་པ་བྲལ་བའོ། །ཉིད་ཅེས་བཅོས་ཞིང་རྩོལ་བསྒྲུབ་མེད། །རང་བཞིན་གནས་པ་ངོ་བོ་སྟོང་། །སེམས་ཉིད་རྟོག་པ་ཀུན་ཟད་པའོ། །ཡེ་ཤེས་ཞེས་བྱ་གནས་པ་ལ། །དེ་ཡི་མཚན་ཉིད་རྟོགས་པ་ཡིས། །འཁོར་འདས་གཉིས་ལ་མི་གནས་པའོ། །དྲིས་ལན་བཅུ་བདུན་པ། སོ་སོར་རྟོགས་པ་དབང་པོའི་རིགས། །གང་ལ་སྣང་བ་དེ་ཡི་ཆོས། །རིམ་པ་སོ་སོར་གསལ་བའོ། །བརྟག་པ་རང་སྣང་དག་ནས་ནི། །རིག་པ་ཡུལ་དུ་གྱུར་པ་ཉིད། །སོ་སོ་ཞེས་བྱ་བྱེ་བྲག་ལས། །གཉེན་པོའི་ཚུལ་དུ་བྱུང་བ་སྟེ། །རྟོགས་པ་ཞེས་ནི་མཚན་ཉིད་མཐོང་། །རང་སྣང་འཕེལ་དང་བཅས་པའོ། །ཡེ་ཤེས་ཐོག་མར་བྱུང་བ་ལས། །ཤེས་པས་ཉོན་མོངས་སྐྱོན་དག་གོ། །དྲིས་ལན་བཅོ་བརྒྱད་པ། བྱ་བ་གྲུབ་པ་ཞེས་བྱ་བ། །འབད་ཅིང་རྩོལ་བ་རང་འགགས་ནས། །ཆོས་ཀུན་རང་བཞག་རང་གྲོལ་ལོ། །རང་གྲོལ་རྫོགས་པའི་གཞི་སྣང་ལས། །ཆ་ཕྲ་རྡུལ་བྲལ་དྲི་མེད་ཐོབ། །རྟོག་དཔྱོད་ཡུལ་ལས་འདས་


DNG003_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟེ། །གང་གིས་མ་ཕྱེ་ཆོས་ཉིད་དོ། །རང་བཞིན་རྫོགས་པས་སྣང་མཐའ་ཟད། །ཅིག་ཆར་རྟོགས་པ་བྱ་བའོ། །གྲུབ་པས་འདོད་པ་བྲལ་བ་ལ། །བསྐྱར་དང་ལྡོག་པ་མེད་པའོ། །ཡེ་ནི་གནས་པའི་དོན་ཉིད་ལ། །ཤེས་པས་མངོན་དུ་གྱུར་ནས་ནི། །ཆོས་རྣམས་ཟད་པའི་སར་ཕྱིན་པའོ། །དྲིས་ལན་བཅུ་དགུ་པ། ཆོས་ཀྱི་དབྱིངས་ནི་ཡངས་པ་ལ། །མཐའ་དང་དབུས་སུ་མི་དམིགས་པས། །གྲོལ་གཞི་ཆོས་ཉིད་དག་པ་ལ། །ཆོས་ནི་སྤྱོད་པར་བྱེད་པ་ལས། །འདས་དང་འཇིག་རྟེན་བྱ་བ་བྱེད། །རང་བཞིན་གསལ་ཞིང་དྭངས་པའོ། །དབྱིངས་ནི་གོ་སྐབས་འབྱེད་པ་ལས། །རང་བྱུང་ཆེན་པོའི་གནས་པའོ། །ཡེ་ནི་གནས་པའི་བདག་ཉིད་ལ། །ཐོག་མ་ནས་ནི་བཅོས་པ་མེད། །ཤེས་པས་འཁོར་འདས་གཉིས་ལས་གྲོལ། །རང་སྣང་རྫོགས་པའི་དགོངས་པའོ། །དྲིས་ལན་ཉི་ཤུ་པ། ཤེས་པས་བསྡུས་པའི་ཡེ་ཤེས་ནི། །སངས་རྒྱས་སེམས་ཅན་ཐམས་ཅད་ལ། །དབྱེར་མེད་རང་བཞིན་མེད་པར་ཁྱབ། །དེ་ཡང་སངས་རྒྱས་རྣམ་དག་རྫོགས། །དྲི་མེད་རྡུལ་དང་བྲལ་བར་གནས། །སེམས་ཅན་རིགས་དྲུག་སྣང་ཆ་ལ། །སོ་སོའི་རྒྱུད་ལ་གནས་པ་དེ། །ལྷ་རྣམས་རང་གསལ་རྫོགས་པ་སྟེ། །ལྷ་མིན་རྣམས་ལ་ཕྲ་ཞིང་འཁྱུག །མི་རྣམས་རང་གསལ་ཟླུམ་པོ་ཉིད། །བྱོལ་སོང་རྣམས་ལ་ནང་དུ་གསལ། །ཡི་དྭགས་རྣམས་ལ་ཕྲ་བ་ལ། །དམྱལ་བར་རང་སྣང་རྫོགས་པའོ། །ཤེས་པས་རིག་ཅིང་རང་ས་གསལ། །བསྡུས་པས་ངོ་བོ་རང་རིག་པ། །ཡེ་ནི་གསལ་ཞིང་མཁྱེན་རིག་ཆ། །ཤེས་པ་རང་གྲོལ་དཀྱིལ་འཁོར་གཅིག །དྲིས་ལན་ཉི་ཤུ་རྩ་གཅིག་པ། ཤེས་བྱས་བསྡུས་པའི་ཡེ་ཤེས་ནི། །རྣམ་པ་གཉིས་སུ་ཤེས་པར་བྱའོ། །དེ་ལ་ཤེས་བྱ་ཇི་སྙེད་བཤད། །འདིས་ནི་གདུལ་བྱའི་བསམ་པ་མཁྱེན། །གཞན་དོན་ཁོང་དུ་ཆུད་པ་ཡིས། །ཆོས་རྣམས་རང་བཞིན་ཤེས་པའོ། །ཇི་ཞེས་བྱ་བ་གནས་ལུགས་ལ། །སྙེད་པས་མ་ལུས་རྫོགས་པར་བྱས། །ཡེ་ནི་སེམས་ཅན་ཀུན་དོན་ལ། །ཤེས་པས་ཁམས་གསུམ་དོང་ནས་འབྱིན། །སྤྲུལ་པའི་


DNG003_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ཡི་མཁྱེན་པའི་ཆ། །རང་སྣང་ངོ་ལ་རྫོགས་པའོ། །དྲིས་ལན་ཉེར་གཉིས་པ། ཇི་ལྟ་མཁྱེན་པའི་ཡེ་ཤེས་བཤད། །སྣང་ཆས་བརྗོད་གཞི་བྲལ་བ་ལ། །རང་སྣང་དག་པའི་གཟུགས་བརྙན་གསལ། །དངོས་པོའི་གནས་ལུགས་མཁྱེན་པ་ལས། །རང་དོན་རྟོགས་པས་འཁྲུལ་རྒྱུན་ཟད། །ཇི་ཞེས་བྱ་བ་གནས་ལུགས་ལས། །ལྟ་བ་ཡེངས་པ་མེད་པར་སྤྱོད། །མཁྱེན་པ་འགག་པ་མེད་ཕྱིར་རྫོགས། །ཡེ་ནི་ལམ་དུ་གྱུར་པ་ལ། །ཤེས་པ་ཚད་དུ་ཕྱིན་པའོ། །མ་བཅོས་རང་གྲོལ་ཆེན་པོ་ཡི། །གཞི་ལ་གཡོ་བ་མེད་པའོ། །དྲིས་ལན་ཉེར་གསུམ་པ། ཡེ་ཤེས་རྣམས་ཀྱི་བསྡོམ་པ་ནི། །མཚན་ཉིད་ཁྱབ་ཅིང་གསལ་བ་ལ། །རང་བཞིན་གསལ་སྟོང་དབྱེར་མི་ཕྱེད། །ངོ་བོ་གང་དུའང་ཕྱེ་བ་མེད། །དབྱེ་བ་བཞི་ཡིས་བསྡུས་པ་ལས། །རྟོག་འཇུག་ཐབས་ཀྱི་བྱེ་བྲག་སྟོན། །གཞི་དང་སྙིང་པོ་མེ་ཏོག་གིས། །མཛེས་ཤིང་ཡང་དག་རྫོགས་པ་ཉིད། །ཁྱབ་དང་ཁྱབ་བྱེད་ཚུལ་གྱི་ཡང་། །རང་སྣང་གཞི་ལ་སྟོན་པ་དང་། །རྣམ་རྟོག་ཟད་པར་བྱེད་པའོ། །ཁྱད་པར་འདུས་པ་རྣམས་ཕྱེ་བ། །རྟོག་བྲལ་ཆོས་ཉིད་རང་གདངས་ལས། །དམིགས་མེད་ཡེ་ཤེས་སྣང་བ་འབྱུང་། །དེ་ལ་རྣལ་འབྱོར་སེམས་རྫོགས་སོ། །ཡང་དག་འདུས་པའི་ཡན་ལག་ཏུ། །ཡེ་ཤེས་གནད་ནི་མིག་ལས་འབྱུང་། །མིག་གི་གཟིགས་སྟངས་ཤེས་པ་ཡིས། །ཆོས་ཀྱི་དབྱིངས་དང་ལྷན་ཅིག་སྤྱོད། །ཁམས་གསུམ་པོ་ནི་ཟད་བྱའི་ཕྱིར། །མིག་གི་ཕུགས་ན་འཕར་བའི་རྩ། །གྱེན་ལ་བཟློག་པས་ཡེ་ཤེས་འབེབས། །གནད་ལས་བྱུང་བའི་ཡེ་ཤེས་གང་། །རིག་ལྡན་ཆོས་ཉིད་ཅི་བཞིན་དུ། །རྟོག་པ་ཀུན་ལས་རྣམ་གྲོལ་བས། །དབྱིངས་ལས་བྱུང་བའི་ཡེ་ཤེས་སོ། །མིག་གི་གནད་ནི་སྟེང་དང་འོག །མཁས་པས་རྩོལ་བའི་སྣ་གང་འགྱུར། །ཀུན་འདུས་ཡེ་ཤེས་སྣང་བའོ། །ཡང་ན་མིག་གི་ཡེ་ཤེས་ལ། །ཁ་དོག་ལྔ་ཡི་རབ་ཕྱེ་བས། །དཀྱིལ་འཁོར་རྫོགས་པའི་གཟུགས་འདྲ་བ། །འདི་ལས་འབྱུང་བའི་ཉམས་མྱོང་ནི། །གང་


DNG003_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

གིས་བརྗོད་པར་མི་ནུས་པའི། །ཨེ་མ་ངོ་མཚར་ཆེ་བ་ཉིད། །ཡོན་ཏན་རྫོགས་པའི་སྣང་བའོ། །ཁྱབ་ཅིང་ཆ་ཕྲ་ཡེ་ཤེས་ལས། །མངོན་སུམ་པས་དང་ལམ་དུའོ། །གཞན་ཡང་རབ་ཏུ་བཤད་བྱ་བ། །རྣམ་རྟོག་འདུས་པའི་དྲན་བསམ་ལས། །ཆོས་ཀྱི་སྐུ་ཡང་གཟུགས་སུ་འགྱུར། །གལ་ཏེ་ཁམས་གསུམ་འདས་འདོད་པས། །དམ་པའི་ཡེ་ཤེས་གནད་ཆེ་བས། །སོ་སོའི་རླུང་གི་དབུགས་སུ་བརྟགས། །ཆོས་ཀུན་དྲི་མ་རང་དག་ལས། །སྐུ་གསུམ་ལུས་ཀྱི་དབུས་སུ་རྫོགས། །འདི་ལ་རྟོག་པ་ཅི་ཡི་ཕྱིར། །དྲན་བསམ་འདུས་པའི་རང་བཞིན་ལས། །ཆོས་ཀྱི་སྐུ་ཡང་འཁོར་བར་འགྱུར། །གང་ཚེ་འཁོར་བའི་མཐའ་ཟད་པས། །བྱས་པ་མེད་པར་རང་སར་གྲོལ། །གྲོལ་བ་འདི་ལ་ཅི་ཡང་མེད། །མེད་ཕྱིར་ཆོས་ཉིད་དངོས་པོ་མིན། །ཡེ་ཤེས་རྫོགས་པས་འཁྲུལ་རྒྱུན་ཆད། །ཆད་པས་འགྲོ་དང་འོང་བ་ཟད། །ཟད་ཕྱིར་སྟོང་པའི་ཡེ་ཤེས་སོ། །སྐུ་གསུམ་ཡེ་ཤེས་མ་འགགས་པས། །ཁམས་གསུམ་པོ་ཡང་ཡོད་པ་སྟོང་། །འགྲོ་ཞིང་འབྱུང་བ་རྙེད་པ་ཡིས། །དངོས་པོ་དག་པས་གཟུགས་ཟད་པའོ། །གཞན་ཡང་སྣང་བའི་ཡེ་ཤེས་བཤད། །ས་ཆུ་མེ་རླུང་ནམ་མཁའ་ལས། །ཡེ་ཤེས་སྣང་བ་ངོ་མཚར་བས། །བཅོམ་ལྡན་མགོན་པོ་རིག་མེད་པའོ། །བརྟགས་པས་མ་རྙེད་ཡེ་ཤེས་ནི། །ཁམས་གསུམ་གདར་ཤ་ཆོད་པ་ལས། །སྒོ་ལྔའི་ཞེན་རྒྱུན་གཅོད་པའོ། །ཟླ་དང་ནོར་བུ་མར་གར་འོད། །གང་གིས་འཛིན་པར་འདོད་པ་ཡི། །འཛིན་བྱུང་སྐུ་ཡི་སྣང་བ་བཟུང་། །ཡང་ནི་རྫོགས་པ་ཆེན་པོ་ཡི། །གནད་ཤེས་པ་ལས་ཡེ་ཤེས་ནི། །བྱ་བྲལ་ནམ་མཁའ་ཇི་བཞིན་དུ། །ཀུན་ཏུ་རྟོགས་པས་སྔོ་དང་བྲལ། །ངོ་མཚར་རྨད་བྱུང་ཡེ་ཤེས་ནི། །སྔོན་མེད་ཕྱིས་མེད་གདོད་ནས་མེད། །ད་ལྟ་རྣམ་རྟོག་ཡུལ་ལས་འདས། །མཐའ་བྲལ་སྟོང་པའི་རང་བཞིན་ནོ། །ཚིག་འདས་བློ་བྲལ་ངོ་བོས་སྟོང་། །རང་བཞིན་གང་དུ་མ་ཕྱེ་བས། །ཐུགས་རྗེ་མཛད་པ་མི་སྣང་ངོ་། །ཡེ་ཤེས་སྣང་བ་གསུམ་པ་ལས། །ཡིད་འབྱུང་ཤེས་རབ་འཁྲུལ་ཆར་བཟུང་། །འདི་ལ་རྣམ་


