cover

རྙིང་མ་རྒྱུད་འབུམ་པོད་བཅུ་གཉིས་པ། ན༽

སྡེ་དགེའི་ཤིང་པར་རྙིང་མ་རྒྱུད་འབུམ།

རྩོམ་མཁན།

Nitartha international

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

རྟོག་པ་ཐམས་ཅད་འདུས་པ་ཞེས་བྱ་བ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག་གི་རྒྱུད་ཕྱི་མའི་ཕྱི་མ།


DNG012_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། སརྦ་ཀལྤ་ས་མུཙྪ་ཡ་ནཱ་མ་སརྦ་བུངྔྷ་ས་མ་ཡོ་ག་ཌཱ་ཀི་ནཱི་ཛཱ་ལ་ས་མཱ་ར་ཨུཏྟ་ར་ཏནྟྲ། བོད་སྐད་དུ། རྟོག་པ་ཐམས་ཅད་འདུས་པ་ཞེས་བྱ་བ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག་གི་རྒྱུད་ཕྱི་མའི་ཕྱི་མ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཐམས་ཅད་ཕྱག་འཚལ་ཏེ། །མ་ལུས་ལུས་པ་མེད་པར་གྲུབ། །རྣམ་རྟོག་མེད་པའི་སེམས་ལ་ནི། །དེ་ཁོ་ན་ཉིད་ངེས་པར་གནས། །སེམས་དཔའ་སངས་རྒྱས་ཀུན་གྱི་དངོས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །འདོད་ཆགས་ཆེན་པོ་བདེ་ཆེན་པོ། །བདེ་ཆེན་རྡོ་རྗེ་ཆེན་པོ་བས། །རྡོ་རྗེ་འཛིན་དང་ལྷན་ཅིག་པའི། །བདེ་གཤེགས་མགོན་ཁྱོད་རྣམས་ཀྱིས་བཞུགས། །ཐམས་ཅད་མཆོག་གྱུར་འདོད་ཆེན་


DNG012_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས། །དངོས་གྲུབ་དབང་ཕྱུག་རབ་གྲུབ་ཕྱིར། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་ལས། །རྟོག་པ་འདུས་པ་བཀའ་སྩལ་འཚལ། །རྣམ་པར་མི་རྟོག་ཆོས་དག་ལས། །རྟོག་པའི་དོན་འདི་གང་ལ་གསུངས། །ཅི་ཡི་སླད་དུའང་རྒྱུད་ཕྱི་མ། །དང་པོའི་ས་ཆོག་ཇི་ལྟར་ལགས། །གདོད་མ་ཐ་མ་མེད་ཉིད་ཡང་། །རྡོ་རྗེ་སེམས་དཔའ་དེ་བཞིན་ཏེ། །ཡིག་འབྲུ་ཇི་ལྟར་གསུངས་པ་ལགས། །སྔགས་ཕྱུང་བ་ཡང་ཅི་འདྲ་སྟེ། །ཤིན་ཏུ་དགའ་དང་བཟང་ཉིད་དེ། །རྡོ་རྗེ་སྙིང་པོ་གཙོ་བོ་ཆེ། །སེམས་དང་སེམས་དཔའི་ཏིང་འཛིན་ཡང་། །དེ་བཞིན་རྡོ་རྗེ་རྡོ་རྗེ་འཛིན། །རྡོ་རྗེ་འཛིན་ཉིད་ཆེན་པོ་ཡང་། །བྱང་ཆུབ་སྤྱོད་པ་རྣམས་ཅི་ལྟར། །བདུད་དང་བདུད་ལས་རྒྱལ་བ་ཡང་། །སངས་རྒྱས་བྱང་ཆུབ་ཇི་ལྟར་ལགས། །རྡོ་རྗེ་གཏུམ་པོ་མཐར་བྱེད་དང་། །ཕྱག་ན་རྡོ་རྗེ་ཡང་ཇི་ལྟར། །དང་པོ་རིགས་བསྐྱེད་ཇི་ལྟར་ལགས། །འདོད་པའི་ཐར་པ་རྣམ་པ་ཅི། །མགོན་པོ་རྣམ་གསུམ་ཇི་ལྟར་འཚལ། །ཐམས་ཅད་ཡང་ཉིད་ཇི་ལྟར་ལགས། །ཇི་ལྟར་དང་པོ་སྙིང་པོ་འབྱུང་། །ཉེ་བའི་སྙིང་པོ་དེ་ཇི་ལྟར། །བདེ་བ་ཆེན་


DNG012_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

པོ་རྡོ་རྗེ་ཆེ། །དོན་ཡོད་དམ་ཚིག་ཇི་ལྟར་ལགས། །དཀྱིལ་འཁོར་ཇི་ལྟར་གསུངས་པར་གྱུར། །དེ་ལ་རྣམ་སྨིན་ཅི་འདྲ་སྟེ། །ཐིག་གདབ་དེ་བཞིན་རྟོག་པ་ཡི། །དངོས་གྲུབ་ཇི་ལྟར་བཤད་པ་ལགས། །གསང་བ་ལྔ་དང་དེ་ཉིད་ཆེ། །གང་ལགས་ཅི་འདྲ་དེ་བཞིན་ཏེ། །དཀྱིལ་འཁོར་གཙོ་བོ་རྣམས་དང་ནི། །རིགས་རྣམས་ཀྱང་ནི་ཇི་ལྟར་ལགས། །ཐམས་ཅད་དབང་བསྐུར་ང་ཉིད་དང་། །དེ་ཉིད་ཚོགས་ཀྱི་ཕྱག་མཚན་ཡང་། །ཐམས་ཅད་དགུག་དང་མཆོད་ཆེན་དང་། །རང་གི་བྱིན་རླབས་སོགས་སྒྲུབ་པ། །དེ་རྣམས་དེ་ཉིད་གསང་ཆེན་དང་། །དམ་པ་དང་ནི་དོན་དམ་པ། །དམ་པའི་ཡི་གེ་གྲུབ་དོན་དུ། །ཐམས་ཅད་མི་གསུང་འོས་མ་ལགས། །སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་མ་སྒྱུ་མ་བདེ་བའི་མཆོག་ལས་དེ་ཁོ་ན་ཉིད་ཐམས་ཅད་ངེས་ཚིག་གི་རྟོག་པ་སྟེ་བཅྭ་བརྒྱད་པའོ།། །།དེ་ནས་སྟོན་པ་རྡོ་རྗེ་འཛིན། །རྟོག་པ་ཀུན་གྱི་གཙོ་ཆེན་པོས། །ཐེ་ཚོམ་དག་གི་ཚོགས་གསན་ནས། །དོན་དམ་འཛིན་པས་བཀའ་སྩལ་པ། །དེ་ལ་ཇི་ལྟར་རྟོག་པའི་དོན་རྒྱུད་ཡིན་ཞེ་ན། རྣམ་པར་མི་རྟོག་ཆོས་དག་ལས། །སེམས་ཅན་དོན་དུ་ཡོངས་སུ་རྟོག །དེ་ཕྱིར་རྟོག་པར་ཡང་དག་བཤད། །རྟོག་པ་ཡོངས་སུ་དག་ཕྱིར་རོ། །འདི་ལ་ཇི་ལྟར་རྒྱུད་ཕྱི་མ་ཡིན་ཞེ་ན། རྒྱུད་ནི་རབ་ཏུ་འདྲེལ་བར་བཤད། །ཕྱི་མ་གོང་དུ་ཕྱུང་བ་ཡིན། །དེ་ཉིད་གསང་བ་གསང་ཆེན་རྣམས། །དེ་ཡང་རྒྱུད་ནི་ཕྱི་མར་འདོད། །དེ་ལ་ཇི་ལྟར་དང་པོའི་སའི་དེ་བཞིན་ཉིད་ཀྱི་ཡེ་ཤེས་ཡིན་ཞེ་ན། ནམ་མཁའ་ཀུན་ཏུ་རབ་གནས་པ། །རྡོ་རྗེ་ཀུན་གྱི་དངོས་པོ་མཆོག །བདེ་ཆེན་དགྱེས་པ་ཆེན་པོ་དེ། །དམ་པའི་ཡི་གེ་གཞལ་ཡས་ཁང་། །ཞེས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས་གསུངས་སོ། །དེ་ལ་ཇི་ལྟར་གདོད་མ་དང་ཐ་མ་མེད་པའི་རྡོ་རྗེ་སེམས་དཔའ་ཡིན་ཞེ་ན། ཡི་གེ་ཀ་སོགས་དྷ་ཡིག་མཐའ། །ང་ཉ་སྤངས་ནས་འཇུག་པར་བྱ། །ཡི་གེ་ད་སོགས་ཀྵ་ཡི་མཐའ། །ཕྲེང་


DNG012_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

བ་གཉིས་པོ་ཡང་དག་བྲི། །དབུས་གནས་པར་ནི་ཨ་ཡིག་ཕྲེང་། །ཟླ་བའི་དཀྱིལ་འཁོར་ལ་བཀོད་དེ། །ཐིག་ལེ་ཟླ་ཚེས་དང་ལྡན་པར། །ཚེག་དྲག་ཟླ་བ་གཉིས་ཡིན་ཏེ། །ཨ་ཡིག་མི་འགྱུར་བསྒོམ་པར་བྱ། །དབུས་སུ་རྡོ་རྗེའི་ངོ་བོར་གནས། །དེའི་དབུས་རྟག་ཏུ་བསྒོམ་པ་ནི། །འདོད་ཆགས་ཆེན་པོ་བདེ་བ་ཆེ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །སངས་རྒྱས་རི་མོར་གྲགས་པ་ཡིན། །དེ་ལས་འགྲོ་བ་གཡོ་མི་གཡོ། །ཐམས་ཅད་ཡང་དག་འབྱུང་བས་ནི། །ནམ་མཁའ་ལས་བྱུང་མཚན་ཉིད་ཕྱིར། །གདོད་མ་ཐ་མ་མེད་མཆོག་ཡིན། །རྡོ་རྗེ་ཆེན་པོ་དངོས་སེམས་ནི། །རྡོ་རྗེ་སེམས་དཔའ་ཞེས་འདོད་དོ། །དེ་ལ་བཅོམ་ལྡན་འདས་དེ་གང་ཞེ་ན། དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་ཕྱུག་ཆེན་པོ་རིག་པའི་ལྷ། །རྒྱལ་པོ་ཆེན་པོ་རྡོ་རྗེ་འཛིན། །དགའ་བ་དམ་པ་ཟད་མེད་ཡིན། །དེ་ལ་ཇི་ལྟར་ཡི་གེ་རྟོག་པ་ཡིན་ཞེ་ན། ཡི་གེ་ཨ་སོགས་ཀྵ་མཐའ་ནི། །ཡི་གེར་ཡང་དག་བཤད་པ་སྟེ། །མི་ཟད་དགའ་བའི་རྡོ་རྗེ་ཅན། །དེ་ཉིད་ཀུན་དོན་མཚན་ཉིད་ཕྱིར། །དེ་ལ་ཇི་ལྟར་སྔགས་འབྱུང་བ་ཡིན་ཞེ་ན། རྡོ་རྗེ་སེམས་སོགས་འཁོར་ལོ་ལ། །གང་རྣམས་སྔགས་སུ་ཆེར་བཤད་པ། །དེ་རྣམས་འབྱུང་བའི་དོན་དུ་ནི། །རྡོ་རྗེ་ཅན་གྱིས་ཡང་བཀའ་སྩལ། །གུར་གུམ་ལ་སོགས་བྱུགས་པ་ལ། །བྲིས་སྐུ་ལ་སོགས་རྣམ་བརྒྱན་ནས། །བླ་རེ་ལ་སོགས་དྲེས་ནས་སུ། །རྟག་ཏུ་རེའུ་མིག་བཞི་བརྩམས་ནས། །གྲུ་བཞི་གཞལ་ཡས་ཁང་བྱས་ཏེ། །རེའུ་མིག་ཕྱོགས་བཞིར་འབར་བར་བྱས། །རེའུ་མིག་སུམ་ཅུ་ཐམ་པ་ལ། །བཅུ་དགུ་དང་ནི་ལྡན་པར་བྱ། །བརྒྱ་ཕྱེད་སྟན་ལ་གནས་པ་ལ། །སྡེ་བ་ལྔ་མཐའ་ཐིག་ལེ་ཡིས། །སྤྱི་བོ་གཙུག་ལ་རྟག་པ་ཡི། །ཡི་གེ་ཀཱ་ཞེས་བྱ་བ་ནི། །དབུས་ཀྱི་རེའུ་མིག་ལ་བྲིའོ། །དེ་ཡི་ཕྱི་རོལ་གནས་བརྒྱད་


DNG012_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

དག །མཚམས་དང་ཕྱོགས་ཀྱི་རེའུ་མིག་ལ། །དབང་ལྡན་ལ་སོགས་རིམ་པ་རུ། །ཡ་དང་ཤ་ཡི་སྡེ་བཀོད་དེ། །མེ་མཚམས་ལ་སོགས་རེའུ་མིག་ལ། །མ་ཡི་ཡིག་འབྲུ་བཞི་པོ་དང་། །ཨ་ཡིག་ས་བོན་ལ་བརྟེན་ནས། །ས་བོན་བཅུ་གཉིས་དགོད་པར་བྱ། །དབང་ལྡན་ལ་སོགས་རེའུ་མིག་ལ། །ཀ་ཡིག་ལ་སོགས་རིམ་པར་དགོད། །དེ་ལྟར་བཞི་ལ་རིམ་པར་ནི། །ཐམས་ཅད་རྣམ་པར་གནས་བྱས་ཏེ། །ཀ་སོགས་རེའུ་མིག་བཟུང་ནས་སུ། །ཡིག་འབྲུ་དམ་པ་ཕྱུང་བར་བྱ། །ཤིན་ཏུ་དགའ་ཆེན་རྒྱལ་པོ་ནི། །སྦྱོར་བ་ཐམས་ཅད་དབང་ཕྱུག་གཙོ། །རེའུ་མིག་ཉི་ཤུ་རྩ་བཞི་ལ། །གནས་པ་ཟླ་ཕྱེད་གཙུག་ཕུད་ཞལ། །དེ་འོག་སུམ་ཅུ་རྩ་གཉིས་ནི། །དགའ་བ་རྡོ་རྗེ་ཅན་གྱིས་ཕྱུང་། །རེའུ་མིག་བཅུ་བཞི་ཞེས་པ་ལས། །གནས་པ་ཚེག་དྲག་དང་ལྡན་པ། །རེའུ་མིག་ཉི་ཤུ་རྩ་བཞིར་གནས། །སུམ་ཅུ་རྩ་བཞི་ཟླ་དང་ལྡན། །རེའུ་མིག་སུམ་ཅུ་རྩ་གཅིག་ལ། །གནས་པ་ང་རོ་ཐིག་ལེ་ལྡན། །རེའུ་མིག་ཉི་ཤུ་རྩ་བཞི་ལ། །གནས་པ་ཚེག་དྲག་སྦྱོར་བ་བྱ། །སུམ་ཅུ་རྩ་བརྒྱད་སྦྱོར་བ་ཡིས། །དེ་ནི་བཞི་པར་རྣམ་པར་བཤད། །བདེ་བ་ཆེན་པོ་རྒྱལ་ཆེན་པོ། །ལྷ་མོ་དམ་པ་བརྟག་པའོ། །རེའུ་མིག་བཅུ་གཅིག་ལ་གནས་པ། །ཐིག་ལེ་ང་རོར་ཡང་དག་ལྡན། །རེའུ་མིག་བརྒྱད་པ་ལ་གནས་པ། །བཅུ་དགུ་དག་ནི་ལྡན་པ་སྟེ། །དེ་འོག་སུམ་ཅུ་རྩ་བཞི་དང་། །ཐིག་ལེ་ང་རོས་བརྒྱན་པའོ། །རེའུ་མིག་ཉི་ཤུ་རྩ་བཞི་ལ། །གནས་པ་ཚེག་དྲག་སྦྱོར་བའོ། །རེའུ་མིག་གཉིས་པ་ལ་བཀོད་པའི། །ཐིག་ལེ་ང་རོ་ལྡན་པའོ། །གླིང་བུ་མ་ལ་སོགས་བཏུས་པའི། །སྔགས་ཕྱུང་བ་ནི་མཆོག་ཡིན་ཏེ། །རེའུ་མིག་སུམ་ཅུ་རྩ་བརྒྱད་ལ། །གནས་པའི་ཐིག་ལེ་ང་རོ་ལྡན། །དབུས་ན་ཉི་ཤུ་རྩ་གཅིག་ལ། །དབུས་ནས་བཅྭ་ལྔ་ཟླ་བ་ཅན། །རེའུ་མིག་སུམ་ཅུ་རྩ་གཅིག་གནས། །དབུས་ནས་


DNG012_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

བཅྭ་ལྔ་ཟླ་བ་ཅན། །རེའུ་མིག་ཉི་ཤུ་རྩ་གཅིག་གནས། །བཅུ་གཅིག་ཟླ་བ་དང་ལྡན་ཏེ། །ལྷ་མོ་གླིང་བུ་མ་སོགས་ཀྱི། །སྔགས་ཕྱུང་རྨད་དུ་བྱུང་བའོ། །རེའུ་མིག་བཅུ་པ་ལ་གནས་དང་། །བཅུ་གཅིག་པ་ཡང་དེ་བཞིན་ཏེ། །རེའུ་མིག་སུམ་ཅུ་རྩ་གསུམ་གནས། །བཅུ་དྲུག་པ་ཡང་དེ་བཞིན་ཏེ། །མེ་ཏོག་ལ་སོགས་བསྡུས་པ་ཡི། །འདི་ནི་སྔགས་ཕྱུང་མཆོག་ཡིན་ནོ། །རྟ་མགྲིན་འཕང་མཐོ་ལྕགས་ཀྱུ་སོགས། །དང་པོ་ཕྱུང་བའི་ས་བོན་ཉིད། །རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི། །སྒོ་ལ་ནན་ཏན་གྱིས་སྦྱོར་རོ། །ཞེས་དཔལ་རྡོ་རྗེ་སེམས་དཔས་གསུངས་ཏེ། དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི་ཆོས་ཀྱི་ཡི་གེ་འབྱུང་བའི་ཕྱག་རྒྱ་ཤེས་པའོ། །རེའུ་མིག་གཉིས་པ་ཅན་ཁོ་ན། །ཟླ་ཚེས་གཙུག་དང་ལྡན་པའི་ཞལ། །རྣམ་པར་སྣང་མཛད་རྒྱལ་ཆེན་པོ། །ཀུན་མཆོག་ས་ཡི་དབང་ཕྱུག་ཡིན། །རེའུ་མིག་བཅྭ་ལྔ་གནས་པ་ལ། །ཐིག་ལེ་ང་རོ་ལྡན་པའོ། །རེའུ་མིག་བཅུ་དགུ་ལ་གནས་པ། །ཐིག་ལེ་ང་རོས་བརྒྱན་པའོ། །རེའུ་མིག་ཉི་ཤུ་རྩ་ལྔར་ལྡན། །ཐིག་ལེ་ང་རོས་བརྒྱན་པའོ། །དབུས་ནས་ཉི་ཤུ་པ་ཉིད་ལ། །ཐིག་ལེ་ང་རོས་བརྒྱན་པའོ། །ཆོས་གོས་མ་ཚོགས་བཞི་དག་གིས། །ས་བོན་འབྱུང་བ་མཆོག་འདི་ཡིན། །རེའུ་མིག་ཉི་ཤུ་རྩ་བཞིར་གནས། །ཐིག་ལེ་ང་རོས་བརྒྱན་པའོ། །རེའུ་མིག་བདུན་པ་དེ་བཞིན་ཡང་། །དབུས་ནས་བཅྭ་ལྔ་པ་དང་ལྡན། །ཐིག་ལེ་ང་རོ་ལྡན་པ་ནི། །བྱང་དུ་སིལ་སྙན་ཆ་ལང་ངོ་། །དབུས་ནས་ཉི་ཤུ་རྩ་གཅིག་ལ། །གནས་པ་བཅུ་དགུ་དང་ལྡན་པ། །ཐིག་ལེ་ང་རོ་ལྡན་པ་ནི། །རྡོ་རྗེ་རིན་ཆེན་ཆེར་བརྗོད་དོ། །དབུས་ནས་བཅྭ་བརྒྱད་པ་དག་ཉིད། །ཐིག་ལེ་ང་རོས་བརྒྱན་པ་སྟེ། །སངས་


DNG012_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཀུན་གྱི་དཀྱིལ་འཁོར་ལ། །ཆོས་ཀྱི་དུང་གི་ཕྱག་རྒྱ་ཆེ། །ཞེས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས་གསུངས་པ་རྣམ་པར་སྣང་མཛད་ཀྱི་ཆོས་ཀྱི་ཡི་གེ་འབྱུང་བའི་ཕྱག་རྒྱ་ཤེས་པའོ། །ཉི་ཤུ་རྩ་བཞི་རེའུ་མིག་ལ། །གནས་པ་ཉི་ཤུ་པ་ལྡན་ནི། །ཁྲག་འཐུང་ཞེས་པའི་རྒྱལ་པོ་ཆེ། །ཚེག་དྲག་ལྷག་ཆད་གྱུར་པའོ། །རེའུ་མིག་ཉི་ཤུ་རྩ་བཞི་ལ། །གནས་པ་འོག་ན་བཅུ་དགུར་ལྡན། །རེའུ་མིག་ཉི་ཤུ་གནས་པ་དང་། །སྦྱོར་བ་ཚེག་དྲག་ལྡན་པའོ། །ཚེག་དྲག་དང་ནི་རྩ་བཞི་ལ། །གནས་པ་དབུས་ནས་བཅུ་གཅིག་ལྡན། །རེའུ་མིག་བཅུ་གཉིས་པ་སྦྱོར་བའི། །ཚེག་དྲག་ལྡན་པར་འདོད་པའོ། །རེའུ་མིག་བཅུ་བཞི་ལ་གནས་པ། །འོག་གི་འདྲེན་པ་ཉི་ཤུ་གཅིག །བཅུ་གཉིས་པ་དང་ཚེག་དྲག་ཅན། །གསུམ་པ་ཅན་དེ་བཤད་པའོ། །རེའུ་མིག་བཅུ་བཞི་ལ་གནས་པ། །བཅུ་གཉིས་པ་དང་ལྡན་པ་ལ། །ཚེག་དྲག་དང་ནི་མཉམ་སྦྱོར་བ། །ལྷ་མོ་སྣོད་ཆེན་མ་ཡི་འདོད། །རེའུ་མིག་ཉི་ཤུ་རྩ་བཞི་ལ། །གནས་པ་དབུས་ནས་གཉིས་པ་ཅན། །དེ་བཞིན་ཐིག་ལེ་ང་རོར་ལྡན། །ཐིག་ལེ་འབྱུང་གནས་གསུམ་པ་སྟེ། །དབུས་ནས་བཅུ་པ་གང་ཡིན་པ། །རྟག་ཏུ་ཚེག་དྲག་ལྡན་པ་ནི། །དམར་ཆེན་སོགས་པའི་ལྷ་མོ་ཡི། །བཞི་པ་དག་ནི་ཕྱུང་བའོ། །རེའུ་མིག་ཉི་ཤུ་རྩ་ལྔ་པ། །གནས་པའི་ཐིག་ལེ་བཅས་པའོ། །དབུས་ལས་དྲུག་པ་གང་ཡིན་པ། །ཐིག་ལེ་ང་རོ་ལྡན་པའོ། །རེའུ་མིག་དེ་བཞིན་བཅུ་བདུན་པ། །ཐིག་ལེ་ང་རོས་བརྒྱན་པའོ། །རེའུ་མིག་བཅུ་དགུ་ལ་གནས་པ། །ཐིག་ལེ་ང་རོས་བརྒྱན་པའོ། །ལྷ་མོ་མདའ་རྣོན་འཛིན་སོགས་ཀྱི། །ས་བོན་བྱུང་བ་དེ་ངོ་མཚར། །ལྷ་མོ་མེ་ཏོག་མ་སོགས་ཀྱི། །ས་བོན་བྱུང་བ་སྔོན་བསྟན་ཡིན། །གང་དག་སྒོ་སྲུང་བསྟན་པ་ཡང་། །


DNG012_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་མི་མཐུན་པ་ཁོ་ནའོ། །ཞེས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས་དེ་སྐད་ཅེས་གསུངས་སོ། །མཁའ་འགྲོ་སྒྱུ་མའི་དཀྱིལ་འཁོར་གྱི་ཆོས་ཀྱི་ཡི་གེ་འབྱུང་བའི་ཕྱག་རྒྱ་ཤེས་པའོ། །རེའུ་མིག་ཉི་ཤུ་རྩ་བཞི་ལ། །གནས་པ་བཅུ་དགུའི་གདན་ལ་གནས། །ཉི་ཤུ་ཚེག་དྲག་སྦྱོར་བ་ནི། །པདྨ་གར་གྱི་དབང་ཕྱུག་ཡིན། །རེའུ་མིག་བཅུ་བཞི་ལ་གནས་པའི། །ཚེག་གཉིས་སྦྱོར་བ་དེ་བཞིན་ནོ། །རེའུ་མིག་ཉི་ཤུ་རྩ་བཞི་ལ། །གནས་ནས་དབུས་ནས་དགུ་པ་ལྡན། །རྟག་པར་ཐིག་ལེ་དང་ལྡན་ནི། །གཉིས་པ་ཡི་ནི་ཡོངས་གྲགས་པ། །རེའུ་མིག་སུམ་ཅུ་རྩ་གཅིག་ལ། །གནས་པར་ང་རོ་ཐིག་ལེས་བརྒྱན། །རེའུ་མིག་ཉི་ཤུ་རྩ་བཞི་ལ། །གནས་པ་དབུས་ནས་བཅུ་གསུམ་ལྡན། །ཚེག་དྲག་ཅན་ནི་བཞི་པ་ཡི། །ཁྲོ་གཉེར་མ་ཡི་རྒྱུད་ལས་གྲགས། །རེའུ་མིག་ཉི་ཤུ་རྩ་བཞིར་ལྡན། །དབུས་ནས་དགུ་པའི་ཐིག་ལེར་བཅས། །རེའུ་མིག་ཉི་ཤུ་རྩ་བཞིར་གནས། །དབུས་ནས་བཅྭ་ལྔ་དང་ལྡན་ནོ། །རེའུ་མིག་བཅུ་གཅིག་ལ་གནས་པ། །ཚེག་དྲག་གིས་ནི་སྦྱོར་བའོ། །རེའུ་མིག་ཉི་ཤུ་རྩ་བཞིར་གནས། །སུམ་ཅུ་རྩ་བརྒྱད་པ་དང་ལྡན། །ཚེག་དྲག་མཉམ་པོར་སྦྱོར་བ་ནི། །པདྨ་གར་དབང་མཆོག་ཡིན་ནོ། །ལྷ་མོ་གླིང་བུ་མ་སོགས་ཉིད། །དེ་བཞིན་ལྷ་མོ་མེ་ཏོག་སོགས། །ལྷ་མོ་ལྕགས་ཀྱུ་མ་སོགས་ཀྱང་། །རྡོ་རྗེ་སེམས་དཔའ་ལ་སོགས་པའི། །དཀྱིལ་འཁོར་ལ་ནི་བསྐྱེད་པ་ཡིན། །ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་ཏེ། པདྨ་གར་གྱི་དབང་ཕྱུག་གི་དཀྱིལ་འཁོར་གྱི་ཆོས་ཀྱི་ཡི་གེ་འབྱུང་བའི་ཕྱག་རྒྱ་ཤེས་པའོ། །དབུས་ནས་ཉི་ཤུ་རྩ་གཅིག་པ། །བཅུ་གཅིག་པ་དང་ལྡན་པ་སྟེ། །བཅུ་དགུ་ཟླ་བ་གཙུག་ལྔ་ནི། །རྡོ་རྗེ་ཉི་མ་འབྱུང་བ་ཡིན། །དབུས་ནས་བཅུ་གསུམ་གང་ཡིན་པ། །ཟླ་ཚེས་ཐིག་ལེ་གཙུག་གི་ཞལ། །རེའུ་མིག་ཉི་ཤུ་རྩ་བཞི་ལ། །གནས་པ་བཅུ་དགུ་དང་ལྡན་པ། །རེའུ་མིག་ཉི་ཤུ་གནས་དང་སྦྱོར། །ཚེག་དྲག་ལྡན་པས་གཉིས་པའོ། །རེའུ་མིག་ཉི་ཤུ་རྩ་བཞིར་གནས། །དབུས་ནས་བཅུ་གསུམ་པ་དང་ལྡན། །ཚེག་དྲག་ལྷན་ཅིག་ཅན་དང་ནི། །གསུམ་པ་


DNG012_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་ནི་གྲགས་པ་ཡིན། །རེའུ་མིག་ཉི་ཤུ་རྩ་བཞིར་གནས། །བཅུ་གཅིག་དང་ནི་ཐིག་ལེ་ལྡན། །རེའུ་མིག་བཅུ་བཞི་ལ་གནས་པ། །ཚེག་དྲག་ལྡན་པ་འདོད་པའོ། །རེའུ་མིག་ཉི་ཤུ་རྩ་བཞིར་གནས། །དབུས་གནས་དགུ་དང་ཟླ་བའོ། །རེའུ་མིག་སུམ་ཅུ་རྩ་གཅིག་གནས། །ཐིག་ལེ་ང་རོས་བརྒྱན་པའོ། །རེའུ་མིག་ཉི་ཤུ་རྩ་བཞིར་གནས། །དབུས་ནས་བཅུ་གསུམ་པ་དང་ལྡན། །ཚེག་དྲག་མཉམ་པར་ལྡན་པ་ནི། །རྡོ་རྗེ་ཉི་མ་ལྷ་དག་ཡིན། །ལྷ་མོ་གླིང་བུ་མ་སོགས་ཀུན། །རྩ་བའི་དཀྱིལ་འཁོར་སྦྱོར་སྐྱེས་ཡིན། །ཞེས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས་གསུངས་ཏེ། རྡོ་རྗེ་ཉི་མའི་དཀྱིལ་འཁོར་གྱི་ཆོས་ཀྱི་ཡི་གེ་འབྱུང་བའི་ཕྱག་རྒྱ་ཤེས་པའོ། །རེའུ་མིག་ཉི་ཤུ་རྩ་བཞིར་གནས། །ཉི་ཤུ་རྩ་བདུན་ཞེས་སྦྱོར་བ་སྟེ། །ཟླ་ཚེས་ཐིག་ལེ་གཙུག་ཅན་ནི། །ཡུལ་འཁོར་ཐམས་ཅད་འདུལ་བའོ། །རེའུ་མིག་བཅུ་བཞི་ལ་གནས་པ། །བཅུ་དགུ་པ་དང་ལྡན་པ་སྟེ། །ཉི་ཤུ་ཚེག་དྲག་སྦྱོར་བ་སྟེ། །སྣ་ཚོགས་པ་ཡི་བརྗོད་པ་ཡིན། །རེའུ་མིག་ཉི་ཤུ་རྩ་བཞིར་གནས། །གནས་པ་ཚེག་དྲག་ལྡན་པ་འདོད། །རྟ་ཡི་རྒྱལ་པོའི་དཀྱིལ་འཁོར་ལ། །རྡོ་རྗེ་རྒྱ་གྲམ་ཞེས་གྲགས་སོ། །ཞེས་བཅོམ་ལྡན་འདས་དཔལ་རྡོ་རྗེ་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔས་གསུངས་ཏེ། རྟ་མཆོག་གི་ཆོས་ཀྱི་ཡི་གེ་འབྱུང་བའི་ཕྱག་རྒྱ་ཤེས་པའོ། །སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་མ་སྒྱུ་མ་བདེ་བའི་མཆོག་ལས་ཆོས་ཀྱི་ཡི་གེ་འབྱུང་བའི་རྟོག་པ་སྟེ་བཅུ་དགུ་པའོ།། །།རི་མོ་གཉིས་ཀྱི་དཀྱིལ་འཁོར་གྱི། །ཕྱི་རོལ་པདྨ་འདབ་བརྒྱད་བྲི། །དེ་ཡི་ནང་དུ་རྣལ་འབྱོར་པས། །ཨ་ཡིག་སོགས་ཀྱང་བྲི་བར་བྱ། །ཤར་ཕྱོགས་འདབ་མར་ཀ་ཡི་སྡེ། །ལྷོ་ཕྱོགས་འདབ་མར་ཙ་ཡི་སྡེ། །ནུབ་ཕྱོགས་འདབ་མར་ཊ་ཡི་སྡེ། །ཏ་ཡི་སྡེ་ནི་དེ་བཞིན་བྱང་། །སྡེ་པ་ལྔ་ཡི་དབུས་སུ་ནི། །ཡི་གེ་ཀྵ་དང་ལྷན་ཅིག་དགོད། །དབང་ལྡན་འདབ་མ་ནས་བརྩམས་ཏེ། །ཡ་ར་ལ་ཝ་རྣམ་པར་གཞག །དབང་ལྡན་འདབ་མའི་ཕྱི་རོལ་དུ། །ཡི་གེ་ཤ་ནི་འཇུག་པར་བྱ། །མེ་མཚམས་འདབ་མའི་ཕྱི་རོལ་དུ། །


DNG012_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་གེ་ཥ་ནི་འཇུག་པར་བྱ། །བདེན་བྲལ་འདབ་མའི་ཕྱི་རོལ་དུ། །ཡི་གེ་ས་ནི་འཇུག་པར་བྱ། །རླུང་མཚམས་འདབ་མའི་ཕྱི་རོལ་དུ། །ཡི་གེ་ཧ་ནི་འཇུག་པར་བྱ། །ཞེས་བཅོམ་ལྡན་འདས་དཔལ་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔས་གསུངས་སོ། །དབུས་ཀྱི་མཐའ་རུ་གང་ཡིན་པ། །ཐིག་ལེ་དང་ལྡན་ཡི་གེ་ཨོཾ། །རླུང་མཚམས་ཕྱི་རོལ་གནས་པ་གང་། །སྒྲ་ཡིག་ཨ་ནི་སྦྱོར་བར་བྱ། །བདེན་བྲལ་ཕྱི་རོལ་གནས་པ་ལ། །འོག་ཏུ་སྒྲ་ཡིག་ཨུ་སྦྱོར་རོ། །ཤར་གྱི་འདབ་མ་གཉིས་པ་ནི། །དབུས་ལས་དབུ་མ་དེ་བཞིན་ནོ། །ལྷོ་ནས་དེ་བཞིན་དབུ་མ་ལ། །མེ་མཚམས་འདབ་མ་དེ་བཞིན་ནོ། །བདེན་བྲལ་ཕྱི་རོལ་གནས་པ་གང་། །དེ་ནས་བྱང་གི་དང་པོའོ། །དབུས་ནས་དབུ་མའི་སྦྱིན་གནས་སུ། །དེ་ཚེ་འོད་ཀྱི་གོང་བུར་འགྱུར། །ཨོ་ཡིག་ཚེག་དྲག་དང་ལྡན་པ། །དེ་ཡི་མཐའ་རུ་དེ་ཚེར་འགྱུར། །ལྷོ་ནས་དབུས་མ་གང་ཡིན་པ། །ཚེག་དྲག་དང་ནི་ལྡན་པའོ། །རླུང་མཚམས་ཕྱི་རོལ་གང་ཡིན་པ། །ཨུ་ཡིག་ཐིག་ལེ་སྦྱོར་བར་བྱ། །དབུས་ཀྱི་དབུ་མ་གང་ཡིན་པ། །ཐིག་ལེས་མགོ་ནས་མནན་པ་དང་། །རླུང་མཚམས་ཕྱི་རོལ་གང་ཡིན་པ། །ཨོ་ཡིག་ཚེག་དྲག་སྦྱོར་བར་བྱ། །བདེན་བྲལ་མཚམས་ཀྱི་ཕྱི་རོལ་དུ། །སྒྲ་ཡིག་ཨུ་ནི་སྦྱོར་བ་སྟེ། །མེ་མཚམས་འདབ་མར་གང་ཡིན་པ། །བྱང་གི་དང་པོར་དེ་བཞིན་ཡང་། །བདེན་བྲལ་ཕྱི་རོལ་པ་བཟུང་ནས། །བྱང་གི་དང་པོ་པ་ཡང་ཡིན། །དབུས་ནས་དབུས་མ་བཟུང་ནས་སུ། །འོད་ཀྱི་གོང་བུ་མཐའ་རུ་འགྱུར། །དེ་ནས་ཐིག་ལེ་སྦྱིན་བྱས་ནས། །རྡོ་རྗེ་སེམས་དཔའ་འགྲུབ་པར་འགྱུར། །ཞེས་བཅོམ་ལྡན་འདས་ཆགས་པ་ཆེན་པོ་རྡོ་རྗེ་སེམས་དཔས་གསུངས་སོ། །ལྷོ་ནས་དབུ་མ་གང་ཡིན་པ། །ཚེག་དྲག་དང་ནི་ལྡན་པར་བྱ། །དབུས་ནས་དབུ་མ་དེ་བཞིན་དུ། །ལྷོ་ནས་དབུ་མ་ཡང་ཡིན་ནོ། །མེ་མཚམས་འདབ་མ་དང་ལྡན་པ། །རྟག་ཏུ་བརྗོད་པར་འགྱུར་བ་ཡིན། །བྱང་ནས་དབུ་མ་བཟུང་ནས་སུ། །མེ་མཚམས་དང་ནི་ཤིན་ཏུ་སྦྱོར། །སྒྲ་ཡིག་ཨ་དང་སྦྱར་ནས་སུ། །རྟག་པར་ཞི་བར་འགྱུར་བ་ཡིན། །མེ་མཚམས་ཕྱི་རོལ་བཟུང་ནས་སུ། །ནུབ་ཀྱི་


DNG012_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ལྡན་པར་བྱ། །སྒྲ་ཡིག་ཨི་དང་སྦྱར་ནས་སུ། །འོད་ཀྱི་གོང་བུ་ལྔ་པ་ཡིན། །བདེན་བྲལ་ཕྱི་རོལ་གནས་པ་ལ། །སྒྲ་ཡིག་ཨ་དང་ལྡན་པར་བྱ། །དེ་བཞིན་དབང་ལྡན་འདབ་མ་དང་། །སྒྲ་ཡིག་ཨི་ནི་སྦྱོར་བའོ། །ཤར་གྱི་དང་པོ་བ་དང་ནི། །དེ་ནས་དབུ་མའི་ཐ་མ་དང་། །ནུབ་ཀྱི་དང་པོ་པ་བཟུང་ནས། །ཨ་མེད་རྟག་ཏུ་འགྱུར་བར་བྱ། །དེ་དག་བཟླས་པ་བྱས་པ་ཡིས། །མདའ་རུ་རབ་ཏུ་གྲུབ་པ་ཡིན། །ཞེས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས་གསུངས་སོ། །རླུང་མཚམས་ཕྱི་རོལ་པ་བཟུང་ནས། །སྒྲ་ཡིག་ཨུ་ནི་སྦྱོར་བར་བྱ། །ཐིག་ལེ་ང་རོ་གནོན་ནས་སུ། །དེ་ནས་དབུས་ནས་དབུ་མའོ། །ལྷོ་ནས་དབུ་མ་བཟུང་ནས་སུ། །མེ་མཚམས་པ་དང་སྦྱོར་བར་བྱ། །ཤར་ནས་དང་པོ་བཟུང་ནས་སུ། །སྒྲ་ཡིག་ཨེ་དང་ལྡན་པར་བྱ། །བདེན་བྲལ་འདབ་མར་གནས་པ་གང་། །སྒྲ་ཡིག་ཨེ་ནི་སྦྱོར་བར་བྱ། །ཤར་གྱི་དང་པོ་བཟུང་ནས་སུ། །སྒྲ་ཡིག་ཨེ་ནི་སྦྱོར་བའོ། །བདེན་བྲལ་འདབ་མར་གནས་པ་ལ། །སྒྲ་ཡིག་ཨེ་ནི་སྦྱོར་བའོ། །རླུང་མཚམས་ཕྱི་རོལ་པ་བཟུང་ནས། །སྒྲ་ཡིག་ཨུ་ནི་སྦྱོར་བར་བྱ། །ཐིག་ལེ་ང་རོས་མཉམ་སྦྱོར་ན། །སྐལ་བཟང་སྐལ་བཟང་འགྱུར་བ་ཡིན། །ཞེས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས་གསུངས་སོ། །དབུས་ནས་དབུ་མ་བཟུང་ནས་སུ། །ཐིག་ལེ་ཡིས་ནི་བརྒྱན་པར་བྱ། །དེ་བཞིན་དབུས་ནས་དབུ་མ་ཡང་། །ལྷོ་ནས་དབུ་མ་དེ་བཞིན་ཏེ། །མེ་ཡི་མཚམས་དང་མཉམ་པར་ལྡན། །ཡི་གེ་ཨ་ཡིས་བསྡུ་བར་བྱ། །ནུབ་ནས་ཐ་མ་བཟུང་ནས་སུ། །སྒྲ་ཡིག་ཨོ་ནི་སྦྱོར་བར་བྱ། །བདེན་བྲལ་ཕྱི་རོལ་པ་བཟུང་ནས། །དབུ་མའི་ཐ་མ་དང་ལྡན་པར། །མ་མཚམས་ལན་གཉིས་བརྗོད་ནས་སུ། །ནུབ་ནས་དང་པོར་ལྡན་འགྱུར་བྱ། །རྟག་ཏུ་ཨ་མེད་བརྒྱད་པ་ནི། །རྡོ་རྗེ་ཁ་ཊྭཱཾ་འཛིན་མ་ཡིན། །ཞེས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས་གསུངས་སོ། །རླུང་མཚམས་ཕྱི་རོལ་པ་བཟུང་ནས། །ཚེག་དྲག་ཨོ་ནི་སྦྱོར་བར་བྱ། །དབུས་ནས་དབུ་མ་དེ་བཞིན་དུ། །མེ་མཚམས་པས་ནི་ལྡན་པ་ཡིན། །ལྷོ་ནས་དབུ་མར་འགྱུར་བའོ། །ཤར་ནས་དང་པོ་བཟུང་ནས་སུ། །སྒྲ་ཡིག་ཨ་ནི་


DNG012_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བར་བྱ། །དབུས་ནས་ཐ་མར་བཟུང་ནས་སུ། །སྒྲ་ཡིག་ཨེ་ནི་སྦྱོར་བར་བྱ། །དབང་ལྡན་ཕྱི་རོལ་པ་བཟུང་ནས། །དབུས་ལས་དབུ་མ་གཟུང་བར་བྱ། །མེ་མཚམས་འདབ་མ་ལ་གནས་པ། །སྒྲ་ཡིག་ཨི་ནི་སྦྱོར་བར་བྱ། །བྱང་ནས་དང་པོ་བཟུང་ནས་སུ། །ཡི་གེ་ཨ་དང་ལྡན་པར་བྱ། །མེ་མཚམས་འདབ་མ་སྦྱོར་ནས་སུ། །ཐིག་ལེ་ང་རོས་བསྡུ་བར་བྱ། །སྣ་ཚོགས་པདྨ་ལྷ་མོ་ཆེ། །རྡོ་རྗེ་སེམས་སོགས་ལྷ་ཡི་ཡིན། །ཞེས་བཅོམ་ལྡན་འདས་དཔལ་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔས་གསུངས་སོ། །རྡོ་རྗེ་མཚོན་ཆ་དང་། རྡོ་རྗེ་རོལ་མ་དང་། རྡོ་རྗེ་དྲན་མ་དང་། རྡོ་རྗེ་སྙིང་པོ་མ་དག་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ལྷ་མོ་བཞི་ཡིན་ནོ། །ཨོ་ཡིག་ཐིག་ལེ་དང་ལྡན་པར། །ཨེ་ཡིག་ཐིག་ལེ་ཡང་དག་ལྡན། །དབུས་ལ་ཐ་མ་བཟུང་བ་དང་། །ཡི་གེ་ཨུ་དང་ལྡན་པར་བྱ། །བྱང་ནས་དེ་བཞིན་བཞི་པའོ། །དབུས་ནས་དབུ་མ་བཟུང་ནས་སུ། །ལྷོ་ནས་དབུ་མ་དེ་བཞིན་དུ། །མེ་མཚམས་འདབ་མ་དང་སྦྱར་ནས། །སྒྲ་ཡིག་ཨི་དང་ཨ་བསྡུ་བྱའོ། །ཤར་ནས་བཞི་པ་གང་ཡིན་པ། །ཐིག་ལེ་ཨུ་དང་ལྡན་བྱ་སྟེ། །ནན་ཏན་དུ་ནི་ལན་གཉིས་བཟླ། །རྟག་ཏུ་དང་པོའི་འགྱུར་བ་ཡིན། །ཨོ་ཡིག་ཐིག་ལེ་དང་ལྡན་པ། །དབུ་མ་ལས་ནི་དབུ་མ་ཡང་། །མེ་མཚམས་འདབ་མ་དང་ལྡན་པའི། །ལྷོ་ནས་དབུ་མར་འགྱུར་བར་བྱ། །དབུས་ནས་ཐ་མ་བཟུང་བྱས་ཏེ། །སྒྲ་ཡིག་ཨི་དང་སྦྱོར་བར་བྱ། །ཤར་ལས་བཞི་པ་གང་ཡིན་པ། །སྒྲ་ཡིག་ཨེ་དང་སྦྱར་བའོ། །ཤར་ནས་གསུམ་པ་གང་ཡིན་པ། །སྒྲ་ཡིག་ཨུ་དང་སྦྱོར་བའོ། །བདེན་བྲལ་འདབ་མ་ལ་གནས་པ། །སྒྲ་ཡིག་ཨུ་དང་སྦྱོར་བ་སྟེ། །ནན་ཏན་ལན་གཉིས་བཟླས་པའོ། །དབུས་ལས་བཞི་པ་གང་ཡིན་པ། །ཨུ་ཡིག་མེ་མཚམས་པ་དང་ལྡན། །ཐིག་ལེ་ང་རོ་གཉིས་པའོ། །ཨོ་ཡིག་ཐིག་ལེ་དང་ལྡན་པ། །རླུང་མཚམས་ཕྱི་རོལ་ལ་གནས་པ། །ཚེག་དྲག་དང་ནི་མཉམ་པོར་ལྡན། །དབང་ལྡན་ཕྱི་རོལ་ལ་གནས་དང་། །མེ་མཚམས་འདབ་མ་ཅན་དེ་བཞིན། །བྱང་ནས་གསུམ་པ་གང་ཡིན་པ། །དབུས་ལས་དབུ་མར་གྱུར་པར་བྱ། །ལྷོ་ནས་དབུ་མ་པ་


DNG012_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡང་། །མེ་མཚམས་འདབ་མ་ཅན་དང་ལྡན། །སྒྲ་ཡིག་ཨི་དང་ལྡན་སྦྱོར་བ། །ཨེ་ཡིག་ཐིག་ལེ་དང་ལྡན་པ། །ལན་གཉིས་གསུམ་ནི་བརྗོད་བྱས་ཏེ། །ལྷ་མོ་གསུམ་པོའི་ཁོ་ནའོ། །སྔགས་འབྱུང་བར་ནི་གྲགས་པ་ཡིན། །ཨོ་ཡིག་ཐིག་ལེ་དང་ལྡན་པར། །ཤར་ནས་གཉིས་པ་གང་ཡིན་པ། །ཟླ་ཚེས་ཐིག་ལེ་གཙུག་གི་ཞལ། །དབུས་ནས་དབུ་མ་དེ་བཞིན་དུ། །ལྷོ་ནས་དབུ་མ་པ་ལ་ཡང་། །མེ་མཚམས་འདབ་མ་ཅན་སྦྱོར་དང་། །དུས་རྣམས་ཐམས་ཅད་སྦྱོར་བར་བྱ། །དབང་ལྡན་ཕྱི་རོལ་པ་དེ་བཞིན། །སྒྲ་ཡིག་ཨི་ནི་སྦྱོར་བར་བྱ། །དེ་ཉིད་ཕྱི་རོལ་པ་བཟུང་ནས། །སྒྲ་ཡིག་ཨི་དང་ལྡན་བྱས་ཏེ། །མེ་མཚམས་འདབ་མ་གནས་པ་ཡི། །སྒྲ་ཡིས་ཨི་ཡིག་བརྒྱན་པར་བྱ། །རླུང་མཚམས་ཕྱི་རོལ་པ་བཟུང་ནས། །ཐིག་ལེ་ཨུ་ཡིག་སྦྱོར་བྱས་ཏེ། །ལན་གཉིས་སུ་ནི་བརྗོད་པའོ། །དེ་ནི་དཔག་བསམ་ཤིང་སོགས་ལྷ། །རྡོ་རྗེ་སྙིང་པོ་མ་དང་། རྡོ་རྗེ་སྲེད་མེད་ཀྱི་བུ་མོ་དང་། རྡོ་རྗེ་གར་གྱི་དབང་ཕྱུག་མ་དང་། འདོད་པའི་དབང་མོ་རྣམས་ཤེས་པ་ལྷ་མོ་བཞི་ཡིན་ནོ། །ཨོ་ཡིག་ཐིག་ལེ་དང་ལྡན་པ། །ཡི་གེ་ཨེ་ཡིས་སྦྱོར་བར་བྱ། །རླུང་མཚམས་ཕྱི་རོལ་ལ་གནས་པ། །མེ་མཚམས་འདབ་མ་ཅན་དེ་བཞིན། །ཡི་གེ་ཨེ་ཡིས་མཉམ་ལྡན་པའི། །བྱང་ནས་དང་པོར་འགྱུར་བྱས་ཏེ། །དབུས་ལས་དབུ་མ་དེ་བཞིན་དུ། །མེ་མཚམས་འདབ་མ་ཅན་སྦྱོར་བའི། །ལྷོ་ཡི་དབུ་མ་པ་ཡང་དེ། །ཡི་གེ་ཨེ་ཡིས་མཉམ་ལྡན་བྱ། །དབུས་ལས་དབུ་མ་ལྡན་འགྱུར་དང་། །བདེན་བྲལ་འདབ་མ་ལ་གནས་པ། །སྒྲ་ཡིག་ཨི་ནི་སྦྱོར་བྱས་ཏེ། །བདེན་བྲལ་ཕྱི་རོལ་ལ་གནས་པ། །སྒྲ་ཡིག་ཨི་ནི་སྦྱོར་བྱས་ཏེ། །བྱང་ནས་ཐ་མ་གང་ཡིན་པ། །སྒྲ་ཡིག་ཨ་ནི་སྦྱོར་བར་བྱ། །བྱང་ནས་དང་པོ་གང་ཡིན་པ། །མེ་མཚམས་པ་ཡི་གདན་དང་ལྡན། །ནུབ་ནས་དང་པོ་གང་ཡིན་པ། །རྟག་པར་ཨ་མེད་འགྱུར་བར་བྱ། །གདོད་མ་ཐ་མ་མེད་པའི་མཆོག །ལྷ་མོ་རྡོ་རྗེ་པི་ཝང་མའོ། །རླུང་མཚམས་ཕྱི་རོལ་པ་བཟུང་ནས། །སྒྲ་ཡིག་ཨེ་ནི་སྦྱོར་བར་བྱ། །མེ་མཚམས་འདབ་མ་གནས་པ་ཉིད། །སྒྲ་ཡིག་ཨི་དང་ལྡན་བྱས་ཏེ། །བྱང་


DNG012_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དང་པོར་འགྱུར་བར་བྱ། །དབུས་ནས་དབུ་མ་བཟུར་ནས་སུ། །ལྷོ་ནས་དབུ་མ་གཟུང་བར་བྱ། །མེ་མཚམས་འདབ་མ་དང་སྦྱོར་ནས། །བསྡུ་བར་བྱ་བ་ཡང་ཡིན་ཏེ། །ཤར་ནས་གསུམ་པ་གང་ཡིན་པ། །སྒྲ་ཡིག་ཨི་ནི་སྦྱོར་བར་བྱ། །བྱང་ནས་དང་པོ་བཟུང་ནས་སུ། །སྒྲ་ཡིག་ཨེ་ནི་སྦྱོར་བྱས་ཏེ། །ང་རོ་བཞི་པོ་དང་ལྡན་པ། །རྟག་པར་ལན་གསུམ་བརྗོད་བྱའོ། །རླུང་མཚམས་ཕྱི་རོལ་པ་བཟུང་ནས། །སྒྲ་ཡིག་ཨེ་ནི་སྦྱོར་བར་བྱ། །མེ་མཚམས་འདབ་མ་པ་ལ་ཡང་། །སྒྲ་ཡིག་ཨེ་ནི་སྦྱོར་བར་བྱ། །བྱང་ནས་དང་པོ་འགྱུར་བར་བྱ། །དབུས་ནས་དབུ་མ་བཟུང་ནས་སུ། །མེ་མཚམས་འདབ་མ་ཅན་ལྷན་ཅིག །ལྷོ་ནས་དབུ་མ་འགྱུར་བྱས་ཏེ། །རླུང་མཚམས་ཕྱི་རོལ་ལ་གནས་པ། །སྒྲ་ཡིག་ཨ་ནི་སྦྱོར་བར་བྱ། །དེ་བཞིན་བདེན་བྲལ་ཕྱི་རོལ་པ། །སྒྲ་ཡིག་ཨེ་ནི་སྦྱོར་བའི་ཕྱིར། །རླུང་མཚམས་ཕྱི་རོལ་པ་ཉིད་ནི། །ལན་གཉིས་ཆེད་དུ་བརྗོད་པར་བྱ། །དབུས་ནས་དབུ་མ་བཟུང་ནས་སུ། །ཐིག་ལེ་ཨེ་ཡིག་སྦྱོར་བར་བྱ། །མཁའ་འགྲོ་སྒྱུ་མ་བདེ་མཆོག་ལ། །རྔ་ཆེན་ལྷ་མོར་གྲགས་པ་ཡིན། །རླུང་མཚམས་ཕྱི་རོལ་པ་བཟུང་ནས། །སྒྲ་ཡིག་ཨི་ནི་སྦྱོར་བར་བྱ། །མེ་མཚམས་འདབ་མ་གནས་པ་ཡང་། །བྱང་ནས་དང་པོ་པ་བཟུང་སྟེ། །སྒྲ་ཡིག་ཨེ་ནི་ལྡན་པར་བྱ། །དབུས་ལས་དབུ་མ་དེ་བཞིན་དུ། །མེ་མཚམས་འདབ་མ་དང་སྦྱོར་བའི། །ལྷོ་ནས་དབུ་མ་པ་དང་ཡང་། །བྱང་ནས་མཐའ་མ་བཟུང་བྱས་ཏེ། །མེ་མཚམས་འདབ་མ་ལྡན་བྱས་ནས། །སྒྲ་ཡིག་ཨི་ནི་སྦྱོར་བར་བྱ། །བྱང་ནས་དང་པོ་བཟུང་བྱས་ཏེ། །དབང་ལྡན་འདབ་མ་ཅན་སྦྱོར་ནས། །དེ་ཚེ་དེ་ནི་ཡང་བརྗོད་དེ། །དེ་བཞིན་དབུས་ལས་དབུ་མ་ཡང་། །སྒྲ་ཡིག་ཨེ་ནི་སྦྱོར་བར་བྱ། །དབུས་ལས་དང་པོ་དེ་བཞིན་དུ། །དེ་ནི་ལན་གཉིས་བརྗོད་པར་བྱ། །ལྷོ་ནས་བཞི་པ་བཟུང་ནས་སུ། །ང་རོ་ཨ་ཡིག་ལྡན་པར་བྱ། །རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ལ། །རྫ་རྔ་མ་ཞེས་གྲགས་པ་ཡིན། །ཞེས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས་གསུངས་སོ། །གླིང་བུ་མ་དང་པི་ཝང་ཀུན། །རྔ་ཆེན་དེ་བཞིན་རྫ་རྔ་ཀུན། །རྡོ་རྗེ་སེམས་


DNG012_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

དཔའི་དཀྱིལ་འཁོར་ལ། །གྲྭ་ཡི་ལྷ་མོས་མཆོད་བསྒྲུབ་པའོ། །ཨ་ཡིག་དང་པོ་བྱས་ནས་སུ། །དབུས་ནས་དབུ་མ་པ་ལ་ཡང་། །མེ་མཚམས་འདབ་མ་ཅན་ལྡན་པར། །ལྷོ་ནས་དབུ་མ་འགྱུར་བར་བྱ། །དབུས་ལས་དང་པོ་དེ་བཞིན་དུ། །སྒྲ་ཡིག་ཨུ་ནི་སྦྱོར་བར་བྱ། །མེ་མཚམས་ཕྱི་རོལ་པ་བཟུང་ནས། །དབུས་ལས་དང་པོ་ཡང་ཡིན་ཏེ། །ཨེ་ཡིག་དང་ནི་མཉམ་པོར་ལྡན། །དབུས་ནས་མེ་ཏོག་མ་ཕྱུང་ངོ་། །ཨ་ཡིག་དང་པོར་བྱས་ནས་སུ། །དབུས་ལས་དབུ་མ་པ་ཡང་སྟེ། །མེ་མཚམས་འདབ་མ་དང་ལྡན་པའི། །ལྷོ་ནས་དབུ་མ་ཡང་ཡིན་ཏེ། །བྱང་ལས་བཞི་པ་གང་ཡིན་པ། །སྒྲ་ཡིག་ཨུ་དང་སྦྱར་བར་བྱ། །དབུས་ལས་དང་པོ་བཟུང་ནས་སུ། །རྡོ་རྗེ་སྤོས་མེ་རྣམ་གྲགས་སོ། །ཨ་ཡིག་དང་པོ་བྱས་ནས་སུ། །དབུས་ལས་དབུ་མ་པ་ཡང་སྟེ། །མེ་མཚམས་འདབ་མ་ཅན་ལྡན་པའི། །ལྷོ་ལས་དབུ་མར་འགྱུར་བར་བྱ། །ཡི་གེ་ཨ་ལས་མཉམ་ལྡན་ཏེ། །བདེན་བྲལ་འདབ་མ་གནས་པ་ལ། །སྒྲ་ཡིག་ཨོ་ནི་སྦྱོར་བར་བྱ། །ཤར་གྱི་དང་པོ་དེ་བཞིན་དུ། །ཨེ་ཡིག་ལྡན་པར་གསུངས་པའོ། །ཨ་ཡིག་དང་པོ་བྱང་ནས་སུ། །དབུས་ལས་དབུ་མ་དེ་བཞིན་ཡང་། །མེ་མཚམས་འདབ་མ་དང་ལྡན་པར། །ལྷོ་ལས་དབུ་མ་འགྱུར་བྱས་ཏེ། །ཤར་གྱི་གསུམ་པ་དེ་ལ་ཡང་། །ཐིག་ལེ་དང་ནི་སྦྱོར་བར་བྱ། །བྱང་ནས་བཞི་པ་གང་ཡིན་པ། །ཡི་གེ་ཨེ་ཡིག་ལྷན་ཅིག་འགྱུར། །ཞེས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས་རྡོ་རྗེ་མེ་ཏོག་མ་དང་། རྡོ་རྗེ་བདུག་སྤོས་མ་དང་། རྡོ་རྗེ་མར་མེ་མ་དང་། རྡོ་རྗེ་དྲི་ཆབ་མ་ཞེས་བྱ་བ་ཕྱིའི་ལྷ་མོ་བཞི་གསུངས་སོ། །ཨོ་ཡིག་ཐིག་ལེ་དང་ལྡན་པར། །དབུས་ལས་དབུ་མ་པ་ཡང་སྟེ། །མེ་མཚམས་འདབ་མ་དང་ལྷན་ཅིག །ལྷོ་ལས་དབུ་མ་འགྱུར་བ་སྟེ། །ཨ་ཡིག་ཐིག་ལེ་མཉམ་གནོན་པར། །རྟག་པར་བརྗོད་པར་བྱ་བ་སྟེ། །ཤར་ལས་དང་པོ་བཟུང་ནས་སུ། །སྒྲ་ཡིག་ཨུ་ནི་སྦྱོར་བར་བྱ། །དབང་ལྡན་ཕྱི་རོལ་པ་བཟུང་ནས། །སྒྲ་ཡིག་ཨི་ནི་སྦྱོར་བར་བྱ། །ཚེག་དྲག་མཉམ་པོར་ལྡན་པ་ནི། །ལྷོ་ལས་དབུ་མར་འགྱུར་བའོ། །ཞེས་


DNG012_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས་གསུངས་སོ། །ཨོ་ཡིག་ཐིག་ལེ་དང་ལྡན་པར། །དབུས་ལས་དབུ་མ་འགྱུར་བྱས་ཏེ། །མེ་མཚམས་པ་དང་མཉམ་ལྡན་པའི། །ལྷོ་ལས་དབུ་མ་པ་ཡང་སྟེ། །དབུས་ལས་དང་པོ་བཟུང་ནས་སུ། །སྒྲ་ཡིག་ཨ་ནི་སྦྱོར་བར་བྱ། །དབང་ལྡན་ཕྱི་རོལ་པ་བཟུང་ནས། །སྒྲ་ཡིག་ཨ་ནི་སྦྱོར་བར་བྱ། །རླུང་མཚམས་ཕྱི་རོལ་པ་བཟུང་ནས། །ཐིག་ལེ་ཨུ་ཡིག་སྦྱོར་བའོ། །ཞེས་བཅོམ་ལྡན་འདས་དཔལ་དོན་ཡོད་ཤིན་ཏུ་དགའ་བའི་སེམས་དཔས་གསུངས་སོ། །ཨོ་ཡིག་ཐིག་ལེ་དང་ལྡན་པར། །དབུས་ལས་དབུ་མ་འགྱུར་བར་བྱས། །མེ་མཚམས་འདབ་མ་ཅན་ལྡན་ཞིང་། །ལྷོ་ལས་དབུ་མ་འགྱུར་བར་བྱ། །དབང་ལྡན་ཕྱི་རོལ་པ་བཟུང་ནས། །ཐིག་ལེ་ང་རོས་བརྒྱན་བྱས་ཏེ། །ཤར་གྱི་དབང་པོ་བཟུང་ནས་སུ། །སྒྲ་ཡིག་ཨེ་དང་མཉམ་ལྡན་ཞིང་། །བདེན་བྲལ་འདབ་མ་ཅན་དུ་འགྱུར། །དཔྲལ་བར་ཐིག་ལེས་བརྒྱན་པའོ། །ཞེས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས་གསུངས་སོ། །ཨོ་ཡིག་ཐིག་ལེ་དང་ལྡན་པར། །དབུས་ལས་དབུ་མ་པ་ཡིན་ཏེ། །མེ་མཚམས་འདབ་མ་ཅན་ལྷན་ཅིག །ལྷོ་ནས་དབུ་མ་འགྱུར་བར་བྱ། །ཤར་ལས་བཞི་པ་གང་ཡིན་པ། །ཐིག་ལེ་ང་རོས་རྣམ་པར་བརྒྱན། །ནུབ་ལས་དང་པོ་བཟུང་ནས་སུ། །སྒྲ་ཡིག་ཨེ་ནི་སྦྱོར་བར་བྱ། །རླུང་མཚམས་ཕྱི་རོལ་པ་བཟུང་ནས། །ཚེག་དྲག་དང་ནི་མཉམ་ལྡན་ཞིང་། །ཨོ་ཡིག་ལྷན་ཅིག་འགྱུར་བའོ། །ཞེས་བཅོམ་ལྡན་འདས་བདེ་བ་ཆེན་པོ་དཔལ་རྡོ་རྗེ་སེམས་དཔས་གསུངས་སོ། །རྟ་མགྲིན་འཕང་མཐོའི་ལྕགས་ཀྱུ་མ་དང་། ཕག་མགོ་མཆེ་ཞགས་མ་དང་། ཉི་ཟླ་ལྕགས་སྒྲོག་མ་དང་། ཤི་བ་གསོ་བའི་དྲིལ་བུ་མ་ཞེས་བྱ་བ་སྒོ་སྲུང་མ་བཞི་གསུངས་པ་སྟེ། དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ལ་སྔགས་ཀྱི་ཚོགས་ཀྱི་ཕྱག་རྒྱ་ཤེས་པའོ། །ཨོ་ཡིག་ཐིག་ལེ་དང་ལྡན་པར། །དབུས་ལས་བཞི་པ་གང་ཡིན་པ། །ཚེག་དྲག་ཨུ་ཡིག་ལྡན་པ་སྟེ། །ཤར་ལས་གཉིས་པ་ཅན་པ་ཡང་། །ཐིག་ལེ་ང་རོ་གནོན་པ་ནི། །ཐུབ་ཆེན་རྣམ་སྣང་མཛད་ཀྱིའོ། །ཨོ་ཡིག་ཐིག་ལེ་


DNG012_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པར། །དབུས་ལས་དབུ་མ་ཡང་ཡིན་ཏེ། །མེ་མཚམས་འདབ་མ་དང་ལྡན་པའི། །ལྷོ་ལས་དབུ་མ་འགྱུར་བྱས་ཏེ། །བདེན་བྲལ་ཕྱི་རོལ་པ་བཟུང་ནས། །བྱང་ནས་དང་པོ་པ་ཡང་སྟེ། །དབུས་ནས་དབུ་མ་པ་ལྡན་པ། །དབང་ལྡན་ཕྱི་རོལ་ལ་གནས་པ། །ཐིག་ལེ་དང་ནི་ལྡན་པའོ། །ཞེས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས་གསུངས་སོ། །ཨོ་ཡིག་ཐིག་ལེ་དང་ལྡན་པར། །དབུས་ལས་དབུ་མ་ཡང་ཡིན་ཏེ། །མེ་མཚམས་འདབ་མ་དང་ལྷན་ཅིག །ལྷོ་ལས་དབུ་མ་འགྱུར་བྱས་ཏེ། །མེ་མཚམས་འདབ་མ་ཅན་དེ་བཞིན། །བྱང་ལས་དང་པོར་འགྱུར་བྱས་ཏེ། །བྱང་ལས་ཐ་མ་དང་ལྡན་པ། །མཇུག་ཏུ་མེ་མཚམས་འདབ་མ་ཅན། །ཟླ་ཚེས་ཐིག་ལེ་གཙུག་གི་ཞལ། །ཞེས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས་གསུངས་སོ། །ཨོ་ཡིག་ཐིག་ལེ་དང་ལྡན་པར། །དབུས་ལས་དབུ་མ་པར་འགྱུར་ཏེ། །མེ་མཚམས་འདབ་མ་ཅན་ལྷན་ཅིག །ལྷོ་ལས་དབུ་མ་ཡང་ཡིན་ཏེ། །བྱང་ནས་བཞི་པ་གང་ཡིན་པ། །དབུས་ལས་དབུ་མ་པ་ཡང་སྟེ། །མེ་མཚམས་པ་ཡི་མགོ་གནོན་བྱ། །དབུས་ལས་ཐ་མ་གང་ཡིན་པ། །ཟླ་ཚེས་ཐིག་ལེ་གཙུག་གི་ཞལ། །ཞེས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས་གསུངས་སོ། །ཨོ་ཡིག་ཐིག་ལེ་དང་ལྡན་པར། །དབུས་ལས་དབུ་མ་འགྱུར་བྱས་ཏེ། །མེ་མཚམས་འདབ་མ་དང་ལྡན་པའི། །ལྷོ་ལས་དབུ་མ་འགྱུར་བྱས་ཏེ། །ཤར་ལས་དང་པོ་བཟུང་ནས་སུ། །མེ་མཚམས་ཅན་གྱིས་གནོན་པ་ཡི། །དབུས་ལས་དབུ་མ་པ་ཡང་འདོད། །བྱང་ལས་གཉིས་པ་གང་ཡིན་པ། །ཟླ་ཚེས་ཐིག་ལེ་གཙུག་གི་ཞལ། །ཞེས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས་གསུངས་སོ། །རླུང་མཚམས་ཕྱི་རོལ་པ་བཟུང་སྟེ། །ཐིག་ལེ་ང་རོ་ལྡན་པར་བྱའོ། །བདེན་བྲལ་ཕྱི་རོལ་པ་བཟུང་སྟེ། །དབུས་ལས་དབུ་མ་དང་ལྡན་པའི། །བྱང་ལས་དང་པོ་འགྱུར་བར་བྱ། །དབུས་ལས་དབུ་མ་དེ་བཞིན་དུ། །ཨི་ཡིག་མེ་མཚམས་ལྡན་པ་སྟེ། །ལྷོ་ལས་དབུ་མ་འགྱུར་བར་བྱའོ། །ཞེས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས་གསུངས་སོ། །ལྷོ་ལས་གཉིས་པ་གང་ཡིན་པ། །ཐིག་ལེ་ཨེ་ཡིག་སྦྱོར་བར་བྱ། །དབུ་ལས་དབུ་མ་དེ་བཞིན་དུ། །མེ་མཚམས་


DNG012_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

འདབ་མ་ལྡན་པ་ཡི། །ལྷོ་ལས་དབུ་མ་འགྱུར་བྱས་ཤིང་། །མེ་མཚམས་འདབ་མར་གནས་པ་ཉིད། །བྱང་ལས་དང་པོ་དེ་བཞིན་དུ། །བྱང་ལས་ཐ་མ་དང་འབྱོར་པ། །སྒྲ་ཡིག་ཨེ་དང་སྦྱོར་བའོ། །ཞེས་བཅོམ་ལྡན་འདས་དཔལ་དོན་ཡོད་ཤིན་ཏུ་དགའ་བའི་རྡོ་རྗེ་སེམས་དཔས་གསུངས་སོ། །བྱང་ནས་དང་པོ་བཟུང་ནས་སུ། །ཐིག་ལེ་མེ་མཚམས་ཡང་དག་ལྡན། །དབུས་ལས་དབུ་མ་དེ་བཞིན་དུ། །མེ་མཚམས་པ་དང་ལྡན་པ་ལ། །ལྷོ་ལས་དབུ་མ་འགྱུར་བར་བྱ། །དབུས་ལས་དང་པོ་བཟུང་ནས་སུ། །བྱང་ལས་དབུ་མ་ཡང་ཡིན་ཏེ། །དབུས་ལས་ཐ་མ་དང་ལྡན་ལ། །ཡི་གེ་ལྷན་ཅིག་འགྱུར་བའོ། །ཞེས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས་གསུངས་སོ། །བྱང་ལས་བཞི་པ་གང་ཡིན་པ། །ཐིག་ལེ་ང་རོ་ལྡན་པར་བྱ། །དབུས་ལས་དབུ་མ་དེ་བཞིན་དུ། །སྒྲ་ཡིག་ཨི་ནི་སྦྱར་བྱས་ཏེ། །དབང་ལྡན་ཕྱི་རོལ་པ་བཟུང་ནས། །དབུས་ལས་དབུ་མ་པ་དང་ལྡན། །དེ་བཞིན་དབུས་ལས་དབུ་མ་ཡང་། །ཨི་ཡིག་མེ་མཚམས་དང་ལྡན་པའི། །ལྷོ་ལས་དབུ་མ་པ་འགྱུར་རོ། །ཞེས་བཅོམ་ལྡན་འདས་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔས་གསུངས་སོ། །དང་པོ་སངས་རྒྱས་དབྱངས་མ་དང་། །དེ་བཞིན་གཉིས་པ་དཔའ་བོ་མ། །ཀུན་ཏུ་བཟང་མོ་གསུམ་པ་སྟེ། །བཞི་པ་ཟད་མེད་སྣོན་མའོ། །དཔའ་མོ་སངས་རྒྱས་སྐུ་ལྡན་མ། །དེ་བཞིན་གཟུངས་མ་ཞལ་མཛེས་མ། །སྤྲིན་ཆེན་མ་ནི་བདུན་པ་སྟེ། །བརྒྱད་པ་ནམ་མཁའི་སྤྱན་མའོ། །གླིང་བུ་ལ་སོགས་བསྡུས་པ་དང་། །སྒོ་སྲུང་མ་སོགས་ཡང་བསྡུས་ཏེ། །མེ་ཏོག་མ་སོགས་བསྡུས་པ་ནི། །དང་པོའི་དཀྱིལ་འཁོར་ལ་བསྐྱེད་འདོད། །ཅེས་བཅོམ་ལྡན་འདས་འདོད་ཆགས་ཆེན་པོ་དཔལ་རྡོ་རྗེ་སེམས་དཔས་གསུངས་ཏེ། དེ་བཞིན་གཤེགས་པས་དཀྱིལ་འཁོར་ལ་སྔགས་འབྱུང་བའི་ཚོགས་ཀྱི་ཕྱག་རྒྱ་ཤེས་པའོ། །ཨོ་ཡིག་ཐིག་ལེ་དང་ལྡན་པ། །ཡི་གེ་ཨེ་ཡིས་ལྡན་པ་ཡི། །རླུང་མཚམས་ཕྱི་རོལ་གནས་པ་དང་། །མེ་མཚམས་འདབ་མ་གནས་པ་ཉིད། །སྒྲ་ཡིག་ཨུ་དང་སྦྱོར་བར་བྱ། །ཤར་ལས་དང་པོ་དེ་བཞིན་དུ། །དབུས་ལས་དབུ་མ་ཡང་ཡིན་ཏེ། །མེ་མཚམས་འདབ་མ་དང་ལྡན་པའི། །ལྷོ་ལས་དབུ་མ་འགྱུར་བྱས་ཏེ། །བདེན་བྲལ་ཕྱི་རོལ་པ་བཟུང་ནས། །


DNG012_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་ལས་ཐ་མ་པ་ཡང་བཟུང་། །དབང་ལྡན་འདབ་མར་གནས་པ་ཉིད། །ཡི་གེ་ཨེ་དང་མཉམ་ལྡན་པའི། །རླུང་མཚམས་ཕྱི་རོལ་གནས་པ་ལ། །ཚེག་དྲག་གིས་ནི་མཉམ་པར་ལྡན། །དེ་ནི་བཅུ་པར་ཡོངས་གྲགས་ཏེ། །བདེན་བྲལ་ཕྱི་རོལ་གནས་པ་ལ། །མེ་མཚམས་འདབ་མ་ཅན་དང་ལྡན། །དབུས་ལས་དབུ་མ་འགྱུར་ནས་སུ། །བྱང་ལས་དབུ་མ་དེ་བཞིན་ཏེ། །སྒྲ་ཡིག་ཨུ་ནི་སྦྱོར་བར་བྱ། །མེ་མཚམས་ཕྱི་རོལ་པ་དེ་བཞིན། །ནུབ་ལས་དང་པོ་པ་དང་ལྡན། །བདེན་བྲལ་ཕྱི་རོལ་པ་ལ་ཡང་། །དབུ་མའི་མཐའ་ཡང་དེ་ཡིན་ཏེ། །དབང་ལྡན་འདབ་མར་གནས་པ་ཉིད། །ཡི་གེ་ཨུ་དང་མཉམ་ལྡན་པའི། །དབུས་ལས་ཐ་མ་པ་འགྱུར་ནས། །མེ་མཚམས་འདབ་མ་དང་ལྡན་པ། །བྱང་ལས་དབུ་མ་འགྱུར་བྱས་ཏེ། །འདྲེན་པ་ཨ་ཡིག་དང་ལྷན་ཅིག །དབུས་ལས་དང་པོ་བཟུང་ནས་སུ། །མེ་མཚམས་སྟན་དང་ལྡན་པར་བྱ། །དབུས་ལས་བཞི་པ་གང་ཡིན་པ། །ཐིག་ལེ་དང་ནི་ཡང་དག་ལྡན། །ལྷོ་ལས་དབུ་མ་དེ་བཞིན་དུ། །ཤར་ལས་དང་པོ་པ་ཡང་ཡིན། །རླུང་མཚམས་ཕྱི་རོལ་པ་བཟུང་ནས། །ཐིག་ལེ་ཨུ་ཡིག་ལྡན་པར་བྱ། །དབུས་ལས་གཉིས་པ་གང་ཡིན་པ། །ནུབ་ཀྱི་དང་པོ་ཨ་མེད་པར། །ཞེས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས་གསུངས་སོ། །རླུང་མཚམས་ཕྱི་རོལ་བཟུང་ནས་སུ། །ཐིག་ལེ་ཨུ་ཡིག་དང་ལྡན་ཏེ། །དབུས་ལས་དབུ་མ་དེ་བཞིན་དུ། །མེ་མཚམས་སྟན་དང་ལྡན་པ་ཡི། །ལྷོ་ལས་དབུ་མ་པ་འགྱུར་ཏེ། །ཤར་ལས་གསུམ་པ་གང་ཡིན་པ། །སྒྲ་ཡིག་ཨུ་དང་ལྡན་པར་བྱ། །རླུང་མཚམས་ཕྱི་རོལ་གནས་པ་ལ། །སྒྲ་ཡིག་ཨེ་ཡིས་བརྒྱན་པ་སྟེ། །དབང་ལྡན་འདབ་མའི་གདན་ཅན་ནི། །ལྔ་པར་ཡོངས་སུ་གྲགས་པ་སྟེ། །བདེན་བྲལ་ཕྱི་རོལ་གནས་པ་ལ། །སྒྲ་ཡིག་ཨི་དང་སྦྱོར་བར་བྱ། །བྱང་ལས་བཞི་པ་གང་ཡིན་པ། །སྒྲ་ཡིག་ཨི་དང་སྦྱོར་བར་བྱ། །དབུས་ལས་དང་པོ་བཟུང་ནས་སུ། །མེ་མཚམས་འདབ་མ་ཅན་དང་འདྲ། །དབུས་ལས་ཐ་མ་ཡང་ཡིན་ཏེ། །དབང་ལྡན་འདབ་མར་གནས་པ་ལ། །སྒྲ་ཡིག་ཨོ་ནི་སྦྱོར་བར་བྱ། །ཤར་ལས་གསུམ་པ་གང་ཡིན་པ། །སྒྲ་ཡིག་ཨོ་ནི་སྦྱོར་བར་བྱ། །དབང་


DNG012_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་ཕྱི་རོལ་གནས་པ་ཡང་། །དབུས་ལས་དབུ་མ་དང་ལྡན་ཏེ། །མེ་མཚམས་འདབ་མར་གནས་པ་ལ། །སྒྲ་ཡིག་ཨི་ནི་སྦྱོར་བར་བྱ། །རླུང་མཚམས་ཕྱི་རོལ་གནས་པ་ནི། །མེ་མཚམས་གདན་དང་ལྡན་པ་སྟེ། །ཚེག་དྲག་ཡི་གེ་ཨི་ལྡན་པ། །དང་པོ་ཡོངས་སུ་གྲགས་པའོ། །རླུང་མཚམས་ཕྱི་རོལ་གནས་པ་ལ། །ཐིག་ལེ་ཡི་གེ་ཨུ་སྦྱོར་ཏེ། །མཁས་པས་ལན་གཉིས་བརྗོད་པར་བྱ། །དབུས་ལས་དབུས་མ་ཡང་བཟུང་སྟེ། །ལྷོ་ལས་དབུ་མ་དེ་བཞིན་ལ། །མེ་མཚམས་འདབ་མ་ཅན་དང་ལྡན། །ལྷོ་ལས་དང་པོ་བཟུང་ནས་སུ། །ཐིག་ལེ་དང་ནི་མཉམ་པོར་ལྡན། །ནུབ་ནས་དབུ་མ་བཟུང་ནས་སུ། །ཡི་གེ་ཨེ་དང་མཉམ་ལྡན་བྱ། །དབང་ལྡན་ཕྱི་རོལ་གང་ཡིན་པ། །དབུས་ལས་དབུ་མ་དང་ལྡན་ཏེ། །མེ་མཚམས་འདབ་མར་གནས་པ་ལ། །སྒྲ་ཡིག་ཨི་ནི་སྦྱོར་བར་བྱ། །ཤར་ལས་གཉིས་པ་གང་ཡིན་པ། །ནུབ་ལས་དང་པོ་བཟུང་ནས་སུ། །དབུས་ནས་དབུ་མ་ལྡན་པ་སྟེ། །ཐིག་ལེ་ཨ་ཡིག་ལྡན་པར་བྱ། །བཅུ་པར་ཡོངས་སུ་གྲགས་པ་སྟེ། །ཤར་ལས་གསུམ་པ་གང་ཡིན་པ། །སྒྲ་ཡིག་ཨི་དང་སྦྱོར་བར་བྱ། །དབུས་ལས་ཐ་མར་བཟུང་ནས་སུ། །རླུང་མཚམས་ཕྱི་རོལ་པ་ལ་ཡང་། །ཡི་གེ་ཨ་དང་ལྡན་པར་བྱ། །དབུས་ནས་དབུ་མ་བཟུང་ནས་སུ། །ལྷོ་ལས་གསུམ་པར་འགྱུར་བྱས་ཏེ། །མེ་མཚམས་གདན་ནི་སྦྱོར་བྱས་ནས། །ཤར་ནས་དང་པོ་བཟུང་ནས་སུ། །ཡི་གེ་ཨ་ཡིག་ལྡན་པ་ཡི། །དབུས་ལས་དང་པོ་འགྱུར་བྱས་ཏེ། །བདེན་བྲལ་འདབ་མར་གནས་པ་ལ། །སྒྲ་ཡིག་ཨེ་དང་སྦྱོར་བ་ཡི། །དབུས་ལས་ཐ་མ་ཡང་ཡིན་ཏེ། །ཤར་ནས་དང་པོ་བཟུང་ནས་སུ། །སྒྲ་ཡིག་ཨུ་ཡིས་སྦྱོར་བར་བྱ། །ནུབ་ཀྱི་དང་པོ་བཟུང་ནས་སུ། །དབྱངས་ཡིག་ཨེ་དང་སྦྱོར་བར་བྱ། །མེ་མཚམས་འདབ་མར་གནས་པ་ལ། །སྒྲ་ཡིག་ཨུ་དང་སྦྱོར་བ་སྟེ། །བདེན་བྲལ་འདབ་མར་གནས་པ་ལ། །སྒྲ་ཡིག་ཨུ་ཡིས་བརྒྱན་བྱས་ཏེ། །མེ་མཚམས་འདབ་མར་གནས་པ་ཡང་། །སྒྲ་ཡིག་ཨུ་དང་སྦྱོར་བར་བྱ། །བདེན་བྲལ་འདབ་མར་གནས་པ་ལ། །སྒྲ་ཡིག་ཨུ་ཡིས་བརྒྱན་པ་སྟེ། །བདེན་བྲལ་འདབ་མར་གནས་པ་ནི། །གཉིས་བརྩེགས་ཡི་གེ་ཨུ་དང་ལྡན། །རླུང་མཚམས་ཕྱི་རོལ་


