cover

རྙིང་མ་རྒྱུད་འབུམ་པོད་བཅུ་པ། ཐ༽

སྡེ་དགེའི་ཤིང་པར་རྙིང་མ་རྒྱུད་འབུམ།

Nitartha international

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་སྤྱི་དོན་གྱི་སྒོ་ནས་གཏན་ལ་འབེབས་པར་བྱེད་པའི་ལེགས་བཤད་གསང་བདག་ཞལ་ལུང་ཞེས་བྱ་བ།


DNG010_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་ལས་ཀྱི་རིམ་པའི་ཏིང་ངེ་འཛིན་ལ། ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲང་ཞིང་མཆོད་པ་དབུལ་བ་དང་། བཤགས་པ་བྱ་བ་དང་།དངོས་གྲུབ་གསོལ་བ། དམ་བཅའ་བ། འཛབ་བཟླ་བ་དང་ལྔ། དང་པོ་ལ།སྤྱན་དྲང་བ་སོགས་དང་། མཆོད་པ་དབུལ་བའོ། །དང་པོ་ལ། སྙན་གསན་དབབ་པ། སྤྱན་དྲང་བ་དངོས། རིག་པའི་མེ་ཏོག་དོར་བ། དངོས་གྲུབ་བསྐུལ་བ། བསྡིམ་པའོ། །དང་པོ་ནི། སྟོང་པ་ཤིན་ཏུའི་ཚིག་དང་ཨེ་ཧྱེ་ཧིའི་སྔགས་བརྗོད་ཅིང་། དམ་ཚིག་པའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་བསྐུལ་བས་རང་བཞིན་ལྷུན་གྱིས་གྲུབ་པའི་ཕོ་བྲང་ན་བཞུགས་པའི་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དགོངས་ཏེ། ཆོས་ཀྱི་སྐུ་ལས་མ་གཡོས་བཞིན་དུ་གཟུགས་ཀྱི་སྐུ་བསྒོམས་པ་དང་འདྲ་བའི་རྣམ་པར་ངང་གིས་བཞེངས་ནས་འབྱོན་མ་རག་


DNG010_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པའོ། །དེའི་དགོས་པ་ནི། སློབ་དཔོན་བི་ཤྭ་མི་ཏྲས།མཉེས་དཀའ་མ་ཡིན་བཀུར་གནས་ཕྱིར། །འཇིག་རྟེན་དབང་པོའི་ཆོས་ལུགས་ཀྱིས། །ཞེས་པས་ཇི་ལྟར་འཇིག་རྟེན་ན་རྒྱལ་པོ་སྤྱན་དྲང་བའི་ཐོག་མར་སྙན་གསན་འབེབས་དགོས་པ་དང་ཚུལ་བསྟུན་པ་སྟེ། དེ་ལྟར་མ་བྱས་ན་རྒྱལ་པོ་ལ་བརྙས་པས་ཀོ་ལོང་གི་རྒྱུར་འགྱུར་མོད་ཀྱི། འདིར་དེ་ལྟ་བུ་མ་དམིགས་ཀྱང་།དམ་ཚིག་པས་ཡེ་ཤེས་ཀྱི་དཀྱིལ་འཁོར་བཀུར་གནས་སུ་བྱ་བའི་ཆེད་དུ་སྲི་ཞུ་གུས་པའི་སྒོ་ནས་ཚུལ་མཐུན་པའོ། །གཉིས་པ་ནི། ཐུགས་རྗེའི་ལྕགས་ཀྱུའི་ཚིག་བརྗོད་ཅིང་ཛཿཧཱུཾ་བཾ་ཧོཿའི་སྔགས་རྒྱ་དང་། དམ་ཚིག་པའི་ཐུགས་ཀ་ནས་ཕྱག་རྒྱའི་ལྷ་མོ་སྤྲོས་ཏེ། ལྕགས་ཀྱུ་མས་ཐུགས་དམ་བསྐུལ། ཞགས་པ་མས་གནས་ནས་སྤྱན་དྲངས། ལྕགས་སྒྲོག་མས་གནས་ནས་བསྐྱོད། དྲིལ་བུ་མས་དགྱེས་པ་བསྐྱེད་དེ། མདུན་གྱི་ནམ་མཁར་སྤྱན་དྲངས་ནས། དམ་ཚིག་གི་དཀྱིལ་འཁོར་དང་མེ་རི་འདབ་འབྱོར་ཙམ་དུ་སྟེང་གི་


DNG010_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་ལ་བཞུགས་པར་བསྒོམ་པའོ། །དེའང་གལ་ཕྲེང་ལས། བདག་ཉིད་ཆེན་པོའི་དཀྱིལ་འཁོར་ལ། །སྤྱན་འདྲེན་གཤེགས་གསོལ་མི་དམིགས་ཀྱང་། །རང་བཞིན་གྲུབ་པའི་དཀྱིལ་འཁོར་ལྷའི། །སྐུ་དང་ཡེ་ཤེས་འཐོབ་བྱའི་ཕྱིར། །ས་མཱ་ཛཿདང་ཨེ་ཧིས་དགུག །ཅེས་སོ། །གསུམ་པ་ནི། ཨོཾ་བཛྲ་ས་མ་ཡ་ཨོཾ། ཞེས་སོགས་ཀྱིས་རིག་པའི་མེ་ཏོག་དོར་བས། རང་བཞིན་མཐར་ཕྱིན་གྱི་དཀྱིལ་འཁོར་དང་། འདི་ལྟར་བསྒོམས་པའི་ལྷག་པ་ཏིང་དཀྱིལ་གྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམས་གཉིས་སུ་མེད་པར་བསམ་པ་སྟེ། དེ་ནི་དམ་ཡེ་གཉིས་ཀ་ཡང་རིག་པའི་རང་སྣང་ཡིན་པའི་ཕྱིར་སེམས་ཉིད་ཀྱི་ངང་དུ་དབྱེར་མེད་པར་རིག་པ་ལ་རིག་པའི་མེ་ཏོག་ཅེས་བྱ་བ་ལ། དེ་ཙམ་ན་ཕྱི་རྒྱུད་པ་ལྟར་བཟང་ངན་དང་ཐ་དད་དུ་འཛིན་པའི་རྟོག་པ་དོར་བས་ན་དོར་ཞེས་བྱའོ། །འདི་ལ་སོ་སོ་མ་ཡིན་པར་རིག་པ་འདུན་པའི་ཕྱག་དང་།རང་སྣང་གི་དཀྱིལ་འཁོར་དུ་འཇུག་པའི་ཚུལ་ཞེས་ཀྱང་གྲགས་སོ། །བཞི་པ་ནི།ཨོཾ། ཡེ་ཤེས་རྒྱལ་པོ་ཞེས་སོགས་ཀྱི་ཚིག་དང་། ཨོཾ་བཛྲ་ས་མ་ཡ་ཧཱུཾ། ཞེས་སོགས་ཀྱི་སྔགས་ཀྱིས་བསྐུལ་བས། ཡེ་ཤེས་ཀྱི་ལྷ་རྣམས་བདག་གི་སྒྲིབ་པ་སྦྱོང་བ་དང་། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ་བ་ལ་ཕྱོགས་པར་བསམ་པའོ། །འདིར་དངོས་གྲུབ་སྐུལ་བ་ལ་ཚིག་གིས་བསྐུལ་བ་དང་། སྔགས་ཀྱིས་བསྐུལ་བ་གཉིས་བལྡབས་པོ་ཞེ་ན། རྗེ་སྒྲོ་ཕུག་པའི་ཞལ་ནས། དང་པོ་ནི་དངོས་གྲུབ་ཙམ་བསྐུལ་བའི་དོན་དང་། ཕྱི་མ་ནི་གནད་ལ་ཕབ་སྟེ་བསྐུལ་བའི་ཕྱིར་མི་ཟློས་གསུང་། ལྷ་རྗེ་ཉེ་སྟོན་ནི། སྤྱིར་གསང་སྔགས་ལུང་གི་སྒོ་བཞིར་བཞེད་དེ།དོན་རྣམས་གསལ་འདེབས་བརྗོད་པ་ཚིག་གི་སྒོ། །ཐུགས་དམ་གནད་བསྐུལ་གསང་བ་སྔགས་ཀྱི་སྒོ། །དམིགས་པ་རྩེ་གཅིག་ཏིང་འཛིན་ཡིད་


DNG010_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྒོ། །མཚོན་པ་བརྡར་བཏགས་ཕྱག་རྒྱ་གར་གྱི་སྒོ། །ཞེས་བྱ་བ་ལས། ཀུན་ལ་བཞི་ག་ཚང་བ་ཡང་ཡོད། གསུམ་གཉིས་གང་རུང་ཚང་བའང་ཡོད་པས་ཀུན་ལ་ཐམས་ཅད་ཚང་བར་མ་ངེས་པས། འདིར་ཚིག་སྔགས་ཏིང་འཛིན་གསུམ་གྱིས་བསྐུལ་བ་ཡིན་གསུངས་སོ། །ལྔ་པ་ནི། ཛཿཧཱུཾ་བཾ་ཧོཿཞེས་ཕྱག་རྒྱ་བཞིས་ཆུ་ལ་ཆུ་བཞག་པ་ལྟར་དབྱེར་མེད་དུ་བསྲེས་ཏེ། རིན་ཆེན་སེང་གེའི་གདན་ལ་ཞེས་སོགས་ཀྱིས་འགྲོ་དོན་མ་རྫོགས་ཀྱི་བར་དུ་བརྟན་པར་བཞུགས་སུ་གསོལ་བའོ། །འདི་དག་ནི་ཟུར་ལུགས་པ་སྤྱིའི་བཞེད་པ་སྟེ། བདག་གི་རྗེ་བླ་མ་ནི། ཚིག་གིས་བསྐུལ་བའི་རྗེས་ཀྱི་སྔགས་ཚན་གསུམ་པོས་རིམ་བཞིན་དམ་ཡེ་དབྱེར་མེད་དུ་བསྲེས་ནས་བརྟན་པ་དང་དབང་དུ་བྱས་ལ། ཕྱག་རྒྱ་བཞིས་ནི་ཤིན་ཏུ་བརྟན་ཅིང་གསལ་བར་བྱས་པ་ཉིད་ཡིན་པས་ས་བཅད་བཞི་པ་དང་ལྔ་པ་གཉིས་ཁོང་གཅིག་ཏུ་བསྡུས་ན་ལེགས་གསུངས་ཏེ། སྔགས་དོན་དང་ཤིན་ཏུ་འབྱོར་ཞིང་། ཚིག་དང་སྔགས་ཀྱིས་བསྐུལ་བའི་ཟློས་སྐྱོན་ཡང་སེལ་བས་མཁས་པས་བསྔགས་པར་འོས་པའོ། །གཉིས་པ་མཆོད་པ་ནི། ཕྱག་ནས་བརྩམས་ཏེ། གླུ་ཡེ་ཤེས་ཀྱི་བར་དུ་དབུལ་བར་བྱ་སྟེ་འོག་ནས་སྟོན་ནོ། །གཉིས་པ་ནི། རང་གཞན་གྱི་རྒྱུད་དག་པར་བྱ་བའི་ཕྱིར་སྤྲོས་པ་མེད་པའི་ཞེས་སོགས་སོ། །གསུམ་པ་ནི། འདོད་པའི་དོན་ཉེ་བར་འགྲུབ་པ་ལ་སྨོན་པའི་སྒོ་ནས་ཤེས་བྱ་ཐམས་ཅད་ཞེས་སོགས་ཀྱིས་གསོལ་ལོ། །བཞི་པ་ནི། ལྷག་པའི་བསམ་པ་རྩེ་གཅིག་པའི་སྒོ་ནས་བདེ་བར་གཤེགས་པ་ཞེས་སོགས་སོ། །ལྔ་པ་ནི། འཛབ་ཁང་ཕྱེ་སྟེ་འོད་ཟེར་སྤྲོ་བསྡུའི་དམིགས་གནད་ཀྱི་མན་ངག་དང་ལྡན་པའི་སྒོ་ནས་འཛབ་བསྐུལ་སྔོན་དུ་འགྲོ་བས་འཛབ་བཟླ་ཞིང་། རྗེས་ལ་བསྟོད་ནས་དཀྱིལ་འཁོར་གཉིས་དབྱེར་


DNG010_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དུ་བསྲེ་བའོ། །དེ་དག་ཀྱང་འོད་རིམ་ལས། རྣལ་འབྱོར་དབང་ཕྱུག་ཉམས་ཆག་བཤགས། །ལས་ལ་དོན་ཕྱིར་ཕྲིན་ལས་བཅོལ། །བསྒྲུབ་པའི་འདོད་དོན་གསོལ་བ་གདབ། །ཕྱི་དང་ནང་གི་འཕྲོ་འདུ་ཡིས། །རྣལ་འབྱོར་བསྒྲུབ་ཕྱིར་བཟླས་པ་བྱ། །ཞེས་སོ། །གཉིས་པ་རྗེས་ཀྱི་རིམ་པ་ལ་ལྔ་ལས། ཚོགས་དབུལ་བ། ལྷག་མ་གཏང་བ། བསྟན་མ་བསྐྱང་བ་རྣམས་འཆད་པར་འགྱུར་ལ། བཞི་པ་དཀྱིལ་འཁོར་བསྡུ་བ་ནི། རྩ་བའི་དཀྱིལ་འཁོར་གསལ་གདབ་སྟེ། གཏང་རག་མཆོད་བསྟོད་དང་ནོངས་པ་བཟོད་པར་གསོལ་ནས། རྟག་མཐའ་བསལ་ཕྱིར་དཀྱིལ་འཁོར་མི་དམིགས་པའི་དབྱིངས་སུ་བསྡུ། ཆད་མཐའ་བསལ་ཕྱིར་དེའི་ངང་ལས་ལྷར་རྫོགས་ཚུལ་དུ་ལྡང་། སྤྱི་བོར་ཧཾ་བཀོད་ལ་དེ་ཞུ་བའི་རྒྱ་གྲམ་གྱིས་གོ་བགོ། ཧཱུཾ་ཏྲུམ་གྱིས་མཛུབ་རྩེ་ལ་ཁྲོ་བོ་གཉིས་བསྐྱེད་ནས་ལུས་བསྲུང་། དབུ་རྒྱན་དང་ཅོད་པན་བཅིངས་ཏེ་ཤིན་ཏུ་བརྟན་པར་བྱས་ལ་བསྔོ་བ་བྱའོ། །དེ་ལྟར་ཡང་རིན་དྲ་ལས། རང་སྣང་དབྱེར་མེད་དཀྱིལ་འཁོར་ཀུན། །ཐུགས་ཀྱི་དཀྱིལ་འཁོར་ཉིད་དུ་བསྡུ། །ཧཱུཾ་ཧཱུཾ་ཞེས་ནི་རབ་བརྗོད་པས། །ཆོས་ཀྱི་དབྱིངས་སུ་ཐིམ་པར་འགྱུར། །དེ་ནས་སྙིང་པོ་དྲན་ཙམ་གྱིས། །ཕྱག་རྒྱ་ཆེན་པོ་གསལ་གྱུར་ནས། །གོ་བགོ་མཚམས་བཅད་ལུས་བསྲུང་སྟེ། །ཞེས་དང་། འོད་རིམ་ལས། རྟག་ཆད་མཐའ་ལས་གྲོལ་བྱའི་ཕྱིར། །དཀྱིལ་འཁོར་རིམ་བཞིན་སྙིང་ལ་བསྡུ། །མི་དམིགས་ངང་ལས་གཙོ་བོར་བསྐྱེད། །བསྐྱེད་པའི་རྫོགས་པ་བསྟན་པའོ། །བར་ཆོད་རྒྱུན་ལས་གྲོལ་བྱའི་ཕྱིར། །རྒྱ་གྲམ་གོ་དང་ཁྲོ་ལུས་བསྲུང་། །དེ་ཉིད་འགྲོ་དོན་ནུས་ལྡན་ཕྱིར། །དབང་བསྐུར་དབུ་རྒྱན་ཅོད་པན་ལྡན། །ཞེས་སོ། །ལྔ་པ་སྤྱོད་ལམ་རྒྱུན་ཏིང་ནི། །དེ་ལས། དེ་ནས་རྣལ་འབྱོར་


DNG010_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་དེས། །འགྲོ་ཉལ་འདུག་སྡོད་བཞི་པོ་རྣམས། །སྲོག་གི་ཕྱིར་ཡང་མི་གཏོང་ཞིང་། །སྤྱོད་ལམ་ཀུན་ཏུ་མ་ཉམས་པར། །བདག་ཉིད་ཆེན་པོ་བརྟན་པར་བསྒོམ། །ཞེས་སོ། །གཉིས་པ་ཁྲོ་བོའི་མངོན་རྟོགས་ཀྱི་ལས་བསྡེབས་ལ། སྔོན་འགྲོ་ཐུན་མོང་དུ་སོང་ནས། འདིར་དངོས་གཞི་དང་།རྗེས་གཉིས། དང་པོ་ལ། ཏིང་ངེ་འཛིན་གྱི་དགོས་ཆེད་དང་། དེ་བསྒོམ་པ་དངོས་སོ། །དང་པོ་ནི། དམ་པ་རྒྱན་ལས། འཛིན་པའི་དབང་གིས་སྡུག་བསྔལ་ཞིང་། །གདུག་པ་སྲིད་གསུམ་འདུལ་བ་དང་། །ང་རྒྱལ་ཆེན་པོ་བརྟན་པའི་ཕྱིར། །སྒྱུ་འཕྲུལ་དྲ་བའི་ཏིང་འཛིན་བསྒོམ། །ཞེས་པས་སྔོན་བྱུང་རྒྱལ་བ་ཉིད་གདུག་པ་ཅན་གྱི་ཡུལ་ལ་ཐུགས་རྗེས་ཁྲོས་ཏེ་བཏུལ་བ་བཞིན་དུ། ད་ལྟར་རྗེས་འཇུག་དུའང་སྙིང་རྗེ་ཆེན་པོས་གདུལ་བྱ་གདུག་པ་ཅན་རྣམས་འདུལ་བའི་དོན་དུ་སངས་རྒྱས་ཀྱི་མཛད་པ་བསྒྲུབ་པར་བྱའོ་སྙམ་དུ་དམ་འཆའ་བ་སྟེ། འདི་ནི་ཐོག་མར་སེམས་བསྐྱེད་པའི་ཆོ་ག་ཡིན་ནོ། །གཉིས་པ་ལ། ཏིང་ངེ་འཛིན་གསུམ་དང་། དཀྱིལ་འཁོར་བསྒོམ་པའི་དང་། ལས་ཀྱི་རིམ་པའི་ཏིང་འཛིན་ནོ། །དང་པོ་ལ་གསུམ་ལས། དེ་ཏིང་ནི། ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ན་སྐྱེ་བ་མེད། །ཅེས་སོགས་སོ། །ཀུན་ཏིང་ནི། ཨེ་མའོ་ཀུན་ཏུ་བཟང་མོ་ནི། །བདེ་ཆེན་སྤྲོས་བྲལ་ཐིག་ལེ་ལས། །སྟོང་པ་ཉིད་དུ་རབ་གསལ་བའི། །སྙིང་རྗེའི་ཡུལ་ནི་བསྒོམ་པར་བྱ། །ཞེས་སོགས་སོ། །རྒྱུ་ཏིང་ནི། ཧཱུཾ། ངེས་པ་ལས་ནི་རྡོ་རྗེ་ཆེ། །དེ་ལས་དཔལ་ཆེན་ཧེ་རུ་ཀ །འབར་བ་ཆེན་པོ་གར་དགུ་ཡིས། །འཇིགས་པ་ཡི་ནི་དུས་ལྟར་དྲག །ཅེས་པས་རིག་པ་ཧཱུཾ་མཐིང་གསལ་བརྟན་གྱི་ཚད་བརྒྱད་ལྡན་ལས་འཕྲོ་འདུའི་སྦྱོར་བས། རྡོ་རྗེ་རྩེ་


DNG010_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་པ་མཐིང་ག །དེ་འཕྲོ་འདུས་འོད་དུ་ཞུ་བ་ལས་རྒྱུའི་ཧེ་རུ་ཀ་ཚོན་གང་བ་རྡོ་རྗེ་དང་ཐོད་ཁྲག་འཛིན་པར་བསྒོམ་པའོ། །འདིའི་སྐུ་མདོག་ལ་བཞེད་པ་མི་མཐུན་ཏེ། ལྷ་རྗེ་སྒྲོལ་མ་བ་དང་བླ་མ་གྲ་སྟག་པ་སོགས་སྔོན་པོར་མཛད། སྟ་སྟོན་གཟི་བརྗིད་སྨུག་ནག་ཏུ་བཞེད་ཅིང་། རྡོ་རྗེ་མཐིང་ག་ནི། ཐུགས་མི་འགྱུར་བ་དང་སྐུ་མདོག་སྨུག་ནག་ནི་ཅིར་ཡང་འགྱུར་བ་མཚོན་པ་ཡིན་པས་དེ་གཉིས་ཀྱི་ཁ་དོག་འགལ་བར་མི་བསམ་མོ་ཞེས་སྐྱོན་སྤང་ཡང་མཛད་དེ་རང་གི་རྗེ་བླ་མའི་དགོངས་པའང་ཕྱི་མའོ། །གཉིས་པ་ལ། རྟེན་དང་། བརྟེན་པ་བསྐྱེད་པའོ། །དང་པོ་ལ། འོག་གཞི་བསྐྱེད་པ། གཞལ་ཡས་ཁང་དངོས་བསྐྱེད་པ། གདན་བསྐྱེད་པའོ། །དང་པོ་ནི། བདག་རྒྱུའི་ཧེ་རུ་ཀའི་ཐུགས་ཀའི་ཧཱུཾ་ལས་ས་བོན་སྤྲོས་ཏེ། འཕྲོ་འདུའི་བྱ་བས་ཀྲོ་དྷཱི་ལྔའི་མཁའ་དབྱིངས་ཀྱི་རང་བཞིན། ནམ་མཁའ་དང་། རླུང་དང་།རཀྟ་དང་། ཞིང་ཆེན་གྱི་ས་གཞི་ཀེང་རུས་ཀྱི་རི་རབ་ཀྱིས་མཚན་པ་དང་། མེ་དཔུང་རྣམས་བསྒོམ་པ་སྟེ། དུར་ཁྲོད་ཆེན་པོར་དགྱེས་ནས། ཞེས་སོགས་དང་། དམ་པ་རྒྱན་ལས། དུར་ཁྲོད་ཆེན་པོ་རབ་འཇིགས་པ། །ཁྲག་གི་རྒྱ་མཚོ་འཁྲུགས་པའི་དཀྱིལ། །ཀེང་རུས་ཆེན་པོའི་རི་རབ་ཀྱི། །སྟེང་གི་འབར་བའི་ཀློང་དཀྱིལ་ན། །ཞེས་སོ། །གཉིས་པ་ནི། མེའི་དབུས་སུ་བྷྲཱུཾ་སྨུག་ནག་ཆད་པ་ལས་འཕྲོ་འདུའི་སྒོ་ནས་གཞལ་ཡས་ཁང་བསྒོམ་པའོ། །དེ་ལ་གསུམ། དབྱིབས། རྒྱུ། རྐྱེན་ནོ། །དང་པོ་ནི། འབར་བའི་འཁོར་ལོ་རྩིབས་བཞི་པ། །གྲུ་ཆད་བཞིས་ནི་རྣམ་པར་བརྒྱན། །གྲུ་བཞི་སྒོ་ཁྱུད་བཞི་དང་ལྡན། །ཞེས་སོགས་གསུངས་པའི་མཚོན་དོན་དང་། དེ་མཚོན་བྱེད་ཀྱི་མཚན་མར་གྱུར་པའི་དབྱིབས་ཕལ་ཆེར་ཞི་བ་དང་མཚུངས་ཤིང་། ཁ་དོག་གྲུ་ཆད་ལྗང་གུའི་དབུས་སུ་གསེར་འཁོར་རྩིབས་བཞི་པ་མུ་ཁྱུད་དང་ལྟེ་བ་མཐིང་གར་གནས་པ་དང་། ཁྱད་པར་དུ་བདེན་གཉིས་མཚོན་པའི་འབར་བའི་བར་ཁྱམས་གཉིས་ཀྱིས་མཛེས་པ་ནི་དགོས་ཆོས་ཏེ། ནང་མ་གསེར་ཁྱམས་དང་། ཕྱི་མ་ཁྲག་ཁྱམས། གློ་འབུར་


DNG010_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྒོ་རྣམས་ཕྱོགས་མདོག་གོ། །རྟ་བབས་ཀྱང་། རྡོ་རྗེ་མེ་ལོང་ལས། ཕྱི་ནང་རྒྱུ་འབྲས་གདུག་པ་དག །འདུལ་ཕྱིར་རྟ་བབས་བཞིར་བཤད་དོ། །ཞེས་པའི་དོན་ལ། གོང་མ་རྣམས། ཁྱམས་ཕྱི་ནང་གཉིས་ཀའི་སྒོ་བཞིར་རྟ་བབས་བརྒྱད་ཀྱིས་བརྒྱན་པར་བཞེད་ཀྱང་། ལུང་དོན་ནི་དེར་མ་ངེས་ཏེ། ཕྱི་ནང་གི་ཐེག་བརྒྱད་མཚོན་པའི་རྒྱུའི་རྟ་བབས་བརྒྱད་དང་། དེའི་ཡོན་ཏན་རྫོགས་པའི་འབྲས་བུའི་རྟ་བབས་བརྒྱད་བརྒྱད་སྒོ་བཞི་ཀ་ལ་ལྡན་པར་བཞེད་པའི་ཕྱིར་རོ། །དེ་བས་ན་འདིར་རང་གི་རྗེ་བླ་མའི་དགོངས་པས་ནང་སྒོ་ལ་རྟ་བབས་མི་བྱེད་པའི་ཕྱོགས་ལེགས་པ་ཡིན་ནོ། །གཉིས་པ་ནི། སྔ་རབས་པ་དག །གཞལ་ཡས་ཁང་ཕྱི་མ་རིན་པོ་ཆེ་དང་། ནང་མ་ཐོད་པ་ལས་གྲུབ་པར་བཞེད་མོད། དེ་ལ་རྡོ་རྗེ་ལས།གདུག་པ་འདུལ་བའི་དཀྱིལ་འཁོར་ལ། །ཐོད་པ་སྣ་ལྔ་སྣ་གསུམ་དང་། །ཐོད་སྐམ་རྩིག་པ་རིམ་པ་བཞིན། །ཞེས་ཕྱི་ནང་གཉིས་ཀ་ཐོད་རྩིགས་སུ་བཞེད་པས་གནོད་དོ། །རང་ལུགས་ནི། ཕྱི་མ་ཐོད་རྩིགས་རིམ་པ་ལྔ་དང་། ནང་མ་སྐམ་རློན་རྙིང་གསུམ་གྱིས་བརྩིགས་པའོ། །ཐོད་སྐམ་བརྩིགས་པ་ཞེས་པའི་ལུང་དོན་ནི། སྟ་སྟོན་གཟི་བརྗིད་བཞེད་པ་ལྟར་གྲུ་ཆད་ཀྱི་རྩིག་པ་སྟེ། དེའི་ཚུལ་ནི། གྲུ་ཆད་ཁྱམས་ལས་སྟེགས་བུ་གྲུ་བཞི་པའི་རྣམ་པར་ཐོད་རྩིགས་ཀྱིས་འཕགས་པ་ཡིན་གྱི། ཐོག་ལ་ཐུག་པའི་བརྩིག་པར་མི་བསམ་སྟེ། དེ་ལྟར་ན་སྒོ་སུམ་སྦྲག་ཏུ་འགྱུར་བའི་ཕྱིར་རོ། །ཐོད་པ་དེ་དག་ཀྱང་། ཁ་ནས་མེ་འབར་བ། མིག་ནས་ཁྲག་འཛག་པ། སྣ་ནས་དུད་པ་འཐུལ་བ། རཀྟས་སྤྱིན་ཐབས་སུ་སྦྱར་བ། གནམ་ལྕགས་ངུར་མོའི་གཟེར་བཏབ་པ། ལོགས་ལ་ཙིཏྟའི་ཕོ་ལོང་འཕྱང་བ། ཚངས་པའི་གདུང་། ལྷ་ཆེན་བརྒྱད་ཀྱི་ཀ་བ། རུས་སྦལ་གྱི་ཀ་གདན། ཀླུ་བདུད་ཀྱི་བྱ་མ། རྒྱུ་སྐར་གྱི་དྲལ་མ། ཞིང་ལྤགས་ཀྱི་ཐོག །ཉི་ཟླའི་མཐོངས་ཁུང་། གཟའ་བརྒྱད་ཀྱི་ཁ་བད། ཆུ་སྲིན་གྱི་ཐོད་པའི་རྟ་བབས་ལ་སོགས་པ་སྟེ། དེ་ལས། ཚངས་


DNG010_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྷ་དབང་ལ་བརྟེན་པ། །མཆོག་ཆེན་བརྒྱད་ཀ་ཡིན་པར་འདོད། །ལྷག་མ་རྣམས་ནི་ཐོག་ཕུབ་སྟེ། །གཟའ་བརྒྱད་ཉི་ཟླའི་གློ་སྐར་ལྡན། །ཞེས་སོ། །གསུམ་པ་ལ། ལོགས་རྒྱན་ནི། ཐོད་སྦྲུལ་སྣ་ཚོགས་ཉི་མས་བརྗིད། །ཅེས་པས། རྩིག་སྟེང་ཐོད་པ་སྣ་ཚོགས་ཀྱི་ཕ་གུ་ལ་སྦྲུལ་ཆེན་གྱི་ཞགས་པས་མགུལ་ནས་དྲངས་པའི་དྲ་བ་འཕྱང་བ། མུན་པར་སྦྲུལ་དང་ཐོད་ཕྲེང་གི་དོ་ཤལ་དང་དོ་ཤལ་ཕྱེད་པ་དང་དེ་དག་གི་བར་བར་ནས་ཉི་མའི་འོད་ཟེར་འཕྲོ་བས་བརྗིད་ཅིང་། ཕྱིའི་འགྲམ་སྟེགས་ལ་ནང་གི་འདོད་ཡོན་ཐོགས་པས་བསྐོར་བ་སྟེ། དེ་ལས། སྦྲུལ་དང་ཐོད་པའི་ཕྲེང་བ་ཉིད། །དྲ་བ་དྲ་ཕྱེད་རྣམ་པར་སྤྲས། །ཞེས་དང་། ཁྲོ་བོ་ཤ་ལྔ་བདུད་རྩི་དང་། །དུར་ཁྲོད་འདོད་ཡོན་ལྡན་པའོ། །ཞེས་སོ། །སྟེང་རྒྱན་ནི་པུ་ཤུ་དང་རྟ་བབས་ཀྱི་རྩིའི་ཕྱོགས་ཀུན་ཏུ་ཞིང་འཕན་དང་། དབུས་འཕྱུར་བུའི་རྩེར་ལྷ་ཆེན་པོའི་ཐོད་པ་སྤུབ་པའི་སྟེང་ན་ཙིཏྟའི་ཏོག་དང་ལྡན་པའོ། །དེ་ལྟར་ཡང་སྔ་མ་ལས། ཞིང་འཕན་ཕྱོགས་མཚམས་བརྒྱད་དང་ལྡན། །ལྷ་ཆེན་ཐོད་པ་སྤུབ་སྟེང་ན། །ཙིཏྟའི་ཏོག་ལས་འོད་ཟེར་འཕྲོ། །ཞེས་སོ། །སྒོ་བཞིར་རུས་སྦལ་གྱི་མ་ཐེམ། ཆུ་སྲིན་གྱི་ཡ་ཐེམ། སྦྲུལ་ནག་གི་སྐྱེས་བུ། ཞིང་གི་སྒོ་གླེགས་སོགས་ཀྱིས་བརྒྱན་ཅིང་། ཞིང་སྨུག་པོའི་ཀ་བས་བཏེགས་པའི་སྒོ་ཁང་གི་སྟེང་ན། རྟ་བབས་ལ། སོར་ཕྲེང་དང་། ཐོད་པའི་ཕྲེང་བ་དང་། དབང་པོ་དང་། ཉི་ཟླའི་ཕྲེང་བས་བརྒྱན་པ་སྟེ། དེ་ལས། སོར་ཕྲེང་ཐོད་པའི་ཕྲེང་བ་དང་། །དབང་པོ་ཉི་ཟླའི་ཕྲེང་བས་སྤྲས། །ཞེས་སོ། །རྟ་བབས་ཀྱི་རྩེར་ཆོས་ཀྱི་འཁོར་ལོའི་གཡས་གཡོན་ན་ཆུ་སྲིན་ཕྲུ་གུ་དང་། སྟེང་ན་ཞིང་གི་གདུགས་ཕུབ་པའོ། །ཕྱིའི་རྒྱན་ནི། དེ་ལས། སྐྱེས་བུ་གསལ་ཤིང་ཕྱོགས་མཚམས་བརྒྱད། །རཀྟའི་མཚོ་བརྒྱད་རྦ་རླབས་འཁྱིལ། །ཞེས་སོགས་དང་། སྲུང་འཁོར་གྱི་ནང་གི་ཁོར་ཡུག་ལ་དུར་ཁྲོད་བརྒྱད་དང་། ཕྱི་ནང་ཐམས་ཅད་དུ་རྡོ་རྗེ་རྩེ་ལྔ་པའི་རྣམ་པ་ཅན་གྱི་མེ་རི་མེ་དཔུང་འབར་བའི་ཀློང་ནས་སྤྲུལ་པའི་ཁྲོ་ཆུང་གྲངས་མེད་པ་འཕྲོ་བའོ། །དེའང་ཆོས་དོན་ལས། ཁྲོ་བོ་རྣམས་ལ་དུར་ཁྲོད་ནི། །


DNG010_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བ་མ་སྤངས་གནས་དག་རྟགས། །ཞེས་དང་། འདི་ཉིད་ལས། འབར་བའི་འཕྲོ་བ་མང་པོ་འཁྲུགས། །ཞེས་སོ། །གསུམ་པ་ནི། ཁྱུ་མཆོག་མ་ཧེ་གཟིག་དང་སྟག །ཅེས་སོགས་ཀྱིས་བསྟན་ཏེ། དེའང་ཡོན་ཏན་གྱི་ཆེ་བས་རང་སྣང་བའི་ཕྱིར་ལྟེ་བ་དང་རྩིབས་བཞིར་པདྨ་ཟླ་ཉི་སུམ་བརྩེགས་སོ། །དེའི་སྟེང་ན་དྲེགས་པ་ཅན་ཟིལ་གྱིས་གནོན་པའི་ཕྱིར་དབུས་སུ་རུ་དྲ། ཤར་དུ་དྲི་ཟ། ལྷོར་གཤིན་རྗེ།ནུབ་ཏུ་སྲིན་པོ། བྱང་དུ་གནོད་སྦྱིན་ཕོ་མོའོ། །དེ་དག་ལས་ལ་ནན་ཏུར་དུ་བསྟན་པའི་ཕྱིར་ཕོ་ཁ་བུབ་ཀྱི་སོག་ཕྲག་དང་། མོ་གན་རྐྱལ་གྱི་ནུ་ཕྲག་ནས་དུག་ལྔ་གནས་སུ་དག་པའི་བརྡར་དུད་འགྲོ་གདུག་པ་ཅན་རྣམས་ཀྱི་སྤར་བས་བཟུང་བ་སྟེ། དེའང་། ཤར་དུ་ཁྱུ་མཆོག་གཏི་མུག །ལྷོར་མ་ཧེ་ང་རྒྱལ ། ནུབ་ཏུ་གཟིག་འདོད་ཆགས། བྱང་དུ་སྟག་ཕྲག་དོག །དབུས་ཞེ་སྡང་སུ་དོམ་སྟེ་སྤར་ཁབ་ཀྱི་ལུགས་སོ། །འགྲེལ་པ་ཉི་སེང་མར་ཁྱུ་མཆོག་ནི་ལྷ་ཆེན་གྱི་ཞོན་པ་སྟེ་དབུས། མ་ཧེ་གཤིན་རྗེའི་ཞོན་པ་སྟེ་ལྷོ། གཟིག་དྲི་ཟའི་སྟེ་ཤར། སྟག་ཀླུའི་སྟེ་ནུབ། དོམ་གནོད་སྦྱིན་གྱི་སྟེ་བྱང་དུ་འགོད་པར་བཤད། ལྷ་རྗེ་རོང་བ་ནི། ཁྱུས་འགྲོ་ཟིལ་གྱིས་གནོན་པའི་ཕྱིར་ཁྱུ་མཆོག་ནི་ཐུགས་ཀྱི་ཕྱག་རྒྱ། མ་ཧེ་གཟི་བརྗིད་ཆེ་བས་སྐུའི།གཟིག་གདུག་པ་ཆེ་བས་མི་གཏོང་བའི་ཕྱིར་ཡོན་ཏན་གྱི། སྟག་དཔའ་བརྟུལ་ཆེ་བས་ཐུགས་རྗེ་ཆེན་པོའི་མཚན་ཉིད་ཀྱང་མི་མཛད་པདྨའི། དོམ་གཏུམ་པའི་ཕྱིར་ལས་རིགས་ཀྱི་ཕྱག་རྒྱའོ་གསུང་བ་ལས། འདིར་ནི་བླ་མ་བརྒྱུད་པའི་བཀའ་སྲོལ་གྱིས་ལུགས་དང་པོའི་རྗེས་སུ་འབྲང་ངོ་། །ཡང་ཁྱུ་མཆོག་གི་ངོས་འཛིན་ལ། ཁ་ཅིག །པིཎྜཱ་རྠར་བཤད་པའི་ཕྱིར་སེང་གདན་མཆོག་གདུལ་དཀའ་མི་འཇིགས་ཁྱུ་མཆོག་དང་གེའོ་ཟེར།ཁ་ཅིག་ཉི་ཁྲི་ལས་གླང་པོར་ཁྱུ་མཆོག་གླང་པོ་ཆེའི་གནས་སུ་དམ་བཅའ། ཞེས་གསུངས་སོ། །བཤད་ཟེར། ཉང་ཊཱིཀ་པ་དེ་གཉིས་རོལ་པ་ལས་བྱུང་བར་བཞེད་ཀྱང་། འགྲེལ་པ་ཉི་སེང་དུ། གླང་ཁྱུ་པར་བཤད་ཅིང་འདུལ་བ་ལུང་ལས་ཀྱང་། བ་གླང་གི་ཕྲུ་གུ་སེང་གེ་མོའི་འོ་མས་གསོས་པ་ལས་བྱུང་བའི་རིགས་ཞེས་


DNG010_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བཤད་དོ། །གདན་འདི་དག་ཀྱང་། འགྲེལ་པ་མངོན་རྟོགས་ལས། ལྷ་ཆེན་པོ་རྣམས་ཀྱི་ཞོན་པ་ཕྲོགས་པའོ། །ཞེས་རྒྱལ་བྱེད་དཔའ་རྟགས་ཀྱི་རྟགས་སུ་བཤད་ཅིང་། ཉི་འོད་སེང་གེས་ཀྱང་། གུས་པས་རང་གི་གདན་སྟེང་དུ་ཕྱུང་སྟེ་ཕུལ་བར་བཤད།དོན་ལ་སྨོན་ལམ་གུས་པ་དང་། ཐུགས་རྗེ་མཐུན་འཇུག་གི་གདན་གཉིས་ཀར་མི་འགལ་ལོ་གསུངས། འཁོར་གྱི་གདན་ནི། ཁྲོ་མོ་ཉི་ཤུའི་གནས་སུ་རོ་དང་ཉི་གདན། དབང་མོ་ཉེར་བརྒྱད་ལ་ཞིང་སྐམ་གྱི་གདན་རེ་རེའོ། །གཉིས་པ་བརྟེན་པ་ལྷ་བསྐྱེད་པ་ལ། ཇི་ལྟར་བསྐྱེད་པའི་ཆོ་ག་དང་། བསྐྱེད་པ་ལྷའི་མཚན་ཉིད་གཉིས། དང་པོ་ལ། ཁང་པ་གྲུབ་ནས་བདག་པོ་བསྐྱེད་པ་ཕ་དྲིན་ཅན་གྱི་ཚུལ་དང་། བདག་པོ་གྲུབ་ནས་ཁང་པ་རྩིག་པ་སྒོ་དྲག་པོའི་ཚུལ་ལོ། །དང་པོ་ནི།ཏིང་འཛིན་གསུམ་གྱི་རྒྱུ་ཏིང་ཧཱུཾ་གི་ཁྱད་པར་ལས། འོག་གཞི་དང་གཞལ་ཡས་ཁང་བསྐྱེད་པའི་ནང་དུ་གཙོ་བོ་ཆོ་ག་གསུམ་གྱིས་བཛྲ་ཧེ་རུ་ཀར་བསྐྱེད་ནས་སྲས་གཉིས་བསྐྱེད་པའི་བྱ་བ་ལ་འཇུག་སྟེ། འགྲེལ་པ་སྤར་ཁབ་ཀྱི་རྗེས་སུ་འབྲངས་ནས་རོག་པ་སོགས་བཞེད་དོ། །གཉིས་པ་ནི། སྔར་བཤད་པ་ལྟར་རང་ལུགས་ཏེ། དམ་པ་རྒྱན་གྱི་རྗེས་སུ་འབྲངས་ནས་བླ་མ་གོང་མ་ཕལ་ཆེ་བའི་དགོངས་བཞེད་དོ། །དེའང་རྒྱུའི་ཏིང་འཛིན་ཧཱུཾ་ལས། ཆོ་ག་གསུམ་གྱིས་རྒྱུའི་ཧེ་རུ་ཀར་བསྐྱེད་པའི་རྗེས་སུ། འོག་གཞི་གཞལ་ཡས་ཁང་དང་བཅས་པ་བསྒོམ་ཞིང་། དེ་ནས་བདག་སྲས་གཞན་སྲས་ཀྱི་ཆོ་ག་ལ་འཇུག་གོ། །དེ་ལས། དང་པོ་བདག་སྲས་ལ། འཐད་པ་བརྗོད་པ་དང་། རྒྱུའི་ཧེ་རུ་ཀ་ཉིད་དཔལ་ཆེན་པོ་ཡབ་ཡུམ་དུ་བསྐྱེད་ནས་སྙོམས་པར་འཇུག་པའི་བྱ་བ་དང་། ངོ་མཚར་སྲས་ཀྱི་དཀྱིལ་འཁོར་བསྐྱེད་པའོ། །དང་པོ་ནི། དམ་པ་རྒྱན་ལས། བདག་ཉིད་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་བདག །ཁྲོ་རྒྱལ་ཡེ་ནས་ཡིན་པའི་ཕྱིར། །ཞེས་སོ། །གཉིས་པ་ནི། དེའི་ཕྱིར་རྒྱུ་ཧེ་རུ་ཀ་གདན་ཐོག་ཏུ་བབས་ཏེ་དཔལ་ཆེན་པོ་ཆེ་མཆོག་ཧེ་རུ་ཀ་སྐུ་སྨུག་ནག་ཅིར་ཡང་འགྱུར་བ་དབུ་དང་ཕྱག་ཞབས་ཆེ་ཆུང་སྟོང་གསུམ་


DNG010_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་ལ། མང་ཉུང་གི་ཚད། དེའི་རྡུལ་སྙེད་དང་མཉམ་པ་མཚོན་ཆ་སྣ་ཚོགས་འཛིན་པར་བསྐྱེད་ལ། དེའི་ཐུགས་ནས་ཡུམ་དབྱིངས་ཕྱུག་མ་ཕྱུང་སྟེ་སྦྱོར་བ་མཛད་པའོ། །དེའང་སྔ་མའི་འཕྲོས་ལས། དེ་བཞིན་ཉིད་ཀྱི་དབྱིངས་ནས་ནི། །ཁྲོ་མོ་དབང་ཕྱུག་མངོན་ཕྱུང་སྟེ། །ཧི་ཧི་དགྱེས་པའི་གཟི་མདངས་ཀྱི། །རིན་ཆེན་པདྨ་རྒྱས་མཛད་དེ། །གཉིས་མེད་འཁྲིལ་བས་དགྱེས་པར་ཐིམ། །ཞེས་སོ། །འདིར་གཉོས་ནག །འགོས་རྩི་ལུང་པ། སྒྲོལ་མ་བ། གོང་མ་ཕལ་ཆེར། མཁའ་གསང་བྱིན་རླབས་དང་སྦྱོར་བའི་བརྡས་བསྐུལ་བ་སོགས་མཛད། དེ་ལས་མཁས་པ་དག་རྟ་སྟོན་གཟི་བརྗིད་ན་རེ། དེ་མི་རིགས་ཏེ།རྩ་བ་ལས་མ་གསུངས་ཤིང་རྒྱུད་དང་ཡང་མི་མཐུན་ནོ། །དེས་ན་སྣར་སྟོན་གྱི་བཞེད་པ་ལྟར་རྒྱུའི་ཧེ་རུ་ཀ་དེས་ཚིག་བརྗོད་པ་ཙམ་གྱིས་རང་བཞིན་ངང་གིས་བསྐྱེད་པ་འཐད་གསུང་། ཁོ་བོ་ཡང་འདི་ལེགས་པར་མངོན་ནོ། །གསུམ་པ་ལ། སྔགས་ཀྱིས་སྤྲུལ་པ་སྤྲོ་བ་དང་། དེ་རིགས་ལྔར་བསྡུ་བ་དང་། སྲས་མོ་ཉི་ཤུ་བསྐྱེད་པའོ། །དང་པོ་ནི། ཧཱུཾ་ཧཱུཾ་ཧཱུཾ་བི་ཤྭ་སོགས་བརྗོད་པའི་རྐྱེན་གྱིས་སྦྱོར་མཚམས་ནས་ཁྲོ་བོ་འཆིལ་པ་སྤྲོས་ཏེ་གདུག་པ་ཅན་རྣམས་བཏུལ་བར་བསྒོམ་པའོ། །གཉིས་པ་ནི། ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ་སོགས་བརྗོད་པས། ཁྲོ་བོ་དེ་དག་ལས་ཆོས་དབྱིངས་ཡེ་ཤེས་ལས་འཕྲོས་པའི་ཁྲོ་བོ་ཐམས་ཅད་འདུས་ནས་གཞི་པོའི་ཧེ་རུ་ཀ་ལ་ཐིམ་པས་དེ་ཉིད་བཛྲ་ཧེ་རུ་ཀ་ཡབ་ཡུམ་དུ་གྱུར་པ་ནི་འབྲས་བུའི་ཧེ་རུ་ཀའོ། །དེ་བཞིན་དུ་སོ་སོའི་སྔགས་བརྗོད་པའི་རྐྱེན་གྱིས་ཡེ་ཤེས་གཞན་བཞི་ལས་འཕྲོས་པའི་ཁྲོ་བོ་ཐམས་ཅད་ཀྱང་སོ་སོར་འདུས་པ་ལས་རིགས་བཞི་ཧེ་རུ་ཀར་གྱུར་ནས་ཕྱོགས་ཀྱི་འཁོར་ལོའི་གདན་ལ་བཞུགས་པའོ། །གསུམ་པ་ནི། དེ་ནས་རིགས་ལྔའི་ཁྲག་འཐུང་སྦྱོར་བ་མཛད་པའི་དགྱེས་སྒྲ་ལས་རིམ་བཞིན་ཧ་བརྒྱད་དང་། ཧེ་བརྒྱད།ཕཊ་བཞི་བརྗོད་པའི་རྐྱེན་གྱིས་བསྐུལ་ནས། རྒྱུ་བྱང་ཆུབ་ཀྱི་སེམས་སྤྲིན་ལས་སྦྱོར་མཚམས་ནས་གནས་ཡུལ་སྒོ་མ་ཉི་ཤུ་པོ་རྣམས་རེ་རེ་ཡང་ལྔ་ལྔ་བཏོན་ལ་རང་


DNG010_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་རིགས་རེ་རེར་བསྡུས་ནས་སོ་སོའི་གནས་སུ་དགོད་པ་ནི་བདག་སྲས་སོ། །འདིར་རོག་གི་མངོན་རྟོགས་ལས། སྦྱོར་མཚམས་ནས་བྱང་སེམས་ཀྱི་ཟེག་མ་ལས་ཧ་ཧེ་ཕཊ་དུ་གྱུར་པ་སོ་སོའི་གདན་ཁར་བཀོད་ནས། ཨོཾ་བཛྲ་གཽ་རཱི་ཧ་སོགས་བསྐྱེད་སྔགས་ཀྱིས་སྐུར་བསྐྱེད་པར་མཛད་ནའང་། རྒྱུད་དང་དམ་པ་རྒྱན་གཉིས་ཀ་ནས་གསུངས་པ་མ་མཐོང་ངོ་། །ཡང་སྟོན་པ་བླ་སྐྱབས་ན་རེ། རིགས་ལྔ་ནི་མཁའ་ནང་ནས་བྱུང་བའི་ཕྱིར་སྤྲུལ་པ་བསྡུས་པའི་སྲས་ཡིན་ལ། དེ་ལས་ཁྲོ་མོ་རྣམས་བསྐྱེད་པས་བདག་སྲས་སུ་མི་འགྱུར་ཏེ། ཚ་མོར་འགྲོ་བའི་སྐྱོན་ཡོད་པས་གཙོ་བོ་ཁོ་ན་ལས་གདོན་པར་རིགས་སོ་ཟེར། དེའི་ལན་དུ་རྟ་སྟོན་གྱི་ཞལ་ནས།རིགས་ལྔ་ལས་བྱུང་ཡང་ངོ་བོ་དབུས་ཀྱི་གཙོ་བོ་རྒྱུའི་ཧེ་རུ་ཀ་དང་གཉིས་སུ་མེད་པ་དེ་ཉིད་ལས་བྱུང་བའི་ཕྱིར་སྐྱོན་མེད་ཅེས་གསུངས་སོ། །གཉིས་པ་གཞན་སྲས་ནི་བདག་གཙོ་བོའི་ཐུགས་ནས་ཤར་དུ་ཐོན་ཏེ། ཨོཾ། སྔོན་གྱི་ཐུགས་དམ་ཆེན་པོ་ནི། །ཞེས་སོགས་ཀྱིས་གསོལ་བ་གདབ་པ་སོགས་ནས་ལྷ་ཚོགས་ཐམས་ཅད་འོད་དུ་ཞུ་སྟེ་འོད་ཕུང་གཅིག་ཏུ་གྱུར་པའི་བར་སྔར་ལྟར་ཏེ་བདག་དོན་ཆོས་སྐུའི་ཏིང་འཛིན་གྱིས་སྣང་བའི་ཞེན་པ་སྦྱང་བའོ། །དེ་ནས་གཞན་དོན་གཟུགས་སྐུའི་ཏིང་འཛིན་གྱིས་སྟོང་པར་འཛིན་པའི་ཞེན་པ་སྦྱང་བའི་ཕྱིར། ཧཱུཾ་ཧཱུཾ། ཞེས་དྲན་པ་ཙམ་གྱིས་གདན་སྟེང་གི་འོད་ཕུང་དེ་ཧཱུཾ་ཡིག་ཟུང་དུ་གྱུར་པ་ལས་ཆོ་ག་གསུམ་གྱིས་བཛྲ་ཧེ་རུ་ཀ་ཡབ་ཡུམ་དུ་བསྐྱེད་ནས། དམ་པ་རྒྱན་ལས་གསུངས་པའི་གོ་རིམ་ལྟར་སྐབས་འདིར་དབང་བསྐུར་དང་བྱིན་རློབས་བྱ་བའམ། ཞིབ་ལྟར་འོག་ཏུ་བྱ་བའང་རུང་སྟེ། གང་ལྟར་ཀྱང་། དེ་ནས་མཁའ་གསང་རློབ་པ་སོགས་སྔར་ལྟར་བྱས་ཏེ། ཡབ་ཡུམ་གྱི་མཁའ་ལས་ཁྲག་འཐུང་སུམ་ཅུ་ཐམ་པ་སོ་སོའི་སྔགས་ཀྱིས་བསྐྱེད་པ་ཕཊ་ཛཿས་ཕྱིར་བཏོན་ནས། བཛྲ་ཧེ་རུ་ཀ་རང་ལ་བསྡིམ། འཁོར་རྣམས་དཀྱིལ་འཁོར་ལ་དགོད་དོ། །དབང་ཕྱུག་མ་ཉེར་བརྒྱད་ནི། སྦྱོར་བའི་བྱི་མོ་ཡིན་གྱི། སྲས་མ་ཡིན་པའི་ཕྱིར་སྦྱོར་མཚམས་ནས་མི་


DNG010_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

གདོན་ནོ། །འོ་ན་ཇི་ལྟར་བསྐྱེད་ཅེ་ན། ཁ་ཅིག་རོག་པ་སོགས་བྷྱོ་ཉེར་བརྒྱད་བརྗོད་པས་ཕྱི་ཁྱམས་ལ་ཀྲོང་བསྐྱེད་དུ་མཛད། ལ་རྟ་སྟོན་དང་། རྩི་ལུང་པ་སོགས་ལ་དག །རྡོ་རྗེ་མེ་ལོང་ནས་ འབྱུང་བའི་བསྐྱེད་སྔགས་ཀྱིས་ཀྲོང་བསྐྱེད་བྱེད་གསུང་། གོང་མ་གཉོས་ནགས་དང་།སྒྲོལ་གཡུང་སོགས་ཕལ་ཆེར། གཙོ་བོའི་ཐུགས་ཀ་ནས་བྷྱོ་ཉེར་བརྒྱད་རང་རང་གི་གནས་སུ་སྤྲོས་ཏེ་བསྐྱེད་སྔགས་ཀྱིས་ལྷར་བསྒོམ་པར་བཞེད་དོ། །གཉིས་པ་ལ།གཙོ་བོའི་བཞུགས་ཚུལ་དང་། འཁོར་གྱི་བཀོད་པའོ། །དང་པོ་ལ། སྐུ་མདོག་དང་། ཆ་བྱད་དང་། རྒྱན་ཆས་དང་། ཕྱག་མཚན་དང་། འཁྲིལ་ཚུལ་ལོ། །དང་པོ་ནི། སྨུག་ནག་སྔོ་ནག་སེར་ནག་དང་། དམར་ནག་ལྗང་ནག །ཅེས་པས་བསྟན་ཏེ། རིམ་བཞིན་བུཌྜྷ། བཛྲ། རཏྣ། པདྨ། ཀརྨ་ཧེ་རུ་ཀ་ལྔའི་སྐུ་མདོག་རྩ་ཞལ་དང་བཅས་པའོ། །ལྷོ་མ་གཏོགས་པའི་ཁྲོ་བོ་གཞན་བཞིའི་གཡས་ཞལ་དཀར་པོ་དང་། ལྷོའི་གཡས་ཞལ་སྔོན་པོ། དབུས་དང་ལྷོ་བྱང་གི་གཡོན་ཞལ་དམར་པོ། ཤར་ནུབ་གཉིས་ཀྱི་གཡོན་སེར་པོར་སྒྱུ་འཕྲུལ་བརྒྱད་པ་ལས་གསུངས་སོ། །དེའང་དུག་ལྔ་གནས་སུ་དག་ཅིང་ལས་བཞི་ལྷུན་གྲུབ་ཀྱི་མཛད་པ་མཚོན་པའི་བརྡར་རིགས་སོ་སོའི་ཁ་དོག་དང་། དེ་དག་ཀྱང་རིགས་མི་འགྱུར་ཞིང་ལས་བཞིའི་གཞི་དང་མཐར་ཕྱིན་པ་ནི་དྲག་པོ་ཁོ་ནས་མཛད་པའི་ཕྱིར་ཐམས་ཅད་ལ་ནག་པོའི་སྒྲས་སྨོས་སོ། །གཉིས་པ་ནི། གདུལ་བྱ་གདུག་པ་ཅན་འདུལ་བའི་ཕྱིར་ལྔ་ཀའང་ཤིན་ཏུ་འཇིགས་པའི་སྐུ་སྟེ། རྣམ་ཐར་གསུམ་དང་ཡེ་ཤེས་དྲུག་མཚོན་པའི་དབུ་གསུམ་ཕྱག་དྲུག་པ་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་བདུད་བཞི་འདུལ་བའི་ཞབས་བཞི་དོར་སྟབས་སུ་བགྲད་པ་སྟེ། འདི་ཉིད་ལས། དུར་ཁྲོད་ཀྱི་བདག་པོ་དྲེགས་པ་ཆེན་པོ་ཁྱོ་ཤུག་གི་གདན་ལ་བརྐྱང་བསྐུམ་དུ་བཞུགས་སོ། །ཞེས་སོ། །འདིའི་རྒྱ་དཔེར་བརྐྱང་བསྐུམ་གྱི་སྐད་དོད་ལ། ཨཱ་ལཱིཌྷ་པཱ་ད། ཞེས་ཡོད་པས་ཞབས་གཡས་བརྐྱང་ངོ་། །འདིར་དངོས་སུ་སྐུ་དང་། རྔམ་པའི་སྒྲ་ཆེན་སོགས་ཀྱིས་གསུང་གཉིས་ལས་མ་བྱུང་ཀྱང་། དོན་ལ་སྐུ་


DNG010_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་ཐུགས་ཀྱི་ཉམས་གསུམ་གསུམ་སྟེ་གར་དགུ་དང་ལྡན་པའོ། །དེ་ལྟར་ཡང་།གློག་གི་འཕྲེང་བ་ལས། སྒེག་པ་དཔའ་བ་མི་སྡུག་པ། །རྒོད་དང་དྲག་ཤུལ་འཇིགས་སུ་རུང་། །སྙིང་རྗེ་རྔམ་དང་ཞི་བ་དང་། །གར་དགུའི་ཉམས་དང་ལྡན་པའོ། །ཞེས་སོ། །གསུམ་པ་ནི། ཀོ་རློན་གོས་ནི་སྣ་ཚོགས་གྱོན། །སྦྲུལ་དང་ཐོད་ཕྲེང་ཉི་ཟླའི་ཆས། །ཞེས་པའི་སྐབས་སུ་རྒྱན་ལ། དུར་ཁྲོད་ཀྱི་ཆས་བརྒྱད། དཔལ་གྱི་ཆས་བརྒྱད། གསལ་བའི་རྒྱན་གཉིས་སོ། །དང་པོ་ནི། རྒྱལ་བྱེད་དཔའ་རྟགས་ཀྱི་རྒྱན་ཏེ། དེ་ལའང་བགོ་བའི་གོས་གསུམ། གདགས་པའི་རྒྱན་གཉིས། བྱུག་པའི་རྫས་གསུམ་སྟེ་བརྒྱད་ལས། གོས་གསུམ་ནི། ཞིང་གླང་གི་སྟོད་གཡོགས་དང་། སྟག་ཤམ་སྟེ། རྟོག་པ་ལྷ་རྒྱུད་ལས། ཞིང་ཆེན་གཡང་གཞི་བྱང་ཆུབ་སེམས་ཀྱི་རྒྱན། །གླང་ཆེན་ཀོ་རློན་སྟོབས་ཆེན་མཆོག་གི་རྒྱན། །སྟག་གི་ཤམ་ཐབས་དཔའ་བརྟུལ་ཟ་བྱེད་རྒྱན། །ཞེས་སོ། །གདགས་པའི་རྒྱན་ལ་སྦྲུལ་དང་། ཐོད་ཕྲེང་གཉིས་ལས། སྦྲུལ་རྒྱན་ནི། སྦྲུལ་དཀར་རྒྱལ་རིགས །སེར་རྗེ་རིགས ། དམར་བྲམ་ཟེ ། ནག་དམངས་རིགས ། ལྗང་གདོལ་པ ། གུ་ལྔས་རིམ་བཞིན།དབུ་རྒྱན། སྙན་ཆ། སེ་མོ་དོ་དང་མགུར་ཆུ། གདུ་བུ། སྐ་རགས་དང་།དོ་ཤལ་བྱས་པ་སྟེ། དེ་ལས་སྦྲུལ་ནག་ཆུན་པ་མཉེན་ལྕུག་འཁྲིལ་བའི་རྒྱན།ཞེས་སོ། །ཐོད་རྒྱན་ནི། སྐམ་པོའི་དབུ་རྒྱན། རློན་པའི་དོ་ཤལ། ཚལ་བུའི་དབུ་རྒྱན་ཏེ། དེ་ལས། ཐོད་པ་ཚར་གསུམ་སྐུ་གསུམ་བརྙེས་པའི་རྒྱན། །ཞེས་སོ། །རྫས་གསུམ་ནི། དཔྲལ་བར་ཐལ་ཆེན་གྱི་ཚོམ་བུ། སྨིན་མཚམས་སུ་རཀྟའི་ཐིག་ལེ། ཨོས་ཀོ་ལ་ཞག་གི་ཟོ་རིས་ཏེ། དེ་ལས། རཀྟ་ཐུགས་རྗེ་ཆགས་པའི་རྒྱན། །ཐལ་བ་འདུལ་བྱེད་ཕྲིན་ལས་རྒྱན། །ཞག་ཆེན་དོན་དམ་བཅུད་ཀྱི་རྒྱན། །ཞེས་སོ། །གཉིས་པ་ནི། དཔལ་ཆེན་པོའི་སྐུ་ལ་ཡེ་ནས་རང་ཆས་སུ་གནས་པའི་ཕྱིར་དཔལ་གྱི་ཆས་ཏེ། དབུ་སྐྲ་གྱེན་བརྫེས་འཁོར་བ་རུ་བཟློག་ཆས། །རྡོ་རྗེའི་ཁྱུང་གཤོག་ཐབས་དང་ཤེས་རབ་ཆས། །མཐིང་དམར་


DNG010_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

ཅོད་པན་རྟག་ཆད་ཟིལ་གནོན་ཆས། །སྤྱི་གཙུག་རྡོ་རྗེ་ལྷག་པ་རིག་པའི་ཆས། །དབང་གི་བསེ་ཁྲབ་གཟི་འབར་བགྲོད་པའི་ཆས། །གཉིས་མེད་སྦྱོར་བ་ཤེས་རབ་ཡུམ་གྱི་ཆས། །གནོད་གདུག་ཟློག་བྱེད་དཔའ་བོ་ལྗགས་ཀྱི་ཆས། །ཉོན་མོངས་སྲེག་བྱེད་རྡོ་རྗེ་མེ་ཡི་ཆས། །ཞེས་སོ། །གསུམ་པ་ནི། བྱང་སེམས་བརྟན་པ་ཉིད་ཀྱི་སྙན་གོང་གཡས་གཡོན་ཉི་ཟླས་བརྒྱན་པའོ། །རྗེ་རོང་པ་ནི། ཉི་ཟླའི་ཕྲེང་བ་སེ་རལ་ཁར་བྱས་པར་བཞེད་དོ། །བཞི་པ་ནི། སྟོང་གི་འཇིག་རྟེན་འཁོར་ཡུག་བཅས། །ཞེས་སོགས་བསྟན་ཏེ། སྒྱུ་འཕྲུལ་བརྒྱད་པ་ལས། རྡོ་རྗེ་ཁྲོ་བོ་ཁྲག་འཐུང་མཐིང་། །ཁྲོ་མོ་དབྱིངས་ཕྱུག་འདུ་འབྲལ་མེད། །དཀར་དམར་ཞལ་དུ་ཉོན་མོངས་འདྲེན། །རྩེ་དགུ་རྩེ་ལྔ་ཏི་ར་དང་། །དྲིལ་བུ་དུང་དམར་འཇིག་རྟེན་འཆང་། །ཤེས་རབ་འཁྱུད་པས་ཆགས་པ་སྟོན། །བུཌྜྷ་ཁྲག་འཐུང་ཁྲོ་མོ་འཁྲིལ། །དཀར་སེར་སྨུག་ནག་གཏི་མུག་འདྲེན། །འཁོར་ལོ་རྡོ་རྗེ་ཏི་ར་དང་། །དྲིལ་བུ་དུང་དམར་ཏྲི་ཤཱུལ་འཆང་། །རཏྣ་ཁྲག་འཐུང་ཁྲོ་མོ་འཁྲིལ། །སྔོ་དམར་སེར་ནག་ང་རྒྱལ་གསོལ། །རིན་ཆེན་རྡོ་རྗེ་ཏི་ར་དང་། །དྲིལ་བུ་དུང་དམར་དགྲ་སྟྭ་རོལ། །པདྨ་ཁྲག་འཐུང་ཁྲོ་མོ་འཁྲིལ། །དཀར་སེར་དམར་ནག་བརྗིད་པ་ལ། །པདྨ་རྡོ་རྗེ་ཏི་ར་དང་། །དྲིལ་བུ་དུང་དམར་རྔེའུ་ཆུང་འཆང་། །ལས་རབ་ཁྲག་འཐུང་ཡུམ་དང་རོལ། །དཀར་དམར་ལྗང་ནག་འབར་བ་ལ། །རྒྱ་གྲམ་རྡོ་རྗེ་ཏི་ར་དང་། །དྲིལ་བུ་དུང་དམར་ཐོང་གཤོལ་རོལ། །ཞེས་པ་ནི་གར་མཆོད་དང་མཐུན་ཞིང་བཀའ་མཆིམས་ཕུ་བའི་ཕྱག་བཞེས་སོ། །གཞན་དུ་སྒྱུ་འཕྲུལ་རྡོ་རྗེ་དང་བླ་མ་ལ་སོགས་པར་སྐུ་མདོག་དང་ཕྱག་མཚན་འདི་དང་ཅུང་ཟད་མི་མཐུན་པར་བྱུང་ནའང་། ཐུགས་རྗེ་དང་མཛད་པ་ལ་ཕྱོགས་རིས་མེད་པས་གདུལ་བྱ་ཇི་ལྟར་མོས་པ་ལྟར་སྣང་བའོ། །འོ་ན་གཅིག་ཏུ་མ་ངེས་པའི་ཕྱིར། གང་ཟག་གིས་ཉམས་སུ་བླང་མི་བཏུབ་པའི་སྐྱོན་དུ་འགྱུར་རོ་ཞེ་ན། ཁྱབ་པ་མེད་དེ། རྒྱུད་གཞུང་རེ་རེའི་དབང་དུ་ངེས་པ་ཅན་དུ་གསུངས་པའི་ཕྱིར། དེ་ལྟར་ཉམས་སུ་ལེན་


DNG010_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གོང་མ་རྣམས་གསུངས་སོ། །ལྔ་པ་ནི། བཙུན་མོ་འཇིགས་པའི་ཚོགས་དང་འཁྲིལ། །ཞེས་པ་སྟེ། ཐམས་ཅད་ཀྱང་སྐུ་མདོག་ཡབ་དང་མཐུན་ཞིང་གཟིག་ཤམ་ཅན། གཡས་ཤེས་རབ་ཀྱི་རྟགས་དྲིལ་བུས་ཡབ་ལ་འཁྱུད་ཅིང་།གཡོན་དུང་ཁྲག་ཞལ་དུ་སྟོབ་པ་སྟེ། གཡས་པ་ཤེས་རབ་ཐབས་ལ་བརྟེན། །གཡོན་པ་དུང་དམར་གཙོ་ལ་སྟོབ། །ཞེས་སོ། །གཉིས་པ་འཁོར་གྱི་བཀོད་པ་ནི།གནས་དང་ཡུལ་གྱི་ཕྱག་རྒྱ་དང་། །ཞེས་པའི་སྐབས་གནས་ཡུལ་གྱི་མ་མོ་བརྒྱད་བརྒྱད་ལས། གནས་ཞེས་པ་ནི་དུར་ཁྲོད་ཀྱི་གནས་བརྒྱད་ལས་བཏགས་པ་སྟེ།དེ་ལ་ཕྱི་ནང་གསང་གསུམ་ལས། ཕྱི་ནི། བསིལ་བའི་ཚལ་ལ་སོགས་པ་བརྒྱད་དོ། །དེའང་གལ་པོ་ལས། ཡུལ་གྱི་མིང་ནི་རྒྱ་མ་གདྷའོ། །གར་ཡུལ་སིདྷ་མ། །དུར་ཁྲོད་ཆེན་པོ་བསིལ་པ་ཚལ་གཽ་རཱི། །ཡུལ་གྱི་མིང་ནི་སིཧྙའི་ཡུལ་ཀཱ་ཀ་མུ་ཁཱི། །དུར་ ཁྲོད་ཆེན་པོ་སྐུ་ལ་རྫོགས། །སྨ་ཤ་ནཱི། ཡུལ་གྱི་མིང་ནི་ཁ་ཆེའི་ཡུལ། །ཨཱུ་ལུ་མ། དུར་ཁྲོད་ཆེན་པོ་ཧེ་ཆེན་རོལ། །ཙཎྜ་ལཱི། ཡུལ་གྱི་མིང་ནི་ཐོ་གར་ཡུལ། །ཤྭ་ན། དུར་ཁྲོད་ཆེན་པོ་གསང་ཆེན་རོལ། །བཻཏྟ་ལཱི། ཡུལ་གྱི་མིང་ནི་ཨོ་རྒྱན་ཡུལ། །ཀངྈ་མུ་ཁཱི། དུར་ཁྲོད་ཆེན་པོ་པདྨ་བརྩེགས། །གྷ་སྨ་རཱི། ཡུལ་གྱི་མིང་ནི་བལ་པོའི་ཡུལ། །སྲྀ་གལ། དུར་ཁྲོད་ཆེན་པོ་ཡ་མ་ཁ། །པྲ་མོ་ཧེ། ཡུལ་གྱི་མིང་ནི་ཟ་ཧོར་ཡུལ། །གྷྲྀ་ཌྷ། དུར་ཁྲོད་ཆེན་པོ་ཁྱུ་བྱུག་ཀློང་། །པུཀྐ་སཱི། ཡུལ་གྱི་མིང་ནི་ལི་ཡི་ཡུལ། །བྱཱགྷྲ། དུར་ ཁྲོད་ཆེན་པོ་མངོན་རྫོགས་ཙཽ་རཱི་ཡིན། །ཞེས་སོ། །ནང་གི་དུར་ཁྲོད་བརྒྱད་ནི།ཡན་ལག་ལྔ། སྙིང་ཁོག་པ་དང་བཅས་པ། ནང་ཁྲོལ། མཚན་མའོ། །གསང་བའི་དུར་ཁྲོད་ནི། རྣམ་ཤེས་ཚོགས་བརྒྱད་དེ། ཀུན་གཞི་གཽ་རཱི། ཡིད་ཙཽ་རཱི། ཉོན་ཡིད་པྲ་མོ་ཧེ། རེག་ཤེས་བཻཏྟ་ལཱི། མིག་པུཀྐ་སཱི། ལྕེ་གྷསྨ་རཱི། རྣ་བ་སྨ་ཤ་ནཱི། སྣ་ཙཎྜ་ལཱིའོ། །ཡུལ་བརྒྱད་ནི། གོང་གི་དུར་ཁྲོད་བརྒྱད་དང་འདྲེལ་བའི་མ་ག་དྷ་ལ་སོགས་པའི་ཡུལ་བརྒྱད་དོ། །ཡང་ན་རྣམ་ཤེས་ཚོགས་བརྒྱད་ཀྱི་ཡུལ་བརྒྱད་དེ། ཀུན་གཞི་ལ་


DNG010_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་དོན་སེམས། སིངྷ་མ། ཡིད་ཡུལ་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས། བྱ་གྷྲ། ཉོན་ཡིད་ཀྱི་ཡུལ་ཀུན་གཞི། སྲྀ་ག་ལ། སྒོ་ལྔའི་ཡུལ། གཟུགས། གྲྀ་ཌྷ། སྒྲ། ཀངྈ་མ། དྲི། ཀཱ་ཀ ། རོ། ཨཱུ་ལུ། རེག་བྱའོ། །ཤྭ་ན། དེ་ལྟར་ན་ཡུལ་དང་རྣམ་ཤེས་མ་སྤངས་གནས་སུ་དག་པ་ལས། གཽ་རཱི་དང་ཕྲ་མེན་མ་སྟེ། དང་པོ། རྩིབས་མཆན་དང་། གྲུ་ཆད་ལ་བཞུགས་ཤིང་ཕྱི་མ་ནི།ནང་ཁྱམས་ཀྱི་ཕྱོགས་བཞིར་མཆེ་བ་ཅན་བཞི་དང་། མཚམས་བཞིར་གཤོག་པ་ཅན་བཞི་བཞུགས་སོ། །དེ་དག་གི་སྐུ་མདོག་དང་ཕྱག་མཚན་ནི། གཽ་རཱི་བྷན་དམར་ཞིང་དབྱུག་སྔོ། །ཞེས་སོགས་དང་། སིངྷ་ཁ་རོ་བསྣོལ་སེར་སེང་། །ཞེས་སོགས་སོ། །སྒོ་བཞི་ཕྱག་རྒྱ་ཞེས་སོགས་ནི། རྟག་ཆད་བདག་མཚན་ཏེ་ཕྱིན་ཅི་ལོག་གི་སྒོ་བཞི་ལ་ཡེ་ཤེས་ཀྱི་ཕྱག་རྒྱས་འདེབས་པར་བྱེད་པའི་ལྕགས་ཀྱུ་མ་ལ་སོགས་པ་སྟེ། རྟ་གདོང་སྔོན་མོ་ལྕགས་ཀྱུ་འཛིན། །ཞེས་སོགས་སོ། །སླས་དང་ཕྱི་མོ་སོགས་ཀྱིས་དབང་ཕྱུག་མ་ནི། གྲངས་ཉི་ཤུ་རྩ་བརྒྱད་དང་། གདན་ཞིང་སྐམ་རེ་རེ་དང་། སྐུ་མདོག་དང་ལག་ཆ་ནི། སྲིན་མོ་སྨུག་ནག་ཐོད་རློན་འཆང་། །ཞེས་སོགས་སོ། །འདིར་སྒྱུ་འཕྲུལ་སྙིང་པོ་བཀོད་པ་ལས། ཕྱི་ཡི་མཁའ་འགྲོ་རང་རྒྱུད་མ། །ནང་གི་མཁའ་འགྲོ་ཁྲོ་མོར་སྟོན། །གསང་བའི་སྤྲུལ་པ་མགོ་བརྙན་མ། །བཀའ་རྟགས་རྡོ་རྗེ་རང་རྟགས་འཆང་། །ཞེས་གསུངས་སོ། །གལ་ཏེ་གང་དུ་དབང་དང་བྱིན་རླབས་མ་བྱས་ན། སྐབས་འདིར་ཞི་བ་ལྟར་ཡེ་ཤེས་སེམས་དཔའ་བསྐྱེད་ནས་དབང་བསྐུར་བྱིན་གྱིས་རློབ་ཅིང་། རིགས་བདག་ནི་རིགས་ལྔ་ཡབ་ལ་ཡབ་ལྔ་དང་། ཡུམ་ལ་ཡུམ་ལྔས་བརྒྱན། ཁྲོ་མོ་ཉི་ཤུ་ལ་ཡེ་ཤེས་ལྔ་དང་ལྡན་པའི་རྟགས་སུ་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་རེ་རེ་དང་། དབང་མོ་རྣམས་ལ་དྲག་པོའི་ལས་མཛད་པའི་རྟགས་སུ་ལྕགས་ཀྱི་རྡོ་རྗེ་རྩེ་གསུམ་པ་རེ་རེས་དབུ་བརྒྱན་པར་བཤད་དོ། །ཡན་ལག་གི་ལྷ་འདི་དག་ཀྱང་། གོང་མ་ཕལ་ཆེར་ཁྲོ་བོ་ཁོ་ན་བསྐྱེད་པར་མཛད། ལྷ་རྗེ་རྟ་


DNG010_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་ནི། རྩ་ལྷ་ཁྲོ་བོ་ཡིན་པས་ཡེ་ཤེས་སེམས་དཔའ་སོགས་ཡན་ལག་གི་ལྷ་རྣམས་ཞི་བ་བསྒོམས་ཀྱང་འགལ་བ་མེད་དེ། འདི་ལྟར་ཞི་བ་ཁྲོ་བོའི་རྒྱན་རྣམས་གང་དུའང་མི་ཚུད་ལ། ཁྲོ་བོ་ལ་ཞི་བའི་རྒྱན་རྣམས་མ་བཀག་པའི་ཕྱིར། ཞི་ཁྲོ་གཉིས་གང་མོས་སུ་བསྐྱེད་པས་ཆོག་ཅིང་།ཞི་བ་ལྟར་ན་རིན་པོ་ཆེའི་དབུ་རྒྱན། ཁྲོ་བོ་ལ་ཐོད་པའི་དབུ་རྒྱན་གྱི་ཁང་བུ་ལ་བརྟེན་པར་བསྒོམ་མོ་གསུངས། རྗེ་བླ་མ་ཐམས་ཅད་མཁྱེན་པས་མཛད་པའི་དོང་སྤྲུག་དཀྱིལ་ཆོག་ཏུའང་། ཡེ་ཤེས་སེམས་དཔའ་མ་གཏོགས་པའི་ཡན་ལག་གི་ལྷ་གཞན་བརྒྱད་པོ་ཞི་ཁྲོ་ཐུན་མོང་དུ་ཞི་བས་མཛད་དོ། །གསུམ་པ་ལས་ཀྱི་རིམ་པའི་ཏིང་འཛིན་ནི། སྙན་གསན་དབབ་པ། སྤྱན་དྲང་པ། རིག་པའི་མེ་ཏོག་དོར་བ། དངོས་གྲུབ་བསྐུལ་ཏེ་བསྡིམ་པ། མཆོད་པ་དབུལ་བ་བཤགས་པ་བྱ་བ།དངོས་གྲུབ་གསོལ་བ། དམ་བཅའ་བ། འཛབ་བཟླ་བ་རྣམས་དང་། རྗེས་ཀྱི་རིམ་པའང་། ཚོགས་དང་། ལྷག་མ། བསྟན་མ་བསྐྱང་བ། དཀྱིལ་འཁོར་བསྡུ་བ་རྣམས་ཏེ་ལས་གཞུང་ལས་ཤེས་པར་བྱའོ། །སྤྱིར་དཀྱིལ་འཁོར་སྤྲོས་པའི་སྐབས་འདིར་ཞི་ཁྲོ་གཉིས་ཀ་ལ་རྒྱས་བསྡུས་གསུམ་ལས། ཞི་བ་ཞེ་གཉིས་ནི་འབྲིང་པོ་དང་། ཁྲོ་བོ་ང་བརྒྱད་ནི་བསྡུས་པའི་དཀྱིལ་འཁོར་ཏེ། གཞན་དུ་ཞི་བ་རྒྱས་པ་ནི། སྔར་བྲིས་པ་དང་མཐུན་པར་ལྟེ་བའི་འཁོར་ལོ་རྩིབས་བཞི་དབུས་དང་ལྔར། མི་བསྐྱོད་པ་ཡབ་ཡུམ་ལ་རང་གི་རིགས་ཆུང་གི་སེམས་དཔའ་ཡབ་ཡུམ་བརྒྱད་ཀྱིས་བསྐོར་བ། དེ་བཞིན་དུ་ཤར་རྩིབས་ཀྱི་འཁོར་ལོ་ལ་རྣམ་སྣང་གིས་གཙོ་བོ་བྱས་པ་བཅུ། ལྷོ་རྩིབས་ཀྱི་འཁོར་ལོ་ལ་རིན་འབྱུང་གིས་གཙོ་བོ་བྱས་པ་བཅུ། ནུབ་རྩིབས་ཀྱི་འཁོར་ལོ་ལ་མཐའ་ཡས་ཀྱིས་གཙོ་བོ་བྱས་པ་བཅུ།བྱང་རྩིབས་ཀྱི་འཁོར་ལོ་ལ་དོན་གྲུབ་ཀྱིས་གཙོ་བོ་བྱས་པ་བཅུ་སྟེ། འོད་རིམ་ལས། འཁོར་ལོ་དབུས་ལྔར་རྒྱལ་པོ་ཡུམ། །མདུན་རྒྱབ་གཡས་གཡོན་ཕྱོགས་བཞི་རུ། །སེམས་དཔའ་སེམས་མ་རིམ་བཞིན་


DNG010_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

བསམ། །ཞེས་སོ། །དེ་ལྟར་ལྔ་བཅུའི་སྟེང་དུ་སེམས་དཔའ་སེམས་མ་བཅུ་དྲུག །སྒོ་བ་ཡབ་ཡུམ། བྱ་བྱེད། ཐུབ་དྲུག་སྟེ་བརྒྱད་ཅུ་རྩ་གཉིས་སོ། །དེའང་རིགས་ཆུང་གི་སེམས་དཔའ་ཡབ་ཡུམ་བཞི་བཅུའི་མཚན་གྱི་སྡོམ་ནི། དབུས་ཀྱི་རིགས་ཆུང་སེམས་དཔའ་རྡོ་རྗེ་དང་། །དེ་བཞིན་རིན་ཆེན་ཆོས་དང་ལས་བཞིའི་ཡུམ། །རིམ་བཞིན་བརྟན་འབར་སྡུད་བསྐྱོད་བཞི་པོ་སྦྱར། །སེམས་དཔའ་རྒྱལ་པོ་ཆགས་པ་ལེགས་བཞི་སྦྱར། །ཡུམ་ནི་སྒེག་མོ་བདུག་པ་ལྕགས་ཀྱུ་སྒྲོན། །རིན་ཆེན་ཉི་མ་རྒྱལ་མཚན་བཞད་བཞི་ལྷོ། །ཡུམ་ནི་མཱ་ལེ་མེ་ཏོག་ཞགས་བདེ་མ། །ཆོས་དང་རྣོན་པོ་འཁོར་ལོ་སྨྲ་བ་ནུབ། །ཡུམ་ནི་གླུ་སྒྲོན་ལྕགས་སྒྲོག་གསལ་བཀྲ་མ། །ལས་དང་བསྲུང་བ་གནོད་སྦྱིན་ཁུ་ཚུར་བྱང་། །གར་བྱུག་དྲིལ་འཁྲོལ་འབེབས་མ་ཡུམ་བཞི་སྟེ། །དང་གཅིག་མ་གཏོགས་ཡབ་ཡུམ་ཐམས་ཅད་ཀྱི། །མཚན་གྱི་ཐོག་མར་རྡོ་རྗེ་རེ་རེ་སྦྱར། །ཞེས་སོ། །བཞི་པ་བསྡུས་པ་ནི། རིགས་ལྔ་ཡབ་ཡུམ་བཅུ་དང་། སྒོ་བ་ཡབ་ཡུམ་བརྒྱད་དེ་ལྷ་ཚོགས་བཅོ་བརྒྱད་དོ། །ཁྲོ་བོའི་དཀྱིལ་འཁོར་འབྲིང་པོ་ནི། ཁྲག་འཐུང་ལྔ་བཅུ་ང་བརྒྱད་ཀྱི་སྟེང་དུ་ཁྲོ་བཅུ་ཡབ་ཡུམ་བསྣན་པས་ལྷ་བདུན་ཅུ་རྩ་བརྒྱད་དོ། །རྒྱས་པ་ནི། རིགས་ལྔའི་ཁྲག་འཐུང་ཡབ་ཡུམ་ཟུང་རེ་ལ་རིགས་ཆུང་གི་ཁྲག་འཐུང་ཡབ་ཡུམ་བརྒྱད་བརྒྱད་ཀྱིས་བསྐོར་བའི་ལྔ་བཅུའི་སྟེང་དུ། འབྲིང་པོའི་སྐབས་ཀྱི་འཁོར་དྲུག་ཅུ་རེ་བརྒྱད་པོ་བསྣན་པས་བརྒྱ་དང་བཅོ་བརྒྱད་དོ། །ཡང་། འདི་ཉིད་ལས། ཡན་ལག་བཞི་བཅུ་རྩ་གཉིས་ལྡན། །ཞེས་སོགས་ཀྱི་སྐབས་སུ་རྣམ་གྲངས་སྤྲོས་པ་སྟེ། སྣང་བ་རྣམ་འབྱེད་ཀྱི་ཏིང་ངེ་འཛིན་ལ་བསླབ་པའི་ཐབས་བསྟན་ནོ། །དེ་ལའང་གསུམ་སྟེ། སངས་རྒྱས་སྟོང་གི་དང་། ཉི་ཁྲི་བཞི་སྟོང་གི་དང་། བསམ་ཡས་ལྷུན་གྲུབ་ཀྱི་དཀྱིལ་འཁོར་ལ་བསླབ་པའོ། །དང་པོ་ལ།ཐབས་ཀྱི་ལྷ་བཞི་བཅུ། ཤེས་རབ་ཀྱི་ལྷ་བཞི་བཅུ། སྐུ་གསུང་ཐུགས་ཀྱི་ལྷ་བརྒྱ་དང་ཉི་ཤུ། དབུ་རྒྱན་གྱི་ལྷ་བརྒྱད་


DNG010_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱའོ། །དང་པོ་ནི། ཡན་ལག་བཞི་བཅུ་རྩ་གཉིས་ལྡན། །ཞེས་པས་རྩ་བའི་ལྷ་ཡབ་ཡུམ་གཉིས་ལ་ཡན་ལག་གི་ལྷ་བཞི་བཅུ་བསྒོམ་པ་སྟེ། ཡབ་ཀྱི་རྟོག་པའི་གནས་སུ་ཡབ་བཅུ་བདུན་དང་ཐུབ་པ་དྲུག་སྟེ་ཉེར་གསུམ། ཡུམ་ལ་ཡུམ་བཅུ་བདུན་དགོད་དོ། །ཇི་ལྟར་འགོད་ཅེ་ན།བདག་ཉིད་མི་བསྐྱོད་པར་གསལ་བཏབ་པའི་དབུ་ལ་རྣམ་སྣང་། ལག་གཡས་སུ་ཀུན་བཟང་། གཡོན་ལ་རིན་འབྱུང་། རྐང་གཡས་དོན་གྲུབ། གཡོན་མཐའ་ཡས། མིག་རྣ་བ་སྣ་ལྕེ་བཞིའི་གཡས་ཀྱི་རྩ་ནང་དུ་ས་སྙིང་། ཕྱག་རྡོར། ནམ་སྙིང་། སྤྱན་རས་གཟིགས་དང་། གཡོན་གྱི་རྩའི་ཕྱི་རོལ་དུ་རིམ་པར། བྱམས་པ། སྒྲིབ་སེལ། ཀུན་བཟང་། འཇམ་དཔལ། ལག་མཐིལ་གཡས་སུ་གཤིན་རྗེ། གཡོན་དུ་སྟོབས་ཆེན། རྐང་མཐིལ་གཡས་པར་འཁྱིལ་པ། གཡོན་དུ་རྟ་མགྲིན། མཆོགས་མར་ལྷ། སྟ་ཟུར་ལ་ལྷ་མིན། སྙིང་གར་མི། ལྟེ་བར་བྱོལ་སོང་། མགྲིན་པར་ཡི་དྭགས། གསང་གནས་སུ་དམྱལ་བའི་ཐུབ་པ་རྣམས་དགོད་དོ། །དེ་བཞིན་དུ་ཡུམ་རྡོ་རྗེ་དབྱིངས་ཕྱུག་མ་ལ་ཡུམ་བཅུ་བདུན་འགོད་པའི་རིམ་པ་ཡབ་དང་མཚུངས་སོ། །དེ་ལྟར་ཡན་ལག་གི་ལྷ་བཞི་བཅུ་པོ་ནི་རགས་པའི་ཆ་ནས་ཐབས་ཀྱི་ལྷར་བཞག་གོ། །གཉིས་པ་ནི། ཐབས་ལྷ་བཞི་བཅུ་པོའི་ཐུགས་ཀར་རང་འདྲ་བའི་ཡེ་ཤེས་སེམས་དཔའ་རེ་རེ་བསྒོམ་པ་ནི། ཡན་ལག་སྤྲོས་པ་སྟེ་ཕྲ་བའི་ཆ་ནས་ཤེས་རབ་ཀྱི་ལྷར་བཞག་གོ། །གསུམ་པ་ནི། བཞི་བཅུ་རྩ་གཉིས་སུམ་འཕྲོར་འགྱུར། །ཞེས་པས་རྩ་ལྷ་ཡབ་ཡུམ་གཉིས་ལ་བཀོད་པའི་ཐབས་ཀྱི་ལྷ་བཞི་བཅུ་པོ་རེ་རེའི་ཡང་གནས་གསུམ་དུ་སྐུ་གསུང་ཐུགས་ཀྱི་ལྷ་རེ་རེ་འགོད་པ་ནི། སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ལྷ་བརྒྱ་ཉི་ཤུའོ། །བཞི་པ་ནི། བདག་སྟེ། ཞེས་པས། དེ་ལྟར་བརྒྱ་ཉི་ཤུ་པོའི་སྟེང་དུ་ཐབས་ཀྱི་ལྷ་བཞི་བཅུ་བསྣན་ཏེ་བརྒྱ་དྲུག་ཅུ་པོ་དེ་དག་ལ་སོ་སོའི་རིགས་བདག་གིས་གཙོ་བྱས་པའི་དབུ་རྒྱན་གྱི་ལྷ་ལྔ་ལྔ་སྟེ་བརྒྱད་བརྒྱའོ། །དེས་ན་ཐབས་ཤེས་བྱིན་རློབས་དབུ་རྒྱན་གྱི་ལྷ་རྣམས་ཀུན་དྲིལ་བས་རྩ་ལྷ་


DNG010_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་ཡུམ་གཉིས་ལ་ཡན་ལག་དང་ལྷག་པའི་ལྷ་སྟོང་བསྒོམ་པ་ཡིན་ནོ། །འདིར་སྔ་རབས་ཀྱི་མཁས་རྩགས་ཆ། ཉང་། རོག་སོགས། པ་འགའ་ཞིག །ཐབས་ཀྱི་ལྷ་བཞི་བཅུ། ཤེས་རབ་ཀྱི་ལྷ་བཞི་བཅུ། སྐུ་གསུང་ཐུགས་ཀྱི་ལྷ་རེ་རེ་ཞིང་བཞི་བཅུ་རེ་སྟེ་ཉིས་བརྒྱ་ནི་གྲངས་ཀྱི་གཞི་མའོ། །ཉིས་བརྒྱ་པོ་རེ་རེ་ལ་དབུ་རྒྱན་ལྔ་ལྔ་བསྣན་པས་ལྔ་ཚན་ཉིས་བརྒྱ་ལ་སྟོང་ཡོད་དེ། དབུ་རྒྱན་ཁོ་ནའི་གྲངས་ཡིན་ལ། དེའི་སྟེང་དུ་གཞིའི་ལྷ་ཉིས་བརྒྱ་བསྣན་པས་རྣམ་གྲངས་བྱུང་ཚོགས་སུ་ལྷ་སྟོང་ཉིས་བརྒྱའོ། །ཞེས་གསུངས་ནའང་། རིགས་པར་མ་མཐོང་སྟེ། ལམ་རིམ་ལས། སྟངས་དཔྱལ་གཉིས་ཀྱི་ཕྱག་རྒྱ་དང་། །སངས་རྒྱས་སྟོང་གི་དཀྱིལ་འཁོར་ཡང་། །རི་རབ་ཏིལ་འབྲུའི་ཚུལ་བཞིན་དུ། །དཔེ་བྱད་མཚན་གྱིས་སྤྲས་པའོ། །ཞེས་རྩ་བའི་ལྷ་ལ་སངས་རྒྱས་སྟོང་བསྒོམ་པར་གསུངས་པའི་གྲངས་འཇིག་པའི་ཕྱིར་དང་། གཞན་ཡང་ཐུགས་ཀའི་ཡེ་ཤེས་སེམས་དཔའ་བཞི་བཅུ་ནི་ཤེས་རབ་ཀྱི་ལྷ་ཡིན་པའི་ཕྱིར་དང་། རྒྱན་སྤངས་པའི་ཕྱིར་དབུ་རྒྱན་བཅིང་བའང་རིགས་པ་མ་ཡིན་ནོ། །ཡང་དཀྱིལ་འཁོར་སྤྲོས་པའི་སྐབས་སུ་རིན་ཆེན་དྲ་བ་ལས། དབང་བསྐུར་བྱིན་རླབས་ཚུལ་བཞིན་བྱ། །ཞེས་པའི་གོ་རིམ་ལྟར་མཛད་མོད་ཀྱི། འོན་ཀྱང་རྣམ་གྲངས་སྤྲོས་པའི་སྐབས་འདིར།ལམ་རིམ་ལས། བྱིན་རླབས་རྡོ་རྗེ་གསུམ་དུ་བསྒོམ། །དབུ་ཡི་གནས་ལྔར་ཡེ་ཤེས་ལྔ། །ཞེས་གསུངས་པ་ལྟར་དབང་གི་གོང་དུ་བྱིན་རླབས་བྱ་དགོས་ཏེ། སྐུ་གསུང་ཐུགས་ཀྱི་ལྷ་བརྒྱ་ཉི་ཤུ་ལའང་དབུ་རྒྱན་གྱི་ལྷ་བསྒོམ་དགོས་པའི་ཕྱིར་རོ། །གཉིས་པ་ནི། དེ་ལྟར་ལྡན་པའི་གཙོ་མཆོག་གི། །ཞེས་སོགས་ཏེ། གཙོ་བོ་མི་བསྐྱོད་པ་ཡབ་ཡུམ་ལ་ཇི་ལྟར་བཀོད་པ་བཞིན་དུ་ལྷ་གཞན་རྣམས་ལའང་རིགས་འགྲེ་ཤེས་པར་བྱས་ནས། གང་རྩ་ལྷར་སོང་བའི་ཡབ་ཡུམ་གྱི་རྟོག་པའི་གནས་སུ་ཀུན་བཟང་ཡབ་ཡུམ་འགོད་པ་ཙམ་ཁྱད་པར་རོ། །དེ་ལྟར་ན་རྒྱལ་བ་རིགས་ལྔ་རྒྱལ་མཆོག་ཀུན་བཟང་སྟེ་ཡབ་ཡུམ་ཟུང་དྲུག་ལ་སྟོང་ཚོ་དྲུག །


DNG010_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་ཡབ་ཡུམ་བཅུ་དྲུག་སྒོ་བ་ཡབ་ཡུམ་བརྒྱད་དེ་ཉི་ཤུ་རྩ་བཞི་བ་ཟུང་བཅུ་གཉིས་ཡོད་པས་སྟོང་ཚོ་བཅུ་གཉིས། ཐུབ་དྲུག་ལ་ཡུམ་མེད་པ་ཁ་ཅིག་ན་རེ། དོན་གྱི་ཡུམ་ཆོས་ཀྱི་དབྱིངས་ལ། རྟགས་ཀྱི་ཡུམ་པདྨ་ཡིན་པས་གདན་པདྨ་ལ་འགོད་ཟེར་ནའང་།འདིར་བླ་མ་རྗེ་སྒྲོ་ཕུག་པ་སོགས། རྣམས། ཤེས་རབ་མཚོན་བྱེད་གཡོན་ཡིན་པས།གཡོན་ཕྱོགས་སུ་འགོད་ཅེས་གསུངས་པ་ལྟར། རྐང་ལག་གི་རིགས་བཞི་དང་།སྒོ་བ་ཡབ་ཡུམ་རྣམས་གཡས་གཡོན་གྱི་ཆ་འཛིན་པའི་རིམ་པའི་རྩའི་མདུན་རྒྱབ་དང་། ཕྱི་ནང་གི་སེམས་དཔའ་རྣམས་དབང་རྩའི་ཕྱི་དང་ནང་དུ་འགོད་ཚུལ་ཤེས་པར་བྱས་ནས་ཐུབ་དྲུག་རེ་རེ་ལའང་སྟོང་ཚང་བར་བསྒོམས་པས་སྟོང་ཚོ་དྲུག་སྟེ། མདོར་ན་སྟོང་ཚོ་ཉི་ཤུ་རྩ་བཞི་བསྒོམ་པ་ནི་ཉི་ཁྲི་བཞི་སྟོང་གི་དཀྱིལ་འཁོར་ལ་བསླབ་པའོ། །དེ་ལྟར་ཡང་ལམ་རིམ་ལས། དེ་ལྟར་གཙོ་མཆོག་ལྡན་བྱས་ནས། །བྱ་བྱེད་རིགས་བཞིའང་སྟོང་བསྒོམ་བྱ། །བཅུ་གཉིས་དྲུག་གི་འོད་འཕྲོ་འབར། །ཉི་ཁྲི་བཞི་སྟོང་དུས་གཅིག་གསལ། །ཞེས་སོ། །གསུམ་པ་ནི། དེ་ལ་སོགས་པ་བསམ་མི་ཁྱབ། །ཅེས་པས། སྟོང་དང་ཉི་ཁྲི་བཞི་སྟོང་པོ་དེ་དག་ལ་གོམས་པ་ལས་སུ་རུང་ནས། དངོས་པོ་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་བསྒོམ་པ་ནི་བསམ་ཡས་ལྷུན་གྲུབ་ཀྱི་དཀྱིལ་འཁོར་ལ་བསླབ་པ་སྟེ། ལམ་རིམ་ལས། ཕྱོགས་བཅུ་མ་ལུས་གཞལ་ཡས་ཁང་། །ཉི་ཟླ་གཟའ་སྐར་གདན་དང་རྒྱན། །བདེ་གཤེགས་དཀྱིལ་འཁོར་མ་ལུས་བསྒོམ། །བསམ་ཡས་ལྷུན་གྲུབ་ཉིད་ལ་བསླབ། །ཅེས་སོ། །ཁྲོ་བོའི་དཀྱིལ་འཁོར་ལ། རྒྱུད་འདིར་རྣམ་གྲངས་སྤྲོས་པ་ཚིག་ཟིན་ལ་དངོས་སུ་མ་བྱུང་ནའང་། ཞི་བའི་ཤུགས་ཀྱིས་ཤེས་པར་འགྱུར་བ་ལ་དགོངས་པའོ། །དེའང་ཇི་ལྟར་དགོད་ཅེ་ན། འདིའང་གསུམ་སྟེ་སྟོང་བཞི་བརྒྱ་ལྔ་བཅུའི་དང་། བདུན་ཁྲི་དྲུག་སྟོང་བརྒྱད་བརྒྱ་ལྔ་བཅུའི་དང་། བསམ་ཡས་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ལ་བསླབ་པའོ། །དང་པོ་ནི། ཐབས་ཀྱི་ལྷ་ང་བརྒྱད། ཤེས་རབ་ཀྱི་ལྷ་ང་བརྒྱད། སྐུ་


DNG010_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་ཐུགས་ཀྱི་གནས་གསུམ་དུ་བྱིན་རླབས་ཀྱི་ལྷ་ང་བརྒྱད་པོ་རེ་རེ་སྟེ། ང་བརྒྱད་པ་ཆ་ལྔ་པོའི་གྲངས་བསྡོམས་ན་ཉིས་བརྒྱ་དང་དགུ་བཅུ། དེ་ལས་ཤེས་རབ་ཀྱི་ལྷ་ང་བརྒྱད་མ་གཏོགས་པའི་ལྷ་ཉིས་བརྒྱ་པོ་གཉིས་ལ་རེ་རེ་ཞིང་དབང་བསྐུར་གྱི་ལྷ་ལྔ་ལྔའི་ཡན་ལག་དང་ལྡན་པའི་ཕྱིར་དབུ་རྒྱན་གྱི་ལྷ་སྟོང་ཆིག་བརྒྱ་དྲུག་ཅུའོ། །དེ་ཉིད་སྔར་གྱི་ཉིས་བརྒྱ་དགུ་བཅུ་ལ་བསྣན་པས་སྟོང་བཞི་བརྒྱ་ལྔ་བཅུ་སྟེ་གཙོ་བོ་ཡབ་ཡུམ་གཉིས་ལ་ཚང་བར་བསྒོམ་པའོ། །དེ་ཡང་ལམ་རིམ་ལས། ཡན་ལག་བཀོད་པ་ལྔ་བཅུ་བརྒྱད། །ཆ་ལྔའི་གྲངས་ནི་ཉིས་བརྒྱ་དང་། །དགུ་བཅུའི་ལྷ་རྣམས་ཡན་ལག་ལྡན། །ཞེས་སོ། །དེ་ལ་ཐབས་ཀྱི་ལྷ་ང་བརྒྱད་ནི། བཛྲ་ཧེ་རུ་ཀའི་དབུ་ལ་བུཌྜྷ། ལག་གཡས་སུ་བཛྲ། གཡོན་དུ་རཏྣ། རྐང་གཡས་ཀརྨ།གཡོན་པདྨ་ཧེ་རུ་ཀ །ཚོགས་བརྒྱད་ཀྱི་དབང་རྟེན་ནང་རྩར་གཽ་རཱི་མ་བརྒྱད།ཕྱི་རྩར་སིངྷ་མ་བརྒྱད། ཡན་ལག་བཞི་ལ་སྒོ་མ་བཞི། སྒལ་ཚིགས་ཉེར་བརྒྱད་ལ་དབང་མོ་སྟེ་ལྷ་ལྔ་བཅུ་ང་གསུམ་དང་། ཡུམ་བཛྲ་ཀྲོ་དྷཱི་མའི་ཡན་ལག་ལྔ་ལ་རིགས་ཀྱི་ཡུམ་ལྔ་དགོད་ཅིང་། ཤེས་རབ་བྱིན་དབང་གསུམ་གྱི་ལྷའི་འགོད་ཚུལ་ནི་གོ་སླ་བ་ཉིད་དོ། །གཉིས་པ་ནི། གང་རྩ་ལྷར་སོང་བའི་ཤུལ་དུ་བཛྲ་ཧེ་རུ་ཀ་འགོད་པའི་ཚུལ་གྱིས། གཙོ་བོ་ཡབ་ཡུམ་ལ་ཡན་ལག་གི་ལྷ་བཀོད་པ་བཞིན་དུ་གཞན་རྣམས་ལའང་སྦྱོར་ཏེ། ཁྲག་འཐུང་རིགས་ལྔ་ཟུང་རེ་རེ་དང་། འཁོར་གནས་ཡུལ་སྒོ་དབང་སྟེ་ལྷ་མོ་ཡང་ཞེ་བརྒྱད་པོ་རེ་རེ་ལ་སྟོང་བཞི་བརྒྱ་ལྔ་བཅུ་པ་རེ་རེ་སྟེ། མདོར་ན་སྟོང་བཞི་བརྒྱ་ལྔ་བཅུ་པ་ཚོ་ང་གསུམ་པ་བདུན་ཁྲི་དྲུག་སྟོང་བརྒྱད་བརྒྱ་ལྔ་བཅུའོ། །དེ་ལྟ་ནའང་འཁོར་གྱི་ལྷ་མོ་རྣམས་ལ་ཁྲག་འཐུང་ཡབ་ལྔ་གང་དུ་འགོད་ཅེ་ན། ལུས་ཀྱི་གཡས་ཕྱོགས་སུ་ཡབ་ལྔ་དང་ལྷ་གཞན་རྣམས་གཡོན་ཕྱོགས་སུ་དགོད་པ་ཙམ་ཁྱད་པར་ཏེ། དཔེར་ན་མགོ་བོའི་གཡས་སུ་བུཌྜྷ་ཁྲག་འཐུང་དང་། གཡོན་དུ་བུཌྜྷ་ཀྲོ་དྷཱ་མ། ལག་གཡས་ཀྱི་རྩའི་མདུན་དུ་བཛྲ་དང་རྒྱབ་ཏུ་རཏྣ་ཧེ་རུ་ཀ །གཡོན་གྱི་མདུན་རྒྱབ་ཏུ་དེ་གཉིས་ཀྱི་ཡུམ་དགོད་པ་སོགས་རིགས་འགྲེ་ཤེས་པར་བྱའོ། །


DNG010_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་བསམ་ཡས་ལྷུན་གྲུབ་ཀྱི་དཀྱིལ་འཁོར་ནི་ཞི་བ་ལྟར་རོ། །དྲུག་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ནི། གང་རྩ་རླུང་ཐིག་ལེ་ལ་བརྟེན་ཏེ་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་ཉིད་རྟོགས་པ་དང་བསྒོམ་པའི་ཐབས་སྟོན་པ་སྟེ། སྤྱན་འགྲེལ་ལས། བྱང་སེམས་ཕྱི་ནང་གསང་བ་ཡང་། །གནས་བཞི་ཁམས་གསུམ་ཡེ་ཤེས་ཆེ། །ཞེས་པས་ཕྱི་བྱང་ཆུབ་ཀྱི་སེམས་རྩ་རླུང་། ནང་བྱང་ཆུབ་ཀྱི་སེམས་ཐིག་ལེ། གསང་བ་བྱང་ཆུབ་ཀྱི་སེམས་བདེ་བའི་ཡེ་ཤེས་སོ། །དེ་དག་ཀྱང་སྔ་མ་སྔ་མ་རྟེན་དང་ཕྱི་མ་ཕྱི་མ་བརྟེན་པ་སྟེ།ཁོག་གཞུང་ལས། ཟབ་ཕྱིར་བྱང་སེམས་དཀྱིལ་འཁོར་ནི། །རྟེན་དང་རྟེན་ཅན་ཐ་སྙད་གཉིས། །དབྱེ་བས་ཕྱི་ནང་མཐར་ཐུག་འགྱུར། །ཞེས་སོ། །དེ་ལ་དང་པོ་ཕྱི་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལ་རྩ་དང་རླུང་གཉིས་ཀྱི། ཐོག་མར་རྩ་ནི།སྒྱུ་འཕྲུལ་སྙིང་པོ་བཀོད་པའི་རྒྱུད་ལས། སྲིད་གསུམ་སེམས་ཅན་ཐམས་ཅད་ལ། །སྲོག་ཤིང་གསུམ་དང་འཁོར་ལོ་བཞི། །ཞེས་པས། རྩ་གསུམ་དང་། འཁོར་ལོའོ། །དང་པོ་ནི། ལུས་ཀྱི་དབུས་གསང་གནས་ནས་གཙུག་ཏོར་གྱི་བར་དུ་རྩ་ཨ་བ་དྷཱུ་ཏཱི་སྲོག་ཤིང་གི་ཚུལ་དུ་ཡར་སྣ་སྨིན་མཚམས་སུ་ཟུག་པ། དེའི་གཡས་ན་རོ་མ་དང་། གཡོན་ན་བརྐྱང་མ་གཉིས་ཡར་སྣ་སྣ་སྦུག་ཏུ་ཟུག་སྟེ་སྨིན་མཚམས་ནས་སུམ་གཤིབས་ཀྱི་ཚུལ་དུ་སོང་བའི་འཁོར་ལོ་བཞིའི་ལྟེ་བར་སོ་སོར་མདུད་པའི་ཚུལ་གྱིས་ནང་ཁོང་འདྲེལ་བར་གནས་པ། ལྟེ་བ་སྤུ་ན་གུ་མེ་འཁོར་གྱི་ཐད་ནས་རྩ་གསུམ་འདྲེས་ཤིང་། དབུ་མ་ནི་གཡས་ངོས་སུ་སོང་སྟེ་ཁུ་བ། རྐྱང་མ་དབུས་སུ་སོང་སྟེ་དྲི་ཆུ། རོ་མ་གཡོན་དུ་སོང་སྟེ་ཁྲག་དང་དྲི་ཆེན་འབྱིན་སྡོམ་བྱེད་པར་བཤད་དོ། །གཉིས་པ་ནི། དངོས་གཞིའི་འཁོར་ལོ་བཞི། ཆ་རྐྱེན་གཉིས་དང་བཅས་པ་དྲུག་སྟེ། རྒྱ་མཚོ་ལས། འཁོར་ལོ་གསུམ་གཉིས། ཞེས་གསུངས་པའི་ཕྱིར་དེའང་སྤྱི་མགྲིན་སྙིང་ལྟེ་བའི་འཁོར་ལོ་བཞི་ཀའི་དབུས་ནས་ཕྱོགས་བཞིར་རྩ་བཞི་བཞི་གྱེས་པ། སྙིང་གར་དེ་བཞི་ལས་གཉིས་རེ་གྱེས་པས་བརྒྱད། མགྲིན་


DNG010_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

པར་དེ་ལས་གཉིས་གཉིས་གྱེས་པས་བཅུ་དྲུག །སྤྱི་བོར་དེ་ལས་གཉིས་གཉིས་གྱེས་པས་སོ་གཉིས། ལྟེ་བར་སྙིང་ག་ལྟར་གྱེས་པ་བརྒྱད་ཀྱི་བཞི་ལས་གཉིས་རེ་གྱེས་པས་འཕོ་བའི་རྩ་བཅུ་གཉིས་དང་། དེའི་སྔར་གྱེས་པ་བརྒྱད་ལས་ལྔ་ལྔ་དང་།མ་གྱེས་པ་བཞི་ལས་དྲུག་རེ་གྱེས་པས་དྲུག་ཅུ་རྩ་བཞིའོ། །དེ་དག་ཀྱང་དཀའ་བ་གཅོད་པ་མན་ངག་སྙིང་པོ་ཞེས་བྱ་བ་ཁྲོ་བོ་སྟོབས་ཀྱི་རྒྱུད་རྒྱལ་ལས། སུམ་ཅུ་གཉིས་དང་བཅུ་དྲུག་དང་། །བརྒྱད་དང་དྲུག་ཅུ་རྩ་བཞི་ཡི། །དཀྱིལ་འཁོར་ལྡན་པའི་དཀྱིལ་འཁོར་ལ། །ཞེས་སོ། །དེའང་སྤྱི་བོའི་འཁོར་ལོ་ལ་སྐུའི་འཁོར་ལོའམ་བདེ་བ་ཆེན་པོའི་རྟེན་ཧཾ་ཡིག་བཞུགས་པས་བདེ་ཆེན་འཁོར་ལོ་གྲགས་ཏེ། རྒྱ་མཚོ་ལས། རང་བྱུང་འཁོར་ལོ་རྒྱུ་ཡི་བདག །ཀ་སོགས་སུམ་ཅུ་རྩ་གཉིས་ནི། །མ་ལུས་ཀུན་གྱི་དངོས་གཞི་སྟེ། །སྐུ་ཡི་འཁོར་ལོ་རང་སྣང་བའོ། །ཞེས་དང་།གསང་ཐིག་ལས། བཅུ་ཚན ། གསུམ་ཉག་མ ། གཉིས་ཀྱི་དཀྱིལ་འཁོར་དུ། །བདེ་བའི་ཐིག་ལེ་མཉམ་པའི་དབྱིངས། །ཞེས་སོ། །མགྲིན་པའི་རྩ་འདབ་ལ་གསུང་གི་འཁོར་ལོའམ་རོ་དྲུག་མྱོང་བའི་ཕྱིར་ལོངས་སྤྱོད་འཁོར་ལོར་གྲགས་ཏེ། རྒྱ་མཚོ་ལས། སྒྲ་དབྱངས་གསུང་གི་འཁོར་ལོ་ནི། །བརྗོད་པའི་སྒྲ་ནི་སྣ་ཚོགས་པ། །མ་ལུས་པར་ནི་རང་སྣང་བས། །གསུང་གི་ཕྱག་རྒྱར་ངེས་པའོ། །ཞེས་དང་།གསང་ཐིག་ལས། ལྔ་གཉིས་དྲུག་གི་དཀྱིལ་འཁོར་དུ། །བདེ་བ་ཆེན་པོའི་རོ་ཡིས་ནི། །དགྱེས་པ་ཆེན་པོ་སྟོབ་པར་བྱ། །ཞེས་སོ། །སྙིང་གའི་རྩ་འདབ་ཐུགས་སམ་ཆོས་ཀྱི་འཁོར་ལོར་གྲགས་ཏེ། རྒྱ་མཚོ་ལས། རིག་པ་ཐུགས་ཀྱི་འཁོར་ལོ་ནི། །ཟག་མེད་ཡེ་ཤེས་དྲུག་ལྡན་ཞིང་། །སྡེ་ཚན་བརྒྱད་ཀྱིས་བརྒྱན་པ་ནི། །སྙིང་པོ་དྭངས་མ་ལྔར་སྣང་བའོ། །ཞེས་དང་། དབང་གི་གལ་པོ་ལས།རྩ་བཞི་འོད་བཞི་ས་བོན་དྲུག །མདོར་བསྡུས་སྙིང་པོ་ཆོས་ཀྱི་སྐུ། །དེ་ཕྱིར་ཆོས་ཀྱི་འཁོར་ལོའོ། །ཞེས་སོ། །ལྟེ་བའི་འཁོར་ལོ་ནི་ལུས་ཐོག་མར་བསྐྱེད་པ་དང་སྤྲུལ་པའི་གནས་སམ་ཁམས་


DNG010_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ལ་ཁྱབ་པས་སྤྲུལ་པའི་འཁོར་ལོ་སྟེ། དབང་གི་གལ་པོ་ལས། བཅུ་ཚན་དྲུག་པ ། གཅིག་དང་བཞིར་གྱེས་པ། །ཁམས་གསུམ་ཁྱབ་པས་སྤྲུལ་སྐུའོ། །ཞེས་དང་། དེའི་རང་འགྲེལ་ལས། དེ་དག་ལྟེ་བ་ནས་ སྤྲོས་ཏེ་འདུས་ཀྱང་དེར་འདུས་ཏེ། དེ་ལུས་གཟུགས་ཁམས་ངག་འདོད་ཁམས།སེམས་གཟུགས་མེད་པའི་ཁམས་གསུམ་ལ་ཁྱབ་པས་སྤྲུལ་པའི་འཁོར་ལོ་སྟེ། ཞེས་སོ། །རྐྱེན་གྱི་འཁོར་ལོ་གཉིས་ནི། ལྟེ་འོག་སོར་བཞི་སྤུ་ན་གུའི་ཐད་ན་མེའི་འཁོར་ལོ་དབྱིབས་གྲུ་གསུམ་པ་རཾ་གྱིས་མཚན་པ་སྟེ། དེ་ལས། མེ་དང་རྡོ་རྗེ་དབྱིངས་ཕྱུག་གཉིས། །མཉམ་དུ་གནས་པས་དྲག་པོར་བཤད། །ཅེས་དང་།དེའི་འགྲེལ་པ་མི་འཇིགས་པའི་ཕྲེང་བ་ལས། གནས་ནི་སྤྲུལ་པའི་འོག་སོར་བཞི་ནའོ། །དབྱིངས་ཕྱུག་མའི་རྩ་དང་མཉམ་པོར་གནས་པས་ལས་ཀྱི་མཁའ་འགྲོ་མ་སྤོར་མ་ཞེས་བྱའོ། །དེའང་དབྱིབས་ཨེ་ལས་ལོགས་དང་ཟུར་དང་མཐའ་དབུས་ཀྱིས་ཕྱེ་བས་སྤོར་མ་བརྒྱད་དོ། །ཞེས་སོ། །དེ་འོག་བཤང་ཁ་རླུང་གི་འཁོར་ལོ་གཞུའི་དབྱིབས་ཅན་ཡཾ་གྱིས་མཚན་པ་སྟེ། དེ་ལས། རླུང་ནི་དགུག་པ་གཞུ་དབྱིབས་ཏེ། །ས་བོན་ཡཾ་གྱིས་གཡོ་བྱེད་པ། །ཞེས་སོ། །དེ་རྣམས་ལ་འཁོར་ལོ་ཞེས་བརྗོད་པའི་ངེས་པ་ཡང་། རྩིབས་ལ་སོགས་པ་དབྱིབས་མཚུངས་པ་དང་།དེ་དང་དེར་བྱེད་པ་བཅིངས་པ་ལས་རྟོག་པ་གཅོད་པའི་ཕྱིར་འཁོར་ལོ་དང་བྱེད་ལས་མཚུངས་པས་ཀྱང་དེ་སྐད་ཅེས་བྱའོ། །རྩ་དེ་དག་ལས་ཀྱང་ཕྱེ་ན་མངལ་དུ་ལུས་ཆགས་ཏེ་བདུན་ཕྲག་བཞི་འདས་ནས་མངལ་ཟླ་བརྒྱད་དང་ཕྱི་རོལ་གྱི་བཞི་སྟེ། ཟླ་བ་བཅུ་གཉིས་ཀྱི་བར་ཞག་རེ་ཞིང་རྩ་ཉིས་བརྒྱ་རེ་ཆགས་པས་རོ་རྐྱང་དབུ་གསུམ་གྱི་རིགས་འཛིན་པའི་རྩ་སྟོང་ཕྲག་ཉི་ཤུ་རྩ་བཞི་པ་ཚེ་གསུམ་ལ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཏེ། སྡོམ་འབྱུང་ལས། ལུས་ཀྱི་རྗེས་སུ་འགྲོ་བའི་རྩ། །སྟོང་ཕྲག་བདུན་ཅུ་རྩ་གཉིས་བརྗོད་ཅེས་སོ། །དེ་རྣམས་ལས་གྱེས་པ་ནི་བསམ་གྱིས་མི་ཁྱབ་པ་སྟེ། བ་སྤུའི་གྲངས་ཇི་སྙེད་པའི་རྩའི་གྲངས་ཀྱང་དེ་སྙེད་དོ། །


DNG010_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་གཞན་དུ། དབུ་མའི་ཡར་སྣར་གཙུག་ཏོར་དང་། འོག་ཏུ་གསང་བའི་འཁོར་ལོ་བསྣན་པ་སོགས་མང་ཉུང་མཐའ་གཅིག་ཏུ་མ་ངེས་པར་གསུངས་ཤིང་། མདོར་ན་རྣལ་འབྱོར་པས་ཤེས་པར་བྱ་བའི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་དང་། དེ་རྣམས་ཀྱི་གཙོ་བོར་གྱུར་པ་འཁོར་ལོའི་རྩ་དང་། དེ་རྣམས་ལས་ཀྱང་གཙོ་བོར་གྱུར་པའི་རྩ་སུམ་ཅུ་རྩ་གཉིས་ལ་སོགས་པ་བཤད་ལ། འཁོར་ལོ་དྲུག་གི་རླུང་སེམས་ཀྱི་དྭངས་མ་འཛིན་ཅིང་སྙིགས་མས་ནད་སྐྱེད་པར་བྱེད་སྟེ། གཙུག་ཏོར་དང་དཔྲལ་བས་བད་ཀན། མགྲིན་སྙིང་གིས་མཁྲིས་ནད། ལྟེ་གསང་གི་ཕྱི་སྐོར་གྱིས་རླུང་ནད། གསང་བའི་ནང་སྐོར་གྱིས་འདུས་པའི་ནད་བསྐྱེད་དོ་ཞེས་འབྱུང་ངོ་། །དེ་ཡང་ལུས་ལ་རགས་ཕྲ་ཤིན་ཏུ་ཕྲ་བ་གསུམ་ལས་འདི་ནི་ཕྲ་བའི་ལུས་ཏེ།ཤིན་ཕྲའི་ལུས་ནི་རྩ་ཐམས་ཅད་ཀྱི་གཤིས་ཟུང་འཇུག་ཡེ་ཤེས་ཀྱི་དབུ་མ་ཞེས་གྲགས་པ་གང་ཡིན་པ་དེའོ། །དེ་རྣམས་སུ་རྒྱུ་བའི་རླུང་ལ། ལས་དང་། ཡེ་ཤེས་ཀྱི་རླུང་གཉིས་ལས་ལས་རླུང་ནི། སྲོག་འཛིན། གྱེན་རྒྱུ། ཁྱབ་བྱེད། མེ་མཉམ། ཐུར་སེལ་ལྔ་ནི་རྩ་བ་ཕུང་པོའི་རླུང་སྟེ། བྱེད་ལས་ཀྱང་། སྲོག་གནས་པ་དང་།དབུགས་འབྱུང་རྔུབ་དང་། ལུས་གནས་པ་དང་། དྲོད་འབེབས་པ་དང་།འགྲོ་འདུག་བཤང་གཅི་ཁུ་གསུམ་འབྱིན་སྡོམ་དང་བཅས་པའི་བྱ་བ་བྱེད་ལ། གལ་ཏེ་ལོག་ན། བརྒྱལ་སྨྱོ་ཤི་བ་སོགས་དང་། སྟོད་ནད་དང་། ཞ་རེངས་ཀྱི་ནད་དང་། འཕོ་བའི་ནད་དང་། སྨད་ཀྱི་ནད་རྣམས་བསྐྱེད་ཅིང་། དེ་དག་ལུས་ཀྱི་དབུས་དང་། སྟོད་དང་། པགས་པའི་མཐར་ཐུག་པ་དང་། ཞུ་བའི་མཚམས་དང་། ལྟེ་བ་མན་ཆད་ན་གནས་སོ་ཞེས་ཁ་ཅིག་ནས་བཤད། འདིར་ནི། སྙིང་ག་དང་། ལྐོག་མ་དང་། ལུས་ཀྱི་ཚིགས་ཐམས་ཅད་དང་། ལྟེ་བ་དང་། གསང་གནས་རྣམས་སུ་གནས་པར་གསང་བའི་སྙིང་པོ་ཁྲོ་བོ་སྟོབས་ཀྱི་རྒྱུད་རྒྱལ་ལས་གསུངས་ཏེ། དེ་ཉིད་ལས། ཚིགས་ལ་ཁྱབ་བྱེད་རླུང་གནས་པ། །གཟུགས་ཀྱི་ཕུང་པོ་རྣམ་སྣང་སྐུ། །ཞེས་


DNG010_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་སོ། །རྒྱུ་བ་སོགས་ཡན་ལག་གི་རླུང་ལྔ་ནི། དབང་པོ་ལྔ་ལ་གནས་ཤིང་བསྐྱེད་པ་སོགས་ཀྱི་བྱ་བ་བྱེད་པ་སྟེ། དེ་ལས། རྒྱུ་བའི་གནས་ནི་སྤྱན་ཡིན་ཏེ། །རྣམ་པར་རྒྱུ་བ་རྣ་བ་ལ། །ཡང་དག་རྒྱུ་བ་སྣ་དང་ནི། །རབ་ཏུ་རྒྱུ་བ་ལྕེ་ལ་གནས། །ངེས་པར་རྒྱུ་བ་ལུས་ཉིད་དེ། །མིག་དང་རྣ་བ་སྣ་དང་ལྕེ། །ས་སྙིང་ལ་སོགས་སེམས་དཔའ་བརྒྱད། །རྣམ་ཤེས་དབང་པོ་ཕྱི་ནང་ཕྱེ། །ཞེས་སོགས་རྒྱ་ཆེར་གསུངས་སོ། །བྱེ་བྲག་ཏུ་སྣར་རྒྱུ་བའི་རླུང་ནི། ཁོ་བོ་སྟོབས་ཀྱི་རྣལ་འབྱོར་དབང་ཕྱུག་སྒྲུབ་པ་སྒྱུ་འཕྲུལ་དྲ་བའི་རྒྱུད་ལས་གྱེན་དུ་གཡས་གཡོན་གཉིས་ཀ་ནས་དཀྱིལ་འཁོར་རིམ་པར་རྒྱུ་བ་ནི། ཁྲི་ཕྲག་གཉིས་དང་སྟོང་ཕྲག་དང་། །དྲུག་བརྒྱ་ཉིན་མཚན་འབྱུང་བྱེད་པ། །ཞེས་པས་ཉིན་ཞག་ཕྲུགས་རེ་ལ་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་ལ། དེ་ཡང་འཕོ་བ་བཅུ་གཉིས་པའི་དབང་དུ་བྱས་ན། ལྟེ་བའི་རྩ་འདབ་དྲུག་ཅུ་རེ་བཞི་ལས།སྔར་དྲུག་ཏུ་གྱེས་པའི་ཡ་གྱལ་བཞི་པོ་དབུ་མའི་འཕོ་བ་ཡིན་པའི་ཕྱིར། དཀྱིལ་འཁོར་མི་འབབས་པས་སྟོང་པའི་རྩ་བཞི་ཞེས་བྱའོ། །དེ་ལྷག་དྲུག་ཅུ་པོ་ནས་རྒྱུ་ཚུལ་ནི། བ་སྤུའི་མཐར་ཐུག་པའི་རྩ་ལམ་ནས་རྩ་འཁོར་གྱི་རླུང་རྣམས་ལྟེ་བའི་རླུང་དང་འདྲེས་ཏེ་རོ་རྐྱང་གི་ལམ་ལས་སྣ་སྒོར་འབབ་ལ། དེ་ཡང་འབྱུང་བ་ལྔ་གཡས་གཡོན་སྡུད་བསྐྱེད་ཀྱི་རིམ་པས་འཕོ་བ་རེ་ལ་དབྱུག་གུ་ལྔ་རེ། དབྱུག་གུ་རེ་ལ་དབུགས་སུམ་བརྒྱ་དྲུག་ཅུ་སྟེ། འཕོ་བ་རེ་ལ་དབུགས་སྟོང་བརྒྱད་བརྒྱ་པ་རེ་རྒྱུ་ནའང་། དེའི་སྟེང་ན་སྟོང་པའི་རྩ་བཞིའི་དབྱེ་བས་དབུགས་གཅིག་གི་ཕྱེད་བཅས་སོ་གཉིས་ཆ་རེ་ཡེ་ཤེས་ཀྱི་རླུང་ཡིན་ལ། དེ་བསགས་པས་དབྱུག་གུ་རེ་ལ་དབུགས་བཅུ་གཅིག་དང་བཞི་ཆ་གཅིག །འཕོ་བ་རེ་ལ་ང་དྲུག་རྐང་བཅས། ཉིན་ཞག་གཅིག་ལ་དྲུག་བརྒྱ་དོན་ལྔ་རྣམས་རྒྱུ་ཞིང་དེ་ཆུ་ཚོད་དུ་དྲིལ་ན། ཆུ་ཚོད་གཅིག །ཆུ་ཆུང་ང་གཉིས། དབུགས་གསུམ། དེ་ཟླ་བ་གཅིག་ཏུ་བསགས་པས་ཆུ་ཚོད་ང་དྲུག་དང་། ཆུ་ཆུང་བཅོ་ལྔ། དེ་བཅུ་གཉིས་སུ་ཟློས་པས་ཞག་བཅུ་གཅིག་དང་། ཆུ་ཚོད་བཅོ་ལྔ་རྣམས་ལོ་གཅིག་གི་ཡེ་རླུང་གི་གྲངས་ཏེ་ཕྱི་


DNG010_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་དུ་ཟླ་ཤོལ་གྱི་རྒྱུར་འགྱུར་ལ། སྐྱེས་བུ་ལོ་བརྒྱ་པའི་ཡེ་རླུང་བསྡོམས་པས་ལོ་གསུམ་ཕྱོགས་གསུམ་ཏུ་ལོངས་པ་སོགས་རྒྱུད་གཞན་ལས་རྒྱ་ཆེར་གསུངས་སོ། །ཁ་དོག་ནི། ས་རླུང་སེར་པོ། ཆུ་རླུང་དཀར་པོ། མེ་རླུང་དམར་པོ། རླུང་གི་རླུང་ནག་པོ། ནམ་མཁའི་རླུང་སྔོན་པོའོ། །ཚད་ཀྱང་ལྟེ་འོག་སོར་བཞི་ནས་བརྒྱུད་དེ་སྣ་རྩེ་ལས་སོར་བཅུ་གཉིས་ནས་བཅུ་དྲུག་གི་བར་དུ་འགྲོ་བ་ཡིན་ནོ། །ཡང་འཕོ་བ་བཅུ་དྲུག་པའི་དབང་དུ་བྱས་ན། སྔ་མ་ལས། ས་ཡི་རླུང་དང་ཆུ་དང་མེ། །རླུང་དག་རིམ་བཞིན་འབྱུང་བྱེད་པ། །གྱེན་དང་མཐུར་དུ་འབྱུང་བར་བྱེད། །གྱེན་དུ་གཡས་གཡོན་གཉིས་ཀ་ནས། །དཀྱིལ་འཁོར་རིམ་པར་རྒྱུ་བ་ནི། །ཞེས་སོགས་གསུངས་པའི་ཕྱིར་རྒྱུ་བའི་རླུང་ས་ཆུ་མེ་རླུང་བཞི་སྟེ། དེ་ཉིད་ཀྱང་གཡས་གཡོན་གྱི་དབྱེ་བས་ཞག་གཅིག་ལ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའང་ཐུན་བརྒྱད་དུ་འགྱུར་རོ། །འབྱུང་ཆེན་བཞི་པོ་རེ་རེ་ལ་འབྱུང་ཆུང་བཞི་བཞི་ཡོད་པས་འཕོ་བ་བཅུ་དྲུག །དེ་ཡང་གཡས་གཡོན་གྱི་དབྱེ་བས་ཆུ་ཚོད་སོ་གཉིས། འཕོ་བ་ལས་ཆ་བཞིར་ཕྱེ་བས་དབྱུག་གུ་རེ་བཞིའོ། །དབྱུག་གུའི་དོན་ཡང་། འདིར་སྐྱེས་བུའི་དབུགས་དྲུག་གི་ཆུ་ཆུང་གཅིག་དང་། བཞི་ཆ་གཅིག་དང་བཅས་པའི་ཆུ་ཆུང་ང་དྲུག་ནི་དབྱུག་གུ་སྟེ། དེ་རེ་བཞི་ལ་ཞག་གཅིག་གོ། །དེ་ཡང་ཞག་གཅིག་གི་ཡེ་རླུང་དྲུག་བརྒྱ་དོན་ལྔ་ལས། འཕོ་བ་བཅུ་དྲུག་གི་ཐོབ་སྐལ་བརྩིས་པས་འཕོ་བ་རེ་ལ་ཡེ་རླུང་བཞི་བཅུ་ཞེ་གཉིས་དང་། དྲུག་ཆ་རེ། དེའི་ཞེ་བརྒྱད་ཆ་རེ། ཆུ་ཚོད་སོ་གཉིས་ཀྱི་གཅིག་གིས་ཡེ་རླུང་ཉེར་གཅིག་དང་། བཅུ་གཉིས་ཆ་གཅིག་དང་། གོ་དྲུག་ཆ་གཅིག །དབྱུག་གུ་གཅིག་གིས་ཡེ་རླུང་ཕྱེད་དང་བཅུ་གཅིག་དང་། ཉེར་བཞི་ཆ་གཅིག །གོ་གཉིས་ཆ་གཅིག་ཐོབ་བོ། །དེ་ཕྱིར་དབུགས་སོ་གཉིས་ཕྱི་ནང་དུ་རྒྱུ་བའི་བར་ནས་ཡེ་ཤེས་ཀྱི་དབུགས་གཅིག་དབུ་མ་ལ་རྒྱུ་བ་ཡིན་ནོ། །དེ་ལྟ་བུའི་ཡེ་ཤེས་རླུང་དེ་ནི། ལུས་ཅན་རྣམས་ཀྱི་ངག་


DNG010_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཆོས་དང་ཕྱི་རོལ་དུ་དུས་ཀྱི་ཆོས་རྣམས་ཀྱི་རྟེན་ནམ་འཆར་གཞི་དང་། རྒྱུ་རྒྱུད་ཀྱི་རྟེན་དུ་གྱུར་པ་སྟེ། ཆོས་ཐམས་ཅད་ཀྱི་གཤིས་ལ་རྒྱུན་མི་འཆད་པར་གནས་པའི་སྲོག་ཆེན་པོའི་རླུང་ཞེས་བྱ་བ་དེ་ཉིད་དོ། །དེ་ཡང་འཇམ་དཔལ་སྒྱུ་དྲ་ལས། སྲོག་ཆེན་པོ་སྟེ་སྐྱེ་བ་མེད། །ཚིག་དུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཚིག་ཀུན་རབ་ཏུ་གསལ་བར་བྱེད། །ཅེས་སོ། །དེས་ན་རླུང་བཅིངས་པ་ལས་རགས་པའི་ལས་རླུང་ཉིད་ཀྱང་ཡེ་ཤེས་ཀྱི་རླུང་དུ་འགྱུར་ཏེ། དེ་དག་གི་གནད་ཀྱང་། ལྟ་སྟངས་ལ་བརྟེན་ཏེ་རྒྱ་ཡན་ལ་བསླབ་པ་དང་། འབྱིན་འདུག་བགྲངས་ཤིང་བརྩི་བ་དང་། འབྱུང་རླུང་གི་དབྱིབས་མདོག་ལ་བསླབ་པ་དང་། དགག་པའི་སྦྱོར་བས་བུམ་ཅན་བསྒོམ་པ་ལ་སོགས་པའི་ཐབས་ཀྱིས་དབུ་མར་བརྟན་པ་ལས་ཡོན་ཏན་འབྱུང་བ་སྟེ། རྣམ་བཀོད་ལས། རྟོག་རླུང་གཡོ་ལ་རླུང་བཟུང་ལ། །ཞི་བ་བུམ་པ་དྲག་པོ་སོགས། །སྒྲོལ་མ་བཟུང་བའི་ཐབས་རྣམས་ཀྱིས། །དམིགས་པས་རིག་པ་ཕུར་ལ་གདབ། །ཅེས་དང་། འདིའི་ཕྱི་མའི་རྒྱུད་ཨཱ་ནནྟའི་འགྱུར་ལས། རླུང་ནི་ཁྲི་ཕྲག་གཉིས་དག་དང་། །བརྒྱ་ཕྲག་བཅུ་དྲུག་དུས་ཞེས་བཤད། །དབུ་མའི་རྩ་ཡི་ནང་དུ་ནི། །དེ་བསྡུས་པས་ནི་དུས་ཞེས་བཤད། །ཅེས་སོ། །དེ་ཡང་ཐུན་བརྒྱད་དང་། དེ་རེ་རེ་ལ་གསུམ་དུ་ཕྱེ་བས་ཉེར་བཞི་དང་། དེ་དག་ལ་འབྱུང་བཞི་རིམ་པས་དུས་ཀྱི་ལྷ་མོ་བཞི་བཞི་སྟེ། ལྷ་མོ་དགུ་བཅུ་རྩ་དྲུག་ལ་སོགས་པའི་ཆ་བཟུང་ནས་བརྩི་བར་གསུངས་ཏེ། ཁྲོ་བོ་སྟོབས་ཀྱི་སྒྲུབ་རྒྱུད་ལས། ཐུན་གཅིག་ཐུན་གཉིས་ཐུན་ཕྲན་དང་། །དབྱུག་གུ་ལྷ་མོའི་ནུས་པ་གང་། །ནུས་པས་དབུགས་བགྲང་གྲངས་བཟུང་ནས། །ངལ་བ་མེད་པར་དབུགས་ལ་བརྟེན། །ཞེས་དང་། ཡང་། གཡས་པར་མེ་རླུང་དམར་ཞིང་འཚེར། །གཡོན་པ་རླུང་འབྱུང་གནག་ལ་དྭངས། །གཉིས་ཀར་དཀྱིལ་རྒྱུ་ཆུ་རླུང་དཀར། །གཉིས་ཀར་མཐུར་རྔུབ་ས་རླུང་སེར། །ལྷ་མོ་བདག་པོ་དང་ལྡན་པའི། །ཡེ་ཤེས་བཞི་ཉིད་འབྱུང་བར་བྱེད། །ཅེས་སོ། །རྒྱུད་གཞན་ལས། སྣ་གཉིས་


DNG010_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དབུས་ནས་མཁའ་རླུང་དང་། སྟེང་ངོས་ནས་རླུང་། གཤོག་པ་ནས་མེ། ཀ་བའི་ངོས་གཉིས་ནས་ཆུ། འོག་གི་ཆ་ནས་ས་རླུང་སྟེ། ཕྱོགས་བཞི་དབུས་དང་བཅས་པ་ལས་འབྱུང་ལྔའི་རླུང་འབབ་པར་བཤད་དོ། །དེ་དག་ནི་ཕྱི་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཏེ། རྩ་རླུང་ཐམས་ཅད་ཀྱི་བསྐྱེད་སྡུད་ཀྱི་གནས་སྙིང་གའི་རྩ་རླུང་གི་དྭངས་མ་ནི་དཀྱིལ་དང་། ཡན་ལག་གི་རྩ་རླུང་རྣམས་ནི་འཁོར་རོ། །གཉིས་པ་ནང་བྱང་སེམས་ཀྱི་དཀྱིལ་འཁོར་ལ། ཡེ་ཤེས་ཀྱི་དང་། རྣམ་ཤེས་ཀྱི་ཐིག་ལེའོ། །དང་པོ་ནི། ཐིག་ལེ་ཐམས་ཅད་ཀྱི་རྩ་བ་རྒྱུ་རྒྱུད་ཀྱི་རྟེན་དུ་གྱུར་པ་ཡེ་ཤེས་སྙིང་པོའི་ཐིག་ལེའམ་མི་ཤིགས་པའི་ཐིག་ལེ་ཞེས་བཤད་པ་གང་ཡིན་པ་སྟེ། སྟོང་གསལ་འགག་མེད་ཀྱི་ངོ་བོར་བཞུགས་པའོ། །གཉིས་པ་ལ། རྒྱུད་གཞན་གྱི་ལུགས་ཀྱིས་གོ་དོན་སྤྱིར་བསྟན་པ་དང་། རྒྱུད་འདིའི་དགོས་ཆོས་ཀྱི་ངེས་པ་བཤད་པ་གཉིས། དང་པོ་ནི། རླུང་སྔགས་རྫས་ཀྱི་ཐིག་ལེ་གསུམ་གསུངས་ཏེ།སྙིང་གའི་མི་ཤིགས་པའི་ཐིག་ལེའི་ངེས་པས། རླུང་གི་བྱེད་བཅིངས་ལས་གཟུང་འཛིན་གྱི་སྣང་བ་རང་གྲོལ་དུ་གྱུར་པ་ནི་རླུང་ཐིག །སྣ་རྩེར་ཐིག་ལེ་ལ་ལྷའི་མཚན་མ་བསྒོམས་པས་ཐ་མལ་གྱི་སྣང་ཞེན་ལས་ཡིད་སྐྱོབ་པའི་ཕྱིར་སྔགས་ཐིག །འོག་གི་སྣ་རྩེར་ཐིག་ལེ་བསྒོམ་པ་ལས་བདེ་བ་འཆར་བ་སོགས་རྫས་ཐིག་གོ། །དེའང་ཕྱི་མ་ཅུང་ཟད་བཤད་ན། ཁམས་དཀར་དམར་གཉིས་ལས་དྭངས་སྙིགས་གཉིས་སུ་གྱུར་ཏེ། སྤྱི་བོར་ཕ་ལས་ཐོབ་པའི་དཀར་ཆ་ཧཾ་གི་རང་བཞིན་དང་། ལྟེ་འོག་རྩ་གསུམ་འདུས་མདོར་མ་ལས་ཐོབ་པའི་དམར་ཆ་ཨ་ཐུང་གི་རང་བཞིན་ཏེ། ལུས་ཀྱི་དཀར་ཆ་དང་དམར་ཆ་ཐམས་ཅད་ཀྱི་བདག་པོར་གྱུར་པ། དབུ་མའི་ཆ་ལ་བརྟེན་པ། རྣམ་ཤེས་ཀྱི་རྟེན་བྱེད་པའོ། །དེ་ལས་ཀྱང་དྭངས་སྙིགས་གཉིས་སུ་འགྱུར་ཏེ། མངལ་དུ་མའི་རྩ་དང་འདྲེལ་པས་བསྐྱེད་ཅིང་། བཙས་ནས་བཟའ་བཏུང་རྣམས་འཕོ་བར་བད་ཀན་གྱིས་མྱགས་པར་བྱེད། མཁྲིས་པས་མདོག་འགྱུར། རླུང་མེ་མཉམ་སྟེ་མེ་དྲོད་


DNG010_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱིས་སྦར་བཞུ་མྱགས་པར་བྱས་པས།དྭངས་མ་མཆིན་པར་ཁྲག་ཏུ་གྱུར་ཏེ། རྩ་ལ་བརྒྱུད་ནས། དེ་ཤ །རིམ་པར་ཚིལ། རུས། རྐང་། བྱང་སེམས། དེས་སྟོབས་དང་མདངས་སུ་འགྱུར་ལ། དེ་རྣམས་ཀྱི་སྙིགས་མ་ནི་རིམ་བཞིན་དུ། དྲི་ཆེན་དང་། མཁྲིས་པ་དང་།པགས་པ་དང་། རྨེན་བུ་དང་། སོ་སེན་དང་། སྦུབས་ཀྱི་དྲི་མ་མཆིལ་སྣབས་ལ་སོགས་པ་དང་། དགའ་བའི་མཐར་འཛག་པ་སྟེ། ལུས་ཟུངས་བདུན་ཞེས་གྲགས་ཤིང་། དེ་དག་གི་རྣམ་དབྱེ་ཡང་། སྤྱི་བོ་མི་ཕྱེད་མ་ནས་སོ་སེན་འབབ་པ་སོགས་ཁམས་ཉི་ཤུ་རྩ་བཞི། དེ་རེ་རེ་ལའང་ཐིམ་ལོངས་བདག་པོ་གསུམ་དུ་ཕྱེ་བས་ཁམས་བདུན་ཅུ་རྩ་གཉིས། དེ་སྟོང་གིས་ཕྱེ་བས་སྟོང་ཕྲག་བདུན་ཅུ་རྩ་གཉིས། དེ་སྟོང་གིས་ཕྱེ་བས་བྱེ་བ་ཕྲག་བདུན་ཅུ་རྩ་གཉིས་སོགས་རྩ་ཇི་སྙེད་པར་རླུང་། རླུང་ཇི་སྙེད་པར་ཐིག་ལེས་ཁྱབ་པར་གསུངས་སོ། །རྣལ་འབྱོར་མའི་རྒྱུད་ལས་ཁམས་ཉེར་བཞིའི་སྟེང་དུ་རྩའི་གཙོ་མོ་གསུམ་དང་། སུམ་སྒྲིལ་མ་ལ་སོགས་ཏེ་ལྔ་བསྣན་ནས་སོ་གཉིས་སུ་གསུངས་ཏེ། ཧེ་རུ་ཀ་གལ་པོ་ལས། ལུས་ལ་བྱང་ཆུབ་སེམས་རྒྱུ་བའི། །རྩ་ནི་སུམ་ཅུ་རྩ་གཉིས་ཏེ། །ཞེས་སོ། །དེའི་སྟེང་དུ་རྩ་བའི་རླུང་ལྔ་རྒྱུ་བའི་སྲོག་ཆེན་པོ་མ་གཏོགས་པའི་བཞི་བསྣན་ནས་སུམ་ཅུ་རྩ་དྲུག་ཏུ་བཤད་པའང་སྣང་ངོ་། །དེ་དག་ཀྱང་འཁོར་ལོ་བཞིར་དགའ་བཞིའི་འགྲོས་ཀྱིས་ཡེ་ཤེས་དང་རྗེས་སུ་འདྲེལ་པར་འཕོ་བ་དང་། ལུས་ལ་ཟུངས་སམ་ནུས་པའམ་གནད་ཀྱི་ངོ་བོ་ཉིད་ཏུ་རྣམ་ཤེས་དང་རྗེས་སུ་འདྲེལ་པར་འཕོ་བ་བླ་གནས་ཞེས་གྲགས་པ་དག་སྟེ་གོ་དོན་སྤྱིར་བཤད་པའོ། །གཉིས་པ་ནི། རྒྱུད་འདིར་ཡང་། རླུང་སྔགས་རྫས་ཀྱི་ཐིག་ལེ་གསུམ་དོན་ལ་ཚང་མོད་ཀྱི། འོན་ཀྱང་ཐ་སྙད་འདྲེལ་ཆགས་སུ་གསུངས་པ་མི་སྣང་ངོ་། །དེས་ན་འདིར་ཐིག་ལེ་འཆིང་བའི་གཉེན་པོའི་མན་ངག་དང་འདྲེལ་པར་ཆེ་ལོང་ཙམ་གསུངས་པ་ལས་ཁྱད་པར་གྱི་དགོས་ཆོས་དག་འཆད་པར་འདོད་དོ། །དེ་ཡང་སྙིང་ལྟེ་མགྲིན་པ་སྤྱི་བོའི་ཐིག་ལེ་བཞི་


DNG010_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

ལས། ཐོག་མར་ཡེ་ཤེས་ཀྱི་ཐིག་ལེའི་ངེས་པ་ལས་སྙིང་གར་དྭངས་མ་ལྔའི་དབུས་ན་ཡེ་ཤེས་སྙིང་པོའི་ཐིག་ལེ་ཡི་གེ་ཝཾ་གྱི་རང་བཞིན་དུ་བཞུགས་པ་ལྟར་བསྒོམ་པའོ། །དྭངས་མ་ལྔ་གང་ཞེ་ན། དབང་གི་གལ་པོ་ལས། རྩ་བཞི་འོད་བཞི་ས་བོན་དྲུག །མདོར་བསྡུས་སྙིང་པོ་ཆོས་ཀྱི་སྐུ། །ཞེས་པའི་རྩ་བཞི་ནི་གསང་ཐིག་གི་འགྲེལ་པ་ལས། གསུམ་ཆོས་ཉིད་ཀྱི་རྩ། གཅིག་ཡེ་ཤེས་ཀྱི་རྩ། གསུམ་རང་རྒྱུད་ཀྱི་རྩ། གཅིག་ཡོན་ཏན་གྱི་རྩ། དེ་ལྟར་བརྒྱད་དུ་ཤེས་པར་བྱའོ། །ཞེས་སྙིང་དབུས་ཀྱི་རྩ་བརྒྱད་པོ་རྩ་བཞིར་འདུ་ཞིང་། དེ་དག་འོད་བཞི་དང་དབྱིབས་བཞིར་གནས་པ་ལ། རྣམ་ཤེས་ཚོགས་བརྒྱད་དང་། སྦྱང་བྱ་རིགས་དྲུག་གི་ཡི་གེ་སྦྱོང་བྱེད་འབྲུ་གསུམ་གྱིས་མནན་ནས་གནས་པར་བཤད་དེ། དཔེ་ཆུང་རང་གནས་ལས། ཆོས་ཉིད་ལྷ་མིན་དུད་འགྲོ་ཟླུམ། །ཀུན་གཞི་ཨོཾ་གི་སྙིང་པོར་ལྡན། །ཡེ་ཤེས་ལྷ་མི་གྲུ་བཞི་ཡིད། །སྙིང་པོ་ཧཱུཾ་ནི་བདེ་གཤེགས་ཐུགས། །ཡོན་ཏན་དམྱལ་བ་ཡི་དྭགས་ཨཱཿ། །ཟླ་གམ་གསུང་གི་རང་བཞིན་ཡིན། །དམར་ནག་གདོང་ལ་ལྐོག་ཞོལ་དབྱིབས། །དེ་ནི་བླུན་རྨུགས་སྣོད་ཡིན་ཏེ། །ཤེས་པ་གསུམ་ལ་སྙོམས་པར་འགེབས། །དྲག་པོ་ཉིད་དུའང་བཤད་པར་བྱ། །ཞེས་དང་། དེའི་འགྲེལ་པར། ཆོས་ཉིད་ཡེ་ཤེས་ཡོན་ཏན་དང་། །རང་རྒྱུད་བཞི་ལ་ཡན་ལག་བརྒྱད། །ཅེས་པས་དང་པོ་མདུན་ན་ཡོད་དེ། སྐྱེ་བ་མེད་པར་རང་སྣང་བའི་ལས་བྱེད་དོ། །གཉིས་པ་གཡས་ན་ཡོད་དེ། ཡེ་ཤེས་འཆར་བའི་ལས་བྱེད་དོ། །གསུམ་པ་གཡོན་ན་ཡོད་དེ། དེས་མངོན་པར་ཤེས་པ་དང་། འབྲས་བུ་རྣམས་སྣང་བར་བྱེད་དོ། །བཞི་པ་རྒྱབ་ན་ཡོད་དེ། ཤེས་པ་རྣམས་རྨོངས་ཤིང་འཇོམས་པའི་ལས་བྱེད་དོ། །ཞེས་དང་། འོད་བཞིའང་དབྱིབས་དང་བསྟུན་ནས་རིམ་པར་སྦྱོར་ཏེ། དེ་ལས། འོད་དཀར་པོ་ཟླུམ་པོ་དང་། མཐིང་ག་གྲུ་བཞི་དང་། དམར་པོ་ཟླ་གམ་དང་། དམར་ནག་གྲུ་གསུམ། ཞེས་སོ། །རྩ་བཞིའི་དབུས་ན་འབྱུང་བ་ས་ཆུ་རླུང་མེ་མཁའ་ལྔའི་དྭངས་མ་རྩ་ཁྲག་དབུགས་དྲོད་འོད་ཀྱི་རྣམ་པར་གནས་ཏེ། དཔེ་ཆུང་


DNG010_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

ལས། དར་བཀུད་མཚལ་ཁུ་གསེར་གྱི་རླངས། །ཉི་ལྡན་མེ་ལོང་ངད་དག་ནི། །འབྱུང་བ་བཞི་ཡི་དྭངས་མ་སྟེ། །བདེ་བའི་དྭངས་མ་ནམ་མཁའི་ཁམས། །ཞེས་སོ། །དེ་ལྟར་དྭངས་མ་ལྔ་འདུས་ཀྱི་དབུས་ན་ཡེ་ཤེས་སྙིང་པོའི་ཐིག་ལེ་ཡེ་ནས་གནས་པ་དེ། ཡུམ་ལྔ་སྐུ་ལྔ་ཡེ་ཤེས་ལྔའི་ངོ་བོར་ཡེ་ནས་རང་ཆས་སུ་ལྡན་པའོ། །དེའང་གསལ་སྒྲོན་མི་འཇིགས་ཕྲེང་བ་ལས། དེ་དབུས་སྤྲོས་མེད་ཐིག་ལེ་ནི། །ངོ་བོ་ཉིད་སྐུ་དེ་ཚུལ་ནི། །གསེར་སྦུབས་རིན་ཆེན་ཟེའུ་བཅུག་ལྟར། །ཕྱི་ནང་མེད་གསལ་རང་བྱུང་སྟེ། །ཞེས་གསུངས་སོ། །ཡང་ལྟེ་བའི་རྩ་འདབ་རེ་བཞིའི་དབུས་ན་དབྱིངས་ཕྱུག་ལྔའི་ཐིག་ལེ་ཞེས་བྱ་བ་ཀུན་ཏུ་བཟང་མོའི་རང་བཞིན་ཡི་གེ་ཨའི་རྣམ་པར་བཞུགས་ཏེ། གསང་ཐིག་ལས། གསང་བའི་ཤེས་རབ་ཐིག་ལེའི་དབྱིངས། །བཅུ་དྲུག་བཞི་ཡི་དཀྱིལ་ན་བཞུགས། །ཞེས་སོ། །མགྲིན་པའི་འཁོར་ལོའི་དབུས་ན་མཁའ་འགྲོ་མ་རྔམ་མ་ཞེས་བྱ་བ་ཡི་གེ་ཨཾ་གྱི་དབྱིབས་སུ་གནས་པ་སྟེ། དབང་གི་གལ་པོའི་རང་འགྲེལ་ལས། རང་བཞིན་གྱི་མཁའ་འགྲོ་མ་རྔམ་མ་ཞེས་བྱ་སྟེ། ཅིར་ཡང་གནས་པ་མེད་པར་ལོངས་སྤྱོད་ཐམས་ཅད་ལ་རོལ་པ་ནི་ལྕེ་སྟེ། ཕྱི་ནང་ཀུན་བརྡའ་སྤྲོད་པར་བྱེད་པས་ཁྱབ་མ་ཞེས་ཀྱང་གསུངས་སོ། །ཞེས་སོ། །སྤྱི་བོའི་འཁོར་ལོའི་དབུས་ན་ཀུན་ཏུ་བཟང་པོའི་ཐིག་ལེ་ཧཾ་ཡིག་དཀར་པོ་མགོ་མཐུར་བསྟན་གྱིས་གནས་པ་སྟེ། ཐལ་རྒྱུད་ལས། མི་འགྱུར་བརྟན་པའི་ཐིག་ལེ་ཉིད། །ཧཾ་ཡིག་སྙིང་པོ་བྱང་ཆུབ་སེམས། །ཞེས་སོ། །ལྟེ་འོག་ན་གཏུམ་མོ་མེའི་རང་བཞིན་རཾ་དང་། སྦར་བྱེད་རླུང་འཁོར་ལ་ཡཾ་ཡིག་དང་བཅས་པའོ། །ཁྱད་པར་ཁོག་གཞུང་ལས། ཟབ་ཕྱིར་བྱང་སེམས་དཀྱིལ་འཁོར་ནི། །ཞེས་སོགས་ནས། ངོ་བོ་གསང་བའི་ཁམས་གསུམ་མོ། །ཞེས་པའི་བར་དང་། རྡོ་རྗེ་ལས་རིམ་ལས།བཅོ་བརྒྱད་ཁམས་གསུམ་སྙིང་པོ་ཉིད། །ཞེས་པས་ཁམས་བཅོ་བརྒྱད་དང་།གསང་བའི་ཁམས་གསུམ་སྟེ་ཉི་ཤུ་རྩ་གཅིག་གོ། །དང་པོ་ནི། རྒྱུད་ཕྱི་མ་ལས། ཡུལ་དང་དབང་པོ་རྣམ་པར་ཤེས། །ཐམས་ཅད་གསུམ་དྲུག་འདྲ་དུ་ཕྱེ་བ་ཡིས། །ཁམས་ནི་བཅོ་བརྒྱད་དག་ཏུ་བཤད། །


DNG010_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་སོ། །གཉིས་པ་ནི། ཡབ་ཡུམ་གྱི་གསང་བའི་སྙིང་པོ་དང་། གཉིས་སུ་མེད་པའི་ལྷག་པ་བྱང་ཆུབ་ཀྱི་སེམས་གསུམ་ནི། འཁོར་འདས་ཀྱི་ཆོས་ཀུན་གྱི་གཞིར་ལྡན་ཏེ། དེ་ཡང་ཟག་པ་དང་བཅས་པའི་སེམས་ནི་ལུས་ཀྱི་ས་བོན་ཅན་ཡིན་ལ། ལུས་ཀྱི་ཟག་པ་ས་བོན་བྱང་ཆུབ་ཀྱི་སེམས་ཡིན་ཏེ། དེའི་ཕྱིར་ཁུ་བའི་ཟག་པ་དང་བྲལ་བའི་ཉོན་མོངས་པའི་ཟག་པ་ཅན་ནི་མི་སྲིད་སྟེ། གཟུགས་མེད་ཀྱི་ཁམས་ནའང་། འབྱུང་ཆེན་ལྔ་དང་འདོད་ཡོན་ལྔའི་ཟག་པའི་ནང་ནས། སྟོང་པ་དང་སྒྲའི་ཟག་པ་གཉིས་མངོན་གྱུར་དང་།ལྷག་རྣམས་ས་བོན་དུ་ཡོད་པར་བཤད་པའི་འཁོར་བའི་གཞི་དང་། ཟག་མེད་ཀྱི་ཆོས་ནི། གཉིས་མེད་ཀྱི་ཡེ་ཤེས་སྐྱེ་བའི་གཞིར་གྱུར་པས་འདས་ཆོས་ཀྱི་ཡོན་ཏན་ཐམས་ཅད་རྫོགས་སུ་རུང་བའི་ཕྱིར་རོ། །དེའང་སྤྱན་འགྲེལ་ལས། གསང་སྔགས་ཕྱི་པ་གསུམ་དང་། བསྟན་བཅོས་ཀྱི་གཙུག་ལག་ལས་ཡུལ་དབང་པོ་ཤེས་པ་དྲུག་གསུམ་བཅོ་བརྒྱད་དུ་བསྟན་ནས་ཆེ་བ་འདོན་པའི་ཕྱིར་གཏན་ཚིགས་གཉིས་ཀྱིས་ཁམས་ཉི་ཤུ་རྩ་གཅིག་ཏུ་བསྟན་པ་ནི། གསང་བའི་གསུམ་བསྣན་པའོ། །ཞེས་དང་བཅོ་བརྒྱད་ཀྱི་རྩ་བ་ཕྱག་རྒྱའི་ཡོན་ཏན་རིལ་དང་བར་བྱེད་པའི་རྟེན་གྱི་ལས་ཅན་རྡོ་རྗེ་དང་། ཡོན་ཏན་གྱི་ཚོགས་དང་ལྡན་པའི་པདྨ་དང་། རླུང་གི་ཐབས་མཉམ་དུ་གྱུར་པ་ལས་སྐྱེས་པའི་ཡེ་ཤེས་ནི། རྟེན་དང་བརྟེན་ཅན་གྱི་སྒོ་ནས་ནང་དང་གསང་བའི་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཏེ། ཞེས་སོ། །དེ་དག་ལ་ནང་བྱང་སེམས་ཀྱི་དཀྱིལ་འཁོར་ཞེས་གྲགས་ཏེ། སྔར་ཕྱིའི་སྐབས་སུ་བཤད་པ་ལྟར་དང་། ཁམས་གསུམ་སྙིང་པོ་དང་བཅོ་བརྒྱད་འཁོར་དུ་ལས་རིམ་ལས་གསུངས་སོ། །གསུམ་པ་གསང་བ་བྱང་སེམས་བདེ་བའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ནི། སྟེང་སྒོ་འཁོར་ལོ་འཇུ་འདུལ་དང་། འོག་སྒོ་ཐིག་ལེ་དྲོད་དབབ་ཀྱི་གནད་ཀྱིས་འཕོ་མེད་དུ་བཅིངས་པ་ལས་བདེ་བའི་ཡེ་ཤེས་ཉམས་སུ་མྱོང་བའོ། །དེ་ཡང་དགྱེས་པ་རྡོ་རྗེ་ལས། དཀྱིལ་ནི་སྙིང་པོ་ཞེས་བརྗོད་དེ། །བྱང་ཆུབ་སེམས་ནི་བདེ་ཆེན་ནོ། །ལེན་པར་བྱེད་པས་དཀྱིལ་འཁོར་ཉིད། །འདུས་པ་དཀྱིལ་འཁོར་


DNG010_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དུ་བརྗོད། །ཅེས་གསུངས་པ་ལྟར་རོ། །བདུན་པ་ཚོམ་བུ་ཚོགས་ཀྱི་དཀྱིལ་འཁོར་ནི། གང་ཞིག་རྟེན་དང་གང་ཟག་དང་ཡོ་བྱད་ཁྱད་པར་ཅན་ཚོགས་པ་སྟེ། ཁོག་གཞུང་ལས། ཚོགས་ནི་འབྱོར་པ་རྣམ་པ་གསུམ། །ཚོམ་བུ་གཅིག་གསུམ་ལྔ་པའོ། །དེ་རེ་རེའང་སྐབས་ཀྱིས་གསུམ་གསུམ་སྟེ།སྐལ་ལྡན་མི་དང་དགྱེས་ལྡན་ལྷ། །འབྱོར་ལྡན་ཡོ་བྱད་ལྔ་སོགས་སོ། །ཞེས་པས་དབྱེ་ན་སྐལ་ལྡན་མིའི། འབྱོར་ལྡན་ཡོ་བྱད་ཀྱི། དགྱེས་ལྡན་ལྷའི་ཚོགས་གསུམ་གྱི་སྟེང་དུ་ཚོགས་ཆེན་པོ་བསྣན་པས་བཞིའོ། །དང་པོ་ནི། གང་ཐབས་ཤེས་ཟུང་དུ་འདྲེལ་པའི་སྐྱེ་བོ་དམ་པ་འདུས་པ་སྟེ། བཤད་རྒྱུད་རྡོ་རྗེ་ལས། སྐྱེ་བོ་མཛའ་བ་ཀུན་ཚོགས་པ། །རྣལ་འབྱོར་འདུས་པའི་ཚོགས་ཞེས་བྱ། །ཞེས་སོ། །གཉིས་པ་ནི། ཁྱད་པར་གྱི་ཡོ་བྱད་ལྔ་ལ་སོགས་པ་ཚོགས་པ་སྟེ། དེ་ལས།རྣལ་འབྱོར་ཡོ་བྱད་ཚང་བས་ན། །བདེ་བ་ལོངས་སྤྱོད་ཚོགས་སུ་བཤད། །ཅེས་སོ། །གསུམ་པ་ནི། རྟེན་དང་བརྟེན་པར་བཅས་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་སྲུང་མ་དང་བཅས་པ། དངོས་གྲུབ་ཀྱི་རྟེན་དུ་གཟུགས་བརྙན་བཀོད་ཅིང་བསྒོམ་པ་ལ་སོགས་པ་སྟེ། དེ་ལས། ལྷ་དང་དམ་ཅན་ཀུན་འདུས་པ། །འདུས་པ་ཆེན་པོའི་ཚོགས་སུ་བཤད། །ཅེས་སོ། །བཞི་པ་ནི། དེ་དག་ལ་མ་འགགས་པར་སྤྱད་པས་བསོད་ནམས་དང་། སྤྱོད་བཞིན་དུ་མི་དམིགས་པའི་ཤེས་རབ་ཀྱིས་ཟིན་པས་ཡེ་ཤེས་ཀྱི་ཚོགས་རྫོགས་པ་ནི་ཚོགས་ཆེན་པོ་སྟེ། དེ་ལས། ཐམས་ཅད་སྤྱོད་ལ་མི་འཛིན་པ། །ཚོགས་གཉིས་རྒྱུན་དུ་རྫོགས་བྱེད་པས། །ཚོགས་ཆེན་པོ་རུ་ངེས་པར་བཤད། །ཅེས་སོ། །དེ་དག་གི་ལས་ཀྱི་རིམ་པ་ནི། ལས་རིམ་ལས། གཞི་དང་གཞུང་གིས་རྫོགས་པར་འགྱུར། །ཕུན་སུམ་ཚོགས་པ་ལྔ་བཞི་ལ། །བསྙེན་སྒྲུབ་བཞི་ཡི་གཞུང་བསྲང་བའང་། །གང་དག་མོས་པའི་བཞིན་དུ། །ཞི་དང་ཁྲོ་བོས་བསྒྲུབ་པར་བྱ། །ཞེས་པས། ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་བཟུང་བ། བསྙེན་སྒྲུབ་བཞིས་གཞུང་བསྲང་བ། འབྲས་བུ་རིག་འཛིན་འགྲུབ་པའི་དུས་བཤད་པའོ། །དང་པོ་ནི། དེ་ལས།


DNG010_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་སྔ་མ་གནས་དང་དུས། །ཡོ་བྱད་སྟོན་འཁོར་སྒྲུབ་པ་པོ། །སྒྲུབ་ཐབས་ཕུན་སུམ་ཚོགས་པ་ཡི། །གཞི་དང་སྦྱར་བས་གཞུང་རྫོགས་བྱ། །ཞེས་པས། གང་དུ་སྒྲུབ་པའི་གནས། གང་གི་ཚེ་སྒྲུབ་པའི་དུས། གང་ལ་བརྟེན་ནས་སྒྲུབ་པའི་ཡོ་བྱད།གང་གིས་སྒྲུབ་པའི་སྒྲུབ་པ་པོ། གང་བསྒྲུབ་པར་བྱ་བའི་ཐབས་ཕུན་སུམ་ཚོགས་པའོ། །དང་པོ་ལ། གནས་བཙལ་བ་དང་། རྙེད་ནས་གནས་ཁང་བཅའ་བའོ། །དང་པོ་ནི། ལམ་རིམ་ལས། སྡེ་དཔུང་ཆེན་པོས་མི་ཚུགས་ཤིང་། །ས་དང་བར་སྣང་ཤིས་པ་དང་། །ལོ་རྒྱུས་རྣམ་གཉིས་ལྡན་པ་ཡི། །ཡིད་འོང་ས་བཙལ་རྒྱས་པར་བྱ། །ཞེས་སོ། །གཉིས་པ་ནི། དེའི་འཕྲོས་ལས། རྙེད་ནས་ཚོམ་བུའི་གྲངས་བཞིན་དུ། །ཆེ་ཆུང་རྐྱེན་དུ་འཚམས་པར་བྱ། །བསྐོར་ཁང་ཕྱི་ནང་བར་ལྡན་པ། །ཞེས་པས། དེར་ཁང་པ་སུམ་ཐོག་ཕྱི་ནང་རིམ་པ་གསུམ་པ་བརྩིགས་པའི་ཕྱིར་གཡོས་སྦྱོར། བར་དུ་སྒྲུབ་ཁང་། ནང་དུ་སྦྱོར་སྒྲོལ་བྱེད་པའོ། །གཉིས་པ་ནི། འདི་ཉིད་ལས། བསྒྲུབ་པའི་ཞག་དང་ཚེས་གྲངས་ནི། །རྒྱུད་ལས་སྨོས་པ་བཞིན་དུ་བཤད། །ཅེས་ཁ་འཕང་སྟེ། དེ་ཡང་སྒྲུབ་པ་ལ་འཇུག་པའི་དུས་ནི། རྒྱས་པ་ལས། ཚེས་གྲངས་ཡར་གྱི་བརྒྱད་ལ་བརྩམ། །ཤིན་ཏུ་སྐར་མ་རྒྱལ་རྣམས་ལ། །བྱང་ཆུབ་སྤྱད་པ་ཆེར་སྤྱོད་པ། །གསང་མཆོག་དངོས་གྲུབ་མྱུར་བའི་ཕྱིར། །གཟའ་སྐར་ཤིས་པ་བླང་བར་བྱ། །ཞེས་དང་། རྔམ་གློག་ལས་ཀྱང་། རིག་བྱེད་དག་གི་ཡན་ལག་ལས། །དུས་རྣམས་ཤེས་པར་བྱ་བ་ནི། །བཀྲ་ཤིས་ལྷ་ཡི་ཉི་མ་དང་། །འབྱོར་དང་དུས་ཚོད་བཟང་བ་ནི། །མཚན་མའི་རྟོག་པ་ཡིན་མོད་ཀྱང་། །བརྟགས་ན་དངོས་གྲུབ་མཚན་མ་འབྱུང་། །ཞེས་སོ། །འབྲས་བུ་འགྲུབ་པའི་དུས་ནི། འདི་ཉིད་ལས། ཞག་ནི་སུམ་ཅུ་ཕྲག་དྲུག་གམ། །ཞེས་སོགས་ཏེ་འོག་ཏུ་སྟོན་ནོ། །འདིར་ཁ་ཅིག་ན་རེ། ཁྱེད་ཀྱི་གསང་བ་སྙིང་པོ་འདི་རྒྱུད་མ་ཡིན་ཏེ། རྒྱུད་ལ་ཁ་འཕངས་པས་སོ་ཟེར། དེ་ལྟར་ན་ཁྱེད་རང་རྒྱུད་དུ་འདོད་པའི་འཇམ་དཔལ་སྒྱུ་དྲ་དང་། དགྱེས་རྡོར་དང་། མཁའ་


DNG010_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་མ་ཀུན་སྤྱོད་ཀྱི་རྒྱུད་ལ་སོགས་པའང་རྒྱུད་མ་ཡིན་པར་འགྱུར་ཏེ། རིམ་པ་ལྟར། རྒྱུད་ཆེན་སྒྱུ་འཕྲུལ་དྲ་བ་ལས། །ཞེས་དང་། ཇི་ལྟར་དེ་ཉིད་བསྡུས་པ་ཡི། །དཀྱིལ་འཁོར་ཆོ་ག་བཞིན་དུ་བྱ། །ཞེས་དང་། རྒྱུད་དུ་སྦས་པ་འདིར་བཤད་བྱ། །ཞེས་རྒྱུད་གཞན་ལ་ཁ་འཕངས་པའི་ཕྱིར་རོ། །གསུམ་པ་ནི། འཚོ་བ་ཟས་ཀྱིས། རྐྱེན་ཟློག་སྨན་གྱི། སྒྲུབ་པ་རྫས་ཀྱི། མཆོད་པ་རྫས་ཀྱི་ཡོ་བྱད་རྣམས་ཚང་བར་བསོག་པ་སྟེ། ལམ་རིམ་ལས། གོས་རྒྱན་བཟའ་བཏུང་གསང་བ་དང་། །སྒྲུབ་པའི་ཡོ་བྱད་ལྔ་རྣམས་དང་། །དཀྱིལ་འཁོར་ཡོ་བྱད་མཆོད་པའི་རྫས། །དངོས་གྲུབ་བརྟེན་དང་བར་ཆད་བཟློག །ཡོ་བྱད་དག་པ་བསྡུ་བྱ་སྟེ། །ཞེས་སོ། །དེ་ཡང་ཡོ་བྱད་ཚོ་གསུམ་དུ་བཅད་དེ། ཆ་གཅིག་གིས་སྔོན་དུ་མཆོད་སྦྱིན་བྱ། ཆ་གཅིག་མཇུག་ཏུ་དགའ་སྟོན་གྱི་ཕྱིར་བཞག །ཆ་གཅིག་རཾ་ཡཾ་ཁཾ་གིས་སྦྱངས་ལ་ཏྲཱཾ་ལས་འདོད་ཡོན་དུ་བྱིན་གྱིས་རློབས་ཏེ་སྒྲུབ་པའི་ཆ་རྐྱེན་དུ་བྱེད་པའོ། །དེའང་སྔ་མའི་འཕྲོས་ལས། ཚོ་གསུམ་བཅད་ལ་བྱིན་གྱིས་རློབས། །ཞེས་སོ། །བཞི་པ་ལ། གང་གིས་སྒྲུབ་པའི་སྟོན་པ་དང་། གང་དུ་ལྷན་ཅིག་ཏུ་སྒྲུབ་པའི་འཁོར་གཉིས། དང་པོ་ནི། ལམ་རིམ་ལས། སྟོན་པ་མཛོད་ལྡན་ཆུ་བོ་རྫོགས། །གཉེར་ལྡན་རྒྱུད་དང་ལས་ལ་མཁས། །མན་ངག་དྲོད་འཆང་བརྒྱད་འཆང་བ། །རྣལ་འབྱོར་མཐར་ལྡན་ཤིན་ཏུ་བསྟེན། །ཞེས་པའི་རང་བཞིན་བརྒྱད་ལྡན་ནོ། །གཉིས་པ་ནི། སྤྱིར་ཡོན་ཏན་དྲུག་དང་ལྡན་པའི་འཁོར་ཏེ། འདི་ཉིད་ལས། སྟོན་པ་སྒོ་གསུམ་གྱིས་མཆོད་བརྩོན་རྟོགས་པ་ནི་ བལྟ་བ་བསྒོམ་པ་གསལ། །དམ་ཚིག་སྔགས་དང་ཕྱག་རྒྱ་རྣམས། །མ་ཉམས་ཤེས་ ཤིང་ཡོ་བྱད་ལྡན། །ཞེས་སོ། །ཁྱད་པར་སློབ་དཔོན་དང་དགོངས་པ་མཉམ་པའི་རྡོ་རྗེ་རྒྱལ་ཚབ་དང་། སྐད་གདངས་ཆེ་ཞིང་ལས་ཁྲིགས་མཁས་པའི་རྡོ་རྗེ་ལས་མཁན་དང་། སྦྱོར་བའི་སྒྱུ་རྩལ་ཤེས་པའི་ལས་བཞིའི་གཟུངས་མ་དང་།མི་མ་ཡིན་མཐོང་བའི་མིག་རྣོན་གྱིས་ཉུལ་ལེ་མ་ཤེས་ཤིང་བཟློག་ནུས་པའི་རྡོ་རྗེ་སྤྱན་པ་དང་། དྲོད་འཛིན་པའི་རྡོ་རྗེ་བྱ་རོག་དང་། སྒྲོལ་


DNG010_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ལས་ལ་མཁས་པའི་ཀིཾ་ཀ་ར་དང་། གཡོས་ལ་མཁས་པའི་བྱན་པོ་དང་། ཕྱི་ནང་གི་བརྡ་སྦྱོར་མཁས་པའི་རྡུལ་ཕྱགས་སྐྱེས་བུ་སོགས་ཚོམ་བུར་འདྲེལ་པའི་འཁོར་ཕུན་སུམ་ཚོགས་པ་སྟེ། ལམ་རིམ་ལས། རྒྱལ་ཚབ་རྒྱལ་པོར་མཚུངས་པ་དང་། །ཀརྨ་གདངས་ཆེན་ཕྲེང་བར་ལྡན། །ལྗོན་ལྕུག་སྡོང་གཅིག་མེས་ཀྱང་རེག་མཚན་རྫོགས་དང་། །རྣལ་འབྱོར་མིང་སྲིང་བརྩེ་གདུང་ལྡན། །ཚོམ་བུ་ལྔའམ་ཟུང་གིས་སྒྲུབ། །ཅེས་དང་། ཚོགས་ཀྱིས་འཁོར་ལོ་ཐུགས་ཀྱི་སྒྲུབ་པ་ལས། མདོར་ན་ཚབ་ཀར་ཕྱག་རྒྱ་དང་། །ཉུལ་དང་བྱ་རོག་སྤྱན་པ་དང་། །རྡུལ་ཕྱགས་ལ་སོགས་ཡོན་ཏན་ལྡན། །ཞེས་སོ། །སྤྱིར་ཇི་ཙམ་འཚོགས་པའི་ཚད་ནི། རྣལ་འབྱོར་པ་ལྷ་གྲངས་དང་མཐུན་པར་འདུ་ནའང་། གྲངས་གཅིག་ཏུ་མ་ངེས་ཏེ། གསང་རྒྱུད་ལས། འདུས་པ་ཆུང་ལ་གཉིས་དྲུག་བཅུ། །འབྲིང་ལ་དཀྱིལ་འཁོར་གྲངས་ཡིན་ཏེ། །ཆེན་པོ་རབ་ཏུ་མང་པོའོ། །ཞེས་པས་འདུས་པ་ཆུང་ངུའི་ཚེ་ཚོམ་བུ་གཅིག་གསུམ་ལྔ་པའི་གཙོ་བོ་ཡབ་ཡུམ་ཙམ་འཚོགས་པ་སྟེ། གཉིས་དང་། དྲུག་དང་། བཅུ་ཚང་བའོ། །འབྲིང་ལ་ལྷ་གྲངས་དང་མཉམ་པ་སྟེ། བཅོ་བརྒྱད་དང་། ཞེ་བཞིའི་སྒོ་ནས་སྒྲུབ་པའི་ཐབས་ཕུན་སུམ་ཚོགས་པ་ཤེས་པར་བྱའོ། །དེས་ན་སྒྲུབ་པའི་མཐུན་རྐྱེན་གྱི་ཡན་ལག་ཐམས་ཅད་ཚོགས་པར་བྱས་ནས་བསྒྲུབས་ན་གདོན་མི་ཟ་བར་འགྲུབ་པ་ཉིད་དེ། འདི་ཉིད་ལས། གནས་དང་ལོངས་སྤྱོད་ཅི་བདེ་དང་། །མ་ཉམས་བློ་ནི་རབ་ལྡན་པས། །དང་པོར་དམ་ནོས་བཞིན་དུ་བྱ། །ལེ་ལོ་སྒྱིད་སྙོམས་མེད་པ་ཡིས། །ཐེ་ཚོམ་མེད་པར་བསྒྲུབ་བྱས་ན། །དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར། །རྡོ་རྗེ་གསང་མཆོག་དམ་པ་ཐོབ། །ཅེས་གསུངས་པའི་ཕྱིར་རོ། །གཉིས་པ་བསྙེན་སྒྲུབ་བཞིས་གཞུང་བསྲང་བ་ནི།


DNG010_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་པ་དང་ནི་ཉེ་བསྙེན་དང་། །སྒྲུབ་པ་དང་ནི་སྒྲུབ་ཆེན་པོ། །ཞེས་པའི་སྐབས་སུ། སྤྱིར་ལམ་རིམ་ལས། འདི་ཡང་ལམ་སྒྲུབ་སྦྱོར་བ་ཡི། །ཞེས་པས། ལམ་གྱི་དུས་ཀྱི། སྦྱོར་བའི་དུས་ཀྱི། བསྒྲུབ་པའི་དུས་ཀྱི་བསྙེན་བསྒྲུབ་ཡན་ལག་བཞིའོ། །དང་པོ་ནི། ལྟ་བ་རྟོགས་ནས་སྟོང་ཆེན་དང་ཀུན་ཏིང་ལ་གནས་པ་ནི་བསྙེན་པ། ཕྱག་རྒྱ་གཅིག་སྤྲོས་ནི་ཉེ་བསྙེན། ཡོ་བྱད་ལྔས་ཚོགས་སྒྲུབ་པ་ནི་སྒྲུབ་པ། དེ་འབྲས་ཟག་མེད་ཀྱི་རིག་འཛིན་ཐོབ་མ་རེག་པ་ནི་སྒྲུབ་ཆེན་ཏེ། ལམ་རིམ་ལས། བྱང་ཆུབ་སེམས་རྟོགས་འགྲུབ་པ་ནི། །བསྙེན་པའི་དམ་པ་ཡིན་པའི་ཕྱིར། །སེམས་ཆས་སྙིང་རྗེ་མན་ཆད་དོ། །ཕྱག་རྒྱ་གསལ་བ་ཉེ་བསྙེན་པ། །དེ་ཕྱིར་གཅིག་དང་སྤྲོས་པའོ། །སྒྲུབ་པ་ཉིད་ནི་བར་ཆད་མེད། །དུས་ཀྱི་ཚོགས་མཐས་སྒྲུབ་ཆེན་ལེན། །ཞེས་སོ། །གཉིས་པ་ནི། ཡུམ་བཙལ་ཏེ་ཆས་སུ་བཅུག་པ་བསྙེན་པ།དེ་བྱིན་གྱིས་རློབ་པ་ནི་ཉེ་བསྙེན། རོལ་ནས་དབབ་བཟུང་གི་དགོངས་པ་ནི་སྒྲུབ་པ། ཉི་ཟླ་རྡོ་རྗེའི་ལྕེས་ལོན་ཏེ་ལྡོག་དགྲམ་གྱི་དགོངས་པ་ནི་སྒྲུབ་ཆེན་ཏེ་ལག་ལེན་སྦྱོར་མཆོད་བཞིན་ནོ། །དེའང་ལམ་རིམ་ལས། གསུམ་པ་མཆོད་པའི་སྐབས་བཞིན་ཤེས། །ཞེས་སོ། །གསུམ་པ་ནི། ཟླ་བ་གཅིག་ལ་སྒྲུབ་པ་རྫོགས་པ་མ་ཡིན་པས་ཟླ་དྲུག་ལ་སོགས་པ་ཇི་ཙམ་བྱེད་པ་ལ་ཆ་བརྩི་བ་ཡིན་མོད་ཀྱི། འོན་ཀྱང་འདིར་ཟླ་བ་གཅིག་ལྟ་བུ་ལ་དཔེར་བྱས་ཏེ་བརྩི་ན། དེ་ལས། ཟླ་ཕྱེད་ཕྱེད་ཞལ་ཉེ་བསྙེན་པ། །ལྷ་གསལ་འཕྲོ་འདུས་སྣོད་དུ་རུང་། །བཅོ་ལྔ་མར་ཕྱེད་སྒྲུབ་པ་སྟེ། །འཕྲོ་འདུ་བསྣོལ་མས་བསྒྲུབ་པར་བྱ། །ཞག་གྲངས་ཚང་ནས་རྟགས་བྱུང་ན། །དངོས་གྲུབ་བཟླས་བླང་སྒྲུབ་ཆེན་པོ། །ཞེས་པས་ཆ་རྐྱེན་རྣམས་ཚོགས་ནས་སྒྲུབ་པ་ལ་འཇུག་པར་མ་ཐོགས་པ་ནི་བསྙེན་པ། ཞུགས་ནས་ཟླ་བ་ཕྱེད་ཡན་ཆད་ནི་ཉེ་བསྙེན། ཐ་མའི་ཞག་གཅིག་མ་གཏོགས་པའི་ཕྱེད་མན་ཆད་ནི་སྒྲུབ་པ། ནུབ་ཐ་མ་ལ་དངོས་གྲུབ་ལེན་པ་ནི་སྒྲུབ་པ་ཆེན་པོ་སྟེ། སྒྲུབ་བྱང་ལས། རིམ་པ་ཤོམ་དང་འདྲེལ་བའི་ཕྱིར། །བསྙེན་པ་ཞེས་སུ་བརྗོད་པ་ཡིན། །གསང་སྒོར་ཞུགས་ནས་བྱིན་ལྡན་པ། །ཉེ་བའི་བསྙེན་པ་


DNG010_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སུ་བརྗོད། །གང་ཡང་བར་ཆད་མི་གཡེལ་བར། །དམ་པའི་གཞུང་གཉིས་འཛིན་པས་ན། །སྒྲུབ་པ་ཞེས་སུ་བརྗོད་པ་ཡིན། །རྣལ་འབྱོར་དྲོད་ཀྱི་རྩལ་འཆང་བ། །སྒྲུབ་པ་ཆེན་པོར་དེ་བརྗོད་དོ། །ཞེས་སོ། །དེ་ལྟར་ལམ་སྒྲུབ་སྦྱོར་བ་གསུམ་ལས། འདིར་སྒྲུབ་པ་དུས་ཀྱི་བསྙེན་བསྒྲུབ་བཞིའོ། །དེ་ལས། དང་པོ་བསྙེན་པ་ལའང་།སྔོན་དུ་བྱ་བའི་དང་། བྱ་བ་ལས་ཀྱི་བསྙེན་པའོ། དང་པོ་ནི། ཚོགས་བསྒྲུབ་ཀྱི་སྔོན་དུ་ཞི་ཁྲོ་གང་བྱེད་ཀྱི་བསྙེན་པ་བྱེད་པ་སྟེ། འདིར་ལམ་མོས་བསྒོམ་མ་ཡིན་ངེས་རྫོགས་ཡིན་པའི་ཕྱིར། དང་པོར་ལྟ་བ་གཏན་ལ་ཕེབས་པར་བྱས་ནས་ཚོགས་ལམ་གྱི་རྣལ་འབྱོར་བཞི་ལ་བརྟན་པ་ཐོབ་པར་བྱ་དགོས་པ་སྟེ། ལམ་རིམ་ལས།དེ་ལ་སྤྲོས་པ་མཐར་ཕྱིན་པ། །ཆོ་ག་ལྔ་ནི་རྫོགས་བྱས་ཤིང་། །ཡོ་བྱད་ལྔ་ནི་རྫོགས་པར་ལྡན། །སྔགས་ཀྱི་ཡན་ལག་ལྔ་རྫོགས་པའི། །རྣལ་འབྱོར་ཚོགས་པའི་དཀྱིལ་འཁོར་གྱིས། །ངེས་པར་ལེགས་པའི་དགོས་པ་འགྲུབ། །ཅེས་གསུངས་པའི་ཕྱིར་རོ། །དེ་གསུམ་བཤད་ན། སྟོང་ཆེན། སྙིང་རྗེ་སྒྱུ་མ། རྒྱ་གཅིག །སྤྲོས་བཅས། ཚོམ་བུ་གཅིག་གསུམ་ལྔ་པའི་དཀྱིལ་འཁོར་འབྲིང་བསྡུས་གསུམ་གང་རུང་ལ་བརྟན་པ་ཐོབ་པར་བྱ་བ་སྟེ། ཕྱག་རྒྱ་གཅིག་པ་ལ་ཕྲ་རགས་གཉིས་སུ་ཕྱེ་བས་ཆོ་ག་ལྔའོ། །ཡོ་བྱད་ལྔ་ནི། དེ་ལས། དམ་ཚིག་ལྟ་བ་ཏིང་འཛིན་དང་། །བྱང་ཆུབ་སེམས་དང་སྙིང་རྗེ་སྟེ། །ལྷག་པའི་ཡོ་བྱད་ལྔ་རྫོགས་བྱ། །ཞེས་ལམ་གྱི་ཡོ་བྱད་ལྔའམ། ཡང་ན། ཨཱ་ལི་ཀཱ་ལིའི། རྒྱན་དང་བགོ་བའི། བཟའ་དང་བཏུང་བའི། བྲོ་གར་འདུ་འཕྲོའི། གླུ་ཚིག་སྒྲ་སྟེ་སྒྲུབ་པ་རྫས་ཀྱི་ཡོ་བྱད་ལྔའོ། །ཡན་ལག་གི་ལྷ་དགུའི་དབུ་རྒྱན་ནི་རིགས་ཀྱི་བདག་པོ་གཅིག་གིས་བསྡུས་པའི་ཕྱིར་གཅིག་ཏུ་བརྩིས་པས་སྔགས་ཀྱི་ཡན་ལག་ལྔ་སྟེ། སྤར་ཁབ་ལས། ཡིད་སྐྱོབ་པ་དང་བྱིན་གྱིས་རློབ་པའི་ཕྱིར་སྔགས་ཏེ་ལྷའོ། །ཞེས་སོ། །གལ་ཏེ་ཕྱག་རྒྱ་སྤྲོས་བཅས་ལ་བརྟན་པ་ཐོབ་དགོས་པ་ལྟར་ན། གོང་མའི་ཊི་ཀ་རྣམས་སུ། མཁའ་དཀྱིལ་དྭངས་པའི་དབྱིངས་ཉི་ཟླ། །ཞེས་སོགས་ཕྱག་རྒྱ་གཅིག་པ་བསྒོམ་པ་ལ་སྔོན་


DNG010_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བྱ་བའི་བསྙེན་པར་བཤད་པ་དང་འགལ་ལོ་ཞེ་ན། དེ་ནི་སྤར་ཁབ་ལས།རྫོགས་པའི་ལམ་དང་། ཉེ་བའི་ལྷ་བསྒོམ་པ་རྣམས་ཀྱི་དབང་དུ་གསུངས་ཞེས་པས་བསྐྱེད་རྫོགས་གཉིས་ཀའི་བསྡུས་དོན་ལྟ་བུར་སྟོན་པ་སྟེ། བསྐྱེད་རིམ་ལྟར་ན། ལྷ་ཡབ་ཡུམ་ཟུང་འདྲེལ་དུ་བསྒོམས་པས་སངས་རྒྱས་ཀྱི་དཀྱིལ་འཁོར་ཐམས་ཅད་མ་ལུས་པར་བསྒོམ་པར་འགྱུར་ཏེ་རྒྱལ་བ་ཐམས་ཅད་གཅིག་དང་དུ་མའི་མཐའ་ལས་གྲོལ་བའི་ཕྱིར། དེ་སྐད་དུའང་རྫོགས་ཆེན་གྱི་རྒྱུད་བཀྲ་ཤིས་བརྩེགས་པའི་དཔལ་ལས། བདེ་གཤེགས་གཅིག་བསྒོམས་རྒྱལ་བ་ཀུན་གྱི་ངང་། །ཞེས་སོ། །རྫོགས་རིམ་ལྟར་ན། དབྱིངས་ཡེ་ཟུང་འདྲེལ་དུ་བསྒོམས་པས་རྒྱལ་བའི་དཀྱིལ་འཁོར་མ་ལུས་པ་བསྒོམས་པར་འགྱུར་བ་སྟེ། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་དེར་འདུས་པའི་ཕྱིར། དེའང་དེ་མ་ཐག་པར། དུས་བཞི་ཕྱོགས་བཅུ་གང་ནས་ཀྱང་། །ཞེས་སོགས་རྐང་པ་དྲུག་གསུངས་པའི་ཕྱིར་རོ། །དེས་ན་སྔོན་དུ་བྱ་བའི་བསྙེན་པ་ཁོ་ན་འཆད་བྱེད་ཀྱི་གཞུང་ཡིན་པར་མ་ངེས་ཀྱང་། ཊཱི་ཀ་རྣམས་སུ་སྐབས་འདིར་འཆད་པ་ནི། སྙིང་རྗེ་སྒྱུ་མ་ནས་ཐོད་རྒལ་འབྱུང་མི་སྲིད་པ་ཚོགས་སྒྲུབ་ཀྱི་སྔོན་དུ་ཕྱག་རྒྱ་གཅིག་པ་འགྲོ་བས་ཁྱབ་པའི་ཕྱིར། འཆད་བདེ་བ་ལ་དགོངས་ནས་གོ་རིམ་བསྡེབས་པ་ཡིན་ནམ་སྙམ་དུ་སེམས་ཏེ། སྔ་རབས་པ་དག་གིས་དཔྱད་པ་མ་མཐོང་ངོ་། །གཉིས་པ་བྱ་བ་ལས་ཀྱི་བསྙེན་པ་ནི། ལྔ་དང་ལྔ་ཡི་སྦྱོར་བ་ཡིས། །ཞེས་སོགས་ཀྱིས་བསྟན་པར་བཞེད་དོ། །དེ་ཡང་སྒྲུབ་པ་ཕྱག་བཞེས་ཀྱིས་འཆད་དགོས་པའི་ཕྱིར་འདིར་ལས་ཁྲིགས་ཅུང་ཟད་བཤད་ན། ཧེ་རུ་ཀ་འདུས་པའི་རྒྱུད་ལས། དང་པོ་ས་ཡི་ཆོ་ག་སྟེ། །གཉིས་པ་ལ་ནི་སྟ་གོན་གནས། །གསུམ་པ་འཇུག་པའི་ཆོ་ག་བྱ། །འདི་དག་ཆོ་གར་འདུས་པ་ཡིན། །ཞེས་པས་ཕུན་སུམ་ཚོགས་པ་ལྔ་དང་ལྡན་པའི་སྒྲུབ་པ་པོས། ནུབ་དང་པོར་ས་གཞི་མཉམ་པའི་ཆོ་ག་ལས་ས་བསྲུང་བ་ཡན་ཆད་བྱ། གཉིས་པར། བུམ་པ་ལ་སོགས་པའི་ཡན་ལག་རབ་གནས་དང་། སྒྲུབ་ཆེན་དང་འདྲེལ་བར་སློབ་མ་ལ་དབང་བསྐུར་ན་དེའི་ལྷག་གནས་དང་། རྡོ་རྗེ་ལས་རིམ་དུ་ས་བཟུང་བ་ཞེས་ཐ་སྙད་མཛད་པའི་ལྷ་སྟ་


DNG010_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

གོན་གྱི་ཆོ་ག་རྣམས་བྱའོ། །གསུམ་པ་ལ། བཤགས་པ་བྱ་ཞིང་མཚམས་གཅད་པ། མ་ཏྲཾ་གནན་པ། དཀྱིལ་འཁོར་བྲི་ཞིང་རྒྱན་དགྲམ་པ། ནུབ་དང་པོ་བསྙེན་པའི་བྱ་བ་ལ་འཇུག་པའོ། །དང་པོ་ལ་བཤགས་སྐོང་བྱ་བ་དང་། མཚམས་གཅོད་པ་གཉིས། དང་པོ་ལ་གསུམ་ལས། ཕྱི་བཤགས་སུ་དཀོན་མཆོག་མཆོད་པ། འབུམ་སྡེ་ལྔའམ་དབང་སྡུད་སོགས་བཀའ་ཀློག་པ།སཱཙྪ་གདབ་པ། གཏོར་མ་གཏང་བ། སྲོག་བསླུ། ལམ་འཕྲང་གསོ་བ་སོགས་རྒྱབ་རིམ་ཅི་འགྲུབ་བྱ། བར་བཤགས་སུ་དོང་སྤྲུག་འདོན། ནང་བཤགས་སུ་རུ་ཆེན་བཞིའི་བཤགས་པ་རྣམས་བྱེད་པའོ། །གཉིས་པ་ནི། ལམ་རིམ་ལས། ཕྱི་རོལ་མཆོད་པའི་ལས་རྫོགས་ཏེ། །ཕྱི་བཅད་བསྲུང་སྒོ་རིམ་བཞིན་བྱ། །ཞེས་དང་། ཡང་དག་རྩ་བ་ལས་ཀྱང་། འབྱུང་པོའི་གཏོར་མ་བཏང་ནས་ཀྱང་། །གསང་བའི་དོན་གྱི་ལས་རྣམས་བྱ། །ཞེས་པས་འབྱུང་པོ་རྣམས་ལ་གཏོར་མ་བྱིན་ཏེ་བསྐྲད་ནས་མཚམས་གཅད་པར་བྱའོ། །དེ་ཡང་ཕྱག་བཞེས་རྒྱས་པའི་ཚེ་མཚམས་དགུ་ཕྲུགས་སུ་གཅོད་པར་མཛད་ཀྱང་། འདིར་བསྡུས་པའི་དབང་དུ་བྱས་ཏེ། ཕྱི་དང་། ནང་དང་། གསང་བའི་མཚམས་བཅད་པའོ། །དང་པོ་ནི། སྒྲུབ་ཁང་གི་ཕྱི་རོལ་གོམ་པ་བདུན་ཅུའི་སར་རྒྱལ་ཆེན་བཞི་དང་ཕྱོགས་སྐྱོང་བཅུའི་ཐོ་གཟུག་པས་ཕྱོགས་སོ་སོའི་གནས་ནས་བར་མཚམས་མེད་པར་བསྲུང་བར་བསམ་པའོ། །དེ་ལྟར་ཡང་ཧེ་རུ་ཀ་གལ་པོ་ལས། ཕྱོགས་བཞིར་མཐོ་བཞི་བཙུགས་ནས་ཀྱང་། །རྒྱལ་པོ་ཆེན་པོ་སྡེ་བཞི་ལ། །ཕྱི་མཚམས་བཅད་པའི་ཕྲིན་ལས་བཅོལ། །ཕྱི་མཚམས་བསྲུང་བར་ཞལ་བཞེས་པའི། །མཐུ་ཆེན་ཕྱོགས་སྐྱོང་འཁོར་བཅས་ལ། །གཏོར་མ་ཆ་རེ་བྱིན་ནས་ཀྱང་། །ཕྱི་མཚམས་བསྲུང་བའི་ཕྲིན་ལས་བཅོལ། །ཞེས་སོ། །གཉིས་པ་ནང་མཚམས་ལ། དམ་སྲི་གནན་པ། སྒོ་བྱང་གདགས་པ། ཁྲོ་བཅུས་བགེགས་ལ་ཕུར་བུ་གདབ་པའོ། །དང་པོ་ནི། སྔོན་གསང་སྔགས་ཀྱི་སྒོར་ཞུགས་ཀྱང་བཀའ་བསྒོ་ལོག་པས་དམ་ཚིག་ཅན་ལ་གནོད་པའི་དམ་སྲིར་གྱུར་པ་སྟེ། དེ་


DNG010_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་དམ་འདྲེས་ཟིན་པའི་ཕྱིར་མཚམས་ཀྱི་སྦྱོར་བ་གཞན་གྱིས་མི་ཐུབ་པས། ར་སོག་ལ་ལིངྒ་བྲིས་ཏེ་སྒྲུབ་ཁང་གི་ཐེམ་པའི་ཕྱི་རོལ་དུ་མནན་ཅིང་བྲོས་བརྡུངས་པས་བསྐལ་མཐའི་བར་དུ་ལྡང་མི་ནུས་པར་བསམ་པའོ། །དེའང་ཀུན་འདུས་ལས། རྐྱེན་གྱི་བར་ཆད་བསལ་བ་དང་། །གསང་བའི་མན་ངག་སྤྱད་པའི་ཕྱིར། །འཇུག་སྲིད་དམ་སྲི་གནན་པར་བྱ། །ཞེས་སོ། །གཉིས་པ་ནི། ར་སོག་ལ་བྲིས་པའི་བགེགས་ལིང་གི་སྙིང་གར་ཕུར་བུ་བཏབ་གཤིན་རྗེའི་གནས་སུ་བསྐྲད་པར་བསམ་ཞིང་། སྒོའི་འོག་ཏུ་མགོ་མཐུར་བསྟན་གྱིས་གདགས་སོ། །དེ་དང་ཐད་ཀའི་སྒོ་གོང་དུ་ཡེ་ཤེས་ལྷའི་སྒོ་བྱང་ནི།ལུག་གམ་རྐྱང་གི་སོག་པ་ལ། གཤིན་རྗེ་གཤེད་ཀྱི་སྐུ་བྲིས་པ་གདགས་པས་ཇི་སྲིད་སྒྲུབ་པ་མ་ཐོན་གྱི་བར་དུ་ཕྱིའི་བར་གཅོད་ནང་དང་། ནང་གི་དངོས་གྲུབ་ཕྱིར་མི་གཏོང་བའི་ཕྲིན་ལས་བྱེད་པར་བསམ་པའོ། །འདིར་ཧེ་རུ་ཀ་གལ་པོ་ལས།ཆོས་ཀྱི་རྒྱལ་པོ་བདུད་རྩི་ཡི། །ཕྱི་ནང་སྒོ་བྱང་གདགས་པར་བྱ། །ཞེས་གསུངས་པ་ལྟར་འཁྱིལ་པའི་སྒོ་བྱང་བཏགས་ཀྱང་འགལ་བར་མ་མཐོང་ངོ་། །གསུམ་པ་ནི། རྒྱལ་པོ་བཙོན་དུ་བཅུག་པས་དམངས་ཆམ་ལ་ཕེབས་པ་ལྟར། བགེགས་ཕྲན་རྣམས་ལྡང་མི་ནུས་པའི་ཆེད་དུ་བགེགས་ཀྱི་གཙོ་བོ་ཕྱོགས་སྐྱོང་བཅུ་ལ་ཕུར་བུ་གདབ་པར་བྱ་སྟེ། བྱུག་བདུག་གིས་ཕུར་བུ་གཟི་བྱིན་བསྐྱེད་ནས། བདག་ཉིད་ཞེ་སྡང་རྡོ་རྗེའི་ང་རྒྱལ་གྱིས་ཕུར་བུ་རྣམས་ཁྲོ་བཅུ་ཡབ་ཡུམ་དུ་བསྐྱེད་ལ། ཊ་ཀི་རཱ་ཛས་ཕྱོགས་སྐྱོང་བཅུ་བཀུག་ནས་གདན་དུ་བཏིང་བ་ལ་བགེགས་མཐར་བྱེད་ཀྱིས་ཕུར་བུ་བཏབ་པས་གསེར་གྱི་ས་གཞི་ལ་སྦྲགས་པར་བསམ་ཞིང་ཡེ་ཤེས་ཀྱི་ཁྲོ་བཅུ་ཕབ་ནས་མཆོད་བསྟོད་ཕྲིན་གསོལ་བྱ་བའོ། །དེ་ལྟར་ཡང་ལམ་རིམ་ལས།འཇིགས་བྱེད་དབང་དུ་བདག་ཞུགས་ནས། །ཁྲོ་བོ་ཁྲོ་མོ་འཁོར་དུ་བྱ། །གདན་དུ་གཟིར་ཞིང་ཕུར་བུས་གདབ། །རང་བཞིན་ཕབ་ལ་མཆོད་བསྟོད་དེ། །བར་ཆད་ཏིང་འཛིན་མཆོག་གིས་བཟློག །ཅེས་སོ། །གལ་ཏེ་ས་བསྲུང་བའི་ཚེ་ཕྱོགས་སྐྱོང་ཕུར་གདབ་བྱས་གྲུབ་པ་ཞིག་ན། འདིར་སྔར་བཏབ་པའི་ཕུར་བུ་རྣམས་ལ་ཕྲིན་ལས་བསྐུལ་བ་རིགས་པར་མཐོང་ཞེས་རྗེ་


DNG010_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་གསུང་པ་ལྟར་ལེགས་པས་བསྐྱར་ནས་གདབ་མི་དགོས་སོ། །གསུམ་པ་ནི། མཚན་མེད་རྣམ་པར་མི་རྟོག་པའི་མཚམས་ཏེ། མདོ་ལས། མཚམས་མེད་པ་ལ་མཚམས་བཅད་པ། །འདི་ནི་རྣལ་འབྱོར་ཅན་གྱི་ལས། །ཞེས་པ་ལྟ་བུའོ། །གཉིས་པ་ནི། ཕྱི་ནང་གསང་བའི་མཚམས་གཅོད་ཚར་བའི་རྗེས་ཐོག་ཏུ། གནན་པར་བྱ་སྟེ། ལམ་རིམ་ལས། ཕྱི་ནང་གསང་བ་བསྲུང་བྱ་སྟེ། །སྲིན་པོའི་རྒྱལ་པོ་ཚུལ་བཞིན་མནན། །ཞེས་གསུངས་པའི་ཕྱིར། དེ་ཡང་མ་ཏྲཾ་རཱུ་དྲའི་གཟུགས་བཅས་ཏེ། དགུག་བསྒྲལ་སྤར་ལ་རོལ་བའི་བྲོས་མནན་ཅིང་སྦྱངས་ཏེ་ཁོག་པ་གཞལ་ཡས་ཁང་དུ་བྱིན་གྱིས་རློབ་པའོ། །འདི་ཉིད་མཚམས་ཀྱི་དོན་དུའང་འགྱུར་ཏེ། རཱུ་དྲ་ནི་བགེགས་ཀྱི་རྒྱལ་པོ་ཡིན་ལ། དེ་བསྒྲལ་བས་བགེགས་ཕྲན་གཞན་རྣམས་ཀྱིས་བར་གཅོད་བྱ་བར་མི་ནུས་པའི་ཕྱིར། གསུམ་པ་དཀྱིལ་འཁོར་བྲི་ཞིང་རྒྱན་དགྲམ་པ་ནི། ཐིག་ཚོན་གྱི་ཆོ་ག་དང་ལྡན་པས་དཀྱིལ་འཁོར་ཚོམ་བུ་གང་བསྒོམ་གྱི་གཞུང་བཞིན་དུ་བྲིས་ནས་རབ་གནས་དང་། སྦྱིན་བསྲེག་བྱ། དེ་ནས་ཡོ་བྱད་རྣམས་བྱིན་གྱིས་རློབས་ཏེ་སྒྲུབ་རྫས་དང་། མཆོད་རྫས་དང་། དཀྱིལ་འཁོར་གྱི་རྒྱན་དགོད་རྣམས་བྱ་སྟེ། དེ་ལས། སོ་སོའི་མཚམས་པའི་གཟུགས་བརྙན་བྲི། །རྒྱན་དང་མཆོད་སོགས་འཁོར་བ་དང་། །ཞེས་སོ། །བཞི་པ་ནི། ཐོག་མར་གྲལ་ཕྱག་དང་ཚུལ་ཕྱག་བཙལ་ནས་ཁྲོ་བཅུ་རོལ་པས་མཚམས་གཅོད་དེ། དེ་ལས། ཐུན་མོང་སྲུང་བའི་འཁོར་ལོ་བྱ། །ཞེས་སོ། །འདིར་གང་དང་ཐུན་མོང་ཞེ་ན། རྗེ་སྒྲོ་ཕུག་པ་ནི་བསྙེན་བསྒྲུབ་བཞི་གའི་ཐུན་མོང་དང་། ལྷ་རྗེ་གླན་ཚོམ་བུ་གསུམ་ཀའི་ཐུན་མོང་གི་མཚམས་སུ་བཞེད། འདིར་ཞི་ཁྲོ་གཉིས་ཀའི་ཐུན་མོང་གི་མཚམས་སུ་བཤད་ཀྱང་མི་འགལ་ལོ། །དེ་ནས་བརྡ་སྒོ་དབྱེ་བ་སོགས་བྱ་སྟེ། དེ་ཡང་བརྡ་སྒོ་ནི། སྣོད་བཅུད་གཞལ་ཡས་ཁང་དང་ལྷའི་རང་བཞིན་དུ་གསལ་བཏབ་སྟེ། ཡེ་ཤེས་བཞིའི་སྒོ་ནས་ཞུགས་པར་བསམ་པའོ། །བརྡ་ཕྱག་ནི། ལྷ་དང་གཞལ་ཡས་ཁང་དེ་ཡང་ཡུལ་གུད་ན་ཡོད་པ་མ་ཡིན་ཏེ། རང་གི་རིག་པ་


DNG010_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དཀྱིལ་འཁོར་དུ་ཤར་བ་ལ་ཡུལ་རིག་གཉིས་སུ་མེད་པར་མཇལ་བ་བརྡའི་ཕྱག་གིས་མཚོན་ཅིང་ངོ་མཚར་བསྐྱེད་པའོ། །དེ་ནས་བཤགས་པ་བྱ། དམ་བཅའ།དཀྱིལ་འཁོར་ལ་བྱིན་དབབ། བདག་ཉིད་མ་མོ་དང་མཁའ་འགྲོ་རྣམས་ཀྱིས་དཔུང་གི་རུ་དར་ལྟར་རང་གི་སྡེ་ཚན་དུ་ཤེས་པར་འགྱུར་བ་ལ་སོགས་པའི་དགོས་པས་སྒྲུབ་པ་པོ་ཐམས་ཅད་ལ་བྱུགས་རྩི་གསུམ་གྱི་རྟགས་གདབ། མཆོད་པ་བྱིན་གྱི་རློབ། དེ་ནས་བསྙེན་པ་ལ་འཇུག་སྟེ། དང་པོ་ཏིང་ངེ་འཛིན་གསུམ་བསྒོམ། རྟེན་དང་བརྟེན་པའི་དཀྱིལ་འཁོར་ཚོམ་བུ་གང་བསྒོམ་དང་བསྟུན་པ་ལ་བསྒོམ། དེ་ཡང་། འདི་ཉིད་ལས། རྣལ་འབྱོར་ཐབས་དང་ཤེས་རབ་ཀྱིས། །དེ་བཞིན་གཤེགས་དང་ཡུམ་དུ་བསྒོམ། །སེམས་དཔའ་སེམས་མ་ཉིད་དུ་བསྒོམ། །སོ་སོའི་སྔགས་དང་ཕྱག་རྒྱ་དང་། །ཏིང་འཛིན་ཡང་དག་སོ་སོར་གསལ། །ཞེས་པས།རྣལ་འབྱོར་ཕོ་མོ་དང་ལྷ་ཡབ་ཡུམ་བྲང་སྤྲད་དེ་བྱེ་བྲག་ཏུ་བསྒོམ་པའམ། ཡང་ན་རྣལ་འབྱོར་པ་སྤྱིས་ཚོམ་བུ་སྤྱིར་བསྒོམ་པ་གང་མོས་སུ་བྱའོ། །དེ་ལྟར་ཡང་།ལམ་རིམ་ལས། སྤྱི་འམ་ཡང་ན་རེ་རེ་ཞིང་། །ཚོམ་བུའི་དཀྱིལ་འཁོར་རིམ་བཞིན་བསྒོམ། །ཞེས་སོ། །དེ་ནས་དབང་བསྐུར། བྱིན་གྱིས་རློབ། ཡེ་ཤེས་པ་དབབ་དྲང་བསྡིམ་ལ་མཆོད་ཅིང་བསྟོད་ནས་བསྙེན་པ་བྱ་སྟེ། དེ་ལས། བྱིན་རློབ་དབང་དང་ལྡན་བྱས་ནས། །རང་བཞིན་གནས་ནས་དབབ་བྱ་སྟེ། །གཞུག་བཅིང་བརྟན་བྱས་རིམ་པར་མཆོད། །རྫོགས་ནས་བསྟོད་དེ་བསྙེན་པ་བྱ། །ཞེས་སོ། །དེའང་ནུབ་དང་པོའི་བསྙེན་པ་ནི། དེ་ལས་ཡེ་ཤེས་མདུན་དུ་ལྷག་པ་ལ། །བཟླས་པ་གསལ་བ་གསུམ་གྱིས་བྱ། །ཞེས་པས། བདག་དམ་ཚིག་པ། ལྷ་ཡེ་ཤེས་པ། བར་གྱི་འཕྲོ་འདུ་སྟེ་གསལ་བ་གསུམ་གྱི་སྒོ་ནས་མན་ངག་བཞིན་བཟླ་བ་སྟེ། འཛབ་ཁང་ཕྱེ་ནས། འོད་ཟེར་དཀར་པོ་ཕར་འཕྲོས་པས་སྒྲིབ་པ་སྦྱོང་ཞིག་པར་བསྐུལ། ཚུར་འདུས་ནས་བདག་གི་སྒྲིབ་པ་སྦྱངས་ནས་དངོས་གྲུབ་ཀྱི་སྣོད་རུང་དུ་བྱས་པར་བསམས་ལ་འཛབ་བཟླ་ཞིང་། མཇུག་ཏུ་དཀྱིལ་འཁོར་ཕྱེ་བ་དེ་ཉིད་རང་ལ་བསྡིམ་པའོ། །


DNG010_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་ཡང་སྔ་མ་ལས། དེ་སོགས་བཟླས་བསྙེན་འཕྲོ་འདུ་ཡིས། །འདུན་པར་བསྐུལ་དང་སྣོད་བྱེད་པ། །བསྐྱེད་པའི་དཀྱིལ་འཁོར་རྫོགས་པའོ། །ཞེས་སོ། །དེ་ལྟར་འཛབ་ཟིན་ནས། ཚོགས་དང་།ལྷག་ཆོག་བྱ། ཚེ་བསྡིམ། གཏོར་མ་བསག །མཆོད་པ་ཕྱི་མ་དང་མཚམས་སྦྱར་སྟན་བྱིན་གྱིས་བརླབས་ཏེ་འདུག །འགྲོ་ན་ཕྲེང་བ་ཁྲོ་ཞལ་དུ་བྱིན་གྱིས་རློབས་ལ་གདན་བསྲུང་། དུས་དྲུག་ཏུ་བར་ཆད་ཀྱི་ཉུལ་ལེ་མ་བརྟགས་ལ། དེ་དག་སོ་སོའི་གཉེན་པོ་བསྐུལ་བ་ལ་སོགས་པས་བཟློག་ཅིང་། དུས་རྟག་ཏུ་ལྷའི་ང་རྒྱལ་དང་མ་བྲལ་བ་བྱ་བ་སྟེ། དེ་ལས། ཟིན་ནས་སྡུད་དེ་རྣལ་འབྱོར་ཚོགས། །ཚུལ་བཞིན་མཆོད་པའི་ཕྲིན་ལས་བྱ། །ནང་ནུབ་མཁའ་འགྲོ་ལྷག་མ་སྦྱིན། །བར་ཆད་བཟློག་ཅིང་བསྙེན་པ་བྱ། །ཞེས་སོ། །འདིར་སྒྲོལ་གཡུང་གཉིས་ཀྱི་ཊཱི་ཀར། ཤོམ་ཡན་ལག་དང་འདྲེལ་པ་ཙམ་ལ་བསྙེན་པར་མཛད་ནས་ནུབ་དང་པོའི་བསྙེན་པ་མི་བཞེད་ཀྱང་། འདིར། འཁོར་ལོའི་ཚུལ་དུ་རྣམ་པར་བསྒོམ། །ཞེས་པའི་ལུང་ལྟར་མཁས་པ་རོག་སོགས་སྔ་རབས་དག་གི་ལས་ཐོ་ལས་འབྱུང་བ་ལྟར་བྱས་པ་སྟེ། གཞན་དུ་སྒྲུབ་པ་ཇི་ཙམ་བྱེད་པའི་འགོ་འཛིན་གྱི་ནུབ་དང་པོ་ནས་ཉེ་བསྙེན་ལ་བཞེད་པའི་ཕྱོགས་ཀྱང་མི་རིགས་པ་མ་ཡིན་ཏེ། ལམ་རིམ་གྱི་ཁྲོ་བོའི་སྐབས་སུ། དེ་ནས་གཉིས་པར་རྒྱན་རྣམས་དང་། །ཞེས་སོགས་དང་། སྒྲུབ་བྱང་དུ། རིམ་པ་ཤོམ་དང་འདྲེལ་པའི་ཕྱིར། །ཞེས་སོགས་ཀྱིས་འགྲུབ་བམ་སྙམ་སྟེ་དཔྱད་པར་བྱའོ། །གཉིས་པ་ཉེ་བསྙེན་ནི། ཆོ་གའི་རྣམ་གཞག་གཞན་རྣམས་སྔར་དང་མཐུན་པ་ལས། ཁྱད་པར་དུས་དྲུག་གམ་བཞིར་ཚོགས་དང་གཏོར་མ་གཏོང་། སྦྱིན་སྲེག་བྱ། འཛབ་ཀྱི་འཕྲོ་འདུའི་ཚེ། དཀར་པོ་ཕར་སྤྲོས་པས་བསྐུལ་བ་དང་། དམར་པོ་ཚུར་བསྡུ་བས་དངོས་གྲུབ་ཀྱི་སྣོད་རུང་དུ་བྱ་བའོ། །དུས་ནི་ཇི་ཙམ་བསྒྲུབ་པའི་ཕྱེད་དོ། །གསུམ་པ་སྒྲུབ་པ་ནི། ཆོ་ག་གཞན་ཉེ་བསྙེན་ལྟར་ལས། འཛབ་ཀྱི་འཕྲོ་འདུའི་དུས་སུ་འོད་ཟེར་དམར་པོ་སྤྲོས་པས་དངོས་གྲུབ་བསྐུལ་བ་དང་འདུས་པས་སྐུ་གསུང་ཐུགས་ཀྱི་


DNG010_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་ཐོབ་པར་བསམ་སྟེ། འཕྲོ་འདུ་བསྣོལ་ནས་བྱེད་པའོ། །དེ་ལྟར་བསྙེན་བསྒྲུབ་ཀྱི་དུས་སུ་ཚོམ་བུའི་དཀྱིལ་འཁོར་སྒོམ་ཐབས་ལ། ཚོམ་བུ་གཅིག་པ། གསུམ་པ། ལྔ་པའོ། །དང་པོ་ནི། རྡོ་རྗེའི་རིགས་སུ་ཐམས་ཅད་དཀྱིལ། །ཞེས་སོགས་ཏེ།རྡོ་རྗེ་སེམས་དཔའ་ཡབ་ཡུམ་ལ་རང་གི་རིགས་ཆུང་གི་སེམས་དཔའ་ཡབ་ཡུམ་བཞི་དང་། སྒོ་བ་ཡབ་ཡུམ་བཞི་སྟེ་ལྷ་ཚོགས་ཟུང་དགུ་ཡ་བཅོ་བརྒྱད་དོ། །དེ་ལྟར་ན་དཀྱིལ་འཁོར་བསྡུས་པ་དང་ཁྱད་པར་མེད་པར་ཐལ་ལོ་ཞེ་ན། ལྷ་གྲངས་ལ་ཁྱད་པར་མེད་ཀྱང་ལྷ་ངོ་ལ་ཁྱད་པར་ཡོད་པའི་ཕྱིར་སྐྱོན་མེད་དེ། དཀྱིལ་འཁོར་བསྡུས་པ་ནི་རྡོར་སེམས་ཡབ་ཡུམ་ལ་རྒྱལ་བ་རིགས་བཞིས་བསྐོར་བ་ཡིན་ལ། འདིར་ནི་རིགས་ཆུང་གི་སེམས་དཔའ་བཞིས་བསྐོར་བའི་ཕྱིར་རོ། །གཉིས་པ་ནི།ཡང་ན་སྐུ་གསུང་ཐུགས་ཉིད་དེ། །ཞེས་སོགས་ཀྱིས་དབུས་སུ་རྡོ་རྗེ་སེམས་དཔའ། ཤར་དུ་རྣམ་སྣང་། ནུབ་ཏུ་མཐའ་ཡས་ཏེ་གཙོ་བོ་ཡབ་ཡུམ་ཟུང་གསུམ་ལ།རང་རང་གི་རིགས་ཆུང་གི་སེམས་དཔའ་ཡབ་ཡུམ་ཟུང་བཞི་བཞིས་བསྐོར་བས་ཟུང་ལྔ་ཚན་གསུམ་ལ་ཡ་སུམ་ཅུ། དེའི་སྟེང་དུ་མངོན་རྟོགས་ལས། སྒོ་བ་ཡབ་ཡུམ་བརྒྱད་བསྣན་ཏེ་སོ་བརྒྱད་དུ་བཤད། སྤར་ཁབ་ལས་ཞི་བ་སུམ་ཅུའི་སྟེང་དུ་སྟེང་འོག་མ་གཏོགས་པའི་ཁྲོ་བོ་ཡབ་ཡུམ་ཟུང་བརྒྱད་བསྣན་ཏེ་ཞེ་དྲུག་ཏུ་བཤད་དོ། །གསུམ་པ་ནི། སྔགས་འཆང་དངོས་གྲུབ་ཡང་དག་ནི། །ཞེས་སོགས་ཏེ།གཙོ་བོ་རིགས་ལྔ་ཡབ་ཡུམ་ལ་སོ་སོའི་རིགས་ཆུང་གི་སེམས་དཔའ་ཡབ་ཡུམ་བརྒྱད་བརྒྱད་ཀྱིས་བསྐོར་བས་ལྷ་ལྔ་བཅུ། ཁྲོ་བཅུ་ཡབ་ཡུམ་ཉི་ཤུ་སྟེ་བདུན་ཅུའོ། །དེ་བཞིན་དུ། ཁྲོ་བོ་ཁྲོ་མོའི་ཚོགས་ཆེན་པོ། །ཞེས་སོགས་ཀྱི་སྐབས་སུ་ཁྲོ་བོའི་དཀྱིལ་འཁོར་ལའང་ཚོམ་བུ་གསུམ་བསྒྲེས་ནས་སྟོན་ཏེ། ལམ་རིམ་ལས། དེ་ནས་འཁོར་ལོ་གཅིག་པའམ། །གསུམ་དང་ལྔ་རུ་བསྒོམ་པར་བྱ། །ཞེས་སོ། །དེ་ཡང་ཚོམ་བུ་གཅིག་པ་ལ་ལྷ་བདུན་ཅུ་རྩ་བརྒྱད་དེ། བཛྲ་ཧེ་རུ་ཀ་ཡབ་ཡུམ་ལ་རིགས་ཆུང་གི་ཁྲོ་བོ་ཡབ་ཡུམ་བརྒྱད་ཀྱིས་བསྐོར་བ་


DNG010_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ། ཕོ་ཉ་གཽ་རཱི་མ་བརྒྱད།ཕྱག་བརྙན་སིངྷ་མ་བརྒྱད། བཀའ་ཉན་སྒོ་མ་བཞི་སྟེ། ཁྲོ་མོ་ཉི་ཤུ། ཅི་བགྱིའི་དབང་མོ་ཉེར་བརྒྱད། སོགས་ཁོངས་ནས་ཁྲོ་བཅུ་ཡབ་ཡུམ་ཉི་ཤུ་རྣམས་སོ། །ཚོམ་བུ་གསུམ་པ་ལ་སྔར་གྱི་སྟེང་དུ། ཤར་དུ་བུཌྜྷ་ཧེ་རུ་ཀ་དང་། ནུབ་ཏུ་པདྨ་ཧེ་རུ་ཀ་གཉིས་ལ་རང་རང་གི་རིགས་ཆུང་དང་བཅས་པས་བཅུ་བཅུ་སྟེ་ཉི་ཤུ་བསྣན་པས་གོ་བརྒྱད་དོ། །ཚོམ་བུ་ལྔ་པ་ལ། དེ་དག་གི་ཁར་ལྷོ་བྱང་དུ་རཏྣ་དང་། ཀརྨ་ཧེ་རུ་ཀ་རིགས་ཆུང་དང་བཅས་པ་ཉི་ཤུ་བསྣན་པས་ལྷ་བརྒྱ་དང་བཅོ་བརྒྱད་དོ། །འདིར་ཁ་ཅིག་ན་རེ། འདིར་བསྟན་གྱི་ཚོམ་བུ་དང་སྔར་སྨོས་པའི་དཀྱིལ་འཁོར་གཉིས་ཀྱི་ཁྱད་པར་གང་ཞེ་ན། བཞེད་པ་མི་མཐུན་ཏེ་ཟུར་ཚོ་སྔ་རབས་པ་ཕལ་ཆེར་ན་རེ། མི་གྲངས་ངེས་མེད་ཀྱི་ལྷ་གྲངས་ངེས་མེད་བསྒོམ་པ་དཀྱིལ་འཁོར། མི་གྲངས་ངེས་ཅན་གྱིས་ལྷ་གྲངས་ངེས་ཅན་བསྒོམ་པ་ཚོམ་བུའོ་གསུངས་པ་མི་འཐད་དེ། ཚོམ་བུ་གཅིག་པ་ལ་བརྟན་པ་ཐོབ་ནས་གསུམ་པ་བསྒོམ་པའི་ཚེ་མི་གྲངས་མང་དུ་མ་སོང་ལ་ལྷ་གྲངས་མང་དུ་སོང་བའི་ཕྱིར། ཡང་དམ་པ་ཤཱཀྱ་རྒྱལ་ན་རེ། རིགས་ཆུང་གིས་རྒྱས་པའང་ཡོད་ལ། མ་རྒྱས་པའང་ཡོད་པ་དཀྱིལ་འཁོར། རང་རང་གི་རིགས་ཆུང་གིས་རྒྱས་པ་ཚོམ་བུའོ་གསུངས།དེ་ལྟར་ན། རིགས་ཆུང་གིས་རྒྱས་པ་ཡོད་པའི་དཀྱིལ་འཁོར་རྒྱས་པ་དང་།ཚོམ་བུ་ལྔ་པ་གཉིས་ཁྱད་པར་མི་ཕྱེད་དོ། །ཡང་ལྷ་རྗེ་སྐྱོ་ནི། གནས་སྐབས་སུ་གཙོ་བོ་ངེས་པ་ཚོམ་བུ། མ་ངེས་པ་དཀྱིལ་འཁོར་རོ་གསུང་། དེ་ལྟར་ན་ཚོམ་བུ་གཅིག་པ་ཉིད་དཀྱིལ་འཁོར་དུ་ཐལ། གནས་སྐབས་སུ་གཙོ་བོ་ངེས་པ་རྡོ་རྗེའི་རིགས་ཀྱིས་བྱེད་པའི་ཕྱིར། ཡང་རྗེ་སྒྲོ་ཕུག་པ་ནི། སྒོམ་བྱེད་རྣལ་འབྱོར་པ་དང་། བསྒོམ་བྱ་ལྷའི་ཁྱད་པར་གཉིས་སུ་བཞེད། དང་པོ་ནི། ལྷ་དང་རྣལ་འབྱོར་པ་བྲང་སྤྲད་དེ་བསྒོམ་པ་ཚོམ་བུ། རྣལ་འབྱོར་པ་ཕོ་མོ་གང་རུང་གཅིག་གིས་ལྷའི་དཀྱིལ་འཁོར་བྱུང་ཚོགས་སུ་བསྒོམ་པ་དཀྱིལ་འཁོར་རོ། །གཉིས་པ་ནི།ཚོམ་བུ་གཅིག་ན་གཙོ་བོ་གཅིག་ཡིན་པ་སོགས་གཙོ་བོ་དབྲི་བསྣན་


DNG010_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སྟོན་པ་ཚོམ་བུ། རྣམ་གྲངས་བྱུང་ཚོགས་སུ་སྟོན་པ་དཀྱིལ་འཁོར་རོ། །ཡང་ན་རིགས་འགྱུར་ཀྱང་ཡེ་ཤེས་མི་འགྱུར་བ་ཚོམ་བུ། རིགས་དང་ཡེ་ཤེས་གཉིས་ཀ་འགྱུར་བ་དཀྱིལ་འཁོར་རོ། །ཞེས་གསུངས་པ་རྣམས་ཀྱང་ཕྱོགས་རེ་ནས་གཞག་ཏུ་བཏུབ་མོད་ཀྱི།འོན་ཀྱང་འདིར་རང་ལུགས་ནི། གཉལ་སངས་རྒྱས་གྲགས་ཀྱི་བཞེད་པ་ལྟར།གཙོ་བོ་རིགས་ཆུང་དང་བཅས་པ་རང་གི་རིགས་སུ་ངེས་པ་ཚོམ་བུ། གཙོ་བོ་རིགས་ཆུང་ཡང་སྤྱིའི་རིགས་སུ་ངེས་པ་དཀྱིལ་འཁོར་ཞེས་གསུངས་པ་ཉིད་ལེགས་པར་མངོན་ཏེ། དཀྱིལ་འཁོར་ནི་རྣམ་སྣང་སོགས་རིགས་བཞིའི་གཙོ་བོ་རྡོ་རྗེའི་རིགས་གཅིག་གིས་བསྡུས་པས་རིགས་ཐ་དད་ཀྱི་གཙོ་བོ་གཅིག་ཏུ་གྱུར་པའི་ཕྱིར་དང་། ཚོམ་བུ་ནི་རང་གི་རིགས་ཆུང་གིས་བྱེ་བྲག་ཏུ་བསྐོར་བས་རིགས་ཐ་མི་དད་ཀྱི་གཙོ་བོ་སོ་སོས་བྱེད་པའི་ཕྱིར་རོ། །འོ་ན་རང་གི་རིགས་ཆུང་གིས་བྱེ་བྲག་ཏུ་བསྐོར་བ་ཡོད་པའི་ཕྱིར། དཀྱིལ་འཁོར་རྒྱས་པ་ཡང་ཚོམ་བུར་ཐལ་ཞེ་ན་ཁྱབ་པ་མེད་དེ། དཀྱིལ་འཁོར་རྒྱས་པ་ལ་སོ་སོའི་རིགས་ཆུང་གིས་བསྐོར་ཀྱང་སྤྱིའི་གཙོ་བོ་གཅིག་གིས་བྱེད་པའི་ཕྱིར་ཏེ། རྒྱས་པ་ལས། རྡོ་རྗེ་སེམས་དཔའ་དཀྱིལ་ཉིད་དེ། །རིགས་བཞི་ལྷ་དང་ལྷ་མོ་འཁོར། །ཞེས་སོ། །བཞི་པ་སྒྲུབ་ཆེན་ནི། དེ་ལྟར་བསྒྲུབས་པའི་ཞག་གྲངས་ཇི་སྐད་བཤད་པ་ལྟར་ཚང་ནས། བྲིས་སྐུ་བཞད་པ་དང་། མར་མེ་རང་འབར་བ་དང་། རྫས་ཞག་ཏུ་ཁོལ་བ་སོགས་གྲུབ་པའི་རྟགས་མཚན་ཡིད་ཆེས་པ་བྱུང་བ་དང་། ནུབ་ཐ་མ་ལ་དངོས་གྲུབ་བླང་བའི་ཆོ་ག་བྱ་སྟེ། དེའི་ལས་རིམ་ནི། ཕྱིར་རྒྱས་པའི་སྦྱིན་སྲེག་བྱ། ནང་དུ་དཀྱིལ་འཁོར་ཞལ་བསྒྱུར། དངོས་གྲུབ་ཀྱི་རྫས་བསག །རྒྱན་གོས་བཟང་པོ་གྱོན། ལས་གཞུང་བསྲང་། འཛབ་ཀྱི་དུས་སུ་འོད་ཟེར་ཕར་མི་སྤྲོ་བར་ཚུར་སྡུད་པ་ཁོ་ན་སྟེ།འོད་ཟེར་མཐིང་ག་དངོས་གྲུབ་ཀྱི་རང་བཞིན་ཅན་དུ་བསྡུས་ནས་དངོས་གྲུབ་ཀྱི་རྫས་དང་སྒྲུབ་པ་པོ་རྣམས་ཀྱི་རྒྱུད་ལ་བསྡིམ་པའོ། །དེ་རྗེས་སྒྲོལ་བ་དང་། སྦྱོར་མཆོད་བྱེད། དེ་ཡང་དངོས་གྲུབ་བླང་བ་དངོས་ལ། ལྷ་དང་། རྫས་དང་། ཡུམ་གྱི་མཁའ་


DNG010_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བླང་བའོ། །དང་པོ་ནི། ལྷ་སྤྱི་དང་བྱེ་བྲག་སོ་སོར་བསྐུལ་བའི་སྒོ་ནས་སྟོང་ཚིག་གི་མཆོད་པ་དང་འདྲེལ་པར་ལེན་པ་སྟེ། ལྷ་རྣམས་སྤྱན་དྲངས་ནས་མཆོད་ལ་དངོས་གྲུབ་བདག་ལ་བསྡིམ་པའོ། །གཉིས་པ་ནི། བསྐུལ་ཚིག་གི་སྒོ་ནས་བླང་ཞིང་དངོས་གྲུབ་ཀྱི་རྫས་ལ་རོལ་པའོ། །གསུམ་པ་ནི། སྦྱོར་མཆོད་དང་འདྲེལ་བར་བླ་མའི་མན་ངག་གིས་བླང་ངོ་། །དེ་ནས་བསྒྲུབ་དབང་བསྐུར། ལྷག་ཆོག་དང་། ཕྱི་རོལ་དུ་གཏོར་མ་གཏང་། ནང་དུ་དཀྱིལ་འཁོར་བསྡུ། སྤྱོད་ལམ་རྒྱུན་ཏིང་གིས་རྒྱས་གདབ། མཚམས་དགྲོལ། གནས་བསྲུང་བ་རྣམས་ཏེ། ཞིབ་པར་བླ་མ་དམ་པའི་ཞལ་དང་སྒྲུབ་བྱང་ལས་ཤེས་པར་འགྱུར་ལ། འདིར་གཞུང་འཆད་པའི་དབང་དུ་བྱས་ཏེ་སྦྱོར་སྒྲོལ་གྱི་མཆོད་པ་གཉིས་ཅུང་ཟད་བཤད་ན་གསུམ་སྟེ། ཨཱ་ལི་སྦྱོར་མཆོད། ཀཱ་ལི་སྒྲོལ་བའི་མཆོད་པ། དེ་གཉིས་སྤྱད་བྱར་སྒྲུབ་པའོ། །དང་པོ་ལའང་གང་ལ་སྦྱོར་བའི་ཡུལ། ཇི་ལྟར་སྦྱོར་བའི་ཐབས། ཅིའི་ཕྱིར་སྦྱར་བའི་དགོས་པ་དང་གསུམ། དང་པོ་ནི།སྤྱིར་ལྷ་མོ། ཀླུ་མོ། རིགས་ངན་མོ་གསུམ་སྟེ། རྣལ་འབྱོར་པ་དགོངས་སྤྱོད་སྟོབས་ཆེན་དང་པོ་གཉིས་དངོས་དང་། ཕྱི་མ་ནི། མིའི་བུ་མོ་ཡིན་ལ་སྟོབས་ཆུང་ན་གསུམ་ཀ་མིའི་བུ་མོའོ། །དེ་གསུམ་གྱི་ཁྱད་པར་རིམ་པ་ལྟར། ལོ་གྲངས་ཀྱི་སྒོ་ནས། བཅུ་གཉིས་མ་དང་། བཅུ་དྲུག་མ་དང་། ཉི་ཤུ་མའོ། །རྩ་བའི་སྒོ་ནས་རྩ་མདུང་ཅན་མ་དང་། མཉམ་པ་ཅན་དང་། ཞར་མ་ཅན་ཡོད་པའོ། །བྱང་སེམས་ཀྱི་སྒོ་ནས། ཉི་ཟླ་གཉིས་ཀ་འཛག་པ་དང་། ཉི་མ་འཛག་པ་དང་།གཉིས་ཀ་མི་འཛག་པའོ། །སྦྱོར་ཐབས་ཀྱི་སྒོ་ནས། གཉིས་ཀ་དང་། གཞན་དང་། རང་བདེ་བའི་སྦྱོར་ཐབས་ཤེས་པའོ། །བྱེ་བྲག་ཏུ་སློབ་དཔོན་སྒེག་པས་རིགས་བརྒྱད་དུ་བཤད་དེ། དམ་ཚིག་གསལ་བཀྲ་ལས། པད་ཅན་དུང་ཅན་རི་མོ་ཅན། །བ་གླང་ཅན་དང་ལྕུག་ཕྲན་དང་། །སྡོང་གཅིག་མེས་རེག་ཕྱལ་པ་བརྒྱད། །ཅེས་སོ། །དེ་རྣམས་ཀྱི་མཚན་ཀྱང་སྤྱི་ཙམ་དུ་སྔ་མ་


DNG010_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ལས། མཉེན་དྲང་སྐྱེད་རིང་སྟོད་སྨད་ཕྱེད། །ཡན་ལག་ཕྲ་འཇམ་ཚིགས་མིག་ཟླུམ། །དཔྲལ་བའི་དབྱེས་ཕྱེད་སྨིན་དཀྱུས་རིང་། །མིག་འབྲས་དཀྱིལ་ན་ཨུཏྤལ་མདོག །མཆུ་ཞེང་གཉིས་ཀ་འབྲིང་དུ་བཤད། །ལུས་ལ་ཆུ་ཀླུང་ག་པུར་དྲི། །གསང་ཐུབ་ཤེས་རབ་སྤྱོད་པ་དལ། །དད་ལྡན་འགྲོགས་ཤིང་དང་བ་ཆེ། །གསང་བའི་གནས་སུ་སྤྱད་པར་བྱ། །ཞེས་སོ། །འོ་ན་མཚན་བཟང་ངན་ཕྱེ་སྟེ། ངན་པ་ནི་རྣམ་པ་ཀུན་ཏུ་སྤང་བྱ་ཁོ་ནའོ་སྙམ་ན་མ་ཡིན་ཏེ། དབྱེའམ་ཡང་ན་མི་དབྱེ་བར། །ཞེས་པས་རྣལ་འབྱོར་པ་ནུས་པ་ཆུང་ན་དབྱེ་ལ་ཆེ་ན་མི་དབྱེ་བར་རོལ། ཞེས་གོང་མ་རྣམས་གསུངས། འགྲེལ་ཆུང་ལས། ཞི་རྒྱས་ལས། དབྱེ་བའམ་དབང་དྲག་མི་དབྱེ་བར། ཞེས་ལས་བཞིའི་གཟུངས་མའི་ཁྱད་པར་དུ་བཤད། དོན་ལ་སྒྲུབ་པ་དང་ཕྲིན་ལས་ཀྱི་གཟུངས་མ་ཇི་ལྟར་བཤད་པ་ལྟར་རིགས་དབྱེ་བའམ། ཡང་ན་མ་ཕྱེ་ཡང་རུང་སྟེ་དད་པས་ཆགས་ན་བུད་མེད་ཐམས་ཅད་སྙིང་རྗེའི་ཡུལ་དུ་མཉམ་པར་གཟུང་བྱ་ཡིན་པ་དང་། ཤེས་རབ་ཀྱི་རང་བཞིན་དང་གནས་སུའང་མཉམ་པར་གཞག་པའི་ཕྱིར། གཉིས་པ་ནི། གསལ་བཀྲ་ལས། དབང་བསྐུར་དམ་འབོག་ཆོས་གསུམ་བཤད། །ལུས་ལ་རིགས་ལྔའི་རྡུལ་ཚོན་དགྱེ། །ཐབས་ལ་མཁས་པས་སྐབས་ཀྱིས་སྦྱར། །ཞེས་པའི་དོན་སྦྱོར་བ་དུས་ཀྱི་བསྙེན་བསྒྲུབ་བཞིའི་སྒོ་ནས་ཉམས་སུ་བླང་སྟེ། རྡོ་རྗེ་སློབ་དཔོན་གྱིས་ཡུམ་མཚན་ལྡན་དེ་འཁོར་ཁང་ནང་མར་ཁྲིད་ལ། ཁྲུས་ནས་དབྱུང་། རྒྱན་གདགས། ཆོས་བཤད། དམ་དབོག །འདོད་པའི་བསྟན་བཅོས་ཀྱིས་བདེ་བ་རྒྱས་པར་བྱེད་པ་ནི་བསྙེན་པ།ཡབ་ཡུམ་ལྷར་བསྐྱེད་ལ་མཁའ་གསང་རྡོ་རྗེ་དང་པདྨོར་བྱིན་གྱིས་རློབ། ཡུམ་གྱི་པདྨའི་དབུས་སུ་ཚོམ་བུ་གང་ཡིན་གྱི་དཀྱིལ་འཁོར་བསྐྱེད། སྦྱོར་བའི་བརྡས་བསྐུལ་བ་ནི་ཉེ་བསྙེན། དེ་ནས་ཕྱག་རྒྱ་བཞིས་གཉིས་མེད་དུ་རོལ། འཁོར་ལོ་བཞིར་ཡེ་ཤེས་ངོས་བཟུང་། རྟོག་ཚོགས་སངས་རྒྱས་ཀྱི་དཀྱིལ་འཁོར་དུ་གནས་པ་ཉིད་བདེ་བའི་རོས་ཚིམ་པར་བྱ། བདེ་བའི་འོད་ཟེར་གྱིས་ཕྱོགས་བཅུའི་བདེ་


DNG010_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་མ་ལུས་པ་མཆོད་ཅིང་སྤྱན་དྲངས། དེ་རྣམས་ཀྱི་སྦྱོར་མཚམས་ནས་བབས་པའི་བྱང་སེམས་བདག་གི་སྤྱི་བོ་ནས་ཞུགས། འཁོར་ལོ་བཞི་བརྒྱུད་དེ་ཡུམ་གྱི་མཁའ་ལ་འབེབས་པ་ནི་སྒྲུབ་པ་སྟེ། ཡུམ་གྱི་པདྨའི་དཀྱིལ་འཁོར་དུ། །ཞེས་སོགས་ཤློ་ཀ་གཅིག་གསུངས་སོ། །དེ་ལ་བླ་མའི་མན་ངག་གིས་དངོས་གྲུབ་བླང་སྟེ། སྒྲུབ་པ་ཉི་ཟླའི་སྙིང་པོ་དེ། །དཀྱིལ་འཁོར་རྡོ་རྗེ་ལྕེ་ཡིས་བླང་། །ཞེས་པས་ནུབ་ཐ་མའི་ཐོ་རེངས་ཀྱི་དུས་སུ་ཡབ་ཀྱི་རྡོ་རྗེའི་ལྕེས་བླངས་ཏེ་ལྡོག་དགྲམ་གྱི་ཐབས་ཀྱིས་རང་གནས་སུ་སླེབ་པས་ཟག་མེད་རིག་འཛིན་ལ་སྦྱོར་བ་ནི་སྒྲུབ་ཆེན་ནོ། །གསུམ་པ་ནི། མཁའ་འགྲོ་གསལ་འབར་ཚེ་ལ་སོགས། །ཞེས་པས་ཐུན་མོང་དང་། ཡིད་བཞིན་སྤྲིན་གྱི་བདག་པོར་འགྱུར། །ཞེས་པས་མཆོག་གི་དངོས་གྲུབ་འགྲུབ་པར་བསྟན་ནོ། །དེ་གཉིས་ཀྱི་ཁྱད་པར་ལ་སྤར་ཁབ་ཏུ། སྔ་མ་ལྕེ་རྡོ་རྗེ་རྩེ་ལྔ་པར་བསྒོམས་ནས་བླངས་པའི་ཡོན་ཏན་དང་། ཕྱི་མ་གསང་བའི་རྡོ་རྗེས་བླངས་པའི་ཡོན་ཏན་དུ་གསུངས་སོ། །གཉིས་པ་སྒྲོལ་བ་ལ་གང་བསྒྲལ་བྱའི་ཡུལ། གང་དུ་བསྒྲལ་བའི་གནས། གང་གིས་སྒྲོལ་བའི་གང་ཟག །གང་གི་ཚེ་སྒྲོལ་བའི་དུས། ཇི་ལྟར་སྒྲོལ་བའི་ཐབས། ཅིའི་ཕྱིར་བསྒྲལ་བའི་དགོས་ཆེད་དོ། །དང་པོ་ནི། ཞིང་གྱུར་མཆོག་དང་མཆོག་ཕྲན་རྣམས། །ཞེས་པ་སྟེ་དེ་ལ་གཉིས།མཆོག་བཀྲ་ཤིས་དག་པའི་ཞིང་དང་། མཆོག་ཕྲན་ཐུགས་རྗེས་བཟུང་བའི་ཞིང་ངོ་། །དང་པོ་ནི། བྲམ་ཟེ་སྐྱེ་བ་བདུན་པ་སྟེ། དེའི་ལུས་དེ་དངོས་གྲུབ་ཀྱི་རྫས་ཁྱད་པར་ཅན་ཡིན་པའི་ཕྱིར། གཞན་ཕན་གྱི་བློས་གཏོང་བ་ལ་བསྐུལ་བ་ལྟ་བུའོ། །གཉིས་པ་ནི། གསལ་བཀྲ་ལས། དཀོན་མཆོག་སློབ་དཔོན་སྐུ་དགྲ་གཉིས། །དམ་ཉམས་ལོག་དང་འཁུས་པ་དང་། །འདུ་བར་འོང་དང་ཡོངས་ལ་གནོད། །དམ་དགྲ་ངན་པའི་ངང་ཚུལ་ཅན། །ངན་སོང་གསུམ་དང་བཅུ་པོ་ནི། །རྣལ་འབྱོར་ཀུན་གྱིས་དང་དུ་བླང་། །ཞེས་པའི་བསྒྲལ་བྱ་བཅུ་ནི་སྙིང་རྗེའི་ཞིང་སྟེ། རྗེ་


DNG010_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མའི་གཏེར་བྱོན་འཇོམས་བྱེད་ལས། ཨེ་མ་ཁམས་གསུམ་སེམས་ཅན་རྣམསཿ། །མ་རྟོགས་འཁྲུལ་པ་སྙིང་རེ་རྗེཿ། །སྙིང་རྗེས་བསྒྲལ་བའི་དམ་ཚིག་ནིཿ། །གསད་ཅིང་གནན་པ་མ་ཡིན་ཏེཿ། །ཞེས་སོ། །ཡང་ན་མཆོག་ནི་ཞིང་བཅུ་ལས་མི་བདུན་དང་། མཆོག་ཕྲན་ནི་ངན་སོང་གསུམ་མོ། །ཡང་མཆོག་ནི་བསྒྲལ་བྱ་གང་ཡིན་དང་། མཆོག་ཕྲན་ནི་ཙ་ར་དང་ཤེལ་ཆེན་ལ་བཀུག་ནས་སྒྲོལ་བའོ། །ཡང་གཉགས་ཊཱིཀ་ཏུ། མཆོག་ནི་གསོན་པོ་དང་། མཆོག་ཕྲན་ནི་བམ་ལ་སོགས་པའོ། །ཞེས་ཀྱང་བཤད་དོ། །གཉིས་པ་ནི། འཁོར་ཁང་ནང་མར་ཆོས་འབྱུང་གི་དབུས་སུ་ཉི་ཟླའི་དཀྱིལ་འཁོར་ལ་བཞག་ནས་བསྒྲལ་ཏེ། ཧེ་རུ་ཀ་གལ་པོ་ལས།ཁ་ཊྭཱཾ་བརྒྱབ་པས་ཨེ་ནང་དུ། །ཉི་ཟླའི་སྟེང་དུ་གན་རྐྱལ་བསྒྱེལ། །ཞེས་སོ། །གསུམ་པ་ནི། སྒྲོལ་བ་ལ་མཁས་པའི་སློབ་དཔོན་དང་ཀིང་གིས་སོ། །དེ་ལ་སློབ་དཔོན་ནི། རང་བཞིན་གྱིས་སྒྲོལ་བའི་ལྟ་བ་དང་། ཏིང་ངེ་འཛིན་གྱིས་སྒྲོལ་བའི་ཉམས་དང་། དབང་པོ་ཡུལ་དུས་ཀྱིས་སྒྲོལ་བའི་སྤྱོད་པ་དང་། ཐབས་ཆེན་པོས་སྒྲོལ་བའི་གདམས་ངག་དང་། མངོན་དུ་ཕྱུང་བས་སྒྲོལ་བའི་མཛད་སྤྱོད་ལ་མཁས་པའོ། །ཀིང་ཀ་ར་ལ་གསུམ་སྟེ། ཐུགས་རྗེའི་འཛིན་ཀིང་། ཁམས་གསུམ་སྒྲོལ་ཀིང་། ཡེ་ཤེས་སྟོབ་ཀིང་ངོ་། །དེ་གསུམ་རིམ་པ་ལྟར་བསྒྲལ་བྱ་འཛིན་པ་དང་། སྒྲོལ་བ་དང་། སྟོབ་པ་ལ་མཁས་པའོ། །བཞི་པ་ནི། ཚོགས་བསྒྲུབ་ཀྱི་ནུབ་མཐའ་མའི་ནམ་གུང་གི་དུས་སུའོ། །ལྔ་པ་ནི། ང་རྒྱལ་ལག་གི་འདུ་བྱེད་བསྒོམ། །ཞེས་སོགས་ཀྱིས་སྟོན་ཏེ། དེ་ལ་གཉིས། སྔོན་འགྲོ་དང་དངོས་གཞིའོ། །དང་པོ་ནི། ལས་གཞུང་གི་འཛབ་ཡན་ཆད་གྲུབ་པ་དང་།འཛིན་ཀིང་གིས་ལག་པར་དཔའ་བོ་འབྲུ་ལྔ་བཀོད་ནས་བསྒྲལ་བྱ་བཟུང་སྟེ། འཁོར་ཁང་ནང་མར་སློབ་དཔོན་གྱི་དྲུང་དུ་ཁྲིད་ནས་ལས་འཕྲིན་གདགས། སློབ་དཔོན་གྱིས་ལན་བཏབ། བི་ཤྭའི་སྔགས་ཀྱིས་བགེགས་བསྐྲད། བསྒྲལ་བྱའི་སྤྱི་བོར་ངན་སོང་སྦྱོང་བའི་ལྷ་བསྐྱེད། དེའི་སྔགས་ཀྱིས་བཏབ་པའི་ཡུངས་ཀར་གྱིས་སྤྱི་བོ་ནས་མར་བྲབས་པས་སྒྲིབ་པ་


DNG010_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱངས། བྷ་ག་བ་ཏིའི་སྔགས་ཀྱིས་འགྲོ་དྲུག་ཏུ་སྐྱེ་བའི་སྒོ་དགག་གོ། །གཉིས་པ་བསྒྲལ་བ་དངོས་ལ། སྐྱེ་བའི་རྒྱུན་གཅད་པ།འབྱུང་བའི་སྒོ་དགག་པ། ཤེས་པ་ཆོས་ཉིད་དུ་དང་། ཡུམ་གྱི་མཁའ་ལ་དང་།རྡོ་རྗེ་སེམས་དཔའ་མཚན་ཡོངས་སུ་རྫོགས་པའི་ས་ལ་དང་། འོག་མིན་དུ་དང་།ཕུང་པོ་དུར་ཁྲོད་དུ་བསྒྲལ་བ་དང་བདུན། དང་པོ་ནི། བདག་ཉིད་དཔལ་ཆེན་པོའི་ང་རྒྱལ་གྱིས། བསྒྲལ་བྱའི་ལུས་དེ་འདོད་ཆགས་ཁྲག་གི་རྒྱ་མཚོར་དམིགས་ལ་ཐོད་རློན་གྱི་རྒྱ་དང་མ་ཧཱ་རཀྟའི་སྔགས་ཀྱིས་ལྷག་མེད་དུ་གསོལ་བར་བསམ་པ་སྟེ། འཁོར་བ་སྐྱེ་བའི་རྒྱུ་སྤྱིར་དུག་ལྔ་དང་ཁྱད་པར་འདོད་ཆགས་ཡིན་པའི་ཕྱིར། གཉིས་པ་ནི། རིགས་དྲུག་གི་ས་བོན་དང་། གཉེན་པོ་བཀོད་ལ་འཇུ་འདུལ་གྱིས་ངན་འགྲོའི་སྒོ་བཀག་པ་སྟེ། གནས་ལྔར་རིགས་དྲུག་གི་ས་བོན་སྤྱི་བོར་གཉིས་དང་གཞན་རྣམས་སུ་རེ་རེ་དགོད། དེའང་ཕོ་མོའི་དབང་གི་ས་བོན་རེ་ རེའང་གཉིས་གཉིས་སོ། །གཉེན་པོ་ནི། གནས་ལྔར། ཨོཾ་ཨཱཿཧཱུཾ་སྭཱ་ཧཱ་ལྔ་པོ་རེ་རེའང་གཉིས་གཉིས་ས་བོན་སོ་སོའི་སྟེང་དུ་བསམ་པའོ། །དེ་ནས་འཇུ་འདུལ་ནི། མས་ནས་ཡར་ཞུ་སྟེ་རྐང་མཐིལ་གཉིས་ཀྱི་དུའི་སྟེང་གི་ཧཱ་གཉིས་མེར་འབར་བས་དུ་བསྲེག །དེའི་འོད་ཀྱིས་དམྱལ་བའི་འཇིག་རྟེན་ཁྱབ་པས། དེར་གནས་པའི་སེམས་ཅན་རྣམས་ཀྱི་ངག་སྒྲིབ་སྦྱངས། ཚུར་འདུས་པ་ལས་རལ་གྲི་དང་དྲིལ་བུར་གྱུར། དེའི་འོད་ཀྱིས་ཡིད་སྒྲིབ་སྦྱངས་ནས་འདུས་པས་དོན་གྲུབ་ཡབ་ཡུམ་གྱི་སྐུ་ཕྲ་མོར་གྱུར། དེ་ལས་ཀྱང་འཕྲོས་པའི་འོད་ཀྱིས་དམྱལ་བ་པའི་ལུས་སྒྲིབ་སྦྱངས། སླར་འདུས་པ་ལས་སྐུ་ཆེ་ཞིང་གཟི་བརྗིད་དང་ལྡན་པར་བསམས་ལ། འཛབ་བརྒྱ་རྩ་བརྒྱད་བཟླས་པས། ཞེ་སྡང་དག །དམྱལ་ཁམས་སྟོངས། དོན་གྲུབ་ཡབ་ཡུམ་མཉེས། ལས་རིགས་ཀྱི་ཐུགས་དམ་བསྐངས་ཤིང་། དངོས་གྲུབ་ཐོབ་པར་མོས་ལ། དོན་གྲུབ་ཡབ་ཡུམ་འོད་དུ་ཞུ་སྟེ་ལྟེ་བའི་སྭཱ་ལ་ཐིམ་པར་བསམ་པའོ། །དེ་བཞིན་དུ་བསྲེག་སྦྱང་གི་བྱ་བ་གཞན་རྣམས་ལའང་འགྲེ་ཤེས་པར་བྱས་ཏེ། ལྟེ་བར་རིན་འབྱུང་གིས་ཡི་དྭགས།


DNG010_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་གར་མི་བསྐྱོད་པས་མི། མགྲིན་པར་མཐའ་ཡས་ཀྱིས་བྱོལ་སོང་། སྤྱི་བོར་རྣམ་སྣང་གིས་ལྷ་དང་ལྷ་མིན་སྦྱང་ངོ་། །གསུམ་པ་ནི། ཀིང་གིས་བསྒྲལ་བྱ་ལ་བདུད་རྩི་བླུད། གནོད་བྱེད་བཀུག་སྟེ་བསྡིམ། དཀྱིལ་འཁོར་གྱི་ལྷོ་ཕྱོགས་སུ་ཐལ་ཆེན་གྱིས་དྲག་པོའི་དཀྱིལ་འཁོར་གྲུ་གསུམ་པ་བྲི། ཨེ་རཾ་གྱིས་དྲག་པོའི་དཀྱིལ་འཁོར་བསྐྱེད་དེ། ཨ་མ་ལས་ཉི་ཟླའི་གདན་ལ། ཁ་ཊྭཱཾ་གའི་རྒྱས་འཁོར་བ་རུ་བཟློག་གི་ཚུལ་དུ། མགོ་ལྷོ་ནུབ་དང་།རྐང་པ་བྱང་ཤར་མཚམས་སུ་བསྟན་ཏེ་གན་རྐྱལ་དུ་བསྒྱེལ་བའི་སྙིང་གར་རྡོ་རྗེས་གནན་ལ་བཞག །དེ་ནས་ཀུན་བརྟགས་ཀྱི་རྟོག་པ་ཟིལ་གྱིས་གནོན་པའི་ཕྱིར་སྒྲོལ་བྱེད་སློབ་དཔོན་དཔལ་ཆེན་པོ། བདག་འཛིན་གསུམ་རྩད་ནས་གཅོད་པའི་ཕྱིར་བསྒྲལ་བྱ་དྲ། འཁོར་བའི་རུ་བཟློག་པའི་ཕྱིར་སྒྲོལ་ཀིང་ཊཱ་ཀྐི་རཱ་ཛར་ང་རྒྱལ་བྱས་ལ། ཀིང་གིས་གྲི་འཇམ་དཔལ་རྣོན་པོར་བསྐྱེད་པས་ཁོག་པ་བཤགས་ཏེ་མ་རིག་པའི་རྒྱ་དྲལ་བར་བསམ། ལག་སོར་ལ་དཔའ་བོ་འབྲུ་ལྔ་བཀོད་དེ་སྙིང་ཚིར་གྱིས་བཟུང་བས་རྩ་ཆེན་བཞི་ལ་གནས་པའི་ས་བོན་དྲུག་གཉིད་དང་བཅས་པ་འབྲུ་ལྔའི་འོད་ཀྱིས་བསྲེགས་པས་སྒྲིབ་པ་དག་སྟེ་ཧཱུཾ་ཡིག་དྲུག་ཏུ་བསྒྱུར། དེ་ཡང་རང་རིག་པའི་ཡེ་ཤེས་སུ་གཅིག་པའི་ཕྱིར་ཧཱུཾ་དཀར་པོ་གཅིག་ཏུ་གྱུར་པར་བསྒོམ་པ་ནི་ཤེས་པ་ཆོས་ཉིད་དུ་བསྒྲལ་བའོ། །བཞི་པ་ནི། དེ་དུང་ཕོར་དུ་བཅུག་ནས་སློབ་དཔོན་ལ་གཏད་པས། དཔལ་ཆེན་པོའི་ཤངས་བུག་གཡོན་ནས་རྔུབས་ཏེ་དྲངས།སྒལ་ཚིགས་ཀྱི་རྟ་བརྒྱུད། རྡོ་རྗེའི་ལམ་ནས་ཡུམ་གྱི་མཁའ་ལ་ཕབ་པས་གསང་བའི་དབྱིངས་སུ་ཐིམ་པར་བསམ་པའོ། །ལྔ་པ་ནི། ཧཱུཾ་ཡིག་དེ་ལས་ཆོ་ག་གསུམ་གྱིས་རྡོར་སེམས་སུ་བསྐྱེད་ལ། རིགས་བདག་གིས་དབུ་བརྒྱན་པར་བསམ་པའོ། །དྲུག་པ་ནི། དེ་ཨ་ལས་ཟླ་དཀྱིལ་གྱི་སྟེང་དུ་བཞག་ལ། ཡཾ་ལས་རླུང་དཀྱིལ་གྱིས་བཏེགས་ཏེ་འོག་མིན་དུ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་སྦྱོར་མཚམས་སུ་ཕཊ་ཀྱིས་འཕངས་ལ་བྱང་སེམས་ཀྱི་དབང་བསྐུར་ནས་རིགས་ངེས་པའི་སྲས་སུ་བསྐྱེད་པའོ། །བདུན་པ་ནི། ཕུང་པོ་ཆ་བཞིར་བགོས་ལ་བདུད་རྩིས་


DNG010_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲུ། དེ་ནས་པགས་པར་བསྡུས་ལ་དཀྱིལ་འཁོར་གྱི་སྟེང་དུ་བཞག་སྟེ་ཏྲཱཾ་ལས་རིན་པོ་ཆེའི་མཆོད་སྡོང་དུ་རློབ། སྟོབ་ཀིང་གིས་བཏེགས་ནས་ཞི་ཁྲོའི་ལྷ་ཚོགས་ལ་སྟོབ་པ་དང་བསྐང་གསོ་བྱ། དེ་ནས་བམ་ལ་ཐིག་བཏབ་སྟེ། ལྷའི་མཆོད་རྫས་དང་སྨན་གྱི་རྩ་བ་སོགས་བཀྲོས་ལ་ཕུང་པོ་བཤིག །ཚོགས་དང་ལྷག་མ་བྱ། སློབ་དཔོན་གྱིས་སྨོན་ལམ་གདབ།ཀིངྈ་རས་བཤགས་པ་བྱ། རྫས་སྦ། མཆེད་བྱིངས་ལ་གསངས་ཏེ་སྤྱད་པར་བྱའོ། །དེ་དག་ཀྱང་། གསལ་བཀྲ་ལས། ཏིང་འཛིན་སྔགས་དང་ཕྱག་རྒྱ་རྣམས། །ཤིན་ཏུ་གོམས་པར་དབང་བསྐུར་ཏེ། །བྱང་ཆུབ་ཞིང་དུ་དགོད་པར་བྱ། །ཏིང་འཛིན་སྔགས་རྒྱས་བག་ཆགས་སྦྱངས། །རྣམ་ཤེས་ལྷར་བསྐྱེད་དབང་བསྐུར་འཕང་། །ཡེ་ཤེས་ཚོགས་ཀྱང་རྫོགས་པར་འགྱུར། །ཕུང་པོ་བྱིན་རློབ་མཆོད་པར་བསྔོ། །བསོད་ནམས་མཆོག་ཏུ་འདི་འགྱུར་རོ། །ཞེས་དང་། འཇོམས་བྱེད་ཀྱི་ལུང་སྔ་མའི་འཕྲོས་ལས་ཀྱང་། ཐུགས་རྗེ་ཐབས་ཀྱི་སྦྱོར་བ་ཡིཿ། །ཕུང་པོ་བསྒྲལ་བའི་ཞིང་དུ་བྱཿ། །རྣམ་ཤེས་ཡུམ་གྱི་མཁའ་ལ་སྦཿ། །ཡེ་ཤེས་དཔའ་བོར་བྱིན་བརླབས་ཏེཿ། །རིག་པ་ཆོས་ཀྱི་དབྱིངས་སུ་འཕངཿ། །ཁྱོད་ནི་རྒྱལ་བའི་སྲས་སུ་བསྐྱེདཿ། །ཅེས་སོ། །དྲུག་པ་དགོས་པ་ནི། ངོ་མཚར་ངན་འགྲོ་ཐར་བའི་ཐབས། །ཞེས་པས་བསྒྲལ་བྱ་ལས་ངན་གྱི་འབྲས་བུས་ངན་སོང་དུ་འགྲོ་ངེས་ཤིང་དེར་གནས་པ་རྣམས་བདེ་བླག་ཏུ་དེ་ལས་སྒྲོལ་བའི་ཐབས་རྨད་དུ་བྱུང་བ་ལ་དམ་པ་སྟེ། གསལ་བཀྲ་ལས། བྱང་ཆུབ་སྤྱོད་འཕེལ་སེམས་ཅན་བདེ། །ལྷ་མཉེས་བདག་གི་དམ་སྐོངས་ཤིང་། །ལས་ངན་བར་ཆད་སྡུག་ཡུན་ཐུང་། །རང་གིས་བསག་མེད་ངན་སོང་ལས། །བདེ་ལམ་འདི་ལས་གཞན་མེད་དོ། །ཞེས་སོ། །གལ་ཏེ་མ་བསྒྲལ་བའི་ཉེས་དམིགས་ཀྱང་འཇོམས་བྱེད་ལས། གང་ཚེ་འདི་དག་མ་བསྒྲལ་ནཿ། །ལོག་རྟོག་མུན་པ་འཕེལ་བ་དངཿ། །བདེ་གཤེགས་བསྟན་པ་ཉམས་པར་འགྱུརཿ། །ཞེས་སོ། །གསུམ་པ་སྦྱོར་སྒྲོལ་གཉིས་སྤྱད་བྱར་སྒྲུབ་པ་ལ། སྒྲུབ་པ་དངོས་དང་།


DNG010_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་རྩོད་པ་སྤང་བའོ། །དང་པོ་ནི། སྤྱད་བྱ་སྦྱོར་སྒྲོལ་གྱི་བྱ་བ་ཆོས་ཅན། སྤྱད་ཀྱང་སྤྱོད་དུས་ཉིད་ནས་ཉེས་པས་གོས་པར་མི་འགྱུར་ཏེ། རྟོགས་གོམས་ཀྱི་བློ་ལ་ལྟོས་ཏེ་དོན་ལ་རྡུལ་ཙམ་ཡང་བྱས་པ་མེད་པའི་ཕྱིར། དེ་མ་གྲུབ་ཞེ་ན། རྡུལ་ཆ་ཙམ་ཡང་བྱས་པ་མེད་དེ། ཆོས་ཐམས་ཅད་ཡེ་ནས་དག་ཅིང་སྒྱུ་མའི་རང་བཞིན་ཡིན་ལ། འདིར་དེ་མངོན་དུ་གྱུར་པས་འཛིན་ཞེན་མེད་པར་སྤྱད་པའི་ཕྱིར། དཔེར་ན་སྒྱུ་མའི་སྐྱེས་བུས་མིག་ཡོར་གྱི་གང་ཟག་ལ་སྦྱོར་སྒྲོལ་གྱི་ལས་བརྩམས་པ་བཞིན་ནོ། །དེ་ལྟར་ཡང་། ཡེ་ནས་སྐྱེ་མེད་དེ་བཞིན་ཉིད། །སྒྱུ་མར་སྣང་བ་མིག་ཡོར་ཚུལ། །སྦྱོར་སྒྲོལ་བྱ་བ་ཀུན་བྱས་ཀྱང་། །རྡུལ་ཆ་ཙམ་ཡང་བྱས་པ་མེད། །ཅེས་དང་། ཡེ་ཤེས་རྒྱས་པ་ལས་ཀྱང་། ཇི་ལྟར་སྒྱུ་མའི་མཁན་པོ་དག །རང་གི་སྤྲུལ་པའི་སྒྱུ་མ་ལ། །དགེ་དང་མི་དགེ་འདུ་བྱེད་པ། །ཉེས་པ་གང་གིས་མི་གོས་ལྟར། །ཐབས་ལ་མཁས་པས་རྣམ་པར་སྤྱོད། །ཅེས་སོ། །གཉིས་པ་ནི། ཁ་ཅིག་ན་རེ། སྦྱོར་སྒྲོལ་གཉིས་ཆོས་ཅན། སྤྱད་བྱ་མ་ཡིན་པར་ཐལ། འཁོར་བར་འཆིང་ཞིང་ངན་འགྲོར་ལྷུང་བྱེད་ཡིན་པའི་ཕྱིར་ཏེ། སྦྱོར་བའི་རྣམ་སྨིན་གྱིས་རོ་མྱགས་ཀྱི་དམྱལ་བ་དང་། རྒྱུ་མཐུན་མངལ་གྱི་སྲིན་བུ།སྒྲོལ་བའི་རྣམ་སྨིན་གྱིས་ཡང་སོས་དང་རྒྱུ་མཐུན་ལས་ཀྱི་སྲིན་པོར་སྐྱེ་བར་བཤད་པའི་ཕྱིར་ཞེ་ན། ཐམས་ཅད་ཀྱིས་ཐམས་ཅད་དུ་སྤྱད་བྱ་མ་ཡིན་པའམ་འགའ་ཞིག་གི་ཚེ་སྤྱད་བྱ་མ་ཡིན་ཏེ། འཁོར་བར་ལྷུང་བྱེད་ཡིན་པའི་ཕྱིར་ཟེར། དང་པོ་ལྟར་ན། བྱང་ཆུབ་སེམས་དཔའ་རྔོན་དང་སྨད་འཚོང་དུ་སྤྲུལ་པའི་ཐབས་མཁས་ཀྱི་མཛད་པའང་དེར་ཐལ། དེའི་ཕྱིར་ཏེ། གསལ་བཀྲ་ལས། ཐབས་ཀྱི་སྤྱོད་པས་འཆིང་འགྱུར་ན། །བྱང་ཆུབ་སེམས་དཔའ་འདུལ་དབང་གིས། །རྔོན་དང་སྨད་འཚོང་བསྟན་པའང་ལྟུང་། །ཞེས་པ་ལྟར་རོ། །གལ་ཏེ་སེམས་དཔའ་གཞན་དོན་དུ་དེ་སྤྱོད་ཀྱང་མི་ལྟུང་ན་ཅི་འགལ་ཏེ། ཁྱབ་པ་མ་གྲུབ་ཟེར་ན།ཐམས་ཅད་ཀྱིས་ཐམས་ཅད་དུ་སྤྱད་བྱ་མ་ཡིན་པའི་དམ་བཅའ་ཉམས་སོ། །གཉིས་པ་ལྟར་ན། ཐབས་ཀྱིས་མ་ཟིན་པས་གསོད་སྦྱོར་ཐ་མལ་དུ་སྤྱོད་དམ་སྤྱོད་དུ་


DNG010_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

བཅུག་ན་འབྲས་བུ་དེ་ལྟར་འབྱུང་བ་བདེན་ཀྱང་འདིར་ཐབས་ཀྱིས་ཟིན་པའི་ཕྱིར་ཅི་འགལ་ཏེ། སྔ་མ་ལས། ཁེ་དྲེགས་སྤྱོད་པས་དེ་མིན་ཏེ། །ཐབས་ཆེན་ལམ་ལ་གནས་པ་ཡི། །སྐྱེས་བུ་ཀུན་གྱིས་བྱ་བར་གསུངས། །ཞེས་སོ། །མདོར་ན། འཛིན་ཞེན་མེད་པར་ཇི་ལྟར་སྤྱད་ཀྱང་། ལས་ཀྱིས་གོས་པར་མི་འགྱུར་བ་ནི་རྒྱལ་བའི་བསྟན་པ་སྤྱིའི་ཕྱག་རྒྱ་སྟེ། འདུལ་བ་མདོ་རྩ་ལས། རྨི་ལམ་ནི་མེད་པ་དང་འདྲའོ། །དེའི་འབྲས་བུ་ནི་མ་བྱས་པ་ཉིད་དོ། །ཞེས་དང་། སྡུད་པ་ལས།སྐྱེ་བོ་ཕལ་ཆེར་མགོ་མང་བྱེ་བ་གཅོད་བྱེད་ཀྱང་། །འགྲོ་ཀུན་སྤྲུལ་འདྲར་རབ་ཤེས་དེ་ལ་འཇིགས་པ་མེད། །ཅེས་སོ། །སྤྱིར་སྦྱོར་སྒྲོལ་ལ་ཆ་ལྔར་གསུངས་ཏེ། ལེ་ལག་ལས། འདིས་ནི་རང་བཞིན་སྦྱོར་སྒྲོལ་དང་། །དབང་པོ་ཡུལ་དུས་སྦྱོར་སྒྲོལ་དང་། །ཏིང་ངེ་འཛིན་གྱི་སྦྱོར་སྒྲོལ་དང་། །ཐབས་ཆེན་པོ་ཡི་སྦྱོར་སྒྲོལ་དང་། །མངོན་དུ་བྱུང་བའི་སྦྱོར་སྒྲོལ་ལོ། །ཞེས་སོ། །དེ་ལྟར་ལྔ་ལས། དང་པོ་ནི། ཆོས་ཐམས་ཅད་ཀྱི་རང་བཞིན་གཉིས་སུ་མེད་པར་རྟོགས་པ་ནི་སྦྱོར་ བ། དེས་གཉིས་འཛིན་གྱི་རྟོག་པ་ལས་སྒྲོལ་བ་ནི་སྒྲོལ་བ་སྟེ། ལམ་རིམ་ལས།གཉིས་མེད་དབྱིངས་སུ་སྦྱོར་བ་ཡིན། །ཞེས་དང་། བདག་ཉིད་ཆེན་པོ་རྟོགས་པ་ཡིས། །དབྱིངས་སུ་ཡང་ནི་བསྒྲལ་བར་བྱ། །ཞེས་སོ། །གཉིས་པ་ནི། ཡུལ་ཕས་སྣང་ཡུམ་དང་། དབང་པོ་ནང་ནས་འཆར་བ་ཡབ་སྟེ། ལྷ་ཡབ་ཡུམ་གཉིས་མེད་དུ་སྦྱོར་བ་ནི་སྦྱོར་བ། དེས་ཐ་མལ་གྱི་རྟོག་ཚོགས་རང་སར་དག་པས་སྒྲོལ་བ་སྟེ། འདི་ཉིད་ལས། དབང་པོ་ཡུལ་དུས་རིག་པ་རྣམས། །བྱང་ཆུབ་སེམས་ནི་རྡོ་རྗེའི་ཚོགས། །ཞེས་སོ། །གསུམ་པ་ནི། བསྐྱེད་རིམ་པས་བསྒོམ་བྱ་སྟེ། ལྷ་ཡབ་ཡུམ་དུ་བསྐྱེད་ནས་རོལ་པ་ནི་སྦྱོར་བ། བསྒྲལ་བྱའི་རྣམ་ཤེས་འོག་མིན་དུ་སྤོར་བའི་ཏིང་ངེ་འཛིན་ནི་སྒྲོལ་བའོ། །དེའང་ཐབས་ཞགས་ལས། རྣམ་ཤེས་ཧཱུཾ་གིས་བསྡུས་རྔུབས་ཏེ། །འོག་མིན་བླ་མེད་གནས་མཆོག་ཏུ། །གཙོ་བོ་དང་ནི་གཙོ་མོ་དང་། །སེམས་དཔའ་དང་ནི་སེམས་མ་རྣམས། །སྦྱོར་བའི་ལྷུམས་སུ་ཕཊ་ཀྱིས་


DNG010_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

འཕང་། །ཞེས་སོ། །བཞི་པ་ནི། འདིའི་ལེའུ་བཅོ་ལྔ་པར་གསུངས་པ་ལྟར་སྔོན་བྱུང་དཔལ་ཆེན་པོའི་ཐབས་ཀྱི་མཛད་སྤྱོད་དེ། སྔ་མ་ལས།སྔོན་ཚེ་དཔལ་ཆེན་ཧེ་རུ་ཀས། །ཕོ་བསྒྲལ་དུར་ཁྲོད་བརྒྱད་དུ་བྱས། །མོ་རྣམས་སྦྱར་ཏེ་སླས་སུ་བྱས། །དེ་བཞིན་ཐབས་ཀྱི་མཛད་སྤྱོད་དོ། །ཞེས་སོ། །ལྔ་པ་ནི། ཚོགས་བསྒྲུབ་ཀྱི་དུས་སུ་སྦྱོར་སྒྲོལ་དངོས་སུ་བྱེད་པ་སྟེ། ལག་ལེན་སྔར་བཤད་གྲུབ་བོ། །དེ་གང་ཟག་ཇི་ལྟ་བུས་བྱ་ཞེ་ན། ལྟ་བ་རྟོགས་ཤིང་སྣང་བྱེད་ཀྱི་ཏིང་འཛིན་དང་རླུང་སེམས་ལ་དབང་ཐོབ་པའི་རྣལ་འབྱོར་པས་བྱ་བ་སྟེ། གསལ་བཀྲ་ལས། ལྟ་སྤྱོད་ཏིང་འཛིན་འདྲེལ་གོམས་པས། །ཞེས་སོ། །དེ་ལྟར་ཚོགས་བསྒྲུབ་ཀྱི་ཚེ་སྤྱད་བྱའི་ཡོ་བྱད་ལྔ་ལས། བཤད་མ་ཐག་པའི་ཨཱ་ལི་ཀཱ་ལི་དང་།གཞན་ཡང་ཞི་ཁྲོའི་གོས་རྒྱན་དང་། བཟའ་བཏུང་དང་། གླུ་ཚིག་དང་། བྲོ་གར་འདུ་འཕྲོའི་ཡོ་བྱད་རྣམས་རང་རིག་པའི་ཡེ་ཤེས་ཀྱི་རང་བཞིན་དུ་ཤེས་པར་བྱས་ནས་མ་ཆགས་པའི་ཚུལ་གྱིས་ལྷ་མཆོད་པ་དང་སྤྱོད་ལམ་གྱི་དུས་ཐམས་ཅད་དུ་སྤྱོད་པ་སྟེ། ལམ་རིམ་ལས། གསང་སོགས་ཡོ་བྱད་ལྔ་པོ་རྣམས། །རིག་ཕྱིར་མ་སྐྱེས་ཡེ་ཤེས་གསལ། །ཆོས་ཉིད་ཡེ་ཤེས་རོལ་པར་བསྒོམ། །ཞེས་དང་། མཆོད་པའམ་སྤྱོད་ལམ་ཐམས་ཅད་དུ། །ཆས་བརྒྱད་རྒྱན་རྣམས་བགོ་བྱ་སྟེ། །བཟའ་བཏུང་རྗེས་སུ་མཐུན་པར་སྤྱད། །བྲོ་གར་གླུ་ཚིག་ལྡན་པར་བྱ། །ཞེས་སོ། །གསུམ་པ་འབྲས་བུ་རིག་འཛིན་འགྲུབ་པའི་དུས་བཤད་པ་ནི། ཡང་རབ་ཀྱིས་ཟླ་བ་དྲུག །རབ་ཀྱིས་ལོ་གཅིག འབྲིང་ལོ་གཅིག་དང་ཟླ་བ་གཉིས། ཐ་མས་ཀྱང་ལོ་གཅིག་དང་ཟླ་བ་བཞི་ན། དབང་པོ་རྣོ་ན་ཚེ་དབང་དང་། །རྟུལ་ན་རྣམ་སྨིན་ལ་སྦྱོར་ཏེ། །འདི་ཉིད་ལས། ཞག་ནི་སུམ་ཅུ་ཕྲག་དྲུག་གམ། །བཅུ་གཉིས་བཅུ་བཞི་བཅུ་དྲུག་གིས། །དབང་བསྒྱུར་རིགས་ཀྱི་དམ་པ་འགྲུབ། །ཅེས་པ་སྟེ། ཞི་བའི་ཚོགས་བསྒྲུབ་ཀྱི་དུས་སོ། །ཁྲོ་བོ་ནི་དེ་ལས་སྒྲུབ་ཐག་ཉེ་བས་རབ་ཀྱིས་ཟླ་བ་གཉིས། འབྲིང་གིས་ཟླ་བ་གསུམ་དང་ཞག་དྲུག །ཐ་མས་ཀྱང་ཟླ་བ་དྲུག་ན་འགྲུབ་སྟེ། ལམ་རིམ་ལས། ཞག་ནི་སུམ་ཅུ་ཕྲག་དྲུག་གམ། །དྲུག་


DNG010_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

ཅུ་དགུ་བཅུ་རྩ་དྲུག་ཏུ། །འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་བསྒོམ། །ཞེས་སོ། །འདིར་ཞི་བ་ལས་ཁྲོ་བོ་འགྲུབ་ཐག་ཉེ་བ་ཅིའི་ཕྱིར་ཞེ་ན། སྣར་སྟོན་ནི། ཁྲོ་བོ་བར་ཆད་ཉུང་ཞིང་སྤྱོད་པ་རླབས་ཆེ་བས་དུས་མྱུར་བ་ཡིན་གསུངས། གོང་མ་ཕལ་ཆེར། ཞི་བ་འཛབ་འཐོར་ཞིང་བར་ཆོད་མང་བས་འགོར་ལ་ཁྲོ་བོ་འཛབ་འདྲིལ་བ་དང་བར་ཆོད་ཉུང་བས་ཉེ་བ་ཡིན་གསུངས་སོ། །དེ་དག་ནི་བར་ཆད་མེད་པའི་ལམ་དུ་ཚོགས་སྒྲུབ་པ་སྟེ། སྨིན་པར་སློབ་པའི་ཚུལ་ལོ། །གཞན་དུ་མོས་སྒྲུབ་ཙམ་བྱེད་པར་སྤྲོ་ན། ཞག་བཅུ་གཅིག་གི་དབང་དུ་བྱས་ཏེ། ནུབ་དང་པོས་ཆོ་ག །གཉིས་པར་སྟ་གོན། གསུམ་པ་ལ་ཕྱི་ནང་གི་བཤགས་པ་དང་མཚམས་གཅོད་ནས་བཟུང་། དཀྱིལ་འཁོར་རབ་གནས་ཡན་ཆད་ཚར་བ་དང་། ལས་གཞུང་བསྲངས་ཏེ་བསྙེན་པའི་འཕྲོ་འདུ་བྱ། དེ་ནས་ཞག་དྲུག་གི་དང་པོ་གསུམ་ལ་ཉེ་བསྙེན་དང་། ཕྱི་མ་གསུམ་ལ་སྒྲུབ་པའི་འཕྲོ་འདུས་བཟླས་བརྗོད་བྱ།ཞག་བདུན་པ་ལ་དངོས་གྲུབ་ལེན་པའི་ལས་ལ་འབད་ཅིང་། ནམ་ལངས་པ་དང་དབང་བསྐུར་བ་ནི་སྒྲུབ་ཆེན་ཏེ། ཆོ་གའི་རྣམ་བཞག་གཞན་རྣམས་སྔར་བཤད་པ་ལྟར་ཤེས་པར་བྱའོ། །དེ་ཡང་དཀྱིལ་འཁོར་ནི་ལམ་གྱི་ཆ་རྐྱེན་གྱི་གཙོ་བོར་གྱུར་པའི་ཕྱིར་འདིར་རྒྱས་པར་བཤད་པ་ཡིན་ནོ། །ལྔ་པ་སྐྱོན་ནི་འཆད་འགྱུར་གྱི་ཡོན་ཏན་ལས་བཟློག་པ་སྟེ། ཐུགས་ཐིག་ལས། དེ་ལས་བཟློག་པའི་སྐྱོན་ཅན་བཞི། །ཞེས་སོ། །དྲུག་པ་ཡོན་ཏན་ནི། དཀྱིལ་འཁོར་ལ་བརྟེན་པས་རྟོགས་པའི་ཡེ་ཤེས་འཕེལ་བ་དང་། སྡིག་སྒྲིབ་འབྱང་ཞིང་མཚན་རྟོག་འགྲིབ་པ་དང་། ཚོགས་གཉིས་རྫོགས་པའི་ཕན་ཡོན་ཁྱད་པར་ཅན་གྱི་ཐབས་སུ་གྱུར་པ་དང་། མཐར་ཐུག་འབྲས་བུ་འགྲུབ་པའི་རྟེན་དུ་འགྱུར་བའི་ཕྱིར་ཏེ། དེ་ལས། འཕེལ་འགྲིབ་ཕན་ཡོན་ཐབས་འགྲུབ་བཞི། །ཞེས་སོ། །བཞི་པ་རིམ་པ་བགྲོད་པ་དབང་ལ་དྲུག་ལས། དང་པོ་དགོས་ཆེད་ནི། ཆོས་ཀྱི་རྒྱལ་པོའི་གོ་འཕང་རྒྱུད་ལ་ཐོབ་པའི་ཆེད་དུ་སྟེ། དེ་ཐོབ་པ་ལ་སྒྲིབ་པ་འཇོམས་ཤིང་ནུས་པ་འཇོག་པའི་ཐབས་འདིས་རིམ་པར་བགྲོད་དགོས་པའི་ཕྱིར། དེ་ལྟར་ཡང་


DNG010_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཐིག་ལས། བདག་གཞན་དོན་ནུས་ཚོགས་ལས་འགྲུབ། །དེ་ལ་དེ་ཡོད་ཕྱིར་ནོད་བྱ། །ཞེས་སོ། །གཉིས་པ་ངོ་བོ་ནི། རྒྱུ་གཉིས་རྐྱེན་བཞིའི་ཡན་ལག་གིས་ཐོབ་བྱའི་ནུས་པ་ཁྱད་པར་ཅན་དེ་ཉིད་རྒྱུད་ལ་འཇོག་པའི་ལས་ཀྱི་བདག་ཉིད་སྟེ། སྔ་མ་ལས། རྒྱུ་གཉིས་རྐྱེན་བཞི་ཡན་ལག་བསྙད། །དྲུག་ལ་གནས་པའི་ཐོབ་བྱ་དེ། །ངོ་བོ་ཉིད་ཅེས་རྣམ་པར་བཤད། །ཅེས་སོ། །དཔེར་ན་འཇིག་རྟེན་དུ་འཁོར་ལོས་སྒྱུར་བའི་རྒྱལ་པོ་བྱུང་བའི་ཚེ་གླང་ཆེན་ས་སྲུང་གི་བུས་བུམ་ཆུའི་རྒྱ་རྟགས་ཀྱི་དབང་བསྐུར་བ་བཞིན་ནོ། །གསུམ་པ་སྒྲ་དོན་ནི། ཨ་བྷི་ཥིཉྩའི་སྒྲ་ལས་མངོན་པར་གཏོར་བ་ཞེས་བྱ་སྟེ། དངོས་སུ་དྲི་མ་འཁྲུད་པ་ཙམ་ལ་འཇུག་ཅིང་། བརྒྱུད་ནས་དེས་འབྲས་བུ་ཡེ་ཤེས་ཀྱི་ནུས་པ་ཁྱད་པར་ཅན་འཇོག་པས་ན་དབང་སྟེ། ཧེ་རུ་ཀ་འདུས་པ་ལས། གང་གིས་གང་ལ་གང་བསྐུར་བས། །རྒྱུད་དག་ནུས་པ་ཐོབ་ཕྱིར་དབང་། །ཞེས་སོ། །བཞི་པ་རྣམ་གྲངས་ལ། དབྱེ་བ་དང་། ལས་ཀྱི་རིམ་པའོ། །དང་པོ་ལ། རིམ་པའི་སྒོ་ནས་དང་། རྟེན་གྱི་དཀྱིལ་འཁོར་གྱི་སྒོ་ནས་དང་། གང་གི་ཚེ་བསྐུར་བ་དུས་ཀྱི་སྒོ་ནས་དང་། མོས་པ་ཐ་དད་པའི་སྒོ་ནས་དབྱེ་བའོ། །དང་པོ་ནི། ཟག་བཅས་ཀྱི་ལམ་དུ་དབང་གསུམ་གྱི་ནུས་པ་ཙམ་འཇོག་པ་དང་། བར་ཆད་མེད་པའི་ལམ་དུ་ཕལ་ཆེར་འཇོག་པ་དང་།ཟག་མེད་ཀྱི་ལམ་དུ་དངོས་སུ་འཇོག་ཅིང་བསྐུར་བ་སྟེ། ལམ་གྱི་རིམ་པར་བཞེད་པ་དང་། ཡང་ན་ཐལ་རྒྱུད་ལས། གང་དུ་དད་དང་བརྩོན་འགྲུས་དང་། །བརྟུལ་ཞུགས་གསུམ་དང་ལྡན་པ་ལ། །ས་བོན་འཇུག་དང་ནུས་བསྐྱེད་ནས། །བདེ་བའི་དབང་ནི་རིམ་བཞིན་སྦྱིན། །ཞེས་པས་ནུས་པ་འཇོག་ཚུལ་གསུམ་པོ་ཕན་ནུས་ཟབ་དབང་གསུམ་གྱི་རིམ་པར་བཞེད་པའང་ཡོད་དེ། གང་ལྟར་ཀྱང་འགལ་བར་མ་མཐོང་ངོ་། །གཉིས་པ་ནི། རྒྱུད་ཚོད་དང་སྦྱར་བའི་དཀྱིལ་འཁོར་བཞིར་འགྱུར་ཏེ། རང་བཞིན་ཡེ་ཤེས་ཀྱི་དང་། ལྷག་པ་ཏིང་ངེ་འཛིན་གྱི་དང་། རིག་པ་ཉམས་ཀྱི་དང་། ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བའོ། །དང་པོ་ནི། སློབ་དཔོན་རྫོགས་པའི་སངས་རྒྱས་ཀྱིས་སློབ་བུ་མཐར་ཕྱིན་


DNG010_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལམ་པ་ལ་དབང་བསྐུར་བའི་ཚེ་ཡེ་ཤེས་ཀྱི་སྣང་བ་ལས་གྲུབ་པའི་རང་བཞིན་གྱི་དཀྱིལ་འཁོར་དང་ཡེ་ཤེས་ཀྱི་ལྷ་མོ་ལ་བརྟེན་པར་མཛད་དེ། སྔར་ལེའུ་གཉིས་པར་བསྟན་པའི་སྔོན་བྱུང་གི་དབང་བཞིན་ནོ། །དེ་ལྟར་ཡང་སྒྱུ་འཕྲུལ་རྡོ་རྗེ་ལས། རྒྱལ་བ་ཀུན་གྱི་སྤྱི་གཟུགས་དེས། །འཁོར་ཚོགས་ཡེ་ཤེས་རྒྱ་མཚོ་ལ། །རང་བཞིན་དཀྱིལ་འཁོར་ལྷན་ཅིག་ཏུ། །ཡེ་ཤེས་ལྷ་མོ་ལ་བརྟེན་ནས། །ཡེ་ཤེས་ཆེན་པོའི་དབང་བསྐུར་བས། །གསང་བདག་རྡོ་རྗེ་འཆང་ཆེན་གྱུར། །ཞེས་སོ། །གཉིས་པ་ནི། སློབ་དཔོན་མཐར་ཐུག་སངས་རྒྱས་ཀྱི་ས་ལ་ཉེ་བ་ལྷུན་གྲུབ་རིག་འཛིན་གྱིས་སློབ་མ་མཐོང་བསྒོམ་གཉིས་ཀྱི་རིག་འཛིན་ལ་ལྷག་པ་ཏིང་འཛིན་དང་རིག་པའི་ལྷ་མོ་ལ་བརྟེན་ནས་དབང་བསྐུར་ཏེ། དེ་ལས། དང་པོ་ནས་བཟུང་བཅུ་པའི་བར། །ཏིང་འཛིན་འབར་བའི་དཀྱིལ་འཁོར་དུ། །རིག་པའི་ལྷ་མོ་ལ་བརྟེན་ནས། །ཏིང་འཛིན་ཆུ་བོས་དབང་བསྐུར་བས། །ས་དང་ཡེ་ཤེས་ཞིང་ཁམས་དང་། །རྫུ་འཕྲུལ་མཛད་པའི་རིམ་པ་འཕེལ། །ཞེས་གསུངས་ཏེ། སྔོན་སློབ་དཔོན་སངས་རྒྱས་གསང་བས་མཚོ་མ་ཕམ་ལ་ཐིག་བཏབ་ནས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་བསྟན་ཏེ། དབས་མཉྫུ་ཤྲཱི་སོགས་ལ་དབང་བསྐུར་བ་དང་། སློབ་དཔོན་ཆེན་པོ་པདྨས་སྟག་ཚང་སེང་ཕུག་ཏུ་འཚོ་རྒྱལ་ལ་ཕུར་པའི་དཀྱིལ་འཁོར་ནམ་མཁའ་དང་མཉམ་པ་བསྟན་ནས་དབང་བསྐུར་བ་ལྟ་བུའོ། །དེ་འདྲ་བའི་དཀྱིལ་འཁོར་དེ་ལ་གཞན་དུ་སྤྲུལ་པའི་དཀྱིལ་འཁོར་ཞེས་གྲགས་ཤིང་། འདིར་ལྷག་པ་ཏིང་ངེ་འཛིན་གྱི་གཟུགས་བརྙན་ཞེས་གསུངས་ཏེ། རྡོ་རྗེ་ལས་རིམ་ལས། སློབ་དཔོན་མཐར་ཉེ་ལམ་གནས་པས། །བཞི་བཅུ་རྩ་གཉིས་སུམ་འཕྲོ་ཞིང་། །སངས་རྒྱས་སྟོང་གི་དཀྱིལ་འཁོར་སོགས། །རྡོ་རྗེའི་ཐིག་ཚད་དོར་ཙམ་གྱིས། །རྒྱང་གྲགས་ལ་སོགས་མཚན་མ་ཡི། །དཀྱིལ་འཁོར་ཕྱག་རྒྱ་གསལ་ལྡན་པ། །རྒྱུའི་དབང་དུ་ལྷག་པ། ཏིང་འཛིན་ལྷག་པའི་བུའི་དབང་དུ་གཟུགས་བརྙན་ཡིན། །ཞེས་སོ། །གསུམ་པ་ནི། སློབ་དཔོན་མཐོང་ལམ་པས་སློབ་མ་གཅིག་སྤྲོས་ལས་སུ་རུང་བའི་ལམ་བྲོད་པ་ཅན་ལ་རིག་པ་ཉམས་ཀྱི་དཀྱིལ་འཁོར་དང་། རིག་པ་རྩལ་


DNG010_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་གཟུངས་མ་ལ་བརྟེན་ནས་དབང་བསྐུར་ཏེ། རྡོ་རྗེ་ལས། མཐོང་ལམ་རྡོ་རྗེའི་སྐུ་ཐོབ་པས། །ངེས་འབྱེད་རྣལ་འབྱོར་ཉམས་ལྡན་ལ། །རིག་པ་ཉམས་ཀྱི་དཀྱིལ་འཁོར་དུ། །རིག་པ་རྩལ་གྱི་གཟུངས་བརྟེན་ནས། །ཟག་མེད་རྡོ་རྗེའི་སྐུ་ལ་སྦྱོར། །ཞེས་སོ། །བཞི་པ་ནི། ཏིང་ངེ་འཛིན་ལ་བརྟན་པ་ཐོབ་པའི་སློབ་དཔོན་གྱིས་སྐལ་བ་དང་ལྡན་པའི་སློབ་མ་ལ་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་དང་ལས་རྒྱ་མཚན་ལྡན་ལ་བརྟེན་ནས་དབང་བསྐུར་ཏེ། དེ་ལས། རིག་པ་བརྟན་ཐོབ་རྣལ་འབྱོར་པས། །ལས་དང་སྐལ་ལྡན་རྣལ་འབྱོར་ལ། །ལྷག་པ་གཟུགས་བརྙན་དཀྱིལ་འཁོར་དུ། །རིག་མ་ཕྱག་རྒྱ་མཛེས་མ་ལ། །དབང་བསྐུར་བྱིན་རློབ་བརྟན་བྱས་ནས། །ཆོ་ག་ཐབས་ཀྱིས་དབང་བསྐུར་ཞིང་། །བརྒྱུད་པ་དབང་གི་མན་ངག་གིས། །སྦྱོར་བ་ཉམས་ལྡན་རྣལ་འབྱོར་འཐོབ། །ཞེས་སོ། །དེ་ལས་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་དོན་འཆད་པའི་ཚེ། ཁ་ཅིག་ན་རེ། ད་ལྟ་གང་ཟག་རབ་འབྲིང་ཀུན་དབང་གི་དཀྱིལ་འཁོར་རྡུལ་ཚོན་ཁོ་ན་ལ་བརྟེན་དགོས་སོ་ཟེར་བ་མི་རིགས་ཏེ། བི་མ་ལས་ཐིག་གི་པིཎྜཱརྠར། བརྟན་ཞིང་ངོས་འཇམ་ཁང་བུ་དང་། །རས་སམ་གྲོ་གའམ་ཤིང་ཤུན་ནམ། །ཏཱ་ལའི་ལོ་མའམ་དུར་ཁྲོད་རས། །ཞིང་ཆེན་རས་ལ་སོགས་པ་ལ། །ཕྱག་རྒྱ་མཉམ་རྫོགས་བྲིས་པ་ནི། །མཚན་མ་འབྱུང་བའི་རྟེན་ཡིན་ནོ། །ཞེས་ཁང་བུའི་ལྡེབས་རིས་དང་རས་བྲིས་ལ་སོགས་པ་གསུངས་པ་དང་། ཁྱད་པར་ཨཱ་ཙརྱ་རྒྱལ་བའི་སྡེས། རྡུལ་ཚོན་བྲི་བར་མ་ནུས་ན། །དཀྱིལ་འཁོར་དང་མཉམ་རས་ལ་ནི། །ངེས་པར་བཅོམ་ལྡན་ཧེ་རུ་ཀ །ཕྱག་རྒྱའི་གཟུགས་དང་བཅས་པ་བྲི། །ཞེས་རས་བྲིས་ཀྱི་དཀྱིལ་འཁོར་གསུངས་ཤིང་། སྔོན་གྱི་སློབ་དཔོན་གྲུབ་པའི་དབང་ཕྱུག་རྣམས་དེར་དབང་བསྐུར་བ་ཉིད་བཞེད་པའི་ཕྱིར་རོ། །དེས་ན་དམན་པ་རྣམས་རས་བྲིས་ཀྱི་དཀྱིལ་འཁོར་དུ་འཇུག་རུང་བར་མ་ཟད། ལས་དང་པོ་པ་ཡིན་ཀྱང་དབང་པོའི་ཁྱད་པར་གྱིས། རྡུལ་ཚོན། རས་བྲིས། ཚོམ་བུའི་དཀྱིལ་འཁོར་གསུམ་གསུངས་པའི་དབྱེ་བས་རབ་མེ་ཏོག་གི་ཚོམ་བུའི་དཀྱིལ་


DNG010_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལྟ་བུ་དམིགས་རྟེན་ཅུང་ཟད་ཙམ་ལ་བསྟེན་ནས་བསྐུར་རུང་བ་ཡོད་པའི་ཕྱིར་ཏེ། བདེ་འདུས་དབང་གི་རྩ་བ་ལས། དཀྱིལ་འཁོར་གང་དུ་དབང་བསྐུར་ན། །རབ་འབྲིང་ཐ་མར་གསུངས་པ་ཡིས། །མེ་ཏོག་བྲིས་སྐུ་རྡུལ་ཚོན་གསུམ། །དཀྱིལ་འཁོར་གསུམ་དུ་དབང་བསྐུར་རོ། །ཞེས་གསུངས་པའི་ཕྱིར་དང་། དེ་ལས་ཀྱང་སྐལ་ལྡན་མཆོག་ཁ་ཅིག་རྡོ་རྗེ་སློབ་དཔོན་གྱི་ལུས་དཀྱིལ་དུ་ཐོག་མ་ནས་འཇུག་རུང་བའང་ཡོད་དེ། ལུས་དཀྱིལ་ལ་དཀྱིལ་འཁོར་དུ་འདུ་ཤེས་པའི་གང་ཟག་མཁས་པ་དེས་ཕྱི་དཀྱིལ་ལ་བརྟེན་དགོས་པའི་རྒྱུ་མཚན་མེད་པའི་ཕྱིར། དེ་ལྟར་ཡང་སློབ་དཔོན་དྲིལ་བུ་བས། བཅོས་མ་གཉིས་ཀྱི་དཀྱིལ་འཁོར་གང་། །དེ་ནི་གདུལ་བྱའི་དབང་ལས་འདོད། །མཁས་པའི་བསྒྲུབ་བྱ་དེ་མ་ཡིན། །ཞེས་གསུངས་པའི་ཕྱིར། དེ་ལྟ་བུའི་མཁས་པ་དེས་ནི་སྔ་མ་ལས། འགྲོ་བ་འདི་ཀུན་རང་བཞིན་གྱིས། །གྲུབ་པའི་དཀྱིལ་འཁོར་གཉིས་མེད་པའོ། །ཞེས་དང་།འགྲེལ་ཆུང་ལས། སྲིད་གསུམ་འགྲོ་བ་ཐམས་ཅད་ཀྱི། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །བརྗོད་མེད་བརྗོད་ཀྱིས་མི་ལང་བ། །དེ་སྙེད་འཁོར་ལོའི་དཀྱིལ་འཁོར་དུ། །མངོན་རྫོགས་རྒྱལ་པོར་དེ་ཉིད་ངེས། །གཉིས་མེད་ལྷུན་གྲུབ་དཀྱིལ་འཁོར་ན། །ཐམས་ཅད་བདག་ཉིད་རྟག་པར་བཞུགས། །ཞེས་དང་། དོང་སྤྲུག་གི་དབང་གི་མེ་ཏོག་དོར་བའི་སྐབས་སུའང་། སློབ་དཔོན་སྐུ་ཡི་དཀྱིལ་འཁོར་དུ། །ཞེས་སོགས་གསུངས་པའི་མཚན་ཉིད་ཅན་གྱི་དཀྱིལ་འཁོར་ལ་བརྟེན་ནས་བསྒྲུབ་ཅིང་དབང་ལེན་པར་བྱ་བ་ཉིད་དེ། དེ་ཉིད་ལས། བདེ་བ་ཆེན་པོའི་དཀྱིལ་འཁོར་ནི། །སྟངས་དཔྱལ་གཉིས་སམ་ཡང་ན་ལྔ། །བྱས་ཏེ་དད་ལྡན་རབ་ཞུགས་ན། །འདོད་པ་ཡིད་འོང་མཉམ་པར་འགྱུར། །ཞེས་པས་མཆོག་བདེ་བ་ཆེན་པོའི་དཀྱིལ་འཁོར་ཡབ་ཡུམ་གཉིས་ཀྱི་ལུས་དཀྱིལ་ལམ། དེ་ལས་བློ་དམན་ན་རྡུལ་ཚོན་རིགས་ལྔའི་དཀྱིལ་འཁོར་ཙམ་བྱས་ལ་ཞུགས་ནའང་སྔོན་གཞན་གྱིས་ཐོབ་པ་དང་མཉམ་པའི་དངོས་གྲུབ་དང་། ཡང་ན་དཀྱིལ་འཁོར་རྒྱས་པ་དང་མཉམ་པའི་དངོས་གྲུབ་ཐོབ་པར་འགྱུར་ཞེས་བཞེད་པའི་ཕྱིར་


DNG010_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

དང་། གཞན་ཡང་ཕྱི་དཀྱིལ་དུ་མ་ཞུགས་པར་ཐོག་མ་ནས་ལུས་དཀྱིལ་དུ་འཇུག་རུང་བའི་སྐལ་ལྡན་ཡོད་དེ་དབང་གསུམ་པའི་ཡེ་ཤེས་ཀྱི་དཔེ་ཙམ་ལ་ལྟོས་མི་དགོས་པའི་བཞི་པའི་དབང་གི་སྣོད་ལྡན་དེས། ཐོག་མ་ནས་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་འཇུག་པ་ཡོད་པའི་ཕྱིར། དཔེར་ན་མན་ངག་རྫོགས་པ་ཆེན་པོའི་རྩལ་དབང་བཞིན་ནོ། །དེ་འདྲ་བའི་སྐལ་ལྡན་དེ་ལ་དབང་ལོགས་སུ་མ་བསྐུར་ཀྱང་།གདམས་ངག་བཏབ་པ་ཉིད་ཀྱིས་དབང་དང་གོ་ཆུ་རུག་ཏུ་འགྱུར་བ་ཡོད་པ་ལ་དགོངས་ཏེ། མཉམ་སྦྱོར་ལས། དཀྱིལ་འཁོར་དུ་ནི་མ་ཞུགས་ཤིང་། །དབང་རྣམས་བསྐུར་བར་མ་བྱས་ཀྱང་། །དེ་ཁོ་ཉིད་ལ་འབད་ལྡན་ན། །བསོད་ནམས་དམན་ཡང་འགྲུབ་པར་འགྱུར། །ཞེས་གསུངས་པ་ལྟ་བུ་དང་། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱི་འཇམ་དཔལ་སྒྱུ་དྲའི་ཁོག་དོན་དུ་དབང་ལ་ཟབ་པ་དོན་དང་རྒྱ་ཆེ་བ་རྟགས་གཉིས་སུ་ཕྱེ་བའི་དང་པོའི་དབང་དུ་མཛད་དེ། ཟབ་པ་དོན་གྱི་དབང་མཆོག་ནི། །རིག་པའི་རྩལ་དབང་ཐོབ་པ་སྟེ། །ཆོས་ཉིད་རྟོགས་པས་དབང་ཞེས་བྱ། །ཡེ་ཤེས་དབང་བསྐུར་ཅོད་པན་ཅན། །ཞེས་གསུངས་པའི་ཕྱིར། དེའང་སྤྱིར་གང་ཟག་གི་ཁྱད་པར་གྱིས་ལྟོས་པ་གཉིས་ལ་ལྟོས་ནས་འཇུག་ཚུལ་གཉིས་སུ་འགྱུར་ཏེ། རྐྱེན་སང་ཚུལ་ལ་ལྟོས་ནས་གང་ལ་མོས་པ་དེར་ཐོག་མ་ནས་འཇུག་ཅིང་། དེ་དང་མཐུན་པའི་ལམ་བསྒོམ་པ་དང་། རྒྱུད་སྨིན་ཚུལ་ལ་ལྟོས་ནས་གང་ཟག་ཐམས་ཅད་རིམ་གྱིས་པ་ཡིན་ལ། དེ་ཡང་ཚེ་འདིར་དབང་གོང་མར་མོས་ཚེ་སྔ་མར་དབང་འོག་མ་ཐོབ་ཅིང་དེའི་ལམ་བསྒོམས་པས་ཁྱབ་པའི་ཕྱིར། རིམ་གྱིས་པ་དེའང་ཚེ་འདི་ཁོ་ན་ལ་བརྩེག་དགོས་པའི་ངེས་པ་མི་སྣང་ཡང་། འདིར་སྐལ་དམན་རིམ་འཇུག་གི་གང་ཟག་སྔར་རྒྱུད་མ་སྨིན་པ་གསར་དུ་སྨིན་བྱེད་ཀྱི་དབང་དུ་བྱས་ན། དཀྱིལ་འཁོར་སྔ་མ་སྔ་མར་མ་ཞུགས་པར་ཕྱི་མ་ཕྱི་མར་མི་འཇུག་སྟེ། ལམ་གྱི་དྲོད་རྟགས་ཀྱང་སྔ་མ་མ་ཐོབ་པར་ཕྱི་མར་མོས་ཤིང་འཇུག་པ་མི་སྲིད་པའི་ཕྱིར་རོ། །དེ་ལ་དགོངས་ནས་དབང་གི་གལ་པོ་ལས། དད་བརྩོན་ལྡན་པའི་སློབ་མ་ཡིས། །རི་མོའི་


DNG010_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་ཆེན་པོ་རུ། །ནུས་དང་ཕན་པའི་དབང་ཐོབ་ནས། །བརྟུལ་ཞུགས་ལྡན་པའི་བུ་མཆོག་ལ། །ཞེས་སོགས་དང་།ཁོག་གཞུང་ལས། ཕྱི་ནང་དཀྱིལ་འཁོར་རྣམ་གསུམ་དུ། །རིམ་པར་བསྐུར་བ།ཅེས་སོགས་འཇུག་པའི་རིམ་པ་གསུངས་སོ། །གསུམ་པ་ནི། ཐོག་མཐའ་བར་གསུམ་སྟེ། འདི་ལྟར་རྒྱུ་དུས་ཀྱི་དབང་ཐོག་མར་བསྐུར་ཏེ། མ་སྨིན་པ་སྨིན་བྱེད་ཀྱི་དབང་ཡིན་པས་ལམ་གྱི་སྔོན་དུ་འགྲོ་དགོས་པའི་ཕྱིར་དེ་གྲུབ་སྟེ། སྨིན་བྱེད་ཀྱི་གོ་དོན་སྒྲིབ་པ་སྤང་རུང་དང་འབྲས་བུ་ཐོབ་རུང་ལ་བཞག་དགོས་པའི་ཕྱིར་རོ། །ལམ་དུས་ཀྱི་དབང་ནི་དུས་ལ་ནམ་བབས་པའི་ཚེ་བསྐུར་ཏེ། ལམ་གྱི་བོགས་འདོན་ཡིན་པའི་ཕྱིར་རོ། །འབྲས་དུས་ཀྱི་དབང་ནི་ཐ་མར་བསྐུར་ཏེ།ལམ་མཐར་ཕྱིན་ནས་མཐར་ཐུག་སངས་རྒྱས་ཀྱི་ས་ལ་སྦྱོར་བྱེད་ཡིན་པའི་ཕྱིར་རོ། །དེས་ན་ཕྱི་མ་གཉིས་ནི་གྲོལ་བྱེད་ལམ་གྱི་དབང་ཡིན་ནོ། །བཞི་པ་ལ། ཞི་བ་དང་། ཁྲོ་བོའོ། །དང་པོ་ནི། ཐུགས་ཐིག་ལས། རྩ་བ་རྣམ་ལྔ་བཅོ་བརྒྱད་དང་། །ཞེས་པའི་རྩ་བ་ལྔ་ནི། རྡོ་རྗེ་ལས། དང་པོ་ས་བོན་འཇོག་པ་སྟེ། །གཉིས་པ་ནུས་པ་བསྐྱེད་པ་ཡིན། །གསུམ་པ་ཉམས་མྱོང་བསྐྱེད་པའོ། །བཞི་པ་དེ་ཉིད་བརྟན་པར་བྱེད། །ལྔ་པ་བརྟན་པས་ཉམས་བླངས་པས། །མཆོག་གི་དངོས་གྲུབ་ཚེ་འདིས་འགྲུབ། །ཅེས་པས་ཕན་ནུས་གཉིས་རེ་རེ་དང་། ཟབ་དབང་གསུམ་སོ་སོར་བགྲངས་པའོ། །ཡན་ལག་བཅོ་བརྒྱད་ནི། ཕན་དབང་ལ་བཅུ་དང་། ནུས་དབང་ལ་ལྔར་ཕྱེ་ཞིང་། ཟབ་དབང་གསུམ་དང་བཅས་པའོ། །གཉིས་པ་ནི། ཐུགས་ཐིག་ལས། བསྒྱུར་བ་ལྔ་ལ་སུམ་ཅུ་དྲུག །ཅེས་པས། རྩ་བའི་གྲངས་ཞི་བ་དང་མཚུངས་ལ། དེའི་ཡན་ལག་སོ་དྲུག་ལ་བཞེད་པ་མི་མཐུན་ཏེ། སྒྲོལ་མ་བའི་རིན་ཆེན་འབར་བའི་གུར་དུ། རྔམ་གློག་ལས། ཕྱི་ཡི་དབང་ནི་བཅུ་དང་གཅིག །ནང་གི་དབང་ནི་བཅུ་དང་གཉིས། །གསང་དབང་བཅུ་དང་སྒྲུབ་དབང་གསུམ། །ཞེས་དྲངས་པའི་ཕྱིར། ཕྱི་དབང་བཅུ་གཅིག །ནང་དབང་བཅུ་གཉིས། གསང་དབང་བཅུ། སྒྲུབ་དབང་


DNG010_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དུ་བཞེད་པར་མངོན་ནོ། །དེ་ནི་མི་རིགས་ཏེ། དབྱེ་གཞི་རྩ་བ་ལྔ་ལས་དབྱེ་ཆོས་སོ་དྲུག་ཏུ་དབྱེ་བ་བྱར་མེད་པ་དང་། ལུང་གི་དགོངས་པ་འདི་ལས་ལུགས་གཞན་ཡིན་པའི་ཕྱིར་རོ། །ཡང་ཉང་ཊིཀ་པ། ཕྱི་དབང་བཅུ། ནང་དབང་བཅུ་གཅིག །སྒྲུབ་དབང་བཅུ་གསུམ། ཟབ་དབང་གཉིས་ཏེ་སོ་དྲུག་ཏུ་འབྱེད་པའང་མི་རིགས་ཏེ།དེ་མདོ་དབང་གི་ལུགས་ཡིན་ལ། དེ་འདིར་བཀབ་པ་ལ་ཤེས་བྱེད་མེད་ཅིང་།ལུགས་ཐམས་ཅད་འདྲེས་པར་འགྱུར་བའི་སྐྱོན་གནས་སོ། །དེ་ཅིའི་ཕྱིར་མདོ་དབང་གི་ལུགས་སུ་འགྱུར་ཞེ་ན་དེ་ཡོད་དེ། རྩ་བའི་རྒྱུད་ཀུན་འདུས་རིག་པ་ལས། འདུས་པ་ཆེན་པོའི་རྣལ་འབྱོར་པས། །སྲིད་པ་གསུམ་གྱིས་ཕྱག་བྱས་པའི། །དབང་ཕྱུག་སུམ་ཅུ་རྩ་དྲུག་ཡིན། །ཕྱི་ཡི་དབང་དང་ནང་གི་དབང་། །སྒྲུབ་པའི་དབང་དང་གསང་བའི་དབང་། །བཅུ་དང་བཅུ་གཅིག་བཅུ་གསུམ་དང་། །རྣམ་པ་གཉིས་ཀྱིས་རྫོགས་པར་འགྱུར། །ཞེས་དང་། བདེ་བ་གསལ་མཛད་ཀྱི་དབང་དོན་རྒྱ་ཆེར་འབྱེད་པ་ལས། ཆུ་བོ་བཞི་ཡི་དབང་གི་རིམ་པ་ལ། དང་པོ་རྒྱུད་ཀྱི་ཆུ་བོའི་རྣམ་གྲངས་བཅུ། །ཞེས་སོགས་གསུངས་པའི་ཕྱིར། རང་ལུགས་ནི། ཁྲོ་བོ་ལས་རིམ་ལས། ལྷ་དབང་ཕྱག་མཚན་རྒྱན་ཆས་དང་། །ནུས་དབང་ལྔ་དང་གདན་གྱི་དབང་། །སྒྲུབ་རྫས་གསང་བ་རྣམ་གསུམ་མོ། །ཞེས་པའི་ནང་གསེས་ཀྱི་གྲངས་སོ་དྲུག་སྟེ། དེ་འདྲེན་ཚུལ་ནི། ཕྱག་རྒྱ་ལྷའི་དང་། བསྣམས་པ་ཕྱག་མཚན་གྱི་དང་། དྲེགས་པ་གདན་གྱི་དབང་གསུམ་ནི་རེ་རེ་དང་། དེ་ལས་གཞན་རྣམས་ཀྱི་བྱེ་བྲག་བགྲངས་པའི་སྡོམ་ཚིག་ནི། རྒྱན་ཆས་རྟགས་ལ་བཅུ་ཡིན་ཏེ། །དབུ་རྒྱན་བུམ་པ་སྙིང་པོ་ལྔ། །ཅོད་པན་གོ་ཆ་ཕྲེང་བ་རྒྱན། །གོས་གསུམ་དང་སྦྲུལ། ཐོད་ཕྲེང་རྟགས་གསུམ་མེ་དཔུང་ངོ་། །ནུས་པའི་དབང་ནི་ལྔར་ངེས་ཏེ། །ཉན་སྒོམ་འཆད་ལས་རབ་འབྱམས་དབང་། །སྒྲུབ་པའི་དབང་ལ་བཅོ་ལྔ་སྟེ། །བདུད་རྩི་ལྔ་དང་ཤ་ལྔ་དང་། །རཀྟ་རྒྱལ་མཚན་གདུགས་ཁ་ཊྭཱཾ། །ཕུར་པ་རྡོར་དྲིལ་རྔེའུ་ཆུང་། །ཡུངས་ཀར་གཟུངས་མ་ཕྲེང་བ་དང་། །རྡོ་རྗེ་ཚེ་དང་བཟའ་བཏུང་མིང་དབང་ངོ་། །ཟབ་དབང་གསུམ་སྟེ་གསང་


DNG010_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་། །ཤེས་རབ་ཡེ་ཤེས་བདེ་ཆེན་པོ། །ཞེས་སོ། །དེ་ལྟར་ན་སྔར་གྱི་དབང་ཆོག་འགར་རྟགས་གསུམ་གྱི་རྗེས་སུ་རྡོ་རྗེའི་གཤོག་པ་དང་། རྡོར་དྲིལ་གྱི་རྗེས་སུ་མར་མེའི་དབང་འབྱུང་བའི་ཕྱིར་གྲངས་འཇིག་གོ་ཞེ་ན། འདིར་དེ་གཉིས་མ་བགྲངས་པ་ནི་ཆད་པར་མི་སེམས་ཏེ། ཡན་ལག་གི་དབང་སོགས་ལས་ཁ་བསྐང་བར་མངོན་གྱི།འདི་ཉིད་ཀྱི་དབང་རྩར་མ་གསུངས་པའི་ཕྱིར་རོ། །འོ་ན་སྙིང་པོ་ལྔ་དང་། གོ་ཆ་དང་། གདུགས་གསུམ་ཀྱང་རྩ་བར་མ་གསུངས་ལ། རྔ་དང་ཡུངས་ཀར་དང་། གཟུངས་མ་དང་། ཕྲེང་བ་བཞིའི་དབང་ཚིག་ཀྱང་མི་འབྱུང་བའི་ཕྱིར་མཚུངས་སོ་ཞེ་ན། སྐྱོན་མེད་དེ། དང་པོ་གསུམ་ནི་ཕན་དབང་གི་ནང་ཚན་དུ་རྒྱུད་ལས་གསུངས་པའི་ཕྱིར་བསྐུར་དགོས་པར་མ་ཟད། ཁྲོ་བོ་ལས་རིམ་ལས་བསྐུར་དུས་དཀྱུས་སུ་མ་གསུངས་ནའང་། གོང་དུ་དབང་གི་རྒྱུ་འཆད་པའི་ཚེ།ཕྱག་རྒྱ་དབུ་རྒྱན་སྙིང་པོ་དང་། །ཅོད་པན་གོ་ཆ་རུས་པའི་ཕྲེང་། །གཟི་མདངས་རྒྱལ་མཚན་ཞིང་གི་གདུགས། །ཞེས་གསུངས་པའི་ཕྱིར་དང་། ཕྱི་མ་བཞི་ནི་བསྐུར་ཚིག་མ་གསུངས་ཀྱང་མིང་དཀྱུས་སུ་སྨོས་པའི་ཕྱིར་བསྐུར་དགོས་ཏེ། གཞན་ཡང་རྔ་དང་ཉུང་དཀར་དང་། །གཟུངས་དང་ཕྲེང་བས་དབང་བསྐུར་ཏེ། །ཞེས་སོ། །འདིར་ཁ་ཅིག་ན་རེ། དེ་ལྟར་ན་ཡན་ལག་སོ་དྲུག་པོ་རྩ་བའི་དབང་ལྔར་འདུས་སམ་མ་འདུས། གཉིས་པ་ལྟར་ན་འདིར་ཡང་དབྱེ་གཞི་དང་དབྱེ་ཆོས་ཁ་གམ་པར་འགྱུར་ལ། དང་པོ་ལྟར་ན་ཇི་ལྟར་བསྡུ་ཞེ་ན། ཁྲོ་བོ་ལས་རིམ་གྱི་གོ་རིམ་རྣམས་འཁྲུགས་བསྡེབས་ཀྱི་དགོངས་པར་བླ་མ་རྣམས་བཞེད་པས། དེའི་ཕྱིར་ནུས་དབང་ལྔ་དང་ཟབ་དབང་གསུམ་མ་གཏོགས་པའི་དབང་ཉི་ཤུ་རྩ་བརྒྱད་པོ་ཐམས་ཅད་ཕན་དབང་དུ་བསྡུ་བར་བྱ་བ་སྟེ། ཕྱག་རྒྱ་ལྷ་དང་། རྒྱན་ཆས་ལས་དང་པོ་དྲུག་དང་། སྒྲུབ་རྫས་ལས་བཞི་པ་དང་། ལྔ་པ་དང་། བཅུ་བཞི་པ་རྣམས་ནི་དངོས་དང་། གཞན་རྣམས་ལྷ་དབང་ལ་སོགས་པའི་ཡན་ལག་ཏུ་བསྡུ་ཚུལ་དུ་ཤེས་པར་བྱས་ལ། ལས་ཁྲིགས་ཀྱི་སྡོམ་ནི། གདན་དང་ལྷ་དབང་ཕྱག་མཚན་དང་། །ཆས་བཅུ་སྒྲུབ་རྫས་བཅོ་ལྔ་སྟེ། །ཕྱི་དབང་ཉེར་


DNG010_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ཕན་པའི་དབང་། །ནང་གི་ནུས་པའི་དབང་ལྔ་སྟེ། །གསང་བ་ཟབ་དབང་རྣམ་གསུམ་མོ། །ཞེས་པ་སྟེ། དེ་དག་ཞར་ལས་འཕྲོས་པའོ། །གཉིས་པ་ལ།དཀྱིལ་འཁོར་གྱི་བྱ་བ། དེར་འཇུག་པའི་ཆོ་ག །དབང་བསྐུར་བའོ། །དང་པོ་ནི། སའི་ཆོ་ག །སྟ་གོན། དཀྱིལ་འཁོར་བྲི་བ། དེའི་རབ་གནས་ཡན་ཆད་ཚར་བ་དང་། ཕྱི་རོལ་དུ་སྦྱིན་སྲེག་བྱ། ནང་དུ་དབང་མཆོད་ཀྱི་རྫས་དང་རྒྱན་རྣམ་དགྲམ། དེ་ནས་ཞི་ཁྲོ་གང་ཡིན་གྱི་ལས་གཞུང་བསྲང་ཞིང་། ཚོགས་མཆོད་བྱ་བ་རྣམས་སོ། །གཉིས་པ་ནི། རྡོ་རྗེ་ལས་རིམ་ལས། དབང་ཕྱུག་འཇུག་དང་བཟོད་གསོལ་དང་། །ཁྲུས་དགབ་དྲི་དང་ལུས་དབུལ་དང་། །བགེགས་བསྐྲད་ལྷར་རློབ་དམ་ཚིག་སྦྱིན། །དེ་ཉིད་དབོག་དང་ཆུ་ནན་དང་། །བསྒྲག་དང་རིན་ཆེན་དོར་བ་དང་། །ལྷ་དབོག་པ་དང་ནན་ཏན་དང་། །མིག་དབྱེ་དཀྱིལ་འཁོར་ལེགས་བསྟན་དང་། །ཚོགས་མཆོག་ཡོན་དང་རྣམ་བཅོ་བརྒྱད། །འདི་ཡིས་ཡན་ལག་རྫོགས་པར་འགྱུར། །ཞེས་པའི་ཆོས་བཅོ་བརྒྱད་རིས་བསྡུས་ན་གཉིས་སུ་འགྱུར་ཏེ། སློབ་དཔོན་འཇུག་པའི་དང་། སློབ་མ་འཇུག་པའི་ཆོས་སོ། །དང་པོ་ལ། བདག་ཉིད་འཇུག་པ་དང་། སློབ་མ་འཇུག་པར་གསོལ་བ་གདབ་པ་གཉིས། དང་པོ་ནི། དཀྱིལ་འཁོར་གྱི་བྱ་བ་སྔོན་དུ་སོང་ནས་འཇུག་སྟེ། ཀུན་བྱས་དབང་ཕྱུག་རིག་པས་འཇུག །ཅེས་གསུངས་པའི་ཕྱིར། དེའང་སློབ་དཔོན་ཁྲུས་བྱས་དབང་གོས་གྱོན་ནས་དཀྱིལ་འཁོར་གྱི་ཤར་སྒོར་འདུག་སྟེ། རིག་པའི་མེ་ཏོག་དོར་ཞིང་དངོས་གྲུབ་བསྐུལ་བས། ལྷ་དང་གཉིས་སུ་མེད་པར་བསམ་པ་ནི་བདག་ཉིད་དཀྱིལ་འཁོར་དུ་རིག་པས་འཇུག་པ་སྟེ། ལམ་རིམ་ལས། དབང་གོས་ལྡན་པ་དབང་ཕྱུག་སྟེ། །གཞན་དག་གཞན་གྱིས་མཛེས་པར་བྱ། །ཤར་སྒོར་གུས་འདུག་དཀྱིལ་འཁོར་གྱི། །ལྷ་རྣམས་མངོན་བྱས་རིན་ཆེན་ལྡན། །འབྲུ་ལྔ་རྡོ་རྗེའི་དམ་ཚིག་གི། །སྔགས་ཀྱི་སྐུ་གསུང་ཐུགས་ཡོན་ཏན། །ཕྲིན་ལས་ཡེ་ཤེས་གཉིས་མེད་སྦྱར། །ཞེས་དང་། བསྐུལ་བའི་དམ་ཚིག་རྗེས་དྲན་པའི། །འོད་ཟེར་གཟི་བརྗིད་ལྡན་པར་བྱ། །རང་བཞིན་གཉིས་


DNG010_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

མེད་གྱུར་པའོ། །ཞེས་སོ། །གཉིས་པ་ནི། རྡོ་རྗེ་ཡེ་ཤེས་འཐོབ་བྱེད་པའི། །ཞེས་སོགས་ཀྱིས་གསོལ་བ་བཏབ་ཅིང་བཟོད་པར་གསོལ་བས་དེ་བཞིན་གཤེགས་པ་རྣམས་དགྱེས་ནས་འཛུམ་པ་དང་བཅས་པས་གནང་བ་སྦྱིན་པར་བསམ་པའོ། །གཉིས་པ་ནི། སློབ་དཔོན་ཞུགས་པའི་རྗེས་སུ་འཇུག་སྟེ། དེ་ནས་སློབ་མ་གཞུག་པར་བྱ། །ཞེས་སོ། །དེ་ལ་ལས་རིམ་བཅུ་དྲུག་ལས། དང་པོ་ཁྲུས་ནི། ཕྱི་རོལ་དུ་དྲིའི་ཆུས་བཀྲུ་བར་བྱ་བ་སྟེ། ལས་རིམ་ལས། ཤིན་ཏུ་བཟང་པོར་འགྲོ་བ་རྣམས། །དྲི་ཡི་ཆུ་ཡིས་དག་པར་བྱ། །ཞེས་སོ། །གཉིས་པ་དགབ་པ་ནི། རས་དམར་པོས་གདོང་གཡོགས་ལ་སྙིམ་པ་མེ་ཏོག་དང་བཅས་ཏེ་དཀྱིལ་འཁོར་དུ་འཇུག་པར་གསོལ་བ་གདབ་ཏུ་གཞུག་པའོ། །གསུམ་པ་དྲི་བ་ནི། འདོད་དོན་དྲིས་ཤིང་ལན་གསོལ་ནས་ལས་ཀྱི་རྡོ་རྗེས་དཀྱིལ་འཁོར་ཁང་པའམ་ཡོལ་བའི་ནང་དུ་དྲང་བ་སྟེ། དེ་ལས། བུ་ཁྱོད་ཅི་ལ་དགའ་ཞེས་དྲི། །སྐལ་བཟང་བདག་དགའ་ལན་བླན་ལ། །འཁོར་ལོའི་དྲུང་དུ་བཀྲི་བར་བྱ། །ཞེས་སོ། །བཞི་པ་ལུས་དབུལ་བ་ནི། དེ་ལས། ཐལ་སྦྱར་གུས་དང་བཅས་པ་ཡིས། །ཕྱོགས་བཅུ་སྲས་དང་བཅས་པ་དང་། །དབང་ཕྱུག་སངས་རྒྱས་ད་ལྟར་བདག །མ་འོངས་རང་བཞིན་སེམས་ཅན་ལ། །དགོས་པ་གསུམ་ཕྱིར་ལུས་དབུལ་བྱ། །ཞེས་པས། འདས་པའི་སངས་རྒྱས་རྟོགས་པ་མངོན་དུ་གྱུར་པ་སྟེ་སརྦ་བུཌྜྷ་དང་། ད་ལྟར་གྱི་སངས་རྒྱས་ཨཱ་ཙཱརྱ་སྟེ་སློབ་དཔོན་དང་། མ་འོངས་པའི་སངས་རྒྱས་པ་ཀ་ལ་སཏྭ་ཞེས་སེམས་ཅན་མཐའ་དག་སྟེ། དེ་དག་ལ་རིམ་པ་བཞིན་དུ་སངས་རྒྱས་ཀྱི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་དང་། དེའི་སྣོད་རུང་དུ་བྱ་བའི་ཕྱིར་དང་། འགྲོ་དོན་མི་འདོར་ཞིང་མཐར་ཕྱིན་པར་བྱ་བའི་ཕྱིར་དང་། པཱུ་ཛོ་པ་སྠཱ་ནཱ་ཡ་ཨཱཏྨཱནཾ་ནིརྻཱ་ཏ་ཡཱ་མི་ཞེས་པས་ལུས་དབུལ་བར་དམིགས་ལ་ཕྱག་འཚལ་དུ་འཇུག་པའོ། །ལྔ་པ་བགེགས་བསྐྲད་པ་ནི། ཐོག་མར་ཚེ་མི་ཡར་བར་བྱ་བའི་ཆེད་དུ། སློབ་དཔོན་གྱི་སྦྱོར་མཚམས་ནས་བྷྲཱུྃ་བུའི་སྨིན་ཕྲག་ཏུ་སྤྲོས་པས་ཟླ་གམ་དམར་པོའི་


DNG010_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

གཞལ་ཡས་ཁང་སྒོ་གཅིག་པ་བསྐྱེད། དེའི་དབུས་སུ་ཧཱུཾ་སྔོ་སྐྱ་ལ་བུའི་ཚེའི་དངོས་པོ་ཐམས་ཅད་བསྡུས་ཏེ་ཧཱུཾ་མཛད་དུ་བསྐྱེད་ལ། སྒོར་མི་གཡོ་བས་ཚེ་བསྲུང་བར་བསམ། དེ་ནས་བི་ཤྭ་བཛྲ་གྱིས་སྤྲུལ་པ་སྤྲོས་ནས་སུམྦྷའི་སྔགས་ཀྱིས་བགེགས་སྐྲོད་པ་སྟེ། དེ་ལས། ཚེ་བསྲུང་སྦྱོར་བའི་ཁྲོ་ཚོགས་ཀྱིས། །བར་གཅོད་བགེགས་བསྐྲད་མཚམས་བཅད་ལ། །ཞེས་སོ། །དྲུག་པ་ལྷར་རློབ་པ་ནི། ལག་སོར་ལ་དཔའ་བོ་འབྲུ་ལྔའི་ཡི་གེ་ཟུང་ལས་རིགས་ལྔ་ཡབ་ཡུམ་བསྐྱེད་ནས་བདེན་པ་བདར་ནས། ཕྱག་རྒྱ་བཅིངས་ཤིང་སྤྲུགས་པས་སྦྱོར་མཚམས་ནས་སྤྲོས་པའི་འོད་ཟེར་གྱིས་བུའི་སྒྲིབ་པ་བསྲེགས་ཏེ་འོད་དུ་ཞུ་བ་ལས་ཆོ་ག་གསུམ་གྱིས། ཞི་ཁྲོ་གང་ཡིན་གྱི་སྐབས་དང་བསྟུན་ནས་རྡོ་རྗེ་སེམས་དཔའ་འམ་བཛྲ་ཧེ་རུ་ཀར་བསྐྱེད་ལ། གོ་བགོ་ཞིང་ལུས་བསྲུང་བར་བྱ་བ་སྟེ། དེ་ལས། སྒྲིབ་སྦྱང་རྣམ་ཤེས་ཆོ་ག་ཡིས། །ཧཱུཾ་ལས་སེམས་དཔའ་འམ་གཞན་ཡང་རུང་། །ཞེས་སོ། །བདུན་པ་དམ་ཚིག་བྱིན་པ་ནི། བདུད་རྩི་སྐུ་གསུང་ཐུགས་སུ་རློབས་ལ། དཔལ་ལྡན་རྡོ་རྗེ་སྐུ་འཆང་ལ་སོགས་པའི་ཚིག་སྔགས་དང་། འབྲུ་གསུམ་གྱི་འཕྲོ་འདུས་དམ་ཚིག་གསུམ་སྟེར་བར་བྱ་སྟེ། དེ་ལས། དམ་ཚིག་ཆེན་པོའི་བདུད་རྩི་ལྔ། །རང་བཞིན་འབྲུ་གསུམ་སྐུ་གསུང་ཐུགས། །གཟི་བྱིན་ལྡན་པར་བྱིན་རློབ་ལ། །དམ་ཚིག་སྡོམ་པ་མཆོག་ཅེས་བྱ། །ཞེས་སོ། །བརྒྱད་པ་དབོག་པ་ནི། དམ་ཚིག་དེ་ཉིད་ཚིག་གིས་དབོག་པ་སྟེ། །རྡོ་རྗེ་སྙིང་གར་བཞག་པ་ལ། །སངས་རྒྱས་ཀུན་གྱི་གསང་བ་འདི། །ཞེས་སོགས་བརྗོད་པའོ། །དགུ་པ་ཆུ་ནན་ནི། དེ་ལས། ཙནྡན་དཀར་དམར་སྦྱར་བ་ལ། །རྡོ་རྗེ་འཛིན་པའི་རབ་གནས་བྱ། །ཞེས་པས་ཙནྡན་གྱི་ཆུ་རྡོ་རྗེ་གནོད་སྦྱིན་དུ་བསྐྱེད་ནས། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །ཞེས་སོགས་མ་བསྲུངས་པའི་ཉེས་དམིགས་ཀྱི་གཡང་ས་བསྟན་ཏེ་ལྕེར་ལན་གསུམ་བཞག་པ་དང་། ཡང་ཆུ་རྡོ་རྗེ་སེམས་དཔར་བསྐྱེད་ནས་དེ་ལྟ་བས་ན་བུ་ཁྱོད་ཀྱི། ཞེས་སོགས་བསྲུངས་པའི་ཕན་ཡོན་གྱི་བྲོད་པ་བསྐྱེད་དེ་ལྕེར་ལན་གསུམ་བཞག་ལ་ཆུ་ནན་བྱེད་པའོ། །བཅུ་པ་བསྒྲག་པ་ནི། རྡོ་རྗེ་དང་བཅས་པའི་ཐལ་མོ་བུའི་སྤྱི་བོར་བཞག་ལ།


DNG010_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་དང་ཤེས་རབ་སེམས་ཉིད་ཀྱིས། །ཞེས་བྱ་བ་ལ་སོགས་པས་ཐེག་པ་འདི། གཞུང་བཞིན་དུ་སྤྱོད་ཅིག་པར་བསྒྲག་པའོ། །བཅུ་གཅིག་པ་རིན་ཆེན་དོར་བ་ནི། ཕྱི་དཀྱིལ་ལམ་བླ་མའི་ལུས་དཀྱིལ་གང་རུང་ལ་མེ་ཏོག་དོར་ལ་ལྷ་གང་དང་ལས་འདྲེལ་ཡོད་བརྟག་པ་སྟེ། དེ་ལས། དཀྱིལ་འཁོར་ཡིད་ལ་མངོན་སྦྱར་ནས། །འདོད་པའམ་ཡང་ན་གཞན་ཡང་རུང་། །དོར་ཏེ་འདྲེལ་པ་ལེགས་པར་བརྟག །ཅེས་སོ། །བཅུ་གཉིས་པ་ལྷ་དབོག་པ་ལ་ཕྱི་ནང་གཉིས་ལས། ཕྱིའི་ལྷ་དབོག་པ་ནི། མེ་ཏོག་དེ་བུའི་སྤྱི་བོར་བཞག་སྟེ། ཡི་དམ་ལྷ་གང་ཡིན་པ་ཉིད་སྤྱན་དྲངས་ལ་བསྡིམས་པས་སྙིང་གར་ཆུ་ནན་གྱི་ཆུ་དང་གཉིས་སུ་མེད་པར་བསམ་པ་སྟེ། སྔ་མ་ལས། ལྕགས་ཀྱུ་ཧ་ཡིས་དགུག་བྱ་སྟེ། །ཉེས་ལེགས་ཕྲིན་ལས་གསལ་བྱས་ལ། །ཕྱག་རྒྱ་བསྡིམས་ལ་བརྟན་པར་བྱ། །ཞེས་སོ། །ནང་ནི།རིགས་དང་མཐུན་པའི་གསང་མཚན་གདགས་ཤིང་ལྷ་དེའི་བསྒོམ་བཟླས་དབོག་པའོ། །འདིར་སྔ་རབས་པ་ཁ་ཅིག །མོས་པའི་ལྷ། བབས་པའི་ལྷ། ལྷག་པའི་ལྷ་གསུམ་གང་རུང་ཞིག་དབོག་སྟེ། དང་པོ་ནི། གང་ལ་མོས་པའི་ལྷ་དེ་ལས་དང་ཐུགས་རྗེས་འདྲེལ་བར་གྲུབ་པའི་ཕྱིར་དེ་ཉིད་བསྒོམ་པའོ། །གཉིས་པ་ནི། ལས་འདྲེལ་ཟབ་པས་དངོས་གྲུབ་ཉེ་བའི་ཕྱིར་མེ་ཏོག་གང་ལ་བབས་པའི་ལྷ་དེ་བསྒོམ་པའོ། །གསུམ་པ་ནི། དཀྱིལ་འཁོར་གྱི་གཙོ་བོ་ཁོ་ན་བསྒོམ་པའོ་གསུང་། དེ་དག་ཀྱང་མི་རིགས་པ་མ་ཡིན་ཏེ། རྣམ་བཀོད་ལས། མཚན་མས་གྲོལ་ལ་བརྒྱ་བྱིན་པས། །དཀྱིལ་འཁོར་ཆེན་པོར་ཞུགས་པའི་ཚེ། །གང་ལ་བབས་པའི་ལྷ་དེ་ཉིད། །ཡང་ན་ལྷ་ཀུན་གཅིག་པའི་ཕྱིར། །གང་མོས་ལྷ་དེ་ཡི་དམ་བྱ། །ཞེས་གསུངས་པའི་ཕྱིར་རོ། །བཅུ་གསུམ་པ་ནན་ཏན་དུ་བྱ་བ་ནི།ཁེ་ཉེན་བསྟན་པའི་སྒོ་ནས་ལྷ་དེ་ཉིད་བསྒོམ་པར་གདམས་པ་སྟེ། འདི་ཉིད་ལས།སྐལ་བ་མཉམ་པའི་ཡེ་ཤེས་དེ། །གཉེར་ན་ཉེ་བར་འབྱུང་བ་ཡི། །ཡ་མཚན་ཆེན་པོ་འབྱུང་བར་ངེས། །དད་མེད་ཉམས་ན་ཕུང་བར་འགྱུར། །ཞེས་དང་། ལས་རིམ་ལས། ལྷ་སྤངས་དགེ་


DNG010_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱད་དོན་མེད་འགྱུར། །གང་ཞིག་ཕྱག་རྒྱ་འདི་སྤངས་ན། །ཉོན་མོངས་ངན་སོང་གསུམ་དུ་སྐྱེ། །བྱང་ཆུབ་འབྲས་བུ་འཐོབ་མི་འགྱུར། །ཞེས་དང་། བདག་ཉིད་ལྷ་དང་མཉམ་སྦྱོར་ནས། །ཡོན་ཏན་ཆུང་ཡང་འགྲུབ་པར་འགྱུར། །གཅིག་དང་དུ་མར་ཡོངས་བྲལ་ཕྱིར། །དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར། །ཞེས་སོ། །དེའང་བརྒྱུད་པའི་ཕྱག་བཞེས་སུ། ནང་གི་ལྷ་དབོག་པ་དང་ནན་ཏན་དུ་བྱ་བ་གཉིས་འོག་ཏུ་དཀྱིལ་འཁོར་བསྟན་པ་དང་སྦྲེལ་ནས་མཛད་དོ། །བཅུ་བཞི་པ་མིག་དབྱེ་བ་ནི། རུའི་ཐུགས་ཀ་ནས་སྤྲོས་པའི་འོད་ཟེར་ཐུར་མ་ལྟ་བུས་བུའི་མ་རིག་པའི་ལིང་ཏོག་བསལ་ཏེ་ཡེ་ཤེས་ཀྱི་དཀྱིལ་འཁོར་མཐོང་བར་བསམས་ལ། མིག་ཕྱེ་ཞིང་གདོང་གཡོགས་དགྲོལ་ཏེ། དེ་ལས། འོད་ཟེར་ཐུར་མས་དབྱེ་བྱས་ལ། །ཞེས་སོགས་སོ། །བཅོ་ལྔ་པ་དཀྱིལ་འཁོར་སྟོན་པ་ནི་གསེར་སོགས་མཚོན་བྱེད་ངེས་བླངས་ལ། ཞེས་པས་ཕྱག་ཤིང་སོགས་ཀྱིས་བསྟན་ཏེ། དཀྱིལ་འཁོར་གྱི་དོན་རྟགས་དང་ལྷའི་དེ་ཁོ་ན་ཉིད་རྒྱས་པར་བཤད་པའོ། །བཅུ་དྲུག་པ་ཡོན་དབུལ་བ་ནི། སྔ་མ་ལས། དབང་དང་དངོས་གྲུབ་འདོད་པ་ཡིས། །འདི་ལ་ཤིན་ཏུ་ནན་ཏན་བྱ། །ཞེས་པས་ཡོན་ཅི་འབྱོར་བ་དབུལ་ཏེ། འདི་ཉིད་ལས། དེ་ནས་རིགས་ཀྱི་བུ་མཆོག་དེས། །ཞེས་སོགས་དང་། དེའི་ཡོན་ཏན་ཀྱང་། དབང་ཕྱུག་ལོངས་སྤྱོད་ལྔས་མཆོད་ན། །ཞེས་སོགས་ཚིགས་སུ་བཅད་པ་གཅིག་གསུངས་སོ། །གལ་ཏེ་ཕོངས་པས་དངོས་སུ་མ་འབྱོར་ན་ཕྱིས་དབུལ་བར་ཁས་བླང་བ་དང་། ཡིད་ཀྱིས་ལུས་ལོངས་སྤྱོད་ཐམས་ཅད་ལྟོས་པ་མེད་པར་ཕུལ་བར་བསམ་ཞིང་། མཎྜལ་དབུལ་ལོ། །དེ་དག་ནི་འཇུག་པའི་ཆོ་གའོ། །དེར་ཞུགས་པས་ཐོབ་པའི་ཡོན་ཏན་གང་ཞེ་ན། བཞི་ལས། དང་པོ་དཀྱིལ་འཁོར་འདིར་ཞུགས་པས་དཀྱིལ་འཁོར་ཐམས་ཅད་དུ་ཞུགས་པར་འགྱུར་བའི་ཡོན་ཏན་ཡོད་དེ། ལས་རིམ་ལས། སྒྱུ་འཕྲུལ་དྲ་བར་ལེགས་ཞུགས་པས། །ཕྱོགས་བཅུ་དུས་བཞིར་གཤེགས་པ་ཡི། །དཀྱིལ་འཁོར་ཀུན་ཏུ་ཞུགས་པ་ཡིན། །ཞེས་སོ། །གཉིས་པ་ནི། འདིར་ཞུགས་པས་སྔོན་འོག་མིན་