DNG003_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

པར་དམིགས་མཐའ་མེད། །མེད་པ་རྨད་བྱུང་རོལ་པ་ལས། །སངས་རྒྱས་རྣམས་ཀྱི་འབྲས་བུ་རྙེད། །ཕྱི་དང་ནང་ཀུན་ཆོས་ཀྱི་དབྱིངས། །འདི་ལ་གང་ཡང་མི་སྣང་ངོ་། །གཞན་ཡང་ཡུལ་གྱི་ཡེ་ཤེས་བཤད། །གཟུགས་དང་སྒྲ་ཡི་བྱེ་བྲག་ལས། །བསླབ་བྱའི་ཉམས་ཀྱང་ལྔར་འགྱུར་རོ། །ཤེས་པའི་ཉམས་ཟད་སྣང་བ་སྟེ། །འཕེལ་སྟོན་ཟླ་བ་ཡར་ངོ་བཞིན། །སྣང་བ་རེ་ལ་ཉམས་རེ་འོང་། །དྲོད་དང་ཚད་དང་རྟགས་ལས་ནི། །བདེན་གཉིས་ཟུང་འཇུག་རྟོག་མཐའ་ཟད། །བྱ་བ་མེད་པས་མཚན་ཉིད་སྟོང་། །བརྗོད་གཞི་འགགས་པས་མཐའ་མི་གནས། །ཟག་པ་ཟད་ཕྱིར་རྡོས་བཅས་མིན། །དྲན་པའི་ཁོང་འགག་ངོ་བོ་གསལ། །གསལ་རིག་ཡུལ་གྱི་མཐའ་མི་རྟོག །སྒྲ་བྲལ་ཡང་དག་ཚིག་མེད་ཕྱིར། །ལྟོས་གཞི་ཐམས་ཅད་ཟད་པའོ། །གཞན་ཡང་འདོད་ཡོན་མངོན་པར་སྤྱོད། །གཟུགས་ཀྱིས་བསླབ་པ་གཉིས་དག་ནི། །དམིགས་པའི་རྟེན་དང་དམིགས་མེད་དོ། །ཡིད་མཐུན་ལས་ཀྱི་ཁྱད་པར་གྱིས། །སྔོན་དུ་བླ་མ་མཆོད་བྱས་ལ། །དབྱིབས་ལ་གོམས་ཏེ་ཁ་དོག་ལ། །གོམས་པར་བྱས་པས་འཁྲུལ་སྣང་འགགས། །སྒྲ་ནི་དམིགས་པའི་རྟེན་དག་པས། །པི་ཝཾ་རྫ་རྔ་བུམ་ལྡིར་དང་། །དྲ་བ་རྒྱུད་མང་མདོ་གསུམ་པ། །ཧར་དང་གླིང་བུ་ཆ་ལང་དང་། །ཕེག་རྡོབ་ཅང་ཏེའུ་དྲིལ་བུ་སོགས། །སོ་སོའི་སྒྲ་ལ་རླུང་ཡང་སྦྱར། །དྲི་ནི་ཡིད་མཐུན་དམིགས་རྐྱེན་གྱིས། །དད་དང་དད་པ་ཆེན་པོ་དང་། །མཆོག་དང་ཁྱད་པར་ཆེན་པོ་ཡིས། །རྣལ་འབྱོར་པ་ཡི་བདེ་ཆེན་སྦྱོར། །རོ་ནི་བུ་རམ་དྲུག་ལྡན་དང་། །རྒུན་ཆང་འབྲས་ཆང་མཁས་པས་སྦྱར། །སྡོམ་ལྡན་རིམ་པ་ལྔ་ཤེས་པས། །མྱང་བ་ཙམ་གྱིས་ཡེ་ཤེས་འབར། །རེག་ནི་ཡིད་མཐུན་དམིགས་རྟེན་ལ། །སོ་སོའི་རིག་པ་ཉམས་མྱོང་སྦྱར། །ཤིང་ལོ་གཡས་འཁྱིལ་བསྐུམ་དུས་ལ། །བསླང་སྟེ་རེག་པས་སངས་རྒྱས་རྟོགས། །ཆོས་ནི་བླ་མའི་ལུང་དང་བསྟུན། །གལ་ཏེ་བསྒོམ་པ་བཟང་པོ་རྟོགས། །འདི་ལྟར་བརྩམས་པས་ལམ་དུ་སློང་། །ཁམས་གསུམ་


DNG003_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་འཁོར་རྒྱུན་ཆད་དོ། །གཞན་ཡང་ཡེ་ཤེས་སྣང་བ་ནི། །དྲི་མེད་དག་པས་དཀར་པོ་ལས། །ཡོན་ཏན་རྫོགས་ཕྱིར་སྣང་བའི་གཟུགས། །མི་འབྱེད་རྫོགས་པའི་གཟུགས་སྐུར་འགྱུར། །ཡོན་ཏན་བསྐྱེད་པའི་སེར་པོ་ལས། །གཞི་དང་འབྱེད་པ་དུས་མཉམ་པའི། །ལས་སུ་ཆོས་ཉིད་སྟོན་པར་བྱེད། །རང་རྩལ་རྫོགས་པའི་དམར་པོ་ལས། །རང་བཞིན་དག་པའི་དཀྱིལ་དང་འཁོར། །མུ་ཁྱུད་ར་བ་རྫོགས་པར་སྟོན། །བྱ་རྩལ་བྲལ་བའི་ལྗང་གུ་ལས། །ཕྲིན་ལས་དག་པའི་སྤྲུལ་པ་འབྱུང་། །མི་འགྱུར་རྫོགས་པའི་མཐིང་ག་ལས། །མཐའ་དབུས་མི་གནས་ཁྱབ་པར་སྟོང་། །རང་བཞིན་དག་པས་སྐུ་གསུམ་བཞིའོ། །ཞེས་སྒྲ་ཐལ་འགྱུར་ཆེན་པོ་ཆོས་རྣམས་ཀུན་གྱི་རྩ་བ་ལས། ཡེ་ཤེས་བཀོད་པ་སྣང་བའི་རྩ་བ་ངེས་པར་འབྱུང་བའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ལྷ་དབང་དགའ་བྱེད་ཀྱིས། །སྟོན་པ་ཁྱབ་བདག་ཆེན་པོ་ལ། །ཆོས་ཉིད་བཀོད་པའི་རང་བཞིན་ཞུས། །ཀྱེ་ཀྱེ་ཡང་དག་རྫོགས་སངས་རྒྱས། །བདག་ནི་ཡེ་ཤེས་བཀོད་པ་ལས། །འཁོར་བའི་ལས་ལས་དབུགས་ཕྱུང་སྟེ། །མྱང་འདས་ལམ་ལ་གཟེངས་ཀྱང་བསྟོད། །རང་བཞིན་སྣང་བའི་ཡུལ་ཡང་མཐོང་། །སངས་རྒྱས་དགོངས་པའི་གདེང་རྙེད་ཀྱང་། །མ་འོངས་འཇུག་པའི་སེམས་ཅན་རྣམས། །རྟོག་བྲལ་ཡེ་ཤེས་རྫོགས་དོན་དུ། །ཆོས་ཉིད་བཀོད་པ་མཉམ་པར་འཚལ། །གནས་པའི་ཆོས་ཉིད་གང་ལ་བགྱི། །འགྱུ་མཚམས་ཉིད་ཀྱི་གནད་དེ་གང་། །དུས་ཀྱི་ཆོས་ཉིད་ཅི་ལྟར་དབྱེ། །སངས་རྒྱས་ཆོས་ཉིད་ཅི་ལྟ་བུ། །སེམས་ཅན་དུས་ན་ཅི་ལྟར་གནས། །ལུས་ཀྱི་གནད་ནི་གང་དང་གང་། །སྒོ་ནས་ཅི་ལྟར་བྱུང་བ་ལགས། །ཡུལ་ལ་སྣང་བའི་མཚན་ཉིད་གང་། །དེ་ལ་ཅི་ཡི་སྣང་བར་འགྱུར། །མཐོང་ནས་གཏན་ལ་ཅི་ཡིས་དབབ། །ཕེབས་ནས་རྫོགས་པའི་ཚད་གང་ལགས། །ཚད་ཕེབས་ལུས་ནི་ཅི་ལྟར་འགྱུར། །སེམས་ནི་གང་དང་གང་ལྟ་བུ། །འདྲེལ་པ་ཆོད་པའི་ཆོས་ཉིད་གང་། །རྒྱུ་འབྲས་ཆོས་ཉིད་ཅི་ཡིས་བསྒྲུབ། །རང་སར་དེངས་པའི་ཆོས་


DNG003_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་གང་། །ཆོས་ཉིད་ངེས་པའི་ཚིག་གང་ལགས། །གནད་ཀྱི་ཆོས་ཉིད་གང་དང་གང་། །འབྱུང་དུས་གནད་འདི་ཅི་ཡིས་བཟུང་། །བར་དོའི་ཆོས་ཉིད་ཅི་ལྟ་བུ། །དེ་ཡི་མཚན་ཉིད་སྣང་ཚུལ་ཅི། །འདི་དག་སེམས་ཅན་དོན་དུ་གསུང་། །དེ་ནས་སྟོན་པ་རྡོ་རྗེ་འཆང་། །རང་བཞིན་དག་པའི་ནམ་མཁའ་ལས། །སྒྲ་ཚིག་སྤྲོས་པ་འདི་ལྟ་བུ། །བརྗོད་པ་མེད་པའི་གཞི་ལ་ཤར། །ཨེ་མ་ངོ་མཚར་རྨད་དུ་བྱུང་། །ཞིང་ཁམས་གཞན་དུ་མ་གྲགས་པའི། །ངོ་མཚར་བརྗོད་པ་བསྟན་པར་བྱའོ། །ཞུས་དོན་དང་པོ། གནས་པའི་ཆོས་ཉིད་འདི་ལྟ་སྟེ། །གཤིས་ཀྱི་གནས་པས་དགེ་སྡིག་བྲལ། །རྒྱུ་འབྲས་གནས་པས་ལྟོས་པ་བྲལ། །རྐྱེན་གྱི་གནས་པས་འབྱུང་བ་དག །འཕོ་ཞིང་འགྱུར་བ་མ་ཡིན་ནོ། །ཞུས་དོན་གཉིས་པ། འགྱུ་མཚམས་ཆོས་ཉིད་འདི་ལྟ་བུ། །ངོ་མཚར་ཆེ་བས་རབ་ཏུ་བཤད། །རླུང་ནི་ཞག་གི་རིམ་པ་ཡིས། །ཉི་ཁྲི་དང་ནི་གཅིག་སྟོང་དང་། །དྲུག་བརྒྱ་རུ་ནི་བརྩིས་པ་ཡིས། །ཞག་གཅིག་ལ་ནི་རླུང་རྫོགས་སོ། །ཅི་ལྟར་སོ་སོའི་བྱེ་བྲག་གིས། །ཆུང་བ་རྣམས་ལ་དྲུག་ཅུ་ལྷག །རྒས་པ་དག་ལ་ཆད་པ་ཡིན། །འབྱུང་བ་སྣོད་ཀྱི་ལས་ཀྱིས་སོ། །འགྱུ་བའི་རླུང་ནི་དྲུག་ཅུ་ལ། །ཕྲ་འགྱུར་ཆོས་ཉིད་རྩིས་ཀྱིས་བཟུང་། །དེ་ཕྲག་གཉིས་ལས་རགས་པ་སྟེ། །དེ་བསྡོམས་གསུམ་ལ་སྦོམ་པོ་ཉིད། །དེ་ལས་གསུམ་དབྲི་མཉམ་པའོ། །མདོར་ན་འགྱུ་བ་ཉི་ཤུའི་བར། །ཆོས་ཉིད་མཉམ་པ་རེ་རེའོ། །ཞུས་དོན་གསུམ་པ། དུས་ཀྱི་ཆོས་ཉིད་འདི་ལྟ་སྟེ། །ཕྱི་དང་ནང་དང་གསང་བ་དང་། །ཁོ་ན་ཉིད་དང་བཞི་ཡིན་ནོ། །ཕྱི་ནི་སྟོན་གྱི་གཉིས་པ་ལས། །དུས་ཀྱི་ཆོས་ཉིད་གནས་པ་སྟོན། །ནང་ནི་སྐྱ་རེངས་ཤར་དུས་སོ། །གསང་བ་གཉིད་དང་རྨི་ལམ་མོ། །ཁོ་ན་ཉིད་ནི་རླུང་གིས་བཟུང་། །དུས་ལ་ཕེབས་ན་རྫོགས་པའོ། །ཞུས་དོན་བཞི་པ། སངས་རྒྱས་རྣམས་ཀྱི་ཆོས་ཉིད་ནི། །མ་ཕྱེས་མི་འབྱེད་མཉམ་པ་ལས། །སྒྲ་ཚིག་མིང་དུ་ག་ལ་སྲིད། །ལྟོས་གཞི་རང་དག་འཁྲུལ་པ་དག །འཁོར་འདས་མིང་དུ་མ་གྲགས་སོ། །མ་བྱུང་མ་སྐྱེས་འགག་པ་མེད། །ཀུན་འབྱུང་ཡེ་ཤེས་


DNG003_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

གང་མ་ཡིན། །ལེན་པ་མེད་ཅིང་གྲོལ་བ་མེད། །རྒྱུ་རྐྱེན་བྲལ་བའི་སྐད་ཅིག་ལས། །སངས་རྒྱས་སེམས་ཅན་གཞི་མར་སྣང་། །དུ་མ་ཆ་ཤས་ཀུན་བྲལ་བའོ། །ཞུས་དོན་ལྔ་པ། གལ་ཏེ་འཁྲུལ་པའི་སེམས་ཅན་ལ། །སྐུ་དང་ཡེ་ཤེས་རང་ལུགས་ཏེ། །རྣལ་མ་སོ་མ་ལྷུག་པ་སྟེ། །གྱི་ནར་གནས་པ་ཁོ་ན་དང་། །དབང་པོ་ཡུལ་ལ་རང་བཞིན་ནོ། །འདིར་ནི་རང་ཡུལ་བསྟན་པ་ལས། །འཁོར་རྐྱེན་འཇུག་པ་མ་ཡིན་པར། །ཟང་མ་ཉིད་དང་ཐལ་བྱུང་དུ། །ཡུལ་དང་ཤེས་པའི་སྣང་ཆ་ལས། །ཐད་ཀ་སོ་སོའི་གཞི་ལས་གྲོལ། །འདོད་ཡོན་རྣམས་ནི་རང་རྫོགས་ཏེ། །སྣ་ཚོགས་འགྱུ་བ་སོ་སོའི་གནད། །གཅིག་ཤེས་པ་ཡིས་གྲོ་བར་གནས། །དེས་ན་ཆོས་ཉིད་རྟོགས་པ་སྟེ། །ཆ་ཤས་ཉིད་དང་བྲལ་བའོ། །ཞུས་དོན་དྲུག་པ། ལུས་ཀྱི་གནད་ནི་འདི་ལྟ་སྟེ། །སྤྱི་དང་ཙིཏྟ་རྩ་ཡི་གནད། །མ་བཅོས་དག་པའི་ཆོས་ཉིད་གནས། །སེམས་ཅན་ཀུན་གྱི་ལུས་སྤྱི་ལ། །ཆོས་ཉིད་རླུང་གི་ཚུལ་དུ་ཁྱབ། །ཕྲ་དང་ཡང་དང་འགྱུ་དང་འབྱེད། །བྱེད་ལས་བཞི་ཡི་ཚུལ་གྱིས་ནི། །དུས་བཞིའི་རྣལ་འབྱོར་ཤེས་པར་བྱ། །ཙིཏྟའི་ནང་ན་སྐུར་གནས་ཏེ། །གདངས་ཀྱི་སྐུ་ནི་རྣམ་པ་ལྔ། །སོ་སོའི་རིགས་ཀྱི་མཚན་ཉིད་འཛིན། །ཟེར་གྱི་སྐུ་ནི་དྲུག་གིས་ཀྱང་། །རང་བཞིན་སྣང་བའི་ཆོས་རྣམས་སྡུད། །དག་པའི་སྐུ་ནི་རྣམ་གསུམ་གྱིས། །མྱ་ངན་འདས་པའི་མཚན་ཉིད་འཛིན། །རྣམ་པའི་སྐུ་ནི་བརྒྱད་ཀྱིས་ཀྱང་། །ས་ལམ་རྫོགས་པའི་བྱ་བ་བྱེད། །རྩ་ཡི་ནང་ན་ཐིག་ལེ་སྟེ། །འཇུག་པའི་ཐིག་ལེ་རྣམ་གསུམ་གྱིས། །འཁོར་འདས་འདྲེལ་པའི་ས་བོན་འདེབས། །སྐྱེ་བའི་ཐིག་ལེ་ལྔ་ཡིས་ཀྱང་། །རྣལ་འབྱོར་ཉམས་ཀྱི་དཀྱིལ་འཁོར་འཇོག །བཀོད་པའི་ཐིག་ལེ་དྲུག་གིས་ནི། །ཆོས་ཉིད་དུ་མ་གཅིག་ཏུ་སྡུད། །དེ་དང་དེ་ལ་བརྟེན་པ་ཡིས། །ཆོས་ཀུན་མཉམ་པའི་བདག་ཉིད་དོ། །ཞུས་ལན་བདུན་པ། སྒོ་ནས་ཅི་ལྟར་འབྱུང་བ་ནི། །འཇུག་པའི་རླུང་གིས་བསྐུལ་བ་ཡིས། །སྒྲོན་མ་བཞི་ལས་ལས་བཞིར་འགྱུར། །ཁྱབ་པའི་རླུང་གིས་བསྐྱོད་པ་ཡིས། །རིག་པ་ཉིད་ལས་ལུ་གུ་རྒྱུད། །སྨིན་