DNG012_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ་ལ། །བྱང་ལས་ཐ་མ་ལྡན་བྱས་ཏེ། །ཚེག་དྲག་མཉམ་པོར་ལྡན་པ་ལ། །སྒྲ་ཡིག་ཨི་དང་སྦྱོར་བར་བྱ། །ཞེས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས་གསུངས་སོ། །རླུང་མཚམས་ཕྱི་རོལ་པ་བཟུང་ནས། །ཐིག་ལེ་ཨུ་ཡིས་སྦྱོར་བར་བྱ། །དབུས་ལས་དབུ་མ་བཟུང་བ་དང་། །མེ་མཚམས་སྟན་དང་ལྡན་པ་ཡི། །ལྷོ་ནས་དབུ་མར་འགྱུར་བར་བྱ། །བྱང་ལས་ཐ་མ་བཟུང་ནས་སུ། །སྒྲ་ཡིག་ཨ་ནི་སྦྱོར་བར་བྱ། །མེ་མཚམས་འདབ་མར་གནས་པ་ལ། །སྒྲ་ཡིག་ཨ་ཡིས་བརྒྱན་པར་བྱ། །དབང་ལྡན་འདབ་མར་གནས་པ་ལ། །སྒྲ་ཡིག་ཨི་དང་ལྡན་པ་ཡི། །ནུབ་ཀྱི་ཐ་མར་འགྱུར་བར་བྱ། །ལྷོ་ཡི་དབུ་མར་དེ་བཞིན་དུ། །ལྷོ་ལས་བཞི་པ་གང་ཡིན་འབྱོར། །ཚེག་དྲག་ཡི་གེ་ཨི་ལྡན་པ། །འདུས་པ་གསུངས་པ་ཡིན་པའོ། །རླུང་མཚམས་ཕྱི་རོལ་པ་བཟུང་ནས། །ཐིག་ལེ་ཨུ་ཡིས་སྦྱོར་བར་བྱ། །དབུས་ལས་དབུ་མ་དེ་བཞིན་ཡང་། །མེ་མཚམས་སྟན་དང་ལྡན་པ་ཡི། །ལྷོ་ཡི་དབུ་མ་འགྱུར་བར་བྱ། །དབུས་ལས་དང་པོ་བཟུང་ནས་སུ། །སྒྲ་ཡིག་གཉིས་པ་ལྡན་པ་ཡི། །བྱང་གི་དང་པོ་ཡང་ཡིན་ཏེ། །ཤར་ལས་དང་པོ་བཟུང་བ་ལ། །སྒྲ་ཡིག་ཨེ་ནི་སྦྱོར་བར་བྱ། །ལྷོ་ལས་དབུ་མ་དེ་བཞིན་དུ། །ཚེག་དྲག་ཡི་གེར་ལྡན་པའོ། །ཞེས་རྡོ་རྗེ་རྣལ་འབྱོར་མ་རྣམས་ཀྱིའོ། །རླུང་མཚམས་ཕྱི་རོལ་པ་བཟུང་ནས། །ཐིག་ལེ་ཨུ་ཡིག་སྦྱོར་བྱས་ཏེ། །དབུས་ལས་དབུ་མ་བཟུང་བ་དང་། །མེ་མཚམས་སྟན་དང་ལྡན་པ་ཡི། །ལྷོ་ལས་དབུ་མ་འགྱུར་བར་བྱ། །དབུས་ལས་དང་པོ་བཟུང་བ་ལས། །མེ་མཚམས་སྟན་དང་ལྡན་པར་བྱ། །རླུང་མཚམས་ཕྱི་རོལ་པ་བཟུང་ནས། །དེ་འོག་མེ་མཚམས་པ་ཡིན་ཏེ། །ནུབ་ཀྱི་ཐ་མ་དེ་བཞིན་དུ། །སྒྲ་ཡིག་ཨི་དང་སྦྱོར་བར་བྱ། །དབུས་ལས་ཐ་མ་ཡང་ཡིན་ཏེ། །ནུབ་ལས་དང་པོ་བཟུང་ནས་སུ། །ཨ་ཡིག་མེད་པར་གྱུར་པའོ། །རླུང་མཚམས་ཕྱི་རོལ་པ་བཟུང་ནས། །ཐིག་ལེ་ཨུ་ཡིས་སྦྱོར་བར་བྱ། །


DNG012_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་ལས་དབུ་མ་དེ་བཞིན་ཏེ། །མེ་མཚམས་སྟན་དང་ལྡན་པ་ཡི། །ལྷོ་ལས་དབུ་མ་འགྱུར་བར་བྱ། །དབང་ལྡན་ཕྱི་རོལ་ཅན་ཉིད་ལ། །སྒྲ་ཡིག་ཨུ་དང་སྦྱོར་བར་བྱ། །བདེན་བྲལ་འདབ་མར་གནས་པ་ཡང་། །སྒྲ་ཡིག་ཨ་ནི་སྦྱོར་བར་བྱ། །ཤར་ལས་གསུམ་པ་གང་ཡིན་པ། །ཨེ་ཡིག་མེ་མཚམས་པ་དང་ལྡན། །དབུས་ལས་བཞི་པ་གང་ཡིན་པ། །ཐིག་ལེ་ཨི་ཡིག་ལྡན་པར་བྱ། །བྱང་ནས་དབུ་མ་ཕུལ་ནས་སུ། །དེ་ནས་དབུས་ནས་ཐ་མ་སྟེ། །ནུབ་ཀྱི་དང་པོ་རྟག་ཏུ་ནི། །ཨ་ཡིག་མེད་པར་བརྗོད་པར་བྱ། །ཞེས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས་གསུངས་སོ། །རླུང་མཚམས་ཕྱི་རོལ་པ་བཟུང་ནས། །ཐིག་ལེ་ཨུ་ཡིག་སྦྱོར་བར་བྱ། །དབུས་ལས་དབུ་མ་དེ་བཞིན་དུ། །མེ་མཚམས་སྟན་དང་ལྡན་པ་ཡི། །ལྷོ་ལས་དབུ་མ་འགྱུར་བར་བྱ། །ཤར་ལས་དང་པོ་གང་ཡིན་པ། །སྒྲ་ཡིག་ཨེ་ཡིས་བརྒྱན་པ་སྟེ། །དབང་ལྡན་ཕྱི་རོལ་གང་ཡིན་པ། །སྒྲ་ཡིག་ཨེ་ནི་སྦྱོར་བར་བྱ། །ལྷོ་ལས་དང་པོ་གང་ཡིན་པ། །གཉིས་པ་རུ་ནི་སྦྱོར་བྱས་ལ། །ཐིག་ལེ་ཨི་ཡིག་ལྡན་པར་བྱ། །དེ་ཡང་དྲུག་པར་འགྱུར་བ་སྟེ། །བྱང་ལས་དབུ་མ་དེ་བཞིན་དུ། །དབུ་མའི་ཐ་མ་ཡང་ཡིན་ཏེ། །ནུབ་ལས་དང་པོ་རྟག་ཏུ་ནི། །ཨ་ཡིག་མེད་པར་འགྱུར་བའོ། །ཞེས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས་གསུངས་སོ། །རླུང་མཚམས་ཕྱི་རོལ་པ་བཟུང་ནས། །ཐིག་ལེ་ཨེ་ཡིག་ལྡན་པར་བྱ། །དབུས་ལས་དབུ་མ་བཟུང་བ་དང་། །མེ་མཚམས་སྟན་དང་ལྡན་པ་ཡི། །ལྷོ་ལས་དབུ་མ་འགྱུར་བྱས་ཏེ། །ཡི་གེ་ཨ་དང་ལྡན་པར་བྱ། །དབུས་ལས་ཐ་མ་བཟུང་ནས་སུ། །བདེན་བྲལ་འདབ་མར་གནས་པ་ཡང་། །དབུས་ལས་དང་པོ་བཟུང་ནས་སུ། །སྒྲ་ཡིག་ཨ་ནི་སྦྱོར་བར་བྱ། །དབང་ལྡན་ཕྱི་རོལ་པ་ཉིད་ལ། །སྒྲ་ཡིག་ཨེ་དང་སྦྱོར་བར་བྱ། །དབུས་ལས་ཐ་མ་བཟུང་ནས་སུ། །ནུབ་ལས་དང་པོ་ཡང་བཟུང་སྟེ། །ཨ་ཡིག་མེད་པར་བྱས་པ་ནི། །མཁའ་འགྲོ་མ་རུ་གྲགས་པའོ། །གཽ་རཱི་ཙཽ་རཱི་པྲ་མོ་ཧ། །བཻ་ཏཱ་ལཱི་ཞེས་བྱ་བ་བཞི། །རྡོ་རྗེ་རྣལ་འབྱོར་མ་དག་ཡིན། །པུཀྐ་སཱི་དང་ཙཎྜ་ལཱི། །གྷསྨ་ཁྲག་འཐུང་འདྲ་བ་བཞི། །


DNG012_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་མཁའ་འགྲོ་མ་དག་ཡིན། །རླུང་མཚམས་ཕྱི་རོལ་པ་བཟུང་ནས། །སྒྲ་ཡིག་ཨེ་དང་ལྡན་པར་བྱ། །དབུས་ལས་དབུ་མ་དེ་བཞིན་ཏེ། །མེ་མཚམས་འདབ་མ་སྟན་ལྡན་པའི། །ལྷོ་ལས་དབུ་མ་འགྱུར་བར་བྱ། །མེ་མཚམས་འདབ་མར་གནས་པ་ཉིད། །སྒྲ་ཡིག་ཨི་དང་ལྡན་པ་ཡི། །བྱང་ལས་དང་པོ་འགྱུར་བར་བྱ། །དབུས་ལས་དང་པོ་དེ་བཞིན་དུ། །ཐིག་ལེ་ཡང་དག་ལྡན་པའོ། །ཞེས་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཛིན་པས་གསུངས་སོ། །དབུས་ལས་དབུ་མ་དེ་བཞིན་དུ། །ཐིག་ལེ་ང་རོ་ཡང་དག་ལྡན། །དབུས་ལས་ཐ་མ་བཟུང་བ་དང་། །ཡི་གེ་ཨ་དང་ལྡན་པ་ཡི། །རླུང་མཚམས་ཕྱི་རོལ་གནས་པར་འགྱུར། །མེ་མཚམས་འདབ་མར་གནས་པ་ཉིད། །བྱང་ལས་དང་པོ་ཡང་ཡིན་ཏེ། །དབུས་ལས་དབུ་མ་པ་ཡང་བཟུང་། །ཨེ་ཡིག་མེ་མཚམས་དང་ལྡན་པའི། །ལྷོ་ནས་དབུ་མ་འགྱུར་བར་བྱ། །རླུང་མཚམས་ཕྱི་རོལ་པ་བཟུང་ནས། །ཚེག་དྲག་ཨོ་ཡིག་སྦྱོར་བས་སོ། །ཞེས་བཅོམ་ལྡན་འདས་དཔལ་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔས་གསུངས་སོ། །ཨོ་ཡིག་ཐིག་ལེ་དང་ལྡན་པའི། །དབུས་ལས་དབུ་མ་ཡང་ཡིན་ཏེ། །མེ་མཚམས་འདབ་མ་ཅན་ལྡན་པའི། །དབུས་ལས་དབུ་མ་འགྱུར་བའོ། །ཨོ་ཡིག་དང་ནི་ལྡན་པ་ཡི། །བདེན་བྲལ་འདབ་མར་གནས་དེ་བཞིན། །ལྷོ་ལས་དང་པོ་དེ་བཞིན་དུ། །ཡི་གེ་ཨི་ཡིག་ལྡན་པ་ཡི། །བྱང་ལས་ཐ་མ་ཡང་ཡིན་ཏེ། །དབང་ལྡན་འདབ་མར་གནས་པ་ལ། །ཟླ་ཚེས་ཐིག་ལེ་གཙུག་གི་ཞལ། །ཞེས་བཅོམ་ལྡན་འདས་དཔལ་ཐོགས་པ་མེད་པའི་ཤིན་ཏུ་དགའ་བའི་རྡོ་རྗེ་སེམས་དཔས་གསུངས་སོ། །མེ་མཚམས་འདབ་མར་གནས་པ་ལ། །ཟླ་ཚེས་ཐིག་ལེ་གཙུག་གི་ཞལ། །དབུས་ལས་ཐ་མ་ཡང་དེ་བཞིན། །སྒྲ་ཡིག་ཨ་དང་སྦྱོར་བ་ཡི། །རླུང་མཚམས་ཕྱི་རོལ་པར་འགྱུར་ཏེ། །དབང་ལྡན་ཕྱི་རོལ་གནས་ཉིད་ལ། །མེ་མཚམས་སྟན་དང་ལྡན་པ་སྟེ། །སྒྲ་ཡིག་ཨོ་དང་སྦྱོར་བར་བྱ། །བཞི་པར་ཡོངས་སུ་གྲགས་པ་ཡིན། །དབུས་ལས་དབུ་མ་པ་ཉིད་དང་། །མེ་མཚམས་སྟན་དང་ལྡན་པ་ཡི། །སྒྲ་ཡིག་ཨེ་དང་སྦྱོར་ནས་སུ། །ལྷོ་ལས་དབུ་མ་འགྱུར་བར་བྱ། །རླུང་མཚམས་ཕྱི་རོལ་གནས་པ་ཡང་། །སྒྲ་ཡིག་ཨི་དང་སྦྱོར་བྱས་ཏེ། །ཚེག་དྲག་ལྷན་ཅིག་འདོད་པའོ། །དེ་དག་


DNG012_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

མདའ་རྣོན་འཛིན་མ་ལ་སོགས་པ་གྲྭའི་ལྷ་མོ་ལ་སོགས་བཞི་རྣམས་ཀྱིའོ། །མེ་ཏོག་མ་སོགས་འདུས་པ་དང་། །སྒོ་སྲུང་མ་སོགས་འདུས་པ་སྟེ། །རྩ་བའི་དཀྱིལ་འཁོར་ཚུལ་གྱིས་ནི། །ཇི་བཞིན་ཡང་དག་འབྱུང་བའོ། །ཞེས་བཅོམ་ལྡན་འདས་དཔལ་ཐོགས་པ་མེད་པའི་ཤིན་ཏུ་དགའ་བའི་རྒྱལ་པོ་རྡོ་རྗེ་སེམས་དཔས་གསུངས་ཏེ། རྡོ་རྗེ་མཁའ་འགྲོ་མ་ཡི་དཀྱིལ་འཁོར་ལ། སྔགས་འབྱུང་བའི་ཚོགས་ཀྱི་ཕྱག་རྒྱ་ཤེས་པའོ། །ཨོ་ཡིག་ཐིག་ལེ་དང་ལྡན་པར། །དབུས་ལས་དབུ་མ་བཟུང་བྱས་ཏེ། །བདེན་བྲལ་ཕྱི་རོལ་པ་ལ་སོགས། །དབུས་ལས་བཞི་པ་གང་ཡིན་པ། །སྒྲ་ཡིག་ཨ་དང་སྦྱོར་བར་བྱེ། །དབུས་ལས་དབུ་མ་བཟུང་བ་དང་། །དབང་ལྡན་ཕྱི་རོལ་གནས་པ་ལ། །སྒྲ་ཡིག་ཨུ་དང་སྦྱོར་བར་བྱ། །བྱང་ལས་བཞི་པ་གང་ཡིན་པ། །རྩེག་མར་དེ་བཞིན་ལྕི་བར་འདོད། །དབུས་ལས་དང་པོ་བཟུང་བ་དང་། །བྱང་ནས་དབུ་མ་ཡང་ཡིན་ཏེ། །དབུས་ལས་ཐ་མ་དང་སྦྱོར་བ། །བརྒྱད་པར་ཡོངས་སུ་གྲགས་པ་ཡིན། །བྱང་ནས་ཐ་མར་དེ་བཞིན་དུ། །ཨོ་ཡིག་མེ་མཚམས་དང་ལྡན་པ། །བྱང་ནས་དང་པོ་ཡང་ཡིན་ཏེ། །དབུས་ལས་དབུ་མ་དང་སྦྱོར་ཏེ། །དབང་ལྡན་ཕྱི་རོལ་གནས་པ་ཡང་། །མེ་མཚམས་འདབ་མ་བཟུང་ནས་སུ། །རླུང་མཚམས་ཕྱི་རོལ་གནས་པ་ལ། །མེ་མཚམས་པ་སྟན་ལྡན་བྱས་ཏེ། །ཚེག་དྲག་ཨི་ཡིས་སྦྱོར་བས་སོ། །ཞེས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས་གསུངས་སོ། །ཨོ་ཡིག་ཐིག་ལེ་དང་ལྡན་པར། །བདེན་བྲལ་ཕྱི་རོལ་གནས་པ་ཡང་། །མེ་མཚམས་པ་ཡི་གནོན་པ་ཡི། །དབུས་ལས་དབུ་མ་འགྱུར་བར་བྱ། །བྱང་ལས་དང་པོ་བཟུང་ནས་སུ། །སྒྲ་ཡིག་ཨ་དང་ལྡན་པ་ཡིས། །བྱང་ནས་གཉིས་པ་གང་ཡིན་པ། །ཤར་ལས་གསུམ་པ་གང་ཡིན་དང་། །བྱང་ནས་དང་པོ་ཡང་ཡིན་ཏེ། །དབུས་ལས་དང་པོ་བཟུང་ནས་སུ། །བྱང་ནས་དབུ་མ་པ་ལ་ཡང་། །དབུས་ལས་ཐ་མ་དང་སྦྱོར་ཏེ། །ཡི་གེ་ཨི་དང་གཅིག་པར་འདོད། །ལྷོ་ནས་དབུ་མ་བཟུང་ནས་སུ། །ཚེག་དྲག་ལྕི་བ་ཁོ་ནའོ། །ཞེས་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཛིན་པས་གསུངས་སོ། །རླུང་མཚམས་ཕྱི་རོལ་པ་བཟུང་ནས། །ཐིག་ལེ་ཨུ་ཡིག་སྦྱོར་བར་བྱ། །དབུས་ལས་དབུ་མ་པ་བཟུང་བ། །མེ་མཚམས་པ་སྟན་


DNG012_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པ་ཡི། །ལྷོ་ལས་དབུ་མ་འགྱུར་བར་བྱ། །དབུས་ལས་དང་པོ་བཟུང་ནས་སུ། །བྱང་ནས་དབུ་མ་པ་ལ་ཡང་། །དབུས་ལས་ཐ་མ་དང་སྦྱོར་ལ། །སྒྲ་ཡིག་ཨི་དང་ལྡན་པར་བྱའོ། །ཞེས་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཛིན་པས་གསུངས་སོ། །རླུང་མཚམས་ཕྱི་རོལ་པ་བཟུང་ནས། །སྒྲ་ཡིག་ཨེ་དང་སྦྱོར་བར་བྱ། །དབུས་ལས་དང་པོ་བཟུང་བ་དང་། །བྱང་ནས་དབུ་མ་པ་ལ་ཡང་། །དབུས་ལས་ཐ་མ་པ་སྦྱོར་ལ། །སྒྲ་ཡིག་ཨི་དང་ལྡན་པར་བྱ། །དེ་ནི་ལན་གཉིས་བརྗོད་བྱས་ཏེ། །དབུས་ལས་དབུ་མ་འགྱུར་བ་ལ། །ཐིག་ལེ་ང་རོ་ལྡན་བྱས་ལ། །དེ་ནི་དྲུག་པོར་ཡོངས་གྲགས་སོ། །ཞེས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས་གསུངས་སོ། །རླུང་མཚམས་ཕྱི་རོལ་པ་བཟུང་ནས། །ཚེག་དྲག་ཨོ་ཡིག་སྦྱོར་བར་བྱ། །དབུས་ལས་དང་པོ་བཟུང་ནས་ནི། །བྱང་ལས་དབུ་མ་དང་ལྡན་པའི། །དབུས་ཀྱི་ཐ་མ་བཟུང་བ་དང་། །ནུབ་ལས་ཐ་མ་བཟུང་བ་ལ། །སྒྲ་ཡིག་ཨེ་ནི་སྦྱོར་བར་བྱ། །མེ་ཡི་འདབ་མར་གནས་པ་ལ། །སྒྲ་ཡིག་ཨ་དང་སྦྱོར་བར་བྱ། །ལྷོ་ལས་དབུ་མ་བཟུང་ནས་སུ། །ཐིག་ལེ་ང་རོ་ལྡན་པར་བྱ། །ཞེས་བཅོམ་ལྡན་འདས་ཤིན་ཏུ་དགའ་བའི་རྡོ་རྗེ་སེམས་དཔས་རྣམ་པར་གཟིགས་མ་དང་། སྒྲོལ་མ་དང་ས་འཛིན་མ་དང་ཁྲོ་གཉེར་མ་ཞེས་པའི་པདྨའི་གཙོ་མོའི་ལྷ་མོ་བཞི་གསུངས་པའོ། །རླུང་མཚམས་ཕྱི་རོལ་པ་བཟུང་ནས། །ཐིག་ལེ་ཨུ་ཡིག་སྦྱོར་བར་བྱ། །དབུས་ལས་དང་པོ་བཟུང་བ་དང་། །བྱང་ནས་དབུ་མ་གང་ཡིན་པ། །དབུས་ལས་ཐ་མ་དང་སྦྱོར་ཏེ། །དེ་ནི་རྟག་པར་ལྕི་བར་འགྱུར། །ལྷོ་ལས་དང་པོ་བཟུང་ནས་སུ། །ཐིག་ལེ་དང་ནི་མཉམ་པོར་ལྡན། །ནུབ་ནས་དབུ་མ་པ་ཉིད་ལ། །ཨི་ཡིག་དང་ནི་ལྡན་པར་བྱ། །དབང་ལྡན་ཕྱི་རོལ་པ་བཟུང་ནས། །དབུས་ལས་དབུ་མ་དང་སྦྱོར་བྱ། །མེ་མཚམས་འདབ་མར་གནས་པ་ཉིད། །སྒྲ་ཡིག་ཨུ་ཡིས་རྣམ་པར་བརྒྱན། །རླུང་མཚམས་ཕྱི་རོལ་པ་ལ་ཡང་། །ཡི་གེ་ཨུ་དང་མཉམ་ལྡན་ལ། །ཐིག་ལེ་ང་རོ་ཡང་དག་ལྡན། །དབུས་ལས་གཉིས་པ་གང་ཡིན་པ། །ཨ་མེད་ནུབ་ཀྱི་དང་པོའོ། །ཞེས་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཛིན་པས་གསུངས་སོ། །རླུང་མཚམས་ཕྱི་རོལ་པ་བཟུང་ནས། །སྒྲ་ཡིག་ཨེ་ནི་སྦྱོར་བར་བྱ། །དབུས་ལས་ཐ་མ་བཟུང་བ་དང་། །སྒྲ་ཡིག་ཨེ་དང་


DNG012_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པ་ཡི། །རླུང་མཚམས་ཕྱི་རོལ་པ་འགྱུར་ཏེ། །དབུས་ལས་དབུ་མ་པ་ཉིད་ལ། །སྒྲ་ཡིག་ཨི་ནི་སྦྱོར་བར་བྱ། །དབང་ལྡན་ཕྱི་རོལ་པ་ལ་ཡང་། །དབུས་ལས་དབུ་མ་དང་ལྡན་བྱ། །དབུས་ལས་དང་པོ་བཟུང་བ་དང་། །བྱང་ནས་དབུ་མ་པ་ལ་ཡང་། །དབུས་ལས་ཐ་མ་དང་སྦྱར་ཏེ། །དེ་ནི་རྟག་ཏུ་ལྕི་བར་འགྱུར། །དེ་བཞིན་དབུས་ལས་ཐ་མ་ཡང་། །སྒྲ་ཡིག་ཨུ་དང་སྦྱོར་བར་བྱ། །ཨེ་ཡིག་མེ་མཚམས་ཅན་ལྡན་པའི། །བྱང་ལས་དང་པོ་འགྱུར་བར་བྱ། །བདེན་བྲལ་ཕྱི་རོལ་པ་བཟུང་ལ། །སྒྲ་ཡིག་ཨི་ནི་སྦྱོར་བར་བྱ། །བྱང་ལས་བཞི་པ་གང་ཡིན་པ། །དབང་ལྡན་འདབ་མ་ཅན་གྱི་སྟན། །རླུང་མཚམས་ཕྱི་རོལ་པ་བཟུང་ནས། །ཐིག་ལེ་ཨུ་ཡིག་སྦྱོར་བར་བྱ། །དབུ་མའི་གཉིས་པ་གང་ཡིན་པ། །ནུབ་ཀྱི་དང་པོ་འགྱུར་བར་བྱ། །དེ་ལ་ཨ་ཡིག་མེད་ཅེས་པ། །བདག་གིས་ཐམས་ཅད་དུ་ནི་བཤད། །ཅེས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས་གསུངས་སོ། །རླུང་མཚམས་ཕྱི་རོལ་པ་བཟུང་ནས། །མེ་མཚམས་པ་ཡི་སྟན་དང་ལྡན། །ཚེག་དྲག་ཨི་ཡིག་ལྡན་པ་ནི། །སྤྲས་པ་དག་གི་ཡི་གེ་སྟེ། །དང་པོ་པར་ནི་ཡོངས་སུ་གྲགས། །དབུས་ལས་དང་པོ་བཟུང་བ་དང་། །བྱང་ནས་དབུ་མ་ཡང་ཡིན་ལ། །དབུ་ལས་ཐ་མ་དང་སྦྱོར་ཏེ། །སྒྲ་ཡིག་ཨི་དང་སྦྱོར་བ་ཡི། །མཁས་པས་ལན་གཉིས་བརྗོད་པར་བྱ། །རླུང་མཚམས་ཕྱི་རོལ་པ་ལ་ཡང་། །ཐིག་ལེ་ཨུ་ཡིག་གིས་བརྒྱན་ཏེ། །ཐ་མར་ཡི་གེ་ཨ་ལ་ཡང་། །ཐིག་ལེ་དང་ནི་ལྡན་པར་བྱ། །ཞེས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས་གསུངས་སོ། །རླུང་མཚམས་ཕྱི་རོལ་པ་བཟུང་ནས། །ཚེག་དྲག་ཨོ་ཡིག་སྦྱོར་བར་བྱ། །དབུས་ལས་དང་པོ་བཟུང་བ་དང་། །བྱང་ལས་དབུ་མ་པ་ལ་ཡང་། །དབུས་ལས་ཐ་མ་དང་སྦྱར་ཏེ། །སྒྲ་ཡིག་ཨ་ཡིས་བརྒྱན་པར་བྱ། །དབུས་ལས་དབུ་མ་པ་ཉིད་ལ། །སྒྲ་ཡིག་ཨི་དང་སྦྱོར་བར་བྱ། །དབུས་ལས་དབུ་མ་ཉིད་ལ་ཡང་། །དབང་ལྡན་ཕྱི་རོལ་པ་བཟུང་ནས། །དབུས་ལས་དབུ་མ་དང་སྦྱར་ཏེ། །སྒྲ་ཡིག་ཨེ་དང་ལྡན་པ་ནི། །རྟག་པར་ལྕི་བར་གྱུར་པ་ཡིན། །ཤར་ལས་དང་པོ་བཟུང་ནས་ནི། །མེ་མཚམས་པ་ཡི་གདན་དང་ལྡན། །དབུས་ལས་ཐ་མ་བཟུང་བ་ལ། །སྒྲ་ཡིག་ཨ་དང་སྦྱོར་བར་བྱ། །ཤར་ལས་དང་པོ་བཟུང་ནས་སུ། །


DNG012_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

མེ་མཚམས་པ་ཡི་གདན་དང་ལྡན། །དབུས་ལས་ཐ་མ་པ་ཡང་ཡིན། །རླུང་མཚམས་ཕྱི་རོལ་པ་བཟུང་ལ། །ཐིག་ལེ་ཨུ་ཡིག་སྦྱོར་བར་བྱ། །ལྷོ་ནས་དབུ་མ་དེ་བཞིན་དུ། །ཚེག་དྲག་ལྕི་བ་ཅན་ལྡན་ནོ། །ཞེས་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཛིན་པས་པདྨའི་ན་བཟའ་དང་། རྡོ་རྗེ་པདྨའི་དབང་ཕྱུག་མ་དང་། པདྨ་གར་གྱི་དབང་ཕྱུག་མ་དང་།སྣ་ཚོགས་པདྨ་ཞེས་བྱ་བ་པདྨ་རིགས་ཀྱི་ལྷ་མོ་བཞི་གསུངས་སོ། །གླིང་བུ་མ་ཚོགས་འདུས་པ་དང་། །སྒོ་སྲུང་མ་ཚོགས་འདུས་པ་སྟེ། །མེ་ཏོག་མ་ཚོགས་འདུས་པ་ཡང་། །པདྨས་མཚན་མ་འཛིན་པར་ཟད། །དང་པོའི་དཀྱིལ་འཁོར་ཚུལ་གྱིས་ནི། །ཇི་བཞིན་ཡང་དག་འབྱུང་བའོ། །ཞེས་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཛིན་པས་གསུངས་ཏེ། དཔལ་པདྨ་གར་གྱི་དབང་ཕྱུག་གི་དཀྱིལ་འཁོར་ལ་སྔགས་བྱུང་བའི་ཚོགས་ཀྱི་ཕྱག་རྒྱ་ཤེས་པའོ། །ཨོ་ཡིག་ཐིག་ལེ་དང་ལྡན་པར། །སྒྲ་ཡིག་ཨི་དང་ལྡན་པའོ། །བདེན་བྲལ་ཕྱི་རོལ་པ་ལ་ཡང་། །བྱང་ལས་བཞི་པ་གང་ཡིན་པ། །དབང་ལྡན་འདབ་མ་ཅན་དང་ལྡན། །དབུས་ལས་བཞི་པ་གང་ཡིན་པ། །ཚེག་དྲག་ཨུ་ཡིག་སྦྱོར་བར་བྱ། །བདེན་བྲལ་ཕྱི་རོལ་པ་བཟུང་ནས། །སྒྲ་ཡིག་ཨི་ཡིས་བརྒྱན་པ་སྟེ། །བྱང་ལས་བཞི་པ་གང་ཡིན་པ། །དབང་ལྡན་འདབ་མ་ཅན་དང་ལྡན། །དབུས་ལས་བཞི་པ་གང་ཡིན་པ། །སྒྲ་ཡིག་ཨུ་དང་སྦྱོར་བར་བྱ། །དེ་བཞིན་དབུས་ལས་དབུ་མ་ལ། །ཚེག་དྲག་དང་ནི་མཉམ་པོར་ལྡན། །བདེན་བྲལ་ཕྱི་རོལ་པ་བཟུང་ནས། །སྒྲ་ཡིག་ཨི་དང་སྦྱོར་བར་བྱ། །བྱང་ལས་བཞི་པ་གང་ཡིན་པ། །དབང་ལྡན་འདབ་མ་ཅན་དང་ལྡན། །བདེན་བྲལ་ཕྱི་རོལ་པ་བཟུང་ནས། །ཚེག་དྲག་མཉམ་པོར་ལྡན་པ་ཡི། །དབུས་ལས་ཐ་མ་པ་དང་ལྡན། །དེ་བཞིན་བདེན་བྲལ་ཕྱི་རོལ་པ། །སྒྲ་ཡིག་ཨི་དང་སྦྱོར་བར་བྱ། །བྱང་ལས་བཞི་པ་གང་ཡིན་པ། །དབང་ལྡན་འདབ་མ་ཅན་དང་ལྡན། །དབུས་ལས་བཞི་པ་གང་ཡིན་པ། །ཡི་གེ་ཨ་དང་མཉམ་ལྡན་པའི། །རླུང་མཚམས་ཕྱི་རོལ་པ་འགྱུར་བྱ། །དེ་བཞིན་དབུས་ལས་དབུ་མ་ཡང་། །མེ་མཚམས་པ་ཡི་སྟན་ལྡན་པའི། །ལྷོ་ལས་དབུ་མ་འགྱུར་བར་བྱ། །མེ་མཚམས་འདབ་མ་དེ་བཞིན་དང་། །བྱང་ལས་དང་པོ་སྦྱོར་བ་ཡིས། །བྱང་ལས་ཐ་མ་འགྱུར་


DNG012_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱ། །དབུས་ལས་དབུ་མ་དེ་བཞིན་དུ། །ལན་གཉིས་པར་ནི་བརྗོད་པར་བྱ། །དེ་བཞིན་ནུབ་ཀྱི་དང་པོ་ཡང་། །ལན་གཉིས་པར་ནི་བརྗོད་པར་བྱ། །མེ་མཚམས་པ་ཡི་སྟན་ལྡན་པ། །བྱང་ལས་དང་པོ་འགྱུར་བར་བྱ། །ཐིག་ལེ་ཨ་ཡིག་ལྡན་པ་ཡི། །ནོར་ཆེན་རྡོ་རྗེ་ཉི་མ་ཡིན། །ཞེས་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཛིན་པས་གསུངས་སོ། །དབུས་ལས་དབུ་མ་བཟུང་ནས་སུ། །མེ་མཚམས་འདབ་མའི་སྟན་ལྡན་པའི། །ལྷོ་ལས་དབུ་མ་འགྱུར་བར་བྱ། །བདེན་བྲལ་ཕྱི་རོལ་གནས་པ་དང་། །བྱང་ལས་དང་པོ་གང་ཡིན་དང་། །དབུས་ལས་དབུ་མ་སྦྱོར་བ་དང་། །ཚེག་དྲག་མཉམ་པོར་ལྡན་པ་ཡི། །ལྷོ་ལས་དབུ་མ་འགྱུར་བར་བྱ། །མེ་མཚམས་འདབ་མ་ཅན་དེ་བཞིན། །ཞེས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས་གསུངས་སོ། །དབུས་ལས་དབུ་མ་དེ་བཞིན་དུ། །མེ་མཚམས་པ་ཡི་སྟན་ལྡན་པའི། །ལྷོ་ལས་དབུ་མ་འགྱུར་བར་བྱ། །མེ་མཚམས་འདབ་མ་ཅན་དེ་བཞིན། །བྱང་ལས་དང་པོ་སྦྱོར་བ་ཡི། །བྱང་ལས་ཐ་མ་འགྱུར་བར་བྱ། །རླུང་མཚམས་ཕྱི་རོལ་པ་བཟུང་ལ། །ཐིག་ལེ་ཨུ་ཡིག་སྦྱོར་བའོ། །ཞེས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས་གསུངས་སོ། །དབུས་ལས་དབུ་མ་བཟུང་བ་དང་། །མེ་མཚམས་པ་ཡི་སྟན་ལྡན་པའི། །ལྷོ་ལས་དབུ་མ་འགྱུར་བར་བྱ། །བྱང་ལས་བཞི་པ་གང་ཡིན་དང་། །མེ་མཚམས་འོག་ཏུ་ལྡན་པ་ཡི། །དབུས་ལས་ཐ་མ་འབྱུང་བར་བྱ། །དབུས་ལས་དབུ་མ་དེ་བཞིན་དུ། །ཐིག་ལེ་དང་ནི་མཉམ་ལྡན་ནོ། །ཞེས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས་གསུངས་སོ། །དབུས་ལས་དབུ་མ་དེ་བཞིན་དུ། །མེ་མཚམས་པ་ཡི་གདན་སྦྱོར་བའི། །ལྷོ་ལས་དབུ་མ་འགྱུར་བར་བྱ། །ཤར་ལས་དང་པོ་བཟུང་བ་དང་། །མེ་མཚམས་པ་ཡི་མགོར་སྦྱོར་བའི། །དབུས་ལས་ཐ་མ་འགྱུར་བར་བྱ། །རླུང་མཚམས་ཕྱི་རོལ་པ་བཟུང་ནས། །ཚེག་དྲག་ཨེ་ཡིག་སྦྱོར་བའོ། །ཞེས་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཛིན་པས་དབང་བསྐུར་མ་དང་། མཛོད་གཏེར་མ་དང་། རྒྱལ་མཚན་མཆོག་མ་དང་། མཆོད་ཆེན་མོ་ཞེས་བྱ་བ་ལྷ་མོ་བཞི་གསུངས་སོ། །ཨོ་ཡིག་ཐིག་ལེ་དང་ལྡན་པ། །ཨི་ཡིག་མེ་མཚམས་ཅན་ལྡན་པའི། །དབུས་ལས་དང་པོ་འགྱུར་བར་བྱ། །ཡི་གེ་ཨེ་དང་མཉམ་ལྡན་


DNG012_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །བྱང་ལས་དང་པོ་ཡང་ཡིན་ཏེ། །དབུས་ལས་དབུ་མ་དེ་བཞིན་དང་། །ཨེ་ཡིག་མེ་མཚམས་ཅན་ལྡན་པའི། །ལྷོ་ལས་དབུ་མ་འགྱུར་བར་བྱ། །ནུབ་ནས་ཐ་མ་བཟུང་ནས་སུ། །དབུས་ལས་དབུ་མ་ཡང་ཡིན་ཏེ། །སྒྲ་ཡིག་ཨི་དང་སྦྱོར་བར་བྱ། །དབུས་ལས་ཐ་མ་བཟུང་ནས་སུ། །ནུབ་ཀྱི་དང་པོ་དེ་བཞིན་ཏེ། །རྟག་པར་ཨ་མེད་འགྱུར་བའོ། །ཞེས་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཛིན་པས་གསུངས་སོ། །ཨོ་ཡིག་ཐིག་ལེ་དང་ལྡན་པར། །དབུས་ལས་དབུ་མ་ཡང་ཡིན་ཏེ། །མེ་མཚམས་པ་ཡི་སྟན་ལྡན་པའི། །ལྷོ་ལས་དབུ་མ་འགྱུར་བར་བྱ། །ཨི་ཡིག་མེ་མཚམས་པ་ལྡན་པའི། །དབུས་ལས་དང་པོ་འགྱུར་བར་བྱ། །ཡི་གེ་ཨེ་དང་མཉམ་ལྡན་པའི། །བྱང་ལས་དང་པོ་ཡང་ཡིན་ཏེ། །མེ་མཚམས་པ་ཡི་སྟན་ལྡན་པའི། །རླུང་མཚམས་ཕྱི་རོལ་ལ་གནས་པ། །ཚེག་དྲག་ཡི་གེ་ཨི་དང་སྦྱར། །དེ་ནི་འགྱུར་བར་ཐེ་ཚོམ་མེད། །ཅེས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས་གསུངས་སོ། །ཨོ་ཡིག་ཐིག་ལེ་དང་ལྡན་དང་། །ཐིག་ལེ་ཨེ་ཡིག་ལྡན་པ་ཡི། །ལྷོ་ལས་དང་པོ་འགྱུར་བར་བྱ། །ཡི་གེ་ཨ་དང་མཉམ་ལྡན་པའི། །དེ་ནས་བྱང་གི་དང་པོ་སྟེ། །དབུས་ལས་ཐ་མ་དེ་བཞིན་དུ། །ཨི་ཡིག་དང་ནི་སྦྱོར་བ་ཡི། །ནུབ་ཀྱི་ཐ་མ་འགྱུར་བར་བྱ། །ཚེག་དྲག་ཨོ་ཡིག་དང་ལྡན་པའི། །རླུང་མཚམས་ཕྱི་རོལ་པར་གྱུར་པའོ། །ཞེས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས་གསུངས་སོ། །ཨོ་ཡིག་ཐིག་ལེ་དང་ལྡན་པ། །དབུས་ལས་དབུ་མ་ཡང་ཡིན་ཏེ། །མེ་མཚམས་པ་ཡི་སྟན་ལྡན་པའི། །ལྷོ་ལས་དབུ་མ་འགྱུར་བར་བྱ། །དབུས་ལས་ཐ་མ་དེ་བཞིན་དུ། །ཡི་གེ་ཨེ་དང་མཉམ་སྦྱོར་བའི། །མེ་མཚམས་ཕྱི་རོལ་པར་འགྱུར་ཏེ། །དེ་བཞིན་དབུས་ནས་ཐ་མ་དང་། །ཡི་གེ་ཨ་དང་མཉམ་ལྡན་པའི། །རླུང་མཚམས་ཕྱི་རོལ་འགྱུར་བར་བྱ། །ཐིག་ལེ་ཨུ་ཡིག་དང་ལྡན་པའི། །མེ་མཚམས་ཕྱི་རོལ་པར་འགྱུར་རོ། །ཞེས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས་མདའ་གཞུ་འཛིན་མ་དང་། རྡོ་རྗེ་ཁ་ཊྭཱཾ་མ་དང་། རྡོ་རྗེ་ཉི་མ་མོ་དང་། རྡོ་རྗེ་བསྲེག་བྱ་ཟ་བ་མོ་ཞེས་བྱ་བའི་རྡོ་རྗེ་ཉི་མའི་ལྷ་མོ་བཞི་གསུངས་སོ། །གླིང་བུ་མ་སོགས་འདུས་པ་དང་། །སྒོ་སྲུང་མ་སོགས་འདུ་


DNG012_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

བ་སྟེ། །མེ་ཏོག་མ་སོགས་འདུས་ནས་ཀྱང་། །རྩ་བའི་དཀྱིལ་འཁོར་ལ་བསྐྱེད་འདོད། །ཅེས་བཅོམ་ལྡན་འདས་དཔལ་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔས་གསུངས་སོ། །རྡོ་རྗེ་ཉི་མའི་དཀྱིལ་འཁོར་ལས། །སྔགས་འབྱུང་བའི་ཚོགས་ཀྱི་ཕྱག་རྒྱ་ཤེས་པའོ། །ཨོ་ཡིག་ཐིག་ལེ་དང་ལྡན་པ། །དེ་བཞིན་བདེན་བྲལ་ཕྱི་རོལ་པ། །ཐིག་ལེ་ཨུ་ཡིག་སྦྱོར་བར་བྱ། །དབུས་ལས་བཞི་པ་གང་ཡིན་དང་། །ཡི་གེ་ཨི་དང་མཉམ་ལྡན་པའི། །བྱང་གི་ཐ་མར་འགྱུར་བར་བྱ། །ཡི་གེ་ཨུ་ཡིག་དང་ལྡན་པའི། །བདེན་བྲལ་ཕྱི་རོལ་པ་ཡིན་ཏེ། །དབུས་ལས་བཞི་པ་གང་ཡིན་དང་། །ཐིག་ལེ་ཨུ་ཡིག་དང་ལྡན་པའི། །རླུང་མཚམས་ཕྱི་རོལ་པ་འགྱུར་ཏེ། །རྟ་མཆོག་རྒྱལ་པོའི་གསང་སྔགས་ཏེ། །ཐམས་ཅད་དུས་སུ་བཟླ་བར་བྱ། །ལས་རྣམས་ཐམས་ཅད་འགྲུབ་པ་ནི། །འཇོམས་པ་ལས་གྲུབ་དྲན་ལས་དགའ། །ཞེས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས་གསུངས་སོ། །ཨོ་ཡིག་ཐིག་ལེ་དང་ལྡན་པར། །དེ་བཞིན་དབུས་ལས་དབུ་མ་པ། །སྒྲ་ཡིག་ཨི་དང་སྦྱོར་བར་བྱ། །དབང་ལྡན་ཕྱི་རོལ་དེ་བཞིན་ཏེ། །དབུས་ལས་དབུ་མ་དང་ལྡན་བྱ། །དབུས་ལས་དབུ་མ་དེ་བཞིན་ཏེ། །མེ་མཚམས་པ་ཡི་སྟན་ལྡན་པའི། །ལྷོ་ལས་དབུ་མ་ཡང་ཡིན་ཏེ། །བྱང་ལས་བཞི་པ་གང་ཡིན་དང་། །མེ་མཚམས་པ་ཡི་མཉམ་གནོན་པའི། །དབུས་ལས་ཐ་མ་འགྱུར་ལྡན་བྱ། །ལྷོ་ལས་དབུ་མ་ཡང་ཡིན་ཏེ། །ཚེག་དྲག་ཨི་ཡིག་ལྡན་པ་ནི། །སྣ་ཚོགས་པདྨོ་ཞེས་སུ་གྲགས། །ཞེས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས་གསུངས་སོ། །ཨོ་ཡིག་ཐིག་ལེ་དང་ལྡན་པར། །ཨི་ཡིག་དང་ནི་མཉམ་ལྡན་པའི། །དབུས་ལས་དབུ་མ་ཡང་ཡིན་ཏེ། །དབང་ལྡན་ཕྱི་རོལ་པ་བཟུང་ནས། །དབུས་ལས་དབུ་མ་ལྡན་པར་བྱ། །དབུས་ལས་དབུ་མ་དེ་བཞིན་ཏེ། །མེ་མཚམས་པ་ཡི་སྟན་ལྡན་པའི། །ལྷོ་ལས་དབུ་མ་འགྱུར་བར་བྱ། །བདེན་བྲལ་ཕྱི་རོལ་བཟུང་བ་དང་། །དབུས་ལས་དབུ་མ་ལྡན་པ་ཡི། །བྱང་ལས་དང་པོ་འགྱུར་བར་བྱ། །ཚེག་དྲག་དང་ནི་མཉམ་ལྡན་པའི། །རླུང་མཚམས་ཕྱི་རོལ་པ་ཡང་ཡིན། །རྟ་ཡི་རྒྱལ་པོའི་དཀྱིལ་འཁོར་ལ། །སྣ་ཚོགས་རྡོ་རྗེ་ཞེས་གྲགས་སོ། །


DNG012_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

གང་དང་གང་གི་དབུས་ལ་ནི། །རྟ་མཆོག་འདི་ནི་གཞག་བྱས་ན། །དེ་ཉིད་དེ་ཡི་དཀྱིལ་འཁོར་ཡིན། །ཡུལ་འཁོར་ཐམས་ཅད་འདུལ་བའོ། །ཞེས་བཅོམ་ལྡན་འདས་ཐོགས་མེད་ཤིན་ཏུ་དགའ་བ་དཔལ་རྡོ་རྗེ་སེམས་དཔས་གསུངས་ཏེ། རྟ་མཆོག་གི་དཀྱིལ་འཁོར་ལ་སྔགས་འབྱུང་བའི་ཚོགས་ཀྱི་ཕྱག་རྒྱ་ཤེས་པའོ། །སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག་ལས་སྔགས་ཐམས་ཅད་འབྱུང་བའི་རྟོག་པ་སྟེ་ཉི་ཤུ་པའོ།། །།དེ་ལ་ཇི་ལྟར་ཤིན་ཏུ་དགའ་བ་ཉིད་ཡིན་ཞེ་ན། སྐྱོན་མེད་རྟག་པ་གཏན་དུ་ནི། །འདོད་ཆགས་ཐམས་ཅད་རྗེས་ཆགས་ཕྱིར། །དེ་ཉིད་གསང་བ་བཅོམ་ལྡན་འདས། །འདོད་ཆགས་ཆེན་པོ་དགའ་བ་ཆེ་ཞེས་སོ། །ཇི་ལྟར་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་ཡིན་ཞེ་ན། གཏན་དུ་དགའ་བ་ཀུན་གྱི་མཆོག །གདོད་ནས་གྲོལ་བ་དེ་བཞིན་གཤེགས། །ཀུན་ཏུ་བཟང་པོ་ཀུན་གྱི་བདག །བྱང་ཆུབ་སེམས་མཆོག་ཆོ་གའོ། །དེ་ཇི་ལྟར་བཅོམ་ལྡན་འདས་དཔལ་རྡོ་རྗེ་སྙིང་པོ་ཡིན་ཞེ་ན། དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་ཕྱུག་ཆེ་མཆོག་ཕྱག་རྒྱ་ཡིན། །རྡོ་རྗེ་དབང་ཆེན་ཐུགས་ཀར་བསྒྱུར། །རྡོ་རྗེ་སྙིང་པོ་གཙོ་བོའི་གཙོ། །དམ་པ་དང་པོའི་སྐྱེས་བུའོ། །དེ་ལ་ཇི་ལྟར་བཅོམ་ལྡན་འདས་ཐམས་ཅད་ཀྱི་སེམས་ཉིད་ཡིན་ཞེ་ན། བསམ་མེད་རྒྱ་ཆེན་ཟབ་པ་ནི། །དངོས་གྲུབ་ཐམས་ཅད་ཟད་མེད་བདེ། །ཀུན་གྱི་དྲི་མ་མེད་པ་ནི། །བྱང་ཆུབ་སེམས་བདག་བརྟན་པ་ཡིན། །དེ་ནས་དེའི་ཡོངས་སུ་ལས་ཀྱི་ཁྱད་པར་ནི། སེམས་བརྟན་ཉིད་ཀྱིས་སེམས་དཔའ་སྟེ། །ཏིང་འཛིན་སེམས་དཔའ་བསྒོམ་པའོ། །རྣམ་པར་ཤེས་པ་སེམས་དཔའ་སྟེ། །རྡོ་རྗེ་ཉིད་ཡིན་རྡོ་རྗེ་ལས། །རྡོ་རྗེ་འཛིན་པ་འབྱུང་བའོ། །རྡོ་རྗེ་རྡོ་རྗེ་ཞེས་གསུངས་ནི། །ཉོན་ཅིག་རྡོ་རྗེ་གང་གསུངས་པ། །ཟླ་བ་འདྲ་བར་ཡང་དག་བློ། །རྡོ་རྗེ་ཞེས་སུ་རྣམ་པར་བཤད། །དེ་ལ་ཇི་ལྟར་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོ་ཡིན་ཞེ་ན། ཏིང་འཛིན་ལ་སོགས་རྣམ་བཞི་ཡིས། །གང་གི་བསྐྱེད་པ་ཡོད་པ་ནི། །བསྒོམས་ན་ཐམས་ཅད་བདག་ཉིད་དུ། །ཚེ་འདི་ཉིད་ལ་འགྲུབ་པར་ཡར་འདྲེན་པས་ཀྱང་འགྱུར། །སེམས་དཔའི་བྱིན་གྱིས་བརླབས་ཕྱིར་ཡང་། །རང་བྱིན་བརླབ་འདི་སྒྲུབ་མཆོག་


DNG012_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། །དེ་ཉིད་ཉིན་རེ་གྲུབ་པ་ནི། །རྡོ་རྗེ་སེམས་དཔའ་ཉིད་ཐོབ་བོ། །དེ་ལ་ཇི་ལྟར་བཅོམ་ལྡན་འདས་ཀུན་ཏུ་བཟང་པོའི་སྤྱོད་པ་ཡིན་ཞེ་ན། གསུངས་པ། སྙིང་སྟོབས་རྡུལ་དང་མུན་པ་ཡང་། །ཅི་ཕྱིར་སེམས་ཅན་དོན་དུ་འགྱུར། །དེ་ཕྱིར་ཀུན་ཏུ་བཟང་པོ་ཡི། །ཅི་བཞིན་བྱང་སེམས་སྤྱོད་རྗེས་འགྲོ། །དེ་ལ་ཅི་ལྟར་བཅོམ་ལྡན་འདས་བདུད་དང་བདུད་ལས་རྒྱལ་བ་ཡིན་ཞེ་ན། སེམས་དེ་ཁོ་ན་བདུད་ཡིན་ཏེ། །སེམས་དེ་ཁོ་ན་དེ་བཞིན་གཤེགས། །རང་སེམས་འདུལ་བའི་དོན་དུ་ནི། །བདག་ནི་བདུད་ཉིད་ཉེ་བར་འགྲོ། །དེ་ལ་ཇི་ལྟར་བཅོམ་ལྡན་འདས། །མངོན་པར་བྱང་ཆུབ་པ་དང་སངས་རྒྱས་ཡིན་ཞེ་ན། རང་སེམས་སོ་སོར་རིག་པ་ནི། །བྱང་ཆུབ་སེམས་མཆོག་རྡོ་རྗེ་ཉིད། །དེ་ཉིད་དེ་ལས་དེ་སངས་རྒྱས། །རང་བྱིན་བརླབས་མཆོག་འགྲུབ་ཕྱིར་རོ། །དེ་ལ་ཇི་ལྟར་བཅོམ་ལྡན་འདས་རྡོ་རྗེ་གཏུམ་པོ་མཐར་བྱེད་དང་། ཕྱག་ན་རྡོ་རྗེ་ཡིན་ཞེ་ན།དབྱེར་མེད་སོ་སོར་རྟོགས་པ་ནི། །སྡང་བ་ཐམས་ཅད་ངེས་པར་གནོན། །སངས་རྒྱས་ཀུན་དངོས་རྡོ་རྗེ་ནི། །བྱང་ཆུབ་སེམས་བདག་བརྟན་པ་ཡིན། །བརྟན་པ་ཐམས་ཅད་འགྲུབ་དོན་དུ། །རྒྱལ་བ་བདག་གིས་ཀུན་བཟང་གི། །ཕྱག་ལ་ཕྱག་མཚན་དེ་བྱིན་ཏེ། །དེས་དེ་ཕྱག་ན་རྡོ་རྗེ་ཡིན། །དེ་ལ་ཇི་ལྟར་དང་པོའི་རིགས་འབྱུང་བ་ཡིན་ཞེ་ན། མ་ནི་ཤེས་རབ་ཕ་རོལ་ཕྱིན། །ཕ་ནི་ཐབས་ལ་མཁས་པ་སྟེ། །འདུལ་ཕྱིར་རྡོ་རྗེ་སེམས་དཔའ་ནི། །སྐྱེ་བ་དག་ནི་རིགས་ཡིན་ནོ། །དེ་ལ་ཇི་ལྟར་བཅོམ་ལྡན་འདས་འདོད་པའི་ཐར་པ་ཡིན་ཞེ་ན། དངོས་གྲུབ་ཐམས་ཅད་རྗེས་ཆགས་ཕྱིར། །འདོད་ཆགས་ཆེན་པོ་བཅོམ་ལྡན་འདས། །ཀུན་གྲུབ་ཟད་མེད་བདེ་བ་ཡིན། །བདེ་བ་ཆེན་པོ་ཞེས་འདོད་དོ། །གསང་བ་ཁྲག་འཐུང་ཞེས་བྱ་སྟེ། །ཕྱག་རྒྱ་ཆེན་པོ་འགྲུབ་པའི་ཕྱིར། །མཆོག་ནི་པདྨ་འཛིན་རྒྱལ་པོ། །དམ་ཚིག་དམ་པ་ཤེས་ལྡན་ཕྱིར། །དགྱེས་པ་དམ་པ་ཉི་མ་སྟེ། །སྦྱིན་པ་ལ་སོགས་མཆོག་སྒྲུབ་ཕྱིར། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །རྡོ་རྗེ་རྟ་མཆོག་ལས་ཉིད་ཕྱིར། །སངས་རྒྱས་ཀུན་དངོས་སེམས་དཔའ་སྟེ། །རྫོགས་སངས་རྒྱས་ཕྱིར་རྣམ་སྣང་མཛད། །རྡོ་རྗེ་སེམས་དཔའ་རྒྱལ་ཆེན་པོ། །ཡེ་ཤེས་རྡོ་རྗེ་འཛིན་མཆོག་


DNG012_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། །དེ་ལ་ཇི་ལྟར་བཅོམ་ལྡན་འདས་རྣམ་པ་གསུམ་ཉིད་ཡིན་ཞེ་ན། འཇིག་རྟེན་གསུམ་དག་མཐའ་ཡས་ཕྱིར། །འདུལ་ཕྱིར་སྲིད་གསུམ་མཆོག་གསུམ་བདག །ཐམས་ཅད་ཉིད་ཕྱིར་དཀོན་མཆོག་གསུམ། །འཇིག་རྟེན་གསུམ་བདག་ཁམས་གསུམ་ཡིན། །དེ་ལ་ཇི་ལྟར་བཅོམ་ལྡན་འདས་ཐམས་ཅད་ཉིད་ཡིན་ཞེ་ན། སེམས་ཅན་བསོད་ནམས་ཆེར་འཕགས་ཕྱིར། །མི་གཡོ་ཐམས་ཅད་ཁོ་ན་བདག །སེམས་འདུ་བྱེད་ཕྱིར་གཡོ་བ་སྟེ། །ཀུན་བྱེད་ཐམས་ཅད་ཁོ་ནའི་ཕྱིར། །མཁའ་འགྲོ་མ་དག་ལྷ་མོར་གསུངས། །ཐམས་ཅད་མཛད་པས་སྐལ་བ་བཟང་། །རྣམ་པར་རྟོག་པ་སྐལ་ངན་པར། །བརྡ་ཡིས་མཚན་མར་གསུངས་པའོ། །དེ་ལ་ཇི་ལྟར་བཅོམ་ལྡན་འདས་དང་པོའི་སྙིང་པོ་དབྱངས་འབྱུང་བའི་ཡེ་ཤེས་ཀྱི་རྒྱུ་ཡིན་ཞེ་ན། གཏན་དུ་སྲིད་པ་ཡང་དག་འགྲུབ། །དབང་ཕྱུག་ཆེན་པོ་འགྲུབ་དོན་དུ། །དཔའ་བོའི་དངོས་གྲུབ་ཀུན་དོན་དུ། །བསྐལ་པའི་དང་པོ་བཅོམ་ལྡན་གསུངས། །འདོད་ཆགས་ཆེན་པོའི་ཕྱིར་བཅོམ་ལྡན། །དམ་པ་ཟད་མེད་ཤིན་ཏུ་དགའ། །གསང་ཉིད་ཕྱིར་ན་སྙིང་པོའི་དབྱངས། །ཧཱུྃ་ཡིག་དམ་པ་ཟད་མེད་པའོ། །དེ་ལ་ཇི་ལྟར་ཉེ་བའི་སྙིང་པོ་དེ་ཉིད་ཀྱི་ཡེ་ཤེས་ཡིན་ཞེ་ན།དཀྱིལ་འཁོར་དག་ནི་དམན་པ་དང་། །དམ་ཚིག་དག་ནི་སྤངས་པ་དང་། །དེ་ཉིད་གསང་བ་མི་ཤེས་ན། །རྡོ་རྗེ་སེམས་དཔའ་འགྲུབ་པ་མིན། །འདོད་པ་བཅོམ་ལྡན་སེམས་དཔའ་སྟེ། །དེ་ཁོ་ན་ནི་འདོད་ཆགས་ཡང་། །རྡོ་རྗེ་ཕྱག་ན་རྡོ་རྗེ་ནི། །འདོད་ཆགས་དེ་དང་མི་འབྲལ་འགྱུར། །ལིང་ག་འགྲེང་བར་རང་འབྱུང་སྟེ། །བརླ་ཡི་སྟེང་དུ་བཞུགས་བྱས་ནས། །ལིང་ག་མཆོད་རྟེན་བྱིན་བརླབས་ཏེ། །རྡོ་རྗེ་དབྱིངས་ནི་རང་བདག་འགྱུར། །ལིང་ག་འགྲེང་བར་རང་བྱུང་སྟེ། །བརླ་ཡི་སྟེང་དུ་བཞུགས་ནས་སུ། །ལིང་ག་རྡོ་རྗེར་བྱིན་བརླབས་ཏེ། །རྡོ་རྗེ་སེམས་དཔའ་གནོད་མེད་སྐྱེ། །ལིང་ག་འགྲེང་བ་རང་བྱུང་སྟེ། །བརླ་ཡི་སྟེང་དུ་བཞུགས་ནས་སུ། །ལིང་ག་རྡོ་རྗེར་བྱིན་བརླབས་ཏེ། །ཁྲག་འཐུང་ཞེས་བདག་སྔོན་སྐྱེའོ། །ལིང་ག་འགྲེང་བར་རང་བྱུང་སྟེ། །བརླ་ཡི་སྟེང་དུ་བཞུགས་ནས་སུ། །ལིང་ག་པདྨར་བྱིན་བརླབས་ཏེ། །དག་པའི་ཆོས་བདག་སྔོན་སྐྱེའོ། །ལིང་ག་འགྲེང་བར་རང་བྱུང་སྟེ། །བརླ་ཡི་སྟེང་དུ་བཞུགས་


DNG012_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སུ། །ལིང་ག་རིན་ཆེན་བྱིན་བརླབས་ཏེ། །རྡོ་རྗེ་ཉི་མར་བདག་སྔོན་བསྐྱེད། །ལིང་ག་འགྲེང་བར་རང་བྱུང་སྟེ། །བརླ་ཡི་སྟེང་དུ་བཞུགས་ནས་སུ། །ལིང་ག་སྣ་ཚོགས་བྱིན་བརླབས་ཏེ། །རྟ་མཆོག་དག་ནི་སྔོན་སྐྱེའོ། །བྷ་གར་ལིང་ག་བཅུག་བྱས་ཏེ། །དེར་ནི་ཁྃ་ཡིག་བསྒོམ་པར་བྱ། །རྣམ་པར་སྣང་མཛད་གཟུགས་དག་འོད། །སྐུ་གཉིས་ལྡན་པ་སྤྲོ་བར་བྱ། །བྷ་གར་ལིང་ག་བཅུག་ནས་སུ། །དེ་ལ་ཧཱུྃ་ཡིག་བསྒོམ་པར་བྱ། །ཤིན་ཏུ་དགའ་འདྲའི་གཟུགས་དག་ནི། །སྐུ་གཉིས་ལྡན་པའི་སྤྲོ་བྱའོ། །བྷ་གར་ལིང་ག་བཅུག་ནས་སུ། །དེ་ལ་ཧྲཱྀ་ཡིག་བསྒོམ་པར་བྱ། །ཁྲག་འཐུང་འདྲ་བའི་གཟུགས་དག་ནི། །སྐུ་གཉིས་ལྡན་པར་སྤྲོ་བྱའོ། །བྷ་གར་ལིང་ག་བཅུག་ནས་སུ། །དེ་ལ་བྷ་ཡིག་བསྒོམ་པར་བྱ། །པདྨ་འཛིན་འདྲའི་གཟུགས་དག་ནི། །སྐུ་གཉིས་ལྡན་པ་སྤྲོ་བྱའོ། །བྷ་གར་ལིང་ག་བཅུག་ནས་སུ། །དེ་ལ་ཏྲཾ་ཡིག་བསྒོམ་པར་བྱ། །ཉི་མ་འདྲ་བའི་གཟུགས་དག་ཡོད། །སྐུ་གཉིས་ལྡན་པ་སྤྲོ་བྱའོ། །བྷ་གར་ལིང་ག་བཅུག་ནས་སུ། །དེ་ལ་ཧཱུྃ་ཡིག་བསྒོམ་པར་བྱ། །ཧཱུྃ་མཛད་འདྲ་བའི་གཟུགས་དག་ནི། །སྐུ་གཉིས་ལྡན་པར་སྤྲོ་བྱའོ། །ཞེས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས་གསུངས་སོ། །དེ་ཉིད་གསང་བ་གསང་ཆེན་ཡང་། །སྙིང་པོ་ཡོངས་སུ་གྲགས་པ་ཡིན། །སྙིང་པོས་རྗེས་སུ་འགྲུབ་པ་ནི། །ཉེ་བའི་སྙིང་པོར་ཡོངས་གྲགས་སོ། །སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག་ལས་གསང་བ་བསྒྲུབ་པའི་རྟོག་པ་སྟེ་ཉི་ཤུ་རྩ་གཅིག་པའོ།། །།དེ་ལ་ཇི་ལྟར་བཅོམ་ལྡན་འདས་བདེ་བ་ཆེན་པོ་དང་། རྡོ་རྗེ་དོན་ཡོད་པའི་དམ་ཚིག་གི་རྒྱུད་ཡིན་ཞེ་ན། ཀུན་འགྲུབ་ཟད་མེད་བདེ་བ་ནི། །བདེ་བ་ཆེན་པོ་ཞེས་སུ་གྲགས། །དེ་ནི་རྡོ་རྗེ་འགྲུབ་པ་སྟེ། །དོན་ཡོད་དམ་ཚིག་འདའ་དཀའ་ཡིན། །དེ་ལ་ཇི་ལྟར་བཅོམ་ལྡན་འདས་དཀྱིལ་འཁོར་གྱི་དོན་ཡིན་ཞེ་ན། ཇི་ལྟར་གནས་སུ་ཁྃ་འཁོར་ལོ། །དེ་ལྟར་སྡེ་དང་འགྲོ་བ་བཞིན། །འཁོར་དང་ཡང་དག་འཇུག་འགྱུར་བ། །དེ་འདྲའི་དཀྱིལ་འཁོར་སྐྱེད་མཆོག་ཡིན། །དེ་ལ་ཇི་ལྟར་བཅོམ་ལྡན་འདས་རྣམ་སྨིན་གྱི་རྒྱུ་ཡིན་ཞེ་ན། རྡོ་རྗེ་སེམས་དཔའ་སོགས་ལྷ་ཡི། །དཀྱིལ་འཁོར་མངོན་སུམ་མཐོང་བ་ལས། །བསོད་ནམས་བརྟག་པ་ཅི་འདྲ་བ། །ཕྱིས་བྱས་པ་ཡང་དེ་བཞིན་ནོ། །དེ་ལ་ཇི་ལྟར་བཅོམ་ལྡན་འདས་ཐིག་གདབ་པའི་ཆོ་ག་ཤེས་པ་ཡིན་ཞེ་ན། མཁས་པས་


DNG012_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་བྲི་བྱ་ན། །མཚམས་ཀུན་མཉམ་པོར་འདྲེན་པར་བྱ། །ཤར་དང་ནུབ་དང་བྱང་སོགས་ཕྱོགས། །ཐིག་སྐུད་བཞི་པ་རེའུ་མིག་བརྒྱད། །དཀྱིལ་འཁོར་ཟླུམ་པོ་སངས་རྒྱས་ཀྱི། །རྡོ་རྗེ་ཅན་གྱི་ཟླ་གམ་བཞིན། །པདྨ་པདྨའི་ཚུལ་ཡིན་ཏེ། །རིན་ཆེན་ཚུལ་ནི་རིན་ཆེན་གྱི། །སྣ་ཚོགས་ཀྱི་ནི་ཟླུམ་པོར་གསུངས། །ཅི་ལྟར་འདོད་པ་ཅི་བདེ་བས། །ནང་གི་དཀྱིལ་འཁོར་དང་ལྡན་པ། །རེའུ་མིག་བརྒྱད་པར་འདོད་པའོ། །ཕྱི་ཡི་དཀྱིལ་འཁོར་དབུས་གནས་པར། །ནང་གི་དཀྱིལ་འཁོར་དུ་ནི་འདོད། །རེའུ་མིག་བརྒྱད་ཀྱི་དབུས་གནས་པས། །གཙོ་བོ་དཀྱིལ་འཁོར་འདོད་པ་ཡིན། །ཞེས་དཔལ་རྡོ་རྗེ་སེམས་དཔས་གསུངས་སོ། །དེ་ལ་ཇི་ལྟར་བཅོམ་ལྡན་འདས་རྟོག་པའི་དངོས་གྲུབ་དམ་པ་ཡིན་ཞེ་ན། ཇི་ལྟར་བདེན་པར་དཀྱིལ་འཁོར་དག །གང་གིས་རྟོགས་པར་ནུས་པ་ནི། །གང་གིས་ཡི་དམ་ལྷར་སྦྱོར་བས། །གྲུབ་པའི་དཀྱིལ་འཁོར་བརྟག་པ་ཡིན། །འདིར་སྐུ་བྲིས་པའི་སྦྱོར་བ་ཡིས། །རང་སེམས་བྲི་བར་སྦྱོར་བ་ཡིན། །ལྷག་ཆད་ཆོ་གར་གྱུར་ན་ཡང་། །བསྒྲུབས་ཏེ་སྐྱོན་དུ་མི་འགྱུར་རོ། །དེ་ལ་ཇི་ལྟར་བཅོམ་ལྡན་འདས་གསང་བ་ལྔའི་དེ་ཉིད་ཡིན་ཞེ་ན།སེམས་དཔའ་གདོད་མ་ཐ་མ་མེད། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་གྱི་བདག །རྡོ་རྗེ་སྙིང་པོ་གཙོ་བོའི་གཙོ། །གདོད་མ་ཐ་མ་མེད་ཕྱིར་ཡང་། །དམ་པའི་དང་པོ་ཞེས་འདོད་དོ། །འཁོར་ལོ་ཀུན་གྱི་གཙོ་ཕྱིར་ནི། །དམ་པ་དམ་པའི་དབང་ཕྱུག་ཡིན། །དེ་ལ་ཇི་ལྟར་བཅོམ་ལྡན་འདས་གང་ལགས་ཅི་འདྲ་བ་ཡིན་ཞེ་ན། འདོད་པ་ཆེན་པོ་ཀུན་གྱི་མཆོག །ཡིད་བདེ་བས་ནི་འཛུམ་པ་ཆེ། །རྟག་པར་འཛུམ་པའི་བདེ་བ་དེས། །དམ་པ་བཅོམ་ལྡན་འགྱུར་བ་ཡིན། །དེ་ནས་དེ་ཡི་ཟླ་མདོག་ནི། །དམ་པ་ཡིག་འབྲུ་གྲུབ་ཉིད་ཕྱིར། །ཆོས་རྣམས་ཐམས་ཅད་དག་ཕྱིར་དང་། །གསང་བ་དེ་ཉིད་རྣམ་དག་ཕྱིར། །རྡོ་རྗེ་འཛིན་དེ་ཟླ་བའི་མདོག །དེ་ནས་སྣ་ཚོགས་འོད་འབར་ནི། །ཅི་ཕྱིར་བཅོམ་ལྡན་འདོད་ཆགས་ཆེ། །འདོད་ཆགས་ཀུན་ལ་རྗེས་ཆགས་ཕྱིར། །རྡོ་རྗེ་སེམས་དཔའ་དེ་ཉིད་ཀྱང་། །སྣ་ཚོགས་དམར་པོ་འབར་བའི་འོད། །དེ་ལ་ཇི་ལྟར་དབང་བསྐུར་བའི་ཤེས་པ་ཡིན་ཞེ་ན། ཐོད་ཕྲེང་དབུ་རྒྱན་ལས་གཞན་ནི། །ཁམས་གསུམ་ལ་ནི་དབུ་རྒྱན་མེད། །ཐོད་པའི་ཕྲེང་བའི་དབུ་རྒྱན་ནི། །རྡོ་རྗེ་སེམས་དཔའ་བདག་མངོན་བསྐྱེད། །


DNG012_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་གསུམ་ལས་ནི་རིན་ཆེན་གཞན། །སངས་རྒྱས་རིན་ཆེན་འདྲ་བ་མེད། །སངས་རྒྱས་ཐམས་ཅད་རིན་ཆེན་ཅེས། །དབུ་རྒྱན་དེ་ཡིས་རྡོ་རྗེ་འཛིན། །དེ་ནས་ཇི་ལྟར་སེམས་དཔའི་སྐྱིལ་མོ་ཀྲུང་ཡིན་ཞེ་ན། ཡན་ལག་གཡས་པས་མཉམ་གནན་པས། །གཡོན་པའི་ཡན་ལག་གཟིར་ནས་སུ། །དེ་ཡི་སེམས་དཔའི་སྐྱིལ་ཀྲུང་ཅན། །རྡོ་རྗེ་སྙིང་པོ་གཙོ་བོའི་གཙོ། །དེ་ནས་ཇི་ལྟར་རྡོ་རྗེ་སེམས་དཔའི་ལྷ་མོ་ལ་སོགས་པའི་དེ་བཞིན་ཉིད་ཀྱི་ཤེས་པ་ཡིན་ཞེ་ན། ཀུན་མཆོག་ཤིན་ཏུ་འབིགས་པས་ན། །དངོས་གྲུབ་ཐམས་ཅད་བདེ་བའི་མཆོག །ཀུན་མཆོག་རྣམ་རྒྱལ་བཀྲ་ཤིས་པས། །ཐམས་ཅད་དབང་ཕྱུག་ཆེ་རུ་འཕགས། །གྲུབ་རྣམས་དེ་བཞིན་ཕུན་སུམ་ཚོགས། །དགའ་བ་དེ་བཞིན་གཙོ་མོ་བདག །རྡོ་རྗེ་ལྷ་མོ་ཚོགས་ཕྱག་རྒྱ། །རྡོ་རྗེ་སེམས་དཔའ་མཆོག་གཟུགས་ཡིན། །དེ་ནས་ཇི་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་ཆེན་པོའི་དེ་ཉིད་ལྔ་ཡིན་ཞེ་ན། མེ་ལོང་ཁྲག་འཐུང་ཞེས་བྱ་རྣམས། །མཉམ་པ་ཉིད་ལ་གར་དབང་མཆོག །སོ་སོར་རྟོག་ལ་ཉི་མ་སྟེ། །བྱ་བ་ལ་ནི་རྟ་མཆོག་དང་། །ཆོས་ཀྱི་དབྱིངས་ལ་སངས་རྒྱས་ནི། །ཐུབ་ཆེན་རྣམ་པར་སྣང་མཛད་དོ། །ཡེ་ཤེས་ལྔ་ཡི་བདག་ཉིད་ནི། །འདོད་ཆགས་ཆེན་པོ་བདེ་བ་ཆེ། །གཟུགས་དང་སྒྲ་དང་དེ་བཞིན་དྲི། །རོ་དང་རེག་བྱ་དེ་བཞིན་ཡང་། །རྡོ་རྗེ་སེམས་དཔའ་འདྲ་བར་ནི། །དེ་རྣམས་དེ་བཞིན་ཉིད་ཀྱིས་བསྙེན། །ཆོས་ཀྱི་དབྱིངས་ལ་འབྱུང་བ་ཡིས། །རྒྱ་ཆེར་དངོས་གྲུབ་སྟེར་བར་འགྱུར། །ཞེས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས་གསུངས་སོ། །དེ་ནས་ཇི་ལྟར་ཕྱག་རྒྱ་དང་ཕྱག་རྒྱའི་ཡན་ལག་གི་ཤེས་པ་ཡིན་ཞེ་ན། འཕྲོག་བྱེད་མ་དང་འཛིན་བྱེད་མ། །གཟུང་ཐར་མ་དང་ཚེ་སྦྱིན་མ། །ནམ་མཁར་འགྲོ་དང་ལྷ་མོ་དག །མཁའ་འགྲོ་མ་དྲུག་རབ་ཏུ་གྲགས། །གང་གིས་སྐྲ་ནི་བསྟན་གྱུར་ན། །དེ་ལ་དཔྲལ་བ་བསྟན་པར་བྱ། །མིག་ལ་སྟོན་པ་གང་ཡིན་པ། །དེ་ལ་ལྟེ་བ་བསྟན་པར་བྱ། །གང་གིས་ལྟེ་བ་བསྟན་པ་ན། །དེ་ལ་མཆུ་ནི་རབ་ཏུ་བསྟན། །གང་གིས་མ་མཆུ་རབ་བསྟན་ན། །དེ་ལ་སོ་ནི་རབ་ཏུ་བསྟན། །གང་གིས་ལྕེ་ནི་བསྟན་འགྱུར་ན། །དེ་ལ་གསུས་པ་བསྟན་པར་འགྱུར། །གང་གིས་བྷ་ག་བསྟན་གྱུར་ན། །དེ་ལ་ལིང་ག་བསྟན་པར་བྱ། །གང་གིས་རྗེ་ངར་བསྟན་ན་ནི། །དེ་ལ་བརླ་ནི་བསྟན་པར་བྱ། །གང་གིས་བརླ་ནི་


DNG012_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་གྱུར་ན། །དེ་ལ་རྐང་མཐིལ་བསྟན་པར་བྱ། །གང་གིས་རྐང་མཐིལ་བསྟན་ན་ནི། །དེ་ལ་སེན་མོ་བསྟན་པར་བྱ། །གང་གིས་མཁྱེན་ཁུང་བསྟན་གྱུར་ན། །དེ་ལ་སྨིན་མ་བསྟན་པར་བྱ། །གང་གིས་སེ་གོལ་གཏོགས་བྱེད་ན། །དེ་ལ་མིག་ནི་བཙུམ་པར་བྱ། །གང་གིས་ཁ་ཡང་བསྟན་ན་ནི། །དེ་ལ་ཞགས་པ་བསྟན་པར་བྱ། །གང་གིས་གསལ་ཤིང་བསྟན་གྱུར་ན། །དེ་ལ་མདུང་ཐུང་བསྟན་པར་བྱ། །གང་གིས་སེན་མོ་བསྟན་ན་ནི། །དེ་ལ་ནུ་མ་རབ་ཏུ་བསྟན། །གང་གིས་ཁུ་ཚུར་བསྟན་ན་ནི། །དེ་ལ་མཚམས་ནི་བསྟན་པར་བྱ། །གང་གིས་ལྕེ་ནི་བསྟན་གྱུར་ན། །དེ་ལ་བཤང་གཅི་བསྟན་པར་བྱ། །གང་གིས་མི་སྡུག་གཟུགས་བྱེད་ན། །དེ་ལ་མཛེས་པའི་གཟུགས་བྱའོ། །གང་གིས་ཧ་སྐད་བྱེད་གྱུར་ན། །དེ་ལ་ལག་པ་བསྟན་པར་བྱ། །ཞེས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས་གསུངས་སོ། །དེ་ནས་ཇི་ལྟར་མཁའ་འགྲོ་མ་རྣམས་ཀྱི་མཚན་མ་ཡིན་ཞེ་ན། རི་དྭགས་མིག་གི་འབྲས་འདྲ་བ། །དཔྲལ་བར་ཏྲི་ཤཱུལ་ཏེ་མདུང་ཐུང་། །ཕྱིན་ལོག་མིག་དང་ཁྲོ་གཉེར་ཅན། །ནུ་མ་དག་ནི་མི་སྡུག་པ། །སྣ་ནི་རྣམ་པར་ཉམས་པ་དང་། །གཙུག་གིས་བསྐོར་བ་ཞེས་བྱ་ཏེ། །རི་མོ་གསུམ་གྱིས་ཡོངས་སུ་བསྐོར། །དེ་ཡི་ཁྱིམ་གྱི་མཚན་མ་ནི། །ཏྲི་ཤཱུལ་ཚུལ་དང་མེ་ལོང་དང་། །རལ་གྲི་ཚུལ་དང་རྒྱལ་མཚན་དང་། །རྩེ་གཅིག་ཁྱིམ་གྱི་མཚན་མར་བསྟན། །འགྲོ་བར་གྱུར་ན་མཁའ་འགྲོ་མ། །འདི་འདྲའི་མཚན་མ་བསྟན་པར་བྱ། །གློ་བུར་མི་དགའ་བྱ་བ་དང་། །དོན་མེད་པར་ཡང་འཇུག་པའོ། །རྐང་པས་རལ་གྲི་འདྲི་བ་དང་། །ཏྲི་ཤཱུ་ལ་དང་འདྲ་བའི་ཚུལ། །སྐད་ཀྱང་བྱ་རོག་འདྲ་བ་ཡི། །དེ་ནི་རྟག་པར་གྱུར་པའོ། །མཚན་ཉིད་དེ་དག་དང་ལྡན་པ། །དམ་པའི་མཁའ་འགྲོ་མ་ཞེས་བྱ། །ཞེས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས་གསུངས་


DNG012_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དེ་ལ་ཇི་ལྟར་ཐམས་ཅད་འགུགས་པའི་རྒྱུ་ཡིན་ཞེ་ན། རྟོག་པ་ཐམས་ཅད་གསང་ཆེན་པོ། །རྡོ་རྗེ་ལྕགས་ཀྱུ་དྲིལ་བཅས་པས། །བཀུག་ནས་དེ་ནས་བྱ་བ་ནི། །དྲིལ་བུ་རྗེས་སུ་དཀྲོལ་བའོ། །དེ་ལ་ཇི་ལྟར་མཆོད་པ་ཆེན་པོ་ཐམས་ཅད་ཀྱི་ཆོ་ག་ཡིན་ཞེ་ན། རྟོག་པ་ཐམས་ཅད་གསང་ཆེན་གྱི། །གང་གིས་དགའ་ནས་མཆོད་པ་ནི། །རྗེས་སུ་མཆོད་པ་དང་གཞན་ཡང་། །དབྱངས་དང་སིལ་སྙན་གར་གྱི་ཡིན། །དེ་ལ་ཇི་ལྟར་རང་གི་རིག་པའི་ལྷ་ཐམས་ཅད་བསྒྲུབ་པ་ཆེན་པོའི་རྒྱུ་ཡིན་ཞེ་ན། རྟོག་པ་ཀུན་ལས་བསྒྲུབ་བྱ་ཀུན། །གཡོ་དང་མི་གཡོ་འགྱུར་བ་སྟེ། །རང་གི་ཡི་དམ་ལྷ་སྦྱོར་ནས། །ཐམས་ཅད་དེ་ནི་འགྲུབ་པར་བྱ། །དེ་ནས་ཇི་ལྟར་ཐམས་ཅད་རྗེས་སུ་འགྲུབ་པའི་རྒྱུ་ཡིན་ཞེ་ན། རྡོ་རྗེ་དྲིལ་བུ་འཛིན་འགྱུར་ནས། །བཟླས་པའི་དྲིལ་བུ་དཀྲོལ་བར་བྱ། །རྟོག་པ་ཐམས་ཅད་རྗེས་གྲུབ་པས། །མཆོག་གི་དང་པོ་འགྲུབ་པའོ། །དེ་ལ་ཇི་ལྟར་རྗེས་སུ་སྦྱོར་བ་དང་ལྡན་པའི་བསྒྲུབ་པ་ཐམས་ཅད་ཀྱི་རྒྱུ་ཡིན་ཞེ་ན། ཨོ་ཡིག་ཐིག་ལེ་དང་ལྡན་པའི། །ནུབ་ནས་དང་པོ་ཡང་ཡིན་ཏེ། །ཤར་ནས་དང་པོ་བཟུང་ནས་སུ། །ལྕི་བར་ཨི་ཡིག་ལྡན་པར་བྱ། །རླུང་མཚམས་ཕྱི་རོལ་པ་བཟུང་ནས། །ཐིག་ལེ་ཨུ་ཡིག་སྦྱོར་བར་བྱ། །ལྷོ་ལས་དབུ་མ་བཟུང་བ་ལ། །ཚེག་དྲག་ཡང་དག་ལྡན་པར་བྱ། །ཐེ་ཚོམ་མེད་པར་དེ་ལས་འདིས། །རྗེས་སུ་སྦྱོར་བར་ལྡན་པར་འགྲུབ། །ལྷོ་ལས་དང་པོ་བཟུང་ནས་སུ། །གཉིས་པ་ལ་ནི་ལྡན་པར་བྱ། །ནན་ཏན་གྱིས་ནི་ཨི་ཡིག་སྦྱོར། །སྐད་ཅིག་མ་ལས་གཅོད་འགྱུར་རོ། །དེ་ཉིད་ཐིག་ལེ་དང་ལྡན་པས། །བྱང་ལས་དབུ་མ་ཡང་ཡིན་ཏེ། །དེ་ཉིད་ལན་གཉིས་བརྗོད་པར་བྱ། །རླུང་མཚམས་ཕྱི་རོལ་པ་ལ་ཡང་། །ཐིག་ལེ་ཨུ་ཡིག་ལྡན་པར་ནི། །དྲུག་པར་ཡོངས་སུ་གྲགས་པ་ཡིན། །དབུས་ལས་གཉིས་པ་གང་ཡིན་པ། །ནུབ་ལས་དང་པོ་ཡང་