DNG010_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མཐར་ལམ་པ་ཞུགས་པ་དང་སྐལ་བ་མཉམ་པར་འགྱུར་ཏེ། འདི་ཉིད་ལས། འདོད་པ་ཡིད་འོང་མཉམ་པར་འགྱུར། །ཞེས་དང་། མཉམ་སྦྱོར་ལས། རྡོ་རྗེ་སེམས་དཔའ་ལ་སོགས་པའི། །འཁོར་ལོ་མངོན་དུ་མཐོང་བ་ཡི། །བསོད་ནམས་བརྟག་པ་གང་ཡིན་པ། །ཕྱིས་བྱས་པའང་དེ་བཞིན་ནོ། །ཞེས་སོ། །གསུམ་པ་འདིར་མོས་པ་ཙམ་ལ་ཡང་རྒྱལ་བ་ཐམས་ཅད་ཀྱིས་ཉེ་བའི་སྲས་སུ་དགོངས་པར་འགྱུར་ཏེ། འདི་ཉིད་ལས། གང་ཞིག་འདི་ལ་མོས་གྱུར་པ། །ཞེས་སོགས་དྲང་ངོ་། །བཞི་པ། འདིར་ཞུགས་ན་དངོས་གྲུབ་ཐམས་ཅད་བདེ་བླག་ཏུ་ཐོབ་པར་འགྱུར་ཏེ། ལས་རིམ་ལས། རྡོ་རྗེ་འཛིན་པའི་རིགས་ངེས་ཤིང་། །གདོན་རྣམས་བཟློག་ཅིང་ངན་སོང་སྤོང་། །ལོངས་སྤྱོད་འདུ་བ་རྣམ་པ་གཉིས། །ཡེ་ཤེས་སྤྱན་གྱི་གཞི་རུ་ངེས། །དེ་ལ་སོགས་པ་བསམ་ཡས་མཆོག །ཅེས་གསུངས་སོ། །གསུམ་པ་དབང་བསྐུར་བ་ལ། མཚམས་སྦྱར་བ། བསྐུར་བ་དངོས། རྗེས་ཀྱི་རིམ་པའོ། །དང་པོ་ནི། བུས་ཕྱག་བྱས་ཏེ་གསོལ་བ་གདབ། རུས་གནང་བ་སྦྱིན་ལ་དཀྱིལ་འཁོར་བསྐོར་ཞིང་བསྟོད་ནས་ནམ་མཁར་བཏེག །དེ་བཞིན་གཤེགས་པ་མ་ལུས་པ་མདུན་མཁར་སྤྱན་དྲངས་ཏེ་གསོལ་བ་གདབ། དེ་ནས་དབུ་རྒྱན་གྱོན་ཏེ་དཀྱིལ་འཁོར་གྱི་སྟེང་དུའམ་དྲུང་དུ་དབང་ཁྲི་ལ་འདུག་པར་བྱའོ། །གཉིས་པ་ལ། སྣོད་རིམ་དང་སྦྱར་ཏེ་བསྐུར་བ་དངོས་དང་། དབང་གི་གྲངས་དང་རིམ་པ་ལ་དཔྱད་པ། དེ་དབང་བཞིར་བསྡུ་ཚུལ་ལོ། །དང་པོ་ནི།སྐལ་ལྡན་གྱི་སློབ་བུ་དད་བརྩོན་བརྟུལ་ཞུགས་ཅན་གསུམ་ལ་རིམ་པ་ལྟར་ཕན་ནུས་ཟབ་མོའི་དབང་རྣམས་སོ་སོའི་བློའི་ཐེག་ཚད་དང་སྦྱར་ནས་སྦྱིན་པར་བྱ་བ་སྟེ། གལ་ཏེ་མི་ཐེག་པ་ལ་སྦྱིན་ན་བུའི་རྒྱུད་ཆུད་ཟོས་པར་འགྱུར་བའི་ཕྱིར་ཉེས་པ་ཆེན་པོར་འགྱུར་རོ། །དེ་ལྟར་ཡང་། དད་བརྩོན་བརྟུལ་ཞུགས་རབ་རྟོགས་ན། །ཕན་པའི་དབང་སྦྱིན་ནུས་པའི་དབང་། །རིམ་པ་བཞིན་དུ་སྦྱིན་པར་བྱ། །སྙིང་རྗེས་ཆུད་མ་ཟོས་པར་བཟུང་། །ཞེས་སོ། །དེ་ཡང་ཇི་ལྟར་བསྐུར་བའི་ཚུལ་ལ། རྗེ་སྒྲོ་ཕུག་པའི་གསུང་རྒྱུན་སྔ་ཕྱི་


DNG010_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ལས། དང་པོ་ནི། དབང་ཐམས་ཅད་ལ་མཚུངས་ལྡན་དང་། དབང་རྫས་དང་། སྐུར་ཐབས་གསུམ་དུ་གསུང་ནའང་།ཕྱིས་དོན་བརྒྱད་བརྒྱད་དུ་བསྡུས་ནས་གསུང་ཞེས་བླ་མ་རྩགས་ཚ་གསུངས་པ་ལྟར། འདིར་ཡང་ཕྱི་མའི་རྗེས་སུ་འབྲང་ངོ་། །དེ་ལ་ཕན་དབང་བཅུ་ནི། དབུ་རྒྱན་ཅོད་པན་ཕྲེང་བ་དང་། །ཞེས་སོགས་ཀྱིས་བསྟན་ནོ། །དེ་རེ་རེ་ལ་ཡང་དོན་བརྒྱད་བརྒྱད་སྟེ། རྡོ་རྗེ་ལས་རིམ་ལས། རྒྱུ་རྐྱེན་ངོ་བོ་འབྲས་བུ་དང་། །རིམ་ལས་སྐྱོན་ཡོན་བརྒྱད་ཅེས་བྱ། །ཞེས་སོ། །དང་པོ་རྒྱུ་ལ། མཚུངས་ལྡན་དང་། ལྷན་ཅིག་བྱེད་པའི་རྒྱུ་གཉིས། དང་པོ་ནི། རྣམ་ཤེས་ཚོགས་བརྒྱད་ཡེ་ཤེས་ལྔར་ཡེ་ནས་གནས་པ་ནི་དབུ་རྒྱན་གྱི་མཚུངས་ལྡན་ནོ། །དེ་བཞིན་དུ་རྩ་རོ་རྐྱང་གཉིས་གཡས་གཡོན་ནས་འཕྱོ་བ་ཅོད་པན་གྱི། རྩ་དབུ་མའི་ནང་ན་ཐིག་ལེ་སོ་གཉིས་གནས་པ་ ཕྲེང་བའི། ལུས་རྩའི་དྲ་བས་ཁེབས་པ་གོ་ཆའི། ཕོ་མོའི་དབང་པོ་རྒྱལ་མཚན་གྱི། རྟོག་ཚོགས་ཡེ་ནས་ལྷར་གནས་པ་ཕྱག་རྒྱའི། བདེ་བ་ཆེན་པོ་སྤྱི་བོའི་འཁོར་ལོ་ གདུགས་ཀྱི། རྩ་གནས་ཐིག་ལེས་གང་བ་བུམ་པ། མགྲིན་པའི་ཐིག་ལེ་བཟའ་བཏུང་གི། ཁམས་ལྔའི་བཅུད་དམ་རྫས་ལྔ་ནི་སྙིང་པོ་ལྔའི་མཚུངས་ལྡན་གྱི་རྒྱུའོ། །དེ་ལྟར་ཡང་ཐལ་རྒྱུད་ལས། ཁམས་བཅུད་སྙིང་པོ་བདེ་བའི་ལམ་ཅོད་པན་གཉིས་ལས། །དབུ་མ་བཅུད་སྡུད་ཕྲེང་བ་མཚན་ལྡན་པ། །དྲ་བའི་རྩ་གོ་ཆ་དང་དབང་རྒྱལ་མཚན་པོ་དང་། །ཕུང་སོགས་ཕྱག་རྒྱ་ཡེ་ཤེས་བདེ་གདུགས་འཁོར་ལོ། །བཟའ་བཏུང་ཧཱུཾ་གི་བདེ་བའི་ཡེ་ཤེས་འབབ། །ཚོགས་བརྒྱད་དབུ་རྒྱན་རང་བཞིན་ཡེ་ཤེས་ལྔ། །སྔགས་རྫས་དགོངས་པས་གང་བླངས་པ། །ཀུན་ནས་ལྡང་ཞིང་སྐྱོབ་པ་ཡིས། །སྡུག་བསྔལ་ལས་གྲོལ་རིགས་སུ་ངེས། །ཞེས་སོ། །གཉིས་པ་ནི། དབང་རྫས་རབ་གནས་དང་ལྡན་པའོ། །དེའང་། དབུ་རྒྱན་དང་ཕྲེང་བ་ལ་རིན་འབྱུང་གི་རབ་གནས་བྱ་སྟེ། ལས་རིམ་ལས། རིན་ཆེན་རབ་གནས་ལས་བྱུང་བའི། །རིན་ཆེན་མཛེས་པའི་དབུ་རྒྱན་བཅིང་། །ཞེས་དང་། རིན་ཆེན་རབ་གནས་ཕྲེང་བས་བཅིང་། །ཞེས་སོ། །ཅོད་པན་མཐིང་དམར་གཉིས་ལ་ཁ་ཅིག་རྡོར་སེམས་དང་མཐའ་ཡས་གཉིས་ཀྱིས་སོ་སོར་མཛད་མོད་ཀྱི། འདིར་ནི་གཉིས་ཀ་ལ་མཐའ་ཡས་ཀྱིས་


DNG010_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་སྟེ། དེ་ལས། རབ་གནས་ཆོས་འབྱུང་ཡེ་ཤེས་དངོས། །ཁ་དོག་གཉིས་ལྡན་དབང་བསྐུར་བྱ། །ཞེས་དང་། ངེས་འབྱེད་ལས་ཀྱང་། ཕྲེང་བ་ཅོད་པན་རིན་ཆེན་པད། །ཞེས་གསུངས་པའི་ཕྱིར་རོ། །གོ་ཆ་ལ་ངེས་འབྱེད་དུ་རྡོར་སེམས་ཀྱིས་བྱ་བར་བཤད་ཀྱང་། འདིར་ལས་རིམ་ལས། ལས་མཆོག་རབ་གནས་རྡོ་རྗེའི་གོ། །ཞེས་པ་ལྟར་དོན་གྲུབ་ཀྱིས་མཛད་དོ། །རྒྱལ་མཚན་དང་གདུགས་ལ་མི་བསྐྱོད་པ་སྟེ། དེ་ལས། རྡོ་རྗེ་རབ་གནས་ལས་བྱུང་བའི། །རྒྱལ་མཚན་རིན་ཆེན་ཏོག་ལྡན་པ། །ཞེས་དང་། མི་བསྐྱོད་རབ་གནས་རིན་ཆེན་གདུགས། །ཞེས་སོ། །ཕྱག་རྒྱ་ལ་ལྷ་རང་རང་གིས་ཏེ། ངེས་འབྱེད་ལས།ཕྱག་རྒྱ་རང་གི་ལྷ་ཉིད་དང་། །ཞེས་སོ། །བུམ་ཆུ་ལ་རིགས་ལྔ་ཀར་འདུས་པའི་ལྷ་སྤྱིས་བྱ་སྟེ། དེ་ལས། བུམ་པ་རང་གི་ཡབ་ཡུམ་སེམས། །ཞེས་དང་། ལས་རིམ་ལས། རིགས་ལྔ་འདུས་པའི་བུམ་ཆུ་སྦྱིན། །ཞེས་སོ། །བཟའ་བཏུང་ལ་རྣམ་སྣང་གིས་བྱ་སྟེ། ངེས་འབྱེད་ལས། བཟའ་བཏུང་སྣང་མཛད་རབ་གནས་ལྡན། །ཞེས་སོ། །སྙིང་པོ་ཡིག་འབྲུ་ལྔ་ལ་འབྲས་བུ་ལྔས་རབ་གནས་བྱ་སྟེ།ལས་རིམ་ལས། སྐུ་གསུང་ཡོན་ཏན་ལས་བྱིན་བསྡུ། །ཞེས་སོ། །གཉིས་པ་རྐྱེན་ལ་བཞི་སྟེ། ཕན་དབང་བསྐུར་རུང་གི་སློབ་བུ་སྣོད་ལྡན་ནི་རྒྱུའི་རྐྱེན། སློབ་དཔོན་དགོངས་པ་ཅན་ནི་བདག་པོའི་རྐྱེན། ཏིང་འཛིན་སྔགས་རྒྱ་རྫས་སོགས་འཛོམ་པའི་ནུས་པ་ཁྱད་པར་ཅན་ནི་དམིགས་པའི་རྐྱེན། དབང་སྔ་མས་གོ་ཕྱེ་ནས་ཕྱི་མ་རིམ་པར་སྣང་བ་ནི་དེ་མ་ཐག་རྐྱེན་ནོ། །གསུམ་པ་ངོ་བོ་ནི། ལས་རིམ་ལས། ངོ་བོ་སྣོད་ཀྱི་མཚན་ཉིད་ཀྱིས། །དབྱེ་བ་རྣམ་པ་ལྔ་རུ་འགྱུར། །ཞེས་ཐོབ་བྱ་ལྔ་ལས་འདིར་ཕན་དབང་བཅུའོ། །བཞི་པ་འབྲས་བུ་ནི། བསྐུར་བས་ཐོབ་བྱ་རང་ལ་གནས་པའི་དོན་མངོན་དུ་འགྱུར་རུང་གི་ནུས་པའི་ས་བོན་ཙམ་བཞག་པ་སྟེ། ངེས་འབྱེད་ལས། དབང་ཐོབ་ཞེས་པའི་ཐ་སྙད་ནི། །སྤྱོད་རྒྱུན་མངོན་སུམ་ཐོབ་པ་ཡང་། །གོ་མི་འགོག་ཅིང་རིགས་ལ་སྣང་། །ཐ་མར་སངས་རྒྱས་འཐོབ་བྱེད་པའི། །ནུས་པ་གང་སྐྱེས་ཐོབ་པའི་ཚད། །ཆོས་ནི་སྐབས་ཀྱི་ཉན་བཤད་


DNG010_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

དེ། །ཕྱི་རོལ་དྲང་དོན་མཉན་དུ་རུང་། །ཞེས་སོ། །ལྔ་པ་རིམ་པའི་སྡོམ་ནི། སྙིང་པོ་ལྔ་དང་དབུ་རྒྱན་དང་། །བུམ་པ་ཅོད་པན་ཕྲེང་བ་སྟེ། །གོ་ཆ་རྒྱལ་མཚན་གདུགས་ཕྱག་རྒྱ། །བཟའ་བཏུང་དབང་རྣམས་རིམ་པར་བསྐུར། །ཞེས་བརྒྱུད་པའི་ཕྱག་བཞེས་ཏེ་འགྲེལ་སྒྲོལ་ཊིཀ་ཆུང་གི་ལུགས་སུ་བཞེད་དོ། །གཉགས་འགྲེལ་ལས་བུམ་པ་སྔོན་དུ་བསྐུར་ཞེས་འབྱུང་། རྡོ་རྗེ་ལས་རིམ་དུ་གཞན་ལུགས་སྔ་མ་དང་འདྲ་བ་ལས། ཕྱག་རྒྱ་ཐོག་མར་སྨོས་ཤིང་། ཅོད་པན་དང་ཕྲེང་བ་གཉིས་གོ་བརྗེ་བ་ཙམ་ཁྱད་པར་དུ་སྣང་སྟེ། འདི་དག་ཞི་བའི་དབང་གི་གོ་རིམ་ཙམ་དུ་ཟད་དོ། །དྲུག་པ་བསྐུར་བའི་ལས་ལ། བསྐུར་གནས།དགོངས་པ། སྐུར་ཚིག །སྨོན་ལམ་དང་བཞི། དང་པོ་ནི། ངེས་འབྱེད་ལས། གནས་ནི་སྤྱི་དང་ཁྱད་པར་ཏེ། །ཞེས་པས། སྤྱིར་གཞག་གནས་དང་། ཁྱད་པར་བསྡིམ་གནས་གཉིས་ཏེ། དེ་ལས། གཞག་པའི་གནས་དང་བསྡིམ་པའི་གནས། །དེ་བཞིན་ཁོང་དུ་ཆུད་པ་གཅེས། །ཞེས་སོ། །དང་པོ་གཞག་གནས་ཀྱང་། དེ་ལས། སྤྱི་དབང་ལུས་ལ་བསྐུར་བ་སྟེ། འོ་ན་ལུས་ཀྱི་གང་དུ་བསྐུར་ཞེ་ན། ཁྱད་པར་སྙིང་པོ་དབུ་རྒྱན་བུམ། །གདུགས་དང་ཅོད་པན་ཕྲེང་བ་མགོ། །གོ་ཆ་ལུས་ཏེ་རྒྱལ་མཚན་ལག །བཟའ་བཏུང་དག་གི་ལམ་དུའོ། །ཕྱག་རྒྱ་སྤྱི་བོའམ་སྙིང་ག་སྟེ། །ཞེས་སོ། །བསྡིམ་གནས་ནི། རང་རང་གི་མཚུངས་ལྡན་གྱི་རྒྱུ་ལ་བསྡིམ་པའོ། །གཉིས་པ་དགོངས་པ་ནི། སློབ་བུ་ལྷར་གསལ་བའི་ལུས་ཀྱི་གནས་ལྔར་འབྲུ་ལྔ་བཀོད་ལ་བྱིན་བསྡུས་ཏེ་ཆོ་ག་གསུམ་གྱིས་རིགས་ལྔར་བསྐྱེད་པས་ཁམས་ལྔ་འབྲས་བུ་ལྔའི་ངོ་བོར་དག་པར་བསམ་པ་ནི་སྙིང་པོ་ལྔའི་དགོངས་པའོ། །དབུ་རྒྱན་མུ་ཀུ་ཊའི་སྔགས་ཀྱིས་བསྐོན་པ་རིན་པོ་ཆེའི་ཁང་བུ་ལྔར་གྱུར། རུའི་སོར་མོར་འབྲུ་བཅུ་བཀོད་ལ་དམ་རྒྱ་བཅས་ནས་མགོ་བོའི་གནས་ལྔར་བཞག་པས་རིགས་ལྔ་ཡབ་ཡུམ་སྦྱོར་བའི་སེམས་རྒྱུན་གནས་སོ་སོར་ཐིམ་སྟེ་རྟགས་རིགས་ལྔ། དོན་ཚོགས་བརྒྱད་ཡེ་ཤེས་ལྔའི་ངོ་བོར་དག་པར་བསམ་པ་ནི་དབུ་རྒྱན་གྱིའོ། །དེ་བཞིན་དུ། བུམ་པས་རིགས་ལྔའི་ཆུ་རྒྱུན་གྱིས་ཉོན་མོངས་པའི་དྲི་མ་དག་ནས་ཡེ་ཤེས་ལྔའི་དབང་ཐོབ་པར་དང་། ཅོད་པན་གྱིས་དམར་པོ་གྱེན་དུ་འབུར་བས་ཆོས་ཀྱི་རྒྱལ་སྲིད་


DNG010_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མངའ་བརྙེས་ཤིང་མཐིང་ག་མཐུར་དུ་འཕྱང་བས་གདུག་པ་ཅན་ཟིལ་གྱིས་ནོན་པར་དང་། མེ་ཏོག་གི་ཕྲེང་བས་གཟུངས་ཏིང་སོགས་འབྲས་ཆོས་ཐམས་ཅད་རྫོགས་པར་དང་། གོ་ཆས་ཕས་རྒོལ་གྱིས་མི་ཚུགས་པར་དང་། རྒྱལ་མཚན་གྱིས་བདུད་དང་མུ་སྟེགས་ལ་སོགས་པ་ལོག་ལྟ་ཟིལ་གྱིས་གནོན་པར་དང་། གདུགས་ཀྱིས་ཉོན་མོངས་པའི་ཚ་གདུང་ལས་སྐྱོབ་པར་དང་། ཕྱག་རྒྱས་རྟོག་པ་རང་ཁ་མ་ལྷའི་ངོ་བོར་དག་པར་དང་། བཟའ་བཏུང་གིས་འདོད་ཡོན་ལྔ་ལ་མ་འགགས་པར་ལོངས་སྤྱོད་པའི་དབང་ཐོབ་པར་བསམ་པའོ། །གསུམ་པ་ནི།ཚིགས་བཅད་དང་སྔགས་རྣམས་རྡོ་རྗེ་ལས་རིམ་ན་གསལ་ལོ། །བཞི་པ་ནི།བདུན་པའི་མཇུག་ཏུ། དགོངས་པ་དང་རྗེས་སུ་མཐུན་པར་ཐོབ་བྱ་གང་ཡིན་འགྲུབ་པའི་སྨོན་ལམ་བརྗོད་པའོ། །སྐྱོན་ཡོན་གཉིས་ནི་འོག་ཏུ་འཆད་དོ། །དེ་དག་ལ་ཕན་པའི་དབང་ཞེས་བྱ་སྟེ། འདི་ཕྱིར་ཕན་པའི་ས་བོན་ཙམ་ལས་ད་ལྟ་ཉིད་ནས་རང་གཞན་གྱི་དོན་སྒྲུབ་པའི་ནུས་པ་སོ་སོར་བཞག་པ་མེད་པའི་ཕྱིར། དེ་བསྐུར་བའི་དུས་ནི་འཇུག་པའི་ཆོས་བཅུ་དྲུག་གིས་དཀྱིལ་འཁོར་དུ་བཅུག་སྟེ་བསྐུར་བ་ཡིན་ནོ། །གལ་ཏེ་འཇུག་པ་དང་དངོས་གཞི་གཉིས་ཞག་གིས་བར་ཆོད་ན། སློབ་དཔོན་དབང་ཁྲིར་བཞུགས་པ་ཡན་ཚར་བ་དང་། བགེགས་བསྐྲད་དེ་བུ་རྣམས་ལྷར་བསྐྱེད་ལ་གོ་བགོ་ལུས་བསྲུང་བ་རྣམས་བྱ་ཞེས་བླ་མ་རྩགས་ཚ་དང་། འགོས་རྩི་ལུང་པའི་དབང་ཆོག་ལས་འབྱུང་ངོ་། །གཉིས་པ་ནུས་དབང་ལའང་སྔར་ལྟར་དོན་བརྒྱད་བརྒྱད་དེ། དང་པོ་མཚུངས་ལྡན་གྱི་རྒྱུ་ནི། བུའི་རྣ་བ་གཉིས་ཀྱི་རྩ་ནང་ན་སྒྲ་ཉན་བྱེད་ཀྱི་ཐིག་ལེ་ཤིན་ཏུ་དྭངས་པར་གནས་པ་ནི་ཉན་དབང་གི་མཚུངས་ལྡན་ནོ། །དེ་བཞིན་དུ་སྙིང་གའི་དྲན་བྱེད་ཀྱི་ཐིག་ལེ་བསྒོམ་དབང་གི་དང་། ལག་པའི་སྐྱོད་བྱེད་ཀྱི་ཐིག་ལེ་ལས་ཀྱི་དང་། ལྕེའི་སྨྲ་བྱེད་ཀྱི་ཐིག་ལེ་འཆད་པའི་དང་། ཡན་ལག་ལྔའི་སྐྱོད་བྱེད་ཀྱི་ཐིག་ལེ་ལྔ་ནི་རྡོ་རྗེ་རྒྱལ་པོའི་དབང་གི་མཚུངས་ལྡན་ནོ། །ལྷན་ཅིག་བྱེད་རྒྱུ་ནི། ངེས་འབྱེད་ལས། རྫས་ནི་གླེགས་བམ་རྒྱ་གྲམ་དང་། །འཁོར་ལོ་ཕྲེང་བ་རྡོ་རྗེ་དྲིལ། །འབྱུང་ལྡན་དོན་ཡོད་སྣང་


DNG010_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ཡས། །ཡི་དམ་རིགས་ལྔའི་རབ་གནས་ལྡན། །ཞེས་པས་གླེགས་བམ་རིན་འབྱུང་གི་རབ་གནས་ཅན་ནི་ཉན་དབང་གི་དང་། ཕྲེང་བ་ཡི་དམ་གང་ཡིན་གྱི་རབ་གནས་ཅན་གྱི་བསྒོམ་པ་དང་། རྒྱ་གྲམ་དོན་གྲུབ་ཀྱི་རབ་གནས་ཅན་ཕྲིན་ལས་ཀྱི་དང་། འཁོར་ལོ་མཐའ་ཕྱག་ལེན་ལ་དུང་དང་ཆག་ཤིང་ཀྱང་གཏོད་པར་མཛད་ཡས་ཀྱི་རབ་གནས་ཅན་འཆད་པའི་དང་། རྡོར་དྲིལ་རིགས་ལྔ་སྤྱི་འདུས་ཀྱི་རབ་གནས་ཅན་ནི་རྡོ་རྗེ་རྒྱལ་པོའི་དབང་གི་ལྷན་ཅིག་བྱེད་པའི་རྒྱུའོ། །གཉིས་པ་རྐྱེན་བཞི་ནི། ནུས་དབང་བསྐུར་རུང་གི་སློབ་བུ་རྒྱུའི་རྐྱེན་ཡིན་པ་ལ་སོགས་ཏེ་སྔར་ལྟར་རོ། །གསུམ་པ་ངོ་བོ་ནི། ཐོབ་བྱ་ནུས་པའི་དབང་ལྔའོ། །བཞི་པ་འབྲས་བུ་ནི། དབང་བསྐུར་བས་ནུས་པ་ཆེས་ཆེར་སྐྱེས་པ་སྟེ། ངེས་འབྱེད་ལས། ཐོབ་པའི་ཚད་ནི་ནུས་པ་ལྔ། །བདག་ཉན་བསྒོམ་དང་གཞན་འཆད་ཕྲིན་དང་གཉིས་རབ་འབྱམས་ཀའི་དོན། །ཐོགས་པ་མེད་པར་སྤྱོད་པའི་སྒོ་མ་འགགས་པ་ནི་ཐོབ་པའི་ཚད། །ཆོས་ནི་གྲོལ་ལམ་ངེས་དོན་གྱི་བཤད་རྣམས། །སྣང་བར་བྱེད་པའི་མན་ངག་སྦྱིན་དུ་རུང་། །ཞེས་སོ། །ལྔ་པ་རིམ་པ་ནི་གཞུང་གི་དཀྱུས་བཞིན་ནོ། །དྲུག་པ་ལས་ལ་བཞི་ལས། དང་པོ་གནས་ལ་གཉིས་ཏེ་སྤྱི་ནི། དབང་རྫས་ལྔ་ཀ་ལག་ཏུ་གཏོད་པའོ། །ཁྱད་པར་ནི་སོ་སོའི་མཚུངས་ལྡན་ལ་བསྡིམ་པ་སྟེ། དེ་ལས། གནས་ནི་རྣ་བ་སྙིང་དང་ལག །ལྕེ་དང་ཡན་ལག་རྣམ་ལྔའོ། །ཞེས་སོ། །གཉིས་པ་དགོངས་པ་ལའང་། སྤྱིའི་དོན་དང་། སོ་སོའི་དགོས་ཆོས་གཉིས། དང་པོ་ནི། སློབ་དཔོན་ཀུན་བཟང་ཡབ་ཡུམ་དུ་གསལ་བའི་སྦྱོར་མཚམས་ནས་བྷྲཱུཾ་ཡིག་དམར་སེར་ཞིག་ཆད། དེ་བུའི་མཚུངས་ལྡན་གྱི་རྟེན་སོ་སོ་ལ་ཕོག་པར་བསམ་ཞིང་། དེར་ལས་ཀྱི་རྡོ་རྗེས་བདུད་རྩིའི་ཐིག་ལེ་རེ་བྱས་པས། བྷྲཱུཾ་དེ་ཞུ་བ་ལས་རྟེན་གྱི་རྩ་གཞལ་ཡས་ཁང་དབུས་འཁོར་ལོ་རྩིབས་བཞི་པ་གྲུ་ཆད་ལ་སྒོ་བཏོད་པ་ཞིག་ཏུ་བསྐྱེད། དེར་རྩ་ནང་གི་བཅུད་འདུས་པའི་ཐིག་ལེ་མཚུངས་ལྡན་གྱི་རྒྱུ་དེ་དག་ལྷ་སོ་སོའི་ས་བོན་དུ་གསལ་བ་རྣམས་ཆོ་ག་གསུམ་བསྐྱེད་ཀྱིས་ལྷར་བསྐྱེད། སྤྲོ་ན་དབང་བསྐུར་བྱིན་བརླབ་བྱས་ཏེ་ཡན་ལག་གི་ལྷ་བསྒོམ་


DNG010_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡང་ཐལ་བ་ཆུང་ངུ་ནས་བཤད་གསུངས་པ་ལྟར་བྱས་ན་ལེགས། གང་ལྟར་ཀྱང་ཡེ་ཤེས་པ་དྲངས་བསྡིམ་མཆོད་ནས། ལྷ་དེ་དག་སྙོམས་འཇུག་མཛད་པའི་སེམས་སྤྲིན་གྱིས་བྱིན་བསྡུས་ཏེ། རྗེས་ཆགས་ཀྱི་མེས་བཞུས་ནས་སློབ་བུ་ལ་ཐིམ་པས་ཉན་བསྒོམ་ལ་སོགས་པ་མི་ནུས་པའི་སྒྲིབ་པ་མཐའ་དག་སྦྱངས། སློབ་བུ་ཉིད་ཀྱང་འོད་དུ་ཞུ་བ་ལས་རིགས་གང་ཡིན་གྱི་ལྷར་བསྐྱེད། དེ་ལ་སྐུར་ཚིག་རྣམས་བརྗོད་བཞིན་པར་དབང་རྫས་གཏད་པས། ཉན་པ་ལ་སོགས་པའི་བྱ་བ་རྣམས་ཐོགས་མེད་དུ་བྱེད་ནུས་པའི་ནུས་པ་དངོས་སུ་སྐྱེས་པར་བསམ་པའོ། །དེ་ལྟར་ཡང་ལས་རིམ་ལས། སྦྱོར་བ་ལས་བྱུང་ལེ་བརྒན་བྷྲཱུཾ། །གང་ཡིན་གནས་སུ་འཁོར་ལོའི་ཁང་། །ཉི་ཟླའི་གདན་ལ་སེམས་བྱུང་འབྲུ། །ལྔ་གཉིས་ཟུང་ལས་འཁྲིལ་སྦྱོར་སྐུ། །ཡེ་ཤེས་སྤྱན་དྲངས་ཅུང་ཟད་མཆོད། །ཡོངས་གྱུར་དེ་ཡི་ཕྱག་རྒྱ་གསལ། །ཞེས་སོ། །གཉིས་པ་ནི། ཉན་བྱེད་འཁོར་ལོའི། ཞེས་སོགས་ཀྱི་ཉན་དབང་གི་དགོངས་པ་བསྟན་ཏེ། རྣ་རྩ་གཉིས་ཀྱི་གཞུང་དུ་ཉན་དབང་ནི། ཚིག་དོན་གྱི་གཟུངས་སོགས་ཡོན་ཏན་རིན་པོ་ཆེའི་གཏེར་འཛིན་པའི་ཕྱིར་ཏྲཱཾ་ཟུང་ལྔ་ལས་རིན་ཆེན་རིགས་ཀྱི་གཙོ་བོ་རང་གི་རིགས་ཆུང་གིས་བསྐོར་བའི་ཡབ་ཡུམ་བཅུ། དེའི་སྟེང་དུ་རང་རང་གི་ས་བོན་ལས་ཞི་བ་ལ་གཤིན་རྗེ་གཤེད་སོགས་སྒོ་བ་ཡབ་ཡུམ་རྐྱང་པ་བསྣན་པས་ལྷ་བཅོ་བརྒྱད། ཁྲོ་བོ་ལ་རྟ་གདོང་མ་སོགས་བཞི་བསྣན་པས་ལྷ་བཅུ་བཞིའོ། །གསལ་བའི་འཁོར་ལོའི་སོགས་ཀྱིས་སྒོམ་དབང་ནི་སྙིང་གའི་གཞལ་ཡས་ཁང་དུ། རབ་བབས་པའི་ལྷའམ། ཡང་ན་མོས་པའི་ཡི་དམ་གྱི་ལྷ་དེ་ཉིད་ཀྱི་ས་བོན་ཟུང་ལྔ་ལས་གཙོ་བོ་རིགས་ཆུང་སྒོ་སྐྱོང་དང་བཅས་པའི་ལྷ་བཅོ་བརྒྱད་དམ་བཅུ་བཞི་གོང་བཞིན་བསྐྱེད་པའོ། །ལག་པའི་འཁོར་ལོའི་སོགས་ཀྱིས་ཕྲིན་ལས་ཀྱི་དབང་ནི་ལས་ཀྱི་རིགས་ཀྱི་བདག་ཉིད་ཡིན་པའི་ཕྱིར་ལག་རྩའི་དཀྱིལ་འཁོར་ལ་ཧཱཾ་ཟུང་ལྔ་ལས་ལས་ཀྱི་རིགས་གཙོ་འཁོར་བཅོ་བརྒྱད་དམ་བཅུ་བཞི་བསྒོམ་པའོ། །སྨྲ་བྱེད་འཁོར་ལོའི་སོགས་ཀྱི་འཆད་དབང་ནི་པདྨའི་རིགས་ཆོས་ཀྱི་རྒྱལ་པོ་ཡིན་པའི་ཕྱིར་ལྕེའི་འཁོར་ལོ་ལ་ཧྲཱྀཿཟུང་ལྔ་ལས་


DNG010_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

པད་རིགས་གཙོ་འཁོར་བཅོ་བརྒྱད་དམ་བཅུ་བཞི་བསྐྱེད་པའོ། །བསྐྱོད་ཆེན་འཁོར་ལོའི་སོགས་ཀྱིས་རྡོ་རྗེ་རྒྱལ་པོ་ནི་རིགས་ཐམས་ཅད་ཀྱི་བདག་པོ་ཡིན་པའི་ཕྱིར་རིགས་སྤྱི་ས་དང་བསྐུར་ཏེ། མགོ་ལ་སོགས་པ་རང་རང་གི་རིགས་ཀྱི་ཡན་ལག་ལྔའི་དཀྱིལ་འཁོར་ལ་ཧཱུཾ་སོགས་ས་བོན་ལས་རིགས་ལྔ་སོ་སོའི་རིགས་ཆུང་དང་བཅས་པའི་ལྷ་ལྔ་བཅུ་དང་། དེའི་སྟེང་དུ། སྤྱི་གཙུག་སྙིང་ནས་གཡས་བསྐོར་དུ། །ནུ་མ་དཔུང་མགོ་སོག་པའི་སྟེང་། །སོག་ཕྲག་སོག་སྟེང་དཔུང་མགོ་ནུ། །བཤང་ཁ་རྣམས་ལ་གོ་རིམ་བཞིན། །ཧཱུཾ་མཛད་རྣམ་རྒྱལ་དབྱུག་པ་སྔོ། །གཤིན་རྗེ་མི་གཡོ་རྟ་འདོད་རྒྱལ། །བདུད་རྩི་སུམ་རྒྱལ་སྟོབས་ཆེན་པོ། །ཞེས་པ་ལྟར་ཁྲོ་བཅུ་ཡུམ་དང་བཅས་པའི་ཁྲོ་ཕྲེང་བསྐྱེད་པའོ། །སྐབས་འདིར་ནི། ཞི་ཁྲོའི་དབང་ལ་ལྷ་གྲངས་མང་ཉུང་མེད་དེ། དེ་ལྟར་ཡོད་པ་དག་སྒོ་སྐྱོང་གིས་ཕྱེ་བ་ཙམ་དུ་ཟད་པའི་ཕྱིར་རོ། །གསུམ་པ་བསྐུར་ཚིག་ནི།ཏྲཱཾ། གསང་བ་གསང་ཆེན་གསང་མཆོག་དང་། །ཞེས་སོགས་དཀྱུས་བཞིན་ཏེ།ཉན་དབང་ཐོབ་པས་རང་ཐོས་བསམ་བྱ་བར་རྗེས་སུ་གནང་ཞིང་འཆད་དབང་མ་ཐོབ་པར་གཞན་ལ་མི་སྟོན་པར་དམ་བསྒྲག་པ་དང་། དེ་བཞིན་དུ་བསྒོམ་དབང་གིས་སྒོ་གསུམ་ལྷ་སྔགས་ཡེ་ཤེས་ཀྱི་ཏིང་འཛིན་བསྒོམ་པའི་ངང་ལས་སྒྲུབ་མཆོད་སོགས་བྱ་བར་གནང་བ་དང་། ཕྲིན་ལས་ཀྱི་དབང་གིས་ལས་རྣམ་པ་བཞིས་འགྲོ་བ་འདུལ་བར་དང་། འཆད་དབང་གིས་སྣོད་བརྟགས་ཏེ་བློ་དང་འཚམས་པར་ཆོས་སྟོན་ཅིག་བར་དང་། རྡོ་རྗེ་རྒྱལ་པོས་དབང་བསྐུར་བ་སོགས་དཀྱིལ་འཁོར་ཀུན་གྱི་བདག་པོར་རྗེས་སུ་གནང་བ་སྟེར་བའོ། །བཞི་པ་སྨོན་ལམ་ནི་སྔར་ལྟར་དང་། སྐྱོན་ཡོན་གཉིས་ནི་འོག་ཏུ་འཆད། དེ་དག་ལ་ནུས་པའི་དབང་ཞེས་བྱ་སྟེ། རང་གཞན་གྱི་དོན་ད་ལྟར་ཉིད་ནས་དངོས་སུ་བྱེད་ནུས་པའི་ཕྱིར་ཏེ།ངེས་འབྱེད་ལས། བདག་གཞན་དོན་ལ་སྦྱོར་ནུས་ཕྱིར། །ནུས་པའི་དབང་ཞེས་གསུངས་པ་ཡིན། །ཞེས་ནུས་ཚད་ལ་རག་ལུས་པས་དེ་སྐད་དུ་གསུངས་པའི་ཕྱིར། དེ་བསྐུར་བའི་དུས་ནི། ཕན་དབང་ཐོབ་ནས། བདག་དོན་ནུས་པའི་བརྩོན་འགྲུས་ཅན་ལ་ཉན་བསྒོམ་


DNG010_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས། གཞན་དོན་ནུས་པའི་བརྩོན་འགྲུས་ཅན་ལ་འཆད་ཕྲིན་གཉིས། གཉིས་གའི་དོན་ནུས་པའི་བརྩོན་འགྲུས་ཅན་ལ་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་བསྐུར་བ་ཡིན་ནོ། །གསུམ་པ་ཟབ་དབང་གསུམ་ལའང་དོན་བརྒྱད་བརྒྱད་སྟེ། དེ་ལ་མཚུངས་རྒྱུ་ནི། སློབ་བུའི་ལུས་ལ་ཐིག་ལེ་མི་རྟོག་པའི་ཡེ་ཤེས་དོན་དམ་བདེན་པའི་ངོ་བོར་ཡེ་ནས་རང་ཆས་སུ་གནས་པ་ནི་གསང་དབང་གི་དང་། དོན་དམ་འོད་གསལ་གྱི་ཡེ་ཤེས་རང་ཆས་སུ་གནས་པ་ཤེས་རབ་ཡེ་ཤེས་ཀྱི་དང་། དབྱེར་མེད་ཀྱི་ཡེ་ཤེས་རང་ཆས་སུ་གནས་པ་ནི་བདེ་བ་ཆེན་པོའི་མཚུངས་ལྡན་ནོ། །ལྷན་ཅིག་བྱེད་རྒྱུ་ནི། སློབ་དཔོན་གྱིས་ཡུམ་ལོ་ཉི་ཤུ་མ་དང་རོལ་པའི་ཉི་ཟླ་གཉིས་འདྲེས་ནི་གསང་དབང་གི་སྟེ། ངེས་འབྱེད་ལས། རྫས་ནི་དངོས་དང་ནུས་པ་སྟེ། །དངོས་ནི་ཉི་ཟླ་བྱང་ཆུབ་སེམས། །ཞེས་སོ། །བུ་ཉིད་ཀྱི་ཡུམ་ལོ་བཅུ་དྲུག་མ་ཟླ་བ་འཛག་པ་ནི་ཤེར་དབང་གི་སྟེ།དེ་ལས། རྫས་ནི་སྐབས་ཀྱི་ཕྱག་རྒྱ་མོ། །ཟླ་བ་འཛག་པ་གཏད་པའོ། །ཞེས་སོ། །ཡང་བུའི་ཡུམ་ལོ་བཅུ་གཉིས་མ་ཉི་མ་འཛག་པ་ནི་བདེ་བ་ཆེན་པོའི་དབང་གི་ལྷན་ཅིག་བྱེད་རྒྱུ་སྟེ། དེ་ལས། ཁྱད་པར་བཅུ་དེ་ཉི་ལྡན་མ། །ཞེས་སོ། །གཉིས་པ་རྐྱེན་བཞི་ནི། སྤྱོད་རིག་མཉམ་པའི་བརྟུལ་ཞུགས་གསུམ་ལྡན་གྱི་སློབ་བུ་ཟབ་དབང་གི་སྣོད་རུང་ནི་རྒྱུའི་རྐྱེན་ཡིན་པ་ལ་སོགས་པའོ། །གསུམ་པ་ངོ་བོ་ནི།ཐོབ་བྱ་ཟབ་དབང་གསུམ་མོ། །བཞི་པ་འབྲས་བུ་ནི། དཔེར་ན་རྣོ་ལ་ངར་བཏགས་པ་ལྟར་དབང་ཐོབ་པས་ནུས་པ་དངོས་སུ་སྐྱེས་པ་སྟེ། ཁོག་གཞུང་ལས། རྣོ་ལ་ངར་བཏགས་ནུས་པ་བཞིན། །ནུས་པ་སྐྱེས་པ་ཐོབ་པའི་ཚད། །ཅེས་སོ། །ལྔ་པ་རིམ་པ་ནི་གོ་སླ་བར་ཟད་དོ། །དྲུག་པ་ལས་ཁྲིགས་ནི། ཤེས་རབ་ཐབས་ཀྱི་ཕྱག་རྒྱ་ལས། །བདེ་བའི་འབྲུ་ཚོགས་གསལ་བའི་རྒྱུན། །རྡོ་རྗེའི་ལམ་ནས་པད་མོར་འཁྱིལ། །རྩེ་ནས་བསྡིམ་ཞིང་དཀྱིལ་འཁོར་བསྒྱུར། །ཞེས་པའི་གཞུང་རྡོ་རྗེའི་ཚིག་གཅིག་གི་སྟེང་དུ་ཟབ་དབང་གསུམ་ག་སྦྲགས་ཏེ་བཤད་རྒྱུད་ཐལ་བས་བཀྲལ་བ་ལྟར་འཆད་དོ། །དེ་ལ་དང་པོ་གསང་དབང་བསྐུར་ཐབས་


DNG010_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ནི། རྡོ་རྗེ་སློབ་དཔོན་ཡབ་ཡུམ་གཙོ་བོ་ཡབ་ཡུམ་དུ་བསྐྱེད་པའི་མཁའ་གསང་རློབ། སྦྱོར་བའི་བརྡས་བསྐུལ་ནས་ཕྱག་རྒྱ་བཞིས་རོལ་པས་ལྷན་སྐྱེས་བདེ་བའི་རང་བཞིན་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་ཧཱུཾ་ཡིག་གི་རྣམ་པར་ཡབ་ཀྱི་རྡོ་རྗེའི་ལམ་ནས་དཔའ་ཐབས་ཀྱིས་ཕབ་སྟེ། ཡུམ་གྱི་པད་མོར་བསྐྱིལ་བ་ལས། བསྐུར་ཐབས་གསུམ་པོ་གང་རུང་གིས་གསང་དབང་བསྐུར་ཏེ། འཇམ་དཔལ་དམར་པོའི་བང་མཛོད་ལས། བ་དང་བེའུའི་ཚུལ་དག་གམ། །དེ་བཞིན་བུང་བ་སྦྲང་རྩིའི་ཚུལ། །ཡང་ན་བྱ་དང་བྱེའུའི་ཚུལ། །ཞེས་པ་ལྟར། ཐབས་ཀྱི་གསང་དབང་ཡབ་ཀྱི་རྡོ་རྗེའི་རྩེ་ནས་བུས་ལེན་པ་བ་དང་བེའུའི་ཚུལ་དང་། ཤེས་རབ་ཀྱི་གསང་དབང་ཡུམ་གྱི་པདྨའི་སྣ་རྩེ་ནས་ལེན་པ་མེ་ཏོག་དང་བུང་བའི་ཚུལ་དང་། དེ་ལྟར་མི་ནུས་པའི་ཐབས་ཤེས་གཉིས་མེད་ཀྱི་གསང་དབང་ཡབ་ཀྱི་ལྕེས་པདྨ་ལས་བླངས་ཏེ་བུ་ལ་སྟེར་བ་བྱ་དང་བྱེའུའི་ཚུལ་དུ་བསྐུར་བའོ། །དེ་ཉིད་བཞག་གནས་སློབ་བུའི་ལྕེ་དང་།བསྡིམ་གནས་སྙིང་སྟེ། དབང་གི་གལ་པོ་ལས། སེམས་ཀྱི་དཀྱིལ་ནས་དྲངས་པའི་ཆུ། །ཁྱོད་ཀྱི་ལྕེ་ལ་བཞག་པ་འདི། །སྙིང་གི་དཀྱིལ་དུ་གཟུང་བར་བྱོས། །ཤེས་སོ། །ཇི་ལྟར་བསྡིམ་ན། བྱང་ཆུབ་ཀྱི་སེམས་རྒྱུན་ཧཱུཾ་གི་འབྲུ་ཚོགས་སུ་གསལ་བ་དེ་ཉིད་རྡོ་རྗེ་སེམས་དཔའ་ཡུངས་ཀར་གྱི་ཚད་ཙམ་པ་མང་པོར་གྱུར་ཏེ་སྙིང་ལ་ཐིམ་པས་ཆོས་ཀྱི་འཁོར་ལོའི་རྩ་ཆེན་བཞི་ལ་གནས་པའི་རིགས་དྲུག་གི་ས་བོན་གཉིད་དང་བཅས་པ་བསྲེགས་ནས་དོན་དམ་མི་རྟོག་པའི་ཡེ་ཤེས་སུ་བསྒྱུར་བ་སྟེ། ཐལ་རྒྱུད་ལས། མི་བསྐྱོད་ཡབ་ཡུམ་རོལ་པ་ཡི། །རྣམ་པ་བདེ་བ་གསལ་ཞིང་མི་ངོ་བོ་དམིགས་པ། །ཤེས་རབ་ཐབས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་ཡེ་ཤེས་ཧཱུཾ་ཚོགས་ཀྱིས། །པད་མོའི་ཡེ་ཤེས་བསྡུས་འཁྱིལ་བའི། །ཡུངས་ཀར་ཚད་ཙམ་རྡོ་རྗེ་སེམས། །རྩེ་ནས་རྩེ་རུ་བསྡིམ་པ་ཡིས། །རང་བཞིན་ཆོས་ཀྱིས་གནས་པའི་སྙིང་ཁམས་དཀྱིལ་འཁོར་གྱི། །ས་བོན་ཟུང་གསུམ་གཉིད་དང་བཅས། །གནས་ངན་ལེན་པ་གསུམ་སྦྱངས་ཏེ། །དམིགས་མེད་སེམས་ཀྱི་ཡེ་ཤེས་ལྔ། །གསལ་བས་ས་བོན་ཚིག་པ་བཞིན། །གྱིས་འཁོར་བར་མི་སྐྱེ་སྟེ་དབང་གི་ཐབས་


DNG010_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དབུགས་འཁོར་བའི་དུཿཁ་ལས་དབྱུང་བའོ། །ཞེས་སོ། །དེ་ལ་ཅིའི་ཕྱིར། གསང་དབང་ཞེས་བྱ་ཞེ་ན། རྟོག་མེད་ཀྱི་བདེ་བའི་ཡེ་ཤེས་ངོས་ཟིན་དཀའ་བའི་དོན་དེ་རྟེན་ཞུ་བ་ཡེ་ཤེས་ཀྱི་རོ་དང་ལྡན་པ་ལ་བརྟེན་ནས་ཐོབ་པའི་ཕྱིར་དང་། དེ་བྱིན་ཀྱང་ད་དུང་བླ་མ་ཡབ་ཡུམ་གྱིས་མྱོང་བ་ལྟར་སློབ་མ་ལ་མི་སྣང་བའི་ཕྱིར་དང་། གནས་སྐབས་སུ་ཐེག་པ་འོག་མ་ལ་གསང་བའི་སྤྱོད་པ་ཡིན་པའི་ཕྱིར་གསང་བའོ། །དེ་བསྐུར་བའི་དུས་ནི་ནུས་དབང་ཐོབ་ནས་སྟེང་སྒོ་རྣམ་པར་གྲོལ་བའི་རྫོགས་རིམ་ལ་སློབ་པའི་སྔོན་དུའོ། །གཉིས་པ་ཡེ་ཤེས་རང་གནས་ཀྱི་བསྐུར་ཐབས་ནི། ཤེས་རབ་མ་བཅུ་དྲུག་ལོན་པ་དང་བུ་ཉིད་སྔར་བཞིན་བྱིན་གྱིས་བརླབས་ནས་རོལ་པས་ཧཱུཾ་གི་རྣམ་པའི་ཉི་ཟླ་བྱང་ཆུབ་ཀྱི་སེམས་རྒྱུན་དགའ་བཞིའི་འགྲོས་ཀྱིས་རྡོ་རྗེ་ནས་པདྨའི་ལམ་དུ་དབབ་སྟེ་བཟུང་བའི་ཐབས་ཀྱིས་བསྐྱིལ་བ་དེ་ཉིད། གཞག་གནས་གསང་རྩ་ཕན་ཚུན་དུ་བསྣོལ་མར་བཀོད་པས་ཐིག་ལེ་གཉིས་རྩེ་ཕྲད་པའོ། །བསྡིམ་གནས་ནི་རིག་པའི་ཕོ་བྲང་སྟེ། ངེས་འབྱེད་ལས། གནས་ནི་རིག་པའི་ཕོ་བྲང་ངོ་། །ཞེས་སོ། །དེའི་ཚེ་མཚོན་བྱེད་དཔེའི་བདེ་བ་ནི་བྱང་སེམས་གཉིས་ཤོར་གཉིས་མཉམ་གྱི་ཚེ་ལྷན་སྐྱེས་ཀྱི་དགའ་བ་རྟོག་བཅས་སུ་མྱོང་ཞིང་། དེས་མཚོན་བྱ་སེམས་ཉིད་དོན་དམ་འོད་གསལ་གྱི་ཡེ་ཤེས་སུ་བསྒྱུར་བ་སྟེ། ཐལ་རྒྱུད་ལས། རྗེས་སུ་འཇུག་པའི་ཕྱག་རྒྱ་ཉིད། །ཟིལ་པའི་ཐིག་ལེ་སྔོན་རྡོ་རྗེའི་ལམ་བཞིན། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་གཅིག །ཕན་ཚུན་འགོད་པའི་སྟོབས་ཀྱིས་བསྡིམ། །བདེ་བ་གཉིས་པའི་ངོ་བོ་ཉིད། །གསུམ་པའི་ཡེ་ཤེས་དཀྱིལ་འཁོར་དུ། །གསལ་བར་ཤར་བས་དཀྱིལ་འཁོར་གྱུར་པའི་སྒྲ། །རང་བཞིན་འོད་གསལ་དཀྱིལ་འཁོར་རོ། །ཞེས་སོ། །དེ་ལ་ཡེ་ཤེས་རང་གནས་ཀྱི་དབང་ཞེས་བྱ་སྟེ། ཉམས་སུ་མྱོང་བྱའི་ཡེ་ཤེས་དེ་རང་ལ་གསལ་བའི་ཕྱིར་དང་། རང་གནས་མཚུངས་ལྡན་གྱི་རྒྱུད་དེ་ཤེས་རབ་མའི་ལྷན་ཅིག་བྱེད་རྒྱུ་ལ་བརྟེན་ནས་རྒྱུད་ལ་མྱོང་བའི་ཕྱིར་ཤེས་རབ་ཡེ་ཤེས་ཀྱི་དབང་ཞེས་ཀྱང་གྲགས་སོ། །དེ་བསྐུར་བའི་དུས་ནི། གསང་དབང་ཐོབ་ནས་འོག་སྒོ་བདེ་བ་ཆེན་པོའི་རྫོགས་


DNG010_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་ལ་བསླབ་པའི་སྔོན་དུའོ། །གསུམ་པ་དབྱེར་མེད་བདེ་ཆེན་གྱི་དབང་ནི། ཤེས་རབ་མ་ལོ་བཅུ་གཉིས་མ་དང་བུ་ཉིད་སྙོམས་པར་ཞུགས་པའི་ཡས་བབས་ཀྱི་དགའ་བཞིའི་འགྲོས་རེ་རེ་ལའང་། དགའ་བ་བཞི་བཞི་སྟེ་བཅུ་དྲུག་དང་། དེ་ལ་ཉི་ཟླ་ཟུང་འདྲེལ་གྱིས་མཚན་སོ་གཉིས་དང་། ཟླ་བའི་ཐིག་ལེ་རེ་རེའང་ཡེ་ཤེས་ལྔའི་རོ་དང་ལྡན་པའི་ཕྱིར་དཔེ་བྱད་བརྒྱད་ཅུ་རྫོགས་ཤིང་མངོན་ཤེས་དྲུག་ཀྱང་འཆར་རོ། །དེའི་ཚེ་རྟོག་མེད་ཡུམ་གྱི་མཁའ་གསང་བའི་འོག་མིན་དུ་འཁྱིལ་བ་ལས་རྩ་ཁ་ཁ་མུ་ཁའི་རྩེ་ནས་བཟློག་པའི་ཐབས་ཀྱིས་ལྡོག་སྟེ། འཁོར་ལོ་བཞིར་མས་བརྟན་གྱི་དགའ་བ་བཅུ་དྲུག་ཉམས་སུ་མྱོང་བའོ། །དེའི་དུས་ན་ལེ་ལག་ལས། ས་བཅུ་རིམ་གྱིས་བགྲོད་མེད་རྫོགས། །ཀུན་ཏུ་འོད་གསལ་པདྨ་ཅན་ཡང་རྫོགས། །ཡི་གེ་འཁོར་ལོ་ཚོགས་ཆེན་ཐབས་དང་ལྡན། །ཞེས་པས་དགའ་བ་བཅུ་དྲུག་གི་དགའ་བའི་དགའ་བ་སོགས་བཞི་ནི་ཚོགས་ལམ། མཆོག་དགའི་དགའ་བ་ནི་སྦྱོར་ལམ། མཆོག་དགའི་མཆོག་དགའ་ནི་མཐོང་ལམ།དེ་ནས་མཆོག་དགའི་དགའ་བྲལ་སོགས་དགུ་ནི་སྒོམ་ལམ་ས་དགུ། དགའ་བ་བཅུ་དྲུག་གི་མཐའི་ལྷན་ཅིག་སྐྱེས་དགའི་ལྷན་སྐྱེས་དགའ་བ་ནི་ཉི་ཟླ་བྱང་ཆུབ་ཀྱི་སེམས་ཟུང་དུ་འདྲེལ་བའི་བརྡས་སྣང་སྟོང་གི་མཐའ་མ་བསྒྲིབས་པར་གསལ་བའི་ཕྱིར་བཅུ་གཅིག་ཀུན་ཏུ་འོད་ཀྱི་སའོ། །དེའི་ཡོན་ཏན་གྱི་ཐིག་ལེས་ལུས་ཐམས་ཅད་དུ་ཁྱབ་ཅིང་བརྟན་པས་འཁོར་བའི་སྐྱོན་གྱིས་མ་གོས་པའི་ཕྱིར་བཅུ་གཉིས་པ་པདྨ་ཅན་གྱི་ས་དང་། རྟོག་ཚོགས་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རང་སྣང་བའི་ཕྱིར་བཅུ་གསུམ་པ་ཡི་གེ་འཁོར་ལོའི་ས་རྫོགས་ནས་བདེན་པ་དབྱེར་མེད་བློའི་སྤྱོད་ཡུལ་དང་བྲལ་བའི་གནས་ལུགས་མངོན་དུ་བྱས་པ་ནི་བདེ་བ་ཆེན་པོའི་དབང་སྟེ། ཐལ་རྒྱུད་ལས། རྡོ་རྗེ་ཉི་མ་ཐབས་ཀྱི་རྒྱ། །ཕུང་སོགས་ཕྱག་རྒྱའི་ཚོགས་དང་ལྡན། །དེ་ཟླ་བསིལ་བྱེད་ཤེས་རབ་ཡེ་ཤེས་ཀྱི་དངོས། །ཡབ་ཡུམ་གྱི་བདེ་བ་དུས་གཅིག་རོ་མཉམ་ཐིག་ལེ་ཆེ། །སུམ་ཅུ་རྩ་གཉིས་མཚན་རྫོགས་ཤིང་། །ཟླ་བའི་ཡེ་ཤེས་ལྔ་བཅུ་དྲུག །དཔེ་བྱད་ལ་སོགས་དཔག་ཏུ་མེད། །


DNG010_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཤེས་མངོན་པར་ཤེས་དང་ལྡན། །སེམས་ལྔའི་མཐའ་མ་འགྲོ་འོང་ཤེས་པས་ན་རྫུ་འཕྲུལ་ཤེས་ཀྱི་བྱ་བ་ཤེས་པའི་མངོན། །ལྷན་ཅིག་སྐྱེས་དགའི་གནས་ནས་ལོག་པ་ཐིམ་པའི་སྒྲ། །མཐའ་གཉིས་མ་གོས་པདྨ་ཅན། །སྤྲུལ་པའི་གནས་ནས་བཀྱེ་བ་ཡིས། །བཞི་བཅུ་ལྔ་སོགས་མཐའ་ཡས་ཀུན། །རང་བཞིན་ཉིད་ལས་རང་གསལ་བ། །བཅུ་གསུམ་ཡེ་གེ་འཁོར་ལོར་བརྗོད། །ཅེས་སོ། །དེ་ལ་བདེ་བ་ཆེན་པོའི་དབང་ཞེས་བྱ་སྟེ། སྔར་གྱི་ལྷན་སྐྱེས་ཀྱི་བདེ་བའི་ཡེ་ཤེས་དེ་འདིར་རྒྱུད་ལ་ཤིན་ཏུ་བརྟན་བྱེད་ཀྱི་དབང་ཡིན་པའི་ཕྱིར། ངེས་འབྱེད་ལས། གཉིས་མེད་བདེ་བ་མཐའ་བྲལ་བ། །གྲུབ་དང་བདེ་བ་གཅིག་པས་བདེ། །ངོ་བོ་འགྱུར་མེད་བརྟན་པར་བརྗོད། །ཅེས་སོ། །དེ་བསྐུར་དུས་ཕྱི་ནི་ས་བཅུ་མཐར་ཕྱིན་པའི་དུས་དང་། ནང་ནི་མཐུར་དུ་རྒྱུ་བས་རླུང་གི་དུས་སུ་སྟེ། དེ་ལས། དུས་ནི་ཕྱི་དང་ནང་གཉིས་ཏེ།ཕྱི་རོལ་ས་བཅུ་མཐར་ཕྱིན་དུས། །ཤེས་རབ་ཡེ་ཤེས་ཐོབ་པ་སྟེ། །ནང་གི་ས་རླུང་རྒྱུ་བའི་དུས། །ཞེས་སོ། །འདིར་ཟབ་དབང་གསུམ་ནི་ཡེ་ཤེས་དངོས་སུ་རྒྱུད་ལ་སྐྱེ་བར་བྱེད་པ་མཐར་ཐུག་གི་དབང་ཡིན་པའི་ཕྱིར་བསམ་རྒྱུད་དང་བསྒྲག་ཚིག་ལ་ལྟོས་པ་ནི་མ་ཡིན་ནོ། །ཞེས་རྒྱལ་བ་གཡུང་གསུངས་པ་ལྟར་འདིར་ཡང་མ་བྲིས་མོད། འོན་ཀྱང་ལས་རྒྱ་ལ་བརྟེན་ཏེ་དངོས་དབང་བསྐུར་བ་དང་ལེན་པར་ནུས་པའི་བློ་སྟོབས་ཅན་ལ་དེ་ལྟར་ཡིན་ཀྱང་། དེ་མི་ནུས་པ་ཏིང་ངེ་འཛིན་དང་བྱང་སེམས་བདུད་རྩིའི་རིལ་བུ་ཙམ་ལ་བརྟེན་དགོས་པའི་གང་ཟག་ལ་ནི་ངེས་པར་བསམ་རྒྱུད་དང་བསྒྲག་ཚིག་དགོས་ཏེ། དེའི་ཕྱིར་དེ་དག་དབང་གི་གལ་པོར་ཤེས་པར་བྱའོ། །དེ་འདྲ་བའི་གང་ཟག་ལ་དབང་གི་དཀྱིལ་འཁོར་ཀྱང་ཡབ་ཡུམ་གྱི་མཁའ་གསང་མཚོན་བྱེད་སོར་བཞི་པའི་པདྨ་དང་། མཛུབ་གང་པའི་རྡོ་རྗེ་དང་།དེ་གཉིས་ལ་རིགས་ལྔ་ཡབ་ཡུམ་གྱི་མཚན་མ་དགོད་པར་གསུངས་ཏེ། འདི་ཉིད་ལས། ཤིན་ཏུ་ཕྲ་བའི་དམ་ཚིག་མཆོག །ཅེས་སོགས་དང་། དབང་གི་གལ་པོར། སོར་བཞི་པ་འམ་མཛུབ་གང་ཚད། །ཅེས་སོགས་གསུངས་པའི་ཕྱིར།ཡང་འདིར་གཡུང་གི་ཞི་བའི་དབང་མཆོག་ཏུ། དེང་སང་ཆོས་འདིའི་


DNG010_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་དབང་གསུམ་དངོས་སུ་བསྐུར་བའི་བཀའ་ཆད་ནས་ཕྱག་ལེན་དུ་མི་མཛད། ཅེས་པའི་ཚིག་ཕྱིར་འདྲེང་སྟེ། ཕྱིས་ཀྱི་བླ་མ་འགའ་ཞིག །ཞི་བའི་ཟབ་དབང་གི་བཀའ་ཆད་པ་དང་། ཁྲོ་བོའི་མ་ཆད་པའི་རྣམ་དབྱེ་འབྱེད་པ་མི་རིགས་ཏེ། ད་ལྟའི་ཁྲོ་བོའི་དབང་མཆོག །ཟབ་དབང་གསུམ་འབྱུང་བ་ནི་གནུབས་རཏྣ་ཤྲཱིས་ཁ་སྐོང་གིས། སྒྲོལ་མ་པའི་ཡིག་ཆ་གཙང་མར་སྔར་དྲངས་པའི་ཚིག་དོན་དེ་ཁོ་ན་ཡོད་པའི་ཕྱིར་དང་། དངོས་སུ་ཞེས་པའི་ཚིག་གི་ནུས་པས་འདིར་དངོས་དབང་རྟེན་ཅན་དུ་བསྐུར་བའི་བཀའ་ཆད་གསུངས་པར་མངོན་པའི་ཕྱིར་རོ། །གལ་ཏེ་སྒྲོལ་གཡུང་གཉིས་ལ་རྒྱུན་མི་བཞུགས་པའི་དབང་དུ་བཏང་ནས། འདིར་བརྒྱུད་པར་སེ་སྟོན་བཞུགས་པའི་ཕྱིར་ཟབ་དབང་གཉིས་ཀའི་རྒྱུན་ཡོད་དགོས་ཏེ། དམ་པ་ཡ་སེས་སྐྱོ་བྱེ་མ་ལུང་པ་ལ་རྟེན་ཅན་དང་སྦས་དོན་རྣལ་འབྱོར་ལ་རྟེན་མེད་དུ་ནོད་པའི་རྒྱུན་ད་ལྟ་ཟབ་དབང་ཟུ་ལུང་ནས་བརྒྱུད་པ་འདི་ཁུངས་ཟབ་ཅེས་སེ་སྟོན་ཉིད་གཅེས་སྤྲས་སུ་མཛད་པའི་ཕྱིར་དང་། འདི་ཁུངས་ཟབ་ཅེས་པས་སྒྲོལ་མ་བའི་ལུགས་ལོ་ཆེན་དང་རོག་ཚང་དུ་གསན་པ་ལའང་རྒྱུན་ཡོད་པར་ཤུགས་ཀྱིས་འཕངས་པའི་ཕྱིར་སྙམ་མོ། །དེས་ན་ཚིག་རྐྱེན་དེས་ཕྱིས་ཀྱི་བླ་མ་དག་གིས་བྲོ་ལུང་པའི་ཞི་བའི་ཟབ་དབང་རྒྱུན་བཅད་པར་མངོན་ཏེ་བསྟན་པའི་སྐུ་ཆག་ཏུ་ཟད་དོ། །འོན་ཀྱང་བདག་གི་རྗེ་བླ་མ་ལ་ནི་གཙང་བརྒྱུད་ཆད་ཀྱང་མདོ་ཁམས་ཀྱི་བརྒྱུད་པ་རྣམ་པར་དག་པ་བཞུགས་སོ། །གཉིས་པ་ལ། གྲངས་ལ་དཔྱད་པ་དང་། རིམ་པ་ལ་དཔྱད་པའོ། །དང་པོ་ནི། སྔ་རབས་པ་ཁ་ཅིག་ན་རེ། ཟབ་དབང་ནི་ནུས་པ་དངོས་སུ་འཇོག་བྱེད་ཡིན་པའི་ཕྱིར་ནུས་དབང་དུ་འདུ་བས་གྲངས་བཅོ་ལྔ་ཁོ་ནའོ་ཟེར། དེ་ལྟར་ན་ཁོ་བོས་དབང་གཅིག་ཁོ་ན་སྟེ། ཟབ་ནུས་གཉིས་ཀ་ཕན་དབང་གི་ཁོངས་སུ་འདུ་བའི་ཕྱིར་ཏེ། བདག་གཞན་གྱི་དོན་དངོས་སུ་སྒྲུབ་པའི་སྒོ་ནས་ཕན་པར་བྱེད་པའི་དབང་ཡིན་པའི་ཕྱིར། འདོད་ན་རང་ཚིག་དང་འགལ་ཞིང་། ལུང་གིས་ཀྱང་གནོད་དོ། །གཉགས་ཊཱིཀ་པ་བུམ་དབང་དང་།གསང་དབང་གཉིས་སུ་འདུ་བར་འདོད་པ་དང་། ཁ་ཅིག །ཟབ་དབང་གསུམ་གཅིག་ཏུ་བྱས་ཏེ་བཅུ་དྲུག་ཏུ་འདོད་པ་གཉིས་ཀ་མི་རིགས་ཏེ། རྡོ་


DNG010_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ལས། དང་པོ་ས་བོན་འཇོག་པ་སྟེ། །ཞེས་སོགས་ཀྱིས་གནོད་པའི་ཕྱིར། རང་ལུགས་སྔར་བཤད་པ་ལྟར་རྩ་བ་ལྔ་ལས་ཕྱེ་བའི་དབང་བཅོ་བརྒྱད་དུ་ཤེས་པར་བྱའོ། །གཉིས་པ་ན། གཉགས་ཊཱིཀ་པ། ནུས་དབང་ལྔ་ཡང་གསང་དབང་གི་བྱེ་བྲག་ཏུ་བྱས་ཏེ། ཤེས་རབ་ཐབས་ཀྱི་ཕྱག་རྒྱ་ལས། །ཞེས་སོགས་ཀྱིས། བྱང་ཆུབ་སེམས་ཀྱི་ཐིག་ལེས་དབང་བསྐུར་བ་སྤྱིར་བསྟན་པ་དང་། དེའི་ཡན་ལག་ནུས་དབང་སོ་སོར་བསྐུར་བ་ནི། ཉན་བྱེད་འཁོར་ལོའི་ཞེས་སོགས་ཀྱིས་བསྟན་པའི་ཕྱིར་བསྐུར་བའི་རིམ་པའང་དེ་བཞིན་ནོ་གསུང་བ་མི་རིགས་ཏེ་ལུང་རིགས་མན་ངག་གསུམ་ཀས་གནོད་པའི་ཕྱིར། ལུང་ནི་དད་བརྩོན་བརྟུལ་ཞུགས་རབ་རྟོགས་ན། ཞེས་པའི་སྐབས་ཀྱི་ཐར་ལོ་འགྱུར་ལས། དད་དང་བརྩོན་འགྲུས་བརྟུལ་ཞུགས་ལ། །ཕན་དབང་ནུས་པའི་དབང་བསྐུར་བྱ། །ཤེས་རབ་དབང་བསྐུར་རིམ་པར་བཅས། །བརྩེ་བས་ཆུད་མ་ཟོས་པར་སྦྱིན། །ཞེས་དང་། དྲངས་མ་ཐག་པའི་བཤད་རྒྱུད་རྡོ་རྗེའི་ལུང་གིས་ཀྱང་གནོད་པའི་ཕྱིར། མན་ངག་ནི། རྡོ་རྗེ་ལས་རིམ་ལས། ངོ་བོ་སྣོད་ཀྱི་མཚན་ཉིད་ཀྱིས། །དབྱེ་བ་རྣམ་པ་ལྔ་རུ་འགྱུར། །བདག་ཕན་ནུས་པ་གཉིས་ཀའི་ལས། །ཉིང་ལག་ལྔ་ཕྲག་གཉིས་དང་གཅིག །དེ་དག་ཕྱི་རོལ་དོན་ཤེས་བྱ། །བདེ་སོགས་སྤྱོད་པ་གསང་བར་འགྱུར། །རང་གནས་རང་རིག་ཡེ་ཤེས་གསལ། །རང་བཞིན་ལྷུན་གྲུབ་དེ་བཞིན་ཉིད། །མངོན་བྱས་རྒྱུ་འབྲས་དབྱེར་མེད་པས། །ཡང་དག་རྫོགས་པའི་བདེ་ཆེན་པོ། །རྡོ་རྗེའི་སྐུ་ཕྱིར་བསྟན་པ་ཡིན། །ཞེས་དང་། ཁོག་གཞུང་ལས། དད་དང་བརྩོན་འགྲུས་གསུམ་ལྡན་དང་། །བརྟུལ་ཞུགས་གསུམ་ལྡན་སློབ་མ་ལ། །ཞེས་སྣོད་རིམ་གསུངས་པས་ཀྱང་གནོད་པའི་ཕྱིར་རོ། །རིགས་པ་ནི། རྒྱུད་དུ་གོ་རིམ་དེ་ལྟར་བྱུང་བར་བསྐུར་དགོས་ན། ཕན་དབང་ཀྱང་ནུས་དབང་གི་རྗེས་སུ་བསྐུར་དགོས་པར་འགྱུར་ཏེ། རྒྱུ་མཚན་མཚུངས་པའི་ཕྱིར་དང་། ཐོག་མར་གསང་བ་བྷ་གའི་དཀྱིལ་འཁོར་དུ་ཞུགས་རྗེས་ལུས་དཀྱིལ་དུ་ནུས་དབང་བསྐུར་བའི་གོ་རིམ་ཀྱང་མི་རིགས་པའི་ཕྱིར་རོ། །དེ་ལ་ཁོ་ན་རེ། འཇམ་དཔལ་དམར་པོའི་དབང་རྩར་


DNG010_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་། གསང་དབང་གི་བྱེ་བྲག་ཏུ་ནུས་དབང་བྱུང་བའི་ཕྱིར་སྐྱོན་མེད་དོ་ཞེ་ན། དེའང་མ་ཡིན་ཏེ། དེ་ནི་ཟབ་མོ་གསང་བའི་དབང་ལ་ནུས་དབང་རྫོགས་པར་སྟོན་པའི་ཆེ་བ་བརྗོད་ནས་དབུགས་དབྱུང་བ་སྟེ། དབང་གི་གལ་པོ་ལས།རིགས་ཀྱི་བུ་ཁྱོད་དེང་ཕན་ཆད། །ཕྱི་དང་ནང་དང་གསང་བ་ཡི། །ཞེས་སོགས་གསུངས་པ་དང་ཚིག་དོན་གཉིས་ཀ་གཅིག་པའི་ཕྱིར་དང་། གལ་པོར་བཤད་པ་དེ་དག་རྒྱུད་འདིར་དངོས་སུ་གསུངས་པའི་ཟབ་དབང་དུ་འཆད་རིགས་སོ་སྙམ་ན། དེའང་མ་ཡིན་ཏེ། དེ་ཉིད་ཀྱི་དབུར། ནུས་དང་ཕན་པའི་དབང་ཐོབ་ནས། །བརྟུལ་ཞུགས་ལྡན་པའི་བུ་མཆོག་ལ། །ཞེས་སོགས་ཀྱིས་གནོད་པའི་ཕྱིར་རོ། །དེས་ན་སངས་རྒྱས་གསང་བའི་ངེས་འབྱེད་དང་རྡོ་རྗེ་ལས་རིམ་སོགས་སུ་ཁྲིགས་རིམ་གསལ་བར་གསུངས་པ་རྣམས་དང་འགལ་བའི་ཕྱིར་ཁྱེད་ཀྱི་ལུགས་འདི་འཐད་པ་མ་ཡིན་ནོ། །གསུམ་པ་ནི། འོ་ན་དབང་བཅོ་བརྒྱད་པོ་དེ་དག་དབང་བཞིར་འདུས་སམ་མ་འདུས་ཅེ་ན། བྲོ་ལུང་པ་ན་རེ། འདིར་སྤྱིའི་སྡོམ་ནི་དབང་ལྔར་བསྡུ་སྟེ། ཉང་སྟོན་རིག་པའི་འབྱུང་གནས་ཀྱི་སྲས་པོའི་དབང་བཞི་སོ་སོར་བསྡུ་བའི་ཡིག་ཆ་ཡོད་ཀྱང་། དེ་ནི་གསར་མའི་བཞེད་པ་འདིར་བཀོད་པ་ཡིན་པས་མི་འཐད་དེ་ཟེར་ནའང་། ཁོ་བོ་ནི། དབང་བཞིར་འདུས་པ་འཐད་དེ། རྒྱུད་ཕྱི་མའི་དྲི་བ་བཅུ་གསུམ་པར། དབང་བསྐུར་བ་ཡི་དོན་ཡང་ཅི། །ཞེས་པའི་ལན་དུ། སློབ་དཔོན་གསང་བ་ཤེས་རབ་དང་། །དེ་མ་ཐག་པ་བཞི་པ་སྟེ། །རྣམ་རྟོག་དྲི་མ་དག་བྱའི་ཕྱིར། །དབང་བསྐུར་རྣམ་པ་བཞི་ཡིན་ནོ། །ཞེས་གསུངས་པའི་ཕྱིར། སྡུད་ཚུལ་ཡང་། ཕན་ནུས་ཀྱི་དབང་བཅོ་ལྔ་པོ་ནི་བུམ་པའི་དབང་དུ་བསྡུ་སྟེ། དེ་ཐོབ་པས་ལམ་བསྐྱེད་རིམ་བསྒོམ་པའི་སྣོད་རུང་དུ་བྱས་པའི་ཕྱིར།དེ་ལྟར་ཡང་ཁོག་གཞུང་ལས། ཕྱི་ནང་དཀྱིལ་འཁོར་རྣམ་གསུམ་དུ། །རིམ་པར་བསྐུར་བ་དང་པོ་རུ། །རི་མོ་བཞེངས་གསོལ་ཕན་ནུས་བསྐུར། །བསྐྱེད་པའི་རིམ་པ་བསླབ་པའི་དུས། །ཞེས་སོ། །དེ་ཡང་ཕན་དབང་ཐོབ་པས་ཕྱི་དཀྱིལ་ལ་བརྟེན་པའི་དྲང་དོན་གྱི་བསྐྱེད་རིམ་ཐུན་མོང་པའི་སྣོད་རུང་དུ་བྱས་པ་སྟེ་ངེས་འབྱེད་ལས། །


DNG010_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་རོལ་དྲང་དོན་མཉན་དུ་རུང་། །ཞེས་སོ། །དེའི་སྟེང་དུ་མཉན་བསྒོམ་གྱི་དབང་གཉིས་ཀྱིས་ནང་རང་བཞིན་གྱིས་གྲུབ་པའི་ལུས་དཀྱིལ་ལ་བརྟེན་པའི་ངེས་དོན་གྱི་བསྐྱེད་རིམ་མཉན་བསྒོམ་ནུས་པ་དང་། ལྷག་མ་གསུམ་ལས། རྡོ་རྗེ་རྒྱལ་པོ་ནི་རྡོ་རྗེ་སློབ་དཔོན་གྱི་དབང་དངོས་དང་། འཆད་ཕྲིན་གཉིས་དེའི་བྱེད་ལས་ཡིན་པས། དེ་ལྟར་ན་རྡོ་རྗེ་སློབ་དཔོན་གྱི་དབང་ཐོབ་ནས་བུམ་དབང་དང་རྗེས་སུ་འདྲེལ་བའི་ལམ་ཐམས་ཅད་ལ་སྤྱོད་པའི་བདག་པོར་གྱུར་པའོ། །ཟབ་དབང་གསུམ་ནི། རིམ་པ་ལྟར་གསང་དབང་དང་། ཤེས་རབ་ཡེ་ཤེས་དང་། ཚིག་དབང་རྣམས་སུ་དངོས་སུ་འདུས་པར་ཟད་ལ། དེ་གསུམ་ཐོབ་པས་རྫོགས་རིམ་སྟེང་འོག་གི་སྒོ་དང་བདེ་བ་ཆེན་པོ་དེ་ཁོ་ན་ཉིད་བསྒོམ་པའི་སྣོད་རུང་དུ་བྱས་པའོ། །དེ་ཡང་ཁོག་གཞུང་གི་ལུང་དེའི་འཕྲོས་ལས། རྫོགས་རིམ་གདམས་ངག་སྦྱོར་དུས་སུ། །གསང་དབང་བསྐུར་བ་སོར་བཞི་པ། །རོལ་པ་འཇུག་དུས་གསང་བ་ཡི། །དཀྱིལ་འཁོར་བརྟན་པ་ཤེས་རབ་སྦྱིན། །ཞེས་སོ། །གསུམ་པ་རྗེས་ཀྱི་རིམ་པ་ལ་བདུན་ཏེ། དབང་རྟགས་རྡོར་དྲིལ་བྱིན་ཞིང་རུའི་བཀའ་ཉན་པར་བསྒོ་བ་དང་། བུམ་ཆུ་བླུད་ཅིང་བརྟན་པར་བྱས་ལ་སྨོན་ལམ་གདབ་པ་དང་། དབང་རྫས་ཀྱི་རབ་གནས་བསྡུ་ཞིང་ཅི་འབྱོར་པའི་ཡོན་གྱིས་བུའི་ལུས་བསླུ་བ་དང་། རུ་མཆོད་ཅིང་ཡོན་དབུལ་བ་དང་། ལྷག་མ་དང་བརྟན་མ་བསྐྱང་བ་དང་། དཀྱིལ་འཁོར་བསྡུ་ཞིང་རྡུལ་ཚོན་གཤེགས་པ་དང་།ལས་རྗེས་ཤིས་པར་བྱ་བ་རྣམས་ཏེ་དབང་བྱང་ལས་ཤེས་པར་བྱའོ། །ལྔ་པ་དབང་མ་ཐོབ་པའི་སྐྱོན་ནི། འདི་ཉིད་ལས། སློབ་དཔོན་མཉེས་པར་མ་བྱས་ཤིང་། །དབང་རྣམས་ཐོབ་པར་མ་བྱས་པར། །ཉན་པ་ལ་སོགས་བརྩོན་པ་ནི། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །ཞེས་དང་། མཉམ་སྦྱོར་ལས། དཀྱིལ་འཁོར་དུ་ནི་མ་ཞུགས་ཤིང་། །དམ་ཚིག་རྣམས་ནི་སྤངས་པ་དང་། །གསང་བའི་དེ་ཉིད་མི་ཤེས་པས། །བསྒྲུབས་ཀྱང་ཅི་ཡང་མི་འགྲུབ་པོ། །ཞེས་དང་།སངས་རྒྱས་ཐོད་པ་ལས། དཔེར་ན་བུ་ཚ་མེད་པའི་ཁྱིམ། །ཤི་བ་ཙམ་གྱིས་སྟོངས་པ་ཉིད། །དེ་


DNG010_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དབང་དང་བྲལ་བ་ནི། །ཡེ་ཤེས་ཀུན་གྱིས་སྟོང་པ་ཉིད། །ཅེས་དང་། ཐུགས་ཐིག་ལས། གསང་བ་ཉམས་ལས་ལྷུང་འཇིགས་པས། །སོ་མ་བཏང་བའི་རྫ་སྤྱོད་ལྟར། །འགྱུར་བ་གསང་བའི་རྒྱུད་ཀུན་ལྟོས། །ཞེས་སོ། །དྲུག་པ་ཡོན་ཏན་ནི། འདི་ཉིད་ལས། དུས་འདི་ཕྱིན་ཆད་རྒྱལ་བའི་སྲས། །ངན་སོང་ཐམས་ཅད་མེད་པ་དང་། །ཚེ་རིང་བདེ་བ་ཕུན་སུམ་ཚོགས། །མཐོ་རིས་ཐར་པའི་བདག་པོར་འགྱུར། །ཞེས་དང་། ཧེ་རུ་ཀ་མངོན་བྱུང་ལས།དཀྱིལ་འཁོར་བདག་པོ་མཐོང་ནས་ནི། །ཅུང་ཟད་དེ་ནི་མི་འགྲུབ་མེད། །སྡིག་པ་ཀུན་ལས་རྣམ་པར་གྲོལ། །དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར། །ཞེས་གསུངས་སོ། །ལྔ་པ་མི་འདའ་བ་དམ་ཚིག་ལ་དྲུག་ལས། དང་པོ་དགོས་ཆེད་ནི། གཞན་སེལ་ངན་སོང་དང་ཐེག་དམན་དུ་མི་ལྷུང་ཞིང་། དོན་གཉེར་ཞིང་ས་གཤིན་པོ་ལ་ས་བོན་བཏབ་ན་འབྲས་སྨིན་པར་འགྱུར་བ་ལྟར་ལམ་དང་འབྲས་བུའི་གཞི་དམ་ཚིག་བཟུང་སྟེ། ལམ་གྱི་འབད་པ་དོན་ཅན་དུ་བྱེད་པའོ། །དེ་ལྟར་ཡང་། སྔགས་འཆང་རྣམས་དོན་ཡོད་པར་བྱ་བའི་ཕྱིར་དམ་ཚིག་ཆེན་པོ་འདི་ཆེད་དུ་བརྗོད་དོ། །ཞེས་སོ། །གཉིས་པ་ངོ་བོ་ནི། བསྲུང་བྱའི་དོན་ཁྱད་པར་ཅན་ལ་སེམས་པ་རྒྱུན་དང་བཅས་པ་སྟེ། ཐུགས་ཐིག་ལས། གསང་སྒོར་ཞུགས་པ་ཐམས་ཅད་ཀྱིས། །སྒོ་གསུམ་རང་གི་བསྲུང་བྱ་ལ། །རྒྱལ་པོའི་བཀའ་རྟགས་ཇི་ལྟ་བར། །མི་འབྲལ་སྡོམ་པ་དེ་ངོ་བོ། །ཞེས་སོ། །གསུམ་པ་སྒྲ་དོན་ནི། ས་མ་ཡའི་སྒྲ་ལས། ཡལ་གམ་བཅས་པའི་ཐ་ཚིག་དང་། མནའ་དང་། སྡོམ་པ་ལ་འཇུག་པས། དོན་ཇི་ལྟར་བཅས་པ་ལས་འདའ་བར་བྱ་བ་མ་ཡིན་པའི་ཕྱིར་དམ་ཚིག་སྟེ། ཀུན་འདུས་ལས། འདའ་དཀའ་རྡོ་རྗེ་དམ་ཚིག་གཏན་གྱི་གཉེར། །ཞེས་སོ། །དེ་ཡང་ཁོག་གཞུང་ལས། ངེས་ཚིག་སྐྱོན་ཡོན་སྐབས་ཀྱིས་བསྒྱུར། །ཞེས་པས་གཉིས་ལས། བསྲུངས་པའི་ཕན་ཡོན་གྱིས་དམ་ཚིག་ཏུ་བཞག་པ་ནི།རྡོ་རྗེ་ལས། དམ་པ་རྣམས་ཀྱི་དགོངས་པ་ལ། །དབང་དང་བྱིན་རླབས་ཐོབ་པ་ཡིས། །དམ་པའི་ཚུལ་བཞིན་ངེས་སྤྱད་ན། །མི་མཐུན་ཚོགས་རྣམས་ཚིག་


DNG010_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར། །ཞེས་སོ། །གལ་ཏེ་དེ་ལས་འདས་ན་ངན་སོང་གི་གནས་སུ་རྒྱུད་ཚིག་པར་འགྱུར་པའི་ཉེས་དམིགས་ཀྱིས་དམ་ཚིག་ཏུ་བཞག་པ་ནི། དེ་ལས། དམ་པ་འདི་ལས་གང་འདས་པ། །རྡོ་རྗེ་ཅན་ཡང་ཚིག་པར་འགྱུར། །ཞེས་དང་། ཧེ་རུ་ཀ་འདུས་པ་ལས། མི་འདའ་དམ་པ་མཆོག་གྱུར་པ། །འདས་པར་གྱུར་ན་ཚིག་པར་བཤད། །ཅེས་སོ། །བཞི་པ་རྣམ་གྲངས་ལ། ཐོབ་བྱེད་ཀྱི་ཆོ་ག་དང་དུས། ཐོབ་བྱའི་ངོ་བོ། ཉམས་ན་བསྐང་བའི་ཐབས་སོ། །དང་པོ་ནི། དེ་བཞིན་གཤེགས་པས་གསུངས་པའི་ཆོ་ག་ཁོ་ན་ལས་ཐོབ་ཀྱི་གཞན་ལས་ནི་དམ་ཚིག་དང་སྡོམ་པ་མེད་དེ། བརྟུལ་ཞུགས་ཙམ་དུ་ཟད་དོ། །ཐོབ་པའི་དུས་ལ་སྔོན་གྱི་མཁན་པོ་རྣམས་ཀྱིས་དབང་གི་སྔ་རོལ་དུ་སྡོམ་པ་བཟུང་བའི་ཚིག་ལན་གསུམ་བརྗོད་པའི་ཆ་ཐ་མའི་མཇུག་ཏུ་སྐྱེ་བར་བཞེད་དོ། །གལ་ཏེ་འདིའི་སྐབས་སུ་གང་བཟུང་བའི་སྡོམ་པ་དེ་ཉིད་མི་སྐྱེ་ཟེར་ན། འོ་ན་སོ་བྱང་གི་སྡོམ་ཆོག་ལས་ཀྱང་དེ་དག་མི་སྐྱེ་བར་མཚུངས་ཏེ། གཞན་གཉིས་ལ་སྐྱེ་བའི་ནུས་པ་ཡོད་པ་དང་།འདི་ལ་མེད་པའི་ལུང་རིགས་ཚད་མ་མེད་པའི་ཕྱིར་རོ། །འདི་ལ་སྐྱེ་བའི་ཚད་མ་ཡོད་དེ། སྡོམ་པ་ནི་སྐྱེ་མི་སྐྱེ་གཉིས་ལས་མི་འདའ་ལ། མི་སྐྱེ་བའི་ཚད་མ་མེད་པ་ཉིད་ཀྱིས་སྐྱེ་བར་གྲུབ་པའི་ཕྱིར་དང་། གཞན་དུ་ན། རྒྱལ་བས་ཆོ་ག་བཤད་པའང་ནུས་མེད་དུ་འགྱུར་བའི་ཕྱིར་རོ། །དེ་ལྟར་ཡང་། ལོ་ཙཱ་བ་ཆེན་པོ་རོང་ཟོམ་གྱིས་མཛད་པའི་སྡོམ་ཆོག་ལས། དང་པོ་ཐུན་མོང་གི་སྡོམ་པ་ནོས་ནས།དེ་ནས་ཁྱད་པར་གྱི་སྡོམ་པ་ནོས་ཏེ། དཀྱིལ་འཁོར་ལ་ཞུགས་ནས་དབང་ཐོབ་པར་བྱས་ལ། དངོས་གྲུབ་ཀྱི་སྣོད་དུ་འགྱུར་བར་བྱའོ། །ཞེས་སོ། །འོན་ཀྱང་། རྡོ་རྗེ་ཐེག་པའི་དམ་ཚིག་དང་སྡོམ་པ་ཐ་དག་བཟུང་གྲུབ་པ་ནི་མ་ཡིན་ཏེ། ད་དུང་དབང་དམ་ཚིག་དང་སྡོམ་པ་མི་འདྲ་བ་དུ་མ་འཛིན་དགོས་པའི་ཕྱིར།དཔེར་ན་དགེ་བསྙེན་གྱི་སྡོམ་པ་ཐོབ་པས་སོ་ཐར་གྱི་སྡོམ་པ་ཐོབ་པའི་གྲངས་སུ་འགྲོ་མེད་ཀྱང་། སོ་ཐར་གྱི་སྡོམ་པའི་ཡན་ལག་ཚང་བ་མ་ཡིན་ཏེ། ད་དུང་དགེ་ཚུལ་དང་དགེ་སློང་གི་སྡོམ་པ་བླང་དུ་ཡོད་པའི་ཕྱིར།


DNG010_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

དེར་མ་ཟད། ཐུན་མོང་གི་སྡོམ་པ་ལེན་ལུགས་ལྟར་འཇུག་པའི་སྐབས་སུ་སྨིན་བྱེད་ཀྱི་རྟེན་སྡོམ་ལྡན་དུ་བྱ་བའི་ཕྱིར་ཁས་བླངས་ཀྱི་སྒོ་ནས་སྡོམ་པ་བཟུང་བ་དེ་ཉིད་ཀྱང་། སླར་དབང་བླངས་པའི་ཚེ་ན་སྡོམ་པའི་ནུས་པ་གོང་འཕེལ་དུ་འགྲོ་དགོས་ཏེ། ཀུན་མཁྱེན་ཆེན་པོའི་ཊཱི་ཀའི་དགོངས་པ་ལྟར་དམ་ཚིག་དང་སྡོམ་པ་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པའི་གནད་ཀྱིས་སོ། །དེ་ཡང་ཡིན་ཏེ། ཆོ་གས་སེམས་རྒྱུད་ཀྱི་ཡོན་ཏན་དགེ་བའི་ས་བོན་གསོས་བཏབ་པའི་ཆ་དེ་སངས་རྒྱས་ཀུན་གྱི་གསང་བའི་རྡོ་རྗེ་གསུམ་འཛིན་པའི་ཆ་ནས་དམ་ཚིག་ཀྱང་ཡིན་ལ། རང་གི་རྒྱུད་སྡོམ་པའི་ཆ་ནས་སྡོམ་པའང་ཡིན་པའི་ཕྱིར་ཏེ། དཔེར་ན་བུམ་པ་ཉིད་བྱས་པའང་ཡིན་ལ་མི་རྟག་པའང་ཡིན་པ་བཞིན་ནོ། །དེ་ལྟར་ཡང་རྒྱུད་ཕྱི་མ་ལས། གང་ཞིག་ནན་ཏན་ལས་མི་འགོང་། །རྨི་ལམ་དུའང་དམ་ཚིག་བརྗོད། །དམ་བཅའ་བ་ནི་སྡོམ་པར་འདོད། །ཅེས་དང་། ཕྲ་རྒྱས་ལས། དེ་ལྟར་སུམ་རྒྱ་དྲུག་ཅུ་རྣམས། །བདག་གི་རྡོ་རྗེ་མཆོག་གསུམ་པོས། །ལོག་པར་མི་གཏོང་སྡོམ་པའི་དངོས། །ས་གཞི་ལྟ་བུར་གསུངས་པ་ཡིན། །ཞེས་སོ། །འདིར་འཇུག་པའི་སྐབས་སུ་དབང་བྱང་ལས་སྡོམ་པ་སོ་སོར་དམིགས་ཕྱེ་ནས་གཟུང་བ་མ་བྱུང་ནའང་སྐུ་གསུང་ཐུགས་ཀྱི་དམ་ཚིག་བྱིན་པ་ཉིད་སྡོམ་པ་གཟུང་བ་ཡིན་ཏེ། ལས་རིམ་ལས། རང་བཞིན་འབྲུ་གསུམ་སྐུ་གསུང་ཐུགས། །གཟི་བྱིན་ལྡན་པར་བྱིན་བརླབས་ལ། །དམ་ཚིག་སྡོམ་པ་མཆོག་ཅེས་བཤད། །ཅེས་གསུངས་པའི་ཕྱིར། གཉིས་པ་ཐོབ་བྱའི་ངོ་བོ་ལ། དམ་ཚིག་གི་རང་བཞིན་དང་། ཆེ་བ་དང་། དབྱེ་ངོ་དངོས་གཏན་ལ་དབབ་པའོ། །དང་པོ་ནི། རྩ་བ་དང་ཡན་ལག་ལ་སོགས་པའི་དམ་ཚིག་ཇི་སྙེད་པ་ཐམས་ཅད་རང་སེམས་གཉིས་སུ་མེད་པའི་རང་བཞིན་ཏེ། དེའི་དོན་ལས་དེ་བཞིན་གཤེགས་པ་ཀུན་ཀྱང་འདའ་བར་མི་མཛད་པའི་བདག་ཉིད་ཡིན་པའི་ཕྱིར། དེ་ལྟར་ཡང་། དམ་ཚིག་རྣམས་ནི་རྡོ་རྗེ་ཆེ། །སངས་རྒྱས་ཀུན་གྱི་བདག་ཉིད་ཡིན། །ཞེས་དང་། རྒྱས་པ་ལས། དམ་ཚིག་དམ་ཚིག་ཅེས་བྱ་བ། །གུད་ན་ཡོད་པ་མ་ཡིན་ཏེ། །རང་གི་སེམས་ཉིད་དམ་ཚིག་ཡིན། །ཞེས་སོ། །


DNG010_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ལ། སྤྱོད་སྒོ་ཡངས་པའི་ཆེ་བ་དང་། །འདུལ་སྡོམ་འདུས་པའི་ཆེ་བའོ། །དང་པོ་ནི། གནས་ལུགས་ལ་རྟོགས་གོམས་ཀྱི་གདེང་དང་ལྡན་ན་མཉམ་པ་ཆེན་པོའི་དམ་ཚིག་ལ་གནས་པའམ། བླ་ན་མེད་པའི་ཐེག་པར་ངེས་པ་ཞེས་བྱ་སྟེ། སྒོ་གསུམ་གྱི་སྤྱོད་པ་ཇི་ལྟར་སྤྱད་ཀྱང་ཕྱོགས་འཛིན་གྱི་བློ་མི་སྐྱེ་བའི་ཕྱིར། དེ་འདྲ་བའི་གདེངས་ཀྱིས་ཟིན་པའི་གང་ཟག་དེས། ལས་དང་ཉོན་མོངས་པ་གང་ལ་སྤྱད་ཀྱང་སྒྱུ་མའི་སྤྲུལ་པ་ལ་སྤྱོད་པ་ལྟར་མ་ཞེན་པའི་ཕྱིར། དེས་སྒྲིབ་པ་དང་བག་ཆགས་མི་གསོག་པའི་སྟེང་དུ་ཚོགས་གཉིས་རྫོགས་པར་འགྱུར་བ་དང་། སོ་བྱང་ཕྱི་རྒྱུད་ཀྱི་ཚུལ་ཁྲིམས་དང་སྡོམ་པ་ཐམས་ཅད་ཀྱང་རྣམ་པར་དག་པར་འགྱུར་བ་ཉིད་དེ། བླ་མེད་ཐེག་པར་རབ་ངེས་ན། །ཉོན་མོངས་ལས་རྣམས་ཀུན་སྤྱོད་ཀྱང་། །བྱས་ལ་མི་སོག་ཚོགས་འགྱུར་ཏེ། །ཚུལ་ཁྲིམས་སྡོམ་པ་ཕུན་སུམ་ཚོགས། །ཞེས་སོ། །གཉིས་པ་ནི། དེའི་ཕྱིར། བླ་མེད་མཆོག་གི་དམ་ཚིག་ཏུ། །ཞེས་སོགས་གསུངས་པའི་སྐབས་སུ་སྤྱིར་སྡོམ་པ་ལ། སོ་ཐར། བྱང་སེམས། རིག་པ་འཛིན་པའི་སྡོམ་པ་གསུམ་སྟེ། རྔམ་གློག་ལས། དགེ་སློང་བྱང་ཆུབ་སེམས་དཔའ་དང་། །རྣལ་འབྱོར་རྣལ་འབྱོར་ཆེན་པོ་ཡིན། །ཞེས་དང་། རྗེ་བླ་མའི་གཏེར་བྱོན་ཐུགས་ཐིག་གི་དབང་བྱང་ལས། སོ་སོ་ཐར་དང་བྱང་ཆུབ་སེམས། །རིག་འཛིན་ནང་གི་སྡོམ་པའི་ཚོགས། །ཞེས་སོ། །དེ་གསུམ་ཡང་། རྣམ་པ་འགལ་ལ་ངོ་བོ་ཚང་བ་དང་གནས་གྱུར་པའི་ཕྱིར་འདུས་ཤིང་རྣམ་པར་དག་པའོ། །རྣམ་པ་ཇི་ལྟར་འགལ་ཞེ་ན། བཞི་སྟེ། ཇི་སྲིད་དུས་ཀྱི་དང་། གང་གི་རྗེས་སུ་བསླབ་པའི་དང་། དངོས་གཞི་གཙོ་བོའི་དབང་དུ་བྱས་པའི་དང་། ཆེད་དུ་བྱ་བའི་ཁྱད་པར་རོ། །དང་པོ་ནི། སོ་ཐར་ཇི་སྲིད་འཚོའི་བར་དུ་དང་། བྱང་སྡོམ་སྙིང་པོ་བྱང་ཆུབ་ལ་ཐུག་གི་བར་དང་། སྔགས་སྡོམ་འཁོར་བ་མ་སྟོངས་ཀྱི་བར་དུ་ཁས་ལེན་པའི་ཁྱད་པར་རོ། །གཉིས་པ་ནི། འཕགས་པ་དགྲ་བཅོམ་པ་དང་། ས་ཆེན་པོ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་དང་། དེ་བཞིན་གཤེགས་པའི་རྗེས་སུ་བསླབ་པའི་


DNG010_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་རོ། །གསུམ་པ་ནི། ཕྱི་ལུས་ངག་གི་སྤང་བ་བདུན་ལ་བསླབ་པའི་སྦྱོར་བ་ནི་སོ་ཐར། ནང་ཡིད་ཀྱི་ལས་གསུམ་གཙོ་བོར་སྤང་བའི་སྙིང་རྗེ་ལ་བསླབ་པ་ནི་བྱང་སྡོམ། རྟོགས་གོམས་ཀྱི་གདེངས་ཀྱིས་མཉམ་པའི་དོན་ལས་མི་འདའ་བ་ནི་སྔགས་སྡོམ་མོ། །བཞི་པ་ནི། རང་གི་དོན་དང་། གཞན་གྱི་དོན་དང་། གཞན་དོན་རླབ་པོ་ཆེ་ལ་དམིགས་པ་སྟེ། རིམ་པ་བཞིན་སྦྱར་རོ། །གཉིས་པ་ངོ་བོ་ལ། ཚང་བ་དང་། གནས་གྱུར་པ་གཉིས་ལས། དང་པོ་ནི། སོ་ཐར་ནི་གཞན་ལ་གནོད་པའི་སྦྱོར་བ་ལས་ལོག་པ་དང་།བྱང་སྡོམ་ནི་དེའི་སྟེང་དུ་ཕན་འདོགས་པའི་སྦྱོར་བ་ལ་ཞུགས་པ་དང་། སྔགས་སྡོམ་ནི། དེ་གཉིས་ཀ་ལ་ཞུགས་པའི་སྟེང་དུ་སངས་རྒྱས་ཀྱི་མཛད་པ་ཉམས་སུ་བླངས་ཏེ་མཉམ་པ་ཆེན་པོའི་ངང་ནས་གཞན་དོན་རྩོལ་མེད་དུ་མཛད་པའི་ཐབས་ལ་མཁས་པས་ཐམས་ཅད་ཚང་བའི་ཕྱིར། རྒྱུ་མཚན་དེས་སྔགས་ཀྱི་དམ་ཚིག་མ་ཉམས་པར་ཐུབ་ན་འོག་མའི་འདུལ་སྡོམ་རྣམས་ཞར་ལ་ཐུབ་པས་ལོགས་སུ་བསྲུང་མི་དགོས་ཏེ། དྲེ་གསུམ་ཚང་ན་དེ་ནང་དུ་དོ་མི་ཚང་བའི་དོགས་པ་མེད་པ་ལྟར་ཡོན་ཏན་ཡར་ལྡན་དུ་འདུས་པའི་ཕྱིར། དེ་ལྟར་ཡང་གསལ་བཀྲ་ལས། ཐེག་ཆེན་དམ་ཚིག་ལ་གནས་ན། །འོག་མའི་འདུལ་སྡོམ་དམ་ཚིག་ཀུན། །བསྲུང་བ་མེད་པར་ཐུབ་པས་ན། །དགེ་སློང་བྱང་ཆུབ་སེམས་དཔའ་དང་། །རྣལ་འབྱོར་རྣལ་འབྱོར་ཆེན་པོ་ཡིན། །ཞེས་སོ། །གཉིས་པ་གནས་གྱུར་པས་རྣམ་པར་དག་པ་ནི། ཉོན་མོངས་པ་རང་ག་མས་སྤྱད་པའི་སྒོ་གསུམ་གྱི་ལས་ཀྱིས་འཁོར་བར་འཆིང་མོད། དེ་ཉིད་ཤེས་རབ་དང་སྙིང་རྗེ་ཕྱོགས་གཅིག་གི་རྩིས་བཟུང་སྟེ་བྱ་བ་མ་ཡིན་པ་སྤོང་བའི་སྡོམ་པ་ལ་ཞུགས་པ་ན་མཐོ་རིས་དང་ཐར་པའི་རྒྱུར་འགྱུར་ལ། དེ་ཉིད་ཐབས་དང་ཤེས་རབ་ཆེན་པོའི་རྩིས་ཟིན་པས་གཞན་དོན་གྱི་བྱ་བ་ལ་སྤྱད་པ་ན་བླ་ན་མེད་པའི་བྱང་ཆུབ་ཏུ་གྲོལ་བའི་རྒྱུར་འགྱུར་བ་དང་། དེ་ཉིད་ཀྱང་ཐབས་ཤེས་ཆེན་པོའི་ཡང་ཆེན་པོས་ཟིན་པར་སྤྱད་ན་རྫོགས་པའི་བྱང་ཆུབ་ཆེན་པོ་འབད་རྩོལ་མེད་པ་ལྷུན་གྱིས་འགྲུབ་པར་འགྱུར་ཏེ། དཔེར་ན་ཟངས་རྡོ་བཞུ་བས་ཟངས་དེ་ལ་རྩིས་བཏབ་ན་གསེར་དུ་འགྱུར་བ་བཞིན་སྒོ་གསུམ་གྱི་བྱ་བ་གཞི་གཅིག་


DNG010_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

ལའང་ཐབས་ཆེ་ཆུང་གིས་གོང་མ་གོང་མར་གནས་འགྱུར་བ་ཡིན་ལ། དེ་བས་ན་སོ་ཐར་གྱི་གཞན་གནོད་གཞི་བཅས་སྤང་བ་དང་བྱང་སྡོམ་གྱིས་གཞན་ལ་ཕན་འདོགས་པའི་ལྡོག་ཆ་གཉིས་པོ་དེ་རྫས་གོང་འཕེལ་གྱི་ཚུལ་གྱིས་སྔགས་ཀྱི་སྡོམ་རྫས་སུ་ངོ་བོ་གནས་འགྱུར་ཞིང་། མཉམ་པ་ཆེན་པོའི་ཐབས་ཀྱིས་མ་ཟིན་པའི་ཐ་མལ་སྣང་ཞེན་གྱི་ལྡོག་ཆ་རེ་ཡོད་པ་དེ་རྩ་བ་ནས་བཏང་ནས་མཉམ་པ་ཆེན་པོའི་ཐབས་ཁྱད་པར་ཅན་དུ་འགྱུར་བ་ཡིན་ཏེ། སྣང་བས་མུན་པ་བཞིན་ནོ། །དེའི་ཚུལ་གྱིས་མཉམ་པ་ཆེན་པོའི་དམ་ཚིག་ཏུ་འོག་མའི་འདུལ་སྡོམ་རྣམས་འདུས་ཤིང་རྣམ་པར་དག་པ་ཡིན་ནོ། །འདིར་ཁ་ཅིག་འདི་སྙམ་དུ། སྡོམ་པ་འོག་མ་གཉིས་གོང་མར་འདུས་ཤིང་རྫོགས་པ་མི་འཐད་དེ། སོ་ཐར་གྱི་གཞན་གནོད་གཞི་བཅས་སྤོང་བ་དང་། བྱང་སྡོམ་གྱི་གཞན་ལ་ཕན་འདོགས་པའི་ལྡོག་ཆ་གཉིས་སྔགས་སྡོམ་གྱིས་མི་སྤང་བའི་དམ་ཚིག་དང་དངོས་སུ་འགལ་བར་སྣང་བའི་ཕྱིར་ཞེ་ན། མི་འགལ་བར་འདུས་ཚུལ་སྟོན་ཏེ། དེ་ལ་སོ་སོ་ཐར་པའི་སྡོམ་པ་ནི། ཕས་ཕམ་བཞི་བྱུང་ན་རྩ་བ་ཞིག་པར་གསུངས་པ་ལས། འདིར་གནས་ལུགས་རྟོགས་པའི་གདེངས་ཀྱིས་ཟིན་ན་ཇི་ལྟར་སྤྱད་ཀྱང་མི་གོས་པས་ངོ་བོ་ཡར་ལྡན་དང་སླར་ཚོགས་སུ་འགྱུར་བའི་ཕྱིར་ཡོན་ཏན་ཡར་ལྡན་ཏེ། སྤྱིར་བཤད་པའོ། །བྱེ་བྲག་ཏུ་སྲོག་གཅོད་པ་ནི། ཡོད་མེད་དབུ་མ་མི་དམིགས་ཤིང་། །ཞེས་སོགས་ཏེ། བདག་གཞན་གཉིས་ཀ་སེམས་ཉིད་དུ་གསལ་ཞིང་། དེ་དོན་དམ་པར་ཡོད་མེད་དབུ་མའི་མཐའ་གསུམ་དང་བྲལ་ལ། ཀུན་རྫོབ་ཏུ་སྣང་ཡང་རང་རྒྱུད་པས་སྟོང་པར་རྟོགས་ན། སྲོག་གཅོད་པ་ལྟར་སྣང་ཡང་གཅད་བྱ་གཅོད་བྱེད་མ་གྲུབ་ཅིང་གཅད་དོ་བའི་འདུ་ཤེས་མེད་པའི་ཕྱིར་ཉེས་པས་མི་གོས་ཤིང་། ཞིང་བཅུ་ལ་སོགས་པ་ལས་ངན་གྱི་རྒྱུན་གཅོད་པའི་ཕྱིར་བསྒྲལ་བས་ཚོགས་གཉིས་རྫོགས་པས་ན་སྲོག་གཅོད་སྤང་བའི་སྡོམ་པའི་ངོ་བོ་དང་ཡོན་ཏན་ཡར་ལྡན་དུ་འདུས་སོ། །དེ་ལྟར་ཡང་དཀོན་བརྩེགས་ཀྱི་ཉེ་བ་འཁོར་གྱིས་ཞུས་པའི་སྐབས་ལས། ཇི་ལྟར་སྒྱུ་མ་མཁན་གྱིས་འཇིག་རྟེན་ན། །སེམས་ཅན་བརྒྱ་ཕྲག་མང་པོ་སྤྲུལ་བྱས་ཏེ། །སྤྲུལ་པ་དེ་དག་


DNG010_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་བསད་གྱུར་ཀྱང་། །སྒྱུ་མ་དེ་དག་བསད་པ་ཡོད་མིན་ལྟར། །འགྲོ་བ་འདི་དག་སྒྱུ་མའི་རང་བཞིན་ཏེ། །འདི་ལ་མཐའ་ནི་ནམ་ཡང་དམིགས་སུ་མེད། །གང་དག་དེ་ལྟར་མཐའ་ཡས་མེད་བྱེད་པ། །དེ་དག་འཇིག་རྟེན་ན་ནི་ཚོར་བ་མེད། །གང་དག་རང་བཞིན་མེད་ཆོས་འདི་ཤེས་པས། །དཔའ་བོ་དེ་དག་འཇིག་རྟེན་མྱ་ངན་འདའ། །ཞེས་སོ། །མ་བྱིན་ལེན་ནི། བདེན་པ་གཉིས་ཀ་དབྱེར་མེད་པས། །ཞེས་སོགས་ཏེ། ཆོས་ཐམས་ཅད་ནི་སེམས་ཉིད་བདེན་པ་གཉིས་ཀྱི་རང་བཞིན་དུ་དབྱེར་མེད་པས་དོན་དམ་པར་མ་དམིགས་ཤིང་། ཐ་སྙད་ཀུན་རྫོབ་ཏུའང་མ་གྲུབ་པས་བདག་གཞན་ཐ་དད་མེད་པར་རྟོགས་པ་ལ། རྫས་དང་བདག་པོ་གཉིས་ཀ་གཞན་ན་མེད་པའི་ཕྱིར། འཕྲུལ་དགའི་ལྷ་རྣམས་རང་གིས་སྤྲུལ་པའི་ལོངས་སྤྱོད་ལེན་པ་ལྟར་ཅི་བླངས་ཀྱང་བདག་ཉིད་ལས་མི་འདའ་བར་ཤེས་པས་དོན་ལ་བླང་བ་མེད་པའི་ཕྱིར། ཉེས་པས་མི་གོས་པ་དང་།འཇུངས་པ་ལས་བླངས་ཏེ་བཀྲེན་པ་ལ་སྟེར་བ་སོགས་གཞན་དོན་དུ་འགྱུར་བའི་ཕྱིར་མ་བྱིན་ལེན་སྤང་བའི་སྡོམ་པ་འདུས་ཤིང་རྣམ་པར་དག་པ་སྟེ། དཀོན་བརྩེགས་ལས། ཇི་ལྟར་སྒྱུ་མས་སྒྱུ་མའི་ནོར་བླངས་ཏེ། །རྨི་ལམ་ནང་བཞིན་དགོས་པ་དེ་སྤྱད་ཀྱང་། །དེ་ལ་ལས་མེད་རྣམ་པར་སྨིན་པ་མེད། །དེ་བཞིན་ཆགས་མེད་ཡེ་ཤེས་འདིར་བསླབས་ཏེ། །མྱ་ངན་འདས་པ་དམ་པ་མཆོག་བཞིར་འགྲོ། །ཞེས་དང་། རྡོ་རྗེ་ལས། འཇུངས་པ་རྣམས་ལས་ནོར་བླངས་ཏེ། །སེམས་ཅན་བཀྲེན་ལ་བྱིན་པར་བྱ། །དེ་ཕྱིར་མི་ཡི་བདག་པོ་དང་། །ཕྱུག་པོ་རྣམས་ཀྱི་ནོར་འཕྲོག་གོ། །ཞེས་སོ། །རྫུན་སྨྲ་བ་ནི། ཆོས་རྣམས་སྒྱུ་མ་ལྟ་བུ་ལ། །ཞེས་སོགས་ཏེ། ཆོས་ཐམས་ཅད་མེད་བཞིན་དུ་ལོག་རྟོག་གིས་བརྟགས་པའི་ཞེན་བློ་ལ་སྣང་བ་ནི་ངོ་བོ་ཉིད་ཀྱི་རྫུན་ནོ། །ཞེས་པ་ཉིད་སྣང་བ་ལས་མིང་ཚིག་ཏུ་བརྟགས་ནས་དེ་ལ་བདེན་པར་འཛིན་པ་ནི་རྗེས་སུ་སྤྱོད་པའི་རྫུན་ཏེ། ཡུམ་བར་མ་ལས། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་དངོས་པོ་མེད་པ་སྟེ།གང་བརྗོད་ཅིང་སྣང་ལ་བརྟགས་པ་དེ་དག་ནི་གློ་བུར་བ་ཡིན་པའི་ཕྱིར་རྫུན་པའོ། །ཞེས་སོ། །དེ་དག་ལས་ཀྱང་འགལ་བར་སྨྲ་བ་ནི་ལོག་པའི་


DNG010_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

རྫུན་ནོ། །དེས་ན་བདེན་པ་ཉིད་མ་གྲུབ་ན་དེ་ལ་ལྟོས་པའི་རྫུན་པ་མ་གྲུབ་པའི་ཕྱིར། ཆོས་ཐམས་ཅད་ལ་བདེན་པར་འཛིན་པ་ཟད་དེ་རྫུན་པར་ཤེས་པས་རྫུན་སྨྲས་ནའང་། ཉེས་པས་མི་གོས་ཤིང་། ཇི་ལྟར་ཕན་པ་དེ་ལྟར་སྨྲས་པས་གཞན་དོན་དུའང་འགྱུར་བའི་ཕྱིར་རྫུན་སྨྲ་བ་སྤང་བའི་སྡོམ་པ་འདུས་ཤིང་རྣམ་པར་དག་སྟེ། དཀོན་བརྩེགས་ལས། ཇི་ལྟར་ཆད་པ་བཅངས་ཏེ་བྱིས་པ་ལ། །སྟོན་ཞིང་ངག་ཏུ་ཡོད་ཅེས་བརྗོད་བྱས་ནས། །དེ་ཡིས་ཆད་པ་སྟོང་པ་མཐོང་ནས་ནི། །བྱིས་པ་དེ་ནི་ཆོ་ངེས་ངུ་བ་ལྟར། །དེ་བཞིན་སངས་རྒྱས་བསམ་གྱིས་མི་ཁྱབ་པར། །སེམས་ཅན་ཚུལ་ལ་མཁས་ཤིང་མཁྱེན་པ་རྣམས། །ཆོས་རྣམས་འདི་ཀུན་གསོག་གསོབ་མཁྱེན་གྱུར་ནས། །འཇིག་རྟེན་དག་ལ་ཡོད་དང་མེད་ཅེས་སྟོན། །ཞེས་དང་།རྡོ་རྗེ་ལས། སེམས་ཅན་རྣམས་ལ་ཕན་སྤྱོད་པས། །རྟག་ཏུ་དམ་ཚིག་བླ་མའི་ནོར། །སེམས་ཅན་སྲོག་ནི་བསྲུང་བའི་ཕྱིར། །རྫུན་དུ་ཡང་ནི་སྨྲ་བར་བྱ། །ཞེས་སོ། །མི་ཚངས་སྤྱོད་ནི། མ་ཆགས་པ་ལ་ཆགས་པ་དང་། །ཞེས་སོགས་ཏེ། ཆོས་ཐམས་ཅད་སེམས་ཉིད་དུ་རང་སྣང་བས་ཡུལ་སེམས་གཉིས་མེད་དུ་གསལ་བ་ལ། གཉིས་སུ་ཞེན་ཅིང་ཆགས་པའི་དུས་ན། སེམས་ཉིད་ཀྱི་ངོ་བོར་ཤེས་པའི་ལྟ་བ་དང་། འདུ་ཤེས་གསུམ་ལྡན་གྱི་བསྒོམ་པ་དང་། ཐབས་ཀྱི་སྤྱོད་པ་གསུམ་གྱིས་ཟིན་ན་ཆགས་པའི་ངོ་ཡེ་ཤེས་སུ་གསལ་བའི་ཕྱིར་སྤྱད་ཀྱང་ཉེས་པས་མི་གོས་ལ། འཛག་མེད་ཀྱི་ཡེ་ཤེས་འགྲུབ་པ་སོགས་དོན་དུ་འགྱུར་བས། མི་ཚངས་སྤྱོད་སྤོང་བའི་སྡོམ་པ་འདུས་ལ་དག་པ་སྟེ། དཀོན་བརྩེགས་ལས། ཇི་ལྟར་རྨི་ལམ་སྒྱུ་མའི་རང་བཞིན་དུ། །སྐྱེས་བུ་འདོད་བསྟེན་དེ་ཡང་དེ་འདྲ་སྟེ། །ངོ་བོ་ཉིད་ཀྱིས་སྟོང་ལ་དངོས་པོ་མེད། །ལས་མེད་རྣམ་པར་སྨིན་པ་དེ་ཡོད་མིན། །ཞེས་དང་། རྗེ་བླ་མའི་གཏེར་བྱོན་བདེ་གཤེགས་ཀུན་འདུས་ལས། འདི་ནི་ཚངས་པར་སྤྱོད་པ་ཆེ། །དགེ་སློང་ཉིད་དུ་ཡང་དག་འགྱུར། །དེ་ལས་འཆིང་བ་ཀུན་ལྡན་པའི། །རྟགས་ཙམ་གྱི་ནི་མ་ཡིན་ཏེ། །གང་ཕྱིར་རྒྱལ་བས་ཆོས་བསྟན་པ། །


DNG010_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པའི་ཁྱད་པར་མ་གཏོགས་པ། །ཉོན་མོངས་སྤོང་བར་མཚུངས་པའི་ཕྱིར། །གཉེན་པོར་གྱུར་ན་ཐབས་ཤེས་བྱ། །ཞེས་དང་། རྡོ་རྗེ་ལས། སངས་རྒྱས་རྣམས་ནི་མཉེས་བྱ་དང་། །དམ་ཚིག་རྣམས་ནི་བསྲུང་བ་དང་། །གསང་སྔགས་རིག་པས་སྒྲུབ་པའི་ཕྱིར། །གཞན་གྱི་བུད་མེད་བསྟེན་པར་བྱ། །ཞེས་སོ། །གཉིས་པ་བྱང་སྡོམ་དང་མི་འགལ་བ་འདུས་ཚུལ་ནི། བཤད་མ་ཐག་པས་ཀྱང་གོ་བར་འགྱུར་མོད་ཀྱི། འོན་ཀྱང་ཅུང་ཟད་བརྗོད་ན། བྱང་སེམས་ཀྱི་སྡོམ་པ་ནི།ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ཀྱིས་རྒྱུད་བསྡམ། གཉེན་པོ་ལེགས་སྤྱོད་དགེ་བའི་ཚོགས་བསྒྲུབ་པ་དགེ་བ་ཆོས་སྡུད་ཀྱིས་རྟོགས་པ་དང་ཡོན་ཏན་ཁྱད་པར་ཅན་བསྒྲུབ། སེམས་ཅན་དོན་བྱེད་ཀྱིས་དངོས་རྒྱུད་ཀྱི་སྒོ་ནས་གཞན་ལ་ཕན་འདོགས་པ་གསུམ་དུ་འདུ་བ་ལས། འདིར་ཡང་ལས་དང་ཉོན་མོངས་པ་ལ་སྤྱོད་པ་ལྟར་སྣང་ཡང་མ་ཞེན་པའི་ཕྱིར་དོན་གྱི་ངོ་བོ་ལ་ཅི་ཡང་བྱས་པ་མེད་པ་ནི་སྡོམ་པའི་ཚུལ་ཁྲིམས། གང་ལྟར་སྤྱོད་ཀྱང་སྒོ་གསུམ་རྡོ་རྗེ་གསུམ་གྱི་ཕྱག་རྒྱས་བཏབ་སྟེ་མི་འདའ་བ་ནི་དགེ་བ་ཆོས་སྡུད། གཞན་དོན་དུ་འགྱུར་ན་འཁོར་བའི་ཆོས་གང་ ཡང་མི་འདོར་བར་སྤྱོད་པ་ནི་སེམས་ཅན་དོན་བྱེད་སྟེ། འདུལ་སྡོམ་ཐམས་ཅད་འདུས་ཤིང་རྣམ་པར་དག་པའོ། །གསུམ་པ་དབྱེ་ངོ་དངོས་གཏན་ལ་དབབ་པ་ལ།བསྲུང་དུ་མེད་པ་ཅིག་ཅར་བའི་དམ་ཚིག་དང་། བསྲུང་མཚམས་ཅན་རིམ་གྱིས་པའི་དམ་ཚིག་གོ། །དང་པོ་ནི། མཉམ་པ་ཆེན་པོའི་དམ་ཚིག་ལ་གནས་པས་བླང་དོར་མེད་པའི་ཕྱིར་བསྲུང་དུ་མེད་པ་སྟེ། འདི་ཉིད་ལས། མཉམ་ལ་མཉམ་པར་སྦྱོར་བ་ཡིས། །མཉམ་པའི་དམ་ཚིག་ལ་གནས་ན། །མཉམ་རྫོགས་ཆེན་པོ་ཐོབ་པར་འགྱུར། །ཞེས་སོ། །གཉིས་པ་ལ། རྒྱུད་གཞུང་སྤྱིའི་ལུགས་ཀྱི་དམ་ཚིག་མདོར་བསྟན། འདི་ཉིད་ལས་གསུངས་པའི་དམ་ཚིག་རྒྱས་པར་བཤད་པའོ། །དང་པོ་ནི། བདེ་འདུས་ཞི་བ་འདུས་པ་རྩ་བའི་རྒྱུད་ལས། ཉོན་ཅིག་འདུས་པའི་འཁོར་ཚོགས་རྣམས། །དཀྱིལ་འཁོར་འདིར་ནི་གང་ཞུགས་པས། །བསྲུང་ཞིང་བསྡམ་པར་བྱ་བ་དག །སྤྱི་དང་ཁྱད་པར་ལྷག་པ་ཡི། །རྣམ་པར་དབྱེ་བས་གཟུང་


DNG010_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་སྟེ། །ཞེས་པས། སྤྱི་དང་། ཁྱད་པར་དང་། ལྷག་པའི་དམ་ཚིག་གསུམ། དང་པོ་ནི། སོ་ཐར་བྱང་སེམས་ཕྱི་རྒྱུད་གསུམ་གྱི་སྡོམ་པའི་བསྲུང་མཚམས་སུ་གྲགས་པའི་དམ་ཚིག་རྣམས་ཏེ། དེ་ལས། སོ་སོ་ཐར་དང་བྱང་ཆུབ་སེམས། །བྱ་སྤྱོད་རྣལ་འབྱོར་རྒྱུད་རྣམས་ལས། །བསྲུང་བར་བྱ་བ་གང་གསུངས་པ། །ཐུན་མོང་སྤྱི་ཡི་དམ་ཚིག་ཡིན། །ཞེས་སོ། །གཉིས་པ་ནི། དེ་ལས། རྩ་བར་གྱུར་པ་བཞི་དག་དང་། །ཡན་ལག་ཉི་ཤུ་རྩ་ལྔ་སྟེ། །ཞེས་པས་རྩ་བ་སྐུ་གསུང་ཐུགས་གསུམ་མམ་བྱང་སེམས་བསྣན་པས་བཞི་དང་། ཡན་ལག་གི་དམ་ཚིག་ལྔ་ཚན་ལྔ་ནི། གསལ་བཀྲ་ལས། སྤྱད་པ་ལྔ་དང་མི་སྤང་ལྔ། །དང་དུ་བླང་དང་སྒྲུབ་དེ་བཞིན། །ཤེས་བྱ་ལྔ་རྣམས་ཐུན་མིན་བཤད། །ཅེས་སོ། །གསུམ་པ་ནི། སྤྱི་དང་ཁྱད་པར་གྱི་དམ་ཚིག་ལ་གནས་པའི་རྣལ་འབྱོར་པས་སྒྲུབ་པ་ཆེན་པོ་ལ་སོགས་པའི་སྐབས་སུ་བསྲུང་བ་ལྷག་པར་བསྟན་པའི་དམ་ཚིག་ཉི་ཤུ་སྟེ། ཞི་བ་རྩ་རྒྱུད་ལས། གཞུང་དོན་ལྷག་པའི་དམ་ཚིག་ནི། །རབ་ཏུ་ལྷག་པར་བསྲུང་བར་བྱ། །གཅན་གཟན་རྒྱལ་པོའི་རྡོ་རྗེ་སློབ་དཔོན་གྱི་སྐུ་ལ་མི་འཚེ་ཁྲི་མིག་ཞིག །ཟ་མ་སློབ་དཔོན་གྱི་ཡུམ་ལ་མི་སྤྱད་ཏོག་ཏུ་དུག་མི་བླུག །རིན་ཆེན་ལྕུག་དད་པ་ཅན་གྱི་ཚོགས་མི་བཅག་ཕྲན་མི་འདྲེག་ཅིང་། །ཞུན་ཁོལ་ལྟ་བུ་མི་མཁས་པ་དང་དཀོན་མཆོག་གི་རྫས་ལ་མི་འབག་བཏུང་སྟེ། །པདྨའི་ཟེ་འབྲུ་ཁ་མི་མཆེད་ཀྱི་ཡུམ་ལ་མི་སྤྱད་གསེང་། །བུག་བརྡོལ་སྣོད་ངན་ལ་གསང་སྔགས་མི་སྟེར་སྣོད་དུ་བཅུད་མི་བླུག །དོན་དང་མི་ཐོད་ངན་སོགས་ལ་བརྟགས་ པའི་ལྡན་རྫས་མི་བརྟེན། །ཤེལ་སྒོང་འདམ་དུ་བསུབ་མཁས་པའི་ཡོན་ཏན་ལ་མི་སྨད་མི་བྱ། །མ་དག་སྣོད་དུ་དག་པ་གཟུངས་མ་མཚན་ངན་ལ་མི་སྤྱད་མིན། །ཡིད་བཞིན་མཚན་ལྡན་གྱི་གཟུངས་མ་དང་སློབ་མ་མི་སྤང་ནོར་བུ་མི་བསྲེག་སྟེ། །ཁྱུང་ཆེན་གཤོག་པ་ཡ་ཐབས་ཤེས་མི་བྲལ། །གནམ་ལྕགས་ངུར་མོའི་མཚོན་མཆེད་ནང་འཐབ་མི་གདབ། །གཅན་གཟན་རོལ་པའི་ལྷག་མི་གཞན་གྱིས་ཉམས་པའི་རྫས་ལ་མི་སྤྱད་སྤྱད། །རྡོ་རྗེ་བྲག་ཆེན་མི་གཞིག་གཞན་གྱི་དཀྱིལ་འཁོར་ལ་སློབ་དཔོན་གྱི་གདན་མི་གཞིག་ཅིང་། །གཞན་གྱི་ར་བ་དྲ་བའི་མཚམས་མི་ལོངས་དབྲལ། །སྒྲོན་མེ་རླུང་གིས་བསད་ཏིང་འཛིན་བྱིངས་རྨུགས་སུ་མི་གཏོང་པ་


DNG010_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

མིན། །ཡེ་ཤེས་ཆུ་རྒྱུན་བཟླས་པའི་རྒྱུན་མི་བཅད་བཅད་པ་སྤང་། །བཀའ་རྟགས་ཕྱག་དབང་རྟགས་དང་བརྡར་མ་བརྗེད་པར་བྱ་རྒྱ་མི་འཕྱི་ཞིང་། །རྡོ་རྗེ་ཕ་ལམ་མཁར་མི་སྐྱེ་བོ་མཐུ་བྱེད་པ་མི་བཟློག་ལྡོག །གཙུག་གི་ནོར་བུ་སློབ་དཔོན་ལ་མི་སྨད་དམའ་མ་དབབ། །འདི་དག་བསྲུང་བར་བྱ་བ་སྟེ། །ལྷག་པར་གཅེས་པའི་དམ་ཚིག་ཡིན། །ཞེས་སོ། །གཉིས་པ་ལ། དབྱེ་གཞིའི་རྣམ་གྲངས་དང་། དེ་ལས་ཕྱེ་བའི་རྣམ་གྲངས་སོ། །དང་པོ་ལ། རྩ་བའི་དམ་ཚིག་ལྔ་དང་། ཡན་ལག་གི་དམ་ཚིག་བཅུའོ། །དང་པོ་ནི། བླ་མེད་མི་སྤང་བླ་མ་བཀུར། །ཞེས་སོགས་ཏེ། དེའི་དོན་གསལ་བཀྲ་ལས། བྱང་སེམས་རྣམ་གཉིས་སློབ་དཔོན་དྲུག །མཆེད་བཞི་སྔགས་གསུམ་ཕྱག་རྒྱ་བཞི། །གསང་བཅུ་རྩ་བར་ཤེས་པར་བྱ། །ཞེས་པས་རྩ་བ་ལྔའི་དང་པོ་བླ་མེད་མི་སྤང་བ་ནི། ཡུལ་ལྷག་པ་དོན་དམ་དང་ཀུན་རྫོབ་བྱང་སེམས་གཉིས་སོ། །དེ་མི་སྤང་བ་ནི་སྣང་སྟོང་གཉིས་སུ་མེད་པར་རྟོགས་ནས་སྒོ་གསུམ་ལྷའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ལས་མི་འདའ་བར་བྱེད་པ་སྟེ། གསལ་བཀྲ་ལས། རང་ལུས་རྒྱལ་བའི་ཕྱག་རྒྱ་ཆེ། །སེམས་ཅན་ཁམས་ཀྱང་དར་ཤེས་ཤིང་། །སྣང་སྟོང་གཉིས་མེད་རྡོ་རྗེའི་སྐུ། །བྱས་མཐོང་ཐོས་པ་ཐམས་ཅད་ཀྱང་། །སེམས་ཕྱིར་གང་ཡང་བྱས་སྣང་མེད། །དྲན་དང་ཤེས་བཞིན་སྔོན་བཏང་ལ། །དུས་གསུམ་རྒྱུན་དུ་མ་དྲན་ན། །ཐེག་ཆེན་སྔགས་པར་ཅི་ཡིས་ཆུད། །ཅེས་སོ། །གཉིས་པ་བླ་མ་བཀུར་བ་ལ། ཡུལ་གྱི་དབྱེ་བ་ནི། ཀུན་གྱིས་དམ་པར་བཀུར་ཤིང་བཀའ་དྲིན་ཅུང་ཟད་ཐོབ་པ་སྤྱིའི་དང་། རབ་བྱུང་གི་མཁན་པོ་ལྟ་བུ་ཆོས་སྒོར་འདྲེན་པའི་དང་། དམ་ཚིག་འབོགས་ཤིང་དབང་བསྐུར་བ་ནི་དམ་ཚིག་དབང་གི་དང་། བཤགས་ཡུལ་དུ་གྱུར་པ་ཉམས་ཆག་སྐོང་བའི་དང་། ཆོས་འཆད་པའི་སློབ་དཔོན་ལྟ་བུ་ཤེས་རྒྱུད་འགྲོལ་བའི་དང་། ཟབ་མོའི་མན་ངག་སྟོན་པའི་བླ་མ་དང་དྲུག་སྟེ། གསལ་བཀྲ་ལས། སྤྱི་དང་འདྲེན་དང་དམ་ཚིག་དབང་། །ཉམས་ཆགས་སྐོང་དང་ཤེས་རྒྱུད་འགྲོལ། །མན་ངག་ལུང་གི་སློབ་དཔོན་རྣམས། །ཞེས་སོ། །ཁྱད་པར་དུའང་རྒྱུད་འཆད་པ། དབང་བསྐུར་བ། མན་ངག་ནོད་པ་རྣམས་ནི་ལྷག་པར་ཡང་བཀུར་བའི་ཡུལ་


DNG010_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། བདེ་འདུས་ཞི་རྒྱུད་ལས། རྒྱུད་འགྲོལ་དབང་བསྐུར་དེ་ཉིད་བསྟན། །ཞེས་སོ། །བཀུར་ལུགས་ནི། གསལ་བཀྲ་ལས། ཡུལ་ལ་དབང་བའི་རྒྱལ་པོ་དང་། །ཁུ་བོ་ཕ་དང་མ་དང་མིག །སྙིང་བས་ལྷག་པའི་ཚུལ་བལྟས་ཏེ། །ཞེས་པའི་བཀུར་ཚུལ་གྱི་དཔེ་སློབ་དཔོན་དྲུག་ལ་རིམ་བཞིན་སྦྱར་ལ། ཁྱད་པར་དུ་ལྷག་པའི་ཡུལ་གསུམ་ནི། སངས་རྒྱས་ལས་ལྷག་པའམ། མཉམ་པའམ། དཀོན་མཆོག་བཞི་པར་བལྟ་བ་གང་རུང་ཞིག་ནོས་ཏེ་སྒོ་གསུམ་ཟོལ་ཟོག་མེད་པས་ཅི་མཉེས་བྱེད་པའོ། །གསུམ་པ་སྔགས་རྒྱ་རྒྱུན་མི་གཅོད་པ་ལ། ཡུལ་སྔགས་གསུམ་དང་ཕྱག་རྒྱ་བཞི་སྟེ། གསལ་བཀྲ་ལས། རྩ་བ་བསྐྱེད་དང་ལས་སྔགས་དང་། །དམ་ཚིག་ལས་དང་ཆོས་དང་ནི། །སྐུ་ཉིད་ཕྱག་རྒྱ་ཆེན་པོ་བཞི། །ཞེས་སོ། །དེ་དག་རྒྱུན་མི་གཅད་པར་ཉམས་སུ་ལེན་པའི་ཚུལ་ནི། བརྩོན་པ་རབ་འབྲིང་ཐ་གསུམ་དུ་སྦྱར་ནས་གསུངས་ཏེ། དེ་ལས། རབ་ཀྱིས་ཆུ་བོའི་རྒྱུན་བཞིན་ནམ། །ཉིན་གསུམ་མཚན་གསུམ་གཉིས་གཅིག་ཏུ། །མ་ཡེངས་ཙམ་དུ་ངང་གིས་བཟླ། །འབྲིང་གིས་ཟླ་གཅིག་དུས་དྲུག་དང་། །དུས་བཞིའི་བར་དུ་མི་གཅད་ཅིང་། །ཐ་མ་བྱ་བའི་རྣལ་འབྱོར་པས། །ཟླ་རེའམ་ར་བའི་དུས་དག་ཏུ། །བརྩོན་པས་འབད་དེ་མི་བྱེད་པ། །བྱང་ཆུབ་ས་བོན་བརླག་པ་ཡིན། །ཚོགས་དང་གཏོར་མའང་དེ་བཞིན་དུ། །ཐ་ན་ལོ་ཟླར་མི་འདའ་འོ། །ཞེས་སོ། །བཞི་པ་མཆེད་ལ་བྱམས་པར་བྱ་བ་ལ། ཡུལ་ནི། སྤྱིའི་མཆེད་སེམས་ཅན་ཐམས་ཅད། རིང་བའི་མཆེད་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་སོ་ཅོག །ཉེ་བའི་མཆེད་སྔགས་ཀྱི་ཐེག་པར་ཞུགས་པ། དེ་ལས་ཀྱང་ཁྱད་པར་ནང་འདྲེས་པའི་མཆེད་བླ་མ་གཅིག་གིས་བསྡུས་པ་ནི་ཕ་གཅིག་གི་སྤུན་དང་། དེའི་ཤུགས་ཀྱིས་དཀྱིལ་འཁོར་གཅིག་གིས་བསྡུས་པ་ནི་མ་གཅིག་པའི་སྤུན་དུ་དོན་གྱིས་འགྱུར་ཏེ། དེ་གཉིས་ནི་ལྷག་པར་ཡང་བྱམས་པར་བྱ་བའི་ཡུལ་ལོ། །དེ་ལྟར་ཡང་གསལ་བཀྲ་ལས།མཐའ་ཡས་སེམས་ཅན་རང་རིག་ཕྱིར། །གང་ཡང་བདག་ལས་གཞན་མིན་དང་། །བདེ་གཤེགས་སྙིང་པོའི་སྤུན་ཡིན་ཕྱིར། །མ་འོངས་སངས་རྒྱས་རང་བཞིན་ནི། །སྤྱི་ཡི་མཆེད་དེ་ཕ་ཚན་


DNG010_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན། །སངས་རྒྱས་ཆོས་ཞུགས་རིང་བ་དང་། །བལྟ་སྤྱོད་མཐུན་པ་ཉེ་བར་བཤད། །ཕ་གཅིག་དམ་ཚིག་ནང་འདྲེས་པ། །ཞེས་སོ། །དེ་དག་ལ་བྱམས་པ་བྱ་ལུགས་ནི། སྙིང་པོ་བྱང་ཆུབ་ཀྱི་བར་དུ་མི་འབྲལ་བར་བྱ་བའི་བསམ་པས་རྟག་པར་བརྩེ་ཞིང་གདུང་བར་བྱ་བ་སྟེ། རྔམ་གློག་ལས། རྡོ་རྗེ་སྤུན་ལ་གདུང་སེམས་ཀྱང་། །འདྲེས་དང་མ་འདྲེས་ཡོངས་ཀྱི་སྤུན། །ཡང་དག་ལམ་དུ་ཞུགས་པ་ལ། །མངན་དང་བཅས་པའི་སེམས་ཙམ་ཡང་། །རྟག་ཏུ་སྤང་བར་བྱ་བ་ཡིན། །བརྩེ་ཞིང་གདུང་བའི་ཤུགས་ཕྱུང་ལ། །གཅིག་ལ་གཅིག་ནི་མིག་བཞིན་བལྟ། །ཞེས་སོ། །ལྔ་པ་གསང་སྒྲོགས་ལས། ཡུལ་ནི་ཕྲ་རྒྱས་ལས། དམ་ཉམས་དམ་ལས་ལོག་པ་དང་། །དམ་མེད་དཀྱིལ་འཁོར་མ་མཐོང་དང་། །འདྲེས་དང་མ་འདྲེས་ཐམས་ཅད་ལ། །ཞེས་སོ། །དེ་དག་ལ་གསང་བར་བྱ་བ་ནི། དེ་ལས། སྤྱི་དང་བར་གསང་བཞི་བཞི་དང་། །འོས་དང་གཉེར་གཏད་རྣམ་པ་བཅུ། །ཞེས་སོ། །དེ་ལ་སྤྱིར་གསང་བཞི་ནི། གསལ་བཀྲ་ལས། ལྟ་ཟབ་སྤྱོད་པ་བརླང་པོ་དང་། །ལྷ་མིང་གཟུངས་དང་གྲུབ་རྟགས་རྣམས། །ཞེས་པའི་ལྟ་ཟབ་ནི། ཐེག་དམན་སོགས་བློ་དམན་རྣམས་དང་།སྤྱོད་པ་ན་མ་འདྲེས་པ་ལ་གསང་ངོ་། །ཡི་དམ་གྱི་ལྷ་དང་སྔགས་དང་གྲུབ་རྟགས་གསུམ་ནི་མ་འདྲེས་པ་ལ་བསྟན་ན་དམ་ཚིག་ཉམས་ལ། འདྲེས་པ་ལ་བསྟན་ནའང་དངོས་གྲུབ་ཉམས་པར་གསུངས་པས་ཐམས་ཅད་དུ་གསང་བར་བྱའོ། །བར་གསང་བཞི་ནི། དེ་ལས། སྒྲུབ་པའི་གནས་དུས་གྲོགས་དང་རྫས། །བར་དུ་གསང་ལ་བསྒྲུབ་པར་བྱ། །ཞེས་པས། སྒྲུབ་པ་བྱེད་པའི་བར་དེ་སྲིད་དུ་ཁྱད་པར་དུ་གསང་བར་བྱ་བའོ། །གསང་བར་འོས་པ་ནི། མཆོད་རྫས་དང་གསང་བའི་སྤྱོད་པ་དང་མཆེད་ཀྱི་ངན་སྤྱོད་ལ་སོགས་པ་མཐོང་བ་དང་ཐོས་སུ་མི་རུང་བ་རྣམས་སོ། །གཉེར་གཏད་པ་ནི། བླ་མ་དང་མཆེད་ཀྱིས་འདི་དང་འདི་གསང་བར་གྱིས་ཤིག་ཅེས་གདམས་པ་རྣམས་སོ། །དེ་དག་ནི་ཆོས་ལ་སྐྱོན་ཡོད་པས་གསང་དགོས་པ་མ་ཡིན་ཏེ། དེ་ལས། གསང་སྔགས་སྐྱོན་ཡོད་མ་ཡིན་ཏེ། །སེམས་ཅན་དོན་ཕྱིར་རབ་ཏུ་གསང་། །གསང་ཐུབ་དངོས་གྲུབ་མི་ཡལ་བས། །གསང་ཕྱིར་བརྡ་དག་སྣ་ཚོགས་


DNG010_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས། །ཞེས་སོ། །དེ་ལྟར་ལྔ་པོ་དེ་ནི་ལམ་དང་འབྲས་བུའི་གཞིར་གྱུར་པས་ན་རྩ་བའི་དམ་ཚིག་ཅེས་བྱའོ། །དེ་དག་རྩ་བ་གསུམ་དུ་བསྡུ་ན། བླ་མ་དང་མཆེད་ལ་བསྲུང་བ་གཉིས་སྐུའི་དམ་ཚིག །སྔགས་རྒྱ་གསུང་གི་དམ་ཚིག །བྱང་སེམས་དང་གསང་བཅུ་ཐུགས་ཀྱི་དམ་ཚིག་གོ། །ཡང་གཉིས་སུ་བསྡུ་ན། བླ་མ་བཀུར་བ། མཆེད་ལ་བྱམས་པ། གསང་བ་མི་སྨྲ་བ་གསུམ་བསྲུང་བའི་དམ་ཚིག །བྱང་སེམས་དང་སྔགས་རྒྱ་གཉིས་སྒྲུབ་པའི་དམ་ཚིག་གོ། །འགའ་ཞིག །སྐུ་གསུང་ཐུགས་ཀྱི་བགྲང་ཚུལ་གཞན་སྔར་ལྟར་ལས་བླ་མེད་མི་སྤང་བ་ཟུར་དུ་བགྲངས་ཏེ་རྩ་བ་བཞིར་འདོད་ནའང་། ཁོ་བོ་ནི་བླ་མེད་མི་སྤང་བ་ཐུགས་སུ་བསྡུས་ན་ལེགས་པར་མངོན་ཏེ། བདེ་འདུས་ཞི་བའི་རྒྱུད་ལས། བྱང་ཆུབ་སེམས་གསུམ་བསྒོམ་པ་ནི། །རྡོ་རྗེ་ཐུགས་ཀྱི་དམ་ཚིག་གོ། །ཞེས་གསུངས་པའི་ཕྱིར། གཉིས་པ་ཡན་ལག་གི་དམ་ཚིག་ལ། མི་སྤང་བ་ལྔ་དང་། མི་འདོར་བ་ལྔའོ། །དང་པོ་ནི། གཏི་མུག་ཆགས་དང་ཞེ་སྡང་དང་། །ང་རྒྱལ་ཕྲག་དོག་མི་སྤང་ངོ་། །ཞེས་པའི་སྐབས་སུ། གསལ་བཀྲ་ལས། མི་སྤང་དམ་ཚིག་བཤད་བྱ་བ། །ཡང་དག་དུག་ལྔ་ལོག་དུག་ལྔ། །ཞེས་པས་སྤྱིར་ཡང་དག་པའི་དུག་ལྔ་དང་། ལོག་པའི་དུག་ལྔ་གཉིས། དང་པོ་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པའི་དུས་ན། ལྟ་བས་ཕྱོགས་རིས་དང་སྤྱོད་པས་བླང་དང་དོར་བྱའི་ཆོས་འབྱེད་པ་མེད་པ་ནི་གཏི་མུག །དེ་ལྟར་མ་རྟོགས་པའི་འགྲོ་ལ་ཐུགས་རྗེས་ཆགས་པ་ནི་འདོད་ཆགས། རང་བྱུང་གི་ཡེ་ཤེས་ཀྱིས་ལོག་ལྟ་འཇོམས་པའི་ཞེ་སྡང་། མཉམ་ཉིད་རྟོགས་པའི་ལྟ་བ་གཤོངས་སུ་མི་འབེབས་པའི་ང་རྒྱལ། གཉིས་འཛིན་ཅན་གྱི་ལྟ་སྤྱོད་མཉམ་ཉིད་ཀྱི་ཀློང་དུ་མི་ཤོང་བའི་ཕྲག་དོག་རྣམས་ནི་བདག་གཞན་ཆོས་གསུམ་གྱི་དོན་གྱི་ཕྱིར་མི་སྤང་ངོ་། །གཉིས་པ་ནི། ཉོན་མོངས་པ་ལྔ་མི་སྤོང་བར་བཤད་པ་དེ་དག །གསང་བ་ཡིན་ནམ་བསྒྲག་པ་ཡིན་ཞེ་ན། སྣོད་མིན་ལ་གསང་ཞིང་། སྣོད་ལྡན་ལ་བསྒྲག་གོ། །དྲང་དོན་ཡིན་ནམ་ངེས་དོན་ཡིན་ཟེར་ན། ཉོན་མོངས་པ་མི་སྤང་བ་དྲང་དོན་དུ་བསྟན་པ་ལ་དགོས་པ་མེད་པའི་ཕྱིར། འདིར་བློ་ཆེན་


DNG010_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པའི་ལྟ་བས་ཟིན་པ་ལ་ངེས་དོན་དུ་བསྟན་ནོ། །ཅིའི་ཕྱིར་མི་སྤོང་ཞེ་ན། ལོག་པའི་དུག་ལྔ་ཆོས་ཅན། སྤང་བྱ་མ་ཡིན་ཏེ། སྤང་བྱའི་རྫས་མ་གྲུབ་པའི་ཕྱིར་དང་། ཐབས་ལ་མཁས་པའི་ལམ་ཡིན་པའི་ཕྱིར་དང་། རང་བཞིན་ཆེན་པོ་ཡིན་པའི་ཕྱིར་རོ། །དང་པོ་ནི། ཆོས་ཐམས་ཅད་རང་རང་གི་ངོ་བོས་སྟོང་པའི་ཕྱིར་སྤང་མི་དགོས་ཏེ། སྨིག་རྒྱུ་ལ་ཆུ་རགས་མི་དགོས་པ་བཞིན་ནོ། །དེ་ལྟར་ཡང་རྡོ་རྗེ་ལས། ཉོན་མོངས་རྣམས་ནི་སྒྱུ་འདྲ་ངོ་བོས་སྟོང་། །ཞེས་དང་། ཕྱིར་མི་ལྡོག་པ་འཁོར་ལོའི་མདོ་ལས། མ་རིག་ནམ་མཁའ་ཇི་བཞིན་ཏེ། །ཆོས་རྣམས་ཐམས་ཅད་མཚན་ཉིད་མེད། །འདོད་ཆགས་མེད་ཅིང་ཞེ་སྡང་མེད། །ང་རྒྱལ་དང་ནི་ཕྲག་དོག་ཀུན། །སྒྱུ་འདྲ་ངོ་བོ་ཉིད་མེད་དེ། །ཡོད་མེད་མི་དམིགས་རྟེན་དང་བྲལ། །ཞེས་སོ། །གཉིས་པ་ནི། ཐབས་ཀྱིས་ཟིན་ན་ཉོན་མོངས་པ་སྤྱད་ཀྱང་མི་འཆིང་བར་རྣམ་པར་གྲོལ་བའི་ལམ་དུ་འགྱུར་བའི་ཕྱིར། མི་སྤང་སྟེ། དུག་གི་སྨན་མར་གྱིས་དུག་ནད་འཇོམས་པ་བཞིན་ནོ། །དེ་ཡང་རྒྱ་མཚོ་ལས། ཉོན་མོངས་ལམ་ནི་དག་པ་ཆེ། །ཐབས་ཀྱི་འདོད་ཡོན་རྒྱན་གྱི་མཆོག །ཐམས་ཅད་ཐམས་ཅད་རོལ་པ་ཡིས། །མྱུར་དུ་ཧེ་རུ་ཀ་དཔལ་འགྱུར། །ཞེས་དང་། ཐེག་བསྡུས་ལས། ཐབས་ཆེན་རྣམས་དང་ལྡན་པ་ལ། །ཉོན་མོངས་བྱང་ཆུབ་ཡན་ལག་འགྱུར། །ཞེས་སོ། །གསུམ་པ་ནི། ཉོན་མོངས་པ་ལྔ་ཉིད་དོན་ཡེ་ཤེས་ལྔ་ཡིན་ལ། རྟགས་རྒྱལ་བ་རིགས་ལྔ་ཡིན་པའི་ཕྱིར། མི་སྤང་སྟེ། ཉོན་མོངས་པ་ལས་རྫས་གཞན་དུ་སྐུ་དང་ཡེ་ཤེས་མ་གྲུབ་པའི་ཕྱིར། བྱས་པ་རང་མི་རྟག་པ་བཞིན་ནོ། །དེ་ལྟར་ཡང་དམ་ཚིག་ཉེར་བརྒྱད་པ་ལས། ཕྲག་དོག་ལ་སོགས་ཉོན་མོངས་ལྔ་རྣམས་ནི། །ཡེ་ནས་རིགས་ལྔའི་རང་བཞིན་ཡིན་པའི་ཕྱིར། །ཞེས་སོ། །ཡང་མི་སྤོང་བའི་དགོས་པ་གང་ཞེ་ན། ཉོན་མོངས་པ་དུག་ལྔ་ཆོས་ཅན། སྤང་བར་མི་བྱ་སྟེ། དགོས་པ་གསུམ་དང་ལྡན་པའི་ཕྱིར། དེའང་དངོས་ཞེན་བཟློག་པའི་དགོས་པ་ཡོད་དེ། སྔོན་ཁྱིམ་བདག་མེས་ཉེན་པ་ཞིག་མེ་ནི་བསྲེག་པ་ཁོ་ནའོ་སྙམ་པ་ལ། ཕྱིས་དྲང་སྲོང་མེའི་གཙང་སྦྲ་ཅན་དང་རི་དྭགས་མེ་བྱི་ལའི་སྤྱོད་པ་མཐོང་བས་མེ་ཚ་བ་ཕྱོགས་གཅིག་པའི་མངོན་ཞེན་ལོག་


DNG010_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟར་ཐེག་པ་འོག་མ་བས་དུག་ལྔ་འཁོར་བའི་རྒྱུ་ཁོ་ནར་འཛིན་པའི་མངོན་ཞེན་བཟློག་པའི་ཕྱིར་རོ། །གཉིས་པ་བཀའ་ཟབ་མོ་ལ་གུས་པ་སྐྱེ་བའི་དགོས་པ་ཡོད་དེ།ཐེག་པ་འོག་མས་ཉོན་མོངས་པ་ལ་སྐྱོན་དུ་བལྟས་ཏེ་སྤང་འགེག་སྦྱོང་སྒྱུར་བྱེད་ལ། འདིར་སྤྱད་པས་གྲོལ་བ་ནི་ངོ་མཚར་རོ་སྙམ་དུ་བཀའ་ཟབ་མོ་ལ་ཡིད་ཆེས་ཀྱི་གུས་པ་སྐྱེ་བའོ། །གསུམ་པ་ཆོས་ཉིད་ཟབ་མོ་ལ་རྟོགས་པའི་བློ་མྱུར་བའི་དགོས་པ་ཡོད་དེ། ཉོན་མོངས་པ་ཆོས་ཉིད་དང་དབྱེར་མེད་དུ་རྟོགས་པས་ལམ་འབྲས་གཞན་ནས་བཙལ་མི་དགོས་པར་ཐག་ཆོད་པའི་ཕྱིར་རོ། །མདོར་ན་གཉེན་པོས་སྤངས་པ་དང་རང་ག་མར་སྤྱད་པ་གཉིས་གཉིས་པ་ལས་མི་འདའ་སྟེ། ཞེ་སྡང་སོགས་ཉོན་མོངས་པ་རྣམས་གཉེན་པོ་བྱམས་པ་སོགས་ཀྱིས་སྤངས་ན་རྒྱུའི་ཐེག་པར་གོལ་ཞིང་། རྩ་བ་ནས་འབྱིན་མི་ནུས་པའི་སྐྱོན་ཀྱང་ཡོད་ལ། གལ་ཏེ་ཐབས་ཀྱིས་མ་ཟིན་པ་རང་གར་སྤྱད་ན་རྒྱུད་ལྔར་ལྟུང་བའི་ཕྱིར་ཏེ། ལམ་རིམ་ལས། དེ་བས་མཉམ་ཉིད་མ་རྟོགས་པར། །དུག་ལྔ་འཇོལ་སྤྱོད་རྒྱུད་ལྔར་འཁོར། །ཞེས་སོ། །དེ་བས་ན་ལྟ་སྒོམ་གྱི་གདེང་དང་ལྡན་པས་ཉོན་མོངས་པ་སྤྱད་ཀྱང་མི་འཆིང་བ་རྨ་བྱ་དུག་གིས་འཚོ་བ་ལྟ་བུའི་རྣལ་འབྱོར་པས། ཉོན་མོངས་པ་སྐམས་ཀྱིས་སྐྱེས་པའི་དུས་ན་སྐྱེ་བོ་ཐ་མལ་པ་ལྟར་དེའི་དབང་དུ་མི་གཏོང་། ཐེག་པ་འོག་མ་བ་ལྟར་སྤང་འགེག་སྦྱང་བསྒྱུར་མི་བྱེད་པར་ཉ་ལམ་དུ་ཆུ་བདེ་བ་ལྟར་ལམ་དུ་བྱེད་དགོས་པའི་ཕྱིར། མི་སྤང་བའི་རྒྱུ་མཚན་འཐད་པ་དང་བཅས་པའོ། །གཉིས་པ་ནི། དཀར་རྩི་དམར་རྩི་དྲི་ཤ་ཆེན། །དག་པའི་སྣོད་ཆུ་མི་འདོར་རོ། །ཞེས་པས་དམ་རྫས་ལྔ་པོ་ནི། ཆོས་ཉིད་རང་བཞིན་དང་། རང་གི་ངོ་བོ་དང་།མཐུ་དང་། བྱིན་གྱིས་རླབས་ཀྱིས་གྲུབ་པའི་རྫས་ཁྱད་པར་ཅན་ཡིན་པའི་ཕྱིར་དོར་བར་མི་བྱའོ། །དེ་ལ་མི་དོར་བའི་རྒྱུ་མཚན་བཞི་སྟེ། ཡེ་ནས་བླང་དོར་མེད་པའི་ཆོས་ཉིད་ཀྱི་རོལ་པ་ཡིན་པའི་ཕྱིར་ཡང་མི་དོར་ཏེ། ལེ་ལག་ལས། བདུད་རྩི་ཡེ་ནས་དག་པའི་ཆོས། །བླང་དོར་མེད་པར་ཀུན་ལས་འདས། །ཡེ་བསྲུངས་ཆེན་པོའི་དམ་ཚིག་ཏུ། །མཁས་པས་དང་དུ་བླང་བར་བྱ། །ཞེས་སོ། །


DNG010_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ལྔ་ཡེ་ཤེས་ལྔའི་ངོ་བོ་ཡིན་པས་ཀྱང་མི་དོར་ཏེ། ཐལ་བ་ལས། བདུད་རྩི་བྱང་སེམས་རྡོ་རྗེའི་རིགས་མེ་ལོང་ཡེ་ཤེས། དེ་བཞིན་དུ་དྲི་ཆེན་པོ་དེ་བཞིན་གཤེགས་པའི་ཆོས་དབྱིངས། ཤ་རིན་ཆེན་མཉམ་ཉིད། རཀྟ་པདྨ་སོར་རྟོག །དྲི་ཆུ་ལས་རིགས་བྱ་གྲུབ་པོ། །ལྔ་ནི་རིགས་ལྔའི་དངོས། །དྲི་ཆེན་དྲི་ཆུ་བྱང་ཆུབ་སེམས། །ཞེས་སོ། །ནད་ལྔ་སེལ་བའི་ཕྱིར་ཡང་མི་སྤང་སྟེ། བྱང་སེམས་དཀར་དམར་དྲི་ཆེ་ཆུང་ཤ་ཆེན་རྣམས་ཀྱིས་རིམ་བཞིན་ཚ་གྲང་དུག་ནད་གག་པ་མཛེ་ནད་རྣམས་སེལ་བའི་ཕྱིར། རང་བཞིན་གྱི་མཐུ་ལྔ་ཡོད་པའི་ཕྱིར་ཡང་མི་སྤང་སྟེ། སྔར་གྱི་རིམ་པས། མི་བརྗེད་པའི་གཟུངས་དང་། བཀྲག་གསལ་བ་དང་། ཚེ་རིང་བ་དང་། སྐད་སྙན་པ་དང་། མཐུ་ཆེ་བའི་ཡོན་ཏན་རྣམས་འཐོབ་པའི་ཕྱིར་རོ། །གཉིས་པ་ལ། དོན་དང་། རྣམ་གྲངས་སྤྲོས་པའོ། །དང་པོ་ནི། རྒྱས་པའི་ལེའུ་དོན་གཉིས་པར། སྤོང་བ་རྡོ་རྗེ་ཞེས་བྱ་བའི་དམ་ཚིག །ཅེས་པ་ནས། ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཞེས་བྱ་བའི་བར་དམ་ཚིག་དགུ་བཅུ་རྩ་བདུན་གསུངས་ཏེ། ཕལ་ཆེར་ཤེས་པར་བྱ་བའི་དམ་ཚིག་སྟོན་པ་ལས།དེའང་མ་ཧཱ་ཡོ་གའི་གཞུང་གིས་ཤེས་བྱ་ཐམས་ཅད་ལ་ཇི་ལྟར་བལྟ་བ་རྣམས་དམ་ཚིག་རང་རང་གི་མིང་སོ་སོའི་སྒོ་ནས་དེ་ལྟར་ཤེས་པར་བྱ་བར་སྟོན་པའོ། །གཉིས་པ་ལ། སུམ་བརྒྱ་དྲུག་བཅུར་དང་། མཐའ་ཡས་པར་སྤྲོས་པའོ། །དང་པོ་ནི། ཕྲ་རྒྱས་ལས། ཕྱི་མ་རྩ་བ་ཡན་ལག་ལ། །ལྔ་བཅུ་བརྒྱ་དང་དྲུག་ཅུ་དང་། །ཉིས་བརྒྱའི་བསྲུང་བྱ་མ་ལུས་པ། །བཀའ་ལུང་གཉིས་ཀྱི་རྗེས་སུ་བསྙེག །ཅེས་པས་རྩ་བ་ལ་བརྒྱ་དྲུག་ཅུ་དང་། ཡན་ལག་ལ་ཉིས་བརྒྱར་དབྱེ་བ་ལས། དང་པོ་ནི།རྩ་བ་ལྔ་པོ་རེ་རེ་ལ་ཐབས་ཤེས་གཉིས་གཉིས་སུ་ཕྱེ་བས་བཅུ་དང་། སུམ་ཅུ་རེར་ཕྱེ་བས་བརྒྱ་ལྔ་བཅུ་སྟེ། བསྡོམས་པས་བརྒྱ་དང་དྲུག་ཅུར་འགྱུར་རོ། །དེ་ལྟར་ཡང་། རྩ་བའི་དམ་ཚིག་ལྔ་ལ་ནི། །གཅིག་ལའང་གཉིས་དང་བཅུ་ཕྲག་གསུམ། །ཞེས་དང་། ཕྲ་རྒྱས་ལས། པཉྩའི་ཉིང་ལག་ཅེས་པ་ཡང་། །དང་པོ་ཉིད་ནས་ཐབས་སྤྱོད་དང་། །ཤེས་རབ་ཉིད་ཀྱིས་ཉིས་འགྱུར་ཡིན། །རེ་རེའང་བསྲུང་བྱ་སུམ་ཅུ་སྟེ། །ཞེས་སོ། །དེའང་བླ་མེད་མི་སྤང་བ་ལ་སུམ་ཅུར་


DNG010_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེ་བ་ནི། དེ་ལས། བྱང་ཆུབ་སེམས་ནི་བླ་མེད་ལྷ། །ཞི་ཁྲོའི་ཡན་ལག་ལྷག་པའི་ལྷ་དགུ་ཉིད་དང་བཅུ། །བཅུ་སྟེ། བཅུ་ཚན་གཉིས་ལ་ཉི་ཤུ་བསམ་ལས་མི་འདའ་ཞིང་། །བྱམས་སྙིང་དགའ་བཏང་ཐུན་མོང་མཆོག་རྟོག་པ་ལྷ་རྒྱུད་ནས་གསུངས་པའི་གདུག་ཅན་རྗེས་སུ་འཛིན་པའི་བྱམས་པ་སོགས་གི་ཚད་མེད་བརྒྱད། །བདེན་གཉིས་དོན་ཀུན། བྱང་ཆུབ་རྣམ་པ་བཅུ། །བླ་མེད་གསལ་བས་ཉམས་མི་བྱ། །ཞེས་སོ། །བླ་མ་བཀུར་བ་ལའང་སྒོ་གསུམ་གྱི་བཅུ་བཅུ་སྟེ་སུམ་ཅུའོ། །དེ་ལྟར་ཡང་། ལུས་ཀྱི་སྒོ་ནས་བསྲུང་བ་ཉིད་བརྡེག་པ་སོགས། །ཐིང་སླད་ཙམ་དུའང་བྱ་བ་མིན། །འདོད་ཡོན་ལྔ་ཡིས་མཆོད་པ་དང་། །གསང་ཡུམ་ལ་བའི་སྣོད་དུ་དུག་མི་སྤྱོད། །འགྲོ་བ་དྲང་པོའི་ཕྱོགས་སྤང་དང་། །གདན་ས་གདན་སོགས་མི་བརླམ་དང་། །དུས་མ་ཡིན་པར་དྲུང་དུ་འགྲེང་འདུག་ངན་སྤྱན་སྔར་བཤང་འདོར་སོགས་ སྤྱོད་ལ་སོགས་སྤང་། །རྒྱན་སོགས་ཟེ་ལྡིར་དེ་བཞིན་ཏེ། །མ་རབས་སྤྱོད་པ་ཀུན་སྤངས་ལ། །སྤྱོད་ལམ་ཟིན་ཆགས་བསྡི་གནས་བྱ། །ངག་གི་སྒོ་ནས་རྫུན་དང་ཕྲ་མ་ཚིག་རྩུབ་དང་། །འཁྱལ་པ་ནམ་ཡང་མི་བྱ་སྟེ། །བེ་ཕོགས་མ་ཡིན་རྡབས་སྐད་དོར། །ལྐོག་ཏུ་སྐྱོན་ཚུལ་བརྗོད་ཉམས་པར་འགྱུར། །ཡོན་ཏན་བརྗོད་ཅིང་སྙན་པར་སྨྲ། །ཅ་ཅོ་ལ་སོགས་མ་ཡིན་པས། །སངས་རྒྱས་རྡོ་རྗེའི་གསུང་ཐོབ་འགྱུར། །དམ་ཡིད་ཀྱི་སྒོ་ནས་པ་སྟོན་པའི་བླ་མ་ལ། །བླ་མའི་རྫས་དང་ཡུམ་ལ། ཆགས་སྡང་བླ་མ་འཁོར་བཅས་ལ་གཏི་མུག་ཡོན་ཏན་ལ་རྨོངས་པའི་ང་རང་ཆེ་རྒྱལ་དང་། །ཕྲག་བླ་མའི་ཕུན་ཚོགས་ལ་དོག་དུག་ལྔའི་སེམས་མི་བྱ། །ངན་དུ་མི་སེམས་གསུང་ལྕི་བ ར་བསམ་པ་དང་། །ཕ་མ་དང་། ཡི་དམ་འདྲ་བར་བསམ། །རྟག་ཏུ་གདུང་བ་རྒྱུན་མི་གཅད། །ཅེས་སོ། །སྔགས་ཕྱག་ལའང་སུམ་ཅུ་སྟེ། །དེ་ལས། ཞི་ཁྲོའི་ལྷ་རེ་རེ་ལ་ཕྱག་རྒྱ་བདུན་རེ་སྟེ་གཉིས་ལ་བཅུ་བཞི་དང་། །ཕྱོགས་མཚམས་བཅིང་རྟེན་འོག་གཞི་དང་གཞལ་ཡས་ཁང་པའི་སྔགས། །རྩ་བསྐྱེད་ལས་བསྙེན་པ་རྣམ་བཞི་ཡི་སྔགས། །རེ་གྲངས་པས་དགུ། དབང་བསྐུར་བྱིན་བསྡུ་གསང་སྔགས་དང་། །སྤྱན་དྲང་བསྡིམ་བརྟན་ཕྱག་འཚལ་མཆོད། །ཅེས་སོ། །མཆེད་


DNG010_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བྱམས་པ་ལའང་སུམ་ཅུ་སྟེ། དེ་ལས། ལུས་ཀྱི་སྒོ་ནས་བསྣུན་དང་མ་བྱིན་བླང་མི་བྱ། །ཟླ་ཟེར་མ་ཡིན་མཆེད་ཀྱིས་མ་གནང་བའི་གཟུངས་མི་སྤྱད། །ལྟ་སྤྱོད་མཐོ་བའི་གོང་མི་གཅད། །དབང་ཐོབ་པ་དང་དམ་ཚིག་ཐོབ་པ་སྔ་བ་དང་རྫོགས་པ་གོང་དུ་བཀུར་དེ་བཞིན་ནོ། །ཀུན་ཏུ་ཡངས་བག་ཟོན་འཕྲིག་ཅན། །བཀུར་སྡིས་བྱ་བ་དང་མཆོད་པ་བྱེད་པ་དང་དགའ་བར་སྤྱོད། །ངག་གིས་རྫུན་སོགས་རྣམ་བཞི་སྤང་བ་དང་། །གསང་བྱ་མི་སྨྲ་ངན་པའི་ཚུལ་མི་བརྗོད། །སྙན་སྨྲ་ཞེ་ས་གསོང་པོར་སྨྲ། །བདེན་ཅི་སྨྲའང་ཚིག་སྲི་ཞུས་སྨྲ་བྱེད་པའོ། །ཡིད་ཀྱིས་སེམས་ཀྱིས་སྔོན་བཞིན་དུག་ལྔ་དོར། །མངོན་སེམས་དང་དཔྱ་སེམས་སྤང་བ་དང་། །མིག་འདྲར་བལྟ་ཞིང་གདུང་བར་བྱ། །གནོད་སེམས་སྤང་དང་རྣམ་བཅུའོ། །ཞེས་སོ། །གསང་བ་མི་བསྟན་པ་ལའང་སུམ་ཅུ་སྟེ། དེ་ལས། གསང་བའི་ཕྱིར་ན་མི་སྨྲ་བ། །ཕྱི་དང་བར་གསང་བཞི་བཞི་དང་། །འོས་དང་གཉེར་གཏད་རྣམ་པ་བཅུ། །སེམས་ཀྱིས་བསྟན་པར་མི་བསམ་ཞིང་། །ངག་གིས་བརྗོད་པར་ཡོངས་མི་བྱ། །ལུས་བརྡས་བསྟན་མིན་སུམ་ཅུའོ། །ཞེས་སོ། །གཉིས་པ་ནི། ཡན་ལག་གི་དམ་ཚིག་བཅུ་པོ་རེ་རེ་ལའང་ཉི་ཤུ་ཉི་ཤུར་ཕྱེ་བས་ཉིས་བརྒྱ་སྟེ། ཡན་ལག་དམ་ཚིག་ལྔ་གཉིས་ལ། །གཅིག་ལའང་བཅུ་ཕྲག་གཉིས་སུ་དབྱེ། །ཞེས་སོ། །དེ་ལ་མི་སྤང་བའི་དམ་ཚིག་ལ་བརྒྱར་དབྱེ་བ་ནི། ཞིང་བཅུ་ཐབས་ཀྱི་མཛད་སྤྱོད་ཀྱིས་དངོས་སུ་བསྒྲལ་བ་བཅུ་དང་ཤེས་རབ་རང་བཞིན་མེད་པར་ཤེས་པས་སྐྱེ་མེད་དུ་སྒྲོལ་བ་བཅུ་སྟེ་ཞེ་སྡང་ཉི་ཤུ། དེ་བཞིན་དུ་ཡན་ལག་གི་དམ་ཚིག་བཅུ་ལ། ཐབས་ཀྱིས་མི་འབྱེད་པར་སྤྱོད་པ་དང་ཤེས་རབ་ཀྱིས་མི་ཕྱེད་པ་སྟེ་གཏི་མུག་ཉི་ཤུ། དེ་ཡང་རྟོགས་པས་གདེང་དུ་གྱུར་པ་ནི་ང་རྒྱལ་ཉི་ཤུ། ཞིང་བཅུ་ཐུགས་རྗེས་མི་གཏོང་བ་བཅུ་དང་རིགས་ལྔའི་ཡབ་ཡུམ་ལ་ཐབས་ཀྱིས་རོལ་པ་ལྔ་དང་། ཏིང་ངེ་འཛིན་གྱི།ཐབས་ཆེན་གྱི། དབང་པོ་ཡུལ་གྱི། རང་བཞིན་གྱི། ཤེས་རབ་ཆོས་ཀྱི་དབྱིངས་སུ་སྦྱོར་བ་ལྔ་སྟེ་འདོད་ཆགས་ཉི་ཤུ། མ་རྟོགས་ལོག་རྟོག་བཞི་དང་མཚན་ཉིད་སྡེ་གསུམ་ཕྱི་རྒྱུད་སྡེ་གསུམ་སྟེ་བཅུ་པོའི་ལྟ་སྤྱོད་ཐབས་ཀྱི་སྤྱོད་པའི་ཀློང་དུ་མི་ཆུད་པ་བཅུ་དང་ཤེས་རབ་ལྟ་བའི་སྒོར་མི་ཆུད་པ་བཅུ་སྟེ་ཉི་ཤུའོ། །


DNG010_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་ཀྱང་ཕྲ་རྒྱས་ལས། མི་སྤང་ལྔ་ལ་བཅུ་གཉིས་ཏེ། །ཞིང་བཅུ་ཐབས་ཀྱིས་མཛད་པས་འཇོམས། །ཤེས་རབ་རང་བཞིན་མེད་པར་སྒྲོལ། །ཞེས་སོགས་གསུངས་སོ། །དང་དུ་བླང་བའི་དམ་ཚིག་བདུད་རྩི་ལྔ་རེ་རེ་ལའང་། མངོན་པ་ཕྱིའི་བཞི་དང་།སྦས་པ་ནང་གི་བཞི་སྟེ་རྩ་བ་བརྒྱད་བརྒྱད་དང་། དྭངས་སྙིགས་གཉིས་གཉིས་ཏེ་འགྲོ་བ་སྤྱིའི་དམ་རྫས་ལྔ་བཅུ་དང་། དེ་སྟེང་དུ་བྱེ་བྲག་ཞིང་བཅུའི་བདུད་རྩི་ལའང་དེ་བཞིན་དུ་སྦྱར་བས་ལྔ་བཅུ་སྟེ་བརྒྱའོ། །དེ་ལྟར་ན་རྩ་བའི་དམ་ཚིག་ བརྒྱ་དྲུག་ཅུ་དང་ཡན་ལག་གི་ཉིས་བརྒྱ་སྟེ་སུམ་བརྒྱ་དྲུག་ཅུའོ། །གཉིས་པ་ནི།སེམས་ཅན་གྱི་རྟོག་ཚོགས་ཇི་སྙེད་པའི་གཉེན་པོར་དམ་ཚིག་ཀྱང་དེ་སྙེད་དུ་སྤྲོས་པའི་ཕྱིར་བརྗོད་ཀྱིས་མི་ལང་སྟེ། འཇིག་རྟེན་དྲུག་གི་ཞེས་སོགས་སྲིད་གསུམ་རྟོག་འདུལ་གསུངས་པའི་ཕྱིར། གསུམ་པ་ནི། དགོངས་འདུས་ལས། ཀུན་ཏུ་ཉམས་པ་ཆེན་པོ་དང་། །རྩ་བ་ཉམས་དང་ཡན་ལག་ཉམས། །དེ་བཞིན་ཟླས་ཉམས་ཞར་ཉམས་ལྔ། །ཞེས་པ་ལྟར་ཉམས་ན། དེ་ཉིད་བསྐང་བས་རྫོགས་པར་འགྱུར་བའི་ཕྱིར། འོག་མ་པ་དག་ལས་འཕགས་སོ། །དེའང་ཉན་ཐོས་པ་ནི་ཕམ་པ་འཆབ་བཅས་བྱུང་ན་གསོར་མི་རུང་བས་རྫ་བེའུ་ཆག་པ་དང་འདྲ་ལ། བྱང་སེམས་ནི་གསེར་དངུལ་གྱི་སྣོད་ཆག་པ་ལ་མགར་བས་སྣོད་བྱར་རུང་བ་ལྟར་དགེ་བའི་བཤེས་གཉེན་ལ་བརྟེན་ནས་ཉམས་པ་གསོར་རུང་བར་བཞེད་དོ། །འདིར་ནི་གསེར་སྣོད་ཞོམ་པ། རང་གི་རྩོལ་བས་སྲོང་ཐུབ་པ་ལྟར་གཞན་ལ་མ་བརྟེན་པར་རང་སྟོབས་ཀྱིས་གསོར་རུང་སྟེ། དེའི་ཚུལ་ཡང་། སྔ་མ་ལས། གང་དེ་བསྐང་བར་བྱ་བ་ཡང་། །ལས་དང་རྫས་དང་འདུན་པ་དང་། །ཏིང་ངེ་འཛིན་དང་དེ་ཉིད་དོ། །ཞེས་གསུངས་པ་བཞིན་ནོ། །ལྔ་པ་ཉམས་པའི་སྐྱོན་ལ། རྩ་བ་དང་། ཡན་ལག་དང་། ཉམས་པ་དང་འགྲོགས་པའི་སྐྱོན་ནོ། །དང་པོ་ནི། འདི་ཉིད་ལས། རྩ་བའི་དམ་ཚིག་ཉམས་གྱུར་ན། །བསྒྲུབ་པ་ཐམས་ཅད་ལོག་པར་འགྱུར། །ཡིད་དུ་མི་འོང་སྣ་ཚོགས་པའི། །འབྲས་བུ་མི་འདོད་བཞིན་དུ་འདུ། །ཞེས་སོ། །གཉིས་པ་ནི། ཡན་ལག་


DNG010_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་ཉམས་གྱུར་ན། །འབྲས་བུ་མེད་ཅིང་ངན་སོང་ལྟུང་། །ཞེས་སོ། །གསུམ་པ་ནི། རྩ་བ་ཉམས་པའི་ཕྱལ་བ་དག །ཅེས་སོགས་དང་། ཀུན་འདུས་ལས་ཀྱང་། ཇི་ལྟར་འོ་མ་རུལ་བ་དག །རུལ་བས་འོ་མ་ཀུན་རུལ་ལྟར། །རྣལ་འབྱོར་ཉམས་གྱུར་གཅིག་གིས་ནི། །རྣལ་འབྱོར་ཅན་ཀུན་མ་རུངས་བྱེད། །ཅེས་སོ། །དྲུག་པ་ཡོན་ཏན་ནི། རྒྱལ་བའི་རིག་པ་འཛིན་པ་དེ། །འཇིག་རྟེན་གཙོ་དང་འཁོར་གྱིས་བཀུར། །དམ་པ་མཆོག་དང་དམ་པ་ཡིས། །སྲས་དང་སྤུན་དགོངས་བྱིན་གྱིས་རློབ། །བདེ་གཤེགས་ཉིད་ཀྱི་ཡུལ་ལ་ཞུགས། །འཇིགས་མེད་ཀུན་ཏུ་བཟང་པོར་སྦྱོར། །ཞེས་སོ། །དེའི་ཕྱིར་དྲན་དང་ཤེས་བཞིན་བག་ཡོད་ཀྱི་སྒོ་ནས་བསྲུང་བ་ལ་འབད་པར་བྱ་དགོས་ཏེ། སྡོམ་འབྱུང་ལས། ཅི་སྟེ་དངོས་གྲུབ་མཆོག་འདོད་ན། །སྲོག་ནི་ཡོངས་སུ་གཏོང་ཡང་སླ། །འཆི་བའི་དུས་ལ་བབ་ཀྱང་སླའི། །རྟག་ཏུ་དམ་ཚིག་བསྲུང་བར་བྱ། །ཞེས་གསུངས་སོ། །དྲུག་པ་རོལ་པ་ཕྲིན་ལས་ལ་དྲུག་ལས། དང་པོ་དགོས་ཆེད་ནི། ཕན་གདགས་པ་དང་། ཚར་གཅོད་པའི་སྒོ་ནས་བདག་གཞན་གྱི་དོན་བསྒྲུབ་པའི་བྱ་བ་སྟེ། ཁོག་གཞུང་ལས། བདག་གཞན་དོན་བསྒྲུབ་ཕྲིན་ལས་ཏེ།ཞེས་སོ། །དེའང་ཞི་བས་ཕྱི་རུ་ནད་གདོན་དང་། ནང་དུ་མཚན་རྟོག་ཞི་བར་བྱེད། རྒྱས་པས་ཕྱི་རུ་འཁོར་དང་ལོངས་སྤྱོད་ནང་དུ་ཚེ་བསོད་ཉམས་རྟོགས་རྣམས་འཕེལ་ཞིང་རྒྱས་པར་བྱེད། དབང་གིས་ཕྱི་རུ་གང་དབང་དུ་སྡུད་པར་འདོད་པ་དང་། ནང་དུ་རང་སེམས་ལ་དབང་ཐོབ་པར་བྱེད། མངོན་སྤྱོད་ཀྱིས་ཕྱི་རུ་དགྲ་བགེགས་དང་ནང་དུ་ཉོན་མོངས་པ་ཕྲ་རགས་འཇོམས་པར་བྱེད་པའི་ཕྱིར་ཏེ། ཐུགས་ཐིག་ལས། ཟུག་རྔུ་ཕྱི་ནང་ཞི་ཕྱིར་དང་། །སྤེལ་བྱ་གཉིས་པོ་འཕེལ་ཕྱིར་དང་། །དགུག་དབང་བཞི་པོ་བསྡུ་ཕྱིར་དང་། །གདུག་པ་རྣམ་གཉིས་འཇོམས་ཕྱིར་དང་། །ཞེས་སོ། །གཉིས་པ་ངོ་བོ་ནི། གཙོ་བོར་


DNG010_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་གཞན་དོན་ལ་དམིགས་པའི་བྱེད་པ་གང་ཞིག །ཚད་མེད་པ་བཞིའི་རྒྱུ་ལས་བྱུང་ཞིང་། ཤེས་རབ་ཆེན་པོས་ཟིན་པའི་ཐབས་མཁས་ཀྱི་ཕྲིན་ལས་ཏེ། ཐུགས་ཐིག་ལས། ཕྱི་རོལ་ཚད་མེད་ཉིད་ལས་བཞི། །ལྷག་པ་གཟུགས་བརྙན་བྱ་ཐབས་གཉིས། །མཆོད་རྟེན་སྒོ་དང་སྦྱིན་སྲེག་སྟེ། །ཞེས་སོ། །གསུམ་པ་སྒྲ་དོན་ནི། ཀརྨ་ཞེས་པའི་སྒྲས་ཕྲིན་ལས་ཏེ། སྒོ་གསུམ་གྱི་བྱ་བའི་མཚན་ཉིད་ཅན་གྱི་བྱེད་པ་པོའི་འདོད་པའོ། །བཞི་པ་རྣམ་གྲངས་ནི། དེ་ལས། དོན་གྱིས་དམིགས་སུ་བཟུང་བའི་ཕྱིར། །རང་བཞིན་ལམ་དང་ཐུགས་རྗེ་ཆེ། །ཞེས་པས། སྤྱིར་གཞི་རང་བཞིན་གྱི། ལམ་ཐབས་ཀྱི། འབྲས་བུ་ཐུགས་རྗེའི་ཕྲིན་ལས་གསུམ་ལས།གཞི་འབྲས་གཉིས་ནི་རྒྱས་པའི་ལེའུ་ང་བཞི་པ་སོགས་ལས་ཤེས་པར་བྱ་ཞིང་། འདིར་ལམ་གྱི་ཕྲིན་ལས་ལ། དོན་བྱ་བའི་ཡུལ། བྱེད་པའི་ཕྲིན་ལས། བྱ་ཐབས་ཀྱི་རྣམ་གྲངས། བྱེད་ཚུལ་གྱི་ཁྱད་པར་རོ། །དང་པོ་ནི། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཡིན་ལ། དེ་ཡང་དམིགས་བསལ་གུད་དུ་དབྱེ་ན།གནོད་སྡིག་ཅན་དང་། དབུལ་ཕོངས་ཅན་དང་། ལོག་ལྟ་ཅན་དང་། གདུག་པ་ཅན་རྣམས་སོ། །གཉིས་པ་ནི། ཞི་རྒྱས་དབང་དྲག་ལྷུན་གྱིས་གྲུབ་པ་དང་ལྔའོ། །གསུམ་པ་ལ། རྣམ་གྲངས་དངོས་དང་། གཙོ་སེམས་གང་གིས་དང་།གཟུངས་མ་གང་ལ་བརྟེན་ཏེ་དང་། གང་གི་ཚེ་བྱ་བའི་དུས་སོ། །དང་པོ་ལ།མེའི་སྒོ་ནས་དང་། རྫས་ཀྱི་སྒོ་ནས་དང་། ལུ་གུ་རྒྱུད་ཀྱི་སྒོ་ནས་དང་། མཆོད་རྟེན་གྱི་སྒོ་ནས་དང་། ཕྱག་རྒྱའི་སྒོ་ནས་བྱ་བ་སྟེ། ཁོག་གཞུང་ལས། མཆོད་རྟེན་ཕྱག་རྒྱའི་སྒོ་དང་ནི། །ཧོམ་བྲོ་གླུ་དང་རྫས་ཀྱིས་བྱ། །ཞེས་པའོ། །དང་པོ་མེའི་སྒོ་ནས་བྱ་བ་ལ། ཕྱི་དང་། ནང་དང་། གསང་བའི་སྦྱིན་སྲེག་གོ། །དང་པོ་ནི། སྦྱིན་སྲེག་གི་རྩ་བ་ལས། གནས་རྫས་ཐབས་ཀྱི་རྣམ་པ་དང་། །གཟུངས་དང་གཙོ་སེམས་བསྒྲུབ་བྱ་དང་། །ཕུར་བུ་ལྷ་དུས་ལས་རིམ་དང་། །ལྷག་མ་བཅུ་གཅིག་ཤེས་པར་བྱ། །ཞེས་དོན་བཅུ་གཅིག་ལས། དང་པོ་གནས་ནི། སྤྱིར་ཞི་རྒྱས་གཉིས་བཀྲ་ཤིས་པའི་གནས་དང་། དབང་དྲག་གཉིས་གཉན་པའི་གནས་སུ་བྱ་ལ། བྱེ་བྲག་ཏུ་རྩ་བར། རི་བོ་འདུས་


DNG010_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྩེ་དག་དང་། །ཆུ་གླིང་འཇམ་པའི་ས་ཕྱོགས་སུ། །དང་བར་བྱེད་པའི་ལས་རྣམས་བརྩམ། །ནགས་ཚལ་སྨན་ལྗོངས་མེ་ཏོག་ཚལ། །ལྷུན་སྟུག་རི་བོ་རྒྱས་པར་བཤད། །སུམ་མདོ་ཆུ་བོ་འདུས་པ་དང་། །གཞི་མདོ་ཁང་སྟོང་སྡུད་ཅེས་བྱ། །དུར་ཁྲོད་ངན་པའི་ས་ཕྱོགས་སུ། །ལྷག་པར་བརྩམས་ན་ངེས་པར་འགྲུབ། །ཅེས་དང་། འགྲེལ་ཆུང་ལས། ལྗོན་ཤིང་ཅན་དང་ལྕུག་ཕྲན་རྒྱས་པའི་ཚལ། །ཤིང་གཅིག་དྲུང་དང་མེས་ཚིག་ཕྱི་ཡི་གནས། །ཞེས་སོ། །གཉིས་པ་རྫས་ལ་ལྔ་ལས། སྲེག་ཤིང་ནི། རྩ་བ་ལས། རྩ་མོ་བཞི་བྱེད་ཡལ་ག་རྒྱས། །སྡོང་པོ་དབང་རྩ་མངོན་སྤྱོད་ལའོ། །ཁ་དོག་ལས་ཀྱིས་སྦྱར་བར་བྱ། །ཞེས་སོ། །ཡམ་ཤིང་ནི། ཤུག་པ་ཙནྡན་དཀར་པོ་དང་། །ཨུ་དུམ་བ་ར་འོ་མའི་ཤིང་། །ཞི་རྒྱས་ཡམ་ཤིང་ཤེས་པར་བྱ། །དམར་ལ་དྲི་ཞིམ་ཤིང་རྣམས་དང་། །དུག་ཤིང་ཚེར་མ་ཅན་དག་ལ། །ཚིལ་བྱུག་དབང་དྲག་མེ་སྦར་རོ། །ཞེས་སོ། །ལིངྒའི་རྒྱུ་ནི། བསྒྲུབ་བྱའི་དམ་རྫས་གོས་སོགས་དང་། །ལོངས་སྤྱོད་དེ་བཞིན་ཤེས་པར་བྱ། །དུག་དང་ཚ་བ་ས་གསུམ་དང་། །ཤ་ཆེན་ར་དང་བ་གླང་ཤ །མཆོག་ཏུ་གསོད་པར་བྱེད་པ་ཡིན། །སྐྱུར་བ་དབང་སྟེ་ལིངྒའི་རྫས། །ཞེས་སོ། །གཏོར་མའི་རྫས་ནི། འོ་མ་འབྲས་ཆན་དངུལ་ཕྱེ་དང་། །མེ་ཏོག་དཀར་པོའི་གཏོར་མས་ཞི། །ལྡོང་རོས་གྲོ་ཆན་ཞོ་དང་ཕྲུམ། །མེ་ཏོག་གསེར་ཕྱེ་རྒྱས་པ་ལའོ། །ཟངས་ཕྱེ་བུ་རམ་འབྲས་དམར་ཆན། །རམ་བུ་པདྨ་རཀྟར་སྦྱར། །ཐམས་ཅད་སྐུད་པའི་གཏོར་མ་ཡིན། །དུག་རྣམས་ལྕགས་ཕྱེ་རྡོ་ཕྱེ་དང་། །ར་ཁྱིའི་ཁྲག་དང་ཤ་ཆེན་དང་། །དུར་སོལ་མུངྒའི་སྲན་མ་ཆན་རྣམས་ནི། །གསོད་པར་བྱེད་པའི་གཏོར་མ་ཡིན། །ཞེས་སོ། །སྲེག་རྫས་ནི། མར་དཀར་ཏིལ་དཀར་འབྲས་ཆན་དཀར། །མངར་གསུམ་ཙནྡན་དཀར་པོའི་ཤིང་། །ཐམས་ཅད་ཡེ་ཤེས་བདུད་རྩི་སྟེ། །ཐ་མས་ཡེ་ཤེས་མེ་སྐྱེད་དོ། །ཞོ་དང་མར་རྙིང་བུ་རམ་སྦྲང་། །རྒུན་འབྲུམ་སྟར་ག་ཤ་ཆེན་དང་། །དྲི་ཞིམ་གསེར་ཤང་རྒྱས་པ་ལའོ། །ངན་ཏི་ལི་དང་ཤང་ཚེ་དང་། །སྐེ་ཚེ་ཚ་བའི་མར་དག་དང་། །དམར་པོའི་ཤིང་དང་རྩྭ་དག་གིས། །ཐམས་ཅད་འགུགས་པའི་མཆོག་ཏུ་གསུངས། །དུག་དང་ཚིལ་


DNG010_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་སྐེ་ཚེའི་མར། །སྲན་ཆན་ཁྲག་སྣ་ཚོགས་པ་དང་། །ཚེར་མ་བ་གླང་ཤ་ཡིས་གསོད། །འབྲས་བུའི་དོན་ཕྱིར་ཚོགས་པར་བྱ། །ཞེས་སོ། །གསུམ་པ་ཐབ་ཀྱི་རྣམ་པ་ལ། །དབྱིབས་དང་ཁ་དོག་མཚན་ལྡན་པར། །ཞེས་པས་དབྱིབས་ནི། ཞི་བ་ལ་ཐབ་ཟླུམ་པོའམ། ཡང་ན་འཁོར་ལོའི་དབྱིབས། དེ་བཞིན་དུ་རྒྱས་པ་ལ་གྲུ་བཞིའམ་རིན་པོ་ཆེའི། དབང་ལ་ཟླ་གམ་མམ་པདྨའི། དྲག་པོ་ལ་གྲུ་གསུམ་མམ་ཁྲོ་ཞལ་གྱི་དབྱིབས་ཏེ། ལས་བཞི་ག་ལ་ཐབ་བྱ་ཐབ་གཉིས་གཉིས་སུ་རྒྱས་པའི་ལེའུ་ང་བདུན་པ་སོགས་ཀྱིས་རིམ་པར་སྟོན་པ་ལས། འདིར་འགྲེལ་ཆུང་ལས། ཟླུམ་པོ་གྲུ་བཞི་ཟླ་གམ་གྲུ་གསུམ་དབྱིབས། །ཞེས་པའི་རྗེས་སུ་འབྲངས་ནས་བྱ་ཐབས་སྔ་མ་ལྟར་བྱ་སྟེ། བླ་མ་བརྒྱུད་པའི་ཕྱག་བཞེས་ལས་དེ་ལྟར་བྱུང་བའི་ཕྱིར་རོ། །དེ་ཐམས་ཅད་ཀྱང་རྒྱར་ཁྲུ་གང་དང་དཔངས་སུ་ཁྲུ་ཕྱེད་པ་བང་རིམ་གསུམ་དང་ལྡན་པ། རིམ་པ་བཞིན་དུ་འཁོར་ལོ་རིན་པོ་ཆེ་པདྨ་རྒྱ་གྲམ་གྱི་ལྟེ་བ་ལ་རྫོགས་པར་བྱ་བའོ། །ཁ་དོག་ནི།ཞི་བ་དཀར། རྒྱས་པ་སེར། དབང་དམར། དྲག་པོ་མཐིང་ནག་གོ། །མཚན་མ་ནི། ཐབ་ཀྱི་དབུས་སུ་ཞི་བ་ལ་འཁོར་ལོ་ཨོཾ་གྱིས་མཚན་པ། དེ་བཞིན་དུ་རྒྱས་པ་ལ་རིན་པོ་ཆེ་ཏྲཱཾ། དབང་ལ་པདྨ་ཧྲཱྀཿ། དྲག་པོ་ལ་རྡོ་རྗེ་ཧཱུཾ་གིས་མཚན་པའོ། །བཞི་པ་གཟུངས་མ་ནི། ལས་མཐུན་གྱི་ཡུམ་ཆས་སུ་བཅུག་པའོ། །ལྔ་པ་གཙོ་སེམས་ནི། ལས་བརྩམས་ནས་མ་གྲུབ་ཀྱི་བར་དེ་སྲིད་དུ་ལས་གང་ཡིན་གྱི་སྟོངས་ཀྱི་སེམས་དང་མ་བྲལ་བར་བྱེད་པའོ། །དྲུག་པ་ལིངྒ་ནི། དོན་བྱ་བའི་ཡུལ་བཞི་པོ་གང་ཡིན་གྱི་དྲི་མ་སོགས་སྔར་གྱི་རྒྱུ་ལས་ལིངྒ་བྱས་པའི་དཔྲལ་བར་རུས། སྙིང་གར་སྲོག །ལྟེ་བར་མིང་། བརླ་ལ་བླ་དྭགས། འདོམས་སུ་ལས་གང་བྱེད་ཀྱི་སྔགས་སྤུ་གྲི་དང་བཅས་པ་བྲིས་ལ། ལས་དང་མཐུན་པའི་བྲུབ་ཁུང་དུ་གཞུག་གོ། །བདུན་པ་ཕུར་བུ་ནི། ཞི་བ་ལ་རྒྱུ་དངུལ་ལམ་ཤིང་དཀར་པོ་ལ་དབྱིབས་དབལ་ཟླུམ་པོར་བྱས་ལ། དེ་བཞིན་དུ་རྒྱས་པ་ལ་གསེར་རམ་ཤིང་སེར་པོ་ལ་དབལ་གྲུ་བཞི། དབང་ལ་ཟངས་སམ་ཤིང་དམར་པོ་ལ་དབལ་ཟླ་གམ། དྲག་པོ་ལ་ལྕགས་སམ་ཤིང་ནག་ལ་དབལ་གྲུ་གསུམ་དུ་བྱས་པ། ཐམས་ཅད་ཀྱང་ཚད་སོར་དྲུག་པ་མགོ་བོ་


DNG010_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྐེད་པ་རྒྱ་མདུད་ཅན། གྲངས་རིམ་བཞིན་དྲུག་དང་། བཞི་དང་།ལྔ་དང་། གསུམ་སྟེ། གྲུབ་ན་ལས་བྱེད་ཀྱི་ཕུར་པ་ཉི་ཤུ་གཅིག་རེ་དང་བཅས་བཤམས་པའོ། །བརྒྱད་པ་ལྷ་ལ། ལས་སྦྱོར་དང་། སྦྱིན་སྲེག་གི་ལྷའོ། །དང་པོ་ནི། ཞི་ཁྲོ་གང་ལ་བརྟེན་ནས་བྱ་བ་དེའི་གཞུང་བཞིན་ནོ། །གཉིས་པ་ལ།རྩ་བར་སྦྱིན་དང་སྲེག་པའི་ལྷ་གཉིས་ཏེ། །ཞེས་པས། མེ་ལྷ་དང་། སྲེག་ལྷའོ། །དང་པོ་ནི། ལས་བཞི་གང་ཡིན་གྱི་སྐུ་མདོག་ཕྱག་མཚན་ཅན་ཏེ། ཞི་བའི་གཡས་གུནྡྷེ། རྒྱས་པ་རིན་པོ་ཆེའི་སྒྲོམ། དབང་ལ་ཞགས་པ། དྲག་པོ་ལ་ཏྲི་ཤུལ། བཞི་ཀའི་གཡོན་བགྲང་ཕྲེང་། དྲང་སྲོང་གི་ཆས་ཅན་ར་སྐྱེས་ལ་གནས་པའོ། །གཉིས་པ་ནི། ཞི་བ་ལ་རྣམ་སྣང་དང་བུཌྜྷ་ཧེ་རུ་ཀས་གཙོ་བྱས་པའི་ཞི་ཁྲོ། དེ་བཞིན་དུ་རྒྱས་པ་ལ་རིན་འབྱུང་དང་རཏྣ་ཧེ་རུ་ཀ །དབང་ལ་མཐའ་ཡས་དང་པདྨ་ཧེ་རུ་ཀ །དྲག་པོ་ལ་རྡོར་སེམས་དང་བཛྲ་ཧེ་རུ་ཀས་གཙོ་བྱས་པའི་ཞི་ཁྲོ་སྟེ། ལྷ་ཀུན་ཀྱང་སྐུ་མདོག་དཀར་པོ་འཁོར་ལོ་བསྣམས་པ་ལ་སོགས་ལས་གང་ཡིན་གྱི་ཁ་དོག་དང་ཕྱག་མཚན་ཅན་དུ་བསྐྱེད་པའོ། །དགུ་པ་དུས་ནི་ལོ་དང་། ཞག་གཅིག་གི་དབང་དུ་བྱས་ཏེ་རིམ་བཞིན་དབྱར་རམ་སྔ་དྲོ་ཞི་བ།སྟོན་ནམ་ཉིན་ཕྱེད་རྒྱས་པ། དགུན་ནམ་དགོངས་ཀ་དབང་། དཔྱིད་དམ་ནམ་གུང་དྲག་པོའོ། །བཅུ་པ་ལས་རིམ་ལ། སྔོན་དུ་བྱ་བ་དང་། ལས་རིམ་དངོས་གཉིས། དང་པོ་ལ། བཤམ་པ་དང་། ཆོ་གའོ། །དང་པོ་ནི། རྫས་དང་ཡོ་བྱད་བསགས་ལ། ས་གཞི་སྦྱངས། ལས་བཞི་གང་ཡིན་གྱི་ཐབ་བརྩིག་པའམ་བྲིས་པའི་སྟེང་དུ་བསྲེག་ཤིང་བརྩིག །མེ་དར་རིགས་དང་མཐུན་པས་དགབ།མཆོད་གཏོར་དང་བསྲེག་རྫས་རྣམས་བཤམ། ལས་བཞི་གང་ཡིན་གྱི་བྲུབ་ཁུང་དུ་ལིངྒ་བཅུག་པའི་ཁ་ཁྱེར་ལ་སོ་སོའི་ཕུར་བུས་བསྐོར། གཉིས་པ་ནི། ཕྱིར་ཆ་གསུམ་བཏང་ལ། ནང་དུ་ཞུགས་ནས་ཞི་བ་ལ་ཤར་དུ་བལྟ་བ་སོགས་ལས་གང་བྱེད་ཀྱི་ཕྱོགས་སུ་ཁ་བལྟས་ཏེ། འདུག་སྟངས་ཞི་བ་ལ་རྡོར་སྐྱིལ། རྒྱས་པ་ལ་མཉམ་སྐྱིལ། དབང་ལ་པད་སྐྱིལ། དྲག་པོ་ལ་རུས་སྦལ་གྱི་སྟབས་ཀྱིས་འདུག་ནས། མཚམས་བཤགས་དམ་བཅའ་བྱིན་དབབ་མཆོད་པ་བྱིན་རློབ་རྣམས་བྱ། དེ་ནས་


DNG010_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

བསྲེག་རྫས་རྣམས་ཉི་ཟླའི་ག་འུར་འབྲུ་ལྔ་བཀོད་ལ་བཞུ་བཏུལ་གྱི་བདུད་རྩིར་དང་། ལས་གཏོར་རྣམས་འབྲུ་གསུམ་མམ་ལྔས་ལས་གང་ཡིན་འགྲུབ་པའི་ནུས་པ་ཅན་དུ་རློབ་པའོ། །གཉིས་པ་ལ། ལས་སྦྱོར་གྱི་ཕྲིན་ལས། ལིངྒ་དགུག་གཞུག་བྱ་བ། སྦྱིན་སྲེག་གི་ལས་རིམ་མོ། །དང་པོ་ནི། འགྲེལ་ཆུང་ལས། ཞི་དང་རྒྱས་ལ་ཞི་བའི་ཚོགས་ལས་ཏེ། །དབང་དྲག་གཉིས་ལ་ཁྲོས་པའི་དཀྱིལ་འཁོར་བྱ། །ཞེས་པ་ལྟར་རམ། གོང་མ་རྣམས། ཞི་ཁྲོ་གང་རུང་རེས་ཀྱང་ལས་བཞི་ཀ་འགྲུབ་པར་བཞེད་པའི་ཕྱིར། གང་བྱེད་ཀྱི་གཞུང་བསྲང་། ལས་དང་མཐུན་པའི་བཟླས་པའི་འཕྲོ་འདུས་བསྐུལ་བའོ། །གཉིས་པ་ནི། ཚོགས་ཐ་མ་དང་། ལིངྒ་བྲུབ་ཁུང་དུ་བཅུག་ལ་དགུག་གཞུག །གཏོར་ཐུན། ཕུར་གདབ། མཚོན་ཆར་དབབ། གྲིས་གཏུབས་ཏེ་བསྲེག་རྫས་དང་བསྲེས་ལ་བཞག་གོ། །གསུམ་པ་ལ། མེ་ལྷ་དང་། སྲེག་ལྷ་གཉིས་ལས། དང་པོ་ནི། མེ་སྦར་ཏེ།ལས་བཞི་གང་བྱེད་ཀྱི་མེ་ལྷ་བསྐྱེད། སྤྱན་དྲང་མཆོད་བསྲེག་གི་རྫས་དང་།དགང་བླུག་ཕུལ་ལ་ཕྲིན་ལས་གཞོལ་བའོ། །དགོས་པ་ནི། དཔེར་ན་ཁ་ཟས་ཀྱིས་ལུས་ཀྱི་འབྱུང་བ་རྒྱས་པར་བྱས་པས། དེ་ལ་དེ་བརྟེན་གྱི་དབང་པོ་དང་རྣམ་ཤེས་རྒྱས་པར་འགྱུར་བ་ལྟར། མེའི་སྒོ་ནས་མེ་ལྷ་ཚིམ་པས། དེའི་སྒོ་ནས་དཀྱིལ་འཁོར་གྱི་ལྷ་རྣམས་ཚིམ་པར་འགྱུར་བའི་ཕྱིར། འདིར་མེ་ལྷ་ལ་མེའི་ཞལ་ཞེས་གསུངས་ཏེ། ཇི་སྐད་དུ། ཞལ་དུ་གྱུར་པའི་མེ་བོས་ལ། །བཟའ་བཏུང་བྲོ་བའི་ཚོགས་རྣམས་ཀྱིས། །ལས་བཞིའི་མཆོད་པ་རབ་ཏུ་སྦྱིན། །ཞེས་པའོ། །གཉིས་པ་ནི། གཞུང་སོ་སོའི་དགོངས་པས་བརྟག་པ་བཞི་སྟེ། མེ་ལྷ་འབར་བའི་རྣམ་པར་བྱས་ལ། དེར་ལྷ་རྣམས་སྤྱན་དྲངས་ཏེ་མཆོད་པ་དང་། དམ་ཚིག་པ་བསྐྱེད་ནས་སྤྱན་འདྲེན་པའི་ཕྱོགས་གཉིས། ཁ་ཅིག་ལས། མེ་ལྷ་ཤར་ལྷོ་མཚམས་སུ་དབང་པོའི་ཚུལ་དུ་བཞག་སྟེ་མེའི་དབུས་སུ་དམ་ཚིག་པ་བསྐྱེད་པ་དང་། ཡང་མེ་ལྷའི་ལྟོ་བར་བསྐྱེད་པ་རྣམས་ལས། འདིར་ཕྱི་མའི་ལུགས་སོ། །དེའང་ལས་བཞི་གང་ཡིན་གྱི་སྲེག་ལྷ་རྟེན་དང་བརྟེན་པར་བཅས་པ་བསྐྱེད་ཅིང་། དབང་བསྐུར། བྱིན་


DNG010_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་རློབ། དབབ་དྲངས། བསྡིམ་པ། ཀུན་བཟང་སོགས་ཕྱི་ནང་གིས་མཆོད། རྩ་སྔགས་ལ་ལས་ཀྱི་ཤམ་བུ་བཏགས་ཏེ་དགང་བླུག་དང་བསྲེག་རྫས་དབུལ། བསྟོད་ཅིང་འདོད་དོན་གསོལ་བའོ། །ཚུལ་དེས་ཐོག་མར་ཞི་བའི་ལྷ་ཚོགས་རྣམས་མཆོད་ནས། སླར་ཁྲོ་དཀྱིལ་དུ་གནས་བསྒྱུར་ཏེ་མཆོད་པར་བྱའོ། །བཅུ་གཅིག་པ་ལྷག་མའི་ལས་ནི། ཚོགས་ལྷག་དང་བསྲེག་རྫས་ལྷག་རྣམས་བསྡུས་ཏེ། ལྷག་ཆད་རྒྱས་བསྡུས་གང་རུང་བྱས་པའི་མཇུག་ཏུ།སྔོན་ཚེ་དཔལ་ཆེན་ཧེ་རུ་ཀ །ཞེས་སོགས་ཀྱིས། ཕྲིན་ལས་འཆོལ་ཞིང་དམ་བསྒྲག་གོ། །དེ་ནས་བསྟན་མ་བསྐྱང་། ལྷག་ཆད་བསྐང་། སྲེག་ལྷ་དང་མེ་ལྷ་ཡེ་ཤེས་ལ་གཤེགས། དམ་ཚིག་པ་རང་ལ་བསྡུ། ལས་རྗེས་མི་མངོན་པར་བྱས་ལ་བསྔོ་བ་དང་ཤིས་བརྗོད་བྱ་བའོ། །དེ་དག་ཀྱང་དུས་གང་དང་གང་གི་ཚེ་བྱ་ཞེ་ན། ས་ཆོག་གི་དུས་སུ་ས་ངན་ན་ཞི་བའི། རབ་གནས་ཀྱི་དུས་སུ་རྒྱས་པའི།དབང་བསྐུར་བའི་གོང་དུ་དབང་གི། སློབ་བུ་སྟ་གོན་གྱི་ནུབ་མོ་ཀུན་རྨི་ལྟས་ངན་ན་དྲག་པོའི་སྦྱིན་སྲེག་བྱ་བ་ཡིན་ཏེ། རྡོ་རྗེ་ལས་རིམ་ལས། ས་དང་རབ་གནས་རྣམ་གཉིས་དང་། །བདེ་བ་སྦྱིན་པའི་དུས་ཉིད་དོ། །ཞེས་དང་། མཆོད་བཤགས་སོགས་སྐབས་སུ་བབས་པ་གཞན་གྱི་ཚེ་ཡང་བྱར་རུང་སྟེ། ཐུགས་ཐིག་ལས། སྐབས་ནི་དབང་དང་སྒྲུབ་པ་དང་། །མཆོད་བཤགས་ཚེ་དང་དུས་བབ་ཚེ། །ཞེས་གསུངས་པའི་ཕྱིར། གཉིས་པ་ནང་གི་སྦྱིན་སྲེག་ལ་གསུམ་སྟེ། རྩ་བར། ཏིང་འཛིན་ལྷག་པ་ལོངས་སྤྱོད་ནང་། །ཞེས་སོ། །དང་པོ་ཏིང་ངེ་འཛིན་ལའང་། དེ་ལས། དབུ་མའི་དང་པོ་གཉིས་ཡིན་ཏེ། ཞེས་པས་ཤེས་རབ་ཀྱི་ཧོམ་དང་ཏིང་འཛིན་གྱི་ཧོམ་གཉིས། དང་པོ་ནི། བདག་མེད་རྟོགས་པའི་ཡེ་ཤེས་ཀྱི་མེས་དངོས་མེད་ཀྱི་བག་ཆགས་བསྲེགས་ཤིང་། འཁོར་འདས་གཉིས་མེད་དུ་རྟོགས་པའི་ཤེས་རབ་སྦྱིན་པ་སྟེ། རྒྱས་པ་ལས། སྲིད་གསུམ་སྲེག་པའི་མེ་ཡིན་ཏེ། །ཡིད་ཀྱི་ཡེ་ཤེས་མེ་རུ་འབར། །ཞེས་སོ། །གཉིས་པ་ནི།མཚན་མེད་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་གྱི་མེས་སྤྱོད་ཡུལ་མཚན་རྟོག་གི་རྫས་རྣམས་བསྲེག་པ་སྟེ། དེ་ལས། དབང་པོ་དང་བའི་དཀྱིལ་འཁོར་དུ། །


DNG010_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་ཡུལ་རྫས་རྣམས་བསྡུས་ནས་སུ། །ལྷན་ནེ་ལྷང་ངེའི་འོད་དུ་ཞུ། །ཞེས་སོ། །གཉིས་པ་ནི། མི་རྟོག་པའི་ངང་ལས་རྟོག་ཚོགས་ལྷའི་ཕྱག་རྒྱར་འབར་བའི་མེས་སྤྱོད་ཡུལ་སྦྱོང་བ་སྟེ། སྔ་མའི་འཕྲོས་ལས། ཞི་གྱུར་དབྱིངས་ནས་ཕྱག་རྒྱ་འབར། །ཞེས་སོ། །གསུམ་པ་ནི། བཟའ་བཏུང་ལ་ལས་བཞིའི་བསྒྲུབ་བྱ་བསྡིམས་ནས་བདུད་རྩིར་བསྒྱུར་ཏེ། རང་ལུས་གཞལ་ཡས་ཁང་། ཁ་ཐབ་ཁུང་། ལྕེ་མེ་ལྷ། རང་བཞིན་གྱིས་རྫོགས་པ་དང་ཏིང་ངེ་འཛིན་གྱིས་བཀོད་པའི་སྲེག་ལྷ་རྣམས་ལ། ལག་པའི་དགང་བླུགས་ཀྱིས་ཕུལ་བས། ལས་བཞི་དང་ཚོགས་གཉིས་རྫོགས་པའི་འབྲས་བུ་རྒྱུད་ལ་སྦྱིན་པར་བྱེད་ཅིང་། སྤྱོད་ཡུལ་ཡོངས་སུ་དག་པའི་ཕྱིར་བསྲེག་པ་སྟེ། རྩ་བ་ལས། རང་ལུས་འབྱུང་བའི་དཀྱིལ་འཁོར་ལ། །ཁམས་དང་རྩ་དང་དུར་ཁྲོད་ཀྱི། །གཞལ་ཡས་ཁང་ལ་གོམས་པར་བསྒོམ། །མྱོང་བྱེད་ཀུན་གྱི་ཞལ་བསམ་སྟེ། །རྫོགས་དང་བཀོད་པའི་ལྷ་རྣམས་ཀུན། །ཏིང་འཛིན་གསལ་བའི་ཡིད་ཀྱིས་སྦྱངས། །ཞེས་སོགས་གསུངས་སོ། །གསུམ་པ་གསང་བའི་སྦྱིན་སྲེག་ལ། དེ་ལས། ཁམས་བཞི་ཁམས་གསུམ་གསང་བར་བཤད། །ཅེས་པས།སྟེང་སྒོ་ཁམས་བཞི་དང་། འོག་སྒོ་ཁམས་གསུམ་གྱི་སྦྱིན་སྲེག་གོ། །དང་པོ་ནི།སྒྲོ་མདོ་རླུང་གི་འཁོར་ལོ་ཟླ་གམ་ནི་དབང་། སྙིང་ག་ཆུའི་འཁོར་ལོ་ཟླུམ་པོ་ཞི་བ།ལྐོག་མ་མེའི་འཁོར་ལོ་གྲུ་གསུམ་དྲག་པོ། ལྟེ་བ་ས་འཁོར་གྲུ་བཞི་རྒྱས་པ་སྟེ། དེ་དག་ལས་སོ་སོའི་ཁ་དོག་ཅན་དུ་གནས་པ་ནི་མེ་ཐབ། ཡེ་ཤེས་སྙིང་པོ་ནི་མེ་ལྷ།སྙིང་གའི་མེས་སྤྱི་བོའི་ཧཾ་ཡིག་བཞུ་བའི་འབར་འཛག་གིས་བདེ་ཆེན་ཡེ་ཤེས་རྒྱུད་ལ་སྦྱིན་ཞིང་མཚན་རྟོག་བསྲེག་པའི་ཕྱིར་སྦྱིན་སྲེག་སྟེ། དེ་ལས། སུམ་མདོ་སྙིང་ལྐོག་ལྟེ་འབྱུང་བཞི། །ཁ་དོག་ལས་བཞིའི་དཀྱིལ་འཁོར་ལ། །ཡེ་ཤེས་སྙིང་པོ་མ་ལུས་ཞལ། །ཐུགས་ལས་ཡེ་ཤེས་མེ་འབར་བས། །ལས་ཀྱི་མེ་བསྐུལ་བདེ་བ་དྲང་། །ངེས་པར་ཞལ་དུ་ཆུད་པས་ན། །མ་ལུས་མཉེས་པའི་དགྱེས་པ་ཡིས། །ཕྱོགས་བཅུ་ཀུན་ཏུ་ཁྱབ་པར་གྱུར། །མཚན་མ་རྣམ་རྟོག་ཀུན་སྦྱོང་ཞིང་། །རྟོགས་དཀའི་ཡེ་ཤེས་མངོན་དུ་འགྱུར། །ཞེས་


DNG010_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །ཡང་ན། གཡས་གཡོན་རོ་རྐྱང་གི་དགང་བླུགས་ཀྱིས་རླུང་དཀྱིལ་བསྐུལ་བས་ལྟེ་བའི་མེ་སྦར། དེས་ཐིག་ལེ་ཞུ་ནས་དྭངས་མ་རྩ་ལམ་དུ་ཆུད་པ་ནི་སྔར་ལྟར་སྦྱིན་སྲེག་སྟེ། ལམ་རིམ་ལས། རཾ་ཡཾ་གཡས་གཡོན་སྦྱིན་སྲེག་ལྡན། །ཞེས་སོ། །གཉིས་པ་ནི། ཡུམ་གྱི་མཁའ་ལས་བཞིའི་ཐབ་ཁུང་དུ་བདེ་བ་རྒྱས་པའི་ལས་ཀྱིས་བསྐྱེད་པ་དང་དབྱིངས་ནས་སྤྱན་དྲངས་པའི་མེ་ལྷའི་ཞལ་དུ། རྡོ་རྗེའི་དགང་བླུགས་ཀྱིས་བྱང་ཆུབ་སེམས་ཀྱི་མཆོད་པ་སྟོབ་པས་རྒྱུད་ལ་བདེ་བའི་ཡེ་ཤེས་སྟེར་ཞིང་ཆགས་རྟོག་རང་རྒྱུད་པ་བསྲེག་པའི་ཕྱིར་སྦྱིན་སྲེག་སྟེ། རྩ་བ་ལས། ཁམས་གསུམ་བཅོ་བརྒྱད་བདག་ཉིད་དེ། །མ་ལུས་རྩ་བར་འདི་ཤེས་བྱ། །གསལ་ལྡན་མའམ་བྱིན་རླབས་ལ། །ལས་བཞིའི་དབྱིབས་ལྡན་ཧོམ་ཁུང་དུ། །ལས་ཀྱི་བདེ་བའི་ལྷ་བསྐྱེད་ཅིང་། །སྟོང་གསུམ་ཡུངས་འབྲུར་འཇུག་ཚུལ་དུ། །དབྱིངས་ནས་མེ་ལྷ་སྤྱན་དྲངས་ཏེ། །ཡུངས་འབྲུ་མེ་ལྷའི་ཞལ་ཉིད་དུ། །རྡོ་རྗེ་དགང་བླུགས་བཅས་པ་ཡིས། །དཀར་ནག་དམར་གྱི་མཆོད་སྦྱར་བས། །རང་བཞིན་རྣམ་པ་གཉིས་ཀྱི་ལྷ། །མཉེས་དང་མགུ་བདེ་ཐོབ་པར་འགྱུར། །ཞེས་སོ། །གཉིས་པ་རྫས་ཀྱི་སྒོ་ནས་ལས་བྱ་བ་ལ། ལིངྒ་བཅའ་བ། དཀྱིལ་འཁོར་བསྐྱེད་པ། བསྒྲུབ་བྱའི་ལས། མཆོད་སྦྱིན་བྱ་བ་དང་ཡོན་ཏན་དང་བཅས་པའོ། །དང་པོ་ནི། བསྒྲུབ་བྱའི་བདུད་རྩི་ལྔ་སྟེ་ཟག་རྫས་སམ། ཉ་ཤ་ཏིལ་སྦྲང་བུ་རམ་སྟེ་ཟས་ལྔ་དང་། གཞན་ཡང་མི་ལ་རྐང་རྗེས་ཀྱི་ས་དང་། མི་མ་ཡིན་ལ་གནས་རྟེན་གྱི་ས་ལ་སོགས་པའི་རྒྱུར་ལིངྒ་ཕོ་མོ་གང་ཡིན་གྱི་མཚན་མ་ཅན་བྱས་ལ། གྲོ་ཤོག་ལ་གནས་ཡིག་སྔར་ལྟར་བྲིས་པ་སོ་སོར་གླན་པའམ། ཡང་ན་ལིངྒ་གནས་ཡིག་དང་བཅས་པ་བྲིས་ལ་བཤད་མ་ཐག་པའི་རྫས་དེ་རྣམས་བྱུགས་ཏེ། ལས་གང་ཡིན་གྱི་བྲུབ་ཁུང་དུ་བཅུག་ནས་དཀྱིལ་འཁོར་གྱི་ཕྱོགས་སོ་སོར་འཇོག །ཁྱད་པར་དྲག་པོ་ལ་ཐོད་པ་མཚན་ངན་ཤིས་པས་དེར་ལིངྒ་མགོ་ལྷོ་ནུབ་དུ་བསྟན་ནས་བཞག་ལ་བྲུབ་ཁུང་དུ་གཞུག་གོ། །དེ་དག་ཀྱང་།བདུད་རྩི་ལྔའམ་ཟས་ལྔ་ལ། །ཞེས་གསུངས་པའི་དོན་ནོ། །གཉིས་པ་ནི།སྔགས་འཆང་རྣམས་ལས་དང་མཐུན་པའི་འདུག་སྟངས་


DNG010_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

དང་། སྔགས་ཀྱི་རིང་ཐུང་དྲག་ཞན། དབྱངས་ཀྱི་འགྱུར་སྟངས། སྟོངས་ཀྱི་སེམས་རྣམས་དང་ལྡན་པའི་སྒོ་ནས། ཕྱི་སྣོད་ཀྱི་འཇིག་རྟེན་ལས་བཞིའི་དཀྱིལ་འཁོར་ཡིག་འབྲུ་བཞིའི་དབྱིབས་ཅན་འབྱམས་ཀླས་པར་བསྐྱེད་པ་སྟེ། ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་མཆོག །ཞེས་པའི་སྐབས་སུ་ཐར་ལོ་འགྱུར་དུ། ཨེ་ཡིག་རྣམ་པའི་འཁོར་ལོ་དང་། །སྡེ་ཚན་དཀྱིལ་འཁོར་གྱི་ནི་མཆོག །ཅེས་འབྱུང་བས་སོ། །དེའང་འདིར་ལས་བཞིའི་གོ་རིམ་འཁྲུགས་སྡེབས་ཀྱི་དབང་དུ་བྱས་ཏེ། ཡ་རཾ་ལ་སོགས་པའི་སྔགས་ཀྱིས་ཞི་བའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ། མ་རཾ་གྱིས་རྒྱས་པའི་གྲུ་བཞི་སེར་པོ། བཾ་རཾ་གྱིས་དབང་དམར་པོ་ཟླ་གམ། ཨེ་རཾ་གྱིས་དྲག་པོ་མཐིང་ནག་གྲུ་གསུམ་པ་སྟེ། བཞི་ཀའང་ཡངས་ཤིང་མེ་འོད་འབར་བ་ཅན་ནོ། །འདིར་དབང་དང་ཞི་བ་གཉིས་ཡི་གེའི་དབྱིབས་དང་ཅུང་ཟད་མི་མཐུན་པར་བྱུང་ཡང་སྒྲའི་དོན་དང་སྦྱར་བར་རྗེ་རོང་ཟོམ་བཞེད་པ་ལྟར་སྟེ། ཝཾ་ནི་བནྡྷ་ན་སྡུད་པའམ་འཆིང་བ། ཡ་ནི་ར་ཡ་བ་ཏི་ནི་ཞི་བའི་དོན་ལ་འཇུག་པའི་དབང་གིས་སོ། །དེ་ནས་ཞི་བ་ལ། ཨོཾ་བུཌྜྷ་ཤྲི་ཧེ་རུ་ཀ་བུཌྜྷ་ཀྲོ་དྷཱི་ཤྭ་རཱི་སྟྭཾ་ཧཱུཾ་ཧ་ཧེ་ཕཊ་བྷྱོཿརཾ།ཞེས་བརྗོད་པས་ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་བུཌྜྷ་ཧེ་རུ་ཀས་གཙོ་བྱས་པའི་ཁྲག་འཐུང་ང་བརྒྱད་དཀར་པོ་ཞི་ཚུལ་ཅན་འཁོར་ལོ་བསྣམས་ལ་ཤ་ཐག་ཏུ་བསྐྱེད། དེ་བཞིན་དུ་སྔགས་བུཌྜྷའི་གནས་སུ་རཏྣ་སོགས་དང་། ལྷ་རཏྣ་ཧེ་རུ་ཀས་གཙོ་བྱས་པ་སོགས་རིགས་འགྲེ་བར་འགྱུར་རོ། །གསུམ་པ་ནི། བ་ཧཱུའི་སྔགས་ཀྱིས་ལྷ་ལས་ལ་གཟུད། བི་ཤྭས་སྤྲུལ་པ་སྤྲོ། བསྒྲུབ་བྱ་བཀུག་སྟེ་ལིངྒ་ལ་བསྡིམ། དེ་ནས་ལས་གང་ཡིན་གྱི་ཕུར་བུ་རིགས་མཐུན་གྱི་ཀཱི་ལ་ཡར་བསྐྱེད་ནས་དབང་བསྐུར། བྱིན་གྱིས་རློབ། ཕུར་བསྐུལ་དང་། གྷ་ཏ་ཡའི་སྔགས་ཀྱི་མཇུག་ཏུ་ལས་བཞིའི་སྤུ་གྲི་བཏགས་ཏེ། ཞི་བ་ལ་ཡན་ལག་ལྔ། སྙིང་ག་དང་དྲུག །རྒྱས་པ་ལ་ཡན་ལག་བཞི། དབང་ལ་དབང་པོ་ལྔ། དྲག་པོ་ལ་གནས་གསུམ་དུ་གདབ་པའོ། །དེ་ནས་ཧྲཱྀཿཥྚཱིའི་སྔགས་ཀྱིས་གྲི་དང་། ཨོཾ་བྷྲཱུཾ་སོགས་ཀྱིས་མཚོན་ཆས་གཏུབས་ཏེ་ལིང་རོ་ཚོ་གསུམ་དུ་བཅད་ལ། གཅིག་ལ་སྟོབ་པ་བྱའོ། །བཞི་པ་ནི། ཚོ་གཅིག་བསྲེག་རྫས་


DNG010_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བསྲེས་ཏེ། ལས་བཞིའི་ཧོམ་དུ་སྟོངས་ཀྱི་སེམས་བཞིས་ཟིན་པའི་སྒོ་ནས། བདེ་བར་གཤེགས་པ་ལ་མཆོད་ཅིང་། མ་མོ་དང་མཁའ་འགྲོ་རྣམས་ལ་སྦྱིན་པས་གཏུམ་ཆེན་རྔམ་པའང་ལྷན་ནེར་འགྱུར་བ་སོགས་ལས་གང་བརྩམས་པའི་ཡོན་ཏན་རྣམས་ཐོབ་པར་འགྱུར་རོ། །གསུམ་པ་ལུ་གུ་རྒྱུད་ཀྱི་སྒོ་ནས་བྱ་བ་ནི། ལིང་རོ་ཚོ་གཅིག་དབུས་སུ་སྤུངས་པའི་མཐར།མཆེད་ཀུན་ལག་གཡས་སྟེང་དུ་བྱས་ནས་བསྣོལ་བའི་ཞི་རྒྱས་དབང་དྲག་བཞི་ལ་རིམ་པར་མཛུབ་གུང་སྲིན་ལག་མཐེ་ཆུང་རྣམས་ལུ་གུ་རྒྱུད་དུ་སྦྲེལ་ཞིང་། བྲོ་ར་ལས་གང་ཡིན་གྱི་དབྱིབས་དང་མཐུན་པར་བཅས་ནས། སྔར་བཞིན་ཡ་རཾ་སོགས་ཀྱིས་ལས་ཀྱི་དཀྱིལ་འཁོར་མེ་འབར་བ་དང་བཅས་པའི་ནང་དུ། ལས་གང་ཡིན་གྱི་ལྷ་ཚོགས་སུ་བདག་ཉིད་བསྐྱེད་ལ་གཏི་མུག་རྡོ་རྗེ་ཞེས་སོགས་ཀྱི་ཚིག་དང་སུམྦྷའི་སྔགས་ཀྱིས་བསྐུལ་ཏེ་བྲོ་བརྡུངས། ལྷ་རྣམས་ཀྱི་འོད་ཟེར་ལས་མཐུན་གྱི་ཁ་དོག་ཅན་སྒྲུབ་བྱ་ལ་ཐིམ་པས་ལས་གང་ཡིན་གྲུབ་པར་བསམ་པ་སྟེ། ལས་སོ་སོའི་སྤུ་གྲིའི་སྔགས་རྣམས་བརྗོད་ཅིང་ཕྱག་རྒྱ་སྤྲུགས་ཏེ་ཤིག་ནས། ལིང་རོ་དེ་ཉིད་ཞི་བ་ལ་ལམ་གྱི་དཀྱིལ་དང་། རྒྱས་པ་ལ་མཛོད། དབང་ལ་རང་གི་མལ་འོག །དྲག་པོ་ལ་མི་མ་ཡིན་གདུག་པ་ཅན་གནས་པའི་སར་ལས་མཐུན་གྱི་བྲུབ་ཁུང་བྲུས་ལ་ཚུལ་བཞིན་གནན་པར་བྱའོ། །དེའང་ཧོམ་དང་རྫས་ཀྱི་སྒོ་ནས་ལས་ཟིན་རྗེས་འདིས་མཐའ་བསྡུས་ན་ལས་བྱས་པ་གསོར་མི་རུང་བར་འགྱུར་བའི་ཕྱིར། ཁྲོ་བོ་སྒྲུབ་པའི་ལས་ཀྱི་གཙོ་བོ་ནི་འདི་ཡིན་ནོ། །ཞེས་བྲོ་གླུ་ལ་བསྔགས་པར་མཛད་དོ། །འོ་ན་འདིར་ཁྲག་འཐུང་གཞན་རྣམས་ལ་བྲོ་བྱུང་ནས་སྒོམ་ལ་མི་འབྱུང་བ་གང་ཞེ་ན། སྔ་རབས་པ་དག་ལས་གང་བྱེད་ཀྱང་སྒོམ་དགོས་པས་སྤྱི་ལ་ཁྱབ་པའི་ཕྱིར་དགོས་སུ་མ་སྨོས་སོ་གསུང་། ཁོ་བོ་ནི་དེ་ཡང་མི་སྤང་མོད་ཀྱི། འོན་ཀྱང་རྒྱུད་གཞན་གྱིས་ཁ་བསྐང་ན་ལེགས་པར་མཐོང་སྟེ། ཕྱི་ཐ་བཻ་རོའི་འགྱུར་ལས། རྟ་གདོང་ལ་སོགས་བྲོ་གར་གྱིས། །འགུགས་དང་འཆིང་བ་བསྡོམ་པ་དང་། །སྤེལ་བར་བྱེད་པའི་སྒྲ་འབྱིན་འགྲུབ། །ཅེས་གསུངས་པའི་ཕྱིར། བཞི་པ་མཆོད་རྟེན་གྱི་སྒོ་ནས་བྱ་བ་ནི། བདག་ཉིད་ཞི་བའི་ལས་ལ་སྣང་མཛད། རྒྱས་པ་ལ་རིན་འབྱུང་། དབང་ལ་རྟ་མགྲིན། དྲག་པོ་ལ་


DNG010_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་ཧེ་རུ་ཀར་བསྐྱེད་ནས་རིགས་སོ་སོའི་སྔགས་ཀྱིས་མཆོད་རྟེན་དཀར་པོ་ཟླུམ་པོ་སོགས་ལས་གང་ཡིན་གྱི་དབྱིབས་མདོག་ཅན་དུ་བཏབ་ལ། དེའི་ནང་དུ་རིགས་དང་མཐུན་པའི་ལྷ་བསམ་པའི་འོད་ཀྱིས་བསྒྲུབ་བྱ་བཀུག་ནས་མཆོད་རྟེན་གྱི་འོག་ཏུ་མནན་ལ། འོད་དེས་རིག་པས་ལས་གང་ཡིན་འགྲུབ་པར་བསམ་པ་སྟེ། རྒྱས་པ་ལས། དྲག་པོ་གཏུམ་པོ་འདུལ་བའི་ཕྱིར། །བདག་ཉིད་དྲག་པོར་བསྒོམས་ནས་ནི། །ཆོས་སྐུ་ནག་པོ་འོད་འབར་གྱིས། །བགེགས་ཀྱི་ལིངྒ་གནན་པར་བྱ། །ཞེས་སོགས་དང་། སྐུ་གདུང་ལས་ཕྲེང་ལས། ཞི་ལ་སྣང་མཛད་གསང་སྔགས་ལྡན། །ཤཱནྟིང་ཀུ་རུ་སྭཱ་ཧཱས་མཛེས། །ཆོས་སྐུ་ཐིག་ལེ་འོད་དཀར་གྱིས། །གཟས་བཀུག་གདན་བྱས་འོད་ཐིམ་ཞིང་། །ཞེས་སོགས་སོ། །དེའང་མཆོད་རྟེན་གྱི་རྒྱུ་ནི། ས་ལ་དངོས་སུའམ།འབྱུང་བ་གཞན་ལ་ཏིང་ངེ་འཛིན་གྱིས་འདེབས་པ་གང་ཡང་རུང་སྟེ། སྤྱན་འགྲེལ་ལས། མཆོད་རྟེན་འབྱུང་བ་གང་ལ་འདེབས་ཀྱང་། །ཞེས་དང་། འཇིམ་པ་ལ་དངོས་སུ་མི་འདོད་པ་མ་ཡིན་ཏེ། ཞེས་འདམ་ཁ་དང་། རྒྱུད་ཕྱི་མའི་ལུང་དྲངས་ལ་དངོས་སུ་བཞེངས་ལ་ཐབ་ཁུང་དུ་བྱས་ཏེ་ལས་བཞིའི་སྦྱིན་སྲེག་བྱ་བར་ཡང་བཤད་དོ། །ལྔ་པ་ལ། ཕྱག་རྒྱ་བཅས་པའི་དང་། བསྒྱུར་བའི་སྒོ་ནས་བྱའོ། །དང་པོ་ནི། དཔལ་ཧེ་རུ་ཀའི་ལས་བཞིའི་ཕྱག་རྒྱ་བཅའ་བ་སྟེ། རྒྱས་པ་ལས། ཡན་ལག་སྙིང་པོ་རྩེ་གཅིག་དང་། །རྩེ་ལྔ་རྩེ་དགུ་བཅུ་གཅིག་ཏུ། །ལས་རྣམས་སོ་སོར་རབ་ཏུ་བསྒོམ། །ཞེས་པའི་དོན་སྤྱན་འགྲེལ་ལས། ལས་ཀྱི་ཕྱག་རྒྱ་འདི་མགོན་པོ་རྡོ་རྗེ་རྩེ་གཅིག་པར་བསམ་པ་དང་བཅའ་བ་དང་། གཞན་སོར་མོ་གཡས་གཡོན་དབྲི་བསྣན་གྱིས་རྩེ་ལྔ་པ་དང་། དགུ་པ་དང་། བཅུ་གཅིག་པ་ནི། ཞི་རྒྱས་དབང་དྲག་གི་རིམ་པ་བཞིན་ནོ། །ཞེས་སོ། །གཉིས་པ་ནི། རྒྱས་པ་ལས། རྡོ་རྗེ་ལན་གསུམ་གསོར་བ་ཡིས། །ལྷ་མོ་ཀླུ་མོ་རིགས་ངན་མོ། །དམ་ཅན་རྣལ་འབྱོར་དབང་དུ་འགྱུར། །ཞེས་ཀུན་བཟང་ཡབ་ཡུམ་ཁྲོས་པའི་སྐུར་བསྐྱེད་ལ་གཟུངས་མ་དམ་ཅན་དབང་དུ་བྱ་བ་དང་། དེ་བཞིན་དུ་རིགས་ཀྱི་ཧེ་རུ་ཀ་བཞིར་


DNG010_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་ནས་སོ་སོའི་ཕྱག་རྒྱ་བསྒྱུར་བས་ལས་བཞི་བསྒྲུབ་པའོ། །གཉིས་པ་གཙོ་སེམས་ལ། དོན་གྱི་སེམས་དང་། སྟོངས་ཀྱི་སེམས་སོ། །དང་པོ་ནི། བདེན་པ་དབྱེར་མེད་སྤྱོད་ཡུལ་དང་བྲལ་བའི་དོན་ཁོང་དུ་ཆུད་ཅིང་བྱང་ཆུབ་ཀྱི་སེམས་དང་ལྡན་པ་ནི་ལས་བཞི་ཀ་ལ་ཁྱབ་བྱེད་དུ་དགོས་པ་རྒྱུའི་སེམས་ཏེ། སྦྱིན་སྲེག་རྩ་བ་ལས། རང་རིག་སངས་རྒྱས་ཀུན་གྱི་དངོས། །ཐམས་ཅད་རང་དབང་བསྒྱུར་བདག་ཕྱིར། །སྒྲུབ་པའི་གཙོ་བོར་འདི་གསུངས་སོ། །ཞེས་སོ། །འདི་ལྟར་ལྡན་ན་ལས་བཞི་ཀ་ལྷུན་གྲུབ་ཏུ་འགྲུབ་པར་གསུངས་ཏེ།སྤྱན་འགྲེལ་ལས། རང་རིག་པ་ཉིད་ཡེ་ཤེས་སྒྱུ་མར་རང་གསལ་བར་རྟོགས་པའི་རིག་པས། རིག་པ་མཉམ་པའི་དབྱིངས་ཉིད་ལས། གཞིའི་དངོས་གཞི་ཡིན་པར་རྟོགས་པས་མ་འདྲེས་ལ་ཡོངས་སུ་རྫོགས་པར་རིག་ནས་ལས་གང་བྱེད་ཀྱང་སྩོལ་བར་ཐལ་བ་མེད་དེ། བྱས་ལ་མི་འཛིན་པར་དོན་མཛད་པས་བཞི་ཀའི་འབྲས་བུ་འགྲུབ་པའང་བྱས་ནས་བྱུང་བ་མིན་ཏེ། ལྷུན་གྱིས་གྲུབ་པར་ཤར་པའོ། །དེ་བས་ན་ལས་གཅིག་གིས་འབྲས་བུ་བཞི་འགྲུབ་པའང་མི་འདོད་པ་མ་ཡིན་ནོ། །ཞེས་སོ། །གཞན་དུ་མཆོད་རྟེན་གྱི་སྒོ་ནས་ལས་བྱ་བའི་སྐབས་དོན་གྲུབ་ཀྱི་ཏིང་ངེ་འཛིན་གྱི་སྒོ་ནས་བཏབ་ཀྱང་ལས་བཞི་ཀ་འགྲུབ་པར་གསུངས་སོ། །གཉིས་པ་ནི།མཐུན་པའི་གྲོགས་བྱེད་པའི་ཕྱིར་རྐྱེན་གྱི་སེམས་ཏེ། ལས་བཞིའི་ཀུན་ཏུ་སློང་བའི་བསམ་པའོ། །དེ་ཡང་ཞི་བ་ལ་ཞི་ཞིང་དྭངས་པ། རྒྱས་པ་ལ་སྤྲོ་ཞིང་དགའ་བ།དབང་ལ་ཆགས་ཤིང་ཞེན་པ། དྲག་པོ་ལ་ཞེ་སྡང་ཁྲོས་པའི་སེམས་ཏེ། འདི་ཉིད་ལས། དང་བས་དགའ་བ་ཆགས་པ་དང་། །ཁྲོས་པས་ཀཱ་ལི་རབ་ཏུ་བྱ། །ཞེས་སོ། །གསུམ་པ་གཟུངས་མ་ནི། འདི་ཉིད་ལས། ལྗོན་པ་དང་ནི་ལྕུག་ཕྲན་ཚལ། །སྡོང་གཅིག་དང་ནི་མེས་རེག་དང་། །ཞེས་པའི་དོན་འགྲེལ་ཆུང་དུ།ཞི་རྒྱས་དབང་དྲག་ཕྱི་ནང་གསང་བའི་གནས། །ཞེས་གསུངས་པའི་སྐབས། ཕྱི་གནས་དང་། ནང་ཏིང་ངེ་འཛིན་བཞི་ལ་སྦྱར་ཞིང་། གསང་བའི་སྐབས་སུ་གཟུངས་མ་ལ་ངོས་བཟུང་སྟེ། དེ་ལས། མ་རྨས་པ་དང་པུ་ཏྲ་མང་འཕེལ་དང་། །སྐྱེ་བརྒྱུད་མེད་དང་བཀྲ་མི་ཤིས་གསང་བ། །ཞེས་གསུངས་པའི་


DNG010_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། དེ་ཡང་ཞི་བའི་ཡུམ་ལྗོན་ཤིང་ལྟ་བུ་ནི། དུང་ཅན་མའི་རིགས་བཞིན་དང་ལུས་མཛེས་པ་ལ་སོགས་པའི་མཚན་ཉིད་ཅན་ཏེ། སྒྱུ་འཕྲུལ་རྡོ་རྗེ་ལས། མདོག་དཀར་མོ་བང་ ལུས་ཆུང་སྐད་ཆེ་ལ། །བཞིན་ལུས་གཙུག་མཛེས་ཤིང་ཕུད་གཡས་སུ་འཁྱིལ། །ཡན་ལག་ཕྲ་འཇམ་སྐད་གསལ་ཞིང་། །རླུང་དཀར་ཡིན་མི་སྐྱོ་བས་ལྕི་བས་ཞི་བ་བྱ། །ཞེས་སོ། །རྒྱས་པའི་ཡུམ་ལྕུག་ཕྲན་གྱི་ཚལ་ལྟ་བུ་ནི། བན་གླང་ཅན་གྱི་རིགས་ཤ་རྒྱས་ཤིང་། སྤུན་མང་བ་ལ་སོགས་པ་སྟེ། དེ་ལས། ཟླ་དང་ཡན་ལག་མང་བ་དང་། །ཕྲ་ཞིང་ཤད་ལ་ཟབས་སུ་རིང་། །བཞིན་ལུས་སེར་ཞིང་གྲུ་བཞིར་གནས། །རྣ་འཕྱང་ཤ་དང་ནུ་མ་རྒྱས། །འཕེལ་བའི་དུས་སུ་འདི་དག་གཟུང་། །དབང་གི་ཡུམ་སྡོང་གཅིག་ལྟ་བུ་ནི། པདྨ་ཅན་གྱི་ལུས་བཞིན་ལུས་མཛེས་ཤིང་སྤུན་ཟླ་མེད་པ་ལ་སོགས་པ་སྟེ། དེ་ལས། བཞིན་མདོག་པད་འདྲ་དབྱིབས་སོགས་ཀ་མ། །སྨིན་དཀྱིས་རིང་ལ་ལུས་སྟོད་སྨད་ཕྱེད། །ལུས་ལ་ཆུ་ཀླུང་དྲི་ཞིམ་ཞིང་། །བདེ་བ་བསྐྱེད་པའི་མར་ལྡན་ཞིང་ཡལ་སྤུན་དང་བུ་ག་མེད། །འདི་ནི་སྡུད་པའི་མཆོག་ཏུ་འགྱུར། །ཞེས་སོ། །དྲག་པོའི་ཡུམ་ཤིང་མེས་རེག་པ་ལྟ་བུ་ནི། རི་མོ་ཅན་གྱི་རིགས་མདོག་ནག་ཅིང་ངག་གཏུམ་པ་ལ་སོགས་པ་སྟེ། དེ་ལས། མདོག་ནག་མོ་གྲུ་བཞིན་དབྱིབས་ གསུམ་རྩིད་མགོ་སྐྲ་ནག་ཅིང་རྩུབ་མ། །ཁྲོ་གཉེར་དང་བྱིས་པའི་གྱོལ་བག་ཆགས་པ་སོགས་ལུས་ལྡན་ཞིང་། །གཏུམ་ཞིང་བརླང་ཚིག་འཛེམ་བག་མེད། །གཙང་སྨེའི་རྟོག་བྲལ་གསོད་པར་བཤད། །ཅེས་སོ། །བཞི་པ་གང་གི་ཚེ་བྱ་བའི་དུས་ནི། ལས་སོ་སོའི་ཕྱི་ནང་གི་གདུལ་བྱ་གང་དང་གང་འདུལ་བའི་དུས་ལ་ནམ་བབས་ན་བྱ་བ་སྟེ། ཐུགས་ཐིག་ལས། ངོ་བོ་རྗེས་སུ་ཞི་བ་གཉིས། །ཕྱི་ལ་ནད་བགེགས་དགྲ་ཞི་དང་། །ནང་ལ་ཉོན་མོངས་རྟོག་ཞི་བ། །རྒྱས་པ་གཉིས་པོ་གསོ་དང་འཕེལ། །ན་ཤི་ལོ་ཐོག་སྲིའུ་གསོ། །ཚེ་དང་ལོངས་སྤྱོད་རིགས་བརྒྱུད་དང་། །བསོད་ནམས་བཞི་པོ་ནང་འབྲས་བུ། །དབང་ནི་དགུག་དང་བསྡུ་བ་གཉིས། །ཕྱི་རོལ་དྷ་རའི་རྣམ་པ་དགུག །མི་མཐུན་རྣམ་གཉིས་དབང་པོ་བསྒྱུར། །


DNG010_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

རང་སེམས་འབྲས་ལྔ་བསྡུ་བར་བྱ། །མངོན་སྤྱོད་བསྐྲད་དང་གནན་པ་དང་། །སྨྱོ་འབོག་བྱད་དང་བསྐམས་པ་དང་། །རྨོངས་དང་བརྟན་པོ་རྒྱུད་གཞན་ལའོ། །རང་གི་ཕྱི་ནང་དགྲ་བགེགས་འཇོམས། །ཞེས་སོ། །བཞི་པ་བྱེད་ཚུལ་གྱི་ཁྱད་པར་ནི། དེ་ལས། ཁྱད་པར་ཟག་བཅས་བར་ཆད་མེད། །མཐར་ཕྱིན་ལམ་གྱི་བྱེ་བ་འམ། །ཤེས་རབ་དབང་པོ་རྣམ་གསུམ་གྱིས། །ནུས་མཐུ་བྱིན་རླབས་ཡུལ་ངོ་བོ། །ཐབས་དང་གཞི་ཡི་ཁྱད་པར་ལ། །སྐས་ཀྱི་གདང་བུ་ཇི་ལྟ་བའོ། །ཞེས་སོ། །ལྔ་པ་སྐྱོན་ནི། དོན་གཉིས་མི་འགྲུབ་པ་ལ་སོགས་པ་སྟེ། དེ་ལས། མི་སྐོང་མི་འབྱོར་མི་རྫོགས་དང་། །དོན་གཉིས་མི་འགྲུབ་དེ་ཡི་སྐྱོན། །ཞེས་སོ། །དྲུག་པ་ཡོན་ཏན་ནི། དེ་ལས་བཟློག་པས་བདག་གཞན་གྱི་དོན་འགྲུབ་པ་སྟེ། འདི་ལྟར། བདེ་བ་དང་། ལོངས་སྤྱོད་པ་དང་། དབང་བསྒྱུར་བ་དང་། འདུལ་བའི་སྒོ་ནས་སོ། །དེ་ལྟར་ཡང་སྔ་མ་ལས། དེ་ལས་བཟློག་པའི་ཚུལ་ལྡན་པ། །ཡོན་ཏན་ཉིད་དུ་ཤེས་པར་བྱ། །ཞེས་སོ། །བདུན་པ་དོན་དུ་གཉེར་བ་སྒྲུབ་པ་ལ་དྲུག་ལས། དང་པོ་དགོས་ཆེད་ནི། གང་དོན་དུ་གཉེར་བའི་བསྒྲུབ་བྱ་གཉིས།མངོན་དུ་འགྱུར་བའི་ཆེད་དུ་སྟེ། ཐུགས་ཐིག་ལས། ཐུན་མོང་མཆོག་གི་དངོས་གྲུབ་རྣམས། །བདག་གཞན་དོན་ཐོབ་བཞི་ཡི་ཕྱིར། །ཞེས་སོ། །གཉིས་པ་ངོ་བོ་ནི། དམིགས་པའི་ཡུལ་ལ་འཇུག་པ་སྟེ། དེ་ལས། གང་གིས་གང་ཐོབ་འདོད་པ་དེ། །ཡན་ལག་ཀུན་ལྡན་གཉེར་བོད་པའོ། །ཞེས་སོ། །གསུམ་པ་སྒྲ་དོན་ནི། སིདྡྷིའི་སྒྲ་ལས་དངོས་གྲུབ་སྟེ་བསྒྲུབ་བྱའོ། །སཱ་དྷ་ནའི་སྒྲ་ལས་ཀུན་ཏུ་ལེན་པ་སྟེ། འདིས་འདོད་པའི་དོན་ལེན་ཅིང་ཐོབ་པར་བྱེད་པའམ་སྒྲུབ་པར་བྱེད་པའི་ཕྱིར་སྒྲུབ་པའོ། །དེ་སྐད་དུའང་ཧེ་རུ་ཀ་འདུས་པ་ལས། རིག་འཛིན་ལམ་དང་འབྲས་བུ་དང་། །ཚེ་དང་པྲ་དང་རོ་ལངས་དང་། །རྐང་མགྱོགས་མཁའ་འགྲོ་ལ་སོགས་པ། །བསྒྲུབས་པས་སྒྲུབ་པ་ཉིད་དུ་བཤད། །ཅེས་སོ། །བཞི་པ་རྣམ་གྲངས་ལ། དངོས་དང་། ཞོར་ལ་དུས་སོ། །དང་པོ་ལ། བསྒྲུབ་པ་དང་། དེའི་ཆ་རྐྱེན་ནོ། །དང་པོ་སྒྲུབ་པ་ལའང་། ཐུན་མཆོག་གཉིས་ཀྱི་ཁྱད་པར་དང་། ཁྱད་


DNG010_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཅན་གྱི་བསྒྲུབ་པ་བཤད་པའོ། །དང་པོ་ནི། གང་ཞིག་ལྷ་ཆེན་པོ་སོགས་འཇིག་རྟེན་འདིའི་དགོས་པ་གཙོ་བོར་བསྒྲུབ་པ་ནི་ཐུན་མོང་། རྡོ་རྗེ་སེམས་དཔའ་ལ་སོགས་པ་འདས་པ་གཙོ་བོར་བསྒྲུབ་ན་མཆོག་གི་བསྒྲུབ་པའོ། །ཡང་སྒྲུབ་ཐབས་འགའ་ཞིག་གི་སྒོར་ཞུགས་ནས་མཐར་ཕྱིན་པར་བསྒྲུབས་ཀྱང་དངོས་སུ་མྱང་འདས་མི་ཐོབ་ན་ཐུན་མོང་། ཡང་སྒྲུབ་ཐབས་འགའ་ཞིག་གི་སྒོར་ཞུགས་ནས་མཐར་ཕྱིན་པར་བསྒྲུབས་པས་དངོས་སུ་མྱང་འདས་ཐོབ་པ་ནི་མཆོག་གི་བསྒྲུབ་པའོ། །གཉིས་པ་ལ། ཐུན་མོང་དང་། མཆོག་གི་བསྒྲུབ་པ་བཤད་པའོ། །དང་པོ་ནི། སྤྱིར་རྒྱུད་རྣམས་སུ། ཐུན་མོང་གི་དངོས་གྲུབ་ལས་ཆེན་བརྒྱད་དང་། གྲུབ་ཆེན་བརྒྱད་གསུངས་ཏེ། དེ་ལ་ལས་བརྒྱད་ནི། ཧེ་བཛྲ་ལས། དབང་དང་། མངོན་སྤྱོད་དང་། དགྲའི་སྡེ་འཇིག་པ་དང་། བསྐྲད་པ་དང་། གསད་པ་དང་། དགུག་པ་དང་། ཞི་བ་དང་། རྒྱས་པར་ཡང་དག་པར་འགྲུབ་པར་འགྱུར་རོ། །ཞེས་སོ། །གྲུབ་པ་བརྒྱད་ནི། གུར་ལས།གང་ཕྱིར་དེ་ནི་དཀའ་བ་མིན། །མིག་སྨན་དང་ནི་རྐང་མགྱོགས་དང་། །རལ་གྲི་དང་ནི་ས་འོག་འགྲུབ། །རི་ལུ་དང་ནི་མཁའ་སྤྱོད་ཉིད། །མི་སྣང་བ་དང་བཅུད་ཀྱིས་ལེན། །གར་ཕྱིར་དེས་ནི་རྡོ་རྗེ་འཛིན། །མཉེས་པར་བྱས་ལས་མྱུར་དུ་འཐོབ། །ཅེས་གསུངས། ཁྱད་པར་གསང་བ་སྒྱུ་འཕྲུལ་པའི་ལུགས་ལ་བཤད་རྒྱུད་རྒྱས་པར་ཐུན་མོང་གི་དངོས་གྲུབ་མང་དུ་གསུངས་ཏེ། འདི་ལྟར་ཁོག་གཞུང་ལས། རོ་ལངས་ཚེ་དང་པྲ་བསྒྲུབ་དང་། །ལྷ་ཆེན་པོ་དང་རྒྱལ་པོ་བཞི། །གདུག་པ་ཀླུ་འདུལ་རྒྱལ་བློན་གྱི། །ཆུང་མ་དབང་དུ་བྱ་བ་གཉིས། །ཡུལ་ཁམས་ཅེ་སྤྱང་རྐང་མགྱོགས་བསྐྲད། །མི་སྣང་གཟུགས་བསྒྲུབ་ལྷ་ཀླུ་མོ། །རྒྱལ་བློན་དམག་དཔོན་ཞང་བློན་བསྒྲུབ། །ཚེ་འདིའི་ཆེད་ཕྱིར་འཇིག་རྟེན་པའོ། །ཞེས་གསུངས་ཀྱང་། རྩ་བའི་རྒྱུད་འདིར་ཐུན་མོང་གི་སྒྲུབ་པ་བཅུ་དགུ་གསུངས་ཏེ།གང་ཞེ་ན། ཡོན་ཏན་འབྱུང་བའི་དངོས་གྲུབ་དྲུག །འབྱུང་ལྔའི་དངོས་གྲུབ་ལྔ། ལས་ཕྲན་ཚེགས་ཀྱི་དངོས་གྲུབ་བརྒྱད་བསྒྲུབ་པའོ། །དང་པོ་ནི། བདུད་རྩིར་འགྱུར་ཞིང་འབྱུང་བ་དང་། །བཞི་བརྒྱ་


DNG010_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བཞིའི་ནད་སེལ་ཞིང་། །ལོངས་སྤྱོད་འབྱུང་ཞིང་ངན་སོང་སྦྱང་། །ཅི་ཡང་གཞན་དུ་འགྱུར་བ་འགྲུབ། །ཅེས་པས།ཟས་དུག་ཅན་སོགས་བསྒྱུར་གཞི་ལ་ཡི་གེ་བཀོད་དེ་འཕྲོ་འདུའི་སྒོ་ནས། དུག་བདུད་རྩིར་བསྒྱུར་བ་དང་། འདོད་བྱ་གཞན་ཡང་ཇི་ལྟར་དམིགས་པ་བཞིན་འགྲུབ་པ་དང་། ནད་ཞི་བ་དང་། ལོངས་སྤྱོད་འབྱུང་བ་དང་། ངན་འགྲོའི་སྒྲིབ་པ་སྦྱོང་བ་དང་། བྱེ་མ་ལས་གསེར་དང་སོལ་བ་ལས་ལྗོན་པ་སོགས་སྣང་བ་མི་མཐུན་པ་གཞན་དུ་འགྱུར་བ་རྣམས་སོ། །གཞན་ཡང་བཤད་རྒྱུད་དང་སྦྱར་ཏེ་བཤད་ན། རྒྱས་པའི་ལེའུ་བདུན་ཅུ་པར་ཐུན་མོང་གི་བདུད་རྩི་རོ་ལངས་སྒྲུབ་པ་བསྟན་པ་ནི་རྐང་པ་དང་པོ་གཉིས་ཀྱི་དོན་དུ་བཞེད་ཅིང་། འདི་ཉིད་ལས།ཡིད་བཞིན་སྐུ་དང་བདུད་རྩི་འགྲུབ། །ཅེས་པའང་སྦྱར་དུ་རུང་ངོ་། །ཞེ་གཅིག་པར་རྡོ་རྗེ་རིགས་ཀྱི་རྐང་མགྱོགས་ཅེ་སྤྱང་དང་། སངས་རྒྱས་རིགས་ཀྱི་རྒྱལ་པོ།རིན་ཆེན་རིགས་ཀྱི་བློན་པོ་ནོར་མང་། པད་རིགས་ཀྱི་ཞང་བློན་དབང་ཆེན།ལས་རིགས་ཀྱི་དམག་དཔོན་སྒྲུབ་པ་རྣམས་གསུངས་པ་ལས། འདིར་རྐང་པ་གསུམ་པའི་ལོངས་སྤྱོད་འབྱུང་བ་ནི་གཙོ་བོར་རིན་ཆེན་རིགས་ཀྱི་སྒྲུབ་པ་དང་། ངན་སོང་སྦྱོང་བ་ནི་ཅེ་སྤྱང་སྒྲུབ་པའི་སྐབས་ཀྱི་ཨ་ལ་སེམས་སྦྱངས་ནས་ཧཱུཾ་དུ་བསྒོམས་ཏེ་བདག་ལུས་སྦྱང་བས་བསྟན་པར་བཞེད་དོ། ཅི་ཡང་གཞན་དུ་འགྱུར་བ་ནི། ལེའུ་སོ་བརྒྱད་པ་ནས་རྐང་མགྱོགས་དང་རི་ལུ་མི་སྣང་བསྒྲུབ་པ། རེ་བཞི་པ་ནས་ཚེ་སྒྲུབ་པ། རེ་ལྔ་པ་ནས་པྲ་སྒྲུབ་པ་སོགས་མང་དུ་གསུངས་པ་དང་།འདི་ཉིད་ལས། ཆོས་ཀྱི་དངོས་གྲུབ་ཐོབ་པར་འགྱུར། །ཞེས་དང་། ཐམས་ཅད་ཐམས་ཅད་འགྲུབ་པར་འགྱུར། །ཞེས་བྱ་བ་རྣམས་སོ། །གཉིས་པ་ནི།ནམ་མཁའ་རྡོ་རྗེ་སྲ་འབྱུང་ཞིང་། །འབར་ནས་མེ་ཡང་འཚིག་པ་དང་། །ཆུར་འགྱུར་འབབ་པའང་དེ་བཞིན་ཏེ། །འཇིག་རྟེན་ཁམས་ནི་འཐོར་བ་དང་། །ཐམས་ཅད་སྟོངས་ཤིང་ལྷུང་བར་འགྱུར། །ཞེས་སོ། །དེའི་དོན་འགྲེལ་བསྒྲུབ་ལྟར་ན། ནམ་མཁའ་ལ་རྡོ་རྗེའི་སྐས་བསྒོམ་པས་སྲ་བའི་སྐས་འབྱུང་བ་དང་།དེ་བཞིན་དུ་ལག་མཐིལ་ལ་ཡི་གེ་རཾ་ཡཾ་ཁཾ་བཀོད་པས་ཡེ་ཤེས་ཀྱི་མེ་ཆུ་རླུང་དུ་གྱུར་ཏེ། ཐ་མལ་གྱི་མེ་ཉིད་ཀྱང་སྲེག་པར་བྱེད་པ་


DNG010_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཆུའང་དག་པར་བྱེད་པ་དང་། རླུང་ཡང་འཐོར་བར་བྱེད་ལ། ཡི་གེ་ཨེ་བཀོད་དེ་འཕྲོ་འདུས་སྦྱངས་ན་འཇིག་རྟེན་གྱི་ཁམས་ཀུན་སྟོངས་ཤིང་གཞོལ་ཕྱོགས་སུ་ལྷུང་བར་འགྱུར་བ་ཉིད་དོ། །གཞན་དུ་བཤད་རྒྱུད་དང་སྦྱར་ན། རྒྱས་པའི་སོ་བརྒྱད་པ་ལས། མི་གནས་ནམ་མཁའི་མཐའ་ཀླས་པར། །གོམ་པ་འདོར་བས་འགྲོ་བ་དང་། །ཆུ་ལ་ས་བཞིན་འགྲོ་བ་དང་། །བསྲེག་བྱ་འབར་བའི་དབུས་གནས་དང་། །ཚ་བ་རླུང་གིས་བཏེགས་ནས་ཀྱང་། །ཕྱོགས་བཅུ་ཀུན་ཏུ་ཕྱིན་པར་འགྱུར། །ཞེས་འབྱུང་བ་ལ་ཐོགས་མེད་དུ་སྤྱོད་པའི་རྫུ་འཕྲུལ་རྣམས་ཏེ། འདིར་ཡང་། འཛུལ་ལམ་ནམ་མཁར་འགྲོ་བར་འགྱུར། །ཞེས་མཚོན་ཙམ་ཞིག་བསྟན་ཏོ། །གསུམ་པ་ནི།དགུག་དང་གཏང་དང་བཅིང་དང་དགྲོལ། །གསོ་དང་གསད་དང་འཕམ་དང་རྒྱལ། །ཞེས་པ་སྟེ། དགྲ་བགེགས་དགུག་པ་དང་གླིང་ཁམས་གཞན་དུ་གཏང་བ་སོགས་ལས་བརྒྱད་པོ་འདི་དག་གཅིག་སྤྲོས་ལས་སུ་རུང་བའི་རྣལ་འབྱོར་པས་ཏིང་ངེ་འཛིན་གྱི་སྒོ་ནས་བྱ་བར་གསུངས་ཏེ། ཏིང་འཛིན་འདི་ཡིས་བྱེད་པར་འགྱུར། །ཞེས་སོ། །ཡང་ན། དགུག་དང་བཅིང་བ་ནི་དབང་གི་ལས་ཏེ། རྒྱས་པའི་སོ་བརྒྱད་པར་ཡུལ་ཁམས་དབང་དུ་བྱ་བ་དང་། ཞེ་ལྔ་པར་རྒྱལ་བློན་གྱི་ཆུང་མ་དང་ལྷ་ཆེན་པོ་གཞན་གྱི་ཆུང་མ་དབང་དུ་བྱ་བ་སོགས་རྒྱས་པར་བསྟན་པ་རྣམས་སོ། །གཏང་གསད་འཕམ་གསུམ་ནི་དྲག་པོའི་ལས་ཏེ། དེ་ལས་གཏང་བ་ནི། སོ་བརྒྱད་པར། དྲག་པོ་ལྕེ་ཡི་སྦྱོར་བ་ཡིས། །གླིང་ཁམས་གཞན་དུ་ཤིན་ཏུ་གཏང་། །ཞེས་དགྲ་བགེགས་བསྐྲད་པའི་ལས་དང་། ཞེ་དྲུག་པར་རང་གི་གནས་ན་ཀླུ་ཡོད་པ་བསྐྲད་པའི་ལས་གསུངས་པ་སོགས་སོ། །དགྲོལ་བ་ནི་ཞི་བའི་ལས་ཏེ། ལེའུ་དེ་ལས། གཟུངས་མ་ཀླུའི་བྱད་དུ་བཅུག་པ་འགྲོལ་ཐབས་བཤད་པ་སོགས་སོ། །གསོ་བ་དང་རྒྱལ་བ་ནི་རྒྱས་པའི་ལས་ཏེ། དེའང་ནད་གསོ་བ་ནི་འཁོར་ཀླུ་ནད་ཀྱིས་ཟིན་པ་གསོ་བ། །ཞེ་དྲུག་པར། རྫས་ལ་མེ་ནི་རབ་སྦར་ནས། །ང་ཡི་སྙིང་པོ་བརྗོད་ནས་དབྱུང་། །ཞེས་པ་དང་། ཤི་བ་གསོ་བ་ནི་རོ་ལངས་སྒྲུབ་པའི་ལེའུ་དང་། ཚེ་གསོ་བ་ནི་རེ་བཞི་པ་ལས་སོ། །གསད་པ་ནི། དགྲ་བགེགས་གསད་པ་ལེའུ་ང་དྲུག་


DNG010_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསྟན་པ་སྟེ། དམ་པའི་ཆོས་འཇིག་མ་རུངས་པ། །དཔའ་བོས་དགོས་པ་ཡོད་པའི་ཕྱིར། །ཀུན་ལ་ཕན་པ་དེ་གྱིས་ཤིག །ཅེས་པའོ། །འཕམ་པ་དང་རྒྱལ་བའི་ལས་ནི། གཞན་གྱི་གཡུལ་འཕམ་པ་དང་། རང་གི་གཡུལ་རྒྱལ་བར་བྱ་བ་སྟེ། ཞེ་གཅིག་པར་དམག་མང་མཐུ་ཆེན་བསྒྲུབ་པ་དང་།རེ་དྲུག་པར་མ་ཧཱ་དེ་བ་དང་རྒྱལ་པོ་སྡེ་བཞི་སྒྲུབ་པ་ལ་སོགས་པས་སྟོན་ཅིང་། འདིར་ཡང་། འབར་བའི་རྒྱལ་པོ་ཐུབ་མེད་འགྲུབ། །ཅེས་པ་ལ་ངོས་བཟུང་དུ་རུང་ངོ་། །གཉིས་པ་མཆོག་གི་བསྒྲུབ་པ་ནི། འདིར། སྒྱུ་འཕྲུལ་དཀྱིལ་འཁོར་བཞི་བཅུ་གཉིས། །དྲ་བའི་དཀྱིལ་འཁོར་མངོན་རྫོགས་པས། །ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི། །དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར། །ཞེས་མཚོན་ཙམ་གསུངས་པ་བཤད་རྒྱུད་ཀྱིས་ཁ་བསྐང་སྟེ་བཤད་ན། ཁོག་གཞུང་ལས། ཡི་གེ་སྒྱུ་འཕྲུལ་ཚོགས་བསྒྲུབ་དང་། །རྡོ་རྗེ་སེམས་དང་སྨན་བསྒྲུབ་དང་། །རིགས་ལྔ་བསྒྲུབ་དང་ཡུམ་ལྔ་སེམས། །བྱིན་དབབ་བསྒྲུབ་པ་རྣམ་གཉིས་སོ། །ཞེས་སོ། །དེ་ལ་ཡི་གེ་སྒྱུ་འཕྲུལ་ནི། དཔེར་ན་རིན་པོ་ཆེའི་སྤྲིན་ལས་རིན་པོ་ཆེའི་ཆར་འབེབས་པ་ལྟར། ཡི་གེ་སྒྱུ་འཕྲུལ་གྱི་ཏིང་ངེ་འཛིན་གྱིས་དངོས་གྲུབ་སྣ་ཚོགས་སུ་འགྱུར་བ་སྟེ། སེམས་ཉིད་ཡི་གེའི་རང་བཞིན་ཏེ། །ཡི་གེ་ཡིད་བཞིན་རིན་ཆེན་སྤྲིན། །སྒྱུ་འཕྲུལ་དཀྱིལ་འཁོར་བཞི་བཅུ་གཉིས། །ཞེས་སོགས་སོ། །དེའང་ཡི་གེའི་ཏིང་ངེ་འཛིན་ལ་བརྟན་པ་ཐོབ་ནས་འདོད་དོན་སྣ་ཚོགས་སུ་བསྒྱུར་བས། དེ་ལྟར་བསྒྲུབ་པའི་ཕྱིར། འདི་ནི་དངོས་གྲུབ་ཐམས་ཅད་ཀྱི་གཞིར་གསུངས་སོ། །ཚོགས་བསྒྲུབ་ནི། ཚོགས་ཀྱི་དཀྱིལ་འཁོར་གྱི་སྒོ་ནས་ཨཱ་ལི་ཀཱ་ལི་ལ་སོགས་པའི་ཡོ་བྱད་ལ་རོལ་ཅིང་དངོས་གྲུབ་སྒྲུབ་པའི་ཐབས་གསུངས་པ་རྣམས་སོ། །རྡོར་སེམས་བསྒྲུབ་པ་ནི་རྒྱས་པའི་ཉེར་གཉིས་པ་དེ་སྒྲུབ་པའི་ལེའུ་དང་། དོན་བཞི་པ་ཞལ་མཐོང་གི་ལེའུ་ལའང་ངོས་གཟུང་དུ་རུང་ངོ་། །སྨན་བསྒྲུབ་ནི་ལེའུ་བཞི་བཅུ་པར། མཚམས་གཅད་ལ་དཀྱིལ་འཁོར་བྲི་བ་དང་། སྨན་བཀོད་ལ་རིགས་བརྒྱས་སྦྱང་བ་དང་། བཏག་བཙག་བྱས་ལ་རིགས་ལྔས་སྦྱང་བ་དང་། བུམ་པར་


DNG010_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

གྲིལ་ལ་རིགས་གཅིག་གིས་སྦྱང་བ་སོགས་གསུངས་སོ། །རིགས་ལྔ་ཡབ་ཡུམ་བསྒྲུབ་པ་ནི་སོ་དགུ་པའི་སྟོད་དང་། དབབ་པ་ནི་ཞེ་གཉིས་པས་བསྟན། སེམས་མ་བསྒྲུབས་ཤིང་དབབ་པ་ནི་ཞེ་བཞི་པར་གསུངས་སོ། །མདོར་ན། མཆོག་དང་ཐུན་མོང་གི་དངོས་གྲུབ་དེ་དག་སྒྲུབ་པའི་ཚུལ་གཙོ་བོར་སྟོན་པ་ནི་ཚོགས་བསྒྲུབ་ཡིན་ལ། དེ་ཡང་གཞི་ཕུན་སུམ་ཚོགས་པ་ལྔས་བཟུང་ནས་བསྙེན་བསྒྲུབ་བཞིའི་ཐབས་ཀྱིས་བསྒྲུབ་བྱ་དོན་དུ་གཉེར་བ་ཞིག་སྟེ། སྔར་དཀྱིལ་འཁོར་གྱི་སྐབས་སུ་རྒྱས་པར་བཤད་གྲུབ་བོ། །གཞན་ཡང་བསྙེན་བསྒྲུབ་ཀྱི་ཆར་གཏོགས་པའི་ལས་དང་། བྱ་བ་དང་། ཏིང་ངེ་འཛིན་ལ་སོགས་པའི་ཐབས་དང་། དེ་དག་གི་ཆ་ཤས་ལ་བརྟེན་པའི་སྒོ་ནས་དངོས་གྲུབ་རྣམ་པ་གཉིས་སྒྲུབ་པའི་ཐབས་སོ་སོ་བྱེ་བྲག་ཏུ་གསུངས་པ་རྣམས་ནི་འདིར་ཡི་གེས་འཇིགས་ནས་མ་བཀོད་ཀྱི། སྤྲོ་ན་སྒྱུ་འཕྲུལ་རྒྱས་པ་དང་རྒྱ་མཚོ་སོགས་བཤད་རྒྱུད་རྣམས་དང་། བླ་མ་དམ་པའི་ཞལ་ལས་ཤེས་པར་བྱའོ། །གཉིས་པ་ཆ་རྐྱེན་ནི། རྒྱུད་དོན་གཞན་དགུ་ཀ་བསྒྲུབ་པའི་ཆ་རྐྱེན་དུ་འགྱུར་ཏེ། ཐམས་ཅད་ཀྱང་བདག་གཞན་གྱི་ཐར་པ་དང་བདེ་བ་སྒྲུབ་པའི་ཆེད་དུ་གསུངས་པའི་ཕྱིར། དེ་ལྟར་ཡང་། ཁོག་གཞུང་ལས། སྐབས་ཀྱི་གཙོ་དང་གྲོགས་པོ་བསྡུ། །དེ་ཡང་བདག་གཞན་དོན་དུའོ། །ཞེས་སོ། །གཉིས་པ་དུས་ནི། སྔགས་ཀྱི་ཡན་ལག་ལྔ་དང་ཕྱག་རྒྱ་གཅིག་སྤྲོས་ཀྱི་ཏིང་ངེ་འཛིན་ལ་བརྟན་པ་ཐོབ་པར་བྱས་ནས་བསྒྲུབ་པ་ལ་ཞུགས་ན་དངོས་གྲུབ་རྣམ་པ་གཉིས་གདོན་མི་ཟ་བར་འགྲུབ་པར་འགྱུར་ཏེ། འདི་ཉིད་ལས། སྔགས་དང་ཕྱག་རྒྱ་རབ་བརྟན་ན། །དངོས་གྲུབ་ཡ་མཚན་ཆེན་པོར་འགྱུར། །ཞེས་དང་། སྤྱན་འགྲེལ་ལས། བདག་ཕྱིར་དེ་བཞིན་གཞན་ཕྱིར་རུང་། །རྣལ་འབྱོར་རྗེས་མཐུན་སྐབས་སུ་བརྩམ། །སྤྲོས་བཅས་བརྟན་ན་ཐེ་ཚོམ་མེད། །དེ་ཚེ་ཚོམ་བུ་བསྒྲུབ་པར་བྱ། །ཞེས་སོ། །ལྔ་པ་སྐྱོན་ནི་སྒྲུབ་པའི་ཐབས་ཡལ་བར་དོར་ན་བསྒྲུབ་བྱའི་དོན་མི་འགྲུབ་སྟེ། ཐུགས་ཐིག་ལས། ཡལ་བས་མི་འགྱང་མི་ཐོབ་བཅུ། །བྱེ་བྲག་རྒྱས་པ་ཁོང་དུ་ཆུད། །ཅེས་སོ། །དྲུག་པ་ཡོན་ཏན་ནི། སྔ་མའི་འཕྲོས་ལས། དེ་


DNG010_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བཟློག་པ་འདི་ཕྱི་མར། །ལྔ་ལྔས་ཐོབ་པས་དོན་གཉེར་རྫོགས། །ཞེས་གསུངས་སོ། །གཞན་ཡང་འདི་ཉིད་ལས། དབང་བསྒྱུར་རིགས་ཀྱི་དམ་པ་འགྲུབ། །ཅེས་དང་། དེ་ཚེ་བཅུ་དྲུག་ཚུན་ཆད་ཀྱིས། །སྐུ་ལྔ་ལྷུན་གྱིས་རྫོགས་པ་ནི། །ཞེས་སོ། །བརྒྱད་པ་མི་གཡོ་བ་ཏིང་ངེ་འཛིན་ལ་དྲུག་ལས། དང་པོ་དགོས་ཆེད་ནི། རྟོགས་པའི་དོན་ལ་མ་ཡེངས་པར་དབང་བསྒྱུར་བས་སེམས་ལས་སུ་རུང་བར་བྱེད་པ་སྟེ། འདི་ཉིད་ལས། དངོས་རྣམས་ཉིད་ན་དངོས་མེད་པར། །རྟོགས་པའི་དབང་བསྒྱུར་ཏིང་འཛིན་ཡིན། །ཞེས་སོ། །གཉིས་པ་ངོ་བོ་ནི།བསྒོམ་ཐབས་ཀྱི་བསྒོམ་བྱ་ལས་མི་གཡོ་བར་གནས་པའི་སེམས་རྩེ་གཅིག་པའོ། །དེ་ལྟར་ཡང་། གང་གིས་གླང་ཆེན་མྱོས་འདྲའི་སེམས། །མཉམ་པར་བཞག་པས་བཏུལ་ནས་སུ། །ཞེས་སོ། །གསུམ་པ་སྒྲ་དོན་ནི། ས་མ་དྷཱིའི་སྒྲ་ལས་མཉམ་པའི་བློ་སྟེ། སེམས་རྩེ་གཅིག་ཏུ་ཟིན་པས་བསྒོམ་བྱ་མི་གཏོང་བའི་ཕྱིར། ཧེ་རུ་ཀ་འདུས་པ་ལས། གང་དང་གང་དུ་གསལ་བའི་ཡིད། །མ་ཡེངས་པ་ཉིད་ཏིང་འཛིན་ཏེ། །ཞེས་སོ། །བཞི་པ་རྣམ་གྲངས་ལ། བསྒོམ་བྱ་ངོས་བཟུང་བ། དེ་ཏིང་ངེ་འཛིན་གྱིས་ཇི་ལྟར་བསྒོམ་པའི་ཐབས་སོ། །དང་པོ་ནི། ཨིནྡྲ་བྷཱུ་ཏིའི་རིམ་གཉིས་ལས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །རིམ་པ་གཉིས་ལ་ཡང་དག་གནས། །བསྐྱེད་པ་ཡི་ནི་རིམ་པ་དང་། །རྫོགས་པ་ཡི་ནི་རིམ་པའོ། །ཞེས་པས་རིམ་པ་གཉིས་སོ། །དེ་ལྟར་ངེས་པའི་རྒྱུ་མཚན་ཡང་། ལམ་གྱི་བསྒྲུབ་གཞི་ནི། ཁམས་བདེ་བར་གཤེགས་པའི་སྙིང་པོ་ཡིན་ལ། དེ་ཉིད་ཡེ་ནས་དག་པ་ལྷའི་དཀྱིལ་འཁོར་དུ་གྲུབ་པ་ནི་དམ་ཚིག་སེམས་དཔའ་དང་། སངས་རྒྱས་ཐམས་ཅད་ཀྱི་སྐུ་ནི་ཡེ་ཤེས་སེམས་དཔའ་སྟེ། དེ་གཉིས་གདོད་ནས་དབྱེར་མེད་པ་ནི་དམ་ཡེ་གཉིས་མེད་དུ་བྱས་པའི་དོན་ནོ། །དེ་ལྟར་ཡིན་མོད་ཀྱང་མ་རྟོགས་ཏེ། ཐ་དད་དུ་འཁྲུལ་པའི་འཁྲུལ་པ་ལ་གློ་བུར་གྱི་ཆ་དང་། ས་བོན་གྱི་ཆ་གཉིས་ལས། དང་པོ་བསྐྱེད་རིམ་དང་། ཕྱི་མ་རྫོགས་རིམ་གྱི་ལམ་གྱི་སྦྱང་བྱར་གྱུར་པའོ། །དེའི་ཕྱིར། སྦྱང་གཞི་ཉིད་གློ་བུར་བག་ཆགས་ཀྱི་དབང་གིས་འཁོར་བར་སྣང་ཞིང་ཞེན་པ་འཆར་བ་འདི་


DNG010_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

དག །ད་ལྟ་ཉིད་ནས་སྦྱོང་བྱེད་བསྐྱེད་རིམ་གྱི་ལམ་གྱིས་དག་པའི་སྣང་བར་སྒྱུར་བར་བྱེད་པའོ། །དེ་བས་ན་རྟེན་དང་བརྟེན་པའི་འཁོར་ལོ་བསྒོམས་པས་སྦྱང་བྱར་བྱེད་པའི་དྲི་མ་སྣོད་བཅུད་རང་བཞིན་སོགས་འཁོར་བའི་ཆོས་སྣ་ཚོགས་པར་སྣང་བ་འདི་དག་སྲིད་པར་སྐྱེ་བ་བླངས་པ་ལ་བརྟེན་ནས་འཆར་བའི་ཕྱིར། འཁོར་བའི་ཆོས་ཀྱི་གཙོ་བོ་ནི་སྐྱེ་གནས་བཞི་ཡིན་པས། དེ་བཞིའི་བག་ཆགས་སྦྱང་བ་དང་སྒོ་བསྟུན་ནས་བསྐྱེད་རིམ་བསྒོམ་ཚུལ་བཞིར་ཀུན་མཁྱེན་ཆོས་རྗེའི་མན་ངག་གི་ཡི་གེར་གསུངས་ཏེ། ཇི་སྐད་དུ། སྐྱེ་གནས་བཞི་པོ་དག་བྱའི་ཕྱིར། །བསྐྱེད་པའང་དེ་བཞིན་རྣམ་པ་བཞི། །སྤྲོས་ཅན་སྤྲོས་དང་སྤྲོས་པ་མེད། །ཤིན་ཏུ་སྤྲོས་པ་མེད་བཞིའོ། །ཞེས་གསུང་བའི་དགོངས་པའོ། །མན་ངག་ལམ་རིམ་ལས་ནི། སྲིད་པའི་འཁོར་ལོའི་ཚུལ་བཞིན་དུ། །ཞེས་པའི་སྐབས་སུ། སྦྱང་གཞི་སྲིད་པ་མངལ་སྐྱེས་དང་། །རྫུས་སྐྱེས་གཉིས་དང་སྒོ་བསྟུན་ཏེ། །རིམ་ཅིག་ཅར་གཉིས་སུ་བཞེད་དོ། །འདིར་ཕྱི་མ་ལྟར་བཤད་ན། དང་པོ་རིམ་གྱིས་པ་ནི། འཆི་སྲིད་གཅིག་ནས་འཆི་སྲིད་གཅིག་ལ་ཐུག་གི་བར་སྐྱེ་འཆི་བར་དོ་གསུམ་ཕྲུགས་གཅིག་པོ་ནི་སྦྱང་གཞི་དང་། དེ་ཏིང་ཀུན་སྣང་ཕྱག་རྒྱ་གཅིག་སྤྲོས་རྣམས་ནི་སྦྱོང་བྱེད་གཉེན་པོའི་རིམ་པ་སྟེ། དེ་ལས།ཤི་བ་དོན་དམ་བདེན་པ་སྟེ། །སྐྱེ་བ་བར་མ་ཀུན་རྫོབ་ཡིན། །སྐྱེས་པའི་རིམ་གསུམ་གཉིས་མེད་དོན། །ཞེས་སོ། །དེའང་ཤི་བའི་ཚེ་ན་ཕྱི་ནང་གི་རྟོག་པ་འགགས་ནས་སྤྲོས་བྲལ་དུ་གནས་པ་དང་གཅིག་འོང་སྟེ། དེ་ཉིད་ཆོས་སྐུར་ངོ་སྤྲད་ནས་དེ་ཏིང་སྤྲོས་བྲལ་དུ་བསྒོམ་པའི་དཔེ་དང་བསླབ་གཞིའོ། །དེ་ལྟར་ཡང་ཐལ་རྒྱུད་ལས། འགྲོ་བ་མ་ལུས་ཐམས་ཅད་དག །གནས་པའི་སྟོབས་ནི་ཟད་པ་ན། །འདུས་པ་ལྔ་ཡི་རིམ་པ་ཡིས། །བག་ཆགས་སྙིགས་མ་རང་ཟད་ནས། །འོད་གསལ་སྟོང་པར་སྣང་བ་ན། །རེ་དོགས་མེད་པ་ནམ་མཁའ་བཞིན། །ཞེས་སོ། །དེ་ནས་བར་དོའི་ཚེ་སྤྱོད་ཡུལ་ཐམས་ཅད་སྒྱུ་མ་ལྟར་མཐོང་བ་ནི་ཀུན་སྣང་ལོངས་སྐུར་ངོ་སྤྲད་ནས་སྙིང་རྗེ་སྒྱུ་མ་བསྒོམ་པའི་དཔེ་དང་བསླབ་གཞི་སྟེ། དེ་ལས། བར་མར་སྒྱུ་མའི་ལུས་ཐོབ་པས། །མ་


DNG010_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

སྤངས་ལོངས་སྤྱོད་རྫོགས་པར་བཤད། །ཅེས་སོ། །དེ་ནས་བར་དོའི་རྣམ་ཤེས་དེ་མའི་མངལ་དུ་ཞུགས་ནས་སྐྱེས་པའི་རིམ་པ་གསུམ་ནི། ཕྱག་རྒྱ་གཅིག་སྤྲོས་ཚོགས་སྒྲུབ་གསུམ་སྟེ། སྐྱེ་སྲིད་སྤྲུལ་སྐུར་ངོ་སྤྲད་ནས་བསྒོམ་པའི་དཔེ་དང་བསླབ་གཞིའོ། །དེའང་སྔ་མ་ལས།ཉི་ཟླ་འདྲེས་ཤིང་ཟུང་འཇུག་པས། །སྤྲུལ་པ་གཟུགས་ཀྱི་སྐུར་འགྱུར་རོ། །ཞེས་སོ། །དེའང་ཅུང་ཟད་བཤད་ན། རིམ་དྲུག་ལས། རྣམ་ཤེས་ལྷུམས་སུ་ཞུགས་དང་སྦྱར། །ཞེས་པས་བར་དོའི་རྣམ་ཤེས་ཕ་མའི་ཁུ་ཁྲག་གི་དབུས་སུ་ཞུགས་པ་ལྟར་གསུང་ཡིག་འབྲུ་དང་། མེར་ནུར་ལྟར་མཁྲང་གི་གནས་སྐབས་ལྟར་ཐུགས་ཕྱག་མཚན་གྱི་ཆོ་ག་དང་། གོར་ཉ་རུས་སྦལ་ནས་ལུས་རྫོགས་ཏེ་བཙས་པ་ལྟར་སྐུ་ཡོངས་སུ་རྫོགས་པ་ཕྱག་རྒྱ་གཅིག་པའི་དཔེ་དང་བསླབ་གཞི་སྟེ། ཧེ་རུ་ཀ་གལ་པོ་ལས། བར་དོ་རང་རིག་བདེ་བའི་ཆ། །ཡི་གེ་ཧཱུཾ་དུ་གནས་པ་ཡིན། །ཕ་མའི་ཆ་ཤས་དུམ་བུ་ནི། །ཕྱག་མཚན་རྡོ་རྗེ་ཉིད་དུ་གྲུབ། །ཆེན་པོ་ལྔ་ལས་སྐུ་གྲུབ་པ། །ཡོངས་སུ་རྫོགས་པ་ཞེས་བྱའོ། །ཞེས་སོ། །དེའང་ཕ་མ་གཉིས་སྙོམས་པར་འཇུག་པ་ན། ཐོག་མར་རེག་པ་སྲ་བ་ས། །དེ་ནས་རིམ་པར་གཤེར་བ་ཆུ། །དྲོ་བ་མེ། བྱང་སེམས་གཡོ་བ་རླུང་། བདེ་བ་ནམ་མཁའི་ཁམས་ཉམས་སུ་མྱོང་སྟེ།དེ་ལྟར་འབྱུང་བ་ལྔ་དང་ཡེ་ཤེས་ཀྱི་ཁམས་དྲུག་འདུས་པ་ལས་གྲུབ་ཅིང་། ཕ་མའི་ཁུ་ཁྲག་བར་དོའི་རྣམ་ཤེས་རླུང་དང་བཅས་པ་སྐུ་གསུང་ཐུགས་ཀྱི་རང་བཞིན་ལས་ཆོ་ག་གསུམ་བསྐྱེད་དང་། གཞན་དུ་ཡེ་ཤེས་ལྔའི་རང་བཞིན་ལས་མངོན་བྱང་ལྔ་བསྐྱེད་སོགས་བླ་ན་མེད་པའི་རྒྱུད་སྡེ་རྣམས་སུ་རྒྱ་ཆེར་གསུངས་སོ། །དེ་ལྟར་བཙས་ནས་ལུས་རྫོགས་བུ་ཚ་འཁོར་འདབ་རྒྱས་པ་ནི་ཕྱག་རྒྱ་སྤྲོས་པ་དང་མཐུན་པ་སྟེ། རིམ་དྲུག་ལས། རྐྱེན་ལྡན་བུ་སོགས་རྒྱས་པ་སྟེ། །རིགས་ལ་སོགས་པ་རྒྱས་པར་བྱེད། །ཅེས་སོ། །དེ་ནས་ཡུལ་ནོར་གྱིས་བཅད་རིས་དང་ཁེ་གྲགས་བསྒྲུབ་པ་སོགས་ནི་ཚོགས་སྒྲུབ་ཀྱི་དཔེ་དང་བསླབ་གཞི་སྟེ། དེ་ལས། ཡུལ་ཟླ་ཟས་ནོར་དབང་བྱེད་པ། །ཆ་གཉིས་ལ་སོགས་འཇུག་པར་བྱེད། །ཅེས་སོ། །བཅུད་ཇི་ལྟ་བ་བཞིན་དུ་སྣོད་ཀྱི་འཇིག་རྟེན་ཆགས་


DNG010_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་དང་སྒོ་བསྟུན་ནས་རྟེན་གྱི་དཀྱིལ་འཁོར་རིམ་གྱིས་བསྒོམ་ཚུལ་ཀྱང་གསུངས་ཏེ། གལ་ཕྲེང་ལས། སྣོད་ཀྱི་རིམ་པ་བྱུང་ཚུལ་གྱིས། །རིམ་བརྩེགས་གཞལ་ཡས་གཞུང་བཞིན་བསྐྱེད། །ཅེས་སོ། །དེ་ལྟར་ན་སྲིད་པའི་འཁོར་ལོ་རིམ་གྱིས་ཆགས་པ་ནི་བསྐྱེད་པ་སྟེ། དེར་ཞེན་གྱི་ལས་དང་བག་ཆགས་སྦྱོང་བའི་ཕྱིར་ལམ་རྣལ་འབྱོར་གྱི་རིམ་པ་དེ་དང་མཐུན་པར་བསྒོམ་པ་ནི་སྦྱོང་བྱེད་དོ། །གཞན་དུ་སྲིད་པའི་འཁོར་ལོ་ཉིད་ལམ་ཏིང་འཛིན་ལ་བསླབ་པའི་གཞི་དང་། ཚུལ་འདྲ་བས་ན། བསླབ་གཞིའམ། དཔེ་དང་བསླབ་བྱར་འགྱུར་བའི་རྒྱུ་མཚན་ཡང་དེ་ཡིན་ཏེ། རིམ་དྲུག་ལས། རང་བཞིན་དག་པའི་སངས་རྒྱས་ཀྱང་། །ཐབས་དང་ལྷན་ཅིག་མི་གནས་ན། །གཟུང་འཛིན་འཆིང་བས་བཅིངས་པར་འགྱུར། །དེ་ཉིད་ཚུལ་གྱི་འཇུག་སོགས་ཀྱི། །རིམ་པ་ཡོངས་སུ་རྫོགས་པར་འགྱུར། །ལམ་གྱི་ཚུལ་ཡང་དེ་བཞིན་ཤེས། །ཞེས་སོ། །གཉིས་པ་གཅིག་ཅར་བ་ནི། རྫུས་སྐྱེས་སྐད་ཅིག་གིས་ལུས་འགྲུབ་པ་ལྟར་དྲན་རྫོགས་སུ་བསྐྱེད་པ་སྟེ། ལྷ་སྐུ་བསྒོམ་པའི་མན་ངག་ལས། །རིག་པ་ལྷ་རུ་རྫོགས་ཚུལ་གསལ། །ཞེས་སོ། །འདི་ལ་ཨིནྡྲ་བྷཱུ་ཏིས། བསྐྱེད་རིམ་པའི་རྫོགས་རིམ་དང་རྫོགས་རིམ་པའི་བསྐྱེད་རིམ་ཞེས་གསུངས་ཏེ། རིམ་གཉིས་ལས། དེ་ལྟར་ལྷ་རྣམས་བསྐྱེད་པ་ནི། །བསྐྱེད་པའི་རིམ་པར་གསུངས་པའོ། །ཏིང་འཛིན་དེ་ལ་ལེགས་གནས་ནས། །རྫོགས་པའི་རིམ་པ་འདོད་པ་ཡིས། །སྐད་ཅིག་ཉིད་ལ་ལྷ་རྣམས་གསལ། །རྫོགས་པའི་རིམ་པའི་བསྐྱེད་རིམ་སྟེ། །བསྐྱེད་པའི་རིམ་པའི་རྫོགས་པའོ། །ཞེས་སོ། །མདོར་ན་མ་དག་པའི་སྣང་བ་དག་པའི་སྣང་བར་བསྒྱུར་ཏེ་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་ནི་བསྐྱེད་རིམ། དེ་བདེ་སྟོང་གི་ཡེ་ཤེས་སུ་རྟོགས་པར་བྱ་བའི་ཕྱིར། མཚན་བཅས་རྩ་རླུང་ཐིག་ལེ་དང་། མཚན་མེད་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་བསྒོམ་པ་ནི་རྫོགས་རིམ་སྟེ། ཀུན་མཁྱེན་ཆེན་པོས། བསྐྱེད་རིམ་སྣང་འདིའི་བདེན་ཞེན་འགོག་པ་སྟེ། །རྫོགས་རིམ་སྒྱུ་མར་ཞེན་པའི་རྟོག་པ་སྤང་། །གང་ལ་སྣང་སྟོང་བདེན་ཞེན་མེད་པ་ན། །བསྐྱེད་རྫོགས་གཉིས་མེད་རང་བཞིན་དག་པ་ཡིན། །


DNG010_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་པ་ལྟར་སྔ་མས་སྣོད་བཅུད་རང་མཚན་པའི་བདེན་ཞེན་དང་། ཕྱི་མས་བསྐྱེད་རིམ་སོགས་སྒྱུ་མ་ལྟ་བུར་བསྒོམས་པའི་ཞེན་པ་ཅུང་ཟད་ཡོད་པ་སྦྱང་བ་ཡིན་ནོ། །གཉིས་པ་སྒོམ་ཐབས་ལ། གང་དུ་བསྒོམ་པའི་གནས། གང་ལ་བརྟེན་ནས་བསྒོམ་པའི་ཆ་རྐྱེན། གང་བསྒོམ་པའི་ཐབས་དངོས་གང་གི་ཚེ་བསྒོམ་པའི་དུས་སོ། །དང་པོ་ནི།ལམ་རིམ་ལས། སྐྱེས་བུ་སེང་གེ་བཞིན་རྒྱུ་བས། །ཞེས་པས་འཁོར་འདབ་དང་གཡེང་བ་སྤངས་ལ་ཡིད་དུ་འོང་བའི་གནས་དབེན་པར་བསྒོམ་དགོས་ཏེ། ནོར་བུའི་ཕྲེང་བ་ལས། བས་མཐའི་དགོན་པར་རབ་གནས་ཤིང་། །བདག་གིས་བདག་ཉིད་སྦ་བྱ་སྟེ། །རི་དྭགས་ཤི་བའི་རོ་བཞིན་དུ། །ཆགས་པ་མེད་པར་གནས་པར་བྱ། །ཞེས་དང་། བསམ་གཏན་ཆོས་དྲུག་ལས། མང་པོ་རྟག་ཏུ་འཐབ་འགྱུར་ཏེ། །གཉིས་པོ་དག་ཀྱང་འགྲན་ཟླར་འགྱུར། །གཞོན་ནུ་མ་ཡི་གདུབ་བུ་བཞིན། །བདག་ཉིད་གཅིག་པུར་གནས་པར་བྱ། །ཞེས་སོ། །གཉིས་པ་ནི། ལམ་རིམ་ལས། ཁམས་དང་ཏིང་འཛིན་རྐྱེན་བསྡུས་ལ། །ཞེས་པས་ཕུང་པོའི་ཆ་རྐྱེན་ཁམས་དང་མཐུན་པའི་སྨན་སོགས་དང་། ཏིང་ངེ་འཛིན་གྱི་ཆ་རྐྱེན་དུ་བླ་མའམ་མཆེད་དགོངས་ཉམས་ཅན་སོགས་མཐུན་པའི་གྲོགས་དང་། ཏིང་ངེ་འཛིན་ལ་ཕན་པའི་མན་ངག་སོགས་བསྡུས་ལ། ཆོས་བཅུ་ལྡན་གྱི་སྒོ་ནས་ཉམས་སུ་བླང་བར་བྱའོ། །བཅུ་གང་ཞེ་ན། ལྷ་རྗེ་ཟུར་ཆུང་བའི་མཛུབ་ཚུགས་ཀྱི་བསམ་གཏན་ལས། དད་པས་ཕུལ་བཏགས། བརྩོན་འགྲུས་ཀྱི་གཞུ་བདུངས་པ། འཁོར་བ་དཔྱིས་འབྱིན་པ། སེམས་རུས་ཀྱི་ཐང་གཅོད་པ། བླ་མ་ལྷ་ལྟར་བཀུར་བ། མན་ངག་སྙིང་ལྟར་འཚོ་བ། དམ་ཚིག་སོ་མཚམས་ཀྱི་མཁར་ལྟར་བསྲུང་བ། འདུ་འཛི་དུག་ལྟར་སྤོང་བ། དགོན་གནས་གྲོགས་ལྟར་བསྟེན་པ།བྱང་ཆུབ་ཀྱི་འབྲས་བུ་སྒྲུབ་པའི་མི་ཆེན་པོས་སྤྲོ་བ་བསྲིངས་ཏེ་བསྒྲུབ་པར་བྱའོ། །ཞེས་སོ། །གསུམ་པ་ལ་བསྐྱེད་རྫོགས་གཉིས་ལས། དང་པོ་ནི། ལྷའི་སྐུ་ཕྱག་རྒྱ་ཆེན་པོ་ལ་དམིགས་ནས་རྩེ་གཅིག་ཏུ་བསྒོམ་པ་རྟོག་བཅས་ལྷའི་རྣལ་འབྱོར་རོ། །དེ་ལ་སེམས་ཇི་ལྟར་འཇོགས་པའི་ཐབས་ཀྱང་། ལྷ་སྐུ་བསྒོམ་


DNG010_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས། བསྒོམ་ཐབས་རིམ་པ་གཉིས་ཡོད་དེ། །ཐུན་མོང་ཁྱད་པར་དབྱེ་བའོ། །ཞེས་པས་ཐུན་ཁྱད་གཉིས་ལས། དང་པོ་ནི། བདེ་བའི་སྟན་ལ་ལུས་གནད་སྣང་མཛད་ཀྱི་ཆོས་བདུན་དང་ལྡན་པར་འདུག་ལ། མདུན་དུ་བྲིས་སྐུ་རབ་གནས་ཅན་དགྲམ་ཞིང་།ཡན་ལག་བརྒྱད་པ་འབུལ་བ་དང་། སེམས་རྣམ་པ་གཉིས་བསྐྱེད་པ་སྔོན་དུ་བཏང་སྟེ། མདུན་གྱི་བྲིས་སྐུའི་གཟུགས་བརྙན་ལ་མིག་རེངས་རེངས་སུ་བལྟས་པས་ཡིད་ལ་གསལ་སྣང་གི་རྣམ་པ་ཤར་བ་ན། དེ་ཉིད་ལ་རྩེ་གཅིག་པའི་ཞི་གནས་སྒྲུབ་པ་ཡིན་ལ། དེའང་ཐོག་མར་ལྷ་སྐུ་མདུན་དུ་བསྒོམ་ཞིང་། དེ་ལས་གོམས་པ་དང་བདག་ལྷར་བསྒོམ་པ་སྟེ། སྔ་མ་ལས། རབ་གནས་ལྡན་པའི་གཟུགས་བརྙན་ལ། །ཀུན་ཏུ་བརྟག་ཅིང་དམིགས་པ་བསྡུ། །མི་ཡི་མིག་གིས་བལྟར་ཡོད་པར། །ཤིན་ཏུ་འདྲིས་པ་ཉིད་དུ་བྱ། །ས་ཕྱོགས་སྟོང་པ་ཐམས་ཅད་དག །གཟུགས་བརྙན་ཡིད་དུ་གསལ་མཐོང་ན། །ཐུན་མོང་ཞི་གནས་གསལ་བའི་ཚད། །དམིགས་པ་བསྡུ་ཞིང་ཡུལ་ལ་བལྟ། །དེ་ལ་ཤིན་ཏུ་འདྲིས་པར་བྱ། །ཞེས་དང་།རྣམ་བཀོད་ལས། རབ་གནས་ལྡན་པ་མདུན་བཞག་ནས། །སྤྲོས་བཅད་ཞུགས་པ་སྔོན་བྱས་ལ། །གསལ་བར་སྤྱི་དང་བྱེ་བྲག་བརྟག །དེ་ཅི་འདྲ་བར་མདུན་དུ་བསམ། །ཤིན་ཏུ་གོམས་ནས་རྣམ་སྨིན་གཟུགས། །བསྒྱུར་ལ་དེ་བརྟན་ངེས་པར་བྱ། །ཞེས་སོ། །གཉིས་པ་ནི། བྲིས་སྐུ་སོགས་ལ་དམིགས་རྟེན་བྱེད་དམ་མི་བྱེད་ཀྱང་རུང་སྟེ། ཐོག་མ་ནས་བདག་ཉིད་ལྷར་བསྒོམ་པའོ། །དེ་ལའང་།ལམ་རིམ་ལས། བློ་ཡི་ཤེས་རབ་ཆེ་ཆུང་གིས། །ཞེས་དང་། ལྷ་སྐུ་སྒོམ་པ་ལས། བདག་ཉིད་ཕྱག་རྒྱ་ཉིད་དུ་བསྒོམ། །རིམ་གྱིས་པ་དང་ཅིག་ཅར་བའོ། །ཞེས་པས། རིམ་ཅིག་ཅར་གཉིས་ལས། དང་པོ་ནི། རྣམ་བཀོད་ལས། རིམ་དུ་སྐད་ཅིག་སྤྲོས་བཅད་ལ། །དེ་ནས་ཡི་གེ་ཕྱག་རྒྱ་དང་། །ཕྱག་རྒྱ་ཆེན་པོ་རིམ་པར་བསམ། །དབང་བསྐུར་ལ་སོགས་ལྷག་པའི་ལྷ། །དགུར་ལྡན་སྤྱན་དྲང་བསྡིམ་བརྟན་མཆོད། །ཟིན་ནས་བཅུ་སྤང་བཟླས་པ་བྱ། །གསལ་བ་གསུམ་ལྡན་དྲོད་རྙེད་འགྱུར། །ཞེས་སོ། །དེའང་།


DNG010_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

བློ་ཆུང་ན། ཐོག་མར་རྟོག་པའི་སྐུ་དང་། དེ་ནས་སྒྱུ་མའི་སྐུ་དང་། དེ་ནས་གཉིས་མེད་ཀྱི་སྐུར་བསྒོམ་ལ། བློ་ཆེན་ཐོག་མ་ཉིད་ནས་གཉིས་སུ་མེད་པར་བསྒོམ་པར་བྱའོ། །དེ་དག་གསལ་བརྟན་གྱི་ཡན་ལག་ཏུ་རྣམ་པ་བྱེ་བྲག་པ་དང་། གྲངས་ཚད་མ་ངེས་པ་ལ་སེམས་གཟུང་བར་བྱ་སྟེ། ལྷ་སྐུ་སྒོམ་པ་ལས། དང་པོ་དབུ་ཡི་གཙུག་ཏོར་གསལ། །དེ་ནས་ཞལ་གྱི་མདངས་ལ་བསླབ། །དེ་ནས་ཐུགས་ཀྱི་དཔལ་བེའུ་ལ། །དེ་ནས་ཡན་ལག་གདན་ཁྲི་གསལ། །དེ་ནས་ལྷ་གྲངས་འཁྱུད་ཚད་བསྒོམ། །ཡུངས་འབྲུ་ཙམ་དང་རི་རབ་ཙམ། །གང་ལ་བཞག་པར་འཇུག་པ་ནི། །ཏིང་འཛིན་ཕྱོགས་གཅིག་གསལ་བའི་རྟགས། །ཞེས་སོ། །གཞན་ཡང་གཡོ་བ་སོགས་ཉམས་ལྔ་ཤེས་པར་བྱ་བ་དང་། བྱིང་རྒོད་ལ་སོགས་པའི་སྐྱོན་ངོས་བཟུང་སྟེ་བཅོས་པའི་སྒོ་ནས་ཀྱང་བརྟན་པར་བྱ་བའོ། །གཉིས་པ་ནི། ལྷ་སྐུ་སྐད་ཅིག་དྲན་རྫོགས་སུ་ཝལ་གྱིས་བསྒོམས་པ་ལ་མ་ཡེངས་པར་འཇོག་པ་སྟེ། ལམ་རིམ་ལས། ཡང་ན་ཕྱག་རྒྱ་ཆེན་པོ་སྟེ། །ཆུ་ལས་ཉ་ལྡང་ཇི་བཞིན་དུ། །ཞེས་སོ། །དེ་ཡང་རིམ་ཅིག་ཅར་གང་གི་སྒོ་ནས་བསྐྱེད་ཀྱང་རུང་སྟེ། རྫོགས་རིམ་གྱི་རྒྱས་བཏབ་ནས་དེར་འཛིན་མེད་ཀྱི་ལྷ་སྐུ་མེ་ལོང་ནང་གི་གཟུགས་བརྙན་ལྟར་བསྒོམ་པར་བྱའོ། །དེ་ལྟར་ཡང་རྣམ་བཀོད་ལས། ལྷ་ཡི་སྐུ་ནི་གསལ་བསྒོམས་ན། །བསོད་ནམས་ཚོགས་ཆེན་འཐོབ་པར་འགྱུར། །དེ་ཉིད་གཟུགས་བརྙན་ཚུལ་ཤེས་ན། །ཡེ་ཤེས་ཚོགས་ཆེན་འཐོབ་པར་འགྱུར། །ཞེས་སོ། །དེ་ལྟར་ཤེས་པར་བྱས་ལ། ལྷ་སྐུ་ཕྱག་རྒྱ་ཆེན་པོ་ཕྱག་རྒྱ་གཅིག་སྤྲོས་གང་རུང་བསྒོམ་ལ། བཟླས་བརྗོད་སོགས་ཀྱི་སྒོ་ནས་དངོས་གྲུབ་བསྒྲུབ་པ་ལ་འབད་པར་བྱའོ། །མདོར་བསྡུ་ན། མཚན་བཅས་ཀྱི་རྣལ་འབྱོར་དེ་དག་ཀྱང་། བྱིན་གྱིས་རློབ་པ། ཡོངས་སུ་བརྟག་པ་རྫོགས་པའི་རྣལ་འབྱོར་གསུམ་དུ་འདུས་སོ། །དང་པོ་ནི། བདག་གི་དེ་ཁོ་ན་ཉིད་ལ་ལྷའི་དེ་ཁོ་ན་ཉིད་ཀྱིས་བྱིན་གྱིས་བརླབས་ནས་བདག་ལུས་ལྷའི་སྐུ་ཕྱག་ཆེན་པོར་བསྒོམ་པ་སྟེ། ལྕགས་ལ་གསེར་འགྱུར་གྱི་རྩི་བཏང་བ་བཞིན་ནོ། །གཉིས་པ་ནི། གཉིས་སུ་མེད་པའི་བྱང་


DNG010_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་ཀྱི་སེམས་རང་རིག་པ་ཙམ་ལ་དམིགས་པ་མི་གཡོ་བ་ལས་ལྷར་བསྐྱེད་པ་སྟེ། གསེར་ལས་ལྷ་སྐུ་ལུགས་པ་བཞིན་ནོ། །གསུམ་པ་ནི། ཆོས་ཐམས་ཅད་སྤྲོས་བྲལ་དུ་རྟོགས་པ་ལས་སྐད་ཅིག་གིས་ལྷའི་ཏིང་འཛིན་རྫོགས་པར་བསྒོམ་པ་སྟེ། དཔེར་ན་ནམ་མཁའ་དྭངས་པ་ལས་སྤྲིན་རྩོལ་མེད་དུ་ལྡང་བ་བཞིན་ནོ། །འདི་གསུམ་གྱིས་གསང་སྔགས་ཐ་དག་བསྡུས་པར་མ་ཟད། འདིའི་གཞི་རྣམ་པ་གསུམ་གྱིས་མཚན་ཉིད་སྡེ་གསུམ་ཡང་བསྡུས་ཏེ།རྣམ་སྣང་སྒྱུ་དྲ་ལས། དམ་ཚིག་བྱིན་རླབས་དང་པོ་སྟེ། །བརྟག་པ་རྣལ་འབྱོར་སྤྱོད་པའི་འོ། །དབུ་མ་རྫོགས་པར་བྱ་བ་དག །འདི་ནི་རྣལ་འབྱོར་ཆོ་གར་བརྟག །ཅེས་རྣལ་འབྱོར་གསུམ་གྱི་གཞིས་རིམ་པ་ལྟར། ཉན་ཐོས་དང་།རྣལ་འབྱོར་སྤྱོད་པ་དང་། དབུ་མ་དང་མཐུན་པར་བསྟན་པའོ། །གཉིས་པ་ལ། མཚན་བཅས། མཚན་མེད་དོ། །དང་པོ་ལ། རིམ་གསུམ་ལས། གདམས་ངག་སྟེང་དང་འོག་གི་སྒོ། །ཞེས་པས། ཐབས་ལམ་རིམ་གྱིས་པ་དང་། གཅིག་ཅར་བའོ། །དང་པོ་ནི། སྟེང་སྒོ་འཇུ་འདུལ་གྱི་མན་ངག་ཉམས་སུ་བླངས་པས་བདེ་བའི་ཡེ་ཤེས་རིམ་གྱིས་སྐྱེ་བ་སྟེ། རྒྱ་མཚོ་ལས། འཁོར་ལོ་གསུམ་གཉིས་སྲོག་ཤིང་གསུམ། །མེ་རླུང་འགྲོ་བས་ནམ་མཁའི་བ། །བཞོ་བས་སྟེང་དུ་རྣམ་པར་གྲགས། །ཞེས་པའི་སྟེང་སྒོ་ཐུན་མོང་པ་ནི་སྤྱི་དང་འདྲ་ལ། འདིར་ཐུན་མོང་མ་ཡིན་པའི་ཟབ་ལམ་ནི། བདེ་བའི་ཡེ་ཤེས་རིམ་གྱིས་སྐྱེ་བའང་འཁོར་ལོ་བཞི་བསྒོམ་ཐབས་ཀྱི་མན་ངག་ལས་ཏེ། གང་ཞེ་ན། ཀུན་ཏུ་བཟང་པོའི་བདེ་ཆེན་ཐིག་ལེའི་སྦྱོར་བ་དག་པའི་ཁྱབ་གདལ་ཆེན་པོའི་མན་ངག་གོ། །དང་པོ་ནི།སྙིང་ག་ཆོས་ཀྱི་འཁོར་ལོའི་སྒོམ་ཐབས་ཏེ། དེར་རྩ་ཆེན་བཞི་ལ་སྦྱང་བྱ་སྦྱོང་བྱེད་ཀྱི་ས་བོན་གནས་པའི་དབུས་ན་དྭངས་མ་ལྔ་འདུས་དང་། དེའི་དཀྱིལ་ན་ཡེ་ཤེས་སྙིང་པོའི་ཐིག་ལེ་བཞུགས་ལ། བཞུགས་པ་ལྟར་བསྒོམས་ཏེ་འཇུ་འདུལ་བྱས་པ་ན། ཐིག་ལེ་ལས་སུ་རུང་ནས་འོད་དུ་གྱུར་པས་རིགས་དྲུག་གི་ས་བོན་གཉིད་དང་བཅས་པ་བསྲེགས། རྣམ་ཤེས་བག་ཆགས་དང་བཅས་པ་སྦྱངས། སླར་འོད་ཡེ་ཤེས་


DNG010_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོའི་ཐིག་ལེ་ལ་འདུས་ཏེ། དེས་རྩ་ཁྲག་དབུགས་དྲོད་ཀྱི་དྭངས་མ་རྣམས་སྔ་མ་སྔར་ཞུ་བས་བསྐུལ་ཏེ་ཕྱི་མ་ཕྱི་མ་ཞུ་ནས་ཐིག་ལེ་སྟོང་པ་རང་བཞིན་མེད་པར་གསལ་བ་ནམ་མཁའི་གཟུགས་ཅན་སྐྱེས་པ་ནི་རྒྱུ་འབྲས་གཉིས་མེད་ཀུན་ཏུ་བཟང་པོའི་མན་ངག་གོ། །དེ་ལྟར་ཡང་། དཀྱིལ་འཁོར་ལྡན་པའི་དཀྱིལ་འཁོར་གྱིས། །དཀྱིལ་འཁོར་ལ་ནི་དཀྱིལ་འཁོར་བསྒོམ། །དཀྱིལ་འཁོར་དཀྱིལ་འཁོར་ལས་བྱུང་བའི། །ཐུགས་ཀྱི་དཀྱིལ་འཁོར་དཀྱིལ་འཁོར་མཆོག །ཅེས་སོ། །གཉིས་པ་ནི། ལྟེ་བའི་འཁོར་ལོ་སྒོམ་ཐབས་ཏེ། དེ་མན་ངག་བཞིན་དུ་བསྒོམས་པས་ཐིག་ལེ་ལས་སུ་རུང་ནས། བདེ་སྟོང་གཉིས་མེད་དུ་ཤར་བས་རྟོག་ཚོགས་སྐུ་དང་ཡེ་ཤེས་བཞི་བཅུ་རྩ་གཉིས་སུ་གསལ་ཞིང་། དེའི་ཚེ་ཆོས་ཀྱི་འཁོར་ལོའི་འོད་མར་བབས་ཏེ་ཀུན་ཏུ་བཟང་མོའི་ཐིག་ལེ་ལ་ཐིམ་པས་དྭངས་མའི་རྒྱུ་བ་ཆད་ནས་བདེ་སྟོང་གཉིས་མེད་ཡེ་ཤེས་ལྔའི་ངོ་བོར་གནས་པ་ནི་ཀུན་ཏུ་བཟང་མོའམ་བདེ་ཆེན་ཐིག་ལེའི་མན་ངག་གོ། །དེ་ལྟར་ཡང་། གསང་བའི་ཐིག་ལེ་དཀྱིལ་འཁོར་དབྱིངས། །ཞེས་སོགས་ཤློ་ཀ་གཉིས་སོ། །གསུམ་པ་ནི། མགྲིན་པའི་འཁོར་ལོའི་སྒོམ་ཐབས་ཏེ། སྙིང་གའི་དྭངས་མ་ཆེན་པོའི་འོད་གྱེན་དུ་སོང་བ་མགྲིན་པའི་འཁོར་ལོའི་ཐིག་ལེར་ཕོག་དེ་ཞུ་བ་ལས་འཁོར་ལོ་གཉིས་བདེ་བ་དུས་གཅིག་ཏུ་མཉམ་པར་སྦྱོར་ཞིང་། བདེ་བ་སྐྱེས་པས་ཡེ་ཤེས་ལྔའི་རོ་མྱང་བ་ན། མྱང་བྱ་མྱོང་བྱེད་མེད་པར་གནས་སུ་སྟོན་པ་ནི་སྦྱོར་བ་དག་པའི་མན་ངག་གོ། །དེ་ལྟར་ཡང་། སྙིང་པོའི་ཐིག་ལེ་མཉམ་སྦྱོར་བས། །བདེ་བའི་ཡེ་ཤེས་རོལ་མོ་ཡིས། །ཡེ་ཤེས་དགྱེས་པ་མཆོད་པར་འབུལ། །ཞེས་སོ། །བཞི་པ་ནི། བདེ་ཆེན་འཁོར་ལོའི་སྒོམ་ཐབས་ཏེ། མགྲིན་པའི་འོད་ཀྱིས་སྤྱི་བོའི་འཁོར་ལོ་ལ་ཕོག་པས་འོད་དུ་ཞུ་ནས་བདེ་སྟོང་དབྱེར་མེད་ནམ་མཁའི་གཟུགས་ཅན་ཀུན་གྱི་ཐུན་མོང་མ་ཡིན་པ་སྐྱེས་པ་དེ་ནི་རྒྱལ་བ་ཐམས་ཅད་ཀྱི་དགོངས་པ་ཡིན་ལ། དེ་ཉམས་སུ་མྱོང་བས་ནི་སངས་རྒྱས་ཀུན་གྱི་ཞལ་དུས་གཅིག་ལ་མཐོང་བ་ཡིན་ནོ། །དེ་ལྟར་ཡང་། ཟག་པ་མེད་པའི་བསོད་ནམས་ཀྱིས། །ཞེས་པ་ནས། དབང་བསྒྱུར་


DNG010_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཉིད་དམ་པ་ཡིན། །ཞེས་པའི་བར་རོ། །དེ་དག་བསྒོམ་པའི་ཕྱག་བཞེས་ནི། སྟེང་སྒོ་བསླབ་པར་འདོད་པའི་རྣལ་འབྱོར་པས། བསྐྱེད་རིམ་དང་། སྦྱོང་བ་གསུམ་སྔོན་དུ་བཏང་ནས། བདེ་བའི་སྟན་ལ་པུས་མཁྱུད་ཚད་དང་ལྡན་པ་བཅུག་སྟེ། རྩ་གསུམ་འཁོར་ལོ་དྲུག་ཐིག་ལེ་བཞི་དང་བཅས་པ་གསལ་གདབ། དེ་ནས་སྟེང་རླུང་མནན། འོག་རླུང་འཐེན་པའི་སྦྱོར་བས་རླུང་དཀྱིལ་བསྐུལ། དེས་གཏུམ་མོ་སྦར་བས་རྩ་ཨ་བ་བྷཱུ་ཏིའི་ནང་དུ་མེ་སྣ་ཞུགས་ནས། ལྟེ་བ། སྙིང་ག །མགྲིན་པ། སྤྱི་བོའི་འཁོར་ལོ་རྣམས་རིམ་པར་བསྲེགས་པས་ལུས་ལ་དྲོད་བསྐྱེད། དེ་ནས་སྤྱི་བོའི་ཧཾ་ལས་བྱང་ཆུབ་ཀྱི་སེམས་ཕབ། རྩ་གནས་ཀྱི་ཐིག་ལེ་རྟོག་པས་འཁྱགས་པ་རྣམས་ཀྱང་དྲོས་ཏེ་འབར་འཛག་གིས་འཇུ་འདུལ་བྱས་པ་ལས། ཐོག་མར་སྙིང་གའི་ཐིག་ལེ་ཞུ་ནས་འོད་དུ་འབར། དེའི་འོད་མར་བབས་པས་ལྟེ་བ་དང་། ཡར་ཞུགས་པས་མགྲིན་པ་ལ་ཕོག་སྟེ་གཉིས་ཀ་འོད་དུ་འབར། མགྲིན་པའི་འོད་ཡར་སོང་སྟེ་བདེ་ཆེན་འཁོར་ལོ་ལ་ཕོག་པས་ཀྱང་འོད་དུ་འབར། དེ་སྤྱི་བོ་ནས་ཐོན་ཏེ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕོག་པས་འོད་དུ་ཞུ་ནས་བདེ་ཆེན་གྱི་འཁོར་ལོ་ཧཾ་ཡིག་དང་བཅས་པ་ལ་ཐིམ་པས་རྩ་འདབ་ཀྱི་ཐིག་ལེ་ཐམས་ཅད་འོད་དུ་ཞུ་ནས་བདེ་སྟོང་དབྱེར་མེད་ནམ་མཁའི་གཟུགས་ཅན་སྐྱེ་བ་སྟེ། དེ་ལྟར་ཐུན་བཞིར་ཉམས་སུ་བླང་བར་བྱའོ། །འདི་ནི་ཟུར་ལུགས་ཀྱི་མན་ངག་གཙོ་བོར་བརྗོད་པ་སྟེ། ཀུན་མཁྱེན་ཆེན་པོའི་མན་ངག་གི་ཡི་གེར། མགྲིན་པའི་འོད་ཀྱིས་སྤྱི་བོ་དང་། སྙིང་གས་མགྲིན་པ་དང་། ལྟེ་བས་སྙིང་ག་དང་། དེའི་འོད་ཀྱིས་ལྟེ་བའི་ཐིག་ལེ་རྣམས་ཞུ་བའི་རིམ་པ་ནི་ཡས་བརྟན་གྱི་ཡེ་ཤེས་དང་། དེ་ནས་སྙིང་གའི་འོད་ཟེར་གྱིས་རིམ་པར་ལྟེ་མགྲིན་སྤྱི་བོའི་ཐིག་ལེ་རྣམས་ཇེ་ཕྲ་ཇེ་ཆུང་དུ་སྙིང་གར་བསྡུས་ལ། དེ་ཡང་རིམ་གྱིས་བསྡུས་ཏེ། མཐར་ཀུན་ཏུ་བཟང་མོ་ཆོས་ཉིད་སྟོང་པ་ཆེན་པོའི་དབྱིངས་སུ་མཉམ་པར་འཇོག་པ་ནི་མས་བརྟན་གྱི་ཡེ་ཤེས་སུ་བཞེད་དོ། །དེ་ཡང་


DNG010_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

དྭངས་མ་རྩ་འདབ་རྣམས་སུ་ཕར་འཕེལ་བ་ལ་བདེ་སྟོང་གི་ཡེ་ཤེས་སུ་འདོད་པ་དང་འདི་མི་གཅིག་སྟེ། འདིར་ནི་དྭངས་མ་གཡོ་བྱེད་དང་བྲལ་བས་འོད་གསལ་བ་ལ་རླུང་སེམས་ཚུར་ཐིམ་པ་ལ་ཡེ་ཤེས་ཆེན་པོར་འདོད་པ་ཡིན་གསུངས་སོ། །རྒྱས་པར་ལམ་རྣམ་བཀོད་ཀྱི་ཐིག་ལེ་དྲོད་འབབ་དང་སྒྲོལ་མ་རླུང་གི་མན་ངག་བི་མ་ལའི་གསང་ཐིག་རྩ་འགྲེལ་རྣམས་ལས་ཤེས་པར་བྱའོ། །གཉིས་པ་ནི། གཞན་ལུས་ལ་བརྟེན་པའི་འོག་སྒོ་ཁམས་གསུམ་རོལ་པའི་མན་ངག་ཉམས་སུ་བླངས་པས་བདེ་བའི་ཡེ་ཤེས་ཅིག་ཅར་དུ་སྐྱེ་བ་སྟེ། རྒྱ་མཚོ་ལས། བཀུག་པ་གསུམ་གྱིས་སེམས་ལྔ་རིམ། །སྐྱེས་པས་བཅུ་དྲུག་ས་ཐོབ་པ། །རང་བཞིན་ལྷན་ཅིག་སྐྱེས་པའི་ཕྱིར། །འཆིང་བ་ཉིད་ཀྱང་ཐར་པའི་ཐབས། །ཞེས་པས།གསང་བའི་དབང་པོ་དང་། ཡུལ་པདྨ་དང་། གསང་བའི་རྣམ་ཤེས་གསུམ་ནི་བཀུག་པ་གསུམ་མོ། །དེ་གསུམ་ལ་བརྟེན་ནས་སེམས་ལྔ་སྐྱེས་ཏེ་དགའ་བ་བཅུ་དྲུག་འཆར་བའི་ཕྱིར། རང་བཞིན་ལྷན་སྐྱེས་ཀྱི་ཡེ་ཤེས་ཉམས་སུ་མྱོང་བར་བྱེད་པའོ། །དེ་ཡང་བསྐྱེད་རིམ་དང་རྫོགས་རིམ་སྟེང་སྒོ་ལས་སུ་རུང་བའི་གང་ཟག་ཆགས་ལམ་པས། སྔར་སྦྱོར་མཆོད་དུ་བཤད་པ་ལྟར། བསྙེན་པ་དང་། ཉེ་བསྙེན་གྱི་བྱ་བ་སྔོན་དུ་རྫོགས་ནས། སྦྱོར་བ་གསུམ་གྱི་སྒོ་ནས་སྒྲུབ་པ་དང་།སྒྲུབ་པ་ཆེན་པོ་ཉམས་སུ་བླང་བའོ། །སྦྱོར་བ་གསུམ་ནི། ཐབས་ཉིད་ཤེས་རབ་ཏུ་དང་། ཤེས་རབ་ཉིད་ཐབས་སུ་དང་། ཐབས་ཤེས་གཉིས་མེད་དུ་སྦྱོར་བའོ། །དང་པོ་ནི། གཉིས་སུ་མེད་པར་རོལ་པ་ལས་ཐབས་ཀྱི་བྱང་སེམས་རྡོ་རྗེ་ནོར་བུའི་དཀྱིལ་འཁོར་དུ་སྣང་བའི་དུས་ན་ཁམས་ལྔའི་བཅུད་ཡེ་ཤེས་ལྔའི་དཀྱིལ་འཁོར་ཡེ་ནས་ཡིན་པ་ལྟར་ཉམས་སུ་མྱང་བ་སྟེ། དཀྱིལ་འཁོར་ལྡན་པའི་དཀྱིལ་འཁོར་གྱིས། །ཞེས་སོགས་ཚིགས་བཅད་གཅིག་གོ། །གཉིས་པ་ནི། དེའི་ཚེ་ཡུམ་གྱི་ཉི་མ་བྱང་སེམས་པདྨའི་ཟེའུ་འབྲུར་སྣང་བ་དེ་ཉིད་ལ་ཐིག་ལེ་ཐམས་ཅད་འདུས་པའི་ཕྱིར་ལྷའི་དཀྱིལ་འཁོར་མ་ལུས་པའི་རྒྱུར་འགྱུར་བས་ན། ཐབས་ཀྱིས་ཟིན་ན་རྟོག་ཚོགས་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་གསལ་


DNG010_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱེད་པའི་མཐུ་དང་ལྡན་པ་སྟེ། གསང་བའི་ཐིག་ལེ་སོགས་ཚིགས་བཅད་གཉིས་སོ། །གསུམ་པ་ནི། ཡབ་ཡུམ་གྱི་རྩ་ཐམས་ཅད་ཀྱི་བཅུད་འདུས་པའི་ཉི་ཟླ་དུས་གཅིག་དུ་མཉམ་པར་སྦྱོར་བས་དངོས་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉམས་སུ་མྱང་ཞིང་། སླར་ཡང་དགའ་བ་བཅུ་དྲུག་གི་རིམ་པ་ཡས་བཟློག་རང་བཞིན་ལྷན་སྐྱེས་ཀྱི་བདེ་བ་ཉམས་སུ་མྱོང་བའི་དུས་ན། རྟོག་ཚོགས་ལྷའི་རང་བཞིན་ཅན་དུ་བཞུགས་པ་རྣམས་བདེ་བའི་ཡེ་ཤེས་ཀྱིས་མཆོད་པས་དགྱེས་པ་བསྐྱེད་པ་སྟེ། སྙིང་པོ་ཐིག་ལེ་སོགས་རྐང་པ་གསུམ་མོ། །དེ་ལྟར་ཚོགས་དྲུག་གི་རྟེན་གྱི་དྭངས་མ་ཐམས་ཅད་དབབ་ཐབས་ཀྱིས་ཕབ་སྟེ། རྡོ་རྗེ་དང་པདྨའི་རྩེར་དྲང་བ་དང་བཟུང་བ་དང་ལྡོག་པའི་དུས་ན། ཚོགས་བརྒྱད་རྟོག་པའི་དངོས་པོ་ལྷན་སྐྱེས་ཀྱི་ཡེ་ཤེས་སུ་རང་གསལ་བས་ཟག་པ་དང་བྲལ་ཏེ། བདེ་བའི་ཡེ་ཤེས་སྣང་ལ་འཛིན་མེད་དུ་སྤྱོད་པས་ཚོགས་གཉིས་རྫོགས་པ་དང་། འདོད་ཆགས་ཉིད་བདེ་སྟོང་གི་ཡེ་ཤེས་སུ་གསལ་བར་ཉམས་སུ་མྱོང་བ་ནི་རྒྱལ་བ་ཐབས་ཅད་ཀྱི་ཞལ་མཐོང་བ་ཞེས་ཀྱང་བྱའོ། །དེ་ལྟར་ཡང་། ཟག་པ་མེད་པའི་བསོད་ནམས་ཀྱིས། །ཞེས་སོགས་གསུངས་སོ། །འདིར་ཉམས་སུ་མྱོང་བའི་དགའ་བ་བཞི་ནི། ཐིག་ལེ་གནས་ནས་གཡོ་བ་ནི་དགའ་བ། བདེ་བ་ཉམས་སུ་མྱོང་བ་ནི་མཆོག་དགའ། བདེ་བའི་ངོ་བོ་སྟོང་པར་གྲོལ་བ་ནི་དགའ་བྲལ། དབབ་བཟུང་བཟློག་པའི་ཐབས་ཀྱིས་རང་བཞིན་གསང་བའི་སྙིང་པོ་བདེ་སྟོང་དབྱེར་མེད་དུ་ཉམས་སུ་མྱོང་བ་ནི་ལྷན་སྐྱེས་ཀྱི་དགའ་བ་སྟེ། དེ་ལ་དགའ་བ་བཅུ་དྲུག་བརྩི་བ་དང་། དེ་ལ་ལམ་དང་སྦྱར་བ་ནི་སྔར་དབང་གི་སྐབས་དང་སེམས་ལྔ་བརྩི་ཚུལ་ནི་ལམ་གྱི་ངོ་བོ་ངོས་བཟུང་བའི་ཚེ་བཤད་ཟིན་ཏོ། །འདི་དག་ཀྱང་རྒྱས་པར་རྣམ་བཀོད་ཀྱི་ཁམས་གསུམ་རོལ་པའི་མན་ངག་སོགས་ལས་ཤེས་པར་བྱའོ། །གཉིས་པ་ནི། ཆོས་ཉིད་དེ་བཞིན་ཉིད་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་བསྒོམ་པ་སྟེ། ཏིང་ངེ་འཛིན་ཐམས་ཅད་ཀྱི་མཐར་ཐུག་པའོ། །དེ་ལ་ཏིང་ངེ་འཛིན་གྱི་སྦྱོར་བ་ལ། སྤྱིར་རིལ་པོ་དང་། རྗེས་སུ་གཞིག་པའི་རྣལ་


DNG010_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་གཉིས། དང་པོ་ནི། བདག་གི་ཕུང་པོ་ལས་བརྩམ་སྟེ་བདག་མེད་པར་མོས་པའི་ལྟ་བ་དང་ཏིང་ངེ་འཛིན་གྱིས་བསྒོམ་ཞིང་ཆོས་ཐམས་ཅད་ཀྱང་དེ་དང་འདྲ་བར་མོས་ཏེ་བསྒོམ་པའོ། །གཉིས་པ་ནི། ཆོས་ཐམས་ཅད་ལ་མཚན་ཉིད་སོ་སོར་བརྟག་པ་ན། གང་གི་ཡང་ངོ་བོ་མ་གྲུབ་པར་ཡིད་ཆེས་པར་བྱས་ལ། བདག་ཉིད་ཀྱང་དེའི་ཁོངས་སུ་འདུ་བའི་ཕྱིར། དེ་ལྟར་མཚན་མ་མེད་པར་ཐག་བཅད་ནས་བསྒོམ་པའོ། །ཁྱད་པར་དེ་བཞིན་ཉིད་ཀྱི་དཀྱིལ་འཁོར་ངོས་བཟུང་ནས་དེ་ལ་འཇུག་པའི་ཚུལ་བསྟན་པར་བྱ་སྟེ། འདི་ལྟར་འཁོར་འདས་ཀྱི་ཆོས་ཐམས་ཅད་ལྷག་པ་བདེན་པ་དབྱེར་མེད་ཀྱི་གནས་ལུགས་ཡེ་ནས་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་སངས་རྒྱས་ཏེ་རང་བཞིན་གྱིས་རྣམ་པར་དག་པ་ལས་སྔར་མ་ཡིན་པར་ཕྱིས་ལམ་གྱིས་གསར་དུ་སངས་རྒྱས་སུ་བསྒྲུབས་པ་ལྟ་བུ་ནི་མ་ཡིན་མོད། དེ་ལྟར་ཡིན་དུ་ཟིན་ཀྱང་མ་རྟོགས་ན་ཡིན་པ་ཙམ་གྱིས་ཕན་མི་ཐོགས་པས་གཞི་དེ་ལྟར་ཡིན་པར་ཡིད་ཆེས་པར་བྱས་ལ་ཏིང་ངེ་འཛིན་གྱིས་བསྒྲུབས་པས། གཞི་ཇི་ལྟ་བ་བཞིན་མངོན་དུ་སྣང་བར་འགྱུར་བ་ཡིན་ནོ། །དེ་ལྟར་ཡང་། དཀྱིལ་འཁོར་ལྡན་པའི་དཀྱིལ་འཁོར་གྱིས། །ཞེས་སོགས་རྐང་པ་ལྔས་མདོར་བསྟན། འབྱུང་བ་ཤེས་རབ་རིགས་ཀྱི་ཡུམ། །ཞེས་སོགས་ཀྱིས།དེའི་དོན་ཡོན་ཏན་དང་བཅས་པ་རྒྱས་པར་བསྟན་ནས། ཇི་ལྟར་འཇུག་པའི་ཚུལ་ནི། ཡེ་ཤེས་རྫོགས་པའི་དཀྱིལ་འཁོར་ལ། །ཞེས་སོགས་རྐང་པ་ལྔས་གསུངས་སོ། །དེ་ལ་ཐོག་མར་ཐོས་བསམ་གྱིས་སྒྲོ་འདོགས་ཆོད་པར་བྱས་ལ། དེའི་འོག་ཏུ་བསྒོམ་པའི་ཤེས་རབ་ཀྱིས་གོམས་པར་བྱའོ། །དེའི་རིམ་པ་ནི། ལམ་རིམ་ལས།དེ་ཕྱིར་ལྷག་མའི་ལུས་ཆ་མཉམས་པའི་ཕྱིར། །བདེ་ལྡན་དྲོད་པས་ཆོས་བདུན་ཚུལ། །ལྡན་བྱས་རྗེ་བཙུན་རྣམ་སྣང་བཞིན། །འཛིན་རྩོལ་མེད་པའི་སེམས་ཀྱིས་འདུག །ཅེས་པ་ལྟར། བདེ་བའི་སྟན་ལ་ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པས་འདུག་ལ། སེམས་རྟོག་པ་དང་ཕྲལ་ཏེ་མ་བཅོས་པར་འཇོག་པའོ། །དེ་བཞག་ཐབས་ལ། བློ་ཆེ་བ་ཤེས་རབ་ཀྱི་དང་། བློ་ཆུང་གདམས་ངག་གི་སྟོབས་ཀྱིས་གཉིས་ཏེ། སྔ་མ་ལས། དེ་ཡང་


DNG010_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

གདམས་ངག་ཤེས་རབ་ཀྱི། །སྟོབས་ཀྱིས་བཞག་པས་གོམས་པར་བྱེད། །ཅེས་སོ། །དང་པོ་ལའང་། རིག་པ་སྤྱི་བླུགས་སུ་དང་། མཐོང་བའི་རྗེས་ལ་འཇོག་པའོ། །དང་པོ་ནི། ཆོས་ཉིད་སྤྲོས་བྲལ་དུ་བསྒོམ་མནོ་དྲན་ཙམ་གྱིས་རིག་པ་ཡུལ་མེད་དུ་སལ་ལེར་འཇོག་པ་སྟེ། རིམ་དྲུག་ལས། བསམ་བྱ་དམིགས་སུ་མེད་པས་ན། །གཟུང་འཛིན་བྲལ་བའི་རང་རིག་ཉིད། །དམིགས་མེད་ཚུལ་དུ་རང་སྣང་བ། །བསྒོམ་པའི་མཆོག་ཏུ་འདི་གསུངས་སོ། །ཞེས་སོ། །གཉིས་པ་ནི། དེས་གནས་སུ་མ་འདོད་ན། སྔར་རྟོགས་པའི་བལྟ་བ་དྲན་པར་བྱས་ནས། དེའི་ངང་ལ་གསལ་བ་སོ་མ་ཤོར་ཙམ་དུ་འཇོག་པ་སྟེ། དེ་ལས། རང་བཞིན་མཐོང་ལས་དོན་མེད་ཕྱིར། །རྗེས་མཐུན་ཏིང་འཛིན་གསལ་མཛད་པའང་། །ཐབས་ཀྱི་དམ་པར་དེ་བཤད་དེ། །ཞེས་སོ། །གཉིས་པ་ནི། སྔར་གྱི་འཇོག་ཐབས་གཉིས་པོ་གང་ལྟར་བཞག་ཀྱང་གནས་སུ་མ་འདོད་པའི་བློ་ཆུང་གིས། བླ་མ་ལས་གདམས་ངག་མཉན་ཏེ་གཞག་པར་བྱའོ། །གང་ཞེ་ན། བསྒོམ་པའི་ཚེ་བདག་ཉིད་ཀྱི་སེམས་ལ་ནང་དུ་བལྟས་པ་ན།སེམས་ཀྱི་རང་བཞིན་ཅིར་ཡང་མི་མཐོང་ངོ་། །ཅིར་ཡང་མ་མཐོང་བ་དེ་ཁོ་ན་ཆོས་ཉིད་མཐོང་བ་ཞེས་བྱ་སྟེ། རྩ་བ་མེད་པའི་སེམས་ཉིད་ནི། །ཞེས་པ་ནས།གནས་སུ་མ་ཡིན་གང་ཡང་མིན། །དེ་བཞིན་ཉིད་དབྱིངས་ཡེ་ཤེས་ཏེ། །ཞེས་པའི་བར་དུ་གསུངས་པའི་ཕྱིར་རོ། །དེ་ལྟར་བཞག་པའི་ཚེ་ཡིད་ལ་མི་བྱེད་པའི་སྟོང་པ་ནི་ཀུན་ཏུ་བཟང་མོ་ཆོས་ཉིད་དོན་གྱི་ཡེ་ཤེས་དང་། རང་རིག་གསལ་དང་ཕྱེད་པའི་སྣང་ཆ་ནི་ཀུན་བཟང་ཆོས་སྐུ་གཞིའི་ཡེ་ཤེས་ཏེ། དབྱིངས་ཡེ་ཟུང་འཇུག་གཉུག་མའི་ཡེ་ཤེས་སམ་ཀུན་ཏུ་བཟང་པོ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཞེས་བྱའོ། །དེ་བས་ན། དེའི་ངང་ལས་སོ་མ་ཉམས་པར་བཞག་པས། གང་གིས་གླང་ཆེན་མྱོས་འདྲའི་སེམས། །མཉམ་པར་བཞག་པས་བཏུལ་ནས་སུ། །ཞེས་པ་ལྟར་འཁྲུལ་རྟོག་སྣ་ཚོགས་ཀྱིས་མྱོས་པའི་སེམས་དེ་བཞག་ཐབས་


DNG010_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་གང་རུང་གི་སྒོ་ནས་བཏུལ་བས་རྒྱུ་བ་ཇེ་ཉུང་དང་བརྟན་པ་ཇེ་ཐོབ་ཏུ་གྱུར་ཏེ་རིག་པ་ཡུལ་མེད་གསལ་ལ་མི་གཡོ་བར་རྩོལ་མེད་དུ་གནས་པར་འགྱུར་རོ། །དེ་ལྟར་ཡང་། སློབ་དཔོན་གཉན་དཔལ་དབྱངས་ཀྱིས། བསྒྲུབ་པར་བྱ་བ་གང་ཡིན་དེ་ལ་ནི། །རྩོལ་བས་ཡང་ནས་ཡང་དུ་མཉམ་བཞག་སྟེ། །གོམས་པ་ཀླུང་དུ་གྱུར་ཅིང་ཁ་དཀྱིས་ནི། །རྩོལ་བ་མེད་པར་ལྷུན་གྱིས་གྲུབ་པར་འགྱུར། །ཞེས་སོ། །ཇི་ལྟར་གོམས་པའི་རིམ་པ་བྱང་ཆུབ་ཀྱི་སེམས་ལྔ་དང་ལྡན་པ་སྟེ། ཐོག་མར་བློ་ལ་དོན་མ་ནོར་བར་གཡོ་ཞིང་ལྡང་བ་དང་། དེ་ནས་རིམ་པར་དེ་ཐོབ་ཅིང་གསལ་བར་སྨོན་པ་དང་། དོན་དེ་ལ་འཇུག་པ་དང་། གནས་ཤིང་འདྲིས་པར་བྱེད་པ་དང་། མཐར་ཕྱིན་ཏེ་བཙལ་བ་མེད་པར་འབྱུང་བའོ། །དེ་ཡང་གནས་པ་དང་རང་བཞིན་མེད་པའི་དོན་རྟོགས་པའི་ལྡོག་ཆ་ནས་ཞི་ལྷག་གཉིས་ཏེ་ཟུང་དུ་འཇུག་པས་ཉོན་མོངས་པའི་མགོ་ནོན་པ་དང་རྩ་བ་འབྱིན་པར་བྱེད་པའོ། །དེ་ལྟར་ཡེ་ཤེས་རྒྱས་པ་ལས། ཞི་གནས་ཀྱིས་ནི་ཉོན་མོངས་མགོ་གནོན་ཞིང་། །ལྷག་མཐོང་དམ་པས་རྩ་བ་རབ་ཏུ་འབྱིན། །ཞེས་སོ། །དེ་ལྟར་ཏིང་ངེ་འཛིན་ལ་མཉམ་པར་འཇོག་པའི་ཚེ། བྱིང་རྒོད་ལ་སོགས་པའི་སྐྱོན་བྱུང་ན་མན་ངག་གིས་བསལ་ཏེ་བསྒོམས་པས། གཡོ་ཐོབ་གོམས་བརྟན་མཐར་ཕྱིན་པའི་ཉམས་ལྔ་དང་། ཕྱི་ནང་གསང་བའི་དྲོད་ཉམས་སུ་མྱོང་ནས། རྟགས་ཀྱི་རྣམ་པ་ཅིར་ཡང་སྣང་བར་འགྱུར་ཏེ། ལམ་རིམ་ལས། སྨིག་རྒྱུ་དུ་བ་སྲིན་མེ་ཁྱེར། །མར་མེ་ཉི་མའི་ཚུལ་དུ་སྦྱར། །ཞེས་པ་བསྐྱེད་རིམ་གྱི་ཚེ་ཉམས་རིམ་གྱི་དཔེར་བཞེད་ནའང་།འདིར་མཚན་མ་མཐོང་བའང་མི་འགལ་ཏེ། ཕྱི་མའི་ཕྱི་མ་རྟོག་པའི་དྲ་བ་གསལ་བའི་རྒྱུད་ལས། གསོལ་པ་བཅོམ་ལྡན་འདས། རྣལ་འབྱོར་པ་དེ་དག་རྟགས་ཇི་ལྟ་བུ་ལགས། བཀའ་སྩལ་པ། རིགས་ཀྱི་བུ་དང་པོ་རྣམས་ནི་བརྒྱུད་པ་སྟེ།འབྲས་བུའི་རྟགས་ཀྱང་རིམ་པ་སྟེ་ལྔའོ། །ལྔ་གང་ཞེ་ན། དུ་བ། སྨིག་སྒྱུ་དང་། མགལ་མེ་དང་། མར་མེ་དང་། ནམ་མཁའ་གསལ་བ་ལྟ་བུ་སྟེ། རིམ་པའི་རྟགས་ཀྱི་བྱེ་བྲག་གོ། །རིགས་