DNG003_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རླུང་གིས་བསྡུས་པ་ཡིས། །ལྔ་ལྔ་ཟུང་ལ་སྐུར་སྣང་བའོ། །མིག་ལས་རླུང་གཉིས་གཟུང་དང་འཛིན། །གཡས་པས་བཟུང་བས་སྣང་བ་སྤེལ། །གཡོན་པས་འཛིན་པས་ཁ་དོག་རྫོགས། །རྣ་བ་ཁྱབ་དང་འཇུག་རླུང་ལས། །གཡས་པས་ཁྱབ་པས་སྒྲ་རྣམས་སྟོན། །གཡོན་པས་འཇུག་པ་རླུང་གི་ལས། །གང་དང་གང་རྣམས་འཛིན་པར་བྱེད། །སྤྱི་གཙུག་ཁྱབ་པར་རྫོགས་པའི་རླུང་། །ཕྲ་ཞིང་བསྐྱེད་པ་མེད་པ་ལས། །རིག་པའི་སྐུ་ཡང་འཛིན་པའོ། །ཞུས་ལན་བརྒྱད་པ། ཡུལ་ལ་སྣང་བའི་མཚན་ཉིད་ནི། །ནམ་མཁའ་སྔོ་སངས་རྫི་མེད་ལས། །འོད་དང་ཁ་དོག་དབྱིབས་ཉིད་དང་། །ཡེ་ཤེས་ལྔ་ཡི་རང་སྣང་སྟོན། །དག་པ་དབྱིངས་ཀྱི་སྒྲོན་མ་ལས། །ཐིག་ལེ་སྐུ་དང་འཁྲུལ་སྣང་དག །རང་བཞིན་ཉིད་དང་ངོ་བོ་ཉིད། །གཉིས་མེད་འདུ་འབྲལ་མེད་པར་སྣང་། །འདི་དུས་ཟད་པའི་མཚན་ཉིད་ནི། །བྱ་བྲལ་ནམ་མཁའ་ཅི་བཞིན་ནོ། །ཞུས་ལན་དགུ་པ། དེ་ལ་ཅི་ཡིས་མཐོང་བ་ནི། །གོམས་དང་གནད་ཀྱིས་མཐོང་བ་སྟེ། །གོམས་པ་སྔོན་དུ་འགྲོ་བ་ནས། །བརྩམས་ཏེ་ལུས་ངག་གནད་གཟིར་བས། །རང་སྣང་དག་པའི་གཟུགས་མཐོང་ནས། །འཁྲུལ་པ་ཐམས་ཅད་ནུབ་པའོ། །གནད་ཀྱི་ལུས་ཀྱིས་མཐོང་བར་བྱེད། །ཆོས་སྐུའི་བཞུགས་སྟངས་སེང་གེ་ཡིས། །འཁྲུལ་པའི་འཇིགས་པ་ཀུན་བྲལ་ནས། །རྡོ་རྗེའི་མིག་གིས་མཐོང་བར་འགྱུར། །ལོངས་སྤྱོད་རྫོགས་སྐུའི་བཞུགས་སྟངས་ཀྱིས། །གླང་ཆེན་ཉལ་བ་ལ་བརྟེན་ནས། །ཆོས་ཉིད་རྣམ་པར་ལོངས་སྤྱོད་ནས། །པདྨའི་སྤྱན་གྱིས་མཐོང་བར་འགྱུར། །སྤྲུལ་པ་སྐུ་ཡི་བཞུགས་སྟངས་ཀྱིས། །དྲང་སྲོང་ཙོག་པུ་ལ་བརྟེན་ནས། །ཆོས་ཉིད་རྣམ་པར་རང་སྤྲུལ་པས། །ཆོས་ཀྱི་མིག་གིས་མཐོང་བར་འགྱུར། །གཞན་ཡང་རྩ་དང་འཁྲུལ་འཁོར་གྱིས། །རང་བཞིན་སྣང་བའི་ཡེ་ཤེས་ལྔ། །ཆུ་བུར་མིག་གིས་མཐོང་བར་འགྱུར། །ཞུས་ལན་བཅུ་པ། མཐོང་ནས་གནད་ལ་དབབ་པ་སྟེ། །སྣང་བ་འཁྲིད་པའི་ཐབས་ཀྱིས་ཀྱང་། །འབྱུང་བཞིའི་སྣང་བ་གནད་ལ་ཕེབས། །རླུང་བརྒྱད་ལས་ཀྱི་འདྲེལ་བརྩིས་པས། །


DNG003_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་རྟོག་དུ་མ་གནད་ལ་ཕེབས། །ལུས་ནི་གཅུད་དང་རྩལ་སྤྲུག་དང་། །ཡན་ལག་བརྡབ་འཕེན་སྡུད་པའི་གནད། །ཕྲ་ཞིང་དྲང་ལ་མཉེ་བ་ཡིས། །ཤ་དང་ཁྲག་སྟེ་རུས་པ་ལའོ། །ཞུས་ལན་བཅུ་གཅིག་པ། དེ་ལྟར་ཕེབས་ནས་རྫོགས་པའི་ཚད། །ཐད་ཀའི་ངོས་སྣང་འགགས་པ་དང་། །ས་རྡོར་སྣང་བ་གཞུག་པ་དང་། །རང་ཤེས་ཅི་ལའང་ཚུད་པ་དང་། །དེ་བཙུད་བེམ་པོ་འགུལ་བ་དང་། །རླུང་གི་འགྱུ་བའི་ཚད་ཟིན་དང་། །ལུས་ཀྱི་རྡུལ་ཕྲན་མཐོང་བ་འབྱུང་། །ཅིར་སྣང་གཟུགས་སྐུར་རྫོགས་པ་དང་། །དེ་ལ་ཡབ་ཡུམ་འཁྲིལ་པ་དང་། །ལྔ་ལྔ་ཡབ་དང་ཡུམ་སྦྱོར་དང་། །ཀུན་ཀྱང་མུ་ཁྱུད་ཟླུམ་པོ་ལ། །རྣལ་འབྱོར་ལུས་ཀྱང་འོད་གསལ་ཞིང་། །འགྲོ་དང་འོང་དང་འདུག་པ་དང་། །ཐམས་ཅད་རིག་པ་ཚད་ཕེབས་སོ། །ཞུས་ལན་བཅུ་གཉིས་པ། ཚད་ཕེབས་ལུགས་ཀྱང་འདི་ལྟར་འགྱུར། །སོ་སོའི་ལུས་ཀྱི་རྡུལ་བྲལ་ནས། །བར་སྣང་འོད་ཀྱི་སྐར་ཁུང་སྣང་། །དེ་ལས་འོད་ཟེར་ལྕགས་ཀྱུའི་དབྱིབས། །ཕྲ་ཞིང་འཁྲིལ་པས་སྣང་བ་འཛིན། །ལུས་ཀྱི་རྡོས་པ་རང་འགགས་ནས། །ཟང་ཐལ་དྲི་མེད་འོད་ཀྱི་ལུས། །དབུས་ན་ཨ་ཡི་མཚན་མ་དང་། །མཛོད་སྤུའི་འོད་ཟེར་འདོམ་གང་ཚད། །ཐོར་ཚུགས་རླུང་གིས་འགེག་འདེགས་ཀྱང་བྱུང་པར་སྣང་། །ཞི་སྐུ་ལག་པའི་སོར་མོ་ལས། །འོད་ཀྱི་ཕྲེང་བ་རྣམ་པར་འཁྲིགས། །སྒྲ་མེད་སེམས་ཀྱི་སྤྱོད་པ་སྟེ། །མགོ་བོ་ཐོད་པའི་གཞལ་ཡས་ལས། །ཧེ་རུ་ཀ་རྣམས་མངོན་པར་འབྱུང་། །འདི་དུས་རང་ལུས་ཚད་ལ་ཕེབས། །ཟང་ཐལ་སྐུ་གསུམ་གཅིག་ཏུ་དྲིལ་བའོ། །ཞུས་ལན་བཅུ་གསུམ་པ། འདི་དུས་སེམས་ནི་གསལ་བ་དང་། །མངོན་པར་ཤེས་པ་དྲུག་རྣམས་དང་། །རིང་དང་དཔག་ཏུ་གྱུར་པ་ཡི། །ཆོས་རྣམས་སྐད་ཅིག་གིས་ཤེས་འགྱུར། །ཚད་མེད་སངས་རྒྱས་ཞིང་ཁམས་དང་། །དེ་བཞིན་སྐུ་ཡང་སེམས་ལ་སྣང་། །སྟོང་པའི་སེམས་ལ་དྲི་མ་ཟད། །རང་བཞིན་མི་གཡོ་སྟོང་གསལ་མཉམ། །མ་འདྲེས་མཉམ་རྫོགས་དབྱིངས་ལ་ཁྱབ། །སྣང་སྲིད་གསལ་བ་དུ་མ་བྲལ། །ཆ་ཤས་མེད་པས་སྤྲོས་མེད་དོ། །ཞུས་ལན་བཅུ་བཞི་པ། དེ་ལྟར་སྣང་བའི་དུས་རྣམས་


DNG003_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

སུ། །ལུས་སེམས་འདྲེལ་པ་ཆོད་པ་ནི། །ཟག་བཅས་ཟད་པའི་ལུས་ལ་ཡང་། །ཕྱིར་འབྱུང་མཚན་ཉིད་གསལ་བའི་སེམས། །སྐར་མདའ་འཕོ་བའི་ཚུལ་གྱིས་ཀྱང་། །ནམ་མཁའི་ཁམས་སུ་གསལ་བར་མཐོང་། །དེ་ཉིད་ཐོག་མའི་དུས་རྣམས་སུ། །རླུང་དང་བྲལ་བ་དག་ལ་ཡང་། །འབད་ཅིང་དག་པ་རླུང་གི་ལས། །ལུས་ལས་ཕྱི་རོལ་འཕང་ལས་འབྱུང་། །མཐོང་བྱེད་གཉིས་ཀྱི་ཆ་ལས་ཀྱང་། །ལུས་ནི་འོད་གསལ་དག་པ་ལ། །སེམས་ནི་མེ་སྟག་འཕྲོ་བ་བཞིན། །གཅིག་ཏུ་མི་གནས་རང་གསལ་གཞི། །སྣང་ཆ་གཉིས་ཀྱི་ཚུལ་དུ་འབྱུང་། །འདིས་ནི་ལུས་སེམས་འདྲེལ་ཆད་ནས། །ཁམས་གསུམ་ལྡོག་པ་མ་ཡིན་ནོ། །ཞུས་ལན་བཅོ་ལྔ་པ། རྒྱུ་དང་འབྲས་བུའི་ཆོས་ཉིད་ནི། །རྟོག་པ་རགས་པའི་ཁུངས་འགགས་ནས། །དྲན་པ་རང་དག་རྒྱུད་ལ་ཡང་། །རྟེན་འདྲེལ་རླུང་ཉིད་རྣམ་དག་པ། །རླུང་ལས་བྱུང་བའི་ཆོས་ཉིད་དོ། །ཀ་ནས་དག་པའི་རང་བཞིན་ལ། །གཅིག་དང་དུ་མའི་གྲངས་ཟད་དེ། །སྐུ་དང་ཡེ་ཤེས་མེད་པ་དང་། །ཆོས་རྣམས་ཟད་པའི་མཐར་ཕྱིན་པ། །འབྲས་བུ་ཆོས་ཉིད་ཡིན་པར་འདོད། །ཞུས་ལན་བཅུ་དྲུག་པ། རང་སར་དེངས་པའི་ཆོས་ཉིད་ནི། །འབྱུང་བ་དེངས་པས་རྡོས་པ་དག །རྡུལ་དང་ཕྲ་རགས་མཐར་འགགས་ནས། །ཆ་ཤས་ཙམ་ཡང་གནས་པ་མིན། །ཉོན་མོངས་དེངས་པས་འཁྲུལ་པ་དེངས། །རྟོག་བྲལ་ཞེན་པ་མི་གནས་པས། །བག་ལ་ཉལ་དང་ཀུན་ནས་ལྡང་། །རྡུལ་ཆ་ཙམ་ཡང་མི་གནས་སོ། །དེ་ལྟར་ཕྲ་རགས་དེངས་པ་ཡིས། །ཕུང་པོ་ལྔ་ཡང་མཐར་གྱིས་ཕྲ། །འབྱུང་བ་བཞི་ཡི་ལུས་ཟད་ནས། །ཐམས་ཅད་ཡེ་ཤེས་རྫོགས་སྐུའོ། །རྟོག་མེད་ཏིང་འཛིན་རང་གནས་ཏེ། །བཅོས་མའི་ཆོས་ལས་འདས་པས་ན། །ཆོས་ཞེས་ཚིག་ཏུ་མི་གནས་སོ། །ཞུས་ལན་བཅུ་བདུན་པ། དེ་ལྟར་ཆོས་ཉིད་ངེས་པའི་ཚིག །ཆོས་ཞེས་ཚོགས་ཤིང་འདུས་པ་ལས། །བྱ་བ་བྱེད་དང་མཚན་ཉིད་འཛིན། །རང་སྣང་སྟོན་པར་བྱེད་པ་ལ། །སོ་སོའི་རིགས་རྣམས་འཛིན་པའོ། །ཉིད་ནི་བཅོས་པ་མེད་