DNG012_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ། །དེ་ནི་ཨ་མེད་ཤེས་བྱ་སྟེ། །སྐད་ཅིག་མས་ནི་བདུད་རྩི་འགྲུབ། །ཨོ་ཡིག་ཐིག་ལེ་དང་ལྡན་པར། །ཡི་གེ་ཨུ་ཡིག་མཉམ་ལྡན་པའི། །དབང་ལྡན་ཕྱི་རོལ་པ་ཡང་བྱ། །མེ་མཚམས་ཕྱི་རོལ་པ་བཟུང་ནས། །ཡི་གེ་ཨེ་དང་མཉམ་ལྡན་པ། །ཤར་གྱི་དང་པོ་ལྡན་པར་བྱ། །ཚེག་དྲག་ཨུ་ཡིག་ལྡན་པ་ཡི། །དབུས་ཀྱི་ཐ་མ་ལྡན་པར་བྱ། །ཐམས་ཅད་ཀྱི་ནི་སྒྲུབ་བྱེད་པ། །ཁྲག་འཐུང་ཞེས་པ་འབྱུང་བའོ། །ཇི་ལྟར་འདོད་པ་བསྒྲུབ་བྱ་འགྲུབ། །དེ་ནས་ཕྱིན་ཅི་ལོག་འདོད་པར། །ཅི་འདོད་འདོད་པའི་བྱ་བ་ཡིས། །ཀུན་བཟང་ཀུན་བྱེད་དེ་བཞིན་ཏེ། །ལངས་པ་འམ་ནི་འདུག་པ་འམ། །འགྲོ་བ་ཡིས་སམ་འགྲེང་བ་འམ། །བཞད་པ་དང་ནི་སྨྲ་བ་ལ། །གང་དང་དེ་རུ་ཅི་དེ་བཞིན། །གང་གང་དབང་པོའི་ལམ་ཉིད་དུ། །གང་གང་དེ་དེའི་རང་བཞིན་དུ། །རང་གི་མཉམ་གཞག་མེད་སྦྱོར་བས། །རང་གིས་རིག་པའི་ལྷ་འདྲེན་ནོ། །དེ་ཉིད་སྦྱོར་བ་དེ་ཡིས་ནི། །ཐམས་ཅད་ཁོ་ན་འགྲུབ་པའོ། །སངས་རྒྱས་ཀུན་དངོས་ཐམས་ཅད་ནི། །རྟག་ཏུ་མཐོང་ན་རབ་ཏུ་འགྲུབ། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །མཁས་པ་གང་ཞིག་དད་པས་ཀློག །དེ་ནི་ཉེས་པ་རྣམ་གྲོལ་ཏེ། །དངོས་གྲུབ་ཐམས་ཅད་དབང་ཕྱུག་འགྱུར། །སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་མ་སྒྱུ་མ་བདེ་བའི་མཆོག་ལས་རྗེས་སུ་སྦྱོར་བ་དང་ལྡན་པ་སྒྲུབ་པའི་རྟོག་པ་སྟེ་ཉི་ཤུ་རྩ་གཉིས་པའོ།། །།དེ་ལྟར་སྣ་ཚོགས་རྗེས་སུ་ཆགས་པའི་དགའ་བ་པདྨ་རྣམ་དག་ཕྱེ་བ་ཡིས། །གསལ་བར་རྗེས་སུ་གཙང་བ་དམ་པ་རྟག་པར་སྦྱིན་པ་ཡིས། །དམ་པ་བདེ་བའི་དངོས་པོས་དམ་ཚིག་བདག་ལ་བདེ་བ་རྗེས་སུ་བསྒྲུབ། །དམ་པའི་དགའ་བ་ཤིན་ཏུ་སྦྱོར་བ་སྐལ་བཟང་དམ་པ་ཤིན་ཏུ་དགའ། །རང་བཞིན་གྱིས་ནི་རང་བཞིན་དག་པ་རྟག་ཏུ་རྗེས་སུ་འགྲུབ་པའི་རང་བཞིན་དངོས། །དམ་པ་དགའ་བ་ལ་སོགས་


DNG012_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བའི་སྐལ་བཟང་དམ་པ་ཤིན་ཏུ་དགའ་བའི་རང་བཞིན་འགྲུབ་པའོ། །དགའ་བ་རྗེས་སུ་འགྲུབ་པའི་རང་བཞིན་ཁོ་ན་སོ་སོ་རྗེས་སུ་གྲུབ་པ་བདེ་བ་ལས་དམ་པའི་གསང་ཆེན་རྒྱུད་ཕྱི་མའི་ཕྱི་མ་འདི་ཡོངས་སུ་རྫོགས་སོ།། །།བདག་གི་འདི་ནི་དང་བའི་སྙིང་པོ་མཆོག །བདེ་བ་ཆེན་པོའི་མཆོག་གི་མཆོག་འགྱུར་མཐུ་ཆེན་པོ། །ཀུན་མཆོག་འབྱུང་བའི་སེམས་ཅན་རྟག་པ་ཅི་ཡི་ཕྱིར། །ཀུན་མཆོག་ས་ཡི་དབང་ཕྱུག་ཉིད་ནི་སྦྱིན་པའོ། །མཐའ་ཡས་ཐུབ་མེད་ཐོགས་པ་མེད་པའི་ཕྱིར། །ཚུལ་ཆེན་པོ་ཡི་ཆེན་པོ་ཐམས་ཅད་ཀྱི། །མཁའ་དང་འདྲ་བའི་མཆོག་གི་དངོས་གྲུབ་འཕེལ་བར་སྦྱིན། །གདོད་མ་ཐ་མ་མེད་པ་གང་དག་གིས། །རྫོགས་བྱེད་མེད་པ་ནུས་པ་མ་ཡིན་ནོ། །སེམས་ཅན་ལེ་ལོ་ཅན་དང་ཉུང་ཙམ་འདོད་པ་དང་། །མི་དད་པ་དང་ལྐོག་སྨྲ་བ་དང་མ་དག་པ། །རྟག་ཏུ་རྗེས་སུ་ཆགས་དང་ཆགས་བྲལ་དགའ་བ་ཡང་། །དེ་རྣམས་ཕན་པའི་དོན་རྫོགས་པའི་དོན་འདི་ཡིན་ནོ། །གང་གིས་ཁྱིམ་གཟུང་བ་གང་གིས་འགྲུབ་པ་དང་། །བདག་གིས་ཇི་ལྟར་སྟོན་པ་སྒྲུབ་པར་བྱེད་པའམ། །མཐུ་ཡིས་ཐམས་ཅད་སོ་སོར་མངོན་དུ་གྱུར་པ་སྟེ། །དངོས་གྲུབ་མཆོག་གིས་རྒྱས་པའི་ལས་དག་མི་འགྲུབ་པའོ། །གང་གིས་གྲུབ་པ་རྡོ་རྗེ་འཛིན་ཞེས་སོགས་པ་དང་། །གཟུགས་སོགས་ཐམས་ཅད་འདི་ལ་ཇི་ལྟར་མོས་པ་བཞིན། །ཡི་གེ་ཧཱུྃ་ཡང་ཇི་ལྟར་རབ་ཏུ་འདོད་པར་བྲིས་བྱས་ན། །དེས་ནི་རང་འདོད་དངོས་གྲུབ་ཆོ་ག་བཞིན་དུ་འཐོབ། །སེམས་ཅན་དོན་དུ་ལས་དག་བྱེད་པ་མ་ཡིན་པས། །རྒྱལ་བ་དག་གིས་རྣམ་པར་དག་པ་འདི་ལ་ནི། །བགེགས་མེད་དེ་བཞིན་དུ་ནི་བདུད་ཀྱང་མེད་པ་སྟེ། །རྟོག་པ་ཡིས་ཀྱང་དངོས་གྲུབ་འཕེལ་སྟོབས་བྱིན་གྱིས་རློབས། །གང་གི་རྟོག་པ་མཆོག་ཆེན་འདི་སྒྲུབ་བྱེད་པ་ལ། །བདུད་ཉིད་དུ་ནི་མི་འགྲོ་མི་བརྟན་ཉིད་ཀྱང་མིན། །བརྟན་པའི་རྒྱུ་ནི་བདག་གིས་སྟོན་པར་མི་བྱེད་དེ། །


DNG012_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

མྱུར་བར་མཆོག་གི་མཆོག་ཉིད་འགྲུབ་ཕྱིར་བསྟན་པར་འགྱུར་བྱེད་དོ། །གང་གིས་བདག་གི་སྙིང་པོས་བདག་ལ་རྟག་ཏུ་གྲུབ་བྱེད་ནི། །མཆོག་ཆེན་དངོས་གྲུབ་དང་ནི་རྟག་པར་བདེ་ཆེན་དང་། །ཆགས་དང་ཤིན་ཏུ་དགའ་དང་བརྟན་དང་རྒྱས་པ་དང་། །ཡིག་ཆེན་ཡང་ནི་རྟག་པར་བདག་གིས་འགྲུབ་པར་བྱེད། །དེ་ནས་མཆོག་སྐྱེས་རྒྱལ་བ་ཐམས་ཅད་དགའ་ནས་སུ། །འཛུམ་པ་ཆེན་པོས་ཐམས་ཅད་ཁྱབ་པར་རྣམ་པར་བྱེད། །ཀུན་བདག་དབྱིངས་ཀྱི་རྡུལ་ཕྲན་མཆོག་ཆེན་གཟུགས་དག་གིས། །ཀུན་ནས་དེ་ལ་ལེགས་པའི་སྒྲ་ནི་དབུལ་བར་བྱེད། །བདག་གིས་དབྱིངས་ཀུན་རྗེས་སུ་ཆེ་མཆོག་གཟུགས་ཀྱིས་སུ། །ཕ་མཆོག་གྱུར་པ་སངས་རྒྱས་ཀུན་གྱིས་ལེགས་སོ་ལེགས། །མཆོག་གི་རྡོ་རྗེ་ལས་བྱུང་ཁྱོད་ནི་ལེགས་སོ་ལེགས། །དམ་པའི་ཆོས་ཉིད་ཆོས་ཀྱི་བདག་ཉིད་ལེགས་སོ་ལེགས། །དམ་པའི་ལས་ཅན་མཆོད་པའི་བདག་ཉིད་ལེགས་སོ་ལེགས། །རྟོགས་པའི་བྱིན་རླབས་མཛོད་ཅིག་མཉམ་པར་བྱིན་བརླབས་ཀྱིས། །དོན་ཡོད་དངོས་གྲུབ་རྟག་ཏུ་ཡིག་འབྲུ་ཆེན་པོ་ཡི། །གྲུབ་པས་ཕྱི་ན་མི་འདུལ་བ་ཡི་དུས་སུ་ནི། །དེ་དག་གི་ཡང་ཇི་ལྟར་དམ་པའི་བདེར་འགྱུར་ཕྱིར། །དེ་ལྟར་ངག་ཆེན་ཞུས་ནས་སུ། །སྲས་བཅས་སངས་རྒྱས་ཐམས་ཅད་ཀྱིས། །རྡོ་རྗེ་སེམས་དཔའ་ཆེན་པོ་ཡིས། །གསུངས་པ་ལ་ནི་མངོན་པར་བསྟོད། །སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བའི་མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག་ཅེས་བྱ་བ་ཁྲི་བརྒྱད་སྟོང་པ་ལས། རྟོག་པ་ཐམས་ཅད་ཀྱི་རྒྱལ་པོ་བརྒྱད་ཅུ་བདུན་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་སྨྲྀ་ཏི་ཛྙཱ་ན་ཀཱིརྟི་ཉིད་ཀྱིས་བསྒྱུར། ཡོན་བདག་བོད་ཀྱི་ མཁན་པོ་གཞོན་ནུ་གྲགས་པས་ཞུས་ཏེ་བཤད་ནས་གཏན་ལ་ཕབ་པ།། །། སླར་ཡང་དལ་མ་སློབ་དཔོན་ཀུན་དགའ་སྙིང་པོའི་འགྲེལ་པ་ལ་བསྟུན་ནས་ཀྱང་བཅོས་པའོ།། །།

ཟླ་གསང་ཐིག་ལེ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ།


DNG012_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་གསང་ཐིག་ལེ། །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དང་།རྡོ་རྗེ་དང་རིན་པོ་ཆེ་དང་པདྨ་དང་། ལས་ཀྱི་རིགས་ཐམས་ཅད་མཆོག་ཏུ་གསང་བ་ཆེན་པོའི་དམ་ཚིག་སྡོམ་པ་གཉིས་སུ་མེད་པའི་བདེ་བ་ཆེན་པོའི་དབང་བརྙེས་པ། ཐབས་དང་ཤེས་རབ་ཀྱི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ། ཁམས་གསུམ་ཐམས་ཅད་ཀྱི་བདག་པོ་ཆེན་པོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་ཆེན་པོའི་ཕ་རོལ་ཏུ་ཕྱིན་པའི་སྐལ་བ་དང་ལྡན་པ། ནམ་མཁའི་དབྱིངས་ཐམས་ཅད་དུ་མཉམ་པར་འཇུག་པ། མཐའ་མེད་པའི་ཕ་རོལ་ཏུ་ཕྱིན་པའི་གསང་བ། ཟླ་གསང་ཐིག་ལེའི་ཡེ་ཤེས་ཀྱི་དབང་བསྐུར་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་ཐུགས་རིན་པོ་ཆེ་རྡོ་རྗེ་མཆོག་ཏུ་གསང་བ་ཟླ་གསང་ཐིག་ལེ་ཆེན་པོའི་བུད་མེད་ཀྱི་དཀྱིལ་ན་གསུང་བརྗོད་པ་མེད་པར་བཞུགས་སོ། །སངས་རྒྱས་ཀྱི་ཞིང་ནམ་མཁའི་དབྱིངས་སུ་རྡུལ་ཕྲན་དང་མཉམ་པ། རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དང་། རྡོ་རྗེ་ནམ་མཁའ་ལ་འགྲོ་བ་དང་། ནམ་མཁའ་ལ་འགྲོ་མ་ཆེན་མོ་དང་། སྐལ་བ་དང་ལྡན་པ་དང་། འཇིགས་པར་བྱེད་པའི་གསང་བ་ཆེན་པོའི་གཡོག་དང་། འབྱུང་བ་ཆེན་པོ་ལྔ་དང་། འབྱུང་བ་ལས་གྱུར་པའི་ལྷའི་ཚོགས་འབུམ་ཕྲག་བརྒྱ་སྟོང་གིས་ཀུན་ཏུ་ཁྱབ་པ་ནི་འདི་ལྟ་སྟེ། སྙིང་པོ་རྡོ་རྗེ་ཞེས་བྱ་བའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དང་། མེ་ལོང་ལྟ་བུའི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དང་། སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དང་། བྱ་བ་ནན་ཏན་གྱི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དང་། ནམ་མཁའ་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་རྣལ་འབྱོར་གྱི་དབང་ཕྱུག་


DNG012_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་དང་། རླུང་གི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དང་། མེའི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དང་། ཆུའི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དང་། སའི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དང་། ཐབས་དང་ཤེས་རབ་ཀྱི་ཡེ་ཤེས་ཆེན་པོའི་རྡོ་རྗེ་ཞེས་བྱ་བའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དང་། གཟུགས་ཀྱི་དབང་པོའི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དང་། སྒྲའི་དབང་པོའི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དང་། དྲིའི་དབང་པོའི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དང་། རོའི་དབང་པོའི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དང་། རེག་གི་དབང་པོའི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དང་། སྐུའི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དང་། གསུང་གི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དང་། ཐུགས་ཀྱི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དང་། བདེ་བ་ཆེན་པོའི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དང་། ཀུན་ཏུ་བཟང་པོའི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དང་། གསུང་གི་དབང་པོའི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དང་། གཉིས་སུ་མེད་པའི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དང་། ཞི་བ་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དང་། གདུལ་དཀའ་བའི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དང་། རྒྱལ་བ་འདྲེན་པའི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དང་། མེ་ཏོག་གི་མཚོན་ཆའི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དང་། རབ་ཏུ་དགའ་བ་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དང་། དབང་གི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་རྣལ་འབྱོར་གྱི་དབང་ཕྱུག་


DNG012_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་དང་། ཉི་མའི་ཁྲོ་བོའི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དང་། རྒྱལ་མཚན་བསྒྲེང་བའི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དང་། རྡོ་རྗེ་རྡོ་རྗེ་སྒྲ་ཆེན་བཞད་པའི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དང་། འགྲོ་བ་འདུལ་བའི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དང་། གཞོན་ནུའི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དང་། རྒྱུའི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དང་། གསུང་མེད་པའི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དང་། སྣ་ཚོགས་ཀྱི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དང་། གོ་ཆའི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དང་། ཡང་དག་པར་ཟ་བར་བྱེད་པའི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དང་། འདུས་པའི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དང་། བདེ་བ་ཆེན་པོ་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དང་། བྱང་ཆུབ་ཀྱི་སེམས་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དང་། པདྨ་དམར་པོ་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དང་། དམ་ཚིག་གི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དང་། མཆོད་པའི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་བསམ་གྱིས་མི་ཁྱབ་པ་རྣམས་དང་། རྣལ་འབྱོར་མ་ཆེན་མོའི་ཚོགས་གཡོག་དང་བཅས་པ་ཚད་མེད་པ་རྣམས་ལ་འདི་ལྟ་སྟེ། ཤིན་ཏུ་དགའ་བ་ཡེ་ཤེས་རྡོ་རྗེ་སེམས་དཔའི་དབང་མོ་ཞེས་བྱ་བའི་རྣལ་འབྱོར་མ་ཆེན་མོ་དང་། རྨོངས་པར་བྱེད་པའི་ཡེ་ཤེས་རྡོ་རྗེའི་དབང་མོ་ཞེས་བྱ་བའི་རྣལ་འབྱོར་མ་ཆེན་མོ་དང་། གདུང་བར་བྱེད་པའི་ཡེ་ཤེས་རྡོ་རྗེའི་དབང་མོ་ཞེས་བྱ་བའི་རྣལ་འབྱོར་མ་ཆེན་མོ་དང་། མྱོས་པར་བྱེད་པའི་ཡེ་ཤེས་རྡོ་རྗེའི་དབང་མོ་ཞེས་བྱ་བའི་རྣལ་འབྱོར་མ་ཆེན་མོ་དང་། གསོད་


DNG012_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་པའི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་རྣལ་འབྱོར་མ་ཆེན་མོ་དང་། རྡོ་རྗེ་དབྱིངས་ཕྱུག་མ་ཞེས་བྱ་བའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་མོ་དང་། ཡེ་ཤེས་དབྱིངས་ཕྱུག་མ་ཞེས་བྱ་བའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་མོ་དང་། རིན་ཆེན་དབྱིངས་ཕྱུག་མ་ཞེས་བྱ་བའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་མོ་དང་། པདྨ་དབྱིངས་ཕྱུག་མ་ཞེས་བྱ་བའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་མོ་དང་། ལས་ཀྱི་དབྱིངས་ཕྱུག་མ་ཞེས་བྱ་བའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་མོ་དང་། རྡོ་རྗེ་ནམ་མཁའ་ལ་འགྲོ་བ་ཆེན་མོས་ནམ་མཁའི་དབྱིངས་ཀུན་ཏུ་ཁྱབ་པ་ནི། འདི་ལྟ་སྟེ། གནོན་པར་བྱེད་པ་ཞེས་བྱ་བའི་ནམ་མཁའ་ལ་འགྲོ་བ་ཆེན་མོ་དང་། འཇུམ་པར་བྱེད་པ་ཞེས་བྱ་བའི་རྡོ་རྗེ་མཁའ་འགྲོ་མ་ཆེན་མོ་དང་། རྨོངས་པར་བྱེད་ཅེས་བྱ་བའི་རྡོ་རྗེ་མཁའ་འགྲོ་མ་ཆེན་མོ་དང་། རྒྱས་འདེབས་པར་བྱེད་ཅེས་བྱ་བའི་རྡོ་རྗེ་མཁའ་ལ་འགྲོ་མ་ཆེན་མོ་དང་། འདྲེན་པར་བྱེད་ཅེས་བྱ་བ་རྡོ་རྗེ་མཁའ་ལ་འགྲོ་མ་དང་། གསོད་བྱེད་ཅེས་བྱ་བ་རྡོ་རྗེ་མཁའ་ལ་འགྲོ་མ་དང་། འབིགས་བྱེད་ཅེས་བྱ་བ་རྡོ་རྗེ་མཁའ་ལ་འགྲོ་མ་དང་། གཅོད་བྱེད་ཅེས་བྱ་བ་རྡོ་རྗེ་ནམ་མཁའ་ལ་འགྲོ་མ་དང་། སྡིགས་བྱེད་ཅེས་བྱ་བ་རྡོ་རྗེ་ནམ་མཁའ་ལ་འགྲོ་མ་དང་། ཚིག་བྱེད་ཅེས་བྱ་བ་རྡོ་རྗེ་ནམ་མཁའ་ལ་འགྲོ་མ་དང་། ཡན་ལག་ཐམས་ཅད་འཕྲོག་བྱེད་ཅེས་བྱ་བ་རྡོ་རྗེ་ནམ་མཁའ་ལ་འགྲོ་མ་དང་། འཇིགས་བྱེད་ཅེས་བྱ་བ་རྡོ་རྗེ་ནམ་མཁའ་ལ་འགྲོ་མ་དང་། ཁྲག་ལ་དགའ་བ་རྡོ་རྗེ་ནམ་མཁའ་ལ་འགྲོ་མ་དང་། གཅོད་བྱེད་ཅེས་བྱ་བ་རྡོ་རྗེ་མཁའ་ལ་འགྲོ་མ་དང་། འཕྱན་མ་ཞེས་བྱ་བ་རྡོ་རྗེ་མཁའ་ལ་འགྲོ་མ་དང་། ངག་འཕྲོགས་པ་ཞེས་བྱ་བ་རྡོ་རྗེ་ནམ་མཁའ་ལ་འགྲོ་མ་དང་། ཟས་སུ་ཤ་རློན་པ་ཟ་བ་ཞེས་བྱ་བ་རྡོ་རྗེ་ནམ་མཁའ་ལ་འགྲོ་མ་དང་། སྲིན་མོ་ཞེས་བྱ་བ་རྡོ་རྗེ་ནམ་མཁའ་ལ་འགྲོ་མ་དང་། གནོད་སྦྱིན་མོ་ཞེས་བྱ་བ་ནམ་མཁའ་ལ་འགྲོ་མ་དང་།གནོད་བྱེད་མོ་ཞེས་བྱ་བ་ནམ་མཁའ་ལ་འགྲོ་མ་དང་། སྦྲུལ་དང་། སེང་གེ་དང་། སྟག་དང་། རི་དྭགས་དང་།


DNG012_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

ཕག་དང་། སྤྲེའུ་དང་། ཁྱི་དང་། བྱི་ལ་དང་། ར་དང་། བྱ་རོག་དང་། ཁྭ་ཏ་དང་། བྱ་རྒོད་དང་། སྲེ་མོ་དང་། མིའི་ཀེང་རུས་དང་། འབུ་ཆེན་པོའི་རོ་དང་། ཡི་དྭགས་དང་། ཤ་ཟ་དང་། གླང་པོ་ཆེ་དང་། བོང་བུ་དང་། རྟ་དང་། མ་ཧེ་དང་། བ་གླང་དང་། འུག་པ་དང་། རྡོ་རྗེ་འཕྲོག་པར་བྱེད་པ་ཆེན་མོ་དང་། དེ་དག་ལ་སོགས་པ་མཐའ་ཡས་པ་མཆོག་མི་མཉམ་པ་དང་མཉམ་པ། ཆོས་ཀྱི་རྡོ་རྗེ་མཁའ་ལ་འགྲོ་ཆེན་མོའི་ཚོགས་གཡོག་དང་བཅས་པ་བྱེ་བ་ཕྲག་བརྒྱ་སྟོང་མང་པོ་རྣམས། སྒྲ་ཅ་ཅོ་འབྱིན་ཅིང་། ནམ་མཁའི་དབྱིངས་རབ་འབྱམས་ཆེན་པོའི་ཚོགས་རྣམས་ཀྱི་མཆོད་པ་བྱེད་པ་ན་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་བདེ་བ་ཆེན་པོ་ཀུན་ཏུ་བཟང་པོ་རྡོ་རྗེ་སེམས་དཔའ་ཤིན་ཏུ་དགྱེས་པ་གདོན་མི་ཟ་བའི་དམ་ཚིག་རྡོ་རྗེ་འདོད་པའི་དབང་མོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རྣམ་པ་སྣ་ཚོགས་པའི་རོལ་པ་ཆེན་པོས་རབ་ཏུ་རྣམ་པར་རོལ་པ་དང་། སྤྲོ་བ་ཆེན་པོའི་གར་དང་། གླུ་དང་། སིལ་སྙན་དང་། གཟུགས་དང་སྒྲ་དང་དྲི་དང་རོ་དང་། རེག་པའི་བདེ་བ་ཆེན་པོ་བདེ་བ་ཁྱད་པར་འཕགས་པར་གྱུར་པ་དང་། རོལ་པ་ལ་སོགས་པའི་རེག་པའི་དགའ་བདེ་ལ་སྤྱོད་པའི་གར་ཉེ་བར་སྟོན་ཅིང་། རྣམ་པ་སྣ་ཚོགས་པའི་ཚུལ་ཆེན་པོས་འཕགས་པར་གྱུར་པ་དང་། རྣམ་པ་སྣ་ཚོགས་ཀྱིས་གནོན་པ་དང་། རྣམ་པ་སྣ་ཚོགས་ཀྱིས་འཁྱུད་པ་དང་། རྣམ་པ་སྣ་ཚོགས་ཀྱིས་བྲོད་པ་དང་། རྣམ་པ་སྣ་ཚོགས་ཀྱིས་གར་བྱེད་པ་དང་། རྣམ་པ་སྣ་ཚོགས་ཀྱིས་ཟ་བར་བྱེད་པ་དང་། རྣམ་པ་སྣ་ཚོགས་ཀྱིས་ཀུན་ཏུ་འཇིགས་པར་བྱེད་པ་དང་། རྣམ་པ་སྣ་ཚོགས་ཀྱིས་དཔའ་བར་བྱེད་པ་དང་། རྣམ་པ་སྣ་ཚོགས་ཀྱིས་ཟློག་པར་བྱེད་པ་དང་། རྣམ་པ་སྣ་ཚོགས་ཀྱིས་མྱོང་བར་བྱེད་པ་དང་། རྣམ་པ་སྣ་ཚོགས་ཀྱིས་འགྱུར་བར་བྱེད་པ་དང་། རྣམ་པ་སྣ་ཚོགས་ཀྱིས་འཕྲོག་པར་བྱེད་པ་དང་། རྣམ་པ་སྣ་ཚོགས་ཀྱིས་རྩོམ་པར་བྱེད་པ་དང་། རྣམ་པ་སྣ་ཚོགས་ཀྱིས་དུས་


DNG012_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཏུ་འདེབས་པར་བྱེད་པ་དང་། རྣམ་པ་སྣ་ཚོགས་ཆེན་པོ་ཤིན་ཏུ་དགེ་བའི་བདེ་བ་ཉེ་བར་སྟོབས་ཤིང་རེག་པ་བདེ་བའི་རོས་བསྐལ་པ་བརྒྱ་སྟོང་མང་པོ་བྱེ་ཕྲག་སྟོང་ཚད་མེད་པ་ནམ་མཁའི་དབྱིངས་ཀྱི་རྡུལ་ཕྲན་ལས་འདས་པར་མཉམ་པར་འཇུག་པས་ཉེ་བར་གནས་ཤིང་འཚོ་སྐྱོང་སྟེ། འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་མི་གཟིགས་མི་དགོངས་དགོངས་པ་ཡང་ཉེ་བར་མི་འཇོག །ཐམས་ཅད་ཐབས་དང་ཤེས་རབ་སྟོང་པར་ཡང་མི་མཛད། ཤིན་ཏུ་དགའ་བ་ཕྱིན་ཅི་ལོག་ཉེ་བར་འཇོག་པར་ཡང་མི་མཛད། མ་དད་པ་རྣམས་དད་པར་ཡང་མི་མཛད། མ་དུལ་བ་རྣམས་དུལ་བར་ཡང་མི་མཛད། ཉེ་བར་གཙེས་པ་རྣམས་འཚེ་བ་ཞི་བར་ཡང་མི་མཛད།མ་འགགས་པ་རྣམས་འགོག་པར་ཡང་མི་མཛད། མ་བསྐུལ་བ་བསྐུལ་བར་ཡང་མི་མཛད། མ་རྒྱས་པ་རྒྱས་པར་ཡང་མི་མཛད། རྣམ་པར་རྨོངས་པ་སེལ་བར་ཡང་མི་མཛད། དགའ་བར་གྱུར་པ་མི་འགྱུར་བར་ཡང་མི་མཛད། དགའ་བར་མ་གྱུར་པ་དགའ་བར་ཡང་མི་མཛད། མ་ཁྲོས་པ་ཁྲོས་པར་ཡང་མི་མཛད། མི་གདུག་པ་གདུག་པར་ཡང་མི་མཛད། འཇིགས་བྱེད་ཆེན་པོ་ལ་སོགས་པ་དང་།དྲག་པོ་མ་རུངས་པ་ཆེན་པོ་དང་། གཏུམ་པོ་ཆེན་པོ་དང་། ལྷ་དང་ལྷ་མ་ཡིན་དང་། ལོག་འདྲེན་དང་། ཡི་དྭགས་དང་། ཤ་ཟ་དང་། གནོད་སྦྱིན་དང་། སྲིན་པོ་དང་། ཤིན་ཏུ་གདུག་པའི་དུག་ཆེན་པོ་དང་། ཚ་བའི་གདོན་དང་།ནད་དང་། སྦྲུལ་དང་། སེམས་ཅན་ཐམས་ཅད་ལ་འཚེ་བར་བྱེད་པ་རྣམས་ཉེ་བར་ཞི་བར་མི་མཛད། རྣམ་པར་འདུལ་བར་ཡང་མི་མཛད་དོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་འདུས་ནས་དགོངས་པ་ཉེ་བར་བཞག་སྟེ། སྤྱན་གཉིས་མི་འཛུམས་པས་གཟིགས་ཤིང་། བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ལ་བསྐོར་ཏེ། སྐུ་དང་གསུང་དང་ཐུགས་རྡོ་རྗེའི་ཕྱག་གིས་ཕྱག་བྱས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྡོ་རྗེ་


DNG012_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་དབྱངས་ཀྱིས་བསྐུལ་ཞིང་གསོལ་བ་བཏབ་པ། རྡོ་རྗེ་སེམས་དཔའ་དཔལ་ཁྱོད་སངས་རྒྱས་ཐམས་ཅད་ཀྱི་ནི་བདེ་བ་གྲུབ་པ་སྟེ། །རྣམ་དག་བྱང་ཆུབ་སེམས་དཔའ་རྒྱ་ཆེ་སྲས་སུ་བཅས་པ་རྣམས། །ཡུན་རིང་སྟོང་པ་ཉིད་བསྒོམ་པས་ནི་ཤིན་ཏུ་གདུངས་པ་ལ། །དགའ་བའི་ཡིད་འོང་བདེ་བ་ཆེན་པོ་ཉིད་ཀྱིས་མཉེས་པར་མཛོད། །ཀྱེ། འདོད་ཆགས་དེ་ནི་དྲི་མེད་སྤྱོད་པ་ཀུན་ཏུ་བཟང་པོ་སྤྱོད་པ་སྟེ། །དག་པ་རྡོ་རྗེ་འདོད་པར་དམ་ཚིག་མཆོག་ནི་ཕྱེད་མཛད་ནས། །དཀའ་བ་རྣམ་པ་དྲུག་པོ་སྤྱོད་པས་ཤིན་ཏུ་གདུངས་པ་ཡིས། །རབ་ཏུ་དགེས་དབང་འདོད་པ་མེད་ལ་ཉིད་ཀྱིས་འཇོག་པར་མཛོད། །རྣམ་དག་རྡོ་རྗེ་ལས་བྱུང་བ་ཡི་ཡེ་ཤེས་ཆུས། །རིན་ཆེན་འབར་བ་བྱང་ཆུབ་སེམས་ནི་རྣམ་བྱུང་ནས། །རྒྱལ་བ་ཐམས་ཅད་ཀུན་གྱི་དབུ་ནི་བསྒོམས་པ་ལ། །དྲི་མེད་རིན་ཆེན་ཆར་གྱིས་སྤྱི་བོར་དབང་བསྐུར་མཛོད། །མཉམ་དང་མི་མཉམ་འདོད་ཆགས་ཚུལ་དག་པས། །པདྨའི་གནས་སུ་རྡོ་རྗེ་མཛད་མཐོང་བས། །སྣ་ཚོགས་སེམས་དཔའ་སེམས་ཅན་བརླག་འགྱུར་བ། །སྦྱོར་བ་གཞན་མེད་མ་ཐོགས་བཤད་པར་གསོལ། །རྡོ་རྗེ་སེམས་ཁྱོད་དག་མཆོག་བདེ་བར་བྱེད་པའི་མཛོད། །རྡོ་རྗེ་པདྨ་དབྱེ་བའི་ཚུལ་གྱིས་སྦྱོར་མཛད་དེ། །རྒྱལ་བ་ཀུན་གྱི་གཟུངས་ཀྱི་སྐུ་ནི་རབ་མཐོང་བ། །ཐམས་ཅད་བདེ་བའི་བསྒྲུབ་པ་ཉིད་ཀྱིས་མཉེས་པར་མཛོད། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཤིན་ཏུ་དགྱེས་པ་བདེ་བ་ཆེན་པོའི་ཀུན་ཏུ་བཟང་པོ་དཔལ་རྡོ་རྗེ་སེམས་དཔའ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབྱངས་དེས་བསྐུལ་བ་ཐུགས་སུ་ཆུད་ནས་བཞེངས་ཏེ། བརྗིད་དང་བཅས་པས་གར་མཛད་ཅིང་། ཞལ་འཛུམ་པ་འདོར་བ་དང་། བསྐུམ་པ་དང་། འགྱིང་བ་དང་།སྤྱན་མཛེས་པས་སྨིན་རིས་བསྐྱོད་ཅིང་བསྒྱུར་བ་དང་། པདྨའི་ཕྱག་གིས་སོར་མོ་གཡས་གཡོན་གར་གྱི་ཕྲེང་བའི་ཚུལ་གྱིས་སའི་ངོས་ལ་ཞབས་འཕེན་ཅིང་བསྒྱུར་བ་དང་། འདོར་ཞིང་བསྐུམ་པ་དང་། འཇོག་ཅིང་ལྡོག་པའི་རྣམ་པར་གནོན་པས། ནམ་མཁའི་


DNG012_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་འདི་ཐམས་ཅད་ཀུན་ཏུ་ཁྱབ་པར་མཛད་དེ། རླུང་གི་ཁམས་ཆེན་པོ་ཀུན་ཏུ་ཁྱབ་པར་མཛད། རླུང་ལ་ཀུན་ཏུ་ཁྱབ་ནས་མེའི་ཁམས་ཆེན་པོ་ཀུན་ཏུ་ཁྱབ་པར་མཛད། དེ་ཡང་ཀུན་ཏུ་ཁྱབ་པར་མཛད་ནས། ཆུའི་ཁམས་ཆེན་པོ་ཀུན་ཏུ་ཁྱབ་པར་མཛད། ཆུའི་ཁམས་ཀུན་ཏུ་ཁྱབ་ནས། སའི་ཁམས་ཆེན་པོ་ཀུན་ཏུ་ཁྱབ་པར་མཛད། དེ་ཡང་ཀུན་ཏུ་ཁྱབ་ནས། བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་ལ་ཀུན་ཏུ་ཁྱབ་པར་མཛད་དེ། རི་དང་སེམས་དང་། སྣ་ཚོགས་དང་། ཕྲ་བ་དང་། སྡོམ་པ་དང་། བུད་མེད་དང་། གཞོན་ནུ་དང་། རྒན་པོ་དང་། སྐྱེས་པ་དང་། སྐྱེས་པ་མ་ཡིན་པ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། སྐར་མ་དང་། གཤིན་རྗེ་དང་། ཆུ་བདག་དང་། བརྒྱ་བྱིན་དང་། འབྱུང་པོ་དང་། འབྱུང་པོ་ལས་གྱུར་པ་ཐམས་ཅད། བཅོམ་ལྡན་འདས་བདེ་བ་ཆེན་པོ་ཀུན་ཏུ་བཟང་པོ་དཔལ་རྡོ་རྗེ་འཛིན་གྱིས། ཀུན་ཏུ་རྒྱས་པར་བྱས་ཏེ་ཡང་དག་པར་གནས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ངོ་མཚར་ཆེར་གྱུར་ནས་ཡང་འདུས་ནས། ཕྱག་གར་དང་བཅས་པས་ཐལ་མོ་ཁོང་སྟོང་དུ་སྦྱར་ནས། བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་ཆེན་པོ་ལ་གཙུག་གིས་འདུད་པས་གསོལ་བ་བཏབ་པ། དཔའ་བོ་ཀུན་གྱི་གསང་བ་ཡི། །ཟླ་གསང་ཐིག་ལེ་དགའ་བྱེད་པ། །གཉིས་མེད་ཡེ་ཤེས་ཡང་དག་འབྱུང་། །བཅོམ་ལྡན་ཁྱོད་ཀྱིས་བཤད་དུ་གསོལ། །སེམས་ཅན་ཀུན་གྱི་མ་སྐྱེས་པས། །སྐྱེས་དང་མ་སྐྱེས་རྣམ་སྤངས་པའི། །འབྱུང་དང་འབྱུང་འགྱུར་རབ་སྦྱོར་བའི། །མཆོག་ཏུ་རྟག་པར་སྦྱོར་བའོ། །རིན་ཆེན་ཐམས་ཅད་འབྱུང་གནས་དག །དྲི་མེད་ནམ་མཁའ་དང་འདྲ་བའི། །རྒྱལ་མཚན་ཆེན་པོ་བསྒྲེང་བྱས་ཏེ། །ཉི་མ་ཆེན་པོས་དབང་བསྐུར་བའོ། །ཆོས་ཀྱི་ལོངས་སྤྱོད་ཡང་དག་འབྱུང་། །པདྨ་དམར་པོ་མཆོག་གི་མདོག །འདོད་ཆགས་དེ་ཉིད་གསང་ཆེན་པོ། །ཐམས་ཅད་བདེ་བྱེད་བདུད་རྩི་མཆོག །ལ་དང་


DNG012_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

ཨར་ནི་ཡང་དག་ལྡན། །ཡང་དག་མཛེས་པའི་འགྱིང་བའི་རོས། །སྣ་ཚོགས་ཡེ་ཤེས་སྣ་ཚོགས་ཆེ། །ཟླ་གསང་ཐིག་ལེ་མཆོག་ཉིད་དོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཀུན་ཏུ་བཟང་པོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་གསོལ་བ་བཏབ་པ་མཁྱེན་ནས། འགོག་པ་ཆེན་པོའི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཅང་མི་གསུང་བར་བཞུགས་སོ། །དེ་ནས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ངོ་མཚར་རྨད་དུ་གྱུར་ཏོ། །ཡང་འདུས་ནས། བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་ལ་དེ་ཁོ་ན་ཉིད་ཀྱི་དབྱངས་ཀྱིས་བསྐུལ་ཏེ། སྔགས་སོར་བཞག ། ཨོཾ་ཨཱཿཧཱུྃ་མ་ཧཱ་སུ་ཁ་ཨ་ལ་ལ་ཧོ། མ་ཧཱ་སུ་མ་ཏཥྚཾ་སུ་ར་ཏ་སུ་ར་ཏ། ཨ་ཏ་བྷ་ཡ་གྷ་སུ་ར་ཏོད་ཏ་མ་བོ་དྷི་སུ་ཀ །སུ་ཀ་མ་ནུ་སིཌྜྷ་ཧེ། སུ་ར་ཏ་ཨ་ཏི་བ་སོ་ཀྱ་མ་ཡ། ཨོཾ་ཧཱུྃ་ཨ་ཧོ། བྷ་ག་བཱན་མ་ཧཱ་སུ་ཁ། ཨུཌྜྷ་ཨུཌྜྷ་ར། ས་རྦོད་ཏ་མ་སོ། ཀྵ་ཡ་མ་ཧཱུྃ། ཨ་ལ་ལ་ཧཱུྃ། མ་ཧཱ་སུ་ཁ་ཤ་ཊྭཱཾ། བ་ར་མ་ཧཱ་སུ་ཀ་མ་ལེན་དུ་བྱི་བྱོ་ཏོ་ག་ཏ་མ། ཛ་ལེ་སུ་ཁེ་ན། ཨ་ལ་ལ་ཧོ། སུ་ར་ཏ་སོའུ་ཁྱ་ཀུན། ཨོཾ་ཧཱུྃ་ཨཾ། མི་སྐྱེ་ཡེ་ཤེས་བདེ་བའི་མཆོག་དང་ལྡན་པའི་རོ་ལ་མནབ་ཏུ་གསོལ། ཨ་ལ་ལ་ཧོ། སེམས་དཔའ་བདེ་མཆོག་དེ་ཉིད་འགོག་པ་རྣམས་ལས་བསླང་བའི་ཕྱིར། །ཆགས་པ་མེད་པའི་བདེ་མཆོག་ཀུན་ཏུ་མྱོང་མཛད་བཞེངས་ནས་མནབས། །མཆོག་ཏུ་གསང་བའི་བདེ་ལ་རོལ་ཅིང་དམ་བཅས་འཇིག་རྟེན་སྒྲོལ། །བྱང་ཆུབ་སྐྱེ་གནས་བདེ་མཆོག་དབྱིངས་ལས་མི་ཉམས་དགའ་བའི་གར་མཛོད་ཅིག །ཧོ། སྔོན་གྱི་ཞེན་པའི་མཐའ་དང་ཉོན་མོངས་སྔོ་སྐམས་གཟིར་བ་ཡིས། །རྨོངས་མེད་བདེ་མཆོག་རྒྱན་དང་ལྡན་པའི་ཐབས་ཀྱིས་བསྐུལ་ཏེ་གོ་བར་མཛོད། །འགྲོ་ཀུན་ཚངས་པར་སྤྱོད་པའི་སྒོ་མོར་བྱང་ཆུབ་ལམ་སྟོན་ཅིང་། །བདེ་མཆོག་བདུད་རྩི་ཁྱད་པར་མེད་པར་འདུས་པའི་ཚོགས་ལ་བཀའ་སྩོལ་ཅིག །ཨ་ལ་ལ་ཧོ། དེ་ནས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་ནམ་མཁའི་དབྱིངས་ཐམས་


DNG012_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་དུ་ཁྱབ་པའི་བདག་ཉིད་ཆེན་པོས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ཆེན་པོ་ཟླ་གསང་ཐིག་ལེ་སྐུལ་བར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རང་གི་ཐུགས་ཀྱི་གསང་བའི་ཐིག་ལེ་འདི་ལས་ཤིན་ཏུ་དགྱེས་པ་ཆེན་པོའི་བདེ་བ་ཞེས་བྱ་བའི་འོད་ཟེར་གྱི་ཚོགས་ཕྱུང་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་སྙིང་པོ་ཟླ་གསང་ཐིག་ལེའི་དབུས་སུ་རྒྱས་པར་བྱས་ཏེ། ནམ་མཁའི་དབྱིངས་ཐམས་ཅད་དུ་ཡང་སྣང་བར་བྱས་ཏེ། སྟེང་དང་འོག་ཏུ་ཡང་ཞུགས་ཏེ། མ་ལུས་ལུས་པ་མེད་པའི་རི་དང་སེམས་ཅན་རྣམས་ལ་གསལ་བར་བྱས་ནས། ཤིན་ཏུ་དགྱེས་པ་ཆེན་པོའི་བདེ་བས་མཉེས་པར་བྱས་ཏེ་སླར་དེ་ཉིད་དུ་ལོག་ནས། བཅོམ་ལྡན་འདས་ཤིན་ཏུ་མཉེས་པ་ཆེན་པོའི་བདེ་བའི་བདག་པོ་སྙིང་པོའི་གསང་བ་མཆོག་ཟླ་བའི་ཐིག་ལེའི་དབུས་ན་བདེ་བར་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་འོད་ཟེར་གྱི་ཚོགས་ཀྱི་ཕྲེང་བ་མཆོག་ཏུ་བདེ་བ་ཆེན་པོར་གྱུར་པའི་སྙིང་པོ་དེས་བསྐུལ་བ་ན། གར་མཛད་ཅིང་རང་རང་གི་ཏིང་ངེ་འཛིན་དུ་དམིགས་ནས། བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་ཆེན་པོའི་ཐུགས་ཀའི་ཟླ་བའི་ཐིག་ལེའི་དབུས་སུ་མཆོག་ཏུ་གསང་བ་ཤིན་ཏུ་དགྱེས་པ་ཆེན་པོའི་བདེ་བར་གཅིག་ཏུ་སྟུག་པོར་གྱུར་པར་བསྒྲུབས་ཏེ། རང་རང་གི་སྐུ་བུད་མེད་ཀྱི་ཚུལ་དུ་བསྐྱེད་ནས། བཅོམ་ལྡན་འདས་ཀྱི་ཐུགས་ཀ་ནས་མངོན་པར་ཕྱུང་བར་གྱུར་ཏོ། །དེ་ནས་ལ་ལ་ནི་སྤྱན་པདྨ་འབར་བ་རྒྱས་པ་ལྟར་བསྒྱུར་ཅིང་བཟློག་སྟེ། སྨིན་རིས་གཡོ་བས། སངས་རྒྱས་ཚུལ་གྱིས་གར་མཛད་ཅིང་། །སངས་རྒྱས་རྣལ་འབྱོར་མ་དཀྱིལ་དུ། །རྡོ་རྗེ་རབ་དགྱེས་གདོན་མི་ཟ། །སེམས་དཔའ་ཆེ་ལ་དགྱེས་མཛད་ཅིང་། །སངས་རྒྱས་བདེ་བའི་བདེ་བ་ཡིས། །བཅོམ་ལྡན་སངས་རྒྱས་བཞུགས་པར་གྱུར། །སྨིན་མ་བསྒྱུར་ཅིང་ཞབས་བསྒྱུར་བ། །སྤྱན་བསྒྱུར་ཤིན་ཏུ་གནན་པ་ཡིས། །སོར་མོ་ཐ་མ་རྣམས་བསྒྱུར་བས། །རྡོ་རྗེའི་ཚུལ་གྱིས་གར་མཛད་དེ། །རྡོ་རྗེ་ཆེ་ལ་མཉེས་མཛད་


DNG012_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་། །རྡོ་རྗེ་རྣལ་འབྱོར་མ་དཀྱིལ་དུ། །སྐད་ཅིག་སྐད་ཅིག་བསྐུལ་བ་ཡི། །བཅོམ་ལྡན་རྡོ་རྗེ་གནས་པར་གྱུར། །བརྗིད་པའི་ཞབས་དང་རིན་ཆེན་དབུ། །དྲི་མེད་སྤྱི་བོས་གར་མཛད་ཅིང་། །ཞལ་གྱི་དཀྱིལ་འཁོར་རྣམ་བསྒྱུར་བས། །བདེ་བྱེད་ཆེན་པོ་མྱང་བར་མཛད། །དུར་ཁྲོད་ཡོན་ཏན་ཚོགས་དག་གིས། །པདྨའི་སྤྱན་གྱིས་གཟིགས་མཛད་ཅིང་། །བདེ་ཆེན་བདག་པོ་ཆེན་པོ་ལ། །རིན་ཆེན་ཚུལ་གྱིས་མཉེས་པར་མཛད། །ཤིན་ཏུ་དགྱེས་གསལ་བདེ་དམ་པ། །པདྨ་དམར་ལ་ཕྱེ་མཛད་དེ། །འདོད་ཆགས་བྲལ་དགྱེས་རྣམ་བསྒྱུར་བས། །པདྨ་དྲ་བས་གར་མཛད་ཅིང་། །པདྨ་རྣལ་འབྱོར་མ་དཀྱིལ་གྱིས། །བརྗིད་པའི་སྤྱན་གྱིས་ཀུན་གཟིགས་ཏེ། །བདེ་བ་ཆེ་ལ་མཉེས་མཛད་ཅིང་། །བཅོམ་ལྡན་པདྨ་གནས་པར་གྱུར། །ཕྱག་གི་རྩེ་མོ་སོར་མོའི་མཐའ། །རྣམ་པར་བསྒྱུར་བས་གར་མཛད་ཅིང་། །ཕྱག་སྦྱར་ཁོང་སྟོང་པདྨ་ཡིས། །གློག་བཞིན་དཔལ་དང་སྤྱི་གཙུག་ཏུ། །མཆོད་པའི་སྤྲིན་གྱིས་ལོང་ལོང་པོས། །སྣ་ཚོགས་བདེ་བྱེད་གཙོ་ཉིད་ལ། །ལས་ཀྱི་ཚུལ་གྱིས་མཉེས་མཛད་ཅིང་། །སྣ་ཚོགས་བཅོམ་ལྡན་གནས་པར་གྱུར། །དེ་ནས་བཅོམ་ལྡན་འདས་བདེ་བ་ཆེན་པོ་དཔལ་རྡོ་རྗེ་སེམས་དཔའ་ཀུན་ཏུ་བཟང་པོ་ཆེན་པོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བ་ཟླ་གསང་ཐིག་ལེ་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཡང་དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་།ལས་ཀྱི་གསང་བ་ཆེན་པོ་ཐམས་ཅད་ཀྱིས་བཞེད་པ་བདེ་བ་ཆེན་པོ་ཞེས་བྱ་བ། འོད་ཟེར་ཆེན་པོའི་སྤྲིན་གྱི་ཚོགས་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་མཆོག་ལས་ཕྱུང་ངོ་། །དེ་ནས་དེ་བཞིན་གཤེགས་པའི་སྐུ་འདི་དག་ཐམས་ཅད་ལ་སྣང་བས་སྣང་བར་བྱས་ཏེ། ཉིད་ཀྱི་ཐུགས་ཀྱི་ཟླ་བའི་ཐིག་ལེ་ལ་སྟུག་པོ་གཅིག་ཏུ་གྱུར་ནས་བཞུགས་ཏེ། ཐུགས་ཀྱི་ཟླ་བ་ཐིག་ལེའི་དབུས་སུ་འོད་ཟེར་དེས་དགྱེས་པ་བསྐྱེད་ཅིང་། དྲངས་བཅུག་བཅིངས་དབང་དུ་བྱས། ཉིད་ཀྱི་སྐུ་དང་


DNG012_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་དང་ཐུགས་དང་ཤིན་ཏུ་དགྱེས་པ་ཆེན་པོ་གདོན་མི་ཟ་བར་རྣམ་པར་རྒྱལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བ་ཟླ་གསང་ཐིག་ལེ་ཞེས་བྱ་བའི་དཀྱིལ་འཁོར་གྱི་རྒྱལ་པོ་ཆེན་པོ་ཤིན་ཏུ་དགྱེས་པའི་བདེ་བ་ཆེན་པོ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །དཀྱིལ་འཁོར་ཉིད་ཀྱི་ཚུལ་གྱིས་སུ། །ཆོ་ག་སྦྱོར་བས་སྤྲོ་བྱས་ཏེ། །ཐིག་དང་མཐུན་པའི་དཀྱིལ་འཁོར་དོན། །སྦྱོར་བའི་གར་གྱིས་གར་བྱ་ཞིང་། །ཇི་ལྟར་ཡང་དག་བརྟག་པར་བྱ། །ཇི་ལྟར་དཀྱིལ་འཁོར་དེ་ཁོ་ན། །ཟླ་གསང་ཐིག་ལེའི་དཀྱིལ་འཁོར་ནི། །རྡོ་རྗེ་སེམས་དཔའ་དཔའ་བོས་ཀྱང་། །བརྟག་པར་ནུས་པ་མ་ཡིན་ནོ། །དཀྱིལ་འཁོར་ཡེ་ཤེས་ཀྱིས་བརྟགས་པ། །སྙིང་པོ་ཕྱག་རྒྱ་སྔགས་རིགས་ཀྱི། །ལྷ་ཡི་སྦྱོར་བས་རྒྱས་བཏབ་པ། །ཆོ་ག་ཤེས་པར་བྲི་བར་བྱ། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞི་དང་ཡང་དག་ལྡན། །ཐིག་བཞི་ཡོངས་སུ་བྲིས་པ་སྟེ། །ཀ་བ་བརྒྱད་མཆོག་ཡང་དག་གནས། །ཀུན་ཏུ་ཡོངས་སུ་ཟླུམ་པ་ཡི། །ཟླ་བ་དེ་ཡི་དབུས་བཅས་པ། །བདེ་བ་ཆེན་པོ་མི་ཕྱེད་པ། །གཙོ་བོ་དེ་སྟེང་བྲི་བར་བྱ། །དེར་ནི་ཚེག་དྲག་བཅས་པ་སྟེ། །ཡི་གེ་བཅུ་གསུམ་ལྡན་པ་ཡི། །ཡི་གེ་མཆོག་ཏུ་བདེ་བ་སྟེ། །རླུང་གི་དཀྱིལ་འཁོར་ཡང་དག་འབྱུང་། །ཤེས་རབ་ཅན་གྱིས་དེའི་མདུན་དུ། །མི་ཕྱེད་ཡིད་ཕྱུང་བྲི་བྱ་སྟེ། །དྲག་པོར་ཚིག་དང་འདྲེན་པར་བཅས། །བཞི་ཡི་གཙུག་ཏུ་བྱས་པའོ། །དེ་ཡི་ལྷོ་ཡི་ཕྱོགས་སུ་ནི། །མི་སྨྲ་བ་ཡི་ཡི་གེའི་མཆོག །ཕྱག་རྒྱ་ཡེ་ཤེས་མཆོག་ཐམས་ཅད། །སྒྲུབ་པར་བྱེད་པའི་ཡི་གེ་བྲི། །ཧ་དང་རར་ལྡན་ཚེག་དྲག་བཅས། །བཞི་པ་ཡིས་ནི་དབུར་བྱས་པ། །སྔགས་ཀྱི་གཟུགས་ཀྱི་ཡི་གེ་ནི། །ནུབ་ཀྱི་ཕྱོགས་སུ་བྲི་བར་བྱ། །ཁྲོ་བོ་ཡི་གེ་ཡེ་ཤེས་ཆེ། །ཡི་གེ་ཕྱག་རྒྱ་རྨད་བྱུང་བ། །བརྗོད་དུ་བཅས་པ་དགོད་པའི་ཡིད། །བྱང་གི་ཕྱོགས་སུ་བྲི་བར་བྱ། །སེམས་ཅན་ཐམས་ཅད་


DNG012_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་དག་དང་། །དགྱེས་པ་ཆེན་པོ་རབ་འགྲུབ་ཕྱིར། །ང་ཡིས་དེ་ཉིད་གསུང་གིས་ནི། །དཀྱིལ་འཁོར་དེ་ཉིད་བསྟན་པ་ཡིན། །སངས་རྒྱས་བྱང་ཆུབ་བདེ་ཆེན་པོ། །གང་གིས་ཆུད་པས་རྫོགས་སངས་རྒྱས། །སེམས་ཅན་མཆོག་གི་རྟེན་བྱེད་ན། །དེ་ཉིད་སངས་རྒྱས་བྱང་ཆུབ་འགྲུབ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་གཅིག་ཏུ་ཡང་འདུས་ནས། བཅོམ་ལྡན་འདས་ཤིན་ཏུ་དགྱེས་པ་ཆེན་པོའི་བདག་པོ་རྡོ་རྗེ་འཛིན་པ་ཆེན་པོ་ལ་གར་མཛད་ཅིང་། རབ་ཏུ་སྤྲོས་པ་སྤྱན་གདངས་ནས། །ཞབས་དང་ཞབས་ཀྱིས་གནོན་པ་ཡིས། །སྡུད་ཅིང་འདོར་བ་འཛུག་པར་མཛད། །གཡས་དང་གཡོན་པའི་ཕྱག་གཉིས་ཀྱིས། །བརྗིད་པ་རྩེ་མོ་མཐའ་ནས་དགྲོལ། །ཅུང་ཟད་ཟུར་གྱིས་གདངས་པའི་སྤྱན། །མཛེས་པའི་སྨིན་ཚུགས་རྣམ་བསྒྱུར་བའི། །སྤྱན་གྱི་ཕྱག་རྒྱས་གར་མཛད་པས། །འགྲོ་ལ་རྒྱས་བཏབ་འདུད་པར་འགྱུར། །སེམས་དཔའ་ཆེན་པོ་དཔའ་བོ་ལ། །དབྱངས་འདི་ཡིས་ནི་བསྐུལ་མཛད་ཅིང་། །ཤིན་ཏུ་དགྱེས་ཆེའི་དཀྱིལ་འཁོར་དུ། །རྣལ་འབྱོར་མ་ཀུན་གནས་པར་གྱུར། །ཤིན་ཏུ་དགྱེས་ཆེན་རྡོ་རྗེའི་བདག །སངས་རྒྱས་ཀུན་གྱི་བདེ་ཆེན་པོ། །དཀྱིལ་འཁོར་མཆོག་ཏུ་དགྱེས་པ་ཡི། །དེ་ཉིད་བཅོམ་ལྡན་གྱིས་བཤད་དོ། ། སྔགས་སོར་བཞག ། ལན་དྷའུ་ཕའི་སུ་ར་ཨ་མ་ཧཱ་སུ་ཧུ་ཨག་གུ། ཨ་ལ་ལ་ཧོ། མ་ཧཱ་སུ་ཧུ་པ་ཡ་ལུ་ཏ་ཐཱ་ག་ཏུ་དི་པུ། རྣམ་པ་ཀུན་ཏུ་སྐྱེ་བ་མེད་པ་བདེ་བས་རོལ་ཅིང་ཆུབ་པར་མཛད་པ་ཡི། །བདག་ཅག་གཟུངས་ཀྱི་དམ་དང་བཅས་པ་རྣམ་དཔྱོད་འགྱུར་བ་མེད་པའི་ཡིད། །བདེ་མཆོག་བྱང་ཆུབ་སེམས་ནི་རྣམ་པ་ཀུན་ཏུ་སྡུག་བསྔལ་ཡང་བྲལ་ཏེ། །ཆེ་བའི་ཡེ་ཤེས་ལྷུན་གྲུབ་མཆོག་ལྡན་བདེ་སྤྱོད་བདེ་ལ་རོལ་པར་མཛོད། །ཨ་ལ་ལ་ཧོ། འདི་ནི་གླུ་རུ་བླངས་པ་ཡིས། །ཤིན་ཏུ་སྲིད་ལས་མྱ་ངན་འདས། །དགའ་ཆེན་དེ་བཞིན་གཤེགས་པ་རྣམས། །དཀྱིལ་འཁོར་འདི་ལ་བྱིན་གྱིས་རློབས། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་


DNG012_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་ཆེན་པོ་ཞལ་འཛུམ་པ་དང་བཅས་པས་རྒྱས་པའི་སྤྱན་ཨུཏྤ་ལ་ཁ་ཕྱེ་བ་བཞིན་དུ་སྨིན་མ་དང་སྐུ་རྣམ་པར་འགྱུར་བ་གློག་དང་ཆུ་རླབས་བཞིན་དུ་འགྱུར་བའི་རྣམ་པར་གནོན་པས། ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་དེ་ཁོ་ན་ཉིད་འདི་གསུངས་སོ། །དཀྱིལ་འཁོར་དཀྱིལ་འཁོར་ཞེས་བྱ་བ། །རྡོ་རྗེ་ཡེ་ཤེས་ཐུགས་ལ་གནས། །དཀྱིལ་འཁོར་རྡོ་རྗེ་མཆོག་ཉིད་ནི། །བདག་ཉིད་སྦྱོར་བས་བཏགས་པ་ཡིན། །རྡོ་རྗེ་དགྱེས་པ་ཆེན་པོ་ཡི། །དཀྱིལ་འཁོར་ཟླ་བ་གང་འདྲ་བ། །འོད་ཟེར་དཀར་པོའི་ཕྲེང་བས་མཛེས། །བྱང་ཆུབ་སེམས་མཆོག་འདྲ་བ་ཡིན། །རྡོ་རྗེ་དཔའ་བོའི་དཀྱིལ་འཁོར་ནི། །མཛེས་པའི་ཟླ་བ་ཁམ་པ་ལ། །མཐིང་གའི་འབར་བ་ཀུན་རྒྱས་པ། །མེ་དང་རླུང་གིས་བུས་པ་བཞིན། །ཤིན་ཏུ་དགྱེས་པའི་མཆོག་བསྒྲུབ་པ། །རྡོ་རྗེ་རིན་ཆེན་དཀྱིལ་འཁོར་ནི། །དགའ་བྱེད་དཀྱིལ་འཁོར་ཆ་བརྒྱད་ཀྱི། །འབར་དང་བཅས་པ་ཉི་མ་བཞིན། །དཀྱིལ་འཁོར་རྒྱས་མཆོག་འགྱུར་བྱེད་པ། །པདྨའི་དབང་པོ་པདྨ་འདྲ། །འདབ་མ་བརྒྱད་པ་གྱེས་པ་ཡིས། །གེ་སར་ཟེ་བས་མཛེས་བྱས་པའོ། །ཐམས་ཅད་ལས་ནི་གྲུབ་བྱེད་པ། །རྡོ་རྗེ་ལས་ཀྱི་དཀྱིལ་འཁོར་ནི། །དགའ་བྱེད་དཀྱིལ་འཁོར་གྲུ་གསུམ་སྟེ། །རབ་ཏུ་འབར་བའི་མེ་དང་བཅས། །དེ་ལ་སོགས་པ་མཐའ་ཡས་པའི། །དཀྱིལ་འཁོར་རྣམས་ནི་བརྟག་པར་བྱ། །སྐྱོང་བ་རྡོ་རྗེ་སེམས་དཔའ་ཡིས། །ཇི་ལྟར་དེ་ཉིད་སྤྲུལ་པ་ཡིན། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་བཞེངས་ནས་བརྗིད་པའི་རྡོ་རྗེའི་གང་དག་གིས་གར་མཛད་ནས། གླུ་དང་། སིལ་སྙན་དང་། གླིང་བུ་དང་། པི་ཝང་དང་། རྫ་རྔ་དང་། དུནྡུ་བྷི་དང་། པ་ན་བ་དང་། བ་ལི་ཀ་དང་། ཞི་བའི་ཐལ་མོ་ལ་སོགས་པ་དང་། རྣམ་པ་སྣ་ཚོགས་ཀུན་ཏུ་བརྡུང་བ་དང་། སིལ་སྙན་སྣ་ཚོགས་པས་རྣམ་པར་རོལ་པས། ལྷའི་རོ་དང་། རོའི་ཟས་དང་། བཟའ་བ་དང་། བཅའ་བ་དང་། བཏུང་བ་དང་། ཐེག་པ་དང་། སྟན་དང་། གོས་དང་། ལྡག་པ་དང་གཞིབ་པ་དང་འཇམས་ལ་སོགས་པ་རྣམ་པ་སྣ་ཚོགས་ཀྱིས། བཅོམ་ལྡན་འདས་བདེ་བ་ཆེན་པོ་དཔལ་རྡོ་རྗེ་འཛིན་ལ་


DNG012_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

བསྟབས་ནས། གུས་པ་དང་བཅས་པས་པདྨའི་སོར་མོ་ཁོང་སྟོང་དུ་མཛད་དེ། གཡོན་དུ་འདུད་པའི་ཚུལ་གྱིས་འཛུམ་པ་དང་བཅས་པའི་སྤྱན་གདངས་ཏེ། ཡང་དེ་ཁོ་ན་ཉིད་སྐུལ་བར་བྱེད་པའི་དབྱངས་འདིས་བསྐུལ་བར་མཛད་དོ། ། སྔགས་སོར་བཞག ། ཧོ་པ་ཏ་སུ་ར་ཏ་སུ་ཁ་ཝ། ཧ་ཁྲ་པུ་ཀ་མད་ཏྭ་ཡ་སུའུ་ཀྱ་མ་ཡ། ས་མ་ཡ་ཏ་མ་ཏ་མ་ཧོ། སུ་ར་ཏ་སོའུ་ཀྱ་ས་སྟེ། ཤམ་ཙ་རིད་ཏྲཾ་སུ་ག་ཏ་ཤན་ཏ་མ་ཡ་མ་པྲ་བྷྱི་ཀུ་རརྦ་ཀུ་རརྦ།སུ་རཏྣ་ཏིབ་བ། བཛྲ་ཛ་ལེ། ཕྲ་བི་བཛྲི་མ་བཛྲི་མ་བ། སུ་རྟོད་སུ་ཁ་རཏྣ་ཛ་ལོ། ཕྲ་བ་ནི་ར་ཏ་ནི་ར་ཏ། སུ་ཀ་ས་ཏ་ན་བཛྲ་ཛ་ལེ། ཕྲ་བི་མ་དྷམ་རྟ་སུ་ར་ཏ་བྷྱི་ཤ་བྷྱི་ཤ་ཛ་ལེ། ཧོ་ཧ་ཧཱུྃ་དྷི་ཧོ་ཧོ་ཛཱ་ཡ་མ་ཧཱ་སུ་ཀ་ཏི་ཙ་མ་ཡ། ར་མ་ར་མ་ཧོ། སུ་ར་ཏ་ཀ་རུ་སུ་ཀ་བ་ཧུ་བྷྱི་ཏེ་ཙེ་མུ་ཏྲ་ཛ་ཡ་ཏེ་ཙ་དྷ་ར། ཧ་ཧ་ཧ་ཧོ། བ་ར་ཧ་ས་སུ་ཁ་ཧོ། ཧཱུྃ་ཧོ་ཧོ་སུ་ར་ཏ་དྷ་ར་ག་སུ་ཁ། ར་ཏི་ར་ཏི་ར་ཏི་ཏ་པ་ར་མ་ཤྲཱི་དྷ་ཏི་ཧོ་ཧོ་པ་ར་མ་ཧེ་དུ། མ་ཧཱ་སུ་ཀ་ཧོ། སུ་ཀ་མ་ནུ་མོའུ་ན་པ་ར་མོ་ཤྭ་ར་ཧོ་བྷ་ག་བཱན་མ་ཧཱ་སུ་ཀ་ཧཱུྃ་ཧོ་ཧོ། བ་ཧུ་བི་བི་ཏ་བི་ཤྭ་ཛྭ་ལ་རད་ཏི་བྷྱི། ཤ་མ་ཧོ་སུ་ར་ཏ་སུ་ཁཾ་ག་ཙི་ཏྲ་པ་ར་མ། མ་ཧཱ་སུ་ཀ་ཧོ། སུ་ཁ་མ་ནུ་ཀྲིན་ན་ཧོ། སུ་ར་ཏོ་ཏ་ཏ་མ་པན་ཏི་སུ་ཀ་ཧཱུྃ། བཛྲ་ལཱ་ལི་ཧཱུཾ་མ་ཧཱ་སུ་ཀ་གྲིན་ན་ཧོ། ཧོ་ཤིན་ཏུ་བདེ་བའི་བྱམས་པས་ཀུན་ཏུ་གཟིགས་པའི་ཐུགས་རྗེའི་སྤྱན་མངའ་བ། །བྱང་ཆུབ་ཆེན་པོའི་སྙིང་པོར་འགྲོ་བ་སྒྲོལ་བས་སྐྱོ་ཡིད་མི་མངའ་སྟེ། །མཐུན་པའི་ལམ་བསྟན་ཉོན་མོངས་དུག་ལས་བསྒྲལ་བའི་ཕྱིར། །ནམ་མཁའི་ཚུལ་དུ་གཟུངས་ཀྱི་རང་བཞིན་བདེར་གཤེགས་ཀུན་ལ་སྟོབ། །ཨེ་མ་ཧོ་བདེ་བ་ཀུན་ཏུ་རྒྱ་ཡིས་བཏབ་པས་ཆེ་བའི་ཡེ་ཤེས་འདྲེན་ཅིང་མནབས། །ས་ཡི་ཁྱད་པར་བདེ་བས་རྫོགས་པའི་སྐུ་ཉིད་སྟོང་པས་ཚོགས་པའི་རྒྱལ་པོ་བཞིན། །ཆོས་ཉིད་ཇི་བཞིན་བདེ་ལ་རེག་པས་སྐུ་ཉིད་ཆེ་བ་ཀུན་སྟོན་ཏེ། །སྙིང་པོ་བྱང་ཆུབ་བགྲོད་ཕྱིར་འགྲོ་ལ་ཐབས་ཀྱི་སྒོ་མོ་བསམ་གྱིས་མི་ཁྱབ་བསྟན། །དཔལ་གྱི་སྙིང་པོ་གཟུངས་སུ་བསྟན་ཏེ་རིགས་ལྔའི་གཙོ་རྣམས་མཉེས་མཛད་ཅིང་། །དགྱེས་པ་དྲོངས་ལ་མནབས་ཤིང་རབ་ཏུ་དགྱེས་པས་རོལ་མོ་མཛོད། །དེ་བཞིན་


DNG012_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པའི་བདེ་མནོབས་བྱིང་བའི་གནས་ནས་བསླང་བའི་ཕྱིར། །གནོད་སྦྱིན་ཆ་ལུགས་སྐྱེ་འགག་མེད་པའི་ཚུལ་དང་རྣམ་པར་ལྡན། །སྙིང་རྗེ་ཆེན་པོའི་རྒྱུན་དང་བཅས་ནས་བདེ་བ་ཆེན་པོ་སྟོན་པའི་ཆོས་ཉིད་ནམ་མཁའ་བཞིན། །དགྱེས་པ་མཆོག་གི་ངང་ལས་སྤྲུལ་པའི་ལྷ་མོ་བསྐྱེད་པ་དང་། །རོལ་པས་འདུས་པའི་ཚོགས་ལ་བདེ་མཆོག་སྩོལ་བར་མཛོད། །ཧ་ཧ་ཧ་ཧོ་བདེ་ལ་གནས་ཤིང་བདེ་མནོབས་ཧཱུྃ། །དགྱེས་པ་མཆོག་དང་ལྡན་པའི་མི་སྐྱེ་བདེ་མཆོག་དེ་ཉིད་ཆར་པ་རབ་ཏུ་དབབ་ཏུ་གསོལ། །རྣམ་པ་ཀུན་ཏུ་མཐའ་དང་བྲལ་བའི་དབྱིངས་ལ་བདེ་གཤེགས་སློབ་མ་གཟུང་དུ་གསོལ། །དཔལ་གྱི་རྒྱལ་པོའི་ཚུལ་བཞིན་ཇི་ལྟར་བཞུགས་པའི་གནས་ནི་མནབ་ཏུ་གསོལ། །ངོ་མཚར་བྱང་ཆུབ་ཆེ་བ་འདི་ཉིད་འགྲོ་བ་རྟེན་བཞིན་བདེ་ཐོབ་པ། །ཕ་རོལ་ཕྱིན་དྲུག་དངོས་ཉིད་གང་ལའང་མི་བརྟེན་པར། །མི་སྐྱེ་མྱ་ངན་འདས་པའི་གཟུངས་དང་རྟག་ཏུ་རྣམ་པར་ལྡན། །མཐའ་དང་བྲལ་བའི་བདེ་བས་ཆོས་ཀྱི་དབྱིངས་ལ་གནས་པ་ཡི། །རྨོངས་པའི་བདེ་བས་བྱིང་ཞིང་གནས་པའི་འགྲོ་ལ་སྙིང་རྗེའི་ཆུས་ཁྲུས་མཛོད། །ཧོ་ཤིན་ཏུ་དགྱེས་མཆོག་མི་ཆགས་པ། །འདི་ནི་གླུ་རུ་བླངས་པ་ཡིས། །ཡིད་དང་འཐད་པའི་བདེ་ཆེན་པོ། །དངོས་གྲུབ་མྱུར་དུ་འཐོབ་པར་འགྱུར། །དེ་ནས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་ཆེན་པོ་བདེ་བ་ཆེན་པོ་དཔལ་རྡོ་རྗེ་སེམས་དཔའ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ལ་གསོལ་པའི་དབྱངས་ཀྱིས་བསྟོད་པ་ཉེ་བར་གསན་ནས། ཡང་ཆུ་སྐྱེས་ཀྱི་འདབ་མ་དྲི་མ་མེད་པ་དང་འདྲ་བའི་སྤྱན་གཉིས་ཀྱིས་ཀུན་ཏུ་གཟིགས་ཤིང་། འཛུམ་པ་དང་བཅས་པའི་ཞལ་དགྱེས་པར་གྱུར་ནས། ཡང་ཚད་མེད་པ་མཐའ་ཡས་པའི་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲན་གྱི་ཚོགས་ཀྱི་འཇིག་རྟེན་གྱི་ཁམས་མང་པོ་བསྐལ་པ་རྒྱས་པ་སྤྲིན་གྱི་རྒྱ་མཚོ་མ་ལུས་ལུས་པ་མེད་པའི་དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་། ནོར་བུ་རིན་པོ་ཆེ་དང་། པདྨ་དང་། ལས་ཀྱི་རིགས་ཐམས་ཅད་ལས་བྱུང་བའི་དེ་བཞིན་གཤེགས་པ་དང་། རྡོ་རྗེ་འཛིན་དང་། རིན་ཆེན་འཛིན་དང་། ཆོས་འཛིན་དང་། སྣ་ཚོགས་རྡོ་རྗེ་འཛིན་ཆེན་པོ་ཐམས་ཅད་དང་། རྣལ་འབྱོར་གྱི་དབང་ཕྱུག་


DNG012_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཚོགས་ཆེན་པོ་དང་། ཐུགས་ལས་བྱུང་བ་དང་། མཚོན་དང་།དགའ་བ་དང་། སྒེག་མོ་ལ་སོགས་པའི་རྣལ་འབྱོར་མའི་དབང་ཕྱུག་ཆེན་མོའི་གཡོག་གི་ཚོགས་ཚད་མེད་པ་འདྲེན་པར་བྱེད་པ་དང་། འགུགས་པར་བྱེད་པ་དང་། འཇིབ་པར་བྱེད་པ་ལ་སོགས་པའི་རྡོ་རྗེ་ནམ་མཁའ་ལ་འགྲོ་བ་དང་།ནམ་མཁའ་ལ་འགྲོ་བ་ཆེན་མོའི་ཚོགས་དང་། གྲངས་མེད་པའི་རྡོ་རྗེ་འཕྲོག་པར་བྱེད་པའི་ཚོགས་དང་། གཞན་ཡང་ཕྱི་རོལ་གྱི་རྡོ་རྗེ་དང་། རིན་པོ་ཆེ་དང་།པདྨ་དང་། ལས་ཀྱི་རིགས་ལས་བྱུང་བའི་རྣལ་འབྱོར་དང་། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དང་། ནམ་མཁའ་ལ་འགྲོ་བའི་ཚོགས་རྣམས་ལ་རྣམ་པར་བདེ་བ་ཆེན་པོ་གྱུར་པ་དང་བཅས་པའི་ཀུན་ཏུ་གཟིགས་པའི་སྤྱན་གྱིས་གར་མཛད་པ་དང་། རྣམ་པར་འགྱུར་བ་དང་བཅས་པའི་རྣམ་པར་གནོན་པས་ཀུན་ཏུ་གནོན་པས། རྣམ་པར་འགྱུར་བ་དང་བཅས་པས་འདེགས་ཤིང་ཚེམས་ཀྱིས་འདེབས་པ་དང་། རྣམ་པར་འགྱུར་བ་དང་བཅས་པའི་ཀུན་ཏུ་འདྲེལ་པའི་ཕྱག་གིས་གར་མཛད་པ་དང་། རྣམ་པར་འགྱུར་བ་དང་བཅས་པའི་སྒེག་པས་འགྱིང་བ་དང་། སྤྱོད་པ་དང་མི་སྤྱོད་པར་བཅས་པ་རྣམས་དང་། ཀུན་ཏུ་འདོར་བའི་རྣམ་པར་གནོན་པས་འཁོར་གྱི་ཚོགས་ཀྱི་དཀྱིལ་འཁོར་ཆེན་པོ་ལ་བྱིན་གྱིས་བརླབས་ནས་དགྱེས་པ་ཆེན་པོ་རྡོ་རྗེ་གདོན་མི་ཟ་བ་ཞེས་བྱ་བ་དཀྱིལ་འཁོར་གྱི་རྒྱལ་པོ་ཆེན་པོ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །བདག་ཉིད་དེ་ཉིད་མཉམ་གཞག་དང་། །དེ་བཞིན་ལྷ་ཡི་དེ་ཉིད་དང་། །སྔགས་དང་ཕྱག་རྒྱའི་དེ་ཉིད་ནི། །དེ་ཡི་དཀྱིལ་འཁོར་མཆོག་ཏུ་འགྱུར། །ཡན་ལག་ཐམས་ཅད་བསྒོམ་ལས་འདས། །རྟོག་དང་མི་རྟོག་རྣམ་སྤངས་པ། །འདྲེན་དང་ཚིག་ལས་ཡང་དག་འདས། །འདི་ནི་དཀྱིལ་འཁོར་མཆོག་ཅེས་བྱ། །ཆོས་དང་ཆོས་མིན་རྣམ་དཔྱོད་པ། །ཆོས་རྣམས་ཐམས་ཅད་བརྟག་པར་བྱ། །རྣམ་དག་ནམ་མཁའ་འདྲ་བ་ཡི། །དཀྱིལ་འཁོར་


DNG012_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་བསྟན་པ་ཡིན། །འདོད་ཆགས་མི་ཆགས་འདོད་ཆགས་མཉམ། །ཆུ་ཡི་པདྨ་དམར་བ་འདྲ། །རང་སེམས་འདོད་ཆགས་ཤིན་ཏུ་ཆགས། །འདི་ནི་དཀྱིལ་འཁོར་མཆོག་ཡིན་ནོ། །གཟུགས་དང་གཟུགས་མིན་དྲི་མེད་པས། །གང་ཁམས་ཀུན་ལ་འཇུག་འགྱུར་བ། །སེམས་ནི་ཆུ་དང་སྐུལ་བྱེད་པ། །དཀྱིལ་འཁོར་དཀྱིལ་འཁོར་ཞེས་བྱའོ། །དེ་ནས་དེ་བཞིན་གཤེགས་པ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་གཡོག་དང་བཅས་པ་དང་། ཕོ་ཉ་དང་ཕོ་ཉ་མོ་དང་། ནམ་མཁའ་ལ་འགྲོ་བ་ཆེན་པོ་དང་། ནམ་མཁའ་ལ་འགྲོ་བ་ཆེན་མོའི་ཚོགས་ཀྱི་དཀྱིལ་འཁོར་དེ་དག་ཐམས་ཅད་ཡང་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་རྡོ་རྗེ་འཛིན་གཙོ་བོ་ཆེན་པོ་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མའོ་རབ་དགྱེས་སེམས་དཔའ་མཆོག །ཀྱེ་མའོ་རབ་དགྱེས་ཕྱོགས་བསྒྱུར་བ། །རྣལ་འབྱོར་མ་ཡི་ཚོགས་མཆོག་གི། །དཀྱིལ་འཁོར་གསང་བ་ཉིད་ཀྱིས་གསུངས། །སངས་རྒྱས་སྦྱོར་བ་སྦྱོར་ཆེ་བ། །རྡོ་རྗེ་སྦྱོར་བ་བླ་ན་མེད། །འཇིགས་གསུམ་བདེ་མཆོག་ཐོབ་འགྱུར་བས། །གསང་བའི་དཀྱིལ་འཁོར་ཉིད་ཀྱིས་གསུང་། །རིན་ཆེན་པདྨ་སྣ་ཚོགས་ཆེ། །སྣ་ཚོགས་སྦྱོར་བའི་གར་མཛད་པ། །རྣམ་གྲངས་ཐིག་ལེའི་འཇིག་རྟེན་དུ། །རྣམ་དག་དཀྱིལ་འཁོར་ཉིད་ཀྱིས་གསུང་། །དེ་ནས་བཅོམ་ལྡན་འདས་ལ་རྣལ་འབྱོར་མ་ཐམས་ཅད་གར་དང་བཅས་པའི་ཕྱག་པདྨའི་སོར་མོའི་འདབ་མ་ཀུན་ཏུ་འདྲེལ་བའི་རྡོ་རྗེའི་ཐལ་མོ་དང་། གར་རྣམ་པར་འགྱུར་བའི་བརྗིད་བག་ཏུ་བཅས་པས་མཐའ་འགྲོལ་ཞིང་མ་མཆུ་ཚེམས་ཀྱིས་མནན་ནས་ཆུ་སྐྱེས་སར་པའི་འདབ་མ་བཞིན་གཟིགས་པས་བཞད་པ། གླུའི་ཕྱག་རྒྱས་དབྱངས་ལེན་པ་དང་། གཅིག་ལ་གཅིག་བསྐུལ་བ་དང་།བདག་ཉིད་ཀྱི་དཔུང་པ་ལ་འདེགས་ཤིང་གཡས་དང་གཡོན་པའི་རྣམ་པར་གནོན་པའི་ཚུལ་གྱིས། ཨོཾ་ཧཱུཾ་ཨ་ལ་ལ་ལ་ཧོ། སྔགས་སོར་བཞག ། ཨ་ག་ཀུའུ་ང་ཨ་མ་ཧཱ་སུ་ཧུ། ཨ་ག་གུའུ། ཨ་ལ་ལ་ཧོ། མ་ཧཱ་སུ་ཧུ་ཨ་གའུ་ར་ཨ་མ་ཧཱ་སུ་ཧུ་ཏུད་དུ།


DNG012_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཏུ་སྣང་ཞིང་མི་ཆགས་པར། །མི་ཆགས་པ་ཡི་བདེ་མཆོག་གིས། །བདེ་བའི་རྣལ་འབྱོར་གཟུགས་ཀྱི་རྣམ། །སྟོབས་ཤིང་བདེ་བ་སྦྱིན་མཛད་པས། །ཨ་ལ་ལ་ཧོ། བསམ་གྱིས་མི་ཁྱབ་ནམ་མཁའི་རང་བཞིན་ཏེ། །བཞེངས་ཤིང་གཞན་ལ་སྟོབས་མ་གྲུབ་པར་མཛོད། །ཆགས་པས་མི་གོས་དངོས་པོ་ཡི། །བདེ་བ་ཀུན་ལ་རེག་པར་མཛད་ཅིང་དགོངས་སུ་གསོལ། དེ་ནས་ཀུན་ཏུ་བཟང་པོ་ཤིན་ཏུ་དགྱེས་པ་ཆེན་པོ་རྡོ་རྗེའི་བདག་པོ་དེ་ཁོ་ན་ཉིད་ཀྱིས་དབྱངས་ཆེན་པོའི་བསྐུལ་བས་ཐུགས་སང་པར་གྱུར་ཏེ། ཤིན་ཏུ་དགྱེས་པ་ཆེན་པོ་ཀུན་ཏུ་ལོངས་སྤྱོད་པ་རྡོ་རྗེ་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཤིན་ཏུ་དགྱེས་པ་ཆེན་པོའི་རྡོ་རྗེ་གདོན་མི་ཟ་བའི་རྣལ་འབྱོར་མའི་ཚོགས་ཀྱི་དཀྱིལ་འཁོར་ཆེན་པོ་འདིར་སྣ་ཚོགས་ཤིན་ཏུ་དགྱེས་པ་ཆེན་པོའི་རྣམ་པར་གནོན་པར་གར་མཛད། ཤིན་ཏུ་དགྱེས་པ་ཆེན་པོའི་རྡོ་རྗེའི་དབྱངས་ཀྱི་གླུ་ལེན། རྡོ་རྗེ་རྣམ་པར་རོལ་པ་ཆེན་པོས་རྣམ་པར་རོལ། ཤིན་ཏུ་དགྱེས་པ་ཆེན་པོའི་རྡོ་རྗེ་བཞད་པ་ཆེན་པོས་བཞད་ཅིང་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་ཟླ་བའི་ཐིག་ལེའི་དཀྱིལ་ནས། ཨོཾ་མ་ཧཱ་སུ་ཁ་ཧཱུྃ་ཞེས་བརྗོད་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་མོ་ཡེ་ཤེས་དབྱིངས་ཕྱུག་མ་ཕྱུང་ངོ་། །སྟེང་དུ་ཟླ་གམ་ལྡན་པ་ཡི། །གཉིས་པ་ཡི་གེ་མ་ལྟ་བུ། །མཚན་དུ་ཐིག་ལེ་ལྡན་བྱས་པ། །ཡེ་ཤེས་གསལ་བའི་རྣལ་འབྱོར་མའོ། །ཨཱ་ལི་ཀཱ་ལི་འདྲེན་བྱ་བ། །དབུས་སུ་རི་མོ་བརྟག་བྱས་ཏེ། །དེ་ཡི་མགོ་དང་མཇུག་དག་ཏུ། །ཁྲོ་བོ་གཉིས་པོ་མཆོག་བསམ་བྱ། །འདི་ནི་བཙུན་མོའི་རབ་གསལ་པ། །དཀྱིལ་འཁོར་རྡོ་རྗེ་རྣལ་འབྱོར་མའོ། །འདི་ནི་དྲན་པ་ཙམ་གྱིས་ཀྱང་། །བསོད་ནམས་ཀུན་གྱིས་བྱིན་རློབ་འགྱུར། །ཨཱ་ལི་གཉིས་དབུས་རི་མོ་བྲི། །ལྡན་པ་འདྲེན་པ་ཡང་དག་ལྡན། །དེ་སྟེང་ཟླ་གམ་ཐིག་ལེ་དག །མགོ་མཇུག་གཉིས་སུ་གཞན་ཡང་ཏྲཱྃ། །འདི་ནི་དོན་དམ་གསལ་བ་སྟེ། །རིན་ཆེན་