DNG010_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བུ། གཉིས་པར་ནི་མངོན་སུམ་པ་སྟེ། འབྲས་བུའི་རིམ་པའང་མངོན་སུམ་པའོ། །ཞེས་སོ། །མདོར་ན་རྒྱས་པ་ལས། མཚན་མ་མེད་པའི་དོན་མཐོང་ན། །སངས་རྒྱས་ཀུན་གྱི་དཀྱིལ་འཁོར་མཐོང་། །ཞེས་གསུངས་སོ། །བཞི་པ་དུས་ནི། མཉམ་གཞག་ལས་ནམ་ལངས་པ་ན་རྗེས་སྤྱོད་ཀྱི་བྱ་བ་ལ་འཇུག་པའི་ཕྱིར། ཏིང་ངེ་འཛིན་ནི་མཉམ་གཞག་གི་དུས་ཁོ་ནར་བསྒོམ་པར་བྱ་བ་སྟེ། འདི་ཉིད་ལས། མཉམ་པར་བཞག་པས་བཏུལ་ནས་སུ། །ཞེས་སོ། །ལྔ་པ་སྐྱོན་ནི། ཏིང་ངེ་འཛིན་མེད་ན་ལྟ་བའི་གོ་ཡུལ་བཟང་ཡང་འགྲུབ་པར་མི་འགྱུར་ཏེ། ལམ་རིམ་ལས། གལ་ཏེ་ཏིང་འཛིན་འདི་མེད་ན། །རྒྱ་མཚོའི་འཇིང་གི་ཕ་བོང་ལྟར། །བསྐལ་པར་ལམ་ལ་འབད་བྱས་ཀྱང་། །དོན་མེད་སྙིང་པོ་བསྐམས་པ་ཡིན། །ཞེས་སོ། །དྲུག་པ་ཡོན་ཏན་ནི། བསྒྲུབ་བྱ་གང་ཡང་ཏིང་ངེ་འཛིན་གྱིས་འགྲུབ་པའི་ཕྱིར་ཏེ། རིན་ཆེན་དྲ་བ་ལས། བསྒྲུབ་པའི་གཙོར་ནི་ཏིང་འཛིན་པས། །ཏིང་འཛིན་འདི་ཡིས་བྱེད་པར་འགྱུར། །ཞེས་དང་། འདི་ཉིད་ལས། སྔགས་དང་ཕྱག་རྒྱ་རབ་བརྟན་ན། །དངོས་གྲུབ་ཡ་མཚན་ཆེན་པོར་འགྱུར། །ཞེས་སོ། །དགུ་པ་གནས་སུ་སྟོབ་པ་མཆོད་པ་ལ་དྲུག་ལས། དང་པོ་དགོས་ཆེད་ནི། གཞན་སེལ་སྒྲིབ་པ་འབྱང་ཞིང་ཉམས་ཆག་སྐོང་། དོན་གཉེར་ལྷ་མཉེས་པས་ཚོགས་རྫོགས་ཤིང་ལས་དང་དངོས་གྲུབ་བདག་གཞན་ གྱི་དོན་གྲུབ་པའི་ཕྱིར་ཏེ། ཐུགས་ཐིག་ལས། བདག་གཞན་དོན་རྫོགས་མཉེས་ སྐོང་བ། །ཞེས་དང་། ཁོག་གཞུང་ལས། ཚོགས་གཉིས་རྫོགས་ཕྱིར་མཆོད་པ་སྟེ། །ཞེས་སོ། །གཉིས་པ་ངོ་བོ་ནི། བཀུར་བྱའི་གནས་གང་ཞིག་སྒོ་གསུམ་ གྱིས་བཀུར་ཞིང་མཆོད་པ་དང་། རྫས་ཀྱི་སྒོ་ནས་ཀྱང་མཉེས་པར་བྱེད་པ་སྟེ།ཐུགས་ཐིག་ལས། བྱ་བྱེད་བྱ་བ་བྱེད་འདུག་པས། །དགྱེས་ཚིམ་འགྱུར་བའི་དངོས་པོ་ཉིད། །ཅེས་སོ། །གསུམ་པ་སྒྲ་དོན་ནི། པཱུ་ཛའི་སྒྲས་མཆོད་པ་སྟེ། དགེ་བའི་ལས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བའི་ཕྱིར་བསྐྱེད་པར་


DNG010_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པའི་དོན་དང་། ཡང་དང་ཡང་དུ་དགྱེས་པ་བསྐྱེད་པ་དང་། བཀུར་བའི་དོན་གྱིས་གནས་སུ་སྟོབ་པའི་ཕྱིར་མཆོད་པའོ། །དེའང་ཁོག་གཞུང་ལས། གནས་སུ་སྟོབ་ཕྱིར་མཆོད་པ་སྟེ། །ཞེས་སོ། །བཞི་པ་རྣམ་གྲངས་ལ། དམིགས་ཡུལ་དུ་གྱུར་པའི་ཞིང་གི་དང་། ཡོངས་སུ་བསྔོ་བའི་དང་། འབྲས་བུ་ཐོབ་པར་འགྱུར་བའི་དང་།དངོས་པོའི་བྱེ་བྲག་གོ། །དང་པོ་གསུམ་ནི། རིམ་པར་འཕགས་པ་མཆོད་པ་དང་། བྱང་ཆུབ་ཀྱི་ཕྱིར་བསྔོས་པའི་མཆོད་པ་དང་། ཐར་པའི་རྒྱུར་འགྱུར་བའི་མཆོད་པ་རྣམས་ནི་འཇིག་རྟེན་ལས་འདས་པ་སྟེ། དེ་ལས་གཞན་པ་རྣམས་ནི་འཇིག་རྟེན་པའོ། །བཞི་པ་དངོས་པོའི་བྱེ་བྲག་ལ། སྤྱིར་རྒྱལ་བ་མཉེས་པའི་མཆོད་པར་འགྱུར་བ་དམ་པའི་ཆོས་སྟོན་པ་དང་། བསྒོམ་པ་སོགས་ནི་འཇིག་རྟེན་ལས་འདས་པ་དང་། འདོད་པའི་ཡོན་ཏན་ལྔ་ལ་སོགས་པ་འཇིག་རྟེན་པའོ། །ཡང་ན་རྣམ་པར་མི་རྟོག་པ་བསྒོམ་པ་དང་། དེ་ལས་གཞན་པའི་ཁྱད་པར་གྱིས་དོན་དམ་དང་ཀུན་རྫོབ་བམ། ཐུན་མོང་པ་ཕྱིའི་མཆོད་པ་དང་ཁྱད་པར་བ་ནང་གི་མཆོད་པ་སྟེ་བླ་ན་ཡོད་པ་དང་། གསང་བ་རྨད་དུ་བྱུང་བ་བླ་ན་མེད་པའི་མཆོད་པ་དང་། ཡང་ཏིང་ངེ་འཛིན་དང་། ཐབས་སྦྱོར་སྒྲོལ་དང་། རྫས་ཀྱི་མཆོད་པ་སོགས་རྣམ་གྲངས་དུ་མར་གྲགས་མོད་ཀྱི། རྒྱུད་གཞུང་འདི་ཉིད་ནས།ཕྱག་རྒྱའི་དང་། དུག་གསུམ་གྱི་དང་། ལྷག་པ་ཏིང་ངེ་འཛིན་གྱི་དང་། གླུ་ཡེ་ཤེས་ཀྱི་མཆོད་པ་ཙམ་དང་། ཁོག་གཞུང་ལས་ཀྱང་། ཏིང་འཛིན་སྦྱོར་སྒྲོལ་དམ་རྫས་དང་། །འདོད་ཡོན་གླུ་དང་སེམས་ཀྱི་སྤྲིན། །རོལ་མོ་ལ་སོགས་དབང་བསྒྱུར་དབུལ། །ཞེས་པ་ཙམ་ལས་རྐང་གྲངས་ཞིབ་པར་མ་སྨོས་ནའང་། སྒྲུབ་ཐབས་སུ་བཤད་རྒྱུད་དང་། ཡན་ལག་གི་རྒྱུད་ཀྱིས་ཁ་བསྐངས་ནས་ཞི་ཁྲོ་གཉིས་ཀ་ལ་བཅུ་གསུམ་མམ་བཅུ་བཞིར་གསུངས་སོ། །དེ་དག་འཆད་པ་ལ། རྣམ་གྲངས་དངོས་དང་། དགོངས་དགོངས་པའི་འང་པའི་ཁྱད་པར་གྱི་འབུལ་ཐབས་དང་། གང་གི་ཚེ་བྱ་བའི་དུས་དང་། ཞར་ལ་ཚོགས་ཀྱི་འཁོར་ལོ་བཤད་པའོ། །དང་པོ་ལ་བྱིན་རློབ་དང་། དབུལ་བའོ། །དང་པོ་ནི། སྟོང་པའི་


DNG010_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

ངང་ལས་བདག་ཉིད་ལས་ཀྱི་ལྷའི་སྐུར་བསྒོམས་ནས་བྱིན་གྱིས་རློབ་སྟེ། ཕྱག་རྒྱ་བཞི་པའི་བསམ་གཏན་ལས། ཧཱུཾ་ཞེས་ལས་ཀྱི་སེམས་དཔར་བསྐྱེད། །དེ་ནས་བྱིན་གྱིས་རློབ་པར་བྱ། །ཞེས་སོ། །དེ་ལ་ཐུན་ཁྱད་གཉིས་ལས། ཐུན་མོང་པ་ཕྱི་མཆོད་ལྔ་ལ། ཐུགས་ཀ་ནས་སོ་སོའི་ས་བོན་སྤྲོས་ལ་བསྡིམ་སྟེ་འཕྲོ་འདུ་དང་། སྔགས་བརྗོད་པའི་སྦྱོར་བས་མཆོད་རྫས་ཐོགས་པའི་ལྷ་མོ་མཁའ་ཁྱབ་དུ་རློབ་པའོ། །ཁྱད་པར་གྱི་མཆོད་པ་སྨན་གཏོར་རཀྟ་གསུམ་ལས། སྨན་གྱི་སྣོད་གཞལ་ཡས་ཁང་ལྟེ་བ་རྩིབས་བཞི་དང་བཅས་པའི་ནང་དུ་ཤ་ལྔ་བདུད་རྩི་ལྔར་ཧཱུཾ་མཱུཾ་སོགས་ས་བོན་ཟུང་ལྔ་བཀོད། ཆོ་ག་གསུམ་གྱིས་རིགས་ལྔ་ཡབ་ཡུམ་དུ་བསྐྱེད། རྗེས་ཆགས་ཀྱི་སྦྱོར་བས་རྟེན་བརྟེན་པར་བཅས་པ་ཞུ་སྟེ་སྣོད་ཀ་པཱ་ལར་བཅུད་ཡེ་ཤེས་ཀྱི་བདུད་རྩི་ལ་ཨོཾ་དང་། ཁ་གཅོད་ཀྱི་རྡོ་རྗེ་རྒྱ་གྲམ་ལ་རྟ་མགྲིན་གསང་བའི་ཡུམ་བཞི་དང་བཅས་པ་བསྐྱེད། མཐེབ་སྲིན་གྱིས་རྡོ་རྗེ་བཟུང་བ་བདུད་རྩི་ལ་རེག་སྟེ། ཨ་མྲྀ་ཏའི་སྔགས་བཟླ་ཞིང་། ཨོཾ་གྱི་འོད་ཟེར་གྱིས་འཁོར་འདས་ཀྱི་བདུད་རྩི་བཀུག་ནས་དམ་ཚིག་གི་བདུད་རྩི་ལ་རོ་མཉམ་པར་བསམ་པ་སྟེ། ཕྱག་རྒྱ་བཞི་པ་ལས།མཐེབ་སྲིན་ཉི་ཟླས་བཟུང་བྱས་ལ། །དགུག་པའི་སྔགས་བརྒྱ་རྩ་བརྒྱད་དུ། །བཟླས་ཏེ་ནམ་མཁར་བདུད་རྩི་དགུག །ཅེས་སོ། །མཐར་རྡོ་རྗེས་གཡོན་དུ་དཀྲུགས་ཏེ་ཧཱུཾ་བརྗོད་པས་ཡུམ་བཞི་བདུད་རྩི་ལ་བསྡིམ་པའོ། །འདི་ནི་རྗེ་བླ་མས་མཛད་པའི་སྒྲུབ་ཐབས་ཀྱི་དགོངས་པ་སྟེ། གཞན་དུ་རྟ་མགྲིན་ཡུམ་བཞི་དང་དུས་གཅིག་ཏུ་རོལ་པས་བདུད་རྩི་བསྡུས་ལ་ཡབ་ཡུམ་ཞུ་བ་དང་། དྲུག་ཅུ་པ་ལས།རྣལ་འབྱོར་པ་ལས་གཏོར་བྱས་ན། །རྟོག་སྒྲིབ་ཉམས་ཆག་དག་པར་འགྱུར། །མཆོད་པའི་རྫས་ལ་གཏོར་བྱས་པས། །ཐམས་ཅད་བདུད་རྩི་ཉིད་དུ་འགྱུར། །མི་མཐུན་ཕྱོགས་ལ་གཏོར་བྱས་པས། །དྲག་པོ་གཏུམ་པོའང་འཇིག་པར་འགྱུར། །ཞེས་པ་ལྟར་བསང་གཏོར་གསུམ་ཡང་མཛད་དེ་སྤྲོས་པའི་ཡན་ལག་ཙམ་དུ་ཟད་དོ། །གཏོར་མ་ནི། སྣོད་ཀ་པཱ་ལར་བཅུད་གཏོར་རྫས་འདོད་པའི་ཡོན་ཏན་ཐམས་ཅད་པ་ལ་ཨོཾ་བཀོད་དེ་འཕྲོ་འདུ་དང་། སྔགས་


DNG010_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

ལན་བདུན་བརྗོད་པས་དྲུག་གིས་འདོད་ཡོན་གྱི་ལྷ་མོ་དྲུག་རེ་རེ་ནས་བསྐྱེད་ཅིང་བདུན་པས་དེ་དག་རེ་རེ་ཡང་གྲངས་མེད་པར་སྤྲོས་ཏེ་མཁའ་ཁྱབ་ཏུ་སྤེལ་བའོ། །རཀྟ་ནི། སྣོད་དམར་གྱི་དུང་ཆེན་དུ་བཅུད་རཀྟ་ལ་ར་ཡིག་བཀོད་དེ་འཕྲོ་འདུ་དང་སྔགས་བརྗོད་པས་རྦ་རླབས་འཕྱོ་བའི་རཀྟའི་རྒྱ་མཚོར་བསམ་པའོ། །དེ་དག་ཀྱང་གལ་ཕྲེང་ལས།བསྒྲུབ་ལ་བརྩོན་པའི་རྣལ་འབྱོར་པས། །མཆོད་འབྲས་བསྒྲུབ་བྱ་དེ་ཡི་ཕྱིར། །གསང་སྔགས་ཕྱག་རྒྱ་ལྡན་པ་ཡིས། །བདུད་རྩི་ལྷ་མོར་བྱིན་གྱིས་རློབ། །ཅེས་སོ། གཉིས་པ་ལ། གང་གིས། གང་ལ། གང་ཇི་ལྟར་དབུལ་བའོ། །དང་པོ་ནི། དཀྱིལ་འཁོར་གྱི་གཙོ་བོ་ལས་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་ལས་ཀྱི་རྡོ་རྗེ་སེམས་དཔའི་རྣམ་པར་ཤར་སྒོར་ཐོན་པ་ངེས་སོ། །གཉིས་པ་ནི། དམ་ཡེ་གཉིས་སུ་མེད་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལའོ། །གསུམ་པ་ལ། ཞི་བ་དང་། ཁྲོ་བོའི་མཆོད་པ་གཉིས་ལས། དང་པོ་ལ། གང་འབུལ་ན་བཅུ་བཞི་སྟེ། སྡོམ་ནི། གུས་པ་ཕྱག་དང་ཕྱག་རྒྱ་གར། །ཀུན་བཟང་ཞབས་བསིལ་བཞི་བསྣོལ་ཏེ། །བདུད་རྩི་གཏོར་མ་གསང་བསྣན་དང་། །ལྷག་པ་ཏིང་འཛིན་སྒྲོལ་དང་སྦྱོར། །འདོད་ཡོན་རོལ་མོ་གླུ་ཡེ་ཤེས། །དེ་རྣམས་ཇི་ལྟར་དབུལ་བ་ལ།ལས་རིམ་བཅུ་བཞི་ལས། དང་པོ་ཕྱག་ནི། ཡུལ་དང་འཚལ་མཁན་དབྱེར་མེད་པར་མཇལ་བ་ནི་ཕྱག་གི་དོན་ཡིན་ལ། བརྡ་ཙམ་དུ་ལྷ་རྣམས་ཀྱི་ཡོན་ཏན་དྲན་པས་མོས་པའི་སྒོ་ནས་འཚལ་བ་སྟེ། གལ་ཕྲེང་ལས། ལྷ་དང་བདག་ཏུ་མི་གཉིས་པའི། །དོན་ཉིད་རྟོགས་པར་བྱ་བའི་ཕྱིར། །ཇི་ལྟར་མར་ལ་མར་བཞིན་དུ། །གཉིས་མེད་རིག་པས་ཕྱག་འཚལ་ལོ། །ཞེས་སོ། །དེའང་མཇུག་ཏུ། ཨ་ཏི་པུ་ཧོ། ཞེས་བཙལ་བས་ལྷ་ཚོགས་རྣམས་ཀྱིས། །པྲ་ཏི་པུ་ཧོ། ཞེས་ལན་གནང་བར་བསམ་པའོ། །འདིར་རྗེ་བླ་མས་མཛད་པའི་སྒྲུབ་ཐབས་སུ་ཕྱག་དང་མཆོད་པ་སོ་སོར་དམིགས་ཕྱེ་ནས་མཆོད་པ་ལ་བཅུ་གསུམ་དུ་བཞེད་པ་ལྟར་བཅུ་གསུམ་ལས། དང་པོ་ཕྱག་རྒྱའི་མཆོད་པ་ནི། སྒོ་གསུམ་ལྷའི་སྐུ་གསུང་ཐུགས་ལས་མི་གཡོ་བར་རྒྱས་འདེབས་པ་སྟེ་འོག་ཏུ་འཆད་དོ། །གཉིས་པ་ནི།


DNG010_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བར་གཤེགས་པའི་ཚིག་གིས་བསྐུལ་ནས་སྔགས་རྒྱས་འབུལ་ཏེ། ཆོས་ཐམས་ཅད་རིག་པ་རང་སྣང་མཉམ་པ་ཉིད་ལ་བཟང་ངན་དང་བླང་དོར་མ་གྲུབ་པའི་ཕྱིར། མཆོད་པར་མ་གྱུར་པའི་དངོས་པོ་རྡུལ་ཙམ་ཡང་མེད་དེ་སྤྱོད་ཡུལ་ཡོངས་སུ་དག་པ་ཀུན་བཟང་གི་མཆོད་པའོ། །དེ་ལྟར་ཡང་། ཧེ་རུ་ཀ་འདུས་པ་ལས། ཇི་ལྟར་འདོད་ཅིང་ཡིད་འོང་བའི། །ཡོ་བྱད་ནམ་མཁའ་ཁྱབ་པར་སྤྲུལ། །མོས་པ་དག་པའི་ཁྱད་པར་བཞིན། །འཁོར་གསུམ་དག་པའི་སྟོབས་ཀྱིས་དབུལ། །ཞེས་སོ། །གསུམ་པ་ནི། ཡང་དག་སོགས་ཀྱི་ཚིག་གིས་བསྐུལ་ཞིང་། དུང་ཞལ་གྱི་ཕྱག་རྒྱ་བཅས་ལ། ཨཱ་ཧ་རའི་སྔགས་གཅིག་ལ་ཏིང་ངེ་འཛིན་བསིལ་ཆབ་ཐོགས་པའི་ལྷ་མོས་ལན་གསུམ་དུ་ཕུལ་བས་རིམ་པར་ཕྱག་དང་ཞབས་བསིལ་ནས་ཞལ་དུ་གསོལ་བས་མཉེས་པར་བསམ་པ་སྟེ། དེ་ལས། རྡོ་རྗེ་ཐལ་མོ་ཁ་ཕྱེ་ཞིང་། །རཀྟ་སྒྲེང་བའི་ཚུལ་གྱིས་ནི། །ཕྱག་ཞབས་ཞལ་བསིལ་དབུལ་བར་བྱ། །ཞེས་སོ། །བཞི་པ་ནི། སྤོས་ཀྱི་སྤྲིན་ལྡིང་སོགས་ཀྱི་ཚིག་གིས་བསྐུལ་ཞིང་གླུ་ལྔ་སྔོན་དུ་འགྲོ་བའི་སོ་སོའི་སྔགས་རྒྱས་ལྷ་མོ་རྣམས་སྤྲོས་ལ། བདུག་ཤངས་ལ་སོགས་པའི་མེ་ཏོག་དབུ། མར་མེ་སྤྱན། དྲི་ཐུགས་གནས་རྣམས་སུ་དང་པོར་ཕྱག་མཚན་གྱིས་མཆོད་ནས་མཐར་ལྷ་མོ་ཉིད་ཀྱང་ཐིམ་པར་བསམ་པ་སྟེ། དེ་ལས། རྡོ་རྗེ་ལྷ་མོ་རབ་མཛེས་མ། །སོ་སོའི་ཡོ་བྱད་རབ་ཐོགས་ནས། །ནམ་མཁའ་ཁྱབ་པར་རབ་སྤྲུལ་ཞིང་། །ཡོ་བྱད་རང་ལུས་ཐིམ་པར་མཆོད། །ཅེས་སོ། །དེ་ནས་སྐྱེས་ལན་གྱི་ཚུལ་དུ། རབ་ཏུ་དགའ་བ་ཞེས་སོགས་བརྗོད་པ་ན། ལྷ་མོ་རྣམས་སླར་བྱུང་ནས་བདག་གི་ཤངས་ལ་སོགས་པའི་གནས་སུ་ཐིམ་པས་དངོས་གྲུབ་ཐོབ་པར་བསམ་པའོ། །འདིར་གླུ་ལྔ་གང་ཞེ་ན། ཨོཾ་པ་ན་པེཾ་སོགས་ཏེ། གཏོར་རྒྱུད་ལས། ཨོཾ་མུ་དང་ནི་ཧུ་མུ་དང་། །ཧཱུ་ཡི་ཁ་རྒྱན་དང་བཅས་པས། །ལྷ་མོ་བཞི་བསྣོལ་གསལ་བར་བྱེད། །དོན་དམ་གླུ་དང་ཆགས་ཆེན་གླུ། །ཏ་ཐཱའི་གླུ་དང་དམ་ཚིག་གླུ། །ཐམས་ཅད་བདེ་བ་ཆེན་པོའི་གླུ། །ཞེས་སོ། །སོ་སོའི་ཕྱག་རྒྱ་གང་


DNG010_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་ན། མཉམ་སྦྱོར་ལས།གྱེན་དུ་འཐོར་ཞིང་མཐུར་དུ་འབེབས། །བསྐོར་ཞིང་དེ་བཞིན་ཉུག་པ་དག །མེ་ཏོག་བདུག་པ་མར་མེ་མཆོག །དྲི་ཡི་མཆོད་པ་འབྱུང་བའོ། །གང་བའམ་འོན་ཏེ་སྟོང་པའང་རུང་། །ཞེས་སོ། །ལྔ་པ་ལ། ཆེ་བ་བརྗོད་པ། དབུལ་བ།དངོས་གྲུབ་བླང་བའོ། །དང་པོ་ནི། སངས་རྒྱས་ཀུན་དང་ཞེས་སོགས་ཏེ། དེ་ལྟ་བུའི་ཡོན་ཏན་དང་ལྡན་པ་འདི་འབུལ་ན་བཞེས་ནས་དངོས་གྲུབ་སྩོལ་ཅིག་པར་བསྐུལ་བའོ། །གཉིས་པ་ནི། ཨོཾ་སརྦ་ཏ་ཐཱ་སོགས་ཀྱི་སྔགས་དང་། མཐེབ་སྲིན་ཉི་ཟླ་གའུ་ཁ་སྦྱོར་གྱི་ཕྱག་རྒྱས་གཏོར་བས་ཡེ་ཤེས་ཀྱི་བདུད་རྩིའི་ཟེགས་མ་མཁའ་ལ་སྤྲིན་ལྟར་ཆགས་པ་ལས་བདུད་རྩིའི་ཆར་བབས་པས་མཉེས་པར་བསམས་ནས་སྤྱི་དང་སྒོས་སུ་འབུལ་ཚུལ་ཤེས་པར་བྱའོ། །དེ་ཡང་ཧེ་རུ་ཀ་འདུས་པ་ལས།མཐེབ་སྲིན་རྩེ་མོས་རློབས་གཏོར་བས། །རྡུལ་སྙེད་བཞུགས་པའི་རྒྱལ་བ་རྣམས། །དགྱེས་ཤིང་གཟི་བརྗིད་ལྡན་པར་འགྱུར། །ཞེས་སོ། །གསུམ་པ་ནི། རང་གི་ལྕེ་ལ་ཧཱུཾ་དང་སྨན་ལ་འབྲུ་གསུམ་བཀོད་ལ། དེ་མཐེབ་སྲིན་གྱིས་བླངས་ནས་ལྕེར་བཞག་པས་གནས་གསུམ་དུ་ཆགས་ཏེ་འཕྲོ་འདུས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ་པའོ། །དེའང་ཕྱག་རྒྱ་བཞི་པ་ལས། འབྲུ་གསུམ་རིམ་པར་གནས་བླངས་ཏེ། །འཕྲོ་འདུ་རྡོ་རྗེ་གསུམ་ཐོབ་པའི། །ང་རྒྱལ་ཆེན་པོ་བསྐྱེད་པའི་ཕྱིར། །ཀཱ་ཡ་ཝཱཀ་སོགས་སྔགས་ཀྱིས་བསྐུལ། །ཞེས་སོ། །དྲུག་པ་ནི། བླ་མེད་མཆོག་གི་ཚིག་དང་སུ་ར་ཏོ་ལ་སོགས་པའི་སྔགས་ཀྱིས་གཏོར་མ་འདོད་ཡོན་གྱི་ལྷ་མོ་དྲུག་གི་རྣམ་པར་སྤྱན་སོགས་ལ་ཕུལ་བས་ཕྱག་མཚན་ལྷ་མོ་དང་བཅས་པ་དབང་པོ་སོ་སོ་ལ་ཐིམ་ནས་མཉེས་པར་བསམ་པའོ། །བདུན་པ་ནི། བདུད་རྩིའི་རྒྱུན་གཏོར་མར་ལན་གསུམ་དུ་སྦྲེང་སྟེ། མི་བསྐྱོད་ཡེ་ཤེས་སོགས་ཀྱིས་དང་པོ་སྦྲེང་བས་ལྷ་རྣམས་དགྱེས་པ་བསྐྱེད། བྱང་ཆུབ་སེམས་དཔའི་བདེ་མཆོག་སོགས་ཀྱིས་གཉིས་པ་སྦྲེང་བས་ཉན་ཐོས་རྣམས་འགོག་པ་ལས་བསླང་། མཆོག་ཏུ་གསང་བའི་སོགས་ཀྱིས་གསུམ་པ་སྦྲེང་བས་རྒྱལ་བ་རྣམས་གཞན་དོན་ལ་བསྐུལ་བའོ། །བརྒྱད་པ་ནི།


DNG010_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པའི་ཕྱག་རྒྱ་ཞེས་སོགས་སྣང་སྤྱོད་ཐམས་ཅད་མཆོད་པའི་ཡོ་བྱད་ལས་མི་འདའ་བ་ལྷག་པ་ཏིང་ངེ་འཛིན་གྱི་མཆོད་པ་སྟེ། བདག་གི་ཐུགས་ཀ་ནས་སྤྲོས་པའི་ཡི་གེས་མ་དག་པའི་ཁང་ཁྱིམ་སོགས་དག་པའི་གཞལ་ཡས་ཁང་ལ་སོགས་པར་བྱིན་གྱིས་བརླབས་ནས་རྣལ་འབྱོར་པའི་བློ་ཁྱད་ཀྱིས་རིམ་མམ་ཅིག་ཅར་དུ་འབུལ་བའོ། །དེའང་ཇི་ལྟར་སྤྲོས་ན། ཞིང་དང་གཞལ་ཡས་ཁང་རྣམས་བྷྲཱུཾ་ལས། རིན་པོ་ཆེའི་རྒྱན་དང་རྩི་ཤིང་ནགས་ཚལ་རྣམས་ཏྲཱཾ་ལས། ཆོས་སྒྲ་དང་བསྟོད་དབྱངས་སོགས་ཧྲཱྀཿལས། ཁྲུས་རྫིང་སོགས་ཨ་ལས། བདུད་རྩི་སོགས་ཞལ་ཟས་ཀྱི་བྱེ་བྲག་རྣམས་ཨོཾ་ལས། བླ་དྲེ་སོགས་ལྷབ་ལྷུབ་སྣ་ཚོགས་པའི་གོས་རྣམས་མཾ་ལས། བྲོ་དང་གར་གྱི་འདུ་འཕྲོ་རྣམས་ཧཾ་ལས་སྤྲོས་ཏེའོ། །དགུ་པ་ནི། ཐོག་མར་བདག་ཉིད་ཅེས་སོགས་ཏེ། དང་པོར་རྟོག་པས་བདག་བསྒྲལ་ནས་ཐུགས་རྗེས་གཞན་སྒྲོལ་བའི་ཕྱིར། བདག་གི་ཐུགས་ལས་སྤྲོས་པའི་རཾ་ཡིག་ཡེ་ཤེས་ཀྱི་མེ་འབར་བས་བསྒྲལ་བྱའི་སྙིང་ནང་གི་ས་བོན་དྲུག་བག་ཆགས་དང་བཅས་པ་བསྲེགས་ནས་རྣམ་ཤེས་ཆོས་དབྱིངས་སུ་སྒྲོལ་བའོ། །དེའང་རིན་དྲ་ལས། རི་རབ་ཆེན་པོའི་གླིང་བཞི་ལ། །གནས་པའི་སེམས་ཅན་མ་ལུས་ཀུན། །ཡེ་ཤེས་མེ་ཆེན་བསྒོམ་བྱ་སྟེ། །ཐམས་ཅད་མ་ལུས་བསྲེག་པར་བྱ། །ཞེས་པའི་དོན་ནོ། །བཅུ་པ་ནི། འཁྲིལ་བའི་མཆོད་ཆེན་སོགས་ཏེ། ལྷ་ཚོགས་རྣམས་རྗེས་ཆགས་ཀྱིས་སྙོམས་པར་ཞུགས་པའི་བདེ་བའི་འོད་ཟེར་སྤྲོ་བསྡུས་རྒྱལ་བ་རྣམས་མཆོད་ཅིང་གསང་བའི་དབང་ཐོབ་པར་བསམས་ལ། ཨ་ནུ་རཱ་ག་ཎའི་སྔགས་ཀྱིས་ང་རྒྱལ་བསྐྱེད་པའོ། །བཅུ་གཅིག་པ་ནི། བཟའ་དང་བཅའ་དང་ཞེས་སོགས་ཀྱིས་སྣང་སྲིད་ཀྱི་འདོད་ཡོན་ཐམས་ཅད་ལྷ་མོར་དག་པས། ལྷ་ལ་ལྷ་ཐིམ་པ་དང་།ཆོས་ཉིད་ལ་ཆོས་ཉིད་རོལ་པའི་ཚུལ་གྱིས་འབུལ་བ་ནི་འདོད་ཡོན་རོ་མཉམ་གྱི་མཆོད་པའོ། །བཅུ་གཉིས་པ་ནི། དབང་པོའི་སྤྱོད་ཡུལ་སོགས་ཀྱིས་ཇི་སྙེད་པའི་ཡོ་བྱད་ཐམས་ཅད་སེམས་ཉིད་ཡེ་ཤེས་ཀྱི་རོལ་པར་སྡུད་པ་རོལ་མོ་ཡེ་ཤེས་ཀྱི་མཆོད་པ་སྟེ། མ་ཧཱ་པཱུ་ཛའི་སྔགས་ཀྱིས་མངོན་དུ་བྱས་པར་ང་རྒྱལ་


DNG010_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །བཅུ་གསུམ་པ་ནི། ཨོཾ། ཕྱོགས་བཅུ་དུས་བཞི་སོགས་ཤློ་ཀ་ལྔས། བསྟོད་ཡུལ་གྱི་སྐུ་སོགས་ལྔ་ལ་འབྲས་བུ་ཉེར་ལྔ་དང་ལྡན་པར་བསྟོད་ཅིང་། ཐམས་ཅད་མ་ལུས་ཀྱི་ཤློ་ཀ་གཅིག་པོ་ནི་སྤྱིར་བསྟོད་པ་སྟེ། ཆོས་ཅན་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཆོས་ཉིད་འབྲས་བུ་ལྔར་ཡེ་ནས་གནས་པའོ། །ཇི་ལྟར་ཞེ་ན།མཚོ་གཅིག་ཏུ་གངས་ལྔ་འཆར་བ་དང་གངས་གཅིག་མཚོ་ལྔར་འཆར་བའི་དཔེས་འབྲས་བུ་ལྔའི་སྣང་ཚུལ་ཀུན་གཅིག་གི་བདག་ཉིད་དུ་འདུས་པ་དང་། གཅིག་ཀུན་ཏུ་འཆར་བའི་ཕྱིར་གཅིག་དང་དུ་མའི་མཐའ་ལས་གྲོལ་བ་ཐིག་ལེ་ཆེན་པོའི་རང་བཞིན་ནོ་ཞེས་པའོ། །རྗེ་རོང་ཟོམ་ནི། རྐང་པ་བཞི་པོ་རེ་རེས་སྤྱིའི་སྤྱི་དང་། སྤྱིའི་སྐུ་གསུང་ཐུགས་ལ་བསྟོད་པར་གསུངས་སོ། །དེ་ལྟ་བུའི་ཆེ་བའི་ཡོན་ཏན་དྲན་པས་ཆོས་ཉིད་རང་སྒྲར་གྲགས་པར་མོས་ལ། རིགས་ལྔའི་ཕྱག་རྒྱ་དྲིལ་སྟབས་དང་བཅས་པས་བསྟོད་པར་བྱ་སྟེ། ཀརྨྨ་མཱ་ལེའི་རྒྱུད་ལས། དེ་ནས་དཀྱིལ་འཁོར་ལྷ་རྣམས་ལ། །བསྟོད་པ་མང་པོའི་གླུ་འདི་བླངས། །རྡོ་རྗེ་གསོར་ཞིང་དྲིལ་བུ་གསིལ། །རིགས་ལྔའི་ཕྱག་རྒྱའི་དྲིལ་སྟབས་བྱ། །ཨོཾ་ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི། །ཞེས་སོགས་གསུངས་པའི་ཕྱིར་རོ། །གཉིས་པ་ལ། ཁ་ཅིག་སྔར་གྱི་སྟེང་དུ་རཀྟ་བསྣན་ཏེ་མཆོད་པ་བཅོ་ལྔ་དང་། ལ་ལས་དེའི་སྟེང་དུ་དམ་བཅའ་བཅུག་སྟེ་བཅུ་དྲུག་ཏུ་འདོད་པ་དང་། ལེགས་ལྡན་གྱི་རྒྱུད་ཀྱི་ལེའུ་ལྔ་བར་ཁྲག་འཐུང་བ་བརྒྱད་ཀྱི་དཀྱིལ་འཁོར་བསྟན་པའི་སྐབས་ལས། དང་པོ་ཐུན་མོང་རྫས་ལྔས་མཆོད། །དེ་ནས་ཁྱད་པར་རྫས་གསུམ་དབུལ། །སྨན་གྱིས་མཆོད་རྗེས་དངོས་གྲུབ་བླང་། །གཏོར་མ་དབུལ་ཞིང་གསང་བསྣན་སྦྲེང་། །རཀྟ་ཚར་གསུམ་ཕུལ་ནས་ཀྱང་། །མ་མོ་རྣམས་ཀྱིས་བསྟོད་ཚིག་དབུལ། །ཞེས་ཀྱང་འབྱུང་མོད་ཀྱི། འདིར་ནི་ཞི་བ་ལྟར་བཅུ་བཞི་སྟེ། ཕྱག་དང་ཕྱག་རྒྱ་ཀུན་བཟང་དང་། །ཞབས་བསིལ་བཞི་བསྣོལ་བདུད་རྩི་སྨན། །གཏོར་མ་གསང་བསྣན་རཀྟ་དང་། །སྒྲོལ་དང་སྦྱོར་བ་འདོད་ཡོན་ཏེ། །རོལ་མོ་ཡེ་ཤེས་གླུ་ཡེ་ཤེས། །ཞེས་པ་ནི་སྡོམ་མོ། །ཇི་ལྟར་དབུལ་ན།


DNG010_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་ལྟར་ཕྱག་མཆོད་སོ་སོར་དམིགས་ཕྱེ་བས་མཆོད་པ་བཅུ་གསུམ་གྱི། གཞན་རྣམས་ནི། ཚིག་སྔགས་ཀྱི་ཁྱད་པར་འགའ་ཞིག་མ་གཏོགས་ཞི་བ་དང་འདྲ་བ་ལས། བརྒྱད་པ་རཀྟ་ལ་ཚར་གསུམ་གྱི། དང་པོ་ནི། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་མཉེས་པར་བྱ་བའི་ཕྱིར་རཀྟའི་དྭངས་མ་ཡེ་ཤེས་ཀྱི་བདུད་རྩིར་དམིགས་ལ། ཧེ་རུ་ཀ་ཡི་གནས་བཅུ་དང་། །ཞེས་པའི་ཚིག་སྔགས་བཅས་ཀྱིས་ཕུལ་བས་རཀྟའི་རྒྱ་མཚོ་ལས་སུམ་གཅིག་གསོལ་བར་བསམས་ལ་རཀྟ་སྦྲེང་ངོ་། །འདིར་ཧེ་རུ་ཀའི་གནས་བཅུ་གང་ཞེ་ན། ཧེ་རུ་ཀ་གལ་པོ་ལས། གནས་དང་ཉེ་བའི་གནས་གཉིས་དང་། །ཡུལ་ནི་རོལ་པ་ཉེ་ཡུལ་རོལ། །ཞིང་དང་ཉེ་བའི་ཞིང་དང་ནི། །འདུ་བ་ཉེ་བའི་འདུ་བ་དང་། །ཚནྡོ་ཉེ་བའི་ཚནྡོ་ཡིན། །ཞེས་སོ། །དུར་ཁྲོད་བརྒྱད་ནི་སྔར་བཤད་གྲུབ་བོ། །གཉིས་པ་ནི། བསྒྲལ་བའི་ཞིང་བཅུ་སོགས་གདུག་པ་ཅན་རྣམས་བརླག་པར་བྱ་བའི་ཕྱིར་རཀྟའི་ཁུ་བ་བསྒྲལ་བྱར་དམིགས་ཏེ། ང་ནི་ཁྲག་འཐུང་ཆེན་པོ་སྟེ། །ཞེས་སོགས་ཀྱིས་ཕུལ་བས་སུམ་གཉིས་ཟད་པར་གསོལ་བར་བསམས་ལ་རཀྟ་སྦྲེང་ངོ་། །གསུམ་པ་ནི། ཁམས་གསུམ་གྱི་གདུལ་དཀའི་འགྲོ་རྣམས་ཐུགས་རྗེས་སྒྲོལ་བའི་ཕྱིར་རཀྟའི་རྩིགས་མ་དུག་གསུམ་ཤ་ཁྲག་རུས་པའི་རྣམ་པར་དམིགས་ལ། ང་ནི་ཟ་བྱེད་སོགས་ཀྱིས་ཕུལ་བས་མ་ལུས་པར་གསོལ་བར་བསམས་ལ་རཀྟ་སྦྲེང་བའོ། །དབུལ་ཚིག་གི་གོ་རིམ་ལ་མི་འདྲ་བ་མང་དུ་སྣང་ཡང་།འདི་ནི་ཁྲོ་བོ་ལས་ཕྲེང་ལས་འབྱུང་བ་ཡིན་ནོ། །བཅུ་གསུམ་པ་ནི། ཧཱུཾ།གཏུམ་ཆེན་ཞེས་སོགས་ཤློ་ཀ་དྲུག་གིས་ཁྲོ་བོའི་དཀྱིལ་འཁོར་གྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམས་སོ་སོ་དང་སྤྱིར་བསྟོད་པར་རིམ་གྱིས་སྦྱོར་ཏེ། འགྲེལ་ཆུང་ལས། སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་དང་། །རང་བཞིན་སྤྱིར་བསྟོད་པ་སྟེ་གླུ་དྲུག་ཡིན། །རེ་རེ་ལའང་དབྱེ་ན་བཞི་བཞི་སྟེ། །ཆེ་བ་ཉི་ཤུ་རྩ་བཞིར་ཤེས་པར་བྱ། །ཞེས་གསུངས། གཞན་དུ། རྡོ་རྗེ་བྲག་ཆེན་གྱི་ཤློ་ཀ་གཅིག་པོ་ནི། རྟེན་གཞལ་ཡས་ཁང་ལ་བསྟོད་པ་དང་། ཡང་ན་རྐང་པ་རེ་རེས་སྐུ་གསུང་ཐུགས་ཕྲིན་ལས་ལ་བསྟོད་པར་བཞེད་པ་སོགས་འགྲེལ་པ་རྣམས་དགོངས་པ་མི་མཐུན་ཏེ། བཤད་ཚུལ་མང་ངོ་། །


DNG010_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་ཀྱང་བསྟོད་ཡུལ་ལ་ཡོན་ཏན་ཡོད་ལ་ཡོད་པ་བཞིན་དུ་བསྟོད་པའི་ཕྱིར་བསྟོད་པ་སྟེ། གཞན་དུ་ཡོན་ཏན་མེད་པ་ལ་ཡོད་ཅེས་བརྗོད་ན་སྒྲོ་འདོགས་དང་། ཡོད་པ་ལ་མེད་ཅེས་བརྗོད་ན་སྐུར་འདེབས་སུ་འགྱུར་བའི་ཕྱིར་རོ། །གཉིས་པ་ནི། མཁའ་ཁྱབ་ཏུ་སྤྲོས་ནས་རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་ལ་དབུལ་ཞིང་། དེའང་ལྟ་བ་དང་ཏིང་ངེ་འཛིན་གསལ་མི་གསལ་གྱི་བྱེ་བྲག་གིས་རིམ་གྱིས་སམ་ཡང་ན་ཅིག་ཅར་བའི་ཚུལ་གྱིས་དབུལ་བར་བྱ་བ་སྟེ། འདི་ཉིད་ལས། ཕྱོགས་བཅུ་ནམ་མཁའི་ཁམས་བསྐངས་ནས། །དཀྱིལ་འཁོར་ཀུན་ལ་རྒྱས་པར་འབུལ། །སྐལ་ལྡན་གསལ་བའི་ཁྱད་པར་གྱིས། །རིམ་གྱིས་ཡང་ན་ཅིག་ཅར་དུ། །ཞེས་གསུངས་པའི་ཕྱིར། འབུལ་བའི་ཚེ་ན། ལས་དང་པོ་པས་ཡུལ་དང་འབུལ་མཁན་སོ་སོར་དམིགས་ནའང་། རང་བཞིན་དབྱེར་མེད་པར་རྟོགས་པའམ་མི་ནུས་ན་མོས་པར་བྱས་ནས་དབུལ་བ་གནད་དོ། །གསུམ་པ་ནི། ཏིང་ངེ་འཛིན་ལ་གཙོ་བོར་བྱེད་པ་རྣམས་ཀྱིས་ནི་མཆོད་པ་ཐམས་ཅད་མ་གྲུབ་ན། དམ་པ་རྒྱན་གྱི་རྩ་བ་ལྟར་གླུ་ཡེ་ཤེས་ཀྱི་མཆོད་པ་ཙམ་གྱིས་ཀྱང་ཆོག་པར་བཞེད་ལ། གལ་ཏེ་དབང་དང་། ཕྲིན་ལས་དང་།སྐོང་དང་། སྒྲུབ་པ་དང་། ཚོགས་གཏོར་གཏོང་བ་ལ་སོགས་པའི་ཚེ་མཆོད་པ་གཙོ་བོར་བྱེད་པ་རྣམས་ཀྱིས་ནི། དེ་དང་དེ་དག་གི་དུས་སུ་མཆོད་པའི་རིམ་པ་ཚང་བར་དབུལ་བར་བྱ་བ་སྟེ། ཐུགས་ཐིག་ལས། ལས་སྤྱོད་སྒྲུབ་དབང་མཆོད་ཚེ་ནའོ། །ཞེས་སོ། །བཞི་པ་ལ། ཚོགས་འཁོར་བྱ་བའི་རིམ་པ་དང་། ཞི་ཁྲོ་གཉིས་ཀྱི་ཚོགས་ཀྱི་ཆོ་གའི་ཁྱད་པར་སོ་སོར་བཤད་པའོ། །དང་པོ་ནི། གང་དུ་ཚོགས་པའི་གནས་ཁང་། སུ་ཞིག་འཚོགས་པ་རྣལ་འབྱོར་པ་ཐབས་ཤེས་ཟུང་དུ་འདྲེལ་བའི་འདུས་པ། གང་གི་ཚེ་འཚོགས་པ་ཟླ་དྲུག་སོགས་བར་མ་ཆད་པའི་དུས་ཀྱི་སྒྲུབ་པ་དང་འདྲེལ་བའམ། ཉ་སོགས་ཀྱི་མཚན་མོའི་ཆའི་དུས་རེས་འགའ་བར་ཡང་རུང་སྟེ། དེ་དག་ནི་སྔར་ཚོགས་ཀྱི་དཀྱིལ་འཁོར་གྱི་དུས་སུ་བཤད་པ་ལྟར་ཤེས་པར་བྱ་ལ། འདིར་ཚོགས་པ་རྣམས་ཀྱིས་ཇི་ལྟར་བྱ་བའི་རིམ་པ་བཤད་ན། ཐོག་མར་ཀུན་འདུས་ལས། ཁ་ན་མ་ཐོར་བཅས་པ་དང་། །ཉམས་པ་ལས་བྱུང་ཉེས་དང་བཅས། །མ་དག་པ་ཡི་ཡོ་བྱད་


DNG010_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས། །གདུག་ཅན་འཕང་དུ་འོངས་པ་ལྟར། །ཝ་ཡི་བརྟུལ་བཞུགས་ཆེན་པོ་ཡིས། །སྐལ་བར་བཤུགས་ཏེ་སྤང་བར་བྱ། །ཞེས་པས་ཁ་ན་མ་ཐོ་བ་མེད་པའི་ཡོ་བྱད་ཅི་འབྱོར་བ་དྲང་བར་བྱ་སྟེ། ཧེ་རུ་ཀ་གལ་པོ་ལས། རྡོ་རྗེ་ཚེ་དང་གལ་ཕྱིས་དང་། །འཇམ་དེས་ཟླ་ཕྲོམ་ཟླ་རྒྱས་དང་། །ཚེ་ཁྲིད་ཛ་གད་ཛཀྟི་དང་། །བྲན་མོ་ཤམ་མོ་ཀུན་ཏུ་རྒྱུག །ཨ་མྲ་རྒུན་འབྲུམ་ཨ་ག་རུ། །ན་ལིང་གེ་རྒྱས་ལ་སོགས་དྲང་། །ཞེས་གསུངས་ལ།ཁྱད་པར་ཤ་ཆང་དང་བདུད་རྩི་ལྔ་མེད་དུ་མི་རུང་ཞིང་། ཤ་ལྔ་ཡང་ཅི་འབྱོར་བསག་པར་བྱའོ། །དེ་ནས་གནས་ཁང་ལ་ཕྱགས་བདར་དང་། ཆག་ཆག་གདབ། མེ་ཏོག་སིལ་མ་དགྲམ་ཞིང་། བླ་རེ་ལ་སོགས་པའི་རྒྱན་གྱིས་བརྒྱན། དཀྱིལ་འཁོར་བྲི་བའམ། ཡང་ན་དྲིའི་མཎྜལ་ལ་ལྷའི་སྐུ་བཞུགས་སུ་གསོལ། དེར་འདུ་བ་རྣམས། སྔ་མ་ལས། དབེན་པའི་གནས་སུ་མཚམས་བཅད་ནས། །ཚོགས་ཀྱི་ནང་དུ་འདུ་བ་ནི། །ཁྲོ་བོ་སྔོན་པོ་ཤིན་ཏུ་མཛེས། །ཞེས་སོགས་གསུངས་པ་ལྟར། ཚོགས་ཁང་གི་སྒོར་སྡོད་པའི་སྒོ་བ་རྣམས་ལ་གསོལ་བ་བཏབ་ཅིང་།སློབ་དཔོན་གྱི་བཀའ་ཐོབ་ནས་ནང་དུ་ཞུགས་ཏེ། བརྡ་དང་བརྡའི་ལན་བྱས་ལ།རྡོ་རྗེ་སློབ་དཔོན་ལ་ཕྱག་སྔོན་དུ་འགྲོ་བས་རང་རང་གི་ལྷའི་རིགས་དང་མཐུན་པའི་གོས་རྒྱན་བསྟར་ནས། རྣལ་འབྱོར་ཕོ་མོ་གྲལ་གཡས་གཡོན་གྱི་ཁྱད་པར་གྱིས་ཐམས་ཅད་སྟན་ལ་འདུག་པ་དང་། ལས་རྡོར་གྱིས་མཎྜལ་ཕུལ་ནས་རྣལ་འབྱོར་ལ་གནས་པར་གསོལ་བ་གདབ། དེ་ནས་བགེགས་ལ་གཏོར་མ་བྱིན་ནས་ཕྱིར་བསྐྲད་དེ་མཚམས་གཅད། ཐམས་ཅད་ཀྱིས་རང་རང་གི་ལྷའི་རྣལ་འབྱོར་བསྒོམ།བདེ་བར་གཤེགས་པ་རྣམས་སྤྱན་དྲངས་ཏེ་མཆོད། དེའང་དང་པོར་བདུད་རྩི་བྱིན་གྱིས་བརླབས་ནས་ལྷ་ལ་དབུལ་ཞིང་། བདག་ཉིད་ཀྱང་མྱང་། སློབ་མ་ལའང་བྱིན་ཏེ་དམ་བསྒྲག །དེ་ནས་སྦྱོར་སྒྲོལ་གྱི་མཆོད་པ་སོ་སོར་བྱ་བའམ་མི་ནུས་ན་སྦྱོར་བའི་བྱང་སེམས་ཡུམ་གྱི་མཁར་བསྐྱིལ་བའི་འོད་ཟེར་ལས་སྤྲུལ་པ་སྤྲོས་ཏེ་སྒྲོལ་བ་དང་སྦྱོར་བའི་མཆོད་པ་གོ་ཆུ་རུག་ཏུ་བྱ། དེའི་འོག་ཏུ་འདོད་ཡོན་གྱི་མཆོད་པ་དབུལ་བའི་ཕྱིར། དྲི་ཆབ་བྱིན་གྱིས་བརླབས་ནས་བསངས། དེ་ནས་ཛ་གད་བྱིན་གྱིས་བརླབས་ཏེ། རང་གིས་ལན་གསུམ་མྱོང་ནས་


DNG010_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མཆོད་ཅིང་།སློབ་མ་ལའང་བྱིན། དེ་ནས་ཞལ་ཟས་ཀྱི་ཡོ་བྱད་ཐམས་ཅད་སྤུངས་ལ་བྱིན་གྱིས་བརླབ། ཏིང་ངེ་འཛིན་གྱི་འདོད་ཡོན་ལྔ་དང་། སུ་ར་ཏོ་བཅུ་དྲུག་ལ་སོགས་པའི་གླུ་གར་དང་རོལ་མོ་སྣ་ཚོགས་ཀྱིས་མཆོད་ནས། ཞལ་ཟས་ལ་རོལ་བའི་ཕྱིར་གླུས་བསྐུལ་བ་དང་། བཤགས་པ་དང་། སྨོན་ལམ་དང་། ཚོགས་དབང་བསྐུར་བ་རྣམས་བྱས་ལ། དང་པོར་དཀྱིལ་འཁོར་ལ་དབུལ་ནས། འདུས་པའི་རྣམ་འབྱོར་བ་རྣམས་ལོངས་སྤྱོད། དེ་ནས་ཕྱིའི་ལས་བྱེད་རྣམས་བོས་ཏེ་བྱིན་ལ་མཚམས་གཅད། ལྷག་མ་དང་ཕྱགས་དར་རྣམས་བསྡུས་ཏེ་ལྷག་མའི་མཆོད་སྦྱིན་བྱ། གསང་བའི་མཆོད་པའི་སྒོ་ནས་དཀྱིལ་འཁོར་བསྡུ་བ་རྣམས་ཏེ་ཐོ་བྱང་ཙམ་མོ། །རྒྱས་པར་གོང་མའི་ཚོགས་ཡིག་རྣམས་ལས་ཤེས་པར་བྱའོ། །གཉིས་པ་ལ། སྡོམ་ནི། དྲང་ཞིང་བསངས་ལ་བྱིན་གྱིས་རློབ། །མཆོད་དབུལ་རོལ་ལ་ལྷ་མཆོད་བྱ། །ཞར་བྱུང་གཏོར་མ་བཏང་དང་བདུན། །དང་པོ་ནི། ཛ་གད་དང་མཱཾ་ས་གཙོ་བོར་གྱུར་པའི་ཡོ་བྱད་རྣམས་བཤམ་པའོ། །གཉིས་པ་ནི། དྲི་ཆབ་དང་བདུད་རྩི་བསངས་ལ་བགེགས་བསྐྲད་དེ་ཉེས་སྐྱོན་སྦྱང་བའོ། །གསུམ་པ་ནི།སྣོད་ཉི་མར་བཅུད་ཞལ་ཟས་ལ་འབྲུ་ལྔ་བཀོད་དེ་འབྲུ་གསུམ་གྱི་སྔགས་ཀྱིས་འདོད་ཡོན་གྱི་ལྷ་མོར་རློབ་པའོ། །བཞི་པ་ལ། ཚོགས་ཞིང་སྤྱན་དྲང་བ་དང་།དབུལ་བའོ། །དང་པོ་ནི། ཞི་ཁྲོ་གང་ཡིན་གྱི་སོ་སོའི་ཚིག་སྔགས་བརྗོད་པས་ཚོགས་ཞིང་ནམ་མཁའ་ལ་སྤྲིན་ཕུང་གཏིབས་པ་བཞིན་དུ་སད་པར་བསམ་པའོ། །གཉིས་པ་ལ་གཉིས་ཀྱི། དང་པོ་ཞི་བ་ལ། བླ་མེད་མཆོག་གི་ཚིག་སྔགས་དང་བཅས་པས་སྤྱིར་མཆོད་པ་དང་། ལྕགས་ཀྱུ་མ་སོགས་གསང་བ། སྒེག་སོགས་ནང་། དྷཱུ་བེ་མ་སོགས་ཕྱི་སྟེ་ལྷ་མོ་བཅུ་གཉིས་ཀྱིས་བྱེ་བྲག་ཏུ་མཆོད། ཁྱད་པར་ཚོགས་ཕུད་སྤྲོས་ཏེ་ཕུལ་བས་འདོད་ཡོན་གྱི་ལྷ་མོས་མཆོད་པར་བསམ་པའོ། །གཉིས་པ་ཁྲོ་བོ་ལ། སྤྱིར་མཆོད་པ་ཞི་བ་དང་འདྲ། བྱེ་བྲག་ལྷ་མོ་བཅུ་གཉིས་པ། སུ་ར་ཏོ་བཅུ་དྲུག་གིས་མཆོད་ཀྱང་མི་འགལ་གསུངས། ཁྱད་པར་སོ་སོར་མཆོད་པ་ནི། ཚོགས་ཕུད་ཆ་བཞིར་སྤྲོས་ཏེ། དང་པོ་འདོད་ཡོན་གྱི་ལྷ་མོར་བསམས་ལ་མཆོད། གཉིས་པ་དམ་རྫས་བདུད་རྩི་ལྔར་བསམས་ལ་བཤགས། །


DNG010_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་ལ། ལིངྒ་ཟུར་པ་མེད་ན་ཆ་གསུམ་པ་དེ་ཡི་འདོད་ཡོན་གྱི་ལྷ་མོ་རང་ལ་བསྡུས་ནས། ལེའུ་ཉི་ཤུ་བར་འབྱུང་བ་ལྟར་དྲག་པོའི་ཕྲིན་ལས་སྦྱར་ཏེ་ཚེ་ཁྲུས་ཀྱི་དགོངས་པས་བསྒྲལ་ལ་སྟོབ་པ་བྱའོ། །དེ་ཡང་ཧེ་རུ་ཀ་གལ་པོ་ལས། དང་པོ་འདོད་ཡོན་དྲུག་གིས་མཆོད། །གཉིས་པ་དམ་རྫས་བདུད་རྩིས་བཤགས། །གསུམ་པ་དགྲ་བགེགས་གཟུགས་ཕུང་སྟོབ། །ཞེས་དང་། ཚོགས་ཡིག་ཆེ་ཆུང་ལས་ཀྱང་། དང་པོར་ཕུད་ལས་བདེ་བར་གཤེགས་པ་མཆོད་ཅིང་བཤགས་པ་དང་སྟོབ་པ་དག་ཀྱང་བྱའོ། །ཞེས་པའི་དོན་ནོ། །ལྔ་པ་ནི། ཟ་ཚོགས་ལས། དེ་ནས་བདག་ཉིད་མཉམ་བཞག་སྟེ། །རྣམ་གསུམ་ཚུལ་གྱིས་རོལ་པར་བྱ། །བདག་ཉིད་ནང་གིས་ལྷ་མཉེས་པར། །མཆོད་སྦྱིན་ཡིན་ཏེ་དངོས་གྲུབ་པོ། །ཞེས་པས་རྒྱུད་ལུང་མན་ངག་གི་རོལ་ཚུལ་གསུམ་མམ། ཡང་ན་ནང་གི་སྦྱིན་བསྲེག་གིས་རོལ་པར་བྱའོ། །དྲུག་པ་ལ་གཉིས་ལས། ཞི་བའི་ལྷག་ཆོག་ནི། རྩའི་དཀྱིལ་འཁོར་གསལ་གདབ། ལྷག་མའི་དཀྱིལ་འཁོར་བསྒོམས་པའི་དབུས་ཀྱི་འཁོར་ལོ་ལ་རིགས་ལྔ་ཡབ་ལྔ་བསྐྱེད། གཏོར་མ་འབྲུ་གསུམ་གྱིས་དམ་ཚིག་གསང་བའི་ལོངས་སྤྱོད་དུ་བརླབས་ལ། མཁའ་འགྲོ་སོ་གཉིས་བཀུག་སྟེ་རིགས་ལྔའི་གཙོ་བོ་ལ་གཙོ་མོ་བདུན་དང་། དོན་གྲུབ་ལ་དྲུག །གཞན་གསུམ་ལ་ལྔ་ལྔ་འཁྲིལ་བའི་ཚུལ་དང་སྒོ་མ་བཞི་གཙོ་བོའི་ཞབས་འོག་ཏུ་གནས་པར་བསམས་ལ། མཆོད་ཅིང་ཕྲིན་ལས་གཞོལ་ནས་གཤེགས་གསོལ་བྱས་ཏེ་དཀྱིལ་འཁོར་བསྡུ་བའོ། །དེ་ཡང་ཧེ་ཆུང་ལས། ཟོས་པའི་ལྷག་མའི་གཏོར་མ་ཡིས། །བཙུན་མོའི་འཁོར་ལ་མཆོད་པར་བྱ། །ཞེས་དང་། ཁྱད་པར་ཕྱག་རྒྱ་བཞི་པའི་བསམ་གཏན་ལས། སྔོན་ཚེ་བཅོམ་ལྡན་རིགས་ལྔ་ཡིས། །མཁའ་འགྲོ་སུམ་ཅུ་རྩ་གཉིས་པོ། །སླས་སུ་མཛད་དེ་ཁས་བླངས་ཕྱིར། །ལྷག་མའི་མཆོད་སྦྱིན་བྱ་བ་གཅེས། །ཞེས་སོ། །གཉིས་པ་ཁྲོ་བོའི་ལྷག་ཆོག་ལ། དཀྱིལ་འཁོར་བཤམ་པ་དང་། མཆོད་པ་དངོས་སོ། །དང་པོ་ནི། སྒྱུ་འཕྲུལ་མཁན་པོ་ཕལ་ཆེར། དཀྱིལ་འཁོར་གྱི་ཤར་ལྷོར་དྲིའི་མཎྜལ་བཤམ་པར་བཞེད། ཧེ་རུ་ཀ་གལ་པོར། ལྷག་མའི་དཀྱིལ་འཁོར་བྱང་ཤར་མཚམས། །ཞིང་ལྤགས་


DNG010_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

རཀྟས་ཟླ་གམ་ཨེ། །ཞེས་འབྱུང་ངོ་། །གཉིས་པ་ལ། འདི་ཉིད་ལས། སླས་དང་བྱི་མོ་བྲན་མོའི་ཚོགས། །ལྷག་མ་མཆོད་སྦྱིན་འདོད་པ་སྦྱིན། །རང་གི་དམ་ཚིག་རབ་བསྒྲགས་ནས། །གང་འདོད་ལས་དེ་བྱེད་པར་བསྒོམ། །ཞེས་དབང་ཕྱུག་མ་ལ་བྱིན་ཏེ་ལས་བཅོལ་བ་ཙམ་ལས་མ་གསུངས་ཀྱང་། སློབ་དཔོན་རྣམས་ཀྱིས་རྒྱུད་གཞན་ནས་ཁ་བསྐངས་ཏེ་རྒྱས་པར་མཛད། དེ་ལའང་བཞེད་པ་མི་མཐུན་ཏེ། ཁ་ཅིག །ཕུད་ལྷག་སོ་སོར་བཤམས་ལ་བྱིན་གྱིས་བརླབས་ནས། ཕུད་ཀྱིས་ཡར་གྱི་གནས་བདུན་མཆོད།དཔལ་ཆེན་པོ་དང་རྣལ་འབྱོར་པའི་ལྷག་གིས་མར་གྱི་གནས་བདུན་མཆོད་གསུངས། དེ་ལ་ཡར་གྱི་གནས་བདུན་ནི། གལ་པོ་ལས། དབྱིངས་ནས་རྣམ་པར་བསྐུལ་བ་དང་། །བྱིན་གྱིས་ཡང་དག་བརླབས་པ་དང་། །ཐབས་ཆེན་ཡབ་ཏུ་བསྟན་པ་དང་། །ཤེས་རབ་ཡུམ་དུ་གནས་པ་དང་། །ཁྲོ་མོ་གཽ་རཱི་བརྒྱད་རྣམས་དང་། །ཡུལ་གྱི་ཕྲ་མེན་ཆེན་མོ་དང་། །ཡེ་ཤེས་སྒོ་མ་བཞི་པོ་རྣམས། །ཡར་གྱི་གནས་བདུན་དཀྱིལ་འཁོར་ཏེ། །ཞེས་སོ། །མར་གྱི་གནས་བདུན་ཀྱང་། དེ་ལས།རྫུ་འཕྲུལ་མཁའ་ལ་འགྲོ་བ་སུམ་ཅུ་གཉིས། །སྦྱོར་དང་སྒྲོལ་ལ་དགའ་བའི་ཀིཾ་ཆེན་བརྒྱད། །ལངྈ་ཚར་གསུམ་རྟོགས་ཚད་འབུལ་བ་དང་། །ལུས་ངག་ཡིད་ཀྱིས་གནོད་པའི་འབར་མ་བརྒྱད། །བདུད་སྲིན་མ་མོ་བདུན་དང་སྲིང་མོ་བཞི། །དྲུག་ཅུ་རྩ་བཞི་ཕོ་ཉའི་གནས་རྣམས་ཏེ། །ལྷག་མ་དག་ལ་དབང་བའི་གནས་དྲུག་ཡིན། །ཉི་ཤུ་རྩ་བརྒྱད་ཕུད་ལྷག་གཉིས་ལ་དབང་། །ཞེས་སོ། །འདིར་བླ་མ་ཕལ་ཆེ་བའི་བཞེད་པ་ལྟར་ན་ཐོག་མར་ཕུད་ཤོད་དུ་ཕབ་ནས་དཀྱིལ་འཁོར་གྱི་སྟེང་དུ་ཕུད་ལྷག་སོ་སོར་བཤམས་ལ། རྩ་བའི་དཀྱིལ་འཁོར་གསལ་གདབ། ལྷག་མའི་དཀྱིལ་འཁོར་ཕྱི་ཁྱམས་མཐིང་ནག་གྲུ་གསུམ་འབྱམས་ཀླས་པའི་ནང་དུ་གཞལ་ཡས་ཁང་སྒོ་དང་བཅས་པར་རིགས་ལྔ་གནས་ཡུལ་སྒོམ་སྟེ། ངོ་མཚར་ཚོགས་ཀྱི་ལྷ་སུམ་ཅུ་བསྐྱེད། ལྷག་གཏོར་ཟླ་བ་ལ་གནས་པའི་ཨོཾ་གྱི་འཕྲོ་འདུས་བདུད་རྩིར་རློབ། དེ་ནས་སྙན་གསན་དབབ་ནས་སྤྱུགས་པའི་སྒྲ་དང་འདོད་རྒྱལ་གྱི་སྔགས་རྒྱས་མགྲོན་རྣམས་སྤྱན་དྲངས་པས་ཕྱི་ཁྱམས་གྲུ་གསུམ་པའི་ནང་དུ་བྱ་ནག་ཐང་ལ་བབས་པ་བཞིན་ཐབས་ཀྱིས་བྱོན་པར་བསམས་


DNG010_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

ལ། ཧེ་རུ་ཀའི་རྡོ་རྗེ་ཁྱུང་གཤོག་གི་སྔགས་རྒྱས་ཟིལ་གྱིས་མནན། པདྨའི་སྔགས་རྒྱས་གདན་དབུལ། རྟ་གདོང་གི་སྔགས་རྒྱས་དབང་དུ་བྱ་བ་རྣམས་ཏེ། གལ་པོར། འདོད་པའི་རྒྱལ་པོས་ལྕགས་ཀྱུས་དགུག །རྟ་མགྲིན་གྱིས་དབང་བསྡུ་བར་བྱ། །ཧེ་རུ་ཀ་མི་ཟིལ་གྱིས་མནན། །ཞེས་པའི་དོན་ནོ། །དེ་ནས་མགྲོན་རིགས་ལྔར་ཕྱེ་ལ་མཆོད། དེའི་འོག་ཏུ་སྔ་མ་ལས། དཔལ་གྱི་ལྕེ་ལ་རྟ་མགྲིན་ཧྲཱྀཿ། །མཁའ་དབྱིངས་ཕྱག་རྒྱ་རབ་ལྡན་པས། །རྟོག་བསྲེག་བདུད་རྩིའི་སྦྱོར་མཆོད་དབུལ། །ཞེས་པ་ལྟར་ལྷག་གཏོར་ལ་བདུད་རྩིའི་ཁ་ཕྲུ་བཏབ། དེ་ནས་དང་པོ་ཕུད་ཀྱིས་མི་མཆོད་དུ། །ཞེས་སོགས་ཀྱིས་མགྲོན་རྣམས་ལ་རྒྱུ་རྐྱེན་བསྒྲགས་པས་ངེས་ཤེས་བསྐྱེད་དེ་ལྷག་ཕུད་མཚམས་སྦྱར་བ་རྣམས་ནི་སྤྱིའི་ལས་རིམ་མོ། །དེ་ནས་བྱེ་བྲག་ཏུ་མཁའ་འགྲོ་སོགས་རང་རང་གི་མཚན་ནས་སྨོས་ཏེ་མཆོད་ཅིང་ལས་བཅོལ་ལ་མགྲོན་རྣམས་བཀྱེ། གཏོར་མ་བསྐྱེལ་ལ་དཀྱིལ་འཁོར་བསྡུ་བའོ། །དེ་ཡང་ཇི་སྐད་དུ། ཕུད་ལ་འཚལ་སྐལ་མི་ལྡན་གྱིས། །ལྷག་མ་ཞལ་ཆབ་བྲོན་ལ་གསོལ། །ཞེས་པ་ལྟར་རོ། །བདུན་པ་ནི། སློབ་དཔོན་གྱིས་རྩ་བའི་དཀྱིལ་འཁོར་བཟུང་ཞིང་། ལས་རྡོར་གྱིས་གོམ་པ་བདུན་ཅུའི་ཕ་རོལ་ཏུ་ཕྱིན་ཏེ། དཔལ་ཆེན་པོའི་ང་རྒྱལ་གྱིས། བརྟན་གཏོར་རློབ།མགྲོན་དྲང་། མཚན་ནས་སྨོས་ཏེ་མཆོད་ཅིང་ཕྲིན་ལས་བཅོལ་ལ་གཤེགས་སོ། །ཞར་བྱུང་ཟ་ཚོགས་དང་། ཕྱག་རྒྱ་བསམ་གཏན་གྱི་ལས་བྱང་ལས་འབྱུང་བ་ལྟར་འགྲོ་དྲུག་ལ་གཏོར་མ་བསྔོ་བའང་མཛད་དེ་སྤྲོས་པའི་ཡན་ལག་གོ། །ལྔ་པ་སྐྱོན་ནི། འཆད་འགྱུར་གྱི་ཡོན་ཏན་ལས་བཟློག་པ་སྟེ། ཐུགས་ཐིག་ལས། དེ་ལས་བཟློག་དང་མི་སྐོང་གཡེལ། །ཉམས་ཆག་མཐུ་བྱིན་བྲལ་བར་འགྱུར། །ཞེས་སོ། །དྲུག་པ་ཡོན་ཏན་ནི། དགོས་ཆེད་དུ་བསྟན་པའི་རྗེས་སུ་འགྲོ་བ་སྟེ། ཁོག་གཞུང་ལས། ཐུན་མོང་ཁྱད་པར་ཡོན་ཏན་ལྡན། །ཞེས་སོ། །ཁྱད་པར་ཚོགས་ཀྱི་འཁོར་ལོའི་ཡོན་ཏན་ནི། ཟ་ཚོགས་ལས། དོན་དང་བྲལ་བའི་འཇིག་རྟེན་པས། །སྣང་སྲིད་བདེ་བའི་ལོངས་སྤྱོད་ལ། །ཆགས་པར་སྤྱད་པས་འཁྱམས་པ་རྣམས། །འདི་ལྟར་སྤྱད་ན་གྲོལ་ཞེས་བཤད། །ཅེས་དང་།


DNG010_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་དྲ་བ་ལས། བསོད་ནམས་ནང་ན་ཚོགས་འཁོར་མཆོག །ཚེ་འདིར་བསམ་པ་ཀུན་འགྲུབ་ཅིང་། །བགེགས་དང་བར་ཆད་ཞི་བ་དང་། །ཕྱི་མ་རིག་འཛིན་རྒྱལ་བའི་ཞིང་། །ཀུན་ཏུ་བཟང་པོ་འཐོབ་པར་འགྱུར། །ཞེས་སོ། །བཅུ་པ་འཆིང་ཟློས་སྔགས་དང་ཕྱག་རྒྱ་ལ་དྲུག་ལས། དང་པོ་དགོས་ཆེད་ནི། སྒྲིབ་གཉིས་སྦྱོང་ཞིང་། ཏིང་ངེ་འཛིན་གྱི་སྟོངས་སུ་གྱུར་པས་ལས་དང་དངོས་གྲུབ་འཐོབ་པར་བྱེད་པའི་ནུས་པ་བསྐྱེད་པ་སྟེ། ཐུགས་ཐིག་ལས། སྦྱོང་ཞིང་ཉེ་བར་བསྐྱེད་པ་དང་། །ཐོབ་བྱ་ལྔ་པོ་རྫོགས་བྱའི་ཕྱིར། །ཞེས་སོ། །བྱེ་བྲག་ཏུ། སྔགས་ཀྱིས་ཐུགས་དམ་གནང་ནས་བསྐུལ་བའི་ཕྱིར་དང་། ཕྱག་རྒྱས་ཐུགས་རྣམ་པར་གྲོལ་བ་མཚོན་པ་སྟེ།ཇི་སྐད་དུ། ཐུགས་དམ་གནད་བསྐུལ་གསང་བ་སྔགས་ཀྱི་སྒོ། །ཞེས་དང་།རྣམ་པར་གྲོལ་བ་མཚོན་པའི་ཕྱིར། །ཞེས་སོ། །གཉིས་པ་ངོ་བོ་ལ་སྔགས་ཀྱི་ངོ་བོ་ནི། ཐབས་ཤེས་ཀྱི་ཡི་གེ་འདུས་ཤིང་བྱིན་གྱིས་རློབས་པའི་ནུས་མཐུ་ཅན་དུ་གྱུར་པའི་ཕྱིར་ཏེ། ཐུགས་ཐིག་ལས། ཡི་གེ་འདུས་པ་ཆོས་ཉིད་རང་བཞིན་གྱིས། ཆོས་ཅན་རང་གི་ངོ་བོས། མཐུས་བྱིན་གྱི་རླབས་ཀྱིས་གྲུབ་པ་བཞི། །མཐུ་ཅན་རེད་པ་གང་ཡིན་པ། །ཞེས་སོ། །ཕྱག་རྒྱའི་ངོ་བོ་ནི། རིག་པ་ཕྱག་རྒྱ་བཞི་རྫོགས་ཀྱི་ལྷའི་སྐུར་གསལ་བ་ལས་མི་འདའ་བ་སྟེ། དེ་ལས། བཞི་རྫོགས་ཉིད་ལས་མི་འདའ་བ། །གང་ལ་སྣང་བ་དེ་ངོ་བོ། །ཞེས་སོ། །གསུམ་པ་སྒྲ་དོན་ལ། སྔགས་ནི། མནྟྲའི་སྒྲ་ལས། མན་ནི་ཡི་དམ་ཤེས་པ་ཏྲ་ཡ་ནི་སྐྱོབ་པའམ་དཔུང་གཉེན་ལ་འཇུག་པས།ཡིད་ཤེས་བདེ་མྱུར་དུ་སྐྱོབ་ཅིང་བྱིན་རླབས་འབྱུང་བའི་ཕྱིར་སྔགས་ཏེ། ཡེ་ཤེས་སྙིང་པོ་ལས། མན་ནི་ཡིད་ཅེས་བྱ་བ་སྟེ། །ཏྲ་ནི་སྐྱོབ་པ་ཉིད་དུ་བཤད། །ཅེས་སོ། །ཕྱག་རྒྱ་ནི། མུ་དྲའི་སྒྲ་ལས་མཚན་མའི་དོན་ཏེ། འདེབས་ཤིང་མཚོན་པར་བྱེད་པའམ་རྒྱས་བཏབ་པ་ལས་འདའ་བར་དཀའ་བའི་ཕྱིར་ཕྱག་རྒྱ་ཞེས་བྱའོ། །དེའང་འདི་ཉིད་ལས། སྙིང་པོའི་ཕྱག་རྒྱ་འདའ་དཀའོ། །ཞེས་དང་། རྒྱས་པ་ལས། འདའ་ཀ་ཇི་བཞིན་མི་ཤིགས་པའི། །རྒྱལ་པོའི་ཕྱག་རྒྱ་མཆོག་གི་གནས། །བདག་ཉིད་ཆེན་པོ་མཚན་མའི་གཟུགས། །ཕྱག་རྒྱ་ཞེས་ནི་བསྒྲགས་པ་ཡིན། །ཞེས་སོ། །བཞི་པ་རྣམ་གྲངས་ལ། སྔགས་དང་། ཕྱག་རྒྱ་གཉིས། དང་པོ་ལ། སྤྱི་དང་བྱེ་བྲག་གོ། །དང་པོ་སྤྱིར་སྔགས་ལ། གསང་


DNG010_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས། རིག་སྔགས། གཟུངས་སྔགས་གསུམ། དེ་ཡང་ཐབས་ཤེས་ཀྱི་བདག་ཉིད། དེའི་སྒོ་ཡིག་འབྲུར་སྣང་བས་གསང་སྟེ་ངག་ཏུ་བརྗོད་པ་དང་བཅས་ཤིང་ཤས་སྐྱོབ་ཀྱི་ལས་ཀྱིས་ལོག་རྟོག་གི་གཉེན་པོར་གྱུར་པ་ནི་གསང་སྔགས། ཤེས་རབ་དང་ཡེ་ཤེས་ཀྱི་བདག་ཉིད་དངོས་པོའི་དོན་རིག་པར་བྱེད་པའི་ལས་ཀྱིས་མ་རྟོགས་པའི་གཉེན་པོར་གྱུར་པ་ནི་རིག་སྔགས། དྲན་པ་དང་ཤེས་རབ་ཀྱི་བདག་ཉིད་ཆོས་ཀྱི་ཚིག་དོན་མི་བརྗེད་པར་འཛིན་པའི་ལས་ཀྱིས་དྲན་ཉམས་ཀྱི་གཉེན་པོར་གྱུར་པ་ནི་གཟུངས་སྔགས་ཏེ། འདི་གསུམ་གྱི་རྟགས་ཀྱང་། དང་པོ་ལྷ་ཕོའི་དབྱིབས་དང་། ཕྱི་མ་གཉིས་ལྷ་མོའི་གཟུགས་སུ་བཞུགས་ཞེས་འབྱུང་ངོ་། །གཉིས་པ་བྱེ་བྲག་ཏུ།གསང་སྔགས་ཀྱི་སྒོར་གྱུར་པའི་སྔགས་ལ་རྩ་རྒྱུད་འདིར། རྟེན་དང་བརྟེན་པ་བསྐྱེད་པའི་སྔགས་དང་། ལས་ཀྱི་རིམ་པའི་སྔགས་གསུམ་དུ་གསུངས་པ་ལས།དང་པོ་ནི། བྷྲཱུཾ་གཞལ་ཡས་ཁང་གི་ས་བོན་དང་། བི་ཤྭ་བི་ཤུདྡྷེ། སྣ་ཚོགས་རྣམ་པར་དག་པ་ན་ཞེས་བྱ་བ་སྟེ། ཐལ་རྒྱུད་ལས། བྷྲཱུཾ་དབྱིངས་བྷ་གར་སྣ་ཚོགས་འདུས། །ལས་དང་ངོ་བོ་དག་པ་ཉིད། །སངས་རྒྱས་རིན་ཆེན་ཟ་མ་ཏོག །བྱིན་རློབ་སྐྱོབ་ཕྱིར་སྔགས་སུ་བརྗོད། །ཅེས་སོ། །གཉིས་པ་ལ། ཞི་བ་དང་། ཁྲོ་བོའི་སྔགས་གཉིས། དང་པོ་ལ། རྒྱུ་མ་ནོར་བ་རྩ་བའི། བསྐྱེད་པ་རྐྱེན་གྱི།བཟླས་པ་ལས་ཀྱི་སྔགས་སོ། །དང་པོ་ལའང་། ལྷ་བསྐྱེད་པ་འཕྲོ་གཞིའི་ས་བོན་དང་། རིགས་ཀྱི་ས་བོན་གཉིས། དང་པོ་ནི། ཨ། ཀ་ཁ་ག་གྷ་ང་། ཞེས་སོགས་ཡི་གེ་བཞི་བཅུ་རྩ་གསུམ་སྟེ། དེ་དག་ལྷ་སོ་སོ་དང་སྦྱར་ནས་ངོ་སྤྲོད་པ་ནི།ཨ་ནི་སྐྱེ་མེད་དེ་བཞིན་ཉིད། །ཋ་ནི་སྒྱུ་འཕྲུལ་རྡོ་རྗེ་ཉིད། །ཅེས་སོགས་ཨ་ཀུན་ཏུ་བཟང་མོ་དང་། ཋ་མི་བསྐྱོད་པ་སོགས་རིམ་གྱིས་སྦྱར་རོ། །དེ་ལྟར་ཡང་།རྒྱ་མཚོ་ལས། ས་དང་ནམ་མཁའ་སྤྱན་རྡོ་རྗེ། །སྟོབས་ཆེན་ལྔ་ནི་དང་པོ་ཀ །གཉིས་པ་ལྔ་པོ་རིམ་བཞིན་དུ། །སྒེག་མོ་ཕྲེང་ཐོགས་དབྱངས་དང་གར། །ཡ་མཱནྟ་ཀྲྀཏ་ཉིད་དུ་བཤད། །གསུམ་པ་ལྔ་པོ་རིམ་བཞིན་དུ། །སྣང་མཛད་རྡོ་རྗེ་རིན་ཆེན་དང་། །དཔག་མེད་དོན་གྲུབ་ཉིད་དུ་བཤད། །བཞི་པ་ལྔ་ནི་རིམ་བཞིན་དུ། །ནམ་མཁའ་སྤྱན་དང་ན་བཟའ་དཀར། །མཱ་མ་ཀཱི་དང་སྒྲོལ་མར་བཤད། །ལྔ་པ་ལྔ་པོ་


DNG010_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་བཞིན་དུ། །བྱམས་པ་སྒྲིབ་སེལ་ཀུན་བཟང་དཔལ། །རྟ་མགྲིན་རིམ་པར་འདོད་པ་ཡིན། །དྲུག་པ་བཞི་སྟེ་རིམ་པ་བཞིན། །བདུག་སྤོས་མར་མེ་མེ་ཏོག་དང་། །དྲི་ཆབ་ལྷ་མོ་ཞེས་སུ་བཤད། །བདུན་པ་བཞི་ནི་རིམ་པ་བཞིན། །རྟག་ཆད་མཚན་མ་དག་པ་དང་། །བདག་མེད་པ་སྟེ་རིམ་པ་བཞིན། །མཐར་ཟད་བྱེད་པ་རྡོ་རྗེ་ནི། །མ་ལུས་འདུས་པའི་ངོ་བོ་སྟེ། །སྐུ་གསུང་ཐུགས་ཀྱི་རོལ་པ་ལས། །རྣམ་པར་འཕྲུལ་པའི་སྤྲུལ་པ་དྲུག །བརྒྱད་པའི་ཡི་གེ་དྲུག་ཏུ་བཤད། །བཅུ་གཅིག་བཅུ་གཉིས་རྣམ་བཤད་པོ། །སྒྲིབ་པ་ཀུན་ཟད་ཡེ་ཤེས་ནི། །འཆི་བ་གསོ་བྱེད་ཡིན་པར་བཤད། །ཅེས་པའི་གཤིན་རྗེ་དང་སྟོབས་ཆེན་གཉིས་རྒྱུད་འདིར་གསུངས་པ་དང་མི་མཐུན་པར་བྱུང་བས་ཕན་ཚུན་གོ་བརྗེ་བར་བྱ་ལ། གཞན་ནི་དེ་ཁོ་ནའོ། །འོ་ན། མགོ། ཏིག །ཤད་གསུམ་མ་བྱུང་བས་གང་དང་སྦྱོར་ཞེ་ན། དེ་གསུམ་ལ་ཁྱབ་བྱེད་ཀྱི་ཡི་གེ་ཞེས་བྱ་སྟེ། རིམ་པ་ལྟར་ཐུགས་གསུང་སྐུའི་ལྷའི་རང་བཞིན་ཡིན་པས་ཐམས་ཅད་ལ་ཁྱབ་པར་སྦྱར་རོ། །གཉིས་པ་ལ། ཧཱུཾ་ཨོཾ་སྭཱ་ཨཾ་ཧཱཾ་རྣམས་ནི་ཐུགས་རྡོ་རྗེ་སོགས་མཚོན་པར་བྱེད་པའི་ཡི་གེ་སྟེ། དགོངས་འདུས་ལས། སྐུ་མཚོན་པར་བྱེད་པ་ལ་ནི་ཡི་གེ་ཨོཾ་ཞེས་ཐ་སྙད་དུ་བྱས་སོ། །ཞེས་སོགས་གསུངས་པ་ལྟར་རོ། །དེ་བཞིན་དུ་མཱུཾ་ལཱཾ་སོགས་འགའ་ཞིག་མིང་ཡིག་དང་པོ་དང་། ལ་ལ་དག་རིགས་ཀྱི་ས་བོན་ནོ། །གཉིས་པ་བསྐྱེད་སྔགས་ནི། བཛྲ་དྷྲིཀ་སོགས་རྒྱལ་བོ་ཡབ་ལྔའི་སྔགས་དོན་ནི།གསང་འདུས་ལས། བཛྲ་རྡོ་རྗེ་འཛིན་དང་དྷྲིཀ་རྒྱལ་བའི་ཛི་ན་རྒྱལ། །ཛི་ཀ་རིན་ཆེན་རཏྣ་འཛིན་དྷྲྀཀ་དང་ཆགས་ཆེན་ཨ་རོ་མཚོན། །ལི་ག་ཤེས་རབ་པྲཛྙཱ་འཛིན་ཀ་པ་ཞེས་བྱ་སྟེ། །ཞེས་དང་། ཐལ་རྒྱུད་ལས། ཙིཏྟ་ཁམས་ལྔའི་ཤི་ར་ལ། །རྡོ་རྗེ་བཛྲ་རྒྱལ་བ་ཛིཀ་རིན་ཆེན་རཏྣ་ཆོས། །ཤེས་རབ་པྲཛྙཱ་རིགས་ལྡན་བཅུད་ཀྱི་གཟུགས། །ངེས་པར་འཛིན་པ་གསང་བའི་སྔགས། །ཞེས་སོ། །ཡུམ་ལྔའི་མཱུཾ་དྷཱ་ཏཱི་ཤྭ་རི་དབྱིངས་ཀྱི་དབང་ཕྱུག་མ་དང་། གཞན་རྣམས་ཀྱི་དྭེ་ཥ་སོགས་ནི། ཞེ་དེ་ཥ་སྡང་། མོ་ཧ་གཏི་མུག ། རཱ་ག་འདོད་ཆགས་བཛྲ་རྡོ་རྗེ་དང་། ར་ཏི་ནི་དགའ་མ་སྟེ། དེ་ལས། དེ་ཉིད་དྭངས་མའི་ཡེ་ཤེས་ལྔ། །མ་


DNG010_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

རིག་གཉིས་སོགས་བཞི་པོ་དང་། །མི་ཕྱེད་ཕྲག་དོག་རྡོ་རྗེའི་སྔགས། །ཞེས་སོ། །ཧཱི་རཱ་ཛཱ་ཡ་སོགས་ནི་ནང་སེམས་བཞིའི་མཚན་གྱི་ཁྱད་པར་རོ། །དེ་དག་གི་ཡུམ་བཞི་ནི་ལཱ་སྱེ་སོགས་མིང་མཐར་སྙོམས་འཇུག་གི་བརྡ་བཞི་སྦྱར་བ་སྟེ། དེ་ལས་ལས་ཀྱི་བདེ་བས་སྒེག་ལཱ་སྱེ་པ་ནི། །ཆགས་པའི་དམ་ཚིག་དུས་ཡིན་ས་མ་ཡ་སྟྭཾ་ནོ། །སླར་ཡང་ལན་གྱིས་འདྲེལ་བ་ནི། །གཉིས་ཀ་དགྱེས་པའི་མཆོག་ཏུ་བཤད། །ཧ་དང་སི་ཡི་བདེ་སྒྲ་དག །བདག་གི་ཆགས་པ་ཐོབ་པའོ། །ཤིན་ཏུ་བསྐྱོད་པའི་བདེ་བ་ཉིད། །ཀུན་ནས་བསྐྱོད་པ་རླུང་ཞེས་བྱ། །ཞེས་སོ། །དྷཱ་ར་ཎི་སོགས་ཕྱི་སེམས་བཞིའི་ཡོན་ཏན་ཁྱད་པར་ཅན་ལས་དང་སྦྱར་བའི་མིང་ངོ་། །དེ་དག་གི་ཡུམ་དྷཱུ་པེ་སོགས་རང་མིང་གི་མཐར་སྙོམས་འཇུག་གི་སྦྱོར་ཚད་བཞི་སྦྱར་བ་སྟེ། དེ་ལས། གཉིས་འདྲེས་འཛིན་ཛཿ པ་ཞེས་བྱ་སྟེ། །དེ་ཉིད་དྷཱུ་པེ་ཕྱེ་བ་པྲ་བེ་ཤ་ལས་བྱུང་བའོ། །ཧཱུཾ་མེ་ཏོག་ཏྲཱཾ། པུཥ྇་བསྡུས་པའི་ངོ་བོ་ཉིད། །བདག་པོའི་ཞལ་ཨཱ་བེ་ཤ་དུ་ཐིམ་པར་བཤད། །ཤིན་ཏུ་བསྡོམ་བཾ་པའི་རིམ་ལས་བྱུང་། །གསལ་དཱི་བ་བའི་ཡེ་ཤེས་བདེ་སུ་གིརྟཱི་བ་ཆེ། །ཀུན་ཧོཿ གསལ་བརྗོད་དང་འདྲ་བའི་སྒྲ། །གནྡྷེ་གཉིས་མེད་ཐུགས་ཙིཏྟ་སུ་ཤེས་པར་བྱ། །ཞེས་སོ། །ཡ་མཱནྟ་ཀྲིཏ་སོགས་སྒོ་ བ་ཡབ་ཡུམ་བརྒྱད་མིང་མཐར། ཕཊ་སྟེ་དྭགས་པར་གྱིས་ཞེས་པའི་སྐུལ་ཚིག་སྦྱར་བའོ། །བྱ་བྱེད་ཡབ་ཡུམ་གྱི་སྔགས་དོན་ཀྱང་། དེ་ལས། རྣམ་ཤེས་གསུམ་ཧཱུཾ་ཧཱུཾ་ཧཱུཾ་འདས་བཛྲ་རྡོ་རྗེ་ནི། །ཡེ་ཤེས་ཨོཾ་ལྔ་རྫོགས་ཐུགས་ཙིཏྟ་ཉིད་དོ། །དབྱིངས་གསུམ་ཨ་ཨ་ཨ་རྣམ་དག་འདུས་མ་བཛྲཱི་བྱས། །བྷ་དྲས་མཱནྟ་ཀུན་ཏུའང་དེ་བཞིན་ཨ་གནས་བྱེད་པའོ། །ཞེས་སོ། །མུ་ནེ་ཀྲིཾ་སོགས་ཀྱི་ཐུབ་དྲུག་གི་སྤྱིའི་མིང་མུ་ནེ་བྱེ་བྲག་གི་ཀྲིཾ་སོགས་ས་བོན་ལས་དང་སྭཱ་ཧཱ་སྦྱར་བའོ། །གསུམ་པ་ནི། རྩ་སྔགས་བསྐྱེད་སྔགས་བསྒྲིལ་ནས་འཛབ་ཏུ་བཟླ་བའོ། །གཉིས་པ་ཁྲོ་བོ་ལའང་གསུམ་ལས། དང་པོ་རྩ་སྔགས་ནི། ཧཱུཾ་ཟུང་ལྔ་དང་། ཧ་དང་ཧེ་བརྒྱད་རེ་དང་། ཕཊ་བཞི་དང་བྷྱོ་ཉི་ཤུ་རྩ་བརྒྱད་དོ། །གཉིས་པ་བསྐྱེད་སྔགས་ནི། ཁྲག་འཐུང་རིགས་ལྔའི་ཨོཾ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ །ཞེས་སོགས་ཀྱི་ཧེ་རུ་ཀ་ཡན་ཆད་ནི་སོ་སོའི་སྐུ་བསྐྱེད་པའི་སྔགས་


DNG010_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

དང་། མ་ཧཱ་ཙཎྜ་མན་ཆད་ལས་སྔགས་སོ། །རིགས་ཀྱི་ཡུམ་ལྔའི་སྔགས་ནི་སོ་སོའི་མཚན་གྱི་ཁྱད་པར་གྱི་མཐར་ལས་སྔགས་སྦྱར་བའོ། །གནས་ཡུལ་སྒོ་མ་ཉི་ཤུ་ནི། བཛྲ་སྟེ་དབང་རྟགས་རྡོ་རྗེ་མཚོན་པའི་མཐར་གཽ་རཱི་སོགས་སོ་སོའི་མིང་སྦྱར་བའོ། །དབང་ཕྱུག་མའི་བསྐྱེད་སྔགས་ནི་རྒྱུད་འདིར་མི་འབྱུང་ཀྱང་། མ་ནུ་རཀྵ་སཱི་བྷྱོ་ཞེས་སོགས་བཤད་རྒྱུད་རྡོ་རྗེ་ལས་ཁ་བསྐང་བར་བྱའོ། །གསུམ་པ་ནི། བསྐྱེད་སྔགས་ལ་ལས་སྔགས་བཏགས་ནས་བཟླ་བ་སྟེ། ཁྱད་པར་འཁོར་སྔགས་རྣམས་ལ། ཆེ་གེ་མོ་ཧཱུཾ་ཛཿ། ཞེས་སོགས་གང་འདོད་ཀྱི་ཤམ་བུ་གདགས་ན་ལས་ལ་སྐུལ་བའི་སྔགས་སུ་ཡང་འགྱུར་གསུངས་སོ། །གསུམ་པ་ལས་ཀྱི་རིམ་པའི་སྔགས་ནི། སྙན་གསན་དབབ་པ་དང་། སྤྱན་དྲང་བ། རིག་པའི་མེ་ཏོག་དོར་བ། སྐུལ་ཞིང་བསྡིམ་པའི་སྔགས་རྣམས་ནི་ཞི་ཁྲོ་གཉིས་ཀ་ལས་སོ་སོར་འབྱུང་ལ།དེའི་སྟེང་དུ་ཞི་ཁྲོ་ཐུན་མོང་གི་དབང་བསྐུར་བ་དང་། བྱིན་གྱིས་རློབ་པའི་སྔགས་གཉིས་ཞི་བའི་སྐབས་སུ་དང་། ཁྲོ་བོ་ལས་ཨ་ལི་ཨུ་ལི་སོགས་མཆོད་པའི་གླུ་བྱུང་སྟེ། འདི་ནི་ཨ་བ་བྷྲཾ་ཤའི་སྐད་དུ་ལོ་ཙཱ་བ་ཆེན་པོ་རོང་ཟོམ་བཞེད་དོ། །འདི་དག་གི་སྔགས་དོན་ཞིབ་པར་ཊཱི་ཀ་རྣམས་དང་རྒྱུད་ཀྱི་མཆན་བུ་ལས་ཤེས་པར་བྱའོ། །འཕྲོས་དོན་བཟླས་བརྗོད་ཇི་ལྟར་བྱ་བའི་ཐབས་བཤད་པ་ནི། ལམ་རིམ་ལས། སྐྱོན་བཅུ་སྤངས་ཏེ་རྣམ་གསུམ་གྱིས། །བཟླས་པ་གྲངས་བཞིན་རྫོགས་པར་བྱ། །ཞེས་པས། སྤང་བྱའི་སྐྱོན་བཅུ་ནི། ཧ་ཅང་སྒྲ་ཆེ་བ་དང་། ཆུང་བ་མ་ཡིན་པ་ལ་སོགས་པ་སྟེ། རྔམ་གློག་ལས། སྒྲ་ཆེན་མ་ཡིན་ཆུང་བ་མིན། །མགྱོགས་པར་མ་ཡིན་བུལ་བར་མིན། །དྲག་པོར་མ་ཡིན་ཞན་པར་མིན། །ཡིག་འབྲུ་ཡན་ལག་ཉམས་པ་མིན། །ཡེངས་པས་མ་ཡིན་སྒྲ་བཞིན་མིན། །གླལ་སོགས་པར་དུ་ཆོད་པས་མིན། །ཞེས་སོ། །རྣམ་པ་གསུམ་ནི་བཟླ་ཚུལ་ཏེ། །དེ་ལ་ཡང་གསལ་བ་གསུམ་དང་། ཕྱི་ནང་གསང་གསུམ་དང་། ཕྲ་མོ་གསུམ་གྱི་བཟླ་ལུགས་སོ། །དང་པོ་ནི། ལམ་རིམ་ལས། སྤྲོ་བསྡུས་བདག་དང་གཞན་དོན་རྫོགས། །ཞེས་


DNG010_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

པས། གང་ལས་སྤྲོ་བསྡུའི་གནས་གང་ལ་སྤྲོ་བའི་ཡུལ། གང་སྤྲོ་བའི་བར་གྱི་འཕྲོ་འདུ་གསལ་བའོ། །དེའང་བཞེད་པ་མི་མཐུན་ཏེ། བཀའ་ཕྱོགས་སྐྱོང་བ་རྗེས་འབྲངས་དང་བཅས་པ་རྣམས་དམ་ཡེ་སོ་སོར་ཕྱེ་ནས་སྤྲོ་བསྡུ་མཛད། ལྷ་རྗེ་འགར་ནི། མཁའ་ཁྱབ་ཀྱི་རྒྱལ་བའི་ཞིང་ཁམས་དང་རིས་མེད་པའི་སེམས་ཅན་སྤྲོ་བསྡུའི་ཡུལ་ཡིན་གྱི་དམ་ཡེ་འབྱེད་མི་དགོས་གསུང་། རྗེ་རོང་ཟོམ་ནི་ཕྱི་མ་དོན་ཟབ་ཅིང་རྒྱ་ཆེ་བ་ཡིན་གསུང་མོད་ཀྱི། བདག་གི་རྗེ་བླ་མ་ཐམས་ཅད་མཁྱེན་པའི་ཞལ་སྔ་ནས། དེ་གཉིས་དོན་གྱི་གནད་གཅིག་ཅེས་གསུང་ཞིང་ཕྱག་བཞེས་སུ་ལུགས་སྔ་མ་ལྟར་མཛད་པ་ནི་ཤིན་ཏུ་ལེགས་པ་སྟེ། སྣོད་བཅུད་དཀྱིལ་འཁོར་དུ་རྒྱས་བཏབ་པས་རིས་མེད་པའི་སེམས་ཅན་རྣམས་ཀྱང་དམ་ཚིག་སེམས་དཔར་འདུ་ལ། ཡེ་ཤེས་སེམས་དཔའ་ནི་སངས་རྒྱས་ཐམས་ཅད་ཀྱི་སྐུ་ཡིན་པའི་ཕྱིར་མཁའ་ཁྱབ་ཀྱི་དེ་བཞིན་གཤེགས་པ་རྣམས་ཀྱང་དེར་འདུ་བས་གནད་གཅིག་པ་ཉིད། ཕྱག་བཞེས་སུ་ལུགས་སྔ་མ་ལྟར་མཛད་པ་ཡང་བརྒྱུད་པའི་བླ་མ་རྣམས་ཀྱིས་ཕྱག་ལེན་དུ་བཏབ་པའི་མན་ངག་བརྒྱུད་པ་ཅན་ཡིན་པར་མ་ཟད། ལམ་རིམ་གྱི་ཚོགས་སྒྲུབ་སྐབས་སུ། ཡེ་ཤེས་མདུན་དུ་ལྷགས་པ་ལ། །བཟླས་པ་གསལ་བ་གསུམ་གྱིས་བྱ། །ཞེས་དང་། ཕྱག་རྒྱ་བཞི་པའི་བསམ་གཏན་ལས་ཀྱང་། དེ་ནས་ཡེ་ཤེས་གནས་བཅས་པ། །མདུན་དུ་ཕྱེ་ལ་རང་སྔགས་ཀྱིས། །བཟླས་པ་སྐྱོན་བཅུ་སྤངས་པ་ཡིས། །གསལ་བ་གསུམ་དང་ལྡན་པར་བྱ། །ཞེས་གསུངས་པའི་ཕྱིར་འཐད་པ་དང་བཅས་པའོ། །དེ་ནས། ཕཊ་ཛཿས་མདུན་གྱི་ནམ་མཁར་ཡེ་ཤེས་སེམས་དཔའ་རྟེན་དང་བརྟེན་པར་བཅས་པ་ཕྱེ་ལ། བདག་དམ་ཚིག་སེམས་དཔའི་ཐུགས་ཀ་ནས་འོད་ཟེར་ཕར་སྤྲོ་བ་དང་ཚུར་སྡུད་པའི་འཕྲོ་འདུ་མགལ་མེའི་འཁོར་ལོ་ལྟ་བུ་དང་། སྔགས་ཀྱི་རང་སྒྲ་འབྲུག་སྟོང་ལྡིར་བ་ཙམ་དུ་བསམས་ལ། གྲག་སྟོང་དབྱེར་མེད་ཀྱི་ངང་ནས་བཟླས་པ་བྱ་བ་ཡིན་ནོ། །གཉིས་པ་ནི། ལམ་རིམ་ལས། ཕྱི་ནང་གསང་བ་གང་མོས་སུ། །


DNG010_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པས་གསུམ་ལས། དང་པོ་ཕྱི་ལྟར་ན། དམ་ཡེ་ཕྱེ་ནས་སྤྲོ་བསྡུ་ཞལ་ནས་ཞལ་དུ་ཞུགས་གསང་བའི་རྡོ་རྗེ་ནས་རྡོ་རྗེར་འཁོར་བའི་ཚུལ་གྱིས་བཟླ་བའམ། ཡང་ན་ཕར་གྱིས་སྒྲིབ་པ་སྦྱང་བར་བསྐུལ་ཞིང་ཚུར་འདུས་པས་སྒྲིབ་པ་སྦྱངས་ནས་དངོས་གྲུབ་ཀྱི་སྣོད་རུང་དུ་བྱ་བའོ། །གཉིས་པ་ནང་ལྟར་ན། ཡེ་ཤེས་སེམས་དཔའ་འབྱེད་དམ་མི་འབྱེད་ཀྱང་རུང་སྟེ། ཕར་འཕྲོས་པས་དངོས་གྲུབ་བསྐུལ་ནས།ཚུར་འདུས་པས་དངོས་གྲུབ་ཐོབ་པར་བསམ་པའོ། །གསུམ་པ་གསང་བ་ལྟར་ན།ཕར་མི་སྤྲོ་བར་ཚུར་དངོས་གྲུབ་སྡུད་པ་ཁོ་ནའམ། ཡང་ན་ཡབ་ཀྱི་ཞལ་ནས་ཡུམ་གྱི་ཞལ་དུ་ཞུགས་མཁའ་གསང་ནས་ཚུར་འཁོར་བ་ལ་དམིགས་པའོ། །འདི་ལ་འོད་རིམ་དུ་ནང་གི་བཟླས་པར་བཞེད་དེ། དེ་ལས། ནང་དུ་ཡབ་ཡུམ་ཞལ་སྤྲོད་དེ། །སྒྲ་ཅོ་མེད་པའི་བཟླས་པ་ཡིས། །དབུས་ཀྱི་རྩ་ཉིད་འཕྲོ་འདུའི་ལམ། །ཞལ་ནས་ཞལ་དང་མཁའ་ནས་མཁའ། །སྐོར་བ་དུག་ལོག་བདེ་མྱོང་འགྱུར། །ཞེས་སོ། །གསུམ་པ་ཕྲ་མོ་གསུམ་ནི། སྤྲོ་བསྡུའི་ཚེ། ཡིག་འབྲུ་དང་། ཕྱག་མཚན་དང་། སྐུ་ཕྲ་མོའི་འཕྲོ་འདུའམ། རྡོ་རྗེའི་བཟླས་པ་བྱེད་པ་སྟེ། ཕྱག་རྒྱ་བཞི་པ་ལས། དང་པོ་གསུང་དང་བར་ཐུགས་དང་། །ཐ་མ་ཕྲ་མོ་སྐུ་འཕྲོ་འདུས། །ཡང་ན་རྡོ་རྗེའི་བཟླས་པ་བྱ། །ཞེས་སོ། །དེ་ལྟར་གང་མོས་ཀྱི་སྒོ་ནས་རབ་མཚན་མའི། འབྲིང་དུས་ཀྱི། ཐ་མ་གྲངས་ཀྱི་བསྙེན་པ་གསུམ་གང་རུང་ཚད་དུ་ཕྱིན་པར་བྱ་བ་སྟེ། ལམ་རིམ་ལས། བཟླས་པ་ཚད་དུ་ཕྱིན་པར་བྱ། །ཞེས་དང་། འོད་རིམ་ལས། བསྙེན་པ་གྲངས་དུས་མཚན་མ་ཡི། །ཐབས་ཀྱི་མཆོག་ཏུ་དེ་གསུངས་སོ། །ཞེས་གསུངས་པའི་ཕྱིར། དེའང་མཚན་མའི་བསྙེན་པ་ནི།ཕྱག་རྒྱ་གཅིག་སྤྲོས་ཀྱི་གནས་སྐབས་གང་ཡིན་ཀྱང་རང་གི་ཉམས་ལྔ་མཐར་མ་ཕྱིན་གྱི་བར་དུ་བཟླ་བའོ། །གཉིས་པ་དུས་བསྙེན་ནི། དུས་དང་གྲངས་ལ་འདིར་མཐའ་གཅིག་ཏུ་ངེས་པར་མ་གསུངས་པའི་ཕྱིར། ལོ་གཅིག་གམ། ཟླ་


DNG010_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག །ཟླ་གཅིག་སོགས་ཇི་ཙམ་བཟླ་བར་དམ་བཅས་པ་དེ་སྲིད་དུ་རྫོགས་པར་བཟླ་བའོ། །གསུམ་པ་གྲངས་བསྙེན་ཀྱང་། འདི་ཙམ་ཞིག་བཟླ་སྙམ་དུ་ཇི་ལྟར་དམ་བཅས་པ་དེ་སྲིད་དུ་བཟླ་བ་ཡིན་ལ། འོན་ཀྱང་ཀུན་མཁྱེན་ཆེན་པོའི་ཊཱི་ཀར། སྤྱིར་གཙོ་བོ་ལ་བྱེ་བ། འཁོར་རྣམས་ལ་ཁྲི་ཕྲག་རེ་རེས་གྲངས་ཀྱི་བསྙེན་པ་གྲུབ་པར་བཞེད་པས་འདིར་དེའི་རྗེས་སུ་འབྲང་བར་བྱའོ། །ཞེས་གསུངས་པ་ལྟར་ཤེས་པར་བྱའོ། །མདོར་ན་བཟླས་བརྗོད་ཀྱི་བྱ་བ་ནི། སངས་རྒྱས་ཀྱི་མཛད་པོ་འགྲུབ་པར་འགྱུར་ཏེ། དམ་ཚིག་གསལ་བཀྲ་ལས། རང་གི་སྒོ་གསུམ་ཡི་དམ་གྱི། །སྐུ་གསུང་ཐུགས་སུ་མངོན་སྦྱར་ལ། །རྟག་ཏུ་བཟླས་པ་བྱེད་པ་ནི། །བྱང་ཆུབ་གཟུངས་ལ་ཞུགས་པ་ཡིན། །ཞེས་སོ། །གཉིས་པ་ཕྱག་རྒྱ་ལ། རང་བཞིན་གྱི་ལྟ་བའི།ལྷག་པ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་གསུམ། དང་པོ་ནི། རྟོག་ཚོགས་ཐམས་ཅད་སྒྱུ་དྲའི་དཀྱིལ་འཁོར་དུ་ཡེ་ནས་རྫོགས་པའོ། །དེ་ལྟར་ཡང་། སྒྱུ་འཕྲུལ་དྲ་བས་མངོན་རྫོགས་པའི། །ཐམས་ཅད་བྱང་ཆུབ་མཆོག་གི་རྒྱ། །ཞེས་དང་། རྒྱས་པ་ལས། རང་བཞིན་ཕྱག་རྒྱ་ཆེན་པོ་ནི། །ཕྱི་ནང་སྣོད་བཅུད་ཐམས་ཅད་ཀུན། །རིགས་ལྔ་བདེ་གཤེགས་ཡབ་ཡུམ་གྱི། །ཕྱག་རྒྱ་ཆེན་པོའི་ངང་དུ་གནས། །ཞེས་སོ། །དེ་ལྟར་གནས། རྟོགས། མངོན་དུ་བྱས་པའི་གནས་སྐབས་གསུམ་ལས། རང་བཞིན་དང་། ལྟ་བ་དང་། འབྲས་བུའི་ཕྱག་རྒྱ་ཞེས་ཀྱང་གདགས་སོ། །གཉིས་པ་ནི། དེའི་ཚེ་རྟོག་ཚོགས་ལྷའི་རང་བཞིན་དུ་གནས་པ་ལྟར་རྟོགས་པའི་ཚེ་ཅི་བྱས་ཕྱག་རྒྱ་ཆེན་པོ་ལས་མི་འདའ་བས་ཐ་མལ་གྱི་རྟོག་པ་ལ་རྒྱས་འདེབས་པར་བྱེད་པ་སྟེ། ཕྱག་རྒྱ་


DNG010_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་ཚོགས་མཆོག་ནི། །ཐབས་དང་ཤེས་རབ་ལྡན་འབྱོར་ན། །མ་བསྐྱོད་མ་བསྐུལ་ཐམས་ཅད་ཀུན། །ཕྱག་རྒྱ་ཆེན་པོའི་ངང་དུ་གནས། །ཞེས་སོ། །གསུམ་པ་ནི། ཞི་ཁྲོའི་ལྷ་ཚོགས་གང་བསྒོམ་ཡང་། ཕྱག་རྒྱ་བཞི་ལྡན་ནམ། བདུན་ལྡན་དུ་བསྒོམ་པ་སྟེ། དང་པོ་ནི། གསལ་བཀྲ་ལས། དམ་ཚིག་ལས་དང་ཆོས་དང་ནི། །སྐུ་ཉིད་ཕྱག་རྒྱ་ཆེན་པོ་བཞི། །ཞེས་སོ། །གཉིས་པ་ནི། དང་པོ་གཉིས་ལ་བཅའ་བ་དང་བསམ་པ། གསུམ་པ་ལ་བསམ་པ་དང་བརྗོད་པ་གཉིས་སུ་ཕྱེ་བ་ཙམ་དུ་ཟད་དོ། །དེ་ཡང་ཞི་ཁྲོ་གཉིས་ལས། དང་པོ་ཞི་བའི་ཕྱག་རྒྱ་ལ། ཕྱག་རྒྱའི་རྒྱུ། རིགས་ལྔ་སྤྱིའི་དམ་རྒྱ། ལྷ་སོ་སོའི་ཕྱག་རྒྱའོ། །དང་པོ་ནི། འགྲེལ་ཆུང་ལས། དབུ་ནི་བདེ་གཤེགས་རིགས་ཉིད་དེ། །ལག་གཡས་རྡོ་རྗེ་མི་བསྐྱོད་པ། །ལག་གཡོན་རིན་ཆེན་སེམས་དཔའི་རིགས། །རྐང་གཡོན་ཆོས་ཀྱི་སེམས་དཔའ་སྟེ། །རྐང་གཡས་ལས་ཀྱི་སེམས་དཔའོ། །ཞེས་ལུས་ཀྱི་ཡན་ལག་ལྔ་རིགས་ལྔའི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པར་གསུངས་པ་ལ་གོ་བ་རྙེད་པར་བྱས་ནས། མི་བསྐྱོད་ཉི་མའི་དཀྱིལ་ཡི་གེ། །རིན་ཆེན་ཟླ་བའི་དཀྱིལ་ཡི་གེ། །ཞེས་པས་མི་བསྐྱོད་པ་སྟེ་ལག་གཡས་པའི་སོར་མོའི་དྲེ་ཁ་ལ་ཉི་དཀྱིལ་རེའི་སྟེང་དུ་ཡི་གེ་ཧཱུཾ་ཨོཾ་སྭཱ་ཨཾ་ཧཱུཾ་ལྔ་གུང་མཛུབ་སྲིན་ལག་མཐེ་བོང་མཐེའུ་ཆུང་རྣམས་ལ་རིམ་པར་དགོད། དེ་བཞིན་དུ་རིན་ཆེན་ཏེ་གཡོན་གྱི་སོར་མོ་ཟླ་དཀྱིལ་གྱིས་མཚན་པ་ལྔ་ལ་མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་རྣམས་གོ་རིམ་སྔར་བཞིན་བཀོད་ལ། དེ་ནས་ཐལ་མོ་སྦྱར་བ་ནི་ཕྱག་རྒྱ་འབྱུང་བའི་རྒྱུ་སྟེ། ཐལ་རྒྱུད་ལས། མི་བསྐྱོད་རྡོ་རྗེ་རྩེ་ལྔ་ལས། །ཉི་མའི་ཐིག་ལེ་ཡི་གེ་ལྔ། །རཏྣ་པར་བུའི་ཉི་ལྔ་ལ། །ཟླ་བའི་ཐིག་ལེ་ཡི་གེ་དངོས། །ཐིག་ལེ་ཐབས་ཤེས་ལྔ་གཉིས་རྣམས། །ཕྲད་པའི་དུས་ན་རང་བྱུང་བ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འབྱུང་། །ཞེས་སོ། །གཉིས་པ་ནི། ཨོཾ་དང་མཱུཾ་གཉིས་རྩེ་སྦྱར་ཏེ། །འབྲུ་བརྒྱད་བསྣོལ་ནས་རྩེ་སྤྲད་པ། །ཞེས་པ་སྟེ། རྔམ་གློག་ལས། ཨོཾ་དང་མཱུཾ་དུ་རྩེ་སྦྱར་ཏེ། །དེ་བཞིན་ཧཱུྃ་དང་ལཾ་དུ་སྦྱར། །ཧཱཾ་དང་པཱཾ་ཡང་དེ་བཞིན་ཏེ། །ཨོཾ་དང་ཏཱཾ་དུ་སྦྱར་བ་ལས། །རྒྱབ་སྦྱར་དང་མཱཾ་བསྒྲེང་བ། །འདི་ནི་ཡབ་ཀྱི་སྤྱི་


DNG010_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ཡིན། །ལག་པ་ཐལ་མོ་སྦྱར་བ་ལས། །ཨོཾ་དང་མཱུཾ་སྦྱར་ཧཱུཾ་དང་ནི། །ལཱཾ་སྦྱར་དང་པཱཾ་དུ་སྦྱར། །ཨོཾ་དང་མཱཾ་སྦྱར་ཧཱཾ་ཏཱཾ་སྒྲེང་། །ཡུམ་གྱི་སྤྱི་རྒྱ་ཡིན་པར་བཤད། །ཅེས་དང་། ཐབས་ཞགས་ལས།སོར་མོ་ནང་དུ་བསྣོལ་ནས་བཀན། །གུང་མཛུབ་མཐེ་བོང་མཐེའུ་ཆུང་རྣམས། །སོ་སོར་རྩེ་སྤྲད་ཕྱིར་བཀྱེད་དེ། །སྲིན་ལག་གཤིབས་བསྒྲེང་དམ་ཚིག་རྒྱ། །ཞེས་པ་དང་རྔམ་གློག་གི་ཡབ་ཀྱི་སྤྱི་རྒྱ་གཉིས་བསྟུན་པས་སྔར་གྱི་སོར་མོའི་ཡིག་འབྲུ་བཀོད་ཚུལ་ལ་གོ་བ་རྙེད་པར་འགྱུར་ཞིང་། གཞན་དུ་འགྲེལ་ཆུང་ལས་མཐེ་བོང་དང་མཐེའུ་ཆུང་། འོད་རིམ་དུ་མཐེ་བོང་དང་སྲིན་ལག་གི་ཡིག་འབྲུ་གོ་ལྡོག་ཏུ་བཀོད་མོད་ཀྱི། འདིར་རང་གི་རྗེ་བླ་མའི་དགོངས་པ་ནི་ཐབས་ཞགས་ལྟར་དཀྱུས་སུ་བཀོད་པ་ཉིད་དོ། །དེ་ལྟར་བཅས་པའི་ཡོན་ཏན་ནི། །རྒྱལ་བ་ཀུན་དང་མཉམ་སྦྱོར་བའི། །བདེ་བ་ཆེན་པོ་སྦྱིན་པའི་རྒྱ། །ཞེས་སོ། །གསུམ་པ་ལ།རིགས་ལྔ་ཡབ་ཡུམ་གྱི་དང་། སེམས་དཔའ་ལ་སོགས་པའི་ཕྱག་རྒྱའོ། །དང་པོ་ནི་བདག་མི་བསྐྱོད་པའི་སྐུར་བསྒོམ་པ་ནི་ཕྱག་རྒྱ་ཆེན་པོ། ལག་གཡས་པའི་འབྲུ་བཞི་སྦས་ནས་གུང་མོ་ཐུགས་ཀར་བཀན་ཐབས་སུ་བསྒྲིང་བ་ནི་བཅའ་བ་དམ་རྒྱ། དེའི་རྩེ་མོར་ཧཱུཾ་མཐིང་ག་བསམ་པ་ནི་བསམ་པ་ཆོས་རྒྱ། དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྩེ་ལྔ་པ་འོད་འབར་བ་བསམ་པ་ནི་བསམ་པ་དམ་རྒྱ། གཡོན་པའི་འབྲུ་ལྔ་སྦས་ནས་དྲིལ་བུ་གསིལ་ཞིང་ཡུམ་ལ་འཁྲིལ་བའི་ཚུལ་གྱིས་ཞབས་གཡོན་པ་པདྨའི་རིགས་ལ་བསྟེན་ཐབས་སུ་བཅའ་བ་ནི་བཅའ་བ་ལས་རྒྱ། དེ་ལྟར་བསམ་པ་ནི་བསམ་པ་ལས་རྒྱ། དེ་ནས་ཕྱག་རྒྱ་གཡས་ནས་བཅས་ཏེ་མདུན་དུ་བསྒྱུར་ནས་གཡོན་དུ་ཡུམ་གྱི་ཐུགས་ཀར་དགྲོལ་བ་དང་ལྷན་ཅིག་ཏུ་ངག་ཏུ་ཧཱུཾ་བཛྲ་དྷྲྀཀ་ཅེས་བརྗོད་པ་ནི་ཆོས་རྒྱ་སྟེ་ཤེས་རབ་ལ་ཐབས་ཀྱིས་རྒྱས་འདེབས་པའོ། །དེ་ལྟར་ཡང་། འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ཧཱུཾ་བསྒྲེང་རྩེ་མོར་རྡོ་རྗེ་འབར། །ཟླ་བརྟུལ་འབྲུ་སྦས་དྲིལ་གསིལ་ཞིང་། །འཁྲིལ་བའི་ཚུལ་གྱིས་ཆོས་ལ་བརྟེན། །ཞེས་སོ། །དེའི་གཡོན་ཕྱོགས་


DNG010_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཡུམ་དབྱིངས་ཕྱུག་མ་བསྒོམ་པ་ནི་ཕྱག་ཆེན།གཡོན་གྱི་གུང་མོ་ཐུགས་ཀར་བཀན་ཐབས་སུ་བསྒྲེང་བ་ནི་བཅའ་བ་དམ་རྒྱ། དེའི་རྩེར་མཱུཾ་བསམ་པ་ནི་བསམ་པ་ཆོས་རྒྱ། དེ་ཡོངས་སུ་གྱུར་པ་ལས་དྲིལ་བུ་གསིལ་བའི་སྒྲ་ཅན་འོད་འབར་བར་བསམ་པ་ནི་བསམ་པ་དམ་རྒྱ། ལག་གཡས་ཉི་མ་འབྲུ་ལྔ་དང་བཅས་པ་མ་བཅིངས་པའི་བསྣོལ་མས་ཡབ་ཀྱི་བརླ་གཡས་པའི་སྟེང་དུ་བཞག་པས་འཁྱུད་ཅིང་དབུ་ཡབ་ལ་ཅུང་ཟད་བཏུད་དེ་འཛུམ་ཞལ་གྱིས་བལྟ་བའི་ཚུལ་དུ་བཅའ་བ་ནི་བཅའ་བ་ལས་རྒྱ། དེ་ལྟ་བུར་བསམ་པ་ནི་བསམ་པ་ལས་རྒྱ། ཕྱག་རྒྱ་གཡོན་ནས་བཅས་ཤིང་། མདུན་དུ་བསྒྱུར་ཏེ་གཡས་སུ་ཡབ་ཀྱི་ཐུགས་ཀར་དགྲོལ་བ་དང་། མཱུཾ་དྷཱ་ཏཱི་ཤྭ་རཱི་ཞེས་བརྗོད་པ་ནི་བརྗོད་པ་ཆོས་རྒྱ་སྟེ་ཐབས་ལ་ཤེས་རབ་ཀྱི་རྒྱས་འདེབས་པའོ། །དེ་ལྟར་ཡང་། འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །མཱུཾ་བསྒྲེང་རྩེ་མོར་དྲིལ་གསིལ་འབར། །ཉི་མ་འབྲུ་ལྔ་ལས་སུ་འཁྲིལ། །བཏུད་དེ་འཛུམ་པའི་མདངས་ཀྱིས་བལྟ། །ཞེས་སོ། །དེ་བཞིན་དུ་རྣམ་སྣང་སོགས་རིགས་གཞན་བཞི་ལའང་དེས་འགྲེ་ཤེས་པར་བྱའོ། །གཉིས་པ་ནི། ལག་གཡས་པའི་མཐེ་བོང་མ་གཏོགས་པའི་སོར་མོ་གཞན་བཞི་ལ་ཉི་དཀྱིལ་རེ་རེའི་སྟེང་དུ་མཛུབ་མོ་ནས་བརྩམས་ཏེ་ཐུགས་ཀྱི་སེམས་དཔའ་བཞིའི་ས་བོན་ཀྵཱི་ཏྲཾ་ཧྲིཾ་ཛྲིཾ་བཞི་དང་། གཡོན་གྱི་སོར་མོ་བཞི་ལ་ཟླ་དཀྱིལ་རེ་རེར་ཡུམ་བཞིའི་ས་བོན་ཧཱུཾ་ཏྲཾ་ཧྲཱྀཿཨ་བཞི་བཀོད་ནས་སྔར་བཞིན་ཕྱག་རྒྱ་བདུན་ལྡན་དུ་སེམས་དཔའ་དང་སྒོ་སྐྱོང་ཡབ་ཡུམ་ཐམས་ཅད་ལ་ཤེས་པར་བྱ་སྟེ། གོང་གི་ཕྱག་རྒྱ་ཆེན་པོ་བཞིན། །ཞེས་དང་། འདུད་ཚུལ་འཁྲིལ་བ་གོང་མ་བཞིན། །ཞེས་གསུངས་པའི་ཕྱིར། ཐུབ་དྲུག་ནི། དོན་གྱི་ཡུམ་ཆོས་ཀྱི་དབྱིངས་དང་འདུ་འབྲལ་མེད་ཀྱང་། གཟུགས་ཀྱི་སྐུར་བསྟན་པའི་རྟགས་ཀྱི་ཡུམ་མེད་པའི་ཕྱིར།འཁྲིལ་སྐྱོར་སོགས་ཀྱི་ཕྱག་རྒྱ་བཅའ་མི་དགོས་ལ། འོན་ཀྱང་མོས་པ་སྣ་ཚོགས་པས་བསྡུས་པའི་འགྲོ་འདུལ་གྱི་ཕྱག་རྒྱ་སྣ་ཚོགས་ལས་བསྡུ་ན་དྲུག་སྟེ། སྒྲུབ་ཐབས་ལས། པི་ཝང་དང་ནི་གསེག་པར་དང་། །


DNG010_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

གོ་ཆ་པུ་སྡི་རིན་ཆེན་སྒྲོམ། །མེ་དང་ཆུ་ནི་རབ་ཏུ་བསྟན། །ཞེས་སོ། །བྱ་བྱེད་ཡབ་ཡུམ་གྱི་ཕན་ཚུན་ཕྱག་གཡས་གཡོན་སྟེང་འོག་འགྱུར་བའི་མཉམ་གཞག་དང་ཁྱད་པར་བཟང་མོ་པད་སྐྱིལ་ལོ། །མདོར་ན་དེ་དག་ལ་སོགས་ཏེ་གདུལ་བྱའི་དབང་གིས་ཕྱག་རྒྱ་གྲངས་མ་ངེས་མོད་ཀྱང་། བསྡུས་པ་ལ་དགའ་བས། དེ་བཞིན་གཤེགས་པ་ལྔ་སོ་སོའི་ཕྱག་རྒྱ་ཙམ་མམ། ཡང་ན་སྤྱིའི་དམ་རྒྱ་རྡོ་རྗེ་ཐལ་མོ་བསྣོལ་ཏེ་སྦྱར་བ་ཙམ་གྱིས་ཀྱང་རུང་བར་བསྟན་ཏེ། ཇི་སྐད་དུ། གཞན་ཡང་ཕྱག་རྒྱ་སྣ་ཚོགས་ཏེ། །ཡང་ན་དེ་བཞིན་གཤེགས་ཉིད་དམ། །ཡང་ན་རྡོ་རྗེ་ཐལ་མོ་ཉིད། །ཅེས་སོ། །གཉིས་པ་ཁྲོ་བོ་ལ། གཙོ་བོ་རིགས་ལྔའི་དང་། འཁོར་གྱི་ཕྱག་རྒྱའོ། །དང་པོ་ནི། རྒྱས་པའི་སོ་གཅིག་པར། དབུས་ཀྱི་ཧེ་རུ་ཀའི་ཕྱག་རྒྱ་ནི། ཞེས་སོགས་གསུངས་པ་སྤྱན་འགྲེལ་དུ་བཤད་རྒྱུད་རྡོ་རྗེས་རྒྱས་པར་བཀྲལ་མོད། དེ་ལྟ་ནའང་ཕྱག་བཞེས་སུ་གལ་པོར་སྦྱར་ཏེ་མཛད་པས། དེ་ལ་གཉིས། ཁུངས་དང་དགོས་ཆེད་བསྟན་པ་དང་། སོ་སོའི་ཕྱག་རྒྱ་མཆོད་ཅིང་གསོལ་བ་གདབ་པའོ། །དང་པོ་ནི། ཧེ་རུ་ཀ་ཡི་གལ་པོ་དང་། །གསང་བ་སྙིང་པོའི་རྒྱུད་དག་ལས། །རྣམ་པར་གྲོལ་བ་མཚོན་པའི་ཕྱིར། །ཞེས་སོ། །གཉིས་པ་ནི། བཛྲ་ཧེ་རུ་ཀའི་ཕྱག་རྒྱ་ནི། ཞེས་སོགས་སོ། །གཉིས་པ་ལ། རྒྱས་པ་ལས། གནས་དང་ཡུལ་གྱི་ཕྱག་རྒྱ་ནི། །རྒྱུད་གཞན་དག་དང་མཐུན་པར་བཤད། །མ་མོ་རྣམས་ཀྱི་ཕྱག་རྒྱ་ནི། །འཇིག་རྟེན་འདས་མདོ་ཆེ་ལས་བཤད། །ཅེས་ཞལ་འཕངས་པ་ལྟར། གནས་ཡུལ་སྒོ་མ་ཉི་ཤུའི་ཕྱག་རྒྱ་ནི་སྒྱུ་དྲ་དང་གལ་པོ་སོགས་དང་། དབང་ཕྱུག་མའི་ཕྱག་རྒྱ་འཇིག་རྟེན་འདས་མདོ་ལས་ཁ་བསྐང་བ་ཡིན་ནོ། །མདོར་ན་ལྷ་གང་དང་གང་གི་ཕྱག་རྒྱ་བསྒྱུར་བ་དེའི་ཚེ་དེ་ཉིད་ཀྱི་སྐུར་གསལ་བ་ཕྱག་རྒྱ་ཆེན་པོ། དེའི་ཐུགས་ཀར་རང་རང་གི་ས་བོན་གྱི་ཡི་གེ་བསམ་ཞིང་ངག་ནས་ཚིག་བརྗོད་པ་ནི་ཆོས་རྒྱ། ཕྱག་མཚན་འཛིན་པའི་ཕྱག་རྒྱ་བཅའ་ཞིང་བསམ་པ་ནི་དམ་རྒྱ། གཡོན་ཕྱོགས་ནས་


DNG010_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ལ་རང་རང་གི་ཕྱག་རྒྱ་མདུན་དུ་བསྒྱུར་ཏེ་འགྲོལ་བ་ནི་ལས་རྒྱའོ། །དེའང་ཧེ་རུ་ཀ་གལ་པོ་ལས། སྐུ་ནི་ཕྱག་རྒྱ་ཆེན་པོ་དང་། །གསུང་ནི་ཆོས་ཀྱི་ཕྱག་རྒྱ་དང་། །ཕྲིན་ལས་ལས་ཀྱི་ཕྱག་རྒྱ་དང་། །ཐུགས་ནི་དམ་ཚིག་ཕྱག་རྒྱའོ། །ཞེས་སོ། །དེ་ལྟར་ཕྱག་རྒྱ་བཞིའི་སྒོ་ནས་ཕུལ་བས་མཉེས་ནས་དབང་དང་དངོས་གྲུབ་སྩོལ་བར་བསམ་པའོ། །ལྔ་པ་སྐྱོན་ནི། སྔགས་དང་ཕྱག་རྒྱ་སྤངས་ན་གསུང་གི་དམ་ཚིག་ཉམས་པས་ཕུང་ཞིང་། འབྲས་བུ་མེད་པར་འགྱུར་ཏེ། ཐུགས་ཐིག་ལས། རལ་གྲིའི་སོ་ལ་བཟུང་ཉེས་ལྟར། །ནན་ཏན་མེད་པའི་གསང་སྔགས་པ། །ཕུང་ཞིང་འབྲས་བུ་མེད་པར་འགྱུར། །ཞེས་སོ། །དྲུག་པ་ཡོན་ཏན་ནི། དེ་ལས། སྔགས་དང་ཕྱག་རྒྱ་རབ་བརྟན་ན། །དངོས་གྲུབ་ཡ་མཚན་ཆེན་པོར་འགྱུར། །ཡིད་ལ་བསམ་པ་ཐམས་ཅད་འགྲུབ། །ཅེས་གསུངས་སོ། །ལམ་གྱི་ཆ་རྐྱེན་དངོས་པོ་བཅུ་བཤད་ཟིན་ཏོ།། །།གཉིས་པ་ལམ་གྱི་ངོ་བོ་ལ། གྲོལ་ལམ་དང་། ཐབས་ལམ་གཉིས། དང་པོ་ལ། དབྱེ་བ། ཁྱད་པར། གཏན་ལ་དབབ་པའོ། །དང་པོ་ནི། གྲོལ་ལམ་ལ་ཕྱེ་ན་རིམ་གྱིས་པ་དང་ཅིག་ཅར་བ་གཉིས་ཏེ། འདི་ཉིད་ལས། རིམ་གྱིས་ཡང་ན་ཅིག་ཅར་དུ། །ཞེས་དང་། ལམ་རིམ་ལས། རིང་བའང་རིམ་དང་ཅིག་ཅར་བའོ། །ཞེས་སོ། །གཉིས་པ་ལ། དགག །གཞག །སྤང་གསུམ། དང་པོ་ནི། ལྷ་རྗེ་མེ་ཉག་པ་ན་རེ། སྔོན་དུ་ལྟ་བ་རྟོགས་ནས། ཏིང་ངེ་འཛིན་ལ་ཁ་སྤོས་ནས་བསྒོམ་པ་རིམ་གྱིས། མ་སྤོས་པར་བསྒོམ་པ་ཅིག་ཅར་བའོ་ཟེར། དེ་ལྟར་ན། མཚན་བཅས་ལྷ་སྐུ་བསྒོམ་པའི་ཅིག་ཅར་བ་འདི་ཅིག་ཅར་བ་མ་ཡིན་པར་འགྱུར་ཏེ། ལྟ་བའི་སྐབས་སུ་ལྷ་སྐུ་མི་བསྒོམ་ལ། ཏིང་འཛིན་གྱི་སྐབས་སུ་ལྷ་སྐུ་བསྒོམས་པས་ཁ་སྤོས་འདུག་པའི་ཕྱིར་རོ། །གཉིས་པ་ནི། ལྟ་བ་གཏན་ལ་འབེབས་པའི་དུས་སུ་དབྱེར་མེད་ཆིག་ཆོད་དུ་རྟོགས། བསྒོམ་པ་ཉམས་སུ་ལེན་པའི་དུས་སུ་དབྱེར་མེད་ཆིག་ཆོད་དུ་གོམས། འབྲས་བུ་མཐར་ཕྱིན་པའི་དུས་སུ་དབྱེར་མེད་ཆིག་ཆོད་དུ་མཐར་


DNG010_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་པར་བྱེད་པ་ནི་ཅིག་ཅར་བ། དབྱེར་མེད་དུ་རིམ་གྱིས་རྟོགས། རིམ་གྱིས་གོམས། རིམ་གྱིས་མཐར་ཕྱིན་པར་བྱེད་པ་ནི་རིམ་གྱིས་པའོ་ཞེས་བླ་མ་བདེ་གཤེགས་ཆེན་པོ་དང་རྗེ་སྒྲོལ་གཡུང་གཉིས་གསུངས་ཏེ་ལེགས་སོ། །གསུམ་པ་ནི། དེ་ལྟར་ན། ཅིག་ཅར་བ་སེམས་ལྔ་རིམ་གྱིས་སྐྱེའམ་མི་སྐྱེ། དང་པོ་ལྟར་ན། ཅིག་ཅར་བ་མ་ཡིན་པར་འགྱུར་ལ། གཉིས་པ་ལྟར་ན། ཅིག་ཅར་བའི་ལམ་དེ་ལམ་གྱི་ངོ་བོ་ཡིན་པར་འགྱུར་ཏེ། སེམས་ལྔ་མི་སྐྱེ་བའི་ཕྱིར་ཞེ་ན། སྐྱེ་བས་སྐྱོན་ཕྱི་མ་མེད་ལ། སྐྱེ་ལུགས་རིམ་ཐོད་རྒལ་བ་ལ་ལྟོས་ནས་དུས་ཤིན་ཏུ་མྱུར་བར་སྐྱེ་བས་སྐྱོན་དང་པོའང་མེད་དེ། ཤོ་མངས་འདབ་མ་ལྔ་སྦྲགས་ལ་ཁབ་ཀྱིས་འབུགས་པ་བཞིན་ནོ། །དེས་ན་རིམ་གྱིས་པའི་དཔེ་ནི་ཤིང་ལེབ་ལྔ་སྦྲགས་ལ་གསོར་གྱིས་འབིགས་པ་བཞིན་ནོ་ཞེས་བླ་མ་གོང་མ་རྣམས་གསུངས་སོ། །གསུམ་པ་ལ་གཉིས་ལས། དང་པོ་རིམ་གྱིས་པ་གཏན་ལ་དབབ་པ་ལ། ལམ་མཚན་ཉིད་གསུམ་དུ་བཅིངས་ཏེ་བཤད་པ་དང་། དེ་ལ་ཐར་ཆགས་དང་ཐོད་རྒལ་དུ་བརྟག་པ་དང་། དེ་དག་ལ་ཟག་ལྡོག་ཡོད་མེད་ཀྱི་ཁྱད་པར་བསམ་པའོ། །དང་པོ་ལ། ཟག་བཅས་ཟག་མེད་དམ། ལྟ་བ་དང་ཏིང་ངེ་འཛིན་གཉིས་སུའང་འཆིང་དུ་རུང་མོད་ཀྱི། འོན་ཀྱང་སྐབས་འདིར། ཇི་སྐད་དུ། ཤེས་འཇུག་མཚན་ཉིད་འབྱོར་པའི་གཟུངས། །འབྲས་བུ་སྨིན་བྱེད་རྒྱུ་དང་རྐྱེན། །ནུས་མཐུ་ཅན་དུ་གང་གྱུར་པ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །ཞེས་དང་། སློབ་དཔོན་སངས་རྒྱས་གཉིས་པའི་མན་ངག་ལྟ་བའི་ཕྲེང་བ་ལས།དེ་ལ་མཚན་ཉིད་གསུམ་གྱིས་དོན་མཐར་ཕྱིན་པར་འགྱུར་ཏེ། རྟོགས་པ་རྣམ་པ་བཞིའི་ཚུལ་རིག་པ་ནི་ཤེས་པའི་མཚན་ཉིད་དོ། །ཡང་ནས་ཡང་དུ་གོམས་པར་བྱེད་པ་ནི་འཇུག་པའི་མཚན་ཉིད་དོ། །གོམས་པའི་མཐུས་མངོན་དུ་གྱུར་པ་ནི་འབྲས་བུའི་མཚན་ཉིད་དོ། །ཞེས་གསུངས་པའི་རྗེས་སུ་འབྲངས་ནས་མཚན་ཉིད་གསུམ་གྱིས་ཁོག་འཆིང་སྟེ། རྒྱུ་ཤེས་པའི་མཚན་ཉིད་ལྟ་བ། རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན། ལམ་དུ་གྱུར་པའི་འབྲས་བུ་རིག་འཛིན་ནོ། །དང་པོ་ལ། རྟོགས་བྱ་ལྟ་བའི་རང་བཞིན། རྟོགས་བྱེད་བློའི་ངོ་བོ། དེས་ཇི་ལྟར་རྟོགས་


DNG010_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ལོ། །དང་པོ་ནི། ཆོས་ཐམས་ཅད་ཀྱི་རང་བཞིན་ཇི་ལྟར་གནས་པ་དེ་ཡིན་ཏེ། རྒྱས་པ་ལས། ཆོས་ཀྱི་རང་བཞིན་ཇི་ལྟ་བུ། །བདག་གི་ཡང་དག་རྟོགས་བྱ་བ། །ཞེས་སོ། །གཉིས་པ་ནི། ཐོས་བསམ་ལས་བྱུང་བའི་སོ་སོར་རྟོག་པའི་ཤེས་རབ་ཀྱི་དབང་པོ་སྟེ། ལམ་རིམ་ལས། རྒྱུ་ཡི་དཀྱིལ་འཁོར་མཐོང་བྱའི་ཕྱིར། །ཐོས་བསམ་དམ་པས་འཚོལ་བར་བྱེད། །ཅེས་སོ། །གསུམ་པ་ལ། ཤེས་རབ་སྤྱན་འབྱེད་ལས། མཐོང་བྱེད་ཐབས་ཀྱང་བརྒྱུད་པ་དང་། །རྟགས་ཀྱིས་མཚོན་ཅིང་གཏན་ལ་དབབ། །ཅེས་པ་གསུམ་སྟེ། དབང་རྟུལ་ལ་བརྒྱུད་དེ་རྟོགས་པར་བྱ་བ། དབང་འབྲིང་ལ་རྟགས་ལ་བརྟེན་ཏེ་རྟོགས་པར་བྱ་བ།དབང་རབ་ལ་གཏན་ཚིགས་ཀྱིས་རྟོགས་པར་བྱ་བའོ། །དང་པོ་ལའང་། ཉེ་རིང་གཉིས་ལས། ཉེ་བ་ནི། བསམ་བྱུང་གི་ཤེས་རབ་ཀྱིས་རྟོགས་པར་མི་ནུས་པ་རྣམས་ལ་ཐབས་མེད་པ་མ་ཡིན་ཏེ། ལྷའི་ཕྱག་རྒྱ་བསྒོམ་པ་ལ་སོགས་པའི་ཏིང་ངེ་འཛིན་གྱི་སྒོ་ནས་བརྒྱུད་དེ་རྟོགས་པར་བྱར་ཡོད་པའི་ཕྱིར། དེ་སྐད་དུའང་སྔ་མ་ལས། དམན་ལ་རྒྱ་གསུམ་གོམས་པ་ཡིས། །བརྟན་ནས་བརྟག་དཔྱད་ཀླུང་ཞུགས་མཐོང་། །བསྒོམ་པའི་ལམ་དུ་བརྟན་པར་བྱ། །རིམ་པར་སྐྱེ་ལ་ཐེ་ཚོམ་མེད། །ཅེས་སོ། །རིང་བ་ནི། ཚེ་འདིར་དངོས་སུ་སྤྱོད་པའི་སྐལ་བ་མེད་ན།རྟེན་འདྲེལ་སྙིང་པོའི་གཟུངས་མཆོད་རྟེན་དུ་བཅུག་ནས་དེ་ཟློས་ཤིང་བསྐོར་ལ་སྨོན་ལམ་བཏབ་ན་ཚེ་རབས་གཞན་དུ་རྟོགས་པར་འགྱུར་ཏེ། རྣམ་བཀོད་ལས།དེ་མིན་རྒྱུ་ཙམ་སོགས་བྱེད་པ། །རྒྱུད་ལས་འདི་སྐད་གསུངས་པ་སྟེ། །ཆོས་ཉིད་རྟེན་ཅིང་འདྲེལ་བྲིས་ན། །ཆོས་ཉིད་དོན་དམ་རྟོགས་འགྱུར་ཏེ། །ཞེས་སོ། །གཉིས་པ་ལ། སྤྱན་འབྱེད་ལས། ཤེས་བྱ་དམ་པ་བརྟག་པའང་། །རང་བཞིན་དང་ནི་འབྲས་བུའི་རྟགས། །ཞེས་པས་གཉིས་ཀྱི། དང་པོ་རང་བཞིན་གྱི་རྟགས་ནི། འབྱུང་བ་ལྔ་དང་། ཁ་དོག་ལྔ་དང་། ཕྱོགས་ལྔ་ལ་སོགས་པས་ཡེ་ཤེས་ལྔའི་དོན་མཚོན་ནས་ཆོས་ཉིད་རྟོགས་པར་བྱེད་པ་སྟེ། དེ་ལས། དང་པོ་རང་གི་རིག་པ་ཡི། །ཆོ་འཕྲུལ་སྣང་བའི་འབྱུང་བ་དང་། །ཕྱོགས་དང་ཁ་དོག་ལ་སོགས་ཀྱིས། །མཚོན་ནས་ཇི་བཞིན་ཉིད་རྟོགས་བྱེད། །ཅེས་སོ། །གཉིས་པ་འབྲས་རྟགས་ནི།


DNG010_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་རྟགས་ལ་བརྟེན་ནས་དོན་མཚོན་རྟོགས་པར་བྱེད་པ་སྟེ། དེ་ལས། གཅིག་ཤོས་མཐར་ཕྱིན་ཡེ་ཤེས་ཀྱི། །དཀྱིལ་འཁོར་རྟེན་དང་བརྟེན་ཅན་ལྟར། །ཞེས་སོ། །གསུམ་པ་ནི། སྔོན་བྱུང་དངོས་ལྔའི་གཏན་ཚིགས་དང་། རྗེས་འཇུག་ཚུལ་ལྔ་དང་ཚིག་ལྔའི་གཏན་ཚིགས་རྣམས་ཀྱིས་གཞལ་བས་ཞེན་སྣང་དེ་བཞིན་ཉིད་དུ་གཏན་ལ་དབབ་པར་བྱེད་པ་ཞིག་སྟེ། དེ་ཁོ་ན་ཉིད་ལྟ་བའི་རྒྱུད་ཀྱི་སྐབས་སུ་རྒྱས་པར་བཤད་ཟིན་ཏོ། །མདོར་ན། བདེན་པ་དབྱེར་མེད་ཀྱི་དོན་རང་རིག་པའི་མངོན་སུམ་གྱིས་ཡུལ་མེད་དུ་རྗེན་ཅེར་གྱིས་ཡིད་ཆེས་པར་མཐོང་བ་ལ་ལྟ་བ་རྟོགས་པ་ཞེས་བྱ་སྟེ། རྣམ་བཀོད་ལས། དེ་ལྟར་ཚུལ་གསུམ་བརྗོད་པ་ཡིས། །མཐོང་བ་གང་ཡིན་ཤེས་རབ་སྤྱན། །དེ་ཡང་མངོན་སུམ་གཞན་སྤངས་ཏེ། །སྒྲ་ཚིག་རྟེན་བྲལ་ཞེན་ཙམ་མིན། །ཡུལ་མིན་རང་རིག་བདེན་དབྱེར་མེད། །བློའི་གཏིང་གོ་བ་མངོན་སུམ་ཡུལ། །ཞེས་སོ། །དེའང་ལྟ་བ་ནི་ལམ་བསྒོམ་པའི་སྔོན་དུ་འགྲོ་དགོས་ཏེ། མ་རྟོགས་པར་བསྒོམས་ཀྱང་ལྟུང་བར་བཤད་པའི་ཕྱིར། དེ་ལྟར་ཡང་ལམ་རིམ་ལས།བསམ་གྱིས་མི་ཁྱབ་མ་མཐོང་བར། །བསམ་མེད་དཀྱིལ་འཁོར་འཇུག་བྱེད་པར། །བླུན་པོ་མུན་སྤྲུལ་བློ་ཅན་དེ། །ལོང་བའི་གྲོང་ཁྱེར་ཆེན་པོར་འགྲོ། །ཞེས་སོ། །གཉིས་པ་རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་ལ། མོས་པས་བསྒོམ་པ་དང་། ངེས་པ་ཡོངས་རྫོགས་སུ་བསྒོམ་པའོ། །དང་པོ་ལ། གོ་དོན། བསླབ་ཚུལ། དགོས་པ་གསུམ། དང་པོ་ནི། ཏིང་ངེ་འཛིན་ལ་གོམས་པ་མ་ཐོབ་ཀྱང་མོས་པའམ་སྤྱིའི་རྣམ་པ་ཙམ་བསྒོམ་པ་སྟེ། ལམ་རིམ་ལས། ལམ་ཀུན་སྐད་ཅིག་ཆས་བསྒོམས་ན། །སྤྲོས་པའི་འཁོར་ལོ་མོས་བསྒོམ་ཞིང་། །ཞེས་སོ། །གཉིས་པ་ནི། ཐུན་གཅིག་གི་ནང་དུ་སྲུང་འཁོར་ནས་བརྩམས་ཏེ་མཇུག་གོ་བགོ་ལུས་བསྲུང་ཡན་ཆད་མོས་པ་ཙམ་རེ་རྫོགས་པར་ལག་ཏུ་ལེན་པའོ། །གསུམ་པ་ནི།རང་དོན་དུ་བསོད་ནམས་ཀྱི་ཚོགས་རྫོགས་པའི་ཐབས་སུ་གྱུར་པའི་ནུས་པས་བརྒྱུད་ནས་ལམ་ངེས་རྫོགས་རྒྱུད་ལ་སྐྱེ་ཞིང་། གཞན་དོན་དུ་ཕྲིན་ལས་ཀྱི་ནུས་པ་མི་བསླུ་བར་འབྱུང་བའི་ཕྱིར་ཏེ། སྔ་མའི་


DNG010_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོས་ལས། རང་བཞིན་ཕན་རྫོགས་མཆོད་བསྙེན་ནས། །ནུས་པའི་དབང་རབ་ལ་སོགས་པའི་བྱིན་ལྡན་རྫོགས་པར་བྱེད། །ཅེས་སོ།། ༈ །།གཉིས་པ་ངེས་རྫོགས་ལ། གོ་དོན། བསླབ་ཚུལ་གྱི་རིམ་པ། སོ་སོར་དབྱེ་པའི་དོན་ནོ། །དང་པོ་ནི། ལམ་སོ་སོའི་ཏིང་ངེ་འཛིན་མཐར་ཕྱིན་པར་སློབ་པ་སྟེ། དེ་བཞིན་ཉིད་ལྟ་བུ་ལ་མཚོན་ན། ལམ་རིམ་ལས། དེ་བཞིན་ཉིད་དུ་མཐོང་གོམས་ན། །དགེ་དང་མི་དགེ་གཉིས་སུ་མེད། །རྣམ་རྟོག་མཚན་མ་ཡོངས་མི་འཛིན། །ཞེས་སོགས་གསུངས་པ་ལྟར་རོ། །གཉིས་པ་ནི། དེ་ཏིང་ལྟ་བུ་ལ་མཐར་ཕྱིན་པའི་ཉམས་མ་སྐྱེས་ཀྱི་བར་དུ་བསྒོམས་ནས་མཐར་ཕྱིན་པ་དང་། ལམ་ཕྱི་མ་སྙིང་རྗེ་སྒྱུ་མ་ལ་སྦྱོར་ཏེ། དེ་ལས། སྔོན་དུ་སྟོང་གོམས་རྣལ་འབྱོར་པས། །ཁམས་གསུམ་ཐུགས་རྗེས་གཟུང་བའི་ཕྱིར། །ཡན་ལག་བརྒྱད་སྔོན་བཞིན་བྱས་ནས། །ཡེ་ཤེས་སྒྱུ་མའི་སྙིང་རྗེ་བསྒོམ། །ཞེས་པ་ལྟར་རིམ་པ་བཞིན་སྦྱར་རོ། །གསུམ་པ་ནི། ལམ་རིམ་ལས། སྲིད་པ་རིམ་པར་སྨིན་ཚུལ་གྱིས། །འཇུག་པའི་ཡན་ལག་ལྔ་རུ་བཞག །ཅེས་པས་ཟག་བཅས་ཀྱི་ལམ་ལ་རྣལ་འབྱོར་ལྔ་སྟེ། སྟོང་པ་ཆེན་པོ། སྙིང་རྗེ་སྒྱུ་མ། ཕྱག་རྒྱ་གཅིག་པ། ཕྱག་རྒྱ་སྤྲོས་བཅས་ཏེ་ཚོགས་ལམ་གྱི་རྣལ་འབྱོར་བཞི་དང་། སྦྱོར་ལམ་ཚོམ་བུ་ཚོགས་ཀྱི་རྣལ་འབྱོར་རོ། །འདི་དག་ལ་སྔ་རབས་པ་རྣམས་ཆོས་བདུན་བདུན་གྱི་སྒོ་ནས་འཆད་ནའང་། གཞི་གང་དང་སྦྱར་བ་དང་། སོ་སོའི་སྤྱོད་པ་གཉིས་ནི་སྔར་བཤད་གྲུབ་ལ། ཡིད་ཆེས་པའི་ཁུངས་ནི་ཞར་ལ་འབྱུང་བའི་ཕྱིར། འདིར་རེ་རེ་ཡང་ཆོས་བཞི་བཞིས་སྟོན་ནོ། །དེ་ལ། དང་པོ་དེ་ཏིང་ལ། ཁྱད་པར་གྱི་དགོས་ཆེད། བསྒོམ་བྱའི་ངོ་བོ། ཏིང་ངེ་འཛིན་གྱི་རྣམ་གྲངས་རང་གི་འབྲས་བུའོ། །དང་པོ་ནི། སྣང་བ་ལ་རང་རྒྱུད་དུ་ཞེན་པའི་རྟོག་པ་དག་པར་བྱེད་ཅིང་ཆོས་སྐུའི་རྟོག་པ་རྒྱུ་མཐུན་དུ་བསྒྲུབ་པ་སྟེ། ལམ་རིམ་ལས། མུན་སྣང་དུག་རྩིའི་ཚུལ་བཞིན་དུ། །རྟོག་པའི་དབང་བསྒྱུར་ཏིང་འཛིན་ཡིན། །དོན་དུ་གཉེར་བ་གང་དག་ཀུན། །ཏིང་འཛིན་འདི་ཡིས་བྱེད་པར་འགྱུར། །ཞེས་སོ། །གཉིས་པ་ངོ་བོ་ནི། མི་དམིགས་པ་སྟོང་པ་ཉིད་ལ་བློ་གནས་པར་བྱེད་པ་སྟེ།


DNG010_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ཁོག་གཞུང་ལས། དངོས་གྲུབ་མྱུར་དུ་འགྲུབ་འདོད་ན། །ཤིན་ཏུ་མི་དམིགས་དབྱིངས་སུ་བསྒོམ། །ཞེས་སོ། །གསུམ་པ་རྣམ་གྲངས་ནི། སྣང་སྟོང་གཉིས་སུ་མེད་པའི། ལྷུན་གྱིས་གྲུབ་པའི་མཉམ་པ་ཉིད་ཀྱི་དེ་བཞིན་ཉིད་དེ། ལམ་རིམ་ལས། གཉིས་མེད་ལྷུན་མཉམ་དེ་བཞིན་ཉིད། །ཅེས་སོ། །བཞི་པ་འབྲས་བུ་ནི། དོན་དམ་མངོན་དུ་བྱེད་པས་མཚན་རྟོག་ལས་གྲོལ་བའོ། །ཞར་བྱུང་སྐབས་འཕྲོས་ཀྱི་བརྩད་སྤོང་ནི། ཁ་ཅིག །ལམ་གོང་འོག་ལ་བཟང་ངན་ཡོད་དམ་མེད་ཟེར་ན།བསྒོམ་བྱ་ཆོས་ཉིད་ལ་བཟང་ངན་མེད་མོད། འོན་ཀྱང་ལམ་པའི་སེམས་ལ་བོགས་དབྱུང་བའི་ཆ་ནས་ལམ་སྔ་མ་ལས་ཕྱི་མ་བཟང་བར་འདོད་དོ། །དེར་ཁོ་ན་རེ།དེ་མི་འཐད་དེ། རྒྱུ་ཤེས་པའི་དུས་སུ་དབྱེར་མེད་དུ་རྟོགས་ནས་འདིར་དོན་དམ་རྐྱང་པར་བསྒོམ་པའི་ཕྱིར། འབྲས་ཟན་དོར་ནས་ལོ་མའི་ཚོད་མ་ལ་སྤྱོད་པ་ལྟར་ངན་དུ་སོང་བར་གསལ་ལོ་ཟེར། ལན་དུ་ལྷ་རྗེ་ཉེ་སྟོན་ནི། ལྟ་བ་དབྱེར་མེད་རྟོགས་པའི་སྟེང་དུ་སྟོང་པ་ཆོས་ཉིད་ལ་གཅེས་པར་བྱེད་པས་ན། དེ་ཏིང་ལས་རྒྱུ་ཤེས་པ་བཟང་བའི་སྐྱོན་མེད་དོ་གསུང་། རང་ལུགས་རིམ་གྱིས་པ་དབང་བཙན་དུ་ལྟ་བ་དོན་སྤྱིར་རྟོགས་པ་དེ་ཉིད་རང་མཚན་དུ་རྟོགས་པར་བྱེད་པའི་ཐབས་ཏིང་ངེ་འཛིན་ལ་རིམ་གྱིས་ཞུགས་ནས་གོམས་པ་རྒྱུད་ལ་བརྟེན་དགོས་པའི་ཕྱིར་ཡར་ལྡན་ཡིན་པར་སྐྱོན་མེད་དོ། །གཉིས་པ་སྙིང་རྗེ་སྒྱུ་མ་ལ་ཆོས་བཞི་ལས། དང་པོ་དགོས་ཆེད་ནི། སྟོང་འཛིན་གྱི་འཆིང་བ་དགྲོལ་བ་དང་། བདེན་པ་ཕྱོགས་གཅིག་པར་མི་གཏང་ཞིང་། རྒྱ་གཅིག་པའི་རྒྱུ་དང་སེམས་ཅན་གྱི་དོན་མི་འགོག་པའི་ཕྱིར་ཏེ། ལམ་རིམ་ལས། སྟོང་པའི་མདུད་པ་གཞིག་པ་དང་། །གདུལ་བྱ་ས་ལ་འགོད་པ་དང་། །ཕྱག་རྒྱ་གཅིག་པའི་རྒྱུ་བྱ་ཞིང་། །རྣལ་འབྱོར་འདི་ཉིད་གཉེར་བ་དང་། །བདེན་པ་གཉིས་སུ་མི་གཏང་ཕྱིར། །ཞེས་སོ། །གཉིས་པ་ངོ་བོ་ནི། རང་རིག་སྒྱུ་མ་ལྟར་གསལ་བའི་སྙིང་རྗེ་བསྐྱེད་པ་སྟེ། ལམ་རིམ་ལས།རང་རིག་ཡེ་ཤེས་སྙིང་རྗེས་གཟིགས། །ཞེས་སོ། །གསུམ་པ་རྣམ་གྲངས་ནི། འཁོར་བའི་ཆོས་


DNG010_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ལྟོས་ནས། ལོག་རྟོག །རྟེན་འདྲེལ། དངོས་པོ་སྒྱུ་མ་གསུམ་དང་། འདས་པའི་ཆོས་ལ་ལྟོས་ནས། ཐབས། ཡེ་ཤེས་ཕྱག་རྒྱ་སྒྱུ་མ་གསུམ་དུ་ཕྱེ་བས་དྲུག་གོ། །བཞི་པ་འབྲས་བུ་ནི། ཀུན་རྫོབ་ཡེ་ཤེས་སུ་གསལ་བས་འཛིན་པ་ལས་གྲོལ་བའོ། །ཞར་བྱུང་བརྩད་སྤོང་ནི། འདིར་ཡང་ལམ་སྔ་མ་དོན་དམ་ལས་ཕྱི་མ་ཀུན་རྫོབ་ཏུ་ཁ་སྤོས་པས་ངན་དུ་སོང་བའི་ཕྱིར། ལམ་གོང་དུ་བགྲོད་པ་དོན་མེད་དུ་ཐལ་ཞེ་ན། ཀུན་རྫོབ་ཙམ་གྱི་དབང་དུ་བྱས་ན་བདེན་མོད་ཀྱི། འདིར་ལྷག་པའི་ཀུན་རྫོབ་ཀྱི་དབང་དུ་བྱས་པའི་ཕྱིར་སྐྱོན་མེད་དོ། །དེ་ལྟར་ན་ཐེག་པ་སྤྱི་ལུགས་དང་འགལ་ལོ་ཞེ་ན། མ་ཡིན་ཏེ། ཐེག་པ་སྤྱི་ལུགས་ཀྱི་སེམས་ཅན་རྣམས་བདག་ཏུ་འཛིན་པའི་དངོས་ཞེན་སྤོང་བའི་གཉེན་པོ་དོན་དམ་སྟོང་པ་ཉིད་ཡིན་པའི་ཕྱིར་བཟང་བར་བཞེད་མོད་ཀྱི། འདིར་སྟོང་ཉིད་ཕྱོགས་གཅིག་པའི་རྟེན་རྟོག་འཇིག་པར་བྱེད་པ་ལྷག་པའི་ཀུན་རྫོབ་ཡིན་པའི་ཕྱིར། དེ་བས་ཀྱང་བཟང་བ་ཉིད་དོ། །དེར་མ་ཟད། དེ་ཏིང་རྒྱུད་ལྡན་གྱི་སྟེང་དུ་ཀུན་སྣང་བསྒོམ་ནུས་པའི་ཕྱིར། ཡར་ལྡན་ཏེ། སྔ་མ་སྔ་མ་རྒྱུད་ལྡན་པས། །ཕྱི་མ་ཕྱི་མ་གསལ་བར་བྱེད། །ཅེས་གསུངས་པའི་ཕྱིར། ཡང་། སྒྱུ་མའི་ཆོས་དྲུག་ལས། ལོག་རྟོག་དང་རྟེན་འདྲེལ་སྒྱུ་མ་བསྒོམ་མམ་མི་བསྒོམ། མི་བསྒོམ་ན།སྒྱུ་མའི་ཆོས་དྲུག་བསྒོམ་པར་གསུངས་པ་དང་འགལ་ཞིང་། སྙིང་རྗེ་སྒྱུ་མའི་ཁྱབ་བྱ་མ་ཡིན་པར་ཡང་འགྱུར་རོ། །གལ་ཏེ་བསྒོམ་ན། དེས་གྲོལ་ལམ་མི་གྲོལ།མི་གྲོལ་ན་བསྒོམ་པ་དོན་མེད་དུ་འགྱུར་ལ། གྲོལ་ན་སེམས་ཅན་ཐམས་ཅད་འབད་མེད་དུ་གྲོལ་བར་འགྱུར་ཏེ། ལོག་རྟོག་དང་རྟེན་འདྲེལ་བསྒོམ་པའི་ཕྱིར་ཟེར་ན། རང་རྒྱུད་དུ་བསྒོམ་པའི་ཕྱིར་རམ། སྒྱུ་མར་བསྒོམ་པའི་ཕྱིར་ཟེར།དང་པོ་རྟགས་མ་གྲུབ་ཅིང་། གཉིས་པ་ལ་ཁྱབ་པ་མེད་དོ། །ཡང་སྔ་མ་དེ་ཏིང་བསྒོམ་པའི་སྟེང་དུ་སྙིང་རྗེ་སྒྱུ་མ་བསྒོམས་པས་རྒྱུད་གཅིག་ལ་ཏིང་ངེ་འཛིན་གཉིས་ཆར་མཚུངས་པའི་ཕྱིར། ཆུ་དང་འོ་མ་འདྲེས་པ་བཞིན་དབྱེར་མེད་དང་ཁྱད་ཅི་ཡོད་ཅེ་ན། འདིར་དེ་ཏིང་སྤངས་ཀྱང་གཙོ་བོར་ཀུན་སྣང་ལ་དམིགས་ནས་སློབ་པའི་ཕྱིར་དངོས་


DNG010_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

ཤུགས་ཀྱིས་གོམས་པ་ལས་མངོན་གྱུར་དབྱེར་མེད་དུ་རྟོགས་པ་མེད་ཅིང་། དེ་ཙམ་གྱི་ཕྱག་རྒྱ་གཅིག་པ་དང་ཁྱད་མེད་དུ་མི་འགྱུར་ཏེ། ད་དུང་རྟོག་པ་ལྷར་མ་བསྐྱེད་པའི་ཕྱིར་གསུངས། ཡང་འདིར་ཕྱག་རྒྱ་སྒྱུ་མ་བསྒོམ་མམ་མི་བསྒོམ། བསྒོམས་ན་ཕྱག་རྒྱ་གཅིག་པ་དང་ཁྱད་མེད་དུ་ཐལ། མི་བསྒོམ་ན་སྒྱུ་མའི་ཆོས་དྲུག་བསྒོམ་པར་གསུངས་པ་དང་འགལ་ཞིང་། ལྷག་པའི་ཀུན་རྫོབ་འདིའི་འཇུག་ཡུལ་མ་ཡིན་པར་ཐལ་ཞེ་ན། ལྷར་སྣང་བ་འགག་མེད་དུ་བསྒོམ་པའི་ཕྱིར་སྐྱོན་ཕྱི་མ་མེད་ལ། ད་དུང་གཉིས་མེད་ཀྱི་ལྷ་སྐུར་བསྒོམ་མི་ནུས་པའི་ཕྱིར་ཕྱག་རྒྱ་གཅིག་པ་དང་ཁྱད་མེད་དུ་མི་འགྱུར་རོ། །གསུམ་པ་ཕྱག་རྒྱ་གཅིག་པ་ལ་ཆོས་བཞི་ལས། དང་པོ་དགོས་ཆེད་ནི། སྣང་སྟོང་ཐ་དད་དུ་ཞེན་པ་དགག་ཅིང་གཉིས་མེད་དུ་བྱ་བ་དང་། རྟོག་ཚོགས་གནས་བསྒྱུར་ཞིང་སྤྲོས་བཅས་ཀྱི་རྒྱུར་བྱ་བའི་ཆེད་དེ། ལམ་རིམ་ལས། འབྲས་བུ་ཡོངས་སུ་རྫོགས་བྱ་དང་། །སྤྲོས་པའི་རྒྱུ་ཡིས་ཐོབ་བྱ་དང་། །སྒྱུ་སྟོང་རྟོག་ཞེན་དབང་དུ་བྱ། །རྟོག་པའི་ཕུང་སོགས་གནས་བསྒྱུར་ཅིང་། །གཞན་དག་སྨིན་པར་བྱ་བའི་ཕྱིར། །ཞེས་སོ། །གཉིས་པ་ངོ་བོ་ནི། ཕྱག་རྒྱ་བཞི་ལྡན་གྱི་སྐུ་སྣང་སྟོང་དབྱེར་མེད་དུ་གསལ་བ་སྟེ།འདི་ཉིད་ལས། མཁའ་དཀྱིལ་དྭངས་པའི་དབྱིངས་ཉི་ཟླ། །ཡེ་ཤེས་རྒྱལ་པོ་སྟངས་དཔྱལ་བསྒོམ། །ཞེས་སོ། །གསུམ་པ་རྣམ་གྲངས་ལ། དོན་གྱི་རྒྱ་གཅིག་དང་། རྟགས་ཀྱི་རྒྱ་གཅིག་གོ། །དང་པོ་ནི། བདེན་པ་དབྱེར་མེད་རང་གི་མཚན་ཉིད་དུ་རྟོགས་པའོ། །གཉིས་པ་ཕྲ་རགས་གཉིས་ལས། ཕྲ་བ་ནི། ཡིག་འབྲུ་ལ་བསླབ་པ་སྟེ། རྒྱས་པ་ལས། ཕྱི་ནང་སྣོད་བཅུད་ཧཱུཾ་དུ་བསྡུ། །ཞེས་སོ། །རགས་པ་ནི། ལྷའི་སྐུ་ཕྱག་རྒྱ་གཅིག་པ་བསྒོམ་པ་སྟེ། ཞི་བ་རྒྱན་གཅིག་པ་དང་། ཁྲོ་བོ་རྒྱན་གཅིག་པའོ། །བཞི་པ་འབྲས་བུ་ནི། རྟོག་ཚོགས་སྐུ་དང་ཡེ་ཤེས་སུ་གསལ་བ་ལ་བརྟན་པ་ཐོབ་པའོ། །ཞར་བྱུང་བརྩད་སྤོང་ནི། ཕྱག་རྒྱ་གཅིག་པའི་སྐབས་སུ་ལྷག་པའི་ལྷ་དགུ་བསྒོམ་མམ་མི་བསྒོམ། མི་བསྒོམ་


DNG010_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

ན། ལམ་རིམ་ལས། གནས་གཅིག་ཡེ་ཤེས་སེམས་དཔའ་བསྒོམ། །སྤྱི་མགྲིན་ཙིཏྟའི་གནས་གསུམ་དུ། །བྱིན་བརླབས་རྡོ་རྗེ་གསུམ་བསྒོམ་བྱ། །དབུ་ཡི་གནས་ལྔར་ཡེ་ཤེས་ལྔ། །ཡེ་ཤེས་ལྔ་དབང་པས་བརྒྱན། །ཞེས་བསྒོམ་པར་གསུངས་པ་དང་འགལ་ལ། བསྒོམས་ན་ཕྱག་རྒྱ་གཅིག་པ་མ་ཡིན་པར་འགྱུར་ཏེ། ལྷག་པའི་ལྷ་དགུ་རྩ་ལྷ་དང་བཅུ་བསྒོམ་པའི་ཕྱིར་ཟེར་ན། ལན་དུ་ལྷག་པའི་ལྷ་དགུ་བསྒོམ་མོད།འོ་ན་ཕྱག་རྒྱ་གཅིག་པ་མ་ཡིན་པར་ཐལ་ཟེར་ན། ཁྱབ་པ་མེད་དེ། ཡན་ལག་གི་ལྷ་དགུ་བསྒོམས་ཀྱང་རྩ་ལྷ་གཅིག་ལས་མི་བསྒོམ་པའི་ཕྱིར། ཤིང་གི་སྡོང་པོ་བཞིན་ནོ། །ཡང་ཆོས་གཅིག་གི་དེ་བཞིན་ཉིད་ཤེས་ན་ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་སམ་མི་ཤེས། མི་ཤེས་ན། ཡུམ་ལས། གཟུགས་ཀྱི་དེ་བཞིན་ཉིད་ཤེས་ན་ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པར་ཤེས་པར་འགྱུར་རོ། །ཞེས་དང་། ལམ་རིམ་ལས། རིག་ཕྱིར་ཀུན་ཀྱང་དེ་ལྟར་ཤེས། །ཞེས་པ་དང་འགལ་ལ། ཤེས་ན། རྒྱ་གཅིག་གི་ལྷ་སྐུ་སྣང་སྟོང་དབྱེར་མེད་དུ་ཤེས་པས་ལྷ་གཞན་གྱི་ཤེས་སམ་མི་ཤེས། ཕྱི་མ་ལྟར་ན་གཅིག་ཤེས་པས་ཀུན་ཤེས་པའི་དམ་བཅའ་ཉམས། དང་པོ་ལྟར་ན་སྤྲོས་བཅས་བསྒོམ་པ་དོན་མེད་དུ་ཐལ་ཞེ་ན། ལན་ནི་ལྷ་གཅིག་གི་མཚན་ཉིད་ཤེས་པས་ལྷ་ཀུན་གྱི་མཚན་ཉིད། ངེས་པའི་བློས་ཤེས་མོད། དེ་ལྟ་ནའང་སྤྲོས་བཅས་བསྒོམ་པ་དོན་མེད་དུ་མི་འགྱུར་ཏེ། མཚན་ཉིད་ངེས་པའི་བློས་ཤེས་ཀྱང་ཤེས་ཚད་ལ་གོམས་པས་མ་ཁྱབ་པའི་ཕྱིར་རོ། །དེ་བས་ན་དངོས་པོ་ངེས་པའི་བློས་བསྒོམ་དགོས་པ་ཡིན་ཏེ། དཔེར་ན་གསེར་གྱི་རང་བཞིན་དང་བཟོའི་བྱེ་བྲག་བཞིན་ནོ། །ཡང་ཕྱག་རྒྱ་གཅིག་པའི་ལྷ་སྐུ་དེ་སྣང་བར་བསྒོམ་མམ་སྣང་ལ་རང་བཞིན་མེད་པར་བསྒོམས། དང་པོ་ལྟར་ན་ཀུན་རྫོབ་དང་ཁྱད་མེད་དུ་འགྱུར་ལ། གཉིས་པ་ལྟར་ན་ལྷ་སྐུ་བསྒོམ་པའི་ཅིག་ཅར་བ་དང་ཁྱད་མེད་པར་ཐལ་ཞེ་ན། སྐྱོན་མེད་དེ། འདིར་དབྱེར་མེད་དུ་བསྒོམ་ནའང་སྔོན་དུ་ཏིང་ངེ་འཛིན་གཞན་ལ་བསླབ་པ། ཅིག་ཅར་བ་གཞན་ལ་མི་སློབ་པས་ཁྱད་པར་ཤིན་ཏུ་ཆེ་བའི་ཕྱིར་རོ། །བཞི་པ་ཕྱག་རྒྱ་སྤྲོས་བཅས་ལ་བཞི་ལས། དང་པོ་དགོས་ཆེད་ནི། ལྷ་


DNG010_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་ཞེན་པའི་རྟོག་པ་དགྲོལ་ཞིང་། བྱེ་བྲག་གི་རྟོག་པ་བཟློག་པ་དང་། ཕྱག་རྒྱ་སྤྲོས་བཅས་ལས་སུ་རུང་བས་ཚོགས་སྒྲུབ་ཀྱི་རྒྱུར་འགྱུར་ཞིང་དངོས་གྲུབ་རྣམ་གཉིས་འགྲུབ་པར་བྱེད་པ་སྟེ། ལམ་རིམ་ལས། བསོད་ནམས་ཡོངས་སུ་རྫོགས་བྱ་ཞིང་། །སྤྱོད་ཡུལ་བྱིན་གྱིས་རློབ་པ་དང་། །འཁོར་ལོའི་ས་མཐར་ཕྱུང་བ་དང་། །ཚོགས་ལ་དུས་ཀྱི་བསྒྲུབ་ཕྱིར་བསྒོམ། །དགུག་གཏང་བཅིང་དགྲོལ་གསོད་དང་བསང་། །འཕམ་རྒྱལ་ཏིང་འཛིན་འདིས་བྱེད་ཕྱིར། །ཞེས་སོ། །གཉིས་པ་ངོ་བོ་ནི། རྟོག་ཚོགས་མཐའ་དག་རིག་པ་གཉིས་མེད་ཀྱི་ལྷའི་དཀྱིལ་འཁོར་དུ་གསལ་བར་བསྒོམ་པ་སྟེ། རིམ་དྲུག་ལས། དེ་ཕྱིར་བདེན་གཉིས་དབྱེ་བ་མེད། །ཕྱི་ནང་སྣོད་བཅུད་ཡེ་ནས་དག །ཅེས་སོ། །གསུམ་པ་རྣམ་གྲངས་ལ། ལམ་འབྲས་བུ། ཕྱག་རྒྱ་སྤྲོས་པ་དང་གསུམ་ལས། དང་པོ་ནི། རྟོག་ཚོགས་ཐམས་ཅད་ཡེ་ནས་ལྷའི་དཀྱིལ་འཁོར་དུ་གནས་པའོ། །ཕྱི་མ་ནི་འོག་མིན་ན་འཁོར་ལོ་ཚོགས་ཆེན་གྱི་སངས་རྒྱས་དུ་མ་སྙེད་བཞུགས་པ་དེའོ། །ལམ་ཕྱག་རྒྱ་སྤྲོས་པ་ལ། ཞི་བ་དང་། ཁྲོ་བོ་གཉིས། དེ་གཉིས་ཀ་ལ་དཀྱིལ་འཁོར་སྤྲོས་པ། ཚོམ་བུ་སྤྲོས་པ། ཞལ་ཕྱག་སྤྲོས་པ། རྣམ་གྲངས་སྤྲོས་པ་བཞི་ལས།དང་པོ་ལ། རྒྱས་འབྲིང་བསྡུས་གསུམ་མོ། །གཉིས་པ་ལ། གཅིག་གསུམ་ལྔ་པའོ། །གསུམ་པ་ལ། ཞལ་གཅིག་ཕྱག་གཉིས་པ་དང་། ཞལ་གསུམ་ཕྱག་དྲུག་པ། ཁྱད་པར་ཁྲོ་བོ་ལ་དབུ་དགུ་ཕྱག་བཅོ་བརྒྱད་པ་ནས། དབུ་ཕྱག་གྲངས་མེད་པའི་བར་རོ། །བཞི་པ་ནི། ཞི་བ་ལ་སངས་རྒྱས་སྟོང་དང་། ཉི་ཁྲི་བཞི་སྟོང་དང་། བསམ་ཡས་ལྷུན་གྲུབ་གསུམ། ཁྲོ་བོ་ལ་སྟོང་བཞི་བརྒྱ་ལྔ་བཅུ་དང་།བདུན་ཁྲི་དྲུག་སྟོང་བརྒྱད་བརྒྱ་ལྔ་བཅུ་བསམ་ཡས་ལྷུན་གྲུབ་གསུམ་མོ། །བཞི་པ་འབྲས་བུ་ནི། སྣང་བ་ཕྱག་རྒྱར་གསལ་བ་ལ་བརྟན་པ་རྒྱ་ཆེར་ཐོབ་པའོ། །ཞར་བྱུང་བརྩད་སྤོང་ནི། ལྷ་བཞི་བཅུ་རྩ་གཉིས་བསྒོམ་པ་དཀྱིལ་འཁོར་སྤྲོས་པ་ཡིན་ན། དེ་ཏིང་ཡང་སྤྲོས་བཅས་སུ་


DNG010_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ། དེར་དབང་རབ་སོགས་གཞན་དོན་གྱི་ཕྲིན་ལས་སུ་དེ་ལྟར་བསྒོམ་པའི་ཕྱིར་ཏེ། སྤྲོས་པའི་འཁོར་ལོ་མོས་བསྒོམ་ཞིང་། །ཞེས་གསུངས་པའི་ཕྱིར་ཟེར་ན། མོས་པ་ཙམ་དུ་བསྒོམ་ཡང་དངོས་སུ་བསྒོམ་མི་ནུས་པའི་ཕྱིར། དེ་ཏིང་སྤྲོས་བཅས་སུ་ཐལ་བའི་སྐྱོན་མེད་དོ། །ཁོ་ན་རེ། དེ་ལྟར་ན། དཀྱིལ་འཁོར་ཚོམ་བུ་རྣམ་གྲངས་ཞལ་ཕྱག་སྤྲོས་པ་ཐམས་ཅད་འདིར་དངོས་སུ་བསྒོམ་ནུས་དགོས་པར་ཐལ། འདོད་ན། རིག་འཛིན་གསུམ་ལས་སྤྲོས་བཅས་བཟང་བར་འགྱུར་ཏེ། འདིར་དངོས་སུ་སྤྲོས་བཅས་བསྒོམ་ནུས་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། འདིར་སྤྲོས་པའི་སྐབས་དངོས་སུ་གསལ་བ་བཞི་བཅུ་རྩ་གཉིས་ཡིན་པ་ལ་བསམ་ནས་དེ་སྐད་བརྗོད་ཀྱི། གཞན་རྣམས་ནི་འདིར་མོས་པའི་ཡུལ་དུ་བསྒོམས་ལ། དེ་ནས་ལམ་གོང་མ་རྣམས་སུ་རིམ་གྱིས་མངོན་དུ་གྱུར་ནས་མཐར་ལམ་དུ་བསམ་ཡས་ལྷུན་གྲུབ་དངོས་སུ་གསལ་ཞིང་། ཞལ་ཕྱག་སྤྲོས་པའི་རིམ་པའང་དེ་བཞིན་ཏེ། ལམ་རིམ་ལས། རིམ་བརྗོད་བརྟན་པའི་སྤྱོད་ཡུལ་ནི། །ཉི་ཤུ་གཅིག་དང་དགུ་བརྒྱ་དང་། །གྲངས་མེད་མཐར་ལམ་རིམ་པར་བསྒོམ། །ཞེས་སོ། །ལྔ་པ་བར་ཆད་མེད་པའི་ལམ་དུ་ཚོགས་བསྒྲུབ་ལ་ཆོས་བཞི་ལས།དང་པོ་དགོས་ཆེད་ནི། རྟེན་འདིས་ལམ་གཞན་གྱིས་བར་མ་ཆོད་པར་ཟག་མེད་ཀྱི་བདེན་པ་ཆོས་ཉིད་རང་མཚན་མཐོང་བ་ལ་དངོས་སུ་སྦྱོར་བར་བྱེད་པ་སྟེ། འདི་ཉིད་ལས། རྣལ་འབྱོར་ཚོགས་པའི་དཀྱིལ་འཁོར་གྱིས། །ངེས་པར་ལེགས་པའི་དགོས་པ་འགྲུབ། །ཅེས་དང་། ལམ་རིམ་ལས། བར་ཆད་མེད་པར་སྦྱོར་བ་ཡི། །སྒྲུབ་པ་དུས་ཀྱི་ཚོགས་བཤད་བྱ། །ཞེས་སོ། །གཉིས་པ་ངོ་བོ་ནི།རྟོག་ཚོགས་ཐམས་ཅད་སྣང་སྟོང་གཉིས་མེད་ལྷའི་དཀྱིལ་འཁོར་དུ་དངོས་སུ་གསལ་བ་ལ་བློ་གནས་པའོ། །དེ་ལྟར་ན་སྤྲོས་བཅས་དང་ཁྱད་མེད་པར་འགྱུར་རོ་ཞེ་ན།སྤྲོས་བཅས་ནི་གསལ་ཞིང་ཉེ་བ་ཙམ་ཡིན་ལ། འདིར་ནི་ཤིན་ཏུ་གསལ་བརྟན་དུ་གྱུར་ཞིང་ཉེ་བ་ཡིན་ཏེ། འདི་ཉིད་ལས། སྒྱུ་འཕྲུལ་དྲ་བས་མངོན་རྫོགས་པའི། །


DNG010_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་བརྟན་པའི་ཏིང་ངེ་འཛིན། །ཞེས་དང་། རིམ་དྲུག་ལས། དེ་ཡང་མཐུ་དང་ནུས་པ་ཡི། །ལྟ་སྤྱོད་འདྲེལ་པས་བརྟན་པ་ཡིན། །ཞེས་གསུངས་པའི་ཕྱིར། གསུམ་པ་རྣམ་གྲངས་ལ། ཞི་བ་དང་། ཁྲོ་བོའི་ཚོགས་སྒྲུབ་གཉིས། དེ་གཉིས་ཀའང་ཉམས་སུ་ལེན་པའི་དུས་སུ། ཕུན་སུམ་ཚོགས་པ་ལྔས་གཞི་བཟུང་། བསྙེན་བསྒྲུབ་བཞིས་གཞུང་བསྲང་། རིག་འཛིན་འགྲུབ་པའི་དུས་གསུམ་དུ་འཆིང་སྟེ་སྔར་བཤད་གྲུབ་པོ། །བཞི་པ་འབྲས་བུ་ནི། ཟག་མེད་ལ་དངོས་སུ་སྦྱོར་ནུས་པའོ། །ཞར་བྱུང་ངེས་ཚིག་ལ་དོགས་པ་བཅད་པ་ནི། བར་ཆད་མེད་པའི་ལམ། ཞེས་པའི་དོན་ལ། ལྷ་རྗེ་མདའ་ཏིག །ཟག་བཅས་ནས་ཟག་མེད་དུ་སྦྱོར་བ་ལ་རྟེན་དང་ལམ་གཞན་གྱིས་བར་མ་ཆོད་པའི་ཕྱིར་གསུང་། ལྷ་རྗེ་གླན། ལམ་གཞན་གྱིས་བར་མ་ཆོད་པ་ཕལ་ཆེ་བ་ལ་དགོངས་གསུང་། བླ་མ་བདེ་གཤེགས་ཆེན་པོ་ནི། སྤྲོས་པ་མན་ཆོད་དམ་ཚིག་ཉམས་པའི་ཉེས་པས་འཁོར་བར་ལྡོག་ཉན་ཡོད་ལ། ཚོགས་བསྒྲུབ་ཡན་ཆོད་ལ་དེའི་བར་ཆད་མེད་པས་སྤྱི་སྒྲ་བྱེ་བྲག་ལ་ཞུགས་ཏེ་ཚོགས་བསྒྲུབ་ལ་བཏགས་གསུང་། རང་ལུགས་མདའ་ལྟར་འཐད་དེ། ཚོགས་བསྒྲུབ་ནས་ཟག་མེད་ལ་རྟེན་སྐྱེ་བ་གཞན་དང་ལམ་བགྲོད་བྱ་གཞན་གྱིས་བར་མ་ཆོད་པར་སྦྱོར་བའི་ཕྱིར་ཏེ། བར་ཆད་མེད་པར་སྦྱོར་བ་ཡི། །ཞེས་གསུངས་པས་སོ། །ཡང་། ཚོགས་སྦྱོར་གྱི་ལམ་ལྔའི་འབྲས་བུ་ལ་ལོག་རྟོག་བསལ་བ་ནི། དེ་ཏིང་གི་སྐབས་སུ། ལམ་རིམ་ལས། སྣང་སྟོང་དབྱེར་མེད་རྣལ་འབྱོར་མཐའ། །མངོན་བྱས་ལྷག་པའི་ཆོས་སྐུར་སྦྱོར། །ཞེས་པས་ཆོས་སྐུ་དང་། སྙིང་རྗེ་སྒྱུ་མའི་སྐབས་སུ། ལམ་འདིར་ཆ་རྐྱེན་རྫོགས་བསྒྲུབས་ན། །མཚན་དང་དཔེ་བྱད་ཀུན་དང་ལྡན། །དབང་ཕྱུག་ཆེན་པོའི་གནས་ཉིད་དུ། །མངོན་དུ་འབྱུང་བར་ཐེ་ཚོམ་མེད། །ཅེས་པས་ལོངས་སྐུ་དང་། ཕྱག་རྒྱ་གཅིག་སྤྲོས་ཚོགས་བསྒྲུབ་གསུམ་གྱི་སྐབས་སུ། འདི་ཉིད་ལས། རྣལ་འབྱོར་ལས་སུ་རུང་རྣམས་ཀྱིས། །


DNG010_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་ཆེན་པོ་རྫོགས་འགྱུར་ཞིང་། །གསལ་ལ་ཡང་གཉིས་མེད་པས་ན། །དཀྱིལ་འཁོར་ཆེན་པོ་འབར་བར་འགྱུར། །ཞེས་པས་སྤྲུལ་སྐུ་སྟེ། ངེས་པར་ཏིང་ངེ་འཛིན་དེ་དང་དེས་སྐུ་གསུམ་སོ་སོར་དངོས་སུ་འཐོབ་ཟེར་བ་མི་འཐད་དེ། དེ་ཏིང་གིས་ཆོས་སྐུ་འཐོབ་ན་སྙིང་རྗེ་སྒྱུ་མ་མན་ཆད་བསྒོམ་པ་དོན་མེད་དུ་འགྱུར་ཞིང་། ལམ་རིམ་ལས་ཀྱང་། ཕྱོགས་མཐུན་བརྗོད་ཀྱིས་རིགས་མ་ཡིན། །ཞེས་པ་དང་ཡང་འགལ་ལོ། །དེས་ན་འདི་དག་ཆོས་མཐུན་བརྩིས་པའམ་སྐུ་གསུམ་གྱི་བརྒྱུད་རྒྱུ་ཙམ་དུ་ཁས་བླང་བར་བྱའོ།། །།གསུམ་པ་ལམ་གྱུར་གྱི་འབྲས་བུའམ་ཟག་མེད་ཀྱི་ལམ་ལ། དབྱེ་བ་དང་།དེ་གཏན་ལ་དབབ་པའོ། །དང་པོ་ལ། མཐོང་ལམ། བསྒོམ་ལམ། མཐར་ལམ་རིག་འཛིན་ནོ། །མཐོང་ལམ་ལ་ཡང་ནང་གསེས་ཀྱིས་དབྱེ་ན་གཉིས་སུ་འགྱུར་ཏེ། ལྷག་མེད་མྱང་འདས་རྣམ་སྨིན་དང་། ལྷག་བཅས་མྱང་འདས་ཚེ་དབང་གཉིས་སུ་ངེས་པའི་ཕྱིར། དེ་ལྟར་ཡང་རྡོ་རྗེ་ལས། གསང་བའི་ཡོ་བྱད་ལྔར་ལྡན་པས། །བརྩོན་པས་ཚུལ་བཞིན་རབ་བསྒྲུབས་ན། །རྡོ་རྗེའི་ལུས་དང་རྣམ་སྨིན་དུ། །ཞེས་དང་། ལམ་རིམ་ལས། དུས་ཚོགས་བར་ཆད་མེད་པ་ནས། །ལྷག་མ་མེད་དང་ཡོད་པ་ཡི། །མྱ་ངན་འདས་པས་མཐར་སྦྱོར་བ། །ཐུན་མོང་ལྟ་བུར་ཟུང་དུ་འགྱུར། །ཞེས་རིག་འཛིན་དེ་གཉིས་མཐོང་ལམ་དུ་ཁད་མཉམ་པར་བཤད་དོ། །དེའི་ཕྱིར། ན་རག་བསྐང་བཤགས་ལས། རྣམ་སྨིན་ཚེ་དབང་ཕྱག་རྒྱ་ལྷུན་གྱིས་གྲུབ། །ཅེས་པ་ལྟར་རིག་འཛིན་བཞིའོ། །གཉིས་པ་ལ། རྣམ་སྨིན་རིག་འཛིན། ཚེ་དབང་རིག་འཛིན། བསྒོམ་ལམ་ཕྱག་རྒྱ་ཆེན་པོའི་རིག་འཛིན། མཐར་ལམ་ལྷུན་གྲུབ་རིག་འཛིན་བཤད་པའོ། །འདི་དག་ལ་ཆོས་བདུན་བདུན་གྱི་སྒོ་ནས་འཆང་བའི་བཀའ་སྲོལ་ཡོད་ནའང་། བཞི་གའི་སྤྱོད་པ་མཐུན་པར་རྫུ་འཕྲུལ་གྱི་སྤྱོད་པ་སྟེ། སོ་སོའི་ཁྱད་པར་སྔར་རྒྱུད་ཀྱི་དངོས་པོའི་སྤྱོད་པ་འཆད་པའི་སྐབས་སུ་བཤད་གྲུབ་པས། འདིར་ཆོས་དྲུག་དྲུག་གི་སྒོ་ནས་འཆད་པར་བྱའོ། །དེ་ཡང་དང་པོ་རྣམ་སྨིན་ལ། གང་གི་ཚེ་ཐོབ་པའི་རྒྱུ་དུས། གང་གི་རིག་


DNG010_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་རང་གི་ངོ་བོ། ཇི་སྙེད་བསྟན་པའི་རྣམ་གྲངས། ཇི་ལྟར་བཞུགས་པའི་ཆ་ལུགས། མངོན་པར་ཤེས་པའི་ཡུལ་དོན། འབྲས་བུ་ལ་ཇི་ལྟར་སྦྱོར་ཚུལ་ལོ། །དང་པོ་ཐོབ་པའི་རྒྱུ་དུས་ནི། གཅིག་སྤྲོས་ཀྱི་ཏིང་ངེ་འཛིན་ལ་བརྟན་པ་ཐོབ་པས་རབ་ཟླ་བ་དྲུག་དང་། མཐའ་ནའང་ཟླ་བ་བཅུ་དྲུག་གི་བར་དུ་ཚོགས་བསྒྲུབས་པས་ལྷག་མེད་ཀྱི་མྱང་འདས་ལ་སྦྱར་བ་སྟེ། ལམ་རིམ་ལས།གཅིག་དང་དུ་མའི་རྣལ་འབྱོར་ལ། །བརྟན་བྱས་ཉིད་པའམ་དེ་ཐོབ་ནས། །ཟླ་དྲུག་བཅུ་དྲུག་བསྙེན་བསྒྲུབ་ཚེ། །རྡོ་རྗེའི་ལུས་སུ་མ་གྱུར་པར། །ཞེས་སོ། །གཉིས་པ་རང་གི་ངོ་བོ་ནི། མཚན་ཉིད་གསུམ་ལྡན་ཏེ། ཡིད་ལྷའི་སྐུར་གསལ་ཞིང་རྫོགས་པར་སྨིན་པ། ལུས་རྣམ་སྨིན་ཤ་ཁྲག་གི་ཕུང་པོ་དང་མ་བྲལ་བ།ལུས་རྒྱ་དང་བྲལ་མ་ཐག་ཏུ་ཕྱག་རྒྱ་ཆེན་པོའི་རིག་འཛིན་ལ་སྦྱོར་བ་སྟེ། ཆོས་ཉིད་ཀྱི་བདེན་པ་མཐོང་ཡང་བློ་ཆུང་བའི་སྟོབས་ཀྱིས་འབྱུང་བ་སྙིགས་མའི་ལུས་ཡེ་ཤེས་ཀྱི་མེས་སྦྱོང་བར་མ་ནུས་པའོ། །དེ་ཡང་ལམ་རིམ་ལས། ཡིད་ཀྱི་ལྷ་ཡི་གཟུགས་བཟུང་ཞིང་། །ལུས་ཀྱི་རྒྱ་མདུད་གྲོལ་གྱུར་ནས། །ཕྱག་རྒྱའི་སྐུ་ཉིད་གསལ་གྱུར་པ། །རྣམ་པར་སྨིན་ཞེས་དེ་ལ་བརྗོད། །ཅེས་སོ། །གསུམ་པ་རྣམ་གྲངས་ནི། རྣམ་སྨིན་གྱི་ལུས་འདི་རྒྱ་ཆེན་གྱི་སར་མི་འཁྱེར་བས་ན་ལྷག་མེད་མྱང་འདས་དང་། འབྱུང་བའི་ལུས་མེད་པར་དང་། ལས་ཀྱི་ལུས་མེད་པ་ཞེས་བྱ། རང་དོན་དུ་སྲིད་པའི་མངལ་ཕྱི་མ་མི་ལེན་པས་སྲིད་པ་ཐ་མ་པ་ཞེས་ཀྱང་བྱ། ཡིད་ལྷའི་སྐུར་རྣམ་པར་སྨིན་པའམ་རྣམ་སྨིན་གྱི་ལུས་མ་དོར་བས་རྣམ་སྨིན་རིག་འཛིན་ཞེས་ཀྱང་བྱ་སྟེ། དེ་ལས། ལྷག་མེད་འབྱུང་མེད་ལས་ལུས་མེད། །མྱ་ངན་འདས་པའམ་སྨིན་ཆས་བརྗོད། །ཅེས་སོ། །བཞི་པ་ཆ་ལུགས་ནི། ལུས་སྔོན་གང་ཡིན་དང་ཡིད་རྩ་བའི་ལྷ་གང་ཡིན་གྱི་ཆ་ལུགས་འཛིན་པ་སྟེ། ཡིད་ཀྱི་ལྷ་ཡི་གཟུགས་བཟུང་ཞིང་། །ཞེས་སོ། །ལྔ་པ་མངོན་ཤེས་ཀྱི་ཡུལ་དོན་ནི། བར་ཆད་མེད་པ་ལས་ངོ་བོ་གསལ་བརྟན་གྱི་ཁྱད་པར་དུ་བྱས་པའི་


DNG010_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

ཟག་མེད་ལྷའི་སྤྱན་རྣམ་པར་དག་པ་ལ་སོགས་པས་གླིང་བཞི་པའི་འཇིག་རྟེན་ཙམ་ཡུལ་དུ་གྱུར་ཅིང་། དེ་དག་གི་དོན་བྱེད་ནུས་པ་སྟེ། དེ་ལས། བར་ཆད་མེད་པའམ་སྨིན་པ་ཡི། །མངོན་པར་ཤེས་པ་དེ་མིང་ཅན། །མི་འགྱུར་བས་བར་འགྱུར་བའང་། །དཔག་ཚད་གླིང་ཁམས་ཡུལ་ལ་སྦྱོར། །ཞེས་སོ། །དྲུག་པ་འབྲས་བུ་ནི། རྣམ་སྨིན་གྱི་ལུས་རྒྱ་དང་བྲལ་མ་ཐག་ཏུ་ཕྱག་ཆེན་འོད་ཀྱི་ལུས་ལ་སྦྱོར་བ་སྟེ། དེ་ལས། གང་དེ་བྲལ་མ་ཐག་པ་རུ། །རྒྱ་བཞི་རྫོགས་པར་བདག་གྱུར་པ། །རྡོ་རྗེ་ལྔ་སོགས་རིག་པ་འཛིན། །ཕྱག་རྒྱ་ཆེན་པོའི་རིགས་འབྲས་བུ། །ཞེས་སོ། །ཞར་བྱུང་འཕྲོས་དོན་དོགས་པ་བཅད་པ་ལ། ཐོབ་དུས་དང་། ངོ་བོ་ལ་དཔྱད་པའོ། །དང་པོ་ནི། རྣམ་སྨིན་ལ་སྦྱོར་བའི་དུས་ལས། ལམ་རིམ་ལས། དེ་དེའང་འདི་དང་ཕྱི་མ་དང་། །ལན་གྲངས་གཞན་དུ་རབ་འབྲིང་གིས། །ཐོབ་ཀྱི་བསྐལ་པར་མི་འགྱངས་ཏེ། །དགོངས་སྤྱོད་བརྩོན་པ་གཙོ་ཕྱིར་རོ། །ཞེས་པ་ལ་གསུམ་སྟེ། རབ་ཚེ་འདི།འབྲིང་བར་དོར། ཐ་མ་ལན་གྲངས་གཞན་ལ་སྦྱོར་ཟེར་བ་ལ། ཁ་ཅིག་ན་རེ།དེ་ལྟར་ན། བར་དོ་ལ་འབྱུང་ལུས་རགས་པ་ཡོད་པར་ཐལ། རྟེན་དེ་ལ་རྣམ་སྨིན་ཐོབ་པ་གང་ཞིག །རྣམ་སྨིན་ནི་ཚེ་སྔ་མའི་ལས་ཀྱི་རྣམ་སྨིན་ལས་གྲུབ་པའི་ལྷག་མའི་ལུས་འདི་དང་མ་བྲལ་བ་ལ་ཟེར་བའི་ཕྱིར། ཞེ་ན། ཉང་ཇོ་མདོ་ན་རེ། བར་དོ་ལ་ཐོབ་པའི་རྣམ་སྨིན་དེ་ལུས་ཀྱི་བག་ཆགས་ཀྱི་ཚུལ་དུ་ཡོད་གསུངས་ཀྱང་། བག་ཆགས་ཀྱི་ཡིད་ལུས་རྣམ་སྨིན་ཤ་ཁྲག་གི་ལུས་མ་ཡིན་པའི་ཕྱིར་ངེས་ཚིག་ཉམས་སོ། །བླ་མ་བདེ་གཤེགས་ཆེན་པོ་ནི། ཚེ་འདིར་ཚོགས་བསྒྲུབས་ཀྱང་རྣམ་སྨིན་མ་ཐོབ་པས། རང་ལུས་དང་བྲལ་མ་ཐག་ཏུ་འཆི་ཁའི་འོད་གསལ་ལ་བརྟེན་ནས་བདེན་པ་མཐོང་སྟེ་རྣམ་སྨིན་འཐོབ། འབྲིང་དེ་ངོ་མ་ཤེས་པས་བར་དོ་དངོས་ཀྱི་སྣང་བ་ཤར་བའི་དུས་སུ་སྤྱོད་ཡུལ་སྒྱུ་མར་མཐོང་བ་ལ་བརྟེན་ནས་ཐོབ། ཐ་མ་ནི་བར་དོའི་སྣང་བ་ནུབ་སྟེ་ལུས་ལེན་པར་བདེན་པ་མཐོང་བས་རྣམ་སྨིན་གྱི་ལུས་སུ་འགྱུར་ནས་དགོངས་པ་ལྷའི་སྐུར་གསལ་བའོ། །དེ་ལས་དང་པོ་གཉིས་ལ་འབྱུང་ལུས་


DNG010_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

རགས་པ་མེད་པས་རྣམ་སྨིན་བཏགས་པ་བ་སྟེ། བདེན་པ་མཐོང་བའི་ཆ་ནས་འཇོག འོ་ན་ཚེ་དབང་དང་འདྲ་མོད་ཟེར་ན། མི་འདྲ་སྟེ། དེ་ནི་འབྱུང་བ་དྭངས་མའི་ལུས་སུ་ཡོད་ལ། འདི་ནི་བག་ཆགས་ཀྱི་ལུས་སོ། །རྒྱ་ཆེན་དང་ཁྱད་ཡོད་དམ་ཞེ་ན། ཡོད་དེ། དེ་ནི་ལྷའི་སྐུའི་ཆ་ལུགས་སུ་ཡོད་པའི་ཕྱིར་གསུངས། རང་ལུགས་ནི། སྔ་རབས་པ་སྤྱིའི་རྗེས་སུ་འབྲངས་ཏེ། རྣམ་སྨིན་ཚེ་འདི་ལ་མ་ཐོབ་ན། འབྲིང་སྐྱེ་བ་ཕྱི་མ་དང་། ཐ་མ་སྐྱེ་བའི་ལན་གྲངས་བརྒྱུད་པའི་རྣམ་སྨིན་གྱི་ལུས་གཞན་དུ་ཐོབ་པར་བཞེད་པའི་ལུང་ཡིན་གྱི། བར་དོར་ཐོབ་པར་འདོད་པ་ནི་མི་རིགས་ཏེ། རྣམ་སྨིན་གྱི་ཆོས་མ་ཚང་པའི་ཕྱིར་དང་། ཚོགས་སྒྲུབ་ནས་ཟག་མེད་དུ་སྦྱོར་བ་ལ་རྣམ་སྨིན་མཚན་ཉིད་པ་ལས་བློ་ཆུང་བ་མ་བཤད་པའི་ཕྱིར་དང་། འདི་ཉིད་རྒྱ་ཆེན་ལ་སྦྱོར་བའི་སྲིད་པ་ཐ་མ་བ་ཡིན་པའི་ཕྱིར་རོ། །དང་པོ་གྲུབ་སྟེ། ལམ་རིམ་ལས། ལྷ་ཡི་རྣལ་འབྱོར་གསལ་རྫོགས་སྨིན། །ལུས་ཀྱི་དྲ་བས་བསྒྲིབས་གྱུར་པ། །ཀ་ལ་པིངྈ་མི་འཇིགས་བཞིན། །བྲལ་ནས་སྣང་བྱེད་དེ་རྣམ་སྨིན། །གཉིས་པ་གྲུབ་སྟེ། ལམ་ཆུང་ལས། སྟོབས་ཆུང་རྐྱེན་སྨོན་ཞན་པའི་ཕྱིར། །རྣམ་རྟོག་འབྱུང་བའི་ལྷག་ལུས་བཞག །ཞེས་སོ། །གསུམ་པ་གྲུབ་སྟེ། ལམ་རིམ་ལས། རྒྱ་མིག་རྒྱ་ས་ཇི་ལྟ་བུར། །ཕྱག་རྒྱ་ཐོབ་ལ་མ་རིག་པའི། །གཟུགས་རྫོགས་སྟོབས་ཆེན་དེ་ཁོ་ནའོ། །ཞེས་དང་། གང་དེ་བྲལ་མ་ཐག་པ་རུ། །རྒྱ་བཞི་རྫོགས་པར་བདག་གྱུར་པ། །ཞེས་སོ། །གཉིས་པ་ངོ་བོ་ལ་དོགས་པ་དཔྱད་པ་ནི། སྔ་རབས་པ་ཁ་ཅིག་ན་རེ། རྣམ་སྨིན་གྱི་ངོ་བོ་ལུས་འདི་དང་བྲལ་ནས། ཕྱག་ཆེན་དུ་འགྲོ་བའི་སྐབས་ཀྱི་སྐད་ཅིག་མ་དེ་ལ་འཇོག་ཟེར། དེ་ལ་རྗེ་དྲི་ངས་པའི་ཞལ་ནས། དེ་མི་འཐད་དེ། སྐྱོན་གཉིས་གནས་པའི་ཕྱིར། དང་པོ་ནི། རྣམ་སྨིན་དེས་གཞན་དོན་བྱེད་དམ་མི་བྱེད།མི་བྱེད་ན། མི་འདོར་འགོད་པ་གཞན་གྱིའོ། །ཞེས་པ་དང་འགལ། བྱེད་ན། སྐད་ཅིག་གིས་གཞན་དོན་རྫོགས་པས་སངས་རྒྱས་དང་ཁྱད་པར་མེད་པར་ཐལ་ལོ། །


DNG010_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོན་གཉིས་པ་ནི། སྐད་ཅིག་ལས་ཕྱག་རྒྱ་ཆེན་པོ་ལ་སྦྱོར་བའི་ཕྱིར། རྣམ་སྨིན་དེ་ཚེ་དབང་ལས་བཟང་བར་ཐལ་ལོ་གསུངས། གཉིས་པ་ཚེ་དབང་རིག་འཛིན་ལ་ཆོས་དྲུག་ལས། དང་པོ་ཐོབ་པའི་རྒྱུ་དུས་ནི། ཤེས་རབ་གསུམ་གྱིས་ལྟ་བ་དང་ཏིང་ངེ་འཛིན་ལ་རྟོགས་གོམས་ཁྱད་པར་དུ་གྱུར་པའི་བློ་ཆེན་གྱིས་ཚོགས་བསྒྲུབ་ཟླ་དྲུག་གམ་ཐ་ནའང་ཟླ་བ་བཅུ་དྲུག་ལས་མི་འགྱངས་པར་ལྷག་བཅས་ཚེ་དབང་ལ་སྦྱོར་ཏེ། ལམ་རིམ་ལས། ཤེས་རབ་རྣམ་གསུམ་གོམས་བྱས་པས། །ཏིང་འཛིན་མཉམ་པའི་དོན་རྟོགས་ཏེ། །ཀུན་ཏུ་ཡངས་པ་ཆེན་པོར་བསྒོམ། །ཤེས་འཇུག་ལྔ་རྟོགས་གོམས་པས་ནི། །ཟླ་ཞག་རྒྱུད་བཞིན་བསྒྲུབ་བྱེད་པས། །རྡོ་རྗེའི་ལུས་སུ་ཐེ་ཚོམ་མེད། །ཅེས་སོ། །གཉིས་པ་རང་གི་ངོ་བོ་ནི། ཆོས་ཉིད་རང་མཚན་གསལ་བའི་ངོ་བོར་བསྐྱེད་དུ་བྱར་མེད་པར་མཐོང་ཞིང་ཟག་པ་ཀུན་ཟད་དེ་སྐྱེ་འཇིག་མེད་པ་རྡོ་རྗེའི་ལུས་སུ་གྱུར་པའོ། །དེ་ཡང་སྔ་མ་ལས། དོན་མཐོང་འཇུག་པ་མཐར་ཕྱིན་པའི། །ཚོགས་སྤྱོད་བསྒྲུབས་པའི་དངོས་གྲུབ་ཀྱིས། །ལུས་ཁམས་སྐྱེ་གནས་ཟག་པ་ཟད། །རྡོ་རྗེའི་ལུས་གྱུར་ཚེ་ཡི་རིག །ཅེས་སོ། །འཕྲོས་དོན་ཚེ་ཚད་ནི། བདག་དོན་དུ་ལམ་སྦྱང་བའི་ཕྱིར་ལོ་སྟོང་དྲུག་བརྒྱའི་བར་དུ་གནས་ཤིང་། གཞན་དོན་དུ་ཚེ་ལ་རང་དབང་ཐོབ་པས་ཇི་ལྟར་འདོད་བཞིན་དུ་ཕྱིར་བསྣུར་ནས་བགྲེས་རྒུད་མེད་པར་བཞུགས་པ་སློབ་དཔོན་ཆེན་པོ་པདྨ་བཞིན་ཏེ། དེ་ལས། བདག་ཕྱིར་དོན་དུ་གཉེར་བས་ནི། །བརྒྱ་ཕྲག་བཅུ་དྲུག་ཚེ་ཡིས་རྫོགས། །གཞན་དུ་རང་དབང་ཐོབ་པའི་ཕྱིར། །བསྐལ་པ་གྲངས་མེད་གནས་འགྱུར་ཡང་། །སྐུ་ནི་ཤིན་ཏུ་གཞོན་ནུའི་ཚུལ། །འདུལ་བའི་ཚུལ་གྱིས་འཕོ་འདུ་བྱེད། །ཅེས་སོ། །གསུམ་པ་རྣམ་གྲངས་ནི། སྨན་གྱི་བཅུད་ལེན་ལ་བརྟེན་ནས་གྲུབ་པའི་དང་། ཐིག་ལེ་དབབ་བཟུང་སོགས་སྦྱོར་བའི་ཐབས་ལ་བརྟེན་ནས་གྲུབ་པའི་དང་། སྒྲོལ་མ་རླུང་གི་སྦྱོར་བ་ལ་བརྟེན་ནས་གྲུབ་པའི་དང་། ལམ་མཆོག་ཡོངས་སུ་རྫོགས་པའི་ཚེ་དབང་དང་བཞི་སྟེ། དེ་ལས། ངོ་


DNG010_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

བོ་ཐབས་དང་སྨན་རིག་འཛིན། །རྣལ་འབྱོར་སྒྲོལ་མའི་རིག་འཛིན་དང་། །ལམ་མཆོག་རྫོགས་པའི་རིམ་པ་བཞི། །ཞེས་སོ། །དེ་ཡང་དང་པོ་གསུམ་རྟོགས་གོམས་ཀྱི་མཐུ་མེད་པས་རྫས་དང་ཐབས་རྐྱང་པ་ལ་བརྟེན་པའི་ཕྱིར་ཚེ་ལ་དབང་བར་འདྲ་ནའང་ཟག་བཅས་དང་། ཕྱི་མ་ནི་ཟག་མེད་དོ། །བཞི་པ་ཆ་ལུགས་ནི། མི་དང་འདོད་གཟུགས་ཀྱི་ལྷའི་གཙོ་བོའི་ཆ་བྱད་དུ་སྟོན་ཏེ། དེ་ལས། ལྷ་མིའི་རྒྱལ་པོའི་སྐྱེ་བ་འཛིན། །ཞེས་སོ། །དེ་ལྟ་ནའང་ལྷ་མི་གཞན་དང་ཁྱད་པར་ཆེ་སྟེ། སྐྱེ་བ་རང་དབང་ཅན་ཡིན་པའི་ཕྱིར། དེའང་སྔ་མའི་འཕྲོས་ལས། མི་དང་ལྷ་དང་ཚངས་པ་ཡི། །སྐྱེ་བ་རྣམ་དག་འཛིན་མོད་ཀྱང་། །ཁྱད་པར་ས་ལ་གནས་འགྱུར་ཡིན། །ཆ་བྱད་དེ་ཉིད་ཀྱིས་ཆོས་སྟོན། །ཞེས་སོ། །དེ་དག་ཀྱང་སྤྲུལ་པའི་ཆ་ལུགས་ཡིན་ལ། རང་གི་ངོ་བོ་ནི། ད་ལྟའི་ལུས་འདི་རྡོ་རྗེའི་ལུས་སུ་ཁྱེར་བས་ཚེ་གཅིག་གི་འབྲས་བུ་ཡིན་པའི་ཕྱིར་སྔོན་གང་ཡིན་པའི་རྣམ་པ་ཅན་ནོ། །ལྔ་པ་མངོན་ཤེས་ཀྱི་ཡུལ་དང་ནི། སྤྱིའི་མངོན་ཤེས་དྲུག་དང་། བྱེ་བྲག་དུ་སྒོ་ལྔའི་དབང་ཤེས་ཉི་ཤུ་རྩ་ལྔས་གླིང་བཞི་བྱེ་བ་ཕྲག་བརྒྱ་པའི་ཞིང་ཁམས་དང་མཉམ་པ་ཡུལ་དུ་གྱུར་ཅིང་། དེ་སྙེད་ཀྱི་དོན་བྱེད་ནུས་པ་སྟེ། དེ་ལས། སྔོན་བཞིན་ཡུལ་ཁྱོན་འདུལ་བར་བྱེད། །སྐྱེ་མཆེད་རང་བཞིན་ཡེ་ཤེས་ཕྱིར། །དེ་ཉིད་གཅིག་དང་དུ་མའི་མཐའ། །གཉིས་སུ་མེད་པའི་མངོན་རྟོགས་གོམས། །མཐོང་བས་དྲི་མ་དྲུག་སྦྱང་ཕྱིར། །དེ་སྙེད་གཟུགས་སྒྲ་དྲི་རོ་རེག །ཤེས་པའི་བྱེ་བྲག་རྩ་ལྔར་ཤར། །གཅིག་གིས་ཡུལ་ལྔ་གཅོད་པར་བྱེད། །ཚང་དང་མ་ཚང་འཇིག་དོགས་མེད། །གཞན་དུ་ལྷ་ཡི་རྣ་བ་དང་། །སྤྱན་གྱི་མངོན་པར་ཤེས་པ་དང་། །སྔོན་གནས་རྗེས་སུ་དྲན་པ་དང་། །ཕ་རོལ་གནས་ཀྱི་སེམས་ཤེས་དང་། །འཆི་འཕོ་སྐྱེ་བ་མཁྱེན་པ་དང་། །རྫུ་འཕྲུལ་ཤེས་པའང་ཟག་ཟད་ཤེས། །དེ་སྙེད་ཚུན་ཆད་ཡུལ་ཤེས་པས། །གང་དང་གང་རྣམས་འདུལ་བར་མཛད། །དེ་མིང་མི་ལྡོག་ཟས་མེད་དང་། །དབང་བསྒྱུར་རིགས་ཀྱི་མཚན་ལས་བརྗོད། །ཅེས་སོ། །དྲུག་པ་འབྲས་


DNG010_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ནི། རིམ་གྱིས་སམ་ཐོད་རྒལ་བའི་ཚུལ་གྱིས་ཕྱག་རྒྱ་ཆེན་པོ་དང་ལྷུན་གྲུབ་རིག་འཛིན་ཅི་རིགས་སུ་སྦྱོར་བའམ། དེ་བས་ཀྱང་བློ་ཆེན་མཐར་ཐུག་སངས་རྒྱས་ཀྱི་ས་ལ་སྦྱོར་བའང་ཡོད་དེ། རིམ་པ་བཞིན་དུ། ལམ་རིམ་ལས།བདག་གམ་གཞན་ཕྱིར་དབང་ཅན་དེ། །སྐུ་ཚེའི་ཚད་དམ་ཇི་སྙེད་པར། །བཞུགས་མཐར་རང་གི་སྒྲུབ་སྦྱོར་བ། །སྔོན་བཞིན་རིམ་དང་ཅིག་ཅར་བའོ། །ཞེས་དང་། རྒྱས་པ་ལས། ཚེ་ནི་བཅུ་དང་དྲུག་པ་ཡིས། །བརྒྱ་བརྒྱ་དག་ཏུ་བསྣུར་ཞིང་གནས། །ལུས་མ་བོར་བར་སངས་རྒྱས་སོ། །ཞེས་སོ། །ཞར་བྱུང་བརྩད་པ་སྤོང་པ་ནི། ཚེ་དབང་དེ་ཕྱག་ཆེན་ལ་སྦྱོར་བའི་ཚེ། རྡོ་རྗེའི་ལུས་དེ་བོར་རམ་དེ་ཀ་འཁྱེར། དང་པོ་ལྟར་ན། ལྷག་བཅས་ཀྱི་ངེས་ཚིག་ཉམས་ལ།གཉིས་པ་ལྟར་ན་ཕྱག་ཆེན་ཡེ་ཤེས་སྒྱུ་མའི་ཆ་ལུགས་སུ་ཡོད་པའི་ཕྱིར། རྡོ་རྗེའི་ལུས་ཐ་མལ་གྱི་ཆ་ལུགས་དང་མཚུངས་པ་མ་ཡིན་ནོ་ཞེ་ན། འབོར་ཡང་མི་འབོར་ལ། དེ་ཁོ་ན་ལྟར་དུའང་མི་འཁྱེར་ཏེ། རྡོ་རྗེའི་ལུས་དེ་ཉིད་ཡེ་ཤེས་སྒྱུ་མའི་སྐུར་གནས་འགྱུར་བའི་ཕྱིར། དཔེར་ན་གསེར་འགྱུར་གྱི་རྩིས་ཐེབས་པའི་ལྕགས་ཉིད་ལོགས་སུ་མ་སྤངས་པར་གསེར་དུ་འགྱུར་བ་བཞིན་ནོ། །ཡང་། ཚེ་དབང་དེ་དག་དོན་དུ་ལོ་སྟོང་དྲུག་བརྒྱ་སྡོད་དམ་མི་སྡོད། མི་སྡོད་ན་ལུང་དང་འགལ་ལ།སྡོད་ན་ཚེ་དབང་ལས་རྣམ་སྨིན་བློ་ཆེ་བར་ཐལ། ཕྱག་ཆེན་ལ་སྦྱོར་བ་རྣམ་སྨིན་མྱུར་བའི་ཕྱིར། འདོད་མི་ནུས་ཏེ། སྟོབས་ཆུང་རྐྱེན་སྨོན་ཞན་པའི་ཕྱིར། །ཞེས་པས་གསལ་ལོ་ཞེ་ན། རྗེ་དྲི་ངས་པ་ནི། སྟོང་དྲུག་བརྒྱའི་བར་དུ་ཕྱག་ཆེན་དང་ལྷུན་གྲུབ་རིག་འཛིན་བགྲོད་པར་བཞེད་དེ། གེགས་སེལ་སྒྲོན་མ་ལས། ཚེ་དབང་གིས་སངས་རྒྱས་འགྲུབ་པའི་དུས་ནི། དབང་པོ་རབ་འབྲིང་ལ་ངེས་པ་མེད། དབང་པོ་ཐ་མའི་དབང་དུ་ལོ་སྟོང་དྲུག་བརྒྱ་ཚུན་ཆད་ཀྱིས་སངས་རྒྱས་ཉིད་ལ་སྦྱོར་རོ། །དེའི་བར་དུ་ཕྱག་རྒྱ་ཆེན་པོ་དང་། ལྷུན་གྱིས་གྲུབ་པའི་རིག་འཛིན་ལ་བགྲོད་དོ། །ཞེས་གསུངས། དེ་ལྟར་ན། སྐུ་ཚེའི་ཚད་དམ་ཇི་སྙེད་པར་བཞུགས་མཐར། ཞེས་པས་གནོད་དམ་ཞེ་ན། མི་གནོད་དེ། མཐའི་སྒྲ་ཟད་མཐའ་ཁོ་ན་ལ་སྦྱོར་དགོས་པའི་ངེས་པ་མེད་པའི་


DNG010_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ཏེ། ཇི་སྐད་དུ། མཐའ་ནི་ཟད་དང་མཇུག་ཆ་དང་། །ཞེས་གསུངས་པའི་ཕྱིར་སྙམ་སྟེ་ད་དུང་དཔྱད་པར་བྱའོ། །ཡམ་ཤུད་དངོས་གྲུབ་ནི་རང་དོན་དུ་ཕྱག་རྒྱ་ཆེན་པོ་ལ་ནམ་སྦྱོར་ཀྱང་རང་དབང་ཡོད་དེ། ཚེ་ལ་དབང་བ་ཡིན་པའི་ཕྱིར། དེ་ལྟར་ཡང་། བདག་གམ་གཞན་ཕྱིར་དབང་ཅན་ཏེ། །ཞེས་པས་མངོན་གསུངས་སོ། །གསུམ་པ་ཕྱག་རྒྱ་ཆེན་པོའི་རིག་འཛིན་ལ་དྲུག་ལས། དང་པོ་ཐོབ་པའི་རྒྱུ་དུས་ནི། གཅིག་སྤྲོས་ཀྱི་ཏིང་འཛིན་ལ་གོམས་པའི་རྒྱུན་དང་། ལྟ་བ་ལ་ཆེད་དུ་འཛིན་པའི་ཀུན་འགྲོའི་སྒྲིབ་པ་དག་པ་ནི་ངོ་བོའི་རྒྱུ་སྟེ། ཚེ་ལ་དབང་ཐོབ་པའི་ཕྱིར་ཚེ་དབང་ནས་ཕྱག་ཆེན་དུ་འགྱུར་བའི་དུས་ལ་ངེས་པ་ཕྱོགས་གཅིག་ཏུ་གཞག་ཏུ་མེད་དོ། །དེ་ལྟར་འང་ལམ་རིམ་ལས། གཅིག་དང་དུ་མའི་རྣལ་འབྱོར་པས། །འབྱུང་ལུས་སེམས་ཕྱིར་རང་བཞིན་ལྷ། །མཐོང་གོམས་བསགས་པའི་མཐར་བསྒྲུབས་པས། །ཀུན་འགྲོའི་སྒྲིབ་དག་ངོ་བོའི་རྒྱུ། །ཞེས་དང་། ལྷག་མར་བཅས་པ་བསྣུར་བསྒྲུབས་མཐའ། །དེ་ཉིད་གྱུར་པས་ངེས་པ་མེད། །ཅེས་སོ། །གཉིས་པ་རང་གི་ངོ་བོ་ནི། བསྒོམ་བྱ་མངོན་དུ་གྱུར་པས་སྔོན་གང་བསྒོམས་ཀྱི་ལྷའི་ཆ་ལུགས་རང་མཚན་པ་འཛིན་ཅིང་མི་གཡོ་བའི་ཏིང་ངེ་འཛིན་གྱིས་ལྷན་ཅིག་གནས་པའི་དྲི་མ་སྦྱང་བ་ལ་ཞུགས་པ་སྟེ། དེ་ལས། རང་སེམས་ཕྱག་རྒྱ་ཆེན་པོ་སྟེ། །བསྒོམ་པ་གང་ཡིན་མངོན་གྱུར་སྐུ། །ཐུན་མོང་མཆོག་གི་མཚན་དཔེར་ལྡན། །ལོངས་སྤྱོད་གཉིས་པ་ཕྱག་རྒྱའི་རིགས། །ཞེས་དང་། ཡེ་ཤེས་སྐུ་ཡི་ཆ་ལུགས་ཅན། །འབྱུང་བ་རྡོ་རྗེའི་ལུས་ལས་གྲོལ། །ཞེས་སོ། །གསུམ་པ་རྣམ་གྲངས་ནི། ཀྲི་ཡའི་རིགས་གསུམ། ཨུ་པ་ཡའི་རིགས་བཞི། ཡོ་གའི་རིགས་ལྔ། མ་ཧཱ་ཡོ་གའི་མཆོག་ལྔ་སྟེ། དེ་ལས། དེ་ཉིད་རིགས་གསུམ་རིགས་བཞི་དང་། །ལྔ་དང་མཆོག་ལྔའི་རིགས་འཛིན་པས། །ཞེས་སོ། །བཞི་པ་ཆ་ལུགས་ནི། ལྷ་སྐུ་ཕྱག་རྒྱ་ཆེན་པོ་ལས་མི་གཡོ་ཞིང་། གཞན་དོན་སྤྲུལ་པའི་ཆ་བྱད་ལ་ངེས་པ་མེད་དེ།རྔོན་དང་སྨད་འཚོང་ལ་སོགས་པར་བསྟན་ནས་དོན་བྱེད་པའི་ཕྱིར། དེ་ལས། མཉམ་གཞག་ངང་ལས་མ་གཡོས་བཞིན། །


DNG010_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་དང་། །རྔོན་དང་སྨད་འཚོང་ལ་སོགས་པ། །སྤྲུལ་པའི་ལུས་ཀྱིས་འདུལ་བར་བྱེད། །ཅེས་སོ། །ལྔ་པ་མངོན་ཤེས་ཀྱི་ཡུལ་དོན་ནི། མངོན་ཤེས་དྲུག་གི་བྱེ་བྲག་ཉེར་ལྔ་དང་བཅས་པ་ཚེ་དབང་དང་འདྲ་ནའང་། འདིར་གསལ་བརྟན་གྱི་ཁྱད་པར་དུ་བྱས་ཤིང་། ཡུལ་ལོངས་སྐུའི་ཞིང་དང་མཉམ་པས་དོན་ཡང་དེ་སྙེད་དུ་བྱེད་པར་ནུས་པ་སྟེ། དེ་ལས།དྲུག་དང་ལྔ་ཡི་ཡན་ལག་བཅས། །ཤེས་པའང་འདྲ་མོད་བཞི་ཆོ་འཕྲུལ་སོགས་ཀུན། །དེ་སྙེད་ཡུལ་གྱི་ཁྱད་པར་དང་། །དོན་རྫོགས་མཐུ་དང་གདུལ་བྱས་སྦགས། །ཞེས་སོ། །དྲུག་པ་འབྲས་བུ་ནི། རང་གི་དགོངས་པ་མི་གཡོ་བའི་དོན་ལྟ་སྒོམ་གྱིས་གོམས་པར་བྱས་པས་ལྷན་ཅིག་གནས་པ་ཕྲ་མོའི་དྲི་མ་དག་ནས་འབད་རྩོལ་མེད་པར་ལྷུན་གྲུབ་རིག་འཛིན་ནམ། བློ་ཆེན་སངས་རྒྱས་ཀྱི་སར་སྦྱོར་ཏེ། དེ་ལས། རང་གི་མི་གཡོ་མཐོང་གོམས་དང་། །དོན་དུ་གཉེར་རིམ་རྩོལ་བ་ཡིས། །ལམ་ཀུན་རྫོགས་པའི་བྱིན་སྟོབས་ཀྱིས། །རྣལ་འབྱོར་བྲལ་ནས་ལྷུན་གྱིས་གྲུབ། །ལྷན་ཅིག་གནས་པའི་དྲི་མ་དག །རྩོལ་བ་མེད་པར་ལྷུན་གྲུབ་འཐོབ། །ཅེས་དང་། ལམ་ཆུང་ལས། ཁ་ཅིག་ཕྱག་རྒྱ་ཆེན་པོ་ནས། །བླ་མེད་ཀུན་ཏུ་བཟང་པོར་འགྱུར། །ཞེས་སོ། །བཞི་པ་ལྷུན་གྲུབ་རིག་འཛིན་ལ་དྲུག་ལས། དང་པོ་ཐོབ་པའི་རྒྱུ་དུས་ནི། བསྒོམ་ལམ་གྱི་རིགས་ལ་མཐོང་གོམས་ཀྱི་མཐུ་རྫོགས་པས་ཤེས་རབ་གསུམ་གྱིས་ལྷན་ཅིག་གནས་པའི་དྲི་མ་དག་པའི་དུས་ཏེ། ལམ་རིམ་ལས། སྔ་མའི་རིགས་ལ་མཐུ་རྫོགས་པས། །བཤད་པ་བཞིན་དུ་དྲི་མ་སྦྱངས། །སངས་རྒྱས་གཉིས་པའི་ཤེས་རབ་གསུམ། །ལྷུན་གྱིས་གྲུབ་པའི་རིགས་སུ་འགྱུར། །གནས་དེར་སྔོན་བཞིན་གསུམ་རྫོགས་པ། །ལོངས་སྤྱོད་གསང་བའི་ལུང་ཐོབ་ཅིང་། །རང་གི་དགོངས་སྤྱོད་ནུས་པ་ཅན། །ས་མཐར་དབྱུང་བའི་དུས་ལ་བབ། །ཅེས་སོ། །གཉིས་པ་རང་གི་ངོ་བོ་ནི། དབྱེར་མེད་ལམ་གྱི་རྟོགས་པ་མཐར་ཕྱིན་པའི་རང་བཞིན་ཅན་རྫོགས་སངས་རྒྱས་ཀྱི་ས་ཐོབ་ལ་མ་རེག་པ་སྟེ། དེ་ལས། དེ་ལྟར་དག་པའི་ཤེས་པ་ཉིད། །སྐུ་ལྔ་ལྷུན་གྲུབ་རྡོ་རྗེ་འཛིན། །ལྷུན་མཉམ་ངང་ལས་མི་གཡོ་ཞིང་། །མི་རྟོག་ཉིད་དུ་བཞུགས་པའང་། །བག་


DNG010_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཉལ་བ་འཇོམས་བྱེད་ཅིང་། །སྐད་ཅིག་རག་ལས་རིག་འཛིན་མཐའའོ། །ཞེས་སོ། །གསུམ་པ་རྣམ་གྲངས་ནི། བྱ་རྒྱུད་ཀྱི་རིགས་གསུམ། རྣལ་འབྱོར་རྒྱུད་ཀྱི་རིགས་ལྔ།རྣལ་འབྱོར་བླ་ན་མེད་པའི་སྐུ་ལྔ་ལྷུན་གྲུབ་ཀྱི་རྒྱལ་ཚབ་རྣམ་པ་གསུམ་སྟེ། དེ་ལས། བྱ་བ་ལྷུན་གྲུབ་རྣལ་འབྱོར་གྱི། །རིག་འཛིན་ཆེན་པོ་ནང་རིག་འཛིན། །ཞེས་སོ། །བཞི་པ་ཆ་ལུགས་ནི། སྐུ་ལྔ་ལྷུན་གྲུབ་རྡོ་རྗེ་འཆང་ཆེན་པོའི་ཚུལ་འཛིན་པ་སྟེ།དེ་ལས། ཆ་བྱད་རྒྱལ་བ་ཉིད་དུ་སྟེ། །ལྔ་པོ་ལྷུན་གྱིས་གྲུབ་ཕྱིར་ན། །དེ་འདྲ་དེ་ཉིད་རྒྱལ་ཚབ་སྟོན། །ཞེས་སོ། །ལྔ་པ་མངོན་ཤེས་ཀྱི་ཡུལ་དོན་ནི། ཇི་སྙེད་མཁྱེན་པའི་ཡུལ་རྒྱལ་བ་ཉིད་དང་ཤས་ཆེར་འདྲ་ཞིང་ནམ་མཁས་ཁྱབ་ཚད་ཀྱི་དོན་ཡང་ཅི་རིགས་པར་མཛད་དེ། དེ་ལས། ཀུན་མཁྱེན་ཡེ་ཤེས་མངའ་བའི་ཕྱིར། །ཡུལ་ནི་ཚད་མེད་རྒྱལ་བ་ཉིད། །ཇི་ལྟར་མེ་ལོང་ལྟ་བུའི་ཚུལ། །ཞེས་སོ། །དྲུག་པ་འབྲས་བུ་ནི། མཐར་ལམ་གྱི་སྐད་ཅིག་རྒྱུན་མཐའ་ལ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་བདག་ཏུ་རྟོག་པ་བཟང་ངན་གྱི་མཚན་མ་བག་ལ་ཉལ་ཆ་ཕྲ་བ་ཡང་བཅོམ་སྟེ་རྫོགས་སངས་རྒྱས་ཀྱི་སར་སྦྱོར་བ་ཉིད་དོ། །དེ་ལྟར་ཡང་སྔ་མ་ལས། རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །བདག་རྟོག་མཚན་མ་ཀུན་བཅོམ་ནས། །རྡོ་རྗེ་དབྱིངས་སུ་ཐིམ་པར་བྱེད། །ཅེས་སོ། །ཞར་བྱུང་དོགས་པ་དཔྱད་པ་ནི། ཟུར་ཚོ་སྔ་རབས་པ་ཕལ་ཆེར། མཐར་ལམ་རིག་འཛིན་དེ་མཉམ་པར་བཞག་ཙམ་ན་སངས་རྒྱས་དང་ཁྱད་པར་མེད་ལ། མ་བཞག་ན་ཡོད་པའི་ཕྱིར། མཉམ་པར་བཞག་འཇོག་ཡོད་པ་ཙམ་གྱིས་སངས་རྒྱས་དང་ཁྱད་པར་དུ་བྱས་སོ་གསུངས། ལྷ་རྗེ་རོག །དེ་མི་འཐད་དེ། མཉམ་པར་མ་བཞག་པའི་དུས་སུ་ཁྱད་ཡོད་ན་བཞག་པའི་དུས་སུའང་ཁྱད་ཡོད་དགོས་ཏེ། དེར་ཡང་ཤེས་སྒྲིབ་ཆ་ཕྲ་བ་དེ་ཡོད་པའི་ཕྱིར་ཏེ། གཉེན་པོ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་བཅོམ་ནས་སངས་རྒྱས་ཀྱི་ས་ལ་འགྲོ་བའི་ཕྱིར་གསུངས། ཡང་འདིར། རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས་ཤེས་སྒྲིབ་སྤང་བའི་ཚེ། གཉེན་པོས་སྤང་བྱ་སྤང་ངམ། སྤང་བྱ་དག་པའི་ཤུལ་དུ་གཉེན་པོ་སྐྱེ། དང་པོ་ལྟར་ན། རྡོ་རྗེ་ལྟ་བུའི་ཏིང་འཛིན་སྐྱེས་ཙམ་ན་སྤང་བྱའི་ཤེས་སྒྲིབ་ཐ་མ་དེ་ཡོད་དམ་


DNG010_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

མེད། ཡོད་ན་སྤང་གཉེན་དངོས་འགལ་མ་ཡིན་པར་ཐལ། ཤེས་རྒྱུན་གཅིག་པ་ལྷན་ཅིག་ཏུ་འཚོགས་པའི་ཕྱིར། འདོད་ན།གཉེན་པོ་དོན་མེད་པར་ཐལ་ལོ། །ཡང་། གཉེན་པོ་སྐྱེས་ཙ་ན་སྤང་བྱ་མེད་པའམ་དག་པའི་ཤུལ་དུ་གཉེན་པོ་སྐྱེ་ནའང་དོན་མེད་པར་འགྱུར་ཏེ། སྤང་བྱ་མེད་པའི་ཕྱིར། མུན་པ་སངས་ཤུལ་གྱི་སྣང་བྱེད་བཞིན་ནོ་ཞེ་ན། ལན་དུ་གཉེན་པོ་རྫོགས་པར་སྐྱེ་བ་ལ་ཕྱོགས་པ་ན་སྤང་བྱ་འགག་པ་ལ་ཕྱོགས་པས་དུས་མཉམ་པ་སྟེ། སྤང་གཉེན་ལྷན་ཅིག་རིང་དུ་མི་གནས་པའི་འགལ་སྟོབས་ཀྱིས་སྤང་བྱ་སྤང་བ་ཡིན་པའི་ཕྱིར། དཔེར་ན་སྣང་བས་མུན་པ་སྤང་བ་བཞིན། །ཞེས་གསུངས་སོ། །གཉིས་པ་ལ། ཐར་ཆག་ཏུ་དང་། ཐོད་རྒལ་དུ་བརྟག་པའོ། །དང་པོ་ནི། ལྷ་རྗེ་ཁ་རག་པ་སོགས་ན་རེ། ཟག་བཅས་ཟག་མེད་ཀྱི་ལམ་དགུ་པོ་འདི་དག་ལ་རྒྱུའི་ཐེག་པའི་ས་ལམ་དང་གུང་སྦྱོར་ཏེ། དེ་ཏིང་ཚོགས་ལམ་ཆུང་ངུ་ལུས། ཚོར། སེམས། ཆོས་དྲན་པ་ཉེར་བཞག་བཞི་དང་། ཀུན་སྣང་ཚོགས་ལམ་ འབྲིང་པོ་ཡང་འདུན། འབད། རྩོལ། བརྩོན་འགྲུས་དག་སྤང་བཞི་དང་། ཕྱག་རྒྱ་གཅིག་ལ་ཚོགས་ལམ་ཆེན་པོ་འདུན། སེམས། དཔྱོད། དྲན་པ་རྫུ་འཕྲུལ་རྐང་བཞི་དང་། སྤྲོས་བཅས་སྦྱོར་ལམ་ཆུང་ངུ་དད་པ། བརྩོན། དྲན། ཏིང་། ཤེས་རབ་ཀྱི་དབང་ལྔ་དྲོད་རྩེ་ གཉིས་དང་། ཚོགས་སྒྲུབ་སྦྱོར་ལམ་ཆེན་པོ་སྟོབས་ལྔ་བཟོད་པ་ཆོས་མཆོག་གཉིས་ དང་། རྣམ་སྨིན་མཐོང་ལམ་དང་པོ་དང་། ཚེ་དབང་བ་དང་པོའི་བདེན་པ་མཐོང་བ་དང་། ཕྱག་ཆེན་ས་གཉིས་པ་ནས་དགུ་པའི་བར་དང་། ལྷུན་གྲུབ་རིག་འཛིན་ས་བཅུ་ཆོས་ཀྱི་སྤྲིན་དང་ལོ་ཚོད་མཉམ་པ་ཡིན་གསུངས། དེ་ལ་ཉང་ཊཱིཀ་པ་ན་རེ། དེ་སྐད་དུ་རྒྱུའི་ཐེག་པ་དང་གུང་སྦྱོར་བ་ནི་འཐད་པ་མ་ཡིན་ཏེ།ལམ་ལ་བགྲོད་ཚུལ་ཐ་དད་པ་ཙམ་ལས་ཐུན་མིན་གྱི་ཁྱད་པར་མེད་པར་འགྱུར་ཞིང་། གཞན་ཡང་འདིར་སེམས་སྐྱེ་བའི་སྐྱེ་སར་བཤད་པ་དང་ཡང་འགལ་བས་རྡོ་རྗེ་ཐེག་པ་ན་བབ་ཀྱིས་བཤད་པའི་སྐྱོན་དུ་འགྱུར་བའི་ཕྱིར་རོ་གསུངས། ཁོ་བོ་ནི། རྒྱུ་འབྲས་ཀྱི་ས་རྣམས་དགོངས་པ་མཉམ་པར་བཤད་ན་སྐྱོན་དུ་འགྱུར་གྱི།ལོ་ཚོད་བསྟུན་པ་ཙམ་ལ་སྐྱོན་མེད་དམ་སྙམ་མོ། །གཉིས་པ་ཐོད་རྒལ་གྱི་ལམ་ལ། གང་ནས་


DNG010_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བའི་ས། གང་ལྟར་བྱུང་བའི་གོ་བ། དེ་ལྟར་འབྱུང་མི་འབྱུང་གི་རྒྱུ་མཚན། ཇི་ལྟར་འབྱུང་བའི་ཚུལ། ཞར་ལ་ལོག་རྟོག་བསལ་བའོ། །དང་པོ་ནི། ཟག་བཅས་ཀྱི་ལམ་གྱི་ཕྱག་རྒྱ་གཅིག་སྤྲོས་གཉིས་དང་། ཟག་མེད་ཀྱི་ཚེ་དབང་དང་། ཕྱག་ཆེན་གཉིས་ནས་འབྱུང་སྲིད་ཀྱི། ཁྱབ་པ་ནི་མེད་དོ། །གཉིས་པ་ནི། ལམ་བར་ནས་བོར་ཏེ་གོང་མ་ལ་མཆོངས་ནས་སྦྱོར་བ་ཞིག་གོ། །གསུམ་པ་ནི། ཐོད་རྒལ་འབྱུང་བ་ལ་ལམ་རིམ་གྱིས་པ་གང་ཞིག །ཆོས་གསུམ་དང་ལྡན་དགོས་ཏེ། དེ་ལས་གཞན་དུ་མི་འབྱུང་ངོ་། །ཆོས་གསུམ་གང་ཞེ་ན།ལམ་གཞན་བར་ནས་བོར་དུ་ཡོད་པ། རང་གི་བློ་ཆེ་བ། སྟོང་ཉིད་སྙིང་རྗེ་དབྱེར་མེད་དུ་བསྒོམ་ནུས་པ་དང་གསུམ་གཞི་གཅིག་ལ་ཚོགས་པའོ། །བཞི་པ་ནི།རྒྱུ་མཚན་དེའི་ཕྱིར། དེ་བཞིན་ཉིད་དང་། ཀུན་སྣང་བསྒོམ་པའི་རྣལ་འབྱོར་པ་བློ་ཆེ་བ་ཞིག །ལམ་གཅིག་སྤྲོས་ཚོགས་གསུམ་བར་ནས་བོར་དུ་ཡོད་ཀྱང་།དབྱེར་མེད་བསྒོམ་པའི་ལམ་པ་མ་ཡིན་པའི་ཕྱིར་ཐོད་རྒལ་མི་འབྱུང་ལ། ཟག་བཅས་ཚོགས་བསྒྲུབ་བློ་ཆེ་ཤོས་དང་། ཟག་མེད་ལྷུན་གྲུབ་རིག་འཛིན་བློ་ཆེ་ཤོས་གཉིས་ནི་ངང་གིས་བློ་ཆེ་བ་དང་། དབྱེར་མེད་བསྒོམ་པའི་ལམ་པ་ཡིན་ཀྱང་།ལམ་བར་ནས་བོར་དུ་མེད་པའི་ཕྱིར། ཐོད་རྒལ་མི་འབྱུང་། རྣམ་སྨིན་ནི་དབྱེར་མེད་བསྒོམ་པའི་ལམ་པའང་ཡིན། ལམ་བར་ནས་བོར་རྒྱུའང་རྒྱ་ཆེན་ལྷུན་གྲུབ་གཉིས་ཡོད་ཀྱང་། ངང་གིས་བློ་ཆུང་བའི་ཕྱིར་ཐོད་རྒལ་མི་འབྱུང་ངོ་། །ལྔ་པ་ནི། ཁ་ཅིག་ན་རེ། ཚོགས་བསྒྲུབ་ནས་ཀྱང་ཐོད་རྒལ་འབྱུང་སྟེ། རྒྱུད་ལས། གཉིས་མེད་གྱུར་ནས་ཕྱག་རྒྱ་ཆེ། །ཞེས་ཚོམ་བུ་གཅིག་པ་ནས་ཕྱག་ཆེན་ལ་སྦྱོར་བ་དང་། རིག་འཛིན་དངོས་གྲུབ་མཆོག་ཐོབ་འགྱུར། །ཞེས་ཚོམ་བུ་གསུམ་པ་ནས་ལྷུན་གྲུབ་ལ་སྦྱོར་བ་དང་། དངོས་གྲུབ་མཆོག་གི་སྙིང་པོ་འགྲུབ་ཅེས་ཚོམ་བུ་ལྔ་པ་ནས་སངས་རྒྱས་སར་སྦྱོར་བར་བཤད་པའི་ཕྱིར་དང་། ལམ་ཆུང་ལས་ཀྱང་།ཕྱག་རྒྱ་གཅིག་བརྟན་འཕོ་བ་ཡང་། །ཁྱུང་དང་སེང་གེ་ཇི་བཞིན་ནོ། །སྤྲོས་ཚོགས་སྐབས་ནས་སྨོས་ཅི་དགོས། །ཞེས་གསུངས་པའི་ཕྱིར་ཟེར་བ་ནི། མི་འཐད་དེ། རྒྱུད་ཀྱི་


DNG010_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་ཚན་གསུམ་ནི། ཚོགས་བསྒྲུབ་ཀྱི་དུས་ཚོམ་བུ་གཅིག་གསུམ་ལྔ་པ་བསྒྲུབས་པས་ཐོབ་པའི་ཚེ་དབང་དེ་རིམ་པ་ལྟར། རྒྱ་ཆེན། མཐར་ལམ། སངས་རྒྱས་ལ་སྦྱོར་བའི་ལུང་དང་། ལམ་ཆུང་གི་ལུང་དོན་ཀྱང་། ཕྱག་རྒྱ་གཅིག་པ་བརྟེན་ནས་རྣམ་སྨིན་དུ་ཐོད་རྒལ་གྱི་འཕོ་བའང་དཔེ་དེ་བཞིན་ཡིན་ན། སྤྲོས་བཅས་དང་ཚོགས་བསྒྲུབ་ནས་སྦྱོར་བ་ནི་ལྟ་སྨོས་ཀྱང་ཅི་དགོས་ཞེས་པའི་དོན་ཡིན་གྱི། ཚོགས་བསྒྲུབ་ནས་ཐོད་རྒལ་འབྱུང་བའི་ལུང་མ་ཡིན་ཏེ། གལ་ཏེ་ཡིན་ན། ཟག་མེད་ཀྱི་ལམ་གྱི་འདུ་ས་དང་དབྱེ་བ་མཐོང་ལམ་མ་ཡིན་པར་ཐལ།ཚོགས་བསྒྲུབ་ན་ཐོད་རྒལ་འབྱུང་བའི་ཕྱིར། འདོད་མི་ནུས་ཏེ། ལམ་རིམ་ལས།ལམ་མཆོག་དབྱེ་ས་གཅིག་ཡིན་ནོ། །ཞེས་གསུངས་པ་དང་འགལ་བའི་ཕྱིར། འོ་ན་ཚེ་དབང་གི་འབྲས་བུ་ལ་བཟང་ངན་ཡོད་པར་ཐལ་ཟེར་ན། ལྷ་ལ་བཟང་ངན་མེད་ཀྱང་ལམ་པའི་བློ་ལ་ཆེ་ཆུང་ཡོད་པས་རྒྱུ་ཚོགས་བསྒྲུབ་པའི་དུས་ཀྱི་ལྷ་མང་ཉུང་གི་བྱེད་པས་འབྲས་བུ་ལམ་གོང་མ་ལ་སྦྱོར་བའི་དུས་སུ་མཐོ་དམན་བྱུང་བ་ཡིན་ནོ། །འོ་ན་ཚོམ་བུ་གཅིག་གསུམ་ལྔ་པས་བསྒྲུབས་པའི་རྣམ་སྨིན་ལའང་བློ་རབ་འབྲིང་ཐ་གསུམ་ཡོད་པར་འགྱུར་ལ། དེ་ཡོད་ན་རྣམ་སྨིན་ནས་ཀྱང་ཐོད་རྒལ་འབྱུང་བར་ཐལ་ཞེ་ན། ཟུར་བྱམས་པ་སེང་གེའི་ཞལ་ནས། རྣམ་སྨིན་རིག་འཛིན་གྱིས་དངོས་འབྲས་ཕྱག་ཆེན་ཁོ་ན་ལས་མི་འཐོབ་ཀྱང་། བརྒྱུད་འབྲས་ལམ་གོང་མ་ལ་སྦྱོར་བ་ལ་དུས་མྱུར་བུལ་གྱི་བློ་ཁྱད་ཡོད་པའི་ཕྱིར། ཅི་འགལ་ཏེ་ཁྱབ་པ་མེད་དོ་གསུངས། རྒྱ་གབ་གོང་བ་ན་རེ། ཚོགས་བསྒྲུབ་མཚན་ཉིད་པ་བློ་ཆེན་ནས་ཐོད་རྒལ་འབྱུང་བ་མི་སྐྱོན་ཏེ། ལམ་ཆུང་ལས། ནུས་པ་ཐོབ་དང་མ་ཐོབ་པའི། །མཐོང་ལམ་གཉིས་སུ་འགྱུར་བ་ཡིན། །ཞེས་པས་ཚོགས་བསྒྲུབ་བློ་ཆེ་ཤོས་ཀྱིས་ཟག་བཅས་སུ་ཆོས་ཉིད་བདེན་པ་མཐོང་ནས་ཟག་མེད་མཐོང་ལམ། རྣམ་སྨིན་དང་། ཚེ་དབང་གཉིས་ཀ་ལ་ལྟོས་མི་དགོས་པ་ཡོད་གསུངས་པའང་མི་རིགས་ཏེ། ལམ་ཆུང་གི་ལུང་ནི་ནུས་པ་མ་ཐོབ་པ་རྣམ་སྨིན་དང་ནུས་ཐོབ་ཚེ་དབང་ཡིན་པ་འོག་ཏུ་འཆད་ལ། ཟག་བཅས་སུ་ཆོས་ཉིད་ཀྱི་བདེན་པ་མཐོང་བའང་རང་མཚན་མཐོང་བ་ལ་དགོངས་པ་ཡིན་ན་དེའང་རིགས་པ་མ་ཡིན་ཏེ་སྔར་བཤད་


DNG010_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་བོ། །གསུམ་པ་ལ། ཟག་བཅས་ཟག་མེད་ཀྱི་བྱ་བར་སྤྱིར་བཤད།དེ་དང་རྗེས་སུ་འདྲེལ་བའི་དོན་ཟག་ལྡོག་ཡོད་མེད་ཀྱིས་མཚམས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། ཀུན་ནས་ཉོན་མོངས་པ་དང་བཅས་པའི་ལས་ཀྱིས་ཀུན་ནས་བསླངས་ཏེ་ཁམས་གསུམ་དུ་ཟག་ཅིང་འཕོ་བའི་ཕྱིར་ཟག་བཅས། དེ་ལས་ལྡོག་པ་ནི་ཟག་མེད་དེ། སྤར་ཁབ་ལས། དེ་དག་འཇིག་རྟེན་པ་ལ་ཡོད་པ་ནི་འཛིན་པའི་ཕྱིར་ཟག་པར་འགྱུར་ལ། ཞེས་སོ། །བྱེ་བྲག་ཏུ། ཞེན་པ་ཕྱིན་ཅི་ལོག་གི་སྒྲོ་བཏགས་ཉོན་མོངས་པའི་དང་། ལུས་དང་དབང་མེད་པར་འདོར་བ་ལུས་ཀྱི་དང་། དེ་མི་བདེ་རང་དབང་མེད་པར་མྱོང་བ་ཁམས་ཀྱི་དང་། ལས་ཀྱི་སྟོབས་ཀྱིས་རང་དབང་མེད་པར་ལུས་ལེན་པ་སྐྱེ་གནས་ཀྱི་ཟག་པའོ། །དེའང་ཉོན་མོངས་པའི་འཛིན་པ་ནི་གཙོ་བོ་སྟེ། དེས་འཁོར་བར་ཟག་པའི་རྒྱུའི་ས་བོན་གྲུང་བོར་འགྱུར་བའི་ཕྱིར། བྲན་ནི་ཕྱི་མ་གསུམ་སྟེ། དེ་ཙམ་གྱིས་འཁོར་བར་འཆིང་མི་ནུས་པའི་ཕྱིར་རོ། །གཉིས་པ་ལ། སྤྱིར་ཟག་ལྡོག་ཡོད་མེད་ཀྱི་མུ་བཞི་སྟེ། ཟག་པ་མེད་ལ་ལྡོག་པ་ཡོད་པའི་ལམ། ཟག་ལྡོག་གཉིས་ཀ་ཡོད་པའི་ལམ།ཟག་པ་ཡོད་ལ་ལྡོག་པ་མེད་པའི་ལམ། ཟག་ལྡོག་གཉིས་ཀ་མེད་པའི་ལམ་མོ། །དང་པོ་ནི། ཐེག་པ་ཆུང་ངུའི་མཐར་ཐུག་གི་འབྲས་བུ་ཟག་མེད་དགྲ་བཅོམ་ཐོབ་པ་གང་ཞིག །སྔགས་ཀྱི་ཐེག་པ་ལ་ཞུགས་ནས་ཚོགས་སྦྱོར་གྱི་ལམ་ལ་གནས་པ་དེའོ། །གཉིས་པ་ནི། ཚོགས་ལམ་གྱི་རྣལ་འབྱོར་བཞི་སྟེ། ལམ་རིམ་ལས།རྡོ་རྗེ་སེམས་དཔའི་བཀས་བཤད་པའི། །སྡོམ་པའི་རྩ་བ་ཐམས་ཅད་ཀུན། །དེ་བཞིན་ཉིད་དུ་མ་བསྲུངས་ན། །ཡཀྵ་ཁྲོ་བོ་མེ་དབལ་གྱིས། །སྙིང་ནས་དྲངས་ཏེ་ཁྲག་འཐུང་བས། །དེ་ཡི་སྡུག་བསྔལ་བཟོད་བརླག་ཆད། །དེ་ཕྱིར་ལམ་བཞིར་ཟག་ལྡོག་ཡོད། །ཅེས་སོ། །དེ་ལྟར་ན། ལྟ་བའི་སྐབས་སུ། དངོས་གྲུབ་མཆོག་གི་སྙིང་པོ་དེ། །ཆུ་སྲིན་ཕྱག་རྒྱ་ཇི་བཞིན་དུ། །དང་པོ་དོན་རྟོགས་མཐའ་མི་གཏོར། །ཞེས་ལྟ་བ་རྟོགས་ནས་འཁོར་བར་མི་ལྡོག་པར་བཤད་ན། འདིར་སྤྲོས་པ་ནས་ལྡོག་པར་བཤད་པ་ནང་འགལ་ལོ་ཞེ་ན། སྐྱོན་མེད་དེ། སྔ་མ་ནི་ཅིག་ཅར་བས་དང་པོ་ཉིད་


DNG010_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ནས། དབྱེར་མེད་ཆིག་ཆོད་དུ་རྟོགས་པའི་ཡོན་ཏན་བརྗོད་པ་ཡིན་ལ། ཕྱི་མ་ནི་རིམ་གྱིས་པས་ད་དུང་ལྟ་བ་རང་མཚན་མ་རྟོགས་པས་ཉེས་པ་ཡིན་ནོ། །གསུམ་པ་ནི། ཚོམ་བུ་ཚོགས་བསྒྲུབ་སྟེ། རྟོགས་གོམས་དང་ལྡན་པས་འབྲས་བུ་དུས་གྲངས་བཞིན་དུ་ཟག་མེད་དུ་སྦྱོར་བ་ལ་སྐད་ཅིག་གཞན་གྱིས་བར་མ་ཆོད་པའི་ཕྱིར། ད་ལྟ་ཟག་བཅས་ཡིན་ཀྱང་དེས་ཕྱི་མའི་རིགས་མཐུན་གྱི་འབྲས་བུ་མི་བསྐྱེད་པས་ལྡོག་པ་མེད་དེ། བར་ཆད་མེད་པར་སྦྱོར་བ་ཡི། །ཞེས་སོ། །ཡང་ན་འདིའང་བར་དོར་ཟག་མེད་མ་ཐོབ་ཀྱང་ཚོགས་བསྒྲུབ་ཀྱི་ཡོན་ཏན་གྱིས་ངན་འགྲོར་མི་ལྡོག་པ་སྟེ། ཐུན་མོང་གི་སྦྱོར་ལམ་བཟོད་ཐོབ་པ་བཞིན་ནོ། །བཞི་པ་ནི། རིག་འཛིན་བཞི་སྟེ། རྣམ་སྨིན། ལམ་མཆོག་ཡོངས་རྫོགས་ཀྱི་ཚེ་དབང་། ཕྱག་ཆེན། ལྷུན་གྲུབ་རིག་འཛིན་ཏེ། ཐུགས་ཐིག་ལས། དེ་ནས་བཞི་ཡིས་ཟག་དང་བྲལ། །ཞེས་དང་། ལམ་རིམ་ལས། ཟག་ཀུན་ཟད་པའི་རིགས་ཆེན་འདི། །ཇི་ལྟར་སྤྱད་ཀྱང་ལྡོག་པ་མེད། །ཅེས་སོ། །འདིར་ཁ་ཅིག་ན་རེ། རྣམ་སྨིན་རིག་འཛིན་ཟག་མེད་དུ་མི་འཐད་དེ། ལུས་ཁམས་སྐྱེ་གནས་ཀྱི་ཟག་པ་མ་སྤངས་པའི་ཕྱིར་ཟེར་བ་ལ། ལན་དུ་ལྷ་རྗེ་ཡང་ཁྱེད་ན་རེ།ཟག་བཅས་ཡིན་ཡང་ཟག་མེད་ཀྱི་ཁོངས་སུ་གདབ་སྟེ། དཔེར་ན་སྐྱེས་བུའི་གནད་དུ་མཚོན་བསྣུན་པ་བཞིན་གསུངས་པ་མི་འཐད་དེ། ཟག་པ་དང་མ་བྲལ་བར་དུ་ཟག་མེད་དུ་བགྲང་མི་རིགས་པས་སོ། །ཟག་མེད་དུ་འགྱུར་ངེས་པའི་ཕྱིར་ཞེ་ན།ཚོགས་བསྒྲུབ་སྐད་ཅིག་རྒྱུན་མཐའ་ཡང་དེར་ཐལ་ལོ། །དཔེའང་མ་གྲུབ་སྟེ།སྐྱེས་བུ་མ་ཤིའི་བར་དུ་གཤིན་པོའི་ཁོངས་སུ་ཅིའི་ཕྱིར་འདེབས། འཆི་ངེས་པའི་ཕྱིར་ཞེ་ན། སེམས་ཅན་ཐམས་ཅད་དེར་ཐལ་ལོ། །ཁྱབ་པ་མེད་དེ། མྱུར་དུ་འཆི་བའི་ཕྱིར་ཟེར་ན། སྲིན་བུའི་རིགས་ཀྱི་ཉི་ཚེ་བའི་སེམས་ཅན་ཡང་དེར་ཐལ་ལོ། །ལྷ་རྗེ་མདའ་ཏིག་ན་རེ། ཟག་བཅས་སུ་འགྲོ་བ་ལ་ཟག་པ་གསུམ་ཀ་ཚང་མི་དགོས་པས་ལུས་ཀྱི་ཟག་པ་འདུག་པའི་ཕྱིར་ཟག་བཅས་སུ་བདེ་བས་གསུངས། འོ་ན། རྣམ་སྨིན་མྱང་འདས་ཡིན་ནམ་མིན། མ་ཡིན་ན། མྱ་ངན་འདས་པར་སྨིན་ཞེས་བརྗོད། །ཅེས་པ་དང་འགལ། ཡིན་ན་མྱང་འདས་ཟག་བཅས་སུ་ཐལ་ལོ། །


DNG010_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་མི་ནུས་ཏེ། ཟག་པ་ཟད་ནས་མྱ་ངན་འདས། །ཞེས་པས་གསལ་ལོ། །དེ་བས་ན། རང་ལུགས་ནི། རོག་བདེ་གཤེགས་ཆེན་པོའི་རྗེས་སུ་འབྲངས་ཏེ། རྣམ་སྨིན་ལ་མྱ་ངན་འདས་ཀྱི་དང་པོ་མཐོང་ལམ་གྱིས་ཁྱབ་ཅིང་།མཐོང་ལམ་ལ་ཉོན་སྒྲིབ་སྤངས་པས་ཁྱབ་པའི་ཕྱིར། ཟག་མེད་དུ་གཞག་པར་བྱ་སྟེ། མྱ་ངན་འདས་པར་སྨིན་ཞེས་བརྗོད། །ཅེས་གསུངས་པའི་ཕྱིར་རོ། །དེ་ལྟར་ན་ཚེ་དབང་རིག་འཛིན་དང་ལམ་གཅིག་ལ་གནས་པའི་ཕྱིར། སོ་སོར་ཕྱེ་བ་ལ་དོན་མེད་དོ་ཞེ་ན། དེ་ནི་རྣམ་སྨིན་གྱིས་ཀྱང་ཆོས་ཉིད་ཀྱི་བདེན་པ་མཐོང་མོད་ཀྱི། འོན་ཀྱང་འབྱུང་ལུས་རགས་པ་འབྱུང་བ་དྭངས་མའི་ལུས་སུ་བསྒྱུར་མ་ནུས་པའི་ཕྱིར། ཚེ་དབང་དང་བདེན་པའི་མཐོང་ཚུལ་ལ་ནུས་སྟོབས་ཆེ་ཆུང་ཡོད་པར་མངོན་ཏེ། ལམ་ཆུང་ལས། ནུས་པ་ཐོབ་དང་མ་ཐོབ་པའི། །མཐོང་ལམ་གཉིས་སུ་འགྱུར་བ་ཡིན། །ཞེས་སོ། །དེའི་ཕྱིར་ནུས་པ་མ་ཐོབ་པའི་མཐོང་ལམ་ནི། རྣམ་སྨིན་ཡིན་ཏེ། ལུས་རང་དབང་མེད་པར་འདོར་བའི་ཕྱིར་རོ། །དེའང་ལམ་ཆུང་ལས། སྟོབས་ཆུང་རྐྱེན་སྨོན་ཞན་པའི་ཕྱིར། །རྣམ་རྟོག་འབྱུང་བའི་ལྷག་ལུས་བཞག །ཅེས་དང་། རྡོ་རྗེ་ལས་ཀྱང་། བྲོ་གླུ་གར་དང་ཏིང་འཛིན་ཐབས། །བར་ཆད་མེད་པས་བསྒྲུབ་པར་བྱ། །གལ་ཏེ་འདོད་པ་མ་རྫོགས་པར། །སྒྱུ་མའི་ལུས་དེ་མ་བརྟན་ན། །ཡིད་ཀྱིས་རྡོ་རྗེ་གསུམ་གནས་པས། །རྣམ་པར་སྨིན་པའི་རིག་འཛིན་ཏེ། །ཕྱིན་ཆད་འཇིགས་བྲལ་ཁྱུང་བཞིན་ནོ། །ཞེས་སོ། །ནུས་ཐོབ་ཀྱི་མཐོང་ལམ་ནི་ཚེ་དབང་སྟེ། རྡོ་རྗེའི་ལུས་སུ་གྱུར་པའི་ཕྱིར། །ལམ་རིམ་ལས། རྡོ་རྗེའི་ལུས་འགྱུར་ཚེ་ཡི་རིག །མཐོང་བའི་ཆོས་ལ་མྱ་ངན་འདའ། །ལུས་མ་བོར་བར་རྒྱལ་བའི་ས། །འཇིགས་པ་ཀུན་བྲལ་ཆོ་འཕྲུལ་རྫོགས། །ཞེས་སོ། །འདིར་རྒྱལ་བ་གཡུང་ནི། དུས་འཁོར་ལས་མཚན་མ་གསུམ་མཐོང་བར་བཤད་པའི་མཚན་མ་དང་པོ་ལས་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་ཡ་གྱལ་གཅིག་འགགས་པ་ན་མཆོག་ཏུ་མི་འགྱུར་པའི་བདེ་བ་ཐོབ་པ་ཆོས་ཉིད་བདེན་པའི་ཆ་ཤས་མཐོང་བ་ཡིན་ལ། མཚན་མ་བར་པ་ནི་ལས་རླུང་གཅིག་འགགས་གཉིས་འགགས་ཀྱིས་སྟོང་བརྒྱད་བརྒྱ་འགགས་པ་ན་གསང་གནས་ཀྱི་རྩ་མདུད་གཅིག་གྲོལ་བ་དང་ཆོས་ཉིད་བདེན་པ་མངོན་སུམ་དུ་མཐོང་བས་ས་དང་པོ་ནོན་པར་བཤད་པ་


DNG010_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར། འདིར་ཡང་རྣམ་སྨིན་བདེན་པའི་ཆ་ཤས་དང་། ཚེ་དབང་རང་མཚན་མཐོང་བ་ཡིན་ཞེས་གསུངས་སོ། །དེས་ན་སྔགས་ཀྱི་ལུགས་ཀྱི་ནུས་པ་མ་ཐོབ་པའི་མཐོང་ལམ་རྣམ་སྨིན་དང་། མཚན་ཉིད་ཐེག་པའི་རབ་དགའ་གཉིས་དགོངས་པ་མཉམ་པར་ངེས་ཏེ། ནུས་ཐོབ་ཀྱི་ཚེ་དབང་ནི་ཕར་ཕྱིན་ཐེག་པའི་ས་དང་པོ་དང་མཐོང་ལམ་ཙམ་དུ་སྐལ་བ་མཉམ་ཀྱང་དགོངས་པ་ས་བརྒྱད་པའི་བྱང་སེམས་དང་མཉམ་པར་བཞེད་པའི་ཕྱིར་རོ། །དེས་མཚོན་ནས་རྒྱུའི་ཐེག་པའི་ས་བརྒྱད་པ་དང་ཕྱག་རྒྱ་ཆེན་པོ་གཉིས། བསྒོམ་ལམ་ཙམ་དུ་སྐལ་བ་མཉམ་ཀྱང་དགོངས་པ་རྒྱུའི་མཐར་ལམ་དང་མཉམ་པ་དང་། རྒྱུའི་ཐེག་པའི་ས་བཅུ་པའི་བྱང་སེམས་དང་ལྷུན་གྲུབ་རིག་འཛིན་གཉིས་མཐར་ལམ་དུ་སྐལ་བ་མཉམ་ཡང་དགོངས་པ་ཀུན་ཏུ་འོད་དང་མཉམ་པ་སྟེ། དགོངས་འདུས་ལས།རྒྱུ་ཡི་དང་པོར་སྐལ་མཉམ་ཡང་། །དགོངས་སྤྱོད་རྒྱ་མཚོའི་ཁྱད་པར་གྱིས། །ཞེས་སོགས་དང་། ལམ་ཆུང་ལས་ཀྱང་། དེ་ཡང་དང་པོ་དང་པོ་དང་། །སྐལ་མཉམ་གཉིས་པའི་རིགས་མཆོག་དེ། །བརྒྱད་པའི་སེམས་དཔར་སྐལ་བ་མཉམ། །གསུམ་པ་བཅུ་དང་སྐལ་མཉམ་མོད། །དགོངས་སྤྱོད་རྒྱ་མཚོས་ཁྱད་པར་འཕགས། །ཞེས་སོ། །དོན་འདི་ལ་དགོངས་ནས་གནུབས་ཆེན་གྱིས། ཀུན་ཏུ་འོད་བསྡི་གནས་ཀྱི་སའོ། །དེ་ནི་འདིར་ལྷུན་གྱིས་གྲུབ་པའི་རིག་འཛིན་དངོས་སོ། །ཞེས་གསུངས་སོ། །མདོར་ན་འདི་དག་གིས་རྡོ་རྗེ་ཐེག་པའི་ཁྱད་པར་གྱི་ས་བཅུ་བསྡུས་པར་མ་ཟད། མཚན་ཉིད་ཐེག་པའི་སའི་ཡོན་ཏན་རྣམས་ཀྱང་བསྡུས་པར་ཤེས་པར་བྱ་སྟེ། དེ་ཡང་རྒྱུའི་ཐེག་པ་སྤྱི་ལ་གྲགས་པར་ཕ་རོལ་ཏུ་ཕྱིན་པ་བཅུའི་སྒོ་ནས་ས་བཅུ་རིམ་གྱིས་བགྲོད་པར་བཞེད་པ་ལྟར། འདི་ཉིད་ལས། ཕ་རོལ་ ཕྱིན་པ་ཀུན་ཏུ་རྫོགས། །ཞེས་པས་འདིའི་ལྟ་སྤྱོད་ལ་དུས་གཅིག་ཏུ་རྫོགས་ཏེ།དེའང་ལྟ་བ་ལ་རྫོགས་ཚུལ་ནི། གཉིས་སུ་མེད་པའི་དོན་མཐར་ཕྱིན་པའི་དུས་ན།གང་ལ་ཡང་མི་འཛིན་པས་སྦྱིན་པ། ཅི་ལའང་མ་ཆགས་པས་ཚུལ་ཁྲིམས།གཉིས་མེད་ཀྱི་དོན་ལ་མི་སྐྲག་པས་བཟོད་པ། དེའི་ངང་ལས་མི་གཡོ་བས་བསམ་གཏན། དེ་ཉིད་ལས་དུས་ཐམས་ཅད་དུ་མ་ཡེངས་པས་བརྩོན་འགྲུས། རང་རིག་ཏུ་གསལ་བས་ཤེས་


DNG010_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

རབ། དེ་མངོན་དུ་གྱུར་པས་སྨོན་ལམ། འབྲས་བུ་གཞན་ནས་མི་འཚོལ་བས་ཐབས། ལྟ་ངན་ཟིལ་གྱིས་གནོན་པས་སྟོབས། ཡེ་ཇི་བཞིན་པའི་དོན་མངོན་དུ་གསལ་བས་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །སྤྱོད་པ་ལ་རྫོགས་ཚུལ་ནི། ཕ་རོལ་ཏུ་ཕྱིན་པ་བཅུ་སྤྱོད་ལ་མི་འཛིན་པས་གཉིས་མེད་དོ། །གཞན་ཡང་། ས་ཡི་ཁྱད་པར་བཅུ་དང་གསུམ། །རྒྱུ་འབྲས་ཁྱད་པར་ལྷུན་གྱིས་གྲུབ། །ཅེས་པའི་གསུམ་ནི་སྔགས་རང་གཞུང་གི་འབྲས་བུའི་ས་གསུམ་ཡིན་ལ།དེ་ལྷག་རྒྱུ་འབྲས་ཀྱི་ཐེག་པའི་ས་བཅུ་ཆ་གཉིས་སུ་དོན་གྱིས་འགྱུར་པ་ལས། རྒྱུའི་ཐེག་པའི་ས་བཅུ་ག་ཡང་རྩོལ་བ་མེད་པར་ལྷུན་གྱིས་གྲུབ་པའི་ཡེ་ཤེས་གཅིག་ལ་རྫོགས་པར་འགྱུར་ཏེ། མཉམ་པ་ཉིད་རང་མཚན་མཐོང་བས་དང་པོ་རབ་ཏུ་དགའ་བ། མཐའི་ལྟ་ངན་དག་པས་གཉིས་པ་དྲི་མ་མེད་པ། སེམས་ཉིད་རང་གསལ་བས་འགྲོ་དོན་མི་འགོག་པས་གསུམ་པ་འོད་བྱེད། རང་རིག་ཐམས་ཅད་དུ་སྣང་བས་བཞི་པ་འོད་འཕྲོ། དོན་གཉིས་དུས་གཅིག་ཏུ་བྱེད་པས་ལྔ་པ་སྦྱང་དཀའ། སེམས་ཉིད་ཡུལ་མེད་དུ་རང་གསལ་བས་དྲུག་པ་མངོན་དུ་གྱུར་པ།མཐའི་ལྟ་བ་ལས་རིང་དུ་སོང་བས་བདུན་པ་རིང་དུ་སོང་བ། གཡེང་བའི་ཡུལ་མ་དམིགས་པས་བརྒྱད་པ་མི་གཡོ་བ། ཡོན་ཏན་ལྷུན་གྱིས་གྲུབ་པའི་ཡེ་ཤེས་མངའ་བས་དགུ་པ་ལེགས་པའི་བློ་གྲོས། ཡོན་ཏན་དེ་དག་གི་འབྱུང་གནས་སུ་གྱུར་པས་ས་བཅུ་པ་ཆོས་ཀྱི་སྤྲིན་ཞེས་བྱའོ། །དེ་དག་ནི་འཕྲོས་དོན་དུ་བརྗོད་པ་སྟེ་སྤྲོས་པས་ཆོག་གོ། །གཉིས་པ་གྲོལ་ལམ་ཅིག་ཅར་བ་ལ། དགོས་ཆེད། ངོ་བོ།རྣམ་གྲངས་རྣམ་པར་དབྱེ་བས་གཏན་ལ་དབབ་པའོ། །དང་པོ་ནི། དབང་པོ་ཡང་རབ་ཀྱིས་འབྲས་བུ་མྱུར་དུ་ཐོབ་པའི་ཆེད་དུའོ། །གཉིས་པ་ནི། རྟོགས་གོམས་ཆིག་ཆོད་དུ་མཐར་ཕྱིན་པར་བྱེད་པའོ། །གསུམ་པ་ལ། སྔར་ལྟར་མཚན་ཉིད་གསུམ་ལས། དང་པོ་ལྟ་བ་ནི། ཆོས་ཐམས་ཅད་ཀྱི་གནས་ལུགས་དབྱེར་མེད་ཆིག་ཆོད་དུ་རྟོགས་པས་གཞལ་བྱ་དང་གཏན་ཚིགས་ལ་སོགས་པའི་ཐ་སྙད་ཀྱིས་སྟོངས་པ་སྟེ། ལམ་རིམ་ལས། ཆོས་དང་ཆོས་ཅན་ཀུན་བྲལ་བར། །འཁོར་འདས་རང་སྤྱི་


DNG010_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེར་མེད་དུ། །མི་ཕྱེད་རྡོ་རྗེ་ཐུགས་མཆོག་གོ། །ཞེས་སོ། །གཉིས་པ་ཏིང་ངེ་འཛིན་ལ། མཚན་མེད་དེ་བཞིན་ཉིད་བསྒོམ་པའི་དང་།མཚན་བཅས་ལྷ་བསྒོམ་པའི་ཅིག་ཅར་བའོ། །དང་པོ་ནི། ཞི་གནས་ལྷག་མཐོང་དབྱེར་མེད་ཡོངས་རྫོགས་སུ་གསལ་བ་སྟེ། བླ་མ་ལས། ཐིག་ལེ་ཆེན་པོའི་རང་བཞིན་ལ། །བསྒོམ་པ་རྣམ་གསུམ་དུས་གཅིག་རྫོགས། །ཞེས་དང་། ཁོག་གཞུང་ལས། བསྒོམ་པའི་རིམ་པ་བསླབ་བྱ་བྲལ། །མ་བཅོས་ཇི་བཞིན་ངང་བཞག་དང་། །ལྷུན་གྲུབ་དཀྱིལ་འཁོར་འབྱུང་བའི་ཕྱིར། །མི་གནས་གནས་ལ་གནས་པར་བསྒོམ། །ཞེས་སོ། །གཉིས་པ་ནི། ཆོ་གའི་ཡན་ལག་ལ་མ་ལྟོས་པར་སྐད་ཅིག་དྲན་རྫོགས་སུ་བསྐྱེད་ཅིང་གསལ་བ་སྟེ། རྒྱས་པ་ལས། སྐད་ཅིག་སྐུར་གསལ་འོད་དུ་འབར། །སྙིང་པོ་བརྗོད་པས་འཁོར་ལོར་ཤར། །ཞེས་སོ། །གསུམ་པ་འབྲས་བུ་ནི། རིག་འཛིན་བཞིའི་ཆར་གཏོགས་པའི་ཡེ་ཤེས་ཆིག་ཆོད་དུ་མངོན་དུ་གྱུར་པ་སྟེ། འདི་ཉིད་ལས། མཉམ་པའི་དམ་ཚིག་ལ་གནས་ན། །མཉམ་རྫོགས་ཆེན་པོ་ཐོབ་པར་འགྱུར། །ཞེས་དང་། བྱེ་བྲག་བསྟན་པ་ལས།རིམ་བྲལ་དེ་ཉིད་གསལ་གྱུར་འདྲེལ། །སྐབས་ཀྱི་རྫོགས་པ་ཆེན་པོར་བརྗོད། །ཅེས་གསུངས་སོ། །གཉིས་པ་ཐབས་ལམ་ལས། གདམས་ངག་སྟེང་དང་འོག་གི་སྒོ། །ཞེས་པས་གཉིས་ཏེ། རིམ་གྱིས་པ་སྟེང་སྒོ་དང་། ཅིག་ཅར་བ་འོག་སྒོའོ། །དང་པོ་ནི། འཁོར་ལོ་དྲུག་ལ་བརྟེན་ནས་རྔུབ་དགང་བསྐྱིལ་དབབ་ལ་སོགས་ཏེ་གཏུམ་མོ་ཡེ་ཤེས་ཀྱི་མེ་དང་། ཐིག་ལེ་བྱང་ཆུབ་ཀྱི་སེམས་འབར་འཛག་གི་སྦྱོར་བས་འཁོར་ལོ་བཞིར་བདེ་བའི་ཡེ་ཤེས་རིམ་གྱིས་བསྐྱེད་པའི་ཕྱིར་སྟེང་སྒོ་སྟེ། རྒྱ་མཚོ་ལས། འཁོར་ལོ་གསུམ་གཉིས་སྲོག་ཤིང་གསུམ། ཞེས་སོགས་གསུངས་སོ། །དེ་ལྟར་བསྒོམ་པའི་འབྲས་བུ་ནི། དངོས་སུ་རླུང་སེམས་ལ་དབང་ཐོབ་པས་འོག་སྒོ་ཉམས་སུ་བླང་དུ་རུང་ཞིང་། བརྒྱུད་འབྲས་ནི་འོག་སྒོ་དང་ཐུན་མོང་དུའོ། །གཉིས་པ་ནི། མཁའ་གསང་གཉིས་ལ་བརྟེན་ནས་དབབ་བཟུང་ལྡོག་དགྲམ་ལ་སོགས་པའི་མན་ངག་གིས་བདེ་སྟོང་གཉིས་མེད་ཀྱི་ཡེ་ཤེས་ཅིག་ཅར་དུ་ཉམས་སུ་མྱོང་བར་བྱེད་པ་སྟེ། འདི་ཉིད་ལས། ལྷ་མོ་ཀླུ་མོ་རིགས་


DNG010_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ངན་མོ། །དབྱེའམ་ཡང་ན་མི་དབྱེ་བར། །བསྙེན་པ་དང་ནི་ཉེ་བསྙེན་དང་། །བསྒྲུབ་པ་དང་ནི་བསྒྲུབ་ཆེན་པོ། །ཡུམ་གྱི་པདྨའི་དཀྱིལ་འཁོར་དུ། །བདེ་བ་ཐུགས་ཀྱི་དཀྱིལ་འཁོར་སྤྲོ། །སངས་རྒྱས་སྤྲིན་ཚོགས་མ་ལུས་པ། །དགྱེས་མཉམ་མཆོག་གི་སྦྱིན་པས་བསྡིམ། །བསྒྲུབ་པ་ཉི་ཟླའི་སྙིང་པོ་དེ། །དཀྱིལ་འཁོར་རྡོ་རྗེ་ལྕེ་ཡིས་བླང་། །ཞེས་སོ། །དེ་ལྟར་ཉམས་སུ་བླངས་པའི་འབྲས་བུ་ནི། སྔ་མའི་འཕྲོས་ལས།མཁའ་འགྲོ་གསལ་འབར་ཚེ་ལ་སོགས། །ཡིད་བཞིན་སྤྲིན་གྱི་བདག་པོར་འགྱུར། །ཞེས་པའི་རྐང་པ་སྔ་མས་ཐུན་མོང་དང་། ཕྱི་མས་མཆོག་གི་དངོས་གྲུབ་བསྟན་ཅིང་། རྒྱས་པ་ལས། ཕུན་སུམ་ཚོགས་པ་ལྷུན་གྲུབ་རྣམས། །གསང་དབང་མཆོག་གིས་སྦྱིན་པར་བྱེད། །ཅེས་སོ། །ཞར་བྱུང་དོགས་པ་བསལ་བ་ནི། དེ་ལྟར་ན་ཐབས་ལམ་དང་གྲོལ་ལམ་གཉིས་ཀས་འབྲས་བུ་ལ་སྦྱོར་ནུས་པར་གསུངས་པའི་ཕྱིར་ལམ་རིས་སུ་ཆད་པ་ཐ་དད་པ་ཞིག་གམ་སྙམ་ན་མ་ཡིན་ཏེ། གྲོལ་ལམ་ཚོགས་བསྒྲུབ་ཀྱི་དུས་སུ་ཡོ་བྱད་ཀྱི་གཙོ་བོ་ཐབས་ཀྱི་ལམ་ཨཱ་ལི་ཀཱ་ལི་གཉིས་ཡིན་ལ། དེ་གཉིས་ཉམས་སུ་ལེན་པ་ལའང་ལྟ་བའི་རྩིས་ཟིན་དགོས་པའི་ཕྱིར། དངོས་སུ་འདྲེལ་བ་ཡིན་ནོ། །བཞི་པ་གདམས་ཤིང་བསྟན་ལ་གཏད་པ་ལ། དགོས་ཆེད། ངོ་བོ། སྒྲ་དོན། རྣམ་གྲངས་སོ། །དང་པོ་ནི། བསྟན་པའི་སྙིང་པོ་དར་ཞིང་མི་ནུབ་པར་བྱ་བའི་ཆེད་དུའོ། །གཉིས་པ་ནི། འཁོར་རྣམས་ལ་ཟབ་མོའི་རྒྱུད་གཅེས་སྤྲས་ཀྱི་སྒོ་ནས་གདམས་ཤིང་གཏད་པའོ། །གསུམ་པ་ནི། གདམས་པའང་ཡིན་ལ་གཏད་པའང་ཡིན་པ་དེའི་ཕྱིར་རོ། །བཞི་པ་ལ། གདམས་པ་དང་། གཏད་པའོ། །དང་པོ་ནི། རྒྱུད་དབུ་ཞབས་ཀྱི་བརྗོད་བྱ་སྣང་བཞིར་འདུས་པའི་ཕྱིར་གདམས་པ་བཞི་ལས། རང་བཞིན་གྱི་སྣང་བ་རྟོགས་བྱར་གདམས་པ་ནི། ཀྱེ་ཕྱོགས་བཅུ་དུས་བཞིའི་རང་བཞིན་འདི། །དེ་བཞིན་གཤེགས་པའི་ངོ་བོ་ཉིད། །ཅེས་སོ། །དེ་ལྟར་ཡིན་ཡང་ལོག་རྟོག་འཁྲུལ་པའི་སྣང་བས་བཅིངས་ཏེ་མ་རྟོགས་པའི་ཕྱིར། དེ་དག་བྱར་གདམས་པ་ནི། གཟུང་འཛིན་སྤྲོས་ལ་འཆེལ་བ་ཡི། །རྣམ་རྟོག་ཞགས་པས་སོ་སོར་འཛིན། །ཞེས་སོ། །དེ་དག་བྱེད་ཀྱི་གཉེན་པོ་ནི་ལམ་ཡིན་པའི་


DNG010_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། ལམ་གྱི་སྣང་བ་བགྲོད་བྱར་གདམས་པ་སྟེ། ས་རྣམས་ཁྱད་པར་བཀོད་པ་ཡང་། །གསང་བའི་སྙིང་པོར་འགྲོ་བའི་ལམ། །ཞེས་སོ། །དེ་ཉམས་སུ་བླངས་པས་འཁྲུལ་སྣང་གི་ཞེན་པ་དག་པ་ལས་གཞི་ཇི་ལྟ་བར་རྟོགས་པ་ནི་འབྲས་བུ་ཡིན་པའི་ཕྱིར། འབྲས་བུ་བདེ་གཤེགས་ཀྱི་སྣང་བ་ཐོབ་བྱར་གདམས་པ་སྟེ། ཡེ་ཤེས་ངོ་མཚར་རབ་འབྱམས་ཀྱིས། །དོན་དུ་མི་འགྱུར་ཡོངས་མ་གསུངས། །ཞེས་པའོ། །མདོར་ན་གཞི་ལམ་འབྲས་བུ་གསུམ་ཡང་རང་བཞིན་གྱི་རྒྱུད་འདུས་ཏེ། ཡེ་ནས་སངས་རྒྱས་པ་ལས་མི་འགྱུར་བར་གདམས་པ་གཉིས་པ་གཏད་པ་ནི། ཐུགས་ཐིག་ལས། སྟོན་པ་གང་གིས་གང་ཞིག་ལ། །གཏད་པ་གང་དེ་ཅི་ཡི་ཕྱིར། །ཞེས་པས་བཞི་སྟེ། གང་གིས། གང་ལ། གང་གི་ཕྱིར། ཇི་ལྟར་གཏད་པའོ། །དང་པོ་ནི། སྐུ་ལྔ་ལྷུན་གྱིས་གྲུབ་པའི་སྟོན་པ་ཀུན་ཏུ་བཟང་པོ་དང་། རྒྱལ་ཚབ་རྒྱུད་ཀྱི་སྟོན་པ་རིགས་ལྔས་གཏད་དེ། དེ་ལས། སྟོན་པ་གང་རུང་རྡོ་རྗེ་འཛིན། །རྒྱལ་ཚབ་རྒྱུད་ཀྱི་སྐྱེས་བུ་གཉིས། །ཞེས་སོ། །གཉིས་པ་ནི། གཏད་པའི་ཡུལ་གསུམ་སྟེ། སྡུད་པ་པོ་དང་། ཕྱི་རབས་ཀྱི་གང་ཟག་ཆོས་མིག་ཅན་དང་། མ་མོ་མཁའ་འགྲོ་ལ་གཏད་དེ། ཁོག་གཞུང་ལས། སྡུད་པ་པོ་དང་བུད་མེད་དང་། །རྣལ་འབྱོར་མིག་ལྡན་ལ་སོགས་པའོ། །ཞེས་སོ། །གསུམ་པ་ནི། རྒྱལ་ཚབ་རྒྱུད་ཀྱི་སྟོན་པར་དབྱུང་བར་བྱ་བའི་ཕྱིར་སྡུད་པ་པོ་ལ་གཏད། མི་ནུབ་པར་བྱ་བའི་ཕྱིར་གང་ཟག་ཆོས་མིག་ཅན་ལ་གཏད། ཕྱོགས་བཅུར་སྤེལ་ཞིང་བྱིན་ཆེ་བར་བྱ་བའི་ཕྱིར་མ་མོ་དང་མཁའ་འགྲོ་ལ་གཏད་པའོ། །བཞི་པ་ནི། གཏད་བྱའི་ཡུལ་གསུམ་ལས། སྡུད་པ་པོ་ལ་གཏད་པ་ནི། འདི་ཉིད་ལས། དེ་བཞིན་གཤེགས་པ་ཐམས་ཅད་ལ། །ཞེས་སོགས་རྐང་པ་ལྔའོ། །གཉིས་པ་གང་ཟག་ཆོས་མིག་ཅན་ལ་གཏད་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཕྱག་རྒྱ་གསང་ཆེན་སྙིང་པོ་འདི། །ཞེས་སོགས་རྐང་པ་བདུན་ནོ། །གསུམ་པ་མ་མོ་དང་མཁའ་འགྲོ་ལ་གཏད་པ་ནི། རྒྱས་པ་ལས། ང་ཡི་ཐུགས་ཀྱི་སྙིང་པོ་འདི། །ཕྱོགས་བཅུ་ཀུན་ཏུ་སྤེལ་བ་དང་། །དེ་ཡི་གཟུངས་ལ་གཏད་པ་ནི། །ཡིད་བཞིན་


DNG010_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད་འབྱོར་བཀའ་ཡི་གནས། །ཞེས་སོགས་གསུངས་སོ། །ལམ་གྱི་དོན་རྒྱས་པར་བཤད་ཟིན་ཏོ།། །།གསུམ་པ་ཤེས་བྱ་འབྲས་བུའི་རྒྱུད་ལ། བདག་དོན་གྲུབ་པ་དང་། གཞན་དོན་མཛད་པའོ། །དང་པོ་ལ། ཐོབ་ཚུལ་མཚན་ཉིད། རྣམ་གྲངས་སོ། །དང་པོ་ལའང་། ཐེག་པ་ཐུན་མོང་གི་དང་། མཆོག་གི་ཐོབ་ཚུལ་ལོ། །དང་པོ་ནི། འདི་ཉིད་ལས། དེ་ནས་ས་བཅུ་རིམ་གྱིས་འབྱང་། །བླ་མེད་བྱང་ཆུབ་ཡང་དག་འཐོབ། །ཅེས་སོ། །གཉིས་པ་ལ། དངོས་དང་། བརྩད་པ་སྤང་བའོ། །དང་པོ་ནི། གཞི་ཇི་ལྟ་བ་བཞིན་མངོན་དུ་བྱས་པས་སྤང་ཐོབ་མེད་པར་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རང་སྣང་བའོ། །དེ་ལྟར་ཡང་འདི་ཉིད་ལས།ངོ་མཚར་ཆོ་འཕྲུལ་རྨད་ཀྱི་ཆོས། །གཞན་ན་ཡོད་འོང་མ་ཡིན་ཏེ། །ཐབས་ལ་བརྟེན་པའི་ཤེས་རབ་ཉིད། །དེ་ལྟ་བུ་ཡི་ངང་དུ་བྱུང་། །ཞེས་དང་། བསམ་གཏན་མིག་སྒྲོན་གྱི་རང་འགྲེལ་ལས། དོན་དུ་རང་རིག་པ་དེ་བཞིན་ཉིད་དུ་སོན་པ་ཉིད་སངས་རྒྱས་ཀྱི་འབྲས་བུ་ཐོབ་ཅེས་བྱ་སྟེ། དེ་ཡང་རེ་ཞིག་རྟོག་པ་དང་བསྒྲུབ་པའི་ངོ་བོར་བསྟན་གྱི། དོན་དུ་བདག་ཉིད་དུ་གྱུར་པ་ལས། ཐོབ་པ་མེད་དེ། ཞེན་པ་དག་པ་ཙམ་མོ། །ཞེས་སོ། །གཉིས་པ་ནི། ཁ་ཅིག་ན་རེ། འབྲས་བུ་ཐོབ་པའི་ཚེ་གཞི་དུས་ཀྱི་མ་རིག་པ་སྤངས་སམ་མ་སྤངས། དང་པོ་ལྟར་ན། གཞི་ཇི་ལྟ་བ་བཞིན་མངོན་དུ་བྱས་པ་མ་ཡིན་པར་ཐལ། གཞིའི་དུས་ན་མ་རིག་པ་དང་དབྱེར་མེད་དུ་ཡོད་པའི་ཕྱིར། འདོད་ན། གཞི་ཇི་ལྟ་བ་བཞིན་མངོན་དུ་བྱས་པའི་དམ་བཅའ་ཉམས། གཉིས་པ་ལྟར་ན། སེམས་ཅན་དང་ཁྱད་པར་མེད་པར་ཐལ། མ་རིག་པ་མ་སྤངས་པའི་ཕྱིར། འདོད་ན་ལམ་རྒྱུད་ལ་བརྟེན་པ་དོན་མེད་དོ་ཞེ་ན། ལན་ནི། སངས་རྒྱས་པའི་ཚེ་དྲི་མ་རང་བཞིན་པ་སྔར་ཡོད་གསར་དུ་སྤངས་པའམ། ཡོན་ཏན་སྔར་མེད་གསར་དུ་བསྒྲུབས་པ་ནི་ཅི་ཡང་མེད་པའི་ཕྱིར་སྐྱོན་སྔ་མ་མེད་ལ། འཆིང་གྲོལ་མེད་ཀྱང་མེད་པའི་རང་བཞིན་མ་ཤེས་པས་ཁྱད་པར་ཡོད་ན་ཅི་འགལ་ཏེ་སྐྱོན་ཕྱི་མའང་མེད་དེ། ཡང་ཁ་ཅིག །མདོ་སྔགས་ཀྱི་འབྲས་བུ་ལ་ཁྱད་པར་ཡོད་དམ་མེད། ཁྱད་པར་མེད་ན། རྒྱུའི་


DNG010_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་པའི་འབྲས་བུ་ཀུན་ཏུ་འོད་དེ་གསང་སྔགས་ཀྱི་ཡང་མཐར་ཐུག་གི་འབྲས་བུར་འགྱུར་པས། དེ་ནས་གསང་སྔགས་ལ་བགྲོད་མི་དགོས་པར་ཐལ། གཅིག་པའི་ཕྱིར། འདོད་ན། ཐབས་ཞགས་ལས། ཀུན་ཏུ་འོད་ལས་འདས་ནས་སུ། །པདྨ་ཅན་དུ་གྱུར་པ་ན། །ཞེས་དང་། དབྱིག་གི་སྒྲོན་མ་ལས། ཁྱོད་ཀྱི་མཐར་ཕྱིན་ཀུན་ཏུ་འོད། །ཐབས་ཆེན་ཐེག་པའི་བསྡི་གནས་ས། །ཞེས་ད་གདོད་གསང་སྔགས་སུ་བགྲོད་དགོས་པར་བཤད་པ་དང་འགལ་ལོ། །དང་པོ་ལྟར་ན།གསང་སྔགས་ཉིད་རིང་ལམ་དུ་ཐལ། ཐུན་མོང་གི་འབྲས་བུ་ཐོབ་ཟིན་ནས་ཀྱང་བགྲོད་དགོས་པའི་ཕྱིར་ཞེ་ན། ལན་དུ། རོག་བདེ་གཤེགས་ཆེན་པོ་ན་རེ།འདོད་པས་བསྒྲུབས་པའི་འབྲས་བུ་རེ་རེ་ཐུན་མོང་གི་ཐེག་པ་ཀུན་གྱིས་ཀྱང་མི་བསླུ་བར་ཐོབ་པས་ཐ་དད་པར་བཤད་པ་དང་ཡང་མི་འགལ་ཏེ། ནོར་བུ་ཕལ་པའི་གླིང་དོན་གྲུབ་པ་བཞིན་ནོ། །མཐར་ཐུག་བླ་ན་མེད་པའི་འབྲས་བུ་གཅིག་ཏུ་གྱུར་པས་གཅིག་པར་བཤད་པ་དང་ཡང་མི་འགལ་ཏེ། ཡིད་བཞིན་གྱི་ནོར་བུའི་གླིང་དོན་གྲུབ་པ་བཞིན་ནོ། །ཞེས་གསུང་བ་ནི་བསྔགས་པར་འོས་པའོ། །ཁ་ཅིག །གསང་སྔགས་ཀྱི་ལམ་བདེ་ཞིང་མྱུར་བའི་ཐབས་ཀྱིས་ཁྱད་པར་དུ་བྱས་ཀྱི། དམིགས་ཡུལ་མཐར་ཐུག་གི་འབྲས་བུ་ལ་ཁྱད་པར་མེད་དོ། །ཞེས་ཟེར། དེ་མི་རིགས་ཏེ། མདོ་སྔགས་གཉིས་ལ། དབང་དང་ཤེས་འཇུག་རྟོགས་གོམས་ཀྱི་ལམ་ལ་ཁྱད་པར་ཡོད་པ་ལྟར་མཐར་ཐུག་གི་འབྲས་བུ་ལའང་ཡོད་དགོས་ཏེ། གསང་སྔགས་ཀྱི་དབང་སོགས་ཀྱི་རྒྱུ་མེད་པའི་གསང་སྔགས་ཀྱི་མཐར་ཐུག་གི་འབྲས་བུ་ཐོབ་པ་མི་སྲིད་པའི་ཕྱིར། རྒྱུའི་ཁྱད་པར་གྱིས་ངེས་པར་འབྲས་བུའི་ཁྱད་པར་བསྐྱེད་པས་ཁྱབ་པའི་ཕྱིར་དང་། མདོ་སྔགས་གཉིས་རྒྱུ་འབྲས་ཀྱི་ཐེག་པ་ཡིན་པས་སྔགས་ཀྱི་སློབ་ལམ་རྫོགས་པ་ན། དེའི་སྔ་ལོགས་སུ་མདོའི་བསླབ་ལམ་རྫོགས་པས་ཁྱབ་པའི་ཕྱིར་རོ། །ཡང་ཁ་ཅིག །ལམ་གོམས་པའི་རྒྱུ་རྐྱེན་ལས་བྱུང་བའི་ཕྱིར་འབྲས་བུ་འདུས་བྱས་སུ་འགྱུར་རོ་ཞེ་ན། མ་ཡིན་ཏེ། རང་གི་སེམས་ཉིད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ཡེ་ནས་བཞུགས་པ་ཉིད། ལམ་གྱིས་ཞེན་པ་དག་པའི་དོན་དེར་གསལ་བའི་ཕྱིར། དཔེར་ན་སྤྲིན་དེངས་པས་ཉི་


DNG010_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

མའི་དཀྱིལ་འཁོར་སྣང་བ་བཞིན་ནོ། །དེའང་འདི་ཉིད་ལས། ཤེས་རབ་དབྱིངས་ཀྱི་དེ་བཞིན་ཉིད། །ཐབས་ཀྱི་ཕྱག་རྒྱར་གྱུར་པའི་ཕྱིར། །ཞེས་སོ། །དེ་ལྟར་ན་མཚན་མ་ཅན་དུ་འགྱུར་ཏེ། འབྲས་བུ་ཀུན་རྫོབ་སྐུ་དང་ཡེ་ཤེས་སུ་སྣང་བའི་ཕྱིར་ཟེར་ན། མ་གྲུབ་སྟེ། དེ་ལྟར་སྣང་ཡང་དེའི་ངོ་བོ་ཅིར་ཡང་གཟུང་དུ་མེད་པས་ན་ཡོད་པའི་མཚན་མར་མི་འགྱུར་ཞིང་། དེས་དོན་བྱེད་མི་ནུས་པའང་མ་ཡིན་ཏེ་གཞན་སྣང་གཟུགས་སྐུ་གཉིས་ཀྱང་རང་སྣང་ཡིན་པའི་ཕྱིར་སྒྱུ་མ་ལྟ་བུ་འཕྲིན་ལས་ཀྱི་དོན་མཛད་ལ། དེའི་དུས་ནའང་ངོ་བོ་ཉིད་གཞན་དུ་འགྱུར་བ་མ་ཡིན་ཏེ།འདུས་མ་བྱས་ཤིང་སྐྱེ་འཇིག་དང་བྲལ་བ་ཆོས་ཀྱི་སྐུ་ལས་མི་གཡོ་བའི་ཕྱིར་རོ། །དེ་ལྟར་ཡང་། ཡེ་ཤེས་རོལ་པ་ཉིད་ཀྱང་གསོག །རྒྱལ་བ་མངོན་བྱུང་སྐྱོབ་པ་དང་། །བྱིན་བརླབས་སྟོན་པའང་དེ་བཞིན་ཏེ། །བྱ་བྱེད་ནུས་པའི་གཟི་བྱིན་གྱིས། །སྒྱུ་མ་རྡོ་རྗེ་བཙན་པོ་མཆོག །ཅེས་སོ། །གཉིས་པ་མཚན་ཉིད་ནི།རྒྱུད་དག་པའི་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཆུ་ལ་ཆུ་བླུགས་པ་ལྟར་རོ་གཅིག་ཏུ་གྱུར་པའམ། ཤིང་སྤུངས་པའི་མེ་དཔུང་ལྟར་རྒྱུད་ཐ་དད་པའང་མ་ཡིན་ཏེ། གཅིག་དང་དུ་མ་ལ་སོགས་པའི་མཐའ་ཐམས་ཅད་མ་སྤངས་ལ་བྲལ་བའི་ཕྱིར། བརྗོད་དུ་མེད་པའི་དོན་མངོན་དུ་གྱུར་པས་གཟུང་ཡུལ་ལས་གྲོལ་བའོ། །དེའང་རིམ་གསུམ་ལས། མཚན་ཉིད་གཞི་དང་ལྡན་པའི་ཕྱིར། །མ་ལུས་གཅིག་མིན་ཐ་དད་མིན། །ཞེས་དང་། ཁོག་གཞུང་ལས། མཚན་ཉིད་གཅིག་དང་དུ་མ་མེད། །ཅེས་སོ། །དེའང་གང་ཞེ་ན། སངས་རྒྱས་རྣམས་ལ་ཆོས་སྐུས་ཁྱབ་པ་གཅིག་ལས་མ་གཡོས་པར་གཟུགས་སྐུ་ཐ་དད་དུ་སྣང་བའི་ཕྱིར་གཅིག་དང་བྲལ་ལ། ཁྱབ་བྱ་གཟུགས་སྐུ་ཐ་དད་ཀྱི་རང་བཞིན་ཆོས་ཀྱི་སྐུ་ལས་མ་གཡོས་པས་རྒྱུད་ཐ་དད་མེད་པའི་ཕྱིར་དུ་མ་དང་བྲལ་ལོ། །དེ་ལ་ལྟོས་པའི་གཉིས་ཀ་དང་གཉིས་ཀ་མ་ཡིན་པའི་མུ་ཡང་མེད་དོ། །གཅིག་དང་དུ་མ་མ་གྲུབ་པས་དེའི་མུ་ཁེགས་པའི་ཕྱིར། དེ་ལས་གཞན་དུ་སངས་རྒྱས་ཀྱིས་ཀྱང་གཟིགས་པར་མི་འགྱུར་ཏེ།གཟིགས་བྱ་གཟིགས་བྱེད་ཀྱི་ཡུལ་ལས་འདས་པའི་ཕྱིར། དེ་བས་ན་དགོངས་པ་ཡུལ་དང་ཡུལ་ཅན་


DNG010_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་རང་གསལ་བའོ། །དེ་ལྟར་ཡང་། གཅིག་དང་དུ་མ་བྲལ་བ་ཡི། །མཐའ་དང་དབུས་མེད་དེ་བཞིན་ཉིད། །སངས་རྒྱས་ཀྱིས་ཀྱང་མི་གཟིགས་ཏེ། །རང་བྱུང་ཡེ་ཤེས་གནས་མེད་སྣང་། །ཞེས་སོ། །གསུམ་པ་རྣམ་གྲངས་ལ། མིང་གི། ངོ་བོའི། སའི་རྣམ་གྲངས་སོ། །དང་པོ་ནི། ལམ་རིམ་ལས། ཐུན་མོང་མིན་པའི་རྒྱལ་མིང་གྲངས། །བདེ་གཤེགས་དེ་བཞིན་གཤེགས་པ་སྟེ། །བཅོམ་ལྡན་འདས་དང་སངས་རྒྱས་དང་། །དགྱེས་ཆེན་བརྗོད་སོགས་བསམ་མི་ཁྱབ། །ཅེས་སོ། །གཉིས་པ་ལ། ཐུན་མོང་གི་དང་། མཆོག་གིའོ། །དང་པོ་ལ། རྟེན་དང་། བརྟེན་པ་གཉིས་ལས། དང་པོ་ནི། སྐུ་གསུམ་སྟེ། འདི་ཉིད་ལས། ཆོས་སྐུ་དཔག་མེད་བརྗོད་དུ་མེད། །ལོངས་སྤྱོད་ཟག་མེད་རིན་ཆེན་གཏེར། །སྤྲུལ་པ་བྱེ་བ་བསམ་མི་ཁྱབ། །ཅེས་སོ། །གཉིས་པ་ནི། ཡེ་ཤེས་བཞི་སྟེ། མདོ་སྡེ་རྒྱན་ལས། མེ་ལོང་ཡེ་ཤེས་མི་གཡོ་སྟེ། །ཡེ་ཤེས་གསུམ་ནི་དེ་ལ་བརྟེན། །མཉམ་པ་ཉིད་དང་སོ་སོར་རྟོག །བྱ་བ་གྲུབ་པ་ཁོ་ནའོ། །ཞེས་སོ། །གཉིས་པ་ལ། མ་འདྲེས་རྣམ་གྲངས་སུ་སྣང་བ་དང་།དབྱེར་མེད་ལྷུན་གྲུབ་ཀྱི་ངོ་བོའོ། །དང་པོ་ལ། རྒྱས་འབྲིང་བསྡུས་གསུམ་ལས།དང་པོ་རྒྱས་པ་ནི། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་པོ་རེ་རེ་ལའང་བསམ་གྱིས་མི་ཁྱབ་པ་སྟེ། དེ་ལ་སྐུ་ནི། འདི་ཉིད་ལས། ཀུན་ཏུ་སྐུ་བསམ་གྱིས་མི་ཁྱབ་པ་དང་། ཞེས་སོ། །གསུང་ནི། ཀུན་ཏུ་གསུང་བསམ་གྱིས་མི་ཁྱབ་པ་དང་། ཞེས་སོ། །ཐུགས་ནི། ཀུན་ཏུ་ཐུགས་བསམ་གྱིས་མི་ཁྱབ་པ་དང་།ཞེས་སོ། །ཡོན་ཏན་ནི། རྒྱས་པ་ལས། ཡེ་ཤེས་སྤྱན་གྱིས་སྤྲས་པའི་ཕྱིར། །ཞིང་དང་ཡོན་ཏན་བསམ་མི་ཁྱབ། །ཅེས་སོ། །ཕྲིན་ལས་ནི། འདི་ཉིད་ལས།ཕྱོགས་བཅུའི་འཇིག་རྟེན་རྡུལ་སྙེད་དུ། །རྒྱལ་བའི་དོན་རྣམས་རྡུལ་ཕྲན་སྙེད། །སྤྲུལ་པ་རྡུལ་ཕྲན་བསམ་ཡས་ཀྱིས། །སྐད་ཅིག་ཡུད་ལ་ལྷུན་གྱིས་གྲུབ། །ཅེས་སོ། །གཉིས་པ་འབྲིང་དུ་དབྱེ་ན། ཁོག་གཞུང་ལས། དེ་ཡང་སྐབས་ཀྱིས་ལྔ་ལྔ་སྟེ། །ཞེས་པས་རེ་རེ་ཡང་ལྔ་ལྔའོ། །དེ་ལས། དང་པོ་སྐུ་ལྔ་ནི། རང་


DNG010_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

དོན་རྟོགས་པ་མཐར་ཕྱིན་པའི་ངོ་བོ་དབྱིངས་ཐོག་ཏུ་རིག་པའི་ཡེ་ཤེས་གྲོལ་བ་ནི་ཆོས་ཀྱི་སྐུ་སྟེ། འདི་ཉིད་ལས། དེ་བཞིན་ཉིད་ལས་མ་གཡོས་ཀྱང་། །ཞེས་དང་། སྐྱེ་ཤི་མེད་པའི་གཡུང་དྲུང་སྐུ། །ཞེས་སོ། །དེ་ལས་མ་གཡོས་པར་གདུལ་བྱ་ལས་དག་པ་ས་བཅུ་པའི་ངོར་རྟེན་ལུས་ཉིད་ཟག་མེད་དུ་གྱུར་པའི་བརྒྱུད་འབྲས་ཐུན་མིན་གྱི་མཚན་དཔེ་དང་ལྡན་པར་སྣང་བ་ལོངས་སྐུ་སྟེ། འདི་ཉིད་ལས། ཡང་དག་ཐར་པའི་གཟུགས་སྐུ་དང་། །ཞེས་སོ། །གདུལ་བྱ་མ་དག་པ་འགྲོ་དྲུག་ལ་མོས་པ་དང་། མཐུན་པར་སྣ་ཚོགས་སུ་སྣང་ནས་དོན་མཛད་པ་ནི་སྤྲུལ་པའི་སྐུ་སྟེ།འདི་ཉིད་ལས། འགྲོ་བ་མ་ལུས་གདུལ་བའི་ཕྱིར། །མཐུན་བྱས་སྐུ་ནི་སྣ་ཚོགས་སྟོན། །ཞེས་སོ། །དེ་ལྟར་གཟུགས་སྐུ་གཉིས་སུ་སྣང་ཡང་རང་རྒྱུད་པ་མེད་དེ། ཆོས་ཀྱི་སྐུ་ལས་མ་གཡོས་པའམ། ཆོས་སྐུ་དང་གཟུགས་སྐུ་དབྱེར་མི་ཕྱེད་པ་ནི་རྡོ་རྗེའི་སྐུ་སྟེ། འདི་ཉིད་ལས། སྟོན་ཉིད་སྒྱུ་མ་མིག་ཡོར་ཚུལ། །ཚུལ་ཉིད་དབྱིངས་ལས་གཡོས་པ་མེད། །ཅེས་སོ། །དེ་དག་རིག་པའི་ཡེ་ཤེས་ལ་ལྷུན་གྱིས་རྫོགས་པས་ཆོས་སྐུ་ལས་མ་གཡོས་བཞིན་དུ་གདུལ་བྱའི་ལས་དང་མཐུན་པར་སྣ་ཚོགས་སུ་སྣང་བ་ནི་མངོན་པར་བྱང་ཆུབ་པའི་སྐུ་སྟེ། འདི་ཉིད་ལས། མ་གཡོས་བཞིན་དུ་སྣ་ཚོགས་པའི། །དེ་ཚེ་མི་མཐུན་སྣ་ཚོགས་ལ། །སོ་སོ་འདྲ་བར་སྣང་བ་ནི། །དེ་བཞིན་ཉིད་ལས་མ་གཡོས་ཀྱང་། །ལས་འཕྲོའི་དབང་གིས་སོ་སོར་སྣང་། །ཞེས་སོ། །གཉིས་པ་གསུང་ལྔ་ནི། སྟོན་པ་སྐུ་ལྔས་རང་རང་གི་འཁོར་ལ་བརྡའ་སྤྲོད་པའི་བདག་ཉིད་ཅན་ཏེ། དེའང་ཆོས་ཉིད་སྨྲ་བརྗོད་དང་བྲལ་བ་ཉིད་བརྗོད་བྱ་ཀུན་གྱི་གཞིར་གྱུར་པའི་ཆ་ནས་ཆོས་སྐུ་སྐྱེ་མེད་དོན་གྱི་གསུང་སྟེ། འདི་ཉིད་ལས། སྒྲ་དང་མིང་ཚིག་ཀུན་ལས་འདས། །སྣ་ཚོགས་སྒྲ་རྣམས་གསལ་བར་འབྱུང་། །ཞེས་སོ། །མེ་ལོང་གིས་བྱད་ཀྱི་དྲི་མ་ངོས་ཟིན་ནས་སེལ་བར་བྱེད་པ་ལྟར་སྐུའི་བརྡས་འཁོར་གྱི་བློ་ལ་དོན་འཇལ་བར་སྟོན་པ་ནི་ལོངས་སྐུ་དགོངས་པ་བརྡའི་གསུང་སྟེ། དེ་བཞིན་གསུང་མཆོག་མི་སྨྲ་སྟེ། །སྐུ་ཡིས་ཆོས་རྣམས་འཇལ་བར་སྟོན། །ཞེས་སོ། །


DNG010_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

གང་ལ་གང་འདུལ་གྱི་སྒྲ་སྐད་དང་མཐུན་པར་དུས་གཅིག་ཏུ་ཆོས་སྟོན་པ་ནི་སྤྲུལ་སྐུ་བརྗོད་པ་ཚིག་གི་གསུང་སྟེ། བརྗོད་མེད་དེ་ཉིད་སྣ་ཚོགས་སྒྲ། །ཀུན་ལ་གྲགས་ཤིང་སོ་སོར་འཇལ། །ཞེས་སོ། །སྒྲ་སྐད་ཐམས་ཅད་གྲག་སྟོང་གཉིས་སུ་མེད་པས་མཐའ་གཉིས་ལས་གྲོལ་བ་ནི་དབྱེར་མེད་རྡོ་རྗེའི་གསུང་སྟེ། སྒྲ་ཉིད་མ་ཆགས་ངང་དུ་གསུངས། །གསུངས་པ་ཉིད་ན་བརྗོད་དུ་མེད། །ཅེས་སོ། །སྒྲ་ཐམས་ཅད་རང་རིག་པའི་ངང་དུ་ལྷུན་གྱིས་གྲུབ་པས་ཅིར་ཡང་མི་འགག་པ་རིག་པ་བྱིན་རློབས་ཀྱི་གསུང་ནི་མངོན་བྱང་གི་གསུང་སྟེ། གྲོལ་ཐར་ལམ་དང་འཁོར་བའི་སྒྲ། །ཇི་སྐད་བརྗོད་ཀྱང་གསུང་མཆོག་སྟེ། །ཞེས་སོ། །གསུམ་པ་ཐུགས་ལྔ་ནི། ཡེ་ཤེས་ལྔ་ལ་བྱ་སྟེ། སྟོང་པ་ཉིད་ཀྱི་ཡེ་ཤེས་ནི་ཆོས་སྐུ་རྣམ་པར་མི་རྟོག་པའི་ཐུགས་ཏེ། ལམ་རིམ་ལས།དངོས་པོ་གཉིས་ཆོས་ཡན་ལག་བཅས། །སེམས་ཅན་ཕྱིར་ན་སྟོང་ཆེན་པོའི། །ཡེ་ཤེས་ཟུག་རྔུ་ལྡན་བྲལ་བའི། །བདེ་བ་ཆེན་པོ་མཆོག་གི་ཐུགས། །ནམ་མཁའ་ལྟ་བུར་ཡེ་གསལ་སྟོང་། །ཞེས་སོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ནི་ལོངས་སྐུ་མཉམ་པ་ཆེན་པོའི་ཐུགས་ཏེ། དེ་ལས། ཆེན་པོ་ལྟ་བུར་ཐམས་ཅད་ལ། །མི་ཕྱེད་བླང་དོར་མེད་མཉམ་ཞིང་། །མཉམ་པ་ཉིད་ལས་མི་གཡོ་བ། །མཉམ་པ་ཆེན་པོ་མཆོག་གི་ཐུགས། །ཞེས་སོ། །བྱ་གྲུབ་ཡེ་ཤེས་ནི་སྤྲུལ་སྐུ་འགྲོ་བ་སྒྲོལ་བའི་ཐུགས་ཏེ། དེ་ལས། ཐུགས་རྗེ་ཆེན་པོས་འདྲེལ་བ་དང་། །ཉིད་ཀྱི་དབྱིངས་ལས་མི་གཞན་ཕྱིར། །བྱ་བྱེད་མེད་པར་རྣམ་བཞི་ཡིས། །འགྲོ་བ་ཀུན་སྒྲོལ་ཐུགས་ཆེན་ཡིན། །ཞེས་སོ། །སོ་སོར་རྟོག་པའི་ཡེ་ཤེས་ནི་མི་ཕྱེད་རྡོ་རྗེའི་ཐུགས་ཏེ། དེ་ལས། ཆོས་དང་ཆོས་ཅན་ཀུན་བྲལ་བ། །རང་སྤྱི་དབྱེར་མེད་དུས་གཅིག་ཏུ། །མཁའ་ལ་འཇའ་ལྟར་གསལ་བ་ནི། །མི་ཕྱེད་རྡོ་རྗེའི་ཐུགས་མཆོག་གོ། །ཞེས་སོ། །མེ་ལོང་ལྟ་བུའི་ཡེ་ཤེས་ནི་མངོན་བྱང་གི་ཅིར་ཡང་སལ་ལེར་མཁྱེན་པའི་ཐུགས་ཏེ། དེ་ལས། ཆོས་སྤྱི་རང་མཚན་དབྱེར་མེད་ཀུན། །ཡུལ་མེད་མེ་ལོང་ལྟར་གསལ་བ། །མངོན་སུམ་ཀུན་གྱི་མཆོག་ཡིན་ཏེ། །རྣམ་པར་མི་རྟོག་མཆོག་གི་ཐུགས། །ཞེས་སོ། །བཞི་པ་ཡོན་ཏན་ལ་ལྔ་ལས། རྣམ་པར་


DNG010_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

དག་པའི་ཞིང་ཁམས་ནི། འདི་ཉིད་ལས། ཕྱོགས་བཅུ་ཐམས་ཅད་སངས་རྒྱས་ཞིང་། །ཞེས་དང་། ཞིང་ཁམས་རྣམ་དག་བསམ་ཡས་དང་། །ཞེས་སོ། །རྒྱ་ཚད་བྲལ་བའི་གཞལ་ཡས་ཁང་ནི། རྒྱ་དང་བྲལ་བའི་གཞལ་ཡས་ཁང་། །ཞེས་སོ། །གསལ་ཞིང་དག་པའི་འོད་ཟེར་ནི། །འོད་ཟེར་འཕྲོ་བའི་ཚོགས་ཆེན་པོ། །ཞེས་སོ། །ཁྱད་པར་དུ་འཕགས་པའི་གདན་ཁྲི་ནི། སེང་གེ་གླང་ཆེན་རྟ་རྨ་བྱ། །ནམ་མཁའ་ལྡིང་གི་ཁྲི་ཆེན་ལ། །ཉི་ཟླ་པདྨ་རིན་པོ་ཆེ། །ཞེས་སོ། །དགྱེས་དགུར་སྤྱོད་པའི་ལོངས་སྤྱོད་ནི། །རོལ་མོ་སྣ་ཚོགས་སྤྲིན་ཕུང་བཞིན། །ཞེས་སོ། །ལྔ་པ་ཕྲིན་ལས་ལྔ་ནི། ཞི་བ་དང་། རྒྱས་པ་དང་། དབང་དང་། དྲག་པོ་དང་། ལྷུན་གྱིས་གྲུབ་པ་སྟེ། རྒྱས་པ་ལས། ཐུགས་རྗེ་ཆེན་པོའི་བྱིན་རློབས་ཀྱིས། །བྱ་བྱེད་མེད་ལས་རྣམ་བཞིར་མཛད། །མཛད་དང་མཛད་པར་བྱ་བ་མེད། །ཅེས་སོ། །གསུམ་པ་ལ། ཅུང་ཟད་བསྡུས་པ་དང་། ཤིན་ཏུ་བསྡུས་པའོ། །དང་པོ་ནི། འདི་ཉིད་ལས། སྐུ་གསུང་ཐུགས་ཀྱི་རྫོགས་པ་ཆེ། །ཡོན་ཏན་ཕྲིན་ལས་ཀུན་ཏུ་རྫོགས། །ཞེས་པས་ལྔ་སྟེ། ཆེ་བའི་ཡོན་ཏན་མ་ལུས་པའི་རྟེན་བྱེད་པས་ན་སྐུ། གདུལ་བྱ་ལ་བརྡའ་སྤྲོད་པས་ན་གསུང་། ཤེས་བྱ་ཐམས་ཅད་མཁྱེན་པས་ན་ཐུགས། མངའ་ཐང་རྫོགས་པས་ན་ཡོན་ཏན། གདུལ་བྱ་འདུལ་བས་ན་ཕྲིན་ལས་ཏེ། དགོངས་འདུས་ལས། རྟེན་བྱེད་པས་ན་སྐུ་ཉིད་དོ། །གོ་བརྡའ་སྤྲོད་པས་ན་གསུང་ཉིད་དོ། །རིག་ཅིང་མཁྱེན་པས་ན་ཐུགས་ཉིད་དོ། །འདོད་རྒུ་འབྱུང་བས་ན་ཡོན་ཏན་ཉིད་དོ། །བྱ་བ་བྱེད་པས་ན་ཕྲིན་ལས་ཉིད་དོ། །ཞེས་སོ། །གཉིས་པ་ནི། རྟེན་སྐུ་དང་། བརྟེན་པ་ཡེ་ཤེས་སོ། །དང་པོ་ནི། སྒྲིབ་བྲལ་གྱི་དགོངས་པ་དབྱིངས་ཡེ་ཟུང་དུ་འཇུག་པའི་ཆོས་སྐུ། དེ་ཉིད་འཁོར་སྨིན་པ་རྒྱ་མཚོ་ལ་ངེས་པ་ལྔ་ལྡན་དུ་སྣང་བ་ལོངས་སྐུ། འཁོར་མོས་པ་རྒྱ་མཚོ་ལ་སྣང་བ་སྤྲུལ་སྐུ། དེ་གསུམ་སྣང་ཆ་མ་འདྲེས་པའི་ཆ་ནས་མངོན་བྱང་། དབྱེར་མི་ཕྱེད་པའི་ངོས་ནས་རྡོ་རྗེའི་སྐུ་སྟེ་ལྔའོ། །དེ་དག་གཅིག་གམ་ཐ་དད་ཅེ་ན། སྐུ་ལྔ་ལྷུན་གྲུབ་ཀྱི་བདག་ཉིད་དུ་ངོ་བོ་གཅིག་


DNG010_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ལ། དེ་ཉིད་ཡོན་ཏན་གྱི་ལྡོག་ཆ་ནས་སྐུ་ལྔར་སྣང་བས་ཐ་དད་སྟེ། མཁའ་ཟླ་དང་ཆུ་ཟླ་བཞིན་ནོ། །དེ་ལྟར་ཡང་འདི་ཉིད་ལས། སྐྱེ་ཤི་མེད་པའི་གཡུང་དྲུང་སྐུ། །ཞེས་པ་ནས། དེ་ཚེ་སྐུ་ལྔ་ཀུན་ཀྱང་རྫོགས། །ཞེས་པའི་བར་གསུངས་སོ། །དེ་ལས་ཀྱང་མངོན་བྱང་དང་རྡོ་རྗེའི་སྐུ་ནི་ཡོན་ཏན་གྱི་ལྡོག་ཆ་ནས་བཏགས་པ་ཙམ་ཡིན་པའི་ཕྱིར་སྐུ་བཏགས་པ་བ་སྟེ། སྐུ་མཚན་ཉིད་པ་ནི་གསུམ་དུ་ངེས་སོ། །གསུམ་ཡང་ཆོས་སྐུ་ནི་བདག་དོན་དགོངས་པའི་ཆ་དང་། གཟུགས་སྐུ་གཉིས་ནི་གཞན་དོན་མཛད་པའི་ཆ་ནས་བཞག་པར་ཤེས་པར་བྱའོ། །གཉིས་པ་ལ། དངོས་དང་། རྩོད་པ་སྤང་བའོ། །དང་པོ་ནི། གློ་བུར་གྱི་སྒྲིབ་པ་མཐའ་དག་མ་སྤངས་བྲལ་བའི་རང་བཞིན་རྟོགས་པའི་ཚེ། གཞི་དོན་གྱི་ཀུན་གཞི་མངོན་དུ་གྱུར་པ་ནི། ཅིར་ཡང་མི་དམིགས་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། ལེ་ལག་ལས། རྣམ་རྟོག་ཀུན་གཞི་མ་ཡིན་པ། །རང་བཞིན་མེད་པ་དོན་གྱི་གཞི། །འདི་ནི་ཆོས་ཀྱི་དབྱིངས་ཞེས་བྱ། །དེ་བཞིན་ཉིད་ཀྱི་ཡེ་ཤེས་སོ། །ཞེས་སོ། །དེའི་ཚེ་སྦྱོར་བ་དོན་གྱི་ཀུན་གཞི་གནས་འགྱུར་གསལ་ལ་མི་རྟོག་པས་ཡེ་ཤེས་ལྷག་མ་གསུམ་གྱི་འཆར་གཞིར་གྱུར་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས། ཉོན་ཡིད་གནས་འགྱུར་བཟང་ངན་བླང་དོར་མེད་པ་མཉམ་ཉིད་ཡེ་ཤེས། ཡིད་གནས་འགྱུར་ཤེས་བྱའི་ཡུལ་དུས་གསུམ་གྱི་ཆོས་ཐམས་ཅད་པདྨའི་འདབ་མ་ལྟར་གསལ་ལ་མ་འདྲེས་པར་མཁྱེན་པ་ནི་སོ་སོར་རྟོག་པའི་ཡེ་ཤེས། སྒོ་ལྔ་གནས་འགྱུར་འགྲོ་དོན་མཛད་པ་ལ་ཐོགས་པ་མེད་པ་ལ་བྱ་བ་གྲུབ་པའི་ཡེ་ཤེས་ཏེ། རྣམ་བཀོད་ལས། སྟོང་པའི་ཡེ་ཤེས་དངོས་པོ་མེད། །མེ་ལོང་ཡེ་ཤེས་རྟོག་པ་མེད། །མཉམ་ཉིད་ཡེ་ཤེས་བཟང་ངན་མེད། །ཀུན་རྟོག་ཡེ་ཤེས་མ་འདྲེས་གསལ། །བྱ་བ་ནན་ཏན་མཐར་ཕྱིན་པའོ། །ཞེས་དང་། མདོ་དགོངས་འདུས་ལས། སེམས་ཀྱི་ཆོས་ཉིད་དེ་ཁོ་ན་ཉིད་ལས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་སྣང་ངོ་། །རྩ་བའི་རྣམ་པར་ཤེས་པ་ལས་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སུ་སྣང་ངོ་། །དམིགས་པའི་རྣམ་པར་ཤེས་པ་ལས་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་སྣང་ངོ་། །ཀུན་ཏུ་སྣང་བའི་རྣམ་པར་ཤེས་པ་


DNG010_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སོ་སོར་རྟོག་པའི་ཡེ་ཤེས་སུ་སྣང་ངོ་། །འཇུག་པའི་རྣམ་པར་ཤེས་པ་ལས་བྱ་བ་གྲུབ་པའི་ཡེ་ཤེས་སུ་སྣང་ངོ་། །ཞེས་དང་།ཐུན་མོང་གི་གཞུང་ལས་ཀྱང་དེ་ལྟར་འབྱུང་སྟེ། ཙནྡྲ་གོ་མིའི་སངས་རྒྱས་ཀྱི་ས་ལས། ཀུན་གཞིའི་རྣམ་ཤེས་གང་ཡིན་པ། །དེ་ནི་མེ་ལོང་ཡེ་ཤེས་འགྱུར། །དེ་ཡང་ཆོས་ཀྱི་དབྱིངས་ཉིད་ཀྱི། །ངོ་བོ་ཉིད་དུ་ཡང་དག་གསལ། །ཉོན་མོངས་ཅན་ཡིད་གནས་གྱུར་པ། །མཉམ་ཉིད་ཡེ་ཤེས་དག་ཏུ་འདོད། །ཡིད་ཀྱི་རྣམ་ཤེས་གནས་གྱུར་པ། །སོ་སོར་རྟོག་པ་ཅན་ཞེས་བྱ། །སྒོ་ལྔའི་རྣམ་ཤེས་གནས་གྱུར་པ། །དེ་ནི་དོན་ཀུན་གྲུབ་པ་ཉིད། །ཅེས་སོ། །གཉིས་པ་ནི། ཁ་ཅིག་ན་རེ། མཁྱེན་པའི་ཡེ་ཤེས་སྐད་ཅིག་ལ་འདས་མ་འོངས་གཉིས་ཀྱི་ཆོས་སྣང་ངམ་མི་སྣང་། གཉིས་པ་ལྟར་ན། བདེན་གཉིས་ལས། མཁྱེན་པའི་སྐད་ཅིག་གཅིག་ཉིད་ཀྱིས། །ཤེས་བྱའི་དཀྱིལ་འཁོར་ཀུན་ཁྱབ་པར། །ཞེས་པ་དང་འགལ།དང་པོ་ལྟར་ན། འགགས་པ་དང་མ་སྐྱེས་པའི་མེད་ཆོས་མངོན་སུམ་དུ་མཁྱེན་པའི་ཕྱིར། གཟུང་དོན་ལ་འཁྲུལ་པའི་ལོག་ཤེས་སུ་ཐལ་ལོ་ཟེར་ན། མ་ཡིན་ཏེ།འདས་པ་བྱུང་ཟིན། མ་འོངས་པ་འབྱུང་རུང་། ད་ལྟར་བ་སྐྱེས་ལ་མ་འགགས་པར་རང་གསལ་འཛིན་མེད་དུ་མཁྱེན་པའི་ཕྱིར། སྐྱོན་མེད་དོ། །ཡང་མཁྱེན་པའི་ཡེ་ཤེས་ཀྱིས་ལམ་མ་སྦྱངས་པར་གྲོལ་བ་མཁྱེན་ནམ་མི་མཁྱེན་ཞེ་ན། མི་མཁྱེན་ཞེས་བྱའོ། །དེ་ལྟར་ན་ཀུན་མཁྱེན་མ་ཡིན་པར་ཐལ་ཞེ་ན། མཁྱེན་པར་འོས་པའམ་སྲིད་པ་མ་ལུས་པ་ཀུན་མཁྱེན་མོད་ཀྱི། ལམ་མ་སྦྱངས་པར་གྲོལ་བ་མི་འོས་ཤིང་སྲིད་པ་མ་ཡིན་པའི་ཕྱིར་མི་མཁྱེན་པས། མཁྱེན་པ་མ་ཡིན་པར་མི་འགྱུར་ན་ཅི་འགལ་ཏེ་ཁྱབ་པ་མེད་དོ། །དཔེར་ན་ལྷའི་བཟོ་བོ་བི་ཤྭ་ཀརྨས་བཟོ་གནས་ཀུན་ཤེས་ནའང་། རྐྱེན་གྱིས་མ་བཅོས་པའི་བཟོ་སྲིད་པ་མ་ཡིན་པའི་ཕྱིར་མི་ཤེས་པ་བཞིན་ནོ། །དེའི་ཕྱིར་ལམ་མ་སྦྱངས་པར་གྲོལ་བ་མི་མཁྱེན་མོད། ལམ་སྦྱངས་ནས་དབང་པོའི་རིམ་པས་ཉེ་འགྱངས་ཅི་རིགས་སུ་གྲོལ་བ་


DNG010_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་པ་ཡིན་ནོ། །གཉིས་པ་དབྱེར་མེད་ལྷུན་གྲུབ་ཀྱི་ངོ་བོ་ནི། འབྲས་བུ་ཉེར་ལྔ་པོ་དེ་དག་ཀྱང་སྐུ་ལྔའི་བདག་ཉིད་རྒྱལ་བ་དྲུག་པའི་ཡོན་ཏན་གྱི་ལྡོག་པ་ནས་ཤར་ཞིང་། དེའི་ཡོན་ཏན་དུ་འདུ་བའི་ཕྱིར། གཅིག་དང་དུ་མ་ལས་གྲོལ་བའི་བདག་ཉིད་དོ། །དེའང་དགོངས་འདུས་ལས། སངས་རྒྱས་མཉམ་དང་དབྱིངས་སུ་གྲོལ། །དེ་ཉིད་ཆེན་པོར་ལྷུན་གྱིས་གྲུབ། །ཅེས་དང་། རིམ་གསུམ་ལས། འབྲས་བུ་ཡོན་ཏན་ལྷུན་གྲུབ་པས། །ཡིད་བཞིན་ནོར་བུ་ལྟར་སྣང་བའོ། །ཞེས་སོ། །གསུམ་པ་སའི་རྣམ་གྲངས་ནི། འདི་ཉིད་ལས། ས་ཡི་ཁྱད་པར་བཅུ་དང་གསུམ། །ཞེས་པའི་སྐབས་ཀྱི་ས་བཅུ་པ་མན་ཆད་ནི་མཚན་ཉིད་པ་སྟེ། སྤང་བྱ་སྤང་བ་དང་གཉེན་པོ་སྐྱེ་བའི་ས་ཡིན་པའི་ཕྱིར། གསུམ་པོ་ནི་བཏགས་པ་བ་སྟེ། མཐར་ཐུག་འབྲས་བུ་སངས་རྒྱས་ཀྱི་ས་གཅིག་གི་ངོ་བོ་ལ་སྐུ་གསུམ་གྱི་ཆ་ལས་ས་གསུམ་དུ་མིང་གདགས་པའི་ཕྱིར། དེའང་ལམ་རིམ་ལས། མཐར་ཐུག་ས་གསུམ་ཆ་ལས་བརྗོད། །ཅེས་དང་། ཧེ་རུ་ཀ་གལ་པོ་ལས། དབྱིངས་ལ་ཡེ་ཤེས་ཤར་བ་ཀུན་ཏུ་འོད། །པདྨའི་སྤྱན་འདྲ་མི་འགག་ལོངས་སྤྱོད་སྐུ། །ཡི་གེ་འཁོར་ལོ་གདུལ་བྱར་སྤྲུལ་པ་འགྱེད། །དེ་བཞིན་གཤེགས་པའི་ས་ཞེས་བྱའོ། །ཞེས་སོ། །དེས་ན་ངོ་བོ་ལ་ཁྱད་པར་མེད་ཀྱང་མཚོན་ཚུལ་ལ་ཁྱད་པར་ཡོད་དེ། དུས་ཐམས་ཅད་དུ་ཆོས་ཉིད་མཐའ་མ་བསྒྲིབས་པར་གསལ་བའི་དོན་མངོན་དུ་བྱས་པས་ན་ཀུན་དུ་འོད་དེ་ཡེ་ཤེས་བླ་མའི་ས་ཞེས་ཀྱང་བྱའོ། །དེའི་ཚེ་ཐབས་སྙིང་རྗེ་ཆེན་པོས་གཞན་དོན་མཛད་ཀྱང་དམིགས་པ་མེད་པའི་ཤེས་རབ་ཀྱི་གདེང་གིས་ཉེས་པའི་སྐྱོན་གྱིས་མ་གོས་པར་མཁྱེན་པས་པདྨ་ཅན། དེའི་ཚེ་སྤྱོད་ཡུལ་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་སྣང་ལ་མ་ཞེན་པས་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་སྟེ། འདི་ཉིད་ལས། ཐབས་དང་ཤེས་རབ་ས་ཡི་མཆོག །ཅེས་པས་པདྨ་ཅན་དང་།མཚན་དང་དཔེ་བྱད་ཐམས་ཅད་རྫོགས། །སྤྱོད་ཡུལ་ཀུན་ཏུ་མཎྜ་ལ། །ཚོགས་ཆེན་གཉིས་ཀྱང་རྫོགས་


DNG010_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

པར་རོལ། །ཞེས་པས་འཁོར་ལོ་ཚོགས་ཆེན་ཏེ་ཐུན་མོང་དུ་མ་གྲགས་པའི་ས་གཉིས་བསྟན་ནོ། །འོ་ན། བླ་མ་གོང་མ་དག་ཀུན་ཏུ་འོད་ཕར་ཕྱིན་ཐེག་པའི་སངས་རྒྱས་ཀྱི་ས། པདྨ་ཅན་མ་ཧཱ་ཡོ་གའི། ཡི་གེ་འཁོར་ལོ་ཨ་ནུ་ཡོ་གའི་ས་ཞེས་བཤད་པ་དང་འགལ་ལོ་ཞེ་ན། སྐྱོན་མེད་དེ། དེ་དག་ནི་སའི་དབྱེ་ཚུལ་འདི་དང་ཐ་དད་པ་གཞན་ཏེ། འདིར་བཤད་པར་བྱ་བ་མ་ཡིན་ནོ། །གལ་ཏེ་ཡིན་ན། མཐར་ཐུག་ས་གསུམ་ཆ་ལས་བརྗོད། །ཅེས་པའི་སྐབས་ནས་བསྟན་པའི་ཆོས་སྐུའི་ས་ཡེ་ཤེས་བླ་མའམ་ཀུན་ཏུ་འོད་དང་། ཕར་ཕྱིན་ཐེག་པའི་བཅུ་གཅིག་པ་ཀུན་ཏུ་འོད་གཉིས་གཅིག་པར་འགྱུར་ལ། དེ་ལྟར་ན། ལམ་རིམ་ལས། ལམ་གྱི་རྩོལ་བས་ངལ་བ་རྣམས། །བྲོད་པ་བསྐྱེད་ཕྱིར་ཀུན་ཏུ་འོད། །རྡོ་རྗེ་འཛིན་སྟུག་བཀོད་པར་བསྟན། །མཐར་ཐུག་ས་གསུམ་ཆ་ལས་བརྗོད། །ཅེས་པའི་རྒྱུའི་ཐེག་པའི་ཀུན་ཏུ་འོད་དང་། མཐར་ཐུག་གི་ས་གསུམ་གྱི་ནང་ཚན་གྱི་ཀུན་ཏུ་འོད་གཅིག་པར་ཐལ་ཞིང་། དེ་ལྟར་འདོད་ནུས་པའང་མ་ཡིན་ཏེ།སྔ་མའི་འཕྲོས་ལས། དེ་ཕྱིར་སྐས་ཀ་ལྟ་བུ་སྟེ། །ཐབས་མཁས་འདི་ཡིས་གཞན་པ་ཡི། །ཐབས་ལ་བརྟེན་ནས་མོས་བཅུག་ཅིང་། །བསྒྱུར་བས་འདི་གྲུབ་རང་ཐབས་ཀྱིས། །རང་ས་ཐོབ་ལས་ངོ་བོ་ཉིད། །གཅིག་པར་སྨྲ་བ་མུན་སྤྲུལ་ལོ། །ཞེས་རྒྱུའི་ཀུན་འོད། ཀྲི་ཡའི་རྡོ་རྗེ་འཛིན་པའི་ས། ཡོ་གའི་སྟུག་པོ་བཀོད་པ།མཐར་ཐུག་མ་ཧཱ་ཡོ་གའི་ས་རྣམས་ཀྱི་འབྲས་བུ་ལ་ཁྱད་ཆེ་བས། གཞན་དག་ཁྱད་མེད་ཅེས་སྨྲ་བ་ནི་མུན་སྤྲུལ་ལོ་ཞེས་བཞེད་པའི་ཕྱིར་རོ། །དེ་བས་ན་རྒྱུའི་ཐེག་པའི་ཀུན་ཏུ་འོད་སྔགས་ལམ་གྱི་ལྷུན་གྲུབ་རིག་འཛིན་གྱི་ས་ཡིན་པས་ལམ་གྱི་ཆོས་སྐུ་ཞེས་ཀྱང་མིང་དུ་བཏགས་ཏེ། དབུ་མའི་མཁན་པོ་ཨཱརྱ་དེ་བས། རྒྱུ་ཡིས་བགྲོད་པའི་ཀུན་ཏུ་འོད། །ཐབས་ཆེན་ལམ་གྱི་ཆོས་སྐུ་སྟེ། །ཡང་དག་རྫོགས་པའི་སངས་རྒྱས་ལ། །རྒྱ་མཚོ་རླབས་བཞིན་ཤུགས་ཀྱིས་འཆར། །ཆུ་ཟླའི་གཟུགས་ལྟར་འགྲོ་འོང་མེད། །སྨོན་ལམ་སྟོབས་ལ་རག་མ་ལུས། །ཞེས་དང་།