DNG003_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ། །ལྷུག་པར་གནས་པས་རྣལ་མར་ཁྱབ། །སོ་མ་གཉུག་མ་དཀྱུས་མ་ལ། །སྒྲ་ཚིག་མིང་གི་གྲངས་ཟད་པའོ། །ཞུས་ལན་བཅོ་བརྒྱད་པ། གནད་ཀྱི་ཆོས་ཉིད་འདི་ལྟ་སྟེ། །འབྱུང་བའི་གནས་དང་རང་ལུས་དང་། །ཡུལ་དང་སྒོ་དང་ཤེས་པ་རླུང་། །རྩ་དང་ཐིག་ལེ་ཡན་ལག་གིས། །སོ་སོའི་འཇུག་པ་ཁྱབ་པར་གནས། །དེ་དག་སོ་སོའི་སྔོན་འགྲོ་དང་། །དངོས་གཞི་གནས་ལ་བསྒྱུར་བ་ཡིས། །རྟོག་པ་བྲལ་བའི་ཆོས་ཉིད་ལ། །རང་བཞིན་གནས་པས་འགྱུ་བ་ཟད། །ཟད་སྣང་གཉིས་མེད་ཡུལ་ལས་ནི། །རང་བཞིན་གནས་དང་བཅོས་མ་ལས། །ཆོས་ཀྱི་དབྱིངས་ཀྱང་དག་པས་སྣང་། །འདིས་ནི་གནད་ཀྱི་འཚང་རྒྱའོ། །ཞུས་ལན་བཅུ་དགུ་པ། འབྱུང་དུས་གནད་ནི་འདི་ལྟ་བུ། །ཨེ་མ་ངོ་མཚར་ཆེ་བ་བཤད། །ཆོས་ཉིད་འདི་ལ་འབྱུང་དུས་བརྒྱད། །གནས་པའི་དུས་ཀྱང་དེ་ཙམ་ལས། །ཁྱད་པར་དུས་ནི་བཞི་ལ་ཡང་། །རྣལ་འབྱོར་ལྡན་པས་སེམས་གནས་པས། །མཉམ་ཉིད་འདུ་འབྲལ་མེད་པའོ། །རང་བཞིན་དག་པའི་གནད་ཤེས་ནས། །བྱས་པ་མེད་པར་ཆོས་རྣམས་ཤེས། །དུས་ནི་འཕོ་བའི་གྲངས་ཀྱིས་བཟུང་། །བཟུང་བས་འཁྲུལ་མེད་དག་པའོ། །ཞུས་ལན་ཉི་ཤུ་ཐམ་པ། བར་དོའི་ཆོས་ཉིད་འདི་ལྟ་བུ། །རབ་ཏུ་གསང་བའི་ཆོས་ཉིད་བཤད། །དབྱེ་ན་རྣམ་པ་བཞི་དག་ལས། །འདིར་ནི་ཆོས་ཉིད་བར་དོ་བཤད། །འཆི་ཀ་ལས་ནི་ཐར་པའི་ཚེ། །རྣམ་ཤེས་ནམ་མཁའ་དག་ལ་ཐིམ། །ནམ་མཁའ་འོད་གསལ་ལ་ཐིམ་དུས། །ཕྲ་རགས་སྣང་བ་ཀུན་འགགས་ཏེ། །དབང་པོ་ཀུན་ལྡན་འོད་ཀྱི་ལུས། །ལུས་ལས་གྲིབ་མ་བཞིན་དུ་འགྱུར། །དེ་ཚེ་འོད་སྣང་དུམ་བུའི་ཚེ། །མཁས་པས་སྣང་བ་མཆེད་པ་བཟུང་། །གཡོ་བ་རླུང་དག་མཆེད་པ་ཡིས། །ཁ་དོག་ལྔ་ཡི་འོད་དང་ཟེར། །མ་ངེས་འཇའ་ཚོན་རིས་སུ་སྣང་། །འཇུག་ཅིང་སྨིན་པའི་རླུང་ལས་ཀྱང་། །ཕྱོགས་བཞི་མཚམས་དང་བླ་འོག་གྲུབ། །དེ་ལ་ཕྱོགས་ཀྱི་འོད་འདུས་པས། །རིགས་ལྔའི་སྐུ་ཡང་མངོན་པར་སྣང་། །མཐིང་ག་དཀར་སེར་དམར་ལྗང་ནི། །སོ་སོའི་ཡུལ་དང་བཅས་པར་སྣང་། །འདི་ལ་མཆེད་


DNG003_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

དང་འཛིན་ཤེས་ན། །སངས་རྒྱས་རྣམས་ཀྱི་ཡོན་ཏན་རྫོགས། །ཁམས་གསུམ་འཇུག་པ་མ་ཡིན་ནོ། །ཞུས་ལན་ཉེར་གཅིག་པ། དེ་ཡི་མཚན་ཉིད་འདི་ལྟ་བུ། །རགས་པའི་འབྱུང་བར་ལྟོས་བྲལ་བས། །འོད་ལ་ཐིག་ལེ་ཟེར་དུ་འབར། །ཐིག་ལེ་ལྔ་འདྲེལ་སྐུ་རྐྱང་སྟེ། །ཕྱེད་སྐུ་ལས་ནི་གཟུགས་རྫོགས་པའོ། །གཟུགས་ཕྱེད་སྐུ་ལས་ལྔ་ལྔའི་ཟུང་། །སོ་སོའི་ཚོམ་བུ་རྫོགས་པ་ལས། །ལྔ་ལྡན་བཅུ་ལྡན་བརྒྱ་དང་ལྡན། །ཚོམ་བུ་སྟོང་དང་འབུམ་ཕྲག་ནི། །བསམ་ངོ་རང་བཞིན་དག་པར་སྣང་། །བརྗོད་ཀྱིས་མི་ལངས་གྲངས་མེད་པ། །འདི་ཡི་རང་བཞིན་རང་ཤེས་ན། །སྐུ་གསུམ་གཅིག་ཏུ་དྲིལ་བ་ཐོབ། །ཐོབ་པ་འདི་ལས་སླར་ལོག་མེད། །གསལ་གདབ་པ་ལས་བྱུང་བའོ། །གཞན་ཡང་ཆོས་ཉིད་ངོ་བོ་ནི། །རང་བཞིན་ཉིད་ལས་ངོ་བོར་གྲུབ། །སྣང་ཚུལ་གཅིག་ཏུ་མ་ངེས་པས། །འཇུག་པའི་ལམ་ཡང་ཐ་དད་དོ། །ངོ་དང་ཤེས་དང་གྲོལ་མཐོང་གིས། །འཇུག་དང་མཐོང་དང་གོམས་པ་ལས། །ངོ་ཤེས་པ་ལས་རང་ངོ་སྟེ། །ཡིད་ཆེས་པ་ཡིས་ཐུག་པའོ། །ཐག་ཆོད་པས་ནི་གདེང་དུ་ཚུད། །དེ་ལྟར་གསུམ་གྱི་ངེས་པ་ལས། །ངོ་བོ་རྫོགས་པས་རྒྱུད་འགགས་སོ། །གཞན་ཡང་ཆོས་ཉིད་རང་བཞིན་བཤད། །འདི་འདྲ་གཅིག་ཏུ་མ་ངེས་པས། །གང་ལྟར་བཏགས་པ་དེ་ལྟར་སྣང་། །སྣ་ཚོགས་མིང་གི་གདགས་གཞི་ལས། །སྒྲ་ཚིག་དུ་མའི་སྤྲོས་པར་སྣང་། །ངེས་མེད་མིང་ནི་སྣ་ཚོགས་ལས། །དོན་ཡང་བཏགས་པ་ཙམ་གྱིས་སྟོང་། །སྟོང་ཉིད་གང་ཡང་མ་གྲུབ་པས། །རང་བཞིན་དག་པ་ལྟར་སྣང་ངོ་། །གཞན་ཡང་ཆོས་ཉིད་ཐུགས་རྗེ་བཤད། །གདུལ་བྱའི་ཡུལ་ནི་སྣ་ཚོགས་པས། །འདུལ་བྱེད་སྐུ་ཡང་དེ་བཞིན་ནོ། །རིགས་དང་དབང་པོའི་རྣམ་འཕྲུལ་ལས། །འཁོར་འདས་རྟོག་པ་ཐ་དད་དེ། །དེ་ཉིད་སོ་སོའི་ཡུལ་བཞག་ན། །མ་བཅོས་དོན་གྱི་དགོངས་པའོ། །གཞན་ཡང་ཆོས་ཉིད་སྣང་བ་བཤད། །མ་དག་པ་ཡི་འཁྲུལ་པ་ལ། །དབང་པོའི་སྒོ་རྣམས་མ་བཅོས་པས། །ཅོག་གེ་བཞག་པ་གནད་ཡིན་ལ། །དེ་


DNG003_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

ལས་མ་བསྒྱུར་མན་ངག་གོ། །གཟུང་བ་མེད་པའི་སྣང་བ་ལ། །འཛིན་པ་མེད་པའི་སེམས་ཤར་བ། །སྤྱོད་པ་མེད་པའི་མིག་གིས་མཐོང་། །ཆོས་ཉིད་མེད་པའི་ལམ་ནས་དྲངས། །ལྟ་སྒོམ་མེད་པའི་གཞི་ལ་བསྐྱལ། །བྱར་མེད་རྩོལ་བྲལ་འབྲས་བུར་དྲིལ། །འདི་ལ་སྣང་མཐའ་མི་གནས་སོ། །གཞན་ཡང་རིག་པའི་ཆོས་ཉིད་བཤད། །ལུ་གུ་རྒྱུད་དུ་ཅེར་མཐོང་བས། །རྣམ་རྟོག་འགྱུ་བའི་དྲན་པ་འགགས། །བྱ་ལམ་ནམ་མཁར་འགྲོ་བ་བཞིན། །ཆོས་ཀྱི་དབྱིངས་ལས་འགྲོ་ས་མེད། །གཞན་མེད་རིག་སྣང་རྣམ་དག་པས། །འཁྲུལ་པར་སྣང་བའི་རྒྱུ་རྐྱེན་ཟད། །དབྱིངས་དང་རིག་པ་འབྲལ་མེད་པས། །ལུ་གུ་རྒྱུད་ཀྱི་འདྲེལ་སྣང་སྟོན། །རིག་པའི་ངོ་བོ་ལུ་གུ་རྒྱུད། །འདས་དང་མ་འོངས་ད་ལྟར་ལ། །སུས་ཀྱང་བྱས་པ་མ་ཡིན་ལ། །དེས་ན་འདུས་མ་བྱས་པ་ཉིད། །ལུ་གུ་རྒྱུད་ཀྱི་རང་བཞིན་ནོ། །རྣམ་པར་རྟོག་པ་ཀུན་དག་པས། །མ་འཁྲུལ་པ་ཡི་སངས་རྒྱས་སོ། །གཞན་ཡང་རྒྱུད་ཀྱི་ཆོས་ཉིད་བཤད། །ཡང་དག་ཆོས་ཉིད་སྒྲ་ལས་ཐལ། །རང་གི་ངོ་བོ་ཡི་གེ་མེད། །རང་རིག་ཡེ་ཤེས་སྒྲོན་འོད་འབར། །ཆོས་ཉིད་དག་པས་བཀྲ་ཤིས་མཛེས། །ལྟ་བ་འཇིགས་བྲལ་སེང་རྩལ་རྫོགས། །རང་རིག་སྨིན་པས་རྫོགས་རང་བྱུང་། །ལུ་གུ་རྒྱུད་འདྲེལ་མུ་ཏིག་ཕྲེང་། །ཉམས་ཀྱི་སྣང་བ་ནོར་ཕྲ་བཀོད། །རང་གནས་སྟོང་པའི་སྙིང་མེ་ལོང་། །གོལ་ས་རང་གཅོད་ཐུགས་མེ་ལོང་། །གཞན་ལས་མ་བྱུང་རང་ཤར་ཉིད། །རང་བྱུང་ཡིན་པས་རང་གྲོལ་ལ། །དབྱིངས་སུ་གཅིག་པས་ཀློང་ཡང་དྲུག །ཡོན་ཏན་རྫོགས་པ་རིན་ཆེན་སྤུངས། །རང་རིག་བསྟན་པས་ངོ་སྤྲོད་སྤྲས། །སྣང་བ་དག་པས་ཉི་ཟླ་སྦྱོར། །རིག་པ་སྨིན་ཕྱིར་སྐུ་གདུང་འབར། །འདི་དག་རྣམས་ཀྱང་གཞི་ལས་ཤར། །འདི་ལྟར་ཆོས་ཉིད་བརྗོད་མེད་པས། །ཐ་སྙད་ཚིག་གི་གཞི་མར་ཤར། །ཚིག་བརྗོད་རིམ་པས་རྣམ་དག་པས། །དེ་ལྟར་བརྗོད་མེད་པ་ལ་གནས། །དེ་ཕྱིར་ཚིག་རིམ་མཐའ་ཟད་པའོ། །གཞན་ཡང་གྲོལ་བའི་ཆོས་ཉིད་བཤད། །གནད་ཀྱིས་གྲོལ་བས་འབད་རྩོལ་ཟད། །ཡེ་


DNG003_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གྲོལ་བས་བསྐྱར་མི་དགོས། །རང་གྲོལ་ཡིན་པས་གཉེན་པོ་མེད། །ཅེར་གྲོལ་ཡིན་པས་མཐོང་སར་ཡལ། །ཡོངས་སུ་གྲོལ་བས་རང་བཞིན་དག །དུས་ཀྱི་གྲོལ་བས་གོམས་མི་དགོས། །རང་བཞིན་གྲོལ་བས་མ་བཅོས་པའོ། །གྲོལ་ཞེས་ཐ་སྙད་ཙམ་ཉིད་དེ། །རྟོགས་དང་མ་རྟོགས་སུ་ཡི་ཆོས། །དེ་ལ་གྲོལ་ཞེས་སུ་ལ་དམིགས། །ཁམས་གསུམ་འཇུག་པ་སུ་ལ་སྲིད། །སྲིད་མཐའ་གྲོལ་བའི་ཆོས་ཉིད་དོ། །གཞན་ཡང་བྱ་བྲལ་ཆོས་ཉིད་ནི། །བྱ་བ་མེད་པས་གྲོལ་བ་ལ། །བྱུང་བ་མེད་པས་གནས་མེད་པའོ། །འགྲོ་བ་མེད་པས་འོང་འཁོར་ཟད། །བྱས་བྱུང་གཅིག་དང་གཉིས་མེད་པའོ། །ཐ་སྙད་འཁྲུལ་པ་ཙམ་ཡང་མེད། །ཡོད་མེད་ལས་ཀྱི་འཇུག་པས་སྟོང་། །ཡེ་ནས་འབྲས་བུ་བློ་བྲལ་ཉིད། །སྨྲ་བསམ་བརྗོད་པ་ཀུན་འདས་པའོ། །ཞེས་སྒྲ་ཐལ་འགྱུར་ཆེན་པོ་ཆོས་རྣམས་ཀུན་གྱི་རྩ་བ་ལས། ཆོས་ཉིད་བཀོད་པ་སེམས་སྣང་གི་རྩ་བ་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་རང་བཞིན་རྣམ་དག་པས། །ཆོས་སྐུ་བརྗོད་པ་མེད་པ་ལས། །ཆོས་ཉིད་སྤྲོས་བྲལ་ནམ་མཁའ་ལས། །བརྗོད་དུ་མེད་པའི་གཞི་མ་ལས། །རང་བྱུང་བཀོད་པ་དོན་གྱི་ཚིག །སྟོན་པའི་ལྗགས་ལས་འོད་འཕྲོས་ཚུལ། །སུས་ཀྱང་བྱས་པ་མེད་པར་ཤར། །དེ་ལ་ལྷ་དབང་གིས་གསོལ་པ། །ཀྱེ་མ་བཅོམ་ལྡན་འཁྲུལ་མེད་བདག །ལྟ་དང་བསྒོམ་པའི་བཀོད་པ་ཉིད། །གང་གིས་འཛིན་པར་འགྱུར་བ་ལགས། །བབ་ལས་གྲུབ་པའི་གནས་ལུགས་གང་། །དེ་ལ་བལྟ་བ་ཅི་ལྟར་བགྱི། །ཚིག་དོན་ལྟ་བའི་མཚམས་ཀྱིས་བཟུང་། །ལྟ་བའི་ངོ་བོ་རང་བཞིན་གང་། །བརྗོད་ཚིག་མིང་གི་རྣམ་གྲངས་ཅི། །སྒོམ་པ་ཞེས་བྱ་ཇི་ལྟ་བུ། །དེ་ཡི་ལས་དང་གོ་བ་གང་། །མ་གོལ་གནས་པའི་བསྒོམ་པ་གང་། །བསྒོམ་པའི་མཚན་ཉིད་སྣང་ཚུལ་ཅི། །མ་བསྒོམས་པ་ཡི་སྐྱོན་གང་ལགས། །འདི་དག་བདག་གིས་མཉན་པར་འཚལ། །རྡོ་རྗེ་འཛིན་པས་བདག་ལ་གསུང་། །དེ་ནས་བཅོས་མེད་ནམ་མཁའ་ལས། །