DNG012_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་མ་དབང་སྦྱིན། །དྲན་པས་བསོད་ནམས་ཐོབ་འགྱུར་ཏེ། །སྡིག་པ་རྣམས་ཀྱང་འཇིག་པར་བྱེད། །ཨཱ་ལི་གཉིས་དང་ལྡན་བྱས་ཏེ། །ཚེག་དྲག་ཡི་གེ་གཉིས་སུ་བཤད། །འདི་ནི་རབ་དགའ་ཀུན་ཏུ་ཆགས། །ཆུ་སྲིན་མ་ཞེས་བསྟན་པ་ཡིན། །དང་པོ་སྐལ་བ་ཆེན་པོ་ཡི། །ཚེག་དྲག་པོ་དང་བཅས་པ་གཞན། །སངས་རྒྱས་ཀུན་གྱི་ཨཱ་ལི་འདི། །སངས་རྒྱས་བྱང་ཆུབ་རབ་སྦྱིན་བྱེད། །བདག་ཉིད་ལའམ་ཡང་ན་གཞན། །ཕྱག་རྒྱ་འདི་ཡིས་རྒྱས་བཏབ་སྟེ། །བསྒྲུབ་བྱའི་དཀྱིལ་འཁོར་བསྒྲུབ་བྱས་ན། །དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར། །འདི་ནི་དཀྱིལ་འཁོར་རྣམས་ཀྱི་མཆོག །ཡི་གེའི་ཕྱག་རྒྱ་མངོན་གནས་པའི། །འཛིན་པའི་བསོད་ནམས་ཅི་འདྲ་བ། །བྲིས་པ་ཡིས་ཀྱང་ཁྱད་པར་འགྱུར། །ཨེ་མའོ་བདེ་བ་ཡེ་ཤེས་ཆེ། །དེ་ཡི་ཡེ་ཤེས་ཚེ་འདི་ལ། །འདོད་བྱེད་བདེ་བ་སྟེན་བྱེད་ཅིང་། །འདི་ཡི་ཚུལ་གྱིས་ཐོབ་པར་འགྱུར། །ཁམས་གསུམ་མཆོག་གི་དཀྱིལ་འཁོར་འདིར། །འདི་ལས་རྒྱ་ཆེ་མཆོག་གཞན་མེད། །སྒྲུབ་པ་པོ་ཡི་སེམས་ཅན་ཀུན། །ཚེ་འདི་ཉིད་ལ་སངས་རྒྱས་འགྲུབ། །ཟླ་གསང་ཐིག་ལེའི་གསང་བའི་རྒྱལ་པོ་ཆེན་པོ་ཤིན་ཏུ་དགྱེས་པ་རྡོ་རྗེ་གདོན་མི་ཟ་བའི་དམ་ཚིག་གི་དཀྱིལ་འཁོར་ཆེན་པོ་རྒྱས་པ་མཆོག་ཏུ་གསང་བ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་བཙུན་མོ་རྣམས་ཀྱི་གསང་བ་ཆེན་པོ་རྣལ་འབྱོར་མའི་དབང་ཕྱུག་ཆེན་པོ་རྣམས་ཀྱི་མཆོག་ཏུ་གསང་བའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ཏེ་དང་པོ་རྫོགས་སོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ངོ་མཚར་དུ་གྱུར་ཏེ། དགྱེས་པའི་ཡིད་བདེ་བ་དང་། མགུ་བ་དང་། ཡིད་དགའ་བ་བསྐྱེད་ནས་གར་དང་ཤིན་ཏུ་དགྱེས་པ་ཆེན་པོའི་རྡོ་རྗེ་བཞད་པ་མཛད་ཅིང་ཡང་ཤིན་ཏུ་དགྱེས་པ་ཆེན་པོའི་བདེ་བ་གཉིས་སུ་མེད་པའི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བ་འདུ་བ་མཛད་ནས། བཅོམ་ལྡན་འདས་ལ་གསོལ་བ་འདེབས་པར་གྱུར་ཏོ། །བདེ་བྱེད་ཆེན་པོ་བཤད་པ་ཤོད། །བདེ་བ་ཆེན་པོ་བཤད་པ་ཤོད། །


DNG012_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བ་ཆེན་པོ་བཤད་པ་ཤོད། །དགྱེས་པ་ཆེན་པོ་བཤད་པ་ཤོད། །ཁྱོད་ལས་འདོད་ཆགས་ཡང་དག་འབྱུང་། །ཁྱོད་ལས་ཞེ་སྡང་ཆེན་པོ་སྟེ། །ཁྱོད་ལས་སྡིག་བྱེད་སྡུག་བསྔལ་དང་། །ཁྱོད་ལས་ཁམས་གསུམ་ཐམས་ཅད་འབྱུང་། །ཁྱོད་ལས་སྐྱེས་པ་མ་ནིང་དང་། །ཁྱོད་ལས་འདོད་གཟིར་བུད་མེད་དང་། །ཁྱོད་ལས་འདོད་ལས་རྣམ་གྲོལ་དང་། །ཁྱོད་ལས་བྱང་ཆུབ་བླ་མེད་འབྱུང་། །ཁྱོད་ལས་ནམ་མཁའ་རླུང་དག་དང་། །ཁྱོད་ལས་གཟི་བརྗིད་མེ་ཡི་ཁམས། །ཁྱོད་ལས་དེ་བཞིན་ཆུ་དང་ས། །ཁྱོད་ལས་སྤྱོད་དང་མི་སྤྱོད་ཀུན། །ཁྱོད་ལས་སངས་རྒྱས་དཔའ་ཆེན་པོ། །ཡང་ནས་ཡང་དུ་འབྱུང་བར་འགྱུར། །ཁྱོད་ལས་ཆོས་དང་དགེ་འདུན་དང་། །ཁྱོད་ལས་ཕ་རོལ་ཕྱིན་པའི་ཚོགས། །བྱང་ཆུབ་སེམས་དཔའ་ཆེན་པོ་དང་། །རི་དང་སྐྱེ་བོ་ཐམས་ཅད་འབྱུང་། །ཁྱོད་ལས་རྡོ་རྗེ་སེམས་དཔའ་དང་། །ཁྱོད་ལས་དྲི་མེད་པདྨ་དང་། །ཁྱོད་ལས་རིན་ཆེན་ཚད་མེད་ཆེ། །དེ་བཞིན་རྡོ་རྗེ་སྣ་ཚོགས་འབྱུང་། །ཁྱོད་ལས་ཕྱག་རྒྱ་སྔགས་ཀྱི་རྣམས། །ཁྱོད་ལས་རིག་པའི་སྙིང་པོ་འབྱུང་། །དེ་ནས་བཅོམ་ལྡན་འདས་སྤྱན་མི་འཛུམས་པས་སྨིན་མ་བརྐྱང་སྟེ་དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཆེན་པོ་དང་། རྣལ་འབྱོར་མ་ཆེན་མོའི་ཚོགས་དང་། རྡོ་རྗེ་ནམ་མཁའ་ལ་འགྲོ་མ་དང་། ནམ་མཁའ་ལ་འགྲོ་བའི་ཚོགས་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་དང་། གཞན་ཡང་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་ཀུན་འདུས་པ་ཐམས་ཅད་ལ་སྐད་ཅིག་སྐད་ཅིག་ཏུ་ཀུན་ཏུ་གཟིགས་ནས་བརྗིད་པ་དང་བཅས་པའི་ཕྱག་འཇམ་པོས་ཉིད་ཀྱི་སྙིང་གའི་རྡོ་རྗེ་གསོར་ཞིང་། ཉིད་ཀྱི་མཚན་མའི་ཕྱག་རྡོ་རྗེ་རྗེས་སུ་ཆགས་པ་རབ་ཏུ་རྒྱས་པ་ཆེན་པོའི་བལྟ་བས་འཁོར་ཐམས་ཅད་ཟིལ་གྱིས་


DNG012_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

མནན་ཏེ། ཉིད་ཀྱི་ཐུགས་པདྨ་ཟླ་བའི་དཀྱིལ་འཁོར་ཡི་གེའི་ཐིག་ལེའི་དཀྱིལ་ནས་འོད་ཟེར་ཕྱུང་སྟེ་ཀུན་ཏུ་སྣང་བར་བྱིན་གྱིས་བརླབས་ནས། ཤིན་ཏུ་དགྱེས་པ་གདོན་མི་ཟ་བའི་རྡོ་རྗེ་ཞེས་བྱ་བའི་གསང་བའི་དཀྱིལ་འཁོར་ཆེན་པོ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །དང་པོའི་ཡི་གེ་བཅུ་གསུམ་པ། །ཐིག་ལེར་བཅས་པ་བསམ་བྱས་ཏེ། །བདེ་ཆེན་ཚུལ་བཞིན་གཞག་བྱས་ལ། །གཞན་གྱིས་མི་ཕྱེད་ཐིག་ལེར་བཅས། །ཡི་གེ་དྲུག་པ་འདྲེན་པ་རུ། །ཚུལ་བཞིན་འོག་ཏུ་ཡོངས་སུ་བརྟག །འདི་ནི་གསང་བ་ཆེན་པོ་སྟེ། །རྨད་བྱུང་ཡི་གེའི་ཕྱག་རྒྱའོ། །བདེ་ཆེན་བདེ་བར་བསྐྱེད་པའི་ཕྱིར། །སངས་རྒྱས་ཀུན་གྱིས་བསྒྲགས་པ་ཡིན། །ཡེ་ཤེས་ཀྱི་ནི་ཕྱག་རྒྱ་འདིས། །སྐད་ཅིག་སྙིང་པོས་རྒྱས་བཏབ་ན། །དཀྱིལ་འཁོར་རྣམས་ཀྱི་འཆད་པ་པོ། །སྟོན་པ་རྡོ་རྗེ་འཛིན་པར་འགྱུར། །བདེ་བ་ཆེན་པོ་སྐུལ་བྱེད་པའི། །སངས་རྒྱས་རྣམས་ཀྱི་རྟོགས་པར་བྱེད། །ཡི་གེའི་ཡེ་ཤེས་གྲུབ་པ་ཡིས། །ཡེ་ཤེས་དབང་ཕྱུག་ཉིད་དུ་འགྱུར། །འཕྲུལ་གྱི་མིག་དང་ཤེས་རབ་ཆེ། །མི་ཤེས་སྡིག་པ་འཇོམས་པར་བྱེད། །རྡོ་རྗེ་སེམས་དཔའ་ཉིད་འདྲ་པར། །ཚེ་འདི་ཉིད་ལ་འཐོབ་པར་འགྱུར། །བདེ་བ་ཆེན་པོ་རིག་པ་ཆེ། །སྡུག་བསྔལ་འདོད་པ་འཇོམས་བྱེད་པའོ། །ཤེས་རབ་ཡེ་ཤེས་དངོས་གྲུབ་ཆེ། །བྱང་ཆུབ་མྱུར་དུ་འཐོབ་འགྱུར་ཏེ། །རིག་མ་འབུམ་ཕྲག་བརྒྱས་བསྐོར་ཅིང་། །སེམས་དཔའ་ཆེན་པོ་དེ་དང་རྩེན། །རྡོ་རྗེ་པདྨ་མཉམ་སྦྱོར་བས། །ཐལ་མོ་བརྐྱང་སྟེ་རོལ་པ་ཡིས། །ཚེ་དང་ལང་ཚོ་སྐལ་དང་ལྡན། །དྲན་པ་ཙམ་གྱིས་འཐོབ་པར་འགྱུར། །འདོད་པ་ཡི་ནི་དགོས་པ་རྣམས། །མྱུར་བ་ཉིད་དུ་འགྲུབ་པར་འགྱུར། །འོག་དང་སྟེང་གི་ནམ་མཁའ་ལ། །བདག་འདོད་བཞིན་དུ་འགྲོ་འོང་བྱེད། །ས་ཡང་རྣམ་པར་ཕུག་ནས་སུ། །སྟོབས་ཆེན་དེ་འདིར་འོང་བར་བྱེད། །སངས་རྒྱས་ཀུན་ལ་གནོད་བྱེད་དེ། །བྱང་ཆུབ་པར་ནི་གདོན་མི་ཟ། །བདེ་བ་ཆེན་


DNG012_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་རྣམ་མཛད་པས། །གཞོམ་ཞིང་དེ་བཞིན་མྱང་བ་ཡི། །རྡོ་རྗེ་བློ་ཡིས་བདུད་ཀྱི་རྣམས། །རྣམ་པར་འགྱུར་བས་ཐམས་ཅད་བསྒྲལ། །བདེ་བ་ཆེན་པོ་གཏོང་བ་ཡིས། །སྐད་ཅིག་ཉིད་དུ་གསོ་བར་བྱ། །གྲུབ་པའི་རྡོ་རྗེ་འཛིན་པ་ཆེ། །དཔའ་བོ་ཆེན་པོས་དགུག་པར་བྱ། །རྣལ་འབྱོར་མ་རྣམས་ཅི་འདོད་པར། །རྣམ་གནོན་ཚུལ་གྱིས་གནོན་པར་བྱ། །དབང་པོ་ཉེ་དབང་དབང་ཆེན་པོ། །གནོད་བྱེད་སྟོབས་ཀྱིས་མངོན་པར་ནི། །རབ་ཏུ་རྣམ་འཇོམས་གནོན་པ་ཡིས། །གཞོམ་པའི་ཚུལ་གྱིས་བསྒྲལ་བར་བྱ། །མཚོན་ཆ་ལྔ་ཡིས་རྣམ་གནོན་པས། །གཞན་གྱི་བུད་མེད་རྩེན་པར་བྱ། །ཀྱེ་མའོ་བདེ་བ་བདེ་གནས་པའི། །སེམས་ཅན་ཆེན་པོས་གྲོལ་བྱས་ཏེ། །བྱང་ཆུབ་སེམས་ནི་བདེ་འབྱུང་བས། །སེམས་དཔའ་བདག་ཉིད་མཆོད་པར་བྱ། །དམ་ཚིག་རྗེས་སུ་ལྡན་པ་ཡིས། །རྣལ་འབྱོར་རྟག་པའི་ངོ་བོར་འགྱུར། །སྐད་ཅིག་མཐོ་རིས་འགྲོ་བར་བྱེད། །སྐད་ཅིག་བདེ་ལྡན་འགྲོ་བར་བྱེད། །རྡོ་རྗེའི་ཤུགས་ཀྱིས་ཐམས་ཅད་དུ། །སེམས་ཅན་སྐད་ཅིག་འདི་རུའོ། །སངས་རྒྱས་ཀུན་གྱི་གནས་སུ་འགྱུར། །སེམས་ཅན་རྣམས་དང་གྲགས་ཆེན་པོ། །ཐམས་ཅད་ཀྱི་ནི་རིགས་རྣམས་དང་། །ཕ་རོལ་ཕྱིན་རྣམས་སྐྱེ་གནས་ཏེ། །དེ་བཞིན་རིགས་དང་ཕ་རོལ་ཕྱིན། །དེ་དག་འདི་ལ་རབ་ཏུ་གནས། །དབང་པོར་གྱུར་པ་བརྟན་ཆེན་པོ། །ཡོན་ཏན་ཚོགས་ནི་ནམ་མཁའ་བཞིན། །དེ་ཉིད་དངོས་པོ་ཐམས་ཅད་ལ། །ཐམས་ཅད་དུས་གསུམ་མཉམ་གནས་ཏེ། །རྡོ་རྗེ་སེམས་དཔའ་མཆོག་ཏུ་བདེ། །སེམས་དཔའ་ཐོག་མ་ཐ་མེད་ཡིན། །བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའི་ཤིན་ཏུ་བདེ་བ་ཆེན་པོའི་རྡོ་རྗེ་ཆོས་ཀྱི་ཡི་གེ་ཞེས་བྱ་བ་ཡི་གེ་ཆེན་པོའི་ཕྱག་རྒྱའི་ཡེ་ཤེས་སོ། །བཅུ་གསུམ་གྱི་ནི་ཡི་གེ་ཆེ། །ཡེ་ཤེས་ཐིག་ལེ་ལྡན་པ་སྟེ། །རྡོ་རྗེ་ཡིད་འབྱུང་ལྷགས་ལྷ་མོ་ཡི་ཡང་པ་ཡི། །ཧ་ལ་ར་བཏགས་དབུ་བསྐོར་བྱ། །འདི་ནི་ཡིད་ལས་སྐྱེས་པ་སྟེ། །ཤིན་ཏུ་དགྱེས་ཆེ་མཛེས་པ་ཡི། །ཡི་


DNG012_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

གེའི་ཕྱག་རྒྱ་ཕྱག་རྒྱ་ཆེ། །གཙོ་བོའི་སྤྱན་སྔར་གནས་པ་ཡི། །གསང་བའི་སྙིང་གི་པདྨ་ལ། །ཕྱག་རྒྱ་འདི་ཡིས་རྒྱས་བཏབ་པས། །དེ་ནི་དེ་མ་ཐག་ཉིད་དུ། །ཤིན་ཏུ་དགྱེས་པའི་མཉེས་པར་འགྱུར། །གཙོ་ཆེན་རྡོ་རྗེ་སེམས་དཔའ་ལ། །དེ་ཡི་བདེ་བས་མཉེས་བྱས་ཏེ། །དབང་པོ་ཡི་ནི་སྦྱོར་བ་ཡིས། །དེ་དང་རོལ་པས་མྱུར་དུ་འགྲུབ། །དེ་གཉིས་ཕན་ཚུན་དགྱེས་པ་ལས། །ཤིན་ཏུ་དགྱེས་པའི་གཞིར་གྱུར་ཏེ། །རིག་འཛིན་མཆོག་གི་གཟུགས་ལྡན་དང་། །ལྷ་མི་ཀུན་གྱིས་མཆོད་པར་འགྱུར། །དེ་དང་ལྷན་ཅིག་རོལ་པ་ན། །ལྷ་ཆེན་ཚངས་པ་གཏོགས་འདོད་རྣམས། །ཕྱག་རྒྱ་སྦྱོར་བའི་ཚུལ་གནས་པའི། །བདག་ཉིད་ཆེ་ལ་ཕྱག་བྱེད་པའོ། །ཉེས་གསུམ་དྲི་མ་སྤངས་པ་ཡི། །ཤིན་ཏུ་སྦྱོར་བའི་རྒྱས་བཏབ་པ། །སེམས་ཅན་གར་ནི་བྱེད་པ་དང་། །སེམས་དཔའ་ཆེ་ལ་མཉེས་པར་བྱེད། །དེ་ནི་ས་དང་ནམ་མཁའ་ལ། །བདེ་བར་གནས་ཤིང་འགྲོ་བར་བྱེད། །སྣ་ཚོགས་ལྷ་མོ་བདེ་ཆེ་བའི། །སྣ་ཚོགས་བདེ་བས་ཉེར་སྤྱོད་དོ། །ཕྱག་རྒྱའི་གར་གྱིས་གར་མཛད་ཅིང་། །སེམས་ཅན་མྱུར་དུ་རྟོགས་པར་བྱེད། །རལ་གྲིར་གྱུར་པ་གཟི་ཆེན་པོ། །ནམ་མཁའ་ཀུན་ཏུ་ཕན་ཚུན་འགྲོ། །ལྷ་མོ་འཕྲུལ་གྱིས་འགྲོ་བ་དང་། །ལྷ་མིན་ཀླུ་ཡི་བུ་མོ་དང་། །གཞན་ཡང་འཕྲུལ་ལྡན་མིའི་བུ་མོ། །དེ་ཡི་བུད་མེད་ཀུན་བསྒྲུབ་བྱ། །ཕྱག་རྒྱའི་ཡེ་ཤེས་རབ་གནས་པས། །དེ་ཉིད་ཀུན་ཏུ་འགྲོ་བྱེད་དེ། །ཇི་ཙམ་འདོད་པར་དཀྱིལ་འཁོར་དུ། །རྡོ་རྗེ་སེམས་དཔའ་ང་ཡིས་ཚེ་ཡང་ཆེ་གནས་སོ། །སངས་རྒྱས་ཐམས་ཅད་མྱུར་དུ་འགྲུབ། །ཐམས་ཅད་ཆོས་ནི་བདེ་ཆེན་པོ། །དགེ་འདུན་ཆགས་མེད་ཐམས་ཅད་རྣམས། །དེ་དག་ཐམས་ཅད་དེ་ཡིན་ནོ། །དབང་པོ་ཉེ་དབང་དབང་ཆེན་གྱི། །ཐོགས་མེད་སྟོབས་ཀྱིས་བཀུག་ནས་སུ། །རྡོ་རྗེ་སེམས་དཔའི་ཐབས་གནས་པས། །གཞན་གྱི་བུད་མེད་རྩེན་པར་བྱ། །དེ་ལ་སོགས་པ་མཐའ་ཡས་པ། །ཕྱག་རྒྱ་ཡེ་ཤེས་བསྒྲུབ་བྱ་སྟེ། །སྐད་ཅིག་


DNG012_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཅིག་བསྟེན་པ་ཡིས། །བདག་གི་སྦྱོར་བས་འགྲུབ་པར་འགྱུར། །གཉིས་མེད་སྦྱོར་བ་འདི་ཡིས་ནི། །དེ་ནི་དངོས་གྲུབ་ཀུན་འགྱུར་ཏེ། །བདག་མེད་ང་རྒྱལ་མེད་འགྱུར་ཏེ། །སྣང་བ་མེད་ཅིང་ཡི་གེ་མེད། །ཤིན་ཏུ་དགྱེས་པ་ཆེན་པོའི་ཡིད་དང་རྗེས་སུ་མཐུན་པར་མཛད་མའི་ཡི་གེའི་ཕྱག་རྒྱའི་ཡེ་ཤེས་སོ། །ལྷ་མོ་རྡོ་རྗེ་ཀཱི་ལི་ནི། །དང་པོར་ཨོཾ་གྱིས་རྣམ་བརྒྱན་པ། །བགེགས་མཐར་བྱེད་དང་ལྡན་པ་ནི། །དབང་མཆོག་སྦྱིན་པར་མཛད་མ་སྟེ། །དེ་ཡིས་བུད་མེད་སྙིང་ག་རུ། །བདག་ཉིད་ཀྱིས་ནི་བྱིན་བརླབས་ཏེ། །དབང་པོ་གཉིས་ནི་སྦྱོར་བ་ཡིས། །མཁས་པས་ཚུལ་བཞིན་བསྒོམ་པར་བྱ། །དེ་ནས་རྣལ་འབྱོར་ཆེན་པོ་དེ། །རྣལ་འབྱོར་དབང་ཕྱུག་བྱིན་བརླབས་པས། །ནམ་མཁའི་དཀྱིལ་འཁོར་མཐའ་དག་ཏུ། །མཛེས་པའི་སྤྱན་དང་རོལ་ཅིང་འགྲོ། །བདག་གམ་འོན་ཏེ་གཞན་དག་ལ། །ཕྱག་རྒྱ་དེ་ཡིས་རྒྱས་བཏབ་སྟེ། །རྡོ་རྗེ་པདྨ་ཕྱེ་བ་ཡིས། །སྒྲུབ་པ་པོས་ནི་མྱུར་དུ་བསྒྲུབ། །པདྨ་རྣམ་པར་ཕྱེ་བྱས་ཏེ། །ཕྱག་རྒྱ་སྦྱོར་བས་རོལ་པ་ཡི། །ཕྱག་རྒྱ་འདི་ཡིས་རྒྱས་བཏབ་ན། །འགྲོ་དང་འོང་བ་གདོན་མི་ཟ། །གཡས་དང་གཡོན་པའི་ཚུལ་གྱིས་སུ། །ལག་པའི་ཕྱག་རྒྱ་བཟུང་བྱས་ཏེ། །སྦྱོར་བ་ཆེན་པོ་བསྒོམ་བྱས་ན། །དེ་མ་ཐག་ཏུ་ནམ་མཁར་འགྲོ། །བདག་ཉིད་གན་རྐྱལ་གནས་བྱས་ཏེ། །ཉིད་ཀྱི་སྟེང་དུ་ཕྱག་རྒྱ་བཞག །ཉིད་ཀྱིས་བྱིན་བརླབས་ཕྱག་རྒྱ་ལ། །སྔགས་པས་ཚུལ་བཞིན་བསྐྱོད་པར་བྱ། །གཡས་དང་གཡོན་གྱི་གློ་དག་ཏུ། །དགྱེས་དང་མཛའ་བ་གཉིས་བཞུགས་པར། །མི་གཡེང་ཕྱག་རྒྱ་བཞག་བྱས་ཏེ། །བདག་ཉིད་ཤིན་ཏུ་དགྱེས་པར་བསྒོམ། །འདི་ཡིས་དངོས་གྲུབ་ཐོབ་འགྱུར་ཏེ། །འདི་དག་ལྷན་ཅིག་འགྲོགས་པ་ཡིས། །གཟུངས་མ་ཀུན་གྱི་དཀྱིལ་འཁོར་དུ། །སངས་རྒྱས་ལ་སོགས་ཐམས་ཅད་འགྱུར། །འདི་དང་ལྷན་ཅིག་སྦྱོར་བ་ཡིས། །ནམ་མཁའ་བདག་པོ་སངས་རྒྱས་བཞིན། །སངས་རྒྱས་ཀུན་གྱིས་བྱིན་བརླབས་པས། །དེ་ནི་སངས་རྒྱས་


DNG012_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོར་འགྱུར། །དབང་པོ་གཉིས་ནི་རབ་སྦྱོར་བས། །ནུབ་གཅིག་བདུད་རྩི་དབྱུང་བྱས་ཏེ། །གཟུངས་མའི་ཕྱག་རྒྱ་ལ་བརྟེན་ནས། །རྨད་བྱུང་ཉིད་ནི་འཐོབ་ཅེས་བཤད། །མཚན་གྱི་མཐའ་དང་ཉིན་གྱི་མཐའ། །དང་པོར་གཉིས་ཀ་འདུས་བྱས་ན། །སྔགས་ཀྱི་དབྱིངས་ཕྱུག་གར་འགྲོ་བ། །དེ་དང་ལྷན་ཅིག་དངོས་གྲུབ་འགྲོ། །ཕྱེད་དམ་ཡང་ན་ནམ་ཕྱེད་ན། །རིག་མའི་དབྱིངས་སུ་རེག་བྱ་ཞིང་། །མྱུར་བས་ཁྲོས་པའི་སྒྲ་སྒྲོགས་པས། །གྱད་ཀྱི་འགྱེད་པས་བརྩམ་པར་བྱ། །བཀྱེ་བའི་མཇུག་ཏུ་དེ་མ་ཐག །འོ་མ་མཆོག་ནི་བཏུང་བྱས་ནས། །དེ་ནས་དེ་ནི་རྡོ་རྗེ་འགྲུབ། །ཟླ་གསང་དཀྱིལ་དུ་འགྲོ་བར་བྱེད། །བྱ་བ་དེ་བཞིན་བཟློག་པ་དང་། །ཅི་བདེར་བསྟེན་པ་བྱས་པ་ལས། །བྱང་ཆུབ་སེམས་ནི་འཆར་མ་ཐག །འཕྲོག་མ་ཡི་ནི་དངོས་གྲུབ་བོ། །འདི་ཡིས་རིན་ཆེན་གཙུག་ཉིད་དུ། །མི་གཡེང་མཚན་མོ་བྱས་གྱུར་ན། །སངས་རྒྱས་དངོས་གྲུབ་འཕྲོག་བྱེད་དེ། །སངས་རྒྱས་དངོས་གྲུབ་ཉིད་ཀྱིས་ཐོབ། །འདི་ཡིས་སྙིང་གི་ཟླ་གསང་ལ། །ཐིག་ལེ་ཉིད་དུ་བརྟག་བྱས་ན། །དེ་ནི་དེ་མ་ཐག་ཏུ་ཡང་། །ཟླ་གསང་ཐིག་ལེའི་མཆོག་འདྲར་འགྱུར། །འདི་ཡིས་རེག་པ་ཙམ་གྱིས་ཀྱང་། །དངོས་གྲུབ་གང་དག་འཐོབ་བྱེད་དེ། །རྡོ་རྗེའི་ཕྱག་རྒྱ་གཟི་ཆེན་པོ། །རྒྱལ་པོ་འདི་ནི་རྣམ་པར་རྒྱུ། །འདི་ནི་སྒྲུབ་པའི་དུས་སུ་ཡང་། །རྣམ་པར་རྟོག་པ་ཡོང་མི་བྱ། །རྟག་ཏུ་མི་རྟོག་འགྱུར་བ་ཡིས། །ནན་ཏན་གྱིས་ནི་བསྒྲུབ་པར་བྱ། །སྡུག་བསྔལ་བ་ཡི་སེམས་ཅན་ལ། །སྦྱིན་པ་བཞི་ནི་རྟག་ཏུ་སྦྱིན། །དེ་ལ་བདེ་བ་སྦྱིན་བྱས་ཏེ། །མི་སྙན་ནམ་ཡང་སྦྱིན་མི་བྱ། །ཤིན་ཏུ་དགྱེས་པའི་སེམས་མ་ཆེན་མོ་དཔེ་མེད་པ་དང་ལྡན་མ་ཞེས་བྱ་བའི་རྡོ་རྗེ་ཀཱི་ལི་ཀཱི་ལི་ཤིན་ཏུ་དགྱེས་པའི་བདེ་བ་ཆེན་པོ་འཐོབ་པར་བྱེད་པའོ། །ཐོག་མ་ཨོཾ་སྟེ་མཛའ་ཆེན་མོ། །རྡོ་རྗེ་ཤིན་ཏུ་དགྱེས་དང་འདྲེལ། །འདི་ནི་འདོད་ཆགས་ཐམས་ཅད་ལ། །འདོད་ཆགས་བདེ་བྱེད་སྙོམས་པར་འཐོབ། །རོལ་པའི་སྦྱོར་བས་


DNG012_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

བུད་མེད་ལ། །འདི་ནི་རྟག་ཏུ་མཉེས་པར་བྱ། །འདི་ཡིས་འགྲོ་བ་གསུམ་དག་ཏུ། །དངོས་གྲུབ་མྱུར་དུ་འཐོབ་པར་བྱེད། །པདྨ་ཁ་ཆེ་རྒྱས་པའི་སྤྱན། །སྔགས་མཁན་དེ་ནི་སྐད་ཅིག་འགྱུར། །གཙོ་བོ་ཡི་ནི་བདེ་མཆོག་གིས། །ཨཱ་ལི་ཀཱ་ལི་མཉམ་སྦྱོར་བྱ། །སྤྲོད་པའི་ཕྱག་རྒྱས་རྒྱས་བཏབ་སྟེ། །སྐད་ཅིག་སྐད་ཅིག་སྤྱད་པར་བྱ། །དུས་དག་ཏུ་ནི་རེག་པ་དང་། །གཞུག་པ་ཡང་ནི་རྟག་ཏུ་བྱ། །བསྐྱོད་དང་མཉེ་བ་དེ་བཞིན་དུ། །མཉམ་དུ་འགྲོགས་པའི་ཆོ་ག་བྱ། །བསྐྱེད་པ་དང་ནི་སྦྱང་བ་དང་། །སྐད་ཅིག་སྐད་ཅིག་བསྙེན་པར་བྱ། །གར་དང་ཀུན་ནས་བསྐོར་བ་དང་། །འཇིབ་དང་དེ་བཞིན་བཏུང་བ་དང་། །ཐེ་ཚོམ་མེད་པའི་སེམས་ཀྱིས་ནི། །དམ་ཚིག་དང་ནི་བསྒྲུབ་པར་བྱ། །ཕྱག་རྒྱ་འདི་ཡིས་རྣལ་འབྱོར་པ། །མི་གཡོ་ཚེ་འདིར་དངོས་གྲུབ་སྟེ། །སངས་རྒྱས་བྱང་ཆུབ་དངོས་གྲུབ་དང་། །བསྐལ་པར་གནས་པ་སྨོས་ཅི་དགོས། །འདི་ནི་དངོས་གྲུབ་འཐོབ་མ་ཐག །པདྨ་འཛིན་པའི་རྗེར་གྱུར་ཏེ། །ལག་ན་པདྨ་འབར་ཁྱེར་བཞིན། །བློ་ལྡན་མི་གཡེང་བསྐལ་པར་གནས། །བརྗིད་པས་དཔལ་དགྱེས་ལྷན་ཅིག་ཏུ། །བདེ་ལྡན་ཞིང་དུ་འགྲོ་འགྱུར་ཏེ། །རྣལ་འབྱོར་ཆེན་པོ་དེར་ཕྱིན་ནས། །བདེ་ལྡན་གྱི་མཆོག་གཙོ་བོ་ཡི། །པདྨའི་གཟུགས་ཀྱི་དཀྱིལ་འཁོར་དུ། །དེ་ནི་བདེ་བར་གནས་པར་འགྱུར། །བདེ་ལྡན་རྟག་ཏུ་འགྲོགས་འགྱུར་བ། །དངོས་གྲུབ་ཡེ་ཤེས་བདེ་མྱོང་འགྱུར། །ཡི་གེ་ཡི་ནི་ཕྱག་རྒྱ་འདིས། །པདྨ་ལས་སྐྱེས་གཟུངས་བཟུང་སྟེ། །བྱིན་གྱིས་བརླབས་ནས་བདེ་མྱངས་ན། །པདྨ་བདེ་བའི་བདག་པོར་འགྱུར། །གཞན་གྱི་བུད་མེད་བདག་ཉིད་ཀྱིས། །ཕྱག་རྒྱ་འདི་ཡིས་རྒྱས་བཏབ་སྟེ། །བསྟེན་བྱས་འདོད་པའི་གཟུགས་ཉིད་དུ། །སྔགས་མཁན་འགྱུར་བར་གདོན་མི་ཟ། །སྡུག་ཅིང་ལང་ཚོས་བརྒྱན་པ་ཡི། །ཉི་མའི་འོད་ཟེར་གསར་བྱུང་བཞིན། །དྲི་མེད་ཡངས་པའི་བལྟ་བ་ཡིས། །པདྨ་སེམས་དཔའི་ཚེ་འགྲུབ་བོ། །


DNG012_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ཙམ་ནམ་མཁར་ཉེ་བར་ནི། །དཔའ་བོ་ཆེན་པོ་འཕུར་བྱེད་དེ། །རིག་མ་འབུམ་ཕྲག་བརྒྱ་ཚོགས་ཀྱི། །ལྷ་མོ་ཡིས་ནི་མཆོད་པར་བྱེད། །སངས་རྒྱས་སྲས་དང་བཅས་ཀུན་གྱིས། །སངས་རྒྱས་ཀུན་གྱི་བདག་ཉིད་མཆོད། །འཁོར་བ་ཉིད་ན་གནས་པའི་ཚེ། །འཁོར་བའི་དྲི་མས་མི་གོས་སོ། །ཕྱག་རྒྱ་འདི་ཡིས་རྒྱས་བཏབ་ན། །རྟག་ཏུ་ཉོན་མོངས་དག་འགྱུར་ཏེ། །སྨན་གྱི་ཕྱེ་མའི་སྦྱོར་བ་ཡིས། །སྦྲུལ་ནི་གསོད་པར་འགྱུར་བ་བཞིན། །ཟླ་གསང་ཐིག་ལེའི་དགའ་བྱེད་འདི། །ཚེ་འདི་ཉིད་ལ་འཐོབ་འགྱུར་ཏེ། །འདི་ཡི་མཐུ་ཡི་ངོ་བོ་ཡིས། །དགོས་པ་ཐམས་ཅད་དངོས་གྲུབ་བོ། །གང་འདོད་དངོས་གྲུབ་དོན་ཡོད་པ། །འཁོར་བ་འདི་དང་ཕ་རོལ་གྱི། །མཐུ་ཆེན་ཕྱག་རྒྱ་འདི་ཉིད་ཀྱིས། །དྲན་པ་ཙམ་གྱིས་དེ་དངོས་འགྲུབ། །ཤིན་ཏུ་དགྱེས་པ་པདྨའི་ཕྲེང་བ་ཞེས་བྱ་བའི་ཡི་གེའི་ཕྱག་རྒྱ་ཡེ་ཤེས་སོ།། །།དང་པོར་ཨོཾ་དང་ཡང་དག་ལྡན། །ཐ་མར་བསྒྱིངས་པའི་ཧཱུྃ་ཉིད་དེ། །དབུས་སུ་རབ་དགྱེས་རྡོ་རྗེ་བཞག །ཡི་གེ་འདི་ནི་རྨད་བྱུང་བའོ། །ཕྱག་རྒྱ་འདི་ཡིས་རྒྱས་བཏབ་པས། །སྡིག་པ་སྐད་ཅིག་མེད་པར་འགྱུར། །ཁམས་གསུམ་འདི་ནི་དངོས་གྲུབ་ཆེ། །དཔལ་གྱི་བསྒྱིངས་པ་འཐོབ་པར་འགྱུར། །བདུད་དང་བདུད་ལས་རྗེས་འཇུག་པ། །མི་ཐོགས་པར་ནི་བརྒྱལ་བྱེད་དེ། །སྣ་ཚོགས་རྡོ་རྗེ་མཉམ་སྦྱོར་བས། །དེ་ཡིས་ཁམས་གསུམ་འཕྲོག་པར་བྱེད། །བདག་གི་མཐུ་ཡིས་རྣམ་རྒྱལ་ཏེ། །དེ་ཡིས་ཁམས་གསུམ་ལོངས་སྤྱོད་དོ། །ཕྱག་རྒྱ་འདི་ཡིས་རྒྱས་བཏབ་སྟེ། །པདྨ་རྡོ་རྗེ་རབ་ལྡན་བྱ། །ཕྲེང་བྱེད་ཕྲེང་ཕྱེད་ཕྱེད་པའི་ཡང་ཕྲེང་བའི་ཚུལ་གྱིས་སུ། །ཕྲེང་བ་བསྐུམས་ཏེ་འཛིན་པ་བཞིན། །འདི་ཡིས་བྱིན་གྱིས་བརླབས་བྱས་ཏེ། །བསྙེན་ན་མྱུར་དུ་དངོས་གྲུབ་བོ། །གཡས་དང་གཡོན་གྱི་སྨིན་བསྒྱུར་བས། །ཆུ་སྐྱེས་སྤྱན་ནི་སྦྱར་བྱས་ཏེ། །ཕྱག་རྒྱས་བཏབ་སྟེ་རོལ་བྱས་ན། །བླ་མའི་དངོས་གྲུབ་འཐོབ་པར་བྱེད། །རྡོ་རྗེ་རྣལ་འབྱོར་ཉེ་བ་ཡིས། །རྡོ་རྗེའི་བདག་ཉིད་མཆོད་བྱེད་དེ། །དེ་དག་ཀུན་གྱིས་བསྐོར་


DNG012_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ནས། །དཀྱིལ་འཁོར་དུ་ནི་དབང་བསྐུར་རོ། །རྡོ་རྗེ་སེམས་དཔའ་དཔའ་བོ་ཡིས། །འཇིགས་ཤིང་སྐྲག་པས་འབྱིན་བྱེད་པ། །རང་ཉིད་ཀྱི་ནི་ཕྱག་རྒྱའི་གཟུགས། །ཉིད་ཀྱི་དངོས་གྲུབ་སྟོབས་པར་བྱེད། །གཞན་ནི་ཡང་དག་ཕ་རོལ་ཕྱིན། །སངས་རྒྱས་རྣམས་ཀྱི་ཡོན་ཏན་རྒྱན། །དེ་ཡང་དེ་ལ་འཇིགས་སྐྲག་ནས། །རང་གི་དགྱེས་མཆོག་སྟོབས་པར་བྱེད། །བདག་ཉིད་ཆེན་པོ་དམིགས་གསུམ་དང་། །ཆེ་བའི་ཕ་ནི་ངོ་བཞི་དང་། །རྡོ་རྗེ་འཛིན་དང་གཏོགས་འདོད་རྣམས། །རང་གི་སྡུག་པ་སྟོབས་པར་བྱེད། །གཤིན་རྗེ་ཤ་ཀ་རྒྱལ་པོ་ཡང་། །རྡོ་རྗེ་འཛིན་དེ་དངོས་གྲུབ་ལ། །འོངས་ནས་བདག་གི་སྡུག་པ་རྣམས། །སྲོག་གི་ཕྱིར་ཡང་སྟོབས་པར་བྱེད། །གཞན་གྱི་འཕྲུལ་གྱི་ལུས་ཀྱི་རྣམས། །ཁམས་གསུམ་ལམ་ལ་གནས་པ་དག །མྱུར་དུ་ཉེ་བར་འོངས་ནས་ཀྱང་། །བདག་ཉིད་དངོས་གྲུབ་སྦྱིན་པར་བྱེད། །སྣ་ཚོགས་གཉེན་ནི་རྒྱལ་པོ་ཆེ། །དབང་ཕྱུག་དམ་པ་སྣ་ཚོགས་བྱེད། །དེ་ཡང་ཉེར་འོངས་གཙུག་བཏུད་དེ། །རྣལ་འབྱོར་སྣ་ཚོགས་མ་སྦྱིན་བྱེད། །གནོད་སྦྱིན་སྲིན་པོའི་གཟུགས་ལ་སོགས། །ཤ་ཟ་ཡི་དྭགས་བུ་མོ་རྣམས། །སྦྱོར་ལྡན་ཕྱག་རྒྱ་བླང་བྱས་ཏེ། །བརྟག་པ་མཆོག་གིས་བརྟག་པར་བྱ། །ཐམས་ཅད་ལས་བྱེད་དགེ་བ་ཡི། །འདི་ཡིས་དངོས་གྲུབ་མྱུར་དུ་འགྲུབ། །ལྷ་དང་ཀླུ་ཡི་བུ་མོ་དང་། །ལྷ་མིན་ལྷ་ཡི་མངལ་སྐྱེས་པ། །ཕྱག་རྒྱ་འདི་ཡིས་བྱིན་བརླབས་ན། །གྲུབ་པ་མྱུར་དུ་དངོས་གྲུབ་བོ། །གཟུགས་བཟང་ཡང་ན་ངན་ཡང་རུང་། །གང་དེ་བུད་མེད་བཟུང་བྱས་པ། །རིམ་པ་འདི་ཡི་ཚུལ་གྱིས་སུ། །ཕྱག་རྒྱའི་སྦྱོར་བ་བརྟག་པར་བྱ། །འདི་ཡིས་སངས་རྒྱས་ཐམས་ཅད་དང་། །དེ་བཞིན་དཔའ་བོ་ཀུན་ཉིད་དུ། །སྐད་ཅིག་སྐད་ཅིག་རྒྱས་བཏབ་པས། །ཚེ་འདི་ཉིད་ལ་ཐོབ་པར་འགྱུར། །ཤིན་ཏུ་དགྱེས་པ་ཆེན་པོ་སྣ་ཚོགས་དཔེ་མེད་པའི་ཕྲེང་བ་ཞེས་བྱ་བའི་ཡི་གེའི་ཕྱག་རྒྱའོ།། །།ང་རོ་བཅུ་གསུམ་སྟེང་ཉིད་དུ། །དེ་བཞིན་ཐིག་ལེའི་རྒྱལ་པོ་སྟེ། །རབ་དགྱེས་རྡོ་རྗེ་ལྟ་ཆེ་བདེ། །མཐའ་ནི་ཡི་


DNG012_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

གེ་ཧི་སྦྱར་བའོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །བདེ་ཆེན་སྤྱན་ནི་དགའ་བྱེད་ཡིན། །ཕྱག་རྒྱའི་ཡི་གེ་འདི་ཡིས་ནི། །མཁས་པས་བྱིན་གྱིས་བརླབས་བྱས་ན། །དེ་ནི་དེ་མ་ཐག་ཏུ་ཡང་། །བླ་མེད་འཕྲུལ་གྱི་སྤྱན་དུ་འགྱུར། །སྟོང་ཉིད་ཡེ་ཤེས་གནས་པ་ཡི། །སངས་རྒྱས་ཤིན་ཏུ་དྲ་བ་མཐོང་། །སྨིན་མ་རྣམ་པ་སྒྱུར་བ་ཡིས། །ལྟ་བའི་ཕྱག་རྒྱས་གར་བྱེད་ཅིང་། །འགུགས་བྱེད་སངས་རྒྱས་ཐམས་ཅད་དང་། །དཔའ་བོ་རྡོ་རྗེ་འཛིན་ཀུན་དང་། །ཕ་རོལ་ཕྱིན་པ་ཐམས་ཅད་དང་། །དེ་བཞིན་གཟུངས་མའི་ཚོགས་རྣམས་དང་། །རྣལ་འབྱོར་མ་དང་མཁའ་འགྲོ་དང་། །ཕྱི་དང་ནང་གི་ཚོགས་རྣམས་དང་། །ལྷ་མོ་ཀླུ་མོ་གནོད་སྦྱིན་མོ། །ལྷ་མིན་དངོས་གྲུབ་ལུས་ཀྱི་མཆོག །གྲུལ་བུམ་མི་འམ་ཡི་དྭགས་སམ། །ཤ་ཟ་འཕྲུལ་གྱི་མི་བུ་མོ། །འདི་ནི་སྙིང་གར་བཞག་པ་ཡིས། །རྡོ་རྗེ་འཛིན་དུ་བདག་ཉིད་འགྱུར། །སངས་རྒྱས་ཡང་ན་ཉི་མ་དང་། །པདྨ་དྲ་བ་སྣ་ཚོགས་བློ། །ལྷ་དང་ལྷ་མིན་མི་དག་དང་། །གཞན་ཡང་གནོད་སྦྱིན་སྲིན་པོ་དང་། །བདུད་དང་བདུད་ཀྱི་ཚོགས་རྣམས་ཀྱི། །གཞན་གྱིས་འཕྲོག་པར་ཡོང་མི་ནུས། །ལྷ་དང་ལྷ་མིན་གྱིས་མཆོད་ཅིང་། །དངོས་གྲུབ་ཁམས་གསུམ་འགྲོ་བར་བྱེད། །ལྷ་དང་ལྷ་མིན་སྟེན་བྱེད་ཅིང་། །སྐད་ཅིག་ཉིད་དུ་འགྲོ་བར་བྱེད། །སངས་རྒྱས་རྣམས་ཀྱི་མཁྱེན་པའི་ཡུལ། །སངས་རྒྱས་རྣམས་ཀྱི་ཞིང་ཀུན་ཏུ། །རིག་པའི་རིགས་ནི་བརྒྱ་དག་དང་། །དེ་ནི་རྩེན་ཞིང་འགྲོ་བར་བྱེད། །འཇིགས་མེད་ཡན་ལག་ཀུན་སྤངས་པ། །ཐོག་མ་ཐ་མ་མེད་འགྱུར་ཏེ། །སངས་རྒྱས་རྣམས་ཀྱིས་མཁྱེན་སྦྱོར་བས། །དགྱེས་པའི་རྨད་མཆོག་གཅིག་ཏུ་འགྱུར། །རྡོ་རྗེའི་ནང་ན་རྡོ་རྗེར་འགྱུར། །རིན་ཆེན་ནང་ན་རིན་ཆེན་འགྱུར། །པདྨའི་ནང་ན་པདྨར་འགྱུར། །སྣ་ཚོགས་ནང་ན་སྣ་ཚོགས་མཆོག །དེ་ལ་སོགས་པ་མཐའ་ཡས་མཆོག །མཉམ་དང་མི་མཉམ་ཆོས་ཀྱི་དབྱིངས། །ཕྱག་རྒྱའི་ཡེ་ཤེས་བྱིན་བརླབས་པས། །དམ་པ་སྣ་ཚོགས་ཉིད་དུ་འགྱུར། །གཟུགས་མི་སྡུག་པའང་གཟུགས་མཆོག་འགྱུར། །མིག་མེད་པ་


DNG012_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མིག་ལྡན་འགྱུར། །རྣ་འོན་པ་ཡང་སྒྲ་ཐོས་ཏེ། །གླེན་པ་ཡང་ནི་ཡིད་རྣོར་འགྱུར། །དེ་ལ་སོགས་པ་དཔག་མེད་པ། །མིག་གི་ཕྱག་རྒྱས་བཏབ་པར་འགྱུར། །དེ་ཡི་ལུས་ལ་ཡོན་ཏན་ནི། །ཡོན་ཏན་དམ་པ་མདངས་ཆེར་འགྱུར། །ཇི་ཙམ་དེ་ནི་ནམ་མཁའི་མཐོངས། །འཕུར་ཞིང་འོག་ཏུ་འབབ་པར་བྱེད། །དེ་ནི་རི་ཡང་ཕུག་ནས་འགྲོ། །ས་དང་ས་ཡི་འོག་ཏུ་ནི། །སྣ་ཚོགས་རྫུ་འཕྲུལ་རྣམས་བྱེད་པས། །དེ་ནི་སྐད་ཅིག་འགྲོ་བར་བྱེད། །སྣ་ཚོགས་མཁའ་འགྲོའི་དཀྱིལ་འཁོར་དུ། །སྔགས་མཁན་འགྱིང་བ་གར་བྱེད་པ། །བདེ་བ་ཆེན་པོ་བསྐྱེད་པ་ཡིས། །སེམས་ཅན་དེ་ནི་འཇུག་པར་བྱེད། །མི་གཡེང་བལྟ་བའི་བསྒྱུར་བ་ཡིས། །ལས་རྣམས་ཐམས་ཅད་དེ་ཡིས་བྱེད། །འདེགས་པ་དང་ནི་ལྟ་བ་ཡིས། །གར་དང་རྣམ་པར་བསྐོར་བ་དང་། །འགྲོ་བ་ཐམས་ཅད་འབབ་བྱེད་དེ། །རི་དང་སེམས་ཅན་ཐམས་ཅད་ལ། །སྨྲ་བ་དང་ནི་སྒྲ་འབྱིན་དང་། །ཅི་དགའ་བ་ནི་མངག་པར་བྱེད། །གདུག་པའི་བལྟ་བས་སྲོག་ཆགས་རྣམས། །རྡེག་པ་དང་ནི་སྒྲོལ་བར་བྱེད། །གཏུམ་དང་གདུག་འཇིགས་ཆེ་བ་དང་། །ཁྲོ་བོའི་ལྟ་བས་སྒྲོལ་བར་བྱེད། །ཤིན་ཏུ་དགྱེས་པ་ཆེན་པོའི་རྡོ་རྗེ་སྤྱན་དང་ལྡན་པ་ཞེས་བྱ་བ་འདོད་པའི་ཡོན་ཏན་ཐམས་ཅད་འགྲུབ་པར་བྱེད་པའི་ཡི་གེའི་ཕྱག་རྒྱ་ཡེ་ཤེས་ཀྱི་མཐུ་ཆེན་པོའོ།། །།དང་པོར་ཨོཾ་གྱིས་རྣམ་པར་བརྒྱན། །ཐ་མར་འབྲུག་གི་སྒྲ་འབྱིན་པ། །རྡོ་རྗེ་རབ་ཏུ་དགྱེས་པའི་སྐུ། །བདེ་བ་སྐྱེད་བྱེད་བཤད་པ་ཡིན། །ཕྱག་རྒྱ་འདི་ནི་ཕྱག་རྒྱ་ཆེ། །སངས་རྒྱས་རྡོ་རྗེ་དཔའ་བོ་ཡི། །གང་གིས་འདི་ནི་བསྒོམས་མ་ཐག །རྡོ་རྗེ་གསུམ་གྱིས་བྱིན་རློབ་འགྱུར། །བདག་གམ་ཡང་ན་གཞན་ཡང་རུང་། །འདི་ཡིས་ཉིད་ཀྱི་སྙིང་ག་རུ། །བསྒོམས་ཏེ་གཉིས་མེད་སྦྱོར་བྱས་ན། །སངས་རྒྱས་སྐུ་ནི་རབ་ཏུ་འགྲུབ། །བསྒྲུབས་ན་སངས་རྒྱས་ཐམས་ཅད་ཀྱི། །བུད་མེད་ཀུན་དང་རྩེན་བྱེད་དེ། །ཨཱ་ལི་ཀཱ་ལི་མཉམ་སྦྱོར་བས། །


DNG012_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་དམན་པའང་དངོས་གྲུབ་བོ། །ཤིན་ཏུ་སྐལ་ལྡན་ཐམས་ཅད་དང་། །སངས་རྒྱས་སྐལ་ལྡན་འཐོབ་འགྱུར་ཏེ། །སྐལ་དང་ལྡན་པ་ཐམས་ཅད་ཀྱིས། །ཆུ་སྐྱེས་ཞབས་ལ་བསྙེན་པར་བྱེད། །ལྷ་དང་ལྷ་མིན་བུ་མོ་དེའི། །རིག་མས་མཐོང་ན་དགའ་བྱེད་དེ། །ཕྱག་རྒྱའི་ཡེ་ཤེས་བརྒྱན་པ་ཡི། །སྣ་ཚོགས་འདོད་པའི་གཟུགས་སུ་འགྱུར། །སྤྱོད་དང་མི་སྤྱོད་མི་དག་དང་། །ལྷ་དང་ཀླུ་དང་གནོད་སྦྱིན་དང་། །མིའམ་ཅི་དང་སྐྱེས་བུ་ཡི། །དངོས་གྲུབ་པས་ནི་འཕྲོག་མི་ནུས། །དེ་ལ་སོགས་པས་སྟོད་བྱེད་དེ། །འཇིགས་པར་འགྱུར་བའི་སེམས་ཀྱིས་ནི། །བླ་མ་བཞིན་དུ་མཆོད་བྱེད་ཅིང་། །ཀུན་གྱིས་བསྟོད་མཆོད་བསྡི་སྟང་བྱེད། །དེ་ལ་སོགས་པ་མཐའ་ཡས་མཆོག །ནམ་མཁའི་མཐའ་ཀླས་ལྷ་རྣམས་དང་། །ཉི་མ་བཅུ་ཡི་འོད་ཟེར་བཞིན། །རྣལ་འབྱོར་ཆེན་པོ་འགྲུབ་པ་འགྲོ། །སངས་རྒྱས་ཀུན་གྱི་ཞིང་ཀུན་དུ། །འོད་ཀྱིས་ཐམས་ཅད་མཉེས་བྱེད་ཅིང་། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །ཟིལ་གྱིས་མནན་ཏེ་གནས་པར་འགྱུར། །སངས་རྒྱས་ཀུན་གྱི་བདག་ཉིད་ལ། །སྲས་རྣམས་བདུད་ཅིང་ཕྱག་བྱེད་དེ། །ལྷ་དང་ལྷ་མིན་གྲུལ་བུམ་དང་། །ཚངས་པ་གཏོགས་འདོད་ལྷ་ཆེན་པོ། །ཕྱག་རྒྱའི་ཡེ་ཤེས་བྱིན་བརླབས་དེར། །འཇིགས་ཤིང་སྐྲག་པས་འོང་བར་བྱེད། །བཅོམ་ལྡན་དངོས་གྲུབ་བཀའ་སྩལ་སྩོལ། །ཇི་ལྟར་ཐུགས་ལ་དགོངས་པ་བཞིན། །སྤྱི་བོས་བཀའ་བླངས་གདུལ་དཀའ་རྣམས། །དེ་དག་ཐམས་ཅད་བསྒྲུབ་པར་བགྱི། །མདོར་བསྡུས་རྣམ་པ་བཞི་པོ་ཡི། །དམ་པ་རྣམས་ཀྱང་བསྐྱང་བར་བགྱི། །ཟླ་གསང་ཐིག་ལེའི་མཆོག་ཉིད་ཀྱི། །དབང་བསྐུར་བ་ཡང་བླང་བགྱི་སྟེ། །རིགས་ལྔ་རྣམས་ཀྱི་སྡོམ་པ་ཉིད། །རྣམ་པ་བཞི་པོ་ཐམས་ཅད་བླང་། །ཆུ་སྐྱེས་དངོས་གྲུབ་ཁྱོད་ཞབས་དྲུང་། །འཚོ་བའི་ངང་དུ་བདག་ཅག་འབངས། །ཁྱོད་ཀྱི་སྤྱན་སྔར་ཞམ་རིང་དུ། །ཅི་བགྱི་ཞེས་ནི་བཀའ་ནོད་དོ། །ཕྱག་རྒྱ་འདི་ཡིས་རྒྱས་གདབ་ན། །སྤྱོད་བཅས་མི་སྤྱོད་དགའ་བྱེད་དེ། །རྟག་ཏུ་སངས་རྒྱས་


DNG012_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་མཆོག །ཤིན་ཏུ་བདེ་དང་མཛའ་བ་མྱོང་། །རྡོ་རྗེ་ཤིན་ཏུ་དགྱེས་པའི་སྐུ་ཆེན་མོ་བདེ་བ་དཔེ་མེད་པ་དང་ལྡན་པ་ཞེས་བྱ་བའི་ཕྱག་རྒྱའི་ཏིང་ངེ་འཛིན་ཏོ།། །།དང་པོར་ཨོཾ་སྟེང་ཐིག་ལེ་སྟེ། །གཞན་གྱིས་མི་ཕྱེད་ཁྲོས་བཅས་པས། །གཉིས་ཀྱི་དབུས་སུ་བཞག་པ་ནི། །གསུང་གི་རྡོ་རྗེ་ཤིན་ཏུ་དགྱེས། །བདེ་གསང་སངས་རྒྱས་ཐམས་ཅད་ཀྱི། །མཆོག་ཏུ་རོ་ནི་མྱོང་བྱེད་པ། །དམ་ཆོས་སྒྲ་ཡིས་གང་བྱས་པའི། །གསུང་གསལ་རྣ་བ་དགའ་བར་བྱེད། །ཡི་གེའི་ཕྱག་རྒྱ་ཆེན་པོ་འདི། །བྱང་ཆུབ་ཆེན་པོར་འགྲུབ་བྱེད་དེ། །ཡོན་ཏན་ཡོན་ཏན་སྡུག་མཐོ་བའི། །ཚད་མེད་ཡོན་ཏན་འཛིན་པའོ། །དཔལ་ལྡན་ཕྱག་རྒྱ་འདིས་བཏབ་ན། །དཔལ་ཀུན་བདག་པོ་དེ་མ་ཐག །བདག་དང་བདག་གིར་འཛིན་སྤངས་པ། །སངས་རྒྱས་ཀུན་གྱི་བདག་ཉིད་འཐོབ། །ཕྱག་རྒྱ་འདི་ཡིས་བདག་གམ་གཞན། །རྒྱས་བཏབ་འདོད་པ་སྤྱད་བྱས་ན། །དངོས་གྲུབ་རྨད་དུ་བྱུང་བ་ཡི། །དེ་ཡིས་མྱུར་དུ་འཐོབ་པར་འགྱུར། །སངས་རྒྱས་རྡོ་རྗེ་འཛིན་རྒྱལ་པོ། །སྒྲུབ་པ་པོ་ཡི་བཀའ་ཉན་ཏེ། །ཅི་སྟེ་རྨོངས་པས་འདའ་བྱེད་ན། །དེ་ཡི་སྲོག་ནི་ཐ་མ་ཡིན། །དེ་ཡི་བསྲུང་བ་བྱས་ན་དཔལ། །ཚེ་དང་ལང་ཚོ་བདེ་བའི་མཆོག །རྡོ་རྗེ་གསུང་གིས་བསྟན་པ་བཞིན། །གདོན་མི་ཟ་བར་འཐོབ་པར་འགྱུར། །ཕྱག་རྒྱ་ཡེ་ཤེས་རྗེས་བསྡུས་པས། །སྒྲུབ་པ་མི་བྱེད་ཅུང་ཟད་མེད། །བདག་ཉིད་ཐམས་ཅད་སྤྲུལ་པ་ནི། །མཆོག་གི་ཡེ་ཤེས་དངོས་གྲུབ་འགྱུར། །ཕྱག་རྒྱའི་ཡེ་ཤེས་བྱིན་བརླབས་ལ། །སངས་རྒྱས་བྱང་ཆུབ་མི་ལྡོག་དང་། །ཆོས་དབྱིངས་མི་མཉམ་རབ་ཀླས་པ། །དངོས་གྲུབ་བདག་ཉིད་གཤེགས་ནས་ཀྱང་། །ཤིན་ཏུ་འདས་པའི་སངས་རྒྱས་ཀྱིས། །སེམས་དཔའ་ཆེན་པོ་དེ་ཁྲིད་དོ། །རང་གི་ཏིང་འཛིན་ལྡང་བའི་ཚེ། །དམ་ཚིག་མཆོག་ཏུ་བསྲུང་བྱ་བ། །ཇི་སྙེད་ནམ་མཁའི་དཀྱིལ་འཁོར་དུ། །འདོད་པ་ཐམས་ཅད་དེ་སྤྱོད་དེ། །རྣལ་འབྱོར་ཆེན་པོ་མི་འདའ་ཞིང་། །ངན་སོང་


DNG012_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཡང་མི་འགྲོ་བྱེད། །དེ་ནི་ཅུང་ཟད་འོག་སྡུག་བསྔལ། །འགྲོ་བ་ཐམས་ཅད་མྱོང་མི་འགྱུར། །རྡོ་རྗེ་གསུམ་དེ་རྨད་འབྱུང་བས། །སངས་རྒྱས་ཀུན་གྱིས་བསྔགས་བྱེད་དེ། །བག་ཆགས་མཚམས་སྦྱོར་རྣམ་གྲོལ་བས། །ནམ་མཁའི་རིམ་པས་འགྲོ་འོང་བྱེད། །ལྷ་ཡིས་རྟག་ཏུ་མཆོད་བྱེད་དེ། །མཆོད་པར་བྱས་པས་ཤིན་ཏུ་མཆོད། །སེམས་དཔའ་ཆེན་པོ་འགྲོ་འདུག་ཀྱང་། །བདེ་བྱེད་ཀུན་གྱིས་བདག་ཉིད་དགེ། །གནས་དང་ཟས་དང་བཏུང་བ་སོགས། །ནམ་མཁའ་ལས་ནི་སྐད་ཅིག་རྙེད། །བུད་མེད་རིན་ཆེན་མཆོག་མཁའ་ལས། །བསམས་པ་ཙམ་གྱིས་འགྲུབ་པར་འགྱུར། །ལས་ཀྱི་དབྱིངས་རྣམས་མ་ལུས་པ། །དེ་ཡིས་ཁམས་གསུམ་འཐོབ་པར་བྱེད། །རྣལ་འབྱོར་སྦྱོར་བ་དངོས་གྲུབ་ཀྱི། །རྣལ་འབྱོར་གྲུབ་ཆེན་འཕྲོག་པར་འགྱུར། །འདི་ལས་བརྟུལ་ཞུགས་དྲག་པ་མེད། །དཀའ་ཐུབ་འདི་དང་འདྲ་མེད་དེ། །བུད་མེད་མཆོག་ཏུ་བདེ་བ་ལས། །འདོད་པའི་ལོངས་སྤྱོད་སྤྱད་པས་འགྲུབ། །དགེ་བའི་པདྨོའི་རིགས་ཀུན་ཏུ། །སེམས་དཔའ་ཆེན་པོ་ངག་དབང་འགྱུར། །གཟུངས་མ་ཀུན་གྱིས་བདེ་ཆེན་པོ། །རྒྱལ་པོ་ཆེན་པོར་དེ་འགྱུར་རོ། །གསུང་ཐམས་ཅད་ཀྱི་རྡོ་རྗེ་དཔེ་མེད་པ་དང་ལྡན་པ་ཞེས་བྱ་བ་རྡོ་རྗེ་ཤིན་ཏུ་དགྱེས་པ་ཆེན་པོའི་བདེ་བ་ཆེན་པོ་འཐོབ་པར་བྱེད་པ་ཁམས་གསུམ་ཀུན་ཏུ་སྣང་བར་གྲགས་པ་པདྨའི་རིགས་ཀྱི་ཚོགས་ཞལ་གྱི་གསུང་གིས་དགོངས་པ་ཐམས་ཅད་འགྲུབ་པར་བྱེད་པའོ།། །།ཨོཾ་བཅས་མི་ཕྱེད་ཐ་མར་ཏེ། །རབ་ཏུ་སེམས་ནི་བདེ་བ་སྟེ། །རྡོ་རྗེ་རབ་དགྱེས་བདེ་བྱེད་ཆེ། །དབུས་སུ་མིང་ནི་སྦྱར་བར་བྱ། །ཕྱག་རྒྱ་འདི་ཡིས་དངོས་གྲུབ་ཆེ། །བྱང་ཆུབ་སེམས་ནི་རབ་བསྒྲུབས་པ། །འདི་ཡིས་བྱིན་གྱིས་བརླབས་མ་ཐག །བདུད་རྩིའི་མཆོག་ནི་ཆུད་པར་འགྱུར། །ཐམས་ཅད་འདོད་པ་ལྡན་བྱས་ན། །དེ་སྟེ་ཐམས་ཅད་སེམས་ཀྱང་རུང་། །བདེ་བ་ཆེན་པོས་སེམས་ཐམས་ཅད། །སྔགས་མཁན་རེག་པའི་རྒྱས་བཏབ་ན། །འདི་ཡིས་རྡོ་རྗེ་འཛིན་ཉིད་


DNG012_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །རྡོ་རྗེ་དཔའ་བོ་ཉིད་དུ་ཡང་། །ལྷ་མོའི་ཕྱག་རྒྱས་བྱིན་བརླབས་པ། །སྐད་ཅིག་ཏུ་ནི་འཐོབ་པར་འགྱུར། །ལྷ་མོ་རྣམས་དང་གར་བྱེད་ཅིང་། །དེ་ནི་རབ་དགྱེས་བདག་པོ་ཁྲིད། །ཕོ་བྲང་དགའ་བྱེད་རབ་དགྱེས་ཆེ། །རབ་ཏུ་ཆེན་པོ་བདེ་འཐོབ་ཏུ། །སེང་གེའི་གདན་རབ་འཇོག་བྱེད་དོ། །བཞི་དང་བཞི་ཡི་མཆོག་ཉིད་ཀྱི། །རྡོ་རྗེ་པདྨ་སྦྱོར་བ་ཡིས། །དེ་ནི་ཁྲིད་ནས་དབང་བསྐུར་རོ། །དེ་ནས་རྫོགས་སངས་ཚེ་དཔག་མེད། །བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ཆེ། །ཡོད་དང་མེད་པའི་འདོད་སྤངས་པ། །དེ་ལ་ཕྱག་ནི་བྱེད་པར་འགྱུར། །རྡོ་རྗེ་སེམས་མཆོག་འཇོག་བྱེད་དེ། །རང་གི་སྤྱོད་པའི་ཚུལ་གྱིས་ནི། །ཕ་རོལ་ཕྱིན་པ་ཐམས་ཅད་དང་། །སངས་རྒྱས་ཀུན་གྱིས་མདུན་དུ་བསྐོར། །ས་གསུམ་ཐམས་ཅད་ཀུན་ཏུ་ནི། །སེམས་དཔའ་ཆེན་པོས་སྟོན་བྱེད་པ། །རེས་འགའ་ཤིན་ཏུ་དགའ་སྤྱོད་པ། །རེས་འགའ་ཁབ་ནས་འབྱུང་བ་དང་། །རེས་འགའ་བྱང་ཆུབ་རེས་འགའ་ལྷུམས། །རེས་འགའ་སྐྱེ་དང་རེས་འགའ་འཕོ། །རེས་འགའ་སྤྱོད་ཆེན་རོལ་པ་དང་། །རེས་འགའ་བདུད་ལས་རྒྱལ་བར་མཛད། །རེས་འགའ་བྱང་ཆུབ་མངོན་བྱང་ཆུབ། །རེས་འགའ་འཁོར་ལོ་སྐོར་མཛད་དེ། །རེས་འགའ་སྣ་ཚོགས་འཇུག་པར་མཛད། །རེས་འགའ་དུས་སུ་ཤིན་ཏུ་མཛེས། །རེས་འགའ་བུད་མེད་སྐྱེས་པ་དང་། །རེས་འགའ་ལྷ་དང་སྐྱེ་དགུའི་བདག །རེས་འགའ་འདོད་དབང་རྒྱལ་པོ་སྟེ། །རེས་འགའ་འདོད་ལ་རྒྱབ་ཀྱིས་ཕྱོགས། །རེས་འགའ་ཞི་ལ་རེས་འགའ་དྲག །རེས་འགའ་གདོན་ཆེན་བགེགས་མཛད་དེ། །དེ་ལ་སོགས་པ་མཐའ་ཡས་པ། །ཕྱག་རྒྱ་འདི་ཡིས་རྒྱས་བཏབ་པ། །ཅི་དགར་དངོས་གྲུབ་འདོད་པ་ལ། །བདག་གིས་ངོ་བོར་སྟོན་པར་བྱེད། །མི་ཕྱེད་ཆོ་ག་སྦྱོར་བ་ཡིས། །འདྲེན་པ་མི་ཕྱེད་ཉེ་བྱས་ཏེ། །ཕན་ཚུན་རེག་པ་ཆེན་པོ་ཡིས། །རྡོ་རྗེ་ཅན་གྱིས་དེ་འབིགས་ཏེ། །


DNG012_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

གཟུངས་མ་མང་པོ་ཚོགས་ཀྱི་རྣམས། །བདེ་བྱེད་ཆེན་པོ་གཞན་ཅི་སྨོས། །སྤྱོད་བཅས་མི་སྤྱོད་བདེ་དམ་པ། །འབད་པ་མི་དགོས་ཐོབ་པར་འགྱུར། །བརྗིད་པས་བྱང་ཆུབ་སྙིང་པོ་རུ། །རྟག་པ་རུ་ནི་གནས་འགྱུར་ཏེ། །ཕྱག་རྒྱ་འདི་ཡིས་རྣལ་འབྱོར་པ། །སྦྱོར་བ་རྗེས་སྡུད་ལྡན་པས་སོ། །ཐམས་ཅད་ཆ་ནི་རྣམ་བྲལ་བ། །བྱང་ཆུབ་སེམས་ནི་མཆོག་བཞིན་དེ། །ཡི་གེ་འདིས་ནི་སྦྱོར་བ་ཡིས། །བདག་ཉིད་ཆེན་པོར་དེ་འགྱུར་རོ། །རྡོ་རྗེ་ཤིན་ཏུ་དགྱེས་པ་ཆེན་མོ་ཚིམ་པའི་ཡིད་ལས་སྐྱེས་པ་དཔེ་མེད་པ་དང་ལྡན་པ་ཞེས་བྱ་བའི་ཡི་གེའི་ཕྱག་རྒྱ་སྟེ། ལས་ཐམས་ཅད་གྲུབ་པར་བྱེད་པའོ།། །།དང་པོར་ཨོཾ་ནི་སྦྱོར་བ་སྟེ། །ཐ་མར་གཉིས་པོ་རྫ་རྔའི་སྒྲ། །རབ་དགྱེས་རྡོ་རྗེ་བྱིན་བརླབས་པའི། །ལྷ་མོ་མངར་བྱེད་དབུས་སུ་གཞག །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །རབ་དགྱེས་ཐོབ་པ་རྨོངས་བྱེད་མ། །རྡོ་རྗེ་ཡེ་ཤེས་ཐུགས་གནས་པ། །དངོས་གྲུབ་ཐམས་ཅད་བསྒྲུབ་པར་བྱ། །སྔགས་མཁན་ཡི་གེ་ཕྱག་རྒྱ་འདིས། །བདག་གམ་གཞན་ལ་རྒྱས་བཏབ་སྟེ། །རྡོ་རྗེ་འདམ་སྐྱེས་བཅུག་བྱས་ན། །དེ་ནས་དེ་མྱུར་དངོས་གྲུབ་བོ། །ཐམས་ཅད་ལས་བྱེད་དཔལ་དང་ལྡན། །ཚེ་དང་ལང་ཚོ་སྐལ་ལྡན་པའི། །རྡོ་རྗེ་འཛིན་དང་འདྲ་འཐོབ་སྟེ། །རྡོ་རྗེ་སེམས་དཔའ་རབ་ཏུ་འགྲུབ། །སངས་རྒྱས་རྣམས་དང་དཔའ་བོ་ཡི། །སངས་རྒྱས་ཀུན་དང་རྩེན་བྱེད་ཅིང་། །སྡེ་དབང་རྣམས་དང་ལྷ་རྣམས་ཀྱི། །འཕྲུལ་གྱི་བུད་མེད་འཕྲོག་བྱེད་དོ། །རྡོ་རྗེ་རབ་ཏུ་དགྱེས་པ་ཆེན་མོ་མངར་བྱེད་ཀུན་ཏུ་མྱང་བ་མེ་ཏོག་གི་རྒྱལ་མཚན་དང་ལྡན་པ་ཞེས་བྱ་བའི་ཡི་གེའི་ཕྱག་རྒྱ་སྟེ། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལས་ཐམས་ཅད་བྱེད་པ་ཆེན་མོ་གདོན་མི་ཟ་བའི་གཞན་གྱིས་མི་ཕྱེད་མའོ།། །། ཚངས་པའི་གསུང་གི་ང་རོར་བཅས། །ཐ་མར་དྲིལ་བུའི་ང་རོ་གཉིས། །དབུས་སུ་མིང་གི་ཕྲེང་བ་སྟེ། །ཡི་གེ་འདི་ནི་ཆུ་འཛིན་མཆོག །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཡིད་ཀྱི་དངོས་གྲུབ་ཐོབ་བྱེད་དེ། །


DNG012_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པ་ཡི་ནི་ཐམས་ཅད་རྣམས། །ཡི་གེ་སྐད་ཅིག་འགྲུབ་པར་བྱེད། །འདི་ཡིས་རྒྱས་བཏབ་བུད་མེད་རྣམས། །བདག་དང་རང་གི་སློབ་མའང་རུང་། །དེ་ཉིད་སྦྱོར་བས་བསྟེན་བྱས་ན། །རྡོ་རྗེ་འཛིན་དཔལ་འདྲ་བར་འགྱུར། །རྣལ་འབྱོར་མ་རྣམས་བདག་པོར་ནི། །མྱུར་དུ་མཁའ་ལ་འགྲོ་བྱེད་དེ། །ཚངས་པ་གཏོགས་འདོད་དབང་ཆེན་དང་། །ལྷ་རྣམས་ཀྱིས་ནི་མཆོད་པར་འགྱུར། །ལྷ་མོའི་ཚོགས་དང་རྩེན་བྱེད་ཅིང་། །ལྷ་མོ་ཀུན་གྱི་བདག་པོར་འགྱུར། །འཕྲོག་བྱེད་ལ་སོགས་བདག་པོ་ཆེ། །འཇིགས་པར་བྱེད་དང་རྐུ་བྱེད་པ། །སེམས་ཅན་ཀུན་གྱི་མཆོག་དམ་པ། །སེམས་དཔའ་ཆེན་པོར་དེ་འགྱུར་རོ། །སྡུག་པའི་ཚོགས་ཀྱི་དབུས་སུ་ནི། །བརྗིད་ལ་སོགས་པའི་སྤྱོད་པས་འགྲོ། །བརྗིད་ཆེ་པདྨ་ཆེན་མོ་ལ། །ཐམས་ཅད་ཀུན་ཏུ་བརྗིད་པ་ཡིས། །བདེ་བྱེད་ཆེན་པོ་མྱོང་བྱེད་དེ། །རབ་ཏུ་དགྱེས་པས་སྒེག་པ་བཞིན། །རབ་ཏུ་སྐལ་ལྡན་མགྲིན་འཁྱུད་པས། །རྣལ་འབྱོར་ཆེན་པོར་དེ་གནས་ཏེ། །འདི་ནི་སྙིང་ལ་བྲིས་པ་ཡིས། །ཅི་འདོད་པར་ནི་འདོད་པ་ཐོབ། །ཕྱག་རྒྱ་ཆུ་སྐྱེས་བཏབ་བྱས་ཏེ། །དེ་ལྟར་བྱས་ན་ཕྱག་རྒྱ་དགྱེས། །རྡོ་རྗེ་ཤིན་ཏུ་དགྱེས་པ་ཆེན་མོའི་དྲི་མ་མེད་པའི་མདོག་དང་ལྡན་པ་ཞེས་བྱ་བའི་ཡི་གེའི་ཕྱག་རྒྱ་སྟེ་ཐམས་ཅད་ལས་བྱེད་པ་དགེ་བའོ།། །།དང་པོ་ཉིད་དུ་ཨོཾ་བྱ་སྟེ། །ཐིག་ལེའི་རྒྱལ་པོས་ཉེ་བར་བརྒྱན། །ཚེག་དྲག་བཅས་པ་འདྲེན་པ་གཉིས། །ལྡན་པ་མཐའ་མར་གཞག་བྱས་ཏེ། །རྡོ་རྗེ་རབ་དགྱེས་བརྒྱན་བྱས་པ། །རྡོ་རྗེ་སྟོན་ཀ་དབུས་སུ་བསམ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཡེ་ཤེས་སྣང་བ་རབ་སྒྲུབ་པ། །ཡི་གེ་ཡི་ནི་ཕྱག་རྒྱ་འདིས། །ཉིད་ཀྱི་སྙིང་གར་རྒྱས་བཏབ་ན། །སངས་རྒྱས་ཡེ་ཤེས་མཆོག་བྱེད་པ། །དེ་ཡིས་སྟོན་ཀ་མ་དངོས་གྲུབ། །སྡེ་དབང་ལྷར་བཅས་ལྷ་རྣམས་དང་། །གནོད་སྦྱིན་སྲིན་པོར་བཅས་པ་དང་། །སྤྲུལ་དང་མིའམ་ཅི་གནས་པ། །ཐམས་ཅད་འདི་


DNG012_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་གཡོག་ཏུ་འགྱུར། །འདི་ནི་འོད་ཟེར་རབ་ཏུ་འབར་བ་ཡིས། །སངས་རྒྱས་མཆོག་གི་ཐུགས་ལྡན་དེ་འགྲོ་སྟེ། །སྣ་ཚོགས་རབ་འབྱུང་དཔལ་གྱིས་ཡང་དག་ཁྱབ། །ཆོས་མཆོག་དམ་པ་བྱེད་པ་གཏོང་བྱེད་ཅིང་། །སྤྱོད་བཅས་མི་སྤྱོད་འཇིག་རྟེན་སྣང་བྱེད་དེ། །སྤྲིན་དང་བྲལ་བའི་ཟླ་བའི་འོད་མཆོག་བྱེད། །མཁའ་དབྱིངས་རྣམ་པར་བསྒྱིངས་པས་རབ་དགའ་བས། །ཨཱ་ལི་ཀཱ་ལི་པདྨ་བདེ་མཆོག་ལ། །མྱོང་ཞིང་མཆོག་བྱས་བསྐལ་པར་གནས་པར་འགྱུར། །འདི་ཡིས་སྡིག་པ་འཕྲོག་བྱེད་དེ། །འདི་ཡིས་མྱུར་དུ་དགའ་བར་འགྱུར། །འདིས་ནི་བདེ་བའི་ངོ་བོ་དེ། །འདི་ཡིས་དངོས་གྲུབ་གྲུབ་པར་འགྱུར། །སྐྱེ་བའི་སྡུག་བསྔལ་རྒྱབ་ཕྱོགས་པ། །ཚེ་འདི་ཉིད་ལ་ཐོབ་པར་འགྱུར། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཤིན་ཏུ་དགྱེས་པ་ཡེ་ཤེས་ཀྱི་སྣང་བ་དང་ལྡན་པ་ཞེས་བྱ་བའི་ཕྱག་རྒྱ་ཆེན་མོ་སྟེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་འགྲུབ་པར་བྱེད་པའོ།། །།དང་པོ་ཨོཾ་དང་ཡང་དག་ལྡན། །ཐ་མར་དགྱེས་པའི་ཡི་གེ་གཉིས། །རྡོ་རྗེ་ཤིན་ཏུ་དགྱེས་པ་ཆེ། །དབུས་སུ་གསལ་བའི་ཡི་གེ་བསམ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །སྣ་ཚོགས་ཆེན་མོའི་མདུན་དུ་འགྲོ། །སྣ་ཚོགས་ཆེན་མོ་འདི་ཡིས་ནི། །སྣ་ཚོགས་ཡེ་ཤེས་དངོས་གྲུབ་བོ། །སྔགས་མཁན་ཉིད་ཀྱིས་བྱིན་བརླབས་པ། །སྣ་ཚོགས་བདག་པོ་ཆེན་པོར་འགྱུར། །སྡིག་པའི་ཡན་ལག་ཀུན་སྤངས་ཏེ། །བསོད་ནམས་ཀུན་གྱི་ཡན་ལག་དགེ། །ཀུན་ཏུ་འགྲོ་བའི་དངོས་གྲུབ་ནི། །འདི་ཉིད་ཀྱིས་ནི་རབ་ཏུ་འགྲུབ། །སྣ་ཚོགས་སྒྱུ་མའི་བདེ་ཆེན་གྱིས། །སྣ་ཚོགས་ཆེན་པོའི་བསྐལ་པར་གནས། །རྡོ་རྗེའི་བདག་ཉིད་བརྒྱན་པ་ཡི། །བུད་མེད་ཀུན་དང་རྩེན་པར་འགྱུར། །དེ་ནས་དེ་ཡི་ཆོས་དབྱིངས་གནས། །དབང་ཕྱུག་མཆོག་གི་དངོས་གྲུབ་བོ། །པདྨའི་མདུན་དུ་ཐོག་མའི་ལྷ། །བྱས་ཏེ་རྡོ་རྗེ་བསྒྲུབ་པར་བྱ། །མཐེ་བོང་སྲིན་ལག་དེ་ཕྱུང་སྟེ། །ཁ་ཡི་ནང་དུ་གཞག་པར་བྱ། །ཆང་བཞིན་མྱང་བར་བྱས་ན་ནི། །མོད་ལ་