DNG010_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་གཏན་མིག་སྒྲོན་གྱི་རང་འགྲེལ་ལས་ཀྱང་། དབུ་མས་བསྐལ་པར་སྦྱངས་པས་གྲུབ་པའི་ཀུན་ཏུ་འོད་སྨོན་ལམ་སྙིང་རྗེའི་སྟོབས་ཀྱིས་གཟུགས་སྐུ་འཆར་བ་དང་། ཐབས་ཆེན་པོ་གཉིས་མེད་ཀྱི་སྐུ་ལྔ་མ་བཙལ་རྫོགས་པ་ནི་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་རིམ་གྱི་བདག་ཉིད་དུ་བཞུགས་པས་རྒྱ་མཚོའི་རླབས་བཞིན་སྤྲུལ་པ་རང་ལ་འཆར་བས་གང་ལ་བརྔོ་སྟེ། ཀུན་ཏུ་འོད་ནི་བསྡི་གནས་ཀྱི་སའོ། །དེ་ནི་འདིར་ལྷུན་གྱིས་གྲུབ་པའི་རིག་འཛིན་དངོས་སོ། །ཞེས་གསུངས་པས་སོ། །གཉིས་པ་གཞན་དོན་མཛད་པ་ལ། གདུལ་བྱ་ལ་ཐུགས་རྗེས་གཟིགས་ཚུལ། གཟིགས་ནས་ཐུགས་རྗེ་སྐྱེ་ཚུལ། སྐྱེས་ནས་འགྲོ་དོན་མཛད་ཚུལ་ལོ། །དང་པོ་ལ། ཡེ་ཤེས་རྒྱུན་ཆད་ནས་མི་གཟིགས་པར་འདོད་པའི་ལུགས་དང་།མ་ཆད་ཅིང་གཟིགས་པར་འདོད་པའི་ལུགས་དང་། མཐའ་གཉིས་དང་བྲལ་བས་ཡུལ་མེད་རང་གསལ་དུ་གཟིགས་པར་འདོད་པའི་ལུགས་སོ། །དང་པོ་ལ།འདོད་པ་བརྗོད་པ་དང་། དེ་དགག་པའོ། །དང་པོ་ནི། སྤྱིར་སངས་རྒྱས་ལ་མཚན་ཉིད་པ་དང་། བཏགས་པ་བ་གཉིས་ལས། མཚན་ཉིད་པ་ནི་ཆོས་སྐུ་སྟེ། དཔེར་ན་བསྲེག་བྱ་བུད་ཤིང་ཟད་པས་སྲེག་བྱེད་མེའི་རྒྱུན་མི་གནས་པ་ལྟར། སྒྲིབ་པ་ཕྲ་རགས་ཐམས་ཅད་སྤངས་པའི་ཤུལ་དུ། སྤོང་བྱེད་གཉེན་པོའི་ཡེ་ཤེས་ཀྱང་དབྱིངས་སུ་ཞི་སྟེ། རྟེན་དང་བརྟེན་པའི་ཡེ་ཤེས་རྒྱུན་ཆད་པའི་ཕྱིར་གཟིགས་བྱ་གཟིགས་བྱེད་ཀྱི་ཐ་སྙད་ལས་གྲོལ་བས་མི་གཟིགས་ལ་བཏགས་པ་གཟུགས་སྐུ་གཉིས་ནི། སྔོན་གྱི་བསོད་ནམས་ཀྱི་ཚོགས་མི་འགག་པའི་འབྲས་བུའམ་སྨོན་ལམ་གྱི་འཕེན་པ་ཙམ་གྱིས་གདུལ་བྱ་ལ་སྣང་བའོ་ཞེས་ཟེར་རོ། །གཉིས་པ་ནི། དེ་ལྟར་ན། ཡེ་ཤེས་དེ་ཉིད་རང་ལྡོག་ནས་རྒྱུན་ཆད་དམ། གཉེན་པོ་གཞན་ཞིག་གིས་ཆད། རང་ལྡོག་ནས་ཆད་ན་མི་འཐད་དེ། སྒྲིབ་པ་སྤངས་པའི་རིག་ཙམ་གྱི་ཡེ་ཤེས་ཀྱང་མཐའ་ཐུག་མེད་དུ་ཡོད་པའི་ཕྱིར། གལ་ཏེ་སངས་རྒྱས་ཀྱི་ས་ན་རིག་ཙམ་ཡང་མེད་དོ་ཞེ་ན། སངས་རྒྱས་


DNG010_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བེམ་དངོས་སུ་ཐལ་ལོ། །གཉེན་པོ་གཞན་གྱིས་ཆད་དོ་ཞེ་ནའང་མ་ཡིན་ཏེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་གཉེན་པོར་གྱུར་པའི་ཆོས་གཞན་མི་སྲིད་པའི་ཕྱིར། རྟགས་མ་གྲུབ་ན་གཉེན་པོ་ཐུག་མེད་དུ་འགྱུར་བའི་ཕྱིར་ཧ་ཅང་ཐལ་ལོ། །དེ་ལྟར་ཡང་སྡུད་པ་ལས། ཡེ་ཤེས་མེད་ན་བྱང་ཆུབ་འཕེལ་མེད་འགྲིབ་པ་མེད། །རྒྱ་མཚོ་འདྲ་བའི་སངས་རྒྱས་ཆོས་ཀྱང་མེད་པར་འགྱུར། །ཞེས་སོགས་ལུང་དུ་མས་གནོད་དོ། །གཉིས་པ་ལ།འདོད་པ་བརྗོད་པ་དང་། དེ་དགག་པའོ། །དང་པོ་ནི། སངས་རྒྱས་ཀྱི་ས་ན་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས་སྒྲིབ་པ་སྤངས་པའི་ལག་རྗེས་སུ་ཡེ་ཤེས་རྒྱུན་དང་བཅས་པ་ཡོད་དེ། དེ་ལས་ཀྱང་ཀུན་རྫོབ་མཁྱེན་པའི་ཡེ་ཤེས་ཀྱིས་ཡུལ་དང་ཡུལ་ཅན་དུ་གཟིགས་ཏེ། སྔར་རྒྱུན་ཆད་པ་བཀག་པའི་ལུང་གིས་འགྲུབ་བོ་ཟེར།གཉིས་པ་ནི། དེ་ལྟར་ན་སངས་རྒྱས་ཀྱི་སའི་ཡེ་ཤེས་དེ་ཉིད་འཁྲུལ་ཤེས་སུ་ཐལ།ཀུན་རྫོབ་ཡུལ་དུ་བྱེད་པའི་ཕྱིར། སོ་སྐྱེའི་ཤེས་པ་བཞིན་ནོ་བྱས་པ་ལ། ཁོ་ན་རེ། ཁྱབ་པ་མེད་དེ། སྣང་ཙམ་ཡུལ་དུ་བྱེད་ཀྱང་ཞེན་ཡུལ་དུ་མི་འཛིན་པས་སོ་ཟེར།འོ་ན་སངས་རྒྱས་ཀྱི་ཡེ་ཤེས་དེ་སྤངས་པ་ཕྱོགས་གཅིག་པར་ཐལ། ཞེ་ན་ཡུལ་ལ་འཁྲུལ་པའི་ལོག་ཤེས་སྤངས་ཀྱང་། སྣང་ཡུལ་ལ་འཁྲུལ་པའི་ལོག་ཤེས་མ་སྤངས་པའི་ཕྱིར། འདོད་ན། མདོ་ལས། ཡེ་ཤེས་དམ་པ་བདག་མེད་པས། །སྣང་བ་མེད་པས་མ་གཟིགས་སོ། །ཞེས་གསུངས་པ་དང་འགལ་ལོ། །གསུམ་པ་ལ།དངོས་དང་། རྩོད་པ་སྤང་བའོ། །དང་པོ་ནི། ཡེ་ཤེས་རྒྱུན་ཆད་ཅེས་སྐུར་པ་མི་འདེབས། མ་ཆད་ཅེས་སྒྲོ་མི་འདོགས། དེ་གཉིས་ཆར་གྱི་མཐའ་དང་བྲལ་བའི་ངོ་བོ་ཉིད་ཀྱི་ཚུལ་གྱིས་རྟོག་མེད་རང་གསལ་དུ་གཟིགས་ཏེ། འདི་ཉིད་ལས།སྟོང་ཉིད་བདག་མེད་ཡེ་མཁྱེན་རང་རིག་ཐུགས། །དམིགས་བྱ་དམིགས་བྱེད་མེད་པར་དྲན་དབང་བསྒྱུར། །ཞེས་དང་། ཏིང་འཛིན་རྒྱལ་པོ་ལས། མྱ་ངན་འདས་པའི་ཆོས་ལ་ཆོས་མེད་དེ། །གང་ཕྱིར་དེ་མེད་ནམ་ཡང་མེད་མི་འགྱུར། །རྟོག་ཅན་དག་ནི་ཡོད་དང་མེད་ཅེས་བྱ། །དེ་ལྟར་བརྟགས་པས་སྡུག་བསྔལ་ཞི་མི་འགྱུར། །


DNG010_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སོ། །གཉིས་པ་ནི། ཡུལ་ཡོད་མེད་དབྱེར་མེད་ཀྱི་བརྟག་པ་གསུམ་ལས། ཡུལ་དུ་བྱས་ནས་གཟིགས་ན། སངས་རྒྱས་ཀྱི་ཡེ་ཤེས་གཟུང་འཛིན་ཅན་དུ་འགྱུར་ཏེ། ཡུལ་དང་ཡུལ་ཅན་བྱུང་བའི་ཕྱིར། འདོད་ན།རྒྱུད་དག་མ་ཡིན་པར་ཐལ། གཟུང་འཛིན་ཡོད་པའི་ཕྱིར། སེམས་ཅན་བཞིན་ནོ། །ཡང་ཡུལ་དུ་མ་བྱས་པར་གཟིགས་ན། མིག་གིས་ཀྱང་སྒྲ་ཐོས་པར་ཐལ།དེའི་ཕྱིར། འདོད་ན་གསལ་ལོ། །གཞན་ཡང་སངས་རྒྱས་ཉིད་འཁྲུལ་པར་ཐལ། མེད་པ་གཟིགས་པའི་ཕྱིར། མིག་སེར་ཅན་གྱི་དུང་གི་ཁ་དོག་བཞིན་ནོ། །དབྱེར་མེད་དུ་གཟིགས་ཟེར་ནའང་མི་འཐད་དེ། གཟིགས་བྱ་གཟིགས་བྱེད་དུ་འགལ་བའི་ཕྱིར། མིག་གིས་མིག་བཞིན་ནོ་ཟེར། ལན་དུ་བླ་མ་གོང་མ་རྣམས་དགོངས་པ་ཐ་དད་སྟེ། ལྷ་རྗེ་མདའ་ཏིག །ཡུལ་དུ་བྱས་ཞེས་སྒྲོ་མི་འདོགས།མ་བྱས་ཞེས་སྐུར་པ་མི་འདེབས་ཏེ། ཡུལ་དང་ཡུལ་ཅན་དབྱེར་མེད་དུ་གཟིགས་གསུངས། འོ་ན་གཟིགས་བྱ་གཟིགས་བྱེད་དུ་འགལ་ཞེ་ན། དེ་གཉིས་ཐ་དད་དུ་བསྒྲུབ་པར་མི་འདོད་དེ། དབྱེར་མེད་དུ་ལྷངས་ཀྱིས་རྟོགས་པ་དེ་ཁོ་ན་ཐུགས་རྗེ་ཆེན་པོ་སྐྱེས་པ་ཡིན་ཏེ། ཕན་པ་ཐམས་ཅད་ཀྱི་གཞིར་གྱུར་པའི་ཕྱིར། དེའང་རྫོགས་ཆེན་སྒོམ་པ་དོན་དྲུག་པ་ལས། སངས་རྒྱས་སེམས་ཅན་གཉིས་སུ་མེད་རྟོགས་ན། །ཐུགས་རྗེ་ཆེན་པོ་སྐྱེས་ཞེས་དེ་ལ་བྱ། །ཞེས་སོ། །འོ་ན་ཐུགས་རྗེ་དང་ཡེ་ཤེས་ལ་ཁྱད་པར་ཅི་ཡོད་ཟེར་ན། དབྱེར་མེད་དུ་ལྷངས་ཀྱིས་རྟོགས་པ་ནི་ཡེ་ཤེས། དེ་ཀ་ཕན་པ་ཐམས་ཅད་ཀྱི་གཞིར་གྱུར་པའི་ཆ་ནས་ཐུགས་རྗེའོ་གསུངས། རྗེ་སྒྲོ་ཕུག་པའི་ཞལ་ནས། སྐད་དོག་སར་ཁྱེར་ན། ཡུལ་ཡོད་མེད་ཀྱི་སྒྲོ་སྐུར་སྤངས་ནས་ཆོས་ཐམས་ཅད་མེ་ལོང་ནང་གི་གཟུགས་བརྙན་ལྟར་རྟོག་མེད་རང་གསལ་དུ་གཟིགས་ཏེ། རྒྱས་པ་ལས། རྣམ་རྟོག་མི་མངའ་ཅིར་ཡང་སལ་ལེ་མཁྱེན། །ཞེས་གསུངས་པའི་ཕྱིར། སྐད་ཡངས་སར་ཁྱེར་ན། ཡུལ་དུ་བྱས་ནས་ཀྱང་གཟིགས་ཏེ། དུས་གསུམ་གྱིས་བསྡུས་པའི་ཁམས་


DNG010_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པའི་སེམས་དང་སེམས་ལས་བྱུང་བ་ཐམས་ཅད། ལག་མཐིལ་དུ་སྐྱུ་རུ་ར་བཞག་པ་བཞིན་དུ་གསལ་མཁྱེན་མ་འགགས་པར་སྣང་བའི་ཕྱིར། ཡང་ཡུལ་མེད་དུའང་གཟིགས་ཏེ། ཇི་ལྟར་སྣང་ཡང་བདེན་པའི་ངོ་བོས་སྟོངས་པའི་ཕྱིར་དབྱེར་མེད་དུའང་གཟིགས་ཏེ། ཤེས་བྱའི་གཤིས་ལ་ཐུགས་རྗེ་སྐྱེ་བའི་ཡུལ་སེམས་ཅན་དང་།སྐྱེ་མཁན་རྣམ་མཁྱེན་གྱི་སངས་རྒྱས་གཉིས་དམིགས་སུ་མེད་པའི་ཕྱིར། དེ་ཐུགས་རྗེར་ཅིས་འགྱུར་ཞེ་ན། དེ་ནི་དམིགས་པ་མེད་པའི་སྙིང་རྗེ་སྟེ། སྡུག་བསྔལ་མཐའ་དག་ལས་སྐྱོབ་པའི་ཕྱིར་གསུངས། འོ་ན་ཐུགས་རྗེས་གང་ལ། གང་གིས།གང་ལྟར་གཟིགས་ཏེ། གཟིགས་པའི་ཐ་སྙད་མི་འཐད་དོ་ཟེར་ན། ལན་ནི།འཁྲུལ་པ་ཅན་གྱི་བློ་ངོ་ལ་སྣང་བ་ལྟར་མ་འགགས་པར་གཟིགས་པས་སྐྱོན་གཉིས་པ་མེད་ཅིང་། ཇི་ལྟར་སྣང་ཡང་གཤིས་ལ་མ་གྲུབ་པར་མཁྱེན་པས་སྐྱོན་དང་པོ་ལས་གྲོལ་ལོ། །དེ་གཉིས་པོས་རྩོད་པ་གསུམ་པའང་ཞོར་ལ་སེལ་ཏེ། གཤིས་ལ་གདུལ་བྱ་འདུལ་བྱེད་དབྱེར་མེད་དུ་གཟིགས་ལ། དེ་ལྟར་མ་རྟོགས་པ་རྣམས་འཁོར་བའི་ཆུ་བོ་བཞིས་རྒྱུན་ཕྱོགས་སུ་ཁྱེར་བས་སྡུག་བསྔལ་བའང་གཟིགས་ཤིང་། དེ་ལས་གྲོལ་བའི་ཐབས་ཀྱང་མཁྱེན་ནས་སྟོན་པར་མཛད་པ་ཡིན་ཏེ། དཔེར་ན་སྐྱེས་བུ་མངོན་ཤེས་ཅན་གཅིག་གི་དྲུང་ན། སྐྱེས་བུ་གཞན་ཞིག་གཉིད་དུ་སོང་བའི་རྨི་ལམ་དུ་སྡུག་བསྔལ་ཉམས་སུ་མྱོང་བ་རྨི་བ་ན། མངོན་ཤེས་མཁན་དེས་མཁྱེན་ནའང་རང་རྒྱུད་ལ་བདེན་ཞེན་མི་འབྱུང་ཞིང་། གཉིད་སད་ན་སྡུག་བསྔལ་དེ་ལས་གྲོལ་བ་ཡང་མཁྱེན་པ་བཞིན་ནོ། །གཟིགས་ལུགས་ཀྱང་། རྗེ་སྒྲོ་ཕུག་པའི་དགོངས་པས་གསུམ་སྟེ། དབྱིངས་ལས་མི་གཞན་པའམ་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཀྱིས་གཟིགས་ཚུལ། ཡེ་ཤེས་ལས་མི་གཞན་པའམ་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཀྱིས་གཟིགས། དབྱིངས་ཡེ་ཤེས་དབྱེར་མེད་དམ་ཇི་ལྟ་ཇི་སྙེད་དབྱེར་མེད་དུ་མཁྱེན་པའི་ཡེ་ཤེས་ཀྱིས་གཟིགས་ཚུལ་གསུམ་དུ་བཞེད་དོ། །གཉིས་པ་གཟིགས་ནས་ཐུགས་རྗེ་སྐྱེ་ཚུལ་ནི། རིམ་གསུམ་ལས། རྟག་རྒྱུན་རང་བཞིན་


DNG010_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

ཤུགས་གསོལ་དང་། །ཡུལ་དང་ཕྲད་ནས་བྱུང་བར་སྣང་། །ཞེས་པས་བཞི་སྟེ། རྟག་པ་རྒྱུན་གྱི་ཐུགས་རྗེ་ཆུ་བོའི་རྒྱུན་ལྟ་བུ་དང་། རང་བཞིན་ཤུགས་ཀྱི་ཐུགས་རྗེ་ཉི་མ་དང་འོད་ཟེར་ལྟ་བུ་དང་། བསྐུལ་ཞིང་གསོལ་བ་བཏབ་པའི་ཐུགས་རྗེ་སྙིང་རྗེ་ཅན་ལ་དབུལ་པོས་སློང་བ་ལྟ་བུ་དང་། ཡུལ་དང་ཕྲད་པའི་ཐུགས་རྗེ་མཛངས་པ་སྤྱོད་ལོག་བྱེད་པ་མཐོང་བ་ལྟ་བུའོ། །གསུམ་པ་སྐྱེས་ནས་འགྲོ་དོན་མཛད་ཚུལ་ལ། རྟེན་ཅན་གྱིས་དོན་བྱེད་པར་འདོད་པ། རྟེན་མེད་ཀྱིས་དོན་བྱེད་པར་འདོད་པ།གནས་ལུགས་ངོ་བོ་ཉིད་ཀྱིས་དོན་བྱེད་པར་འདོད་པའོ། །དང་པོ་ནི། བྲམ་ཟེ་མཆོད་སྡོང་བསྒྲུབ་པ་ལྟ་བུ་སྟེ། དཔེར་ན་རིག་སྔགས་གྲུབ་པའི་བྲམ་ཟེ་ཞིག་གིས་རིན་པོ་ཆེའི་མཆོད་སྡོང་བསྒྲུབས་ནས་བཞག་པས་རང་ཉིད་ཚེའི་དུས་བྱས་ཀྱང་རྗེས་འཇུག་རྣམས་ཀྱི་འདོད་པ་མཆོད་སྡོང་གིས་སྐོང་བར་བྱེད་པ་ལྟར། སྔོན་ལམ་དུ་ཚོགས་བསགས་པའི་འབྲས་བུས་མཐར་ཐུག་སངས་རྒྱས་ཀྱི་དགོངས་པ་ཆོས་སྐུ་སྒྲིབ་བྲལ་གྱི་ཡེ་ཤེས་དེ་ཉིད་ལ་བརྟེན་ནས། གདུལ་བྱ་ལས་དག་མ་དག་ལ་མཛད་པ་གཟུགས་སྐུ་གཉིས་སུ་སྣང་ནས་དོན་མཛད་པར་བཞེད་པ་ནི། རྒྱ་གར་ན་སློབ་དཔོན་སེང་གེ་བཟང་པོ་དང་། བོད་ན་འབྲིང་མཚམས་ཀྱི་ཞང་ཤེས་རབ་བླ་མ་ལ་སོགས་པའི་དགོངས་པའོ། །གཉིས་པ་ནི། དྲང་སྲོང་དམོད་པ་གྲུབ་པ་ལྟ་བུ་སྟེ།དཔེར་ན་དམོད་པ་གྲུབ་པའི་དྲང་སྲོང་གིས་དམོད་པ་བསྒྲུབས་ནས་བཞག་པས་རང་ཚེའི་དུས་བྱས་ཀྱང་གཞན་སྣང་དུ་ཁོའི་དམོད་པ་ཇི་ལྟར་འབྱུང་བ་བཞིན་དུ་མཐར་ཐུག་སངས་རྒྱས་ཀྱི་ས་ན་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཙམ་ལས་རང་རྒྱུད་ཀྱིས་བསྡུས་པའི་ཡེ་ཤེས་མ་གྲུབ་ཀྱང་སྔོན་ལམ་དུ་ཚོགས་བསགས་ཤིང་སྨོན་ལམ་བཏབ་པའི་མཐུས། གདུལ་བྱ་རང་གི་བློ་སྣང་དུ་གཟུགས་སྐུ་གཉིས་སུ་སྣང་ནས་དོན་བྱེད་པར་བཞེད་པ་ནི། རྒྱ་གར་ན་སློབ་དཔོན་ཀླུ་སྒྲུབ་དང་། བོད་ན་རོང་ཟོམ་ཆོས་ཀྱི་བཟང་པོའི་དགོངས་པའོ། །གསུམ་པ་ནི། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུ་སྟེ། དཔེར་ན་ནོར་བུ་རིན་པོ་ཆེ་བྱི་དོར་བྱས་ཤིང་མཆོད་ན་རང་རང་གི་བསོད་ནམས་དང་འཚམས་པའི་དགོས་འདོད་འབྱུང་མོད་ཀྱི། འོན་ཀྱང་རིན་པོ་ཆེ་ལ་རྩོལ་


DNG010_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་དང་ཉེ་རིང་མེད་པ་ལྟར། མཐར་ཐུག་རྒྱལ་བའི་དགོངས་པ་ཡོད་མེད་ཀྱི་མཐའ་ལས་གྲོལ་བའི་ཕྱིར། མཐའི་སྒྲོ་སྐུར་དང་བྲལ་བའི་ངོ་བོ་ཉིད་ཀྱི་སྐུ་དེ་ཉིད་གདུལ་བྱའི་བློ་དང་འཚམས་པར་སྣ་ཚོགས་སུ་སྣང་ནས་དོན་མཛད་པར་བཞེད་པ་ནི་རྒྱའི་མཁས་པ་ཆེན་པོ་ཤྲཱི་སིངྷ་དང་། བོད་ན་ཟུར་ཆུང་ཤེས་རབ་གྲགས་པ་ལ་སོགས་པའི་དགོངས་པའོ། །མདོར་ན་རྒྱས་པ་ལས།ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །ཕྱོགས་བཅུའི་འཇིག་རྟེན་རྡུལ་སྙེད་དུ། །འགྲོ་བའི་ཕྲིན་ལས་བསམ་མི་ཁྱབ། །སྐུ་གསུང་ཐུགས་དང་ཡོན་ཏན་དང་། །ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཀྱིས། །གདུལ་བྱ་རྣམས་ནི་ཆུད་མ་ཟོས། །ངན་སོང་སྦྱོང་ཞིང་བྱང་ཆུབ་ཞིང་། །ཡེ་ཤེས་ཚོགས་རྫོགས་ཀུན་ཏུ་སྟོན། །ཞེས་གསུངས་སོ། །འབྲས་བུའི་དོན་བཤད་ཟིན་ཏོ།། །།དཔལ་ལྡན་རྒྱུད་རྒྱལ་རྒྱུད་རྣམས་ཀུན་གྱི་གསང་བའི་གསང་བ་བླ་ན་མེད། །མཐའ་དག་བསྡུས་པའི་སྙིང་པོར་གྱུར་འདི་མཁས་གྲུབ་རྣམས་ཀྱིས་གསལ་བར་མཛད། །དེ་ལྟ་མོད་ཀྱི་གསང་བདག་དཔའ་བོ་གཏེར་ཆེན་ཆོས་རྗེའི་ཞལ་ལུང་གི། །ཕྱི་བཞིན་འབྲངས་ནས་བློ་དམན་བདག་གིའང་དྲི་མེད་རྒྱུད་དོན་རྣམ་པར་ཕྱེ། །གང་ཞིག་ཐོས་པའི་ལང་ཚོ་རབ་རྒྱགས་པའི། །སྟོན་ཆེན་རྣམས་ཀྱི་དོན་དུ་འགྱུར་མིན་ཡང་། །ཐར་པའི་ལམ་ལ་དད་བརྩོན་རབ་གཞོལ་བའི། །ཐོས་ཆུང་གསར་བུའི་ཤེས་རབ་བསྐྱེད་པའི་ཕྱིར། །ཡིད་ཆེས་བཀའ་དང་དཔལ་ལྡན་བླ་མའི་གསུང་། །སྔོན་བྱོན་མཁས་པའི་རྣམ་འགྲེལ་ལ་བརྟེན་ནས། །ལེགས་པར་སྦྱར་མོད་འཕགས་བློ་མ་ཐོབ་ཕྱིར། །ཉེས་གྱུར་དམ་པ་རྣམས་ཀྱིས་བཟོད་པར་བཞེས། །འདི་ལས་དྲི་མེད་སྟོན་ཀའི་ཟླ་བ་ལྟའི། །རབ་དཀར་དགེ་བའི་དངོས་པོ་གང་ཐོབ་པ། །མཐའ་ཡས་འགྲོ་བ་ཀུན་དང་ཐུན་མོང་སྟེ། །མ་ལུས་པ་ཡིས་དེ་ཉིད་རྟོགས་གྱུར་ཅིག །བདག་ཀྱང་རང་བཞིན་རྒྱུད་ཀྱི་ཕྱག་རྒྱ་ཡིས། །བཏང་ལས་རྟོག་གེའི་གཡང་སར་མི་འཕྱན་པར། །ཐེག་མཆོག་མྱུར་བདེའི་ལམ་ལས་འབྲས་བུའི་རྒྱུད། །སྤང་ཐོབ་མེད་པར་མྱུར་དུ་རྟོགས་པར་ཤོག །ཚུལ་འདིར་ཡིད་རབ་སྤྲོ་བས་སྦྱོང་བྱེད་རྣམས། །ཤེས་རབ་གསུམ་གྱི་དབང་པོ་རབ་རྒྱས་ཏེ། །རྣམ་གྲོལ་ཆོས་ཀྱི་དགའ་སྟོན་འགྱེད་པ་དང་། །བསྟན་


DNG010_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

པ་དྲི་མེད་ཡུན་རིང་གནས་གྱུར་ཅིག །དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་སྤྱི་དོན་གྱི་སྒོ་ནས་གཏན་ལ་འབེབས་པར་བྱེད་པའི་ལེགས་བཤད་གསང་བདག་ཞལ་ལུང་ཞེས་བྱ་བ་འདི་ནི། ཤེས་འདོད་དང་ལྡན་པའི་བློ་གསར་རྣམས་ལ་ཕན་པའི་ཆེད་དུ། སྔོན་གྱི་ཊཱི་ཀ་དང་། ཁོག་དབུབ་ལ་སོགས་པའི་དོན་འཐོར་བ་རྣམས་བཏུས་ཤིང་གོ་བདེ་བར་བྱས་ཏེ་དཔལ་ལྡན་ཟུར་པའི་བཤད་སྲོལ་གཙོ་བོར་བཟུང་ནས། དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་རྒྱལ་བ་རིགས་དྲུག་པ་དང་དབྱེར་མ་མཆིས་པ་ཐམས་ཅད་མཁྱེན་ཅིང་ཐམས་ཅད་གཟིགས་པ་དཔལ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་གཏེར་ཆེན་ཆོས་ཀྱི་རྗེ་གཏེར་བདག་གླིང་པའི་ཞབས་བརྟེན་པདྨའི་ཟེའུ་འབྲུ་ལ་སྤྱི་བོས་རེག་པ་སྨྱོས་ཀྱི་བན་ཆུང་དྷརྨ་ཤྲཱིས་རྗེ་བླ་མའི་བཀའི་གནང་བ་ཐོབ་པར་བྱས་ཏེ། ལྕགས་ཕོ་རྟའི་ལོ་སྟོན་ཟླ་ར་བའི་མར་ངོའི་ཚེས་བཅུ་རྒྱལ་ཕུར་གྱི་འགྲུབ་སྦྱོར་བཟང་པོ་ལ་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་ངེས་པ་དོན་གྱི་དགའ་བའི་ཚལ་ཆེན་པོའི་ཆོས་གྲྭར་ཟིན་ཐུན་སུག་བྲིས་སུ་བགྱིས་པའོ།། །།འདིས་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་པར་གྱུར་ཅིག །དགེའོ། །དགེའོ། །དགེའོ།། །། ཡང་སྨྲས་པ། ཚུལ་འདི་ཀུན་ཚང་བློར་ཚུད་རྒྱས་པ་སྟེ། །གཞན་དུ་བློ་དམན་བསྡུས་ལ་དགའ་བ་རྣམས། །ལྔ་པ་ལམ་གྱི་ངོ་བོ་གཏན་འབེབས་པའི། །ས་དམིགས་ཁོངས་སུ་ལམ་གྱི་ངོ་བོ་བླང་། །དྲུག་པ་སྔོན་དུ་གང་འགྲོ་དཔྱད་པའི་རྗེས། །ལམ་རྐྱེན་དངོས་བཅུ་སྡོམ་ཚིག་ཙམ་བཀོད་ནས། །འབྲས་རྒྱུད་སྦྱར་བ་སྤྱི་དོན་བསྡུས་པ་ཡིན། །འབྲིང་པོར་འདོད་ན་དེ་སྟེང་ལྟ་བ་ལ། །རྟོགས་ཚུལ་དབང་པོ་རབ་འབྲིང་ཐ་གསུམ་གྱི། །དབང་རབ་གཏན་ཚིགས་ཀྱིས་རྟོགས་ས་ཁོངས་སུ། །རྒྱུད་ཀྱི་དངོས་བཅུའི་ནང་ཚན་ལྟ་བ་ལས། །གཞལ་བྱ་འཇལ་བྱེད་གཞལ་བའི་གྲུབ་མཐའ་སྟེ། །རྣམ་གསུམ་སྟོན་པའི་ངག་རྣམས་བླངས་བྱས་ནས། །འབྲིང་པོར་འགྱུར་མོད་རྒྱས་པར་སྤྱི་མ་ཊཱིཀ །བསྡུས་འབྲིང་གཉིས་པོ་སྤྱི་དོན་རྐྱང་པ་སྟེ། །ཆེ་ཆུང་བློ་དང་བསྟུན་ནས་ཉམས་སུ་ལོང་། །ཞེས་ཀྱང་གདམས་སོ།། །།

གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་སྒྱུ་འཕྲུལ་བརྒྱད་པ་ཞེས་བྱ་བའི་རྒྱུད།


DNG010_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། གྷུ་ཧྱ་གརྦྷ་ཏ་ཐཱ་ཏྭ་ནིཤྩ་ཡ་མཱ་ཡཱ་ཨཥྚ་ཀ་ཏནྟྲ་ནཱ་མ། བོད་སྐད་དུ། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་སྒྱུ་འཕྲུལ་བརྒྱད་པ་ཞེས་བྱ་བའི་རྒྱུད། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བཤད་པའི་དུས་ན། དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ལོངས་སྤྱོད་ཆེན་པོ། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བདག་ཉིད། མ་ལུས་མི་ལུས་ལུས་པ་མེད་པ་ཐམས་ཅད་དང་སོ་སོ་མ་ཡིན་ཐ་མི་དད་དབྱེར་མེད་པའི་རང་བཞིན་ཏེ། འོག་མིན་གྱི་གནས་མཐའ་དང་དབུས་མེད་པ་ན། གཞི་ཚད་མེད་པའི་ཡེ་ཤེས་ཀྱི་འཁོར་ལོ་གསལ་བ་ལ། ཡེ་ཤེས་རིན་པོ་ཆེ་འབར་བའི་གཞལ་ཡས་ཁང་། རྒྱ་ཕྱོགས་བཅུར་ཡོངས་སུ་མ་ཆད་པ། ཡོན་ཏན་དཔག་ཏུ་མེད་པ་རྒྱས་པའི་ཕྱིར་གྲུ་བཞིར་གྱུར་པ། ཡེ་ཤེས་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲེང་བ་དང་། ཆུན་འཕྱང་དང་ཤར་བུའི་རྒྱན་དང་། གཟུགས་སྣ་ཚོགས་དང་། སྒྲ་སྣ་ཚོགས་དང་། དྲི་སྣ་ཚོགས་དང་། རོ་སྣ་ཚོགས་དང་། རེག་སྣ་ཚོགས་ཀྱིས་ཕྱོགས་བཅུར་འཁྲིགས་པར་རང་བྱུང་བ་ལ་མི་བསྒྲིབ་པར་གསལ་བའི་རྒྱན་བསམ་གྱིས་མི་ཁྱབ་པས་བཀླུབས་པའི། རྣམ་པར་ཐར་པ་བཞིའི་སྒོ་ནས་འཇུག་པའི་སྒོ་ཁྱུད་ཅན། རྣམ་པར་ཐར་པ་བརྒྱད་ཀྱི་རྟ་བབས་དང་ལྡན་པ། ཕྱི་དང་ནང་མེད་པ་ཀུན་ཏུ་ཡང་ནང་དུ་གྱུར་པ་ན། མི་འཇིགས་པ་སེང་གེའི་ཁྲི་དང་།སྟོབས་གླང་པོ་ཆེའི་ཁྲི་དང་། རྫུ་འཕྲུལ་རྟའི་ཁྲི་དང་། དབང་རྨ་བྱའི་ཁྲི་དང་།ཐོགས་པ་མེད་པ་ནམ་མཁའ་ལྡིང་གི་ཁྲི་དང་། རང་བཞིན་གྱིས་འོད་གསལ་བ་ཉི་ཟླའི་དཀྱིལ་འཁོར་དང་། གོས་པ་མེད་པ་པདྨ་རིན་པོ་ཆེའི་གདན་ལ། སྐུ་མདུན་དང་རྒྱབ་མེད་པ་ཐམས་ཅད་དུ་ཞལ་ཐལ་ལེ་བར་གསལ་ཞིང་། མཚན་དང་དཔེ་བྱད་དང་ལྡན་པ། ཐབས་དང་ཤེས་རབ་ཀྱི་


DNG010_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་གཉིས་མཉམ་པའི་བརྟུལ་ཞུགས་ཀྱིས་སྐྱིལ་མོ་ཀྲུང་དུ་བཞུགས་པ། ཡེ་ཤེས་དྲུག་གི་ཕྱག་ཡེ་ཤེས་རིན་པོ་ཆེའི་ཕྱག་རྒྱ་འབར་བ་ཅན། སྐུ་གསུང་ཐུགས་བསམ་གྱིས་མི་ཁྱབ་པའི་དབུ་གསུམ་དང་ལྡན་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་ཤེས་པའི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་གཟུགས་ཀྱི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་ཚོར་བའི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་འདུ་ཤེས་ཀྱི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་འདུ་བྱེད་ཀྱི་རྒྱལ་པོ་དང་། དེ་དག་ཀུན་ཀྱང་མཐིང་ག་དང་། དཀར་པོ་དང་། སེར་པོ་དང་། ལེ་བརྒན་དང་། ལྗང་གུའི་མདོག་ཏུ་འབར་བ་ལ། བཙུན་མོ་དམ་པ་སྣང་བའི་དབྱིངས་དང་། སྲ་བའི་དབྱིངས་དང་། མཉེན་པའི་དབྱིངས་དང་། དྲོ་བའི་དབྱིངས་དང་། བསྐྱོད་པའི་དབྱིངས་ལ་སོགས་པ། བཙུན་མོའི་ཚོགས་དང་གཉིས་སུ་མེད་པར་ཆོས་ཀྱི་དབྱིངས་ཀུན་ཏུ་མཐའ་ཡས་པར་ཁྱབ་པ་ནི་འདི་ལྟ་སྟེ། དཔེར་ན་ཏིལ་གྱི་གང་བུ་བཞིན་དུ་གང་ནས་བཞུགས་སོ། །དེ་ནས་བྱང་ཆུབ་ཆེན་པོ་རྡོ་རྗེ་མཐོང་བ་དང་།བྱང་ཆུབ་ཆེན་པོ་རྡོ་རྗེ་ཐོས་པ་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་སྣོམས་པ་དང་།བྱང་ཆུབ་ཆེན་པོ་རྡོ་རྗེ་མྱང་བ་དང་། བཙུན་མོ་མཐོང་བར་བྱ་བ་དང་། མཉན་པར་བྱ་བ་དང་། བསྣམ་པར་བྱ་བ་དང་། མྱང་བར་བྱ་བའི་ཚོགས་དང་།བྱང་ཆུབ་ཆེན་པོ་རྡོ་རྗེ་མཐོང་བྱེད་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་ཐོས་བྱེད་དང་།བྱང་ཆུབ་ཆེན་པོ་རྡོ་རྗེ་སྣོམ་བྱེད་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་མྱོང་བྱེད་དང་།བཙུན་མོ་འདས་པ་དང་། ད་ལྟར་དང་། མ་ངེས་པ་དང་། མ་བྱོན་པའི་ཚོགས་དང་། ཁྲོ་བོ་འཇོམས་པ་ཆེན་པོ་རེག་པ་དང་། འཇོམས་པ་ཆེན་པོ་རེག་བྱེད་དང་། འཇོམས་པ་ཆེན་པོ་རེག་བྱ་དང་། འཇོམས་པ་ཆེན་པོ་རེག་ཤེས་དང་། བཙུན་མོ་རྟག་པར་མ་ཡིན་པ་དང་། ཆད་པར་མ་ཡིན་པ་དང་།བདག་ཏུ་མ་ཡིན་པ་དང་། མཚན་མར་མ་ཡིན་པའི་དབྱིངས་ལ་སོགས་པ། དེ་ལྟ་བུའི་ཚོགས་བརྗོད་ཀྱིས་མི་ལངས་པ་དང་གཉིས་


DNG010_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མེད་པར་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་བྱེད་པ་པོ་རྡོ་རྗེ་ཡིད་ཀུན་ཏུ་བཟང་པོ་ཐམས་ཅད་མ་ལུས་པའི་རང་བཞིན་གྱི་ཚུལ་རྡོ་རྗེས། བཙུན་མོ་བྱ་བ་མོ་ཆོས་ཀུན་ཏུ་བཟང་མོ་ལ་འཇུག་པར་གྱུར་ཏོ། །ཞུགས་པས་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་མ་ལུས་པ་ཐམས་ཅད་གཅིག་གི་རང་བཞིན་དུ་དབྱེར་མེད་པས། དེ་བཞིན་གཤེགས་པ་ཉིད་ལ་ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཨེ་མ་ཧོ་རྡོ་རྗེ་ཕུང་པོའི་ཡན་ལག་ནི། །རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །སྐྱེ་མཆེད་ཁམས་རྣམས་མང་པོ་ཀུན། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཉིད། །ས་ཆུ་སྤྱན་དང་མཱ་མ་ཀཱི། །མེ་རླུང་གོས་དཀར་སྒྲོལ་མ་སྟེ། །ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། །སྲིད་གསུམ་ཡེ་ནས་རྣམ་པར་དག །ཐམས་ཅད་མ་ལུས་ཆོས་སོ་ཅོག །སངས་རྒྱས་ཉིད་ལས་གཞན་མ་ཡིན། །སངས་རྒྱས་ཉིད་ལས་གཞན་པའི་ཆོས། །སངས་རྒྱས་ཉིད་ཀྱིས་མི་བརྙེས་སོ། །ཞེས་བརྗོད་པས་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་གྱུར་ཏོ། །དེ་ནས་བཙུན་མོ་བྱ་བ་མོ་ཆོས་ཀུན་ཏུ་བཟང་མོས། བཅོམ་ལྡན་འདས་ཉིད་ཀུན་ཏུ་བཟང་པོ་དང་གཉིས་སུ་མེད་པར་གྱུར་ནས། ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཨེ་མ་ཧོ་ཕྱོགས་བཅུ་སྟོང་ཁམས་ཡེ་ནས་དབེན། །སྲིད་པ་གསུམ་ནི་དག་པའི་ཞིང་། །སྙིགས་མ་ལྔ་ཉིད་བདེ་ལྡན་གནས། །ཕུང་པོ་ལྔ་ཉིད་མངོན་སངས་རྒྱས། །ཐམས་ཅད་མཆོག་གི་སྙིང་པོ་བས། །གཞན་དུ་རྒྱལ་བའི་ཆོས་མི་བཙལ། །ཉིད་ལས་གཞན་ཞེས་བྱ་བའི་ཆོས། །བཙལ་ཡང་རྒྱལ་བས་མི་བརྙེས་སོ། །ཞེས་བརྗོད་པས་ཐམས་ཅད་ཡེ་ནས་སངས་རྒྱས་པར་དེ་བཞིན་གཤེགས་པ་ཉིད་ཀྱིས་མཁྱེན་ཏོ། །དེ་ནས་གཉིས་སུ་མེད་པའི་བདག་ཉིད་ཆེན་པོས་ཡེ་ནས་སངས་རྒྱས་པའི་སེམས་ཡེ་ཤེས་སུ་བསྐྱེད་པ་འདི་གསུངས་སོ། །ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་


DNG010_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་སྐྱེས། །སྐྱེས་པ་ཉིད་ན་སྐྱེ་བ་མེད། །ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །འགག་པ་མེད་ལས་ཐམས་ཅད་འགགས། །འགགས་པ་ཉིད་ན་འགག་པ་མེད། །ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །གནས་པ་མེད་ལས་ཐམས་ཅད་གནས། །གནས་པ་ཉིད་ན་གནས་པ་མེད། །ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །དམིགས་པ་མེད་ལས་ཐམས་ཅད་དམིགས། །དམིགས་པ་ཉིད་ན་དམིགས་པ་མེད། །ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །འགྲོ་འོང་མེད་ལས་འགྲོ་དང་འོང་། །འགྲོ་འོང་ཉིད་ན་འགྲོ་འོང་མེད། །ཅེས་བརྗོད་པས་དེ་བཞིན་གཤེགས་པ་ཐམས་ཅད་དང་། བཙུན་མོའི་ཚོགས་ཐམས་ཅད་ཀྱང་མཉེས་པས་ཁྱབ་པར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་བཙུན་མོའི་ཚོགས་དང་བཅས་པས་ཆེད་དུ་བརྗོད་པ་ཆེད་དུ་འདི་བརྗོད་དོ། །ཨེ་མ་ཧོ་ཡེ་ནས་གསང་བའི་ཆོས། །སྣ་ཚོགས་སྣང་ལ་རང་བཞིན་གསང་། །ངོ་བོ་ཉིད་ཀྱིས་རབ་ཏུ་གསང་། །གཞན་དུ་མིན་ལས་ཤིན་ཏུ་གསང་། །ཞེས་བརྗོད་པས་དེ་བཞིན་གཤེགས་པ་ཐམས་ཅད་དང་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་ངོ་བོ་ཉིད་དུ་གཅིག་པའི་མཚན་ཉིད་ཡིན་པས་དབྱེ་བ་མེད་ནའང་། འགྲོ་བའི་རྣམ་པར་རྟོག་པ་མ་རིག་པ་ལས། འགྲོ་བ་ལྔའི་རིས་བསམ་གྱིས་མི་ཁྱབ་པར་སྨིན་པ་ལ། ཐུགས་རྗེ་ཆེན་པོས་སངས་རྒྱས་ཀྱི་ཡེ་ཤེས་ཆེན་པོ་སྐྱེས་ནས། ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཨེ་མ་ཧོ་བདེ་གཤེགས་སྙིང་པོ་ལས། །རང་གི་རྣམ་རྟོག་ལས་ཀྱིས་སྤྲུལ། །སྣ་ཚོགས་ལུས་དང་གནས་ལ་སོགས། །བདག་དང་བདག་གིས་སོ་སོར་འཛིན། །སུས་ཀྱང་མ་བཅིངས་བཅིང་མེད་དེ། །བཅིང་བར་བྱ་བ་ཡོད་མ་ཡིན། །རྣམ་རྟོག་བདག་ཏུ་འཛིན་པ་ཡིས། །ནན་གྱིས་མཁའ་ལ་མདུད་པ་འདོར། །བཅིང་མེད་རྣམ་པར་གྲོལ་མེད་པའི། །ཡེ་ནས་ལྷུན་


DNG010_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་སངས་རྒྱས་ཆོས། །བསྟན་ཕྱིར་སྤྲོ་བ་སྣ་ཚོགས་མཛད། །ཅེས་དེ་བཞིན་གཤེགས་པ་ཉིད་ལ་དེ་བཞིན་གཤེགས་པ་ཉིད་ཆེད་དུ་གླེང་ངོ་། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ལས། ཐུགས་རྗེ་ཆེན་པོའི་བྱིན་གྱིས་རླབས་ཞེས་བྱ་བའི་རིག་པའི་སྐྱེས་བུ་ཐུབ་པ་དྲུག་དེ་བཞིན་གཤེགས་པའི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་བཏོན་ཏོ། །བཏོན་ནས་ཀྱང་ལས་ཀྱི་དབང་གིས་སྣྲེལ་ཞི་དང་ཡན་མན་གྱི་འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་སྟོང་གསུམ་གྱི་སྟོང་ཆེན་པོ་རེ་རེར། ཐུབ་པ་ཆེན་པོ་བཅོམ་ལྡན་འདས་རེ་རེས། འདུལ་བ་རྣམ་པ་བཞིས་འགྲོ་བ་ལྔའི་དོན་མཛད་དེ། བལྟམས་པ་དང་། རབ་ཏུ་བྱུང་བ་དང་། དཀའ་ཐུབ་མཛད་པ་དང་། སངས་རྒྱས་པ་དང་། བདུད་བཏུལ་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ཆོ་འཕྲུལ་ཆེན་པོ་སྟོན་པ་དང་། མྱ་ངན་ལས་འདའ་བ་ལ་སོགས་པར་སྟོན་པའི་ཐུབ་པ་བསམ་གྱིས་མི་ཁྱབ་པ་གྲངས་མེད་པ་ཕྱོགས་བཅུར་སྣང་བར་གྱུར་ཏོ། །ཐམས་ཅད་ཀྱང་འདི་ལྟ་སྟེ། འདུལ་བའི་དབང་གིས་ལྷ་དང་མིའི་ཐེག་པ་དང་། ཉན་ཐོས་ཀྱི་ཐེག་པ་དང་། རང་བྱང་ཆུབ་ཀྱི་ཐེག་པ་དང་། བྱང་ཆུབ་སེམས་དཔའི་ཐེག་པ་དང་། བླ་ན་མེད་པའི་ཐེག་པ་དང་། མ་རིག་པའི་རྣམ་པར་རྟོག་པ་ཉོན་མོངས་པ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་གཉེན་པོར་ཆོས་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་གསུངས་སོ། །གསུང་ངོ་གསུང་བར་འགྱུར་རོ། །དེ་དག་ཐམས་ཅད་ཀྱང་གཟུང་བ་དང་འཛིན་པའི་ཕྱི་ནང་གི་རྟེན་ཅིང་འདྲེལ་བར་འབྱུང་བ་འཛིན་པ་འཁྲུལ་པ་ལས་ལྡོག་པ་དང་། ལས་དང་ལས་ཀྱི་འབྲས་བུ་ཆུད་མི་ཟ་བ་དང་།ལས་དང་ལས་ཀྱི་འབྲས་བུས་མི་གོས་གོས་པར་མི་འགྱུར་གོས་སུ་མེད་པར་སྟོན་པའི་མཐར་ཐུག་གོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཇི་སྙེད་འཇིག་རྟེན་འཁྲུལ་པའི་ཆོས། །མ་རིག་རྟོག་པའི་གཟུང་འཛིན་གྱིས། །ཕྱི་ནང་རྟེན་འདྲེལ་གཉིས་སུ་འཁོར། །མི་མཐུན་བདེ་སྡུག་མྱོང་བར་འགྱུར། །རང་


DNG010_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཉིད་ལས་ཉམས་པ་མེད། །ཐེག་པ་བཞི་ཡི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཡང་དག་རྟོགས་པས་རབ་བརྟགས་ན། །རང་བཞིན་མེད་ལས་ཅིར་ཡང་འགྲུབ། །སངས་རྒྱས་མྱ་ངན་ཡོངས་མི་འདའ། །ཆོས་ཀྱང་ནུབ་པར་མི་འགྱུར་ཏེ། །མ་རིག་སྨིན་མཛད་གདུལ་བའི་ཕྱིར། །བྱུང་ནས་མྱ་ངན་འདའ་བར་སྟོན། །འདུལ་བ་མདོ་སྡེ་ཆོས་མངོན་དང་། །དམ་ཚིག་སྒྲུབ་དང་གྲུབ་པ་དང་། །སྐུ་དང་གསུང་དང་ཐུགས་ཀྱི་རྒྱུད། །ཕྱོགས་བཅུ་ཀུན་ཏུ་རབ་གྲགས་པ། །གསང་བའི་སྙིང་པོ་ལས་འཕྲོས་ཏེ། །རང་བཞིན་གསང་བའི་སྙིང་པོ་འདི། །སྡེ་སྣོད་ཀུན་དང་རྒྱུད་ཀུན་གྱི། །འབྱུང་གནས་གཏན་ལ་ངེས་པར་འབེབས། །ཞེས་བརྗོད་པས་ཐུབ་པ་དྲུག་གི་སྤྲུལ་པ་གྲངས་མེད་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པ་ཡང་།དེ་དག་ཏུ་འདུས་པར་དེ་བཞིན་གཤེགས་པ་ཉིད་ཀྱིས་མཁྱེན་ཏོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་དགོངས་པ་གཅིག་ཏུ་གྱུར་ནས། མཉམ་པ་ཆེན་པོའི་ཚུལ་རྡོ་རྗེའི་དབྱིངས་སུ་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་ཏིང་ངེ་འཛིན་ལས་མི་གཡོ་བར། ཆོས་ཐམས་ཅད་མིང་ཙམ་དུ་གནས་པའི་ཡི་གེ་ཕྲེང་བའི་འཁོར་ལོ་ཞེས་བྱ་བ་འདི། སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་བྱུང་ངོ་། །ཨ། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་མ་བྷ་མ། ཡ་ཝ་ར་ལ། ཤ་ཥ་ས་ཧ། ཀྵ། ཨི་ཨཱིཾ། ཨུ་ཨཱུ། ཨེ་ཨཻ། ཨོ་ཨཽ། འདི་དག་ཕྱུང་བས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་པ་རྣམ་པ་དྲུག་ཏུ་གཡོས། རབ་ཏུ་གཡོས་ཀུན་ཏུ་གཡོས་ནས། ཆོས་ཐམས་ཅད་མིང་གི་མཚན་ཉིད་ཙམ་དུ་གྱུར་ཏོ། །ཧོ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཨ་ནི་སྟོང་དང་མི་སྟོང་གི། །དབུ་མའང་དམིགས་སུ་ཡོད་མ་ཡིན། །ཐམས་ཅད་མིང་ཙམ་སངས་རྒྱས་ཀུན། །ཡི་གེ་ཕྲེང་བ་ཉིད་ལ་གནས། །ཨ་ཉིད་སྣ་ཚོགས་པར་སྣང་བའི། །ཀ་ལ་སོགས་པ་


DNG010_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་བཅུ་གཉིས། །སྒྲ་ཡི་མིང་གིས་ཐམས་ཅད་བསྡུས། །མངོན་རྫོགས་རྒྱལ་པོར་དེ་ཉིད་ངེས། །ཞེས་བརྗོད་པས་ཆོས་ཐམས་ཅད་ཡི་གེར་བསྡུས་ནས། སངས་རྒྱས་པ་དེ་ཁོ་ན་སེམས་ངེས་པར་ཐམས་ཅད་མཁྱེན་ཏོ། །སྒྱུ་འཕྲུལ་དྲ་བའི་ལེའུ་སྟོང་ཕྲག་བརྒྱད་པ་ལས། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། རྫོགས་པ་ཆེན་པོའི་ཚུལ་རང་བཞིན་གྱི་རྣལ་འབྱོར་གྱི་ལེའུ་སྟེ་དང་པོའོ།། །།དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་གཅིག་དང་དུ་མ་མེད་པའི་བདག་ཉིད་ཐམས་ཅད་ཀྱིས། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་ལ་ཉིད་ཀྱི་ཆེ་བའི་དཀྱིལ་འཁོར་དབྱུང་བར་བཞེད་ནས། ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཡེ་ཤེས་ཕྱོགས་བཞི་དབུས་བརྟགས་ཏེ། །དཀྱིལ་འཁོར་བསམ་ཡས་ལྷུན་གྲུབ་པ། །རྫོགས་ཆེན་རྟོགས་པའི་རྣལ་འབྱོར་པས། །ཀུན་འབྱུང་དཀྱིལ་འཁོར་ཆེན་པོར་སྤྱོད། །འཁོར་ལོ་རྩིབས་བཞི་མུ་ཁྱུད་བཅས། །གྲུ་ཆད་བཞི་ཡིས་བརྒྱན་པའི་ཁྱམས། །ཀུན་ཏུ་གྲུ་བཞི་སྒོ་ཁྱུད་ལྡན། །རོལ་མོ་སྣ་ཚོགས་སྤྲིན་ཕུང་བཞིན། །དཀྱིལ་འཁོར་བཞི་བཅུ་གཉིས་ཀྱིས་བརྒྱན། །སེང་གེ་གླང་ཆེན་རྟ་དང་ཁྱུང་། །ནམ་མཁའ་ལྡིང་གི་ཁྲི་ཆེན་ལ། །ཉི་ཟླ་པདྨ་རིན་པོ་ཆེ། །གདན་ལ་རྫོགས་དང་སེམས་དཔའི་ཚུལ། །འཁོར་ལོ་རྒྱལ་པོ་རྒྱལ་མོ་དང་། །གཡས་ནས་མཐོང་ཐོས་སྣོམ་པ་དང་། །མྱོང་དང་བཙུན་མོའི་ཚོགས་སུ་བཅས། །གྲུ་ཆད་ལ་ནི་མཐོང་བྱེད་དང་། །ཐོས་བྱེད་སྣོམ་བྱེད་མྱོང་བྱེད་རྣམས། །བཙུན་མོ་དག་དང་བཅས་པར་གནས། །བར་ཁྱམས་ལ་ནི་ཐུབ་དྲུག་དང་། །མདུན་དང་རྒྱབ་ཏུ་བྱེད་པ་དང་། །བྱ་བ་དག་ནི་གནས་པར་བསྟན། །སྒོ་ཁྱུད་བཞི་ལ་འཇོམས་པ་ནི། །བཙུན་མོའི་ཚོགས་དང་ལྡན་པ་རྣམས། །རྡོ་རྗེ་འཁོར་ལོ་རིན་པོ་ཆེ། །པདྨ་རལ་གྲི་དྲིལ་བུ་འབར། །ཨུཏྤལ་ཀླུ་ཤིང་ལ་སོགས་མཚན། །མཛེས་ཚུལ་མཉེས་པའི་ཡོ་བྱད་འཛིན། །མཐིང་ག་


DNG010_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོ་སེར་ལེབ་རྒན། །ལྗང་གུ་ལ་སོགས་སྣ་ཚོགས་པ། །མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཅན། །གསལ་འཚེར་ལྷུན་སྡུག་གཟི་བརྗིད་འབར། །འོད་ཟེར་འཕྲོ་བའི་ཚོགས་ཆེན་པོ། །འབར་བའི་ཕྲེང་བས་འཁྲིགས་པ་སྟེ། །མཐའ་དབུས་མེད་པར་ཁྱབ་པ་ཡིས། །དཀྱིལ་འཁོར་བསམ་ཡས་ལྷུན་གྱིས་གྲུབ། །ཅེས་བརྗོད་པས། འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་མུ་མེད་པ་ཐམས་ཅད་དང་། དཀྱིལ་འཁོར་བརྗོད་ཀྱིས་མི་ལངས་པའི་ཞིང་གི་རྡུལ་སྙེད་དུ་གསལ་བར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་བཙུན་མོའི་ཚོགས་དང་བཅས་པ་ཐམས་ཅད་ཀྱིས་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་འདི་དག་ཕྱུང་ངོ་། །བྷྲཱུཾ་བི་ཤྭ་བི་ཤུདྡྷེ། ཨཱོཾ་ཛི་ན་ཛིཀ །ཧཱུཾ་བཛྲ་དྷྲྀཀ །སྭཱ་རཏྣ་དྷྲྀཀ །ཨཱཾ་ཨཱ་རོ་ལིཀ །ཧཱ་པྲ་ཛྙཱ་དྷྲྀཀ །མུཾ་དྷཱ་ཏྭཱི་ཤྭ་རཱི། ལཱཾ་དྭེ་ཥ་ར་ཏི། མཱཾ་མོ་ཧ་ར་ཏི། ཏཱཾ་བཛྲ་ར་ཏི། ཀྵིཾ་ཧི་རཱ་ཛཱ་ཡ། ཏྲཾ་ཨཱ་གརྦྷཱ་ཡ། ཧྲི་ཧ་ཧཱུཾ་པཱ་ད་མ། ཛིཾ་ཀུ་རུ་པཱ་ཎ། ཧཱུཾ་ལཱ་སྱེ་ས་མ་ཡ་སྟྭཾ། ཏྲཾ་མཱ་ལེ་ས་མ་ཡ་ཧོ།ཧྲི་གཱི་ཏི་ར་གོ྅ཧཾ། ཨཾ་ནིརྟི་རཱ་ག་ཡཱ་མཾ། མཻ་དྷ་ར་ཎེ་སྭཱ་ཧཱ། ནིསྶ་རཾ་བྷཱ་ཡ་སྭཱ་ཧཱ། ཧཱུཾ་ས་རཱ་ཛཱ་ཡ་སྭཱ་ཧཱ། མུཾ་ཤྲཱི་ཨཾ་རཱ་གཱ་ཡ་སྭཱ་ཧཱ། ཛཿདྷཱུ་་པྲ་བེ་ཤ་ཡ། ཧཱུཾ་པུཥ྇་ཨཱ་བེ་ཤ །བཾ་དཱི་བ་སུ་གི་རཱི། ཧོཿགན་དྷི་ཙིཏྟ། ཧཱུཾ་ཡ་མཱནྟ་ཀྲྀཏ་ཕཊ།ཧཱུཾ་པདྨཱནྟ་ཀྲྀཏ་ཕཊ། ཧཱུཾ་པྲ་ཛྙཱནྟ་ཀྲྀཏ་ཕཊ། ཧཱུཾ་བིགྷྣནྟ་ཀྲྀཏ་ཕཊ། ཨཱོཾ་མ་ཧཱ་བཛྲ་དྷཱ་ར་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཛྭ་ལ་ནི་ཧཱུཾ་ཕཊ། ཨཱོཾ་མ་ཧཱ་རཏྣ་དྷཱ་ར་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཛྭ་ལ་ནི་ཧཱུཾ་ཕཊ། ཨཱོཾ་མ་ཧཱ་པདྨ་དྷཱ་ར་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཛྭ་ལ་ནི་ཧཱུཾ་ཕཊ། ཨཱོཾ་མ་ཧཱ་ཀརྨ་དྷཱ་ར་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཛྭ་ལ་ནི་ཧཱུཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཙིཏྟ་ཨཱོཾ། ཨ་ཨ་ཨ་བཛྲི་བྷ་དྲ་ས་མནྟ་ཨོཾ། ཨཱོཾ་མུ་ནེ་ཀྲིཾ་སྭཱ་ཧཱ། ཨཱོཾ་མུ་ནེ་ཏྲུཾ་སྭཱ་ཧཱ། ཨཱོཾ་མུ་ནེ་སྲུཾ་སྭཱ་ཧཱ། ཨཱོཾ་མུ་ནེ་པྲཾ་སྭཱ་ཧཱ། ཨཱོཾ་མུ་ནེ་ཀྵཾ་སྭཱ་ཧཱ། ཨཱོཾ་མུ་ནེ་ཡེ་སྭཱ་ཧཱ། ཨཱོཾ་ཨོཾ་ཨེ་ཧྱེ་ཧི་བྷ་ག་བཱན། མ་ཧཱ་ཀ་རུ་ཎི་ཀ་དྲྀ་ཤྱ་ཧོ། ས་མ་ཡ་སྟྭཾ། ཛཿཧཱུཾ་བཾ་ཧོཿ། ཞེས་བརྗོད་པས་གསུང་གི་དཀྱིལ་འཁོར་འདི་དག་གིས། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་ཁྱབ་པར་གྲགས་སོ། །


DNG010_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་གྲགས་སོ། །ཀུན་ཏུ་གྲགས་སོ། །དེ་ནས་བཅོམ་ལྡན་འདས་བྱེད་པ་པོ་རྡོ་རྗེ་དང་། བྱ་བ་མོ་རྡོ་རྗེ་གཉིས་སུ་མེད་པའི་དཀྱིལ་འཁོར་ལ་ཐིམ་པར་མཛད་དོ། །དེ་ནས་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། བདག་ཉིད་ཆེན་པོའི་ཡེ་ཤེས་དང་བྱིན་བསྡུ་བ་ཞེས་བྱ་བ་འདི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་སྒྱུ་འཕྲུལ་དྲ་བ་ལས་བྱུང་ངོ་། །ཨཱོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱདྨ་ཀོ྅ཧཾ། ཨཱོཾ་མ་ཧཱ་ཨཱ་དཪྴ་ཛྙཱ་ན་བཛྲ་སྭ་བྷ་བ་ཨཱདྨ་ཀོ྅ཧཾ། ཨཱོཾ་མ་ཧཱ་པྲ་ཏྱ་བེཀྵ་ཎཱཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཨཱོཾ་མ་ཧཱ་ས་མ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱདྨ་ཀོ྅ཧཾ། ཨཱོཾ་མ་ཧཱ་ཀྲྀ་ཏྱ་ཨ་ནུཥྟཱ་ན་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱདྨ་ཀོ྅ཧཾ། ཨཱོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་བ་ཨཱདྨ་ཀོ྅ཧཾ། ཨཱོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཝཱ་ཀ་བཛྲ་སྭ་བྷཱ་བ་ཨཱདྨ་ཀོ྅ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱདྨ་ཀོ྅ཧཾ། ཨཱོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱདྨ་ཀོ྅ཧཾ། ཨཱོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཞེས་བརྗོད་པས་ཐིམ་པར་གྱུར། འོད་ཟེར་གསལ་བར་གྱུར་ཏོ། །འབར་བར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཉིད་ཀྱི་དཀྱིལ་འཁོར་ལ་དགེས་པ་ཆེན་པོའི་གླུ་བླངས་སོ། །ཨཱོཾ་ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི། །ཡེ་ཤེས་དཀྱིལ་འཁོར་ཐིག་ལེ་ཆེ། །བསོད་ནམས་དཀྱིལ་འཁོར་སྐུ་ཡི་ཚོགས། །སྣང་སྟོང་ཐིག་ལེ་ཀུན་ཏུ་རྫོགས་ཧོ། །ཨཱོཾ་རྡོ་རྗེ་བསོད་ནམས་ཐིག་ལེ་ཆེ། །རྡོ་རྗེ་ཡེ་ཤེས་དཀྱིལ་འཁོར་ལྡན། །རྡོ་རྗེ་སྒྲ་ཆེན་མཐའ་ཡས་པ། །རྡོ་རྗེ་རྒྱལ་པོ་ཐིག་ལེ་ཆེ་ཧོ། །ཨཱོཾ་སྐུ་གསུང་ཐུགས་ཀྱི་རྫོགས་པ་ཆེ། །ཡོན་ཏན་ཕྲིན་ལས་ཀུན་ཏུ་རྫོགས། །ཡེ་ནས་ལྷུན་རྫོགས་ཀུན་ཏུ་བཟང་། །འདུས་པའི་ཚོགས་ཆེན་ཐིག་ལེ་ཆེ་ཧོ། །ཨཱོཾ་མི་དམིགས་སྒྱུ་འཕྲུལ་མཉམ་པའི་དབྱིངས། །མཐའ་ཡས་ཀུན་ནས་སྣ་ཚོགས་འཕྲོ། །མཐའ་ཡས་ཀུན་ནས་ལྷུན་གྱིས་ཐིམ། །སྣ་ཚོགས་སྐུ་གསུང་ཐུགས་ཆེན་པོ་ཧོ། །ཨཱོཾ་ཕྱོགས་བཅུའི་འཇིག་རྟེན་རྡུལ་སྙེད་དུ། །རྒྱལ་བའི་དོན་རྣམས་རྡུལ་ཕྲན་


DNG010_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

སྙེད། །སྤྲུལ་པ་རྡུལ་ཕྲན་བསམ་ཡས་ཀྱི། །སྐད་ཅིག་ཡུད་ལ་ལྷུན་གྱིས་གྲུབ་ཧོ། །ཨཱོཾ་ཐམས་ཅད་མ་ལུས་སྐུ་གསུང་ཐུགས། །སྐུ་གསུང་ཐུགས་ཀྱི་བདག་ཉིད་ཆེ། །སྐུ་གསུང་ཐུགས་ཀྱིས་ཀུན་ཏུ་ཁྱབ། །སྐུ་གསུང་ཐུགས་ཀྱི་ཐིག་ལེ་ཆེ་ཧོ། །ཞེས་གླུ་བླངས་སོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། མཉེས་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་དེ་བཞིན་གཤེགས་པ་ཆེ་བའི་རྡོ་རྗེ་བཀོད་པའི་སྒྱུ་འཕྲུལ་དྲ་བ་ལས་འཇིག་རྟེན་དྲུག་གི་ཕྱོགས་བཅུའི་སྲིད་པ་གསུམ་གྱི་བདག་པོ་གདུལ་བའི་ང་རྒྱལ་ཆེན་པོའི་གཟི་བརྗིད་བསྟན་པའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བདག་པོ། བཅོམ་ལྡན་འདས་དགེས་པ་ཆེན་པོ་ཁྲོ་བོའི་རྒྱལ་པོའི་དཀྱིལ་འཁོར་གྱི་སྤྲིན་ཆེན་པོ་རྣམ་པར་འཕྲོ་བའི་སྒྱུ་འཕྲུལ་དྲ་བའི་རྒྱལ་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཧཱུཾ་ཧཱུཾ་ཧཱུཾ་བི་ཤྭ་བཛྲ་ཀྲོ་དྷཱ་ཛྭ་ལ་མཎྜ་ལ་ཕཊ་ཕཊ་ཕཊ་ཧ་ལ་ཧ་ལ་ཧ་ལ་ཧཱུཾ། ཞེས་བརྗོད་པས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་པར་ཁྱབ་པར་ཁྲོ་བོའི་དཀྱིལ་འཁོར་གྱི་ཚོགས་སྟོང་གསུམ་གྱི་འཇིག་རྟེན་ཙམ། ཕྱོགས་བཅུའི་འཇིག་རྟེན་རྡུལ་ཕྲ་མོ་སྙེད་ཐོན་པར་གྱུར་ནས། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་གཡོས། རབ་ཏུ་གཡོས།ཀུན་ཏུ་རབ་ཏུ་གཡོས། འུར་འུར། རབ་ཏུ་འུར་འུར། ཀུན་ཏུ་རབ་ཏུ་འུར་འུར་རོ། །ཆེམ་ཆེམ། རབ་ཏུ་ཆེམ་ཆེམ། ཀུན་ཏུ་རབ་ཏུ་ཆེམ་ཆེམ་མོ། །ཤིག་ཤིག །རབ་ཏུ་ཤིག་ཤིག །ཀུན་ཏུ་རབ་ཏུ་ཤིག་ཤིག་གོ། །ཐོར་ཐོར། རབ་ཏུ་ཐོར་ཐོར། ཀུན་ཏུ་རབ་ཏུ་ཐོར་ཐོར་རོ། །འཇིག་རྟེན་དྲུག་གི་སྟོང་ཁམས་ཐམས་ཅད་ན། དབང་ཆེ་བ་དང་། གཟི་བརྗིད་ཆེ་བ་དང་། མཐུ་ཆེ་བའི་དབང་ཕྱུག་ཆེན་པོ་ལ་སོགས་པ་ཐམས་ཅད་བརྒྱལ། རབ་ཏུ་བརྒྱལ་ཀུན་ཏུ་བརྒྱལ་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་དགེས་པ་ཆེན་པོ་ཉིད། འཇིགས་བྱེད་ཆེན་པོ་ཤིན་ཏུ་རྔམས་པ་སྐྱི་བུང་


DNG010_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱེད་པའི་འབར་བ་ཆེན་པོའི་ཁྲག་འཐུང་། སྐུ་སྨུག་ནག་ཅིར་ཡང་འགྱུར་བ་དབུ་དང་ཕྱག་དང་ཞབས་སྟོང་ཁམས་ཀྱི་རྡུལ་སྙེད། མཚོན་ཆ་སྣ་ཚོགས་འཛིན་པ་དེ། དབུ་གསུམ་ཕྱག་དྲུག་ཞབས་བཞིར་གྱུར་ཏེ།དུར་ཁྲོད་ཆེན་པོར་དགེས་ནས་ཁྲག་གི་རྒྱ་མཚོའི་དཀྱིལ་ན། ཀེང་རུས་ཆེན་པོའི་རི་རབ་ཀྱི་སྟེང་ན། འབར་བའི་འཁོར་ལོའི་དཀྱིལ་ན་དབང་ཕྱུག་ཆེན་པོ་དང་།དུར་ཁྲོད་ཀྱི་བདག་པོ་ཆེན་པོ་ཁྱོ་ཤུག་གི་གདན་ལ་བརྐྱང་བསྐུམ་གྱི་ཚུལ་དུ་བཞུགས་སོ། །ཁྲོ་བོའི་སྤྲིན་ཕུང་གི་དཀྱིལ་འཁོར་དེ་དག་ཀྱང་། ལ་ལ་ནི་དཔལ་ཁྲག་འཐུང་ཆེན་པོ་རྡོ་རྗེར་གྱུར་ཏེ། ཤར་ཕྱོགས་ན་བཞུགས་སོ། །ལ་ལ་ནི་དཔལ་ཁྲག་འཐུང་ཆེན་པོ་རིན་པོ་ཆེར་གྱུར་ཏེ། ལྷོར་བཞུགས་སོ། །ལ་ལ་ནི་དཔལ་ཁྲག་འཐུང་ཆེན་པོ་པདྨ་ཆེན་པོར་གྱུར་ཏེ། ནུབ་ཏུ་བཞུགས་སོ། །ལ་ལ་ནི་དཔལ་ཁྲག་འཐུང་ཆེན་པོ་ལས་སུ་གྱུར་ཏེ། བྱང་ཕྱོགས་སུ་བཞུགས་སོ། །དེ་དག་ཀུན་ཀྱང་འཇིགས་བྱེད་ཆེན་པོའི་ཆ་ལུགས་དང་། རྔམས་པའི་ང་རོ་དང་འབར་བའི་ཀློང་ན། དབུ་གསུམ་ཕྱག་དྲུག་ཞབས་བཞིས། དྲི་ཟ་དང་། གནོད་སྦྱིན་དང་། སྲིན་པོ་དང་། གཤིན་རྗེ་དང་། ཡི་དྭགས་ཁྱོ་ཤུག་གི་གདན་དུ་བྱས་པ་ལ་བཞུགས་སོ། །བཙུན་མོ་ཁྲག་འཐུང་ཆེན་མོའི་ཚོགས་ཀྱང་སོ་སོའི་སྐུ་ལ་འཁྲིལ་བའི་ཚུལ་གྱིས་བཞུགས་སོ། །དེ་ནས་དེ་དག་གི་འཁོར་དཀར་མོའི་ཚོགས་དང་།རྐུན་མོའི་ཚོགས་དང་། རྨོངས་མོའི་ཚོགས་དང་། ཐལ་བྱེད་མའི་ཚོགས་དང་།སྦོས་མོའི་ཚོགས་དང་། གཏུམ་མོའི་ཚོགས་དང་། སྨེ་ཤ་ཅན་གྱི་ཚོགས་དང་།མཚོགས་མོའི་ཚོགས་རྣམས་ཀྱང་། འབར་བ་ཆེན་པོའི་འཁོར་ལོའི་རྩིབས་མཆན་ཤར་ཕྱོགས་ནས་འཁོར་བར་འཇིགས་པའི་གཟུགས་དང་རང་གི་ལག་ཆར་བཅས་ནས་འཁོད་དོ། །དེ་ནས་སེང་གདོང་ཆེན་མོའི་ཚོགས་དང་། སྟག་གདོང་ཆེན་མོའི་ཚོགས་དང་། ཝ་གདོང་ཆེན་མོའི་ཚོགས་དང་། ཁྱི་གདོང་


DNG010_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་མོའི་ཚོགས་དང་། བཞད་གདོང་ཆེན་མོའི་ཚོགས་དང་། ཀང་ཀའི་གདོང་ཆེན་མོའི་ཚོགས་དང་། དུར་བྱའི་གདོང་ཆེན་མོའི་ཚོགས་དང་། འུག་པའི་གདོང་ཆེན་མོའི་ཚོགས་རྣམས་འབར་བའི་འཁོར་ལོའི་ཕྱི་རོལ་ཤར་ཕྱོགས་ནས་འཁོར་བར་རྔམས་པའི་མདངས་ཀྱིས་འཁོད་དོ། །འབར་བའི་དཀྱིལ་འཁོར་གྱི་སྒོར། སྲིད་འགྲོ་མའི་ཚོགས་དང་། རྡོ་རྗེ་གདོང་མོའི་ཚོགས་དང་། རྡོ་རྗེ་འཇིག་རྟེན་མའི་ཚོགས་དང་། རྡོ་རྗེ་རོ་ལངས་མའི་ཚོགས་དང་། ཤིན་ཏུ་གཏུམ་མོ་འཇིགས་པའི་གཟུགས་ཀྱིས་གནས་སོ། །དེ་ནས་བཅོམ་ལྡན་འདས་དགེས་པ་ཆེན་པོའི་དཔལ་ཁྲག་འཐུང་ཆེན་པོ་དེ་དག་དབུ་དགུ་ཕྱག་བཅོ་བརྒྱད་ཞབས་བརྒྱད་དུ་གནས་སོ། །དེ་ནས་བཅོམ་ལྡན་འདས་རྔམས་པའི་སྐད་ཀྱིས། ཧཱུཾ་ཧཱུཾ་ཧཱུཾ། ཧ་ཧ་ཧ། ཁཱ་ཧི་ཁཱ་ཧི་ཁཱ་ཧི། ཞེས་བརྗོད་པས། གཏུམ་པོ་ཆེན་པོའི་ཚོགས་དེ་དག་གི་སྙིང་དང་དབང་པོ་ཀུན་ཕྱུང་། ནང་ཁྲོལ་ཀུན་དྲངས། ཡན་ལག་ཀུན་བཅད་གཏུབས་ཟ་ཞིང་། ཁྲག་ཀུན་འཐུངས་ནས་རུས་པ་ཀུན་འཆོས་སོ། །དེ་ནས་བཅོམ་ལྡན་འདས་དགེས་པ་ཆེན་པོ་དཔལ་ཁྲག་འཐུང་ཐུགས་རྗེ་ཆེན་པོ་བདུད་རྩི་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་འདི་དག་ཕྱུང་ངོ་། །ཨཱོཾ་བཛྲ་མ་ཧཱ་ཀྲོ་དྷ་ཨ་མྲྀ་ཏ་ཨཾ་ཨཾ་ཨཾ།ཞེས་བརྗོད་པས། དབང་ཕྱུག་ཆེན་པོ་ལ་སོགས་པ་ཐམས་ཅད་དེ་ནས་བཅོམ་ལྡན་འདས་ཁྲོ་བོ་ཆེན་པོ་དེ་དག་གི་སྣམ་ནས་འཐོན་ཏེ་དྲན་པ་རྙེད་ནས་ཁྲོ་བོའི་དཀྱིལ་འཁོར་ཆེན་པོའི་ཚོགས་དེ་དག་ཀྱང་། དབུ་དགུ་བརྒྱ་ཕྱག་སྟོང་བརྒྱད་བརྒྱ།ཞབས་བརྒྱད་བརྒྱ། སྐུ་འབར་བ་ཆེན་པོའི་དཀྱིལ་འཁོར་ན་བཞུགས་པར་མཐོང་ངོ་། །དེ་ནས་དེ་དག་ཤིན་ཏུ་འདར་ཞིང་དྲེད་པ་རབ་ཏུ་ཞུམས་པའི་སྨྲེ་སྔགས།འབངས་སུ་མཆི་འབངས་སུ་མཆི། འབངས་སུ་ནན་ཏན་མ་བགྱིས་ན། །མགོ་དང་ལུས་ནི་བརྒྱར་འགས་ཤིང་། །སྙིང་ཡང་འགས་ཤིང་གཏུབ་གྱུར་ཅིག །རུལ་མྱགས་ཚིག་ནས་བརླག་པ་དང་། །དམྱལ་བར་ལྷུང་ནས་འབོད་པར་ཤོག །ཅེས་འབངས་སུ་མཆི་བར་མནའ་བོར་ནས། དཀྱིལ་འཁོར་གྱི་གདན་དུ་བཞག་གོ། །ཐམས་ཅད་


DNG010_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་མགྲིན་གཅིག་ཏུ་ཡང་སྨྲས་པ། བདག་ཅག་རྣམས་ཀྱི་མཆིས་བྲང་དང་། །མ་དང་སྲིང་མོ་བུ་མོ་རྣམས། །དཀྱིལ་འཁོར་ཆེན་པོར་བཞེས་སུ་གསོལ། །དཔའ་བོ་ལྷ་རྗེས་བཞེས་སུ་གསོལ། །བདག་ཅག་སོ་སོར་འཁོར་བཅས་ཀྱིས། །ཚོགས་ཀྱི་དཀྱིལ་འཁོར་ཆེན་པོ་འདི། །མིང་ཙམ་འཛིན་པར་བྱེད་པ་ཡང་། །གཙུག་གི་ནོར་བུ་འབར་བ་ལྟར། །གཡོ་སྒྱུ་མེད་ཅིང་གུས་ལྡན་པའི། །སེམས་ཀྱིས་བླངས་ཏེ་སྤྱི་བོ་ཡི། །གཙུག་ཏུ་བཞག་སྟེ་བཀུར་བར་བགྱི། །དེ་ཡི་དགོས་པ་ཅི་ཡང་རུང་། །མ་ལུས་རྫོགས་པར་བདག་ཅག་བསྒྲུབ། །གལ་ཏེ་དཔའ་བོའི་སྤྱན་སྔ་འདིས། །སྨྲས་པ་བཞིན་དུ་མ་བསྒྲུབས་ན། །བདག་ཅག་རྣམས་ཀྱི་མགོ་ལུས་སྙིང་། །བཀས་གཏུབས་དུམ་བུར་རུལ་བར་མཆི། །ཞེས་སྨྲས་སོ། །དེ་ནས་དེ་དག་གི་ཆུང་མའི་ཚོགས་དང་། མ་དང་སྲིང་མོ་དང་བུ་མོ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་སྨྲས་པ། བདག་ཅག་འཁོར་ཚོགས་ཐམས་ཅད་ཀུན། །དཔའ་བོ་ཆེན་པོའི་འབངས་སུ་མཆི། །དཔའ་བོ་ཆེན་པོས་བདག་ཅག་རྣམས། །ལས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ཞེས་སྨྲས་སོ། །དེ་ནས་བཅོམ་ལྡན་འདས་དགེས་པ་ཆེན་པོས་ལག་ཏུ་རྡོ་རྗེ་བྱིན་ནས་མིང་གི་དབང་བསྐུར་ཏེ། དཀྱིལ་འཁོར་གྱི་ཕྱི་རིམ་དུ་བཀོད་དོ། །སྒྱུ་འཕྲུལ་དྲ་བའི་ལེའུ་སྟོང་ཕྲག་བརྒྱད་པ་ལས།གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་ལེའུ། ཁྲོ་བོ་རང་བཞིན་གྱི་དཀྱིལ་འཁོར་སྤྲིན་རྣམ་པར་སྤྲོས་པ་སྟེ་ལེའུ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས། དཀྱིལ་འཁོར་གྱི་ཚོགས་ཆེན་པོ་འདི་དག་དམ་ཚིག་གིས་འགྲུབ་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་ཁྲག་འཐུང་ཆེན་པོ་བཙུན་མོ་དང་བཅས་པའི་ཚོགས་དེ་དག་གི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཡེ་ཤེས་རྔམས་པ་ལས། གསུང་གི་དཀྱིལ་འཁོར་འདི་དག་ཕྱུང་ངོ་། །ཨཱོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚཱན་ཏ་ཀ་ཧ་ན་ད་ཧ་པ་ཙ། ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨཱོཾ་བཛྲ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚཱན་ཏ་ཀ་ཧ་ན་ད་


DNG010_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨཱོཾ་རཏྣ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚཱན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨཱོཾ་པདྨ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚཱན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨཱོཾ་ཀརྨ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚཱན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨཱོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་སརྦ་དུཥྚཱ་ན་ཧཱུཾ་ཕཊ། ཨཱོཾ་མ་ཧཱ་བཛྲ་དྷ་ར་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཛྭ་ལ་ནི་ཧཱུཾ་ཕཊ། ཨོཾ་མ་ཧཱ་སཱུརྱ་རཏྣ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་བི་ད་མ་ཧཱུཾ་ཕཊ། ཨཱོཾ་ཧྲི་ཤྲུ་ཏ་ས་མ་ཏ་པདྨ་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཁཱ་ཧི་ཧཱུཾ་ཕཊ། ཨོཾ་སརྦ་ཨ་མོ་གྷ་མ་ཧཱ་ཀྲོ་དྷི་ཤྭ་རཱི་བི་ཤྭ་ཧཱུཾ་ཕཊ། བཛྲ་གཽ་རཱི་ཧ། བཛྲ་ཙོ་རཱི་ཧ།བཛྲ་པྲ་མོ་ཧེ་ཧ། བཛྲ་བེ་ཏཱ་ལཱི་ཧ། བཛྲ་ཙནྡ་ལཱི་ཧ། བཛྲ་པུཀྐ་སཱི་ཧ། བཛྲ་གྷ་སཱ་རཱི་ཧ། བཛྲ་སྨ་ཤ་ནཱི་ཧ། བཛྲ་སིང་ཧ་མུ་ཁཱ་ཧེ། བཛྲ་བྱཱ་གྷྲི་མུ་ཁཱ་ཧེ།བཛྲ་སྲྀངྒ་ལ་མུ་ཁཱ་ཧེ། བཛྲ་ཤྭ་ན་མུ་ཁཱ་ཧེ། བཛྲ་གྲྀ་ཌྷ་མུ་ཁཱ་ཧེ། བཛྲ་ཀཾ་ཀ་མུ་ཁཱ་ཧེ། བཛྲ་ཀཱ་ཀ་མུ་ཁཱ་ཧེ། བཛྲ་ཨུ་ལཱུ་ཀ་མུ་ཁཱ་ཧེ། བཛྲ་ཨཱརྱ་ཏེ་ཛ་ཏེ་ང་ཛ།བཛྲ་ཨ་མུ་ཁེ་ཧཱུཾ། བཛྲ་ལོ་ཀ་བཾ། བཛྲ་བྷསྨི་པ་ལ་ཡ་བ་ཏུ་ཧོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། རུ་ལུ་རུ་ལུ་རུ་ལུ་ཧཱུཾ། ཨེ་ཧྱེ་ཧི་ཨཱ་ན་ཡ་ཛཿཧཱུཾ་བཾ་ཧོཿ། རཾ། ཨ་ལི་ཨུ་ལི་ཏཱ་ལི་ཏཱ་པ་ལི། དཾཥྚ་ཀོ་ན་རཽ་དྲི། ཁཾ་རཾ་ཡོ་གི་ནཱི། ཁཱ་ཧི་ཧོ། ཧཱུཾ་ཧ་ཧེ་ཕཊ། ཞེས་བརྗོད་པས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་ཚིག །རབ་ཏུ་ཚིག །ཀུན་ཏུ་ཚིག་གོ། །འབར་རབ་ཏུ་འབར། ཀུན་ཏུ་འབར་རོ། །ཐམས་ཅད་དུ་འབར་བའི་དཀྱིལ་འཁོར་གྱི་ཚོགས་ཀྱིས་གང་། རབ་ཏུ་གང་། ཀུན་ཏུ་གང་བར་གྱུར་ཏོ། །)གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། ཁྲོ་བོའི་ཚོགས་ཆེན་པོའི་གསུང་གི་དཀྱིལ་འཁོར་སྤྲོས་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས། དེ་དག་གི་དཀྱིལ་འཁོར་བཤད་པའི་ཕྱིར། ཆེད་དུ་བརྗོད་པ་འདི་བརྗོད་དོ། །འབར་བའི་འཁོར་ལོ་རྩིབས་བཞི་པ། །གྲུ་ཆད་བཞི་ཡིས་རྣམ་པར་བརྒྱན། །གྲུ་བཞི་སྒོ་ཁྱུད་བཞི་དང་ལྡན། །འབར་བའི་བར་ཁྱམས་གཉིས་ཀྱིས་མཛེས། །ཐོད་སྦྲུལ་ལ་སོགས་ཉི་མས་


DNG010_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

བརྗིད། །འབར་བའི་ཕྲེང་བ་མང་པོ་འཁྲུགས། །ཁྱུ་མཆོག་མ་ཧེ་གཟིག་དང་སྟག །གཏུམ་པ་དོམ་གྱི་སྤར་བས་ནི། །དབང་ཕྱུག་ལྷ་ཆེན་ལ་སོགས་བཟུང་། །སྨུག་ནག་སྔོ་ནག་སེར་ནག་དང་། །དམར་ནག་ལྗང་ནག་འཇིགས་པའི་སྐུ། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །ཀོ་རློན་གོས་ནི་སྣ་ཚོགས་གྱོན། །རྔམས་པའི་སྒྲ་ཆེན་འཇིགས་པར་སྒྲོགས། །སྦྲུལ་དང་ཐོད་ཕྲེང་ཉི་ཟླའི་ཆས། །སྟོང་གི་འཇིག་རྟེན་འཁོར་ཡུག་བཅས། །རྡོ་རྗེ་དུང་ཆེན་གང་བ་དང་། །རལ་གྲི་དགྲ་སྟྭ་གཤོལ་ལ་སོགས། །རང་གི་ལག་ཆ་སྣ་ཚོགས་དང་། །བཙུན་མོ་འཇིགས་པའི་ཚོགས་དང་འཁྲིལ། །གནས་དང་ཡུལ་གྱི་ཕྱག་རྒྱ་དང་། །སྒོ་བཞིའི་ཕྱག་རྒྱས་རབ་མཛེས་ཤིང་། །སླས་དང་བྱི་མོ་བྲན་མོའི་ཚོགས། །བཅུ་གཉིས་དང་ནི་བརྒྱད་ཀྱིས་མཛེས། །རང་གི་སྟན་དང་ལག་ཆ་དང་། །ཅི་བགྱི་ཞེས་ནི་ཆས་ཏེ་གནས། །ཞེས་བརྗོད་པས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་དུ་འབར་བའི་དཀྱིལ་འཁོར་ཀུན་ཏུ་གསལ་བར་གྱུར་ཏོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། ཁྲོ་བོའི་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས། མཉེས་པའི་མཆོད་པ་ཆེན་པོ་འདི་ཆེད་དུ་བརྗོད་དོ། །དེ་ལ་མཆོད་སྦྱིན་དམ་པ་ནི། །ཐོག་མར་བདག་ཉིད་རྟོགས་གོམས་བསྒྲལ། །དེ་ནས་གཉིས་མེད་བློ་ཡིས་ནི། །བློ་ངན་འཇིག་རྟེན་སྙིང་རེ་རྗེ། །གཉིས་སུ་མེད་པར་བསྒྲལ་བར་བྱའོ། །འཁྲིལ་བའི་མཆོད་ཆེན་མཉམ་སྦྱོར་བས། །བདག་ཉིད་མཉེས་པས་མཉེས་པར་བྱེད། །མཉམ་པའི་སྒྲུབ་རྫས་ཆེན་པོ་དག །བདག་དང་མཉམ་པའི་ཚོགས་ལ་དབུལ། །བཟའ་དང་བཅའ་དང་བཏུང་དང་བགོ། །ལོངས་སྤྱོད་ལྔ་ལྡན་ཐམས་ཅད་ནི། །དཀྱིལ་འཁོར་ལ་ནི་དཀྱིལ་འཁོར་ཐིམ། །ཕྱོགས་བཅུ་དུས་བཞིར་གཤེགས་པ་ཡིས། །བདེ་གཤེགས་ཡོན་ཏན་རྨད་པོ་ཆེ། །གཞན་ནས་ཡོད་འོངས་མ་ཡིན་ཏེ། །ལྷ་སྲིན་ལ་སོགས་སྨོས་ཅི་དགོས། །རྣལ་འབྱོར་ལས་སུ་རུང་རྣམས་ཀྱིས། །ཕྱག་རྒྱ་ཆེན་པོ་རྫོགས་


DNG010_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཞིང་། །གསལ་ལ་ཡིད་གཉིས་མེད་པ་ན། །དཀྱིལ་འཁོར་ཆེན་པོར་འབར་བར་འགྱུར། །ཞེས་བརྗོད་པས། མཉེས་པ་ཆེན་པོས་འཇིག་རྟེན་དྲུག་གི་ཕྱོགས་བཅུར་ཐམས་ཅད་ཁྱབ་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་དོན་ཡོད་པར་བྱ་བའི་ཕྱིར། དམ་ཚིག་འདི་ཆེད་དུ་བརྗོད་དོ། །བསྲུང་ཞིང་བསྒྲུབ་པའི་དམ་ཚིག་ལྔ། །རྩ་བ་ཡིན་ཏེ་རིགས་མེད་འགྱུར། །མི་སྤང་མི་དོར་ལྔ་གཉིས་ནི། །ཡན་ལག་དམ་ཚིག་འདའ་དཀའོ། །མཉམ་པ་མཉམ་པར་སྦྱོར་བ་ཡི། །མཉམ་པའི་དམ་ཚིག་ལ་གནས་ན། །མཉམ་རྫོགས་ཆེན་པོ་ཐོབ་འགྱུར་བས། །འདས་ན་སངས་རྒྱས་མ་ཡིན་ནོ། །རྩ་བ་ཉམས་པའི་ཕྱལ་བ་དག །གསོ་ལ་ཉེ་བར་མི་བརྩོན་དང་། །སྐད་ཅིག་ཡུད་ཙམ་སྨྲ་མི་བྱེད། །ཉམས་གྱུར་ཉེས་པ་བརྗོད་མི་ལངས། །རྩ་བའི་དམ་ཚིག་ཉམས་གྱུར་ན། །བསྒྲུབ་པ་ཐམས་ཅད་ལོག་པར་འགྱུར། །ཡིད་དུ་མི་འོང་སྣ་ཚོགས་པའི། །འབྲས་བུ་མི་འདོད་བཞིན་དུ་འདུ། །ཡན་ལག་དམ་ཚིག་ཉམས་གྱུར་ན། །འབྲས་བུ་མེད་ཅིང་ངན་སོང་ལྟུང་། །དམ་ཚིག་རྣམས་ནི་རྡོ་རྗེ་ཆེ། །སངས་རྒྱས་ཀུན་གྱི་བདག་ཉིད་ཡིན། །རྩ་བའི་དམ་ཚིག་ལྔ་ལ་ནི། །གཅིག་ལའང་གཉིས་དང་བཅུ་ཕྲག་གསུམ། །ཡན་ལག་དམ་ཚིག་ལྔ་གཉིས་ལ། །གཅིག་ལའང་བཅུ་ཕྲག་གཉིས་སུ་དབྱེ། །དམ་ཚིག་འདི་ནི་རྨད་པོ་ཆེ། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན། །སྲིད་གསུམ་འགྲོ་བ་ཇི་སྙེད་པ། །རྟོགས་འདུལ་དམ་ཚིག་དེ་སྙེད་འཕྲོ། །ཞེས་བརྗོད་པས་དེ་བཞིན་གཤེགས་པ་ཉིད་ལ་དེ་བཞིན་གཤེགས་པ་ཉིད་སྦྱོང་བར་གྱུར་རོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། མཆོད་སྦྱིན་དང་དམ་ཚིག་གི་ལེའུ་སྟེ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་ལྷུན་གྱིས་གྲུབ་པ་དམ་ཚིག་བྱིན་གྱིས་རློབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་མཆོག །འབར་བ་གཏུམ་ཆེན་རྔམས་པ་ལ། །ཁྲོས་པའི་ཡིད་ཀྱིས་མཆོད་སྦྱིན་བྱ། །སངས་རྒྱས་བསོད་ནམས་སྐུ་ཡང་འཇིག །བདུད་རྩི་


DNG010_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ལྔའམ་ཟས་ལྔ་ལ། །མཚན་མ་མིང་དུ་བཅས་པར་བྱ། །བཀུག་ནས་རྡོ་རྗེ་ཕུར་པས་གདབ། །རྡུལ་དུ་བྱས་ལ་ཚོགས་ལ་བསྟབ། །ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་མཆོག །ལུ་གུ་རྒྱུད་དུ་སྦྲེལ་བསྡམས་ནས། །བཅིངས་འགྱུར་བསྐྱོད་ནས་ཕྱོགས་བཅུར་གཡོ། །མྱོས་ནས་གས་ཏེ་འཚིག་པར་འགྱུར། །བཾ་གྱི་ཚོགས་ཀྱི་དཀྱིལ་འཁོར་མཆོག །འབར་བ་གཟི་བརྗིད་ལྷུན་ཆེན་ལ། །ཆགས་པའི་ཡིད་ཀྱིས་མཆོད་སྦྱིན་བྱ། །རྡོ་རྗེ་གསུང་ཡང་དབང་དུ་འགྱུར། །བདུད་རྩི་ལྔའམ་ཟས་ལྔ་ལ། །མཚན་མ་མིང་དུ་བཅས་པར་བྱ། །རྡོ་རྗེ་ཆགས་པའི་ཕུར་པས་གདབ། །ཆགས་པའི་ཚོགས་ལ་ཐིམ་པར་བསྟབ། །བཾ་གྱི་ཚོགས་ཀྱི་དཀྱིལ་འཁོར་དུ། །ལུ་གུ་རྒྱུད་དུ་སྦྲེལ་ནས་བསྡམས། །འགུགས་འགྱུར་རྡོ་རྗེའང་ཕྱི་བཞིན་འབྲང་། །ཅི་འདོད་དེ་བཞིན་འོང་བར་འགྱུར། །མ་ཡི་ཚོགས་ཀྱི་དཀྱིལ་འཁོར་མཆོག །འབར་བ་འདུ་འཕྲོ་གཟི་ཆེན་ལ། །དགའ་བའི་ཡིད་ཀྱིས་མཆོད་སྤྲིན་བྱ། །ཡོན་ཏན་ནམ་མཁའི་མཐའ་དང་མཉམ། །བདུད་རྩི་ལྔའམ་ཟས་ལྔ་ལ། །མཚན་མ་མིང་དུ་བཅས་པ་བྱ། །ཡོན་ཏན་ཡིད་བཞིན་གཏེར་དུ་བརྟག །ང་རྒྱལ་དགའ་སྤྲོ་ཕུར་པས་གདབ། །རྡོ་རྗེ་གཟི་བརྗིད་འཕེལ་བར་བསྟབ། །མ་ཡི་ཚོགས་ཀྱི་འཀྱིལ་འཁོར་དུ། །ལུ་གུ་རྒྱུད་དུ་སྦྲེལ་བསྡམས་བསྐྱོད། །གཟི་བརྗིད་འབར་བའི་འཕྲུལ་ཆེན་སྤྲོ། །ཡིད་བཞིན་ནམ་མཁའ་གང་བར་འགྱུར། །ཡཱ་ཡི་ཚོགས་ཀྱི་དཀྱིལ་འཁོར་མཆོག །གསལ་བའི་གཟི་བརྗིད་འཚེར་བ་ལ། །དང་བའི་ཡིད་ཀྱིས་མཆོད་སྦྱིན་བྱ། །གཏུམ་ཆེན་རྔམ་པའང་ལྷན་ནེར་འགྱུར། །བདུད་རྩི་ལྔའམ་ཟས་ལྔ་ལ། །གཏུམ་རྔམས་འཁྲུག་པའི་ངོ་བོར་བརྟག །ལྷན་ནེར་གསལ་བའི་ཕུར་པས་གདབ། །འབར་བ་ལྷན་ནེའི་ཚོགས་ལ་བསྟབ། །ཡཱ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ། །ལུ་གུ་རྒྱུད་དུ་སྦྲེལ་བསྡམས་ནས། །འབར་བ་ལྷན་ནེའི་བྱིན་གྱིས་ཁྱབ། །ཐམས་ཅད་གཡོ་བ་མེད་པར་བྱེད། །སླས་དང་བྱི་མོ་བྲན་མོའི་ཚོགས། །ལྷག་མའི་མཆོད་སྦྱིན་འདོད་པ་སྦྱིན། །རང་གི་དམ་ཚིག་རབ་བསྒྲགས་ནས། །གང་འདོད་ལས་དེ་བྱེད་པར་བསྒོ། །ཁྲག་


DNG010_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

འཐུང་ཆེན་པོ་ལ་སོགས་པའི། །བྲོ་གར་གླུ་ཚིག་ཆེན་པོས་ནི། །ཐམས་ཅད་ཐམས་ཅད་ཅི་འདོད་པར། །ཐམས་ཅད་ཐམས་ཅད་བྱེད་པར་འགྱུར། །མཛོད་ལྡན་ཆེན་མོ་ལ་སོགས་པའི། །བྲོ་གར་གླུ་ཚིག་ཆེན་མོས་ནི། །འདུ་བར་འདོད་ན་འདུ་བར་བྱེད། །འཕེལ་བར་འདོད་ན་འཕེལ་བར་བྱེད། །སྦོས་མོ་ཆེན་མོ་ལ་སོགས་པའི། །བྲོ་གར་གླུ་ཚིག་ཆེན་མོས་ནི། །ལྷན་ནེར་འདོད་ན་ལྷན་ནེར་བྱེད། །རྨུགས་པར་འདོད་ན་རྨུགས་པར་བྱེད། །སེང་གདོང་ཆེན་མོ་ལ་སོགས་པའི། །བྲོ་གར་གླུ་ཚིག་ཆེན་མོས་ནི། །ཐམས་ཅད་ཀུན་ལ་ཟ་བར་བྱེད། །རྡུལ་ཆ་ཙམ་ཡང་མེད་པར་བྱེད། །བཞད་གདོང་ཆེན་མོ་ལ་སོགས་པའི། །བྲོ་གར་གླུ་ཚིག་ཆེན་མོས་ནི། །ཐམས་ཅད་ཀུན་ཡང་འབྱིན་པར་བྱེད། །ཀུན་ལ་རབ་ཏུ་ཉམས་པར་བྱེད། །སླས་དང་བྱི་མོ་ལ་སོགས་པའི། །བྲོ་གར་གླུ་ཚིག་ཆེན་མོས་ནི། །རྦད་ཅིང་གཏོང་བར་བྱེད་པ་སྟེ། །ཐམས་ཅད་ཐམས་ཅད་བྱེད་པ་ཡིན། །དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས། ཚོགས་ཀྱི་དཀྱིལ་འཁོར་གྱིས་ཤིན་ཏུ་རྔམས་པའི་གདངས་ཀྱིས་གླུ་འདི་བླངས་སོ། །ཧཱུཾ་གཏུམ་ཆེན་དུས་མཐའི་མེ་ལྟར་འབར། །འོད་ཟེར་ཉི་མ་འབུམ་གྱི་གཟི། །ཁྲོ་གཉེར་གློག་སྟོང་འཁྱུག་པ་བཞིན། །མཆེ་བ་ཟང་ཡག་ཟ་བྱེད་ཆེ་ཧོ། །ཧཱུཾ་རྔམས་པའི་ང་རོ་འབྲུག་སྟོང་ལྡིར། །གཏུམ་ཆེན་རི་རབ་འབུམ་སྙིལ་སྐད། །ཨ་ལ་ཧ་ལའི་གད་རྒྱངས་ཆེ། །སྤྱུགས་པའི་འཐོར་རླུང་གཡེང་བ་ཆེ་ཧོ། །ཧཱུཾ་ཁྲོ་བོ་ཤེས་རབ་འོད་པོ་ཆེ། །ཡེ་ཤེས་དཀྱིལ་འཁོར་ཀུན་ཏུ་གསལ། །འབར་བའི་ཡེ་ཤེས་ཀུན་ཏུ་འཇོམས། །སྣ་ཚོགས་ཡེ་ཤེས་ཐིག་ལེ་ཆེ་ཧོ། །ཧཱུཾ་ཁྲོ་བོའི་རྒྱལ་པོ་སྤྲིན་ཆེན་པོ། །ཁྲོས་པའི་དཀྱིལ་འཁོར་ཆར་ཆེན་འབེབས། །དཀྱིལ་འཁོར་ཡིད་བཞིན་འབྱུང་བའི་ཚོགས། །སྣ་ཚོགས་ཁྲོས་པའི་ཐིག་ལེ་ཆེ་ཧོ། །ཧཱུཾ་བདུད་ཀུན་གྱི་ནི་བདུད་ཆེན་པོ། །བདུད་ཀྱི་བདུད་དེ་དཔུང་རྣམས་འཇོམས། །འཇིགས་པའི་ཚོགས་ཀྱང་འཇོམས་པར་བྱེད། །འཇིགས་བྱེད་ཆེན་པོ་ཐིག་ལེ་ཆེ་ཧོ། །ཧཱུཾ་རྡོ་རྗེ་བྲག་ཆེན་སྲ་བ་པོ། །རྡོ་རྗེ་ཆུ་བོ་སྡུད་ཆེན་པོ། །རྡོ་རྗེ་མེ་སྟེ་ཀུན་འབར་ཆེ། །རྡོ་རྗེ་རླུང་སྟེ་འཐོར་རླུང་ཆེའོ། །ཞེས་ཆེད་དུ་གླུ་བླངས་སོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། ཁྲོ་བོའི་དཀྱིལ་འཁོར་
མཉེས་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས། དེ་བཞིན་གཤེགས་པ་ཉིད་ལ་གསང་སྔགས་ཀྱི་རྒྱལ་པོ་བརྟན་པར་བཟུང་བའི་ཕྱིར། ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཀྱེ་ཀྱེ། ཕྱོགས་བཅུ་དུས་བཞིའི་རང་བཞིན་འདི། །དེ་བཞིན་གཤེགས་པའི་ངོ་བོ་ཉིད། །གཟུང་འཛིན་སྤྲོས་ལ་འཆེལ་བ་ཡི། །རྣམ་རྟོག་ཞགས་པས་སོ་སོར་འཛིན། །ས་རྣམས་ཁྱད་པར་བཀོད་པ་ཡང་། །གསང་བའི་སྙིང་པོར་འགྲོ་བའི་ལམ། །ཡེ་ཤེས་ངོ་མཚར་རབ་འབྱམས་ཀྱིས། །དོན་དུ་མི་འགྱུར་ཡོངས་མ་གསུངས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །རང་བཞིན་གསང་བའི་སྙིང་པོ་འདི། །རྟོགས་ནས་སྨྲ་བར་གང་བྱེད་པ། །དེ་ཉིད་ང་ཡིན་དབང་ཡང་རྫོགས། །དེ་བཞིན་གཤེགས་པ་ཐམས་ཅད་ལ། །གསང་བ་འདི་ལས་གཞན་མི་མངའ། །སྒྲོ་དང་སྐུར་པ་ཞི་བ་ཡི། །གསང་བའི་སྙིང་པོ་དེ་ཁོ་ན། །ཉིད་དེ་ངེས་པའི་དབྱིངས་ནས་ཕྱུང་། །དེ་ཉིད་ངེས་པར་ལུང་བསྟན་ཏེ། །སྲས་ནི་ཐུགས་ལས་བསྐྱེད་པ་ཡིན། །ས་རབ་རིག་པ་འཛིན་ལ་གནས། །ཞེས་བརྗོད་པས། དེ་བཞིན་གཤེགས་པ་ཐམས་ཅད་དབྱེར་མེད་པར་དགྱེས་ནས་དུས་བཞི་མཉམ་པ་ཉིད་ཀྱི་དབྱིངས། སྐུ་གསུང་ཐུགས་ལྷུན་སྟུག་པོ་བཀོད་པའི་རྒྱན་ཉིད་དུ་བཞུགས་སོ། །འཕགས་པ་རྟོག་པའི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་ལེའུ་སྟོང་ཕྲག་བརྒྱ་པ་ལས། མཚན་ཉིད་དང་རྒྱུད་ཐམས་ཅད་ཀྱི་ལུང་གི་སྤྱི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། རྒྱུད་གཏད་པའི་ལེའུ་སྟེ་བརྒྱད་པའོ།། །།

འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ།


DNG010_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་ནཱ་མ་སངྒཱི་ཏི། བོད་སྐད་དུ།འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །གདུལ་དཀའ་འདུལ་བ་རྣམས་ཀྱི་མཆོག །དཔའ་བོ་འཇིག་རྟེན་གསུམ་ལས་རྒྱལ། །རྡོ་རྗེ་དབང་ཕྱུག་གསང་བའི་


DNG010_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ། །པདྨ་དཀར་པོ་རྒྱས་འདྲའི་སྤྱན། །པདྨ་རྒྱས་པའི་གདན་ལ་བཞུགས། །རང་གི་ལག་གིས་རྡོ་རྗེ་མཆོག །ཡང་དང་ཡང་དུ་གསོར་བྱེད་པ། །ཁྲོ་གཉེར་རིམ་པར་ལྡན་ལ་སོགས། །ལག་ན་རྡོ་རྗེ་མཐའ་ཡས་པ། །དཔའ་བོ་གདུལ་དཀའ་འདུལ་བ་བོ། །འཇིགས་སུ་རུང་དང་དཔའ་བྱད་ཅན། །རྡོ་རྗེ་རྩེ་མོ་རབ་འཕྲོ་བ། །རང་གི་ལག་གིས་གསོར་བྱེད་པ། །སྙིང་རྗེ་ཆེ་དང་ཤེས་རབ་དང་། །ཐབས་ཀྱིས་འགྲོ་དོན་བྱེད་པའི་མཆོག །དགའ་མགུ་རངས་པའི་བསམ་པ་ཅན། །ཁྲོ་བོའི་ལུས་ཀྱི་གཟུགས་ལྡན་པ། །སངས་རྒྱས་ཕྲིན་ལས་བྱེད་པའི་མགོན། །ལུས་བཏུད་རྣམས་དང་ལྷན་ཅིག་ཏུ། །དེ་བཞིན་གཤེགས་པ་བཅོམ་ལྡན་འདས། །རྫོགས་སངས་རྒྱས་ལ་ཕྱག་འཚལ་ནས། །ཐལ་མོ་སྦྱར་བ་བྱས་ནས་ནི། །སྤྱན་སྔར་འདུག་སྟེ་འདི་སྐད་གསོལ། །ཁྱབ་བདག་བདག་ལ་སྨན་པ་དང་། །བདག་དོན་བདག་ལ་ཐུགས་བརྩེའི་ཕྱིར། །སྒྱུ་འཕྲུལ་དྲ་བ་མངོན་རྫོགས་པའི། །བྱང་ཆུབ་ཅི་ནས་བདག་ཐོབ་མཛོད། །ཉོན་མོངས་པས་ནི་སེམས་དཀྲུགས་ཤིང་། །མི་ཤེས་འདམ་དུ་བྱིང་བ་ཡི། །སེམས་ཅན་ཀུན་ལ་སྨན་པ་དང་། །བླ་མེད་འབྲས་བུ་འཐོབ་བྱའི་ཕྱིར། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས། །འགྲོ་བའི་བླ་མ་སྟོན་པ་པོ། །དམ་ཚིག་ཆེན་པོ་དེ་ཉིད་མཁྱེན། །དབང་པོ་བསམ་པ་མཁྱེན་མཆོག་གིས། །བཅོམ་ལྡན་འདས་ཀྱི་ཡེ་ཤེས་སྐུ། །གཙུག་ཏོར་ཆེན་པོ་ཚིག་གི་བདག །ཡེ་ཤེས་སྐུ་སྟེ་རང་བྱུང་བ། །འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡི། །མིང་ནི་ཡང་དག་བརྗོད་པའི་མཆོག །དོན་ཟབ་དོན་ནི་རྒྱ་ཆེ་ཞིང་། །དོན་ཆེན་མཚུངས་མེད་རབ་ཞི་བ། །ཐོག་མ་བར་དང་མཐར་དགེ་བ། །འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས། །མ་འོངས་རྣམས་ཀྱང་གསུང་འགྱུར་ལ། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །ཡང་དང་ཡང་དུ་གསུང་བ་གང་། །རྒྱུད་ཆེན་སྒྱུ་འཕྲུལ་དྲ་བ་ལས། །རྡོ་རྗེ་འཆང་ཆེན་གསང་སྔགས་འཆང་། །དཔག་མེད་རྣམས་ཀྱིས་དགའ་བཞིན་དུ། །གླུར་བླངས་གང་ལགས་བཤད་དུ་གསོལ། །མགོན་པོ་


DNG010_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་སངས་རྒྱས་ཀུན་གྱི། །གསང་འཛིན་ཅི་ནས་བདག་འགྱུར་ཕྱིར། །ངེས་པར་འབྱུང་གི་བར་དུ་ནི། །བདག་གི་བསམ་པ་བརྟན་པོས་གཟུང་། །ཉོན་མོངས་མ་ལུས་བསལ་བ་དང་། །མི་ཤེས་མ་ལུས་སྤང་བའི་ཕྱིར། །བསམ་པའི་ཁྱད་པར་ཇི་བཞིན་དུ། །སེམས་ཅན་རྣམས་ལ་བཤད་པར་འཚལ། །གསང་དབང་ལག་ན་རྡོ་རྗེ་ཡིས། །དེ་བཞིན་གཤེགས་ལ་དེ་སྐད་དུ། །གསོལ་ནས་ཐལ་མོ་སྦྱར་བྱས་ཏེ། །ལུས་བཏུད་ནས་ནི་སྤྱན་སྔར་འདུག །དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ། །རྫོགས་པའི་སངས་རྒྱས་རྐང་གཉིས་མཆོག །ཉིད་ཀྱི་ཞལ་ནས་ལྗགས་བཟང་བ། །རིང་ཞིང་ཡངས་པ་བརྐྱང་མཛད་དེ། །འཇིག་རྟེན་གསུམ་པོ་སྣང་བྱེད་ཅིང་། །བདུད་བཞིའི་དགྲ་རྣམས་འདུལ་བྱེད་པ། །སེམས་ཅན་རྣམས་ཀྱི་ངན་སོང་གསུམ། །སྦྱོང་བར་བྱེད་པའི་འཛུམ་བསྟན་ནས། །ཚངས་པའི་གསུང་ནི་སྙན་པ་ཡིས། །འཇིག་རྟེན་གསུམ་པོ་ཀུན་བཀང་ནས། །ལག་ན་རྡོ་རྗེ་སྟོབས་པོ་ཆེ། །གསང་དབང་ལ་ནི་སླར་གསུངས་པ། །སྙིང་རྗེ་ཆེ་དང་ལྡན་གྱུར་པས། །འགྲོ་ལ་ཕན་པའི་དོན་དུ་ཁྱོད། །ཡེ་ཤེས་ལུས་ཅན་འཇམ་དཔལ་གྱི། །མིང་བརྗོད་པ་ནི་དོན་ཆེ་བ། །དག་པར་བྱེད་ཅིང་སྡིག་སེལ་བ། །ང་ལས་ཉན་པར་བརྩོན་པ་ནི། །ལེགས་སོ་དཔལ་ལྡན་རྡོ་རྗེ་འཆང་། །ལག་ན་རྡོ་རྗེ་ཁྱོད་ལེགས་སོ། །གསང་བའི་བདག་པོ་དེ་ཕྱིར་ངས། །ཁྱོད་ལ་ལེགས་པར་བསྟན་པར་བྱ། །ཁྱོད་ནི་རྩེ་གཅིག་ཡིད་ཀྱིས་ཉོན། །བཅོམ་ལྡན་དེ་ནི་ལེགས་ཞེས་གསོལ། །དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ། །གསང་སྔགས་རིགས་ཆེན་ཐམས་ཅད་དང་། །གསང་སྔགས་རིག་སྔགས་འཆང་བའི་རིགས། །རིགས་གསུམ་ལ་ནི་རྣམ་པར་གཟིགས། །འཇིག་རྟེན་འཇིག་རྟེན་འདས་པའི་རིགས། །འཇིག་རྟེན་སྣང་བྱེད་རིགས་ཆེན་དང་། །ཕྱག་རྒྱ་ཆེན་པོའི་རིགས་མཆོག་དང་། །རིགས་ཆེན་གཙུག་ཏོར་ཆེར་གཟིགས་ནས། །ཚིག་གི་བདག་པོས་ཚིགས་སུ་བཅད། །གསང་སྔགས་རྒྱལ་པོ་དྲུག་ལྡན་ཞིང་། །གཉིས་སུ་མེད་


DNG010_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

པར་འབྱུང་བ་དང་། །མི་སྐྱེའི་ཆོས་ཅན་འདི་གསུངས་པ། །ཨ་ཨཱ་ཨི་ཨཱིཾ་ཨུ་ཨཱུ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨཿསྠོ་ཏོ་ཧྲྀ་དི། ཛྙཱ་ན་མཱུརྟི་ར་ཧཾ་བུདྡྷོ། བུདྡྷཱ་ནཱཾ་ཏྲྱ་དྷྭ་བརྟྟི་ནཱཾ། ཨོཾ་བཛྲ་ཏཱིཀྵྞ་དུཿཁཙྪེ་ད། པྲཛྙཱ་ཛྙཱ་ན་མཱུརྟྟ་ཡེ། ཛྙཱ་ན་ཀཱ་ཡ་ཝཱ་གཱི་ཤྭ་ར། ཨ་ར་པ་ཙ་ནཱ་ཡ་ཏེ་ན་མཿ། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །རྫོགས་པའི་སངས་རྒྱས་ཨ་ལས་བྱུང་། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཡིན། །ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཚིག་ཀུན་རབ་ཏུ་གསལ་བར་བྱེད། །མཆོད་པ་ཆེན་པོ་འདོད་ཆགས་ཆེ། །སེམས་ཅན་ཐམས་ཅད་དགའ་བར་བྱེད། །མཆོད་པ་ཆེན་པོ་ཞེ་སྡང་ཆེ། །ཉོན་མོངས་ཀུན་གྱི་དགྲ་ཆེ་བ། །མཆོད་པ་ཆེན་པོ་གཏི་མུག་ཆེ། །གཏི་མུག་བློ་སྟེ་གཏི་མུག་སེལ། །མཆོད་པ་ཆེན་པོ་ཁྲོ་བ་ཆེ། །ཁྲོ་བ་ཆེན་པོ་དགྲ་ཆེ་བ། །མཆོད་པ་ཆེན་པོ་ཆགས་པ་ཆེ། །ཆགས་པ་ཐམས་ཅད་སེལ་བར་བྱེད། །འདོད་པ་ཆེན་པོ་བདེ་བ་ཆེ། །དགའ་བ་ཆེན་པོ་མགུ་བ་ཆེ། །གཟུགས་ཆེ་ལུས་ཀྱང་ཆེ་བ་སྟེ། །ཁ་དོག་ཆེ་ཞིང་ལུས་བོང་ཆེ། །མིང་ཡང་ཆེ་ཞིང་རྒྱ་ཆེ་བ། །དཀྱིལ་འཁོར་ཆེན་པོ་ཡངས་པ་ཡིན། །ཤེས་རབ་མཚོན་ཆེན་འཆང་བ་སྟེ། །ཉོན་མོངས་ཆེན་པོའི་ལྕགས་ཀྱུ་མཆོག །གྲགས་ཆེན་སྙན་གྲགས་ཆེན་པོ་སྟེ། །སྣང་བ་ཆེན་པོ་གསལ་བ་ཆེ། །མཁས་པ་སྒྱུ་འཕྲུལ་ཆེན་པོ་འཆང་། །སྒྱུ་འཕྲུལ་ཆེན་པོ་དོན་སྒྲུབ་པ། །སྒྱུ་འཕྲུལ་ཆེན་པོའི་དགའ་བས་དགའ། །སྒྱུ་འཕྲུལ་ཆེན་པོའི་མིག་འཕྲུལ་ཅན། །སྦྱིན་བདག་ཆེན་པོ་གཙོ་བོ་སྟེ། །ཚུལ་ཁྲིམས་ཆེན་པོ་འཆང་བའི་མཆོག །བཟོད་ཆེན་འཆང་བ་བརྟན་པ་པོ། །བརྩོན་འགྲུས་ཆེན་པོ་བརྟུལ་བ་ཡིན། །བསམ་གཏན་ཆེན་པོའི་ཏིང་འཛིན་གནས། །ཤེས་རབ་ཆེན་པོའི་ལུས་འཆང་བ། །སྟོབས་པོ་ཆེ་ལ་ཐབས་ཆེ་བ། །སྨོན་ལམ་ཡེ་ཤེས་རྒྱ་མཚོ་སྟེ། །བྱམས་ཆེན་རང་བཞིན་དཔག་ཏུ་མེད། །སྙིང་རྗེ་ཆེན་པོ་བློ་ཡི་མཆོག །ཤེས་རབ་ཆེན་པོ་བློ་ཆེན་ལྡན། །མཁས་པ་ཆེན་པོ་ཐབས་ཆེ་བ། །རྫུ་འཕྲུལ་ཆེན་པོ་སྟོབས་དང་ལྡན། །ཤུགས་ཆེན་མགྱོགས་པ་ཆེན་པོ་


DNG010_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། །རྫུ་འཕྲུལ་ཆེན་པོ་ཆེར་གྲགས་པ། །སྟོབས་ཆེན་ཕ་རོལ་གནོན་པ་པོ། །སྲིད་པའི་རི་བོ་ཆེན་པོ་འཇོམས། །མཁྲེགས་ཤིང་རྡོ་རྗེ་ཆེན་པོ་འཆང་། །དྲག་པོ་ཆེན་པོ་དྲག་ཤུལ་ཆེ། །འཇིགས་ཆེན་འཇིགས་པར་བྱེད་པ་པོ། །མགོན་པོ་རིག་མཆོག་ཆེན་པོ་སྟེ། །བླ་མ་གསང་སྔགས་ཆེ་བའི་མཆོག །ཐེག་པ་ཆེན་པོའི་ཚུལ་ལ་གནས། །ཐེག་པ་ཆེན་པོའི་ཚུལ་གྱི་མཆོག །སངས་རྒྱས་རྣམ་པར་སྣང་མཛད་ཆེ། །ཐུབ་པ་ཆེན་པོ་ཐུབ་ཆེན་ལྡན། །གསང་སྔགས་ཚུལ་ཆེན་ལས་བྱུང་བ། །གསང་སྔགས་ཚུལ་ཆེན་བདག་ཉིད་ཅན། །ཕ་རོལ་ཕྱིན་བཅུ་ཐོབ་པ་སྟེ། །ཕ་རོལ་ཕྱིན་པ་བཅུ་ལ་གནས། །ཕ་རོལ་ཕྱིན་བཅུ་དག་པ་སྟེ། །ཕ་རོལ་ཕྱིན་པ་བཅུ་ཡི་ཚུལ། །མགོན་པོ་ས་བཅུའི་དབང་ཕྱུག་སྟེ། །ས་བཅུ་ལ་ནི་གནས་པ་པོ། །ཤེས་བཅུ་རྣམ་དག་བདག་ཉིད་ཅན། །ཤེས་བཅུ་རྣམ་དག་འཆང་བ་པོ། །རྣམ་པ་བཅུ་པོ་དོན་བཅུའི་དོན། །ཐུབ་དབང་སྟོབས་བཅུ་ཁྱབ་པའི་བདག །ཀུན་གྱི་དོན་ནི་མ་ལུས་བྱེད། །རྣམ་བཅུ་དབང་ལྡན་ཆེ་བ་པོ། །ཐོག་མ་མེད་པ་སྤྲོས་མེད་བདག །དེ་བཞིན་ཉིད་བདག་དག་པའི་བདག །བདེན་པར་སྨྲ་ཞིང་ཚིག་མི་འགྱུར། །ཇི་སྐད་སྨྲས་པ་དེ་བཞིན་བྱེད། །གཉིས་སུ་མེད་དང་གཉིས་མེད་སྟོན། །ཡང་དག་མཐའ་ལ་རྣམ་པར་གནས། །བདག་མེད་སེང་གེའི་སྒྲ་དང་ལྡན། །མུ་སྟེགས་རི་དྭགས་ངན་འཇིགས་བྱེད། །ཀུན་ཏུ་འགྲོ་བའི་དོན་ཡོད་སྟོབས། །དེ་བཞིན་གཤེགས་པའི་ཡིད་ལྟར་མགྱོགས། །རྒྱལ་བ་དགྲ་རྒྱལ་རྣམ་པར་རྒྱལ། །འཁོར་ལོ་བསྒྱུར་བ་སྟོབས་པོ་ཆེ། །ཚོགས་ཀྱི་སློབ་དཔོན་ཚོགས་ཀྱི་མཆོག །ཚོགས་རྗེ་ཚོགས་བདག་དབང་དང་ལྡན། །མཐུ་ཆེན་གཅེས་པར་འཛིན་པ་སྟེ། །ཚུལ་ཆེན་གཞན་གྱི་དྲིང་མི་འཇོག །ཚིག་རྗེ་ཚིག་བདག་སྨྲ་མཁས་པ། །ཚིག་ལ་དབང་བ་ཚིག་མཐའ་ཡས། །ཚིག་བདེན་པ་དང་བདེན་པར་སྨྲ། །བདེན་པ་བཞི་ནི་སྟོན་པ་པོ། །ཕྱིར་མི་ལྡོག་པ་ཕྱིར་མི་འོང་། །འདྲེན་པར་རང་རྒྱལ་བསེ་རུའི་ཚུལ། །ངེས་འབྱུང་སྣ་ཚོགས་ལས་


DNG010_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བ། །འབྱུང་བ་ཆེན་པོ་རྒྱུ་གཅིག་པོ། །དགེ་སློང་དགྲ་བཅོམ་ཟག་པ་ཟད། །འདོད་ཆགས་བྲལ་བས་དབང་པོ་ཐུལ། །བདེ་བ་རྙེད་པས་འཇིགས་མེད་ཐོབ། །བསིལ་བར་གྱུར་པས་རྙོག་པ་མེད། །རིག་པ་དང་ནི་རྐང་པར་ལྡན། །བདེ་གཤེགས་འཇིག་རྟེན་རིགས་པའི་མཆོག །བདག་གིར་མི་འཛིན་ངར་མི་འཛིན། །བདེན་པ་གཉིས་ཀྱི་ཚུལ་ལ་གནས། །འཁོར་བའི་ཕ་རོལ་མཐར་སོན་པ། །བྱ་བ་བྱས་པས་སྐམ་སར་གནས། །ཤེས་པ་འབའ་ཞིག་ངེས་གསལ་བ། །ཤེས་རབ་མཚོན་ཆས་རྣམ་འཇོམས་པ། །དམ་ཆོས་ཆོས་རྒྱལ་གསལ་བར་ལྡན། །འཇིག་རྟེན་སྣང་བར་བྱེད་པའི་མཆོག །ཆོས་ཀྱི་དབང་ཕྱུག་ཆོས་ཀྱི་རྒྱལ། །ལེགས་པའི་ལམ་ནི་སྟོན་པ་པོ། །དོན་གྲུབ་བསམ་པ་གྲུབ་པ་སྟེ། །ཀུན་ཏུ་རྟོག་པ་ཐམས་ཅད་སྤངས། །རྣམ་པར་མི་རྟོག་དབྱིངས་མི་ཟད། །ཆོས་དབྱིངས་དམ་པ་ཟད་མི་ཤེས། །བསོད་ནམས་ལྡན་པ་བསོད་ནམས་ཚོགས། །ཡེ་ཤེས་ཡེ་ཤེས་འབྱུང་གནས་ཆེ། །ཡེ་ཤེས་ལྡན་པ་ཡོད་མེད་ཤེས། །ཚོགས་གཉིས་ཚོགས་ནི་བསགས་པ་པོ། །རྟག་པ་ཀུན་རྒྱལ་རྣལ་འབྱོར་ཅན། །བསམ་གཏན་བསམ་བྱ་བློ་ལྡན་མཆོག །སོ་སོ་རང་རིག་མི་གཡོ་བ། །མཆོག་གི་དང་པོ་སྐུ་གསུམ་འཆང་། །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །སངས་རྒྱས་ལྔ་བདག་ཅོད་པན་ཅན། །སྤྱན་ལྔ་ཆགས་པ་མེད་པ་འཆང་། །སངས་རྒྱས་ཐམས་ཅད་སྐྱེད་པ་པོ། །སངས་རྒྱས་སྲས་པོ་དམ་པའི་མཆོག །ཤེས་པས་སྲིད་འབྱུང་སྐྱེ་གནས་མེད། །ཆོས་ལས་འབྱུང་བ་སྲིད་པ་སེལ། །གཅིག་པུ་སྲ་མཁྲེགས་རྡོ་རྗེའི་བདག །སྐྱེས་མ་ཐག་ཏུ་འགྲོ་བའི་བདག །ནམ་མཁའ་ལས་བྱུང་རང་བྱུང་བ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ། །འོད་ཆེན་རྣམ་པར་སྣང་བར་བྱེད། །ཡེ་ཤེས་སྣང་བ་ལམ་མེ་བ། །འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། །གཟི་བརྗིད་ཆེན་པོ་འོད་གསལ་བ། །སྔགས་མཆོག་མངའ་བདག་རིག་སྔགས་རྒྱལ། །གསང་སྔགས་རྒྱལ་པོ་དོན་ཆེན་བྱེད། །གཙུག་ཏོར་ཆེན་པོ་


DNG010_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

རྨད་བྱུང་གཙུག །ནམ་མཁའི་བདག་པོ་སྣ་ཚོགས་སྟོན། །སངས་རྒྱས་ཀུན་བདག་དངོས་པོ་མཆོག །འགྲོ་ཀུན་དགའ་བའི་མིག་དང་ལྡན། །སྣ་ཚོགས་གཟུགས་ཅན་སྐྱེད་པ་པོ། །མཆོད་ཅིང་བརྗེད་པ་དྲང་སྲོང་ཆེ། །རིགས་གསུམ་འཆང་བ་གསང་སྔགས་ཅན། །དམ་ཚིག་ཆེན་པོ་གསང་སྔགས་འཛིན། །གཙོ་བོ་དཀོན་མཆོག་གསུམ་འཛིན་པ། །ཐེག་པ་མཆོག་གསུམ་སྟོན་པ་པོ། །དོན་ཡོད་ཞགས་པ་རྣམ་པར་རྒྱལ། །འཛིན་པ་ཆེན་པོ་རྡོ་རྗེ་ཞགས། །རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེ། །རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །ཁྲོ་བོའི་རྒྱལ་པོ་གདོང་དྲུག་འཇིགས། །མིག་དྲུག་ལག་དྲུག་སྟོབས་དང་ལྡན། །ཀེང་རུས་མཆེ་བ་གཙིགས་པ་པོ། །ཧ་ལ་ཧ་ལ་གདོང་བརྒྱ་པ། །གཤིན་རྗེ་གཤེད་པོ་བགེགས་ཀྱི་རྒྱལ། །རྡོ་རྗེ་ཤུགས་ཅན་འཇིགས་བྱེད་པ། །རྡོ་རྗེ་གྲགས་པ་རྡོ་རྗེའི་སྙིང་། །སྒྱུ་འཕྲུལ་རྡོ་རྗེ་གསུས་པོ་ཆེ། །རྡོ་རྗེ་ལས་སྐྱེས་རྡོ་རྗེའི་བདག །རྡོ་རྗེའི་སྙིང་པོ་མཁའ་འདྲ་བ། །མི་གཡོ་རལ་བ་གཅིག་གིས་བསྒྱིངས། །གླང་ཆེན་ཀོ་རློན་གོས་སུ་གྱོན། །གྲགས་ཆེན་ཧཱ་ཧཱ་ཞེས་སྒྲོགས་པ། །ཧཱི་ཧཱི་ཞེས་སྒྲོགས་འཇིགས་པར་བྱེད། །གད་མོ་ཆེན་པོ་གད་རྒྱངས་ཅན། །རྡོ་རྗེ་གད་མོ་ཆེར་སྒྲོགས་པ། །རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །རྡོ་རྗེ་རྒྱལ་པོ་བདེ་བ་ཆེ། །རྡོ་རྗེ་དྲག་པོ་དགའ་བ་ཆེ། །རྡོ་རྗེ་ཧཱུཾ་སྟེ་ཧཱུཾ་ཞེས་སྒྲོགས། །མཚོན་དུ་རྡོ་རྗེའི་མདའ་ཐོགས་པ། །རྡོ་རྗེ་རལ་གྲིས་མ་ལུས་གཅོད། །རྡོ་རྗེ་ཀུན་འཆང་རྡོ་རྗེ་ཅན། །རྡོ་རྗེ་གཅིག་པུ་གཡུལ་སེལ་བ། །རྡོ་རྗེ་འབར་བ་མིག་མི་བཟད། །སྐྲ་ཡང་རྡོ་རྗེ་འབར་བ་སྟེ། །རྡོ་རྗེ་འབེབས་པ་འབེབས་པ་ཆེ། །མིག་བརྒྱ་པ་སྟེ་རྡོ་རྗེའི་མིག །ལུས་ནི་རྡོ་རྗེའི་བ་སྤུ་ཅན། །རྡོ་རྗེའི་སྤུ་ནི་གཅིག་པུའི་ལུས། །སེན་མོ་སྐྱེས་པ་རྡོ་རྗེའི་རྩེ། །རྡོ་རྗེའི་སྙིང་པོ་པགས་པ་མཁྲེགས། །རྡོ་རྗེ་ཕྲེང་ཐོགས་དཔལ་དང་ལྡན། །རྡོ་རྗེའི་རྒྱན་གྱིས་བརྒྱན་པ་སྟེ། །གད་རྒྱངས་ཧ་ཧ་ངེས་པར་སྒྲོགས། །ཡི་གེ་དྲུག་པ་རྡོ་རྗེའི་སྒྲ། །འཇམ་དབྱངས་ཆེན་པོའི་སྒྲ་ཆེ་བ། །འཇིག་རྟེན་གསུམ་ན་སྒྲ་གཅིག་པ། །ནམ་མཁའི་


DNG010_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ཀླས་སྒྲ་སྒྲོགས་པ། །སྒྲ་དང་ལྡན་པ་རྣམས་ཀྱི་མཆོག །ཡང་དག་བདག་མེད་དེ་བཞིན་ཉིད། །ཡང་དག་མཐའ་སྟེ་ཡི་གེ་མེད། །སྟོང་ཉིད་སྨྲ་བའི་ཁྱུ་མཆོག་སྟེ། །ཟབ་ཅིང་རྒྱ་ཆེའི་སྒྲ་སྒྲོགས་པ། །ཆོས་ཀྱི་དུང་སྟེ་སྒྲ་ཆེན་ལྡན། །ཆོས་ཀྱི་གཎྜི་སྒྲ་བོ་ཆེ། །མི་གནས་མྱ་ངན་འདས་པ་པོ། །ཕྱོགས་བཅུའི་ཆོས་ཀྱི་རྔ་བོ་ཆེ། །གཟུགས་མེད་གཟུགས་བཟང་དམ་པ་སྟེ། །སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས། །གཟུགས་རྣམས་ཐམས་ཅད་སྣང་བའི་དཔལ། །གཟུགས་བརྙན་མ་ལུས་འཆང་བ་པོ། །ཚུགས་པ་མེད་ཅིང་ཆེ་བར་གྲགས། །ཁམས་གསུམ་དབང་ཕྱུག་ཆེན་པོ་སྟེ། །འཕགས་ལམ་ཤིན་ཏུ་མཐོ་ལ་གནས། །དར་བ་ཆེན་པོ་ཆོས་ཀྱི་ཏོག །འཇིག་རྟེན་གསུམ་ན་གཞོན་ལུས་གཅིག །གནས་བརྟན་རྒན་པོ་སྐྱེ་དགུའི་བདག །སུམ་ཅུ་རྩ་གཉིས་མཚན་འཆང་བ། །སྡུག་གུ་འཇིག་རྟེན་གསུམ་ན་མཛེས། །འཇིག་རྟེན་ཤེས་ལེགས་སློབ་དཔོན་ཏེ། །འཇིག་རྟེན་སློབ་དཔོན་འཇིགས་པ་མེད། །མགོན་སྐྱོབ་འཇིག་རྟེན་ཡིད་གཅུགས་པ། །སྐྱབས་དང་སྐྱོབ་པ་བླ་ན་མེད། །ནམ་མཁའི་མཐའ་ལ་ལོངས་སྤྱོད་པ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་མཚོ། །མ་རིག་སྒོ་ངའི་སྦུབས་འབྱེད་པ། །སྲིད་པའི་དྲ་བ་འཇོམས་པ་པོ། །ཉོན་མོངས་མ་ལུས་ཞི་བྱེད་པ། །འཁོར་བའི་རྒྱ་མཚོ་ཕ་རོལ་ཕྱིན། །ཡེ་ཤེས་དབང་བསྐུར་ཅོད་པན་ཅན། །རྫོགས་པའི་སངས་རྒྱས་རྒྱན་དུ་ཐོགས། །སྡུག་བསྔལ་གསུམ་གྱི་སྡུག་བསྔལ་ཞི། །གསུམ་སེལ་མཐའ་ཡས་གྲོལ་གསུམ་ཐོབ། །སྒྲིབ་པ་ཀུན་ལས་ངེས་པར་གྲོལ། །མཁའ་ལྟར་མཉམ་པ་ཉིད་ལ་གནས། །ཉོན་མོངས་དྲི་མ་ཀུན་ལས་འདས། །དུས་གསུམ་དུས་མེད་རྟོགས་པ་པོ། །སེམས་ཅན་ཀུན་གྱི་ཀླུ་ཆེན་པོ། །ཡོན་ཏན་ཐོད་ཅན་རྣམས་ཀྱི་ཐོད། །ཉོན་མོངས་ཀུན་ལས་རྣམ་གྲོལ་བ། །ནམ་མཁའི་ལམ་ལ་རབ་གནས་པ། །ཡིད་བཞིན་ནོར་བུ་ཆེན་པོ་འཆང་། །ཁྱབ་བདག་རིན་ཆེན་ཀུན་གྱི་མཆོག །དཔག་བསམ་ཤིང་ཆེན་རྒྱས་པ་སྟེ། །བུམ་པ་བཟང་པོ་ཆེ་བའི་མཆོག །


DNG010_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་སེམས་ཅན་ཀུན་དོན་བྱེད། །ཕན་འདོད་སེམས་ཅན་མཉེས་གཤིན་པ། །བཟང་ངན་ཤེས་ཤིང་དུས་ཤེས་ལ། །ཁྱབ་བདག་དམ་ཤེས་དམ་ཚིག་ལྡན། །དུས་ཤེས་སེམས་ཅན་དབང་པོ་ཤེས། །རྣམ་གྲོལ་གསུམ་ལ་མཁས་པ་པོ། །ཡོན་ཏན་ལྡན་ཞིང་ཡོན་ཏན་ཤེས། །ཆོས་ཤེས་བཀྲ་ཤིས་བཀྲ་ཤིས་འབྱུང་། །བཀྲ་ཤིས་ཀུན་གྱིས་བཀྲ་ཤིས་པ། །གྲགས་པ་བཀྲ་ཤིས་སྙན་གྲགས་དགེ། །དབུགས་འབྱིན་ཆེན་པོ་དགའ་དོན་ཆེ། །དགའ་ཆེན་རོལ་མོ་ཆེན་པོ་སྟེ། །བཀུར་སྡི་རིམ་གྲོ་ཕུན་སུམ་ཚོགས། །མཆོག་ཏུ་དགའ་བ་གྲགས་བདག་དཔལ། །མཆོག་ལྡན་མཆོག་སྦྱིན་གཙོ་བོ་སྟེ། །སྐྱབས་ཀྱི་དམ་པ་སྐྱབས་སུ་འོས། །འཇིག་རྟེན་དགྲ་སྟེ་རབ་ཀྱི་མཆོག །འཇིགས་པ་མ་ལུས་སེལ་བ་པོ། །གཙུག་ཕུད་ཕུད་པུ་ལྕང་ལོ་ཅན། །རལ་པ་མུན་ཛ་ཅོད་པན་ཐོགས། །གདོང་ལྔ་གཙུག་ཕུད་ལྔ་དང་ལྡན། །ཟུར་ཕུད་ལྔ་པ་མེ་ཏོག་ཐོད། །མགོ་ཟླུམ་བརྟུལ་ཞུགས་ཆེན་པོ་པ། །ཚངས་པར་སྤྱོད་པ་བརྟུལ་ཞུགས་མཆོག །དཀའ་ཐུབ་མཐར་ཕྱིན་དཀའ་ཐུབ་ཆེ། །གཙང་གནས་དམ་པ་གོའུ་ཏམ། །བྲམ་ཟེ་ཚངས་པ་ཚངས་པ་ཤེས། །མྱ་ངན་འདས་པ་ཚངས་པ་ཐོབ། །གྲོལ་བ་ཐར་པ་རྣམ་གྲོལ་ལུས། །རྣམ་གྲོལ་ཞི་བ་ཞི་བ་ཉིད། །མྱ་ངན་འདས་ཞི་མྱ་ངན་འདས། །ལེགས་པར་མྱ་ངན་འདས་དང་ཉེ། །བདེ་སྡུག་སེལ་བར་མཐར་གྱུར་པ། །ཆགས་བྲལ་ལུས་ལས་འདས་པ་པོ། །ཐུབ་པ་མེད་པ་དཔེ་མེད་པ། །མི་མངོན་མི་སྣང་གསལ་བྱེད་མིན། །མི་འགྱུར་ཀུན་འགྲོ་ཁྱབ་པ་པོ། །ཕྲ་ཞིང་ཟག་མེད་ས་བོན་བྲལ། །རྡུལ་མེད་རྡུལ་བྲལ་དྲི་མ་མེད། །ཉེས་པ་སྤངས་པ་སྐྱོན་མེད་པ། །ཤིན་ཏུ་སད་པ་སད་པའི་བདག །ཀུན་ཤེས་ཀུན་རིག་དམ་པ་པོ། །རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཡེ་ཤེས་གཉིས་མེད་ཚུལ་འཆང་བ། །རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ། །དུས་གསུམ་སངས་རྒྱས་ལས་བྱེད་པ། །སངས་རྒྱས་ཐོག་མ་ཐ་མ་མེད། །དང་པོའི་སངས་རྒྱས་རྒྱུ་མེད་པ། །


DNG010_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་མིག་གཅིག་དྲི་མ་མེད། །ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས། །ཚིག་གི་དབང་ཕྱུག་སྨྲ་བ་ཆེ། །སྨྲ་བའི་སྐྱེས་མཆོག་སྨྲ་བའི་རྒྱལ། །སྨྲ་བའི་དམ་པ་མཆོག་གི་གནས། །སྨྲ་བའི་སེང་གེ་ཚུགས་པ་མེད། །ཀུན་ཏུ་ལྟ་བས་མཆོག་ཏུ་དགའ། །གཟི་བརྗིད་ཕྲེང་བ་བལྟ་ན་སྡུག །འོད་བཟང་འབར་བ་དཔལ་གྱི་བེའུ། །ལག་ན་འོད་འབར་སྣང་བ་པོ། །སྨན་པ་ཆེ་མཆོག་གཙོ་བོ་སྟེ། །ཟུག་རྔུ་འབྱིན་པ་བླ་ན་མེད། །སྨན་རྣམས་མ་ལུས་ལྗོན་པའི་ཤིང་། །ནད་དོ་ཅོག་གི་དགྲ་ཆེ་བ། །སྡུག་གུ་འཇིག་རྟེན་གསུམ་གྱི་མཆོག །དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་ཅན། །ཕྱོགས་བཅུ་ནམ་མཁའི་མཐར་ཐུག་པར། །ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས། །འགྲོ་ན་གདུགས་གཅིག་ཡངས་པ་སྟེ། །བྱམས་དང་སྙིང་རྗེའི་དཀྱིལ་འཁོར་ཅན། །དཔལ་ལྡན་པདྨ་གར་གྱི་བདག །ཁྱབ་བདག་ཆེན་པོ་རིན་ཆེན་གདུགས། །སངས་རྒྱས་ཀུན་གྱི་གཟི་བརྗིད་ཆེ། །སངས་རྒྱས་ཀུན་གྱི་སྐུ་འཆང་བ། །སངས་རྒྱས་ཀུན་གྱི་རྣལ་འབྱོར་ཆེ། །སངས་རྒྱས་ཀུན་གྱི་བསྟན་པ་གཅིག །རྡོ་རྗེ་རིན་ཆེན་དབང་བསྐུར་དཔལ། །རིན་ཆེན་ཀུན་བདག་དབང་ཕྱུག་སྟེ། །འཇིག་རྟེན་དབང་ཕྱུག་ཀུན་གྱི་བདག །རྡོ་རྗེ་འཆང་བ་ཀུན་གྱི་རྗེ། །སངས་རྒྱས་ཀུན་གྱི་ཐུགས་ཆེ་བ། །སངས་རྒྱས་ཀུན་གྱི་ཐུགས་ལ་གནས། །སངས་རྒྱས་ཀུན་གྱི་སྐུ་ཆེ་བ། །སངས་རྒྱས་ཀུན་གྱི་གསུང་ཡང་ཡིན། །རྡོ་རྗེ་ཉི་མ་སྣང་བ་ཆེ། །རྡོ་རྗེ་ཟླ་བ་དྲི་མེད་འོད། །ཆགས་བྲལ་ལ་སོགས་ཆགས་པ་ཆེ། །ཁ་དོག་སྣ་ཚོགས་འབར་བའི་འོད། །རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས། །སངས་རྒྱས་འགྲོ་བའི་ཆོས་འཛིན་པ། །དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ། །རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆང་། །ཆེ་བ་སངས་རྒྱས་རིག་སྔགས་འཆང་། །རྡོ་རྗེ་རྣོན་པོ་རལ་གྲི་ཆེ། །ཡི་གེ་མཆོག་སྟེ་རྣམ་པར་དག །ཐེག་པ་ཆེན་པོར་སྡུག་བསྔལ་གཅོད། །མཚོན་ཆ་ཆེན་པོ་རྡོ་རྗེ་ཆོས། །རྡོ་རྗེ་ཟབ་མོ་ཛི་ན་ཛིཀ །རྡོ་རྗེ་བློ་གྲོས་དོན་བཞིན་རིག །ཕ་རོལ་ཕྱིན་པ་ཀུན་རྫོགས་པ། །ས་རྣམས་


DNG010_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱི་རྒྱན་དང་ལྡན། །རྣམ་པར་དག་པ་བདག་མེད་ཆོས། །ཡང་དག་ཡེ་ཤེས་ཟླ་འོད་བཟང་། །བརྩོན་ཆེན་སྒྱུ་འཕྲུལ་དྲ་བ་སྟེ། །རྒྱུད་ཀུན་གྱི་ནི་བདག་པོ་མཆོག །རྡོ་རྗེ་གདན་ནི་མ་ལུས་ལྡན། །ཡེ་ཤེས་སྐུ་རྣམས་མ་ལུས་འཆང་། །ཀུན་ཏུ་བཟང་པོ་བློ་གྲོས་བཟང་། །ས་ཡི་སྙིང་པོ་འགྲོ་བ་འཛིན། །སངས་རྒྱས་ཀུན་གྱི་སྙིང་པོ་ཆེ། །སྤྲུལ་པའི་འཁོར་ལོ་སྣ་ཚོགས་འཆང་། །དངོས་པོ་ཀུན་གྱི་རང་བཞིན་མཆོག །དངོས་པོ་ཀུན་གྱི་རང་བཞིན་འཛིན། །སྐྱེ་མེད་ཆོས་དེ་སྣ་ཚོགས་དོན། །ཆོས་ཀུན་ངོ་བོ་ཉིད་འཆང་བ། །ཤེས་རབ་ཆེན་པོས་སྐད་ཅིག་ལ། །ཆོས་ཀུན་ཁོང་དུ་ཆུད་པ་འཆང་། །ཆོས་ཀུན་མངོན་པར་རྟོགས་པ་སྟེ། །ཐུབ་པ་བློ་མཆོག་འབྱུང་པོའི་མཐའ། །མི་གཡོ་རབ་ཏུ་དང་བའི་བདག །རྫོགས་པའི་སངས་རྒྱས་བྱང་ཆུབ་འཆང་། །སངས་རྒྱས་ཀུན་གྱི་མངོན་སུམ་པ། །ཡེ་ཤེས་མེ་ལྕེ་འོད་རབ་གསལ། །འདོད་པའི་དོན་གྲུབ་དམ་པ་སྟེ། །ངན་སོང་ཐམས་ཅད་རྣམ་སྦྱོང་བ། །མགོན་པོ་སེམས་ཅན་ཀུན་གྱི་མཆོག །སེམས་ཅན་ཐམས་ཅད་རབ་གྲོལ་བྱེད། །ཉོན་མོངས་གཡུལ་དུ་གཅིག་དཔའ་བ། །མི་ཤེས་དགྲ་ཡི་དྲེགས་པ་འཇོམས། །བློ་ལྡན་སྒེག་འཆང་དཔལ་དང་ལྡན། །བརྟན་པོ་མི་སྡུག་གཟུགས་འཆང་བ། །ལག་པ་བརྒྱ་པོ་ཀུན་བསྐྱོད་ཅིང་། །གོམ་པའི་སྟབས་ཀྱིས་གར་བྱེད་པ། །དཔལ་ལྡན་ལག་པ་བརྒྱས་གང་ལ། །ནམ་མཁའ་ཁྱབ་པར་གར་བྱེད་པ། །ས་ཡི་དཀྱིལ་འཁོར་བཞི་ཡི་ཁྱོན། །རྐང་པ་ཡ་གཅིག་མཐིལ་གྱིས་གནོན། །རྐང་མཐེབ་སེན་མོའི་ཁྱོན་གྱིས་ཀྱང་། །ཚངས་པའི་ཡུལ་ས་རྩེ་ནས་གནོན། །དོན་གཅིག་གཉིས་མེད་ཆོས་ཀྱི་དོན། །དམ་པའི་དོན་ནི་འཇིགས་པ་མེད། །རྣམ་རིག་སྣ་ཚོགས་གཟུགས་དོན་ཅན། །སེམས་དང་རྣམ་ཤེས་རྒྱུད་དང་ལྡན། །དངོས་དོན་མ་ལུས་རྣམས་ལ་དགའ། །སྟོང་པ་ཉིད་དགའ་འདོད་ཆགས་བློ། །སྲིད་པའི་འདོད་ཆགས་སོགས་སྤངས་པ། །སྲིད་གསུམ་དགའ་བ་ཆེན་པོ་སྟེ། །སྤྲིན་དཀར་དག་པ་བཞིན་དུ་དཀར། །འོད་བཟང་སྟོན་ཀའི་ཟླ་བའི་འོད། །


DNG010_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་མ་འཆར་ཀའི་དཀྱིལ་ལྟར་མཛེས། །སེན་མོའི་འོད་ནི་ཤས་ཆེར་དམར། །ཅོད་པན་བཟང་པོ་མཐོན་ཀའི་རྩེ། །སྐྲ་མཆོག་མཐོན་ཀ་ཆེན་པོ་འཆང་། །ནོར་བུ་ཆེན་པོ་འོད་ཆགས་དཔལ། །སངས་རྒྱས་སྤྲུལ་པའི་རྒྱན་དང་ལྡན། །འཇིག་རྟེན་ཁམས་བརྒྱ་ཀུན་བསྐྱོད་པ། །རྫུ་འཕྲུལ་རྐང་པའི་སྟོབས་ཆེན་ལྡན། །དེ་ཉིད་དྲན་པ་ཆེན་པོ་འཆང་། །དྲན་པ་བཞི་བོ་ཏིང་འཛིན་རྒྱལ། །བྱང་ཆུབ་ཡན་ལག་མེ་ཏོག་སྤོས། །དེ་བཞིན་གཤེགས་པའི་ཡོན་ཏན་མཚོ། །ལམ་གྱི་ཡན་ལག་བརྒྱད་ཚུལ་རིག །ཡང་དག་སངས་རྒྱས་ལམ་རིག་པ། །སེམས་ཅན་ཀུན་ལ་ཤས་ཆེར་ཆགས། །ནམ་མཁའ་ལྟ་བུར་ཆགས་པ་མེད། །སེམས་ཅན་ཀུན་གྱི་ཡིད་ལ་འཇུག །སེམས་ཅན་ཀུན་གྱི་ཡིད་ལྟར་མགྱོགས། །སེམས་ཅན་ཀུན་གྱི་དབང་དོན་ཤེས། །སེམས་ཅན་ཀུན་གྱི་ཡིད་འཕྲོག་པ། །ཕུང་པོ་ལྔ་དོན་དེ་ཉིད་ཤེས། །རྣམ་དག་ཕུང་པོ་ལྔ་འཆང་བ། །ངེས་འབྱུང་ཀུན་གྱི་མཐའ་ལ་གནས། །ངེས་པར་འབྱུང་བ་ཀུན་ལ་མཁས། །ངེས་འབྱུང་ཀུན་གྱི་ལམ་ལ་གནས། །ངེས་པར་འབྱུང་བ་ཀུན་སྟོན་པ། །ཡན་ལག་བཅུ་གཉིས་སྲིད་རྩ་བཏོན། །དག་པ་རྣམ་པ་བཅུ་གཉིས་འཆང་། །བདེན་བཞིའི་ཚུལ་གྱི་རྣམ་པ་ཅན། །ཤེས་པ་བརྒྱད་པོ་རྟོགས་པ་འཆང་། །བདེན་དོན་རྣམ་པ་བཅུ་གཉིས་ལྡན། །དེ་ཉིད་རྣམ་པ་བཅུ་དྲུག་རིག །རྣམ་པ་ཉི་ཤུས་བྱང་ཆུབ་པ། །རྣམ་པར་སངས་རྒྱས་ཀུན་རིག་མཆོག །སངས་རྒྱས་ཀུན་གྱི་སྤྲུལ་པའི་སྐུ། །བྱེ་བ་དཔག་མེད་འགྱེད་པ་པོ། །སྐད་ཅིག་ཐམས་ཅད་མངོན་པར་རྟོགས། །སེམས་ཀྱི་སྐད་ཅིག་དོན་ཀུན་རིག །ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། །འགྲོ་བའི་དོན་ལ་རྟོགས་པ་པོ། །ཐེག་པ་གསུམ་གྱིས་ངེས་འབྱུང་ལ། །ཐེག་པ་གཅིག་གིས་འབྲས་བུར་གནས། །ཉོན་མོངས་ཁམས་རྣམས་དག་པའི་བདག །ལས་ཀྱི་ཁམས་རྣམས་ཟད་བྱེད་པ། །ཆུ་བོ་རྒྱ་མཚོ་ཀུན་ལས་བརྒལ། །སྦྱོར་བའི་དགོན་པ་ལས་བྱུང་བ། །ཉོན་མོངས་ཉེ་བའི་ཀུན་ཉོན་མོངས། །བག་ཆགས་


DNG010_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་གཏན་སྤངས་པ། །སྙིང་རྗེ་ཆེན་པོ་ཤེས་རབ་ཐབས། །དོན་ཡོད་འགྲོ་བའི་དོན་བྱེད་པ། །འདུ་ཤེས་ཀུན་གྱི་དོན་སྤངས་ཤིང་། །རྣམ་ཤེས་དོན་ནི་འགག་པར་བྱེད། །སེམས་ཅན་ཀུན་ཡིད་ཡུལ་དང་ལྡན། །སེམས་ཅན་ཀུན་གྱི་ཡིད་རིག་པ། །སེམས་ཅན་ཀུན་གྱི་ཡིད་ལ་གནས། །དེ་དག་སེམས་དང་མཐུན་པར་འཇུག །སེམས་ཅན་ཀུན་ཡིད་ཚིམ་པར་བྱེད། །སེམས་ཅན་ཀུན་གྱི་ཡིད་དགའ་བ། །གྲུབ་པ་མཐར་ཕྱིན་འཁྲུལ་པ་མེད། །ནོར་པ་ཐམས་ཅད་རྣམ་པར་སྤངས། །དོན་གསུམ་ཐེ་ཚོམ་མེད་པའི་བློ། །ཀུན་དོན་ཡོན་ཏན་གསུམ་གྱི་བདག །ཕུང་པོ་ལྔ་དོན་དུས་གསུམ་དུ། །སྐད་ཅིག་ཐམས་ཅད་བྱེ་བྲག་བྱེད། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །སངས་རྒྱས་ཀུན་གྱི་རང་བཞིན་འཆང་། །ལུས་མེད་ལུས་ཏེ་ལུས་ཀྱི་མཆོག །ལུས་ཀྱི་མཐའ་ནི་རྟོགས་པ་པོ། །གཟུགས་རྣམས་སྣ་ཚོགས་ཀུན་ཏུ་སྟོན། །ནོར་བུ་ཆེན་པོ་རིན་ཆེན་ཏོག །སངས་རྒྱས་ཀུན་གྱིས་རྟོགས་བྱ་བ། །སངས་རྒྱས་བྱང་ཆུབ་བླ་ན་མེད། །གསང་སྔགས་ལས་བྱུང་ཡི་གེ་མེད། །གསང་སྔགས་ཆེན་པོ་རིགས་གསུམ་པ། །གསང་སྔགས་དོན་ཀུན་སྐྱེད་པ་པོ། །ཐིག་ལེ་ཆེན་པོ་ཡི་གེ་མེད། །སྟོང་པ་ཆེན་པོ་ཡི་གེ་ལྔ། །ཐིག་ལེ་སྟོང་པ་ཡི་གེ་བརྒྱ། །རྣམ་པ་ཀུན་ལྡན་རྣམ་པ་མེད། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན། །ཡན་ལག་མེད་པའི་རྩིས་ལས་འདས། །བསམ་གཏན་བཞི་པའི་རྩེ་མོ་ཅན། །བསམ་གཏན་ཡན་ལག་ཀུན་ཤེས་ཤིང་། །ཏིང་འཛིན་རིགས་དང་རྒྱུད་རིག་པ། །ཏིང་འཛིན་ལུས་ཅན་ལུས་ཀྱི་མཆོག །ལོངས་སྤྱོད་རྫོགས་སྐུ་ཀུན་གྱི་རྒྱལ། །སྤྲུལ་པའི་སྐུ་སྟེ་སྐུ་ཡི་མཆོག །སངས་རྒྱས་སྤྲུལ་པའི་རྒྱུད་འཆང་བ། །ཕྱོགས་བཅུར་སྤྲུལ་པ་སྣ་ཚོགས་འགྱེད། །ཇི་བཞིན་འགྲོ་བའི་དོན་བྱེད་པ། །ལྷ་དང་ལྷ་དབང་ལྷ་ཡི་ལྷ། །ལྷ་ཡི་དབང་པོ་ལྷ་མིན་བདག །འཆི་མེད་དབང་པོ་ལྷ་ཡི་བླ། །འཇོམས་བྱེད་འཇོམས་བྱེད་དབང་ཕྱུག་པོ། །


DNG010_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་པའི་དགོན་པ་ལས་བརྒལ་བ། །སྟོན་པ་གཅིག་པུ་འགྲོ་བའི་བླ། །འཇིག་རྟེན་ཕྱོགས་བཅུར་རབ་གྲགས་པ། །ཆོས་ཀྱི་སྦྱིན་བདག་ཆེ་བ་པོ། །བྱམས་པའི་གོ་ཆ་ཆས་པ་སྟེ། །སྙིང་རྗེ་ཡི་ནི་ཡ་ལད་བགོས། །ཤེས་རབ་རལ་གྲི་མདའ་གཞུ་ཐོགས། །ཉོན་མོངས་མི་ཤེས་གཡུལ་ངོ་སེལ། །དཔའ་བོ་བདུད་དགྲ་བདུད་འདུལ་བ། །བདུད་བཞིའི་འཇིགས་པ་སེལ་བར་བྱེད། །བདུད་ཀྱི་དཔུང་རྣམས་ཕམ་བྱེད་པ། །རྫོགས་པའི་སངས་རྒྱས་འཇིག་རྟེན་འདྲེན། །མཆོད་འོས་བསྟོད་འོས་ཕྱག་གི་གནས། །རྟག་ཏུ་རི་མོར་བྱ་བའི་འོས། །བཀུར་འོས་རྗེད་པར་བྱ་བའི་མཆོག །ཕྱག་བྱར་འོས་པ་བླ་མའི་རབ། །འཇིག་རྟེན་གསུམ་པོ་གོམ་གཅིག་བགྲོད། །མཁའ་ལྟར་མཐའ་མེད་རྣམ་པར་གནོན། །གསུམ་རིག་གཙང་མ་དག་པ་སྟེ། །མངོན་ཤེས་དྲུག་ལྡན་རྗེས་དྲན་དྲུག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །རྫུ་འཕྲུལ་ཆེན་པོའི་འཇིག་རྟེན་འདས། །ཤེས་རབ་ཕ་རོལ་ཕྱིན་པའི་མཐའ། །ཤེས་རབ་ཀྱིས་ནི་དེ་ཉིད་ཐོབ། །བདག་རིག་གཞན་རིག་ཐམས་ཅད་པ། །ཀུན་ལ་ཕན་པའི་གང་ཟག་མཆོག །དཔེར་བྱ་ཀུན་ལས་འདས་པ་སྟེ། །ཤེས་དང་ཤེས་བྱའི་བདག་པོ་མཆོག །གཙོ་བོ་ཆོས་ཀྱི་སྦྱིན་བདག་སྟེ། །ཕྱག་རྒྱ་བཞི་པོའི་དོན་སྟོན་པ། །འགྲོ་བའི་བསྙེན་བཀུར་གནས་ཀྱི་མཆོག །ངེས་འབྱུང་གསུམ་པོ་བགྲོད་རྣམས་ཀྱི། །དོན་གྱི་དམ་པ་རྣམ་དག་དཔལ། །འཇིག་རྟེན་གསུམ་ན་སྐལ་བཟང་ཆེ། །དཔལ་ལྡན་འབྱོར་པ་ཀུན་བྱེད་པ། །འཇམ་དཔལ་དཔལ་དང་ལྡན་པའི་མཆོག །མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཡང་དག་མཐར་གྱུར་ཁྱོད་ལ་འདུད། །སྟོང་ཉིད་ལས་བྱུང་ཁྱོད་ལ་འདུད། །སངས་རྒྱས་བྱང་ཆུབ་ཁྱོད་ལ་འདུད། །སངས་རྒྱས་ཆགས་པ་ཁྱོད་ལ་འདུད། །སངས་རྒྱས་འདོད་ལ་ཕྱག་འཚལ་འདུད། །སངས་རྒྱས་དགྱེས་པ་ཁྱོད་ལ་འདུད། །སངས་རྒྱས་རོལ་ལ་ཕྱག་འཚལ་འདུད། །སངས་རྒྱས་འཛུམ་པ་ཁྱོད་ལ་འདུད། །སངས་རྒྱས་བཞད་ལ་


DNG010_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་འཚལ་འདུད། །སངས་རྒྱས་གསུང་ཉིད་ཁྱོད་ལ་འདུད། །སངས་རྒྱས་ཐུགས་ལ་ཕྱག་འཚལ་འདུད། །མེད་པ་ལས་བྱུང་ཁྱོད་ལ་འདུད། །སངས་རྒྱས་འབྱུང་བ་ཁྱོད་ལ་འདུད། །ནམ་མཁའ་ལས་བྱུང་ཁྱོད་ལ་འདུད། །ཡེ་ཤེས་ལས་བྱུང་ཁྱོད་ལ་འདུད། །སྒྱུ་འཕྲུལ་དྲ་བ་ཁྱོད་ལ་འདུད། །སངས་རྒྱས་རོལ་སྟོན་ཁྱོད་ལ་འདུད། །ཐམས་ཅད་ཐམས་ཅད་ཁྱོད་ལ་འདུད། །ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད།། །།ལག་ན་རྡོ་རྗེ་རྡོ་རྗེ་འཆང་། འདི་ནི་བཅོམ་ལྡན་འདས་ཀྱི་ཡེ་ཤེས་སྐུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་སྐུ། འཇམ་དཔལ་ཡེ་ཤེས་སེམས་དཔའི་ཡེ་ཤེས་སྐུ་ཡོངས་སུ་དག་པའོ། །མ་འདྲེས་པ། ཐུན་མོང་མ་ཡིན་པ། ཁྱོད་ཀྱི་དགའ་བ་དང་། དད་པ་དང་། མགུ་བ་ཆེན་པོ་བླ་ན་མེད་པ་བསྐྱེད་པ་དང་།ལག་ན་རྡོ་རྗེ་རྡོ་རྗེ་འཆང་། ཁྱོད་ཀྱི་ལུས་དང་ངག་དང་ཡིད་ཀྱི་གསང་བ་ཡོངས་སུ་དག་པར་བྱེད་པ་དང་། ཡོངས་སུ་མ་རྫོགས་པ་དང་། ཡོངས་སུ་མ་དག་པའི་ས་དང་། ཕ་རོལ་ཏུ་ཕྱིན་པ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམས་ཡོངས་སུ་རྫོགས་ཤིང་། ཡོངས་སུ་དག་པར་བྱ་བ་དང་། བླ་ན་མེད་པའི་དོན་མ་རྟོགས་པ་རྟོགས་པར་བྱ་བ་དང་། མ་ཐོབ་པ་ཐོབ་པར་བྱ་བ་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་པའི་ཆོས་ཀྱི་ཚུལ་ཡང་དག་པར་གཟུང་བའི་བར་གྱི་ཕྱིར་ངས་བཤད་ཅིང་ཡང་དག་པར་བསྟན་ཏེ། བཀྲོལ་ཞིང་རྣམ་པར་ཕྱེ་བ་གསལ་བར་བྱས་སོ། །ལག་ན་རྡོ་རྗེ་རྡོ་རྗེ་འཆང་། འདི་ནི་ངས་ཁྱོད་ཀྱི་རྒྱུད་ལ་ཡང་གསང་སྔགས་ཐམས་ཅད་ཀྱི་ཆོས་ཉིད་ཀྱི་བྱིན་གྱི་རླབས་ཀྱིས་བྱིན་གྱིས་བརླབས་སོ། །ལག་ན་རྡོ་རྗེ་རྡོ་རྗེ་འཆང་། གཞན་ཡང་མིང་ཡང་དག་པར་བརྗོད་པ་འདི་ནི།ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་། སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་ཤིན་ཏུ་ཡོངས་སུ་དག་ཅིང་བྱང་བའོ། །སངས་རྒྱས་ཀྱི་བྱང་ཆུབ་བོ། །ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་མངོན་པར་རྫོགས་པའོ། །བདེ་བར་གཤེགས་པ་རྣམས་ཀྱི་ཆོས་ཀྱི་དབྱིངས་བླ་ན་མེད་པ་ཐུགས་སུ་ཆུད་པའོ། །


DNG010_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་རྣམས་ཀྱི་བདུད་ཀྱི་སྟོབས་ཐམས་ཅད་ཕམ་པར་མཛད་པའོ། །སྟོབས་བཅུ་དང་ལྡན་པ་ཐམས་ཅད་ཀྱི་སྟོབས་བཅུའི་སྟོབས་ཉིད་དོ། །ཐམས་ཅད་མཁྱེན་པ་རྣམས་ཀྱི་ཐམས་ཅད་མཁྱེན་པ་ཉིད་དོ། །ཆོས་ཐམས་ཅད་ཀྱི་ལུང་ངོ་། །སངས་རྒྱས་ཐམས་ཅད་ཀྱི་ཡང་དག་པར་བསྒྲུབ་པའོ། །བྱང་ཆུབ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པ། དྲི་མ་མེད་ཅིང་ཤིན་ཏུ་རྣམ་པར་དག་པའི་སྐྱེ་གནས་སོ། །ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཞིང་ངོ་། །ལྷ་དང་མི་ཐམས་ཅད་ཀྱི་ཕུན་སུམ་ཚོགས་པའོ། །ཐེག་པ་ཆེན་པོའི་གཞིའོ། །བྱང་ཆུབ་སེམས་དཔའི་སྤྱོད་པའི་འབྱུང་གནས་སོ། །འཕགས་པའི་ལམ་ཐམས་ཅད་ཀྱི་མཐའོ། །རྣམ་པར་གྲོལ་བ་རྣམས་བརྟག་པའོ། །ངེས་པར་འབྱུང་བའི་ལམ་སྐྱེ་བའི་གནས་སོ། །དེ་བཞིན་གཤེགས་པའི་གདུང་མི་འཆད་པའོ། །བྱང་ཆུབ་སེམས་དཔའི་རིགས་དང་རྒྱུད་རབ་ཏུ་འཕེལ་བའོ། །ཕ་རོལ་རྒོལ་བ་ཐམས་ཅད་ཚར་གཅོད་པའོ། །མུ་སྟེགས་ཅན་ཐམས་ཅད་རྣམ་པར་འཇོམས་པའོ། །བདུད་བཞིའི་སྟོབས་དང་དཔུང་དང་སྡེ་ཕམ་པར་བྱེད་པའོ། །སེམས་ཅན་ཐམས་ཅད་ཡང་དག་པར་སྡུད་པའོ། །ངེས་པར་འབྱུང་བ་བགྲོད་པ་ཐམས་ཅད་ཀྱི་འཕགས་པའི་ལམ་ཡོངས་སུ་སྨིན་པའོ། །ཚངས་པའི་ལམ་བཞི་ལ་གནས་པ་རྣམས་ཀྱི་ཏིང་ངེ་འཛིན་ཏོ། །སེམས་རྩེ་གཅིག་པ་རྣམས་ཀྱི་བསམ་གཏན་ནོ། །ལུས་དང་ངག་དང་ཡིད་འདུལ་བ་ལ་བརྩོན་པ་རྣམས་ཀྱི་རྣལ་འབྱོར་རོ། །ཀུན་ཏུ་སྦྱོར་བ་ཐམས་ཅད་དང་བྲལ་བའོ། །ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་སྤོང་བའོ། །སྒྲིབ་པ་ཐམས་ཅད་རྣམ་པར་ཞི་བའོ། །འཆིང་བ་ཐམས་ཅད་ལས་རྣམ་པར་གྲོལ་བའོ། །རྫས་ཐམས་ཅད་ལས་ཐར་པའོ། །སེམས་ཀྱི་གཡེང་བ་ཐམས་ཅད་ཞི་བའོ། །འབྱོར་པ་ཐམས་ཅད་ཀྱི་འབྱུང་གནས་སོ། །རྒུད་པ་ཐམས་ཅད་སེལ་བའོ། །ངན་སོང་གི་སྒོ་ཐམས་ཅད་གཅོད་པའོ། །རྣམ་པར་གྲོལ་བའི་གྲོང་ཁྱེར་གྱི་ལམ་བཟང་པོའོ། །འཁོར་བའི་འཁོར་ལོ་ལ་མི་འཇུག་པའོ། །ཆོས་ཀྱི་འཁོར་ལོ་བསྐོར་བའོ། །དེ་བཞིན་གཤེགས་


DNG010_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

པས་བསྟན་པའི་གདུགས་དང་། རྒྱལ་མཚན་དང་། བ་དན་སྒྲེང་བའོ། །དམ་པའི་ཆོས་སྟོན་པའི་གནས་སོ། །བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པ་རྣམས་ཀྱི་མྱུར་དུ་འགྲུབ་པའོ། །བྱང་ཆུབ་སེམས་དཔའ་བསྒོམ་པ་ལ་མངོན་པར་བརྩོན་པ་རྣམས་ཀྱི་རྟོགས་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་བརྩོན་པ་རྣམས་ཀྱི་སྟོང་པ་ཉིད་སོ་སོར་རྟོགས་པའོ། །གཉིས་སུ་མེད་པར་སོ་སོར་རྟོགས་པར་མངོན་པར་བརྩོན་པ་རྣམས་ཀྱི་རྫོགས་པའོ། །ཕ་རོལ་ཏུ་ཕྱིན་པ་དང་ཚོགས་ཐམས་ཅད་ཡོངས་སུ་དག་པའོ། །ས་ཐམས་ཅད་ཡོངས་སུ་རྫོགས་པའོ། །འཕགས་པའི་བདེན་པ་བཞི་པོ་རྣམས་ཀྱི་སོ་སོར་རྟོགས་པའོ། །ཆོས་ཐམས་ཅད་ཀྱི་དྲན་པ་ཉེ་བར་གཞག་པ་རྣམས་སེམས་རྩེ་གཅིག་གིས་རྟོགས་པའོ། །མིང་ཡང་དག་པར་བརྗོད་པ་འདི་ནི་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཀྱི་བར་དུ་ཡང་ཡོངས་སུ་རྫོགས་པར་བྱེད་པའོ། །ལག་ན་རྡོ་རྗེ་རྡོ་རྗེ་འཆང་། གཞན་ཡང་ཅི་སྐད་དུ་བཤད་པའི་མིང་ཡང་དག་པར་བརྗོད་པ་འདི། སེམས་ཅན་ཐམས་ཅད་ཀྱི་ལུས་དང་། ངག་དང་ཡིད་ལ་ཀུན་ཏུ་སྤྱོད་པའི་སྡིག་པ་མ་ལུས་པ་རབ་ཏུ་ཞི་བར་བྱེད་པའོ། །སེམས་ཅན་ཐམས་ཅད་ཀྱི་ངན་སོང་ཐམས་ཅད་རྣམ་པར་སྦྱོང་བའོ། །ངན་འགྲོ་ཐམས་ཅད་བཟློག་པའོ། །ལས་ཀྱི་སྒྲིབ་པ་ཐམས་ཅད་ཡང་དག་པར་གཅོད་པའོ། །མི་ཁོམ་པ་བརྒྱད་པོ་ཐམས་ཅད་ཀྱི་སྐྱེ་བའི་རྒྱུན་མི་སྐྱེ་བར་བྱེད་པའོ། །འཇིགས་པ་ཆེན་པོ་བརྒྱད་རྣམ་པར་ཞི་བར་བྱེད་པའོ། །རྨི་ལམ་ངན་པ་ཐམས་ཅད་ངེས་པར་འཇིག་པར་བྱེད་པའོ། །ལྟས་ངན་པ་ཐམས་ཅད་ངེས་པར་སེལ་བར་བྱེད་པའོ། །ལྟས་ངན་དང་། བགེགས་ཐམས་ཅད་རྣམ་པར་ཞི་བར་བྱེད་པའོ། །བདུད་ཀྱི་དགྲའི་ལས་ཐམས་ཅད་རིང་དུ་སྤོང་བར་བྱེད་པའོ། །དགེ་བའི་རྩ་བ་དང་བསོད་ནམས་ཐམས་ཅད་འཕེལ་བར་བྱེད་པའོ། །ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཐམས་ཅད་མི་སྐྱེ་བར་བྱེད་པའོ། །རྒྱགས་པ་


DNG010_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ང་རྒྱལ་དང་། དྲེགས་པ་དང་། ངར་འཛིན་པ་ཐམས་ཅད་མ་ལུས་པར་འཇོམས་པར་བྱེད་པའོ། །སྡུག་བསྔལ་དང་ཡིད་མི་བདེ་བ་ཐམས་ཅད་མི་སྐྱེ་བར་བྱེད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོར་གྱུར་པའོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གསང་བར་གྱུར་པའོ། །ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་གསང་ཆེན་དུ་གྱུར་པའོ། །ཕྱག་རྒྱ་དང་གསང་སྔགས་ཐམས་ཅད་དུ་གྱུར་པའོ། །ཆོས་ཐམས་ཅད་བརྗོད་དུ་མེད་པར་སྨྲ་བ་རྣམས་ཀྱི་དྲན་པ་དང་། ཤེས་བཞིན་ཡང་དག་པར་སྐྱེད་པའོ། །བླ་ན་མེད་པའི་ཤེས་རབ་དང་། ཡིད་གཞུངས་པར་བྱེད་པའོ། །ནད་མེད་པ་དང་།སྟོབས་དང་དབང་ཕྱུག་ཕུན་སུམ་ཚོགས་པར་བྱེད་པའོ། །དཔལ་དང་དགེ་བ་དང་ཞི་བ་དང་ལེགས་པ་རབ་ཏུ་འཕེལ་བར་བྱེད་པའོ། །གྲགས་པ་དང་སྙན་པ་དང་ཚིགས་སུ་བཅད་པ་དང་། བསྟོད་པ་དང་གྲགས་པར་བྱེད་པའོ། །ནད་དང་འཇིགས་པ་ཆེན་པོ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའོ། །ཤིན་ཏུ་རྣམ་པར་དག་པ་རྣམས་ཀྱི་ཡང་ཤིན་ཏུ་རྣམ་པར་དག་པའོ། །ཤིན་ཏུ་དག་བྱེད་རྣམས་ཀྱི་ཡང་ཤིན་ཏུ་དག་བྱེད་དོ། །ཤིན་ཏུ་འབྱོར་ལྡན་རྣམས་ཀྱི་ཡང་ཤིན་ཏུ་འབྱོར་ལྡན་ནོ། །ཤིན་ཏུ་བཀྲ་ཤིས་པ་རྣམས་ཀྱི་ཡང་ཤིན་ཏུ་བཀྲ་ཤིས་པའོ། །སྐྱབས་འདོད་པ་རྣམས་ཀྱི་སྐྱབས་སོ། །གནས་འདོད་པ་རྣམས་ཀྱི་གནས་སོ། །སྐྱོབ་མེད་པ་རྣམས་ཀྱི་སྐྱོབ་པའོ། །དཔུང་གཉེན་འདོད་པ་རྣམས་ཀྱི་དཔུང་གཉེན་ནོ། །གླིང་འདོད་པ་རྣམས་ཀྱི་གླིང་ངོ་། །འཁྲ་ས་མེད་པ་རྣམས་ཀྱི་འཁྲ་ས་བླ་ན་མེད་པའོ། །སྲིད་པའི་རྒྱ་མཚོའི་ཕ་རོལ་ཏུ་འགྲོ་བ་རྣམས་ཀྱི་གྲུའོ། །ནད་ཐམས་ཅད་སེལ་བའི་སྨན་གྱི་རྒྱལ་པོ་ཆེན་པོའོ། །བླང་བ་དང་དོར་བའི་དངོས་པོ་བྱེ་བྲག་ཕྱེད་པའི་ཤེས་རབ་ཉིད་དོ། །ལྟ་བ་ངན་པའི་མུན་པ་མུན་ནག་ཐམས་ཅད་སེལ་བའི་ཡེ་ཤེས་ཀྱི་སྣང་བའོ། །སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཇི་ལྟ་བ་བཞིན་ཡོངས་སུ་རྫོགས་པར་བྱེད་པའི་ཡིད་བཞིན་གྱི་ནོར་བུ་ལྟ་བུའོ། །འཇམ་དཔལ་ཡེ་ཤེས་ཀྱི་སྐུ་ཐོབ་པར་བྱ་བའི་ཐམས་ཅད་མཁྱེན་


DNG010_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡེ་ཤེས་སོ། །སྤྱན་ལྔ་ཐོབ་པར་བྱ་བའི་ཡེ་ཤེས་མཐོང་བ་ཡོངས་སུ་དག་པའོ། །ཟང་ཟིང་དང་། མི་འཇིགས་པ་དང་། ཆོས་ཀྱི་སྦྱིན་པ་གཏོང་བའི་ཕྱིར། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པའོ། །བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་དང་། ཏིང་ངེ་འཛིན་ཡོངས་སུ་རྫོགས་པའི་ཕྱིར་ས་བཅུ་ཐོབ་པའོ། །ཆོས་གཉིས་དང་བྲལ་བའི་ཕྱིར། གཉིས་སུ་མེད་པའི་ཆོས་ཉིད་དོ། །སྒྲོ་བཏགས་པ་མེད་པའི་ཕྱིར། དེ་བཞིན་ཉིད་ཀྱི་རང་བཞིན་དང་། གཞན་མ་ཡིན་པའི་ཆོས་ཉིད་དོ། །དེ་བཞིན་གཤེགས་པའི་ཡེ་ཤེས་ཡོངས་སུ་དག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར། ཡང་དག་པའི་མཐའི་རང་བཞིན་ཉིད་དོ། །བལྟ་བ་ངན་པའི་ཚང་ཚིང་བརྒྱ་སྟོང་མ་ལུས་པར་སེལ་བའི་ཕྱིར། རྣམ་པ་ཐམས་ཅད་རྣམ་པ་མེད་པ་སྟོང་པ་ཉིད་ཀྱི་རང་བཞིན་ཉིད་དོ། །མིང་ཡང་དག་པར་བརྗོད་པ་འདི་ནི། འདི་ལྟ་སྟེ། གཉིས་སུ་མེད་པའི་ཆོས་ཉིད་ཀྱི་མིང་ཡང་དག་པར་འཛིན་པ་སྟོན་པའི་ཕྱིར། ཆོས་ཐམས་ཅད་བརྗོད་དུ་མེད་པའི་རང་བཞིན་ཉིད་དོ། །ལག་ན་རྡོ་རྗེ་རྡོ་རྗེ་འཆང་། གཞན་ཡང་རིགས་ཀྱི་བུའམ།རིགས་ཀྱི་བུ་མོ་གསང་སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པ་གང་ལ་ལ་བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ། གཉིས་སུ་མེད་པའི་དོན་དམ་པའི་མིང་ཡང་དག་པར་བརྗོད་པ། མིང་གི་གཙུག་གི་ནོར་བུ་འདི་ཐམས་ཅད་ཡོངས་སུ་རྫོགས་པ་དང་། མ་ཉམས་ཤིང་ལྷག་ཆད་མེད་པར་ཚིགས་སུ་བཅད་པའི་ཚིག་དང་། ཡིག་འབྲུ་འདི་ཉིད་ཀྱིས་ཉིན་གཅིག་བཞིན་དུ་དུས་གསུམ་དུ་འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། གཞན་དག་ལ་ཡང་དམ་ཚིག་བཞིན་དུ། ཅི་ལྟ་བ་བཞིན་དུ་སྟོན་པ་དང་། མིང་གི་དོན་གང་ཡང་རུང་བ་རེ་རེ་ནས་ཀྱང་འཇམ་དཔལ་ཡེ་ཤེས་ཀྱི་སྐུ་ལ་དམིགས་ཏེ། ཀུན་ནས་སྒོའི་གནས་པས་གནས་པ་དང་། ཆོས་ཐམས་ཅད་རྟོག་པའི་མཆོག་རྙོག་པ་མེད་པའི་དད་པ་དང་ལྡན་བཞིན་


DNG010_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། མོས་པ་དང་དེ་ཁོ་ན་ཉིད་ཡིད་ལ་བྱེད་པས་སེམས་རྩེ་གཅིག་ཏུ་བསྒོམ་པ་དེ་ལ་ནི། དུས་གསུམ་གྱི་དུས་མེད་པ་དང་ལྡན་པའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་འདུས་ཏེ་གཤེགས་ནས། ཆོས་ཀྱི་སྒོ་ཐམས་ཅད་སྟོན་པར་མཛད་དེ་སྐུ་ཡང་སྟོན་ཏོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པར་མཛད་དེ། སྐུ་དང་གསུང་དང་ཐུགས་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པར་མཛད་དེ། སྐུ་དང་གསུང་དང་ཐུགས་ཐམས་ཅད་ཀྱིས་དེའི་རྒྱུད་ལ་ཡང་དག་པར་བྱིན་གྱིས་རློབ་པོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཕན་གདགས་པས་ཀྱང་ཕན་འདོགས་པར་མཛད་དོ། །ཆོས་ཐམས་ཅད་ལ་མི་འཇིགས་པའི་སྤོབས་པ་ཡང་སྒྲུབ་པར་མཛད་དོ། །དགྲ་བཅོམ་པ་དང་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱང་འཕགས་པའི་ཆོས་ལ་སྡུག་པར་འཛིན་པའི་བསམ་པས་བདག་ཉིད་ཀྱི་དངོས་པོ་ཡང་ཉེ་བར་སྟོན་པར་བྱེད་དོ། །མ་རུངས་པ་འདུལ་བའི་ཁྲོ་བོའི་རྒྱལ་པོ་ཆེན་པོ་རྣམས་དང་། རྡོ་རྗེ་འཆང་ཆེན་པོ་ལ་སོགས་པ་འགྲོ་བ་ཡོངས་སུ་སྐྱོབས་པ་རྣམས་ཀྱང་། སྤྲུལ་པའི་གཟུགས་ཀྱི་ལུས་སྣ་ཚོགས་ཀྱིས། མདངས་དང་སྟོབས་དང་གཟི་བརྗིད་ཟིལ་གྱིས་མི་ནོན་པ་དང་། གསང་སྔགས་དང་། ཕྱག་རྒྱ་དང་།མངོན་པར་རྟོག་པ་དང་། དཀྱིལ་འཁོར་ཐམས་ཅད་སྒྲུབ་པར་བྱེད་དོ། །གསང་སྔགས་དང་། རིག་སྔགས་ཀྱི་རྒྱལ་མོ་མ་ལུས་པ་དང་། བགེགས་དང་ལོག་འདྲེན་དང་། བདུད་ཀྱི་དགྲ་དང་། ཕྱིར་ཟློག་པ་དང་། གཞན་གྱིས་མི་ཐུབ་པ་ཆེན་པོ་ཐམས་ཅད་དང་། ཉིན་མཚན་ཕྱད་པར་སྐད་ཅིག་རེ་རེ་ལ་སྤྱོད་ལམ་ཐམས་ཅད་དུ་སྲུང་བ་དང་། སྐྱོབ་པ་དང་། སྦེད་པར་བྱེད་དོ། །ཚངས་པ་དང་དབང་པོ་དང་ཉེ་དབང་པོ་དང་། དྲག་པོ་དང་། ཚན་པོ་ཆེ་དང་། ཀུན་འགྱེད་གཞོན་ནུ་དང་། དབང་ཕྱུག་ཆེན་པོ་དང་། སྨིན་དྲུག་གི་བུ་དང་།ནག་པོ་ཆེན་པོ་དང་། དགའ་བྱེད་དབང་ཕྱུག་དང་།


DNG010_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་རྗེ་དང་། ཆུ་ལྷ་དང་། ཀུ་བེ་ར་དང་། འཕྲོག་མ་དང་། ཕྱོགས་བཅུའི་འཇིག་རྟེན་སྐྱོང་བ་རྣམས་ཀྱང་། རྟག་ཏུ་རྒྱུན་མི་འཆད་པར། ཉིན་མཚན་ཕྱད་པར་འགྲོ་ཡང་རུང་། འགྲེང་ཀྱང་རུང་། འདུག་ཀྱང་རུང་། ཉལ་ཡང་རུང་། གཉིད་ལོག་ཀྱང་རུང་། མ་ལོག་ཀྱང་རུང་བ་ན། སྲུང་བ་དང་སྐྱོབ་པ་དང་། སྦེད་པར་བྱེད་དོ། །མཉམ་པར་གཞག་ཀྱང་རུང་། མཉམ་པར་མ་བཞག་ཀྱང་རུང་།གཅིག་པུར་འདུག་ཀྱང་རུང་། སྐྱེ་བོ་མང་པོའི་ནང་ན་འདུག་ཀྱང་རུང་། གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་ན་འདུག་ཀྱང་རུང་། སྒོ་ཁ་དང་། སྒོ་ཁང་དང་། ཁྲི་ལམ་དང་། སྲང་དང་། བཞི་མདོ་དང་། སུམ་མདོ་དང་། གྲོང་བར་དང་།ཚོང་ཁང་ན་འདུག་ཀྱང་རུང་། ཁང་སྟོང་དང་། རི་དང་། ཆུ་ཀླུང་དང་།ཚལ་དང་། ནགས་ཚང་ཚིང་ན་འདུག་ཀྱང་རུང་། གཙང་སྦྲ་མ་བྱས་པ་དང་།ར་རོ་བ་དང་། བག་མེད་པར་འདུག་ཀྱང་རུང་སྟེ། རྟག་ཏུ་རྣམ་པ་ཐམས་ཅད་དུ་ཅིའི་སྒོ་ནས་ཀྱང་མཆོག་ཏུ་སྲུང་བ་དང་། སྐྱོབ་པ་དང་། སྦེད་པར་བྱེད་དོ། །ཉིན་མཚན་དུ་ཡང་མཆོག་ཏུ་བདེ་ལེགས་སུ་འགྱུར་བར་བྱེད་དོ། །གང་ཡང་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་གཞན་དག་ཀྱང་། གཟའ་དང་། རྒྱུ་སྐར་དང་། མ་མོ་རྣམས་དང་།ཚོགས་ཀྱི་བདག་པོ་གཞན་རྣམས་དང་། མ་མོ་བདུན་པོ་གང་ཡིན་པ་རྣམས་དང་།གནོད་སྦྱིན་མོ་དང་། སྲིན་མོ་དང་། ཤ་ཟ་མོ་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་འདུས་ཤིང་གཅིག་ཏུ་མཐུན་པར་དཔུང་དང་བཅས། འཁོར་དང་བཅས་པས་སྲུང་བ་དང་། སྐྱོབ་པ་དང་། སྦེད་པ་ཐམས་ཅད་བྱེད་པར་འགྱུར་རོ། །མདངས་དང་། སྟོབས་དང་། གཟི་བརྗིད་མཆོག་ཀྱང་དེའི་


DNG010_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ལ་འཇུག་པར་བྱེད་དོ། །ནད་མེད་པ་དང་། སྟོབས་དང་ཚེ་འཕེལ་བར་ཡང་འགྲུབ་པར་བྱེད་དོ། །ལག་ན་རྡོ་རྗེ་རྡོ་རྗེ་འཆང་། གཞན་ཡང་མིང་གི་གཙུག་གི་ནོར་བུ་འདི།གང་གིས་ཉིན་གཅིག་བཞིན་དུ་དུས་གསུམ་དུ་མ་ཉམས་པར་ཡི་དམ་དུ་ལན་གསུམ་དུ་ཁ་ཏོན་དུ་བྱས་ཏེ་བཏོན་ཏམ། གླེགས་བམ་དུ་བྱས་པ་ཀློག་ཅིང་བརྗོད་ལ།བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའི་གཟུགས་ཡིད་ལ་དམིགས་ཤིང་། གཟུགས་དང་མཐུན་པར་སེམས་ཏེ། དེའི་གཟུགས་དང་མཐུན་པར་བསམ་གཏན་བྱེད་པས་ནི། འདུལ་བའི་དབང་གི་ཕྱིར། རིང་བོར་མི་ཐོགས་པར་དེ་ཉིད་ཀྱི་སྤྲུལ་པའི་གཟུགས་ཀྱི་སྐུ་མཐོང་བར་འགྱུར་རོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གཟུགས་ཀྱི་སྐུ་རྣམ་པ་སྣ་ཚོགས་དང་ལྡན་པ། ནམ་མཁའི་དཀྱིལ་ན་བཞུགས་པ་དག་ཀྱང་མཐོང་བར་འགྱུར་རོ། །སེམས་ཅན་ཆེན་པོ་དེ་ནི་ནམས་ཀྱང་ཅི་ལྟར་གྱུར་ཀྱང་ངན་འགྲོ་ངན་སོང་དུ་ལྟུང་བར་མི་འགྱུར་རོ། །རིགས་ངན་དུ་སྐྱེ་བར་མི་འགྱུར་རོ། །ཡུལ་མཐའ་འཁོབ་ཏུ་སྐྱེ་བར་མི་འགྱུར་རོ། །དབང་པོ་མ་ཚང་བར་མི་འགྱུར་རོ། །ལོག་པར་བལྟ་བ་དང་། བལྟ་བ་ངན་པའི་རིགས་སུ་སྐྱེ་བར་མི་འགྱུར་རོ། །སངས་རྒྱས་མི་བཞུགས་པའི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་མི་འགྱུར་རོ། །སངས་རྒྱས་བཞུགས་ན་ཡང་དེས་དམ་པའི་ཆོས་སྤང་བ་དང་། ལྷ་ཚེ་རིང་པོའི་ནང་དུ་སྐྱེ་བར་མི་འགྱུར་རོ། །མུ་གེ་དང་ནད་དང་། མཚོན་གྱི་བར་གྱི་བསྐལ་པའི་ནང་དུ་ཡང་སྐྱེ་བར་མི་འགྱུར་རོ། །སྙིགས་མ་ལྔའི་དུས་སུ་ཡང་སྐྱེ་བར་མི་འགྱུར་རོ། །རྒྱལ་པོ་དང་། དགྲ་དང་།ཆོམ་རྐུན་གྱི་འཇིགས་པ་ཡང་འབྱུང་བར་མི་འགྱུར་རོ། །ཅི་ནས་ཀྱང་དམན་པ་དང་། དབུལ་བའི་འཇིགས་པ་ཡང་འབྱུང་བར་མི་འགྱུར་རོ། །དྲི་ངས་དང་།སྐུར་པ་དང་། སྨད་པ་དང་། མི་སྙན་པ་དང་། གཏམ་ངན་གྱི་འཇིགས་པ་ཡང་འབྱུང་བར་མི་འགྱུར་རོ། །རྒྱུད་དང་རུས་དང་རིགས་བཟང་པོ་དང་ཡང་ལྡན་པར་འགྱུར་རོ། །ཀུན་ནས་


DNG010_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

མཛེས་པ་དང་། གཟུགས་དང་། ཁ་དོག་དང་ལྡན་པར་འགྱུར་རོ། །འཇིག་རྟེན་པ་རྣམས་ལ་སྡུག་པ་དང་། ཡིད་དུ་འོང་བ་དང་། འགྲོགས་ན་བདེ་བ་དང་། མཐོང་ན་དགའ་བར་ཡང་འགྱུར་རོ། །འཇིག་རྟེན་པ་རྣམས་ལ་མཛེས་པ་དང་། སྐལ་བ་དང་ལྡན་པ་དང་། ཚིག་བཙན་པར་ཡང་འགྱུར་རོ། །གང་དང་གང་དུ་སྐྱེས་པ་དེ་དང་དེར་ཡང་སྐྱེ་བ་དྲན་པར་འགྱུར་རོ། །ལོངས་སྤྱོད་ཀྱི་གཞི་ཆེ་བ་དང་། འཁོར་མང་བ་དང་།ལོངས་སྤྱོད་ཀྱི་གཞི་མི་ཟད་པ་དང་། འཁོར་མི་ཟད་པར་ཡང་འགྱུར་རོ། །སེམས་ཅན་ཐམས་ཅད་ཀྱི་མཆོག་དང་། ཡོན་ཏན་མཆོག་དང་ཡང་ལྡན་པར་འགྱུར་རོ། །རང་བཞིན་གྱིས་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཡོན་ཏན་དང་ཡང་ལྡན་པར་འགྱུར་རོ། །ཚངས་པའི་གནས་བཞི་ལ་ཡང་གནས་པར་འགྱུར་རོ། །དྲན་པ་དང་། ཤེས་བཞིན་དང་། ཐབས་དང་། སྟོབས་དང་། སྨོན་ལམ་དང་། ཡེ་ཤེས་དང་ལྡན་པར་འགྱུར་རོ། །བསྟན་བཅོས་ཐམས་ཅད་ལ་འཇིགས་པ་མེད་པ་དང་། སྨྲ་མཁས་པར་ཡང་འགྱུར་རོ། །མི་བླུན་པ་དང་། ཚིག་གསལ་བ་དང་། སྒྲིན་པོར་འགྱུར་རོ། །ཤེས་ཉན་ཅན་དང་། ལེ་ལོ་མེད་པ་དང་། ཆོག་ཤེས་པ་དང་། ནོར་མང་བ་དང་། སྲེད་པ་མེད་པར་ཡང་འགྱུར་རོ། །སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་ཡིད་བརྟན་པར་བྱ་བ་དང་། སློབ་དཔོན་དང་། བླ་མར་བཀུར་བར་ཡང་འགྱུར་རོ། །དེས་སྔོན་མ་ཐོས་པའི་བཟོ་དང་། སྒྱུ་རྩལ་དང་། མངོན་པར་ཤེས་པའི་ཤེས་པ་དང་། བསྟན་བཅོས་ཐམས་ཅད་ཀྱང་དོན་དང་ཡི་གེའི་སྒོ་ནས་ཤེས་པར་འགྱུར་རོ། །ཚུལ་ཁྲིམས་དང་། འཚོ་བ་དང་། ཀུན་ཏུ་སྤྱོད་པ་ཤིན་ཏུ་ཡོངས་སུ་དག་པར་སྤྱོད་པ་དང་། ལེགས་པར་རབ་ཏུ་འབྱུང་བ་དང་། ལེགས་པར་བསྙེན་པ་རྫོགས་པར་ཡང་འགྱུར་རོ། །ཐམས་ཅད་མཁྱེན་པ་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་ཀྱང་མི་བརྗེད་པར་འགྱུར་རོ། །ཉན་ཐོས་དང་དགྲ་བཅོམ་པ་དང་རང་སངས་རྒྱས་ཀྱི་ངེས་པ་ལ་ནམ་ཡང་འཇུག་པར་མི་འགྱུར་རོ། །


DNG010_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ལག་ན་རྡོ་རྗེ་རྡོ་རྗེ་འཆང་། དེ་ལྟར་ཡོན་ཏན་དཔག་ཏུ་མེད་པ་དག་དང་ལྡན་པར་འགྱུར་ཏེ། རྣམ་པ་དེ་ལྟ་བུའི་ཡོན་ཏན་གྱི་ཚོགས་དཔག་ཏུ་མེད་པ་གཞན་དག་དང་ཡང་ལྡན་པར་འགྱུར་རོ། །ལག་ན་རྡོ་རྗེ་རྡོ་རྗེ་འཆང་། དོན་དམ་པའི་མིང་ཡང་དག་པར་བརྗོད་པ་འདི་ཡང་དག་པར་འཛིན་པའི་སྐྱེས་བུ་གང་ཟག་དེ་ནི། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལེགས་པར་བསགས་ཤིང་། སངས་རྒྱས་ཀྱི་ཡོན་ཏན་རྣམས་ཤིན་ཏུ་བསྒྲུབས་ནས། རིང་པོར་མི་ཐོགས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། བསྐལ་པ་མང་པོར་ཡོངས་སུ་མྱ་ངན་ལས་འདའ་བའི་ཆོས་སུ་མི་འགྱུར་བར། སེམས་ཅན་ཐམས་ཅད་ལ་བླ་ན་མེད་པའི་ཆོས་སྟོན་པ་དང་། ཕྱོགས་བཅུར་དམ་པའི་ཆོས་ཀྱི་རྔ་སྒྲ་ཆེན་པོ་རྒྱུན་མི་འཆད་པར་སྒྲོགས་པའི་ཆོས་ཀྱི་རྒྱལ་པོར་འགྱུར་རོ། །ཨོཾ་སརྦ་དྷརྨཱ་བྷཱ་ཝ་སྭ་བྷཱ་ཝ། བི་ཤུཌྜྷ་བཛྲ་ཨ་ཨཱ་ཨཾ་ཨཿ། པྲ་ཀྲྀ་ཏི་པ་རི་ཤུདྡྷཱཿསརྦ་དྷརྨཱ་ཡ་དུ་ཏ་སརྦ་ཏ་ཐཱ་ག་ཏ།ཛྙཱ་ན་ཀཱ་ཡ་མཉྫུ་ཤྲཱི་པ་རི་ཤུདྡྷི་ཏཱ་ནུ་པཱ་དཱ་ཡ་ཏི་ཨཾ་ཨཿ། སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ།ཧ་ར་ཧ་ར། ཨོཾ་ཧཱུཾ་ཧྲཱྀཿ། བྷ་ག་ཝཱན་ཛྙཱ་ན་མུརྟྟི་ཝཱ་གཱི་ཤྭ་ར། མ་ཧཱ་པ་ཙ་སརྦ་དྷརྨཱ། ག་ག་ནཱ་མ་ལ་སུ་པ་རི་ཤུཌྜྷ། དྷརྨ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨཱཿ། དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །དགའ་ཞིང་མགུ་ནས་ཐལ་མོ་སྦྱར། །མགོན་པོ་བཅོམ་ལྡན་དེ་བཞིན་གཤེགས། །རྫོགས་སངས་རྒྱས་ལ་ཕྱག་འཚལ་ནས། །དེ་ནི་མགོན་པོ་གསང་བའི་བདག །ལག་ན་རྡོ་རྗེ་ཁྲོ་བོའི་རྒྱལ། །སྣ་ཚོགས་གཞན་དང་ལྷན་ཅིག་ཏུ། །གསང་བསྟོད་ནས་ནི་ཚིག་འདི་གསོལ། །མགོན་པོ་བདག་ཅག་ཡི་རང་ངོ་། །ལེགས་སོ་ལེགས་སོ་ལེགས་པར་གསུངས། །རྣམ་གྲོལ་འབྲས་བུ་འཚལ་བ་ཡི། །འགྲོ་བ་མགོན་མེད་རྣམས་དང་ནི། །བདག་ཅག་ཡང་དག་རྫོགས་པ་ཡི། །བྱང་ཆུབ་ཐོབ་པའི་དོན་ཆེན་མཛད། །སྒྱུ་འཕྲུལ་དྲ་བའི་ཚུལ་བསྟན་པ། །འདི་ནི་རྣམ་དག་ལེགས་པའི་ལམ། །ཟབ་ཅིང་ཡངས་ལ་རྒྱ་ཆེ་སྟེ། །དོན་ཆེན་འགྲོ་བའི་དོན་
བྱེད་པ། །སངས་རྒྱས་རྣམས་ཀྱི་ཡུལ་འདི་ནི། །རྫོགས་པའི་སངས་རྒྱས་ཀུན་གྱིས་བཤད། །བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་གསུངས་པ་རྫོགས་སོ།། །།

གསང་བའི་སྙིང་པོ་སྒྱུ་འཕྲུལ་བཞི་བཅུ་པ།


DNG010_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

བོད་སྐད་དུ། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའོ། །བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བཤད་པའི་དུས་ན། དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ལོངས་སྤྱོད་ཆེན་པོ་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་བདག་ཉིད། མ་ལུས་མི་ལུས་ལུས་པ་མེད་པ་ཐམས་ཅད་དང་། སོ་སོ་མ་ཡིན་ཐ་མི་དད་དབྱེར་མེད་པའི་རང་བཞིན་ཏེ།འོག་མིན་གྱི་གནས་མཐའ་དང་དབུས་མེད་པའི། གཞི་ཚད་མེད་པའི་ཡེ་ཤེས་ཀྱི་འཁོར་ལོ་ཁྱབ་པར་གསལ་བ་ལ། ཡེ་ཤེས་རིན་པོ་ཆེ་འབར་བའི་གཞལ་ཡས་ཁང་། རྒྱ་ཕྱོགས་བཅུར་ཡོངས་སུ་མ་ཆད་པ་ཡོན་ཏན་དཔག་ཏུ་མེད་པར་རྒྱས་པའི་ཕྱིར་གྲུ་བཞི་པར་གྱུར་པ། ལྷག་པའི་ཡེ་ཤེས་རིན་པོ་ཆེའི་གློ་འབུར་གྱིས་མཛེས་པ། རྩེ་མོ་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཀྱི་དཀྱིལ་འཁོར་མ་ལུས་པར་མཉམ་པ་ཐམས་ཅད། སོ་སོ་མ་ཡིན་ངོ་བོ་ཉིད་གཅིག་པའི་ཡེ་ཤེས་ཀུན་ཏུ་འཁྱིལ་པ། ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་རིན་པོ་ཆེ་དབྱིབས་དང་ཁ་དོག་ལ་སོགས་ཏེ། རྣམ་པ་ཐ་དད་པའི་བྱེ་བྲག་དང་ཁྱད་པར་དུ་གྱུར་པ། ཚད་དཔག་ཏུ་མེད་པ། ཡེ་ཤེས་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲེང་བ་དང་། ཆུན་འཕྱངས་དང་། ཤར་བུའི་རྒྱན་དང་། གཟུགས་སྣ་ཚོགས་དང་། སྒྲ་སྣ་ཚོགས་དང་། དྲི་སྣ་ཚོགས་དང་། རོ་སྣ་ཚོགས་དང་། རེག་བྱ་སྣ་ཚོགས་ཀྱིས་ཕྱོགས་བཅུར་འཁྲིགས་པ། རང་བྱུང་ལ། མི་བསྒྲིབ་པར་གསལ་བའི་རྒྱན་བསམ་གྱིས་མི་ཁྱབ་པས་


DNG010_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

བཀླུབས་པ། རྣམ་པར་ཐར་པ་བཞིའི་སྒོ་ནས་འཇུག་པའི་སྒོ་ཁྱུད་ཅན། རྣམ་པར་ཐར་པ་བརྒྱད་ཀྱི་རྟ་བབས་དང་ལྡན་པ། ཕྱི་དང་ནང་མེད་པ་ཀུན་ཏུ་ཡང་ནང་དུ་གྱུར་པ་ན། མི་འཇིགས་པ་སེང་གེའི་ཁྲི་དང་། སྟོབས་གླང་པོ་ཆེའི་ཁྲི་དང་། རྫུ་འཕྲུལ་རྟའི་ཁྲི་དང་། དབང་རྨ་བྱའི་ཁྲི་དང་། ཐོགས་པ་མེད་པ་ནམ་མཁའ་ལྡིང་གི་ཁྲི་དང་།རང་བཞིན་གྱིས་འོད་གསལ་བའི་ཉི་ཟླའི་དཀྱིལ་འཁོར་དང་། གོས་པ་མེད་པ་པདྨ་རིན་པོ་ཆེའི་གདན་ལ། སྐུ་མདུན་དང་རྒྱབ་མེད་པ་ཐམས་ཅད་ཏུ་ཞལ་ཐལ་ལེ་བར་གསལ་ཞིང་། མཚན་དང་དཔེ་བྱད་དུ་ལྡན་པ། བསམ་གྱིས་མི་ཁྱབ་པ་ཐམས་ཅད་དུ་སྐུ་གསུང་ཐུགས་སྣ་ཚོགས་པར་ཀུན་ཏུ་སྣང་བ། ལྷུན་གྱིས་གྲུབ་པའི་སྐུ་གསུང་ཐུགས་ཆེན་པོ་ལས། ཐམས་ཅད་དུ་རྫོགས་པའི་ཚུལ། ཐབས་དང་ཤེས་རབ་ཀྱི་ཞབས་གཉིས་མཉམ་པའི་བརྟུལ་ཞུགས་ཀྱི་སྐྱིལ་མོ་ཀྲུང་དུ་བཞུགས་པ། ཡེ་ཤེས་དྲུག་གི་ཕྱག་ཡེ་ཤེས་རིན་པོ་ཆེའི་ཕྱག་རྒྱ་འབར་བ་ཅན།སྐུ་གསུང་ཐུགས་བསམ་གྱིས་མི་ཁྱབ་པའི་དབུ་གསུམ་དང་ལྡན་པ་འདི་ལྟ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་ཤེས་པའི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་གཟུགས་ཀྱི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་ཚོར་བའི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་འདུ་ཤེས་ཀྱི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་འདུ་བྱེད་ཀྱི་རྒྱལ་པོ་དེ་དག་ཀུན་ཀྱང་། མཐིང་ག་དང་། དཀར་པོ་དང་།སེར་པོ་དང་། ལེ་བརྒན་དང་ལྗང་གུའི་མདོག་ཏུ་འཚེར་བ། བཙུན་མོ་དམ་པ་སྣང་བའི་དབྱིངས་དང་། སྲ་བའི་དབྱིངས་དང་། མཉེན་པའི་དབྱིངས་དང་།དྲོ་བའི་དབྱིངས་དང་། བསྐྱོད་པའི་དབྱིངས་ལ་སོགས་པ། བཙུན་མོའི་ཚོགས་དང་གཉིས་སུ་མེད་པར་ཆོས་ཀྱི་དབྱིངས་ཀུན་ཏུ་མཐའ་ཡས་པར་ཁྱབ་པ་ནི། འདི་ལྟ་སྟེ། དཔེར་ན་ཏིལ་གྱི་གང་བུ་བཞིན་དུ་གང་ནས་ཁྱབ་པར་བཞུགས་སོ། །དེ་ནས་བྱང་ཆུབ་ཆེན་པོ་རྡོ་རྗེ་མཐོང་བ་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་ཐོས་པ་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་སྣོམ་པ་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་མྱོང་བ་དང་། བཙུན་མོ་མཐོང་བར་


DNG010_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་དང་། མཉན་པར་བྱ་བ་དང་། བསྣམ་པར་བྱ་བ་དང་། མྱང་བར་བྱ་བའི་ཚོགས་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་མཐོང་བྱེད་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་ཐོས་བྱེད་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་སྣོམ་བྱེད་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་མྱོང་བྱེད་དང་། བཙུན་མོ་འདས་པ་དང་། ད་ལྟར་དང་། འབྱུང་བ་དང་། མ་བྱོན་པའི་ཚོགས་དང་། འཇོམས་པ་ཆེན་པོ་རེག་པ་དང་། འཇོམས་པ་ཆེན་པོ་རེག་བྱ་དང་། འཇོམས་པ་ཆེན་པོ་རེག་བྱེད་དང་། འཇོམས་པ་ཆེན་པོ་རེག་ཤེས་དང་། བཙུན་མོ་རྟག་པར་མ་ཡིན་པ་དང་། ཆད་པར་མ་ཡིན་པ་དང་། བདག་ཏུ་མ་ཡིན་པ་དང་། མཚན་མར་མ་ཡིན་པ་ལ་སོགས་པ་དེ་ལྟ་བུའི་ཚོགས་བརྗོད་ཀྱིས་མི་ལང་བ་དང་གཉིས་སུ་མེད་པར་བཞུགས་སོ། །དེ་ནས་དེ་བཞིན་གཤེགས་པ་བཙུན་མོའི་ཚོགས་དང་གཉིས་སུ་མེད་པའི་དཀྱིལ་འཁོར་ཆེན་པོ་དེ་དག་ཉིད་ཀྱི་གསང་བ་འདི་ཉིད་སྐུ་དང་གསུང་དང་ཐུགས་དང་ཡོན་ཏན་ཕྲིན་ལས་རྡོ་རྗེ་ལས་ཕྱུང་ངོ་། །ཨེ་ཨེ་ཨེ་མ་ཧོ།དེ་བཞིན་ཉིད་ཀྱི་དབྱིངས་ཉིད་དབང་སྒྱུར་ཡེ་ཤེས་དཀྱིལ་འཁོར་ཐུགས་རྗེའི་དང་། །རང་སྣང་བ་ཉིད་ཏིང་འཛིན་གཟུགས་བརྙན་སྒྱུ་མ་རྣམ་དག་གསལ་བ་ནི། །སྐུ་དང་གསུང་དང་ཐུགས་དང་ཡོན་ཏན་ཕྲིན་ལས་སེལ་མེད་པ་ཡི་ཡོན་ཏན་ཡིད་བཞིན་ནོར་བུ་རིན་པོ་ཆེ། །མི་ཟད་པར་ལྡན་རྒྱན་གྱི་འཁོར་ལོ་རྡོ་རྗེ་མཆོག་གི་གནས་ཉིད་དོ། །ཞེས་རྡོ་རྗེ་གསང་བའི་ཚིག་ཏུའོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་བྱེད་པ་པོ། རྡོ་རྗེ་ཡིད་ཀུན་ཏུ་བཟང་པོ།ཐམས་ཅད་མ་ལུས་པའི་རང་བཞིན་གྱི་ཚུལ་རྡོ་རྗེས། བཙུན་མོ་ཆོས་བྱ་བ་མོ་ཀུན་ཏུ་བཟང་མོ་ལ་འཇུག་པར་གྱུར་ཏེ། ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཨཱོཾ་ཆོས་ཀྱི་ཆོས་ཉིད་བྱ་བའི་དབྱིངས། །ཀུན་ཏུ་བཟང་མོ་བདེ་བའི་ཡུམ། །མ་གཡོས་རང་བཞིན་དཀྱིལ་འཁོར་ནི། །བདག་ཡིན་བདག་གི་སྤྱོད་ཡུལ་བ། །ཕྱག་


DNG010_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་སྣ་ཚོགས་སོ་སོར་གསལ། །ནུབ་ཕྱོགས་འོག་མིན་གནས་མཆོག་ཏུ། །མ་ཆགས་པདྨའི་གདན་བཏིང་བ། །དུས་གསུམ་རྒྱལ་བ་བཞུགས་པའི་གནས། །རྣམ་པར་ཐར་པའི་སྒོ་བཞི་ལ། །ཕྱག་རྒྱ་བཞི་དང་ཡང་དག་ལྡན། །དབང་དང་སྐལ་མིན་བསམ་པའི་རིག །ནང་དང་ཕྱི་རིམ་ལྕགས་དང་ལྡན། །རྒྱལ་བ་ཡོངས་ཀྱིས་སྦས་པ་ཡི། །སུས་ཀྱང་གཏིང་དཔག་དཀའ་བ་དེ། །ཀུན་ཏུ་བཟང་པོ་ཉིད་ཀྱིས་གཟིགས། །ཞེས་བརྗོད་པས། བཙུན་མོ་བྱ་བ་ཆོས་ཀུན་ཏུ་བཟང་མོ་ལ་འཇུག་པར་གྱུར་ཏོ། །ཞུགས་ནས་བཙུན་མོ་བྱ་བ་ཆོས་ཀུན་ཏུ་བཟང་མོས། བཅོམ་ལྡན་འདས་ཡིད་ཀུན་ཏུ་བཟང་པོ་དང་གཉིས་སུ་མེད་པའི་ལོངས་སྤྱོད་བདེ་བ་ལ་མཉམ་པར་གནས་ཏེ། ཆེད་དུ་བརྗོད་པ་འདི་བརྗོད་དོ། །སེམས་ཀྱི་སེམས་ཉིད་བྱེད་པའི་གཙོ། །ཀུན་ཏུ་བཟང་པོ་རྡོ་རྗེའི་ཡིད། །ཡེ་ཤེས་དྲུག་གི་རང་བཞིན་ཏེ། །ཤར་ཕྱོགས་མངོན་དགའ་བསམ་ཡས་ན། །ནཱི་ལ་ལྟ་བུར་གཏེར་འབྱིན་པ། །གསང་འདུས་འཕྲུལ་གྱི་ལྡེ་མིག་གིས། །རྣམ་པར་ཐར་པའི་སྒོ་ཕྱེ་ནས། །བྱང་ཆུབ་མཆོག་གི་ནང་གཏན་དགྲོལ། །མཉམ་སྦྱོར་པདྨའི་གདན་ལ་བཞུགས། །འགྲོ་དོན་བྱང་ཆུབ་སེམས་བསྐྱེད་ནས། །འགྲོ་ལྔ་སྐྱེ་བཞིར་དབང་དུ་བསྡུས། །སྐུ་གསུང་ཐུགས་གནས་དབང་བསྐུར་ཏོ། །ཞེས་བརྗོད་པས། ཐམས་ཅད་མཉམ་པ་ཆེན་པོའི་ཚུལ་རྡོ་རྗེ་ཉིད་དུ་གསལ་བར་གྱུར་ཏོ། །ཞུགས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་མ་ལུས་པ་ཐམས་ཅད་གཅིག་གི་རང་བཞིན་དབྱེར་མེད་པས། དེ་བཞིན་གཤེགས་པ་ཉིད་དེ་བཞིན་གཤེགས་པ་ཉིད་ལ་ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཨེ་མའོ། རྡོ་རྗེ་ཕུང་པོའི་ཡན་ལག་ནི། །རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །སྐྱེ་མཆེད་ཁམས་རྣམས་མང་པོ་ཀུན། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཉིད། །ས་ཆུ་སྤྱན་དང་མཱ་མ་ཀཱི། །མེ་རླུང་གོས་དཀར་སྒྲོལ་མ་སྟེ། །ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། །སྲིད་གསུམ་ཡེ་ནས་སངས་རྒྱས་ཞིང་། །ཐམས་ཅད་མ་ལུས་ཆོས་སོ་ཅོག །སངས་རྒྱས་ཉིད་


DNG010_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གཞན་མ་ཡིན། །སངས་རྒྱས་ཉིད་ལས་གཞན་པའི་ཆོས། །སངས་རྒྱས་ཉིད་ཀྱིས་མི་རྙེད་དོ། །ཞེས་བརྗོད་པས། དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་གྱུར་ཏོ། །དེ་ནས་བཙུན་མོ་བྱ་བ་མོ་ཆོས་ཀུན་ཏུ་བཟང་མོས། བཅོམ་ལྡན་འདས་ཡིད་ཀུན་ཏུ་བཟང་པོ་དང་གཉིས་སུ་མེད་པར་གྱུར་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཨེ་མ་ཧོ། ཕྱོགས་བཅུ་སྟོང་ཁམས་ཡེ་ནས་དབེན། །སྲིད་པ་གསུམ་ཉིད་དག་པའི་ཞིང་། །སྙིགས་མ་ལྔ་ཉིད་བདེ་ལྡན་གནས། །ཕུང་པོ་ལྔ་ཉིད་མངོན་སངས་རྒྱས། །ཐམས་ཅད་མཆོག་གི་སྙིང་པོ་བས། །གཞན་དུ་རྒྱལ་བས་ཆོས་མི་བཙལ། །ཉིད་ལས་གཞན་ཞེས་བྱ་བའི་ཆོས། །བཙལ་ཀྱང་རྒྱལ་བས་མི་བརྙེས་སོ། །ཞེས་བརྗོད་པས། ཐམས་ཅད་ཡེ་ནས་སངས་རྒྱས་པ་དེ་བཞིན་གཤེགས་པ་ཉིད་ཀྱིས་མཁྱེན་ཏོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། གླེང་བསླང་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་གཉིས་སུ་མེད་པའི་བདག་ཉིད་ཆེན་པོས། ཡེ་ནས་སངས་རྒྱས་པའི་སེམས་ཡེ་ཤེས་སུ་བསྐྱེད་པ་འདི་གསུངས་སོ། །ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ན་སྐྱེ་བ་མེད། །ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །འགག་པ་མེད་ལས་ཐམས་ཅད་འགགས། །འགགས་པ་ཉིད་ན་འགག་པ་མེད། །ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །གནས་པ་མེད་ལ་ཐམས་ཅད་གནས། །གནས་པ་ཉིད་ན་གནས་པ་མེད། །ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །དམིགས་པ་མེད་ལས་ཐམས་ཅད་དམིགས། །དམིགས་པ་ཉིད་ན་དམིགས་པ་མེད། །ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །འགྲོ་འོང་མེད་ལས་


DNG010_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་དང་འོང་། །འགྲོ་འོང་ཉིད་ནས་འགྲོ་འོང་མེད། །ཅེས་བརྗོད་པས། དེ་བཞིན་གཤེགས་པ་ཐམས་ཅད་དང་། བཙུན་མོའི་ཚོགས་ཐམས་ཅད་མཉེས་པར་ཁྱབ་པར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་བཙུན་མོའི་ཚོགས་དང་བཅས་པས་ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཨེ་མ་ཧོ་ཡེ་ནས་གསང་བའི་ཆོས། །སྣ་ཚོགས་སྣང་ལ་རང་བཞིན་གསང་། །ངོ་བོ་ཉིད་ཀྱིས་རབ་ཏུ་གསང་། །གཞན་དུ་མིན་ལས་ཤིན་ཏུ་གསང་། །ཞེས་བརྗོད་པས། དེ་བཞིན་གཤེགས་པ་ཐམས་ཅད་དང་། ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་ངོ་བོ་ཉིད་དུ་གཅིག་པའི་མཚན་ཉིད་ཡིན་པར་དབྱེར་མེད་ནའང་། འགྲོ་བའི་རྣམ་པར་རྟོག་པ་མ་རིག་པ་ལས། འགྲོ་བ་ལྔའི་རིགས་བསམ་གྱིས་མི་ཁྱབ་པར་སྨིན་པ་ལ། ཐུགས་རྗེ་ཆེན་པོ་སངས་རྒྱས་ཀྱི་ཡེ་ཤེས་ཆེན་པོ་སྐྱེས་ནས། ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཨེ་མ་ཧོ་བདེར་གཤེགས་སྙིང་པོ་ལས། །རང་གི་རྣམ་རྟོག་ལས་ཀྱིས་སྤྲུལ། །སྣ་ཚོགས་ལུས་དང་ལོངས་སྤྱོད་དང་། །གནས་དང་སྡུག་བསྔལ་ལ་སོགས་པ། །བདག་དང་བདག་གིས་སོ་སོར་འཛིན། །སུས་ཀྱང་མ་བཅིངས་བཅིང་མེད་དེ། །བཅིང་བར་བྱ་བ་ཡོད་མ་ཡིན། །རྣམ་རྟོག་བདག་ཏུ་འཛིན་པ་ཡིས། །ནན་གྱིས་མཁའ་ལ་མདུད་པ་འདོར། །བཅིང་མེད་རྣམ་པར་གྲོལ་མེད་པའི། །ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། །བསྟན་ཕྱིར་སྤྲོ་བ་སྣ་ཚོགས་མཛད། །ཅེས་དེ་བཞིན་གཤེགས་པ་ཉིད་དེ་བཞིན་གཤེགས་པ་ཉིད་ལ་ཆེད་དུ་གླེང་ངོ་། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། དོན་དམ་པ་དང་ཀུན་རྫོབ་ཀྱི་བྱང་ཆུབ་སེམས་ཡེ་ཤེས་སུ་བསྐྱེད་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ལས། ཐུགས་རྗེ་ཆེན་པོའི་བྱིན་གྱིས་རླབས་ཤེས་བྱ་བའི་རིག་པའི་སྐྱེས་བུ་ཐུབ་པ་དྲུག །དེ་བཞིན་གཤེགས་པའི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་བཏོན་ཏོ། །བཏོན་ནས་ཀྱང་ལས་ཀྱི་དབང་གིས། སྣྲེལ་གཞི་དང་། ཡན་མན་གྱི་འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་སྟོང་གསུམ་གྱི་སྟོང་ཆེན་པོ་རེ་རེར། ཐུབ་པ་ཆེན་


DNG010_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

པོ་བཅོམ་ལྡན་འདས་རེ་རེས། འདུལ་བ་རྣམ་པ་བཞིས་འགྲོ་བ་རྣམ་པ་ལྔའི་དོན་མཛད་དེ།བལྟམས་པ་དང་། རབ་ཏུ་བྱུང་བ་དང་། དཀའ་ཐུབ་མཛད་པ་དང་། སངས་རྒྱས་པ་དང་བདུད་བཏུལ་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ཆོ་འཕྲུལ་ཆེན་པོ་བསྟན་པ་དང་། མྱ་ངན་ལས་འདས་པར་སྟོན་པའི་ཐུབ་པས།དུས་བཞི་ཀུན་ཏུ་མཁྱེན་པ་དང་། ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་ཀུན་ཏུ་མཁྱེན་པ་དང་། རྫུ་འཕྲུལ་གྱི་སྤྱན་གྱིས་ཀུན་ཏུ་གཟིགས་པ་དང་། རྫུ་འཕྲུལ་གྱི་སྙན་གྱིས་ཀུན་ཏུ་གསན་པ་དང་། རྫུ་འཕྲུལ་གྱི་ཚོགས་ཀུན་ཏུ་སྤྱོད་པ་དང་། ཟག་པ་མེད་པ་ཀུན་ཏུ་བཟང་པོའི་སྤྱོད་པ་རྫོགས་པའི་མངོན་པར་ཤེས་པ་དྲུག་དང་། ཀུན་ཏུ་སྐུ་བསམ་གྱིས་མི་ཁྱབ་པ་དང་། ཀུན་ཏུ་ཐུགས་བསམ་གྱིས་མི་ཁྱབ་པ་དང་།ཀུན་ཏུ་ཞལ་བསམ་གྱིས་མི་ཁྱབ་པ་དང་། ཀུན་ཏུ་གསུང་བསམ་གྱིས་མི་ཁྱབ་པ་དང་ལྡན་པ། བསམ་གྱིས་མི་ཁྱབ་པ་གྲངས་མེད་པར་ཕྱོགས་བཅུར་སྣང་བར་གྱུར་ཏོ། །དེ་ལྟར་སྣང་བར་གྱུར་ནས། ཇི་སྙེད་པའི་ཐུབ་པ་ཆེན་པོ། སྙིང་རྗེའི་གོ་འཕང་ཆེན་པོ་ཐམས་ཅད་ཀྱང་འདི་ལྟ་སྟེ། འདུལ་བའི་དབང་གིས་ལྷ་དང་མིའི་ཐེག་པ་དང་། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་།བྱང་ཆུབ་སེམས་དཔའི་ཐེག་པ་དང་། བླ་ན་མེད་པའི་ཐེག་པས་མ་རིག་པའི་རྣམ་པར་རྟོག་པ་ཉོན་མོངས་པ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་གཉེན་པོར། ཆོས་ཀྱི་སྒོ་མོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་གསུངས་སོ། །གསུང་ངོ་གསུང་བར་འགྱུར་རོ། །དེ་དག་ཐམས་ཅད་ཀྱང་། གཟུང་བ་དང་འཛིན་པའི་དབང་གིས་ཕྱི་ནང་གི་རྟེན་ཅིང་འདྲེལ་བར་འབྱུང་བ་འཛིན་པའི་འཁྲུལ་པ་ལས་ལྡོག་པ་དང་། ལས་དང་ལས་ཀྱི་འབྲས་བུ་ཆུད་མི་ཟ་བ་དང་། ལས་དང་ལས་ཀྱི་འབྲས་བུས་མི་གོས།གོས་པར་མི་འགྱུར་བ་དང་། གོས་སུ་མེད་པར་སྟོན་པའི་མཐར་ཐུག་གོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། འཁོར་བའི་སྐྱོན་དང་། མྱ་ངན་ལས་འདས་པའི་ཡོན་ཏན་བསྟན་པའི་ཕྱིར། དེ་བཞིན་གཤེགས་པ་ཉིད་ལ་ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཨེ་མ་ཧོ་དཀྱིལ་འཁོར་བསམ་ཡས་པ། །སྙིང་པོ་བླ་མེད་ཇི་སྙེད་པའི། །གཞན་གྱིས་མི་འཕྲོག་རང་བཞིན་རྒྱལ། །མཐའ་དང་བྲལ་བས་བདག་མེད་པའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཆེད་དུ་བརྗོད་པ་འདི་བརྗོད་དོ། །


DNG010_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

ཨེ་མ་ཧོ་ཇི་སྙེད་འཇིག་རྟེན་འཁྲུལ་པའི་ཆོས། །མ་རིག་རྟོག་པའི་གཟུང་འཛིན་གྱིས། །སྟོང་གི་འཇིག་རྟེན་བསམ་ཡས་པར། །ཕྱི་ནང་རྟེན་འདྲེལ་གཉིས་སུ་འཁོར། །རྟོག་པའི་བག་ཆགས་སྟུག་པོ་ཡིས། །མི་མཐུན་བདེ་སྡུག་མྱོང་བར་འགྱུར། །དེ་ཉིད་ཇི་བཞིན་དབྱིངས་ཉིད་དང་། །རང་བཞིན་བདག་མེད་ཚུལ་གཅིག་སྟེ། །རང་བཞིན་ཉིད་ལས་ཉམས་པ་མེད། །ཡང་དག་སྒྱུ་མའི་ཚུལ་གཉིས་སུ། །བདག་དང་བདག་གི་གཞན་མེད་དེ། །དེ་ཉིད་ངོ་བོ་ཉིད་དབྱིངས་པས། །རྣམ་དག་དབྱིངས་ཉིད་ཚུལ་གཅིག་གོ། །བདག་དང་བདག་གི་གཞན་རྣམས་ནི། །ལོག་པར་རྟོག་པ་ཙམ་ཉིད་ལས། །ཕྲ་ཞིང་ཟབ་པའང་ཡོད་མ་ཡིན། །ལོག་རྟོག་ཉིད་ལ་ཉིད་སྤྱོད་དེ། །གཞན་དུ་གཡོ་བ་ཅི་ཡང་མེད། །ལོག་རྟོག་རྒྱུ་འབྲས་རྒྱུན་ཉིད་ཀྱང་། །གཞི་རྩ་མེད་དེ་སྐད་ཅིག་མ། །རྣམ་པར་དག་པའི་དབྱིངས་ཉིད་ཚུལ། །ཉིད་ལ་དབང་སྒྱུར་ཉིད་སྤྱོད་ཕྱིར། །བདག་དང་གཞན་དང་རྟོག་པའི་རྒྱུན། །རྣམ་དག་བླ་མེད་ཐེག་པའི་མཆོག །ཐེག་པ་བཞི་ཡི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཡང་དག་རྟོགས་པས་རབ་བརྟགས་ན། །རང་བཞིན་མེད་ལ་ཅིར་ཡང་འགྲུབ། །སངས་རྒྱས་མྱ་ངན་ཡོངས་མི་འདའ། །ཆོས་ཀྱང་ནུབ་པར་མི་འགྱུར་ཏེ། །མ་རིག་སྨིན་མཛད་གདུལ་བའི་ཕྱིར། །བྱུང་ནས་མྱ་ངན་འདའ་བར་སྟོན། །འདུལ་བ་མདོ་སྡེ་ཆོས་མངོན་དང་། །དམ་ཚིག་སྒྲུབ་དང་གྲུབ་པ་དང་། །སྐུ་དང་གསུང་དང་ཐུགས་ཀྱི་རྒྱུད། །ཇི་སྙེད་འཇིག་རྟེན་མཐའ་ཀླས་པར། །ཕྱོགས་བཅུ་ཀུན་ཏུ་རབ་གྲགས་པ། །གསང་བའི་སྙིང་པོ་ལས་འཕྲོས་ཏེ། །རང་བཞིན་གསང་བའི་སྙིང་པོ་འདི། །སྡེ་སྣོད་ཀུན་དང་རྒྱུད་ཀུན་གྱི། །སྟོན་པའི་ཐུབ་པ་བསམ་ཡས་པ། །འབྱུང་གནས་གཏན་ལ་ངེས་པར་འདེབས། །ཆོས་རྣམས་མིང་དུ་བཏགས་པ་ཙམ། །སྟོན་པས་དོན་དང་མཐུན་


DNG010_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་སུ། །མིང་དང་ཚིག་ཏུ་བཏགས་ནས་བསྟན། །སྟོན་མིང་ཚིག་ལ་དངོས་པོ་མེད། །ཅེས་བརྗོད་པས།ཆོས་ཐམས་ཅད་ངོ་བོ་ཉིད་ཀྱི་ལྷུན་གྱིས་གྲུབ་པ་ཆེན་པོར་གསལ་བར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་ལྷུན་གྱིས་གྲུབ་པ་གཉིས་སུ་མེད་པའི་དཀྱིལ་འཁོར་དེ་དག་ཉིད་ཀྱི་གསང་བ་འདི་ཉིད་སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་རྡོ་རྗེ་ལས་ཕྱུང་ངོ་། །ཨ་ཧོ། སྲིད་རྩའི་ཉེས་དམིགས་བདག་ཏུ་རྟོག་ལས་སྤྲོས། །རྒྱུད་དྲུག་སྐྱེ་འགག་ལུས་དང་ལོངས་སྤྱོད་དང་། །གནས་དང་སྡུག་བསྔལ་འཁྲུལ་འཁོར་ལ་སོགས་པ། །ལོག་རྟོག་ཉིད་ལས་གཞན་དུ་ཅི་ཡང་མེད། །སྟོང་ཉིད་བདག་མེད་ཡེ་མཁྱེན་རང་རིག་ཐུགས། །དམིགས་བྱ་དམིགས་བྱེད་མེད་པར་དྲན་དབང་སྒྱུར། །ངོ་མཚར་སྐུ་གསུང་ཡོན་ཏན་ཞིང་ཁམས་ལས། །གཞན་ན་མེད་དེ་དེ་ཉིད་དེ་ལྟར་ཡིན། །ཞེས་རྡོ་རྗེ་གསང་བའི་ཚིག་ཏུའོ། །ཐུབ་པ་དྲུག་གི་སྤྲུལ་པ་གྲངས་མེད་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པ་ཡང་།དེ་དག་ཏུ་འདུས་པར་དེ་བཞིན་གཤེགས་པ་ཉིད་ཀྱིས་མཁྱེན་ཏོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། ཆོས་ཐམས་ཅད་གཏན་ལ་ཕབ་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་དེ་བཞིན་གཤེགས་པ་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་འགྲོ་བ་ཐམས་ཅད་ལ་རང་བཞིན་གྱི་དཀྱིལ་འཁོར་ཡོད་པར་བསྟན་པ་དང་། རིགས་རྒྱུད་དྲུག་ཏུ་ཡང་བཤད། དེ་ལ་ཆོས་ཉིད་ཀྱི་རིགས་ནི་ཐམས་ཅད་ཀུན་ལ་ཡང་ཡོད་དོ། །ནམ་མཁས་ཀྱང་ཀུན་ལ་ཁྱབ་པར་གནས་སོ། །དེ་ལྟར་ཆོས་ཀྱི་དབྱིངས་དང་།ནམ་མཁའ་ཀུན་ལ་ཁྱབ་ཀྱང་། མངོན་པར་ཐར་པའི་དོན་མ་རྟོགས་ན། མེ་ལོང་གཡས་གཡོགས་པ་དང་འདྲ་སྟེ། གཟུགས་བརྙན་སྣང་བའི་བྱ་བ་བྱེད་མི་ནུས་སོ། །ཞེས་གསུངས་ནས། ཡང་འདི་སྐད་རྡོ་རྗེ་འཆང་གིས་གསུངས་སོ། །མཉམ་ཉིད་དོན་རྟོགས་རང་རིག་རྒྱལ་པོ་ནི། །རྒྱ་མཚོ་ཆེན་པོར་ཆུ་ཀླུང་ཀུན་འབབ་ལྟར། །བླ་མེད་དོན་རྟོགས་ཐབས་ཆེན་འདི་དག་ཏུ། །རྣམ་ཐར་ཐེག་པ་མ་ལུས་མཐའ་


DNG010_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

ཡས་འདུས། །ཨ་ཧོ། བདག་མེད་གཉིས་རྟོགས་ཕ་རོལ་ཕྱིན་རྫོགས་པའི། །ས་བཅུ་རིམ་གྱིས་བསྒོམ་པའི་རྣལ་འབྱོར་པ། །སངས་རྒྱས་སར་འགྲོ་གོ་འཕང་འཐོབ་པའི་ལམ། །བདེན་པ་གཉིས་ཀྱི་ས་རབ་ཐོབ་པར་འགྱུར། །ཕྱི་ནང་རྟེན་འདྲེལ་སྒྱུ་མ་མིག་ཡོར་ཚུལ་ཤེས་པའི། །དངོས་པོ་གཟུགས་ལ་ཐོགས་མེད་རབ་ཏུ་འཇུག །དགེ་བཤེས་མི་སློབ་རང་གི་རིག་པས་རྟོགས། །བྱང་ཆུབ་སར་འགྲོ་ཡིད་བཞིན་བདེ་བའི་མཆོག །བདེན་བཞིའི་དོན་རྟོགས་རབ་ཏུ་སྤོང་བྱེད་ཅིང་། །ཡེ་ཤེས་བཅུ་དྲུག་ཆ་སྦྱངས་རབ་ཞི་བའི། །རྒྱུན་ཞུགས་ལ་སོགས་རིམ་པར་སྦྱངས་ནས་ནི། །ཉོན་མོངས་དགྲ་རྣམས་རབ་ཏུ་ཞི་བའི་ས་རུ་འགྲོ། །ཐེག་པ་གང་དུ་བསྟན་པ་མ་ངེས་པའི། །ཡང་ན་ཀུན་ལ་མཐུན་པས་འབྱམས་པར་འཇུག །ཡང་ན་ངེས་མེད་འདི་ཞེས་བརྟག་ཏུ་མེད། །འདི་ནི་མ་ངེས་རྡོ་རྗེ་འཆང་གིས་གསུང་། །དགེ་བཅུ་སྤྱོད་ཅིང་མི་དགེ་སྤོང་བྱེད་པ། །འདོད་ཁམས་ལྷ་དང་མི་རུ་སྐྱེ་བའི་རྒྱུ། །ཚད་མེད་བཞི་སྤྱོད་མི་གཡོ་སྒོམ་བྱེད་པ། །ཚངས་གནས་ལ་སོགས་སྐྱེ་བའི་རྒྱུ་ཡིན་ནོ། །ཆོས་ཀྱི་དབྱིངས་ཀྱིས་ཀུན་ལ་ཁྱབ་གྱུར་ཀྱང་། །རང་རིག་རྟོགས་པའི་སྐལ་དང་མི་ལྡན་ན། །ཇི་ལྟར་དམུས་ལོང་མདུན་དུ་མདོག་བསྟན་བཞིན། །འདི་ནི་སྐལ་མེད་རིགས་ཆད་པ་ཡིན་ནོ། །ཆོས་ཀྱི་དབྱིངས་ཀྱིས་ཀུན་ལ་ཁྱབ་པ་ཡིས། །བླ་མེད་ཐེག་པ་བསམ་ཡས་གསུངས་པ་ཡང་། །སོ་སོ་རང་རང་བློ་ལ་སྣང་བར་ཟད། །ངན་སོང་འགྲོ་དྲུག་སྣ་ཚོགས་རྒྱུ་བ་ཡང་། །འཁྲུལ་པའི་ལོག་རྟོག་བློ་ཉིད་སྣང་བ་སྟེ། །དེ་བཞིན་ཉིད་ཀྱི་དབྱིངས་ལ་འགྱུར་བ་མེད། །མི་དམིགས་རང་རིག་གོམས་བྱས་བླ་ན་མེད་པའི་མཆོག །ལོག་རྟོག་བདག་དང་བདག་གིར་འཛིན་གྱུར་ན། །དངོས་མེད་མི་སྡུག་སྣ་ཚོགས་སྣང་བར་འགྱུར། །ཡང་དག་ཤེས་པའི་རང་རིག་བློ་མེད་ན། །བདེ་གཤེགས་ཞིང་ཡང་ངན་སོང་གསུམ་དུ་མཐོང་། །ཐེག་མཆོག་མཉམ་པའི་དོན་ཉིད་རྟོགས་པ་ན། །ངན་སོང་གནས་ཉིད་འོག་མིན་དགའ་ལྡན་གནས། །ནམ་མཁའི་དབྱིངས་ཉིད་གཏོས་ནི་


DNG010_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་ཡས་པར། །ཉི་ཟླ་གཟའ་སྐར་མཚན་མ་གློག་འགྱུ་དང་། །འཇའ་ཚོན་སྤྲིན་མང་སྣ་ཚོགས་འཁྲུགས་གྱུར་ཀྱང་། །ནམ་མཁའི་དབྱིངས་ལ་འགྱུར་ཞིང་ཉམས་པ་མེད། །མི་དམིགས་ཆོས་ཀྱི་དབྱིངས་ནི་མཐའ་ཡས་པར། །སྐུ་གསུང་ཡོན་ཏན་ཕྲིན་ལས་རྨད་བྱུང་དང་། །འཇིག་རྟེན་གཙོ་མཆོག་མ་ལུས་ཐམས་ཅད་དང་། །འཁྲུལ་འཁོར་སྡུག་བསྔལ་སྣ་ཚོགས་རྣམ་མང་ཡང་། །དེ་བཞིན་ཉིད་ལ་འཕེལ་ཞིང་བྲི་བ་མེད། །རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་ལས།ཐམས་ཅད་ལ་ཆོས་ཉིད་ཀྱི་རྒྱུ་ཡོད་པ་དང་། རིགས་རྒྱུད་ཆད་པ་དང་། རིགས་བརྒྱད་སོ་སོར་དབྱེ་བའི་མདོ་བཤད་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་དགོངས་པ་གཅིག་ཏུ་གྱུར་ནས། མཉམ་པ་ཆེན་པོའི་ཚུལ་རྡོ་རྗེའི་དབྱིངས་སུ་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་ཏིང་ངེ་འཛིན་ལས་མི་གཡོ་བར་ཆོས་ཐམས་ཅད་མིང་ཙམ་དུ་གནས་པའི་ཡི་གེ་ཕྲེང་བའི་འཁོར་ལོ་ཞེས་བྱ་བ་འདི། སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཨ། རབ་ཏུ་བརྟན་གྱུར་ཨ་དཀར་ལས། །ཤིན་ཏུ་ཕྲ་བའི་ཨ་རྣམས་འཕྲོ། །ཕྱོགས་བཅུ་གང་བར་གསལ་གྱུར་ནས། །བསྡུས་ཀྱང་འཕེལ་འགྲིབ་མེད་པར་བརྟན། །དེ་ལས་མིང་ཚོགས་གསལ་འབར་ཀུན། །སྤྲོ་ཞིང་བསྡུ་བའང་དེ་བཞིན་ནོ། །འདི་ནི་རྡོ་རྗེའི་དངོས་གྲུབ་ཀྱི། །བརྟན་འབྱུང་ཡེ་ཤེས་རྒྱུ་ཡིན་ནོ། །ཨ། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ཝ་ར་ལ། ཤ་ཥ་ས་ཧ་ཀྵ། ཨི་ཨཱིཾ། ཨུ་ཨཱུ། ཨེ་ཨཻ། ཨོ་ཨཽ། འདི་དག་ཕྱུང་བས། འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་པ་རྣམ་པ་དྲུག་ཏུ་གཡོས། རབ་ཏུ་གཡོས། ཀུན་ཏུ་གཡོས་ནས། ཆོས་ཐམས་ཅད་མིང་གི་མཚན་ཉིད་ཙམ་དུ་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཨ་ནི་སྟོང་དང་མི་སྟོང་གི། །དབུ་མའང་དམིགས་སུ་ཡོད་མ་ཡིན། །ཐམས་ཅད་མིང་ཙམ་སངས་རྒྱས་ཀུན། །ཡི་གེ་ཕྲེང་བ་ཉིད་ལ་གནས། །ཨ་ཉིད་སྣ་ཚོགས་པར་སྣང་


DNG010_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

བའི། །ཀ་ལ་སོགས་པ་བཞི་བཅུ་གཉིས། །སྒྲ་ཡི་མིང་གིས་ཐམས་ཅད་བསྡུས། །མངོན་རྫོགས་རྒྱལ་པོར་དེ་ཉིད་ངེས། །ཨེ་མ་ཧོ་ངོ་མཚར་ཡ་མཚན་གྱི། །འཕྲུལ་ཆེན་བཞི་བཅུ་རྩ་ལྔའི་མིང་། །ཚིག་རྣམས་མ་ལུས་འཛིན་པའི་གནས། །སྣ་ཚོགས་དོན་ཀུན་སྨྲ་ཞིང་སྟོན། །དངོས་མེད་ཡི་གེའི་རང་བཞིན་སེམས། །བདག་མེད་མཐའ་བྲལ་མི་དམིགས་ཀྱང་། །དབྱིབས་དང་ཁ་དོག་མིང་ཚོགས་ཀྱིས། །རོལ་པ་ཅིར་ཡང་སྤྲུལ་ཅིང་སྟོན། །ཕྱོགས་བཅུ་དུས་བཞིར་གཤེགས་པ་ཡི། །ཡེ་ཤེས་སེམས་དཔའི་སྐུ་གསུང་ཐུགས། །དཀྱིལ་འཁོར་བཞི་བཅུ་རྩ་ལྔ་ཉིད། །ཡི་གེའི་མགོ་ནས་ཀྵ་ལ་རྫོགས། །སེམས་ཀྱི་རང་བཞིན་ཡི་གེ་སྟེ། །ཡི་གེ་དངོས་པོ་ཡོད་མ་ཡིན། །དམིགས་མེད་དེ་ཉིད་སྣ་ཚོགས་པའི། །སྐུ་གསུང་ཐུགས་ཀྱི་འཁོར་ལོ་ཆེ། །སྐུ་གསུང་ཐུགས་ནི་ངོ་མཚར་གྱི། །ཡ་མཚན་འཕྲུལ་ཆེན་རབ་འགུགས་པའོ། །དབྱིངས་ལ་དབྱིངས་ཀྱིས་བྲིས་པ་སྟེ། །ཡི་གེ་ཞེས་ནི་དེ་ཕྱིར་བརྗོད། །མགོ་ནི་མ་ནོར་ལམ་ཡིན་ཏེ། །ཚེག་ནི་ཤེས་རབ་མིང་དུ་སྨྲ། །ཤད་ནི་ཐབས་ཆེན་ཚིགས་སུ་གཅོད། །ཨ་ནི་སྐྱེ་མེད་དེ་བཞིན་ཉིད། །ཋ་ནི་སྒྱུ་འཕྲུལ་རྡོ་རྗེ་ཉིད། །ཊ་ནི་སྣང་བའི་སྒྱུ་འཕྲུལ་ཉིད། །ཌ་ནི་སྒྱུ་འཕྲུལ་ཡིད་བཞིན་ཉིད། །ཌྷ་ནི་སྒྱུ་འཕྲུལ་རྣམ་དག་ཉིད། །ཎ་ནི་ཀུན་ཏུ་སྒྱུ་འཕྲུལ་ཉིད། །ཐ་ནི་དྲ་བས་མངོན་རྫོགས་ཉིད། །ཏ་ནི་དྲ་བས་བརྟན་པ་ཉིད། །ད་ནི་དྲ་བས་ལྷམ་མེ་ཉིད། །དྷ་ནི་དྲ་བས་འཁྲིལ་བ་ཉིད། །ན་ནི་དྲ་བས་ཀུན་ཏུ་འགྱུར། །ཀ་ནི་སྤྱན་གྱི་ཐུགས་ཀྱི་མཆོག །ཁ་ནི་སྙན་གྱི་ཐུགས་ཀྱི་མཆོག །ག་ནི་ཤངས་ཀྱི་ཐུགས་ཀྱི་མཆོག །གྷ་ནི་ལྗགས་ཀྱི་ཐུགས་ཀྱི་མཆོག །ང་ནི་ཐུགས་ཀྱང་འཇིག་བྱེད་པའོ། །ཙ་ནི་སྤྱན་གྱི་སྐུ་ཡི་མཆོག །ཚ་ནི་སྙན་གྱི་སྐུ་ཡི་མཆོག །ཛ་ནི་ཤངས་ཀྱི་སྐུ་ཡི་མཆོག །ཛྷ་ནི་ལྗགས་ཀྱི་སྐུ་ཡི་མཆོག །ཉ་ནི་སྐུ་ཡང་འཇིག་བྱེད་པའོ། །པ་ནི་སྤྱན་གྱི་གསུང་གི་མཆོག །ཕ་ནི་སྙན་གྱི་གསུང་མཆོག་སྟེ། །བ་ནི་ཤངས་ཀྱི་གསུང་མཆོག་ཡིན། །བྷ་ནི་ལྗགས་ཀྱི་གསུང་གི་མཆོག །མ་ནི་གསུང་ཡང་


DNG010_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་པར་བྱེད། །ཡ་ནི་སྐྱེ་བ་རྣམ་པར་དག །ཝ་ནི་གནས་པ་དག་པ་ཡིན། །ར་ནི་འཇིག་པ་དག་པ་སྟེ། །ལ་ནི་སྟོང་པ་དག་པའོ། །ཤ་ནི་རྟག་མེད་དག་པ་སྟེ། །ཥ་ནི་ཆད་པ་ཡོད་མ་ཡིན། །ས་ནི་མཐའ་བྲལ་བདག་མེད་པ། །ཧ་ནི་མཚན་མ་མེད་པ་ཉིད། །ཀྵ་ནི་ཡེ་ཤེས་ཐུགས་ཀྱི་ཐུགས། །ཨི་ནི་རྡུལ་སྙེད་ལྷ་རྣམས་སུ། །ཨཱིཾ་ནི་རྡུལ་སྙེད་ལྷ་མ་ཡིན། །ཨུ་ནི་རྡུལ་སྙེད་མི་རྣམས་སུ། །ཨཱུ་ནི་རྡུལ་སྙེད་བྱོལ་སོང་རྣམས། །ཨེ་ནི་རྡུལ་སྙེད་ཡི་དྭགས་སུ། །ཨཻ་ནི་རྡུལ་སྙེད་དམྱལ་བ་རྣམས། །ཨོ་ནི་ཐམས་ཅད་འཇིག་པར་བྱེད། །ཨཽ་ནི་ཐམས་ཅད་ཞིག་པ་ཡིན། །ཡི་གེ་འཁོར་ལོ་ཚོགས་ཆེན་འདིས། །སྐུ་གསུང་ཐུགས་ཀྱི་ཕྲེང་བ་བསྡུས། །ཞེས་བརྗོད་དོ། །ཨ་ཧོ། དེ་ནས་དེ་བཞིན་གཤེགས་པ་བཙུན་མོའི་ཚོགས་དང་གཉིས་སུ་མེད་པའི་དཀྱིལ་འཁོར་དེ་དག་ཉིད་ཀྱི་གསང་བ་འདི་ཉིད། སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་རྡོ་རྗེ་ལས་ཕྱུང་ངོ་། །ཨ་ཧོ། ཐབས་དང་ཤེས་རབ་དགྱེས་སྤྲིན་བྱང་ཆུབ་སེམས་ཚོགས་རྒྱུ་འཁོར་ལོ། །འབྲས་བུ་རྒྱལ་བ་སྨིན་གྲུབ་ངོ་མཚར་མིང་ཚོགས་བཞི་བཅུ་གཉིས། །འདུས་མ་བྱས་ཉིད་འདུས་བྱས་རྡོ་རྗེའི་དཀྱིལ་འཁོར་འབྱིན་པའི་དམ། །འདའ་བར་མི་མཛད་དབང་མེད་རྒྱུ་རྐྱེན་ཚོགས་པའི་མཐུ་ཆེན་ཡིན། །ཨ་ཧོ། ཞེས་རྡོ་རྗེ་གསང་བའི་ཚིག་ཏུའོ། །ཞེས་བརྗོད་པས།དེ་བཞིན་གཤེགས་པ་ཐམས་ཅད་ཡི་གེའི་འཁོར་ལོར་གྱུར་ཏོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། ཡི་གེ་ཕྲེང་བའི་འཁོར་ལོ་བཀོད་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་དེ་བཞིན་གཤེགས་པ་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་ལས། ཤིན་ཏུ་གསང་བའི་ཕྱིར། སྔགས་ཀྱི་རྒྱུད་ཕྱི་པ་དང་། ནང་པ་ཐབས་ཀྱི་རྒྱུད་གཞན་ལ་ཁམས་བཅོ་བརྒྱད་དུ་བསྟན། གཙུག་ལག་ཐམས་ཅད་ལ་ཡང་བཅོ་བརྒྱད་དུ་བསྟན་པ་ཡིན། ལུང་གི་སྤྱི་འདི་ནི་ཤིན་ཏུ་ཟབ་པའི་ཕྱིར། ཁམས་ཉི་ཤུ་རྩ་གཅིག་ཏུ་བསྟན་ཏེ། ལུང་གི་སྤྱི་ཡང་། རྒྱུད་དང་གསུང་རབ་ཐམས་


DNG010_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་འབྱུང་བའི་གཞི་ཡིན། གསང་བའི་དབང་པོ་དང་། གསང་བའི་ཡུལ་གཉི་ག་ཡང་།སྐྱེ་མཆེད་དང་ཁམས་ཐམས་ཅད་འབྱུང་བའི་གཞི་ཡིན་པའི་ཕྱིར། ཤིན་ཏུ་གསང་བར་གསུངས་སོ། །དཀྱིལ་འཁོར་དེ་དག་ཤིན་ཏུ་གསང་བར་བསྟན་པའི་ཕྱིར།ཉིད་ལ་ཉིད་ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཨེ་མ་ཧོ་ངོ་མཚར་གསང་བའི་ཆོས། །ཐམས་ཅད་ཀུན་ལ་རང་བཞིན་གནས། །ཡེ་ནས་དག་མཉམ་མ་རྟོགས་པས། །ཀུན་ལ་ཡོད་ཅིང་རང་བཞིན་གསང་། །གཞན་དུ་མིན་ལ་ཤིན་ཏུ་གསང་། །དོན་ཉིད་ཀྱིས་ནི་གསང་བའི་རྒྱུ། །མཉམ་པའི་རྡོ་རྗེ་ཅན་གྱིས་གསུངས། །འདི་ནི་བྱང་ཆུབ་སྙིང་པོའི་མཆོག །ཨ་ཧོ་རྡོ་རྗེ་གསང་བའི་ཚིག་ཏུའོ། །དབང་པོ་ཡུལ་དུ་སྣང་བ་རྣམས། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཉིད། །ཕུང་པོ་ལྔ་དང་འབྱུང་བ་ལྔ། །རིགས་ལྔ་ཡབ་ཡུམ་བཅུ་རུ་འབྱོང་། །སྐྱེ་མཆེད་ཁམས་རྣམས་བཅོ་བརྒྱད་པོ། །བྱང་ཆུབ་སེམས་དཔའ་སེམས་མ་ཡི། །དཀྱིལ་འཁོར་ཉིད་ཀྱི་དབྱིངས་ཡིན་ཏེ། །སེམས་དཔའ་རྡོ་རྗེ་གསང་བའི་དབང་། །རྡོ་རྗེ་གསང་བའི་དབང་པོ་ཐབས། །དབང་པོ་ཡུལ་ཉིད་ཤེས་རབ་དབྱིངས། །དབང་པོའི་ཐུགས་ནི་རྡོ་རྗེ་སེམས། །ཐམས་ཅད་བྱང་ཆུབ་སེམས་མ་ཡི། །རྡོ་རྗེ་གསང་བའི་དབང་པོར་འདུས། །ཐམས་ཅད་འབྱུང་བའི་གཏེར་ཉིད་དང་། །ཐམས་ཅད་འགྲོ་བའི་གནས་ཉིད་དོ། །དེ་ཡིས་མ་བསྐྱེད་གང་ཡང་མེད། །འདས་དང་མ་འདས་ཀུན་གྱི་རྒྱུ། །དེ་ལས་ཐམས་ཅད་སྐྱེ་ཞིང་འབྱུང་། །ཀུན་གྱི་ཕྱག་རྒྱའི་རྒྱུ་ཡིན་ཏེ། །བདེ་བའི་བྱང་ཆུབ་འགྲུབ་པའི་རྫས། །དེ་ལས་བསྐྱེད་ཅིང་དེ་ལས་སྤྲོ། །དངོས་གྲུབ་ཐམས་ཅད་སྒྲུབ་པའི་གནས། །དབང་པོ་རྡོ་རྗེ་པདྨར་ལྡན། །གཉིས་མེད་བྱང་ཆུབ་སེམས་འཕྲོ་ནས། །མི་དམིགས་བདེ་དང་ལོངས་སྤྱོད་འཕྲོ། །སྐུ་གསུང་ཐུགས་དང་ཡེ་ཤེས་ལྔ། །གསང་བའི་ལྷ་མོ་བཞི་རྣམས་དང་། །མཆོད་པའི་ལྷ་མོ་རྫོགས་ལྡན་བཞི། །འཇུག་དང་ལྡང་དང་གནས་པ་དང་། །སྨོན་པའི་བྱང་ཆུབ་སེམས་ཡིན་ནོ། །གཡོ་དང་བསྐྱོད་དང་ལྡང་དང་གནས། །དགུག་དང་འཛིན་


DNG010_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

དང་དེ་བཞིན་ཏེ། །བསྡུས་དང་འཁྲིལ་བའི་དོན་བསྒྲུབ་ཕྱིར། །བསྡམས་དང་མི་གཏོང་དབང་བསྒྱུར་ཏེ། །བདེ་བའི་སྒྲ་སྙན་ཕྱོགས་བཅུར་སྒྲོགས། །ཤིན་ཏུ་སྒེག་པའི་གཟི་བརྗིད་འབར། །ཡིད་བཞིན་རིན་ཆེན་ཕྲེང་བ་འབར། །དབྱངས་སྙན་ཡིད་འོང་གཟི་ལྡན་འབར། །གཟུགས་མཛེས་བསྐྱོད་པས་ཕྱོགས་བཅུར་གཡོ། །ཀུན་ཏུ་ཚིམས་བྱེད་དྲི་བསུང་ཐིམ། །ལྟར་མཛེས་རིན་ཆེན་ཕུང་པོ་འཕྲོ། །འོད་གསལ་འཕྲོ་བས་ཀུན་ཏུ་འབར། །བདུད་རྩི་བསིལ་དྲོད་འཇམ་པའི་དབྱིངས། །ཨ་ལ་ལ་ཧོ། གསང་དབང་པདྨར་ལྡན་གྱུར་ནས། །ཆགས་པ་མེད་པའི་ཚུལ་གྱིས་སུ། །ཕ་རོལ་ཕྱིན་བཅུ་རྒྱུ་འབྲས་རྫོགས། །ས་བཅུ་རིམ་གྱིས་བགྲོད་མེད་རྫོགས། །ཀུན་ཏུ་འོད་གསལ་པདྨ་ཅན་ཡང་རྫོགས། །ཡི་གེ་ཕྲེང་བ་འཁོར་ལོ་བསམ་མི་ཁྱབ། །ཡང་དག་རྫོགས་ཆེན་ཐབས་དང་ལྡན། །ཐབས་དང་ཤེས་རབ་བླ་མེད་ས་ཡང་རྫོགས། །བསོད་ནམས་ཡེ་ཤེས་ཚོགས་ཆེན་རྫོགས་པར་རོལ། །ཨ་ལ་ལ་ཧོ། དེ་བཞིན་ཉིད་ཀྱི་གསང་མཆོག་ལས། །ཁམས་ནི་ཉི་ཤུ་རྩ་གཅིག་སྟེ། །བཅོ་བརྒྱད་པོ་ནི་རྒྱུད་གཞན་བཞིན། །གསུམ་ནི་དེ་བཞིན་ཀུན་གྱི་བདག །བཅོ་བརྒྱད་འབྱུང་བའི་གནས་ཡིན་ཏེ། །བྱང་ཆུབ་འགྲུབ་པའི་གཞི་ཡང་ཡིན། །བདེ་བ་འབྱིན་པའི་རྒྱུ་ཡིན་ཏེ། །གསང་བའི་མཚད་ཉིད་བརྗོད་པ་ནི། །དབང་པོ་རྡོ་རྗེ་གསང་བའི་རྒྱལ། །ཡུལ་ནི་པདྨའི་བདེ་མཆོག་དབྱིངས། །སེམས་ནི་བྱང་ཆུབ་འབྱུང་བའི་གཏེར། །དབང་པོ་ཡུལ་སེམས་ལྡན་གྱུར་ན། །གསང་བ་མཆོག་འཕྲུལ་ཆེན་པོ་སྤྲོ། །དཀྱིལ་འཁོར་རྡུལ་སྙེད་གྲངས་མེད་དང་། །ཕུན་སུམ་ཚོགས་པའི་ལྷུན་གྲུབ་རྣམས། །གསང་དབང་མཆོག་གིས་འབྱིན་པར་སྐྱེད། །འདི་ནི་རྩེ་གཅིག་ཡིན་པར་གསུངས། །གསང་བའི་དོན་མཆོག་འདི་དག་ནི། །ལྟ་བ་དམན་ལ་བཤད་བྱས་ན། །དུས་མིན་པར་ནི་སྲོག་ཟད་ནས། །མགོ་འགས་སྙིང་ཡང་འཚིག་པར་འགྱུར། །ཁབ་ལེན་གྱིས་ནི་ལྕགས་སྡུད་ལྟར། །མི་འདོད་བཞིན་དུ་དབང་མེད་པར། །ངན་སོང་བསྐལ་པར་ལྟུང་བར་འགྱུར། །དེ་བས་འདི་ནི་


DNG010_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་གསང་། །ཤེས་རབ་རྒྱ་ཆེན་བློ་ཟབ་པའི། །བློ་བརྟན་སྙིང་རྗེ་དབང་ལྡན་དང་། །རང་བཞིན་ངང་ཚུལ་བཟང་ལ་བསྟན། །གཞན་དུ་སྦྱིན་པར་བྱ་བ་མིན། །ཞེས་ཉིད་ལ་ཉིད་བརྗོད་དོ། །ཤིན་ཏུ་ཟབ་པའི་ཕྱིར་རྒྱུད་གཞན་དུ་མ་བཤད་དོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། གསང་བའི་དཀྱིལ་འཁོར་ཁམས་ཉི་ཤུ་རྩ་གཅིག་ཏུ། ཐམས་ཅད་མ་ལུས་དབྱིངས་སུ་བསྡུས་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་དེ་བཞིན་གཤེགས་པ་དགྱེས་པ་ཆེན་པོས། སྒྱུ་འཕྲུལ་དྲ་བའི་རྒྱལ་པོ་སྒྱུར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཆེད་དུ་བརྗོད་པ་འདི་གསུངས་སོ། །རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ། །བྱིན་གྱིས་བརླབ་དང་མངོན་སུམ་པར། །རབ་ཏུ་རྟོགས་པ་རྣམ་བཞི་ཡིས། །ཐམས་ཅད་མངོན་རྫོགས་རྒྱལ་པོ་ཆེ། །ཡན་ལག་དབང་པོ་རྣམ་ཤེས་ཀུན། །རྣམ་སྨིན་ཨོཾ་དུ་ཤེས་པར་བྱ། །རྫོགས་པའི་དཀྱིལ་འཁོར་ཉིད་དུ་བསྒོམ། །ཡང་ན་ཁྲོ་བོའི་དཀྱིལ་འཁོར་བསྒོམ། །གཟུགས་སྒྲ་དྲི་རོ་རེག་རྣམས་ཀུན། །རྣམ་སྨིན་མཱུཾ་དུ་ཤེས་པར་བྱ། །ཡུམ་གྱི་དཀྱིལ་འཁོར་ཉིད་དུ་བསྒོམ། །ཡང་ན་ཁྲོ་མོའི་དཀྱིལ་འཁོར་བསྒོམ། །གོས་རྒྱན་བཟའ་བཏུང་གླུ་དང་ཚིག །བྲོ་གར་ཚོགས་ཀྱི་སྤྲིན་ཕུང་ལ། །ཧཱུཾ་དུ་ཤེས་པས་རབ་སྤྱད་ན། །ངོ་མཚར་འབྱུང་བའི་དཀྱིལ་འཁོར་མཉེས། །ལྷ་མོ་ཀླུ་མོ་རིགས་ངན་མོ། །དབྱེའམ་ཡང་ན་མི་དབྱེ་བར། །བསྙེན་པ་དང་ནི་ཉེ་བསྙེན་པ། །སྒྲུབ་པ་དང་ནི་སྒྲུབ་ཆེན་པོ། །ཡུམ་གྱི་པདྨའི་དཀྱིལ་འཁོར་དུ། །བདེ་བ་ཐུགས་ཀྱི་དཀྱིལ་འཁོར་སྤྲོ། །སངས་རྒྱས་སྤྲིན་ཚོགས་མ་ལུས་ལ། །དགྱེས་སྙམ་མཆོག་གི་སྦྱིན་པས་བསྡིམ། །སྒྲུབ་པ་ཉི་ཟླ་སྙིང་པོ་དེ། །དཀྱིལ་འཁོར་རྡོ་རྗེ་ལྕེ་ཡིས་བླང་། །མཁའ་འགྲོ་གསལ་འབར་ཆེ་ལ་སོགས། །ཡིད་བཞིན་སྤྲིན་གྱི་བདག་པོར་འགྱུར། །ཞིང་གྱུར་མཆོག་དང་མཆོག་ཕྲན་རྣམས། །ཉི་ཟླའི་སྟེང་དུ་མཁས་པས་གཞག །ང་རྒྱལ་ལག་གི་འདུ་བྱེད་བསྒོམ། །ཧཱུཾ་དུ་གྱུར་པས་རྣམ་པར་དག །དབྱིངས་སུ་ཐིམས་ནས་ཕྱག་རྒྱར་འབར། །སྐུར་གྱུར་འོད་ཟེར་འཕྲོ་བས་བརྗིད། །གཙུག་ཏུ་རྣམ་པར་རྒྱལ་བ་བསྒོམ། །ངོ་མཚར་


DNG010_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ངན་འགྲོ་ཐར་པའི་ཐབས། །ཡེ་ནས་སྐྱེ་མེད་དེ་བཞིན་ཉིད། །སྒྱུ་མ་སྣང་བ་མིག་ཡོར་ཚུལ། །སྦྱོར་སྒྲོལ་བྱ་བ་ཀུན་བྱས་ཀྱང་། །རྡུལ་ཆ་ཙམ་ཡང་བྱས་པ་མེད། །སྣོད་བཅུད་རྒྱུད་རྣམ་དག་རྟོགས་ཤིང་། །མཉམ་གཉིས་ལྷག་པའི་མཉམ་གཉིས་ཀྱིས། །དཀྱིལ་འཁོར་ཀུན་ཏུ་བཟང་པོའི་ཞིང་། །བྱེད་སྤྱོད་ཚོགས་ཆེན་གཉིས་གྱུར་ནས། །ཡན་ལག་མ་ཉམས་ཡོ་བྱད་ལྡན། །ཆོ་ག་རྫོགས་པར་ཤེས་པ་ཡིས། །རྣལ་འབྱོར་ཚོགས་པའི་དཀྱིལ་འཁོར་གྱིས། །ངེས་པར་ལེགས་པའི་དགོངས་པ་འགྲུབ། །ལྔ་དང་ལྔ་ཡི་སྦྱོར་བ་ཡིས། །ཚོམ་བུ་ལྔ་ཡི་ལྷ་བཀོད་ལ། །ཁྲོ་བོ་བཅུ་དང་ཁྲོ་མོ་བཅུ། །འཁོར་ལོའི་ཚུལ་དུ་རྣམ་པར་བསྒོམ། །དེ་བཞིན་རིགས་དང་རྡོ་རྗེའི་རིགས། །པདྨའི་རིགས་ཏེ་སྐུ་གསུང་ཐུགས། །ཁྲོ་བོའི་ཚོགས་དང་ལྡན་པ་ཡི། །ཚོམ་བུ་གསུམ་གྱི་ལྷ་རྣམས་བསྒོམ། །རིགས་ཀྱི་རིགས་ཏེ་རིགས་ཀྱི་གཙོ། །ཐུགས་ཀྱི་ཐུགས་ཏེ་ཐུགས་ཀྱི་མཆོག །ཁྲོ་བོའི་ཚོགས་དང་ལྡན་པ་ཡི། །ཚོམ་བུ་གཅིག་པའི་ལྷ་རྣམས་བསྒོམ། །ཁྲོ་བོ་ཁྲོ་མོའི་ཚོགས་ཆེན་པོ། །ཕོ་ཉ་ཕྱག་བརྙན་བཀའ་ཉན་ཚོགས། །ཅི་བགྱི་ལ་སོགས་ཚོགས་རྣམས་ཀྱི། །དངོས་གྲུབ་ལས་རྣམས་རྫོགས་པར་བྱེད། །རྣལ་འབྱོར་སྔགས་འཆང་དངོས་གྲུབ་ནི། །མཉམ་རྫོགས་ལྷུན་གྲུབ་ངང་གནས་ཤིང་། །སྤྱོད་པ་ཅི་ལ་ཐོགས་མེད་པའི། །ཐམས་ཅད་ཡེ་ནས་དབྱེར་མེད་པའོ། །རྡོ་རྗེའི་རིགས་སུ་ཐམས་ཅད་དཀྱིལ། །འོད་འཕྲོས་འབར་བ་རབ་ཏུ་བསྒོམ། །ཆགས་མེད་ཚུལ་དུ་བསྡིམ་པར་བྱ། །གཉིས་མེད་གྱུར་ནས་ཕྱག་རྒྱ་ཆེ། །ཡང་ན་སྐུ་གསུང་ཐུགས་ཉིད་དེ། །ཐམས་ཅད་མ་ལུས་སྐུ་གསུང་ཐུགས། །ཏིང་འཛིན་གསལ་འབར་འོད་ཟེར་འཕྲོ། །གཉིས་མེད་དབྱིངས་ཀྱི་ངང་དུ་ཐིམ། །རིག་འཛིན་དངོས་གྲུབ་མཆོག་ཐོབ་འགྱུར། །དཀྱིལ་འཁོར་མ་ལུས་འབར་བ་འགྲུབ། །ཉོན་མོངས་སྡུག་བསྔལ་སེལ་བར་བྱེད། །རྡོ་རྗེ་རིགས་སུ་སྐྱེ་བའི་གནས། །


DNG010_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་འཆང་དངོས་གྲུབ་ཡང་དག་ནི། །ཐབས་དང་ཤེས་རབ་ཐམས་ཅད་ཀྱིས། །དཀྱིལ་འཁོར་ལྔ་དང་ཁྲོ་འཕྲེང་བསྒོམ། །ཆགས་པ་མེད་པའི་ཚུལ་གྱིས་ནི། །འོད་ཟེར་རྣམ་པ་མང་པོ་འཕྲོ། །གཉིས་སུ་མེད་པར་བསྡིམ་པར་བྱ། །དངོས་གྲུབ་མཆོག་གི་སྙིང་པོ་འགྲུབ། །རྣལ་འབྱོར་ཐབས་དང་ཤེས་རབ་ཀྱིས། །དེ་བཞིན་གཤེགས་དང་ཡུམ་དུ་བསྒོམ། །སེམས་དཔའ་སེམས་མ་ཉིད་དུ་བསྒོམ། །སོ་སོའི་སྔགས་དང་ཕྱག་རྒྱ་དང་། །ཏིང་འཛིན་ཡང་དག་སོ་སོར་གསལ། །གནས་དང་ལོངས་སྤྱོད་ཅི་བདེ་དང་། །མ་ཉམས་བློ་ནི་རབ་ལྡན་པས། །དང་པོ་དམ་མནོས་བཞིན་དུ་བྱ། །ལེ་ལོ་རྒྱུ་ཉམས་མེད་པ་ཡི། །ཐེ་ཙོམ་མེད་པར་བསྒྲུབ་བྱས་ན། །དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར། །རྡོ་རྗེ་གསང་མཆོག་དམ་པ་ཐོབ། །སྒྲུབ་པའི་ཞག་དང་ཚེས་གྲངས་ནི། །རྒྱུད་ལས་སྨོས་པ་བཞིན་དུ་བཤད། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། སྒྱུ་འཕྲུལ་བསྒྲུབ་པའི་ཏིང་ངེ་འཛིན་གྱི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་རང་བཞིན་གྱི་དཀྱིལ་འཁོར་ལས། ལྷག་པའི་དཀྱིལ་འཁོར་གྱིས། སྔགས་འཆང་རྣམས་ལྷར་བསྒྲུབ་པའི་དཀྱིལ་འཁོར་འདི་དོན་ཡོད་པར་བྱ་བའི་ཕྱིར་ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཨེ་མ་ཧོ་ཡེ་ནས་རྣམ་དག་པའི། །ཐབས་དང་ཤེས་རབ་ལྡན་པར་གནས། །བྱང་ཆུབ་མཆོག་ཏུ་ཉི་ཟླ་ཤར། །དེ་ཉིད་བཞུགས་གནས་ཡིན་པར་གསུངས། །ཆོས་རྣམས་ཐམས་ཅད་བདག་མེད་པའི། །དབྱིངས་སུ་ཐིམ་པའི་འོད་ཟེར་གསལ། །གཅིག་དང་སྤྲོས་པ་ཐམས་ཅད་མེད། །དཀྱིལ་འཁོར་སྤྲོས་མེད་ཟླུམ་པོའི་ཚུལ། །ཡེ་ནས་མྱ་ངན་འདས་པའི་ཆོས། །ཡེ་ཤེས་རྒྱུ་དང་འབྲས་བུ་ལྡན། །ཐམས་ཅད་མཁྱེན་པའི་ཡེ་ཤེས་སྐུ། །ཆོས་ཀྱི་འཁོར་ལོ་ཡོངས་ཀྱིས་བསྐོར། །ཐུགས་རྗེའི་བྱིན་རླབས་འཕྲོས་པ་ཡི། །ཡེ་ཤེས་བཞི་ཡི་དཀྱིལ་འཁོར་སྤྲོ། །ཡེ་ཤེས་ལྔ་དང་སྐུ་གསུང་ཐུགས། །བྱིན་རླབས་ཡ་མཚན་བསམ་མི་ཁྱབ། །རང་


DNG010_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་རིག་པའི་ཐབས་ལས་བྱུང་། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་པའི། །ཐུགས་རྗེ་རྒྱས་པའི་གཞལ་ཡས་ཁང་། །དབུས་མཐའ་མེད་པར་རྒྱས་པར་གནས། །སྟོང་སྨོན་མཚན་མེད་འོད་གསལ་འཇུག །དེ་ཕྱིར་ཡེ་ཤེས་སྒོ་བཞིར་ཤར། །དེར་འགྲོ་ལམ་སྟེགས་བརྒྱད་དང་ལྡན། །རང་བཞིན་ཡེ་ནས་འོད་གསལ་ཕྱིར། །ཉི་ཟླ་བརྩེགས་པའི་གདན་ཁྲི་འབར། །ཡེ་ནས་རྣམ་པར་དག་པའི་ཕྱིར། །མ་ཆགས་པདྨ་འབར་བའི་གདན། །ཟག་མེད་ཡེ་ཤེས་གཏེར་གྱུར་པས། །ཡིད་བཞིན་རིན་ཆེན་འབར་བའི་གདན། །ཡེ་ནས་མཉམ་ཉིད་མི་འདའི་ཕྱིར། །ཏཱ་ལའི་རང་བཞིན་ལྗོན་ཤིང་གནས། །རེ་བ་ཡིད་བཞིན་སྐོང་བའི་ཕྱིར། །དཔག་བསམ་ཤིང་གི་རིན་ཆེན་འབར། །ཡིད་བཞིན་རིན་ཆེན་རྒྱན་གྱིས་བསྐོར། །ཐམས་ཅད་ལ་ནི་དབང་བསྒྱུར་ཕྱིར། །འཇིག་རྟེན་ལྷ་ཆེན་རྣམས་ཀྱིས་བསྐོར། །གསང་བའི་དེ་ཉིད་ངེས་པ་ལས། །འཕྲུལ་ཆེན་བཞི་བཅུ་རྩ་གཉིས་ཀྱིས། །ཐམས་ཅད་ལྷ་ཉིད་རྟག་ཏུ་སྦྱོར། །ཐམས་ཅད་མ་ལུས་དཀྱིལ་འཁོར་མཆོག །འདི་ནི་རང་བཞིན་དཀྱིལ་འཁོར་དང་། །གཟུགས་བརྙན་ལྷག་པའི་དཀྱིལ་འཁོར་དང་། །ཏིང་འཛིན་ལྷག་པའི་དཀྱིལ་འཁོར་དག །བྱང་ཆུབ་སེམས་དང་ཚོགས་མཆོག་བསྟན། །ཅེས་ཉིད་ལ་ཉིད་བཤད་དོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། ཤིན་ཏུ་གསང་བའི་དཀྱིལ་འཁོར་བསྡུས་ནས། ལྷག་པའི་གཟུགས་བརྙན་བསྟན་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་གཅིག་དང་དུ་མ་མེད་པའི་བདག་ཉིད་ཐམས་ཅད་ཀྱིས་འཇིག་རྟེན་དྲུག་གི་ཕྱོགས་བཅུར་ཐམས་ཅད་ལ། ཉིད་ཀྱི་ཆེ་བའི་ཡོན་ཏན་དཀྱིལ་འཁོར་དབྱུང་བར་བཞེད་ནས། ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཡེ་ཤེས་ཕྱོགས་བཞི་དབུས་བརྟགས་ཏེ། །དཀྱིལ་འཁོར་བསམ་ཡས་ལྷུན་གྲུབ་ནི། །རྫོགས་ཆེན་རྟོགས་པའི་རྣལ་འབྱོར་པས། །ཀུན་འབྱུང་དཀྱིལ་འཁོར་ཆེན་པོར་སྤྱོད། །འཁོར་ལོ་རྩིབས་བཞི་མུ་ཁྱུད་བཅས། །གྲུ་ཆད་བཞིས་བརྒྱན་བར་ཁྱམས་


DNG010_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ཀུན་ཏུ་གྲུ་བཞི་སྒོ་ཁྱུད་ལྡན། །རོལ་མོ་སྣ་ཚོགས་སྤྲིན་ཕུང་བཞིན། །དཀྱིལ་འཁོར་བཞི་བཅུ་གཉིས་ཀྱིས་བརྒྱན། །སེང་གེ་གླང་ཆེན་རྟ་དང་ཁྱུང་། །ནམ་མཁའ་ལྡིང་གི་ཁྲི་ཆེན་ལ། །ཉི་ཟླ་པདྨ་རིན་པོ་ཆེ། །གདན་ལ་རྫོགས་དང་སེམས་དཔའི་ཚུལ། །འཁོར་ལོ་རྒྱལ་པོ་རྒྱལ་མོ་དང་། །གཡས་ནས་མཐོང་ཐོས་སྣོམ་པ་དང་། །མྱོང་དང་བཙུན་མོའི་ཚོགས་སུ་བཅས། །གྲུ་ཆད་ལ་ནི་མཐོང་བྱེད་དང་། །ཐོས་བྱེད་སྣོམ་བྱེད་མྱོང་བྱེད་རྣམས། །བཙུན་མོ་དང་ཡང་ལྡན་པར་གནས། །བར་ཁྱམས་ལ་ནི་ཐུབ་དྲུག་དང་། །མདུན་དང་རྒྱབ་ཏུ་བྱེད་པ་དང་། །བྱ་བ་དག་ནི་གནས་པར་བསྟན། །སྒོ་ཁྱུད་བཞི་ལ་འཇོམས་པ་ནི། །བཙུན་མོའི་ཚོགས་དང་ལྡན་པར་གནས། །རྡོ་རྗེ་འཁོར་ལོ་རིན་པོ་ཆེ། །པདྨ་རལ་གྲི་དྲིལ་བུ་འབར། །ཨུཏྤལ་ཀླུ་ཤིང་ལ་སོགས་མཚན། །མཛེས་ཚུལ་མཉེས་པའི་མཆོད་པ་འཛིན། །མཐིང་ག་དཀར་པོ་སེར་ལེ་བརྒན། །ལྗང་གུ་ལ་སོགས་སྣ་ཚོགས་པའི། །མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཅན། །གསལ་འཚེར་ལྷུན་སྟུག་གཟི་བྱིན་ཅན། །འོད་ཟེར་འཕྲོ་བའི་ཚོགས་ཆེན་པོ། །འབར་བའི་ཕྲེང་བས་འཁྱིལ་པ་སྟེ། །མཐའ་དབུས་མེད་པར་ཁྱབ་པ་ཡི། །དཀྱིལ་འཁོར་བསམ་ཡས་ལྷུན་གྱིས་གྲུབ། །སྐུ་ཡི་ཕྱག་རྒྱ་ཆེ་མཆོག་ནི། །དེ་བཞིན་དབྱིངས་ལས་མ་གཡོས་ཀྱང་། །ཡང་དག་ཐར་པའི་གཟུགས་སྐུ་དང་། །འགྲོ་བ་མ་ལུས་འདུལ་བའི་ཕྱིར། །མཐུན་བྱས་སྐུ་ནི་སྣ་ཚོགས་སྟོན། །ཁ་དོག་སོ་སོར་མིག་ཡོར་ཚུལ། །ཚུལ་ཉིད་དབྱིངས་ལས་གཡོས་པ་མེད། །མ་གཡོས་བཞིན་དུ་སྣ་ཚོགས་པའི། །དེའི་ཚེ་མི་མཐུན་སྣ་ཚོགས་ལ། །སོ་སོར་འདྲ་བར་སྣང་བ་ནི། །དེ་བཞིན་ཉིད་ཀྱིས་མ་བཅོས་ཀྱང་། །ལས་འཕྲོའི་དབང་གིས་སོ་སོར་སྣང་། །དྭངས་མ་དཀར་དང་ཆུ་ཟླ་བཞིན། །དེ་ཚེ་འགྲོ་དྲུག་ཐམས་ཅད་ལ། །སྡིག་སྤོང་གཟུགས་སུ་རྣམ་པར་བསྟན། །དགེ་ཚུལ་རྣམས་ལ་དགྲ་བཅོམ་གཟུགས། །རང་རྒྱལ་རྣམས་ལ་བསེ་རུའི་ཚུལ། །གཞན་ཡང་ཐེག་མཆོག་རིམ་པ་བཞིན། །འོག་


DNG010_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

མིན་བླ་མེད་གནས་མཆོག་ཏུ། །སྐུ་ནི་རྣམ་པར་སྣང་མཛད་ཚུལ། །བྱང་ཆུབ་སེམས་དཔའི་འཁོར་རྣམས་ལ། །དེ་བཞིན་གསུང་མཆོག་མི་སྨྲ་སྟེ། །སྐུ་ཡིས་ཆོས་རྣམས་འཇལ་བར་སྟོན། །མེ་ལོང་བསྟན་པའི་ཚུལ་བཞིན་དུ། །དངོས་ཀྱི་མདོག་ངན་ཐམས་ཅད་སེལ། །འཁོར་གྱིས་དེ་བཞིན་སྐུ་བལྟས་ན། །བྱང་ཆུབ་སྒྲིབ་པ་གཏིང་དཔག་མེད། །མེ་ལོང་བཞིན་དུ་སྐུ་ལ་སྣང་། །དེ་ནས་ས་བཅུ་རིམ་གྱིས་འབྱང་། །བླ་མེད་ཡང་དག་བྱང་ཆུབ་འཐོབ། །ཆོས་སྐུ་དཔག་མེད་བརྗོད་དུ་མེད། །ལོངས་སྤྱོད་ཟད་མེད་རིན་ཆེན་གཏེར། །སྤྲུལ་པ་སྐྱེ་བ་བསམས་མི་ཁྱབ། །མཚན་དང་དཔེ་བྱད་ཐམས་ཅད་རྫོགས། །སྤྱོད་ཡུལ་ཀུན་ཏུ་མཎྜ་ལ། །ཚོགས་ཆེན་གཉིས་ཀྱང་རྫོགས་པར་རོལ། །ཐབས་དང་ཤེས་རབ་ས་ཡི་མཆོག །དེ་ལ་སོགས་ཏེ་བསམ་ཡས་མཆོག །སྐྱེ་ཤི་མེད་པའི་གཡུང་དྲུང་སྐུ། །ཉོན་མོངས་ཀུན་གྱི་ཞིང་དུ་གནས། །ཟད་མི་ཤེས་ཀྱི་གཏེར་དུ་གྱུར། །རྡོ་རྗེ་རིག་པ་འཛིན་པའི་སྐུ། །ཐམས་ཅད་དབྱེར་མེད་མཉམ་པའི་སྐུ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་སྐུ། །དེ་ཚེ་སྐུ་ལྔ་ཀུན་ཀྱང་རྫོགས། །ཞེས་བརྗོད་པས། འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་མུ་མེད་པ་ཐམས་ཅད་དུ། དཀྱིལ་འཁོར་བརྗོད་ཀྱིས་མི་ལང་བ། ཞིང་གི་རྡུལ་སྙེད་གསལ་བར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་བཙུན་མོའི་ཚོགས་དང་གཉིས་སུ་མེད་པའི་ཡོན་ཏན་ཆེན་པོའི་དཀྱིལ་འཁོར་དེ་དག་ཉིད་ཀྱི་གསང་བ་འདི་ཉིད་སྐུ་དང་གསུང་དང་ཐུགས་དང་ཡོན་ཏན་ཕྲིན་ལས་རྡོ་རྗེ་ལས་ཕྱུང་ངོ་། །ཨ་ཧོ། དམིགས་བྱ་དམིགས་བྱེད་མི་དམིགས་དཔག་མེད་བསམ་མི་ཁྱབ། །ཡེ་ཤེས་རང་རིག་དཀྱིལ་འཁོར་སྣ་ཚོགས་བརྗོད་མི་ལང་། །མཉམ་དང་མི་མཉམ་ཀུན་ཁྱབ་ཁྱབ་མེད་ཁྱབ་པའི་དབྱིངས། །ཡེ་ནས་ཀུན་གསལ་དཀྱིལ་འཁོར་རྣམ་སྤྲོས་སྤྲོས་པ་མེད། །ཡེ་ནས་ཀུན་ཁྱབ་དཀྱིལ་འཁོར་བསམ་ཡས་ཞིང་གི་རྡུལ་སྙེད་དུ། །ཡེ་ནས་རྣམ་སྤྲོས་སྙིང་པོ་ཀུན་གནས་གནས་པ་མེད། །ཨ་ཧོ། ཞེས་གསང་བའི་ཚིག་ཏུའོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་


DNG010_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པ་ལས། དཀྱིལ་འཁོར་སྤྲོས་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་མཉམ་པ་ཉིད་ལ་ཞུགས་ནས། འཁོར་བསམ་གྱིས་མི་ཁྱབ་པ་ཐམས་ཅད་ཀྱང་། ཉིད་ལ་ཉིད་མཉེས་པར་མཆོད་ཅིང་། ཀུན་ཏུ་བཟང་པོ་དགྱེས་ཏེ། ཕྱོགས་བཅུ་དུས་བཞི་མ་ལུས་པ་ཐམས་ཅད་ཀྱི་བཞུགས་གནས་གཞལ་ཡས་ཁང་རིན་པོ་ཆེ་སྣ་ཚོགས་བསམ་གྱིས་མི་ཁྱབ་པ། ཚད་དཔག་ཏུ་མེད་པ། རྒྱས་པ། མཐའ་དབུས་མེད་པར་ཁྱབ་ཅིང་འོད་ཟེར་སྒྲིབ་པ་མེད་པ་རང་འབྱུང་བ་ལ་བཞུགས་ནས། ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཉིད་ཀྱི་དབྱིངས་ཉིད་འཕྲོ་བ་ཚད་དཔག་མེད། །ཀུན་ནས་དཀྱིལ་འཁོར་ཡོངས་སུ་མ་ཆད་པའི། །སྲིད་གསུམ་ཡང་དག་མཉམ་སྦྱོར་སྤྱོད་ཡུལ་ཏེ། །མཚན་འཛིན་འདས་པ་མཆོག་གི་རྒྱུ་ལས་བྱུང་། །དབང་སྒྱུར་ཤིན་ཏུ་རྣམ་པར་དག་པ་ཡི། །དེ་བཞིན་གཤེགས་པ་འོག་མིན་གནས་བཞུགས་ནས། །གཟུང་འཛིན་བྲལ་བའི་བླ་མེད་རྗེས་འདོད་དང་། །འཇིག་རྟེན་འཁོར་གྱི་གཙོས་བཀུར་དབང་ཕྱུག་དང་། །གཞན་ཡང་འཇིག་རྟེན་ཕྱོགས་བཅུའི་ཁམས་གནས་པ། །བདུད་རྩིའི་རོ་ཡིས་དགའ་བ་བདེ་ཆེན་འགྲུབ། །དུག་གསུམ་དྲི་དྲལ་བདུད་སྡེ་ཚར་གཅོད་པའི། །འདས་དང་མ་བྱོན་དེ་བཞིན་ཉིད་དུ་སྦྱོར། །ཤེས་རབ་ཐབས་ལྡན་ངེས་པའི་དོན་ཕྱུང་བ། །རིགས་པའི་ཐབས་ཆེན་དབང་སྒྱུར་ཉིད་དུ་བསྒོམ། །སྟོང་སྨོན་མཚན་མེད་རང་བཞིན་འོད་གསལ་བའི། །ཟག་མེད་བསོད་ནམས་ཚོགས་ཀྱིས་བརྒྱན་པར་གྱུར། །བྷྲཱུཾ། རང་བྱུང་ཉི་ཟླ་པདྨ་རིན་ཆེན་རྒྱས་ལ་བཞུགས། །རྡོ་རྗེ་མཉམ་ཉིད་ཐུགས་སུ་ཆུད་པ་ཡི། །མཉམ་རྫོགས་ཆེན་པོ་ལྷུན་ལ་རོལ་པར་མཛད། །བདེ་གཤེགས་དབྱིངས་ཉིད་དེ་བཞིན་གནས་པའོ། །དུས་བཞིའི་རྒྱལ་བ་ཀུན་དང་མཉམ་པར་འུབ། །ཐམས་ཅད་འོད་གསལ་དཀྱིལ་འཁོར་ཐུགས་ཆུད་པའི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་འཆང་ལས་བྱུང་། །སྤྱོད་ཡུལ་འཕྲོག་མེད་བརྗོད་ཀྱིས་མི་ལང་བའི། །དུས་བཞི་མཉམ་ཉིད་ངེས་པའི་དོན་ཉིད་ཉོན། །ཐུགས་


DNG010_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་དབང་གིས་འགྲོ་དྲུག་དུས་གནས་བཞུགས། །ང་དང་བདག་མེད་མཉམ་པའི་དབྱིངས་མཁྱེན་པའི། །མཉམ་པའི་དོན་གྲུབ་རྡོ་རྗེ་ཅན་ཞེས་བྱ། །རྣམ་པར་རྟོག་མེད་བྱང་ཆུབ་རྡོ་རྗེ་ཅན་གྱི་སྐུ། །ཤེས་རབ་མཆོག་གིས་མ་ལུས་ཀུན་བསྡུས་པས། །བདེ་གཤེགས་མི་གནས་མཉམ་ཉིད་ངང་དུ་བྱོན། །ཐབས་ཆེན་མ་འདྲེས་རྣམ་པར་སྦས་པ་ཡི། །དམིགས་མེད་བདེ་གཤེགས་ཉིད་དབྱིངས་ཐུགས་ཆུད་པ། །ཐབས་དང་ཤེས་རབ་དབྱིངས་ཉིད་དམ་པའི་མཆོག །ཕྱོགས་བཅུ་དུས་བཞི་དབྱིངས་གནས་མཐར་གཏུགས་པ། །ཤེས་རབ་མཆོག་ལྡན་གསལ་བའི་ངང་འཆང་བ། །ཐུགས་རྗེ་བྱིན་རླབས་སྣ་ཚོགས་འཕྲོ་བ་ཡི། །བདེ་གཤེགས་མ་ལུས་ཐམས་ཅད་འབྱུང་བའི་གནས། །ཡིད་བཞིན་རིན་ཆེན་མི་ཟད་པར་ལྡན་འཕྲོ། །རང་རིག་རྒྱལ་པོ་ཆེ་ཡིས་རྟོགས་པར་འགྱུར། །ཞེས་ཉིད་ལ་ཉིད་ཆེད་དུ་བརྗོད་དོ། །རྡོ་རྗེ་གསང་བའི་ཚིག་ཏུའོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། གཞལ་ཡས་ཁང་དབུབ་པ་ཐབས་དྲ་བའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་དེ་བཞིན་གཤེགས་པ་བཙུན་མོའི་ཚོགས་དང་བཅས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་འདི་དག་ཕྱུང་ངོ་། །བྷྲཱུཾ་བི་ཤྭ་བི་ཤུདྡྷེ་ཧཱུཾ་བཛྲ་དྷྲྀཀ །ཨཱོཾ་ཛི་ན་ཛིཀ །སྭཱ་རཏྣ་དྷྲྀཀ །ཨཱཾ་ཨཱ་རོ་ལིཀ །ཧཱ་པྲཛྙཱ་དྷྲཾཀ །མུཾ་དྷ་ཏྭཱི་ཤྭ་རི། ལཱཾ་དྭེ་ཥ་ར་ཏི། མཱཾ་མོ་ཧ་ར་ཏི། པྱཾ་རཱ་ག་ར་ཏི། ཏཱཾ་བཛྲ་ར་ཏི། ཀྵཱི་ཧི་རཱ་ཛཱ་ཡ། ཏྲཾ་ཨཱ་གརྦྷ་ཡ། ཧྲི་ཧ་ཧཱུཾ་པདྨ་པཱ་ད་མ། ཛིཾ་ཀུ་རུ་པཱ་ཎ། ཧཱུཾ་ལ་སྱེ་ས་མ་ཡ་སྟྭཾ། ཏྲཾ་མཱ་ལེ་ས་མ་ཡ་ཧོ། ཧྲཱྀཿགཱི་ལྱཱྀ་ར་ཧོ་ཧཾ། ཨ་ནི་བྱཱ་རཱ་ག་ཡ་མི། མཻ་དྷ་ར་ཎེ་སྭཱ་ཧཱ།་ནིསྶ་རཾ་བྷཱ་ཡ་སྭཱ་ཧཱ། ཧཱུཾ་ས་རཱ་ཛཱ་ཡ་སྭཱ་ཧཱ། མུཾ་ཤྲཱི་ཨཾ་རཱ་གཱ་ཡ་སྭཱ་ཧཱ། ཛཿདྷཱུ་པེ་པྲ་བེ་ཤ །ཧཱུཾ་པུཥ྇་ཨ་བེ་ཤ །བཾ་དཱི་པཾ་སུ་གི་རི། ཧོཿགན་དྷི་ཙིཏྟ། ཧཱུཾ་ཡ་མཱན་ཏ་ཀྲྀཏ་ཕཊ། ཧཱུཾ་བིགྷྣཱཾ་ཏ་ཀྲྀཏ་ཕཊ། ཧཱུཾ་པད་མཱན་ཏ་ཀྲྀཏ་ཕཊ། ཧཱུཾ་པྲ་ཛྙཱན་ཏ་ཀྲྀཏ་ཕཊ། ཨོཾ་མ་ཧཱ་བཛྲ་དྷ་ར་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཛྭ་ལ་ནི་ཕཊ། ཨཱོཾ་མ་ཧཱ་རཏྣ་དྷ་ར་མ་ཧཱ་


DNG010_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ཀྲོ་དྷཱི་ཤྭ་རཱི་ཛྭ་ལ་ནི་ཕཊ། ཨཱོཾ་མ་ཧཱ་པདྨ་དྷ་ར་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཛྭ་ལ་ནི་ཕཊ། ཨོཾ་མ་ཧཱ་ཀརྨ་དྷ་ར་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཛྭ་ལ་ནི་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཙིཏྟ་ཧཱུཾ། ཨ་ཨ་ཨ་བཛྲཱི་བྷ་དྲ་ས་མནྟ་ཨ། ཨཱོཾ་མུ་ནེ་ཀྲིཾ་སྭཱ་ཧཱ། ཨཱོཾ་མུ་ནེ་ཏྲུཾ་སྭཱ་ཧཱ། ཨཱོཾ་མུ་ནེ་སྲུཾ་སྭཱ་ཧཱ། ཨཱོཾ་མུ་ནེ་པྲཾ་སྭཱ་ཧཱ། ཨཱོཾ་མུ་ནེ་ཀྵཾ་སྭཱ་ཧཱ། ཨཱོཾ་མུ་ནེ་ཡེ་སྭཱ་ཧཱ། ཨེ་ཧྱེ་ཧི། བྷ་ག་ཝཱན། མ་ཧཱ་ཀ་རུ་ཎཱི་ཀ །དྲྀ་ཤྱ་ཧོ། ས་མ་ཡ་སྟྭཾ། ཛཿཧཱུཾ་བཾ་ཧོཿ། ཨོཾ་ཨཾ་ཧཱུཾ་སྭཱ་ཧཱ། བ་བ་བ་བ་བ། ཛྲ་ཛྲ་ཛྲ་ཛྲ་ཛྲ། ས་ས་ས་ས་ས། མ་མ་མ་མ་མ། ཡ་ཡ་ཡ་ཡ་ཡ། ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། ཨཱོཾ་ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། །དེ་ཉིད་དུ་ནི་མཉམ་སྦྱོར་བའི། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ཨཱོཾ་བཛྲ་ས་མ་ཡ་ཧཱུཾ། ཨཱོཾ་བཛྲ་ས་མ་ཡ་སྟྭཾ། ཨཱོཾ་བཛྲ་ས་མ་ཡ་ཧོཿ། ཞེས་བརྗོད་པས། གསུང་གི་དཀྱིལ་འཁོར་འདི་དག་གིས། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་ཁྱབ་པར་གྲགས་སོ། །རབ་ཏུ་གྲགས་སོ། །ཀུན་ཏུ་གྲགས་སོ། །དེ་ནས་བཅོམ་ལྡན་འདས་བྱེད་པ་པོ་རྡོ་རྗེ་དང་། བྱ་བ་མོ་རྡོ་རྗེ་གཉིས་སུ་མེད་པའི་དཀྱིལ་འཁོར་ལ་ཐིམ་པར་མཛད་དོ། །དེ་ནས་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པའི་བདག་ཉིད་ཆེན་པོའི་ཡེ་ཤེས་དང་བྱིན་བསྡུ་བ་ཞེས་བྱ་བ་འདི་སྐུ་གསུང་ཐུགས་རྡོ་རྗེའི་སྒྱུ་འཕྲུལ་དྲ་བ་ལས་ཕྱུང་ངོ་། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཨཱོཾ་མ་ཧཱ་ཨཱ་དཪྴ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཨཱོཾ་མ་ཧཱ་པྲ་ཏྱ་ད་བེ་ཀྵ་ཎཱ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ།ཨཱོཾ་མ་ཧཱ་ས་མ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཨཱོཾ་མ་ཧཱ་ཀྲྀ་ཏྱ་ཨ་ནུཥྛཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཨཱོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ།ཨཱོཾ་སརྦ་ཏ་ཐཱ་ག་ཏ་བཱ་ཀ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཨཱོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཨཱོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཨཱོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཞེས་བརྗོད་པས་ཐིམ་པར་གྱུར་ཏོ། །གསལ་བར་གྱུར་ཏོ། །འབར་བར་གྱུར་ཏོ། །ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །


DNG010_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྒྲ་དང་མིང་ཚིག་ཀུན་ལས་འདས། །སྣ་ཚོགས་སྒྲ་རྣམས་གསལ་བར་བྱུང་། །གསུང་གཅིག་དཀྱིལ་འཁོར་ཡན་ལག་ནི། །བསམ་གྱིས་མི་ཁྱབ་ཀུན་ཏུ་ཁྱབ། །སྒྲ་དང་མིང་ཚིག་སོ་སོར་གྲགས། །ཐམས་ཅད་གསུང་གི་ཕྱག་རྒྱ་མཆོག །རྒྱུད་མཆོག་རྒྱུད་ཆེན་དྲ་བ་ལས། །བདེ་ལྡན་གསུང་གི་དོན་ཕྱུང་བའང་། །ཐམས་ཅད་པདྨའི་ངང་དུ་གྱུར། །གྲོལ་ཐར་ལམ་དང་འཁོར་བའི་སྒྲ། །ཇི་སྐད་བརྗོད་ཀྱང་གསུང་མཆོག་སྟེ། །ཐེག་པ་མཐོ་དམན་ཐམས་ཅད་དང་། །ལོག་འགྲོ་མ་ལུས་ཐམས་ཅད་སྐད། །བྱང་ཆུབ་རྡོ་རྗེའི་གསུང་དུ་བསྡུས། །བསྡུས་ཉིད་ཕྱོགས་བཅུར་རྣམ་པར་གྲགས། །སྒྲ་ཉིད་མ་ཆགས་ངང་དུ་གསུངས། །གསུངས་པ་ཉིད་ན་བརྗོད་དུ་མེད། །བརྗོད་མེད་དེ་ཉིད་སྣ་ཚོགས་སྒྲ། །ཀུན་ལ་གྲགས་ཤིང་སོ་སོར་འཇལ། །དཔེར་ན་དེ་བཞིན་སྦྲིད་སངས་བཞིན། །གསུང་གཅིག་སྒྲ་ཡིས་སོ་སོར་གོ། །འདི་ནི་གསུང་མཆོག་རྒྱལ་པོ་ཡིན། །ཐེག་པ་མཐོ་དམན་བསམ་མི་ཁྱབ། །དེ་བཞིན་ཉིད་ལས་མ་གསུངས་ཏེ། །གདུལ་བའི་ཐབས་སུ་སོ་སོར་ཐོས། །ཇི་ལྟར་གསུང་རབ་ཀུན་བརྗོད་ཀྱང་། །དེ་བཞིན་ཉིད་ཀྱིས་གསུངས་པ་མེད། །ཡི་གེ་མེད་དང་རིག་པའི་གསུང་། །ལྗགས་ཀྱི་རྩེ་མོར་མ་ཕྱུང་ཡང་། །ཐུགས་རྗེའི་གསུང་གི་བྱིན་རླབས་ཀྱི། །འགྲོ་དོན་སྣ་ཚོགས་སོ་སོར་གསལ། །གསལ་ཉིད་གསུང་གི་རྡོ་རྗེ་མཆོག །དེ་བཞིན་གསུང་གི་འགྲོ་དོན་རྣམས། །དེ་བཞིན་ངང་ལས་མ་གཡོས་ཀྱང་། །དཔེར་ན་བྲག་ཆའི་སྒྲ་བཞིན་ནོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། དཀྱིལ་འཁོར་བྱིན་བསྡུ་བ་དང་གསང་སྔགས་ཀྱི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པས། ཉིད་ཀྱི་ཕྱག་རྒྱ་སྟོན་པའི་སྙིང་པོ་ཞེས་བྱ་བ་འདི་ཆེད་དུ་བརྗོད་པ་འདི་བརྗོད་དོ། །སྔགས་ཕྱི་མོ་སོར་བཞག་ཨཱོཾ་ཧཱུཾ་བཛྲ་སཏྭ་ཧཱུཾ་བཛྲ་པྲ་བྷཱ་ནི་ཧཱུཾ། མཱུཾ་བཛྲ་གནྡྷེ་མཱུཾ། ཨཾ་ཙཀྲ་མཎྜ་ལ་ཨཱོཾ། ལཱཾ་བཛྲ་


DNG010_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

གནྡྷེ་བྷཱ་ཥཱ་ལཱཾ། སྭཱ་རཏྣ་པྲ་བྷཱ་ཎི་སྭཱ། མཱཾ་བཛྲ་གནྡྷ་བྷཱ་ཥ་མཱཾ། ཨཱཾ་བཛྲ་པྲ་བྷཱ་ན་ཨཱཾ། པཾ་བཛྲ་གནྡྷ་པྲ་བྷཱ་ན་པཾ། ཧཱཾ་ཁངྒ་ཏིཀྵཱ་པྲ་བྷཱ་ན་ཧཱཾ། ཏཱཾ་བཛྲ་གནྡྷ་བྷཱ་ཥཱ་པྲ་བྷཱ་ན་ཏཱཾ། ཀྵཱི་རཏྣ་པྲ་བྷཱ་ན་ཀྵཱི། སཱུཾ་བཛྲ་གནྡྷ་པྲ་བྷཱ་ན་བྷཱ་ཥཱ་ཧཱུཾ། ཏྲཾ་ཁངྒ་པྲ་བྷཱ་ན་ཏྲཾ།ཏྲཾ་བཛྲ་གནྡྷ་བྷཱ་ཥཱ་པྲ་བྷཱ་ན་ཏྲཾ། ཧྲཱྀཿཔདྨ་པྲ་བྷཱ་ན་ཧྲཱྀཿ། ཧྲཱྀཿགནྡྷ་བཛྲ་བྷཱ་ཥཱ་པྲ་བྷཱ་ན་ཧྲཱྀཿ། ཧཱ་བཛྲ་གནྡྷ་པྲ་བྷཱ་ན་ཧཱ། ཨ་བཛྲ་གནྡྷ་བྷཱ་ཥཱ་པྲ་བྷཱ་ན་ཨ། མཻ་ཀ་ལ་པྲ་བྷཱ་ན་མཻ། ཧཱུཾ་བཛྲ་གནྡྷ་པྲ་བྷཱ་ན་བྷཱ་ཥཱ་ཧཱུཾ།་པྲ་བྷཱ་ན་མཎྜ་ལ་།་བཛྲ་གནྡྷ་བྷཱ་ཥཱ་ཧཾ་པྲ་བྷཱ་ན་། ཧཱུཾ་རཏྣ་སཱ་དྷ་བྷ་དྲ་པྲ་བྷཱ་ན་། ཧྲཱྀཿབཛྲ་གནྡྷ་བྷཱ་ཥཱ་པྲ་བྷཱ་ན་ཧྲཱྀཿ། མཱཾ་ཨུཏྤ་ལ་ནཱི་ལ་པྲ་བྷཱ་ན་མུཾ། ཨ་བཛྲ་གནྡྷ་བྷཱ་ཥཱ་པྲ་བྷཱ་ན་ཨ། ཕཊ་བཛྲ་ཨ་མ་མུངྒ་ར་པྲ་བྷཱ་ན་ཕཊ་ཕཊ། ཨཱོཾ་བཛྲ་གནྡྷ་བྷཱ་ཥཱ་པྲ་བྷཱ་ན་ཨཱོཾ་ཨཱོཾ། ཕཊ་མ་ཧཱ་བཛྲ་པྲ་བྷཱ་ན་ཕཊ་ཕཊ། ཧཱུཾ་མ་ཧཱ་རཏྣ་བཛྲ་གནྡྷ་བྷཱ་ཥཱ་པྲ་བྷཱ་ན་ཧཱུཾ་ཧཱུཾ། ཕཊ་ཧྲཱྀཿཔདྨ་མུངྒ་ར་པྲ་བྷཱ་ན་ཧྲཱྀཿཧྲཱྀཿ། ཨཱོཾ་མ་ཧཱ་བཛྲ་པདྨ་བཛྲ་གནྡྷ་བྷཱ་ཥཱ་པྲ་བྷཱ་ན་ཧྲཱྀཿཧྲཱྀཿ།ཨ་ཀརྨ་མུངྒ་ར་བཛྲ་པྲ་བྷཱ་ན་ཕཊ་ཕཊ། ཨ་ཀརྨ་བཛྲ་གནྡྷ་བྷཱ་ཥཱ་པྲ་བྷཱ་ན་ཧཱུཾ་ཨ་ཨ་ཨ། ཞེས་བརྗོད་པས། ཕྱག་རྒྱ་གསུང་གི་དཀྱིལ་འཁོར་ཀུན་ཏུ་གསལ་བར་གྱུར་ཏོ། །འབར་བར་གྱུར་ཏོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། )དོན་དམ་པ་དང་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ལས་ཕྱག་རྒྱ་གསུང་གི་དཀྱིལ་འཁོར་རྫོགས་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་དེ་བཞིན་གཤེགས་པས་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་བསྟན་པ་ལས། ཆོས་ཐམས་ཅད་ནམ་མཁའ་དང་ཡུམ་གྱི་དབྱིངས་སུ་འདུས་པར་བསྟན་ནས་ཐམས་ཅད་དུ་བརྗོད་པ་འདི་བརྗོད་དོ། །ཡང་དག་དོན་གྱི་གསང་མཆོག་ནི། །བདེ་བ་ཐུགས་ཀྱི་དཀྱིལ་འཁོར་ལ། །ངེས་པའི་དོན་ཆེན་བཞི་བཅུ་གཉིས། །ཡིད་བཞིན་རིན་ཆེན་གསལ་འབར་ཐིམ། ཨ། །ཐམས་ཅད་མ་ལུས་ཐིག་ལེའི་དབྱིངས། །སྐུ་ལྔའི་འོད་ཟེར་ཐིག་ལེ་ཀུན། །ཐམས་ཅད་ཡུམ་འགྱུར་དབྱིངས་སུ་ཐིམ། །གསལ་འབར་སྤྲིན་གྱི་བདག་པོར་གྱུར། །བྱང་ཆུབ་སེམས་ཀྱི་ཐིག་ལེ་ནི། །ཀུན་ལ་ཁྱབ་ཅིང་མི་གནས་པ། །ཁ་དོག་གནས་དང་དབྱིབས་མ་ཡིན། །


DNG010_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་མཆོག་གི་སྙིང་པོ་ནི། །རྟོག་གེའི་སྤྱོད་ཡུལ་ཡོངས་མ་ཡིན། །ཟབ་ཅིང་རྒྱ་ཆེར་རབ་སྦྱངས་པའི། །གསལ་ལྡན་བརྟན་པའི་སྤྱོད་ཡུལ་ཏེ། །གཞན་ནས་བཙལ་ཞིང་བརྟག་ཏུ་མེད། །ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །སྣ་ཚོགས་འཇིག་རྟེན་བརྟན་གཡོ་དང་། །རྒྱལ་བ་སྔོན་བྱུང་ཐམས་ཅད་ཀུན། །ནམ་མཁའི་དབྱིངས་སུ་མ་གྱུར་པ། །དུས་བཞི་ཕྱོགས་བཅུ་གང་ནའང་མེད། །དུས་གསུམ་བདེ་གཤེགས་ཉིད་ཀྱི་མངའ། །སྔོན་གྱི་བདེ་གཤེགས་ཐུགས་ཆུད་པའི། །ནམ་མཁའི་དབྱིངས་སུ་ཐམས་ཅད་ཐིམ། །ཐམས་ཅད་ཤེས་རབ་དབྱིངས་ཉིད་དེ། །དབྱིངས་ལ་དབྱིངས་ཉིད་རྣམ་པར་སྦྱོར། །ཤེས་རབ་དབྱིངས་ཉིད་འབྱོར་བ་ཡིས། །བྱང་ཆུབ་རྡོ་རྗེ་ཐིག་ལེ་ཡིན། །དཀྱིལ་འཁོར་གཞལ་ཡས་ལྷུན་གྲུབ་དང་། །རྒྱ་དང་བྲལ་བའི་བསམ་ཡས་ཀྱིས། །ཀུན་ལ་ཁྱབ་ཅིང་མི་གནས་པ། །ཡོན་ཏན་མཆོག་གི་གནས་ཡིན་ཏེ། །མ་བཅོས་རྒྱུན་གྱི་སྐད་ཅིག་མ། །དེ་ཡིས་མ་ཟིན་གང་ཡང་མེད། །རང་གི་རྣམ་རྟོག་མ་ཡིན་པ། །ཡང་དག་གཤེགས་དང་ལོག་རྟོག་དང་། །གཞན་ཡང་སྤྲུལ་པ་མང་པོའི་ཚོགས། །ཕྱོགས་བཅུ་མ་ལུས་ཐམས་ཅད་ཀྱིས། །དེ་ལ་གསད་ཅིང་གཟུང་དུ་མེད། །ཁ་དོག་དབྱིབས་དང་གནས་མ་ཡིན། །སྐྱེས་བུ་དམ་པ་མཆོག་འདོད་པས། །དེ་ལ་རྟག་འགྲུས་གསལ་བར་གྱིས། །དེ་ཡི་འབྲས་བུ་མཐར་ཕྱིན་ནི། །རྒྱུ་འབྲས་མེད་པ་དུས་གཅིག་སྟེ། །ཐམས་ཅད་མིང་གི་མཚན་ཉིད་དུ། །ཡི་གེ་འབྲུ་གསུམ་རྫོགས་པར་འགྱུར། །མི་ཟད་རྒྱན་གྱི་འཁོར་ལོར་བསྡུས། །ཚོགས་ཆེན་གཉིས་ཀྱང་རྫོགས་པར་རོལ། །སྐྱེ་འཇིག་མེད་པའི་དབྱིངས་ལ་ཞུགས། །འཇིག་རྟེན་འདས་དང་འཇིག་རྟེན་པའི། །མཐའ་ཡས་དཀྱིལ་འཁོར་བསམ་ཡས་ཀུན། །རྒྱལ་བ་ཀུན་གྱི་དབྱིངས་སུ་ཐིམ། །ཐམས་ཅད་མ་ལུས་ཆོས་སྐུར་འདུས། །ཧོཿ། ཆོས་རྣམས་ཐམས་ཅད་མིང་གི་མཚན་ཉིད་དོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། ཐམས་


DNG010_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཡུམ་གྱི་དབྱིངས་སུ་འདུས་པ། ཤིན་ཏུ་གསང་བའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། ཡན་ལག་ཐམས་ཅད་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པར་བྱིན་གྱིས་རླབས་པ་ཞེས་བྱ་བའི་ཆེད་དུ་བརྗོད་པ་འདི་བརྗོད་དོ། །སྒྱུ་འཕྲུལ་དྲ་བ་མངོན་རྫོགས་པས། །ཐམས་ཅད་བྱང་ཆུབ་མཆོག་གི་རྒྱ། །གསང་བ་དེ་ཉིད་ངེས་པ་ཡི། །སྙིང་པོའི་ཕྱག་རྒྱ་འདའ་བར་དཀའ། །མི་བསྐྱོད་ཉི་མའི་དཀྱིལ་ཡི་གེ། །རིན་ཆེན་ཟླ་བའི་དཀྱིལ་ཡི་གེ། །ལྔ་གཉིས་ཟུང་དུ་སྤྲོས་པ་ལས། །སྦྱར་བ་ཕྱག་རྒྱ་འབྱུང་བའི་རྒྱུ། །ཨཱོཾ་དང་མཱུཾ་གཉིས་རྩེ་སྦྱར་ཏེ། །འབྲུ་བརྒྱད་བསྣོལ་ནས་རྩེ་སྤྲད་པ། །རྒྱལ་བ་ཀུན་དང་མཉམ་སྦྱོར་བའི། །བདེ་བ་ཆེན་པོ་སྦྱིན་པའི་རྒྱ། །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ཧཱུཾ་བསྒྲེང་རྩེ་མོར་རྡོ་རྗེ་འབར། །ཟླ་བརྟུལ་འབྲུ་སྦས་དྲིལ་གསིལ་ཞིང་། །འཁྲིལ་བའི་ཚུལ་གྱིས་ཆོས་ལ་བརྟེན། །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །མཱུཾ་བསྒྲེང་རྩེ་མོར་དྲིལ་གསིལ་འབར། །ཉི་མ་འབྲུ་ལྔ་ལས་སུ་འཁྲིལ། །བཏུད་དེ་འཛུམ་པའི་མདངས་ཀྱིས་བལྟ། །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ཨཱོཾ་བསྒྲེང་རྩེ་མོར་འཁོར་ལོ་འབར། །ཟླ་བརྟུལ་འབྲུ་སྦས་དྲིལ་གསིལ་ཞིང་། །འཁྲིལ་བའི་ཚུལ་གྱིས་ཆོས་ལ་བརྟེན། །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ལམ་གྱི་རྩེ་མོར་དྲིལ་གསིལ་འབར། །ཉི་མ་འབྲུ་ལྔ་ལས་སུ་འཁྲིལ། །བཏུད་དེ་འཛུམ་པའི་མདངས་ཀྱིས་བལྟ། །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །་རྩེར་འབར་བའི་རིན་པོ་ཆེ། །ཟླ་བརྟུལ་འབྲུ་སྦས་དྲིལ་གསིལ་ཞིང་། །འཁྲིལ་བའི་ཚུལ་གྱིས་ཆོས་ལ་བརྟེན། །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །མཱཾ་གྱི་རྩེ་མོར་དྲིལ་གསིལ་འབར། །ཉི་མ་འབྲུ་ལྔ་ལས་སུ་འཁྲིལ། །བཏུད་དེ་འཛུམ་པའི་མདངས་ཀྱིས་བལྟ། །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ཨོཾ་གྱི་རྩེ་མོར་པདྨ་འབར། །ཟླ་བརྟུལ་འབྲུ་སྦས་དྲིལ་གསིལ་ཞིང་། །འཁྲིལ་བའི་ཚུལ་གྱིས་ཆོས་ལ་


DNG010_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན། །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ཝྱུ་བསྒྲེང་རྩེ་མོར་དྲིལ་གསིལ་འབར། །ཉི་མ་འབྲུ་ལྔ་ལས་སུ་འཁྲིལ། །བཏུད་དེ་འཛུམ་པའི་མདངས་ཀྱིས་བལྟ། །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ཧཱཾ་གྱི་རྩེ་མོར་རལ་གྲི་འབར། །ཟླ་བརྟུལ་འབྲུ་སྦས་དྲིལ་གསིལ་ཞིང་། །འཁྲིལ་བའི་ཚུལ་གྱིས་ཆོས་ལ་བརྟེན། །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ཏཱཾ་བསྒྲེང་རྩེ་མོར་དྲིལ་གསིལ་འབར། །ཉི་མ་འབྲུ་ལྔ་ལས་སུ་འཁྲིལ། །བཏུད་དེ་འཛུམ་པའི་མདངས་ཀྱིས་བལྟ། །ཨུཏྤལ་ཀླུ་ཤིང་ལ་སོགས་མཚན། །རིན་ཆེན་མྱུ་གུ་རལ་གྲི་འབར། །པདྨ་དཀར་པོ་རྡོ་རྗེ་འབར། །ཆོས་ཀྱི་འཁོར་ལོ་རིན་ཆེན་ཏེ། །གཟུགས་མཛེས་རིན་ཆེན་ཕྲེང་བ་དང་། །པི་ཝང་གར་མཁན་མཆོག་ཉིད་དེ། །མེ་ཏོག་ཕྲེང་བ་སྤོས་མཆོད་མ། །མར་མེ་བྱུག་པ་ལ་སོགས་པས། །ལས་ལ་འཁྲིལ་ཞིང་ཆོས་ལ་བརྟེན། །དབུ་རྣམས་འབྱོ་ནས་འདུད་པའི་ཚུལ། །གོང་གི་ཕྱག་རྒྱ་ཆེན་པོ་བཞིན། །གཉིས་མེད་དབྱིངས་ཀྱི་ངང་དུ་འཁྲིལ། །སྒོ་བཞིའི་ཕྱག་རྒྱ་ཆེན་པོ་ནི། །མི་མགོ་གདེངས་དང་རྡོ་རྗེ་གནོན། །ཐོད་སྦྲུལ་ཆེན་པོས་གནོན་པ་དང་། །རྡོ་རྗེ་རྒྱ་གྲམ་ལས་ཀྱི་གནོན། །ལྕགས་ཀྱུ་ཞགས་པ་སྥོ་ཊ་ཧོཿ། །སྒོ་བཞིར་གནས་པ་དེ་དག་ཀྱང་། །འདུད་ཚུལ་འཁྲིལ་བ་གོང་མ་བཞིན། །ཐུབ་དྲུག་ཕྱག་རྒྱ་སྣ་ཚོགས་ཏེ། །མདོར་བསྡུས་ཕྱག་རྒྱ་དྲུག་ཡིན་ནོ། །གསེག་པར་དང་ནི་པི་ཝང་དང་། །གོ་ཆ་པོ་ཏི་རིན་ཆེན་སྒྲོམ། །མེ་དང་ཆུ་རུ་རབ་ཏུ་བསྟན། །ཡུམ་ནི་གཉིས་མེད་ཆོས་ཀྱི་དབྱིངས། །ཀུན་བཟང་མཉམ་གཞག་ཡེ་ཤེས་འཕྲོ། །ཡུམ་གྱུར་མཉམ་རྫོགས་པདྨའི་སྐྱིལ། །གཞན་ཡང་ཕྱག་རྒྱ་སྣ་ཚོགས་ཏེ། །ཡང་ན་དེ་བཞིན་གཤེགས་ཉིད་དམ། །ཡང་ན་རྡོ་རྗེ་ཐལ་མོ་ཉིད། །ཕྱག་རྒྱ་ཆེན་པོའི་ཚོགས་མཆོག་ནི། །ཐབས་དང་ཤེས་རབ་ལྡན་འབྱོར་ན། །མ་བསྐྱོད་མ་བསྒུལ་ཐམས་ཅད་ཀུན། །ཕྱག་རྒྱ་ཆེན་པོའི་ངང་དུ་གནས། །ཡན་ལག་བཞི་བཅུ་རྩ་གཉིས་ལྡན། །


DNG010_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་ཡན་ལག་སྤྲོས་བདག་སྟེ། །བཞི་བཅུ་རྩ་གཉིས་གསུམ་འཕྲོར་འགྱུར། །དེ་ལྟར་ལྡན་པའི་གཙོ་མཆོག་གིས། །རྒྱལ་བ་རྒྱལ་མཆོག་དེ་བཞིན་དུ། །བཅུ་གཉིས་དྲུག་གི་འོད་འཕྲོ་འབར། །དེ་ལ་སོགས་ཏེ་བསམ་མི་ཁྱབ། །ཕྱོགས་བཅུ་དུས་བཞི་བསམ་ཡས་སུ། །འདུལ་བའི་དོན་རྣམས་སོ་སོར་སྟོན། །ཐེག་པ་མཐོ་དམན་ཐམས་ཅད་དང་། །ཕྱིན་ཅི་ལོག་རྣམས་བསམ་ཡས་དང་། །ཞི་ཁྲོའི་ཚོགས་ཆེན་ཐམས་ཅད་ལ། །སོ་སོར་མཐུན་བྱས་ཀུན་ཏུ་སྣང་། །དཔེར་ན་གར་མཁན་ཉིད་འདྲ་བ། །ལུས་ལས་མ་བཀོད་སྣ་ཚོགས་སྟོན། །མདོར་ན་ཕྱག་རྒྱ་ཐམས་ཅད་ནི། །འདི་ཞེས་གཅིག་ཅེས་བརྗོད་དུ་མེད། །གཉིས་དང་གསུམ་དུ་རྣམ་པར་འཕྲོ། །བསྐྱོད་དང་འཕྲོ་བའང་དེ་བཞིན་ཉིད། །མདོར་ན་བསྒུལ་བསྐྱོད་ཐམས་ཅད་ཀུན། །ཕྱག་རྒྱ་ཆེན་པོའི་ངང་དུ་གནས། །གནས་ཉིད་མི་གནས་གནས་པའང་མིན། །དེ་སྐད་དག་མཆོག་ཉིད་ཀྱིས་བཤད། །མཐེ་བོང་མཛུབ་མོ་རྡོ་རྗེ་འཛིན། །མཐེ་བོང་གུང་མོ་རྒྱལ་བ་འཛིན། །སྲིན་ལག་མཐེ་བོང་ཆགས་པ་ཆེ། །མཐེའུ་ཆུང་མཐེ་བོང་ལེགས་པ་མཆོག །ཧཱུཾ་ཧོ་མཛུབ་མོ་གཉིས་སྦྱར་རིན་ཆེན་མཆོག །གུང་མོ་གཉིས་སྦྱར་གཟི་བརྗིད་དོན། །སྲིན་ལག་གཉིས་སྦྱར་རྒྱལ་བའི་ཏོག །བཞད་པའི་སྒྲས་ནི་མཐེའུ་ཆུང་སྤྲད། །ཏྲཾ་ཏེ་ཧཱུཾ་ཧ།མཛུབ་མོ་སྟེང་འོག་ཆོས་ཀྱི་མཆོག །གུང་མོ་སྟེང་འོག་འཇམ་དཔལ་མཆོག །སྲིན་ལག་སྟེང་འོག་འཁོར་ལོ་མཆོག །མཐེའུ་ཆུང་སྟེང་འོག་སྨྲ་གསུང་ཡིན། །ཧྲཱྀཿབྷཾ་ཏྲཾ་ཧོཾ། མཛུབ་མོ་རྒྱ་གྲམ་ལས་ཀྱི་མཆོག །གུང་མོ་རྒྱ་གྲམ་སྲུང་བར་བྱོས། །སྲིན་ལག་རྒྱ་གྲམ་གནོད་སྦྱིན་མཆོག །མཐེའུ་ཆུང་རྒྱ་གྲམ་གནས་པར་བཤད། །ཧ་ཏྲུཾ་ཨ་བྷཾ། ཕྱག་རྒྱ་བརྡ་ཚིག་ཆེན་པོ་འདིས། །སངས་རྒྱས་དཀྱིལ་འཁོར་མཛེས་པར་སྣང་། །རང་བཞིན་དཀྱིལ་འཁོར་ཕུན་སུམ་ཚོགས། །གླུ་གཉིས་ཕྱག་རྒྱ་ལྡན་པ་ཡི། །ས་ལེར་གསལ་བའི་དཀྱིལ་འཁོར་འབེབས། །ཕྱག་རྒྱ་སྤྲོས་པ་ཆེན་པོས་ནི། །གཟུང་དང་


DNG010_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ་རྣམ་པ་གཉིས། །དག་པར་གསལ་བས་ཕྱག་རྒྱ་ཡིན། །ཡི་གེ་སོ་སོར་གསལ་བ་ཡིས། །གར་དུ་བསྒྱུར་བས་མྱ་ངན་འདས། །ཛཿདང་ཧོཿལ་སོགས་པ་ཡིས། །གར་དུ་བསྒྱུར་བས་རྡོ་རྗེ་འཆིང་། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། ཕྱག་རྒྱ་སྤྲོས་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས། མཚོན་ཆའི་དམ་ཚིག་ཅེས་བྱ་བའི་གླུ་འདི་བླངས་སོ། །ཧཱུཾ་ལུས་ངག་ཡིད་གསུམ་རྡོ་རྗེ་ནི། །སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ཏེ། །སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ནི། །རྡོ་རྗེ་སེམས་དཔའ་དཔའ་བོ་ཡིན། །རྡོ་རྗེ་སེམས་དཔའ་རང་གནས་པས། །ཡེ་ཤེས་རྡོ་རྗེ་གསོར་ཞིང་སྤྲོ། །ཨེ་མ་ཧོ་རྡོ་རྗེ་ཆེ་མཆོག་གིས། །ཉིད་ཀྱི་མཚན་དུ་གསོལ་བ་ནི། །ཅིས་ཀྱང་མི་ཤིགས་མི་ཕྱེད་ལ། །ཅིས་ཀྱང་མ་གཡོས་མ་འདྲེས་པས། །བདེ་ཆེན་མཆོག་ཏུ་གྱུར་པས་ན། །ཀུན་ཀྱང་ཕྱག་རྒྱ་བཞི་རྒྱས་གདབ། །ཧཱུཾ་རྒྱལ་བ་རྣམས་ཀྱི་ཐུགས་ཉིད་ལ། །རྡོ་རྗེ་འཆང་རྒྱལ་ཐམས་ཅད་ཀྱི། །རང་གི་རྟགས་སུ་བསྟན་པའི་ཕྱིར། །མི་ཕྱེད་རྡོ་རྗེ་འཆང་ཞེས་བྱ། །ཧཱུཾ་ཇི་ལྟར་རྒྱལ་པོ་རང་གི་རྒྱས། །རྒྱལ་པོའི་གཙིགས་ལ་བཏབ་པ་ལྟར། །བདེ་ཆེན་སྙིང་ལ་གནས་པ་དང་། །དབང་ཆེན་འདུས་ལ་བརྩོན་པ་ཡིས། །ཐམས་ཅད་ཀུན་ལ་དེ་ལྟར་འདེབས། །འདའ་དཀའ་ཇི་བཞིན་མི་ཤིགས་པས། །རྒྱལ་པོའི་ཕྱག་རྒྱ་མཆོག་གི་གནས། །བདག་ཉིད་ཆེན་པོ་མཚན་མའི་གཟུགས། །ཧཱུཾ། ཕྱག་རྒྱ་ཞེས་ནི་བསྒྲགས་པ་ཡིན། །ཉིད་ཀྱི་ལུས་ནི་བརྟན་ཕྱིར་རོ། །རྡོ་རྗེ་རྡོ་རྗེ་དྲག་ཆེན་དང་། །རང་ཉིད་ཆེ་བའི་བདག་ཉིད་དང་། །འདུལ་བ་ཐབས་ཀྱི་རྒྱལ་པོ་ཡིས། །ཕྱེ་ཞིང་གཞིག་དང་བཅོམ་ལ་སོགས། །དཀྲུགས་ཤིང་ཐལ་བ་རྡུལ་ཕྲན་བཞིན། །བཙན་ཞིང་འབར་བའི་འཕྲོ་འདུ་ཡིས། །ཐམས་ཅད་རྡོ་རྗེ་ཉིད་པས་ན། །ནམ་མཁའི་ཁམས་ཀུན་བཀང་བ་ཡིན། །དེ་ལས་རྡོ་རྗེའི་གསུང་ཕྱུང་བའོ། །ཧཱུཾ་བཛྲ་ཛྭ་ལཱ་ན་ལཱ་རྐ་ཧཱུཾ་ཕཊ། ཨཱོཾ་ལུས་ངག་ཡིད་གསུམ་འཁོར་ལོ་ནི། །སྐུ་གསུང་ཐུགས་ཀྱི་


DNG010_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཏེ། །སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ནི། །སྣང་མཛད་འཁོར་ལོ་དཔའ་བོ་ཡིན། །སྣང་མཛད་འཁོར་ལོ་རང་གནས་པས། །ཡེ་ཤེས་འཁོར་ལོ་གསོར་ཞིང་སྤྲོ། །ཨེ་མ་ཧོ་འཁོར་ལོ་ཆེ་མཆོག་གིས། །ཉིད་ཀྱི་མཚན་དུ་གསོལ་བ་ནི། །ཅིས་ཀྱང་མི་ཤིགས་མི་ཕྱེད་ལ། །ཅིས་ཀྱང་མ་གཡོས་མ་འདྲེས་པས། །བདེ་ཆེན་མཆོག་ཏུ་གྱུར་པས་ན། །ཀུན་ཀྱང་ཕྱག་རྒྱ་བཞི་རྒྱས་གདབ། །ཨཱོཾ། རྒྱལ་བ་རྣམས་ཀྱི་ཐུགས་ཉིད་ལ། །འཁོར་ལོ་འཆང་རྒྱལ་ཐམས་ཅད་ཀྱི། །རང་གི་རྟགས་སུ་བསྟན་པའི་ཕྱིར། །མི་ཕྱེད་འཁོར་ལོ་འཆང་ཞེས་བྱ། །ཨཱོཾ་ཇི་ལྟར་རྒྱལ་པོ་རང་གི་རྒྱས། །རྒྱལ་པོའི་གཙིགས་ནི་བཏབ་པ་ལྟར། །བདེ་ཆེན་སྙིང་ལ་གནས་པ་དང་། །དབང་ཆེན་འདུས་ལ་བརྩོན་པ་ཡིས། །ཐམས་ཅད་ཀུན་ལ་དེ་ལྟར་འདེབས། །འདའ་དཀའ་ཇི་བཞིན་མི་ཤིགས་པས། །རྒྱལ་པོའི་ཕྱག་རྒྱ་མཆོག་གི་གནས། །བདག་ཉིད་ཆེན་པོ་མཚན་མའི་གཟུགས། །ཕྱག་རྒྱ་ཞེས་ནི་གྲགས་པ་ཡིན། །ཉིད་ཀྱི་ལུས་ནི་བརྟན་ཕྱིར་རོ། །ཨཱོཾ་འཁོར་ལོ་འཁོར་ལོ་དྲག་ཆེན་དང་། །རང་ཉིད་ཆེ་བའི་བདག་ཉིད་དང་། །འདུལ་བའི་ཐབས་ཀྱི་རྒྱལ་པོ་ཡིས། །ཕྱེ་ཞིང་བཤིགས་དང་བཅོམ་ལ་སོགས། །དཀྲུགས་ཤིང་ཐལ་བ་རྡུལ་ཕྲན་བཞིན། །བཙན་ཞིང་འབར་བའི་འཕྲོ་འདུ་འདིས། །ཐམས་ཅད་འཁོར་ལོ་ཉིད་པས་ན། །ནམ་མཁའི་ཁམས་ཀུན་བཀང་བ་ཡིན། །དེ་ལས་འཁོར་ལོ་གསུང་ཕྱུང་བ། །ཨཱོཾ་ཙཀྲ་ཛྭ་ལཱ་ན་ལཱ་རྐ་ཨཱོཾ་ཕཊ། ཨཱཾ། ལུས་ངག་ཡིད་གསུམ་པདྨ་ནི། །སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ཏེ། །སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ནི། །པདྨ་སེམས་དཔའ་དཔའ་བོ་ཡིན། །པདྨ་སེམས་དཔར་རང་གནས་པས། །པདྨ་དགྲ་སྟྭ་གསོར་ཞིང་སྤྲོ། །ཨེ་མ་ཧོ་པདྨ་ཆེ་མཆོག་གིས། །ཉིད་ཀྱི་མཚན་དུ་གསོལ་བ་ནི། །ཅིས་ཀྱང་མི་ཤིགས་མི་ཕྱེད་ལ། །ཅིས་ཀྱང་མ་གཡོས་མ་འདྲེས་པས། །བདེ་ཆེན་མཆོག་ཏུ་གྱུར་པས་ན། །ཀུན་ཀྱང་ཕྱག་རྒྱ་བཞི་རྒྱས་གདབ། །ཨཱཾ། རྒྱལ་བ་རྣམས་ཀྱི་ཐུགས་ཉིད་ལས། །པདྨ་འཆང་རྒྱལ་ཐམས་ཅད་ཀྱི། །རང་གི་རྟགས་སུ་བསྟན་པའི་ཕྱིར། །


DNG010_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཕྱེད་པདྨ་འཆང་ཞེས་བྱ། །ཨཱཾ་ཇི་ལྟར་རྒྱལ་པོ་རང་གི་རྒྱས། །རྒྱལ་པོའི་གཙིགས་ནི་བཏབ་པ་ལྟར། །བདེ་ཆེན་སྙིང་ལ་གནས་པ་དང་། །དབང་ཆེན་འདུས་ལ་བརྩོན་པ་ཡིས། །ཐམས་ཅད་ཀུན་ལ་དེ་ལྟར་འདེབས། །འདའ་དཀའ་ཇི་བཞིན་མི་ཤིགས་པ། །རྒྱལ་པོའི་ཕྱག་རྒྱ་མཆོག་གི་གནས། །བདག་ཉིད་ཆེན་པོ་མཚན་མའི་གཟུགས། །ཕྱག་རྒྱ་ཞེས་ནི་གྲགས་པ་ཡིན། །ཉིད་ཀྱི་ལུས་ནི་བརྟན་ཕྱིར་རོ། །ཨཱཾ་པདྨ་དགྲ་སྟྭ་དྲག་ཆེན་དང་། །རང་ཉིད་ཆེ་བའི་བདག་ཉིད་དང་། །འདུལ་བ་ཐབས་ཀྱི་རྒྱལ་པོ་ཡིས། །ཕྱེ་ཞིང་བཤིགས་དང་བཅོམ་ལ་སོགས། །དཀྲུགས་ཤིང་ཐལ་བ་རྡུལ་ཕྲན་བཞིན། །བཙན་ཞིང་འབར་བའི་འཕྲོ་འདུ་འདིས། །ཐམས་ཅད་པདྨ་ཉིད་པས་ན། །ནམ་མཁའི་ཁམས་ཀུན་བཀང་བ་ཡིན། །དེ་ལ་པདྨའི་གསུང་ཕྱུང་བ། །ཨཱཾ་པདྨ་ཛྭ་ལཱ་ན་ལཱ་རྐ་ཨཱཾ་ཕཊ། །ལུས་ངག་ཡིད་གསུམ་རིན་ཆེན་ནི། །སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ཏེ། །སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ནི། །ཡོན་ཏན་ཆེན་པོ་དཔའ་བོ་ཡིན། །རིན་ཆེན་སེམས་དཔའ་རང་གནས་པས། །ཡེ་ཤེས་དབྱུག་པ་གསོར་ཞིང་སྤྲོ། །ཨེ་མ་ཧོ་རིན་ཆེན་ཆེ་མཆོག་གིས། །ཉིད་ཀྱི་མཚན་དུ་གསོལ་བ་ནི། །ཅིས་ཀྱང་མི་ཤིགས་མི་ཕྱེད་ལ། །ཅིས་ཀྱང་མ་གཡོས་མ་འདྲེས་པས། །བདེ་ཆེན་མཆོག་ཏུ་གྱུར་པས་ན། །ཀུན་ཀྱང་ཕྱག་རྒྱ་བཞིས་རྒྱས་གདབ། །། རྒྱལ་བ་རྣམས་ཀྱི་ཐུགས་ཉིད་ལས། །རིན་ཆེན་འཆང་རྒྱལ་ཐམས་ཅད་ཀྱིས། །རང་གི་རྟགས་སུ་བསྟན་པའི་ཕྱིར། །མི་ཕྱེད་རིན་ཆེན་འཆང་ཞེས་བྱ། །། ཇི་ལྟར་རྒྱལ་པོ་རང་གི་རྒྱས། །རྒྱལ་པོའི་གཙིགས་ནི་བཏབ་པ་ལྟར། །བདེ་ཆེན་སྙིང་ལ་གནས་པ་དང་། །དབང་ཆེན་འདུས་ལ་བརྩོན་པ་ཡིས། །ཐམས་ཅད་ཀུན་ལ་དེ་ལྟར་འདེབས། །འདའ་དཀའ་ཇི་བཞིན་མི་ཤིགས་པས། །རྒྱལ་པོའི་ཕྱག་རྒྱ་མཆོག་གི་གནས། །བདག་ཉིད་ཆེན་པོ་མཚན་མའི་གཟུགས། །ཕྱག་རྒྱ་ཞེས་ནི་གྲགས་པ་ཡིན། །ཉིད་ཀྱི་ལུས་ནི་བརྟན་ཕྱིར་རོ། །


DNG010_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

སྭཱཾ་རིན་ཆེན་དབྱུག་པ་དྲག་ཆེན་དང་། །རང་ཉིད་ཆེ་བའི་བདག་ཉིད་དང་། །འདུལ་བ་ཐབས་ཀྱི་རྒྱལ་པོ་ཡིས། །ཕྱེ་ཞིང་བཤིགས་དང་བཅོམ་ལ་སོགས། །དཀྲུགས་ཤིང་ཐལ་བ་རྡུལ་ཕྲན་བཞིན། །བཙན་ཞིང་འབར་བའི་འཕྲོ་འདུ་ཡིས། །ཐམས་ཅད་རིན་ཆེན་ཉིད་པས་ན། །ནམ་མཁའི་ཁམས་ཀུན་བཀང་བ་ཡིན། །དེ་ལས་རིན་ཆེན་གསུང་ཕྱུང་བ། །་རཏྣ་ཛྭ་ལཱ་ན་ལཱ་རྐ་ཕཊ། ཧཱུཾ་ལུས་ངག་ཡིད་གསུམ་ཕྲིན་ལས་ནི། །སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ཏེ། །སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ནི། །ལས་ཀྱི་སེམས་དཔའ་དཔའ་བོ་ཡིན། །ལས་ཀྱི་སེམས་དཔར་རང་གནས་པས། །ཡེ་ཤེས་རལ་གྲི་འདེབས་ཤིང་སྤྲོ། །ཨེ་མ་ཧོ་ལམ་གྱི་ཆེ་མཆོག་གིས། །ཉིད་ཀྱི་མཚན་དུ་གསོལ་བ་ནི། །ཅིས་ཀྱང་མི་ཤིགས་མི་ཕྱེད་ལ། །ཅིས་ཀྱང་མ་གཡོས་མ་འདྲེས་པ། །བདེ་ཆེན་མཆོག་ཏུ་གྱུར་པས་ན། །ཀུན་ཀྱང་ཕྱག་རྒྱ་བཞི་རྒྱས་གདབ། །ཧཱཾ་རྒྱལ་བ་རྣམས་ཀྱི་ཐུགས་ཉིད་ལས། །རལ་གྲི་འཆང་རྒྱལ་ཐམས་ཅད་ཀྱི། །རང་གི་རྟགས་སུ་བསྟན་པའི་ཕྱིར། །མི་ཕྱེད་རལ་གྲི་འཆང་ཞེས་བྱ། །ཧཱཾ། ཇི་ལྟར་རྒྱལ་པོ་རང་གི་རྒྱས། །རྒྱལ་པོའི་གཙིགས་ནི་བཏབ་པ་བཞིན། བདེ་ཆེན་སྙིང་ལ་གནས་པ་དང་། །དབང་ཆེན་འདུས་ལ་བརྩོན་པ་ཡིས། །ཐམས་ཅད་ཀུན་ལ་དེ་ལྟར་འདེབས། །འདའ་དཀའ་ཇི་བཞིན་མི་ཤིགས་པས། །རྒྱལ་པོའི་ཕྱག་རྒྱ་མཆོག་གི་གནས། །བདག་ཉིད་ཆེན་པོ་མཚན་མའི་གཟུགས། །ཕྱག་རྒྱ་ཞེས་ནི་གྲགས་པ་ཡིན། །ཉིད་ཀྱི་ལུས་ནི་བརྟན་ཕྱིར་རོ། །ཧཱཾ་རལ་གྲི་རལ་གྲི་དྲག་ཆེན་དང་། །རང་ཉིད་ཆེ་བའི་བདག་ཉིད་དང་། །འདུལ་བ་ཐབས་ཀྱི་རྒྱལ་པོ་ཡིས། །ཕྱེ་ཞིང་བཤིགས་དང་བཅོམ་ལ་སོགས། །དཀྲུགས་ཤིང་ཐལ་བ་རྡུལ་ཕྲན་བཞིན། །བཙན་ཞིང་འབར་བའི་འཕྲོ་འདུ་འདིས། །ཐམས་ཅད་རལ་གྲི་ཉིད་པས་ན། །ནམ་མཁའི་ཁམས་ཀུན་གང་བ་ཡིན། །དེ་ལས་ཕྲིན་ལས་གསུང་ཕྱུང་བ། །ཧཱཾ་ཀརྨཱ་ཛྭ་ལཱ་ན་ལཱ་རྐ་ཧཱུཾ་ཕཊ། མཱུཾ་ལུས་ངག་ཡིད་གསུམ་དྲིལ་བུ་ནི། །སྐུ་གསུང་