DNG003_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་ཅུ་རྩ་གཉིས་མཚན་འཆང་བས། །ལྟ་སྒོམ་བཀོད་པ་འདི་སྐད་གསུངས། །ལྷ་ཡི་དབང་པོ་ལེགས་ཉོན་ཅིག །འདི་ལ་ཐེ་ཚོམ་སུས་ཟ་བ། །སངས་རྒྱས་རྣམས་ཀྱི་སྐུ་ལ་བསྒྲིབ། །ཞུས་ལན་དང་པོ། བལྟ་བ་བསྒོམ་པ་འཛིན་པ་ནི། །དད་པ་རབ་དང་བརྩོན་འགྲུས་ལྡན། །གཏོང་བར་ནུས་ཤིང་བླ་མ་གུས། །བརྟུལ་ཞུགས་ཅན་ལ་སྡིག་ལ་འཛེམ། །འགྱུར་མེད་རབ་ཏུ་བརྟན་པས་འཛིན། །ཡང་ན་རང་ཉིད་ཤུགས་དལ་བ། །ལྷུག་པ་གླེན་པའི་ལྷོད་ཡོད་པས། །རྟོགས་པ་ཆུང་ཞིང་རང་བཞིན་དལ། །ལུས་ངག་བྱ་བ་བྲལ་བ་དང་། །ཤེས་རབ་ལྡན་པས་འཛིན་པར་འགྱུར། །ཞུས་ལན་གཉིས་པ། བབ་ལས་གྲུབ་པའི་གནས་ལུགས་ནི། །གནས་པ་བདུན་གྱི་ཚུལ་ལ་ཡང་། །སྣ་ཚོགས་ངོས་ནས་ལྷུན་གྲུབ་པ། །འགྱུར་ཚད་ཆ་ནས་ངེས་མེད་པ། །མི་འགྱུར་བ་ལས་ངེས་པ་ཅན། །སྣང་བའི་རྩལ་ནི་ཅིར་ཡང་བསྒྱུར། །ཐམས་ཅད་འབྱུང་ཞིང་ཁས་ལེན་བཅས། །འཁྲུལ་པ་དག་ཕྱིར་ཀ་དག་ལ། །སྣང་ཚུལ་ཐ་དད་ཁྲ་བོར་འདོད། །འདི་ལྟར་འདོད་པའི་བྱེ་བྲག་ལས། །རྫོགས་པ་ཆེན་པོ་ཅིར་སྣང་ཕྱིར། །ཐ་དད་འདོད་པ་གྲངས་མང་ཡང་། །གནས་པ་བབ་ཀྱི་ལྟ་བ་ལ། །གཅིག་མེད་གཉིས་མེད་གང་དང་བྲལ། །སྲོག་གཅོད་མ་བྱིན་ལེན་པ་ཡང་། །ང་ལས་བྱུང་ཞིང་ང་ཡི་ཆོས། །ལྟ་དང་སྒོམ་དང་སྤྱོད་པ་ཡང་། །ཡོད་མེད་སྟོང་པའི་མཐའ་ལས་འདས། །མདོར་ན་མཚན་ཉིད་ཀྱིས་ཕྱེའོ། །ཞུས་ལན་གསུམ་པ། དེ་ལ་བལྟ་བ་རྣམ་པ་གཉིས། །ཚིག་གི་བལྟ་དང་དོན་བལྟའོ། །ཚིག་གི་བལྟ་བ་བདུན་རིམ་ལས། །སོ་སོའི་འདོད་པ་བློས་བྱས་ཏེ། །བྱ་བྲལ་འབད་པ་མེད་པ་དང་། །རིམ་འཇུག་རང་གཞན་ཁྱད་འདོན་དང་། །སྲོག་གཅོད་དགེ་སྡིག་བྲལ་བ་དང་། །བྱས་མེད་བྱུང་བ་མེད་པ་དང་། །མ་བསྒྱུར་སྣང་བ་རང་དག་དང་། །ཉོན་མོངས་རང་བཞིན་གྲོལ་བར་འདོད། །དོན་ནི་ཆོས་ཉིད་མངོན་སུམ་ལ། །ཤེས་རབ་ཀྱིས་ནི་མ་ཡིན་པར། །དབང་པོའི་སྤྱོད་ཡུལ་ཉིད་དུ་བལྟ། །ཚིག་གིས་གཏན་ལ་མི་ཕེབས་ཏེ། །གནད་གསུམ་མཐོང་


DNG003_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ངོ་གང་ལ། །ཚིག་གསུམ་གནད་དུ་འགྲོལ་བའི་ཕྱིར། །དབང་པོ་རྣོ་བརྟུལ་མེད་པ་དང་། །ཆོས་ཉིད་མཐོང་བས་དག་པས་ན། །ལས་ལ་བཟང་དང་ངན་པ་མེད། །ཆོས་ཉིད་སྟོང་པ་རིས་མེད་པས། །དགེ་སྡིག་གཉིས་ཀ་རྣམ་པར་སེལ། །རང་རིག་མངོན་སུམ་མཐོང་མེད་པས། །རིམ་དགུའི་འདོད་པས་གྲོལ་བ་མིན། །ཆོས་ཉིད་ཟད་ཅིང་མཐར་ཕྱིན་པས། །སྐུ་གསུམ་ལམ་གྱི་སྣང་བའོ། །ཞུས་ལན་བཞི་པ། ཚིག་དོན་བལྟ་བའི་ས་མཚམས་ནི། །ཚིག་ནི་བརྗོད་པའི་རྒྱུ་ཡིན་ཏེ། །གང་གིས་བརྗོད་དང་སྤྲུལ་བྱེད་པ། །དེ་ལ་བསམ་པའི་ཡིད་དཔྱོད་དོ། །དོན་ནི་རང་ལ་རང་གིས་བལྟ། །མངོན་སུམ་ཚད་ནི་གསུམ་དག་གིས། །ལུ་གུ་རྒྱུད་ལ་མངོན་དུ་སྤྱོད། །ཅེར་མཐོང་བ་དང་ཅེར་གྲོལ་དུ། །གང་གིས་མཐོང་བ་དོན་ཡིན་ནོ། །ཞུས་ལན་ལྔ་པ། བལྟ་བའི་ངོ་བོ་མཐོང་བ་ལ། །ཡིད་དཔྱོད་ཚིག་གིས་འགྱུར་བ་མེད། །ལུང་དང་བླ་མའི་མན་ངག་ལས། །གང་གིས་བསྟན་པ་མེད་པའོ། །ཞུས་ལན་དྲུག་པ། ལྟ་བའི་རང་བཞིན་སྣོད་བཅུད་ལ། །མ་ཁྱབ་མེད་པས་གང་ཡང་གྲོལ། །གྲོལ་བའི་ཆོས་ལ་རྣམ་འཛིན་བྲལ། །ཅིར་སྣང་རང་གི་ཆོས་ཉིད་ལས། །བཅོས་མའི་ཆོས་ཉིད་ལོགས་ན་མེད། །ཅི་ལྟར་སྤྱོད་ཀྱང་མི་རྟོག་སྐྱེ། །སྤང་དང་བླང་མེད་རང་སྣང་ངོ་། །ཞུས་ལན་བདུན་པ། བརྗོད་ཚིག་མིང་གི་རྣམ་གྲངས་ནི། །ཕྱི་དང་ནང་དང་གསང་བ་དང་། །བླ་ན་མེད་པའི་བལྟ་བ་བཞིའོ། །ཕྱི་ནི་ཆོས་ཅན་ལ་བལྟ་བ། །རིམ་བརྒྱད་སོ་སོའི་འདོད་པ་ལ། །ཡིད་དཔྱོད་འཛིན་པ་ཉིད་དུ་འདོད། །ནང་ནི་ཆོས་ཉིད་ལ་བལྟས་པས། །ངོ་བོ་རང་བཞིན་སྒྱུ་མར་མཐོང་། །གསང་བ་རང་རིག་ལ་བལྟས་པས། །ལུ་གུ་རྒྱུད་དང་འདྲེལ་ཆགས་མཐོང་། །ཁོ་ན་ཉིད་ནི་དབྱིངས་རིག་གོ། །ཞུས་ལན་བརྒྱད་པ། བསྒོམ་པ་ཞེས་ནི་སེམས་གནས་ལ། །འགྱུ་བ་ཕྱི་ནང་གཅོད་པ་སྟེ། །གཟུང་དང་འཛིན་པ་འགག་པའོ། །རང་བཞིན་བབ་ལས་བྱུང་བ་ནི། །བསམ་གཏན་དག་ཏུ་བརྗོད་པར་བྱ། །རླུང་དང་རྩ་དང་ཐིག་ལེ་དང་། །ལུས་གནད་མགོ་


DNG003_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྟོང་པ་ནི། །བསྒོམ་པ་ཞེས་ནི་འདོད་པ་ཡིན། །ཡི་གེའི་འོད་དང་ཁ་དོག་དང་། །རྣམ་པར་འཕྲུལ་པའི་སྤྲོ་བསྡུ་ནི། །ཏིང་ངེ་འཛིན་ཞེས་བཤད་པ་ལ། །མ་བཅོས་རང་བཞག་གནས་ལུགས་ཏེ། །ཅི་ལྟར་དེ་ལས་འགྱུར་མེད་པས། །སངས་རྒྱས་རྣམས་ཀྱི་དགོངས་པའོ། །ཞུས་ལན་དགུ་པ། དེ་ཡི་ལས་དང་གོ་བ་ནི། །ལས་ཀྱིས་ཡུལ་ཞེན་གཅོད་པ་དང་། །ཉོན་མོངས་ལ་སོགས་སྤང་བ་དང་། །འཁོར་བའི་རྩ་བ་འབྱིན་པའོ། །གོ་བས་སེམས་ཉིད་འཛིན་པ་དང་། །གནས་པར་བྱེད་དང་རླུང་ཟད་དང་། །ཆོས་ཉིད་སྟོང་པའི་ལམ་རྙེད་དང་། །རང་བཞིན་དག་པའི་གཞི་སྣང་ངོ་། །ཞུས་ལན་བཅུ་པ། མ་གོལ་གནས་པའི་བསྒོམ་པ་ནི། །དབང་པོའི་སྒོ་རྣམས་གསལ་བ་ལ། །ཡིད་ཀྱི་རྟོག་པ་མ་འགྱུས་པས། །ཤེས་པ་ཉིད་ལ་དཔྱོད་པའི་ཡིད། །ཕྱིར་ལ་ཤོར་བ་མེད་པ་ཉིད། །རིས་ཅན་གསལ་བ་མ་ཡིན་དང་། །གུད་བཅད་སྟོང་པར་མ་སོང་དང་། །བདེ་བ་རྒྱུན་ཆགས་མ་ཡིན་དང་། །བཏང་སྙོམས་ལྟེང་པོར་མ་སོང་དང་། །དྲན་རིག་གསལ་བ་ངལ་གསོ་དང་། །སྦྱངས་པ་ལོག་ཆ་ལམ་སོང་དང་། །འཛིན་ཆ་ནང་དུ་རྒྱུན་བདེ་དང་། །ཆ་ལུགས་གསལ་བའི་འཛིན་ཆ་དང་། །ཁ་དོག་ཡིག་འབྲུ་སྒྱུར་བྱེད་རྣམས། །དེ་རྣམས་ཕྱོགས་སུ་མ་ལྷུང་ན། །མ་གོལ་གནས་པའི་བསྒོམ་པའོ། །ཞུས་ལན་བཅུ་གཅིག་པ། བསྒོམ་པའི་མཚན་ཉིད་སྣང་ཚུལ་ནི། །མཚན་ཉིད་སྟོང་གསལ་རིག་པ་ལ། །རང་བཞིན་གང་དང་མ་འདྲེས་པ། །གཟུང་དང་འཛིན་པའི་མཐའ་ཟད་དང་། །ཆོས་ཉིད་རང་ངོ་དག་པའོ། །སྣང་ཚུལ་འཁྲུལ་པ་མ་ཡིན་ལ། །རྒྱུ་རྐྱེན་དག་པའི་རང་བཞིན་ལ། །དངོས་དང་དངོས་མེད་རང་དག་ནས། །སྒོ་ལྔའི་ཡུལ་ཞེན་དག་པ་དང་། །འབྱུང་བའི་རིགས་པ་དག་པ་དང་། །ཡེ་ཤེས་དག་པའི་འཕེལ་སྣང་སྟོན། །དེ་ལ་ཟད་པའི་ཆོས་ཉིད་དོ། །ཞུས་ལན་བཅུ་གཉིས་པ། མ་བསྒོམས་པ་ཡི་སྐྱོན་ཉིད་ནི། །འཁོར་བའི་མཚན་ཉིད་མངོན་སྣང་བ། །བདག་དང་གཞན་ཏེ་ཡུལ་ཤེས་དང་། །ཚིག་དང་བཅས་པའི་བལྟ་བ་དང་། །དམིགས་དང་བཅས་པའི་ཡུལ་དག་དང་། །