DNG012_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པའི་གཟུགས་སུ་འགྱུར། །ཨཱ་ལི་ཀཱ་ལི་རབ་སྦྱོར་བས། །བུད་མེད་རྣམས་དང་རྩེན་པར་བྱེད། །བློ་ལྡན་རྡོ་རྗེ་སེམས་དཔའ་ཡི། །འདི་ནི་ཤིན་ཏུ་དགྱེས་ཞེས་བྱ། །བསིལ་བ་དགའ་བྱེད་ཆེན་མོ་སྟེ། །སྣ་ཚོགས་འདི་ནི་འགྲོ་ལ་གནས། །དང་པོ་ཨོཾ་ནི་གནས་པ་སྟེ། །ཏྲ་ཏ་དང་ལྡན་ཐ་མར་བྱ། །རྡོ་རྗེ་ཤིན་ཏུ་དགྱེས་ཆེ་ཧོ། །སྒེག་མོ་དབུས་སུ་བསྐུལ་བའོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །སྒེག་པར་བྱ་བ་སྤྲུལ་པ་ཡིན། །འདི་དག་མཉམ་པར་སྦྱོར་བ་ཡིས། །སྒེག་མོས་ཡེ་ཤེས་བསྐྱེད་པར་བྱ། །རྡོ་རྗེ་བློ་ལྡན་བརྟན་པོ་ཡིས། །བདེ་བར་འདོད་པའི་པདྨར་གཏུགས། །འདོད་པས་འདོད་པ་སྤྱད་པར་བྱ། །མྱུར་དུ་འདོད་པས་དངོས་གྲུབ་བོ། །དེ་ནས་རྡོ་རྗེ་འདོད་དཔལ་ཏེ། །བདེ་བྱེད་ཐམས་ཅད་ཉེ་བར་སྒྲུབ། །སེམས་ཅན་ཀུན་གྱིས་འདོད་བསྐྱེད་པ། །བདེ་བ་ཆེན་པོར་དེ་འགྱུར་རོ། །མཐུ་ཡིས་ཕ་རོལ་ཕྱིན་པའི་མཆོག །པདྨོའི་ཚུལ་དུ་སྒེག་པ་ཡིས། །རྡོ་རྗེ་སྦྱོར་ཐབས་ལ་གནས་པས། །རྡོ་རྗེ་ཆེན་པོ་དེ་དངོས་གྲུབ། །ཅི་དགའ་འདོད་པའི་འདོད་ཆགས་ཀྱིས། །རྟག་པའི་ལམ་དང་ཡང་དག་ལྡན། །རྟག་པའི་ཆོས་ཀྱིས་རྗེས་མཐུན་སྤྱོད། །བསྒྲུབས་ན་བརྟག་པ་རྟོགས་པར་འགྱུར། །འདི་ཡིས་ཀུན་ཏུ་བཟང་ཞེས་བྱ། །དེ་ནི་དངོས་པོ་ཀུན་ཡིན་ཏེ། །འདོད་པ་མེད་ཅིང་ཉོན་མོངས་མེད། །ང་རྒྱལ་མེད་ཅིང་འཛིན་མེད་པ། །སངས་རྒྱས་མཆོག་ཏུ་བརྟག་པ་ཡི། །སངས་རྒྱས་ཆེན་པོ་དེ་ཡི་དངོས། །དཔལ་ལྡན་ཐོག་མ་ཐ་མ་མེད། །ཆོས་རྣམས་ཀུན་གྱི་རྗེས་མཐུན་པའི། །འདིས་ནི་དངོས་པོ་ཐམས་ཅད་ཀྱི། །སངས་རྒྱས་བདག་པོར་བདག་ཉིད་འགྱུར། །སངས་རྒྱས་རྣམ་པར་སྣང་མཛད་དང་། །འདི་ལ་ཁྱད་པར་ཅུང་ཟད་མེད། །ཤིན་ཏུ་དགྱེས་པ་ཆེན་པོ་རྡོ་རྗེ་བདག་པོའི་དཔལ་ཤིན་ཏུ་དགྱེས་པ་སྒེག་མོ་དཔེ་མེད་པ་དང་ལྡན་པའི་ཡི་གེའི་མཆོག་གི་སྐུའོ།། །།དང་པོ་ཨོཾ་བཅས་ལྷ་མོ་ཡི། །ཐ་མར་ཚེག་དྲག་མི་ཕྱེད་གཉིས། །དེ་གཉིས་


DNG012_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་ཀྱི་ཕྱོགས་ཉིད་དུ། །ཧེ་ཞེས་བྱ་བས་རྣམ་བརྒྱན་ཏེ། །ཤིན་ཏུ་དགྱེས་པ་རྡོ་རྗེ་ཆེ། །བཞད་པ་ཉིད་ནི་རབ་ཏུ་སྦྱར། །ཡི་གེ་ཡི་ནི་ཕྱག་རྒྱ་འདིས། །ཉིད་ཀྱི་སྙིང་ལ་རྒྱས་བཏབ་ན། །ཕྲེང་བའི་རྒྱན་གྱིས་རྣམ་བརྒྱན་པར། །དཔལ་ལྡན་དེ་མ་ཐག་ཏུ་འགྱུར། །ཡིད་ཀྱིས་ཇི་ལྟར་བསམས་པ་བཞིན། །དེ་ནི་སངས་རྒྱས་ཡུལ་དུ་འགྲོ། །དེ་ནི་དེ་ཕྱིར་སངས་རྒྱས་མཐོང་། །ཆུ་སྐྱེས་དེ་དང་རྩེན་པར་བྱེད། །དེ་ནས་འདུས་པ་དགྱེས་འགྱུར་ཏེ། །སངས་རྒྱས་ཡང་དག་ཞིང་ཉིད་ནས། །སངས་རྒྱས་རྣམས་ཀྱིས་བདེ་བ་ཆེ། །དངོས་གྲུབ་རྣལ་འབྱོར་དེ་ལ་སྦྱིན། །བྱེད་པ་དང་ནི་བཟློག་པ་དང་། །བདེ་བ་ཆེན་པོ་འཕྲོག་པ་ཡིས། །རྣལ་འབྱོར་གསང་བའི་དབང་ཕྱུག་ལ། །གསང་བ་ཆེན་པོས་མགུ་བར་བྱེད། །ཐབས་བཅས་ཤེས་རབ་ཆེན་པོ་ལ། །རྒྱལ་བ་ཉིད་ཀྱིས་སྟོབས་བྱེད་དེ། །ཨཱ་ལི་ཀཱ་ལི་མཉམ་སྦྱོར་བས། །བདེ་བ་ཆེན་པོ་མགུ་བར་བྱེད། །བདེ་བའི་ཐབས་ཀྱི་དངོས་གྲུབ་རྣམས། །སྒྱུ་མའི་ཚུལ་གྱིས་བསྒྲུབ་པར་བྱ། །ཡི་གེ་ཡི་ནི་ཕྱག་རྒྱ་འདིས། །ཤིན་ཏུ་དངོས་གྲུབ་མཆོག་ཏུ་བརྟག །རྡོ་རྗེ་ཤིན་ཏུ་དགྱེས་པའི་བདེ་བའི་ཕྲེང་བ་རྒྱས་པ་དཔེ་མེད་པ་དང་ལྡན་མ་ཞེས་བྱ་བའི་ཕྱག་རྒྱ་སྟེ། ལས་ཐམས་ཅད་ཀྱི་དོན་གྱི་དངོས་གྲུབ་སྦྱིན་པའོ།། །།ཨོཾ་ནི་དང་པོར་གཙུག་ཏོར་བྱ། །ཏེ་དེ་སྐད་སྙན་ཐ་མར་ཏེ། །དབུས་སུ་ཧེ་དགའ་ཞེས་བྱ་བ། །བདེ་ཆེན་དགའ་བ་རྡོ་རྗེ་དབྱངས། །རྡོ་རྗེ་ཤིན་ཏུ་དགྱེས་ཆེ་ཡི། །ཕྱག་རྒྱ་འདི་ནི་རབ་དགྱེས་འདྲེལ། །བྲིས་པ་དང་ནི་འཛིན་པ་དང་། །དྲན་པ་ཡིས་ཀྱང་དངོས་གྲུབ་སྟེར། །སྡིག་པ་ཀུན་ལས་གྲོལ་བྱེད་ཅིང་། །བསོད་ནམས་ཐམས་ཅད་ཉེ་བར་འགྲོ། །མི་དགེ་ཐམས་ཅད་མ་ལུས་སྤོང་བྱེད་ཅིང་། །སེམས་ནི་ཕྱག་རྒྱའི་ཡི་གེས་བརྒྱན་ཏེ་འགྲོ། །འཇིག་རྟེན་ཐམས་ཅད་ཀུན་ཏུ་བཀུར་སྡི་བྱེད། །རིག་མ་སྟོང་གིས་མངོན་པར་མཆོད་བྱེད་ཅིང་། །རིག་འཛིན་མུ་སྨན་བུད་མེད་རྣམས་ཀྱིས་ནི། །གཡག་རྔ་དཀར་པོའི་


DNG012_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཀྱིས་གཡོབ་བྱེད་པའི། །འཇིག་རྟེན་དབང་པོ་བདེ་མཆོག་འདྲེལ་པ་འཐོབ། །བློ་ལྡན་ནམ་མཁའི་ངོས་ནི་ཐམས་ཅད་དུ། །རྡོ་རྗེ་འཛིན་གྱི་དགྱེས་པའི་རྣལ་འབྱོར་མ། །ཡིད་དུ་འོང་བའི་སྤྱན་ནི་རྒྱས་པ་དང་། །རྣལ་འབྱོར་སྤྱོད་པའི་བདེ་བས་འབིགས་པ་ཡིས། །མགུལ་ནས་འཁྱུད་པའི་རྩེན་པས་རོལ་པར་བྱེད། །པི་ཝང་གླིང་བུ་ཡ་མཚན་སྒྲ་སྙན་གྱིས། །གླུ་བླངས་དངོས་གྲུབ་རྒྱ་ཆེ་ཐོབ་པར་བྱེད། །ཇི་སྙེད་ཡིད་དུ་འོང་བའི་གླུ་དག་ནི། །འཇིག་རྟེན་གྲགས་པའི་བདེ་བའི་བདེ་བ་དག །བདེ་བའི་སྒྲ་ཡིས་བསྐྱེད་པར་རྣམ་བསྒྱུར་བའི། །དེ་དང་མཐུན་པའི་དབྱངས་འདིས་སྒྲུབ་པར་བྱེད། །ཁ་ཊ་བ་དག་ར་ཛའི་དབྱངས། །གླུ་རུ་བླངས་པས་པདྨ་གནས། །དངོས་གྲུབ་མྱུར་དུ་འཐོབ་པར་བྱེད། །འདི་ཡིས་བྱིན་རླབས་དག་པ་དང་། །འདི་ཡིས་བྱིན་རླབས་བདེ་བའི་རྣམས། །སྦྱོར་བ་འདི་ཡིས་སྦྱོར་བ་ཡིས། །འདོད་བྱེད་ཐམས་ཅད་འཐོབ་པར་འགྱུར། །ཤིན་ཏུ་དགྱེས་པ་ཆེན་པོ་རྡོ་རྗེ་སེམས་དཔའ་མཆོག་ཏུ་དགྱེས་པ་ཆེན་མོའི་དབྱངས་དཔེ་མེད་པ་དང་ལྡན་པའི་ཡི་གེའི་ཕྱག་རྒྱའོ།། །།དེ་བཞིན་ཨོཾ་ནི་དང་པོར་ཏེ། །དབུས་སུ་ཧེ་དགྱེས་བདེ་བ་ཆེ། །རྡོ་རྗེ་གར་བྱེད་བདེ་བ་གཉིས། །འདི་ནི་ཐམས་ཅད་བདེ་བྱེད་དེ། །སངས་རྒྱས་རྣམས་ཀྱིས་རབ་དགྱེས་ཉིད། །རྣལ་འབྱོར་ཡིས་ནི་རྒྱས་བཏབ་ན། །བདེ་དང་ལྡན་པར་བྱེད་ཅིང་འགྲོ། །འོག་མིན་གྱི་ནི་གནས་ཆེན་དུ། །སངས་རྒྱས་རྣམས་དང་ཐབས་ཅིག་འགྲོགས། །བདེ་བྱེད་ཆེན་པོའི་དབང་ཆེན་དང་། །ཆོས་ཀྱི་རྒྱལ་པོ་བདེ་ཆེན་ཐོབ། །ཇི་སྙེད་གར་གྱི་གཙུག་ལག་ལས། །སྒྱུར་བར་བྱེད་པ་བཤད་པ་དང་། །ཇི་སྙེད་དེ་སྙེད་ཕྱག་རྒྱའི་རྣམས། །གཉིས་མིན་འདུས་པས་འདི་དངོས་གྲུབ། །ཀྱེ་མའོ་དགྱེས་པ་བདེ་བྱེད་ཆེ། །ཀྱེ་མའོ་བདེ་བ་བདེ་ཆེན་པོ། །ཀྱེ་མའོ་འདོད་པ་འདོད་ཆགས་ཆེ། །ཀྱེ་མའོ་སྣ་ཚོགས་བདག་ཉིད་ཆེ། །དེ་ལ་སོགས་པ་ཚད་མེད་པ། །འཇིག་རྟེན་གྱི་ནི་ཡོ་བྱད་རྣམས། །པདྨ་གསལ་བ་གར་གྱིས་ནི། །


DNG012_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་གར་བྱས་དངོས་གྲུབ་བོ། །སངས་རྒྱས་ཀུན་གྱི་ཕྱག་རྒྱ་འདི། །སྣ་ཚོགས་གར་ནི་སྟོན་བྱེད་པས། །མྱུར་དུ་གར་ནི་མེད་བྱས་པས། །གར་གྱི་གཙུག་ལག་དངོས་གྲུབ་བོ། །རྡོ་རྗེ་ཤིན་ཏུ་དགྱེས་པ་ཆེན་པོའི་དཔལ་བདེ་བ་ཆེན་པོ་དགའ་བྱེད་གར་ཞེས་བྱ་བའི་ཡི་གེའི་ཕྱག་རྒྱ་ཕན་ཚུན་བཅུ་པ་རྒྱལ་མཚན་དང་བ་དན་གསུམ་པའོ།། །།བཅུ་གསུམ་ཡི་གེ་དང་པོ་ཉིད། །སྤྱི་བོར་ཐིག་ལེ་ལྡན་པས་ཏེ། །རྡོ་རྗེ་ཤིན་ཏུ་དགྱེས་པ་ཆེ། །རྡོ་རྗེའི་སྐུ་ནི་སྣ་ཚོགས་ཆེ། །ཐ་མར་འབར་དང་འདྲ་བའི་ཛ། །ནམ་མཁར་ཟླ་སྐར་འདྲ་བ་ཡི། །ཕྱག་རྒྱའི་ཡེ་ཤེས་རྨད་བྱུང་བའི། །འདི་ཡིས་ཐབས་ཀྱིས་མཉམ་གཞག་སྟེ། །གཟུང་བ་གསལ་བར་གཟུང་བ་ཡི། །ཚ་བའི་གསེར་གྱིས་གཟི་བརྗིད་འཛིན། །ཡེ་ཤེས་སྙིང་གར་བསམ་པར་བྱ། །ནམ་མཁའི་ཉི་མ་འབུམ་འདྲ་བར། །དེ་ནི་དེ་མ་ཐག་ཏུ་འགྱུར། །འདི་ནི་སངས་རྒྱས་ཐམས་ཅད་ཉིད། །ཤིན་ཏུ་རྨད་བྱུང་ཐོབ་པར་འགྱུར། །རྣལ་འབྱོར་ཀུན་གྱི་བདེ་འདྲེལ་བ། །རྡོ་རྗེ་བློ་མཆོག་དངོས་གྲུབ་བོ། །སངས་རྒྱས་རྡོ་རྗེ་འཛིན་དགེ་ཡི། །སྣ་ཚོགས་ཆེན་པོ་ཐོབ་འགྱུར་ནས། །འདོད་པའི་ཆོས་ཀྱིས་མི་གོས་བློ། །འདོད་པ་ཆེན་པོ་སྟེན་པར་བྱེད། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཤིན་ཏུ་དགྱེས་པ་ཆེན་པོ་དཔལ་རྡོ་རྗེ་སེམས་དཔའི་རྡོ་རྗེ་མ་ལུས་པ་ལུས་པ་མེད་པའི་རྡོ་རྗེའི་སྐུ་དཔེ་མེད་པ་དང་ལྡན་པ་ཞེས་བྱ་བའི་ཡི་གེ་ཆེན་པོའི་ཕྱག་རྒྱའོ།། །། དེ་བཞིན་ཨོཾ་ནི་གཞག་བྱ་སྟེ། །རྡོ་རྗེ་ཤིན་ཏུ་དགྱེས་པ་ཆེ། །རྡོ་རྗེའི་སྒྲ་ནི་བདེ་འདྲེལ་བ། །ཐ་མར་ཁྲི་བཅས་སྦྱར་བར་བྱ། །ཕྱག་རྒྱ་འདི་ནི་བདེ་མཆོག་སྟེ། །བར་བཅད་པ་ཡང་ཐོས་པར་འགྱུར། །ཁམས་གསུམ་ངོ་བོ་ཐམས་ཅད་ནི། །སྒྲ་ཡི་ཐོས་པ་དངོས་གྲུབ་བོ། །འདི་ཡིས་སངས་རྒྱས་ཐམས་ཅད་ཉིད། །ཚེ་འདི་ཉིད་ལ་དངོས་གྲུབ་སྟེར། །བུད་མེད་པདྨ་ཨུཏྤལ་དང་། །མ་ལུས་རྒྱལ་བ་རྣམས་དང་རྩེན། །རྡོ་རྗེ་པདྨར་སྦྱར་བས་ན། །དགའ་བྱེད་མྱུར་དུ་དངོས་གྲུབ་བོ། །རབ་ཏུ་དགྱེས་པ་ཆེན་པོ་དཔལ་རྡོ་རྗེ་སེམས་


DNG012_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

དཔའི་ཚད་མེད་པའི་ཡོན་ཏན་གྱི་སྒྲ་དཔེ་མེད་པ་དང་ལྡན་པ་ཞེས་བྱ་བའི་དོན་གྱིས་དཔལ་ཐམས་ཅད་གྲུབ་པར་བྱེད་མའོ།། །།ཨོཾ་ནི་སྤྱི་གཙུག་ཐིག་ལེར་བབས། །རབ་དགྱེས་ཆེན་མོ་རྡོ་རྗེ་ཅན། །རྡོ་རྗེ་དྲི་བདེར་འདྲེལ་བ་ཡི། །ཐ་མར་གནས་ཤེས་རབ་སྦྱར་བྱ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །སྣ་ཚོགས་ཆེན་མོ་མདུན་དུ་འགྲོ། །སྣ་ཚོགས་ཆེན་མོ་འདི་ཡིས་ནི། །སྣ་ཚོགས་ཡེ་ཤེས་གྲུབ་པར་འགྱུར། །བདག་ཉིད་རྡོ་རྗེ་བརྒྱན་པ་ཡི། །དེ་ནི་མཚན་ལྡན་ཀུན་དང་རྩེན། །དེ་ནས་ཆོས་དབྱིངས་གནས་པ་དེས། །ཨཱ་ལི་ཀཱ་ལི་མཉམ་སྦྱོར་བས། །དགའ་བྱེད་ལྷན་ཅིག་རྩེན་བྱས་ན། །དབང་ཕྱུག་དམ་པ་དངོས་གྲུབ་འགྱུར། །འདི་ནི་རྡོ་རྗེ་སེམས་དཔའ་ཡི། །བློ་ལྡན་རབ་ཏུ་དགྱེས་ཞེས་བྱ། །རྡོ་རྗེའི་དྲི་དཔེ་མེད་པ་དང་ལྡན་མ་ཞེས་བྱ་བའི་ཡི་གེའི་ཕྱག་རྒྱའོ།། །།ཨོཾ་མཆོག་གཙུག་ཏོར་རྣམ་བྱས་ཏེ། །ཤིན་ཏུ་དགྱེས་ཆེ་དབུས་ཉིད་དུ། །རྡོ་རྗེ་རོ་ནི་སྦྱོར་ཆེ་བ། །ཐ་མར་ཧོ་སྟེ་ཐིག་ལེ་གཉིས། །འདི་ཡིས་རབ་ཏུ་དགྱེས་པར་འགྱུར། །དཔལ་ལྡན་དཔེ་མེད་བདེ་བ་དང་། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་ཉིད། །སྣ་ཚོགས་སྦྱོར་བ་སྣ་ཚོགས་བདག །སངས་རྒྱས་ཀུན་གྱི་རོལ་པ་ཡིས། །མཆོད་པ་མི་ཟད་བྱེད་པར་འགྱུར། །སངས་རྒྱས་རྣམས་ཀྱི་གནས་ཐམས་ཅད། །ནམ་མཁའ་མཉམ་པ་ཉིད་ཐོབ་བོ། །རབ་ཏུ་དགྱེས་པའི་དབང་པོ་ཤིན་ཏུ་དགྱེས་པ་ཆེན་པོའི་རོ་མཆོག་གི་རྒྱལ་མཚན་དང་ལྡན་པ་ཞེས་བྱ་བ་སེམས་ཅན་ཐམས་ཅད་ཀྱི་དོན་ཐམས་ཅད་གྲུབ་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བདག་པོ་ཟླ་གསང་ཐིག་ལེ་བཤད་པའི་རྒྱལ་པོ་ལས། ཆོས་ཀྱི་འཁོར་ལོ་སྟེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ཤིན་ཏུ་དགྱེས་པ་ཆེན་པོ་དཔལ་རྡོ་རྗེ་སེམས་དཔའ་ཀུན་ཏུ་བཟང་པོ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཤིན་ཏུ་དགྱེས་པ་ཆེན་པོ་གདོན་མི་ཟ་བའི་རྒྱལ་པོ་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོ་བཤད་ནས་ཅང་མི་གསུང་བར་གྱུར་ཏོ། །དེ་ནས་


DNG012_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའི་དབྱིངས་ཐམས་ཅད་ཀྱི་རྡུལ་ཕྲན་དང་མཉམ་པའི་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་གསང་བའི་གཟུངས་དང་གཡོག་ཏུ་བཅས་པ་རྣམས་ཀྱིས་ཡོངས་སུ་བསྐོར་བ། བྱང་ཆུབ་སེམས་དཔའི་འཁོར་ཆེན་པོ་དང་བཅས་པ་རྣམས་ཀྱིས་མདུན་དུ་བྱས་པ་མ་ལུས་པ་ལུས་པ་མེད་པའི་ནམ་མཁའ་ལ་འགྲོ་བ་དང་། ནམ་མཁའ་ལ་འགྲོ་བའི་ཚོགས་དང་ལྡན་པ།ཕྱི་ནང་གི་ཕོ་ཉ་དང་ཕོ་ཉ་མོ་རབ་ཏུ་རྒྱས་པ་རྣམས་ཤིན་ཏུ་ངོ་མཚར་རྨད་དུ་གྱུར་ཏེ། དགྱེས་ཤིང་སྤྱན་ནི་རྒྱས་པ་ཡིས། །བཞེངས་ནས་དགྱེས་པ་ཆེན་པོ་ཡི། །བརྗིད་པའི་ཕྱག་གིས་གར་མཛད་ཅིང་། །ཐལ་མོ་སྦྱར་ནས་གཙུག་ཉིད་དུ། །བཞག་པ་ཡིས་ནི་འདུད་པར་བྱེད། །སྒུལ་བ་ཡིས་ནི་དབྱངས་འདི་ཡིས། །དེ་དག་གཙོ་ལ་མཉེས་པར་བྱེད། །ཀྱེ་མའོ་ཆོས་ནི་ངོ་མཚར་ཆེ། །ཀྱེ་མའོ་སྤྱོད་པ་ངོ་མཚར་ཆེ། །ཀྱེ་མའོ་སྦས་པ་ངོ་མཚར་ཆེ། །ཀྱེ་མའོ་བདེ་བ་ཡང་དག་འབྱུང་། །ཀྱེ་མའོ་ཀུན་ཏུ་བཟང་པོའི་དོན། །ཀྱེ་མའོ་རབ་དགྱེས་ཡང་དག་འགྲོགས། །ཀྱེ་མའོ་བདེ་བ་དག་པ་ཆེ། །ཀྱེ་མའོ་བདེ་བ་བདེ་མཆོག་སྟེ། །ཀྱེ་མའོ་སྔགས་ཀྱི་ཡང་དག་སྦྱོར། །ཀྱེ་མའོ་སྙིང་པོ་ཡང་དག་བསྡུས། །ཀྱེ་མའོ་ཕྱག་རྒྱ་མཉམ་པར་བཞུགས། །ཀྱེ་མའོ་སྒྲུབ་པ་རྨད་འབྱུང་བའོ། །ཀྱེ་མའོ་ཕ་རོལ་ཕྱིན་མ་ཡིན། །ཀྱེ་མའོ་ཇི་ལྟར་མཐུར་རིག་མའི། །ཀྱེ་མའོ་སྣ་ཚོགས་དགོས་པ་ཆེ། །ཀྱེ་མའོ་དག་པ་གསུམ་སྦྱར་བ། །ཀྱེ་མའོ་རྡོ་རྗེ་མཉམ་སྦྱོར་བའི། །ཀྱེ་མའོ་པདྨ་རྣམ་ཕྱེ་བས། །ཀྱེ་མའོ་དབང་པོ་གཉིས་སྦྱོར་བའོ། །ཀྱེ་མའོ་མཆོག་དང་མཉམ་པའོ། །ཀྱེ་མའོ་གར་ནི་དག་པ་ཆེ། །ཀྱེ་མའོ་གླུ་རབ་དྲི་མ་མེད། །ཀྱེ་མའོ་སིལ་སྙན་རྣམ་པར་འདྲེལ། །ཀྱེ་མའོ་བརྡབ་བརྡའ་འདྲ་དང་མུན་པ་སེལ། །ཀྱེ་མའོ་དག་བྱེད་མེ་ཏོག་ཕྲེང་། །ཀྱེ་མའོ་སྤོས་སྣོད་དགེ་བ་སྟེ། །ཀྱེ་མའོ་མར་མེ་མུན་པ་སེལ། །ཀྱེ་མའོ་དྲི་ནི་ཤིན་ཏུ་བསིལ། །ཀྱེ་མའོ་རྣལ་འབྱོར་མཉམ་པར་སྦྱོར། །ཀྱེ་མའོ་སྒྱུ་མ་ནམ་མཁའ་འདྲ། །


DNG012_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱེ་མའོ་སངས་རྒྱས་རྡོ་རྗེ་མཆོག །ཀྱེ་མའོ་རིན་ཆེན་བདེ་མཆོག་སྐྱེད། །ཀྱེ་མའོ་སྣ་ཚོགས་པད་མཆོག་ལྡན། །ཀྱེ་མའོ་སྣ་ཚོགས་སྒྱུ་མ་མཛད། །ཀྱེ་མའོ་ངོ་མཚར་སངས་རྒྱས་དང་། །ཀྱེ་མའོ་ངོ་མཚར་དཔའ་བོ་རྣམས། །ཀྱེ་མའོ་ངོ་མཚར་སེམས་དཔའ་རྣམས། །ཀྱེ་མའོ་ངོ་མཚར་ལྷ་ཡི་རྣམས། །ཤིན་ཏུ་དགྱེས་ཆེ་རྡོ་རྗེ་ལ། །རྒྱལ་བ་ཀུན་གྱིས་བསྟོད་བྱས་ཏེ། །རྡོ་རྗེ་སེམས་དཔའི་འགྱིང་བ་ཡིས། །དགའ་དང་བདེ་བྱེད་སྒྱེས་པར་འགྱུར། །དེ་ནས་ཕ་རོལ་ཕྱིན་ཐམས་ཅད། །འཁོར་གྱི་དཀྱིལ་འཁོར་དགྱེས་འགྱུར་ཏེ། །སེམས་དཔའ་ཆེ་ལ་ཕྱག་བྱས་ནས། །མཆོག་གི་དབྱངས་ཀྱིས་བསྟོད་པར་བྱེད། །ཆུ་སྐྱེས་ཞལ་ནི་འཛུམ་བཅས་པ། །ཡངས་པའི་སྤྱན་གྱིས་གར་མཛད་དེ། །ཕྱག་དང་ཞབས་ནི་བསྒྱུར་བ་ཡིས། །རབ་ཏུ་དགྱེས་ལྡན་སྨིན་མ་བསྒྱུར། །ཡིད་ཙམ་འཛུམ་པའི་སྤྱན་ཟུར་གཟིགས། །ཤ་རྒྱས་བརླ་ནི་ནུ་མར་འདུད། །སྐེད་པའི་དབྱིབས་ནི་རྣམ་པར་ཡངས། །སྣམས་ཀྱི་ངོས་ཀྱང་ཆེ་ལ་མཛེས། །ཆགས་པ་ཅུང་ཟད་ཚེམས་ཀྱིས་གནོན། །ཚེམས་ཀྱི་ཕྲེང་བ་ཀུནྡ་ཟླ། །མིག་དྲག་ཟློས་པའི་དབུགས་འབྱིན་ཅིང་། །རབ་ཏུ་དགའ་ཆེ་དགྱེས་པས་བསྟོད། ། སྔགས་སོར་བཞག ། ར་ལ་ར་མ་ན་ཧོ། མ་ཧཱ་སུ་ཧུ་མ་ཛུ་མ་ཧཱ་སུ་ར་ཨཱན་སེན་ཧོ། པ་ཨཱིཾ་ཨཛྷུ་ཨ་ལ་ལ་ཧོ། ས་ར་མུ་མ་ཧཱ་སུ་ཧུ། ཏུདྫུ་ན་ཧ་མུ་ཧ་ད་ཧ། ན་ཎ་མ་ཨི་ཁ་ཛ་བ་ཨ་དྫུ་ཧོ། བྷ་ག་བཱན་མ་ཧཱ་སུ་ཁེ་དུ་ཤྱ་ཧོ། ཨོཾ་བཛྲ་སཏྭ་སུ་ར་སྟཾ། སརྦར་ས་ར་ས་གྲ། མ་ཧཱ་སུ་ར་སུ་ཁ་ཤུ་མེ། སིདྡྷྱ་ནིདྡྷྱ་ན། ར་མ་ར་མ། སརྦ་ར་མ་སརྦ་ཡོ་གི་ནཱིན། རཱ་གཱ་ཡ་ཧེ། བྷ་ག་ཝཱན་མ་ཀ་མ་ཧཱུྃ། ཨ་ལ་ལ་ཧོ། བྷ་ག་ཝཱན་ཀ་མ་རུ་ར་ཏསྟྭཾ། ཀ་མ་ཧི་མ་མ ཌྛྀ ། བྷྱི་ཨ་པི། ཨ་བ་ར་མ་ཧུ་མ། ཨ་ལ་ལ་ཧོ། བ་ཏ་གྷུ་ལ་ཤ་ས་ཧ་ར་ས་ཨ་ལ་སུ་ཧ། ཨེ་རུ་བི་ཨ་སི། ཨ་མ་ཧུ་པ་ཧུ་མ་ས་ར་ས་ཧུ་མ། པ་ར་ཀ་ཡ་བི་བོ་ཧ་ནྱ་མ་ལུ་ས་རུ། མ་ཧུ་ར་ར་མ་ཨ་ཧོ། མ་ཧཱ་སུ་ཧུ་ཨདྫུ། པེ་ས་ཧེ་ཀུ་ལི་སཏྟ་མུ།


DNG012_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ར་ཧ་སུ། ཀི་ཛ་ཧི་པ་ཙ་ལུ་སུ་རཱ་ག་མུ་གཛྫུ། བོ་དྷི་པ་མ་ག་མུ་ལ། བི་པ་ཨི་ཨཛྫུ་ཨ་ལ་ལ་ཧོ། ས་མ་ཨ་ཨོཏྟ་མུ་ཀཛྫུ། ཨ་ལ་ལ་ཧོ། སུ་ར་ཨ་ཨོད་ཏ་མུ་སཛྫུ། བདེ་བས་བདེ་ལ་ལོངས་སྤྱོད་མཆོག་ཏུ་བདེ་བའི་རང་བཞིན་བསམ་གྱིས་མི་ཁྱབ་བསྟན། །དགོངས་པའི་དབང་དང་ལྡན་པས་འགྲོ་བ་ཡ་མཚན་ཆེན་པོའི་སྒོ་ནས་འདུལ་མཛད་ཅིང་། །གསང་བའི་ཐིག་ལེ་འཇིག་རྟེན་གསུམ་པོ་འདིར་ནི་དངོས་གྲུབ་གཙོར་བསྟན་ཏེ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་རྩེན་པས་དགའ་བས་སྤྱད་པ་སྩོལ། །ཨ་ལ་ལ་ཧོ། དམ་ཚིག་རྗེས་སུ་ཆགས་པའི་བདག་ཉིད་སྡུག་བསྔལ་ཞི་མཛད་ཅིང་། །འཇིག་རྟེན་གསུམ་པོ་སྤྱད་པར་བྱ་བའི་ཆོས་དེ་བདེ་གཤེགས་དོན་དུ་མཛད། །ངོ་མཚར་ཡོན་ཏན་ལྡན་པ་དམ་ཚིག་བདེ་ལས་འབྱུང་། །བདེ་མཛོད་བདེ་སྤྱོད་དགའ་ལ་རོལ་པ་ཚུལ་བཞིན་མཛོད། །ཐམས་ཅད་དགའ་བའི་ངང་ཉིད་ཐིག་ལེའི་དཀྱིལ་དུ་བསྐྱེད་མཛད་དེ། །བྱང་ཆུབ་སྙིང་པོ་འགྲོ་བའི་ལམ་འདི་བདེ་བར་བསྐུལ་ལ་བསྙེན་པར་མཛོད། །ངོ་མཚར་དེ་བཞིན་གཤེགས་པའི་དམ་ཚིག་རིག་པ་ཆེ་ལ་དགྱེས་ཤིང་བཞུགས། །བདག་ཅག་འདུ་ཤེས་རྣམས་དང་བྲལ་བ་ཉིད་ཀྱང་བཞུགས་སྤྱོད་མཛེས་ཀྱང་འཛེམ་བཅས་པས། །ཚངས་པའི་རྒྱལ་པོ་དབང་དང་ལྡན་པས་ཀྱང་ནི་དེ་ལ་རག་ལུས་སོ། །ཨ་ལ་ལ་ལ་ཧོ། ཡངས་པའི་སྤྱན་ཅན་དྲངས་ཤིང་བཅུག་སྟེ་རོལ་པ་ཚུལ་བཞིན་མཛོད། །རྣམ་དག་ཡེ་ཤེས་ཆུ་དེས་འགྲོ་བ་རྣམས་ཀྱི་སྡིག་པ་ཁྲུས། །བྱམས་མའི་གཟུངས་མ་བདག་ཉིད་ཆེ་དང་རབ་ཏུ་བརྩོན་མཛོད་ལ། །ཐུགས་རྗེ་ཆེན་པོ་རང་བཞིན་དག་པའི་ཆུ་དེས་བདག་ཅག་དབང་སྐུར་ཅིག །མི་གཡོ་མཉམ་པ་ཉིད་ཀྱི་རང་བཞིན་ཡེ་ཤེས་ཐོབ་འདོད་ཕྱིར། །དམ་ཚིག་ཆེན་པོ་གསུམ་པོ་གསུམ་པོ་འདི་ལ་གནས་ནས་ནི། །ཟླ་གསང་ཐིག་ལེའི་དབྱིངས་སུ་བདག་ཅག་དོགས་མེད་འགྲོ་བར་བགྱི། །དབྱངས་ཀྱི་རྒྱལ་པོ་འདི་ཡིས་ནི། །ཤིན་ཏུ་སྲིད་པས་སྐྱོ་བ་ཡིས། །སངས་རྒྱས་ཀུན་ཀྱང་འདོད་པ་བཞིན། །


DNG012_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

གླུ་བླངས་མྱུར་དུ་བསྐུལ་བར་འགྱུར། །དེ་ནས་བཅོམ་ལྡན་འདས་ལ་དབྱངས་ཀྱི་རྒྱལ་པོ་འདིས་བསྟོད་པས་ཤིན་ཏུ་དགྱེས་ཏེ་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔར་བཅས་པ་དང་། རྡོ་རྗེ་དང་རིན་པོ་ཆེ་དང་། པདྨོ་དང་ལས་ཀྱི་རིགས་ཀྱི་བཙུན་མོ་དེ་དག་ཐམས་ཅད་ལ་རྡོ་རྗེ་ཤིན་ཏུ་དགྱེས་པའི་བདེ་བ་ཆེན་པོས་མཉེས་པར་མཛད་དེ། དེ་བཞིན་གཤེགས་པ་ཐམས་ཅད་དང་། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོའི་ཚོགས་རྣམས་དང་།བྱང་ཆུབ་སེམས་དཔར་བཅས་པ་དང་། ནམ་མཁའ་ལ་འགྲོ་བ་དང་། ནམ་མཁའ་ལ་འགྲོ་མའི་ཚོགས་སུ་བཅས་པ་རྣམས་དང་། ཕྱི་ནང་གི་རྡོ་རྗེའི་རིགས་ལས་སྐྱེས་པ་རྣམས་ལ་ཤིན་ཏུ་དགྱེས་པ་ཆེན་པོའི་གར་དང་དབྱངས་དང་། བརྡུང་བ་དང་ཞི་བའི་ཐལ་མོ་ལ་སོགས་པ་རྣམ་པར་མཛད་པ་ཆེན་པོས་རབ་ཏུ་མཛད་ནས། དམ་ཚིག་ཆེན་པོ་རྡོ་རྗེ་ཤིན་ཏུ་དགྱེས་པ་འདོད་པའི་དབང་མོ་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བདེ་བར་ཅང་མི་གསུང་བར་གྱུར་ཏོ། །དེ་ནས་དེ་དག་ཀུན་དགྱེས་ནས། །ཤིན་ཏུ་དགྱེས་པ་ཉིད་བྱས་ཏེ། །ཐལ་མོ་སྦྱར་ནས་ས་སྟེང་དུ། །པུས་མོའི་ལྷ་ང་བཙུགས་མཛད་དེ། །ཆོས་ཀྱི་ཕྱིར་ནི་གསོལ་བ་འདེབས། །དཀྱིལ་འཁོར་དམ་ཚིག་བདག་ཉིད་ལ། །བཅོམ་ལྡན་དགྱེས་པས་བཤད་དུ་གསོལ། །གང་གི་སེམས་ཅན་བདེ་ཉིད་ཀྱི། །བདེ་བས་དཀྱིལ་འཁོར་བསྒྲུབ་པར་བགྱི། །དེ་ནས་བཅོམ་ལྡན་འདས་དམ་ཚིག་འདོད་པ་ཉེ་བར་ལོངས་སྤྱོད་པའི་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དཀྱིལ་འཁོར་བཤད་པར་མཛད་དོ། །ཕྱག་གཉིས་གར་དང་བཅས་པ་ཡིས། །མདུན་དུ་ཐལ་མོ་བཀན་པར་བྱ། །སོར་མོ་ཀུན་གྱི་རྩེ་མོ་ལ། །ཕ་རོལ་ཕྱིན་པའི་ཚོགས་རྣམས་བསམ། །དེ་དག་མིང་གི་བརྡ་ཡིས་ནི། །སོར་མོ་ཐམས་ཅད་བརྟག་པར་བྱ། །སྦོམ་པོ་ཕན་ཚུན་བསྣོལ་བྱས་ཏེ། །ཤེས་རབ་མཆོད་རྟེན་དུ་ནི་


DNG012_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

བརྟག །རྡོ་རྗེ་མཆོད་རྟེན་ཕྱིར་བྱས་ཏེ། །ལྷག་མ་འོད་བཞིན་སྤྲོ་བར་བྱ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་ཕ་རོལ་ཕྱིན་མ་དགེ། །གང་གིས་བཅིངས་པ་ཙམ་གྱིས་ཀྱང་། །སངས་རྒྱས་བྱང་ཆུབ་བྱིན་རློབ་བོ། །ཕྱག་རྒྱ་འདི་ཡིས་རྒྱས་བཏབ་པས། །རྟག་པའི་ཕོ་བྲང་འགྲོ་འོང་བྱེད། །སངས་རྒྱས་སྣང་མཛད་དཔལ་དང་ལྡན། །བཙོ་མའི་གསེར་གྱི་ཁ་དོག་འཛིན། །ཤེས་རབ་ལྡན་པས་སྦྱོར་བྱས་ན། །འདི་ཡིས་མྱུར་དུ་དངོས་གྲུབ་བོ། །སྐལ་ལྡན་འཕྲུལ་གྱི་བུ་མོ་ལ། །འདི་ཡིས་བྱིན་རླབས་གར་བྱས་ཏེ། །རྡོ་རྗེ་པདྨོར་གཞུག་བྱས་ནས། །སེམས་ནི་བཞུགས་པས་བསྒྲུབ་བྱས་ལ། །དེ་ནས་སེམས་དེ་བླང་བྱས་ཏེ། །བློ་ལྡན་དེ་ཡིས་བཏུད་བྱས་ན། །གྲུབ་པ་གཟུངས་ཀྱི་དཀྱིལ་འཁོར་དུ། །ཡང་དག་དངོས་གྲུབ་འགྲོ་བར་བྱེད། །ཤེས་རབ་དང་ནི་འཕྲུལ་གྱིའམ། །དེ་བཞིན་གཤེགས་པ་འཕྲུལ་བརྟག་འཐོབ། །སངས་རྒྱས་རྡོ་རྗེ་བློ་ལྡན་གྱིས། །ཀུན་ཏུ་འཕྲོག་པར་ཡོང་མི་ནུས། །ཤིན་ཏུ་དགྱེས་པ་ཀུན་ཏུ་ལོངས་སྤྱོད་པའི་བདེ་བ་ཞེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའོ།། །། ཐལ་མོ་དེ་ཉིད་ཁྲོ་སྐྱེས་པ། །སྦོམ་པོ་སྐྱིལ་ཀྲུང་གཞག་བྱས་ཏེ། །སྣ་ཚོགས་ཕྲེང་བ་འབར་བྱེད་པ། །རྣལ་འབྱོར་གྱིས་ནི་ལྷག་མ་སྤྲོ། །འདི་ནི་རྡོ་རྗེ་ཐམས་ཅད་ཀྱི། །ཤེས་རབ་ཕ་རོལ་ཕྱིན་མ་གསལ། །ཕྱག་རྒྱ་འདི་ཡིས་རྒྱས་བཏབ་པས། །རྡོ་རྗེ་ཡེ་ཤེས་བླ་ན་མེད། །འདི་ཡིས་མྱུར་དུ་འཐོབ་པར་འགྱུར། །ཕྱག་རྒྱ་འདི་ཡིས་རྒྱས་བཏབ་པས། །འདི་ནི་བཅིངས་པ་ཙམ་གྱིས་ཀྱང་། །རིང་དུ་སྡིག་པ་འཇིག་པར་བྱེད། །ཚེ་དང་དཔལ་དང་ཡེ་ཤེས་སྐལ། །རྡོ་རྗེ་འཛིན་གྱིས་ཐོབ་པར་འགྱུར། །འདི་ནི་དབང་བསྐུར་ཙམ་གྱིས་ཀྱང་། །རྡོ་རྗེ་འཛིན་རྗེར་དེ་འགྱུར་ཏེ། །རྡོ་རྗེ་དཀྱིལ་གྱིས་མཚན་བཏབ་པས། །ས་ཆེན་འོང་ཞིང་འགྲོ་བར་བྱེད། །འདི་ནི་དགའ་བྱེད་རྡོ་རྗེ་རིགས། །རྡོ་རྗེ་བུད་མེད་འགྲོགས་པ་དང་། །རྡོ་རྗེ་


DNG012_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

གཟུངས་ཀྱི་དཀྱིལ་འཁོར་དུ། །རྡོ་རྗེ་སེམས་ཉིད་འཐོབ་པར་འགྱུར། །ཇི་ལྟར་དངོས་གྲུབ་འདུག་པ་དང་། །སངས་རྒྱས་རྡོ་རྗེ་དཔའ་བོ་རྣམས། །སྐད་ཅིག་གཅིག་གིས་འདྲེན་པར་བྱེད། །བསྒྲལ་དང་མཉེས་པར་བྱ་བ་དང་། །རྒྱས་བཏབ་དེ་བཞིན་རྨོངས་པ་དང་། །གསོ་བར་བྱེད་དང་ཟ་བ་དང་། །ཕན་ཚུན་དུ་ནི་སྐྱེད་པར་བྱེད། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཆེན་པོའི་དབང་བསྐུར་བ་རྡོ་རྗེའི་ཕྲེང་བ་ཞེས་བྱ་བ་ཤིན་ཏུ་དགྱེས་པ་བདེ་བ་ཐོབ་པར་བྱེད་པ་དཔེ་མེད་པའི་རྡོ་རྗེར་བྱེད་པའི་ཕྱག་རྒྱའོ།། །།རྡོ་རྗེའི་ཐལ་མོ་དེ་ཉིད་ལས། །ཁྲོ་མོ་རྒྱབ་ནི་བསྐུམ་བྱས་ཏེ། །སོར་མོ་ལྷག་མ་སྔ་མ་བཞིན། །ཕྱག་རྒྱ་འདི་ནི་དབང་བསྐུར་བའོ། །རིམས་དང་གདོན་དང་དུག་ལ་སོགས། །དེ་མ་ཐག་ཏུ་འཕྲོག་པར་བྱེད། །འདི་ནི་བཅིངས་པ་ཙམ་གྱིས་ཀྱང་། །སངས་རྒྱས་ཀྱི་ནི་དགྱེས་པ་ཐོབ། །འདི་ཉིད་ཀྱི་ནི་དབང་སྐུར་དང་། །འདི་ཉིད་ཀྱིས་ནི་བདེ་དམ་པ། །འདི་ཉིད་ཀྱིས་ནི་རྒྱལ་པོ་ཆེ། །འདི་ཉིད་ཀྱིས་ནི་དཔལ་དམ་པ། །འདི་ཡིས་རྩེན་པ་བྱས་པ་ཡིས། །རབ་དགའ་འགུགས་པ་དངོས་གྲུབ་བོ། །མི་ལ་འདི་ཡིས་བྱིན་བརླབས་ཏེ། །ཉི་མ་ཕྱེད་ན་སྤྱད་བྱས་ན། །འདི་ནི་དེ་མ་ཐག་ཏུ་ཡང་། །དཔལ་ལྡན་རྡོ་རྗེ་གཟི་བརྗིད་འཛིན། །ཉི་མ་བཅུ་གཉིས་འོད་འདྲ་བར། །ཞག་བདུན་གྱིས་འགྱུར་གཞན་གྱིས་མིན། །སངས་རྒྱས་ཀུན་གྱིས་འདུལ་བ་དང་། །དགེ་བ་ཐམས་ཅད་དབང་དུ་བྱེད། །གྲོལ་འདོད་རྣམས་ཀྱི་མུན་པ་སེལ། །བློ་ལྡན་ཕྱག་རྒྱ་མཆོག་ཏུ་འགྱུར། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེ་བ་ཆེན་པོ་གཟི་བརྗིད་དཔེ་མེད་པ་དང་ལྡན་པའི་ཕྲེང་བ་ཞེས་བྱ་བ་བ་དན་གསུམ་པའི་འཇིག་རྟེན་གསུམ་དུ་བདེ་བ་ཆེན་པོ་ཐོབ་པར་བྱེད་པའི་དམ་ཚིག་གི་ཕྱག་རྒྱ་ཆེན་པོའོ།། །།ཕ་རོལ་ཕྱིན་པའི་ཕྱག་རྒྱ་ཉིད། །དགེ་བའི་ཁྲོ་མོ་དང་བྲལ་བ། །ཕ་རོལ་ཕྱིན་པའི་ཆོས་ཡིན་ཏེ། །ཚིག་དང་ཚིག་ཏུ་རྣམ་བྲལ་བའོ། །ཕྱག་རྒྱ་འདི་ནི་བཅིངས་པ་ཡིས། །ཆོས་ཀྱི་དབྱིངས་ནས་རྗེ་རུ་འགྱུར། །སངས་རྒྱས་


DNG012_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱིས་དབང་བསྐུར་བས། །དབང་ཕྱུག་དམ་པ་དེ་འགྱུར་ཏེ། །ཐམས་ཅད་དག་པ་མོས་པ་ཡིས། །པདྨོ་དམར་པོ་མཆོག་འཛིན་འགྱུར། །པདྨོ་སྒྱུ་མ་རྣམ་མཛད་པས། །སྣ་ཚོགས་ཆེན་པོར་དེ་འགྱུར་རོ། །སྡུག་བསྔལ་ཐམས་ཅད་འཕྲོག་པར་བྱེད། །སེམས་ཅན་ཀུན་ལ་ཐམས་ཅད་སྦྱིན། །འདོད་ཆགས་ཆེན་པོ་ཉེས་སྤངས་ཏེ། །དེ་ནི་བདུད་རྩི་འདྲ་བར་འགྱུར། །འདི་ནི་མྱུར་དུ་གར་བྱས་པ། །བསྒྲུབ་པར་མི་བྱེད་ཅུང་ཟད་མེད། །འདི་ནི་པདྨོ་སྦྱོར་བ་ཡིས། །བདེ་མཆོག་རྟག་པ་ཐོབ་པར་འགྱུར། །ཤིན་ཏུ་དགྱེས་པ་ཆེན་པོའི་མྱོས་པར་བྱེད་པའི་དཔལ་པདྨའི་ཕྲེང་བ་ཞེས་བྱ་བ་ཐམས་ཅད་ཀྱི་དོན་དཔལ་ཤིན་ཏུ་དགྱེས་པར་བྱེད་པའི་ཕྱག་རྒྱའོ།། །།འདི་ཉིད་གཉིས་པའི་སྤྱི་གཙུག་ཏུ། །བསྒྱུར་ནས་གཞག་པར་བྱས་པ་ནི། །མ་ལུས་དྲི་མ་འཕྲོག་བྱེད་པ། །སྣ་ཚོགས་ཆེན་པོར་དེ་འགྱུར་རོ། །འདི་ཡིས་དབང་ནི་བསྐུར་མ་ཐག །ཁམས་གསུམ་སྣ་ཚོགས་བྱེད་པར་འགྱུར། །སྣ་ཚོགས་དབང་པོ་རྒྱལ་པོ་ཆེ། །སྣ་ཚོགས་གཟུགས་དང་སྣ་ཚོགས་བདག །སྒྲུབ་པོ་ཐམས་ཅད་བདེ་དམ་པ། །འདོད་པ་ཀུན་གྱི་དབང་ཕྱུག་རྒྱལ། །འདོད་པའི་དོན་ཀུན་སྒྲུབ་བྱེད་པ། །ཐམས་ཅད་འདི་ཡིས་དངོས་གྲུབ་བོ། །བུད་མེད་འདི་ཡིས་བྱིན་རླབས་ནས། །སྔོ་བསངས་མཁུར་ཚོས་དཀར་མོ་དང་། །དེ་དང་ལྷན་ཅིག་གར་བྱས་པས། །སྣ་ཚོགས་བདག་པོ་ཆེན་པོར་འགྱུར། །སྔོ་བསངས་ཞིང་མ་ཕྲེང་མ་དག །བྱིན་གྱིས་བརླབས་ནས་དུས་གནས་གསུམ་དུ། །མཚན་གྱིས་མཐར་ནི་བསྙེན་བྱས་ནས། །ལས་ཀྱི་དངོས་གྲུབ་ཐོབ་པར་འགྱུར། །རིགས་ངན་ཅན་དང་སྨེ་མ་དང་། །གར་མཁན་དེ་བཞིན་གར་བྱེད་དག །ཕྱག་རྒྱ་ཡེ་ཤེས་བྱིན་བརླབས་ཏེ། །བསྙེན་དང་དངོས་གྲུབ་ཐོབ་པར་འགྱུར། །ཤིན་ཏུ་དགྱེས་པ་སྣ་ཚོགས་བདེ་བ་སྦྱིན་པར་བྱེད་པ་ཞེས་བྱ་བ་འདོད་པར་བྱེད་པ་ཐམས་ཅད་ཀྱི་མཆོག་སྒྲུབ་པར་བྱེད་པའི་ཕྱག་རྒྱའོ།། །།


DNG012_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་དེ་དག་བསྟན་པ་རྣམས། །གར་གྱི་ཚུལ་གྱིས་རང་གི་གནས། །དམ་ཚིག་མཆོག་གི་དམ་ཚིག་གིས། །དངོས་གྲུབ་ཆེན་པོའི་མཐུར་འགྱུར་རོ། །ཐལ་མོ་དེ་ཉིད་སྦྱར་བྱས་ཏེ། །རྡོ་རྗེ་བཅིངས་པས་བཅིང་བར་བྱེད། །དེ་ནས་དགའ་བྱེད་དབང་བསྐྱེད་དེ། །མདའ་ཡི་ཚུལ་གྱིས་གཟུང་བར་བྱ། །འདི་ནི་རབ་དགྱེས་གཙོ་བོ་ཡིས། །ཕ་རོལ་ཕྱིན་མཆོག་སྡུག་སྡུད་པ་ཡིན། །སངས་རྒྱས་རྣམས་ཀྱི་མྱོས་བྱེད་པ། །དཔའ་བོ་རྣམས་ཀྱང་རྨོངས་པར་བྱེད། །འདི་ནི་བཅིངས་པ་ཙམ་གྱིས་ཀྱང་། །མི་ཤེས་བྱེད་པ་འཇིགས་པར་བྱེད། །ལས་ཀྱི་དོན་ནི་བཀའ་བཞིན་དུ། །དགའ་ནས་བྲན་བཞིན་བྱེད་པར་འགྱུར། །འདི་ཡིས་བྱིན་གྱིས་བརླབས་པ་ཡིས། །བདེ་ཆེན་རྒྱལ་པོ་འདྲ་བར་འགྱུར། །དགའ་དང་ལྷན་ཅིག་གར་བྱེད་ཅིང་། །འདོད་དབང་སར་ནི་འགྲོ་བར་བྱེད། །དཔལ་རྡོ་རྗེ་སེམས་དཔའ་ཤིན་ཏུ་དགྱེས་པ་ཀུན་ཏུ་བཟང་མོའི་དགྱེས་པ་ཆེན་མོའི་བདེ་བ་གཉིས་སུ་མེད་པ་དང་ལྡན་མ་ཞེས་བྱ་བ་སྦྱོར་བའི་ཕྱག་རྒྱ་ཆེན་པོའོ།། །།སྙིང་གར་གཟུང་བའི་སྦྱོར་བ་ཡིས། །འདི་ཡིས་ལས་ཀུན་བྱེད་འགྱུར་ཏེ། །བདུད་རྣམས་ཐམས་ཅད་འབིགས་པར་བྱེད། །རྒྱལ་བ་འདོད་ཆགས་བྲལ་སྤྱོད་པ། །བདེ་གཤེགས་མྱ་ངན་འདས་ཀུན་དང་། །ཐམས་ཅད་འདི་ཡིས་སློང་བར་བྱེད། །སངས་རྒྱས་ཐམས་ཅད་མཉེས་བྱས་ནས། །མྱུར་དུ་ལས་ལ་སྦྱོར་བར་བྱེད། །དབང་པོ་ཉེ་དབང་དབང་ཆེན་གྱི། །གདུག་པ་ཐམས་ཅད་འཇོམས་བྱེད་དེ། །འཇིགས་བྱེད་དྲག་པོ་ཆེན་པོ་ཡིས། །གདུག་པ་ཐམས་ཅད་གདུང་བར་བྱེད། །རྡོ་རྗེ་པདྨར་བཅུག་པ་ཡིས། །མཆེ་བས་མ་མཆུ་བཟུང་བྱས་ཏེ། །སོར་མོ་ཕན་ཚུན་བསྣོལ་བ་ཡིས། །དཔུང་པ་བརྐྱང་སྟེ་གར་དུ་བྱ། །སྣ་ཚོགས་ཆེན་པོ་རབ་རྒྱས་པས། །བདེ་ཆེན་པོ་ཡི་བདེ་འཐོབ་བོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །འདོད་དང་ཐར་པ་འགྲུབ་བྱེད་དེ། །ཕྱག་རྒྱ་འདི་ཡིས་


DNG012_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་བཏབ་ན། །འདོད་པ་བཞིན་དུ་འཕུར་བར་བྱེད། །རབ་དགྱེས་འདྲེལ་བས་གར་བྱས་ཤིང་། །ནམ་མཁའ་གཟུངས་མའི་ཐབས་ཉིད་ཀྱིས། །ཕན་ཚུན་གཅུ་པའི་གནན་པ་ཡིས། །བཅིངས་ན་འདི་ཡིས་དངོས་གྲུབ་བོ། །དེ་ནི་དེ་མ་ཐག་ཏུ་ཡང་། །ལྷ་དང་ལྷ་མིན་མཆོད་བྱེད་དེ། །དབང་པོ་ཉེ་དབང་དབང་ཆེན་དང་། །ཉི་ཟླ་གཤིན་རྗེ་ཆུ་དབང་རྣམས། །སྤྱི་བོ་ཡིས་ནི་ཕྱག་བྱས་ནས། །རང་གི་དཔལ་མཆོག་སྟོབས་བྱེད་དེ། །རྡོ་རྗེ་འཛིན་པ་ཐམས་ཅད་ཀྱང་། །ཉིད་ཀྱིས་དཔལ་ཅན་སྟོབས་པ་ཡིས། །བརྟན་པ་དེ་ལ་མགུ་བྱེད་ཅིང་། །སངས་རྒྱས་དགོས་པ་རབ་སྒྲུབ་བྱེད། །འདི་ཡིས་ལས་ཀྱི་ཚུལ་གྱི་རྣམས། །ལས་དང་རྗེས་སུ་མཐུན་འགྱུར་ཏེ། །རྣལ་འབྱོར་དབང་ཕྱུག་རྣམ་མཛད་པས། །སངས་རྒྱས་ཀུན་དང་མཉམ་སྦྱོར་ཏེ། །གཟུངས་དང་གཉིས་མེད་སྦྱོར་བ་ཡིས། །ཡིད་ལ་འདོད་པའི་ལས་ཀུན་བྱེད། །འཛུམ་དང་གནས་དང་སྦས་པ་དང་། །སྤྱོད་པས་གར་གྱིས་བྱས་པས་སོ། །གཞན་དག་ཀྱང་དེ་དངོས་གྲུབ་ཆེ། །པདྨའི་འདབ་མ་རྣམས་ཕྱེ་བས། །བྱང་ཆུབ་སེམས་ནི་རབ་བསྒྲུབ་པ། །སྒྲུབ་པ་པོས་ནི་པདྨ་སྒྲུབ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །བདེ་བ་གཉིས་སུ་མེད་པའི་དཔལ། །ཤིན་ཏུ་དགྱེས་པའི་པདྨ་འདབ་མ་ཞེས་བྱ་བ་ཤིན་ཏུ་དགྱེས་པ་ཆེན་པོའི་བདེ་བ་ཐོབ་པར་བྱེད་པའོ།། །།ཐལ་མོ་དེ་ཉིད་བཅིངས་པ་ཡིས། །བཅིངས་པ་གྱེན་དུ་བཟུང་བྱས་ཏེ། །མཐེའུ་ཆུང་གཉིས་ནི་བསྒྲེང་བྱས་ཏེ། །དེ་བཞིན་སྦོམ་པོ་གཉིས་ཀྱང་བྱ། །ཕྱག་རྒྱ་འདི་ནི་ཆུ་སྲིན་ཞེས། །རྒྱལ་མཚན་ལྡན་པར་བཤད་པ་ཡིན། །རྡོ་རྗེ་སེམས་དཔའ་སྤྲུལ་པ་སྟེ། །འདོད་བྲལ་ཆགས་པར་བསྒྲུབ་པ་ཡིན། །ཕྱག་རྒྱ་འདི་ཡིས་བདེ་ལྡན་གྱི། །ཕོ་བྲང་ཆེན་པོར་འགྲོ་བར་བྱེད། །དེར་ཕྱིན་ཆོས་ཀྱི་འཁོར་ལོ་དག །བླ་མེད་པར་ནི་སྐོར་བར་བྱེད། །


DNG012_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཕ་རོལ་ཕྱིན་མས་བསྐོར། །སྡིག་སྤངས་རྣམས་ནི་བཀུག་ནས་ཀྱང་། །སྤྱོད་པ་དྲག་པོའི་ཚུལ་གྱིས་ནི། །བསྐལ་པ་བྱེ་བར་བསྙེན་པར་བྱེད། །ཡང་དག་བྱང་ཆུབ་གནས་པ་ཡི། །སངས་རྒྱས་འདི་ཡིས་མཉེས་པར་བྱེད། །དེ་ནས་དགྱེས་ཏེ་སྣ་ཚོགས་ཆེ། །སྣ་ཚོགས་ཡེ་ཤེས་སྐྱེ་བ་ཡི། །རང་གི་དམ་ཚིག་གསུངས་པ་ཡི། །སེམས་དཔའ་ཆེན་པོ་སྒྲུབ་པར་བྱེད། །བླ་མེད་དངོས་གྲུབ་ཐམས་ཅད་ཀྱང་། །འདི་ཡིས་ཐམས་ཅད་འགྲུབ་པར་བྱེད། །སྦྱོར་དང་ལྡན་པས་བྱིན་རླབས་ཏེ། །སྙིང་གར་ཉེ་བར་བསམ་བྱས་ན། །ལས་ཀྱི་ངོ་བོ་ཚུལ་འདི་ཡིས། །ཐམས་ཅད་ལས་ནི་བྱེད་དུ་གཞུག །གར་དང་དབྱངས་ཀྱི་རོ་དགའ་དང་། །སིལ་སྙན་བརྡུང་བ་རྣམ་བྱེད་དང་། །པི་ཝང་གླིང་བུ་རྫ་རྔ་ཡི། །ཕྱག་རྒྱ་འདི་ཡིས་བསྒྲུབ་པར་བྱ། །དཔལ་རྡོ་རྗེ་ཤིན་ཏུ་དགྱེས་པ་ཆེན་པོའི་ཐུགས་ཀྱི་དགྱེས་པ་དཔེ་མེད་པ་དང་ལྡན་མ་ཞེས་བྱ་བའི་ཕྱག་རྒྱའོ།། །།ཐལ་མོ་དེ་ཉིད་མཉམ་བཟུང་ནས། །འགྱིང་ཞིང་འགྱིང་བས་གར་བྱས་ཏེ། །བཅིང་བ་ཆེན་པོས་བཅིངས་བྱས་ནས། །སྦྱོར་བ་ཆེན་པོ་གཉིས་སུ་བྱ། །ཁུ་ཚུར་གཉིས་པོ་དཀུ་ཉིད་དུ། །གཡོན་དུ་འགྱིང་བས་བརྟན་པར་བྱ། །ཕྱག་རྒྱ་འདི་ནི་རྒྱལ་ལ་སོགས། །བདེ་བ་དམ་པས་མཆོད་བྱས་ཏེ། །འགྱིང་བའི་སྦྱོར་བས་གར་བྱས་ན། །དངོས་གྲུབ་ཐམས་ཅད་འགྲུབ་པར་བྱེད། །འགྱིང་བ་ཙམ་གྱི་སྦྱོར་བ་ཡིས། །འགྱིང་བ་ཐམས་ཅད་འཕྲོག་པར་བྱེད། །ལྷ་དང་ལྷ་མིན་རིག་མ་ཡིས། །འབུམ་ཕྲག་བརྒྱ་ཡིས་མཆོད་པར་བྱེད། །རབ་ཏུ་དགྱེས་པ་བདེ་མཆོག་ཆེ། །ཀུན་ཏུ་གར་བྱས་གནས་པར་འགྱུར། །ཀླུ་མོ་ལྷ་དང་ལྷ་མིན་དང་། །དེ་བཞིན་མིའམ་བདག་པོར་འགྱུར། །ནམ་མཁར་འགྲོ་མའི་ཁྱོར་འགྱུར་ཏེ། །རྣལ་འབྱོར་མ་ཀུན་བདེ་བ་ཆེ། །གཟུངས་མ་རྣམས་ཀྱི་དག་པ་བདག །གསང་བ་ཕ་རོལ་ཕྱིན་པའི་རྗེ། །ལས་


DNG012_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྦྱོར་བ་འདི་ཡིས་ནི། །ཐམས་ཅད་ལས་ནི་བྱེད་པར་བཤད། །སངས་རྒྱས་ཀུན་གྱི་གསང་བ་ཆེ། །གསང་ཆེན་སྦྱོར་བས་དངོས་གྲུབ་བོ། །དཔལ་ཤིན་ཏུ་དགྱེས་པ་བདེ་བ་ཆེན་མོ་སེམས་ཅན་ཐམས་ཅད་སྒྲོལ་བར་སྤྲས་པ་ཞེས་བྱ་བའི་ཕྱག་རྒྱ་ཐམས་ཅད་འགྲུབ་པའོ།། །།ཕྱག་རྒྱ་དེ་ཉིད་མཉམ་བཟུང་སྟེ། །ལག་པའི་འདབ་མ་གར་དང་བཅས། །མྱུར་བར་སྟེང་དུ་དོར་བ་ཡིས། །མགྱོགས་སུ་འགྲོ་བ་དངོས་གྲུབ་བོ། །འདི་ཡིས་སངས་རྒྱས་ཐམས་ཅད་ཀྱི། །རྨད་བྱུང་དམ་པ་མཆོད་བྱས་པ། །སྦྱོར་བ་གར་གྱིས་མཆོད་བྱས་ན། །ཐམས་ཅད་ལས་བྱེད་དངོས་གྲུབ་བོ། །གང་དག་དངོས་གྲུབ་མེད་པ་དང་། །གང་དག་བདེ་བ་མེད་པ་རྣམས། །དེ་དག་ཕྱག་རྒྱ་འདིས་བཏབ་ན། །ནམ་མཁའི་དཀྱིལ་འཁོར་འགྲོ་བར་འགྱུར། །དེ་ཡིས་ཐམས་ཅད་ལས་རྣམས་ནི། །རྨད་བྱུང་དམ་པ་འགྲུབ་པར་བྱེད། །བཙུན་མོ་ཆེན་པོ་དེ་བཞིན་གཤེགས། །འདི་ཡིས་དེ་ནི་འགྲུབ་པར་བྱེད། །གཞན་ཡང་མཆོག་ཏུ་རྒྱ་ཆེ་བ། །མཉམ་དང་མི་མཉམ་ཆོས་ཀྱི་དབྱིངས། །བཙུན་མོ་དམ་པ་དེ་བཞིན་གཤེགས། །ཕྱག་རྒྱའི་སྦྱོར་བས་དངོས་གྲུབ་བོ། །དཔལ་བདེ་བ་ཆེན་པོ་རྡོ་རྗེ་རབ་ཏུ་དགྱེས་པའི་མེ་ཏོག་གི་ཕྲེང་བ་ཞེས་བྱ་བའི་ཕྱག་རྒྱའོ།། །།དེ་ཉིད་འོག་གི་ངོས་སུ་དོར། །སྟེང་དུ་ཅུང་ཟད་བསྒྱུར་བར་བྱ། །འདི་ཡིས་སངས་རྒྱས་ཐམས་ཅད་ཀྱི། །བདེ་མཆོག་ཡིད་ནི་ཚིམ་བྱེད་པ། །འདིས་ནི་བཅིངས་པ་ཙམ་གྱིས་ཀྱང་། །བདུད་རྣམས་ཤིན་ཏུ་རིང་བར་འགྱུར། །ཕྱག་རྒྱ་བཅིངས་ཏེ་བསྡིགས་པ་ཡིས། །སྐྲག་ནས་དངོས་གྲུབ་སྦྱིན་པར་བྱེད། །སངས་རྒྱས་དམ་ཚིག་གསུམ་གནས་པའི། །འདི་ཡིས་མཆོད་པ་བྱས་པར་འགྱུར། །དེ་ནས་གཙོ་བོ་འདིས་མཉེས་ནས། །མཆོག་གི་ཐབས་ནི་སྟོབས་པར་བྱེད། །ཕྱག་རྒྱ་བཅིངས་པའི་སྦྱོར་བ་ཡིས། །འདི་ཡིས་ཐམས་ཅད་བྱེད་པར་འགྱུར། །རྒྱུན་དུ་བྱས་ན་རྣལ་འབྱོར་པ། །དགོས་པ་


DNG012_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་བྱེད་པར་འགྱུར། །སྡིག་པ་ཐམས་ཅད་འཕྲོག་བྱེད་དེ། །བདེ་བ་དམ་པ་འཐོབ་བྱེད་ཅིང་། །ཚེ་འདི་དང་ནི་ཕ་རོལ་ཏུ། །ཕྱག་རྒྱའི་གནས་སུ་དེ་འགྲོའོ། །དཔལ་ཤིན་ཏུ་དགྱེས་པ་ཆེན་པོའི་བདེ་བ་ཚིམ་པར་བྱེད་པ་ཞེས་བྱ་བའི་ཕྱག་རྒྱ་སྟེ། དྲི་མ་ཐམས་ཅད་སྤོང་བ་དཔལ་ཤིན་ཏུ་དགྱེས་མའོ།། །།ཐལ་མོ་དེ་ཉིད་སྦོམ་པོ་བསྒྲེང་། །ལྷག་མ་གསལ་བའི་ཉི་མ་བཞིན། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཡེ་ཤེས་མཆོག་ཏུ་སྣང་བྱེད་པའོ། །ཐོག་མ་མེད་ནས་དྲི་མས་བསྒོས་ཀྱང་བསྐོར་བ་ཡི། །འདི་ཡིས་གཏི་མུག་འཕྲོག་བྱེད་དེ། །མཉམ་པར་བཞག་ནས་བཅིངས་མ་ཐག །སངས་རྒྱས་ཀུན་གྱིས་བྱིན་གྱིས་རློབ། །མཉམ་ཉིད་ཡེ་ཤེས་དྲི་མེད་དང་། །པདྨ་དྲ་བ་དགའ་བ་ཆེ། །སྣ་ཚོགས་དྲ་བ་དཔལ་ཆེན་པོ། །བདེ་བྱེད་ཆེན་པོ་འཐོབ་པར་འགྱུར། །རྡོ་རྗེ་དགྱེས་པ་ཆེན་མོའི་དཔེ་མེད་པའི་དཔལ་དང་ལྡན་མ་ཞེས་བྱ་བའི་ཕྱག་རྒྱའོ།། །།གཡས་དང་གཡོན་པའི་ལག་པ་ཡིས། །བརྗིད་པའི་གར་གྱིས་གར་བྱ་ཞིང་། །ཐལ་མོ་དེ་ཉིད་མཉམ་སྦྱར་ཏེ། །གཡོན་གྱི་ཁུ་ཚུར་སྤྱི་བོར་གཞག །རྒྱལ་བ་རྣམས་ཀྱི་ཕྱག་རྒྱ་འདི། །མཆོད་པ་ཐམས་ཅད་གྲུབ་བྱེད་དོ། །ཐམས་ཅད་དོན་རྣམས་གྲུབ་པ་དགེ། །བཀྲ་ཤིས་རྒྱལ་བ་འཐོབ་པར་བྱེད། །གང་ཞིག་བཅིངས་པ་ཙམ་གྱིས་ཀྱང་། །མཆོད་པའི་སྤྲིན་ཉིད་རྒྱས་པ་ཆེ། །མཐའ་ཡས་དྲི་མེད་གཟི་བརྗིད་དང་། །སངས་རྒྱས་ཞིང་ནི་དངོས་གྲུབ་བོ། །ཕྱག་རྒྱ་སྦྱོར་བས་སྦྱར་བྱས་ཏེ། །སྐད་ཅིག་གཅིག་གིས་སྦྱར་བྱས་ན། །རྫོགས་སངས་རྒྱས་དང་སྲས་མཆོག་དང་། །འདི་ཡིས་ཐམས་ཅད་འབབ་བར་འགྱུར། །སྣ་ཚོགས་ཀྱི་ནི་སྦྱོར་བ་ཡིས། །སྣ་ཚོགས་གར་གྱིས་གར་བྱས་ན། །དཔའ་བོ་ཐམས་ཅད་ཀུན་ཏུ་འགྲོ། །ཕུན་སུམ་ཚོགས་པ་འདིས་འགྲུབ་བོ། །དཔལ་ཤིན་ཏུ་དགྱེས་པ་ཆེན་པོ་བདེ་བའི་སེམས་འཕེལ་བར་བྱེད་མ་ཞེས་བྱ་བའི་ཕྱག་


DNG012_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱའོ།། །།དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་པོ་དཔལ་ཀུན་ཏུ་བཟང་པོ་ཤིན་ཏུ་དགྱེས་པ་ཆེན་པོ་བདེ་བའི་བདག་ཉིད་རྣམ་པར་སྣང་མཛད་ཆེན་པོ་བཤད་པ་མཐས་ཀླས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བ་ཟླ་གསང་ཐིག་ལེ་མཆོག་ཏུ་ཕ་རོལ་ཏུ་ཕྱིན་པ། གསང་བ་ཆེན་པོ་དམ་ཚིག་གི་ཕྱག་རྒྱའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ཤིན་ཏུ་དགྱེས་པ་རྡོ་རྗེ་གདོན་མི་ཟ་བའི་དཀྱིལ་འཁོར་ཆེན་པོ་བསྐལ་པའི་མཐའ་ཀླས་པ་ཞེས་བྱ་བ་གསུམ་པ་རྫོགས་སོ།། །།དེ་ནས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་ཆེན་པོ་གསང་བའི་ཕ་རོལ་ཏུ་ཕྱིན་པའི་དམ་ཚིག་གི་ཡེ་ཤེས་ཀྱི་ཕྱག་རྒྱའི་དཀྱིལ་འཁོར་འདི་བཤད་ནས་སླར་ཡང་བདེ་བར་ཅང་མི་གསུང་བར་གནས་པར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་དང་། ཕ་རོལ་ཏུ་ཕྱིན་མ་རྣལ་འབྱོར་མ་ཆེན་མོའི་ཚོགས་ཐམས་ཅད་དང་། ནམ་མཁའ་ལ་འགྲོ་བ་དང་། ནམ་མཁའ་ལ་འགྲོ་མའི་ཚོགས་ཐམས་ཅད་ངོ་མཚར་དུ་གྱུར་ནས་ཕྱི་ནང་གི་རྡོ་རྗེའི་རིགས་སུ་གཏོགས་པ་འཕྲོག་པར་བྱེད་པའི་ཚོགས་ཐམས་ཅད་ལ་སླར་དབུགས་ཕྱུང་སྟེ། དེ་ལས་བཞེངས་ནས་གར་མཛད་ཅིང་རབ་ཏུ་དགྱེས་པའི་སྤྱན་རྒྱས་པས་བཅོམ་ལྡན་འདས་ལ་ཡང་དང་ཡང་དུ་ལྟ་ཞིང་དབྱངས་ཀྱི་མཆོག་བདེ་བ་འདི་གླུ་བླངས་ཏེ་དགྱེས་པར་བྱེད་དོ། ། སྔགས་སོར་བཞག ། ཨ་ཏི་ན་ར་ཏ་ཧི་སུར། ཨ་མ་ཧ་སུ་ཧུ་བ་ར་ཏ་ཨི་ནི་མ་ཧཱ་ཛཱ་ལཱ་ཨི། ཀུ་ལ་པ་པ་ཏུ་ཛ་ལུ་བྷི་ཨ་ཨི། ཨ་ཀ་མ་ལ་པི་པ་སི། ཨ་ཨིད་ཙ་ཧོ། ཕ་རི་ཨུད་ཛཱ་ན། ཨི་ཛི་ཏི་ཛི་ཨི་ནི་མན་ཊ་ལུད་ཐ་ན་ཨི་ཎ་ཊ་ཧི་ཎད་ཊ་ཧི། ཎད་ཊ་ནུ་པུ་རུ་གྷ་ན་ཨད་ཛ་ཐ། ཨི་བྷ་མ་ཨ་ཏེ་ན། མན་ད་ལ་ཕ་རི་ཨེ་ས་ཧེ། ཕ་ར་མ་ཨ་ཨེ་ཧི་ན་ཨི་སརྦ་ཛྫ་ཨི་ཛོ་ཨི་ནི་མ་ཨ་འུན་ཛ་བ་ན་སི་བ་པ་མ་ནི་མ་ཨུ་དྷི་ཧི་དེ། དེ་ཨ་ཛ་ཧོ་མན་དྷ་ལ་ཛོའི་ནི་སུ་རུང་ཨ་མུ་ཨ་ར་ས། ཨ་ནུ་སོག་ཁུའི་བ་རུ་ར་མ་ར་མ་


DNG012_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

ར་ན་ཨ་ཨི་ར་ཨ་ར་ཨ་པ་རིག་ཁ་ཧི་ར་མ་ར་མ་མྱེ་ས་ཏུ་ས་ཏུ། རྣམ་མང་བདེ་བའི་རོལ་པས་བདག་ཉིད་ཆེན་པོ་ཡིས། །སྐྱེ་དང་མི་སྐྱེའི་ཆོས་ཉིད་ཡ་མཚན་རྨད་དག་དཔལ་བསྟན་པ། །ཤིན་ཏུ་བདེ་བའི་དཀྱིལ་འཁོར་འཇིག་རྟེན་འདིར་བྱུང་སྟེ། །རང་བཞིན་དག་པའི་གཟུངས་མའི་དཀྱིལ་ནས་བསྐྱེད་པར་མཛོད། །ངོ་མཚར་རྨད་དུ་བྱུང་བའི་ཆོས་ཉིད་བདེ་བས་རོལ་མཛད་ཅིང་། །བདུད་རྩིའི་རང་བཞིན་འདུས་པ་རྣམས་ལ་དབུགས་འབྱིན་ཅིང་། །གསང་བའི་ཐིག་ལེའི་དངོས་ཉིད་ནམ་མཁའ་འདྲ་བ་རྣམ་སྤྱད་དེ། །བདེ་བ་ཕུན་སུམ་ཚོགས་པའི་ལོངས་སྤྱོད་རྒྱུ་ལ་དབང་མཛད་པས། །བྱང་ཆུབ་མཆོག་གི་ལམ་འདི་ཉོན་མོངས་མཐའ་དང་རྣམ་བྲལ་ཞིང་། །བདེ་བའི་འབྱུང་གནས་སྐྱེ་ཤི་མེད་པའི་སྒོ་མོར་པདྨོ་རྣམ་དག་པ། །ཉོན་མོངས་མི་གོས་སྒྱུ་མར་གནས་པ་ཆུ་ཟླའི་དཀྱིལ་འཁོར་བཞིན། །ཨེ་མའོ་ཀུན་ཏུ་བཟང་པོ་རིག་པ་རྒྱ་ཆེན་བསམ་གྱིས་མི་ཁྱབ་པ། །དངོས་ཉིད་མེད་པས་ཆོས་ལ་དགའ་བའི་རོལ་པས་གཟུངས་སུ་འགྱུར། །སངས་རྒྱས་ཀུན་གྱི་བདེ་མཆོག་བདུད་རྩི་ར་སཱ་ཡན། །ཇི་ལྟར་བདེ་ལ་བརྟེན་ཅིང་ཀུན་ཏུ་གནང་བར་མཛད། །ཀྱེ་མ་བདེ་མཆོག་བདེ་བས་རོལ་པ་ཚུལ་བཞིན་མཛོད། །སྡུག་བསྔལ་འགྲོ་བའི་ལས་ཅན་བདེ་བས་ཚིམ་པར་མཛོད། །བྱམས་པའི་སྤྱན་ཅན་ཐུགས་རྗེ་ཉི་མས་འགྲོ་བ་ཀུན་ལ་ཤར་མཛད་ནས། །གཏི་མུག་ཐིབས་པོའི་མུན་ནག་བྱང་ཆུབ་སེམས་ཀྱིས་གསལ་བར་སྟོན། །དེ་ནི་འདུས་པའི་ཚོགས་ལ་བདེ་སྦྱིན་རོལ་པའི་རྒྱལ་པོས་གསུངས། །བྱང་ཆུབ་མཆོག་གི་སེམས་དེས་སྙིང་པོ་མཆོག་ཏུ་དབང་སྐུར་ཅིག །དབྱངས་ཀྱི་ཕྱག་རྒྱ་འདི་ཡིས་ནི། །སྐད་ཅིག་སྐད་ཅིག་བསྐུལ་བྱས་ན། །རབ་ཏུ་དགྱེས་པའི་བདག་ཉིད་ཀྱིས། །མདུན་དུ་གནས་ཏེ་དངོས་གྲུབ་སྦྱིན། །དེ་ནས་བཅོམ་ལྡན་འདས་ཤིན་ཏུ་དགྱེས་པ་ཆེན་པོའི་བདེ་