DNG010_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀྱི་ཡེ་ཤེས་ཏེ། །སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ནི། །ཀུན་ཏུ་བཟང་མོ་བསྙེམས་མ་ཡིན། །ཀུན་ཏུ་བཟང་མོར་རང་གནས་པས། །ཡེ་ཤེས་དྲིལ་བུར་གསིལ་ཞིང་སྤྲོ། །ཨེ་མ་ཧོ་སངས་རྒྱས་ཡུམ་ཆེན་གྱིས། །ཉིད་ཀྱི་མཚན་དུ་གསོལ་བ་ནི། །ཅིས་ཀྱང་མི་ཤིགས་མི་ཕྱེད་ལ། །ཅིས་ཀྱང་མ་གཡོས་མ་འདྲེས་པས། །བདེ་ཆེན་ཡུམ་དུ་གྱུར་པས་ན། །ཀུན་ཀྱང་ཕྱག་རྒྱ་ཡུམ་ལྔས་གདབ། །མཱུཾ་ཀུན་ཏུ་བཟང་མོའི་ཐུགས་ཉིད་ལས། །རྡོ་རྗེ་ཡུམ་ཆེན་ཐམས་ཅད་ཀྱི། །རང་གི་རྟགས་སུ་བརྟན་པའི་ཕྱིར། །མི་ཕྱེད་དྲིལ་བུ་འཆང་ཞེས་བྱ། །མཱུཾ་ཇི་ལྟར་རྒྱལ་པོ་གནས་བཤམས་ཏེ། །རྒྱལ་པོའི་གཙིགས་ཆེན་བྱེད་པ་ལྟར། །བདེ་ཆེན་ཡུམ་དུ་གནས་པ་དང་། །དབང་ཆེན་འདུས་ལ་བརྩོན་པ་ཡིས། །ཐམས་ཅད་ཀུན་ལ་དེ་ལྟར་འདེབས། །འདའ་དཀའ་ཇི་བཞིན་མི་ཤིགས་པས། །རྒྱལ་པོའི་ཕྱག་རྒྱ་མཆོག་གི་གནས། །བདག་ཉིད་ཡུམ་ཆེན་མཚན་མའི་གཟུགས། །ཕྱག་རྒྱ་ཞེས་ནི་གྲགས་པ་ཡིན། །ཉིད་ཀྱི་ལུས་ནི་བརྟན་ཕྱིར་རོ། །མཱུཾ་དྲིལ་བུ་དྲིལ་བུ་དྲག་ཆེན་དང་། །ཡུམ་ཉིད་ཆེ་བའི་བདག་ཉིད་དང་། །འདུལ་བ་ཐབས་ཀྱི་རྒྱལ་མོ་ཡིས། །ཕྱེ་ཞིང་བཤིགས་དང་བཅོམ་ལ་སོགས། །དཀྲུགས་ཤིང་ཐལ་བ་རྡུལ་ཕྲན་བཞིན། །བཙན་ཞིང་འབར་བའི་འཕྲོ་འདུ་འདིས། །ཐམས་ཅད་དྲིལ་བུ་ཉིད་པས་ན། །ནམ་མཁའི་ཁམས་ཀྱང་བཀང་བ་ཡིན། །དེ་ལ་ཆོས་སྐུའི་གསུང་ཕྱུང་བ། །མཱུཾ་གྷཎྜ་ཛྭ་ལཱ་ན་ལཱ་རྐ་མཱུཾ། ཞེས་བརྗོད་པས། ཕྱག་རྒྱའི་ཚོགས་སུ་སྣང་བར་གྱུར་ཏོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། མཚོན་ཆ་དམ་ཚིག་ཕྱག་རྒྱ་གླུའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས། ཐབས་དང་ཤེས་རབ་འབྱུང་བ་ཞེས་བྱ་བ་འདི་ཆེད་དུ་བརྗོད་པ་འདི་བརྗོད་དོ། །དེ་ནས་ཡིད་དང་ཆོས་མཐུན་པར། །ཐུགས་ཀྱི་ཕྱག་རྒྱ་རྡོ་རྗེ་དང་། །ཤེས་རབ་དྲིལ་བུ་ཆོས་ལ་བརྟེན། །ཧཱུཾ་དང་མཱུཾ་གྱི་སྙིང་པོར་འབར། །དེ་ལས་རྡོ་རྗེ་རྩེ་བཅུར་འབར། །ཨཱོཾ་དང་མཱུཾ་གྱི་མཆོག་ཏུ་བརྟག །


DNG010_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཉི་ཟེར་ཟླ་རྒྱས་ཐབས། །འབར་བའི་ཕུང་པོ་ཆོས་ལ་བརྟེན། །དེ་ལས་གཟུང་ཐབས་གཉིས་ཀྱིས་ནི། །འབྲུ་ལྔ་ཕྱག་རྒྱ་ཉིད་དུ་སྟེ། །དེ་ལས་རྡོ་རྗེ་ཕྱག་བསྣམས་གསོར། །དེ་ལས་འཁོར་ལོ་ཕྱག་བསྣམས་གསོར། །དེ་ལས་ནོར་བུ་ཕྱག་བསྣམས་པ། །དེ་ལས་པདྨ་ཕྱག་བསྣམས་འཛིན། །དེ་ལས་རལ་གྲི་ཕྱག་བསྣམས་གཅོད། །དེ་ཉིད་རྡོ་རྗེ་ཕྱག་བསྣམས་པ། །ཐབས་ཆེན་དྲུག་ཏུ་ཡང་དག་གསོར། །དེ་ལས་རྡོ་རྗེ་གཟུང་ཐབས་གཉིས། །ཨཱོཾ་དང་མཱུཾ་གྱིས་མཚོན་བཞིན་དུ། །རྡོ་རྗེ་རྩེ་བཅུ་ཐབས་ཆེན་པོ། །ཐུགས་ཀར་བསྟན་པའི་ཚུལ་དུ་འབར། །སངས་རྒྱས་རྡོ་རྗེ་སེམས་དཔའ་ཡི། །ཕྱག་ན་མི་འཇིགས་ཐུགས་ཀར་འཛིན། །མཱུཾ་ལས་ཕྱག་རྒྱ་ཆེན་པོ་ནི། །དྲིལ་གསིལ་འབར་བས་སངས་རྒྱས་ཡུམ། །མཆོད་ནས་ཆོས་ལ་བརྟན་པར་འཛིན། །ཐམས་ཅད་ཀུན་ཏུ་ཕྱག་རྒྱ་ཡིས། །ཐབས་དང་ཤེས་རབ་རྡོ་རྗེ་འཆང་། །སྐུ་གསུང་ཐུགས་ནི་ཐམས་ཅད་པ། །ཡོན་ཏན་ཕྲིན་ལས་ཀུན་ཏུ་རྫོགས། །སྒྱུ་འཕྲུལ་དྲ་བ་བྱང་ཆུབ་པའི། །སངས་རྒྱས་རྡོ་རྗེ་འཆང་དུ་དམིགས། །དེ་ལས་རྡོ་རྗེ་མཆོག་བསྣམས་པ། །དེ་ལས་མི་བསྐྱོད་ཉི་མའི་ལམ། །སྐུ་གསུང་ཐུགས་ཀྱི་ཡོན་ཏན་ལས། །ཨཱོཾ་ཧཱུཾ་གྱི་རྩེར་འཛིན་པ། །ཉིད་ལས་ཡང་དག་བསྐྱེད་ཚུལ་དུ། །ཤེས་རབ་ཡུམ་དུ་ཤིན་ཏུ་བརྟག །རྡོ་རྗེ་འབར་བས་རབ་བརྟན་པས། །ཐབས་ཆེན་ཡིད་ནི་སངས་རྒྱས་ཡབ། །གཅིག་དང་དུ་མ་ཡོངས་ཀྱིས་མེད། །དེ་ལས་འགྲོ་དོན་ཕྲིན་ལས་འཆར། །ཡིད་དང་ཆོས་སུ་རབ་བརྟགས་པའི། །རྡོ་རྗེ་འཆང་རྒྱལ་ཚུལ་ཆེན་ལས། །རྡོ་རྗེ་དྲག་པོ་ལན་གསུམ་གསོར། །གཏུམ་པའི་སྔགས་བརྗོད་དེ་བསྐྱེད་པས། །སྐུ་གསུང་ཐུགས་ཉིད་གཏུམ་པོར་འགྱུར། །བསྐོར་ཐབས་ཆེ་བའི་མཆོག་ཚུལ་དུ། །རྡོ་རྗེ་ལན་གསུམ་གསོར་བ་ཡིས། །ལྷ་མོ་ཀླུ་མོ་རིགས་ངན་མོ། །དམ་ཅན་རྣལ་འབྱོར་དབང་དུ་འགྱུར། །རྣལ་འབྱོར་ཕོ་མོ་གང་སྣང་བའི། །ཐམས་ཅད་གཅིག་ཏུ་འདུས་པ་ནི། །


DNG010_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ལ་མངོན་དུ་སྣང་བར་འགྱུར། །མི་བསྐྱོད་རྡོ་རྗེ་ཐབས་ལྡན་པས། །ཨོཾ་དང་ཧཾ་ནི་མ་ཐལ་བར། །ལན་གསུམ་གསོར་ཆེན་ཐུགས་ཀར་བསྒོམ། །ལྷན་ནེའི་དཀྱིལ་འཁོར་མཆོག་ཏུ་འགྱུར། །ཨཱོཾ་དང་ཧཾ་ནི་ཐལ་ཙམ་དུ། །ཀུན་ཏུ་གྲུ་བཞིར་བདག་གནས་ཏེ། །ལན་གསུམ་གསོར་བར་གང་བརྩོན་པ། །ཚེ་དང་སྐལ་བ་འཕེལ་བར་འགྱུར། །ལོངས་སྤྱོད་ཅི་འདོད་འཕེལ་བར་འགྱུར། །དེ་ལ་ཟླ་ཁམ་མདོག་དམར་བཤམ་གཤམ། །འདྲེལ་ཡང་འདུག་དཔྲལ་བར་མཉམ་པ་ལན་གསུམ་གྱིས། །ཁྲོས་པས་གསོར་ལ་གང་བརྩོན་པས། །ཡིད་ལ་དམིགས་པའི་ལས་ཐམས་ཅད། །དབང་ཆེན་དཀྱིལ་འཁོར་ཉིད་དུ་འགྱུར། །དེ་ལས་གཏུམ་པའི་མདོག་གནག་སྟེ། །དྲག་ཏུ་ཕཊ་ཅེས་བརྗོད་པས་ནི། །ཁ་དོག་ནག་པོར་བདག་གནས་ཤིང་། །བསྐལ་པ་འབར་བའི་དབུས་གནས་པ། །ཁྲོས་ཏེ་དགུག་པ་ཉིད་དག་ཏུ། །རྒྱང་ནི་རིང་དུ་འཕང་ན་ནི། །ཅི་འདོད་ལས་རྣམས་འགྲུབ་པར་ངེས། །ཨཱོཾ་བཛྲ་ད་ཧ་ཛྭ་ལ་ཧ་ན་བཛྲ་པ་ཙ་ཛྭ་ལ་བཛྲ་ཧཱུཾ་ཕཊ། ཆོས་ལ་བརྟན་པ་ཕྱག་བསྣམས་པ། །སྦུབས་ནི་དྲིལ་བུ་ཆོས་ཁམས་ཏེ། །ཤེས་རབ་ཡུམ་གྱི་ཚོགས་སུ་བརྟག །སྐད་ནི་གསུང་སྙན་བདེ་བ་མོ། །ལྕེ་ནི་གར་མཁན་མྱ་ངན་འདས། །ཆོས་སྐུ་ཐུགས་ཀྱི་ཐུགས་ཉིད་ལས། །རབ་ཏུ་གསོར་ལ་གང་བརྩོན་པས། །མཱུཾ་ལ་སོགས་པའི་ཡི་གེ་བསྒོམ། །རྡོ་རྗེ་འཁོར་ལོ་པདྨ་འབར། །མཱུཾ་གྱི་ཚོགས་ཀྱི་འཁོར་ལོ་ནི། །ཀུན་ཏུ་དབང་བསྒྱུར་ཡིད་འོང་བའི། །འདོད་པ་བཞིན་དུ་མཐུན་པས་འགྲུབ། །ཨཱོཾ་བཛྲ་གྷཎྜ་པ་ཤ་བྷ་ཥ་ཡིན་ནམ་དྷརྨ་དྷ་ར། ཧཱུཾ་ཧཱུཾ་ཧཱུཾ། ཞེས་བརྗོད་པས། དེ་བཞིན་གཤེགས་པ་ཉིད་དེ་བཞིན་གཤེགས་པ་ཉིད་ལ་དགྱེས་པར་གྱུར་ཏོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། སྒྱུ་འཕྲུལ་ཆེན་པོ་ཐབས་དང་ཤེས་རབ་ འབྱུང་བ་ཕྱག་མཚན་གྱི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་དེ་བཞིན་གཤེགས་པ་དགྱེས་པ་ཆེན་པོ་རྡོ་རྗེ་གསང་བའི་དམ་ཚིག་བཀོད་


DNG010_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་སྙོམས་པར་ཞུགས་ནས། ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཤིན་ཏུ་ཕྲ་བའི་དམ་ཚིག་མཆོག །ཕྱག་རྒྱ་ཆེན་པོའི་ཕྱག་མཐིལ་དུ། །ཐུགས་ཀྱི་དཀྱིལ་འཁོར་དམ་པ་དེ། །སོར་ནི་བཞི་ཡི་ཚད་དུ་བྱ། །འབྲུ་ལྔ་སྤོས་ལྔ་རིན་ཆེན་ལྔ། །སྙིང་པོ་ལྔ་དང་སྨན་ལྔ་དང་། །བདུད་རྩི་ལྔ་ཉིད་རབ་བསྙམས་ལ། །རིག་པས་ཐིག་ནི་གདབ་པར་བྱ། །ལྟེ་བ་རྩིབས་དང་ལྡན་པ་ཡི། །རྩིབས་བཞི་འཁོར་ལོ་མུ་ཁྱུད་བཅས། །གྲུ་ཆད་བཞི་དང་གྲུ་བཞི་པ། །བར་ཁྱམས་སྒོ་ཁྱུད་ལྡན་པར་བྱ། །སེན་ཟླུམ་ཙམ་གྱི་ཉི་ཟླ་ལ། །ཙ་ནའི་འབྲུ་ཙམ་པདྨའི་གདན། །ཉུང་འབྲུ་ཙམ་གྱི་ཡི་གེ་ལས། །ཕྱག་རྒྱ་ཏིལ་འབྲུ་ཙམ་དུ་བྲི། །བཅོས་བུའི་རས་ནི་སྣ་ཚོགས་དང་། །རྒྱན་ཕྲེང་བཏུང་དང་བྲོ་བས་བསྐོར། །གླུ་ཚིག་བྲོ་གར་རོལ་མོ་ཡི། །སྤྲིན་ཕུང་ཚོགས་ཀྱིས་རབ་ཏུ་མཆོད། །ཡུམ་དང་འཇོ་མ་སེམས་མ་ཡིས། །ཇི་ལྟར་འདོད་པའི་ལས་བཞིན་མཆོད། །དབྱིབས་དང་ཁ་དོག་མཚན་ལྡན་པར། །ཞལ་དུ་གྱུར་པའི་མེ་བོས་ལ། །བཟའ་བཏུང་བྲོ་བའི་ཚོགས་རྣམས་ཀྱིས། །ལས་བཞིའི་མཆོད་པ་རབ་ཏུ་སྦྱིན། །ཁྲོ་བོའི་དཀྱིལ་འཁོར་དེ་བཞིན་ཏེ། །ཤིན་ཏུ་ཕྲ་ལ་སྦྱངས་པ་ཡིས། །བསམ་ཡས་དག་ལའང་དེ་བཞིན་བྱ། །རིག་པས་དཔག་པ་ཙམ་དུའོ། །མཆོད་པའི་ཕྱག་རྒྱ་ཆེན་པོ་ནི། །སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་ཀྱིས། །ཕྱོགས་བཅུ་ཐམས་ཅད་སངས་རྒྱས་ཞིང་། །མཉེན་འཇམ་རེག་ན་བདེ་བ་ཡི། །སྣ་ཚོགས་རིན་པོ་ཆེ་ཡི་གཞི། །མཛེས་པར་བྲི་ཞིང་སྤྲས་པ་དང་། །ཀུན་འབྱུང་རིན་ཆེན་ཕུང་པོ་འབར། །དབྱིབས་ལེགས་རྫིང་བུ་བྲོ་མཆོག་བསིལ། །རིན་ཆེན་ཁང་པ་སྣ་ཚོགས་དང་། །རྒྱན་དང་དཔག་བསམ་ལྗོན་ཤིང་ཚལ། །གླུ་དབྱངས་ཚིགས་སུ་བཅད་པའི་སྒྲ། །བླ་རེ་རྒྱལ་མཚན་ན་བཟའ་གདུགས། །དོ་ཤལ་དཔུང་རྒྱན་སེ་མོ་དོ། །བཟའ་དང་བཏུང་བའི་མཆོག་རྣམས་དང་། །རང་ལ་མཛེས་པར་བརྒྱན་པ་ཡི། །ལྷ་དང་ལྷ་མོར་རྡུལ་སྙེད་ཀྱི། །བྲོ་གར་ལ་སོགས་བསམ་ཡས་ཀྱིས། །ཕྱོགས་བཅུ་ནམ་


DNG010_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

མཁའི་ཁམས་བཀང་ནས། །དཀྱིལ་འཁོར་ཀུན་ལ་རྒྱས་པར་དབུལ། །སྐལ་ལྡན་གསལ་བའི་ཁྱད་པར་གྱིས། །རིམ་གྱིས་ཡང་ན་ཅིག་ཆར་དུ། །ཆོས་ཀྱི་དབྱིངས་དང་མཉམ་སྦྱོར་ཞིང་། །མཆོད་པའི་ཕྱག་རྒྱ་ཆེན་པོར་བསྒོམ། །གསལ་ལྡན་མ་འམ་བྱིན་བརླབས་ལ། །སྟོང་གསུམ་ཡུངས་འབྲུར་འཇུག་ཚུལ་དུ། །དབྱིངས་ན་དཀྱིལ་འཁོར་སྤྱན་དྲངས་མཆོད། །མཉེས་ནས་གྲུབ་པའི་དམ་ཚིག་མཆོག །བདག་ཉིད་ཆེན་པོ་མཆོད་པ་ཡིས། །སངས་རྒྱས་དཀྱིལ་འཁོར་མ་ལུས་མཉེས། །སྲིད་གསུམ་འགྲོ་བ་ཐམས་ཅད་ལ། །དགའ་བ་ཆེན་པོས་ཁྱབ་པར་འགྱུར། །སྒྱུ་འཕྲུལ་དྲ་བ་བརྟེན་པ་ཡིས། །ཕྱོགས་བཅུ་དུས་བཞིར་གཤེགས་པ་ཡི། །སངས་རྒྱས་དཀྱིལ་འཁོར་མ་ལུས་དང་། །ཁམས་གསུམ་འགྲོ་རྣམས་མངོན་དུ་འགྱུར། །ལུས་ངག་སེམས་དང་ཆོས་ཐམས་ཅད། །གང་ནའང་མི་གནས་མི་དམིགས་པ། །རང་བཞིན་མཉམ་པའི་ཆོས་ཉིད་ལ། །མིག་ཡོར་ཚུལ་དུ་སྦྱོར་བ་ཡིས། །ནམ་མཁའ་ལ་ནི་ནམ་མཁའ་བསྒོམ། །གོམས་པའི་དཀྱིལ་འཁོར་ཆེན་པོ་ལ། །ཀུན་བྱས་དབང་ཕྱུག་རིག་པས་འཇུག །དེ་ནས་སློབ་མ་གཞུག་པར་བྱ། །དེ་ནས་རིགས་ཀྱི་བུ་མཆོག་དེས། །རྒྱལ་སྲིད་དང་ནི་རང་གི་ལུས། །བུ་དང་ཆུང་མ་ནོར་གྱི་དབྱིག །རབ་ཏུ་གཅེས་དང་ཡིད་འཐད་དབུལ། །དབང་ཕྱུག་ལོངས་སྤྱོད་ལྔས་མཆོད་ན། །དཀྱིལ་འཁོར་ཐམས་ཅད་མཆོད་པ་ཡིན། །ཉེ་བའི་དཀྱིལ་འཁོར་སྨོས་ཅི་དགོས། །ཉེས་པ་ཐམས་ཅད་དག་པར་འགྱུར། །དད་བརྩོན་བརྟུལ་ཞུགས་རབ་རྟོགས་ན། །ཕན་པའི་དབང་སྦྱིན་ནུས་པའི་དབང་། །རིམ་པ་བཞིན་དུ་སྦྱིན་པར་བྱ། །སྙིང་རྗེས་ཆུད་མ་ཟོས་པར་གཟུང་། །ཡང་ན་ཐལ་མོ་རབ་བསྣོལ་ནས། །ཕྱག་རྒྱ་ཆེན་པོའི་པང་དུ་ནི། །དཀྱིལ་འཁོར་མཛུབ་གང་ཚད་དུ་ཡང་། །མཁས་པས་ཆོ་ག་བཞིན་དུ་བྱ། །ཡང་ན་ས་གཞི་རབ་བསྙམས་ལ། །དཀྱིལ་འཁོར་ཁྲུ་གང་ཚད་དུ་བྱ། །ཡང་ན་ལུས་གང་ཚད་དུ་སྟེ། །ཡང་ན་ལུས་ནི་གསུམ་གྱི་ཚད། །


DNG010_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

ཕུར་བུ་སྲད་བུ་ཚོན་ཕྱེ་དང་། །གོས་རྒྱན་མཛེས་པའི་ཡིད་འོང་གྲོགས། །ཐིག་གདབ་ཆོ་ག་ཕུན་སུམ་ཚོགས། །མཁས་ལྡན་ཆེན་པོས་བསྒྲིམས་ཏེ་བྱ། །ཡང་ན་ཁྲུ་ནི་བཅུ་དྲུག་དང་། །ཉི་ཤུ་འམ་ནི་རྩ་ལྔར་བྱ། །རིགས་ཀྱི་དཀྱིལ་འཁོར་ལྔ་རྣམས་བསྒོམ། །སྐུ་གསུང་ཐུགས་ལྡན་གཟུགས་ཀྱང་དགོད། །ཡང་ན་རྒྱང་གྲགས་དཔག་ཚད་དམ། །ནམ་མཁའི་དབྱིངས་ནི་བསམ་ཡས་པར། །སངས་རྒྱས་དཀྱིལ་འཁོར་སྣ་ཚོགས་བསྒོམ། །མ་མཐོང་རྨོངས་ལ་སྟོན་ཕྱིར་ཚོན། །ཁ་དོག་ཉི་ཤུ་རྩ་ལྔ་འམ། །ལྔ་ཡི་ཚོན་གྱིས་བྲི་བར་བྱ། །འདུལ་བའི་ཆོ་ག་བཞིན་དུ་དགྱེ། །ཏིང་འཛིན་རོལ་མོ་མཐའ་ཡས་མཆོག །ཡི་གེའམ་གདན་ནམ་སྙིང་པོ་འམ། །ཕྱག་རྒྱའམ་སྐུ་གསུང་ཐུགས་ལྡན་པར། །བྱིན་རླབས་ཡ་མཚན་རྨད་པོ་ཆེ། །འགྲུབ་འགྱུར་སངས་རྒྱས་ཀུན་གྱི་དམ། །ས་ལ་སོགས་ལས་ཕྱག་རྒྱར་བྱས། །རྣམ་གྲོལ་རིམ་པར་ཐོབ་པར་འགྱུར། །དག་པའི་ཡེ་ཤེས་ཀྱིས་སྦྱངས་པས། །སྨོས་ཅི་དགོས་ཏེ་དེ་ཉིད་ཡིན། །ཕྱོགས་དུས་དཀྱིལ་འཁོར་བདག་ཉིད་ཆེ། །མི་དམིགས་ཐུགས་ཀྱི་དཀྱིལ་འཁོར་ལས། །དཀྱིལ་འཁོར་ཐམས་ཅད་སྤྱན་དྲང་ངོ་། །རང་སྣང་དབྱེར་མེད་དཀྱིལ་འཁོར་ལ། །འཇུག་པའི་མཚན་ཉིད་མཉམ་སྦྱོར་བས། །ཕྱོགས་བཅུ་ཀུན་ནས་གཤེགས་པ་ཡི། །བསྙེན་པའི་དཀྱིལ་འཁོར་རབ་ཏུ་རྫོགས། །ཉེ་བར་གྱུར་པའི་དམ་ཚིག་མཆོག །དཔག་བསམ་ཤིང་དང་ཡིད་བཞིན་གྱི། །རིན་ཆེན་དབྱིག་དང་འབྱུང་བ་ཀུན། །དེ་དག་རྫས་ཡོད་མ་ཡིན་ཏེ། །རང་སེམས་བསོད་ནམས་བརྟན་པ་ཡིན། །ངོ་མཚར་ཆོ་འཕྲུལ་རྨད་ཀྱི་ཆོས། །གཞན་ནས་ཡོད་འོང་མ་ཡིན་ཏེ། །ཐབས་ལ་བརྟེན་པའི་ཤེས་རབ་ཉིད། །དེ་ལྟ་བུ་ཡི་ངང་དུ་འབྱུང་། །ཤེས་རབ་དབྱིངས་ཉིད་དེ་བཞིན་ཉིད། །ཐབས་ཀྱི་ཕྱག་རྒྱར་གྱུར་པའི་ཕྱིར། །ཡེ་ཤེས་ལ་ནི་ཡེ་ཤེས་རོལ། །


DNG010_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་རོལ་པ་ཉིད་ཀྱང་གསོག །རྒྱལ་བ་སྔོན་བྱུང་སྐྱོབ་པ་དང་། །བྱིན་རླབས་སྟོན་པའང་དེ་བཞིན་ཏེ། །བྱ་བྱེད་ནུས་མཐུའི་གཟི་བྱིན་གྱིས། །སྒྱུ་མ་རྡོ་རྗེ་བཙན་པོའི་མཆོག །ཆོ་ག་ལྔ་ནི་རྫོགས་བྱས་ཤིང་། །ཡོ་བྱད་ལྔ་ནི་རྫོགས་པར་ལྡན། །སྔགས་ཀྱི་ཡན་ལག་ལྔ་རྫོགས་པས། །མ་ཉམས་འཇུག་ལ་རབ་བརྩོན་ན། །ཞག་ནི་སུམ་ཅུ་ཕྲག་དྲུག་གམ། །བཅུ་གཉིས་བཅུ་བཞི་བཅུ་དྲུག་གིས། །དབང་སྒྱུར་རིགས་ཀྱི་དམ་པ་འགྲུབ། །དེ་ཚེ་བཅུ་དྲུག་ཚུན་ཆད་ཀྱིས། །སྐུ་ལྔ་ལྷུན་གྱིས་རྫོགས་པ་ནི། །ཡེ་ཤེས་ཐིག་ལེ་དེ་ཉིད་ལ། །ཡེ་ཤེས་ཐིག་ལེ་ཉིད་སྣང་བ། །བསམ་གྱིས་མི་ཁྱབ་མཐའ་ཡས་མཆོག །ཕྱོགས་བཅུ་དུས་བཞི་མངོན་རྫོགས་པའི། །ཞིང་ཁམས་རྣམ་དག་བསམ་ཡས་དང་། །རྒྱ་དང་བྲལ་བའི་གཞལ་ཡས་ཁང་། །འཁོར་ལོའི་རྒྱན་དང་རོལ་མོའི་ཚོགས། །དཀྱིལ་འཁོར་མ་ལུས་བསམ་ཡས་ཀུན། །མཐོང་ནས་ཉེ་བར་མཉེས་པ་དང་། །རྒྱ་ཆེན་གསུང་ལས་དོན་བྱུང་བའང་། །མཐུན་པའི་ཡེ་ཤེས་རང་སྣང་བའོ། །གཅིག་དང་དུ་མར་བྲལ་བ་ཡི། །མཐའ་དང་དབུས་མེད་དེ་བཞིན་ཉིད། །སངས་རྒྱས་ཀྱིས་ཀྱང་མི་གཟིགས་ཏེ། །རང་བྱུང་ཡེ་ཤེས་གནས་མེད་སྣང་། །ལོག་པར་རྟོག་བཏགས་རྣམ་དག་ཅིང་། །ཡེ་ཤེས་དབྱིངས་ལས་མི་གཞན་ཕྱིར། །ཐུགས་རྗེ་ཆེན་པོས་འདྲེལ་པས་ན། །འགྲོ་དྲུག་དུས་གནས་མ་ལུས་སྣང་། །བདེ་བ་ཆེན་པོའི་དཀྱིལ་འཁོར་ནི། །སྟངས་དཔྱལ་གཉིས་སམ་ཡང་ན་ལྔ། །བྱས་ཏེ་དད་ལྡན་རབ་ཞུགས་ན། །འདོད་པ་ཡིད་འོང་མཉམ་པར་འགྱུར། །སྐལ་བ་མཉམ་པའི་ཡེ་ཤེས་དེ། །གཉེར་ན་ཉེ་བར་འབྱུང་བ་ཡི། །ཡ་མཚན་ཆེན་པོ་འབྱུང་བར་ངེས། །དད་མེད་ཉམས་ན་ཕུང་བར་འགྱུར། །ཞེས་ཆེད་དུ་བརྗོད་དོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། རྡོ་རྗེ་བཀོད་པ་གསང་བ་དམ་ཚིག་གི་ལེའུ་སྟེ་བཅོ་བརྒྱད་པའོ།། །།དེ་ནས་དེ་བཞིན་གཤེགས་པ་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་ལས། ལྷག་པའི་གཟུགས་བརྙན་གྱི་དཀྱིལ་འཁོར་གྱིས། དངོས་གྲུབ་བླང་བའི་ཐབས་འདི་གསུངས་སོ། །ཡེ་


DNG010_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ནས་མཉམ་ཉིད་དཀྱིལ་འཁོར་ལ། །ཐབས་དང་ཤེས་རབ་ལྡན་བྱས་ཏེ། །རང་རིག་ཡེ་ཤེས་རྒྱལ་པོ་ཡིས། །ཐམས་ཅད་མ་ལུས་མནྡྷ་ལའི། །དེ་བཞིན་ཉིད་ཀྱི་གཞལ་ཡས་ནི། །རིག་པ་རང་དབང་གྱུར་པ་ཡིས། །མཉམ་ལ་མཉམ་པར་མི་དམིགས་པའི། །ཆོས་སྐུ་ཕྱག་རྒྱ་ཆེན་པོར་བསྒོམ། །འཇིག་རྟེན་བརྟན་གཡོ་ཐམས་ཅད་ལ། །རང་བཞིན་དཀྱིལ་འཁོར་གནས་མོད་ཀྱང་། །གཟུང་འཛིན་རྣམ་རྟོག་ཞགས་པ་ཡིས། །རང་རིག་བསྒྲིབས་ཤིང་བདག་ཏུ་བཅིངས། །ཀུན་གྱིས་ཡང་དག་རྟོགས་བྱའི་ཕྱིར། །དེ་བཞིན་སྐུ་ཡི་གཟུགས་བརྙན་བསྟན། །རྟོག་དང་མི་རྟོག་རང་རིག་དང་། །ཡང་དག་ཐབས་ཆེན་རྫོགས་པའི་དོན། །རིན་ཆེན་སྣ་ཚོགས་ལ་སོགས་དང་། །འབྱུང་བ་བཞི་ལས་གྱུར་པ་ཀུན། །ཐམས་ཅད་བྱང་ཆུབ་མཆོག་གི་རྒྱུ། །གཟུགས་སོགས་རི་མོར་བྲིས་པ་དག །ཡེ་ཤེས་ཆེན་པོ་རབ་འབྱམས་ཀྱི། །དོན་དུ་མི་འགྱུར་ཡོངས་མ་གསུངས། །དེ་བཞིན་ཏིང་འཛིན་དཀྱིལ་འཁོར་གྱིས། །ཐམས་ཅད་དབྱིངས་སུ་བསྡུས་ནས་ནི། །ཉིད་ཀྱི་ཐུགས་ལ་ཐིམ་བྱས་ཏེ། །ཐམས་ཅད་ཆོས་སྐུའི་ཕྱག་རྒྱ་ཆེ། །དཀྱིལ་འཁོར་རྣམ་གསུམ་དག་བྱས་ཏེ། །ནམ་མཁའི་དབྱིངས་ཀྱི་དཀྱིལ་འཁོར་དུ། །རང་རིག་ཡེ་ཤེས་འཕྲོ་འདུ་ཡིས། །ཐམས་ཅད་ཆོས་སྐུའི་ཕྱག་རྒྱ་སྟེ། །ཡང་དག་རྟོགས་པའི་ཁྱད་པར་གྱིས། །ཏིང་འཛིན་དོན་རྣམས་གསལ་བསྒོམས་ནས། །མཱ་མ་ཀཱི་ནི་རྒྱུན་ཆགས་ལ། །ཡང་དག་ཆོས་སྐུའི་ཕྱག་རྒྱ་ཆེ། །དེ་བཞིན་ཏིང་འཛིན་གསལ་བསྒོམས་ནས། །དོན་མཆོག་མ་ལུས་རྫོགས་པའི་ཕྱིར། །མཁའ་ལ་འཕྲོ་བའི་དཀྱིལ་འཁོར་དུ། །དྲི་མེད་ཆོས་སྐུའི་ཕྱག་རྒྱར་གསལ། །རང་རིག་ཡེ་ཤེས་རྒྱལ་པོ་ཡིས། །ཏིང་འཛིན་རིམ་པར་གསལ་བསྒོམས་ཏེ། །བསྒྲུབ་བྱ་མ་ལུས་ལྷུན་རྫོགས་ཕྱིར། །སྲ་བརྟན་ཅན་གྱི་རང་བཞིན་ལ། །ཆོས་སྐུའི་ཕྱག་རྒྱ་གཟུགས་སུ་སྦྱོར། །དབྱིངས་དང་ཡེ་ཤེས་གཉིས་མེད་པར། །ཏིང་ངེ་འཛིན་གྱིས་དབང་བསྒྱུར་ནས། །ཁ་དོག་དབྱིབས་དང་གཟུགས་སུ་བསྒྱུར། །སྣ་ཚོགས་ཕྲིན་ལས་རྣམ་པར་རོལ། །དོན་གྱི་སྙིང་པོ་མཆོག་རྣམས་དང་། །


DNG010_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་ཕྱོགས་རྣམས་རབ་ཏུ་རྫོགས། །འཇིག་རྟེན་གཙོ་མཆོག་རྣམས་ཀྱིས་བསྐོར། །ཨ་ཧོ། ཆོས་སྐུའི་ཕྱག་རྒྱ་དེ་དག་ལས། །ལས་ལྔའི་དཀྱིལ་འཁོར་རབ་ཏུ་བསྒྲུབ། །ཏིང་ངེ་འཛིན་གྱིས་དབང་བསྒྱུར་ན། །ཇི་ལྟར་དམིགས་པ་བཞིན་དུ་འགྲུབ། །དྲག་པོ་གཏུམ་པོ་གདུལ་བའི་ཕྱིར། །བདག་ཉིད་དྲག་པོར་བསྒོམས་ནས་ནི། །ཆོས་སྐུ་ནག་པོ་འོད་འབར་གྱིས། །བགེགས་ཀྱི་ལིང་ག་གནན་པར་བྱ། །གཏུམ་པོ་རྔམ་པོའང་བརླག་པར་འགྱུར། །མི་མཐུན་ཕྱོགས་ཀྱང་རྡུལ་དུ་རློག །འདི་དང་འགྲོ་བ་ཐམས་ཅད་དུ། །ཤིན་ཏུ་སྟོབས་དྲག་ཆེ་ལྡན་འགྱུར། །ཐམས་ཅད་གཉིས་མེད་དབྱིངས་བསྡུའི་ཕྱིར། །བདག་ཉིད་ཧ་ཡ་གྲཱི་ཝར་བསྒོམ། །དམར་བའི་ཆོས་སྐུ་གསལ་བསྒོམས་ཏེ། །མི་མཐུན་ཕྱོགས་རྣམས་གདན་དུ་གདིང་། །ཏིང་འཛིན་གསལ་བས་བྱིན་བརླབས་ན། །ཐམས་ཅད་མ་ལུས་དབང་དུ་འདུ། །མཐུ་ཆེན་རྣམས་ཀྱང་ཕྱི་བཞིན་འབྲང་། །བྲན་བཞིན་ལས་རྣམས་བྱེད་པར་འགྱུར། །ཐམས་ཅད་ཡོན་ཏན་འཕེལ་བྱའི་ཕྱིར། །བདག་ཉིད་རྒྱལ་བའི་ཁྱུ་མཆོག་སྟེ། །གསེར་གྱི་མདོག་འདྲར་ཕྱག་རྒྱར་བསྒོམ། །གང་འཕེལ་ཆོས་སྐུའི་གདན་དུ་གཞག །དེ་ལྟར་དག་པས་བྱིན་བརླབས་ན། །ཡོན་ཏན་ནམ་མཁའི་མཐའ་དང་མཉམ། །ཚེ་དང་ལོངས་སྤྱོད་འཕེལ་བ་དང་། །ཇི་ལྟར་དམིགས་པ་བཞིན་དུ་འགྲུབ། །ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །གཏུམ་པོ་མ་ལུས་ཞི་བྱའི་ཕྱིར། །དཀར་ཞིང་འཚེར་བའི་ཆོས་སྐུར་བསྒོམ། །གང་ཞིག་གཏུམ་ཁྲོ་ཞི་བའི་གདན། །དེ་བཞིན་ཏིང་འཛིན་བྱིན་བརླབས་ན། །གཏུམ་པོ་རྔམ་པོའང་ཞི་བར་འགྱུར། །གཞན་ཡང་ཇི་ལྟར་དམིགས་པ་བཞིན། །ཞི་ཞིང་དུལ་བ་ཉིད་དུ་འགྱུར། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས། །རྣམ་བཞིའི་དཀྱིལ་འཁོར་དབྱིངས་སུ་བསྡུས། །བྱ་བྱེད་མེད་པར་དཀྱིལ་འཁོར་སྤྱོད། །ལྷུན་གྲུབ་དཀྱིལ་འཁོར་ཡེ་ནས་རྫོགས། །ཨ་ཧོ། ཆོས་སྐུའི་ཕྱག་རྒྱ་ཆེན་པོས་ནི། །དངོས་གྲུབ་གང་འདོད་སྦྱིན་པར་ངེས། །ཉེ་བའི་ལྷ་ནི་གང་བསྒྲུབ་པ། །ཕྱག་རྒྱའི་སྙིང་པོ་བྲིས་བཅུག་ན། །གང་


DNG010_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་ཐེ་ཚོམ་མེད་པར་འགྲུབ། །དེ་ནི་རྒྱལ་བ་ཀུན་དང་མཉམ། །ཐེ་ཚོམ་མེད་པར་ངེས་འགྲུབ་འགྱུར། །འཇིག་རྟེན་པ་ཡི་ལྷ་བསྒྲུབ་ན། །ལྷ་ཡི་སྙིང་པོ་གང་ཡང་རུང་། །བྲིས་ཏེ་དཀྱིལ་འཁོར་ནང་བཅུག་ན། །ལྷ་དེ་ཉེ་བར་འགྲུབ་པར་འགྱུར། །ཆོས་ཉིད་རྟེན་ཅིང་འདྲེལ་བྲིས་ནས། །ཆོས་ཀྱི་དོན་རྣམས་རྟོགས་པར་འགྱུར། །རང་དང་སྤྱི་ཡི་དོན་རྟོགས་ནས། །སྐྱེ་རྒ་ན་འཆི་མེད་རྟོགས་འགྱུར། །ཕྱག་རྒྱ་ཆེན་པོ་དེ་དག་ལ། །ཉོན་མོངས་ལས་རྣམས་སྦྱོང་བྱེད་པའི། །སྙིང་པོ་མ་ནོར་དོན་བྲིས་ན། །ངན་སོང་སྡུག་བསྔལ་མེད་པར་འགྱུར། །གཞན་ཡང་དཀྱིལ་འཁོར་བསམ་ཡས་དང་། །ཚད་དཔག་མེད་པའི་ཕྱག་རྒྱ་ཆེ། །སྐུ་གསུང་ཐུགས་ནི་རྒྱུན་མི་འཆད། །ཞིང་ཁམས་བྱེ་བ་རྡུལ་དང་མཉམ། །ཨ་ཧོ།རྡོ་རྗེ་གསང་བའི་ཚིག་ཏུའོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས།ལྷག་པ་གཟུགས་བརྙན་གྱིས་དངོས་གྲུབ་ལེན་པའི་ཐབས་མཆོད་རྟེན་གདབ་པའི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་དེ་བཞིན་གཤེགས་པ་དགྱེས་པ་ཆེན་པོས། རྒྱལ་པོ་སྦྱིན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཤེས་རབ་ཐབས་ཀྱི་ཕྱག་རྒྱ་ལས། །བདེ་བའི་འབྲུ་ཚོགས་གསལ་བའི་རྒྱུན། །རྡོ་རྗེའི་ལམ་ནས་པདྨར་བསྐྱིལ། །རྩེ་ནས་བསྡིམ་ཞིང་དཀྱིལ་འཁོར་བསྒྱུར། །ཉན་བྱེད་འཁོར་ལོའི་གཞལ་ཡས་སུ། །གསལ་བའི་ཐིག་ལེ་ངོ་བོ་ཉིད། །ཏྲཱཾ་གྱི་ཕྱག་རྒྱའི་ཚོགས་མཆོག་ལས། །རིན་ཆེན་དཀྱིལ་འཁོར་གསལ་སྤྲོ་ཐིམ། །ཏྲཱཾ།གསང་བ་གསང་ཆེན་གསང་མཆོག་གང་། །གསང་བ་ཀུན་ལའང་མཉན་པར་བྱ། །གསང་བའི་དོན་ཉིད་བརྟག་པ་ལས། །གཞན་དུ་སྨྲ་བར་བྱ་བ་མིན། །གསལ་བའི་འཁོར་ལོའི་གཞལ་ཡས་སུ། །གསལ་བའི་ཐིག་ལེའི་ངོ་བོ་ཉིད། །ཡི་གེ་ཕྲེང་བའི་ཚོགས་མཆོག་ལས། །རིགས་ཀྱི་དཀྱིལ་འཁོར་གསལ་སྤྲོ་ཐིམ། །ཨཱོཾ་དུས་གསུམ་རྒྱལ་བའི་སྲས་ཆེན་པོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་བཟུང་། །རྒྱལ་བ་ཐམས་ཅད་མཉེས་མཆོད་ལ། །རྒྱལ་བ་ཀུན་དང་མཉམ་པར་སྦྱོར། །


DNG010_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

ལག་པའི་འཁོར་ལོའི་གཞལ་ཡས་སུ། །གསལ་བའི་ཐིག་ལེའི་ངོ་བོ་ཉིད། །ཧཱཾ་གི་ཕྱག་རྒྱའི་ཚོགས་མཆོག་ལས། །ལས་ཀྱི་འཁོར་ལོ་གསལ་སྤྲོ་ཐིམ། །ཨོཾ། ཁྱོད་ནི་རྡོ་རྗེ་ལས་ཡིན་གྱིས། །ལས་རྣམས་མ་ལུས་ཀུན་གྱིས་ཤིག །ཕོ་ཉ་མང་པོའི་འདུ་འཕྲོ་ཀུན། །ཁྱོད་ཀྱི་དགོས་པ་བྱེད་པ་ཡིན། །སྨྲ་བྱེད་འཁོར་ལོའི་གཞལ་ཡས་སུ། །གསལ་བའི་ཐིག་ལེའི་ངོ་བོ་ཉིད། །ཧྲཱྀཿཡི་ཕྱག་རྒྱའི་ཚོགས་མཆོག་ལས། །ཆོས་ཀྱི་འཁོར་ལོ་གསལ་སྤྲོ་ཐིམ། །ཨཱོཾ་ཆོས་ཀྱི་བདུད་རྩི་བླ་མེད་ཀྱིས། །དད་ལྡན་སྐྱེས་བུ་ངོམས་པར་བྱོས། །རབ་འབྲིང་ཐ་མའི་བློ་ཅན་ལ། །མཐུན་པར་གསང་བསྒྲག་གཞན་དུ་མིན། །བསྐྱོད་ཆེན་འཁོར་ལོའི་གཞལ་ཡས་སུ། །གསལ་བའི་ཐིག་ལེའི་ངོ་བོ་ཉིད། །ཧཱུཾ་ཨཱོཾ་སཱཾ་ཨཱཾ་ཧཱ་རྣམས་ལས། །དཀྱིལ་འཁོར་ལྔ་དང་ཁྲོ་ཕྲེང་བསྒོམ། །ཨཱོཾ་ཕྱོགས་བཅུ་དུས་བཞི་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཆེ། །དཀྱིལ་འཁོར་ཀུན་གྱི་བྱེད་པ་པོ། །དཀྱིལ་འཁོར་ཀུན་གྱི་སྦྱིན་པ་སྤྱོད། །སློབ་དཔོན་མཉེས་པར་མ་བྱས་ཤིང་། །དབང་རྣམས་ཐོབ་པར་མ་བྱས་པར། །ཉན་པ་ལ་སོགས་བརྩམ་པ་རྣམས། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །དབུ་རྒྱན་ཅོད་པན་ཕྲེང་བ་དང་། །གོ་ཆ་རྒྱལ་མཚན་ཕྱག་རྒྱ་དང་། །གདུགས་དང་བུམ་པ་བཟའ་དང་བཏུང་། །སྙིང་པོ་ལྔ་ཡི་དབང་བསྐུར་ན། །དུས་འདི་ཕན་ཆད་རྒྱལ་བའི་སྲས། །ངན་སོང་ཐམས་ཅད་མེད་པ་དང་། །གཉེན་པོར་གྱུར་པའི་རྩལ་འཆང་བས། །ཚེ་རིང་བདེ་བ་ཕུན་སུམ་ཚོགས། །ཀུན་ཏུ་བཟང་པོ་ལ་སོགས་མཚན། །མཐོ་རིས་ཐར་པའི་དབང་པོར་འགྱུར། །ལུས་དང་ཕུང་པོ་བཅས་པ་ཡིས། །རིག་འཛིན་ས་ལ་གནས་པ་ཡིན། །རིག་འཛིན་ས་ལ་གནས་པ་ཡིས། །བླ་མེད་ཀུན་ཏུ་བཟང་པོར་འགྱུར། །ཡུམ་དང་སྒེག་མོ་ལ་སོགས་པས། །དེ་ཉིད་བྱིན་གྱིས་བརླབ་པར་འགྱུར། །ཕོ་ཉ་འཕྲོ་འདུ་མང་པོ་རྣམས། །སངས་རྒྱས་བཀའ་ལས་མི་འདའ་ཞིང་། །དེ་ཡི་དགོས་པ་བྱེད་པ་དང་། །སྒྲོ་དང་སྐུར་པ་ལ་སོགས་པ། །དེ་ནི་མྱུར་དུ་བརླག་


DNG010_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར། །ཚེ་རིང་བདེ་བ་ཕུན་སུམ་ཚོགས། །མཐོ་རིས་ཐར་པའི་བདག་པོར་འགྱུར། །ཞེས་ཆེད་དུ་བརྗོད་དོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། དབང་སྦྱིན་པའི་ལེའུ་སྟེ་ཉི་ཤུ་པའོ།། །།དེ་ནས་དེ་བཞིན་གཤེགས་པ་དགྱེས་པ་ཆེན་པོ། མཉམ་པ་ཉིད་ལ་བཞུགས་ ནས། ལྷག་པའི་ཏིང་ངེ་འཛིན་གྱི་དངོས་གྲུབ་ཉེ་བར་ལེན་པའི་ཐབས་འདི་གསུངས་སོ། །དེ་བཞིན་ཉིད་དང་མཉམ་སྦྱོར་ཕྱིར། །དམ་པའི་དོན་གྱིས་བསྒོམ་པར་བྱ། །བྱང་ཆུབ་ཕྱོགས་ལ་གཟུད་པར་གནས། །མཆོག་ཏུ་བདེ་བའི་ཞིང་གནས་པས། །མཉམ་རྫོགས་ཆེན་པོར་ལྷུན་བསྒོམས་ཤིང་། །བྱང་ཆུབ་སེམས་སུ་བརྟན་པར་གཟུང་། །བྱ་བ་མེད་ལས་བྱ་བྱེད་བྱ། །མི་གནས་གནས་ལ་གནས་པར་བསྒོམ། །བྷ་གའི་དཀྱིལ་དུ་ལིང་ག་གཞག །ཨ། ཤིན་ཏུ་འཚེར་ཞིང་གསལ་བསྒོམས་ནས། །འོད་འཕྲོ་འབར་བས་ཐམས་ཅད་ཁྱབ། །དུག་གསུམ་ངན་སོང་གནས་བསྲེགས་ནས། །བྷ་གའི་དཀྱིལ་དུ་འོད་འཕྲོ་ཐིམ། །ཐིམ་གྱུར་དབྱིངས་ནས་ཕྱག་རྒྱ་འབར། །ཨ་མ་ལས་ནི་ཟླ་ཉི་འབར། །ཕྱོགས་བཅུར་འཐོམས་པའི་མུན་སེལ་ཞིང་། །ཉོན་མོངས་སྡུག་བསྔལ་བསིལ་བའི་སྨན། །ཐུགས་རྗེའི་བྱིན་རླབས་བསམ་མི་ཁྱབ། །རོལ་པའི་ཕྱག་རྒྱ་བསམ་མི་ཁྱབ། །མཁའ་ལ་འཇའ་ཚོན་སྤྲིན་མང་ཡང་། །ནམ་མཁའི་དབྱིངས་སུ་ཐམས་ཅད་བསྡུས། །ཐམས་ཅད་མཁྱེན་ཉིད་བསམ་ཡས་ཀྱང་། །ཆོས་ཀྱི་དབྱིངས་སུ་ཐམས་ཅད་འདུས། །ཐམས་ཅད་ཡི་གེ་ཧཱུཾ་དུ་གྱུར། །ཧཱུཾ་ཉིད་གསང་བའི་ཐུགས་རྗེའི་དཀྱིལ། །འོད་ཟེར་འཕྲོས་པ་འབྲུ་གསུམ་སྟེ། །ཡང་ན་ཡི་གེ་འབྲུ་ལྔའོ། །ལྔ་པའི་དོན་སྤྲོས་བཞི་བཅུ་ལྔ། །གཞན་ཡང་དཀྱིལ་འཁོར་བསམ་ཡས་མཆོག །མ་བཅོས་རང་གིས་གནས་པ་ལ། །ཡེ་ཤེས་ལྷག་པའི་དཀྱིལ་འཁོར་བསྒོམ། །སེན་ཟླུམ་ཟླ་བ་གང་བ་ཡིས། །ཐུགས་ཀྱི་དཀྱིལ་དུ་གནས་པར་བྱ། །ཉི་མའི་དཀྱིལ་འཁོར་གང་བ་ཡི། །གཞལ་ཡས་འོད་ཟེར་འབར་བའི་ཁང་། །པདྨའི་གདན་དང་རིན་པོ་ཆེ། །དེ་དཀྱིལ་


DNG010_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་གེ་ཧཱུཾ་གནས་པ། །ཤིན་ཏུ་ཕྲ་ཞིང་ཉུང་འབྲུ་འབར། །གནས་གཅིག་དང་ནི་གནས་གསུམ་དང་། །གནས་ལྔ་དག་ཏུ་རབ་ཏུ་བསྒོམ། །ཤེས་རབ་སྤྱན་ལ་འདྲིས་པ་དང་། །ནྲྀ་ཡི་མིག་གིས་བལྟར་ཡོད་པར། །ཤིན་ཏུ་ཕྲ་ཞིང་གསལ་བར་བསྒོམ། །ཤིན་ཏུ་བློ་གསལ་འདྲིས་གྱུར་ནས། །ཕྱོགས་བཅུའི་སྟོང་ཁམས་རྡུལ་སྙེད་དུ། །ཐུགས་རྗེའི་བྱིན་རླབས་བསམ་ཡས་སྤྲོ། །སྤྲོས་ཀྱང་ཧཱུཾ་ལས་ཉམས་པ་མེད། །བསྡུས་ཀྱང་ཕྱོགས་བཅུར་བྲི་བ་མེད། །སྤྲོས་མེད་བསྡུ་མེད་དེ་བཞིན་ལས། །ཡི་གེ་མཱུཾ་དུ་ཐིམ་པར་འགྱུར། །ཐིམ་འགྱུར་དབྱིངས་ནས་ཕྱག་རྒྱར་འབར། །ཤིན་ཏུ་གསལ་ཞིང་འདྲིས་པ་དང་། །ཕྱག་རྒྱའི་སྐུ་ཉིད་གསལ་བར་བསྒོམ། །སྐུ་དེ་ཚོན་གང་འོད་འབར་ནས། །ཐབས་དང་ཤེས་རབ་ལྡན་པའི་རྒྱ། །འོད་འཕྲོ་འབར་ཞིང་དོན་བྱེད་བསྒོམ། །ཡང་ན་ཕྱག་རྒྱ་ཆེན་པོ་སྟེ། །བདག་ཉིད་ཞལ་གཅིག་ཕྱག་གཉིས་སམ། །ཞལ་གསུམ་ཕྱག་དྲུག་རྟག་ཏུ་བསྒོམ། །གཞལ་ཡས་ཁང་དང་གདན་ཁྲི་རྣམས། །ཕྲ་བའི་ཚུལ་དེ་སྔ་མ་བཞིན། །མཚན་དང་དཔེ་བྱད་ཐམས་ཅད་ལྡན། །དབུ་རྒྱན་ཡི་གེ་ལྔ་དང་ལྡན། །རྡོ་རྗེ་འཁོར་ལོ་རལ་གྲི་དང་། །རིན་ཆེན་པདྨ་དྲིལ་བུ་འབར། །ཕྱག་རྒྱ་ཆེན་པོ་དེ་དག་ལས། །ཕྱོགས་བཅུ་མ་ལུས་གཞལ་ཡས་ཁང་། །ཉི་ཟླ་གཟའ་སྐར་གདན་དང་རྒྱན། །བདེ་གཤེགས་དཀྱིལ་འཁོར་མ་ལུས་བསྒོམ། །ཐུགས་རྗེའི་བྱིན་རླབས་འགྲོ་དོན་མཛད། །ཞི་བ་ཕྱོགས་གཅིག་ཤེས་བྱ་སྦྱང་། །ས་བཅུ་མཉམ་པར་སྦྱོང་བྱེད་ཅིང་། །བདེ་གཤེགས་འཁོར་ཡང་དགའ་བར་བྱེད། །དེ་ལྟར་བསྒྲུབ་པའི་རིགས་མཆོག་དེ། །འབྲས་བུ་མངོན་དུ་མ་སྨིན་ཀྱང་། །སྡུག་བསྔལ་ཐམས་ཅད་ཡོངས་མི་འབྱུང་། །ལྷ་མི་མཚན་རྫོགས་ཡོངས་སུ་འགྲུབ། །ཐེག་པ་དམན་པར་ཡོངས་མི་སྐྱེ། །བདེ་གཤེགས་འབྱུང་དང་བསྐལ་མི་འགྱུར། །བྱང་ཆུབ་གཟུངས་ལ་ཞུགས་པ་ཡིན། །ཞེས་ཉིད་ལ་ཉིད་གསུངས་སོ། །རྡོ་རྗེ་གསང་བའི་ཚིག་ཏུའོ། །གསང་


DNG010_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། རྡོ་རྗེ་སེམས་དཔའ་སྒྲུབ་པའི་ལེའུ་སྟེ་ཉེར་གཅིག་པའོ།། །།དེ་ནས་དེ་བཞིན་གཤེགས་པ་དགྱེས་པ་ཆེན་པོ་སྒྱུ་འཕྲུལ་དྲ་བའི་རྒྱལ་པོ་བསྒྱུར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཆེད་དུ་བརྗོད་པ་འདི་བརྗོད་དོ། །རྒྱུ་གཅིག་དང་ནི་ཡིག་འབྲུའི་ཚུལ། །བྱིན་གྱིས་བརླབས་དང་མངོན་སུམ་པར། །རབ་ཏུ་རྟོགས་པ་རྣམ་བཞི་ཡིས། །ཐམས་ཅད་མངོན་རྫོགས་རྒྱལ་པོ་ཆེ། །ཡན་ལག་དབང་པོ་རྣམ་ཤེས་ཀུན། །རྣམ་སྨིན་ཨཱོཾ་དུ་ཤེས་པར་བྱ། །རྫོགས་པའི་དཀྱིལ་འཁོར་ཉིད་དུ་བསྒོམ། །ཡང་ན་ཁྲོས་པའི་དཀྱིལ་འཁོར་བསྒོམ། །གཟུགས་སྒྲ་དྲི་རོ་རེག་ལ་སོགས། །རྣམ་སྨིན་མཱུཾ་དུ་ཤེས་པར་བྱ། །ཡུམ་གྱི་དཀྱིལ་འཁོར་ཉིད་དུ་བསྒོམ། །ཡང་ན་ཁྲོ་མོའི་དཀྱིལ་འཁོར་བསྒོམ། །གོས་རྒྱན་བཟའ་བཏུང་གླུ་དང་ཚིག །བྲོ་གར་ཚོགས་ཀྱི་སྤྲིན་ཕུང་ལ། །ཧཱུཾ་དུ་ཤེས་པས་རབ་སྤྱད་ན། །ངོ་མཚར་རྨད་དུ་བྱུང་བ་ཡི། །དཀྱིལ་འཁོར་མ་ལུས་མཉེས་པར་འགྱུར། །ལྷ་མོ་ཀླུ་མོ་རིགས་ངན་མོ། །དབྱེའམ་ཡང་ན་མི་དབྱེ་བར། །བསྙེན་པ་དང་ནི་ཉེ་བསྙེན་དང་། །སྒྲུབ་པ་དང་ནི་སྒྲུབ་ཆེན་པོ། །ཡུམ་གྱི་པདྨའི་དཀྱིལ་འཁོར་དུ། །བདེ་བ་ཐུགས་ཀྱི་དཀྱིལ་འཁོར་སྤྲོ། །སངས་རྒྱས་སྤྲིན་ཚོགས་མ་ལུས་ལ། །དགྱེས་མཉམ་མཆོག་གི་སྦྱིན་པས་བསྡིམ། །སྒྲུབ་པའི་ཉི་ཟླ་སྙིང་པོ་དེ། །འགྲོ་དྲུག་དུས་གནས་དེ་དག་ཉིད། །མཆོད་པ་ཆེན་པོ་མཉེས་སྦྱར་ཞིང་། །དཀྱིལ་འཁོར་རྡོ་རྗེའི་ལྕེ་ཡིས་བླང་། །མཁའ་འགྲོ་གསལ་འབར་ཚེ་ལ་སོགས། །ཡིད་བཞིན་སྤྲིན་གྱི་བདག་པོར་འགྱུར། །ཞིང་གྱུར་མཆོག་དང་མཆོག་ཕྲན་རྣམས། །ཉི་ཟླའི་དཀྱིལ་དུ་མཁས་པས་གཞག །ང་རྒྱལ་ལག་གི་འདུ་བྱེད་བསྒོམ། །ཧཱུཾ་དུ་གྱུར་པས་རྣམ་པར་དག །དབྱིངས་སུ་ཐིམ་པས་ཕྱག་རྒྱ་འབར། །སྐུར་གྱུར་འོད་ཟེར་འཕྲོ་བས་བརྗིད། །གཙུག་ཏུ་རྣམ་པར་རྒྱལ་བ་བསྒོམ། །ངོ་མཚར་ངན་འགྲོ་ཐར་པའི་ཐབས། །ཡེ་ནས་སྐྱེ་མེད་དེ་བཞིན་ཉིད། །སྒྱུ་མ་སྣང་བ་མིག་ཡོར་ཚུལ། །


DNG010_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་སྒྲོལ་བྱ་བ་ཀུན་བྱས་ཀྱང་། །རྡུལ་ཆ་ཙམ་ཡང་བྱས་པ་མེད། །སྣོད་བཅུད་རྒྱུད་རྣམས་དག་རྟོགས་ཤིང་། །མཉམ་གཉིས་ལྷག་པའི་མཉམ་གཉིས་ཀྱིས། །དཀྱིལ་འཁོར་ཀུན་ཏུ་བཟང་པོའི་ཞིང་། །བྱེད་སྤྱོད་ཚོགས་ཆེན་གཉིས་གྱུར་ནས། །ཡན་ལག་མ་ཉམས་ཡོ་བྱད་ལྡན། །ཆོ་ག་རྫོགས་པར་ཤེས་པ་ཡི། །རྣལ་འབྱོར་ཚོགས་པའི་དཀྱིལ་འཁོར་གྱིས། །ངེས་པར་ལེགས་པའི་དགོས་པ་འགྲུབ། །ལྔ་དང་ལྔ་ཡི་སྦྱོར་བ་ཡི། །ཚོམ་བུ་ལྔ་ཡི་ལྷ་བཀོད་ལ། །ཁྲོ་བོ་བཅུ་དང་ཁྲོ་མོ་བཅུ། །འཁོར་ལོའི་ཚུལ་དུ་རྣམ་པར་བསྒོམ། །དེ་བཞིན་གཤེགས་དང་རྡོ་རྗེའི་རིགས། །པདྨའི་རིགས་ཏེ་སྐུ་གསུང་ཐུགས། །ཁྲོ་བོའི་ཚོགས་དང་ལྡན་པ་ཡི། །ཚོམ་བུ་གསུམ་གྱི་ལྷ་རྣམས་བསྒོམ། །རིགས་ཀྱི་རིགས་ཏེ་རིགས་ཀྱི་གཙོ། །ཐུགས་ཀྱི་ཐུགས་ཏེ་ཐུགས་ཀྱི་མཆོག །ཁྲོ་བོའི་ཚོགས་དང་ལྡན་པ་ཡི། །ཚོམ་བུ་གཅིག་པའི་ལྷ་རྣམས་བསྒོམ། །ཁྲོ་བོ་ཁྲོ་མོའི་ཚོགས་ཆེན་པོ། །ཕོ་ཉ་ཕྱག་བརྙན་བཀའ་ཉན་ཚོགས། །ཅི་བགྱི་ལ་སོགས་ཚོགས་རྣམས་ཀྱི། །དངོས་གྲུབ་ལས་རྣམས་རྫོགས་པར་བྱེད། །རྣལ་འབྱོར་སྔགས་འཆང་དངོས་གྲུབ་ནི། །མཉམ་རྫོགས་ལྷུན་གྲུབ་ངང་གནས་ཤིང་། །སྤྱོད་པས་ཅི་ལའང་ཐོགས་མེད་པའི། །ཐམས་ཅད་ཡེ་ནས་དབྱེར་མེད་པའོ། །རྡོ་རྗེའི་རིགས་སུ་ཐམས་ཅད་དཀྱིལ། །འོད་འཕྲོ་འབར་བར་རབ་ཏུ་བསྒོམ། །ཆགས་མེད་ཚུལ་གྱིས་བསྡིམ་པར་བྱ། །གཉིས་མེད་གྱུར་ནས་ཕྱག་རྒྱ་ཆེ། །ཡང་ན་སྐུ་གསུང་ཐུགས་ཉིད་དེ། །ཐམས་ཅད་མ་ལུས་ཆོས་སྐུར་འདུས། །ཞེས་དེ་བཞིན་གཤེགས་པ་ཉིད་ལ་དེ་བཞིན་གཤེགས་པ་ཉིད་ཆེད་དུ་བརྗོད་དོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། ཚོགས་ཀྱི་དཀྱིལ་འཁོར་གྱི་ལེའུ་སྟེ་ཉེར་གཉིས་པའོ།། །།དེ་ནས་དེ་བཞིན་གཤེགས་པ་དགྱེས་པ་ཆེན་པོ། རོལ་མོའི་སྤྲིན་རྣམ་པར་སྤྲོས་ཏེ། རྒྱན་བཀོད་པའི་ཏིང་འཛིན་ལ་སྙོམས་པར་ཞུགས་


DNG010_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ནས། ཆེད་དུ་བརྗོད་པ་འདི་བརྗོད་དོ། །སྒྱུ་འཕྲུལ་དྲ་བས་མངོན་རྫོགས་པའི། །དཀྱིལ་འཁོར་བརྟན་པའི་ཏིང་ངེ་འཛིན། །བྲོ་གར་ཕྱག་རྒྱའི་འདུ་འཕྲོ་ཡིས། །འཛུལ་ལམ་ནམ་མཁར་འགྲོ་བར་འགྱུར། །གླུ་ཚིག་སྒྲ་ཡི་ཕྱག་རྒྱ་ཡིས། །ཆོས་ཀྱི་དངོས་གྲུབ་འཐོབ་པར་འགྱུར། །རྒྱན་དང་བགོ་བའི་ཕྱག་རྒྱ་ཡིས། །འབར་བའི་རྒྱལ་གོ་ཐོགས་མེད་འགྲུབ། །བཟའ་དང་བཏུང་བའི་ཕྱག་རྒྱས་ནི། །ཡིད་བཞིན་སྐུ་དང་བདུད་རྩི་འགྲུབ། །ཨཱ་ཡི་ཀཱ་ལིའི་ཕྱག་རྒྱ་ཡིས། །སྐུ་གསུང་མཆོག་གི་ཐུགས་ལྡན་པས། །ཐམས་ཅད་ཐམས་ཅད་འགྲུབ་པར་འགྱུར། །ཤེས་འཇུག་མཚན་ཉིད་སྦྱོར་བའི་གཟུངས། །འབྲས་བུ་སྨིན་བྱེད་རྒྱུ་དང་རྐྱེན། །ནུས་མཐུ་ཅན་དུ་གང་གྱུར་པ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །མི་དང་ལྷ་དང་ཚངས་པ་ཡི། །སྐྱེ་བ་རྣམ་དག་འཛིན་མོད་ཀྱི། །ཁྱད་པར་ས་ལ་གནས་འགྱུར་ཡིན། །ཕ་རོལ་ཕྱིན་པ་ཀུན་ཏུ་རྫོགས། །ཐབས་དང་ཤེས་རབ་ཐབས་ཀྱི་མཆོག །ཤེས་རབ་མཆོག་གི་མཆོག་གྱུར་པའི། །ས་ཡི་ཁྱད་པར་བཅུ་དང་གསུམ། །རྒྱུ་འབྲས་ཁྱད་པར་ལྷུན་གྱིས་རྫོགས། །མཁའ་དབྱིངས་དྭངས་པའི་དབྱིངས་ཉི་ཟླ། །ཡེ་ཤེས་རྒྱལ་པོ་སྟངས་དཔྱལ་བསྒོམ། །རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་ཀུན། །མ་ལུས་པར་ནི་བསྒོམ་པར་འགྱུར། །དུས་བཞི་ཕྱོགས་བཅུ་གང་ནས་ཀྱང་། །རྫོགས་པའི་སངས་རྒྱས་རྙེད་མི་འགྱུར། །སེམས་ཉིད་རྫོགས་པའི་སངས་རྒྱས་ཏེ། །སངས་རྒྱས་གཞན་དུ་མ་ཚོལ་ཅིག །དཀྱིལ་འཁོར་ཀུན་ཏུ་རབ་སྦྱོར་བས། །དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར། །ཆོ་ག་ལྷག་གམ་མ་ཚང་ན། །སྐྱོན་ཉིད་དག་སྟེ་ཉེས་པ་མེད། །ཅེས་ཆེད་དུ་བརྗོད་པས། རོལ་མོའི་སྤྲིན་གྱིས་མཉེས་པར་གྱུར་ཏེ། སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་རྡོ་རྗེ་ལས། རྡོ་རྗེ་གསང་བའི་ཚིག་འདི་ཕྱུང་ངོ་། །ཨ་ཧོ། མ་མཐོང་རྨོངས་ལས་ཆགས་པ་ཡིས། །ཆོས་རྣམས་མིང་དུ་བཏགས་པ་ཙམ། །


DNG010_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་དྲུག་དུས་གནས་མིང་ཚོགས་ཁྱད་པར་རབ་སྣང་བའི། །ཟབ་ཆེན་སྤྱོད་ཡུལ་ལོག་པར་རྟོག་བརྟག་མིང་ཙམ་དུ། །ཨཱ་ལི་ཀཱ་ལི་ལ་སོགས་འདོད་པའི་སྙིང་པོ་ཉིད། །ཕྱག་རྒྱ་གླུ་ཚིག་སྐུ་གསུང་ཐུགས། །ཐུགས་ཀྱི་ཐུགས་ཆེན་ཡོན་ཏན་རྫོགས་པའི་སངས་རྒྱས་ནི། །ཉིད་དེ་མཉམ་པའི་ཐུགས་སུ་རབ་ཏུ་གསལ། །མཉམ་ཉིད་ཁྱབ་པའི་སྟངས་དཔྱལ་ཡོན་ཏན་མཆོག་སྟེ་སྔགས་ཀྱི་ཕྲིན་ལས་རྫོགས། །རྡོ་རྗེ་གསང་བའི་ཚིག་ཏུའོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། ཚོགས་བསྒྲུབ་པའི་ལེའུ་སྟེ་ཉེར་གསུམ་པའོ།། །།དེ་ནས་དེ་བཞིན་གཤེགས་པ་ཕྱོགས་བཅུ་དུས་བཞིའི་སྐུ་གསུང་ཐུགས་རྡོ་རྗེའི་དཀྱིལ་འཁོར་གཅིག་ཏུ་འདུས་ནས། དགྱེས་པ་ཆེན་པོས་ཆོས་ཐམས་ཅད་ཡེ་ནས་རྫོགས་པ་ཆེན་པོར་ལྷུན་གྱིས་གྲུབ་པའི་དམ་ཚིག་ཤིན་ཏུ་གསང་བའི་སྙིང་པོ་སྤྲིན་བཀོད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཆེད་དུ་བརྗོད་པ་འདི་བརྗོད་དོ། །མ་རྟོགས་པ་དང་ལོག་པར་རྟོགས། །ཕྱོགས་རྟོགས་ཡང་དག་ཉིད་མ་རྟོགས། །འདུལ་བ་དགོངས་པ་གསང་བ་དང་། །རང་བཞིན་གསང་བའི་དོན་རྣམས་ནི། །ཡི་གེ་སྒྲས་བཏགས་མིང་ཚོགས་ལ། །བརྟན་པའི་ཚིག་གིས་རབ་མཚོན་ཏེ། །ཁོང་ནས་གབ་སྦས་དོན་འབྱིན་པ། །སྟོན་པ་རྡོ་རྗེའི་ཐུགས་ལ་གནས། །དཀྱིལ་འཁོར་ལྡན་པའི་དཀྱིལ་འཁོར་གྱིས། །དཀྱིལ་འཁོར་ལ་ནི་དཀྱིལ་འཁོར་བསྒོམ། །དཀྱིལ་འཁོར་དཀྱིལ་འཁོར་ལས་བྱུང་བ། །ཐུགས་ཀྱི་དཀྱིལ་འཁོར་དཀྱིལ་འཁོར་མཆོག །གསང་བའི་ཐིག་ལེ་དཀྱིལ་འཁོར་དབྱིངས། །སྐུ་གསུང་ཐུགས་རིགས་ཀུན་མངའ་བའི། །བདེ་གཤེགས་ཀུན་གྱི་སྙིང་པོ་རྫོགས། །འབྱུང་བ་ཤེས་རབ་རིགས་ཀྱི་ཡུམ། །ཆེན་པོ་ཤེས་རབ་དེ་བཞིན་ཏེ། །བྱང་ཆུབ་སེམས་ནི་རྡོ་རྗེའི་ཚོགས། །དབང་པོ་ཡུལ་དུས་རིག་པ་རྣམས། །ཀུན་ཏུ་བཟང་


DNG010_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་དཀྱིལ་འཁོར་ལ། །བདག་ཉིད་ཆེན་པོ་ལྷག་པ་ཡི། །ཐུགས་ཀྱི་ཡེ་ཤེས་ལྔས་བལྟ་ཞིང་། །སྙིང་པོ་ཐིག་ལེ་མཉམ་སྦྱོར་བས། །བདེ་བའི་ཡེ་ཤེས་རོལ་མོ་ཡིས། །ཡེ་ཤེས་དགྱེས་ལ་མཉེས་པར་འབུལ། །ཟག་པ་མེད་པའི་བསོད་ནམས་ཀྱིས། །ཡེ་ཤེས་སྒྱུ་མར་རང་སྣང་བ། །རོལ་མོའི་དཀྱིལ་འཁོར་བསམ་ཡས་མཆོག །གསང་བའི་ཐིག་ལེ་ཉིད་ཀྱི་དབྱིངས། །དེ་ནི་སངས་རྒྱས་ཀུན་གྱི་དངོས། །ཕྱོགས་བཅུ་དུས་བཞིར་མངོན་རྫོགས་པའི། །སྐུ་གསུང་ཡོན་ཏན་ཕྲིན་ལས་ཐུགས། །མ་ལུས་བདག་ཉིད་ཞལ་མཐོང་བ། །དབང་བསྒྱུར་མཆོག་ཉིད་དམ་པ་ཡིན། །དཀྱིལ་འཁོར་ལ་གནས་དཀྱིལ་འཁོར་ཉིད། །རྫོགས་པའི་དཀྱིལ་འཁོར་ལྷུན་གྱིས་གྲུབ། །རྒྱུན་དུ་དཀྱིལ་འཁོར་མ་ལུས་ཐོགས། །རྫོགས་པའི་དཀྱིལ་འཁོར་མཉམ་སྦྱོར་བས། །ཐུགས་རྗེའི་དཀྱིལ་འཁོར་ཡོངས་ཀྱིས་འབྱུང་། །ཕྱོགས་དུས་དཀྱིལ་འཁོར་འདུལ་བའི་མགོན། །སྒྱུ་མའི་དཀྱིལ་འཁོར་སྒྲོལ་བ་ཡི། །བྱ་བྱེད་མེད་པར་དཀྱིལ་འཁོར་སྤྱོད། །ཡེ་ཤེས་རྫོགས་པའི་དཀྱིལ་འཁོར་ལ། །ཐོས་བསམ་བསྒོམ་པའི་མཉམ་སྦྱོར་གྱིས། །རང་བྱུང་ཀུན་དམ་ལྷུན་གྱིས་གྲུབ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱིས། །འདའ་བར་མི་མཛད་དམ་ཚིག་མཆོག །གང་ཞིག་འདི་ལ་མོས་གྱུར་ན། །སངས་རྒྱས་དཀྱིལ་འཁོར་ཐམས་ཅད་ཀྱིས། །ཕྱོགས་དུས་ཀུན་ནས་ཐམས་ཅད་དུ། །དཀྱིལ་འཁོར་མ་ལུས་བསྙེན་པ་ཡི། །ཉེ་བའི་སྲས་སུ་དགོངས་པར་འགྱུར། །བསྐལ་པ་ཞིང་གི་རྡུལ་སྙེད་དུ། །ཤིན་ཏུ་སྦྱངས་ལ་རབ་གནས་ཤིང་། །དཀྱིལ་འཁོར་མ་ལུས་བསྙེན་པ་ཡི། །འབྲས་བུ་གསང་ཆེན་འདི་ཡིན་ཏེ། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན། །འདས་དང་ད་ལྟར་བྱུང་བ་ཡི། །རྒྱལ་བའི་དཀྱིལ་འཁོར་མ་ལུས་པ། །བསྙེན་ནས་སྐུ་ལྔ་ལྷུན་གྱིས་རྫོགས། །འབྱུང་དང་མ་འོངས་ཐམས་ཅད་ཀུན། །འདི་ཡིས་ལྷུན་གྱིས་གྲུབ་པར་འགྱུར། །


DNG010_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་གསང་ཆེན་ངེས་པ་ཡི། །འབྲས་བུ་ལམ་དུ་གྱུར་པ་ཡིན། །རྒྱལ་བའི་དཀྱིལ་འཁོར་མ་ལུས་ལ། །འདི་ལས་གསང་བའི་ངེས་དོན་མེད། །བཙལ་ཀྱང་རྒྱལ་བས་མི་བརྙེས་སོ། །ཀུན་གྱི་ཕྱག་རྒྱ་ཆེན་པོ་མཆོག །ཐོས་བསམ་བསྒོམ་ལ་རབ་སྦྱངས་པའི། །ཤེས་རབ་མིག་ལྡན་རྣམས་ཀྱིས་ཟུང་། །སྣོད་ལྡན་ངང་ཚུལ་བཟང་ལ་བསྟེན། །ལུས་དང་ལོངས་སྤྱོད་གཏོང་ལ་སྦྱིན། །གཞན་དུ་ནམ་ཡང་སྦྱིན་མི་བྱ། །རྨོངས་ལ་འཕྱར་བས་གལ་ཏེ་སྦྱིན། །དུས་མིན་པར་ནི་སྲོག་ཟད་ནས། །བསྲེག་དང་སྦྲེབས་ལ་ཡུན་རིངས་གནས། །ཞེས་དེ་བཞིན་གཤེགས་པ་ཉིད་ཀྱིས་དེ་བཞིན་གཤེགས་པ་ཉིད་ལ་ཆེད་དུ་བརྗོད་དོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། ཤིན་ཏུ་གསང་བའི་མན་ངག་གི་ལེའུ་སྟེ་ཉེར་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས། དགྱེས་པ་ཆེན་པོའི་ངང་ལས། གསང་བ་འབྱུང་བ་ཞེས་བྱ་བ་འདི་ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཨེ་མ་ཧོ་འོ་ལུས་ཐམས་ཅད་བདེ་བ་ཆེ། །དུས་གསུམ་བདེ་གཤེགས་ཤེས་རབ་མཆོག །གདོད་ནས་མ་སྐྱེས་རྣམ་དག་བྱང་ཆུབ་སེམས། །རང་བཞིན་དབྱེར་མེད་གདོད་མཐའ་མི་འབྱེད་ཅིང་། །ཡེ་ནས་མཉམ་པས་རྒྱལ་བ་རྒྱ་མཚོ་ཡིན། །འགྲོ་འོང་མེད་པར་དུས་གསུམ་ཅིག་ཆར་རྫོགས། །དབྱེ་བསལ་མེད་ཅིང་བཟང་ངན་བླང་དོར་མེད། །རྣམ་རྟོག་ཉིད་ན་ཡེ་ཤེས་རང་བཞིན་ཏེ། །རྣམ་རྟོག་མི་བསྐྱེད་ཡེ་ཤེས་བརྗོད་དུ་མེད། །བདག་ཏུ་མེད་པའི་སྐྱེས་མཆོག་སྔོན་སྦྱངས་པ། །ཁྲི་ལ་འགའ་ཙམ་གལ་ཏེ་འབྱུང་འགྱུར་ཞིང་། །སྔ་རབས་ཕྱི་རབས་དག་དང་དབྱེར་མེད་པའི། །མངོན་སུམ་སངས་རྒྱས་སྐྱེས་མཆོག་དེ་དག་ལས། །བསྐལ་པ་འགའ་ནས་ཤེས་རབ་བློ་སྦྱངས་པ། །དད་ལྡན་འགའ་ཡི་འཚམས་པར་ཅི་ཐེག་གི། །བདག་ཉིད་མ་མཐོང་ཤེས་རྒྱུད་མ་འབྱོངས་པས། །གཞན་དུ་འཚོལ་ཞིང་རྨོངས་པའི་སེམས་ཅན་


DNG010_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས། །བསྟན་ཀྱང་མ་ཐོས་མཚོན་ཀྱང་མ་མཐོང་བ། །བདག་ཅག་གཞན་དུ་འཚོལ་བས་སངས་མི་རྒྱ། །དེ་དང་མ་བྲལ་སྟོན་པ་མི་མཐོང་ཞིང་། །བགྲོད་པར་འདོད་པས་ཕྱིན་པར་མི་ནུས་ཏེ། །ཤེས་རྒྱུད་ཅི་ཡིན་གང་གིས་ངོ་ཤེས་ཤིང་། །བྱ་བྱེད་ལས་འཕགས་གྱི་ནར་འདུག་བྱེད་པ། །གང་ཞིག་བློ་ལ་སྤྱོད་པ་བྱང་ཆུབ་ཐོབ། །མ་སྤངས་མཚན་མ་ཀུན་བྲལ་ཡོངས་མེད་པས། །བྲན་བྱེད་མི་སྤོང་འཁོར་རྒྱུན་མི་འབྱེད་དེ། །མ་སྙིགས་མི་འབྱེད་མངོན་སུམ་སངས་རྒྱས་ལ། །བློ་ཡི་རིག་པས་དཔྱད་ཅིང་ནན་ཏན་དང་། །མཆོད་ཅིང་བསྟེན་པས་བྱང་ཆུབ་ཐོབ་མཐོང་སྟེ། །ནམ་མཁའ་བཟུང་བས་སྤྲིན་གྱིས་ཁེབས་པར་འགྱུར། །ནམ་མཁའ་མེད་པར་གང་གིས་ཤེས་པ་ནི། །སྤྲིན་ཞིག་འབྱུང་ཞིང་ཁེབས་པར་མི་སྲིད་དོ། །རྣམ་པར་རྟོག་པའི་གཡུང་དྲུང་སངས་རྒྱས་ལ། །ཐམས་ཅད་ཡེ་ནས་མཉམ་གནས་རྣམ་དག་ཅིང་། །མི་རྟོག་ས་ལེར་གནས་ལ་རྟོག་པ་མཛད། །བསྙད་དུ་མེད་པས་སྣ་ཚོགས་འབྱུང་བ་ཡིན། །བདག་མེད་བདག་ཆེན་ཐམས་ཅད་འབྱུང་བའི་གཏེར། །མ་བཀག་པ་ལས་འབྱུང་ཞིང་འབྱུང་མེད་པའི། །ཐམས་ཅད་སེམས་ཀྱི་ངང་སྟེ་སེམས་ཤེས་གདགས་སུ་མེད། །མ་བཅོས་ལྷུན་གནས་ཡེ་ནས་བྱང་ཆུབ་ཅིང་། །ཐོབ་རྒྱུ་མེད་པས་ཡེ་ནས་བདེ་གཤེགས་ཡིན། །ཞེས་བརྗོད་པས། ཆོས་དང་ཡེ་ཤེས་ཀྱི་ཁམས་ཐམས་ཅད་རང་བཞིན་སངས་རྒྱས་པར་དེ་བཞིན་གཤེགས་པ་ཉིད་ཀྱིས་མཁྱེན་ཏོ། །མཁྱེན་ནས་ཇི་བཞིན་པའི་བདག་ཉིད་ཆེན་པོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་སྒྱུ་འཕྲུལ་དྲ་བ་ལས། རྡོ་རྗེ་གསང་བའི་ཚིག་འདི་ཕྱུང་ངོ་། །ཨེ་མ་ཧོ་མ་བསྒྲུབས་གྲུབ་ཆེན་པོ། །གྲུབ་པ་ཆེན་པོ་ཡེ་ཤེས་ཆེ། །བླང་དོར་མེད་པའི་ས་ཆེན་པོ། །མི་གཡོ་འདུ་འབྲལ་མེད་པའི་གཟུངས། །རྟོགས་པའི་ཡེ་ཤེས་ཡིད་བཞིན་གཏེར། །ཐམས་ཅད་ལ་ཡང་མེ་ལོང་བཞིན། །བལྟས་ཀྱང་གཟུགས་


DNG010_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

བརྙན་མི་སྣང་ངོ་། །གང་ན་གསང་ཆེན་འདི་ཡོད་པར། །མེ་མ་མུར་གྱི་དོང་འབོག་ལ། །སྤུ་གྲིའི་སོ་ནི་གཏམས་པ་ལ། །འཛེགས་ནས་བུ་དག་འགྲོ་བར་བྱོས། །ཁོངས་ན་གནས་པའི་ཡང་ཁོངས་སུ། །ལྕགས་ཀྱི་སྒྲོམ་བུ་ཁ་བསྡམ་མོ། །དབྱིངས་ཉིད་ལ་ནི་དབྱིངས་སྤྱོད་ཕྱིར། །དབྱིངས་ཉིད་མཆོག་གི་གནས་ལ་སྤྱོད། །དེ་ཉིད་མི་གནས་མྱ་ངན་འདས། །རྡོ་རྗེ་གསང་བའི་ཚིག་ཏུའོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། གསང་བ་ཆེན་པོ་མན་ངག་གཏན་ལ་ཕབ་པའི་ལེའུ་སྟེ་ཉེར་ལྔ་པའོ།། །།དེ་ནས་དེ་བཞིན་གཤེགས་པ་དགྱེས་པ་ཆེན་པོས། མཉམ་པའི་དཀྱིལ་འཁོར་ལ་བཞུགས་ནས། ཉིད་ཀྱི་སྐུ་ལ་ཐམས་ཅད་མ་ལུས་པ་འདུས་པ་སྟོན་ཏེ། ཆེད་དུ་བརྗོད་པ་འདི་བརྗོད་དོ། །འདས་དང་ད་ལྟར་མ་འོངས་དང་། །འབྱུང་བར་མ་ངེས་དུས་འདི་དག །སྔ་ཕྱི་མེད་པར་མཉམ་ཡིན་པས། །ངེས་པ་མེད་པར་ཡང་དག་གསུང་། །འཇིག་རྟེན་འདས་དང་འཇིག་རྟེན་པའི། །རང་དང་སྤྱི་རུ་བསྟན་པ་དང་། །ཇི་སྙེད་བརྟན་གཡོ་ལ་སོགས་པ། །སྒྱུ་མ་མིག་ཡོར་ཚུལ་ཡིན་ཏེ། །སྐྱེས་བུ་བློ་རྩལ་རབ་ལྡན་པས། །དེ་ལ་རྟག་ཏུ་མཉམ་སྦྱོར་ཞིང་། །སེམས་ཅན་ཀུན་གྱི་ཞིང་གྱུར་པ། །དེ་དག་གཉིས་མེད་དབྱིངས་སུ་སྦྱོར། །ཐམས་ཅད་ཐབས་ཀྱི་མཚན་ཉིད་དེ། །ཐབས་ལ་ཐབས་མི་རྣམ་པར་སྦྱོར། །ཐབས་ཆེན་ཐབས་ལས་བྱུང་བ་ཡི། །དེ་ནི་བྱང་ཆུབ་རྡོ་རྗེ་མཆོག །ཇི་སྙེད་བརྗོད་པའི་ཁ་བརྒྱུད་ཀྱང་། །ཡང་དག་དོན་གྱི་སྙིང་པོ་ནི། །གང་ནས་བཙལ་ཀྱང་མི་རྙེད་དེ། །རང་རིག་སྒྲིབ་མེད་དག་པ་ཡིན། །དེ་ལ་རྟག་འགྲུས་གོམས་པ་ནི། །བསྙེན་པའི་དམ་པ་དེ་ཡིན་ཏེ། །དེ་ནི་མ་ནོར་ལམ་ཡིན་པར། །ཨ་ཡིས་བོ་དྷི་རབ་ཏུ་བསྡུས། །དེ་བཞིན་ཉིད་ཀྱི་དབྱིངས་ཉིད་ནི། །གཅིག་གམ་འདི་ཞེས་བརྗོད་དུ་མེད། །གཉིས་མེད་དབྱིངས་ཀྱི་ངང་དུ་མེད། །གསུམ་དུ་སྣ་ཚོགས་འབྱུང་ཞིང་སྤྲོ། །བྱིན་རླབས་བསམ་ཡས་མཐའ་ཡས་


DNG010_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག །དོན་བསྡུས་གསུང་རབ་བཞི་བཅུ་གཉིས། །དེ་ལས་ལྷག་པའི་དོན་སྨྲ་བ། །དེ་ནི་རྣམ་དག་ལམ་མིན་ཏེ། །རང་བློས་བསམ་པའི་འཁྲུལ་པ་ཡིན། །ཐམས་ཅད་རང་རིག་བྱང་ཆུབ་སེམས། །དེ་ནི་ལུང་གི་ཚད་མར་བཤད། །ཚད་བཞིས་ཕབ་པའི་དོན་ཡིན་ཏེ། །དག་པ་རྣམ་གསུམ་ཚུལ་བསྒོམ་ཞིང་། །འབྲུ་ལྔར་བསྡུས་པའི་ཐབས་ཆེན་ཏེ། །འགྲོ་བ་ཀུན་ལ་རང་བཞིན་གནས། །བྱ་བ་མེད་ལས་བྱས་པ་མེད། །ཟད་པའི་དུས་མེད་ཡིད་བཞིན་གཏེར། །བུམ་པ་བཟང་དང་ཡིད་བཞིན་མཛོད། །ཟ་མ་ཏོག་དང་རིན་ཆེན་རྒྱལ། །གཞན་ནས་ཡོད་འོང་མ་ཡིན་ཏེ། །རང་སེམས་གཟོད་ནས་བསྟན་པ་ཡིན། །ཞེས་ཆེད་དུ་བརྗོད་པ་འདི་བརྗོད་དོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། བསྙེན་པའི་ལེའུ་སྟེ་ཉེར་དྲུག་པའོ།། །།དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བདག་པོ། སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱིས། ཁྲོ་བོའི་དཀྱིལ་འཁོར་དུ་མངོན་པར་འདུ་མཛད་དེ། དེ་ཅིའི་ཕྱིར་ཞེ་ན། བདག་ཏུ་རྨོངས་པའི་རྟོག་པས་བཏགས་པ་ལ་མངོན་པར་ཞེན་པས། ཡང་དག་པའི་ལམ་དང་བྲལ་བ་དག །གབ་པའི་གསང་བ་མ་རྟོགས་པར། སྦས་པའི་གསང་བ་ལ་མངོན་པར་འཆེལ་ནས། རྒྱུ་དང་འབྲས་བུ་ལ་རྨོངས་པས། སྲིད་པའི་ས་བོན་རྩུབ་མོས་འཕངས་ནས་མཚམས་མེད་པའི་རབ་ཏུ་ཚ་བའི་དམྱལ་བར་སྐྱེས་སོ། །དེ་རབ་ཏུ་ཚ་བའི་སྡུག་བསྔལ་དྲག་པོས་གདུངས་པ་དང་། འདོད་པས་གདུངས་ནས་འདི་བས་ཤིན་ཏུ་གྲང་ན་ཡང་ཅི་མ་རུངས་སྙམ་པའི་མོད་ལ་རབ་ཏུ་སྦྲེབས་པ་དང་། པདྨ་ལྟར་གས་པའི་སྡུག་བསྔལ་དྲག་པོ་དེ་དག་གིས་རབ་ཏུ་ཉེན་པ་དེ་ལྟ་བུའི་སྡུག་བསྔལ་རབ་ཏུ་ཚ་བ་ལ་སོགས་པའི་སྡུག་བསྔལ་བརྒྱད། ཤིན་ཏུ་གྲང་བ་ལ་སོགས་པ་བརྒྱད་པོ་དག་ཏུ། འཇིག་རྟེན་གྱི་ཁམས་བརྒྱུད་ཅིང་བསྐལ་པ་ཆེན་པོ་སྟོང་ཕྲག་བཅུ་གཉིས་སུ་མྱོང་ངོ་། །དེ་ནས་


DNG010_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་སྨིན་པ་དེ་ཟད་པ་དང་། ཡི་དྭགས་ལྟོགས་པ་དང་། སྐོམ་པའི་སྡུག་བསྔལ་གྱིས་ཉེན་པ་དང་། འདོད་པའི་ཡོན་ཏན་རྣམས་ཡིད་དུ་མི་འོང་བ་དང་། གདུག་ཅིང་རྩུབ་པའི་དངོས་པོ་སྣ་ཚོགས་སུ་གྱུར་པ་དང་། ཡོད་མེད་པར་ཡང་འགྱུར་ཞིང་། ཤིན་ཏུ་རིད་ཅིང་བསྐམས་པ་དང་།ལུས་དང་ཡན་ལག་དང་དབང་པོ་མི་འཚམས་པར་གྱུར་པར་བསྐལ་པ་ཆེན་པོ་དྲུག་ཏུ་སྐྱེས་སོ། །དེ་ནས་ལས་ཀྱི་སྒྲིབ་པ་རྩུབ་མོའི་རྣམ་པར་སྨིན་པ་དེ་ཁད་ཀྱིས་བསྲབས་པ་དང་། སྔོན་གྱི་སྲིད་པས་མཚམས་སྦྱར་ནས་ཡི་དྭགས་སྲིན་པོ་ཆེན་པོ་རབ་ཏུ་གདུག་པ་གཏུམ་པོ། ལུས་གཅིག་ལ་མགོ་བོ་བརྒྱ་པ་དང་། མགོ་སྣ་ཚོགས་པ་དང་། ལུས་བརྒྱ་ལ་མགོ་བོ་གཅིག་པ་དང་། ལུས་སྣ་ཚོགས་པ་དང་།ཡན་ལག་མང་པོ་དང་། ཡན་ལག་སྣ་ཚོགས་པ་དང་། གདུག་པའི་ལག་ཆ་སྣ་ཚོགས་པ་ཐོགས་པ། འཁོར་རབ་ཏུ་མང་པོ་དང་། འཇིགས་པའི་གཟུགས་དང་། འཇིགས་པའི་ང་རོ་སྣ་ཚོགས་སྒྲོགས་པ། གཟུགས་དང་། ང་རོ་དང་། དྲི་དང་། ཁ་རླངས་ཀྱིས་ཐམས་ཅད་སྐྱི་བུང་ཞེས་བྱེད་པ་དང་། རབ་ཏུ་འཇིགས་པའི་རླུང་ནག་དང་། གྲང་བ་དང་། ཚ་བའི་དབུགས་ཀྱིས་ཕྱོགས་ཀུན་ཏུ་ཁམས་འཁྲུགས་པར་བྱེད་པ། ནད་བཞི་བརྒྱ་རྩ་བཞིས་འདེབས་པར་བྱེད་པ།མྱོས་ཤིང་ཉམས་པར་བྱེད་པའི་མཐུས། ཀླུའི་རིས་དང་། ལྷ་མ་ཡིན་གྱི་རིས་དང་། ལྷའི་རིས་དང་། ཚངས་པའི་རིས་དང་། འོད་གསལ་དང་། དགེ་རྒྱས་དང་། འབྲས་བུ་ཆེ་མན་ཆད་དབང་དུ་བསྡུས་སོ། །དེ་སྔོན་བསྟེན་པའི་སྟོབས་ཀྱིས། ཐམས་ཅད་མཁྱེན་པས་གཟིགས་ནས། ཐུགས་རྗེས་འདུལ་བར་གྱུར་ཏེ། ཐམས་ཅད་ཀྱི་མཚན་ཉིད་བསྟན་པའི་གླུ་འདི་བླངས་སོ། །ཨེ་མ་ཧོ་འགྲོ་བ་ཡོངས་ནི་བདེ་གཤེགས་ལམ་ཡིན་ཏེ། །སྡུག་བསྔལ་སེལ་མཛད་སྒྱུ་མའི་སྤྲུལ་པར་སྣང་། །ཡོན་ཏན་རྨད་བྱུང་ཆེ་བའི་རང་བཞིན་འདི། །སྡུག་བསྔལ་


DNG010_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ལ་བཤེས་གཉེན་མགོན་པོ་ཡིན། །རྨོངས་དང་འཁྲུལ་པ་རབ་སེལ་ཞེ་སྡང་འཇོམས། །ཀུན་འབྱུང་བདེ་བ་རྡོ་རྗེའི་སྐུ་མཆོག་སྟེ། །རྫོགས་ལྡན་མཛད་པའི་ཕྲིན་ལས་བསམ་ཡས་པས། །ཐུགས་རྗེ་ཆེན་པོའི་དབང་གིས་བདུད་རྣམས་འཇོམས། །སྐུ་མཆོག་སྣ་ཚོགས་ཐབས་མཁས་བསམ་ཡས་ལ། །རོལ་པའི་རྩེད་མོར་འགྲོ་བའི་དོན་མཛད་ཅིང་། །བྱང་ཆུབ་སེམས་ཀྱི་ལམ་ལ་གནས་པར་མཛད། །འགྲོ་བ་ཀུན་ལ་བདེ་བ་གཅིག་པུ་པ། །ཨ་ཧོ། དགྱེས་པའི་མཉེས་པ་ཉིད་ལ་གནས་པར་མཛོད། །བྱིན་རླབས་ཀུན་གྱི་བདེ་བ་ཉིད་ལ་སྣང་། །ཞེས་བརྗོད་པས། དེ་བཞིན་གཤེགས་པ་ཉིད་དེ་བཞིན་གཤེགས་པ་ཉིད་ལ། ཀུན་ལས་རྣམ་པར་རྒྱལ་བ་ཉིད་དུ་མཁྱེན་ནས། མཉེས་པར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པས་ཆེ་བའི་རྡོ་རྗེ་བཀོད་པའི་སྒྱུ་འཕྲུལ་དྲ་བས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་སྲིད་པ་གསུམ་གྱི་བདག་པོ་འདུལ་བའི་ང་རྒྱལ་ཆེན་པོ་རྣམ་པར་འཕྲོ་བའི། སྒྱུ་འཕྲུལ་དྲ་བའི་དཀྱིལ་འཁོར་རྒྱལ་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དེ་བཞིན་ཉིད་ཀྱི་དབྱིངས་ནས། ཁྲོ་མོའི་དབང་ཕྱུག་ཆེན་མོ་མངོན་དུ་བྱུང་སྟེ།ཧི་ཧི་ཞེས་དགྱེས་པའི་གཟི་མདངས་ཀྱིས་རིན་ཆེན་པདྨ་རྒྱས་པར་མཛད་ནས། གཉིས་སུ་མེད་པར་འཁྲིལ་བའི་དགྱེས་པས་ཐིམ་ནས། བྱང་ཆུབ་སེམས་ཀྱི་སྤྲིན་ལས། ཧཱུཾ་ཧཱུཾ་ཧཱུཾ། བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མནྡྷ་ལ། ཕཊ་ཕཊ་ཕཊ། ཧ་ལ་ཧ་ལ་ཧ་ལ་ཧཱུཾ་ཞེས་བརྗོད་པས། འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་པ་ཐམས་ཅད་ཁྱབ་པར་ཁྲོ་བོའི་དཀྱིལ་འཁོར་གྱི་ཚོགས་སྟོང་གསུམ་གྱི་འཇིག་རྟེན་ཙམ། ཕྱོགས་བཅུ་རྡུལ་ཕྲ་མོ་སྙེད་ཐོན་པར་གྱུར་པས། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་གཡོས། རབ་ཏུ་གཡོས། ཀུན་ཏུ་གཡོས། འུར་འུར། རབ་ཏུ་འུར་འུར། ཀུན་ཏུ་འུར་འུར། ཆེམ་ཆེམ། རབ་ཏུ་ཆེམ་ཆེམ། ཀུན་ཏུ་ཆེམ་ཆེམ་མོ། །ཤིག་ཤིག །རབ་ཏུ་ཤིག་ཤིག །


DNG010_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཏུ་ཤིག་ཤིག་གོ། །གཏོར་གཏོར། རབ་ཏུ་གཏོར་གཏོར། ཀུན་ཏུ་གཏོར་གཏོར་རོ། །འཇིག་རྟེན་དྲུག་གི་ཕྱོགས་བཅུའི་སྟོང་ཁམས་ཐམས་ཅད་ན་གནས་པའི་དབང་ཆེ་བ་གཟི་བརྗིད་ཆེ་བ་དང་མཐུ་ཆེ་བའི་དབང་ཕྱུག་ཆེན་པོ་ལ་སོགས་པ་ཐམས་ཅད་བརྒྱལ། རབ་ཏུ་བརྒྱལ། ཀུན་ཏུ་བརྒྱལ་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་ཉིད། འཇིགས་བྱེད་ཆེན་པོ་ཤིན་ཏུ་རྔམས་པའི་སྐྱི་བུང་ཞེས་བྱེད་པའི་འབར་བ་ཆེན་པོ། ཁྲག་འཐུང་སྐུ་སྨུག་ནག་ཅིར་ཡང་འགྱུར་བ། དབུ་དང་ཕྱག་དང་ཞབས་སྟོང་ཁམས་ཀྱི་རྡུལ་སྙེད་མཚོན་ཆ་སྣ་ཚོགས་འཛིན་པ་དེ། དབུ་གསུམ་ཕྱག་དྲུག་ཞབས་བཞིར་གྱུར་ཏེ། དུར་ཁྲོད་ཆེན་པོར་དགྱེས་ནས་ཁྲག་གི་རྒྱ་མཚོའི་དཀྱིལ་ན། ཀེང་རུས་ཆེན་པོའི་རི་རབ་ཀྱི་སྟེང་འབར་བ་ཆེན་པོའི་ཀློང་གི་འཁོར་ལོའི་དཀྱིལ་ན། དབང་ཕྱུག་ཆེན་པོ་དང་། དུར་ཁྲོད་ཀྱི་བདག་པོ་དྲེགས་པ་ཆེན་པོ་ཁྱོ་ཤུག་གི་གདན་ལ། བརྐྱངས་བསྐུམས་སུ་བཞུགས་སོ། །ཁྲོ་བོའི་དཀྱིལ་འཁོར་གྱི་སྤྲིན་ཕུང་དེ་དག་ཀྱང་། ལ་ལ་ནི་དཔལ་ཁྲག་འཐུང་ཆེན་པོ་རྡོ་རྗེར་གྱུར་ཏེ། ཤར་ཕྱོགས་སུ་བཞུགས་སོ། །ལ་ལ་ནི་དཔལ་ཁྲག་འཐུང་ཆེན་པོ་རིན་པོ་ཆེར་གྱུར་ཏེ། ལྷོ་ཕྱོགས་སུ་བཞུགས་སོ། །ལ་ལ་ནི་དཔལ་ཁྲག་འཐུང་ཆེན་པོ་པདྨར་གྱུར་ཏེ། ནུབ་ཕྱོགས་སུ་བཞུགས་སོ། །ལ་ལ་ནི་དཔལ་ཁྲག་འཐུང་ཆེན་པོ་ཀུན་ཏུ་ལས་སུ་གྱུར་ཏེ། བྱང་ཕྱོགས་སུ་བཞུགས་སོ། །དེ་དག་ཀུན་ཀྱང་འཇིགས་བྱེད་ཆེན་པོའི་ཆ་ལུགས་དང་། རྔམས་པའི་ང་རོ་དང་། འབར་བའི་ཀློང་ན། དབུ་གསུམ་ཕྱག་དྲུག །ཞབས་བཞི། དྲི་ཟ་དང་། གནོད་སྦྱིན་དང་། སྲིན་པོ་དང་། གཤིན་རྗེ་ལ་སོགས་པ་ཁྱོ་ཤུག་གིས་གདན་དུ་བྱས་པ་ལ་བཞུགས་སོ། །སྲིན་མོ་ཁྲག་འཐུང་ཆེན་མོ་རྣམས་ཀྱང་སོ་སོའི་སྐུ་ལ་འཁྲིལ་བའི་ཚུལ་གྱིས་བཞུགས་སོ། །རིགས་ལྔའི་ཧེ་རུ་ཀ་གཅིག་ཏུ་བསྡིམས་ཏེ་བསྡུས་ནས་གཅིག་གིས་མང་པོ་འདུལ་བའི་ངོ་མཚར་བསྟན་ནས། དྲེགས་པ་ཆེན་


DNG010_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལ་སོགས་པ། གཏུམ་པའི་སེམས་ཀྱིས་གདུག་པའི་རྫུ་འཕྲུལ་ཆེན་པོ་སྣ་ཚོགས་བསྟན་ནས།མགྲིན་གཅིག་ཏུ་གདུག་པའི་ང་རོས་བརླང་བའི་གཏུམ་ཚིག་ཏུ་སྨྲས་པ། ཐོང་ཐོང་སྙིང་རྗེའི་བདག་པོ་ཅི་དེ་ལྟར་བྱེད་དམ་ཞེས་ཟེར་ཞིང་ཤིན་ཏུ་གཏུམ་སེམས་ཀྱིས་རྔམས་ནས་ཁྲོས་སོ། །དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས། ཐམས་ཅད་ཀྱི་བདག་ཉིད་དེས་དབུ་དགུ་ཕྱག་བཅོ་བརྒྱད་ཞབས་བརྒྱད་དུ་གནས་ནས། རྔམས་པའི་སྐད་ཀྱིས་ཐུགས་རྗེས་འདུལ་བའི་ཐབས་ཀྱི་ཤིན་ཏུ་ཁྲོས་ནས། ཧཱུཾ་ཧཱུཾ་ཧཱུཾ། ཧ་ཧ་ཧ། ཁཱ་ཧི་ཁཱ་ཧི་ཁཱ་ཧི། ཞེས་བརྗོད་ནས། དབང་ཕྱུག་ཆེན་པོ་ལ་སོགས་པ། གདུག་པ་ཆེན་པོའི་ཚོགས་དེ་དག་གི་སྙིང་དང་། དབང་པོ་ཀུན་ཕྱུང་། ནང་ཁྲོལ་ཀུན་དྲངས་ཡན་ལག་ཀུན་བཅད་གཏུབས་ནས་ཤ་ཀུན་ཟོས།ཁྲག་ཀུན་འཐུངས། རུས་པ་ཀུན་འཆོས་སོ། །དེ་ནས་ཧཱུཾ་ཧཱུཾ་ཧཱུཾ་བྷྱོ། ཨེ་ཨཱ་ར་ལི། ཛཿཛཿཞེས་བརྗོད་པས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནམ་མཁའ་དང་བཅས་པ་ཉུང་འབྲུ་གཅིག་ཙམ་དུ་ཆུད་པར་བསྡུས་སོ། །དེ་ནས་འབྱུང་པོ་མ་ལུས་པའི་རྒྱལ་པོའི་ཡང་རྒྱལ་པོ་དྲེགས་པ་ཆེན་པོ་ལ་སོགས་པའི་ཆུང་མ། འབྱུང་པོ་ཐམས་ཅད་ཀྱི་རྗེ་མོའི་ཡང་རྗེ་མོ། སྲིན་མོ་ཆེན་མོ་མིའི་སྲིན་མོ་དང་། ཚངས་མ་དང་། འཁྲུག་མོ་དང་། དབང་མོ་དང་། འཇུག་སྲེད་མོ་དང་། གཞོན་ནུ་མོ་དང་། དམར་མོ་དང་། བདུད་རྩི་མོ་དང་། ཞི་བ་མོ་དང་། བེ་ཅོན་མོ་དང་། སྲིན་མོ་དང་། ཟ་བ་མོ་དང་། དགའ་བ་མོ་དང་། ར་རོ་ཁྲག་འཐུང་མྱོས་བྱེད་དང་། གཅིག་པུར་སྤྱོད་མོ་དང་། ཡིད་འཕྲོག་མོ་དང་། གྲུབ་མོ་དང་། རླུང་མོ་དང་། གསོད་བྱེད་མོ་དང་། མེ་མོ་དང་། ཕག་མོ་དང་། རྒན་བྱེད་མོ། སྣ་ཆེན་མོ་དང་། ཆུ་ལྷ་མོ་དང་། ནག་མོ་ཆེན་མོ་དང་། ར་མགོ་དམར་སེར་ཆེན་མོ་དང་། བུམ་རྣ་སྔོ་ནག་ཆེན་མོ་དང་། གསུས་འཛིན་སེར་ནག་ཆེན་མོ་ལ་སོགས་པ་བྲན་དང་ཡང་བྲན་གཡོག་དང་ཡང་གཡོག །འཁོར་ཞིང་གི་རྡུལ་སྙེད་ཀྱང་བསྡུས་སོ། །དེ་ནས་བཅོམ་


DNG010_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་དགྱེས་པ་ཆེན་པོ་དཔལ་ཁྲག་འཐུང་ཆེན་པོའི་འདུལ་བའི་ཐབས་ཀྱིས། ཡང་རིགས་ལྔའི་འཇིགས་བྱེད་ཆེན་པོ་སྣང་བར་བྱས་ནས། དེ་དག་ཀུན་ཀྱང་དགྱེས་པ་ཆེན་པོའི་རོལ་པའི་དཀྱིལ་འཁོར་གྱི་སྤྲིན་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། སྐུ་དང་།གསུང་དང་། ཐུགས་རྡོ་རྗེ་ལས་འདི་དག་ཕྱུང་ངོ་། །ཨོཾ་ཨཱཿཧཱུཾ་བཛྲ་པྲ་ཝེ་ཤ་ཨ་ལ་ལ་ཧོ། ཞེས་བརྗོད་པས། འབྱུང་པོའི་རྒྱལ་མོ་རྣམས་ཤིན་ཏུ་ཆགས་པའི་ཡིད་གཡོས་ནས། པདྨའི་དཀྱིལ་འཁོར་སྡུད་ཅིང་རྒྱས་པར་གྱུར་ནས། དཔེར་ན་ཁབ་ལེན་ལ་ལྕགས་འདུ་བའི་ཚུལ་དུ། བཅོམ་ལྡན་འདས་དགྱེས་པ་ཆེན་པོ་དཔལ་ཁྲག་འཐུང་རྡོ་རྗེའི་སྐུ་ལ་སྲིན་མོ་ཆེན་མོ་མིའི་སྲིན་མོ་དང་། དམར་མོ་དང་། དགའ་བ་མོ་དང་། གསོད་བྱེད་མོ་དང་། ནག་མོ་ཆེན་མོ་དང་། དམར་སེར་ཆེན་མོ་དང་། སྔོ་ནག་ཆེན་མོ་དང་། སེར་ནག་ཆེན་མོ་རྣམས་འཁྲིལ་ཏོ། །བཅོམ་ལྡན་འདས་དཔལ་ཁྲག་འཐུང་ཆེན་པོ་དེ་བཞིན་གཤེགས་པའི་སྐུ་ལ། ཚངས་མ་དང་། འཁྲུག་མོ་དང་། དབང་མོ་དང་། འཇུག་སྲེད་མོ་དང་། གཞོན་ནུ་མོ་རྣམས་འཁྲིལ་ཏོ། །བཅོམ་ལྡན་འདས་དཔལ་ཁྲག་འཐུང་རིན་པོ་ཆེའི་སྐུ་ལ།བདུད་རྩི་མོ་དང་། ཞི་བ་མོ་དང་། བེ་ཅོན་མོ་དང་། ཟ་བ་མོ་དང་། སྲིན་མོ་རྣམས་འཁྲིལ་ཏོ། །བཅོམ་ལྡན་འདས་དཔལ་ཁྲག་འཐུང་ཆེན་པོའི་པདྨའི་སྐུ་ལ་ཁྲག་གིས་མྱོས་མ་དང་། གཅིག་པུར་སྤྱོད་མ་དང་། ཡིད་འཕྲོག་མ་དང་།གྲུབ་མོ་དང་། རླུང་མོ་རྣམས་འཁྲིལ་ཏོ། །བཅོམ་ལྡན་འདས་དཔལ་ཁྲག་འཐུང་ཆེན་པོ་ཀུན་ཏུ་ལས་ཀྱི་སྐུ་ལ། མེ་མོ་དང་། ཕག་མོ་དང་། རྒན་བྱེད་མོ་དང་། སྣ་ཆེན་མོ་དང་། ཆུ་ལྷ་མོ་རྣམས་འཁྲིལ་ཏོ། །དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་ཁྲོ་བོའི་དཀྱིལ་འཁོར་དེ་དག་གིས། ཧཱུཾ་ཧཱུཾ་བརྗོད་པས། པདྨའི་དཀྱིལ་འཁོར་གྱི་ཚོགས་བསྡུས་ནས། ཤིན་ཏུ་བཅུམ་པར་གྱུར་ཏོ། །དེ་ནས་


DNG010_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

དགྱེས་ཏེ་ཧ་ཞེས་བརྗོད་པས། བྱང་ཆུབ་སེམས་ཀྱི་སྤྲིན་ལས། དཀར་མོའི་ཚོགས་དང་།རྐུན་མོའི་ཚོགས་དང་། རྨོངས་མོའི་ཚོགས་དང་། ཐལ་བྱེད་མོའི་ཚོགས་དང་།སྦོས་མོའི་ཚོགས་དང་། གཏུམ་མོའི་ཚོགས་དང་། སྨེ་ཤ་ཅན་གྱི་ཚོགས་དང་།མཚོགས་མ་ཡི་ཚོགས་རྣམས་རང་རང་གི་ལག་ཆ་དང་། ངོ་མཚར་དང་བཅས་ནས་འཐོན་ཏོ། །འཐོན་ནས་ཀྱང་འབར་བ་ཆེན་པོའི་དཀྱིལ་འཁོར་འཁོར་ལོའི་མཚན་ཤར་ཕྱོགས་ནས་འཁོར་བར་འཇིགས་པའི་གཟུགས་དང་། རང་གི་ལག་ཆ་དང་ཆས་ནས་འཁོད་དོ། །དེ་ནས་ཤིན་ཏུ་དགྱེས་ནས། ཧེ་ཞེས་བརྗོད་པས།སེང་གདོང་ཆེན་མོའི་ཚོགས་དང་། སྟག་གདོང་ཆེན་མོའི་ཚོགས་དང་། ཝ་གདོང་ཆེན་མོའི་ཚོགས་དང་། བྱི་གདོང་ཆེན་མོའི་ཚོགས་དང་། བཞད་གདོང་ཆེན་མོའི་ཚོགས་དང་། ཀང་ཀའི་གདོང་ཆེན་མོའི་ཚོགས་དང་། དུར་བྱའི་གདོང་ཆེན་མོའི་ཚོགས་དང་། འུག་གདོང་ཆེན་མོའི་ཚོགས་རྣམས་རང་གི་ལག་ཆ་དང་། ངོ་མཚར་དང་ཆས་ནས་འཐོན་པར་གྱུར་ཏོ། །འཐོན་ནས་འབར་བ་ཆེན་པོའི་འཁོར་ལོའི་ཤར་ཕྱོགས་ཀྱི་ཕྱི་རོལ་ནས་འཁོར་བའི་རྔམ་པའི་མདངས་ཀྱིས་འཁོད་དོ། །དེ་ནས་ཤིན་ཏུ་དགྱེས་པས། ཕྱོགས་བཅུའི་ཞིང་མ་ལུས་པར་ཁྱབ་ནས། ཕཊ་ཅེས་བརྗོད་པས། རྡོ་རྗེ་སྲིང་འགྲོ་མའི་ཚོགས་དང་། རྡོ་རྗེ་གདོང་མོའི་ཚོགས་དང་། རྡོ་རྗེ་འཇིག་རྟེན་མའི་ཚོགས་དང་། རྡོ་རྗེ་རོ་ལངས་མའི་ཚོགས་རྣམས་རང་གི་ལག་ཆ་དང་། ངོ་མཚར་དུ་ཆས་ནས་འཐོན་པར་གྱུར་ཏོ། །འཐོན་ནས་འབར་བའི་དཀྱིལ་འཁོར་གྱི་སྒོར་ཤིན་ཏུ་གཏུམ་པའི་གཟུགས་ཀྱིས་གནས་སོ། །དེ་ནས་དགྱེས་པ་ཆེན་པོའི་སྤྲིན་ལས་ཕྱོགས་བཅུ་ནས་ཕཊ་ཅེས་བསྒྲགས་པས། ཐམས་ཅད་ཁྲོས་ནས་མ་མོ་ཐམས་ཅད་ཀྱང་རང་རང་གི་གནས་ག་ལ་བར་ཡུད་ཙམ་གྱིས་ཕྱིན་པར་བཀྱེའོ། །དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་དཔལ་ཁྲག་འཐུང་ཆེན་པོ་དེ་དག་ཀུན། ཐུགས་རྗེ་ཆེན་པོའི་བདུད་རྩི་


DNG010_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་འདི་དག་ཕྱུང་ངོ་། །ཨོཾ་བཛྲ་མ་ཧཱ་ཨ་མྲྀ་ཏ་མ་ཧཱ་ཀྲོ་དྷ་ཨཾ་ཨཾ་ཨཾ། ཞེས་བརྗོད་པས། དབང་ཕྱུག་ཆེན་པོ་ལ་སོགས་པ་ཐམས་ཅད། བཅོམ་ལྡན་འདས་ཁྲོ་བོ་ཆེན་པོ་དེ་དག་གི་བསྣམས་ནས་བཏོན་ཏེ། མི་གཙང་བའི་འདམ་གྱི་རྒྱ་མཚོར་བཅུག་པ་ལས། བསྣམས་ནས་ཨུ་ཙུཥྨ་ཀྲོ་དྷ་ཕྱུང་ནས་འདམ་ཀུན་འཐུང་སྟེ། དྲན་པ་སླར་རྙེད་ནས་ཁྲོ་བོའི་དཀྱིལ་འཁོར་གྱི་ཚོགས་དེ་དག་ཐམས་ཅད་ཀྱང་དབུ་དགུ་བརྒྱ་ཕྲག་སྟོང་བརྒྱད་བརྒྱ་ཞབས་བརྒྱད་བརྒྱ། སྐུ་འབར་བ་ཆེན་པོའི་དཀྱིལ་འཁོར་ན་གནས་པར་བཞུགས་པར་མཐོང་ངོ་། །དེའི་དུས་སུ་འཇིག་རྟེན་དྲུག་གི་ཕྱོགས་བཅུའི་སྲིད་པ་ཀུན་ཏུ་དྲེགས་པའི་དབང་ཕྱུག་ཐམས་ཅད་འདུལ་བའི་ཐབས་སྣ་ཚོགས་བསམ་གྱིས་མི་ཁྱབ་པར་སོ་སོར་སྣང་བས་དུས་གཅིག་ཏུ་བཏུལ་ལོ། །དེ་ནས་དེ་དག་ཤིན་ཏུ་འདར་ཞིང་དྲེད་པ་རབ་ཏུ་ཞུམ་པའི་ང་རོས་འབངས་སུ་མཆི། འབངས་སུ་མཆི། འབངས་སུ་ནན་ཏན་མ་བྱས་ན། །མགོ་དང་ལུས་ནི་བརྒྱར་འགས་ཤིང་། །སྙིང་ཡང་འགས་ཤིང་གཏུབ་གྱུར་ཅིག །རུལ་མྱགས་ཚིག་ནས་བརླག་པ་དང་། །དམྱལ་བར་ལྷུང་ནས་འབོད་པར་ཤོག །ཅེས་འབངས་སུ་མཆི་བར་མནའ་བོར་ནས། དཀྱིལ་འཁོར་གྱི་གདན་ལ་བཞག་གོ། །ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་ཡང་སྨྲས་པ། བདག་ཅག་རྣམས་ཀྱི་མཆིས་བྲང་དང་། །མ་དང་སྲིང་མོ་བུ་མོ་རྣམས། །དཀྱིལ་འཁོར་ཆེན་པོར་བཞེས་སུ་གསོལ། །དཔའ་བོ་ལྷ་རྗེས་བཞེས་སུ་གསོལ། །བདག་ཅག་སོ་སོར་འཁོར་བཅས་ཀྱིས། །ཚོགས་ཀྱི་དཀྱིལ་འཁོར་ཆེན་པོ་འདིའི། །མིང་ཙམ་འཛིན་པར་བྱེད་པ་ཡང་། །གཙུག་གི་ནོར་བུ་འབར་བ་ལྟར། །གཡོ་སྒྱུ་མེད་ཅིང་གུས་ལྡན་པའི། །སེམས་ཀྱིས་བླངས་ནས་སྤྱི་བོ་ཡི། །གཙུག་ཏུ་བཞག་སྟེ་བཀུར་བར་བགྱི། །དེ་ཡི་དགོས་པ་ཅི་ཡང་རུང་། །མ་ལུས་རྫོགས་པར་བདག་ཅག་བསྒྲུབ། །གལ་ཏེ་དཔའ་


DNG010_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

བོའི་སྤྱན་སྔ་འདིར། །སྨྲས་པ་བཞིན་དུ་མ་བསྒྲུབས་ན། །བདག་ཅག་རྣམས་ཀྱི་མགོ་ལུས་སྙིང་། །གས་གཏུབ་དུམ་བུར་རུལ་བར་མཆིའོ། །ཞེས་སྨྲས་སོ། །དེ་ནས་དེ་དག་གི་ཆུང་མའི་ཚོགས་དང་། མ་དང་སྲིང་མོ་དང་། བུ་མོའི་ཚོགས་ཐམས་ཅད་དཀྱིལ་འཁོར་དུ་ཡུད་ཙམ་གྱིས་འོངས་ནས། ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་སྨྲས་པ། བདག་ཅག་འཁོར་ཚོགས་ཐམས་ཅད་ཀུན། །དཔའ་བོ་ཆེན་པོའི་འབངས་སུ་མཆི། །དཔའ་བོ་ཆེན་པོས་བདག་ཅག་རྣམས། །ལས་ཀྱི་དངོས་གྲུབ་སྩལ་ཏུ་གསོལ། །ཞེས་སྨྲས་སོ། །དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས། ལག་ཏུ་རྡོ་རྗེ་བྱིན་ནས་མིང་གི་དབང་བསྐུར་ཏེ། དཀྱིལ་འཁོར་གྱི་ཕྱི་རོལ་ཏུ་བཀོད་དོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། )ཁྲོ་བོའི་རང་བཞིན་གྱི་དཀྱིལ་འཁོར་གྱི་སྤྲིན་རྣམ་པར་སྤྲོས་པའི་ལེའུ་སྟེ་ཉེར་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས། དཀྱིལ་འཁོར་གྱི་ཚོགས་ཆེན་པོ་འདི་དག །དམ་ཚིག་གིས་འགྲུབ་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་ཁྲོ་བོ་ཁྲག་འཐུང་ཆེན་པོའི་བཙུན་མོ་དང་བཅས་པའི་ཚོགས་དེ་དག་གིས་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཡེ་ཤེས་རྔམས་པ་ལས་གསུང་གི་དཀྱིལ་འཁོར་འདི་དག་ཕྱུང་ངོ་། །ཨཱོཾ་ཏ་ཐཱ་ག་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨཱོཾ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚཱན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨཱོཾ་རཏྣ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚཱན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨཱོཾ་པདྨ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚཱན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨཱོཾ་ཀརྨ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚཱན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨཱོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཛྭ་ལ་ནི་སརྦ་དུཥྚཱན་ཧཱུཾ་ཕཊ། ཨཱོཾ་མ་ཧཱ་བཛྲ་ད་ར་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཛྭ་ལི་ནི་ཧཱུཾ་ཕཊ། ཨཱོཾ་མ་ཧཱ་སཱུརྱ་རཏྣ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་བི་ད་མ་ཧཱུཾ་ཕཊ། ཨཱོཾ་ཧྲཱྀཿཤྲུ་ཏ་ས་མ་ཏ་པདྨ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཁཱ་ཧི་ཧཱུཾ་ཕཊ། ཨཱོཾ་སརྦ་ཨ་མོ་གྷ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་བི་ཤྭ་ཧཱུཾ་


DNG010_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

ཕཊ། བཛྲ་གཽ་རི་ཧ། བཛྲ་ཙཽ་རཱི་ཧ། བཛྲ་པྲ་མོ་ཧེ་ཧ། བཛྲ་བེ་ཏཱ་ལཱི་ཧ། བཛྲ་ཙཎྜ་ལཱི་ཧ།བཛྲ་པུཀྐ་སཱི་ཧ། བཛྲ་གྷསྨ་རཱི་ཧ། བཛྲ་སྨ་ཤ་ནཱི་ཧ། བཛྲ་སིངྷ་མུ་ཁཱི་ཧེ།བཛྲ་བྱཱ་གྷྲ་མུ་ཁཱི་ཧེ། བཛྲ་སྲྀ་ག་ལ་མུ་ཁཱི་ཧེ། བཛྲ་གྲྀ་ཌྷ་མུ་ཁཱི་ཧེ། བཛྲ་ཤྭ་ན་མུ་ཁཱི་ཧེ། བཛྲ་ཀྲི་ཏ་མུ་ཁཱི་ཧེ། བཛྲ་ཀཾ་ཀ་མུ་ཁཱི་ཧེ། བཛྲ་ཀཱ་ཀ་མུ་ཁཱི་ཧེ། བཛྲ་ཨུ་ལཱུ་མུ་ཁཱི་ཧེ། བཛྲ་ཨཱརྱ་ཏེ་ཛ་ཏང་ཛ། བཛྲ་ཨ་མུ་ཁེ་ཧཱུཾ། བཛྲ་ལོ་ཀ་བཾ།བཛྲ་བྷསྨི་པ་ལ་ཡ་བ་ཏུ་ཧོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། རུ་ལུ་རུ་ལུ་ཧཱུཾ། ཨེ་ཧྱེ་ཧི། ཨཱ་ན་ཡ། ཛཿཧཱུཾ་བཾ་ཧོཿརཾ། ཨཱོཾ་བཛྲ་ཀྲོ་དྷ་ས་མ་ཡ་ཧཱུཾ། ཁྲོ་ལ་ཁྲོས་པས་ཞི་མཛད་པ། །ཐུགས་རྗེའི་ཁྲོས་པའི་རྔམ་པའི་ཚོགས། །འབར་བའི་བྱིན་རླབས་རྨད་པོ་ཆེ། །དེ་ཉིད་དུ་ནི་བདག་ལ་སྩོལ། །ཨཱོཾ་བཛྲ་ཀྲོ་དྷ་ས་མ་ཡ་སྟྭམ། ཨཱོཾ་བཛྲ་ཀྲོ་དྷ་ས་མ་ཡ་ཧོཿ། ཨ་ལི་ཨུ་ལི། ཏཱ་ལི་ཏ་པཱ་ལི། དཾཥྚཱ་གོ་ན་རཽ་དྲི་ཁ་རཾ་ཡོ་གི་ནཱི་ཁཱ་ཧི་ཧོ། ཧཱུཾ་ཧ་ཧེ་ཕཊ། ཞེས་བརྗོད་པས། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་ཚིག །རབ་ཏུ་ཚིག །ཀུན་ཏུ་ཚིག །འབར་རབ་ཏུ་འབར། ཀུན་ཏུ་འབར་རོ། ། ཐམས་ཅད་རབ་ཏུ་འབར་བའི་དཀྱིལ་འཁོར་གྱི་ཚོགས་གང་རབ་ཏུ་གང་ཀུན་ཏུ་རབ་ཏུ་གང་བར་གྱུར་ཏོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། ཁྲོ་བོའི་ཚོགས་ཆེན་པོ་གསུང་གི་དཀྱིལ་འཁོར་སྤྲོས་པའི་ལེའུ་སྟེ་ཉེར་བརྒྱད་པའོ།། །།དེ་ནས་དེ་བཞིན་གཤེགས་པ་ཁྲོ་བོ་ཆེན་པོའི་བྱིན་རླབས་ཕྱག་རྒྱ་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཆེད་དུ་བརྗོད་པ་འདི་བརྗོད་དོ། །དབང་པོ་ཡུལ་དུས་རིག་པ་རྣམས། །ཐབས་དང་ཤེས་རབ་ལྡན་གྱུར་ཅིང་། །མཉམ་པའི་ངང་ཉིད་རྟོགས་གསལ་ན། །ཐམས་ཅད་བདེ་བ་ཆེན་པོའི་རྒྱ། །བསྐྱོད་ཆེན་འཁོར་ལོའི་གཞལ་ཡས་སུ། །ཁྲོ་བོ་ཁྲོ་མོ་ཐམས་ཅད་


DNG010_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན། །གསལ་ཞིང་འོད་ཟེར་འཕྲོ་བསྒོམས་ནས། །བསྒུལ་བསྐྱོད་ཐམས་ཅད་ཕྱག་རྒྱ་ཡིན། །བླ་མེད་ཆེན་པོས་དེ་སྐད་གསུངས། །ཡན་ལག་སྙིང་པོ་རྩེ་གཅིག་དང་། །རྩེ་ལྔ་རྩེ་དགུ་བཅུ་གཅིག་ཏུ། །ལས་རྣམས་སོ་སོར་རབ་ཏུ་བསྒོམ། །ཐབས་དང་ཤེས་རབ་ལྡན་པའི་ཞབས། །རྟག་ཏུ་རྡོ་རྗེ་འབར་བར་འགྱུར། །ཐབས་ཆེན་རེ་རེ་བསྐྱོད་ན་ནི། །པདྨ་ཆགས་མེད་རེ་རེ་འབྱུང་། །རྡོ་རྗེ་པདྨ་དེར་སྦྱོར་ན། །སེམས་ཅན་ཐམས་ཅད་བླ་ན་མེད། །བྱང་ཆུབ་ཞིང་དུ་སྐྱེ་བར་འགྱུར། །རང་བཞིན་དཀྱིལ་འཁོར་ལྷ་རྣམས་ཀྱང་། །ཁྲོ་བོའི་དཀྱིལ་འཁོར་བསྒོམ་བྱས་ཏེ། །དབུ་ཡི་དཀྱིལ་འཁོར་བསྒུལ་བསྐྱོད་ན། །སངས་རྒྱས་དཀྱིལ་འཁོར་ཐམས་ཅད་གཡོ། །ལག་གི་འདུ་བྱེད་བསྐྱོད་བྱས་ན། །རིག་འཛིན་ཞིང་ཁམས་ཐམས་ཅད་གཡོ། །རྐང་པའི་སྟབས་ཆེན་མནན་མཆོངས་ན། །སྡུག་བསྔལ་མི་བཟད་ཐམས་ཅད་དང་། །བདུད་དང་ལོག་འདྲེན་ཐམས་ཅད་མནན། །ཡན་ལག་ཐམས་ཅད་བསྒུལ་བསིགས་ན། །བ་སྤུའི་བུ་ག་རེ་རེ་ནས། །ཁྲོ་བོ་གྲངས་མེད་རྡུལ་སྙེད་འཕྲོ། །དེ་དག་སྦྲུལ་པ་གྲངས་མེད་ཀྱིས། །ཕྱོགས་བཅུའི་ཁམས་མང་རྡུལ་སྙེད་དུ། །འགྲོ་བའི་དོན་རྣམས་རྡུལ་ཕྲན་སྙེད། །ཐུགས་རྗེས་འདུལ་ཞིང་དབྱིངས་སུ་བསྡིམ། །ཐམས་ཅད་ཁྲོ་བོའི་དཀྱིལ་འཁོར་དང་། །ཁྲོ་མོའི་དཀྱིལ་འཁོར་རབ་ཏུ་འདུས། །ཐམས་ཅད་རྡོ་རྗེ་བྲག་སྟེང་དང་། །མེ་རིའི་དཀྱིལ་འཁོར་རབ་ཏུ་འབར། །འདི་ནི་སྤྱི་རྒྱ་ཆེན་པོ་ཡིན། །སྟེང་གི་བགེགས་རྣམས་འདུལ་བའི་ཕྱིར། །རྡོ་རྗེ་འཁོར་ལོ་ནྲྀ་མགོ་གདེངས། །འོག་གི་འཇིག་རྟེན་བགེགས་འདུལ་བའི། །རྡོ་རྗེ་ཐོང་གཤོལ་ནྲྀ་སྦར་དང་། །རྡོ་རྗེ་གཏུན་ཆེན་དྲིལ་བུའོ། །ཤར་གྱི་བགེགས་རྣམས་འདུལ་བ་ནི། །རྡོ་རྗེ་རབ་ཏུ་འབར་བ་དང་། །ཏི་ར་ཆེན་པོའི་དབྱུག་པའོ། །ལྷོ་ཡི་བགེགས་རྣམས་འདུལ་བ་ནི། །རིན་ཆེན་མི་མགོའི་དབྱུག་པ་དང་། །གཤིན་རྗེ་ཞིང་ཆེན་རྐང་བཟུང་བའོ། །ནུབ་ཀྱི་བགེགས་རྣམས་འདུལ་བ་ནི། །སྦྲུལ་དང་ཏི་རའི་དབྱུག་པ་


DNG010_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ཁྱུང་ཆེན་གཤོག་གིས་རབ་ཏུ་རྡེབས། །རྒྱ་མཚོ་ཆེ་རྣམས་སྐེད་པར་གཏུབས། །བྱང་གི་བགེགས་རྣམས་འདུལ་བ་ནི། །རིན་པོ་ཆེ་ཡི་དབྱུག་ཏོ་དང་། །ནྲྀ་མགོ་གསུམ་པའི་དབྱུག་ཏོ་ཅན། །གནོད་སྦྱིན་གདོན་རྣམས་ཚར་གཅོད་པའོ། །མཚམས་བཞིའི་བགེགས་རྣམས་འདུལ་བ་ནི། །ཕྱོགས་བཞི་དག་གིས་གདུལ་བར་གྱུར། །གལ་ཏེ་དེ་ཡིས་མ་དུལ་ན། །བྱང་ཤར་མཚམས་ཀྱི་བགེགས་འདུལ་བ། །རྡོ་རྗེ་རྩེ་གསུམ་ནྲྀ་མགོ་གདེངས། །ཨི་ཤ་ཉིད་ཀྱང་ཕྱག་ན་བསྣམས། །འབྱུང་པོའི་སྡེ་ཀུན་རབ་ཏུ་འདུལ། །ཤར་ལྷོའི་མཚམས་ཀྱི་བགེགས་འདུལ་བ། །རྡོ་རྗེ་ཡེ་ཤེས་མེ་ལྕེ་འབར། །མེ་དེ་ཉིད་ཀྱང་འཚིག་པར་བྱེད། །དྲང་སྲོང་ཉིད་ཀྱང་ཕྱག་རྒྱར་བསྣམས། །མེ་ལྷ་གདོན་འཁོར་དབང་དུ་བསྡུ། །ལྷོ་ནུབ་མཚམས་ཀྱི་བགེགས་འདུལ་བ། །རྡོ་རྗེ་དང་ནི་སྲིན་པོའི་མགོ། །རབ་ཏུ་རྣོ་བའི་རལ་གྲི་འབར། །བདེན་བྲལ་ཉིད་ཀྱང་ཕྱག་ན་བསྣམས། །སྲིན་པོའི་ཚོགས་རྣམས་དབང་དུ་བསྡུ། །ནུབ་བྱང་མཚམས་ཀྱི་བགེགས་འདུལ་བ། །རླུང་གི་བ་དན་ནྲྀ་མགོ་གདེངས། །ཤིན་ཏུ་དྲག་པོ་གླང་པོའི་བརྗིད། །ཚིག་བསྲུང་ཉིད་ཀྱང་ཕྱག་ན་བསྣམས། །གཡེང་བ་ཐམས་ཅད་དབང་དུ་བསྡུ། །འོག་གི་འཇིག་རྟེན་བགེགས་འདུལ་བ། །ཕྱག་རྒྱ་རི་རབ་ཆེན་པོ་སྟེ། །ཕག་ཆེན་པོ་ནི་ཕྱག་ན་བསྣམས། །འོག་གི་བགེགས་རྣམས་འདུལ་བའོ། །གཞན་ཡང་ཉི་ཟླའི་དཀྱིལ་འཁོར་གྱིས། །ཚ་དང་གྲང་བའི་སྡུག་བསྔལ་སེལ། །མེ་ཡི་དཀྱིལ་འཁོར་ཆེན་པོ་ཡིས། །ཐམས་ཅད་མ་ལུས་བསྲེག་པར་བྱེད། །ཆུ་ཡི་དཀྱིལ་འཁོར་ཆེན་པོ་ཡིས། །ཐམས་ཅད་མ་ལུས་འཁྲུ་བར་བྱེད། །རླུང་གི་དཀྱིལ་འཁོར་ཆེན་པོ་ཡིས། །ཐམས་ཅད་མ་ལུས་གཏོར་བར་བྱེད། །གཞན་ཡང་རལ་གྲི་འཁོར་ལོ་དང་། །མདའ་གཞུ་ཐོ་ཆེན་གྲི་ཆེན་དང་། །རྡོ་རྗེ་མདུང་ཆེན་དགྲ་སྟྭར་བཅས། །མཆེ་གཙིགས་སྤུ་གྲིའི་སོ་དང་ནི། །མདའ་དང་མདུང་དང་ཏི་ར་


DNG010_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །གཞན་ཡང་ཕྱག་རྒྱ་སྣ་ཚོགས་སོ། །དབུས་ཀྱི་ཧེ་རུ་ཀ་ཡི་ཕྱག་རྒྱ་ནི། །ཏི་ར་དབྱུག་ཐོ་ཆེན་པོ་དང་། །འཁོར་ལོ་ཆེན་པོ་རབ་ཏུ་འབར། །དུང་ཆེན་དམར་གྱིས་གང་བ་ལ། །རྡོ་རྗེས་དཀྲུགས་ཤིང་ཞལ་དུ་གསོལ། །ཤར་གྱི་ཁྲོ་བོའི་ཕྱག་རྒྱ་ནི། །ཏི་ར་ཆེན་པོའི་དབྱུག་པ་དང་། །རྡོ་རྗེ་ཆེན་པོ་རབ་ཏུ་འབར། །ནྲྀ་མགོ་དམར་ཆེན་བཀང་བ་གསོལ། །ལྷོ་ཡི་ཕྱག་རྒྱ་ཆེན་པོ་ནི། །ཏི་ར་ཆེན་པོའི་དབྱུག་པ་དང་། །ཡིད་བཞིན་ནོར་བུ་རིན་ཆེན་འབར། །ཡིད་བཞིན་ནོར་བུའི་གཞལ་ཡས་སུ། །དམར་གྱི་ཨརྒྷ་རབ་ཏུ་གསོལ། །ནུབ་ཀྱི་ཁྲོ་བོའི་ཕྱག་རྒྱ་ནི། །ཏི་ར་ཆེན་པོའི་དབྱུག་པ་དང་། །པདྨ་ཆགས་མེད་རབ་ཏུ་འབར། །དུང་ཆེན་དམར་གྱིས་བཀང་བ་གསོལ། །བྱང་གི་ཁྲོ་བོའི་ཕྱག་རྒྱ་ནི། །ཏི་ར་ཆེན་པོའི་དབྱུག་པ་དང་། །རྡོ་རྗེ་རྒྱ་གྲམ་རབ་ཏུ་འབར། །དུང་ཆེན་དམར་གྱིས་བཀང་བ་གསོལ། །ཁྲོ་མོ་རྣམས་ནི་ཁྲོ་དང་མཐུན། །གནས་དང་ཡུལ་གྱི་ཕྱག་རྒྱ་ནི། །རྒྱུད་གཞན་དག་དང་མཐུན་པར་བཤད། །མ་མོ་རྣམས་ཀྱི་ཕྱག་རྒྱ་ནི། །འཇིག་རྟེན་འདས་མདོ་ཆེ་ལས་བཤད། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། སྒྱུ་འཕྲུལ་དྲ་བའི་ཕྱག་རྒྱ་སྤྲོས་པའི་ལེའུ་སྟེ་ཉེར་དགུ་པའོ།། །།དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས། དེ་དག་གི་དཀྱིལ་འཁོར་བསྟན་པའི་ཕྱིར། ཆེད་དུ་བརྗོད་པ་འདི་བརྗོད་དོ། །འབར་བའི་དཀྱིལ་འཁོར་རྩིབས་བཞི་པ། །གྲུ་ཆད་བཞི་ཡིས་རྣམ་པར་བརྒྱན། །གྲུ་བཞི་སྒོ་ཁྱུད་བཞི་དང་ལྡན། །འབར་བའི་བར་ཁྱམས་གཉིས་ཀྱིས་མཛེས། །ཐོད་སྦྲུལ་སྣ་ཚོགས་ཉི་མས་བརྗིད། །འབར་བའི་འཕྲོ་བ་མང་པོ་འཁྲུགས། །ཁྱུ་མཆོག་མ་ཧེ་གཟིག་དང་སྟག །གཏུམ་པའི་དོམ་གྱི་སྤར་བས་ནི། །དབང་ཕྱུག་ལྷ་ཆེན་ལ་སོགས་བཟུང་། །སྨུག་ནག་སྔོ་ནག་སེར་ནག་དང་། །དམར་ནག་ལྗང་ནག་འཇིགས་པའི་སྐུ། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །ཀོ་རློན་གོས་ནི་སྣ་ཚོགས་མནབས། །


DNG010_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

རྔམ་པའི་སྒྲ་ཆེན་འཇིགས་པར་སྒྲོགས། །སྦྲུལ་དང་ཐོད་རློན་ཉི་ཟླར་བཅས། །སྟོང་གི་འཇིག་རྟེན་འཁོར་ཡུག་བཅས། །རྡོ་རྗེ་དུང་ཆེན་གང་བ་དང་། །རལ་གྲི་དགྲ་སྟྭ་གཤོལ་ལ་སོགས། །རང་གི་ལག་ཆ་སྣ་ཚོགས་བསྣམས། །བཙུན་མོ་འཇིགས་པའི་ཚོགས་དང་འཁྲིལ། །གནས་དང་ཡུལ་གྱི་ཕྱག་རྒྱ་དང་། །སྒོ་བཞིར་ཕྱག་རྒྱར་རབ་མཛེས་ཤིང་། །སླས་དང་བྱི་མོའི་ཚོགས་ཀྱི་གཙོ། །བཅུ་གཉིས་དང་ནི་བརྒྱད་ཀྱིས་མཛེས། །རང་གི་སྟན་དང་ལག་ཆ་དང་། །ཅི་བགྱི་ཞེས་ནི་ཆས་ཏེ་གནས། །ཞེས་བརྗོད་པས། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་དུ་འབར་བའི་དཀྱིལ་འཁོར་ཀུན་ཏུ་གསལ་བར་གྱུར་ཏོ། །དེ་ནས་དགྱེས་པ་ཆེན་པོས། བཅོམ་ལྡན་འདས་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་སྒྱུ་འཕྲུལ་དྲ་བ་ལས། གསང་བའི་ཚིག་འདི་བྱུང་ངོ་། །ཨ་ཧོ། སྐལ་བར་བཅས་ཤིང་དུག་ཚོགས་འབར་བ་ཡི། །ཉོན་མོངས་ཀུན་གཡོ་དཀྱིལ་འཁོར་འཁོར་ལོར་བརྗོད་དཀའ་བའི། །ཇི་སྙེད་འཇིག་རྟེན་རྒྱན་གྱི་རྡུལ་སྙེད་བསམ་ཡས་པ། །རོ་ཚོགས་ཁྲག་ལ་རྔམ་པའི་དཔུང་གཉེན་ཀུན་བཀྱེ་ནས། །ཞེན་པའི་གཏུམ་མོ་ཤིན་ཏུ་བསལ་དཀའ་བའི། །མི་མངོན་དབྱིངས་ནས་གཟུགས་ཀྱི་ཆོ་འཕྲུལ་བསམ་ཡས་ཀྱིས། །སྙིགས་མར་བཅས་ཤིང་མཚམས་སྦྱོར་ཀུན་དམ་ཟིལ་གྱིས་གནོན། །རབ་ཏུ་གནོན་པའི་འཇིགས་བྱེད་བསམ་མི་ཁྱབ། །དེ་བཞིན་དེ་ཉིད་གཉེན་པོར་ཀུན་འབྱུང་ཀུན་ཏུ་བསལ། །ཧོ། ཆོས་རྣམས་ཇི་སྙེད་འགྲོ་དྲུག་སྨིན་བྱེད་བརྗོད་མི་ལང་། །དུས་མཐའ་རྨོངས་ལ་གནས་པ་བརྗོད་མི་ལང་། །འདོད་པས་ཞེན་པའི་ལས་ཀྱང་ཇི་སྙེད་ཇི་སྲིད་པར། །དྲག་པོ་བདོ་བའི་རླུང་ཆེན་བསམ་མི་ཁྱབ། །བདེ་བར་བཅས་པ་གཞན་དུ་མེད་པར་བརྗོད་མི་ལང་། །བསྐལ་པར་བསགས་པའི་དུག་ཆེན་རབ་རྟོག་ཀུན་ཏུ་རྟོག །དེ་རྣམས་ཟིལ་གནོན་ཁྲག་འཐུང་སྐུ་གསུང་འཇིགས་བྱེད་པར། །རྐྱེན་དུ་བཅས་ནས་སྦུན་བུས་འབྲས་བུ་སྨིན་པ་རབ་སྨིན་ལྟར། །དགྱེས་


DNG010_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆེན་པོ་བཅོམ་ལྡན་འདས་ནི་མང་པོའི་ཚོགས། །དཔག་མེད་བསམ་ཡས་ལྷུན་གྱིས་གྲུབ་པས་རབ་ཏུ་འདུལ་བར་ཤིན་ཏུ་གསལ། །ཧོ། ཁྲོ་བོའི་རང་བཞིན་གདུག་པར་འཇིགས་པ་མ་ཡིན་ཞིང་། །ཞི་བ་མཛེས་པ་ཀུན་གྱི་ཡིད་དང་འཐད་པར་གནས་རྒྱུད་ཡོངས་མ་ཡིན། །དེ་ཉིད་གཉིས་སུ་མེད་པའི་ཆོ་འཕྲུལ་བསམ་ཡས་ཐམས་ཅད་ཀུན་ཏུ་ཁྱབ། །རིགས་ལྔའི་ཁྲག་འཐུང་འཇིགས་པའི་རོལ་པ་རྡུལ་སྙེད་རབ་སྟོན་པའི། །རྣམ་དག་བྱང་ཆུབ་མཆོག་གི་དབྱིངས་ཉིད་ཡིན་ཏེ་གསང་བ་ཡི། །སྙིང་པོར་རབ་བསྟན་ངེས་པ་ཉིད་དེ་ཤིན་ཏུ་གནས་པར་གསལ། །ཧོ། རྡོ་རྗེ་གསང་བའི་ཚིག་ཏུའོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། ཁྲོ་བོའི་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་སུམ་ཅུ་པའོ།། །།དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་ཉིད་ཀྱི་བྱིན་རླབས་དང་། ཡོན་ཏན་སྟོན་པ་ཞེས་བྱ་བ་འདི་ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཨཱོཾ་སངས་རྒྱས་རྣལ་འབྱོར་ཆེན་པོ་ནི། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཡེ་ཤེས་སྙིང་པོ་མཆོག་ཉིད་དེ། །སངས་རྒྱས་ཀུན་ཏུ་བཟང་པོ་ཉིད། །འདི་ཡིན་གཞན་ན་མེད་པ་སྟེ། །རོལ་པ་ཀུན་ལ་མངའ་བརྙེས་ཤིང་། །སྲིད་པ་འཇིག་རྟེན་ཐམས་ཅད་ཀུན། །སངས་རྒྱས་ཉིད་དེ་དུས་གསུམ་དུ། །མ་གཡོས་ལྷུན་གནས་སྙིང་པོ་སྟེ། །རང་བཞིན་ཆེ་བའི་ཡོན་ཏན་ལས། །མ་རྟོགས་རྨོངས་པའི་འགྲོ་བ་ལ། །སྒྱུ་འཕྲུལ་དྲ་བས་མངོན་རྫོགས་པའི། །སྙིང་རྗེ་ཆགས་པའི་དམ་ཚིག་གིས། །ང་རྒྱལ་ཉིད་ཀྱི་སྐུ་ཆེན་བསྟན། །གདུག་ཅིང་གཏུམ་པའི་ཁམས་གསུམ་ནི། །འདུལ་བའི་ཞིང་དུ་རབ་སྦྱོར་ཞིང་། །ཕྲིན་ལས་རྣམ་བཞི་རྫོགས་པར་མཛད། །ཡེ་ཤེས་ངོ་མཚར་ཚམ་རྔམས་ཀྱིས། །ཆོས་བཞིན་རྣམ་དག་ཆེ་བའི་ལྷ། །ཡེ་ཤེས་སྐུ་སྟེ་ཁྱད་པར་ཆེ། །ཆགས་པའི་ཚོགས་ཀྱི་མཚན་མ་ནི། །འདོད་ཆགས་ཆེན་པོ་ཉིད་ཀྱི་སྐུ། །གཏུམ་རྔམས་གདུག་པ་ཡིས་མཚན་པས། །ཞེ་སྡང་ཆེན་པོ་ཉིད་ཀྱི་སྐུ། །གདུལ་བྱའི་ཞིང་དུ་རབ་སྦྱོར་ཞིང་། །ཆོས་ཉིད་མཉམ་ལས་བཞེངས་པས་ན། །


DNG010_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

གཏི་མུག་ཆེན་པོ་ཉིད་ཀྱི་སྐུ། །སྣོད་བཅུད་དག་པའི་སྤྱོད་ཡུལ་བ། །སྐུ་གསུང་ཐུགས་ལས་འཕྲོས་པ་དང་། །རྒྱལ་བ་ང་ཡིས་མཚན་པས་ན། །ང་རྒྱལ་ཆེན་པོ་ཉིད་ཀྱི་སྐུ། །གསང་བའི་སྙིང་པོ་བཞི་བཅུ་གཉིས། །ཐིག་ལེ་ཐུགས་སུ་བསྡུས་པ་ཉིད། །གཞན་དུ་མི་གཏོང་མཚན་པས་ན། །དེ་ཉིད་ཕྲག་དོག་ཉིད་སྐུར་རྫོགས། །སྟོང་གསུམ་སྟོང་གི་སྟོང་ཆེན་པོ། །འཇིག་རྟེན་ཁམས་མང་སྣ་ཚོགས་པ། །རྡུལ་དུ་དབྱེ་བ་ལ་སོགས་པའི། །བགྲང་བ་ལས་ནི་རབ་འདས་མཚན། །དེ་ཉིད་སྣང་ཞིང་སྲིད་པ་ཉིད། །འཇིགས་བྱེད་སྐུ་གསུང་ཐུགས་ཀྱི་དབྱིངས། །ཆོས་སྐུ་ཡེ་ཤེས་རང་བཞིན་ལ། །སྒྱུ་འཕྲུལ་དྲ་བའི་ཐིག་ལེ་མཆོག །སྙིང་པོ་ཐིག་ལེ་བསམ་ཡས་ཉིད། །འཇིགས་བྱེད་དབུ་དགུ་བཅོ་བརྒྱད་ཕྱག །སྒྱུ་མས་མཚན་པའི་དྲ་བ་ཡིན། །དེ་ཉིད་ཚོགས་དང་དཀྱིལ་འཁོར་སྔགས། །གཅིག་ལ་གསུམ་དུ་མཆོག་ཏུ་བསྔགས། །ཡུལ་དང་འབྱུང་བ་དེ་ཉིད་དོ། །བདག་རིག་གཞན་དོན་སྙིང་པོ་ཉིད། །ཐབས་དང་ཤེས་རབ་ཕྱག་མཚན་པ། །གཉིས་མེད་རིག་པའི་ཡེ་ཤེས་ཆེ། །མིང་དང་གཟུགས་དང་དབུར་གྱུར་པ། །ཕྱག་དང་ཞབས་སུ་རྣམ་པར་བརྟགས། །བརྟགས་པ་ལས་ནི་འཕྲོས་པའི་སྐུ། །ཅི་ཡང་མེད་ལས་ཅིར་ཡང་སྣང་། །བསྐལ་བཟང་མཆོག་གི་སྒྱུ་འཕྲུལ་བ། །དྲ་བའི་དཀྱིལ་འཁོར་རབ་ཏུ་རྫོགས། །བརྟགས་པ་ཟིལ་གནོན་ཆོས་ཉིད་སྤྱན། །སྤྱན་ནི་ཆོས་ཉིད་མཉམ་པ་ཉིད། །ཇི་བཞིན་ཆོས་ཉིད་ཡུལ་ལ་སྦྱོར། །རོལ་པའི་རྩེད་མོར་སྡང་མིག་པ། །གཞན་དུ་མི་གཟིགས་ཡུལ་ལ་གཟིགས། །པདྨ་འཁྱིལ་པ་ཉིད་སྐུ་གསུང་། །མཚན་མར་འཛིན་པའི་དངོས་པོ་འཇིག །ཡེ་ཤེས་ཆེན་པོའི་སྤྱན་བགྲད་པས། །ཁྲོ་གཉེར་གློག་སྟོང་འགྱུ་བ་ཡི། །མེ་ཡི་ཚོགས་ཀྱིས་གཞན་དབང་ཟློག །བདུད་རྩིའི་ཞིང་དུ་སྦྱོར་བས་ན། །བདུད་རྩི་མཆོག་གི་ཁྲོ་བོ་ཡིན། །སྐུ་ཉིད་མཉམ་པ་རྫོགས་པ་ལས། །སྣ་ཚོགས་


DNG010_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

འཆར་བར་རབ་སྟོན་པ། །ཡེ་ཤེས་སྒྱུ་འཕྲུལ་སྟོབས་པོ་ཆེ། །མི་གཡོ་མཆོག་གི་འདུ་འཕྲོ་ལས། །གཤོག་པ་རྡོ་རྗེ་གཏམས་པ་ནི། །ཤེས་རབ་ཚོགས་ལས་སྤྲུལ་པ་དང་། །ཐུགས་རྗེ་དྲ་བའི་བྱིན་རླབས་ཀྱིས། །འཁོར་ཡུག་ཇི་སྙེད་མཐའ་ཀླས་པ། །དབྱིངས་ཉིད་བདེ་ལ་བསྐྱོད་པ་སྟེ། །ཁྲོས་ནས་དབང་དུ་བྱེད་པའི་དོན། །རྟ་ཡི་གར་སྟབས་རྫུ་འཕྲུལ་གྱིས། །གཅིག་ཀྱང་ཡལ་བ་མ་ཡིན་པའོ། །ཆོས་དབྱིངས་མཉམ་དང་མི་མཉམ་པའི། །སྒྱུ་འཕྲུལ་དཀྱིལ་འཁོར་མཐའ་ཀླས་པར། །རྩེད་མོར་མཆོག་གི་ཕྱག་རྒྱ་ནི། །བརྐྱང་དང་བསྐུམ་པ་ཞབས་ཚུལ་ཏེ། །ཐབས་དང་ཤེས་རབ་རོལ་པའི་དོན། །རང་དབང་ཐབས་ཆེན་རྒྱལ་པོ་ཡིས། །སངས་རྒྱས་ཀུན་གྱི་སྐུ་གསུང་བ། །ཐིག་ལེ་མཆོག་གི་གནས་ལ་རྫོགས། །དབང་ཕྱུག་ལྷ་ཆེན་ལ་སོགས་པ། །ཟིལ་གནོན་ཁྲོས་པའི་ཕྱག་མཚན་པ། །སྣ་ཚོགས་མཚོན་རྣོན་མང་པོ་བསྣམས། །ང་རྒྱལ་གདུག་པའི་ཞེ་སྡང་གཅོད། །གཏི་མུག་ཆོས་སྐུ་སྒྱུ་འཕྲུལ་བ། །དྲ་བའི་ཐུགས་རྗེ་མཐའ་དག་ནི། །ཁྲོས་པའི་དམ་ཚིག་སྙིང་རྗེ་ཡིས། །མཉམ་པའི་ཐིག་ལེར་བཀོད་པ་ནི། །གཤིན་རྗེའི་གཤེད་པོ་གདུག་པའི་རྒྱལ། །གདུག་པའི་ཚོགས་རྣམས་མཆོག་སྒྲོལ་བདེན། །འགྲོ་ལ་མགོན་དུ་གྱུར་པས་ན། །དུག་དང་བདུད་རྩི་ཁྱད་མེད་པའི། །ཆོས་སྐུ་གདུག་པས་བརྒྱན་པའི་སྦྲུལ། །དབང་རྟགས་ཡེ་ཤེས་རྒྱན་དུ་བཞག །དུར་ཁྲོད་རྫས་དང་ཁྲག་འཐུང་བའི། །གཡང་གཞི་གླང་གི་པགས་ཆེན་བགོས། །སྔགས་ཀྱང་འདུག་འཇིགས་བྱེད་སྙིང་རྗེའི་དམ་ཚིག་ནི། །སྐྱེ་ཤི་རྩ་བ་གཅོད་མཛད་པ། །མི་གཡོ་མགོན་ཞེས་མཆོག་ཏུ་བསྒྲགས། །ང་རྒྱལ་ལག་གིས་འདུ་བྱེད་པ། །ང་རྒྱལ་འཕྲོག་པའི་དམ་ཚིག་སྟེ། །ཀུན་ཏུ་བཟང་པོའི་སྤྱོད་ཡུལ་ལ། །སྔགས་ཀྱི་སྙིང་པོ་དེ་ཉིད་ལ། །ཧཱུཾ་ཧཱུཾ་ཧཱུཾ་གིས་སྡུད་ཟ་འཐུང་། །རྡོ་རྗེ་ཐུགས་ཀྱི་བྱིན་རླབས་ཀྱིས། །ཧཱུཾ་མཛད་ཅེས་ནི་རྣམ་པར་བསྒྲགས། །


DNG010_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

མི་འབྱེད་གཏི་མུག་ཆེན་པོ་ནི། །ཉོན་མོངས་རྒྱ་མཚོ་བརྔུབ་པའི་ཕྱིར། །བྷནྡྷ་རློན་ཆེན་འཐུང་བར་སྣང་། །འཇིག་རྟེན་འབར་བའི་སྤྲིན་ཆེན་པོ། །བསྐལ་པ་ལས་ཀྱི་ཟིལ་གནོན་པ། །རྡོ་རྗེ་མེ་ཡི་འབར་བ་འབྱུང་། །ཉོན་མོངས་རྒྱ་མཚོ་སྐེམས་པར་བྱེད། །འཇིགས་བྱེད་ཐབས་ཀྱི་དམ་ཚིག་གིས། །བསམ་ཡས་འཇིག་རྟེན་འཁོར་ཡུག་བཅས། །རང་གི་སྐུ་ཡི་གཞལ་མེད་བསྡུས། །སྒྱུ་འཕྲུལ་དྲ་བའི་ཡེ་ཤེས་ནི། །ཟིལ་གྱིས་གནོན་པ་དུར་ཁྲོད་གླིང་། །ཚོམ་བུ་གཉིས་ཀྱི་ལྷ་ཆེན་པོ། །རྡོ་རྗེའི་སྐུ་ཡི་བྱིན་རླབས་ཀྱིས། །ཐིག་ལེ་མི་གཡོ་བདེ་བ་ལས། །རང་བཞིན་རོལ་པ་ཆེན་པོས་ནི། །རྡོ་རྗེ་ཕྲ་མེན་ཕོ་ཉའི་ཚོགས། །ཁམས་གསུམ་གདུལ་བར་ཡང་དག་མཛད། །ཧ་ནི་ཐིག་ལེ་ཞི་བ་ཉིད། །ཧ་ནི་ཐིག་ལེ་ཞི་ཁྲོ་སྙོམས། །ཧ་ནི་ཐིག་ལེ་དབང་ཆེན་ཡིན། །ཧ་ནི་ཐིག་ལེ་དྲག་པོ་ཉིད། །ཧ་ནི་ཐིག་ལེ་རོལ་པ་ཉིད། །ཧ་ནི་ཐིག་ལེའི་ཕྲིན་ལས་ཉིད། །ཧ་ནི་ཐིག་ལེས་ཆགས་དབང་འདུལ། །ཧ་ནི་ཐིག་ལེ་ལས་ཀུན་རྫོགས། །ཧེ་ནི་ཐིག་ལེ་ཡེ་ཤེས་ཐུགས། །ཧེ་ནི་ཐིག་ལེས་གསུང་སྙན་པ། །ཧེ་ནི་ཐིག་ལེས་ཚམ་རྔམས་ལྕེ། །ཧེ་ནི་ཐིག་ལེ་རོལ་པ་ཉིད། །ཧེ་ནི་ཐིག་ལེ་དབང་རྒྱ་ཡིན། །ཧེ་ནི་ཐིག་ལེ་དྲག་ཤུལ་པ། །ཧེ་ནི་ཐིག་ལེ་ཐུགས་ཆེན་རྫོགས། །ཧེ་ནི་ཐིག་ལེས་དཀྱིལ་འཁོར་པ། །འཇིགས་བྱེད་མཆོག་གི་སྒྱུ་འཕྲུལ་ཏེ། །དྲ་བས་ཟིལ་གནོན་ལམ་འགོག་གོ། །ཧཱུཾ་ནི་ཡེ་ཤེས་ཐུགས་ཀྱི་ཐུགས། །ཧཱུཾ་ནི་ཡེ་ཤེས་ཐུགས་སྐུ་ཉིད། །ཧཱུཾ་ནི་ཡེ་ཤེས་ཐུགས་སྐུ་གསུང་། །ཧཱུཾ་ནི་ཡེ་ཤེས་ཡིད་བཞིན་ལས། །ཧཱུཾ་ནི་ཐིག་ལེ་ཡེ་ཤེས་སོ། །ཕཊ་ནི་སྐུ་ཡི་ཐུགས་ཀྱི་ཐུགས། །ཕཊ་ནི་གསུང་གི་ཐུགས་ཀྱི་ཐུགས། །ཕཊ་ནི་ཐུགས་ཀྱི་ཐུགས་ཀྱི་ཐུགས། །ཕཊ་ནི་ཆོས་སྐུའི་སྐུ་ཡི་ཐུགས། །ཕཊ་ནི་ཆོས་སྐུའི་གསུང་གི་ཐུགས། །ཕཊ་ནི་ཆོས་སྐུའི་ཐུགས་ཀྱི་ཐུགས། །སྒྱུ་འཕྲུལ་དྲ་བས་དགྱེས་པ་ཧོ། །


DNG010_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཕྱུག་ཆགས་པས་དགྱེས་པ་ཧོ། །གར་ཐབས་རོལ་པས་དགྱེས་པ་ཧོ། །སྐུ་གསུང་ཐུགས་ལྡན་དགྱེས་པ་ཧོ། །ཡོན་ཏན་ལས་ཀྱིས་དགྱེས་པ་ཧོ། །ཕོ་ཉ་འདུ་འཕྲོས་དགྱེས་པ་ཧོ། །ཀུན་ལ་སྣང་བས་དགྱེས་པ་ཧོ། །བྱིན་གྱིས་རླབས་ཀྱིས་དགྱེས་པ་ཧོ། །ཆོས་ཀྱི་སྐུ་ལ་དགྱེས་པ་ཧོ། །ཡེ་ཤེས་རོལ་པས་དགྱེས་པ་ཧོ། །ཅི་ཡང་མིན་པས་དགྱེས་པ་ཧོ། །གནོད་པ་སྤུད་ལས་དགྱེས་པ་ཧོ། །ཆོས་ཀྱི་དབྱིངས་ཉིད་དགྱེས་པ་ཧོ། །དེས་དགྱེས་པ་ཆེན་པོ་ཉིད་ལ་ཉིད་ཤིན་ཏུ་དགྱེས་པར་གྱུར་ཏེ། ཆོས་ཐམས་ཅད་གཅིག་གི་རང་བཞིན་དུ་གྱུར་ཏོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་སྟོང་ཕྲག་བརྒྱ་པ་ལས། དགྱེས་པ་ཆེན་པོས་བྱིན་རླབས་དང་། ཡོན་ཏན་གྱི་ཚོགས་སྟོན་པའི་ལེའུ་སྟེ་སོ་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས། འཇིགས་བྱེད་ཀྱི་བསོད་ནམས་སྦྱིན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཆེད་དུ་བརྗོད་པ་འདི་བརྗོད་དོ། །འཁོར་ལོ་བར་ཁྱམས་སྒོ་རྣམས་སུ། །འཇིགས་བྱེད་འཁོར་ལོ་རིགས་ཀྱི་གཙོ། །བཙུན་མོའི་ཚོགས་དང་ལྡན་པར་བསྒོམ། །ཞི་དང་དྲག་པོ་དབང་དང་རྒྱས། །འཇིགས་པའི་ཚོགས་ཆེན་དེ་དབུས་སུ། །ལུས་ངག་ཡིད་གསུམ་བྱིན་བརླབས་ནས། །བདག་ཉིད་དྲག་པོར་བཅོས་ཚུལ་དུ། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་བསྒོམ། །འཁོར་ལོ་བར་ཁྱམས་སྒོ་རྣམས་སུ། །འཇིགས་བྱེད་རྡོ་རྗེ་རིགས་ཀྱི་གཙོ། །བཙུན་མོ་འཛིན་པའི་ཚོགས་དང་བཅས། །ཁྲོ་མོའི་ཚོགས་དང་ལྡན་པར་བསྒོམ། །ཞི་དང་དྲག་པོ་དབང་དང་རྒྱས། །འཇིགས་པའི་ཚོགས་ཆེན་དེ་དབུས་སུ། །ལུས་ངག་ཡིད་གསུམ་བྱིན་བརླབས་ནས། །བདག་ཉིད་དྲག་པོར་བཅོས་ཚུལ་དུ། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་བསྒོམ། །འཁོར་ལོ་བར་ཁྱམས་སྒོ་རྣམས་སུ། །འཇིགས་བྱེད་རིན་ཆེན་རིགས་ཀྱི་གཙོ། །བཙུན་མོ་འཛིན་པའི་ཚོགས་དང་བཅས། །ཁྲོ་མོའི་ཚོགས་དང་ལྡན་པར་བསྒོམ། །ཞི་དང་དྲག་པོ་དབང་དང་རྒྱས། །འཇིགས་པའི་


DNG010_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཆེན་དེ་དབུས་སུ། །ལུས་ངག་ཡིད་གསུམ་བྱིན་བརླབས་ནས། །བདག་ཉིད་དྲག་པོར་བཅོས་ཚུལ་དུ། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་བསྒོམ། །འཁོར་ལོ་བར་ཁྱམས་སྒོ་རྣམས་སུ། །འཇིགས་བྱེད་པདྨ་རིགས་ཀྱི་གཙོ། །བཙུན་མོ་འཇིགས་པའི་ཚོགས་དང་བཅས། །ཁྲོ་མོའི་ཚོགས་དང་ལྡན་པར་བསྒོམ། །ཞི་དང་དྲག་པོ་དབང་དང་རྒྱས། །འཇིགས་པའི་ཚོགས་ཆེན་དེ་དབུས་སུ། །ལུས་ངག་ཡིད་གསུམ་བྱིན་བརླབས་ནས། །བདག་ཉིད་དྲག་པོར་བཅོས་ཚུལ་དུ། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་བསྒོམ། །ཡང་ན་རིགས་དབང་དཀྱིལ་འཁོར་རོ། །འཁོར་ལོ་བར་ཁྱམས་སྒོ་རྣམས་སུ། །འཇིགས་པའི་ཕྲིན་ལས་རིགས་ཀྱི་གཙོ། །བཙུན་མོ་འཇིགས་པའི་ཚོགས་དང་ བཅས། །ཁྲོ་མོའི་ཚོགས་དང་ལྡན་པར་བསྒོམ། །ཞི་དང་དྲག་པོ་དབང་དང་རྒྱས། །ལས་བཞིའི་དཀྱིལ་འཁོར་རྫོགས་པར་དགོད། །འཇིགས་པའི་ཚོགས་ཆེན་དེ་དབུས་སུ། །ལུས་ངག་ཡིད་གསུམ་བྱིན་བརླབས་ནས། །བདག་ཉིད་དྲག་པོར་རབ་གནས་ནས། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་བསྒོམ། །འཇིགས་བྱེད་ལྔ་རྫོགས་དཀྱིལ་འཁོར་ནི། །ཉི་ཤུ་རྩ་ལྔ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྫོགས་པར་བསྒོམ། །རྒྱན་དང་ཆ་ལུགས་ལ་སོགས་པ། །འཇིགས་པའི་ཚོགས་ནི་ཇི་བཞིན་པར། །ཚམ་རྔམས་ཆེན་པོའི་ཆ་ལུགས་བསྒོམ། །གླུ་དང་གར་དང་ཕྱག་རྒྱ་དང་། །ཤེས་རབ་ཐབས་སུ་ཤེས་པ་དང་། །བྱང་ཆུབ་སེམས་ཀྱི་མཆོད་པ་དང་། །བདའ་ལ་སོགས་པའི་ཡོན་ཏན་དང་། །བཟའ་དང་བཅའ་དང་བཏུང་དང་བགོ། །ལོངས་སྤྱོད་ལྔ་ལྡན་ཐམས་ཅད་ཀྱིས། །མདོར་ན་ཚོགས་རྣམས་མངོན་དུ་སྒྲུབས། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། འཇིགས་བྱེད་ཆེན་པོའི་བསོད་ནམས་སྦྱིན་པ་དམ་ཚིག་གི་ལེའུ་སྟེ་སོ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས། ཆོ་


DNG010_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ག་དང་དཀྱིལ་འཁོར་ཡོངས་སུ་ཤེས་པར་བྱ་བའི་ཕྱིར། ཆེད་དུ་བརྗོད་པ་འདི་བརྗོད་དོ། །དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས། །ཆོས་དབྱིངས་རྣམ་དག་དཀྱིལ་འཁོར་རོ། །གསང་སྔགས་སྤྱི་ཡི་དཀྱིལ་འཁོར་ལས། །ཤེས་འཇུག་ཡུལ་གྱི་དཀྱིལ་འཁོར་བསྒོམ། །རྒྱང་གྲགས་དཔག་ཚད་ལ་སོགས་དང་། །ལུས་གང་ལུས་དོ་གསུམ་གྱི་ཚད། །རང་གི་རིག་པས་ཅི་ནུས་པར། །སྒྱུ་འཕྲུལ་དྲ་བའི་དཀྱིལ་འཁོར་བསྒོམ། །གནོད་བསྐྲད་ས་གནོན་བྱིན་གྱིས་བརླབ། །ལྗོན་པ་ལྕུག་ཕྲན་སྡོང་གཅིག་དང་། །མེ་རེག་མཚོན་གྱིས་ཇི་བཞིན་དུ། །གོམས་པར་བྱ་བའི་ཏིང་འཛིན་དབབ། །འཇིགས་བྱེད་སྐུ་གསུང་ཐུགས་འཁོར་བཟླས། །གནས་དང་ཟླ་དང་རྫས་རྣམས་ནི། །ཚོགས་ཀྱི་མཆོག་ཏུ་དམིགས་པས་གཞག །དང་པོར་མཆོད་སྦྱིན་དམ་པས་མཆོད། །གཟུགས་དང་ལུགས་ཆེན་དུང་མཆོག་ནི། །ཅི་འདོད་སྣང་བར་བདག་གིས་དགོད། །འཇིགས་བྱེད་དབང་དུ་བདག་ཞུགས་ནས། །ཁྲོ་མོ་ཇི་སྙེད་འཁོར་དུ་བྱ། །བར་ཆད་ཏིང་འཛིན་མཆོག་གིས་བཟློག །གསང་བའི་སྙིང་པོར་ཉིད་བཤམས་ཏེ། །འདས་པ་བདག་ཏུ་མཉམ་སྦྱར་ཞིང་། །ཐུགས་ཀྱི་སྔགས་ཀྱིས་སྤྱན་དྲངས་ནས། །བདག་གི་ལུས་ལ་ཞུགས་ཚུལ་དུ། །དེ་ཡི་གཟུགས་གཟུང་མཆོག་ཏུ་བསྡིམ། །ཛཿཞེས་ལན་གསུམ་བརྗོད་པས་ན། །དེ་ཉིད་བསོད་ནམས་ལུས་ཐོབ་ཅིང་། །ཡེ་ཤེས་ལྔ་ཡི་དངོས་གྲུབ་སྦྱིན། །ཕོ་ཉ་འཕྲོ་འདུ་མང་པོ་རྣམས། །དེ་ཡི་དགོས་པ་བྱེད་པར་གྱུར། །ཡང་ན་ས་གཞི་རབ་བསྙམས་ལ། །ཕྱག་རྒྱ་གཟུགས་དང་སྙིང་པོ་རྣམས། །ལྔ་ཡི་ཚོན་གྱིས་བྲི་བར་བྱ། །དཀར་རྩི་དམར་རྩི་དྲི་ཤ་ཆེན། །རྡོ་རྗེ་དུང་ཆེན་དམར་རྩིས་དགང་། །དུང་དང་སྲོག་ཤིང་གསར་རྙིང་དང་། །ཞིང་གྱུར་མཆོག་དང་མཆོག་ཕྲན་དང་། །ཇི་སྙེད་པ་ཡི་རྫས་རྣམས་ཀུན། །འཇིགས་བྱེད་ཆེན་པོའི་ཏིང་འཛིན་དང་། །ཉམས་པ་མེད་པའི་སེམས་ཀྱིས་སྤྱད། །སྒྱུ་འཕྲུལ་དྲ་བའི་དཀྱིལ་འཁོར་ལས། །གདེང་དང་བཅས་པའི་


DNG010_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་པ་ཡིས། །རེ་བ་མེད་པར་རབ་ཏུ་བསྒྲུབ། །བསྙེན་པ་དང་ནི་ཉེ་བསྙེན་པ། །སྒྲུབ་པ་དང་ནི་སྒྲུབ་ཆེན་པོས། །ཞག་ནི་ཚང་ཞིང་རྟགས་བྱུང་ན། །དཀྱིལ་འཁོར་མཐུན་པ་ཉིད་དུ་སྦྱར། །ཞག་ནི་སུམ་ཅུ་ཕྲག་དྲུག་གམ། །དྲུག་ཅུ་དགུ་བཅུ་རྩ་དྲུག་ཏུ། །འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་བསྒོམ། །འཇིགས་བྱེད་ཚོགས་ལ་བདག་ལུས་དབུལ། །དེ་ཉིད་དཀྱིལ་འཁོར་ཉིད་དུ་བརྟག །འདའ་བར་མི་མཛད་དམ་ཚིག་ལས། །ནམས་ཀྱང་འདའ་བར་མི་མཛད་དོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། དགྱེས་པ་ཆེན་པོའི་དཀྱིལ་འཁོར་དམ་ཚིག་གི་ལེའུ་སྟེ་སོ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས། སྔགས་ཀྱི་སྙིང་པོ་འདི་ཆེད་དུ་བརྗོད་དོ། །སྔགས་སོར་གཞག་ཨ་ཀི་དུ་ན་ཛྭ་ལ་མཎྜ་ལ་ཕཊ་ཕཊ་ཕཊ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀྲོ་ཏི་རི་ཧེ་ཤ་ཧཱུཾ་ཕཊ། ཨོཾ་མ་ཧཱ་བཛྲ་ཤྲཱི་ཧེ་རུ་ཀ་བཛྲ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་སརྦ་དུཥྚཱན་ཧཱུཾ་ཕཊ། རུ་ལུ་མ་ཧཱ་ས་མ་ཡ་ཧཱུཾ། རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཧཱུཾ་ཕཊ། རུ་ལུ་མ་ཧཱ་ས་མ་ཡ་ཧཱུཾ།རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཨོཾ་རཏྣ་མ་ཧཱ་ཤྲཱི་ཧེ་རུ་ཀ་རཏྣ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་བྷི་དྷ་མུ་ཁ་ཧཱུཾ་ཕཊ། རུ་ལུ་མ་ཧཱ་ས་མ་ཡ་ཧཱུཾ། རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཨོཾ་ཧྲཱྀཿཔདྨ་མ་ཧཱ་ཤྲཱི་ཧེ་རུ་ཀ་པདྨ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཁཱ་ཧི་ཧཱུཾ་ཕཊ། རུ་ལུ་མ་ཧཱ་ས་མ་ཡ་ཧཱུཾ། རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཨོཾ་ཀརྨ་མ་ཧཱ་ཤྲཱི་ཧེ་རུ་ཀ་སརྦ་ཨ་མོ་གྷ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་བི་ཤྭ་རཱུ་བི་ཧཱུཾ་ཕཊ།རུ་ལུ་མ་ཧཱ་ས་མ་ཡ་ཧཱུཾ། རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཨོཾ་མ་ཧཱ་སརྦ་ཏ་ཐཱ་ག་ཏ་བཛྲ་རཏྣ་པདྨ་ཨ་མོ་གྷ་མ་ཧཱ་བཛྲ་ཤྲཱི་ཧེ་རུ་ཀ་མ་ཧཱ་ས་མ་ཡ་ཧ་ཧེ་ཧཱུཾ་ཕཊ། རུ་ལུ་རུ་ལུ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཤྲཱི་ཧེ་རུ་ཀ་མནྟྲ་ཛྭ་ལ་མ་ཧཱ་མཎྜ་ལ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨོཾ་ཨོཾ་ཨོཾ་ཨོཾ། ཧཱུཾ་ཧཱུཾ་ཧཱུཾ།་། ཨཱཾ་ཨཱཾ་ཨཱཾ། ཧཱཾ་ཧཱཾ་ཧཱཾ། བཛྲ་མ་ཧཱ་ཀཱ་པཱ་ལ་ཁཌྒ་དཎྜ་ན་ཛྭ་ལ་སིཌྜྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཨ་མ་དུ་མེ་སིདྡྷོ་ཌྜྷ་བེ། སཾ་ཧ་ར་ཎ་ཧཱུཾ་ཧཱུཾ་ཧཱུཾ། མ་ཧཱ་ཡོ་ག་ཨཌྜྷ་མ་ཧཱ་ས་མ་ཡ། རུ་ལུ་རུ་ལུ་ཨ་ལ་ལ་ཧོ།


DNG010_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

ཧོ་སེམས་ཉིད་ཐིག་ལེར་རབ་གནས་པའི། །དཀྱིལ་འཁོར་བཞི་བཅུ་གཉིས་ཉིད་རྫོགས། །སངས་རྒྱས་རྡོ་རྗེ་ཧེ་རུ་ཀ །ཚོམ་བུའི་དཀྱིལ་འཁོར་བསམ་ཡས་ཀྱིས། །སྐུ་གསུང་ཐུགས་སུ་བདག་སྦྱོར་ཅིག །ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་ཧོཿ། ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་སྟྭཾ། ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་ཕཊ། ཨོཾ་ཨཱཾ་ཧཱུཾ། སུ་ར་ཏི་སྟྭཾ། ཀ་མ་ལ་མ་ཧཱ་སུ་ཁ་མཱ་ལི་མ་ནུ་ས་མ་ན་ཛྭ་ལ་ནི་དྷཱ་ན། བི་དུན་ཡིན་ནམ། ཨ་བ་ཡོ་ག་ཁཱ་ཧི། ཨ་ལ་ལ་ཧོ། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། འཇིགས་བྱེད་ཆེན་པོའི་སྔགས་ཀྱི་བཟླས་པ་སྙིང་པོ་འབྱུང་བ་ཞེས་བྱ་བའི་ལེའུ་སྟེ་སོ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོའི་དམ་ཚིག་ཆེན་པོས། ཕུང་པོ་དང་ཁམས་དང་སྐྱེ་མཆེད་སྦྱིན་པའི་ཏིང་འཛིན་ལ་སྙོམས་པར་ཞུགས་ཏེ། གདུག་པའི་ཚོགས་བྱིན་གྱིས་རློབས་པ་ཞེས་བྱ་བ་འདི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ ལས་ཕྱུང་ངོ་། །ཨཱོཾ་སརྦ་ཏ་ཐཱ་ག་ཏ་པདྨ་ས་མ་ཡོ་གི་ནཱི་ཛཿ། ཞེས་བརྗོད་པས།འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད། དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་སྙིང་པོ་ཀུན་ཏུ་པདྨར་གྱུར་ཏེ། དབུ་དགུ་ཕྱག་བཅོ་བརྒྱད་པ་ལས།དབུ་དང་ཕྱག་དང་ཞབས་སྟོང་ཁམས་ཀྱི་རྡུལ་སྙེད་དུ། སྲིད་པའི་རྩེ་མོར་ཐུག་པར་གནས་པར་གྱུར་ཏོ། །དེ་ནས་ཡང་དཀྱིལ་འཁོར་ཆེན་པོ་རྫོགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རི་རབ་ཆེན་པོ་བརྐྱང་བསྐུམ་གྱི་ཚུལ་གྱིས་འདྲིལ་ཞིང་། ཨཱོཾ་ཨ་བྷི་ཙ་ར་བ་ཤི་ན་ཞེས་བརྗོད་པས། ལྷའི་ཚོགས་དང་། ཀླུའི་ཚོགས་དང་། གནོད་སྦྱིན་ཆེན་པོ་དང་། སྲིན་པོ་དང་། མི་དང་མི་མ་ཡིན་པ་ཇི་སྙེད་པ་ཐམས་ཅད་རང་དབང་མེད་པར་ཞབས་ལ་འདྲིལ་བའི་འོག་ཏུ་གནས་པར་གྱུར་ཏོ། །དེ་ནས་ཡང་ཧ་ཧ་ཨ་བྷི་ཙ་ར་ཏིཥྛ་ཞེས་བརྗོད་པས།ལ་ལ་ནི་ལུས་ཤིན་ཏུ་བརྗེས་ཏེ་རི་རབ་ཆེན་པོའི་འོག་ཏུ་གནས་པར་གྱུར་ཏོ། །ལ་ལ་ནི་མངོན་སུམ་ཅན་མར་རི་རབ་ཆེན་པོའི་འོག་ཏུ་གནས་པར་གྱུར་ཏོ། །དེ་ནས་ཡང་ས་འཛིན་གྱི་རྒྱལ་པོ་ཞེས་བྱ་བ་གདུག་ཅིང་ཞེ་སྡང་ཆེ་བ།


DNG010_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

དད་པ་མེད་ཅིང་རྡོ་རྗེའི་ཐེག་པ་སྨོད་པ་ཞིག །ཡོངས་ཀྱི་འཇིག་རྟེན་ན་གནས་པ་མཁྱེན་ཏོ། །མཁྱེན་ནས་ཏིང་འཛིན་དེ་ལས་བཞེངས་ནས། ཨཱོཾ་པདྨ་ས་མ་ཡོ་གི་ནཱི་རུ་ལུ་རུ་ལུ་རུ་ལུ་ཧཱུཾ། ཞེས་བརྗོད་པས། ཀུན་ཏུ་སྐུ་ཆགས་པའི་བདག་ཉིད་དང་། ཀུན་ ཏུ་གསུང་ཆགས་པའི་ཆ་ལུགས་དང་། ཀུན་ཏུ་ཐུགས་ཆགས་པར་གྱུར་པ་དང་།ཀུན་ཏུ་རིན་པོ་ཆེ་ཆགས་པ་ཆེན་པོ་དང་། ཀུན་ཏུ་ཕྲིན་ལས་ཆགས་པ་ཆེན་པོར་གྱུར་ཏེ། ཤར་དང་། ལྷོ་དང་། ནུབ་དང་། བྱང་དང་། དབུས་ཆེན་པོར་ཁྲག་གི་རྦ་ཀློང་། ཀེང་རུས་ཆེན་པོའི་རི་རབ་ཆེན་པོ་ན་དུས་ཀུན་དང་དེ་ཉིད་དུ་སྣང་བར་གྱུར་ཏོ། །དེ་ཡང་ཀུན་ཏུ་སྐུ་ལྔ་འཇིགས་པའི་གཟུགས་བསམ་གྱིས་མི་ཁྱབ་པ་དང་། ཀུན་ཏུ་གསུང་ལྔའི་ང་རོ་བསམ་གྱིས་མི་ཁྱབ་པ་དང་། འཇིགས་བྱེད་བསམ་གྱིས་མི་ཁྱབ་པ་དང་། ཀུན་ཏུ་ཐུགས་ལྔའི་རོལ་པ་དང་། ཞལ་བསམ་གྱིས་མི་ཁྱབ་པས་འཇིགས་པ་དང་། རིགས་ལྔ་ཚོམ་བུ་ཆེན་པོའི་སྟེང་དུ་གནས་པར་གྱུར་ཏོ། །དེ་ལས་མཆོག་གི་སྙིང་པོ་ཆེན་པོ། མ་ཧཱ་རཏྣ་ཏི་ལ་ཀའི་དབུར་གྱུར་པ་ལས། རབ་ཏུ་སྐུ་གསུང་ཐུགས་སྤྲས་པའི་གཞལ་མེད་ཁང་ན།འཇིགས་བྱེད་ཆེན་པོའི་ཐིག་ལེའི་སྙིང་པོ་ཉིད་དབུ་གསུམ་ཕྱག་དྲུག་ཏུ་གནས་ཏེ་གཉིས་སུ་མེད་པར་བཞུགས་སོ། །དེ་ནས་དེ་ཉིད་དུ་སྐུ་དང་དབུ་དང་ཕྱག་དང་ཞབས་དང་འཁོར་སྟོང་ཁམས་ཀྱི་རྡུལ་སྙེད་དུ་འཇིགས་བྱེད་ཆེན་པོ་བསམ་གྱིས་མི་ཁྱབ་པས་ཁེབས་པར་མཐོང་ངོ་། །དེ་ནས་ཡང་བདུད་ཆེན་པོ་ས་འཛིན་གྱི་རྒྱལ་པོས། སྐྱེས་བུ་ཆེན་པོ་ས་འཛིན་གྱི་བདག་པོ་ཐོང་ཐོང་དེ་ལྟ་བུ་བྱེད་དམ་ཞེས་པ་ལས། དེ་ནས་ཡང་དགྱེས་པ་ཆེན་པོའི་བདག་ཉིད་ཀྱིས། ཨཱོཾ་ཨ་བྷི་ཙ་ར་པ་ཤི་ན། ཧཱུཾ་ཧཱུཾ་ཧཱུཾ། ཞེས་བརྗོད་པས། དམ་པའི་བསྟན་པ་རྡོ་རྗེའི་ཐེག་པ་སྨོད་ཅིང་འགྲོ་བའི་རྣལ་འབྱོར་པ་ལ་གནོད་པའི་ཚོགས་འཁོར་བསམ་གྱིས་མི་ཁྱབ་པ་དང་། གཡོག་དང་ཡང་གཡོག་ཏུ་བཅས་པའི་བདུད་ཆེན་པོ་དེ་དག་ཉིད་ཀྱི་


DNG010_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ཀྱིས་གདུངས་ཏེ། རབ་ཏུ་བརྒྱལ་ནས། མ་མཐོང་བར་རྨོངས་པའི་གནས་རང་དབང་མེད་ཅིང་དྲན་པ་མེད་པར། ཀེང་རུས་ཀྱི་རི་རབ་ཆེན་པོའི་འོག་ཞབས་ཀྱི་གནས་སུ་ཕྱིན་པར་གྱུར་ཏོ། །དེ་ནས་འཇིགས་བྱེད་ཆེན་པོས་ཏིཥྛ་བཛྲ། ཨཱཾ་ཨཱཾ་ཞེས་པས། གདུག་པའི་བློ་དང་བྲལ། མི་མཐུན་པའི་ལུས་བརྗེས་ཏེ། ལྷ་ཆེན་པོའི་ཚོགས་འདུལ་བའི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཆེན་པོར་གནས་པར་གྱུར་ཏོ། །དེ་ནས་དགྱེས་པ་ཆེན་པོའི་དཔལ་འཇིགས་བྱེད་ཆེན་པོས་དེ་དག་གི་དཀྱིལ་འཁོར་སྒྱུ་འཕྲུལ་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་དང་ཡོན་ཏན་དང་ཕྲིན་ལས་ལས་ཐུགས་ཀྱི་དཀྱིལ་འཁོར་ཐིག་ལེ་ཆེན་པོ་ཞེས་བྱ་བ་འདི། ཉིད་ཀྱི་རྡོ་རྗེ་ཐིག་ལེ་ཆེན་པོའི་དམ་ཚིག་སྒྱུ་འཕྲུལ་དྲ་བ་ལས་ཕྱུང་ངོ་། །ཨཱོཾ་ཁྲག་མང་རྦ་ཀློང་འཁྱིལ་པ་ཡི། །ཀེང་རུས་ཚོགས་ཀྱི་རི་རབ་འབུམ། །འདུས་པའི་ཚོམ་བུ་ལྔ་ཡི་རི། །འཁོར་ལོ་རྩིབས་བཞི་འབར་བའི་ཁང་། །གྲུ་ཆད་བཞིས་བརྒྱན་རབ་བརྗིད་པའི། །གྲུ་བཞི་སྒོ་ཁྱུད་བཞི་དང་ལྡན། །འབར་བའི་བར་ཁྱམས་གཉིས་ཀྱིས་མཛེས། །ཐོད་སྦྲུལ་སྣ་ཚོགས་ཉི་ཟླས་བརྗིད། །ཏ་ན་མང་པོ་ལྷ་ཆེན་བརྟན། །དགྱེས་པ་ཆེན་པོ་ཀུན་ཏུ་བཟང་། །ཕྱག་དང་ཞབས་ནི་བརྒྱན་པ་ཡི། །ཐོད་སྦྲུལ་སྣ་ཚོགས་ཉི་ཟླས་བརྗིད། །འཇིགས་བྱེད་ཆེན་པོ་ཁྲག་འཐུང་བའི། །རྡོ་རྗེ་སྙིང་པོ་ཐིག་ལེའི་ཐུགས། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །ཁྲོ་མོ་བཞིས་མཆོད་ངོས་བཞིར་ནི། །དགྱེས་པ་ཆེན་པོའི་ཚུལ་འཆང་བ། །ཕྱོགས་བཞིར་གྲྭ་དང་བཅས་པར་ནི། །སྤྲུལ་པའི་རྣལ་འབྱོར་ཕྲ་མེན་རྣམས་། །རི་རབ་ཞིང་ཆེན་སྟེང་ན་གནས། །འབར་བའི་ཕྱག་བསྣམས་ཆེན་པོ་ནི། །རྡོ་རྗེ་དུང་ཆེན་གང་བ་དང་། །པདྨའི་གཞལ་མེད་རྔེའུ་ཆུང་བརྡུང་། །ཞིང་གི་ཞགས་པས་འཆིང་བ་དང་། །ཁ་ཊྭཱཾ་འཕེན་ཅིང་འཁྲིལ་བ་སྟེ། །བཙུན་མོ་འཛིན་པའི་ཚོགས་དང་བཅས། །གནས་དང་ཡུལ་གྱི་ཕྱག་རྒྱ་དང་། །སྒོ་བཞིར་


DNG010_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་རབ་མཛེས་པར། །བྲན་མོའི་ཚོགས་ཆེན་མང་པོ་རྣམས། །འཇིགས་པའི་གཟུགས་ཀྱིས་གནས་པར་བྱེད། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གདུག་པའི་ཚོགས་བྱིན་གྱིས་རློབས་པ་ཞེས་བྱ་བའི་ལེའུ་སྟེ་སོ་ལྔ་པའོ།། །།དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་དགོངས་པ་གཅིག་ཏུ་གྱུར་ནས། དེ་བཞིན་གཤེགས་པ་ཉིད་དེ་བཞིན་གཤེགས་པ་ཉིད་ལ་ཆེད་དུ་བརྗོད་པ་འདི་བརྗོད་དོ། །བྱེད་པ་རྡོ་རྗེ་མཆོག་ཉིད་ཀྱིས། །སྒྱུ་འཕྲུལ་ལམ་གྱི་དཀྱིལ་འཁོར་ལས། །དྲ་བའི་དཀྱིལ་འཁོར་མངོན་རྫོགས་པར། །འཇུག་པའི་ཡིད་ཀྱི་དགོངས་པ་ཡིན། །ཤིན་ཏུ་ཕྲ་ལས་སྦྱངས་པ་ནི། །དཀྱིལ་འཁོར་བཞི་བཅུ་གཉིས་ཀྱིས་མཛེས། །ཚོམ་བུ་གཉིས་ཀྱི་བྱེ་བྲག་ཏུ། །སྤྲོ་ཞིང་བསྡུ་བའང་དེ་བཞིན་ནོ། །ཡིད་དུ་འོང་བའི་ས་གཞིར་ནི། །རྐང་མཐིལ་ཐིག་གདབ་དཀྱིལ་འཁོར་བྲི། །ཨཱོཾ་དང་མཱུཾ་གྱི་དཀྱིལ་འཁོར་བསྒོམ། །དེ་ལ་རྡོ་རྗེ་ཕྲ་མོས་གང་། །ཕྲ་རབ་ས་བསྡུས་མཐིལ་དུ་གཟུང་། །ཡུམ་གྱི་ཚོགས་སུ་གསལ་བར་བརྟག །གང་གི་ཡུལ་ཡང་དབང་དུ་འགྱུར། །མི་མཐུན་གཟུགས་སུ་བརྟག་པ་ནི། །དྲ་བའི་འདུ་འཕྲོས་དེ་ལུས་བཞུ། །ལུགས་མ་བཞིན་དུ་ཧཱུཾ་དུ་བརྟག །དེ་ལས་འོད་བཞིན་མཐིལ་དུ་གཟུང་། །གསང་གནས་ངག་ལམ་ཧཾ་དུ་བྱ། །རླུང་ལྷའི་སྟེང་དུ་མཁས་པས་གཞག །དྲག་པོ་ལྕེ་ཡི་སྦྱོར་བ་ཡིས། །གླིང་ཁམས་གཞན་དུ་ཤིན་ཏུ་གཏང་། །བདག་ཉིད་ཧཱུཾ་གི་ཚོགས་བཅས་པ། །མ་སྐྱེས་པ་ཡི་ཡི་གེར་བསྒོམ། །བྱ་བ་ཆོས་ཁམས་དེ་ཡི་ཚོགས། །མཱུཾ་དུ་བྱིན་བརླབས་ཡི་གེར་བསྡིམ། །བརྟན་པ་ཨ་ཡི་འཕྲོ་འདུ་ཡིས། །ནམ་མཁའ་བཞིན་དུ་ཤིན་ཏུ་བསྒོམ། །བརྟན་འགྱུར་ཨ་ཡི་སྙིང་པོ་བཟླས། །ཉམས་སུ་ལོན་པར་མ་གྱུར་ཚེ། །འཇུག་པའི་ཡིད་དང་ཉམས་སུ་སྦྱོར། །དང་པོའི་གནས་སུ་ཤེས་པ་དང་། །རྣམ་པ་མང་པོར་མཉམ་དུའོ། །དེ་ལས་མི་སྣང་གཟུགས་ཞི་བ། །རབ་


DNG010_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བློ་ཡི་ཐེག་གནས་ནི། །གཞན་དུ་ནམས་ཀྱང་མི་བསྟན་ཅིང་། །ཞོན་དང་སྤྱད་དང་འཚོང་ལ་སོགས། །ལོངས་སྤྱོད་རྣམ་པར་སྦྱོར་བ་དང་། །རྫས་ཀྱི་ནོར་ཕྱིར་མ་ཡིན་ནོ། །རྨོངས་ལ་འཕྱར་དང་བརྩོན་འགྲུས་ཞན། །ནམས་ཀྱང་སྦྱིན་པར་མ་གསུངས་ཏེ། །སྨད་པ་བམ་གྱི་གཏེར་བཞིན་དུ། །སུས་ཀྱང་ཕྱིན་པར་མ་གསུངས་པ། །སྲོག་ཆད་ཁ་ཡི་གཏམ་བཞིན་དུ། །ནམས་ཀྱང་སྨྲ་བར་མི་བྱའོ། །བྱེད་པ་རྡོ་རྗེ་ཀྵ་ཡི་ཚོགས། །བཞི་བཅུ་རྩ་བཞིའི་གླེང་གཞིའི་ལམ། །ཀུན་ཏུ་བཟང་པོ་ཐབས་ཚུལ་པ། །ཚོམ་བུ་གསུམ་གྱི་ལྷ་རྣམས་བསྒོམ། །ཆོས་ཁམས་བྱ་བ་ཨ་ཡི་ཚོགས། །བཞི་བཅུ་རྩ་གཉིས་གླེང་སློང་བ། །ཀུན་ཏུ་བཟང་མོ་ཤེས་རབ་ཚུལ། །ཀཱ་ལ་ཡེ་ཤེས་ཐུགས་ཀྱི་ཐུགས། །ཚོམ་བུ་གསུམ་གྱི་ལྷ་རྣམས་བསྒོམ། །དེ་ཡི་ཆོས་ཁམས་ཨ་ལ་བསྡིམ། །ཆོས་ཀྱི་ཆོས་ཉིད་བྱ་བའི་དབྱིངས། །ཀུན་ཏུ་བཟང་མོ་བདེ་བའི་ཡུམ། །དེ་ཡི་ངང་དུ་ཚོགས་ཀུན་བརྟག །ས་ཆུ་མེ་རླུང་འབྱུང་བ་རྣམས། །དེ་ཡི་དབྱིངས་ནས་འབྱུང་བ་ནི། །འདོད་པའི་བདག་ལ་ཤིན་ཏུ་བརྟག །མི་གནས་ནམ་མཁའི་མཐའ་ཀླས་པར། །གོམ་པས་འདོད་པར་འདོད་པ་དང་། །ཆུ་ལ་ས་བཞིན་འགྲོ་བ་དང་། །བསྲེག་བྱ་འབར་བའི་དབུས་གནས་དང་། །ཚ་བ་རླུང་གིས་བཏེག་ནས་ཀྱང་། །ཕྱོགས་བཅུ་ཀུན་ཏུ་ཕྱིན་པར་འགྱུར། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། རྡོ་རྗེ་སྙིང་པོ་ལས་ཐམས་ཅད་ཀྱི་ལེའུ་སྟེ་སོ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས། གསང་བའི་སྙིང་པོ་འདི་བརྟན་པར་འཛིན་པའི་དོན་ཆེད་དུ་བརྗོད་པ་འདི་བརྗོད་དོ། །དེ་ཉིད་ཆོས་དབྱིངས་མཉམ་སྦྱོར་བས། །སངས་རྒྱས་ཀུན་བདག་བྱིན་གྱིས་བརླབ། །ཀྵ་ལཾ་ཨ་ཡི་ཚོན་འདི་མན་གྱི་ལཾ་འདི་རྣམས་ལ་ལས་ཞེས་དང་ཚོན་ཞེས་པ་རྣམས་ལ་ཚོགས་ཞེས་པའང་འདུག་བཞིན་དུ། །སྒྱུ་འཕྲུལ་དྲ་བའི་ཏིང་འཛིན་བསྒོམ། །ལུགས་སུ་བླུགས་པ་བཞིན་དུ་ནི། །དེ་ཉིད་ཡིད་ལམ་མཆོག་གྲུབ་པའོ། །དེ་ཉིད་གསལ་བར་མཉམ་


DNG010_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་ལས། །སངས་རྒྱས་ཀུན་བདག་བྱིན་གྱིས་བརླབ། །ཨཱོཾ་ལཾ་ཨ་ཡི་ཚོན་བཞིན་དུ། །སྒྱུ་འཕྲུལ་དྲ་བའི་དཀྱིལ་འཁོར་བསྒོམ། །ལུགས་སུ་བླུགས་པ་བཞིན་དུ་ནི། །དེ་ཉིད་གཟུགས་ལམ་མཆོག་གྲུབ་པའོ། །དེ་ཉིད་མཉམ་ཉིད་མཉམ་སྦྱོར་ལས། །སངས་རྒྱས་ཀུན་བདག་བྱིན་གྱིས་བརླབ། །་ལཾ་ཨ་ཡི་ཚོན་བཞིན་དུ། །སྒྱུ་འཕྲུལ་དྲ་བའི་དཀྱིལ་འཁོར་བསྒོམ། །ལུགས་སུ་བླུགས་པ་བཞིན་དུ་ནི། །དེ་ཉིད་ཁྱད་པར་ལམ་མཆོག་གོ། །ཆོས་དབྱིངས་རྟོགས་པ་མཉམ་སྦྱོར་ལས། །སངས་རྒྱས་ཀུན་བདག་བྱིན་གྱིས་བརླབ། །ཨཱོཾ་ལཾ་ཨ་ཡི་ཚོན་བཞིན་དུ། །སྒྱུ་འཕྲུལ་དྲ་བའི་དཀྱིལ་འཁོར་བསྒོམ། །ལུགས་སུ་བླུགས་པ་བཞིན་དུ་ནི། །དེ་ཉིད་གསུང་ལམ་མཆོག་གྲུབ་པའོ། །ཆོས་དབྱིངས་བྱ་བ་མཉམ་སྦྱོར་ལས། །སངས་རྒྱས་ཀུན་བདག་བྱིན་གྱིས་བརླབ། །ཧཱུཾ་ལཾ་ཨ་ཡི་ཚོན་བཞིན་དུ། །སྒྱུ་འཕྲུལ་དྲ་བའི་དཀྱིལ་འཁོར་བསྒོམ། །ལུགས་སུ་བླུགས་པ་བཞིན་དུ་ནི། །དེ་ནི་ཕྲིན་ལས་ཡེ་ཤེས་སོ། །དེ་ལས་ཏིང་འཛིན་སྒྱུ་འཕྲུལ་བསྒོམ། །དྲ་བའི་དཀྱིལ་འཁོར་མཆོག་ཉིད་ནི། །རྩེ་བཅུ་རིགས་ཀྱི་ཕྱག་རྒྱ་བསྒོམ། །དེ་ཉིད་ཧ་དང་ཀྵ་ཉིད་དེ། །མཱུཾ་གྱི་ཚོགས་ཀྱི་ལྷ་རྣམས་བསྒོམ། །སངས་རྒྱས་སྒྱུ་འཕྲུལ་མཆོག་ཉིད་ལས། །དྲ་བའི་དཀྱིལ་འཁོར་མངོན་རྫོགས་པ། །དེ་ཉིད་ཧཱུཾ་ལཾ་ཕྱག་བསྣམས་པ། །རྩེ་བཅུ་རྒྱན་གྱིས་རྣམ་པར་བརྒྱན། །ཡང་ན་རྩེ་ལྔ་ཐུགས་ཀྱི་ཐུགས། །དབུས་གནས་ཧཱུཾ་གི་ལོ་ཙ་ན། །ལྕགས་ཀྱུ་འཛིན་པར་རྒྱ་བཅིངས་ཤིང་། །ཧཱུཾ་ཧཱུཾ་ཧཱུཾ་གིས་ལན་གསུམ་དུ། །རང་ལུས་ངག་ཡིད་བྱིན་གྱིས་བརླབ། །མཱུཾ་གྱི་ཚོགས་ཀྱིས་ལྷ་རྣམས་བསྐུལ། །འབྲུ་ལྔ་རྒྱ་བཅིང་བྱིན་གྱིས་བརླབ། །བསྐྱེད་པ་རྫོགས་པ་གསོར་བ་ཡིས། །བཞི་བཅུ་རྩ་གཉིས་དཀྱིལ་འཁོར་བྲི། །ཞི་བ་རྒྱས་པ་ལན་གསུམ་གྱིས། །དེ་འདོད་ལས་རྣམས་འགྲུབ་པར་འགྱུར། །བཅུ་པ་དྲག་པོ་མཐིང་ནག་དབུ། །འགྱིང་བའི་གར་གྱིས་གསོར་བ་ཡིས། །གསུང་སྙན་སྒྲ་ཡི་བྲོ་བསྡེབས་པའི། །ཕྱག་རྒྱ་བརྒྱད་དུ་སྦྱོར་


DNG010_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

བས་ན། །ཕཊ་ཕཊ་ཧཱུཾ་གིས་གསོར་བ་ཡིས། །སྙིང་པོ་ཐུགས་རྟགས་ཕྱག་བསྣམས་པ། །སྐུ་གསུང་ཐུགས་ཀྱི་རྒྱལ་པོ་ལས། །བསོད་ནམས་ལུས་འཇིག་དབང་དུ་འགྱུར། །ཅི་འདོད་རེ་བ་ཐོབ་པར་མཛད། །བརྒྱན་པ་སྒེག་པ་ཕོ་ཉ་དང་། །ཚངས་དང་དབང་པོ་འདོད་དབང་དང་། །མདོར་ན་བཅུ་གཉིས་གླིང་གི་བདག །དྲག་ཤུལ་མཐུ་ཡི་དྲེགས་པ་ཅན། །དངངས་ཤིང་བརྒྱལ་ཏེ་བློ་སྟོར་ནས། །བུམ་པ་བཟང་པོ་འབུལ་བར་འགྱུར། །ལྷ་མོ་ཀླུ་མོ་བརྒྱན་པ་དང་། །རྟ་དང་གླང་པོ་བཞོན་པ་དང་། །གནས་དང་གཏེར་དང་བགོ་བ་དང་། །གཙུག་ན་ནོར་བུ་ཡོད་པ་དང་། །ཅི་འདོད་ཡིད་ལ་བསམ་པ་འབུལ། །དེ་ལ་བྲན་བཞིན་བྱེད་པར་འགྱུར། །དེ་ཡི་དགོས་པ་ཐམས་ཅད་ནི། །མ་ལུས་ཀུན་རྫོགས་འགྲུབ་པར་འགྱུར། །གསང་ བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། སྒྱུ་འཕྲུལ་ཆེན་པོ་བསྟན་པར་བཟུང་བ། བདུད་རྩི་འབྱུང་བ་ཞེས་བྱ་བའི་ལེའུ་སྟེ་སོ་བདུན་པའོ།། །།དེ་ནས་དེ་བཞིན་གཤེགས་པ་སྒྱུ་འཕྲུལ་དྲ་བ་ལས། ཐུགས་རྗེས་འགྲོ་འདུལ་བའི་འདུད་རྩི་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཨེ་མ་ཧོ་ཡེ་ནས་རྣམ་དག་ཆོས་སྐུ་ལས། །ལོག་རྟོག་རྣམ་པ་གཉིས་སུ་གྲུབ། །ཐམས་ཅད་འབྱུང་བ་ལྔ་ལས་སྐྱེས། །ཐམས་ཅད་གཙང་ཞིང་དྲི་མེད་ལས། །རྣམ་རྟོག་མི་མཐུན་སོ་སོར་འགྱུར། །ལ་ལའི་སྨན་ལ་ལ་ལའི་དུག །སྨན་དུ་མ་གྱུར་གང་ཡང་མེད། །དུག་ཏུ་མ་གྱུར་གང་ཡང་མེད། །ཐམས་ཅད་མ་ལུས་རྒྱུ་གཅིག་ལས། །མི་མཐུན་ཁྱད་པར་སོ་སོར་སྣང་། །སུས་ཀྱང་མ་བྱས་སུས་བྱེད་ཡོད། །རྣམ་རྟོག་ཞགས་པས་སོ་སོར་བཅིངས། །ལུས་གནས་ལོངས་སྤྱོད་སྣ་ཚོགས་དང་། །སྡུག་བསྔལ་འཁྲུལ་འཁོར་མ་ལུས་དང་། །ཁམས་གསུམ་ཕྱིན་ཅི་ལོག་བཞི་དང་། །དུས་གསུམ་འགྲོ་ལྔ་ཐམས་ཅད་དང་། །ཉོན་མོངས་སྡུག་བསྔལ་ཐམས་ཅད་སྦྱོང་། །རྣམ་པར་ཐར་པ་ལྟ་རྫོགས་བྱེད། །ས་བཅུ་རྫོགས་ཤིང་


DNG010_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ས་ཡང་རྫོགས། །དེ་ཕྱིར་སྨན་འདི་བསྒྲུབ་པར་བྱ། །ཀུན་ལ་ཕན་པའི་སྨན་ཡིན་པས། །དེ་ཕྱིར་ང་དང་བདག་མ་འཛིན། །གཙང་དང་སྨེ་བའི་བློ་རྟོག་པོར། །ཐམས་ཅད་མཉམ་པ་ཉིད་དུ་སྤྱོད། །རྩ་བ་བྱང་ཆུབ་སེམས་ཉིད་རྟོགས། །ཐབས་ཀྱི་ཕ་རོལ་ཕྱིན་ལ་སྤྱོད། །སྙིང་རྗེས་ཆུད་མ་ཟོས་པར་གྱིས། །བདུད་རྩིའི་མཆོག་ནི་མཉམ་པའི་དབྱིངས། །བདུད་རྩིའི་དོན་ནི་སྐྱེ་ཤི་མེད། །བདུད་རྩིའི་གནས་ནི་བྱང་ཆུབ་སེམས། །བདུད་རྩིའི་ལས་ནི་རྣམ་རྟོག་སྦྱོང་། །བདག་ནི་དཔལ་རྫོགས་འགྲོ་དོན་མཛད། །སྨན་གྱི་བྱིན་རླབས་བསམ་མི་ཁྱབ། །ངན་སོང་སྦྱངས་ཤིང་མཐོ་རིས་འགྲུབ། །གསེར་འགྱུར་སྨན་དང་མུན་སེལ་བཞིན། །གཞན་ཡང་དགོས་པ་སྣ་ཚོགས་འགྲུབ། །རྐྱེན་ལས་བྱུང་བའི་དུག་རྣམས་དང་། །རྩ་བའི་དུག་དང་སྦྱར་བའི་དུག །ཀླུ་དུག་རྦོད་གཏོང་དུག་ལ་སོགས། །ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །དུག་རྣམས་ཐམས་ཅད་གདུལ་བའི་ཕྱིར། །དཀྱིལ་འཁོར་མ་ལུས་ཚང་བར་བསྒོམ། །གནས་ལྔ་དག་ཏུ་འབྲུ་ལྔ་བསྡིམ། །ཨཱོཾ་ཧཱུཾ་ཏྲཱཾ་ཧྲཱྀཿཨ་ལ་སོགས། །ཡང་ན་ཡི་གེ་ཨཾ་གིས་བྱ། །ཡང་ན་ཡི་གེ་ཧྲཱྀཿཡིས་དགང་། །དུག་རྣམས་བདུད་རྩིར་བསྒྱུར་བར་བྱ། །མཉམ་པའི་དབྱིངས་སུ་ཐིམ་པར་བྱ། །ཨ་ཧོ། རྡོ་རྗེ་གསང་བའི་ཚིག་ཏུའོ། །ཧཱུཾ་བདག་ཉིད་ཞེ་སྡང་རྡོ་རྗེ་སྟེ། །ཐུགས་རྗེས་བདག་རྟོག་འདུལ་བར་བྱེད། །ང་དང་བདག་མེད་དབྱིངས་སྦྱོར་ཞིང་། །བྱམས་པའི་ཐུགས་དང་ལྡན་པའོ། །ཨཱོཾ་བདག་ཉིད་གཏི་མུག་ཆེན་པོ་སྟེ། །རྨོངས་པའི་ནད་རྣམས་སེལ་བར་བྱེད། །ཡེ་ཤེས་འོད་ཟེར་གསལ་བའི་ངང་། །ཐམས་ཅད་འབྱུང་བའི་འཁོར་ལོའོ། །ཏྲཱཾ་བདག་ཉིད་ང་རྒྱལ་ཡོན་ཏན་ཏེ། །སྙིང་རྗེས་འགྲོ་དོན་འཕེལ་བར་བྱེད། །ཞི་བའི་བློ་ཆེན་དབྱིངས་སུ་སྦྱོར། །ཡོན་ཏན་རྒྱ་མཚོ་དཔག་མེད་པའོ། །ཧྲཱྀཿབདག་ཉིད་འདོད་ཆགས་གསུང་མཆོག་སྟེ། །ཉོན་མོངས་ལས་རྣམས་དག་པར་བྱེད། །ཉོན་མོངས་སྡུག་བསྔལ་རྣམ་པར་དག །


DNG010_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་མེད་སེམས་ནི་བྱང་ཆུབ་པའོ། །ཨ་བདག་ཉིད་ལས་ཀྱི་སེམས་དཔའ་སྟེ། །དོན་རྣམས་མ་ལུས་འགྲུབ་པར་བྱེད། །ལོག་རྟོག་མ་ལུས་འདུལ་བའི་མཆོག །ཕྱོགས་བཅུ་དུས་བཞིར་འཕྲོ་བའོ། །མཱུཾ་བདག་ཉིད་ཤེས་རབ་འོད་གསལ་ཏེ། །ལེ་ལོ་གཡེང་བ་སེལ་བར་བྱེད། །ཐུགས་རྗེ་མྱུར་བ་ལས་བྱུང་བ། །རྒྱལ་བ་ཀུན་ཏུ་ཐོགས་མེད་པའོ། །ཉོན་མོངས་ལས་རྣམས་དག་བྱེད་ཅིང་། །དབུགས་ཆེན་དག་ཀྱང་འབྱིན་པར་བྱེད། །དུག་རྣམས་སྦྱོང་བ་སྐུ་གསུམ་སྟེ། །ལམ་ལྔ་སྦྱོང་བ་ཡེ་ཤེས་ལྔ། །འཁོར་བའི་རྩད་གཅོད་ཤེས་རབ་མཚོན། །ཧཱུཾ་དུ་བསྡུས་ཤིང་ཧོཿཡིས་གཡེང་། །རཾ་གྱིས་བསྲེགས་ཤིང་ཕཊ་ཀྱིས་འཕང་། །ཐབས་དང་ཤེས་རབ་འདྲེལ་པ་ཡི། །ཐིག་ལེའི་དབྱིངས་སུ་ཐིམ་པར་བྱ། །དེ་ནས་གཉིས་མེད་དབྱིངས་གྱུར་ནས། །ཡེ་ཤེས་སེམས་དཔའི་སྐུ་རུ་བསྒོམ། །འབྲུ་གཅིག་འབྲུ་གསུམ་འབྲུ་ལྔ་བསྒོམ། །བཞི་བཅུ་རྩ་གཉིས་མ་ལུས་དང་། །སངས་རྒྱས་དཀྱིལ་འཁོར་ཚང་བར་བསྒོམ། །ང་མེད་བདག་མེད་ཕྱག་རྒྱར་གསལ། །དེ་ནས་ལོངས་སྤྱོད་ལྔ་ཀུན་ལ། །ཡེ་ཤེས་ལྔ་དང་རིགས་ལྔ་དང་། །ལྷ་མོ་ལྔ་དང་སྨན་ལྔར་བསྒོམ། །ཨཱོཾ་ཧཱུཾ་ཏྲཱཾ་ཧྲཱྀཿཨ། ཨཱོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཨོཾ་བི་ཤུ་ཨ་མྲྀ་ཏ་ཧཱུཾ་ཕཊ། ཨོཾ་དྷརྨ་ཨ་མྲྀ་ཏ་ཧཱུཾ་ཕཊ། ཨོཾ་ཨཱཿཧཱུཾ། ཞེས་བརྗོད་པས་ཐམས་ཅད་དག་པར་གྱུར། དབྱིངས་སུ་ཐིམ་པས་བདུད་རྩིར་གྱུར། །ས་ཆུ་མེ་རླུང་ནམ་མཁའ་རྣམས། །རང་བཞིན་མེད་པར་གཞིག་པའི་ཕྱིར། །གཅིག་ལའང་ལྔ་ལྔར་དབྱེ་བྱ་ཞིང་། །མཱུཾ་གྱི་དབྱིངས་སུ་བསྡིམ་པར་བྱ། །འབྱུང་བ་ཆེ་རྣམས་དེ་དག་ལས། །ལྷག་པའི་ཏིང་འཛིན་བསྐྱེད་པར་བྱ། །རིག་པ་ཐབས་ཀྱི་ཕྱག་རྒྱ་སྟེ། །དེ་བཞིན་གཤེགས་པ་ལྔར་བསྒོམ་ཞིང་། །འབྱུང་བ་སོ་སོའི་མཚན་ཉིད་དེ། །ཡུམ་ལྔ་དག་ཏུ་བསྒོམ་པར་བྱ། །དེ་རིགས་ཡེ་ཤེས་ལྔ་ཉིད་དོ། །རྒྱུར་བྱས་གཟུགས་སོགས་བཞི་བཅུ་གཉིས། །ཕྱི་ནང་སྣོད་བཅུད་ཐམས་ཅད་ཀུན། །དེ་བཞིན་ཉིད་ཀྱི་དབྱིངས་འདུས་ནས། །


DNG010_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལས་གྱུར་ཅིང་སྐྱེས་པ་ཀུན། །སྨོས་ཅི་དགོས་ཏེ་དེ་ཉིད་ཡིན། །ཨ་ཧོ། ཨེ་མའོ་ལྷག་པའི་བྱིན་རླབས་ཀྱིས། །བདག་ལ་ལྷ་རྣམས་བསྡུ་བར་བསྒོམ། །དེ་ནས་ལྷ་དང་གཉིས་མེད་ནས། །བདག་ཉིད་ཡི་གེ་ཨོཾ་དང་མཱུཾ། །གཉིས་དང་བདག་དང་དབྱིངས་སུ་ཐིམ། །བདག་ཉིད་བདུད་རྩི་འཁྱིལ་པར་བསྒོམ། །སྐུ་མདོག་གངས་རི་ཉི་ཤར་འདྲ། །ཟླ་བ་པདྨའི་གདན་ཁྲི་ལ། །ཉི་མ་སྟོང་གི་གདན་ཁྲི་ལྡན། །ལྷ་དང་ལྷ་མོའི་ཚོགས་ཀྱིས་བསྐོར། །ཁྲོ་བོ་ཁྲོ་མོའི་དཀྱིལ་འཁོར་བཅས། །གནས་དང་ཡུལ་གྱི་ཕྱག་རྒྱས་མཛེས། །སླས་དང་བྱི་མོའི་ཚོགས་ཀྱིས་བསྐོར། །ཨ་ཧོ། འཁོར་ལོ་རྩིབས་བཞི་མུ་ཁྱུད་བཅས། །དབུས་སུ་བདུད་རྩི་འཁྱིལ་པ་སྟེ། །ཤར་གྱི་རྩེ་ལ་རྡོ་རྗེའོ། །ལྷོ་ཡི་རྩེ་ལ་རིན་པོ་ཆེ། །ནུབ་ཀྱི་རྩེ་ལ་སྣང་མཐའ་ཡས། །བྱང་གི་རྩེ་ལ་དོན་ཡོད་གྲུབ། །ཐབས་དང་ཤེས་རབ་ལྡན་པར་བསྒོམ། །ཕྱག་རྒྱ་རྣམས་ཀྱང་གསལ་བར་བསྒོམ། །སྙིང་པོ་འབྲུ་ཚིག་གསལ་བར་བཟླས། །དེ་ལས་བདུད་རྩིའི་ཕྱག་རྒྱ་ནི། །བུམ་པ་གང་བ་ཡིད་བཞིན་འབར། །རེ་བ་ཡིད་བཞིན་སྐང་བར་བྱེད། །ཉོན་མོངས་སྡུག་བསྔལ་སེལ་བར་བྱེད། །འདོད་ལྔ་ཡོན་ཏན་ལྡན་པར་བྱེད། །དངོས་གྲུབ་ཆེན་པོ་བླ་མེད་པའོ། །བདུད་རྩི་ཆར་བཞིན་འབེབས་པར་བྱེད། །སྒོ་བཞིར་ཕྱག་རྒྱ་དག་དང་ལྡན། །ཨ་མྲྀ་ཏ་ཡི་རྒྱུད་ཉིད་ནི། །བྱང་ཆུབ་སེམས་དང་ཤ་ཆེན་དང་། །དྲི་ཆུ་དྲི་ཆེན་མཱཾ་སར་བཅས། །པདྨ་རཀྟ་ལ་སོགས་དང་། །གཞན་ཡང་འདོད་ཡོན་སྣ་ཚོགས་རྣམས། །དབྱེའམ་ཡང་ན་མི་དབྱེ་བར། །བདུད་རྩི་ཉིད་དུ་བྱིན་གྱིས་བརླབ། །རྟོག་པའི་བག་ཆགས་སྦྱང་བའི་ཕྱིར། །གཙང་སྨེ་མེད་པར་དག་པར་བྱ། །དབྱིངས་སུ་ཡང་ནི་བསྡིམ་པར་བྱ། །ཕྱག་རྒྱ་འོད་ཟེར་འབར་བར་བསྒོམ། །བཞི་བརྒྱ་རྩ་བཞིའི་ནད་སེལ་ཞིང་། །དུག་གསུམ་སྡུག་བསྔལ་མེད་པ་དང་། །བསྐལ་པ་ཡུན་རིང་གནས་པ་དང་། །དངོས་གྲུབ་ཆེན་པོ་འཐོབ་འགྱུར་ཏེ། །ཚོགས་གཉིས་རྫོགས་པར་ཡང་དག་གསུངས། །


DNG010_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་ཡི་གེ་ཧཱུཾ་གྱུར་ནས། །ལོངས་སྤྱོད་ལྔ་ལྡན་ཐམས་ཅད་ལ། །ཨཱོཾ་ཨཱཾ་ཧཱུཾ་དུ་གྱུར་པར་བསྒོམ། །འོད་འཕྲོ་འབར་ཞིང་ཕྱོགས་བཅུར་སྤྲོ། །སླར་འདུས་འོད་འཕྲོ་བདུད་རྩིར་འབར། །ཤིན་ཏུ་གསལ་ཞིང་རྩེ་གཅིག་བསྒོམ། །གཞན་ཡང་ཡི་གེའི་ཚོགས་པས་གདབ། །འཐུང་ན་ངན་སོང་སྒྲིབ་པ་སྦྱང་། །ཏྲ་ཐཱ། རྟག་བསྟེན་དངོས་གྲུབ་མཆོག་ཀྱང་འགྲུབ། །བཞི་བརྒྱ་རྩ་བཞིའི་ནད་སེལ་ཞིང་། །ལྷ་ལ་རྟག་ཏུ་མཆོད་བྱས་ན། །བདག་དང་གཉིས་སུ་མེད་པར་འགྱུར། །མི་མཐུན་ཕྱོགས་ལ་གཏོར་བྱས་ན། །དྲག་པོ་གཏུམ་པོའང་ལྷན་ནེར་འགྱུར། །གཞན་ཡང་དངོས་གྲུབ་ཐམས་ཅད་ནི། །ཇི་ལྟར་དམིགས་པ་བཞིན་དུ་འགྲུབ། །སངས་རྒྱས་གོ་འཕང་འཐོབ་འགྱུར་ན། །ལྷ་སྲིན་ལ་སོགས་སྨོས་ཅི་དགོས། །ཐེ་ཚོམ་མེད་པར་བསྒྲུབ་པར་གྱིས། །རྟག་ཏུ་སྤྱོད་ཅིང་དབྱིངས་སུ་ཐིམ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་ལས་སྨན་སྒྲུབ་པའི་ལེའུ་སྟེ་སོ་བརྒྱད་པའོ།། །།དེ་ནས་དགྱེས་པ་ཆེན་པོས། དེ་དག་གི་བྱིན་གྱིས་རླབས་འབྱུང་བ་ཞེས་བྱ་བ་འདི། ཆེད་དུ་བརྗོད་པ་འདི་བརྗོད་དོ། །དེ་ལ་མཆོད་སྦྱིན་དམ་པ་ནི། །འཕྲུལ་ཆེན་བཞི་བཅུ་རྩ་ལྔ་ཉིད། །ཁམས་དང་འབྱུང་བ་ཉིད་ལ་གནས། །དེ་ཉིད་སྒྱུ་འཕྲུལ་ཐབས་མཁས་པ། །དྲ་བ་མངོན་རྫོགས་སྐུ་གསུང་ཐུགས། །ཐམས་ཅད་མ་ལུས་ཕྱག་རྒྱ་ཉིད། །ཆོས་སྐུ་མཆོག་གི་རྟེན་གྱུར་པ། །ཕྱོགས་བཅུ་གང་བར་གསལ་བར་བསྒོམ། །དེ་ཉིད་དག་ལམ་ཀུན་ཁེངས་པར། །ཧཱུཾ་གི་ཚོགས་སུ་རྣམ་པར་བསྒོམ། །ལུས་ཉིད་ཧ་ཡི་ཚོགས་ལ་བསྡིམ། །གང་ལ་བྱ་བའི་གཟུགས་གཟུང་བས། །ཁ་དོག་ནག་པོའི་ཚོན་ཕྱེ་ཡིས། །དེ་ཡི་སྙིང་ནང་བདག་ཞུགས་ལ། །ཛཿཞེས་བྱ་བའི་སྔགས་བཟླས་ནས། །མགྱོགས་སུ་འགྲོ་བར་ལྕགས་ཀྱིས་སྦྱང་། །དྲི་རྣོ་སྔ་བས་མགྱོགས་པ་དང་། །གང་དུ་བྱ་བར་ཕྱིན་པར་བྱེད། །དེ་ཡི་ལུས་ལས་


DNG010_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་འདོད་ན། །ཞི་བས་བདག་གི་གཟུགས་བཟུང་ལ། །དལ་བུས་ཧཱུཾ་ཞེས་བསྡུས་པ་ཡིས། །བདག་གི་ལུས་ལ་ཆུད་པར་འགྱུར། །ཐམས་ཅད་མ་ལུས་ཕྱག་རྒྱ་ཉིད། །ཆོས་སྐུ་མཆོག་གི་རྟེན་གྱུར་པ། །ཕྱོགས་བཅུ་གང་བར་གསལ་བར་བསྒོམ། །དེ་ཉིད་དག་ལམ་ལུས་ཁེངས་པར། །ཨཱོཾ་གྱི་ཚོགས་སུ་ཤིན་ཏུ་བསྒོམ། །ལུས་ཉིད་ཨ་ཡི་ཚོགས་ལ་བསྡིམ། །གང་ལ་བྱ་བའི་གཟུགས་བཟུང་ནས། །ཁ་དོག་དཀར་པོའི་ཚོན་ཕྱེ་ཡིས། །དེ་ཡི་སྙིང་ནང་བདག་ཞུགས་ལ། །ཧཱུཾ་ཞེས་བྱ་བའི་སྔགས་བཟླས་ནས། །མང་པོས་བཀུར་བ་རྒྱལ་ཆེན་པོ། །བློ་རྣོ་ཡིད་མཛངས་བཞིན་བཟང་དང་། །སྔ་བས་ལོངས་སྤྱོད་འདུ་བ་དང་། །གནས་པར་དགའ་བ་བཞིན་དུ་འགྱུར། །དེ་ཡི་ལུས་ལས་འབྱུང་འདོད་ན། །ཞི་བས་བདག་གིས་གཟུགས་བཟུང་ལ། །དལ་བུས་ཨཱོཾ་ཞེས་བསྡུས་པ་ཡིས། །བདག་གི་ལུས་ལ་གཟུང་བར་འགྱུར། །ཐམས་ཅད་མ་ལུས་ཕྱག་རྒྱ་ཉིད། །ཆོས་སྐུ་མཆོག་གི་རྟེན་གྱུར་པ། །ཕྱོགས་བཅུར་གང་བར་གསལ་བར་བསྒོམ། །དེ་ཉིད་དག་ལམ་ཀུན་ཁེངས་པར། །་གྱི་ཚོགས་སུ་རབ་ཏུ་བསྒོམ། །ལུས་ཉིད་གྱི་ཚོགས་ལ་བསྡིམ། །གང་ལ་བྱ་བའི་གཟུགས་བཟུང་ནས། །ཁ་དོག་སེར་པོའི་ཚོན་ཕྱེ་ཡིས། །དེ་ཡི་སྙིང་ནང་བདག་ཞུགས་ལ། །་ཞེས་བྱ་བའི་སྔགས་བཟླས་ནས། །ནོར་མང་བློན་པོ་ཡིད་མཛངས་ལ། །བློ་རྣོ་སྔ་བས་ལོངས་སྤྱོད་འདུ། །དེ་ཡི་འཁོར་ལ་ལོངས་སྤྱོད་ཅིང་། །གནས་པར་དགའ་བ་བཞིན་དུ་འགྱུར། །དེ་ཡི་ལུས་ལས་འབྱུང་འདོད་ན། །རྒྱས་པ་བདག་གི་གཟུགས་བཟུང་ལ། །དལ་བུས་ཞེས་བརྗོད་པ་ཡིས། །བདག་གི་ལུས་ལ་གཟུད་པར་འགྱུར། །ཐམས་ཅད་མ་ལུས་ཕྱག་རྒྱ་ཉིད། །ཆོས་སྐུ་མཆོག་གི་རྟེན་གྱུར་པ། །ཕྱོགས་ཀུན་གང་བར་གསལ་བར་བསྒོམ། །


DNG010_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་དག་ལམ་ཀུན་ཁེངས་པར། །ཨཱཾ་གྱི་ཚོགས་སུ་ཤིན་ཏུ་བསྒོམ། །ལུས་ཉིད་ཨཱཾ་གྱི་ཚོགས་སུ་བསྡིམ། །གང་ལ་བྱ་བའི་གཟུགས་བཟུང་ནས། །ཁ་དོག་དམར་པོའི་ཚོན་ཕྱེ་ཡིས། །དེ་ཡི་སྙིང་ལ་བདག་ཞུགས་ལ། །ཨཱཾ་ཞེས་བྱ་བའི་སྔགས་བཟླས་ནས། །རྒྱལ་མོ་ཞང་བློན་དབང་ཆེན་དང་། །ཅི་འདོད་ཡིད་བཞིན་དབང་དུ་འགྱུར། །དེ་ཡི་འཁོར་ལ་ལོངས་སྤྱོད་ཅིང་། །གནས་པར་དགའ་བ་བཞིན་དུ་འགྱུར། །དེ་ཡི་གཟུགས་ལས་འབྱུང་འདོད་ན། །དབང་གི་བདག་གི་གཟུགས་བཟུང་ལ། །དལ་བུས་ཨཱཾ་ཞེས་བརྗོད་པ་ཡིས། །བདག་གི་ལུས་ལ་ཆུད་པར་འགྱུར། །ཐམས་ཅད་མ་ལུས་ཕྱག་རྒྱ་ཉིད། །ཆོས་སྐུ་མཆོག་གི་རྟེན་གྱུར་པ། །ཕྱོགས་ཀུན་གང་བར་གསལ་བར་བསྒོམ། །དེ་ཉིད་དག་ལམ་ལུས་ཁེངས་པར། །ཧཱཾ་གྱི་ཚོགས་སུ་ཤིན་ཏུ་བསྒོམ། །ལུས་ཉིད་ཧཱཾ་གྱི་ཚོགས་ལ་བསྡིམ། །གང་ལ་བྱ་བའི་གཟུགས་བཟུང་ནས། །ཁ་དོག་ལྗང་གུའི་ཚོན་ཕྱེ་ཡིས། །དེ་ཡི་སྙིང་ནང་བདག་ཞུགས་ལ། །ཧཱཾ་ཞེས་བྱ་བའི་སྔགས་བཟླས་ནས། །ལས་ཀྱི་རིགས་ཆེན་གང་འདོད་གཟུགས། །དམག་མང་མཐུ་དཔུང་གོ་མཚོན་བཟང་། །ཞེ་སྡང་ཅན་རྣམས་གདུལ་བར་འགྱུར། །འདོད་པ་ཅན་རྣམས་འདུལ་བ་དང་། །ང་རྒྱལ་ཆེན་པོ་འདུད་པར་འགྱུར། །དེ་ཡིས་བསྟན་པ་འཛིན་པར་བྱེད། །དེ་ཡི་འཁོར་ལ་ལོངས་སྤྱོད་ཅིང་། །གནས་པར་དགའ་བ་བཞིན་དུ་འགྱུར། །དེ་ཡི་ལུས་ལས་འབྱུང་འདོད་ན། །སྙོམས་པས་ཁྲོ་ཞིའི་གཟུགས་བཟུང་ལ། །དལ་བུས་ཧཱཾ་ཞེས་བརྗོད་པ་ཡིས། །མི་སྣང་བ་ཡི་གཟུགས་སུ་འཆར། །བདག་གི་ལུས་ལ་ཆུད་པར་འགྱུར། །གླིང་ངམ་དུར་ཁྲོད་གནས་རྣམས་སུ། །ང་ཡི་འདོད་པ་ཆོས་དབང་གིས། །སྒྱུ་འཕྲུལ་དཀྱིལ་འཁོར་མཆོག་འཛིན་ལ། །དྲ་བའི་དཀྱིལ་འཁོར་ཡོངས་ཀྱིས་འབྱུང་། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་རླབས་འབྱུང་བའི་ལེའུ་སྟེ་སོ་དགུ་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས། ཉིད་ཀྱི་ཆེ་བའི་ཡོན་ཏན་སྟོན་པའི་ཕྱིར། འགྲོ་བ་སེམས་ཅན་གྱི་དོན་ཆེད་དུ་དེ་བཞིན་ཉིད་ཀྱི་དབྱིངས་འདི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །དཔལ་ཉིད་ཀྱི་མཆོག་རིགས་ཀྱི་ཡུམ། །དབབ་པར་བྱ་བའི་གཟུགས་བརྙན་ལ། །སྤྱི་གཙུག་ཁ་དང་སྙིང་ག་མཚན། །འབྲུ་ལྔས་


DNG010_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་བརླབས་མཱུཾ་དུ་བརྟག །དེ་ཉིད་གོམས་ལས་གསང་མཚན་པ། །མཱུཾ་གྱི་ཚོགས་ཀྱི་ལྷ་རྣམས་བསྒོམ། །དེ་ཉིད་མཐའ་བྲལ་མི་དམིགས་ལས། །དེ་ཟླའི་ངང་ཚུལ་དེས་བཟུང་ནས། །སངས་རྒྱས་རྡོ་རྗེ་ཙ་ན་ཀ །ཤེས་རབ་ཡུམ་དང་ལྡན་པར་བསྒོམ། །ལམ་དུ་ཞུགས་ལ་དེ་ལུས་དགང་། །དེ་གོམས་བློ་བདེ་གསལ་སྤྲོ་ཐིམ། །དེ་བཞིན་རིགས་རྣམས་ཨཱོཾ་དུ་བསྒོམ། །སྣོད་གནས་བདེ་ལྡན་ཁེངས་འགྱུར་བར། །མཱུཾ་གྱི་ཚོགས་ཀྱང་གསལ་བར་གནས། །ཕྱག་རྒྱ་སྙིང་པོ་གཟུགས་ལ་སོགས། །རིགས་དང་མཐུན་པར་རྣམ་པར་བསམ། །བརྟན་པ་ཨ་ཡི་འཕྲོ་འདུ་ལྟར། །རྣམ་ཤེས་བྱིན་བརླབ་ངང་དུ་བརྟག །གཞི་རྩ་མེད་པའི་སེམས་ཉིད་ལས། །ཡིད་བཞིན་ཡི་གེའི་སྤྲིན་ཚོགས་བསྒོམ། །ཕྱག་རྒྱ་ཤིན་ཏུ་གསལ་བ་ན། །ཉེ་བའི་བསྙེན་པ་ཡིན་པར་བསྒྲགས། །འཕྲོ་འདུ་རིགས་དང་མཐུན་པའི་གྲངས། །བསྒོམས་ནས་བཟླས་དང་མངོན་སུམ་ན། །ལྕགས་ཀྱུ་མཆོག་གི་ཕྱག་རྒྱ་བཅིང་། །དེས་ནི་འདོད་པ་བཞིན་དུ་འགྱུར། །རང་བཞིན་སྐུ་གསུང་འདུས་མ་བྱས། །གཞན་དབང་མ་ཡིན་རྡོ་རྗེའི་རིགས། །དཔལ་ལྡན་རྡོ་རྗེ་སྒྱུ་འཕྲུལ་ཡུམ། །ཤིན་ཏུ་ཆས་ཀྱིས་སྒེག་པ་ལ། །གསལ་བར་འདོད་པ་སྨྲ་བྱ་བ། །སྤྱི་གཙུག་ཁ་དང་སྙིང་ག་མཚན། །འབྲུ་ལྔས་བྱིན་བརླབ་ལམ་དུ་བརྟག །དེ་ཉིད་གོམས་ལས་གསང་མཚན་པ། །ལཱཾ་གྱི་ཚོགས་ཀྱི་ལྷ་རྣམས་བསྒོམ། །སངས་རྒྱས་སྤྱན་གྱི་སྦྱོར་བ་ལས། །རྒྱལ་བ་ཐམས་ཅད་བྱིན་གྱིས་བརླབ། །དེ་ཉིད་མཐའ་བྲལ་མི་དམིགས་ལས། །རང་བཞིན་མཆོག་གི་གཟུགས་བཅས་ནས། །སངས་རྒྱས་རྡོ་རྗེ་ཙ་ན་ཀ །ཤེས་རབ་ཡུམ་དག་ལྡན་པར་བསྒོམ། །དེ་ལས་རྡོ་རྗེ་བྱིན་བརླབས་ཏེ། །པདྨ་གསང་གནས་འཛུལ་ཐབས་ཡིན། །སྦུབས་སུ་ཞུགས་ལ་དེ་ལུས་དགང་། །དེ་གོམས་བློ་བདེ་གསལ་སྤྲོ་ཐིམ། །རྡོ་རྗེའི་རིགས་རྣམས་ཧཱུཾ་དུ་བསྒོམ། །སྣོད་གནས་བདེ་ལྡན་ཁེངས་གྱུར་པར། །ཡུམ་གྱི་ཚོགས་


DNG010_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་གསལ་བར་གནས། །ཕྱག་རྒྱ་སྙིང་པོ་གཟུགས་ལ་སོགས། །རིགས་དང་མཐུན་པར་ཤིན་ཏུ་བསམ། །བརྟན་པ་ཧཱུཾ་གི་འཕྲོ་འདུ་ལྟར། །རྣམ་ཤེས་བྱིན་བརླབ་ངང་དུ་བརྟག །གཞི་རྩ་མེད་པའི་སེམས་ཉིད་ལས། །ཡིད་བཞིན་ཡི་གེའི་སྤྲིན་ཚོགས་བསྒོམ། །ཕྱག་རྒྱ་གསལ་བར་ཉེ་བསྙེན་པ། །འཕྲོ་འདུ་རིགས་དང་མཐུན་པའི་གྲངས། །བསྒོམ་དང་བཟླས་དང་མངོན་སུམ་ན། །ལྕགས་ཀྱུའི་སྟེངས་ཀྱིས་བསྐུལ་བར་གསུངས། །རྗེས་སུ་ཆགས་པའི་ཕྱག་རྒྱ་ཡིས། །རིགས་དང་མཐུན་པའི་འཕྲོ་འདུ་བསྒོམ། །ཡོན་ཏན་སྐུ་གསུང་ཡིད་བཞིན་གཏེར། །དཔལ་ལྡན་སྒྱུ་འཕྲུལ་མཆོག་ཆེན་མོ། །ཆགས་ཤིང་སྒེག་པའི་གཟུགས་བརྙན་ནི། །ལྗོན་པ་ལྕུག་ཕྲན་ལ་སོགས་ལ། །དབབ་པ་མཆོག་གི་ལས་བྱ་བ། །སྤྱི་གཙུག་ཁ་དང་སྙིང་ག་མཚན། །འབྲུ་ལྔས་བྱིན་བརླབ་ཨཱཾ་དུ་བརྟག །དེ་ཉིད་གོམས་ལས་གསང་མཚན་པ། །ཨཱཾ་གྱི་ཚོགས་ཀྱི་ལྷ་རྣམས་བསྒོམ། །སངས་རྒྱས་མེ་ཡི་སྦྱོར་བ་ལ། །རྒྱལ་བ་ཐམས་ཅད་བྱིན་གྱིས་རློབས། །དེ་ཉིད་མཐའ་བྲལ་མི་དམིགས་ལས། །ཡོན་ཏན་གཏེར་གྱི་གཟུགས་བཅས་ནས། །སངས་རྒྱས་རིན་ཆེན་ཙ་ན་ཀ །ཤེས་རབ་ཡུམ་དང་ལྡན་པར་བསྒོམ། །དེ་ལས་རྡོ་རྗེ་བྱིན་བརླབས་ཏེ། །པདྨ་གསང་གནས་འཛུལ་ཐབས་ཡིན། །སྦུབས་སུ་ཞུགས་ལ་དེ་ལུས་དགང་། །དེ་གོམས་བློ་བདེ་གསལ་སྤྲོ་ཐིམ། །རིན་ཆེན་རིགས་རྣམས་དུ་བསྒོམ། །སྣོད་གནས་བདེ་ལྡན་ཁེངས་གྱུར་པ། །ཡུམ་གྱི་ཚོགས་ཀྱང་གསལ་བར་གནས། །ཕྱག་རྒྱ་སྙིང་པོ་གཟུགས་ལ་སོགས། །རིགས་དང་མཐུན་པར་ཤིན་ཏུ་བསམ། །བསྟན་པ་གྱི་འཕྲོ་འདུ་ལྟར། །རྣམ་ཤེས་བྱིན་བརླབ་ངང་དུ་བརྟག །གཞི་རྩ་མེད་པའི་སེམས་ཉིད་ལས། །ཡིད་བཞིན་ཡི་གེ་སྤྲིན་ཚོགས་བསྒོམ། །ཕྱག་རྒྱ་གསལ་བར་ཉེ་བསྙེན་པའོ། །འཕྲོ་འདུ་རིགས་དང་མཐུན་པ་ནི། །བསྒོམས་ནས་བཟླས་དང་མངོན་སུམ་ན། །དམ་ཚིག་ཞགས་པ་མཆོག་གིས་བཅིང་། །རྗེས་སུ་ཆགས་པའི་


DNG010_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་བཞིས། །རིགས་དང་འདུ་འཕྲོ་མཐུན་པར་བསྒོམ། །གསོ་དང་གསད་དང་ཕམ་དང་རྒྱལ། །གཞན་དུ་འགྲོ་དང་འདུག་པ་དང་། །ཅི་འདོད་འོང་དང་སྨྲ་ཡང་རུང་། །མཚོན་དང་འཇིགས་པ་མང་བ་དང་། །བཅིང་བའི་ལས་དང་བཙོན་ལས་ཐར། །དཔལ་ལྡན་པདྨ་མཆོག་གི་ཡུམ། །བདེ་ཆེན་གར་དབང་གཟུགས་འཛིན་པ། །དབབ་པར་བྱ་བའི་གཟུགས་བརྙན་ནི། །ལྗོན་པ་ལྕུག་ཕྲན་ལ་སོགས་ལ། །དབང་པོ་གནས་ལྔ་བྱིན་གྱིས་བརླབ། །དེ་ནས་གནས་ལྔར་ཤེས་རབ་བསྒོམ། །སྤྱི་གཙུག་ཁ་དང་སྙིང་ག་མཚན། །ལས་བཞི་འབྲུ་བཞི་པཱཾ་དུ་བརྟག །དེ་ཉིད་གོམས་ལས་གསང་མཚན་པ། །པཱཾ་གྱི་ཚོགས་ཀྱི་ལྷ་རྣམས་བསྒོམ། །སངས་རྒྱས་ཆུ་ཡི་སྦྱོར་བ་ལ། །རྡོ་རྗེ་གསུང་རྣམས་བྱིན་གྱིས་བརླབ། །དེ་ཉིད་མཐའ་བྲལ་མི་དམིགས་ལས། །རྡོ་རྗེ་གསུང་གི་གཟུགས་བཅས་ནས། །སངས་རྒྱས་གསུང་ཆེན་ཙ་ན་ཀ །ཤེས་རབ་ཡུམ་དང་ལྡན་པར་བསྒོམ། །དེ་ལས་རྡོ་རྗེ་བྱིན་བརླབས་ཏེ། །པདྨ་གསང་གནས་འཛུལ་ཐབས་ཡིན། །སྦུབས་སུ་ཞུགས་ལ་དེ་ལུས་དགང་། །དེ་གོམས་བློ་བདེ་གསལ་སྤྲོ་ཐིམ། །མིང་དང་སྙིང་པོ་བཅས་པ་དགུག །རྡོ་རྗེ་གསུང་རྣམས་ཨཱཾ་དུ་བསྒོམ། །སྣོད་གནས་བདེ་ལྡན་ཁེངས་གྱུར་པ། །ཡུམ་གྱི་ཚོགས་ཀྱང་གསལ་བར་གནས། །ཕྱག་རྒྱ་སྙིང་པོ་གཟུགས་ལ་སོགས། །རིགས་དང་མཐུན་པར་ཤིན་ཏུ་བསམ། །བརྟན་པ་ཨཱཾ་གྱི་འཕྲོ་འདུ་ལྟར། །རྣམ་ཤེས་བྱིན་བརླབ་ངང་དུ་བརྟག །གཞི་རྩ་མེད་པའི་སེམས་ཉིད་ལས། །ཆོས་དབང་ཡི་གེའི་སྤྲིན་ཚོགས་བསྒོམ། །ཕྱག་རྒྱ་གསལ་བ་ཉེ་བསྙེན་པའོ། །འཕྲོ་འདུ་རིགས་དང་མཐུན་པ་ནི། །བསྒོམས་ནས་བཟླས་དང་མངོན་སུམ་ན། །ཆགས་པའི་ལྕགས་སྒྲོགས་མཆོག་གིས་བཅིང་། །ཆགས་པ་ཆེན་པོའི་ཕྱག་རྒྱ་བཞིས། །རིགས་དང་མཐུན་པ་ཉིད་དུ་བསྒོམ། །ཞི་བ་དབང་དང་དྲག་པོ་རྒྱས། །ཅི་འདོད་པར་ནི་རབ་ཏུ་བསྔགས། །དཔལ་ལྡན་གྲུབ་པ་སྒྱུ་འཕྲུལ་བ། །


DNG010_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

དབབ་པར་བྱ་བའི་གཟུགས་བརྙན་ནི། །ལྗོན་པ་ལྕུག་ཕྲན་ལ་སོགས་ལ། །སྤྱི་གཙུག་ཁ་དང་སྙིང་ག་དང་། །འབྲུ་ལྔས་བྱིན་བརླབས་ཏཱཾ་དུ་བརྟག །དེ་ནི་ཨེ་ཡི་ཚོགས་ཡིན་ཏེ། །དེ་ཉིད་གོམས་ལས་གསང་མཚན་པ། །ཏཱཾ་གྱི་ཚོགས་ཀྱི་ལྷ་རྣམས་བསྒོམ། །དེ་ཉིད་ཏཱཾ་གྱི་ལྷ་རྣམས་ཏེ། །བདག་མེད་མཐའ་བྲལ་མི་དམིགས་ལས། །དོན་ཡོད་ངང་ཚུལ་དེ་བཟུང་ནས། །དོན་ཡོད་མཆོག་གི་ཙ་ན་ཀ །ཤེས་རབ་ཡུམ་དང་ལྡན་པར་བསྒོམ། །དེ་ལས་རྒྱ་གྲམ་བྱིན་བརླབས་ཏེ། །པདྨ་གསང་གནས་འཛུལ་ཐབས་ཡིན། །སྦུབས་སུ་ཞུགས་ལ་དེ་ལུས་དགང་། །རྒྱ་གྲམ་མཚོན་གྱིས་ཁེངས་པ་དང་། །སོ་སོའི་སྙིང་པོས་མིང་ཡང་དགུག །དེ་གོམས་བློ་བདེ་གསལ་སྤྲོ་ཐིམ། །རྡོ་རྗེ་ལས་རྣམས་ཧཱཾ་དུ་བསྒོམ། །སྣོད་གནས་བདེ་ལྡན་ཁེངས་གྱུར་པར། །ཡུམ་གྱི་ཚོགས་ཀྱང་གསལ་བར་གནས། །ཕྱག་རྒྱ་སྙིང་པོ་གཟུགས་ལ་སོགས། །རིགས་དང་མཐུན་པ་ཉིད་དུ་བསྒོམ། །བརྟན་པ་ཧཱཾ་གྱི་འཕྲོ་འདུ་ལྟར། །རྣམ་ཤེས་བྱིན་བརླབ་ངང་དུ་བརྟག །གཞི་རྩ་མེད་པའི་སེམས་ཉིད་ལས། །གྲུབ་པ་སྒྱུ་འཕྲུལ་སྤྲིན་ཚོགས་བསྒོམ། །ཕྱག་རྒྱ་གསལ་བ་ཉེ་བསྙེན་པའོ། །འཕྲོ་འདུ་རིགས་དང་མཐུན་པར་ནི། །བསྒོམས་ནས་བཟླས་དང་མངོན་སུམ་ན། །དགྱེས་པ་གར་གྱི་གསུང་སྙན་ཅིང་། །རྗེས་སུ་ཆགས་པའི་ཕྱག་རྒྱ་བཞིས། །རིགས་དང་མཐུན་པ་ཉིད་དུ་བསྒོམ། །ཕྱོགས་བཅུ་འགྲོ་དང་འཕྲོག་པ་དང་། །ཚེ་བསྲུང་བ་དང་ལས་རྣམས་དང་། །མངོན་སུམ་ཅི་འདོད་སྨྲ་བའི་མཆོག །རིགས་ཀྱི་ཡུམ་དང་རྩེན་པར་འགྱུར། །སྲིད་པ་ལས་འཕགས་མྱ་ངན་འདས། །ཏིང་འཛིན་འདི་ཡིས་བྱེད་པར་འགྱུར། །ཞེས་བརྗོད་པས། རྣམ་པར་སྨིན་པའི་ཚོགས་ཀྱི་དེ་བཞིན་གཤེགས་པའི་ཆེ་བའི་ཡོན་ཏན་ཉིད་དུ་མཁྱེན་ཏོ། །མཁྱེན་ནས་དེ་བཞིན་ཉིད་ཀྱི་དབྱིངས། སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས།རྡོ་རྗེ་གསང་བའི་ཚིག་འདི་ཕྱུང་ངོ་། །ཨ་ཧོ་བསམ་བྱ་བསམས་པར་ཟིན་པ་ཡིས། །བསམ་པས་མི་ཟིན་བསམ་མི་ཁྱབ། །


DNG010_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་ཡས་ལྷུན་གནས་མི་གཡོ་དཔག་མེད་བསམ་མི་ཁྱབ། །རྒྱུ་དང་འདྲེལ་པའི་རྐྱེན་དུ་ཤེས་པའི་དབྱིངས་ཉིད་ཟད་མི་ཤེས། །ངོ་མཚར་སྲིད་ལམ་མཐའ་བྲལ་མི་དམིགས་པ། །དེ་ཉིད་ཡོན་ཏན་མཆོག་གི་འཁོར་ལོ་ལམ་མཆོག་ཡིན། །ཨ་ཧོ། རྡོ་རྗེ་གསང་བའི་ཚིག་ཏུའོ། །བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས་དེ་བཞིན་ཉིད་ཀྱི་དབྱིངས་ནས་ཆེ་བའི་ཡོན་ཏན་སྟོན་པ་ཞེས་བྱ་བའི་ལེའུ་སྟེ་བཞི་བཅུ་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས། ཆེ་བའི་ཡོན་ཏན་སྟོན་པའི་སྒྱུ་འཕྲུལ་ཆེན་པོ། གསུང་གི་དཀྱིལ་འཁོར་བྱིན་གྱིས་རློབས་པ་ཞེས་བྱ་བ་ཆོ་ག་དང་བཅས་པ་འདི། སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །དབབ་པ་མཆོག་གི་དཀྱིལ་འཁོར་རྣམས། །ཁ་དོག་གྲངས་བཅས་མ་བསླབས་པས། །ཤེས་པ་བློ་ཆེ་ཁོང་ཡངས་ལ། །ཟབ་པར་སྤྱོད་ལ་མི་སྐྱོ་བར། །ཟས་བསྲུངས་གོས་བརྗེས་དམ་རྫས་སྦྱིན། །དུང་ཆེན་སྣོད་དུ་ཆུ་ཡིས་བསིང་། །རྟེན་དུ་རུང་བར་ཏིང་འཛིན་དང་། །དབང་དང་སྒྲུབ་པ་མཆོག་ཀྱང་བསྟན། །མི་སྨྲ་གསང་བའི་དམ་ཚིག་དབོག །ཨཱོཾ་དང་མཱུཾ་གྱི་བློ་བརྟན་ནས། །གསང་བས་མཚན་མ་སྔ་ནས་སྦྱང་། །སྒྱུ་འཕྲུལ་དཀྱིལ་འཁོར་བཞི་བཅུ་གཉིས། །ཕུང་པོ་ཁམས་དང་སྐྱེ་མཆེད་སྦྱར། །ལོངས་སྤྱོད་ལྔ་ལྡན་མཆོད་སྦྱིན་བྱ། །རྡོ་རྗེ་ངག་ལམ་གསུང་ཆེན་བཟླས། །ཨཱོཾ་སརྦ་ཏ་ཐཱ་ག་ཏ་ཛི་ན་ཨཱོཾ། ཨཱོཾ་བཛྲ་ཀུ་ལ་ཧཱུཾ་བཛྲ། ཨཱོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་། ཨོཾ་པདྨ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ། ཨཱ་རོ་ལིཀ །ཧཱ་པྲཛྙཱ་ཧཱ་དྷཱ་ཏཱི་ཤྭ་རཱི་མཱུཾ། དེ་ཥྭ་ར་ཏི་ལཱཾ། མོ་ཧ་ར་ཏི་ཨཱཾ། རཱ་ག་ར་ཏི་ཝྱུ ། བཛྲ་ར་ཏི་ཏཱཾ། མཱུཾ་མཱུཾ་མཱུཾ། ལཱཾ་ལཱཾ་ལཱཾ། མཱཾ་མཱཾ་མཱཾ། པཱཾ་པཱཾ་པཱཾ། ཏཱཾ་ཏཱཾ་ཏཱཾ། ཨེ་བཾ་མ་ཡཱ། བ་བ་བ་བ་བ། ཛྲ་ཛྲ་ཛྲ་ཛྲ་ཛྲ། ས་ས་ས་ས་ས། མ་མ་མ་མ་མ། ཡ་ཡ་ཡ་ཡ་ཡ། སྟྭཾ་ཧོ། ཞེས་བརྗོད་པས། འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་པར། དམ་ཚིག་ཐམས་ཅད་ཀྱི་མཆོག །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བདག་ཉིད་དབྱིངས་ཀྱི་དབང་ཕྱུག་མ་ཆེན་མོ་དང་། སྤྱན་མ་ཆེན་མོ་དང་། མཱ་མ་ཀཱི་ཆེན་མོ་དང་། གོས་དཀར་མོ་ཆེན་མོ་དང་། དམ་ཚིག་འཕགས་མ་སྒྲོལ་མ་ཆེན་མོའི་རང་བཞིན་ཉིད་དུ་
ཀུན་ཏུ་སྣང་བར་གྱུར་ཏོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བདག་ཉིད་དབབ་པའི་གསུང་གི་འཁོར་ལོ་ཞེས་བྱ་བའི་ལེའུ་སྟེ་ཞེ་གཅིག་པའོ།། །། གསང་བའི་སྙིང་པོ་ཕྲིན་ལས་ཀྱི་རྒྱུད་བཞི་བཅུ་པ་རྫོགས་སོ།། །།

སྒྱུ་འཕྲུལ་ལེ་ལྷག


DNG010_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སྐད་བཤད་པའི་དུས་ན། དེ་ནས་དེ་བཞིན་གཤེགས་པ་དགྱེས་པ་ཆེན་པོས། མཉམ་པའི་དཀྱིལ་འཁོར་ལ་བཞུགས་ནས། ཉིད་ཀྱི་སྐུ་ལ་ཐམས་ཅད་མ་ལུས་པར་འདུས་པར་བསྟན་ཏེ། ཆེད་དུ་བརྗོད་པ་འདི་བརྗོད་དོ། །འདས་དང་ད་ལྟར་མ་འོངས་དང་། །འབྱུང་བར་མ་ངེས་དུས་འདི་དག །སྔ་ཕྱི་མེད་པར་མཉམ་ཡིན་པར། །ངེས་པ་མེད་པར་ཡང་དག་གསུངས། །འཇིག་རྟེན་འདས་དང་འཇིག་རྟེན་པའི། །རང་དང་སྤྱི་རུ་བསྟན་པ་དང་། །ཇི་སྙེད་བརྟན་གཡོ་ལ་སོགས་པ། །སྒྱུ་མ་མིག་ཡོར་ཚུལ་ཡིན་ཏེ། །སྐྱེས་བུ་བློ་རྩལ་རབ་ལྡན་པས། །དེ་ལ་རྟག་ཏུ་མཉམ་སྦྱོར་ཞིང་། །སེམས་ཅན་ཀུན་གྱི་གཞིར་གྱུར་པ། །དེ་དང་གཉིས་མེད་དབྱིངས་སུ་སྦྱོར། །ཐམས་ཅད་ཐབས་ཀྱི་མཚན་ཉིད་དེ། །ཐབས་ལ་ཐབས་ནི་རྣམ་པར་སྦྱོར། །ཐབས་ཆེན་ཐབས་ལས་བྱུང་བ་ཡི། །དེ་ནི་བྱང་ཆུབ་རྡོ་རྗེ་མཆོག །ཇི་སྙེད་བརྗོད་པའི་ཁ་བརྒྱུད་ཀྱང་། །ཡང་དག་དོན་གྱི་སྙིང་པོ་ནི། །གང་ནས་བཙལ་ཀྱང་མི་རྙེད་དེ། །རང་རིག་སྒྲིབ་མེད་དག་པ་ཡིན། །དེ་ལ་རྟག་འགྲུས་གོམས་པ་ནི། །བསྙེན་པའི་དམ་པ་དེ་ཡིན་ཏེ། །དེ་ནི་མ་ནོར་ལམ་ཡིན་པར། །ཨ་ཡིས་བོ་དྷི་རབ་ཏུ་བསྡུས། །དེ་བཞིན་ཉིད་ཀྱི་དབྱིངས་ཉིད་ནི། །གཅིག་གམ་འདི་ཞེས་བརྗོད་དུ་མེད། །གཉིས་མེད་དབྱིངས་ཀྱི་ངང་དུ་མེད། །གསུམ་དུ་སྣ་ཚོགས་འབྱུང་ཞིང་འཕྲོ། །བྱིན་རླབས་བསམ་ཡས་མཐའ་ཡས་མཆོག །དོན་བསྡུས་གསུང་རབ་བཞི་བཅུ་གཉིས། །དེ་ལས་ལྷག་པའི་དོན་སྨྲ་བ། །དེ་ནི་རྣམ་དག་ལམ་མིན་ཏེ། །རང་བློས་བསམས་པའི་འཁྲུལ་པ་ཡིན། །ཐམས་ཅད་རང་རིག་བྱང་ཆུབ་


DNG010_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

སེམས། །དེ་ནི་ལུང་གི་ཚད་མར་བཤད། །ཚད་བཞིས་ཕབ་པའི་དོན་ཡིན་ཏེ། །དག་པ་རྣམ་གསུམ་ཚུལ་བསྒོམས་ཤིང་། །འབྲུ་ལྔར་འདུས་པའི་ཐབས་ཆེན་ཏེ། །འགྲོ་བ་ཀུན་ལ་རང་བཞིན་གནས། །བྱ་བ་བྱེད་པ་བྱས་པ་མེད། །ཟད་པའི་དུས་མེད་ཡིད་བཞིན་གཏེར། །བུམ་པ་བཟང་དང་ཡིད་བཞིན་མཛོད། །ཟ་མ་ཏོག་དང་རིན་ཆེན་རྒྱལ། །གཞན་ནས་ཡོད་འོང་མ་ཡིན་ཏེ། །རང་སེམས་གཟོད་ནས་བརྟན་པ་ཡིན། །ལྷ་སྲིན་ལ་སོགས་ཡོད་པ་ཡི། །ནོར་འདྲ་རིན་ཆེན་མ་ཡིན་ཏེ། །བོ་དྷིའི་དཀོར་ནི་རིན་པོ་ཆེ། །སྐུ་གསུང་མི་ཟད་པར་ལྡན་པའི། །རྒྱན་གྱི་འཁོར་ལོ་བསམ་མི་ཁྱབ། །དངོས་གྲུབ་མཆོག་གི་སྙིང་པོ་ནི། །དང་པོར་དོན་རྟོགས་མཐར་མི་གཏོང་། །ཆུ་སྲིན་ཕྱག་རྒྱ་ཇི་བཞིན་དུ། །སྤྱོད་ཡུལ་ཀུན་ཏུ་ཚད་དཔག་མེད། །ཅེས་གསུངས་སོ། །སྒྱུ་འཕྲུལ་དྲ་བ་ལས། ཕྱོགས་བཅུ་དུས་བཞིའི་སྣོད་བཅུད་བདག་ལ་འདུས་པ་དང་། ལོངས་སྤྱོད་དང་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་བསྐོར་བའི་ལེའུ་སྟེ་དང་པོའོ།། །།དེ་ནས་དེ་བཞིན་གཤེགས་པས་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་བསྟན་པ་ལས། ཆོས་ཐམས་ཅད་ནམ་མཁའ་དང་ཡུམ་གྱི་དབྱིངས་སུ་འདུས་པར་བསྟན་ནས། ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཡང་དག་དོན་གྱི་གསང་མཆོག་གི། །བདེ་བ་ཐུགས་ཀྱི་དཀྱིལ་འཁོར་ལ། །ངེས་པའི་དོན་ཆེན་བཞི་བཅུ་གཉིས། །ཡིད་བཞིན་རིན་ཆེན་གསལ་འབར་ཐིམ། །ཐམས་ཅད་མ་ལུས་ཐིག་ལེའི་དབྱིངས། །སྐུ་ལྔའི་འོད་ཟེར་མང་པོ་ཀུན། །ཐམས་ཅད་ཡུམ་གྱུར་དབྱིངས་སུ་ཐིམ། །གསལ་འབར་སྤྲིན་གྱི་བདག་པོར་གྱུར། །བྱང་ཆུབ་སེམས་ཀྱི་ཐིག་ལེ་ནི། །ཀུན་ལ་ཁྱབ་ཅིང་མི་གནས་པ། །ཁ་དོག་གནས་དང་དབྱིབས་མ་ཡིན། །ཡོན་ཏན་མཆོག་གི་སྙིང་པོ་ནི། །རྟོག་གེའི་སྤྱོད་ཡུལ་ཡང་མ་ཡིན། །ཟབ་ཅིང་རྒྱ་ཆེན་རབ་སྦྱངས་པའི། །གསལ་ལྡན་བརྟན་པའི་སྤྱོད་ཡུལ་ཏེ། །གཞན་


DNG010_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བཙལ་ཞིང་བརྟག་ཏུ་མེད། །ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །སྣ་ཚོགས་འཇིག་རྟེན་བརྟན་གཡོ་དང་། །རྒྱལ་བ་མངོན་བྱུང་ཐམས་ཅད་ཀུན། །ནམ་མཁའི་དབྱིངས་སུ་མ་གྱུར་པ། །དུས་བཞི་ཕྱོགས་བཅུ་གང་ནའང་མེད། །དུས་གསུམ་བདེ་གཤེགས་ཉིད་ཀྱི་མངའ། །སྔོན་གྱི་བདེ་གཤེགས་ཐུགས་ཆུད་པའི། །ནམ་མཁའི་ངང་དུ་ཐམས་ཅད་ཐིམ། །ཐམས་ཅད་ཤེས་རབ་དབྱིངས་ཉིད་དེ། །དབྱིངས་ལ་དབྱིངས་ནི་རྣམ་པར་སྦྱོར། །ཤེས་རབ་དབྱིངས་ཉིད་འབྱོར་པ་ཡིས། །བྱང་ཆུབ་རྡོ་རྗེ་ཐིག་ལེ་ཡིན། །དཀྱིལ་འཁོར་བསམ་ཡས་ལྷུན་གྲུབ་དང་། །རྒྱ་དང་བྲལ་བའི་གཞལ་ཡས་ཀྱིས། །ཀུན་ལ་ཁྱབ་ཅིང་མི་གནས་པ། །ཡོན་ཏན་མཆོག་གི་གནས་ཡིན་ཏེ། །མ་བཅོས་རྒྱུན་གྱི་སྐད་ཅིག་མ། །དེ་ཡིས་མ་ཟིན་གང་ཡང་མེད། །རང་གི་རྣམ་རྟོག་མ་ཡིན་པ། །ཡང་དག་གཤེགས་དང་ལོག་རྟོག་དང་། །གཞན་ཡང་སྤྲུལ་པ་མང་པོའི་ཚོགས། །ཕྱོགས་བཅུ་མ་ལུས་ཐམས་ཅད་ཀྱིས། །དེ་ལ་གསད་ཅིང་གཟུང་དུ་མེད། །ཁ་དོག་དབྱིབས་དང་གནས་མ་ཡིན། །སྐྱེས་བུ་དམ་པ་མཆོག་འདོད་པས། །དེ་ལ་རྟག་འགྲུས་གསལ་བར་གྱིས། །དེ་ཡི་འབྲས་བུ་མཐར་ཕྱིན་ནི། །རྒྱུ་འབྲས་མེད་པའི་དུས་གཅིག་སྟེ། །ཐམས་ཅད་མིང་གི་མཚན་ཉིད་དུ། །ཡི་གེ་འབྲུ་གསུམ་རྫོགས་པར་འགྱུར། །མི་ཟད་རྒྱན་གྱི་འཁོར་ལོས་བསྡུས། །རྫོགས་ཆེན་གཉིས་ཀྱང་རྫོགས་པར་རོལ། །སྐྱེ་འཇིག་མེད་པའི་དབྱིངས་ལ་ཞུགས། །འཇིག་རྟེན་འདས་དང་འཇིག་རྟེན་པའི། །མཐའ་ཡས་དཀྱིལ་འཁོར་བསམ་ཡས་ཀུན། །རྒྱལ་བ་ཡུམ་གྱི་དབྱིངས་སུ་ཐིམ། །ཐམས་ཅད་མ་ལུས་ཆོས་སྐུར་འདུས། །ཧོཿ། ཆོས་ཐམས་ཅད་མིང་གི་མཚན་ཉིད་དོ། །སྒྱུ་འཕྲུལ་དྲ་བ་ལས་ཡུམ་གྱི་དབྱིངས་སུ་འདུས་པ་ཤིན་ཏུ་གསང་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་དེ་བཞིན་གཤེགས་པ་ཡེ་ཤེས་ལྔའི་དཀྱིལ་འཁོར་ལ་མཉམ་པར་ཞུགས་ནས། ཆེད་དུ་བརྗོད་པ་འདི་བརྗོད་དོ། །ལྔ་ཕུང་ཡན་ལག་ཐམས་ཅད་ཀྱང་། །འབྲུ་ལྔར་གནས་པའི་བྱང་ཆུབ་


DNG010_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། །ཨོཾ་དང་མཱུཾ་དུ་འདྲེལ་པ་ཡིས། །བྱང་ཆུབ་རྡོ་རྗེ་དྲིལ་ལས་བྱུང་། །སྤྱིར་ནི་བརྗོད་པ་ཐམས་ཅད་ཀྱང་། །ཀུན་ཀྱང་མིང་ཙམ་ཡི་གེ་ཨ། །སྐྱེ་འཇིག་ཉིད་ཀྱང་ཡི་གེ་ལྔ། །དེ་ནི་བྱང་ཆུབ་སེམས་ཡིན་ཏེ། །གཉིས་མེད་བྱང་ཆུབ་མཆོག་འབྱུང་བ། །གསུམ་ཤར་ལྔ་འབར་བཅུ་འབྱོར་བ། །ཟད་མེད་རིན་ཆེན་གཏེར་ཡིན་ཏེ། །མངོན་ཤེས་དྲུག་ལྡན་མཚན་བཟང་སྤགས། །ཨེ་ལས་འཕྲོས་ཤིང་ཨར་འདུས་པ། །གསང་བའི་ཐིག་ལེ་ཉིད་ཀྱི་དབྱིངས། །ནམ་མཁའི་དབྱིངས་ནས་སྤྲིན་བྱུང་བ། །ཀུན་ལ་ཁྱབ་ཅིང་སྣ་ཚོགས་སྨིན། །བཞི་བཅུ་རྩ་ལྔའི་ཁོངས་ནས་བསམ་མི་ཁྱབ། །བྱིན་རླབས་ཡ་མཚན་རྨད་པོ་ཆེ། །ཡོན་ཏན་མི་ཟད་གཏེར་དུ་འབྱུང་། །ཧོཿ། ཡེ་ནས་མཉམ་ཉིད་གསང་བའི་དཀྱིལ་འཁོར་དབྱིངས། །དབྱིངས་ལས་མི་གཞན་ཡེ་ནས་ཐིག་ལེའི་ངང་། །ཡེ་ཤེས་དབྱིངས་ཉིད་གཟུགས་བརྙན་སྒྱུ་མའི་ཚུལ། །སྣང་བྱེད་ཉིད་ན་བྱ་བྱེད་མེད་པར་གནས། །ཡེ་ཤེས་འཕྲུལ་ཆེན་བཞི་བཅུ་རྩ་ལྔའི་དོན། །དཀྱིལ་འཁོར་བསམ་ཡས་ལྷུན་གྲུབ་དམ་པ་ནི། །ཐབས་དང་ཤེས་རབ་གཉིས་མེད་མཉམ་པར་གནས། །དག་མཉམ་རྣམ་གསུམ་དོན་རྟོགས་བསྒོམ་བྱས་ཤིང་། །མཉམ་པ་རྣམ་བཞིའི་དོན་རྟོགས་མཆོག་གི་གནས། །རྒྱུ་འབྲས་ལྷུན་གྲུབ་ཕུན་སུམ་ཚོགས་བཞིར་འདུས། །ཡེ་ཤེས་ལྔ་རྫོགས་སྐུ་གསུང་ཐུགས་ཀྱིས་བསྡུས། །ཆགས་མེད་ཞི་བའི་ལམ་ནས་ཐིག་ལེར་འཇུག །ཡེ་ཤེས་ལྔ་རྫོགས་སྤྱོད་ཡུལ་མཎྜ་ལ། །མ་ཆགས་འོད་གསལ་དཀྱིལ་འཁོར་རྫོགས་པར་ལྡན། །ཐམས་ཅད་མ་ལུས་རང་རིག་རྒྱལ་པོ་ཡིས། །དཀྱིལ་འཁོར་དག་མཉམ་ཁྲོ་བོ་ཁྲོ་མོར་སྦྱོར། །ཆོས་རྣམས་རང་བཞིན་ཉིད་ཀྱིས་སྟོང་། །ནང་དང་ནང་གི་ཕྱི་རོལ་གྱི། །རྣམ་རྟོག་སྣ་ཚོགས་འཛིན་པ་ཡང་། །དངོས་པོ་མེད་དབྱིངས་སྐད་ཅིག་མ། །དེ་ཉིད་རྣམ་པར་དག་པའི་ལམ། །ཕྱིན་ཅི་ལོག་ཉིད་ཡང་དག་སྟེ། །མ་རིག་པ་ནི་ཡེ་ཤེས་གསལ། །ཉོན་མོངས་སྡུག་བསྔལ་བྱང་ཆུབ་མཆོག །ཐམས་ཅད་ཡོན་ཏན་


DNG010_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གི་གནས། །ཨ་ཧོ།ཕྱོགས་བཅུའི་རྒྱལ་བའི་དཀྱིལ་འཁོར་མ་ལུས་ཀུན། །ངེས་པའི་དོན་བཀྲོལ་བཞི་བཅུ་རྩ་ལྔར་བསྡུས། །བསྡུས་པའི་དོན་ཉིད་ཡི་གེ་འབྲུ་ལྔར་བསྡུས། །ལྔ་པའི་དོན་ཉིད་འབྲུ་གསུམ་ནང་དུ་འདུས། །གསུམ་པོ་དེ་ཉིད་ཡི་གེ་ཨར་འདུས་སྟེ། །ཨ་ཉིད་མ་སྐྱེས་མཉམ་རྫོགས་དབྱིངས་སུ་ཐིམ། །ཨ་ཧོ། མི་དམིགས་སྟོང་པ་ཉིད་ཀྱང་བརྗོད་མི་ལང་། །མི་དམིགས་དེ་བཞིན་ཉིད་ཀྱང་བསམ་མི་ཁྱབ། །མ་སྐྱེས་ཆོས་ཀྱི་དབྱིངས་ཀྱང་བསམ་མི་ཁྱབ། །མ་འགགས་བྱང་ཆུབ་སེམས་ནི་སྐྱེ་འཇིག་མེད། །འགྲོ་མེད་འོང་མེད་མི་གནས་པའི། །ཐུགས་རྗེའི་བྱིན་རླབས་རྣམ་པར་འཕྲོ། །ཞེས་ཉིད་ལ་ཉིད་གསུངས་སོ། །དབྱིངས་ལས་དབྱིངས་བྱུང་ཐབས་ཀྱི་ཕྱག་རྒྱར་གསལ། །ཐབས་ལས་དབྱིངས་བྱུང་ཡུམ་གྱི་ཕྱག་རྒྱར་གསལ། །དབྱིངས་དང་དབྱིངས་ཀྱི་ཡེ་ཤེས་འབྱོར་པས་ན། །བྱང་ཆུབ་སེམས་མཆོག་དཀྱིལ་འཁོར་བརྗོད་མི་ལང་། །ཨ་ཧོ། རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་ལས། དེ་བཞིན་གཤེགས་པའི་དཀྱིལ་འཁོར་ངེས་པའི་དོན་མ་ལུས་པར། མཚན་ཉིད་མེད་པའི་ཕྱག་རྒྱར་ཐིམ་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་དེ་བཞིན་གཤེགས་པ་བཅོམ་ལྡན་འདས་དགྱེས་པ་ཆེན་པོས། འགྲོ་བ་ཐམས་ཅད་ལ། རང་བཞིན་གྱི་དཀྱིལ་འཁོར་ཡོད་པར་བསྟན་པ་དང་། རིགས་རྒྱུད་དྲུག་ཏུ་ཡང་བཤད། དེ་ལ་ཆོས་ཉིད་ཀྱི་རིགས་ནི་ཐམས་ཅད་ཀུན་ལ་ཡང་ཡོད་དོ། །ནམ་མཁས་ཀྱང་ཀུན་ལ་ཁྱབ་པར་གནས་སོ། །དེ་ལྟར་ཆོས་ཀྱི་དབྱིངས་དང་ནམ་མཁས་ཀུན་ལ་ཁྱབ་ཀྱང་། རྣམ་པར་ཐར་པའི་དོན་མ་རྟོགས་ན། མེ་ལོང་གཡས་གཡོགས་པ་དང་འདྲ་སྟེ། གཟུགས་བརྙན་སྣང་བའི་བྱ་བ་བྱེད་མི་ནུས་སོ། །ཞེས་གསུངས་ནས། ཡང་འདི་སྐད་རྡོ་རྗེ་འཆང་གིས་གསུངས་སོ། །མཉམ་ཉིད་དོན་རྟོགས་རང་རིག་རྒྱལ་པོ་ནི། །རྒྱ་མཚོ་ཆེན་པོར་ཆུ་ཀླུང་ཀུན་འབབ་ལྟར། །བླ་མེད་དོན་རྟོགས་ཐབས་ཆེན་འདི་དག་ཏུ། །རྣམ་ཐར་ཐེག་པ་བསམ་ཡས་མ་ལུས་འདུས། །ཨ་ཧོ། བདག་མེད་གཉིས་རྟོགས་ཕ་རོལ་ཕྱིན་རྫོགས་པ། །


DNG010_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

ས་བཅུ་རིམ་གྱིས་བསྒོམ་པའི་རྣལ་འབྱོར་པ། །སངས་རྒྱས་སར་འགྲོ་གོ་འཕང་ཐོབ་པའི་ལམ། །བདེན་པ་གཉིས་ཀྱི་ས་རབ་ཐོབ་པར་འགྱུར། །ཕྱི་ནང་རྟེན་འདྲེལ་སྒྱུ་མ་མིག་ཡོར་ཚུལ་ཤེས་པའི། །དངོས་པོ་གཟུགས་ལ་ཐོགས་མེད་རབ་ཏུ་འཇུག །དགེ་བཤེས་མི་སློབ་རང་གི་རིག་པས་རྟོགས། །བྱང་ཆུབ་སར་འགྲོ་ཡིད་བཞིན་བདེ་བའི་མཆོག །བདེན་བཞིའི་དོན་རྟོགས་རབ་ཏུ་སྤང་བ་ཡིས། །ཡེ་ཤེས་བཅུ་དྲུག་ཆ་སྦྱངས་རབ་ཞི་བའི། །རྒྱུན་ཞུགས་ལ་སོགས་རིམ་པར་སྦྱངས་ནས་ནི། །ཉོན་མོངས་དགྲ་རྣམས་རབ་ཏུ་ཞི་བའི་ས་རུ་འགྲོ། །ཐེག་པ་གང་དུ་བསྟན་པར་མ་ངེས་པའི། །ཡང་ན་ཀུན་ལ་མཐུན་ནས་འབྱམས་པར་འཇུག །ཡང་ན་ངེས་མེད་འདི་ཞེས་བརྟག་ཏུ་མེད། །འདི་ནི་མ་ངེས་རྡོ་རྗེ་འཆང་གིས་གསུངས། །དགེ་བཅུ་སྤྱོད་ཅིང་མི་དགེ་སྤོང་བྱེད་པ། །འདོད་ཁམས་ལྷ་དང་མིར་ནི་སྐྱེ་བའི་རྒྱུ། །ཚད་མེད་བཞི་སྤྱོད་མི་གཡོ་སྒོམ་བྱེད་པ། །ཚངས་གནས་ལ་སོགས་སྐྱེ་བའི་རྒྱུ་ཡིན་ནོ། །ཆོས་ཀྱི་དབྱིངས་ཀྱིས་ཀུན་ཏུ་ཁྱབ་གྱུར་ཀྱང་། །རང་རིག་རྟོགས་པའི་སྐལ་དང་མི་ལྡན་ན། །ཇི་ལྟར་དམུས་ལོང་མདུན་དུ་མདོག་བསྟན་བཞིན། །འདི་ནི་སྐལ་མེད་རིགས་ཆད་པ་ཡིན་ནོ། །ཆོས་ཀྱི་དབྱིངས་ཀྱིས་ཀུན་ལ་ཁྱབ་པ་ཡིས། །བླ་མེད་ཐེག་པ་བསམ་ཡས་གསུངས་པ་ཡང་། །སོ་སོ་རང་རིག་བློ་ལ་སྣང་བར་ཟད། །ངན་སོང་འགྲོ་དྲུག་སྣ་ཚོགས་རྒྱུ་བ་ཡང་། །འཁྲུལ་པའི་བློ་ལོག་རྟོག་པ་ཉིད་སྣང་སྟེ། །དེ་བཞིན་ཉིད་ཀྱི་དབྱིངས་ལ་འགྱུར་བ་མེད། །མི་དམིགས་རང་རིག་གོམས་བྱས་བླ་ན་མེད་པའི་མཆོག །ལོག་རྟོག་བདག་དང་བདག་གིར་འཛིན་གྱུར་ན། །དངོས་མེད་མི་སྡུག་སྣ་ཚོགས་སྣང་བར་འགྱུར། །ཡང་དག་ཤེས་པའི་རང་རིག་བློ་མེད་ན། །བདེ་གཤེགས་ཞིང་ཡང་ངན་སོང་གནས་སུ་མཐོང་། །ཐེག་མཆོག་མཉམ་པའི་དོན་ཉིད་རྟོགས་པ་ན། །ངན་སོང་གནས་ཉིད་འོག་མིན་དགའ་ལྡན་གནས། །ནམ་མཁའི་དབྱིངས་ཉིད་གཏོས་ནི་བསམ་ཡས་པར། །


DNG010_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་ཟླ་གཟའ་སྐར་མཚན་མ་གློག་འགྱུ་དང་། །འཇའ་ཚོན་སྤྲིན་མང་སྣ་ཚོགས་འཁྲུགས་གྱུར་ཀྱང་། །ནམ་མཁའི་དབྱིངས་ལ་འགྱུར་ཞིང་ཉམས་པ་མེད། །མི་དམིགས་ཆོས་ཀྱི་དབྱིངས་ནི་བསམ་ཡས་པར། །སྐུ་གསུང་ཡོན་ཏན་ཕྲིན་ལས་རྨད་བྱུང་དང་། །འཇིག་རྟེན་གཙོ་མཆོག་མ་ལུས་ཐམས་ཅད་དང་། །འཁྲུལ་འཁོར་སྡུག་བསྔལ་སྣ་ཚོགས་རྣམ་མང་ཡང་། །དེ་བཞིན་ཉིད་ལ་འཕེལ་ཞིང་བྲི་བ་མེད། །ཅེས་རྡོ་རྗེ་གསང་བའི་ཚིག་ཏུའོ། །རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་ལས། ཐམས་ཅད་ལ་ཆོས་ཉིད་ཀྱི་རྒྱུ་ཡོད་པ་དང་། )རིགས་རྒྱུད་ཆད་པ་དང་། རིགས་བརྒྱད་སོ་སོར་དབྱེ་བའི་མདོར་བཤད་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་མཉམ་པ་ཉིད་ལ་བཞུགས་ནས། འཁོར་བསམ་གྱིས་མི་ཁྱབ་པ་ཐམས་ཅད་ཀྱང་། ཉིད་ལ་ཉིད་མཉེས་པར་མཆོད་ཅིང་། ཀུན་ཏུ་བཟང་པོ་དགྱེས་ཏེ། ཕྱོགས་བཅུ་དུས་བཞི་མ་ལུས་པ་ཐམས་ཅད་ཀྱི་བཞུགས་གནས་གཞལ་ཡས་ཁང་རིན་པོ་ཆེ་སྣ་ཚོགས་བསམ་གྱིས་མི་ཁྱབ་པ། ཚད་དཔག་ཏུ་མེད་པ། རྒྱས་པ་མཐའ་དབུས་མེད་པར་ཁྱབ་ཅིང་། འོད་ཟེར་སྒྲིབ་པ་མེད་པ་རང་བྱུང་བ་ལ་བཞུགས་ནས། ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཉིད་ཀྱི་དབྱིངས་ཉིད་འཕྲོ་བ་ཚད་དཔག་མེད། །ཀུན་ནས་དཀྱིལ་འཁོར་ཡོངས་སུ་མ་ཆད་པའི། །སྲིད་གསུམ་ཡང་དག་མཉམ་སྦྱོར་སྤྱོད་ཡུལ་ཏེ། །མཚན་འཛིན་འདས་པ་མཆོག་གི་རྒྱུ་ལས་བྱུང་། །དབང་བསྒྱུར་ཤིན་ཏུ་རྣམ་པར་དག་པ་ཡི། །དེ་བཞིན་གཤེགས་པ་འོག་མིན་གནས་བཞུགས་ནས། །གཟུང་འཛིན་བྲལ་བའི་བླ་མེད་རྗེས་འདོད་དང་། །འཇིག་རྟེན་འཁོར་གྱི་གཙོས་བསྐུར་དབང་ཕྱུག་དང་། །གཞན་ཡང་འཇིག་རྟེན་ཕྱོགས་བཅུའི་ཁམས་གནས་པ། །བདུད་རྩིའི་རོ་ཡི་དགའ་བ་བདེ་ཆེན་འགྲུབ། །དུག་གསུམ་དྲི་བྲལ་བདུད་སྡེ་ཚར་གཅོད་པའི། །འདས་དང་མ་བྱོན་དེ་བཞིན་ཉིད་དུ་སྦྱོར། །ཤེས་རབ་ཐབས་ལྡན་ངེས་པའི་དོན་


DNG010_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བ། །རིག་པའི་ཐབས་ཆེན་དབང་བསྒྱུར་ཉིད་དུ་བསྒོམ། །སྟོང་སྨོན་མཚན་མེད་རང་བཞིན་འོད་གསལ་པའི། །ཟག་མེད་བསོད་ནམས་ཚོགས་ཀྱིས་བརྒྱན་པར་གྱུར། །བྷཱུཾ། རང་བྱུང་ཉི་ཟླ་པདྨ་རིན་ཆེན་རྒྱས་ལ་བཞུགས། །རྡོ་རྗེ་མཉམ་ཉིད་ཐུགས་སུ་ཆུད་པ་ཡིས། །མཉམ་རྫོགས་ཆེན་པོ་ལྷུན་ལ་རོལ་པར་མཛད། །བདེ་གཤེགས་དབྱིངས་ཉིད་དེ་བཞིན་ཉིད་གནས་པ། །དུས་བཞིའི་རྒྱལ་བ་ཀུན་དང་མཉམ་པར་འུབ། །ཐམས་ཅད་འོད་གསལ་དཀྱིལ་འཁོར་ཐུགས་ཆུད་པའི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་འཆང་ལས་འབྱུང་། །སྤྱོད་ཡུལ་འཕྲོག་མེད་བརྗོད་ཀྱིས་མི་ལངས་པའི། །དུས་བཞི་མཉམ་ཉིད་ངེས་པའི་དོན་ཉིད་ཉོན། །ཐུགས་རྗེའི་དབང་གིས་འགྲོ་དྲུག་དུས་གནས་བཞུགས། །ང་དང་བདག་མེད་མཉམ་པའི་དབྱིངས་མཁྱེན་པ། །མཉམ་པའི་དོན་གྲུབ་རྡོ་རྗེ་ཅན་ཞེས་བྱ། །རྣམ་པར་རྟོག་མེད་བྱང་ཆུབ་རྡོ་རྗེ་ཅན་གྱི་སྐུ། །ཤེས་རབ་མཆོག་གིས་མ་ལུས་ཡོངས་བསྡུས་པ། །བདེ་གཤེགས་མི་གནས་མཉམ་ཉིད་ངང་དུ་བྱོན། །ཐབས་ཆེན་མ་འདྲེས་རྣམ་པ་སྦས་པ་ཡི། །དམིགས་མེད་བདེ་གཤེགས་ཉིད་དབྱིངས་ཐུགས་ཆུད་པ། །ཐབས་དང་ཤེས་རབ་དབྱིངས་ཉིད་དམ་པའི་མཆོག །ཕྱོགས་བཅུ་དུས་བཞི་དབྱིངས་གནས་མཐས་གཏུགས་པ། །ཤེས་རབ་མཆོག་ལྡན་གསལ་བའི་ངང་འཆར་བ། །ཐུགས་རྗེའི་བྱིན་རླབས་སྣ་ཚོགས་འཕྲོ་བ་ཡི། །བདེ་གཤེགས་མ་ལུས་ཐམས་ཅད་འབྱུང་བའི་གནས། །ཡིད་བཞིན་རིན་ཆེན་མི་ཟད་པར་ལྡན་འཕྲོ། །རང་རིག་རྒྱལ་པོ་ཆེ་ཡིས་རྟོགས་པར་འགྱུར། །ཞེས་ཉིད་ལ་ཉིད་ཆེད་དུ་བརྗོད་དེ། རྡོ་རྗེ་གསང་བའི་ཚིག་ཏུའོ། །སྒྱུ་འཕྲུལ་དྲ་བ་ལས་གཞལ་མེད་ཁང་དབུབ་པ་ཐབས་དྲ་བའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་དེ་བཞིན་གཤེགས་པ་བཅོམ་ལྡན་འདས་ཀྱིས། ཐུགས་རྡོ་རྗེ་རོལ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཆེད་དུ་བརྗོད་པ་འདི་བརྗོད་དོ། །ནམ་མཁའི་མཁའ་དཀྱིལ་དྭངས་པ་ཡི། །ཡིད་བཞིན་སྤྲིན་


DNG010_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་རྣམས་འབྱུང་བ། །སྣ་ཚོགས་འབྱུང་ཞིང་འོད་འཕྲོ་འབར། །རཾ། སྲིད་གསུམ་སྲེག་པའི་མེ་ཡིན་ཏེ། །ཡིད་ཀྱི་ཡེ་ཤེས་མེ་རུ་འབར། །ཧཾ། དབང་པོ་དང་བའི་དཀྱིལ་འཁོར་དུ། །སྤྱོད་ཡུལ་རྫས་རྣམས་བསྡུས་ནས་ནི། །ལྷན་ནེ་ལྷང་ངེར་འོད་དུ་ཞུ། །ཨ། ཞི་འགྱུར་དབྱིངས་ནས་ཕྱག་རྒྱ་འབར། །ཐུགས་རྗེའི་བྱིན་རླབས་རྨད་པོ་ཆེ། །ཧཱུཾ་འགྲོ་དྲུག་སྣ་ཚོགས་དོན་བྱེད་པའི། །འདི་ནི་བྱང་ཆུབ་མཆོག་ཏུ་གསུངས། །ཧོ་བཞི་པོ་འཇོམས་ཤིང་ངན་སོང་སྦྱོང་། །ཏྲ་ཐཱ། སྨན་བཅུད་ལེན་གྱིས་དུག་སྦྱང་བཞིན། །ཕྱི་དང་ནང་གི་དྲི་མ་དག །བདག་མེད་གཉིས་ཀྱིས་འདག་པར་བྱེད། །ཧྲཱྀཿབསལ་ཞིང་གཞག་པར་བྱ་བ་མེད། །ཉི་མ་ཤར་བའི་འོད་བཞིན་དུ། །སྣང་དང་མི་སྣང་གཉིས་ཀ་མེད། །དེ་བཞིན་མཉམ་ཉིད་ཡེ་ཤེས་ཀྱིས། །ཐམས་ཅད་རྒྱལ་བའི་ཞིང་དུ་སྦྱོར། །ཨཱོཾ་རང་རིག་ཡེ་ཤེས་རྒྱལ་པོ་ཡིས། །ཕྱོགས་བཅུའི་ཁམས་རྣམས་དབང་བསྡུས་ནས། །ཐམས་ཅད་མི་དམིགས་དབྱིངས་སུ་ཐིམ། །ཐམས་ཅད་ཁྲོ་བོའི་ཚོགས་སུ་གྱུར། །རྟོག་པ་རྣམ་བཞི་མི་དམིགས་དབྱིངས་གྱུར་པ། །ཤེས་རབ་ཡུམ་གྱི་མཚན་ཉིད་དབྱིངས་སུ་ཐིམ། །ཐབས་དང་ཤེས་རབ་གཉིས་མེད་དབྱིངས་གྱུར་པས། །ཆོས་རྣམས་ཐམས་ཅད་དབྱིངས་ཀྱི་ཁྲོ་བོ་ཁྲོ་མོར་གྱུར། །ཨ་ཧོ། རྡོ་རྗེ་གསང་བའི་ཚིག་ཏུའོ། །སྒྱུ་འཕྲུལ་དྲ་བ་ལས་ཆོས་ཐམས་ཅད་ཁྲོ་བོ་དང་ཁྲོ་མོའི་རང་བཞིན་དུ་གྱུར་པ་དང་། རང་རིག་པའི་ཡེ་ཤེས་ཀྱི་མེས་སྦྱོར་བའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་དེ་བཞིན་གཤེགས་པ་ཁྲོ་བོའི་རྒྱལ་པོས་སྒྱུ་འཕྲུལ་དྲ་བ་བསྟན་པ་ལས། ཁྲོ་བོ་རྔམས་པའི་ཚོགས་སུ་བྱས་ནས། ཆེད་དུ་བརྗོད་པ་འདི་བརྗོད་དོ། །བྱང་ཆུབ་མཆོག་གི་སྙིང་པོ་ནི། །མཚན་མས་བཙལ་བ་མ་ཡིན་གྱི། །དག་པ་རྣམ་གསུམ་མ་ནོར་ཞིང་། །རང་རིག་རྒྱལ་པོ་གོམས་པ་ཡིས། །བྱང་ཆུབ་མཆོག་འདི་རྙེད་པར་འགྱུར། །དྲག་པོ་གཏུམ་པོ་བསྒྲུབ་


DNG010_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། །བྷ་ག་ལ་ནི་ལིང་ག་བཞག །མཚན་མ་མིང་དུ་བཅས་པར་བྱ། །ཁྲོ་བོའི་ཞལ་ནི་གང་ཡང་རུང་། །ལན་གསུམ་ལན་བདུན་རྟག་བསྒོམ་ཞིང་། །མངོན་དུ་བྱུང་བའི་ཞལ་འབར་དེ། །བདག་ཉིད་དཀྱིལ་འཁོར་ལྷར་གྱུར་ནས། །ལིང་ག་ཡང་ནས་ཡང་བསྡུས་ཏེ། །དབྱིངས་ཀྱི་དཀྱིལ་དུ་བསྡིམ་པར་བྱ། །ཧཱུཾ་གིས་བསྡུ་ཞིང་ཕཊ་ཀྱིས་འཕང་། །ཞལ་གྱི་རང་སྔགས་ཁྲི་འབུམ་དུ། །རྣམ་གསུམ་ཚུལ་གྱིས་བཟླས་ནས་སུ། །ཡང་ནས་ཡང་དུ་གསལ་བར་བྱ། །འགྲོ་ལྔ་སེམས་ཅན་ཐམས་ཅད་ཀུན། །དབང་མེད་ཞལ་དུ་ཐིམ་པར་འགྱུར། །ས་མ་ཡ་ཡང་ལྷག་པར་འཇིབས། །སྐུ་མདོག་དུད་ཀ་ལ་སོགས་དང་། །མཆེ་གཙིགས་ཁྲོ་གཉེར་གཙིགས་པ་དང་། །ཞལ་བགྲད་ཕྱག་རྒྱ་འབར་བ་དང་། །གང་ལ་གོམས་པར་བསྒོམ་པར་བྱ། །བདག་ཉིད་འཛིན་པའི་ཕྱག་རྒྱ་སྟེ། །མཚན་མ་བཟུང་ནས་རང་སྔགས་གདོན། །མངོན་པར་དབང་པོས་བལྟར་ཡོད་པར། །རིལ་བུར་བསྡུས་ནས་དབྱིངས་སུ་མཆོད། །ཐེ་ཚོམ་མེད་པར་འགྲུབ་པར་ངེས། །དམ་པའི་ཆོས་འཇིག་མ་རུངས་པ། །དཔའ་བོས་དགོས་པ་ཡོད་པའི་ཕྱིར། །ཀུན་ལ་ཕན་པ་དེ་གྱིས་ཤིག །ཧོ། ཧཱུཾ་ཛ་ཕཊ་དང་སྥོ་ལ་སོགས། །འདྲེན་པའི་མཆོག་ཏུ་དེ་གསུངས་སོ། །མཚན་མ་མིང་དུ་བསྡུས་པ་ཡང་། །ཇི་ལྟར་སྔོན་གྱི་དེ་བཞིན་དུ། །སྨོན་པའི་བྱང་ཆུབ་ལམ་དུ་གཞུག །མཚན་མའི་བག་ཆགས་མེད་པར་བྱ། །དབྱིངས་ནས་སྤྲོས་ཤིང་ཨ་ལ་ཐིམ། །ཨ་ཧེ། ཐུགས་ཉིད་ལ་ནི་ཐུགས་བརྗོད་དོ། །སྒྱུ་འཕྲུལ་དྲ་བ་ལས། ཤིན་ཏུ་གསང་བའི་ཁྲོ་བོ་ཉེ་བར་སྒྲུབ་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་དེ་བཞིན་གཤེགས་པ་མ་ལུས་པ་ཐམས་ཅད་ཀྱི་རྒྱལ་པོས་འབར་བའི་ཐུགས་རྗེས་གཏུམ་འཁྲུགས་གིས་ཚོགས་ཆེན་པོར་བསྒྱུར་ནས། ཐམས་ཅད་འོད་དཔུང་འཕྲོ་ཞིང་འབར་བར་བསྟན་པ་ཆེད་དུ་བརྗོད་པ་འདི་བརྗོད་དོ། །སྒྱུ་འཕྲུལ་དྲ་བ་བསྟན་པ་ཡི། །ཕྱོགས་བཅུའི་ཞིང་ཁམས་མ་ལུས་པར། །བྷྲཱུཾ་


DNG010_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཙཀྲའི་འཁོར་ལོར་སྤྲུལ། །འོད་འཕྲོ་འབར་བའི་ཚོགས་ཆེན་ཧཱུཾ། །གཏུམ་ཆེན་དུས་མཐའི་མེ་ལྟར་འབར། །རཾ། ཉི་མའི་ཐོད་སྦྲུལ་མང་པོའི་གཟི། །ཁྲོ་གཉེར་གློག་སྟོང་འགྱུ་བ་བཞིན། །རྔམ་པའི་ང་རོ་འབྲུག་སྟོང་ལྡིར། །ཕཊ། ཁྲོས་པའི་སྤྲིན་ཆེན་ཕྱོགས་བཅུར་འབར། །རཾ། ཁྲོས་པའི་མེ་དཔུང་རྡོ་རྗེ་འབར། །རྡོ་རྗེ་འཁོར་ལོ་བརྩེགས་པར་འབར། །ཙཀྲ། ཁྲོ་བོ་ཁྲོ་མོའི་ཚོགས་ཀྱིས་བསྐོར། །གནས་དང་ཡུལ་གྱི་ཕྱག་རྒྱ་མཛེས། །ཧ་ཧེ། སླས་དང་བྱི་མོ་བྲན་མོའི་ཚོགས། །རང་གི་སྟན་དང་ལག་ཆ་དང་། །ཅི་བགྱིས་ཞེས་དང་ཆས་ཏེ་གནས། །ཏི་རའི་རྒྱུ་མའི་ཞགས་པ་དང་། །ནྲྀ་ཡི་ཙིཏྟ་ཟ་ཞིང་རྒྱུག །ཤིན་ཏུ་རྔམ་པའི་གཟུགས་སུ་གནས། །རལ་པ་མུཉྫ་ཅོད་པན་འབར། །ཕྱོགས་བཅུར་ཁེབས་པའི་གཤོགས་པ་གདེངས། །རྡོ་རྗེས་གཏམས་པའི་བྲག་རི་འབར། །རཾ། སོ་སོའི་རང་སྔགས་སྐད་གདངས་དང་། །སྒྲ་སྐད་ང་རོ་དྲག་ཏུ་འདོན། །ཧཱུཾ་ཧ་ཧེ་ཕཊ་བྷྱོ་རུ་ལུ། །ཁྲོ་བོ་ཆེན་པོ་ཚོགས་པ་ཡི། །དཀྱིལ་འཁོར་ཆེན་པོའི་ཞལ་འབར་བ། །བདག་ཉིད་གཉིས་སུ་མེད་པར་བསྒོམ། །སོ་སོའི་རང་སྔགས་བཟླས་ནས་སུ། །རྒྱུད་དྲུག་སེམས་ཅན་ཐམས་ཅད་དང་། །མ་རུངས་གདུག་པ་ཐམས་ཅད་ཀུན། །ཛཿཧཱུཾ་བཾ་ཧོཿས་བཀུག་ནས་ནི། །ལན་གསུམ་ལན་བདུན་ཞལ་དུ་བསྡིམ། །ལྷ་ཡང་རུང་སྟེ་བརླག་པར་འགྱུར། །ཧོ། གཞན་ཡང་མཆོད་པའི་ཞལ་ཟས་ནི། །འབྱོར་པ་རྣམ་པ་ཀུན་གྱིས་མཆོད། །ནྲྀ་ཡི་ཚིལ་དང་ཆེ་བའི་མར། །དམར་གྱི་ཨརྒྷ་རྒྱུན་དུ་འབུལ། །ཨ་ཧོ། ཡང་ན་ལན་གསུམ་བརྒྱ་རྩ་བརྒྱད། །སྟོང་ངམ་འབུམ་དུ་དབུལ་བར་བགྱི། །ནག་པོའི་ཚེར་མ་ཅན་དང་དུག་ཤིང་ངམ། །གཞན་ཡང་བསྲེག་རྫས་གདུག་གསུམ་དང་། །མནན་པའི་ཆོ་ག་ཀུན་གྱིས་བྱ། །སྒྱུ་འཕྲུལ་དྲ་བ་ལས། ཐུགས་རྗེ་རོལ་པའི་དཀྱིལ་འཁོར་སྤྱིར་བསྟན་པའི་ཧོམ།ཨོཾ་ཧཱུཾ་ཏྲཱཾ་ཧྲཱྀཿཨ། ཧོམ་ཐམས་ཅད་མ་ལུས་པར་འདིར་འདུས་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་དེ་བཞིན་


DNG010_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་ཁྲོ་བོའི་རྒྱལ་པོས། ཐམས་ཅད་རྡོ་རྗེར་བསྡུས་ནས། ཆེད་དུ་བརྗོད་པ་འདི་བརྗོད་དོ། །དག་པ་རྣམ་གསུམ་ཚུལ་བསྒོམས་ཤིང་། །སྒྱུ་འཕྲུལ་དྲ་བ་བརྟན་པར་གནས། །ཐམས་ཅད་ཧཱུཾ་དུ་བསྡུས་ནས་ནི། །དཀྱིལ་འཁོར་གྲུ་གསུམ་འབར་བར་བསྒོམ། །མེ་དཔུང་འབར་བའི་ཚོགས་ཆེན་དུ། །མེ་ལྷ་ཨག་ནེ་ཛཿས་བཀུག་ནས། །རཾ་ཞེས་བྱ་བའི་མེ་སྦར་ཏེ། །ཁྲོ་བོའི་དཀྱིལ་འཁོར་མ་ལུས་ཀུན། །ཞེ་སྡང་རྡོ་རྗེར་བསྒོམ་པར་བྱ། །ཧཱུཾ་གཏུམ་པོའི་ཚོགས་ཆེན་རབ་ཏུ་འབར། །དུད་ཀ་ནག་པོའི་མདོག་འདྲ་བ། །འབར་བའི་འོད་ཟེར་མང་པོ་འཁྲུགས། །ཉི་མའི་ཐོད་སྦྲུལ་མང་པོས་བརྒྱན། །སེང་གེ་གླང་ཆེན་སྟག་རྔམ་དང་། །ཕྱག་རྒྱ་སྣ་ཚོགས་འབར་བ་བསྣམས། །ཕཊ་དང་ཧཱུཾ་དང་ཧ་ལའི་སྒྲས། །སྐད་དྲག་ཕྱོགས་བཅུའི་ནམ་མཁའ་འཁྲུགས། །ཕཊ། ཁྲོ་བོ་ཁྲོ་མོའི་ཚོགས་ཀྱིས་བསྐོར། །ཡུལ་དང་གནས་ཀྱི་ཕྱག་རྒྱར་མཛེས། །ཧ་ཧེ། སླས་དང་བྱི་མོ་བྲན་མོ་དང་། །བྷྱོ། ཅི་བགྱིས་ལ་སོགས་ཚོགས་ཀྱིས་བསྐོར། །སོ་སོའི་སྟན་དང་ལག་ཆ་དང་། །རྔམ་པའི་ང་རོ་རང་སྔགས་སྒྲོགས། །མི་སྡུག་གཏུམ་མོའི་གཟུགས་ཅན་དང་། །ཤིན་ཏུ་ཁྲོ་བར་བསྒོམ་པར་བྱ། །བདག་ཉིད་ཕཊ་ཀྱི་ངང་ཉིད་དུ། །གསལ་འགྲིབ་བློ་གོམས་རྟག་ཏུ་བསྒོམ། །ཛཿཧཱུཾ་བཾ་ཧོཿས་བསྡུས་ནས་སུ། །རྒྱུད་དྲུག་སེམས་ཅན་ཀུན་བཀུག་ནས། །ཁྲོ་བོའི་ཚོགས་ལ་དབུལ་བར་བྱ། །ལྷ་ཡང་རུང་སྟེ་བརླག་པར་འགྱུར། །ཡོ་བྱད་གཞན་ནི་སྤྱི་དང་མཐུན། །གཟིར་བའི་ཐབས་ཀྱང་གོང་མ་བཞིན། །མཆོད་པའི་གྲངས་ཀྱང་སྤྱི་དང་མཐུན། །ཨ། གཞན་ཡང་དཀྱིལ་འཁོར་བསམ་ཡས་ཀྱི། །ཞལ་གདངས་སྤྱན་བགྲད་ཁྲོ་ཞལ་བསྒོམ། །རྡོ་རྗེ་གཏམས་པ་གདེངས་པ་དང་། །ཐོད་པ་ལྕགས་ཀྱུ་རྣམས་ཀྱིས་བསྐོར། །ཧཱུཾ་སྒྲ་དྲག་པོའི་ཚོགས་ཀྱིས་འབར། །འཛིན་པའི་ཕྱག་རྒྱས་བཀུག་ནས་སུ། །ཞལ་དུ་བསྡིམ་ན་ལྷག་པར་འགྲུབ། །རྡུལ་


DNG010_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་ཙམ་ཡང་མེད་པར་བྱེད། །འཁོར་གྱི་ཚོགས་ཀྱིས་སྔ་མ་བཞིན། །སྟོང་པའི་ཚུལ་དུ་རྦོད་གཏོང་བྱ། །ཧཱུཾ་གཏུམ་པོ་དམར་སྨུག་མཆུ་རིང་པོ། །འབར་བའི་རྡོ་རྗེ་ཕྲེང་བས་བསྐོར། །འོད་ཆེན་འབར་བ་འཕྲོ་བ་ཡིས། །འཇིག་རྟེན་ཁམས་རྣམས་དུས་གཅིག་རྔུབ། །ཧཱུཾ་ཁྲོ་བོའི་ཚོགས་ཀྱི་སྔགས་རྣམས་དང་། །གནས་དང་ཡུལ་གྱི་ཕྱག་རྒྱ་དང་། །སླས་དང་བྱི་མོ་བྲན་མོའི་ཚོགས། །སོ་སོའི་རང་སྔགས་རྫོགས་པར་གདོན། །ཧེ་ཧེ་བྷྱོ། གཞན་ཡང་བསྟོད་ཚིག་འདི་དག་གིས། །ཧཱུཾ་རྡོ་རྗེ་ཐུགས་རྗེའི་བྱིན་རླབས་ཀྱིས། །འཇིག་རྟེན་ཁམས་རྣམས་ཀུན་བཀང་སྟེ། །གཏུམ་འཁྲུགས་མ་ལུས་ཐམས་ཅད་ཀུན། །རྡོ་རྗེའི་མཐུ་ཡིས་བཏུལ་བར་འགྱུར། །ཧཱུཾ་ཞེ་སྡང་རྡོ་རྗེ་འཁོར་བཅས་པས། །འཇིག་རྟེན་ཁམས་ནི་རབ་འབྱམས་ཀུན། །སྐད་ཅིག་ཡུད་ལ་བརླག་མཛད་དེ། །བརླག་པར་མ་གྱུར་གང་ཡང་མེད། །ཧཱུཾ། སྒྱུ་འཕྲུལ་དྲ་བ་ལས། དྲག་པོ་ཧོམ་གྱི་ལེའུ་སྟེ་དགུ་པའོ།། །།དེ་ནས་དེ་བཞིན་གཤེགས་པ་ཁྲོ་བོའི་རྒྱལ་པོ་པདྨ་བསྡུས་པ་ཞེས་བྱ་བས། འགྲོ་བ་མང་པོའི་དོན་གྱི་ཕྱིར། ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཤེས་རབ་ཐབས་སུ་སྦྱོར་བ་ཡིས། །ཐམས་ཅད་མ་ལུས་དབྱིངས་སུ་བསྡུས། །དབྱིངས་ནས་ཡེ་ཤེས་འོད་འཕྲོ་འབར། །ཐམས་ཅད་མ་ལུས་དབྱིངས་སུ་སྦྱོར། །ཧྲཱྀཿ། དཀྱིལ་འཁོར་ཟླ་གམ་གདེངས་པ་ལས། །འོད་ཟེར་མང་པོ་རབ་འབར་དང་། །རྡོ་རྗེ་ལྕགས་སྒྲོག་བསྡམས་པས་བསྐོར། །གཞན་ཡང་རྒྱན་གྱི་དམ་པ་མཆོག །ཀུན་གྱིས་དེ་ལ་བརྒྱན་ཅིང་བསྐོར། །མེ་ལྷ་སྤྱན་དྲངས་སྔ་མ་བཞིན། །ཁྲོ་བོའི་དཀྱིལ་འཁོར་མ་ལུས་ཀུན། །པདྨའི་རིགས་ཀྱི་ཁྲོ་བོར་བསྒོམ། །དམར་སྨུག་དྲག་པོའི་མདོག་དང་ནི། །གཞན་ཡང་སྤྲུལ་པ་མང་པོ་ཡིས། །ཕྱོགས་བཞི་མཚམས་བཞི་སྟེང་འོག་བསྐོར། །རྔམ་པའི་རང་སྔགས་དྲག་ཏུ་སྒྲོགས། །ཧྲཱྀཿ། བདག་ཉིད་མ་ཆགས་རྡོ་རྗེ་སྟེ། །དཀྱིལ་འཁོར་གོང་མ་གསལ་བསྒོམས་ནས། །ཕྱོགས་


DNG010_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

བཅུའི་འགྲོ་བ་ཐམས་ཅད་དང་། །གདུག་པའི་ཡིད་ཅན་མ་ལུས་ཀུན། །ཛཿཧཱུཾ་བཾ་ཧོཿས་བཀུག་ནས་སུ། །དཀྱིལ་འཁོར་ལ་ནི་དབུལ་བར་བྱ། །དགོས་པ་འགྲུབ་ཅིང་ངན་སོང་སྦྱང་། །ཧྲཱྀཿ། གཞན་ཡང་དཀྱིལ་འཁོར་མང་པོའི་ཚོགས། །དཀྱིལ་འཁོར་པདྨའི་ཞལ་འདྲ་བར། །མཐའ་མ་པདྨ་ལྗོན་ཤིང་དང་། །བར་མ་རྡོ་རྗེ་འོད་འབར་བསྐོར། །གཞན་ཡང་རྒྱན་མཆོག་མཛེས་པ་ཡིས། །དཀྱིལ་འཁོར་ཀུན་ལ་མཛེས་པར་བརྒྱན། །བདག་ཉིད་པདྨའི་ལྷར་གྱུར་པས། །མཆོད་པའི་ལྷ་རྫས་སྣ་ཚོགས་དང་། །ཞལ་ཟས་བཟའ་བཏུང་མཆོག་རྣམས་དང་། །དམར་པོའི་ཤིང་དང་དྲི་ཞིམ་པ། །ལན་གྲངས་གོང་དུ་སྨོས་པ་བཞིན། །རྟག་ཏུ་མཆོད་པ་བྱས་ན་ནི། །འཇིག་རྟེན་འདི་དང་འདས་པ་ཡི། །ཅི་འདོད་ལས་དེ་འགྲུབ་པར་འགྱུར། །སྔགས་ནི་ཡི་གེ་རཾ་དང་ཧྲཱྀཿ། །མདོག་ནི་དམར་སྨུག་འོད་པོ་ཆེ། །ཕྱོགས་བཅུར་ཁྱབ་ཅིང་ཧྲཱྀཿལ་བསྡུ། །དགྱེས་པའི་གླུ་དང་གར་གྱིས་མཆོད། །ཧྲཱྀཿརྡོ་རྗེ་པདྨ་འབར་བ་ཡིས། །ཕྱོགས་བཅུ་མཐའ་ཀླས་རབ་འབྱམས་ཀུན། །དཔལ་དང་གཟི་བྱིན་ཆེ་ལ་སོགས། །པདྨ་འབར་བས་དེ་བསྡུས་ནས། །སངས་རྒྱས་སྐུ་དང་མཉམ་པ་དང་། །གཞན་ཡང་ལོངས་སྤྱོད་མཆོག་ལ་སོགས། །ཅི་འདོད་ལས་རྣམས་དབང་དུ་འགྱུར། །ལྷ་སྲིན་ལ་སོགས་སྨོས་ཅི་དགོས། །ཧྲཱྀཿའདོད་ཆགས་རྡོ་རྗེ་འཁོར་བཅས་པས། །འཇིག་རྟེན་ཁམས་ནི་རབ་འབྱམས་ཀུན། །སྐད་ཅིག་ཉིད་ལ་དབང་དུ་བསྡུས། །དབང་དུ་མ་གྱུར་གང་ཡང་མེད། །ཧྲཱྀཿསྒྱུ་འཕྲུལ་དྲ་བ་ལས། ཐམས་ཅད་མ་ལུས་དབང་དུ་བསྡུས་ཏེ། དབང་གི་ཧོམ་གྱི་ལེའུ་སྟེ་བཅུ་པའོ།། །།དེ་ནས་དེ་བཞིན་གཤེགས་པ་ཁྲོ་བོའི་རྒྱལ་པོ་རྣམ་པར་འཕྲོ་བ་ཞེས་བྱ་བའི་དཀྱིལ་འཁོར་འདི་དག་ཉིད་ཀྱི་དབྱིངས་ནས་ཕྱུང་སྟེ་ཆེད་དུ་བརྗོད་པ་འདི་བརྗོད་དོ། །བདེ་བ་ཆེན་པོའི་དཀྱིལ་འཁོར་འབར། །འོད་ཟེར་འཕྲོ་བ་མང་པོ་འཁྲུགས། །བསོད་ནམས་ཞིང་གྱུར་མཆོག་ཏུ་འབར། །ཕྱོགས་བཅུའི་ནམ་


DNG010_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་གང་བར་བསྒོམ། །རྡོ་རྗེ་རིན་པོ་ཆེ་ཡིས་བསྐོར། །རྒྱལ་བའི་ཡོན་ཏན་མཁའ་དང་མཉམ། །ཏྲཱཾ་ཡེ་ཤེས་ཕྱོགས་བཞི་དབུས་འོད་འབར། །དཀྱིལ་འཁོར་ཞགས་པ་རིན་ཆེན་བསྐོར། །གཞན་ཡང་ཕྱག་རྒྱ་སྣ་ཚོགས་དང་། །ཁྲོ་བོ་ཀུན་ཀྱང་དགའ་འཕྲོ་སྟེ། །འོད་ཆེན་དཀར་པོ་འབར་བ་དང་། །ཕྱག་རྒྱ་སྣ་ཚོགས་ཅིར་ཡང་བསྒྱུར། །ལྷ་དང་ལྷ་མོ་རྣམས་ཀྱིས་བསྐོར། །མཆོད་པའི་ཡོ་བྱད་སྣ་ཚོགས་དང་། །དཀར་ལ་དྲི་ཞིམ་ཤིང་རྣམས་དང་། །གཞན་ཡང་མཆོད་ཡོན་ཐམས་ཅད་ཀྱིས། །དཀྱིལ་འཁོར་ལ་ནི་རྒྱས་པར་དབུལ། །བདག་ཉིད་རིན་ཆེན་རབ་འབར་ནས། །ཏྲཱཾ། དཀར་ལ་ཡི་གེ་འོད་དུ་འབར། །ཁྲོ་བོ་ཀུན་ཀྱང་དེ་བཞིན་ཏེ། །མངོན་དུ་གྱུར་པའི་དཀྱིལ་འཁོར་དུ། །པཱ་ཤ་ཧོཿདང་ཛཿཧཱུཾ་གིས། །ཕྱོགས་བཅུའི་ལམ་ལྔ་ཀུན་བཀུག་སྟེ། །དབྱིངས་སུ་ཐིམ་པར་འོད་འཕྲོ་བསྒོམ། །ཐམས་ཅད་སངས་རྒྱས་ཞིང་དང་མཉམ། །གཞན་ནས་ཡོད་འོངས་མ་ཡིན་ཏེ། །སྒྱུ་མའི་ཡེ་ཤེས་བརྟན་པ་ཡིན། །གཞན་ཡང་དཀྱིལ་འཁོར་བསམ་ཡས་ནི། །རིན་ཆེན་དབྱིངས་ལ་རྡོ་རྗེ་འབར། །དཀྱིལ་འཁོར་རྒྱན་གྱིས་འཁོར་བར་བསྐོར། །གཞན་ཡང་ལྷ་དང་ལྷ་མོ་ཡིས། །ཕྱོགས་བཅུ་ཁྱབ་པར་མཆོད་ཅིང་དབུལ། །)ཡོན་ཏན་རྒྱལ་བའི་ཞིང་དང་མཉམ། །ཏྲཱཾ། གླུ་དང་གར་གྱིས་མཆོད་པར་བྱ། །སངས་རྒྱས་ཞིང་ཁམས་མ་ལུས་ཀུན། །མཆོད་ཡོན་རིན་ཆེན་དཔལ་འཕེལ་གྱིས། །ཕྱོགས་བཅུ་གང་བར་རྒྱས་ཕུལ་ནས། །ཐུགས་རྗེའི་དབྱིངས་ཀྱིས་རྒྱས་པར་རོལ། །ཧོ་ཏྲཱཾ། ང་རྒྱལ་རྡོ་རྗེ་འཁོར་བཅས་པས། །འཇིག་རྟེན་ཁམས་ནི་རབ་འབྱམས་ཀུན། །སྐད་ཅིག་ཡུད་ལ་རྒྱས་མཛད་དེ། །རྒྱས་པར་མ་གྱུར་གང་ཡང་མེད། །ཏྲཱཾ། སྒྱུ་འཕྲུལ་དྲ་བ་ལས། རྒྱལ་པོ་རྒྱས་མཛད་ཀྱི་རྒྱས་པའི་ཧོམ་གྱི་ལེའུ་སྟེ་བཅུ་གཅིག་པའོ།། །། དེ་ནས་དེ་བཞིན་གཤེགས་པ་སྣང་མཛད་ཁྲོ་བོ་ཆེན་པོས་ཐམས་ཅད་ཀྱི་དཀྱིལ་འཁོར་འབར་བ་ཆེན་པོར་བསྒྱུར་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཡེ་ཤེས་དཀྱིལ་


DNG010_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་མཐའ་དབུས་མེད། །བསམ་ཡས་ལྷུན་གྱིས་གྲུབ་པ་ནི། །རྒྱལ་བའི་དཀྱིལ་འཁོར་མ་ལུས་ཀུན། །བདེ་གཤེགས་ཉིད་ལས་མི་གཞན་ཤར། །ཨཱོཾ་དཀྱིལ་འཁོར་ཟླུམ་པོ་འབར་བ་ལས། །འཁོར་ལོ་འབར་བས་རབ་བསྐོར་ཞིང་། །འོད་ནི་སེར་པོར་འོད་དུ་འབར། །རྨད་དུ་བྱུང་བའི་སྐུ་ལ་སོགས། །བདག་ཉིད་ཆེན་པོས་བསྒོམ་པར་བྱ། །དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར། །ས་བོན་ཡི་གེ་ཨཱོཾ་སེར་ཏེ། །མེ་ལྷ་སྤྱན་དྲངས་སྔ་མ་བཞིན། །ཁྲོ་བོའི་དཀྱིལ་འཁོར་མ་ལུས་རྣམས། །ཀུན་ཀྱང་རྡོ་རྗེ་གཏི་མུག་སྟེ། །འོད་ཟེར་སྣ་ཚོགས་འཕྲོ་བ་དང་། །འཁོར་ལོ་ཕྱག་རྒྱ་འབར་བ་དང་། །ལྷ་དང་ལྷ་མོའི་ཚོགས་ཀྱིས་བརྒྱན། །གདན་དང་གནས་དང་དབྱིངས་ཉིད་དེ། །རྒྱལ་བའི་དཀྱིལ་འཁོར་དེ་དག་ཏུ། །ཕྱོགས་བཅུ་གནས་པ་ཐམས་ཅད་ཀུན། །ཙཀྲ་ལྕགས་ཀྱུས་བཀུག་ནས་སུ། །དཀྱིལ་འཁོར་དབྱིངས་སུ་བསྡིམ་བྱས་ནས། །གཏུམ་འཁྲུགས་གདུག་པ་མ་རུངས་པ། །ལྷན་ནེ་ལྷང་ངེར་ཞི་བར་འགྱུར། །ཨཱོཾ་གཞན་ཡང་དཀྱིལ་འཁོར་བསམ་ཡས་ཏེ། །དཀྱིལ་འཁོར་འཁོར་ལོ་འབར་བ་ཡི། །ཨཱོཾ་དང་སེང་གེའི་མགོས་བསྐོར་ཏེ། །བརྒྱན་པའི་རྡོ་རྗེ་ཕྱག་རྒྱ་ཀུན། །རྫོགས་ལྡན་ཞི་བས་བསྐོར་བར་བྱ། །རྒྱལ་པོ་ལུས་མཛེས་འཁོར་ལོ་འབར། །རྒྱན་རྣམས་ཞི་ལ་དཀར་བ་དང་། །བྱང་ཆུབ་མཆོག་འབར་ལྷན་ནེར་བསྒོམ། །མཁའ་ལ་རྒྱུ་དང་བར་སྣང་འཕྱོ། །གཞན་ཡང་འགྲོ་དྲུག་མ་ལུས་ཀུན། །ཞིར་འགྱུར་འདི་ལ་ཐེ་ཚོམ་མེད། །གར་དང་གླུ་ཡིས་མཆོད་བྱས་ཏེ། །ཕྱོགས་བཅུའི་གདུག་པ་མ་ལུས་པ། །གདུག་པའི་ཡིད་ནི་རྣམ་བོར་ནས། །ལྷན་ནེའི་དཀར་པོའི་འོད་དུ་གྱུར། །བདེ་ལྡན་བྱང་ཆུབ་འོད་འཕྲོ་འབར། །ཧོ། ཨཱོཾ་གཏི་མུག་རྡོ་རྗེ་འཁོར་བཅས་པས། །འཇིག་རྟེན་ཁམས་ནི་རབ་འབྱམས་ཀུན། །སྐད་ཅིག་ཡུད་ལ་ཞི་མཛད་དེ། །ཞི་བར་མ་གྱུར་གང་ཡང་མེད། །ཨོཾ། སྒྱུ་འཕྲུལ་དྲ་བ་ལས། ཐམས་ཅད་མ་ལུས་པར་ཞི་བར་གྱུར་


DNG010_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

ནས། ཞི་བའི་ཧོམ་གྱི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་དེ་བཞིན་གཤེགས་པས། རྒྱལ་པོ་ཚེ་མཐའ་ཡས་སུ་སྤྲུལ་ནས། ཆེད་དུ་བརྗོད་པ་འདི་བརྗོད་དོ། །སྒྱུ་འཕྲུལ་དྲ་བ་བརྟན་བསྡུས་ཏེ། །བྷྲཱུཾ་དང་བི་ཤྭའི་དཀྱིལ་འཁོར་དུ། །མ་དང་ཨ་ཡི་དཀྱིལ་འཁོར་ལ། །རྡོ་རྗེ་འཁོར་ལོ་རབ་བསྐོར་ནས། །བཞི་བཅུ་རྩ་ལྔའི་དོན་བསྒོམས་ཏེ། །དེ་ཡི་ཕྱོགས་བཅུར་གང་བར་བསྒོམ། །བྷྲཱུཾ་དང་ཛཿཧཱུཾ་བཾ་ཧོཿས་དགུག །སྐུ་གསུང་ཐུགས་ཀྱི་སྙིང་པོ་མཆོག །ལུས་ངག་སེམས་ལ་ཐིམ་པར་བྱ། །ནྲྀ་ཉིད་དངོས་སམ་ཡིད་བཞིན་མཛོད། །བུམ་པ་མཆོག་ནི་བཟང་པོ་ཡིན། །ཚེ་བཞག་གནས་ནི་འདི་ཡིན་ཏེ། །ཡང་ནས་ཡང་དུ་དགུག་བྱས་ཏེ། །མངོན་སུམ་སྨིན་པར་གྱུར་པ་དང་། །དབྱིངས་སུ་ཡང་ནི་སྦ་བར་བྱ། །རྡོ་རྗེ་གོ་ཆ་བསྲུང་བ་ཡིས། །བརྟན་ཞིང་འཁོར་ལོས་དགབ་པར་བྱ། །སྙིང་པོ་འབྲུ་ལྔའི་ནང་དུ་བསྡིམ། །སངས་རྒྱས་མ་ལུས་ཐམས་ཅད་ཀུན། །རྒྱལ་པོ་ཚེ་དཔག་མེད་པར་བསྒོམ། །སྐུ་མདོག་གངས་རི་འཚེར་བ་ལ། །རྒྱན་ཕྲེང་སྣ་ཚོགས་རྣམས་ཀྱིས་བརྒྱན། །ཡིད་བཞིན་རིན་ཆེན་ཕྲེང་བ་དང་། །ཡིད་བཞིན་རིན་ཆེན་ཟ་མ་ཏོག །རིན་ཆེན་རྒྱན་དང་བུམ་པ་བཟང་། །གཞན་ཡང་འགྲོ་བའི་དོན་བྱ་བ། །བསམ་གྱིས་མི་ཁྱབ་མཐའ་ཡས་མཆོག །བགེགས་ཀྱིས་ནྲྀ་རྣམས་མི་སྟེར་ན། །ཚེ་དཔག་མེད་ཀྱང་ཁྲོ་བོ་སྟེ། །ཕྱོགས་བཅུ་ནམ་མཁའི་ཁམས་བཀང་ནས། །སྒྲ་སྐད་དྲག་པོ་བཏོན་ནས་ནི། །ཐམས་ཅད་མ་ལུས་ཐུལ་བར་བྱ། །དབང་དུ་ཚེ་དཔག་མེད་པར་བསྒོམ། །ཚེ་བསྙེན་དང་ནི་ཉེ་བསྙེན་དང་། །ཚེ་སྒྲུབ་དང་ནི་སྒྲུབ་ཆེན་དང་། །ཐབས་དང་ཤེས་རབ་འབྱོར་པ་ཡིས། །ཅི་འདོད་ལས་རྣམས་འགྲུབ་པར་བྱེད། །ཚེ་དབང་མོ་ནི་རྒྱུད་འཕེལ་མ། །དཀར་མོའི་མདོག་ལ་འོད་འཕྲོ་འབར། །ཕྱག་ནི་རིན་ཆེན་གང་བ་ཡི། །ཕྱག་རྒྱ་སྣ་ཚོགས་ཅིར་ཡང་བསྒྱུར། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན། །གནས་པའི་འགྲོ་དྲུག་མ་ལུས་ལ། །ཕན་པའི་ཚེ་དབང་


DNG010_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སྦྱིན་ནོ། །དེ་ལས་ལྷག་པའི་རྒྱུད་འཕེལ་མེད། །ཡི་གེ་བཟླས་པ་འཕྲུལ་ཆེན་འདི། །རྣམ་གསུམ་ཚུལ་གྱིས་མ་འཁྲུལ་བར། །སྔགས་བཟླས་ཆོ་ག་བར་མ་ཆད། །འདྲིས་གསལ་བརྟན་པ་མཆོག་གིས་བྱ། །ཨོཾ་ཨོཾ་ཨོཾ་ཨོཾ་ཨོཾ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། སྭཱ་སྭཱ་སྭཱ་སྭཱ་སྭཱ། ཨཱཾ་ཨཱཾ་ཨཱཾ་ཨཱཾ་ཨཱཾ། ཧཱཾ་ཧཱཾ་ཧཱཾ་ཧཱཾ་ཧཱཾ། བྷཱུཾ་བྷཱུཾ་བྷཱུཾ་བྷཱུཾ་བྷཱུཾ། བ་བ་བ་བ་བ། ཛྲ་ཛྲ་ཛྲ་ཛྲ་ཛྲ། ཨཱ་ཨཱ་ཨཱ་ཨཱ་ཨཱ། ཡུ་ཡུ་ཡུ་ཡུ་ཡུ། ཥེ་ཥེ་ཥེ་ཥེ་ཥེ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཨ་ཨ་ཨ་ཨ་ཨ། ཨོཾ། ཚེ་རྣམས་དབང་དུ་མ་གྱུར་ན། །བདེ་གཤེགས་ལྔ་ཡང་ཚེ་དཔག་མེད། །སྐུ་གསུང་ཐུགས་ཀྱི་གཟུགས་ཀྱིས་ནི། །ཕྱོགས་བཅུའི་ནམ་མཁའི་ཁམས་བཀང་ནས། །ཕྱག་རྒྱ་མཚོན་ཆ་སྣ་ཚོགས་ཀྱིས། །འཇིག་རྟེན་ཕྱོགས་བཅུའི་བདུད་བཅོམ་ནས། །འགྲོ་ལྔའི་ཚེ་རྣམས་དབང་དུ་བསྡུ། །ཕྱག་རྒྱ་གཤོལ་ལ་སོགས་པ་ཡིས། །འོག་གི་འཇིག་རྟེན་ཁམས་དཀྲུགས་ནས། །གཤིན་རྗེའི་གནས་ནས་ཚེ་དགུག་སྟེ། །སྙིང་པོ་ལྔ་ལ་བསྡིམ་པར་བྱ། །ཕྱག་རྒྱ་འཁོར་ལོ་ཆེན་པོ་ཡིས། །སྟེང་གི་འཇིག་རྟེན་ཁམས་དཀྲུགས་ཏེ། །དབང་ཕྱུག་ལྷ་ཆེན་ལ་སོགས་དང་། །བར་སྣང་བགེགས་རྣམས་རྒྱུ་བ་ལས། །ནྲྀ་ཚེ་རབ་ཏུ་དགུག་པར་བྱ། །འཁོར་ལོའི་འབྲུ་ལ་བསྡིམ་ནས་ནི། །དེ་ནས་ཡི་གེ་འབྲུ་ལྔ་དེ། །ནྲྀ་ཡི་གནས་ལྔར་བསྡིམ་པར་བྱ། །ཨཱོཾ་ཨཱོཾ་བཛྲ་ཀ་བ་ཙ་བཛྲ་རཀྵ་ཧཱུཾ། ཨཱོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨ་དྷི་ཏིཥྛ་བཛྲ་སྭཱ་ཧཱ། ཕྱག་རྒྱ་སྲུང་བའི་ཆོ་ག་སྟེ། །འབྲུ་ལྔའི་ཡི་གེ་འབྲུ་གཅིག་སྟེ། །འབྲུ་གཅིག་དམིགས་མེད་དབྱིངས་སུ་ཐིམ། །ཨཱོཾ་ཡིད་བཞིན་བུམ་པ་རིན་པོ་ཆེ། །རྒྱན་དང་རིན་ཆེན་ཕྲེང་བས་བརྒྱན། །རིན་ཆེན་ལྔ་དང་སྨན་ལྔ་དང་། །འབྲུ་ལྔ་སྤོས་ལྔ་ཡུངས་ཀར་བཅས། །སྔགས་མཁན་རབ་བརྟན་བློ་ལྡན་པས། །ཡན་ལག་མ་ཉམས་སྔགས་བཟླས་བསྒོམ། །རྒྱན་ཆས་ལྔ་དང་ལྡན་བྱས་ནས། །དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར། །དེ་ནས་རིགས་ཀྱི་བུ་དེ་ཡིས། །ཡོ་བྱད་མ་ལུས་ལྡན་བྱས་ནས། །མཆོད་ཡོན་རྣམ་པ་སྣ་


DNG010_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཀྱིས། །མཉེས་མཆོད་དངོས་གྲུབ་ཐོབ་པར་འགྱུར། །སྒྱུ་འཕྲུལ་དྲ་བ་ལས། ཚེའི་ཆོ་ག་དབང་དམ་པ་ཤིན་ཏུ་གསང་བའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་དེ་བཞིན་གཤེགས་པ་རྡོ་རྗེ་སྡུད་པ་པོས་འགྲོ་བ་རང་དབང་མེད་པར་སྨྲ་བ་ཞེས་བྱ་བར་ཡང་བསྡུས་ནས། ཆེད་དུ་བརྗོད་པ་འདི་བརྗོད་དོ། །གསང་བའི་དཀྱིལ་འཁོར་ཉིད་ཀྱི་དབྱིངས། །ཀུན་ཏུ་བཟང་པོའི་ཐུགས་རྗེའི་དང་། །སྐུ་གསུང་ཐུགས་ལྡན་ཡོན་ཏན་རྫོགས། །མཉམ་པའི་ཞིང་དུ་སྦྱར་བར་བྱ། །རྡོ་རྗེ་རབ་ཏུ་གསང་བ་ཡིས། །རྡོ་རྗེའི་ཁམས་ཀུན་ཞིང་སྦྱར་ཏེ། །ཨོཾ་དང་མཱུཾ་དུ་འབྱོར་བར་བསྒོམ། །ཐམས་ཅད་དབྱིངས་སུ་ཐིམ་པར་བསྒོམ། །གསང་བའི་དཀྱིལ་འཁོར་དམ་པ་དང་། །ཐིག་ལེ་མན་ཏྲ་དེ་དག་ཏུ། །ནྲྀ་ཐལ་མན་ཏྲ་བཟང་པོའི་ཐིག །རྟ་བབས་སྒོ་ཁྱུད་བཟང་པོ་དང་། །རྡོ་རྗེ་རྩེ་གཅིག་འོད་འབར་དང་། །འགུགས་པའི་ལྕགས་ཀྱུ་དམ་པ་ཡི། །རྡོ་རྗེ་རྩེ་གཅིག་རྩེ་གསུམ་བྲི། །དཀྱིལ་འཁོར་རྒྱུད་དང་ལྡན་པར་བྱ། །མཆོད་ཡོན་སྣ་ཚོགས་མཆོད་པར་འབུལ། །ཡཾ། དུད་ཀ་ཡེ་ཤེས་འོད་འཕྲོས་ནས། །ཨཱཿལས་ཟླ་བའི་དཀྱིལ་འཁོར་དུ། །ཛཿལས་ལྕགས་ཀྱུ་གྲངས་མེད་པས། །དེ་ཡི་སྙིང་དུ་གཞུག་པར་བྱ། །མ་ལས་ཉི་མའི་དཀྱིལ་འཁོར་དུ། །ཛཿལས་ལྕགས་ཀྱུ་མང་པོ་ཡིས། །གང་དགུག་དེ་ཡི་སྙིང་ག་ནས། །དྲངས་ཏེ་དེ་ཡི་ཁར་གཞུག་བྱ། །སྔགས་འདི་རབ་ཏུ་བརྗོད་པར་བྱ། །ཨོཾ་ཛཿཧཱུཾ་བཾ་ཧོཿཨ་ནྲྀ་སུ་ཏྲི་པྲེ་དུ་མིང་པྲ་བེ་ཤ །ཅི་འདོད་ལས་དེ་བཟླས་པར་བྱ། །ལག་གཉིས་སོར་མོ་ཕྱིར་བསྣོལ་ཏེ། །ཁུ་ཚུར་དམ་དུ་བཅངས་ནས་ནི། །སྲིན་ལག་མཐེའུ་ཆུང་མཐེ་བོ་གཉིས། །བར་དུ་མཐེ་བོ་དེ་དྲངས་ཏེ། །ཨོཾ་མིང་པྲ་བེ་ཤ་ཨཱ་ཨཱཿ། ཐལ་བ་ཡུངས་ཀར་དྲག་ཏུ་བརྡེག །མིང་དེ་ཁོང་དུ་གཞུག་པར་བྱ། །བབས་ནས་རྡོ་རྗེ་ལྕགས་སྒྲོག་ཞགས་པས་བཅིངས། །གང་ཡིན་ཞེས་ནི་དྲིས་ནས་ནི། །ལྷ་འདྲེ་ལ་སོགས་གང་ཡིན་པ། །ལྷ་ཞིག་ན་ནི་མཆོད་པར་བྱ། །གདོན་ཞིག་ན་ནི་ཙན་དན་གུར་གུམ་བསྲེས་ནས་ནི། །