DNG003_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་མོངས་བདག་ཏུ་འཆིང་བར་འགྱུར། །སངས་རྒྱས་ལམ་ཡང་སྟོར་བ་དང་། །འབྲས་བུའི་རང་བཞིན་མ་ཤེས་དང་། །ཆོས་ཀུན་མཉམ་པའི་གཞི་མེད་དང་། །རང་རིག་ཁམས་གསུམ་འཆིང་བ་དང་། །རྟོག་དང་བཅས་པའི་ལྟུང་བར་འགྱུར། །འདི་མན་ཆད་བསྡུས་དོན་བཤད། གཞན་ཡང་ཆོས་ཉིད་འཁོར་ལོ་བཤད། །གནས་པའི་ལྟ་བས་ཆོས་ཀུན་རྟོགས། །རང་བཞིན་དག་པས་འཁོར་འདས་ཕྱེད། །བྱས་པ་མེད་པས་བྱུང་བའོ། །ཡང་དག་ལམ་དུ་བཏང་བས་ཁྱབ། །རྫོགས་འབྱུང་ཆོས་ཉིད་སྟོང་པའོ། །བྱ་བ་མེད་པས་བྱུང་མེད་རྫོགས། །འཁོར་བ་དག་པས་འདས་པའོ། །གཞན་ཡང་མཐོང་དག་བལྟ་བ་ནི། །དངོས་མེད་རང་དག་རྫོགས་པ་ཆེ། །ལྷ་ལ་མཆོད་པ་མི་དགོས་ཏེ། །སྔགས་ཀྱི་བཟླས་དང་དཀའ་ཐུབ་མེད། །བདུག་པ་མར་མེ་ལྷ་བཤོས་མེད། །ཚོགས་དང་བླ་མ་མཆོད་པ་མེད། །བསྟོད་དང་སྦྱིན་བསྲེག་མཆོད་པ་མེད། །ཕ་རོལ་ཕྱིན་དྲུག་ལས་མཐའ་མེད། །དེ་ལྟར་གཞི་རྩ་གང་མེད་པས། །སྲོག་གཅོད་མ་བྱིན་མི་ཚངས་སྤྱོད། །ལྟ་བ་མེད་དང་བསྒོམ་མེད་སྤྱོད་པ་མེད། །བལྟར་མེད་སྤྱད་དུ་མེད་པས་བསྒོམ་པའི་འདོད་པ་གང་། །སྟོང་དང་གསལ་བ་སེམས་ཀྱི་འདོད་པ་འགག །དེ་བཞིན་ཆོས་དང་སངས་རྒྱས་ཆོས་མེད་པའོ། །གཞན་ཡང་རང་བཞིན་བལྟ་བ་ནི། །དངོས་མེད་རང་བཞིན་རྫོགས་པ་ཆེ། །ས་ཆུ་མེ་རླུང་འབྱུང་བ་མངོན་སངས་རྒྱས། །བཅོས་པ་མེད་པར་རང་གྲོལ་ཆེན་པོ་ཉིད། །འདོད་ཆགས་ཞེ་སྡང་གཏི་མུག་བྱང་ཆུབ་བཞི། །རྣམ་རྟོག་ལས་ཀྱི་སྤྱོད་པ་རྟོགས་པའི་གདེང་། །འཁོར་བ་མ་སྤངས་སངས་རྒྱས་དགོངས་པའོ། །ལུས་དང་ངག་ཡིད་དྭངས་པས་སྐུ་གསུམ་རྫོགས། །སེམས་དང་མ་རིག་འཁྲུལ་པ་ཆོས་ཉིད་གཞི། །ལས་དང་བག་ཆགས་ཞེན་པ་བལྟ་གནད་དོ། །གཞན་ཡང་བཅོས་པའི་ལྟ་བ་ནི། །ཆོས་ལས་མ་བྱུང་སངས་རྒྱས་ལ། །རྒྱུ་ཡིས་མ་བསྐྱེད་འབྲས་བུ་རྫོགས། །རྐྱེན་གྱིས་མི་འཇིག་ལུས་བླང་སྟེ། །ལུང་ལས་མ་བྱུང་གྲུབ་པའི་མཐའ། །རྒྱུད་ལ་མ་བརྟེན་མན་ངག་གིས། །


DNG003_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

མྱ་ངན་འདས་པའི་རྩ་བ་བཅད། །འཁོར་བའི་འབྲས་བུ་སྨིན་པར་བྱས། །ཡང་དག་མ་ཡིན་མ་དག་གཞི། །ཉོན་མོངས་དྲུག་གི་གཞི་མ་ལ། །བྱང་ཆུབ་ས་བོན་སྟོངས་པར་བྱས། །ངན་སོང་གསུམ་གྱི་གཟུགས་སྨིན་ཏེ། །སྐུ་གསུམ་པོ་ཡང་ལག་བཅངས་སོ། །གཞན་ཡང་བརྗོད་བྱའི་ལྟ་བ་བཤད། །སྲོག་མ་བཅད་ན་སངས་མི་རྒྱ། །སྐར་ཁུང་དག་ནི་མ་བཀག་ན། །མུན་པ་ཉིད་ནི་སངས་པ་མིན། །སངས་རྒྱས་རྣམས་ཀྱི་སློབ་དཔོན་ནི། །དམྱལ་བ་ཆོས་ཀྱི་རྒྱལ་པོ་ལ། །ཆོས་ཀྱིས་ངན་སོང་གསུམ་དུ་ཁྲིད། །སྡིག་སྤྱད་པས་ནི་དགེ་ཐོབ་པོ། །བལྟས་པས་ཁམས་གསུམ་འཁོར་བ་ལ། །བསྒོམས་པས་ཉོན་མོངས་ཚོགས་ཀུན་སོགས། །སྤྱོད་པ་སྤྱད་པས་གོལ་སྒྲིབ་ལ། །འབྲས་བུ་འཁོར་བའི་རྒྱུ་ཉིད་དོ། །གཞན་ཡང་བརྡ་དོན་ཚིག་འདྲེལ་བཤད། །བསྐལ་པའི་མེ་དཔུང་ཀློང་དཀྱིལ་ན། །མི་གཅིག་ཚིག་པ་མེད་པར་ཡང་། །ཁ་ནས་སྡེ་སྣོད་ཆོས་བཤད་ཅིང་། །ལས་སུ་གཞན་གྱི་སྲོག་བཅད་པས། །དགེ་སྦྱོར་འཕེལ་བ་ཡ་རེ་ཆ། །ལྕགས་ཀྱི་ཁང་ཡངས་སྒོ་མེད་ནང་། །སྣང་མེད་མུན་པའི་ཀློང་དཀྱིལ་ན། །ཉི་མ་ཟླ་བ་འོད་གསལ་ཡང་། །སུས་ཀྱང་མཐོང་བ་མེད་པ་ནི། །སོ་སོའི་དབང་པོའི་ཡུལ་གསལ་བས། །མཐོང་བ་མེད་པ་ཡ་རེ་ཆ། །གཞན་ཡང་ཡུལ་འཛིན་བལྟ་བ་བཤད། །ཁམས་གསུམ་འཁོར་བའི་གཞི་སྟོངས་པས། །མྱ་ངན་འདས་པ་ཕྱགས་མས་བཏབ། །མ་རིག་འཁོར་བའི་རྩད་བཅད་པས། །སྐུ་གསུམ་འབྲས་བུ་དྲུངས་ནས་ཕྱུང་། །མུན་པའི་གོ་གྱོན་ཉི་མ་བསྣུབས། །གསལ་བའི་མཐོང་བྱེད་མུན་པས་གཏིབས། །རྣོ་བའི་ངར་གདགས་གཅིག་མ་ཆོད། །རྒྱ་ཆེ་དཀྱིལ་སྟོང་གཅིག་མ་ཤོངས། །སྣ་ཚོགས་འདུས་པས་གཅིག་མ་རྙེད། །ཡོད་མེད་མཐའ་རྟོག་བསལ་བའོ། །གཞན་ཡང་འདོད་སེམས་བལྟ་བ་བཤད། །ཀུན་བརྒྱབ་གཅིག་ཀྱང་མ་ཆོད་པས། །གཅིག་བརྒྱབ་ཐམས་ཅད་གསད་པར་བྱ། །མི་བརྒྱ་ལྕགས་སྒྲོག་གཅིག་མ་ཐར། །གཅིག་བཟུང་བས་ནི་ཐམས་ཅད་ཐར། །ཐར་པས་གོང་དུ་གྲོལ་ལམ་ཟད། །འཇུག་པ་ལས་ཀྱི་རྒྱུ་


DNG003_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

འགགས་སོ། །གཞན་ཡང་སྤྱོད་པའི་འཁོར་ལོ་བཤད། །མ་བྱུང་བས་ན་བདག་མེད་ཅིང་། །མི་ལེན་མི་འདོར་སྐུ་ཡི་རྒྱ། །འབྱུང་བ་མི་བཙལ་ཡོད་མི་སྤང་། །འདོད་པ་བསྐྱེད་ཅིང་ཆགས་མི་བྱ། །ཆགས་པར་བྱས་ཏེ་གཏང་བར་བྱའོ། །གཞན་ལུས་མི་སྨད་མཐོ་མི་བཙམ། །སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད། །གྲུབ་མཐའ་མི་སྤང་ཆོས་མི་སྤང་། །གྲོགས་དང་བླ་མ་མི་སྨོད་དོ། །གཞན་ཡང་དམ་ཚིག་སྡོམ་པ་བཤད། །བླ་མ་སངས་རྒྱས་མཆོད་པའི་རྟེན། །ཆོས་དང་དགེ་འདུན་ཡི་དམ་ལྷ། །རྡོ་རྗེ་མཁའ་འགྲོ་མ་རྣམས་ལ། །ཚོགས་དང་མཆོད་པ་རྒྱུན་མི་གཅད། །བླ་མ་མཚན་ཉིད་ལྡན་མཐོང་ན། །བསྟོད་དང་མཆོད་པ་རྫོགས་པར་བྱའོ། །བུད་མེད་མི་སྨད་ཁྲོ་མི་བྱ། །ཕུང་པོ་མི་སྨད་ཡི་དམ་བརྟེན། །དཀྱིལ་འཁོར་དང་ནི་སྔགས་དང་ལྷ། །ཕྱག་རྒྱ་བསྟེན་པ་ཡང་དག་ཉིད། །དད་ཅན་ཚོགས་ཉིད་མི་བཅག་ལ། །དགེ་ལྡན་སེམས་ནི་མི་དཀྲུགས་ཏེ། །སྡོམ་ལྡན་དམ་ཚིག་གནས་པར་བྱའོ། །གཞན་ཡང་བསླབ་པའི་རིམ་པ་ཉིད། །ལུས་ཀྱི་སྤྱོད་པ་རྫོགས་བྱ་སྟེ། །ངག་ནི་རབ་ཏུ་གཅད་པར་བྱའོ། །སེམས་ནི་གནས་དང་བརྟགས་ཤིང་དཔྱད། །རིམ་འཇུག་ལས་ཀྱི་རིམ་པར་ནི། །ཚད་དང་མཚན་ཉིད་ཤེས་པར་བྱའོ། །རྟག་ཏུ་བྱུགས་དང་རིལ་བུ་ཡིས། །རྩ་རྣམས་ཐིག་ལེའི་དྲ་བར་གཞུག །ཕྲེང་བ་དོ་ཤལ་ཕྱེད་པ་ཡང་། །མཛེས་ཤིང་འཁོར་བས་སྦྲེལ་བར་བྱ། །ལས་ཀྱི་བྱ་བ་དངོས་མེད་གསལ། །དངོས་གྲུབ་མཆོག་གི་གཙོ་བོ་བླང་། །གནས་དྲུག་རྒྱན་གྱི་འཁོར་ལོ་བྱའོ། །གཞན་ཡང་བསྟེན་ཅིང་འཇུག་པ་ཉིད། །བླ་མ་བསྟེན་པས་འཁོར་རྒྱུན་འགགས། །དབང་བསྐུར་བསྟེན་པས་ལུས་ངག་སྨིན། །དམ་ཚིག་བསྟེན་པས་དངོས་གྲུབ་འབྱུང་། །བལྟ་བ་བསྟེན་པས་ཁམས་གསུམ་ཆད། །བསྒོམ་པ་བསྟེན་པས་འཁྲུལ་རྒྱུན་འགགས། །སྤྱོད་པ་བསྟེན་པས་ལུས་སྦྱོང་འགྱུར། །བསྟེན་བྱ་འདི་ལས་གང་བྱུང་བ། །འདི་ཉིད་དམ་ཚིག་སྡོམ་པའོ། །འཇུག་པའི་ལས་ནི་རྣམ་པ་བརྒྱད། །ལུས་ཀྱི་འཇུག་པ་ལྔ་ཡིན་ནོ། །ངག་ནི་རྣམ་པ་བརྒྱད་དུ་འགྱུར། །སེམས་ཀྱི་འཇུག་པ་སུམ་ཅུ་གཉིས། །


DNG003_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་སེམས་ཁྱད་པར་བྱེད་པ་ཉིད། །ལས་དང་ཡེ་ཤེས་ཁྱད་ཉིད་དོ། །གཞན་ཡང་བསྒོམ་པའི་གནས་འཁོར་ཉིད། །ལུས་ནི་འཁྲུལ་འཁོར་སྣ་ཚོགས་ཀྱིས། །སྦྱངས་པས་སེམས་ཀྱི་གནས་པར་འགྱུར། །གསུམ་གྱི་སྦྱོར་བས་རྩ་རྣམས་མཉེས། །སེམས་ནི་བགས་ཀྱིས་དགུག་པར་བྱའོ། །མཚན་མ་མཚན་མ་བཟོ་ཡི་ཡང་བྱུང་ཐབས་བཟོའི་སྦྱོར་བ་ཡི། །ལུས་སེམས་ཐབས་ཀྱི་ཁྱད་པར་གྱིས། །རྣལ་འབྱོར་སེམས་ནི་གནས་པར་བྱའོ། །གཞན་ཡང་འཁྲུལ་པའི་ཞེན་རྒྱུན་བཅད། །ཉི་ཟླའི་འོད་བསྡུས་རྒྱ་མཚོ་དྲངས། །སྟོང་གསུམ་རི་རབ་སྲང་ལ་གཞལ། །མ་རིག་གཞི་བཟློག་རང་རིག་གོ། །འཁོར་བ་དཔྱིས་ཕྱུང་འདས་ལམ་བཀག །ཆོས་དང་གང་ཟག་ཕྱགས་མས་བཏབ། །འབྲས་བུ་རང་རྫོགས་ཆོས་ཉིད་གཞི། །བྱ་དང་བྱེད་པ་རང་འགགས་སོ། །གཞན་འདོད་སྲེད་པ་དྲུངས་ནས་འདོན། །ཆོས་ཀྱི་འཁྲུལ་པས་ཡེ་གཞི་ཡང་ཡས་གཞི་བྱས། །དེ་ཉིད་རང་སར་གྲོལ་བའི་ཡུལ། །ཁམས་གསུམ་ལམ་བྱས་སངས་རྒྱས་མེད། །སྟོན་པའི་བསྟན་པ་སུ་ལ་སྲིད་མེད་པའོ། །ཆོས་ཀུན་གཞི་མེད་རྩ་བ་སུ་ལ་སྲིད། །སྲིད་བྲལ་འདོད་པ་མེད་པའི་སེམས། །རང་བཞིན་མ་བཅོས་བརྗོད་ལས་འདས། །བྱ་བྱེད་འཁྲུལ་པའི་རྟོག་པ་ཟད། །ཆོས་མེད་སངས་རྒྱས་མེད་ཅིང་སེམས་ཅན་མེད། །ང་མེད་བདག་མེད་གཟུང་དང་འཛིན་པ་མེད་པའོ། །གཞན་ཡང་ཆོས་སྐུ་རོ་གཅིག་བཤད། །ཚིག་ཏུ་བརྗོད་པ་མ་ཡིན་ཏེ། །སེམས་ཞེས་གནས་པ་ཙམ་དུའང་མེད། །མེད་ཕྱིར་སྟོང་པའི་སྣང་བ་ལ། །དྲན་ཤེས་རྣམས་ཀྱི་ཁུངས་ཟད་པའོ། །བྱས་པ་མེད་པའི་ཆོས་ཉིད་ལ། །བྱུང་བ་མེད་པ་ཡ་མཚན་ཆེ། །བྱུང་བ་མེད་པའི་ཆོས་སྐུ་ལ། །འགྲོ་བ་མེད་པ་ཡ་མཚན་ཆེ། །འཁོར་ས་མེད་པའི་རིག་པ་ལ། །འབྱུང་བ་མེད་པའི་ཆོས་ཉིད་དོ། །གཞན་ཡང་འདུས་ཤིང་མཉམ་པར་བཤད། །དུ་མ་སྤངས་པས་ཐ་སྙད་བྲལ། །གཅིག་མ་གྲུབ་པས་རང་བཞིན་དག །རང་བཞིན་གསལ་བས་དོན་གྲུབ་པའོ། །རང་དག་པ་དང་གཞི་མ་དང་། །འཁོར་དང་འདྲེས་པའི་གཞི་མ་བརྟེན་པའི་གཞི་མ་དང་ཡང་བྱུང་དག །གསོག་དང་སྙིང་པོ་མེད་པ་དང་། །ཡ་མ་རླ་ཞེས་མཚོན་བྲལ་ལོ། །གཞན་ཡང་རང་བཞིན་འཁྲུལ་པ་བཤད། །དུས་དང་དབང་པོ་ཉིད་དང་ཡང་། །བྱེ་བྲག་འཇུག་པ་སོ་སོའི་ལས། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །


DNG003_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་རྐྱེན་མཚུངས་པ་སྐད་ཅིག་ལས། །ནོར་བུ་སྤྲིན་ཕུང་ལྟ་བུ་ལས། །ལུས་དང་གྲིབ་མ་བཞིན་དུ་འཁོར། །འཁྲུལ་གཞི་ལྟོས་པ་ཐ་དད་ལས། །སེམས་ཅན་ལས་ནི་སྣ་ཚོགས་སོ། །གཞན་ཡང་དག་པའི་སྣང་བ་བཤད། །ཆོས་ཉིད་མངོན་སུམ་སྣང་བ་ནི། །དབང་པོའི་སྒོ་ལས་ངེས་ཐོན་ཏེ། །སྤྲིན་མེད་པ་ཡི་མཁའ་ལ་གསལ། །ཉམས་ཀྱི་སྣང་བ་གོང་འཕེལ་ནི། །ཡེ་ཤེས་ཁ་དོག་ཕྱིར་ཕྱུང་ནས། །གྱེན་འགྲེངས་པ་དང་རྩིབ་ཤར་དང་། །ཐིག་ལེ་སྣ་ཚོགས་སྐུ་ཉིད་དུ། །རགས་པའི་སྣང་བའི་ཡུལ་ལ་གསལ། །རིག་པ་ཚད་ཕེབས་སྣང་བ་ནི། །ལོངས་སྐུའི་མཚན་དཔེ་གསལ་བར་ནི། །མ་ངེས་ཁ་དོག་འཇའ་ཚོན་ལས། །རིགས་ལྔ་ཡབ་དང་ཡུམ་དུ་སྣང་། །ཆོས་ཉིད་ཟད་པའི་སྣང་བ་ནི། །ཉམས་ཀྱི་སྣང་བ་སྟོངས་ནས་ནི། །ལུས་ཟད་དབང་པོའི་ཡུལ་ཀྱང་ཟད། །རྟོགས་ཚོགས་འཁྲུལ་པ་རང་གྲོལ་ནས། །བརྗོད་པའི་ཚིག་དང་བྲལ་བའོ། །གཞན་ཡང་འབྱུང་བའི་སྒྲ་རྟགས་བཤད། །མེ་ཡི་སྒྲ་ནི་འཚེག་པ་དང་། །སྟག་དང་ལྷབ་དང་འཕྲོ་བ་ན། །རྣལ་འབྱོར་པ་ཡིས་དོན་མི་འགྲུབ། །གསེང་ཞིང་འབར་བ་བར་མེད་དང་། །དལ་རིང་རྩེ་མོ་རྣོ་བ་ན། །རྣལ་འབྱོར་པས་ནི་དོན་ཆེན་འགྲུབ། །ཁ་དོག་ཉིད་ཀྱང་རྣམ་པར་བཤད། །དམར་དང་རྩེ་མོ་གནག་པ་ལ། །དུམ་བུ་རང་གི་ངོས་སུ་ཆད། །བར་ཆོད་ཉིད་ནི་འབྱུང་བའོ། །དཀར་གསལ་པདྨ་ལྟ་བུ་དང་། །རྣོ་ཞིང་ཁ་དོག་སྣ་ཚོགས་ལ། །འཁོར་ལོ་གདུགས་དང་མཚོན་རྩེ་དང་། །དམར་གསལ་དྭངས་པའི་ཟེར་འཕྲོ་ལ། །རྡོ་རྗེ་རྒྱལ་མཚན་དྲིལ་བུ་དང་། །མིག་མང་རིས་དང་གུར་ཁྱིམ་དང་། །མཆོད་རྟེན་བརྩེགས་ལ་སོགས་པ་ནི། །རྣལ་འབྱོར་པས་ནི་རྫོགས་པ་ཆེ། །དོན་ལ་མངོན་སུམ་བྱས་ནས་ནི། །ཁམས་གསུམ་དག་ལས་འདས་པའོ། །གཞན་ཡང་འབྱུང་བའི་ཡན་ལག་ནི། །ཆུ་ནི་གཤང་དང་སྣ་ཚོགས་སྒྲ། །དཀར་པོའི་རི་མོ་དུ་མ་སྟོན། །རྣལ་འབྱོར་པས་ནི་དོན་རབ་འགྲུབ། །ས་ནི་ལྡེག་དང་སིང་བ་དང་། །ཟུར་ལ་འཕར་ཞིང་འདྲིལ་བས་འགྲུབ། །རླུང་ནི་སྦིར་ཞིང་གཟིར་བ་དང་། །སྔོ་ཞིང་འཕྱུར་བ་དག་གིས་སོ། །དེ་ལྟར་རྟགས་ལ་མ་སྦྱོར་ན། །ཆོ་ག་བསྐྱར་ལ་མཁས་པས་བརྩམ། །ལན་གསུམ་ལྔ་དང་བདུན་གྱིས་ཀྱང་། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །སོ་སོའི་རྟགས་དང་ངེས་སྦྱོར་བའོ། །ཞེས་སྒྲ་ཐལ་


DNG003_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཆེན་པོ་ཆོས་རྣམས་ཀུན་གྱི་རྩ་བ་ལས། ལྟ་སྒོམ་བཀོད་པ་གནས་པའི་རྩ་བ་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཆོས་ཀུན་བརྗོད་མེད་ཀྱང་། །སེམས་ཅན་འཁྲུལ་རྟོག་དུ་མ་ལས། །སྒྲ་ཚིག་ཐ་སྙད་གཞི་མར་ཡང་། །བཅོས་པ་མེད་པའི་ནམ་མཁའ་ལས། །ཚིག་འབྱུང་སྟོན་པའི་ཁྱད་པར་བཞུགས། །པདྨ་ལས་བྱུང་སངས་རྒྱས་ལ། །དགའ་བྱེད་ཀྱིས་ནི་འདི་སྐད་གསོལ། །ཀྱེ་ཀྱེ་པདྨའི་དབུས་ན་བཞུགས་པ་ཉིད། །འདི་ལྟར་ནམ་མཁའི་དཀྱིལ་འཁོར་ལ། །འོད་ཀྱི་ཐིགས་པ་འབུམ་ཕྲག་ནི། །དྲུག་ཅུ་རྩ་བཞི་སྣང་བ་དང་། །ཡང་ཞུན་བཅུ་བདུན་ཅི་ཡི་རྒྱུ། །ཆོས་ཀྱི་སྐུ་ནི་ཇི་ལྟ་བུ། །ལོངས་སྐུ་ཞེས་པ་གང་ལ་བགྱི། །སྤྲུལ་པའི་སྐུ་ནི་གང་ཙམ་ཞིག །སྐུ་ཡི་མཚན་ཉིད་ཅི་ལྟ་བུ། །བཞུགས་པའི་ཚུལ་ནི་ཅི་ལྟར་ལགས། །རང་བཞིན་ཆོས་ཉིད་སྐུ་རྣམས་ཅི། །བཅོམ་ལྡན་འདས་ཀྱིས་བདག་ལ་གསུངས། །དེ་ནས་བཅོམ་ལྡན་རྡོ་རྗེ་འཆང་། །པདྨའི་དབུས་ནས་བཞེངས་ནས་ནི། །ནམ་མཁའ་ལྡིང་གི་ཕྱག་རྒྱ་མཛད། །དེ་ཉིད་མཛད་པ་ཙམ་གྱིས་ནི། །ཆོས་ཉིད་རང་སྣང་ནམ་མཁའ་ལས། །བརྗོད་དུ་མེད་པའི་རང་བཞིན་ལས། །བརྗོད་པའི་ཚིག་ཏུ་འདི་སྐད་དུ། །རང་བྱུང་བྱས་པ་མེད་པར་བྱུང་། །ཞུས་ལན་དང་པོ། ཀྱེ་ཀྱེ་ལྷ་ཡི་དབང་ཕྱུག་ཉོན། །འོད་དཀར་འབུམ་ཕྲག་དྲུག་ཅུ་ནི། །རྩ་བཞི་ཡང་དག་བཤད་བྱའོ། །རང་བཞིན་རྫོགས་པ་ཆེན་པོ་ལས། །ཚིག་གི་བྱེ་བྲག་རྣམ་འཕྲོས་པས། །སྡེ་གསུམ་ལས་ནི་ཀློང་དགུར་འགྱུར། །ཚིག་བསྡུས་པ་ལས་ཤློ་ཀ །འབུམ་ཕྲག་དྲུག་ཅུ་རྩ་བཞི་ལས། །ལེའུ་སྟོང་ཕྲག་སུམ་ཅུ་ལྔ། །བམ་པོ་ཉི་ཁྲི་སྟོང་ཕྲག་གཅིག །བརྗོད་བྱ་ནམ་མཁའི་མཐའ་དང་མཉམ། །གདུལ་བྱའི་སེམས་ཅན་རྟོག་པ་གཅོད། །འདི་ལ་བརྗོད་བྱ་ཉེར་བསྡུས་པས། །གཟེར་བུ་བརྒྱ་དང་བརྒྱད་ཅུ་ལ། །འགག་ནི་སྟོང་ཕྲག་ཕྱེད་དང་གཉིས། །གནད་ཆེན་འདུས་པ་སྟོང་ཕྲག་གསུམ། །གོལ་སྒྲིབ་ཁྲི་ཕྲག་བཞི་བཅུ་ལ། །མིང་ཐོག་རྒྱུད་ནི་ཁྲི་ཕྲག་གཉིས། །ཚིག་བརྗོད་རིམ་པ་གསལ་བཀོད་དོ། །ཞུས་ལན་གཉིས་པ། འོད་ཀྱི་ཡང་ཞུན་བཅུ་བདུན་བཤད། །རང་ཤར་བ་དང་རང་གྲོལ་དང་། །རང་བྱུང་ཉིད་དང་རྩལ་རྫོགས་དང་། །མཛེས་ལྡན་དག་དང་ཕྲ་བཀོད་དང་། །མུ་ཏིག་འཕྲེང་


DNG003_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཡི་གེ་མེད། །སྙིང་དང་ཐུགས་ཀྱི་མེ་ལོང་དང་། །ཉི་ཟླ་ཁ་སྦྱོར་ངོ་སྤྲོད་སྤྲས། །སྐུ་གདུང་འབར་བ་རིན་ཆེན་སྤུངས། །སྒྲོན་མ་འབར་དང་ཀློང་ཆེན་དྲུག །དེ་ལྟར་བཅུ་དྲུག་རིམ་པ་རྣམས། །ཐལ་འགྱུར་ལས་ནི་ངེས་འཕྲོས་ནས། །གདུལ་ཡུལ་སེམས་ཅན་རྣམས་ལ་སྣང་། །བཅུད་འདུས་བསྟན་པ་འཛིན་པས་ན། །བསྐལ་པ་ཡོད་པ་འཁོར་ལས་སྒྲོལ། །རྫོགས་པའི་སངས་རྒྱས་མངོན་སྣང་བའོ། །ཆོས་ཀྱི་སྐུ་ནི་གསུང་དང་ཐུགས། །ཡོན་ཏན་དང་ནི་ཕྲིན་ལས་སོ། །སྐུ་ནི་སྟོང་དང་གསལ་བ་དང་། །མཚན་མ་མེད་པའི་རང་བཞིན་ནོ། །གསུང་ནི་སྒྲ་ཚིག་མིང་བྲལ་ནས། །བརྗོད་ཅིང་གླེང་བ་ཉིད་བྲལ་ལོ། །ཐུགས་ནི་བསམ་དང་འགྱུ་མེད་པས། །འཕྲོ་ཞིང་སྤྱོད་པ་རྣམས་ལས་འདས། །ཡོན་ཏན་ཕྱིར་མི་འོང་དང་ལྡོག་པ་མེད། །དབྱིངས་དང་ཡེ་ཤེས་ཁྱབ་པ་དང་། །རང་བཞིན་བཅོས་པ་མེད་པའོ། །ཕྲིན་ལས་མ་བྱུང་མ་སྐྱེས་བྱས་པ་མེད། །ཤུགས་འབྱུང་བ་དང་འགག་པ་མེད། །མ་བྱས་བྱས་པ་མེད་པའོ། །ཞུས་ལན་བཞི་པ། ལོངས་སྤྱོད་སྐུ་ཡང་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་ལྔ་ཡིན་ནོ། །སྐུ་ནི་སྣང་ལ་རང་བཞིན་མེད། །གསལ་དང་གསལ་བྱེད་རིག་པས་ཁྱབ། །གསུང་ནི་རང་བྱུང་བ་དང་རང་སྣང་བ། །སྤྲོ་བསྡུ་རྣམ་པའི་འཁོར་ལོ་ཡི། །ཐུགས་ནི་རྒྱུན་མེད་གཟིགས་པ་དང་། །མཁྱེན་པའི་རྩལ་དང་དགོངས་པའོ། །ཡོན་ཏན་མཚན་དཔེ་རྫོགས་པ་ལས། །དགོངས་གསལ་མངོན་ཤེས་རྫོགས་པའོ། །ཕྲིན་ལས་ཆོས་ཀྱི་འཁོར་ལོ་ལས། །ཕྱི་ནང་གསང་བ་རྣམས་སྤྲོས་ཏེ། །སོ་སོའི་རིགས་ཀྱི་སངས་རྒྱས་དང་། །བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་། །རང་བྱུང་ལྗགས་ལས་རྣམ་སྤྲོས་ཏེ། །འཁོར་ལ་རང་གི་ངོ་བོས་སྟོན། །ཞུས་ལན་ལྔ་པ། སྤྲུལ་པའི་སྐུ་ཡང་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་ལྔ་ལྔའོ། །སྐུ་ནི་མཚན་དང་དཔེ་བྱད་ལ། །གདུལ་བྱ་གང་བྱུང་ལུས་སྤྲུལ་པ། །གསུང་ནི་ཚིག་སྦྱོར་ལེགས་པ་ལ། །ཚངས་པའི་དབྱངས་ནི་ཡན་ལག་དྲུག །ཐུགས་ནི་ཤེས་བྱའི་ཡེ་ཤེས་ཀྱིས། །རང་གཞན་དོན་གཉིས་དགོངས་པར་གནས། །ཡོན་ཏན་མཁྱེན་པ་རྫོགས་པ་དང་། །ཕྲིན་ལས་ཕྱི་ནང་གསང་བ་ཡི། །མཛད་པ་མ་ལུས་རྫོགས་པ་དང་། །ཕུན་