DNG012_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བདག་པོ་ཀུན་ཏུ་བཟང་པོ་ཆེན་པོ་རྡོ་རྗེ་ཟླ་གསང་ཐིག་ལེ་ཆེན་པོ་ལ། རྡོ་རྗེ་ནམ་མཁའ་ལ་འགྲོ་བ་གསང་བ་ཆེན་པོ་ཚད་མེད་པ་དང་། མཆོག་ཏུ་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་དང་། རྣལ་འབྱོར་མའི་ཚོགས་ཆེན་མོ་དེ་རྣམས་ཀྱིས་བསྟོད་ཅིང་བསྐུལ་བ་བྱ་བ་དང་། གསང་བ་ཐམས་ཅད་ཀྱི་བདེ་བ་ཆེན་པོ་ཤིན་ཏུ་དགྱེས་པ་ལོངས་སྤྱོད་པའི་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་རྒྱལ་པོ་འདི་ལ་སྙོམས་པར་ཞུགས་ནས། ཤིན་ཏུ་དགྱེས་པ་ཆེན་པོ་གདོན་མི་ཟ་བའི་དམ་ཚིག་ཅེས་བྱ་བ་རྣལ་འབྱོར་མའི་དཀྱིལ་འཁོར་ཆེན་པོ་འདི་རང་གི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་།། །།གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་རྣམ་པ་བཞི་ཡིས་བརྒྱན། །དར་དང་དྲིལ་བུའི་ཆུན་པོ་དང་། །ཉི་མ་ཟླ་བས་རྣམ་པར་བརྒྱན། །རིན་ཆེན་མུ་ཏིག་འབྲས་བུས་སྤྲས། །དོ་ཤལ་གདུ་བུ་རྣམས་ཀྱིས་བརྒྱན། །སྣ་ཚོགས་གདུགས་ནི་རྣམ་དྲེས་པ། །སྣ་ཚོགས་ཕྲེང་བ་གོས་ཀྱིས་བརྒྱན། །སྲད་བུ་བཞི་དང་ལྡན་པ་སྟེ། །ཀ་བ་བརྒྱད་མཆོག་ཡང་དག་གནས། །དབུས་ཀྱི་དགའ་བྱེད་སྟན་ལ་ནི། །དངུལ་ལ་སོགས་པས་རྣམ་པར་བརྒྱན། །སྣ་ཚོགས་པདྨ་དར་གྱིས་གཡོགས། །ཐམས་ཅད་སྟན་དེ་དག་ཅེས་བྱ། །དབུས་སུ་རྡོ་རྗེ་ཤིན་ཏུ་དགྱེས། །སྟན་དེ་ལ་ནི་གཞག་པར་བྱ། །ཚད་མེད་པདྨ་དམར་འདྲ་བའི། །སྣ་ཚོགས་རྒྱན་གྱིས་རྣམ་པར་བཀླུབས། །ཡིད་བཞིན་ནོར་བུ་དབུ་རྒྱན་ལྡན། །རིན་ཆེན་གཙུག་གིས་རྣམ་པར་མཛེས། །ཚད་མེད་དར་ནི་དཔྱངས་པ་ཡིས། །དབུ་ལ་ཆུན་པོས་མཛེས་པར་བྱ། །སྣ་ཚོགས་སངས་རྒྱས་ཀུན་གྱི་བདག །སྣ་ཚོགས་ཡེ་ཤེས་རབ་ཏུ་གནས། །ཆུ་སྐྱེས་སྤྱན་ནི་ཡིད་ཙམ་རྒྱས། །དགའ་བྱེད་ཡིད་ཙམ་གཡོན་དུ་འདུད། །གཡས་པའི་ཕྱག་གིས་རྡོ་རྗེ་ཆེ། །སྙིང་གར་གསོར་ལ་ཤིན་ཏུ་བརྩོན། །དེ་ལ་སོགས་པའི་ཡོན་ཏན་ལྡན། །ཐོག་མ་ཉིད་དུ་རྣམ་པར་གཞག །སློབ་མའམ་ཡང་


DNG012_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

ན་གཞན་ཡང་རུང་། །མཚན་ཀུན་གྱིས་ནི་རྣམ་བརྒྱན་པ། །ཚུལ་བཞིན་བྱིན་གྱིས་བརླབ་བྱ་སྟེ། །དབུས་ཀྱི་དཀྱིལ་དུ་གཞག་པར་བྱ། །བདག་ཉིད་ཀྱང་ནི་མཉམ་གཞག་སྟེ། །དེ་ལ་སོགས་པ་ཡོན་ཏན་གཙོ། །དབུས་ཀྱི་སྟན་ལ་འདུག་པ་ན། །བདག་ནི་རབ་དགྱེས་ཞེས་སུ་སྨྲ། །དེས་ནི་སློབ་མ་བྱིན་བརླབས་ཏེ། །ཐམས་ཅད་ལས་བྱེད་ཕུན་སུམ་ཚོགས། །རྡོ་རྗེ་པདྨ་ལས་ཕྱུང་བའི། །གསང་བ་ཡིས་ཀྱང་དབང་བསྐུར་རོ། །རབ་དགྱེས་ལ་སོགས་ཡོན་ཏན་ལྡན། །ཡིད་འོང་བུ་མོ་བཙལ་བྱས་ཏེ། །མགྲིན་པ་དཔྲལ་བ་སྙིང་སྤྱི་བོར། །ལྷ་ལ་སོགས་པའི་འབྲུ་བསྒོམས་ཏེ། །མཚན་མ་ཕྱག་རྒྱར་རབ་འབར་བ། །རྡོ་རྗེ་པདྨོར་མཉམ་སྦྱོར་བའི། །རང་ལ་འཁྱུད་པའི་ཕྱག་རྒྱ་ཡིས། །ཚུལ་བཞིན་ཐམས་ཅད་གཞག་པར་བྱ། །མདུན་དུ་ལྷ་མོ་སྨྱོ་བྱེད་མ། །མ་མཆུ་འཛིན་པས་རོ་ལ་དགྱེས། །དཀར་དམར་ཁ་དོག་འདྲེས་པ་ཡི། །ཐམས་ཅད་རྒྱན་དང་ཡང་དག་ལྡན། །ལོ་ནི་བཅུ་དྲུག་ལོན་པའི་མཆོག །ཤེས་རབ་ཅན་གྱིས་མདུན་དུ་གཞག །གཡས་སུ་ལྷ་མོ་གསོད་བྱེད་མ། །མཚོན་ཆའི་མདའ་ནི་འདྲེན་པར་བརྩོན། །དོ་ཤལ་རྐང་གདུབ་དག་གིས་བརྒྱན། །ལོ་གྲངས་ཉི་ཤུ་ལོན་པ་སྟེ། །གསེར་གྱི་རི་བོ་ཞུ་བ་འདྲ། །ཆུ་སྐྱེས་སྤྱན་ནི་ཡིད་ཙམ་སྔོ། །སེམས་དཔའ་ཆེ་ལ་དགྱེས་མཛད་ཅིང་། །འདི་ནི་ཚུལ་བཞིན་གཞག་པར་བྱ། །རྒྱབ་ཏུ་ལྷ་མོ་རྨོངས་བྱེད་མ། །པདྨ་དམར་པོ་མདོག་གི་འོད། །ཆུ་སྲིན་རྒྱལ་མཚན་མཛེས་མའོ། །སྐུ་ཚེའི་ཚད་ནི་ཉི་ཤུ་གཅིག །དགའ་བྱེད་འདོད་པའི་རོ་ལ་དགྱེས། །སྣ་ཚོགས་ན་བཟའ་ཡང་དག་གསོལ། །སྣ་ཚོགས་རྒྱན་གྱིས་རྣམ་པར་བཀླུབས། །སྣ་ཚོགས་པདྨོ་སྦྱོར་ལ་སོགས། །གར་གྱི་བྱ་བ་རབ་བསླབས་གཞག །གཡོན་དུ་སྣ་ཚོགས་ཆེན་མོ་སྟེ། །སྣ་ཚོགས་དགོས་པའི་རྗེས་བསླབས་པ། །སྐུ་ཚེའི་ཚད་ནི་བཅུ་གཉིས་ལྡན། །


DNG012_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་ལ་ནི་ཤིན་ཏུ་བརྩོན། །ལྷ་དང་ལྷ་མིན་མི་ཡི་རྣམས། །འགྲོ་བ་ཐམས་ཅད་མྱོས་མཛད་མ། །སྣ་ཚོགས་རྒྱན་གྱིས་རྣམ་པར་བཀླུབས། །སྣ་ཚོགས་དར་གྱི་ན་བཟའ་གསོལ། །གྲྭ་རྣམས་ཀྱི་ནི་ཐམས་ཅད་དུ། །གཟུགས་སྒྲ་དྲི་རོ་རེག་གི་རྣམས། །བདུག་པ་མེ་ཏོག་བསུང་ལྡན་པ། །གཟི་བརྗིད་ཆེན་པོ་འོད་དང་ལྡན། །ཅི་རིགས་པར་ནི་གཞག་པར་བྱ། །སྒོ་ཡི་ཕྱོགས་རྣམས་ཐམས་ཅད་དུ། །རང་གི་ལས་ཀྱི་ཕྱག་རྒྱར་ལྡན། །སྐལ་ལྡན་དགའ་ལ་རྣམ་མོས་པ། །སྒོ་སྲུང་བཞི་ནི་གཞག་པར་བྱ། །གཞན་ཡང་རྣམ་པ་སྣ་ཚོགས་རྣམས། །པི་ཝང་གླིང་བུ་བརྡབ་པ་དང་། །རྫ་རྔ་རྔ་ཆེན་མུ་ཀུ་དང་། །མུ་ར་ཛ་དང་ད་རང་པ། །གར་དང་དབྱངས་དང་བཞད་པ་ཆེ། །རོལ་མོའི་ཡོ་བྱད་སྣ་ཚོགས་རྣམས། །དགའ་བྱེད་དཀྱིལ་འཁོར་གཞག་པར་བྱ། །ཕྱི་ཡི་དཀྱིལ་འཁོར་ཐམས་ཅད་དོ། །དཀྱིལ་འཁོར་འདི་ཡི་ཕྱི་རོལ་དུ། །རྡོ་རྗེ་ནམ་མཁར་འགྲོ་མ་གཞག །ཡི་དྭགས་རྒྱལ་པོ་ཡང་དག་ཞོན། །དཔའ་བོ་འཇིགས་བྱེད་གཟུགས་འཛིན་ཏེ། །སྐལ་ལྡན་རང་གི་ལག་ཆར་ལྡན། །གདུག་པའི་སེམས་ཀྱིས་སྡིགས་བྱེད་ཅིང་། །ཤ་ཁྲག་དང་ནི་རྒྱུ་མ་དང་། །རྐང་དང་ཚིལ་བུ་ཟ་སྤྱོད་པ། །དཀྱིལ་འཁོར་བྱས་ཏེ་འདུག་པ་ནི། །ཚོགས་ཀྱི་དཀྱིལ་འཁོར་གཞག་པར་བྱ། །དགའ་བར་བྱེད་དང་འདྲེན་པར་བྱེད། །གསོད་པར་བྱེད་དང་སྤྲོ་བར་བྱེད། །རྡོ་རྗེ་མཁའ་འགྲོ་ཚོགས་ཀྱི་རྣམས། །ཤར་གྱི་ཕྱོགས་སུ་གཞག་པར་བྱ། །གཟི་བརྗིད་ཆེ་དང་འབར་བྱེད་མ། །འཇིགས་བྱེད་བོང་བུ་ལྷོ་རུ་སྟེ། །གཙུག་ལག་མཐོང་བའི་རྒྱུ་ཡིས་ནི། །མཁས་པས་ཚུལ་བཞིན་གཞག་པར་བྱ། །ཆགས་ཆེན་མོ་དང་ཆགས་བྲལ་དང་། །འཁོར་ལོ་མོ་དང་རྒྱས་འདེབས་མོ། །རབ་ཏུ་སྦྱོར་བས་སྦྱོར་བྱས་ཏེ། །ཅི་རིགས་ནུབ་ཏུ་གཞག་པར་བྱ། །སྣ་ཚོགས་ལུས་དང་བསྲུང་བ་དང་། །གནོད་སྦྱིན་མ་དང་


DNG012_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་འཕྲོག །སྔགས་དང་ཕྱག་རྒྱས་བྱིན་བརླབས་ཏེ། །སྔགས་མཁན་ཅི་རིགས་བྱང་དུ་གཞག །ཤར་གྱི་གྲྭ་རུ་གཞག་པ་ནི། །བྱ་རོག་གདོང་སྟེ་མིག་འབྲུ་ཞིང་། །འཇིགས་པའི་མིག་དང་འཇིགས་པའི་གདོང་། །ཇི་ལྟར་རྗེས་སུ་མཐུན་བྱས་ཏེ། །ཡི་དྭགས་སྟན་ལ་ཡང་དག་འདུག །སྣ་ཚོགས་མཆོག་གི་མདོག་འཛིན་ཏེ། །ལག་པ་གྲི་དང་འཁར་གཞོང་ཐོགས། །མཆོག་ཏུ་ཤ་དང་ཁྲག་ཟ་བའོ། །ནུབ་དང་ལྷོ་ཡི་མཚམས་གཞག་པ། །བཞད་དང་འུག་པའི་གདོང་རིང་མ། །ཁྲོས་པའི་ཁྱི་དང་ཕག་གི་གདོང་། །གསུས་པོ་ཆེ་ལ་ལྟོ་འཕྱངས་མ། །ནུབ་བྱང་གི་ནི་མཚམས་དག་ཏུ། །རྔ་མོ་བོང་བུའི་གདོང་འཛིན་དང་། །ཁྲོས་པའི་ར་དང་བྱི་ལའི་གདོང་། །རྒྱུ་མའི་མགོ་ནས་ཟ་བྱེད་རྣམས། །ཤར་དང་བྱང་གི་མཚམས་དག་ཏུ། །ཀེང་རུས་དཀར་པོ་འཛིན་པ་སྟེ། །ཁྲོས་པ་རུས་པའི་ཕྲེང་བས་བཀླུབས། །ལྟོ་འཕྱངས་མོ་ལ་བུམ་པ་འཛིན། །ཕན་ཚུན་འཐབ་པར་བརྩོན་པ་ཡི། །ཅེ་སྤྱང་གི་ནི་འཁོར་གྱི་རྣམས། །འཇིགས་བྱེད་གདོང་ནི་མཆེ་བ་འབྱིན། །རྣམ་པར་འགྱུར་བས་གཟུགས་འཛིན་པའོ། །སྒོ་སྲུང་གི་ནི་ཕྱོགས་ཀུན་དུ། །སྒོ་བཞི་རྣམས་སུ་གཞག་བྱ་བ། །བྱང་གི་ཕྱོགས་སུ་འབོད་སྒྲོག་སྟེ། །བུམ་པའི་རྣ་ནི་ཤར་ཉིད་དུ། །ནུབ་ཏུ་རྣམ་པར་འཇིག་པའོ། །ལྷོར་ནི་གཤིན་རྗེའི་རྒྱལ་པོ་གཞག །དེ་དང་གཞན་ཡང་རྒྱལ་པོ་མཆོག །ནམ་མཁའ་འགྲོ་བས་ཀུན་ཏུ་བསྐོར། །བུམ་པ་རྣམ་པ་སྣ་ཚོགས་ཏེ། །གསེར་དང་དངུལ་ལས་བྱས་པ་ལ། །སྣ་ཚོགས་གོས་ཀྱིས་ཡང་དག་དཀྲིས། །མེ་ཏོག་འབྲས་བུ་རྣམས་ཀྱིས་བརྒྱན། །བདུད་རྩི་ལྔ་ཡིས་གང་བྱས་པ། །སྨན་ལྔ་དང་ནི་ཡང་དག་ལྡན། །རིན་ཆེན་ལྔ་དང་ལྡན་བྱས་པ། །འབྲུ་སྣ་ལྔ་ཡིས་བརྒྱན་བྱས་པའི། །བུམ་པ་བཅུ་དྲུག་གཞག་བྱས་ཏེ། །བཅུ་གཉིས་བརྒྱད་དམ་ཡང་ན་ཕྱེད། །ཐ་ན་ཆུང་ངུ་གཅིག་ཙམ་


DNG012_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་། །ཇི་ལྟར་རིམ་བཞིན་གཞག་བྱས་ཏེ། །དབུས་སུ་བུམ་པ་རོ་ཡི་མཆོག །དམ་ཚིག་ཆུས་ནི་གང་བྱས་པ། །གསེར་རམ་དངུལ་ལམ་ཟངས་ཀྱང་རུང་། །ལྕགས་སམ་ས་ལས་བྱས་པ་ལ། །ཟླ་བ་ཉི་མ་དྲི་ཆུ་དང་། །བཏུང་བ་སྣུམ་པོར་ལྡན་པ་ཡི། །དབང་པོ་ཀུན་ལས་བྱུང་བ་རྣམས། །ཤ་སྲང་གཅིག་གིས་རབ་བསྲེས་པ། །ཀུན་ལས་འཕགས་པ་རོ་ཡི་མཆོག །ཚོགས་ཀྱི་དབུས་སུ་བསྒྲུབ་བྱས་ཏེ། །བཏུང་བ་བཞིན་དུ་མྱངས་པ་ཡིས། །རྡོ་རྗེ་བློ་ལྡན་བསྐལ་པར་གནས། །རྣམ་པ་སྣ་ཚོགས་ཉེ་བའི་ཟས། །བཟའ་བ་དང་ནི་བཅའ་བས་མཆོད། །མཆོད་པ་ཉེ་བའི་ཟས་ལྔ་དང་། །ཚད་མེད་འདོད་པའི་ཡོན་ཏན་ལྔས། །ཚད་མེད་རྣལ་འབྱོར་མ་ཚོགས་ལ། །སྐད་ཅིག་སྐད་ཅིག་མཆོད་པར་བྱ། །སྔགས་མཁན་ཚུལ་བཞིན་མཉམ་གཞག་སྟེ། །འབྱུང་པོ་རྣམས་ལ་གཏོར་མ་སྦྱིན། །ལྷ་རྣམས་ཀྱི་ནི་ཐམས་ཅད་ལ། །ཧེ་རུ་ཀ་ཡི་ཕྱག་རྒྱ་ཡིས། །ཉིད་ཀྱི་གཏོར་མ་བྱིན་བརླབས་ཏེ། །སྤྱན་དྲང་གཙང་སྦྲ་བྱས་པ་དབུལ། །གཟུགས་ཀྱི་ཚོགས་ནི་དེ་རྣམས་ལ། །མཉེས་པར་བྱས་ནས་སླར་གཤེགས་སོ། །རྣལ་འབྱོར་མ་ཆེན་དཀྱིལ་འཁོར་དུ། །སློབ་མའི་མཆོག་ནི་གཞུག་པར་བྱ། །མཚུངས་པར་སྤྱད་པ་རབ་མཛེས་མ། །སྣ་ཚོགས་གོས་ཀྱིས་ཡང་དག་དཀྲིས། །ལག་པ་གཡོན་གྱིས་གཟུང་བྱས་ཏེ། །རབ་དགྱེས་ལོངས་སྤྱོད་ཕྱག་རྒྱ་ཡིས། །བཅུག་ནས་སྒོ་ཡི་གྲྭ་ཉིད་དུ། །བློ་ལྡན་དམ་ཚིག་བསྒྲག་པར་བྱ། །འདི་ལས་མི་བྱ་ཅུང་ཟད་མེད། །ཐབས་དང་ཤེས་རབ་སེམས་ཉིད་ཀྱིས། །རྟག་ཏུ་དོགས་པ་མེད་བྱས་ཏེ། །འདོད་པ་ལྔ་ཡི་ཡོན་ཏན་སྤྱོད། །གཞན་ཡང་དམ་ཚིག་ཉམས་པ་དང་། །སྐྱེ་བོ་གང་དག་དམ་ལ་གནོད། །བརྟུལ་ཞུགས་སྤྱོད་པས་དེ་དྲངས་ཏེ། །ཁྲག་ཆེན་པོ་ནི་བཏུང་བར་བྱ། །གང་དག་སློབ་དཔོན་སྨོད་བྱེད་དང་། །གང་དག་བཀའ་རྣམས་མི་བྱེད་པ། །


DNG012_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་ཁྲོས་ནས་ཁྲག་ཆེན་པོ། །བློ་ལྡན་སྙིང་ལས་བཏུང་བར་བྱ། །དཀོན་མཆོག་གསུམ་ལ་གནོད་བྱེད་དང་། །སློབ་དཔོན་ལ་ཡང་གནོད་བྱེད་པ། །རྡོ་རྗེ་ཁྲོ་བོ་བསྡུས་པ་ཡིས། །དམ་ཚིག་བསྒོམས་ཏེ་བསྒྲལ་བར་བྱ། །དེ་ནས་དམ་ཆུ་བླུད་བྱས་ཏེ། །རྡོ་རྗེ་བདུད་རྩི་རོ་ཡི་མཆོག །དུང་ཆེན་པོར་ནི་གཞག་པར་བྱ། །རྡོ་རྗེ་བདུད་རྩིའི་ཆུ་བླུད་དོ། །ཀྱེ་མ་དམྱལ་བ་ཡི་ནི་ཆུ་འདི་སྟེ། །ཁྱོད་ཀྱི་སྙིང་ལ་ཀུན་དུ་གནས། །དམ་ཚིག་བསྲུངས་པས་དངོས་གྲུབ་སྟེར། །རྡོ་རྗེ་བདུད་རྩིའི་ཆུ་འདི་འཐུང་། །ཨོཾ་བཛྲ་ཨུ་ད་ཀ་ཧཱུྃ་ཋ། །དམ་ཚིག་འདི་ནི་བརྒྱར་བཟླས་པའི། །བྱིན་གྱིས་བརླབས་ཏེ་འཐུང་དུ་གཞུག །གཞན་དུ་དམ་ཚིག་མི་འགྱུར་ཏེ། །དངོས་གྲུབ་ཉིད་དུའང་འདི་འགྱུར་རོ། །བདག་ནི་དམ་ཚིག་སྐལ་དགའ་ཞེས། །སློབ་མ་སྔགས་ནི་བརྗོད་དུ་གཞུག །སྒོ་གྲྭར་གནས་ནས་དྲི་བྱ་བ། །ཀྱེ་ཁྱོད་དགའ་བ་ཅི་ལ་དད། །འཇུག་པ་ཡིས་ཀྱང་སྨྲ་བྱ་བ། །བདག་ནི་སྐལ་ལྡན་བདེ་མཆོག་ལ། །རབ་དགྱེས་འཕྲུལ་ལ་བདག་དགའ་སྟེ། །མཆོག་ཏུ་དགའ་ལ་བདག་དགའོ། །དེ་ནས་རྣལ་འབྱོར་མ་མཆོག་གི། །དཀྱིལ་འཁོར་མེ་ཏོག་བོར་བྱས་ཏེ། །མེ་ཏོག་གང་ལ་ལྷུང་བ་ཡི། །ལྷ་ཉིད་དུ་ནི་དངོས་གྲུབ་བོ། །དབང་བསྐུར་བ་ཡི་ཕྱག་རྒྱ་ཡིས། །དེ་ནས་སྤྱི་བོར་དབང་བསྐུར་བྱ། །བུམ་པ་རྣམ་པ་བཞི་ཡིས་ཀྱང་། །མཉམ་པར་བཞག་སྟེ་ལྔ་པོ་ཡིས། །པདྨའི་དཀྱིལ་འཁོར་གཞུག་བྱ་སྟེ། །དེ་ནས་ཡང་ནི་དབང་བསྐུར་བྱ། །ཅི་རིགས་པར་ནི་གཟུངས་མ་རྣམས། །བདག་ཉིད་སྐལ་ལྡན་ཞེས་སུ་སྨྲ། །གང་དག་འགོ་བར་གྱུར་པ་ཡི། །ལྷ་དེ་ཉིད་ནི་བསྟེན་པར་བྱ། །དགའ་བར་བྱེད་པའི་གཟུངས་མ་འདིའི། །ཁྱོད་ཀྱིས་རྟག་ཏུ་བསྒྲུབ་པར་གྱིས། །དེ་ནས་རྒྱལ་དབང་སློབ་དཔོན་དེས། །ནང་གི་སྦས་པ་བསྡུས་པ་ཡི། །གསང་བ་མཉམ་པར་འཇུག་པ་ཡིས། །སྦྱོར་དང་


DNG012_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པས་དབང་བསྐུར་བྱ། །རྡོ་རྗེ་པདྨ་ལས་དྲངས་པ། །སྦོམ་པོ་དང་ནི་དབང་གིས་བླང་། །རྡོ་རྗེ་དཀན་དུ་གཞག་བྱས་ལ། །རྟག་པ་དགེ་བ་བདེ་བ་ཆེ། །ཀྱེ་མའོ་དམ་ཚིག་བདེ་བརྗོད་ཅིང་། །ཀྱེ་མའོ་བདེ་བ་བླང་བར་བྱ། །འདི་ནི་གསང་བ་ཞེས་བྱ་སྟེ། །དབང་བསྐུར་བ་ཡི་ཐབས་མཆོག་གོ། །རྡོ་རྗེ་སློབ་དཔོན་བདག་ཉིད་ཆེས། །རང་གི་ཁར་ནི་རྡོ་རྗེ་གཞག །སེམས་དཔའ་ཆེན་པོ་དྲངས་བྱས་ན། །སེམས་ཀྱིས་བྱང་ཆུབ་བདེ་བ་འཐོབ། །འདི་ནི་མཆོག་ཏུ་གསང་བ་སྟེ། །དབང་བསྐུར་བ་ཡི་བདེ་བའོ། །སློབ་མ་མི་ཤེས་པ་རྣམས་ལ། །འདི་དག་ཐམས་ཅད་བསྒྲག་མི་བྱ། །རྡོ་རྗེ་སློབ་དཔོན་གྱིས་བྱ་བ། །ཡང་ནས་ཡང་དུ་བརྟག་པར་བྱ། །འདི་ཡིས་དབང་ནི་བསྐུར་མ་ཐག །སློབ་མ་ཚོགས་ཀྱི་བདག་པོར་འགྱུར། །སངས་རྒྱས་རྡོ་རྗེ་འཛིན་པ་ཡི། །སློབ་དཔོན་ཉིད་དུ་བདེ་བར་འགྱུར། །གཟུངས་མ་རྣམས་ཀྱིས་དགའ་བའི་བདག །སངས་རྒྱས་རྣམས་ཀྱི་རྗེར་བཤད་དོ། །མཁའ་འགྲོ་མ་ཡི་ཁྱོར་འགྱུར་ཏེ། ། རང་དང་། ཡང་རི་དང་འགྲོ་བ་ཀུན་གྱི་བདག །དེ་ནས་ཤེས་རབ་ཡེ་ཤེས་དབང་། །སློབ་མ་མཆོག་ལ་སྦྱིན་པར་བྱ། །གཟུངས་མ་དེ་ནི་བདག་ཉིད་ལ། །བླ་མ་ཉིད་ཀྱིས་བྱིན་བརླབས་ཏེ། །དངོས་གྲུབ་འབྲས་བུ་མྱུར་འཐོབ་ཕྱིར། །སློབ་མ་ལ་ནི་སྦྱིན་པར་བྱ། །དབང་བསྐུར་ཤིན་ཏུ་སྦས་པ་ཡིས། །རྡོ་རྗེ་སློབ་དཔོན་ཚུལ་ཇི་བཞིན། །བློ་ལྡན་ཐེ་ཚོམ་མེད་པའི་ཕྱིར། །རྣམ་པ་བཞི་པོ་འདི་སྦྱིན་ནོ། །དེ་ཚུན་ཅད་ནི་སློབ་མ་ལ། །རྒྱུད་ཀུན་ལས་ནི་གང་ཆུང་ཟད། །ཡི་གེའི་ཚུལ་གྱིས་སྦས་པ་རྣམས། །གསང་བ་མཆོག་ནི་བསྟན་པར་བྱ། །དེ་ནས་དེ་ཉིད་ལངས་བྱས་ཏེ། །སློབ་དཔོན་རྐང་པར་གཏུགས་བྱས་ནས། །རྒྱལ་པོ་དབང་ཕྱུག་བདེ་དམ་པ། །ཐམས་ཅད་ཡོན་ནི་དབུལ་བར་བྱ། །གཟུངས་མ་དག་ནི་ཐམས་ཅད་ལ། །ཅི་དགའ་བར་ནི་ཡོན་ཡང་དབུལ། །སློབ་དཔོན་ཅུང་ཟད་གང་འདོད་པ། །ཡིད་ལ་


DNG012_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

བསམས་པའི་ཡོན་ཡང་རུང་། །དམ་ཚིག་འདའ་བས་འཇིགས་པ་ཡིས། །དེ་དག་ཐམས་ཅད་དབུལ་བར་བྱ། །སློབ་དཔོན་ལ་ནི་ཡོན་གྱི་མཆོག །རིགས་ཀྱི་ཁྱད་པར་དབུལ་བྱ་སྟེ། །སེང་གེའི་གདན་ལ་ཉིད་ཀྱི་མ། །སངས་རྒྱས་བྱིན་ནི་ཡོན་མཆོག་ཡིན། །གླང་པོ་རིན་ཆེན་གསེར་དག་དང་། །སྲིང་མོ་བླ་མའི་ཡོན་མཆོག་ཡིན། །རྡོ་རྗེ་སེམས་དཔའི་རིགས་ཡིན་ཏེ། །ཡོན་དེ་མཆོག་གི་ཡོན་ཡིན་ནོ། །རིན་ཆེན་པདྨའི་ཆུང་མ་དང་། །ཤིང་རྟ་རྟ་ནི་ཤིན་ཏུ་བརྒྱན། །སྣ་ཚོགས་རིན་ཆེན་རྣམ་དག་པ། །མུ་ཏིག་ཕྲེང་བས་ཤིན་ཏུ་མཛེས། །བུ་མོ་རིན་ཆེན་དྲ་བ་ཡིས། །བརྒྱན་ཏེ་སྣ་ཚོགས་རྡོ་རྗེ་ལའོ། །རྒྱལ་པོ་ཡི་ནི་དབང་ཕྱུག་དང་། །ཆུང་མ་བླ་མ་དབུལ་བར་བྱ། །འཕྲུལ་གྱི་བཞོན་པ་རྣམ་སྣ་ཚོགས། །གླང་པོ་རྟ་ནི་ཤིན་ཏུ་བརྒྱན། །དེ་བཞིན་གཤེགས་པ་ཀུན་གྱི་རྗེ། །ནན་ཏན་བླ་མ་དབུལ་བར་བྱ། །བླ་མའི་ཡོན་གྱི་ཕྱག་རྒྱ་འདི། །རྡོ་རྗེ་བློ་ལྡན་སློབ་མ་ཡིས། །ཅི་སྟེ་བདེ་བྱེད་ཀུན་འདོད་ན། །དགའ་དང་མོས་པའི་སེམས་ཀྱིས་བྱ། །དེ་ལ་སོགས་པའི་སྦྱོར་བ་ཡིས། །རབ་དགྱེས་གདོན་མི་ཟ་བའི་བདེ། །གང་གིས་མྱུར་དུ་ཐོབ་འགྱུར་ཏེ། །སློབ་དཔོན་གཙོ་མཆོག་ཉིད་དུ་འགྱུར། །ཆོས་རྣམས་ཀུན་གྱི་དབང་ཕྱུག་རྒྱལ། །རྡོ་རྗེ་བློ་ལྡན་མཆོག་ཏུ་འགྱུར། །རིན་ཆེན་ཀུན་གྱི་རིགས་ཀྱི་རྒྱལ། །དེ་བཞིན་སྣ་ཚོགས་རིགས་ཀུན་ཏུ། །པདྨའི་རིགས་ཀུན་དཔལ་དང་ལྡན། །རྡོ་རྗེ་རིགས་ཀུན་བདག་པོར་དེ། །སངས་རྒྱས་ཀྱི་ནི་རིགས་ཀུན་དང་། །རྒྱལ་བའི་གཙོ་བོ་མཆོག་ཏུ་འགྱུར། །དཀྱིལ་འཁོར་གྱི་ནི་འཁོར་ལོའི་གུར། །ཉིད་དང་སློབ་མའི་ཚོགས་གྱུར་པས། །རྡོ་རྗེ་སེམས་དཔའ་བདེ་བ་ཆེ། །སེམས་དཔའ་བདག་ཉིད་མཆོད་པར་བྱ། །ཕན་ཚུན་ལ་སོགས་ཚུལ་གྱིས་ནི། །ཤེས་རབ་མཆོད་པའི་སྦྱོར་བ་ཡིས། །རྡོ་རྗེ་ཆེ་ཡི་ཐབས་གནས་ཏེ། །མཁའ་འགྲོ་ཀུན་ལ་མཆོད་པར་བྱ། །ཕྱི་ཡི་


DNG012_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

སྦས་པ་གསང་ལ་སོགས། །ནང་གི་མཆོད་པ་མཆོག་གི་རྣམས། །ཕྱག་རྒྱའི་སྦྱོར་བ་ཚུལ་གནས་ཏེ། །ཚུལ་བཞིན་རྒྱས་བཏབ་དབུལ་བར་བྱ། །ལུས་དང་ངག་སེམས་བདེ་བྱེད་ཀྱིས། །མཆོད་པའི་བདག་ཉིད་མཆོད་པར་བྱ། །འདོད་པའི་རོལ་པ་མྱོང་བ་ཡིས། །མྱངས་ན་མཆོད་པ་འཐོབ་པར་འགྱུར། །མཆོད་པ་ཀུན་གྱི་ཆོ་ག་ཡིས། །རང་རིག་ཁྱད་པར་ཤེས་བྱས་ཏེ། །སྒྲུབ་པ་ཐམས་ཅད་བསྒྲུབས་བྱས་ན། །དངོས་གྲུབ་ཐམས་ཅད་མྱུར་དུ་འཐོབ། །དཀྱིལ་འཁོར་འཁོར་ལོ་འདི་མཐོང་བས། །དགའ་མགུ་རངས་པའི་ཡིད་ཀྱིས་ནི། །རྡོ་རྗེ་སེམས་ལ་ཕྱག་བྱེད་ཅིང་། །རང་གི་དཀྱིལ་འཁོར་གསོལ་བ་འདེབས། །བདེ་བྱེད་ཆེན་པོའི་དཀྱིལ་མོ་བརྒྱ། །རིགས་ཀྱི་ཁྱད་པར་གྱིས་ནི་ལྔ། །ལྷ་རྣམས་ཀྱང་ནི་རོ་རེ་ཡང་། །སེམས་ཀྱི་ཁྱད་པར་མཆོག་མཐའ་ཡས། ། སྔགས་སོར་གཞག ། དེ་བ་ཧི་ན་ཧུ་མ་ཧ་སུ་ཧུ་ཨད་ཛུ་ཛཻ་ལ་བ་བྷའི་སོ་ཀ་ཁུ་མ་ཧཱ་སུ་ཧུ་ཀ་ཛུ་ས་ས་ར་ཡི་ཀ་མ་ལུ་བ་ར་ན་མ་ཛུ་བ་སེ་ཧི་གུ་ལི་ས་བ་ཏུ་ཛུ་ཛེས་ནི་ཧི་པཛྫུ། འདས་པའི་དུས་ནི་མ་བྱུང་བ། །མཐའ་ཡས་ཆོས་ནི་ཡངས་པ་བསྟན། །འདོད་ཆགས་རྣམས་ཀྱིས་དཀྲིས་པ་ཡི། །སྡུག་བསྔལ་གཟིར་བའི་མཐའ་ཡས་འགྲོ། །འདོད་པའི་མཆོག་གི་ལོངས་སྤྱོད་རྣམས། །མོས་པའི་རྗེས་སུ་ཞུགས་ཤིང་སྤྱོད། །ཀུན་ཏུ་ཆགས་པར་མི་འགྱུར་ཞིང་། །བདེ་བས་ལོངས་པའི་ཡིད་དང་ལྡན། །བྱང་ཆུབ་སྙིང་པོར་བགྲོད་པ་ནི། །དམ་བཅས་རྣམས་དང་སེམས་ཀྱིས་སོ། །དེ་ནས་བཅོམ་ལྡན་འདས་ཤིན་ཏུ་དགྱེས་པ་ཐམས་ཅད་ཀྱི་བདག་པོ་ཀུན་ཏུ་བཟང་པོ་ཆེན་པོ། རབ་ཏུ་བཞད་ཅིང་སྤྱན་ཟུར་གྱིས་གཟིགས་པའི་ཐུགས་ཀྱིས་ཤིན་ཏུ་དགྱེས་པ། ཀུན་ཏུ་ལོངས་སྤྱོད་པའི་སྐྱིལ་མོ་ཀྲུང་གི་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། སྐྱིལ་མོ་ཀྲུང་ཆེན་པོའི་དཔལ་ཞེས་བྱ་བ་རང་གི་ཕྱག་རྒྱའི་ཡེ་ཤེས་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་


DNG012_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ལས་བྱུང་ངོ་།། །།གཡས་དང་གཡོན་གྱི་ཚུལ་གྱིས་ནི། །རྐང་པ་གཉིས་ཀ་བཏེག་བྱས་ཏེ། །བདག་ཉིད་བརླ་ནི་མི་སྣང་བཞིན། །རྩ་བའི་སྐྱིལ་མོ་བཅིང་བར་བྱ། །སྦྱོར་བ་གར་མཁན་ཚུལ་གྱིས་ནི། །གར་གྱིས་སྦྱོར་བས་གར་བྱའོ། །རྡོ་རྗེ་གདན་གྱི་བདེ་བ་ཆེ། །འདི་ཡིས་བདུད་ལས་རྒྱལ་བར་འགྱུར། །གདུག་པ་དང་ནི་དགྲ་ཐམས་ཅད། །སྐད་ཅིག་གིས་ཀྱང་སྨོས་ཅི་དགོས། །རབ་ཏུ་དགྱེས་པའི་སྟན་འདི་ཡིས། །ཡང་དག་བྱང་ཆུབ་མྱུར་དུ་འཐོབ། །མི་ཕྱེད་པ་ནི་ཐིག་ལེར་བཅས། །འོག་གི་ཕྱོགས་སུ་ཡི་གེ་དྲུག །ཤེས་རབ་ཅན་གྱིས་བསྐྱོད་ཅིང་བཟླས། །བྱུང་བའི་ཚེ་ནི་ཕཊ་ཅེས་བཤད། །པདྨོ་མི་ཕྱེད་འདྲེན་པ་དང་། །ཐིག་ལེར་བཅས་པའི་སྦྱོར་བ་བྱ། །མི་ཕྱེད་ཨོཾ་དང་ཡང་དག་ལྡན། །ཚེག་དྲག་བཅས་པ་བདེ་འབྱུང་ནའོ། །བུད་མེད་ལ་ནི་ཞག་བདུན་དུ། །འདི་ཡིས་རྩེན་པར་བྱས་པ་ན། །ནམ་མཁའ་ཐམས་ཅད་གང་བ་ཡི། །སངས་རྒྱས་རྣལ་འབྱོར་ཆེན་པོ་མཐོང་། །རབ་དགྱེས་ལོངས་སྤྱོད་གནས་པ་ཡི། །སེམས་དཔའ་ཆེ་ལ་སློང་མཛད་དེ། །གཟུངས་ཀྱི་པདྨོ་ལས་བྱུང་བ། །བདེ་བྱེད་མཆོག་གི་དབང་བསྐུར་རོ། །དེ་ནས་རབ་དགའ་བདེ་ཐོབ་པ། །སེམས་དཔའ་དེ་ནི་དངོས་གྲུབ་བོ། །ཐོག་མ་དང་ནི་མཐའ་མེད་པར། །འདོད་པ་ཐམས་ཅད་དེ་ལོངས་སྤྱོད། །ཚེ་དང་དཔལ་དང་ཕུན་སུམ་ལྡན། །གདོན་དང་དུག་དང་ཚ་བའི་ནད། །མཁའ་འགྲོས་ཉེ་བར་གཙེས་པ་དང་། །སྡིག་ཅན་འཁོར་བ་ལས་གྲོལ་ཏེ། །ས་རྣམས་ཀུན་ལ་རྣམ་པར་རྒྱུ། །གཟི་བརྗིད་ཉི་མ་ཤར་དང་འདྲ། །སྣ་ཚོགས་དྲ་བ་འབར་བྱེད་པས། །སྣ་ཚོགས་ཐམས་ཅད་སྣང་བྱེད་ཅིང་། །དེ་ཡིས་སེམས་ཅན་ཐམས་ཅད་ཀྱི། །ནད་དང་མྱ་ངན་འཇིགས་ཆེན་འཕྲོག །ཕྱག་རྒྱ་འདི་ཡི་སྦྱོར་བ་ཡིས། །ཡེ་ཤེས་ལྔ་ནི་བསྟན་པར་བྱ། །རྩ་བའི་སྐྱིལ་མོ་ཀྲུང་ཞེས་བྱ་བ་ཕྱག་རྒྱ་ཆེན་པོའི་ལས་ཀྱི་དོན་ཐམས་ཅད་སྒྲུབ་པར་བྱེད་པའོ།། །།བདག་གི་རྐང་པ་དབུས་སུ་


DNG012_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུ། །དེ་ཡིས་རྐང་པས་བཅིངས་བྱས་ཏེ། །སེམས་དཔའི་སྐྱིལ་མོ་བཞིན་དུ་འདྲེལ། །འདི་ནི་བཅིངས་པ་ཙམ་གྱིས་ཀྱང་། །ཁམས་གསུམ་སྒྲུབ་པར་བཞེད་པ་ཡིན། །ཡི་གེ་རྣམས་ནི་སྔ་མ་བཞིན། །རང་གི་ལྷར་ནི་སྦྱོར་བརྩོན་པས། །བསྒོམས་སམ་ཡང་ན་བསྐྱོད་ཀྱང་རུང་། །སྔགས་པ་འདི་ཡིས་དངོས་གྲུབ་སྟེ། །སྔགས་ཀྱི་སེམས་འཛིན་གཙང་མ་ཡི། །ཞག་བདུན་བསྒོམ་པ་བསྒོམ་བྱས་པ། །ཡང་དག་དངོས་གྲུབ་ཉིད་དུ་འགྱུར། །ཕྱག་རྒྱ་འདི་ཡིས་རྒྱས་བཏབ་སྟེ། །སྦྱོར་བ་ཤིན་ཏུ་བསྟེན་བྱས་ན། །གདོན་མི་ཟ་བར་རྒྱལ་པོ་འཐོབ། །ཡིད་བཞིན་དགོས་པ་ཐམས་ཅད་བྱེད། །རྡོ་རྗེའི་སྐྱིལ་མོ་ཀྲུང་ངོ་། །གཟུངས་མ་བཟུང་སྟེ་བཅིང་བ་ནི། །རིན་པོ་ཆེ་ལྟར་སྦྱར་བྱས་ཏེ། །རང་གི་རྐང་པ་མི་སྣང་བྱ། །རིན་ཆེན་ཀུན་གྱི་སྐྱིལ་མོ་ཀྲུང་། །འདི་ནི་རིན་ཆེན་ཐམས་ཅད་ཀྱི། །དབུལ་ཞིང་ཕོངས་པ་འཇོམས་བྱེད་དེ། །སྡིག་པ་ཐམས་ཅད་འཕྲོག་བྱེད་མ། །གནོད་པའི་དུག་ཀུན་འཕྲོག་པར་བྱེད། །གདུག་པ་ཐམས་ཅད་རྨོངས་བྱེད་དེ། །དགྲ་རྣམས་ཐམས་ཅད་འཇོམས་པར་བྱེད། །ཁྲོ་བོ་ཐམས་ཅད་འཛུམ་བྱེད་དེ། །གདུག་པ་རྣམས་ཀྱི་རྒྱས་འདེབས་མ། །མི་གཡེང་ཟླ་བ་གཅིག་གིས་ནི། །འདི་ཡིས་རྒྱལ་པོ་དངོས་གྲུབ་བོ། །ཡིད་བཞིན་ལས་རྣམས་ཐམས་ཅད་བྱེད། །ཅི་སྟེ་བདག་ཉིད་རྒྱལ་པོ་རུ། །མཆོག་ཏུ་རྨད་བྱུང་བསྒྲུབ་འདོད་ན། །རིན་ཆེན་སེམས་ཀྱི་རིན་ཆེན་མཚན། །གསང་བའི་ཕྱག་རྒྱ་ཚུལ་གནོན་པ། །རྒྱལ་པོ་ཁམས་གསུམ་རྒྱལ་བྱེད་པ། །ཟླ་ཕྱེད་ཙམ་གྱིས་འགྲུབ་པར་འགྱུར། །རིན་པོ་ཆེ་ཡི་སྐྱིལ་མོའོ། །དེ་བཞིན་རྐང་པ་གཉིས་བཞག་པ། །པདྨ་འདྲ་བ་སྦྱར་བྱས་ཏེ། །བདག་གམ་དེ་བཞིན་གཞན་ཡང་རུང་། །བློ་ལྡན་པདྨ་བདེ་བསྒྲུབ་བྱ། །འདི་ཡིས་སེམས་ཅན་ཐམས་ཅད་དང་། །མདོར་ན་སངས་རྒྱས་རྣམ་དག་དང་། །རྡོ་རྗེ་ཉི་མ་མ་ལུས་ཀྱང་། །དབང་དུ་འགྱུར་བ་གདོན་མི་ཟ། །བདེ་ལྡན་ཕོ་བྲང་ཆེན་པོ་ཡི། །བདེ་བྱེད་འདི་


DNG012_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས་ཐོབ་པར་བྱེད། །སེམས་ཅན་ཁམས་རྣམས་ཐམས་ཅད་དུ། །སེམས་དཔའ་ཆེན་པོ་འགྲོ་འོང་བྱེད། །པདྨའི་སྐྱིལ་མོའོ། །དེ་བཞིན་སྐྱིལ་མོ་རྒྱས་བྱས་ཏེ། །སྣ་ཚོགས་ཚུལ་གྱིས་སྦྱོར་བ་བྱ། །སྔགས་མཁན་ཆེན་པོའི་སྦྱོར་བ་ཡི། །སྔགས་མཁན་ཡི་གེ་ཤིན་ཏུ་བརྩོན། །ཟློས་པ་བྱེད་ཅིང་རྣམས་བསྒོམས་ན། །དངོས་གྲུབ་རྟག་པ་ཐོབ་པར་འགྱུར། །མི་གཡེང་སྔོན་གྱི་བདུག་པ་ཡི། །ལས་རྣམས་ཐམས་ཅད་འཕྲོག་པར་བྱེད། །སྣ་ཚོགས་དཀྱིལ་དུ་གནས་པ་ཡིས། །བླ་མེད་དངོས་གྲུབ་འཐོབ་པར་འགྱུར། །སྣ་ཚོགས་ཀྱི་ནི་སྐྱིལ་མོའོ། །དེ་ནས་མཁའ་འགྲོའི་སྐྱིལ་མོ་རྒྱས། །ཐམས་ཅད་ཁྲག་ནི་འཕྲོག་བྱས་ཏེ། །གཟུངས་མ་ཡི་ནི་རྐང་པ་གཉིས། །ཉིད་ཀྱིས་གཉའ་བར་རྐང་པ་བཏེག །རྡོ་རྗེ་མཁའ་འགྲོའི་སྦྱོར་བ་ཡི། །བསྙེན་པས་ཁྲག་རྣམས་འཕྲོག་པར་བྱེད། །མཉམ་པར་བཞག་ནས་གཟུངས་མ་ཡི། །རྐང་པ་གཅིག་ནི་མགུལ་ཉིད་དུ། །སྦྱོར་དང་ལྡན་པས་བཏེག་བྱས་ན། །ཟས་རྣམས་ཐམས་ཅད་འཕྲོག་བྱེད་དེ། །བཏུང་བ་བཟའ་བ་བཅའ་བ་དང་། །གོས་ཀྱི་རྒྱན་གྱིས་བཀླུབས་པ་ཡིས། །དེ་བཞིན་ཞག་བདུན་ཉིད་ཀྱིས་ཀྱང་། །ཐམས་ཅད་ལས་བྱེད་གདོན་མི་ཟ། །ཚངས་པ་གཏོགས་འདོད་དབང་པོ་ཡི། །དཔལ་ཆེན་མཆོག་ནི་འཕྲོག་པར་བྱེད། །ལག་པ་བསྒྲེང་བའི་ཚུལ་གྱིས་ནི། །ཁམས་གསུམ་རིམ་པར་རྒལ་བར་བྱེད། །མིག་ནི་བཙུམས་པར་བྱེད་འགྱུར་བ། །འགྲོ་བ་གསུམ་པོ་རྣམ་པར་འཇིག །རུ་སྦལ་བཞིན་དུ་མཉམ་གཞག་སྟེ། །མི་གཡེང་སྐད་ཅིག་བཅིང་བྱས་ན། །གདུག་པའི་སྲོག་ཆགས་ཐམས་ཅད་དང་། །དགྲ་དང་སྤྱོད་བཅས་མི་སྤྱོད་ཕྲོག །སྦལ་པ་བཞིན་དུ་མཉམ་གཞག་སྟེ། །དཀྱིལ་འཁོར་ཚུལ་གྱིས་བསྐོར་བར་བྱའོ། །མ་ལུས་རྣམས་ཀྱང་རྨོངས་བྱེད་དེ། །ཁམས་གསུམ་རྣམས་ཀྱང་རྒལ་བར་བྱེད། །རྟོགས་འདོད་ཀྱིས་ནི་མཉམ་གཞག་སྟེ། །ས་གསུམ་རྣམས་ཀྱི་རྒྱས་


DNG012_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

གདབ་བྱ། །གར་དབང་གིས་ནི་མཉམ་གཞག་སྟེ། །ས་གསུམ་རྣམས་ནི་གར་བྱེད་གཞུག །དྲིལ་བུ་ཡིས་ནི་མཉམ་གཞག་སྟེ། །ས་གསུམ་རྣམས་ནི་གདབ་པར་བྱ། །གཞོན་ནུའི་སྐྱིལ་མོ་བཅིངས་པ་ཡིས། །སངས་རྒྱས་བདེ་ཆེན་འཐོབ་པར་བྱེད། །སྐྱིལ་མོ་ཕྱེད་ནི་མཉམ་གཞག་ནས། །གཉིས་པ་མཉེས་པ་ཡང་ཡིས་ནི་མནན་བྱས་ན། །ཁམས་གསུམ་ཐམས་ཅད་གནོན་འགྱུར་ཞིང་། །འདོད་བྱེད་ཐམས་ཅད་དངོས་གྲུབ་བོ། །དགའ་བྱེད་མ་ཡི་མཉམ་བཞག་པས། །སྐྱིལ་མོ་རབ་ཏུ་དགའ་ཐོབ་སྟེ། །དགའ་བྱེད་མ་ཡི་ཡིད་འོང་མ། །ཁམས་གསུམ་ཐམས་ཅད་དངོས་གྲུབ་བོ། །རིག་འཛིན་རྣམ་པར་གཞག་བྱས་ཏེ། །ཁམས་གསུམ་སྐད་ཅིག་གནན་པར་བྱ། །ཁམས་གསུམ་རྣམ་པར་རྒྱལ་བ་ཡི། །མདོར་བསྡུས་གཟུངས་མའི་བཅིངས་པ་ཡིས། །འཇིག་རྟེན་གསུམ་ན་རྣམ་རྒྱལ་ཏེ། །སྐད་ཅིག་ཁམས་གསུམ་བདག་པོར་འགྱུར། །རྟག་པར་ཕན་ཚུན་འདྲེལ་བ་ཡིས། །དཔུང་པ་གཉིས་ནི་བསྐུམ་བྱས་ཏེ། །ཐམས་ཅད་སྒོ་ནི་འགེགས་པ་ཡིས། །མཆེ་བ་སྦོམ་པོ་རབ་ཏུ་སྦྱར། །གཡས་ཀྱི་བརྐྱང་བསྐུམ་ཚུལ་གྱིས་ནི། །གནོན་པའི་མནན་པས་བསྡིགས་བྱས་ཏེ། །མི་ཕྱེད་སྦྱོར་བས་བསྐུལ་བྱ་བ། །ཁྲོས་པའི་སེམས་ཀྱིས་མྱང་བར་བྱ། །གཡོན་པའི་བརྐྱང་བསྐུམ་སྦྱར་བ་ཡིས། །མྱུར་དུ་གནོན་པས་བཏེག་བྱ་ཞིང་། །མཐེའུ་ཆུང་བདེ་བའི་ལྕགས་ཀྱུ་ཡིས། །མཛུབ་མོ་ལྕེ་ལ་རེག་བྱས་ཏེ། །ས་བོན་ཚེག་དྲག་དྷཱིཿཡང་ཧྲི་ལྡན་པའི། །ཐིག་ལེས་སྤྱི་བོར་བརྒྱན་བྱས་པས། །བདུད་རྩིའམ་རིག་མ་དྲང་བར་བྱ། །ལྕེ་ཡི་ཐོག་མར་སྤྲོ་བྱས་ཏེ། །འདྲེན་པའི་ཚུལ་གྱིས་དྲང་བར་བྱ། །རྡོ་རྗེ་གནོད་སྦྱིན་མཉམ་བཞག་སྟེ། །ཁ་ཡི་ཕྱོགས་སུ་མཆེ་བ་ཡི། །སྦོམ་པོ་ལྕེ་དང་འདྲ་བྱས་ཏེ། །ཁྲོས་པས་མཆེ་བའི་སྦྱོར་བ་ཡིས། །སོར་མོ་ཐོད་པ་བཞིན་བྱས་ནས། །ཁྲག་མང་པོ་ནི་བཏུང་བར་བྱ། །ཡི་གེ་དང་


DNG012_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཨོ་དང་ལྡན། །སྤྱི་བོར་ཐིག་ལེ་ལྡན་བྱས་ཏེ། །འོག་གི་ཕྱོགས་སུ་ར་ཡིས་གདགས། །ཨུ་འདྲེན་ང་རོས་བརྒྱན་པར་བྱ། །འདི་ནི་ཁྲོ་བོའི་སྙིང་པོ་སྟེ། །མཆོག་ཏུ་ཐམས་ཅད་ལས་བྱེད་པའོ། །གསོད་པ་དང་ནི་འདྲེན་པ་ཀུན། །དབང་དང་དབང་རྣམས་བྱེད་ལ་སོགས། །དེ་ལ་སོགས་པའི་ལས་གཞན་ཡང་། །ཚུལ་བཞིན་སྦྱར་བས་བྱེད་པར་འགྱུར། །ཤི་བ་བཞིན་དུ་མིག་བཙུམས་ནས། །རང་གི་ལུས་ནི་བསྐུམ་བྱས་ཏེ། །བུམ་པ་ལྔ་མཐའི་སྦྱོར་བ་ཡིས། །དགྲ་རྣམས་ཐམས་ཅད་གསད་པར་བྱ། །ང་རོ་དང་པོ་ཡང་དག་ལྡན། །བདག་ཉིད་ངོ་བོ་ཐམས་ཅད་བྱ། །སངས་རྒྱས་ཆེན་པོ་བསྒོམ་བྱས་ཏེ། །ཞི་བའི་འོད་ཟེར་སྤྲིན་ཕུང་སྤྲོ། །དེ་ཡིས་ལུས་ནི་ཞི་བར་འགྱུར། །དེ་ཡིས་སེམས་ཅན་ཐམས་ཅད་ཀྱི། །ཚ་བ་གདོན་དང་དུག་ལ་སོགས། །སྡུག་བསྔལ་མཁའ་འགྲོའི་གཙེ་བ་དང་། །འཇིགས་པ་ཐམས་ཅད་བྲལ་བར་བྱེད། །ཤེས་རབ་ཕ་རོལ་ཕྱིན་མཉམ་གཞག །བདག་ཉིད་ཀྱིས་ནི་ཚུལ་བཞིན་དུ། །འདི་ཡིས་ཐམས་ཅད་ནང་གི་རྣམས། །སྡུག་བསྔལ་དོགས་པ་འཕྲོག་པར་བྱེད། །དེ་ལ་སོགས་པ་མཐའ་ཡས་པ། །ནམ་མཁའ་ས་སྟེང་ལས་ཀྱི་རྣམས། །སྙིང་གར་རྡོ་རྗེ་སེམས་དཔའ་གཞག །ཡིད་བཞིན་ཐམས་ཅད་བྱེད་པར་འགྱུར། །མྱུར་དུ་རྡོ་རྗེ་སློབ་དཔོན་ལ། །སྔགས་ཀྱི་དངོས་གྲུབ་དོན་འདོད་པས། །གུས་ལ་ཞེ་སར་བཅས་པ་ཡིས། །ཤིན་ཏུ་ལྷག་པར་ཕྱོགས་པར་བྱ། །ནམ་ཡང་རྡོ་རྗེ་སློབ་དཔོན་གྱི། །སེམས་ནི་དཀྲུག་པར་མི་བྱ་སྟེ། །ཅི་སྟེ་ཤེས་རབ་འཆལ་པས་བྱེད། །མྱུར་དུ་ན་རག་ལྟུང་བར་འགྱུར། །ནད་དང་འཚེ་བ་དགྲ་དག་དང་། །གདོན་དང་ཚ་བ་དུག་ཉིད་ཀྱིས། །སློབ་དཔོན་ཞབས་ལ་སྨོད་བྱེད་པ། །གཏི་མུག་ཆེན་པོར་དེ་འཆིའོ། །བླ་མ་ལས་ནི་དངོས་གྲུབ་ཐོབ། །བླ་མས་མཐོ་རིས་བླ་མས་བདེ། །དེ་བས་ནན་ཏན་ཐམས་ཅད་ཀྱིས། །བླ་མའི་བཀའ་ལས་འདའ་མི་བྱ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་


DNG012_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཐུགས་རྡོ་རྗེའི་བདག་པོ་ཀུན་ཏུ་བཟང་པོ་ཆེན་པོ་དཔལ་ཤིན་ཏུ་དགྱེས་པ་ཆེན་པོའི་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའ་ཤིན་ཏུ་དགྱེས་པ་ཆེན་པོའི་བདེ་བ་གདོན་མི་ཟ་བའི་རྡོ་རྗེ་དམ་ཚིག་གི་དབང་བསྐུར་བའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་། ཐུགས་རྡོ་རྗེ་མཆོག་གསང་བ་སྦས་པ་ཆེན་པོ་ཟླ་གསང་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོ་ཤིན་ཏུ་དགྱེས་པ་ཆེན་པོའི་རྡོ་རྗེ་རྣལ་འབྱོར་མ་ཆེན་མོའི་ཚོགས་ཀྱི་དཀྱིལ་འཁོར་ཏེ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འཁོར་དང་བཅས་པའི་འཁོར་ལོའི་ཚོགས་དང་། རྡོ་རྗེ་རྣལ་འབྱོར་ཕ་དང་། རྣལ་འབྱོར་མ་དང་། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོའི་ཚོགས་དང་། རྡོ་རྗེ་ནམ་མཁའ་ལ་འགྲོ་བ་དང་།ནམ་མཁའ་ལ་འགྲོ་མའི་ཚོགས་ཀྱི་གཡོག་རྣམས་མཆོག་ཏུ་དགའ་བ་ཆེན་པོ་སྐྱེས་ཏེ། ཅ་ཅོ་འབྱིན་ཅིང་དབྱངས་ཆེན་པོ་བརྗོད་པར་གྱུར་ཏེ། ཀྱེ་མའོ་རྡོ་རྗེ་སེམས་དཔའ་ཡི། །རྡོ་རྗེ་ཤིན་ཏུ་དགྱེས་པ་ཆེ། །སྣ་ཚོགས་ཐབས་ནི་བདེ་བྱེད་ཆེ། །སྣ་ཚོགས་ཡེ་ཤེས་བདེ་བ་ཆེ། །ཀྱེ་མ་ཧོ་ཀུན་ཏུ་བཟང་པོ་ཡི། །དགེ་བའི་ཡེ་ཤེས་བདེ་བ་ཆེ། །གང་བདེ་ཕྱིར་ནི་རིག་མ་ཡི། །པདྨ་ལས་ནི་གནས་པ་མཛད། །ཀྱེ་མའོ་རིག་པ་ཤིན་ཏུ་ཟབ། །ཤེས་རབ་ཕ་རོལ་ཕྱིན་པ་བདེ། །སེམས་ཅན་ཀུན་ལ་ཤེས་རབ་ཀྱིས། །མུན་པ་ཐིབས་པོ་སེལ་བར་མཛད། །ཀྱེ་མའོ་ཐམས་ཅད་ངོ་མཚར་ཆེ། །མཁའ་འགྲོའི་དྲ་བས་གར་མཛད་ཅིང་། །སྣོམ་པར་མཛད་དང་མྱང་བ་དང་། །མཉེ་བ་དང་ནི་འཕྲོག་པའི་མཆོག །ཨེ་མའོ་ཤིན་ཏུ་རབ་ཏུ་དགྱེས། །སྐལ་ལྡན་སྐལ་ལ་སྤྲོད་པ་དང་། །སྣ་ཚོགས་སྐལ་བ་བདེ་བྱེད་ཆེ། །སྣ་ཚོགས་རྡོ་རྗེ་ཤིན་ཏུ་མཛེས། །དེ་ནས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་ཆེན་པོ་ཤིན་ཏུ་དགྱེས་པ་ཆེན་པོ་ཀུན་ཏུ་ལོངས་སྤྱོད་པའི་འདོད་པའི་ལྷ་ཤིན་ཏུ་དགྱེས་པ་བདེ་བ་ཆེན་པོ་ལ་གནས་པ་ལ་རྣལ་འབྱོར་མ་ཐམས་ཅད་དང་། མཆོག་གི་ཕ་རོལ་ཕྱིན་མ་ལ་སོགས་པ་


DNG012_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་གྱི་དབང་ཕྱུག་ཆེན་མོ་ཐམས་ཅད་རང་གི་གདན་ལས་བཞེངས་ཏེ། ཤིན་ཏུ་དགྱེས་པ་བདེ་བ་ཆེན་པོའི་འགྱིང་བའི་འདུད་པས་ཕྱག་བྱས་ཏེ། ཤིན་ཏུ་དགྱེས་པ་ཆེན་པོའི་བདེ་བ་འཐོབ་པར་བྱེད་པའི་དབྱངས་ཀྱི་ཕྱག་རྒྱ་ཆེན་པོ་འདིས་མཉེས་པར་མཛད་དོ། ། སྔགས་སོར་བཞག ། ཕྲ་བ་ཧུ་མ་ཧཱ་སུ་ཧུ་པྲ་ཨི་ཀི་ཨ་པུ་ཎ་བ་ཨ་ལུ་ར་ཐ་ཀ་རུ་མ་ཨན་བྷི་ག་ཐ་ལུ་ར་མུ་ཀ་ཏི་བི་ཨ་བ་པ་ནུ་ར་མ་ནུ་ཛེ་མ་མ་ནུ་ཕྲ་སད་ཧ་ན་ཏུ་རེ་ཨེ་ཨཾ་བྷཱ་ནུ། སྒྱུ་མའི་བདེ་བས་ནམ་མཁའ་ཀུན་ཏུ་གང་བ་ཡི། །སྤྲུལ་པའི་རང་བཞིན་སྐྱེ་བ་མཆོག་གི་བདེ་སྟོན་ཏེ། །རྗེས་སུ་ཆགས་པའི་པདྨ་དགའ་བས་ཀུན་ཁྱབ་ཅིང་། །ཆོས་ཀྱི་བདེ་བ་ཉིད་ཀྱང་ཀུན་ཏུ་བཏང་སྙོམས་མཛད། །ཨེ་མའོ་འདི་ལྟའི་གཟུངས་མ་བདེ་མཆོག་དཔལ་དང་རྣམ་ལྡན་མ། །བྱམས་མའི་ཕྱོགས་སུ་མི་གཏོང་ཡེ་ཤེས་ཉིད་ཀྱིས་འཇུག །འདོད་པའི་ཡོན་ཏན་འདི་རྣམས་ཆོས་ཉིད་རྣམ་པར་དག །དུག་གསུམ་དབང་དུ་མཛད་ཅིང་མོས་པ་རྣམས་མི་བསྐྱོད། །ངོ་མཚར་ཕྱོགས་དང་མ་བྲལ་བྱང་ཆུབ་སྙིང་པོར་བགྲོད། །དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་འཛུམ་པ་དང་བཅས་པའི་སྤྱན་རྒྱས་པས་འཁོར་དེ་དག་ཐམས་ཅད་ལ་ཡུད་ཙམ་ཡུད་ཙམ་ཀུན་ཏུ་གཟིགས་ཏེ། རྡོ་རྗེ་པདྨ་དང་གཉིས་སུ་མེད་པའི་སྦྱོར་བའི་དཔལ་ཆེན་མོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཅང་མི་གསུང་བར་མཉམ་པར་བཞུགས་ཏེ། དབུགས་མི་རྔུབ་དབུགས་མི་འབྱིན། དབུགས་རབ་ཏུ་གཏོང་བར་མི་མཛད། ཀུན་ཏུ་མི་གཟིགས། ཀུན་ཏུ་རྣམ་པར་མི་གཟིགས། བཞེངས་པར་མི་མཛད། བཞུགས་པར་མི་མཛད། གཤེགས་པར་མི་མཛད། གསུང་བར་ཡང་མི་མཛད། རྣམ་པར་རྟོག་པར་ཡང་མི་མཛད་བཞིན་དུ་བཅོམ་ལྡན་འདས་ཤིན་ཏུ་བདེ་བ་ཆེན་པོས་ནམ་མཁའི་དབྱིངས་ཐམས་ཅད་དུ་ཤིན་ཏུ་ཁྱབ་པར་ཤིན་ཏུ་དགྱེས་པ་ཆེན་པོའི་བདེ་བ་ལས་བཙལ་ཏེ་རྒྱས་པར་མཛད་པ་ན།


DNG012_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

དེར་དེ་བཞིན་གཤེགས་པ་ཐམས་ཅད་དྲངས་བཅུག་བཅིངས་དབང་དུ་བྱས་ཏེ། འདོད་པ་ལྔའི་ཡོན་ཏན་གྱིས་མཉེས་པར་བྱས་ཏེ་བཞུགས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཡང་འདུ་བ་མཛད་ནས། ཡང་ནས་ཡང་བཅོམ་ལྡན་འདས་ལ་གཟིགས་ཏེ། བདེ་བ་ཆེན་པོ་ཤིན་ཏུ་དགྱེས་པ་དང་གཉིས་སུ་མེད་པར་ལོངས་སྤྱོད་པ་དཔལ་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བསྐུལ་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཀར་ཞུགས་ཏེ།བྱང་ཆུབ་ཀྱི་སེམས་ཆེན་པོ་ལ་ཡང་ཐིམ་པར་གྱུར་པ་ན། ཁམས་གསུམ་འདིར་དམ་པའི་ཆོས་སྟོན་པ་དང་། འཇུག་པར་བྱེད་པ་དང་། བསྟན་པ་ལ་གནས་པར་བྱེད་པ་འགའ་ཡང་མེད། སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་འཇུག་པར་བྱེད་པ་ཡང་མེད། ཁྲོས་པ་དང་གཏུམ་པོ་ཆེན་པོ་དང་། རྔམ་པ་དང་། རབ་ཏུ་གདུག་པ་ཆེན་པོར་སེམས་པ་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་མུན་པས་བསྒྲིབས་པ་དང་། གཏུམ་འཁྲུགས་ཆེན་པོ་དང་། གཞན་གྱི་སྲོག་ཕྲོག་པ་དང་། གཞན་གྱི་སེམས་ཕྲོག་པ་དང་། བུད་མེད་ཀྱིས་འཆུམས་པ་དང་། རྫུན་དང་ཕྲ་མ་དང་། ཚིག་རྩུབ་མོ་ལ་སོགས་པའི་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པས་གཞན་ལ་གཙེས་པ་དང་།གཅིག་གི་ཤ་གཅིག་གིས་ཟ་བ་དང་། ཐབས་མེད་པའི་ལམ་ལ་གནས་པ་རྣམས་ཀྱིས། ཀྱེ་མའོ་འཇིག་རྟེན་གསུམ་པོ་འདི་བརླག་གོ་ཞེས་སྔོན་གྱི་སྨོན་ལམ་ལས་ཀྱི་སྟོབས་ལ་གནས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་གཟིགས་སོ། །ཐབས་དང་ཤེས་རབ་ཀྱི་ཐུགས་རྗེའི་སྨོན་ལམ་ཆེན་པོ་ནམ་མཁའི་དབྱིངས་ཀུན་ཏུ་འཇུག་པའི་ཡང་དག་པར་གནས་པ་འདི་ལྟ་བུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་རབ་ཏུ་བརླག་པར་གཟིགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཤིན་ཏུ་དགྱེས་པ་ཆེན་པོའི་བདེ་བ་ལ་ཡང་དག་པར་ཞུགས་པ་ཀུན་ཏུ་བཟང་པོ་ཆེན་པོ་དཔལ་རྡོ་རྗེ་སེམས་


DNG012_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་ལ་དབྱངས་ཀྱི་རྒྱལ་པོ་འདིས་བསྐུལ་བ་མཛད་དོ། ། སྔགས་སོར་བཞག ། ཧོ་ཕྲ་ཨི་པྲ་བི་ཨ་ཨུ་ཏྲི་བུ་བ་ན་སོ་ག་ཁུང་། ཨ་ལ་ལ་ཧོ། ཀ་མ་ལ་ཀ་རུ་མུན་ཙ་ཧི་བཛྲ་ས་ཏུ། མ་ཧཱ་སུ་ཧུ་ཛི་ན་ས་མ་བ་ཏུ་ཨ་ལ་ལ་ཧོ། ཕྲ་མུན་ཙ་ཏ་ཐ་ག་ཏུ། ད་ཧ་དི་ཧ་པ་ཏུ་པ་ཡི་སད་ས་སབ་བུ་ཧི། ས་ར་ཀན་དྷ་བྷ་རུ།ཨ་ས་མ་ག་མུ་ཏཱི་བྷུ་བ་ནུ་པ་རུ་ཨ་ལ་ལ་ཧོ། སུ་ར་ཨ་ཏི་བྷུ་མུན་ཙ་ས་མུན་ཙ་མ་ཧོ། ཙ་ཡ་ཛཱ་ན་རི་བོ་ཧོ་ཧོ། ཧོ་རང་བཞིན་དག་པ་དག་པ་པདྨ་བདེ་བའི་མཆོག་མངའ་བ། །ཐུགས་ཀྱི་ཡིད་བཞིན་རིན་ཆེན་གཞན་ལ་དགོངས་ནས་བཞེངས་མཛད་དེ། །བསྐལ་པའི་མཐའ་ནས་བསྒྲུབས་པའི་བྱམས་པས་གཟུགས་ཀྱིས་བརྗིད་པ་དང་། །བྱང་ཆུབ་སྙིང་པོའི་ཆུ་དེས་འགྲོ་བ་རྣམས་ཀྱི་རང་བཞིན་ཁྲུས། །ཨ་ལ་ལ་ལ་ཧོ། པདྨའི་འབྱུང་གནས་བདེར་གཤེགས་ཀུན་གྱི་སྐལ་བ་མཆོག་དང་ལྡན། །སྡུག་བསྔལ་ནད་ཀུན་སེལ་བའི་ཐུགས་རྗེའི་འཇིག་རྟེན་གསུམ་ལ་གཟིགས། །དགའ་བའི་རོལ་པས་གར་དང་བཅས་ཏེ་བཞེངས་ཤིང་དབང་དུ་མཛོད། །ཨ་ལ་ལ་ཧོ། སྔོན་གྱི་རྒྱལ་བ་རྣམས་ཀྱིས་མ་བསྒྲགས་པ་ཡི་གསང་བ་ཡི། །འགྲོ་བ་ཀུན་གྱི་ཡིད་དང་འཐད་པའི་གསང་ཆེན་འདི་ཕྱུང་སྟེ། །རྣམ་དག་སྤྱོད་ཡུལ་གཞན་གྱིས་མི་འཕྲོགས་ནམ་མཁའ་ལ། །དངོས་མེད་རོལ་མོའི་གཞན་ལས་འཕགས་པ་བཞེངས་ཤིང་མཛད་དུ་གསོལ། །ཨ་ལ་ལ་ཧོ། སྐད་ཅིག་མ་ཡི་སྤྱོད་ཡུལ་འདིས། །མུན་པ་ཐམས་ཅད་སེལ་བའི་ཕྱིར། །གཞན་ལ་ཐུགས་རྗེས་དགོངས་ནས་སུ། །ལྷ་རྣམས་བྱིན་གྱིས་བརླབ་ཏུ་གསོལ། །དབྱངས་ཀྱི་རྒྱལ་པོ་འདི་ཡིས་ནི། །དགྱེས་མཆོག་དམ་པ་བསྐུལ་བྱས་ན། །པདྨོ་དྲ་བ་རྡོ་རྗེ་དང་། །བདེ་བར་སྦྱོར་བར་བཞེངས་སུ་གསོལ། །བདེ་བ་ཆེན་པོ་བདེ་གནས་པ། །གཙོ་ལ་འདི་ཡིས་བསྐུལ་བ་ཡིས། །སེམས་ཅན་ཀུན་དོན་བཞེངས་འགྱུར་ཏེ། །རྒྱལ་བ་ཐམས་ཅད་གདོན་པར་མཛད། །དེ་ནས་བཅོམ་ལྡན་འདས་བདེ་བ་ཆེན་པོ་ཀུན་ཏུ་བཟང་པོ་དཔལ་རྡོ་རྗེ་འཛིན་ཡང་དག་པ་དང་ལྡན་


DNG012_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བདེ་བ་ཆེན་པོས་བརྒྱན་པའི་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བཞེངས་ནས་ཕྱོགས་བཅུ་མཐའ་ཡས་རབ་འབྱམ་མཐའ་ཀླས་པའི་འཇིག་རྟེན་གྱི་ཁམས་ཀུན་གཟིགས་ནས་ངོ་མཚར་དུ་གྱུར་ཏེ། ཀྱེ་མའོ་ཁམས་གསུམ་འདི་སྟོངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་ཆེན་པོ་རྣམས་དང་བྲལ་བས་གདུག་པ་ཐམས་ཅད་ཀྱིས་འདི་དག་ཉེ་བར་གཙེས། གནོད་སྦྱིན་དང་སྲིན་པོ་ཐམས་ཅད་དང་། ནད་དང་། འཚེ་བ་དང་། གདོན་ཆེན་པོ་དང་། ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱིས་ཡང་དག་པར་ཟོས་ཞེས་དགོངས་པ་ན་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་དེ་བཞིན་གཤེགས་པ་ཐམས་ཅད་མཐོང་བའི་ཡང་གཏོང་བའི་རྡོ་རྗེ་ཡེ་ཤེས་ཀྱི་བདེ་བ་ཆེན་པོའི་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཉིད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་ཡེ་ཤེས་བདེ་བ་ཆེན་པོའི་རང་གི་རྡོ་རྗེ་དང་པདྨ་ལས་བྱང་ཆུབ་ཀྱི་སེམས་ཉེ་བར་བསྡུ་བར་བྱས་ཏེ། ཉིད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་ལས་འདི་ཕྱུང་ངོ་། །ཐོག་མར་ཨོཾ་ནི་ཐིག་ལེར་བར་མ་བྱས་པའི། །རྡོ་རྗེ་སེམས་དཔའ་བཅས་པ་འབྲུག་གི་སྒྲ་འབྱིན་པ། །མི་ཕྱེད་འདྲེན་པ་ཡང་དག་གཉིས་དང་ལྡན་པ་སྟེ། །འདི་ནི་སྟོན་པའི་མཆོག་སྟེ་རྡོ་རྗེའི་རིགས་ཉིད་དོ། །ཕྱུང་ནས་ནམ་མཁའི་དབྱིངས་ཐམས་ཅད་དུ་གང་བའི་སྤྲོ་བས་སྣང་བར་བྱས་ཏེ། སླར་ཡང་འདུས་ནས་རྡོ་རྗེ་ལྟ་བུར་གནས་སོ། །ཡང་སྤྲོ་བ་དང་བསྡུ་བ་བྱས་ནས་སླར་འདུས་པ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་སེམས་དཔའ་ལྟ་བུར་གྱུར་ནས་ཤར་གྱི་དཀྱིལ་འཁོར་དབུས་སུ་བཞུགས་པར་གྱུར་པ་ན། ཧཱུྃ་ཧཱུྃ་ཧཱུྃ་ཞེས་བཞད་པ་ཆེན་པོར་བཞད་ཅིང་ཨ་ཞེས་བརྗོད་ནས་བཞུགས་ཏེ། རང་གི་སེམས་དཔའི་སྐྱིལ་མོས་གཡོན་དུ་ཡིད་ཙམ་འགྱིང་བས་འདུད་པ། གཡས་ཀྱི་རྡོ་རྗེ་གསོར་ཞིང་འཛུམ་པ་དང་བཅས་ཤིང་སྤྱན་རྒྱས་པ། ཆེ་བའི་ཆེན་པོ་དབུ་ལྔ་པ། །ཕྱག་ནི་བཅུ་


DNG012_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་རྣམས་དང་ལྡན། །སྣ་ཚོགས་སྐུ་ནི་མཆོག་འཛིན་པ། །དཔའ་བོ་ཐམས་ཅད་ལས་བྱེད་པ། །ཁ་དོག་རྣམ་ལྔ་གཟི་བརྗིད་ཆེ། །མཚོན་ཆ་རྣམ་པ་སྣ་ཚོགས་འཛིན། །རྡོ་རྗེ་སྒྱུ་མར་རབ་ཏུ་གནས། །མཁས་པ་གང་གིས་སྙིང་ག་ཉིད། །མཉམ་པར་བཞག་སྟེ་འཛིན་བྱས་ན། །རྡོ་རྗེ་པདྨ་བདེ་ཆེན་ཡིས། །རྡོ་རྗེ་སེམས་དཔའ་བདེ་མྱུར་འཐོབ། །དེ་ནས་བཅོམ་ལྡན་འདས་ནམ་མཁའ་འགྲོ་མ་ཀུན་ལོངས་སྤྱོད་པའི་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཉིད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་ལས་མཆོག་ཏུ་གསང་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཟླ་གསང་ཐིག་ལེ་ལས། ནམ་མཁའ་ཤིན་ཏུ་དགྱེས་པ་འཐོབ་པར་བྱེད་པའི་བདེ་བ་ཆེན་པོ་ཞེས་བྱ་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་འདི་ཕྱུང་ངོ་།། །།ཨོ་ཡི་གཙུག་ཏུ་ཐིག་ལེ་སྟེ། །མི་ཕྱེད་ཐིག་ལེར་བཅས་པ་ཡི། །འོག་ཏུ་གཟི་བརྗིད་ཡང་དག་བཅས། །མཐར་ནི་དྲལ་ཏེ་ཚེག་དྲག་བཅས། །འདི་ནི་རིན་ཆེན་ཐམས་ཅད་ཀྱི། །སྙིང་པོ་མཆོག་ཏུ་རྨད་བྱུང་བའོ། །ཕྱུང་བ་ཡིས་ནི་ནམ་མཁའ་དང་། །སངས་རྒྱས་ཀྱི་ནི་ཞིང་ཀུན་དག །འོད་ཟེར་སྤྲིན་ཕུང་རྒྱས་བྱས་ཏེ། །སླར་ཡང་དེ་ཉིད་བཞུགས་པར་འགྱུར། །དེ་ཡི་ཐུགས་ཀར་ཞུགས་ནས་ཀྱང་། །བརྡ་ཡི་ཚུལ་གྱིས་བཞུགས་པར་འགྱུར། །རྒྱལ་བ་ཀུན་གྱིས་དབང་བསྐུར་ནས། །སེམས་དཔའི་ཚུལ་གྱིས་སྤྲུལ་པ་ནི། །ཁ་དོག་རྣམ་ལྔ་ཡངས་པའི་སྤྱན། །ཆུ་སྐྱེས་བཞད་པ་འཛུམ་དང་བཅས། །ཉི་མའི་གཟི་བརྗིད་མཛེས་པ་ཆེ། །ཕྱག་རྒྱ་ལ་སོགས་སྣ་ཚོགས་བརྒྱན། །སྐྱིལ་མོ་འགྱིང་བ་གཡོན་དུ་འདུད། །གཡས་ཀྱི་སྙིང་གར་རིན་ཆེན་འཛིན། །བརྒྱད་གཉིས་ཕྱག་གི་ངོ་བོ་ཡིས། །དྲི་མ་གསུམ་སྤང་བརྒྱན་པ་སྟེ། །རང་གི་དཀྱིལ་འཁོར་གང་བྱས་ནས། །སྣ་ཚོགས་ལྷོ་རུ་གནས་པར་གྱུར། །རྣམ་པ་ཀུན་མཁྱེན་མངོན་རིགས་པའི། །ནད་ཀྱིས་གྲོངས་པ་འཇིག་པར་འགྱུར། །འདི་ནི་སངས་རྒྱས་ཐམས་


DNG012_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱི། །གཟི་བརྗིད་ཆེན་མོ་མདངས་ཆེ་བ། །དབུལ་དང་ནད་དང་གདོན་ཆེན་པོ། །སེམས་ཅན་ཀུན་གྱི་འཕྲོག་པར་བྱེད། །ཉི་མ་འཆར་བའི་དུས་ཉིད་དང་། །ཉི་མ་ཕྱེད་པའི་དུས་ཉིད་དུ། །ཉིད་ཀྱི་སྙིང་གར་འདི་བྱས་ཏེ། །ནོར་བུ་རིན་ཆེན་བསྒོམ་བྱས་ན། །ཞག་བདུན་གྱིས་ནི་ངེས་པར་ཡང་། །དངོས་གྲུབ་ནོར་མང་སྦྱིན་མཛད་དེ། །དབང་པོ་གཉིས་ཀྱི་སྦྱོར་བ་ཡིས། །ཀྱེ་མའོ་བདེ་བས་དབང་བསྐུར་བྱ། །དེ་ནས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་ཆེན་པོ་མཆོག་ཏུ་བདེ་བ་ཆེན་པོ་དཔལ་རྡོ་རྗེ་སེམས་དཔའ་ཤིན་ཏུ་དགྱེས་པའི་འདོད་པའི་དབང་གི་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། པདྨ་ཆེན་པོ་ཀུན་ཏུ་གཟིགས་པའི་ལོངས་སྤྱོད་པའི་དཔལ་ཞེས་བྱ་བའི་སྙིང་པོ་ཆེན་པོ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་ཡེ་ཤེས་མཆོག་ཏུ་གསང་བ་ཟླ་གསང་ཐིག་ལེ་ལས་འདི་ཕྱུང་ངོ་།། །།དང་པོར་ཨོཾ་དང་ལྡན་བྱས་ཏེ། །མི་ཕྱེད་ར་བཏགས་འདྲེན་པར་བཅས། །ཚེག་དྲག་པ་ནི་སྔགས་ཡིན་ཏེ། །བསམ་པ་ཐམས་ཅད་ཡོངས་སུ་བསྐོར། །སྔགས་མཁན་གང་གིས་མཉམ་བཞག་སྟེ། །སྙིང་གར་འདི་ནི་སྦྱར་བྱས་ནས། །བདག་ནི་འདོད་ཆགས་ཞེན་སེམས་ཤིང་། །པདྨ་སྦྱར་བས་བསྒོམ་པར་བྱ། །མཚམས་ཀྱི་མཐའ་མ་དུས་དག་ཏུ། །དམ་ཚིག་འདི་ནི་སྤྱད་བྱས་ན། །ཟླ་བ་ཕྱེད་ཀྱི་ནང་ལོགས་སུ། །དབང་ཕྱུག་མོ་ནི་དངོས་གྲུབ་འཐོབ། །པདྨ་ཆེ་ལས་བྱུང་ནས་ཀྱང་། །ཐམས་ཅད་དུ་ནི་རྒྱས་འགྱུར་ཏེ། །འདི་ཉིད་དུ་ནི་སླར་ཞུགས་ནས། །པདྨའི་ཚུལ་གྱིས་གནས་པར་འགྱུར། །ཀུན་ཏུ་སྣང་བས་ཁྱབ་བྱས་ན། །སེམས་དཔའི་ཚུལ་གྱིས་སྤྲུལ་པ་ནི། །དེ་ནས་འདོད་ཆགས་ཕབས་ནས་ཀྱང་། །པདྨའི་དབུས་སུ་བཞུགས་པར་འགྱུར། །དཀྱིལ་འཁོར་དུ་ནི་གང་བ་ཡིས། །རྒྱབ་ནས་རྗེས་སུ་མཉེས་མཛད་ཅིང་། །འཛུམ་བཅས་པདྨ་ཕྱེ་བ་ཡིས། །ཐུགས་ཀྱི་དབུས་སུ་ཡིད་ཙམ་འདུད། །དཔལ་དང་ལྡན་པ་ཞལ་ལྔ་འཛིན། །ཕྱག་ནི་ཉི་ཤུར་བཞིས་མ་གཏམས། །མཚོན་ཆ་རྣམ་པ་སྣ་ཚོགས་འཛིན། །