DNG010_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

དེར་བླུད་སྔགས་འདི་བརྗོད་པར་བྱ། །ཨོཾ་བཛྲ་དྷ་ཀ་ཀྲོ་དྷ་ས་མ་ཡ་ཧཱུཾ་ཕཊ། གལ་ཏེ་སྨྲ་རུ་མི་བཏུབ་ན། །ལག་གཉིས་སོར་མོ་ཕྱིར་བསྣོལ་ཏེ། །ཁུ་ཚུར་བཅངས་ནས་མཐེའུ་ཆུང་སྦྱར། །གྱེན་བསྒྲེང་དབབ་པའི་ཁ་རུ་གཏུགས། །སྔགས་ཨཱོཾ་བཛྲ་བྷཱ་ཥ་ཛི་ཧྭ་པྲ་བེ་ཤ་ཧཱུཾ་ཧཱུཾ།ཞེས་ལན་མང་དུ་བཟླས་པས། ཡེ་ཤེས་ཐོགས་མེད་སྒྲིབ་མི་མངའ། །བདེན་པའི་ཚིག་དེར་ཞུགས་པར་བསམ། །ལྕེ་ཡི་ཐོར་ཏོར་ཨ་དཀར་པོ། །ཟླ་བའི་དཀྱིལ་འཁོར་དེ་སྟེང་དུ། །ཨཱོཾ་ཛ་དྷཱིཿདམར་པོ་བསྒོམ་བྱས་ན། །གདོན་མི་ཟ་བར་སྨྲ་བར་འགྱུར། །བདག་ཉིད་ཊ་ཀི་ཧཱུཾ་བསྒོམས་ལ། །ཨ་དང་ནྲྀ་ལ་སོགས་པ་ཡི། །ལམ་ལྔའི་སེམས་ཅན་གང་ཡང་རུང་། །ཨོཾ་ཊ་ཀི་ཧཱུཾ་དང་རང་སྔགས་ཀྱིས། །ལན་འབུམ་བཟླས་ཤིང་དགུག་པར་བྱ། །པྲ་བེ་ཤ་ཡང་བཟླས་པར་བྱ། །གཞན་ཡང་ཛཿཧཱུཾ་བཾ་ཧོཿཏེ། །གཞག་ཅིང་དབབ་པའི་ས་དེ་ནི། །བྱིས་པ་ལོ་གྲངས་བཅུ་གཉིས་པ། །གཅིག་དང་ལྔ་ལ་དབབ་པར་བྱ། །ཐིག་ལེ་བུམ་པ་མེ་ལོང་འབར། །གཞན་ཡང་གནས་རྣམས་ཐམས་ཅད་ནི། །སྨྲ་བའི་ཆོ་ག་ཕུན་སུམ་ཚོགས། །ཕྱག་རྒྱ་རྡོ་རྗེ་སྤར་མོ་སྡེར། །དགུག་པའི་ཕྱག་རྒྱ་ཀུན་གྱིས་དགུག །ཛཿཧཱུཾ་དབང་ཕྱུག་ལྷ་ཆེན་ལ་སོགས་བསྡུ། །བཅོལ་ཞིང་བྱ་བ་དེ་བཞིན་ནོ། །ཊ་ཀི་ཧཱུཾ་ཛས་མི་བཏུབ་ན། །ཧ་ཡ་གྲཱི་ཝ་གནས་དང་ཡུལ། །ཟུར་ཕྱིན་མགོ་མཇུག་མནན་ནས་ནི། །དྲག་ཏུ་བཟླས་ཤིང་ལྕགས་ཀྱུས་དགུག །སྲོག་གི་སྙིང་པོ་མ་ནོར་བར། །གཟིར་ཞིང་དྲག་ཏུ་དྲང་བར་བྱ། །འཇིག་རྟེན་འདས་དང་འཇིག་རྟེན་པའི། །དགུག་པའི་ཐབས་ཡོད་ཅི་ཡང་རུང་། །ནེམ་ནུར་མེད་པར་དགུག་པར་བྱ། །བྱ་བ་སྣ་ཚོགས་ལས་ཟིན་ནས། །སྔར་བྱས་བུམ་པ་ལྔ་པོ་ལ། །སྨན་ལྔ་འབྲུ་ལྔ་རིན་ཆེན་ལྔ། །རིགས་ཀྱི་ཡུམ་དང་བདུད་རྩི་འཁྱིལ། །ཅི་འདོད་ལས་རྣམས་ཐམས་ཅད་དང་། །གཞན་ཡང་དགོས་པ་ཅི་ཡང་རུང་། །ཨོཾ་བཛྲ་ཨ་མྲྀ་ཏ་ཧཱུཾ། ཨ་ཨ་ཨ། ཨོཾ་མ་ཧཱ་བཛྲ་ཨ་མྲྀ་ཏ་ཕཊ། ཛ་གད་ཛ་གད་


DNG010_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

ཙ་ཞེས་ཀྱང་བརྗོད་དོ། །ཨོཾ་བུཌྜྷ་ལོ་ཙ་ནི་སྭཱ་ཧཱ། ཞེས་བཟླས་གསང་བའི་དཀྱིལ་འཁོར་དམ་པ་དེར། །ཡེ་ཤེས་ལྔ་རྫོགས་ཉིད་ལ་བརྗོད། །ཡེ་ཤེས་སྙིང་པོ་ཁྱོད་ཉོན་ཅིག །སྔོན་གོམས་བློ་བརྟན་འདྲིས་པ་ཡིས། །ཡང་ནས་ཡང་དུ་མངོན་གསལ་དུ། །བྱང་ཆུབ་མཆོག་གིས་རྟག་སྒོམས་ཤིག །དེ་ལྟར་བྱས་པའི་དངོས་གྲུབ་ནི། །འཇིག་རྟེན་འདས་དང་འཇིག་རྟེན་པའི། །བརྡའ་ཕྲད་སྐད་ཀྱི་དངོས་གྲུབ་ཐོབ། །ཅེས་རྡོ་རྗེ་གསང་བའི་ཚིག་ཏུའོ། །འགྲོ་བའི་དོན་གྱི་ཕྱིར་ཡང་ཆེད་དུ་བརྗོད་དོ། །སྒྱུ་འཕྲུལ་དྲ་བ་ལས། པྲ་དབབ་པའི་མདོའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་དེ་བཞིན་གཤེགས་པ་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་ལས་ཧོམ་རྣམས་ཀྱི་ཕྲིན་ལས་འདི་གསུངས་སོ། །དང་པོར་དེ་བཞིན་ཉིད་དུ་གསལ་ཞིང་འདྲིས་པ་བསྒོམ། དེ་ནས་བདག་གི་སྙིང་གར་ཨཱ་དཀར་ཞིང་འཚེར་བ་ཞིག་བསྒོམ། ཨ་ དེ་ཤིན་ཏུ་གསལ་བར་གྱུར་པ་དང་། ཕྱོགས་བཅུར་འོད་དུ་འཕྲོས་པར་བསྒོམ།འོད་དེ་སླར་ཨ་ལ་བསྡུ་ཞིང་བསྡིམ། མ་དང་ཨ་ལས་ཉི་མ་དང་ཟླ་བའི་དཀྱིལ་འཁོར་ལྡན་ཞིང་འཚེར་ལ་གསལ་བར་བསྒོམ། ཧྲཱྀཿལས་པདྨའི་དཀྱིལ་འཁོར་གསལ་བར་བསྒོམ། ཧཱུཾ་ཤིན་ཏུ་འོད་འབར་བར་བསྒོམ། སྙིང་གི་དཀྱིལ་དུ་རྡོ་རྗེ་སེམས་དཔའ་ཚོན་གང་བ་ཞིག་ཕྱག་རྒྱ་དང་ལྡན་པར་བསྒོམ། བཞི་བཅུ་རྩ་གཉིས་ཀྱི་སྔགས་དང་ཡིག་འབྲུ་དང་། ཕྱག་རྒྱ་ཡང་གསལ་བར་བཟླས། འབྲུ་གསུམ་དང་འབྲུ་ལྔ་ཡང་བཟླས། འདུག་ན་འབྲུ་བཞིས་མཚམས་གཅད། རྟག་ཏུ་ཧོམ་བྱ། ཚོགས་དང་མཆོད་པ་ཡང་བྱ། མང་པོ་མི་ནུས་པའི་དོན་དུ་ཧོམ་གང་བགྱི་ཡང་རུང་། དཀྱིལ་འཁོར་གྱི་དབུས་ཀྱི་གཙོ་བོར་སྤྱིར་ནི་རྡོ་རྗེ་སེམས་དཔའ།དྲག་པོ་ཡང་རྡོ་རྗེ། དབང་པདྨ་ཧེ་རུ་ཀ །རྒྱས་པ་རཏྣ་ཧེ་རུ་ཀ །ཞི་བ་བུཌྜྷ་ཧེ་རུ་ཀ །སྤྱན་དྲང་བ་ནི། ཨེ་ཧྱེ་ཧི་མ་ཧཱ་ཀཱ་རུ་ཎི་ཀ་ཞེས་ཧོམ་གང་བྱེད་པའི་ལྷ་གཙོ་བོ་ནས་སྤྱན་དྲང་། མཆོད་པ་དང་། ཨརྒྷ་དབུལ་བ་ནི་དྲག་པོའི་མགོར་ནི་སྔགས་རིལ་ཧཱུཾ། ཞི་བ་ལ་མགོར་རིལ་ཨོཾ།


DNG010_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

བར་མ་རྣམས་ལ་ཡང་དེ་བཞིན་སྦྱར། སྤྱན་དྲང་བ་ནི་གང་མཛད་པའི་གཙོ་བོ་ནས་ཞི་ལ་ཤཱནྟིཾ་བསྣན། སྤྱི་ལ་སོ་སོ་རང་སྔགས་རྫོགས་པ། དྲག་པོ་ལྷོ། དབང་ནུབ། རྒྱས་པ་བྱང་། ཞི་བ་ཤར།སྤྱིར་གང་ཡང་རུང་གྲུ་གསུམ་དང་ཐོད་པ་ཁ་གདངས་སོ། །ཟླ་གམ་དང་། པདྨ་དང་། ཆགས་མེད་དོ། །ཕྱག་རྒྱ་རྣམ་པ་བདུན་ལ་ཕྱག་རྒྱ་ཆེན་པོ་དང་། ཆོས་ཉིད་ཀྱི་ཕྱག་རྒྱ་དང་། དམ་ཚིག་གི་ཕྱག་རྒྱ་དང་། ལས་ཀྱི་ཕྱག་རྒྱ་དང་།ཐབས་དང་ཤེས་རབ་ཀྱི་ཕྱག་རྒྱ་དང་། ཏིང་ངེ་འཛིན་གྱི་ཕྱག་རྒྱ་དང་། ལྷག་པའི་ཏིང་ངེ་འཛིན་གྱི་ཕྱག་རྒྱའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྒྱུ་འཕྲུལ་དྲ་བ་ལས་ཧོམ་རྣམ་བཞིའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་དེ་བཞིན་གཤེགས་པ་དགྱེས་པ་ཆེན་པོ་མཉམ་པ་ཉིད་ལ་བཞུགས་ནས། ལྷག་པའི་ཏིང་ངེ་འཛིན་གྱི་དངོས་གྲུབ་ཉེ་བར་ལེན་པའི་ཐབས་འདི་གསུངས་སོ། །དེ་བཞིན་ཉིད་དང་མཉམ་སྦྱོར་ཕྱིར། །དམ་པའི་དོན་གྱིས་བསྒོམ་པར་བྱ། །བྱང་ཆུབ་ཕྱོགས་ལ་གཟུད་པར་གནས། །མཆོག་ཏུ་བདེ་བའི་ཞིང་གནས་པས། །མཉམ་རྫོགས་ཆེན་པོ་ལྷུན་བསྒོམ་ཞིང་། །བྱང་ཆུབ་སེམས་སུ་བརྟན་པར་གཟུང་། །བྱ་བ་མེད་ལས་བྱ་བྱེད་བྱ། །མི་གནས་གནས་ལ་གནས་པར་བསྒོམ། །བྷ་གའི་དཀྱིལ་དུ་ལིང་ག་གཞག །ཨ། ཤིན་ཏུ་འཚེར་ཞིང་གསལ་བསྒོམས་ནས། །འོད་འཕྲོ་འབར་བས་ཐམས་ཅད་ཁྱབ། །དུག་གསུམ་ངན་སོང་གནས་བསྲེགས་ནས། །བྷ་གའི་དཀྱིལ་དུ་འོད་འཕྲོ་ཐིམ། །ཐིམ་གྱུར་དབྱིངས་ནས་ཕྱག་རྒྱ་འབར། །ཨ་མ་ལས་ནི་ཟླ་ཉི་འབར། །ཕྱོགས་བཅུར་འཐོམས་པའི་མུན་སེལ་ཞིང་། །ཉོན་མོངས་སྡུག་བསྔལ་བསིལ་བའི་སྨན། །ཐུགས་རྗེའི་བྱིན་རླབས་བསམ་མི་ཁྱབ། །རོལ་པའི་ཕྱག་རྒྱ་བསམ་མི་ཁྱབ། །མཁའ་ལ་འཇའ་ཚོན་སྤྲིན་མང་ཡང་། །ནམ་མཁའི་དབྱིངས་སུ་ཐམས་ཅད་བསྡུས། །ཐམས་ཅད་མཁྱེན་ཉིད་བསམ་ཡས་ཀྱང་། །ཆོས་ཀྱི་དབྱིངས་སུ་ཐམས་ཅད་འདུས། །ཐམས་ཅད་ཡི་གེ་ཧཱུཾ་དུ་གྱུར། །


DNG010_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ་ཉིད་གསང་བའི་ཐུགས་རྗེའི་དཀྱིལ། །འོད་ཟེར་འཕྲོས་པས་འབྲུ་གསུམ་སྟེ། །ཡང་ན་ཡི་གེ་འབྲུ་ལྔའོ། །ལྔ་པོའི་དོན་སྤྲོས་བཞི་བཅུ་ལྔ། །གཞན་ཡང་དཀྱིལ་འཁོར་བསམ་ཡས་མཆོག །མ་བཅོས་ངང་གིས་གནས་པ་ལ། །ཡེ་ཤེས་ལྷག་པའི་དཀྱིལ་འཁོར་བསྒོམ། །སེན་ཟླུམ་ཟླ་བ་གང་བ་ཡི། །ཐུགས་ཀྱི་དཀྱིལ་དུ་གནས་པར་བྱ། །ཉི་མའི་དཀྱིལ་འཁོར་གང་བ་ཡི། །གཞལ་ཡས་འོད་ཟེར་འབར་བའི་ཁང་། །པདྨའི་གདན་དང་རིན་པོ་ཆེ། །དེ་དཀྱིལ་ཡི་གེ་ཧཱུཾ་གནས་པ། །ཤིན་ཏུ་ཕྲ་ཞིང་ཡུངས་འབྲུ་འབར། །གནས་གཅིག་དང་ནི་གནས་གསུམ་དང་། །གནས་ལྔ་དག་ཏུ་རབ་ཏུ་བསྒོམ། །ཤེས་རབ་སྤྱན་ལ་འདྲིས་པ་དང་། །ནྲྀ་ཡི་མིག་གིས་བལྟར་ཡོད་པར། །ཤིན་ཏུ་ཕྲ་ཞིང་གསལ་བར་བསྒོམ། །ཤིན་ཏུ་བློ་གསལ་འདྲིས་གྱུར་ནས། །ཕྱོགས་བཅུའི་སྟོང་ཁམས་རྡུལ་སྙེད་དུ། །ཐུགས་རྗེའི་བྱིན་རླབས་བསམ་ཡས་སྤྲོ། །སྤྲོས་ཀྱང་ཧཱུཾ་ལས་ཉམས་པ་མེད། །བསྡུས་ཀྱང་ཕྱོགས་བཅུར་བྲི་བ་མེད། །སྤྲོ་མེད་བསྡུ་མེད་དེ་བཞིན་ལས། །ཡི་གེ་མཱུཾ་དུ་ཐིམ་པར་གྱུར། །ཐིམ་གྱུར་དབྱིངས་ནས་ཕྱག་རྒྱ་འབར། །ཤིན་ཏུ་གསལ་ཞིང་འདྲིས་པ་དང་། །ཕྱག་རྒྱའི་སྐུ་ཉིད་གསལ་བར་བསྒོམ། །སྐུ་དེ་ཚོན་གང་འོད་འབར་ནས། །ཐབས་དང་ཤེས་རབ་ལྡན་པའི་རྒྱ། །འོད་འཕྲོ་འབར་ཞིང་དོན་བྱེད་བསྒོམ། །ཡང་ན་ཕྱག་རྒྱ་ཆེན་པོ་སྟེ། །བདག་ཉིད་ཞལ་གཅིག་ཕྱག་གཉིས་སམ། །ཞལ་གསུམ་ཕྱག་དྲུག་རྟག་ཏུ་བསྒོམ། །གཞལ་ཡས་ཁང་དང་གདན་ཁྲི་རྣམས། །ཕྲ་བའི་ཚུལ་དེ་སྔ་མ་བཞིན། །མཚན་དང་དཔེ་བྱད་ཐམས་ཅད་ལྡན། །དབུ་རྒྱན་ཡི་གེ་ལྔ་དང་ལྡན། །རྡོ་རྗེ་འཁོར་ལོ་རལ་གྲི་དང་། །རིན་ཆེན་པདྨ་དྲིལ་བུ་འབར། །ཕྱག་རྒྱ་ཆེན་པོ་དེ་དག་ལས། །ཕྱོགས་བཅུ་མ་ལུས་གཞལ་ཡས་ཁང་། །ཉི་ཟླ་གཟའ་སྐར་དཀྱིལ་འཁོར་གདན་དང་རྒྱན། །བདེ་གཤེགས་དཀྱིལ་འཁོར་མ་ལུས་བསྒོམ། །ཐུགས་རྗེ་བྱིན་རླབས་འགྲོ་དོན་མཛད། །ཞི་བ་ཕྱོགས་གཅིག་ཤེས་བྱ་སྦྱང་། །ས་བཅུ་མཉམ་པར་སྦྱོང་བྱེད་ཅིང་། །


DNG010_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་གཤེགས་འཁོར་ཡང་དག་པར་བྱེད། །དེ་ལྟར་བསྒྲུབ་པའི་ཚོགས་མཆོག་དེ། །འབྲས་བུ་མངོན་དུ་མ་སྨིན་ཀྱང་། །སྡུག་བསྔལ་ཐམས་ཅད་ཡོངས་མི་འབྱུང་། །ལྷ་མི་མཚན་རྫོགས་ཡོངས་སུ་འགྲུབ། །ཐེག་པ་དམན་པར་ཡོངས་མི་སྐྱེ། །བདེ་གཤེགས་འབྱུང་དང་བསྐལ་མི་འགྱུར། །བྱང་ཆུབ་གཟུངས་ལ་ཞུགས་པ་ཡིན། །ཞེས་ཉིད་ལ་ཉིད་གསུངས་སོ། །རྡོ་རྗེ་གསང་བའི་ཚིག་ཏུའོ། །རྡོ་རྗེ་སེམས་དཔའ་སྒྲུབ་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་དེ་བཞིན་གཤེགས་པ་སྒྱུ་འཕྲུལ་དྲ་བ་ལས། ཐུགས་རྗེས་འགྲོ་བ་འདུལ་བའི་བདུད་རྩི་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཨེ་མ་ཧོ་ཡེ་ནས་རྣམ་དག་ཆོས་སྐུ་ལས། །ལོག་རྟོག་རྣམ་པ་གཉིས་སུ་གྲུབ། །ཐམས་ཅད་འབྱུང་བ་ལྔ་ལས་སྐྱེས། །ཐམས་ཅད་གཙང་ཞིང་དྲི་མེད་ལས། །རྣམ་རྟོག་མི་མཐུན་སོ་སོར་གྱུར། །ལ་ལའི་སྨན་ལ་ལ་ལའི་དུག །སྨན་དུ་མ་གྱུར་གང་ཡང་མེད། །དུག་ཏུ་མ་གྱུར་གང་ཡང་མེད། །ཐམས་ཅད་མ་ལུས་རྒྱུ་གཅིག་ལས། །མི་མཐུན་ཁྱད་པར་སོ་སོར་སྣང་། །སུས་ཀྱང་མ་བྱས་སུས་བྱེད་ཡོད། །རྣམ་རྟོག་ཞགས་པས་སོ་སོར་བཅིངས། །ལུས་གནས་ལོངས་སྤྱོད་སྣ་ཚོགས་དང་། །སྡུག་བསྔལ་འཁྲུལ་འཁོར་མ་ལུས་དང་། །ཁམས་གསུམ་ཕྱིན་ཅི་ལོག་བཞི་དང་། །དུས་གསུམ་འགྲོ་ལྔ་ཐམས་ཅད་དང་། །ཉོན་མོངས་སྡུག་བསྔལ་ཐམས་ཅད་སྦྱོང་། །རྣམ་པར་ཐར་པ་ལྟ་རྫོགས་བྱེད། །ས་བཅུ་རྫོགས་ཤིང་སངས་རྒྱས་ས་ཡང་རྫོགས། །དེ་ཕྱིར་སྨན་འདི་བསྒྲུབ་པར་བྱ། །ཀུན་ལ་ཕན་པའི་སྨན་ཡིན་པས། །དེ་ཕྱིར་ང་དང་བདག་མ་འཛིན། །གཙང་དང་སྨེ་བའི་བློ་རྟོག་བོར། །ཐམས་ཅད་མཉམ་པ་ཉིད་དུ་སྤྱོད། །རྩ་བ་བྱང་ཆུབ་སེམས་ཉིད་རྟོགས། །ཐབས་ཀྱིས་ཕ་རོལ་ཕྱིན་ལ་སྤྱོད། །སྙིང་རྗེས་ཆུད་མ་ཟོས་པར་གྱིས། །བདུད་རྩིའི་མཆོག་ནི་མཉམ་པའི་དབྱིངས། །བདུད་རྩིའི་དོན་ནི་སྐྱེ་ཤི་མེད། །


DNG010_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩིའི་གནས་ནི་བྱང་ཆུབ་སེམས། །བདུད་རྩིའི་ལས་ནི་རྣམ་རྟོག་སྦྱོང་། །བདག་དཔལ་ཚོགས་ཤིང་འགྲོ་དོན་མཛད། །སྨན་གྱི་བྱིན་རླབས་བསམ་མི་ཁྱབ། །ངན་སོང་སྦྱངས་ཤིང་མཐོ་རིས་འགྲུབ། །གསེར་འགྱུར་སྨན་དང་མུན་སེལ་བཞིན། །གཞན་ཡང་དགོས་པ་སྣ་ཚོགས་འགྲུབ། །རྐྱེན་ལས་བྱུང་བའི་དུག་རྣམས་དང་། །རྩ་བའི་དུག་དང་སྦྱར་བའི་དུག །ཀླུ་དུག་རྦོད་གཏོང་དུག་ལ་སོགས། །ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །དུག་རྣམས་ཐམས་ཅད་གདུལ་བའི་ཕྱིར། །དཀྱིལ་འཁོར་མ་ལུས་ཚང་བར་བསྒོམ། །གནས་ལྔ་དག་ཏུ་འབྲུ་ལྔ་བསྡིམ། །ཨཱོཾ་ཧཱུཾ་ཏྲཱཾ་ཧྲཱྀཿཨ་ལ་སོགས། །ཡང་ན་ཡི་གེ་ཨཱཾ་གིས་བྱ། །ཡང་ན་ཡི་གེ་ཧྲཱྀཿཡིས་དགང་། །དུག་རྣམས་བདུད་རྩིར་བསྒྱུར་བར་བྱ། །མཉམ་པའི་དབྱིངས་སུ་ཐིམ་པར་བྱ། །ཨ་ཧོ་རྡོ་རྗེ་གསང་བའི་ཚིག་ཏུའོ། །ཧཱུཾ་བདག་ཉིད་ཞེ་སྡང་རྡོ་རྗེ་སྟེ། །ཐུགས་རྗེའི་བདག་རྟོག་འདུལ་བར་བྱེད། །ང་དང་བདག་མེད་དབྱིངས་སྦྱོར་ཞིང་། །བྱམས་པའི་ཐུགས་དང་ལྡན་པའོ། །ཨོཾ་བདག་ཉིད་གཏི་མུག་ཆོས་སྐུ་སྟེ། །རྨོངས་པའི་ནད་རྣམས་སེལ་བར་བྱེད། །ཡེ་ཤེས་འོད་ཟེར་གསལ་བའི་ངང་། །ཐམས་ཅད་འབྱུང་བའི་འཁོར་ལོའོ། །ཏྲཱཾ་བདག་ཉིད་ང་རྒྱལ་ཡོན་ཏན་ཏེ། །སྙིང་རྗེས་འགྲོ་དོན་འཕེལ་བར་བྱེད། །ཞི་བའི་བློ་ཆེན་དབྱིངས་སུ་སྦྱོར། །ཡོན་ཏན་རྒྱ་མཚོ་དཔག་མེད་པའོ། །ཧྲཱྀཿབདག་ཉིད་འདོད་ཆགས་གསུང་མཆོག་སྟེ། །ཉོན་མོངས་ལས་རྣམས་དག་པར་བྱེད། །ཉོན་མོངས་སྡུག་བསྔལ་རྣམ་པར་དག །ཆགས་མེད་སེམས་ནི་བྱང་ཆུབ་པའོ། །ཨ་བདག་ཉིད་ལས་ཀྱི་སེམས་དཔའ་སྟེ། །དོན་རྣམས་མ་ལུས་འགྲུབ་པར་བྱེད། །ལོག་རྟོག་མ་ལུས་འདུལ་བའི་མཆོག །ཕྱོགས་བཅུ་དུས་བཞིར་འཕྲོ་བའོ། །མཱུཾ་བདག་ཉིད་ཤེས་རབ་འོད་གསལ་ཏེ། །ལེ་ལོ་གཡེང་བ་སེལ་བར་བྱེད། །ཐུགས་རྗེ་མྱུར་བ་ལས་བྱུང་བ། །རྒྱལ་བ་ཀུན་ཏུ་ཐོགས་མེད་པའོ། །ཡེ་ཤེས་དྲུག་གིས་ཉོན་མོངས་སྦྱངས། །དབུགས་ཆེན་དག་ཀྱང་འབྱིན་པར་བྱེད། །དུག་རྣམས་སྦྱངས་པ་སྐུ་གསུམ་


DNG010_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། །ལམ་ལྔ་སྦྱངས་པ་ཡེ་ཤེས་ལྔ། །འཁོར་བའི་རྩད་གཅོད་ཤེས་རབ་མཚོན། །ཧཱུཾ་དུ་བསྡུས་ཤིང་ཧོ་ཡིས་གཡེང་། །རཾ་གྱིས་བསྲེགས་ཤིང་ཕཊ་ཀྱིས་འཕང་། །ཐབས་དང་ཤེས་རབ་འདྲེལ་བ་ཡི། །ཐིག་ལེའི་དབྱིངས་སུ་ཐིམ་པར་བྱ། །དེ་ནས་གཉིས་མེད་དབྱིངས་གྱུར་ནས། །ཡེ་ཤེས་སེམས་དཔའི་སྐུ་རུ་བསྒོམ། །འབྲུ་གཅིག་འབྲུ་གསུམ་འབྲུ་ལྔ་བསྒོམ། །བཞི་བཅུ་རྩ་གཉིས་མ་ལུས་དང་། །སངས་རྒྱས་དཀྱིལ་འཁོར་ཚང་བར་བསྒོམ། །ང་མེད་བདག་མེད་ཕྱག་རྒྱར་གསལ། །དེ་ནས་ལོངས་སྤྱོད་ལྔ་ཀུན་ལ། །ཡེ་ཤེས་ལྔ་དང་རིགས་ལྔ་དང་། །ལྷ་མོ་ལྔ་དང་སྨན་ལྔར་བསྒོམ། །ཨོཾ་ཧཱུཾ་ཏྲཱཾ་ཧྲཱྀཿཨ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཨོཾ་བི་ཤུད་དྷི་ཨ་མྲྀ་ཏ་ཧཱུཾ་ཕཊ། ཨོཾ་དྷརྨ་ཨ་མྲྀ་ཏ་ཧཱུཾ་ཕཊ། ཨོཾ་ཨཱཿཧཱུཾ་ཞེས་བརྗོད་པས། ཐམས་ཅད་དག་པར་གྱུར། དབྱིངས་སུ་ཐིམ་པས་བདུད་རྩིར་གྱུར། །ས་ཆུ་མེ་རླུང་ནམ་མཁའ་རྣམས། །རང་བཞིན་མེད་པར་གཞིག་པའི་ཕྱིར། །གཅིག་ལའང་ལྔ་ལྔར་དབྱེ་བྱ་ཞིང་། །མཱུཾ་གྱི་དབྱིངས་སུ་བསྡིམ་པར་བྱ། །འབྱུང་བ་ཆེ་རྣམས་དེ་དག་ལ། །ལྷག་པའི་ཏིང་འཛིན་བསྐྱེད་པར་བྱ། །རིག་པ་ཐབས་ཀྱི་ཕྱག་རྒྱ་སྟེ། །དེ་བཞིན་གཤེགས་པ་ལྔར་བསྒོམ་ཞིང་། །འབྱུང་བ་སོ་སོའི་མཚན་ཉིད་དེ། །ཡུམ་ལྔ་དག་ཏུ་བསྒོམ་པར་བྱ། །དེ་རིགས་ཡེ་ཤེས་ལྔ་ཉིད་དོ། །རྒྱུར་བྱས་གཟུགས་སོགས་བཞི་བཅུ་གཉིས། །ཕྱི་ནང་སྣོད་བཅུད་ཐམས་ཅད་ཀུན། །དེ་བཞིན་ཉིད་ཀྱི་དབྱིངས་འདུས་ནས། །དེ་ལས་གྱུར་ཅིང་སྐྱེས་པ་ཀུན། །སྨོས་ཅི་དགོས་ཏེ་དེ་ཉིད་ཡིན། །ཨ་ཧོ། ཨེ་མ་ཧོ་ལྷག་པའི་བྱིན་རླབས་ཀྱིས། །བདག་ལ་ལྷ་རྣམས་བསྡུ་བར་བསྒོམ། །དེ་ནས་ལྷ་དང་གཉིས་མེད་ནས། །བདག་ཉིད་ཡི་གེ་ཨོཾ་དང་མཱུཾ། །གཉིས་དང་བདག་དང་དབྱིངས་སུ་ཐིམ། །བདག་ཉིད་བདུད་རྩི་འཁྱིལ་པར་བསྒོམ། །སྐུ་མདོག་གངས་རི་ཉི་ཤར་འདྲ། །ཟླ་བ་པདྨ་གདན་ཁྲི་ལ། །ཉི་མ་སྟོང་གི་


DNG010_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

གདན་ཁྲི་ལྡན། །ལྷ་དང་ལྷ་མོའི་ཚོགས་ཀྱིས་བསྐོར། །ཁྲོ་བོ་ཁྲོ་མོའི་དཀྱིལ་འཁོར་བཅས། །གནས་དང་ཡུལ་གྱི་ཕྱག་རྒྱས་མཛེས། །སླས་དང་བྱི་མོའི་ཚོགས་ཀྱིས་བསྐོར། །ཨ་ཧོ་འཁོར་ལོ་རྩིབས་བཞི་མུ་ཁྱུད་བཅས། །དབུས་སུ་བདུད་རྩི་འཁྱིལ་པ་སྟེ། །ཤར་གྱི་རྩེ་ལ་རྡོ་རྗེའོ། །ལྷོ་ཡི་རྩེ་ལ་རིན་པོ་ཆེ། །ནུབ་ཀྱི་རྩེ་ལ་སྣང་མཐའ་ཡས། །བྱང་གི་རྩེ་ལ་དོན་ཡོད་གྲུབ། །ཐབས་དང་ཤེས་རབ་ལྡན་པར་བསྒོམ། །ཕྱག་རྒྱ་རྣམས་ཀྱང་གསལ་བར་བསྒོམ། །སྙིང་པོ་འབྲུ་ཚིག་གསལ་བར་བཟླས། །དེ་ལ་བདུད་རྩིའི་ཕྱག་རྒྱ་ནི། །བུམ་པ་གང་བ་ཡིད་བཞིན་འབར། །རེ་བ་ཡིད་བཞིན་སྐོང་བར་བྱེད། །ཉོན་མོངས་སྡུག་བསྔལ་སེལ་བར་བྱེད། །འདོད་ལྔ་ཡོན་ཏན་ལྡན་པར་བྱེད། །དངོས་གྲུབ་ཆེན་པོ་བླ་མེད་པའོ། །བདུད་རྩི་ཆར་བཞིན་འབེབས་པར་བྱེད། །སྒོ་བཞི་ཕྱག་རྒྱ་ལྡན་པར་བྱེད། །ཨ་མྲྀ་ཏ་ཡི་རྒྱུ་ཉིད་ནི། །བྱང་ཆུབ་སེམས་དང་ཤ་ཆེན་དང་། །དྲི་ཆུ་དྲི་ཆེན་མཱཾ་སར་བཅས། །པདྨ་རཀྟ་ལ་སོགས་དང་། །གཞན་ཡང་འདོད་ཡོན་སྣ་ཚོགས་རྣམས། །དབྱེའམ་ཡང་ན་མི་དབྱེ་བར། །བདུད་རྩི་ཉིད་དུ་བྱིན་གྱིས་བརླབས། །རྟོག་པའི་བག་ཆགས་སྦྱང་བའི་ཕྱིར། །གཙང་སྨེ་མེད་པར་དག་པར་བྱ། །དབྱིངས་སུ་ཡང་ནི་བསྡིམ་པར་བྱ། །ཕྱག་རྒྱ་འོད་ཟེར་འབར་བར་བསྒོམ། །བཞི་བརྒྱ་རྩ་བཞིའི་ནད་སེལ་ཞིང་། །དུག་གསུམ་སྡུག་བསྔལ་མེད་པ་དང་། །བསྐལ་པར་ཡུན་རིང་གནས་པ་དང་། །དངོས་གྲུབ་ཆེན་པོ་ཐོབ་འགྱུར་ཏེ། །ཚོགས་གཉིས་རྫོགས་པར་ཡང་དག་གསུངས། །བདག་ཉིད་ཡི་གེ་ཧཱུཾ་གྱུར་ནས། །ལོངས་སྤྱོད་ལྔ་ལྡན་ཐམས་ཅད་ལ། །ཨོཾ་ཨཱཾ་ཧཱུཾ་དུ་གྱུར་པར་བསྒོམ། །འོད་འཕྲོ་འབར་ཞིང་ཕྱོགས་བཅུར་སྤྲོ། །སླར་འདུས་འོད་འཕྲོ་བདུད་རྩི་འབར། །ཤིན་ཏུ་གསལ་ཞིང་རྩེ་གཅིག་བསྒོམ། །གཞན་ཡང་ཡི་གེའི་ཚོགས་པས་གདབ། །འཐུངས་ན་ངན་སོང་སྒྲིབ་པ་བྱང་། །ཏྲ་ཐཱ། རྟག་བསྟེན་དངོས་གྲུབ་མཆོག་ཀྱང་


DNG010_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ། །ལུས་ཀྱི་ནད་རྣམས་ཐམས་ཅད་སྦྱང་། །ལྷ་ལ་རྟག་ཏུ་མཆོད་བྱས་ན། །བདག་དང་གཉིས་སུ་མེད་པར་འགྱུར། །མི་མཐུན་ཕྱོགས་ལ་གཏོར་བྱས་ན། །དྲག་པོ་གཏུམ་པོའང་ལྷན་ནེར་འགྱུར། །གཞན་ཡང་དངོས་གྲུབ་ཐམས་ཅད་ནི། །ཇི་ལྟར་དམིགས་པ་བཞིན་དུ་འགྲུབ། །སངས་རྒྱས་གོ་འཕང་འཐོབ་འགྱུར་ན། །ལྷ་སྲིན་ལ་སོགས་སྨོས་ཅི་དགོས། །ཐེ་ཚོམ་མེད་པར་བསྒྲུབ་པར་གྱིས། །རྟག་ཏུ་སྤྱོད་ཅིང་དབྱིངས་སུ་ཐིམ། །རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་ལས། སྨན་སྒྲུབ་པའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་དེ་བཞིན་གཤེགས་པ་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲལ་དྲ་བ་རང་བཞིན་གྱི་དཀྱིལ་འཁོར་ལས་ལྷག་པའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གྱི་སྔགས་འཆང་རྣམས་ལྷར་བསྒྲུབ་པའི་དཀྱིལ་འཁོར་འདི་དོན་ཡོད་པར་བྱ་བའི་ཕྱིར། ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཨེ་མ་ཧོ། ཡེ་ནས་རྣམ་པར་དག་པ་ཡི། །ཐབས་དང་ཤེས་རབ་ལྡན་པར་གནས། །བྱང་ཆུབ་མཆོག་ཏུ་ཉི་ཟླ་ཤར། །དེ་ཉིད་བཞུགས་གནས་ཡིན་པར་གསུངས། །ཆོས་རྣམས་ཐམས་ཅད་བདག་མེད་པའི། །དབྱིངས་སུ་ཐིམ་པའི་འོད་ཟེར་གསལ། །གཅིག་དང་སྤྲོས་པ་ཐམས་ཅད་མེད། །དཀྱིལ་འཁོར་སྤྲོས་མེད་ཟླུམ་པོའི་ཚུལ། །ཡེ་ནས་མྱ་ངན་འདས་པའི་ཆོས། །ཡེ་ཤེས་རྒྱུ་དང་འབྲས་བུར་ལྡན། །ཐམས་ཅད་མཁྱེན་པའི་ཡེ་ཤེས་སྐུ། །ཆོས་ཀྱི་འཁོར་ལོ་ཡོངས་ཀྱིས་བསྐོར། །ཐུགས་རྗེའི་བྱིན་རླབས་འཕྲོས་པ་ཡིས། །ཡེ་ཤེས་བཞི་ཡི་དཀྱིལ་འཁོར་སྤྲོ། །ཡེ་ཤེས་ལྔ་དང་སྐུ་གསུང་ཐུགས། །བྱིན་རླབས་ཡ་མཚན་བསམ་མི་ཁྱབ། །རང་སྣང་རིག་པའི་ཐབས་ལས་བྱུང་། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་པའི། །ཐུགས་རྗེ་རྒྱས་པའི་གཞལ་ཡས་ཁང་། །མཐའ་དབུས་མེད་པར་རྒྱས་པར་གནས། །སྟོང་སྨོན་མཚན་མེད་འོད་གསལ་འཇུག །དེ་ཕྱིར་ཡེ་ཤེས་སྒོ་བཞིར་བཤད། །དེར་འགྲོ་ལམ་སྟེགས་བརྒྱད་དང་ལྡན། །


DNG010_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་ཡེ་ནས་འོད་གསལ་ཕྱིར། །ཉི་ཟླ་བརྩེགས་པའི་གདན་ཁྲི་འབར། །ཡེ་ནས་རྣམ་པར་དག་པའི་ཕྱིར། །མ་ཆགས་པདྨ་འབར་བའི་གདན། །ཟག་མེད་ཡེ་ཤེས་གཏེར་གྱུར་པས། །ཡིད་བཞིན་རིན་ཆེན་འབར་བའི་གདན། །ཡེ་ནས་མཉམ་ཉིད་མི་འདའི་ཕྱིར། །ཏཱ་ལའི་ལྗོན་ཤིང་རང་བཞིན་གནས། །རེ་བ་ཡིད་བཞིན་སྐོང་བའི་ཕྱིར། །དཔག་བསམ་ཤིང་གི་རིན་ཆེན་འབར། །ཡིད་བཞིན་རིན་ཆེན་རྒྱན་གྱིས་བསྐོར། །ཐམས་ཅད་ལ་ནི་དབང་བསྒྱུར་ཕྱིར། །འཇིག་རྟེན་ལྷ་ཆེན་རྣམས་ཀྱིས་བསྐོར། །གསང་བའི་དེ་ཉིད་ངེས་པ་ལས། །འཕྲུལ་ཆེན་བཞི་བཅུ་རྩ་གཉིས་ཀྱིས། །ཐམས་ཅད་ལྷ་ཉིད་རྟག་ཏུ་སྦྱོར། །ཐམས་ཅད་མ་ལུས་དཀྱིལ་འཁོར་མཆོག །འདི་ནི་རང་བཞིན་དཀྱིལ་འཁོར་དང་། །གཟུགས་བརྙན་ལྷག་པའི་དཀྱིལ་འཁོར་དང་། །ཏིང་འཛིན་ལྷག་པའི་དཀྱིལ་འཁོར་དག །བྱང་ཆུབ་སེམས་དང་ཚོགས་མཆོག་བསྟན། །ཅེས་ཉིད་ལ་ཉིད་བཤད་དོ། །སྒྱུ་འཕྲུལ་དྲ་བ་ལས། ཤིན་ཏུ་གསང་བའི་དཀྱིལ་འཁོར་བསྡུས་ནས། ལྷག་པའི་གཟུགས་བརྙན་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།དེ་ནས་དེ་བཞིན་གཤེགས་པ་ཁྲོ་བོ་ཆེན་པོའི་བྱིན་རླབས་ཕྱག་རྒྱ་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཆེད་དུ་བརྗོད་པ་འདི་བརྗོད་དོ། །དབང་པོའི་ཡུལ་དུ་རིག་པ་རྣམས། །ཐབས་དང་ཤེས་རབ་ལྡན་གྱུར་ཅིང་། །མཉམ་པའི་ངང་ཉིད་རྟོགས་གསལ་ན། །ཐམས་ཅད་བདེ་བ་ཆེན་པོའི་རྒྱ། །བསྐྱོད་ཆེན་འཁོར་ལོའི་གཞལ་ཡས་སུ། །ཁྲོ་བོ་ཁྲོ་མོ་ཐམས་ཅད་ཀུན། །གསལ་ཞིང་འོད་ཟེར་འཕྲོ་བསྒོམས་ན། །བསྒུལ་བསྐྱོད་ཐམས་ཅད་ཕྱག་རྒྱ་ཡིན། །བླ་མེད་ཆེན་པོས་དེ་སྐད་གསུངས། །ཡན་ལག་སྙིང་པོ་རྩེ་གཅིག་དང་། །རྩེ་ལྔ་རྩེ་དགུ་བཅུ་གཅིག་ཏུ། །ལས་རྣམས་སོ་སོར་རབ་ཏུ་བསྒོམ། །ཐབས་དང་ཤེས་རབ་ལྡན་པའི་ཞབས། །རྟག་ཏུ་རྡོ་རྗེ་འབར་བར་འགྱུར། །ཐབས་ཆེན་རེ་རེ་བསྐྱོད་ན་ནི། །པདྨ་ཆགས་


DNG010_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

མེད་རེ་རེ་འབྱུང་། །རྡོ་རྗེ་པདྨ་དེར་སྦྱོར་ནས། །སེམས་ཅན་ཐམས་ཅད་བླ་ན་མེད། །བྱང་ཆུབ་ཤིང་དྲུང་སྐྱེ་བར་འགྱུར། །རང་བཞིན་དཀྱིལ་འཁོར་ལྷ་རྣམས་ཀྱང་། །ཁྲོ་བོའི་དཀྱིལ་འཁོར་བསྒོམ་བྱས་ཏེ། །དབུ་ཡི་དཀྱིལ་འཁོར་བསྒུལ་བསྐྱོད་ན། །སངས་རྒྱས་དཀྱིལ་འཁོར་ཐམས་ཅད་གཡོ། །ལག་གི་འདུ་བྱེད་བསྐྱོད་བྱས་ན། །རིག་འཛིན་ཞིང་ཁམས་ཐམས་ཅད་གཡོ། །རྐང་པའི་སྟབས་ཆེན་མནན་མཆོངས་ན། །སྡུག་བསྔལ་མི་བཟད་ཐམས་ཅད་དང་། །བདུད་དང་ལོག་འདྲེན་ཐམས་ཅད་མནན། །ཡན་ལག་ཐམས་ཅད་བསྒུལ་གསིགས་ན། །བ་སྤུའི་བུ་ག་རེ་རེ་ནས། །ཁྲོ་བོ་གྲངས་མེད་རྡུལ་སྙེད་འཕྲོ། །དེ་དག་སྤྲུལ་པ་གྲངས་མེད་ཀྱིས། །ཕྱོགས་བཅུའི་ཁམས་མང་རྡུལ་སྙེད་དུ། །ཁྲོ་བོའི་དོན་རྣམས་རྡུལ་ཕྲན་སྙེད། །ཐུགས་རྗེས་འདུལ་ཞིང་དབྱིངས་སུ་བསྡིམ། །ཐམས་ཅད་ཁྲོ་བོའི་དཀྱིལ་འཁོར་དང་། །ཁྲོ་མོའི་དཀྱིལ་འཁོར་རབ་ཏུ་འདུས། །ཐམས་ཅད་རྡོ་རྗེའི་བྲག་སྟེང་དང་། །མེ་རིའི་དཀྱིལ་འཁོར་རབ་ཏུ་འབར། །འདི་ནི་སྤྱི་རྒྱ་ཆེན་པོ་ཡིན། །སྟེང་གི་བགེགས་རྣམས་འདུལ་བའི་ཕྱིར། །རྡོ་རྗེ་འཁོར་ལོ་ནྲྀ་མགོ་གདེངས། །འོག་གི་འཇིག་རྟེན་བགེགས་འདུལ་བའི། །རྡོ་རྗེ་ཐོང་གཤོལ་ནྲྀ་སྤར་དང་། །རྡོ་རྗེ་གཏུན་ཆེན་དྲིལ་བུའོ། །ཤར་གྱི་བགེགས་རྣམས་འདུལ་བ་ནི། །རྡོ་རྗེ་རབ་ཏུ་འབར་བ་དང་། །ཏི་ར་ཆེན་པོའི་དབྱུག་པའོ། །ལྷོ་ཡི་བགེགས་རྣམས་འདུལ་བ་ནི། །རིན་ཆེན་ནྲྀ་མགོའི་དབྱུག་པ་དང་། །གཤིན་རྗེ་ཆེན་པོའི་རྐང་བཟུང་བའོ། །ནུབ་ཀྱི་བགེགས་རྣམས་འདུལ་བ་ནི། །སྦྲུལ་དང་ཏི་རའི་དབྱུག་པ་དང་། །ཁྱུང་ཆེན་གཤོག་གིས་རབ་ཏུ་རྡེབས། །རྒྱ་མཚོ་ཆེ་རྣམས་སྐེད་པར་གཏུབ། །བྱང་གི་བགེགས་རྣམས་འདུལ་བ་ནི། །རིན་པོ་ཆེ་ཡི་དབྱུག་ཏོ་དང་། །ནྲྀ་མགོ་གསུམ་གྱི་དབྱུག་ཏོ་ཅན། །གནོད་སྦྱིན་གདོན་རྣམས་ཚར་གཅོད་པའོ། །མཚམས་བཞིའི་བགེགས་རྣམས་འདུལ་བ་ནི། །ཕྱོགས་བཞི་དག་གིས་


DNG010_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

འདུལ་བར་འགྱུར། །གལ་ཏེ་དེ་ཡིས་མ་འདུལ་ན། །བྱང་ཤར་མཚམས་ཀྱི་བགེགས་འདུལ་བ། །རྡོ་རྗེ་རྩ་གསུམ་ནྲྀ་མགོ་གདེངས། །ཨེ་ཤ་ཉིད་ཀྱང་ཕྱག་ན་བསྣམས། །འབྱུང་པོའི་སྡེ་ཀུན་རབ་ཏུ་འདུལ། །ཤར་ལྷོ་མཚམས་ཀྱི་བགེགས་འདུལ་བ། །རྡོ་རྗེ་ཡེ་ཤེས་མེ་ཆེན་འབར། །མེ་དེ་ཉིད་ཀྱང་འཚིག་པར་བྱེད། །དྲང་སྲོང་ཉིད་ཀྱང་ཕྱག་རྒྱར་བསྣམས། །མེ་ལྷ་གདོན་འཁོར་དབང་དུ་བསྡུ། །ལྷོ་ནུབ་མཚམས་ཀྱི་བགེགས་འདུལ་བ། །རྡོ་རྗེ་སྲིན་པོའི་མགོ་ཅན་ཏེ། །རབ་ཏུ་རྣོ་བའི་རལ་གྲི་འབར། །བདེན་བྲལ་ཉིད་ཀྱང་ཕྱག་ན་བསྣམས། །སྲིན་པོའི་ཚོགས་རྣམས་དབང་དུ་བསྡུ། །ནུབ་བྱང་མཚམས་ཀྱི་བགེགས་འདུལ་བ། །རླུང་གི་བ་དན་ནྲྀ་མགོ་གདེངས། །ཤིན་ཏུ་དྲག་པོ་གླང་པོའི་བརྗིད། །ཚིག་སྲུང་ཉིད་ཀྱང་ཕྱག་ན་བསྣམས། །གཡེང་བ་ཐམས་ཅད་དབང་དུ་བསྡུ། །འོག་གི་འཇིག་རྟེན་བགེགས་འདུལ་བ། །ཕྱག་རྒྱ་རི་རབ་ཆེན་པོ་སྟེ། །ཕག་ཆེན་པོ་ནི་ཕྱག་ན་བསྣམས། །འོག་གི་བགེགས་རྣམས་འདུལ་བའོ། །གཞན་ཡང་ཉི་ཟླའི་དཀྱིལ་འཁོར་གྱིས། །ཚ་དང་གྲང་བའི་སྡུག་བསྔལ་སེལ། །མེ་ཡི་དཀྱིལ་འཁོར་ཆེན་པོ་ཡིས། །ཐམས་ཅད་མ་ལུས་བསྲེག་པར་བྱེད། །ཆུ་ཡི་དཀྱིལ་འཁོར་ཆེན་པོ་ཡིས། །ཐམས་ཅད་མ་ལུས་འཁྲུད་པར་བྱེད། །རླུང་གི་དཀྱིལ་འཁོར་ཆེན་པོ་ཡིས། །ཐམས་ཅད་མ་ལུས་གཏོར་བར་བྱེད། །གཞན་ཡང་རལ་གྲི་འཁོར་ལོ་དང་། །མདའ་གཞུ་ཐོ་ཆེན་གྲི་ཆེན་དང་། །རྡོ་རྗེ་མདུང་ཆེན་དགྲ་སྟྭར་བཅས། །མཆེ་གཙིགས་སྤུ་གྲིའི་སོ་དང་ནི། །མདའ་དང་མདུང་ཐུང་སྟྭ་རེ་དང་། །གཞན་ཡང་ཕྱག་རྒྱ་སྣ་ཚོགས་སོ། །དབུས་ཀྱི་ཧེ་རུའི་ཕྱག་རྒྱ་ནི། །ཏི་རའི་དབྱུག་ཏོ་ཆེན་པོ་དང་། །འཁོར་ལོ་ཆེན་པོ་རབ་ཏུ་འབར། །དུང་ཆེན་དམར་གྱིས་གང་བ་ལ། །རྡོ་རྗེས་དཀྲུག་ཅིང་ཞལ་དུ་གསོལ། །ཤར་གྱི་ཁྲོ་བོའི་ཕྱག་རྒྱ་ནི། །ཏི་ར་ཆེན་པོའི་དབྱུག་པ་དང་། །རྡོ་རྗེ་ཆེན་པོ་རབ་ཏུ་འབར། །ནྲྀ་མགོ་དམར་ཆེན་བཀང་བ་


DNG010_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། །ལྷོ་ཡི་ཕྱག་རྒྱ་ཆེན་པོ་ནི། །ཏི་ར་ཆེན་པོའི་དབྱུག་པ་དང་། །ཡིད་བཞིན་ནོར་བུ་རིན་ཆེན་འབར། །ཡིད་བཞིན་ནོར་བུའི་གཞལ་ཡས་སུ། །དམར་གྱི་ཨརྒྷ་རབ་ཏུ་གསོལ། །ནུབ་ཀྱི་ཁྲོ་བོའི་ཕྱག་རྒྱ་ནི། །ཏི་ར་ཆེན་པོའི་དབྱུག་པ་དང་། །པདྨ་ཆགས་མེད་རབ་ཏུ་འབར། །དུང་ཆེན་དམར་གྱིས་བཀང་བ་གསོལ། །བྱང་གི་ཁྲོ་བོའི་ཕྱག་རྒྱ་ནི། །ཏི་ར་ཆེན་པོའི་དབྱུག་པ་དང་། །རྡོ་རྗེ་རྒྱ་གྲམ་རབ་ཏུ་འབར། །དུང་ཆེན་དམར་གྱིས་བཀང་བ་གསོལ། །ཁྲོ་མོ་རྣམས་ཀྱང་ཁྲོ་དང་མཐུན། །གནས་དང་ཡུལ་གྱི་ཕྱག་རྒྱ་ནི། །རྒྱུད་གཞན་དག་དང་མཐུན་པར་བཤད། །མ་མོ་རྣམས་ཀྱི་ཕྱག་རྒྱ་ནི། །འཇིག་རྟེན་འདས་མདོ་ཆེ་ལས་བཤད། །སྒྱུ་འཕྲུལ་དྲ་བ་ལས། ཕྱག་རྒྱ་སྤྲོས་པའི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་དེ་བཞིན་གཤེགས་པ་ཁྲོ་བོའི་རྒྱལ་པོ། དཔལ་ཤྲཱི་ཧེ་རུ་ཀས། ཡུམ་ཀྲོ་ཏི་ཤྭ་རཱི་དང་གཉིས་སུ་མེད་པར་འདུ་བ་མཛད་ནས། བྱང་ཆུབ་སེམས་ཀྱི་རྡོ་རྗེ་ལས། ཁྲོ་བོའི་དཀྱིལ་འཁོར་མང་པོ་སྤྲོས་ནས། འཇིག་རྟེན་པའི་དབང་མོ་ཆེན་པོ་དང་། དབང་པོ་དང་། བདག་པོ་དང་། རྒྱལ་པོ་དང་། རྒྱལ་པོའི་ཡང་རྒྱལ་པོ་དང་། བློན་པོ་དང་། སྡེ་དཔོན་དང་། འཁོར་འབུམ་ཕྲག་བསམ་གྱིས་མི་ཁྱབ་པ་ལ་སོགས་པ་ཐམས་ཅད་མ་ལུས་པར་དབང་དུ་བསྡུས་ཏེ། འཇིགས་བྱེད་ཆེན་པོས་ལྷ་ཆེན་པོ་རྣམས་དང་། ད་ལྟ་དང་དུས་ཕྱི་མའི་དུས་སུ། ལ་ལ་ནི་ཚེ་འཕེལ་བའི་ལས་སུ་བསྐོས། ལ་ལ་ནི་ལོངས་སྤྱོད་འཕེལ་བར་བསྐོས། ལ་ལ་ནི་འབྱུང་བ་ཆེན་པོ་ལ་ཐོགས་པ་མེད་པར་འགྲོ་བར་བསྐོས། ལ་ལ་ནི་གཟུགས་མི་སྣང་བར་འགྲོ་བར་བསྐོས། ལ་ལ་ནི་གཟུགས་སྣ་ཚོགས་ཅིར་ཡང་འགྱུར་བར་བསྐོས། ལ་ལ་ནི་མི་མཐུན་པའི་ཕྱོགས་དབང་དུ་སྡུད་པར་བསྐོས། ལ་ལ་ནི་ཉམས་ཤིང་རྨོངས་པར་བསྐོས། ལ་ལ་ནི་སྐམས་ཤིང་འཕོ་བར་བསྐོས། གཞན་ཡང་བྱ་བ་སྣ་ཚོགས་པ་ཅི་འདོད་པར་བསྐོས་


DNG010_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ནས། ཆེད་དུ་བརྗོད་པ་འདི་བརྗོད་དོ། །མཉམ་ཉིད་རིག་པའི་རྡོ་རྗེ་ཡིས། །འཇིག་རྟེན་གཙོ་མཆོག་དབང་དུ་བསྡུས། །ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །འགྲོ་བའི་དོན་རྣམས་སྣ་ཚོགས་བསྟན། །ཐབས་དང་ཤེས་རབ་ལྡན་གྱུར་པས། །ཇི་ལྟར་དམིགས་པ་བཞིན་དུ་འགྲུབ། །འདི་ནི་རང་བྱུང་ལྷ་ཡི་ལྷ། །བྱམས་དང་སྙིང་རྗེ་ལྡན་པར་རོལ། །ཐུགས་རྗེ་ཆེན་པོ་ཐབས་མཁས་པས། །ཐམས་ཅད་ཀུན་ལ་སྤྱོད་གྱུར་ཀྱང་། །བག་ཆགས་སོགས་པར་མི་འགྱུར་ཏེ། །བསོད་ནམས་ཡེ་ཤེས་ཚོགས་འགྱུར་རྫོགས། །ཐབས་མཁས་སྤྱོད་པ་མ་གཏོགས་པར། །གཟུང་འཛིན་འཁྲུལ་རྟོག་རྡུལ་ཙམ་མེད། །དེ་བཞིན་ཉིད་དང་དབྱེར་མེད་ཕྱིར། །རྟག་ཏུ་རང་བཞིན་འོད་གསལ་གནས། །དེ་ནས་བདག་ཉིད་རྒྱུད་དོན་གང་ནས་འབྱུང་བའི་ལྷ་ཁྲོ་བོ་དང་། ཞི་བ་གང་ལ་གོམས་པ་དེ་གསལ་བར་བསྒོམས་ནས། ཏིང་ངེ་འཛིན་ལས་སུ་རུང་ཞིང་ལྷར་གསལ་བར་གྱུར་པ་དང་། རང་གི་ལྷའི་བཟླས་པ་འབུམ་འབུམ་གདོན་ཏོ། །ལྷ་ཆེན་པོ་ནི་དགུག་པའི་ཕྱིར། །ལྕགས་ཀྱུ་ཞགས་པ་སྤོ་ཊ་བཾ། །མ་ཧཱ་དེ་བ་ཧཱུཾ་ཛཿ། ཛཿཧཱུཾ་བཾ་ཧོཿ། ལྷ་ཡི་དབང་པོའི་སྙིང་ག་ནས། །ཡང་ནས་ཡང་དུ་རྣམ་པར་དྲངས། །མ་མ་ཏྲག་ཤ་མ་ཧཱ་དེ་བ་གྲྀ་ཧྞ་གྲྀ་ཧྞ་ཧཱུཾ་ཧཱུཾ། ལྷ་གཟུགས་མདོག་ནི་འཚེར་ལ་དཀར། །ལུས་ནི་རིན་ཆེན་ཀུན་གྱིས་བརྒྱན། །གཙུག་ན་ཡིད་བཞིན་རིན་ཆེན་འབར། །ལག་པ་གཡས་ན་ཐོགས་པ་ནི། །ཡིད་བཞིན་བདུད་རྩི་བུམ་ཆུ་གསོལ། །གཡོན་ན་རིན་ཆེན་སྣ་ལྔ་སྟེ། །ལྷ་རྣམས་ཀུན་གྱི་རེ་བ་བསྐང་། །བཙུན་མོ་ཨུ་མ་དང་གནས་པ། །རྟག་ཏུ་འདོད་ཡོན་ལྔ་དང་ལྡན། །བདག་ཉིད་སྣང་མཛད་གཞལ་ཡས་ཁང་། །ལྷ་ཡི་གཟུགས་ནི་སྔ་མའི་ཚུལ། །ལྷ་ཡི་ས་བོན་འབུམ་ཕྲག་ཏུ། །སྲོག་དང་ལྡན་པར་བཟླའ་བར་བྱ། །མདུན་ནས་ཛཿཧཱུཾ་བཾ་ཧོཿས་དྲང་། །རྒྱབ་ནས་རྡོ་རྗེ་ཅན་གྱིས་ཕུལ། །ཇེ་ཉེ་ཇེ་ཉེ་གཉིས་མེད་པར། །ལྷ་ཆེན་པོ་ནི་གསལ་གྱུར་ནས། །ཅི་འདོད་ལས་དེ་


DNG010_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དུ་གཞུག །ལྷ་ཆེན་འཁོར་རྣམས་ཐམས་ཅད་ཀྱང་། །དེ་གྲུབ་དབང་མེད་འདུ་བར་འགྱུར། །གང་འདོད་ལས་རྣམས་བྱེད་པར་འགྱུར། །དེ་ནས་རྒྱལ་པོ་ཆེན་པོ་སྡེ་བཞི་སྒྲུབ་པའི་ཐབས་འདི་གསུངས་སོ། །བྱང་ཆུབ་སེམས་མཆོག་ཏིང་འཛིན་གྱིས། །ཕྱོགས་བཞི་མ་ལུས་ཐམས་ཅད་ཀུན། །རིག་སྔགས་འཆང་གི་དོན་སྒྲུབ་ཏུ། །རྒྱལ་པོ་བཞི་ཡང་དབང་དུ་བསྡུས། །བདག་ཉིད་རིགས་བཞིའི་ཧེ་རུ་ཀ །གོང་ནས་བྱུང་བའི་དོན་བཞིན་བསྒོམ། །ལྷ་ཉིད་རྟག་ཏུ་གསལ་གྱུར་ཅིང་། །ལྷ་ཡི་གཟུགས་ཚུལ་གསལ་བར་བསྒོམ། །བདག་ཉིད་ལྷ་དང་གཉིས་མེད་པར། །ཡང་དག་དོན་དུ་གསལ་བར་བསྒོམ། །དེ་ནས་རྒྱལ་པོ་ཡུལ་འཁོར་སྲུང་། །གཟུགས་ནི་གངས་རི་ཉི་ཤར་འདྲ། །མཆོད་སྦྱིན་འོད་ཟེར་བརྒྱ་དང་ལྡན། །ལག་གཡས་རྡོ་རྗེ་དྲིལ་བུ་ལ། །ལག་གཡོན་བདུད་རྩིའི་བུམ་པ་གསོལ། །གཞན་དུ་ཡུལ་འཁོར་སྲུང་ལ་་ཏ་རཥྚ། འཕགས་སྐྱེས་པོ་ལ་བི་རཱུ་ཌྷ་ཀ །མིག་མི་བཟང་ལ་བི་རཱུ་པཀྵ། རྣམས་ཡོད་པ་དང་མ་མཐུན་པས་དཔྱད། ཨིན་སྔགས་རྣམས་སོར་བཞག ཏྲ་སཱ་ཡ་སྭཱ་ཧཱ། ཛཿཧཱུཾ་བཾ་ཧོཿ། ཏྲ་མི་ཏ་ཧཱུཾ་ཧཱུཾ། སུ་ར་ཏ་བ་ག་ཏ་ཛ་ཛ་ཛ་ཛཿཧཱུཾ་ཧཱུཾ་ཞེས་ལན་འབུམ་བཟླས་ནས། བདག་ཉིད་རྡོ་རྗེ་ཧེ་རུ་ཀས། །འདྲེན་པའི་ཕྱག་རྒྱ་དེ་དག་གིས། །ལྷ་ཡི་དབང་པོའི་སྙིང་ནས་དྲང་། །རྒྱབ་ནས་རྡོ་རྗེ་ཅན་གྱིས་ཕུལ། །དེ་ཡིས་ལྷ་ཉིད་དབང་གྱུར་ནས། །ལས་ནི་གང་འདོད་བྱེད་པར་གཞུག །ཐམས་ཅད་ཐམས་ཅད་འགྲུབ་པར་བྱེད། །ཀུན་ལ་འབྱིན་ཅིང་ཀུན་ལ་ཟ། །ལྷ་ཡི་འཁོར་རྣམས་ཐམས་ཅད་ཀུན། །མ་ལུས་པར་ནི་ཡང་དག་འདུ། །བྲན་བཞིན་དུ་ནི་ཐམས་ཅད་འབྲངས། །རྒྱལ་པོ་འཕགས་སྐྱེས་བསྒྲུབ་པ་ནི། །བདག་ཉིད་རིན་ཆེན་ཧེ་རུ་ཀ །སྐུ་མདོག་རྒྱུད་ནས་འབྱུང་བ་བཞིན། །ཕྱག་རྒྱ་རྣམས་ཀྱང་དེ་བཞིན་ཏེ། །འོད་ཀྱི་འཕྲོ་འདུ་བྱིན་རླབས་ཀྱིས། །འཕགས་སྐྱེས་པོ་ནི་དབང་དུ་བསྡུས། །དྷི་དྷ་ར་སྟ་ཡ་སྭཱ་ཧཱ། ཛཿཧཱུཾ་བཾ་ཧོཿ།གྲྀཧྞ་གྲྀཧྞ་དུར་བིད་སྭཱ་ཧཱ། ཧང་ཧང་ཧང་། རཏྣ་ཛཿཧཱུཾ་བཾ་ཧོཿ། ཞེས་སྙིང་པོ་ལན་འབུམ་དུ་བཟླས་ཏེ། སྲོག་དང་ལྡན་པར་ཏིང་འཛིན་བྱ། །བདག་ཉིད་རཏྣ་ཧེ་རུ་ཀ །འཕགས་སྐྱེས་པོ་ཡི་སྙིང་ག་ནས། །


DNG010_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ཛཿཡིས་རབ་ཏུ་བཟུང་ནས་ནི། །བདག་གི་མདུན་དུ་དགུག་པར་བྱ། །རྒྱབ་ནས་རྡོ་རྗེ་ཅན་གྱིས་ཕུལ། །དེ་ནས་མངོན་སུམ་གྱུར་པ་དང་། །གང་འདོད་ལས་དེ་བྱེད་དུ་གཞུག །མདོག་ནི་གསེར་གྱི་མདོག་ཏུ་འབར། །འཁོར་རྣམས་ཐམས་ཅད་བདག་ལ་བསྡུ། །ཡིད་བཞིན་རིན་ཆེན་གཞལ་ཡས་འགྲུབ། །རྒྱལ་པོ་མིག་ངན་བསྒྲུབ་པ་ནི། །བདག་ཉིད་པདྨ་ཧེ་རུ་ཀ །སྐུ་མདོག་གོང་གི་སྔ་མ་བཞིན། །ཕྱག་རྒྱའི་ཚུལ་ཡང་དེ་བཞིན་ཏེ། །སྙིང་པོ་འབུམ་ཕྲག་གསལ་བཟླས་ནས། །ཏིང་འཛིན་ཕྱག་རྒྱ་བསྒྱུར་རུང་ཞིང་། །ལྷ་ཉིད་དུ་ནི་གསལ་གྱུར་ནས། །རྒྱལ་པོ་དེ་ཡི་གཟུགས་མདོག་ནི། །ཤིན་ཏུ་དམར་ཞིང་འཚེར་བ་སྟེ། །ལག་གཡས་བདུད་རྩིའི་བུམ་པ་གསོལ། །ལག་གཡོན་འདོད་ཡོན་ལྔ་ཡི་ཚུལ། །ནུབ་ཕྱོགས་ཀླུ་རྣམས་རེ་བ་བསྐང་། །སྦྲུལ་མགོ་དགུ་ཡི་གདེངས་ཀ་ཅན། །དེ་ནི་རབ་ཏུ་དབང་བསྡུ་ཕྱིར། །བྷི་རུ་ཏ་ཀ་སྭཱ་ཧཱ། ཛཿཧཱུཾ་བཾ་ཧོཿ། ནཱ་ག་ཤི་ནི། བི་མ་པག་བི་མ་པག་ཛཿཧཱུཾ་བཾ་ཧོཿ། འབུམ་ཕྲག་དུ་མ་བཟླས་ནས་ནི། །དེ་ནི་བདག་གི་དབང་དུ་བསྡུ། །བདག་ཉིད་ལྷ་རུ་གསལ་བསྒོམས་ནས། །མིག་མི་བཟང་གི་སྙིང་ག་ནས། །ཛཿཡིས་རབ་ཏུ་བཟུང་ནས་དྲང་། །རྒྱབ་ནས་རྡོ་རྗེ་ཅན་གྱིས་ཕུལ། །དེ་ནས་བདག་དང་གཉིས་མེད་པའི། །དབྱེར་མེད་པར་ནི་གྱུར་པ་དང་། །ཅི་འདོད་ལས་དེ་བྱེད་དུ་གཞུག །མིག་ངན་འཁོར་རྣམས་མ་ལུས་པས། །བདག་གི་ལས་རྣམས་རྫོགས་པར་བྱེད། །རྒྱལ་པོ་རྣམ་ཐོས་བསྒྲུབ་པ་ནི། །བདག་ཉིད་ཁྲོ་བོ་བདུད་རྩི་འཁྱིལ། །སྐུ་མདོག་ཕྱག་མཚན་སྔ་མ་བཞིན། །གསལ་ཞིང་འོད་འཕྲོ་རབ་བསྒོམས་ཤིང་། །རང་སྔགས་སྙིང་པོ་འབུམ་ཕྲག་བཟླས། །ཏིང་འཛིན་བསྒྱུར་དུ་རུང་བ་དང་། །རྣམ་ཐོས་དག་ནི་རྟག་ཏུ་བསྒྲུབ། །གཟུགས་ནི་རིན་ཆེན་བཻ་ཌཱུརྱ། །ཡང་ན་མདོག་ནི་སྔོ་ཞིང་འཚེར། །ཕྱག་གཡས་རིན་ཆེན་དབྱིག་ཏོ་ཐོགས། །གཡོན་ན་འདོད་ཡོན་བུམ་


DNG010_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་གསོལ། །དབུ་ལ་རིན་ཆེན་སྣ་ཚོགས་མཛེས། །བཻ་ཤྲ་མ་ཎཱ་ཡ་སྭཱ་ཧཱ།ཛཿཧཱུཾ་བཾ་ཧོཿ། ཀུ་བེ་ར་བ་མ་བ་མ་ཀ་ར་ཀང་ཀང་ཡང་འདུག་ཀ་ར་ཡང་ཡང་ཛཿཧཱུཾ་བཾ་ ཧོཿ། འབུམ་དུ་བཟླས་ཤིང་སྲོག་ཡོད་པར། །ཡང་དང་ཡང་དུ་བཟླས་པར་བྱ། །བདག་ཉིད་བདུད་རྩི་ཧེ་རུ་ཀ །ཛཿཡིས་རྣམ་ཐོས་སྙིང་ནས་དྲང་། །དབང་དུ་ཡང་དག་བསྡུ་བར་བྱ། །རྒྱབ་ནས་རྡོ་རྗེ་ཅན་གྱིས་ཕུལ། །ཡིད་བཞིན་རིན་ཆེན་དབང་དུ་འགྱུར། །གནོད་སྦྱིན་འཁོར་རྣམས་བྲན་བཞིན་བསྡུ། །རིན་ཆེན་སྤྲོས་ཤིང་ལས་རྣམས་བསྒྲུབ། །ཅི་འདོད་ལས་རྣམས་བྱེད་པར་འགྱུར། །སྒྱུ་འཕྲུལ་དྲ་བ་ལས། ལྷ་ཆེན་པོ་བསྒྲུབ་པ་དང་རྒྱལ་པོ་ཆེན་པོ་བཞིའི་དཀྱིལ་འཁོར་བཀོད་ཅིང་སྒྲུབ་པའི་ལེའུ་སྟེ་ཉི་ཤུ་པའོ།། །།དེ་ནས་དེ་བཞིན་གཤེགས་པ་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་ལས། ལྷག་པའི་གཟུགས་བརྙན་གྱི་དཀྱིལ་འཁོར་གྱི་དངོས་གྲུབ་བླང་བའི་ཐབས་འདི་གསུངས་སོ། །ཡེ་ནས་མཉམ་ཉིད་དཀྱིལ་འཁོར་ལ། །ཐབས་དང་ཤེས་རབ་ལྡན་བྱས་ཏེ། །རང་རིག་ཡེ་ཤེས་རྒྱལ་པོ་ཡིས། །ཐམས་ཅད་མ་ལུས་མཎྜ་ལ། །དེ་བཞིན་ཉིད་ཀྱི་གཞལ་ཡས་ལ། །རིག་པ་རང་དབང་གྱུར་པ་ཡིས། །མཉམ་ལ་མཉམ་པར་མི་གནས་པའི། །ཆོས་སྐུའི་ཕྱག་རྒྱ་ཆེན་པོར་བསྒོམ། །འཇིག་རྟེན་བརྟན་གཡོ་ཐམས་ཅད་ལ། །རང་བཞིན་དཀྱིལ་འཁོར་གནས་མོད་ཀྱང་། །གཟུང་འཛིན་རྣམ་རྟོག་ཞགས་པ་ཡིས། །རང་རིག་བསྒྲིབས་ཤིང་བདག་ཏུ་བཅིངས། །ཀུན་གྱིས་ཡང་དག་རྟོགས་བྱའི་ཕྱིར། །དེ་བཞིན་སྐུ་ཡི་གཟུགས་བརྙན་བསྟན། །རྟོགས་དང་མི་རྟོག་རང་རིག་དང་། །ཡང་དག་ཐབས་ཆེན་རྫོགས་པའི་དོན། །རིན་ཆེན་སྣ་ཚོགས་ལ་སོགས་དང་། །འབྱུང་བ་བཞི་ལས་གྱུར་རྣམས་ཀུན། །ཐམས་ཅད་བྱང་ཆུབ་མཆོག་གི་རྒྱུ། །གཟུགས་སོགས་རི་མོར་བྲིས་པ་དག །ཡེ་ཤེས་ཆེན་པོ་རབ་འབྱམས་ཀྱི། །དོན་དུ་མི་འགྱུར་ཡོངས་མ་གསུངས། །དེ་བཞིན་ཏིང་འཛིན་དཀྱིལ་འཁོར་གྱིས། །ཐམས་ཅད་


DNG010_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་སུ་བསྡུས་ནས་ནི། །ཉིད་ཀྱི་ཐུགས་ལ་བསྡིམ་བྱས་ཏེ། །ཐམས་ཅད་ཆོས་སྐུའི་ཕྱག་རྒྱ་ཆེ། །དཀྱིལ་འཁོར་རྣམ་གསུམ་དག་བྱས་པས། །ནམ་མཁའི་དབྱིངས་ཀྱི་དཀྱིལ་འཁོར་དུ། །རང་རིག་ཡེ་ཤེས་འདུ་འཕྲོ་ཡིས། །ཐམས་ཅད་ཆོས་སྐུའི་ཕྱག་རྒྱ་ཆེ། །ཡང་དག་རྟོགས་པའི་ཁྱད་པར་གྱིས། །ཏིང་འཛིན་དོན་རྣམས་གསལ་བསྒོམས་ནས། །མཱ་མ་ཀཱི་ཡི་རྒྱུན་ཆགས་ལ། །ཡང་དག་ཆོས་སྐུ་ཕྱག་རྒྱ་ཆེ། །དེ་བཞིན་ཏིང་འཛིན་གསལ་བསྒོམས་ནས། །དོན་མཆོག་མ་ལུས་རྫོགས་པའི་ཕྱིར། །མཁའ་ལ་འཕྲོ་བའི་དཀྱིལ་འཁོར་དུ། །དྲི་མེད་ཆོས་སྐུ་ཕྱག་རྒྱ་གསལ། །དབྱིངས་དང་ཡེ་ཤེས་གཉིས་མེད་པར། །ཏིང་ངེ་འཛིན་གྱིས་དབང་བསྒྱུར་ནས། །ཁ་དོག་དབྱིབས་དང་གཟུགས་སུ་བསྒྱུར། །སྣ་ཚོགས་འཕྲིན་ལས་རྣམ་པར་རོལ། །དོན་གྱི་སྙིང་པོ་མཆོག་རྣམས་ཀྱང་། །བྱང་ཆུབ་ཕྱོགས་རྣམས་རབ་ཏུ་རྫོགས། །འཇིག་རྟེན་གཙོ་མཆོག་རྣམས་ཀྱིས་བསྐོར། །ཨ་ཧོ། ཆོས་སྐུའི་ཕྱག་རྒྱ་དེ་དག་ལས། །ལས་ལྔའི་དཀྱིལ་འཁོར་རབ་ཏུ་བསྒྲུབ། །ཏིང་ངེ་འཛིན་གྱིས་དབང་བསྒྱུར་ན། །ཇི་ལྟར་དམིགས་པ་བཞིན་དུ་འགྲུབ། །དྲག་པོ་གཏུམ་པོ་འདུལ་བའི་ཕྱིར། །བདག་ཉིད་དྲག་པོར་བསྒོམས་ནས་ནི། །ཆོས་སྐུ་ནག་པོ་འོད་འབར་གྱིས། །བགེགས་ཀྱི་ལིང་ག་གནན་པར་བྱ། །གཏུམ་པོ་དྲག་པོའང་བརླག་པར་འགྱུར། །མི་མཐུན་ཕྱོགས་ཀྱང་རྡུལ་དུ་རློག །འདི་དང་འགྲོ་བ་ཐམས་ཅད་དུ། །ཤིན་ཏུ་སྟོབས་དྲག་ཆེ་ལྡན་འགྱུར། །ཐམས་ཅད་མ་ལུས་གཉིས་མེད་དབྱིངས་བསྡུའི་ཕྱིར། །བདག་ཉིད་ཧ་ཡ་གྲཱི་ཝར་བསྒོམ། །དམར་པོའི་ཆོས་སྐུ་གསལ་བསྒོམས་ཏེ། །མི་མཐུན་ཕྱོགས་རྣམས་གདན་དུ་བཏིང་། །ཏིང་འཛིན་གསལ་བས་བྱིན་བརླབས་ན། །ཐམས་ཅད་མ་ལུས་དབང་དུ་འདུ། །མཐུ་ཆེན་དག་ཀྱང་ཕྱི་བཞིན་འབྲང་། །ཅི་འདོད་ལས་རྣམས་བྱེད་པར་འགྱུར། །ཐམས་ཅད་ཡོན་ཏན་འཕེལ་བྱའི་ཕྱིར། །བདག་ཉིད་རྒྱལ་བའི་ཁྱུ་མཆོག་སྟེ། །གསེར་གྱི་མདོག་འདྲ་


DNG010_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱར་བསྒོམ། །གང་འཕེལ་ཆོས་སྐུའི་གདན་དུ་བཞག །དེ་ལྟར་དག་པས་བྱིན་བརླབས་ན། །ཡོན་ཏན་ནམ་མཁའི་མཐའ་དང་མཉམ། །ཚེ་དང་ལོངས་སྤྱོད་འཕེལ་བ་དང་། །ཇི་ལྟར་དམིགས་པ་བཞིན་དུ་འགྲུབ། །ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །གཏུམ་ཁྲོ་མ་ལུས་ཞི་བྱའི་ཕྱིར། །དཀར་ཞིང་འཚེར་བའི་ཆོས་སྐུ་བསྒོམ། །གང་ཞིག་གཏུམ་ཁྲོ་ཞི་བའི་གདན། །དེ་བཞིན་ཏིང་འཛིན་བྱིན་བརླབས་ན། །གཏུམ་པོ་རྔམ་པོའང་ཞི་བར་འགྱུར། །གཞན་ཡང་ཇི་ལྟར་དམིགས་པ་བཞིན། །ཞི་ཞིང་དུལ་བ་ཉིད་དུ་འགྱུར། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས། །རྣམ་བཞིའི་དཀྱིལ་འཁོར་དབྱིངས་སུ་སྡུད། །བྱ་བྱེད་མེད་པར་དཀྱིལ་འཁོར་སྤྱོད། །ལྷུན་གྲུབ་དཀྱིལ་འཁོར་ཡེ་ནས་རྫོགས། །ཨ་ཧོ། ཆོས་སྐུའི་ཕྱག་རྒྱ་ཆེན་པོ་ནི། །དངོས་གྲུབ་གང་འདོད་སྦྱིན་པར་ངེས། །ཉེ་བའི་ལྷ་ནི་གར་བསྒྲུབ་པ། །ཕྱག་རྒྱའི་སྙིང་པོ་བྲིས་བཅུག་ན། །གང་བསྒོམ་ཐེ་ཚོམ་མེད་པར་འགྲུབ། །དེ་ནི་རྒྱལ་བ་ཀུན་དང་མཉམ། །ཐེ་ཚོམ་མེད་དེ་ངེས་འགྲུབ་འགྱུར། །འཇིག་རྟེན་པ་ཡི་ལྷ་བསྒྲུབ་ན། །ལྷ་ཡི་སྙིང་པོ་གང་ཡང་རུང་། །བྲིས་ཏེ་དཀྱིལ་འཁོར་ནང་བཅུག་ན། །ལྷ་དེ་ཉེ་བར་འགྲུབ་པར་འགྱུར། །ཆོས་ཉིད་རྟེན་ཅིང་འདྲེལ་བྲིས་ན། །ཆོས་ཀྱི་དོན་རྣམས་རྟོགས་འགྱུར་ཏེ། །རང་དང་སྤྱི་ཡི་དོན་རྟོགས་ནས། །སྐྱེ་རྒ་ན་འཆི་མེད་པར་རྟོགས། །ཕྱག་རྒྱ་ཆེན་པོ་དེ་དག་ལ། །ཉོན་མོངས་ལས་རྣམས་སྦྱོང་བྱེད་པའི། །སྙིང་པོ་མ་ནོར་དོན་བྲིས་ན། །ངན་སོང་སྡུག་བསྔལ་མེད་པར་འགྱུར། །གཞན་ཡང་དཀྱིལ་འཁོར་བསམ་ཡས་དང་། །ཚད་དཔག་མེད་པའི་ཕྱག་རྒྱ་ཆེ། །སྐུ་གསུང་ཐུགས་ནི་རྒྱུན་མི་ཆད། །ཞིང་ཁམས་བྱེ་བ་རྡུལ་དང་མཉམ། །ཨ་ཧོཿ། རྡོ་རྗེ་གསང་བའི་ཚིག་ཏུའོ། །སྒྱུ་འཕྲལ་དྲ་བ་ལས། ལྷག་པའི་གཟུགས་བརྙན་གྱིས་དངོས་གྲུབ་ལེན་པའི་ཐབས་ཏེ། མཆོད་རྟེན་གདབ་པའི་ལེའུ་སྟེ་ཉེར་གཅིག་པའོ།། །།དེ་ནས་དེ་བཞིན་གཤེགས་པ་རྒྱུད་ཀྱི་རྒྱལ་པོ་སྒྱུ་


DNG010_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲུལ་དྲ་བ་ལས། ཤིན་ཏུ་གསང་བའི་ཕྱིར། གསང་སྔགས་ཀྱི་རྒྱུད་དེ་ཕྱི་པ་དང་། ནང་པ་ཐབས་ཀྱི་རྒྱུད་གཞན་ལ་ཁམས་བཅོ་བརྒྱད་དུ་བསྟན། གཙུག་ལག་ཐམས་ཅད་ལ་ཡང་ཁམས་བཅོ་བརྒྱད་དུ་བསྟན་པ་ཡིན། ལུང་གི་སྤྱི་འདི་ནི་ཤིན་ཏུ་ཟབ་པའི་ཕྱིར།ཁམས་ཉི་ཤུ་རྩ་གཅིག་ཏུ་བསྟན་ཏེ། ལུང་གི་སྤྱི་ཡང་རྒྱུད་དང་གསུང་རབ་ཐམས་ཅད་འབྱུང་བའི་གནས་ཡིན། གསང་བའི་དབང་པོ་དང་གསང་བའི་ཡུལ་གཉིས་ཀ་ཡང་། སྐྱེ་མཆེད་དང་ཁམས་རྣམས་འབྱུང་བའི་གཞི་ཡིན་པའི་ཕྱིར། ཤིན་ཏུ་གསང་བར་གསུངས་སོ། །དཀྱིལ་འཁོར་དེ་དག་ཤིན་ཏུ་གསལ་བར་བསྟན་པའི་ཕྱིར། ཉིད་ལ་ཉིད་ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཀྱེ་མའོ་ཡེ་ནས་གསང་བའི་ཆོས། །ཐམས་ཅད་ཀུན་ལ་རང་བཞིན་གནས། །ངང་གིས་དག་མཉམ་མ་རྟོགས་པས། །ཀུན་ལ་ཡོད་ཅིང་རང་བཞིན་གསང་། །གཞན་དུ་མིན་ལ་ཤིན་ཏུ་གསང་། །དོན་ཉིད་ཀྱིས་ནི་གསང་བའི་རྒྱུད། །མཉམ་པའི་རྡོ་རྗེ་ཅན་གྱིས་གསུངས། །འདི་ནི་བྱང་ཆུབ་སྙིང་པོའི་མཆོག །ཨ་ཧོཿརྡོ་རྗེ་གསང་བའི་ཚིག་ཏུའོ། །དབང་པོ་ཡུལ་དུ་སྣང་བ་རྣམས། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཉིད། །ཕུང་པོ་ལྔ་དང་འབྱུང་བ་ལྔ། །རིགས་ལྔ་ཡབ་ཡུམ་བཅུ་རུ་འབྱོར། །སྐྱེ་མཆེད་ཁམས་རྣམས་བཅོ་བརྒྱད་པོ། །བྱང་ཆུབ་སེམས་དཔའ་སེམས་མ་ཉིད། །དཀྱིལ་འཁོར་ཉིད་ཀྱི་དབྱིངས་ཡིན་ཏེ། །ཐམས་ཅད་འབྱུང་བ་རྡོ་རྗེ་གསང་བའི་དབང་། །དབང་པོ་ཡུལ་ཉིད་ཤེས་རབ་པདྨའི་དབྱིངས། །དབང་པོའི་ཐུགས་ནི་རྡོ་རྗེ་སེམས། །ཐམས་ཅད་འབྱུང་བའི་གཏེར་ཉིད་དང་། །ཐམས་ཅད་འགྲོ་བའི་གནས་ཉིད་དེ། །དེ་ཡིས་མ་བསྐྱེད་གང་ཡང་མེད། །འཁོར་དང་མྱ་ངན་འདས་པའི་རྒྱུ། །དེ་ལས་ཐམས་ཅད་སྐྱེ་ཞིང་འབྱུང་། །ཀུན་གྱི་ཕྱག་རྒྱའི་རྒྱུ་ཡིན་ཏེ། །བདེ་བ་བྱང་ཆུབ་སྒྲུབ་པའི་རྫས། །དེ་ལས་བསྐྱེད་ཅིང་དེ་ལས་སྤྲོ། །དངོས་གྲུབ་ཐམས་ཅད་བསྒྲུབ་པའི་གནས། །དབང་པོ་རྡོ་རྗེ་པདྨར་ལྡན། །གཉིས་མེད་བྱང་ཆུབ་སེམས་འཕྲོ་ན། །མི་དམིགས་བདེ་དང་ལོངས་སྤྱོད་འཕྲོ། །སྐུ་གསུང་ཐུགས་དང་ཡེ་ཤེས་ལྔ། །གསང་བའི་ལྷ་མོ་


DNG010_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་རྣམས་དང་། །མཆོད་པའི་ལྷ་མོ་རྫོགས་ལྡན་བཞི། །འཇུག་དང་ལྡང་དང་གནས་དང་སྨོན་པའི་བྱང་ཆུབ་སེམས། །གཡོ་དང་བསྐྱོད་དང་ལྡང་དང་གནས། །འགུགས་དང་འཛིན་པ་དེ་བཞིན་ཏེ། །བསྡུས་དང་འཁྲིལ་བའི་དོན་བསྒྲུབ་ཕྱིར། །བསྡམས་དང་མི་གཏོང་དབང་གྱུར་ཏེ། །བདེ་བ་སྒྲ་སྙན་ཕྱོགས་བཅུར་སྒྲོགས། །ཤིན་ཏུ་སྒེག་པའི་གཟི་བརྗིད་འབར། །ཡིད་བཞིན་རིན་ཆེན་ཕྲེང་བར་འབར། །དབྱངས་སྙན་ཡིད་འཕྲོག་གཟི་ལྡན་འབར། །གཟུགས་མཛེས་བསྐྱེད་པ་ཕྱོགས་བཅུར་གཡོ། །ཀུན་ཏུ་ཚེམས་བྱེད་བྲོ་བསུང་ཐིམ། །ལྷ་མཛེས་རིན་ཆེན་ཕུང་པོ་འཕྲོ། །འོད་གསལ་འཕྲོས་པས་ཀུན་ཏུ་འབར། །བདུད་རྩི་བསིལ་དྲོ་འཇམ་པའི་དབྱིངས། །ཨ་ལ་ལ་ཧོ། གསང་དབང་པདྨར་ལྡན་གྱུར་ནས། །ཆགས་པ་མེད་པའི་ཚུལ་གྱིས་སུ། །ཕ་རོལ་ཕྱིན་བཅུ་རྒྱུ་འབྲས་རྫོགས། །ས་བཅུ་རིམ་གྱིས་བཀོད་མེད་རྫོགས། །ཀུན་ཏུ་འོད་གསལ་པདྨ་ཅན་ཡང་རྫོགས། །ཐབས་དང་ཤེས་རབ་བླ་མེད་ས་ཡང་རྫོགས། །བསོད་ནམས་ཡེ་ཤེས་ཚོགས་ཆེན་རྫོགས་པར་རོལ། །ཨ་ལ་ལ་ཧོ། དེ་བཞིན་ཉིད་ཀྱི་གསང་མཆོག་ལས། །ཁམས་ནི་ཉི་ཤུ་རྩ་གཅིག་སྟེ། །བཅོ་བརྒྱད་པོ་ནི་རྒྱུད་གཞན་བཞིན། །གསུམ་ནི་དེ་བཞིན་ཀུན་གྱི་བདག །བཅོ་བརྒྱད་འབྱུང་བའི་གནས་ཡིན་ཏེ། །བྱང་ཆུབ་འགྲུབ་པའི་ཞིང་ཡང་ཡིན། །བདེ་བ་འབྱིན་པའི་རྒྱུ་ཡང་ཡིན། །གསང་བའི་མཚན་ཉིད་བརྗོད་པ་ནི། །དབང་པོ་རྡོ་རྗེ་གསང་བའི་རྒྱལ། །ཡུལ་ནི་པདྨ་བདེ་མཆོག་དབྱིངས། །སེམས་ནི་བྱང་ཆུབ་འབྱུང་བའི་གཏེར། །དབང་པོ་ཡུལ་སེམས་ལྡན་གྱུར་ནས། །གསང་བ་མཆོག་གི་འཕྲུལ་ཆེན་སྤྲོ། །དཀྱིལ་འཁོར་རྡུལ་སྙེད་གྲངས་མེད་དང་། །ཕུན་སུམ་ཚོགས་པའི་ལྷུན་གྲུབ་རྣམས། །གསང་བ་མཆོག་གིས་འབྱིན་པར་བྱེད། །འདི་ནི་རྩེ་གཅིག་ཡིན་པར་གསུངས། །གསང་བའི་དོན་མཆོག་འདི་དག་ནི། །བལྟ་བ་དམན་ལ་བཤད་བྱས་ན། །དུས་མིན་པར་ནི་སྲོག་ཟད་ནས། །མགོ་འགས་སྙིང་


DNG010_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་འཚིག་པར་འགྱུར། །ཁབ་ལེན་གྱིས་ནི་ལྕགས་སྡུད་ལྟར། །མི་འདོད་བཞིན་དུ་དབང་མེད་པར། །ངན་སོང་མི་ཁོམ་བསྐལ་པར་བརྒྱུད་པར་འགྱུར། །དེ་བས་འདི་ནི་ཤིན་ཏུ་གསང་བར་བྱ། །ཤེས་རབ་རྒྱ་ཆེན་བློ་ཟབ་ཡངས་པ་ཡི། །བློ་བརྟན་སྙིང་རྗེ་ཆེ་བ་དང་། །དད་ལྡན་ངང་ཚུལ་བཟང་ལ་བསྟན། །གཞན་དུ་ནམས་ཀྱང་སྦྱིན་མི་བྱ། །ཞེས་ཉིད་ལ་ཉིད་བརྗོད་དོ། །ཤིན་ཏུ་ཟབ་པའི་ཕྱིར་རྒྱུད་གཞན་གྱི་ནང་དུ་མ་བཤད་དོ། །གསང་བའི་དཀྱིལ་འཁོར་ཁམས་ཉི་ཤུ་རྩ་གཅིག་ཏུ་བསྡུས་ནས། ཐམས་ཅད་མ་ལུས་པ་དབྱིངས་སུ་སྡུད་པའི་ལེའུ་སྟེ་ཉེར་གཉིས་པའོ།། །།དེ་ནས་དེ་བཞིན་གཤེགས་པའི་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་ལས། ཆོས་ཐམས་ཅད་ཡིད་དང་ཆོས་སུ་འདུས་པར་བསྟན་པ་དང་། ཤེས་རབ་ཐམས་ཅད་ནི་ཡུམ་བཞིར་འདུས། ཡུམ་བཞི་ཡང་གཅིག་ཏུ་འདུས་སོ། །ཐབས་ཐམས་ཅད་ནི་རིགས་བཞིར་འདུས། རིགས་བཞི་ཡང་གཅིག་ཏུ་འདུས་ཏེ། ཐམས་ཅད་དབྱིངས་དང་དབྱིངས་ཀྱི་ཡེ་ཤེས་སུ་འདུས་པར་བསྟན་ནས། ཚིག་མགོ་མཇུག་གི་དོན་བསྡུས་ནས་ཡང་འདི་སྐད་ཅེས་བརྗོད་དོ། །དོན་གྱི་རྩ་བའི་མཆོག་ཡིན་ནོ། །ཐམས་ཅད་མ་ལུས་མི་ལུས་མི་དམིགས་མ་ཆགས་ཆོས་ཉིད་དེ། །དེ་བཞིན་དབྱིངས་ཉིད་སྣ་ཚོགས་མང་པོ་ཐབས་སུ་སྣང་། །ཐབས་ཉིད་སྒྱུ་མ་མིག་ཡོར་ཆུ་ཟླ་གཟུགས་བརྙན་ཡིན། །དེ་ཉིད་རང་རིག་ཡེ་ཤེས་ཆགས་མེད་སྣ་ཚོགས་སྣང་། །ཐབས་དང་ཤེས་རབ་ལྡན་པས་མཆོག་གི་གནས་གྱུར་པས། །ཇི་ལྟར་སྤྱད་ཀྱང་ཟད་མེད་གཉིས་མེད་བསྒྲིབ་མི་འགྱུར། །ཤེས་རབ་ཐབས་ཆེན་མཆོག་ལ་ཡེ་ནས་རོལ་པ་ཡིན། །དེ་ཉིད་ཕྱག་རྒྱ་སྣ་ཚོགས་སྤྲུལ་པ་རང་རིག་སྟེ། །རྒྱུ་འབྲས་ཡེ་ནས་དབྱེར་མེད་སྔ་ཕྱི་མ་ཡིན་པས། །འབྲས་བུ་ལམ་དུ་གྱུར་ནས་དུས་གཅིག་མཉམ་པར་སྦྱོར། །འདི་ནི་ཡིད་བཞིན་རིན་ཆེན་ཐམས་ཅད་འབྱུང་བའི་གནས། །ཐམས་ཅད་འདུ་བའི་གཏེར་དང་ཡིད་བཞིན་མཛོད། །གཉིས་བྲལ་མཉམ་དང་མི་མཉམ་ཐམས་ཅད་ཉིད་ཀྱི་དབྱིངས། །ང་དང་བདག་མེད་སྣ་ཚོགས་མཚན་མ་དབྱེར་མེད་པ། །སྟོང་དང་


DNG010_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

མི་སྟོང་མི་གནས་དེ་བཞིན་ཉིད་དུ་འདུས། །རང་བྱུང་རྡོ་རྗེའི་དཀྱིལ་འཁོར་ཟད་མེད་གཏེར་ཆེན་སྤྲོ། །འདས་དང་མ་འདས་དཀྱིལ་འཁོར་བསམ་ཡས་ལྷུན་གྲུབ་དང་། །མི་ཟད་པར་ལྡན་རྒྱན་གྱི་འཁོར་ལོ་དྲུག་རྫོགས་པ། །སྐྱེ་མེད་དབྱིངས་ཀྱི་རང་བྱུང་འོད་གསལ་ཕྲེང་ལྡན་མཆོག །ཡེ་ནས་མ་བཅོས་མ་བྱས་རང་རིག་ངང་གིས་གསལ། །ཐམས་ཅད་འབྱུང་འཇུག་རང་རིག་གཏེར་ཆེན་ངང་དུ་བསྡུས། །ཕྱོགས་བཅུ་མ་ལུས་མི་ལུས་ཐམས་ཅད་ཀུན་འདུས་དང་། །ཞིང་ཁམས་གཞལ་ཡས་བསམ་ཡས་རིན་ཆེན་མཆོག་ཆེན་ཀུན། །སྐྱེ་མེད་དབྱིངས་དང་རང་རིག་གཉིས་སུ་ཡང་དག་འུབ། །མོས་སྤྱོད་སྟོང་ཉིད་རྒྱུ་འབྲས་ཡང་ནས་ཡང་སྦྱངས་མི་དམིགས་པ། །ཡེ་ནས་འོད་གསལ་ཆགས་མེད་མ་ཆགས་དཀོན་མཆོག་གནས། །མིང་ཙམ་མཆོག་རོལ་ཐབས་དང་ཤེས་རབ་མཆོག་གིས་རྫོགས། །ལམ་སྟེགས་ཉིད་དུ་ཕ་རོལ་ཕྱིན་བཅུ་རྫོགས་པར་རྒྱུ་འབྲས་སྤྱོད། །མཉམ་ཉིད་རིག་པའི་རྡོ་རྗེ་ཐབས་ཆེན་ཡང་དག་ལྡན། །འགྲོ་མེད་འོང་མེད་མི་གནས་ཀུན་ཁྱབ་ཁྱབ་མེད་ཉིད་ཀྱིས་བཤད། །ཨ་ཧོཿ། རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་ལས། ཕ་རོལ་ཏུ་ཕྱིན་པ་བཅུ་དང་། ས་བཅུ་དང་། ས་གཉིས་དང་།ཐབས་ཀྱི་མཆོག་དང་། སངས་རྒྱས་ཀྱི་ཞིང་མ་ལུས་པར་ཡིད་དང་ཆོས་སུ་འདུས་པར་བསྟན་པའི་ལེའུ་སྟེ་ཉེར་གསུམ་པའོ།། །།དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། མི་འཆི་བའི་རྡོ་རྗེ་བསྒྲུབ་པ་འདི་གསུངས་སོ། །རྡོ་རྗེ་ཞིང་ཆེན་བསྒྲུབ་འདོད་པས། །ཐམས་ཅད་སྐྱེ་ཤི་མེད་ཚུལ་དུ། །མཉམ་ཉིད་དག་པ་ཉིད་དུ་བསྒོམ། །ཁྲོ་བོ་བདུད་རྩི་འཁྱིལ་པ་ནི། །ཛཿཧཱུཾ་བཾ་ཧོཿས་དགུག་པར་བྱ། །བདག་དང་ཁྲོ་བོ་གཉིས་མེད་པར། །ཡང་ནས་ཡང་དུ་བསྒྲུབ་པར་བྱ། །སྐུ་རྣམས་གསལ་བར་གྱུར་པ་དང་། །ཞིང་ཆེན་འོག་ཏུ་གཞུག་པར་བྱ། །དཀྱིལ་འཁོར་མ་ལུས་དེར་བཀོད་ནས། །ཁྲོ་བོ་ཁྲོ་མོའི་དཀྱིལ་འཁོར་བསྒོམ། །མངགས་པའི་ཕོ་ཉ་ཕྱོགས་བཅུར་གཏང་། །ཐམས་ཅད་མ་ལུས་དབང་དུ་བསྡུ། །བསྒྲུབ་པ་གཅིག་


DNG010_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

གམ་ཡང་ན་གཉིས། །གསུམ་དང་ལྔ་རུ་བསྒོམ་པར་བྱ། །ཕོ་ཉ་མང་པོས་ནྲྀ་བཀུག་ནས། །ཞིང་ལ་ཡང་དང་ཡང་དུ་གཞུག །སྣར་དང་སེར་དང་མདོག་སྣུམ་འབྱུང་། །དེ་ནས་ཏིང་འཛིན་བདུད་རྩི་ཡིས། །ལན་གྲངས་འབུམ་ཕྲག་མང་པོར་ནི། །བཟླས་པའི་ཚུལ་ནི་རྣམ་གསུམ་དག །རྡོ་རྗེའི་སྔགས་བཟླས་རྩེ་མོ་གསུམ། །དེ་ཡི་བར་ནས་བཟླས་པ་འབྱུང་། །འོད་ཟེར་ལྔ་དང་ལྡན་པར་བྱ། །ཞིང་དེ་ལྡེམ་ལྡེམ་པོར་གྱུར་དང་། །བདུད་རྩི་ལྔ་ཡིས་བསྐུ་བར་བྱ། །དེ་ནས་ཡི་གེ་འབྲུ་ལྔ་དགོད། །གསལ་ཞིང་འཚེར་བར་བསྒོམ་པར་བྱ། །དབང་པོ་ལྔ་དང་དབང་པོའི་ཚུལ། །ཡན་ལག་ལྔ་ལ་རིགས་ལྔའི་ཚུལ། །རྡོ་རྗེའི་ཏིང་འཛིན་དེ་ཡིས་བསྒོམ། །དེ་ནས་ཞིང་དེ་འགུལ་གྱུར་ནས། །ཤིན་ཏུ་ཞགས་པས་བསྡམ་པར་བྱ། །ཡན་ལག་རྣམས་ཀྱང་གཞུམ་པར་བྱ། །ཕྱོགས་བཞི་དག་ཏུ་ཐོད་པ་བསྟན། །དེ་ནས་ནུབ་ཏུ་ཐོད་པ་བསྟན། །ཧ་ཡ་གྲཱི་བའི་སྐུར་བསྒོམས་ཤིང་། །སྔགས་ནི་འབུམ་ཕྲག་མང་དུ་བཟླས། །ཕྱོགས་བཅུར་སྤྲོ་ཞིང་ཞིང་ལ་བསྡིམ། །དེ་ནས་ཞིང་དེ་དྲག་འགུལ་ནས། །རྡོ་རྗེའི་ཏིང་འཛིན་དེ་ཡིས་ནི། །བརྟན་པ་ཉིད་དུ་བསྒོམ་པར་བྱ། །དེ་ནས་སྤར་སྤར་བྱེད་པ་དང་། །ཨ་ནྲྀ་དྲེ་དུ་གང་ཡིན་པ། །རྡོ་རྗེ་དྲག་ཏུ་བརྡེག་ཅིང་དབབ། །ཐོད་པའི་ཁ་ནས་ནྲྀ་ཕྱུང་ནས། །རྡོ་རྗེའི་ཏིང་འཛིན་སོ་ཡིས་བཅད། །རྡོ་རྗེའི་སྔགས་བཟླས་ཁོང་དུ་བསྡིམ། །གཉིས་སུ་མེད་པར་བསྒོམ་པར་བྱ། །དེ་ནས་ཞིང་དེ་ལངས་པ་དང་། །རྡོ་རྗེ་བྱིན་ནས་དབང་ཡང་བསྐུར། །བདུད་རྩི་ཆུ་ཡང་བླུད་པར་བྱ། །ལས་རྣམས་ཐམས་ཅད་བྱེད་དུ་གཞུག །ཞིང་དེས་རབ་ཏུ་སྨྲས་པའི་ཚིག །དཔའ་བོ་ཅི་བགྱིས་མི་རྒ་སྐྱེ་མེད་ཆོས་རྣམས་དང་། །ལས་རྣམས་མ་ལུས་ཀུན་བགྱིད་དོ། །དེ་ལྟར་སྒྲུབ་པའི་རིགས་མཆོག་གིས། །ཐལ་བ་ཐམས་ཅད་སོས་པར་འགྱུར། །བསྒྲུབ་པའི་ས་ནི་དུར་ཁྲོད་དང་། །རི་བྲག་གཉན་པོ་བགེགས་གནས་དང་། །ནགས་ཁྲོད་སྟོང་པ་ཚེར་མ་ཅན། །རི་བོས་བསྐོར་བའི་ལྕུག་མ་ཅན། །རབ་ཏུ་རྣམ་པར་དབེན་པ་དང་། །གནོད་སྦྱིན་སྲིན་པོ་འབྱུང་པོའི་གནས། །དེ་དག་ཏུ་ནི་བསྒྲུབ་པར་བྱ། །


DNG010_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་དང་བཅུ་གཉིས་བཅུ་གསུམ་དང་། །བཅུ་དྲུག་མན་ཆད་བསྒྲུབ་པར་བྱ། །ཐེ་ཚོམ་མེད་པར་འགྲུབ་པར་འགྱུར། །ཕྱི་ནང་འཚོ་བའི་ཡོ་བྱད་རྣམས། །ལམ་ལྔའི་ཞིང་དང་སྨན་ལྔར་བཅས། །འབྲུ་རྣམས་སྣ་ཚོགས་བཅང་བར་བྱ། །རྟག་ཏུ་ཚོགས་ཆེན་མཆོད་པར་བྱ། །རྟག་པར་དག་ཏུ་མ་ལྡན་ན། །གསུམ་དང་ལྔ་རུ་བར་མི་གཅོད། །ཁ་ཟས་རྣམས་ཀྱང་ཐོད་པར་བཟའ། །བཏུང་བ་དག་ཀྱང་དེ་བཞིན་ཏེ། །མར་མེ་རྟག་ཏུ་གཏང་བར་བྱ། །རྒྱུ་ནི་ནྲྀ་ཡི་མར་ལས་བྱ། །ཡན་ལག་བསྐུ་བའང་དེ་བཞིན་ནོ། །སྡོང་བུ་པདྨའི་རྒྱུ་ལས་བྱ། །སྣོད་ནི་དུང་ཆེན་སྲུབས་མེད་པ། །ལྕང་ལོ་ཡོད་དང་མེད་ཀྱང་རུང་། །དེ་བྱི་སུ་ཏྲ་མ་བྱུང་བ། །མདོག་ནི་བན་གླང་ཅན་ལ་ཡོད། །རྡོ་རྗེའི་བསྒྲུབ་པ་བར་གཅོད་ཕྱིར། །རྟག་ཏུ་མཚམས་ནི་གཅད་པར་བྱ། །ནྲྀ་ཡི་རྐང་པ་གཡས་གཡོན་ནས། །སྦོམ་པོ་མ་ཡིན་ཕྲ་བ་ཉིད། །དེ་ལ་ཀཱི་ལ་ཡ་བྱས་ནས། །ཕུར་བུའི་སྔགས་དང་ཁྲོ་སྔགས་ཀྱིས། །ལན་འབུམ་དུ་ནི་བཟླས་ནས་ནི། །ལག་པ་གཡས་གཡོན་ཐལ་སོང་ལ། །ཁྲོ་བོ་བཅུ་དང་ཁྲོ་མོ་བཅུ། །འོད་འབར་གཟུགས་ཀྱི་སྐུ་རུ་བསྒོམ། །དེ་ནས་གཉིས་མེད་སྦྱོར་ཚུལ་དུ། །སྒྲུབ་པོ་རྡོ་རྗེར་བསྒོམ་པར་བྱ། །བསྒྲུབ་པ་དངོས་ལ་མ་གཏོགས་པ། །ཕྱོགས་བཅུ་རྣམས་སུ་མཚམས་ཀྱང་བཅད། །དངོས་གྲུབ་མ་ཐོབ་བར་དུ་ནི། །བསྒོམ་དང་བཟླས་དང་ཕྱག་རྒྱ་གསུམ། །བག་ཡོད་མགོ་ལ་མེ་སྦར་བཞིན། །བར་མཚམས་མེད་པར་བསྒྲུབ་པར་བྱ། །དེ་ལྟར་བསྒྲུབ་པའི་རིགས་མཆོག་གིས། །ལྷ་མ་སྲིན་རྣམས་བྲན་བཞིན་འཁོལ། །འཇིག་རྟེན་དབང་ཕྱུག་དབང་དུ་སྡུད། །རྡོ་རྗེའི་རིགས་མཆོག་འཁོར་རྐྱེན་རྣམས། །ཡིད་བཞིན་དུ་ནི་འབྱུང་བར་འགྱུར། །རྫུ་འཕྲུལ་ཆེན་པོ་འདི་དག་ནི། །ལུས་སྦེད་ནུས་ནས་མངོན་དུ་དབྱུང་། །དེ་མ་ཡིན་པར་ཤིན་ཏུ་གསང་། །རོ་ལངས་བསྒྲུབ་པའི་ལེའུ་སྟེ་ཉེར་བཞི་པའོ།། །།དེ་ནས་དེ་བཞིན་གཤེགས་པ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྒྱུ་འཕྲུལ་དྲ་བ་ལས། ཏིང་ངེ་འཛིན་


DNG010_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རིམ་པར་སྦྱོར་ཞིང་། དངོས་གྲུབ་མྱུར་དུ་ལེན་པའི་ཐབས་འདི་སྐད་ཅེས་གསུངས་སོ། །དཀྱིལ་འཁོར་བསམ་ཡས་དངོས་གྲུབ་ནི། །མི་དམིགས་དབྱིངས་ནས་དོན་འབྱིན་ཏེ། །མ་བཅོས་ཇི་བཞིན་ངང་བཞག་དང་། །ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་འབྱུང་། །མི་དམིགས་ཐུགས་ཀྱི་དཀྱིལ་འཁོར་ལས། །ཏིང་ངེ་འཛིན་གྱིས་དབང་བསྒྱུར་ན། །ཡེ་ཤེས་སྤྲུལ་པ་སྣ་ཚོགས་འགྲུབ། །སྤྱོད་ཡུལ་ཐམས་ཅད་མཎྜ་ལ། །ཡེ་ཤེས་དཀྱིལ་འཁོར་ཐར་བྱེད་སྐྱོང་། །ལོངས་སྤྱོད་སྐུ་དང་སངས་རྒྱས་ཞིང་། །ཇི་ལྟར་འདོད་པ་སྨོན་པས་འགྲུབ། །ཡངས་ཤིང་རྒྱ་ཆེ་ལྷུན་གྲུབ་ནི། །ཕྱི་ནང་སྣོད་བཅུད་ཡེ་ནས་དག །དག་རྟོགས་ཉིད་ཀྱང་ དབྱིངས་ཉིད་ཡིན། །འདི་ནི་རྡོ་རྗེ་མཉམ་ཡིན་ནོ། །དངོས་གྲུབ་མྱུར་དུ་འགྲུབ་འདོད་ན། །ཤིན་ཏུ་ཕྲ་ཞིང་ཟབ་པར་བསྒོམ། །བདག་དང་བདག་གི་གཞི་རྣམས་ནི། །ཤིན་ཏུ་མི་དམིགས་དབྱིངས་སུ་བསྒོམ། །ཏིང་འཛིན་དེ་ནི་གོམས་པ་དང་། །ཐམས་ཅད་སྒྱུ་མ་མིག་ཡོར་དང་། །སྤྲུལ་པའི་ཚུལ་དུ་ཤེས་པར་བྱ། །དེ་བཞིན་ཡང་དང་ཡང་གོམས་ནས། །དེ་ནས་ཕྲ་མོའི་ཏིང་འཛིན་བསྒོམ། །ཕྱི་ནང་སྣོད་བཅུད་ཧཱུཾ་དུ་བསྡུ། །གང་བསྒྲུབ་ཡི་གེ་སོ་སོ་སྟེ། །སྤྱིར་ནི་གང་བསྒོམས་ཀུན་ཏུ་འདྲ། །རྡོ་རྗེ་སེམས་དཔའ་ཉིད་དུ་འདུ། །ཡན་ལག་ལྔ་དང་རྣམ་ཤེས་ཉིད། །སླར་ཡང་ཡི་གེ་ཧཱུཾ་དུ་བསྡུ། །ནྲྀ་ཡི་མིག་གིས་བལྟར་ཡོད་པར། །ཡང་ནས་ཡང་དུ་འདྲིས་པ་དང་། །འོད་ཟེར་མང་པོ་འཕྲོ་བར་བྱ། །ཕྱོགས་བཅུ་དུས་བཞི་གང་བ་དང་། །སླར་ཡང་ཧཱུཾ་ལ་བསྡིམ་པར་བྱ། །ཧཱུཾ་ཉིད་མི་དམིགས་དབྱིངས་སུ་ཐིམ། །ཐིམ་གྱུར་དབྱིངས་ནས་ཨ་དཀར་འབར། །ཤིན་ཏུ་འཚེར་བས་གསལ་བསྒོམས་ལ། །ཐམས་ཅད་ཨ་རུ་གྱུར་པར་བསྒོམ། །དེ་བཞིན་ཉིད་དུ་འདྲེས་གྱུར་ནས། །ཨ་ལས་ཉི་མའི་དཀྱིལ་འཁོར་སྤྲོ། །ཨ་མ་གསལ་བར་འབྱོར་གྱུར་ནས། །ཉི་ཟླ་གང་བའི་ཉི་ཟླར་བསྒོམ། །ཧྲཱྀཿགསལ་པདྨ་ཆགས་མེད་བསྒོམ། །རིན་ཆེན་འབར་བའི་གཞལ་ཡས་བསྒོམ། །


DNG010_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་ཟླ་གདན་དང་གཞལ་ཡས་ཁང་། །ཐམས་ཅད་བསྡུ་ཞིང་ཕྲ་བར་བསྒོམ། །དེ་དཀྱིལ་ཡི་གེ་ཧཱུཾ་གནས་པ། །མཐིང་ག་འཚེར་ལ་གསལ་བ་ཡི། །འོད་ཟེར་འཕྲོ་བར་རྣམ་པར་བསྒོམ། །འོད་ཟེར་དབྱིངས་སུ་སླར་བསྡུས་ནས། །ཤིན་ཏུ་རྡོ་རྗེ་འོད་ཟེར་འཕྲོ་བར་བསྒོམ། །རྡོ་རྗེ་འོད་འཕྲོ་གསལ་འབར་ནས། །དབྱིངས་སུ་ཡང་ནི་བསྡིམ་པར་བྱ། །དེ་ཉིད་སེམས་དཔའི་སྐུར་གྱུར་ནས། །ཤིན་ཏུ་ཕྲ་ཞིང་འདུས་པར་བསྒོམ། །དེ་བཞིན་གཉིས་མེད་གསལ་གྱུར་ནས། །སྐུ་གཅིག་རྡོ་རྗེ་འདྲིལ་བར་དྲིལ་བུར་ཡང་འདུག་ བསྒོམ། །དེ་བཞིན་ཉིད་དུ་གྱུར་པ་དང་། །དབུ་གསུམ་ཕྱག་དྲུག་ཉིད་དུ་བསྒོམ། །གཞན་ཡང་འཕྲོ་འདུ་སྣ་ཚོགས་བསྒོམ། །བློ་ཡི་ཤེས་རབ་ཆེ་ཆུང་ལས། །རིམ་པ་བཞིན་དུ་བསྒོམ་པར་བྱ། །ཡང་ན་ཅིག་ཆར་བསྒོམ་པར་བྱ། །ཉི་ཟླ་གཟའ་སྐར་དུས་གཅིག་ཏུ། །ཆུ་དཀྱིལ་དྭངས་པར་གསལ་བ་བཞིན། །དེ་ལྟར་གོམས་རྟོགས་རིགས་མཆོག་དེས། །ཇི་ལྟར་དབང་བསྒྱུར་བཞིན་དུ་འགྲུབ། །མཁའ་ལ་འཕྱོ་དང་རིག་འཛིན་གནས། །ཆུ་རྒྱུན་བཟློག་དང་རླུང་མི་འགུལ། །རི་བྲག་ལ་སོགས་ཐོགས་མེད་འཛུལ། །ཆུ་ལ་མི་འབྱིང་མེས་མི་འཚིག །དུག་དང་མཚོན་གྱིས་འཇིག་མི་འགྱུར། །མི་སྣང་བ་དང་མང་པོར་སྤྲུལ། །གཞན་ཡང་ཇི་ལྟར་འདོད་པ་བཞིན། །ལྷ་སྲིན་རྣམས་ལ་དབང་བསྒྱུར་ཅིང་། །ཚེ་དང་དུས་ལ་བསྲིང་བསྟུང་དང་། །སྟོང་གསུམ་ཉུང་འབྲུར་ཤོང་བ་དང་། །ཡུངས་འབྲུས་སྟོང་གསུམ་བསྐྱེད་པ་དང་། །ཇི་ལྟར་དམིགས་པ་བཞིན་དུ་འགྲུབ། །སྦྲུལ་དང་གཅན་གཟན་གདུག་པ་རྣམས། །ཁྱི་བཞིན་ཕྱི་བཞིན་འབྲང་བར་འགྱུར། །བདུད་དང་གདུག་པ་ལ་སོགས་པས། །ཚུགས་པར་མི་འགྱུར་བྲན་བཞིན་འགྱུར། །ལུས་མ་སྤངས་པར་རིག་འཛིན་ས། །ཡེ་ཤེས་བསོད་ནམས་ལོངས་སྤྱོད་ཀྱིས། །ཡི་གེ་འཁོར་ལོ་ཚོགས་མཆོག་བརྙེས། །ཐུགས་རྗེ་སྤྲུལ་པའི་བྱིན་རླབས་ཀྱིས། །སོ་སོར་ཐར་པའི་ལམ་ཡང་སྟོན། །འགྲོ་བ་མ་ལུས་དོན་ཡང་བྱེད། །ལས་རྣམས་ཐམས་ཅད་


DNG010_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་བྱས་ནས། །སྐྱེ་འཆི་མེད་པའི་གཡུང་དྲུང་འཐོབ། །མཚན་དང་དཔེ་བྱད་ཀུན་གྱིས་བརྒྱན། །བསོད་ནམས་ཡེ་ཤེས་ཚོགས་ཆེན་ལྡན། །མཐར་ཕྱིན་བྱ་བ་མེད་པར་འགྲུབ། །བསྒྲུབ་མེད་སྤང་མེད་ཆོས་ཀྱི་དབྱིངས། །འོང་མེད་འགྲོ་མེད་དེ་བཞིན་ཉིད། །འདི་ལྟར་བསྒྲུབས་ཏེ་བསྒོམས་བྱས་ན། །འབྲས་བུ་མངོན་དུ་མ་གྱུར་ཀྱང་། །ཚེ་རབས་སྐྱེ་བ་ཐམས་ཅད་དུ། །ལས་ངན་ཀུན་ཏུ་སྐྱེ་མི་འགྱུར། །ཐེག་པ་དམན་པར་ཡང་མི་འགྱུར། །རྡོ་རྗེའི་རིགས་མཆོག་འཛིན་པར་འགྱུར། །ཞེས་རྡོ་རྗེ་གསང་བའི་ཚིག་ཏུའོ། །ཤིན་ཏུ་གསང་བའི་ཚིག་ཏུ་དངོས་གྲུབ་མྱུར་དུ་ཐོབ་པར་བྱ་བའི་ལེའུ་སྟེ་ཉེར་ལྔ་པའོ།། །།དེ་ནས་དེ་བཞིན་གཤེགས་པ་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་ལས། སྐུའི་དཀྱིལ་འཁོར་མངོན་དུ་ཕྱུང་སྟེ་འདི་སྐད་ཅེས་གསུངས་སོ། །དེ་བཞིན་ཉིད་ཀྱི་དབྱིངས་ལྡན་པས། །སྒྱུ་དང་དྲ་བ་འདྲེལ་གྱུར་ནས། །སྐུ་མཆོག་རྡོ་རྗེ་འོད་སྣང་བས། །མཐུན་པའི་རྡོ་རྗེ་རང་སྣང་ངོ་། །རྒྱུད་དྲུག་འཁོར་བའི་ལུས་སྣང་བ། །རྣམ་རྟོག་མཐུན་པའི་ལས་སྣང་ངོ་། །དེ་བཞིན་དྲི་བྲལ་སྐུ་མཆོག་དང་། །བདེ་གཤེགས་སྐུ་ལྔར་མདོར་བསྡུས་ཏེ། །བཅོམ་ལྡན་འདས་དང་བྱང་ཆུབ་གཟུགས། །བླ་མེད་གཟུགས་དང་རྡོ་རྗེའི་སྐུ། །དེ་ལ་སོགས་ཏེ་སྐུ་བསམ་ཡས། །ཕྱོགས་བཅུ་དུས་བཞི་ཀུན་སྟོན་པ། །ཐབས་ཀྱིས་འགྲོ་འདུལ་སྐུར་སྟོན་ཏེ། །བྱང་ཆུབ་མཆོག་གི་རྡོ་རྗེའི་སྐུ། །ཆགས་མེད་ཞིང་དུ་སྐུ་སྟོན་པ། །དབྱིངས་ལས་མ་གཡོས་བཞིན་དུ་སྣང་། །སྐུ་སྣང་དེ་བཞིན་ཉིད་ཀྱི་དབྱིངས། །རྣམ་དག་སྐུ་སྟོན་མ་ཡིན་ཏེ། །ལོག་འགྲོ་རྟོག་པ་ཐམས་ཅད་ལ། །སོ་སོར་འདུལ་བའི་སྐུར་ཡང་སྟོན། །དེ་ཚེ་སྐྱེ་ཤི་མེད་པའི་སྐུ། །ལས་དང་མ་ཆགས་པདྨའི་སྐུ། །ཐར་དང་མ་ཐར་སྣ་ཚོགས་ཀྱང་། །སྣ་ཚོགས་སྣང་ལ་གནས་པ་མེད། །སྣང་དང་མི་སྣང་གཉིས་ཀ་མེད། །དེ་ལྟར་རྟོགས་པའི་རིགས་མཆོག་ནི། །བཛྲ་ཞེས་སུ་གདགས་པ་ཡིན། །ཇི་སྙེད་སྐུ་སྟོན་བསམ་ཡས་པ། །ཐམས་ཅད་མ་ལུས་རྡོ་རྗེར་བསྡུས། །


DNG010_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་ཞེས་ཀྱང་བརྗོད་པ་ཡིན། །དེ་ལ་སོགས་ཏེ་སྐུ་བསམ་ཡས། །བྱང་ཆུབ་ཐབས་ཀྱི་དཀྱིལ་ནས་བྱུང་། །སྐུ་ནི་སྣ་ཚོགས་ཐམས་ཅད་ཀྱང་། །འཇའ་ཚོན་ཆུ་ཟླ་འདྲ་ཤེས་ན། །དབྱིངས་ཉིད་ལས་ནི་དབྱིངས་སྣང་ཟད། །ཐུགས་ཉིད་གསུང་གི་དཀྱིལ་འཁོར་སྣང་། །གསུང་ཉིད་སྐུ་ཡི་དཀྱིལ་འཁོར་ཏེ། །དབྱེར་མེད་དེ་བཞིན་ཡོངས་ཀྱིས་སོ། །དཀྱིལ་འཁོར་བཟང་པོ་བསྒྲུབ་འདོད་པས། །རྟག་ཏུ་དུས་གནས་ཐམས་ཅད་དུ། །བདག་དང་བདག་གིར་དབྱེར་མེད་པས། །ཡེ་ནས་དཀྱིལ་འཁོར་ཡིན་པར་བརྟག །འདི་ནི་དངོས་གྲུབ་མཆོག་ཡིན་པར། །ཀུན་ཏུ་རྒྱལ་གྱིས་དེ་སྐད་བཤད། །སྒྱུ་འཕྲུལ་དྲ་བ་ལས། སྐུའི་དཀྱིལ་འཁོར་མངོན་དུ་ཕྱུང་བ་ཞེས་བྱ་བའི་ལེའུ་སྟེ་ཉེར་དྲུག་པའོ།། །། སྐུའི་དཀྱིལ་འཁོར་ཟབ་ཏུ་ནི་རྒྱུད་ཀྱི་རྒྱལ་པོ་ཕྱི་མ་ལས་བཤད་དེ་བོད་ལ་མ་འགྱུར་ཞེས་འབྱུང་།། །།དེ་ནས་དེ་བཞིན་གཤེགས་པ་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་ལས། སྔགས་འཆང་རྣམས་དོན་ཡོད་པར་བྱ་བའི་ཕྱིར། དམ་ཚིག་སུམ་བརྒྱའི་རྩ་བ་མདོར་བསྡུས་ནས། སྔགས་འཆང་རྣམས་ཀྱི་དོན་དུ་ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཕྱོགས་བཅུའི་འཇིག་རྟེན་རྡུལ་སྙེད་དུ། །ལོག་རྟོག་མི་བཟད་རྡུལ་ཕྲན་སྙེད། །རྟོག་འདུལ་གཉན་པོ་བསམ་མི་ཁྱབ། །འདུལ་བ་སྡོམ་པ་བསམ་ཡས་དང་། །རྡོ་རྗེའི་ཐེག་མཆོག་མང་པོ་ཀུན། །ཉིད་ལས་གཡོས་ཤིང་སྤྲོས་མེད་ཀྱང་། །རང་རིག་འཁྲུལ་པའི་རྟོག་པ་ཡིས། །བལྟ་བ་མཐོ་དམན་བསམ་མི་ཁྱབ། །དེ་འདུལ་དོན་ཕྱིར་འཚམས་པར་བསྟན། །ཡང་དག་ཉིད་དང་ལོག་རྟོག་ཉིད། །ངོ་བོ་ཉིད་ཀྱིས་གནས་གྱུར་ནས། །དེ་ལ་བཅོས་ཤིང་བསྒྱུར་དུ་མེད། །ཡེ་ནས་ངོ་བོ་ཡོད་ཡིན་ན། །ཉོན་མོངས་སྤངས་ཤིང་བྱང་ཆུབ་མེད། །ཐམས་ཅད་མ་ལུས་རོ་གཅིག་འགྱུར། །ཀུན་རྫོབ་ཆུ་ཟླ་ལྟར་ཡོད་པས། །ཅིར་ཡང་འགྱུར་ཞིང་ཅིར་ཡང་འགྲུབ། །རྣལ་འབྱོར་དེ་ཉིད་རྟོགས་པ་ཡིས། །དོན་དམ་སྐྱེ་འགག་མེད་པ་སྟེ། །ཀུན་རྫོབ་སྒྱུ་མ་ཅིར་ཡང་འགྲུབ། །གནས་ངན་དུས་ན་ལོག་


DNG010_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་ཉིད། །གཟུང་འཛིན་བྲལ་བ་ཉིད་རྟོགས་ནས། །བདག་མེད་ཡེ་ཤེས་རང་བཞིན་ཉིད། །སྙིང་རྗེ་ཐབས་མཁས་ཏིང་འཛིན་གྱིས། །ཇི་ལྟར་དམིགས་པ་བཞིན་དུ་འགྲུབ། །སོ་སོའི་རང་བཞིན་དེས་ཤེ་ན། །ཡང་དག་ལམ་ཉིད་བཅོས་སུ་མེད། །དེ་བས་ཡང་དག་བློ་ཆེན་གྱིས། །ཐམས་ཅད་དངོས་པོ་མེད་པར་བཤད། །དཔེར་ན་དུག་གི་རིགས་ཤེས་པས། །དུག་གིས་མི་ཚུགས་བཞིན་དུ་སྣང་། །ཧ་ལ་ཧ་ལའི་དུག་རྣམས་ཀྱང་། །བསྒྲུབས་ན་ར་སཱ་ཡ་ནའི་སྨན། །བདུད་རྩིར་འགྱུར་ལ་ཚེ་རིང་འགྲུབ། །ཉོན་མོངས་རང་དང་སྤྱི་བསྟན་པ། །མཚན་ཉིད་མ་ནོར་དོན་རྟོགས་ན། །རྣམ་པར་བྱང་བའི་ལམ་དུ་འགྱུར། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཀྱང་། །གོང་ན་མེད་དེ་དེ་ཡིན་ཏེ། །ནང་གི་ཆེན་པོ་ལྔ་ཉིད་ཀྱང་། །རང་དང་སྤྱི་ཡི་དོན་བརྟགས་ན། །མཚན་ཉིད་མེད་པས་རྣམ་པར་དག །སོ་སོའི་རྩལ་རྣམས་འཛིན་གྱུར་པས། །ཐབས་ཆེན་དུ་ནི་རྣམ་པར་སྤྲོ། །མཚན་རྣམས་རང་བཞིན་མི་གནས་པས། །ཤེས་རབ་དབྱིངས་སུ་རྣམ་པར་སྦྱོར། །གཏི་མུག་ཅེས་ནི་བརྗོད་པ་ནི། །མ་རིག་མིང་གི་རྣམ་གྲངས་ཏེ། །གཉིས་མེད་དོན་གཅིག་ཡིན་པར་བཤད། །རང་གི་མཚན་ཉིད་བརྗོད་པ་ནི། །ཆོས་དང་བདག་དང་དངོས་པོ་རྣམས། །ངོ་བོ་ཉིད་ལ་སོགས་བརྟགས་པ། །རྟོག་པའི་སྒྱུ་མ་ཀླུང་གྱུར་ཏེ། །ལོག་རྟོག་སྤྲོས་པའི་རྒྱུན་ཡིན་ལ། །ཐམས་ཅད་ཆོས་དབྱིངས་རོ་གཅིག་སྟེ། །བཟོད་པའི་ཆོས་ཉིད་མིག་གཅིག་ཡིན། །སྤྱི་ཡི་མཚན་ཉིད་བརྗོད་པ་ནི། །མི་རྟག་སྡུག་བསྔལ་སྟོང་བདག་མེད། །མ་རིག་པ་ནི་སྤང་དུ་མེད། །རིག་པ་ཡང་དག་བསྒྲུབ་ཏུ་མེད། །ཐམས་ཅད་དབྱིངས་སུ་རོ་གཅིག་ཐིམ། །སྒྱུ་མའི་དངོས་པོར་རྟོགས་པ་ན། །སྒྱུ་མར་རྟོགས་ཉིད་མི་དམིགས་པས། །མི་དམིགས་དེ་ཉིད་སྣ་ཚོགས་སྣང་། །སྐྱེས་པ་ཉིད་ན་ཆོས་ཉིད་གཅིག །དབྱིངས་ཉིད་མི་དམིགས་དེ་བཞིན་ཉིད། །དེ་ཉིད་ཆོས་སྐུའི་ཕྱག་རྒྱ་ཆེ། །མི་དམིགས་སྒྱུ་མར་དངོས་པོ་ལ། །རྟོག་པའི་ཡུལ་གྱི་དངོས་ཉིད་ཀྱང་། །


DNG010_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཉིད་མི་དམིགས་ཡེ་ནས་དག །སྒྱུ་མ་མི་དམིགས་དབྱེར་མེད་ཕྱིར། །ཡོད་མེད་གཉིས་ཀ་དབྱེར་མེད་པས། །ཏིང་ངེ་འཛིན་གྱིས་དབང་བསྒྱུར་ནས། །ཐུགས་ཀྱི་ཕྱག་རྒྱ་ཆེན་པོ་ཡིན། །ཆོས་ཉིད་དམིགས་སུ་མེད་པ་སྟེ། །མི་དམིགས་བཞིན་དུ་སྒྱུ་མར་སྤྲོས། །གདུལ་བྱའི་བྱ་བ་བསམ་མི་ཁྱབ། །གསུང་གི་ཕྱག་རྒྱ་ཆེན་པོའོ། །དེ་ལྟར་གཏི་མུག་སྤང་དུ་མེད། །རྣམ་པར་སྣང་མཛད་ཕྱག་རྒྱ་ཡིན། །ཞེ་སྡང་རང་དང་སྤྱིར་བསྟན་པ། །ཀུན་ལ་མནར་སེམས་རྟོག་པ་ཡིན། །སྒྱུ་མའི་དངོས་པོ་ཐམས་ཅད་ཀུན། །འཇིག་པར་མོས་པའི་རང་བཞིན་ཅན། །སྤྱི་ཡི་མཚན་ཉིད་བརྗོད་པ་ནི། །མི་རྟག་སྡུག་བསྔལ་སྟོང་བདག་མེད། །ཞེ་སྡང་སྙིང་རྗེ་སྤང་བསྒྲུབ་མེད། །ཆོས་ཀྱི་དབྱིངས་སུ་རོ་གཅིག་ཕྱིར། །སྒྱུ་མ་རང་བཞིན་མནར་སེམས་པ། །དངོས་པོ་ཐམས་ཅད་འཇིག་རྟོགས་ན། །སྒྱུ་མར་སྣང་བ་ཐམས་ཅད་ཀྱང་། །ཆོས་ཀྱི་དབྱིངས་ལས་མི་གཞན་ཏེ། །མི་དམིགས་པ་ཉིད་སྒྱུ་མར་སྐྱེས། །ཆོས་རྣམས་ཀུན་གྱི་རང་བཞིན་ནི། །བདག་སྲོག་གསོ་བའི་རང་བཞིན་མེད། །སྣང་བ་ཐམས་ཅད་བདག་མེད་ཆོས་ཀྱི་དབྱིངས། །མནར་སེམས་སྒྱུ་མ་ཆོས་ཉིད་རོ་གཅིག་སྟེ། །ཐམས་ཅད་མི་དམིགས་དེ་བཞིན་ཉིད་ཡིན་པས། །ཀུན་དང་དབྱེར་མེད་ཆོས་སྐུའི་ཕྱག་རྒྱ་ཡིན། །མི་དམིགས་སྒྱུ་མ་ཀུན་ནས་མནར་སེམས་པ། །རྟོག་པའི་ཡུལ་གྱིས་ཀུན་ནས་མནར་སེམས་ཏེ། །ཆོས་ཉིད་སྒྱུ་མ་མི་དམིགས་དབྱེར་མེད་ཕྱིར། །དོན་དམ་ཀུན་རྫོབ་རོ་གཅིག་སྟེ། །ཏིང་ངེ་འཛིན་གྱིས་དབང་བསྒྱུར་ན། །ཐུགས་ཀྱི་ཕྱག་རྒྱ་ཆེན་པོ་ཡིན། །མི་དམིགས་ཀུན་ནས་མནར་སེམས་པ། །གདུལ་བའི་བྱ་བ་བསམ་མི་ཁྱབ། །གསུང་གི་ཕྱག་རྒྱ་ཆེན་པོའོ། །ཞེ་སྡང་སྤྱི་ཡི་མཚན་ཉིད་ནི། །ཡང་དག་ཉིད་ཀྱིས་རབ་བརྟགས་ན། །རྣམ་པར་བྱང་བའི་མཚན་ཉིད་དེ། །གཉིས་མེད་ཞེ་སྡང་སྤང་དུ་མེད། །ང་རྒྱལ་མཚན་ཉིད་བཤད་པ་ནི། །ཁོང་ནས་འགྱིང་ཞིང་སེམས་ཁེངས་པ། །


DNG010_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་རོལ་ཟིལ་གྱིས་གནོན་པར་བྱེད། །སྤྱི་ཡི་མཚན་ཉིད་བཤད་པ་ནི། །མི་རྟག་སྡུག་བསྔལ་སྟོང་བདག་མེད། །ང་རྒྱལ་སྤངས་ནས་ཞི་བསྒྲུབ་མེད། །ཆོས་ཀྱི་དབྱིངས་སུ་རོ་གཅིག་པས། །ཀུན་རྫོབ་སྒྱུ་མར་ཁོང་འགྱིང་ཉིད། །དེ་བཞིན་ཉིད་ལས་མི་གཞན་ཏེ། །ཆོས་ཉིད་མི་དམིགས་སྒྱུ་མའི་འགྱིང་བར་སྐྱེས། །སྐྱེ་འགྱིང་ནང་ན་ཆོས་ཉིད་རོ་གཅིག་སྟེ། །འགྱིང་བའི་རང་བཞིན་མི་དམིགས་ངང་གིས་དག །འགྱིང་དང་མི་འགྱིང་དབྱེར་མེད་ཕྱིར། །ཆོས་སྐུ་ཕྱག་རྒྱ་ཆེན་པོ་ཡིན། །མི་དམིགས་པ་ཉིད་སྒྱུ་མར་འགྱིང་བར་སྐྱེས། །འགྱིང་བས་ཡུལ་གཞན་ཟིལ་གྱིས་གནོན་པ་ཡིན། །ཆོས་ཀྱི་དབྱིངས་ལས་མི་གཞན་ཏེ། །སྒྱུ་མ་ཆོས་ཉིད་དབྱེར་མེད་ཕྱིར། །དོན་དམ་ཀུན་རྫོབ་གཉིས་ཀ་གཅིག །ཏིང་ངེ་འཛིན་གྱི་དབང་བསྒྱུར་ནས། །ཐུགས་ཀྱི་ཕྱག་རྒྱ་ཆེན་པོ་ཡིན། །མི་དམིགས་སྒྱུ་མར་འགྱིང་བ་ནི། །ང་རྒྱལ་འདུལ་བ་བསམ་མི་ཁྱབ། །གསུང་གི་ཕྱག་རྒྱ་ཆེན་པོ་ཡིན། །ང་རྒྱལ་རང་སྤྱིའི་མཚན་ཉིད་ནི། །རྣམ་པར་བྱང་བའི་མཚན་ཉིད་ཡིན། །ཞི་བསྒྲུབ་ང་རྒྱལ་སྤང་དུ་མེད། །འདོད་ཆགས་རང་གི་མཚན་ཉིད་ནི། །སྲེད་པ་ཀུན་ལ་ཞེན་པ་སྟེ། །སྤྱི་ཡི་མཚན་ཉིད་བཤད་པ་ནི། །མི་རྟག་སྡུག་བསྔལ་སྟོང་བདག་མེད། །ཆགས་སྤངས་མ་ཆགས་བསྒྲུབ་ཏུ་མེད། །ཆོས་ཀྱི་དབྱིངས་སུ་རོ་གཅིག་ཕྱིར། །ཀུན་རྫོབ་སྒྱུ་མའི་རང་བཞིན་དུ། །འདོད་ཅིང་ཆགས་པ་སྒྱུ་མར་སྲེད། །མི་དམིགས་པ་ལས་མི་གཞན་ཏེ། །མི་དམིགས་དེ་ཉིད་སྒྱུ་མར་སྐྱེས། །ཆོས་རྣམས་བདག་ལས་མི་གཞན་ཏེ། །སྤྱོད་པ་སྒྱུ་མ་རོ་གཅིག་ཕྱིར། །ཆོས་ཉིད་ཆོས་ཅན་དམིགས་སུ་མེད། །རྒྱལ་བ་ཀུན་དང་དབྱེར་མེད་པའི། །ཆོས་སྐུའི་ཕྱག་རྒྱ་ཆེན་པོ་ཡིན། །མི་དམིགས་སྒྱུ་མར་འདོད་ཅིང་ཆགས་རྟོག་པ། །ཡུལ་དང་འདོད་ཆགས་ཉིད་ཀྱང་ཆོས་ཉིད་མི་དམིགས་ཏེ། །སྒྱུ་མ་དང་ནི་མི་དམིགས་དབྱེར་མེད་ཕྱིར། །བདེན་པ་གཉིས་ཀར་དབྱེར་མེད་རོ་གཅིག་པས། །ཏིང་ངེ་འཛིན་གྱིས་དབང་བསྒྱུར་


DNG010_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །ཐུགས་ཀྱི་ཕྱག་རྒྱ་ཆེན་པོ་ཡིན། །མི་དམིགས་དབྱིངས་ཉིད་འདོད་ཆགས་སྒྱུ་མར་སྤྲོས་པ་ནི། །གདུལ་བྱའི་བྱ་བ་བསམ་གྱིས་མི་ཁྱབ་སྟེ། །གསུང་གི་ཕྱག་རྒྱ་ཆེན་པོ་ཡིན། །འདོད་ཆགས་མཚན་ཉིད་རྟོགས་པ་ཉིད། །རྣམ་པར་བྱང་བའི་མཚན་ཉིད་ཡིན། །ཆགས་དང་མ་ཆགས་གཉིས་མེད་པས། །འདོད་ཆགས་མཚན་ཉིད་སྤང་དུ་མེད། །ཕྲག་དོག་ཀུན་གྱི་མཚན་ཉིད་ནི། །གཞན་གྱི་ཕུན་སུམ་ཚོགས་པ་ལ། །སེམས་དོག་རྟོག་པ་སྒྱུ་མ་གཞན། །ཐབས་ཀྱིས་སྦྱོར་བ་སྒྱུ་མའི་རང་བཞིན་ཅན། །ཕྲག་དོག་སྤྱི་ཡི་མཚན་ཉིད་ནི། །མི་རྟག་སྡུག་བསྔལ་སྟོང་བདག་མེད། །དོག་པ་སྤངས་ཤིང་ཡངས་བསྒྲུབ་མེད། །ཆོས་ཉིད་དུ་ནི་རོ་གཅིག་ཕྱིར། །ཀུན་རྫོབ་སྒྱུ་མའི་མཚན་ཉིད་ནི། །གཞན་གྱི་ཕུན་སུམ་ཚོགས་པ་ལ། །ཕྲག་དོག་པ་ཡི་སྒྱུ་མ་ཉིད། །མི་དམིགས་པ་ལས་མི་གཞན་ཏེ། །མི་དམིགས་པ་ཉིད་སྒྱུ་མར་སྐྱེས། །ཕུན་སུམ་ཚོགས་པ་སྦྱོར་བ་ཡིས། །ཐབས་ཀྱི་སྒྱུ་མའི་ཆོས་ཉིད་དེ། །རྒྱལ་བ་ཀུན་དང་དབྱེར་མེད་པས། །ཆོས་སྐུ་ཕྱག་རྒྱ་ཆེན་པོ་ཡིན། །མི་དམིགས་སྒྱུ་མར་གཞན་གྱི་ཕུན་ཚོགས་ལ། །ཕྲག་དོག་རྟོག་པར་འཛིན་པ་དང་། །རྟོག་དང་ཕྲག་དོག་མི་དམིགས་ཏེ། །སྒྱུ་མ་མི་དམིགས་དབྱེར་མེད་པའི། །བདེན་པ་གཉིས་ཀ་རོ་གཅིག་པས། །ཏིང་ངེ་འཛིན་གྱིས་དབང་བསྒྱུར་ན། །ཐུགས་ཀྱི་ཕྱག་རྒྱ་ཆེན་པོ་ཡིན། །མི་དམིགས་གཞན་གྱི་ཕུན་ཚོགས་ལ། །ཕྲག་དོག་རྣམ་པར་སྤྲོས་ནས་ནི། །གདུལ་བའི་བྱ་བ་བསམ་མི་ཁྱབ། །གསུང་གི་ཕྱག་རྒྱ་ཆེན་པོ་ཡིན། །ཕྲག་དོག་རང་དང་སྤྱི་བསྟན་པ། །རྣམ་པར་བྱང་བའི་མཚན་ཉིད་ཡིན། །དོག་པ་སྤངས་ཤིང་ཡངས་བསྒྲུབ་མེད། །སེམས་ཅན་རྣམ་པ་མང་པོ་ཀུན། །ནང་གི་ཆེན་པོ་ལྔ་སོགས་བསྟན། །རང་དང་སྤྱི་ཡི་མཚན་ཉིད་བཤད་པར་བྱ། །ཐབས་དང་ཤེས་རབ་མ་རྟོགས་པས། །མ་གྲོལ་ཁམས་གསུམ་འཁོར་བ་ཡིན། །དེ་ལྟར་ཉེས་དྲི་མཐོང་ན་ཡང་འདུག་པར་མི་མངོན་ན། །སྔགས་ཀྱིས་ཡོངས་སུ་ཟིན་པའི་ནད། །ཀུན་ལ་


DNG010_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་པར་བྱེད་མི་ནུས། །དེ་བཞིན་ཐབས་དང་ཤེས་རབ་རྟོགས་པ་ཡི། །དུག་གསུམ་སྡུག་བསྔལ་གནོད་མི་འགྱུར། །ཐབས་ལ་མཁས་པས་མ་ཟིན་ན། །ལམ་གྱི་དགེ་སྤྱད་སྟེགས་བཅས་ཀྱང་། །མཐོ་རིས་ལྷ་དང་མི་རུ་སྐྱེས། །སྐྱེ་ཤི་མེད་པའི་ས་མི་ཐོབ། །ཐབས་མཁས་སྙིང་རྗེས་ཟིན་པ་ནི། །མཚམས་མེད་སེམས་ཅན་མ་ལུས་ཀུན། །བྱང་ཆུབ་སྙིང་རྗེས་བསད་ན་ཡང་། །བསོད་ནམས་དཔག་ཏུ་མེད་པ་འཐོབ། །མ་བསད་ན་ནི་སེམས་ཅན་ཡལ་བོར་ཏེ། །སྙིང་རྗེ་མེད་དེ་སྡིག་ཡོད་འགྱུར། །འདོད་ཆགས་ཞེ་སྡང་གཏི་མུག་དང་། །ང་རྒྱལ་ཕྲག་དོག་ཆེན་པོ་དག །གང་ཕྱིར་བྱང་ཆུབ་སེམས་དེ་ནི། །རྡོ་རྗེ་དེ་བཞིན་གཤེགས་པར་གསལ། །ཉོན་མོངས་པ་ཉིད་དེ་བཞིན་གཤེགས། །ངོ་བོ་ཡིན་པར་ཡང་དག་གསུངས། །ཆོས་ཀུན་རང་བཞིན་དག་པའི་ཕྱིར། །འཁོར་བ་ཡོངས་སུ་དག་པར་འགྱུར། །ཐབས་དང་ཤེས་རབ་ལྡན་པ་ལ། །ཉོན་མོངས་ཐམས་ཅད་བྱང་ཆུབ་རྒྱུ། །འཁོར་བའི་རང་བཞིན་བདག་མེད་པས། །དེ་ཕྱིར་དེ་བཞིན་གཤེགས་བསམ་ཡས། །ཐབས་དང་ཤེས་རབ་ལྡན་གྱུར་པས། །ཕྱིན་ཅི་ལོག་ཉིད་བྱང་ཆུབ་ལམ། །འཁོར་བའི་རང་བཞིན་མི་དམིགས་ཕྱིར། །མྱ་ངན་འདས་པ་ཡོད་མ་ཡིན། །གསང་སྔགས་བླ་ན་མེད་པ་ཡི། །ཐབས་ཀྱིས་ཇི་ལྟར་ཟིན་བཞིན་འགྲུབ། །བསམ་གྱིས་མི་ཁྱབ་ངེས་པ་མེད། །དོན་དམ་ཅིར་ཡང་མ་གྲུབ་ལ། །སྒྱུ་མའི་སྤྲུལ་པ་བསམ་མི་ཁྱབ། །ཐབས་ཆེན་དག་གིས་ཟིན་པ་ནི། །ཉོན་མོངས་ལམ་ཡང་རྣམ་པར་གྲོལ། །ཐབས་ཆེན་དག་གིས་མ་ཟིན་ན། །དགེ་བ་སྤྱད་ཀྱང་གྲོལ་མི་འགྱུར། །རྣལ་འབྱོར་དོན་དམ་ལྡན་པ་ཡིས། །ཉོན་མོངས་འཆིང་བའི་ཆོས་སྤྱད་ཀྱང་། །རྣམ་པར་གྲོལ་བར་འགྱུར་བ་ཡིན། །འཁོར་བ་དང་ནི་མྱ་ངན་འདས། །གཉིས་ཀ་ཡོད་པ་མ་ཡིན་པས། །འཁོར་བ་སྟོང་ཡོངས་སུ་ཡང་བྱུང་པར་ ཤེས་པ་ནི། །དེ་ནི་མྱ་ངན་འདས་པའི་མཐའ། །ཉོན་མོངས་ཕྱིན་ཅི་ལོག་རྣམས་དག །ཐབས་ལ་


DNG010_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་པས་ཟིན་གྱུར་ཀྱང་། །གྲོལ་ལ་ཐར་བར་མི་འགྱུར་ན། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །འདུལ་བའི་དབང་གིས་བྱ་བྱེད་ཀུན། །རྔོན་དང་སྨད་འཚོང་སྟོན་པའང་ལྟུང་། །བྱང་ཆུབ་སེམས་དཔའི་སྤྱོད་ཚུལ་བཟང་། །ཕལ་ལ་མེད་པས་མི་རུང་ན། །སྔགས་མཆོག་ཤིན་ཏུ་ཟབ་པ་ཡི། །སྐྱེ་བོ་ཀུན་གྱིས་བྱ་བར་འགྱུར། །བདུད་རྩི་དང་དུ་བླང་བར་གསུངས། །མཉམ་དང་མི་མཉམ་དབྱེར་མེད་ན། །སྐུ་གསུང་རྡོ་རྗེར་དབང་ཐོབ་འགྱུར། །གྲུབ་པའི་རྫས་སུ་དེ་ཕྱིར་གསུངས། །མཉམ་པའི་དོན་ཉིད་མ་རྟོགས་ན། །བྱོལ་སོང་ལ་ལ་ཆོས་དང་ལྡན་གྱུར་ཀྱང་། །དྲང་སྲོང་འཚོ་དང་རྟག་མཐུན་དང་། །ཇི་སྲིད་འདོད་པ་སྤོང་བྱེད་པ། །དེ་དག་གྲོལ་བར་ངས་མ་བཤད། །ཆོས་རྣམས་ཡོངས་ཀྱིས་དག་པ་ཡི། །རྣམ་བཞི་ཚུལ་གྱིས་དོན་རྟོགས་མངོན། །རྒྱུ་རྣམས་རང་བཞིན་དག་པ་དང་། །འབྲས་བུ་ཡོངས་སུ་དག་འགྱུར་ཏེ། །དོན་དམ་གཉིས་མེད་རང་བཞིན་དག །ཀུན་རྫོབ་སྒྱུ་མར་ཡེ་ནས་དག །རྒྱུ་ཡི་མཚན་ཉིད་དག་པ་ནི། །ཕྱི་རོལ་ཆེན་པོ་ལྔ་རྣམས་ཏེ། །སེམས་ཉིད་གཟུང་འཛིན་གཉིས་སྣང་བ། །གཟུང་བའི་ཡུལ་ཉིད་འབྱུང་བ་ཆེ། །རྒྱུ་ཉིད་རང་གི་སེམས་ཡིན་པས། །འབྱུང་བ་ཆེན་པོ་རྒྱུ་ལས་དག །འབྲས་བུ་ཡོངས་སུ་དག་པ་ནི། །སེམས་ཅན་ཀུན་གྱི་རུས་པ་དེ། །རྡོ་རྗེ་བྱང་ཆུབ་སེམས་ཡིན་ཏེ། །ཤ་ནི་པདྨ་རཀྟ་ཡིན། །དྲི་ཆེན་དྲི་ཆུ་གུར་གུམ་ཆུ། །སོ་སོའི་ལུས་ལས་གནས་པས་དག །དོན་དམ་དམིགས་མེད་དག་པས་ནི། །ཕྱི་ནང་ཆོས་རྣམས་ཐམས་ཅད་ཀྱང་། །གང་གི་ངོ་བོ་མ་ཡིན་ཏེ། །སྐྱེ་འགག་མེད་པར་ཡེ་ནས་དག །ཀུན་རྫོབ་ཡེ་ནས་དག་པ་ནི། །སྒྱུ་མའི་རང་བཞིན་ཐམས་ཅད་སྣང་། །ཆུ་ཟླའི་ཚུལ་དུ་མི་དམིགས་གནས། །མི་དམིགས་པ་ཉིད་སྣ་ཚོགས་སྣང་། །དེ་བཞིན་གཤེགས་པར་ཡེ་ནས་མཉམ། །དེ་བས་གཙང་སྨེ་མེད་པར་སྤྱོད། །སེམས་ཅན་རྟོག་པ་བཟློག་ཕྱིར་སྨན། །གཙོ་རུ་དང་དུ་བླང་བར་བྱ། །དེ་བས་སེམས་ཅན་ཕྱིན་ཅི་ལོག །


DNG010_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་རྣམས་དག་པར་མ་ཤེས་ཏེ། །ཐབས་དང་ཤེས་རབ་མ་རྟོགས་པས། །ཁ་ཅིག་ཇི་སྲིད་འཚོ་བར་ཟོས། །ཁ་ཅིག་དྲང་སྲོང་བཞིན་དུ་རྩྭ་ཆུ་ཟོས། །ཟོས་ཀྱང་མ་གྲུབ་དོན་མ་རྟོགས། །རྣལ་འབྱོར་ཐབས་ལྡན་རྣམས་ཀྱིས་ནི། །རང་བཞིན་ཡོངས་ཀྱིས་དག་པའི་ཕྱིར། །མཉམ་པའི་དབྱིངས་སུ་ཡང་དག་རྟོགས། །ཐབས་དང་ཤེས་རབ་འདྲེལ་པ་ཡིས། །ཐེ་ཚོམ་མེད་པར་འགྲུབ་པར་འགྱུར། །དངོས་དང་དངོས་མེད་རྟོག་པའང་མཚན། །གཙང་དང་མི་གཙང་རྟོག་པའང་མཚན། །མཚན་མ་གཉིས་ཀ་རྣམ་སྤངས་ཏེ། །མཁྱེན་པས་དབུས་ལའང་གནས་མི་འགྱུར། །བསྒྲུབ་པའི་རྫས་སུ་ཡང་དག་གསུངས། །བྱང་ཆུབ་སེམས་དང་ཤ་ཆེན་དང་། །དྲི་ཆེན་དྲི་ཆུ་རཀྟ་དག །སྒྲུབ་པ་པོས་ནི་རྟག་ཏུ་བཟའ། །དངོས་གྲུབ་ཡ་མཚན་ཆེན་པོ་འགྲུབ། །ཚེ་ལ་དབང་དང་རིག་པ་འཛིན། །མཁའ་ལ་འཕྱོ་དང་ཐོགས་མེད་འགྲུབ། །མཐར་ནི་སྐྱེ་མེད་རྡོ་རྗེའི་ས། །གཞན་ཡང་ཇི་ལྟར་དམིགས་པ་བཞིན། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །གསང་བའི་སྙིང་པོའི་དོན་ཉིད་ཀྱིས། །ཡི་དམ་མི་སྤང་རྟག་བསྒོམས་ཤིང་། །ཡི་ཡེ་ནས་དམ་ལྷ་ཡི་མཚན་ཉིད་ནི། །དེ་བཞིན་དུས་གསུམ་གཤེགས་པ་ཐམས་ཅད་ཀྱི། །ལྷ་སྤངས་དགེ་སྦྱོར་དོན་མེད་འགྱུར། །ལྷ་ཉིད་མི་སྤང་དོན་ཉིད་ནི། །ལྷུན་གྲུབ་ཡེ་ཤེས་ཐམས་ཅད་ཀྱི། །བདག་དང་གཉིས་མེད་སོ་སོ་མ་ཡིན་པའི། །དུས་གསུམ་བདེ་གཤེགས་དཀྱིལ་འཁོར་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་བདག་པོ་སྟེ། །ཕྱག་རྒྱ་ཆེན་པོ་ཡོངས་སུ་རྫོགས་པར་བསྒོམ་པའི་དོན། །དཀོན་མཆོག་གསུམ་སྤངས་ཚངས་པར་སྤྱད་པ་དོན་མེད་འགྱུར། །བདག་ཉིད་ལྷ་དང་མཉམ་སྦྱོར་ན། །ཡོན་ཏན་ཆུང་ཡང་འགྲུབ་པར་འགྱུར། །ཡེ་ནས་མཉམ་ཉིད་སྦྱོར་ནས་སུ། །ལྷ་ཉིད་དུ་ནི་རྟག་ཏུ་བསྒོམ། །བདེ་གཤེགས་ཀུན་དང་མཉམ་སྦྱོར་བས། །དཀྱིལ་འཁོར་ཀུན་དང་མཉམ་པར་འགྱུར། །བདེ་གཤེགས་ཀུན་དང་མཉམ་པའི་ཕྱིར། །སྐུ་གསུང་ཡེ་ཤེས་ལྔ་རྫོགས་འགྲུབ། །


DNG010_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་སློབ་དཔོན་སྨད་མི་བྱ། །བྱང་ཆུབ་སྟོན་པའི་འདྲེན་པ་པོ། །ལོང་བ་དམིགས་བུས་འདྲེན་དང་འདྲ། །ཉོན་མོངས་སྡུག་བསྔལ་མཚོ་སྐེམས་ཡིན། །སློབ་དཔོན་དེ་ལ་སྨོད་པ་ནི། །དཔེར་ན་མུན་ཁུང་སྒྲོན་བསད་ན། །མཐོང་བའི་དོན་མི་རྟོག་པ་བཞིན། །སྡུག་བསྔལ་ཉམ་ཐག་ཡུན་རིང་དུ། །བསྐལ་པ་མང་པོར་མྱོང་བར་མངོན། །དེ་བས་དེ་ལ་གུས་པ་རྟག་ཏུ་གྱིས། །ལུས་ལ་དབང་བའི་རྒྱལ་པོ་བས། །ཤིན་ཏུ་གཙོ་བོར་བླང་བར་བྱ། །དྲིན་ཆགས་བསྐྱེད་པའི་ཕ་མ་བས། །ཤིན་ཏུ་ལྷག་པའི་རི་མོ་བྱ། །རྡོ་རྗེ་མཆེད་དང་ལྕམ་དྲལ་ནི། །བླ་མེད་བྱང་ཆུབ་འགྲོ་བའི་ཡུལ། །ཆོས་ཉིད་དམ་ཚིག་སྨོན་ལམ་མཐུས། །བྱང་ཆུབ་རིན་ཆེན་རིག་འཛིན་སར་ངེས་པས། །དེ་ལ་ལྡོག་ཅིང་འཁུ་བ་ནི། །རང་ལ་རང་གིས་མཚོན་བཏབ་ནས། །རང་སྲོག་ཚེ་རབས་ལྔ་བརྒྱའི་བར། །རང་གིས་གཅོད་ཅིང་ཕུང་བར་འགྱུར། །ཚེ་འདིར་མི་བདེ་སྣ་ཚོགས་པ། །མི་འདོད་བཞིན་དུ་འབྱུང་བར་འགྱུར། །འཇིག་རྟེན་ཕ་རོལ་དག་ཏུ་ཡང་། །ངན་སོང་གསུམ་དང་མི་ཁོམ་པའི། །སྡུག་བསྔལ་ཁ་བརྒྱུད་མྱོང་བར་འགྱུར། །ཡུན་རིང་རྟག་ཏུ་མི་ཐར་བའི། །ཤིན་ཏུ་ཉམ་ཐག་མྱོང་བར་འགྱུར། །གྲུབ་པ་གཅིག་བཞིན་ལྷན་ཅིག་སྤྱོད། །གཉིས་མེད་དང་བས་རྗེས་སྤྱོད་སྤུན། །བདེ་གཤེགས་དཀྱིལ་འཁོར་བླ་མེད་ཡིན། །ཤེས་རབ་གསལ་བས་རྟག་ཏུ་གདུང་ཞེས་གསུངས། །གསང་བ་གཞན་ལ་མི་བསྒྲག་ཅིང་། །སྐུ་གསུང་ཐུགས་ཀྱི་དམ་ཚིག་རྣམས། །རྣལ་འབྱོར་མཉམ་པ་རྣམ་གཉིས་ཀྱིས། །ཐབས་དང་ཤེས་རབ་འདྲེལ་རྟོགས་ནས། །མཉམ་པའི་སྤྱོད་པས་ལ་དོར་ཏེ། །ཕལ་དང་མི་འདྲ་ཡང་དག་རྟོགས། །མ་རྟོགས་པ་ཡི་ཕྱོགས་རྣམས་དང་། །སྐྱེ་བོ་ཀུན་ལ་རབ་ཏུ་གསང་། །གསང་བའི་བརྡ་དག་སྣ་ཚོགས་གསུངས། །ཐབས་ལ་མཁས་པས་བྱས་པ་ཡིན། །གསང་སྔགས་སྐྱོན་ཡོད་མ་ཡིན་ཏེ། །ཐུགས་རྗེ་ཆེན་པོ་ཐབས་མཁས་ཀྱིས། །སྣོད་མ་ཡིན་དང་བློ་རྟུལ་རྣམས། །ལས་འཕྲོ་ངན་པའི་དོན་ཕྱིར་


DNG010_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

གསང་། །བརྒྱ་ལ་གང་ཞིག་གསང་དོན་འདི། །ལས་འཕྲོ་ངན་ལ་བསྒྲགས་གྱུར་ན། །དཔེར་ན་གཙུབ་ཤིང་མེས་གཙུབས་ན། །གཙུབ་ཤིང་ཉིད་ཀྱང་ཚིག་པར་སྣང་། །གཞན་ཡང་འཚིག་པར་འགྱུར་བ་བཞིན། །ཆོས་དོན་བཟང་པོ་མེ་དང་འདྲ། །སྐལ་བ་ཆུང་ཞིང་ཤེས་རབ་དམན། །བློ་ངན་རྒྱུ་འབྲས་རྨོངས་པ་རྣམས། །མཉམ་པ་ཉིད་ལ་སྐུར་འདེབས་པས། །ངན་སོང་གསུམ་དུ་འཕེན་པར་འགྱུར། །གསང་དོན་མ་རྟོགས་སྡུག་བསྔལ་མྱོང་། །གསང་བ་སྤེལ་བར་བྱེད་པ་ཡང་། །སྨྲ་བྱེད་ལྕེ་ལ་ཞིང་རྨོ་ཞིང་། །སྡུག་བསྔལ་ཆེན་པོ་མྱོང་བར་འགྱུར། །དེ་ཕྱིར་སེམས་ཅན་དོན་ཕྱིར་གསུངས། །རླུང་ཕྱོགས་ཙམ་དུའང་བརྗོད་མི་བྱ། །སྔགས་དང་ཕྱག་རྒྱ་རྒྱུན་མི་གཅད། །སྔགས་ཞེས་རབ་ཏུ་བསྒྲགས་པ་ནི། །དོན་དམ་ཀུན་རྫོབ་དབྱེར་མེད་པའི། །མཉམ་པའི་དཀྱིལ་འཁོར་ཆེན་པོ་རུ། །སྐུ་གསུང་ཐུགས་ཀྱི་ཡི་གེ་ཨོཾ། །དེ་ལ་སོགས་པ་བཞི་བཅུ་གཉིས། །ཕྱག་རྒྱ་ཆེན་པོའི་མཚན་ཉིད་ནི། །ཕྱོགས་བཅུ་དུས་བཞིར་གཤེགས་པ་ཡི། །སྐུ་གསུང་ཐུགས་དང་ཡེ་ཤེས་ལྔ། །བདག་དང་དབྱེར་མེད་ཕྱག་རྒྱ་ཆེ། །གསལ་ལ་བརྩོན་པའི་ཡོན་ཏན་ལྡན། །ཡིད་བཞིན་མ་ཆགས་དབང་བསྒྱུར་ཏེ། །གོམས་ཤིང་བརྟན་པར་བྱ་བ་ཡིན། །དེ་བས་བར་ཆད་བརྩོན་མེད་ན། །དཔེར་ན་ས་བོན་ཚིག་པ་ལས། །འབྲས་བུ་འདོད་པ་དང་འདྲ་སྟེ། །བསྒྲུབ་པའི་འབྲས་བུ་མེད་པར་འགྱུར། །མི་ཁོམ་འཁོར་བར་གནས་འགྱུར་ཏེ། །རྣལ་འབྱོར་ཆེན་པོ་ལ་ཞུགས་པས། །ཕྱི་ནང་ཆོས་རྣམས་ཐམས་ཅད་ལ། །དམིགས་མེད་གཅིག་དང་དུ་མར་བྲལ། །མཐའ་དབུས་གང་ཡང་མ་ཡིན་པའི། །ངོ་བོ་ཉིད་མེད་མཚན་ཉིད་མེད། །མཉམ་པ་ཆེན་པོའི་ཕྱག་རྒྱ་ཡིན། །ཕྱོགས་བཅུ་དུས་བཞི་ཐམས་ཅད་དང་། །འཇིག་རྟེན་འདས་དང་འཇིག་རྟེན་པའི། །ཡོན་ཏན་སྐྱོན་རྣམས་སྐྱེ་འགག་མེད། །གང་གི་ངོ་བོར་མ་གྲུབ་མཉམ། །ཀུན་རྫོབ་ཆོས་ཉིད་དབྱེར་མེད་པའི། །མི་དམིགས་གང་གི་ངོ་བོ་མིན། །ཆུ་ཟླའི་ཚུལ་དུ་སྣ་ཚོགས་པར། །སྣང་ཞིང་བྱ་བ་བྱེད་ནུས་པའི། །


DNG010_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་ཆེན་པོས་ཕྱོགས་བཅུ་དང་། །དུས་བཞི་ཁམས་གསུམ་ཐམས་ཅད་དང་། །འཇིག་རྟེན་པ་དང་འཇིག་རྟེན་འདས། །ཡོན་ཏན་སྐྱོན་རྣམས་ཐམས་ཅད་ཀྱང་། །སྒྱུ་མར་མཉམ་པར་ཡེ་ནས་གནས། །སྔགས་འཆང་རྒྱལ་པོས་རྟོགས་བྱས་ནས། །བདག་ཉིད་ཆོས་ཉིད་སྐྱེ་འགག་མེད། །ངང་ལས་མ་གཡོས་པར་གནས་ན། །ཕྱག་རྒྱ་ཆེན་པོ་ཐམས་ཅད་ཀྱང་། །རྫོགས་པར་ཕྱོགས་བཅུ་དུས་གསུམ་གྱི། །དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས། །ཐམས་ཅད་དབྱེར་མེད་ཡེ་མཉམ་ལ། །མ་འདྲེས་རྒྱ་ཡོངས་མ་ཆད་པའི། །གཞལ་ཡས་ཁང་དང་ཉི་ཟླ་ཡི། །དཀྱིལ་འཁོར་བསམ་ཡས་ལྷུན་གྲུབ་ནི། །སྐུ་གསུང་ཐུགས་ཀྱི་ཡོན་ཏན་བསམ་མི་ཁྱབ། །མཉམ་པའི་དབྱིངས་ཆེན་རྫོགས་པར་བསྒོམ། །དེ་ལྟར་དམ་ཚིག་འདི་གསུམ་སྟེ། །དེ་ལ་གནས་ན་འགྲུབ་པར་འགྱུར། །ཡན་ལག་མ་ཉམས་སྔགས་བཟླས་ཤིང་། །འདོད་པ་ཀུན་ལ་ལོངས་སྤྱོད་བྱ། །ལུས་དང་ངག་སེམས་བརྟན་གྱུར་ན། །བྱང་ཆུབ་རབ་འབྱམས་འཐོབ་པར་འགྱུར། །དམ་ཚིག་ཆེན་པོ་ལས་འདས་ན། །ཉེན་ནི་ཤིན་ཏུ་ཆེ་བར་གསུངས། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །སྔགས་ཀྱི་སྤྱོད་པས་དོན་བསྒྲུབ་པ། །རྨོངས་པས་གལ་ཏེ་འདའ་བྱས་ན། །དེ་ཡིས་སྲོག་ཀྱང་དེར་ཟད་འགྱུར། །དམ་ཚིག་བསྲུང་དང་སྔགས་བཟླས་དང་། །ཕྱག་རྒྱ་རྒྱུན་མི་གཅད་པ་བཞིན། །བརྩོན་འགྲུས་ཆེ་དང་བརྟན་པས་བཟུང་། །རྣལ་འབྱོར་བརྩོན་འགྲུས་ཆུང་གྱུར་ན། །མི་འགྲུབ་ཉེན་ཡང་ཆེ་བར་གསུངས། །ཇི་ལྟར་རལ་གྲིའི་སོ་ལ་ནན་ཏན་དུ། །སྐྱེས་བུས་མྱུར་དུ་མ་བཟུང་ན། །ལག་པ་ངེས་པར་ཆོད་པར་འགྱུར། །དེ་བཞིན་ནན་ཏན་མེད་པའི་སྔགས་པ་ལ། །འཆིའམ་ཡང་ན་འབྲས་བུ་མེད་པར་འགྱུར། །རྣལ་འབྱོར་དམ་པ་རྣམས་ཀྱིས་ནི། །སྔགས་ཀྱི་ཡན་ལག་མ་ཉམས་གསལ། །དོན་ལྡན་མ་ཉམས་དག་བྱས་ཤིང་། །བརྩོན་འགྲུས་ཆེར་བསྐྱེད་མྱུར་བར་འགྲུབ། །སྔགས་


DNG010_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་མ་ཉམས་ཕྱག་རྒྱར་གསལ། །ཆོ་ག་ཡོ་བྱད་གཙོར་མ་གསུངས། །ཚོགས་ན་ཡང་ནི་ངེས་པ་མེད། །མ་ཚོགས་ན་ཡང་འགྲུབ་པར་འགྱུར། །བདག་ཉིད་རང་གི་ལྷ་སྦྱོར་བས། །དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར། །ཆོ་ག་ལྷག་གམ་མ་ཚང་ནའང་། །འགྲུབ་པར་འགྱུར་ཏེ་ཉེས་སྐྱོན་མེད། །ཅེས་གསུངས་པའི་ཚིག་ཏུའོ། །དམ་ཚིག་སུམ་བརྒྱ་པ་རྩ་བ་བཅོ་ལྔ་མདོར་བཤད་པའི་ལེའུ་སྟེ་ཉེར་བདུན་པའོ།། །།དེ་ནས་དེ་བཞིན་གཤེགས་པ་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་ལས་རྨད་དུ་བྱུང་བའི་དམ་ཚིག་བཅོ་ལྔ་པའི་མདོ་འདི་ལྟར་ཡང་བཤད་དེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས། །ཐམས་ཅད་མཉམ་པའི་ངང་ཉིད་དུ། །དབྱིངས་སུ་རོ་གཅིག་དོན་བསྡུས་ཏེ། །དོན་དུ་མི་འགྱུར་ཡོངས་མ་གསུངས། །ཡོན་ཏན་མཆོག་གི་འདོད་པ་ནི། །སྣང་སྲིད་མ་ལུས་ཐམས་ཅད་ཀུན། །མཉམ་པའི་ཞིང་དུ་སྦྱོར་བས་ན། །ཆགས་པ་མེད་པའི་ཚུལ་དུ་སྤྱོད། །འདི་ནི་རྣམ་དག་ལེགས་པའི་ལམ། །བྱང་ཆུབ་མཆོག་ཏུ་འགྲོ་བའི་གནས། །བདེ་ཆེན་མི་ཟད་རིན་ཆེན་གཏེར། །ཅིས་ཀྱང་མི་ཚུགས་རྡོ་རྗེའི་སྐུ། །ཉོན་མོངས་སྡུག་བསྔལ་འདོད་ཆགས་ནི། །ལུས་དང་ཟས་ཀྱིས་བསྒྲིབས་གྱུར་ཏེ། །ཡི་དྭགས་སྡུག་བསྔལ་གནས་སུ་འགྲོ། །སྐོམ་དང་བཀྲེས་པས་ཉོན་མོངས་འགྱུར། །རྣག་ཁྲག་ངན་སྐྱུགས་རྟག་ཏུ་མཐོང་། །དེ་ལ་སྤྱོད་པའི་དབང་ཡང་མེད། །རྩུབ་ཅིང་གདུག་པས་བསྲུང་བར་འགྱུར། །ཐུགས་རྗེ་ཆེན་པོའི་ཞེ་སྡང་ནི། །འཁོར་བའི་ལམ་ལྔའི་སྒོ་བཅད་ཅིང་། །བདེ་གཤེགས་ལམ་དུ་འཛུད་པར་བྱེད། །ཡང་དག་དོན་དང་ལྡན་པར་འགྱུར། །ཐུགས་རྗེའི་ཚུལ་གྱིས་ཁྲོ་སྟོན་ཅིང་། །ཤིན་ཏུ་མཉམ་པའི་ངང་དུ་འཇུག །རྡོ་རྗེ་སེམས་དཔའ་ཞི་བ་ཡིས། །ཡང་དག་མཆོག་གི་བདེ་བ་འགྲུབ། །ཡེ་ཤེས་གསལ་བའི་བདེ་བ་ནི། །བདག་དང་བདག་གིས་དབྱེར་མེད་དེ། །རང་བཞིན་མེད་པའི་དབྱིངས་སུ་རོལ། །ཐམས་ཅད་བརྗོད་དུ་མེད་པའི་ངང་། །ཀུན་ཏུ་ཁྱབ་པའི་སྐུ་མངའ་བ། །ཤིན་ཏུ་འོད་གསལ་རྣམ་དག་


DNG010_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

ལམ། །བྱང་ཆུབ་སེམས་དཔའི་སྒྲིབ་པ་སྦྱང་། །སེམས་ཅན་ཉོན་མོངས་དུག་སེལ་འགྱུར། །ཐམས་ཅད་ཞིང་སྦྱོར་ང་རྒྱལ་ནི། །ཡོན་ཏན་སྤྱོད་པའི་མཛོད་ཡིན་ཏེ། །ང་མེད་བདག་མེད་མི་དམིགས་ལ། །སུ་ཞིག་དེ་ལ་ང་རྒྱལ་བསྐྱེད། །དཔུང་བཞིའི་ཚོགས་ཀྱིས་མི་ཐུབ་པའི། །ཤིན་ཏུ་རྒྱལ་བའི་ཁྱུ་མཆོག་འགྲུབ། །ལྷ་སྲིན་བདུད་སྡེ་ཚར་གཅོད་པའི། །དཔའ་བར་འགྲོ་བའི་ཏིང་འཛིན་ཐོབ། །ཕྲག་དོག་ཡངས་པའི་དོན་སྦྱོར་བ། །ང་དང་བདག་མེད་དོན་རྟོགས་ན། །དོག་དང་ཡངས་པ་གཉིས་མེད་དེ། །བདེ་མཆོག་དཀྱིལ་འཁོར་ཡངས་པ་འགྲུབ། །ཕྲག་དོག་དངོས་པོ་མི་ཤེས་ཤིང་། །ང་དང་བདག་ཏུ་འཛིན་འགྱུར་ནས། །ལྷ་མ་ཡིན་གྱི་གནས་སུ་སྐྱེ། །དེ་ནས་ཡི་དྭགས་གནས་སུ་འགྲོ། །གལ་ཏེ་ཡུལ་ས་རྙེད་གྱུར་ན། །ཤིན་ཏུ་མི་བདེ་དོག་པར་འགྱུར། །གཞན་ཡང་ལོངས་སྤྱོད་ཐམས་ཅད་ལ། །དབང་བྱར་མེད་ཅིང་གཞན་དབང་འགྱུར། །མདོར་ན་ཉོན་མོངས་སྡུག་བསྔལ་འགྲུབ། །ཕྲག་དོག་ཡང་དག་རྟོགས་པ་ནི། །ང་དང་བདག་ཏུ་འཛིན་པ་དང་། །ཕྱིན་ཅི་ལོག་ལ་ཕྲག་དོག་སྟེ། །ཐམས་ཅད་གཉིས་སུ་མེད་པར་སྦྱོར། །བདེ་བ་མཆོག་ཀྱང་འགྲུབ་པར་འགྱུར། །གཉིས་མེད་དོན་ཡང་རྟོགས་པར་འགྲུབ། །ང་མེད་བདག་མེད་དབྱིངས་སུ་ཐིམ། །ལྷུན་གྲུབ་དོན་མཆོག་འགྲུབ་པར་འགྱུར། །ཡི་དམ་ལྷ་ནི་རྟག་བསྒོམས་ན། །རྒྱུ་འབྲས་ལྷུན་གྱིས་གྲུབ་པ་ཡི། །བདག་གིས་ཀུན་ཏུ་དབང་བསྒྱུར་ཏེ། །རིག་འཛིན་གནས་སུ་སྐྱེ་བར་འགྱུར། །རྡོ་རྗེ་སློབ་དཔོན་སྨད་མི་བྱ། །ཡོན་ཏན་རིན་ཆེན་གཏེར་ཆེན་པོ། །ཐམས་ཅད་མ་ལུས་སྟོན་པ་སྟེ། །ཉོན་མོངས་མ་ལུས་རྩད་གཅོད་པའི། །བླ་མེད་འབྲས་བུ་འཐོབ་པར་བྱེད། །ལུས་ལ་དབང་བའི་རྒྱལ་པོ་ལས། །ཤིན་ཏུ་ལྷག་པའི་བཀུར་སྡི་བྱ། །དྲིན་ཆགས་བསྐྱེད་པའི་ཕ་མ་བས། །ཤིན་ཏུ་གདུང་ཞིང་བརྩེ་བར་བྱ། །སྔགས་དང་ཕྱག་རྒྱ་རྒྱུན་མི་གཅད། །ཕྱག་རྒྱ་ཆེན་པོ་རྟག་ཏུ་གཞག །སྔགས་ནི་རྟག་ཏུ་བརྗོད་པར་བྱ། །ཉིན་ཡང་ལན་གསུམ་མཚན་ཡང་ལན་གསུམ་དུ། །མཁས་པ་དག་གིས་རྒྱུན་དུ་བྱ། །


DNG010_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

བར་མ་ཆད་པར་བསྒྲིམས་ཏེ་བཟླས། །གསང་བའི་མན་ངག་གཞན་དུ་སྤེལ་མི་བྱ། །རྡོ་རྗེའི་ལྕེ་ཡི་ཚུལ་ཡོད་ཀྱང་། །ཐེག་པ་དམན་དང་མ་འདྲེས་པ། །སྐྱེ་བོ་ཕལ་པར་སྨྲ་མི་བྱ། །རྡོ་རྗེ་མཆེད་དང་ལྕམ་དྲལ་ལ། །མངན་དང་འཕྱ་སེམས་སྨད་པ་དག །རྫི་ཕྱོགས་ཙམ་དུའང་སྨད་མི་བྱ། །ཤིན་ཏུ་གདུང་ཞིང་བརྩེ་བར་བྱ། །བདུད་རྩི་སྨན་རྣམས་རྟག་ཏུ་སྤྱད། །བླ་མེད་གྲུབ་པའི་གསོས་ཡིན་པས། །གཙང་སྨེ་མེད་པར་བཟའ་བར་བྱ། །ཡིད་བཞིན་བདུད་རྩི་དབང་བྱེད་འགྱུར། །འདོད་ཆགས་ཞེ་སྡང་གཏི་མུག་དང་། །ང་རྒྱལ་ཕྲག་དོག་ཆེན་པོ་ནི། །སངས་རྒྱས་ལྔ་པོ་དེ་ཡིན་པས། །མི་སྤང་རྟག་ཏུ་བསྒྲུབ་པར་བྱ། །དམ་ཚིག་དམ་ཚིག་ཅེས་བྱ་བ། །གུད་ན་ཡོད་པ་མ་ཡིན་ཏེ། །རང་གི་བལྟ་བ་དམ་ཚིག་ཡིན། །མི་གཏོང་ཕྱིར་ཡང་དམ་ཞེས་བྱ། །གཟུངས་སུ་གྱུར་པས་དམ་ཞེས་བྱ། །རྡོ་རྗེ་མ་ནོར་ལམ་སྟོན་པས། །དེ་ལ་ཡང་ནི་ཚིག་ཅེས་བྱ། །ཡང་ན་དེ་བཞིན་བཀའ་བཅག་པས། །མི་ཁོམ་གནས་སུ་འཚིག་པར་འགྱུར། །དམ་ཚིག་ཅེས་ནི་དེ་ལ་བརྗོད། །རྡོ་རྗེ་རིགས་ཀྱི་བསྒྲུབ་བྱ་བ། །སྦྱོར་དང་སྒྲོལ་བས་མཐར་ཕྱིན་འགྱུར། །སྦྱོར་བ་ཉིད་ནི་སྒྲོལ་བ་ཡིན། །སྒྲོལ་བ་ཉིད་ན་སྦྱོར་བ་ཡིན། །རང་བཞིན་གྱིས་ནི་སྦྱོར་སྒྲོལ་དང་། །ཏིང་ངེ་འཛིན་གྱིས་སྦྱོར་སྒྲོལ་དང་། །དབང་པོའི་ཡུལ་དུས་སྦྱོར་སྒྲོལ་དང་། །ཐབས་ཆེན་དག་གི་སྦྱོར་སྒྲོལ་དང་། །མངོན་དུ་ཕྱུང་བའི་སྦྱོར་སྒྲོལ་ལོ། །ཡང་ན་སྦྱོར་སྒྲོལ་བདག་ལ་རྫོགས། །ཤེས་རབ་དབྱིངས་དང་བདག་ཏུ་སྦྱོར། །ཐབས་ཆེན་སྤྲུལ་པ་བསམ་མི་ཁྱབ། །དབྱིངས་དང་དབྱིངས་སུ་ཐམས་ཅད་སྒྲོལ། །རོལ་པའི་ཕྲིན་ལས་བསམ་མི་ཁྱབ། །ཐུགས་རྗེའི་སྤྲུལ་པ་ཇི་ལྟར་སྟོན། །སྦྱོར་སྒྲོལ་ཕྲིན་ལས་བདག་ལ་རྫོགས། །བྱང་ཆུབ་སེམས་སྤྲུལ་ཕྱོགས་བཅུར་འཕྲོ། །ངན་སོང་གནས་རྣམས་སྟོངས་པར་བྱེད། །རིག་འཛིན་བདེ་ལྡན་འཐོབ་པར་བྱེད། །བླ་མེད་ཞིང་རྣམས་དག་པར་བྱེད། །སྐུ་གསུང་ལྷུན་གྲུབ་ཕྱོགས་བཅུར་འདུལ། །རྡོ་རྗེ་ཞེས་ནི་མཚན་བསྒྲགས་ཏེ། །ཐེག་


DNG010_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

དམན་རྣམས་ཀྱང་རྡོ་རྗེར་དགོད། །ཟད་མི་ཤེས་པའི་གཏེར་ཡང་འགྲུབ། །རྡོ་རྗེ་རིག་པ་འཛིན་པའི་སྐུ། །ཐམས་ཅད་དབྱེར་མེད་མཉམ་པའི་སྐུ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་མཆོག །ཐུགས་རྗེའི་སྤྲུལ་པ་དཔག་མེད་ཀྱིས། །འགྲོ་དྲུག་དུས་གནས་མ་ལུས་མཁྱེན། །འགྲོ་བ་ཉིད་ནི་ཉིད་ཀྱི་སྐུ། །ཉོན་མོངས་བྱང་ཆུབ་ལམ་དུ་མཁྱེན། །འཁོར་བ་ཉིད་ནི་བདེ་གནས་སོ། །ཆོས་ཀྱི་དབྱིངས་དང་སེམས་ཅན་མཐའ། །དབྱེར་མེད་ཡང་དག་ཉིད་དུའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྒྱུ་འཕྲུལ་དྲ་བ་ལས་རྨད་དུ་བྱུང་བའི་དམ་ཚིག་བཅོ་ལྔ་འདི་ལྟར་ཡང་བཤད་པའི་ལེའུ་སྟེ་ཉེར་བརྒྱད་པའོ།། །།དེ་ནས་དེ་བཞིན་གཤེགས་པ་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་ལས་དམ་ཚིག་རྣམ་པར་སྤྲོས་པ་འདི་ཉིད་ལས་ཆེད་དུ་བརྗོད་པ་འདི་བརྗོད་དོ། །སྤྲོས་པའི་རྡོ་རྗེ་ཞེས་བྱའི་དམ་ཚིག་ནི། ཞེ་སྡང་རྡོ་རྗེའི་ཐུགས་རྗེའི་ངང་། །དམྱལ་བའི་གནས་རྣམས་ཚར་གཅོད་པའི། །བརྒྱད་བརྒྱད་དྲུག་ཅུ་ཞིང་དུ་སྦྱོར། །ཚ་བ་རྣམས་ལ་བསིལ་བའི་སྨན། །གྲང་བ་རྣམས་ལ་དྲོ་བའི་སྨན། །བསིལ་དྲོད་འཇམ་རྩུབ་ཆ་སྙོམས་པ། །ཐུགས་རྗེའི་བྱིན་རླབས་དེ་ལྟར་སྟོན། །ཕྱིན་རླབས་ཡ་མཚན་རྨད་པོ་ཆེ། །ཆགས་པའི་ཡེ་ཤེས་ཞེས་བྱ་བའི་དམ་ཚིག་ནི། ཆགས་པ་མེད་པའི་ཚུལ་གྱིས་ནི། །འདོད་པ་ཀུན་ལ་ལོངས་སྤྱོད་བྱ། །ཇི་ལྟར་བདེ་བའི་རོ་མྱོང་བཞིན། །མྱོང་ཚོར་ཉིད་ན་རང་བཞིན་མེད། །ཆགས་པ་མེད་པའི་ཡེ་ཤེས་ཀྱིས། །ཡི་དྭགས་གནས་རྣམས་ཚར་གཅོད་ཅིང་། །ལུས་དང་ཟས་ཀྱིས་བསྒྲིབས་པ་ཡི། །ཉོན་མོངས་གཉིས་ཀ་མེད་པར་སྟོན། །གཏི་མུག་ཅེས་བྱ་བའི་དམ་ཚིག་ནི། ང་དང་བདག་མེད་དབྱེར་མེད་པའི། །ཤེས་རབ་ཆེན་པོའི་འོད་གསལ་གྱིས། །དྲན་སྨྲ་མེད་པའི་སྡུག་བསྔལ་བསལ། །རྨོངས་མེད་སྒྲིབ་པ་དག་པར་བྱས། །ཡེ་ཤེས་གསལ་བའི་ཐུགས་རྗེ་ཡིས། །བྱ་བྱེད་མེད་པར་ཉོན་མོངས་སྒྲོལ། །བྱོལ་སོང་གནས་ནི་སྟོངས་བྱེད་ཅིང་། །ཐུགས་རྗེའི་སྒྲོན་མ་དེ་ལྟར་སྟོན། །ཕྲག་དོག་ཆེན་པོའི་དམ་ཚིག་ནི། །


DNG010_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

ཡངས་པ་ཆེན་པོའི་ཡེ་ཤེས་ཀྱིས། །ང་དང་བདག་འཛིན་རྣམས་ལ་ནི། །ཐུགས་རྗེས་གཉིས་མེད་མཉམ་སྦྱོར་ཞིང་། །དོག་དང་ཡངས་པ་གཉི་ག་མེད། །རྒྱ་ཆེན་ཡངས་པའི་བློ་ལྡན་པས། །འདི་ལ་མི་ཆུད་གང་ཡང་མེད། །ཐམས་ཅད་ཡངས་པ་ཉིད་དུ་སྦྱོར། །ལྷ་མ་ཡིན་རྣམས་སྟོངས་པར་བྱེད། །ང་རྒྱལ་བདེ་མཆོག་ཅེས་བྱ་བའི་དམ་ཚིག་ནི། ཡེ་ནས་ཆོས་ཉིད་མཉམ་པ་ལ། །ང་དང་ཁྱོད་ཅེས་བྱ་བ་མེད། །ཐམས་ཅད་དབྱིངས་སུ་རོ་གཅིག་སྟེ། །གཉིས་མེད་མཚན་ཉིད་བརྣན་དུ་མེད། །ཆེ་ཆུང་མེད་པའི་ངང་ཡིན་པས། །བྱ་བ་དག་ནི་མེད་པར་བསྟན། །ང་རྒྱལ་བདག་མེད་རྟོགས་པ་ཡིས། །དྲེགས་པའི་གནས་རྣམས་སྟོངས་པར་བྱེད། །རང་བཞིན་གྱིས་འོད་གསལ་བ་ཞེས་བྱ་བའི་དམ་ཚིག་ནི། འཇིག་རྟེན་འདི་ན་ཅི་ཡོད་པའི། །མིང་དང་ཐ་སྙད་འཛིན་པ་དག །སོ་སོའི་མཚན་ཉིད་གཞིག་བྱས་ན། །རང་བཞིན་མེད་དེ་ཡང་དག་ཉིད། །རང་བྱུང་ཆེན་པོའི་ཡེ་ཤེས་ཀྱིས། །ཐམས་ཅད་སངས་རྒྱས་ཞིང་དུ་སྦྱོར། །མ་བཅོས་མ་བྱས་ངང་གིས་གསལ། །ཡེ་ནས་འོད་གསལ་སངས་རྒྱས་ཞིང་། །ཉིད་ཀྱི་དཀྱིལ་འཁོར་ཞེས་བྱ་བའི་དམ་ཚིག་ནི། རང་རིག་ཉིད་ལ་གནས་པ་ཡི། །སུས་ཀྱང་མ་བྱུང་རང་བྱུང་སྟེ། །ཐམས་ཅད་དེ་བཞིན་ཉིད་དུ་སྦྱོར། །གཉིས་མེད་དབྱིངས་ཀྱི་ངང་དུ་ཐིམ། །རང་བྱུང་ཡེ་ཤེས་དཀྱིལ་འཁོར་གྱིས། །མ་ལུས་དེ་བཞིན་ཉིད་དུ་སྡུད། །སྡུད་དང་མི་སྡུད་གཉིས་ཀ་མེད། །ཡང་དག་ཁོ་ན་ཉིད་དུའོ། །བདེ་བའི་ངང་ཉིད་ཅེས་བྱ་བའི་དམ་ཚིག་ནི། ཐམས་ཅད་མ་ལུས་རྣམ་པར་དག །ཉིད་ཀྱི་དབྱིངས་ལས་མི་གཞན་ཕྱིར། །བདེ་དང་མི་བདེ་གཉིས་ཀ་མེད། །ཐམས་ཅད་དབྱིངས་སུ་རོ་གཅིག་སྟེ། །ཇི་བཞིན་ཉིད་ཀྱི་ངང་བཙན་པ། །ཡང་དག་ཉིད་ཀྱིས་དེ་སྐད་གསུངས། །བཤད་དང་ཉན་དང་གཉིས་ཀ་མེད། །དེ་བཞིན་ཉིད་དུ་ཡང་དག་འདུ། །དུས་བཞིའི་རྒྱལ་མཆོག་ཅེས་བྱ་བའི་དམ་ཚིག་ནི། གོང་ན་མེད་པའི་ཡེ་ཤེས་མཆོག །ཐམས་ཅད་ཀུན་ལ་དབང་བསྒྱུར་ཏེ། །ཐམས་ཅད་མཉམ་པ་ཉིད་


DNG010_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སྦྱོར། །འདས་དང་མ་འདས་ཐམས་ཅད་དང་། །འབྱུང་དང་འབྱུང་བར་མ་ངེས་པའི། །ཡེ་ཤེས་རྟོགས་པའི་ཁྱད་པར་གྱིས། །དུས་བཞི་སྔ་ཕྱི་མེད་པ་ཡི། །མཉམ་པ་ཉིད་དུ་ལྷན་ནེར་སྦྱོར། །ལྷུན་གྲུབ་ཡེ་ཤེས་ཞེས་བྱ་བའི་དམ་ཚིག་ནི། འཇིག་རྟེན་འདས་དང་འཇིག་རྟེན་པའི། །ཐམས་ཅད་དབྱེར་མེད་བྱང་ཆུབ་སྟེ། །ཡེ་ནས་རྣམ་པར་དག་པའི་ཆོས། །མ་བཅོས་ལྷུན་གྱིས་གྲུབ་པ་ཡི། །བྱང་ཆུབ་ལམ་ཆེན་འདི་ཡིན་ཏེ། །ཐམས་ཅད་དབྱེར་མེད་ཉིད་དུ་འདུས། །བྱང་ཆུབ་དོན་གྲུབ་ཡེ་ནས་རྫོགས། །མཉམ་པའི་ཞིང་དུ་ཐམས་ཅད་ཐིམ། །རྡོ་རྗེ་སྐྱེ་གནས་ཞེས་བྱ་བའི་དམ་ཚིག་ནི། ཐེག་པ་ཆེ་མཆོག་རིགས་སུ་ངེས། །རིགས་དེ་བྱང་ཆུབ་བརྟན་པས་བཟུང་། །ཐམས་ཅད་མཉམ་པའི་དབྱིངས་ཤེས་ན། །རིགས་མཆོག་ཀུན་གྱི་སྐྱེ་གནས་ཡིན། །སྐྱེས་པ་ཉིད་ན་སྐྱེས་པ་མེད། །ལས་དང་ལས་ཀྱི་བག་ཆགས་མེད། །ཅིས་ཀྱང་མ་གོས་ཐམས་ཅད་འཇོམས། །སྐྱེ་ཤི་མེད་པའི་ས་ཡང་ཡིན། །བྱང་ཆུབ་ཀྱི་ཞིང་བཀོད་པ་ཞེས་བྱ་བའི་དམ་ཚིག་ནི། ཕྱོགས་བཅུ་མཐའ་ཡས་མུ་མེད་པའི། །སྣང་གྲགས་བསམ་གྱིས་མི་ཁྱབ་པའི། །ཕྱི་ནང་གཉིས་ཀྱི་གནས་པ་དག །དེ་བཞིན་ཉིད་ཀྱི་དབྱིངས་སུ་ཐིམ། །མདོར་ན་ཞིང་ཁམས་མ་ལུས་པར། །ཡོན་ཏན་རིན་ཆེན་བཀོད་པ་ཡི། །ཡེ་ཤེས་རྒྱན་གྱིས་སྤྲས་པ་རྣམས། །ཞིང་དེ་ཡོན་ཏན་བསམ་མི་ཁྱབ། །ཡེ་ཤེས་བཞུགས་གནས་ཞེས་བྱ་བའི་དམ་ཚིག་ནི། གཟུང་འཛིན་བྲལ་བའི་ཡེ་ཤེས་ནི། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །གསང་སྔགས་ཆེན་པོ་བསྒྲུབ་འདོད་པས། །གཟུང་འཛིན་བྲལ་བའི་ཡེ་ཤེས་ཐོབ། །ཆོས་ཀྱི་དབྱིངས་དང་སེམས་ཅན་ནི། །གཉིས་མེད་དེ་བཞིན་ཉིད་དུ་གཅིག །དེ་ལྟར་རྟོགས་པའི་སྐྱེས་བུ་ནི། །རྡོ་རྗེའི་བཞུགས་གནས་ཡིན་པར་བཤད། །མི་འཇིགས་པའི་རྒྱལ་མཆོག་ཅེས་བྱ་བའི་དམ་ཚིག་ནི། རྣམ་པར་བྱང་དང་ཉོན་མོངས་གཉིས། །སོ་སོར་ཡོད་


DNG010_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

པ་མ་ཡིན་ཏེ། །ཉོན་མོངས་གཉེན་པོས་བཅོས་སུ་མེད། །ཐམས་ཅད་དབྱིངས་སུ་རོ་གཅིག་པས། །དེ་ལ་འཇིག་པའི་གཉེན་པོ་མེད། །ཅིས་ཀྱང་མི་ཚུགས་གོང་ན་མེད། །མཆོག་ཏུ་བདེ་བའི་ཞིང་ཡང་ཡིན། །ང་མེད་བདག་མེད་རྒྱལ་བའི་མཆོག །གཞལ་ཡས་ཁང་བརྟེན་ཞེས་བྱ་བའི་དམ་ཚིག་ནི། ཕྱོགས་བཅུ་དུས་བཞི་ཐམས་ཅད་ཀུན། །རྒྱལ་བའི་ཞིང་དུ་སྦྱོར་བས་ནི། །དོག་ཡངས་ཚད་ཀྱང་དཔག་ཏུ་མེད། །སངས་རྒྱས་སྤྱི་གཙུག་ལྟ་བུའི་མཚན། །ཡེ་ཤེས་རྒྱུ་ལས་གྲུབ་པའོ། །ཇི་ལྟར་དམིགས་པ་བཞིན་དུ་འགྲུབ། །ཟག་པ་ཟད་ལས་གྲུབ་པ་ཡི། །ནམས་ཀྱང་འཇིག་མེད་ཆོས་ཀྱི་དབྱིངས། །སྣ་ཚོགས་ཀུན་ཏུ་བསྒྱུར་ཞེས་བྱ་བའི་དམ་ཚིག་ནི། རྡོས་པོ་ཅན་གྱི་ཆོས་མིན་པས། །ཇི་ལྟར་བསམ་པ་བཞིན་དུ་འགྲུབ། །རིག་པ་རང་དབང་གྱུར་པས་ན། །སྟོང་པར་བྱ་བའམ་མི་སྟོང་བྱ། །ཐམས་ཅད་དབྱེར་མེད་ངང་ཡིན་པས། །ཁ་དོག་དབྱིབས་དང་རིན་པོ་ཆེ། །ཐམས་ཅད་ཁྱབ་པར་ཡུངས་འབྲུའི་ཚུལ། །བསམ་ཡས་མཐའ་དབུས་མེད་པའོ། །འདྲེན་བྱེད་གནས་སྟོངས་ཞེས་བྱ་བའི་དམ་ཚིག་ནི། མ་རིག་ལོག་རྟོག་བསམ་ཡས་ཀྱིས། །འཇིག་རྟེན་ཁམས་རྣམས་བརྒྱུད་ཅིང་འཁོར། །འཁོར་བའི་རྒྱུ་དང་འབྲས་བུ་གཉིས། །གཞི་རྩ་མེད་པའི་སྐད་ཅིག་མ། །ཡང་དག་བྱང་ཆུབ་སེམས་རིག་ན། །མ་རིག་རྒྱུ་འབྲས་རྣམ་པར་དག །ཉོན་མོངས་པ་ཉིད་བྱང་ཆུབ་སྟེ། །ཐམས་ཅད་མ་ལུས་བདེ་གནས་སོ། །ལམ་ལྔ་སྟོན་བྱེད་ཅེས་བྱ་བའི་དམ་ཚིག་ནི། ཏིང་འཛིན་རྣམ་གསུམ་བསྒོམ་བྱས་ཏེ། །ཉོན་མོངས་ལམ་ལྔའི་སྒོ་བཀག་ནས། །ལམ་ལྔར་སྣང་བ་རྣམ་རྟོག་ཡིན། །རྟོགས་དང་མི་རྟོག་གཉིས་ཀ་མེད། །གཉིས་མེད་དེ་ནི་ཡང་དག་ལམ། །ཐབས་དང་ཤེས་རབ་ངང་ཉིད་དུ། །ཤིན་ཏུ་མཉམ་གཞག་རྟོགས་བྱ་ཞིང་། །བླ་ན་མེད་པ་སྟོན་པར་བྱ། །ཡང་དག་དོན་སྟོན་ཞེས་བྱ་བའི་དམ་ཚིག་ནི། ཐེག་པ་བསམ་ཡས་སྟོན་པ་ཡང་། །དེ་བཞིན་ཉིད་ཀྱིས་མ་བརྗོད་ཀྱང་། །སེམས་ཅན་བློ་ཡི་རིམ་པ་བཞིན། །སོ་སོར་འཚམས་པ་ཀུན་ལ་གསལ། །


DNG010_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་རྡོ་རྗེའི་ཐེག་མཆོག་སྟེ། །རྒྱ་མཚོའི་ཀླུང་དུ་ཆུ་འབབ་བཞིན། །ཐམས་ཅད་ཆུ་ཡི་ངོ་བོ་ཉིད། །ཐེག་པ་ཐམས་ཅད་རྡོ་རྗེའི་ས། །རབ་ཏུ་རྟོགས་བྱེད་ཅེས་བྱ་བའི་དམ་ཚིག་ནི། ཤེས་རབ་བློ་ཆེན་རབ་ལྡན་པས། །དོན་དུ་མི་འགྱུར་ཡོངས་མ་གསུངས། །སྲིད་གསུམ་འགྲོ་བ་བསམ་ཡས་སུ། །ཐུགས་རྗེས་སྟོན་པ་བསམ་མི་ཁྱབ། །དོན་དང་མཐུན་པ་འབའ་ཞིག་སྟོན། །མི་མཐུན་ཞགས་པས་འཁོར་བ་གཅོད། །བདེ་གཤེགས་ཞིང་རྣམས་དག་པར་བྱེད། །ཐམས་ཅད་དབྱིངས་སུ་དག་པར་འདུས། །སྒྱུར་བྱེད་བྱང་ཆུབ་ཅེས་བྱ་བའི་དམ་ཚིག་ནི། རང་རིག་ཡེ་ཤེས་དབང་ཐོབ་ནས། །དཀར་པོ་ཚོན་གྱིས་མདོག་བསྒྱུར་བཞིན། །དུག་ཀྱང་སྨན་དུ་འགྱུར་བ་དང་། །དེ་བཞིན་དུག་གསུམ་བྱང་ཆུབ་སྟེ། །འགྲོ་ལྔ་བྱང་ཆུབ་ལམ་དུ་སྦྱོར། །ཉོན་མོངས་སྡུག་བསྔལ་ཐར་བྱེད་ལམ། །ཐར་དང་མ་ཐར་གཉིས་ཀ་མིན། །ཐམས་ཅད་མ་ལུས་བྱང་ཆུབ་རྒྱུ། །མཉམ་རྫོགས་ལྷུན་གྲུབ་ཅེས་བྱ་བའི་དམ་ཚིག་ནི། ཡེ་ཤེས་སྒྱུ་མར་སྣང་བ་དང་། །ལོག་རྟོག་སྒྱུ་མར་སྣང་བ་གཉིས། །སྒྱུ་མ་ཡིན་པས་རང་བཞིན་མཉམ། །མཉམ་པ་ཉིད་ལ་མི་གནས་པའི། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཏེ། །ཡེ་ཤེས་གཉིས་ཀྱི་དཀྱིལ་འཁོར་ལ། །ཐེག་མཆོག་རྡོ་རྗེ་མ་ལུས་རྫོགས། །དཔེ་བྱད་མཚན་བཟང་དཔག་ཏུ་མེད། །ཐམས་ཅད་དབང་སྒྱུར་ཞེས་བྱ་བའི་དམ་ཚིག་ནི། ཤིན་ཏུ་རྟོགས་པའི་ཁྱད་པར་གྱིས། །སྤྱོད་ཡུལ་ཐམས་ཅད་སྨོན་ནས་མཁྱེན། །དེ་བཞིན་ཉིད་དང་ཀུན་རྟོག་ལ། །གཉིས་སུ་མེད་པས་དབང་བསྒྱུར་ཏེ། །མ་ལུས་ཐམས་ཅད་བདེ་ལྡན་ཞིང་། །ཐམས་ཅད་བྱང་ཆུབ་མཆོག་ཏུ་གྱུར། །ཡེ་ནས་དངོས་པོ་མེད་པ་ལ། །ཇི་ལྟར་དམིགས་པ་བཞིན་དུ་འགྲུབ། །རིག་འཛིན་གནས་སྟོབས་ཞེས་བྱ་བའི་དམ་ཚིག་ནི། ཤེས་རབ་རྣམ་གསུམ་གོམས་བྱས་ནས། །ཏིང་འཛིན་མཉམ་པའི་དོན་རྟོགས་ཏེ། །རྟག་ཏུ་ཡངས་པ་ཆེན་པོ་བསྒོམ། །རྒྱུ་འབྲས་དུས་གཅིག་རྫོགས་པ་ཡི། །རང་རིག་ཉིད་ལ་དབང་ཐོབ་སྟེ། །ཚེ་ནི་བཅུ་


DNG010_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

དང་དྲུག་པ་ཡི། །བརྒྱ་བརྒྱ་དག་ཏུ་བསྣུར་ཞིང་གནས། །ལུས་མ་བོར་བར་སངས་རྒྱས་པའོ། །ཟག་མེད་གཏེར་ལྡན་ཞེས་བྱ་བའི་དམ་ཚིག་ནི། ཤེས་རབ་ཆེན་པོ་རྣམ་དག་པས། །སྤྱོད་ཡུལ་ཐམས་ཅད་དག་པར་འགྱུར། །ཤེས་དང་སྤྱོད་ཡུལ་གཉིས་སུ་མེད། །དེ་བཞིན་ཉིད་དུ་རོ་གཅིག་སྟེ། །ཐམས་ཅད་རྒྱལ་བའི་ཞིང་སྦྱོར་བས། །ཟད་མེད་རིན་ཆེན་གཏེར་དུ་འགྱུར། །མི་ཟད་པར་ལྡན་དམ་ཚིག་མཆོག །འོག་མིན་མཐའ་དབུས་བསམ་མི་ཁྱབ། །བསྒྲུབ་མེད་མཉམ་རྫོགས་ཞེས་བྱ་བའི་དམ་ཚིག་ནི། ཐམས་ཅད་མཉམ་པའི་དཀྱིལ་འཁོར་ལ། །རང་བྱུང་ཡེ་ཤེས་འཕྱོ་བ་ཡིས། །དབྱིངས་དང་རིག་པ་གཉིས་མེད་པའི། །དེ་བཞིན་ཉིད་དེ་རྡོ་རྗེའི་རིགས། །ཐམས་ཅད་གཉིས་སུ་མེད་པ་ལ། །བསྒྲུབ་དང་གྲུབ་པ་ཡོད་མ་ཡིན། །ཡེ་ནས་ལྷུན་གྱིས་གྲུབ་པ་ལ། །དེ་ལ་ལམ་གྱིས་བཅོས་སུ་མེད། །ཐམས་ཅད་བྱིན་གྱིས་རློབ་པ་ཞེས་བྱ་བའི་དམ་ཚིག་ནི། ཆོས་རྣམས་ཡེ་དག་གྱུར་པ་ཡང་། །ཕྱིན་ཅི་ལོག་གི་བློ་ལོག་ནས། །ལོག་རྟོག་གནས་ན་ལོངས་སྤྱོད་པ། །མ་རིག་འཁྲུལ་འཁོར་བསམ་མི་ཁྱབ། །འཁྲུལ་རྟོག་བློ་ངན་བཟློག་པའི་ཕྱིར། །ཐུགས་རྗེ་ཆེན་པོ་ཐབས་མཁས་པས། །ཉོན་མོངས་འདྲེན་ཅིང་མཐོ་རིས་གནས། །བྱང་ཆུབ་ལམ་ཆེན་རྟོགས་པར་སྟོན། །གསུང་མཆོག་མཐའ་ཡས་ཞེས་བྱ་བའི་དམ་ཚིག་ནི། ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །མིང་དང་ཚིག་ཏུ་བཏགས་ནས་སྟོན། །ཇི་སྙེད་མང་པོའི་དོན་བརྗོད་ཀྱང་། །རྡོ་རྗེའི་གསུང་ལ་སྤྲོས་པ་མེད། །སྤྲོས་མེད་དེ་ནི་སྣ་ཚོགས་པའི། །ཀུན་ཏུ་བརྡའ་འཇལ་ཡེ་ཤེས་གསུང་། །སྒྲ་དང་མིང་ཚིག་ཀུན་ལས་འདས། །ཐམས་ཅད་པདྨ་ཆགས་མེད་པའོ། །བསྒྱུར་བ་ཟད་མེད་ཅེས་བྱ་བའི་དམ་ཚིག་ནི། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས། །སྣང་སྲིད་མ་ལུས་ཐམས་ཅད་ཀུན། །དེ་བཞིན་ཉིད་ཀྱིས་དབང་བསྒྱུར་ཏེ། །ཐམས་ཅད་ཡེ་ཤེས་དབྱིངས་སུ་བསྡིམ། །ཟད་མེད་ཡེ་ཤེས་གཏེར་ལྡན་པས། །ཐུགས་རྗེ་བྱིན་རླབས་བསམ་མི་


DNG010_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ། །འཇིག་རྟེན་འདས་དང་འཇིག་རྟེན་པའི། །སོ་སོར་དོན་རྟོགས་རྣམ་པར་དག །ཐམས་ཅད་སྐད་འཇལ་ཞེས་བྱ་བའི་དམ་ཚིག་ནི། ཐར་པའི་དཀྱིལ་འཁོར་འབུམ་ཕྲག་དང་། །འགྲོ་དྲུག་དུས་གནས་མ་ལུས་ལ། །གསུང་གཅིག་ཚིག་ཏུ་མ་བརྗོད་ཀྱང་། །སྔོན་གྱི་ཐུགས་རྗེའི་བྱིན་རླབས་ཀྱིས། །ཐར་དང་མ་ཐར་གཉིས་པ་ལ། །སོ་སོ་ཇི་ལྟར་འདོད་པ་བཞིན། །ཆོས་ཀྱི་གསུང་མཆོག་དམ་པ་ཡིས། །ཐར་པ་བསྐུལ་ཞིང་ངན་སོང་སྦྱོང་། །རང་རིག་དབང་བསྒྱུར་ཞེས་བྱ་བའི་དམ་ཚིག་ནི། ཕྱོགས་དུས་བསམ་གྱིས་མི་ཁྱབ་པ། །དེ་ནི་ཇི་སྙེད་ཡོད་པ་ཡི། །མཚན་མ་སྣ་ཚོགས་བཏགས་པ་ཡང་། །རང་རིག་རྣམ་པར་རྟོག་པ་ཉིད། །སངས་རྒྱས་ཞིང་ཁམས་རབ་འབྱམས་ན། །དེ་བཞིན་གཤེགས་པའི་དཀྱིལ་འཁོར་དང་། །སྤྲུལ་པ་བསམ་ཡས་འབྱུང་བ་ཡང་། །ཡེ་ཤེས་རྣམ་པར་དག་པའི་ཡུལ། །ཡི་གེ་མེད་འཇལ་ཞེས་བྱ་བའི་དམ་ཚིག་ནི། ཡི་གེ་ཚིག་དང་སྒྲ་སྤངས་པའི། །བརྗོད་མེད་ངང་དུ་གནས་པ་ནི། །གསུང་ཉིད་རང་བཞིན་མེད་པ་ཡི། །ཆོས་རྣམས་ཐམས་ཅད་ཡེ་ནས་དག །ཐམས་ཅད་ཐུགས་སུ་གྱུར་པས་ན། །སྒྲ་དང་ཚིག་ལ་གནས་པ་མིན། །ཐུགས་ལ་ཐུགས་ནི་མི་གནས་པའོ། །བདུད་སྡེ་ཚར་གཅོད་ཅེས་བྱ་བའི་དམ་ཚིག་ནི། ཉོན་མོངས་པ་ཉིད་རྣམ་པར་དག །ཕུང་པོ་ལྔ་ཉིད་མངོན་སངས་རྒྱས། །བདག་ཉིད་ལྷ་ཡི་དཀྱིལ་འཁོར་ཏེ། །སྐྱེ་ཤི་མེད་པའི་གཡུང་དྲུང་གནས། །བདུད་བཞི་བཅོམ་པའི་སྐྱེས་མཆོག་གིས། །དྲེགས་པ་ཆེན་པོ་ཐམས་ཅད་བཅོམ། །མ་རིག་ལོག་འདྲེན་འདུལ་མཛད་དེ། །ཆོས་ཀྱི་དབྱིངས་སུ་ཐམས་ཅད་ཐིམ། །སྟོང་གསུམ་ཀུན་གྲགས་ཞེས་བྱ་བའི་དམ་ཚིག་ནི། ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །ཕྱོགས་བཅུའི་འཇིག་རྟེན་རྡུལ་སྙེད་དུ། །འགྲོ་བའི་ཕྲིན་ལས་བསམ་མི་ཁྱབ། །སྐུ་གསུང་ཐུགས་དང་ཡོན་ཏན་དང་། །ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཀྱིས། །ཐམས་ཅད་གདུལ་བྱ་ཆུད་མ་ཟོས། །ངན་སོང་སྦྱོང་ཞིང་བྱང་ཆུབ་ཞིང་། །


DNG010_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཚོགས་རྫོགས་ཀུན་ཏུ་སྟོན། །ཡེ་ཤེས་གསུང་མཆོག་ཅེས་བྱ་བའི་དམ་ཚིག་ནི། འདས་དང་མ་འདས་ཐམས་ཅད་ཀུན། །ཡང་དག་ཤེས་པས་རབ་བརྟགས་ན། །རང་བཞིན་མེད་ལ་ཅིར་ཡང་སྣང་། །སྣང་བ་ཉིད་ན་དབྱིངས་ཉིད་དེ། །དེ་ལྟར་རྟོགས་པའི་ཡེ་ཤེས་ནི། །ཀུན་ལ་དབང་བསྒྱུར་རང་དབང་ཅན། །ཐམས་ཅད་ཚིག་གི་སྒྲ་ལྟར་སྣང་། །འདི་ནི་ཡེ་ཤེས་གསུང་མཆོག་ཡིན། །བསམ་ཡས་ཡེ་ཤེས་རྡོ་རྗེའི་གསུང་ཞེས་བྱ་བའི་དམ་ཚིག་ནི། ཆོས་རྣམས་བསམ་གྱིས་མི་ཁྱབ་སྟེ། །མཐའ་དང་དབུས་མེད་ཀུན་ཏུ་ཁྱབ། །ཁྱབ་དང་ཁྱབ་མེད་རྡོ་རྗེའི་གསུང་། །སྒྲ་སྐད་སྣ་ཚོགས་བསྒྲགས་པ་དང་། །དངོས་པོ་མེད་ལ་དངོས་པོའི་སྒྲ། །ཇི་ལྟར་པི་ཝང་ལག་ཐོགས་ནས། །སྒྲ་ནི་སྣ་ཚོགས་འབྱུང་འགྱུར་ཡང་། །དངོས་པོ་མེད་པ་དེ་བཞིན་ཉིད། །ཕྱོགས་དུས་དབྱེར་མེད་ཅེས་བྱ་བའི་དམ་ཚིག་ནི། ཕྱོགས་བཅུ་མ་ལུས་ཐམས་ཅད་དང་། །དུས་བཞིར་འབྱུང་བ་མ་ལུས་ཀུན། །ཕྱོགས་དང་སྔ་ཕྱི་མེད་པ་ཡི། །ཐམས་ཅད་དེ་བཞིན་ཉིད་ཀྱི་དབྱིངས། །འཇིག་རྟེན་འདས་དང་འཇིག་རྟེན་པའི། །སོ་སོར་སྣང་བ་ཐམས་ཅད་ཀུན། །རང་རིག་རྒྱལ་པོར་ཡང་དག་འདུ། །རང་རིག་དེ་ཉིད་ཐམས་ཅད་ཡིན། །འཇིགས་མེད་རྡོ་རྗེ་ཞེས་བྱ་བའི་དམ་ཚིག་ནི། འདུས་མ་བྱས་ཉིད་འདུས་བྱས་ཡིན། །འདུས་བྱས་སྣང་བ་རྡོ་རྗེ་ཉིད། །སྣང་དང་མི་སྣང་གཉིས་ཀ་མིན། །ཡོད་དང་མེད་པའང་དབྱེར་མེད་དེ། །རང་བཞིན་ཡེ་ནས་དག་པ་ཡི། །མ་བཅོས་མ་བྱས་ངང་གིས་གསལ། །འཇིག་དང་གཞིག་པར་བྱ་བ་མིན། །ཅིས་ཀྱང་མི་ཚུགས་རྡོ་རྗེའི་བདག །དེ་བཞིན་སྐུ་ཉིད་ཅེས་བྱ་བའི་དམ་ཚིག་ནི། དེ་བཞིན་ཞིང་ཁམས་བསམ་ཡས་དང་། །འགྲོ་བ་མ་ལུས་ཐམས་ཅད་ལ། །ཐར་པ་རྣམས་ལ་དག་པའི་སྐུ། །རྟོག་པ་ཅན་ལ་འཁོར་བའི་ལུས། །སོ་སོར་འཚམས་པར་དོན་སྟོན་ཅིང་། །སྟོན་པ་ཉིད་ན་དངོས་པོ་མེད། །ཆུ་ཟླའི་ཚུལ་དུ་ཀུན་ལ་སྣང་། །ཀུན་ལ་དེ་ལྟར་རྟོགས་པར་བྱོས། །ལྷུན་གྲུབ་བདེ་


DNG010_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཞེས་བྱ་བའི་དམ་ཚིག་ནི། ཆོས་རྣམས་མ་ལུས་ཐམས་ཅད་ལ། །བྱང་ཆུབ་སྙིང་པོ་ཡོད་པ་ལྟར། །རང་བཞིན་ཡེ་ནས་འོད་གསལ་བའི། །བྱང་ཆུབ་སྙིང་པོར་ཐམས་ཅད་འདུས། །ཕྱི་ནང་མ་ལུས་ཐམས་ཅད་ཀུན། །བདག་གི་ངང་དུ་གནས་པས་ན། །བདག་ལ་བདག་གིས་དབང་བསྒྱུར་ནས། །སྤྱོད་ཡུལ་ཐམས་ཅད་སྨོན་ནས་ཤེས། །ཆེ་མཆོག་རྣམ་དག་ཅེས་བྱ་བའི་དམ་ཚིག་ནི། རིག་པའི་རྒྱལ་པོ་རང་གྱུར་པས། །ཐམས་ཅད་ཀུན་ལ་དབང་བསྒྱུར་ཏེ། །གོང་ན་མེད་པའི་ས་གནས་པས། །ཐམས་ཅད་ཀུན་གྱི་གཙོ་བོ་ཡིན། །ཐམས་ཅད་མ་ལུས་གཉིས་མེད་པས། །བསྒོ་དང་བསྒོ་བར་བྱ་བ་མིན། །དེ་བཞིན་ཉིད་ལ་དབང་བསྒྱུར་ནས། །ཐམས་ཅད་དབྱིངས་སུ་རོ་གཅིག་གོ། །ཆོས་ཐམས་ཅད་ཀྱི་དཀྱིལ་འཁོར་ཞེས་བྱ་བའི་དམ་ཚིག་ནི། ཕྱི་ནང་སྣོད་བཅུད་བདག་རྣམས་ལ། །རང་བཞིན་དཀྱིལ་འཁོར་ཡེ་ནས་གནས། །ཆེན་པོའི་གཟུགས་སྣང་ཐམས་ཅད་ནི། །དེ་བཞིན་གཤེགས་པའི་དཀྱིལ་འཁོར་ཉིད། །སྒྱུ་མའི་རྩལ་རྣམས་འཛིན་གྱུར་པ། །དེ་བཞིན་ཡུལ་གྱི་དཀྱིལ་འཁོར་རོ། །རང་རིག་བྱང་ཆུབ་དཀྱིལ་འཁོར་ཏེ། །ཐམས་ཅད་ཀུན་ནས་འཁྱིལ་པར་གནས། །ཟད་མེད་གཏེར་ཆེན་ཞེས་བྱ་བའི་དམ་ཚིག་ནི། ཟག་བཅས་གནོད་སྦྱིན་ནོར་འདྲ་བ། །སེམས་ཅན་འཕེལ་འགྲིབ་ཟད་འགྱུར་གྱི། །དེ་བཞིན་གཤེགས་པའི་ཡོན་ཏན་ནི། །ཟད་མེད་འཕེལ་འགྲིབ་མེད་པ་ཡི། །མང་པོ་སྤྲོས་པས་ཕྲ་མི་འགྱུར། །ཉུང་ངུ་བསྡུས་པས་སྦོམ་པོ་མིན། །ཟད་མེད་རིན་ཆེན་གཏེར་ཡིན་པས། །ཐམས་ཅད་ཀུན་ཏུ་ཁྱབ་པའོ། །རྣམ་དག་བྱང་ཆུབ་ཅེས་བྱ་བའི་དམ་ཚིག་ནི།ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །ཡེ་ནས་རྣམ་པར་དག་པ་ལ། །རྣམ་རྟོག་རྐྱེན་གྱིས་གློ་བུར་དུ། །ཁམས་གསུམ་འཁོར་བའི་བཙོན་རར་གནས། །རང་རིག་སྒྲིབ་མེད་དག་པ་ཡིན། །མྱ་ངན་འདས་དང་འཁོར་བ་གཉིས། །རང་བཞིན་མེད་པའི་དོན་རྟོགས་ན། །སངས་རྒྱས་ཞིང་དུ་རྣམ་པར་དག །གཟུང་འཛིན་དྲལ་བྱེད་ཅེས་བྱ་བའི་དམ་ཚིག་ནི། ཕྱིན་ཅི་ལོག་ཏུ་རྣམ་བརྟགས་


DNG010_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

པས། །བདག་དང་བདག་གིར་སོ་སོར་སྣང་། །དེ་ལ་འཛིན་པ་གཉིས་ཞུགས་ནས། །རང་བཞིན་མེད་བཞིན་སོ་སོར་སྣང་། །ཡང་དག་རྟོགས་པས་རབ་བརྟགས་ན། །དངོས་པོ་ཐམས་ཅད་སྟོང་པ་ཡིན། །དངོས་དང་སྟོང་ཉིད་མི་གནས་པ། །དེ་རྟོགས་སྡུག་བསྔལ་དྲལ་བྱེད་ཡིན། །ཡུམ་གྱུར་དབྱིངས་ཕྱུག་མ་ཞེས་བྱ་བའི་དམ་ཚིག་ནི། འབྱུང་བ་ལྔ་ལ་བརྟེན་གྱུར་པ། །ཐམས་ཅད་འབྱུང་ཞིང་མ་ལུས་གནས། །སྐྱེ་འཁྲུངས་མ་ལུས་གཞི་ཡང་ཡིན། །ཐམས་ཅད་ཀུན་གྱི་རྒྱུ་ཡང་ཡིན། །དེ་བཞིན་གཤེགས་རབ་རྣམ་གསུམ་གྱིས། །ལེ་ལོ་མེད་པའི་བརྩོན་པ་འབོད། །དེ་བཞིན་དབྱིངས་ཉིད་རྟོགས་གྱུར་ན། །བླ་མེད་བྱང་ཆུབ་འབྱུང་བའི་གནས། །ཆོས་ལ་སྐྱོན་མེད་ཅེས་བྱ་བའི་དམ་ཚིག་ནི། བླ་ན་མེད་པའི་དཀྱིལ་འཁོར་དང་། །ངན་སོང་གནས་རྣམས་མ་ལུས་ཀུན། །རྒྱུ་ཉིད་རང་བཞིན་གཉིས་ཀ་དག །རང་བཞིན་ཡེ་ཤེས་དེ་བཞིན་ནོ། །འབྲས་བུ་རྣམ་པར་དག་པ་ནི། །འཇིག་རྟེན་བརྟན་གཡོ་ལ་སོགས་པ། །སྣང་བ་ཉིད་ན་ངོ་བོ་མེད། །དེ་ཉིད་ཆོས་སྐུ་ཆེན་པོ་ཡིན། །སེམས་ཅན་དོན་བྱེད་ཅེས་བྱ་བའི་དམ་ཚིག་ནི། བྱང་ཆུབ་སེམས་སུ་དོན་གཅིག་པས། །རྩ་བ་སྙིང་རྗེ་ཆེན་པོ་འབྱུང་། །ཐབས་ཀྱིས་ཕ་རོལ་ཕྱིན་པ་སྤྱོད། །ཉོན་མོངས་ལམ་ནས་གྲོལ་བར་བྱེད། །ཉོན་མོངས་ཁམས་གསུམ་གནས་པ་ཡང་། །ཕྱིན་ཅི་ལོག་ཉིད་སྣང་བ་ཡིན། །དེ་རྟོགས་མཐོ་རིས་ཐར་པའོ། །རྟོགས་ནས་དོན་འཛིན་ཅེས་བྱ་བའི་དམ་ཚིག་ནི། ཐམས་ཅད་ལྷུན་གྱིས་གྲུབ་པ་དང་། །སྒྱུ་མ་མིག་ཡོར་ཚུལ་ཤེས་པས། །གཉིས་ཀ་རང་རིག་ཉིད་དུ་འདུས། །དེ་ཉིད་ཡང་དག་ཡིན་པར་བཤད། །སྒྲ་དང་ཚིག་ཏུ་བརྗོད་པ་ནི། །ཡང་དག་དོན་གྱི་སྙིང་པོ་འབྱིན། །མིང་ཚིག་སྒྲ་ལ་མི་བརྟེན་པར། །བློ་ཡི་གཏིང་དུ་གོ་བར་བྱོས། །སེམས་ལ་གནས་བཅས་ཞེས་བྱ་བའི་དམ་ཚིག་ནི། ཐམས་ཅད་མ་ལུས་ཆོས་སོ་ཅོག །སེམས་ཉིད་ལས་ནི་གཞན་ན་མེད། །སེམས་དང་ཆོས་སུ་དབྱེར་མེད་པས། །བྱང་ཆུབ་ལམ་དེ་རིང་བ་མིན། །བྱང་ཆུབ་སེམས་ཞེས་བརྗོད་པ་ནི། །གང་ནས་མ་འོངས་གར་མི་འགྲོ། །


DNG010_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་མེད་རང་རིག་ཁོ་ན་ཙམ། །སངས་རྒྱས་སེམས་ཅན་སེམས་ལ་གནས། །བརྗོད་མེད་སྤྲོས་མེད་ཅེས་བྱ་བའི་དམ་ཚིག་ནི། འཇིག་རྟེན་འདས་དང་འཇིག་རྟེན་པའི། །སྣ་ཚོགས་ཇི་སྙེད་བརྗོད་པ་ཡང་། །སོ་སོའི་མཚན་ཉིད་མ་གཏོགས་པ། །བ་སྤུའི་ཆ་ཙམ་བརྗོད་པ་མེད། །བསོད་ནམས་ཆེན་པོས་བསྟངས་པ་ཡིས། །སངས་རྒྱས་ཞིང་ཉིད་དག་པའོ། །ལས་ངན་དག་གིས་ཁམས་གསུམ་གནས། །དེ་གཉིས་དབྱིངས་ལས་སྤྲོས་པ་མེད། །མི་འགྱུར་རྡོ་རྗེའི་གསུང་ཞེས་བྱ་བའི་དམ་ཚིག་ནི། རྣམ་དག་སྐུ་གསུང་སྤྲུལ་པ་དང་། །ཆེ་མཆོག་སྣ་ཚོགས་བསྟན་པ་ཡང་། །བྱང་ཆུབ་སེམས་ལ་སྣང་འགྱུར་ཏེ། །སྣང་བ་ཉིད་ན་དབྱིངས་སུ་འུབ། །ཕྱིན་ཅི་ལོག་གཡོ་བསམ་ཡས་ཀྱིས། །ཁམས་གསུམ་གནས་དང་ལམ་ལྔར་འཁོར། །དེ་ཉིད་ལོག་རྟོག་སྣ་ཚོགས་སྣང་། །དེ་ལས་མ་གཏོགས་གང་ཡང་མེད། །ཡེ་ནས་མ་བཅོས་ཞེས་བྱ་བའི་དམ་ཚིག་ནི།བླ་མེད་བྱང་ཆུབ་སྨོས་ཅི་དགོས། །འགྲོ་ལྔ་མ་ལུས་ཐམས་ཅད་ཀུན། །ཡེ་ནས་བྱང་ཆུབ་སྙིང་པོར་གནས། །དེ་བཞིན་དབྱིངས་ཀྱིས་ཀུན་ཏུ་ཁྱབ། །ཇི་ལྟ་བ་ཡི་ངང་གནས་ལ། །དེ་ལྟར་རྟོགས་པའི་བློ་འཇུག་པས། །གཉིས་སུ་མེད་པར་རྟོགས་འགྱུར་ན། །སུ་ཡིས་བཅོས་ཤིང་སུ་ཡིས་རྟོགས། །རང་བཞིན་འོད་གསལ་བ་ཞེས་བྱ་བའི་དམ་ཚིག་ནི། ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །རང་བཞིན་ཡེ་ནས་དག་པ་ཡི། །སུས་ཀྱང་མ་བཅོས་ངང་གིས་གསལ། །མ་ཆགས་པདྨ་འདྲ་བ་ཡི། །ཡེ་ཤེས་ཅན་གྱི་སྤྱོད་ཡུལ་ཏེ། །ཀུན་དང་ཐུན་མོང་དེ་མ་ཡིན། །དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཏེ། །སྐྱེས་བུ་བློ་རྩལ་རབ་ཀྱིས་རྟོགས། །ཐམས་ཅད་དབྱིངས་ཕྱུག་མ་ཞེས་བྱ་བའི་དམ་ཚིག་ནི། མི་ཟད་ཡོན་ཏན་གཏེར་གྱུར་པ། །ཟད་པའི་དུས་མེད་ཡིད་བཞིན་མཛོད། །བདག་དང་བདག་གིས་མེད་པ་ཡི། །ཤིན་ཏུ་ཟབ་པའི་བློ་ལས་བྱུང་། །ཆོས་དབྱིངས་ཟབ་མོའི་དོན་རྟོགས་ན། །སྐུ་དང་ཡེ་ཤེས་བསམ་མི་ཁྱབ། །རང་རིག་ཡེ་ཤེས་དོན་རྟོགས་ནས། །སྐྱེ་ཤི་མེད་པའི་གཡུང་དྲུང་འཐོབ། །བྱང་


DNG010_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སྡོམ་བྱེད་ཅེས་བྱ་བའི་དམ་ཚིག་ནི། གཟུང་འཛིན་བྲལ་བའི་ཡེ་ཤེས་ཀྱིས། །ཆགས་མེད་དབྱིངས་ལ་མཉམ་བཞག་ན། །ཐམས་ཅད་དེ་བཞིན་ཉིད་ཀྱི་ཞིང་། །ཉོན་མོངས་སྡུག་བསྔལ་འབྱུང་མི་འགྱུར། །ཆོས་ཀྱི་རང་བཞིན་ཇི་ལྟ་བུར། །བདག་གིས་ཡང་དག་རྟོགས་བྱས་ཏེ། །ཐེག་པ་དམན་དང་ཕྱིན་ཅི་ལོག །ཐམས་ཅད་མཉམ་པའི་དབྱིངས་སུ་དགོད། །ཕྱོགས་དུས་གཉིས་མེད་ཅེས་བྱ་བའི་དམ་ཚིག་ནི། ཕྱོགས་བཅུ་དུས་བཞི་ཐམས་ཅད་ཀྱང་། །རྟོག་པའི་མཚན་མ་སོ་སོར་སྣང་། །སྣང་བ་ཉིད་ན་དབྱེར་མེད་དེ། །མཐའ་དབུས་མེད་དེ་ཟླུམ་པོ་ཡིན། །དེ་བཞིན་རང་གི་རིག་པ་ཡང་། །མཐའ་དང་དབུས་མེད་དུ་མ་མིན། །གང་དུ་མི་འགྲོ་ཀུན་ཏུ་ཁྱབ། །ཀུན་ལ་བདེ་སྦྱིན་མི་གནས་པའོ། །ཐམས་ཅད་འབྱོར་ལྡན་ཞེས་བྱ་བའི་དམ་ཚིག་ནི། ཆོས་རྣམས་སོ་སོར་རྟོགས་བྱས་ཤིང་། །ཐམས་ཅད་གཉིས་མེད་དབྱིངས་ཤེས་ན། །མི་ཟད་པར་ལྡན་རྒྱན་འཐོབ་སྟེ། །ཀུན་ཏུ་ཟད་མེད་རིན་ཆེན་གཏེར། །དེ་བཞིན་ཉིད་ལ་གནས་བཅས་ན། །ཉོན་མོངས་སྡུག་བསྔལ་མི་འབྱུང་སྟེ། །རྟག་ཏུ་བདེ་གནས་བྱང་ཆུབ་ཉིད། །མཚན་དང་དཔེ་བྱད་ཀུན་དང་ལྡན། །ཐབས་ཉིད་ཤེས་རབ་ཅེས་བྱ་བའི་དམ་ཚིག་ནི། ཇི་ལྟར་སྣང་བ་ཐམས་ཅད་ཀུན། །ཐམས་ཅད་ཐབས་ཀྱི་རང་བཞིན་ཏེ། །ཐབས་ལ་ཐབས་ནི་རྣམ་པར་སྦྱོར། །སྦྱོར་དང་སྦྱོར་བ་གཉིས་ཀ་མིན། །སྣ་ཚོགས་སྣང་བ་ཐམས་ཅད་ཀྱང་། །སྣང་བ་ཉིད་ན་རང་བཞིན་མེད། །དེ་ཉིད་ཤེས་རབ་ཡིན་པར་བཤད། །རྟག་ཏུ་ཐབས་ཉིད་མི་དམིགས་པའོ། །ཤེས་རབ་ཉིད་ཐབས་སུ་སྦྱོར་བ་ཞེས་བྱ་བའི་དམ་ཚིག་ནི། དེ་བཞིན་ཉིད་ཀྱི་དབྱིངས་ཉིད་ལས། །རོལ་པ་སྣ་ཚོགས་ཅིར་ཡང་འབྱུང་། །འབྱུང་བ་ཉིད་ན་རང་བཞིན་མེད། །མེད་པ་ཉིད་ན་སྣ་ཚོགས་སྣང་། །ཐམས་ཅད་ཤེས་རབ་དབྱིངས་ལས་འབྱུང་། །མཉན་བསམ་བསྒོམ་པའི་ཤེས་རབ་ཀྱིས། །ཤེས་རབ་ཐབས་ཀྱིས་དོན་རྟོགས་བྱོས། །ཀུན་ལ་དེ་ལྟར་འབྱོར་བར་གྱིས། །གཉིས་མེད་བྱང་ཆུབ་སེམས་ཞེས་བྱ་བའི་དམ་ཚིག་ནི། ཐབས་དང་ཤེས་རབ་ལྡན་གྱུར་ན། །གཉིས་


DNG010_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

མེད་བྱང་ཆུབ་སེམས་འཕྲོས་ནས། །ཀུན་གྱི་འབྱུང་གནས་བྱེད་པའོ། །དེ་ཡིས་མ་བྱས་གང་ཡང་མེད། །ཁ་དོག་དབྱིབས་རིགས་གང་ཡང་མིན། །ཤིན་ཏུ་བརྟག་དཀའ་སུས་མི་རིག །བདག་གིས་བདག་ཀྱང་མི་མཐོང་ན། །གཞན་གྱིས་མཐོང་བར་ག་ལ་འགྱུར། །ཐམས་ཅད་སྦྱོར་བྱེད་ཅེས་བྱ་བའི་དམ་ཚིག་ནི། ཡེ་ནས་ལྷ་དང་ལྷ་མོ་ཡི། །དཀྱིལ་འཁོར་ཡང་དག་སྦྱོར་བ་དང་། །དབང་པོ་ཡུལ་དུ་སྦྱོར་བའོ། །ཕུང་པོ་ལྔ་ཉིད་དེ་བཞིན་གཤེགས། །འབྱུང་བ་ལྔ་ཉིད་ཡུམ་དུ་སྦྱོར། །དུས་བཞི་ལྷ་མོ་ཉིད་དུ་སྦྱོར། །རྟག་ཆད་མུ་བཞི་ཁྲོ་མོའོ། །ཐམས་ཅད་མ་ལུས་འབྱུང་བ་ཀུན། །མཉམ་པའི་དབྱིངས་དང་རིག་པར་སྦྱོར། །ཡང་ན་ཤེས་རབ་དབྱིངས་མ་ལ། །བདེ་གཤེགས་དཀྱིལ་འཁོར་ཀུན་བཀོད་ལ། །བདག་ཉིད་རིག་པའི་ལྷར་བསྒོམས་ཏེ། །གཉིས་སུ་མེད་པར་ལྡན་པར་བྱ། །རྡོ་རྗེ་དྲིལ་བུ་ལྡན་གྱུར་ནས། །བྱང་ཆུབ་པདྨ་ཤིན་ཏུ་སྤྲོ། །ཕྱོགས་དུས་དཀྱིལ་འཁོར་མཉེས་པ་དང་། །འགྲོ་བ་མང་པོ་བདེ་ཐོབ་ནས། །སླར་ཡང་གཉིས་མེད་དབྱིངས་སུ་བསྡིམ། །ཐིམ་གྱུར་དབྱིངས་ནས་ཕྱག་རྒྱ་འབར། །བདེ་གཤེགས་ཐབས་དང་ཤེས་རབ་རྫོགས། །ཕྱག་རྒྱ་དྲུག་ཀྱང་ཡང་དག་རྫོགས། །བསོད་ནམས་ཚོགས་ཆེན་གཉིས་ཀྱང་རྫོགས། །ཐམས་ཅད་དབྱིངས་སུ་འབྱོར་པས་ན། །ངན་འགྲོར་མི་ལྟུང་ཡང་དག་འགྲུབ། །འདི་ནི་བསྒྲལ་བ་ཆེན་པོ་ཡིན། །བསྒྲལ་བ་ཉིད་ན་སྦྱོར་བ་ཉིད། །སྦྱོར་བ་ཉིད་ན་མ་ལུས་བསྒྲལ། །ཐམས་ཅད་མ་ལུས་པར་བསྒྲལ་བ་ཞེས་བྱ་བའི་དམ་ཚིག་ནི། ཕྱི་ནང་སྣོད་བཅུད་ཇི་སྙེད་པར། །གནས་པའི་སེམས་ཅན་ཐམས་ཅད་ཀུན། །བདག་ཉིད་ཆེན་པོར་རྟོགས་པ་ཡིས། །དབྱིངས་སུ་ཡང་ནི་བསྒྲལ་བར་བྱ། །ཤིན་ཏུ་ཕྲ་བ་ཆེན་པོ་ཡིས། །ཐབས་ཀྱིས་ལྷ་ཆེན་བསྒྲལ་བ་ལྟར། །ཆོས་ཉིད་རྟོགས་པའི་ཏིང་འཛིན་གྱིས། །གཉིས་སུ་མེད་པར་ཐབས་ཀྱིས་བསྒྲལ། །ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །ལམ་ལྔའི་སེམས་ཅན་ཀུན་བཀུག་ནས། །ཐམས་ཅད་མ་ལུས་བསྒྲལ་བར་བྱ། །རི་རབ་


DNG010_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་གླིང་བཞི་ལ། །གནས་པའི་སེམས་ཅན་མ་ལུས་ཀུན། །ཐུགས་རྗེ་ཆེན་པོས་བྱིན་བརླབས་ཏེ། །ཡེ་ཤེས་མེ་ཆེན་བསྒོམས་བྱས་ནས། །ཐམས་ཅད་མ་ལུས་བསྲེག་པར་བྱ། །དབྱིངས་སུ་ཡང་ནི་བསྡིམས་བྱས་ཏེ། །དེ་བཞིན་གཤེགས་པར་བྱིན་གྱིས་བརླབས། །རྒྱལ་བའི་སྲས་སུ་དབང་ཡང་བསྐུར། །དེ་ལྟར་བསྒྲལ་བར་ཀུན་བྱས་ཀྱང་། །བསྒྲལ་བའི་དངོས་པོ་གང་ཡང་མེད། །ཕུང་པོ་ལྔ་པོ་གཞིག་པ་ལ། །བཤིག་ནས་འབྱུང་བ་བག་ལ་ཞ། །མ་བཤིགས་ན་ཡང་འབྱུང་བ་ཡིན། །རྣམ་ཤེས་མེད་པས་བསད་བྱས་ན། །གནས་པ་ཉིད་ན་དངོས་པོ་མེད། །སེམས་ཀྱི་རང་བཞིན་དེ་ལ་ནི། །དུས་གསུམ་སངས་རྒྱས་དགྲར་ལངས་ཀྱང་། །སུས་ཀྱང་ཟིན་ཅིང་སོད་པ་མེད། །འོ་ན་ཐུགས་རྗེས་གང་བསྒྲལ་ན། །རྣམ་རྟོག་མཚན་མ་ཐམས་ཅད་ཀུན། །ཕྱིན་ཅི་ལོག་ལས་བཟློག་བྱས་ཏེ། །ཏིང་འཛིན་སྔགས་དང་ཕྱག་རྒྱ་དང་། །ཤིན་ཏུ་གོམས་པས་དབང་བསྐུར་ཏེ། །བྱང་ཆུབ་ཞིང་ལ་དགོད་པར་བྱ། །དེ་ཙམ་ལ་ནི་བསྒྲལ་ཞེས་གདགས། །བསྒྲལ་བ་ཉིད་ན་སྦྱོར་བ་ཡིན། །ཉོན་མོངས་སྡུག་བསྔལ་རྩད་བཅད་ནས། །བྱང་ཆུབ་གནས་སུ་བསྒྲལ་བས་ན། །གཉིས་མེད་དབྱིངས་སུ་སྦྱོར་བ་ཡིན། །མ་བྱིན་པར་ལེན་པ་ཞེས་བྱ་བའི་དམ་ཚིག་ནི། འཇིག་རྟེན་འདས་དང་འཇིག་རྟེན་པའི། །ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །བདག་དང་བདག་གིར་གཞན་ན་མེད། །རང་བཞིན་ངང་གིས་བདག་མེད་པ། །ཀུན་ལ་ཐོགས་མེད་སྤྱད་འགྱུར་ཡང་། །སྤྱད་དང་སྤྱོད་པ་གཉི་ག་མེད། །ཐམས་ཅད་ཡེ་ནས་སྟོང་པ་ལ། །གང་གིས་ལེན་ཅིང་གང་ལ་སྤྱོད། །སྣང་སྲིད་མ་ལུས་ཐམས་ཅད་ལ། །ཐོགས་པ་མེད་པར་སྤྱོད་འགྱུར་ཡང་། །འཆིང་བར་མི་འགྱུར་བསོད་ནམས་ཚོགས། །ཆགས་མེད་ཡེ་ཤེས་ཆེན་པོ་ཡིན། །མ་ལུས་ཐམས་ཅད་ཆོས་ཀྱི་དབྱིངས། །དེ་ལྟར་རང་རིག་ཡིན་པར་བཤད། །གཉིས་སུ་མེད་པར་རྟོགས་གྱུར་ནས། །བླངས་པ་ཉིད་ན་ཀུན་ཏུ་བཟང་། །རྫུན་དུ་


DNG010_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲ་བ་ཞེས་བྱ་བའི་དམ་ཚིག་ནི། ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །ཡེ་ནས་དངོས་པོ་ཡོད་མ་ཡིན། །རང་བཞིན་ངང་གིས་འོད་གསལ་ལ། །མིང་ཙམ་ཚིག་གིས་མཚོན་མོད་ཀྱིས། །མིང་དང་ཚིག་ལ་དངོས་པོ་མེད། །མ་རིག་པ་ཡི་འཁྲུལ་རྟོག་གིས། །ང་དང་བདག་ཏུ་མེད་པ་ལ། །སོ་སོའི་མཚན་མ་དངོས་པོར་བཟུང་། །འཛིན་པའི་དངོས་པོ་ཡོངས་མེད་དེ། །ཆོས་རྣམས་ཐམས་ཅད་མིང་ཚིག་ཙམ། །ཇི་སྙེད་མང་པོ་བརྗོད་པ་ཡང་། །རྗོད་པར་བྱེད་དང་བརྗོད་པ་མེད། །ཆོས་རྣམས་ཐམས་ཅད་རྫུན་དུ་སྣང་། །རྫུན་ཉིད་ལ་ནི་རྫུན་སྤྱོད་དེ། །རྫུན་ཞེས་བཏགས་ཙམ་ཡོད་མ་ཡིན། །ཐམས་ཅད་རྫུན་གྱི་ཚིག་བཞིན་ནོ། །རྡོ་རྗེ་འཇོམས་བྱེད་ཅེས་བྱ་བའི་དམ་ཚིག་ནི། ཐོག་མ་མེད་ནས་ཕྱིན་ཅི་ལོག །བདག་དང་བདག་ཅེས་མེད་པ་ལ། །རྣམ་རྟོག་མཚན་མ་སོ་སོར་འཛིན། །འཛིན་པའི་དངོས་པོ་ཡོད་མ་ཡིན། །མི་མཐུན་མཚན་མ་གཞོམ་པའི་ཕྱིར། །རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །བདག་རྟོག་བག་ཆགས་ཀུན་བཅོམ་ནས། །རྡོ་རྗེའི་དབྱིངས་སུ་ཐིམ་པར་བྱ། །ཆོས་ཀྱི་འཁོར་ལོ་ཞེས་བྱ་བའི་དམ་ཚིག་ནི། ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །ཁམས་གསུམ་ཉོན་མོངས་འཁོར་བ་རྣམས། །གཞན་གྱིས་བཅིངས་ཏེ་འཁོར་བ་མིན། །འཛིན་རྟོག་ཆགས་པ་ཉིད་ཀྱིས་འཁོར། །བློ་ཆེན་རབ་ཏུ་ལྡན་པ་ཡིས། །ཆོས་ཀྱི་དོན་པོ་མཆོག་ཉོན་ལ། །འཁོར་བ་སྤང་མེད་སངས་རྒྱས་ཤིང་། །ཐམས་ཅད་མ་ལུས་ཆོས་ཉིད་རྟོགས། །རིན་ཆེན་འབྱུང་བ་ཞེས་བྱ་བའི་དམ་ཚིག་ནི། ནོར་གྱི་མཆོག་ནི་དཀོར་བདུན་ཡིན། །འདོད་པས་བཙལ་བར་མི་རྙེད་དེ། །རང་རིག་དབྱིངས་ཀྱི་ཡེ་ཤེས་དང་། །སྐུ་གསུང་ཐུགས་འདས་མི་དམིགས་པའི། །ཆགས་པ་མེད་པའི་ཚུལ་གྱིས་ནི། །གཉིས་སུ་མེད་པར་འབྱོར་བྱས་ན། །ནོར་བདུན་ཆེན་པོ་འབྱུང་བར་འགྱུར། །མཚན་དང་དཔེ་བྱད་སྣ་ཚོགས་ལྡན། །པདྨ་ཆགས་མེད་ཅེས་བྱ་བའི་དམ་ཚིག་ནི། འཇིག་རྟེན་འདས་དང་འཇིག་རྟེན་པའི། །ཆོས་


DNG010_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་མ་ལུས་ཐམས་ཅད་ལ། །བསྒོ་དང་བསྒོ་བར་བྱ་བ་མེད། །པདྨ་འདམ་ནས་སྐྱེས་པ་འདྲ། །ཇི་ལྟར་སྣང་བ་ཐམས་ཅད་ཀུན། །བདག་ལས་གུད་ན་གཅིག་ཀྱང་མེད། །བདག་ཉིད་ཤིན་ཏུ་མི་དམིགས་པས། །ཉོན་མོངས་ཉིད་ཀྱང་བྱང་ཆུབ་ཞིང་། །དོན་རྣམས་སྒྲུབ་པ་ཞེས་བྱ་བའི་དམ་ཚིག་ནི། རྡོ་རྗེའི་རིགས་ཀྱིས་ཐམས་ཅད་བཅོམ། །རིན་ཆེན་རིགས་ཀྱིས་ཡོན་ཏན་འབྱིན། །པདྨའི་རིགས་ཀྱིས་ཆགས་མེད་འགྱུར། །སྐུ་གསུང་ཐུགས་དང་ཡེ་ཤེས་ལྔ། །ཐམས་ཅད་དོན་རྣམས་རྫོགས་པར་བྱས། །གཟུང་དང་འཛིན་པ་རྣམས་སྤངས་ཏེ། །མཉམ་པའི་དབྱིངས་ལས་སེམས་ཀྱིས་བལྟ། །སྐྱེ་འཆི་མེད་པར་ལྷུན་གྱིས་གྲུབ། །སྐུ་གསུང་ཐུགས་དང་ཡོན་ཏན་དང་། །ཕྲིན་ལས་རྨད་འབྱུང་ཀུན་གྲགས་པ། །གཞན་ནས་ཡོད་འོངས་མ་ཡིན་ཏེ། །རང་བྱུང་ཡེ་ཤེས་གནས་མེད་ཡིན། །མཐོང་བའི་ཚུལ་གྱིས་གཟུགས་སྣང་དང་། །བླ་མེད་བྱང་ཆུབ་སྐུར་སྣང་བ། །མེ་ལོང་ལྟ་བུའི་ཚུལ་བཞིན་དུ། །སྣ་ཚོགས་ཁ་དོག་དབྱིབས་སུ་སྣང་། །དེ་བཞིན་གཤེགས་པའི་གསུང་རྣམས་ནི། །སྒྲ་དང་མིང་ཚིག་ཀུན་ལས་འདས། །བརྗོད་མེད་རང་བཞིན་ཀུན་ཏུ་གོ། །ཉོན་མོངས་མེད་ཅིང་བླ་མེད་སྒྲ། །མ་བརྗོད་སྟོང་གསུམ་གྲགས་པ་ཡི། །གསུང་བརྗོད་བསམ་གྱིས་མི་ཁྱབ་པ། །བརྗོད་པ་ཉིད་ནས་སྟོང་གསུམ་མེད། །དེ་ཉིད་སྣ་ཚོགས་བརྗོད་པའོ། །ཐམས་ཅད་མཁྱེན་པའི་ཐུགས་ལྡན་པ། །ཡང་དག་རྟོགས་པས་རབ་བརྟགས་ན། །གཞི་རྩ་མེད་དབྱིངས་སྐད་ཅིག་མ། །མཐའ་དང་དབུས་ཀྱང་བརྟག་ཏུ་མེད། །དེ་ཉིད་སྣ་ཚོགས་འབྱུང་བའི་རྒྱུ། །སུས་ཀྱང་མ་བཅོས་མ་བྱས་པ། །བདག་གིས་བདག་ཀྱང་དམིགས་མི་འགྱུར། །དངོས་མེད་ཀུན་ལ་དབང་བསྒྱུར་བ། །སྐུ་གསུང་ཡང་དག་ལྡན་གྱུར་ན། །ཡོན་ཏན་ནམ་མཁའི་མཐའ་དང་མཉམ། །མི་འགྱུར་སངས་རྒྱས་ཞིང་དུ་འུབ། །སྤྱོད་ཡུལ་མ་ལུས་ཐམས་ཅད་ལ། །ཇི་ལྟར་དམིགས་པ་བཞིན་དུ་འབྱུང་། །མི་ཟད་རིན་ཆེན་གཏེར་ཆེན་འགྲུབ། །གཞན་གྱི་དབྲོག་ཏུ་མེད་པ་ཡི། །བོ་དྷིའི་དཀོར་ནི་རིན་པོ་ཆེ། །ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །བྱ་བྱེད་མེད་པར་རྣམ་བཞི་མཛད། །མཛད་དང་


DNG010_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པར་བྱ་བ་མེད། །ཡེ་ནས་ལྷུན་གྲུབ་སངས་རྒྱས་ཆོས། །སྒྱུ་མའི་ཚུལ་དུ་ཀུན་ལ་སྤྱོད། །སྤྱོད་མེད་ངང་གི་དཀྱིལ་འཁོར་ལ། །ཆགས་མེད་ཚུལ་དུ་རྣམ་པར་རོལ། །བྱ་བྱེད་རྣམ་པ་སྣ་ཚོགས་ཀྱང་། །བྱེད་པ་ཉིད་ན་ཆུ་ཟླའི་ཚུལ། །གཟུང་འཛིན་བྲལ་བའི་ཡེ་ཤེས་ནི། །རྩ་བ་ལྔ་ཞེས་བརྗོད་མོད་ཀྱི། །བརྗོད་པ་ཉིད་ན་ཡོངས་མེད་དེ། །མཚན་ཉིད་མེད་པ་སྣ་ཚོགས་སྣང་། །དེ་ཉིད་ཐམས་ཅད་མཁྱེན་ཉིད་ཡིན། །ཀུན་ལ་ཁྱབ་ཅིང་མི་གནས་པ། །དེ་ནི་རིག་པ་རང་དབང་འགྱུར། །བསམ་གྱིས་མི་ཁྱབ་ཀུན་ཏུ་ཁྱབ། །ནམ་མཁའ་སྣང་བྱེད་ཅེས་བྱ་བའི་དམ་ཚིག་ནི། ཆོས་རྣམས་མ་ལུས་ཐམས་ཅད་ལ། །དེ་བཞིན་ཉིད་ཀྱིས་ཀུན་ཏུ་ཁྱབ། །སྣོད་བཅུད་མ་ལུས་ཐམས་ཅད་ལ། །སྣང་བ་ཆེན་པོས་ཁྱབ་པར་འགྱུར། །ནམ་མཁའ་གཟུང་དུ་མེད་པ་ལྟར། །སྣང་སྲིད་ཐམས་ཅད་དེ་དང་འདྲ། །ཆོས་རྣམས་ཐམས་ཅད་སེམས་ཡིན་ཏེ། །སེམས་ནི་ནམ་མཁའི་རང་བཞིན་ནོ། །རྟེན་བྱེད་ས་ཆེན་ཞེས་བྱ་བའི་དམ་ཚིག་ནི། ཇི་ལྟར་ས་གཞི་ཆེན་པོ་ལ། །སེམས་ཀྱིས་ཟིན་དང་མ་ཟིན་པའི། །སྐྱེ་འཁྲུངས་མ་ལུས་ཐམས་ཅད་འབྱུང་། །ཐམས་ཅད་ཀུན་གྱི་གནས་རྟེན་ཏེ། །དེ་བཞིན་ཐེག་ཆེན་བླ་མེད་ལ། །བྱང་ཆུབ་སངས་རྒྱས་ཀུན་ཀྱང་གནས། །ཐེག་པ་མཐོ་དམན་ཐམས་ཅད་འབྱུང་། །ཐམས་ཅད་ཐེག་ཆེན་དབྱིངས་སུ་འདུས། །སྲེག་བྱེད་ཡེ་ཤེས་མེ་ཞེས་བྱ་བའི་དམ་ཚིག་ནི། བདག་མེད་ཡེ་ཤེས་རང་རིག་གིས། །དངོས་དང་དངོས་མེད་བག་ཆགས་བསྲེག །རང་དང་སྤྱི་ཡི་ཆོས་རྣམས་དང་། །སེམས་ཀྱི་ཕྲ་རྟོག་ཐམས་ཅད་ཀུན། །དངོས་པོ་མེད་པར་རྟོགས་བྱས་ནས། །འཁོར་བ་མ་སྤངས་རྣམ་པར་དག །མྱ་ངན་མི་འདའ་ཡེ་ནས་གནས། །འགྲོ་དང་གནས་པར་བྱ་བ་མིན། །རྟོག་པ་ཐམས་ཅད་ཡེ་ཤེས་ཚོགས། །ཐམས་ཅད་འཁྲུ་བྱེད་ཅེས་བྱ་བའི་དམ་ཚིག་ནི། སེམས་ཅན་མ་ལུས་ཐམས་ཅད་ནི། །སྒྲིབ་གཉིས་དག་གིས་འཁོར་བར་འགྱུར། །མཉན་


DNG010_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་བསྒོམས་པའི་ཤེས་རབ་ཀྱིས། །བདག་མེད་གཉིས་ནི་རྟོགས་བྱས་ནས། །ཕ་རོལ་ཕྱིན་རྫོགས་ས་བཅུ་བསྒྲུབ། །ས་གསུམ་ཡང་དག་རྫོགས་བྱས་ཏེ། །མཉམ་པའི་ཞིང་ལ་ཐམས་ཅད་བཀོད། །ཁྲུས་ཀྱི་མཆོག་ནི་འདི་ཡིན་ནོ། །གཡེང་བྱེད་ཆེན་པོ་ཞེས་བྱ་བའི་དམ་ཚིག་ནི།སེམས་ཅན་ཡེ་ནས་དག་པ་ལ། །བདག་འཛིན་རྡུལ་གྱིས་གཡོགས་པར་འགྱུར། །སེམས་དང་རྡུལ་རྣམས་མེད་རྟོགས་པས། །ཡེ་ཤེས་རླུང་གིས་བག་ཆགས་གཏོར། །ཆོས་རྣམས་ཡེ་ནས་རླུང་དང་འདྲ། །དེ་ལ་གཟུང་དུ་མེད་པ་ལྟར། །ཀུན་ལ་དེ་ལྟར་འབྱོར་བར་གྱིས། །མ་བཅོས་ཡེ་ནས་དེ་ལྟར་གནས། །ཐམས་ཅད་ཀུན་ལ་དབང་བསྒྱུར་ཞེས་བྱ་བའི་དམ་ཚིག་ནི། རང་རིག་ཕྱིན་ཅི་མ་ལོག་པའི། །གཟུང་འཛིན་གཉིས་མེད་རྟོགས་པ་ཡིས། །ཐམས་ཅད་མཉམ་པའི་ངང་གྱུར་ན། །ཐམས་ཅད་མ་ལུས་བདག་ཡིན་པས། །ཐམས་ཅད་ཀུན་ལ་དབང་བསྒྱུར་ཏེ། །ཇི་ལྟར་དམིགས་པ་བཞིན་དུ་འགྲུབ། །ཇི་ལྟར་སྤྱད་ཀྱང་བསོད་ནམས་ཚོགས། །མཉམ་རིག་ཡེ་ཤེས་ཆེན་པོ་ཡིན། །ཆོས་ཐམས་ཅད་གཟུགས་བརྙན་ལྟར་ཤེས་པར་བྱ་བའི་དམ་ཚིག་ནི། ཐམས་ཅད་འབྱུང་བའི་གནས་ཡིན་ཏེ། །སྣང་བ་ཉིད་ནི་འཇའ་ཚོན་བཞིན། །རང་བཞིན་མེད་པར་ཀུན་ཏུ་སྣང་། །དེ་ཉིད་ཆོས་སྐུ་ཡིན་པར་བཤད། །ཅིས་ཀྱང་མ་གོས་མ་སྤངས་པའོ། །སོ་སོར་སྣང་ཞིང་མཐུན་པའི་གཟུགས། །བདག་དང་བདག་ཏུ་མ་བརྟགས་པ། །དེ་ལྟ་བུ་ཡི་ངང་དུ་སྣང་། །ཆོས་རྣམས་སྒྲ་ལྟར་ཤེས་པ་ཞེས་བྱ་བའི་དམ་ཚིག་ནི། སྒྲ་རྣམས་ཇི་སྙེད་བརྗོད་པ་ཡང་། །དངོས་པོ་མེད་ལས་དངོས་པོའི་སྒྲ། །བརྗོད་དང་སྒྲ་ཡི་དངོས་པོ་མིན། །ཆོས་རྣམས་སྒྲ་ལྟར་ཤེས་པར་བྱོས། །ཐམས་ཅད་མ་ལུས་དོན་འབྱུང་བ། །ཚིག་གིས་མཚོན་པ་གུད་ན་མེད། །སྒྲ་ཉིད་དོན་གྱི་དངོས་པོ་མིན། །དོན་ཉིད་སྒྲ་ལས་གུད་ན་མེད། །ཆོས་རྣམས་དྲིའི་མཚན་ཉིད་དུ་ཤེས་པར་བྱ་བའི་དམ་ཚིག་ནི། ཆོས་རྣམས་ཐམས་ཅད་དངོས་མེད་པར། །སྣ་ཚོགས་འབྱུང་ཞིང་


DNG010_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་འཕྲོ། །དེ་བཞིན་དྲི་ཡི་དངོས་པོ་ཡང་། །ཡོད་པ་མ་ཡིན་ཀུན་ཏུ་མནམ། །ཐེ་ཚོམ་མེད་པའི་ཤེས་རབ་ཀྱིས། །ཆོས་ཀུན་དེ་ལྟར་ཤེས་པར་གྱིས། །དྲི་ཡིས་རབ་ཏུ་ཚིམས་གྱུར་ཀྱང་། །དྲི་དང་སྣོམ་པ་གཉིས་སུ་མེད། །ཆོས་ཐམས་ཅད་རོ་ལྟར་ཤེས་པ་ཞེས་བྱ་བའི་དམ་ཚིག་ནི། ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །གཞི་རྩ་མེད་ལས་ཐམས་ཅད་བྱུང་། །དེ་བཞིན་དབང་པོ་དངོས་མེད་དང་། །རྫས་ཀྱི་དངོས་པོ་མེད་པ་ཡིས། །རྣམ་ཤེས་དབང་པོའི་ཡུལ་ཚོགས་ན། །རོ་ཡི་དབང་པོ་ཐམས་ཅད་འགྲུབ། །རོ་དང་རོ་རུ་རྟོག་པ་ཡང་། །རང་བཞིན་མེད་པ་སྐད་ཅིག་མ། །ཆོས་རྣམས་ཐམས་ཅད་རེག་བྱ་ལྟར་ཤེས་པ་ཞེས་བྱ་བའི་དམ་ཚིག་ནི། གཟུགས་རྣམས་ལྦུ་བ་རྡོས་པ་འདྲ། །ཚོར་བ་ཆུ་ཡི་ཆུ་བུར་བཞིན། །མཚན་འཛིན་སྨིག་སྒྱུ་བཞིན་དུ་གནང་། །རྣམ་ཤེས་སྒྱུ་མས་དབང་བསྒྱུར་ན། །མཚན་མ་སྣ་ཚོགས་འབྱུང་བར་ངེས། །བདེ་བའི་རོ་མཆོག་ཀུན་ཀྱང་མྱོང་། །དེ་ཉིད་བསོད་ནམས་ཚོགས་ཆེན་པོ། །བདེ་བ་ཆགས་མེད་ཡེ་ཤེས་ཡིན། །འདུས་བྱས་རྣམ་པར་དག་པ་ཞེས་བྱ་བའི་དམ་ཚིག་ནི། ཡང་དག་ཉིད་ལ་གནས་བྱས་ན། །ཕྱི་ནང་སྣོད་བཅུད་རྣམ་པར་དག །རགས་པར་སྣང་བ་དེ་བཞིན་གཤེགས། །སྒྱུ་མར་འཛིན་པ་ཡུམ་གྱི་དབྱིངས། །གཟུགས་ནི་མཚན་མ་དངོས་པོ་མེད། །གཅིག་ལའང་ལྔ་ལྔར་བཤིགས་པ་དང་། །ཐམས་ཅད་ནམ་མཁའི་ངང་དུ་གནས། །ནམ་མཁའ་དེ་བཞིན་ཆོས་ཀྱི་དབྱིངས། །འདུས་མ་བྱས་ཀུན་ཏུ་འབྱུང་བ་ཞེས་བྱ་བའི་དམ་ཚིག་ནི། གཤེགས་སྐུ་སྒྱུ་མར་སྣང་བ་དང་། །ལོག་རྟོག་སྒྱུ་མར་སྣང་བ་གཉིས། །གཞི་རྩ་མེད་དེ་རང་བཞིན་སྟོང་། །རིགས་དང་རྒྱུད་དུ་བརྟག་ཏུ་མེད། །རིགས་དང་ཁ་དོག་དབྱིབས་མེད་པས། །ཕྱི་ནང་སྣོད་བཅུད་རྣམ་པར་སྣང་། །སྣང་བ་ཉིད་ན་ཆོས་ཀྱི་སྐུ། །ཅིར་ཡང་འགྱུར་ཞིང་ཐམས་ཅད་འགྲུབ། །གླང་པོ་བརྗིད་གནོན་ཞེས་བྱ་བའི་དམ་ཚིག་ནི།


DNG010_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་མ་ལུས་ཐམས་ཅད་ཀུན། །རྣམ་རྟོག་འདུ་བྱེད་མང་པོས་གཡེངས། །ཇི་ལྟར་བུས་པ་ཤེད་མ་བྱེ། །བྱ་བྱེད་མང་པོས་གཡེངས་པར་གནས། །བྱ་བྱེད་མང་པོ་བདག་མེད་པས། །ཏིང་ངེ་འཛིན་གྱིས་དབང་བསྒྱུར་ན། །མཚན་མ་མཉམ་པའི་དབྱིངས་སུ་གནས། །འདུ་བྱེད་སྣ་ཚོགས་མི་གཡོ་བརྟན། །དབང་ལྔ་རྫོགས་པ་ཞེས་བྱ་བའི་དམ་ཚིག་ནི། ཆོས་རྣམས་ཐམས་ཅད་སྐྱེ་མེད་པས། །ཤིན་ཏུ་བརྟན་པའི་དབང་ཐོབ་འགྱུར། །རང་རིག་ཡེ་ཤེས་འོད་གསལ་བས། །ཐམས་ཅད་མཁྱེན་པའི་དབང་ཡང་ཐོབ། །ཆོས་རྣམས་ཐམས་ཅད་དབྱེར་མེད་པས། །ཀུན་ལ་སྤྱོད་པའི་དབང་ཐོབ་སྟེ། །སྤྱོད་ཅིང་ཆགས་པ་མེད་པའི་ཚུལ། །ཀུན་ཀྱང་རང་བཞིན་ཡེ་ནས་ཟླུམ། །ཐམས་ཅད་རྒྱས་འདེབས་ཞེས་བྱ་བའི་དམ་ཚིག་ནི། ཕྱོགས་བཞི་མཚམས་བཞི་སྟེང་འོག་བཅུ། །རང་བྱུང་ཡེ་ཤེས་ཆེན་པོས་ཀུན་ཏུ་ཁྱབ། །རང་བྱུང་དེ་ཉིད་དངོས་མེད་པར། །ཀུན་གྱི་ཕྱག་རྒྱའི་རྒྱུ་ཡིན་ཏེ། །ཆོས་དབྱིངས་དེ་ཉིད་ཟབ་པ་ཡི། །བདག་ལ་གནས་ཤིང་བརྟག་དཀའ་བའོ། །མཉམ་པའི་དབྱིངས་སུ་ཐམས་ཅད་འདུས། །ཡེ་ནས་བདེ་གནས་ཞིང་དུའོ། །ཆོས་རྣམས་དབྱེར་མེད་པ་ཞེས་བྱ་བའི་དམ་ཚིག་ནི། ཡེ་ནས་དབྱིངས་སུ་རོ་གཅིག་པས། །དེ་ལ་ང་བདག་མ་གཏོགས་པ། །རང་བཞིན་རྣམ་པར་དག་པ་ལ། །གཙང་དང་སྨེ་བའི་བློ་ཙམ་མེད། །ཐམས་ཅད་བདེ་གཤེགས་སྙིང་པོ་བས། །རྐྱེན་གྱི་རྡུལ་གྱིས་ག་ལ་འགོ། །ཤེས་རབ་མཆོག་གིས་དེ་ལྟར་རྟོགས། །མ་ལུས་ཀུན་འདུས་དབྱིངས་ཤེས་བྱོས། །ཐམས་ཅད་འཇིགས་བྱེད་ཅེས་བྱ་བའི་དམ་ཚིག་ནི། ཤེས་རབ་བློ་རྩལ་ལྡན་པ་ཡིས། །བདག་རྟོག་མཚན་མ་ཀུན་བཤིགས་ནས། །མཚན་མ་མེད་པའི་ཕྱག་རྒྱ་རུ། །ཐམས་ཅད་འདུས་པར་ཡང་དག་རྟོགས། །རྟོགས་པ་ཉིད་ཀྱང་དངོས་མེད་ལ། །དེ་ཉིད་སྣ་ཚོགས་སར་སྣང་བའི། །སྣང་བ་ཉིད་ན་བྱ་བྱེད་མེད། །དེ་ཉིད་འཇིགས་པའི་ཕྱག་རྒྱ་ཡིན། །གཡུང་དྲུང་ཚེ་འཕེལ་ཞེས་


DNG010_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བའི་དམ་ཚིག་ནི།ཆོས་རྣམས་ཐམས་ཅད་བདག་ཡིན་པས། །གང་དུ་འགྲོ་ཞིང་གང་དུ་སྐྱེ། །འཇིག་དང་སྐྱེ་བའི་དངོས་པོ་མེད། །དངོས་མེད་དེ་ལ་སུ་ཞིག་གསང་། །གང་ཞིག་གཉིས་སུ་འཛིན་པ་ལ། །སྐྱེ་དང་འཆི་བ་དེ་ལ་ཡོད། །ཡེ་ཤེས་ཅན་གྱིས་བརྟགས་པ་ན། །སྐྱེ་འཇིག་ཉིད་ན་དངོས་པོ་མེད། །ཐམས་ཅད་མི་འགོག་པ་ཞེས་བྱ་བའི་དམ་ཚིག་ནི། མཆོག་གསུམ་རྫོགས་པ་མན་ཆད་ནས། །ངན་སོང་གནས་རྣམས་ཡན་ཆད་དུ། །ཡང་དག་པར་ནི་དབྱེར་མེད་དེ། །གང་ཡང་སྤང་བར་བྱ་བ་མིན། །ཐེག་པ་མཐོ་དམན་བསམ་ཡས་པ། །དོན་དུ་མི་འགྱུར་ཡོངས་མ་གསུངས། །ངན་སོང་གནས་རྣམས་ཐམས་ཅད་ཀུན། །བླ་མེད་བྱང་ཆུབ་རྒྱུ་ཡོད་པའོ། །ཐམས་ཅད་སྤྱོད་པ་ཞེས་བྱ་བའི་དམ་ཚིག་ནི། ཐམས་ཅད་ཀུན་ཏུ་བཟང་པོ་ཡིན། །འདོད་པའི་ཡོན་ཏན་ལྔ་རྣམས་ལ། །ཐོགས་པ་མེད་པར་སྤྱད་བྱ་སྟེ། །བསོད་ནམས་ཚོགས་ཆེན་ཡིན་པར་བཤད། །དེ་བཞིན་གཤེགས་པ་ལྔར་ཡང་བརྟགས། །གཞན་ཡང་སྟོང་ཁམས་ཐམས་ཅད་ནི། །ཤེས་རབ་དབྱིངས་དང་འདོད་ཡོན་རྣམས། །རབ་འབྲིང་ཐ་མ་ཐམས་ཅད་སྤྱད། །ཐམས་ཅད་མི་ཆུད་པ་ཞེས་བྱ་བའི་དམ་ཚིག་ནི། ཕྱོགས་དུས་མཉམ་པའི་དཀྱིལ་འཁོར་དུ། །རྡོ་རྗེའི་རིགས་མཆོག་མ་གཏོགས་པ། །ཐེག་པ་དམན་དང་ལྟ་བ་དམན། །དེས་ནི་ཐེག་མཆོག་རྟོགས་མི་འགྱུར། །མཉམ་པའི་དབྱིངས་ཀྱིས་ཀུན་ཁྱབ་ཀྱང་། །ཉོན་མོངས་སྡུག་བསྔལ་ཉིད་ཀྱིས་བསྒྲིབས། །དེ་ཡིས་ཡང་དག་ཉིད་མ་མཐོང་། །ཐམས་ཅད་བསྲུང་དུ་མེད་པ་ཞེས་བྱ་བའི་དམ་ཚིག་ནི། ཐམས་ཅད་མ་ལུས་སངས་རྒྱས་ལ། །བསྒྲུབ་ཅིང་བསྲུང་བར་བྱ་བ་མེད། །དགེ་དང་མི་དགེ་གཉི་ག་མེད། །ཉོན་མོངས་སྤངས་ཤིང་བྱང་བསྒྲུབ་མེད། །དེ་བཞིན་ཉིད་ཀྱི་ཀློང་གྱུར་ནི། །བདེ་དང་མི་བདེ་དབྱེར་མེད་དེ། །ཡེ་ནས་དག་མཉམ་ཉིད་དུ་གནས། །དེ་ལ་བསྲུང་དུ་རྡུལ་ཙམ་མེད། །ཐམས་ཅད་བསྲུང་བ་མེད་པ་ཞེས་བྱ་བའི་དམ་ཚིག་ནི། སེམས་ཅན་ཁམས་


DNG010_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་འཁོར་བ་ནི། །ཐོག་མ་མེད་ནས་སེམས་ཡན་གཏང་། །ཕྱིན་ཅི་ལོག་ལ་འབྱོལ་ཉོག་སྤྱད། །གཟུང་འཛིན་དོན་ལ་ཤིན་ཏུ་ཆགས། །དེས་ན་འཁོར་བར་རྟག་ཏུ་འཕྱན། །དེ་བས་རང་སེམས་རྟོགས་བྱས་ཏེ། །ལེ་ལོ་གཡེངས་པ་ཡོངས་སྤངས་ཏེ། །ང་མེད་བདག་མེད་མཉམ་པར་བསྲུང་། །ཐམས་ཅད་འཇིགས་པར་བྱེད་པ་ཞེས་བྱ་བའི་དམ་ཚིག་ནི། རྡོ་རྗེ་སེམས་དཔས་བཀས་བཅད་པའི། །སྡོམ་པའི་རྩ་བ་ཐམས་ཅད་ཀུན། །དེ་བཞིན་དུ་ནི་མ་བསྲུངས་ན། །ཡཀྴ་ཁྲོ་བོ་མེ་དབལ་གྱིས། །སྙིང་ནས་དྲངས་ཏེ་ཁྲག་འཐུངས་ནས། །ངན་སོང་གསུམ་དུ་སྐྱེ་བར་འགྱུར། །དེ་ཡི་སྡུག་བསྔལ་བཟོད་བླག་མེད། །དམ་ཚིག་འདི་ནི་རྡོ་རྗེ་ཆེ། །དམ་རྫས་སོ་སོར་སྤྱོད་པ་ཞེས་བྱ་བའི་དམ་ཚིག་ནི། རིགས་ལྔ་སོ་སོར་དབྱེ་བ་ཡི། །རྡོ་རྗེ་སེམས་དཔའ་གླང་པོའི་ཤ །རིན་པོ་ཆེ་ནི་རྟ་ཡི་ཤ །པདྨ་ཉ་ཡི་ཤ་ཆེན་ཏེ། །དོན་ཡོད་ནམ་མཁའ་ལྡིང་གི་ཤ །བདེ་གཤེགས་རིགས་ནི་ཤ་ཆེན་ནོ། །དབྱེ་འམ་ཡང་ན་མི་དབྱེ་བར། །ངེས་པར་དང་དུ་བླང་བའོ། །ཡང་ན་ཐམས་ཅད་གཅིག་ཏུ་བསྡུ། །ཡང་ན་མཚན་ཉིད་མེད་པར་བརྟགས། །ཏིང་ངེ་འཛིན་གྱི་དམ་ཚིག་ནི། །ཐམས་ཅད་མ་ལུས་ཆོས་སོ་ཅོག །དེ་བཞིན་ཉིད་ཀྱིས་རྒྱས་བཏབ་པས། །གཉིས་སུ་དབྱེར་མེད་ཏིང་འཛིན་བསྟན། །དེ་ལྟར་སངས་རྒྱས་སེམས་ཅན་ནི། །རང་གི་བྱང་ཆུབ་སེམས་ཡིན་པས། །དུས་གསུམ་ན་ནི་རྒྱལ་མ་བཞུགས། །སུས་ཀྱང་མ་བཅོས་མ་བྱས་པའི། །བརྗོད་པའི་ཚིག་ལས་འདས་པ་དེ། །རྒྱལ་བ་ཡིན་ཞེས་རྒྱལ་བས་གསུངས། །དེ་ལྟར་ཤེས་པ་རྒྱལ་བ་བས། །ཐབས་མཁས་ཤེས་པའི་ཏིང་འཛིན་ཡིན། །ཕྱག་རྒྱའི་དམ་ཚིག་ནི། བདེ་གཤེགས་དཀྱིལ་འཁོར་མ་ལུས་ཀུན། །ཡེ་ནས་རང་བཞིན་གསལ་བ་ལས། །ཐམས་ཅད་ཀུན་ལ་ཡོད་པར་བཤད། །ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་ནི། །བླ་ན་མེད་པའི་མཆོག་ཡིན་ཏེ། །རྡོ་རྗེའི་རིགས་མཆོག་ཐམས་ཅད་ཀྱིས། །བར་མ་ཆད་པར་རྟག་ཏུ་འགྲུབ། །བྱང་ཆུབ་ཤིང་དྲུང་སྐྱེ་བར་


DNG010_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། །བླ་མེད་བྱང་ཆུབ་མཆོག་ཀྱང་འགྲུབ། །སྐྱེ་འཆི་མེད་པའི་བདེ་འགྲུབ་སྟེ། །སེམས་ལ་དབང་ཡང་ཐོབ་པར་འགྱུར། །སྤྱོད་ཡུལ་ཐམས་ཅད་སྨྱོན་ན་ཤེས། །གང་ཞིག་དཀྱིལ་འཁོར་འདི་སྤངས་ན། །ཉོན་མོངས་ངན་སོང་གནས་སུ་སྐྱེ། །བྱང་ཆུབ་འབྲས་བུ་ཐོབ་མི་འགྱུར། །བླ་མེད་འགྲོ་བའི་རྒྱུ་ཡང་ཆད། །རིགས་ཆད་ཉིད་དུ་སྐྱེ་བར་འགྱུར། །རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་ལས་དམ་ཚིག་རྣམ་པར་སྤྲོས་པའི་ལེའུ་སྟེ་ཉེར་དགུ་པའོ།། །།རྡོ་རྗེ་སེམས་དཔའ་བསྒྲུབ་འདོད་པས། །རྟག་ཏུ་མཉམ་པའི་དོན་རྟོགས་ལ། །སྐུ་ནི་འཇའ་ཚོན་ཚུལ་འདྲ་བར། །སྣང་ལ་རང་བཞིན་མེད་པར་བསྒོམ། །འཁོར་རྣམས་ཆུ་ཟླའི་ཚུལ་ཤེས་པར། །གསལ་ལ་རང་བཞིན་མེད་པར་བསྒོམ། །ལྷ་ཡི་སྐུ་རྣམས་གསལ་བསྒོམས་ན། །བསོད་ནམས་ཚོགས་ཆེན་ཐོབ་པར་འགྱུར། །དེ་ཉིད་གཟུགས་བརྙན་ཚུལ་ཤེས་ན། །ཡེ་ཤེས་ཚོགས་ཆེན་ཐོབ་པར་འགྱུར། །རྣལ་འབྱོར་པས་ནི་རྟག་པར་བསྒོམ། །ཡི་དམ་ལྷ་དེ་སྤངས་བྱས་ན། །ངན་སོང་མི་བདེ་རྟག་ཏུ་མྱང་། །སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད་པའི་དོན་ནི། སྔགས་དང་ཕྱག་རྒྱ་བར་མི་གཅད། །རྣལ་འབྱོར་བསྒྲུབ་པའི་ལམ་ཡང་ཡིན། །མི་གཏོང་སྡོམ་ཞིང་འདྲེན་པའང་ཡིན། །དོན་མཆོག་རྫོགས་པའི་གནས་ཡིན་ཏེ། །རྟག་ཏུ་མཉམ་གཞག་ཕྱག་རྒྱ་ཡིན། །དུག་གསུམ་གཏིང་འབྱིན་སྔགས་ཡིན་ཏེ། །ཡང་དག་དོན་ཆེན་ཀླུང་འདོད་པས། །དུས་མཚམས་མེད་པར་ཕྱག་རྒྱ་སྔགས། །ཡིད་བརྟན་རྟག་ཏུ་བཟླས་བསྒོམ་བྱ། །ཡོན་ཏན་ནམ་མཁའི་མཐའ་དང་མཉམ། །ཕྱག་རྒྱ་བསྐྱེད་དང་ཡི་གེ་ཨཱོཾ། །རྡོ་རྗེ་སློབ་དཔོན་མཚན་ཉིད་བསྟན་པ་ནི། བླ་མེད་དཀྱིལ་འཁོར་སྟོན་པ་པོ། །ཡོན་ཏན་ཟད་མེད་སྦྱིན་པ་ཡིན། །བྱང་ཆུབ་ལམ་ཆེན་འདྲེན་མཛད་པས། །ཆགས་མེད་ཞིང་དུ་འགོད་པ་ཡིན། །ཉོན་མོངས་སྡུག་བསྔལ་རྩད་གཅོད་ཅིང་། །འཁོར་བའི་ལམ་རྣམས་སྟོངས་པར་བྱེད། །


DNG010_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

མ་རིག་མུན་སེལ་སྒྲོན་མེ་ཡིན། །ལོང་བ་རྣམས་ཀྱི་དམིགས་བུ་མཁན། །དེ་ལ་རྟག་ཏུ་མཆོད་བྱས་ན། །སངས་རྒྱས་བྱང་ཆུབ་ཐག་མི་རིང་། །རྡོ་རྗེ་མཆེད་དང་ལྕམ་དྲལ་གྱི་མཚན་ཉིད་བསྟན་པ་ནི། རྡོ་རྗེ་རིགས་ཀྱི་སྤུན་ཡིན་ཏེ། །ཐོག་མ་མེད་ནས་ལས་མཐུན་པས། །བལྟ་སྤྱོད་མཐུན་པས་འདིར་སྐྱེས་ཏེ། །གཅིག་ལ་གཅིག་ནི་མིག་འདྲར་བྱ། །ཤིན་ཏུ་གདུང་ཞིང་བརྩེ་བར་བྱ། །སྤྱོད་པ་ངན་སེམས་དཔྱ་བྱས་ན། །དམྱལ་བ་ཆེན་པོར་ལྟུང་བར་འགྱུར། །དེ་བས་དམ་ཚིག་འདའ་མི་བྱེད། །གསང་བའི་དམ་ཚིག་བསྟན་པ་ནི། །དེ་བཞིན་གཤེགས་པའི་དཀྱིལ་འཁོར་ནི། །སྲིད་གསུམ་མ་ལུས་ཀུན་ལ་ཁྱབ། །ཕྱིན་ཅི་ལོག་གིས་རབ་བསྒྲིབས་ནས། །དབུལ་པོའི་གཏེར་དང་གྱད་ཀྱི་ནོར་བུ་འདྲ། །དེ་བས་རྡོ་རྗེ་གསང་མཆོག་འདི། །ཐམས་ཅད་མཁྱེན་པའི་ཐུགས་རྗེ་ཡིས། །ཆོས་ལ་སྐྱོན་ཡོད་མ་ཡིན་ཏེ། །སེམས་ཅན་དོན་ཕྱིར་ཤིན་ཏུ་གསང་། །ཐེག་པ་དམན་དང་ཕྱིན་ཅི་ལོག །དེ་ལ་གསང་དོན་བསྟན་གྱུར་ན། །རང་བཞིན་གསང་དོན་མི་ཤེས་པར། །འཕྲལ་གྱི་སྤྱོད་ཚུལ་དེ་དག་ལ། །ཤིན་ཏུ་ངེས་པའི་དོན་བཟུང་ནས། །གསང་དོན་དེ་ཉིད་ལོག་པར་ཁྲིད། །མ་རྟོགས་དེ་ཉིད་དམྱལ་བར་འཁོར། །དེ་བས་ཤིན་ཏུ་གསང་བར་བྱ། །ཐུགས་རྗེ་ཆེན་པོ་དང་ལྡན་པའི། །ཐར་ལམ་ཀུན་ལ་མཁས་པར་བྱ། །ཤེས་རབ་མཆོག་དང་ལྡན་པས་ན། །སེམས་ཅན་སྣོད་ཀྱི་རིམ་པ་བཞིན། །ཐེག་པ་མཐོ་དམན་དོན་ཉིད་ནི། །སོ་སོར་འཚམས་པར་བསྟན་དགོས་སོ། །དང་དུ་བླང་དང་མི་སྡང་བ། །རྣལ་འབྱོར་པ་ཡིས་རྟག་ཏུ་སྤྱད། །ཆགས་པ་མེད་པར་གྱུར་པ་དང་། །དངོས་གྲུབ་ཡ་མཚན་ཆེན་པོ་ནི། །དམ་ཚིག་མདོ་བཤད་ནང་ནས་འབྱུང་། །མ་རྟོགས་པ་ཡིས་སྤྱད་གྱུར་ན། །ཡི་དྭགས་སྲིན་པོའི་གནས་སུ་སྐྱེ། །ཡང་ན་དམ་ཚིག་འདི་ལྟ་བུར། །ཇི་ལྟར་སྤྱད་ཀྱང་དམ་མི་འདའ། །བྱེད་སྤྱོད་ཚོགས་ཆེན་གཉིས་སུ་འགྱུར། །འགྲོ་དང་འདུག་དང་ཉལ་བ་ན། །མཉམ་པ་དེ་ཡི་དབྱིངས་ན་གནས། །ཤེས་རབ་མཆོག་གིས་རྟག་ཏུ་གྱིས། །ཆོས་རྣམས་མ་


DNG010_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཐམས་ཅད་ལ། །བྱ་ལམ་ནམ་མཁའ་གཅོད་བཞིན་གྱིས། །འཛིན་ཆགས་མ་ལུས་ཐམས་ཅད་ཀུན། །མཁའ་ལ་རླུང་ཆེན་འཕྱོ་བ་བཞིན། །ཡིད་ཀྱི་རྟོག་ཚོགས་མ་ལུས་པ། །ཆུ་ལ་ཉ་ཆེན་འཕྱོ་བ་ལྟར། །རྣལ་འབྱོར་བལྟ་བ་དེ་ལྟར་ལྟོས། །དེ་ལྟར་རྟོགས་པའི་ཤེས་རབ་ཀྱིས། །ཚིག་ཙམ་མ་ཡིན་བློ་གཏིང་སྦོས། །རྡོ་རྗེ་ཐེག་མཆོག་ཁས་འཆེ་ལ། །མཉམ་པའི་དོན་ཉིད་མི་ཤེས་པར། །གསང་སྔགས་དམ་ཚིག་མཉམ་ཟེར་ཞིང་། །ཐུག་ཐུབ་དག་གིས་སྤྱད་བྱས་པ། །དམྱལ་ཁམས་དག་ཏུ་བརྒྱུད་པར་འགྱུར། །མཉམ་པའི་དོན་ཉིད་ཇི་ལྟ་བུ། །མཉམ་པའི་རང་བཞིན་གང་ཡང་མེད། །མཉམ་དང་རྟོགས་པ་གང་ཡང་མེད། །ཅི་ལའང་མི་གནས་ཀུན་ལ་སྤྱོད། །སྤྱོད་པར་བྱེད་དང་སྤྱོད་པ་མེད། །དེ་ལྟར་རྟོགས་པའི་རིགས་མཆོག་ནི། །རྡོ་རྗེའི་རིགས་འཛིན་སྐྱེ་བ་ན། །འཇིགས་མེད་ཀུན་ཏུ་བཟང་པོར་སྦྱོར། །ཡོན་ཏན་མི་ཟད་གནས་ཀྱང་ཡིན། །མཉམ་པའི་དོན་ཉིད་མི་ཤེས་ཤིང་། །ཀུན་རྫོབ་དོན་དམ་གཉིས་མེད་ལ། །ཆོས་དང་གང་ཟག་བདག་མེད་ན། །འདི་ནི་བྱང་ཆུབ་ས་པ་ཡིན། །ལས་དང་ཉོན་མོངས་ཐམས་ཅད་ལ། །མཉམ་པའི་དོན་དུ་མི་ཤེས་ཤིང་། །རྟེན་འདྲེལ་རྒྱུ་འབྲས་ཡོད་འཛིན་ན། །འདི་ནི་རང་སངས་རྒྱས་ཀྱི་ས། །ཆོས་རྣམས་མ་ལུས་ཐམས་ཅད་ལ། །བདེན་བཞིའི་དངོས་པོ་ཡོད་བལྟ་ཞིང་། །སྤང་དང་མི་སྤང་བྱེད་འགྱུར་བ། །འདི་ནི་ཉན་ཐོས་ས་པ་ཡིན། །དགེ་བཅུ་དག་ལ་གཙོར་ལེན་ཅིང་། །དགེ་དང་མི་དགེ་མི་མཉམ་པས། །ལྷ་དང་མི་ཡི་སྐྱེ་གནས་ཏེ། །འདོད་ཁམས་དག་ཏུ་འཁོར་བའི་ས། །མཉམ་པའི་དོན་ཉིད་མི་རྟོགས་ཤིང་། །ཚད་མེད་བཞི་དང་བསམ་གཏན་བཞི། །རིམ་པར་སོ་སོར་བདག་འཛིན་ཅིང་། །གཟུགས་སོགས་དག་ལ་རབ་ཏུ་རྟོག །དེ་ནི་ཚངས་གནས་རིམ་པར་སྐྱེ། །མཉམ་པའི་གཟུགས་མེད་མ་རྟོགས་པར། །མིང་བཞི་མེད་པར་མ་ཤེས་ཏེ། །སྐྱེ་མཆེད་བཞི་ལ་གནས་གྱུར་པས། །སྲིད་པའི་རྩེ་མོའི་ས་རུ་སྐྱེ། །ཐམས་ཅད་མཉམ་པར་མ་ཤེས་ནས། །མ་ལུས་ཀུན་ལ་ཞེ་


DNG010_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

སྡང་ཞིང་། །སྙིང་རྗེ་ཡང་དག་མེད་གྱུར་ན། །འདི་ནི་མི་བཟད་ཆེན་པོ་ཡི། །དམྱལ་ཁམས་བཅུ་དྲུག་གནས་པ་ཡིན། །ཆགས་མེད་དངོས་པོ་མི་ཤེས་ནས། །ཐམས་ཅད་ཀུན་ལ་འདོད་ཆགས་ཤིང་། །ལུས་ཀྱི་སྒྲིབ་དང་ཟས་ཀྱི་སྒྲིབ། །ཡི་དྭགས་ཆེན་པོའི་གནས་སུ་སྐྱེ། །ང་དང་བདག་མེད་མི་ཤེས་ཤིང་། །ཆོས་རྣམས་ཀུན་ལ་རྨོངས་བྱས་པས། །ཤེས་རབ་མི་གསལ་དོན་མེད་པས། །དགེ་སྡིག་གཉིས་ཀྱི་དོན་མ་རྟོགས། །འདི་ནི་བྱོལ་སོང་གནས་སུ་སྐྱེས། །ཤིན་ཏུ་ང་རྒྱལ་ཆེར་སྐྱེས་ཤིང་། །ཐམས་ཅད་བདག་གིར་ཡོངས་བཟུང་བས། །ཀུན་དང་རྩོད་པའི་ལས་བྱེད་ཅིང་། །ལྷ་མ་ཡིན་གྱི་གནས་སུ་སྐྱེ། །ཐེག་མཆོག་མཐོ་དམན་ཐམས་ཅད་དང་། །འཇིག་རྟེན་ལྟ་བ་ཐམས་ཅད་ཀུན། །ཡེ་ཤེས་ཆེན་པོས་རབ་བརྟགས་ན། །རང་བཞིན་མེད་ལ་ཅིར་ཡང་འགྲུབ། །རང་བཞིན་དབྱིངས་ལས་ཉམས་པ་མེད། །ཤེས་རབ་ཆེན་པོའི་མིག་ལྡན་པས། །མཐོ་དམན་གནས་དང་ལམ་དྲུག་གནས། །སོ་སོར་དེ་བཞིན་འཁོར་བར་གཟིགས། །སྔགས་མཆོག་བླ་ན་མེད་པས་ནི། །མཚན་མ་ཀུན་དང་མི་བརྟག་པར། །མཉམ་པའི་ངང་དུ་ཐམས་ཅད་མེད། །ཀུན་ཀྱང་མཉམ་པ་ཉིད་ཡིན་པས། །འཇིག་རྟེན་འདས་དང་འཇིག་རྟེན་པའི། །སོ་སོའི་ལྟ་བ་བརྗོད་མི་ལང་། །སྤྱིར་ནི་ལོག་རྟོག་བསམ་ཡས་པ། །ཡེ་ནས་ཡོད་པ་མ་ཡིན་ཏེ། །སོ་སོའི་རྣམ་རྟོག་བག་ཆགས་ཀྱི། །གཟུང་འཛིན་དྲ་བས་བསྒྲིབས་གྱུར་ཏེ། །ཅི་ཡང་མེད་ལ་ཅིར་ཡང་སྣང་། །སྣང་བ་ཉིད་ན་རང་བཞིན་མེད། །དེ་ལྟར་རྟོགས་ན་བདེ་འགྲོའི་གནས། །རྡོ་རྗེ་ཅན་གྱིས་དེ་ལྟར་རྟོགས། །རྣལ་འབྱོར་ཆེན་པོའི་ལྟ་སྤྱོད་ནི། །ཅི་ལྟར་སྤྱོད་ཀྱང་རང་བཞིན་མེད། །མཁའ་ལ་བྱ་ཆེན་ལྡིང་བ་བཞིན། །ཆུ་ལ་རྐྱལ་ཆེན་འཕྱོ་བ་བཞིན། །མཁའ་ལ་རླུང་ཆེན་འཕྱོ་བ་བཞིན། །རྣལ་འབྱོར་ལྟ་བ་དེ་ལྟར་བལྟ། །རྣལ་འབྱོར་སྤྱོད་པ་ཆེན་པོ་ནི། །ཐམས་ཅད་ཀུན་ལ་དབྱེར་མེད་སྤྱོད། །བདེ་བའི་རོ་མཆོག་མྱོང་བར་འགྱུར། །དེ་ལ་སུ་ཞིག་


DNG010_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་པར་བྱེད། །སྤྱོད་བཞིན་མ་ཆགས་ཡེ་ཤེས་ཡིན། །བདེ་བའི་མཆོག་ཉིད་བསོད་ནམས་ཚོགས། །དེ་ལྟ་བུ་ཡི་ངང་དུ་སྤྱོད། །འདི་ནི་སྤྱོད་པ་རླབས་ཆེན་ཡིན། །ལྟ་སྤྱོད་ཡ་ཆར་མ་གྱུར་པར། །སྔགས་འཆང་རྣམས་ཀྱིས་རྟག་ཏུ་སྤྱད། །ཁ་ཅིག་ལྟ་བ་མཉམ་ནས་ཀྱང་། །སྤྱོད་པ་དག་དང་ཡོངས་མི་མཐུན། །ཁ་ཅིག་སྤྱོད་པ་རྫོགས་བྱེད་ཀྱང་། །མཉམ་པའི་ལྟ་བ་ཡོངས་མི་ཤེས། །ཁ་ཅིག་ལྟ་སྤྱོད་གཉི་ག་མེད། །ཡང་དག་སྐྱེས་མཆོག་དམ་པ་ཡིས། །དོན་དམ་ཀུན་རྫོབ་དབྱེར་མེད་པས། །ཡང་དག་ཉིད་དུ་རབ་ཏུ་རྟོགས། །བླ་མེད་ཐེག་ཆེན་ངང་གནས་ནི། །དོན་དམ་དུ་ནི་དབྱེར་མེད་དེ། །ཀུན་རྫོབ་ཏུ་ནི་ཐམས་ཅད་ལ། །དག་དང་མ་དག་གཉིས་ཀར་འཛིན། །ཐབས་ཀྱི་ཐེག་པ་ཆེན་པོ་ནི། །རྣམ་པར་བྱང་དང་སྡུག་བསྔལ་དག །ཀུན་རྫོབ་ཏུ་ཡང་དབྱེར་མེད་དེ། །ལྟ་བ་མཐོ་དམན་དེ་ཙམ་མོ། །ཐབས་ཀྱི་ལྟ་སྤྱོད་ཆེན་པོ་ནི། །བླ་མེད་ཐེག་པ་ལས་འཕགས་པ། །དོན་དམ་དུ་ནི་ནོར་བདུན་ནོ། །ཀུན་རྫོབ་ཉིད་དུ་མཉམ་རྫོགས་སོ། །མཉམ་པ་ཉིད་ལས་མ་གཡོས་བཞིན། །ཐབས་ཀྱི་ཕྱག་རྒྱ་ཆེན་པོ་སྟོན། །ཐབས་དང་ཤེས་རབ་རྣམ་པར་དག །ཐམས་ཅད་དག་ཅེས་བྱ་བ་ཡང་། །དངོས་པོ་གསལ་དག་མ་ཡིན་ཏེ། །སྣང་སྤྱོད་གཉིས་ན་རྣམ་པར་དག །དམ་ཚིག་ཆེན་པོའི་མདོ་རྣམས་ལས། །རིགས་ལྔ་དག་ཏུ་བསྟན་པ་ནི། །ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །རིགས་ཆེན་དག་ཏུ་ཟད་པར་འདུས། །མ་ལུས་ཆོས་ཀུན་དབྱེར་མི་དམིགས། །ཅིས་ཀྱང་མི་ཚུགས་རྡོ་རྗེ་ཡིན། །རིགས་ངན་འཇོམས་པས་རྡོ་རྗེ་ཡིན། །མི་དམིགས་དབྱིངས་ནས་ཀུན་འབྱུང་བ། །ཡོན་ཏན་ཆེན་པོ་གནས་ཡིན་ཏེ། །ཞིང་ཁམས་མི་ཟད་གནས་ཀྱང་ཡིན། །འདི་ནི་རིན་ཆེན་རིགས་སུ་གསུངས། །ཆོས་རྣམས་ཐམས་ཅད་དབྱེར་མེད་པས། །ཆགས་དང་ཆགས་པར་བྱ་བ་མེད། །དེ་བཞིན་ཉིད་དུ་གཅིག་པ་སྟེ། །ཉེས་པས་མི་གོས་པདྨ་ཡིན། །ཐམས་ཅད་མ་ལུས་


DNG010_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་འདུས་པས། །འདི་ལ་བྱ་བ་རྡུལ་ཙམ་མེད། །མ་བྱས་བཞིན་དུ་དོན་གྲུབ་པ། །སྐྱོན་ཡོན་བྱང་ཆུབ་ཉིད་དུ་སྦྱོར། །འདི་ནི་ལས་རྣམས་གྲུབ་པ་ཡིན། །ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །མཐའ་དང་དབུས་མེད་དུ་མར་བྲལ། །གང་ཡང་མ་ཡིན་དེ་བཞིན་ཉིད། །དབྱེར་མེད་པ་ཡི་ཚུལ་རྟོགས་ཏེ། །འདི་ནི་དེ་བཞིན་གཤེགས་པའི་རིགས། །དམ་ཚིག་ཆེན་པོའི་མདོ་རྣམས་ལས། །འབྱུང་བ་ལྔ་རྣམས་བཤད་པ་ནི། །ཐམས་ཅད་མ་ལུས་འབྱུང་བའི་གནས། །ཐམས་ཅད་ཀུན་གྱི་མཛོད་སྐྱེད་ཡིན། །ཆོས་རྣམས་མ་ལུས་ཐམས་ཅད་ལ། །སྲ་ཞིང་བརྟན་པའི་གནས་ཡོད་པས། །དངོས་པོ་མེད་པའི་ཚུལ་རྟོགས་ཏེ། །འདི་ནི་ས་ཆེན་ཡིན་པར་བཤད། །སྣང་སྲིད་མ་ལུས་ཐམས་ཅད་ལ། །གསལ་ཞིང་དྲོ་བའི་གནས་བྱེད་ཅིང་། །མཚན་མ་བག་ཆགས་སྲེག་བྱེད་པ། །འདི་ནི་མེ་ཡི་རིགས་སུ་བཤད། །ཆོས་རྣམས་མ་ལུས་ཐམས་ཅད་ལ། །ངང་གིས་ཡེ་ནས་འབྱོར་ལྡན་ཞིང་། །མཉེན་ཆགས་ཉིད་དུ་གནས་པ་ནི། །ཡང་ནས་ཡང་དུ་རྒྱུད་མ་ཆད། །མི་བདེ་དག་པས་ཆུ་ཆེན་ཡིན། །ཆོས་རྣམས་མ་ལུས་ཐམས་ཅད་ལ། །དངོས་པོར་སྣང་ལ་གཟུང་དུ་མེད། །བསྐྱོད་ནས་ཐམས་ཅད་ཀུན་སྨྲ་སྟེ། །འདི་ནི་རླུང་ཆེན་ཡིན་པར་བཤད། །ཆོས་རྣམས་མ་ལུས་ཐམས་ཅད་ལ། །དེ་བཞིན་ནམ་མཁའ་ཆེན་པོ་ཡིས། །ཕྱི་དང་ནང་གི་གོ་འབྱེད་པའོ། །ཐམས་ཅད་གསལ་བའི་ངང་ཉིད་དེ། །འབྱུང་བ་བཞི་པོ་ཐམས་ཅད་ཀྱང་། །ཐམས་ཅད་ནམ་མཁའི་ངང་དུ་ཐིམ། །ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །དེ་བཞིན་ཉིད་ཀྱི་དབྱིངས་སུ་འུབ། །ཉོན་མོངས་ལྔ་པོ་ཞེས་བྱ་བའི་དམ་ཚིག་ནི། མ་རིག་པ་ནི་རིག་པར་འགྱུར། །ཕྱིན་ཅི་ལོག་ནི་ཡང་དག་སྟེ། །ཉོན་མོངས་ལྔ་པོ་དེ་བཞིན་གཤེགས། །དངོས་མེད་རྟོགས་ན་བྱང་ཆུབ་ལམ། །མ་རྟོགས་ངན་སོང་གསུམ་དུ་འགྲོ། །དེ་བས་ཐོས་བསམ་བསྒོམ་པ་ཡིས། །ཡང་དག་དོན་ཉིད་རྟོགས་བྱས་ཏེ། །ཐམས་ཅད་སངས་རྒྱས་ཞིང་དུ་སྦྱོར། །འདོད་


DNG010_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་རང་བཞིན་མེད་པས་ན། །ཡང་དག་དོན་ལ་ཆགས་བྱེད་དེ། །ཆགས་པ་མེད་པའི་ཚུལ་གྱིས་གནས། །མ་ཆགས་པ་ལ་ཆགས་པ་དང་། །ཤིན་ཏུ་ཆགས་མཆོག་ཆེན་པོ་ཡིན། །རྒྱལ་བའི་ཞིང་ཁམས་འབྱུང་གྱུར་ཏེ། །སྣང་བ་མཐའ་ཡས་ཞིང་དག་ཡིན། །ཐམས་ཅད་པདྨར་བརྫུས་ལས་སྐྱེས། །རྡོ་རྗེ་འཛིན་གྱི་ས་རུ་སྐྱེ། །ཞེ་སྡང་ཆེན་པོའི་མཚན་ཉིད་ནི། །ཕྱིན་ཅི་ལོག་ལ་ཞེ་སྡང་ཞིང་། །ཞེ་སྡང་དངོས་པོ་མེད་ཤེས་ན། །སྡང་དང་མི་སྡང་མཉམ་ཤེས་ཏེ། །ཅིས་ཀྱང་མི་ཚུགས་རྡོ་རྗེ་ཡིན། །མཉམ་པ་ཆེན་པོའི་ངང་ཉིད་ནི། །ཐམས་ཅད་ཀུན་ལ་དབྱེར་མེད་དེ། །དེ་ལྟར་མ་རྟོགས་ཀུན་ལ་སྡང་། །དེ་བཞིན་ཕལ་གྱིས་མཉམ་མི་ཤེས། །དེས་ན་ཞེ་སྡང་ཉིད་དུ་མཐོང་། །ཡང་དག་རྟོགས་པས་རབ་བརྟགས་ན། །ཞེ་སྡང་ཐུགས་རྗེ་ཆེན་པོ་ཡིན། །གཏི་མུག་རྨོངས་པ་ཞེས་བརྗོད་པ། །ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །དོན་དམ་དང་ནི་དབྱེར་མེད་པས། །ཀུན་རྫོབ་སྒྱུ་མ་མིག་ཡོར་ཚུལ། །སྣང་བ་ཉིད་ན་དངོས་མེད་པས། །དེ་ལ་སུ་ཞིག་བདག་ཏུ་འཛིན། །ཐམས་ཅད་དབྱེར་མེད་མི་དམིགས་པ། །ཤེས་རབ་ཅན་གྱི་གཏི་མུག་ཡིན། །དེ་རྟོགས་དེ་བཞིན་གཤེགས་པའོ། །ང་རྒྱལ་མཚན་ཉིད་བརྗོད་པ་ནི། །མཉམ་པ་ཉིད་ལ་གནས་བྱས་ནས། །ཕྱིན་ཅི་ལོག་དང་ཐེག་དམན་ལ། །ཤིན་ཏུ་ང་རྒྱལ་ཆེན་པོར་སྣང་། །ང་རྒྱལ་ཞི་བ་སོ་སོ་མིན། །རང་བཞིན་མེད་པས་དབྱིངས་སུ་འདུས། །འདི་ནི་ཡོན་ཏན་འབྱུང་གནས་ཡིན། །དེ་བཞིན་དག་པར་ཤེས་པར་བྱོས། །ཕྲག་དོག་མཚན་ཉིད་བརྗོད་པ་ནི། །ང་དང་བདག་ཏུ་འཛིན་པ་སྟེ། །འཛིན་ཉིད་དངོས་པོ་ཡོད་མ་ཡིན། །མཉམ་མི་ཤེས་ལ་ཕྲག་དོག་ཅིང་། །ཐམས་ཅད་མཉམ་པ་ཉིད་དུ་འདུས། །མི་མཉམ་པ་ལ་ཤིན་ཏུ་སྡོམ། །དེ་བས་ཕྲག་དོག་ཆེན་པོ་ཡིན། །ཕྱིན་ཅི་ལོག་ནི་བདག་ཏུ་བཅིངས། །གཟུང་དང་འཛིན་པས་ཤིན་ཏུ་དོག །གཟུང་འཛིན་བྲལ་བའི་ཡེ་ཤེས་ནི། །དོག་ཡངས་མེད་དེ་ཐམས་ཅད་མཉམ། །དེ་


DNG010_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཤེས་པས་ལས་རབ་གྲུབ། །ཕུང་པོ་ལྔ་ཞེས་བྱ་བའི་དམ་ཚིག་ནི། ཕུང་པོ་ལྔ་པོར་སྣང་བ་ཡང་། །ཀུན་རྫོབ་བྱ་བ་སྣ་ཚོགས་བྱེད། །བདེ་བའི་ཡུལ་དང་མི་བདེའི་ཡུལ། །སོ་སོའི་རོ་རྣམས་མྱོང་བྱེད་ཅིང་། །ལྔ་པོའི་མཚན་ཉིད་བཤིགས་བྱས་ན། །སོ་སོའི་མཚན་ཉིད་དངོས་པོ་མེད། །གང་གིས་དེ་ལ་དངོས་བཟུང་ན། །ངན་སོང་གསུམ་དུ་སྐྱེ་བར་འགྱུར། །དེ་ལ་གཟུགས་ཀྱི་མཚན་ཉིད་ནི། །སྣང་བ་ཉིད་ན་རང་བཞིན་མེད། །སྣང་མེད་དེ་ཉིད་སྣ་ཚོགས་སྟོན། །སྣང་དང་མི་སྣང་གཉིས་སུ་མེད། །དེ་རྟོགས་རྣམ་པར་ཐར་པའི་གནས། །གཟུགས་ཉིད་ལོངས་སྤྱོད་རྫོགས་པའི་སྐུ། །ཚོར་བའི་མཚན་ཉིད་བརྗོད་པ་ནི། །ཀུན་ལ་རྣམ་གསུམ་འབྱུང་མོད་ཀྱི། །བདེ་དང་མི་བདེ་དངོས་པོ་མེད། །གཉིས་ཀ་མ་ཡིན་ལུང་མ་བསྟན། །སྣ་ཚོགས་ཚོར་བ་འབྱུང་འགྱུར་ཡང་། །ཚོར་དང་འབྱུང་བ་གཉིས་ཀ་སྟོང་། །སྟོང་ཉིད་དངོས་པོ་ཡོད་མ་ཡིན། །དེ་རྟོགས་ཆོས་ཀྱི་གོ་བགོས་ཡིན། །འདུ་ཤེས་མཚན་ཉིད་བཤད་པ་ནི། །གསུམ་སོགས་མཚན་མར་འཛིན་པ་ཡིན། །སོ་སོའི་མཚན་ཉིད་བཤིགས་པ་ན། །དངོས་པོ་མེད་དེ་དེ་བཞིན་ཉིད། །དངོས་པོ་དེ་ནི་སྣ་ཚོགས་པ། །བྱ་བྱེད་མེད་པར་ཀུན་ཏུ་འཇུག །ཁམས་གསུམ་མ་ལུས་ཐམས་ཅད་ལ། །མཚན་མ་ཆེ་ཆུང་བསམ་མི་ཁྱབ། །ཁྱབ་མེད་དངོས་པོ་ཡོད་མ་ཡིན། །དེ་ལྟར་རྟོགས་ན་སངས་རྒྱས་མཚན། །འདུ་བྱེད་མཚན་ཉིད་འདི་ལྟར་གནས། །རྩ་བ་བརྒྱད་པོ་གྲངས་འགྱུར་ཏེ། །ལྔ་བཅུ་རྩ་གཉིས་ཀུན་ལ་འཕོ། །དེ་རྟོགས་རྩ་བ་ཡོད་མ་ཡིན། །མེད་བཞིན་ལོག་གཡོ་རྣམ་པར་འབྱུང་། །དེ་ལ་དངོས་པོར་འཛིན་པ་ནི། །རྟག་ཏུ་ཉོན་མོངས་གཡེངས་གྱུར་ནས། །ཁམས་གསུམ་བཙོན་ར་ཀུན་ཏུ་འཁོར། །ཡང་དག་དོན་ཕྱིར་རིག་པས་ནི། །འཕྲོ་བའི་གཞི་རྩ་དེ་བཞིན་དེ། །དེ་ལ་རྣམ་རིག་འབྱུང་བ་ནི། །དངོས་པོ་མེད་དེ་སྐད་ཅིག་མ། །ཡེ་ཤེས་དབྱིངས་ལ་རོལ་པར་མཛོད། །སྤྲུལ་པའི་ཚོགས་ཆེན་ཡིན་པར་བཤད། །ཀུན་གྱི་འབྱུང་གནས་རྣམ་ཤེས་ཏེ། །དེ་ཡི་དངོས་


DNG010_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་རང་བཞིན་ནི། །ཁ་དོག་དབྱིབས་དང་རིགས་རྒྱུད་མིན། །གང་ཡང་མ་ཡིན་དེ་མི་དམིགས། །འདི་ནི་ཀུན་ལ་དབང་བསྒྱུར་ཏེ། །མཐོ་རིས་འགྲོ་འམ་ངན་སོང་འགྲོ། །རྟོགས་དང་མ་རྟོགས་ཁྱད་པར་རོ། །བཞི་པོ་མཉམ་པའི་ངང་ཤེས་ན། །འདི་ནི་ཡེ་ཤེས་ཆེན་པོ་ཡིན། །ཁ་དོག་ལྔ་ཡི་དམ་ཚིག་ནི། །སེམས་ཅན་མ་ལུས་ཐམས་ཅད་ལ། །ཡེ་ཤེས་ལྔ་ཡིས་ཀུན་ཁྱབ་ཀྱང་། །རང་གི་རྣམ་རྟོག་བསྒྲིབས་བྱས་ཏེ། །ཡེ་ཤེས་ལྔ་ཡི་དོན་མ་མཐོང་། །མ་མཐོང་རྨོངས་པ་ཐམས་ཅད་ལ། །ཡེ་ཤེས་མཚན་ཉིད་བསྟན་པའི་ཕྱིར། །དཀར་དང་དམར་དང་སེར་བ་དང་། །ལྗང་གུ་ལ་སོགས་ནག་པོར་བསྟན། །ཆོས་རྣམས་བདག་མེད་རྟོགས་བྱས་ནས། །བྱང་ཆུབ་སེམས་ཉིད་དག་པའི་ཕྱིར། །ཤིན་ཏུ་མདོག་ནི་དཀར་བར་བསྟན། །དེ་རྟོགས་བྱ་ཕྱིར་དག་པའི་མདོག །ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །པདྨ་རཱ་ག་ཞེས་བརྗོད་དེ། །ཆགས་དང་ཆགས་པར་བྱ་བ་མེད། །ཆགས་མེད་ཕྱིར་ཡང་དམར་པོའོ། །ཡོན་ཏན་གཏེར་ཆེན་ཟད་མི་ཤེས། །ཐམས་ཅད་འབྱུང་བའི་གནས་ཡིན་ཏེ། །དེ་བཞིན་ཉིད་དབྱིངས་མ་ལུས་ལ། །ཟད་མེད་རིན་ཆེན་གཏེར་གྱུར་པ། །མདོག་ནི་གསེར་གྱི་མདོག་ཏུ་བསྟན། །ཆོས་རྣམས་ཕྱིན་ཅི་ལོག་རྣམས་ལ། །ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །དབྱིངས་སུ་ཡང་དག་བསྡུ་དགོས་པས། །ལས་རྣམས་མ་ལུས་རྫོགས་པར་བྱེད། །ཀུན་ཏུ་ལས་ནི་ལྗང་གུའི་མདོག །དེ་བཞིན་ཉིད་ཀྱི་དབྱིངས་ཉིད་ལས། །ཅིས་ཀྱང་མི་ཚུགས་བཅོས་སུ་མེད། །ཁ་དོག་ནག་པོའི་དངོས་པོ་ལ། །ཚོན་གཞན་དག་གིས་བསྒྱུར་དུ་མེད། །དེ་བཞིན་ཀུན་ལ་ཤེས་པར་བྱོས། །ཕྱོགས་ལྔ་ཞེས་བྱ་བའི་དམ་ཚིག་ནི། མཐའ་དང་དབུས་མེད་དེ་བཞིན་དུ། །དབྱེར་མེད་ངང་དུ་གནས་པ་ལ། །ཡེ་ཤེས་རྟོགས་པའི་དོན་བྱའི་ཕྱིར། །ཕྱོགས་དང་དབུས་སུ་གནས་པར་བྱ། །སེམས་ཅན་མ་རིག་ལྡོངས་པ་ལ། །ཉོན་མོངས་མ་ལུས་བསལ་བྱའི་ཕྱིར། །ཡེ་ཤེས་སྒྲོན་མའི་འོད་འབར་བས། །མ་རིག་མུན་པ་སེལ་བར་བྱེད། །དེ་ཕྱིར་དེ་ལ་


DNG010_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་ཞེས་བྱ། །སེམས་ཅན་མ་ལུས་ཐམས་ཅད་ལ། །ཉོན་མོངས་སྡུག་བསྔལ་མི་གནས་ཤིང་། །མ་རིག་མུན་པ་ནུབ་གྱུར་པས། །དེ་ལ་ནུབ་ཀྱི་ཕྱོགས་ཞེས་བྱ། །སེམས་ཅན་ཀུན་གྱི་ཉོན་མོངས་ཀུན། །ཡེ་ཤེས་ཆེན་པོ་བདག་མེད་པས། །སྡུག་བསྔལ་རབ་ཏུ་བྱང་བྱས་པས། །དེ་ལ་བྱང་གི་ཕྱོགས་ཞེས་བརྗོད། །དེ་ལྟར་མ་ལུས་ཐམས་ཅད་ལ། །ཐུགས་རྗེ་ཤར་དང་སྒྲིབ་པ་ནུབ། །རྣམ་རྟོག་མཚན་ཉིད་བྱང་གྱུར་པས། །དེ་ནི་ཡོན་ཏན་ཆེན་པོར་རྫོགས། །དེ་ལྟར་ཆོས་རྣམས་མ་ལུས་ཀུན། །རང་བཞིན་ཉིད་ཀྱི་དབྱིངས་སུ་འདུས། །ཕྱོགས་རྣམས་མ་ལུས་ཐམས་ཅད་ཀུན། །དེ་བཞིན་ཉིད་དུ་ཟླུམ་པའི་ཚུལ། །ཕྱོགས་རྣམས་ཀུན་ལ་དེ་ལྟར་བལྟ། །མ་རིག་ཕྱིན་ཅི་ལོག་རྣམས་ཀྱིས། །ཕྱོགས་རྣམས་སོ་སོར་བཟུང་གྱུར་ནས། །རྟག་ཏུ་ཉོན་མོངས་འཁོར་བར་འགྱུར། །དབང་པོ་ལྔ་ཞེས་བྱ་བའི་དམ་ཚིག་ནི། ཡུལ་ལྔ་དག་ལ་དབང་བྱེད་ཅིང་། །ཕྱིན་ཅི་ལོག་ནི་དངོས་པོར་འཛིན། །དངོས་པོ་བཟུང་བས་ཁམས་གསུམ་འཁོར། །གཟུགས་རྣམས་མ་ལུས་ཐམས་ཅད་ལ། །སྣང་ཞིང་དངོས་པོ་མེད་པ་དང་། །ལྷ་དང་ལྷ་མོའི་དངོས་པོར་བརྟག །བདག་དང་ལྷ་ཉིད་གཉིས་མེད་པའོ། །སྒྲ་རྣམས་སྣ་ཚོགས་གྲགས་པ་ཡང་། །སྒྲ་ཉིད་དངོས་པོ་མེད་པར་ཤེས། །སྒྲ་བརྗོད་མ་ལུས་ཐམས་ཅད་ནི། །ཆོས་ཀྱི་སྒྲ་ཆེན་སྣ་ཚོགས་ཡིན། །དྲི་ཡི་དངོས་པོར་སྣང་བ་ཡང་། །དྲི་ཉིད་རང་བཞིན་གང་ཡང་མེད། །དྲི་སྣོམ་ཆོས་ཉིད་དྲི་ཡིན་ཏེ། །ཤེས་རབ་ཆེན་པོས་དེ་ལྟར་རྟོགས། །རོ་ཡི་དངོས་པོར་སྣང་བ་ཡང་། །རོ་ཡི་རང་བཞིན་ཡོད་མ་ཡིན། །རོར་བྲོ་དེ་བཞིན་ཉིད་ཀྱི་རོ། །བདེ་བ་དེ་ཡིས་ཚིམས་པར་བྱེད། །རེག་བྱ་སྣ་ཚོགས་སྣང་བ་ཡང་། །རེག་བྱའི་དངོས་པོ་ཡོངས་མེད་དེ། །རེག་བྱར་སྣང་བ་ལོངས་སྤྱོད་ཡིན། །བདེ་བ་ཆེན་པོ་ཆོས་ཀྱི་སྐུ། །མི་ཤེས་ཕྱིན་ཅི་ལོག་རྣམས་ཀྱིས། །དབང་པོ་ཡུལ་ལ་ཆགས་གྱུར་ན། །རྟག་ཏུ་འདོད་དང་མི་འབྲལ་ཞིང་། །ངན་སོང་གསུམ་དང་མི་ཁོམ་བརྒྱད། །རྩྭ་དང་སོག་མའི་མེ་བཞིན་


DNG010_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

དུ། །ཁམས་གསུམ་དག་ཏུ་འཁོར་བར་འགྱུར། །དེ་བས་ཡེ་ཤེས་ཆགས་མེད་རྟོགས། །བྱས་ལ་མི་སོགས་བསོད་ནམས་བྱོས། །ཀུན་ལ་སྤྱོད་ཅིང་མི་གོས་པས། །ཡེ་ཤེས་ཆེན་པོ་རྟག་ཏུ་བསྒོམ། །མཉམ་པ་ལྔ་ཞེས་བྱ་བའི་དམ་ཚིག་ནི། དོན་དམ་སྐྱེ་བ་མེད་པར་མཉམ་པ་དང་། །ཀུན་རྫོབ་སྒྱུ་མར་མཉམ་པ་དང་། །དོན་དམ་པ་དང་ཀུན་རྫོབ་ཏུ་དབྱེར་མེད་པར་མཉམ་པ་དང་། ཆེན་པོ་ལྔ་དེ་བཞིན་གཤེགས་པ་ལྔར་མཉམ་པ་དང་། རྣམ་པར་ཤེས་པ་བརྒྱད་ཡེ་ཤེས་ལྔར་མཉམ་པའོ། །དེ་ལ་དོན་དམ་པར་སྐྱེ་བ་མེད་པར་མཉམ་པ་ནི། ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །དེ་བཞིན་ཉིད་དང་སྟོང་པའི་མཐའ། །ཡང་དག་པ་དང་ཆོས་ཀྱི་དབྱིངས། །མཚན་ཉིད་མེད་ཅིང་དམིགས་སུ་མེད། །གཟུང་དུ་མེད་ཅིང་སྨོན་པ་མེད། །ཡེ་ནས་མྱ་ངན་འདས་པ་ཡིན། །ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ཀུན་རྫོབ་སྒྱུ་མར་མཉམ་པ་དང་། །འདུས་བྱས་དངོས་པོ་སྣ་ཚོགས་ནི། །སྒྱུ་མའི་ཚུལ་དུ་ཐམས་ཅད་སྣང་། །འཕྲལ་གྱི་བྱ་བ་ཀུན་ཀྱང་བྱེད། །རྟོག་པ་ཀུན་གྱི་མཚན་མར་སྣང་། །འདི་དག་ཐམས་ཅད་གཟུགས་བརྙན་ཏེ། །བྱ་བྱེད་སྣང་ཞིང་དངོས་པོ་མེད། །ཆུ་ཟླའི་ཚུལ་དུ་ཐམས་ཅད་གནས། །ཐམས་ཅད་སྣང་ལ་རང་བཞིན་མེད། །དོན་དམ་ཀུན་རྫོབ་དབྱེར་མེད་ནི། །ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །གཞི་རྩ་མེད་ལས་ཐམས་ཅད་འབྱུང་། །མེད་དང་ཡོད་པ་གཉིས་ཀ་མིན། །དོན་དམ་ཀུན་རྫོབ་དབྱེར་མེད་དེ། །འདུས་མ་བྱས་ཉིད་འདུས་བྱས་སྣང་། །སྣང་བ་ཉིད་ན་དངོས་པོ་མེད། །དངོས་མེད་དེ་ཉིད་སྣ་ཚོགས་ཏེ། །དེ་ཉིད་སྒྱུ་མ་མིག་ཡོར་ཚུལ། །འབྱུང་བ་ཆེན་པོ་ལྔ་དེ་བཞིན་གཤེགས་པ་ལྔར་མཉམ་པ་ནི། ས་ཆུ་མེ་རླུང་ནམ་མཁའ་ལས། །ཡ་མཚན་སྣ་ཚོགས་འབྱུང་འགྱུར་བ། །གཞི་རྩ་ཡོད་པ་མ་ཡིན་ཏེ། །རང་བཞིན་ངང་གིས་དེ་ལྟར་འབྱུང་། །སོ་སོའི་རིགས་ཚོགས་


DNG010_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་ནི། །ཐབས་ཆེན་དག་ཏུ་རྟག་ཏུ་མཉམ། །མཚན་ཉིད་སོ་སོར་གནས་པ་ནི། །ཤེས་རབ་དབྱིངས་ཀྱི་ངང་དུ་མཉམ། །རྣམ་པར་ཤེས་པ་བརྒྱད་ཡེ་ཤེས་ལྔར་མཉམ་པ་ནི། རྣམ་རྟོག་ཀུན་གཞི་མ་ཡིན་པ། །རང་བཞིན་མེད་པ་དོན་གྱི་གཞི། །དེ་ཉིད་ཆོས་ཀྱི་དབྱིངས་ཞེས་བྱ། །དེ་བཞིན་ཉིད་ཀྱི་ཡེ་ཤེས་སོ། །ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །ང་དང་བདག་ཏུ་མི་འཛིན་ཅིང་། །ཀུན་ཀྱང་དབྱེར་མེད་ཉིད་ཡིན་པས། །ཐམས་ཅད་མེ་ལོང་ལྟ་བུའི་ཚུལ། །ཐམས་ཅད་ཀུན་ལ་ཡུད་རྟོག་ཅིང་། །རྟོག་དང་བརྟག་པར་བྱ་བ་མེད། །དུས་གསུམ་དུའང་མི་དམིགས་པ། །འདི་ནི་མཉམ་ཉིད་ཡེ་ཤེས་ཡིན། །ལོག་རྟོག་དབང་གིས་སྤྱོད་ཡུལ་སྤངས། །དབང་པོའི་ཡུལ་རྣམས་དངོས་མེད་དང་། །ཐམས་ཅད་དབྱེར་མེད་དེ་བཞིན་ཉིད། །སོ་སོར་རྟོག་པའི་ཡེ་ཤེས་ཡིན། །མཉམ་པ་རྣམ་ལྔ་དེ་ལྟར་བརྟག །ཆོས་རྣམས་མ་ལུས་ཐམས་ཅད་ལ། །ཡེ་ནས་རང་བཞིན་མེད་པ་དང་། །ཐབས་ཆེན་ལྷུན་གྱིས་གྲུབ་པར་བརྟག །འདི་ནི་ཡང་དག་རྟགས་པ་ཡིན། །ཆོས་ཀྱི་དཀྱིལ་འཁོར་ཞེས་བྱ་བའི་དམ་ཚིག་ནི། བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཏེ། །རང་རིག་མཐའ་དབུས་མེད་པའི་དཀྱིལ། །ཡེ་ཤེས་བཞི་འཕོ་འཁོར་ལོའི་ཚུལ། །ཡང་ན་རྡོ་རྗེ་སེམས་དཔའ་ཉིད། །རིགས་བཞི་ལྷ་དང་ལྷ་མོ་དང་། །འཁོར་གྱི་ཁྲོ་བོ་ཁྲོ་མོ་ཡི། །ཡང་དག་འདས་པ་དཀྱིལ་ཡིན་ཏེ། །འཇིག་རྟེན་འདས་པ་འཁོར་ཡིན་ནོ། །ཚོགས་ཀྱི་མཆོད་པ་ཞེས་བྱ་བའི་དམ་ཚིག་ནི། ཐབས་དང་ཤེས་རབ་ལྡན་གྱུར་ཞིང་། །བྱང་ཆུབ་སེམས་དང་མ་ཆགས་པའི། །གཉིས་སུ་མེད་པར་ཐིམ་གྱུར་ན། །ཚོགས་ཆེན་ཉིད་ཀྱང་རྫོགས་པར་ལྡན། །འདོད་ཡོན་ལྔ་པོ་ཐམས་ཅད་དང་། །སྣ་ཚོགས་སྣང་བ་ཐམས་ཅད་ཀུན། །དེ་བཞིན་གཤེགས་པའི་དཀྱིལ་འཁོར་དང་། །གཟུགས་མཛེས་ལྷ་དང་ལྷ་མོར་བརྟག །ཐམས་ཅད་མ་ལུས་སྒྲ་རྣམས་ནི། །ཆོས་ཀྱི་སྒྲ་ཆེན་ཡིན་པ་དང་། །ངན་སོང་སྦྱངས་ཤིང་ཐར་ལམ་སྟོན། །


DNG010_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་གསུམ་གྲགས་པའི་སྒྲ་ཆེན་དང་། །ཐམས་ཅད་འཇལ་བའི་སྒྲ་ཡང་ཡིན། །བདེ་བ་ཚིམས་བྱེད་བསོད་ནམས་དེ། །བརྗོད་མེད་མི་གནས་ཡེ་ཤེས་ཡིན། །འདི་ནི་ཆགས་མེད་པདྨའི་གསུང་། །ཆོས་ཉིད་དངོས་པོ་མེད་པ་ལ། །དྲི་ཡིས་མཆོག་ཏུ་ཚིམས་བྱེད་པ། །བསོད་ནམས་ཚོགས་ཆེན་ཡིན་པར་བཤད། །དེ་བཞིན་དྲི་ཡིས་མཉེས་མཆོད་ན། །རིགས་འཛིན་ས་རྣམས་བསྐུལ་བར་བྱེད། །ངན་སོང་གསུམ་དུ་ཆོས་ཀྱི་དྲི། །ཀུན་ཏུ་བདེ་གནས་ཐོབ་པར་བྱེད། །བདེ་གཤེགས་དཀྱིལ་འཁོར་མ་ལུས་ལ། །བདེ་བའི་རོ་ཡིས་མཆོད་པར་འགྱུར། །ཚིམས་བྱེད་བསོད་ནམས་ཚོགས་ཆེན་འགྱུར། །དངོས་པོར་མི་འཛིན་ཡེ་ཤེས་ཚོགས། །དེ་ལྟ་བུ་ཡི་རོ་མཆོག་གིས། །ཐམས་ཅད་ཀུན་ལ་ཚིམས་པར་འགྱུར། །ཡི་དྭགས་གནས་སུ་ལོངས་སྤྱོད་ལྡན། །དཀྱིལ་འཁོར་མ་ལུས་མཆོད་པ་ཡིས། །བདེ་བ་ཆེན་པོ་ཡོངས་རྫོགས་པའི། །རྣལ་འབྱོར་ལས་སུ་རུང་རྣམས་ཀྱིས། །རྣམ་པ་མང་པོ་བརྒྱན་པ་དང་། །སྦྱོར་མཆོག་དག་གིས་ལོངས་སྤྱོད་ན། །དཀྱིལ་འཁོར་བསམ་ཡས་ལྷུན་གྲུབ་འགྱུར། །བདེ་ཆེན་དཀྱིལ་འཁོར་འབར་གྱུར་ན། །སྡིག་པའི་མུན་ནག་སེལ་བར་བྱེད། །དཔུང་བཞིའི་ཚོགས་ཀྱིས་མི་ཐུབ་པའི། །མཐུ་ཆེན་དག་ཀྱང་འགྲུབ་པར་བྱེད། །ཚོགས་ཀྱི་ཕྲིན་ལས་ཞེས་བྱ་བའི་དམ་ཚིག་ནི། བྱེད་པ་མེད་པའི་ཚུལ་གྱིས་ནི། །ཀུན་ལ་ཐོགས་པ་མེད་པར་སྤྱད། །ཐམས་ཅད་མ་ལུས་འདུལ་བར་བྱེད། །མི་མཐུན་ཕྱོགས་རྣམས་འདུལ་བར་བྱེད། །ཡོན་ཏན་ཆེན་པོ་འཕེལ་བར་བྱེད། །ཁྲོ་བོ་གཏུམ་པོའང་ཞི་བར་བྱེད། །ཐམས་ཅད་ཀུན་ལ་སྤྱད་བདེ་བ། །ཆགས་པ་མེད་པའི་ཚུལ་གྱིས་གནས། །དབྱིངས་སུ་སྡུད་པས་དཀྱིལ་ཡིན་ཏེ། །འཕྲོ་འདུ་མང་པོའི་འཁོར་གྱིས་བསྐོར། །མཉམ་པ་ཆེན་པོའི་ངང་ཉིད་ནི། །དེ་ལྟ་བུ་ཡི་ཚུལ་དུ་གནས། །འཁོར་གྱི་ཕྲ་མེན་ཚིམས་བྱེད་ཅེས་བྱ་བའི་དམ་ཚིག་ནི། བདག་ཉིད་འདུལ་བའི་དབང་ཕྱུག་ཏུ། །རྟག་ཏུ་མཉམ་གཞག་ཁྲོ་བོའི་ཚུལ། །འཁོར་རྣམས་ཁྲོ་


DNG010_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་དེ་བཞིན་ཏེ། །མདོག་དང་ཕྱག་མཚན་ཐམས་ཅད་དང་། །སྔགས་མཆོག་དམ་པ་མ་ལུས་གདོན། །དེ་ནས་ཕྲ་མེན་འཁོར་བསྡུས་ནས། །སོ་སོའི་ལས་དང་མཐུན་བྱས་ཏེ། །སོ་སོའི་གནས་སུ་གཞག་པར་བྱ། །དབང་དུ་བསྡུ་དང་བསྒོ་བའི་ཐབས། །ཇི་ལྟར་འཚམས་པ་བཞིན་དུ་བྱས། །མ་ལུས་ཐམས་ཅད་བྱོས་ཤིག་པར། །ལྷག་མ་བྱིན་ནས་དབང་ཡང་བསྐུར། །གཞན་ཡང་འགྲོ་བ་ཐམས་ཅད་ལ། །འདོད་ཡོན་ལྔ་ཡི་སྦྱིན་པ་གཏོང་། །དེ་ནས་ལས་རྣམས་རྫོགས་བྱས་ནས། །དབང་ཕྱུག་ཆེན་པོའི་གནས་བརྟེན་ན། །རིགས་ལྔ་ཡེ་ཤེས་ལྔ་ལ་སོགས། །འཁོར་གྱི་དཀྱིལ་འཁོར་མ་ལུས་པ། །བདག་ལ་ཐམས་ཅད་བསྡུ་བར་བྱ། །དེ་ལྟར་བསྒྲུབ་པའི་ངང་འཆང་བ། །ཡེ་ཤེས་ཚོགས་གཉིས་རྫོགས་བྱས་ནས། །རིག་པ་འཛིན་པའི་ས་ལ་གནས། །ཐེག་དམན་སྤྱོད་པ་ཡོངས་མི་འགྱུར། །མི་ཁོམ་གནས་སུ་སྐྱེ་མི་འགྱུར། །སྐྱེ་འཆི་མེད་པའི་གཡུང་དྲུང་ཐོབ། །སངས་རྒྱས་ཞིང་དང་སྦྱོར་བར་བྱེད། །ངན་སོང་གནས་རྣམས་སྟོངས་པར་བྱེད། །ཡང་དག་མཆོག་གི་སྙིང་པོ་འགྲུབ། །དེ་ནས་དེ་བཞིན་གཤེགས་པ་གསང་བའི་ སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། བདག་དང་སེམས་ཅན་དབྱེར་མེད་པར་ཡང་དག་པའི་དབྱིངས་སུ་འདུས་ཤིང་། བདག་གིས་རྡོ་རྗེ་སེམས་དཔའི་ཞལ་མངོན་སུམ་དུ་མཐོང་བའི་དོན་བསྟན་པའི་ཕྱིར། ཆེད་དུ་བརྗོད་པ་འདི་གསུངས་སོ། །ཀུན་རྫོབ་སྒྱུ་མར་ཞལ་མཐོང་བའི། །ཐམས་ཅད་མིག་ཡོར་སྒྱུ་མའི་ཚུལ། །སྲིད་གསུམ་མ་ལུས་ཐམས་ཅད་ཀུན། །ཆུ་ཟླའི་ཚུལ་དུ་འདྲར་ཤེས་ཤིང་། །ཡུལ་དང་རྟོག་པ་གཉིས་མེད་པར། །གང་གིས་དེ་ལྟར་རིག་པ་དེ། །གཞི་རྩ་མེད་དབྱིངས་སྐད་ཅིག་མ། །སྔ་ཕྱི་མེད་དབྱིངས་དེ་བཞིན་ཉིད། །ཅིས་ཀྱང་མི་ཚུགས་རྡོ་རྗེ་ཡིན། །རྡོ་རྗེ་སེམས་དཔའ་དེ་ལ་གནས། །ལྟ་སྤྱོད་མཐུན་པར་ཞལ་མཐོང་ཡིན། །རང་བཞིན་དཀྱིལ་འཁོར་ཡང་དག་ནི། །ཆོས་དབྱིངས་བདག་དང་དབྱེར་མེད་པའི། །མཉམ་པར་སྦྱོར་ཞིང་དག་པའོ། །


DNG010_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་བྱང་ཆུབ་ལྷུན་གྲུབ་ཞིང་། །དེ་ལྟར་གང་གིས་རྟོགས་གྱུར་པ། །དེ་ནི་ཡེ་ཤེས་མིག་ཅན་ཡིན། །དེ་ཡིས་ཡང་དག་སྙིང་པོ་མཐོང་། །དེ་ཉིད་ཅིས་ཀྱང་མི་ཚུགས་པ། །ཤིན་ཏུ་སྲ་ཞིང་བརྟན་པ་ཡིན། །རང་བཞིན་དབྱིངས་ནས་འོད་གསལ་བ། །སེམས་དཔའི་མཆོག་ཏུ་ཡང་དག་གསུངས། །དེ་ལྟར་རྟོགས་ན་ཞལ་མཐོང་ཡིན། །དེ་བཞིན་མཉམ་རྫོགས་ལྷུན་གྲུབ་ཀྱིས། །དེ་བཞིན་གཤེགས་དང་ཡེ་ཤེས་ལྔ། །རང་བྱུང་ཆེན་པོའི་དཀྱིལ་འཁོར་བསྒོམ། །རྟོག་ཉིད་བྲལ་བའི་ཐབས་མཁས་ཀྱིས། །ལྷ་གསལ་དངོས་པོ་མེད་བསྒོམས་ན། །མཐོང་ཐོས་ལ་སོགས་མྱེད་པའི་ཚུལ། །རང་གི་ཡེ་ཤེས་གསལ་བསྒོམས་ན། །རང་བཞིན་མེད་ལ་ཅིར་ཡང་འགྲུབ། །འགྲུབ་འགྱུར་ཉིད་ལ་དངོས་པོ་མེད། །ཇི་ལྟར་བཅོམ་ལྡན་དེ་བཞིན་གྱིས། །བདུད་དཔུང་དཀྱིལ་དུ་ཏཱ་ལ་བཙུགས། །ཐམས་ཅད་བྱང་ཆུབ་ཞིང་བསྡུས་ཏེ། །གདུག་པ་ངང་གིས་མི་དགའ་ནས། །ཏཱ་ལ་བཅད་བསམས་ཀྱང་མི་ཆོད། །རྡོ་རྗེ་སེམས་དཔའ་དེ་ཉིད་ཡིན། །བདག་དང་ཏིང་འཛིན་མཐུན་གྱུར་པས། །དེ་ཉིད་རྡོ་རྗེའི་ཞལ་མཐོང་ཡིན། །རྡོ་རྗེ་སེམས་དཔའ་ཉིད་བསྒོམས་ཏེ། །ཏིང་འཛིན་ཤིན་ཏུ་འདྲིས་གསལ་བ། །ཐམས་ཅད་རྡོ་རྗེ་ཉིད་དུ་འགྱུར། །ཀུན་ལ་དབང་བསྒྱུར་ཅིས་མི་ཚུགས། །བདག་དང་སེམས་དཔའ་དབྱེར་མེད་དེ། །ལས་མཐུན་ཇི་ལྟར་སྣང་བ་བཞིན། །བདག་དང་སེམས་དཔའ་ལྟ་སྤྱོད་གཅིག །རྡོ་རྗེ་སེམས་དཔའི་ཞལ་མཐོང་ཡིན། །གཟུགས་བརྙན་དཀྱིལ་འཁོར་ཡང་དག་ནི། །ཆེན་པོར་རགས་པ་ཐབས་སུ་རྟོགས། །སོ་སོའི་མཚན་འཛིན་ཤེས་རབ་རྟོགས། །གཉིས་མེད་འདྲེལ་བ་ཐབས་ཆེན་ཡིན། །ཀུན་ཀྱང་ཤེས་རབ་ངང་དུ་གནས། །སྣང་དང་གནས་པ་ཐམས་ཅད་ཀུན། །དེ་བཞིན་ཉིད་ལས་མ་གཡོས་ཕྱིར། །ཡོད་དང་མེད་པ་གཉིས་ཀ་མིན། །གནས་དང་མི་གནས་དབྱེ་རུ་མེད། །མཉམ་པའི་དབྱིངས་སུ་ཐམས་ཅད་འདུས། །