DNG003_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་ཚོགས་པ་ལྔར་གནས་པའོ། །ཞུས་ལན་དྲུག་པ། སྐུ་ཡི་མཚན་ཉིད་ངོ་བོ་དང་། །ངེས་ཚིག་དབྱེ་བ་རྣམས་དང་ནི། །སོ་སོའི་ཞིང་ཁམས་གདུལ་བྱ་དང་། །བྱེད་པའི་ལས་དང་ལྡང་ཚད་དོ། །མཚན་ཉིད་གོ་བའི་ཁྱད་ཀྱིས་ཀྱང་། །མཚན་ཉིད་ཆོས་ལས་གྲུབ་པ་དང་། །འདོད་ཡོན་རྣམས་ལས་གྲུབ་པ་དང་། །སྣ་ཚོགས་ཐབས་ལས་གྲུབ་པའོ། །གོ་བ་རང་བཞིན་དག་པ་དང་། །སོ་སོའི་སྣང་ཡུལ་སྟོན་པ་དང་། །གཟུགས་ལྡན་དབང་པོ་རྫོགས་པའོ། །ཞུས་ལན་བདུན་པ། སྐུ་ཡི་བཞུགས་ཚུལ་རྣམ་པ་གསུམ། །མཚན་མའི་ཆོས་ལས་གྲོལ་བའི་ཕྱིར། །རིས་ཅན་གཟུགས་སུ་མ་ཡིན་དང་། །གསལ་བའི་རང་བཞིན་རྫོགས་པའི་ཕྱིར། །སྣང་ལ་རང་བཞིན་མེད་པ་དང་། །གདུལ་བྱའི་རྒྱུད་རྣམས་སྦྱང་བའི་ཕྱིར། །མི་གཡོ་མཉམ་གཞག་ཆེན་པོར་བཞུགས། །མི་གཡོ་བ་དང་གསལ་བ་དང་། །རིག་ཅིང་མཁྱེན་པའི་ཆར་སྣང་དང་། །མཉམ་དང་ཕྱོགས་མེད་མི་འབྱེད་པའོ། །ཞུས་ལན་བརྒྱད་པ། སྐུ་ཡི་རང་བཞིན་ཆོས་ཉིད་ནི། །རང་བཞིན་སྟོང་དང་གསལ་བ་དང་། །མཁྱེན་རིག་མ་འགགས་མངོན་སྣང་བའོ། །སྐུ་ཡི་ཆོས་ཉིད་རྫོགས་པ་དང་། །ཕྱིར་མི་ལྡོག་དང་འགྲོ་འོང་མེད། །སྨྲ་བསམ་བརྗོད་པ་མེད་པའོ། །གཞན་ཡང་སྐུ་རྣམས་བསྒྲུབ་པ་ནི། །གོང་དུ་བསྟན་པའི་ཁྱད་པར་ལས། །ཆོས་སྐུའི་ས་བོན་རང་སེམས་ལ། །མངོན་སུམ་པ་ཡི་གནད་གཟིར་ནས། །རྟག་ཏུ་གོམས་པར་བྱས་པ་ནི། །ཆོས་ཀྱི་སྐུ་ཡི་བསྒྲུབ་པའོ། །ལོངས་སྐུའི་ས་བོན་འདོད་ཡོན་ལ། །བསླབས་ཏེ་གོམས་པར་བྱས་པ་ཡིས། །ལོངས་སྤྱོད་རྫོགས་པའི་བསྒྲུབ་པ་དང་། །སྤྲུལ་སྐུའི་ས་བོན་འབྱུང་བཞི་ཡི། །སྒྲ་དོན་རྣམས་ལ་བསླབས་ནས་ནི། །གོམས་པས་སྤྲུལ་སྐུ་བསྒྲུབ་པའོ། །གཞན་ཡང་མེ་ཡི་ལས་མཐའ་བཤད། །


DNG003_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་དོག་གིས་ནི་རྣམ་ཕྱེ་བ། །དཀར་གསལ་འཇམ་ན་ཞི་བ་འགྲུབ། །སེར་ཕྲ་རིང་བ་རྒྱས་པ་འགྲུབ། །དམར་དྭངས་འཕྲོ་བ་དབང་གི་ལས། །སྔོ་ཞིང་གནག་ཐུང་དྲག་པོ་འགྲུབ། །སྣ་ཚོགས་ཆད་ཅིང་འཁྱིལ་པ་ན། །སྣ་ཚོགས་ལས་ཀྱི་བྱེ་བྲག་འགྲུབ། །ཤིན་ཏུ་ཕྲ་ན་ལྷུང་བར་འགྱུར། །ཆད་ཅིང་དྲག་ན་བར་ཆད་འབྱུང་། །མཆེད་ཀ་མེ་ལྕེ་དུ་བར་ལྡན། །དམ་ཚིག་ཉམས་པར་འགྱུར་བའོ། །སྒྲ་ཡི་རྣམ་པར་ཕྱེ་བ་ནི། །ལྷབ་ལྷབ་གསུམ་བཏུད་སྤར་སྤར་མང་། །སྣ་ཚོགས་པ་ནི་འགྲུབ་པའོ། །དྲག་དང་འཚེག་ན་དྲག་པོ་ཉིད། །འུར་ཞིང་ཐུག་ན་ཞི་རྒྱས་གཉིས། །གཤང་ཞིང་བསིང་ན་མཆོག་འགྲུབ་པའོ། །གཞན་ཡང་ཆུ་ཡི་ལས་མཐའ་བཤད། །ཁ་དོག་ངེས་པའི་རྟགས་ཉིད་ནི། །དཀར་བ་ལ་སོགས་བཞི་ཡིས་ནི། །ཞི་བ་ལ་སོགས་འགྲུབ་པར་ངེས། །ཁམ་ནག་རྩུབ་ཅིང་འཁྱིལ་པ་ན། །རྣལ་འབྱོར་པ་ཡིས་དོན་མི་འགྲུབ། །དཀར་གསལ་འཕྱར་དང་འཕྱུར་བ་ན། །མཆོག་གི་དངོས་གྲུབ་ངེས་འཐོབ་བོ། །སྒྲ་ནི་གཤང་དང་བསིང་བ་དང་། །ཤྭ་དང་འུར་ཞིང་ཐུག་པ་ཡིས། །ཟས་དང་གོས་དང་འབྲས་བུ་འགྲུབ། །སིར་དང་སིལ་དང་ལྷབ་པ་ཡིས། །སྐུ་གསུམ་སོ་སོའི་བདེ་ཐོབ་པའོ། །གཞན་ཡང་ས་ཡི་ལས་མཐའ་བཤད། །ཁ་དོག་དཀར་དམར་གོང་གིས་ཤེས། །མ་ངེས་འགྱུར་བས་དོན་མི་འགྲུབ། །གསལ་ཞིང་འཚེར་བས་མཆོག་འགྲུབ་པའོ། །སྒྲ་ནི་ཤག་དང་སྡིག་པ་དང་། །ཏོག་དང་སིང་བས་སྣ་ཚོགས་ལས། །འུར་ཞིང་སིང་བས་མཆོག་ཐོབ་པའོ། །གཞན་ཡང་རླུང་གི་ལས་མཐའ་བཤད། །ཁ་དོག་དཀར་དམར་གོང་བཞིན་ནོ། །གནག་ཅིང་འཚུབ་པས་དོན་མི་འགྲུབ། །སྣ་ཚོགས་འབར་མཆོག་འགྲུབ་པ་ཡིན། །སྒྲ་ནི་འུར་འཐིབ་སྣ་ཚོགས་ལས། །


DNG003_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

སིང་དང་སྣ་ཚོགས་མཆོག་འཐོབ་པོ། །གཞན་ཡང་རྟགས་དང་རང་བཞིན་བཤད། །དེ་ལྟར་གོང་གི་རྟགས་བྱུང་ནས། །ཟླ་གསུམ་དང་ནི་ཟླ་དྲུག་ནས། །གཉིས་ཀྱིས་བེམ་དང་རིག་སྒྲ་ཤེས། །ཟླ་བཅུ་དང་ནི་བཅོ་བརྒྱད་ནས། །སོ་སོའི་སྒྲ་དང་རིགས་དྲུག་སྐད། །ཅི་ལྟར་གསུངས་པ་བཞིན་ཤེས་སོ། །གཞན་ཡང་འབྲས་བུའི་རིམ་པ་ནི། །ཆོས་སྐུ་སེམས་ཀྱི་ལས་ཀྱིས་དང་། །ལོངས་སྐུ་དག་གིས་རྣམ་པར་ཐོབ། །སྤྲུལ་པའི་སྐུ་ནི་ལུས་ཀྱིས་སོ། །ངོ་བོ་ཉིད་ནི་ཆ་མཉམ་པས། །ལུས་ནི་འབྱུང་བ་དག་པ་དང་། །ངག་གི་ཨཱ་ལི་ཀ་ལཱིར་སྦྱོར། །སེམས་ནི་དངོས་མེད་ཟང་ཐལ་ལོ། །གསུམ་འདུས་པས་ནི་བདེ་ཆེན་ནོ། །གཞན་ཡང་རབ་ཏུ་བཤད་བྱ་བ། །སྐུ་ཡི་མཚན་ཉིད་རབ་ཤེས་པས། །འཁྲུལ་པ་ཐམས་ཅད་དུས་གཅིག་འགགས། །སྐུ་ཡི་རང་བཞིན་ཡོངས་ཤེས་པས། །གསལ་དང་སྟོང་པའི་སོ་མཚམས་ཟིན། །ངོ་བོ་ཤེས་པས་སྟོང་པར་དག །དང་ཤེས་པས་ནི་མི་རྟོག་སྐྱེ། །བདག་ཉིད་ཆེན་པོ་ཤེས་པ་ཡི། །ཁམས་གསུམ་འཁོར་བའི་རྩ་བ་གཅོད། །དེ་དག་གིས་ནི་རང་གྲོལ་གདེང་། །བྱས་པ་མེད་པ་ཐོབ་པར་ངེས། །ཨེ་མ་ངོ་མཚར་རྨད་དུ་བྱུང་། །བྱས་པ་མེད་པའི་ནམ་མཁའ་ལ། །བཅོས་པ་མེད་པའི་ཚིག་ཤར་བ། །མ་བསམས་རང་བྱུང་བློ་ལ་གོ། །དེ་ལྟར་གོ་ནས་ཤེས་རྟོགས་པས། །སྡེ་སྣོད་ཀུན་གྱི་རྩ་བར་ཡང་། །རྒྱུད་ཀྱི་རྒྱལ་པོ་ཐལ་འགྱུར་ཉིད། །ཡང་གསང་བླ་མེད་བསྟན་པ་འདི། །འདི་ཉིད་ཡིན་པར་ཡིད་ཆེས་ཏེ། །རང་བཞིན་སྣང་བའི་འཁོར་རྣམས་ཀུན། །རབ་ཏུ་མགུ་བའི་སེམས་བསྐྱེད་ནས། །རྒྱུད་འདི་བཀླག་དང་བཅང་བ་དང་། །བྲི་ཞིང་འཛིན་པ་ཉིད་དུ་སྟེ། །མགུལ་དང་སྤྱི་བོར་བཟུང་བཅངས་པས། །སངས་རྒྱས་ཐམས་ཅད་བཀུར་བར་སྤྱད། །དེ་ལྟར་ཁས་བླངས་དམ་བཅས་ནས། །སྟོན་པ་སངས་རྒྱས་བཅོམ་ལྡན་འདས། །ཡོན་ཏན་རྫོགས་པའི་སྐུ་ལ་བསྟོད། །དེ་ནས་རབ་ཏུ་འདུས་པ་


DNG003_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས། །དགའ་མགུ་རང་བའི་སེམས་སྐྱེས་ནས། །ནམ་མཁའ་རང་དག་གསལ་བ་དང་། །བརྗོད་མེད་ཚིག་རྣམས་རང་ཤར་ལ། །རྗེས་སུ་ཡི་རང་བདེ་རྙེད་ནས། །རང་བཞིན་རྫོགས་པ་ཆེན་པོ་ཡི། །སྤྲོས་པ་མེད་དང་མཉམ་པར་གྱུར། །ཆོས་རྣམས་ཐིག་ལེ་ཉག་གཅིག་གི། །དགོངས་པ་རོ་མཉམ་ཐོབ་ནས་ནི། །པདྨ་ལས་སྐྱེས་བཅོམ་ལྡན་འདས། །ལེགས་སོ་ལེགས་སོ་ལེགས་པར་གསུངས། །བདག་ཅག་སྐུ་གསུམ་སྨིན་མཛད་པ། །གསོལ་འདེབས་རྗེས་སུ་ཡི་རང་ངོ་། །སྐུ་རྣམ་པར་བཀོད་པ་ཞེས་བྱ་སྟེ། ལེའུ་དྲུག་པའོ།། །།རིན་པོ་ཆེ་འབྱུང་བར་བྱེད་པ། སྒྲ་ཐལ་འགྱུར་ཆེན་པོ་ཆོས་རྣམས་ཀུན་གྱི་རྩ་བར་བསྟན་པའི་རྒྱུད་ཅེས་བྱ་བ། རང་བཞིན་རྫོགས་པ་ཆེན་པོ་ཤོ་ལོ་ཀ་འབུམ་ཕྲག་དྲུག་ཅུ་རྩ་བཞི་ལས་ཁྱད་པར་དུ་བཀོད་པ་རྫོགས་སོ།། །།རྒྱ་རྒྱ་རྒྱ། རྒྱ་རྒྱ་རྒྱ། རྒྱ་རྒྱ་རྒྱ། རྒྱུད་ཀྱི་རྒྱལ་པོ་འདི་ནི། འགྲོ་བ་ཁྱད་པར་ཅན་ལ་མ་གཏོགས་པ་སུ་དགའ་དགའ་ལ་ཡོད་པ་མ་ཡིན་ནོ། །དཔལ་སྔགས་སྲུང་གི་རྒྱལ་མོ་སྨུག་ནག་ཁྲོས་མའི་རྒྱལ་མོ་རག་གདོང་མས་སྲུངས་ཤིག །ས་མ་ཡ། སོ་ཕག །ཨག་ཐམ། དཔལ་ལྡན་མགོན་པོ་ནག་པོ་ཁྱོད་ལ་གཏད། སྣོད་མེད་པ་ལ་བྱིན་ན་དམ་ཚིག་གི་ཆད་པ་ཆོད་ཅིག །ས་མ་ཡ། རྒྱ་རྒྱ་རྒྱ། ཐལ་འགྱུར་རྒྱུད་ལ་མ་བུ་བདུན།