DNG012_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་རྒྱན་གྱིས་བཀླུབས་པ་ཡིས། །ཟླ་བ་བཞིན་དུ་རྣམ་གྲོལ་བ། །བརྗིད་པའི་གར་ནི་མཛད་ཅིང་བཞུགས། །འདི་ཡིས་པདྨའི་གནས་ཉིད་དུ། །ཚེ་འདི་ཉིད་ལ་ཐོབ་པར་འགྱུར། །དཔལ་ལྡན་གར་དབང་འཐོབ་འགྱུར་ཏེ། །འདོད་ཆགས་ཀུན་གྱི་ཐབས་གནས་པས། །འཇམ་པའི་ཕྱག་ནི་སྟོང་རྣམས་ཀྱིས། །གར་དུ་མཛད་ཅིང་འགྲོ་བ་འདུལ། །དེ་ནས་བཅོམ་ལྡན་འདས་ཤིན་ཏུ་དགྱེས་པ་ཆེན་པོའི་བདེ་བ་ཆེན་པོ་ཀུན་ཏུ་བཟང་པོས་ཡང་སྣ་ཚོགས་ཆེན་པོ་ཀུན་ཏུ་ལོངས་སྤྱོད་པའི་རྣམ་པར་འགྱུར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་ཡེ་ཤེས་མཆོག་ཏུ་གསང་བ་ཟླ་གསང་ཐིག་ལེ་ཆེན་པོ་ལས་འདི་ཕྱུང་ངོ་།། །།སྣ་ཚོགས་ཆེན་པོ་ཨོ་ཆེན་པོ། །སྟེང་དུ་ཐིག་ལེར་ཡང་དག་ལྡན། །འདི་ནི་དབུས་ཏེ་ལྟ་འོག་ཁྲོ། །སྔགས་ཀྱི་མཆོག་ནི་གཞག་པར་བྱ། །སྣ་ཚོགས་འདི་ནི་ཐུགས་ཀར་གྲགས། །སྣ་ཚོགས་ཕྱུང་ནས་ཀུན་གནང་བས། །སངས་རྒྱས་ཚུལ་བཞིན་ཀུན་མཉེས་བྱས། །དེ་ཉིད་སླར་འཁོར་རབ་ཞུགས་ཏེ། །སྣ་ཚོགས་རྡོ་རྗེ་གཟུགས་མཆོག་གནས། །སྐད་ཅིག་སེམས་དཔའ་སྐུ་གནས་པ། །རྣམ་པ་སྣ་ཚོགས་བཞད་པས་བརྒྱན། །འགྱིང་བཅས་ཐུགས་ཀར་སྣ་ཚོགས་འཛིན། །སྣ་ཚོགས་གཟི་བརྗིད་འབར་བ་གཏོང་། །ཕྱག་ནི་བརྒྱད་གཉིས་གཉིས་ཀྱིས་ཕྱོགས། །ཁ་འབྱེད་སྣ་ཚོགས་མཚོན་ཆ་གཏོང་། །ཞལ་ལྔ་སྣ་ཚོགས་ཡངས་ཆེ་བ། །བགེགས་སྤོང་ཐམས་ཅད་དངོས་གྲུབ་མཛད། །དཀྱིལ་འཁོར་གང་བར་བཞག་ནས་བྱང་དུ་གནས། །སྣ་ཚོགས་རྡོ་རྗེ་བདག་མོར་རྡོ་རྗེ་ཡང་དག་གིས། །ཐུགས་ཀར་མཛད་ནས་བདེ་བར་ཡང་དག་གནས། །སྔགས་མཁན་ཞག་བདུན་དུ་ནི་བསྒོམ་བྱས་ན། །སྣ་ཚོགས་འགྱུར་ཏེ་སྣ་ཚོགས་དེ་ལ་བབ། །སྣ་ཚོགས་ལས་ནི་སྣ་ཚོགས་བྱེད་པར་འགྱུར། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་མཆོག་ཏུ་ངོ་མཚར་དུ་གྱུར་ཏེ། །དབྱངས་ཆེན་པོ་ལེན་ཅིང་


DNG012_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་ཆེན་པོའི་དབུས་ཀྱི་བཅོམ་ལྡན་འདས་ལ་མཉེས་པར་མཛད་དོ། །གཙོ་བོས་བྱིན་གྱིས་བརླབ་པའི་ཕྱིར། །ཡེ་ཤེས་ལྔ་ཡི་ངོ་བོ་དག །རྒྱལ་བ་ཉིད་ཀྱིས་བཤད་པར་མཛོད། །སངས་རྒྱས་སྐུ་ལ་བསྟོད་ཕྱག་འཚལ། །སྔགས་རིག་ཕྱག་རྒྱ་ཡན་ལག་བཅས། །ལྷ་ཡི་དེ་ཉིད་ཕ་རོལ་ཕྱིན། །བདག་གི་དེ་ཉིད་སྣ་ཚོགས་ཆེ། །སྣ་ཚོགས་ཡེ་ཤེས་བསྟོད་ཕྱག་འཚལ། །གཟུངས་ཀྱི་པདྨ་ཡང་དག་ལྡན། །འདོད་བྱེད་ཐུགས་ཀྱི་མཆོག་ཡིན་ཏེ། །ཤེས་རབ་ཕ་རོལ་ཕྱིན་སྦྱོར་བ། །སྦྱོར་བའི་ཡེ་ཤེས་བསྟོད་ཕྱག་འཚལ། །ཆོས་ཀྱི་དོན་ནི་གཉིས་མེད་ཚུལ། །སྟོང་པ་ཉིད་ཀྱི་ལམ་རིག་པ། །ཡངས་པའི་སྤྱན་ནི་སོ་སོར་གཟིགས། །མེ་ལོང་ཡེ་ཤེས་ཡང་དག་འབྱུང་། །བྱ་བ་ནན་ཏན་སེམས་ཅན་དོན། །རང་གི་ཡོན་ཏན་མི་མཉམ་ཤོད། །དེ་ཉིད་རིམ་པས་ཀྱང་རིག་པའི་སེམས་ཅན་ཀུན། །རྡོ་རྗེ་གསུམ་གྱིས་བྱིན་རླབས་པ། །གང་གིས་བྱིན་གྱིས་བརླབས་མ་ཐག །སངས་རྒྱས་གསུམ་ནི་དབང་དུ་འགྱུར། །དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་གཉིས་སུ་མེད་པའི་མཉམ་པ་ཉིད་ཀྱི་རྡོ་རྗེ་ཡེ་ཤེས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་ཡིག་འབྲུ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཨོཾ་བྷྲཱུྃ། སྟོང་པ་ཆེན་པོའི་སྙིང་པོའོ། །ཨོཾ་བཛྲ་ཙིཏྟ་ཧཱུྃ། ཨོཾ་བཛྲ་ཀཱ་ཡ་ཨོཾ། ཨོཾ་བཛྲ་བཱ་ཀ་ཨཱཿ། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཏྲཱྃ། ཨོཾ་བཛྲ་ས་མ་ཡ་ཧོཿ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཤིན་ཏུ་མགུ། རབ་ཏུ་དགྱེས་པའི་ཡིད་ཀྱིས་བཅོམ་ལྡན་འདས་ལ་ཕྱག་བྱས་ཏེ་འདི་སྐད་ཅེས་གསོལ་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་རང་རང་གི་སྙིང་པོ་བཅོམ་ལྡན་འདས་ལ་འབུལ་ལོ། །དེ་ནས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་ཆེན་པོས་དེ་བཞིན་གཤེགས་པ་ཐམས་ཅད་ལ་དགེའོ་ཞེས་བདེ་བ་ཆེན་པོའི་ཚུལ་གྱིས་རབ་ཏུ་སྤྲོ་བར་མཛད་དོ། །དགེའོ་དགེའོ་རྒྱལ་བ་


DNG012_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན། །དགེའོ་དགེའོ་རྒྱལ་བ་མཆོག །དགེའོ་དགེའོ་ལེགས་པའི་ལས། །དགེའོ་དགེའོ་སྔོན་འགྲོ་བ། །དགེའོ་དགེའོ་སྣ་ཚོགས་ཆེ། །ཉིད་ཀྱི་སྙིང་གར་དྲངས་བྱས་ཏེ། །རང་གི་གསང་བ་བཤད་པར་མཛོད། །གང་གིས་མ་འོངས་སངས་རྒྱས་རྣམས། །བདེ་བའི་ཡིད་ནི་ཆུད་པར་འགྱུར། །དེ་ནས་བཅོམ་ལྡན་འདས་སྟོང་པ་ཉིད་ཀྱི་ཡེ་ཤེས་རྡོ་རྗེ་ཆེན་པོ། དེ་བཞིན་གཤེགས་པས་རང་གི་སྙིང་པོ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧྃ། དེ་ནས་བཅོམ་ལྡན་འདས་མེ་ལོང་གི་ཡེ་ཤེས་རྡོ་རྗེ་དེ་བཞིན་གཤེགས་པས་རང་གི་སྙིང་པོ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨཱ་དཪྴ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧྃ། དེ་ནས་དེ་བཞིན་གཤེགས་པ་སོ་སོར་ཀུན་ཏུ་གཟིགས་པས་ཡེ་ཤེས་རྡོ་རྗེ་དེ་བཞིན་གཤེགས་པས་རང་གི་སྙིང་པོ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པྲ་ཏྱ་བེཀྵ་ཎ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧྃ། དེ་ནས་བཅོམ་ལྡན་འདས་མཉམ་པ་ཉིད་ཀྱི་ཡེ་ཤེས་རྡོ་རྗེ་དེ་བཞིན་གཤེགས་པས་རང་གི་སྙིང་པོ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ས་མ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧྃ། དེ་ནས་བཅོམ་ལྡན་འདས་བྱ་བ་ནན་ཏན་གྱི་ཡེ་ཤེས་རྡོ་རྗེ་དེ་བཞིན་གཤེགས་པས་རང་གི་སྙིང་པོ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀྲྀ་ཏྱ་ཨ་ནུཥྟཱ་ན་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧྃ། དེ་ནས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་ཆེན་པོས་ཡང་དགེ་བའི་ཚུལ་སྦྱིན་པར་མཛད་དེ། ཨོཾ་དགེའོ་དགེའོ་སྟོང་པ་ཆེ། །ཨོཾ་དགེའོ་དགེའོ་ཐུགས་ཆེན་པོ། །ཨོཾ་དགེའོ་དགེའོ་སྐུ་ཆེན་པོ། །ཨོཾ་དགེའོ་དགེའོ་གསུང་ཆེན་པོ། །ཨོཾ་དགེའོ་དགེའོ་རིན་པོ་ཆེའོ། །ཨོཾ་དགེའོ་དགེའོ་སྣ་ཚོགས་ཆེ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་འདུ་བར་མཛད་ནས་བཅོམ་ལྡན་འདས་ལ་རང་


DNG012_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

གི་དཀྱིལ་འཁོར་བཤད་པར་གསོལ་བ་འདེབས་ཏེ། དཀྱིལ་འཁོར་སངས་རྒྱས་རྡོ་རྗེ་ཡི། །དགའ་བྱེད་བཅོམ་ལྡན་ཉིད་ཀྱིས་ཤོད། །གང་གིས་སེམས་ཅན་བདེ་ཉིད་ཀྱིས། །དཀྱིལ་འཁོར་རབ་ཏུ་འཐོབ་པར་འགྱུར། །དཀྱིལ་འཁོར་དཀྱིལ་འཁོར་ཞེས་བགྱི་བ། །རྒྱལ་བའི་བདག་པོས་གསང་བ་གསུངས། །གང་གིས་དཀྱིལ་འཁོར་མྱུར་བྲིས་ནས། །དཀྱིལ་འཁོར་གྱི་ནི་རྒྱན་དུ་འགྱུར། །དཀྱིལ་འཁོར་བདེ་བའི་གཞི་ཉིད་ནི། །གསང་བའི་དཀྱིལ་འཁོར་ཞེས་བགྱིའོ། །དཀྱིལ་འཁོར་བརྒྱན་པའི་བདག་ཉིད་དེ། །གསང་བ་བཅོམ་ལྡན་ཉིད་ཀྱིས་གསུངས། །དཀྱིལ་འཁོར་མཉམ་པའི་ཡེ་ཤེས་ནི། །དཀྱིལ་འཁོར་སྙིང་པོ་ཞེས་བགྱི་བ། །དཀྱིལ་འཁོར་གྱི་ནི་ཅི་རིགས་པར། །གཙོ་བོ་ཆེན་པོ་ཉིད་ཀྱིས་ཤོད། །དཀྱིལ་འཁོར་མི་མཉམ་ཡེ་ཤེས་ནི། །དཀྱིལ་འཁོར་གསང་བ་པདྨོ་སྟེ། །དཀྱིལ་འཁོར་རབ་དགྱེས་འཐོབ་བྱེད་པའི། །ཚད་མེད་དཀྱིལ་འཁོར་བཤད་པར་མཛོད། །དེ་ནས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་རབ་ཏུ་དགའ་བའི་ཡེ་ཤེས་ཀྱི་དཀྱིལ་འཁོར་རྡོ་རྗེའི་འབྱུང་གནས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གི་དཀྱིལ་འཁོར་ཆེན་པོ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །གཟུགས་དང་ལང་ཚོས་བརྒྱན་པ་ཡི། །བུ་མོ་མིག་ཡངས་གཟུང་བྱ་སྟེ། །ཤེས་རབ་ཅན་གྱིས་བྱིན་རླབས་འབྲུས། །མཉམ་པར་བཞག་སྟེ་བྱིན་བརླབས་ནས། །ཤེས་རབ་ཕ་རོལ་ཕྱིན་པའི་བདག །དེ་བཞིན་གཤེགས་ཀྱི་བཙུན་མོ་གཞག །གཉིས་པ་མདུན་དུ་གཞག་བྱས་པ། །བརྩོན་འགྲུས་ཕ་རོལ་ཕྱིན་པའི་གནས། །རྡོ་རྗེ་སེམས་དཔའི་བཙུན་མོ་སྟེ། །ཐུགས་ནི་དགྱེས་པར་བྱེད་པ་ཡིན། །གསུམ་པ་ལྷོ་རུ་བསམ་བྱ་བ། །དགེ་བ་སྦྱིན་པའི་བདག་ཉིད་གཞག །རིན་ཆེན་འབྱུང་ལྡན་བཙུན་མོ་ཆེ། །དབང་བསྐུར་ཡོན་ཏན་འཐོབ་བྱེད་པའོ། །བཞི་པ་ཚུལ་ཁྲིམས་ཆེན་མོ་སྟེ། །དེ་ཉིད་


DNG012_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་དོན་ཡང་དག་གནས། །རྡོ་རྗེ་ཆོས་ཀྱི་བཙུན་མོ་སྟེ། །དེ་སྦྱིན་དགའ་བྱེད་མ་ཡིན་ནོ། །བཟོད་པ་ཆེན་མོ་བྱང་དུ་སྟེ། །གསོད་པའི་བདག་ཉིད་ཟད་པ་སྦྱིན། །བཙུན་མོ་རྡོ་རྗེ་གདོན་མི་ཟ། །དམ་ཚིག་གནས་ནི་སྐྱོང་བྱེད་མའི། །གྲྭ་བཞི་དག་ནི་ཐམས་ཅད་དུ། །སྔ་མ་བཞིན་དུ་མཆོད་ལ་སོགས། །སྒོ་ཡི་ཕྱོགས་རྣམས་ཐམས་ཅད་དུ། །སྒོ་སྲུང་རྣམས་ནི་རྣམ་པ་བཞི། །ཅི་འདོད་པར་ནི་མཆོད་བྱས་ཏེ། །སློབ་མ་མཆོག་ནི་གཞུག་པར་བྱ། །ཕྱག་རྒྱས་ལག་པ་བརྒྱན་བྱས་ཏེ། །འཛུམ་དང་བཅས་པའི་འདོད་ཆགས་མིག །རྒྱན་ཀུན་གྱིས་ནི་རྣམ་པར་བཀླུབས། །སྤྲོ་བ་ཆེ་བས་གར་བྱ་ཞིང་། །ལྷ་མོ་འགྱིང་བའི་འདུད་པ་ཡིས། །དགའ་བྱེད་དཀྱིལ་འཁོར་གཞུག་པར་བྱ། །མིག་ནི་དར་གྱི་གོས་ཉིད་ཀྱིས། །གཡོགས་ཏེ་ལག་པས་བཟུང་ནས་ཀྱང་། །སྒོ་ཡི་གྲྭར་ཡང་གཞག་བྱ་སྟེ། །སྨོན་ལམ་མཆོག་ནི་སྨྲ་རུ་གཞུག །རྡོ་རྗེ་ཆེན་མོ་བདག་ཅེས་བགྱི། །རང་གི་ལྷ་རྣམས་ཕྱག་བགྱི་སྟེ། །རབ་དགྱེས་གནས་ལས་བྱུང་བ་ཡི། །བདེ་བྱེད་ཆེན་མོས་མཉེས་པར་བགྱི། །ཇི་ལྟ་བཞིན་དུ་མཉམ་ཉིད་འཐོབ། །མེ་ཏོག་ཕྲེང་བ་དོར་བྱས་ཏེ། །ལྷ་མོ་ཆེན་མོ་བཞེངས་སུ་གསོལ། །ཁྱོད་ཀྱི་དཀྱིལ་འཁོར་བདག་འཚལ་ལོ། །ལྷ་མོ་གང་ལ་ལྟུང་བ་ཡི། །དེ་ཡི་ལག་ནས་བསྐོར་བ་བྱ། །ལྷ་མོ་འདི་ནི་ཁྱོད་དང་མཐུན། །སེམས་ཆེ་ཁྱོད་ཀྱིས་འདོད་པར་གྱིས། །དེ་ནས་སློབ་མ་དེ་ཡིས་ནི། །བདག་གི་རབ་དགྱེས་སྨྲ་བྱ་ཞིང་། །དེ་ལ་འདོད་པ་སྤྱད་པར་མཛོད། །ཁྲོ་བོ་རྣམས་ཀྱི་མི་ཕྱེད་ཕཊ། །མཐའ་ནི་ཧོཿཞེས་སྦྱར་བར་བྱ། །འབྱུང་བའི་དུས་སུ་བྱ་བ་ནི། །ཨ་ཧོ་སུ་ཁ་བདེ་ཞེས་སྨྲ། །དེ་ནས་རྡོ་རྗེ་ཕྱུང་བ་ཡི། །མཁས་པས་དེ་ནི་བླང་བྱས་ཏེ། །བདེ་བ་ཆེན་པོའི་དངོས་གྲུབ་རྫས། །བླ་མ་ལ་ནི་དང་པོར་དབུལ། །དེ་ནས་དེ་ཉིད་ཀུན་ལ་ཡང་། །ཅི་བདེ་བར་ནི་དབུལ་བར་བྱ། །སྤྱི་བོས་ཞབས་ལ་གཏུགས་བྱས་ཏེ། །བླ་མ་ལ་ནི་དབང་བླང་བྱ། །ཤིན་ཏུ་


DNG012_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

སྦས་པ་འཕགས་པའི་དབང་། །བཅོམ་ལྡན་བདག་ལ་སྩལ་བར་མཛོད། །དེ་ནས་སྦྱོར་བ་ཆེན་པོ་ཡི། །སྙོམས་པར་ཞུགས་ཏེ་དེའི་བདེ་བ། །སློབ་དཔོན་རྡོ་རྗེ་ཕྱུང་བྱས་ཏེ། །སྤྱི་བོར་རབ་ཏུ་གཞག་པར་བྱ། །ལག་པ་ཡིས་ནི་མ་རེག་པར། །ཁ་ལ་རབ་ཏུ་སྦྱིན་པར་བྱ། །ཁྱད་པར་དུ་ནི་དྲང་བྱས་ཏེ། །ཅི་བདེ་བར་ནི་བཏུང་བར་བྱ། །གཟུངས་མ་དེ་དག་ཐམས་ཅད་ལ། །རྡོ་རྗེ་ཡིས་ནི་སྦྱིན་པར་བྱ། །དེ་ནས་སློབ་མ་མཆོག་ཉིད་ཀྱིས། །བླ་མ་ལ་ནི་ཡོན་དབུལ་བྱ། །མ་དང་སྲིང་མོ་བུ་མོ་དང་། །ཆུང་མ་དང་ནི་རང་གི་བུ། །བདག་ཉིད་དང་ནི་རྒྱལ་སྲིད་དང་། །དེ་བཞིན་ལོངས་སྤྱོད་དབང་ཕྱུག་དང་། །རྫས་དང་ནོར་དང་གཏེར་རྣམས་དང་། །གླང་པོ་རྟ་དང་ཤིང་རྟ་དག །བླ་མ་ལ་ནི་ཡོན་མཆོག་སྟེ། །དགའ་བའི་ཡིད་འགྱུར་དབུལ་བར་བྱ། །ཕྱི་ཡི་སྦས་པ་གསང་བ་དང་། །དེ་བཞིན་གཤེགས་པ་ཐམས་ཅད་དང་། །རྡོ་རྗེ་དང་ནི་གཟུངས་མའི་རྣམས། །འདོད་པའི་དངོས་གྲུབ་དྲི་བར་བྱ། །སྙིང་པོ་ཡང་དག་ཤེས་གྱུར་ནས། །དངོས་གྲུབ་མཆོག་ནི་བསྒྲུབ་པར་བྱ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །གསང་བ་ཡི་ནི་དཀྱིལ་འཁོར་འདི། །ཅི་སྟེ་རྨོངས་པས་སྨྲ་བྱས་ན། །སློབ་དཔོན་གྱི་ནི་དམ་ཚིག་ཉམས། །མྱུར་དུ་ཟླ་ཕྱེད་ཚུན་ཆད་དུ། །བསྟན་པས་རྣམ་པར་འཇིག་པར་འགྱུར། །དང་པོར་དམ་ཚིག་གཞག་བྱས་ཏེ། །ཕྱི་ནས་དཀྱིལ་འཁོར་བསྟན་པར་བྱ། །གཞན་དུ་བྱས་ན་དཔའ་བོའི་རྣམས། །དམྱལ་བར་བསྐལ་པར་གྲངས་མེད་སྨིན། །དེ་བས་བློ་ལྡན་རྡོ་རྗེ་ཡིས། །ནན་ཏན་དམ་ཚིག་བསྒྲག་མི་བྱ། །སྔགས་ཀྱི་དངོས་གྲུབ་དོན་འདོད་པས། །དམ་ཚིག་བསྲུང་ལ་བརྩོན་པར་བྱ། །གཞན་དུ་བྱས་ན་སྔགས་མཁན་གྱི། །སྔགས་ལ་སོགས་པའི་དོན་མི་འགྲུབ། །ལྷ་རྣམས་ཀྱང་ནི་དམ་ཚིག་གི། །གསོལ་ཡང་བཞེས་སུ་མི་གནང་སྟེ། །འཇིག་རྟེན་འདི་རུ་སྡུག་བསྔལ་ཆེ། །འཇིག་རྟེན་ཕ་རོལ་དམྱལ་བ་རྣམས། །དམ་ཚིག་སྤྱོད་པ་འདས་པས་སོ། །རྨོངས་པའི་བདག་ཉིད་དེས་འཐོབ་བོ། །སློབ་མ་དེ་


DNG012_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དེ་བཞིན་དུ། །བློ་ཞན་སྡུག་བསྔལ་འཐོབ་གྱུར་ཏེ། །དེས་ནི་སྔགས་ཀྱི་དོན་མི་སྨིན། །ལྷ་རྣམས་ཀྱི་ནི་མཆོག་ཏུ་བདེ། །དམ་ཚིག་མེད་པའི་སློབ་མ་ལ། །ནམས་ཀྱང་སྦྱིན་པར་མི་འགྱུར་རོ། །དེ་བས་དམ་ཚིག་གཙོ་ཡིན་ཏེ། །ཐོག་མར་དམ་ཚིག་སྦྱིན་པར་བྱ། །སྔགས་རྣམས་དང་ནི་ཕྱག་རྒྱ་ཡང་། །དེ་བཞིན་ཐབས་དང་ཤེས་རབ་རྣམས། །དམ་ཚིག་དེ་རྣམས་ཐམས་ཅད་ཀྱང་། །སྔགས་པས་གསང་བ་སྦྱོར་བ་ཡིས། །དམྱལ་བ་ངན་སོང་ཟློག་པའི་ཕྱིར། །བུ་དང་སློབ་མ་སྦྱིན་པར་བྱ། །སྔགས་ཀྱི་དངོས་གྲུབ་བསོད་ནམས་བྱེད། །གཙང་སྦྲ་དོགས་པ་མེད་པ་འགྱུར། །དེ་བཞིན་གཤེགས་པ་ཀུན་གྱིས་དལ། །དཀྱིལ་འཁོར་ཚུལ་བཞིན་བྲི་བྱས་ཏེ། །གཞོན་ནུའི་ཚད་ནི་བཅུ་དྲུག་ལོན། །དམ་ཚིག་སློབ་མའི་དཀྱིལ་འཁོར་དུ། །བཞག་ནས་ཆོ་ག་འདིས་གཞུག་བྱ། །དམ་ཚིག་རྣམས་ནི་འདི་ཡིན་ཏེ། །སྦྲང་རྩི་ཤ་དང་དྲི་ཆེན་པོ། །ཉི་མ་ཟླ་བའི་བློ་ཆེན་དང་། །རྡོ་རྗེ་ལས་བྱུང་ཆུབ་སྒྲུབས་རྣམས། །དཀྱིལ་འཁོར་ལ་སོགས་ཚུལ་བཞིན་གཞག །དམ་ཚིག་ཡི་གེ་གཞག་པ་ཡིས། །མྱུར་དུ་དམ་ཚིག་བསྒྲུབ་བྱས་ན། །དགའ་བྱེད་དམ་ཚིག་དངོས་གྲུབ་སྟེ། །དངོས་གྲུབ་ཐམས་ཅད་འཐོབ་པར་འགྱུར། །དམ་ཚིག་འདི་ནི་སྣ་ཚོགས་ཏེ། །འཛིན་པ་ཡིས་ནི་མཐུ་རུ་འགྱུར། །མ་འོངས་སངས་རྒྱས་ཆེན་པོ་དང་། །རྡོ་རྗེ་སེམས་དཔའ་བདག་པོ་ཆེ། །བློ་ལྡན་དབང་བསྐུར་བླངས་པ་ཡིས། །དབང་བསྐུར་ཕུན་སུམ་ཚོགས་པ་ཀུན། །སངས་རྒྱས་ཀུན་གྱིས་འཐོབ་འགྱུར་ཏེ། །དབང་བསྐུར་བ་ཡི་ཡིད་དུ་འགྱུར། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་རྡོ་རྗེ་ཡེ་ཤེས་ཆེན་པོ་ཞེས་བྱ་བ་མཆོག་ཏུ་གསང་བ་ཆེན་པོའི་དཀྱིལ་འཁོར་ཏེ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་མཆོག་ཏུ་དགྱེས་པ་ཆེན་པོ་ཡིད་བདེ་བར་གྱུར་ཏེ། བཅོམ་ལྡན་འདས་ལ་གསོལ་བ་འདེབས་སོ། །གདུག་པ་


DNG012_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་རྣམ་འདུལ་བ། །འཇིགས་པར་བྱེད་པ་ཆེན་པོ་འདི། །རྡོ་རྗེ་ཁྲོ་བོ་ཆེན་པོ་ཡི། །དཀྱིལ་འཁོར་ཆེན་པོ་རྣམ་བཤད་ཕྱིར། །འཇིགས་བྱེད་ཆེན་པོ་རྣམས་འདུལ་བ། །དཀྱིལ་འཁོར་རྡོ་རྗེ་ཐམས་ཅད་ཀྱི། །ཁྲོ་བོ་དམ་ཚིག་དེད་དཔོན་གྱིས། །གསང་བ་ཆེན་པོ་ཉིད་ཀྱིས་ཤོད། །དེ་ནས་བཅོམ་ལྡན་འདས་བདེ་བ་ཆེན་པོ་དཔལ་རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་པ་ཐམས་ཅད་འདྲེན་པའི་ཁྲོ་བོའི་དམ་ཚིག་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཉིད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་ཡེ་ཤེས་ལས་འདི་ཕྱུང་ངོ་། །ཨོཾ་བཛྲ་མ་ཧཱ་ཙཎྜ་སརྦྦ་དུཥྚཱཾ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ། འདི་ཕྱུང་མ་ཐག་ཏུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་ཁྲོ་བོ་ཆེན་པོའི་མཐུས་རྣམ་པ་དྲུག་ཏུ་གཡོས། ཀུན་ཏུ་གཡོས། ལྷ་དང་། ཀླུ་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། གནོད་སྦྱིན་དང་། སྲིན་པོ་ཐམས་ཅད་འཁྲུག་པ་ཆེན་པོར་གྱུར་ཏོ། །དེ་ནས་འཇིགས་པ་ཆེན་པོས་ཉེན་པས་དེ་དག་བརྒྱ་བྱིན་གྱི་ཐད་དུ་ལྷགས་ནས་བརྒྱ་བྱིན་བདག་ཉིད་ཀྱང་སྐྱབས་མེད་པར་མཐོང་ནས་ཚངས་པའི་ཐད་དུ་ཕྱིན། ཚངས་པ་ཡང་གཏོགས་འདོད་ཀྱི་གན་དུ་ཕྱིན། གཏོགས་འདོད་ཀྱང་དབང་ཕྱུག་ཆེན་པོའི་ཐད་དུ་ཕྱིན་ཏེ། དེ་ནས་དབང་ཕྱུག་ཆེན་པོ་བདག་ཉིད་ཀྱི་མཐུ་འཇིགས་བྱེད་ཆེན་པོའི་གཟུགས་སུ་བྱས་ཏེ། འཇིག་རྟེན་གྱི་ཁམས་འདི་དག་ཐམས་ཅད་རང་གི་རྫུ་འཕྲུལ་གྱི་མཐུས་ཀུན་ཏུ་སྣང་བར་བྱས་ཏེ། ལྷ་རྣམས་མ་འཇིགས་ཤིག །ཀླུ་རྣམས་མ་འཇིགས་ཤིག །གནོད་སྦྱིན་རྣམས་མ་འཇིགས་ཤིག །ལྷ་མ་ཡིན་རྣམས་མ་འཇིགས་ཤིག །དྲི་ཟ་རྣམས་མ་འཇིགས་ཤིག །ལྷ་དང་འཇིག་རྟེན་དུ་བཅས་པ་རྣམས་མ་འཇིགས་ཤིག །ངའི་རྫུ་འཕྲུལ་གྱི་ཁྱད་པར་འདི་ལྟ་བུ་གཞན་འགས་ཀྱང་རབ་ཏུ་བརྫི་ནུས་སམ། ཁྱེད་རྣམས་ཅི་དགར་སྤྱོད་པས་གནོས་ཤིག་ཅེས་དབུགས་ཕྱུང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་ཀྱང་དེ་བཞིན་


DNG012_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་ཐམས་ཅད་ཀྱི་གཟི་བརྗིད་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁྲོ་བོའི་ཁྲོ་གཉེར་ཆེན་པོ་ཞེས་བྱ་བ། ཁྲོ་བོ་ཆེན་པོའི་སྙིང་པོ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཡེ་ཤེས་ལས་ཕྱུང་ངོ་། །ཨོཾ་བཛྲ་བྷྲྀ་ཀུ་ཊི། མ་ཧཱ་ཀྲོ་དྷ་ཧ་ན་ཧ་ན། གྲྀ་ཧྣ་གྲྀ་ཧྣ། མཱ་ར་མཱ་ར། བྷཉྫ་བྷཉྫ། ད་ཧ་ད་ཧ། པ་ཙ་པ་ཙ་ཧཱུྃ། བྷྲྀ་བྷྲྀ། བྷྲཧྨཱ་བྷྲཧྨཱ་ཡ། བྷྲྀ་ཀུཊྚ་སརྦྦ་མཱ་རཱ་ན་སརྦྦ་དུཥྚཱ་མ་ཊ་མ་ཊ། མོ་ཊ་མོ་ཊ། ཧཱུྃ་བྷྲྀ། ཧཱུྃ་ཏྲཱྃ། ཏྲ་ཊ་ཏྲ་ཊ། བྷྲྀ་ཧཱུྃ་ཧྲཾ་ཧཱུྃ་ཏྲཾ་ཏྲ་ཊ། འདི་བརྗོད་མ་ཐག་ཏུ་དེ་དག་སྔ་མ་བཞིན་དུ་སྐྲག་ནས་དབང་ཕྱུག་ཆེན་པོའི་ཐད་དུ་ཉེ་བར་ལྷགས་སོ། །དེ་ནས་དབང་ཕྱུག་སྔ་མ་བཞིན་དུ་བདག་གི་ཆེ་བ་ཉེ་བར་སྟོན་ཅིང་གཏོགས་འདོད་ལ་སྨྲས་པ། ཁྱེད་ཀྱང་མཐུ་ཆེན་པོའི་ལྷ་ཆེན་པོ་སྟེ་གདུག་པ་ཐམས་ཅད་ཀྱི་ཚོགས་ཀྱི་བདག་པོ་ཡིན་ན། རང་གི་མཐུ་རྒྱ་ཆེན་པོའི་རྫུ་འཕྲུལ་ཉེ་བར་སྟོན་པས་གདུག་པ་དེ་རྣམས་དབུགས་དབྱུང་བར་མཛོད་ཅིག །དེ་ནས་གཏོགས་འདོད་དེ་མ་ཐག་ཏུ་རང་གི་མཐུ་འཇིགས་བྱེད་ཀྱི་གཟུགས་འཁོར་ལོའི་ནག་པོ་ཆེན་པོར་བསྒྱུར་ནས་རྡོ་རྗེའི་སྐད་དྲག་པོ་ཆེན་པོའི་བགད་པའི་གདངས་འབྱིན་པས་འཇིག་རྟེན་ཐམས་ཅད་ལ་ཉེ་བར་སྟོན་ཅིང་གནས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་ཆེན་པོ་ཡང་ཁྲོ་བོ་ཆེན་པོའི་པདྨ་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། སྙོམས་པར་ཞུགས་མ་ཐག་ཏུ་པདྨའི་དྲ་བ་འཆར་བའི་ཁྲོ་བོ་ཐམས་ཅད་སླར་ལྡོག་སྟེ། བཅོམ་ལྡན་འདས་ཀྱི་ཐུགས་ཀར་ཞུགས་སོ། །ཞུགས་ནས་ཁྲོ་བོ་ཆེན་པོའི་སྙིང་པོར་བདག་ཉིད་བྱིན་གྱིས་བརླབས་ནས། བཅོམ་ལྡན་འདས་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་ཐུགས་ཀ་ནས་ཕྱུང་ངོ་། །ཨོཾ་པདྨ་མ་ཧཱ་ཛྭཱ་ལ་མ་ཧཱ་ཀྲོ་དྷ་བ་ད་བ་མུ་ཁ་ཁ་ཁ། སརྦྦ་དུཥྚཱཾ། ཁཱ་ཧི་ཁཱ་ཧཱི། སརྦྦ་དུཥྚཱཾ། པྲ་དུཥྚཱ་ནཱཾ། ད་མ་ད་མ། བཛྲ་དཾ་ཥྚྲོཀྐཊ་མ་ཏཱ་མ་ཊ་མ་ཊ། ཀྵོ་ཊ་ཀྵོ་ཊ། བཛྲ་ཁ་ར། ཙ་པ་ལ་དུར་ག་བེ་ག །ཏྲ་ས་ཏྲ་ས། མ་ཧཱ་བཛྲ་བ་ཌ་བ་མུ་ཁ། པྲ་མ་ཐ་པྲ་མ་ཐ་


DNG012_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་ཕཊ། ཧྲཱྀ་ཧ་ཧ་ཧི་ཧི། ཙ་ཏུརྨུ་ཁ། བེ་ཤ་པྲཱ་ཎ་ཤ་ན། ཧཱུྃ་ཧྲཱིཾ་ཧཱུྃ་ཧཱུྃ་མྲཱྀ ཿཧ། དེ་ནས་འདི་གསུངས་མ་ཐག་ཏུ་ཚངས་རིས་ཆེན་པོ་འདར་ཡེད་ཡེད་ཞིང་ཁས་བུབ་ཏུ་འགྱེལ་ཏེ། བརྡབ་འཆོས་སོ། །དེ་ནས་ཚངས་པ་ཆེན་པོ་ངོ་མཚར་དུ་གྱུར་ཏེ། དབང་ཕྱུག་ཆེན་པོ་ལ་དྲིས་པ། ལྷ་འདི་ནི་ཤིན་ཏུ་ངོ་མཚར་དུ་སྣང་ངོ་། །དེ་ནས་དབང་ཕྱུག་ཆེན་པོས་ཚངས་པ་ལ་བསྐུལ་བ། ཁྱོད་ནི་སེམས་ཅན་ཀུན་གྱི་གཙོ་བོ། ལྷའི་ཚོགས་ཐམས་ཅད་ཀྱི་བདག་པོ། ཁྱོད་ནི་འཇིག་རྟེན་གསུམ་ན་གཏོང་བ་དང་བྱེད་པའོ། །རྫུ་འཕྲུལ་ཆེན་པོ་དང་ལྡན་པ་དེའི་ཕྱིར་ཁྱོད་ཀྱིས་གདུག་པའི་སེམས་ཅན་དང་། གདུག་པའི་ལུས་ཅན་ཐམས་ཅད་བརླག་པར་གྱིས་ཤིག །དེ་ནས་ཚངས་པས་རང་ཉིད་ཀྱི་མཐུ་དང་། ཚངས་པ་ཆེན་པོའི་སྲིན་པོའི་གཟུགས་སུ་མངོན་པར་སྤྲུལ་ནས། འཇིགས་བྱེད་ཆེན་པོ་ལྟ་བུར་གདོང་བཞི་པ། མེ་ལྕེ་སྟོང་གི་གཟི་བརྗིད་ཅན་གྱི་ལུས་འགུལ་བ་དང་བཅས་པས་བགད་པ་ཆེན་པོ་འབྱིན་པས་ལྷའི་ཚོགས་ཀྱི་གདུག་པ་ཐམས་ཅད་ལ་ཉེ་བར་སྟོན་ཅིང་གནས་སོ། །དེ་ནས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་ཆེན་པོ་ཡང་ལྷ་ཐམས་ཅད་རབ་ཏུ་འཇོམས་པ་ཞེས་བྱ་བ་ཁྲོ་བོ་ཆེན་པོའི་ཏིང་ངེ་འཛིན་ལ་ཡང་དག་པར་སྙོམས་པར་ཞུགས་ཏེ། རྡོ་རྗེ་ཆེན་པོའི་འཇིགས་བྱེད་ཅེས་བྱ་བའི་ཁྲོ་བོ་ཆེན་པོའི་སྙིང་པོ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་ཡེ་ཤེས་ཀྱི་ཐུགས་ཀ་ནས་ཕྱུང་ངོ་། །ཨོཾ་བཛྲ་བྷཻ་ར་བ། མ་ཧཱ་ཀྲོ་དྷ། སརྦྦ་དུཥྚཱ། སྃ་བྷཀྵ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ། བཛྲ་ཡཀྵ་ཧ་ན་ཧ་ན་ཧཱུྃ་ཕཊ། དེ་ནས་འདི་ཕྱུང་མ་ཐག་ཏུ་བརྒྱ་བྱིན་གྱི་ཁང་པ་འདི་ཐམས་ཅད་དུམ་བུ་བརྒྱར་རྣམ་པར་བཤིག་སྟེ། རི་རབ་ཀྱི་རྩེ་མོ་ཡང་ཆེས་འགུལ་ཞིང་ཀུན་ཏུ་འཁོར་ནས་གནས་པར་འགྱུར། བརྒྱ་བྱིན་འཁོར་དང་བཅས་པ་ཡང་ཁས་བུབ་ཙམ་དུ་འགྱེལ་ཏེ་བརྒྱལ་བར་གྱུར་ཏོ། །དེ་ནས་ལངས་ཏེ་དབང་ཕྱུག་ཆེན་པོ་ལ་བལྟས་པ་དང་། དབང་ཕྱུག་ཆེན་པོས་ཀྱང་བསྐུལ་བ། ཁྱོད་ནི་ལྷའི་ཚོགས་ཐམས་ཅད་ཀྱི་བདག་པོ་སྟེ།


DNG012_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

མཐུ་ཆེ་བ་ཡིན་ལ་སུམ་ཅུ་རྩ་གསུམ་གྱི་ལྷ་གདུག་པའི་ཚོགས་ཐམས་ཅད་ཀྱང་ཁྱོད་ལ་མཉེས་པར་བྱེད་པ་ཡིན་ན་དེ་ལྟར་བདག་ཉིད་ཀྱི་རྫུ་འཕྲུལ་གྱི་མཐུ་ཉེ་བར་སྟོན་ཅིག །དེ་ནས་ལྷའི་རྒྱལ་པོ་ཆེན་པོ་བརྒྱ་བྱིན་དེ་རང་ཉིད་ཀྱི་མཐུ་གནོད་སྦྱིན་དང་། སྲིན་པོ་ཆེན་པོའི་གཟུགས་ཉེ་བར་སྟོན་ཅིང་གདུག་པའི་ཚོགས་ཐམས་ཅད་ལ་གདུག་པ་དག་མ་འཇིགས་ཤིག །ངའི་རྫུ་འཕྲུལ་འདི་ལྟ་བུ་དག་མཐོང་ན་སུས་ཀྱང་ཟིལ་གྱིས་གནོན་མི་ནུས་སོ་ཞེས་དབུགས་འབྱིན་པར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་ཆེན་པོ་ཡང་སྔགས་ཀྱི་ལྷ་ཐམས་ཅད་འདྲེན་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་ལྷ་དེ་དག་ཐམས་ཅད་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་ཡེ་ཤེས་ལས་འཇུག་པར་མཛད་དེ། བཅུག་ནས་ཀྱང་ཁྲོ་བོ་ཆེན་པོ་ཐམས་ཅད་ཕྱག་རྒྱ་ཆེན་པོར་མངོན་པར་བསྒྱུར་ནས་བདག་ཉིད་ཀྱང་ཁྲོ་བོ་ཐམས་ཅད་འབྱིན་པའི་ཁྲོ་བོ་ཆེན་པོའི་གཟུགས་སུ་དམིགས་ཏེ་མཆེ་བ་ཆེན་པོ་འབྱིན་པ། ཞལ་མི་སྡུག་པ། སྤྱན་སྟོང་པ། ཉི་མ་ཆེན་པོ་སྟོང་གི་གཟི་བརྗིད་ཅན་རབ་ཏུ་མི་བཟད་པར་བྱེད་པའི་མེ་རླུང་གིས་བདས་པའི་མདོག་སྔོན་པོའི་སྐུ། དུར་ཁྲོད་ཆེན་པོའི་དཔལ་ཆེན་གྱི་ཕྱག་རྒྱ་མིའི་ཀེང་རུས་དང་། ཁྲག་དང་། ཤ་དང་། ཀླད་པ་དང་། རྐང་དང་། ཚིལ་རྣམས་ཟས་སུ་གསོལ་བ། མིའི་པགས་པས་སྣམ་ལོགས་རྒྱབ་ལ་གཡོགས་ཏེ་བསྡམས་པ། མིའི་མགོ་བོའི་ཕྲེང་བ་དབུ་ལ་འཛིན་པ།སེང་གེ་དང་། གླང་པོ་ཆེ་དང་། བོང་བུ་དང་། རྔ་མོ་དང་། མ་ཧེ་དང་། ཕག་དང་། ཅེ་སྤྱང་དང་། ར་དང་། ཁྱི་དང་། འུག་པ་དང་། བྱ་རོག་དང་། བཞད་དང་། བྱི་ལ་དང་། གཟིག་དང་། སྟག་ལ་སོགས་པའི་ཁྲོ་བོ་བྱོལ་སོང་གི་གདོང་བརྒྱ་སྟོང་མང་པོ་རང་གི་བ་སྤུའི་བུ་ག་ནས་ཕྱུང་སྟེ། དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་ཤར་ཕྱོགས་ན་འཇིགས་བྱེད་ཆེན་པོ་འདུལ་བ་རྣམ་པར་གཉེར་བའི་འཇིགས་པ་ལྟ་བུའི་སྤྱན་དང་། ཞལ་རྡོ་རྗེའི་མཆེ་བ་ཆེན་པོ་གཙིགས་


DNG012_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

པ། འཇིགས་པར་བྱེད་པའི་ཁྲོ་བོ་ཆེན་པོ་བརྒྱ་སྟོང་གི་གཡོག་དང་བཅས་ཏེ།ཤར་ཕྱོགས་ཀྱི་དཀྱིལ་འཁོར་དུ་འཁྱིལ་པར་གྱུར་ཏེ་གནས་སོ། །ལྷོའི་དཀྱིལ་འཁོར་དུ་ཡང་རྡོ་རྗེ་ཁྲོ་གཉེར་ཅན་ཁྲོ་བོ་བརྒྱ་སྟོང་མང་པོའི་གཡོག་དང་བཅས་པས་འཁྱིལ་པར་གྱུར་ཏེ་གནས་སོ། །ནུབ་ཀྱི་དཀྱིལ་འཁོར་དུ་ཡང་པདྨ་ཆེན་པོ་རྟ་གདོང་ཁྲོ་བོ་བརྒྱ་སྟོང་མང་པོའི་གཡོག་དང་། ནུབ་ཀྱི་དཀྱིལ་འཁོར་དུ་འཁྱིལ་པར་གྱུར་ཏེ་གནས་སོ། །བྱང་གི་དཀྱིལ་འཁོར་དུ་ཡང་རྡོ་རྗེ་འུར་འུར་ཆེན་པོའི་ཁྲོ་བོ་བརྒྱ་སྟོང་མང་པོའི་གཡོག་དང་འཁྱིལ་པར་གྱུར་ཏེ་གནས་སོ། །བཅོམ་ལྡན་འདས་རྡོ་རྗེ་ཤིན་ཏུ་དགྱེས་པ་ཁྲོ་བོ་ཆེན་པོ་ཡང་ཁྲོ་བོ་ཆེན་པོའི་ཚོགས་བརྒྱ་སྟོང་མང་པོས་བསྐོར་ནས་དཀྱིལ་འཁོར་གྱི་དབུས་སུ་བཞུགས་ཏེ། ཁྲོ་བོ་ཆེན་པོའི་ཚོགས་དེ་དག་དང་ཤིན་ཏུ་དགྱེས་པ་ཆེན་པོའི་བདེ་བ་ཆེན་པོས་ཀུན་ཏུ་སྤྱོད་ཅིང་ཁྲོ་བོ་ཆེན་པོའི་རྣམ་པ་བརྒྱ་སྟོང་མང་པོའི་རི་རབ་ཀྱི་རྡུལ་ཕྲན་དང་མཉམ་པ་སྙེད་ཕྱུང་ནས། ནམ་མཁའི་དབྱིངས་རབ་འབྱམས་ཐམས་ཅད་དུ་གང་བར་བྱས་ཏེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་ཀྱང་གང་བར་བྱས་སོ། །དེ་ནས་གདུག་པའི་ཚོགས་ཐམས་ཅད་ཀྱིས་དེ་དག་མཐོང་ནས་འཇིགས་དངངས་སྐྱབས་མ་མཐོང་ནས། རང་རང་གི་བདག་པོའི་ཐད་དུ་སོང་སྟེ། རྗེ་གཅིག་རྗེ་གཅིག་ཉིད་ཀྱིས་བདག་ལ་སྐྱོབས་ཤིག །དེ་ནས་དབང་ཕྱུག་ཆེན་པོ་ལ་སོགས་པའི་ལྷའི་བདག་པོ་དེ་དག་བདག་ཉིད་ཀྱི་མཐུ་སྤྲུལ་ནས་མ་འཇིགས་ཤིག །མ་འཇིགས་ཤིག་ཅེས་དབུགས་འབྱིན་པར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་ཤིན་ཏུ་དགྱེས་པ་ཁྲོ་བོ་ཆེན་པོས་ཁྲོ་བོའི་ཚོགས་ཀུན་ལ་བཀའ་སྩལ་པ། ན་མོ་རཏྣ་ཏྲ་ཡཱ་ཡ། མ་ཧཱ་ཙཎྜ་བཛྲ་པཱ་ཎ་ཡེ། མ་མ་ཧཱ་ཡཀྵ་སེ་ནཱ་བ་ཏ་ཡེ། ཏདྱ་ཐཱ། ཨོཾ་བོ་དྷ་བོ་དྷ། མ་ཧཱ་བྷཻ་ར་བ་ད་ར་པ་པ་ཧཱ་རི་ཧ་ར་ཧ་ར། གྲྀ་ཧྞ་གྲྀ་ཧྞ། མཱ་ར་མཱ་ར། བྷཉྫ་བྷཉྫ། ཤཱི་གྷྲྃ་མ་ཧཱ་བཛྲ། ཙཎྜ་སརྦ་དུཥྚཱཾ། ཏ་ཀ་ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། མ་ཐ་མ་ཐ་ཧཱུྃ་ཕཊ། འདི་གསུངས་


DNG012_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཐག་ཏུ་འཇིགས་བྱེད་ཆེན་པོའི་འདུལ་བར་བྱེད་པས་རང་གི་སྐུ་ནམ་མཁའི་དབྱིངས་ཀྱི་ཚད་དུ་བསྐྱེད་དོ། །ཁྲོ་བོ་བརྒྱ་སྟོང་མང་པོ་རྣམ་པར་བསྙེར་བའི་ཞལ་མཆེ་བ་གཙིགས་ཏེ། འཁྱིལ་ཞིང་བསྒྱུར་བ། ཕྱག་བརྒྱ་སྟོང་མང་པོ་ལ་མཚོན་ཆ་སྣ་ཚོགས་འཛིན་པ་ཞལ་སྣ་ཚོགས་མང་པོ་བརྒྱ་སྟོང་མེ་ལྕེ་བཞིན་དུ་རབ་ཏུ་འབར་བའི་སྐུ་བརྒྱ་སྟོང་རྣམས་འཇིགས་བྱེད་ཆེན་པོ་ག་ན་བ་དེར་སོང་སྟེ། རྡོ་རྗེ་དྲག་པོའི་གད་མོ་ཆེར་འབྱིན་པས་བཞད་ཅིང་མདུན་ན་གནས་སོ། །ཨོཾ་མ་ཧཱ་བཛྲ་ཧེ་རུ་ཀ་བཛྲ་ཨཊྚཱཊྚ་ཧཱ་ས་ཧཱ་ས་ར་ཧ་ཧ་ཧ་ཧ་ཧཱུྃ་ཧ་ཨི་ཏི། དེ་ནས་དབང་ཕྱུག་ཆེན་པོས་རྡོ་རྗེ་དྲག་པོ་བཞད་པ་ཆེན་པོ་ཐོས་ནས་གཡོག་དང་བཅས་པར་ཁས་བུབ་ཏུ་འགྱེལ་ཏེ་བརྒྱལ་བར་གྱུར་ནས་སླར་ཡང་བསླང་སྟེ་འཇིག་རྟེན་གསུམ་པོ་ཡོངས་སུ་བསྐོར་དུ་བཅུག་ནས་འཇིགས་བྱེད་གདུག་པ་ང་ལ་སྐྱབས་སུ་སོང་ཞེས་བསྒོ་ཡང་སྐྱབས་སུ་འགྲོ་བ་མི་ལེན་ཅིང་། སླར་ཡང་རང་གི་རྒྱུད་ཀྱི་ང་རྒྱལ་བསྐྱེད་དེ། འཇིགས་བྱེད་ཆེན་པོ་བརྒྱད་པ་ཞེས་བྱ་བ་ཕྱུང་ནས་རི་རབ་ཙམ་གྱི་བདག་ཉིད་ཆེན་པོ་ཉེ་བར་སྟོན་ཅིང་། བགད་པ་ཆེན་པོའི་ང་རོ་འབྱིན་པར་གྱུར་ཏོ། །ཨོཾ་མ་ཧཱ་བྷེ་ར་བ་བེཥྚིཾ་ཥྚིཾ། ཊྲ་ཊྲ་ཊྲ་ཏ་ཊྲ་ཏ། ཧ་ཧ་ཨི་ཏི། འོན་ཀྱང་བ་སྤུའི་རྩེ་མོ་ཅུང་ཟད་ཙམ་ཡང་མ་འགུལ་ཏོ། །དེ་ནས་ཡང་འཇིགས་བྱེད་ཆེན་པོ་འདུལ་བར་བྱེད་པའི་ཁྲོ་བོ་དེས་ཧེ་རུ་ཀའི་ང་རོ་འབྱིན་ཅིང་མགོ་བོར་མནན་ནས་བསྣུན་ཏེ་ཧེ་རུ་ཀས་བདག་ཉིད་ཀྱི་མཐུ་ཆེན་པོས་འཇིགས་བྱེད་ཆེན་པོའི་ང་རོ་འབྱིན་ཅིང་རྒྱུ་མའི་སྦུ་གུ་དྲངས་ནས་ཁྲག་དང་རུས་པ་དང་རྐང་རྣམས་ཟ་ཞིང་ཆེམ་ཆེམ་མཛད་པས། དེའི་འཁོར་ལ་རབ་ཏུ་སྟོན་པར་མཛད་དེ། ཨུ་མ་དང་འགའ་འགའ་ཡང་རྣམ་པར་བཅོམ་མོ། །མ་མོའི་ཚོགས་ཐམས་ཅད་ཀྱང་སྒྲེན་མོར་བྱས་ཏེ་དམའ་ཕབ་ནས། ཁྲོ་བོ་བདག་ཉིད་ཀྱི་མཐུ་ཉེ་བར་སྤེལ་ཅིང་འཁོར་ཐམས་ཅད་ཀྱང་བཏུལ། སྐྱབས་ལེན་དུ་ཡང་བཅུག །དམ་ཚིག་ལ་ཡང་གནས་པར་བྱས་ཏེ་ཡང་དག་པར་ཞུགས་སོ། །དེ་ནས་བཅོམ་


DNG012_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་རྡོ་རྗེ་ཤིན་ཏུ་དགྱེས་པ་ཆེན་པོ་ཁྲོ་བོ་ཆེན་པོ་དྲག་པོའི་བཞད་པ་བཞད་ཅིང་རྡོ་རྗེའི་ཁྲོ་གཉེར་ཁྲོ་བོ་ཆེན་པོས་མགོ་ལ་ཞབས་ཀྱིས་བསྣུན་ཏེ་གཏོང་བར་མཛད་དོ། །ཨོཾ་བཛྲ་བྷྲྀ་ཀུ་ཊི། ཧ་ན་ཧ་ན། གྲྀ་ཧྞ་གྲྀ་ཧྞ་ཧཱུྃ། མ་ཏ་མ་ཏ་ཀིཉྩི་རཱ་ཡ་སི། སཱུརྱ་ས་ཧ་སྲ་ཧ་སྡི། རེ་ཀེ་བ་སུ་རཱ་ཛ་ལ་ལ་རྩི་པྲ་ཛྭཱ་ལི་ཏ།མ་ཧཱ་མཱུརྟི་ཨཱ་ཀཌྜྷྱ་ཨཱ་ཀཌྜྷྱ་ཨ་བྱ་ཝ་མ་བྱ་ཝ་མ། ཀྲི་ཎ་པ་ཙཀྲ་བྷཻ་ར་བ་ཧྲྀ་ད་ཡྃ་ཧཱུྃ་བྷྲྀ། དེ་ནས་རྡོ་རྗེ་ཁྲོ་གཉེར་ཆེན་པོའི་ཁྲོ་བོ་ཆེན་པོས་བཞད་པས་བཞད་ཅིང་འགྲོ་བ་ཐམས་ཅད་ལ་ཁྱབ་པའི་གཟུགས་སུ་མངོན་པར་སྤྲུལ་ནས་འཁོར་ལོ་ཅན་གྱི་མདུན་དུ་སྟོན་ཏོ། །དེ་ནས་འཁོར་ལོ་ཅན་གྱི་འཁོར་འཇིགས་པ་ཆེན་པོས་ཉན་ཏེ། ཁས་བུབ་ཏུ་འགྱེལ་ཏེ་རབ་ཏུ་བརྒྱལ་ཞིང་རྗེ་གཅིག་བདག་ཅག་ལ་སྐྱོབས་ཤིག་ཅེས་སྨྲ་ཞིང་། སྐྱབས་མེད་པར་བདག་ཉིད་ཀྱིས་མཐོང་ནས་འཁོར་ལོ་ཅན་ལ་སྐྱབས་སུ་སོང་ངོ་། །དེ་ནས་བིཥྞུས་ཀྱང་བདག་ཉིད་ཀྱི་མཐུ་མང་པོ་རབ་ཏུ་ཉེ་བར་སྟོན་ཅིང་ཤིན་ཏུ་དགྱེས་པ་ཆེན་པོའི་མདུན་དུ་གནས་ཏེ་རྒྱབ་ལ་ཞུགས་སོ། །ཀྭ་ཡེ་ཀྭ་ཡེ་གདུག་པ་ཉེ་བའི་ཁྲོ་གཉེར་གྱིས་སྙིང་དྲལ་ཏེ་ཇི་སྲིད་མ་འཐུངས་ཀྱི་བར་དུ་དེ་སྲིད་རང་གི་གནས་སུ་སོང་ཤིག །དེ་ནས་རྡོ་རྗེ་ཁྲོ་གཉེར་ཆེན་པོ་དེ་རབ་ཏུ་འཁྲུགས་གཏུམ་པོར་གྱུར་ནས། དེ་དྲངས་ཏེ་བསྡམས་ནས་སྙིང་དྲལ་ཏེ། དེའི་ཁྲག་ལ་ཉི་མའི་ཁྲོ་གཉེར་ཆེན་པོ་གནོད་སྦྱིན་ཆེན་པོའི་གདོན་གྱི་བདག་ཉིད་ཡང་དག་པར་ཚིམ་པར་མཛད་དོ། །ཨོཾ་བཛྲ་བ་སཱུརྱ་བྷྲཾ་ཀུ་ཊི་ཀྲོ་དྷ་མ་ཧཱ་གྲ་ཧ་ཧ་ར་པ་ཏ་ར་པ། སྱ་སུ་དྷི། ར་མཱཾ་ས་མེ་ད་མ་ཝྱི ་ན། ཨོཾ་བྷྲ་བྷྲ་བྷྲྀ་བྷྲུྃ་བྷྲ། དེ་ནས་འཁོར་ལོ་ཅན་དེ་སེམས་རབ་ཏུ་བརླག་པར་གྱུར་ཏེ་གནས་སོ། །དེའི་ཆུང་མ་རུག་མི་ནི་དང་། མ་ཧཱ་ཤྲཱི་དང་། ལ ་ཡང་གཡོག་དང་བཅས་པར་རྣམ་པར་བཅོམ་སྟེ། སྣ་ཚོགས་རྣམས་རྣམ་པར་བཏུལ་ནས་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྟ་གདོང་ཆེན་པོ་ཁྲོ་བོ་ཆེན་པོའི་རྒྱབ་ཏུ་གཅིག་བསྣུན་ནས་གཏོང་བར་མཛད་དོ། །ཨོཾ་བཛྲ་བ་ཌ་བ་མུ་ཁ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཙ་ཏུརྨུ་ཁཱ་


DNG012_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

པི་བ་པི་བ།ཨ་སྱ་རུ་དྷི་ར་མ། ཨཱ་ཀཌྜྷྱ། ཨཱ་ཀཌྜྷྱ། ཧྲྀ་ད་ཡྃ་ཏྲཱ་ན། ད་མ་ཧེ། བཛྲ་བ་ཌ་བ་མུ་ཁ། ཧི་ཧི་ཥ་མ་ཧཱ་ཤྭ་ཤྭེ་ཤྭེ་ར་ཧཱི་ཧཱི། དེ་ནས་རྡོ་རྗེ་རྟ་གདོང་ཆེན་པོ་རྟ་སྐད་ཆེན་པོ་མཛད་ཅིང་ཚངས་པའི་མདུན་དུ་གནས་པར་གྱུར་ཏོ། །དེ་ནས་ཚངས་པ་ཚངས་པའི་སྲིན་པོ་བདག་ཉིད་ཀྱིས་ནམ་མཁའ་བཀང་ནས་རྒྱུ་བར་བྱེད་དེ། དེ་ནས་ཚངས་པ་ཆེན་པོའི་འཁོར་ཁས་བུབ་ཏུ་འགྱེལ་ནས། རྗེ་གཅིག་སྐྱོབས་ཤིག །རྗེ་གཅིག་སྐྱོབས་ཤིག་ཅེས་སྨྲས་སོ། །དེ་ནས་ཚངས་པ་དེ་ཚངས་པའི་སྲིན་པོའི་བདག་ཉིད་ཀྱི་ནམ་མཁའ་བཀང་ནས་རྒྱལ་བར་བྱེད་དེ། ཀྭ་ཡེ་ཀྭ་ཡེ་གདུག་པའི་གདོང་མྱུར་དུ་སོང་སོང་། ཁྱོད་ཀྱི་རྒྱབ་ཏུ་ཞོན་ཏེ་མ་བཏུལ་རེ་ཞེས་སྨྲས་སོ། །དེ་ནས་རྡོ་རྗེ་རྟ་གདོང་ཆེན་པོ་རབ་ཏུ་འཁྲུགས་གཏུམ་པོར་གྱུར་ནས། ཚངས་པ་ཆེན་པོ་དེའི་མགོར་བརྫིས་ཏེ། སྙིང་དྲངས་ནས་ཁྲག་བཏུང་བ་ལ་ཞུགས་ཏེ། ཤ་དང་། ཀླད་པ་དང་། ཚིལ་བུ་དང་། རུས་པ་རྣམས་མྱངས་ནས་ཕྱོགས་བཅུར་གཏོར་ཏོ། །དེའི་ཆུང་མ་ཤི་རི་མ་དང་། སྭ་ར་སྭ་སྡི་དང་། ཤནྟི་རྣམས་ཀྱང་རྣམ་པར་བཅོམ། དེའི་འཁོར་གྱི་ཚོགས་རྣམས་ཀྱང་བཏུལ་ནས།དམ་ཚིག་གི་སྡོམ་པ་ལ་གནས་པར་བྱས་ཏེ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཤིན་ཏུ་དགྱེས་པ་ཆེན་པོའི་ཁྲོ་བོ་ཆེན་པོས་ཁྲོས་པ་དང་བཅས་པའི་བལྟ་བས་གཟིགས་ཏེ་གཏོང་བར་མཛད་དོ། །ཨོཾ་གུ་ལུ་གུ་ལུ་བཛྲ་མ་ཧཱ་ཀྲོ་དྷ། ཨཱ་ཀཪྵ་ཡ། ཨཱ་ཀཪྵ་ཡ་ཤ་ཀྲ་ཧྲྀ་ད་ཡྃ། མ་ཧཱ་བཛྲ་དྃཥྚྲཱ་ཡ། ཧཱུྃ་བྷ་ཀྵ་ཡ་བྷ་ཀྵ་ཡ་ཧཱུྃ། དེ་ནས་རྡོ་རྗེ་གནོད་སྦྱིན་ཆེན་པོའི་སྐུ་ཆེན་པོས་ནམ་མཁའི་ངོས་ཀུན་བཀང་སྟེ། བརྒྱ་བྱིན་གྱི་མདུན་དུ་བཞུགས་པར་གྱུར་ཏོ། །དེ་ནས་བརྒྱ་བྱིན་འགྱིང་བ་ཆེན་པོས་འགྱིངས་ཏེ། མི་བཟད་པར་ཁྲོས་པས་གནོད་སྦྱིན་ཆེན་པོ་ཁྱོད་སུའི་བྲན་ཡིན་ཞེས་དེ་ལ་སྨྲས་སོ། །དེ་ནས་རྡོ་རྗེ་གནོད་སྦྱིན་ཆེན་པོ་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ། སྙིང་ནས་གཙུག་གི་ནོར་བུ་ཕྱུང་སྙིང་ཡང་དྲལ་ཏེ། དེའི་ཤ་དང་། ཁྲག་དང་། ཀླད་པ་དང་།


DNG012_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ཚིལ་བུ་དང་། རུས་པ་དང་། བཟའ་བ་རྣམས་བཟའ་བར་ཞུགས་སོ། །དེ་ནས་དེའི་འཁོར་རྣམས་འཇིགས་ཤིང་དངངས་པའི་ཡིད་དུ་གྱུར་ཏེ། སྐྱབས་སུ་ཉེ་བར་གྱུར་ཏོ། །དེའི་ལྷ་མོའི་ཚོགས་རྣམས་ཀྱང་བཅོམ་ནས་དེའི་གནས་ན་གནས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཤིན་ཏུ་དགྱེས་པ་ཆེན་པོ་ཁྲོ་བོ་ཆེན་པོ་རྡོ་རྗེའི་རྣལ་འབྱོར་མ་རྣམས་དང་། རོལ་ཅིང་ཤིན་ཏུ་དགྱེས་པའི་ཀུན་ཏུ་ལོངས་སྤྱོད་པའི་ཁྲོ་བོ་ཆེན་པོའི་དཀྱིལ་འཁོར་ཆེན་པོ་ན་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཡང་འདུ་བར་མཛད་ནས་བཅོམ་ལྡན་འདས་ལ་བསྐུལ་བར་མཛད་དོ། །ཨོཾ་མ་ཧཱ་སུ་ར་ཏ་བཛྲ་མ་ཧཱ་ཀྲོ་དྷ་སཾ་ཧ་རོ་པ་སཾ་ཧ་ར། སརྦ་ཀྲོ་དྷ་མ། ཤ་མ་ཤ་མ། པྲ་ཤ་མ་པྲ་ཤ་མ། སརྦ་ཀྲོ་དྷ། ཨུཏྟི་མ་ཀྲོ་དྷ། སྭ་ས་མ་ཡ་མ་ཧཱ་མཎྜ་ལེ། སྠཱ་པ་ཡ་སྠཱ་པ་ཡ། སརྦ་ཀྲོ་དྷ་མ་དུཥྚ་པྲ་དུཥྚ་བི་པ་ཡ། བི་ཛ་ཡ་བི་ཛ་ཡ་ཤ་ཀྲ་བྲཧྨ་བིཥྞུ་ར་མ་ཧེ་ཤྭ་ར་མ་ཧོ་བྷ་ག་ཝཱན།སུ་ར་ཊ། སཽ་ཁྱ་ཀྲོ་དྷ། སརྦ་ཏ་ཐཱ་ག་ཏ་སཏྟྱ་ན་ས་མ་ཡཉྩ་ཧེ། སུ་ར་ཏ་ས་མ་ཡ་ཨི་ཧི། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་ཤིན་ཏུ་དགྱེས་པ་ཆེན་པོ་ཁྲོ་བོ་ཆེན་པོས་ཁྲོ་བོ་ཐམས་ཅད་འདྲེན་པ་དང་། གཞུག་པ་དང་། བཅིང་བ་དང་།དབང་དུ་བྱ་བའི་ཕྱིར། ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་བྱུང་ངོ་། །ཨོཾ་ཛཿཧཱུྃ་བྃ་ཧོཿ། ཊཀྐི་ཧཱུྃ་ཛྫཿ། ཊཀྐི་ཧཱུྃ་ཛྫཿ། ཧཱུྃ་ཊཀྐི་ཧཱུྃ་ཛྫཿ། ཧཱུྃ་ཊཀྐི་ཧཱུྃ་ཛྫཿ། ཨཱ་ཀཪྵ་ཡ། ཨཱ་ཀཪྵ་ཡ། བྷནྡྷ་ཡ། བ་ཤྃ་ཀུ་རུ། སརྦ་ཀྲོ་དྷ། ས་མ་ཡྃ། ཛཿཧཱུྃ་བྃ་ཧོཿ། ཊཀྐི་ཧཱུྃ་ཛྫཿ། ཧཱུྃ་ཊཀྐི་ཧཱུྃ། དེ་ནས་ཁྲོ་བོ་ཆེན་པོའི་དམ་ཚིག་དེ་དག་ཐམས་ཅད་འོངས་ནས། རང་གི་དཀྱིལ་འཁོར་ཆེན་པོའི་འཁོར་ལོར་འཁྱིལ་པར་གྱུར་ཏེ། ཀྱེ་བཅོམ་ལྡན་འདས་ཉིད་ཀྱིས་བཀའ་སྩལ་དུ་གསོལ་ཞེས་སྨྲ་ཞིང་གནས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཁྲོ་བོ་ཐམས་ཅད་ཀྱི་བཀའི་འཁོར་ལོའི་རྡོ་རྗེ་དམ་ཚིག་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཁྲོ་བོ་ཐམས་ཅད་ཀྱི་བཀའི་འཁོར་ལོ་ཆེན་པོ་


DNG012_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུང་ངོ་། །ཨོཾ་སུམྦྷ་ནི་སུམྦྷ་མ་ཧཱ་ཀྲོ་དྷ་ཤ་ཧཱུྃ་ཕཊ། དེ་ནས་དེ་དག་ལ་ཁྱོད་ཀྱིས་དབང་ཕྱུག་ཆེན་པོ་ལ་སོགས་པ་གདུག་པའི་སེམས་ཅན་ཆེན་པོ་རྣམས་གསོས་ཤིག་ཅེས་བཀའ་སྩལ་ཏོ། །དེ་དག་གིས་བཅོམ་ལྡན་འདས་ཉིད་ཀྱིས་རབ་ཏུ་གདུག་པ་རྣམས་གསོས་ཞེས་གསོལ་ནས། དེ་ནས་ཅང་མི་གསུང་བར་བཞུགས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་ཤིན་ཏུ་དགྱེས་པས་ཁྲོ་བོའི་ཕྱག་བསྣོལ་ཏེ་བཙིར་ནས་རྡོ་རྗེ་བདུད་རྩི་ཁྲོ་བོའི་དབང་མོ་ཆེན་མོ་ཕྱུང་ངོ་། །ཨོཾ་བཛྲ་ཨ་མྲྀ་ཏ། མ་ཧཱ་ཀྲོ་དྷི་ཤྭ་རི། ཨུཏ་ཤྲཱི་ཛཿ། ཨུཏ་ཤྲཱི་ཛཿ། བཛྲ་ཨ་མྲྀ་ཏི་ཧཱུྃ་ཨཱཿ། དེ་ནས་བཅོམ་ལྡན་འདས་མ་བདུད་རྩི་ཆེན་མོ་དེ་དག་ཀུན་ཏུ་ཁྲོས་ཏེ་སྨིན་མ་བསྒྱུར་བའི་གཟིགས་པའི་ཞལ་བཞད་པ། རུ་ལུ་རུ་ལུ། ཞེས་པའི་སྒྲ་འབྱིན་ཅིང་རང་གི་པདྨ་ལ་བཅོམ་ལྡན་འདས་ཀྱི་རྡོ་རྗེ་བཅུག་ནས་བདུད་རྩི་ཡང་དག་པར་བསྒྲུབ་པའི་རིག་པ་འདི་ཕྱུང་ངོ་། །ཨོཾ་ཨ་མྲྀ་ཏ་ས་པ་ནི་མ་ཧཱ་མྲྀ་ཏ་མུ་ཥེ། པྲ་བེ་ཤ་ཡ་པྲ་བེ་ཤ་ཡ། སརྦཱན་བཛྲ་པདྨ་སངྻོ་གེ། མ་ཧཱ་བོ་དྷི་ཙིཏྟ་བི་ཋ་བི་ཋ། མཱུ ཛིཾ ་ཨཱ། དེ་ནས་དབང་ཕྱུག་ཆེན་མོ་ལ་སོགས་པ་གདུག་པ་དེ་དག་ཐམས་ཅད་སྔ་མ་བཞིན་དུ་བདག་ཉིད་ཀྱི་ལུས་སོས་པར་གྱུར་ཏེ། སེམས་དྲན་པས་དེ་བཞིན་གཤེགས་པའི་འཁོར་ལོ་ཐམས་ཅད་མཐོང་ནས་ངོ་མཚར་དུ་གྱུར་ཏེ། བཅོམ་ལྡན་འདས་རྡོ་རྗེ་ཤིན་ཏུ་དགྱེས་པ་ཁྲོ་བོ་ལ་སྐྱབས་སུ་དོང་ནས། ཕྱིའི་དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་ཁྲོ་བོའི་འཁོར་རྣམས་གནས་པར་གྱུར་ཏོ། །དེ་ནས་དེ་དག་རབ་ཏུ་མགུ་བའི་ཡིད་ཀྱིས་བཅོམ་ལྡན་འདས་ལ་བསྟོད་པར་བྱེད་དེ། ཁྱོད་ནི་སེམས་ཅན་ཀུན་གྱི་ཡབ། །ཕན་བྱེད་དེ་བཞིན་ཡུམ་ཡིན་ཏེ། །གཙོ་བོ་འདུས་པས་བདག་ཅག་རྣམས། །འཇིགས་པ་ཆེ་ལས་སྐྱོབ་པ་སྟེ། །རྗེ་བོ་སྡུག་བསྔལ་ཐམས་ཅད་སེལ། །ཁྱོད་ནི་འགྲོ་བའི་དབང་པོ་རྗེ། །ཁམས་གསུམ་འདི་ནི་བྱེད་དང་གཏོང་། །ཆེ་བ་


DNG012_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་ཁྱོད་སྐྱེ་བོ་སྐྱོང་། །ཐོག་མ་མེད་ཁྱོད་ང་རོ་ཐིགས། །ང་རོའི་སྟེང་ནི་ཆ་ཡང་མེད། །གཙོ་བོ་ཡིག་མེད་བདུད་རྩི་ཡི། །རབ་དགྱེས་བདེ་བྱེད་གཏོང་བ་ཡི། །འགྲོ་བ་ཀུན་ལ་ཕན་བྱའི་ཕྱིར། །དེ་ནི་སངས་རྒྱས་ཐམས་ཅད་རྣམས། །རབ་དགྱེས་འགྲོ་ལ་བདེ་བའི་ཕྱིར། །མགོན་པོ་ཁྱོད་ཀྱིས་གཏོང་བར་མཛོད། །སེམས་ཅན་འདམ་གྱིས་མི་གོས་ཤིང་། །བླ་ན་མེད་པ་བྱང་ཆུབ་ལམ། །སྣ་ཚོགས་སྡུག་བསྔལ་ཞི་མཛད་པ། །སེམས་ཅན་སྐོམ་པ་ངོམས་མཛད་ཅིང་། །འཁོར་བ་རྦ་ཀློང་གྲོལ་མཛད་དེ། །མྱུར་དུ་བདེ་ལ་དགོངས་པ་མཛད། །དངོས་པོ་ཀུན་གྱིས་ཐམས་ཅད་དུ། །རྒྱལ་བ་ཀུན་གྱིས་མི་དཔོགས་ཏེ། །ཞི་བའི་རྣམ་པས་ཞིར་གྱུར་པ། །རྡུལ་དང་བྲལ་བས་འཛུམས་པ་སྤངས། །ནམ་མཁའ་བསྒོམ་ལས་རྣམ་འདས་པ། །རྣམ་རྟོག་དྲི་མས་མ་གོས་ཏེ། །སྒྱུ་མ་ཀུན་ལས་ཡང་དག་འདས། །འདོད་པ་ཀུན་ལ་རྒྱབ་ཕྱོགས་པ། །གཙོ་བོ་ཁྱོད་ལ་བདག་ཕྱག་འཚལ། །དྲེགས་པ་མེད་པ་འཇིགས་བྱེད་ལ། །བྱང་ཆུབ་མཆོག་ནི་ཐོབ་ཀྱི་བར། །བདག་ཅག་སྐྱབས་སུ་རབ་ཏུ་མཆི། །ཇི་སྲིད་འཚོ་བ་མཆིས་པ་དང་། །དམྱལ་བ་རྩུབ་མོའི་འཇིག་རྟེན་དུ། །ལྟུང་བར་གྱུར་པ་ཇི་སྲིད་པ། །ཁྱོད་ཀྱི་དམ་ཚིག་བསྐྱང་བར་བགྱི། །བྱང་ཆུབ་མཆོག་ཏུ་བདག་ཅག་ཀྱང་། །དྲི་མེད་སྐལ་བར་གྱུར་པ་ཡི། །གཙོ་བོ་བདག་ཅག་དབང་བསྐུར་བ། །བདེ་བ་ཆེན་པོས་སྩལ་དུ་གསོལ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་ཤིན་ཏུ་དགྱེས་པ་ཆེན་པོས་དེ་དག་གི་གསོལ་བའི་ཚིག་ཉེ་བར་གསན་ནས་མཉམ་པ་ཉིད་ཀྱི་བདེ་བའི་གནས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཞུགས་མ་ཐག་ཏུ་བཅོམ་ལྡན་འདས་ཀྱིས་བདེ་བ་དང་ཡིད་བདེ་བ་སྒྲུབ་པའི་ཐབས་མང་པོ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་སྟེ། བདེ་བ་ཆེན་པོའི་སྤྲོ་བའི་ཆོ་འཕྲུལ་ཆེན་པོས་ལྷའི་འཁོར་ཐམས་ཅད་དབང་བསྐུར་ཏེ། དེ་ནས་དབང་ཕྱུག་ཆེན་པོ་ལ་སོགས་པའི་ལྷ་ཆེན་པོ་དེ་དག་བདེ་བ་ཆེན་པོའི་


DNG012_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོ་བའི་ཆོ་འཕྲུལ་གྱིས་དབང་བསྐུར་བས་ཡིད་བདེ་བར་གྱུར་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་ཡང་དང་ཡང་དུ་གཏུགས་ནས་བསྐོར་བ་བྱས་ཏེ། ཇི་ལྟ་བ་བཞིན་དུ་ཀུན་ཏུ་ཡོངས་སུ་བསྐོར་ནས་གནས་སོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་ཤིན་ཏུ་དགྱེས་པ་ཆེན་པོ་དེ་བཞིན་གཤེགས་པས་ཡང་རྡོ་རྗེ་གཟུངས་མ་ཤིན་ཏུ་དགྱེས་པ་བདེ་བ་ཆེན་མོའི་དམ་ཚིག་དང་སྦྱོར་བའི་ཐབས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཅང་མི་གསུང་བར་བཞུགས་ནས། དེ་མ་ཐག་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་ཁྲོ་མོ་དབང་མོ་ཆེན་མོ་ཞེས་བྱ་བ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་བཛྲ་ཀྲོ་དྷཱི་ཤྭ་རི་སརྦ་དུཥྚཱ་ནི་མུ་དྲཱ་ཎི་མ་ཧཱ་པྲ་ལ་ཡཱ་ན་ལཤྨ་ཤཱ་ན་གྷཱི་ཥ་ཎེ། བཛྲ་མ་ཧཱ་ཀྲོ་དྷ་དཾཥྚྲཱ་ཀ་རཱ་ལོ་གྲ་ཏ་བ་ཏ་ནེ། སརྦ་ཤ་ཏྲཱུྃ། པྲ་ཤ་མ་ནི། ཧཱུྃ་ཧཱུྃ་མ་ཧཱ་ཀྲོ་དྷཱི་ཤྭ་རི་ཧཱུྃ་ཕཊ་ཕཊ། འདིས་ཇི་ལྟ་བ་བཞིན་དུ་བྱིན་གྱིས་བརླབས་ནས།དབུས་ཀྱི་དཀྱིལ་འཁོར་དུ་བཞག་སྟེ། དཔུང་པ་བཅུ་དྲུག་ལ་ཕྱག་ན་མཚོན་ཆ་སྣ་ཚོགས་བསྣམས་པ། ཞལ་གསུམ་པ་མདོག་ཨིནྡྲ་ནཱི་ལའི་འོད་འབར་བ་འདྲ་བ།རྡོ་རྗེ་དང་། ཐོད་པའི་འཁར་བ་དང་། ཐོད་པ་དང་། མདུང་དང་། སྟ་རེ་དང་། ཞགས་པ་དང་། རྩེ་གསུམ་པ་དང་། བེ་ཅོན་དང་། མུ་སུ་ར་དང་། འཁོར་ལོ་དང་། ཀ་ན་ཡ་དང་། ཏོ་མ་ཡ་དང་། གཞུ་དང་། མདའ་དང་། ཤག་ཏི་དང་། གྲི་རྣམས་ཕྱག་ན་འཛིན་པ། ཐོད་པའི་ཕྲེང་བས་དབུ་རྒྱན་བྱས་པ། ཉི་མ་བརྒྱ་དང་མེའི་འོད་འདྲ་བའོ། །དེའི་མདུན་དུ་རྡོ་རྗེ་ཁྲག་འཐུང་ཆེན་མོ་དེ་དང་འདྲ་བའི་གཟུགས་དང་ཆ་ལུགས་འཛིན་པ་རིག་པ་འདིས་གཞག་པར་བྱའོ། །ཨོཾ་མ་ཧཱ་བཛྲ་དྷ་ར་མ་ཧཱ་ཀྲོ་དྷི་ཤྭ་རི་མ་ཧཱ་ཤྨ་ཤཱ་ན་གྷཱི་ཥ་ནི་ནཱི་ལ་ཛྭཱ་ལ་ས་ཧ་སྲ་པྲ་ཛྭ་ལི་ཏ་མཱུ་རྟི་དྷ་རེ་ཀ་པཱ་ལ་མཱ་ལཱ་བྷཱུ་ཥི་ཏ་མ་གུ་ཏེ། ན་ར་དཱུ་ཏི་ར་ར་ཏྲ།པ་རི་པུ་རི་ཏ་ཀ་པཱ་ལ། ཨ་སྟེ་ཁ་ཊྭཱྃ་ག །བཛྲ་ཏྲི་ཤཱུ་ལ་གྷནྡྷ་མ་ཧཱ་ཀྲོ་དྷི་ན། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཧེ་ཧེ་རུནྟ་མུནྟ་པྲི་ཡེ་ཧཱུྃ་ཕཊ། དེ་ནས་