DNG010_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་ཉིད་དབྱིངས་སུ་མ་ཕྱེ་བའི། །ཐམས་ཅད་དེ་ལྟ་བུ་ཡི་ངང་། །མཉམ་ཉིད་དབྱེར་མེད་ཅིས་མི་ཚུགས། །དེ་ཉིད་སེམས་དཔའི་བཞུགས་གནས་ཡིན། །དེ་ལྟར་རྟོགས་པའི་རིགས་མཆོག་དེ། །སེམས་དཔའ་ཉིད་དང་རིགས་མཐུན་པས། །དེ་ཉིད་རྡོ་རྗེའི་ཞལ་མཐོང་ཡིན། །དེ་ལྟར་རྟོགས་པའི་ཕུང་ཁམས་ལ། །གཞི་རྩ་དེ་བཞིན་ཉིད་དུ་གཅིག །སྒྱུ་མར་སྣང་བས་གཟུགས་བརྙན་ཚུལ། །སྣང་བ་ཉིད་ན་དངོས་པོ་མེད། །དངོས་མེད་དེ་ཉིད་སྣ་ཚོགས་སྟོན། །ཕུང་པོ་ལྔ་ཉིད་དེ་བཞིན་གཤེགས། །དབང་པོ་རྣམ་ཤེས་བྱང་ཆུབ་སེམས། །ཡུལ་དུས་བོ་དྷི་ཆེན་པོ་ཡིན། །བདག་རྟོག་རྣམ་བཞི་ཁྲོ་བོ་ཡིན། །རྟག་ཆད་མུ་བཞི་ཁྲོ་མོ་ཡིན། །དེ་སེམས་རང་རིག་ཉིད་ཅེས་བྱ། །ཐམས་ཅད་དབྱིངས་གྱུར་ཀུན་ཏུ་བཟང་། །དེ་ཉིད་རྡོ་རྗེ་སེམས་དཔའ་ཡིན། །གང་ཞིག་དེ་ལྟར་རྟོགས་གྱུར་ན། །སེམས་དཔའ་ཉིད་དང་དགོངས་མཐུན་པ། །དེ་ཉིད་རྡོ་རྗེའི་ཞལ་མཐོང་ཡིན། །ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །མིང་དང་ཚིག་དང་ཡི་གེ་དང་། །སྒྲ་ཡིས་མཚོན་ནམ་དོན་སྟོན་པ། །ཀུན་ཀྱང་ཡི་གེ་མིང་ཚིག་བཞིན། །གང་ཡང་དངོས་ཡོད་མ་ཡིན་ཏེ། །དངོས་མེད་དེ་ཉིད་སྣ་ཚོགས་སྣང་། །སྣང་བ་ཉིད་ན་གང་ཡང་མེད། །བྱ་བྱེད་སྣ་ཚོགས་ཀུན་བྱེད་ཀྱང་། །དངོས་པོ་མེད་དེ་ཡང་དག་ཉིད། །དེ་ནི་ཅིས་ཀྱང་མི་ཚུགས་པའི། །ས་རྡོ་དྲན་མེད་མ་ཡིན་ཏེ། །དེ་ཉིད་ཤིན་ཏུ་འོད་གསལ་ཡིན། །རྡོ་རྗེ་སེམས་དཔའ་དེ་ལྟར་གནས། །གང་ཞིག་དེ་ལྟར་རྟོགས་པ་ཡི། །རིགས་མཆོག་དམ་པའི་རྒྱུ་ཡིན་ཏེ། །རྡོ་རྗེའི་རིགས་དང་དབྱེར་མེད་ཕྱིར། །དེ་ཉིད་རྡོ་རྗེ་ཞལ་མཐོང་ཡིན། །སྐྱེས་བུ་བློ་རྩལ་རབ་ལྡན་པས། །ཀུན་དང་དབྱེར་མེད་དོན་རྟོགས་ཏེ། །འབྲས་བུ་མངོན་དུ་མ་གྱུར་ཀྱང་། །བྱང་ཆུབ་སེམས་ལ་གནས་བཅས་པས། །དཔེར་ན་མངལ་དང་སྒོ་ང་བཞིན། །མངོན་དུ་མི་འབྱུང་བསྒྲིབས་གྱུར་ཀྱང་། །རྩལ་ཆེན་འདུལ་བ་འབྱུང་བ་བཞིན། །རྣམ་རྟོག་གཟུགས་ནི་བོར་མ་ཐག །ཐམས་ཅད་ཀུན་ལ་དབང་བསྒྱུར་ཞིང་། །རིགས་


DNG010_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་དམ་པ་འཛིན་པར་འགྱུར། །རྡོ་རྗེ་སེམས་དཔར་མཉམ་པ་ཡི། །དངོས་གྲུབ་མཆོག་རྣམས་ཡོངས་སུ་རྫོགས། །བདེ་བ་ཅན་གྱི་ཞིང་ཡང་འཐོབ། །བྱང་ཆུབ་མཆོག་ལ་རོལ་པར་འགྱུར། །ལྷ་མི་རྣམས་ཀྱི་སྟོན་པའོ། །ལུས་ངག་སེམས་ལ་དབང་ཐོབ་ནས། །ཇི་ལྟར་དམིགས་པ་བཞིན་དུ་འགྲུབ། །ཚད་མེད་བཞི་ལ་དབང་བྱེད་འགྱུར། །བདེ་བའི་རིགས་མཆོག་ཀུན་ལ་སྤྱོད། །ཐ་མར་སྐྱེ་རྒ་ན་འཆི་འདི་ལ་སོགས་པ་ཡི། །སྡུག་བསྔལ་ཟད་པའི་གོ་འཕང་འཐོབ། །རྡོ་རྗེའི་རིགས་མཆོག་འཛིན་འགྱུར་ཏེ། །ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །འགྲོ་བ་མ་ལུས་ཐམས་ཅད་ཀུན། །རྡོ་རྗེའི་རིགས་སུ་འདྲེན་པར་བྱེད། །བདུད་སྡེ་ཚར་གཅོད་ཉོན་མོངས་འདུལ། །ཆོས་ཀྱི་འཁོར་ལོ་ཡང་དག་བསྐོར། །འགྲོ་བ་མ་ལུས་ཐམས་ཅད་ལ། །མི་རྟག་པ་ཡི་ཚུལ་ཡང་སྟོན། །ཉན་ཐོས་རྣམས་ལ་དགྲ་བཅོམ་ཚུལ། །བྱང་ཆུབ་རྣམས་ལ་རང་བྱུང་ཚུལ། །བླ་མེད་ཐེག་པར་སངས་རྒྱས་ཚུལ། །ལྷུན་གྲུབ་རྣམས་ལ་རྡོ་རྗེ་དབྱིངས། །ཀུན་ལ་མཐུན་པའི་ཚུལ་སྟོན་ཡང་། །དེ་བཞིན་དབྱིངས་ལས་གཡོས་པ་མེད། །མ་གཡོས་བཞིན་དུ་ཀུན་ཏུ་སྟོན། །ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །དེ་ལྟ་བུ་ཡི་ངང་དུ་གནས། །ཞེས་རྡོ་རྗེ་གསང་བའི་ཚིག་ཏུའོ། །ཉིད་ལ་ཉིད་དེ་སྐད་བརྗོད་དོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། སྐྱེས་བུ་དམ་པ་བློ་རྩལ་རབ་ཀྱིས་རྡོ་རྗེ་སེམས་དཔའ་ཞལ་མཐོང་བའི་ལེའུ་སྟེ་སུམ་ཅུ་པའོ།། །།དབང་པོ་ཡུལ་དུ་སྣང་བ་ཀུན། །ཡུལ་རྣམས་ཡོད་པ་མ་ཡིན་ཏེ། །ཀུན་གཞིའི་རྣམ་པར་ཤེས་པ་ཉིད། །དངོས་པོ་སྣ་ཚོགས་སྣང་བ་སྟེ། །སྣང་བའི་དངོས་པོ་རྣམ་བཤིགས་ན། །སོ་སོའི་མཚན་ཉིད་དངོས་མེད་པས། །གཞིག་ན་ནམ་མཁའི་ངང་དུ་ཞི། །ནམ་མཁའ་དེ་ཉིད་ལྔས་བཤིགས་ན། །མཚན་ཉིད་མེད་པའི་ངང་དུ་ཐིམ། །ཐམས་ཅད་ཀུན་གྱི་འབྱུང་གནས་སོ། །གཞི་རྩ་མེད་པའི་སྐད་ཅིག་མ། །


DNG010_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་མི་འགོག་ཐབས་ཡིན་ཏེ། །རང་བཞིན་མེད་པ་ཤེས་རབ་ཉིད། །ཉོན་མོངས་རྣམ་པར་ཤེས་པ་ནི། །ཀུན་གཞི་ཉིད་སྣང་སྤྱོད་ཡུལ་ལ། །ང་དང་བདག་ཏུ་རྣམ་པར་རྟོག །བདེ་སྡུག་མཚན་མ་སོ་སོར་འཛིན། །ཀུན་གཞི་དངོས་པོ་མེད་པ་ལ། །བག་ཆགས་སྩོགས་པའི་གནས་མེད་དེ། །སྣང་བའི་དངོས་པོ་མེད་པ་ལ། །ཉོན་མོངས་བློ་ཡིས་བླང་དུ་མེད། །བསྒོ་དང་བསྒོ་བར་བྱ་བ་མེད། །དེ་ལྟར་སྒོ་བྱེད་དངོས་པོ་མེད། །མེད་བཞིན་སེམས་ཀྱིས་ལོག་བརྟགས་པས། །ཁམས་གསུམ་བཙོན་རར་རྟག་ཏུ་འཁོར། །ཡིད་ཀྱི་རྣམ་པར་ཤེས་པ་ནི། །སྣང་དང་མི་སྣང་གཉིས་ཀ་ལ། །སྐད་ཅིག་ཡུད་ཙམ་རྟོག་པ་ཡིན། །རྟོག་པ་ཉིད་ཀྱང་མ་འགྲུབ་ན། །ཡུལ་གྱི་དངོས་པོ་ག་ལ་འགྲུབ། །ཡིད་ཀྱི་དེ་བཞིན་རྒྱུན་ཉིད་ནི། །སྔ་མ་འདས་ཤིང་མི་དམིགས་པ། །ཕྱི་མ་མ་བྱུང་བརྟག་ཏུ་མེད། །ད་ལྟར་རང་བཞིན་དམིགས་སུ་མེད། །རྩི་ཤིང་ཁ་ན་རླུང་འཕྱོ་འདྲ། །རྒྱུད་ནི་ཡོངས་སུ་མ་ཆད་པ། །འདི་ནི་ཀུན་ཏུ་འབྱུང་བ་ཡིན། །དེ་ལྟར་དོན་རྣམས་དངོས་པོ་མེད། །ཆུ་དང་རླུང་དང་རླབས་འདྲ་བ། །དེ་གསུམ་གཅིག་དང་སོ་སོ་མིན། །དེ་བཞིན་ཀུན་གཞི་ཉོན་མོངས་ཡིན། །གཅིག་པ་མ་ཡིན་སོ་སོ་མིན། །ཆོས་ཀྱི་དབྱིངས་དང་མཉམ་པའི་དབྱིངས། །ཐམས་ཅད་ཡེ་ཤེས་དབྱེར་མེད་ཅིང་། །གཅིག་ཏུ་ཡང་ནི་བརྗོད་པ་མེད། །དེ་ལྟར་མ་རྟོགས་སེམས་ཅན་ཡིན། །རྟོགས་ན་སངས་རྒྱས་གུད་ན་མེད། །བྱང་ཆུབ་སེམས་ཀྱི་དེ་བཞིན་ནི། །ཤིན་ཏུ་མི་དམིགས་བརྟག་དཀའ་བ། །ཡངས་ལ་རྒྱ་ཆེ་གཏིང་ཟབ་པ། །ཤེས་རབ་ཟབ་པས་རྟོགས་འགྱུར་ཏེ། །གང་ནས་མི་འོང་གར་མི་འགྲོ། །འོང་དང་འགྲོ་བར་བྱ་བ་མིན། །ཤིན་ཏུ་བརྟག་དཀའ་མི་དམིགས་པ། །མཐའ་དང་དབུས་ཀྱང་བརྟག་ཏུ་མེད། །གཟུང་འཛིན་བྲལ་བའི་དེ་བཞིན་ཉིད། །དམིགས་མེད་ཚུལ་དུ་དེ་ལྟར་སྣང་། །དབྱིངས་དང་དབྱིངས་ཀྱི་ཡེ་ཤེས་ཀྱང་། །རང་རིག་ཁོ་ན་ཙམ་དུ་ཟད། །སེམས་ཅན་མ་ལུས་ཐམས་ཅད་ཀྱིས། །དེ་ལྟར་ཁོང་དུ་ཆུད་པར་བྱོས། །ཉོན་མོངས་སྡུག་བསྔལ་མེད་པ་


DNG010_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །བླ་མེད་འབྲས་བུ་ཐོབ་པར་འགྱུར། །སེམས་ཅན་མ་ལུས་ཐམས་ཅད་ལ། །སྙིང་རྗེའི་ཐག་པ་མ་ཆད་པར། །ཉོན་མོངས་ལམ་ལས་གྲོལ་བྱེད་ཅིང་། །བྱམས་པ་དག་གིས་མཉེས་པར་གྱིས། །དེ་བཞིན་འཁོར་བའི་བཙོན་ར་ལ། །སྙིང་རྗེའི་ཞགས་པ་ཆེར་བརྐྱངས་ནས། །ཉོན་མོངས་འདམ་ནས་འདྲེན་པར་བྱེད། །སྙིང་རྗེ་ཆེན་པོས་སྐྱོང་བར་བྱེད། །དེ་བཞིན་སྐྱེ་བོ་ཕལ་རྣམས་ལ། །ལས་ཀྱི་སྒྲིབ་པས་མི་གོས་ཤིང་། །ཐམས་ཅད་མངོན་པར་སངས་རྒྱས་པར། །དགའ་བ་དག་ལ་འགྱོད་མ་བྱེད། །སེམས་ཅན་ང་དང་བདག་མེད་ལ། །ཐུགས་རྗེས་གཉིས་རྟོག་མི་བྱེད་དེ། །བུ་གཅིག་འདྲ་བར་བློ་གཞག་བྱ། །ཐམས་ཅད་དྲི་མ་མེད་པར་བྱ། །ཆོས་རྣམས་ཐམས་ཅད་སྟོང་པ་བས། །དེ་ལ་དངོས་དང་རྟོག་པ་མེད། །ནམ་མཁའི་ངང་དུ་གནས་པ་ལ། །དེ་ལ་བཅོས་ཤིང་བསྒྱུར་དུ་མེད། །ཆོས་རྣམས་ཐམས་ཅད་མཚན་ཉིད་མེད། །སྣང་བ་ཐམས་ཅད་དངོས་མེད་པས། །ཡོད་དང་མེད་པ་ཐམས་ཅད་ཀུན། །མཚན་ཉིད་མེད་པས་མི་དམིགས་སོ། །འཇིག་རྟེན་འདས་དང་འཇིག་རྟེན་པ། །ཆོས་རྣམས་སྣ་ཚོགས་སྣང་བ་ཡང་། །བདག་ལས་གཞན་པ་མ་ཡིན་པས། །ཀུན་ལ་སྨོན་ཅིང་ཆགས་སུ་མེད། །བྱང་ཆུབ་སེམས་རྣམས་ཐམས་ཅད་ནི། །ཤིན་ཏུ་བརྟག་དཀའ་གཏིང་ཟབ་པས། །རྟོག་གེའི་སྤྱོད་ཡུལ་དེ་མ་ཡིན། །མ་དམིགས་མི་དམིགས་དམིགས་སུ་མེད། །སེམས་ཉིད་དེ་ཉིད་ཇི་ལྟ་བུ། །བྱང་ཆུབ་དེ་ཉིད་སེམས་ཡིན་ནོ། །སེམས་དང་བྱང་ཆུབ་དབྱེར་མེད་པས། །སེམས་ཅན་མ་ལུས་ཐམས་ཅད་དང་། །དུས་གསུམ་ཆོས་རྣམས་ཐམས་ཅད་ཡིན། །ཐམས་ཅད་མ་ལུས་ཆོས་སོ་ཅོག །སེམས་དང་བྱང་ཆུབ་ཉིད་དུ་འུབ། །བོ་དྷི་ཆེན་པོས་དེ་སྐད་བཤད། །སྐྱེས་བུ་བློ་རྩལ་རབ་ལྡན་པས། །ཅི་ལའང་ཐོགས་པ་མེད་པར་བཤད། །སྤྱད་པ་ཉིད་ན་ཆགས་པ་མེད། །དུས་མཐའ་མེད་པར་མ་ཉམས་གནས། །འདི་ལྟར་སྣང་བ་ཐམས་ཅད་ལ། །མངོན་སུམ་


DNG010_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་མས་རྟག་མཐོང་ཡང་། །སྣང་བ་ཉིད་ན་དངོས་པོ་མེད། །དེ་བཞིན་ཡང་དག་ཉིད་དུ་རྟོགས། །གང་ཞིག་སྟོང་པའི་ངང་ཡོད་ཅེས། །མེད་པའི་རང་བཞིན་རྟོགས་པ་སྟེ། །རི་བོང་རྭ་དང་མོ་གཤམ་བུ། །ཚིག་ཙམ་གདགས་སུ་རུང་མོད་ཀྱི། །ཐམས་ཅད་མིང་ཙམ་སྟོང་ཉིད་མེད། །ཐམས་ཅད་མ་ལུས་སྟོང་ཞེས་ཏེ། །དྲན་མེད་རྔོས་པོ་མ་ཡིན་པས། །རྟོག་མེད་རང་བཞིན་འོད་གསལ་ཞིང་། །འདི་ལྟར་སྣང་བ་ཐམས་ཅད་ཀུན། །རྔོས་པོ་ཅན་གྱི་ཆོས་མེད་དོ། །ཤེས་པ་འབའ་ཞིག་ཁོ་ནའོ། །ཐམས་ཅད་གཉིས་མེད་རྟོགས་གྱུར་ན། །དེ་ཉིད་དོན་དམ་དབྱིངས་ཡིན་ཏེ། །གཞན་ནས་བཙལ་ཞིང་གཞག་ཏུ་མེད། །ཡོད་ལས་བཙལ་ན་སྒྲོ་བཏགས་འགྱུར། །མེད་ལས་བཙལ་ན་སྐུར་བཏབ་སྟེ། །ཡོད་མེད་གཉིས་ལས་བཙལ་བྱས་ན། །དེ་ནི་ལུང་དུ་མ་བསྟན་འགྱུར། །རྣམ་པར་རྟོག་པ་མི་མངའ་སྟེ། །དེ་ཡིས་མི་མཁྱེན་ཅི་ཡང་མེད། །རྣལ་འབྱོར་ལྟ་བ་དེ་ལྟ་བུ། །ཚིག་གིས་སྔ་ཕྱི་ཡོད་མོད་ཀྱང་། །དོན་གྱིས་ཅིག་ཆར་རྫོགས་པར་བསྒོམ། །དེ་ལྟ་བུ་ཡི་དོན་རྟོགས་ན། །འགྲོ་ཉལ་འདུག་སྡོད་ལོངས་སྤྱོད་ཀྱང་། །ཐེག་ཆེན་བསྒོམ་ལས་ཉམས་པ་མེད། །གང་གིས་དོན་ལྟར་མ་རྟོགས་པའི། །བློ་ངན་མཉམ་པར་ཁུངས་ཕྱུང་ནས། །མ་རྟོགས་ལེ་ལོ་སྙོམ་ལས་བྱས། །དོན་མ་གྲུབ་པར་ངན་སོང་འགྲོ། །སེམས་ཀྱིས་མཉམ་པར་མ་རྟོགས་ན། །ཚིག་གི་མཉམ་པས་འཚང་མི་རྒྱ། །དེ་བས་དོན་ཚིག་ལྡན་པར་བྱོས། །འོན་ཏང་ཐེ་ཚོམ་མེད་པར་འགྲུབ། །རྣལ་འབྱོར་དོན་ཆེན་རྟོགས་པ་ཡིས། །དུས་མཐའ་མེད་པར་དེ་ལྟར་བསྒོམ། །ཡོན་ཏན་ནམ་མཁའི་མཐའ་དང་མཉམ། །སྤྱོད་ཡུལ་སངས་རྒྱས་ཉིད་དུ་གཅིག །རྟག་ཏུ་བསོད་ནམས་ཚོགས་ཆེན་ལྡན། །བྱ་བྱེད་མེད་པའི་བརྩོན་འགྲུས་ཀྱིས། །དེས་ནི་བྱང་ཆུབ་སྙིང་པོ་ལེན། །ཞེས་གསང་བའི་ཚིག་ཏུའོ། །རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་ལས་དབང་པོ་དང་ཡུལ་དུ་འདུས་པར་བསྟན་པའི་ལེའུ་སྟེ་སོ་གཅིག་པའོ།། །།དེ་ནས་དེ་བཞིན་གཤེགས་པ་གསང་བའི་སྙིང་


DNG010_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དེ་ཁོ་ན་ཉིད་ངེས་པ་ལས། སྔགས་འཆང་རྣམས་དོན་ཡོད་པར་བྱ་བའི་ཕྱིར། ཐམས་ཅད་ཕྱག་རྒྱར་འདུས་ཤིང་ཕྱི་ནང་སྣོད་བཅུད་ཐམས་ཅད་ལ། འདི་ལྟར་བརྟགས་ཤིང་ཕྱག་རྒྱའི་དམ་ཚིག་བསྲུང་བ་དང་། དམ་ཚིག་ནི་གནས་ཡིན་ནོ། །ཕྱག་རྒྱ་བསྡུས་ཤིང་སྤྲོས་པ་ཡང་འདི་ཡིན་ཏེ། ཆེད་དུ་བརྗོད་པ་འདི་བརྗོད་དོ། །གསང་བ་དེ་ཉིད་ཁོ་ན་ལས། །བྱང་ཆུབ་མཆོག་འདི་བསྟན་པའོ། །མཉམ་པ་ཆེན་པོའི་དཀྱིལ་འཁོར་ནི། །ཕྱོགས་བཅུ་དུས་བཞི་མ་ལུས་པའི། །འདས་དང་མ་འདས་ཐམས་ཅད་ཀུན། །ཡེ་ནས་དབྱེར་མེད་དེ་བཞིན་ཉིད། །མཉམ་དང་མི་མཉམ་བྱ་བ་མིན། །དེ་བཞིན་ཉིད་ཀྱི་ངང་དུ་འུབ། །འཇིག་རྟེན་འདས་དང་འཇིག་རྟེན་པའི། །བརྗོད་པ་མ་ལུས་ཐམས་ཅད་ཀུན། །ཆོས་ཉིད་ངང་ལས་མ་གཏོགས་པ། །ལོག་རྟོག་ཉོན་མོངས་རྡུལ་ཙམ་མེད། །ཕྱག་རྒྱ་སྣ་ཚོགས་འོད་འབར་ཡང་། །དེ་བཞིན་ཉིད་ལས་མ་གཡོས་ཏེ། །བདག་ཉིད་དབྱིངས་ལས་མི་གཞན་ཕྱིར། །མཉམ་ལ་མཉམ་པར་གནས་པ་ཡི། །རྣམ་གསུམ་ཚུལ་གྱིས་བསྒོམ་བྱས་ཤིང་། །ཕྱག་རྒྱ་བསྐྱེད་ཅིང་ལོག་འདུལ་བ། །བྱ་བྱེད་མེད་པའི་ཚུལ་གྱིས་སུ། །ལས་རྣམས་རབ་ཏུ་རྫོགས་པར་བྱེད། །དེ་ལྟར་རྟོགས་ཤིང་རིགས་ཀྱི་མཆོག །བདག་ཉིད་ཕྱག་རྒྱ་ཀུན་གྱི་བདག །ཡེ་ནས་རང་བཞིན་འོད་གསལ་བས། །བྱང་ཆུབ་སྐྱེ་འཁྲུངས་རྒྱུ་ཡང་ཡིན། །འབྲས་བུ་ཡང་དག་ཉིད་དུའོ། །རྒྱུ་འབྲས་དབྱེར་མེད་རྡོ་རྗེའི་ས། །བཅུ་གསུམ་དོན་གྲུབ་བདེ་གནས་ས། །མཐར་ཕྱིན་གང་ལའང་མི་གནས་པའོ། །རང་བཞིན་ཕྱག་རྒྱ་ཆེན་པོ་ནི། །ཕྱི་ནང་སྣོད་བཅུད་ཐམས་ཅད་ཀུན། །ཐམས་ཅད་ཤེས་རབ་ངང་དུ་གནས། །རིགས་ལྔ་བདེ་གཤེགས་ཡབ་ཡུམ་དུ། །མ་བཅོས་ཡེ་ནས་དེ་ལྟར་གནས། །ཐབས་དང་ཤེས་རབ་ཉིད་ལ་རོལ། །དེ་ཉིད་མ་ཆགས་ཚོགས་ཆེན་པོ། །ཡང་དག་ཉིད་ལ་རབ་ཏུ་རྫོགས། །ལྷག་པའི་ཕྱག་རྒྱ་ཆེན་པོ་ནི། །ནང་གི་རྟགས་ནི་ཕྱིར་བྱུང་སྟེ། །མདོར་བསྡུས་ཕྱག་རྒྱ་དྲུག་པ་དང་། །གཞན་ཡང་ཕྱག་རྒྱ་སྣ་ཚོགས་


DNG010_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

པ། །ལག་གི་འདུ་འཕྲོ་བསམ་ཡས་དང་། །ཡན་ལག་སྟོབས་ཆེན་བསྒུལ་བསིགས་ཀུན། །ཉིད་ཀྱི་དབྱིངས་ལས་མ་གཡོས་ཀྱང་། །རང་བཞིན་ཉིད་ཀྱིས་དེ་ལྟར་གནས། །འཇོམས་ཤིང་ཅིས་ཀྱང་མི་ཚུགས་པ། །རང་བྱུང་ཆེན་པོ་ལྷ་ཡི་ལྷ། །ཐམས་ཅད་ཀུན་ལ་འབིགས་པར་བྱེད། །དཔའ་བོ་ཞེས་ཀྱང་གདགས་པར་བྱའོ། །ལས་དང་ལས་ཀྱིས་མི་གོས་པ། །གཉིས་མེད་དབྱིངས་ཀྱི་དོན་རྟོགས་ཤིང་། །མ་ཆགས་པ་ལ་ཆགས་པ་དང་། །ཤིན་ཏུ་རྣམ་པར་དག་པ་ཡི། །དེ་བཞིན་ཉིད་དབྱིངས་དཀྱིལ་འཁོར་ལ། །སྐུ་གསུང་ཐུགས་ལྡན་ཟད་མི་ཤེས། །ཡོན་ཏན་མི་ཟད་གཏེར་དུ་འགྱུར། །འདི་ནི་མི་ཟད་པར་ལྡན་པའོ། །སྐུ་གསུང་ལས་རྣམས་རྫོགས་བྱེད་པའོ། །རྣམ་པར་རྟོག་མེད་ཚུལ་གྱིས་ནི། །ཐམས་ཅད་ཀུན་ལ་ཆགས་མེད་རོལ། །གདུལ་བའི་དོན་ཆེན་བསམ་མི་ཁྱབ། །འཇོམས་དང་མ་ཆགས་ཀུན་འབྱུང་དང་། །ཐམས་ཅད་དབང་བསྡུས་དོན་འགྲུབ་པ། །མ་ལུས་ཀུན་འདུས་རྣམ་པར་དག །ཀུན་ནས་ཟླུམ་ཞིང་འོད་ཟེར་འཕྲོ། །རིགས་བཞི་མ་ལུས་ཐམས་ཅད་ཀུན། །མཉམ་རྫོགས་དབྱིངས་སུ་ཐམས་ཅད་འདུས། །རིགས་རྣམས་གཉིས་མེད་གཅིག་པ་སྟེ། །ལྷུན་གྲུབ་དཀྱིལ་འཁོར་ངང་ཉིད་དུ། །ཕྱག་རྒྱའི་དམ་ཚིག་མཚན་ཉིད་ནི། །ཐུགས་ཀྱི་རྟགས་སུ་བསྟན་པ་ཡིན། །དཔེར་ན་རྒྱལ་པོས་རྒྱས་བཏབ་ན། །སེམས་ཅན་ཀུན་གྱིས་ཡོངས་མི་འདའ། །དེ་བཞིན་མཉམ་ཉིད་ཕྱག་རྒྱ་ཡིན། །ཀུན་ལ་ཁྱབ་ཅིང་ཐམས་ཅད་སྣང་། །སྐུ་གསུང་ཐུགས་ཀྱི་རྒྱས་བཏབ་ན། །བདུད་དང་མུ་སྟེགས་མང་པོ་ཀུན། །མི་མཐུན་ཕྱོགས་ཀྱིས་དབང་བྱར་མེད། །རྡོ་རྗེ་སེམས་དཔའི་རིགས་ངེས་ན། །འདི་ལྟ་བུ་ལ་རྟག་ཏུ་གནས། །དེ་ལྟ་བུ་ཡི་བློ་མེད་ན། །རྡོ་རྗེའི་རིགས་སུ་ཡོངས་མི་བཤད། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། ཕྱག་རྒྱའི་དམ་ཚིག་གི་ལེའུ་སྟེ་སོ་གཉིས་པའོ།། །།གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། གླུ་གར་རྩེ་འཇོ་བྲོ་གར་གྱི་དམ་ཚིག་


DNG010_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བྱ་བ་འདི། ངེས་པར་ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཕྱོགས་བཅུ་མཐའ་ཡས་དུས་བཞི་ཡི། །ཐམས་ཅད་དབྱེར་མེད་མཎྜ་ལའི། །ཉི་ཟླ་ཤར་བའི་གཞལ་ཡས་ལ། །པདྨ་ཆགས་མེད་གདན་བཏིང་ནས། །རིན་ཆེན་ཟད་མེད་ཕོ་བྲང་ས། །ཆེ་ཆུང་ཚད་ནི་དཔག་མེད་པའི། །བྱང་ཆུབ་བདེ་གསལ་དཀྱིལ་འཁོར་ལ། །བདེ་ལྡན་བྱང་ཆུབ་རབ་བཀོད་ནས། །མ་ལུས་ཀུན་བསྡུས་དབྱིངས་བསྡུས་ནས། །ལུས་བསྐྱོད་ཡན་ལག་བསྒུལ་བསིག་དང་། །དབང་པོ་ལྔ་ཡི་ལྟ་སྤྱོད་ཀུན། །ཕྱག་རྒྱ་ཆེན་པོ་ཡིན་པར་བཤད། །གོང་གི་དཀྱིལ་འཁོར་གསལ་བསྒོམས་ནས། །བདག་ཉིད་དབྱིངས་ལས་མི་གཞན་ཕྱིར། །མཉམ་ལ་མཉམ་པར་གནས་པར་བསྒོམ། །བདག་ཉིད་ལྷ་ཡི་དཀྱིལ་འཁོར་དུ། །ལྷག་པའི་དཀྱིལ་འཁོར་གསལ་བསྒོམས་ནས། །བྲོ་ཐབས་གར་གྱི་ཕྱག་རྒྱ་དང་། །གླུ་དབྱངས་ཚིག་གི་སྒྲ་བསྒྲགས་ཤིང་། །ཕྱོགས་བཅུའི་སྐྱེ་གནས་མ་ལུས་ཀུན། །རྡོ་རྗེ་ལྷུན་གྲུབ་སྐུ་མཐོང་ཞིང་། །ཆོས་ཀྱི་དུང་ཆེན་སྒྲ་ཡང་ཐོས། །སྒྲིབ་གཉིས་བྱང་ནས་བྱང་ཆུབ་འགྲུབ། །བདེ་མཐོང་རྙེད་པ་གྲགས་འགྱུར་བ། །བསོད་ནམས་ཚོགས་ཆེན་འགྲུབ་པར་འགྱུར། །ཐབས་དང་ཤེས་རབ་ལྡན་གྱུར་ནས། །ཐམས་ཅད་དབྱེར་མེད་དབྱིངས་སུ་སྦྱོར། །གཉིས་མེད་དབྱིངས་གྱུར་བྱང་ཆུབ་སེམས། །འོད་ཟེར་འབར་བས་ཕྱོགས་བཅུར་གསལ། །སངས་རྒྱས་ཞིང་སྦྱང་རིག་འཛིན་བསྐུལ། །ངན་སོང་གསུམ་རྣམས་དག་པར་བྱེད། །ཐབས་དང་ཤེས་རབ་ལྡན་གྱུར་ནས། །སངས་རྒྱས་དཀྱིལ་འཁོར་མ་ལུས་འབྱུང་། །རྒྱུར་བྱས་འབྲས་བུ་སྨིན་གྲུབ་ན། །དཀྱིལ་འཁོར་བཞི་བཅུ་རྩ་གཉིས་རྫོགས། །བདེ་བའི་ཐབས་ཆེན་ཐབས་ཀྱི་མཆོག །ཤེས་རབ་བདེ་མཆོག་བརྟན་ལྡན་རྫོགས། །རྡོ་རྗེ་དྲིལ་བུ་ཡང་དག་ལྡན། །རཀྟ་བྱང་ཆུབ་དུམ་གཅིག་འབར། །གཉིས་མེད་ཟུང་དུ་འདྲེལ་གྱུར་ན། །བདེ་གཤེགས་དཀྱིལ་འཁོར་མ་ལུས་འབྱུང་། །རྣལ་


DNG010_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་ཐབས་དང་ཤེས་རབ་ལྡན། །རྒྱན་མཆོག་མཛེས་པས་ཀུན་བརྒྱན་ནས། །ཏིང་འཛིན་འོད་འབར་གསལ་བསྒོམས་ཏེ། །ཕྱོགས་བཅུ་གང་འབར་དཀྱིལ་འཁོར་སྤྲོ། །མ་ལུས་དཀྱིལ་འཁོར་བདག་ཉིད་ཆེ། །མི་དམིགས་དབྱིངས་ནས་དཀྱིལ་འཁོར་མཆོད། །སྤྱན་གྱིས་གཟིགས་དང་སྙན་གྱིས་གསན། །དྲི་དང་རོ་དང་རེག་བྱའི་གནས། །ཐབས་དང་ཤེས་རབ་ཉིད་གནས་ཤིང་། །བདེ་མཆོག་རོ་ཡིས་ཚིམས་པར་བྱེད། །སྤྱོད་བཞིན་ཆགས་དང་གཉིས་མེད་པར། །ཚོགས་ཆེན་དག་ཀྱང་རྫོགས་པར་ལྡན། །བྷྲཱུཾ་དང་ཙཀྲའི་དཀྱིལ་འཁོར་དུ། །ཉི་ཟླ་འཁྲུགས་པའི་ས་གཞི་ལ། །མ་ཆགས་པདྨའི་གདན་བཏིང་ནས། །ཐབས་དང་ཤེས་རབ་ཆགས་མེད་ཚུལ། །ཡན་ལག་དབང་པོ་ཐམས་ཅད་ཀུན། །རང་བཞིན་ཡོངས་ཀྱིས་དག་པ་དང་། །ཏིང་འཛིན་དེ་བཞིན་གཤེགས་པ་ལྔའོ། །ཡེ་ནས་མ་བཅོས་ཡོངས་ཀྱིས་ཏེ། །ལྷག་པའི་ཏིང་འཛིན་དཀྱིལ་འཁོར་གྱིས། །དབུ་ལ་དེ་བཞིན་གཤེགས་པའི་འཁོར། །ཡན་ལག་བཞི་ལ་རིགས་བཞིའི་འཁོར། །ཁ་དོག་དབྱིབས་དང་ཕྱག་རྒྱ་དང་། །ཐབས་དང་ཤེས་རབ་གསལ་བསྒོམས་ཏེ། །ཕྱོགས་བཅུར་སྤྲོ་ཞིང་ངན་སོང་སྦྱོང་། །གནས་སུ་བསྡུ་ཞིང་དཀྱིལ་འཁོར་བསྡིམ། །འདས་དང་མ་འདས་ཐམས་ཅད་ཀུན། །བདེ་གཤེགས་ཞིང་དུ་རྣམ་པར་སྦྱང་། །ཡན་ལག་ཆེན་པོ་ལྔ་བསྐྱོད་ན། །རིགས་ལྔའི་དཀྱིལ་འཁོར་མ་ལུས་གཡོ། །འགྲོ་ལྔ་བྱང་ཆུབ་ལམ་དུ་འཛུད། །སྙིགས་མ་ལྔ་ཡང་རྣམ་པར་དག །བཟང་མཛེས་ལེགས་པའི་གོས་བགོས་ན། །འོད་ཟེར་སྣ་ཚོགས་འཕྲོ་བར་འགྱུར། །དེ་ནས་མཐར་ཐུག་མེད་པའི་བར། །ཡེ་ཤེས་ལྔ་ཡིས་བརྒྱན་པར་འགྱུར། །སྐྱེས་བུ་བློ་རྩལ་རབ་ལྡན་པས། །རྟག་ཏུ་དཀྱིལ་འཁོར་དེ་ལྟར་བསྒོམ། །ཚིག་ཙམ་མ་ཡིན་བློ་གཏིང་གི། །བདག་དང་དབྱེར་མེད་ཉིད་དུའོ། །ཐབས་དང་ཤེས་རབ་ལྡན་གྱུར་ནས། །ཤར་གྱི་ཕྱོགས་སུ་ཁ་བལྟས་ཏེ། །སེང་གེའི་སྟབས་ཆེན་མཆོངས་པར་བྱ། །ལྕེ་དཀྱིལ་ཡི་གེ་ཧྲཱྀཿབསྒོམས་ནས། །ལྕེ་ནི་འབུམ་


DNG010_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲག་བསམ་ཡས་དང་། །ཧྲཱྀཿཡང་བསམ་གྱིས་མི་ཁྱབ་སྤྲོ། །ཕྱོགས་བཅུ་དུས་བཞི་བསམ་ཡས་སུ། །གསུང་གི་དཀྱིལ་འཁོར་འོད་འབར་བ། །གསུང་གཅིག་དཀྱིལ་འཁོར་ཡན་ལག་ནི། །བསམ་གྱིས་མི་ཁྱབ་ཀུན་ཏུ་གྲགས། །སྒྲ་དང་མིང་ཚིག་སོ་སོར་གསལ། །ལྗགས་ཀྱི་དབང་པོ་བཀྲམ་ནས་གསུངས། །ཐར་དང་མ་ཐར་གཉིས་ཀ་བརྗོད། །ངེས་པ་ཁོ་ན་ཡང་དག་ཏུ། །དེ་བཞིན་ཉིད་ཀྱིས་ཡོངས་མ་གསུངས། །རྣ་བའི་དབང་པོའི་དཀྱིལ་འཁོར་དུ། །ཏྲཱཾ་གི་ཡིག་འབྲུ་གསལ་བསྒོམས་ནས། །རྣ་དཀྱིལ་ཕྱོགས་བཅུ་དུས་བཞི་ཡི། །མཐའ་ཡས་བསམ་གྱིས་མི་ཁྱབ་སྤྲོ། །ཏྲཱཾ་ཡང་བསམ་ཡས་འོད་འཕྲོ་འབར། །ཕྱོགས་དུས་དཀྱིལ་འཁོར་མ་ལུས་ཐོས། །འགྲོ་དྲུག་འཁོར་བའི་གནས་ཀྱང་ཐོས། །སྒྲ་དང་ཐོས་པ་གཉིས་མེད་པའོ། །དེ་བཞིན་དྲི་དང་རོ་རེག་རྣམས། །སོ་སོའི་མཚན་ཉིད་གསལ་བསྒོམས་ནས། །ཡིག་འབྲུའི་སྙིང་པོ་དེ་བཞིན་དགོད། །སངས་རྒྱས་དཀྱིལ་འཁོར་མ་ལུས་དང་། །འགྲོ་དྲུག་མ་ལུས་ཐམས་ཅད་ཀུན། །ཆགས་པ་མེད་པའི་ཚུལ་གྱིས་རོལ། །དྲི་ལ་སོགས་པ་བདེ་མཆོག་གིས། །ཀུན་ལ་ཚིམ་པར་ཡང་དག་མཆོད། །འགྲོ་དྲུག་མ་ལུས་ཐམས་ཅད་ལ། །ཇི་ལྟར་འཚམས་པའི་དོན་ཡང་བྱེད། །ཐབས་མཁས་ཐུགས་རྗེ་དེ་ལྟར་སྟོན། །ཀུན་བྱས་བྱང་ཆུབ་ཉིད་དུའོ། །དེ་བཞིན་རིགས་དང་རྡོ་རྗེའི་རིགས། །མ་ཆགས་ལ་སོགས་ཤེས་རབ་ལྡན། །གཙོ་བོ་ལྔ་དང་གཙོ་མོ་ལྔ། །ཐབས་དང་ཤེས་རབ་ལྡན་བསྒོམས་ཏེ། །ཚོམ་བུ་གཅིག་གམ་ཡང་ན་གསུམ། །ལྔ་ཡི་དཀྱིལ་འཁོར་རབ་བསྒོམས་ཏེ། །ཐབས་དང་ཤེས་རབ་ཕན་ཚུན་དུ། །ལྷ་གསལ་འོད་འཕྲོ་བསྡིམ་བྱས་ཏེ། །དཀྱིལ་འཁོར་འོད་ཟེར་འབར་བར་བསྒོམ། །ཏིང་འཛིན་ཤིན་ཏུ་གསལ་བསྒོམས་ནས། །བདག་དང་ཕྱོགས་བཅུ་དབྱེར་མེད་པར། །གཉིས་སུ་མེད་པར་བསྒོམ་པར་བྱའོ། །


DNG010_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཐབས་དང་ཤེས་རབ་གཉིས། །བལྟ་སྤྱོད་ཡ་ཆར་མ་གྱུར་པར། །དཀྱིལ་འཁོར་དག་ལ་གསལ་བསྒོམས་ནས། །དབུས་ནས་ཤར་ཕྱོགས་ཁ་བལྟས་ནས། །རྐང་པའི་སྟབས་ཆེན་བསྐྱོད་བྱས་ཤིང་། །ལག་གི་འདུ་བྱེད་ཀུན་བསྐྱོད་ནས། །བྲོ་དང་གར་གྱི་ཕྱག་རྒྱར་བྱ། །དཀྱིལ་འཁོར་འོད་ཟེར་དཀར་འཕྲོ་བ། །བྱང་ཆུབ་སེམས་དཔའ་རྣམ་པར་དག །ཤིན་ཏུ་གསལ་དང་འོད་ཟེར་འབར། །ཐབས་དང་ཤེས་རབ་བདེ་འགྲུབ་ཤོག །ཅིས་ཀྱང་མི་ཚུགས་རྡོ་རྗེ་ཡིས། །བདུད་བཞི་དག་ནི་འཇོམས་པར་བྱེད། །ཐེག་མཆོག་རྡོ་རྗེའི་རིགས་འཛིན་ས། །ཐབས་དང་ཤེས་རབ་བདེ་འགྲུབ་ཤོག །བདག་ཉིད་རིག་པའི་རྡོ་རྗེ་ཡིས། །ཉོན་མོངས་སྡུག་བསྔལ་མེད་པར་ཤོག །མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས། །ཐབས་དང་ཤེས་རབ་གསལ་འགྱུར་ཤོག །ཉོན་མོངས་སྡུག་བསྔལ་རྩད་བཅད་ནས། །མ་རིག་མུན་པ་མེད་པར་བྱེད། །ཐུགས་རྗེའི་འོད་ཟེར་ཉི་ཤར་བར། །ཐབས་དང་ཤེས་རབ་འོད་འབར་ཤོག །ཤིན་ཏུ་སྲ་ཞིང་སྐྱེ་ཤི་མེད། །རྡོ་རྗེའི་ཐུགས་རྗེ་རོལ་སྟོན་པ། །འགྲོ་ལ་ཐུགས་རྗེ་ཡོངས་ཀྱིས་འབྱུང་། །ཐབས་དང་ཤེས་རབ་བྱམས་ལྡན་ཤོག །ཐབས་དང་ཤེས་རབ་ལྡན་གྱུར་པས། །ཡོན་ཏན་ཕྱོགས་སུ་ཁ་བསྟན་ཏེ། །ལུས་བསྐྱོད་ཡན་ལག་བསྒུལ་བསིགས་ནས། །སྟབས་ཆེན་དག་ཀྱང་བརྡུང་བར་བྱ། །དཀྱིལ་འཁོར་མ་ལུས་འབྱུང་བའི་གཏེར། །ཟད་མེད་ནོར་བུ་རིན་པོ་ཆེ། །མ་ལུས་ཀུན་གྱི་རེ་བ་སྐོང་། །ཐབས་དང་ཤེས་རབ་བདེ་འགྲུབ་ཤོག །ནམ་མཁའི་དཀྱིལ་གྱི་མདོག་བསྟན་པ། །ཡང་ན་ཐམས་ཅད་གསེར་བཙོ་མ། །དཀྱིལ་འཁོར་བསམ་ཡས་ཟད་མི་ཤེས། །ཐབས་དང་ཤེས་རབ་མྱུར་འགྲུབ་ཤོག །ཡོན་ཏན་རིན་ཆེན་བསམ་ཡས་ཀྱང་། །ཐམས་ཅད་མཉམ་པའི་ངང་གནས་ནས། །དེ་བཞིན་མཉམ་ཉིད་ཡེ་ཤེས་ཏེ། །ཐབས་དང་ཤེས་རབ་མཉམ་འགྱུར་


DNG010_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག །བདེ་གཤེགས་ཡོན་ཏན་རྨད་པོ་ཆེ། །ཡེ་ནས་ཆགས་མེད་བྱང་ཆུབ་ཞིང་། །ཡང་དག་ཉིད་དུ་ཐམས་ཅད་གནས། །ཐབས་དང་ཤེས་རབ་མྱུར་འགྲུབ་ཤོག །ཐབས་དང་ཤེས་རབ་ལྡན་གྱུར་པས། །ནུབ་ཕྱོགས་སུ་ནི་ཁ་བལྟས་ནས། །ཡན་ལག་དང་པོ་བསྐྱོད་བྱས་ཏེ། །གར་རྣམས་ཤིན་ཏུ་གསལ་བྱས་ནས། །སྟབས་ཆེན་དག་ཀྱང་བརྡུང་བར་བྱ། །ཆོས་རྣམས་མ་ལུས་ཀུན་སྤྱོད་ཀྱང་། །པདྨ་ལ་ནི་འདམ་བཞིན་ནོ། །ཆགས་པ་མེད་པའི་ཚུལ་གྱིས་གནས། །ཐབས་དང་ཤེས་རབ་བདེ་འགྲུབ་ཤོག །ལས་དང་ཉོན་མོངས་ནུབ་གྱུར་པའི། །བག་ཆགས་མཚན་མ་རྡུལ་ཙམ་མེད། །ཐབས་དང་ཤེས་རབ་མྱུར་འགྲུབ་ཤོག །བྱང་ཆུབ་ཆགས་མེད་དཀྱིལ་འཁོར་ནི། །གང་ནས་མ་འོངས་ཉིད་ཀྱི་དབྱིངས། །མི་གནས་ཚུལ་གྱིས་དབྱིངས་ན་བཞུགས། །ཐབས་དང་ཤེས་རབ་མྱུར་འགྲུབ་ཤོག །ཐབས་དང་ཤེས་རབ་ལྡན་གྱུར་པས། །བྱང་ཕྱོགས་སུ་ནི་ཁ་བལྟས་ཏེ། །ལུས་བསྐྱོད་ཡན་ལག་གར་བྱེད་ཅིང་། །ཕྱག་རྒྱ་སོ་སོར་གསལ་གྱུར་ནས། །རྐང་པའི་སྟབས་ཆེན་བརྡུང་བར་བྱ། །ཡང་དག་རྟོགས་པའི་ཤེས་རབ་ཀྱིས། །བསྐལ་པ་བསམ་གྱིས་མི་ཁྱབ་པའི། །སྒྲིབ་པ་ཐམས་ཅད་བྱང་བྱས་ནས། །ཐབས་དང་ཤེས་རབ་མྱུར་འགྲུབ་ཤོག །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀྱིས། །བདུད་བཞི་བཅོམ་ནས་མི་མཐུན་བསལ། །བྱ་བྱེད་མེད་ལ་དོན་རྣམས་འགྲུབ། །ཐབས་དང་ཤེས་རབ་མྱུར་འགྲུབ་ཤོག །ཐམས་ཅད་མ་ལུས་རྫོགས་བྱེད་པ། །སྣ་ཚོགས་མ་ལུས་འགྱུར་བའོ། །ལྗང་གུའི་ཚུལ་དུ་མདོག་བསྟན་པ། །ཐབས་དང་ཤེས་རབ་མྱུར་འགྲུབ་ཤོག །ཐམས་ཅད་མ་ལུས་དོན་གྲུབ་པ། །ལས་རྣམས་མ་ལུས་རྫོགས་པར་བྱེད། །ནན་ཏན་ཆེན་པོའི་བྱ་བ་རྫོགས། །ཐབས་དང་ཤེས་རབ་མྱུར་འགྲུབ་ཤོག །སྡུག་བསྔལ་དྲ་བ་ཚར་བཅད་དེ། །དཀྱིལ་འཁོར་མ་ལུས་ཀུན་བྱས་ཀྱང་། །


DNG010_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

གང་ནས་མ་འོངས་གར་མི་འགྲོ། །ཐབས་དང་ཤེས་རབ་མྱུར་འགྲུབ་ཤོག །བདེ་གཤེགས་མ་ལུས་ཐམས་ཅད་ཀུན། །ཕྱོགས་དུས་ཀུན་ཏུ་བདག་ཉིད་ཆེ། །མི་དམིགས་ཐུགས་ཀྱི་དཀྱིལ་འཁོར་དུ། །མ་ལུས་ཀུན་འདུས་རྣམ་པར་དག །ཐབས་ཆེན་དཀྱིལ་འཁོར་ཡང་དག་པས། །བདེ་གཤེགས་ཀུན་ལ་རྣམ་པར་འཕྲོ། །ཐབས་དང་ཤེས་རབ་ལྡན་པ་ཡིས། །བདེ་བའི་དཀྱིལ་འཁོར་མཁས་པས་བསྡུ། །ཐམས་ཅད་མ་ལུས་རིགས་བཞི་ཡི། །ནང་དུ་མ་འདུས་གང་ཡང་མེད། །དེ་ཉིད་བདེ་གཤེགས་དཀྱིལ་འཁོར་ཉིད། །ཐབས་དང་ཤེས་རབ་བདེ་འགྲུབ་ཤོག །རིགས་ལྔའི་དཀྱིལ་འཁོར་དབུས་བསྡུས་ཤིང་། །ཡེ་ཤེས་ལྔ་ཡི་འོད་ཟེར་འཕྲོ། །ཕྱོགས་བཅུ་གསལ་བར་གང་གྱུར་ནས། །ཐབས་དང་ཤེས་རབ་འོད་འབར་ཤོག །དེ་བཞིན་རིགས་མཆོག་འཛིན་པ་ཡི། །ཐམས་ཅད་མ་ལུས་དབྱིངས་བསྡུས་ཏེ། །ཐམས་ཅད་ཀུན་ཏུ་བཟང་པོར་སྟོན། །ཐབས་དང་ཤེས་རབ་གཙོར་འགྲུབ་ཤོག །ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །ཕྱོགས་དུས་གནས་པ་མ་ལུས་ལ། །ཆོས་ཀྱི་འཁོར་ལོ་ཆེན་པོ་བསྐོར། །ཐབས་དང་ཤེས་རབ་མཆོག་འགྲུབ་ཤོག །འགྲོ་བ་མ་ལུས་ཐམས་ཅད་ལ། །དེ་བཞིན་ཉིད་ཀྱི་རྒྱུ་ཡོད་པས། །མ་མཐོང་རྨོངས་ལ་ནམ་མཁའི་མདོག །ཐབས་དང་ཤེས་རབ་དབྱིངས་འགྲུབ་ཤོག །སྐུ་ནི་སྣ་ཚོགས་ཅིར་ཡང་སྣང་། །ཐབས་ཆེན་རྣམས་ལ་མཉམ་པའི་ཚུལ། །ཉན་ཐོས་རྣམས་ལ་དགྲ་བཅོམ་ཚུལ། །རང་རྒྱལ་རྣམས་ལ་བསེ་རུའི་ཚུལ། །ཕ་རོལ་ཕྱིན་རྫོགས་ཤཱཀྱའི་ཚུལ། །ལྷ་མི་རྣམས་ལ་དགེ་བཅུའི་ཚུལ། །དུད་འགྲོ་རྣམས་ལ་ཨེ་ན་ཡ། །གཞན་ཡང་འགྲོ་བ་ཐམས་ཅད་ལ། །ཇི་ལྟར་འདུལ་བ་བཞིན་དུ་སྟོན། །དེ་ལྟ་བུ་ཡི་སྐུར་སྟོན་པ། །ཐབས་དང་ཤེས་རབ་སྐུ་འགྲུབ་ཤོག །ཐབས་དང་ཤེས་རབ་ལྡན་བསྒོམས་ནས། །རྒྱན་ལྔ་ཡིས་ནི་རྣམ་པར་བརྒྱན། །ཡན་ལག་ལྔ་ལ་དཀྱིལ་འཁོར་དགོད། །ཡེ་ཤེས་རྒྱན་གྱིས་བྲོ་ཡང་བརྡུང་། །གཉིས་མེད་དཀྱིལ་


DNG010_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ཟླུམ་པོའི་ཚུལ། །མཐའ་དབུས་མེད་པའི་དཀྱིལ་འཁོར་དུ། །ལྷུན་གྲུབ་ཚོགས་ཆེན་བྱང་ཆུབ་ཏུ། །ཐབས་དང་ཤེས་རབ་མྱུར་འགྲུབ་ཤོག །ཆོས་དབྱིངས་དམ་པ་བདག་མེད་པ། །མི་དམིགས་དབྱིངས་སུ་མ་ལུས་འདུས། །མཉམ་དང་མི་མཉམ་དབྱེར་མེད་པས། །ཐབས་དང་ཤེས་རབ་དབྱིངས་འགྲུབ་ཤོག །བདེ་གཤེགས་དཀྱིལ་འཁོར་དབུ་བསྐྱོད་ན། །སངས་རྒྱས་ཞིང་ཁམས་མ་ལུས་གཡོ། །ལག་གི་འདུ་བྱེད་བསྒུལ་བསྐྱོད་ན། །རིག་འཛིན་ཞིང་ཁམས་དག་པར་བྱེད། །རྐང་ཆེན་དག་གིས་སྟབས་མཆོངས་ན། །འགྲོ་དྲུག་གནས་རྣམས་སྟོངས་པར་བྱེད། །སྤྱན་གྱིས་ཕྱོགས་བཅུར་བལྟས་བྱས་ན། །བདུད་བཞིའི་དཔུང་རྣམས་ཕམ་པར་བྱེད། །ཐབས་དང་ཤེས་རབ་མ་ལུས་ཀུན། །དེ་ལྟ་བུ་ཡི་དོན་འགྲུབ་ཤོག །ཐམས་ཅད་མ་ལུས་དེ་བཞིན་ཏེ། །དེ་ནི་གང་ཡང་མི་དམིགས་ལ། །སྐྱེ་དང་འགག་དང་གནས་པ་དང་། །འོང་དང་འགྲོ་བའི་དངོས་པོ་མེད། །རྣལ་འབྱོར་བྲོ་གར་རྩེད་འཇོ་དང་། །སྣ་ཚོགས་བྱེད་ལ་བྱས་པ་མེད། །དེ་ཉིད་རྣམ་པ་སྣ་ཚོགས་པའི། །རྣལ་འབྱོར་ལས་རྣམས་འགྲུབ་པར་ཤོག །ཐབས་དང་ཤེས་རབ་ཐམས་ཅད་ཀྱིས། །དེ་ལྟ་བུ་ཡིས་ལོངས་སྤྱོད་ན། །སངས་རྒྱས་དཀྱིལ་འཁོར་མ་ལུས་མཉེས། །སྲིད་གསུམ་འགྲོ་བ་ཐམས་ཅད་ལ། །དགའ་བ་ཆེན་པོས་ཁྱབ་པར་འགྱུར། །ལུས་མ་སྤངས་པར་རིག་འཛིན་ས། །ཡུན་རིང་ཆོས་ཀྱི་བདེ་སྤྱད་ནས། །བླ་མེད་རྡོ་རྗེ་སེམས་དཔའ་ཡིས། །དཔེ་བྱད་མཚན་གྱིས་རྣམ་པར་བརྒྱན། །མངོན་ཤེས་དྲུག་ལྡན་ཐམས་ཅད་མཁྱེན། །ཚོགས་ཆེན་གཉིས་ཀྱང་རྫོགས་པར་རོལ། །སངས་རྒྱས་ཞིང་ལ་དབང་བསྒྱུར་ཏེ། །སྤྱོད་ཡུལ་ཀུན་ཏུ་མཎྜ་ལ། །ཇི་ལྟར་དམིགས་པ་བཞིན་དུ་འགྲུབ། །རྣལ་འབྱོར་ལས་སུ་རུང་རྣམས་ཀྱིས། །དེ་ལྟ་བུ་ཡིས་ལས་རྣམས་བྱ། །འབྲས་བུ་མངོན་དུ་མ་གྱུར་ཀྱང་། །ལུས་ངག་ཡིད་ལ་དབང་ཐོབ་ནས། །སངས་རྒྱས་འབྱུང་དང་སྐལ་མཉམ་


DNG010_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། །ཐེག་པ་དམན་པར་ཡོངས་མི་བྱེད། །ངན་སོང་གསུམ་དུ་ཡོངས་མི་ལྟུང་། །གནས་ངན་ལོངས་སྤྱོད་མི་བདེ་བའི། །གནས་ངན་ས་རུ་ཡོངས་མི་ལྟུང་། །རྡོ་རྗེའི་ཐེག་མཆོག་བརྗེད་མི་འགྱུར། །ཚེ་རིང་བདེ་བ་ཕུན་སུམ་ཚོགས། །ལུས་བྱད་བཟང་ཞིང་ཡན་ལག་རྫོགས། །དབང་པོ་ཚང་ཞིང་ལྷག་ཆད་མེད། །སྐད་གདངས་སྙན་ཅིང་འགྲོ་དོན་བྱེད། །བདག་གི་ལོངས་སྤྱོད་ཐམས་ཅད་ཀུན། །གཞན་ལ་གནོད་པ་མེད་པར་འགྲུབ། །ཚན་པོ་ཆེ་ཡི་མཐུ་སྟོབས་ལྡན། །འགྲོ་བའི་དོན་དུ་ཡང་དག་བྱེད། །གཞན་ལ་གནོད་པ་ཡོངས་མི་བྱེད། །སྙིང་རྗེ་ཆེ་ཞིང་ཤེས་རབ་ལྡན། །མཐུ་སྟོབས་ཆེ་ཞིང་ཐབས་ལྡན་པ། །བདག་དང་གཞན་དོན་རྫོགས་པར་སྤྱོད། །མཐར་ནི་སྐྱེ་ཤི་མེད་པའི་ས། །སངས་རྒྱས་ཡོན་ཏན་རིན་པོ་ཆེ། །བཀོད་པའི་གཞལ་ཡས་ཐམས་ཅད་ལ། །དབང་བསྒྱུར་སྤྱོད་པའི་དངོས་གྲུབ་ཐོབ། །རྣལ་འབྱོར་གང་ཞིག་འདི་འདྲའི་དོན། །ལྗགས་ཀྱི་དབང་པོ་བཀྲམ་ནས་ནི། །གསང་དོན་ངེས་པའི་དོན་སྟོན་པ། །བླ་མེད་མཆོག་ཏུ་འགྲུབ་པར་ཤོག །བླ་མེད་བྱང་ཆུབ་ཐོར་ཚུགས་ཅན། །ཤིན་ཏུ་བསྟན་པའི་རི་བོ་གནས། །མུ་སྟེགས་རླུང་གིས་ཚུགས་མི་འགྱུར། །ཐེག་མཆོག་རྡོ་རྗེ་དེ་ལྟ་བུ། །དཀྱིལ་འཁོར་མི་ཟད་འབྱུང་བའི་གཏེར། །ཡིད་བཞིན་ནོར་བུ་རིན་པོ་ཆེ། །བྱི་དོར་བྱས་ཤིང་ཤིན་ཏུ་གསལ། །བསྐལ་པ་གྲངས་མེད་གནས་གྱུར་ཀྱང་། །སྐུ་ནི་ཤིན་ཏུ་གཞོན་པའི་ཚུལ། །སྐྱེ་ཤི་མེད་པ་རྡོ་རྗེ་ཡི། །ཐམས་ཅད་འབྱུང་བའི་གཏེར་ཡིན་ཏེ། །ཡོན་ཏན་ཕུན་སུམ་ཚོགས་དང་ལྡན། །བླ་མེད་བྱང་ཆུབ་འགྲུབ་འགྱུར་ནས། །ཡེ་ཤེས་རྡོ་རྗེ་འགྲུབ་པར་ཤོག །ཚོགས་ཆེན་གཉིས་ཀྱང་རྫོགས་གྱུར་ཅིག །ཐམས་ཅད་ཀུན་གྱི་སྟོན་པ་པོ། །ཐམས་ཅད་མཁྱེན་པའི་གོ་འཕང་བརྙེས། །སངས་རྒྱས་ཞིང་ལ་དབང་བྱེད་ཤོག །དེ་རྟོགས་ཀུན་ཀྱང་རྡོ་རྗེའི་རིགས། །སྐུ་གསུང་ཐུགས་ཀྱང་འགྲུབ་པར་ཤོག །རྣལ་འབྱོར་ཐབས་དང་ཤེས་རབ་ཏུ། །ལྡན་པ་རྣམས་ཀྱིས་དུས་ཐམས་ཅད། །འདོད་པའི་ཡོན་ཏན་ལྔ་སྤྱད་ཅིང་། །གླུ་དང་གར་དང་བྲོ་ཐབས་བྱའོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། བྲོ་གར་རྩེད་འཇོའི་ལེའུ་སྟེ་སོ་གསུམ་པའོ།། །། སྒྱུ་འཕྲུལ་དྲ་བ་ལེའུ་སྟོང་ཕྲག་བརྒྱ་པ་ལས་མཚན་ཉིད་དང་ལུང་གི་སྤྱི་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་སྒྱུ་འཕྲུལ་ལེ་ལྷག་བསྟན་པའོ།། །།

རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་ལས་གསང་བའི་སྙིང་པོ་དེ་ཁོ་ན་བསྟན་པ་རོལ་པ་ཆེན་པོའི་རྒྱུད་ཅེས་བྱ་བ།


DNG010_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བཛྲ་སཏྭ་མཱ་ཡཱ་ཛཱ་ལ་གུ་ཧྱ་གརྦྷ་ཏ་ཏྭ་དེ་ཤ་མ་ཧཱ་ལ་ཌི་ཏ་ཏནྟྲ་ནཱ་མ། བོད་སྐད་དུ། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་ལས།གསང་བའི་སྙིང་པོ་དེ་ཁོ་ན་བསྟན་པ་རོལ་པ་ཆེན་པོའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །དེ་ནས་དེ་བཞིན་གཤེགས་རྣམས་ཀྱི། །བདག་ཉིད་ཀུན་ཏུ་བཟང་པོའི་གཙོ། །སངས་རྒྱས་ཀུན་གྱིས་དབང་བསྐུར་ཞིང་། །ཐམས་ཅད་འདུས་པའི་བདག་ཉིད་མཆོག །རང་གི་དཀྱིལ་འཁོར་རྒྱ་ཆེན་པོས། །ཕྱོགས་བཅུའི་སྟོང་གསུམ་ཀུན་གསལ་མཛད། །རིགས་ཀྱི་ཕྲིན་ལས་སྣ་ཚོགས་པའི། །ཀུན་དོན་དཀྱིལ་འཁོར་ཆེན་པོ་ཉིད། །རང་བཞིན་སྤྲུལ་པ་བདག་ཉིད་ཀྱིས། །འཁོར་ལོ་གསང་བའི་གནས་ཆེན་བཞུགས། །ཐབས་དང་ཤེས་རབ་རོལ་པའི་དབྱིངས། །མ་ལུས་ཀུན་འདུས་འབྲས་བུའི་མཆོག །ཀུན་ནས་སྤྲུལ་པའི་དཀྱིལ་འཁོར་དང་། །གསང་སྔགས་ཟབ་མོའི་ཐེག་པ་ཀུན། །ཡེ་ཤེས་གསལ་བའི་བདག་ཉིད་ཅན། །ཡོན་ཏན་ཀུན་རྫོགས་ཕྲིན་ལས་མཛད། །འདི་དག་དཀྱིལ་འཁོར་སྣ་ཚོགས་པའི། །རོལ་པ་ཀུན་འཇུག་རྒྱུ་ཡི་གནས། །ཐ་དད་མིན་ལ་ཐ་དད་སྣང་། །དཀྱིལ་འཁོར་ཀུན་ནས་སྣ་ཚོགས་པའི། །འོག་མིན་ལྷུན་གྱིས་གྲུབ་པའི་གནས། །མཐའ་དང་དབུས་མེད་འཁྱིལ་པའི་བདག །མཛེས་པའི་རིན་ཆེན་ཀུན་གྱིས་བརྒྱན། །ཚད་མེད་ཡེ་ཤེས་འཁོར་ལོའི་གནས། །ཆོས་ཚོགས་མཚན་མའི་གནས་འཇོམས་ཤིང་། །མ་བཀོད་ཡེ་ནས་བརྒྱན་པ་ཡི། །རིགས་ཀྱི་ཡོན་ཏན་ཀུན་འབྱུང་གནས། །ཡང་དག་ཚུལ་གྱིས་ལོག་ལྟ་འཇོམས། །མྱ་ངན་ཀུན་བྲལ་གྲོང་ཁྱེར་ཆེ། །ཁང་པ་གྲུ་བཞི་སྒོ་ཁྱུད་བཅས། །ཕྱོགས་བཅུ་རྒྱ་ཡོངས་མ་ཆད་པ། །ཡོན་ཏན་དཔག་ཏུ་མེད་པར་བཀླུབས། །ཆོས་ཉིད་སྣང་བའི་བདག་ཉིད་ཅན། །ཡེ་ཤེས་ཉི་ཤུ་རྩ་ལྔའི་བདག །རང་རིག་དོན་མཐུན་རྟགས་ཀྱི་ཚུལ། །རྩེ་མོ་ནོར་བུ་འབར་བ་ལ། །རིགས་ཀྱི་མཚན་མ་རྒྱན་དུ་བཅས། །ངོ་བོ་གཉིས་མེད་འཁྱིལ་པའི་བདག །དེ་ལས་བསམ་ཡས་གྲངས་མེད་


DNG010_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །ཐ་དད་སྣ་ཚོགས་འཇིགས་པ་མེད། །དེ་བཞིན་ཉིད་སྣང་རང་བཞིན་མེད། །དབྱིབས་དང་ཁ་དོག་རྣམ་སྤངས་པའི། །རྣམ་པ་ཐ་དད་བྱེ་བྲག་མཆོག །ཁྱད་པར་ཡོན་ཏན་གནས་ཀྱིས་མཛེས། །ལྷ་དང་མི་སོགས་ཚད་འདས་ཤིང་། །དཔག་མེད་རིགས་ཀྱི་རྒྱན་རྣམས་དང་། །ཀུན་ནས་སྤྲུལ་པའི་ལྷ་མོའི་ཚོགས། །ཀུན་ནས་རྒྱ་ཡང་མ་ཆད་པའི། །ཕྲེང་བ་ཆུན་འཕྱང་ཤར་བུ་དག །ཡེ་ཤེས་བཀོད་པ་མ་འདྲེས་པའི། །འདོད་ཡོན་ཚོགས་ཀྱིས་རྣམ་པར་བཀླུབས། །ཕྱོགས་བཅུ་ཀུན་ནས་འཁྲིགས་པ་ཡི། །རང་བྱུང་ཞི་རྒྱས་དབང་དྲག་བརྒྱན། །མཐའ་ཡས་མཛད་པ་ཀུན་སྟོན་ཅིང་། །ཐ་དད་སྤངས་པའི་ཚུལ་གྱིས་གནས། །སྒྲིབ་མེད་གསལ་བའི་བདག་ཉིད་ཅན། །བསམ་འདས་རྒྱ་ཆེན་གྲངས་མང་ཀུན། །སྟོང་སྨོན་མཚན་མེད་འོད་གསལ་སྒོ། །སངས་རྒྱས་ཐེག་པས་རྣམ་པར་སྤྲས། །ཕྱི་ནང་གསང་བ་ཟབ་མོ་ཡི། །རྣམ་ཐར་བརྒྱད་ཀྱི་རྟ་བབས་ལྡན། །ཕྱི་དང་ནང་མེད་ཡེ་ཤེས་དངོས། །མཐའ་དབུས་མེད་པའི་བདེ་ཆེན་དབྱིངས། །རྒྱུ་རྐྱེན་ལམ་དང་ཐབས་ཀྱི་ཆོས། །དེ་དག་འབྲས་བུའི་བདག་ཉིད་ཅན། །མི་འཇིགས་རྣམས་དང་སྟོབས་བཅུ་དང་། །རྫུ་འཕྲུལ་རྐང་པ་དབང་བཅུ་ཡིས། །ཐོགས་མེད་གངས་ཆེན་མཚོ་ལྔའི་བདག །མཚན་མ་རྟགས་ཀྱི་གནས་རྫོགས་ཤིང་། །ཐུགས་རྗེ་བྱང་ཆུབ་སེམས་ཉིད་ལྡན། །ཀུན་ནས་མ་ཆགས་རྣམ་པར་དག །ཀུན་འབྱུང་རིན་ཆེན་བརྩེགས་པའི་ཁྲི། །ཀུན་ཏུ་སྒྲིབ་པ་མེད་པའི་མཆོག །ཐམས་ཅད་རང་གི་དཀྱིལ་འཁོར་ཉིད། །དེ་དག་ཉི་ཤུ་རྩ་ལྔས་བརྒྱན། །རྣམ་པར་བཀོད་པའི་སྐུ་ཆེན་པོ། །ཐམས་ཅད་གསལ་བའི་བྱེད་པ་མཆོག །ཐམས་ཅད་མ་འགགས་ཐེག་པའི་ཚུལ། །ཟབ་མོ་རྒྱ་ཆེན་གསང་བའི་སྔགས། །དོན་ཀུན་ངེས་པར་གཅོད་བྱེད་པའི། །རང་གི་ཡེ་ཤེས་འགྱུར་བ་མེད། །མཚན་མཆོག་སུམ་ཅུ་རྩ་གཉིས་དང་། །དཔེ་བྱད་བརྒྱད་ཅུའི་བདག་ཉིད་ཅན། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཕྲིན་ལས་འཇིགས་བྱེད་སྙེམས་དང་བྲལ། །ཆོས་སྐུ་སྤྱི་ཡི་བདག་ཉིད་ཅན། །ཉི་ཤུ་རྩ་ལྔའི་གནས་རྫོགས་པས། །


DNG010_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཀྱི་དཀྱིལ་འཁོར་ཐུགས་ཀྱི་བདག །ཉི་ཤུ་རྩ་ལྔས་མངོན་པར་རྫོགས། །བསམ་གྱིས་མི་ཁྱབ་ཐམས་ཅད་ཀུན། །སྐུ་དང་གསུང་ཐུགས་བདག་ཉིད་ཆེ། །ཨཱ་ལི་ཀཱ་ལི་མཉམ་གནས་པའི། །ཞབས་གཉིས་པདྨ་བསྣོལ་བའི་རྒྱ། །བརྟུལ་ཞུགས་སྐྱིལ་ཀྲུང་རིགས་ཀྱི་བདག །ཀུན་ནས་ཐབས་དང་ཤེས་རབ་རྫོགས། །ཡེ་ཤེས་དྲུག་གི་བདག་ཉིད་ཀྱི། །ཕྱག་རྒྱ་རིན་ཆེན་འབར་བས་མཚན། །རྡོ་རྗེ་འཁོར་ལོ་རིན་པོ་ཆེ། །དྲིལ་བུ་པདྨ་རལ་གྲི་འབར། །མཐིང་ག་དཀར་དང་དམར་བའི་མདངས། །རིགས་ཀྱི་རིན་ཆེན་དབུ་རྒྱན་མཛེས། །ཅོད་པན་སངས་རྒྱས་ཀུན་གྱི་བདག །དྲུག་པའི་རིགས་རྣམས་ཀུན་གྱི་གནས། །ཞལ་གསུམ་ཕྱག་དྲུག་མཉམ་པའི་སྟབས། །རིན་ཆེན་འབར་བས་ཉེ་བར་སྤྲས། །གཙོ་བོ་ཆོས་ཀྱི་མཛོད་སྙེམས་པ། །ཀུན་བཟང་ཡུམ་དང་འཁྲིལ་བའི་ཚུལ། །གཉིས་མེད་བྱིན་རླབས་མ་འགགས་པའི། །གཙོ་དང་སྤྲུལ་པའི་དཀྱིལ་འཁོར་ཉིད། །རྡོ་རྗེ་ཆེན་པོ་ཐུགས་ཀྱི་མཆོག །རིགས་བདག་རྒྱལ་པོའི་ངོ་བོ་ཉིད། །བདེ་གཤེགས་འཁོར་ལོ་སྐུ་ཡི་དབྱིབས། །ཞིང་ཁམས་མཐའ་ཡས་རྒྱལ་བའི་ཚོགས། །ཡོན་ཏན་རིན་ཆེན་ཆེ་གནས་འབྱོར། །དེ་དག་གདོད་ནས་ཀུན་རྫོགས་མཛད། །གསུང་གི་པདྨ་རྣམ་པར་དག །ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན། །ཕྲིན་ལས་ཀུན་གྱི་མཐར་ཕྱིན་པས། །རིགས་ཀྱི་དཀྱིལ་འཁོར་ཀུན་རྫོགས་མཛད། །ཆོས་དབྱིངས་མེ་ལོང་མཉམ་པ་ཉིད། །སོ་སོར་ཀུན་རྟོག་བྱ་བ་གྲུབ། །ཉོན་མོངས་ལམ་ཀུན་རྣམ་དག་པའི། །རིགས་ཀྱི་བདེ་གཤེགས་ཐམས་ཅད་མཁྱེན། །བྱང་ཆུབ་སེམས་ཉིད་འགྱུར་བ་མེད། །མ་འདྲེས་ལས་ཀུན་རྣམ་པར་དག །ཡོན་ཏན་ཚོགས་ཀུན་ལྷུན་གྲུབ་ཅིང་། །ཆགས་པ་ཆེན་པོས་ཀུན་སྤྱོད་པ། །དེ་དག་ཕྲིན་ལས་སྣ་ཚོགས་ཀྱིས། །རང་རིག་ཞིང་ཁམས་ཆེན་པོར་སྦྱོར། །ཕྱོགས་བཅུ་ཀུན་ནས་འཁྲུལ་པ་ཡིས། །འབྱུང་བ་ཆེ་ནི་རྣམ་པར་དག །གསལ་སྣང་རྡོ་རྗེ་དབང་ཕྱུག་དབྱིངས། །སྲ་མཁྲེགས་བདེ་གཤེགས་ཕྱག་རྒྱ་སྟེ། །


DNG010_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

སྡུད་ཅིང་གཟུང་མེད་ཡོན་ཏན་དབྱིངས། །གསལ་དྲོ་སྨིན་པ་པདྨའི་ཆོས། །སྤྱོད་པའི་ཕྲིན་ལས་ཀུན་རྫོགས་པའི། །དོན་མཐུན་རྟགས་ཀྱི་ཕྱག་རྒྱ་ཉིད། །བཙུན་མོ་དམ་པའི་ཆ་ལུགས་ཀྱིས། །དེ་དག་དཀྱིལ་འཁོར་བསྟན་པར་མཛད། །དམ་པ་ཆོས་ཀུན་སྣ་ཚོགས་པའི། །ཚུལ་རྣམས་ཡང་དག་རྫོགས་པའི་སྐུ། །ཁམས་གསུམ་སྤྱི་ནས་རྣམ་དག་ཅིང་། །ཟག་མེད་རིགས་ཀྱི་དཀྱིལ་འཁོར་ཉིད། །ཏིལ་གྱི་གང་བུ་ཇི་ལྟ་བར། །བར་མཚམས་མེད་པར་མཐའ་ཡས་པའོ། །དེ་ཚེ་འཁོར་གྱི་བྱང་ཆུབ་སེམས། །དཀྱིལ་འཁོར་ཆེན་པོའི་ཕྱོགས་ཀུན་ནས། །རྡོ་རྗེ་བཀོད་པའི་གར་དང་ནི། །གླུར་བཅས་མངོན་པར་འཁོད་གྱུར་པ། །རྒྱུ་དང་འབྲས་བུའི་བདག་ཉིད་ཅན། །སྨོན་ལམ་ཐུགས་རྗེའི་སྟོབས་རྫོགས་པའོ། །དཀྱིལ་འཁོར་ཆེན་པོའི་གནས་མཛེས་པར། །ཡེ་ཤེས་འགྲོ་ནས་རྣམ་པར་དག །བྱང་ཆུབ་སེམས་ཉིད་ས་ཆེན་པོ། །ཀུན་ཁྱབ་རྡུལ་ཕྲན་ནམ་མཁའ་ཉིད། །ཐུགས་རྗེས་པདྨ་སྣ་ཚོགས་སྟོན། །ལས་ཀྱི་ཕྲིན་ལས་སྟོབས་རྫོགས་གནོན། །རྣམ་ཤེས་བཞི་ཡི་བདག་ཉིད་ཀྱིས། །དེ་དག་ཡུལ་བཅས་དག་པར་མཛད། །ཐབས་བཅས་མ་འདྲེས་བྱམས་པའི་སྟོབས། །སྒྲིབ་མེད་མུན་པའི་ཚོགས་སེལ་ཞིང་། །ཀུན་ནས་སྤྱོད་པ་བཟང་པོ་ཉིད། །ཤེས་རབ་ཆེན་པོ་མཐར་ཕྱིན་པ། །གསུང་གི་དབང་པོ་རྣམ་དག་པས། །རིགས་ཀྱི་ཡེ་ཤེས་གསལ་བར་སྦྱོར། །མ་ལུས་གཟུགས་སྒྲ་དྲི་རོའི་ཚོགས། །ལྷ་མོའི་དཀྱིལ་འཁོར་རྣམ་པར་དག །དེ་དག་ཐབས་དང་ཤེས་རབ་ཀྱིས། །ཡི་གེའི་གནས་ཀུན་མཉམ་པ་ཉིད། །ཀུན་ནས་ཀུན་ཏུ་བསམ་ཡས་པའི། །དུས་རྣམས་ལྷ་མོའི་བདག་ཉིད་དོ། །མི་མཐུན་མཚན་མའི་ཕྱོགས་འཇོམས་བྱེད། །དེར་རྫོགས་གཉེན་པོའི་སྟོབས་དང་ལྡན། །ཕྱོགས་ཀྱི་དོན་རྣམས་འཇོམས་མཛད་ཅིང་། །ཕྲིན་ལས་རིགས་ཀྱི་ཡེ་ཤེས་རྫོགས། །ལུས་ཀྱི་ཆོས་ཀུན་རྣམ་དག་པའི། །ཁྲོ་བོ་ཆེན་པོའི་མཐུ་སྟོབས་ལྡན། །རྟག་ཆད་མཚན་མའི་གཡུལ་རྣམས་འཇོམས། །ཚད་མེད་བཞི་རྫོགས་


DNG010_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་གནས་སེལ། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ། །ཕྱི་ནང་དཀྱིལ་འཁོར་བརྟན་མཛད་ཅིང་། །རིགས་ཀྱི་འཁོར་ལོ་ཀུན་རྫོགས་དག །སྟོང་ཁམས་ཀུན་ཏུ་མཐའ་ཡས་པར། །དེ་དག་དཀྱིལ་འཁོར་གསལ་བར་སྣང་། །གཉིས་མེད་མཉམ་པ་ཆེན་པོའི་སྐུ། །གྲངས་མེད་བརྗོད་ཀྱིས་མི་ལང་བ། །གཉིས་སུ་མེད་པར་བརྟན་པར་བཞུགས་པའོ། །དེ་ནས་རིགས་ཀྱི་སངས་རྒྱས་ཀུན། །རང་གི་དཀྱིལ་འཁོར་ཇི་ལྟ་བར། །མི་རྣམས་དོན་ཀུན་བསྟན་མཛད་དེ། །མ་འདྲེས་སྟོབས་ཀྱིས་རྣམ་པར་སྤགས། །དེ་ཚེ་བདེ་གཤེགས་མཐུ་སྟོབས་ཀྱིས། །སྐུ་གསུང་བྱིན་བརླབས་བསམ་ཡས་དང་། །དཀྱིལ་འཁོར་བཀོད་པ་ཀུན་སྣང་མཛད། །སྐུ་གསུང་ཐུགས་ཀྱི་རྣམ་འཕྲུལ་གྱིས། །རོལ་པའི་བྱིན་རླབས་མཐའ་ཡས་སྟོན། །མཐར་ཐུག་མེད་པའི་འཇིག་རྟེན་འདིར། །ངོ་མཚར་མཐའ་ཡས་ལྟས་ཀྱིས་གང་། །གཡོ་དང་གཡོ་བ་ཆེན་པོ་དང་། །བསྐྱོད་དང་བསྐྱོད་པ་ཆེན་པོ་ཡི། །སྒྱུ་འཕྲུལ་རོལ་པས་མ་ལུས་ཀུན། །རྣམ་དག་དཀྱིལ་འཁོར་གསལ་རྫོགས་མཛད། །རིགས་ཀྱི་རྒྱལ་བ་ཐམས་ཅད་དང་། །བྱང་ཆུབ་སེམས་རྣམས་ཡི་རང་སྟེ། །སྣ་ཚོགས་མཆོད་པས་སྤྲོ་མཛད་ཅིང་། །ཡང་དག་དོན་རྫོགས་གསོལ་བ་འདེབས། །སྒྱུ་འཕྲུལ་དྲ་བའི་རྒྱུད་ཆེན་པོ། །སངས་རྒྱས་ཀུན་གྱི་གསང་བའི་གནས། །དེ་དག་མངོན་འབྱུང་རྫོགས་བྱེད་པའི། །རྒྱུ་དང་འབྲས་བུ་མཚུངས་པའི་དོན། །རབ་ཏུ་མོས་པ་སྨིན་བྱེད་ཅིང་། །ཐབས་ཀྱིས་ཕྱག་རྒྱ་གསང་བ་ཉིད། །སྟོང་ཕྲག་བརྒྱ་པའི་རྒྱུད་ཆེན་པོ། །མགོན་པོ་བརྩེ་ལྡན་མཚུངས་པའི་ལམ། །མ་ལུས་ཡུལ་ཀུན་ཐབས་འདི་ཉིད། །ཕྱག་རྒྱའི་དཀྱིལ་འཁོར་བླ་ན་མེད། །ཁྱོད་ཉིད་རྒྱལ་བ་ཀུན་གྱི་ཡབ། །དང་པོའི་རྡོ་རྗེ་ཆེན་པོ་ཉིད། །རབ་ཏུ་མི་གནས་སྟོབས་རྫོགས་པའི། །བདག་པོ་ཆོས་ཀྱི་ཏིང་ངེ་འཛིན། །ཕྲ་རྒྱས་ཟག་མེད་ཀུན་གྲོལ་བའི། །ཡེ་ཤེས་བརྟན་པའི་གནས་འདི་ཉིད། །མཚན་ལྡན་མཚན་རྣམས་ཀུན་ནས་རྫོགས། །ཨེ་མ་ཧོ་བྱང་ཆུབ་སེམས་ཉིད་དོན། །དེ་ནས་


DNG010_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ཀུན་རྫོགས་པའི་དོན། །ཐུགས་རྗེ་ཡེ་ཤེས་དྲི་མ་མེད། །ཐམས་ཅད་ཐབས་ལས་འབྱུང་བ་ཡིས། །བྱང་ཆུབ་སེམས་འདི་རང་འབྱུང་གནས། །མི་ཤིགས་དཀྱིལ་འཁོར་བརྟན་པ་ཉིད། །བདག་པོ་རང་གི་སྟོབས་རྫོགས་པས། །ཡེ་ནས་ཡུལ་ཀུན་རྣམ་པར་དག །ཐུགས་རྗེ་ཆེན་པོ་སྣང་བའི་ཤུགས། །བྱིན་རླབས་ཡུལ་བཅས་ཇི་ལྟར་སྣང་། །དེ་དག་རང་གི་ལས་བཞིན་དུ། །གློ་བུར་འཁྲུལ་པས་རྟོག་འཛིན་ཅིང་། །ཕྱི་ནང་ཡུལ་སོགས་རྣམ་སྤྱོད་པ། །ཐུགས་རྗེ་དག་པས་ཇི་ལྟར་བསྒྲལ། །དེ་དག་དཀྱིལ་འཁོར་ཀུན་རྫོགས་པའི། །རིགས་ཀྱི་གནས་རྣམས་སྦྱོར་མཛད་ཅིང་། །ཕྱག་རྒྱ་གསང་སྔགས་སྟོབས་རྫོགས་པས། །ཚད་མེད་ཡུལ་ཀུན་རྫོགས་པ་ཉིད། །དཀྱིལ་འཁོར་ཆེན་པོ་རྣམ་གྲངས་ཀྱིས། །བྱེ་བྲག་མཁས་པའི་སྤྱོད་ཡུལ་ལས། །རང་བཞིན་ལྷུན་གྱིས་གྲུབ་པ་དག །དོན་དམ་ཀུན་རྫོབ་རྣམ་པར་སྤྱོད། །སངས་རྒྱས་ཀུན་གྱི་གསང་བ་འདི། །ཚུལ་བཞིན་དམིགས་པར་བྱ་བའི་ཐབས། །དེ་ལས་ལྷག་པའི་དོན་སྣང་ཞིང་། །ཕྱི་རོལ་འབྱུང་ཚོགས་འགྲོ་བར་བཅས། །སངས་རྒྱས་ཀུན་གྱི་རང་བཞིན་ཏེ། །དཀྱིལ་འཁོར་རྫོགས་པའི་རིགས་མཆོག་ཉིད། །ཤེས་རབ་ཆེན་པོས་ཡུལ་མཐར་ཕྱིན། །ཆ་ཤས་ཆ་ཤས་མེད་པ་ཡི། །བྱང་ཆུབ་སེམས་གནས་དྲུག་པའི་གཟུངས། །མ་ལུས་ཡུལ་ཀུན་སྦྱོང་མཛད་ཅིང་། །གཉིས་མེད་ཡེ་ཤེས་ཆེན་པོའི་བདག །ཆོས་ཀྱི་གནས་ཀུན་རྫོགས་ལོངས་སྤྱོད། །སྤྲུལ་པའི་སྐུ་རྫོགས་འགྲོ་བའི་མགོན། །སྒྱུ་འཕྲུལ་བསྒྲུབ་པའི་དཀྱིལ་འཁོར་དང་། །ལྷག་པའི་ཁྲོ་བོའི་དཀྱིལ་འཁོར་གྱི། །རང་བཞིན་མངོན་པར་རྫོགས་པའི་ཤུགས། །ཡེ་ཤེས་དཀྱིལ་འཁོར་ཇི་ལྟ་བུ། །རང་བཞིན་ལྷུན་གྱིས་གྲུབ་པ་དང་། །རྟོགས་པས་མངོན་པར་ཡུལ་སྦྱོར་བའི། །ཐུན་མོང་ཁྱད་པར་རིགས་བཅས་རྣམས། །གདུལ་བྱ་ཀུན་གྱི་དོན་བཞིན་དུ། །བྱེ་བྲག་ཇི་ལྟར་འཚམས་པར་སྣང་། །འདིར་ནི་ལྷག་པའི་ཏིང་འཛིན་དང་། །ཏིང་འཛིན་དཀྱིལ་འཁོར་མ་


DNG010_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

བཅོས་པ། །དེ་དག་རྒྱུ་དང་འབྲས་བུ་ཡི། །ཚུལ་བཞིན་བརྟེན་པའི་རྣམ་པར་སྤྱོད། །འགྲོ་བ་འདུལ་བའི་ཏིང་འཛིན་གྱིས། །དཀྱིལ་འཁོར་ཕྱག་རྒྱ་སྔགས་རྫོགས་པའི། །ཁྲོ་བོའི་དཀྱིལ་འཁོར་མངོན་སྣང་ཞིང་། །རང་གི་ཕྲིན་ལས་བརྟན་པའི་བདག །ཚོགས་སྒྲུབ་ཏིང་འཛིན་རྒྱ་ཆེན་པོ། །བསོད་ནམས་ཡེ་ཤེས་མངོན་རྫོགས་བྱེད། །ཕྲིན་ལས་བྱེ་བྲག་སྟོབས་ཀྱི་ནི། །ཏིང་འཛིན་དཀྱིལ་འཁོར་དག་སྤྱོད་པ། །བཞི་བརྒྱ་མཉམ་པ་ཆེན་པོའི་དབྱིངས། །དེ་དག་ཕྲིན་ལས་ཇི་ལྟ་བུས། །ཡང་དག་བྱ་བ་རྫོགས་པར་འགྱུར། །གཟུགས་བརྙན་དཀྱིལ་འཁོར་རྒྱ་ཆེན་པོས། །ས་གཞི་མཉམ་ལ་གནས་རྫོགས་པ། །ཕྱོགས་མཚམས་ཀུན་ཏུ་ཤིས་པའི་ལས། །མངོན་པར་བསྔགས་པ་ཇི་ལྟ་བུར། །ཡང་དག་དཀྱིལ་འཁོར་ཐིག་གདབ་ཅིང་། །ཡང་དག་ཚོན་གྱི་ལས་རྣམས་དང་། །ཕྱག་རྒྱའི་བྱེ་བྲག་ཀུན་རྫོགས་པའི། །རྒྱན་ཆས་བཀོད་པ་བླ་ན་མེད། །དངོས་གྲུབ་ཕྲིན་ལས་ལྷག་གནས་ཤིང་། །དཀྱིལ་འཁོར་སྒྲུབ་པའི་ཚུལ་དག་གིས། །ལས་ཀྱི་ལྷག་ཆད་རྫོགས་བྱེད་ཅིང་། །མཉེས་ཤིང་ཤིས་པས་འདོད་པའི་དོན། །ཡེ་ཤེས་དཀྱིལ་འཁོར་ཇི་ལྟ་བར། །དམ་ཚིག་དཀྱིལ་འཁོར་ཆེན་པོར་སྦྱོར། །ལྷག་གནས་སྟ་གོན་བུམ་པ་དང་། །དཀྱིལ་འཁོར་ཆེན་པོའི་གནས་རྣམས་རྫོགས། །དེ་དག་བཀྲ་ཤིས་ཆོ་ག་བཟང་། །ཉེ་བར་བསྙེན་པས་གསལ་བར་འགྱུར། །འཇུག་པའི་ཆོ་ག་ཚུལ་བཞིན་དུ། །རྣམ་གསུམ་ནུས་པ་མཐུ་དང་ལྡན། །བདེ་གཤེགས་བརྒྱུད་པའི་བྱིན་རླབས་ལམ། །དད་བརྩོན་ཤེས་རབ་ཏིང་འཛིན་སྟོབས། །སྦྱིན་བསྲེགས་གསང་བའི་ལས་རྫོགས་ཤིང་། །འདོད་པའི་ལས་ཀུན་ཉེ་བར་སྦྱོར། །མཆོད་སྦྱིན་རྒྱ་ཆེན་གཏོར་མའི་ཚོགས། །དེ་དག་ཡུལ་ཀུན་རྣམ་དག་འགྱུར། །སྒྱུ་འཕྲུལ་རྒྱས་པའི་ཚུལ་གྱིས་ནི། །ལམ་ལྔ་དང་ནི་ཉི་ཤུ་རྩ་ལྔ་དང་། །སུམ་ཅུ་རྩ་ལྔ་ལྔ་བཅུ་རྫོགས། །བྱེ་བྲག་དཀྱིལ་འཁོར་རྒྱས་པ་ནི། །ཆོ་ག་ཀུན་རྫོགས་མངོན་པར་བསྔགས། །སངས་རྒྱས་ཐེག་པ་བསམ་ཡས་པ། །དེ་དག་


DNG010_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་རྣམས་མཐའ་ཡས་པ། །སྐུ་གསུང་ཡོན་ཏན་ཕྲིན་ལས་ཐུགས། །མ་ལུས་ཀུན་འདུས་རྣམ་པར་དག །ཐབས་ལྡན་རྫོགས་པའི་ཡན་ལག་ཏུ། །སྨིན་པའི་ལམ་མཆོག་བླ་ན་མེད། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །རང་གི་དམ་བཅས་སྡོམ་པ་རྫོགས། །ཡུལ་མཆོག་ཁྱད་པར་འཕགས་པ་ལ། །བྱིན་རླབས་སྔགས་ཀྱིས་ནོར་བུ་བླངས། །ཕན་དང་ནུས་པའི་དབང་ཐོབ་ཅིང་། །རིམ་བཞིན་དམ་ཚིག་བརྟན་པར་གནས། །དེ་དག་ཁྱད་པར་བྱེ་བྲག་གིས། །དོན་ཀུན་གསང་བ་མངོན་གྱུར་པ། །ཐུན་མོང་སྡོམ་པ་ཐམས་ཅད་དང་། །གསང་བའི་དམ་ཚིག་བླ་ན་མེད། །ལྔ་གསུམ་ཉི་ཤུ་རྩ་ལྔ་དང་། །སུམ་བརྒྱ་ལ་སོགས་བྱེ་བྲག་གིས། །ཐབས་ཀྱི་ཐེག་པ་རྣམ་པར་འཕགས། །དེ་དག་གསང་བ་ཆེན་པོའི་ཆོས། །ཁྱད་པར་དམ་ཚིག་རྣམ་པ་བཞིས། །ཐམས་ཅད་གཉིས་མེད་མཉམ་པ་ཉིད། །མ་ལུས་ཡུལ་ཀུན་རྣམ་དག་ཅིང་། །ངེས་པའི་དོན་རྫོགས་ཟབ་མོ་ཉིད། །གྲོགས་བརྟེན་མི་མཐུན་ཕྱོགས་བཅས་པའི། །ཁྱད་པར་ཡུལ་ཀུན་ཇི་ལྟ་བུས། །རང་རིག་གནས་རྣམས་འགྲོ་བར་བྱེད། །ཐུན་མོང་ལ་སོགས་རྣམས་སྤྱད་པ། །མ་ལུས་རྟེན་ཅིང་འདྲེལ་བའི་ཆོས། །ཐམས་ཅད་ཚུལ་འདིས་རྫོགས་བྱེད་ཅིང་། །སྐད་ཅིག་ཡུད་ལ་ལྷུན་གྱིས་འགྲུབ། །དགུག་དང་གཏང་དང་བཅིང་དང་དགྲོལ། །གསོད་དང་གསད་དང་འཕམ་དང་རྒྱལ། །གནས་ཀྱི་ཕྱག་རྒྱ་ཀུན་རྫོགས་པས། །དོན་ཀུན་གསང་བ་སྟོན་པར་བྱེད། །བདུད་རྩིར་འགྱུར་ཞིང་འབྱུང་བ་དང་། །བཞི་བརྒྱ་རྩ་བཞིའི་ནད་སེལ་ཞིང་། །ཚེ་དབང་བཀྲ་ཤིས་བྱིན་རླབས་སྟོན། །མ་ལུས་ཀུན་འདུས་རྫོགས་པར་གྱུར། །ཐུན་མོང་རྣམ་པར་བསྔགས་པའི་ཆོས། །ཐམས་ཅད་ལས་བྱུང་སྟོབས་སྟོན་པ། །དེ་དག་གསང་བ་ཆེན་པོའི་མཐུས། །མ་ལུས་རྫོགས་ཤིང་རྣམ་པར་དག །ནམ་མཁའ་རྡོ་རྗེ་སྲ་འབྱུང་ཞིང་། །འབར་ནས་མེ་ཡང་འཚིག་པ་དང་། །ཆུ་རྒྱུན་འབབས་པའང་དེ་བཞིན་ཏེ། །འཇིག་རྟེན་ཁམས་ནི་འཐོར་བ་དང་། །ཐམས་ཅད་སྟོངས་ཤིང་ལྟུང་བྱེད་ལས། །


DNG010_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་རླབས་ངོ་མཚར་ཡུལ་འབྱུང་བ། །གསང་སྔགས་ཕྱག་རྒྱ་ཏིང་འཛིན་སྟོབས། །དེ་དག་ཚུལ་རྣམས་ཀུན་རྫོགས་པས། །འཕགས་པ་ཀུན་གྱི་གནས་རྫོགས་ཏེ། །རིགས་ཀྱི་ཞིང་ཁམས་ཆེ་གནས་འབྱོར། །སྐུ་དང་ཡེ་ཤེས་སྤྲུལ་པའི་མཆོག །ཟག་པ་མེད་པའི་དངོས་གྲུབ་ཀྱིས། །དོན་རྫོགས་ནོར་བུ་རིན་ཆེན་ཚུལ། །ཐབས་ཀྱི་བྱེ་བྲག་ཐ་དད་པའི། །བསྙེན་བསྒྲུབ་ཡན་ལག་བཞི་ལ་སྐྱེས། །ཡུལ་རྣམས་མངོན་པར་སྦྱོར་བྱེད་པའི། །ཐོག་མ་ཐ་མའི་ལས་ཀུན་དང་། །ཆོ་ག་ཕུན་སུམ་ཚོགས་པའི་གནས། །ཕྱག་རྒྱ་བཞི་ཡི་ཡུལ་སྦྱོར་ཞིང་། །རིམ་བཞིན་བསྒྲུབ་པའི་འབྲས་བུ་མཆོག །ཐམས་ཅད་ཐེག་པས་འདུལ་མཛད་དེ། །བསྟན་པའི་གཟུགས་བརྙན་བསམ་ཡས་དག །གྲངས་མེད་དབྱེ་བས་དོན་བཞིན་སྤྱོད། །དེ་ལ་སོགས་པ་མཐའ་ཡས་པའི། །ཕྲིན་ལས་ཀུན་ཏུ་མ་འགགས་ཆོས། །ཐབས་མཁས་སངས་རྒྱས་མཛད་པའི་གནས། །དོན་མཐུན་རྣལ་འབྱོར་སྤྱོད་པའི་ཡུལ། །བདག་གཞན་ལས་ཀུན་རབ་ཏུ་རྫོགས། །མཉམ་པ་ཆེན་པོའི་ཕྲིན་ལས་སོགས། །དེ་དག་བསྟན་པ་བླ་མེད་པའི། །ཚུལ་འདིས་རྒྱུད་ཆེན་ཟབ་མོ་ཉིད། །ཉེ་བར་སྤྱོད་པ་ཇི་ལྟ་བུ། །དེ་དག་ཡུལ་དང་སྦྱར་བྱ་བ། །བྱེ་བྲག་ཆ་ཤས་རྫོགས་པ་ཡི། །དོན་ཀུན་སྟོན་པས་བཤད་དུ་གསོལ། །དེ་དག་ཐེ་ཚོམ་རྟོག་པའི་ཚོགས། །ངེས་པར་མགོན་པོས་བསལ་བར་མཛོད། །བྱིན་རླབས་བླ་ན་མེད་པའི་ལམ། །འདི་ན་འཇུག་པའི་ཡན་ལག་དག །མཚན་བཅས་མཚན་མ་མེད་པའི་ཆོས། །ཡང་དག་རྒྱ་ཆེན་རྫོགས་པར་སྟོན། །རྣལ་འབྱོར་ཆེན་པོའི་སྤྱོད་པ་དང་། །ས་གནས་ལམ་གྱི་བྱེ་བྲག་དང་། །བསྟན་པའི་བསྡུ་དོན་ཇི་ལྟ་བུར། །ཡང་དག་བཀའ་སྩོལ་ཐུགས་རྗེ་ཅན། །ཀྱེ་མ་ཧོ།ཐབས་དང་ཤེས་རབ་ཡང་དག་སྦྱར་བའི་མཐུས། །ཕྱི་ནང་དཀྱིལ་འཁོར་ཡང་དག་ཚུལ་ཆེན་པོ། །རིགས་དང་རིགས་ཅན་རྣམ་པར་སྦྱོར་མཛད་ཅིང་། །དོན་ཀུན་གསང་བ་རྫོགས་པའི་གནས་ཉིད་ཡིན། །རབ་ཏུ་སྦྱངས་པ་རྣམས་


DNG010_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ངེས་དོན་འདི། །ཡང་དག་འབྲས་བུའི་ཚུལ་གྱི་རྒྱུར་བཅས་སྦྱོར། །མཐའ་ཡས་ཞིང་ཁམས་ཡེ་ཤེས་ཆེན་པོའི་གནས། །ཀུན་ཏུ་བཟང་པོའི་དཀྱིལ་འཁོར་རྣམ་པར་དག །རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་རོལ་པ་ཆེན་པོའི་རྒྱུད་ཅེས་བྱ་བ་ལས། བསྟན་པའི་ཚུལ་གྱི་རྒྱུད་འབྱུང་བའི་རྒྱུ་བསྟན་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་སངས་རྒྱས་ཐམས་ཅད་ཀྱི། །རང་བཞིན་ཀུན་ཏུ་བཟང་པོ་ཉིད། །རང་གི་དཀྱིལ་འཁོར་ལ་ཞུགས་ཤིང་། །རང་རིག་ཀུན་ལ་ལོངས་སྤྱོད་མཛད། །བདེ་གཤེགས་ཀུན་གྱིས་བསྔགས་པ་ཡིན། །དཀྱིལ་འཁོར་ཆེན་པོའི་དོན་འབྱུང་བ། །དེ་དག་སྐུ་གསུང་ཐུགས་རྣམས་ཀྱི། །རོལ་པ་ཀུན་སྟོན་མཐའ་ཡས་པའོ། །བྱང་ཆུབ་སེམས་དཔའི་ཚོགས་རྣམས་ལ། །ཚུལ་འདི་ཡང་དག་དོན་མཛད་ཕྱིར། །གསང་སྔགས་བྱིན་རླབས་མཐའ་ཡས་པའི། །ངོ་མཚར་ཡུལ་ཀུན་སྣང་བར་མཛད། །མཚན་ཉིད་སྣ་ཚོགས་ཀུན་སྤྱོད་པ། །དེ་དག་མཚན་མ་རྒྱུན་གྱི་སྟེ། །མཚན་མ་མེད་པའི་གནས་རྫོགས་པའི། །ལྷན་ཅིག་སྐྱེས་པའི་ཡུལ་རྣམས་གསལ། །གཉིས་མེད་མཉམ་པ་ཆེན་པོའི་དབྱིངས། །བྱང་ཆུབ་སེམས་རྫོགས་ཡེ་ཤེས་དོན། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །ཐམས་ཅད་གཉིས་མེད་རྫོགས་པའི་དབྱིངས། །རང་རིག་ཆོས་ཀུན་རྣམ་དག་པས། །ཟབ་མོའི་དཀྱིལ་འཁོར་མཐའ་ཡས་རྫོགས། །ཆོས་ཀྱི་སྐུ་ལས་བཞེངས་མཛད་དེ། །ཐུགས་རྗེ་ཆེན་པོའི་རྣམ་འཕྲུལ་གྱིས། །སྣོད་བཅུད་དཀྱིལ་འཁོར་གསང་བའི་བདག །རིགས་ཀྱི་འཁོར་ལོ་ཀུན་རྫོགས་པས། །དེ་དག་དོན་ཀུན་གསལ་མཛད་ཅིང་། །ཐེག་པའི་དོན་འདི་བཀའ་སྩལ་ཏེ། །ཨེ་མ་ཧོ་ཐམས་ཅད་རྫོགས་པ་ཡི། །བྱང་ཆུབ་སེམས་ཉིད་དཀྱིལ་འཁོར་ཆེ། །བྱིན་རླབས་ཡུལ་སོགས་འབྱུང་བའི་གནས། །རིག་པའི་ཡེ་ཤེས་བརྟན་པ་ཉིད། །ཕྱོགས་དང་ཕྱོགས་ཆོས་ལས་འདས་པའི། །ཐ་དད་མིན་པའི་ཡུལ་ཀུན་འདས། །དུས་གསུམ་ཀུན་གྱིས་མི་འགྱུར་ཞིང་། །དེ་དག་སྐད་ཅིག་ཅིར་མི་སྣང་། །དེ་ལ་


DNG010_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་སོགས་རྣམ་དག་ཅིང་། །སྐྱེ་འགྲོ་ཐ་དད་དེ་ཉིད་དབྱིངས། །ཡོད་མེད་མཐའ་བཞི་ལས་འདས་པའི། །རྒྱུ་རྐྱེན་གནས་སྐབས་མ་སྐྱེས་པས། །འཇིག་ཅིང་འགག་པའི་དངོས་དང་བྲལ། །ཕྱོགས་བཅུ་མཐའ་རྣམས་ཞི་བ་ཉིད། །ཡེ་ནས་མ་བཅོས་དབེན་པར་གནས། །རིགས་ཀྱི་རྒྱལ་པོ་ཐམས་ཅད་དང་། །སྙིང་པོའི་ངང་དུ་འབྲལ་བ་མེད། །དེ་ལས་དེ་བྱུང་དེ་སྣང་བའི། །ཐབས་དང་ཤེས་རབ་ཕྱག་རྒྱའི་མཆོག །སྲིད་པ་གསུམ་ནི་དག་པའི་ཞིང་། །སྙིགས་མ་ལྔ་ཉིད་བདེ་ལྡན་གནས། །ཕུང་པོ་ལྔ་ཉིད་རིགས་ལྔའི་གཙོ། །འབྱུང་བའི་ཆོས་རྣམས་རྣམ་པར་དག །ཡུལ་ཀུན་མཉམ་པར་སྦྱོར་བའི་མཐུས། །མ་འདྲེས་དཀྱིལ་འཁོར་མངོན་སངས་རྒྱས། །ཐབས་ཀྱི་ཕྱག་རྒྱ་རྫོགས་པས་ན། །ཐམས་ཅད་དཀྱིལ་འཁོར་རྫོགས་པ་ཉིད། །ཅེས་རྒྱ་ཆེར་གསུངས་སོ། །དེའི་ཚེ་ན་ཞིང་ཁམས་ཆེན་པོ་མངོན་པར་འཕགས་པའི་སངས་རྒྱས་ཐམས་ཅད་དང་སྒྱུ་འཕྲུལ་དྲ་བའི་ཚུལ་གྱིས་ཡང་དག་པར་གནས་སོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས།རང་གི་བཙུན་མོ་དང་མཉམ་པར་སྦྱོར་ཞིང་། རིགས་ཀྱི་དཀྱིལ་འཁོར་མངོན་པར་རྫོགས་པ་ཞེས་བྱ་བའི་ཚུལ་གྱིས། ཀུན་ལ་གསལ་བར་མཛད་ནས། སངས་རྒྱས་སུམ་ཅུ་རྩ་དྲུག་གི་བྱིན་རླབས་ཀྱིས། རང་གི་གནས་ཐམས་ཅད་དུ་གསལ་བར་མཛད་དོ། །ནང་གི་འགྲོ་བ་མ་ལུས་ཀུན། །རིགས་ཀྱི་དཀྱིལ་འཁོར་རྫོགས་པ་ཉིད། །གཟུགས་ཕུང་རྣམ་པར་སྣང་མཛད་དེ། །ཚོར་བ་རིན་ཆེན་འབྱུང་ལྡན་ཡིན། །འདུ་ཤེས་སྣང་བ་མཐའ་ཡས་ཉིད། །འདུ་བྱེད་དོན་ཡོད་གྲུབ་པའི་སྐུ། །རྣམ་ཤེས་རྡོ་རྗེ་མི་བསྐྱོད་པ། །ཡེ་ཤེས་རྣམ་པ་ལྔ་བདག་ཉིད། །བྱང་ཆུབ་སེམས་ཀྱི་སྣང་བ་ལས། །རང་བཞིན་རྫོགས་པས་གནས་ཀུན་སྦྱོར། །ཕྱི་རོལ་འབྱུང་སོགས་ཡུལ་རྣམས་ཀུན། །ཐབས་དང་ཤེས་རབ་གཉིས་མེད་པའི། །སྲ་བརྟན་རྡོ་རྗེ་སྤྱན་མ་སྟེ། །གཤེར་སྡུད་ལྷ་མོ་མཱ་མ་ཀཱི། །སྨིན་བྱེད་སྲེག་མཛད་གོས་དཀར་མོ། །ཡང་ཞིང་གཡོ་བ་སྒྲོལ་མའི་མཁའ། །སྟོང་གསལ་


DNG010_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའི་ཀུན་བཟང་མོ། །རགས་པ་ཐབས་ཀྱི་ཕྱག་རྒྱ་སྟེ། །མཚན་ཉིད་མེད་པ་ཤེས་རབ་ཡུམ། །གཉིས་མེད་སྦྱོར་བའི་བྱིན་རླབས་ལས། །རིགས་ཀྱི་དཀྱིལ་འཁོར་རྒྱ་ཆེན་པོ། །ཁམས་དང་སྐྱེ་མཆེད་རྣམ་དག་པའི། །བྱང་ཆུབ་སེམས་དཔའ་གནས་ཀུན་མཛེས། །རང་བཞིན་མ་བཅོས་ལྷུན་གྱིས་གྲུབ། །སྟོང་གསུམ་འཇིག་རྟེན་གྲགས་མེད་པའི། །རིགས་ཀྱི་དཀྱིལ་འཁོར་བསམ་ཡས་ཀུན། །ཀུན་བཟང་ཡེ་ཤེས་རྣམ་བཀོད་པས། །ཐམས་ཅད་མ་འདྲེས་ཡོངས་སུ་རྫོགས། །ཀུན་རྫོབ་སྣང་བ་མཐའ་ཡས་པ། །མེ་ལོང་ཆུ་ཟླ་འཇའ་ཚོན་ལྟར། །སྣང་བ་མ་འགགས་གསལ་སྟོན་ཅིང་། །རིགས་ཀྱི་དཀྱིལ་འཁོར་གནས་པའོ། །ཀུན་ཏུ་བཟང་པོའི་ཆོས་རྣམས་ཀུན། །སངས་རྒྱས་བསྟན་པ་རྫོགས་པ་ཉིད། །དེ་ལས་ལྷག་པའི་དོན་སྤྲོ་བ། །དམིགས་པའི་ཡུལ་རྟོག་ཀུན་དང་བྲལ། །ཞེས་གསུངས་ཤིང་ཐམས་ཅད་དེ་ལྟ་བུའི་ངང་དུ་གསལ་བར་གྱུར་ཏོ། །དེ་ནས་གཉིས་སུ་མེད་པའི་ཚུལ་གྱིས་རང་གི་ངོ་བོར་སྟོན་པར་མཛད་དེ། མ་ལུས་མཐའ་དག་བརྟགས་པའི་ཆོས། །ཡེ་ནས་དབྱེར་མེད་རྣམ་པར་དག །གཉིས་མེད་གཉིས་སུ་མེད་སྦྱོར་ཞིང་། །གདོད་ནས་མ་བཙལ་ལྷུན་གྱིས་གྲུབ། །དེ་ཉིད་ཡེ་ཤེས་ཆེན་པོ་ཡིན། །བྱང་ཆུབ་སེམས་སྤྲིན་རྫོགས་པར་བྱེད། །སངས་རྒྱས་ཀུན་གྱི་ཐེག་པ་འདི། །གཞན་ནས་བཙལ་བའི་གནས་མེད་དོ། །རང་བཞིན་བདེ་བའི་ངོ་བོ་ལས། །མི་གཉིས་ཉམས་སུ་མྱོང་བའི་ཚུལ། །ཨེ་མ་ཧོ་སངས་རྒྱས་ཐམས་ཅད་ཀྱི། །རྣམ་པར་ཐར་པ་ཆེན་པོའི་མཆོག །སྐྱེ་འགག་གནས་དང་དམིགས་པ་དང་། །འགྲོ་འོང་ཡུལ་ཀུན་རྟོག་བྲལ་ཞིང་། །དེ་དག་གཉིས་མེད་ལྷུན་གྱིས་གྲུབ། །མཉམ་པ་ཆེན་པོའི་རྒྱན་གྱིས་རྫོགས། །གསང་བའི་ཐེག་པ་བསམ་ཡས་པའོ། །འདི་ལྟར་སྣང་ཞིང་སྲིད་པའི་ཆོས། །ཐམས་ཅད་དོན་ཀུན་རྫོགས་པའི་ལས། །འཁོར་བའི་མ་རིག་རྣམ་རྟོག་ཏུ། །སྣ་ཚོགས་ཡུལ་བཅས་རྟོག་པས་བསྒྲིབས། །རང་བཞིན་བདེ་གཤེགས་གདུལ་བྱ་ཡི། །སྣང་བ་གསུམ་གྱི་ངོ་བོ་ལ། །འཁྲུལ་པའི་སྣང་


DNG010_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་འཛིན་བཅས་པས། །ཐ་དད་རྟོག་པའི་ཆོས་རྣམས་སྣང་། །རྒྱུ་དང་ལམ་དང་འབྲས་བུ་ཡི། །བྱ་བ་ཆེན་པོའི་གནས་རྫོགས་ཤིང་། །བསྟན་པའི་དོན་ཀུན་བསྡུ་མཛད་དེ། །གསང་བའི་ཚུལ་འདི་བླ་མེད་པའོ། །མཚན་ཉིད་རྣམ་པ་གསུམ་དག་གིས། །དེ་ནས་ཆོས་ཀུན་མཚོན་པར་བྱེད། །རྒྱུ་ཡི་ཆོས་ཀུན་ཤེས་པའི་ཡུལ། །རྐྱེན་རྣམས་འཇུག་པའི་མཚན་ཉིད་ཅན། །འབྲས་བུ་སྨིན་པས་རྣམ་པར་གྲོལ། །ཐེག་པའི་རིམ་བཞིན་རྫོགས་སྤྱད་པས། །རིག་འཛིན་ཡེ་ཤེས་མངོན་གྲུབ་ཅིང་། །རབ་ཏུ་མི་གནས་མྱ་ངན་འདས། །མཐར་ཕྱིན་ས་ནས་ལྷུན་གྱིས་གྲུབ། །གསང་བ་བཞི་ཡི་མཚན་ཉིད་ཀྱིས། །ཕྱག་རྒྱའི་ཡེ་ཤེས་མངོན་པར་སྦྱོར། །དེ་དག་ཡུལ་ཀུན་གནས་འཇོམས་པས། །མི་མཐུན་ཚོགས་ཀྱི་འཇིགས་པ་མེད། །ཡེ་ནས་གསང་བ་ཆེན་པོའི་ཆོས། །རང་བཞིན་གསང་བ་བཞིར་འགྱུར་ཞིང་། །དོན་དམ་ཀུན་རྫོབ་རྣམ་པར་དག །ཐབས་དང་ཤེས་རབ་ཟུང་འཇུག་གནས། །ངོ་བོ་ཉིད་ཀྱི་ལམ་གསང་བ། །ཤིན་ཏུ་གསང་བའི་འབྲས་བུ་རྫོགས། །སྙིང་པོ་གསུམ་གྱི་བདག་ཉིད་ཀྱིས། །དོན་ཀུན་བསྟན་པ་གཏན་ལ་འབེབས། །ཐམས་ཅད་ཀུན་འབྱུང་རྒྱུ་ཉིད་པས། །རྒྱུ་ཡི་ཐེག་པ་བླ་ན་མེད། །འབྲས་བུའི་ཆོས་ཀུན་རྣམ་དག་ཅིང་། །མ་ལུས་དོན་ཀུན་བསྡུས་པ་ཉིད། །གསང་བ་བླ་ན་མེད་པའི་རྒྱུད། །འབྲས་བུའི་ཐེག་པ་ཞེས་བཤད་དོ། །ས་མཆོག་ལམ་རྣམས་ཀུན་འདུས་པའི། །ངེས་པའི་ཕྱག་རྒྱ་བླ་ན་མེད། །རྒྱུ་ཡི་དེ་ཉིད་བྱང་ཆུབ་སེམས། །རྣམ་གཉིས་འདྲེལ་པས་ཀུན་བསྐྱེད་རྫོགས། །འབྲས་བུ་སྐུ་མཆོག་ཡེ་ཤེས་ཆེ། །རང་བཞིན་བྱིན་བརླབས་ཤུགས་ཀྱིས་སྣང་། །ཆོས་རྣམས་ཐམས་ཅད་སྐད་ཅིག་མར། །དེ་ཉིད་ངེས་པར་གཏན་ལ་འབེབས། །བྱ་བ་རྫོགས་པའི་དུས་ཉིད་དུ། །ཡ་མཚན་ཕོ་བྲང་དཀྱིལ་འཁོར་རྫོགས། །ངེས་དོན་གསང་བ་རྨད་དུ་བྱུང་། །སངས་རྒྱས་ཀུན་གྱི་དགོངས་པའི་ཡུལ། །བྱིན་རླབས་ཆོས་རྣམས་ཀུན་གྱི་གཞི། །འདི་ཉིད་བསྟན་པས་རྟོགས་པར་འགྱུར། །ཨེ་མ་ཧོ་བདེ་གཤེགས་


DNG010_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་ཉིད། །རང་བཞིན་རྫོགས་པའི་དཀྱིལ་འཁོར་ལས། །ཁམས་གསུམ་འགྲོ་གནས་མ་རྟོགས་པའི། །གནས་དང་སྡེ་བཅས་ཐམས་ཅད་ཀུན། །བརྟགས་པའི་མཐུ་ཡིས་ཀུན་སྣང་ཞིང་། །དེ་ཉིད་སྟོབས་ཀྱིས་དེ་ནས་འཁོར། །སྣ་ཚོགས་ལུས་དང་ལོངས་སྤྱོད་ཚོགས། །མི་མཐུན་སྐལ་བའི་ཚོགས་རྣམས་ཀྱིས། །རྒྱུ་འབྲས་གནས་ཀུན་སོ་སོར་སྨིན། །གཉིས་སུ་འཛིན་པས་འཆིང་འགྱུར་ལ། །རང་གིས་རང་རྒྱུད་རྣམ་པར་བཅིངས། །དེ་དག་རྟོག་པའི་ནད་ཆེན་གྱིས། །ཐམས་ཅད་ཀུན་ནས་རྣམ་པར་གཟིར། །ཡང་དག་བསྟན་པའི་དོན་རྣམས་ཀྱིས། །ཐབས་ལྡན་རྒྱུད་རྣམས་གྲོལ་མཛད་དེ། །བསྟན་པའི་བྱེ་བྲག་བསམ་ཡས་པས། །གདུལ་དཀའི་ཚོགས་རྣམས་གྲོལ་བར་འགྱུར། །གདུལ་དཀའ་ཀུན་ནི་རྨོངས་པ་དང་། །བསྟན་པའི་སྒྲོན་མ་གསལ་མཛད་ཅིང་། །སྟོང་གསུམ་འཇིག་རྟེན་མཐའ་ཡས་པ། །རིགས་བདག་འཁོར་ལོ་སྒྱུར་བའི་སྐུ། །ཀུན་ཏུ་བཟང་པོའི་བདག་ཉིད་ཀྱིས། །རིགས་ཀྱི་དཀྱིལ་འཁོར་མཐའ་ཡས་རྣམས། །རྣམ་པར་འཕྲུལ་པས་ཀུན་སྤྲོ་མཛད། །ཞེ་སྡང་ལས་ཀྱིས་གདུངས་པ་ལ། །རྡོ་རྗེའི་རིགས་མཆོག་མི་བསྐྱོད་པ། །ཞེ་སྡང་ཆེན་པོས་འཇོམས་མཛད་ཅིང་། །ཞེ་སྡང་རྒྱུད་ཀུན་གྲོལ་བར་མཛད། །དེ་ལྟར་བཅོམ་ལྡན་ཐུགས་རྗེ་མཆོག །དོན་ཀུན་བསྟན་པས་རྣམ་པར་འདུལ། །མ་རིག་རྣམ་རྟོག་མུན་པའི་ཚོགས། །བདེ་གཤེགས་འཁོར་ལོ་ཆེ་ནས་སྦྱོར། །གཏི་མུག་ཆེན་པོས་དག་མཛད་དེ། །གཏི་མུག་ལམ་བཅས་རྣམ་པར་གྲོལ། །ཀུན་ནས་འདོད་པས་གདུངས་པ་ལ། །བདེ་གཤེགས་པདྨ་གསུང་གི་སྐུ། །འདོད་ཆགས་ཆེན་པོས་འདུལ་མཛད་ཅིང་། །ཡང་དག་མཐར་བཅས་སྦྱོར་བ་མཛད། །ང་རྒྱལ་གནས་ཀུན་སྟོབས་རྫོགས་ལ། །རིན་ཆེན་དཀྱིལ་འཁོར་ཆེ་ནས་སྦྱོར། །ང་རྒྱལ་ཆེན་པོའི་ཡོན་ཏན་མཆོག །དེར་བཅས་མཐའ་རྣམས་རྣམ་པར་དག །ཕྲག་དོག་ཉིད་ཀྱིས་འཁོར་བ་ལ། །དེ་ཉིད་རྣམ་དག་ཐུགས་རྗེའི་མཆོག །ལས་ཀྱི་རིགས་མཆོག་དོན་ཡོད་གྲུབ། །མཐའ་ཡས་ཡུལ་


DNG010_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་རྣམ་པར་དག །དེ་ལ་སོགས་པའི་ཉོན་མོངས་སོགས། །གྲངས་མེད་ལས་ཀྱིས་མནར་བ་ལ། །ཐབས་མཁས་ཐུགས་རྗེའི་དཀྱིལ་འཁོར་ཉིད། །མི་མཐུན་སྤྲུལ་པ་བསམ་ཡས་པ། །སྐད་ཅིག་ཉིད་ལ་འདུལ་བར་མཛད། །མ་ལུས་ཐེག་པ་བསམ་ཡས་ཀྱིས། །མ་ལུས་འགྲོ་རྒྱུད་རྣམ་པར་སྦྱངས། །དེ་ནས་སངས་རྒྱས་ཐམས་ཅད་ཀྱིས། །རིགས་ཀྱི་དཀྱིལ་འཁོར་ཀུན་བསྡུས་ཏེ། །རང་རིག་ཞིང་ཁམས་ཚོགས་རྒྱས་པར། །རྣམ་པར་བཀོད་པའི་གནས་རྫོགས་མཛད། །བདེ་གཤེགས་ཀུན་ཏུ་བཟང་པོ་ཉིད། །རིགས་སྦྱངས་བསྡུ་བའི་དཀྱིལ་འཁོར་ན། །རང་གི་ལོངས་སྤྱོད་ཅི་ལྟ་བར། །དཀྱིལ་འཁོར་རྒྱ་ཆེན་རྣམ་པར་འཕྲུལ། །འཁོར་ལོ་སྒྱུར་རྒྱལ་ཆེ་རྣམས་དང་། །ཕྱོགས་མཚམས་དཀྱིལ་འཁོར་བཀོད་པའི་ཚོགས། །རྡོ་རྗེ་འཁོར་ལོ་རིན་ཆེན་དང་། །པདྨ་རལ་གྲི་མཐའ་ཡས་པ། །ཕྱོགས་རྣམས་ཀུན་ཏུ་སྤྲོ་མཛད་ཅིང་། །རིགས་ཀྱི་དཀྱིལ་འཁོར་བསམ་ཡས་པ། །མ་ལུས་འགྲོ་བའི་དོན་བསྟན་མཛད། །རབ་ཏུ་སྤྱོད་པ་དྲི་མེད་པའི། །བློ་གྲོས་མཆོག་རྣམས་འདུད་པར་གྱུར། །དེ་དག་རབ་དགའ་སྦྱངས་པའི་མཐུས། །རང་གི་ཡེ་ཤེས་དྲི་མ་མེད། །དཀྱིལ་འཁོར་འཁོར་ལོ་གཅིག་པ་དང་། །གསུམ་དང་ལྔ་དང་དགུ་ལ་སོགས། །མཐའ་ཡས་གྲངས་མེད་སྐྱོབ་པའི་སྐུ། །ཞི་དང་དྲག་པོ་སྣ་ཚོགས་ཀྱིས། །ངོ་མཚར་ཡུལ་ཀུན་འབར་བ་བཞིན། །གནས་སྐབས་ཐུགས་རྗེ་ཆེན་པོའི་ཤུགས། །མི་གནས་མུན་པ་རབ་རིབ་སེལ། །ཡང་དག་ལྟ་ལ་རྣམ་པར་དགོད། །གཞན་ཡང་ཞི་དང་རྒྱས་པ་དང་། །དབང་དང་དྲག་པོ་སྣ་ཚོགས་ཀྱིས། །རིགས་མཆོག་ཐུགས་རྗེ་ཚད་མེད་པས། །མི་མཐུན་གནས་ཀུན་རྣམ་པར་དག །འགྲོ་བ་དྲུག་པོ་མ་ལུས་པ། །ཐུབ་པ་ཆེན་པོའི་སྤྲུལ་སྐུ་ཡིས། །ཐུན་མོང་ཁྱད་པར་གནས་སྦྱངས་ཏེ། །འདུལ་བ་རྣམ་པ་བཞི་རྣམས་དང་། །བྱང་ཆུབ་སྤྱོད་པ་མཐའ་ཡས་སོགས། །མ་ལུས་དོན་ཀུན་བསྟན་པའི་སྒོ། །དེ་ནས་


DNG010_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀུན་རྣམ་པར་དག །བྱ་བ་ཆེན་པོ་མཐར་ཕྱིན་ཅིང་། །གཞན་གྱིས་འཇུག་པ་རབ་ཏུ་སྟོན། །འདི་ལྟར་འཁོར་བ་མྱ་ངན་འདས། །ཐམས་ཅད་དོན་ཀུན་སངས་རྒྱས་མཆོག །རང་བཞིན་རྫོགས་པའི་དཀྱིལ་འཁོར་ཉིད། །བྱ་བ་ལྷུན་གྲུབ་རྣམ་པར་གྲོལ། །ཞེས་གསུངས་སོ། །རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་རོལ་པ་ཆེན་པོའི་རྒྱུད་ལས། དཀྱིལ་འཁོར་འདྲེལ་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་འཁོར་གྱི་གཙོ་བོ་མཆོག །བྱང་ཆུབ་སེམས་དཔའ་ཆེ་རྣམས་ཀྱིས། །སངས་རྒྱས་ཀུན་ལ་ཕྱག་འཚལ་ཞིང་། །ཡང་དག་སྟོན་པ་མཉེས་པར་མཛད། །ཨེ་མ་ཧོ་སངས་རྒྱས་ཀུན་ཏུ་བཟང་། །གསང་བའི་སྙིང་པོ་ངེས་པའི་མཆོག །དེ་ཉིད་ཁོ་ནའི་དོན་རྫོགས་པ། །སྒྱུ་འཕྲུལ་དྲ་བའི་ཚུལ་བསྟན་པ། །ཐོག་མ་ཐ་མ་མེད་པའི་དངོས། །མ་ལུས་ཀུན་གྱི་སྐུ་གསུང་ཐུགས། །རོལ་མོ་བདེ་བའི་གནས་རྫོགས་ཤིང་། །བྱང་ཆུབ་མཆོག་གི་སྙིང་པོ་བཞི། །སྲིད་དངོས་ཞི་བར་རྣམ་པར་སྦྱོང་། །གསང་བའི་ཐེག་པ་བླ་མེད་མཆོག །རྣམ་གསུམ་སྤྲུལ་པ་བསྐྱེད་པར་མཛོད། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །བྱིན་རླབས་དག་པའི་མདངས་བཅས་པ། །ཤེས་རབ་དབྱིངས་དང་སྦྱོར་མཛད་ཅིང་། །དཀྱིལ་འཁོར་རོལ་པས་ཀུན་ཁྱབ་མཛད། །རྒྱུད་ཆེན་གསང་བའི་དོན་རྣམས་ཀུན། །སྦས་བཤད་བརྡ་ཡིས་རྣམ་པར་འབྱེད། །དེ་ཚེ་གསུང་དབྱངས་སྣ་ཚོགས་པས། །མི་གཉིས་རྒྱུད་ཆེན་མཚན་མ་སྒྲོགས། །ཇི་སྲིད་སྦས་ཚིག་བརྡ་དོན་རྣམས། །ཐབས་དང་ཤེས་རབ་སྙོམས་འཇུག་པས། །ཨེ་མ་དབྱིངས་ཀྱི་ལས་ཅན་ཏེ། །མ་འདྲེས་ཐམས་ཅད་རྫོགས་བྱེད་པའི། །འདི་ཞེས་ཉེ་བར་མཚོན་པ་ནི། །ཨེ་སོགས་རྣམ་བཞིའི་དབྱིངས་ཅན་གནས། །སྐད་ཅེས་གསལ་བྱེད་ལས་མིང་ཅན། །བམ་དབྱིབས་ཐིག་ལེར་བཅས་སྟོན་པའོ། །མཱ་རྠ་མ་ནུ་སྡོམ་བྱེད་ཡིད། །ལས་ཅན་རྣམ་ཤེས་དེ་དག་ལ། །གསལ་བར་གོ་བར་བཤད་པར་འདོད། །པ་སྒྲ་དོན་དམ་ངེས་པའི་


DNG010_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད། །ཡཱ་ན་ཐེག་ཆེན་འདི་ཉིད་དོ། །དུས་ནི་བསམ་གྱིས་མི་ཁྱབ་པར། །དེ་མིན་ཀུན་ཏུ་མཚོན་པར་བྱེད། །ཐམས་ཅད་རང་གི་ལས་ཅན་ཉིད། །དཀྱིལ་འཁོར་གསང་བ་མཐའ་ཡས་ཤིང་། །མ་ལུས་ཐེག་པ་བླ་ན་མེད། །དོན་དམ་རྫོགས་པའི་ཐིག་ལེ་ཉིད། །ཡེ་ཤེས་ཆེན་པོས་བསྐྱོད་མཛད་ཅིང་། །ལས་ཀྱི་རྟོག་པ་རྣམ་པར་དག །བཅུད་འདུས་ཐིག་ལེ་ཆེན་པོ་ནི། །སྣང་དང་སྟོང་པ་ལ་སོགས་པའི། །བརྗོད་བྱ་མ་ལུས་རྫོགས་པའི་ཡུལ། །རྟོག་ཚོགས་སངས་རྒྱས་བཞི་བཅུ་ལྔ། །སྣང་བས་ཕྱེ་ཕྱིར་གཉིས་སུ་མེད། །དེ་གནས་པདྨ་རིགས་གསུམ་པའོ། །གཉིས་གསུམ་བརྒྱད་ཀྱི་ཁྱད་པར་ཅན། །ཐ་མ་གནས་དང་ཡོན་ཏན་གྱིས། །མངོན་པར་མཐོ་བས་འོག་མིན་ཏེ། །ལས་དང་བཅུད་ཀྱི་མཐའ་བྲལ་བ། །ཡེ་ཤེས་བཞི་ལ་དཔག་མི་རིགས། །དགོས་པ་འབྱུང་ལྡན་རིན་པོ་ཆེ། །ཡེ་ཤེས་ལྔ་ཡི་འཁོར་ལོ་བསྐོར། །སངས་རྒྱས་ངོ་བོ་གནས་བཅུད་ཀྱིས། །སྤྱི་བོར་ཤིན་ཏུ་འཁྱིལ་པར་གནས། །ཉུང་དཀར་སེར་གྱིས་དཔག་པར་ནི། །ས་ཡ་བཅུ་གསུམ་བདེ་བས་བརྒྱན། །འདོད་ཡོན་ཁྱད་པར་ཅན་གྱིས་མཛེས། །གང་ཡང་བདེ་བྱེད་ཕྱི་ནང་བྲལ། །བདེ་བ་ཆེན་པོའི་རོ་ཉིད་ལ། །འབྲས་བུའི་ཆོས་རྣམས་རྫོགས་པར་ལྡན། །བྱང་ཆུབ་མཆོག་ཏུ་ཉི་ཟླ་ཤར། །དེ་ཉིད་བཞུགས་གནས་ཡིན་པར་བཤད། །དཀྱིལ་འཁོར་ཀུན་འབྱུང་རྒྱ་ཆེན་པོ། །རང་གི་ངོ་མཚར་ཡུལ་གྱིས་འཁོད། །ཀུན་ཀྱང་གཉིས་དང་གཉིས་སྦྱོར་བའི། །ཆ་ལུགས་དཀྱིལ་འཁོར་ཇི་བཞིན་དུ། །མང་པོ་ཚོགས་པས་མཐའ་ཡས་སྒོ། །དེ་དག་བྱེ་བྲག་གྲངས་ལས་འདས། །སངས་རྒྱས་ཀུན་གྱི་གསང་བ་འདི། །བརྟུལ་ཞུགས་ཆེན་པོའི་བདག་ཉིད་ཅན། །བཅུད་ལྔ་ཡེ་ཤེས་ཁོ་ནའི་ཕྱིར། །དྭངས་སྙིགས་མེད་པར་ཀུན་ཏུ་གསལ། །སྒྲ་དབྱངས་གསུང་གི་གནས་བཞི་ཡི། །དབྱེ་བ་གསུམ་གསུམ་ངོས་གཉིས་དང་། །བཞི་བཅུ་གཉིས་སུ་གྱུར་པ་ཡིན། །ས་ཡ་བཅུ་གསུམ་


DNG010_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པའི། །སྐྱེ་འགག་གནས་པའི་ངོ་བོ་ཡང་། །རྟེན་ཅན་ཇི་བཞིན་རྟེན་དེ་བཞིན། །ཉི་ཟླ་ཐབས་དང་ཤེས་རབ་ཀྱི། །རོ་གཉིས་མཉམ་པར་དུས་གསུམ་བཞུགས། །དྭངས་མ་ཐིག་ལེ་ཆེན་པོ་ཡི། །བདེ་བ་དངོས་སྤངས་ཡེ་ཤེས་སྣང་། །མ་འདྲེས་རང་གི་དོན་བཞིན་དུ། །ས་གསུམ་དབང་ཕྱུག་མཆོག་ཏུ་འགྱུར། །འཛིན་པའི་ནམ་མཁའི་ཚོགས་བྲལ་ཞིང་། །སྟོང་པའི་མཚན་ལྡན་བྱང་ཆུབ་ཉིད། །རབ་ཏུ་ཞི་བས་གྲོལ་བ་ཡི། །བཅོམ་ལྡན་འདས་ནི་གུད་ན་མེད། །མཚན་ཉིད་ཀུན་བཅོམ་བདེ་ཆེན་པོའི། །རང་གི་ངོ་བོས་མ་གྲུབ་ན། །རང་བཞིན་ལྷན་ཅིག་སྐྱེས་པའི་ཕྱིར། །བཅོམ་ལྡན་དེ་བཞིན་གཤེགས་ཞེས་བྱ། །གཟུགས་སོགས་ལྷག་པའི་ཐིག་ལེ་ནི། །ལས་དང་ཡོན་ཏན་མངོན་ལྡན་ཕྱིར། །རིགས་ཀྱི་རྒྱལ་པོ་ཉིད་དུ་བརྗོད། །བཅུད་ལྔ་ཁུ་བའི་ཐིག་ལེ་ནི། །རྒྱུ་དང་གནས་ཀྱི་ཁ་དོག་ལྡན། །རོ་དང་ལས་དང་དེ་བཞིན་ཏེ། །རང་གི་མཚན་ཉིད་ཀུན་ཏུ་སྣང་། །མཁའ་སོགས་ནང་གི་འབྱུང་བ་དང་། །ཡེ་ཤེས་འབྱུང་ལྔའི་ལས་དག་གིས། །བསྐྱོད་ཕྱིར་དབྱིངས་སུ་བརྗོད་པ་ཡིན། །བཙུན་མོའི་ཐིག་ལེ་སྣོད་བཅུད་ཁྱད་པར་གྱིས། །ཏིལ་གང་ལྟ་བུར་མཁའ་གང་བའི། །དཀྱིལ་འཁོར་ཚོགས་ཆེན་བརྗོད་མི་ལངས། །མ་སྐྱེས་མི་ཤིགས་སྙིང་པོ་ཅན། །དངོས་མེད་རོལ་མོ་སིལ་སྙན་གར། །མ་ལུས་ཀུན་འདུས་རྣམ་པར་དག །གཉིས་མེད་ཐིག་ལེའི་བཅུད་འདུས་པས། །བྱང་ཆུབ་སེམས་གནས་རང་བཞིན་ཉིད། །མིག་སོགས་རང་གི་ཐིག་ལེ་ནི། །ལས་དང་ངོ་བོ་འབྲས་བུའི་ཕྱིར། །སེམས་དཔའ་ཆེན་པོ་ཉིད་དུ་བརྗོད། །ཉེས་པ་ཟད་ཕྱིར་རྡོ་རྗེ་སྟེ། །རང་གི་གནས་ཀྱིས་ཕྱེ་བའོ། །གཟུགས་སོགས་ནང་ཉིད་ཕྱིར་སྣང་བ། །རང་གི་རྩ་བཅུད་བཅས་པ་དག །བདེ་བ་བསྐྱེད་ཕྱིར་བཙུན་མོ་ཉིད། །དུས་རྣམས་རླུང་གིས་གོ་ཕྱེ་སྟེ། །བྱམས་པ་ལ་སོགས་ཡེ་ཤེས་བཞི། །དེ་བདེ་རིམ་པར་བསྐྱེད་པ་ཡང་། །ཏིང་འཛིན་དབང་དུ་ངེས་པར་གསུངས། །མཐའ་རྣམས་ཡུལ་ལ་ཞེན་པ་ཡི། །


DNG010_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལུས་ཆོས་ཀུན་རྣམ་པར་དག །ཐམས་ཅད་ཡུལ་ལས་དབང་བཅས་པ། །བདེ་བ་བསྐྱེད་པ་ཐིག་ལེ་སྟེ། །ཁམས་གསུམ་ཀུན་གྱི་གནས་རྫོགས་པ། །རྟེན་ཅིང་འདྲེལ་པར་འབྱུང་བའི་མཐུས། །རྣམ་ཤེས་ལས་བྱུང་དམིགས་པའི་ཚོགས། །མཚན་ཉིད་རྣམ་པ་བཞི་དག་གིས། །དགའ་དང་རྗེས་སུ་དགའ་བ་དང་། །དགའ་བྲལ་ལྷན་ཅིག་སྐྱེས་པ་རྒྱལ། །ཀུན་རྫོབ་ལུགས་ལས་འབྱུང་བ་དང་། །དོན་དམ་ལུགས་ལས་བཟློག་པ་གཉིས། །ཡན་ལག་ཉིང་ལག་རྒྱས་འགྱུར་ཏེ། །ཡེ་ཤེས་ཆེན་པོའི་ཡུལ་མཐར་ཕྱིན། །མཆོག་གི་བླ་མ་ཞེས་བྱ་བའི། །ཚད་མེད་བཞི་གནས་སྙོམས་འཇུག་པའི། །དེ་དག་ཐམས་ཅད་མཁྱེན་པ་ཡིས། །ཚུལ་རྣམས་རྫོགས་པས་བསྟན་པར་འགྱུར། །ཐབས་ལམ་བདེ་བའི་གཉེར་དག་གིས། །བརྟགས་ན་རང་གི་རྟོག་པ་བཟློག །དངོས་པོ་རྣམས་ཀྱི་ངོ་བོ་ལ། །བཟློག་བྱ་རྒྱལ་བས་མ་གཟིགས་སམ། །ཐིག་ལེ་ཟུང་འཇུག་བདེ་བ་ཡི། །སེམས་མཐའ་ལོག་པས་གོ་ཕྱེ་ནས། །དཀྱིལ་འཁོར་དྲུག་གི་ཡུལ་རྣམས་སུ། །སྤྲུལ་པའི་ཐིག་ལེ་རང་ཤར་བའི། །སྣང་བ་མཛད་པ་བསམ་མི་ཁྱབ། །ཆགས་སོགས་ཉོན་མོངས་ལས་རྟོག་རྣམས། །འདུལ་ཕྱིར་སྤྲུལ་པ་ཞེས་སུ་བཤད། །སྒྲ་དབྱངས་གསུང་གིས་བསྟན་པ་ལ། །ངེས་པར་གྲགས་པ་ཁོ་ན་ཉིད། །ཕུང་སོགས་རྟོག་པའི་འཇིག་རྟེན་ཀུན། །ལོག་རྟོག་སྒྱུ་མ་སྣང་ཙམ་ལས། །ཉི་ཟླ་བདེན་ཉིད་ལས་ཉིད་ཀྱིས། །མ་སྐྱེས་མཉམ་ལ་གནས་གྱུར་ཅིང་། །ཕུང་སོགས་ལྷ་ཡི་དཀྱིལ་འཁོར་དུ། །རང་སྣང་རང་རིག་མངོན་སུམ་གསལ། །དུས་གསུམ་དག་ཏུ་མི་འགྱུར་ཕྱིར། །ཐེག་པ་འདི་ཡི་ཐབས་ཀྱི་རྡོ་རྗེ་བཤད། །དེ་དག་ཡུལ་རྣམས་མཐའ་ཡས་པས། །ཐབས་ལས་ཐབས་བྱུང་འཕྲུལ་པའི་ཚུལ། །ངོ་བོ་ཉིད་ཀྱིས་གྲུབ་བྱེད་ཅིང་། །ཡང་དག་སྤྱོད་པ་རྣམ་པར་གྲོལ། །སངས་རྒྱས་ཀུན་གྱི་གསང་བ་ཉིད། །རྣམ་པར་རྟོག་པས་མདོར་བསགས་ཤིང་། །ལས་ཀྱི་ཁམས་རྣམས་དག་བྱེད་པའི། །སེམས་དང་སེམས་དཔའ་སྤྱོད་ཡུལ་ཉིད། །


DNG010_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོ་དོན་ཀུན་རིན་ཆེན་མདངས། །ཁ་དོག་ལྔ་ཡི་བདག་ཉིད་ལ། །སྲོག་དང་རྩོལ་བས་བདེ་འཛིན་ཞིང་། །ཕྱི་ནང་ཡུལ་ཀུན་སྤྲོ་བར་མཛད། །སངས་རྒྱས་ཀུན་གྱིས་ཐེག་པ་འདི། །བརྡའ་ཚིག་སྦས་པས་དོན་སྟོན་ཅིང་། །གྲངས་ཅན་བྱེ་བྲག་འདོད་རྣམས་ལ། །དེ་དག་དེ་ཉིད་གྲོལ་བྱེད་པའི། །དོན་མཐུན་བསྟན་པས་བཤད་པ་ཡིན། །སྣང་བ་རྒྱ་མཚོ་ཆེན་པོ་བཞི། །མ་གཡོས་རང་གི་ངང་ལས་བྱུང་། །དེ་དག་རིམ་པས་རྫོགས་འགྱུར་ཏེ། །རྣམ་པར་མི་ཤིགས་གཟུགས་ཉིད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཕྱག་རྒྱ་སྦས་པའི་ཚུལ་འདི་ཡིས། །རབ་ཏུ་རྟོག་བཅས་གྲོལ་འགྱུར་ཏེ། །རང་བཞིན་ངང་ཚུལ་བཟང་པོའི་གནས། །རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་གསང་བ་སྙིང་པོ་དེ་ཁོ་ན་ཉིད་རོལ་པ་ཆེན་པོའི་རྒྱུད་ལས། ཕྱག་རྒྱ་ཡོངས་སུ་གཟུང་བའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་རྒྱལ་བ་ཐམས་ཅད་ཀྱི། །བྱིན་རླབས་ངོ་མཚར་བླ་ན་མེད། །ཀུན་ནས་མི་བསྒྲིབ་དྲི་མེད་ཅིང་། །ཡང་དག་ཡེ་ཤེས་ཆེན་པོས་གྲོལ། །དེ་ཚེ་སངས་རྒྱས་ཐམས་ཅད་ཀྱིས། །སྒྱུ་འཕྲུལ་དྲ་བའི་གནས་ཆེན་པོ། །རྒྱ་ཆེན་གྲངས་མེད་རིགས་ཀྱི་གཙོ། །གཉིས་སུ་མེད་པའི་དོན་གྱིས་སྦྱོར། །གསུང་གཅིག་ཚུལ་གྱིས་དོན་སྩལ་ཅིང་། །ངོ་མཚར་བཤད་པའི་གནས་ལ་འཇུག །ཀུན་ནས་སྐུ་ཡི་དཀྱིལ་འཁོར་ཚོགས། །ཚུལ་ལྔ་རྫོགས་པས་འབྲས་བུ་ཉིད། །དེ་ཉིད་རྒྱུ་མཐུན་རྐྱེན་གྱི་བཞི། །དོན་ཀུན་གསལ་བ་རྣམ་དག་པས། །ངོ་མཚར་ཡུལ་འདི་རྨད་དུ་བྱུང་། །ཆོས་སྐུ་ལོངས་སྤྱོད་རྫོགས་པའི་སྐུ། །སྤྲུལ་པ་རང་བཞིན་འོད་གསལ་སྐུ། །ངོ་བོ་ཉིད་མཆོག་ཀུན་གྱི་གཞི། །དེ་དག་རྣམ་པར་མཚོན་བྱེད་པའི། །ཟབ་མོ་རྒྱ་ཆེན་སྔགས་ཀྱི་ཚོགས། །ཡི་གེ་མེད་པ་རིག་པའི་གསུང་། །ལོངས་སྤྱོད་རྫོགས་པ་རྡོ་རྗེ་དང་། །ཡན་ལག་བསམ་འདས་ཚངས་པའི་དབྱངས། །ཚུལ་ལྔས་ཐམས་ཅད་དོན་བརྗོད་མཛད། །ཡང་དག་མཚོན་པའི་དཔེ་ལས་འདས། །རྣམ་པར་མི་རྟོག་ཡེ་ཤེས་ཆེ། །ཀུན་རྫོབ་ཅིར་ཡང་མ་འགགས་


DNG010_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །ཐམས་ཅད་མཁྱེན་པ་ཀུན་ནས་སྤྱོད། །ཆོས་དབྱིངས་མེ་ལོང་ལྟ་བུ་ཡི། །མཉམ་ཉིད་སོ་སོར་ཀུན་ཏུ་རྟོག །བྱ་བའི་ཡེ་ཤེས་ལས་ཆེན་པོ། །དུས་གསུམ་སྒྲིབ་མེད་གསལ་མཛད་ཅིང་། །བྱང་ཆུབ་སེམས་ཀྱི་གནས་རྫོགས་མཛད། །རྣམ་གསུམ་བྱིན་རླབས་སྦྱོར་བའི་མཐུས། །ཡོན་ཏན་ཚོགས་རྣམས་ཀུན་ལ་སྤྱོད། །ཞིང་དང་ཕོ་བྲང་ཡོན་ཏན་དང་། །ལོངས་སྤྱོད་རྒྱན་དང་བཙུན་མོའི་ཚོགས། །གདན་དང་རྒྱན་ཆས་ལ་སོགས་པ། །མི་བསྒྲིབ་ལོངས་སྤྱོད་ལྡན་པ་ལྔས། །ཕྱོགས་བཅུ་ཀུན་ཏུ་མ་འགགས་པའི། །རང་གི་དཀྱིལ་འཁོར་ཚོགས་ལོངས་སྤྱོད། །ཐབས་མཁས་ཕྲིན་ལས་མཛད་པ་ཡི། །མ་འདྲེས་ཀུན་ཏུ་སྤྱོད་པའི་ཚོགས། །ཞི་དང་རྒྱས་མཛད་དབང་དྲག་པོ། །མཉམ་པ་ཆེན་པོ་ལྷུན་གྲུབ་རྫོགས། །དེ་དག་ཕྲིན་ལས་རྣམ་ལྔ་ཡིས། །དོན་ཀུན་བསྟན་པ་འདུལ་མཛད་ཅིང་། །རིགས་ཀྱི་དཀྱིལ་འཁོར་ཀུན་རྫོགས་པའོ། །མི་ཟད་རྒྱན་གྱི་འཁོར་ལོ་ཉིད། །ཀུན་ནས་སྐུ་གསུང་ཐུགས་ཀྱི་བདག །ཡོན་ཏན་ཕྲིན་ལས་རྫོགས་པའི་སྟོབས། །ཉི་ཤུ་རྩ་ལྔའི་བདག་ཉིད་ཅན། །རིགས་ཀྱི་ཞིང་ཁམས་ཀུན་སྦྱོར་ཞིང་། །སངས་རྒྱས་ཐེག་པ་བསམ་ཡས་ཀྱིས། །དོན་ཀུན་སྤྲོ་བ་རྒྱ་ཆེན་རྫོགས། །འདི་ནི་དཀྱིལ་འཁོར་རྒྱ་ཆེན་པོ། །བྱང་ཆུབ་སེམས་ཀྱི་དངོས་ཉིད་ལས། །རོལ་པ་སྣ་ཚོགས་ཅིར་ཡང་སྣང་། །རང་བཞིན་ཡེ་ནས་མ་བཅོས་པའི། །རིགས་ཀྱི་དཀྱིལ་འཁོར་མངོན་པར་རྫོགས། །ཡང་དག་ཇི་བཞིན་རྟོགས་པའི་མཐུས། །ཞིང་ཁམས་ཆེན་པོར་གྲངས་མེད་པའི། །རིན་ཆེན་སྣ་ཚོགས་བཀོད་པའི་གནས། །ས་དང་ཐེག་པའི་དོན་རྣམས་ལ། །རིགས་ཀྱི་གཙོ་བོ་སངས་རྒྱས་མཆོག །རྣམ་པར་འཕྲུལ་པས་ཀུན་མཛེས་ཤིང་། །དོན་ཀུན་དྲན་པས་རྫོགས་པའི་ཡུལ། །སྒྱུ་འཕྲུལ་དཀྱིལ་འཁོར་བསམ་ཡས་རྣམས། །དྲ་བའི་དཀྱིལ་འཁོར་མངོན་པར་རྫོགས། །ལོངས་སྤྱོད་རྫོགས་པའི་སྐུ་ཆེན་པོ། །ཀུན་ནས་ཞིང་ཁམས་


DNG010_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་བདག །དེ་དག་སྤྲུལ་པའི་སྐུ་རྣམས་དང་། །མཉམ་རྫོགས་འཁྲུལ་པས་འཇིག་རྟེན་སྦྱོང་། །ཐུབ་པ་ཆེན་པོ་སྐྱེས་བུ་མཆོག །དྲུག་གི་གདུལ་བྱ་མ་ལུས་དག །ཐབས་ཀྱི་ཐེག་པ་སྣ་ཚོགས་ཀྱིས། །ཀུན་ནས་ཕྲིན་ལས་རྒྱ་ཆེན་ཚོགས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས། །རང་གི་ལས་བཞི་རྣམ་པར་སྟོན། །ཡན་ལག་ཕན་ཚུན་སྣྲེལ་ཞི་དང་། །སྤྱི་ཚུགས་འཇིག་རྟེན་དྲུག་རྣམས་སུ། །བཅོམ་ལྡན་ཐུབ་སྐུ་བསམ་ཡས་པ། །སྟོང་གསུམ་ཞིང་ཁམས་རྒྱས་མཛད་དེ། །འདུལ་བ་རྣམ་པ་བཞི་དག་གིས། །འགྲོ་བ་ཀུན་གྱི་དོན་མཛད་དེ། །ཀུན་ནས་སྐུ་ཡི་ཕྲིན་ལས་དང་། །གསུང་མཆོག་ཡོན་ཏན་མཐའ་ཡས་པ། །དེ་དག་སྣང་བའི་སྒོ་མཐའ་ཡས། །ཐུན་མོང་ཁྱད་པར་མཛད་པའི་ཚོགས། །བཅུ་གཉིས་ལ་སོགས་བསྟན་པར་མཛད། །མངོན་པར་ཤེས་པའི་སྒོ་མཐའ་ཡས། །རབ་ཏུ་ཞི་བ་མ་འདྲེས་པའི། །ཐེག་པའི་བྱེ་བྲག་བསམ་ཡས་པ། །སོ་སོའི་དོན་བཞིན་བསམ་ཡས་རྣམས། །རབ་ཏུ་སྤྱོད་པས་རྣམ་པར་དགྲོལ། །མི་དགེ་བཅུ་ལས་བཟློག་བྱེད་ཅིང་། །ཚད་མེད་བཞིར་བཅས་བསམ་གཏན་བཞི། །ལྷ་དང་མི་གནས་རྫོགས་པ་ཡི། །དགེ་བ་ཚོགས་ནས་མ་བསྒྲིབས་པ། །ལེགས་སྤྱོད་སྡོམ་པ་བཟང་ལས་བྱུང་། །ལས་ཀྱི་བག་ཆགས་དག་བྱེད་པའོ། །འཁོར་ནས་མྱ་ངན་འདས་པའི་ཆོས། །སྡུག་བསྔལ་ཀུན་འབྱུང་འགོག་པའི་ལམ། །རྒྱུ་དང་འབྲས་བུ་རྣམ་དག་པའི། །རྒྱུན་ཞུགས་ལན་ཅིག་འོང་བ་དང་། །མི་ལྡོག་དགྲ་བཅོམ་བརྟུལ་ཞུགས་མཆོག །རང་རྒྱལ་བྱང་ཆུབ་རྫོགས་པའི་ལམ། །རྟེན་ཅིང་འདྲེལ་པར་འབྱུང་བའི་ཆོས། །དེ་གནས་འཁོར་བའི་མཐའ་འགོག་ཅིང་། །མྱ་ངན་འདས་པར་མངོན་པར་གཉེར། །མ་རིག་འདུ་བྱེད་རྣམ་ཤེས་དང་། །མིང་སོགས་གཟུགས་དང་སྐྱེ་མཆེད་དྲུག །རེག་པ་ཚོར་བ་སྲེད་པ་དང་། །ལེན་པ་སྲིད་པ་སྐྱེ་རྒས་ཤི། །ཆོས་རྣམས་མངོན་པར་དགའ་བའི་མཐུས། །འཕགས་པའི་ཡེ་ཤེས་ཟད་པ་མེད། །ཉོན་མོངས་ལས་


DNG010_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྡུག་བསྔལ་གྱི། །ཆ་ཤས་རྒྱུན་གྱི་ཡུལ་ལས་འདས། །ཡང་དག་དགྲ་བཅོམ་ཆེན་པོའི་སྐུ། །དངོས་མེད་ནམ་མཁའ་དྭངས་པའི་བདག །ཤེས་རབ་སྙིང་སྟོབས་ལས་ཀྱི་མཐུས། །སྦྱིན་དང་ཡང་དག་སྦྱངས་པ་དང་། །རྣམ་པར་གྲོལ་བའི་གཞན་རྒྱུན་སེལ། །ཐེག་པ་ཆེན་པོའི་མཚན་ཉིད་ཅན། །བདག་གཞན་རྒྱུད་རྣམས་གྲོལ་བའི་བློས། །ཡང་དག་ཡེ་ཤེས་སྤྱད་པ་སྤྱོད། །ཕ་རོལ་ཕྱིན་པ་རྣམ་བཅུ་ཡིས། །ས་བཅུ་ཡེ་ཤེས་རྫོགས་མཛད་ཅིང་། །བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་དག །མ་འདྲེས་གཟུངས་ཀྱིས་སྦྱང་བྱས་ཏེ། །ཡང་དག་ཐེག་པའི་གནས་རྫོགས་པས། །འགྲོ་བ་ཐམས་ཅད་མགྲོན་དུ་གཉེར། །ཚད་མེད་བསྡུ་བའི་དངོས་པོ་ཡིས། །སྤྱོད་པ་རྒྱ་ཆེ་འཛིན་དང་བྲལ། །ཡང་དག་བསོད་ནམས་ཡེ་ཤེས་དག །ཐམས་ཅད་རྫོགས་པས་འབྲས་བུ་ཉིད། །རྒྱུ་ཡང་གསང་ལ་འབྲས་བུའང་གསང་། །སྙིང་པོ་ཆོས་ཀྱི་དོན་ལས་བྱུང་། །སྐུ་དང་གསུང་དང་ཐུགས་ཀྱི་བདག །རྒྱུད་ཆེན་སྒྱུ་འཕྲུལ་དྲ་བ་ཉིད། །ཕྱག་རྒྱའི་དཀྱིལ་འཁོར་རང་སྣང་བཞི། །རྡོ་རྗེ་ཐེག་པ་བླ་ན་མེད། །ཡང་དག་སྒྱུ་མའི་ཚུལ་གྱིས་ནི། །མ་ལུས་ཀུན་གྱི་དོན་རྫོགས་འགྱུར། །རང་བཞིན་རྣམ་དག་དེ་བཞིན་ཉིད། །ཐམས་ཅད་གཉིས་མེད་མཉམ་པའི་རྒྱ། །ཟུང་དུ་འཇུག་པའི་མཚན་ཉིད་ཅན། །ཕྱོགས་རྣམས་གང་གིས་བརྟགས་བྱས་ཀྱང་། །ཡང་དག་དོན་གྱི་དམིགས་དང་བྲལ། །མ་ལུས་བདེ་བ་ཆེན་པོའི་དབྱིངས། །རང་བཞིན་གཅིག་ཏུ་རྫོགས་པ་ལ། །རྣམ་པར་བཀོད་པས་ཅི་ཞིག་འགྲུབ། །བྱ་བ་མེད་ལས་བྱ་བའི་ཚུལ། །བདེན་པ་གཉིས་སུ་དབྱེར་མེད་པ། །འདི་དག་སངས་རྒྱས་ཐེག་པའི་མཆོག །ལྷ་མི་སྟོབས་ལྡན་ལ་སོགས་པའི། །རྒྱུར་བཅས་ལམ་ལས་རྣམ་གྲོལ་བས། །འབྲས་བུ་རིག་པ་འཛིན་པའི་མཆོག །ཆོས་རྣམས་ཀུན་གྱི་རྒྱུ་ཉིད་དེ། །དེ་དག་འབྲས་བུ་བཟང་པོའི་ཚུལ། །སྙིང་པོའི་དོན་ཀུན་རྫོགས་པས་ན། །མ་ལུས་ཀུན་འདུས་གཏན་ལ་འབེབས། །ཇི་


DNG010_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

སྙེད་ཐེག་པ་བསམ་ཡས་པ། །དེ་དག་གསང་བའི་སྙིང་པོ་བཞི། །དོན་ཀུན་ངོ་བོ་རྣམ་དག་པའི། །དེ་ཉིད་ངེས་པར་རྨད་དུ་བྱུང་། །དེ་ལྟར་བསྟན་པ་སྣ་ཚོགས་པས། །མ་ལུས་ཆོས་རྣམས་ཡང་དག་རྫོགས། །རང་བཞིན་ཡེ་ཤེས་དཀྱིལ་འཁོར་གནས། །སྔོན་འབྱུང་སྤྲུལ་པའི་ཚུལ་གྱིས་ནི། །དུས་རྣམས་ཀུན་ཏུ་འགྱུར་མེད་ཅིང་། །ཡང་དག་མཐར་ཐུག་གནས་རྫོགས་པར། །དཀྱིལ་འཁོར་བསྟན་པའི་ངོ་བོ་ཉིད། །ཅེས་གསུངས་སོ། །རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་རོལ་པ་ཆེན་པོའི་རྒྱུད་ལས། རང་བཞིན་གྱི་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཏིང་འཛིན་ཆེན་པོ་ཡིས། །དགོངས་པའི་དོན་ཀུན་མཉམ་བཞག་པས། །ཆོས་རྣམས་ཇི་ལྟར་གནས་པ་ཡི། །ཏིང་འཛིན་ཡེ་ཤེས་རྟེན་རྫོགས་མཛད། །དེ་ཚེ་འཁོར་གྱི་གཙོ་བོ་དག །རབ་ཏུ་གུས་པས་གསོལ་འདེབས་ཤིང་། །སྔ་མའི་དོན་ཆེན་ལས་འབྱུང་བས། །རང་གི་ཡེ་ཤེས་འདྲི་བར་བྱེད། །རྒྱལ་བ་ཐམས་ཅད་མཁྱེན་པའི་ཆོས། །དགོངས་པའི་དོན་ཀུན་མཉམ་རྫོགས་པར། །ཐུགས་རྗེ་ཆེན་པོས་རྐྱེན་སློང་ཞིང་། །མ་ལུས་འཇུག་པའི་དོན་བཞིན་བསྟན། །ཕྱི་ནང་ཆོས་རྣམས་ཐམས་ཅད་ཀུན། །སེམས་ཉིད་ཡེ་ཤེས་དག་པའི་དངོས། །ཡུལ་དང་དབང་པོ་རྣམ་ཤེས་ཚོགས། །ཕྱག་རྒྱའི་དཀྱིལ་འཁོར་རྫོགས་པ་ཉིད། །ཐམས་ཅད་དོན་ཀུན་རྣམ་པར་དག །བྱང་ཆུབ་སེམས་ཀྱི་ཏིང་འཛིན་ནི། །ཆོས་རྣམས་ཀུན་གྱི་རང་བཞིན་ཏེ། །དེ་དག་རང་གི་ཆོས་རྣམས་ཀྱིས། །བསྐུལ་བའི་ཡུལ་ལས་རྣམ་པར་འདས། །ཁ་དོག་དབྱིབས་སོགས་མ་ངེས་པས། །དེ་དག་མཚན་བཅས་དཔག་ཏུ་མེད། །ཏིང་འཛིན་རྒྱལ་པོ་ཆེན་པོ་ཡིས། །ཕ་རོལ་ཕྱིན་མཆོག་སྟོབས་རྫོགས་པར། །སངས་རྒྱས་ཀུན་གྱི་ཡེ་ཤེས་ཏེ། །དེ་ནི་ཆོས་ཀུན་ལམ་ལས་སྐྱེས། །དངོས་དང་འཇུག་པའི་མཐའ་བྲལ་བར། །ཐིག་ལེ་མི་ཤིགས་བསྟན་པའི་དངོས། །རིན་ཆེན་སྣ་ལྔའི་འོད་ཟེར་ཅན། །འབྱུང་འཇུག་གནས་ལ་ཀུན་


DNG010_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེད་ཅིང་། །གཡས་གཡོན་ཕྲེང་བའི་ཚུལ་བཞིན་དུ། །ལམ་གྱི་ཡན་ལག་བརྒྱད་ཚོགས་བསྐྱེད། །མཁའ་དབྱིངས་སྤྲིན་ལས་ཆར་གྱི་རྒྱུན། །གློག་གི་ཕྲེང་བ་འོད་དང་བཅས། །སངས་རྒྱས་ཐེག་པ་བླ་མེད་པའི། །བྱེ་བྲག་གནས་ཀྱི་ཚུལ་འཇུག་པ། །དེ་དག་དོན་ཀུན་རྫོགས་པའི་གནས། །རང་རིག་སྟོབས་བསྐྱེད་གྲོལ་བར་འགྱུར། །གང་དུ་དྲི་མ་མེད་པ་ཡི། །ངེས་པའི་མཛོད་ཅན་སྙིང་པོ་ལས། །འོད་ཟེར་སྣ་ལྔའི་རྒྱུན་འཇུག་པ། །ཐབས་ཀྱི་ཡན་ལག་རྣམ་བདུན་གྱིས། །མུ་ཏིག་ཕྲེང་བའི་ཚུལ་བཞིན་དུ། །བསྐོར་བ་ཕྱག་རྒྱ་ཡན་ལག་བཞི། །ངེས་སྦྱོར་ཐབས་དང་ཤེས་རབ་སྟེ། །དབྱངས་དང་གསལ་བྱེད་ལས་འཕྲོས་པ། །ཁམས་གསུམ་ཡི་གེའི་དཀྱིལ་འཁོར་ཉིད། །ཐིག་ལེའི་རྒྱལ་པོ་མི་ཤིགས་པ། །ཡང་དག་བསྟན་པའི་ངོ་བོར་བརྟགས། །འོད་ཟེར་ཡི་གེ་འབྲུ་ལྔ་ཡིས། །རང་གི་མཚན་མའི་གནས་རྒྱས་ཤིང་། །ཁམས་གསུམ་སྤྱོད་པ་རྣམ་གྲོལ་མཛད། །སངས་རྒྱས་བྱང་ཆུབ་སེམས་རྣམས་ཀྱིས། །ཐབས་འདི་སྒྱུ་འཕྲུལ་དགའ་བ་དངོས། །ཡན་ལག་བདུན་གྱི་སྣང་བ་ལས། །ཡན་ལག་བདུན་གྱི་འབྲས་རྫོགས་འགྱུར། །རང་གི་ཡེ་ཤེས་བརྟན་བྱས་པའི། །ཕྱག་རྒྱ་སྔགས་ཀྱི་རྒྱུར་ལྡན་པས། །ཕྱོགས་མཚམས་བླ་འོག་ཀུན་གསལ་ཞིང་། །དཀྱིལ་འཁོར་གནས་རྣམས་བསྟན་པར་འགྱུར། །ཡང་དག་བསོད་ནམས་ཡེ་ཤེས་ཚོགས། །རབ་ཏུ་སྦྱངས་པའི་སྟོབས་རྫོགས་ཏེ། །དམ་པ་རྒྱ་ཆེན་མཐའ་ཡས་པ། །ཁྱད་པར་བསྔགས་པའི་རྒྱུན་གྱིས་འཇུག །ཕྱོགས་རྣམས་ཀུན་ཏུ་བཀྲ་ཤིས་པ། །ཉེ་རེག་འཐོར་འཐུང་སྔགས་ཀྱི་ཆུ། །རིག་པ་ཁྲོ་བོ་ཁྲོ་མོར་བཅས། །བྱིན་རླབས་ཕྱག་རྒྱ་སྔགས་ཀྱིས་སྦྱངས། །ཐམས་ཅད་རྣམ་པར་དག་པ་ཉིད། །མཚན་བཅས་མཚན་མ་མེད་པ་དངོས། །ཨཱོཾ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་སརྦ་ཏྲ་པྲེ་ཤ་ཏ་ཡ། ཨཱོཾ་ཨཱཿཧཱུཾ། རིགས་ཀྱི་མེ་ཏོག་སྔགས་དང་བཅས། །རིགས་ཀྱི་ཙནྡན་བདུག་པའི་སྤོས། །ཕྱོགས་བཅུར་རྣམ་པར་སྤྲོ་བྱས་ཏེ། །བརྟན་པར་བཀྲ་ཤིས་བྱིན་རློབས་


DNG010_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། །བདེ་གཤེགས་ཀུན་གྱི་སྦྱོར་བ་ཡིས། །ལྷག་པའི་དཀྱིལ་འཁོར་གསལ་བྱས་ཏེ། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་། །རིགས་ཀྱི་དབུ་རྒྱན་མཚན་བྱས་པས། །རྣམ་གསུམ་སེམས་དཔའ་འཁོར་ལོ་ཡིས། །ཐམས་ཅད་ཀུན་རྒྱུད་རྣམ་པར་དག །མ་ལུས་དཀྱིལ་འཁོར་ཚོགས་བཅས་པའི། །ཐུགས་རྗེ་སྔགས་ཀྱིས་བསྐུལ་མཛད་ཅིང་། །ཡང་དག་སྤྱན་འདྲེན་བརྟན་པར་གནས། །ཨཱོཾ་ཨཱཿཧཱུྃ། བཛྲ་ས་མ་ཡ་བ་ཧ། ཏ་ཐཱ་ག་ཏ་ས་མཱ་ཛ་ཧཱུྃ། ཐུགས་རྗེ་ཆེན་པོའི་མཚན་ཉིད་ཀྱིས། །དཀྱིལ་འཁོར་བསྐྱེད་གནས་བརྟན་པ་དག །དམ་ཚིག་ཕོ་བྲང་གནས་བཟང་པོར། །རིམ་པའི་གདན་བཅས་བརྟན་པར་བཞུགས། །ཨོཾ་ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །གསང་བའི་ཐེག་པ་བླ་ན་མེད། །དོན་འདི་ཡང་དག་སྦྱོར་བའི་མཐུས། །མགོན་པོ་ཉེ་བར་བརྩེ་དགོངས་མཛོད། །ཨེ་ཧྱེ་ཧི་བྷ་ག་ཝཱན་མ་ཧཱ་ཀ་རུ་ཎི་ཀ་དྲྀ་ཤྱ་ཧོ། ས་མ་ཡ་སྟྭཾ། རྡོ་རྗེ་ཁྲོ་བོ་རྣམ་སྤྲོས་པས། །ཕྱོགས་བཅུའི་བགེགས་རྣམས་བཅོམ་མཛད་དེ། །མཚོན་ཆ་མེ་ལྟར་འབར་བའི་ཚོགས། །མངོན་པར་འདོད་པའི་གནས་སུ་སྤྲོ། །བསྐལ་པའི་མཐར་ཐུག་ཚར་བཅད་ཅིང་། །མ་རུངས་པ་རྣམས་བཤིག་པའི་མཐུས། །ཕྱི་ཡི་རྒྱ་མཚོ་ཆེན་པོར་འཕོ། །རྡོ་རྗེ་ལ་སོགས་ས་གཞི་ལ། །ར་བ་གུར་དང་འདྲ་བར་འགྱུར། །ཡང་སྤྲུལ་མཚོན་ཆའི་ཚོགས་དང་བཅས། །མེ་འོད་འབར་བ་འཁྲིགས་པའོ། །ཨོཾ་བཛྲ་ཛྭ་ལ་རཏྣ་མ་དྷ་ལ་བྷྲཱུཾ། སངས་རྒྱས་ཀུན་གྱི་བདག་ཉིད་ཀྱིས། །མགོན་པོའི་དཀྱིལ་འཁོར་བསྟན་པའི་དངོས། །ཡང་དག་སྐུ་ཡི་དཀྱིལ་འཁོར་ཉིད། །མཚན་མའི་འོད་ཕྲེང་རྒྱན་གྱིས་བརྗིད། །རིགས་གཅིག་རིགས་གསུམ་རིགས་ལྔ་དང་། །རིགས་དྲུག་རིགས་དགུ་ཉི་ཤུ་ལྔ། །རྒྱ་ཆེན་ཕྱི་ཡི་ནམ་མཁའི་དབྱིངས། །རྣམ་པར་སྣང་མཛད་འཁོར་ལོ་མཆོག །གསེར་མདོག་ཞལ་གསུམ་ཕྱག་དྲུག་པ། །གཡས་པ་གཡོན་པ་དམར་བའི་མདངས། །འཁོར་ལོ་རྡོ་རྗེ་རིན་ཆེན་དང་། །དྲིལ་བུ་པདྨ་རལ་


DNG010_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

གྲིས་མཚན། །རིགས་ཀྱི་དཀྱིལ་འཁོར་གཞན་རྫོགས་པར། །རྣམ་གསུམ་སེམས་དཔའ་བདག་ཉིད་ལ། །འཁོར་ལོ་ཨོཾ་ཡིག་གསལ་ལྡན་པ། །གསང་སྔགས་ཕྲེང་བས་མཛེས་བྱས་པའི། །བཟླས་བརྗོད་ཐིག་ལེ་ཕྲ་མོའི་ཚོགས། །རིགས་ཀྱི་སྐུ་རྣམས་སྤྲོ་ཞིང་བསྡུ། །དེ་བཞིན་གཤེགས་པའི་གནས་ཆེན་པོར། །ཡན་ལག་ལྔ་ཡིས་རྫོགས་བྱས་ཏེ། །དངོས་གྲུབ་དཀྱིལ་འཁོར་བརྟན་པར་གནས། །འདོད་ཆགས་ཆེན་པོའི་གནས་འཇུག་པའི། །གསུང་གི་བདག་པོ་གསལ་ལྡན་པའི། །པདྨ་རཱ་གའི་མདངས་གསལ་ཞིང་། །དམ་ཚིག་འཁོར་ལོ་རྣམ་པར་བསྒོམ། །ཞལ་གསུམ་ཕྱག་ཀྱང་དྲུག་པ་སྟེ། །སྔོ་དང་དཀར་བའི་བཞིན་རྒྱས་པར། །ཀུན་ནས་འོད་ཟེར་ཕྲེང་བས་བཀླུབས། །སེམས་དཔའ་གསུམ་གྱི་བདག་ཉིད་ཅན། །གསང་སྔགས་ཕྲེང་བས་འཁྲིགས་པ་ཡི། །འོད་འཕྲོ་འབར་བའི་དཀྱིལ་འཁོར་ཉིད། །གཅིག་དང་གསུམ་ལ་སོགས་པའི་བདག །ལྷག་པར་མོས་པའི་གནས་བསྒོམས་ཏེ། །པདྨ་ཨཱཾ་ཡིག་དཔལ་ལྡན་པར། །ཐབས་དང་ཤེས་རབ་ཕྲེང་བའི་གནས། །དཔའ་བོ་ཐིག་ལེ་རྫོགས་པ་ཉིད། །འོད་ཕྲེང་སྔགས་ཀྱི་རྣམ་པ་ཡིས། །ཕྲ་མོ་རྫོགས་པའི་བར་དུ་བསྒོམ། །གཉིས་མེད་ཡེ་ཤེས་རྣམ་གྲོལ་བས། །གསུང་གི་དཀྱིལ་འཁོར་བརྟན་པར་འགྱུར། །མཆོག་ལྡན་རྡོ་རྗེ་སེམས་དཔའ་ཉིད། །དཀྱིལ་འཁོར་རྒྱས་པའི་གནས་སུ་སྟེ། །མཐའ་ཡས་དཀྱིལ་འཁོར་རྒྱས་པར་འབར། །རྟེན་དང་རྟེན་གནས་མཉམ་སྙོམས་ཤིང་། །ཕྱག་རྒྱའི་མཚན་མ་སྣ་ཚོགས་དབུས། །མགོན་པོ་ཞལ་གསུམ་ཕྱག་དྲུག་པ། །མཐིང་ག་དཀར་དང་དམར་བའི་འོད། །རྡོ་རྗེ་ལ་སོགས་མཚན་མའི་ཚོགས། །སེམས་དཔའ་གསུམ་གྱི་བདག་ཉིད་ཅན། །ཐིག་ལེ་ཕྲ་མོའི་ཆ་རྫོགས་པར། །བཟླས་པའི་ཡན་ལག་མ་ཉམས་ཤིང་། །རིགས་ཀྱི་དཀྱིལ་འཁོར་བརྟན་པར་མཛད། །ཀུན་ནས་ཡོན་ཏན་རྫོགས་པའི་ཆོས། །རིན་ཆེན་གནས་ཀུན་ལོངས་སྤྱོད་པ། །དེ་ནས་ཕོ་བྲང་བརྟན་པའི་


DNG010_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

དབུས། །དཀྱིལ་འཁོར་བྱེ་བྲག་མཐའ་ཡས་ཀུན། །མ་ལུས་འདུས་པའི་ངོ་བོ་ཉིད། །ཞལ་གསུམ་ཕྱག་དྲུག་རྒྱན་གྱིས་མཛེས། །སྔོ་དང་དཀར་དང་དམར་བའི་འོད། །རིན་ཆེན་ལ་སོགས་མཚན་མས་བརྒྱན། །སེམས་དཔའ་གསུམ་གྱི་བདག་ཉིད་ཅན། །རིན་ཆེན་གནས་འབར་སྭཱ་ཡིག་ལས། །འོད་བཅས་ཕྲེང་བའི་རྒྱན་གྱིས་མཛེས། །ཕྱག་རྒྱ་ཆེན་པོ་སྙོམས་འཇུག་པའི། །ཡང་དག་ཆོས་སྐུ་བདེ་བ་སྤྲོ། །ཐིག་ལེ་ཕྲ་མོའི་གནས་རྫོགས་པའི། །གྲངས་བཅས་མཚན་མ་རྫོགས་བཅས་ཏེ། །བཟླས་བརྗོད་ལ་སོགས་སྦྱངས་པའི་མཐུས། །རིན་ཆེན་དཀྱིལ་འཁོར་བརྟན་པར་འགྱུར། །ཡོན་ཏན་ཆེན་པོའི་བདག་ཉིད་དུ། །མ་ལུས་ཀུན་འདུས་རྫོགས་པར་གནས། །ཕྲིན་ལས་མཐའ་ཡས་ཁྱབ་པའི་ཚོགས། །ལས་ཀྱི་རིགས་ཀུན་རྫོགས་པ་ཡི། །གཙོ་བོ་དོན་ཡོད་གྲུབ་པ་ཉིད། །རང་གི་དཀྱིལ་འཁོར་གནས་བཞུགས་ཏེ། །ཞལ་གསུམ་ཕྱག་དྲུག་བརྗིད་པའི་སྐུ། །ལྗང་སྔོན་གཡས་གཡོན་དཀར་དང་དམར། །རྒྱ་གྲམ་ལ་སོགས་མཚན་མས་མཛེས། །རིགས་ཀྱི་དཀྱིལ་འཁོར་མཐའ་ཡས་པར། །སེམས་དཔའ་རྣམ་པ་གསུམ་ལྡན་ཞིང་། །སྣ་ཚོགས་རྡོ་རྗེ་ཧཱ་ཡིག་ལས། །གཡས་གཡོན་ཐབས་དང་ཤེས་རབ་རྒྱ། །ཕྱག་རྒྱའི་དཀྱིལ་འཁོར་ཀུན་སྟོན་པའོ། །ཐིག་ལེ་ཕྲ་མོའི་ཆ་རྫོགས་པས། །ཇི་སྲིད་དཀྱིལ་འཁོར་བརྟན་བྱེད་ཅིང་། །མཚན་མའི་རང་བཞིན་སྔགས་ལྡན་པས། །བཟླས་བརྗོད་ལ་སོགས་བསྟན་པའི་ཚོགས། །དོན་ཀུན་མཚན་མ་མེད་པ་ཉིད། །བདེ་གཤེགས་ཀུན་གྱིས་འཁོར་ལོ་ཡི། །ཆོ་ག་སྟོབས་བརྗོད་དཔའ་བོ་ཆེ། །མི་ཤིགས་ཡན་ལག་བརྟན་བྱས་པས། །དངོས་གྲུབ་དོན་ཀུན་གསང་བའི་ཚུལ། །མདུན་གྱི་འཁོར་ལོ་ལ་བརྟེན་ཏེ། །ཀུན་ཀྱང་ཕྱག་འཚལ་མཆོད་འབུལ་ཞིང་། །རྒྱུན་བཤགས་རྗེས་སུ་ཡི་རང་དང་། །ཆོས་ཀྱི་འཁོར་ལོ་བསྐོར་མཛད་སྟེ། །མྱ་ངན་མི་འདའ་བརྟན་པར་གནས། །ཡང་དག་བྱང་ཆུབ་ལམ་ལ་གནས། །ཕྱོགས་རྣམས་ཀུན་ནས་ལུས་འབུལ་ཞིང་། །རྗེས་སུ་གནང་བའི་བཀའ་ཐོབ་ནས། །


DNG010_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་སྤྱོད་པ་རྒྱ་ཆེན་པོ། །མ་ལུས་འགྲོ་གནས་ལ་བལྟས་ཏེ། །སྡུག་བསྔལ་ཐམས་ཅད་བསལ་བྱེད་ཅིང་། །བདེ་བའི་ཚོགས་རྣམས་བསྒྲུབས་བྱས་ཏེ། །ཐར་པ་མྱ་ངན་འདས་པའི་ལམ། །དོན་རྫོགས་བཏང་སྙོམས་ཆེན་པོའི་དབྱིངས། །ཡང་དག་བསོད་ནམས་རྒྱ་ཆེན་པོ། །མི་དམིགས་རྟོགས་པའི་ཤེས་རབ་ཀྱིས། །འཁོར་གསུམ་ཡོངས་སུ་དག་པ་ཉིད། །ཡེ་ཤེས་ཚོགས་ཀྱི་གནས་ཡིན་ནོ། །གཞི་རྩ་མཚན་མ་ཀུན་དང་བྲལ། །ཕྱི་ནང་ཡུལ་ཀུན་མ་སྐྱེས་པའི། །ཐམས་ཅད་གཉིས་མེད་བྱང་ཆུབ་སེམས། །མ་ལུས་དོན་མཆོག་གསང་བའི་གསང་། །འགྲོ་ལ་ཁྱབ་པའི་ཐུགས་རྗེ་ཉིད། །རང་བཞིན་ངང་གིས་རྣམ་པར་དག །ཐམས་ཅད་མཚན་ཉིད་རྫོགས་པ་ཡི། །སྟོང་གསལ་རིག་པའི་ཡེ་ཤེས་ཉིད། །མུན་ལ་སྣང་བྱུང་འོད་ཀྱི་ཚུལ། །སངས་རྒྱས་ཀུན་གྱི་བདག་ཉིད་ཀྱི། །ཡེ་ཤེས་སྟོབས་རྫོགས་ཀུན་ཏུ་བཟང་། །གློ་བུར་སྤྲིན་གྱི་ཚོགས་དྭངས་པས། །ནམ་མཁའི་འོད་བཅས་གསལ་བར་སྣང་། །དཀར་པོ་ཞལ་གསུམ་ཕྱག་དྲུག་པོ། །གཡས་དང་གཡོན་ནི་སྔོ་དང་དམར། །རྡོ་རྗེ་འཁོར་ལོ་རིན་ཆེན་དང་། །དྲིལ་བུ་པདྨ་རལ་གྲིས་མཚན། །དབུ་རྒྱན་མགུར་ཆུ་དོ་ཤལ་དང་། །སྙན་ཆ་ཕྱག་ཞབས་གདུབ་བུ་ཕྲེང་། །རལ་པ་འབར་བའི་ཐུགས་རྗེ་ཅན། །ན་བཟའ་འོད་ཟེར་མཚན་དཔེས་མཛེས། །ཉི་ཟླའི་དཀྱིལ་འཁོར་བརྟན་པ་ལ། །རིགས་ཅན་ཡུམ་སྦྱོར་མཉམ་པའི་སྟབས། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་དང་། །ཡེ་ཤེས་སེམས་དཔའ་སྔགས་དང་བཅས། །ཐུགས་རྗེའི་འོད་ཟེར་ཕྲེང་བ་ཡིས། །མ་ལུས་དཀྱིལ་འཁོར་རྒྱ་ཆེན་ཚོགས། །སྟོང་གསལ་ནམ་མཁའི་རང་བཞིན་ལ། །རླུང་གི་དཀྱིལ་འཁོར་རྒྱ་ཆེན་གཏམས། །དེ་དབུས་བདུད་རྩིའི་རྒྱ་མཚོ་ཉིད། །འབྱུང་ཆེན་གསེར་གྱི་གཞིར་བཅས་པར། །ཀུན་ནས་མེ་འོད་འཁྲིགས་པའི་དབུས། །འོག་མིན་གནས་སོགས་རིམ་བཞིན་ཆགས། །འཁོར་ལོ་ཆེན་པོའི་ས་གཞི་ལ། །ཁང་པ་གྲུ་བཞིས་རྣམ་པར་བརྗིད། །ཕྱི་རོལ་


DNG010_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

ར་བའི་རིམ་བཞིན་འཁྲིགས། །ཐེག་པ་ཀུན་གྱིས་བརྒྱན་པ་ཡི། །རྟ་བབས་བཟང་པོ་རིམ་བཞིན་བརྩེགས། །རྣམ་ཐར་བརྒྱད་ཀྱི་བདག་ཉིད་ཅན། །སངས་རྒྱས་ཐེག་པ་བསམ་ཡས་པའི། །པ་ཏྲའི་ཕྲེང་བས་མཛེས་བྱས་པའི། །ཐེག་པ་བཞི་ཡི་འཇུག་སྒོ་ནས། །ཚད་མེད་བཞི་བཅས་ཕྲིན་ལས་རྫོགས། །རིན་ཆེན་དྲ་བ་དྲ་ཕྱེད་དང་། །ཤར་བུ་ཕྱེ་མའི་ཕུང་པོས་བརྒྱན། །གདུགས་དང་རྒྱལ་མཚན་བ་དན་སོགས། །རྡོ་རྗེ་རིན་ཆེན་མཚན་མ་དང་། །ཟླ་ཕྱེད་རྡོ་རྗེ་མི་འཇིགས་སྟོབས། །འདོད་ཡོན་ལྷ་མོ་ཕྱོགས་བཅུར་འཁྲིགས། །ལྷག་པའི་ཡེ་ཤེས་རིན་པོ་ཆེ། །ཉི་ཤུ་རྩ་ལྔའི་རྟགས་རྣམས་ཀྱིས། །རང་གི་དཀྱིལ་འཁོར་མཛེས་བྱས་པ། །ཕྱི་དང་ནང་མེད་གསང་བའི་མཆོག །དབུས་ཀྱི་ཕོ་བྲང་འཁོར་ལོ་ཉིད། །ཡེ་ཤེས་ལྔ་ཡི་དོན་རྫོགས་ཤིང་། །ཐེག་པ་ཆེན་པོའི་ཚུལ་ཉིད་མཛེས། །རྡོ་རྗེ་འཁོར་ལོ་ཕྱག་རྒྱའི་ཚོགས། །ཀ་བ་གདུང་བཅས་དྲ་བ་དང་། །དབུ་རྩེ་ནོར་བུ་བཟང་པོས་མཛེས། །རྡོ་རྗེ་ལ་སོགས་མཚན་མ་ལ། །འོད་ཀྱི་དཀྱིལ་འཁོར་འབར་བས་བརྒྱན། །མངོན་པར་འཕགས་པའི་གནས་རྣམས་སུ། །རིན་ཆེན་འབར་བའི་ཁྲི་སྟེང་ལ། །མི་འཇིགས་བཞི་དང་སྟོབས་བཅུ་དང་། །རྫུ་འཕྲུལ་བཞི་གནས་དབང་བཅུས་བརྒྱན། །ཐོགས་མེད་གངས་ཆེན་མཚོ་ལྔ་ཡི། །འོད་གསལ་ཐབས་དང་ཤེས་རབ་ལ། །མ་ཆགས་ཆུ་སྐྱེས་རྣམ་པར་དག །ཕྱི་རོལ་བྱང་ཆུབ་སེམས་དཔའི་གནས། །རྣམ་དག་འོད་ཀྱི་དཀྱིལ་འཁོར་ལྡན། །ཁྲོ་བོ་རྡོ་རྗེའི་བྲག་ཆེན་རྣམས། །ཐུགས་རྗེ་ཉི་མའི་དཀྱིལ་འཁོར་ཉིད། །རང་གི་དཀྱིལ་འཁོར་ས་གཞི་ལ། །འོད་འབར་ཕྲེང་བས་འཁྲིགས་པའོ། །གཙོ་བོ་ཆོས་ཀྱི་སེམས་དཔའ་ཉིད། །དབུས་ཀྱི་དཀྱིལ་འཁོར་གནས་བཞུགས་ཏེ། །ཕྱོགས་བཅུའི་རྒྱལ་བ་མཉེས་མཛད་ཅིང་། །ཀུན་གྱི་བྱིན་རླབས་བརྟན་པར་གནས། །ཆོས་རྣམས་ཐམས་ཅད་རྣམ་དག་པའི། །ཏིང་འཛིན་ཡེ་ཤེས་རྒྱ་ཆེན་པོ། །མ་ལུས་མཐའ་དག་ཉིད་ཀྱི་དབྱིངས། །བྱང་ཆུབ་སེམས་ཀྱི་


DNG010_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ཅན་ཏེ། །དང་པོའི་ཡི་གེ་ལས་བྱུང་བ། །འོད་གསལ་ཀུན་ནས་རྒྱས་པ་དག །དབྱངས་ཀྱི་ཕྲེང་བས་ཉེ་བར་མཉེས། །ཀུན་ཏུ་རྣམ་པར་འཕྲོས་པའི་མཐུས། །དེ་དག་ཕྲིན་ལས་བརྟན་མཛད་ཅིང་། །མཚན་བཟང་སུམ་ཅུ་རྩ་གཉིས་རྫོགས། །ཕྱོགས་ཀྱི་རིགས་རྣམས་བསྡུ་བྱས་ཏེ། །རང་གི་དཀྱིལ་འཁོར་བརྟན་པར་གནས། །གཉིས་འགྱུར་ཕྲེང་བ་རྣམ་པར་དག །འོད་ཟེར་རྒྱུན་གྱིས་མཛེས་པའོ། །ཐུགས་རྗེ་ཆེན་པོའི་འོད་གསལ་བ། །གཉིས་པའི་ཡི་གེ་སྡེར་བཅས་རྣམས། །རྟེན་དང་བརྟེན་པའི་གཙོ་འཁོར་ཚུལ། །འོད་འབར་ཁ་དོག་ལྔ་ཡི་མདངས། །མ་ལུས་སྤྲོས་པས་སྔོན་བཞིན་དུ། །སངས་རྒྱས་དཔེ་བྱད་བཟང་པོའི་ཚོགས། །ཉིས་འགྱུར་ཐབས་དང་ཤེས་རབ་སྟེ། །གཡོ་བའི་ཚོགས་བཅས་གང་དུ་ཉིད། །སྣ་ལྔའི་ཕྲེང་བས་ཀུན་ཏུ་འཁྲིགས། །གསུང་གི་ས་བོན་རྫོགས་པ་ལ། །ཐུགས་ཀྱི་ཕྱག་རྒྱ་འབར་བའི་ཚུལ། །གསང་སྔགས་ཡི་གེའི་ཕྲེང་བ་དག །ཐམས་ཅད་ཀུན་གནས་སངས་རྒྱས་པས། །དེ་དག་དཀྱིལ་འཁོར་རྫོགས་པར་མཛད། །གསང་བ་ཡུམ་གྱི་འོད་ཟེར་གྱིས། །སྙིང་པོའི་དཀྱིལ་འཁོར་བརྟན་པར་གྱུར། །རབ་ཏུ་རྫོགས་པའི་ཡེ་ཤེས་ཉིད། །རང་གི་སྔགས་ཀྱིས་བརྟན་གནས་པའོ། །ཡོངས་སུ་རྫོགས་པའི་ཕྱག་རྒྱ་ཆེ། །ཐམས་ཅད་གནས་ཀུན་སྙོམས་འཇུག་པས། །གཙོ་བོ་ཐུབ་པ་ཆེན་པོའི་སྐུ། །རབ་ཏུ་རྫོགས་པ་བཞིན་རྒྱས་པའོ། །ཀུན་ཏུ་བཟང་པོའི་སྤྱོད་པ་དག །རབ་ཏུ་རྫོགས་པའི་ཡེ་ཤེས་ཉིད། །ཐིག་ལེ་ལ་གནས་ཐིག་ལེ་མཆོག །ཐིག་ལེ་ཆེན་པོ་མཉམ་ལྡན་པས། །བྱང་ཆུབ་ཡན་ལག་རྣམ་པར་འཕྲོ། །ཚུལ་རྣམས་བགྲོད་པ་མེད་པའི་ལམ། །ཐབས་དང་ཤེས་རབ་རྒྱས་པ་ཡིས། །རྡོ་རྗེ་རྣམ་བཞི་དག་པའི་ཚུལ། །རབ་ཏུ་སྦྱངས་པའི་སངས་རྒྱས་མཆོག །དེ་དག་བསྙེན་པའི་དཀྱིལ་འཁོར་གྱིས། །རིགས་ཀྱི་འཁོར་ལོ་ཆེ་གནས་སྦྱོར། །སངས་རྒྱས་ཀུན་དང་གཅིག་པའི་བློས། །ཉེ་བར་བསྙེན་པའི་རྒྱུན་


DNG010_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་ཞིང་། །བྱང་ཆུབ་སེམས་ཀྱི་ཡི་གེ་ཉིད། །རང་གི་གནས་སུ་རྫོགས་བྱེད་པའོ། །དེ་དག་གོམས་པ་གསལ་བ་དང་། །མི་ཤིགས་ཐིག་ལེ་བརྟན་པར་འགྱུར། །སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །ཐབས་རྣམས་བསྒྲུབ་པའི་ཕྱག་རྒྱ་ཡིས། །མངོན་སུམ་རིགས་ཀྱི་སྐུར་སྦྱོར་ཞིང་། །ས་ཡི་ཁྱད་པར་སྦྱོར་མཛད་པས། །རྫུ་འཕྲུལ་ལེགས་པར་གཞན་རྒྱུད་སེལ། །ཡང་དག་གྲུབ་པ་ཆེན་པོའི་མཆོག །རྟགས་ཀྱི་ཕྱག་རྒྱ་གཉིས་མེད་སྐུ། །ཁམས་གསུམ་གནས་རྣམས་རྫོགས་བྱེད་པའི། །ཕྱག་རྒྱ་ཆེན་པོའི་རིགས་ཀྱི་བདག །ཐེག་པའི་མཐའ་རྣམས་མ་འགགས་པར། །ཀུན་འབྱུང་གནས་ཀྱི་ཆོ་ག་ཉིད། །ཡིད་བཞིན་ནོར་བུ་རིན་ཆེན་མཆོག །ཕྱོགས་བཅུ་ཀུན་ནས་བསགས་པའོ། །རྒྱལ་བ་ཀུན་གྱི་གནས་རྫོགས་པ། །སྣ་རྩེ་ཐིག་ལེ་རིན་ཆེན་ལྔ། །དབང་པོ་དྲུག་གི་ཡུལ་དང་ལྡན། །ཡན་ལག་བགྲང་དང་བགྲང་འདས་པར། །མཚན་མ་རྣམ་པ་བཞི་ལྡན་ཞིང་། །ཇི་སྲིད་བསྟན་པའི་གནས་སུ་བཞག །བྱང་ཆུབ་སེམས་ཀུན་རྫོགས་པས་ན། །བཅུ་དྲུག་ཆ་ཤས་གྲངས་ལས་འདས། །མི་ལྡོག་གནས་ཀྱི་ཏིང་ངེ་འཛིན། །ཉི་ཟླའི་དཀྱིལ་འཁོར་སྦྱར་བའོ། །རིམ་བཞིན་དབང་པོ་དྲུག་གི་ཡུལ། །སྤྲོ་དང་བསྡུ་བའི་ཡན་ལག་གིས། །གསང་སྔགས་ཕྱག་རྒྱ་སྐུར་རྫོགས་པར། །རིགས་གཅིག་གསུམ་དང་ལྔ་ལ་སོགས། །ཐབས་ཀྱི་ཡན་ལག་བསམ་ཡས་ཤིང་། །ཞིང་ཁམས་གནས་ཀུན་དག་པར་བྱེད། །རྡོ་རྗེ་འཁོར་ལོ་རིན་ཆེན་དང་། །པདྨ་མཚན་བཅས་རལ་གྲིར་བཅས། །འོད་ཟེར་སྣ་ལྔའི་ཕྲེང་བ་ཉིད། །ཀུན་ནས་འཁྲིགས་པའི་སྔགས་དང་བཅས། །གསུམ་གྱི་དམ་ཚིག་ཡེ་ཤེས་ཆེ། །ཁ་སྦྱོར་ཐིག་ལེ་ལས་རྫོགས་པའོ། །ཕྱག་རྒྱ་གསང་བའི་ཡི་གེ་མཆོག །བདུན་འགྱུར་དྲག་པོའི་གསང་ཚིག་བཅས། །མ་ནིང་གནས་ལས་གྲོལ་བ་ཡིས། །རང་གི་སངས་རྒྱས་ཐམས་ཅད་ལ། །རིན་ཆེན་གའུའི་བཅུད་རྫོགས་པས། །ཉི་ཟླའི་དཀྱིལ་འཁོར་རྒྱས་པར་འགྱུར། །


DNG010_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

གནས་དང་གནས་མིན་གསང་བའི་ཡུལ། །ཕྲ་མོའི་སེམས་ཀྱི་ཏིང་འཛིན་གྱིས། །ཐ་སྙད་ཐམས་ཅད་འགོག་བྱེད་ཅིང་། །ཁམས་གསུམ་སྐྱེ་འགྲོ་རྣམ་པར་དག །ཡང་དག་འཕེལ་བས་གོམས་པ་དང་། །བརྡའ་ཡི་མིང་ཚོགས་སུམ་ཅུ་གཉིས། །ཐིག་ལེ་འོད་ཟེར་སྣ་ཚོགས་དང་། །རབ་ཏུ་ཞུ་བས་བདེ་ཆེན་དབྱིངས། །ཇི་སྲིད་བརྟན་པར་གནས་པའི་དུས། །ཀུན་འཛིན་ཡི་གེས་སྡོམ་བྱེད་ཅིང་། །དབབ་དང་འཁྱིལ་དང་སྤྲོ་བ་དང་། །སླར་བསྡུས་ཡང་དག་ཡེ་ཤེས་གནས། །ཐབས་དང་ཤེས་རབ་སྙོམས་འཇུག་རྣམས། །ཉི་ཤུ་རྩ་ལྔའི་བྱེ་བྲག་རྫོགས། །དོན་ཀུན་གསང་བ་ཇི་བཞིན་ཉིད། །བྱ་བ་ཆེན་པོས་གཞན་རྒྱུད་སེལ། །ཙོག་པུ་རུས་སྦལ་གསུམ་སོགས་ཀྱིས། །གཉིས་མེད་འཁྲིལ་བའི་ཆ་ལུགས་དག །མཐར་གནས་དབང་པོ་གཞན་དུ་བསྒྱུར། །རིགས་ཀྱི་དཀྱིལ་འཁོར་རང་ཉིད་ཀྱི། །ཕྱག་རྒྱ་བདེ་བ་མཚན་མར་བཅས། །ཉོན་མོངས་གནས་ཀུན་གྲོལ་བྱེད་པ། །སྒྱུ་མའི་དཔེ་བྱད་ཡེ་ཤེས་ཉིད། །དང་པོའི་སངས་རྒྱས་བཟང་པོ་ལ། །རིགས་རྣམས་རྫོགས་པས་དབུ་བརྒྱན་ཅིང་། །ཐུགས་ཀྱི་དཀྱིལ་འཁོར་རྣམ་པར་དགོད། །མེ་རླུང་སྦྱོར་བས་བསྐུལ་བྱས་ཏེ། །ཐིག་ལེ་འོད་ཟེར་གྱེན་འབར་བས། །སྨིན་བྱེད་ཁྱབ་པ་བདེ་བའི་མཆོག །རང་གི་གནས་སུ་རྣམ་པར་འཁྱིལ། །སྤྲུལ་པའི་འཁོར་ལོ་ཆེར་རྒྱས་སོ། །འོད་དམར་ཆགས་པའི་རི་མོ་ཅན། །ཨཱཾ་ཡིག་སྔགས་ཀྱིས་ཕྲེང་བས་ནི། །དྲུག་ཅུ་རྩ་བཞིའི་གནས་རྣམས་སུ། །བདེ་ཆེན་ཐིག་ལེའི་ཚུལ་བཞུགས་ཤིང་། །དེ་མིང་བོར་བའི་སྒྲ་དང་བཅས། །ཐབས་ཀྱི་ཚུལ་གྱིས་རྣམ་པར་སྤགས། །ཆོས་ཀྱི་དཀྱིལ་འཁོར་ཧཱུྃ་གིས་རྫོགས། །དཀར་སེར་འོད་ཟེར་ལྔ་ཡི་མདངས། །གནས་བརྒྱད་ཡི་གེའི་ཕྲེང་བས་མཛེས། །ཤེས་པ་བརྒྱད་གནས་ཡེ་ཤེས་རྫོགས། །བྱ་བ་ཆེན་པོའི་དོན་ཀུན་སྟོན། །དེ་དག་སྐྱེ་དང་འགག་པ་དང་། །ཡང་དག་སྦྱངས་པས་ཀུན་གྲོལ་ཞིང་། །གཉིས་མེད་ཡེ་ཤེས་བརྟན་པའི་ཚུལ། །སྒྲ་


DNG010_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

གནས་བརྗོད་པའི་ཚུལ་ལྡན་པས། །གསང་གསུམ་དམ་ཚིག་སྔགས་ཀྱི་གནས། །བཅུ་དྲུག་བདུད་རྩི་འཛག་པ་ཡི། །དཀར་དམར་འོད་ཟེར་ཕྲེང་བ་ཅན། །ཨཱཾ་ཡིག་དབྱངས་ཀྱི་ཡི་གེ་རྒྱས། །ཀུན་འབྱུང་བརྗོད་པས་ཡི་གེ་སྟེ། །སྤྲོ་དང་བསྡུ་བས་དག་པའི་ཚུལ། །མི་འགྱུར་བསྟན་པའི་ཐིག་ལེ་ཉིད། །ཧཾ་ཡིག་སྙིང་པོ་བྱང་ཆུབ་སེམས། །ཟླ་བའི་དཀྱིལ་འཁོར་ལ་གནས་ཤིང་། །ཀུནྡ་དུང་གི་འོད་གསལ་མདངས། །སུམ་ཅུ་རྩ་གཉིས་ཡི་གེའི་ཚོགས། །འཁོར་ལོའི་གནས་ལ་སྙོམས་འཇུག་ཅིང་། །རང་གི་དཀྱིལ་འཁོར་བརྟན་བྱེད་པའོ། །དགའ་དང་རྗེས་སུ་དགའ་བ་དང་། །དགའ་བྲལ་ལྷན་ཅིག་སྐྱེས་པ་ཡི། །ཡན་ལག་ཆ་ཤས་ཀུན་རྫོགས་པའོ། །གནས་སྐབས་ཆོས་ཀྱི་བྱེ་བྲག་གིས། །དངོས་གྲུབ་ཕྲིན་ལས་བརྟན་བྱེད་ཅིང་། །འདོད་པའི་ཡུལ་ཀུན་རྣམ་པར་སྦྱང་། །ཐ་དད་དོན་རྫོགས་རྣམ་དག་པའི། །ཡེ་ཤེས་བཅུ་དྲུག་རིམ་གྱིས་རྫོགས། །གཡས་དང་གཡོན་གྱི་སྦྱོར་བ་ལས། །ཨཱ་ལི་ཀཱ་ལིའི་གནས་རྫོགས་ཏེ། །ཉི་ཟླའི་འོད་ཟེར་འཕྲོ་བ་དག །རབ་ཏུ་གོམས་པས་དཀྱིལ་འཁོར་རྫོགས། །བདེ་ཆེན་སྡིག་བྲལ་གཟུགས་སུ་གནས། །མཚན་ཉིད་ཇི་བཞིན་ཚུལ་བཞུགས་པས། །ཕྱག་རྒྱའི་ཐིག་ལེ་འབེབས་པར་བྱེད། །ཉི་དཀྱིལ་རྡོ་རྗེ་ལ་གནས་པའི། །ཧཱུྃ་ཡིག་འོད་བཅས་རིན་པོ་ཆེ། །ཆ་ཤས་ཀུན་རྫོགས་སྐུ་ཡི་དབྱིག །སྙིང་པོ་ས་བོན་གསང་བས་མཚན། །པདྨ་ཨཱཿཡིག་ལས་མཚན་པའི། །གྲུ་གསུམ་ཆོས་ཀྱི་བྷ་ག་བཟང་། །གེ་སར་ཟེའུ་འབྲུའི་སྙིང་པོ་ཅན། །རྟེན་འདྲེལ་ཧོ་ཡིག་མཛེས་པར་གནས། །གཡས་དང་གཡོན་ནི་སྦྱོར་བ་ཡི། །མ་ལུས་ཆགས་པ་ཆེན་པོའི་དངོས། །དམ་ཚིག་ཆགས་པའི་བརྡའ་བསྐུལ་ཞིང་། །ཕྱག་རྒྱ་བཞི་ཡི་སྙོམས་འཇུག་པས། །ཡང་དག་ཡེ་ཤེས་རྫོགས་པར་སྦྱོར། །ཉི་ཟླ་དུས་གཅིག་འཆར་བ་ཡིས། །རིགས་ཀྱི་དཀྱིལ་འཁོར་གསལ་བར་རྫོགས། །སངས་རྒྱས་ཐམས་ཅད་མཆོད་བྱེད་ཅིང་། །ཡང་དག་རྫོགས་པས་གཉིས་སུ་མེད། །འགྲོ་གནས་རྒྱ་ཆེན་མ་ལུས་དག །


DNG010_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར་རྣམ་པར་དག་པའི་མཐུས། །རིགས་ཀྱི་དཀྱིལ་འཁོར་རྒྱས་པ་ཉིད། །རྣལ་འབྱོར་ཆེན་པོ་གསལ་བར་མཛད། །ཕོ་བྲང་གདན་བཅས་ཡང་དག་རྫོགས། །ཤེས་རབ་ཐབས་ཀྱི་ཕྱག་རྒྱ་ལས། །རིགས་རྣམས་དཀྱིལ་འཁོར་གསལ་བརྟན་ཅིང་། །ཆོ་ག་རྣམ་པ་གསུམ་དག་གིས། །ཐར་པ་ཆེན་པོའི་གྲོང་ཁྱེར་མཆོག །རང་བཞིན་རིགས་མཆོག་ལྷུན་གྱིས་གྲུབ། །ཕྱི་རོལ་འགྲོ་བའི་གནས་སྤྲོས་ཏེ། །ཞིང་ཁམས་ཆེན་པོ་རྣམ་པར་དག །རིགས་ཀྱི་བདག་པོ་དེ་བཞིན་ཉིད། །འབྲས་བུ་རྫོགས་པས་དཀྱིལ་འཁོར་ཆེ། །ཐམས་ཅད་གཅིག་ཏུ་བསྡུ་བ་ཡི། །ཆོ་ག་རྡོ་རྗེ་བརྟན་པོའི་བདག །གསལ་བྱེད་ཨོཾ་ཡིག་ལས་འཕྲོས་པས། །སྣ་ཚོགས་སྐུ་ཡི་དཀྱིལ་འཁོར་མཆོག །བདེ་གཤེགས་ཀུན་གྱི་གནས་འཇུག་ཅིང་། །རིགས་ཀྱི་སྐུ་རྣམས་རྫོགས་པར་མཛད། །རྣམ་དག་པདྨའི་འོད་ཟེར་གྱིས། །ཕྱོགས་བཅུའི་རྒྱལ་བ་མཉེས་མཆོད་ཅིང་། །བྱང་ཆུབ་སེམས་ཚོགས་རབ་ཏུ་བསྡུས། །གསང་བའི་ཕྱག་རྒྱ་དཀྱིལ་འཁོར་ཉིད། །འོད་ཚོགས་ཐུགས་ཀྱི་དཀྱིལ་འཁོར་ལས། །ཐུགས་རྗེའི་ཉི་མ་རྣམ་པར་སྤྲོ། །རིག་པའི་དངོས་གྲུབ་བཟང་པོ་དག །བྱང་ཆུབ་སེམས་ཀྱིས་བརྟན་པར་མཛད། །གནས་ལྔའི་དཀྱིལ་འཁོར་རྫོགས་པ་ལས། །མཚན་མ་ལྔ་པོ་འོད་དང་བཅས། །མི་གཉིས་བརྟན་པའི་སྔགས་ཀྱིས་བརྒྱན། །རིགས་ལྔའི་དམ་ཚིག་བརྟན་པར་འགྱུར། །བྱིན་རླབས་ཀུན་ནས་རྫོགས་པ་ཡི། །ཡེ་ཤེས་ལྔ་ཡི་དོན་མཚོན་ཅིང་། །རྣམ་པར་གྲོལ་བས་བརྟན་བྱེད་ཅིང་། །དེ་དག་སངས་རྒྱས་ཐེག་པའི་མཆོག །རང་ཉིད་ཆོས་ཀྱིས་རྫོགས་པར་འགྱུར། །ཇི་སྲིད་དཀྱིལ་འཁོར་རྣམ་གཉིས་དག །ཕྱོགས་ཀྱི་ཆ་ཤས་རྣམ་ཕྱེ་སྟེ། །བྱེ་བྲག་ཡུལ་ཀུན་སྦྱོང་བྱེད་པའི། །རྣམ་པར་གྲོལ་བའི་དངོས་གྲུབ་ཉིད། །ཏིང་འཛིན་རྣམ་པ་ལྔ་དག་གིས། །སངས་རྒྱས་ཀུན་གྱི་ཡུལ་བཅས་སྦྱོར། །དབང་བསྐུར་བྱིན་རླབས་རྫོགས་བྱས་ཏེ། །རིགས་ཀྱི་བདག་པོས་ཉེ་བར་མཛེས། །ཐུན་མོང་བཟླས་པའི་ཡན་ལག་


DNG010_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད། །དཀྱིལ་འཁོར་ཀུན་ཏུ་བྱིན་བརླབས་ཤིང་། །དེ་དག་སེམས་དཔའ་གསུམ་གྱིས་མཛེས། །ཡི་གེ་དཔའ་བོ་འབྲས་བུའི་སྔགས། །འོད་བཅས་འཁོར་ལོ་རྣམ་པ་བཞི། །ཇི་སྲིད་མཚན་མའི་རྫས་ལྡན་པར། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱས་བཟུང་། །བརྟན་པར་མ་གྱུར་མི་གཏོང་ཞིང་། །གསལ་ཞིང་རྫོགས་པས་ཀུན་ཏུ་སྤྲོ། །ཇི་ལྟར་འདོད་པའི་ལས་རྣམས་ཀུན། །ཆོ་ག་འདི་ཡིས་རྫོགས་པར་འགྱུར། །དེ་དག་ལྷ་རྣམས་ཀུན་གྱི་གནས། །རབ་ཏུ་རྫོགས་པའི་འཁོར་ལོའི་ཚུལ། །གསང་སྔགས་རྒྱལ་པོའི་ཕྲེང་བ་དག །རྣམ་གསུམ་ཕྱག་རྒྱའི་གནས་རྫོགས་པར། །མྱུར་དང་བུལ་བ་ལ་སོགས་ཀྱང་། །དོན་བཞི་བརྩམས་པས་དངོས་གྲུབ་མཆོག །རང་གི་ལྷག་པའི་ལྷ་གནས་དག །ཡང་དག་སྦྱོར་བས་བརྟན་པ་ཉིད། །སྐུ་དང་གསུང་ཐུགས་རྡོ་རྗེའི་མཆོག །ཡོན་ཏན་ཕྲིན་ལས་གནས་རྒྱས་པར། །ཕྱག་རྒྱ་བཟང་པོ་རྣམ་ལྔ་ལ། །ས་བོན་སྔགས་ཀྱི་ཕྲེང་བས་བརྒྱན། །རིགས་ལྔའི་བཟླས་བརྗོད་བརྩོན་ལྡན་པས། །རིམ་མམ་ཅིག་ཅར་རྫོགས་བྱས་ཏེ། །ནོར་བུ་གང་བར་གྱུར་པ་དག །པདྨའི་གནས་སུ་ཡང་དག་སྤྲོ། །སྤྱི་གཙུག་ལ་སོགས་རྣམ་ལྔ་དག །འཁོར་ལོའི་ཕྲེང་བ་ཇི་བཞིན་དུ། །ཡང་དང་ཡང་དུ་སྦྱོར་བར་བྱ། །ལས་ཀུན་དང་པོ་ལས་སྦྱོར་བས། །དང་པོའི་སེམས་ཙམ་སྦྱངས་བྱས་ཏེ། །དང་པོའི་མཚན་མ་མ་རྫོགས་པར། །ཡང་དང་ཡང་དུ་བསླབ་པར་བྱ། །རིམ་གྱིས་ཡེ་ཤེས་ལ་སྦྱོར་ཏེ། །ཅུང་ཞིག་དབང་དང་ཡང་དག་དབང་། །ཤིན་ཏུ་རྣམ་པར་གྲོལ་བའི་མཐུས། །རང་གི་བསམ་གཏན་ལ་སྤྱད་ཅིང་། །ཡུལ་གྲོལ་རྟེན་གྱི་བྱེ་བྲག་ཀུན། །རིམ་གྱིས་སྦྱོར་བའི་སྟོབས་ཀྱིས་གསལ། །མཚན་མའི་བཟླས་པ་སྣ་ཚོགས་དག །མཚན་བཅས་རྒྱུན་གྱི་རིམ་བཞིན་ཏེ། །ཡང་དག་རྫོགས་པའི་བྱང་ཆུབ་ཏུ། །ཐམས་ཅད་གཉིས་མེད་སྦྱར་བས་གྲོལ། །དེ་དག་ཆ་ཤས་ལས་འདས་པས། །མི་གཉིས་བརྟན་པའི་ཏིང་ངེ་འཛིན། །འབྱུང་འཇུག་གནས་པའི་རྩོལ་བ་ལས། །


DNG010_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་སྣ་ལྔའི་ཕྲེང་བ་དང་། །འཁོར་ལོ་རྒྱུན་གྱི་མཉམ་རྫོགས་པའོ། །ལྔ་དང་བཅུ་དང་ཉི་ཤུ་དང་། །ཉི་ཤུ་རྩ་ལྔ་སུམ་ཅུ་སོགས། །ཉི་ཁྲི་ཆིག་སྟོང་དབྱེ་བ་ཡི། །གྲངས་ལྡན་གྲངས་ལས་འདས་པ་ཡི། །ཆ་ཤས་ཐིག་ལེའི་མཚན་མ་ཉིད། །འབྱུང་བ་སྣ་ལྔ་ཡེ་ཤེས་འོད། །དྲུག་པ་རྫོགས་པས་སྐུ་གཅིག་ཏུ། །གནས་དང་ཁ་དོག་ཉི་ཤུ་ལྔ། །རྟེན་དང་གྲོགས་དང་བྱེ་བྲག་གིས། །དུས་ཚོད་ཁ་དོག་དབྱིབས་དང་རྒྱན། །ཉིན་དང་མཚན་མོའི་བྱེ་བྲག་བཞིན། །འཕེལ་དང་འགྲིབ་པའི་ཆ་ཤས་ཀྱིས། །འཁོར་ནས་མྱ་ངན་འདས་པ་བསྐྱེད། །དེ་དག་རབ་ཏུ་རྫོགས་པའི་མཐུས། །ཁམས་གསུམ་ཡུལ་ཀུན་གསལ་མཛད་ཅིང་། །གཙོ་དང་སྤྲུལ་པ་སྣ་ཚོགས་པས། །ཐོག་མ་ཐ་མ་མེད་པའི་དབྱིངས། །ཟག་པ་མེད་པའི་ཡེ་ཤེས་ཉིད། །མ་ལུས་ཡུལ་ཀུན་རྣམ་དག་རྫོགས། །དེ་ནས་ཕྱག་རྒྱ་ཆེན་པོའི་སྐུ། །འཁོར་དང་མྱ་ངན་འདས་གཉིས་མེད། །རབ་ཏུ་གྲོལ་བའི་བདེ་ཆེན་མཆོག །རྒྱལ་བ་ཀུན་གྱི་ངོ་བོ་ཉིད། །ཤེས་རབ་ཆེ་དང་ཐབས་ཆེན་པོ། །ཆ་རྣམས་རྫོགས་པ་གཉིས་མེད་པར། །འོད་གསལ་ཐིག་ལེ་མཉམ་པའི་དབྱིངས། །འགོག་པའི་ཆ་ཤས་རྣམ་པར་དག །ཟུང་དུ་འཇུག་པའི་མཚན་ཉིད་དོ། །དངོས་ཀུན་རང་གི་ངོ་བོ་ལས། །རབ་ཏུ་བརྟགས་པས་གཞན་རྣམས་འཇོག །དེ་དག་ཐ་དད་གཉིས་མེད་སེམས། །བྱང་ཆུབ་སེམས་ཀྱི་ཏིང་ངེ་འཛིན། །ཞི་བ་ཆེན་པོའི་རྒྱལ་བ་རྣམས། །དེ་དག་ཡུལ་དང་བཅས་འདས་ཤིང་། །དོན་འདི་བསྟན་པའི་བདག་ཉིད་ཀྱིས། །ཕྱོགས་དུས་མ་ལུས་ཉེ་བར་སྦྱོར། །རང་བཞིན་དཀྱིལ་འཁོར་རྫོགས་པ་དང་། །ཡེ་ཤེས་ཆེན་པོས་གསལ་འགྱུར་ཞིང་། །ཕྱག་རྒྱ་སྔགས་བཅས་ཏིང་འཛིན་གྱིས། །བསྐུལ་ཅིང་གནས་ནས་སྤྱན་དྲངས་ཏེ། །དམ་ཚིག་ཕྱག་རྒྱ་བརྟན་པར་བྱེད། །མཉེས་པའི་མཆོད་པ་སྣ་ཚོགས་པ། །ཕྱོགས་རྣམས་ཀུན་དུ་སྤྲོ་བྱས་ཏེ། །དཀྱིལ་འཁོར་གནས་སུ་བརྟན་བཞུགས་གསོལ། །མ་ལུས་ཡུལ་ཀུན་རྫོགས་བྱས་ཏེ། །སྐུ་


DNG010_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲུས་གདན་བཅས་བཀྲ་ཤིས་མཆོག །གཉིས་མེད་འདུད་པས་ཕྱག་འཚལ་ཞིང་། །ཕྱག་རྒྱ་བཞིར་གནས་བརྟན་པར་བྱེད། །ཕྱི་ནང་གསང་བའི་མཆོད་པ་དག །ལྷ་མོ་རོལ་བཅས་མཉེས་པར་སྦྱོར། །བསྟོད་ཚིག་དབྱངས་ཀྱིས་གསོལ་གདབ་ཅིང་། །དངོས་གྲུབ་ཕྲིན་ལས་རྫོགས་པར་བསྐུལ། །དམ་ཚིག་དཀྱིལ་འཁོར་ཡང་དག་པར། །ཡེ་ཤེས་དཀྱིལ་འཁོར་རྫོགས་བྱས་ཏེ། །གཉིས་སུ་མེད་པར་མཉམ་སྦྱོར་ཞིང་། །ཕྱག་རྒྱའི་ཆོ་ག་བརྟན་པར་གནས། །མཐའ་དབུས་མེད་པར་ཁྱབ་པ་ཡི། །སྐུ་དང་གསུང་ཐུགས་བསམ་ཡས་ཀུན། །སོ་སོའི་ཞིང་ཁམས་རྫོགས་པའི་མཆོག །ཕྱག་རྒྱ་ཏིང་འཛིན་བརྟན་པའོ། །རང་སྣང་སྐུ་ཡི་དཀྱིལ་འཁོར་ལ། །རང་བཞིན་གསུང་གི་དཀྱིལ་འཁོར་ཉིད། །གཡས་དང་གཡོན་གྱི་དབྱེ་བ་ཡིས། །རྡོ་རྗེ་མཚན་བརྒྱད་བྱེད་པ་དང་། །ཁྱབ་འཇུག་གསུམ་ཡང་དེ་བཞིན་ཏེ། །རིམ་པར་བཀོད་པ་རང་སྣང་བས། །འཇིག་རྟེན་འདས་དང་མ་འདས་པའི། །ཇི་སྙེད་བསྒྱུར་བའི་སྒྲ་རྣམས་འབྱུང་། །རྒྱལ་བ་བཞི་བཅུ་རྩ་ལྔ་ཡི། །ངོ་བོ་ཉིད་དུ་ངེས་པར་ན། །ཁུ་བ་རྩ་བའི་གཟུགས་དག་གིས། །སྐུ་གསུང་ཐུགས་དང་ཡེ་ཤེས་ལྔ། །མ་བཙལ་ལྷུན་གྱིས་གྲུབ་པའོ། །བྷྲཱུཾ་ཡིག་སྣ་ཚོགས་བྷ་གར་འདུས། །ལས་དང་ངོ་བོས་དག་པ་ཉིད། །སངས་རྒྱས་རིན་ཆེན་ཟ་མ་ཏོག །བྱིན་བརླབས་སྐྱོབ་ཕྱིར་སྔགས་སུ་བརྗོད། །རགས་པ་ཐབས་ཀྱི་ཕྱག་རྒྱ་སྟེ། །རང་བཞིན་མེད་པས་ཤེས་རབ་ཡིན། །ཐམས་ཅད་མི་འགྱུར་རྒྱས་འདེབས་པས། །ཡུལ་ཀུན་གསང་བའི་ཕྱག་རྒྱས་འདེབས། །བདག་གཞན་ངོ་བོ་མི་དམིགས་པས། །ཐམས་ཅད་ཡུལ་ཀུན་རྣམ་པར་རོལ། །བདེ་གཤེགས་ལྔ་ཡི་མཚན་མ་ཡིས། །རང་བྱུང་ཡེ་ཤེས་རྫོགས་པར་འགྱུར། །དེ་ཉིད་དྭངས་མའི་ཡེ་ཤེས་ལྔ། །མ་རིག་གཉིས་སོགས་བཞི་པོ་དང་། །མི་ཕྱེད་ཕྲག་དོག་རྡོ་རྗེའི་སྔགས། །དབྱིངས་སུ་སྐྱོབ་པས་དགའ་མར་བརྗོད། །ལས་ཀྱི་བདེ་བས་སྒེག་པ་ནི། །ཆགས་པའི་དམ་ཚིག་དུས་ཡིན་ནོ། །སླར་ཡང་ལན་གྱིས་


DNG010_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེལ་པས་ནི། །གཉིས་ཀ་དགྱེས་པའི་མཆོག་ཏུ་བཤད། །ཧ་དང་སི་ཡི་བདེ་སྒྲ་དག །བདག་གིས་ཆགས་པ་ཐོབ་པའོ། །ཤིན་ཏུ་བསྐྱོད་པའི་བདེ་བ་ཉིད། །ཀུན་ནས་བསྐྱོད་པ་རླུང་ཞེས་བྱ། །ཐམས་ཅད་གསལ་བར་རྣམ་པར་སྟོན། །མ་ལུས་བསྙེན་པའི་སྔགས་དང་བཅས། །ཀུན་གྱི་ཚོར་བ་རྟོག་བྱེད་ཅིང་། །ཡང་དག་མྱོང་བ་ཆེན་པོའི་ཡུལ། །དོན་ཀུན་སྟོན་པའི་གནས་རྫོགས་པར། །རབ་ཏུ་སྙན་པའི་སྒྲ་དང་བཅས། །དྲི་ཞིམ་ཡུལ་ཀུན་གསལ་བ་ཡི། །མྱོང་བའི་དབང་པོ་དངོས་བདག་ཉིད། །གཉིས་འདྲེས་འཛིན་པ་ཞེས་བྱ་སྟེ། །དེ་ཉིད་ཕྱེ་བ་ལས་བྱུང་བའོ། །མེ་ཏོག་བསྡུས་པའི་ངོ་བོ་ཉིད། །བདག་པོའི་ཞལ་དུ་ཐིམ་པར་བཤད། །ཤིན་ཏུ་བསྡམ་པའི་རིམ་ལས་བྱུང་། །གསལ་བའི་ཡེ་ཤེས་བདེ་བ་ཆེ། །ཀུན་གསལ་བརྗོད་དང་འདྲ་བའི་སྒྲ། །གཉིས་མེད་ཐུགས་སུ་ཤེས་པར་བྱ། །རྣམ་ཤེས་གསུམ་འདས་རྡོ་རྗེ་ནི། །ཡེ་ཤེས་ལྔ་རྫོགས་ཐུགས་ཉིད་དོ། །དབྱིངས་གསུམ་རྣམ་དག་འདུས་མ་བྱས། །ཀུན་ཏུ་དེ་བཞིན་གནས་བྱེད་པའོ། །མི་གཉིས་རྫོགས་པའི་ཏིང་ངེ་འཛིན། །ཤེས་རབ་དབྱིངས་ལས་ཕྱག་རྒྱའི་སྐུ། །གྲགས་པ་ཀུན་བདག་གསང་སྔགས་ཏེ། །མི་ཤིགས་ཐིག་ལེ་བརྟན་པའི་མཆོག །རང་གི་དཀྱིལ་འཁོར་ཀུན་རྫོགས་པའོ། །ཕྱག་རྒྱ་གསང་སྔགས་བསྡུ་བའི་ཚུལ། །བྱང་ཆུབ་སེམས་སོགས་བདེ་བའི་རྒྱུན། །གཉིས་སུ་མེད་པར་བརྟན་གནས་པའོ། །མ་ལུས་དགུག་ཅིང་གཞུག་པ་དང་། །མཉེས་སྡོམ་བརྟན་པའི་ལས་དག་གིས། །སྐུ་གསུང་ཐུགས་མཆོག་རྫོགས་བྱས་ཏེ། །ཕྱག་རྒྱའི་དོན་ཀུན་གཉིས་སུ་མེད། །མི་བསྐྱོད་བྱེད་པོ་ཡུམ་དང་བཅས། །རྡོ་རྗེ་འཛིན་པའི་ཕྱག་རྒྱར་ལྡན། །བྱམས་པ་ས་སྙིང་དེ་བཞིན་ནོ། །གཞན་དག་རང་གི་ཕྱག་རྒྱ་སྟེ། །གཤིན་རྗེ་གཤེད་ལ་རྟག་པར་བཤད། །ཐུབ་ཆེན་རྡོ་རྗེ་འཛིན་འཆང་བ། །ཟླ་དང་བྲལ་བ་དཔའ་བོ་ཆེ། །གནས་གསུམ་ཁྱབ་འཇུག་ཡི་གེ་ལས། །ཁམས་


DNG010_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་བྱིན་བརླབས་གཟི་བྱིན་བསྡུས། །རང་བཞིན་རྡོ་རྗེ་གསུང་གནས་པ། །རྒྱུ་གཉིས་ཚུལ་གྱིས་རང་སྣང་བའོ། །ལྟེ་བ་རྣམ་གཉིས་ཟླ་བ་ལ། །སྔོ་ལྗང་ཡི་གེ་སྭཱ་ཧཱ་གཉིས། །རྗེས་བསྡུ་འོད་བཅས་ཡོན་ཏན་ལས། །ཡན་ལག་རྫོགས་པའི་ཡིད་བཞིན་ལྡན། །མཐའ་དང་དབུས་མེད་དེ་བཞིན་ཉིད། །བསམ་ཞིང་བརྗོད་བྲལ་རིགས་པའི་གསུང་། །རྣམ་པ་ལྔ་ཡི་སྔགས་དག་གིས། །བྱང་ཆུབ་རྡོ་རྗེ་གནས་བསྡུས་ཤིང་། །མིང་ཚོགས་ཡི་གེ་མངོན་པར་སྟོན། །སྒྱུ་འཕྲུལ་དྲ་བའི་ཡེ་ཤེས་ཀྱིས། །དཀྱིལ་འཁོར་ཀུན་དུ་མངོན་རྫོགས་འགྱུར། །རིགས་ཀྱི་དཀྱིལ་འཁོར་མ་ལུས་པ། །ཕྱག་རྒྱ་ཆེན་པོའི་ཆ་ལུགས་ལ། །རང་གི་རྟགས་ཀྱིས་ཉེ་བར་མཛེས། །ཁམས་གསུམ་ལས་རྣམས་རྫོགས་པར་བྱེད། །དེ་དག་ཡུལ་ཀུན་རྣམ་དག་པའི། །སྐུ་ཡི་དཀྱིལ་འཁོར་རྒྱ་ཆེན་པོ། །འདུལ་བཅས་རིགས་ཀྱི་འཁོར་ལོ་བསྒྱུར། །བརྗོད་པའི་གསང་སྔགས་ཕྲེང་བའི་རྒྱུན། །གསུང་གི་ཕྱག་རྒྱ་ཆོས་ཀྱི་གནས། །རྩ་སྔགས་སྙིང་པོའི་སྔགས་རྣམས་དང་། །ཉེ་བའི་སྙིང་པོ་རིག་པར་བཅས། །དམ་ཚིག་ཕྱག་རྒྱ་བརྟན་བྱེད་པའི། །རྡོ་རྗེ་བཅིངས་པའི་ཁྱད་པར་ལ། །རིག་པའི་ཡི་གེ་སྤྲོ་ཞིང་བསྡུ། །རྟེན་བྱེད་ཡེ་ཤེས་ཀུན་གྱི་བདག །ཀུན་ཏུ་ལས་རྣམས་ཐོགས་མེད་པའོ། །རྡོ་རྗེ་ཁུ་ཚུར་བརྟན་པའི་བདག །དེ་དག་ཕྲིན་ལས་ཀུན་གྱི་གནས། །ལས་ཀྱི་ཚོགས་རྣམས་རྫོགས་བྱེད་པའོ། །ཐབས་དང་ཤེས་རབ་འཁྲིལ་པ་ཡི། །ཕྱག་རྒྱའི་ཡེ་ཤེས་རྫོགས་པ་ཉིད། །བྱང་ཆུབ་སེམས་ཀྱི་སྤྲིན་དག་ལས། །མ་ལུས་ཀུན་འབྱུང་རོལ་པའི་ཚུལ། །མི་བསྐྱོད་རྡོ་རྗེ་རྩེ་ལྔ་པ། །ཟླ་བའི་ཐིག་ལེ་ཡི་གེ་དངོས། །རིན་ཆེན་འབར་བའི་ཉི་ཟླ་ལྔ། །ཟླ་བའི་ཐིག་ལེ་ཡི་གེ་ཉིད། །ཐིག་ལེ་ཐབས་ཤེས་ལྔ་གཉིས་རྣམས། །སྤྲད་པའི་དུས་ལ་སྣང་བ་ཡི། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འབྱུང་། །དབྱིངས་དང་ཡེ་ཤེས་བདག་པོ་ཉིད། །ཨོཾ་དང་མཱུཾ་དུ་རང་བཞིན་གནས། །ཏྭ་དང་ཐིག་ལེའི་འདབ་མ་རྣམས། །རང་


DNG010_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

གི་གནས་སུ་བསྣོལ་མར་འགྱུར། །རབ་ཏུའང་འདྲེས་པར་གྱུར་པ་ལས། །རྒྱལ་བའི་ཡེ་ཤེས་བདེ་ཆེན་པོ། །མྱོང་ཕྱིར་ཐོབ་པ་ཞེས་སུ་གསུངས། །ཐིག་ལེ་བཞི་བསྡུས་གཅིག་ཏུ་འགྱུར། །རླུང་གིས་བསྡུས་པས་བཀན་པར་བརྗོད། །ཞལ་གྱི་ལམ་དག་གང་རྒྱས་པ། །ཕྱག་རྒྱ་འབར་བ་ཞེས་པའི་སྒྲ། །ཟླ་བ་ཉི་མས་བསྒྲིབས་པ་ཡིས། །ཆུ་སྐྱེས་རབ་ཏུ་རྒྱས་པ་ནི། །དྲིལ་བུའི་སྒྲ་དང་ལྡན་པའོ། །ཕྱིར་འབྱུང་ཚུལ་གྱིས་གང་འབྱོར་པ། །ལྟུང་བ་མེད་ཕྱིར་བརྟན་པར་བཤད། །ཟླ་བའི་ཐིག་ལེ་རྗེས་མཐུན་པར། །དྲིལ་བུའི་ཕྱེད་ཀྱིས་འབྱོར་དགྱེས་པ། །མཐའ་གཉིས་ནོན་པའི་བྱང་ཆུབ་སེམས། །ཕྱག་རྒྱ་ཆེན་པོར་འདི་བརྗོད་དོ། །རབ་ཏུ་བརྟགས་པས་ཡེ་ཤེས་ཉིད། །ཤེས་རབ་གནས་སུ་རྣམ་པར་ཁྱབ། །རྟེན་འདྲེལ་རྒྱན་གྱི་བདེ་བ་ནི། །དབང་བསྐུར་གསང་བ་རྨད་དུ་བྱུང་། །ཤེས་རབ་ཐབས་ཀྱིས་རྩ་གནས་སུ། །དྲ་བ་ཐིག་ལེ་ཡི་གེ་གཉིས། །སྒྱུ་འཕྲུལ་དཀྱིལ་འཁོར་གཉིས་སུ་བསླབ། །བྷ་ག་འདུས་པའི་ཉུང་འབྲུ་རུ། །ཁམས་གསུམ་འགྲོ་གནས་བསྡུས་བྱས་ཏེ། །རྟོག་ཚོགས་དཀྱིལ་འཁོར་མངོན་དུ་བྱས། །ཕྱོགས་དུས་དཀྱིལ་འཁོར་སྤྱན་དྲངས་ཏེ། །རིག་པའི་སོ་སོའི་གནས་སུ་བསྡིམ། །སྐྱེད་པ་ཧ་སའི་སྒྲས་གང་བའི། །བདག་ཉིད་ཆེན་པོ་ལྔ་ཡི་རྒྱུན། །སྟེང་སྒོ་ནས་འབྱུང་བདེ་བའི་བཅུད། །སོ་སོ་བཞི་བཅུ་གཉིས་ལ་ཐིམ། །ཀུན་ནས་བདེ་བའི་ཡེ་ཤེས་ཆེ། །རྒྱལ་བའི་མཆོད་པ་མཆོག་ཏུ་གསུངས། །བཅོ་བརྒྱད་ཕྲག་གཉིས་བུམ་པ་དང་། །དྲུག་གཉིས་ཟེར་གྱི་སྦྱངས་ནས་ནི། །དབང་བསྐུར་བྱིན་བརླབས་བདེ་ཐོབ་པའི། །ཐེག་པ་ཆེན་པོའི་དབུགས་ཕྱུང་བའོ། །ཞེས་ཀུན་ནས་དགའ་བའི་གསུང་གིས་ཐམས་ཅད་མངོན་པར་བརྗོད་དོ། །རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་རོལ་པ་ཆེན་པོའི་རྒྱུད་ལས། ཏིང་འཛིན་གྱི་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་བྱང་ཆུབ་སེམས་རྣམས་ཀྱིས། །གཉིས་མེད་ཡེ་ཤེས་མངོན་


DNG010_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པར། །ཐེག་པའི་ལམ་མཆོག་སྤྱད་པའི་ཚུལ། །བསོད་ནམས་ཡེ་ཤེས་རྒྱ་ཆེན་པོ། །སངས་རྒྱས་ཀུན་གྱི་གསང་བ་ཉིད། །མ་ངེས་འགྲོ་རྣམས་སྨིན་བྱེད་དང་། །དེ་ནས་ཡང་དག་འཁོར་ལོའི་མཆོག །ཐོག་མའི་གནས་འབྱུང་རྫོགས་པ་ཉིད། །ཅི་འདྲ་གང་ཞིག་མངོན་པར་བསྔགས། །ཐམས་ཅད་སྤྱོད་པའི་གནས་རྣམས་ཀྱིས། །འཁོར་ལོ་ཆེན་པོ་ཇི་ལྟ་བུ། །ཐབས་མཁས་བྱང་ཆུབ་སེམས་བཅས་པས། །རབ་ཏུ་བརྩེ་བས་བཤད་པར་མཛོད། །དཀྱིལ་འཁོར་ས་གཞི་བཟང་པོ་འདིར། །ཕོ་བྲང་མངོན་པར་རྒྱས་པ་ཉིད། །སྟོན་པས་དགོངས་པའི་དོན་བཞིན་དུ། །ཐབས་ཀྱི་ཕྱག་རྒྱ་གསལ་བར་མཛད། །མངོན་པར་བསྔགས་པའི་སྔགས་མཆོག་ནི། །ཀུན་ནས་མེ་ཏོག་ཕྲེང་བས་བརྒྱན། །དབྱིབས་དང་ཆུ་བོ་འཁྱིལ་པའི་ཚུལ། །སྨན་དང་ཡོ་བྱད་ཕུན་སུམ་ཚོགས། །ཕྱི་ནང་ཉེས་པའི་ཚོགས་བྲལ་བ། །དེ་དག་མངོན་པར་བསྔགས་པའི་གནས། །དགོན་པ་ཆེན་པོའི་ས་རྣམས་ནི། །ཕྱོགས་མཚམས་ཆ་ཡིས་རྣམས་ཕྱེ་བ། །རབ་ཏུ་འགོལ་བར་དབེན་འགྱུར་ཞིང་། །དངོས་གྲུབ་ཕྲིན་ལས་མཐུན་པའི་ཕྱིར། །དེ་ཉིད་རིགས་ཀྱི་མཚན་ལྡན་པས། །དངོས་གྲུབ་མཐའ་ཡས་ལས་རྣམས་འགྲུབ། །གྲོང་ཁྱེར་ཡུལ་འཁོར་བཟང་པོ་དང་། །སྐྱེད་ཚལ་བ་གླང་ལྷས་དག་དང་། །རི་བོ་ནགས་ཚལ་སྤང་ཤོང་ཉིད། །རྒྱ་མཚོའི་ངོགས་དང་ལུ་མའི་ཕུགས། །སྦྱོར་བའི་བཀོད་པའི་གནས་རྣམས་སུ། །དཀྱིལ་འཁོར་བཟང་པོ་བརྩམ་པའི་ཕྱིར། །ཕུན་སུམ་ཚོགས་པའི་གནས་འཇུག་བྱ། །ཐོག་མར་རྡོ་རྗེ་སློབ་དཔོན་བཟང་། །སྐུ་གསུང་ཐུགས་ཀྱི་གསང་བའི་བདག །སངས་རྒྱས་ཐེག་པ་ཀུན་ལྡན་པས། །སྙིང་རྗེ་ཆེར་ལྡན་འགྲོ་དྲུག་བཟུང་། །མངོན་པར་སྒྲོལ་བའི་ལམ་ཀུན་གྱིས། །བྱ་བ་ཆེན་པོ་གཞན་དོན་སྤྱོད། །ཐབས་ཀྱི་ཐེག་པ་ཀུན་ལྡན་ཞིང་། །ཤེས་རབ་ཆེན་པོའི་བདག་ཉིད་ཅན། །བློ་གྲོས་དྲི་མ་མེད་པ་ཡིས། །མྱ་ངན་འདས་ལམ་མངོན་པར་སྦྱོར། །གསང་བའི་རྒྱུད་རྣམས་ཚུལ་ཤེས་


DNG010_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་། །དེ་དག་དོན་རྣམས་བསྒྲུབ་ནས་སྤྱོད། །དཀྱིལ་འཁོར་ཆེན་པོའི་ལམ་ལ་མཁས། །དམ་པས་བསྔགས་པའི་གདམས་ངག་དང་། །དེ་ཉིད་རྡོ་རྗེ་སློབ་དཔོན་མཆོག །རབ་ཏུ་གཟུང་བར་འོས་པ་ཡི། །སངས་རྒྱས་ཀུན་གྱིས་སྟོན་པའི་གནས། །ཐོག་མར་བློ་གྲོས་ཀུན་ལྡན་པས། །དམ་པའི་རྫས་རྣམས་ཕུན་སུམ་ཚོགས། །མ་ལུས་འགྲོ་རྣམས་ཀུན་སྒྲོལ་བའི། །ཡང་དག་ལྷ་ལ་གསོལ་བ་གདབ། །དམ་ཚིག་ཆེན་པོའི་དཀྱིལ་འཁོར་འདིར། །མ་ལུས་འགྲོ་རྣམས་སྒྲོལ་མཛད་པ། །བླ་མེད་རྒྱལ་བ་ཐམས་ཅད་ཀྱིས། །དངོས་གྲུབ་མཆོག་ལ་སྦྱོར་བ་དང་། །གསང་མཆོག་འབྲས་བུའི་རིགས་ཀུན་གྱི། །བྱ་བ་ཆེན་པོའི་དོན་རྫོགས་པ། །ཐམས་ཅད་གཟུང་བ་བླ་ན་མེད། །ཡང་དག་ཡེ་ཤེས་བློ་གྲོས་མཆོག །སྔགས་རྒྱུད་ཐེག་པའི་ཚུལ་རྫོགས་པས། །དཀྱིལ་འཁོར་གནས་ཀུན་བལྟ་བྱ་སྟེ། །བྱ་བ་ཀུན་རྫོགས་དོན་ཆེན་བརྩམ། །ས་གཞི་ཕྱོགས་མཚམས་སྟེང་འོག་དག །བརྡལ་ཞིང་སྤུང་དང་བསྐོར་བ་དང་། །རབ་ཏུ་བརྩེགས་པའི་ལྗོངས་དང་བཅས། །གཡས་སུ་འཁྱིལ་ཞིང་འགྱེད་པ་ཡི། །པདྨ་བརྩེགས་དང་འཁོར་ལོའི་དབྱིབས། །བར་ཆད་གནོད་བྱེད་མི་གནས་པའི། །སྔོན་བྱུང་གྲུབ་པའི་བཀྲ་ཤིས་མཆོག །ཡང་དག་བརྟགས་ཏེ་ཤིས་པའི་སར། །ཡུལ་གྱི་བདག་པོ་སྣང་བ་དང་། །མི་སྣང་དག་ལ་བསླངས་བྱས་ཏེ། །རིན་དང་རྫས་ཀུན་མཉེས་པར་འབུལ། །ཕྱི་དང་ནང་གི་བྱ་བ་ཡིས། །རྣམ་པར་བརྟགས་ཤིང་སྦྱངས་བྱས་ཏེ། །དཀྱིལ་འཁོར་ཆེན་པོའི་ཚད་ཀྱིས་ནི། །ཕྱོགས་མཚམས་ཀུན་དུ་རྣམ་པར་གཞལ། །ཡང་དག་དབེན་པའི་གནས་ཉིད་དུ། །མི་ཤིས་མཚན་མའི་སྐྱོན་བསལ་ཞིང་། །དྲི་ཞིམ་སྔགས་ཀྱི་ཆུ་གཏོར་ཏེ། །ས་བརྙན་བཟང་པོ་ལ་སོགས་རྫས། །རིན་ཆེན་སྨན་འབྲུའི་རྣམ་པ་དང་། །དྲི་མཆོག་རབ་ཏུ་སྦྱངས་པ་ཡིས། །དེ་ཉིད་དཀྱིལ་འཁོར་ཇི་ལྟ་བར། །ཕྱོགས་མཚམས་གནས་ཀུན་བརྒྱན་བྱས་ཏེ། །རབ་ཏུ་མཉམ་ཞིང་


DNG010_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་འོང་བ། །དངོས་གྲུབ་རབ་འབྲིང་ལ་སོགས་པའི། །བྱིན་རླབས་ལྷག་པར་གནས་པའི་ཕྱིར། །དེ་ཉིད་རྟེན་གྱི་ཁྱད་པར་ཏེ། །ཟབ་དང་དཔངས་ཀྱི་ཚད་མཉམ་བརྩེགས། །དབང་བསྐུར་བསྲུང་ལ་སོགས་པའི་ལས། །ཁྲུ་བཞིའི་རྒྱར་ལྡན་དབྱིབས་ལེགས་པར། །འཕང་དུ་སོར་ཚད་བཞི་དང་ལྡན། །དྲི་སྣ་ལྔ་ཡི་རྫས་ཀུན་དང་། །བ་ལས་བྱུང་བའི་རྫས་དག་གིས། །མ་ཉམས་ཕྱོགས་ཀུན་ལེགས་པར་འབྱུག །གནས་དེ་མངོན་པར་སྦྱང་བའི་ཕྱིར། །ཆོས་ཉིད་དག་པའི་ཕྱག་རྒྱ་དང་། །གསང་སྔགས་ཏིང་འཛིན་ཀུན་རྫོགས་པས། །རང་བཞིན་རྣམ་པར་དག་པའི་དབྱིངས། །སྟོང་པ་ཉིད་ཀྱི་ཏིང་འཛིན་ལས། །འབྱུང་བ་རིམ་བརྩེགས་རྟེན་དང་བཅས། །རྡོ་རྗེ་རྒྱ་གྲམ་ས་གཞི་དག །སྔགས་དང་ཕྱག་རྒྱས་བརྟན་པར་འགྱུར། །བྷྲཱུཾ་ལས་རིན་ཆེན་ཁང་བཟང་སྟེ། །གདན་གྱི་དཀྱིལ་འཁོར་ཆ་རྫོགས་པར། །དེ་དབུས་རིགས་ཀྱི་བདག་པོ་ནི། །མཚན་དང་དཔེ་བྱད་ཀུན་གསལ་ཞིང་། །རྒྱན་དང་ཆ་ལུགས་མངོན་པར་རྫོགས། །ཤེས་རབ་ཕྱག་རྒྱའི་དབྱིངས་སུ་འཁྱིལ། །རིགས་ཀྱི་བདག་པོའི་དབུ་རྒྱན་ཅན། །བྱིན་བརླབས་སངས་རྒྱས་ཀུན་གྱི་གནས། །ཡང་དག་བསྲུངས་པས་བརྟན་པའི་ཕྱིར། །སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །རབ་འབར་འོད་ཟེར་རྫོགས་པའི་བདག །གཉིས་མེད་ཡེ་ཤེས་ལྷ་མོ་ཡིས། །རང་གི་རིགས་དང་སྦྱོར་མཛད་ཅིང་། །སྔོན་གྱི་ཐུགས་དམ་བརྩེར་ལྡན་པས། །ཀུན་ནས་བསླང་བའི་རྒྱུད་དག་གིས། །ཕྱོགས་བཞིའི་དཀྱིལ་འཁོར་རྫོགས་པ་མཆོག །ཚད་མེད་གནས་ཀྱིས་རྒྱུན་ལྡན་པ། །རིགས་ཀྱི་ཕྲིན་ལས་ཡེ་ཤེས་སྦྱོར། །ཨོཾ་སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །རྣམ་དག་རྫོགས་པའི་དཀྱིལ་འཁོར་ཉིད། །མི་ཤིགས་དྲི་མ་ཀུན་དང་བྲལ། །ཐུགས་རྗེ་འོད་ཟེར་ཉི་དཀྱིལ་བཞིན། །ས་གནས་ལམ་ཀུན་རྫོགས་མཛད་པ། །རབ་ཏུ་སྦྱངས་པའི་སྟོབས་རྫོགས་ཤིང་། །ཐ་སྙད་མི་གཉིས་ཡུལ་དང་བྲལ། །བྱང་ཆུབ་སེམས་མཆོག་སྒྲིབ་པ་མེད། །


DNG010_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་གནས་ཐུགས་རྗེའི་རྒྱུན་བཅས་པས། །རང་གི་ཡེ་ཤེས་འདུས་མ་བྱས། །ཐེག་པ་མཆོག་ལྡན་སྔགས་ཀྱི་རྒྱུན། །ཕྱག་རྒྱའི་དཀྱིལ་འཁོར་གསལ་མཛད་ཅིང་། །རང་བཞིན་ཕྱག་རྒྱའི་གནས་སུ་འཇུག །ཉི་ཟླ་རླུང་གི་དཀྱིལ་འཁོར་ལས། །འོད་ཚོགས་ཕྱོགས་བཅུར་འཁྲིགས་བྱས་པས། །བསྐལ་པའི་མེ་འོད་སྲེག་བྱེད་ཚོགས། །བསྐལ་པའི་རླུང་དང་བཅས་པར་སྦྱོར། །མ་ལུས་སྣོད་བཅུད་ཁམས་རྣམས་ཀུན། །རྣམ་པར་དབེན་པས་དག་པ་ཉིད། །ཆུ་བོའི་རྒྱུན་ལྡན་མཐའ་ཡས་པ། །ཐམས་ཅད་ཀུན་ནས་སྡུད་པར་བྱེད། །མི་ཤིགས་རྡོ་རྗེའི་དཀྱིལ་འཁོར་ལ། །གར་ཐབས་ཕྱག་རྒྱའི་ཚོགས་རྣམས་ཀྱིས། །གཡས་ནས་བསྐོར་ཞིང་བསྲུང་བར་མཛད། །དེ་ནས་ཕྱག་རྒྱའི་དཀྱིལ་འཁོར་ཉིད། །ཧཱུྃ་སྟོབས་ཆེན་ལྷ་དང་ཀླུར་བཅས་པ། །གནོད་སྦྱིན་སྲིན་པོ་བགེགས་ཀྱི་ཚོགས། །ཤ་ཟ་འབྱུང་པོ་མཁའ་འགྲོའི་གདོན། །ལྷ་སྲིན་ལྟོ་འཕྱེ་ནམ་མཁའ་ལྡིང་། །དྲི་ཟ་གྲུལ་བུམ་གསང་བ་པོ། །མ་ལུས་བགེགས་ཀྱི་ཚོགས་བཅས་རྣམས། །རྡོ་རྗེ་འཆོལ་པའི་མཚོན་ཆ་ཡིས། །བཤིག་ཅིང་དབྲལ་གཏུབ་བརླག་བྱེད་པས། །གནས་འདིའི་ཕྱོགས་སུ་གནས་མ་བྱེད། །དེ་དག་རྡོ་རྗེ་འབར་བའི་མེས། །བསྐལ་པའི་ཚོགས་རྣམས་བསྲེག་བྱེད་ཅིང་། །རབ་ཏུ་འབར་བའི་མཚོན་ཆ་ཡིས། །ཕྱོགས་མཚམས་ཀུན་ནས་བསྲུང་བར་འགྱུར། །མ་ལུས་ས་འདིར་དབང་བྱེད་པའི། །བདག་པོ་ཁྱོད་ཀྱིས་དཔང་མཛོད་ཅིག །མ་ལུས་མཆོད་དང་གཏོར་མའི་རྫས། །བདག་གིས་ཕུལ་བ་འདི་བཞེས་ལ། །སྔོན་གྱི་བདེ་གཤེགས་བཀའ་བཞིན་དུ། །ད་ལྟར་བྱིན་བརླབས་ལྷག་པའི་གནས། །དུས་གསུམ་ཀུན་ཏུ་བརྟན་པ་ཡིས། །ས་གཞི་བཟང་པོ་ཤིས་པར་མཛོད། །དངོས་གྲུབ་ཐམས་ཅད་ཉེ་བར་མཛོད། །ལྷ་མོ་ཁྱོད་ནི་བློ་དང་ལྡན། །གསེར་མདོག་བུམ་པའི་མཚན་མས་མཛེས། །འོག་གི་བགེགས་ཚོགས་མངའ་མཛད་ཅིང་། །གནས་རྣམས་བསྐྱོད་པའི་བློ་ལྡན་པས། །དུས་ཚོད་འདི་ན་དཔང་པོ་མཛོད། །ཕལ་པའི་རྒྱུ་ལས་བྱུང་བ་ཡི། །རྫས་


DNG010_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཉེ་བར་བསགས་བྱས་ཏེ། །མ་ལུས་འགྲོ་བའི་ཚོགས་བཅས་ལ། །སྦྱིན་པའི་སྟོབས་རྣམས་རྫོགས་པར་མཛད། །གཡོས་ཀྱི་བྱེ་བྲག་སྣ་ཚོགས་པའི། །སྟོན་མོའི་མཆོག་བཟང་གཏོར་མའི་རྫས། །རིན་ཆེན་སྣོད་བཟང་ཤིང་རྟར་བཅས། །མང་པོའི་ཚོགས་བཅས་བཀོད་པ་དག །མཆོད་པ་རྣམ་པ་ལྔ་རྣམས་དང་། །གདུགས་དང་རྒྱལ་མཚན་བ་དན་བཅས། །རོལ་མོའི་ཆ་བྱད་སྣ་ཚོགས་པའི། །སིལ་སྙན་གླུ་ལ་སོགས་པ་དག །ཕྱོགས་མཚམས་ཀུན་ནས་ཉེ་བར་བརྒྱན། །དེ་དག་གཏོར་མའི་རྫས་ཀུན་གྱིས། །འགྲོ་བའི་ཚོགས་རྣམས་ཚིམས་པར་མཛད། །འདོད་པའི་རྫས་རྣམས་མ་ལུས་པ། །དང་པོ་ཡེ་ཤེས་མེས་བསྲེག་ཅིང་། །རྣམ་དག་བྱང་ཆུབ་སེམས་ཀྱི་ཁྲུས། །རབ་ཏུ་འཕྲུལ་པས་རྒྱ་ཆེན་པོ། །ཀུན་ཏུ་བཟང་པོའི་ལོངས་སྤྱོད་ཅིང་། །ནམ་མཁའི་བར་སྣང་གཏིབས་པ་ཡི། །འདོད་པའི་ལོངས་སྤྱོད་སྣ་ཚོགས་དང་། །རིན་ཆེན་ལོངས་སྤྱོད་ཉེ་བའི་རྫས། །ལྷ་མོའི་དཀྱིལ་འཁོར་རྒྱ་ཆེན་པོ། །ཚོགས་རྣམས་ཀུན་ནས་ཉེ་བར་སྤྲུལ། །སོ་སོའི་འདོད་པའི་ལོངས་སྤྱོད་བཞིན། །མཐའ་ཡས་རྣམ་པར་སྤྲོས་པ་ཡིས། །ཅི་བདེར་ཚིམས་པ་རྒྱན་གྱི་མཆོག །མཐའ་ཡས་ཐོག་མ་མེད་པའི་དབྱིངས། །ཡེ་ཤེས་དཀྱིལ་འཁོར་མངོན་སངས་རྒྱས། །འགྲོ་རྣམས་ཉེ་བར་སྦྱངས་བྱས་ཏེ། །རང་བཞིན་རྣམ་དག་ལྷ་ཡི་སྐུ། །དཀྱིལ་འཁོར་ཆ་ལུགས་རྒྱན་དང་བཅས། །རིགས་ཀྱི་ཕྱག་རྒྱ་རྫོགས་པའི་བདག །ཀུན་ནས་གྲོང་ཁྱེར་ཆེན་པོ་དག །ཉེ་བར་དག་པའི་ལོངས་སྤྱོད་དེ། །བཀྲ་ཤིས་བསྲེག་ཁང་བཟང་པོར་ནི། །བྱ་བའི་ལས་ཀུན་ཚིམས་པར་འགྱུར། །ཕྱོགས་རྣམས་ཀུན་ན་བཞུགས་པ་ཡི། །དཀྱིལ་འཁོར་ཐམས་ཅད་འགྲུབ་པའི་ཕྱིར། །རབ་ཏུ་གནས་པའི་བྱ་བ་དག །རྣལ་འབྱོར་མཆོག་གིས་སྤྱད་པར་བྱ། །དཀྱིལ་འཁོར་ཕོ་བྲང་ཉམས་དགའ་བར། །ཅི་རིགས་ལྷ་ཡི་གནས་རྣམས་སུ། །དྲི་སྣ་མེ་ཏོག་བཟང་པོ་ཡིས། །གདན་དང་རྟེན་བཅས་གཞག་པར་བྱ། །རིགས་ཀྱི་གསང་སྔགས་གོ་རིམ་བཞིན། །ཆོ་ག་རྫོགས་པས་རྣམ་གསུམ་སྐུ། །


DNG010_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོ་འདུས་མཛད་པའི་ལས་བཅས་དང་། །དམ་ཚིག་དཀྱིལ་འཁོར་བརྟན་བྱས་ཏེ། །ཕྱག་རྒྱ་ཀུན་གྱིས་དབང་བསྐུར་ཞིང་། །གཟི་མདངས་ཡུལ་ཀུན་རྫོགས་པར་གསལ། །ཐུབ་པ་ཆེན་པོ་བཅོམ་ལྡན་འདས། །མ་ལུས་སེམས་ཅན་མགོན་གྱུར་པ། །རིགས་མཆོག་ཐུགས་རྗེ་བཟང་པོ་ཉིད། །ས་ཡི་དབང་ཕྱུག་བརྟན་བཞུགས་མཛོད། །བདག་གིས་དྲི་སྤོས་བཟང་པོ་དང་། །མེ་ཏོག་མར་མེ་ཕྲེང་བའི་རྫས། །མཆོད་ཡོན་དགའ་མགུར་བཅས་ནས་འབུལ། །དེ་བཞིན་རིན་ཆེན་རྒྱན་གྱི་ཚོགས། །བཟའ་བཏུང་བཅས་པ་སྣ་ཚོགས་དང་། །ཡིད་བཞིན་བུམ་པ་དཔག་བསམ་ཤིང་། །གནས་འདིར་བཀོད་ཚོགས་བཞེས་སུ་གསོལ། །ཐུགས་རྗེ་ཉི་མས་ཁྱབ་མཛད་པའི། །རྒྱལ་བ་རྣམས་ནི་མངོན་བཞུགས་ཏེ། །མ་ལུས་འགྲོ་རྣམས་ཐམས་ཅད་དང་། །ཁྱད་པར་བདག་གི་སློབ་མ་ལ། །བྱིན་བརླབ་ལྷག་པར་གནས་པའི་ཕྱིར། །གནས་འདིར་བརྩེ་བར་འདོང་བ་ལགས། །ཐམས་ཅད་མཁྱེན་པ་ལྷ་ཡི་མཆོག །ཡང་དག་བསྟོད་ཅིང་འདུད་པའི་གནས། །དཀྱིལ་འཁོར་བཟང་པོའི་གནས་རྫོགས་པར། །བྱིན་རླབས་དབང་བསྐུར་ཀུན་སྩོལ་ཅིག །ཡང་དག་རྫོགས་པའི་བྱང་ཆུབ་ཏུ། །བདག་ཅག་བསམ་པ་བརྟན་བསྐྱེད་པས། །ཕྱོགས་རྣམས་ཀུན་ནས་དགོངས་མཛད་དེ། །ལམ་མཆོག་དཔལ་ལྡན་བླ་ན་མེད། །དུས་གསུམ་ཀུན་ཏུ་བསྔགས་པ་ཡི། །བྱ་བ་ཆེན་པོ་ཡོངས་རྫོགས་མཛོད། །དཀྱིལ་འཁོར་གཉིས་སུ་མེད་པའི་བློས། །ཕྱག་རྒྱ་སྔགས་རྣམས་བརྟན་བྱས་ཏེ། །ལྷག་པར་གནས་པའི་གྲོང་ཁྱེར་མཆོག །ཡང་དག་འཁོར་ལོ་རྫོགས་པར་མཛོད། །རིན་ཆེན་སྣ་ཚོགས་རྒྱུ་ལས་བྱུང་། །ཁ་དོག་དབྱིབས་དང་རྒྱན་ལྡན་པའི། །དཀྱིལ་འཁོར་ཕོ་བྲང་བཟང་པོ་ཉིད། །འབྲུ་ལྔ་སྤོས་ལྔ་སྙིང་པོ་ལྔ། །རིན་ཆེན་སྣ་ལྔ་སྨན་ལྔ་དག །ཉེ་བར་སྦྱང་བའི་རྫས་ཀྱི་མཆོག །ཁ་རྒྱན་མགུལ་ཆིངས་གཟུང་ཐག་བཅས། །ལྔའམ་


DNG010_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་གཉིས་ཉི་ཤུ་གཅིག །རིམ་གྱིས་མཚན་མ་གྲངས་བཞིན་དུ། །གསལ་སྦྱང་བྱིན་བརླབ་ལྷ་གནས་ཤིང་། །རིགས་ཀྱི་སེམས་དཔའི་ཕྱག་རྒྱ་ནི། །ལྷ་ཡི་ཆུ་རྒྱུན་རྣམ་པར་དག །དམ་ཚིག་ལྷ་ཡི་གནས་རྫོགས་པར། །ཡེ་ཤེས་དཀྱིལ་འཁོར་བཞུགས་གནས་ཏེ། །ཆོ་གའི་ཡན་ལག་ཀུན་མཉེས་པ། །རྣམ་དག་ཕོ་བྲང་བཟང་པོའི་རྒྱུན། །འབྱོར་པའི་ཡོ་བྱད་ཐམས་ཅད་དང་། །ཉེ་བར་བཀོད་པའི་རྫས་རྣམས་དང་། །དེ་ནས་དཀྱིལ་འཁོར་ལ་དགའ་བས། །རིགས་མཆོག་དངོས་གྲུབ་གནས་སུ་སྦྱོར། །ཕུན་སུམ་ཚོགས་པའི་ཡོ་བྱད་དག །ཕྱོགས་བཅུར་རྣམ་པར་སྤྲས་བྱས་ཏེ། །དཀྱིལ་འཁོར་རྣལ་འབྱོར་ལྷ་ཡི་རྒྱན། །བཟའ་བཏུང་མཚན་མ་ལ་སོགས་པའི། །ཆ་ལུགས་ཇི་བཞིན་བྱིན་གྱིས་རློབས། །རབ་ཏུ་སྦྱངས་པས་རྫོགས་བྱེད་ཅིང་། །དཀྱིལ་འཁོར་བརྟན་པའི་ཡན་ལག་མཆོག །རྡོ་རྗེ་སློབ་དཔོན་སློབ་མར་བཅས། །སྡོམ་པ་གསུམ་ལ་གནས་པས་འཇུག །དམ་བཅས་འཇིག་རྟེན་མགྲོན་གཉེར་ཞིང་། །ཕ་རོལ་ཕྱིན་སོགས་རྣམ་སྤྱོད་པས། །ཡང་དག་གསང་བའི་དཀྱིལ་འཁོར་འདིར། །ཐེག་པ་ཆེན་པོ་མངོན་པར་འདོད། །དེ་དག་བརྟུལ་ཞུགས་བཟང་པོ་ཡི། །བསླབ་པ་ཀུན་ལྡན་རྒྱུད་རྫོགས་པའོ། །ཡི་དམ་ལྷ་ལ་གསོལ་བཏབ་ཅིང་། །དཀྱིལ་འཁོར་བླ་མ་བཟང་པོའི་མདུན། །རང་གི་དམ་བཅས་སྡོམ་པའི་ཚོགས། །ཐེག་པ་ཆེ་ནས་བསྟན་པ་བཞིན། །བྱང་ཆུབ་སེམས་མཆོག་རྒྱ་ཆེན་བློས། །མ་ལུས་འགྲོ་གནས་མངོན་དུ་རྫོགས། །སོ་ཤིང་སོར་ཚད་བཅུ་གཉིས་པ། །མེ་ཏོག་ཕྲེང་བའི་སྔགས་ཀྱི་མཐུས། །ངག་གི་ཉེས་པ་ཀུན་སྦྱངས་ཤིང་། །བར་ཆད་ལས་ཀུན་འཇོམས་པར་བྱེད། །མངོན་པར་བསྔགས་པའི་ཆུ་རྒྱུན་གྱིས། །ཕྱོགས་བཅུར་གནས་ལ་འཐོར་བྱ་ཞིང་། །རིགས་ཀྱི་གནས་ཀུན་དག་པར་སྦྱངས། །བྱང་ཆུབ་སེམས་རྫོགས་ཡེ་ཤེས་ཁྲུས། །ལུས་ངག་ཡིད་གསུམ་སྲུང་བྱེད་པའི། །ཚོན་སྐུད་མདུད་པ་གསུམ་དང་ལྡན། །རྒྱལ་


DNG010_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཀུན་གྱི་སྔགས་རྒྱུད་རྫོགས། །བྱིན་བརླབས་དཔུང་པ་གཡས་པར་གདགས། །ཀུ་ཤ་སར་པ་མ་གྲུགས་པ། །དྲི་ཡི་ཆུ་ཡིས་ཉེར་སྦྱངས་ཤིང་། །ཐབས་དང་ཤེས་རབ་གསང་སྔགས་ཀྱིས། །སྔས་དང་སྟན་ལ་སྦྱིན་པར་བྱ། །ལས་ཀུན་རྨི་ལམ་མཚན་མ་སོགས། །རབ་ཏུ་བརྟགས་པས་གནས་ཀུན་གྱིས། །དགེ་སྡིག་མཚན་མ་ཇི་ལྟ་བར། །བསལ་སྦྱང་བསྲུང་དང་ལྷག་པའི་ལས། །འཁོར་གནས་ཟིལ་གྱིས་གནོན་བྱེད་པའི། །རྡོ་རྗེ་ཐེག་པ་བླ་ན་མེད། །མ་ལུས་ཁམས་རྣམས་དག་བྱེད་པ། །དེ་ཉིད་བསྟན་པ་དོན་ཆེན་རྫོགས། །མཐོང་དཀའ་རབ་ཏུ་རྫོགས་པ་ཡིས། །བརྟུལ་ཞུགས་བཟང་པོ་འདི་ལྟ་བུ། །དམ་པའི་ཡུལ་རྣམས་རྫོགས་བྱེད་པའི། །ཐར་པའི་གྲོང་ཁྱེར་བླ་ན་མེད། །སངས་རྒྱས་ཐམས་ཅད་འཇུག་པའི་གནས། །དེ་ནས་མཐོང་གྱུར་སྤྲོ་བ་བསྐྱེད། །ལམ་འདི་ཕན་ཡོན་བླ་མེད་པའི། །ཚེ་འདིས་རིགས་ཀྱི་དངོས་གྲུབ་དང་། །ཡོན་ཏན་ལྷུན་རྫོགས་འབྲས་བུའི་མཆོག །ཤིན་ཏུ་དབེན་པའི་ས་གཞིར་ནི། །དྲི་མཆོག་རྫས་ཀྱིས་སྦྱང་བྱས་ཏེ། །ལས་ཀུན་མངོན་པར་བསྔགས་པ་ཡི། །སྦྱིན་བསྲེག་ཆོ་ག་བརྩམ་པར་བྱ། །ཇི་སྙེད་བྱ་བའི་ཚོགས་རྣམས་ཀུན། །དེ་ནས་མངོན་པར་འགྲུབ་བྱེད་པ། །ཕྱི་དང་ནང་གི་ཏིང་འཛིན་གྱིས། །ལས་ཀྱི་དངོས་གྲུབ་ཀུན་རྫོགས་འགྱུར། །དེ་དག་སྦྱིན་བསྲེག་རྒྱ་ཆེན་པོས། །ཉེ་བར་སྦྱར་ཞིང་རྫོགས་བྱེད་སྟེ། །བྱ་བའི་ཆ་རྣམས་སྨིན་པའི་སྒོ། །ཞི་རྒྱས་དབང་དྲག་ལས་ཀུན་གྱི། །ཕྲིན་ལས་སོ་སོའི་བྱེ་བྲག་བཞིན། །ཡུལ་ཀུན་རྟོགས་པ་སྦྱང་བྱེད་དེ། །མངོན་པར་བསྔགས་པའི་འབྲས་བུའི་ལམ། །ཞི་ལ་ཞི་བའི་མདངས་ལྡན་ཞིང་། །འོད་དཀར་བཀྲ་ཤིས་དཀྱིལ་འཁོར་ལ། །ཕྱག་རྒྱའི་བརྟུལ་ཞུགས་མ་བཅོས་པར། །རྒྱན་ཕྲེང་ན་བཟའི་ཆས་རྣམས་དང་། །བདུད་རྩིའི་རྫས་ཀུན་བཅུད་ལེན་པས། །དེ་དག་ཕྲིན་ལས་རྣམ་པར་སྤྱོད། །སྔ་དྲོ་རབ་ཏུ་དང་བའི་ཡིད། །སྐུལ་ཚིག་སྔགས་དང་བཅས་སྦྱོངས་ཤིང་། །སྒྲུབ་པའི་


DNG010_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

མིང་ཚིག་རྒྱུན་བཞིན་དུ། །རང་གི་ཕྲིན་ལས་སྟོབས་ཀྱིས་འགྲུབ། །ཀུན་ཏུ་རྒྱས་པའི་ཡིད་ཀྱིས་ནི། །རིན་ཆེན་དཀྱིལ་འཁོར་གནས་རྫོགས་པར། །མཚན་དང་དཔེ་བྱད་ཚོགས་རྣམས་དང་། །རིན་ཆེན་ལོངས་སྤྱོད་ཀུན་གྱིས་མཛེས། །བྱང་དུ་གསེར་སོགས་ཤིང་རྣམས་ལ། །བདུད་རྩིའི་རྫས་དང་བཅུད་ལྡན་པར། །རབ་ཏུ་དགའ་བས་སྔ་དྲོའི་དུས། །ཡོན་ཏན་དཀྱིལ་འཁོར་ཉེར་སྦྱངས་ཤིང་། །སྐུལ་ཚིག་སྔགས་ཀྱི་རྒྱུན་བཅས་པས། །དེ་དག་ལས་ཀུན་སྦྱོར་བའི་མཐུས། །འཁོར་ལོ་བསྒྱུར་རྒྱལ་གནས་བཞིན་འགྲུབ། །གསུང་དབང་ཆགས་པའི་ཏིང་འཛིན་གྱིས། །པདྨ་དབང་གི་གནས་འདུག་སྟེ། །རིགས་ཀྱི་ཏིང་འཛིན་སྙོམས་འཇུག་པར། །ཕྱག་རྒྱའི་གསང་སྔགས་སྐུལ་ཚིག་ལྡན། །དམར་ཐག་མཚན་མོའི་དུས་དག་ཏུ། །རྒྱན་ཆས་རྫས་དང་བཅས་པ་སྦྱོར། །ལྷ་དབང་ཀླུ་ཡི་དབང་པོ་ཡང་། །སྐད་ཅིག་འགུགས་པར་དབང་དུ་འགྱུར། །ཁྲོ་བོའི་ཏིང་འཛིན་གཏུམ་པོ་ཡིས། །ལྷོ་ཕྱོགས་གྲུ་གསུམ་སྲ་བའི་སྟན། །ཁྲག་དང་བདུད་རྩི་གཤེར་བའི་རྫས། །ནག་པོའི་ཆས་རྣམས་བྱུགས་བྱས་ཏེ། །ལས་ཀྱི་ཁྲོ་བོ་ཆེན་པོའི་སྐུར། །ཕྱག་རྒྱ་གསང་སྔགས་བསྐུལ་བའི་གླུ། །སྦྱོར་བའི་རིམ་པ་ཀུན་ལྡན་པས། །ཕྱག་རྒྱ་རྡོ་རྗེ་གཏུམ་པོ་ཡང་། །སྐད་ཅིག་ལས་ནི་འཇིག་པར་འགྱུར། །རབ་ཏུ་སྦྱར་བའི་གསང་སྔགས་དང་། །ཕྱག་རྒྱའི་ཏིང་འཛིན་ཇི་ལྟ་བར། །ལས་ཀྱི་སྦྱོར་བ་ཀུན་སྦྱོར་ཞིང་། །དབྱེ་དང་མནན་དང་རྨོངས་པ་དང་། །རྨུགས་དང་འགུགས་དང་བསྐྲད་ལ་སོགས། །སྦྱོར་བའི་ཡན་ལག་ཀུན་བགྱིས་ཏེ། །ཕྱི་དང་ནང་གི་སྦྱིན་སྲེག་དག །ཉེ་བར་སྦྱོར་བ་ཚེ་འདིས་འགྲུབ། །སོ་སོའི་ལས་དང་མཐུན་པའི་དབྱིབས། །ཟླུམ་པོ་གྲུ་བཞི་ཟླ་གམ་དང་། །གྲུ་གསུམ་ལྕགས་ཀྱུ་པདྨས་མཚན། །རིན་ཆེན་བུམ་པ་རླུང་ལ་སོགས། །ལས་རྣམས་ཀུན་རྫོགས་ཀུན་གྱི་དབྱིབས། །དེ་ཉིད་ཁ་དོག་དཀར་སེར་པོ། །དམར་དང་ལྗང་ལ་སོགས་


DNG010_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡི། །ཕྱག་རྒྱའི་བྱེ་བྲག་འོད་འབར་རྫས། །ཟབས་དང་རྒྱ་ཁྱོན་ཆ་སྙོམས་ཤིང་། །ཕོ་བྲང་རིམ་གསུམ་མཚོན་ཆས་བརྒྱན། །ཀུ་ཤ་རལ་གྲི་མེ་ལོང་དང་། །དུར་བ་སྲད་བུའི་ཕྲེང་བས་བསྐོར། །མེ་ལྷའི་རྒྱལ་པོའི་ཁང་བཟངས་སུ། །རིགས་ཀྱི་དཀྱིལ་འཁོར་རྫོགས་པ་ཉིད། །དབང་བསྐུར་བྱིན་བརླབས་བརྟན་བྱས་ཏེ། །ཡེ་ཤེས་ལྷ་དང་གཉིས་མེད་སྦྱོར། །མ་ལུས་མཆོད་པས་མཉེས་པ་དག །དངོས་གྲུབ་ཕྲིན་ལས་ཀུན་རྫོགས་པའི། །བྱ་བ་ཆེན་པོར་ཡང་དག་སྦྱོར། །འགྲོ་བའི་གནས་རྣམས་རྫོགས་པ་ཡི། །རིགས་ཀྱི་ཕྱག་རྒྱས་ཐམས་ཅད་ཀུན། །ཡེ་ཤེས་སྤྲུལ་པའི་བདག་ཉིད་ཀྱིས། །བརྩེ་ལྡན་ཐུགས་རྗེའི་གནས་འཇུག་མཛད། །བྱ་བའི་ཡུལ་ཀུན་རྣམ་པར་གྲོལ། །ཕོ་བྲང་དཀྱིལ་འཁོར་བཟང་པོ་འདིར། །ཕྱོགས་བཅུའི་སངས་རྒྱས་ཀུན་འདུས་ཏེ། །སྒྱུ་འཕྲུལ་དཀྱིལ་འཁོར་བརྟན་པའི་བདག །ལྷག་པའི་དབྱིབས་གནས་རྫོགས་པར་མཛད། །ལྷ་རྣམས་གཞན་དུ་འཕོས་པ་དང་། །དེ་ཉིད་བཀྲ་ཤིས་བཟང་པོའི་གནས། །ཕོ་བྲང་དཀྱིལ་འཁོར་རྫོགས་བྱེད་པའི། །རྡོ་རྗེ་ཐེག་ཉིད་བླ་ན་མེད། །རིགས་ཀྱི་ཡེ་ཤེས་བརྟན་པ་ལས། །འདོད་པའི་དངོས་གྲུབ་རྣམ་པར་དག །བདེ་གཤེགས་ལྔ་ཡི་ཡི་གེ་ཡིས། །དེ་དག་ཡུལ་བཅས་རྣམ་པར་སྦྱང་། །རིགས་ཀྱི་འཁོར་ལོ་རྫོགས་པ་དང་། །གླུ་གར་རོལ་མོས་མཉེས་པར་མཆོད། །ཡང་དག་དཀྱིལ་འཁོར་རྫོགས་པ་ལྟར། །སོ་སོའི་ཕོ་བྲང་གསལ་བར་བྱེད། །ཕྱོགས་མཚམས་ལོགས་ཀྱི་ཆ་རྣམས་སུ། །རེའུ་ཆའི་ཕྲེང་བ་བཟང་པོ་ཉིད། །རིན་ཆེན་ལ་སོགས་མཚན་གྱི་ཚོགས། །ཕྱག་རྒྱ་སྔགས་ཀྱི་ཚོགས་བྱས་ཏེ། །རིགས་ཀྱི་དཀྱིལ་འཁོར་བསྟན་པ་ཉིད། །རང་རིགས་གནས་སུ་དགོད་པར་བྱ། །དཀྱིལ་འཁོར་ཆེན་པོའི་ཕྱོགས་ཀུན་ནས། །རྒྱན་དང་མཆོད་པའི་ཚོགས་བཤམས་ཤིང་། །རོལ་མོ་དུ་མས་བརྒྱན་བྱས་ཏེ། །བྱིན་བརླབས་བརྟན་པར་རོལ་པ་ཉིད། །རྡོ་རྗེའི་ཕྱག་རྒྱས་བརྟན་བཅིངས་


DNG010_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

པས། །ཉེས་པའི་ཚོགས་རྣམས་འཇོམས་བྱེད་ཅིང་། །ཁྲི་དང་ནོར་ལ་སོགས་པ་དག །ལེགས་པར་བརྒྱན་པའི་སེམས་ཀྱིས་འབུལ། །དེ་ཉིད་སྟོབས་ཀྱིས་རྫོགས་པར་འགྱུར། །ཕྱོགས་རྣམས་ཀུན་ཏུ་འཇིགས་བྱེད་ཅིང་། །ཕྱག་རྒྱ་འབར་བས་གནས་བསྲུངས་ཤིང་། །ཁྲོ་བོའི་ཚམ་རྔམས་སྔགས་དང་བཅས། །རོལ་པའི་བརྟུལ་ཞུགས་རྣམ་པར་སྤྱོད། །ཐབས་དང་ཤེས་རབ་སྦྱོར་བའི་ཚུལ། །རང་གི་དཀྱིལ་འཁོར་བརྟན་པར་བྱེད། །རྡོ་རྗེ་འཁོར་ལོ་རིན་ཆེན་དང་། །པདྨ་རྒྱ་གྲམ་མཚན་མའི་ཚོགས། །རང་གི་དབང་བསྐུར་ཇི་ལྟ་བར། །འབྱུང་བ་གར་ཐབས་རོལ་པའི་ཚུལ། །ཁྲོ་བོ་ཆེན་པོའི་ཆ་ལུགས་ཀྱིས། །ཕྱོགས་མཚམས་བགེགས་རྣམས་བསལ་བྱས་ཏེ། །ས་གཞི་ར་བ་གུར་དུ་བཅས། །ཡང་དག་བརྟན་པའི་ཡེ་ཤེས་གནས། །དངོས་གྲུབ་ཆེན་པོའི་དོན་སྟོན་པའི། །ཕོ་བྲང་རིགས་ཀྱི་མཚན་མ་རྣམས། །དཀྱིལ་འཁོར་གནས་འདིར་རྫོགས་བྱས་ཏེ། །རང་གི་ཆ་ལུགས་བརྟན་བྱས་པས། །ཡན་ལག་ཕུན་སུམ་ཚོགས་གནས་འགྲུབ། །དཀྱིལ་འཁོར་ལུས་སུ་བཤད་པ་སྟེ། །སངས་རྒྱས་ཐམས་ཅད་ཀྱི་ནི་གནས། །ཕུང་པོ་ལྔ་དང་འབྱུང་བའི་ཚོགས། །རབ་ཏུ་རྫོགས་པ་ཕྱག་རྒྱའི་སྐུ། །ཐབས་དང་ཤེས་རབ་མཉམ་སྦྱོར་ཞིང་། །ཡུམ་རྣམས་ཇི་བཞིན་བརྟན་པའི་མཆོག །དངོས་གྲུབ་ཆེན་པོ་ལྷག་པའི་ལྷ། །ཁམས་བཞི་འདུས་པའི་ཁུ་བ་ཉིད། །བྱང་ཆུབ་སེམས་ཀྱི་བཅུད་རྫོགས་པས། །ཕྱག་རྒྱ་ཆེན་པོ་མཆོག་གི་སྐུ། །དཀྱིལ་འཁོར་བཞི་བཅུ་རྩ་ལྔ་དང་། །རིགས་བརྒྱ་ལ་སོགས་དབྱེ་བ་ཡིས། །ཕྱི་ནང་འབྱུང་ཁམས་རྣམ་དག་ཅིང་། །གཉིས་མེད་ཡེ་ཤེས་རྫོགས་པ་ཉིད། །ཕྱག་རྒྱ་ཆེན་པོ་ནམ་མཁའི་དབྱིངས། །སོར་བཞིའི་ཚད་དུ་རང་བཞིན་གནས། །བདེ་བའི་ཡེ་ཤེས་ཐུགས་ཀྱི་འཁོར། །ཁ་དོག་དབྱིབས་དང་ལྡན་པར་བྱ། །ཐབས་ཀྱི་རབ་གནས་ཆོ་གར་ལྡན། །འཇུག་པ་པོས་ཀྱང་གསོལ་བ་གདབ། །ཐལ་མོ་ཉེ་བར་བརྡབ་པའི་སྒྲ། །དབང་པོ་ཡུལ་དུ་རྣམ་སྦྱོར་ཞིང་། །ཕྱག་རྒྱ་ཆེན་པོ་ནམ་མཁའི་དབྱིངས། །


DNG010_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

༼འདི་ནས་མ་འབྲིག་མེད།༽བརྟུལ་ཞུགས་རོལ་པའི་དབང་རྫོགས་ནས། །རྡོ་རྗེ་མཛུབ་མོའི་རྩེ་གནས་ལ། །ཏིལ་འབྲུ་ནམ་མཁའི་གཞལ་ཡས་ཁང་། །རི་རབ་ལྟ་བུའི་ཕྱག་རྒྱ་རྫོགས། །ཐབས་ཀྱི་ཆོ་ག་རབ་གནས་དང་། །གསང་བའི་སྦྱིན་བསྲེག་ལུགས་སུ་དབུལ། །ཕྱི་ནང་མེད་པའི་དཀྱིལ་འཁོར་དུ། །བདེ་བའི་ཆ་ལུགས་མཉམ་རྫོགས་ཤིང་། །བྱ་བྱེད་སྒྱུ་མའི་ཚུལ་རྣམས་ཀྱིས། །ཐབས་ཀྱི་ཐེག་པ་གསང་བ་ཉིད། །ཕུང་ཁམས་སྐྱེ་མཆེད་འབྱུང་གནས་སོགས། །མ་རིག་རྟོག་པའི་ཡུལ་འདས་ཏེ། །ཤེས་རབ་མཁའ་གསང་ཟབ་མོ་ལ། །ཐབས་ཀྱི་ཆོ་འཕྲུལ་རྣམ་པར་རོལ། །དཀྱིལ་འཁོར་བྷ་གའི་བདག་ཉིད་ཅན། །སངས་རྒྱས་ཐེག་པའི་ཡུལ་རྣམས་ཀྱིས། །བྱང་ཆུབ་སེམས་ཉིད་གནས་རྫོགས་པ། །རྒྱུ་རྐྱེན་འབྲས་བུ་དག་པའི་སྐུ། །རབ་ཏུ་སྦྱངས་པའི་དོན་བཞིན་དུ། །ས་གནས་ཡན་ལག་ཀུན་རྫོགས་ཤིང་། །དེ་ནས་དཀྱིལ་འཁོར་ཉེ་བར་རྫོགས། །བུམ་པ་མཚན་མ་མཆོད་པའི་རྫས། །རིགས་ཀྱི་བྱིན་བརླབས་མངོན་བདག་ཉིད། །ཕྲིན་ལས་བཞི་ཡི་ལས་རྫོགས་པས། །དེ་དག་སྦྱོར་བའི་ཡན་ལག་ཉིད། །ཕྱི་དང་ནང་གི་སྦྱིན་སྲེག་གིས། །བྱང་ཆུབ་སེམས་དངོས་རྒྱས་པར་འགྱུར། །ཡུལ་རྣམས་ཉེ་བར་སྤྱད་བྱས་པས། །མཚན་བཅས་མཚན་མ་མེད་པའི་དབྱིངས། །སངས་རྒྱས་ཀུན་གྱི་གནས་འདི་ནི། །དེ་ནི་སྟོན་པས་གསུངས་པ་ཡིན། །ཐམས་ཅད་དུ་ཉེ་བར་སྦྱོར་བའི་ཚུལ་གྱིས་སྨིན་པར་བྱ་བའི་གནས་ལ་འཇུག་པའོ། །རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་རོལ་པ་ཆེན་པོའི་རྒྱུད་ལས། གཟུགས་བརྙན་གྱི་དཀྱིལ་འཁོར་གྱི་ལེའུ་སྟེ་དྲུག་པའོ།། །།དེ་ནས་འགྲོ་གནས་མ་ལུས་ཀུན། །རྣམ་པར་སྦྱོང་བའི་ཐབས་ཆེན་གྱིས། །དཀྱིལ་འཁོར་སྤྲུལ་པ་ཀུན་སྟོན་ཅིང་། །ཐབས་དང་ཤེས་རབ་གཉིས་མེད་སྦྱོར། །རིགས་ཀྱི་སངས་རྒྱས་ཀུན་བསྡུས་ཏེ། །རང་གི་དབང་བསྐུར་གནས་རྫོགས་པས། །


DNG010_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

༼འདི་ནས་མ་འབྲིག་མེད༽ཕྱོགས་རྣམས་ཀུན་ནས་གསོལ་གདབ་ཅིང་། །དཀྱིལ་འཁོར་བཀོད་པའི་དོན་བསྟན་མཛད། །རིགས་ཀྱི་བྱང་ཆུབ་སེམས་རྣམས་ཀྱིས། །ཕྱག་རྒྱའི་གར་རྣམས་སྣ་ཚོགས་པས། །ལེགས་སྤྱོད་རོལ་མོ་མཆོད་པའི་ཚོགས། །གླུ་དབྱངས་སྙན་པས་གསོལ་བ་གདབ། །སྒྱུ་འཕྲུལ་དྲ་བ་རྫོགས་བྱེད་པའི། །སངས་རྒྱས་སྐུ་ནི་བྱིན་རླབས་ཉིད། །ཐོབ་དཀའ་ཐོབ་པས་ཀུན་ནས་འཇུག །བྱིན་གྱིས་རློབས་ཤིག་སྟོན་པ་མཆོག །དབང་བསྐུར་གསང་བ་ལས་བྱུང་བའི། །ཚུལ་འདི་ཉེ་བར་རྫོགས་བྱས་པའི། །གཉེན་པོས་ཡུལ་ཀུན་འཇོམས་བྱེད་ཅིང་། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་མཆོག །མ་ལུས་ཀུན་ནས་ཉམས་པ་རྣམས། །ཐུགས་རྗེའི་བདུད་རྩིས་བརླན་པར་མཛོད། །ཀུན་ནས་སྤྱོད་དང་ཡང་དག་སྤྱོད། །ཤིན་ཏུ་སྤྱོད་པ་རྒྱ་ཆེན་མཆོག །ཐབས་དང་ཤེས་རབ་ཕྱོགས་རྣམས་སུ། །ཡང་དག་སྦྱར་བའི་བདུད་རྩི་ཡིས། །སྲས་ཀྱི་ཚོགས་རྣམས་ཁྱབ་མཛད་དེ། །རིགས་མཆོག་སེམས་དཔར་དབང་བསྐུར་ཞིང་། །ཕ་རོལ་ཕྱིན་རྫོགས་དོན་སྟོན་མཛད། །དེ་ལྟར་རྒྱ་ཆེན་འགྲོ་གནས་ཀུན། །ཐམས་ཅད་ཅིག་ཅར་འཇུག་པའི་མཐུས། །ཡུལ་དང་ཡུལ་ཅན་རྣམ་པར་སྦྱོར། །རིགས་ཀྱི་རྒྱལ་བ་འགྲོ་བའི་སྐྱབས། །མ་ལུས་ཁ་ལོ་བསྒྱུར་བའི་གཙོ། །རིགས་མཆོག་དཀྱིལ་འཁོར་རྫོགས་པ་རུ། །དབང་བསྐུར་ཐུགས་རྗེ་ཆེ་ལས་འབྱུང་། །ཕྱོགས་བཅུ་ཐམས་ཅད་སངས་རྒྱས་ཀྱིས། །ཡང་དག་དཀྱིལ་འཁོར་བརྟན་པའི་བདག །ཉོན་མོངས་དྲི་གནས་ཀུན་སེལ་བས། །བུམ་པའི་ཆུ་ཡིས་དག་པར་འགྱུར། །རིན་ཆེན་སྣ་ཚོགས་རྫས་ཀྱིས་སྤྲས། །རིགས་ལྔའི་སངས་རྒྱས་རྒྱན་དུ་ཐོགས། །བྱང་ཆུབ་སེམས་གནས་ཡེ་ཤེས་ཉིད། །བུམ་པའི་རྫས་ལས་མངོན་པར་འབྱུང་། །ཨོཾ་རིགས་ཀྱི་དབུ་རྒྱན་བླ་མེད་པས། །ཉོན་མོངས་གནས་ཀུན་རྣམ་པར་སྦྱང་། །ཡེ་ཤེས་བྱིན་རླབས་སྟོབས་རྫོགས་པའི། །མཚན་མ་བཟང་པོ་ཁྱོད་ཀྱི་རྒྱན། །ཡབ་ཡུམ་ཐབས་དང་ཤེས་རབ་ཀྱིས། །མངོན་སྦྱོར་རོལ་པའི་བྱིན་རླབས་རྫོགས། །མཚན་དང་དཔེ་བྱད་མཐའ་ཡས་པ། །མ་ལུས་ཡུལ་ཀུན་ཉེ་བར་མཉེས། །ཅོད་པན་བཟང་པོ་འདི་ཉིད་ནི། །


DNG010_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དང་མངོན་པར་ཤེས་པའི་རྟགས། །ཐེག་པ་ཐམས་ཅད་མ་འདྲེས་པའི། །ཡོན་ཏན་རིགས་རྣམས་ཏིང་ངེ་འཛིན། །བྱིན་རླབས་ངོ་མཚར་ཡུལ་རྫོགས་པས། །དབྱིངས་དང་ཡེ་ཤེས་མཉམ་པ་ཉིད། །ཁམས་གསུམ་ཆོས་ཀྱི་རྒྱལ་མཚན་གྱིས། །ཤེས་བྱའི་གནས་ཀུན་གསལ་བར་མཛད། །བྱང་ཆུབ་ཡན་ལག་མེ་ཏོག་ཕྲེང་། །ལམ་གྱི་ཡན་ལག་བརྒྱད་གནས་འཇུག །སྟོབས་དང་མི་འཇིགས་ཀུན་རྫོགས་པས། །རང་བྱུང་བྱང་ཆུབ་སེམས་ཀྱི་རྒྱན། །རིགས་མཆོག་གསང་སྔགས་ཆེ་ལས་བྱུང་། །ཐེག་པའི་མཐའ་རྣམས་རྫོགས་པའི་ཚུལ། །ཅིས་ཀྱང་མི་ཚུགས་མི་ཤིགས་པའི། །སྟོང་པའི་གོ་ཆ་བླ་ན་མེད། །མཚན་མའི་ཡུལ་ཀུན་འཇོམས་བྱེད་ཅིང་། །ཡང་དག་ཆོས་རྣམས་མཉམ་པར་གནས། །ལས་ཀྱི་བག་ཆགས་ཀུན་ལས་རྒྱལ། །དེ་དག་ཡེ་ཤེས་ཆེན་པོའི་སྟོབས། །ཉོན་མོངས་མཚན་མ་ཀུན་འཇོམས་ཤིང་། །རིགས་མཆོག་དངོས་གྲུབ་བརྟན་བྱེད་པ། །རྡོ་རྗེ་འཁོར་ལོ་རལ་གྲི་དང་། །པདྨ་རིན་ཆེན་བླ་ན་མེད། །གོ་ཆ་བཟང་པོས་བརྟན་བྱས་པས། །མི་མཐུན་རྟོག་པའི་ཚོགས་ལས་རྒྱལ། །རང་གི་ཕྱག་རྒྱ་རྫོགས་པ་ཡི། །དུས་རྣམས་ཀུན་ཏུ་སྲུང་བའི་མཆོག །བདུད་བཞིའི་མཚན་མས་མི་ཚུགས་ཤིང་། །མཐའ་བཞིའི་གཡུལ་ལས་རྒྱལ་བའི་རྟགས། །ཆོས་ཀྱི་རྒྱལ་མཚན་བླ་ན་མེད། །གསང་བའི་སྔགས་རྣམས་ཀུན་གྱིས་མཛེས། །ཐེག་པ་ཆེན་པོ་གཉིས་མེད་པའི། །ཡོན་ཏན་རིན་ཆེན་རིགས་ཀུན་བདག །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཉིད། །སངས་རྒྱས་ཀུན་གྱི་ཡེ་ཤེས་ཏེ། །རིགས་ཀྱི་འཁོར་ལོ་བླ་ན་མེད། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྐུ་ཡི་སྐུ་སྟེ་སྐུ་ཡི་མཆོག །གསུང་གི་དམ་ཚིག་གསུང་ཆེན་པོ། །ཐུགས་རྗེ་ཐུགས་ཀྱི་བདག་ཉིད་ལས། །ཡོན་ཏན་ཀུན་འབྱུང་བདེ་བ་ཉིད། །ཕྲིན་ལས་ཡུལ་ཀུན་རྫོགས་པར་སྤྱོད། །བདེ་གཤེགས་པདྨ་རྡོ་རྗེ་དང་། །རིན་ཆེན་རྒྱ་གྲམ་བླ་ན་མེད། །མ་ལུས་འདོད་པའི་དོན་སྐོང་ཞིང་། །རིགས་


DNG010_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་དཀྱིལ་འཁོར་བརྟན་པར་མཛད། །ཉོན་མོངས་བདུད་ཀུན་ཟིལ་གནོན་པས། །ཕྱག་རྒྱའི་ཡེ་ཤེས་བརྟན་པར་འགྱུར། །མཐའ་འདས་ཆོས་ཀུན་བསྟན་པ་ཉིད། །བྱིན་རླབས་དེ་བཞིན་ཉིད་ཀྱི་མཆོག །ཐུགས་རྗེའི་འོད་ཟེར་དཔག་མེད་ཅིང་། །མ་ལུས་ཡུལ་ཀུན་ཁྱབ་པའི་ཆོས། །ཚད་མེད་བཞི་གནས་ཆར་ཁེབས་མཛེས། །ཕ་རོལ་ཕྱིན་པའི་གནས་ཀྱི་ཚོགས། །ཡང་དག་བསྡུས་པའི་རྒྱན་གྱི་གཞི། །གདུགས་མཛེས་གསེར་གྱི་ཡུ་བ་ཅན། །དོན་ཀུན་སྤྱོད་པས་ཉེ་བར་འཁོར། །སངས་རྒྱས་ཐམས་ཅད་བཞུགས་པའི་གནས། །ཕྱི་ནང་སྣོད་བཅུད་དག་པའི་དབྱིངས། །རིགས་ཀྱི་རིན་ཆེན་གཞལ་ཡས་ཁང་། །བརྟེན་པ་འཁོར་ལོའི་ཚོགས་སྤྱོད་ཅིང་། །ཐབས་དང་ཤེས་རབ་སྙོམས་འཇུག་པས། །བྱང་ཆུབ་སེམས་རྣམས་བདེ་ཆེན་རྫོགས། །མི་གཉིས་དངོས་གྲུབ་ཆེན་པོའི་གཞི། །ཐར་པའི་གྲོང་མཆོག་བླ་ན་མེད། །ཀུན་འབྱུང་འདོད་པའི་གནས་རྫོགས་པའོ། །ཀུན་ཏུ་བྲོ་མཆོག་ཚིམས་བྱེད་རྫས། །འདོད་པའི་ཡོན་ཏན་མ་འགགས་དབྱིངས། །ཆོས་ཀྱི་བདུད་རྩི་བླ་ན་མེད། །རྣམ་གྲོལ་ཟག་པ་མེད་པའི་རྫས། །ཁམས་གསུམ་འདོད་ཡོན་གནས་རྫོགས་པས། །ཏིང་འཛིན་རོ་མཆོག་བསྟན་པ་ཉིད། །མ་འདྲེས་རྒྱུན་གྱི་ཕྱག་རྒྱ་ལ། །ལྷ་མོའི་ཚོགས་ནི་ཀུན་ཏུ་སྤྲོ། །འཁོར་འདས་འགྲོ་བ་ཀུན་སྦྱངས་ཤིང་། །ཉོན་མོངས་གནས་ཀུན་དག་མཛད་པ། །རིགས་མཆོག་ཡེ་ཤེས་གསལ་བྱེད་ཅིང་། །གསང་སྔགས་ཕྲེང་བའི་ཡན་ལག་རྫོགས། །ཧཱུཾ་གིས་ཆོས་རྣམས་གསལ་མཛད་ཅིང་། །ཨཱོཾ་ལྡན་བྱིན་རླབས་རྒྱ་ཆེན་པོ། །མངོན་པར་ཚིམས་མཛད་སྭཱ་ཡི་ཚོགས། །དོན་ཀུན་སྤྱོད་པས་ཨཱཾ་གནས་ལྡན། །ཕྲིན་ལས་སྟོབས་རྫོགས་ཧཱ་ཉིད་དེ། །ཤེས་སྐྱོབ་སྒྲ་ཡི་གནས་རྫོགས་པས། །ཁྱད་པར་ཁྱད་པར་མེད་པའི་ཚོགས། །མི་ཤིགས་འདུས་པའི་གསང་སྔགས་ཉིད། །ཕྱི་རོལ་གནས་ཆེན་ལས་བྱུང་བའི། །ཕྱི་རོལ་དཀྱིལ་འཁོར་བརྟན་པར་འགྱུར། །ངན་འགྲོ་སྲིད་ལས་སྐྱོབ་བྱེད་པའི། །མཐོ་རིས་བདེ་བ་ཕུན་སུམ་ཚོགས། །


DNG010_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར་གསང་བ་ལས་བྱུང་བའི། །དམ་ཚིག་མཆོག་འདི་བརྟུལ་ཞུགས་གནས། །ཕྱག་རྒྱ་གསུམ་གྱི་སྦྱོར་བ་ཡིས། །སྐུ་གསུང་ཐུགས་ཀྱི་གནས་རྫོགས་འགྱུར། །རྡོ་རྗེ་འོད་བཅས་ཕྲེང་བས་བརྒྱན། །ཡང་དག་བརྟན་པས་སྤྱི་བོའི་གནས། །སྐུ་ཡི་བྱིན་རླབས་ལྷག་གནས་པའི། །སྙིང་པོ་དོན་ཀུན་རྫོགས་པའི་མཆོག །འདི་དག་སངས་རྒྱས་སྐུ་ཆེན་པོ། །ཁམས་གསུམ་གནས་ཀུན་སྤྲོ་མཛད་དེ། །རིགས་མཆོག་རྒྱལ་བ་ཀུན་གྱི་བདག །མི་འགྱུར་བརྟན་པའི་གནས་ཆེན་འཇུག །ཐ་དད་ཡུལ་ཀུན་མཉམ་རྫོགས་ཤིང་། །རྣམ་པར་སྣང་མཛད་སྐུ་ཆེན་འགྲུབ། །མེ་ཏོག་ཕྲེང་བཅས་མཚན་མ་ཉིད། །ཐུགས་རྗེའི་གནས་སུ་དཀྱིལ་འཁོར་ཆེ། །མི་བསྐྱོད་བྱིན་རླབས་རྫོགས་པའི་བདག །འོད་བཅས་ཐུགས་རྗེའི་ཡེ་ཤེས་ཉིད། །ཁམས་གསུམ་གནས་ཀུན་དག་བྱེད་པའི། །ཐུགས་རྗེ་ཡེ་ཤེས་བླ་ན་མེད། །གསལ་བའི་དཀྱིལ་འཁོར་ཆེན་པོ་རུ། །ཐབས་ཀྱི་སྤྱོད་ཚོགས་རྒྱས་པར་མཛད། །ངག་གི་གནས་སུ་ཐབས་དང་བཅས། །དམ་ཚིག་གསུམ་གྱི་བྱིན་རླབས་ཉིད། །གཉིས་མེད་ཡུལ་ཀུན་སྦྱོང་མཛད་པ། །དམ་ཚིག་བདུད་རྩི་རྫས་ཅན་པོ། །ངག་གི་གནས་ཀུན་དག་བྱས་ཏེ། །མ་འདྲེས་ཆོས་ཀྱི་ཕྱག་རྒྱ་ཡིས། །ཐམས་ཅད་རྫུན་གྱི་ཚིག་ལྟ་བུ། །རྒྱུ་འབྲས་སྐུར་བའི་གནས་རྣམས་ལ། །གསང་སྔགས་ཐེག་པའི་དོན་ཆེན་འདིས། །སྒྲོ་བཏགས་ཆོས་ཀུན་རྣམ་པར་དག །ས་རྣམས་བྱ་བ་ཀུན་རྫོགས་ཤིང་། །དམ་ཚིག་ཆེན་པོའི་གནས་ཆེན་འགྲུབ། །གནས་བཞི་ཡི་གེའི་མཚན་མ་ལ། །འབྱུང་བའི་དཀྱིལ་འཁོར་རིམ་བཞིན་བརྩེགས། །ཐུགས་རྗེ་ཆེན་པོའི་གནས་ཡིན་ཏེ། །རྒྱལ་བ་ཀུན་གྱིས་གཟིགས་པར་འགྱུར། །རིགས་ཀྱི་ཕྱག་རྒྱའི་ཚོགས་རྣམས་ཀྱིས། །ལས་ཚོགས་ཉོན་མོངས་རྣམ་པར་དག །ཕྱོགས་བཅུའི་དཀྱིལ་འཁོར་མ་འདྲེས་པ། །དེར་གནས་བྱིན་རླབས་རོལ་པས་མཆོད། །སྐུ་གསུང་ཐུགས་ཀྱི་རྟགས་སྟོན་ཅིང་། །


DNG010_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་མི་ཤིགས་འབེབས་པར་འགྱུར། །ཡེ་ཤེས་སེམས་དཔའི་ཐུགས་གསང་བ། །རང་སྔགས་ཕྱག་རྒྱ་ཡང་དག་འབེབས། །ཀུན་མཆོག་གསལ་བ་ལྷང་ངེ་བའི། །ཐམས་ཅད་དཀྱིལ་འཁོར་རྫོགས་པའི་མཆོག །རང་གི་སྔགས་དང་ཕྱག་རྒྱའི་མཐུས། །གྲོང་ཁྱེར་ཐམས་ཅད་རྣམ་པར་གྲོལ། །རིགས་རྣམས་སོ་སོའི་མཚན་ལྡན་གནས། །ཤེས་རབ་ཕ་རོལ་ཕྱིན་པའི་ཚུལ། །རབ་ཏུ་བརྟགས་པའི་གནས་ཆེན་པོ། །ཉེ་བར་སྦྱོང་བས་བྱིན་བརླབས་ཤིང་། །གཉིས་མེད་རོལ་པའི་སྦྱོར་བ་མཛད། །ཐབས་དང་ཤེས་རབ་གསང་བའི་རྒྱུན། །འོད་ཟེར་སྔགས་ཀྱིས་ཀུན་སྤྲོས་ཏེ། །རིགས་ཀྱི་དཀྱིལ་འཁོར་མཉེས་མཛད་ཅིང་། །རྣམ་པར་བསྡུས་པས་གནས་རྫོགས་པ། །དེ་དག་ལྷག་པའི་བདག་ཉིད་ཅན། །ཉན་བྱེད་རྣ་བའི་གཞལ་ཡས་སུ། །རིན་ཆེན་རིགས་མཆོག་དཀྱིལ་འཁོར་རྫོགས། །རྣམ་གསུམ་སེམས་དཔའ་སྤྲོ་ཞིང་བསྡུ། །བྱིན་རླབས་དབང་བསྐུར་མཚན་མས་བརྒྱན། །ཡེ་ཤེས་དཀྱིལ་འཁོར་གཉིས་མེད་པར། །མཉེས་མཛད་རིགས་ཀྱི་གསང་སྔགས་རྫོགས། །གོ་ཆ་བརྟན་པས་དབང་བསྐུར་ཞིང་། །བདེ་གཤེགས་སྙན་གྱི་དངོས་གྲུབ་གནས། །ཐུགས་རྗེའི་དཀྱིལ་འཁོར་འབར་བ་ལ། །རྡོ་རྗེའི་རིགས་མཆོག་གཙོ་གཟུངས་སྦྱོར། །ལག་པའི་འཁོར་ལོའི་གཞལ་ཡས་སུ། །པདྨའི་རིགས་ཀུན་མཉམ་པར་སྦྱོར། །འཁོར་ལོ་ལྔ་ཡི་གནས་བཞུགས་པས། །རིགས་ཀྱི་དཀྱིལ་འཁོར་ཀུན་བདག་ཉིད། །རྣམ་གསུམ་ཆོ་གས་རྫོགས་པ་ཡིས། །གཙོ་དང་སྤྲུལ་པའི་ཚོགས་བཅས་རྣམས། །ཕྱག་རྒྱ་རྒྱན་གྱིས་ཀུན་ཏུ་བརྗིད། །རིགས་ཀྱི་ལྷ་དང་སྒོ་བའི་ཚོགས། །དབང་བསྐུར་བྱིན་རླབས་རྫོགས་པ་དང་། །ཡེ་ཤེས་དཀྱིལ་འཁོར་གསལ་བར་དགུག །ཚད་མེད་བཞི་ཡི་གནས་བརྟན་ནས། །ཡང་དག་མཆོད་ཅིང་བསྟོད་བྱས་ཏེ། །སྔགས་དང་ཕྱག་རྒྱས་བྱིན་བརླབས་ཤིང་། །འོད་ཟེར་སྤྲོ་དང་བསྡུ་བ་ཡིས། །སངས་རྒྱས་


DNG010_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་བདག་ངོ་བོ་ཉིད། །རང་གི་གནས་སུ་བསྡིམ་བྱས་ཏེ། །དབང་བསྐུར་སྣང་བ་ཡེ་ཤེས་རྫོགས། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡི། །བརྟུལ་ཞུགས་བཟང་པོ་བླ་ན་མེད། །ཐབས་ཀྱི་ཡེ་ཤེས་བརྟན་པ་ཉིད། །འོད་འཕྲོ་ཤེས་རབ་དབྱིངས་སུ་འཁྱིལ། །ཆ་ལུགས་མཚན་རྫོགས་ཕྱག་རྒྱའི་སྐུ། །དོན་ཀུན་དངོས་གྲུབ་བཟང་པོ་ཡི། །ཐེག་ཆེན་གསང་བ་བླ་མེད་པར། །ཕྱག་རྒྱའི་ཆོ་ག་སྣ་ཚོགས་དང་། །ཀུན་ཏུ་མཐའ་ཡས་སྤྱད་པའི་སྒོ། །ཕྲིན་ལས་སྣ་ཚོགས་རྫོགས་བྱེད་པའི། །དེ་དག་ལས་རྣམས་ཀུན་སྦྱོར་ཞིང་། །དངོས་གྲུབ་མཐའ་ཡས་གྲངས་མེད་འཇུག །ཡི་གེའི་མཆོག་རྣམས་མི་ཤིགས་པའི། །དམ་ཚིག་མཆོད་པ་ཀུན་གྱི་གནས། །སྦྱོང་བའི་བྱེ་བྲག་རོལ་པ་ཉིད། །རྗེས་སུ་སྣང་བའི་ཚུལ་རྫོགས་པས། །ལས་རྣམས་ཀུན་ལ་ཐོགས་པ་མེད། །འདི་ལྟར་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེའི་ཐེག་ཆེན་དགྱེས་པའི་མཆོག །ཕྱག་རྒྱའི་འཇུག་པ་མཉམ་སྦྱོར་བས། །དེ་རིང་ཁྱོད་ཉིད་ལུང་བསྟན་མཛད། །སྲས་ཀྱི་བྱང་ཆུབ་སེམས་རྣམས་དང་། །ཐ་དད་དོན་ཀུན་སྟོན་བྱེད་ཅིང་། །ཁམས་གསུམ་གནས་ཆེན་བསྒྲལ་དཀའ་བར། །མི་ལྡོག་དེ་བཞིན་གཤེགས་པའི་ཚོགས། །ཐེག་པའི་མཐའ་བྲལ་རྣམ་པར་དག །ས་གསུམ་དབང་ཕྱུག་འབྱུང་གནས་མཆོག །ཡང་དག་ལུང་བསྟན་རྫོགས་པ་ཡི། །རིགས་ཀྱི་འཁོར་ལོ་ཀུན་བསྒྱུར་ཞིང་། །བྱ་བ་ཆེན་པོ་ལས་མཐར་ཕྱིན། །སྡུག་བསྔལ་ཉོན་མོངས་ཉེས་པའི་ཚོགས། །ཐམས་ཅད་ཡུལ་ཀུན་ལས་འདས་ཤིང་། །ལས་ཀྱི་རྒྱ་མཚོ་ཀུན་འདོད་པའི། །ཆགས་བཅས་ཡུལ་ཀུན་སྒྲོལ་བར་བྱེད། །གནས་ངན་སྡུག་བསྔལ་ཐམས་ཅད་ཀུན། །རབ་ཏུ་སྦྱངས་པས་གནས་ཀྱི་མཆོག །ཁམས་གསུམ་བྱ་བ་ཀུན་རྫོགས་ཤིང་། །ལྷག་མ་དང་བཅས་གྲོལ་བ་ཉིད། །དབུགས་དབྱུང་གསང་བ་བླ་ན་མེད། །སངས་རྒྱས་ཀུན་གྱིས་བསྟན་པར་མཛད། །ལྷག་པའི་དམ་ཚིག་


DNG010_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

གནས་རྣམས་ཀྱི། །ཡེ་ཤེས་ཡན་ལག་ཚུལ་འཇུག་པ། །ཀུན་མཆོག་འདྲེལ་བ་མེད་པའི་ཆོས། །རང་བཞིན་རྫོགས་པའི་བདག་ཉིད་དོ། །ཡང་དག་ཡེ་ཤེས་འདོད་པ་ཡིས། །མགོན་པོ་ཀུན་མཆོག་ལ་གསོལ་འདེབས། །མཆོད་བསྟོད་མཉེས་པའི་ཡན་ལག་གིས། །རིགས་ཀྱི་ཕོ་བྲང་ཉེ་བར་མཛེས། །ཕྱག་རྒྱ་རིགས་དང་མཐུན་པའི་ཡུམ། །དབང་བསྐུར་བྱིན་རླབས་རྫོགས་བྱས་ཏེ། །ཚུལ་བཞིན་མངོན་པར་སྦྱངས་པ་དང་། །རོལ་པའི་བརྟུལ་ཞུགས་རྣམ་པ་བདུན། །དཀྱིལ་འཁོར་ལུས་ཀྱི་བདག་ཉིད་ལ། །བྱང་ཆུབ་སེམས་ཀྱི་ཆ་རྫོགས་འགྱུར། །ལས་རྣམས་བརྟན་པའི་ཐིག་ལེ་ཉིད། །ཕྱག་རྒྱ་བདེ་བའི་ཆ་སྐྱེད་ཅིང་། །ལོངས་སྤྱོད་གནས་སུ་ཡང་དག་ཉིད། །ཀུན་ཏུ་མཉེས་པའི་འཁོར་ལོ་མཆོག །ཐམས་ཅད་གསལ་ཞིང་རྫོགས་པར་འགྱུར། །ཤེས་རབ་ལས་བྱུང་ཡེ་ཤེས་ཏེ། །རང་གནས་ཕྱག་རྒྱ་ཆེན་པོའི་བདག །ཡང་དག་གསོལ་གདབ་མཐུན་པའི་གྲོགས། །མཆོད་པ་ཀུན་གྱིས་མཉེས་པར་བྱ། །བྷ་ག་དཀྱིལ་འཁོར་ཇི་བཞིན་པར། །ཐར་པ་ཆེན་པོའི་གྲོང་ཁྱེར་མཆོག །རིགས་ཀུན་ཐབས་དང་ཤེས་རབ་ཀྱིས། །མཚན་བཅས་མཚན་མ་མེད་པའི་དངོས། །བདེ་བའི་ཡེ་ཤེས་མཉམ་རྫོགས་པའི། །དོན་ཀུན་གསལ་བའི་ངོ་བོ་ཉིད། །དགའ་དང་རྗེས་སུ་དགའ་བ་དང་། །དགའ་བྲལ་ལྷན་ཅིག་སྐྱེས་པའི་མཆོག །རང་བྱུང་ཡེ་ཤེས་ཟག་པ་མེད། །ཡང་དག་བརྟན་པས་སྐུ་རྣམས་རྫོགས། །ཁམས་གསུམ་ཐམས་ཅད་དེ་ལྟ་བུར། །མངོན་པར་བྱང་ཆུབ་ཡེ་ཤེས་ཉིད། །རང་བཞིན་རྒྱལ་བ་ཐམས་ཅད་ཀྱི། །ཕྱག་རྒྱ་བདེ་ཆེན་གསང་བའི་མཆོག །ཐམས་ཅད་ཡུལ་ཀུན་རྫོགས་པར་གནས། །བདེ་ཆེན་ཞི་བའི་ངོ་བོ་ཉིད། །ཁམས་བཅུར་བདེ་བའི་ལམ་གཉིས་དང་། །དབུ་མ་བཅུད་འདུས་མཚན་ལྡན་པ། །དྲ་བའི་རྩ་དང་དབང་པོ་དང་། །ཕུང་སོགས་ཡེ་ཤེས་བདེ་འཁོར་ལོ། །ཧཱུྃ་


DNG010_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

གི་བདེ་བ་ཡེ་ཤེས་བཅས། །ཚོགས་བརྒྱད་རིན་ཆེན་ཡེ་ཤེས་ལྔ། །སྔགས་རྫས་དགོངས་པས་གང་བླངས་པ། །ཀུན་ནས་ལྡང་ཞིང་སྐྱོབ་པ་ཡིས། །སྡུག་བསྔལ་ལས་གྲོལ་རིགས་སུ་ངེས། །མི་བསྐྱོད་ཡབ་ཡུམ་རོལ་པ་ལས། །བདེ་བ་གསལ་ཞིང་མི་དམིགས་པ། །ཤེས་རབ་ཐབས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་ཡེ་ཤེས་ཧཱུྃ་ཚོགས་ཀྱིས། །པདྨ་ཡེ་ཤེས་བསྡུས་པར་འཁྱིལ། །ཉུང་དཀར་ཚད་ཙམ་རྡོ་རྗེ་སེམས། །རྩེ་ནས་རྩེ་རུ་ཕྱིན་པ་ཡིས། །རང་བཞིན་ཆོས་ཁམས་དཀྱིལ་འཁོར་རྫོགས། །ས་བོན་ཟུང་འཇུག་གཉིས་དང་བཅས། །གནས་ངན་ལེན་པ་གསུམ་སྦྱངས་ཏེ། །དམིགས་མེད་སེམས་ཀྱི་ཡེ་ཤེས་ལྔ། །གསལ་བས་ས་བོན་ཚིག་པ་བཞིན། །མི་སྐྱེ་ཐབས་ཀྱིས་དབུགས་དབྱུང་བའོ། །ཐམས་ཅད་རང་གི་བྱང་ཆུབ་སེམས། །ས་བོན་ཉི་ཟླའི་དཀྱིལ་འཁོར་བརྩེགས། །འཁོར་ལོའི་ཁམས་རྣམས་སྦྱོར་བ་ཡིས། །གསང་བའི་ཐིག་ལེ་ཀུན་རྒྱས་པས། །ཆ་ཤས་ཟུང་འཇུག་ཡུལ་ལས་འདས། །ཕྱི་ནང་ཁམས་གསུམ་དེ་ལྟ་བུ། །བདེ་བ་ཆེན་པོའི་དངོས་ཉིད་དོ། །དེ་ལས་གཞན་ཡང་བཤད་བྱ་བ། །རྗེས་སུ་འཇུག་པའི་ཕྱག་རྒྱ་ཉིད། །ཟིལ་པའི་ཐིག་ལེ་སྔོན་ལམ་བཞིན། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་གཅིག །ཕན་ཚུན་འཁོད་པའི་སྟོབས་ཉིད་ཀྱིས། །བདེ་བ་གཉིས་པའི་ངོ་བོ་རྫོགས། །གསུམ་པ་ཡེ་ཤེས་དཀྱིལ་འཁོར་དུ། །གསལ་རྫོགས་ཤར་བར་གྱུར་པའི་སྒྲ། །རང་བཞིན་འོད་གསལ་དཀྱིལ་འཁོར་རོ། །དེ་ལས་གཞན་ཡང་བཤད་བྱ་བ། །རྡོ་རྗེ་ཉི་མ་ཐབས་ཀྱི་རྒྱ། །ཕུང་ཁམས་ཕྱག་རྒྱའི་ཚོགས་དང་ལྡན། །དེ་ལ་བསིལ་བྱེད་ཤེས་རབ་དངོས། །དུས་གཅིག་རོ་མཉམ་ཐིག་ལེ་ཆེ། །སུམ་ཅུ་རྩ་གཉིས་མཚན་རྫོགས་ཤིང་། །ཟླ་བའི་ཡེ་ཤེས་ལྔ་བཅུ་དྲུག །དཔེ་བྱད་ལ་སོགས་དཔག་ཏུ་མེད། །སེམས་ཤེས་མངོན་པར་ཤེས་དང་ལྡན། །སེམས་དཔའ་འགྲོ་


DNG010_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

འོང་རྫུ་འཕྲུལ་ཤེས། །གནས་ནས་ལོག་པ་ཐིམ་པའི་སྒྲ། །མཐའ་གཉིས་མ་གོས་པདྨ་ཅན། །སྤྲུལ་པའི་གནས་ནས་བཀྱེ་བ་ཡིས། །བཞི་བཅུ་རྩ་ལྔ་ལ་སོགས་མཐའ་ཡས་ཀུན། །རང་རིག་ཉིད་ལས་ངང་གསལ་བ། །བཅུ་གསུམ་ཡི་གེ་འཁོར་ལོར་རྫོགས། །ཞེས་གསུངས་པས་སྨིན་པར་གྱུར་ཏོ། །རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་རོལ་པ་ཆེན་པོའི་རྒྱུད་ལས། དབང་གི་ལེའུ་སྟེ་བདུན་པའོ།། །།དེ་ནས་བཅོམ་ལྡན་ཀུན་ཏུ་བཟང་། །རང་གི་དཀྱིལ་འཁོར་གནས་ཉིད་ན། །སྐུ་གསུང་ཐུགས་མཆོག་ཡེ་ཤེས་ཆེ། །དམ་ཚིག་ཡན་ལག་རྫོགས་པའི་བདག །མ་ལུས་སྲིད་དངོས་དག་པ་ཡིས། །རང་བཞིན་དམ་པ་རྣམས་ཀྱི་གཟུངས། །དོན་མཆོག་ཕྱག་རྒྱ་སྟོན་བྱེད་ཅིང་། །མཐའ་ཡས་བྱང་ཆུབ་སྤྱོད་པའི་ཚོགས། །འདྲེན་པའི་ཆ་ཤས་སྙིང་པོའི་སྐུ། །ཀུན་ནས་རྫོགས་པའི་འཁོར་ལོ་ཉིད། །བྱ་བ་ཆེན་པོས་དོན་སྤྱོད་ཅིང་། །ཐབས་དང་ཤེས་རབ་འདྲེལ་པའི་ཚོགས། །གཟུགས་སུ་གྱུར་པས་བརྩོན་ལྡན་པ། །བྱ་བ་ཆེན་པོ་ཀུན་སྒྲོལ་ཞིང་། །དེ་བཞིན་ནང་ ནང་དང་འདྲ་ཡིན་ནམ་གི་ཕྱི་རོལ་ཚོགས། །དམ་ཚིག་ཡུལ་རྣམས་གཏན་ལ་འབེབས། ། བླ་མེད་ཐེག་པར་རབ་བསྔགས་པ། །རྒྱུ་རྐྱེན་འབྲས་བུ་དབྱེ་བ་ཡི། །ས་དང་ལམ་ཀུན་གྲངས་འདས་ཤིང་། །སྐྱོབ་པའི་ཕྱག་རྒྱ་བསྟན་པ་ཉིད། །ཀུན་བཟང་འཇིག་རྟེན་འཁོར་ལོའི་མཆོག །བྱ་དཀའི་གནས་རྣམས་རབ་ཏུ་རྫོགས། །སྡོམ་པའི་ཚུལ་ཁྲིམས་མཐའ་ཡས་པའི། །ཐེག་པའི་མཆོག་རྣམས་མངོན་བསྟན་ཏེ། །རང་བཞིན་ཡུལ་གྱིས་རྣམ་དག་པས། །བྱ་དང་བྱེད་པོ་གཉིས་སུ་མེད། །སངས་རྒྱས་ཐེག་པ་བསམ་ཡས་པར། །མི་དགེ་བཅུ་དང་མཚམས་མེད་ལྔ། །ཉེས་སྤྱོད་ལས་རྣམས་མཐའ་ཡས་ཀུན། །རང་བཞིན་དམན་རྣམས་འཆིང་བའི་རྒྱུ། །ཡང་དག་རྟོགས་པར་རྣམ་པར་གྲོལ། །མཉམ་པ་ཆེན་པོའི་དམ་ཚིག་ཏུ། །མ་ལུས་


DNG010_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་འདུས་རྣམ་དག་ཅིང་། །ཀུན་ནས་ཉོན་མོངས་འཁོར་བའི་གནས། །ཡང་དག་སྤྱོད་གནས་ཐེག་པའི་མཆོག །སྲོག་གཅོད་མ་བྱིན་ལེན་པ་དང་། །རྫུན་ཚིག་ལོག་པར་གཡེམས་པ་དང་། །ཐབས་ཀྱི་ཡན་ལག་ཀུན་འགྱུར་བས། །ཤེས་རབ་ཆེན་པོའི་རྩལ་རྫོགས་པའོ། །སྐུ་དང་གསུང་ཐུགས་ཡོན་ཏན་དང་། །ཕྲིན་ལས་བྱ་བ་མཐའ་ཡས་པའི། །སྡོམ་བཅས་ཚུལ་ཁྲིམས་དམ་ཚིག་ཉིད། །རིགས་ཀྱི་ཚུལ་བཞིན་འཇུག་པའི་མཆོག །སྔགས་དང་ཕྱག་རྒྱའི་ལས་རྣམས་ཀྱིས། །ལས་ཀྱི་འཁོར་ལོ་དག་པར་འགྱུར། །རྩ་བ་ལྔ་དང་ཡན་ལག་བཅུ། །རྣམ་པར་སྤྲོས་པའི་ཚོགས་ལྡན་པས། །གཉིས་དང་གསུམ་གྱི་ཆ་ཤས་རྫོགས། །རིགས་མཐུན་སྤྱོད་པ་བཟང་པོ་ཡིས། །དྲུག་ཅུ་རྩ་བརྒྱད་ཡན་ལག་ཉིད། །ཐབས་དང་ཤེས་རབ་ཚུལ་འཇུག་པས། །ཕྱག་རྒྱའི་ལས་ཀུན་མཐའ་ཡས་པ། །བཀོད་དང་ཡང་དག་བཀོད་པ་དང་། །རྣམ་པར་བཀོད་པའི་འཁོར་ལོ་ཉིད། །ཟིན་པ་སྐྱོན་བྲལ་ཐིག་ལེ་ཉིད། །བརྟན་པ་ཉེ་བའི་ལས་དག་གིས། །སུམ་བརྒྱ་དྲུག་ཅུའི་ཡན་ལག་རྫོགས། །དེ་དག་འཁོར་ལོའི་ཚུལ་བཞིན་དུ། །ཡན་ལག་བདུན་གྱི་བདག་ཉིད་ཅན། །ངོ་བོ་སུམ་ཅུ་རྩ་གཉིས་ཏེ། །རབ་ཏུ་སྦྱོར་བས་དྲུག་ཅུ་བརྒྱད། །རིང་དུ་བསྐོར་ཞིང་མ་འདྲེས་པ། །རྩོལ་བའི་བྱེ་བྲག་རྒྱུ་དང་བྲལ། །གནས་སྐབས་ཡུལ་ཀུན་རྫོགས་པ་ཡིས། །རང་དང་སྤྱི་ཡི་མཚན་ཉིད་རྒྱས། །སྤྱི་གསང་བཞི་དང་བར་གསང་བཞི། །གསང་བར་འོས་དང་གཉེར་གཏད་དག །བྱེ་བྲག་མཁས་པས་རྫོགས་བྱ་སྟེ། །གསང་བའི་དོན་ཀུན་ཤེས་པར་བྱ། །བསྲུང་དང་བསྒྲུབ་པའི་དམ་ཚིག་མཆོག །ཚུལ་རྣམས་བསྡུས་པས་སྐུ་གསུང་མཆོག །དཀྱིལ་འཁོར་སློབ་དཔོན་ཕྱག་རྒྱ་དང་། །གསང་སྔགས་གྲོགས་དང་ཡུལ་བཅས་པ། །ཡང་དག་བརྟན་པས་བརྗིད་བྱེད་ཅིང་། །བཅུ་གཉིས་ཉི་ཤུ་རྩ་ལྔ་དག །གསང་བའི་མཆོག་ཏུ་གྱུར་པའོ། །དམ་པའི་


DNG010_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཀུན་རྒྱས་པ་ཡི། །ཕྱག་རྒྱའི་ཡན་ལག་མཐའ་ཡས་ཤིང་། །རང་གི་གནས་སུ་འཇུག་བྱེད་པས། །དམ་ཚིག་ཆེན་པོ་གསང་བའི་བདག །རིགས་ཀྱི་འཁོར་ལོ་སྟོང་རྩ་བརྒྱད། །རྒྱ་ཆེན་བཀོད་པའི་གནས་རྫོགས་འགྱུར། །ཡང་དག་ཡང་དག་མ་ཡིན་སེམས། །དེ་དག་ཉོན་མོངས་ལ་སོགས་སྒྲིབ། །ཕྱི་རོལ་གཞན་གྱི་དོན་ཚོགས་ཏེ། །སངས་རྒྱས་ཐེག་པར་མི་འགྱུར་རོ། །ཐེག་པའི་མཆོག་རྣམས་མཐའ་ཡས་པའི། །འབྲས་བུ་གསང་ཆེན་འདི་ཉིད་ཡིན། །ཡེ་ནས་དག་མཉམ་རྟོག་པས་སྤྱད། །མཉམ་ཉིད་རྫོགས་པའི་ཚུལ་གྱིས་འགྲུབ། །ཅེས་ཀུན་ཏུ་རྒྱ་ཆེན་བསྟན་པར་མཛད་དོ། །རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་རོལ་པ་ཆེན་པོའི་རྒྱུད་ལས། དམ་ཚིག་བཀོད་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་རིགས་ཀྱི་འཁོར་ལོ་མཆོག །དེ་བཞིན་གཤེགས་རྣམས་མ་ལུས་པས། །ཉེ་བའི་དཀྱིལ་འཁོར་བཟང་པོ་ཉིད། །བསྙེན་བསྒྲུབ་རྫོགས་པའི་ཡན་ལག་མཆོག །ཐམས་ཅད་དག་པས་དབང་བསྒྱུར་ཞིང་། །འབྲས་བུ་སྒྲིབ་པ་མེད་པའི་བདག །ཐུན་མོང་གནས་ཀྱི་བྱེ་བྲག་གིས། །ལས་ཀུན་དངོས་པོ་མ་འདྲེས་ཆོས། །ཐབས་དང་ཤེས་རབ་ལས་བྱུང་བ། །ཐ་དད་གང་གིས་གང་སྟོན་ཅིང་། །མཐའ་དང་དབུས་བྲལ་ཡུལ་ཀུན་ཉིད། །མ་ལུས་བཀོད་པའི་དངོས་གྲུབ་མཆོག །སངས་རྒྱས་ཀུན་གྱིས་བསྟན་པར་མཛད། །རྟེན་ཅིང་འདྲེལ་པར་འབྱུང་བའི་ཆོས། །ཐབས་རྣམས་ཡན་ལག་རྫོགས་པ་ཡིས། །འགྲོ་བ་ཀུན་གྱི་ལས་དག་པ། །དེ་དག་རྫས་ཀུན་མངོན་པར་སྣང་། །རང་བཞིན་ཡེ་ཤེས་ཀུན་རྫོགས་གནས། །རིགས་ཀྱི་འཁོར་ལོ་ཡུམ་དང་བཅས། །གཉིས་མེད་རོལ་པའི་བྱིན་རླབས་ཀྱིས། །འབྱུང་བའི་ཚོགས་རྣམས་བཤིགས་པ་དང་། །སྤྲོ་ཞིང་སྤར་དང་བཀོད་མཛད་དེ། །སྔ་མའི་གནས་ཀུན་གཞན་འགྱུར་བར། །བྱ་བ་ཆེན་པོའི་དོན་སྟོན་མཛད། །ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། ས་མ་ཡོ་གཱི་ནི་རྟི་སྭཱ་ཧཱ།


DNG010_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་མནྡྷ་ལ་གརྦྷེ་ཧཱུྃ་སྭ་བྷཱ་ཝ་ས་མ་ཡཱ་ཧཾ། ཨོཾ་སརྦ་ཤུདྡྷོ་། ཨོཾ་བ་རི་གརྦྷ་སིདྡྷི་ཧཱུྃ། ཨོཾ་ག་ག་ན་སམྦྷོ་ཏ་ན་ཧཱུྃ། དེ་དག་ཡུལ་བཅས་འགྱུར་བྱེད་ཅིང་། །རིགས་ཚོགས་ཕྱག་རྒྱ་སྔགས་དང་བཅས། །ཏིང་འཛིན་སྤྲོས་པའི་ཚུལ་ཉིད་ཀྱིས། །དེ་ཉིད་གནས་མཆོག་འགྲུབ་པར་འགྱུར། །དཔག་ཚད་བརྒྱ་དང་སྟོང་ལ་སོགས། །རབ་ཏུ་གྲགས་པའི་མཁས་རྣམས་ཀྱིས། །ཐ་སྙད་ཡུལ་རྣམས་སྦྱོང་མཛད་ཅིང་། །འདོད་པའི་དངོས་གྲུབ་ཀུན་གྱིས་གཟུགས། །རང་སེམས་དྲི་མེད་སྦྱངས་པའི་མཐུས། །དཔག་བསམ་ཤིང་དང་རིན་ཆེན་སོགས། །རྫས་ཀྱི་མཆོག་རྣམས་འགྲུབ་བྱེད་ཅིང་། །དེ་ནས་ལོངས་སྤྱོད་ཚིམས་པར་འགྱུར། །ཐུན་མོང་མངོན་པར་ཤེས་པའི་སྟོབས། །ཐབས་ཀྱི་བྱེ་བྲག་མཐའ་ཡས་པ། །རིག་པ་བཟང་པོའི་ཕྱག་རྒྱ་ཡིས། །འཁོར་ལོ་རྣམས་བཅས་ཀུན་ཏུ་སྦྱོར། །རལ་གྲི་མིག་སྨན་བཅུད་ལེན་དང་། །རྐང་མགྱོགས་གསེར་འགྱུར་བུམ་པ་བཟང་། །མཁའ་འགྲོ་འཇིག་རྟེན་ཀུན་སྤྱོད་པ། །འཁོར་ལ་སོགས་པ་རིག་པའི་བདག །རྡོ་རྗེ་ཨ་ཛི་ར་ལའི་ཚོགས། །མ་གཡོས་ཀུན་ཏུ་ཁྱབ་བྱེད་པའི། །དངོས་གྲུབ་ལ་སོགས་གྲངས་མེད་བདག །རང་གི་ལྷ་ཡི་ཏིང་འཛིན་རྫོགས། །དཀྱིལ་འཁོར་ཀུན་ནས་དཀྱིལ་འཁོར་ལྡན། །འཁྲུལ་འཁོར་ཉི་རིམ་སྦྱོར་བ་དག །སྔགས་དང་ཕྱག་རྒྱ་དབང་སྦྱོར་ཏེ། །བསམ་གཏན་ཡུལ་ཚོགས་ཀུན་གསལ་བ། །རྒྱུ་འབྲས་བྱེ་བྲག་ཐ་དད་རྣམས། །རང་གི་རྐྱེན་གྱིས་རྣམ་པར་འགྲུབ། །ཕོ་བྲང་དཀྱིལ་འཁོར་བཟང་པོ་ཉིད། །རྩེ་གཅིག་ལྡན་པས་བརྟན་པར་འགྱུར། །ཨོཾ་སརྦ་ཨ་ནུ་ར་ག་ས་མོ་ག་ཏ་ན་ཧཱུྃ། ཨོཾ་མ་ཧ་ས་མ་ཡཱ་ཧྲི་ཏ་ནི་མ་ན་གརྦྷ་ཧཱུྃ། རཱ་ག་ཛྭ་ལ་ཛྭ་ལ་པྲ་མོ་ཏ་ན་ཧཱ། ཨོཾ་སརྦ་ག་ནི་ལོ་ཀ་ན་པྲ་ཏཱི་ཤྭ་ར་ཧཱུྃ་ཕཊ་སྭཱ་ཧཱ། ཁམས་གསུམ་ཐམས་ཅད་རྣམ་པར་དག །རིགས་ཀྱི་དཀྱིལ་འཁོར་ཀུན་རྫོགས་བྱེད། །ཡང་དག་བདེན་པའི་བྱིན་རླབས་ཀྱིས། །འདིར་


DNG010_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ལས་ཀུན་འགྲུབ་གྱུར་ཅིག །སངས་རྒྱས་ཀུན་གྱི་གཟི་བརྗིད་དང་། །གསང་བ་སྔགས་ཀྱི་འཁོར་ལོ་མཆོག །ཕྱག་རྒྱ་བདེན་པའི་བྱིན་སྟོབས་ཀྱིས། །ལས་ཀུན་དངོས་གྲུབ་སྟོབས་རྫོགས་ཤོག །སྨོན་ལམ་རྣམ་པར་དག་པ་ཡི། །བྱིན་རླབས་ཚོགས་གཉིས་རྫོགས་པ་ཉིད། །ཇི་སྲིད་བདག་གི་དབང་དུ་ནི། །དོན་ཀུན་བསམ་པའི་ལས་རྫོགས་ཤོག །བསྙེན་པའི་ཡན་ལག་རྣམ་བཞི་ཡིས། །རྡོ་རྗེ་བཀོད་པ་མཐའ་ཡས་མཆོག །གཙོ་བོ་རིགས་ཀྱི་སྐུར་རྫོགས་པས། །ཕྱག་རྒྱའི་ཡུལ་ཀུན་བརྟན་པར་མཛད། །ཉེ་བར་བསྙེན་པའི་ཡན་ལག་བཞིས། །ཆོས་དོན་ལྷ་མོ་གཟུངས་ཀྱི་ཚོགས། །སྦྱོར་བའི་ཕྱག་རྒྱ་ཀུན་སྤྱོད་ཅིང་། །སངས་རྒྱས་ཐམས་ཅད་བརྟན་པའི་བདག །བསྒྲུབ་པའི་ཡན་ལག་རྣམ་བཞི་ཡིས། །ཞིང་ཁམས་ཆེན་པོ་ཀུན་སྦྱངས་ཤིང་། །ཕྱི་ནང་ཡུལ་ཀུན་རྫོགས་པ་ཉིད། །དཀྱིལ་འཁོར་བརྟེན་པའི་འཁོར་ལོ་རྫོགས། །བསྒྲུབ་པ་ཆེན་པོའི་ཡན་ལག་བཞིས། །སངས་རྒྱས་ཐམས་ཅད་སྦྱོང་མཛད་ཅིང་། །རྟེན་དང་བརྟེན་བཅས་མངོན་པར་འཕྲུལ། །ཕྱོགས་དུས་ཡེ་ཤེས་རྫོགས་པའི་མཆོག །རབ་དགའི་ཚུལ་གྱིས་མངོན་སུམ་དུ། །ཐབས་ཀྱི་འཁོར་ལོ་འགོག་པ་དང་། །ཤེས་རབ་འཁོར་ལོ་འགོག་པའི་མཆོག །ཕྱག་རྒྱ་གསང་བའི་བསྒྲུབ་པ་ཉིད། །གཉིས་མེད་དོན་གྱིས་རྣམ་པར་སྤྱོད། །ཉེ་བར་བསྟན་པའི་རྫས་རྣམས་ལ། །རྟེན་ཅིང་འདྲེལ་པར་འབྱུང་བའི་མཐུས། །རིགས་མཆོག་ཕྱག་རྒྱ་གསལ་འགྱུར་ཞིང་། །འཁྲུལ་འཁོར་ཕྱག་རྒྱའི་བྱེ་བྲག་གིས། །སངས་རྒྱས་ཀུན་གྱི་གཟུགས་སྟོན་ཅིང་། །མཁའ་ལ་ཀུན་གཟུགས་སྣང་བ་ཡི། །རྡོ་རྗེ་འཁོར་ལོ་རིན་ཆེན་དང་། །པདྨ་རལ་གྲི་སྣ་ཚོགས་གཟུགས། །ཉེ་བར་སྤྱོད་པའི་ཕྱག་རྒྱ་ཉིད། །མཚན་མའི་དངོས་གྲུབ་སྣ་ཚོགས་པ། །རང་གི་རྟེན་བཞིན་སྐྱེ་བར་འགྱུར། །སྐུ་དང་གསུང་ཐུགས་ལས་བྱུང་བའི། །དངོས་གྲུབ་སྙིང་པོའི་ལྷ་གནས་མཆོག །རང་གནས་མཐོང་བའི་ཡེ་ཤེས་ཀྱིས། །ས་གསུམ་དབང་ཕྱུག་རྫོགས་པར་འགྱུར། །


DNG010_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱའི་ཆོ་ག་གང་རྫོགས་པ། །ལམ་ཀུན་བསྐྱེད་པའི་ཡན་ལག་སྟེ། །མི་ཤིགས་དཀྱིལ་འཁོར་སྔགས་ཀྱི་མཐུས། །བྱ་བ་ཆེན་པོའི་དོན་རྫོགས་ཤིང་། །ཟག་པ་མེད་པའི་དངོས་གྲུབ་མཆོག །རབ་ཏུ་བརྟན་པས་འབྲས་བུ་ཉིད། །སངས་རྒྱས་ཀུན་གྱི་ཡེ་ཤེས་མཆོག །དུས་གསུམ་རྡོ་རྗེ་འདུས་མ་བྱས། །སྣང་དང་སྟོང་པ་ལས་གྲོལ་ཞིང་། །མཐའ་དབུས་དུས་སོགས་མཚན་རྣམས་བྲལ། །གཉིས་མེད་ཡེ་ཤེས་དངོས་གྲུབ་མཆོག །རང་གནས་བྱང་ཆུབ་སེམས་ལས་སྐྱེ། །སྐྱེ་འགག་རྟག་ཆད་སྤྲོས་པའི་གཞི། །ཞེན་པའི་ཐ་སྙད་ཡུལ་བྲལ་ཞིང་། །ཁྱབ་དང་ཁྱབ་བྱེད་སྣ་ཚོགས་དག །ཡང་དག་ཆོས་སྐུའི་རང་བཞིན་ལས། །ལོངས་སྤྱོད་རྫོགས་དང་སྤྲུལ་པའི་ཚོགས། །འབྲས་བུའི་མཛད་བཅས་རྣམ་པར་དག །མི་གཉིས་དངོས་གྲུབ་བརྟན་འགྱུར་བའོ། །ཕྱོགས་ཀུན་ནས་ཡང་དག་པར་སྟོན་པའི་ཚུལ་གྱིས།དེ་དག་གི་སྣང་བ་དང་བཅས་པས་ཀུན་ནས་རྒྱས་པར་གྱུར་ཏོ། །རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་རོལ་པ་ཆེན་པོའི་རྒྱུད་ལས། བསྒྲུབ་པའི་སྒོ་རྣམ་པར་དབྱེ་བའི་ལེའུ་སྟེ་དགུ་པའོ།། །།དེ་ནས་ཞིང་ཁམས་མ་ལུས་རྣམས། །རིགས་ཀྱི་ཕྲིན་ལས་ཐམས་ཅད་ཀྱིས། །སངས་རྒྱས་དངོས་གྲུབ་མཐའ་ཡས་རྣམས། །ཐ་དད་རྫོགས་པས་ཐེག་པའི་མཆོག །རང་བཞིན་སངས་རྒྱས་ཐམས་ཅད་ཀྱིས། །བསྟན་པའི་ཚོགས་རྣམས་གསལ་མཛད་ཅིང་། །ཀུན་ཀྱང་ཞིང་ཁམས་རྣམ་པར་དག །ཕྲིན་ལས་ཀུན་ནས་མ་འགགས་པའོ། །རིགས་མཆོག་ལྷུན་གྱིས་གྲུབ་པ་ཡི། །ཕྱག་རྒྱ་གསང་སྔགས་རྒྱུད་ལྡན་པ། །ནམ་མཁའི་མཐའ་ཀླས་ཡུལ་རྣམས་དང་། །བྱ་བ་ཀུན་ནས་རྣམ་པར་དག །ཐེག་པའི་མཆོག་ནི་བྱེ་བྲག་གནས། །དམ་པའི་ཡུལ་ཀུན་རྫོགས་པ་ཉིད། །དེ་དག་ཆ་ཤས་ཆ་ཤས་འདས། །ལས་དང་འབྲས་བུ་མཐའ་ཡས་མཆོག །ཕྱི་ནང་རྫས་ཀྱིས་འགྲུབ་པར་


DNG010_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། །སངས་རྒྱས་ཐམས་ཅད་བསྒྲུབ་པའི་གནས། །ཕྲིན་ལས་ཡུལ་རྣམས་མཐུན་པའི་རྫས། །ཞི་རྒྱས་དབང་དང་མངོན་སྤྱོད་དང་། །མཉམ་གཉིས་ལྷུན་གྱིས་གྲུབ་པའི་བདག །རིགས་ཀྱི་དཀྱིལ་འཁོར་རབ་འབར་བ། །རིགས་ཀྱི་ཕྱག་རྒྱ་མཚན་མར་བཅས། །ཡུལ་བཞིའི་ཚོགས་དང་མཉམ་སྦྱོར་ཞིང་། །ཕྱག་རྒྱ་ཡན་ལག་ཀུན་རྫོགས་པ། །ང་ཉིད་སངས་རྒྱས་ཀུན་གྱི་སྐུ། །རབ་རྫོགས་ཕྲིན་ལས་བདག་པོའི་ཚུལ། །འོད་འཕྲོ་སྣང་བའི་ཕྲེང་བས་མཛེས། །རིགས་མཆོག་དཀྱིལ་འཁོར་འཁོར་ལོ་བཅས། །སྦྱོར་བའི་ཚུལ་གྱིས་འགྲུབ་བྱེད་ཅིང་། །རྣམ་གསུམ་གསལ་བས་རྫོགས་པར་འགྱུར། །རིགས་ཀྱི་རྒྱུ་དབྱིབས་མ་འདྲེས་ཤིང་། །ཁ་དོག་ཕྱག་རྒྱའི་མཚན་མས་མཛེས། །རྒྱ་མདུད་ཉིས་བརྩེགས་བཅུ་དྲུག་ཆ། །དཀྱིལ་འཁོར་གནས་རྣམས་རྫོགས་བྱས་ཏེ། །དབང་དང་བྱིན་རླབས་གཟི་མདངས་བསྐྱེད། །རྩེ་མོ་སོ་སོའི་བྱེ་བྲག་བཞིན། །རིགས་ཀྱི་མཚན་མ་ཡི་གེར་བཅས། །ཟླུམ་པོ་གྲུ་བཞི་ཟླ་གམ་དང་། །གྲུ་གསུམ་བརྗིད་པའི་རི་བོའི་ཚུལ། །ངེས་པར་བཏབ་ན་ལྷ་རྣམས་ཡང་། །སྐད་ཅིག་ཡུད་ལ་འགྲུབ་པར་འགྱུར། །ཐབས་དང་ཤེས་རབ་སྙོམས་འཇུག་པའི། །རྡོ་རྗེ་གཏུན་ཁུང་བྱིན་རླབས་ཅན། །རབ་ཏུ་སྦྱོར་བའི་གནས་རྫོགས་པས། །ཁམས་གསུམ་རྫས་རྣམས་ཡུལ་དང་བཅས། །གཉིས་མེད་འོད་ཟེར་སྦྱར་བའི་མཐུས། །ཕྲིན་ལས་རྣམ་བཞིའི་ཚུལ་བཞིན་དུ། །རབ་རྫོགས་བརྟན་པའི་ལས་ཀྱིས་འགྲུབ། །ཀུན་ནས་སྦྱར་བ་གཏོར་མའི་རྫས། །ཁ་དོག་དབྱིབས་རྫས་ཕུན་སུམ་ཚོགས། །སོ་སོའི་དྲིར་བཅས་སྔགས་ལྡན་པས། །ལས་རྣམས་རྫོགས་པ་ཉིད་དུ་འགྱུར། །བྲོ་གར་འདུ་འཕྲོའི་ཕྱག་རྒྱ་དང་། །རྡོ་རྗེ་ལུ་གུ་རྒྱུད་བསྡམས་ཏེ། །ཕྱོགས་རྣམས་ཀུན་ནས་བསྐྱོད་བྱས་ཏེ། །ཕྲིན་ལས་མངོན་པར་རྫོགས་པ་ཉིད། །དཀྱིལ་འཁོར་ཀུན་ནས་མཉམ་རྫོགས་ཤིང་། །འོད་སྤྲུལ་ཕྱག་རྒྱའི་གནས་ཉིད་དུ། །རབ་འབར་རྡོ་རྗེའི་མཚོན་ཆ་ཡིས། །འདོད་པའི་ཡུལ་


DNG010_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལྷ་གནས་པའོ། །འབར་བའི་ཧོམ་ཁུང་གནས་ཀྱི་མཆོག །དམ་ཚིག་མེ་གནས་འཁོར་ལོ་ལ། །ཡེ་ཤེས་འཁོར་ལོ་མཉམ་རྫོགས་པས། །སྦྱིན་བསྲེག་ཀུན་ནས་རྒྱས་པར་འགྱུར། །དགུག་དང་གཏང་དང་བཅིངས་དང་བཀྲོལ། །གསོ་གསད་འཕམ་རྒྱལ་ལ་སོགས་རྣམས། །སྦྱོར་བའི་ཡན་ལག་ཀུན་ལྡན་པས། །བསྟན་པའི་ཡན་ལག་རྫོགས་པར་འགྱུར། །ལྕགས་ཀྱུ་ཞགས་པ་ལ་སོགས་རྫས། །དེ་དག་འདོད་པའི་ཕོ་ཉ་མཆོག །ཐབས་དང་ཤེས་རབ་མཉམ་སྦྱོར་བས། །བྱང་ཆུབ་སེམས་སོགས་དཀྱིལ་འཁོར་ཀུན། །ཕྱོགས་མཚམས་བླ་འོག་རྣམས་སྤྲོས་ཏེ། །སྤྲུལ་པ་མཁའ་འགྲོ་ཕྲ་མེན་ཚོགས། །ལྷ་མོ་ཀུན་གྱི་སྦྱོར་བ་ཡི། །འཁོར་ལོ་མཆོག་ཏུ་གྱུར་པ་རྣམས། །རབ་རྫོགས་སྤྲུལ་བཅས་བྱིན་བརླབས་བཞིན། །ཆ་ཤས་གྲངས་ལས་རྣམ་པར་འདས། །མེ་ལྷའི་རྒྱལ་པོའི་རྫས་བཀུག་སྟེ། །ཕྱག་རྒྱ་འདི་ཡིས་བརྟན་བྱས་ལ། །འབར་བའི་སྙོམས་འཇུག་བརྡར་བཅས་པས། །ཁམས་གསུམ་ཡེ་ཤེས་འབར་བའི་མཆོག །རིགས་ཀྱི་རྒྱལ་བ་ཀུན་སྦྱོར་ཞིང་། །བྲོ་གར་འདུ་འཕྲོའི་གནས་འཇུག་པས། །མཚན་མའི་ཡུལ་ཀུན་རྣམ་པར་དག །ཕྲིན་ལས་ལྷུན་གྱིས་གྲུབ་པ་ཉིད། །སངས་རྒྱས་ཀུན་གྱི་རྣམ་འཕྲུལ་ཉིད། །བྱང་ཆུབ་སེམས་དཔའ་མ་ལུས་སྒྲོལ། །དེ་དག་མཛད་པ་རྒྱ་ཆེན་པོས། །ཁམས་གསུམ་ཡེ་ནས་རྣམ་པར་དག །དཀྱིལ་འཁོར་སྦྱོར་བ་ཀུན་རྫོགས་ཤིང་། །རྣམ་པར་འཕྲུལ་པའི་སྟོབས་རྫོགས་པ། །བྱ་བའི་གནས་རྣམས་རོལ་པ་ཉིད། །བསོད་ནམས་ཡེ་ཤེས་ཚོགས་ཆེན་རྫོགས། །ཞིང་ཁམས་ཆེན་པོ་ཀུན་འདས་པའི། །ས་དང་ལམ་བཅས་ཡང་དག་སྦྱོར། །བྱེ་བ་བཞི་འབུམ་འཁོར་ལོའི་སྐུ། །བཀོད་པ་གསང་བའི་བདག་ཉིད་མཆོག །སྡོང་གཅིག་མ་དང་མེ་རེག་སོགས། །དྲག་ཤུལ་སྦྱོར་བས་ཆགས་པའི་ཡུམ། །མངོན་སྤྱོད་ལས་ཀྱིས་སྒྲོལ་མཛད་ཅིང་། །འདོད་པ་ཀུན་འབྱུང་རྣམ་པར་སྤྱོད། །ལྗོན་པ་དག་


DNG010_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྕུག་ཕྲན་ལ། །ངོ་མཚར་ཡུལ་ཀུན་མཉམ་སྦྱོར་ཏེ། །ཞི་རྒྱས་དགའ་ཞིང་དྭངས་པའི་ཡིད། །ཕྲིན་ལས་འདོད་པ་ཀུན་གྱི་མཆོག །རང་བཞིན་མངོན་པར་འཕེལ་བའི་ཚུལ། །མི་ཤིགས་ཐིག་ལེའི་སྟོབས་རྫོགས་པས། །འཁོར་ལོ་དྲུག་གི་གནས་རྒྱས་འགྱུར། །རིམ་བཞིན་སྦྱོར་བའི་བྱིན་རླབས་ཀྱིས། །ལུགས་འབྱུང་ལུགས་ལས་ཟློག་པའི་ཚུལ། །རྣམ་པར་འཕྲོ་བའི་རྩོལ་བ་ལས། །ཁ་དོག་དྲུག་ལྡན་དཀྱིལ་འཁོར་རྒྱས། །དེ་དག་ཕྲིན་ལས་སྟོབས་རྫོགས་པས། །འཕྲོ་འདུ་གནས་པའི་ཕྲེང་བར་བཅས། །རིགས་ཀྱི་དཀྱིལ་འཁོར་ཇི་བཞིན་པར། །ཐམས་ཅད་བརྩམས་པའི་ལས་འགྲུབ་འགྱུར། །བྱ་བ་མཐའ་ཡས་པའི་སྒོ་ནས་མཛད་པའི་ལས་ཀུན་ཏུ་རྫོགས་པར་སྣང་ངོ་། །རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་རོལ་པ་ཆེན་པོའི་རྒྱུད་ལས། ཕྲིན་ལས་ཀྱི་ལེའུ་སྟེ་བཅུ་པའོ།། །།དེ་ནས་དེ་བཞིན་གཤེགས་པ་རྣམས། །ཉིད་ཀྱི་དཀྱིལ་འཁོར་ཁྲོ་བོ་ཡི། །རོལ་པའི་ཏིང་འཛིན་གནས་ལ་བཞུགས། །དཀྱིལ་འཁོར་ཕྲིན་ལས་སྤྲོ་མཛད་ཅིང་། །ཕྱོགས་བཅུའི་དྲེགས་བྱེད་ཐམས་ཅད་ཀྱིས། །ང་རྒྱལ་གཏུམ་ཚོགས་འཇིགས་མཛད་ཕྱིར། །རིགས་ཀྱི་བདག་པོ་བསྡུ་མཛད་ཅིང་། །ཁྲོ་བོ་རོལ་པའི་ཚོགས་སྤྲུལ་མཛད། །ཁམས་གསུམ་འཇིག་རྟེན་རྒྱ་ཆེན་པོར། །ཉོན་མོངས་ལས་ཀུན་ཞེན་པ་ཡི། །དྲེགས་བྱེད་ཚོགས་རྣམས་ཉོན་མོངས་མཐུས། །རང་གནས་རྒྱུད་ཀུན་འབར་བར་བྱེད། །ལས་ཀྱི་སྡུག་བསྔལ་ཚོགས་རྒྱས་པས། །ཀུན་ནས་ཉོན་མོངས་མནར་བར་འགྱུར། །བདུད་ཀྱི་སྡེ་རྣམས་དཔུང་བཅས་པ། །ཐམས་ཅད་དྲེགས་པའི་མཐུ་ཡི་མྱོས། །དེ་ནས་གཙོ་བོ་ལྷ་ཆེན་རྣམས། །ཉོན་མོངས་ལས་ཀྱི་སྤྱོད་པ་ཡིས། །འབྱུང་ཆེན་གནས་རྣམས་གཡོ་མཛད་ཅིང་། །གཅིག་ལ་གཅིག་གིས་གདུང་སེམས་དང་། །ཐབས་ཀྱི་སྦྱོར་བ་སྣ་ཚོགས་ཀྱིས། །རྒྱལ་སྲིད་ཡུལ་ཀུན་འཕྲོག་པར་བྱེད། །ལས་ཀྱི་སྡུག་བསྔལ་སྟོབས་རྒྱས་པའི། །མི་མཐུན་


DNG010_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཀུན་འཁྲུགས་པ་ལས། །འཇིག་རྟེན་ཁམས་རྣམས་མེ་འབར་ཞིང་། །རྨོངས་ཉམས་སྔངས་ནས་ལས་གཞན་འགྱུར། །དེ་ཚེ་ཉོན་མོངས་དྲེགས་པའི་མཐུས། །དུར་ཁྲོད་བདག་པོ་སྟོབས་རྒྱས་ཤིང་། །ལས་ཀྱི་ཉོན་མོངས་ཀུན་ནས་སྤྱོད། །དྲེགས་བྱེད་སྡེར་བཅས་འཇོམས་བྱེད་པའི། །རཱུ་ཏྲ་མངོན་པར་ལྷགས་གྱུར་ཏེ། །ཁམས་གསུམ་མངོན་གནས་རིགས་གནས་ཀུན། །རྔམ་འཁྲུགས་མྱོས་ཤིང་དྲེད་པར་བྱེད། །དེ་ཉིད་སྟོབས་ཀྱིས་ལུས་ངག་ཡིད། །ཀུན་ནས་སྤྲུལ་པའི་ཚོགས་འགྱེད་ཅིང་། །རང་གི་མཐུ་སྟོབས་ཕྱོགས་བཅུར་སྤྲོ། །ཉོན་མོངས་ཉོན་མོངས་སྡུག་བསྔལ་ཚོགས། །ཀུན་ནས་གཟིར་བའི་འགྲོ་རྣམས་དང་། །དེ་དག་བདག་པོའི་དྲེགས་བྱེད་དཔུང་། །ཐམས་ཅད་སྡུག་བསྔལ་གཅིག་ཏུ་འབར། །ལས་ཀྱི་བདག་པོས་དབང་བསྡུས་ཏེ། །དེ་ཉིད་ཉོན་མོངས་བསྙེམས་པར་གནས། །དེ་དག་ཀུན་ནས་དྲེགས་པའི་མཐུས། །མི་དགེ་གནས་སོགས་ལོངས་སྤྱོད་པའི། །སྡེར་བཅས་དེ་དག་ལས་བཞིན་སྤྱོད། །སྔོན་དུས་ཡང་དག་བརྟན་པའི་སྟོབས། །ཐམས་ཅད་མཁྱེན་པས་གཟིགས་གྱུར་ནས། །ཐུགས་རྗེའི་དཀྱིལ་འཁོར་ཀུན་སྣང་བའི། །ཁྲོ་གནས་མངོན་པར་སྤྲུལ་པ་མཛད། །ཁྲོ་བོའི་སྤྲིན་ཕུང་མཐའ་ཡས་པའི། །སྐུ་གསུང་ཐུགས་སོགས་བཀོད་པའི་མཐུས། །ཕྱོགས་བཅུའི་དཀྱིལ་འཁོར་མཐའ་རྒྱས་ཤིང་། །སྟོང་གསུམ་རྡུལ་སྙེད་སྣང་བྱས་ཏེ། །འཇིགས་པའི་གཟུགས་ཅན་མཚོན་ཆ་དང་། །རབ་གཏུམ་གསང་སྔགས་དྲག་པོ་ཡིས། །ཉོན་མོངས་ལས་ཀུན་དག་པར་མཛད། །ཕྱོགས་བཅུའི་བགེགས་རྣམས་བཏུལ་བ་ཡིས། །དྲེགས་པའི་སྟོབས་རྣམས་དཔུང་བཅོམ་སྟེ། །རང་གི་དཀྱིལ་འཁོར་གནས་ལ་བཀོད། །རབ་གཏུམ་དྲག་པོའི་འབྱུང་པོ་རྣམས། །ཉོན་མོངས་ངར་བཅས་ཚོགས་རྣམས་སྤྲུལ། །འཇིགས་པའི་གཟུགས་དང་མཚོན་ཆ་དང་། །ཕྲ་མེན་མཁའ་འགྲོའི་རྦོད་གཏོང་འགྱེད། །དྲག་པོའི་འགྲོ་བ་མ་ལུས་


DNG010_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན། །ལས་ཀྱི་སྟོབས་རྫོགས་མཐུར་ལྡན་ཞིང་། །བདུད་རིགས་ནག་པོའི་ཕྱོགས་སུ་གནས། །སངས་རྒྱས་ཀུན་གྱི་རྫུ་འཕྲུལ་གྱིས། །སྟོབས་ཆེན་ཁྲོ་བོ་གྲངས་མེད་ཚོགས། །ཕྱོགས་རྣམས་ཀུན་ནས་སྤྲོ་མཛད་སྟེ། །འཇིགས་པའི་མཚོན་ཆའི་ཆར་ཕབ་སྟེ། །དེ་དག་སྡེར་བཅས་བརླགས་པར་མཛད། །མ་ལུས་ཤ་ཁྲག་རུས་པའི་ཚོགས། །ངོ་མཚར་ཆེན་པོའི་ཞལ་དུ་གསོལ། །ཡེ་ཤེས་ཆོ་འཕྲུལ་ཡན་ལག་རྣམས། །ཀུན་ཏུ་རོལ་པས་སྦྱོར་མཛད་ཅིང་། །ངོ་མཚར་བཅུ་གཉིས་ཆ་ལུགས་ཀྱིས། །རིགས་ཀྱི་དཀྱིལ་འཁོར་གནས་སུ་བཀོད། །མཐུ་ལྔ་སྨན་དབང་ལྔ་ཡང་ལྔ་འབྲས་བུ་ལྔ། །རབ་རྫོགས་བསྟན་པས་ཁྲོ་བོའི་སྐུ། །ངོ་མཚར་ཆེན་པོའི་ཡུལ་རྣམས་དག །དེ་དག་བསྟན་པས་རྫོགས་པ་ཉིད། །ཉོན་མོངས་ཤ་ཁྲག་རུས་བཅས་པས། །དུག་གསུམ་རྣམ་དག་མཆོད་པ་ཆེ། །ཡང་དག་གསོལ་བས་དགྱེས་པ་དག །ཐུགས་རྗེ་ཆེན་པོས་སླར་བཟུང་སྟེ། །ཤེས་རབ་སྙིང་རྗེ་འདྲེལ་པའི་ཚོགས། །ཁམས་གསུམ་ས་གནས་མངོན་པར་སྒྲོལ། །རྣམ་གསུམ་སྐུ་གསུང་ཐུགས་ཀྱི་བདག །འོག་མིན་མི་འཁྲུགས་བདེ་ལྡན་གནས། །རིགས་ཚོགས་བྱང་ཆུབ་སེམས་དཔར་བཅས། །ཐུགས་རྗེ་མངོན་འབྱུང་དཀྱིལ་འཁོར་ཉིད། །བདུད་རྩི་འབྱུང་བའི་དཀྱིལ་འཁོར་གྱིས། །མི་གཙང་སྙིགས་མའི་ཚོགས་རྣམས་ཀུན། །མངོན་པར་བསྟན་པས་རྫོགས་པའི་སྐུ། །ཐལ་བའི་དབང་པོ་ཞེས་བྱ་བའི། །དེ་བཞིན་གཤེགས་པའི་ཐུགས་རྗེའི་བདག །བསྐལ་པ་བཟང་པོའི་དུས་ཉིད་དུ། །མ་འོངས་འགྲོ་གནས་སྤྱོད་པར་འགྱུར། །ཐབས་མཁས་མངོན་པར་རྫོགས་པ་ཡི། །སངས་རྒྱས་མཛད་པ་ངོ་མཚར་ཆེ། །དྲེགས་བྱེད་ཐལ་བར་བརླག་པ་ལས། །ཐལ་བའི་དབང་པོར་ལུང་བསྟན་མཛད། །དེ་ཕྱིར་གསང་བའི་ཐེག་པ་འདི། །ཐབས་དང་ཤེས་རབ་རོལ་པའི་རྒྱུད། །སྒྱུ་འཕྲུལ་ཐལ་བ་ཞེས་བྱ་བའི། །ངོ་མཚར་བཤད་པའི་དྲ་བའོ། །དུས་གསུམ་འབྱུང་བའི་གནས་རྫོགས་པས། །ཀུན་མཆོག་གོ་འཕང་ཐབས་རྫོགས་པས། །རབ་ཏུ་


DNG010_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པའི་དཀྱིལ་འཁོར་རྣམས། །ཡུལ་འདིར་མངོན་པར་རྫོགས་པ་ཉིད། །རྣལ་འབྱོར་ངོ་མཚར་ལས་བྱུང་བའི། །སངས་རྒྱས་ཀུན་གྱི་དགོངས་པ་མཆོག །རབ་ཏུ་སྤྱོད་རྣམས་གྲོལ་འགྱུར་ཞིང་། །ཚུལ་རྒྱུན་འཇུག་པས་མྱ་ངན་འདས། །དེ་ལྟར་འཕྲུལ་པའི་དཀྱིལ་འཁོར་མཆོག །རིགས་ཀྱི་བཀོད་པ་སྣང་མཐའ་ཡས། །ཉོན་མོངས་ལས་ཀྱིས་གདུངས་པ་ལ། །དེ་ཉིད་ཐབས་ཀྱིས་འདུལ་མཛད་དེ། །མཐུན་པའི་གཟུགས་དང་སྒྲ་ཉིད་དང་། །ཕྱག་རྒྱ་ཀུན་ནས་སྤྲུལ་པའི་ཚོགས། །མི་མཐུན་གནས་རྣམས་སྣ་ཚོགས་པའི། །ཆ་ལུགས་ཀུན་དངོས་འགྲོ་བའི་ཚུལ། །རྣམ་པ་ལྔ་ཡི་གདུལ་བྱ་ལ། །དེ་བཞིན་སྟོན་པའི་འདུལ་བྱེད་མཆོག །འཁོར་ནས་མྱ་ངན་འདས་སྦྱོར་བའི། །ཕྲ་མེན་ལྔ་བརྒྱ་དྲུག་ཅུ་གཉིས། །ཕྱོགས་བཅུའི་ཞིང་ཁམས་མཐའ་ཡས་པའི། །སྡེར་བཅས་རང་རྒྱུད་མཐུན་པའི་གཟུགས། །དེ་དག་གནས་རྫོགས་བསྡུ་མཛད་ཅིང་། །རྣམ་ཀུན་དག་པས་རྫོགས་པ་ཉིད། །རང་གི་དཀྱིལ་འཁོར་ཇི་བཞིན་པར། །ཕྱག་རྒྱ་འདུས་ཚོགས་ལྷ་མོའི་སྐུ། །མཁའ་འགྲོ་ཕྲ་མེན་སྒོ་བའི་ཚོགས། །རང་གི་ལག་ཆ་ཕྱག་རྒྱ་དང་། །ངོ་མཚར་ཡུལ་བཅས་རོལ་པ་ཉིད། །ལྷ་འདྲེ་དྲེགས་པའི་ཚོགས་རྣམས་ཀུན། །འདམ་རྫབ་མི་གཙང་གནས་དག་ནས། །ཚད་མེད་གདུང་སེམས་བྱང་ཆུབ་སེམས། །ལྡང་དང་རྣམ་པར་ལྡང་བའི་ཡིད། །ཀུན་ནས་སྤྱོད་པས་དབུགས་ཕྱུང་སྟེ། །མི་གཙང་གནས་ལས་གྲོལ་བར་གྱུར། །དེ་རྣམས་ཕྱོགས་གཅིག་གནས་གཅིག་འཁོད། །ཉོན་མོངས་ལ་སོགས་འགྱོད་བཅས་གདུངས། །རིགས་བདག་ཀུན་ལ་གསོལ་བ་འདེབས། །རང་གིས་འབྱོར་པའི་རྫས་ཕུལ་ཞིང་། །དབང་བསྐུར་དམ་ཚིག་ལ་གནས་འགྱུར། །ཀུན་ནས་དམ་བཅས་སྨྲས་པའི་ཚིག །དུས་གསུམ་མི་འགྱུར་བརྟན་པར་གནས། །རྡོ་རྗེ་ཐེག་པའི་དོན་བཞིན་དུ། །ཡང་དག་བསྒྲུབ་ལ་ནན་ཏན་གྱིས། །ཚོགས་ཀྱི་དཀྱིལ་འཁོར་


DNG010_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་བྱེད་ཅིང་། །དེ་མིང་འཛིན་བཅས་བསྲུང་བ་མཛད། །འཁོར་གྱི་དབང་ཕྱུག་བྲན་ཚོགས་རྣམས། །གཙོ་བོའི་བཀའ་བཞིན་ཉེ་བར་གནས། །མངོན་རྫོགས་སངས་རྒྱས་ཡེ་ཤེས་ལ། །ཤེས་རབ་ཆེ་ལྡན་སྦྱོར་བའི་མཐུས། །ཐུགས་རྗེའི་བདག་པོའི་ལུང་བཞིན་དུ། །རབ་ཏུ་སྤྱོད་པས་གྲོལ་འགྱུར་དང་། །དུས་མཐའ་ཇི་སྲིད་སེམས་ཅན་དོན། །དམ་བཅས་བྱང་ཆུབ་སྤྱོད་པ་མཆོག །སྟོབས་ཆེན་དྲག་པོའི་ཚོགས་རྣམས་ཀུན། །ཁྲོ་བོའི་དཀྱིལ་འཁོར་མངོན་རྫོགས་པ། །བདེ་གཤེགས་མཛད་པའི་བྱིན་རླབས་མཆོག །སྒྱུ་འཕྲུལ་དྲ་བའི་ངང་ཚུལ་ཅན། །ཤེས་རབ་གནས་ཀྱི་ཕྱག་རྒྱ་ལས། །ཀུན་ནས་སྤྲོ་དང་བསྡུ་བའི་ཚུལ། །འཁོར་ལོའི་གནས་ཀུན་རྒྱས་འགྱུར་ཏེ། །ཡང་དག་སྦྱོར་བའི་རླུང་གི་ཚོགས། །གནས་ཀུན་བརྟན་རྫོགས་སྡུད་པའི་བདག །མེ་རླུང་ཡང་དག་ཕྱོགས་རྒྱས་པས། །སྤྲུལ་པའི་དཀྱིལ་འཁོར་མཛད་བཅས་རྫོགས། །མ་ལུས་ཆོས་ཀྱི་གནས་འཇུག་ཅིང་། །ལོངས་སྤྱོད་རྫོགས་སྐུ་ཀུན་གྱི་བདག །ཡང་དག་བརྒྱད་ཀྱི་སྒྲ་གནས་སེལ། །རྣམ་ཤེས་ཚོགས་བརྒྱད་ཡེ་ཤེས་ཉིད། །བཅུ་དྲུག་རོལ་པའི་ཕོ་ཉ་ཡིས། །བདེ་བ་ཆེན་པོའི་འཁོར་ལོ་རྒྱས། །ཀུན་ནས་སྤྲོ་དང་བསྡུ་བ་ཡིས། །ཕྱི་ནང་འཇིག་རྟེན་དག་པར་མཛད། །དྲག་པོའི་ཚོགས་རྣམས་འཇོམས་མཛད་ཅིང་། །རིགས་ཀྱི་འཁོར་ལོ་རྫོགས་པའོ། །ཞིང་ཁམས་ཐམས་ཅད་དག་པར་མཛད། །དཀྱིལ་འཁོར་ཀུན་ནས་སྤྲུལ་པའོ། །རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་རོལ་པ་ཆེན་པོའི་རྒྱུད་ལས། ཁྲོ་བོའི་དཀྱིལ་འཁོར་མངོན་པར་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་རྣལ་འབྱོར་དབང་ཕྱུག་མཆོག །དབང་པོ་ཡུལ་དུས་རོལ་པ་ཡི། །ཐབས་དང་ཤེས་རབ་སྤྱོད་པའི་གཞི། །བྱ་བ་ཆེན་པོའི་ལས་འདི་གསུངས། །ཐབས་ཀྱི་ཕྱག་རྒྱས་མཐའ་རྣམས་རྫོགས། །དེ་དག་རྣམ་ཤེས་དབང་པོར་བཅས། །ཤིན་ཏུ་བརྟན་པའི་བདག་ཉིད་ཅན། །བྱ་བ་


DNG010_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ནས་སྐད་ཅིག་ལ། །རིགས་ཀྱི་འཁོར་ལོ་ཐམས་ཅད་ཀྱི། །ཕྱག་རྒྱའི་དཀྱིལ་འཁོར་ཐབས་ཀྱི་མཆོག །ཡུལ་བཅས་རྣམ་པར་དག་བྱེད་ཅིང་། །བདེ་གཤེགས་བྱང་ཆུབ་ཡན་ལག་རྫོགས། །ཡིད་ཀྱི་ཡི་གེ་རྒྱུན་དང་བཅས། །རྡོ་རྗེའི་རིགས་དང་དེ་བཞིན་གཤེགས། །རིན་ཆེན་པདྨ་ལས་རྣམས་ཀྱི། །ཆ་ལུགས་ཚུལ་གྱི་ཀུན་སྤྱོད་པས། །དག་པའི་དཀྱིལ་འཁོར་རྣམ་པ་གསུམ། །རྟོག་པ་བཞི་ཡི་བདག་ཉིད་ཅན། །གཉིས་མེད་ཡེ་ཤེས་ཐུགས་རྗེའི་མཆོག །འཕྲུལ་པའི་ཏིང་འཛིན་ཡོངས་སུ་རྒྱས། །ཐབས་ཀྱི་སྤྱོད་པ་རྒྱ་ཆེན་ཏེ། །ཀུན་ནས་སྤྲུལ་དང་བསྡུ་བ་དག །དེ་དག་དཀྱིལ་འཁོར་ཇི་བཞིན་པའོ། །སྤྲོས་བཅས་སྤྲོས་པ་མེད་པ་དང་། །རྩེ་གཅིག་བསྟན་པའི་ཕྱག་རྒྱ་མཆོག །ཤེས་རབ་རིགས་ཀྱི་ལྷ་མོ་རྣམས། །ཉེ་བར་བཀོད་སྦྱངས་བྱིན་གྱིས་བརླབས། །སོ་སོའི་མཚན་མ་རྒྱན་ལྡན་པར། །ཡང་དག་བརྒྱ་པས་སྦྱོར་བའི་གནས། །རྡོ་རྗེ་འཁོར་ལོ་ལ་སོགས་ཀྱི། །མཚན་ལྡན་མཚན་མའི་དོན་བཞིན་དུ། །རབ་ཏུ་སྦྱངས་པས་ཕྱག་རྒྱ་རྫོགས། །ཤེས་རབ་ཉེ་བར་སྦྱར་བའི་མཐུས། །རོལ་པའི་བརྟུལ་ཞུགས་གནས་རྒྱས་ཏེ། །གང་ཟག་བཞི་ཡི་བྱེ་བྲག་གིས། །ཐ་སྙད་དཀྱིལ་འཁོར་ཡུལ་ཀུན་རྫོགས། །རིགས་མཆོག་ཕྲིན་ལས་ཐམས་ཅད་ཀྱིས། །སྦྱོར་རྟགས་ཕྱག་རྒྱ་བདེ་བའི་ཡུམ། །ཐང་གཅིག་ཡུད་ཙམ་གཅིག་ལ་སོགས། །བསྐལ་པ་ཆེན་པོའི་བར་དུ་གནས། །མི་ཤེས་སྒྲིབ་སོགས་ཀུན་བྲལ་ཞིང་། །ཡེ་ཤེས་ཕུན་སུམ་ཚོགས་པའི་བདག །ཤེས་རབ་སྤྱོད་པ་བླ་ན་མེད། །ཆོས་དབྱིངས་ཡུལ་ཀུན་རྣམ་པར་སྦྱོར། །གཉིས་སུ་མེད་པའི་བདག་ཉིད་ཀྱིས། །ཐམས་ཅད་ཡུལ་ཀུན་དབང་བསྒྱུར་ཞིང་། །ཕུང་པོ་ཁམས་དང་སྐྱེ་མཆེད་སོགས། །ཕྱི་ནང་སྣོད་བཅུད་མ་ལུས་ཀུན། །རང་བཞིན་རྫོགས་པའི་དཀྱིལ་འཁོར་ཆེ། །དུས་གསུམ་མཉམ་པ་ཆེན་པོར་སྦྱོར། །ཤེས་རབ་དབང་པོ་ཡུལ་གྱི་རྒྱུན། །ཀུན་ནས་རོལ་པའི་བརྟུལ་ཞུགས་ཀྱིས། །བདེ་བ་ཆེན་པོའི་ཐིག་ལེའི་


DNG010_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས། །མཚན་མའི་ཡུལ་བཅས་གཉིས་མེད་པའི། །ཐབས་དང་ཤེས་རབ་འབྲས་བུའི་མཆོག །ཀུན་ནས་དཀྱིལ་འཁོར་སྙོམས་འཇུག་ཅིང་། །རང་བཞིན་ཡུལ་ཀུན་ལས་འདས་པའི། །ཟུང་འཇུག་གསང་བ་སྤྱོད་པའི་མཆོག །ཀུན་ནས་མ་འགགས་རོལ་པའི་ཆོས། །ལྷ་དང་ལྷ་མོའི་དཀྱིལ་འཁོར་ཉིད། །རྣལ་འབྱོར་གཉིས་མེད་སྤྱོད་པའི་དོན། །ངོ་མཚར་ཡུལ་ཀུན་རྨད་དུ་བྱུང་། །ཇི་ལྟར་འགྲོ་ཉལ་འདུག་པ་དང་། །སྤྱོད་ལམ་གང་ཚེ་གནས་པའི་དུས། །སྐུ་གསུང་ཐུགས་ཀྱི་བརྟུལ་ཞུགས་མཆོག །ཀུན་རྒྱུད་རྣམ་གསུམ་དག་པ་ཡི། །ཕྱག་རྒྱ་སྔགས་དང་ཏིང་འཛིན་གྱིས། །ཞིང་ཁམས་ཐམས་ཅད་རྣམ་སྦྱངས་ཏེ། །ཡང་དག་བསྲུངས་པས་འགྲུབ་པར་འགྱུར། །དམ་ཚིག་རྣམ་པར་ཉམས་པ་དང་། །མཐུ་དབང་བྱིན་རླབས་མེད་པ་དག །ཕྱག་རྒྱའི་དཀྱིལ་འཁོར་བརྟན་གནས་ཤིང་། །ཀུན་ནས་བསྲུང་བའི་འཁོར་ལོར་ལྡན། །ཐབས་དང་ཤེས་རབ་གནས་འཇུག་པའི། །སངས་རྒྱས་དོན་ཡོད་གྲུབ་པའི་མཆོག །ཡང་དག་སྦྱོར་བས་ཀུན་དགུག་ཅིང་། །མ་ལུས་འདུས་པའི་ཐིག་ལེ་ཉིད། །དམ་ཚིག་ཆེན་པོའི་ལྕེ་ལ་བཞག །སྐུ་གསུང་ཐུགས་ཀྱི་མཚན་མ་ཡིས། །རིམ་པར་གནས་སྦྱངས་དབང་བསྐུར་ཞིང་། །སངས་རྒྱས་ཀུན་གྱི་བྱིན་རླབས་མཆོག །ཀུན་ནས་འདུས་པའི་ཚུལ་བསྒོམས་ན། །རྣམ་གསུམ་རྫོགས་པའི་ཚུལ་འདིས་ནི། །དཀྱིལ་འཁོར་ཀུན་ནས་སྐལ་བ་མཉམ། །འདོད་པ་ཐམས་ཅད་བསྐང་བ་དང་། །དམ་ཚིག་མཆོག་རྣམས་རྫོགས་པར་འགྱུར། །ཁ་ཟས་སོགས་ཀྱིས་དུབ་པ་ཡང་། །སྤྱི་བོར་ཟླ་དཀྱིལ་བདུད་རྩི་ལྔ། །ཡི་གེ་ལྔ་འོད་འབར་བའི་མཐུས། །རིགས་དང་རིགས་བཅས་ཞིང་ཁམས་རྣམས། །རྣམ་པར་སྦྱོར་བས་རྫོགས་པ་ཉིད། །མཚན་མ་ཕྲ་མོ་སྐུ་ཡི་ཚོགས། །ཀུན་ནས་སྤྲོ་ཞིང་བསྡུ་བའི་མཐུས། །ཕྱོགས་བཅུའི་རིགས་རྣམས་བདག་པོ་ཉིད། །དཀྱིལ་འཁོར་ཀུན་གྱི་འབྱུང་གནས་གཙོ། །བདུད་རྩི་བཅུད་རྣམས་རབ་


DNG010_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པའི། །བྱང་ཆུབ་སེམས་ཚོགས་སྙིང་པོ་ཉིད། །ཡང་དག་བསྡུས་པས་རྒྱས་པར་འགྱུར། །ཀུན་ཏུ་ཚིམས་པའི་སྟོབས་ཀྱིས་ནི། །རྡོ་རྗེ་འཛིན་དང་སྐལ་མཉམ་འགྱུར། །ལོངས་སྤྱོད་འདོད་ཀུན་བྲལ་བ་ཡིས། །དེ་དག་རྒྱས་པ་འགྲུབ་བྱའི་ཕྱིར། །རིན་ཆེན་འབྱུང་གནས་ཏིང་འཛིན་མཆོག །རིན་ཆེན་བུམ་པ་བཟང་པོ་ལས། །ཡང་དག་བདེན་པའི་མཐུ་བརྗོད་ཅིང་། །ཇི་སྲིད་མེ་ཏོག་ཕྲེང་བ་ཡི། །བདུད་རྩིའི་ཆུ་རྒྱུན་བཟང་པོ་ཉིད། །འདོད་པ་ཐམས་ཅད་དབང་མཛད་པའི། །གསང་སྔགས་ཕྱག་རྒྱས་རྣམ་པར་སྤེལ། །རིན་ཆེན་རིགས་ཚོགས་ཐམས་ཅད་ཀྱི། །བྱིན་རླབས་ཡོན་ཏན་ཀུན་བསྡུས་ཏེ། །གནས་ལྔ་དག་ཏུ་སྦྱོར་བྱས་པས། །ཐམས་ཅད་རབ་ཏུ་རྫོགས་པར་འགྱུར། །འཁོར་ལོས་སྒྱུར་རྒྱལ་གནས་ཆེན་འགྲུབ། །ཡང་དག་སངས་རྒྱས་ཀུན་དང་མཉམ། །ཚེ་དབང་བྱིན་རླབས་ཉམས་པ་དག །མཐའ་ཡས་མགོན་པོ་དཔག་མེད་སྐུ། །མཛོད་སྤུ་རིན་ཆེན་གཞལ་ཡས་སུ། །བྱང་ཆུབ་སེམས་ཉིད་ཨུ་ཤའི་གཟུགས། །འོད་གསལ་ཁ་དོག་ལྔ་དང་ལྡན། །རིགས་ཀྱི་ཕྱག་རྒྱས་བརྟན་བྱས་ཏེ། །ཆགས་པའི་ཡུལ་བཅས་དབང་གི་སྐུས། །ཁྲོ་བོ་མཚོན་ཆའི་ཕྲེང་བར་བཅས། །ཡང་དག་སྲུང་བས་བསྲུང་བྱས་ཏེ། །མི་མཐུན་ལས་ཀུན་རྣམ་པར་འཇོམས། །ཁྲོ་བོའི་སྤྲུལ་པ་བསམ་ཡས་དང་། །ཕྱག་རྒྱའི་མཚན་མ་ཐམས་ཅད་ཀྱིས། །ཡུལ་ཀུན་གནས་བཅས་བཤིག་བྱས་ཏེ། །མཁའ་མཛོད་དྲ་བའི་ལས་ཆེན་པོ། །རྣམ་པར་སྤེལ་བར་རྒྱས་པ་དག །སངས་རྒྱས་ཀུན་གྱི་མདངས་ལྡན་པའོ། །སྤྲུལ་པའི་ཕྲེང་བ་འོད་དང་བཅས། །བཀྲ་ཤིས་གཡུང་དྲུང་དཔལ་བེའུ་མཆོག །བུམ་པ་བཟང་དང་གདུགས་ཀྱི་མཚན། །མི་ཤིགས་རྡོ་རྗེ་སྙིང་པོའི་སྐུ། །ཕྱག་རྒྱའི་བཀོད་པ་མཐའ་ཡས་ཤིང་། །ཚེ་དབང་རིགས་ཀུན་རྒྱས་མཛད་དེ། །ཕྱོགས་ཀུན་བསྲུང་བ་བླ་ན་མེད། །ཡིད་བཞིན་ནོར་བུ་ཐེག་པའི་མཆོག །འདོད་པའི་གནས་མལ་ཐམས་ཅད་དུ། །


DNG010_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་འདྲེལ་པས་ཆགས་པའི་གནས། །བཟའ་བཏུང་ལོངས་སྤྱོད་ཐམས་ཅད་ལ། །སྐུ་གསུང་ཐུགས་ཀྱི་ས་བོན་གྱིས། །འཕྲོ་འདུའི་བྱིན་རླབས་སྤྲུལ་པའི་ཚོགས། །གནས་ཀུན་ཉེ་བར་བསྒྱུར་བྱེད་ཅིང་། །འདོད་པའི་ལོངས་སྤྱོད་ལྷ་མོར་བཅས། །སངས་རྒྱས་ཐེག་པ་ཀུན་གྱི་བདག །དབྱིངས་དང་ཡེ་ཤེས་མཉམ་སྦྱོར་ཞིང་། །ལྔ་གཉིས་རྫོགས་པའི་འོད་ཟེར་དང་། །ཉི་ཤུ་རྩ་ལྔའི་འོད་ཟེར་གྱིས། །དོན་ཀུན་གསང་བའི་བདག་པོ་ལས། །སྦྱོར་བའི་ཡན་ལག་བདུན་དུ་སྣང་། །གཉིས་མེད་གཉིས་སུ་འཕྲུལ་པ་ཡི། །རྒྱལ་བ་ཀུན་འབྱུང་བདག་ཉིད་དོ། །ཀུན་ཏུ་བསྲུང་བའི་ཕྱག་རྒྱ་ཡིས། །གནས་རྣམས་ཀུན་ཏུ་རྒྱས་གདབ་ཅིང་། །ཅོད་པན་ཕྲེང་བ་མྱུ་གུར་བཅས། །རང་གི་དམ་ཚིག་རྫོགས་པའི་མཆོག །གནས་དྲུག་སྣ་ཚོགས་རྡོ་རྗེ་ལས། །ཁྲོ་བོ་ཡབ་ཡུམ་སྦྱོར་བའི་རྒྱ། །རིན་ཆེན་ཕྲེང་བ་རྡོ་རྗེས་མཚན། །རྒྱ་མདུད་གནས་ཀུན་བརྟན་པ་ཉིད། །དབུ་རྒྱན་རིགས་ལྔའི་མཚན་མས་མཛེས། །སངས་རྒྱས་ཀུན་རྫོགས་དབང་བསྐུར་མཆོག །སྣ་ཚོགས་བ་དན་ཕྲེང་སོགས་བཀླུབས། །གྲོང་ཁྱེར་བཟང་པོའི་གནས་འདི་རུ། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་པའི། །ལྷ་མོའི་མཆོད་པ་བླ་ན་མེད། །ཐབས་ལ་ཤེས་རབ་རོལ་པ་དང་། །ཐབས་ཀྱིས་ཤེས་རབ་རོལ་པ་ཉིད། །འཇུག་པ་རྒྱུ་དང་འབྲས་བུ་མཆོག །བྱ་བ་རྫོགས་པའི་ཕྱག་རྒྱ་ཡིས། །ཡང་དག་འཕོ་བ་བརྟན་མཛད་ཅིང་། །ཕྱོགས་མཚམས་གནས་ཀུན་འཇུག་པའི་ཚུལ། །མི་གཉིས་རྡོ་རྗེའི་ཚིག་ལྡན་པས། །གླུ་གར་དབྱངས་ཀྱིས་ཀུན་བསྐྱོད་ཅིང་། །ཡན་ལག་རོལ་པའི་འཁོར་ལོ་དག །རྣམ་པར་སྦྱང་བའི་བྱང་ཆུབ་སེམས། །མཚན་ལྡན་པདྨའི་ཕོ་བྲང་སྡུད། །བདུད་རྩི་རྣམ་པ་ལྔ་དང་བཅས། །བྱིན་རླབས་བསྒྲུབས་པས་གསལ་བ་ཉིད། །བདེ་བ་ཆེན་པོའི་གནས་རྣམས་སུ། །རོལ་པ་བརྟུལ་ཞུགས་གར་བསྒྱུར་ཞིང་། །ལྷ་མོའི་ཚོགས་ཀྱི་གར་དང་དབྱངས། །སྤྲུལ་པའི་དོན་ཀུན་སྤྱོད་པའི་མཆོག །བསོད་


DNG010_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

ནམས་ཚོགས་ཀྱི་འཁོར་ལོ་ཡིས། །ལུས་ངག་རྒྱུད་བཅས་དག་འགྱུར་ཞིང་། །རྣལ་གྲོལ་དཀྱིལ་འཁོར་རྫོགས་པའི་མཆོག །ཡེ་ཤེས་ཚོགས་མཆོག་མཐའ་ཡས་པའོ། །ཀུན་ཏུ་སྨོན་ལམ་མ་འགགས་པས། །མཚན་མའི་ཡུལ་ཀུན་སྦྱོར་བྱེད་ཀྱང་། །ཟག་བཅས་སྤྱད་པའི་རྟོག་ལས་བྱུང་། །ཁམས་གསུམ་འབྲས་བུ་ལས་དང་བཅས། །ཐུགས་རྗེ་ཡེ་ཤེས་བྱིན་རླབས་མཐུས། །གཉིས་མེད་དངོས་གྲུབ་འབྲས་བུ་རྣམས། །ཡུལ་ཀུན་རྫོགས་པའི་སྟོབས་ཀྱིས་ནི། །ཟག་པ་མེད་པའི་བདེ་འབྱུང་ཞིང་། །རང་གི་ངོ་བོ་གསལ་བར་བྱེད། །སྤྱོད་པ་རྣམ་པར་གྲོལ་བའི་མཆོག །རྒྱལ་བའི་མཛད་པ་ཀུན་རྫོགས་པའོ། །རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་རོལ་པ་ཆེན་པོའི་རྒྱུད་ལས། སྤྱོད་པ་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་འཁོར་གྱི་ཚོགས་རྣམས་ཀྱིས། །སངས་རྒྱས་ཀུན་གྱི་དཀྱིལ་འཁོར་ལ། །རབ་ཏུ་བརྟགས་པས་འཇུག་གྱུར་ཅིང་། །བྱིན་རླབས་ཡུལ་ཀུན་རྣམ་པར་འཇུག །རང་གི་ཡེ་ཤེས་ཇི་ལྟ་བར། །དེ་དག་སྣང་བ་བསམ་མི་ཁྱབ། །ཆོས་ཀྱི་རྒྱུན་གྱི་བྱ་བ་དག །མངོན་པར་སྤྱད་པས་རྒྱ་ཆེན་རྫོགས། །ངོ་མཚར་ཡ་མཚན་གནས་ལ་འཇུག །སངས་རྒྱས་ཐམས་ཅད་བསྟན་པའི་གནས། །རྣམ་པར་སྦས་པས་གསང་བའི་ཚུལ། །ཕྱག་རྒྱ་ཐབས་ཚོགས་ཆོ་ག་ཀུན། །བསྟན་པའི་གནས་སུ་འབྱུང་འཇུག་ཐིམ། །ཀུན་ཏུ་བཟང་པོའི་དཀྱིལ་འཁོར་ནི། །ཡང་དག་ཡི་གེའི་དཔེ་ལས་འདས། །དགོངས་པ་ཡེ་ཤེས་བླ་མེད་པ། །བྱ་བའི་འཁོར་ལོ་བསམ་མི་ཁྱབ། །སྐུ་ཡི་སྐུ་སྟེ་སྐུ་མཆོག་ཉིད། །མཉམ་པ་ལྔ་ཡི་བདག་ཉིད་ལ། །ཕྱག་རྒྱའི་དཀྱིལ་འཁོར་ཀུན་འཇུག་ཅིང་། །སུམ་ཅུ་རྩ་གཉིས་རྫོགས་པ་ཡི། །བསྙེན་བསྒྲུབ་ཡན་ལག་གནས་ཆེན་པོ། །ཨ་ཧ་ཨ་ཤའི་སྦྱོར་ལྡན་པས། །འཇིགས་བྱེད་ཡ་ཧ་ཙ་ཏའི་མཐའ། །ཕོ་བྲང་མ་བཅོས་པདྨའི་དབྱིངས། །བ་ཏ་བ་ར་སྭཱ་ཧཱ་ཛ། །རྒྱུ་ཡི་འཇུག་


DNG010_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམ་བདུན་གྱིས། །རྐྱེན་གྱི་ནམ་མཁའ་རྣམ་པར་དག །ཡང་དག་ཉེ་བར་བསགས་པའི་རྒྱུན། །དྲུག་དང་དྲུག་བཅས་མཐའ་རྣམས་འགོག །འབྲས་བུ་དེར་གནས་མཐུན་པའི་ཆོས། །རྣམ་གསུམ་སྦྱོར་བའི་སྟོབས་ཀྱིས་རྫོགས། །ཉམ་ང་མེད་པའི་ཐབས་རྣམས་ཀྱིས། །རྒྱལ་བའི་ཕོ་བྲང་བཅུ་དྲུག་གནས། །ཟླ་ཕྱེད་ཡོངས་སུ་རྫོགས་པ་ཡི། །དཀྱིལ་འཁོར་གསལ་བ་ཆེར་རྒྱས་འགྱུར། །མཚན་མ་སྣ་ཚོགས་ཏིང་འཛིན་དངོས། །དེ་དག་གནས་ཀུན་ལྷུན་གྲུབ་པའི། །རིགས་ཀྱི་ཡི་གེ་བཟང་པོའི་ཚོགས། །མཚན་མ་མེད་པའི་ཏིང་འཛིན་མཆོག །སངས་རྒྱས་ཐེག་པ་མདོར་བསྡུས་ཏེ། །ཡུལ་དང་ཡུལ་ཅན་གཉིས་མེད་པར། །བྱང་ཆུབ་སེམས་བསགས་ཆ་རྒྱས་པས། །རང་བཞིན་རྣམ་དག་དཀྱིལ་འཁོར་མཆོག །མི་རྟོག་ངོ་བོ་དབྱིབས་དང་བྲལ། །རབ་སྦྱངས་སྤྱོད་པས་རྫོགས་འགྱུར་ཞིང་། །ཕོ་བྲང་ཡི་གེའི་ཆ་བྲལ་བ། །ཡུལ་ཀུན་སྦྱངས་པའི་ཏིང་འཛིན་ནི། །དཀྱིལ་འཁོར་བདག་དང་གཞན་པའི་རྒྱུད། །ཀུན་ནས་སྒྱུ་འཕྲུལ་དྲ་བའི་དངོས། །ཐ་དད་ཡུལ་གཉིས་བསམ་ཡས་པའི། །ཕྲེང་བ་ཆ་དང་ཆ་ལས་འདས། །དམིགས་པ་ཀུན་ནས་འཇུག་པའི་རྒྱུན། །དེ་མཐའ་སྤྲོས་དང་བསྡུ་བའི་ཚུལ། །མཉམ་ཉིད་རྟོགས་པ་རྣམ་ལྔ་ཡི། །ཕྱག་རྒྱ་རྫོགས་པ་ཐིག་ལེའི་ཚུལ། །རང་གི་གནས་འཇུག་ཐིག་ལེའི་རྒྱུ། །འཁོར་ལོའི་ཚུལ་བཞིན་འཇུག་པའོ། །ཇི་སྲིད་དངོས་གྲུབ་སྙིང་པོ་མཆོག །རབ་ཏུ་རྟོགས་པ་རྣམ་བཞི་ཡིས། །བྱེ་བྲག་ཡུལ་ཚོགས་གཉིས་མེད་པར། །སྣང་བ་རྣམ་པར་དག་པའི་ཚུལ། །ཉེ་བར་བསྡུས་པས་རྫས་བྱས་ཏེ། །དམ་ཚིག་དཀྱིལ་འཁོར་མཉམ་ལྡན་པ། །ཐུགས་རྗེ་འབྱུང་བའི་བདག་པོ་ཉིད། །ཡེ་ཤེས་སེམས་དཔའ་སྔགས་ལམ་ལས། །དམ་ཚིག་འཕྲོ་འདུའི་བྱེ་བྲག་གིས། །ཡན་ལག་གནས་ཀུན་རྫོགས་འགྱུར་ཞིང་། །འོད་ཀྱི་ཐིག་ལེ་རྣམ་པར་དག །བུ་གའི་ཚོགས་རྣམས་ཐམས་ཅད་དང་། །དབང་པོ་དྲུག་གི་གནས་ཁྱབ་ཅིང་། །


DNG010_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་དང་བརྟེན་པའི་ཡེ་ཤེས་ཚོགས། །ཏིང་འཛིན་སེམས་དཔའ་བདག་ཉིད་དོ། །ས་བོན་ཟླ་བ་ཐིག་ལེར་བཅས། །ཡང་དག་སྦྱངས་པས་རྫོགས་པའི་སྐུ། །བྱང་ཆུབ་གནས་ཀྱི་རྒྱན་ལྡན་ཞིང་། །མཐར་ཕྱིན་སངས་རྒྱས་ཀུན་གྱི་ཐུགས། །དུས་གསུམ་རྒྱུན་གྱི་ཏིང་ངེ་འཛིན། །ངོ་བོ་གཅིག་ཉིད་སྣ་ཚོགས་མདངས། །ཐབས་ཀྱི་འཕྲུལ་པ་མཐའ་ཡས་ཏེ། །སངས་རྒྱས་དྲུག་གི་མཛད་བཅས་པས། །དཀྱིལ་འཁོར་བླ་ན་མེད་པའི་མཆོག །ཡེ་ཤེས་དཀྱིལ་འཁོར་ཐམས་ཅད་ཀུན། །དགའ་མགུ་དྭངས་པས་མཉེས་བྱས་ཏེ། །འཁོར་ལོ་ཆ་ཤས་གཉིས་ཀྱི་ཚུལ། །གསོལ་འདེབས་སྔགས་དང་ཕྱག་རྒྱ་ཡིས། །རང་གི་ཡུལ་དུ་གཤེགས་གསོལ་ཞིང་། །དུས་རིང་འགྲོ་ལ་གཟིགས་པའི་མཐུས། །ཇི་སྲིད་བཀོད་པ་རྒྱ་ཆེན་དོན། །ཕ་རོལ་ཕྱིན་པའི་ཚོགས་རྣམས་ཀྱི། །སངས་རྒྱས་ཐེག་པ་བསྟན་པར་བྱེད། །སྦྱིན་སོགས་ཚུལ་ཁྲིམས་བཟོད་པ་དང་། །བརྩོན་འགྲུས་བསམ་གཏན་ཤེས་རབ་སོགས། །ཐབས་སྟོབས་སྨོན་ལམ་ཡེ་ཤེས་ཀྱི། །བྱ་བ་ཆེན་པོས་གཞན་རྒྱུད་སེལ། །ཡང་དག་མཉམ་ཉིད་ཡེ་ཤེས་ཆེ། །འགྲོ་རྣམས་རྡོ་རྗེ་འཛིན་པའོ། །གནས་ཀུན་མངོན་པར་སྦྱོར་བྱས་ཏེ། །ཐབས་དང་ཤེས་རབ་སྦྱོར་བའི་བདག །གཉིས་མེད་འཕྲུལ་པས་བསམ་ཡས་པ། །དེ་དག་རྣམ་པར་རྫོགས་པ་ཡི། །བྱང་ཆུབ་ཡན་ལག་རིན་ཆེན་རྫས། །རང་གི་གནས་དང་གནས་མེད་གཞན། །སྤྱོད་པའི་རྒྱུན་གྱིས་བཀོད་བྱས་ཏེ། །ཆུ་བོ་རྒྱུན་གྱི་ཚུལ་འཇུག་པ། །རྣམ་པར་གྲོལ་བ་ཐེག་པའི་མཆོག །འགྲོ་བ་ཐམས་ཅད་རིན་ཆེན་རྫས། །ནམ་མཁའ་ལ་གནས་བྷ་ག་ཉིད། །རྡོ་རྗེ་འཛིན་པ་བཅོམ་ལྡན་འདས། །དཀྱིལ་འཁོར་ཆེན་པོར་དབང་བསྐུར་ཞིང་། །དམ་ཚིག་གསང་བ་ལ་གནས་ཏེ། །ཀུན་ནས་སྨིན་པའི་བྱིན་རླབས་ཀྱིས། །དེ་དག་མཐའ་དང་ཚུལ་གཞན་གྱིས། །གྲོང་ཁྱེར་མཆོག་རྣམས་སྤྲུལ་པ་ཡི། །ལོངས་སྤྱོད་གནས་ཆེན་མངོན་དགའ་བ། །རྡོ་རྗེ་རིན་ཆེན་པདྨའི་ཚོགས། །རབ་སྦྱངས་དམིགས་
པས་འགྲུབ་འགྱུར་ཞིང་། །བཅུ་དྲུག་ཆ་ཤས་རྣམ་པར་འཕེལ། །རབ་ཏུ་སྦྱར་བའི་ཡུལ་འདི་ནི། །དམ་པའི་ཡེ་ཤེས་འཇུག་པའི་གནས། །བྱ་བའི་འཁོར་ལོས་གཞན་རྒྱུད་སེལ། །དོན་ཀུན་རྫོགས་པའི་ཐིག་ལེ་ཉིད། །རང་བྱུང་གནས་སུ་བསྟན་པ་ཡིན། །ཞེས་བཀོད་པ་རྒྱ་ཆེར་ཁྱབ་པར་མཛད་དོ། །རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་རོལ་པ་ཆེན་པོའི་རྒྱུད་ལས། སྦས་པ་གསང་བའི་ཚུལ་ལ་འཇུག་པའི་ལེའུ་སྟེ་བཅུ་གསུམ་པའོ།། །། སྒྱུ་འཕྲུལ་ངོ་མཚར་བཤད་པའི་དྲ་བ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། རོལ་པ་ཆེན་པོའི་རྒྱུད་ཅེས་བྱ་བ་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་བི་མ་ལ་མི་ཏྲ་དང་། བོད་ཀྱི་ལོ་ཙཱ་བ་གཉགས་ཛྙཱ་ན་ཀུ་མཱ་རས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།

སྒྱུ་འཕྲུལ་རྒྱ་མཚོའི་རྒྱུད་ཆེན་པོ།


DNG010_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སྒྱུ་འཕྲུལ་རྒྱ་མཚོ་ཡིན། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བཤད་པའི་དུས་གཅིག་ན། །ཕྱོགས་བཅུ་དུས་བཞི་ཐམས་ཅད་ཀྱི། །སངས་རྒྱས་དེ་བཞིན་གཤེགས་རང་བཞིན། །རྡུལ་སྙེད་འདུས་པའི་ངོ་བོ་ནི། །སྐུ་གསུང་ཡོན་ཏན་ཕྲིན་ལས་ཐུགས། །ཡེ་ཤེས་རྒྱ་མཚོ་དཔག་མེད་ཀྱི། །ཡོན་ཏན་རྫོགས་པའི་ངོ་བོར་གནས། །འོག་མིན་ཆེན་པོའི་གཞལ་ཡས་ཁང་། །རྒྱལ་བ་ཀུན་གྱི་བྷ་གའི་གནས། །ཡོན་ཏན་ཀུན་རྫོགས་དགའ་བའི་ཀློང་། །ཚད་མེད་ཡེ་ཤེས་ཆོས་དབྱིངས་ཀྱི། །ངོ་བོས་ཀུན་ནས་འཁྱིལ་པ་ལ། །ཚད་དཔག་མེད་པའི་ཡོན་ཏན་རྒྱས། །རྣམ་ཐར་བཞི་ཡི་སྒོ་ཁྱུད་མཛེས། །འདོད་ཡོན་ལྔ་ཡི་ཕྲེང་བས་བརྒྱན། །རྣམ་ཐར་བརྒྱད་ཀྱི་རྟ་བབས་ཅན། །ཟླ་བའི་ཕྲེང་བས་མདངས་ཕྱུང་ཞིང་། །ཉི་ཟླ་པདྨའི་གདན་སྟེང་ན། །ལྔ་ཕུང་དག་པའི་སངས་རྒྱས་ནི། །རྒྱལ་པོ་ལྔ་ཞེས་རྣམ་པར་བསྟན། །འབྱུང་བ་ལྔ་ཡི་རྒྱལ་མོ་དང་། །ཞལ་གསུམ་ཕྱག་དྲུག་ཞབས་བཞི་ཡི། །རྣམ་པར་འཕྲུལ་པའི་ཚུལ་དུ་བཞུགས། །རྣམ་ཤེས་དབང་པོ་ཡུལ་དང་དུས། །ཕྱི་ནང་སེམས་དཔའ་


DNG010_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་ཡུམ་རྣམས། །རང་རང་མདོག་དང་ཆ་ལུགས་རྣམས། །བཅུ་གསུམ་ཆ་ལུགས་སྒེག་པ་ཡིས། །ཉི་ཟླ་འབར་བའི་གདན་ལ་བཞུགས། །ལུས་ཀྱི་ཆོས་བཞི་འཇོམས་པ་ནི། །སྒོ་བཞིར་གནས་པ་དེ་དག་ཀྱང་། །བཙུན་མོ་འཇིགས་པའི་ཚུལ་དང་བཅས། །འབར་ཞིང་རྔམས་པའི་ཚུལ་གྱིས་བཞུགས། །ཡེ་ཤེས་རྒྱ་མཚོ་འོག་མིན་གྱི། །ཡོན་ཏན་རྫོགས་པའི་ངོ་བོར་བསྟན། །འཁོར་ལོ་འབར་བའི་ལྟེ་བ་ལ། །བདག་པོ་ཀུན་བཟང་འཁོར་ལོ་བསྐོར། །བཀའ་སྡོད་སྐྱེས་བུ་མདུན་ན་གནས། །བརྗོད་པ་མེད་བཞིན་གོ་བར་མཛད། །དཔག་མེད་ཡེ་ཤེས་ཡོངས་རྫོགས་པས། །ཞིང་འཁོར་ལོངས་སྤྱོད་ཕུན་སུམ་ཚོགས། །དགའ་བདེ་ཡང་དག་རྫོགས་པའི་གནས། །ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི། །མ་ལུས་འདུས་པའི་གཞལ་ཡས་ཁང་། །བདག་པོ་རྒྱན་དང་བཅས་པ་ཉིད། །འཇིག་རྟེན་གནས་ཀྱི་འོག་མིན་ལས། །ཉིས་འགྱུར་ཤིན་ཏུ་སྤགས་པའི་གནས། །དངོས་པོའི་མཐའ་གསུམ་ལས་འདས་པ། །མ་སྤངས་རྒྱན་རྫོགས་གཞལ་ཡས་ཁང་། །ཡོན་ཏན་ལྔ་ཡི་བདག་ཉིད་དེ། །གྲུ་བཞི་སྤྱི་བོས་འཁྱིལ་སྣང་བ། །དེ་བཞིན་ཐུགས་ཀྱི་ཁྱད་པར་ལས། །རང་སྣང་རྒྱལ་བ་སེམས་སོགས་དང་། །དང་པོའི་སངས་རྒྱས་སར་རྒྱལ་བ། །སེམས་དཔའ་ཆེན་པོ་འཇོམས་པ་ཆེ། །བརྗོད་ཀྱིས་མི་ལངས་ཚད་མེད་དང་། །རྣམ་གཉིས་ཚུལ་དུ་བཞུགས་པའོ། །འཁོར་གྱི་ནང་ནས་སྐལ་མཆོག་ལྡན། །འདུལ་བའི་དུས་བབས་གསང་བའི་བདག །ལག་ན་རྡོ་རྗེས་བསྡུ་བ་མཛད། །དེ་ཚེ་དུས་ཀྱི་མཐའ་བྲལ་ཕྱིར། །ངོ་བོ་དུས་བཞི་མཉམ་པ་ཉིད། །རྒྱལ་བའི་སེམས་དཔའ་རྣལ་འབྱོར་པ། །དགོངས་པ་རིག་པ་རྣ་བས་བརྒྱུད། །གསང་བའི་སྙིང་པོ་དེ་ཁོ་ན། །ཉིད་དེ་ངེས་པའི་དབྱིངས་ནས་ཕྱུང་། །སྒྱུ་འཕྲུལ་དྲ་བ་མངོན་རྫོགས་པའི། །བསྟན་པ་རྒྱ་མཚོ་སེམས་ཀྱི་ལུང་། །རང་བྱུང་རང་སྣང་དགོངས་པ་ཉིད། །བྱིན་རླབས་


DNG010_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་པ་རང་ཤར་བ། །སེམས་ཉིད་རང་སྣང་གཟུགས་ཅན་ཏེ། །རྟོག་གེ་བྱིས་པའི་ཡུལ་མིན་པས། །རྒྱལ་སྲས་སེམས་དཔའ་རང་ཉིད་ལ། །ཉིད་ལ་འཆད་ཅིང་ཉིད་ཀྱིས་འགྲེལ། །གསང་མཛོད་སྒྱུ་འཕྲུལ་དྲ་བ་འདི། །བསྟན་པ་ཀུན་གྱི་རྩ་བ་སྟེ། །རང་བྱུང་ཡེ་ཤེས་གཅིག་པུ་ཉིད། །མ་ལུས་ཐམས་ཅད་ཁྱབ་པར་གསལ། །གསལ་བའི་ཐིག་ལེ་ཆེན་པོ་ནི། །ཡོན་ཏན་ལྷུན་རྫོགས་བདག་ཉིད་དེ། །དྷརྨ་ཙཀྲ་ཆོས་ཀྱི་གནས། །འོད་བཞི་ཨེ་སོགས་དབྱིབས་སུ་གནས། །མི་ཤིགས་ཐིག་ལེ་ཝཾ་དབྱིབས་ཅན། །རང་ལ་བདེ་བ་གསལ་བྱེད་བདག །མ་ནུ་ཡིད་སོགས་རྣམ་ཤེས་བཞི། །ཡེ་ཤེས་མྱོང་བས་བསྡུས་པར་བཤད། །ཡེ་ཤེས་ནམ་མཁའི་གཟུགས་སྐྱེས་པ། །པ་ར་མཱརྠ་དོན་ཟབ་མོ། །བདེ་བའི་དུས་ཉིད་སྔ་ཕྱི་བྲལ། །དུས་གསུམ་ཀུན་གྱི་ངོ་བོར་གནས། །རྒྱལ་བའི་བཞུགས་གནས་བྷ་ག་ཉིད། །ལས་དང་ཡོན་ཏན་རྫོགས་པའི་གནས། །ཐིག་ལེ་བྱང་ཆུབ་སེམས་ཉིད་དེ། །རང་བྱུང་ཡེ་ཤེས་ཀུན་གྱི་བདག །ཆགས་པས་ཁྱབ་པའི་ཡིད་ཅན་ལ། །རྟོག་བཅས་མཉམ་དུ་གནས་པའི་འཁོར། །ལྷན་ཅིག་སྐྱེས་པའི་བདེ་ཆེན་ནོ། །བརྗོད་པ་མེད་པའི་ཚུལ་གྱིས་མྱོང་། །བྱེད་པ་རླུང་གི་མཐའ་བསྡུས་པས། །མ་ལུས་ལྷན་ཅིག་སྐྱེས་པར་ཤར། །དུས་ལ་འཇུག་རྟོག་མེད་པའི་དུས། །བདེ་ཆེན་བཏགས་པ་ཟད་པའི་དུས། །རྒྱལ་བའི་མཛད་པ་བསམ་མི་ཁྱབ། །གང་ལ་གང་ལྟར་དེར་འདུལ་བའི། །སྤྱོད་པ་རྒྱ་མཚོ་དེ་ཉིད་དེ། །དཔག་མེད་ཡེ་ཤེས་ངོ་བོར་ཤར། །དུས་གཅིག་ཡོན་ཏན་ལྷུན་རྫོགས་པས། །མཉམ་ཉིད་རེས་འཇོག་མེད་པར་གནས། །ཞེས་ཉིད་ལ་ཉིད་བཤད་དོ། །སྒྱུ་འཕྲུལ་རྒྱ་མཚོའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་དེ་བཞིན་གཤེགས་པ་ཉིད། །སངས་རྒྱས་འདུས་པའི་ངོ་བོ་ཉིད། །དེ་ཉིད་བཤད་པའི་དགོངས་པ་ཡིས། །འཇུག་པའི་བདེ་བ་མཉམ་སྦྱོར་བས། །རོ་གཅིག་མཉམ་པའི་ངོ་བོར་གྱུར། །ཕྱོགས་བཅུ་དུས་བཞི་


DNG010_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལུས་པ། །གཅིག་པུ་དུ་མར་དབྱེར་མེད་པས། །དགོངས་པའི་བྱིན་རླབས་ཉིད་ལ་ཉིད། །བརྗོད་ཅིང་གསུངས་པའི་དོན་ཉིད་ནི། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །ཕྱི་ནང་སྣོད་བཅུད་མ་ལུས་པ། །ཐབས་དང་ཤེས་རབ་དབྱེར་མེད་པའི། །ལྷག་པ་ཀུན་རྫོབ་ཉིད་བརྗོད་པས། །རྒྱལ་མཆོག་བཙུན་མོ་རང་བཞིན་གྱིས། །རྒྱལ་བའི་ཚོགས་ལ་དབང་བསྒྱུར་ཞིང་། །ཕྱོགས་བཅུ་སྣོད་བཅུད་མ་ལུས་པ། །བདེ་ཆེན་ཐིག་ལེའི་རང་བཞིན་ཏེ། །ཐིག་ལེ་དབྱིབས་དང་མཚོན་ལས་འདས། །བདེ་བ་མཆོག་གི་སྙིང་པོར་གནས། །དེ་ཉིད་གསང་བའི་དབང་ཉིད་དེ། །རྒྱལ་བ་སྲས་བཅས་མྱོང་དགྱེས་ནས། །ཐིག་ལེ་བདེ་ཆེན་ཉིད་ལ་གནས། །དེ་ནས་ཐབས་དང་ཤེས་རབ་ཉིད། །མ་ལུས་འདུས་པའི་ངོ་བོ་ཡིས། །མཐོང་བའི་དོན་ཉིད་བསྟན་བྱའི་ཕྱིར། །གཉིས་མེད་ཐབས་ཀྱིས་ཉམས་མྱོང་བའི། །ཆགས་དང་ཆགས་བྲལ་རྣམ་པར་སྤངས། །ལྷན་ཅིག་སྐྱེས་པའི་ངོ་བོ་ཉིད། །གང་དུ་སྐྱེ་དང་འགག་པ་དང་། །གནས་དམིགས་འགྲོ་འོང་ལས་འདས་པའི། །དེ་བཞིན་ཉིད་ནི་བསྟན་པར་མཛད། །ཉི་ཟླ་དྭངས་པའི་རྒྱ་མཚོ་ལྟར། །ཡོངས་དགྱེས་ཁྱབ་པར་གྱུར་པའི་རོས། །མ་འདྲེས་གསང་བའི་སྙིང་པོ་ཉིད། །ཀུན་ཀྱང་གསུམ་དུ་གནས་པ་སྟེ། །རང་བཞིན་ཐབས་ཀྱིས་མངོན་བྱས་ཕྱིར། །མ་ལུས་གསུམ་གྱི་རང་བཞིན་ཉིད། །འཇུག་པ་ཐབས་ཀྱི་རང་བཞིན་ནི། །ཐུན་མོང་ཐ་མལ་ཀུན་སྤངས་པའི། །ཐབས་དང་ཆོ་ག་ལས་བྱུང་བས། །དམ་པའི་རིགས་ལ་འཇུག་པར་མཛད། །རིགས་དང་རིགས་སུ་ངེས་པ་ཡིས། །ངོ་བོ་ཉིད་ནི་གཉིས་སུ་འགྱུར། །སེམས་ལྔ་སྐྱེས་པའི་ཚུལ་ཉིད་ནི། །སྐྱེ་བའི་གཞི་དང་སྐྱེས་པ་ཡི། །རིགས་གཅིག་རིགས་བཞིར་གང་ཕྱེ་བ། །འཇུག་པའི་ངོ་བོ་སྟོབས་ལས་ནི། །རིགས་ཀྱི་དབྱེ་བས་ལམ་དབྱེ་བ། །ལྔ་དང་གཅིག་གི་རྒྱུ་འབྲས་འགྱུར། །མ་ངེས་ཕྱི་ཡི་དབྱེ་བ་སྟེ། །བཞི་ནི་ངེས་འབྱུང་ཐུན་མོང་ལམ། །


DNG010_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་རིགས་གཅིག་ཐུན་མོང་མིན། །དེ་ཉིད་ཕྱི་ནང་ཆ་སྣང་བས། །ཕྱི་རོལ་ལྟོས་པའི་ཐུན་མོང་ལམ། །གྲུབ་པ་ཕྱི་ནང་རྒྱུ་འབྲས་ཕྱིར། །རྒྱུ་འབྲས་ཕྱི་ནང་འདྲེལ་བར་འདོད། །སྐབས་འདིར་བཞི་གསུམ་ཐུན་མོང་གཉིས། །ཕན་ཆད་སྦྱངས་པ་རྒྱུ་ཡི་ཕྱིར། །རང་བཞིན་མངོན་སྔོན་པར་དུ་སོང་བ་དང་། །ཕྱེད་དུ་ཆེད་དུ་སྔོན་པར་མངོན་དུ་སྡུར་བས་འགྲོ། །དེས་ན་ཐུན་མོང་མངོན་རྫོགས་ཡུལ། །གཞི་དང་སྐབས་ནས་སྐྱེ་འགྱུར་བ། །གྲོལ་ཐར་ལམ་དུ་རྣམ་པར་བཤད། །དེ་འདི་ཅིག་ཅར་རིགས་འཇུག་པ། །སྣོད་ཀྱི་རིམ་པས་རྣམ་པར་སྣང་། །གང་ཡང་སེམས་ལྔ་བསྡུས་པས་ཏེ། །གཡོ་ལྡང་སྨོན་འཇུག་མཐར་ཕྱིན་པས། །ལམ་བཞི་ཁྱད་པར་སོ་སོར་ཕྱེད། །རང་བཞིན་གཅིག་ལས་མངོན་གྱུར་པའི། །ཐབས་རྐྱེན་མོས་པས་ཚུལ་བཞིན་དུ། །ལམ་བཞི་སེམས་ལྔས་མཐར་ཕྱིན་པ། །མོས་དང་མཐར་ཕྱིན་ཚུལ་གྱིས་སྣང་། །དངོས་པོར་རང་བཞིན་རྟོགས་པ་ནི། །བསྙེན་བསྒྲུབ་བཞི་དང་སྒོ་བཞི་དང་། །དག་མཉམ་རྟོགས་པ་བཞི་དག་གིས། །དུས་གཅིག་རྫོགས་ཤིང་སྨིན་པར་བྱེད། །རྣལ་འབྱོར་ལྔ་ལ་རིམ་གོམས་པས། །མཐར་ཕྱིན་ལམ་ལ་ཐེ་ཚོམ་མེད། །སྟོང་པ་ཉིད་ལ་གང་གོམས་པས། །སྙིང་རྗེ་སྒྱུ་མའི་ཚུལ་དུ་བསྒོམ། །ཕྱག་རྒྱའི་རྣལ་འབྱོར་མངོན་གསལ་ནས། །རྣམ་པར་སྤྲོས་ལ་ཐེ་ཚོམ་མེད། །རང་རང་སྤྱོད་དང་ལྡན་གྱུར་ནས། །བདག་གཞན་མཐར་ཕྱིན་འགྱུར་བའི་ལམ། །གང་དུ་ཆགས་པའི་ཁྱད་པར་གྱིས། །རྟེན་འདྲེལ་ལུས་ཀྱི་བསྒོམ་པ་ནི། །བྱེ་བྲག་རླུང་ལས་གྱུར་པ་ཡི། །ཡེ་ཤེས་འབྱུང་བ་སྟེང་འོག་སྒོ། །དགུག་དང་དགུག་པའི་ཐབས་ཉིད་དེ། །འཁོར་ལོ་བཞི་དང་སྲོག་ཤིང་གསུམ། །མེ་རླུང་འགྲོ་བས་ནམ་མཁའི་བ། །བཞོ་བ་སྟེང་དུ་རྣམ་པར་གྲགས། །དགུག་པ་གསུམ་གྱིས་སེམས་ལྔའི་རིམ། །སྐྱེས་པ་བཅུ་དྲུག་ས་ཐོབ་པའི། །རང་བཞིན་ལྷན་ཅིག་སྐྱེས་པའི་ཕྱིར། །འཆིང་བ་ཉིད་ཀྱིས་ཐར་པའི་ལམ། །ཡུལ་དང་དབང་པོར་སྦྱོར་ནུས་པའི། །ཆགས་པའི་ལམ་གྱིས་གང་རྟོགས་པ། །


DNG010_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

དུག་གིས་དེ་ཉིད་སེལ་བ་ལྟར། །ཐབས་དང་ལྡན་པའི་ཁྱད་པར་ཡིན། །གང་ཟག་ཐབས་དང་སྦྱོར་བ་ཡིས། །གང་ལ་དེ་ལྟར་ཐབས་ཉིད་ཀྱིས། །འཆིང་བ་ཐབས་ཀྱིས་བཀྲོལ་བ་ལྟར། །ལུང་དང་མན་ངག་རྟོགས་པས་འགྲུབ། །དམ་པ་ཉིད་ལ་མཉེས་ཟིན་ནས། །ཡེ་ཤེས་རིག་པ་མས་ལས་ཀྱང་ལས་གྱུར། །དབང་པོ་རིམ་པར་འགགས་པ་ལས། །བདེན་པ་གཉིས་མེད་འཆར་བར་འགྱུར། །གསང་བ་ཡེ་ཤེས་ཆེན་པོ་ནི། །ཐིག་ལེའི་རྒྱུ་བ་ཀུན་ཟད་པ། །དེ་ཉིད་སྒྱུ་འཕྲུལ་རྒྱ་མཚོ་སྟེ། །དམན་དང་བཅིངས་དང་དབང་བསྒྱུར་བྲལ། །རྟོག་གེ་རྣམས་ཀྱི་སྤྱོད་ཡུལ་མིན། །གང་དུ་ཡེ་ཤེས་ཤར་བ་ཡིས། །མ་ལུས་དམ་པའི་ཡེ་ཤེས་སུ། །ཕྱོགས་མེད་རྒྱལ་བ་ཉིད་དུ་འགྱུར། །དེ་ནས་ཀུན་མཁྱེན་རྒྱལ་བ་ཉིད། །སྲས་དང་བཙུན་མོར་བཅས་པ་ཉིད། །མ་ལུས་གཅིག་ཏུ་མངོན་གཟིགས་ཀྱང་། །ཐབས་བྲལ་བྱང་ཆུབ་སྙིང་པོ་མ་རིག་པས། །འགྲོ་བ་ལྔ་ཡི་བདེ་སྡུག་ཁྱད་པར་རྣམས། །སྐད་ཅིག་མ་འདྲེས་གསལ་མཁྱེན་ནས། །ཐབས་ཀྱིས་སོ་སོར་སྒྲོལ་བའི་ཕྱིར། །ཀུན་མཁྱེན་ཉིད་ལ་དོན་གྱིས་གཟིགས། །དགྱེས་ཆེན་བདག་པོས་མཉམ་ཉིད་ཕྱིར། །ཡུལ་དང་ཤེས་པ་དབྱིངས་གཅིག་ཕྱིར། །མི་གསུང་དེ་བཞིན་ཉིད་ལ་བཞུགས། །དེ་བཞིན་ཉིད་ནི་སྤྲོས་མེད་ཀྱང་། །ཐུགས་རྗེ་བྱིན་རླབས་རྒྱ་མཚོ་ཡིས། །མེད་ལས་ཡོད་པའི་ཚུལ་གྱུར་པ། །དེ་ཉིད་དེ་བཞིན་གཤེགས་ཉིད་དེ། །འདུལ་བའི་དབང་གིས་ཕྱོགས་བཅུ་ཡི། །འཇིག་རྟེན་དྲུག་གི་རྡུལ་སྙེད་དུ། །སྤྲུལ་པ་ཐུབ་པ་ཆེན་པོ་ཡི། །གང་དག་ཏུ་ནི་རྣམ་མཛེས་ཏེ། །སྐུ་དང་གསུང་ཐུགས་བསམ་མི་ཁྱབ། །འདུལ་བ་བཞི་ཡི་ཁྱད་པར་གྱིས། །རང་རང་ལས་དང་བསམ་པ་དང་། །དབང་པོ་མོས་པའི་ཁྱད་པར་གྱིས། །གདུལ་བྱའི་བསམ་པ་སྣ་ཚོགས་སུ། །སྒྱུ་འཕྲུལ་དྲ་བ་སྣང་མཛད་དེ། །རྒྱུད་དང་ཐབས་ཀྱིས་གྲོལ་བ་ཡིས། །འགྲོ་བ་མ་ལུས་བདེ་བ་དང་། །རིགས་དང་ལྡན་པར་ཐར་པ་ཡི། །འབྲས་བུ་དོན་ལ་


DNG010_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

འཁོད་པར་མཛད། །མཐའ་ཐུག་མེད་པའི་འཇིག་རྟེན་དུ། །རྒྱལ་བ་དུས་གསུམ་མཉམ་བཞུགས་པས། །དེ་ལས་བྱུང་བའི་སྤྲུལ་པའི་ཚོགས། །རྒྱལ་བ་ཀུན་ཀྱང་དེ་བཞིན་ནོ། །ཞེས་ཉིད་ལ་ཉིད་བཤད་དོ། །སྒྱུ་འཕྲུལ་དྲ་བ་རྒྱ་མཚོའི་རྒྱུད་ལས། སེམས་ལྔ་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཀུན་མཁྱེན་དགྱེས་ཆེན་པོས། །འཁོར་གྱི་དཀྱིལ་འཁོར་ཀུན་གཟིགས་ནས། །ལྷན་ཅིག་གོ་ཕྱེའི་འཁོར་རྣམས་ལ། །བྱིན་རླབས་དམ་ཚིག་དབང་ཐོབ་ནས། །དབང་དངོས་རང་བཞིན་བསྟན་པར་མཛད། །མ་ལུས་ཆོས་ཀུན་རང་བཞིན་ནི། །བྱང་ཆུབ་སྙིང་པོའི་རང་བཞིན་ལ། །དབྱེར་མེད་དོན་དུ་ཀུན་གནས་ཀྱང་། །ལྷན་ཅིག་ལ་བརྟེན་ཀུན་བརྟགས་ཀྱིས། །མ་རིག་གཟུང་འཛིན་ངོ་བོར་སྨིན། །རྟེན་འདྲེལ་གཉིས་ཀྱི་ཚུལ་གྱུར་པས། །མྱོང་དང་སྤྱོད་ཡུལ་སོ་སོར་གྱུར། །ནམ་མཁའ་རང་བཞིན་དབྱེར་མེད་ལྟར། །མ་ལུས་དེ་བཞིན་ཉིད་འདི་ལ། །རྟོག་པའི་དབང་གིས་ཕྱེ་བ་ལ། །བདག་དང་གཞན་ཡང་ཡོད་མ་ཡིན། །གང་དུ་དམན་པའི་རྟོག་གེ་པས། །མི་ཤེས་རྟོག་པ་སྣ་ཚོགས་ཀྱིས། །རང་ལས་གཞན་དུ་ཐོབ་འདོད་པའི། །ཐབས་དེས་བསྐལ་པ་བྱེ་བར་ཡང་། །སངས་རྒྱས་ཡེ་ཤེས་དྲི་མེད་པ། །རྨི་ལམ་ཉིད་དུ་མི་འབྱུང་བ། །སློབ་དཔོན་མན་ངག་ཐབས་ཉིད་ཀྱིས། །སྒྲིབ་པའི་རང་བཞིན་སྣང་བར་འགྱུར། །ཀུན་མཁྱེན་དབང་དང་མན་ངག་ཅན། །བྱིན་རླབས་ཐབས་ཀྱིས་ཕན་འདོགས་པ། །འགྲོ་ལ་ཡིད་བཞིན་ནོར་བུ་ལྟར། །སྣ་ཚོགས་བསམ་པ་རང་མཛད་པ། །དམན་པའི་སྦྱོར་བ་ལ་བརྟེན་ནས། །སངས་རྒྱས་འཁོར་ལོ་འཆར་བྱེད་པ། །ལུས་དང་ལོངས་སྤྱོད་སྣ་ཚོགས་པས། །བསྐལ་པ་རྡུལ་གྱི་གྲངས་མཉམ་པར། །བཀུར་ཀྱང་དྲིན་དང་བྲལ་གྱུར་ན། །ལན་འགའ་ཙམ་གྱིས་ག་ལ་ཡིན། །དད་དང་དམ་ཚིག་ལྡན་པ་ཡི། །རང་རང་སྦྱངས་ལྟར་མངོན་གྱུར་ནས། །དམན་པའི་བལྟ་བ་སྤང་བྱེད་ཅིང་། །བརྟུལ་ཞུགས་རིགས་ངེས་གང་ཟག་ལ། །


DNG010_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་སྙེད་ནམ་མཁའི་མཐའི་ཡུན་དུ། །བརྩོན་ཞིང་བཙལ་བས་མི་རྙེད་དེ། །གདུང་བ་གསུམ་གྱིས་གདུངས་པ་དེ། །མཐོང་བའི་ཐབས་ནི་གསུམ་དུ་བཤད། །ལུང་དང་མན་ངག་ཆོ་ག་ཡིས། །རྟོགས་ནས་སྐྱེ་བ་འདི་ཡིས་འགྲུབ། །རྣམ་སྨིན་བཅས་པས་འགྲུབ་ངེས་ན། །རང་དབང་ལུས་ཀྱིས་སྨོས་ཅི་དགོས། །རྒྱལ་བས་མ་ལུས་ཀུན་གཟིགས་ཤིང་། །ཐུགས་རྗེས་ཐེ་ཚོམ་མི་བསླུ་བས། །ངེས་པར་བསྟན་པ་འགྲུབ་པ་ནི། །དགོངས་པ་རྟོགས་ན་ངེས་པར་འགྲུབ། །རང་རང་བློ་དང་མོས་པ་ཡིས། །ཇི་ལྟར་འདུ་ཞིང་ཐབས་མཁས་པ། །ཚེ་དང་བསྐལ་པའི་གྲངས་བྲལ་ཞིང་། །ལོ་དང་ཟླ་བར་བརྩམས་པས་འགྲུབ། །ཤེས་རབ་རྐྱེན་དང་ཐབས་ལྡན་པས། །མ་ལུས་དབྱེར་མེད་རྟོགས་གོམས་ན། །རང་ལ་རང་སྣང་གོམས་པ་ཡིས། །རང་བྱུང་རང་ལས་མངོན་དུ་སྣང་། །གང་དུ་བལྟ་དང་དཔྱད་བྲལ་བ། །མ་བཅོས་རང་རིག་བྱང་ཆུབ་སེམས། །བྱིས་པ་རྟོག་གེའི་སྤྱོད་ཡུལ་མིན། །དམ་པ་རྣམས་ཀྱིས་ངེས་པར་མཐོང་། །ཆོས་རྣམས་རང་བཞིན་རྐྱེན་བྲལ་བའི། །མི་རྟོག་འོད་གསལ་དབྱེར་མེད་པའི། །ཀུན་གྱི་ངོ་བོ་དེ་བཞིན་ཉིད། །ད་ལྟ་ཉིད་དུ་སྣང་བའོ། །དོན་དམ་བརྟེན་པ་ལ་བརྟེན་ནས། །རྒྱུ་བའི་ཕྱག་རྒྱ་རང་སྣང་བ། །གོམས་ནས་བསྡུས་པའི་ཐིག་ལེ་ཉིད། །མ་བཅོས་རང་བཞིན་མྱ་ངན་འདས། །ཕྱི་ནང་ཡུལ་སེམས་འདྲེས་པའི་རླུང་། །རྒྱུ་བ་རིག་པའི་ཐིག་ལེ་ཉིད། །རང་བྱུང་སྟོང་པར་གནས་འགྱུར་ཏེ། །ཕྱི་ནང་རེ་དོགས་རྒྱུ་བ་མེད། །མ་བཅོས་དེ་བཞིན་ཉིད་དུ་མཐོང་། །ཐབས་དང་ཤེས་རབ་རྟོགས་པ་ཡི། །ཉི་ཟླ་འདྲེས་པའི་གར་ཐབས་ཀྱིས། །མ་སྐྱེས་མཉམ་ལ་གནས་གྱུར་ཞིང་། །ཕུང་སོགས་གནས་པའི་ཆོས་རྣམས་ཀུན། །བདེ་ཆེན་སྙིང་པོ་གསལ་གྱུར་ཞིང་། །དགག་བསྒྲུབ་མེད་པའི་ཐབས་ལས་བྱུང་། །སྤྱོད་ཡུལ་མ་ལུས་ཐམས་ཅད་ཀུན། །མ་སྐྱེས་དབྱེར་མེད་མངོན་དུ་སྣང་། །སྒྲ་ཙམ་མཐོང་བ་མེད་པའི་དོན། །མ་སྐྱེས་སྒྲ་ཡིས་མི་གཡོ་


DNG010_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

བ། །ཀ་སྒྲས་ཐུགས་རྗེས་རྣལ་འབྱོར་སྤྱོད། །ཨ་ལས་ལ་དབྱུང་ལྡན་ཡང་དབྱུག་ལྡན་ཀར་སྦྱོར་བ། །དྲན་པ་གཅིག་པར་ང་ཉིད་སྨྲ། །དེ་སོགས་བྱེད་པའི་རྣལ་འབྱོར་ཀུན། །མ་སྐྱེས་དབྱེར་མེད་མངོན་དུ་སྣང་། །དེ་སོགས་བྱེད་པའི་རྣལ་འབྱོར་ལྔ། །གཅིག་ལ་མ་གཅིག་ལ་རྫོགས་པས་རིམ་པར་རྟོགས་ཀྱང་ལུས་རྫོགས་སམ་རྟོགས། །རིག་པའི་ཁྱད་པར་རྩལ་གྱིས་ སྣང་། །གང་དུ་མ་བཅོས་རང་སྣང་བ། །མ་ལུས་སྒྱུ་མ་འཇིག་རྟེན་དུ། །ཐབས་དང་ལྡན་པས་དབང་བསྒྱུར་ཞིང་། །མ་ལུས་དབྱེར་མེད་ཚུལ་དུ་སྣང་། །ཡབ་ཡུམ་ཤི་ར་བཅུད་བཅས་སྒྱུ། །ཐབས་ཀྱིས་ཁམས་ལྔའི་ཡེ་ཤེས་གསལ། །བདེ་སྐྱེད་ཐིག་ལེ་མ་རྣམས་ཀུན། །སེམས་མཐའ་བཟློག་པས་གནས་སུ་ཐིམ། །བཅུ་གསུམ་སངས་རྒྱས་བདག་འགྱུར་བ། །ངོ་བོས་གཞན་ནས་ཐོབ་པ་མེད། །རྩ་བཅུད་ཤེས་པའི་ངོ་བོ་ཉིད། །ཐབས་ཀྱི་ཡབ་ཡུམ་ཡེ་ཤེས་གསལ། །དེ་ཉིད་རྟེན་ཅན་རྟེན་ལྔ་ལྔར། །རང་གནས་ཐབས་ཀྱི་བདག་ཉིད་དུ། །ཉོན་མོངས་ས་བོན་ཀུན་ཀྱང་གནས། །དེ་ཕྱིར་གཞན་ལ་རག་མ་ལུས། །དབང་པོ་ཡུལ་སེམས་གཉིས་མེད་པའི། །ཤེས་རབ་ཐབས་རོལ་སྒྱུ་མ་ལས། །མན་ངག་ཐབས་ཀྱིས་དབང་བསྒྱུར་ནས། །རང་བཞིན་སྒྱུ་འཕྲུལ་ཆེན་པོ་འཆར། །ཐབས་དང་ཐབས་བྱུང་འདྲེལ་པ་ཉིད། །ཐམས་ཅད་ཀུན་གྱི་གཞིར་གནས་པ། །རང་ལུས་ཐབས་ཀྱི་ངོ་བོ་ལ། །རང་གི་རྐྱེན་རྣམས་མངོན་གྱུར་པས། །ཚེགས་མེད་རང་ལོག་གྱུར་པ་ཡིས། །བདེན་པ་དབྱེར་མེད་མངོན་དུ་མཐོང་། །རང་བཞིན་ཡེ་ཤེས་མཐའ་བྲལ་བས། །ཐབས་དང་ལས་རྐྱེན་སྐྱེས་བུ་ཡིས། །སྤྱོད་ཡུལ་ཀུན་དུ་བླང་བྱ་བ། །འཁོར་དང་མྱ་ངན་འདས་པའི་རྒྱུ། །ཆགས་པའི་དམ་ཚིག་བླང་བར་བྱ། །ཀུན་ཀྱང་ཐབས་དང་ཤེས་རབ་ཉིད། །ཕན་ཚུན་དགྱེས་པའི་ཐབས་ལས་ནི། །སེམས་མཐའ་འོང་བས་གོ་ཕྱེ་ནས། །རང་སྣང་ཐབས་ཀྱིས་གནས་སྦྱར་བས། །ཟུང་འཇུག་ཐབས་ཆེན་དེ་ལས་བྱུང་། །གཉིས་མེད་ཡེ་ཤེས་རྡོ་རྗེ་ཆེ། །རྒྱུ་རྐྱེན་གཞན་ལས་བྱུང་བ་མིན། །རང་བྱུང་ཐབས་ཀྱི་ངོ་བོ་ཉིད། །ལུས་དང་རྩ་


DNG010_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལོངས་སྤྱོད་བཅས། །ཐམས་ཅད་བདེ་ཆེན་འཇིག་རྟེན་དུ། །གསལ་བྱེད་ཐབས་ཀྱི་སྣང་བ་ལས། །རྐྱེན་གྱིས་ཟློག་པ་མཐོང་བ་བཞིན། །གཞན་ལས་བྱུང་ཞིང་སྣང་བ་མེད། །ཕྱོགས་དུས་དཀྱིལ་འཁོར་ངོ་བོ་ཉིད། །བདེ་བ་ཆེན་པོ་མ་སྐྱེས་པའི། །སེང་གེ་ལྟ་བུའི་བྱིན་བརླབས་པའི། །གསུང་གིས་གཉིས་མེད་གསལ་བར་འགྱུར། །གསུང་གསང་ཡང་གསུམ་བཞིས་སྒྲིབ་ཡེ་ཤེས་ཆེ། །ཁམས་གསུམ་འདུས་པའི་ཐིག་ལེ་ཉིད། །འདྲེས་པས་ལྷུན་གྲུབ་ཡེ་ཤེས་ཉིད། །དཀྱིལ་འཁོར་གསལ་སྣང་བརྟག་པར་དཀའ། །མ་ལུས་ཐིག་ལེ་རང་སྣང་བའི། །མ་བཅོས་རང་སྣང་ཐབས་རྟོགས་ནས། །མངོན་པར་ལྟ་བའི་དོན་རྟོགས་ན། །རང་འབྱུང་འབྲས་བུ་རང་ལས་འཆར། །ཕྱོགས་དུས་རྒྱལ་བའི་ངོ་བོ་ཉིད། །མི་ཟད་འཁོར་ལོ་རང་སྣང་དོན། །མ་མཐོང་རྨོངས་པའི་འཁྲུལ་པ་རྣམས། །བྱིན་རླབས་ལྷ་དང་ཡོན་ཏན་ལྟར། །སྣང་འདོད་རེས་འཇོག་སེམས་འདོད་སོགས། །གཞན་ལས་འཕགས་འདོད་ནོར་བའི་ལམ། །མདོངས་པས་ནམ་མཁར་བསྙེག་པ་བཞིན། །ནོར་བས་མ་ནོར་རྙེད་མི་འགྱུར། །མ་བཅོས་འབྲས་བུ་རང་སྣང་དོན། །བྱིན་རླབས་དགོངས་རྟོགས་གོམས་པ་ཡིས། །མ་བཙལ་ཐབས་ཀྱིས་རང་འཆར་བ། །བྱིན་རླབས་གདུལ་བྱའི་སྣང་བར་ཟད། །ཅེས་ཉིད་ལ་ཉིད་བཤད་དོ། །སྒྱུ་འཕྲུལ་རྒྱ་མཚོའི་རྒྱུད་ལས། ཆོས་ཐམས་ཅད་གཏན་ལ་ཕབ་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་བཅོམ་ལྡན་དགྱེས་ཆེན་པོས། །སངས་རྒྱས་ཀུན་འདུས་དག་པ་སྟེ། །གཅིག་དང་དུ་མ་ལས་འདས་པས། །འཇིག་རྟེན་འདས་དང་འཇིག་རྟེན་པ། །མངོན་ཕྱུང་ནས་ནི་གསུང་བར་མཛད། །ཨ། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ཎ། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ། ཀྵ། ཨི་ཨཱིཾ། ཨུ་ཨཱུ། ཨེ་ཨཱེ། ཨོ་། ཨ་ཀ་ཙ་ཊ་ཏ་པ་ཡ་ཤ །ཨི་ཨཱིཾ། ཨུ་ཨཱུ། ཨེ་ཨཱཻ། ཨོ་། རྀ་རཱྀ། ལྀ་ལཱྀ། ཨཾ་ཨཿ། ཀ་ཁ་ག་གྷ་ང་། ཙ་


DNG010_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ།ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ། རང་བྱུང་མཚོན་པ་ལས་འདས་པ། །ཨ་ཉིད་ཀུན་གྱི་ངོ་བོ་སྟེ། །བརྗོད་འདས་ནམ་མཁའི་རང་བཞིན་ལས། །སྣོད་བཅུད་ཡི་གེར་རང་བཞིན་ཤར། །ཐམས་ཅད་ཡི་གེའི་རང་བཞིན་ཏེ། །མཚོན་པ་བརྡ་ཡི་ངོ་བོར་སྣང་། །གང་དུ་མ་སྐྱེས་ཡུམ་ཉིད་ནི། །ས་དང་ནམ་མཁའ་ཅན་རྡོ་རྗེ། །སྟོབས་ཆེན་ལྔ་ནི་དབང་པོ་ལྔ། །གཉིས་པ་ལྔ་པོ་རིམ་བཞིན་དུ། །སྒེག་མོ་ཕྲེང་ཐོགས་དབྱངས་དང་གར། །ཡ་མཱན་ཏ་ཀྲྀཏ་ཉིད་དུ་བཤད། །གསུམ་པ་ལྔ་ནི་རིམ་པ་བཞིན། །སྣང་མཛད་རྡོ་རྗེ་རིན་ཆེན་དང་། །དཔག་མེད་དོན་གྲུབ་ཉིད་དུ་བཤད། །བཞི་པ་ལྔ་པོ་རིམ་བཞིན་དུ། །སངས་རྒྱས་སྤྱན་དང་ན་བཟའ་དཀར། །མཱ་མ་ཀཱི་དང་སྒྲོལ་མར་བཤད། །ལྔ་པ་ལྔ་པོ་རིམ་བཞིན་དུ། །བྱམས་པ་སྒྲིབ་སེལ་ཀུན་བཟང་དཔལ། །རྟ་མགྲིན་རིམ་པར་འདོད་པ་ཡིན། །དྲུག་པ་བཞི་སྟེ་རིམ་པ་བཞིན། །བདུག་སྤོས་མར་མེ་མེ་ཏོག་དང་། །དྲི་ཆབ་ལྷ་མོ་ཞེས་སུ་བཤད། །བདུན་པ་བཞི་སྟེ་རིམ་པ་བཞིན། །རྟག་ཆད་མཚན་མ་དག་པ་དང་། །བདག་མེད་མ་སྟེ་རིམ་པ་བཞིན། །མཐར་ཟད་བྱེད་པ་རྡོ་རྗེ་ནི། །མ་ལུས་འདུས་པའི་ངོ་བོ་སྟེ། །སྐུ་གསུང་ཐུགས་ནི་རྡོ་རྗེ་ལས། །རྣམ་པར་འཕྲུལ་པའི་སྤྲུལ་པ་དྲུག །བརྒྱད་པའི་ཡི་གེ་དྲུག་ཏུ་བཤད། །བཅུ་གཅིག་གཉིས་པ་རྣམ་བཤད་པ། །སྒྲིབ་པ་ཀུན་བཟང་ཡེ་ཤེས་ནི། །འཆི་བ་གསོ་བྱེད་ཡིན་པར་བཤད། །ཐོག་མ་མཐར་ཟད་མཐིང་ག་སྟེ། །རྡོ་རྗེ་དྲིལ་བུ་ཉིད་དུ་འདོད། །དང་པོ་ལྔ་དང་གཉིས་པ་ལྔ། །གཙོ་བོ་ཡབ་ཡུམ་བཅུ་ཉིད་སྟེ། །འཁོར་ལོ་རྡོ་རྗེ་རིན་པོ་ཆེ། །པདྨ་རལ་གྲི་འཛིན་པ་སྟེ། །དཀར་པོ་མཐིང་ག་སེར་པོ་དང་། །དམར་པོ་ལྗང་གུ་རིམ་བཞིན་ནོ། །གསུམ་པ་ལྔ་པོ་རིམ་པ་བཞིན། །རྡོ་རྗེ་


DNG010_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

དང་ནི་རིན་ཆེན་དང་། །པད་དཀར་རྡོ་རྗེ་དཀར་སྔོ་དང་། །དམར་དང་ལྗང་གུ་རང་བཞིན་གནས། །རྡོ་རྗེས་གནོན་པ་མཐིང་ནག་ཡིན། །བཞི་པ་ལྔ་པོ་རིམ་པ་བཞིན། །ཀླུ་ཤིང་པོ་ཏི་རིན་ཆེན་སྙེ། །ཨུཏྤལ་དཀར་སེར་དམར་སེར་དང་། །དམར་ལྗང་དཀར་ལྗང་རིམ་བཞིན་ཏེ། །ཐོད་སྦྲུལ་སེར་ནག་འབར་བར་གནས། །ཙ་ལ་སོགས་པའི་ལྷ་མོ་ནི། །མེ་ལོང་ཕྲེང་བ་པི་ཝང་གར། །གཙོ་བོ་ཉིད་དང་མཚུངས་པ་ཡིན། །གཞན་ཡང་ཨ་སོགས་བཞིར་བཤད་པ། །བདུག་པ་མེ་ཏོག་མར་མེ་དང་། །དྲི་ཡང་གཙོ་བོ་རྗེས་མཐུན་པའོ། །ཐོད་སྦྲུལ་འཇིགས་པ་དམར་ནག་སྟེ། །དེ་བཞིན་ཡི་གེ་བཞིར་ཤེས་བྱ། །རྟག་ཆད་ལྕགས་ཀྱུ་ཞགས་པ་དང་། །ལྕགས་སྒྲོག་དྲིལ་བུ་ཐབས་དང་འདྲ། །སྤྲུལ་པའི་པི་ཝང་གསེག་པར་དང་། །པོ་ཏི་སྒྲོམ་དང་གོ་ཆ་དང་། །མེ་དང་ཆུར་ནི་ཤེས་བྱ་སྟེ། །དཀར་དང་སེར་དང་དམར་ནག་དང་། །སེར་ནག་མཐིང་སྔོ་དུད་ཁ་དག །རིམ་པ་བཞིན་དུ་ཤེས་པར་བྱ། །རྡོ་རྗེ་རྒྱ་གྲམ་ལྗང་ནག་གིས། །མ་ལུས་གནོན་པ་བདུད་རྩི་འཁྱིལ། །དཀྱིལ་འཁོར་འཁོར་ལོ་ཡི་གེ་ཡིས། །མ་དག་པ་དག་དག་བྱེད་ཅིང་། །མ་མཐོང་པ་དག་མཐོང་བྱས་ནས། །དེ་ཉིད་རྣམ་པར་གྲོལ་བར་འགྱུར། །དེ་ནས་གཞན་ཡང་བཤད་བྱ་ནི། །རང་སྣང་གསུང་གི་འཁོར་ལོ་ལས། །རིམ་བཞིན་རང་གི་གཞིར་སྣང་བ། །དཔག་མེད་ཡོན་ཏན་ལྷུན་རྫོགས་པས། །རང་བྱུང་འཁོར་ལོ་མངོན་པར་བརྗོད། །རང་བྱུང་འཁོར་ལོ་རྒྱུ་ཡི་བདག །ཀ་སོགས་སུམ་ཅུ་རྩ་གཉིས་ནི། །མ་ལུས་ཀུན་གྱི་དངོས་གཞི་སྟེ། །སྐུ་ཡི་འཁོར་ལོར་རང་སྣང་བའོ། །སྒྲ་དབྱངས་གསུང་གི་འཁོར་ལོ་ནི། །བརྗོད་པའི་སྒྲ་ནི་སྣ་ཚོགས་པའི། །མ་ལུས་པར་ནི་རང་སྣང་བས། །གསུང་གི་ཕྱག་རྒྱ་བཞིར་ངེས་པའོ། །རིག་པ་ཐུགས་ཀྱི་འཁོར་ལོ་ནི། །ཟག་མེད་ཡེ་ཤེས་དྲུག་ལྡན་ཞིང་། །སྡེ་ཚན་བརྒྱད་ཀྱིས་བརྒྱན་པ་ནི། །སྙིང་པོ་དྭངས་མ་ལྔར་སྣང་བ། །ཡོན་ཏན་སྤྲུལ་པའི་འབྱུང་བཞི་ཉིད། །བྱེ་བྲག་བརྒྱད་ཅུ་ཀུན་


DNG010_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་པའི། །འཕྲོ་འདུ་ཐིག་ལེ་ཀུན་གྱི་དངོས། །སྤྲུལ་པའི་ཐིག་གཉིས་ མེད་འདྲེལ་བ་དྲ་བར་བཤད་ཀྱང་ལེ་རང་འཆར་བ། །སྣང་བའི་མཛད་པ་བསམ་མི་ཁྱབ། །གང་དུ་ཐབས་ལས་བྱུང་བ་ཡི། །དྭངས་མའི་རོ་ལྔ་མྱོང་འགྱུར་བས། །རྟེན་བཅས་ངོ་བོ་དག་གྱུར་ནས། །མཛད་པའི་བྱིན་རླབས་བསམ་མི་ཁྱབ། །ཤེས་རབ་ཐབས་རོལ་སྒྱུ་མ་ལས། །རང་བཞིན་སྒྱུ་འཕྲུལ་ཆེན་པོ་འཆར། །ཐབས་དང་ཐབས་བྱུང་འདྲེལ་པ་ཉིད། །ཐམས་ཅད་ཀུན་གྱི་གཞིར་གནས་པ། །མ་སྐྱེས་སེམས་ཀྱི་རང་བཞིན་ལས། །སྣ་ཚོགས་སྒྱུ་མའི་དོན་འཆར་བ། །ཐབས་ལ་བརྟེན་པའི་སྐྱེས་བུ་ཉིད། །གཉིས་སུ་མེད་པར་འདྲེལ་པར་བཤད། །གནས་བཞི་གར་ཐབས་སྒྱུ་མ་ལས། །ནམ་མཁའི་ཡེ་ཤེས་ཅིར་ཡང་གསལ། །ཅིར་ཡང་བདག་ཉིད་རེག་པར་འདྲེལ། །དྲང་བའི་དོན་དུ་ང་ཡིས་བཤད། །གསང་བ་རང་བྱུང་འཁོར་ལོ་ནི། །གནས་དང་ངོ་བོར་ལྡན་པ་ཡི། །ཐབས་དང་རྐྱེན་ལས་སྣང་བ་ཡི། །རོ་ལྔ་སེམས་ལ་མཉམ་འཇུག་པ། །སྟེང་འོག་ཐབས་ཀྱི་མཚོན་བྱས་པ། །ཡེ་ཤེས་ལྔ་ཡི་ངོ་བོར་བཤད། །གཡས་གཡོན་དབུས་དང་ལྡན་པ་ཡི། །ཉི་ཟླ་འབར་བ་གང་འཛག་པ། །ཐབས་ལྡན་གནས་སེམས་རྩི་ཡིས་བཟུང་། །ཡོན་ཏན་ཀུན་གྱི་ངོ་བོར་གསལ། །མ་ལུས་པ་ཡི་བྱང་ཆུབ་སེམས། །གནས་རྟེན་བྱེད་པའི་ངོ་བོར་བཅས། །སྐད་ཅིག་ཐབས་ལས་མངོན་གྱུར་པའི། །བདེ་བ་ཆེན་པོའི་ངོ་བོར་སྣང་། །རང་བྱུང་སྣང་བའི་མཚན་མ་ཀུན། །བདེ་བ་ཆེན་པོའི་དོན་རྟོགས་པས། །དྭངས་མའི་སྙིང་པོར་གསལ་གྱུར་པ། །བདེ་ཆེན་ནམ་མཁའི་མཐའ་ལྟར་སྣང་། །གང་དུ་མཚན་རྟོག་ཀུན་སྤངས་པའི། །བདེ་ཆེན་ཡེ་ཤེས་རོ་དང་བཅས། །ཐབས་དང་ཤེས་རབ་འདྲེལ་པ་ཡི། །མ་ལུས་སྐུ་གསུང་ཐུགས་སུ་སྣང་། །ཐབས་ལྡན་ཡེ་ཤེས་རྒྱ་མཚོ་ཡིས། །ཆོས་ཀུན་རོ་གཅིག་ཀུན་གསལ་བ། །རྟོག་དང་མི་རྟོག་ཆ་ལས་འདས། །དེ་ཉིད་མཚོན་པ་མེད་པར་བསྟན། །སངས་རྒྱས་འཁོར་ལོ་ཀུན་འདུས་


DNG010_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །གསུང་གི་དཀྱིལ་འཁོར་མི་ཟད་པ། །གདུལ་བྱའི་དོན་དུ་ཀུན་བསྒྲགས་པའི། །རང་བྱུང་འཁོར་ལོའི་གསུང་དུ་གསལ། །ཕྱི་ནང་གསང་བའི་མཐར་ཐུག་པ། །སྣོད་བཅུད་རོ་དང་བཅས་པ་ལས། །མི་རྟོག་གསལ་བར་རང་སྣང་བ། །འཁོར་ལོ་ཀུན་གྱི་གཞིར་གྱུར་པའོ། །ཞེས་ཉིད་ལ་ཉིད་བཤད་དོ། །སྒྱུ་འཕྲུལ་རྒྱ་མཚོའི་རྒྱུད་ལས། གསུང་གི་འཁོར་ལོ་མངོན་དུ་ཕྱུང་བའི་ལེའུ་སྟེ་བཞི་པའོ།། །།དེ་ནས་བཅོམ་ལྡན་དགྱེས་ཆེན་པོ། །སངས་རྒྱས་ཀུན་གྱི་རང་བཞིན་དེས། །ཀུན་འབྱུང་སྒྱུ་འཕྲུལ་རྒྱ་མཚོ་ཆེ། །དངོས་གྲུབ་ཆོ་ག་ཡང་དག་གསུང་། །རང་བྱུང་སྒྱུ་འཕྲུལ་དྲ་བ་ནི། །སངས་རྒྱས་ཀུན་གྱི་རང་བཞིན་ཏེ། །གསང་བའི་ངོ་བོ་ཐབས་ཀྱི་གནས། །དངོས་གྲུབ་ཀུན་གྱི་རྩ་བ་སྟེ། །སེམས་ཉིད་ཀུན་གྱི་རྩ་བ་ཡིན། །དེ་ཉིད་དངོས་མེད་སྙིང་པོ་སྟེ། །ཐམས་ཅད་འབྱུང་བའི་གནས་མཆོག་ཉིད། །མ་བཅོས་སྒྱུ་འཕྲུལ་ཆེན་པོ་ལས། །གཉིས་མེད་འདྲེལ་པ་དྲ་བའི་དོན། །རོ་གཅིག་གནས་ཀྱི་ཁྱད་པར་ལས། །ཡོན་ཏན་རིན་ཆེན་སྣ་ཚོགས་འཆར། །སངས་རྒྱས་དཀྱིལ་འཁོར་མ་ལུས་པ། །བཞི་བཅུ་རྩ་ལྔར་རང་བཞིན་གནས། །དེ་ཉིད་གྲངས་ལས་འདས་པ་སྟེ། །མ་བཅོས་རང་རིག་བྱང་ཆུབ་སེམས། །ཐབས་དང་ཤེས་རབ་གཉིས་མེད་པའི། །ཆོ་ག་སྣ་ཚོགས་འདོད་རྣམས་ལ། །རང་གི་མོས་པ་ཇི་བཞིན་དུ། །ཆོ་འཕྲུལ་སྣ་ཚོགས་བསྟན་པར་ཟད། །རང་བྱུང་ཡོ་བྱད་དག་པ་ནི། །བསྐྱེད་ཅིང་སྦྱངས་ནས་འབར་བ་ལྟར། །ངེས་པ་རྙེད་ནས་ལོངས་སྤྱོད་ན། །འཚོ་བ་བདུད་རྩིའི་ངོ་བོ་ལྟར། །གང་གིས་རང་རིག་བྱང་ཆུབ་སེམས། །ཆོ་འཕྲུལ་གསལ་བསྒོམ་རྣལ་འབྱོར་པས། །རང་བྱུང་ལྔ་ལ་བྱིན་བརླབས་ཏེ། །ཟོས་པས་ཕྱི་ནང་ནད་སེལ་འགྱུར། །ཕྱག་རྒྱའི་དཀྱིལ་འཁོར་གསལ་གོམས་ན། །རང་བྱུང་གཙང་སྨེ་མེད་སྦྱར་ཞིང་། །དང་པོ་གང་ཡང་རུང་བ་དག །གང་


DNG010_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་བསྒྱུར་བ་དེར་འགྲུབ་སྟེ། །རྟོགས་གོམས་སྟོབས་ལས་བྱུང་བའོ། །བདག་ཉིད་གསལ་བར་བརྟན་བྱས་ནས། །མཁའ་དབྱིངས་རྡོ་རྗེ་གཏམས་པ་ལས། །བདག་ཉིད་བགྲོད་པར་ནུས་པ་ན། །རྣལ་འབྱོར་གསལ་བའི་དོན་རྣམས་བྱ། །གང་གི་སྤྱན་དང་ཐུགས་གསལ་བས། །མི་མཐུན་མ་ལུས་ཀུན་བསྲེགས་ནས། །དངོས་མེད་སྟོང་པའི་ངང་དུ་འཚིག །ལག་མཐིལ་ཟླ་བའི་ཆུ་རྒྱུན་བསམ། །ནམ་མཁའ་ས་གཞི་བཅས་པ་ཉིད། །ཆུ་ཡིས་ཐམས་ཅད་གང་བྱས་ནས། །སྲེག་པའི་བསྐལ་པ་གཞིལ་བར་བྱ། །རང་གི་སྒྲོལ་མའི་རྣལ་འབྱོར་བསམ། །བརྟན་ཞིང་གོམས་པར་གྱུར་པ་ན། །གླིང་བཞི་རི་རབ་འཁོར་ཡུག་རྣམས། །མ་ལུས་བརླགས་ཤིང་འཐོར་བར་འགྱུར། །ཡཾ་གྱིས་བུད་ཅིང་ཁཾ་གྱིས་བཀྲུས། །རཾ་གྱིས་སྦྱངས་པས་དངོས་པོ་དག །བདག་གཞན་རྒྱུད་ལ་སྣང་བ་རྣམས། །དངོས་མེད་སྟོང་པར་སྟོན་པར་ནུས། །མི་མཐུན་ཕྱོགས་ཀྱི་དགྲ་བགེགས་དང་། །སངས་རྒྱས་བཙུན་མོ་གང་ཡང་རུང་། །ལྷའམ་གནོད་སྦྱིན་བུ་མོ་དག །ཏིང་འཛིན་སྦྱོར་བ་གོམས་པ་ཡིས། །དེ་མ་ཐག་པར་དགུག་ནས་ནི། །བདག་ཉིད་ཇི་ལྟར་དགའ་བར་བྱེད། །དེ་ནས་འདོད་པའི་དོན་རྫོགས་ནས། །ཡིད་ལ་དེར་གནས་མི་འདོད་ན། །གང་དགའི་གནས་སུ་བཏང་ནས་ནི། །ཕྱིས་ནི་དམ་བཅའ་བཞིན་དུ་འགྲུབ། །གལ་ཏེ་ཕྱོགས་པར་མ་གྱུར་ཀྱང་། །བདག་གི་བྱ་བ་མ་རྫོགས་པར། །སྔགས་དང་ཕྱག་རྒྱ་ཏིང་འཛིན་གྱིས། །ཇི་སྲིད་འདོད་པར་བཅིང་བར་བྱ། །རང་གི་དོན་ནི་ལེགས་གྲུབ་ནས། །ལུས་དང་སེམས་ནི་སྒྲོལ་བ་ཡིས། །ཕ་རོལ་ཅི་བདེར་གནས་པར་བྱ། །བདག་དང་གཞན་དག་ཕན་འདོད་པས། །རིམ་པ་བཞིན་དུ་བཅུན་པར་བྱ། །བདག་ཉིད་ཐར་ལམ་བགྲོད་པ་ཡིས། །སྟོང་པ་ཆེན་པོར་གོམས་གྱུར་ནས། །རྒྱལ་བའི་སྐུ་ཚེ་མི་འཆི་ཉིད། །མཚན་མའི་རྒྱུན་གྱིས་ཚེ་བསྡུས་ནས། །འདོད་པ་ཡིད་འོང་ཐོབ་པར་འགྱུར། །སྟེང་འོག་རླུང་ལ་དབང་ཐོབ་ནས། །


DNG010_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

བར་མའི་རྐྱེན་གྱིས་བསླུ་བ་མེད། །མཚན་བཟང་ཐིག་ལེ་བཅུ་དྲུག་སོགས། །དབེན་པའི་གནས་སུ་ཟླ་དང་བཅས། །ཞུན་ཆེན་ལ་སོགས་བཅུད་ཀྱིས་གསོ། །གང་རྒྱས་བདུད་རྩི་གསང་བའི་ལྕེས། །བསྡུས་བརྔུབས་ཀྱང་ནས་མི་འཆི་ངེས་པར་མྱང་། །ལྔ་ཡི་རྩ་བ་ཡན་ལག་བཅས། །བདུད་རྩི་རིགས་བརྒྱ་ང་གཅིག་སྦྱངས། །རྟགས་ཕྱིན་འཐུངས་ན་ཐེ་ཚོམ་མེད། །ར་སཱ་ཡ་ན་ལ་སོགས་ལ། །བསྒྲུབས་ཤིང་བསྟེན་ན་དེ་བཞིན་ནོ། །ཚེ་མཆོག་ལས་བྱས་ཟླ་རྒྱས་སོགས། །རྟགས་ལྡན་ཟོས་པའང་ངེས་པར་འགྲུབ། །གཞན་པ་ཐ་མལ་ལས་སྦྱར་ཏེ། །བདག་ཉིད་ཀུན་ལ་ངེས་པར་འགྲོ། །སྔོན་སོང་པ་ཡི་སྔ་རོལ་ཉིད། །ཡང་ན་མཐར་ཉེའི་ལམ་ཆེའོ། །ཚེ་ཡི་རྟེན་ནི་གང་རུང་ལ། །བདག་ཉིད་སྟོབས་ལྡན་རྣལ་འབྱོར་པས། །ཕྱོགས་བཅུའི་གཟི་བྱིན་ཀུན་བསྡུས་ནས། །སྔགས་དང་ཕྱག་རྒྱའི་ཏིང་འཛིན་གྱིས། །བསྡིམས་ལ་ངེས་པར་བསྲུང་བར་བྱ། །གལ་ཏེ་འཆི་བ་གསོ་འདོད་པས། །རྒྱལ་རིགས་རྗེའུ་དང་བྲམ་ཟེའི་རོ། །རྨ་མེད་གཙང་མ་བླངས་ནས་ནི། །སྦྱངས་ཤིང་རྒྱན་དང་ལྡན་བྱས་ཏེ། །བདག་གིས་གང་ཡིན་བཀུག་ནས་ནི། །མངོན་བསྡིམ་རྟགས་དང་ལྡན་གྱུར་ནས། །མགོ་དང་ལྕེ་བཅད་གོ་མཚོན་གྱིས། །ལྷ་མིན་གཡུལ་ལས་འཇོམས་པར་བྱེད། །ལྕེ་བཅད་བལྟབས་པས་གསེར་ཡིན་ཏེ། །ལངས་ནས་དམ་བཅའ་ཆུ་བླུད་ནས། །གང་འདོད་ལས་ནི་བཅོལ་བར་བྱ། །གལ་ཏེ་དྲག་པོ་བརྩམས་གྱུར་ན། །དེ་ཡི་བདག་ཉིད་དག་ལ་བརྟེན། །མིང་རུས་བཅས་པ་གསལ་བར་བྱ། །དྲག་པོའི་གནས་སུ་བཞག་ནས་ནི། །གཉེན་པོས་གནས་བཀུག་བསྡིམས་བྱས་ནས། །དུག་དང་ལན་ཚྭ་ཚ་བས་བསྡིམས། །གནས་ལྔར་ཕུར་གདབ་དེ་ཉིད་གནོན། །འདིས་ནི་ཀུན་ཀྱང་བརླག་པར་འགྱུར། །དགྲ་དཔུང་འཕམ་པའི་ལས་བྱ་ན། །བདག་ཉིད་ལྷ་རུ་གསལ་བྱས་ལ། །རས་སམ་གྲོ་གར་མིང་རུས་བྲིས། །ཆགས་པའི་གོས་ཀྱིས་དྲིལ་བྱས་


DNG010_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །གཡས་པའི་ལེགས་པར་གནན་ནས་ཀྱང་། །ང་རྒྱལ་རང་གི་སྔགས་བཅས་པས། །ཕྱོགས་སུ་འཕྱོས་པས་འཕམ་པར་བྱེད། །དེ་ཡིས་རྒྱལ་བར་འགྱུར་བ་སྟེ། །སྤྱི་གཙུག་འཁོར་ལོ་རྩིབས་བཅུ་བཞག །ཁྲོ་བོའི་སྔགས་བྲིས་བྱིན་བརླབས་ན། །མ་ཡེངས་གར་ཕྱིན་རྒྱལ་བར་འགྱུར། །གཞན་ཡང་ཐབས་དང་ལྡན་པ་ཡིས། །ཐབས་དང་ཤེས་རབ་གདན་བསྐྱེད་དེ། །རྒྱལ་བའི་དཀྱིལ་འཁོར་ཉི་ཟླར་ལངས། །གཉིས་ཐིམ་ཉི་ཟླ་བཅུད་ལྔར་འདྲེས། །འཐུངས་པས་བདུད་རྩིར་དག་པར་བྱེད། །དེ་ཉིད་གཉིས་མེད་ལྡན་གྱུར་ནས། །རྩེ་སྤྲད་བྱེད་པའི་ཐབས་བཅས་པས། །དུག་གསུམ་ནད་བསལ་བདེ་ཆེན་གྱིས། །རང་དགའི་ལུས་ཀྱི་སྟོབས་སུ་གནས། །རླུང་སེམས་བདེ་བས་གང་གྱུར་ཚེ། །ཐུན་མོང་ཐུན་མོང་མ་ཡིན་པའི། །འདོད་པ་ལྔ་ལ་ལོངས་སྤྱོད་ཅིང་། །ཞིང་དང་སྤྱོད་ཡུལ་དག་པར་འགྱུར། །གང་ཚེ་ཐབས་དང་ལྡན་པ་ཡིས། །ཐ་མལ་སྣང་བ་ལུས་བཅས་པ། །དཀའ་ཞིང་གདུང་བ་སྤངས་པ་ཡིས། །བདེ་ཆེན་དབྱེར་མེད་ཉིད་དུ་འགྱུར། །རང་རིག་འོད་གསལ་ནམ་མཁའ་ནི། །རྡོ་རྗེ་པདྨ་ལ་བརྟེན་པས། །འབྱུང་བཞི་ཐབས་ཀྱིས་འབར་བ་ཡིས། །ཐ་མལ་ཞེན་པ་མི་གནས་ཤིང་། །བྱང་ཆུབ་སེམས་ཀྱིས་གང་བར་བྱེད། །སྒྲོལ་མ་རླུང་གི་ཐབས་ལྡན་པས། །འབར་ནས་རིམ་པར་གནས་བསྐྱོད་པས། །སྟེང་གི་ཐིག་ལེ་ཞུ་བའི་སེམས། །དྭངས་མ་ལྔར་ཐིམ་གསལ་བའི་ཚེ། །སྟོང་ཉིད་ནམ་མཁའི་རང་མཚན་ཉིད། །དབང་པོ་ཡུལ་སེམས་ཟློག་པར་འགྱུར། །རང་བྱུང་བཅུད་འདུས་ཐིག་ལེ་ཉིད། །ཐབས་ཀྱིས་ཕྱག་རྒྱས་བཀུག་བྱས་ནས། །ཐབས་དང་ཤེས་རབ་སྟོབས་ཀྱིས་བཅིངས། །རང་བྱུང་བདེ་བའི་ཉམས་ཤར་ནས། །རང་རང་གནས་སུ་གཏང་བའི་ཚེ། །རླུང་སེམས་ཞེན་འཛིན་གྲོལ་གྱུར་ནས། །སེམས་མཐའ་འགྲོ་འོང་མེད་པའི་ཚེ། །ཡེ་ཤེས་རྒྱ་མཚོ་གསལ་གྱུར་ནས། །མ་ལུས་བདེ་ཆེན་འབར་བར་གནས། །བདུད་བཞི་མ་ལུས་འཕམ་པ་ཡིས། །


DNG010_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་མེད་རྒྱལ་བའི་དཀྱིལ་འཁོར་དུ། །ཏིང་འཛིན་གསལ་བར་བྱེད་པར་འགྱུར། །བདེ་བའི་ཐིག་ལེ་རང་སྣང་བས། །མིང་ཚིག་ཐ་སྙད་བརྗོད་བྲལ་བས། །ཐབས་དང་ཤེས་རབ་ཐབས་མཚོན་པས། །བདེ་ཆེན་རིག་པའི་ཐིག་ལེར་འགྱུར། །ཐུན་མོང་ཁྱད་པར་ཡོ་བྱད་ཀྱིས། །སྔོན་དུ་བྱ་བ་ཀུན་བྱས་ནས། །རང་གི་ཐབས་ལྡན་རྣལ་འབྱོར་པས། །ཇི་ལྟར་བསྒྲུབས་པ་བཞིན་དུ་འགྲུབ། །སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །རང་བྱུང་བདེ་ཆེན་རྒྱ་མཚོ་ནི། །བྱིན་རླབས་ཀུན་གྱི་བདག་ཉིད་པས། །ཀུན་ལ་འཚམས་པ་བཞིན་དུ་འཆར། །ཐིག་ལེས་བདེ་བ་མྱོང་གྱུར་ནས། །བདེ་བའང་ཐིག་ལེའི་ངོ་བོར་གསལ། །གཉིས་མེད་རང་བྱུང་སྙིང་པོ་ལ། །གསལ་བར་ཉམས་ཀྱིས་གོམས་པར་བྱ། །བདེ་ཆེན་ཐིག་ལེའི་ངོ་བོ་ནི། །རྡོ་རྗེ་འཛིན་པའི་བདག་ཉིད་དེ། །རིགས་ཀྱི་བདག་པོ་ཀུན་ལས་གྲོལ། །མཐའ་དབུས་རྒྱུ་འབྲས་ལས་འདས་པས། །ཐིག་ལེ་རང་རིག་བྱང་ཆུབ་སེམས། །འགྲོ་འོང་དམིགས་འཛིན་ཞེན་ལས་འདས། །དེ་བཞིན་ཉིད་དུ་གཤེགས་པ་ཡང་། །སྣ་ཚོགས་ཞེན་ལས་གྲོལ་བར་ཟད། །ཐབས་དང་ཤེས་རབ་ཐིག་ལེ་ཡི། །ཉི་ཟླ་གསལ་བའི་སེམས་ལྡན་པས། །དངོས་མེད་ལྷན་ཅིག་སྐྱེ་ནུས་ན། །སྒྱུ་འཕྲུལ་དྲ་བར་གསལ་བར་འཆར། །ཞེས་ཉིད་ལ་ཉིད་གསུངས་པའོ། །སྒྱུ་འཕྲུལ་རྒྱ་མཚོའི་རྒྱུད་ལས། ཕྱི་མ་བསྒྲུབ་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་བཅོམ་ལྡན་དགྱེས་ཆེན་པོ། །མཐའ་དབུས་མེད་པ་ལྷུན་གྲུབ་པ། །ཡེ་ཤེས་ཀུན་གྱི་བདག་ཉིད་དེས། །སྐུ་ཡི་དཀྱིལ་འཁོར་སྣང་བར་མཛད། །གཅིག་དང་དུ་མ་བྲལ་བ་ཡི། །རང་བྱུང་ཡེ་ཤེས་ཕྱོགས་མེད་པ། །ཡེ་ཤེས་ལྔ་རྫོགས་སྙིང་པོ་འདི། །མུ་ཁྱུད་སྙིང་པོས་ཡོངས་སུ་བཀོད། །སངས་རྒྱས་ཀུན་གྱི་གཞལ་ཡས་ཁང་། །ངོ་བོ་ཇི་བཞིན་ནས་ཀྱང་གསལ་གྱུར་པ། །ཆེ་བའི་ཡོན་ཏན་ལྷུན་རྫོགས་པ། །དཀྱིལ་འཁོར་ཀུན་གྱི་རང་བཞིན་ཉིད། །ཡེ་ཤེས་འཁོར་ལོ་དྲ་བ་གཅོད། །མུ་ཁྱུད་


DNG010_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་ལེས་ཡོངས་སུ་བསྐོར། །ཆེ་བའི་ཡོན་ཏན་ཕྱོགས་མེད་ཅིང་། །ཐར་པའི་གྲོང་ཁྱེར་ཁྱམས་ལྡན་པས། །རྣམ་ཐར་མཛེས་པའི་སྒོ་དང་ལྡན། །འདོད་ཡོན་ལྔ་དང་བཞུགས་གནས་ཀྱང་། །ཟད་པ་མེད་པའི་ཚུལ་དུ་གནས། །བདུད་དང་འཁོར་བའི་ཉེས་པ་ཡིས། །མི་འཇིགས་སྟོབས་དང་རྫུ་འཕྲུལ་དང་། །དབང་དང་ཕྲིན་ལས་ལྷུན་རྫོགས་པས། །ཐབས་དང་ཤེས་རབ་སྐྱོན་བྲལ་བས། །རྒྱལ་བ་ཀུན་གྱི་གནས་པའི་གདན། །རང་བྱུང་རིག་པའི་འཕྲུལ་པ་ཡིས། །མཛད་པ་རྫོགས་དང་མ་རྫོགས་པའི། །འགྲོ་བའི་དོན་ལ་མ་འདྲེས་པས། །ལྷ་དང་གདན་གྱི་ཁྱད་པར་དང་། །བཞུགས་ཚུལ་རྒྱན་ཆ་སྣ་ཚོགས་བསྟན། །རང་བྱུང་རྒྱལ་བ་ཐམས་ཅད་ཀྱང་། །རང་གི་རྟོག་པ་དེར་བྱུང་གི། །རྒྱུ་འབྲས་དཀའ་ཐུབ་རྩོལ་བ་ཡིས། །གཞན་འབྱུང་ཐ་དད་ཆོས་དང་བྲལ། །རང་རིག་ལྷུན་གྱིས་གྲུབ་པ་ལ། །ཡོན་ཏན་ཁྱད་པར་ཀུན་རྫོགས་པ། །ཐབས་ཆེན་གསང་བ་གོམས་རྟོགས་ན། །ཆེ་བའི་འབྲས་བུར་བདག་ཉིད་གནས། །སྒྱུ་འཕྲུལ་དྲ་བའི་དཀྱིལ་འཁོར་ནི། །ཀུན་ནས་རྒྱ་ཡང་མ་ཆད་པ། །ཕྱོགས་བཅུ་དུས་བཞི་སྐུ་གསུང་ཐུགས། །མ་ལུས་བདག་ཉིད་བྱང་ཆུབ་སེམས། །གདོད་ནས་དག་མཉམ་རྟོགས་པ་ཡིས། །མི་ཟད་འཁོར་ལོ་རང་སྣང་བ། །མ་ལུས་ཐམས་ཅད་དག་པ་ཡིས། །བྱར་མེད་བྱ་ལས་འདས་པ་ཡི། །རང་བྱུང་སྒྱུ་འཕྲུལ་རྒྱ་མཚོ་ཆེ། །སྐྱེས་བུ་རབ་ལ་དེ་བཞིན་སྣང་། །མ་ལུས་འདོད་སྟོབས་ཁྱད་པར་གྱིས། །ཐབས་དང་ཤེས་རབ་འདྲེལ་པ་ལ། །རབ་འབྲིང་ཐ་མའི་སྟོབས་བཞིན་དུ། །དཀའ་ཐུབ་གདུང་བ་སྤངས་པས་འགྲུབ། །ཐབས་ཆེན་ཐབས་ལས་བྱུང་བ་ཡི། །གཙོ་འཁོར་དབྱེར་མེད་དཀྱིལ་འཁོར་ནི། །འཁོར་བ་དག་བྱེད་མཎྜ་ལ། །བསྒོམ་པས་འབྲས་བུ་མངོན་དུ་འབྱུང་། །ཐབས་ཆེན་རྒྱ་མཚོས་ཟིན་པ་ལ། །འཁོར་བའི་རྒྱུ་འབྲས་ངོ་བོས་སྟོང་། །འདས་དང་མ་འདས་དབྱེར་མེད་པའི། །རང་རིག་བྱང་ཆུབ་


DNG010_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་ཉིད། །རང་རིག་བྱང་ཆུབ་རྐྱེན་བྲལ་ལ། །མོས་པའི་ཡོན་ཏན་ཁྱད་པར་གྱིས། །རང་རང་ཁ་དོག་ཇི་བཞིན་དུ། །ཡོན་ཏན་སྟོབས་ལས་མངོན་སྣང་བ། །མ་འདྲེས་གསལ་བར་ཤར་བ་ཉིད། །སྒྱུ་འཕྲུལ་ཐབས་ཀྱི་ངོ་བོ་ནི། །དྲ་བ་ཤེས་རབ་མ་སྐྱེས་དབྱིངས། །གཉིས་མེད་གནས་པ་རྟོགས་གོམས་ནས། །འབྲས་བུ་རྫོགས་པའི་ཚུལ་དུ་གནས། །བསྐལ་པར་སྦྱངས་དང་རང་གནས་པའི། །བློ་ཡི་བྱེ་བྲག་ཇི་སྙེད་པ། །ཐབས་ཀྱི་རིམ་པ་དེ་བཞིན་ཏེ། །འབྲས་བུ་ལྷུན་གྲུབ་ཉིད་དུ་འགྱུར། །སངས་རྒྱས་ཀུན་གྱི་གནས་གྱུར་པ། །གསང་བའི་བཞུགས་གནས་ཐིག་ལེའི་རྟེན། །ངོ་བོ་མཐའ་བྲལ་གཉིས་མེད་པ། །ཆེ་བའི་ཡོན་ཏན་ལྷུན་རྫོགས་པ། །སྒོ་དང་ལྡན་ཏེ་སྙིང་པོར་རྫོགས། །ཐིག་ལེ་ཆེན་པོའི་རང་བཞིན་ལ། །འབྲས་བུའི་མཚན་མ་རང་བཞིན་རྫོགས། །ཐབས་ཆེན་ཉི་ཟླའི་རོ་འདྲེས་པས། །ཡེ་ཤེས་དཀྱིལ་འཁོར་གསལ་བར་སྣང་། །སངས་རྒྱས་དཀྱིལ་འཁོར་མ་ལུས་པ། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ཉིད། །མ་ལུས་ཉི་ཟླའི་ཚུལ་གནས་ཏེ། །སྐལ་ལྡན་ཐུགས་ལ་འཇུག་པར་འགྱུར། །བདེ་ཆེན་རིག་པའི་དཀྱིལ་འཁོར་ནི། །མ་ལུས་འདུས་པའི་བྱང་ཆུབ་སེམས། །ཐིག་ལེ་རླུང་དང་བྲལ་བ་ཡི། །རྡོ་རྗེ་འཛིན་པ་ཉིད་དུ་འགྱུར། །གང་དང་གང་དུ་ཞེན་བཟུང་བ། །བདེ་ཆེན་ཐིག་ལེར་ཟད་གྱུར་ནས། །ཞིང་དང་སྤྱོད་ཡུལ་བཅས་པ་དག །མ་ལུས་རིག་པ་བདེ་ཆེན་པོ། །ཐབས་དང་ཤེས་རབ་དབྱེར་མེད་པའི། །གསང་བའི་ཐིག་ལེ་ཀུན་གྱི་དངོས། །ཐམས་ཅད་རང་བཞིན་རྫོགས་པའི་ཕྱིར། །ཐམས་ཅད་ཀུན་གྱི་ངོ་བོར་གནས། །སྟེང་འོག་གཡས་གཡོན་ལས་བྱུང་བའི། །སྣང་སྟོང་ཐིག་ལེར་འདྲེས་པའི་བཅུད། །ཉི་ཟླ་ཐབས་དང་ཤེས་རབ་ཉིད། །གཉིས་མེད་ཐབས་སུ་འདྲེལ་པ་ཡིན། །བརྗོད་བྱའི་ཡོན་ཏན་ཀུན་འདུས་པ། །སངས་རྒྱས་ཀུན་གྱི་རང་བཞིན་ཉིད། །མ་ལུས་ཀུན་ལས་འདྲེལ་པའི་ཕྱིར། །སེམས་ལྔའི་ཚུལ་གྱིས་མངོན་


DNG010_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སྣང་། །ཐིག་ལེ་དང་པོ་ནས་བརྩམས་ནས། །མ་སྐྱེས་བདེ་ཆེན་བཅུ་དྲུག་མཐའ། །འགྲོ་འོང་མེད་ཅིང་མཐར་ཕྱིན་པ། །རང་བྱུང་དཀྱིལ་འཁོར་ལྷུན་གྱིས་གྲུབ། །ཐོག་མེད་བསགས་ལས་གང་གྱུར་པའི། །ལས་དང་འདུ་བྱེད་སྒྲིབ་པ་རྣམས། །བདེ་ཆེན་སྐུ་གསུང་ཐུགས་གྱུར་ནས། །མ་བསྒྲིབས་ཡེ་ཤེས་ངོ་བོར་འཆར། །བྱེ་བྲག་བརྒྱད་ཅུ་སྤྲུལ་པ་ཡི། །ཐིག་ལེའི་རྐྱེན་གྱིས་འདུས་གྱུར་པས། །མ་ལུས་མུན་པས་སྣང་བ་བཞིན། །དངོས་བྱེད་ཐབས་ཀྱི་སྣང་བྱེད་པ། །རང་བྱུང་རང་སྣང་ངོ་བོ་ཉིད། །བདེ་བ་ཆེན་པོའི་ཐིག་ལེ་ཉིད། །ཕན་ཚུན་འདྲེལ་ཅིང་འདྲེས་པ་ལས། །ཉི་ཟླ་འཁོར་བཅས་དེ་དག་ཀུན། །གསང་བའི་ཐིག་ལེ་འཕྲོ་འདུ་མེད། །བདེ་ཆེན་ཐིག་ལེར་ལྷུན་རྫོགས་པའི། །བྱང་ཆུབ་སེམས་ལ་དྭངས་སྙིགས་མེད། །ལུས་ངག་སེམས་ཀྱི་བྱ་བ་རྣམས། །གང་གིས་འདུལ་བར་མི་ནུས་པ། །བྱིན་རླབས་རྟེན་འདྲེལ་ལས་བྱུང་བའི། །བདེ་བ་ཆེན་པོའི་ངོ་བོར་འགག །སྣང་གསུམ་ལས་འདས་ཐིག་ལེ་ནི། །ཕྱོགས་འཛིན་དམིགས་པ་ལས་འདས་པ། །རང་རིག་དམིགས་ཞེན་དག་པ་ཡི། །འདུས་བྱས་ཟག་པའི་བདེ་བ་མེད། །སངས་རྒྱས་ཀུན་གྱི་ཐིག་ལེ་ནི། །འགྲོ་འོང་ཐིག་ལེ་རྒྱུ་བ་དག །མཁའ་ལྟར་དག་པའི་བྱང་ཆུབ་སེམས། །རྐྱེན་བྲལ་ཡེ་ཤེས་ཟག་མེད་དེ། །འཕེལ་འགྲིབ་མེད་པའི་ཚུལ་དུ་གནས། །རྒྱུད་ཆེན་སྒྱུ་འཕྲུལ་དྲ་བ་ལས། །རང་བྱུང་ཡེ་ཤེས་རྒྱ་མཚོ་ཉིད། །གདུལ་བྱ་མོས་པའི་བསམ་པ་བཞིན། །ཐུགས་རྗེ་བྱིན་རླབས་བསམ་མི་ཁྱབ། །ཇི་སྙེད་མཐའ་ཡས་ཆོས་རྣམས་ནི། །རྒྱལ་བ་ཀུན་དང་དབྱེར་མེད་པའི། །སྐུ་གསུང་ཐུགས་ཀྱི་ངོ་བོ་སྟེ། །དབྱེར་མེད་བདེ་ཆེན་ཕྱག་རྒྱར་གསལ། །གང་དུ་སྣང་དང་མི་གཡོ་བའི། །བྱ་བ་བྱེད་དང་མི་བྱེད་པ། །སྒྱུ་འཕྲུལ་དྲ་བར་རྫོགས་པ་ཡིས། །ཐིག་ལེ་མཆོག་གི་སྙིང་པོར་གནས། །རྟེན་དང་བརྟེན་པར་བཅས་པ་ཡི། །སྒྱུ་འཕྲུལ་དྲ་བའི་དཀྱིལ་འཁོར་ནི། །སྣ་ཚོགས་བསམ་པ་ལས་བྱུང་བའི། །དཀྱིལ་


DNG010_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ཆེན་པོར་འབར་བར་འགྱུར། །ཟག་མེད་ཡེ་ཤེས་ལྷུན་རྫོགས་པའི། །གདུལ་བྱའི་བྱ་བ་ཀུན་ཀྱང་སྤྱོད། །ཅེས་ཉིད་ལ་ཉིད་བཤད་དོ། །སྒྱུ་འཕྲུལ་རྒྱ་མཚོའི་རྒྱུད་ལས། དཀྱིལ་འཁོར་ཡོངས་སུ་རྫོགས་པའི་ལེའུ་སྟེ་དྲུག་པའོ།། །།རྡོ་རྗེ་འཛིན་པ་ཆེན་པོ་ནི། །སངས་རྒྱས་ཀུན་གྱི་དངོས་གཞི་སྟེ། །གསུང་གི་འདུལ་བའི་དོན་དུ་ནི། །དེ་དག་འཁོར་ལོ་བསྐོར་བར་མཛད། །རྩ་བ་ཅིར་ཡང་འགྱུར་བའི་བྷྲཱུཾ། །རིན་ཆེན་ཡེ་ཤེས་སྣ་ཚོགས་པ། །ཕྱི་ནང་མཐའ་དབུས་རྒྱ་བྲལ་བའི། །ཆོས་དབྱིངས་འོག་མིན་གཞལ་ཡས་ཁང་། །རང་རང་ས་བོན་བསྐྱེད་པ་དང་། །གནས་དང་བྱིན་གྱིས་བརླབས་པ་ཡི། །རྡོ་རྗེ་འཛིན་དང་རྒྱལ་བ་འཛིན། །སངས་རྒྱས་ནོར་བུ་པདྨ་དང་། །ཤེས་རབ་འཛིན་པའི་རིམ་པ་བཞིན། །འཁོར་ལོའི་ཚུལ་བཞིན་གནས་པར་མཛད། །རང་རང་ས་བོན་ཇི་བཞིན་པའི། །གནས་དང་བསྐྱེད་པའི་བྱིན་རླབས་པ། །ནང་དང་སྦྱོར་བ་ལས་བྱུང་བ། །ལྔ་སྟེ་འབྱུང་བའི་རང་བཞིན་ཉིད། །རང་གི་བཙུན་མོ་སྤྱད་བྱ་སྟེ། །བདེ་སྐྱེད་འཁྲིལ་བའི་ཚུལ་དུ་གནས། །མིང་གི་དང་པོ་ལས་བྱུང་བ། །རྣམ་ཤེས་བཞི་ཡི་མཉམ་ཉིད་ནི། །གནས་བསྐྱེད་ཐབས་ཀྱིས་བྱིན་བརླབས་པས། །རང་གི་གནས་སུ་དེ་བཞིན་གཤེགས། །ཐུན་མོང་ཐུན་མོང་མ་ཡིན་པ། །ཡུལ་བཞི་བདེ་སྐྱེད་བཙུན་མོ་སྟེ། །ས་བོན་གནས་བསྐྱེད་ཐབས་ལས་བྱུང་། །ཐབས་དང་འདྲེལ་པའི་ཚུལ་དུ་བཞུགས། །སྐྱེ་མཆེད་གནས་ཀྱི་རང་བཞིན་ལས། །མིང་གི་དང་པོ་ལས་བྱུང་བ། །གནས་དང་སྐྱེད་པ་ལ་སོགས་པའོ། །གནས་ནི་ཇི་བཞིན་གནས་པར་འདོད། །ཐུན་མོང་ཐུན་མོང་མ་ཡིན་པའི། །དུས་བཞི་བཙུན་མོའི་རང་བཞིན་ནི། །དགྱེས་པ་སྐྱེད་པའི་ལྷ་མོ་སྟེ། །གཉིས་མེད་འཁྲིལ་པའི་ཚུལ་དུ་གནས། །དགུག་དང་བསྡམ་དང་བསྐྱོད་པ་དང་། །དགྱེས་པ་ཆེན་པོའི་རང་བཞིན་ཉིད། །ཚིམ་དང་མེ་ཏོག་གཏོར་བ་ཡིས། །གཉིས་མེད་ལྷན་ཅིག་


DNG010_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བ་ཡིས། །མ་ལུས་ཁྱབ་ཅིང་གསལ་བར་བྱེད། །འདི་དག་དབྱེ་དང་དབབ་པ་དང་། །ཐིམ་དང་བདེ་བས་ཚིམ་པ་དང་། །རིམ་པ་བཞིན་དུ་ཡང་དག་གནས། །གང་དུ་རང་གི་ས་བོན་ལས། །གོང་མ་ཇི་བཞིན་གསལ་གྱུར་པས། །ལུས་ཀྱི་ཆོས་བཞིའི་ངོ་བོ་ནི། །ཏ་ཀྲྀཏ་སྒོ་སྲུང་ཚུལ་དུ་གནས། །གཞན་དག་རང་གི་བཙུན་མོ་ནི། །ལྷ་མོ་བཞི་ཡི་དང་པོ་ལས། །ཐུན་མོང་ཐུན་མོང་མ་ཡིན་པའི། །མཚན་མ་འཇོམས་ཤིང་འཁྲིལ་བས་འཁོད། །མ་ལུས་འདུས་པའི་ཡེ་ཤེས་ནི། །དམིགས་པ་གསུམ་ལས་འདས་པ་སྟེ། །ཡུལ་གསུམ་འདས་པའི་འདུས་མ་བྱས། །དེ་ཉིད་འདུས་པའི་ཡེ་ཤེས་དབྱིངས། །ཀུན་གྱི་རང་བཞིན་ཉིད་ཅེས་བཤད། །ཐབས་དང་ཤེས་རབ་ལ་སོགས་པ། །ཐུན་མོང་ཐུན་མོང་མ་ཡིན་པའི། །ཆགས་སོགས་མཚན་མ་དྲུག་པོ་ནི། །ས་བོན་གནས་བསྐྱེད་ལས་བྱུང་བའི། །སྤྲུལ་པའི་སྐུ་ནི་མངོན་པར་བརྗོད། །རང་བྱུང་རྟེན་གྱི་ཐིག་ལེ་ཉིད། །ཕྱག་རྒྱ་བཞི་ཡི་སྦྱོར་བ་ལས། །དགའ་དང་ཆགས་དང་བདེ་བ་དང་། །ཡེ་ཤེས་ཉིད་ནི་གསལ་བར་འབྱུང་། །སེམས་ལྔ་ཡེ་ཤེས་ལྔར་སྨིན་པའི། །ཡེ་ཤེས་ཐིག་ལེ་གནས་འཕོས་ནས། །རང་འདོད་གནས་ལ་ཕོག་པར་མཛད། །ཉི་ཟླ་རིག་པའི་ཐིག་ལེར་བཅས། །ཕན་ཚུན་འདྲེས་པར་གྱུར་པ་ན། །ལྔ་དང་ལྔར་ནི་མི་ཕྱེད་པས། །རིག་པའི་མེ་ཏོག་དོར་ཞེས་བརྗོད། །གང་གིས་གང་ལ་གསོལ་བཏབ་པས། །ཐུགས་རྗེས་བྱིན་བརླབས་སྦྱངས་བྱས་ནས། །ཐུགས་ཞུགས་འདྲེས་ནས་དབྱེར་མེད་པ། །སྲས་གྱུར་དགོངས་པ་གཅིག་ལ་གནས། །རང་བྱུང་གནས་དང་མི་འགལ་ཞིང་། །འབྲས་བུ་ཉིད་ལས་གཞན་མིན་པས། །མ་ལུས་འཁོར་ལོ་ཐིག་ལེ་རྣམས། །བདག་གི་སྲས་སུ་བསྒོམ་པར་བྱ། །ལམ་དང་འབྲས་བུའི་ཁྱད་པར་དང་། །རྟོག་པ་ཡེ་ཤེས་འོད་ལས་བྱུང་། །བྱིན་རླབས་འབྲས་བུ་དངོས་འདྲེལ་པས། །དེ་བཞིན་གཤེགས་པའི་སྲས་ཚོགས་བསྒོམ། །རང་གི་མ་བཅོས་དངོས་ཉིད་ལས། །


DNG010_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པའི་ཡེ་ཤེས་བྱིན་རླབས་ཉིད། །མ་ལུས་སྣང་བས་རྒྱ་མཚོ་སྟེ། །དམན་དང་རིགས་ཆད་སྤྱོད་ཡུལ་མིན། །མ་ལུས་སྐུ་གསུང་ཐུགས་སྦྱོར་བའི། །དེ་ཉིད་ཐབས་དང་ཤེས་རབ་སྟེ། །དབྱེར་མེད་ཐིམ་པས་ཕྱག་རྒྱ་བཞི། །གཉིས་མེད་འདྲེས་པའི་ཚུལ་དུ་གནས། །གནས་ལྔར་ཐིམ་པའི་ཐིག་ལེ་ནི། །སངས་རྒྱས་ཀུན་གྱི་རང་བཞིན་ཏེ། །ཡེ་ཤེས་ལྔ་ཡི་དབང་བསྐུར་ཕྱིར། །དབུ་རྒྱན་ཅོད་པན་ལྡན་པར་བརྗོད། །གནས་གསུམ་ཡི་གེའི་རང་བཞིན་ཉིད། །སངས་རྒྱས་ཀུན་གྱིས་བྱིན་བརླབས་པ། །ཐིམ་པས་གཟི་བྱིན་བསྐྱེད་པ་སྟེ། །སྐུ་གསུང་ཐུགས་ཀྱི་རང་བཞིན་ནོ། །དྭངས་མ་འདུས་པའི་ཐིག་ལེ་ལ། །ཡེ་ཤེས་ལྷུན་རྫོགས་ལྔ་ཡི་རོས། །མ་ལུས་ཀུན་ལ་རྒྱས་བཏབ་པས། །ཡེ་ཤེས་ལྔ་ཡི་ཚུལ་དུ་གནས། །ཉི་ཟླ་འདུས་པའི་ཐིག་ལེ་ཉིད། །རྔམས་དང་ཐབས་ཀྱི་རང་བཞིན་ལས། །གསང་བའི་ཡེ་ཤེས་ལྔ་ཡི་རོས། །ཁྱབ་པས་གཉིས་སུ་མེད་པར་གསལ། །འཁོར་ལོ་གསུམ་གྱི་ཐིག་ལེ་ཉིད། །ཡི་གེ་གསུམ་དུ་རང་གནས་པས། །ཐབས་ཀྱི་སྦྱོར་བས་གཉིས་སུ་མེད། །སྐུ་གསུང་ཐུགས་ཀྱི་སྦྱོར་བའོ། །གཡས་གཡོན་ཐིག་ལེ་དབུས་གནས་པས། །ཡབ་ཡུམ་བདེ་བའི་ཐབས་དང་བཅས། །རང་ལུས་བདེ་ཆེན་གསལ་འབར་གནས། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱར་སྣང་། །གཞན་ཡང་གསུང་གི་ཕྱག་རྒྱ་མཆོག །ཇི་ལྟར་འདུལ་བ་དེ་ཉིད་དུ། །རྟོག་འདུལ་གཉེན་པོ་ཐབས་སུ་སྣང་། །དེ་ཉིད་མཚན་མར་བསམ་མི་ཁྱབ། །སངས་རྒྱས་མ་ལུས་ཕྱོགས་བཅུ་རྣམས། །ཐུགས་རྗེ་ཡེ་ཤེས་སྣ་ཚོགས་ཀྱིས། །གསུང་གིས་དེ་ལྟར་བསྟན་པའི་ཕྱིར། །གསུང་གི་ཕྱག་རྒྱའི་ངོ་བོར་ཤར། །བརྗོད་དང་བརྗོད་བྱ་དབྱེར་མེད་པའི། །རང་བྱུང་གསུང་གི་དཀྱིལ་འཁོར་ཉིད། །མ་ལུས་འདུས་པའི་གསུང་མཆོག་ཉིད། །ཇི་ལྟར་འཚམས་པའི་ཚུལ་དུ་སྣང་། །སངས་རྒྱས་ཀུན་གྱི་གསུང་ཉིད་ནི། །མ་ལུས་ཀུན་དང་དབྱེར་མེད་པས། །རྟོགས་དང་བསྒོམ་དང་བརྗོད་པ་ཡི། །བྱིན་


DNG010_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

རླབས་སྐྱོབ་པས་སྔགས་སུ་བརྗོད། །རྒྱུད་ཆེན་སྒྱུ་འཕྲུལ་དྲ་བ་ལས། །ཐོག་མཐའ་མེད་པའི་བྱང་ཆུབ་སེམས། །གསུང་མཆོག་ཕྱག་རྒྱ་མཐའ་ཡས་པ། །མ་ལུས་འདུས་པའི་ངོ་བོ་ཉིད། །ཇི་སྙེད་ཕྱོགས་བཅུའི་འཇིག་རྟེན་དུ། །ཆོས་ཀྱི་ཕུང་པོ་དཔག་མེད་པ། །འདུལ་བའི་ཐབས་སུ་གསུངས་པ་ཡང་། །སྒྱུ་འཕྲུལ་དྲ་བའི་གསུང་དུ་འདུས། །ཟབ་མོ་རྟེན་ཅིང་འདྲེལ་འབྱུང་བའི། །རིན་ཆེན་རྒྱ་མཚོའི་རྒྱུད་ཆེན་འདི། །སྐུ་གསུང་ཐུགས་དང་བྱ་བ་དང་། །སྤྱོད་དང་རྣལ་འབྱོར་རྒྱུད་ཆེན་རྣམས། །མ་ལུས་འདུས་པའི་སྙིང་པོར་གནས། །སངས་རྒྱས་ཀུན་གྱིས་བྱིན་བརླབས་པའི། །རང་བྱུང་གསུང་ཉིད་རང་སྣང་བས། །བསྟན་པ་རྒྱ་མཚོའི་རང་བཞིན་ཏེ། །ཐུགས་རྗེས་གདུལ་བྱའི་དོན་དུ་སྣང་། །ཞེས་ཉིད་ལ་ཉིད་བརྗོད་དོ། །སྒྱུ་འཕྲུལ་རྒྱ་མཚོའི་རྒྱུད་ལས། )གསུང་གི་དཀྱིལ་འཁོར་མངོན་དུ་ཕྱུང་བའི་ལེའུ་སྟེ་བདུན་པའོ།། །།དེ་ནས་བཅོམ་ལྡན་དགྱེས་ཆེན་པོས། །ལུས་རྟོག་ཕུང་པོར་བཅས་པ་རྣམས། །བདེ་ཆེན་ལྷུན་གྲུབ་བྱིན་བརླབ་ཕྱིར། །ཐུགས་ཀྱི་དཀྱིལ་འཁོར་བཤད་པར་མཛད། །ཐབས་དང་ཤེས་རབ་རང་བཞིན་ནི། །སྒྱུ་འཕྲུལ་དྲ་བའི་མཚན་ཉིད་དེ། །བདེ་ཆེན་ཐིག་ལེར་མངོན་རྫོགས་པ། །ཕྱི་ནང་སྣོད་བཅུད་ཐམས་ཅད་ནི། །བདེ་ཆེན་བྱང་ཆུབ་སེམས་ཀྱི་རྒྱ། །བདེ་ཆེན་ཐིག་ལེས་རྒྱས་བཏབ་པས། །འདའ་དཀའ་རང་བཞིན་མི་ཤིགས་པ། །ཤེས་རབ་སྟོང་ཉིད་ཉི་མ་སྟེ། །རིན་ཆེན་གསང་དཀྱིལ་ཟླ་ཐིག་ལེ། །སེམས་ལྔ་གཉིས་སྦྱོར་བྱང་ཆུབ་སེམས། །ཡེ་ཤེས་ལྔ་རུ་གསལ་བ་ཉིད། །ཡེ་ཤེས་དཀྱིལ་འཁོར་དཔག་མེད་པ། །སངས་རྒྱས་དཀྱིལ་འཁོར་ཀུན་གྱི་རྒྱུ། །ཐིག་ལེ་འདྲེལ་ཅིང་རྩེ་ཕྲད་པ། །ཐབས་དང་ཤེས་རབ་གཉིས་མེད་པའི། །ཉི་ཟླ་བསྣོལ་མར་དྲངས་པ་ལས། །བདེ་ཆེན་ཉམས་མྱོང་གཅིག་ཏུ་གསལ། །དྭངས་མ་ཐིག་ལེར་གསང་ཐིམ་པས། །བདེ་བའི་ཐིག་ལེ་འཕྲོ་འདུ་མེད། །རང་བྱུང་བདེ་ཆེན་འོད་གསལ་བ། །སངས་རྒྱས་དཀྱིལ་འཁོར་


DNG010_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུན་གྱིས་གྲུབ། །ཕུང་སོགས་རྟོག་པ་མ་ལུས་ཀུན། །བདེ་བའི་ཡེ་ཤེས་ལྔ་རུ་གསལ། །དེ་ཉིད་བཅུ་གསུམ་སངས་རྒྱས་ལ་ས་ཡིན་ནམ། །ཡེ་ཤེས་དབྱིངས་ཡིག་རང་གནས་པའི། །ཁམས་གསུམ་འདུས་པའི་ཐབས་ལས་སྐྱེས། །སྐྱེས་པ་ཉིད་ན་བདག་ཏུ་གསལ། །བཅྭ་བརྒྱད་ཁམས་སོགས་བཏགས་པ་ཀུན། །དངོས་མེད་ལྷན་ཅིག་ཡེ་ཤེས་ཆེ། །རྐྱེན་ཡང་སྐྱོན་བྲལ་སེམས་ལྔས་འཕོ་འཇིག་པས། །གོ་ཕྱེ་ཉིད་ན་ཡེ་ཤེས་ལྔ། །གཉིས་སུ་མེད་པའི་བྱང་ཆུབ་སེམས། །ཀུན་སྤངས་བྲལ་བས་གང་མེད་པ། །སྣང་མེད་སྣང་བ་དམ་པའོ། །རང་བྱུང་ཐིག་ལེ་བྱང་ཆུབ་སེམས། །རྟེན་དང་བརྟེན་པ་དབྱེར་མེད་པ། །གསང་བའི་ཐིག་ལེ་ཉམས་དང་བཅས། །རྣམ་ཤེས་རླུང་གིས་མངོན་བསྡུས་པའི། །ཁམས་གསུམ་ཐབས་ཀྱི་ཡེ་ཤེས་ཆེ། །རྩེ་མོ་འབྲུ་གསུམ་གནས་མཐོང་བ། །རྫས་ལྔའི་ཡེ་ཤེས་སོ་སོར་གསལ། །ཉི་ཟླའི་ཁམས་འདྲེས་གྲངས་མཉམ་སྦྱོར། །འཕེལ་འགྲིབ་མེད་པའི་ཡོན་ཏན་མཛད། །ཚོགས་དྲུག་ཡེ་ཤེས་ཆ་ལྔ་མཉམ། །ཐབས་ལས་བཟློག་པས་སྔོན་གནས་ཤེས། །འགྲོ་འོང་རྫུ་འཕྲུལ་ངེས་ལུང་གསལ། །བརྗོད་འདྲར་ཐོས་ཤིང་ས་གསུམ་མཐོང་། །ཕུང་ཁམས་ཡུལ་གྱི་ཟག་པ་མེད། །ཨཱ་ལི་ཀཱ་ལི་བདེ་བ་ཉིད། །ཕན་ཚུན་མ་འདྲེས་གཅིག་པར་ཤེས། །བཅུ་དྲུག་ངོ་གཉིས་མཚན་དང་ལྡན། །ཕྱོགས་གཅིག་ཡེ་ཤེས་ལྔ་ལྡན་པ། །བརྒྱད་ཅུ་བཟོད་པའི་རྒྱུ་ལས་འཕགས། །ཐིག་ལེ་གཉིས་མེད་བདེ་ཆེན་ཉིད། །རྣམ་པ་བདེ་བ་རང་བཞིན་གཅིག །ཐབས་དང་འདྲེལ་པའི་རང་བཞིན་ལ། །འོག་གི་བདེ་ཆེན་ཕྲ་རགས་སོགས་ཤློ་ཀ་བར་འདིར་ཡོད་པའང་འདུག ། ཕྱག་རྒྱ་ཐུགས་སོགས་གདོད་ནས་རྫོགས། །ཕྱོགས་དུས་མ་ལུས་ཐམས་ཅད་ནི། །བདེ་ཆེན་ཕྱག་རྒྱར་གསལ་འབར་བས། །སྒོ་གསུམ་བྱ་རྩོལ་མ་ལུས་པ། །མུན་པ་སྣང་བར་གྱུར་པ་ཀུན། །བདེ་ཆེན་གསལ་བས་རྩོལ་བ་མེད། །སྟེང་འོག་གཡས་གཡོན་གཉིས་མེད་དུ། །བདེ་ཆེན་འཁྲིལ་བའི་རང་བཞིན་ལ། །


DNG010_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་ཆེན་ཕྲ་རགས་ཡོངས་རྫོགས་པས། །ཡུལ་དབང་རྣམ་ཤེས་དུས་དང་བཅས། །ཕྱག་རྒྱ་བཞི་སོགས་རྣམ་པ་ཀུན། །བདེ་བ་ཆེན་པོའི་ངོ་བོར་གནས་རྟོགས་ཀྱང་། །ཁམས་བཞི་འདུས་པའི་སྐུ་གསུང་ཐུགས། །རང་བྱུང་ཐུགས་སུ་རང་དག་པའི། །གནས་དྲུག་ལམ་གསུམ་རང་གནས་པའི། །ཐབས་ཀྱི་དྲག་པོ་མེ་བྱུང་བས། །བཞུ་བའི་བདེ་བའི་ལྟེ་བ་ཡིས། །ཨར་ཐིམ་སྤྲུལ་པའི་གསང་ཐིག་ལེ། །ཡེ་ཤེས་ནམ་མཁའ་འབྱུང་བའི་རྒྱུ། །བདེ་ཆེན་རྒྱུ་ལས་ཆར་རྒྱུན་སེམས། །རིམ་པར་གནས་ཐིམ་ཁམས་གསུམ་པ། །ཡེ་ཤེས་ལོ་འདབ་འབྲས་བུ་བསྐྲུན། །འགྲོ་བ་ཆགས་པ་ཅན་མཐོང་ན། །ལུས་དང་ཕུང་པོར་བཅས་པ་རྣམས། །མ་སྤངས་འདོད་ཡོན་ལོངས་སྤྱོད་ཀྱིས། །དགའ་མགུ་ཆགས་པའི་རོར་བཅས་པས། །བདེ་ཆེན་ཚིམ་ཞིང་གང་བར་མཛད། །ཕྱི་ནང་སྣོད་བཅུད་དྲན་རྟོག་ཀུན། །ཐིག་ལེ་གཉིས་ཀྱི་སྦྱོར་ཐབས་ལས། །དྲུག་དུག་ཀྱང་འགྱུར་ཆགས་པ་རང་སེལ་ལྟར། །ཐབས་ཆེན་གསང་བས་གྲོལ་བར་མཛད། །ཕྱོགས་བཅུ་ཀུན་འདུས་བྱང་ཆུབ་སེམས། །གཉིས་མེད་རོལ་པའི་བྱིན་རླབས་ཀྱིས། །རྡོ་རྗེ་གསུམ་གྱི་ལམ་མཚོན་ཏེ། །མ་སྐྱེས་དོན་གྱི་སྙིང་པོར་ཐིམ། །སྤྲུལ་པའི་ཐིག་ལེར་རང་ཤར་བས། །བདེ་བ་ཆེན་པོའི་ངོ་བོར་སྨིན། །ཁ་དོག་ཆ་བྱད་རང་ཉམས་དག །བདེ་བ་ཆེན་པོར་ཀུན་འགྱུར་བས། །དེ་ནས་སྣང་མཛད་རྡོ་རྗེར་བཅས། །ཡོན་ཏན་གསུང་མཆོག་ལས་སུ་བཅས། །སྤྱན་དང་ནམ་མཁའ་ལྷ་མོ་ལྔ། །དབང་པོ་ཡུལ་སེམས་དུས་བཅས་པ། །རང་རང་བདེ་བའི་ཐིག་ལེས་རྒྱས། །བདེ་བའི་ཆོ་འཕྲུལ་ཕྱོགས་བཅུར་སྣང་། །ལ་ལ་བལྟ་ཞིང་ཆགས་པ་དང་། །ལ་ལར་འཁྱུད་ཅིང་རྨོངས་མཛད་དེ། །བསྡམས་པས་བཞད་དང་ཞལ་སྤྲོད་དང་། །དགོད་དང་སྒེག་དང་འཛིན་པ་དང་། །བསྐྱོད་དང་ཕྱོགས་བཅུར་བགྲོད་པ་ཡིས། །མ་ཆགས་པ་ནི་དེ་བཞིན་ཏེ། །ཆགས་པ་སྨིན་ཅིང་རྒྱས་པར་མཛད། །རྨོངས་དང་བརྒྱལ་བས་ཀུན་བསྡུས་ཏེ། །མ་ལུས་བདེ་བ་ཆེན་པོར་ཐིམ། །བདེ་ཆེན་གསང་བའི་


DNG010_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་ཡིས། །ནམ་མཁའི་དབྱིངས་ལྟར་རྒྱས་བཏབ་པས། །ཐམས་ཅད་བདེ་བ་ཆེན་པོའི་དབྱིངས། །རང་བྱུང་གསང་བ་ཐིག་ལེའི་དབྱིངས། །ཐམས་ཅད་མ་ལུས་བྱང་ཆུབ་སེམས། །རང་སྣང་དཀྱིལ་འཁོར་ཕྱག་རྒྱའི་ཚོགས། །གཉིས་མེད་ཡེ་ཤེས་སྣ་ཚོགས་མཆོག །མི་དམིགས་མི་གནས་དེ་བཞིན་ཉིད། །རྒྱལ་བའི་དཀྱིལ་འཁོར་མ་ལུས་པ། །སྐུ་གསུང་ཐུགས་ཀྱི་དེ་བཞིན་ཉིད། །དག་མཉམ་བདེ་བས་རྒྱས་བཏབ་ཅིང་། །དུས་བཞི་མཉམ་པའི་ངོ་བོར་གསལ། །འཇིག་རྟེན་འདས་དང་འཇིག་རྟེན་པ། །མ་ལུས་ཐུགས་ཀྱི་དཀྱིལ་འཁོར་ཉིད། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ཞིང་དང་འཁོར་ལོ་རོལ་མོར་བཅས། །ཇི་སྙེད་དངོས་དང་དངོས་མིན་པ། །ཐམས་ཅད་བདེ་བ་ཆེན་པོ་ཉིད། །ལམ་དང་བྲལ་བའི་ཁྱད་པར་དང་། །ཡོན་ཏན་ལྷུན་རྫོགས་བསམ་མི་ཁྱབ། །ནམ་མཁའི་དབྱིངས་དང་མཉམ་པ་ཡི། །སྒྱུ་འཕྲུལ་དྲ་བའི་དཀྱིལ་འཁོར་སྣང་། །ཐབས་ཆེན་ཐབས་ལས་བྱུང་བ་ཡི། །བྱང་ཆུབ་བདེ་མཆོག་ཐིག་ལེ་ཉིད། །མི་ཕྱེད་བདེ་ཆེན་རོ་གཅིག་པ། །སྐལ་ལྡན་དག་པས་མངོན་གྱུར་པ། །སངས་རྒྱས་ཞིང་གི་རྡུལ་སྙེད་དུ། །ཆེ་བའི་ཡོན་ཏན་ཀུན་སྤྲོ་ཞིང་། །མཛད་པ་སྣ་ཚོགས་རོལ་པར་སྟོན། །མཉམ་ཉིད་དབྱིངས་ལས་གཡོས་པ་མེད། །དབང་ཕྱུག་རྒྱལ་བ་རྒྱ་མཚོ་རྣམས། །སྐུ་གསུང་ཐུགས་ནི་རྡོ་རྗེ་ཡི། །ནམ་མཁའི་དབྱིངས་ཀྱི་མཐའ་ཀླས་པའི། །དགྱེས་ཆེན་རོ་ཡིས་ཁྱབ་བྱས་ནས། །བདེ་བ་ཆེན་པོའི་ཚོགས་སུ་སྣང་། །རྡོ་རྗེ་སློབ་དཔོན་ཐབས་ལྡན་གྱིས། །ཕ་རོལ་དག་པར་བྱ་བའི་ཕྱིར། །སྐབས་གསུམ་དག་ནི་མ་གཏོགས་པར། །བྱང་ཆུབ་སེམས་ནི་འཕྲོ་བ་མིན། །བདེ་བའི་ཐིག་ལེ་ཡོངས་རྫོགས་པས། །བཅུ་དྲུག་རྫོགས་པའི་ཚུལ་དུ་གནས། །ཞེས་ཉིད་ལ་ཉིད་བཤད་དོ། །སྒྱུ་འཕྲུལ་དྲ་བ་རྒྱ་མཚོའི་རྒྱུད་ལས། ཐུགས་ཀྱི་དཀྱིལ་འཁོར་གྱི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་བཅོམ་


DNG010_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་དགྱེས་ཆེན་པོས། །རྡོ་རྗེ་གསང་བ་དམ་ཚིག་མཆོག །ངེས་པ་ལས་ནི་གྱུར་པ་ཡི། །དཀྱིལ་འཁོར་ཉིད་ནི་ངེས་པར་བཤད། །གང་དུ་ཕྱི་ནང་སྣོད་བཅུད་དང་། །དབང་པོ་ཡུལ་སེམས་མ་ལུས་པ། །བདེ་ཆེན་ཞིང་དུ་ཀུན་མཉམ་ཕྱིར། །ས་གཞི་རབ་ཏུ་མཉམ་པར་བྱ། །ཕྲ་བའི་དམ་ཚིག་ལ་གནས་པས། །ཕྱི་དང་ནང་ལ་གོམས་པས་ནི། །སོར་བཞི་མཛུབ་གང་ཚད་དུ་བྱ། །སྦྱངས་དང་དྲི་བསྐྱེད་ཡིད་འཇུག་པའི། །ཆགས་པའི་དམ་ཚིག་བླང་བར་བྱ། །བཅུ་གཉིས་བཅུ་དྲུག་ལ་གནས་ཤིང་། །ཉི་ཤུའམ་ཉི་ཤུ་ལྔ་ཡི་ཚད། །དབང་པོ་པདྨ་རབ་རྒྱས་ལ། །རང་བཞིན་རིག་པར་ཐིག་བཏབ་ལ། །རང་རང་རིགས་ལས་བརྟགས་པ་བཞིན། །མཚན་མ་གསལ་བསྐྱེད་བྱིན་གྱིས་བརླབ། །ཡེ་ཤེས་མཚོན་པའི་དོན་ཕྱིར་འདོད། །ལུས་དང་བྷ་གའི་རང་བཞིན་དང་། །རང་གི་རིག་པའི་དཀྱིལ་འཁོར་ཉིད། །དབང་དང་ཁྱད་པར་ཇི་བཞིན་དུ། །རིམ་པ་བཞིན་དུ་མཁས་པས་བརྟགས། །ལུས་རྩ་ཡན་ལག་སྙིང་དུ་བཅས། །དཀྱིལ་འཁོར་རྒྱན་དུ་ངས་བཤད་དེ། །མ་ལུས་གཞན་ཡང་སྙིང་པོར་བཤད། །ཡབ་ཡུམ་དངོས་གྲུབ་རང་བཞིན་ཉིད། །རྡོ་རྗེ་གསུམ་དུ་ངེས་གསལ་ཞིང་། །སངས་རྒྱས་རྡུལ་སྙེད་སྐུ་གསུང་ཐུགས། །མཉམ་སྦྱོར་མ་འདྲེས་མཉམ་པ་ཉིད། །གང་གིས་གང་ལ་གསལ་གོམས་པ། །དེ་དག་གསལ་བའི་ཚད་ལྡན་པ། །དེ་ཡིས་དེ་ལ་བྱིན་བརླབ་ཕྱིར། །ལྷག་པའི་ཏིང་འཛིན་སྟོབས་ཀྱིས་བྲི། །བདག་གཞན་བྱིན་རླབས་ནུས་ལྡན་ཕྱིར། །རྒྱལ་བའི་དཀྱིལ་འཁོར་རྡུལ་སྙེད་པ། །ཐབས་དང་ཤེས་རབ་ངོ་བོ་ཡིས། །གང་འདོད་ཐིམ་པར་བྱིན་བརླབས་ནས། །རྒྱན་ཕྲེང་མཛེས་པས་ཚུལ་བཞིན་བྱ། །བདུད་རྩི་ལོངས་སྤྱོད་ཚོགས་ལྡན་པ། །བདག་ཉིད་མཉེས་པར་བྱ་ཕྱིར་བརྩམ། །ལོངས་སྤྱོད་ཁམས་དང་གསང་བར་བཅས། །མེ་ཡི་ཆོ་ག་རབ་ལྡན་པ། །ཐབས་ཀྱི་ཆོ་ག་ཇི་བཞིན་དུ། །ལས་བཞིའི་སྦྱིན་སྲེག་བརྩམ་པར་བྱ། །གལ་ཏེ་མཚན་མ་སྦྱངས་པ་ན། །ཚད་དཔག་མེད་པའི་བག་ཆགས་རྣམས། །


DNG010_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

ལས་དང་སྦྱོར་བས་བྱང་བྱས་ནས། །སྔ་ཕྱི་རིམ་པར་བར་གཅོད་པའི། །བགེགས་རྣམས་ཁྲོ་བོའི་སྦྱོར་བས་སྤང་། །མཚན་མ་བཀོད་པའི་ཡམ་ཤིང་ལ། །གཉེན་པོའི་སྦྱོར་བས་བསྲེགས་སྦྱངས་ནས། །བཤགས་དང་བྱིན་བརླབས་ཆོས་ལྡན་པས། །དག་པ་གསུམ་ལ་གནས་བཅས་ནས། །དམ་ཚིག་ཡེ་ཤེས་བསྐྱེད་བསྒྱུར་བསྡིམ། །མཆོད་བསྟོད་བཟླས་པས་རྟགས་ཐོབ་ཅིང་། །ཏིང་འཛིན་གསལ་བརྟན་གོམས་པ་དང་། །དབང་དང་དམ་ཚིག་ལྡན་གྱུར་ནས། །ལྷག་པའི་གཟུགས་བརྙན་གང་འཚམས་པར། །བསྲེག་སྦྱང་ཆོ་ག་རྒྱས་པར་བརྩམ། །ལྟས་བརྟག་ལས་ཀྱི་རིམ་པར་བྱ། །གང་དུ་ཆགས་པའི་དཀྱིལ་འཁོར་དང་། །ཆགས་པའི་གླུ་དང་གར་དག་དང་། །དེ་བཞིན་མཉེས་ཚུལ་སྣ་ཚོགས་པའི། །བྲོ་གར་སྤྲིན་ཚོགས་རྣམས་ཀྱིས་མཆོད། །གང་དུ་གཉིས་མེད་དཀྱིལ་འཁོར་ནི། །ནམ་མཁའི་ཚད་དང་མཉམ་སྦྱོར་བས། །བདེ་མཆོག་སྒྱུ་འཕྲུལ་དྲ་བ་ཉིད། །སྣ་ཚོགས་འབར་ཞིང་ཁྱབ་པར་གསལ། །གང་ཟག་མོས་པའི་དོན་དུ་ནི། །དཀྱིལ་འཁོར་བཞིར་ནི་སྣང་གྱུར་ཏེ། །འཇུག་དང་དམ་ཚིག་ལྡན་པ་ལ། །དབང་བསྐུར་ཆོ་གས་ལེགས་པར་སྨིན། །ཆགས་པའི་དམ་ཚིག་ལ་གནས་པའི། །བདེ་བ་ཆེན་པོའི་མན་ངག་འདི། །དཀའ་ཐུབ་ཅན་དང་རྒན་པོ་དང་། །མ་ནིང་བྱིས་པའི་སྤྱོད་ཡུལ་མིན། །གང་དུ་ཆགས་པས་བཅིངས་པ་རྣམས། །ཆགས་པ་ཉིད་ཀྱིས་རྣལ་གྲོལ་ཞིང་། །ཉོན་མོངས་རྟོག་པ་ཇི་སྙེད་པ། །ཐབས་དང་ལྡན་པས་རོ་མྱང་བའི། །འཇིག་རྟེན་ཆགས་པ་འཇིག་དུས་སུ། །དེ་དག་ཐང་གཅིག་རྣམ་པར་གྲོལ། །དབང་པོ་ཀུན་ལས་རབ་འདས་པའི། །བདེ་བ་ཆེན་པོའི་རང་བཞིན་དུ། །མ་ལུས་གསལ་བར་མཉམ་སྦྱོར་བས། །དཀའ་ཐུབ་ཐ་མལ་གཙང་སྨེ་དང་། །རེ་དོགས་བག་ཚ་རྣམ་པར་སྤངས། །འཇིག་རྟེན་མུན་པ་རྣམ་བསལ་ནས། །ད་ལྟ་ཉིད་དུ་རྣམ་གྲོལ་བས། །མུན་པ་ལ་ནི་མར་མེ་བཞིན། །ཕྱིས་འཇོག་


DNG010_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

འབད་རྩོལ་མེད་པར་མཛད། །དེ་ཉིད་རྡོ་རྗེ་སེམས་དཔའ་སྟེ། །བཙུན་མོའི་ཚོགས་དང་རོལ་མཛད་ཅིང་། །རྡོ་རྗེ་པདྨར་མཉམ་སྦྱོར་ནས། །འོ་དང་འཁྱུད་པས་གར་མཛད་ཅིང་། །བྱང་ཆུབ་སེམས་དཔའ་རྡུལ་སྙེད་དང་། །ལྷ་མོ་རྡུལ་སྙེད་བཅས་པ་ཀུན། །སྤྱན་ནི་ཆགས་པས་གཟིགས་མཛད་ཅིང་། །སྔ་ཕྱི་དྲན་རྟོག་ཀུན་འགགས་ནས། །བདེ་བ་ཆེན་པོར་རབ་ཏུ་འབར། །ཞིང་ཁམས་སྣོད་བཅུད་བཅས་པ་དག །སྒྱུ་མ་ཆུ་ཟླ་བྲག་ཆ་དང་། །དྲི་ཟའི་གྲོང་ཁྱེར་བཞིན་དུ་མཐོང་། །དེ་ཕྱིར་རྣམ་དག་ལྷ་མོ་ཡི། །པདྨར་རྡོ་རྗེའི་ཐབས་རེག་པས། །བསྐལ་པར་བསགས་པའི་མུན་པ་དྭངས། །དངོས་དང་དངོས་མེད་རྣམ་པར་སྤངས། །འདོད་ཆགས་དྲི་མེད་ཆགས་བྲལ་འཇོམས། །བདེ་ཆེན་འདོད་པ་བཞིན་དུ་འགྲུབ། །ཐབས་དང་ཤེས་རབ་གཉིས་མེད་པའི། །གསང་བ་ཐབས་ཀྱི་བདེ་བསྐྱོད་པས། །བཅུ་གཉིས་ས་ལ་ཉི་ཤར་ཚེ། །ལུས་ཀྱི་ཆོས་བཞི་འདུས་བྱས་པས། །ཐིག་ལེ་ཁ་བསྒྱུར་ཕན་ཚུན་དུ། །དགོད་པའི་སྟོབས་ཀྱིས་སྤྱིར་གནས་ཚེ། །སྐུ་གསུམ་མི་ཟད་འཁོར་ལོ་ཚོགས། །འབད་པ་མེད་པར་ཤུགས་ཀྱིས་འབྱུང་། །གནས་ཀྱི་གཞི་ལྔ་འབྲས་བུ་ཡང་། །ཐ་དད་རྒྱུ་མེད་དུས་གཅིག་ཁྱབ། །ཐབས་ཀྱི་དམ་པ་ང་ཡིས་བརྗོད། །རང་བྱུང་ཐོག་མཐའ་མེད་པ་ཡི། །ཐབས་དང་ཤེས་རབ་ཉི་ཟླར་བཅས། །རེ་དོགས་འཇིགས་པ་སྤངས་བྱས་པས། །ཚེ་འདིས་སངས་རྒྱས་ལྷུན་གྱིས་འགྲུབ། །རྡོ་རྗེ་འདུས་པའི་སྙིང་པོ་དང་། །གེ་སར་བཅུད་བཅས་འདྲེལ་པ་ཡིས། །ཇི་སྙེད་ཀུན་འབྱུང་དངོས་འདི་དག །རང་དབང་མེད་པར་རྣམ་པར་འཇིག །པདྨ་ཁ་ཕྱེ་ལྟ་བུ་ལ། །ཟླ་བ་རྒྱས་པའི་ཐབས་སྦྱོར་བ། །ཛཿཧཱུཾ་བཾ་ཧོཿཐབས་ལྡན་པས། །མཛེས་དང་ཆགས་དང་བདེ་བ་ཡི། །གྲོང་ཁྱེར་གཉིས་མེད་ངང་དུ་འཇིག །ཉི་ལྡན་ཧཱུཾ་ཕཊ་ཨོཾ་དང་མཱུཾ། །བསྐྱོད་འདྲེས་བདེ་བ་ངོམས་པ་མེད། །ཐིག་ལེ་འཕོ་བའི་རྒྱུན་བཞིན་དུ། །དགའ་བའི་ཕྲེང་བས་རྒྱུ་འབྲས་འབྱུང་། །བརྗོད་དང་


DNG010_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་བ་ཀུན་གསལ་བ། །རིག་པའི་གསུང་དབྱངས་གཉིས་མེད་རྫོགས། །ཉི་ཟླ་འདྲེས་པས་ལྷར་བསྐྱོད་པ། །ས་ཡ་བཅུ་གསུམ་བཅུ་གསུམ་ལྷ། །ཕྱོགས་རིས་མེད་པར་ཀུན་ནས་ལྡང་། །དགྱེས་པ་ཆེན་པོའི་གར་ཡིན་ནོ། །བཅུད་འདུས་ཐིག་ལེ་ཐབས་སྦྱོར་བས། །འབྱུང་ལྡོག་བདེ་བ་དགྱེས་པ་ཆེ། །མཱུཾ་གྱི་སྒོ་ཕྱེ་ལས་བྱུང་བ། །པུཎྜ་རཱི་ཀའི་མེ་ཏོག་དག །གནས་སུ་འཕྲོས་པའི་ཆུ་སྐྱེས་དགའ། །དེ་ཉིད་སླར་ཐིམ་ཐབས་ལས་སྐྱེས། །དེ་ཚེ་ཡེ་ཤེས་གཉིས་གསལ་མེ། །བདེ་བ་ཆེན་པོ་ཀུན་ཏུ་གསལ། །མཐའ་གཉིས་རབ་མཉམ་ལྷུན་རྫོགས་པའི། །ཡེ་ཤེས་རྒྱལ་བ་ཀུན་གྱི་ཐུགས། །རིམ་ནས་རིམ་པར་བཅུ་དྲུག་རོ། །དང་པོ་བཞི་ཚོགས་གཉིས་སྦྱོར་ལམ། །གསུམ་པ་བཞི་མཐོང་བཞི་བསྒོམས་པ། །ཐ་མར་ཐིམ་བརྗོད་རིམ་བཟློག་པ། །རིམ་པ་བཞིན་དུ་གསལ་གོམས་པས། །འགྲོ་འོང་མེད་པའི་ཐིག་ལེ་ཉིད། །འབྲས་བུའི་ངོ་བོར་ལྷུན་གྱིས་རྫོགས། །རང་བྱུང་ཡེ་ཤེས་ཐིག་ལེ་ལ། །འབྲས་བུའི་རོ་རྣམས་རྫོགས་པར་ལྡན། །ངོ་བོ་ཐབས་ཀྱིས་མངོན་གསལ་ན། །འབྲས་བུ་ལྷུན་གྱིས་རྫོགས་པར་གནས། །ཞེས་ཉིད་ལ་ཉིད་གསུངས་སོ། །སྒྱུ་འཕྲུལ་རྒྱ་མཚོའི་རྒྱུད་ལས། རྡོ་རྗེ་བཀོད་པ་བྱིན་གྱིས་བརླབས་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་བཅོམ་ལྡན་དགྱེས་ཆེན་པོ། །ཀུན་མཆོག་དབང་ཕྱུག་རྒྱལ་བ་ཡིས། །བྱིན་བརླབས་གསང་བ་རྟོགས་བྱའི་ཕྱིར། །རྡོ་རྗེ་བྱིན་བརླབ་མཆོག་ཏུ་མཛད། །གསང་བ་མཆོག་ལྡན་དབང་ཕྱུག་གིས། །འཁོར་ལོ་རིམ་པར་བརྟགས་བྱས་ནས། །སྣོད་དང་མོས་པ་ཇི་བཞིན་དུ། །རབ་འབྲིང་ཐ་མའི་བསམ་པ་ལྟར། །ཕྱག་རྒྱ་མཛེས་པའི་རོལ་པ་དང་། །ཐིག་ལེ་མཆོག་ཏུ་འདྲེས་པ་ཡིས། །དྲི་མེད་དབང་བསྐུར་གྲོལ་བར་མཛད། །སེམས་ཀྱི་ཐིག་ལེ་ཐོག་མཐའ་མེད། །རང་རིག་མཁྱེན་པའི་ཡེ་ཤེས་ལ། །ཀུན་མཆོག་ཐབས་ཀྱི་དབང་བསྒྱུར་བས། །ཚེ་འདིས་ངེས་པར་


DNG010_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་བར་འགྱུར། །སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །རྡོ་རྗེ་དབང་ཕྱུག་སྣང་བ་ཡིས། །སྣོད་དང་ལྡན་པའི་གང་ཟག་ལ། །བྱིན་རླབས་དངོས་པོ་འཇུག་པར་འགྱུར། །དེ་ཚེ་སྟོབས་དང་ནུས་མཐུ་དང་། །བྱིན་རླབས་མངོན་ཤེས་ལ་སོགས་པ། །ཤེས་རབ་ཏིང་འཛིན་ལ་སོགས་པ། །འདི་ཚེ་རྟགས་ནི་འབྱུང་བར་འགྱུར། །ཕྱག་རྒྱ་དབུ་རྒྱན་ཅོད་པན་དང་། །གདུགས་དང་བུམ་པ་བཟའ་བཏུང་དང་། །རྒྱལ་མཚན་གོ་ཆ་སྙིང་པོ་དང་། །ཕྲེང་བ་དག་གིས་དབང་བསྐུར་ཏེ། །དེ་ནས་གླེགས་བམ་ཕྲེང་བ་དང་། །རྒྱ་གྲམ་འཁོར་ལོ་རྡོར་དྲིལ་ཉིད། །ནུས་པ་བརྟན་པོ་ཐོབ་པའི་ཕྱིར། །ཏིང་འཛིན་ལྡན་པས་སྦྱིན་པར་བྱ། །དེ་ནས་རྒྱལ་བའི་སྐུ་ཐོབ་པས། །གསུང་དང་ཐུགས་ལ་གནས་བྱའི་ཕྱིར། །གསང་བ་ལ་སོགས་རིམ་པ་བཞིན། །མོས་པ་ཇི་བཞིན་བསྟན་པར་བྱ། །གཟུགས་དང་ལང་ཚོ་ལྡན་པ་དང་། །བཙུན་ཞིང་ན་ཚོད་དར་ལ་བབ། །དུལ་ཞིང་བློ་གྲོས་མཆོག་དང་ལྡན། །ཡོན་ཏན་ཕུན་སུམ་ཚོགས་པ་དང་། །ཟས་དང་གོས་སོགས་རྗེས་བསྲུངས་ལ། །དམ་ཚིག་སྡོམ་ཕོག་དབང་བསྐུར་ནས། །ཐབས་དང་ཤེས་རབ་བྱིན་བརླབས་ནས། །མཆོད་བསྟོད་བཟླས་པ་མཐར་ཕྱིན་པ། །ཐིག་ལེ་ནུས་པ་བརྟན་ཕྱིན་ནས། །ཐ་མལ་ཞེན་པ་སྤངས་པ་དང་། །གནས་ངན་ལེན་པ་དག་བྱའི་ཕྱིར། །ཐབས་དང་ཤེས་རབ་ཐིག་ལེའི་བཅུད། །རྩེ་ནས་རྩེ་རུ་ཕྱིན་པ་ཡིས། །རང་རིག་ལུས་ངག་སེམས་སུ་བཅས། །བདེ་བ་ཆེན་པོར་འབར་བར་འགྱུར། །ལུས་ངག་སྒྲིབ་པ་དག་བྱས་ནས། །ཕྱིས་ནི་བདེ་ཆེན་གསལ་བར་བྱ། །ཉི་མ་ཟླ་བར་ལྡན་པ་ཡིས། །ཐིག་ལེ་རྒྱས་ཤིང་བརྟུལ་ཞུགས་ལྡན། །བྱིན་རླབས་མཉེས་པར་གྱུར་ནས་ནི། །འདོད་ཆགས་ཐིག་ལེ་རྒྱས་བྱེད་པའི། །བསྟན་བཅོས་བྱེ་བྲག་བརྩམ་པར་བྱ། །ཤེས་རབ་ཐབས་ཀྱིས་གཡས་བཟུང་སྟེ། །སྟོད་སྨད་བཀུག་པས་ཀྱོ་བ་བལྟ། །དབང་པོ་ཡུལ་བསྡུས་འཁྱུད་པ་ནི། །གསང་བ་ཆེན་པོའི་ཞགས་པའོ། །སྟོད་སྨད་ཤིན་ཏུ་བསྡམས་བྱས་ཏེ། །མ་


DNG010_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་མི་སྟོང་སྒྲོག་གི་ལས། །བསྐྱོད་པ་ཧ་སི་བདེ་སྒྲ་སྒྲོགས། །ཀུན་ཏུ་དྲག་ཏུ་བདེ་མྱང་ཧོ། །ཐབས་དང་ཤེས་རབ་ཡི་གེ་བཅུས། །མིང་དང་ལྷན་ཅིག་སྐྱེས་པ་བརྟག །སྣང་བ་གསུམ་ལས་འདས་པ་ཡི། །རྣམ་རྟོག་དྭངས་ཤིང་བདེ་ཆེན་ལ། །སློབ་མས་བདེ་ཆེན་མྱོང་བའི་ཚེ། །ཕྱི་ནང་ཞེན་རྟོག་མ་ལུས་པ། །གཉིས་མེད་ངང་དུ་གནས་གྱུར་ནས། །ལྷན་ཅིག་སྐྱེས་པའི་ངོ་བོར་གསལ། །དབང་པོ་ཡུལ་སེམས་ལྡན་པ་ཡིས། །དྲན་རྟོག་སྐྱེ་འགག་རྒྱུ་འབྲས་རྣམས། །སེམས་ལྔས་བདེ་བ་སྨིན་པ་དང་། །ས་བཅུའི་ཁྱད་པར་རྫོགས་པར་བྱ། །རྣམ་རྟོག་བྱ་བཙལ་ཡུལ་འདས་པའི། །བདེ་ཆེན་ཐིག་ལེ་མི་རྟོག་པ། །སངས་རྒྱས་ཀུན་གྱི་ཐུགས་ཉིད་དེ། །གཉིས་མེད་བདེ་ཆེན་ངོ་བོར་བརྟག །སངས་རྒྱས་ཀུན་གྱི་བདེ་ཆེན་ནི། །རྒྱུ་འབྲས་འགྲོ་འོང་ཀུན་བྲལ་བ། །ཐབས་དང་ཤེས་རབ་མི་ཕྱེད་པ། །རྡོ་རྗེ་འཆང་ཆེན་གསང་བར་དགོངས། །མ་ལུས་གསང་བར་རོ་གཅིག་པས། །ཡེ་ཤེས་སྒྱུ་མ་བདེ་ཆེན་པོ། །གཅིག་དང་དུ་མའི་ས་ལས་འདས། །ཡེ་ཤེས་རྩེ་མོ་མཆོག་ཏུ་འདོད། །རྡོ་རྗེ་སློབ་དཔོན་བྱིན་རླབས་ཀྱི། །སྒྱུ་འཕྲུལ་དྲ་བ་ལ་བརྟེན་ནས། །དུག་གིས་དུག་ནད་སེལ་བ་ལྟར། །སྐལ་ལྡན་མཆོག་ལ་བསྟན་པ་ཡིན། །བདེ་ཆེན་ཐིག་ལེ་མི་གཡོ་བ། །རྒྱུ་འབྲས་དབྱེར་མེད་བྱང་ཆུབ་སེམས། །ཅིག་ཅར་དབང་གིས་མུན་བསལ་ནས། །མ་ལུས་བདེ་བ་ཆེན་པོར་སྐྱེ། །གང་ཚེ་ཞེན་པ་ཀུན་བྲལ་བའི། །རང་བྱུང་ཐིག་ལེ་གསལ་བའི་ཚེ། །སྐྱེ་འགག་གནས་དམིགས་འགྲོ་འོང་ཆོས། །ཞེན་རྟག་བདེ་ཆེན་ངོ་བོར་བཟློག །རྒྱུན་ཆད་པ་དང་མི་འཕེལ་དང་། །རང་རྒྱུད་པ་དང་བྱིན་མེད་པ། །འཇིག་རྟེན་ལོག་པ་མཐར་གྱུར་པས། །འདི་དག་རྣམ་པར་སྤང་བར་བྱ། །དེ་ནས་གང་དུ་མཚན་ལྡན་པའི། །ཡིད་འོང་ཕྱག་རྒྱ་ལ་བརྟེན་ཅིང་། །རྒྱུ་བ་རླུང་གི་དྲོད་ལྡན་པས། །དེ་མ་ཐག་པར་གྲོལ་བར་འགྱུར། །གསང་བའི་ཐིག་ལེ་རྒྱུན་བྲལ་བ། །འགྲོ་འོང་མེད་པའི་ཐབས་ཉིད་ཀྱིས། །རང་བྱུང་ཐིག་ལེ་འཕོ་འགྱུར་མེད། །རྟོགས་ནས་གོམས་པར་གནས་པར་བྱ། །འདྲེན་པའི་ཐབས་སྟོབས་ལས་བྱུང་བས། །བདེ་བ་ཆེན་པོ་མི་གཡོ་བ། །རྣམ་ཤེས་མཚན་མའི་ཡུལ་ལས་འདས། །བདེ་བ་ཆེན་པོ་ཐོག་


DNG010_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་མེད། །བདེ་བ་ཆེན་པོའི་རང་བཞིན་ནི། །མ་སྐྱེས་བདེན་གཉིས་དབྱེར་མེད་པའི། །ངོ་བོར་མ་ལུས་ཀུན་གསལ་བ། །མི་འགྱུར་བརྟན་པར་བརྗོད་པ་ཡིན། །སྐལ་དམན་ཐབས་ཀྱི་བདེ་སྤྱོད་ན། །སྟེང་འོག་ཐབས་ཀྱིས་གནས་བྱས་ལ། །ཤེས་རབ་འཕྲུལ་གྱི་འཁོར་ལོ་བསྐོར། །རྒྱས་དང་འབྱོངས་པའི་རྟགས་བྱུང་ན། །རྒྱུ་བ་བཅད་ལ་འཁོར་ལོ་སྤང་། །བདེ་ཆེན་བར་ཆད་མེད་འདོད་ན། །ཐབས་ཀྱི་རིམ་བཞིན་བསྒོམ་པ་དང་། །ཤེས་རབ་ཡུམ་གྱི་དེ་བཞིན་ཏེ། །ཡང་ན་གཉིས་སུ་མེད་པས་བྱ། །རང་རང་ཐབས་དང་ལྡན་པར་བརྩམ། །བར་ཆད་དག་ནི་འབྱུང་བ་ན། །ཐབས་དང་ལྡན་པས་བསྐྱེད་པར་བྱ། །ལུས་ལ་བརྟེན་པས་སེམས་གང་སྟེ། །ཕྱི་ནང་བདེ་ཆེན་རྒྱས་པར་བྱ། །དེ་ནས་ནམ་མཁའི་མཐའ་ཐུག་པར། །ཁྱད་པར་བར་ཆད་མེད་པར་གནས། །གོམས་པའི་རིམ་དང་བྱིན་རླབས་ལས། །མཁའ་འགྲོ་གསུམ་གྱི་སྣང་ཐོབ་ནས། །ཞིང་ཁམས་ཕྱོགས་བཅུ་རྡུལ་སྙེད་བཅས། །བདེ་ཆེན་ཟག་པ་མེད་པར་གནས། །དང་པོ་བྱིན་རླབས་སྨད་ཐོབ་ནས། །རྡོ་རྗེ་འཛིན་པ་མཐའ་ཐུག་པར། །ཚེས་ནས་བཅུ་དྲུག་མཐར་ཕྱིན་ལྟར། །མན་ངག་སྟོབས་ཀྱིས་ཤེས་པར་བྱ། །ལུང་དང་རིགས་པ་ལ་སོགས་པའི། །ཡིད་དཔྱོད་ཚད་མ་རིང་སྤངས་ནས། །ཉམས་མྱོང་ཚད་མ་ལ་བརྟེན་པས། །རིམ་སྤངས་ཚེ་འདི་ཉིད་ཀྱིས་འགྲུབ། །ལས་དང་སྐལ་བ་དམན་པ་དང་། །བླ་མ་ཐབས་ལ་རྒྱབ་ཀྱིས་ཕྱོགས། །ལོག་པའི་སྐྱེ་བོའི་དབང་སོང་བའི། །གང་ཟག་འདི་དག་རྣམ་པར་སྤངས། །ཐབས་དང་ལྡན་པའི་རྣལ་འབྱོར་གྱིས། །མི་སྤྱད་པ་ནི་གང་ཡང་མེད། །མི་བྱ་བ་ཡང་ཡོད་མིན་ཏེ། །བཟའ་དང་མི་བཟའ་ཅུང་ཟད་མེད། །འདི་ལ་སྡོམ་དང་མི་སྡོམ་མེད། །ཐམས་ཅད་མཉམ་པ་ཉིད་སྦྱོར་བས། །བྱ་དང་མི་བྱ་ཀུན་ལས་འདས། །སྣང་སྲིད་འདོད་ཡོན་ལྔར་གནས་ཏེ། །བདེ་ཆེན་རིགས་མ་ཀུན་ནས་དག །མ་ལུས་ཡིད་འཕྲོག་ཚིམས་བྱེད་པས། །སྒོ་གསུམ་ཕྱོགས་སུ་གཏད་དུ་མེད། །བྱ་


DNG010_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

མེད་བྱ་ལས་འདས་པ་ཡི། །རྗེས་སུ་མི་དམིགས་དེ་བཞིན་ཉིད། །མ་བཅོས་རང་རིག་ཡུལ་དང་བྲལ། །གང་དུ་བློ་གཏད་གང་འཛིན་མེད། །མ་བཅོས་ཐབས་ཀྱིས་བདེར་བཞག་པས། །རང་བྱུང་ཡེ་ཤེས་མཐའ་དབུས་མེད། །གཅིག་དང་དུ་མ་ཀུན་བྲལ་བས། །ཐམས་ཅད་མ་ལུས་ཆོས་ཀྱི་སྐུ། །བདེན་གཉིས་ཐ་སྙད་ལས་འདས་པའི། །མ་སྐྱེས་རང་རིག་བྱང་ཆུབ་སེམས། །ཡི་གེ་ཚིག་དང་མིང་སྤངས་པའི། །བརྗོད་བྱ་མ་ལུས་རྫོགས་པར་སྣང་། །ཞེས་ཉིད་ལ་ཉིད་བཤད་དོ། །སྒྱུ་འཕྲུལ་རྒྱ་མཚོའི་རྒྱུད་ལས། སྣོད་བྱིན་གྱིས་བརླབས་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་དེ་བཞིན་གཤེགས་པ་ཉིད། །གཅིག་དང་དུ་མ་ཀུན་བྲལ་བའི། །དགྱེས་པ་ཆེན་པོའི་བདག་ཉིད་ཀྱི། །ཚོགས་ཀྱི་དཀྱིལ་འཁོར་བསྟན་པར་མཛད། །ཕྱོགས་བཅུ་དུས་བཞིས་བསྡུས་པ་ཡི། །སངས་རྒྱས་དཀྱིལ་འཁོར་མ་ལུས་པ། །ཚོགས་གཉིས་ལས་བྱུང་བསམ་མི་ཁྱབ། །རང་བྱུང་འཁོར་ལོ་མངོན་རྫོགས་པ། །དངོས་པོའི་འཇིག་རྟེན་མཐའ་ཡས་པ། །སྐུ་གསུང་རྡོ་རྗེར་གྱུར་པ་ནི། །དངོས་པོར་སྣང་བ་ཐམས་ཅད་ཉིད། །རང་བྱུང་སྒྱུ་འཕྲུལ་རྒྱ་མཚོར་བསྟན། །ཐབས་དང་ཤེས་རབ་དབྱེར་མེད་པའི། །ཕྱི་ནང་གསང་བར་འཇུག་པ་ཡི། །རྟོག་པ་བཞི་ལ་རྟོགས་གོམས་ནས། །མ་ལུས་ལྷུན་རྫོགས་དབྱེར་མེད་སྣང་། །དོན་དམ་ཀུན་རྫོབ་དབྱེར་མེད་པའི། །ཆོས་ཉིད་དབྱིངས་སུ་ཚུལ་གཅིག་པས། །མ་ལུས་རང་སྣང་ཆོས་ཐམས་ཅད། །མ་ལུས་བྱང་ཆུབ་སེམས་སུ་རྟོགས། །སྐུ་གསུང་ཐུགས་ཉིད་རང་སྣང་བའི། །མ་ལུས་གསུང་གི་རྒྱན་དུ་རྟོགས། །ཐམས་ཅད་གསུང་གི་ཡི་གེ་སྟེ། །ཐབས་དང་ལྡན་པས་རྒྱས་བཏབ་བོ། །དེ་ཉིད་དབྱེར་མེད་བྱིན་རླབས་ལས། །དེ་ཉིད་དེ་ཡི་བྱིན་རླབས་ཏེ། །གཉིས་མེད་ཚུལ་གྱིས་རང་སྣང་བས། །བྱིན་རླབས་ངོ་མཚར་བསམ་མི་ཁྱབ། །རང་བྱུང་རང་སྣང་ཆོས་འདི་དག །གཉིས་མེད་རང་རིག་མ་སྐྱེས་པར། །


DNG010_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བར་མངོན་སུམ་ཐེ་ཚོམ་མེད། །རྟོག་པ་ཀུན་གྱི་མཆོག་ཏུ་བཤད། །དྭངས་མ་ལས་བྱུང་ཐིག་ལེ་ཡིས། །ཟིན་དང་མ་ཟིན་ཁྱད་པར་ལས། །འདས་དང་མ་འདས་རང་སྣང་བས། །བདེ་ཆེན་ནང་དུ་རོ་གཅིག་པའོ། །རང་བྱུང་འཁོར་ལོའི་རིམ་པ་ལས། །གསུང་གི་དཀྱིལ་འཁོར་རང་སྣང་བ། །སྐྱེ་དང་མ་སྐྱེས་དབྱེར་མེད་པས། །ཡིག་འབྲུའི་ཚུལ་དང་ངེས་པར་བརྗོད། །གང་དུ་ཐབས་ཀྱིས་བྱིན་གྱིས་བརླབས། །གནས་དང་རྟོགས་པའི་ངོ་བོ་ཡིས། །རིམ་པའི་ཚུལ་གྱིས་བྱིན་བརླབས་པའི། །འདི་དག་བྱིན་གྱི་བརླབས་ཉིད་དེ། །གསང་བ་དེ་ཉིད་ངེས་པ་ཡི། །རིག་པའི་ཕྱག་རྒྱ་མངོན་གསལ་བས། །སྒྲོ་དང་སྐུར་པ་ཞི་བ་ཡི། །དེ་ཁོ་ན་ཉིད་མངོན་དུ་སྣང་། །ཐབས་དང་ཤེས་རབ་དབྱེར་མེད་པའི། །བདེ་བ་ཆེན་པོའི་རོ་ཉིད་ནི། །མ་ལུས་འདུས་པའི་རང་བཞིན་ཏེ། །གཉིས་མེད་གཉིས་ལས་གང་གྱུར་པ། །དེ་ཉིད་ཐིག་ལེའི་བདག་ཉིད་དོ། །སྒྲ་དབྱངས་གསུང་གི་བསྟན་པ་རྣམས། །གནས་བཞི་ཐིག་ལེའི་བྱང་ཆུབ་སེམས། །ཐབས་དང་ཤེས་རབ་གཉིས་མེད་པས། །མི་ཟད་འཁོར་ལོ་གསུམ་དུ་སྣང་། །གནས་དང་ཐབས་དང་སྦྱར་བ་ཡང་། །གསང་བའི་བྱིན་རླབས་རང་སྣང་བ། །ཐམས་ཅད་བདེ་བ་ཆེན་པོ་སྟེ། །དེ་ཡི་བྱིན་རླབས་ཉིད་སྣང་ངོ་། །སྒྲོ་སྐུར་མེད་པའི་བསྟན་པ་ཉིད། །བདེ་ཆེན་རླུང་གི་སྦྱོར་ཐབས་ཀྱིས། །སྣང་སྲིད་ཕྱི་ནང་ཆོས་རྣམས་ཀུན། །བདེ་ཆེན་སྒྱུ་མར་མངོན་སུམ་སྣང་། །ཐབས་དང་ཤེས་རབ་གཉིས་མེད་པའི། །ཡུལ་དང་དབང་པོ་རྣམ་ཤེས་དང་། །དུས་དང་མཚན་མར་བཅས་པ་ཡི། །འདུལ་ཐབས་ཉིད་ཀྱི་རང་བཞིན་གྱིས། །ཐམས་ཅད་རང་གི་ཐབས་བཞིན་དུ། །བདེ་བ་ཆེན་པོའི་དཀྱིལ་འཁོར་སྣང་། །དེ་ཉིད་སྒྲུབ་པའི་ཡོ་བྱད་ལྔ། །མ་ཉམས་གསལ་བར་རབ་སྤྱད་ན། །བདག་གཞན་ཇི་སྙེད་སྣང་བ་རྣམས། །མ་ལུས་དག་པའི་ངོ་བོར་འགྱུར། །དེ་ཚེ་ལས་ཀྱི་གཟུངས་མ་བཞི། །རིག་པའི་རྩལ་ལས་གྲུབ་པ་སྟེ། །གནས་སྐབས་རིམ་པར་སྦྱོར་བ་ཡི། །


DNG010_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུན་གྲུབ་ཉིད་ལ་ཐེ་ཚོམ་མེད། །བསྙེན་དང་ཉེ་བསྙེན་སྒྲུབ་པ་དང་། །སྒྲུབ་པ་ཆེན་པོའི་རིམ་པ་ཡི། །སྦྱོར་བ་བཞི་ནི་བརྩམ་པར་བྱ། །བདེ་ཆེན་ཐུགས་ཀྱི་དཀྱིལ་འཁོར་གྱིས། །རྒྱལ་བའི་དཀྱིལ་འཁོར་མ་ལུས་པ། །དགྱེས་མཉམ་ཐིམ་པའི་རོ་ལྡན་པ། །ཐབས་དང་ལྡན་པས་བླངས་སྤྱད་པས། །གང་འདོད་འབྲས་བུ་ཕུན་སུམ་ཚོགས། །བདག་གཞན་ཕྱི་ནང་ལས་བྱུང་བའི། །མ་ལུས་བསྒྲལ་བྱ་ཐམས་ཅད་ནི། །སོ་སོ་བྱ་བ་ཀུན་སྣང་ཡང་། །ཀུན་གྱི་རང་བཞིན་དེ་བཞིན་ཉིད། །བདག་ཉིད་གསལ་བར་མངོན་བསྒོམས་ཏེ། །ཏིང་འཛིན་ཐབས་ཀྱིས་མངོན་བསྒྲལ་ཏེ། །འཇིགས་པ་ཆེན་པོའི་ས་ཐོབ་ནས། །བརྟུལ་ཞུགས་མཉམ་པའི་ཐབས་ཀྱིས་ནི། །བདེ་ཆེན་མ་སྐྱེས་སྲས་སུ་བརླབ། །ཀུན་བཟང་ཐུགས་དང་གཉིས་སུ་མེད། །ཕྱི་ནང་གསང་བའི་རང་བཞིན་གྱིས། །སྣོད་བཅུད་རྒྱུད་རྣམས་དག་པ་ནི། །བདེ་བ་ཆེན་པོའི་ཞིང་ཁམས་ཉིད། །མ་ལུས་དག་པ་ཉིད་དུ་གསལ། །སྐུ་གསུང་ཐུགས་ལ་རབ་གནས་ཤིང་། །ཆོ་ག་རྫོགས་པར་ཤེས་པ་ཡི། །གནས་དང་ལོངས་སྤྱོད་ཅི་འཚམས་པར། །བདེ་བ་ཆེན་པོ་ཕོངས་མེད་པར། །ལོངས་སྤྱོད་ལྡན་ཞིང་དཀའ་ཐུབ་སྤངས། །གནས་དང་ལོངས་སྤྱོད་རྒྱན་རྣམས་དང་། །འབྱོར་པ་ཅི་བདེར་བརྟེན་པ་ནི། །གང་ཡང་འགྲུབ་སྟེ་གཞན་དུ་མིན། །ལོངས་སྤྱོད་དགའ་བས་མི་གདུང་ཞིང་། །ཡབ་ཡུམ་འདོད་པ་ལྔར་ལྡན་པས། །བརྩོན་པའི་ཚུལ་བཞིན་རབ་བསྒྲུབས་ན། །རྡོ་རྗེའི་ལུས་དང་རྣམ་སྨིན་དུ། །ཐ་མལ་འདི་ཡིས་འགྲུབ་པར་འགྱུར། །ས་ནས་སར་ནི་མངོན་འཕེལ་བ། །བླ་མ་ཐབས་དང་གཟུངས་སྟོབས་ཀྱིས། །གོང་བཞིན་ལས་སྐལ་དག་པ་ནི། །མྱུར་དུ་བར་ཆད་མེད་པར་འགྲུབ། །ལས་དང་དངོས་གྲུབ་ཕྲ་མོ་དག །ཆུ་རླབས་ལྟ་བུར་རང་སྣང་བ། །བྱིན་རླབས་སྔགས་དང་ཏིང་འཛིན་གྱིས། །ཇི་ལྟར་འདོད་པར་འབྱུང་འགྱུར་ཏེ། །ང་རྒྱལ་ཞེན་པའི་


DNG010_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་དང་བྲལ། །ལས་དང་དངོས་གྲུབ་ཐམས་ཅད་ལ། །ཞེན་ཆགས་སྦྱོར་བ་ཀུན་སྤངས་ལ། །བདག་ཉིད་ཆེན་པོའི་སྦྱོར་ཚུལ་གྱིས། །འདིར་ནི་ཅི་བདེར་འགྲུབ་པར་བྱ། །ཐབས་དང་ཤེས་རབ་ལྡན་པ་ཡིས། །མ་ཆགས་ཐབས་ཀྱི་སྦྱོར་བ་ནི། །ཡེངས་པ་མེད་པར་རབ་བསྒྲུབས་ན། །མྱུར་དུ་འགྲུབ་སྟེ་གཞན་དུ་མིན། །རྣལ་འབྱོར་བསྒྲུབ་པ་ཐམས་ཅད་ལ། །གཉིས་མེད་སྦྱོར་བ་ཁྱད་པར་ཆེ། །གང་དུ་འདི་ཡི་ཐབས་ལྡན་པས། །ཇི་ལྟར་སྤྱད་ཀྱང་འགྲུབ་པར་འགྱུར། །མ་ཆགས་པ་ལ་ཆགས་སྤྱད་པས། །ཆགས་པ་ཉིད་ཀྱང་འགྲུབ་འགྱུར་ཏེ། །སྤྱོད་ལམ་ཀུན་ཏུ་གནས་པ་ཡི། །འདི་ཡིས་འགྲུབ་སྟེ་གཞན་དུ་མིན། །བདེ་ཆེན་ཕྱག་རྒྱའི་རྣལ་འབྱོར་དང་། །ལྷུན་གྲུབ་ལ་གནས་ཆོ་ག་བཞིན། །དུས་དང་རང་རང་སྐལ་བ་བཞིན། །ལེ་ལོ་ཐེ་ཚོམ་མེད་བརྩོན་པས། །རབ་འབྲིང་ཐ་མ་ཇི་བཞིན་འཐོབ། །འཐོབ་བྱ་ཀུན་གྱི་ངོ་བོ་ནི། །རང་བྱུང་གསལ་བའི་སྙིང་པོ་སྟེ། །གཟུང་འཛིན་ཐ་དད་ཀུན་གྱིས་སྟོངས། །བྱང་ཆུབ་ནམ་མཁའི་རང་བཞིན་ནོ། །ཐབས་དང་ཤེས་རབ་དབྱེར་མེད་པའི། །དཀྱིལ་འཁོར་སྣ་ཚོགས་འབར་བ་ཉིད། །བདེ་ཆེན་སྐུ་གསུང་ཐུགས་ཉིད་དེ། །རང་བྱུང་ཉིད་ལས་གཞན་མ་ཡིན། །ཐོག་མེད་དུས་ནས་རབ་སྦྱངས་པའི། །སྐལ་ལྡན་དམ་ལས་མ་ཉམས་པས། །རང་རང་ཆོ་ག་བཞིན་བསྒྲུབས་ན། །སངས་རྒྱས་ཚེ་འདིས་འགྲུབ་འགྱུར་ན། །རིག་འཛིན་ས་ལ་སྨོས་ཅི་དགོས། །རང་རང་གོམས་པའི་ཐབས་ཉིད་དེ། །མོས་དང་འཚམས་པའི་ཁྱད་པར་བལྟ། །གཞན་དུ་ཆོ་ག་ཉམས་པར་འགྱུར། །དཔལ་ལྡན་རང་གི་དམ་ཚིག་འདིས། །བསྐལ་པ་བྱེ་བར་མི་འགྲུབ་པ། །ཉི་ཤུ་ལྔ་ལྡན་ལྷུན་གྲུབ་ས། །སྐྱེ་བ་འདི་ལ་ཐེ་ཚོམ་མེད། །བྱ་བ་བྱེད་ལ་མ་ཆགས་ཤིང་། །གཉིས་མེད་སྒྱུ་མར་གསལ་གོམས་ན། །དཀའ་ཐུབ་གདུང་བ་ཀུན་སྤངས་པས། །འདི་ཉིད་ལ་ནི་དགའ་བར་འགྲུབ། །ཅེས་ཉིད་ལ་ཉིད་བཤད་དོ། །སྒྱུ་འཕྲུལ་


DNG010_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མཚོའི་རྒྱུད་ལས། ཚོགས་ཀྱི་འཁོར་ལོ་གསང་བའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་བཅོམ་ལྡན་དེ་བཞིན་གཤེགས། །སྒྱུ་འཕྲུལ་དྲ་བ་དགྱེས་ཆེན་པོས། །བསྐལ་པ་བརྒྱ་སྟོང་དཔག་མེད་དུ། །རྙེད་པར་དཀའ་བའི་འབྲས་བུ་སྟེ། །སྒྱུ་འཕྲུལ་ལམ་ལ་བརྟེན་པ་ཡིས། །ཚེ་འདིས་འབྲས་བུ་ཐོབ་ཕྱིར་བཤད། །གསང་སྔགས་ལམ་ལ་གནས་བྱས་ཤིང་། །ཐབས་དང་ཤེས་རབ་དབྱེར་མེད་པས། །མཚན་མའི་བྱ་བ་སྤངས་པ་ཡིས། །འདིའམ་བར་མར་ཆོས་སྐུ་ཐོབ། །གང་དུ་བདེན་གཉིས་དབྱེར་མེད་པའི། །དོན་ལ་གནས་པའི་རྣལ་འབྱོར་པས། །བྱེད་པ་སྡོམ་པའི་མན་ངག་གིས། །ཕྱི་ནང་དྭངས་སྙིགས་འབྱེད་པའི་རླུང་། །སྙིང་པོ་ཨ་ལ་ཕོག་པ་ཡིས། །བདེ་ཆེན་སྟོང་པའི་ཐིག་ལེར་མཉམ། །སྙིགས་མའི་བག་ཆགས་སངས་གྱུར་ནས། །བདེ་ཆེན་ནམ་མཁའི་མཐའ་ལྟར་རྒྱས། །ཐབས་དང་ཤེས་རབ་ཉི་ཟླའི་བཅུད། །བསྙེན་བསྒྲུབ་བཞི་ལ་གོམས་པ་ཡིས། །རང་ཉམས་རྟགས་དང་རྩ་རླུང་གི། །དུག་གིས་དུག་ནད་སེལ་བ་ལྟར། །ལྷན་ཅིག་སྐྱེས་པ་མངོན་དུ་འཆར། །དེ་ཉིད་བདེ་ལ་མི་རྟོག་པའི། །བར་ཆད་སྤངས་པས་འགྲུབ་པ་ཡིས། །མུན་པ་སྣང་བས་གསལ་བ་ལྟར། །མ་ལུས་བདེ་བ་ཆེན་པོར་སྣང་། །བདག་གཞན་བྲལ་བའི་བདེ་ཆེན་གྱིས། །ནམ་མཁའ་འོད་ཀྱིས་གང་བ་ལྟར། །དུག་གསུམ་མ་སྤངས་ནན་ཏན་བྱ། །གསལ་བར་མངོན་དུ་ནན་ཏན་བྱ། །མངོན་དུ་གསལ་ནས་མ་བསྒོམས་པར། །དབྱེ་བ་མེད་པར་གསལ་བར་བྱ། །བདེ་ཆེན་ནམ་མཁའི་མཐའ་མཉམ་པ། །བསྐལ་པ་རྡུལ་སྙེད་འཕེལ་འགྲིབ་དང་། །འགྲོ་འོང་མེད་པའི་ངོ་བོ་ནི། །བདེ་བ་ཆེན་པོའི་རྡོ་རྗེ་འཆང་། །ཐོག་མ་ཐ་མ་མེད་པ་ནི། །སངས་རྒྱས་ཀུན་གྱི་རང་བཞིན་ཉིད། །དང་པོར་རང་བཞིན་སྐྱེ་མེད་པའི། །མི་དམིགས་པ་ལས་འདས་པ་ཡི། །དེ་བཞིན་ཉིད་དེ་མ་བཅོས་པའི། །རང་བཞིན་ངེས་པར་རྟོགས་


DNG010_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ། །ཆོས་རྣམས་རང་བཞིན་དངོས་མེད་པའི། །བདག་གཞན་དངོས་འཛིན་ཞེན་བྲལ་བའི། །དེ་བཞིན་ཉིད་ནི་མ་བཅོས་པའི། །རང་བཞིན་ངང་གིས་རྣམ་པར་བསྒོམ། །དངོས་དང་དངོས་མེད་ཞེན་བྲལ་བའི། །རང་བཞིན་ཡེ་ཤེས་ཀུན་སྣང་འོད། །ནམ་མཁའ་ལྟ་བུར་ཕྱོགས་མེད་པའི། །སྒྱུ་མ་ལྟ་བུར་བསམ་པར་བྱ། །རིག་པ་སྒྱུ་མའི་རང་བཞིན་ལས། །ཐབས་དང་ཤེས་རབ་ཉི་ཟླའི་གདན། །ཧཱུཾ་བཅས་རྡོ་རྗེ་འོད་དུ་འབར། །ཕྲ་མོ་རྡོ་རྗེ་སེམས་དཔའ་འམ། །གང་ཡང་རུང་བའི་ཡབ་ཡུམ་བསྒོམ། །གང་རུང་ཕྲ་མོའི་རང་བཞིན་ལས། །ཚད་དང་ལྡན་པའི་ཕྱག་རྒྱ་སྟེ། །སྐྱོན་དང་བྲལ་བས་རྟག་བསྒོམས་ཤིང་། །དེ་དག་གསལ་ཞིང་བརྟན་པར་བྱ། །གནས་ལྔ་དང་ནི་གནས་གསུམ་དང་། །གནས་གཅིག་ཕྱག་རྒྱར་གསལ་བར་བསྒོམ། །དེ་ནས་སངས་རྒྱས་རྒྱ་གཅིག་ལས། །ཐབས་དང་ཤེས་རབ་ཕྱེ་བ་ཡིས། །བརྒྱད་ཅུ་གསལ་བར་བསྒོམ་པར་བྱ། །དེ་ནས་ཡེ་ཤེས་ལྔ་སོགས་པས། །སྐུ་གསུང་ཐུགས་ལ་ནན་ཏན་བྱ། །ཡེ་ཤེས་སེམས་དཔའ་གོམས་གྱུར་ནས། །རིགས་བཞིའི་སེམས་དཔའ་ཡབ་ཡུམ་དང་། །ཀུན་བཟང་ཡབ་ཡུམ་སྒོ་བར་བཅས། །སྤྲུལ་སྐུ་ལ་སོགས་དེ་བཞིན་གཤེགས། །དེ་ནས་རྒྱང་གྲགས་དཔག་ཚད་དམ། །ནམ་མཁའི་དབྱིངས་ནི་བསམ་ཡས་པར། །སངས་རྒྱས་དཀྱིལ་འཁོར་སྣ་ཚོགས་པར། །འཇིགས་དང་བཅས་པའི་ཚུལ་བཞིན་བསྒོམ། །གང་དུ་གང་ལྟར་མཛེས་པ་ཡི། །སྤྱོད་པ་རིམ་བཞིན་བརྩམ་བྱ་སྟེ། །དང་པོར་བྱ་བ་བྲལ་བ་སྟེ། །དེ་ནས་ཐུགས་རྗེ་ཆེན་པོ་ཉིད། །གསུམ་པ་རྩེ་གཅིག་ལྡན་པ་སྟེ། །ཐ་མ་ཚོགས་ཀྱི་སྤྱོད་པ་ནི། །རིམ་པ་བཞིན་དུ་ལེགས་པར་སྤྱད། །ཐབས་དང་ཤེས་རབ་ལྡན་པ་ཡིས། །ཡིད་འོང་རབ་དབེན་ས་ཕྱོགས་སུ། །བདག་དབང་བར་ཆད་མེད་པའི་གནས། །དགེ་ཞིང་བཀྲ་ཤིས་ཕུན་སུམ་ཚོགས། །བཟའ་བཏུང་རོ་མཆོག་ལྡན་པ་དང་། །གླུ་གར་རོལ་མོ་ཚིག་སྟབས་བྲོ། །རྒྱན་དང་བགོ་བ་ཕུན་སུམ་ཚོགས། །ཐབས་དང་ཤེས་རབ་ཉི་ཟླར་ལྡན། །གླུ་ཚིག་སྒྲ་དང་ལྡན་པ་ཡིས། །ཚེ་


DNG010_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དབང་བསྒྱུར་གནས་ཐོབ་ནས། །གོམས་ནས་ཕྱག་རྒྱའི་རིགས་སུ་ངེས། །ལྷུན་གྱིས་གྲུབ་པའི་ས་ལས་ནི། །བཅུ་དྲུག་རྒྱུན་གྱི་སངས་རྒྱས་ས། །དྲི་ཅན་དམན་པའི་གང་ཟག་ལ། །རྡོ་རྗེ་འཛིན་པའི་དབང་བསྐུར་བས། །ཞིང་དང་ལོངས་སྤྱོད་ཏིང་འཛིན་སྟོབས། །ནམ་མཁའི་ཁམས་དང་མཉམ་པ་ཡིས། །འབྲས་བུ་ལྷུན་གྲུབ་ངོ་བོར་འགྱུར། །གཞན་དུ་བསོད་ནམས་ཆུང་བ་ཡིས། །སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །གཅིག་ཏུ་སྦྱོར་བའི་ངོ་བོ་ཉིད། །ཡབ་ཡུམ་སྦྱོར་བ་གཅིག་ཏུ་བསྒོམ། །ཕྱོགས་བཅུ་དུས་བཞིའི་ངོ་བོ་ཉིད། །ངོ་བོ་གཅིག་དང་ཚུལ་གཅིག་དང་། །སྐུ་གསུང་ཐུགས་ནི་གཅིག་བསྟན་ནས། །བྱིན་རླབས་དངོས་གྲུབ་སྩོལ་བར་མཛད། །དཔག་ཏུ་མེད་པའི་རྒྱལ་བ་རྣམས། །སྐུ་གསུང་ཐུགས་སུ་སྣང་བ་ཡི། །མི་ཟད་འཁོར་ལོ་རང་སྣང་དོན། །ངོ་བོ་གཅིག་ཏུ་འདུས་པར་འགྱུར། །དེ་དག་ཉིད་ཀྱིས་ཐོབ་འགྱུར་བས། །ཁྱད་པར་གཞན་ནས་ཡོད་མ་ཡིན། །སངས་རྒྱས་ཞིང་ཁམས་དཔག་མེད་པའི། །རང་བྱུང་བྱང་ཆུབ་སྙིང་པོ་སྟེ། །འཁོར་ལོ་ཡི་གེ་ཀུན་འདུས་པ། །ཐོབ་པས་སྣ་ཚོགས་འཕྲོ་བར་འགྱུར། །སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །ཏིལ་འབྲུ་རྡུལ་ཕྲན་གྲངས་མཉམ་པར། །རང་བྱུང་ཡེ་ཤེས་ཉིད་ཀྱི་གཟུགས། །དེ་མ་ཐག་པར་ཐོབ་པར་འགྱུར། །སྒྱུ་འཕྲུལ་དྲ་བ་མངོན་རྫོགས་པའི། །ཡེ་ཤེས་རྒྱ་མཚོ་ཟག་པ་མེད། །ཆེ་བ་ཀུན་རྫོགས་གསང་བའི་དོན། །བླ་མེད་ཐབས་ཆེན་འབྲས་བུར་གནས། །ཞེས་ཉིད་ལ་ཉིད་བཤད་དོ། །སྒྱུ་འཕྲུལ་རྒྱ་མཚོའི་རྒྱུད་ལས། གསང་བའི་ཐེག་པའི་ལམ་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་དེ་བཞིན་གཤེགས་པ་ཉིད། །གསང་བའི་ལོངས་སྤྱོད་བྱང་ཆུབ་སེམས། །དགྱེས་པ་ཆེན་པོས་ཚིམ་མཛད་ནས། །གསང་བའི་དོན་འདི་བསྟན་པར་མཛད། །གང་དུ་གསང་བའི་རང་བཞིན་ནི། །ཕྱོགས་ཆ་མཚན་མ་ལས་འདས་པའི། །རང་རིག་བརྗོད་པའི་ཡུལ་འདས་པ། །དངོས་མེད་དངོས་པོ་ཀུན་གྱི་གནས། །འདི་ཉིད་ཀུན་གྱི་ཡུལ་མིན་


DNG010_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

པས། །རང་བཞིན་བརྟགས་དང་བསྒྲིབས་པ་ཡིས། །ལ་ལས་དམུས་ལོང་ཇི་བཞིན་དུ། །བྱེ་བྲག་ཡུལ་དུ་མ་གྱུར་ཏེ། །ཐ་མལ་ཞེན་པའི་རང་རྒྱུད་པ། །འདི་ནི་འཇིག་རྟེན་ཕལ་པ་ཉིད། །རང་བཞིན་ངོ་བོ་ལ་སོགས་པ། །བྱེད་པ་མེད་ཅིང་གཉེན་པོ་མེད། །གདོད་ནས་རང་ཤུགས་ཀྱིས་འགྲུབ་པ། །ཐེར་ཟུག་རྟག་པ་རང་རྒྱུད་པ། །གང་ཡང་མེད་པར་གློ་བུར་དུ། །སྣང་བ་འཇིག་རྟེན་འདི་དག་ནི། །སྔོན་མེད་ཕྱིས་མེད་གདོད་ནས་སྣང་། །ཕྱིས་སྣང་བར་ཡང་ཇི་ལྟར་རུང་། །ལ་ལར་ཐ་དད་རྟོག་པ་སྟེ། །ཆོས་ཀྱི་བདག་ལ་དངོས་པོར་འཛིན། །ལ་ལ་བདེན་གཉིས་རྐྱེན་བྱས་ནས། །རྟེན་འདྲེལ་འཁོར་ལོ་འགོག་པར་བྱེད། །ལ་ལར་ཐ་དད་མི་གནས་ཏེ། །རིག་པའི་རྒྱུན་ལྡན་མི་རྟོག་འདོད། །གཞན་དག་རིག་པ་རྣམ་མེད་དེ། །ནམ་མཁའི་དཀྱིལ་ལྟར་དམིགས་པ་མེད། །ལ་ལར་སྒྱུ་མའི་དོན་ལ་གནས། །ལ་ལར་ཆ་ཤས་མེད་པ་ཡི། །མཐའ་ཡི་སྤྲོས་པ་རྣམ་པར་བཅད། །གང་ལ་གཉེན་པོ་ཀུན་དང་བྲལ། །གཉེན་པོའི་དོན་ནི་མཐའ་ལ་གནས། །ལ་ལས་ལས་དང་བྱ་བ་དང་། །དཀའ་ཐུབ་སྡོམ་པའི་ཚུལ་ལ་གནས། །ལ་ལས་ལྟ་སྤྱོད་ཐ་དད་པས། །བསྒོམ་དང་སྤྱད་པས་འབྲས་བུ་འདོད། །ལ་ལས་བྱིན་རླབས་རྣལ་འབྱོར་གྱིས། །བསྒོམས་པས་འབྲས་བུ་ཐོབ་པར་འདོད། །རང་བཞིན་གསང་བའི་མཚན་མ་ཉིད། །རྡོ་རྗེ་ཐེག་པའི་སྙིང་པོ་ནི། །ཡི་གེ་སྒྲ་ཚིག་ལས་འདས་པ། །གསང་སྔགས་ཀུན་གྱི་ངོ་བོར་འདོད། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །བཀའ་རྒྱུད་ཐེག་པའི་སྙིང་པོ་སྟེ། །གབ་སྦས་གསང་བའི་རང་བཞིན་པས། །རྟོག་གེ་པ་ཡི་ཡུལ་མ་ཡིན། །སངས་རྒྱས་སྲས་དང་བཅས་པ་ཡི། །ཐབས་དང་ཆོ་གས་བྱིན་བརླབས་པའི། །སློབ་དཔོན་ཐབས་ཀྱིས་ཤེས་གྱུར་ཏེ། །དམན་པས་རྟོགས་གོམས་ཡུལ་མ་ཡིན། །ཐོག་མ་ཐ་མ་མེད་པ་ཡི། །གདོད་ནས་དབྱེར་མེད་གསུམ་ལྡན་པའི། །གང་དུ་རྟོགས་གོམས་གསལ་བ་ཡིས། །སྒོ་གསུམ་རང་ལྷར་གསལ་བ་ལ། །བཞི་བཅུ་རྩ་གཉིས་དག་ཏུ་བསྒོམས། །སྐུ་གསུམ་རྡོ་རྗེ་


DNG010_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ལས་བྱུང་། །ཡེ་ཤེས་ལྔ་ཡིས་རྒྱས་བཏབ་ལ། །ཐུགས་ཀྱི་དཀྱིལ་འཁོར་བཞི་བཅུ་གཉིས། །གཞན་ཡང་དེ་བཞིན་ཤེས་པར་བྱ། །ཕུང་པོ་འབྱུང་བ་རྣམ་ཤེས་དང་། །ཡུལ་དང་དབང་པོ་དུས་སུ་བཅས། །འཁོར་ལོ་གསལ་བར་བརྟགས་བྱས་ཏེ། །མ་ལུས་སྐུ་གསུང་ཐུགས་ཀྱི་ངང་། །ཟག་མེད་ཡེ་ཤེས་ཐིག་ལེ་ལ། །ཡེ་ཤེས་འབྲས་བུ་ལྷུན་གྱིས་རྫོགས། །བདག་ཉིད་རིག་པ་རང་སྣང་བའི། །སྙིང་པོ་རྫོགས་པའི་ཐིག་ལེ་ལ། །མ་ལུས་ཆོས་ཀུན་རང་སྣང་བས། །ཡེ་ཤེས་སྒྱུ་མའི་དཀྱིལ་འཁོར་ཉིད། །ནམ་མཁའི་མཐའ་ལྟར་ཁྱབ་པར་སྣང་། །གསང་བའི་ཐིག་ལེ་ཆོས་ཀྱི་དབྱིངས། །དུས་གསུམ་རྒྱལ་བ་ཀུན་གྱི་དངོས། །ཕྱོགས་བཅུའི་དཀྱིལ་འཁོར་རྒྱ་བྲལ་བའི། །སྐུ་གསུང་ཡོན་ཏན་ཕྲིན་ལས་ཐུགས། །རང་བྱུང་སྙིང་པོ་གསལ་མཐོང་བས། །འབྲས་བུ་ཡེ་ཤེས་ལྷུན་རྫོགས་པས། །ཐོབ་བྱ་གཞན་ན་ཡོད་མ་ཡིན། །རང་བྱུང་སྙིང་པོའི་དྭངས་མ་ལ། །བྱིན་རླབས་རྟོགས་པའི་དཀྱིལ་འཁོར་གྱིས། །གསལ་བ་ལ་ནི་གོམས་བྱས་པས། །ཐིག་ལེ་དྭངས་མ་མ་ལུས་བྱུང་། །ཡེ་ཤེས་ལྔ་རྫོགས་དཀྱིལ་འཁོར་ཉིད། །ཟག་མེད་བདེ་བའི་དཀྱིལ་འཁོར་གྱི། །ནམ་མཁའ་ལྟ་བུར་ཁྱབ་པར་གནས། །རང་བྱུང་ཐིག་ལེ་མི་ཤིགས་པ། །འབྱུང་བཞི་ཐམས་ཅད་ཀུན་གྱི་རྒྱུ། །འབྱུང་བའི་དྭངས་མ་ཀུན་གྱི་ཡུམ། །ཆེན་པོ་རྒྱལ་བའི་རང་བཞིན་ཉིད། །བྱང་ཆུབ་སེམས་དང་དབང་པོ་དང་། །ཡུལ་དུས་ཡན་ལག་བཅས་པ་ཉིད། །རང་བྱུང་རྟེན་གྱི་ཐིག་ལེ་ཡིས། །ནམ་མཁའི་གཟུགས་ཅན་སྐྱེ་བ་མེད། །ཐ་མལ་འབྱུང་བ་ལ་བརྟེན་ནས། །ལྷག་པའི་རོ་ལ་ཐུགས་ཀྱིས་བལྟ། །སྙིང་པོ་ཐིག་ལེར་མཉམ་སྦྱོར་བས། །བདེ་བའི་དཀྱིལ་འཁོར་བསམ་མི་ཁྱབ། །རང་བྱུང་ཐིག་ལེ་འཕོ་འགྱུར་མེད། །གཞི་ལ་རང་བཞིན་ཐིམ་པ་ཡི། །ཟག་མེད་བདེ་བའི་དཀྱིལ་འཁོར་ཚོགས། །སྒྱུ་མའི་དཀྱིལ་འཁོར་བདེ་བའི་མཆོག །གསང་བ་ཐིག་ལེ་


DNG010_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱི་དབྱིངས། །སངས་རྒྱས་དཀྱིལ་འཁོར་ལྷུན་རྫོགས་པ། །ཆེ་བའི་ཡོན་ཏན་བསམ་ཡས་པ། །ཀུན་གྱི་ངོ་བོར་རང་ཤར་བ། །མ་ལུས་ཞལ་མཐོང་དབང་བསྒྱུར་བས། །འབྲས་བུ་གྲངས་འདས་ལྷུན་གྱིས་རྫོགས། །རྒྱན་དང་ཆེ་བའི་ཡོན་ཏན་ཉིད། །རང་བྱུང་དོན་གོམས་མཐར་ཕྱིན་པས། །ཐུགས་རྗེ་རང་སྣང་དཀྱིལ་འཁོར་ཉིད། །ཕྱོགས་མེད་ཞིང་ཁམས་མཐའ་ཡས་པར། །རྫོགས་པའི་ཞིང་ཁམས་སྣ་ཚོགས་སྤྱོད། །ཐབས་དང་ཤེས་རབ་ལྷུན་རྫོགས་པའི། །དབྱེར་མེད་གནས་པའི་དཀྱིལ་འཁོར་གྱི། །ཐིག་ལེ་བཅུད་འདུས་རྟེན་ཉིད་ལ། །བཅུ་དྲུག་ལྔ་འདུས་རྣམ་པར་བསྒོམ། །ཐབས་དང་ཤེས་རབ་དབྱེར་མེད་པའི། །ཐབས་ཀྱི་ཆོ་ག་ལས་བྱུང་བ། །གཅིག་ལའང་ཡེ་ཤེས་ལྔ་རྫོགས་པ། །ཟག་མེད་ཁྱབ་པས་མཐའ་དབུས་མེད། །གསང་བའི་ཐིག་ལེ་ལྷན་ཅིག་སྐྱེས། །བདེ་བའི་ལོངས་སྤྱོད་ཀུན་གྱི་དབྱིངས། །འཇུག་སྒོ་བཞི་ཡི་ཕྱག་རྒྱ་ལས། །འབྱུང་བཞི་རིགས་ཀྱི་ཡུམ་དུ་སྣང་། །ཕུང་པོ་བདེ་བར་རྒྱས་བཏབ་པས། །དབང་པོ་ཡུལ་སེམས་རང་བཞིན་ཐབས། །ཀུན་བཟང་རིག་པའི་དཀྱིལ་འཁོར་ལ། །ལྷན་ཅིག་སྐྱེས་པའི་རང་བཞིན་གྱིས། །རྟེན་དང་བརྟེན་པར་མཉམ་སྦྱོར་བས། །ཡེ་ཤེས་ལྔ་ནི་རང་གསལ་བས། །བདེ་བའི་ཡེ་ཤེས་དགྱེས་པ་ཆེ། །མ་བསྒོམས་བདེ་བའི་ལོངས་སྤྱོད་ཀྱིས། །བདེ་ཆེན་སྒྱུ་མའི་མཚན་ཉིད་གསལ། །བདེ་བའི་རོལ་མོ་བསམ་ཡས་པ། །གསང་བའི་ཐིག་ལེ་མ་སྐྱེས་པ། །ཀུན་གྱི་རང་བཞིན་གཉིས་སུ་མེད། །ཕྱོགས་བཅུ་དུས་བཞི་མཐའ་ཡས་པ། །རྒྱལ་བའི་ཆེ་བ་མ་ལུས་པ། །ལྷན་ཅིག་སྐྱེས་པར་ཞལ་མཐོང་ཞིང་། །ཐིག་ལེར་རླུང་སོགས་དབང་བསྒྱུར་བས། །མ་ལུས་ཡེ་ཤེས་བདེ་མཆོག་ཡིན། །རང་བྱུང་ཡེ་ཤེས་དཀྱིལ་འཁོར་ལ། །ཟག་མེད་དཀྱིལ་འཁོར་རང་གནས་ཉིད། །མཐོང་གོམས་རྫོགས་པས་ལྷུན་གྱིས་གྲུབ། །མ་སྤངས་རང་ལ་ལྷུན་གྲུབ་པས། །མ་ལུས་དཀྱིལ་འཁོར་རྒྱན་དུ་གནས། །འབྱུང་འཇུག་མེད་པའི་དཀྱིལ་


DNG010_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལ། །ཆེ་བའི་ཡོན་ཏན་ལྷུན་རྫོགས་པས། །ཕྱོགས་བཅུ་ནམ་མཁའི་མཐའ་ཐུག་པར། །ཐུགས་རྗེའི་དཀྱིལ་འཁོར་ཕྱོགས་མེད་སྣང་། །བྱ་བྱེད་མེད་པའི་ཚུལ་གཅིག་པ། །རང་བྱུང་སྙིང་པོ་དཀྱིལ་འཁོར་མཆོག །ཐུན་མོང་ཐུན་མོང་མ་ཡིན་པ། །ཤེས་རབ་ཡུམ་ལ་མཉམ་སྦྱར་ནས། །རང་བྱུང་འབྲས་བུ་ལྷུན་གྱིས་གྲུབ། །བསྐལ་པ་རྡུལ་སྙེད་གྲངས་འདས་ནས། །མོས་དང་སྦྱངས་པའི་རང་བཞིན་གྱི། །གསང་བའི་དོན་ལ་གང་ཞུགས་པ། །ཚེ་འདིས་རྒྱལ་བ་ཉིད་དུ་འགྱུར། །འདས་དང་ད་ལྟར་མ་འོངས་པའི། །རྒྱལ་བའི་སྐུ་གསུང་ཐུགས་ཀྱི་བཅུད། །འདུས་པའི་གསང་ཆེན་འདི་ཡིན་ཏེ། །ལམ་གྱི་དམ་པ་ཉེ་ལམ་ཡིན། །འཇིག་རྟེན་དྲུག་གི་ཕྱོགས་དག་ན། །རྒྱལ་བའི་དཀྱིལ་འཁོར་རྡུལ་ཕྲན་སྙེད། །བསྟན་པ་ཕྱི་ནང་གསང་བ་ཀུན། །སྒྱུ་འཕྲུལ་དྲ་བ་ལས་འཕྲོས་ཏེ། །ལམ་གྱི་དམ་པ་ཉེ་ལམ་ཡིན། །ཐབས་དང་ཤེས་རབ་གཉིས་མེད་དང་། །བྱ་བ་སྤྱོད་དང་རྣལ་འབྱོར་དང་། །རྣལ་འབྱོར་ཆེན་པོ་བླ་མེད་པ། །མ་ལུས་འདུས་ཤིང་འབྱུང་བའི་ཕྱིར། །དངོས་གྲུབ་རླབས་ཆེན་ཀུན་འབྱུང་བའི། །སྒྱུ་འཕྲུལ་རྒྱ་མཚོའི་རྒྱུད་ཆེན་འདི། །མོས་དང་མཐོང་དང་བྲིས་པ་དང་། །བཀླགས་པ་ཙམ་གྱིས་འགྲུབ་འགྱུར་ན། །རྟོགས་དང་གོམས་པའི་སྦྱོར་བ་ཡིས། །འབྲས་བུ་ཐོབ་པར་སྨོས་ཅི་དགོས། །རང་བྱུང་དཀྱིལ་འཁོར་ཀུན་འདུས་པའི། །རྒྱུད་ཆེན་སྒྱུ་འཕྲུལ་དྲ་བ་སྟེ། །རྒྱུད་ཀུན་གྱི་ནི་བདག་པོ་མཆོག །སྙིང་པོ་ལས་ནི་སྙིང་པོ་མཆོག །ཅེས་ཉིད་ལ་ཉིད་བཤད་དོ། །སྒྱུ་འཕྲུལ་རྒྱ་མཚོའི་རྒྱུད་ལས། གསང་བའི་དོན་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་བཅོམ་ལྡན་དགྱེས་ཆེན་པོ། །རང་བཞིན་ལྷུན་གྱིས་གྲུབ་པ་དེས། །གདུལ་བྱའི་བསམ་པ་སྣ་ཚོགས་ཕྱིར། །འབྲས་བུའི་ཆོ་འཕྲུལ་སྣང་བར་མཛད། །ཇི་སྙེད་རང་བྱུང་དཀྱིལ་འཁོར་རྣམས། །བྱ་བྱེད་མེད་པར་རང་སྣང་བས། །ཐིག་ལེ་ཆེན་པོར་ལྷུན་རྫོགས་པའི། །བདག་གཞན་


DNG010_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེར་མེད་དེ་བཞིན་ཉིད། །ཕྱོགས་བཅུ་རྒྱ་ཡང་མ་ཆད་པའི། །བདེ་ཆེན་ལོངས་སྤྱོད་དཔག་ཏུ་མེད། །ཞིང་ཁམས་འཁོར་དང་ཆེ་བ་ཉིད། །རང་སྣང་འཁོར་ལོ་རང་སྣང་ཉིད། །མ་ལུས་རང་སྣང་སྐུ་ཡི་ཚོགས། །བསམ་ཡས་རྡུལ་དང་ཏིལ་གང་བཞིན། །གང་མོས་བློ་ལ་སྣང་བྱེད་པ། །གདུལ་བྱ་མོས་པའི་དོན་དུ་ཟད། །གང་དུ་མ་བཅོས་དེ་བཞིན་ཉིད། །རང་གི་ངོ་བོ་གསལ་འགྱུར་བ། །ཀུན་གྱི་རང་བཞིན་རྐྱེན་བྲལ་བ། །སྔ་ཕྱི་མེད་པར་ཀུན་མཁྱེན་མཆོག །དུས་གསུམ་ཕྱོགས་བཅུ་མཐའ་ཡས་ཀུན། །དབྱེར་མེད་རྡོ་རྗེ་ཉིད་སྣང་བས། །ཕྱོགས་མེད་བྱིན་རླབས་གཉེན་པོ་བྲལ། །དུས་གསུམ་འདུ་འབྲལ་མེད་པར་བཞུགས། །མི་ཕྱེད་རྡོ་རྗེའི་རང་བཞིན་ལ། །བརྗོད་བྱའི་རང་བཞིན་ལྷུན་རྫོགས་པས། །དབྱེར་མེད་ངོ་བོ་ཀུན་སྣང་བས། །མི་ཕྱེད་གསུང་ནི་ཀུན་གྱི་མཆོག །ཚིག་དང་ཡི་གེ་ཀུན་བྲལ་བས། །མ་བརྗོད་དགོངས་པ་བརྡས་བསྟན་པས། །མཉམ་པ་ཆེན་པོའི་ཚུལ་དུ་སྟོན། །རང་བྱུང་ཡེ་ཤེས་བྱིན་རླབས་ནི། །གཅིག་དང་དུ་མ་ལས་འདས་པའི། །ནམ་མཁའི་དབྱིངས་ལྟར་གནས་པ་ཡི། །དགོངས་པ་ཆེན་པོར་བརྡལ་བ་ཉིད། །རང་རིག་སྐྱེ་བ་མེད་པ་ལས། །ཇི་སྙེད་ཆོས་སྐུ་རང་སྣང་བ། །མཐའ་དབུས་སྤྲོས་པ་བཅད་པ་ཡི། །དེ་བཞིན་ཉིད་ཀྱིས་གསུངས་པ་མེད། །ཐུགས་རྗེ་བྱིན་རླབས་རང་སྣང་བ། །སྒྲ་དང་དབྱིབས་ལ་སོགས་པ་རྣམས། །མཚོན་པ་ཐབས་ནི་དཔག་མེད་དུ། །ཐུགས་རྗེ་བྱིན་རླབས་སྣང་བར་འགྱུར། །སངས་རྒྱས་ཀུན་གྱི་ཡོན་ཏན་མཆོག །སྐུ་དང་གསུང་ཐུགས་ཡོན་ཏན་ལས། །རྒྱལ་བ་རིགས་ལྔ་སྣང་མཛད་དེ། །རེ་རེར་ཞིང་ཁམས་གདན་སོགས་སྣང་། །རང་བྱུང་དམིགས་མེད་བྱང་ཆུབ་སེམས། །སངས་རྒྱས་ཀུན་གྱི་ཐུགས་ཆེན་པོ། །རྣམ་དག་དྲི་མེད་འོད་གསལ་བས། །མཁྱེན་པའི་ཡེ་ཤེས་བཞིར་གསལ་ནས། །ཐམས་ཅད་གདོད་ནས་དབྱེར་མེད་པས། །གང་དག་དེ་ལྟར་མཁྱེན་པ་ཡིས། །བདག་གཞན་བྱ་བྱེད་མེད་པ་ཡིས། །ཕྲིན་


DNG010_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ལྔར་ནི་སྣང་བར་འགྱུར། །སྟེང་འོག་བརྟེན་པ་ལས་བྱུང་བའི། །ཡེ་ཤེས་བརྟེན་པ་དེ་བཞིན་ཉིད། །སྐུ་དང་གསུང་དང་ཐུགས་འཁོར་ལོ། །ཡོན་ཏན་ཀུན་གྱི་ལས་དང་སྦྱར། །དབྱིབས་དང་ཡི་གེ་རང་བཞིན་ལས། །ནམ་མཁའ་ལྟ་བུའི་ལྔ་རྫོགས་པ། །ཟག་མེད་ཡོན་ཏན་ལྷུན་རྫོགས་པ། །བྱས་པ་མེད་པར་རྣམ་བཞི་རྫོགས། །རང་བྱུང་འབྲས་བུ་རྟེན་བྲལ་བའི། །ངོ་བོ་དབྱེར་མེད་དེ་བཞིན་ཉིད། །བཞོན་པ་རླུང་གི་སྟོབས་བྲལ་བས། །ཐིག་ལེ་འགྲོ་འོང་འདུ་འཕྲོ་མེད། །དབང་བསྒྱུར་ཕུང་པོ་འཇིག་མེད་པས། །འབྱུང་བཞི་འདུ་བའི་ཚོགས་དང་བྲལ། །རིག་པ་རླུང་ལ་དབང་བསྒྱུར་བས། །སྡུག་བསྔལ་ཆུ་བོའི་འཇིགས་དང་བྲལ། །ཡེ་ཤེས་ཏིང་འཛིན་ལས་ལས་འགྲུབ། །ཤེས་རབ་སྟོབས་སོགས་མཉམ་སྦྱོར་བས། །འཕེལ་འགྲིབ་ཐིག་ལེ་འབྱུང་འཇུག་མེད། །ཚེ་དང་ལུས་དང་བདེ་བ་དང་། །ཡེ་ཤེས་ཟག་མེད་ཟུངས་ལྡན་པས། །མ་ལུས་ཞིང་སོགས་དག་པ་སྟེ། །བདུད་བཞི་སྐྱེ་སོགས་བར་ཆད་མེད། །འབྱུང་བཞི་དྭངས་མ་ལ་བརྟེན་པས། །རིག་པའི་བདེ་ཆེན་བར་ཆད་མེད། །རྣམ་རྟོག་འགྱུ་བའི་རླུང་དྭངས་པས། །བདེ་ཆེན་ནམ་མཁའི་མཐའ་ལྟར་གནས། །ཐ་མའི་དབང་ལ་རང་སྣང་བས། །ཞིང་ཁམས་རྒྱ་མཚོ་རྡུལ་སྙེད་ཀྱི། །ཐབས་དང་ཤེས་རབ་མཉམ་པར་གནས། །དྲི་ཅན་ཉིད་ལ་དབང་བསྐུར་བས། །ཤེས་བྱའི་དཀྱིལ་འཁོར་ཀུན་སད་དེ། །རྨོངས་པ་སངས་ལྟར་མངོན་སངས་རྒྱས། །དེ་ནས་ནམ་མཁའི་མཐའ་ཐུག་པར། །བདེ་བ་ཆེན་པོའི་སྐུ་ཉིད་དང་། །ཆོས་ཀྱི་འཁོར་ལོ་བསྐོར་མཛད་ཅིང་། །བདེ་ཆེན་མི་རྟོག་གསལ་བའི་ཐུགས། །ཞིང་ཁམས་ཕྱོགས་བཅུའི་རྡུལ་སྙེད་དུ། །ཡོན་ཏན་བསམ་ཡས་མངོན་བསྟན་ནས། །གདུལ་བྱའི་དོན་ནི་ཇི་སྙེད་པ། །མ་ལུས་མཛད་པས་ཚིམས་པར་མཛད། །ལམ་དང་མཛད་པ་ཞིང་ཁམས་དག །ས་དང་ཁམས་དང་མཐུན་པར་སྣང་། །སྣོད་བཅུད་རྒྱུད་ཞེན་དྲི་མ་གསུམ། །ཉི་ཟླ་


DNG010_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་མཐུན་མཐའ་ཡང་འགྲོ་འོང་གིས། །གནས་སུ་འདྲེན་པའི་ལམ་ཉིད་ཀྱིས། །དག་པ་ཡབ་ཡུམ་ཡེ་ཤེས་གསལ། །ཐབས་དང་ཤེས་རབ་དབྱེར་མེད་པའི། །འཁོར་འདས་དབྱེར་མེད་རང་བཞིན་ལ། །འབྲུ་གསུམ་མཚམས་ནས་རང་ཟློག་པས། །ཐབས་ལ་བརྟེན་པའི་གར་བསྐྱོད་པས། །མ་སྐྱེས་ལྷན་ཅིག་སྐྱེས་པར་གསལ། །རྟེན་ཅན་རླུང་དང་ཐིག་ལེ་ལ། །རང་བྱུང་གོམས་པའི་བློ་ཡིས་བལྟ། །རྐྱེན་དང་བྲལ་བས་མངོན་གྱུར་ན། །སེམས་ཀྱི་ཐིག་ལེ་འཆོར་བ་མེད། །རང་བྱུང་བདེ་བ་མངོན་སུམ་སྟེ། །གོམས་དང་ཐུགས་རྗེ་རང་སྣང་བའི། །འདོད་ཡོན་ལོངས་སྤྱོད་སྣ་ཚོགས་ལ། །ལྷ་མོ་རོལ་རྩེད་སྟོང་གི་བདག །གྲངས་མེད་འཁོར་ལོའི་ཚུལ་བསྐོར་བས། །མ་གཡོས་བདེ་བ་ཀུན་ཁྱབ་ཅན། །ཕུང་སོགས་རྟོག་པ་ཐམས་ཅད་ཀུན། །བདེ་ཆེན་ཡེ་ཤེས་ལྔ་རུ་གསལ། །དེ་ཉིད་བཅུ་གསུམ་སངས་རྒྱས་ས། །ཡེ་ཤེས་དབྱིངས་ཉིད་རང་གནས་པའི། །ཁམས་གཉིས་འདུས་པའི་ཐབས་ལས་སྐྱེས། །སྐྱེས་པ་ཉིད་ན་བདག་ཏུ་གསལ། །ཐབས་ལ་མཁས་པའི་ཁྱད་པར་གྱིས། །གང་ལ་འདུལ་བའི་ཚུལ་སྣང་བ། །ཡང་དག་ལོག་པ་ཡོད་མེད་ཀྱི། །ཤེས་རབ་སྤྱན་གཉིས་ཡུལ་གཅིག་ཀྱང་། །སཱ་བབས་ལུས་ཀྱང་ལུ་ཕུག་བགྲོད་སྣང་མེད་བཞིན། །ལྡོག་མེད་སྟོབས་སུ་རྫོགས་པ་ཉིད། །དང་པོ་འཇུག་པའི་རིམ་པ་ནས། །ཐ་མ་མཐར་ཕྱིན་རྫོགས་པར་དུ། །ཕྱི་ནང་གསང་སོགས་ཇི་བཞིན་པར། །སྐྱེ་འགག་གནས་དམིགས་འགྲོ་འོང་གིས། །གཡོ་སེམས་སྐྱེས་ལ་མོས་སྤྱད་ཀྱང་། །ཟབ་མོ་བསྒྲགས་པས་བསྐྱེད་རིམ་བརྟན། །སྨོན་ལམ་འདོད་ཡོན་འཇུག་པ་ཡང་། །གཉིས་མེད་དོན་ལ་སྡང་བ་མེད། །གནས་པ་དང་ནི་མཉམ་གསུམ་གྱིས། །ཡིད་ཆེས་ཤེས་རབ་འཕེལ་བར་བྱེད། །རྒྱུན་དུ་གནས་པའི་སྤྲོས་བཅས་ཚེ། །མཐར་ལམ་ཉིད་ལ་སྦྱོར་བའོ། །བསྒྲུབ་པའི་རྒྱུ་ཡིས་མི་ལྡོག་པ། །དེ་གོམས་ཕྱི་མའི་རིག་རིགས་ཀྱང་ལས་བསྟན། །ལྷུན་གྲུབ་ཕྱི་ཚེ་ཡོངས་སུ་རྫོགས། །ཐབས་


DNG010_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཤེས་རབ་མཉམ་སྦྱོར་བས། །བདེ་བ་ཐིག་ལེ་རྫོགས་སྐྱེས་པ། །རང་བཞིན་མེད་པའི་སྒྱུ་མར་འགག །དེ་ཉིད་མ་སྐྱེས་དབྱེར་མེད་གནས། །གཉིས་མེད་རྟོག་པ་གང་དམིགས་པས། །འགྲོ་འོང་མེད་པའི་འབྲས་བུ་འཆར། །བསླད་པའི་ཚིག་བྲལ་སྒྲོ་སྐུར་མེད། །རྒྱུ་རྐྱེན་འབྲས་བུ་བདག་པོ་དང་། །གཉིས་མེད་དོན་ལས་མི་གཡོ་ཞིང་། །འདྲེལ་ཚད་འཁྲུག་བསྣོལ་བཀའ་བརྒྱུད་ཡིན། །ཞེས་ཉིད་ལ་ཉིད་བཤད་དོ། །སྒྱུ་འཕྲུལ་རྒྱ་མཚོའི་རྒྱུད་ལས། དངོས་པོ་ལྔ་གཏན་ལ་ཕབ་པའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་བཅོམ་ལྡན་དགྱེས་ཆེན་པོ། །འདུལ་བའི་བསམ་པ་ལ་དགོངས་ནས། །དཀྱིལ་འཁོར་རྡུལ་སྙེད་བཅས་པ་དག །ཁྲོ་བོ་དཔག་ཏུ་མེད་པར་གྱུར། །གང་ཕྱིར་གདུལ་བྱ་དཔག་མེད་དག །ཁྲོ་བོས་འདུལ་བའི་དོན་ཕྱིར་རོ། །ཁ་ཅིག་སྡང་སེམས་ལྡན་པ་ལ། །སྐུ་གསུང་ཐུགས་སུ་ལྡན་པ་ཡི། །ཐབས་མཁས་སྐྱོན་དང་བྲལ་བ་ཡི། །ཞེ་སྡང་ཁྲོས་པས་འདུལ་བར་མཛད། །ཁ་ཅིག་ཆགས་ཤིང་ཞེན་པ་སྟེ། །ཐབས་དང་ཤེས་རབ་དབྱེར་མེད་པའི། །འདོད་ཆགས་རྨོངས་པར་ཐིམ་མཛད་ནས། །ཆགས་པ་ཁྲོས་པས་འདུལ་བར་མཛད། །ལ་ལར་བལྟ་དང་ཆོ་ངང་ལས། །ཏིང་འཛིན་ཞིང་ཁམས་ཆོ་འཕྲུལ་གྱིས། །འཕམ་ཞིང་ང་རྒྱལ་ཟིལ་མནན་པ། །ལོག་པའི་རི་བོ་བརྟས་མཐོང་ནས། །ལོག་པའི་རི་བོ་ཚར་གཅོད་ཅིང་། །ཐོག་མ་ཐ་མའི་དུས་མེད་པ། །རང་བྱུང་སྒྱུ་འཕྲུལ་འགག་པ་མེད། །ཐབས་མཁས་ཕན་པའི་གནོད་སྦྱིན་གྱིས། །འཇིག་རྟེན་སྒོ་གསུམ་བྱ་བ་ལ། །འཇིགས་དང་རེ་དོགས་མེད་པ་ཡི། །མི་བྱ་བ་ནི་གང་ཡང་མེད། །ཏིང་འཛིན་བྱེ་བ་ས་ཡ་དག །དཔག་མེད་ཆེ་བར་ཀུན་སྤྲུལ་ནས། །མཚན་མའི་ཆེ་བ་ཟིལ་མནན་ནས། །ཐབས་མཁས་ཡིད་འཕམ་འཕྲོག་པར་མཛད། །སྟོང་གསུམ་ཁྲག་དང་དུར་ཁྲོད་དང་། །དགའ་དང་མི་དགའ་འཇིགས་བྱེད་པའི། །མ་ལུས་དུར་ཁྲོད་རོ་གླིང་དུ། །སྟོབས་ཀྱིས་གདུག་པ་ཟིལ་གྱིས་


DNG010_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

གནོན། །འཇིག་རྟེན་ཁམས་ནི་མ་ལུས་པར། །གཡོ་ཞིང་འཁྲུག་དང་ལྡེག་པ་ཡིས། །གདུག་པས་སྤ་བཀོང་འཇིགས་མཛད་ནས། །བསྐལ་པ་མེ་ལྟར་རབ་འབར་ཞིང་། །འཇིགས་བྱེད་ཆེན་པོ་རྒྱན་གྱིས་བཞུགས། །འདི་ལྟར་མ་ལུས་ཟིལ་གནོན་པ། །ང་རྒྱལ་ཁྲོས་པས་འདུལ་བར་མཛད། །དེ་ནས་སངས་རྒྱས་ཐམས་ཅད་ནི། །མ་ལུས་འདུས་པའི་བདག་ཉིད་དེས། །མ་ལུས་བྱིན་རླབས་གསལ་བྱའི་ཕྱིར། །གཉིས་མེད་སྦྱོར་བའི་ཐིག་ལེ་ཡིས། །མ་ལུས་ཁྱབ་པར་གང་མཛད་ནས། །ཐིག་ལེ་རྡུལ་ཕྲན་འཕྲོས་པ་ཡིས། །དག་པ་བདེ་ཆེན་ལྷུན་གྲུབ་པར། །ཐམས་ཅད་བྱིན་རླབས་གསལ་བ་ཡི། །མ་ལུས་དཀྱིལ་འཁོར་ཆེན་པོར་གནས། །དཔལ་ལྡན་འདུས་པའི་ངོ་བོ་ལས། །རིགས་ལྔའི་ཚུལ་འདི་རྣམ་པར་འཕྲུལ། །ལ་ལར་རྡོ་རྗེས་སྦྱོར་མཛད་ཅིང་། །ལ་ལར་ཀུན་གྱི་རེ་བ་སྐོང་། །ལ་ལར་མ་ཆགས་སྐྱོན་བྲལ་ཉིད། །ལ་ལར་ཆོ་འཕྲུལ་མཐའ་ཡས་སྟོན། །ཡེ་ཤེས་ཕྲ་རགས་གཉིས་སུ་མེད། །བདེ་ཆེན་རིག་པའི་སྟོབས་འཕེལ་བས། །ཤེས་པ་བརྒྱད་ནི་རང་ལྡོག་པས། །བདེ་ཆེན་རིག་པ་ཁ་བལྟས་ནས། །རང་རང་ལས་དང་སྐལ་བར་གནས། །བདེ་ཆེན་རོལ་པ་རང་སྣང་བས། །ཡུལ་རྣམས་གཉིས་མེད་འདྲེས་པ་ཉིད། །རྡོ་རྗེ་བདེ་ཆེན་ཕྲ་མེན་ཉིད། །ཡུལ་སེམས་ཕྱི་ནང་ཐིག་ལེར་གསལ། །འཁོར་འདས་གཉིས་མེད་མཚོན་པར་མཛད། །ཐབས་ཆེན་གསང་བ་ལ་བརྟེན་ནས། །རང་བྱུང་གསང་བའི་ཉི་ཟླའི་འོད། །དབབ་དང་བཟུང་དང་གནས་བཅིང་ཞིང་། །རང་རང་གནས་སུ་སླར་སོན་པས། །མི་ཤེས་ཡུལ་ལས་འདས་པ་ཡི། །བདེ་ཆེན་གསལ་བའི་སྐུ་གསུང་ཐུགས། །མ་ལུས་དཀྱིལ་འཁོར་ཆེན་པོར་གསལ། །གང་དུ་ཡིད་ལས་འདས་པ་ཡི། །བདེ་ཆེན་དཀྱིལ་འཁོར་མཐའ་དབུས་མེད། །རྟེན་མེད་ཐིག་ལེ་འགྲོ་འོང་སྤང་། །རང་བྱུང་གནས་པའི་སྙིང་པོར་ཐིམ། །ཕྱི་ནང་ཡུལ་སེམས་ཀུན་བྲལ་


DNG010_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

བའི། །རང་བྱུང་སྒྱུ་འཕྲུལ་དྲ་བ་སྟེ། །ཐབས་ཆེན་མི་དམིགས་ཆོས་ཀྱི་དབྱིངས། །སྒྱུ་འཕྲུལ་དྲ་བའི་དཀྱིལ་འཁོར་རོ། །རང་བཞིན་ཐབས་དང་ཤེས་རབ་ལས། །བདེ་ཆེན་རང་བཞིན་གསལ་བར་འཆར། །ཕྱོགས་བཅུ་འཇིག་རྟེན་སྣོད་བཅུད་བཅས། །བདེ་ཆེན་ཐིག་ལེའི་དཀྱིལ་འཁོར་སྣང་། །རྗེས་སུ་འཛིན་པ་བཞི་ལྡན་ཞིང་། །ཡུལ་སེམས་ལུས་དང་དུས་བཞིར་བཅས། །རྡོ་རྗེ་འཛིན་པར་བྱིན་བརླབས་ཤིང་། །གསང་བའི་དོན་དུ་གཉིས་སུ་མེད། །རྡོ་རྗེ་ཉི་མ་ནུབ་ནས་ནི། །རང་བྱུང་དཔའ་བོའི་ཟླ་བ་ཉིད། །སྒྲིབ་བྱེད་མེད་པའི་ཚུལ་དུ་འཆར། །མ་ལུས་དབྱེར་མེད་ཚུལ་དུ་གནས། །སྒྱུ་འཕྲུལ་དྲ་བ་མངོན་རྫོགས་པ། །ཐོག་མཐའ་མེད་པའི་རྡོ་རྗེ་སེམས། །སྙིང་པོ་གཉིས་མེད་བདེ་ཆེན་པོར། །རང་བྱུང་གཉིས་མེད་དོན་དུ་གསལ། །རང་བྱུང་གཉིས་མེད་ཐིག་ལེ་ཡིས། །མ་ལུས་སྟོང་པར་མཛད་པ་ཡི། །རྡོ་རྗེ་ཁྲོ་བོའི་ཕྲིན་ལས་ཏེ། །ཟ་བྱེད་ཅེས་ཀྱང་བཤད་པ་ཡིན། །གང་དུ་རྒྱུ་བ་ཀུན་ཟད་པའི། །ཕྱི་ནང་གསང་བའི་ཐིག་ལེ་ནི། །རྟེན་དང་བརྟེན་པར་བཅས་པ་ནི། །ཟག་མེད་བདེ་ཆེན་ངང་དུ་ཐིམ། །རང་རིག་དངོས་དང་དངོས་བྲལ་བའི། །མཐའ་དབུས་གཟུང་འཛིན་ཡུལ་འདས་པས། །སྐྱེ་མེད་བདེ་ཆེན་ཆོས་ཀྱི་དབྱིངས། །བདེན་པ་དབྱེར་མེད་དོན་དུ་གནས། །ཚིག་དང་ཡི་གེ་ལས་འདས་པའི། །བདེ་ཆེན་ལྷན་ཅིག་སྐྱེས་པ་ནི། །གང་གིས་མཚོན་པ་ལས་འདས་ཀྱང་། །དབང་དང་མན་ངག་སྟོབས་ལས་ཀྱང་། །ཐབས་དང་ཤེས་རབ་འདྲེལ་པ་ཡི། །རང་བྱུང་ཡེ་ཤེས་བདེ་ཆེན་ནི། །རང་བཞིན་སྦྱངས་ལས་སྣོད་གྱུར་པའི། །སྐལ་ལྡན་རྣམས་ཀྱི་སྤྱོད་ཡུལ་ཏེ། །ལས་ངན་སྒྲོ་སྐུར་དབང་བྱས་ཤིང་། །རྨོངས་སོགས་དམན་པའི་ཡུལ་མ་ཡིན། །གསང་བ་ཐབས་ཆེན་སྙིང་པོའི་རྒྱུད། །སངས་རྒྱས་ཀུན་གྱི་གསང་ཆེན་འདི། །བདེ་ཆེན་ནམ་མཁར་ཀུན་གསལ་ནས། །ཡིན་དང་མ་ཡིན་ཡུལ་ལས་འདས། །ཕྱོགས་བཅུའི་རྡུལ་སྙེད་སངས་


DNG010_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཀྱི། །ཐུགས་ཀྱི་ཐུགས་ཏེ་ཐུགས་ཀྱི་མཆོག །མ་ལུས་གསང་མཆོག་རྒྱན་གྱིས་མཛེས། །དེ་ལྡན་རྒྱལ་སྲས་དེ་བཞིན་གཤེགས། །ཞེས་ཉིད་ལ་ཉིད་གསུངས་སོ། །སྒྱུ་འཕྲུལ་རྒྱ་མཚོའི་རྒྱུད་ལས། རྡོ་རྗེ་ཁྲོ་བོ་རང་བཞིན་མངོན་དུ་ཕྱུང་བའི་ལེའུ་སྟེ་བཅྭ་ལྔ་པའོ།། །།དེ་ནས་བཅོམ་ལྡན་དགྱེས་ཆེན་པོ། །ཕྱོགས་དུས་བདེ་གཤེགས་ངོ་བོ་ཉིད། །ཟ་བྱེད་ཐབས་དང་ཤེས་རབ་ཀྱི། །གསུང་གི་བྱིན་རླབས་སྣང་བར་མཛད། །དེ་ཚེ་ཕྱི་ནང་སྣོད་བཅུད་བཅས། །གཡོ་དང་འབར་ཞིང་གང་བ་ཡིས། །མ་ལུས་ཡེ་ཤེས་བྱིན་བརླབས་ནས། །བདེ་བ་ཆེན་པོར་གསལ་བར་བྱེད། །གང་དུ་རྟོགས་གོམས་བརྟན་པ་ཡིས། །ཐབས་དང་ཤེས་རབ་ལས་བྱུང་བའི། །བདེ་བའི་ཐིག་ལེ་ཐུག་པ་མེད། །ཡེ་ཤེས་ལྔ་ཞེས་གང་བཤད་པ། །རྒྱལ་བ་ཀུན་གྱི་སྙིང་པོ་ལྔ། །ས་བོན་ཡི་གེ་ཨོཾ་ཞེས་བཤད། །ཐོག་མཐའ་མེད་པའི་དེ་བཞིན་ཉིད། །གཉིས་མེད་མི་ཕྱེད་འཇོམས་པས་ན། །ཐུགས་ཀྱི་རྡོ་རྗེ་གང་ཡིན་པ། །བཛྲ་ཞེས་ནི་བརྗོད་པ་ཡིན། །མ་བཅོས་དེ་བཞིན་ཡེ་ཤེས་ནི། །རེ་དོགས་འགྲོ་འོང་མེད་སོན་པས། །ཆོས་ཀྱི་དབྱིངས་ཀྱི་སྐུ་ལས་གྱུར། །ཏ་ཐཱ་ག་ཏ་ཞེས་བརྗོད་དོ། །མ་ལུས་རང་བྱུང་རིན་པོ་ཆེ། །ནམ་མཁའ་ལྟ་བུར་ཟག་མེད་ཅིང་། །དབང་བསྐུར་ཐོགས་མེད་ཡེ་ཤེས་ནི། །རཏྣ་ཞེས་པ་བརྗོད་པ་ཡིན། །འཁོར་བའི་བག་ཆགས་སྤོང་བ་ནི། །བདེ་བ་ཆེན་པོ་སྐྱོན་མེད་པ། །འདོད་ཆགས་ཆགས་བྲལ་བཅོམ་པ་ཉིད། །པདྨ་ཉིད་ནི་ཡིན་པར་བཤད། །ཐོགས་མེད་བརྩོན་འགྲུས་ཕ་རོལ་ཕྱིན། །བྱ་བྱེད་ཕྲིན་ལས་མཐར་ཕྱིན་པ། །འགྲོ་འོང་མེད་པའི་ཐབས་ཉིད་ནི། །ཀརྨ་ལས་ཀྱི་རང་བཞིན་ཉིད། །ཤྲཱི་གཉིས་མེད་ཡེ་ཤེས་ཏེ། །དོན་གྲུབ་ལྔར་ནི་བསྔགས་པ་ཡིན། །མ་ཧཱ་ཆེན་པོ་ལྔ་ཉིད་དེ། །ཐིག་ལེ་ཆེན་པོ་ལས་བྱུང་བ། །སྐུ་གསུང་ཡོན་ཏན་ཕྲིན་ལས་ཐུགས། །མ་ལུས་ཆེན་པོ་ལྔ་ཉིད་དོ། །ཉོན་མོངས་ལྔ་འཇོམས་ཁྲོ་བོ་ནི། །ཧེ་རུ་ཀ་ཞེས་བརྗོད་པ་


DNG010_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། །ཡེ་ཤེས་འབར་བའི་མཚན་ཉིད་ནི། །ཁྲག་འཐུང་ལྔར་ནི་བཤད་པ་ཡིན། །ཐབས་ཀྱི་ཡུལ་ལྔ་བཅོམ་པ་ནི། །མ་ཧཱ་ཙཎྜ་ཞེས་བརྗོད་དེ། །ཁྲོ་བས་ཁྲོ་བ་སྤངས་པ་ནི། །གཏུམ་པོ་ཆེན་པོ་དེ་ཉིད་དོ། །མ་རུངས་པ་དང་བདུད་བཞི་དང་། །དམ་ཚིག་སྡང་བ་ཐམས་ཅད་ནི། །བདག་དང་གཞན་འཚེ་བར་གཅོད་དང་། །ཐམས་ཅད་སརྦ་དུཥྚན་ཉིད། །གསང་བའི་ཐབས་ཆེན་མ་རུངས་པ། །གང་གིས་འཇོམས་པ་ཏ་ཀ་སྟེ། །གཉེན་པོས་འཇོམས་པ་ཧ་ན་ཉིད། །གང་གིས་ད་ཧ་འཇོམས་པ་ཉིད། །བག་ཆགས་འཚེར་ཡིན་ནམ་ཟད་པ་བ་ཙ་ཉིད། །ཧཱུཾ་ནི་ཐུགས་ཀྱི་རང་བཞིན་ཏེ། །རྦད་དང་སྒྲོལ་དང་དྲག་པོའི་སྒྲ། །འདིར་ནི་ཕཊ་ཞེས་སྐུལ་བར་བཤད། །ཡེ་ཤེས་རང་བཞིན་སྐྱེ་མེད་པ། །ཟབ་མོ་ཐིག་ལེ་འདུས་མ་བྱས། །ཨོཾ་ཞེས་ཕྲ་མོ་ཡུམ་ལྔར་བརྗོད། །རིགས་ལྔ་ཕྲ་བར་གང་བརྗོད་པ། །བཛྲ་ལ་སོགས་བཤད་པ་ལྔ། །མི་རིག་སྤྱོད་རྟེན་མི་ནུས་པ། །ཡུམ་ཆེན་ལྔ་ཞེས་བཤད་པའོ། །ཡུལ་དང་ཤེས་པ་གཉིས་མེད་པ། །ཟབ་མོ་ཐིག་ལེ་འདུས་མ་བྱས། །ཀུན་གྱི་འབྱུང་གནས་དབྱིངས་ཕྱུག་མ། །ཤྭ་རི་དབང་ཕྱུག་ལྔར་བཤད་པའོ། །གང་གིས་གང་འཛིན་མི་གཏོང་བ། །དེ་ཉིད་དྷ་ར་གཟུངས་མར་བཤད། །ཧ་ནི་མཚན་མེད་འདུས་མ་བྱས། །སྟེང་རྒྱན་ཐུགས་རྗེ་ཆེན་པོ་ཉིད། །རཱ་ནི་ཆགས་པ་བདེ་ཆེན་ཉིད། །གསུང་རབ་རྒྱ་མཚོ་སྒྲ་མཐའ་ཡས། །ཧཱུཾ་སྡུད་ཕཊ་ཀྱིས་སྒྲོལ་བ་ནི། །སྐྱེ་བ་མེད་པའི་ངང་དུ་བཤད། །ཧ་བརྒྱད་དགྱེས་པའི་ཐིག་ལེ་སྟེ། །རགས་པ་ཐབས་ཀྱི་ཁྲོ་མོ་སྟེ། །རྒྱལ་བ་ཀུན་གྱི་སྲས་མཆོག་སྟེ། །ལས་ཀྱི་སྲིན་མོ་འདུལ་ཕྱིར་ཡིན། །དགྱེས་པའི་ཐིག་ལེ་ཕྲ་མོ་བརྒྱད། །ཧེ་ཞེས་ཞིབ་བུར་བརྗོད་པ་ལས། །འཁོར་འདས་དབྱེར་མེད་ཕྲ་མེན་བརྒྱད། །སྲིན་མོ་ཕྲ་མེན་འདུལ་ཕྱིར་ཡིན། །འཇིག་རྟེན་ལས་སྐྱེ་རྒྱུན་ཟད་ཅིང་། །གཉིས་མེད་ཡེ་ཤེས་རྣམ་སྤྲུལ་པ། །དེས་ནི་འཇིག་རྟེན་སྤངས་པའི་ལྷ། །བཛྲ་ཞེས་ནི་བཤད་པ་ཡིན། །ཞི་བས་


DNG010_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་མོའི་རང་བཞིན་ཏེ། །ཆེ་བའི་ཡོན་ཏན་མཐུས་རྐུ་བས། །སེར་མོ་རྐུ་བྱེད་ཡིན་པར་བཤད། །མ་ལུས་རྨོངས་བྱེད་ཆགས་མདོག་དམར། །ནག་མོ་དྲག་པོས་ཐལ་བྱེད་མ། །མི་མཚོན་བག་ཆགས་མེད་པའོ། །ཆེ་བའི་ཡོན་ཏན་ང་རྒྱལ་འཆང་། །སྦོས་མོ་རང་བཞིན་ཡིན་པར་བཤད། །སྤང་ལེན་རྟོག་འཇོམས་ཕ་རོལ་ཕྱིན། །སྨེ་ཤ་ཅན་ནི་གདོལ་པ་མོ། །འབར་ཞིང་བརླག་པས་གཏུམ་མོ་སྟེ། །སྤྲུལ་པ་འགྱེད་པ་མ་ཚོགས་མ། །ཟ་བ་སེང་གདོང་ཆེན་མོ་སྟེ། །དཔའ་བརྟུལ་སྤྱོད་པ་སྟག་གི་གདོང་། །བག་ཆགས་བྲལ་བས་ཝ་ཡི་མགོ། །དུར་ཁྲོད་འཇོམས་པས་སྤྱང་མོར་བརྗོད། །དམ་ཚིག་མཐར་ཕྱིན་བཞད་གདོང་སྟེ། །བདག་འཛིན་བྲལ་བ་ཀང་ཀ་མ། །མངོན་ཞེན་འདུལ་བ་ཁ་ཁ་ཞེས། །ཟབ་མོའི་དོན་རྟོག་ཧུ་ལུ་མ། །རང་སར་གནས་པ་སྐྱེས་པ་ལ། །ན་མཿཕྱག་འཚལ་ཉིད་དུ་བརྗོད། །ཛཿས་ནི་འགུགས་པའི་ལས་བྱེད་དེ། །ཁཱ་ཧིས་མཆོད་པ་བསྟབ་པར་བྱེད། །ཕཊ་ཀྱིས་ཀུན་ཀྱང་ལས་ལ་སྐུལ། །ལས་ཀྱི་སྒོ་བཞི་འདུལ་བའི་ཕྱིར། །འགུགས་འཆིང་བསྡམས་པ་མི་གཏོང་སྟེ། །ཐལ་བ་འཆིང་བྱེད་སྒྲ་སྙན་མ། །བཛྲ་ལྷག་མ་ཞེས་བརྗོད་པ། །ཛཿཧཱུཾ་བཾ་ཧོཿབཞི་ལས་བྱུང་། །ཐབས་དང་ཤེས་རབ་འཁྲིལ་པ་ལས། །ཕྱག་རྒྱ་བཞི་དང་ལྡན་པར་གནས། །བྷྱོ་ནི་ལས་བྱེད་བྲན་མོ་སྟེ། །ལས་ཀྱི་མཁའ་འགྲོ་ཐིག་ལེར་ཆགས། །རྒྱུ་བ་ལས་ཀྱི་ཐིག་ལེ་ཉིད། །ཛཿཧཱུཾ་བཾ་ཧོཿས་སྤྱན་དྲངས་ཐིམ། །ཡི་གེར་ཞུ་བས་གཉིས་སུ་མེད། །རྡོ་རྗེ་ཁྲོ་བོའི་དམ་ཚིག་གིས། །གཉིས་མེད་གསལ་བར་འདྲེས་པ་ལས། །འབར་བའི་བྱིན་རླབས་རང་བྱུང་བ། །དངོས་གྲུབ་རང་ལས་སྣང་བར་བརྟག །སྐུ་གསུང་ཐུགས་དང་དབྱེར་མེད་ན། །བདེན་པ་གསུམ་པར་མི་ཕྱེད་པས། །ལྷ་དང་བདག་ཏུ་དབྱེར་མེད་དེ། །བདག་ཉིད་ལ་ནི་གསལ་བར་བསྡིམ། །རང་རང་སྦྱོར་བའི་སྔགས་ཉིད་ཀྱིས། །ཆུ་ལ་ཆུ་ལྟར་དབྱེར་མེད་པས། །དག་པའི་ཡེ་ཤེས་རྨད་བྱུང་བས། །ཐོབ་ནས་རང་ལ་བརྟན་པར་


DNG010_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

གནས། །ཞེས་ཉིད་ལ་ཉིད་ཆེད་དུ་བརྗོད་དོ། །སྒྱུ་འཕྲུལ་རྒྱ་མཚོའི་རྒྱུད་ལས། ཁྲོ་བོ་གསུང་གི་དཀྱིལ་འཁོར་བཤད་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་བཅོམ་ལྡན་དགྱེས་ཆེན་པོ། །ཐོག་མ་ཐ་མ་དབུས་མེད་པའི། །བདེ་བ་ཆེན་པོ་རྡོ་རྗེ་འཆང་། །སྐུ་ཡི་དཀྱིལ་འཁོར་འཆད་པར་མཛད། །ཕྱོགས་བཅུ་མཐའ་དང་དབུས་མེད་ཉིད། །འབར་བའི་དཀྱིལ་འཁོར་གཞལ་ཡས་ཁང་། །ཡེ་ཤེས་དཀྱིལ་འཁོར་ལྷུན་གྲུབ་པས། །ཕྱོགས་དུས་ཐིག་ལེ་ཆེན་པོ་ཉིད། །རང་བྱུང་འབར་བའི་དཀྱིལ་འཁོར་བཞི། །རྒྱུ་འབྲས་ཐིག་ལེས་བརྒྱན་པའི་གནས། །ཚད་མེད་སངས་རྒྱས་གྲུ་བཞི་སྟེ། །བདེན་པ་གཉིས་བརྒྱན་ཁམས་ཀྱིས་མཛེས། །རྣམ་པར་ཐར་པའི་སྒོ་བཞི་ལ། །དུར་ཁྲོད་རྒྱན་ཆས་རྟ་བབས་ལྡན། །ཐོད་ཕྲེང་བླ་རེ་ཉི་ཟླའི་རྒྱན། །འཇིགས་ཤིང་མཛེས་པ་སྣ་ཚོགས་རྒྱན། །འཁོར་བ་རྨད་བྱུང་འབར་བའི་གནས། །ཁྲག་འཐུང་བཞུགས་པའི་གཞལ་ཡས་ཁང་། །མཁའ་འགྲོ་སྣ་ཚོགས་ཚོགས་པའི་ས། །རོལ་པའི་ལྷ་མོ་སྣ་ཚོགས་ཀྱང་། །ལྷ་དང་མཛེས་ཚུལ་སྣ་ཚོགས་ཀྱིས། །འཁོར་ལོའི་ཚུལ་དུ་གནས་པ་ལས། །མདོག་དང་རང་ཆས་ལུགས་བཞིན་དུ། །དགའ་དང་མཛེས་དང་ཆགས་པ་དང་། །རོལ་དང་སྡིགས་པར་བྱེད་པ་དང་། །རྔམས་དང་ལས་ལ་བརྩོན་ལ་སོགས། །འཁོར་ལོའི་ཚུལ་དུ་བསྐོར་ཏེ་གནས། །ཞིང་ཁམས་བྱེ་བ་རྡུལ་མཉམ་པ། །ཁྲག་འཐུང་སོ་སོར་འཁོར་དང་བཅས། །མཉམ་པས་མཉམ་པའི་ཚུལ་སྟོན་ཅིང་། །སྐུ་དང་གསུང་ཐུགས་དབྱེར་མེད་པའི། །དེ་བཞིན་ཉིད་དུ་དབྱེར་མེད་ཐིམ། །རྒྱུད་ཆེན་སྒྱུ་འཕྲུལ་རྒྱ་མཚོ་ཡི། །ཆེ་བའི་ཡོན་ཏན་བསམ་ཡས་པ། །ནམ་མཁའི་ཁམས་ལས་འདས་པ་ཡི། །འབར་བའི་དཀྱིལ་འཁོར་སྣ་ཚོགས་སྣང་། །དེ་ཉིད་རང་རིག་རང་སྣང་བར། །སྐུ་གསུང་ཐུགས་ཀྱི་ཆོ་ག་ཡིས། །དབང་བསྐུར་བྱིན་རླབས་ཀུན་ལྡན་ནས། །ལྷག་པའི་ཏིང་འཛིན་བརྟན་པར་བསྒོམ། །མཚན་མའི་ཆོ་ག་ཀུན་སྤངས་པའི། །བྷ་ག་


DNG010_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བའི་གཞལ་ཡས་ཁང་། །ཐེག་ཆེན་གསང་བའི་གྲོང་ཁྱེར་ཏེ། །ཐབས་དང་ཤེས་རབ་དབྱེར་མེད་པའི། །ཡོན་ཏན་དཔག་མེད་རྫོགས་པར་སྣང་། །ཆགས་དང་རྨོངས་དང་གཡེངས་པ་དང་། །བཏང་སྙོམ་ཐ་མལ་ལ་སོགས་པར། །འཇིགས་དང་བག་ཚ་རྣམ་པར་གཅོད། །ཐིག་ལེ་རྡུལ་ཕྲན་གྲངས་མཉམ་པར། །བདེ་བ་ཆེན་པོར་རོ་གཅིག་ཅིང་། །མུ་མཐའ་མེད་པའི་གནས་སུ་འཇུག །ཆགས་སྡང་ལ་བརྟེན་གྲོང་ཁྱེར་དང་། །འཇིགས་དང་བག་ཚའི་གྲོང་ཁྱེར་དང་། །ཐབས་དང་ལྡན་པའི་ཁྱད་པར་གྱིས། །དེ་ཉིད་རྣམ་པར་གཅོད་པར་བྱེད། །དབྱིབས་ཀྱི་བྷ་ག་བརྟེན་པའི་གནས། །ཐིག་ལེ་སྤྲོས་མེད་རང་བྱུང་བའི། །བདེ་བ་ཆེན་པོ་ཐོག་མཐའ་མེད། །བདག་པོ་གནས་དང་དབྱེར་མེད་པར། །ཐིག་ལེ་མ་སྐྱེས་སྤྲོས་མེད་པས། །བདེན་པ་བཞི་ནི་རབ་འབར་བས། །ཕྱི་ནང་ལོངས་སྤྱོད་ཀུན་ཏུ་འཕེལ། །དགའ་བཞིའི་རིམ་པར་བརྟགས་བཅས་པའི། །བྱང་ཆུབ་སེམས་ཀྱི་ཐིག་ལེ་གཉིས། །བདེ་ཆེན་སྣ་ཚོགས་དགའ་བས་བརྒྱན། །ཐིག་ལེ་ཕྲ་རགས་སྣང་བ་ཀུན། །འབབ་ཞོན་སྣང་བའི་ཐབས་ཉིད་ཀྱིས། །ཆགས་སོགས་ལྔ་པོ་ཟིལ་གནོན་པས། །དག་པ་ལྔར་ནི་རྣམ་པར་གནས། །ཐིག་ལེ་ཏིང་འཛིན་རོལ་པར་བཅས། །གནས་དང་ཉམས་ཀྱི་ཁྱད་པར་གྱིས། །རང་རང་ལས་དང་མཐུན་པ་ཡི། །མདོག་ཀྱང་རིམ་པར་གྱུར་པ་ཡིན། །བདེ་ཆེན་རྣམ་པར་ཐར་པ་ལ། །མི་གནས་ཡེ་ཤེས་དྲུག་ལྡན་པས། །ཕུང་པོ་ལ་སོགས་བར་ཆོད་བྲལ། །ཐབས་ཀྱིས་བདེ་ཆེན་ལུས་རྒྱས་པས། །གཡོ་བ་སྣ་ཚོགས་བཅས་པ་ཡིས། །འཇིགས་དང་བསྡིགས་དང་དགའ་བ་ཡིས། །སྒྲ་རྣམས་སྣ་ཚོགས་སྟོན་པར་བྱེད། །ཆགས་པས་ཐིག་ལེ་ཕྲེང་བཅས་ཏེ། །རྡོ་རྗེ་སྣང་བས་ཁྱབ་པར་བྱེད། །རང་ལུས་ཐབས་དང་བཅས་པ་ཡིས། །ཐིག་ལེ་སྟོང་པར་བཅས་པ་ཡིས། །གཅོད་དང་འཇོམས་སོགས་སྣ་ཚོགས་པས། །བདེ་བའི་རོ་ནི་སྣ་ཚོགས་ལྡན། །གཉིས་མེད་རོ་ནི་ཐིག་ལེར་འདྲེལ། །རྩ་བཅུད་ཞེས་པར་བཅས་པ་ཡིས། །ཐིག་ལེའི་ཕྱག་རྒྱ་བཞིར་བཅས་པས། །བདེ་ཆེན་གསང་བའི་ཐིག་ལེ་ལ། །དགུག་


DNG010_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་སྒྲོལ་བསྡིམ་ལ་སོགས་པ། །བྱ་བའི་ལས་ལ་དབང་ཐོབ་འགྱུར། །སྟེང་འོག་ཐབས་ལས་བྱུང་བ་ཡི། །གསང་བའི་ཐིག་ལེ་ཆེན་པོ་ནི། །ཡོན་ཏན་རྫོགས་པའི་བདག་ཉིད་དེ། །སྣ་ཚོགས་རོ་དང་བཅས་པ་ཡི། །ཉི་ཟླ་འཁོར་ལོ་གེ་སར་བཅས། །གསང་བའི་ལུས་ལ་རྟག་ཏུ་གནས། །བྱེ་ཕྲག་བརྒྱད་ཅུ་ཀུན་འདུས་པའི། །ཕྱོགས་བཞི་སྟེང་འོག་བཅས་པ་ཡི། །བདེ་ཆེན་འབར་བས་ཁྱབ་གྱུར་ཅིང་། །ཕྱི་ནང་བཅུད་ཀྱིས་གང་བར་བྱེད། །གསང་བའི་དེ་ཉིད་ངེས་པ་ཡི། །སྒྱུ་འཕྲུལ་རྒྱ་མཚོའི་གསང་བའི་དོན། །མ་ལུས་ཁྱབ་པ་གསལ་འགྱུར་ཞིང་། །དག་པ་རྣམས་ལ་མངོན་གྱུར་ཀྱང་། །དབང་དང་མན་ངག་དྲལ་བ་ཡི། །རང་བཞིན་སྐལ་བ་དམན་པ་ལ། །ཐབས་ཀྱི་ཐེག་པ་མི་སྣང་སྟེ། །རིགས་ཆད་འཁོར་བའི་རིགས་འཆང་ཡིན། །བདེ་ཆེན་གསང་བའི་སྙིང་པོ་འདི། །མ་ལུས་རྫོགས་པའི་ངོ་བོ་སྟེ། །རང་བཞིན་ཐབས་ལས་མངོན་གྱུར་པས། །ཐབས་ཆེན་ལྷུན་གྲུབ་མངོན་དུ་གྱུར། །རྡོ་རྗེར་ཐིག་ལེ་སོན་པ་ཡི། །གསང་བ་ཐབས་ཀྱི་མེ་ལོང་ལ། །ཇི་བཞིན་མངོན་དུ་བྱས་པ་ཡི། །རྡོ་རྗེ་རིག་པའི་ལུང་ཐོབ་ཅིང་། །དབང་བསྒྱུར་ཕྱག་རྒྱ་ལྷུན་གྱིས་གྲུབ། །ཅེས་གསང་བའི་ཚིག་ཏུའོ། །སྒྱུ་འཕྲུལ་རྒྱ་མཚོའི་རྒྱུད་ལས། ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་བཅོམ་ལྡན་དགྱེས་ཆེན་པོ། །མ་ལུས་མཆོད་པའི་སྤྲིན་བཀོད་དེ། །ཕྱི་ནང་གསང་བ་སྣ་ཚོགས་པའི། །དགྱེས་པའི་མཆོད་པ་བསྟབ་པར་མཛད། །ཇི་སྲིད་ནམ་མཁའི་མཐར་ཐུག་པའི། །སངས་རྒྱས་རྡུལ་སྙེད་མཐའ་ཡས་པའི། །དབང་པོའི་གྲོང་ཁྱེར་མཉེས་མཛད་པའི། །རང་གི་ལག་ཆ་མཛེས་ལྡན་པའི། །ལྷ་མོའི་ཚོགས་ནི་བསམ་ཡས་པ། །དགྱེས་པའི་མཉེས་ཚུལ་སྣ་ཚོགས་ཀྱིས། །འཁོར་ལོ་བདག་པོ་མཉེས་པར་མཛད། །མ་ལུས་ལོངས་སྤྱོད་ཚོགས་མཆོག་མཉེས། །མ་རྟོགས་པ་དང་ལོག་པར་རྟོགས། །ཕྱོགས་རྟོགས་ཡང་དག་ཉིད་མ་རྟོགས། །


DNG010_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེར་མེད་དག་མཉམ་ཚུལ་བརྟགས་ནས། །ལྷུན་གྱིས་གྲུབ་པའི་ཞིང་དུ་བསྒོམ། །ཐབས་དང་ཏིང་འཛིན་གོམས་པ་ཡིས། །གནས་ངན་དྲག་པོས་ཚར་བཅད་ནས། །ཚོགས་གཉིས་རྫོགས་པའི་རྒྱལ་སྲས་ལ། །སྐྱེ་ཤི་མེད་པར་ལྷུན་གྱིས་གྲུབ། །མ་ལུས་ཐབས་དང་ཤེས་རབ་ཏུ། །རྟོགས་དང་གོམས་པའི་སྦྱོར་བ་ཡིས། །བདེ་བ་ཆེན་པོའི་ཐིག་ལེ་ཡིས། །ཐབས་དང་སྦྱོར་བས་མཉེས་པར་བྱ། །མ་ལུས་རིགས་ལྔར་མཉམ་སྦྱར་ནས། །མི་འཆི་ལྔ་དང་ཤ་ལྔ་དག །འཇིགས་པ་མེད་པའི་དཔའ་བོ་ཡིས། །མཆོད་ཅིང་ལོངས་སྤྱོད་ཆེན་པོར་བྱ། །ལོངས་སྤྱོད་ལྔ་དང་མཉམ་སྦྱོར་བས། །ཕྱི་ནང་གསང་བར་མཉམ་སྦྱོར་ཞིང་། །བདེ་བ་ཆེན་པོར་གཉིས་མེད་པས། །དཀྱིལ་འཁོར་ལྔ་དང་མཉམ་པར་གནས། །ཕྱོགས་དུས་རྒྱལ་བའི་དཀྱིལ་ཆེན་པོ། །མ་ལུས་གཅིག་ཏུ་མཉམ་ཉིད་པས། །གཉིས་མེད་རང་བྱུང་ངོ་བོ་ཉིད། །རྟོགས་གོམས་གནས་པས་ལྷུན་གྱིས་གྲུབ། །འདྲེས་དང་མ་འདྲེས་མཉམ་གནས་པས། །ཐབས་དང་ཤེས་རབ་ཐིག་ལེ་ཉིད། །རོལ་པའི་ཐབས་ལས་རང་བྱུང་བ། །བདེ་ཆེན་གར་གྱི་སྙིང་པོ་མཆོག །མ་ལུས་རང་བྱུང་སྙིང་པོ་ལ། །འདོད་པའི་སྟོབས་ཀྱིས་ཉེར་རྫོགས་ཤིང་། །ཐབས་ཀྱི་སྦྱོར་བ་གང་གནས་པ། །ཡོན་ཏན་ལྷུན་གྲུབ་སྙིང་པོར་གནས། །སངས་རྒྱས་ཀུན་གྱི་རྨད་བྱུང་བ། །རང་བྱུང་ཐབས་ཀྱིས་བྱིན་བརླབས་ཤིང་། །གསང་བའི་མེ་ལོང་གསལ་གནས་ན། །ལྷུན་གྲུབ་འབྲས་བུ་གཞན་ལས་མིན། །ཕྱོགས་བཅུ་རྡུལ་སྙེད་གྲངས་མཉམ་པའི། །འབྲས་བུ་ཆེ་བ་ལྷུན་རྫོགས་དག །མ་ལུས་བདག་ཉིད་ལྷུན་རྫོགས་པས། །ཡོན་ཏན་གཞན་དག་སྨོས་ཅི་དགོས། །ཐབས་དང་ཤེས་རབ་གཉིས་མེད་པའི། །མ་ལུས་ཀུན་ལ་རྒྱས་བཏབ་ཅིང་། །ཐབས་ལྡན་རྣམས་ལ་སྣང་གྱུར་ཀྱང་། །ཀུན་ལ་གསལ་བར་


DNG010_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་མིན། །གསང་བ་ཐིག་ལེ་ཆེན་པོ་ནི། །ཡོན་ཏན་སྟོབས་ཀྱི་བདག་ཉིད་དེ། །རྟོགས་གོམས་མཉེས་པས་ལྷུན་གྲུབ་ཅིང་། །ལོག་དང་ལེ་ལོའི་སྟོབས་ཀྱིས་མིན། །སྒྱུ་འཕྲུལ་དྲ་བ་མངོན་རྫོགས་པའི། །ཐིག་ལེ་རྫོགས་པའི་ཐབས་ཀྱིས་བསྐུལ། །གསང་བའི་རིག་པ་ཐབས་ཀྱིས་མནན། །རོ་གཅིག་བདེ་བ་ཆེན་པོར་གསལ། །རྣལ་འབྱོར་ཐབས་དང་ཤེས་རབ་ཀྱིས། །མ་ལུས་བདེ་བ་ཆེ་རྟོགས་ཤིང་། །ཐིག་ལེ་གསལ་བའི་རོས་ཁྱབ་ན། །བྱེད་སྤྱོད་དཀྱིལ་འཁོར་གསལ་བར་འགྱུར། །མ་ལུས་མ་བཅོས་མཉམ་སྦྱོར་ཞིང་། །དཀྱིལ་འཁོར་གསུམ་ལ་གོམས་པ་དང་། །བདག་དང་རྒྱལ་བར་མཉམ་སྦྱོར་བས། །མ་ལུས་མཆོད་པའི་ཆོ་གར་གནས། །གང་དུ་བསྐུལ་དང་ཆགས་པ་དང་། །དགའ་དང་བདེ་བས་བརྒྱན་པ་ཡི། །གསང་བའི་རོལ་མོས་གང་བསྐུལ་བ། །སངས་རྒྱས་ཀུན་གྱི་བདེ་ཆེན་ནི། །ཕྱི་ནང་ཡུལ་སེམས་མ་ལུས་ཀུན། །བདག་ཉིད་ཆེན་པོའི་རོས་གང་ཞིང་། །བདེ་ཆེན་རྡོ་རྗེ་གཉིས་སུ་མེད། །དེ་ཉིད་ཟག་པ་མེད་པར་གནས། །གཉིས་མེད་འདྲེས་པའི་རང་བཞིན་ལ། །གསང་བའི་ཡེ་ཤེས་རང་བཞིན་གསལ། །ཐབས་ཆེན་གསང་བ་ལས་བྱུང་བའི། །རྒྱལ་བའི་དཀྱིལ་འཁོར་མ་ལུས་རྫོགས། །མ་ལུས་བདག་ཏུ་དབྱེར་མེད་པས། །ཐམས་ཅད་གསང་བ་ལྷུན་གྱིས་གྲུབ། །ཅེས་ཉིད་ལ་ཉིད་གསུངས་སོ། །སྒྱུ་འཕྲུལ་རྒྱ་མཚོའི་རྒྱུད་ལས། མཉེས་པ་ཆེན་པོ་བྱིན་གྱིས་བརླབས་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་དགྱེས་ཆེན་པོ། །མ་ལུས་བདག་ཉིད་ལྷུན་གྲུབ་པས། །བདག་ཉིད་བདེ་བར་བྱིན་རླབས་པ། །དམ་ཚིག་མཆོག་གི་བཤད་པར་བྱ། །གང་དུ་དོན་ལ་གནས་པ་དག །བདག་གཞན་དེ་བཞིན་ལྷུན་གྲུབ་ཕྱིར། །རྒྱལ་བ་ཀུན་གྱིས་བྱིན་བརླབས་པའི། །གང་མི་འདའ་བ་དམ་ཚིག་མཆོག །སྙིང་པོ་ཕྱག་རྒྱ་སྔགས་རིགས་རྣམས། །གསལ་བ་ཡིད་གཉིས་མེད་པ་ཡིས། །རྡོ་རྗེ་སྐུ་གསུང་ཐུགས་སྦྱོར་བས། །གང་ཡང་ཉམས་མེད་འབྲས་


DNG010_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

བུར་འགྲུབ། །དོན་དམ་སྙིང་པོར་གཉིས་མེད་ཅིང་། །ཐབས་ཀྱི་དོན་ལ་རབ་ངེས་ན། །ལས་དང་སྤྱོད་པ་གང་ཡང་རུང་། །མ་བསགས་མི་སོགས་ཚོགས་འགྱུར་ཏེ། །འདུལ་སྡོམ་དམ་ཚིག་མ་ལུས་པ། །དམ་ཚིག་ཆེན་པོའི་རང་བཞིན་དུ། །མ་བྱས་རང་གི་ངོ་བོར་རྫོགས། །འདུལ་སྡོམ་བལྟ་སྤྱོད་རྣམ་པར་དག །བླང་དོར་མེད་པར་བྱིན་བརླབས་ཤིང་། །མ་ལུས་འདུས་པར་རྫོགས་ཏེ་གནས། །ཐབས་ཆེན་གསང་བའི་རང་བཞིན་ལ། །མཐའ་དབུས་ཡོད་མེད་ལས་འདས་པའི། །མ་ལུས་སྒྱུ་མར་མཉམ་སྦྱོར་བས། །རླུང་སེམས་སྟོང་པར་ཡེ་དག་པས། །སྐྱེ་ཤི་འགྱུར་མེད་ནམ་མཁའི་ངང་། །གྲུབ་པས་བདག་གཞན་མེད་སྣང་བས། །དངོས་གཅིག་བསྒྲལ་བས་མ་ལུས་བསྒྲལ། །མ་ལུས་བདག་དང་མཉམ་སྦྱོར་བས། །ཐིག་ལེ་ཆེན་པོ་གཉིས་སུ་མེད། །གསང་བ་གསང་ཆེན་ལས་བྱུང་བའི། །མ་ལུས་གཉིས་མེད་དཀྱིལ་འཁོར་མཆོག །མ་ལུས་དབྱེར་མེད་ཚུལ་གཅིག་པས། །གཉིས་དང་ཡུལ་དུ་མི་འབྱེད་དེ། །རང་བྱུང་ལོངས་སྤྱོད་གསལ་རྟོགས་པས། །བླངས་པར་ཡོན་ཏན་ཕུན་སུམ་ཚོགས། །ཆོས་རྣམས་སྒྲ་ཚིག་བྲལ་བ་ཡིས། །དེ་བཞིན་ཉིད་ཀྱི་རྣམ་འཕྲུལ་བ། །སྒྲ་སྙན་བྲག་ཆར་བྱིན་བརླབས་པས། །མ་ལུས་བདེན་རྫུན་ཚིག་ཏུ་སྨྲ། །གང་དུ་རྟོག་དང་གཉེར་བ་ཡི། །རང་སེམས་རྡོ་རྗེར་བྱིན་བརླབས་པས། །གང་དུ་དེ་ལས་འདའ་བྱེད་ལྷུང་། །དེ་བས་སྤང་བར་སུ་ཞིག་སེམས། །སངས་རྒྱས་ཀུན་དང་མཉམ་གནས་ཤིང་། །དྲི་མེད་རྒྱུད་ལ་གང་འཇོག་པ། །སྤངས་པས་འཁོར་བའི་ཐ་མར་ཏེ། །རྨི་ལམ་དུ་ཡང་སྤང་བ་མིན། །ལས་དང་ཉོན་མོངས་དག་བྱེད་ཅིང་། །ཡེ་ཤེས་འཁོར་ལོ་འགྲུབ་བྱེད་པ། །སྙིང་པོ་སྔགས་ཀྱི་དམ་ཚིག་ལ། །སྐད་ཅིག་ཙམ་ཡང་འདའ་མི་རུང་། །རྒྱལ་བ་ཀུན་གྱི་ཐུགས་འཇུག་ཅིང་། །ཡེ་ཤེས་སྙིང་པོར་རྒྱས་འདེབས་པ། །ཕྱག་རྒྱ་ཐུགས་ཀྱི་རང་བཞིན་ལས། །འདས་ན་རྒྱལ་བ་ཉིད་ཀྱང་ལྷུང་། །དམ་པའི་གྲོང་ཁྱེར་འཇུག་པའི་གྲོགས། །འོད་དང་སྙིང་པོ་ཇི་བཞིན་དུ། །ཐོག་མ་ཐ་མར་མི་ཕྱེད་པ། །འབྲལ་དང་དབྱེ་བར་བྱ་བ་ཡིན། །སངས་རྒྱས་ཀུན་གྱི་གསང་བའི་དོན། །གཉེར་གཏད་པས་ཀྱང་གཞན་ལ་མིན། །གཉིས་ཀ་ལྟུང་འཇིག་འབྱུང་བས་ན། །དམ་པ་ཉིད་ལ་ངེས་


DNG010_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ། །འཇོམས་པ་ཆེན་པོ་ཞེ་སྡང་ཆེ། །གཏུམ་པ་ཆེན་པོ་སྲེག་པ་ཉིད། །འདོད་ཆགས་ཆེན་པོ་བདེ་བ་ཆེ། །ཐབས་ཆེན་ཐར་པ་ཆེན་པོ་ཉིད། །གཏི་མུག་ཆེན་པོ་རྨོངས་པ་ཆེ། །གཉིས་མེད་བདག་ཉིད་གསང་བ་ཆེ། །ང་རྒྱལ་ཆེན་པོ་གནོན་པོ་ཆེ། །ཆེ་བའི་ཆེན་པོར་རང་བཞིན་གནས། །མི་མཐུན་སྤངས་པའི་རང་བཞིན་ཞི། །ཐེག་པ་ཆེན་པོ་དམ་ཚིག་མཆོག །དམ་པའི་རང་བཞིན་དམ་པའི་མཆོག །གནས་ན་དམ་པར་ལྷུན་གྲུབ་ཅིང་། །འདས་ན་དམ་པའང་འཚིག་པར་འགྱུར། །སངས་རྒྱས་ཀུན་གྱིས་བྱིན་བརླབས་པའི། །བསྟེན་པར་བྱ་བའི་དམ་ཚིག་ལྔ། །བྱིན་རླབས་བར་ཆད་སེལ་བར་བྱེད། །དངོས་གྲུབ་བསྒྲུབ་པའི་དམ་ཚིག་སྟེ། །དྲི་ཆེན་དག་པའི་ཆུ་ཉིད་དང་། །དཀར་ཆེན་དམར་ཆེན་འཇིགས་པའི་རྫས། །དཔའ་བོས་རེ་དོགས་མེད་པར་སྤྱད། །གསང་བའི་ཐིག་ལེ་དབྱེར་མེད་པས། །ཐབས་དང་བརྟུལ་ཞུགས་ལྡན་པས་བླང་། །ལྷན་ཅིག་གནས་པའི་བདེ་ཆེན་པོ། །སངས་རྒྱས་ཀུན་གྱི་རང་བཞིན་ཉིད། །ཐབས་དང་ཉི་ཟླའི་རོས་ཁྱབ་ཅིང་། །བདེ་བ་ཆེན་པོས་བྱིན་བརླབས་པས། །རླུང་དང་ཕྱག་རྒྱ་གང་བསྔགས་པ། །ཐུགས་ཀྱི་ཕྱག་རྒྱ་ཡེ་ཤེས་ཆེ། །ལུས་སེམས་བདེ་ཆེན་དབྱེར་མེད་པའི། །མི་འབྲལ་གཟུངས་སུ་བཤད་པའོ། །རྨོངས་དང་རང་བཞིན་ངན་པ་དང་། །སྐལ་མེད་དབང་དང་མི་ལྡན་པར། །ཐབས་ཀྱིས་མངོན་དུ་མི་བསྟན་ཏེ། །ཐིག་ལེ་འབྱུང་འཇུག་ཁར་དབྱུང་མིན། །སྟེང་འོག་ཐིག་ལེ་མཚམས་སྦྱར་ནས། །ཐབས་ལྡན་དཔའ་བོའི་འདོད་ཆགས་ཀྱིས། །བརྐམ་ཆགས་ཡུལ་དང་ཞེན་པ་དང་། །ལྟ་ངན་བདག་འཛིན་རྣམ་པར་འཇོམས། །གཉིས་མེད་རིག་པ་རང་གསལ་བས། །མ་ལུས་བདེ་ཆེན་ངོ་བོར་གནས། །རང་བཞིན་ཆེད་བྱས་ཞེན་པ་དག །སེངྒེ་ལྟ་བུས་ཟིལ་གྱིས་གནོན། །དམན་དང་ཆགས་བྲལ་དཀའ་ཐུབ་ཅན། །ཟད་དང་མ་སྨིན་བདེ་ཆེན་བྲལ། །གང་དུ་ཐབས་དང་བྲལ་བ་ནི། །སྤངས་ཤིང་འཇུག་པར་བྱ་བ་མིན། །ལུས་ལས་བྱུང་བའི་བཅུད་ལྔ་ནི། །རྣལ་འབྱོར་མཉམ་པར་རྟག་གནས་པའི། །དམ་ཚིག་འཚོ་བའི་ལོངས་སྤྱོད་པས། །ནམ་ཡང་དོར་བར་བྱ་བ་མིན། །མ་ལུས་འདུས་པའི་བཅུད་ཡིན་པས། །


DNG010_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོ་ལྔ་ཞེས་དེ་ལ་བྱ། །རྩ་བཅུད་ཤེས་པའི་ངོ་བོ་ཉིད། །རང་བྱུང་དག་པར་གསལ་བརྟགས་ཤིང་། །གཉིས་མེད་སྦྱོར་བས་གོམས་པ་ཡིས། །ཐམས་ཅད་བདེ་བ་ཆེན་པོར་མཉམ། །ཐུན་མོང་ཐུན་མོང་མ་ཡིན་པའི། །འདའ་དཀའ་དམ་ཚིག་རང་བཞིན་ཏེ། །རྩ་བ་ཡན་ལག་བཅས་པ་ལས། །འདས་པ་གང་ཡིན་དམྱལ་བར་འགྲོ། །དབྱེར་མེད་མཉམ་པའི་རང་བཞིན་ལ། །མན་ངག་ཐབས་ཀྱིས་མཉམ་སྦྱར་ན། །མ་ལུས་བདེ་བ་ཕུན་སུམ་ཚོགས། །བདག་ལས་འབྱུང་གི་གཞན་ལས་མིན། །གང་དུ་རྩ་བ་ཀུན་ཉམས་པ། །ཡན་ལག་བཅས་པའི་རང་བཞིན་འདས། །ཀུན་གྱིས་སྤངས་བྱའི་གནས་ཡིན་ཕྱིར། །འགྲོགས་དང་ཕྲད་ན་ལྟུང་བར་འགྱུར། །སངས་རྒྱས་ཀུན་གྱིས་བྱིན་བརླབས་པའི། །རྩ་བའི་དམ་ཚིག་གང་འདས་པ། །རྒྱལ་བ་འཁོར་བཅས་བཀའ་བཅག་ནས། །ཐར་མེད་སྡུག་བསྔལ་གནས་སུ་ལྟུང་། །ཡན་ལག་དམ་ཚིག་རྨད་པོ་ཆེ། །འདས་ན་དངོས་གྲུབ་མི་འབྱུང་ཞིང་། །ཐེག་ཆེན་ལྟ་སྤྱོད་སྤངས་པ་ཡིས། །ངན་འགྲོ་འཁོར་བའི་གནས་སུ་ལྟུང་། །སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །རྡོ་རྗེའི་དམ་ཚིག་ཆེན་པོ་སྟེ། །མ་ལུས་གསང་བར་མཉམ་སྦྱོར་བས། །སངས་རྒྱས་ཀུན་གྱི་རང་བཞིན་ཡིན། །རྩ་བ་ལྔ་དང་ཡན་ལག་བཅུ། །ཐབས་དང་ཤེས་རབ་སྐུ་གསུང་ཐུགས། །ལྔ་ཡི་རང་བཞིན་མཉམ་སྦྱོར་བས། །གྲངས་དང་བྱེ་བྲག་མ་ངེས་ཏེ། །མོས་དང་བསམ་པའི་ཁྱད་པར་སྣང་། །ཞེས་ཉིད་ལ་ཉིད་བཤད་དོ། །སྒྱུ་འཕྲུལ་རྒྱ་མཚོའི་རྒྱུད་ལས། དམ་པས་བྱིན་གྱིས་བརླབས་པའི་འདའ་བར་དཀའ་བའི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་བཅོམ་ལྡན་དེ་བཞིན་གཤེགས། །ཀུན་མཁྱེན་སྤངས་རྫོགས་བདག་ཉིད་ཅན། །གཅིག་དང་དུ་བྲལ་བདག་ཉིད་དེ། །ཕྲིན་ལས་ཚུལ་ནི་ཡང་དག་བཤད། །


DNG010_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་ཐབས་དང་ཐུགས་རྗེ་ཉིད། །ཕྲིན་ལས་རྒྱ་ཆེན་གང་བྱུང་བ། །དེ་ཉིད་སྒྱུ་འཕྲུལ་རྒྱ་མཚོ་ནི། །སངས་རྒྱས་ཀུན་གྱི་ངོ་བོར་འདོད། །ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །རང་བྱུང་ཡེ་ཤེས་དཀྱིལ་འཁོར་དུ། །སྣང་སྲིད་རང་བཞིན་མ་བཅོས་པ། །བདེ་བ་ཆེན་པོའི་ངོ་བོར་ཞི། །མ་བསགས་ལྷུན་རྫོགས་དཀྱིལ་འཁོར་དུ། །ཆེ་བའི་ཡོན་ཏན་རང་སྣང་བ། །འཕེལ་འགྲིབ་མེད་པར་གང་གསལ་བ། །བསམ་གྱིས་མི་ཁྱབ་མཐའ་ཡས་མཆོག །མ་ཆགས་དག་པའི་དཀྱིལ་འཁོར་དུ། །སྤྱོད་ཡུལ་བག་ཆགས་མ་ལུས་པ། །གསུང་མཆོག་མ་སྐྱེས་བྱིན་རླབས་ཀྱིས། །རིག་པ་མ་བཅོས་ངང་དུ་འདུས། །རང་རིག་ཡེ་ཤེས་རྒྱལ་པོ་ཡིས། །སྐྱེ་མེད་རང་བཞིན་ངང་ཉིད་དུ། །མཚན་མ་བག་ཆགས་བཅོམ་ནས་ནི། །སྟོང་པ་ཆེན་པོའི་ངང་དུ་གནས། །རང་སྙིང་དྷརྨ་ཙཀྲ་ལ། །ཡེ་ཤེས་བཞི་སོགས་གནས་པའི་མཐུས། །རང་བཞིན་ནུས་མཐུ་བཞིར་སྣང་བ། །དེ་དག་མ་བཅོས་ཤེས་པར་བྱ། །མ་བཅོས་ཤེས་པ་ལ་གནས་ནས། །མཚན་མའི་སྟོབས་ཐོབ་གྱུར་པ་ན། །རང་རང་འཐད་པའི་ས་ཕྱོགས་སུ། །ལས་རྣམས་བརྩམས་ནས་འགྲུབ་པར་འགྱུར། །ཝཾ་གྱི་དཀྱིལ་འཁོར་རིམ་གསུམ་དུ། །མཚན་མ་རྫས་དང་ལྡན་པ་ལ། །དང་བ་དང་ལྡན་ཕུར་བཏབ་ནས། །མ་ལུས་སྦྱང་ཕྱིར་མཆོད་སྦྱིན་བྱ། །མ་ཡི་དཀྱིལ་འཁོར་རིམ་གསུམ་དུ། །མཚན་མ་རྫས་དང་ལྡན་པ་ལ། །དགའ་བ་ང་རྒྱལ་ཕུར་བཏབ་ནས། །ཡོན་ཏན་འཕེལ་ཕྱིར་མཆོད་སྦྱིན་བྱ། །ཡཱ་ཡི་དཀྱིལ་འཁོར་རིམ་གསུམ་དུ། །རང་གི་མཚན་མ་རྫས་ལྡན་ལ། །ཆགས་པ་དབང་བྱེད་ཕུར་བཏབ་ནས། །མི་མཐུན་འདུ་ཕྱིར་མཆོད་སྦྱིན་བྱ། །ཨེ་ཡི་དཀྱིལ་འཁོར་རིམ་གསུམ་དུ། །རང་གི་རྫས་དང་ལྡན་པ་ལ། །ཁྲོས་པས་དྲག་པོའི་ཕུར་བཏབ་ནས། །ཐལ་བར་བརླག་ཕྱིར་མཆོད་སྦྱིན་བྱ། །རང་


DNG010_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ཕོ་བྲང་སྙིང་པོ་ལ། །ཨེ་སོགས་རང་བཞིན་བཞིར་གནས་པ། །ཐིག་ལེ་ཐབས་དང་བཅས་པའི་རོས། །བདག་གཞན་ལས་བཞི་ཐོགས་མེད་ཉིད། །བདེ་ཆེན་འབྲས་བུ་རྫོགས་པར་བྱེད། །རྟེན་ཅན་སྙིང་པོའི་ཐིག་ལེ་ལ། །དྭངས་མ་ལྔ་ཡི་བཅུད་འདུས་པ། །མ་སྐྱེས་ནམ་མཁའི་གཟུགས་ཅན་ཉིད། །དེ་མ་ཐག་པར་སྣང་བར་བྱེད། །སངས་རྒྱས་བཙུན་མོའི་བྷ་ག་ལ། །གསང་བའི་དཀྱིལ་འཁོར་བཞིར་གནས་ཏེ། །ཐབས་དང་ལས་བཅས་ཕྱག་རྒྱ་བཞིས། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉིད། །ཉི་ཟླ་ཟིན་པའི་སྟོབས་ལས་སྐྱེས། །གསང་བ་ལས་བཞིའི་དཀྱིལ་འཁོར་དུ། །དབྱིངས་ཕྱུག་ཆགས་པའི་མེ་ཉིད་ནི། །ཕྱག་རྒྱ་བཞི་བཅས་བསྟན་བཅོས་བསྐུལ། །རྡོ་རྗེ་པདྨ་དགང་བླུགས་བཅས། །བྱང་ཆུབ་སེམས་ཀྱིས་གང་མཆོད་པ། །ལས་དང་བག་ཆགས་སྤྱོད་ཡུལ་བཅས། །བདེ་བ་ཆེན་པོར་འབར་བར་བྱེད། །ལྷན་ཅིག་སྐྱེས་པའི་རང་བཞིན་འཆར། །ཐུགས་རྗེའི་སྟོབས་ཀྱི་ལས་བཞི་ཡིས། །རང་རང་དགའ་བའི་ཚུལ་སྟོན་ཅིང་། །ཐབས་དང་མོས་པ་སྣ་ཚོགས་ལ། །ཅི་དགའ་བར་ནི་སྟོན་པར་བྱེད། །ལ་ལར་ནད་དང་སྡུག་བསྔལ་དང་། །བག་ཆགས་མ་ལུས་ཞི་བར་བྱེད། །ལ་ལར་ཚེ་དང་བསོད་ནམས་དང་། །ལོངས་སྤྱོད་ཡེ་ཤེས་འཕེལ་བར་བྱེད། །ལ་ལར་བགེགས་དང་མི་མཐུན་དང་། །རྣམ་པར་རྟོག་པ་ཐབས་ཀྱིས་སྡུད། །གང་གིས་འདུལ་བར་མི་ནུས་པ། །ཐབས་མཁས་དྲག་པོས་མངོན་དུ་སྒྲོལ། །གང་དུ་ལམ་དང་ལྡན་པའི་གཟུངས། །ལྗོན་པ་མོ་དང་ལྕུག་ཕྲན་ཚལ། །སྡོང་གཅིག་མ་དང་མེ་རེག་ལ། །དང་བ་དགའ་བ་ཆགས་པ་ཡིས། །ཁྲོས་པས་སྦྱོར་བ་རབ་ཏུ་བརྩམ། །རང་དང་རྗེས་སུ་མཐུན་པའི་ཕྱིར། །ལས་བརྒྱད་གླུ་གར་ལྡན་བསྐུལ་བས། །རྗེས་མཐུན་པ་ཡི་ལས་འགྲུབ་ཅིང་། །བསྒྲུབ་བྱའི་ལས་དང་དངོས་གྲུབ་དག །ཐོགས་པ་མེད་པར་འགྲུབ་པར་


DNG010_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། །གསང་བ་ལས་བྱུང་གསང་ཆེན་པོ། །རང་བྱུང་ཐབས་དང་ཤེས་རབ་ལྡན། །དེ་ཉིད་སྒྱུ་འཕྲུལ་རྒྱ་མཚོ་སྟེ། །འགྲོ་བའི་དོན་དུ་རྣམ་པར་འཕྲུལ། །ཐབས་ལས་ཐབས་བྱུང་ཐབས་ཀྱི་མཆོག །ཀུན་ལ་ཐུགས་ཆུད་སྙིང་པོའི་དོན། །རང་སྣང་ཐབས་ཀྱིས་མངོན་སྣང་གིས། །གཞན་ལས་མི་འབྱུང་ངོ་བོར་གནས། །ཐབས་ཆེན་གསང་བའི་ཐེག་པ་འདི། །ལས་དང་སྐལ་ལྡན་སྤྱོད་ཡུལ་ཏེ། །དམན་དང་རིགས་ཆད་ལ་སོགས་ལ། །ཁྱབ་པར་གནས་ཀྱང་སྤྱོད་ཡུལ་མིན། །ཞེས་ཉིད་ལ་ཉིད་བཤད་དོ། །སྒྱུ་འཕྲུལ་རྒྱ་མཚོའི་རྒྱུད་ལས། ལས་ལྷུན་གྱིས་གྲུབ་པའི་ལེའུ་སྟེ་ཉི་ཤུ་པའོ།། །།དེ་ནས་ཀུན་མཁྱེན་སྲས་ཆེན་པོ། །མ་ལུས་དགྱེས་པས་ཁྱབ་གྱུར་ནས། །སྐུ་གསུང་ཡོན་ཏན་ཕྲིན་ལས་ཐུགས། །ཆེ་བའི་ཚུལ་གྱིས་གླུ་འདི་བླངས། །རྒྱལ་བ་ཀུན་གྱི་སྐུ་ཆེ་བ། །འབར་བ་འཇིགས་ཤིང་མཛེས་པ་ཆེ། །བྱིན་རླབས་ལྷུན་གྲུབ་སྐུ་དང་ལྡན། །རྡོ་རྗེ་ལེགས་པ་བརྗིད་པ་ཆེ། །ཧཱུཾ་དང་ཕཊ་དང་ཚངས་པའི་གསུང་། །ཞིང་ཁམས་ཀུན་ཏུ་ཁྱབ་མཛད་ནས། །གདུལ་བྱ་དགའ་དང་འཇིགས་མཛད་པ། །གསུང་གི་དཀྱིལ་འཁོར་སྒྲ་མཐའ་ཡས། །རང་བྱུང་ཡེ་ཤེས་འོད་གསལ་བ། །མཛེས་དང་ཁྱབ་དང་གསལ་བ་ཡིས། །ཡེ་ཤེས་ལྔ་རུ་གསལ་མཛད་པ། །རྒྱལ་བ་ཀུན་གྱི་ཐུགས་ཀྱི་མཆོག །མ་བཅོས་རང་བཞིན་གསལ་བ་ལས། །སྣ་ཚོགས་སྐུ་གསུང་ཐུགས་སུ་གསལ། །བདག་གཞན་བྱ་བ་ཀུན་རྫོགས་པ། །ཡོན་ཏན་རིན་ཆེན་ནོར་བུ་འཆང་། །མ་ལུས་ཐབས་ཀྱི་ཆོ་འཕྲུལ་གྱིས། །མ་རུངས་གདུག་པ་ཀུན་འདུལ་བ། །རང་བྱུང་ཐབས་ཀྱི་ཕྲིན་ལས་ཀྱིས། །བདུད་བཞི་མ་ལུས་འདུལ་བར་མཛད། །སངས་རྒྱས་ཀུན་གྱི་རང་བཞིན་ཁྱོད། །སྒྱུ་འཕྲུལ་དྲ་བ་མངོན་རྫོགས་པའི། །སྐུ་གསུང་ཐུགས་ཀྱི་བདག་ཉིད་ཆེ། །ཡོན་ཏན་ཕྲིན་ལས་སྣ་ཚོགས་


DNG010_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ། །འདི་ནི་ཆེད་དུ་བརྗོད་པ་ཡིས། །རྒྱལ་བའི་དཀྱིལ་འཁོར་ཇི་སྙེད་ཀུན། །གཉིས་མེད་དགྱེས་པས་ཁྱབ་པར་འགྱུར། །ལྷ་དང་ལྷ་མོར་བཅས་པ་དག །མཛེས་དང་དགའ་དང་ཆགས་པ་དང་། །བདེ་བ་ཆེན་པོའི་མདངས་ལྡན་པས། །བལྟ་དང་རྒོད་དང་འོ་བྱེད་ཅིང་། །འཁྱུད་དང་སྟེགས་དང་འཚིར་བ་དང་། །འཇིབ་དང་འབུད་པ་བཅས་པ་ཡིས། །བྱ་བ་སྣ་ཚོགས་ལས་བཏང་ནས། །བདེ་གཤེགས་མཆོག་ལ་འཇུག་པར་མཛད། །དཀྱིལ་འཁོར་རྡུལ་སྙེད་བཅས་པ་དག །གསང་བའི་ཐིག་ལེར་གནས་པ་ནི། །ཡེ་ཤེས་ལྔ་ཡི་རོ་དང་ལྡན། །དྭངས་མའི་སྙིང་པོར་བློ་ཞུགས་པས། །ཡུལ་དང་བག་ཆགས་མ་ལུས་པ། །བདེ་བ་ཆེན་པོའི་སྙིང་པོར་གསལ། །ལས་དང་སྤྱོད་པའི་ཁྱད་པར་དག །པདྨ་ལ་ནི་འདམ་བཞིན་ནོ། །སྒྱུ་འཕྲུལ་ཐེག་པའི་སྙིང་པོ་འདི། །མ་ལུས་དངོས་གྲུབ་རྣམས་ཀྱི་གཙོ། །ཐུགས་མཆོག་ཕྱག་རྒྱས་རྒྱས་བཏབ་པས། །ནམ་ཡང་འདའ་བར་མི་མཛད་དོ། །ཞེས་ཉིད་ལ་ཉིད་བཤད་དོ། །སྒྱུ་འཕྲུལ་རྒྱ་མཚོའི་རྒྱུད་ལས། དགྱེས་པ་ཆེན་པོའི་ལེའུ་སྟེ་ཉེར་གཅིག་པའོ།། །།དེ་ནས་བཅོམ་ལྡན་དགྱེས་ཆེན་པོ། །མ་ལུས་གསུང་ཅིག་འདུས་པ་ཡི། །སྣོད་ལྡན་གང་ཟག་རྒྱལ་སྲས་ལ། །གསང་བའི་སྙིང་པོ་གདམས་པར་མཛད། །འདས་དང་ད་ལྟར་མ་བྱོན་པ། །ཕྱོགས་བཅུ་དུས་བཞི་མ་ལུས་པའི། །དེ་བཞིན་གཤེགས་པའི་ངོ་བོ་ཉིད། །ཀུན་ཀྱང་གསང་བའི་སྙིང་པོ་ཉིད། །ཐབས་བྲལ་ཞེན་པ་གཉིས་ཀྱིས་བཅིངས། །བདག་འཛིན་ཞེན་པས་དོན་ལ་བསྒྲིབས། །མ་ལུས་སྒྲོ་བྲལ་ངོ་བོ་ལ། །བཏགས་པའི་ཞེན་པས་འཁོར་བར་འཁྱམས། །ཇི་སྙེད་ཐེག་པ་གང་བཤད་པ། །ཐབས་ཆེན་ཐེག་པར་བརྒྱུད་པའི་ལམ། །ཐེག་པ་བསམ་ཡས་བསྟན་པ་ཡང་། །གདུལ་བྱའི་དོན་ལ་བསམ་སྦྱར་ནས། །དོན་དུ་མི་འགྱུར་གཅིག་མ་གསུངས། །རྡོ་རྗེའི་གསུང་ལ་སྤྲོས་མེད་


DNG010_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་། །ཐུགས་རྗེ་ཐབས་མཁས་བྱིན་རླབས་ཀྱིས། །ཇི་ལྟར་མོས་པ་སོ་སོར་སྣང་། །ཆོས་ཀྱི་ཕུང་པོ་བསམ་མི་ཁྱབ། །མ་ལུས་འདུས་པའི་སྙིང་པོ་འདི། །སངས་རྒྱས་ཀུན་གྱི་གསང་བ་སྟེ། །ཀུན་འབྱུང་སྒྱུ་འཕྲུལ་རྒྱ་མཚོའི་རྒྱུད། །དབང་བསྐུར་བྱིན་བརླབས་གསང་བའི་མཛོད། །ཐོག་མ་ཐ་མ་བར་མེད་དགེ། །སྒྲོ་སྐུར་མེད་པ་ཐབས་ཀྱི་ལམ། །རྟོགས་དང་འཛིན་པ་གང་བྱེད་པ། །དུས་གསུམ་རྒྱལ་བ་ཀུན་གྱི་སྲས། །དམ་ཚིག་དབང་དང་ལྡན་པ་དང་། །ལས་དང་སྨོན་ལམ་དབང་གིས་ནི། །སྣོད་དང་བཅུད་དུ་འདྲེལ་པ་ཡིས། །གསང་མཛོད་འཛིན་ཅིང་འཆང་བ་དང་། །ཐབས་མཁས་སྙིང་རྗེ་གཏོང་ཕོད་ཅན། །སྡུག་བསྔལ་གཉེར་ཞིང་ཕོངས་པ་མེད། །ལུས་དང་ལོངས་སྤྱོད་མ་ཆགས་པ། །དམ་པ་འདི་ལ་གསང་བ་གཏད། །ཅེས་ཉིད་ལ་ཉིད་བཤད་དོ། །སྒྱུ་འཕྲུལ་རྒྱ་མཚོའི་རྒྱུད་ལས། གསང་བ་གཏད་པའི་ལེའུ་སྟེ་ཉེར་གཉིས་པའོ།། །།སྒྱུ་འཕྲུལ་རྒྱ་མཚོའི་རྒྱུད་ཆེན་པོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བི་མ་ལ་མི་ཏྲ་དང་གཉགས་ཛྙཱ་ན་ཀུ་མཱ་རས་བསྒྱུར་བའོ། །བི་མ་ལ་ཉིད་ལ་ཟེ་མ་དགེ་སློང་མས་ཞུས་པའོ།། །།