DNG012_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་རྡོ་རྗེ་ཤིན་ཏུ་དགྱེས་པ་ཁྲོ་བོ་ཆེན་པོའི་གཟི་བརྗིད་ཆེན་པོའི་མཆོག་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རྡོ་རྗེ་ཉི་མ་ཁྲོ་མོའི་དབང་མོ་ཆེན་མོ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཨོཾ་ཧཱུྃ་ཏྲཱྃ་མ་ཧཱ་སཱུརྱ་བཛྲ་ཀྲོ་དྷཱི་ཤྭ་རི་བི་ད་མ། མ་ཐ་མ་ཐ། གྲཱ་ས་གྲཱ་ས། སརྦ་དུཥྚཱ། པྲ་དུཥྚཱ། ཧཱུྃ་ཕཊ། ཨོཾ་ཧཱུྃ་ཏྲཾ་ཏྲཾ། ཏྲ་ཏྲ་ཏྲ། ཁྲོ་མོ་ཆེན་མོ་འདིས་ལྷོ་ཕྱོགས་ཀྱི་རིན་ཆེན་འབྱུང་ལྡན་གྱི་དཀྱིལ་འཁོར་དུ་གཞག་པར་བྱ་སྟེ། །གཟི་བརྗིད་ཆེན་པོར་རབ་གཏོང་ཞིང་། །ཤིན་ཏུ་འཇིགས་པ་མེ་བཞིན་འབར། །དཔུང་པ་བཅུ་དྲུག་རྣོ་བ་སྟེ། །དཔུང་རྒྱན་ཐོད་པས་བརྩེག་པར་བྱ། །སྤྱན་ནི་རབ་དམར་སྔོ་བསངས་མདོག །མཚོན་ཆའི་ཚོགས་ནི་བསྣམས་པར་བརྩོན། །གདུག་པ་ཐམས་ཅད་འཆའ་བྱེད་ཅིང་། །ཡི་དྭགས་ཆེན་པོའི་སྟན་ལ་ཞོན། །རང་གི་གཡོག་གིས་མདུན་དུ་བསྐོར། །དེ་ནས་བཅོམ་ལྡན་འདས་པདྨ་འབྱུང་གནས་བཀོད་པའི་འོད་ཀྱི་ཕྲེང་བ་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། པདྨའི་དྲ་བ་ཁྲོ་མོའི་དབང་མོ་ཆེན་མོ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཨོཾ་ཧྲཱྀཿབཛྲ་པདྨ་མ་ཧཱ་བནྡྷ་མུ་ཁེ། ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ཧཱ་མ་ཧོ། དྷ་ར་བི་ཀོ་པེ་ཧཱུྃ་ཧེ་ཧཱུྃ་ཧཱུྃ་ཧ་ཧ།ཧཱུྃ་ཧཱུྃ་ཧྲཱྀཿ། ཧི་ཤ་ཧི་ཤ །མ་ཧཱ་བཛྲ་བ་ད་བ་མུ་ལ་མི་ཧོ་ཏྱོ་ཏྱེ། ཧཱུྃ་ཧཱུྃ། ཧི་ཧི་ཧཱུྃ་ཧྲཱྀཿཧཱུྃ། དཀྱིལ་འཁོར་ནང་གི་དབུས་ཉིད་དུ། །འདི་ནི་རྒྱབ་ཏུ་གཞག་པར་བྱ། །རྣོ་བ་ཆེན་པོ་ཞལ་གསུམ་པ། །རྟ་གདོང་གྱེན་དུ་སྟོན་པ་སྟེ། །ཁྲོ་མོ་ཆེན་མོ་དཔུང་བཅུ་དྲུག །རྣམ་པར་བསྒྱུར་བའི་མི་སྡུག་གདོང་། །མི་རོའི་རྟ་ལ་ཡང་དག་ཞོན། །ཁྲག་མང་པོ་ལ་འཐུང་བྱེད་པ། །མཚོན་ཆ་སྣ་ཚོགས་འཛིན་པ་སྟེ། །ཁྲོས་པའི་དབུ་རྒྱན་ཐོད་པས་བརྩེགས། །འོད་ཟེར་རྣོན་པོ་གཏོང་བྱེད་ཅིང་། །གཡོག་བཅས་དཀྱིལ་འཁོར་བརྒྱན་ཏེ་གནས། །དེ་ནས་བཅོམ་ལྡན་འདས་ཡང་གདོན་མི་ཟ་བའི་ཡེ་ཤེས་ཀྱི་ཁྲོ་མོ་གཉིས་སུ་མེད་པར་འདུ་


DNG012_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཐབས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། གདོན་མི་ཟ་བའི་དྲག་པོ་དང་ལྡན་མ་ཆེན་མོ་ཞེས་བྱ་བའི་ཁྲོས་པའི་དབང་མོ་ཆེན་མོ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཨོཾ་སརྦ་ཨ་མོ་གྷ་མ་ཧཱ་བི་ཤྭེ་ཤྭ་རི་ཧཱུྃ་ཧཱུྃ་ཧཱུྃ། ཧྃ་ཧྃ་ཧྃ། མ་ཧཱ་ཀྲོ་དྷི་གྲ་མུ་ཁེ། མ་ཧཱ་བི་ཤྭེ་བད་རི་ཎི། སརྦ་དུཥྚ། པྲ་ཤ་མ་ནི་ཧཱུྃ་ཧཱུྃ་ཕཊ། འདི་ཉིད་ཀྱིས་ནི་ཅི་རིགས་པར། །རྡོ་རྗེ་གདོན་མི་ཟ་བ་ཡི། །དཀྱིལ་འཁོར་གཡོག་བཅས་རྣམ་པ་བཞི། །སྣ་ཚོགས་དམ་ཚིག་གཞག་བྱས་ཏེ། །སྣ་ཚོགས་གཟུགས་དང་ཁྱད་པར་ལྡན། །ཀུན་ཏུ་ཡོངས་སུ་བསྐོར་ནས་གནས། །བསྙེར་བ་དང་ནི་བཙུམས་པའི་གདོང་། །རབ་ཏུ་དྲག་ལ་རོ་མྱོང་ཞིང་། །གདོང་གཉེར་ཐོད་པའི་རྩེ་མོར་བྱས། །དཔུང་པ་བཅུ་དྲུག་གིས་བརྒྱན་པའི། །ཁྲོ་མོ་ཆེན་མོ་གདོང་གསུམ་པ། །ཟ་བྱེད་མི་བཞིན་ལྟ་བ་ཡི། །དེ་ཡི་ངོ་བོ་ཐམས་ཅད་ཀྱི། །གཡོག་ནི་རྣམ་པ་བཞི་རྣམས་ཀྱིས། །བསྐོར་བར་ཤེས་རབ་ཅན་གྱིས་གཞག །རང་གི་ཕྱག་རྒྱ་མཚན་མར་ལྡན། །དཔུང་པ་བརྒྱད་དང་ལྡན་པ་ཡི། །དེ་ནས་ཆོ་ག་ཇི་བཞིན་དུ། །འབྱུང་མོའི་ཕྱག་རྒྱ་ཡང་དག་ཞོན། །དུར་ཁྲོད་བཞིན་དུ་འཇིགས་བྱེད་པ། །ཕྱི་ཡི་རྣལ་འབྱོར་མ་ཚོགས་རྣམས། །དེ་དག་ཀུན་ཏུ་ཡོངས་སུ་བསྐོར། །གཞག་གམ་བྲི་བར་བྱ་ཡང་རུང་། །དེ་ནི་དེ་ལྟའི་སྟན་ལ་གནས། །བཞིན་མི་སྡུག་པ་དཔུང་བཞི་མོ། །གདུག་པའི་ཁྲོ་མོ་རྣམ་བསྒྱུར་བཅས། །དེ་ལ་སོགས་པའི་རིམ་པར་ལྡན། །མཁས་པས་དཀྱིལ་འཁོར་བྲི་བར་བྱ། །དེ་ནས་རྣལ་འབྱོར་གྱི་དབང་ཕྱུག་ཆེན་མོ་དེ་དག་བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ། ཡང་དང་ཡང་རང་རང་གིས་མངོན་པར་གར་བྱས་པས་མངོན་པར་མཆོད་ནས་གསོལ་བ་འདེབས་སོ། །རྣལ་འབྱོར་མ་ཡི་སྔགས་ཚོགས་དང་། །ཕྱག་རྒྱ་མ་ནི་ཅི་རིགས་པར། །གསང་བའི་གར་ནི་བདེ་ཆེན་མོ། །བཅོམ་ལྡན་དེ་ཉིད་ཉིད་ཀྱིས་གསུངས། །དེ་ནས་


DNG012_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་རྣལ་འབྱོར་མ་ཐམས་ཅད་རྣམ་པར་སྤྲོ་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རྣལ་འབྱོར་མ་ཐམས་ཅད་ཀྱི་སྔགས་དང་ཕྱག་རྒྱ་དང་སྦས་པ་དང་། དེ་ཁོ་ན་ཉིད་དང་། གསང་བ་རྣམས་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཨོཾ་སརྦ་བཛྲ་དྷ་ར་སཏྭ་ཨ་ནུ་རཱ་གི་ཎི་མ་ཧཱ་ཀྲོ་དྷི་ཧཱུྃ་ཕཊ། ཨོཾ་སརྦ་བཛྲ་དྷ་ར་ཨཱ་ཀཪྵ་ཎི་མ་ཧཱ་ཀྲོ་དྷི་ཤྭ་རི་ཧཱུྃ་ཧཱུྃ། ཛཱ་ཛཱ་ཧཱུྃ་ཧཱུྃ། ཨོཾ་སརྦ་བཛྲ་དྷ་ར་ཀུ་ལ་ཨ་ནུ་རཱ་གི་ཎི་མ་ཧཱ་ཀྲོ་དྷཱི་ཤྭ་རི་ཧཱུྃ་ཧེ་ཧེ་ཧཱུྃ་ཕཊ། ཨོཾ་སརྦ་བཛྲ་དྷ་རོ་གྲ་མ་ཧཱ་ཀྲོ་དྷཱི་ཤྭ་རི་ཧཱུྃ་སྭ་སྭ་ཧཱུྃ་ཕཊ། ཨོཾ་སརྦ་བཛྲ་དྷ་ར་མ་ཧཱ་ཏེ་ཛ་ཨ་བྷི་ཥེ་ཀེ་ཧཱུྃ་ཏྃ་ཧཱུྃ། ཨོཾ་སརྦ་བཛྲ་དྷ་ར་མ་ཧཱ་སཱུརྱ་བྷྲྀ་ཀུ་ཊེ་ཀ་རོ་ཀེ་ཏྲ་ཏ་ཊ་ཏ་ཧཱུྃ་ཕཊ། ཨོཾ་སརྦ་བཛྲ་དྷ་ར་མ་ཧཱ་ཀེ་ཏུ་ཀྲོ་དྷཱི་ཤྭ་རི། མ་ཧཱ་བི་ཛ་ཡོཏྟ་ཡེ་ཧཱུྃ་ཧཱུྃ་ཏྲཾ་ཏྲཾ་ཕཊ་ཕཊ། ཨོཾ་སརྦ་བཛྲ་དྷ་ར་མ་ཧཱ་བཛྲ་ཀྲོ་དྷ་ཨཱཊྚ་ཨཱ་སི་ཧཱུྃ་ཧཱུྃ་ཏྲིཾ་ཏྲིཾ་ཏྲོ་ཊ་ཡ་ཏྲོ་ཊ་ཡ་ཧྲྀ་ད་ཡ་ཧཱུྃ་ཕཊ། ཨོཾ་སརྦ་བཛྲ་དྷ་ར་མ་ཧཱ་ཀྲོ་དྷ་བྷཀྵྀ་ཎི་ཧཱུྃ་ཧཱུྃ་བྷཀྵ་བྷཀྵ་ཧཱུྃ་ཧྲཱྀཿ། ཨོཾ་སརྦ་བཛྲ་དྷ་ར་མ་ཧཱ་ཏཱིཀྵྞ་ཀྲོ་དྷཱི་ཤྭ་རི་ཙྪིནྡ་ཙྪིནྡ།ཧཱུྃ་ཧཱུྃ་བཛྲ་ཏཱིཀྵྞ་ཧ་སྟེ་ཙྪེ་ད་ཡ་ཧཱུཾ་ཧཱུཾ་མ་ཊ་མ་ཊ། ཨོཾ་སརྦ་བཛྲ་དྷ་ར་ཙཀྲ་དྷ་རི་ཎི་མཱ་ཧོ་གྲ་དུ་པི་ནི་ཧཱུཾ་ཧཱུཾ། པ་ཏ་ཡ་པ་ཏ་ཡ། མ་ཧཱ་བཛྲ་ཙ་ཀྲི་ཎ། ཙཱུཪྞ་ཡ་ཙཱུཪྞ་ཡ།ཧཱུཾ་ཧཱུཾ་ཕཊ། ཨོཾ་སརྦ་བཛྲ་དྷ་ར་མ་ཧཱ་ཤྭ་ག་པྲ་བྷ་ནི་ཧཱུྃ་ཧཱུྃ་མ་ཏ་མ་ཏ་ཕཊ། ཨོཾ་སརྦ་བཛྲ་དྷ་ར་མ་ཧཱ་བི་ཤྭ་མུ་ཁི་ཧཱུྃ་ཧཱུྃ་ཕཊ། ཨོཾ་སརྦ་བཛྲ་དྷ་ར་མ་ཧཱ་བཛྲ་པཱ་ཎི་ཧཱུྃ་ཧཱུྃ་ཧྃ་ཧྃ་ཕཊ་ཕཊ། ཨོཾ་སརྦ་བཛྲ་དྷ་ར་མ་ཧཱ་བཛྲ་ཡཀྵྀ་ཎི་ཧཱུྃ་ཧཱུྃ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཨཱ་བི་བྷ་ཨཱ་བི་བྷ་ཧཱུྃ་ཕཊ། ཨོཾ་སརྦ་བཛྲ་དྷ་ར་མ་ཧཱ་བཛྲ་བྷ་ནི་དྷ་ནི་མ་ཧཱ་ཀེ་དྷི།བྷནྡྷ་ཡ་བྷནྡྷ་ཡ། ཨོཾ་སརྦ་བཛྲ་དྷ་ར་མ་ཧཱ་ཀྲོ་དྷ་མ་ཧཱ་བཛྲ་པཱ་ཤྱ་པྲ་བེ་ཤ་ནི་ཧཱུྃ་ཧཱུྃ།བི་ཏ་ཡ་བི་ཏ་ཡ་ཧཱུྃ་ཕཊ། ཨོཾ་སརྦ་བཛྲ་དྷ་ར་ཧ་ལ་ད་ནི་མ་ཧཱ་ཀྲོ་དྷི་ཤྭ་རི་ཧཱུྃ་ཧཱུྃ།ཨོཾ་སརྦ་བཛྲ་དྷ་ར་མ་ཧཱ་ཀྲོ་དྷ་མཱ་ལི་ནི་ཧཱུྃ་ཧཱུྃ་གྷུྃ་གྷུྃ། ཨོཾ་སརྦ་བཛྲ་དྷ་ར་མ་ཧཱ་ཀྲོ་དྷི་གནྡྷ་པ་ཧི་ཧཱུྃ་ག་གྲི། ཨོཾ་སརྦ་བཛྲ་དྷ་རཱི་མ་ཧཱ་ཀྲོ་དྷཱི་ཤྭ་རི་མ་ཧཱ་ལོ་ཀ་དྷཱ་རི་ཎི། དཱི་པ་ཡྃ་དཱི་པ་ཡྃ་ཧཱུྃ་ཧཱུྃ། ཨོཾ་སརྦ་བཛྲ་དྷ་ར་མ་ཧཱ་ཀྲོ་དྷི་ཤྭ་རི་མཱ་ཧཱ་ལཱ་སྱ་ཧཱུྃ། ཨོཾ་སརྦ་བཛྲ་དྷ་ར་མ་ཧཱ་ཀྲོ་དྷི་མཱ་ལ་དྷཱ་རི་ཎི་ཧཱུྃ། ཨོཾ་སརྦ་བཛྲ་དྷ་ར་མ་ཧཱ་གཱི་ཏི་ནི་ཧཱུྃ་ཧེ་ཧེ། ཨོཾ་སརྦ་བཛྲ་དྷ་ར་མ་ཧཱ་ཀྲོ་དྷ་ནཱ་རྟི་ཀེ་ཧཱུྃ་ཧཱུྃ། ཨོཾ་སརྦ་བཛྲ་དྷ་ར་མ་ཧཱ་ཀྲོ་དྷ་ཨཱ་ཀཪྵ་ཡ་ཛྫ་ཛྫ་ཧཱུྃ་ཧཱུྃ་ཛཿ།


DNG012_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སརྦ་བཛྲ་དྷ་ར་མ་ཧཱ་ཀྲོ་དྷ་བྷནྡྷ་བྷནྡྷ་ཧཱུྃ་བྃ། ཨོཾ་སརྦ་བཛྲ་དྷ་ར་མ་ཧཱ་ཀྲོ་དྷི་མ་ཧཱ་བཛྲ་པ་ཤི་ནི་ཧཱུྃ་ཧཱུྃ། ཨོཾ་སརྦ་བཛྲ་དྷ་ར་མ་ཧཱ་ཀྲོ་དྷི་ཤྱ་ཤྱེ་ཧཱུྃ་ཧོཿ། ཨོཾ་ཧཱུྃ་ཏྲཱྃ་ཧྲཱྀཿཨཱཿ། དེ་ནས་རྣལ་འབྱོར་མ་དེ་དག་མགུ་རངས་དགའ་བར་གྱུར་ཏེ། ཡང་དབྱངས་འདིས་གསོལ་བ་འདེབས་སོ། །བདེ་བ་མཆོག་གི་རྒྱ་ཆེན་དགོངས་སུ་གསོལ། །བསམ་གྱིས་མི་ཁྱབ་བདེ་མཆོག་དབྱིངས་དང་ལྡན། །མི་གཡོ་གསུང་དང་བྲལ་བའི་དབྱངས་སྙན་པས། །གཟུངས་ལ་རོལ་པའི་བདེ་བ་བཞེས་སུ་གསོལ། །ངོ་མཚར་ཆེན་པོ་ཆོ་འཕྲུལ་སྣང་མཛད་ཅིང་། །སྙིང་པོ་བྱང་ཆུབ་བགྲོད་པ་རྣམས་ཀྱི་ལམ་སྟོན་ཏེ། །རྒྱུད་རྣམས་ཡང་དག་གང་ལའང་མི་རྟེན་པར། །བདེ་བ་མཆོག་གི་གཟུངས་ཀྱིས་གྲོལ་བར་མཛོད། །ར་མུ་མ་ཧཱ་སུ་ཧཱུ་ཛོ་ཧི་ནི་ཛྭཱ་ལ་སུ་ཧཱུཾ་པཱུ་མཱུ། མ་ཧཱ་སུ་ཧཱུ་ཛོ་ཨི་ནི། ཛྭ་ལ་སུ་ཧཱུ་པ་བྷྲཱུྃ་ཛཱུ་མ་ཧཱ་སུ་ཧཱུ། ཨི་ནི་ཛྭ་ལ་སུ་ཧཱུ་ཨུ་ཛི། ཨུ་མ་ཧཱ་སུ་ཧཱུ་ཛོ། ཛ་ཨི་ནི་ཛྭ་སུ་ཧཱུ་ཨ་ལ་ལ་ལ་ཧོ། མ་ཧཱ་སུ་ཧཱུ་ར་མ་ར་མ་མ་ཧཱ་སུ་ཧཱུ། ཨ་ལ་ལ་ལ་ཧོ། མ་ཧཱ་སུ་ཏྲེ་ཎ། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་ནམ་མཁའ་ལ་འགྲོ་མ་ཆེན་མོ་དམ་ཚིག་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རྡོ་རྗེ་ནམ་མཁའ་ལ་འགྲོ་མ་ཐམས་ཅད་ཀྱི་སྙིང་པོ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་བཛྲ་དྷ་ར་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་གི་ནི་ཧཱུྃ་ཕཊ། ཨོཾ་བཛྲ་ཌཱ་ཀི་ནཱི་མ་ཧཱ་ཧེ་མ་པ་ཏི་ཧཱུྃ་ཕཊ། ཨོཾ་བཛྲ་ཌཱ་ཀི་ནཱི་ཀུ་མཱ་ར་པྲི་ཡེ་ཧཱུྃ་ཕཊ། ཨོཾ་བཛྲ་ཌཱ་ཀི་ནཱི་དྲྀ་ཤྱེ་མཱ་ར་ཡ་ཧཱུྃ་ཕཊ། ཨོཾ་བཛྲ་ཌཱ་ཀི་ནཱི་མ་ཧཱ་བཛྲ་མུཥྚི་ཏ་ན། གྷཱི་ཏ་ཡ་གྷཱི་ཏ་ཡ། སུམྦྷ་ནི་སུམྦྷ་ཧཱུྃ་ཕཊ། ཨོཾ་བཛྲ་ཌཱ་ཀི་ནཱི་མ་ཧཱ་བཛྲ་ཀྲོ་དྷ་ཡ་དྷ་ར་ལ་ལི་ཧཱུྃ་ཕཊ།ཨོཾ་བཛྲ་ཌཱ་ཀི་ནཱི་མ་ཧཱ་ཀྲོ་དྷ་ཙ་གྲེ་ནི། ཙྪིནྡ་ཙྪིནྡ་ཧཱུྃ་ཕཊ། ཨོཾ་བཛྲ་ཌཱ་ཀི་ནཱི་མ་ཧཱ་ཨ་མྲྀ་ཏོད་པ་ཏ་ཀི་ཧཱུྃ་ཕཊ། ཨོཾ་བཛྲ་ཌཱ་ཀི་ནཱི་མ་ཧཱ་སཽ་མཱ་ཀྲོ་དྷི་ཧཱུྃ་ཕཊ། ཨོཾ་བཛྲ་ཌཱ་ཀི་ནཱི་མ་ཧཱ་བཛྲ་ཏནྟི་ཧཱུྃ་ཕཊ། ཨོཾ་བཛྲ་ཌཱ་ཀི་ནཱི་མ་ཧཱ་མཱ་ར་ཎི་ཧཱུྃ་ཕཊ། ཨོཾ་བཛྲ་ཌཱ་ཀི་ནཱི་མ་ཧཱ་ཨ་མྲྀ་ཏེ་ཀ་པཱ་ལ་ཧཱ་སེ་ཧཱུྃ་ཕཊ། ཨོཾ་བཛྲ་ཌཱ་ཀི་ནཱི་མ་ཧཱ་སཽ་མྱ་ཀྲོ་དྷ་ཤྭ་


DNG012_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

རི་ཧཱུྃ་ཕཊ། ཨོཾ་བཛྲ་ཌཱ་ཀི་ནཱི་མ་ཧཱ་ཨ་མྲྀ་ཏེ་པུ་ད་ན་དྷ་རི་ཧཱུྃ་ཕཊ། ཨོཾ་བཛྲ་ཌཱ་ཀི་ནཱི་བཛྲ་བི་དྷ་ལི་ཧཱུྃ་ཕཊ། ཨོཾ་བཛྲ་ཌཱ་ཀི་ནཱི་པི་བ་པི་ཀ་རུ་དྷི་རཾ། མ་ཧཱ་བཛྲ་བ་ལི་ཧཱུྃ་ཕཊ། ཨོཾ་བཛྲ་ཌཱ་ཀི་ནཱི་མ་ཧཱ་བཛྲ་ཤ་ནི་བྷཀྵ་བྷཀྵ་ཧཱུྃ་ཕཊ། ཨོཾ་བཛྲ་ཌཱ་ཀི་ནཱི་མ་ཧཱ་བཛྲ་ཤ་ནི་ཧཱུྃ་ཕཊ། ཨོཾ་བཛྲ་ཌཱ་ཀི་ནཱི་མ་ཧཱ་བཛྲ་པཱ་ཤེ་ཧཱུྃ་ཕཊ། ཨོཾ་བཛྲ་ཌཱ་ཀི་ནཱི་མ་ཧཱ་ཨ་ནཱ་ཡ་ཨ་ནཱ་ཡ་ཧཱུྃ་ཕཊ། ཨོཾ་བཛྲ་ཌཱ་ཀི་ནཱི་མ་ཧཱ་བཛྲ་བེ་བྷི་ནི་གུ་གུ་མཱ་ར་ཡ་ཧཱུྃ་ཕཊ། ཨོཾ་བཛྲ་ཌཱ་ཀི་ནཱི་མ་ཧཱ་བཛྲ་ཛྭ་ལ་ཡ་བྷསྨིཾ་ཀུ་རུ་ཧཱུྃ་ཕཊ། ཨོཾ་བཛྲ་ཌཱ་ཀི་ནཱི་མ་ཧཱ་བཛྲ་པི་ག་ཏ་ཧཱུྃ་ཕཊ། ཨོཾ་བཛྲ་ཌཱ་ཀི་ནཱི་མ་ཧཱ་བཛྲ་དྃཥྟེ་ཧཱུྃ་ཕཊ། ཨོཾ་བཛྲ་ཌཱ་ཀི་ནཱི་མ་ཧཱ་བཛྲ་ཀི་ལི་པྲ་བི་ཤ་པྲ་བི་ཤ་ཧཱུྃ་ཕཊ། ཨོཾ་བཛྲ་ཌཱ་ཀི་ནཱི་མ་ཧཱ་པུཥྚི་མཱྃ་སཱ་ཤ་ནི་ཧཱུྃ་ཕཊ། ཨོཾ་བཛྲ་ཌཱ་ཀི་ནཱི་མ་ཧཱ་ཀ་ར་བཛྲ་དྷཱ་ར་ནི་ཧཱུྃ་ཕཊ། ཨོཾ་བཛྲ་ཌཱ་ཀི་ནཱི་ཨཱ་ཀཪྵ་ཎི་མ་ཧཱ་པིཾ་ག་རཱ་ལི་མུ་ཀུ་ཧཱུྃ་ཛྫཿཛྫཿཧཱུྃ་ཕཊ། ཨོཾ་བཛྲ་ཌཱ་ཀི་ནཱི་ཨཱ་བེ་ཤ་ནེ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ཨོཾ་བཛྲ་ཌཱ་ཀི་ནཱི་མ་ཧཱ་བནྡྷ་ཧཱུྃ་ཧཱུྃ་བྃ་བྃ་ཧཱུྃ། ཨོཾ་བཛྲ་ཌཱ་ཀི་ནཱི་མ་ཧཱ་ཏོ་ཥ་ཎི་ས་མ་ཡེ་ཧཱུྃ་ཧཱུྃ་ཨཱ་ཨཱ། ཨོཾ་བཛྲ་མ་ཧཱ་རཀྵ་ས་མཱྃ་ས་རུ་དྷི་ར་མེ་ད་པྲི་ཡ། མ་ཧཱ་ཀུམྦྷ་ཀརྞ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཀྵཿ། ཨོཾ་བཛྲ་མ་ཧཱ་རཱཀྵ་ས་ཨཱ་ཀཌྜྷྱ་པྲ་བེ་ཤ་ཡ། སརྦྦ་བཛྲ་ཀཱ་ལ་ཤི་ནི་བནྡྷེ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཨོཾ་བཛྲ་རཱཀྵ་ས་བནྡྷ་ཡ་བནྡྷ་ཡ།བི་ཥ་ཡ་བི་བི་ཥ་ན། སརྦཱན་ཧཱུྃ་ཧཱུྃ་ཕཊ། ཨོཾ་བཛྲ་མ་ཧཱ་རཱཀྵ་ས། བྷནྡྷ་ཡ་བྷནྡྷ་ཡ། སརྦཱན་མ་ཧཱ་བི་ཀྲྀ་ཏཱ་ན་ན། ཧ་ཡ་གྲཱི་བ་ཧཱུྃ་ཕཊ། དེ་ནས་རྡོ་རྗེ་ནམ་མཁའ་ལ་འགྲོ་མ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་མོ་དེ་དག་ཐམས་ཅད་རབ་ཏུ་མགུ་ནས། ཡིད་དགའ་བར་གྱུར་ཏེ། དབྱངས་ཆེན་མོ་འདི་འབྱིན་པར་གྱུར་ཏོ། །ཀྱེ་མ་ཧོ་རྡོ་རྗེ་སེམས་དཔའ་ཡི། །རྡོ་རྗེ་སྦྱོར་བ་རབ་བསྟན་པས། །མཁའ་ལ་འགྲོ་བ་སངས་རྒྱས་ཉིད། །ཅི་བདེ་བས་ནི་སྒྲུབ་པར་བྱེད། །དེ་ནས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོས་ཡང་རྡོ་རྗེ་ནམ་མཁའ་ལ་འགྲོ་མ་དེ་དག་ཀུན་མགུ་བ་དང་དགའ་བར་བསྒྲུབ་པར་བྱ་བའི་སྙིང་པོ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཨོཾ་ཌཱ་ཀི་ནཱི་ཨཱ་ཀཪྵ་ཡ་པྲ་བེ་ཤ་ཡ། བནྡྷ་ཡ་ཏོ་ཥ་ཡ་ཨཱ་སརྦཱན་བཛྲ་ཌཱ་ཀི་ནཱི་ཧྲྀ་ད་ཡྃ་ཧཱུྃ་ཛྫཿ། ཛཿཧཱུྃ་བྃ་ཧོཿ། ཊཀྐི་ཧཱུྃ་ཛྫཿ།


DNG012_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཧེ་རུ་ཀ་མ་ཧཱ་བཛྲ། ཨཱ་ཀཌྜྷྱ། ཨཱ་ཀཌྜྷྱ། པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། བྷནྡྷ་ཡ་བྷནྡྷ་ཡ། ཏོ་ཥ་ཡ་ཏོ་ཥ་ཡ། ཧཱུྃ་ཧཱུྃ་ཕཊ། ཨོཾ་བཛྲ་པདྨ་མ་ཧཱ་པ་ཌ་བ་མུ་ཁ། ཨཱ་ཀཌྜྷྱ།པྲ་བེ་ཤ་ཡ། བྷནྡྷ་ཡ། མོ་ཧ་ཡ། ཏོ་ཥ་ཡ། ཧ་ཧ་ཧི། ཁྲོ་བོའི་སྔགས་ཀྱི་ཚིག་འདིས་རྡོ་རྗེ་རྣལ་འབྱོར་མ་དང་། མཁའ་ལ་འགྲོ་མ་དང་། ནམ་མཁའ་ལ་འགྲོ་བ་དང་། རྡོ་རྗེ་འཕྲོག་པར་བྱེད་མ་དེ་དག་ལ་སོགས་པ་དེ་དག་དགུག་པ་དང་། གཞུག་པ་དང་། དབང་དུ་བྱ་བ་ལ་སོགས་པའི་ལས་བྱས་ཏེ། གཏོར་མས་མཆོད་པ་ལ་སོགས་པའི་དམ་ཚིག་ཧེ་རུ་ཀའི་ཕྱག་རྒྱ་དང་། ཊཀྐི་རྒྱལ་པོའི་ཕྱག་རྒྱ་དང་། རྟ་མགྲིན་གྱི་ཕྱག་རྒྱ་སྦྱིན་ཏེ། ལས་ཐམས་ཅད་ལ་སྦྱོར་རོ། །རྡོ་རྗེའི་ཐལ་མོ་ཇི་ལྟ་བ་བཞིན་བཅིངས་ཏེ། ཁྲོ་བོ་གཉིས་ལྕགས་ཀྱུ་ལྟར་བྱ། སྦོམ་པོ་གཉིས་ཕན་ཚུན་རྩེ་སྦྱར་ཞིང་། ཞི་བ་གཉིས་ཀྱང་རབ་ཏུ་བསྒྲེང་། ལྷག་མ་གཉིས་བརྐྱང་སྟེ་འོད་ཟེར་ལྟར་གཏང་བ་འདི་ནི་ཕྱག་རྒྱའི་མཆོག་ཡིན་ནོ། །ཕྱག་རྒྱ་འདི་ནི་གཟི་བརྗིད་ཆེ། །ལྷ་དང་ལྷ་མིན་ཕྱག་བྱས་པ། །སངས་རྒྱས་རྡོ་རྗེ་འཛིན་ལ་སོགས། །བསྔགས་ཤིང་མཆོད་པ་བྱས་པ་ཡིན། །བཅིངས་པ་དེ་ཉིད་འབེབས་པ་དང་། །ཐམས་ཅད་ཚོགས་ནི་འཛུད་པར་བྱེད། །གདུག་པ་ཐམས་ཅད་གསོད་བྱེད་མ། །སྲིན་མོ་ཐམས་ཅད་ཟ་བར་བྱེད། །རྣལ་འབྱོར་དམ་ལ་གནས་པ་ཡིས། །འདི་ཡིས་ལས་རྣམས་ཐམས་ཅད་བྱེད། །ལས་རྣམས་ཐམས་ཅད་སྒྲུབ་པ་པོ། །མི་ལྡན་དངོས་གྲུབ་མི་འགྱུར་ཏེ། །འདོད་ཆགས་ཞེ་སྡང་གཏི་མུག་རྣམས། །བསྙེན་པས་དངོས་གྲུབ་མྱུར་དུ་འཐོབ། །རྡོ་རྗེ་བཅིངས་པ་གཉིས་སུ་བྱས་ཏེ། རྒྱབ་གཉིས་རྒྱབ་སྦྱར་ཏེ། མཐེའུ་ཆུང་གཉིས་བརྐྱང་སྟེ། ཕན་ཚུན་བསྣོལ་ཁྲོས་པ་གཉིས་གྱེན་དུ་བསྒྲེང་སྟེ་སྙིང་གར་བསྟན་ནས། བརྐྱང་བསྐུམ་གྱི་ཚུལ་དུ་གནས་པ་འདི་ལས་ཐམས་ཅད་བྱེད་པའོ། །འདི་ཡིས་ཐམས་ཅད་ལས་ཀྱི་རྣམས། །ཇི་ཙམ་ཡིད་འདོད་བྱེད་པར་འགྱུར། །ཚེ་འདིར་སྡིག་པ་གང་བྱས་པ། །འདི་ཡིས་ཐམས་


DNG012_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་འཕྲོག་པར་བྱེད། །དེ་དག་ཐམས་ཅད་མྱུར་འགྱུར་ཏེ། །དངོས་གྲུབ་ཡིད་བཞིན་རིན་ཆེན་ནོ། །ཇི་སྙེད་ནམ་མཁའི་ལམ་དག་ཏུ། །རྣལ་འབྱོར་འདི་ཡིས་འཕུར་བར་བྱེད། །རིག་འཛིན་མཆོག་ནི་མཚོན་པར་ཡང་། །ཆོ་ག་གྲུབ་པ་སླར་ཡང་འོང་། །ཐལ་མོ་མཉམ་པར་སྦྱར་ཏེ་སྦོམ་པོ་གཉིས་དབུས་སྦྱར། ལྷག་མ་འདབ་མ་ཁ་བྱེ་བ་ལྟར་བྱས་པ་ནི་པདྨའི་གདན་ནོ། །སྦོམ་པོ་གཉིས་རྩེ་མོ་ཐུར་དུ་བསྟན་པ་ནི་རྟ་གདོང་གིའོ། །གང་གིས་སྦྱོར་བྱས་སྐད་ཅིག་ཏུ། །དེ་ཡིས་དངོས་གྲུབ་ཆེན་པོར་འགྱུར། །བཅིངས་མ་ཐག་ཏུ་འཕུར་འགྱུར་བ། །འདོད་པ་བཞིན་དུ་ཉེ་བར་འགྲོ། །ས་འོག་དངོས་གྲུབ་འདོད་པ་བཞིན། །མྱུར་དུ་སླར་ཡང་ལྡོག་པར་འགྱུར། །དེ་ལ་སོགས་པ་མཐའ་ཡས་པ། །ཕྱག་རྒྱ་འདི་ནི་སྦྱོར་བ་དགེ། །ང་ནི་བསྟན་ཏེ་རྒྱལ་བ་རྣམས། །རྣལ་འབྱོར་པ་ཡིས་དྲང་བར་བྱ། །རྣལ་འབྱོར་མ་རྣམས་ཐམས་ཅད་ཀྱང་། །ཕྱག་རྒྱའི་ཡན་ལག་མཆོག་དེས་སྦྱར། །དེ་ནས་ནམ་མཁའ་ལ་འགྲོ་མ་ཆེན་མོ་དེ་དག་སོགས་འདོད་པས་གཟིར་བ་རྣམས་རངས་ཏེ། རང་གི་གཟུགས་ནི་བསྒྱུར་བ་ཡིས། །བཞེངས་ཏེ་གར་ནི་རབ་མཛད་ཅིང་། །དུར་ཁྲོད་ཀྱི་ནི་ས་ཆེན་དུ། །མགུ་བ་ཆེན་པོས་བརྟགས་པར་བྱེད། །ཕྱག་ན་ཐོད་པ་གྲི་དག་དང་། །རྡོ་རྗེ་ཁ་ཊྭཱྃ་རྣམ་པར་འཛིན། །སྐལ་ལྡན་རང་གི་ཕྱག་རྒྱས་མཚན། །དབུ་སྨུག་རྣམ་པར་བསྙེར་བའི་ཞལ། །བདེ་བའི་ཆ་ལུགས་སྦྱར་བ་ཡིས། །བདེ་བ་དམ་པ་ལོངས་སྤྱོད་མྱོང་། །རབ་ཏུ་རྨོངས་པས་བསྙེན་བྱེད་ཅིང་། །རབ་དགྱེས་ཁྲོ་ལ་གསོལ་བ་འདེབས། ། སྔགས་སོར་བཞག ། ར་མ་ར་མ་ཧོ་ན་ཏ་ན་བ་ར་ཨ་མ་ཧཱ་སུ་ཧུ་བཛྲོ་ཨི་ནི། ཀ་མ་ལ་སུ་ཧུ་ཨ་ལ་ལ་ཧོ། སུ་ར་ཨོ་ཏ་མུ་ཧཱུྃ་ཨ་ཧུ་སིད་ཛའུ་ཝ་ར་ཛོ་ཨི་ནེ་ཛ་ལ་མ་ཧོ་ཨ་ཡི་ཧ་ཨ་ར་ཧོ། ཨ་རུ་ཧེ་བྱི་སུ་བྷ་དྷ་ཨ་ན་ཧ་ཨ་སུ་ར་ཨ་སུ་ཧུ་དེ་ནི་བ་ར་ཊ་ཨི་ནི་ཛ་ལ་སུ་ཧུ་སིས། ས་ས་ནད་ར་བ་ནད་ཏཱ་ནུ་ནད་ཏ་ད། ཨེ་མ་རེ་ཧི་མ་ཧཱ་སུ་ཧུ་མད་ཛུ་མུག་ཁུ། ས་ལག་ཁང་ཧཱུྃ་ཀུད་དུ་ས་དུ་ན་ཨི་སུ་ཧུ་ཙད་ཛིའུ། མུག་ཁུ་སུ་ཧུ། ན་བེ་དུག་ཁེ་ལ་བ་བྷའི་མུག་ཁུ་སུ་ཧུ།


DNG012_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ས་ས་རི་ཧཱུྃ། སང་ཀའུ་མད་ཛུ་ར་ནུ། ནེ་བར་ཨ་བ་རད་ཧའུ་རུ་ཛྫུ་ཏཱ་ནུ་མུན་ཛ་མ་ཧཱ་སུ་ཧུ་ཨ་ལི་པ་ར་པ་ཨའུ་མ་ཧུ་བ་ར་བ་ཨསྨི་ཨའུ་མོ་པ་རི། ཟླ་བ་དྲི་མེད་སྟོང་རབ་རྫོགས་པའི་སྤྱན། །ཐུགས་རྗེའི་དབྱིངས་རུམ་ཉིད་དུ་བདག་ཅག་བསྐྱེད། །འགྲོ་བའི་སྡུག་བསྔལ་ཚ་བས་གདུངས་པ་ཡི། །བྱང་ཆུབ་དེས་ནི་ཀུན་ཏུ་ཚིམ་པར་མཛོད། །ཨ་ལ་ལ་ལ་ཧོ། མཆོག་གི་རོལ་པས་ཡང་དག་སྒོ་འབྱེད་ཅིང་། །བྱང་ཆུབ་མཆོག་ལམ་སྙིང་པོ་ཉིད་འདི་སྟོན། །གསང་བའི་བདག་ཉིད་བདེ་བས་ཟིལ་གནོན་ཏེ། །རྨོངས་ཤིང་བྱིང་བའི་རྣམས་ལ་ཐུགས་རྗེས་སྒྲོལ། །ཨ་ལ་ལ་ལ་ཧོ། ཆེ་བའི་ཡེ་ཤེས་ལྷུན་གྱིས་མངར་ལྡན་པ། །ཕྱོགས་ཀྱི་ཐུགས་རྗེས་མ་ཟིན་སྙོམས་པར་དགོངས། །བདེ་བ་མཆོག་གིས་གསང་བའི་གནས་ཉིད་དུ། །མྱ་ངན་འདའ་བའང་ལོངས་སྤྱོད་བསྟན་པས་འགྲུབ། །འཇིག་རྟེན་གསུམ་པོ་འདིར་ནི་དངོས་བསྟན་ཀྱང་། །རྨུགས་པའི་འགྲོ་བས་བདུད་རྩིའི་དངོས་མ་མཐོང་། །ཀྱེ་མའོ་མ་སྐྱེས་ཆོས་ཏེ་སྙིང་པོ་ལས་བྱུང་བ། །བསམ་གྱིས་མི་ཁྱབ་ནམ་མཁའི་མཐའ་དང་མཉམ། །རབ་ཏུ་དགྱེས་པའི་བདེ་མཆོག་འབར་བའི་གཙོ། །རིན་ཆེན་སྣ་ཚོགས་ཀུན་འདུས་འདི་ལ་གཟིགས། །སྔོན་མེད་རོལ་མོ་འདི་ལ་རོལ་མཛད་ཅིང་། །དུར་ཁྲོད་ཆེན་པོའི་དངོས་གྲུབ་སྩལ་བར་མཛོད། །འདུལ་བའི་དབང་གི་གྲུབ་པའི་ཆ་ལུགས་མི་ཟད་མ། །རྣལ་འབྱོར་མཁའ་འགྲོས་གཟི་བརྗིད་འབར་བ་འདིས། །སྡུག་བསྔལ་གསུམ་པོས་འཐོམས་ཤིང་རྨོངས་པ་ལ། །བདེ་བའི་སྤྱོད་པས་གནས་ནས་སྤྱོད་མཛད་དེ། །ཐུགས་རྗེས་པདྨའི་དབྱིངས་ལས་བསྐྱེད་པར་མཛོད། །ཨ་ལ་ལ་ལ་ཧོ། ཇི་ལྟར་པདྨ་འདི་ལ་ཆགས་མེད་བཞིན། །སྡུག་པའི་བཅིངས་པས་མ་ཟིན་རྣམ་གྲོལ་ཏེ། །རོལ་པས་ཆུབ་པའི་ས་ལ་གནས་ཤིང་རྣམ་མཛད་པ། །འཇིག་རྟེན་གསུམ་པོ་འདི་ལ་གཟིགས་ནས་རོལ་མོ་མཛོད། །བདག་ཅག་དམ་ཚིག་འདི་ལ་འདུས་ཤིང་སྣང་བའི་རྣམས། །མཉེས་མཛོད་ཤིན་ཏུ་བདེ་བ་བཞེངས་སུ་གསོལ། །


DNG012_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

འགལ་བའི་ཡིད་དང་མ་ཆགས་རྡོ་རྗེ་ལ། །ནམ་མཁའ་ཇི་བཞིན་མི་འགྱུར་ཚུལ་བཞིན་གནས། །ཁམས་ཀྱི་རང་བཞིན་མནབས་ཤིང་རྣམ་ཁྲོ་ཡང་། །བྱམས་པའི་ཐུགས་རྗེས་ཀུན་ཏུ་གནས་ཁྱབ་མཛོད། །ཨེ་མའོ་བདེ་བས་བདེ་སྦྱིན་ཕྱག་འཚལ་ལོ། །རང་བཞིན་གྲུབ་པའི་བདེ་བ་དངོས་གྲུབ་གསོལ། །ཆགས་མེད་ཆགས་དང་ལྡན་པའི་ལོངས་སྤྱོད་ཀྱིས། །དམ་ཚིག་སྐྱོན་མེད་བདག་ཅག་རོལ་པ་མཛོད། །ཐུགས་རྗེ་གསལ་བའི་བྱང་ཆུབ་སེམས་ཆེན་དེས། །འགྲོ་བ་ཀུན་གྱི་བག་ཆགས་རྣམ་པར་སྦྱོངས། །རྒྱུ་དང་རྐྱེན་ལ་མ་བརྟེན་རང་བཞིན་གྲུབ། །མ་ཆགས་དྲི་མེད་ཡོངས་གསལ་ཟླ་བ་བཞིན། །འཇིག་རྟེན་གསུམ་པོ་འདིར་ནི་མངའ་མཛད་དེ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀུན་ཏུ་བདེ་བས་རྩེན། །འདི་ཡིས་གཙོ་ལ་བསྐུལ་བྱས་ན། །དཀྱིལ་འཁོར་ཉིད་དུ་དངོས་གྲུབ་བོ། །ཡིད་གདུང་མཉེན་པའི་ང་རོ་ཡིས། །དཔྱིད་ཀྱི་རྒྱལ་པོ་གླུ་བླངས་ཏེ། །མཁའ་འགྲོ་དྲ་བ་དྲི་མེད་པའི། །དགོངས་པ་ཐམས་ཅད་བསྟན་བྱས་ཏེ། །རྡོ་རྗེ་པདྨ་ཡིད་འོང་བའི། །དངོས་གྲུབ་ཐམས་ཅད་སྦྱར་བར་བྱ། །བདེ་བྱེད་ཆེན་པོ་འདི་ཡིས་ནི། །བསྐུལ་བས་དགྱེས་པ་སྦྱིན་པར་བྱེད། །རྡོ་རྗེ་ཅན་གྱི་ཡི་གེར་ལྡན། །དུས་གསུམ་རབ་ཏུ་སྦྱར་བར་བྱ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་ནམ་མཁའ་ལ་འགྲོ་མ་ཐམས་ཅད་ཀྱི་ཤིན་ཏུ་དགྱེས་པའི་ལོངས་སྤྱོད་དཔལ་གྱི་བདེ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དེ་དག་ཐམས་ཅད་ལ་རྗེས་སུ་མགུ་བར་མཛད་དོ། །གཡོན་གྱི་ལག་པས་གཟུང་བྱས་ཏེ། །གསང་སྐྱེས་པདྨ་ཕྱེ་བ་ལས། །རྡོ་རྗེ་ཆེན་པོ་གཡས་ཉིད་ཀྱིས། །བཅུག་ན་མཆོད་པ་འཐོབ་འགྱུར་ཏེ། །མཁའ་ལ་འགྲོ་བ་དྲ་བ་འདིས། །མཉེས་པས་འདི་ནས་དངོས་གྲུབ་འཐོབ། །ཨོཾ་དང་ཨོཾ་དང་མི་ཕྱེད་རྡོ་རྗེ་བདེ། །མཐའ་རུ་ཕཊ་ཀྱིས་སྟོབས་རབ་སྦྱོར་བ་ཡིས། །ཀྱེ་མའོ་བདེ་བ་མཁའ་འགྲོ་དྲ་བ་ཆེ། །རབ་དགྱེས་དབང་མོ་བདེ་བྱེད་བདེ་སྟབས་མཛོད། །རྣལ་འབྱོར་མ་ཚོགས་གསལ་རྣམས་ལ། །འདི་ཡིས་རྩེན་པ་རྣམ་བྱས་ན། །


DNG012_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་ཆེན་བདེ་བ་དགྱེས་པ་ཡི། །རབ་དགྱེས་དངོས་གྲུབ་འགྲུབ་པར་འགྱུར། །རྣལ་འབྱོར་མའི་ཆེ་བའི་ཆེ་བ་རྗེས་སུ་མཉེས་པར་བྱེད་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་ཡེ་ཤེས་སོ།། །།མགོ་ལ་ཐལ་མོ་ཕྱེད་སྦྱིན་ཏེ། །ཆུ་སྐྱེས་ལ་ནི་ཡོངས་སུ་རྫོགས། །རྡོ་རྗེ་བཅིང་བ་ཡང་དག་ལྡན། །པདྨའི་སྐྱིལ་མོ་བཅིང་བར་བྱ། །འདི་ཡིས་རྩེན་པར་བྱས་ན་ནི། །བུད་མེད་མཆོག་ནི་འགྲུབ་པར་འགྱུར། །བདེ་བ་ཆེན་པོས་གར་བྱེད་ཅིང་། །རབ་དགྱེས་བདེ་བྱེད་གནོད་བྱེད་དང་། །ཀུན་ཏུ་འཁྱུད་དང་སྤྲོད་བྱེད་དང་། །སྣ་ཚོགས་གར་གྱིས་གར་བྱས་ཏེ། །ཐམས་ཅད་ཟས་དང་རོས་དངོས་གྲུབ། །མཆོག་གི་བདེ་བས་དངོས་གྲུབ་འགྱུར། །རྩ་བའི་ཕྱག་རྒྱ་བཅིང་བྱས་ཏེ། །སངས་རྒྱས་སྦྱོར་བ་བདེ་ཆེན་པོ། །མྱུར་བའི་ཐལ་མོས་བསྒྲུབ་པར་བྱ། །གསུམ་གྱིས་མཚམས་སུ་རབ་བྱ་ཞིང་། །མཁུར་ཚོས་སོ་ཡིས་བཏབ་བྱས་ཏེ། །མ་མཆུ་ཡང་ནས་ཡང་དུ་གཟུང་། །འོ་མ་འཛིན་པ་ཕྱིར་ཞིང་མཉེ། །གཡའ་བྱེད་པདྨ་རྣམ་བཞི་བྱ། །པདྨ་ཕྱི་ཕྱིར་རབ་མཉེ་ཞིང་། །ཟེ་བ་མཚན་པས་རབ་ཏུ་སྦྱར། །སེན་མོས་མཆན་ཁུང་སུམ་མདོ་དང་། །རྣ་བ་གཉིས་སུ་རབ་ཏུ་གཟུགས། །དལ་བུས་རྡོ་རྗེ་གཞུག་བྱ་ཞིང་། །ཁྲོ་བོའི་རྒྱལ་པོས་བསྐྱོད་པར་བྱ། །གཡས་ཀྱིས་ཤིན་ཏུ་བསྐྱོད་བྱས་ནས། །གཡོན་པ་ཡིས་ནི་གཏང་བར་བྱ། །སྦྱོར་བ་འདི་ཡིས་རྩེན་པ་ཡིས། །མཁའ་འགྲོའི་འཁོར་ལོ་མཆོད་པར་བྱ། །ཀྱེ་མའོ་བདེ་ཞེས་རབ་བརྗོད་དེ། །བདེ་བ་ཆེན་པོ་དབྱངས་ཀྱིས་བསྐུལ། །ཡང་དང་ཡང་དུ་འཛིན་པ་ན། །བློ་ལྡན་སྒྲུབ་པས་བསྒྲུབ་པར་བྱ། །རྣལ་འབྱོར་མ་ཐམས་ཅད་ཀྱི་མཆོད་པ་ཆེན་པོའི་སྤྲོ་བའི་ཡེ་ཤེས་སོ། །དེ་དག་ཐམས་ཅད་མགུ་ནས་ནི། །རྡོ་རྗེ་འཛིན་ལ་གསོལ་བ་འདེབས། །ཉེ་བའི་ཟས་ནི་ཐམས་ཅད་དང་། །དེ་བཞིན་ཉེ་བའི་ཡོ་བྱད་རྣམས། །བདེ་བ་བསྒྲུབས་པས་སྒྲུབ་པ་པོ། །སྣ་ཚོགས་ཆེན་པོ་བསྒོ་བར་གསོལ། །བསྒྲུབ་པ་ཐམས་ཅད་སྒྲུབ་བྱེད་པས། །གདོན་མི་ཟ་དཀའ་


DNG012_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་བགྱིད་པས། །གང་གིས་མྱུར་དུ་མཉམ་སྦྱོར་བས། །དཀྱིལ་འཁོར་རབ་ཏུ་རྣམ་བསྒྱུར་བགྱི། །དེ་ནས་བཅོམ་ལྡན་འདས་ཀྱིས་ཉེ་བའི་ཡོ་བྱད་ཁ་ཟས་ཐམས་ཅད་ཀྱི་ཕྱག་རྒྱ་གསུངས་པ། ཡོ་བྱད་ཕྱི་ཡི་ཐམས་ཅད་དང་། །གོས་དང་རྒྱན་ལ་སོགས་པའོ། །ཉེ་བའི་ཁ་ཟས་རྣམས་ལ་ནི། །ཤ་དང་ཁྲག་ལས་ཡང་དག་བསྒྲུབ། །འབྲས་བུ་རྩ་བ་ཚད་མེད་དོ། །མཆོག་ཏུ་བདེ་བ་ཡིད་ཚིམ་པ། །འདི་ཡིས་མཆོད་པ་བྱས་པ་ན། །མཁའ་འགྲོ་མ་ནི་དངོས་གྲུབ་འགྱུར། །བུས་པའི་ཤ་ལས་རབ་བསྒྲུབ་པའི། །འོ་མ་དམ་པས་ཐོད་པ་དགང་། །མཁའ་འགྲོ་མ་ཀུན་དབུལ་བྱས་ན། །དཀྱིལ་འཁོར་འདིར་ནི་དངོས་གྲུབ་འགྱུར། །གཏོར་མའི་མཆོད་པའི་ཡོ་བྱད་ཀྱི་ཡེ་ཤེས་སོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་དང་། རྡོ་རྗེ་འཛིན་ཐམས་ཅད་བཞེངས་ཏེ་ཕྱག་འཚལ་ནས་ཡང་གཅིག་ཏུ་སྟུག་པོར་འདུ་བ་མཛད་དེ་བཅོམ་ལྡན་འདས་ལ་གསོལ་བ་འདེབས་སོ། །རྣལ་འབྱོར་ཀུན་གྱི་ཡེ་ཤེས་མཚན། །རྡོ་རྗེ་རྣལ་འབྱོར་མ་རྣམས་ཀྱི། །ཐམས་ཅད་བརྡ་རྣམས་དྲན་གྱུར་པ། །བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། །དེ་ནས་བཅོམ་ལྡན་འདས་ཤིན་ཏུ་དགྱེས་པ་ཆེན་པོའི་རོ་མྱོང་བ་དང་འདྲེལ་བའི་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །རྡོ་རྗེ་ནམ་མཁའ་ལ་འགྲོ་བ་དང་། མཁའ་ལ་འགྲོ་མ་ཐམས་ཅད་ཀྱི་བརྡའི་ཕྱག་རྒྱ་འདི་གསུངས་སོ། །ཀ་ནི་འདོད་པ་བྱེད་འདོད་ཕྱིར། །བདག་ནི་འདོད་ཅན་སྨྲས་ཡིན་ཏེ། །གཏི་མུག་ལྡོངས་པས་མ་བྱིན་ན། །མྱུར་དུ་དམ་ཚིག་དེ་ཉམས་སོ། །དམ་ཚིག་དམ་ཚིག་ཅན་མཐོང་ན། །ལག་པ་གཡས་པ་བརྐྱང་བྱས་ཏེ། །དེས་ཀྱང་གཡོན་པ་བརྐྱང་བ་ཡིས། །རང་གི་ནུ་མ་རབ་བསྟན་ཡང་བསྡམས་ནས། །མགོ་བོས་གཡོན་དུ་འདུད་བྱས་ནས། །ཕྱག་བྱེད་བདེ་བ་དྲིས་པ་ཡིན། །ལག་པ་གཡོན་པ་དཀུར་བརྟེན་ན། །དེ་ཡིས་ཕྱག་ནི་བྱས་པར་འགྱུར། །གཡོན་པ་མགོ་རུ་གཞག་པ་ཡི། །གཡོན་དུ་འདུད་པས་ཕྱག་ལེན་ནོ། །གཡོན་གྱི་སྨིན་མ་


DNG012_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱོད་པ་ཡིས། །མྱུར་དུ་ཕྱག་ནི་བྱས་པར་འགྱུར། །སྦྱོར་བ་ཤིན་ཏུ་བརྩོན་པ་ཡིས། །གཡས་ཀྱི་སྨིན་མས་ཕྱག་ལན་བྱ། །གཡས་ཀྱི་ལག་པས་སྙིང་ག་རུ། །སྦྱོར་དང་ལྡན་པས་མཉེ་བྱས་ན། །འདི་ནི་རྡོ་རྗེ་སློབ་དཔོན་མཆོག །དེ་ཡི་མཚན་མར་ཤེས་པར་བྱ། །གཡོན་གྱི་ཁྲོ་མོ་བསྒྲེང་བ་ཡི། །ནམ་ཞིག་དེ་ལྟར་བསྟན་བྱས་ན། །ལུས་ཆེ་དེ་ནི་ཁྲོས་གྱུར་ཞེས། །རྣལ་འབྱོར་པ་ཡི་རྟགས་ཞེས་བྱ། །གཡོན་དུ་འགྱིང་བ་བསྒྱིངས་པ་ཡི། །ལག་པ་སྙིང་གར་བརྐྱང་བྱ་སྟེ། །དབང་མོ་གྱེན་དུ་རྣམ་བསྟན་ན། །དེ་ཚེ་མཛའ་བར་རབ་ཏུ་བརྟག །ཆུང་ངུ་རྩེ་མོར་བྱས་པ་ཡི། །ནམ་ཞིག་བསྐྱོད་པ་མཐོང་བ་ན། །དེ་ཚེ་རིག་མ་རྣལ་འབྱོར་དབང་། །རྡོ་རྗེ་པདྨ་རྩེན་པར་འདོད། །སྦོམ་པོ་ནམ་ཞིག་མཐོང་འགྱུར་ན། །དེ་ལ་སྟོན་མོ་སྦྱིན་པར་བྱ། །གང་ཚེ་ཤིན་ཏུ་མཐོར་སྟོན་ན། །མངོན་པའི་ང་རྒྱལ་རབ་ཏུ་བརྟག །ཁྲོ་མོ་ལྕགས་ཀྱུ་འདྲ་བྱས་ཏེ། །གང་ཚེ་སྔགས་མཁན་གྱིས་བསྟེན་ན། །དེ་ཆེ་ངེས་པར་འོ་བྱས་ཏེ། །གཞན་དུ་ན་ནི་དམྱལ་བར་ལྟུང་། །དེ་ཉིད་རྣམ་པར་བཟློག་པ་ལྟར། །སྔགས་མཁན་གྱིས་ནི་མ་བསྟེན་ན། །དེ་ཚེ་མྱུར་དུ་འགྲོ་བྱས་ཏེ། །གཞན་དུ་བྱས་ན་དམ་ཚིག་ཉམས། །གཞན་རྣམས་ཀྱི་ནི་ཕྱག་རྒྱ་ཡིས། །རྣལ་འབྱོར་པ་ཡིས་རྣམ་བསྐུལ་ན། །ལས་ཀྱི་སྦྱོར་བ་ཤེས་པ་ཡིས། །ལས་དེ་དག་ནི་བརྩམ་པར་བྱ། །བརྡ་ཡི་ཕྱག་རྒྱའི་ཡེ་ཤེས་སོ། །འདྲེན་པ་མེད་པའི་ཡི་གེ་ཀུན། །རྣལ་འབྱོར་པ་ཡིས་རབ་ཏུ་བརྟག །རྟག་ཏུ་ཚེག་དྲག་རྣམ་བྲལ་བ། །འདྲེན་ཚུལ་རྣལ་འབྱོར་མ་ཡིའོ། །ཨོཾ་ནི་ཐིག་ལེར་བཅས་པའི་བརྡ། །སྦྱོར་བ་སྔགས་འཛིན་རྣལ་འབྱོར་བརྟག །དེ་ལ་སོགས་པ་མཐའ་ཡས་མཆོག །སྦྱོར་བའི་དཀྱིལ་དུ་བརྟག་པར་བྱ། །རྡོ་རྗེ་པདྨ་མཉམ་པར་སྦྱོར་བས་རྗེས་སུ་མཉེས་པར་བྱེད་པ་དཔལ་དམ་ཚིག་མ་ཞེས་བྱ་བའི་ཕྱག་རྒྱའི་ཡེ་ཤེས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཀུན་


DNG012_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བཟང་པོ་ཆེན་པོ་ཡང་ཀུན་ཏུ་རྒྱས་འདེབས་པའི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རྡོ་རྗེ་ཕ་རོལ་ཏུ་ཕྱིན་མའི་གསང་བ་རྣལ་འབྱོར་མ་ཆེན་མོ་ཐམས་ཅད་ཀྱི་ཕྱག་རྒྱའི་ཡེ་ཤེས་འདི་ཉིད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །རྡོ་རྗེ་ཐལ་མོ་མཉམ་གཞག་སྟེ། །སྦོམ་པོ་སྐྱིལ་མོ་བཅིང་བར་བྱ། །ཁྲོ་མོ་གཉིས་ནི་སྦྱར་བྱ་སྟེ། །ལྷག་མ་འོད་བཞིན་གཏང་བར་བྱ། །སྙིང་གར་ཕྱག་རྒྱ་འདི་བཞག་ནས། །ཐམས་ཅད་ལས་ནི་རབ་སྦྱར་ཏེ། །སྣ་ཚོགས་མཁའ་འགྲོའི་དཀྱིལ་འཁོར་དུ། །གདོན་མི་ཟ་བའི་དངོས་གྲུབ་བྱེད། །ཐལ་མོ་དེ་གཉིས་མཉམ་སྦྱར་ཏེ། །མཆོག་དང་རྡོ་རྗེ་མཉམ་དུ་སྦྱར། །ཆུང་ངུ་གཉིས་ཀྱང་གདོང་སྤྲད་དེ། །སྙིང་གར་དེ་བཞིན་སྦོམ་པོ་སྦྱར། །འདི་ཡིས་རྡོ་རྗེ་ཐམས་ཅད་རྣམས། །དམ་ཚིག་འཇིགས་བྱེད་རབ་མཛད་ཅིང་། །སེམས་ཅན་ཐམས་ཅད་ཕན་མཛད་མ། །དེ་ནི་དངོས་གྲུབ་འགྲུབ་པར་འགྱུར། །དེ་ཉིད་ལས་ནི་རྡོ་རྗེ་དང་། །མཆོག་ཉིད་བསྒྲེང་བའི་ཚུལ་བྱས་ཏེ། །རྡོ་རྗེ་ཐལ་མོ་གནས་པ་ཡིས། །དྲང་བའི་ཚུལ་གྱིས་དྲངས་བྱས་ན། །མི་གཡེང་དེ་ནས་དངོས་གྲུབ་བོ། །གནོད་བྱེད་ཡང་དག་ལྡན་པ་འདིས། །རྒྱལ་བ་མཆོག་ཀྱང་འདྲེན་འགྱུར་ན། །ལྷ་དང་མི་ཡི་བུ་མོ་དག །ལྷ་མིན་ལ་སོགས་སྨོས་ཅི་དགོས། །ཇི་ལྟར་ཡིད་ལ་འདོད་པ་བཞིན། །འདི་ཉིད་ཀྱིས་ནི་དངོས་གྲུབ་སྟེ། །སྔགས་ཀྱི་བཟླས་པ་མཉམ་སྦྱོར་བས། །མཆོག་ཏུ་མྱུར་དུ་འདྲེན་པར་འགྱུར། །ཐལ་མོ་དེ་ཉིད་ལས་བྱུང་ཁྲོ། །རྩེ་མོ་ཡིད་ཙམ་བཀུག་བྱས་ཏེ། །ལྷག་མ་འོད་ཟེར་རྩེ་མོ་བཞིན། །དེས་ནི་མྱོས་བྱེད་ཐོབ་པ་ཡིན། །འདི་ནི་བཅིངས་མ་ཐག་ཏུ་ཡང་། །བདེ་བར་གཤེགས་ཀྱང་དབང་བསྒྱུར་ན། །ཡིད་ལས་སྐྱེས་པ་འདོད་ཆགས་ཅན། །གཏི་མུག་ཆོས་གནས་སྨོས་ཅི་དགོས། །ཅི་དགར་འདོད་ཆགས་སྦྱོར་བ་ཡིས། །དེ་ཡིས་ལས་རྣམས་བྱེད་འགྱུར་ཏེ། །ཡང་དག་སྦྱོར་བ་ཐམས་ཅད་འགྲུབ། །སྦྱོར་དང་མི་ལྡན་དངོས་གྲུབ་མེད། །སྙིང་


DNG012_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

གར་འདི་ཉིད་ཀྱིས་བྱས་ཏེ། །མགུ་བའི་སྦྱོར་བ་བདེ་ཆེན་པོས། །རྒྱལ་བ་མཆོག་ནི་མཉེས་པར་འགྱུར། །མཆོག་གི་བཅིང་བ་འདི་ཀུན་དང་། །འདི་ཡིས་ལས་རྣམས་ཐམས་ཅད་དང་། །ཡིད་ལ་བསམ་པ་བྱེད་པ་འཐོབ། །ཕན་ཚུན་དུ་ནི་མགུ་བྱེད་ཅིང་། །མགུ་བས་དངོས་གྲུབ་མྱུར་དུ་འཐོབ། །རྡོ་རྗེ་ཐལ་མོ་མཉམ་སྦྱར་ཏེ། །རྡོ་རྗེ་བཀུག་ནས་སྦོམ་པོར་སྦྱར། །ལྷག་མ་འོད་ཀྱི་ཚུལ་དུ་གཏང་། །དགའ་བྱེད་མཆོག་ནི་ཕྱག་རྒྱ་འདི། །སངས་རྒྱས་འབྲས་བུ་དངོས་གྲུབ་འཐོབ། །རྒྱལ་སྲིད་ནོར་དང་འབྲུ་ཡི་རྣམས། །དེ་བཞིན་ནོར་བུ་འདི་དངོས་གྲུབ། །དེ་ནི་དེ་མ་ཐག་ཏུ་ཡང་། །ལྷ་དང་ལྷ་མིན་མཆོད་པར་འགྱུར། །བདག་ཉིད་ཀྱིས་ནི་འདི་བཅིངས་ཏེ། །མཁས་པ་ཡིས་ནི་དུས་མཚམས་ཕྱིར། །གནས་ལྔར་རབ་ཏུ་སྦྱོར་བ་ཡིས། །སྤྱི་བོར་དབང་ནི་བསྐུར་བྱས་ན། །རྡོ་རྗེ་འཛིན་པ་ཀུན་གྱི་དབང་། །དེ་ནས་དེ་ནི་ངེས་པར་འགྱུར། །ལོ་གཅིག་ཙམ་དུ་མཉམ་སྦྱོར་བས། །ཕན་ཚུན་དུ་ནི་དབང་བསྐུར་བས། །ཁམས་གསུམ་རབ་དགྱེས་བདག་པོ་རུ། །བློ་ལྡན་རྡོ་རྗེ་མི་གཡེང་འགྱུར། །དེ་ཉིད་འཁོར་ལོ་བསྐོར་བྱས་ཏེ། །སྙིང་གར་འཁོར་ལོ་བཞིན་དུ་བསྐོར། །ཟླ་བ་གཅིག་ཙམ་མཉམ་སྦྱོར་བས། །འཁོར་ལོ་བསྐོར་བ་རབ་ཏུ་བསྒྲུབ། །དེ་ཉིད་གཡོན་པར་རབ་སྦྱར་ཏེ། །རྒྱལ་མཚན་ཚུལ་དུ་ཡང་དག་སྤྲོ། །ཞག་བདུན་དུ་ནི་མཉམ་གཞག་པས། །འཇིག་རྟེན་དུ་ནི་རྒྱལ་བར་འགྱུར། །དེ་ཉིད་ཁ་ནས་བགད་པར་སྦྱར། །མཉམ་གཞག་ཟླ་བ་གཅིག་ཙམ་གྱིས། །ལས་རྣམས་ཐམས་ཅད་རབ་གྲུབ་པ། །བགད་པ་ཙམ་གྱིས་ཕྱེད་པར་འགྱུར། །ཐལ་མོ་དེ་ཉིད་མཉམ་བཞག་སྟེ། །རྩེ་མོ་ཁ་ཕྱེད་རྣམ་བསྒྱུར་བས། །སྦོམ་པོ་ཟེ་བར་རྣམ་བྱས་ཏེ། །ལོ་མ་ལྷག་མ་རྒྱས་པར་བྱ། །རྣལ་འབྱོར་འདི་ནི་བཅིངས་པ་ཡིས། །སྡིག་པ་ཀུན་ལས་རབ་ཏུ་གྲོལ། །བསོད་ནམས་ཆེན་པོས་བྱིན་རློབ་སྟེ། །བདེ་བྱེད་


DNG012_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་གྲུབ་པར་འགྱུར། །ཐལ་མོ་དེ་ཉིད་སྙིང་གར་སྦྱར། །མཆོག་དང་ཁྲོ་མོ་གཉིས་སྦྱར་ཏེ། །དེ་གཉིས་ཚིགས་གསུམ་རབ་ཏུ་དགུག །སྦོམ་པོ་སྐྱིལ་མོ་ཙམ་དུ་བྱ། །རྣལ་འབྱོར་དག་ཏུ་སྦྱོར་བ་ཡིས། །འདི་ཡིས་ཟླ་བ་གཅིག་བྱས་ན། །འཇིག་རྟེན་གསུམ་ལས་རྣམ་རྒྱལ་རྗེར། །དཔའ་བོ་ཆེན་པོར་དེ་འགྱུར་རོ། །ཐལ་མོ་དེ་ཉིད་མཉམ་སྦྱར་ཏེ། །རང་གི་སྙིང་གར་བསྐོར་བར་བྱ། །དེ་ནས་སྔགས་མཁན་ཆོས་སྟོན་པར། །མི་གཡེང་སེམས་ཀྱིས་དེ་འགྱུར་རོ། །སྦོམ་པོ་ལྕེ་ཡི་ཚུལ་བཞག་པས། །དེ་ཉིད་ཁར་ནི་རྣམ་བཞག་ན། །འཇིག་རྟེན་ཀུན་གྱི་ཐམས་ཅད་དག །མདོར་ན་ཞག་བདུན་ཙམ་གྱིས་ཀྱང་། །དབྱིག་དང་གསེར་དང་གོས་ལ་སོགས། །བདུད་རྩི་བཏུང་བ་མཆོག་གི་རྣམས། །འདི་ཡིས་ཐམས་ཅད་འཕྲོག་བྱེད་དེ། །འགྲུབ་པར་འགྱུར་བར་གདོན་མི་ཟ། །ཐལ་མོ་དེ་ཉིད་མཉམ་སྦྱར་ཏེ། །མཆོག་རབ་གཉིས་ནི་འོག་ཏུ་གཞུག །ཆུང་ངུ་གཉིས་དང་སྦོམ་པོ་གཉིས། །སྦྱར་ཏེ་སྙིང་གར་རབ་ཏུ་གཞུག །ཡིད་ལ་དགའ་བའི་ལས་རྣམས་ཐམས་ཅད་བྱེད། །སྒྱུ་མའི་མཐུ་དང་སྲིད་པ་མཐར་བྱེད་པ། །རྟག་ཏུ་བློ་ལྡན་ལོ་ནི་ཕྱེད་གཉིས་ཀྱིས། །ཁམས་གསུམ་རྒྱལ་སྲིད་མཐུ་ཆེན་ཐོབ་པར་འགྱུར། །ཐལ་མོ་དེ་ཉིད་མཉམ་སྦྱར་ཏེ། །རང་གི་མ་མཆུ་དབུས་ཉིད་ནས། །སྦོམ་པོ་རོ་འཐོབ་ཚུལ་གྱིས་ནི། །ཁྲོ་མོ་འཁོར་ལོ་ཡང་དག་སྤྲོ། །ཞག་བདུན་དུ་ནི་བསྒྲིམས་པ་ཡིས། །འདི་ཡིས་ཁྲག་འདྲེན་དངོས་གྲུབ་སྟེ། །ཤ་ཟས་བཟའ་བ་ལས་ཀུན་བྱེད། །ཐལ་མོ་ཉིད་ནི་བཅིངས་བྱས་ནས། །རྡོ་རྗེ་གཉིས་ནི་པདྨོར་སྦྱོར། །སྦོམ་པོའི་ཟུར་ནི་སྦྲེལ་ནས་ཀྱང་། །ཆུང་ངུ་གཉིས་ཀྱང་དེ་བཞིན་ཏེ། །མགྲིན་པ་ནས་ནི་རྩེ་མོ་བརྐྱང་། །ཐམས་ཅད་ལས་ནི་སྦྱར་བྱས་ཏེ། །འདི་ཡིས་གདུག་པ་ཐམས་ཅད་དག །རབ་ཏུ་སྦྱར་བས་འཇིགས་པར་འགྱུར། །ཐལ་མོ་དེ་ཉིད་མཉམ་བཞག་ནས། །བཅིང་བ་དམ་པོས་བཅིང་བར་བྱ། །སྦོམ་པོ་


DNG012_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ནི་ནང་དུ་གཞུག །ཁྲོ་མོ་གཉིས་ཀྱང་བསྐུམ་པར་བྱ། །འདི་ཡིས་གདུག་པ་ཐམས་ཅད་དག །འཛུམས་པར་རབ་ཏུ་བྱས་པར་འགྱུར། །སྐད་ཅིག་ཏུ་ནི་གནོན་བྱེད་དེ། །དེ་བཞིན་བསྡུས་དང་བཙིར་བར་འགྱུར། །ཕྱག་རྒྱ་འདི་ཡིས་རྒྱས་བཏབ་པས། །དེ་ནི་དངོས་གྲུབ་ཐམས་ཅད་ཀྱི། །དངོས་གྲུབ་ཆེན་པོའི་བདག་པོ་དང་། །ཐམས་ཅད་ལས་དོན་འགྲུབ་པར་འགྱུར། །ཕྱག་རྒྱ་འདི་ཡིས་རྒྱས་བཏབ་པས། །རིམ་པར་མྱུར་དུ་འགྲོ་འོང་བྱེད། །ལོ་གཅིག་གི་ནི་སྦྱོར་བ་ཡིས། །ལས་རྣམས་ཐམས་ཅད་སྒྲུབ་པར་བྱེད། །རྡོ་རྗེ་རྣལ་འབྱོར་མ་རྣམས་ཀུན་གྱི་ལས་ཐམས་ཅད་བྱེད་པའི་ཕྱག་རྒྱའོ། །དེ་ནས་རྣལ་འབྱོར་མ་དེ་དག་ཐམས་ཅད་རབ་ཏུ་མགུ་ནས་ངོ་མཚར་དུ་གྱུར་ཏེ། རྣམ་པར་འགྱུར་བས་གར་མཛད་ཅིང་། །ཧི་ཧི་ཞེས་པས་གླུ་རུ་ལེན། །ཧ་ཧ་ཞེས་པས་རབ་ཏུ་མགུ། །ཧོ་ཧོ་ཞེས་པས་མཉེས་པར་བྱེད། །ཧེ་ཧེ་ཞེས་པས་འབོད་པར་བྱེད། །ཧཱུྃ་ཧཱུྃ་ཞེས་པས་གད་པར་བྱེད། །ཧཱ་ཧཱ་ཞེས་པས་སྐྱོད་པར་བྱེད། །ཕཊ་ཕཊ་ཞེས་པས་གསོད་པར་བྱེད། །ཧཱུྃ་ཧཱུྃ་ཞེས་པས་ཕུར་བུས་འདེབས། །ཛཱ་ཛཱ་ཞེས་པས་འདྲེན་པར་བྱེད། །ས་ས་ཞེས་པས་དམ་པར་བྱེད། །དགེ་བ་དབང་ཕྱུག་ང་རོ་མཆོག །ཧཱུྃ་བྷྲུྃ་ཞེས་པས་གསོད་པར་བྱེད། །ཧཱུྃ་བྷྲཱུྃ་ཧཱུྃ་བྷྲཱུྃ། ཧཱུྃ་ཧཱུྃ་ཞེས་པས་འབར་བར་བྱེད། །ཏྲུྃ་ཏྲུྃ་ཞེས་པས་གཟི་བརྗིད་བྱེད། །ཏྲིཾ་ཏྲིཾ་ཞེས་པས་འདྲེན་པར་བྱེད། །ཏྲཾ་ཏྲཾ་ཞེས་པས་མཆོད་པར་བྱེད། །དངོས་གྲུབ་ཐམས་ཅད་འབྲས་བུ་སྨིན། །ཏྲཾ་ཏྲཾ་ཞེས་པས་རྨོངས་པར་བྱེད། །དྷྲིཾ་དྷྲིཾ་ཞེས་པས་འཛུམས་པར་བྱེད། །ཧྲིཾ་ཧྲིཾ་ཞེས་པས་འདྲེན་པར་བྱེད། །ཧཱུྃ་ཧཱུྃ་ཞེས་པས་འཕྱན་པར་བྱེད། ། ངྱི ་ངྱི ་ཞེས་པས་རྨོངས་པར་བྱེད། །ཧྲ་ཧྲ་ཞེས་པས་གནོན་པར་བྱེད། །ཧོ་ཧོ་ཞེས་པས་མཉེས་པར་བྱེད། །ཧྃ་ཧྃ་ཞེས་པས་སྲུང་བར་བྱེད། །ཧཱུྃ་ཧཱུྃ་ཞེས་པས་གསོད་པར་བྱེད། །ཧུ་ཧུ་ཞེས་པས་མགུ་བར་བྱེད། །ཏྲཾ་ཏྲཾ་ཞེས་པས་བདུག་པར་བྱེད། །གྷུྃ་གྷུྃ་ཞེས་པས་ཕྲེང་བར་བྱེད། །གྃ་གྃ་ཞེས་


DNG012_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

པས་དྲི་རུ་བྱེད། །རྃ་རྃ་ཞེས་པས་བརྒྱལ་བར་བྱེད། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་འཁོར་ལོའི་ཚོགས་རྣམས་ངོ་མཚར་ཆེར་གྱུར། རྨད་དུ་བྱུང་བ་ཆེན་པོར་གྱུར་ཏེ། རང་རང་གི་སེམས་མགུ་བར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེའི་བདག་པོ་ཀུན་ཏུ་བཟང་པོ་ཆེན་པོ་ལ་ཕྱག་འཚལ་ཏེ་གསོལ་བ་འདེབས་སོ། །གཉིས་མེད་མཆོག་ཏུ་རྨད་བྱུང་བ། །བཅོམ་ལྡན་དེ་ཉིད་བཤད་དུ་གསོལ། །གང་གིས་སེམས་ཅན་གྲུབ་པ་འདི། །གསང་བ་སྦས་པ་གྲུབ་པར་འགྱུར། །གར་དང་གླུ་དང་བཞད་པ་ཆེ། །སྒེག་མོ་རོལ་པ་བདེ་བ་མཆོག །སིལ་སྙན་གླིང་བུ་རྣམ་སྣ་ཚོགས། །བརྡ་དང་རྒྱུད་རྣམས་རབ་འབྱོར་པ། །གསང་རྒྱུད་ཆོ་གའི་རིམ་པ་རྣམས། །རྫུ་འཕྲུལ་བློ་ཡི་ཆེ་བ་ཆེ། །དངོས་གྲུབ་ཐམས་ཅད་གྲུབ་པ་ཡིས། །སྔགས་རྒྱལ་ཁྱོད་ཀྱིས་བཤད་དུ་གསོལ། །དེ་ནས་བཅོམ་ལྡན་སངས་རྒྱས་རྣམས། །ཐམས་ཅད་བདག་པོ་རྒྱལ་པོ་ཆེ། །ཐོག་མ་མེད་ནས་སྤྱོད་རྨད་བྱུང་། །སྣ་ཚོགས་ཆེན་པོ་རྣམ་མི་རྟོག །སྣ་ཚོགས་ཡེ་ཤེས་ཡོན་ཏན་ཆེ། །བླ་མེད་ཆོས་ཀུན་དབང་པོ་སྟེ། །རིག་དང་སྔགས་ཀྱི་བདག་པོ་ཆེ། །དེ་ཉིད་ཆེན་པོ་སྙིང་པོ་མཆོག །བློ་རྨོངས་ཕྱག་རྒྱ་རྒྱས་འདེབས་ཏེ། །རྒྱས་འདེབས་རྨོངས་བྱེད་ཟ་བ་པོ། །གཏོང་དང་བྱེད་པ་ཁྱབ་པ་ཆེ། །བསྐྱོང་བ་སྡིག་པ་འཕྲོག་པར་བྱེད། །སྡིག་པའི་ཆོས་རྣམས་སེལ་བར་བྱེད། །དུས་ངན་འདོད་བྱེད་ཁྲོས་པ་པོ། །གཏི་མུག་ཆོས་རྗེས་འདེབས་པར་བྱེད། །ས་དང་བར་སྣང་དེ་བཞིན་བདེ། །དེ་བཞིན་རྣལ་འབྱོར་པ་ལ་སྦྱིན། །ཚངས་དང་གཏོགས་འདོད་དབང་ཆེན་པོས། །དེ་ལ་ཕྱག་དང་མཆོད་པར་བྱེད། །དེ་ཉིད་སྐྱོང་བྱེད་སྐྱོབ་པ་པོ། །གསང་བའི་གསང་བ་བདེ་བ་ཆེ། །ཟླ་གསང་ཐིག་ལེ་ལས་བྱུང་བའི། །སྦས་པ་ཆེན་པོ་གསང་བ་སྟོན། །ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ། །བདེ་བ་


DNG012_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

༼མ་ལྷག་མོ་རེད༽


DNG012_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

༼མ་ལྷག་མོ་རེད༽


DNG012_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་འབྱིན་མཛད་དོ། །སྐལ་ལྡན་ཉེ་བར་ལོངས་སྤྱོད་ཀུན། །བུད་མེད་ཐམས་ཅད་དབང་དུ་བྱེད། །རང་འབྱུང་མཚན་དུ་ཐིག་ལེ་སྟེ། །བཅུ་གསུམ་དྲ་བ་དབུ་རུ་ལྡན། །འདི་ཡིས་བུད་མེད་བསྐྱེད་བྱས་ཏེ། །ས་བོན་གྱིས་ནི་རྒྱལ་པོ་འདུ། །འོད་ཟེར་གཟི་བརྗིད་འབར་བ་ཅན། །རང་ལས་མྱུ་གུར་འདྲ་བ་ཡིས། །འོག་གི་ཕྱོགས་སུ་གཞག་པ་ནི། །ཧྲཾ་བྱས་མྱུར་དུ་དང་བར་བྱ། །དང་པོ་དྲང་བ་གཉིས་དྲངས་པས། །ཚེག་དྲག་དེས་ནི་ལྕགས་ཀྱུ་བྱས། །ལྷ་དང་ལྷ་མིན་མཆོག་གི་བདག །ཁམས་གསུམ་ཐམས་ཅད་དྲང་བར་བྱེད། །འདི་ཡི་ཚུལ་གྱིས་སྦྱོར་བ་ཡིས། །ཕན་ཚུན་དུ་ནི་བསྒྲུབས་བྱས་ནས། །རྨད་བྱུང་རྣམ་པ་སྣ་ཚོགས་ཀྱི། །དངོས་གྲུབ་བྱེད་པ་སྦྱིན་པར་བྱེད། །བདག་ཉིད་རང་བཞིན་མཐོང་བར་བྱ། །སྦྱོར་ལྡན་ཟླ་བའི་གཟུགས་ཉིད་དུ། །དེ་སྟེང་ས་བོན་གཞག་པར་བྱ། །དེ་ཉིད་དེ་ཉིད་ཐབས་ཀྱིས་གནས། །སྔགས་ཀྱི་སྦྱོར་བ་རབ་སྦྱོར་བས། །དེ་ནས་སྔགས་མཁན་དེར་འགྲུབ་བོ། །དེ་ཉིད་སྔགས་དང་སྙིང་པོ་དང་། །ཕྱག་རྒྱ་རིག་དང་མི་ལྡན་པས། །སངས་རྒྱས་རྡོ་རྗེ་སེམས་དཔའ་ཡང་། །འགྲུབ་པ་ཉིད་དུ་ཡོད་མི་འགྱུར། །དེ་ཉིད་ནང་དུ་སྦྱར་བྱས་ན། །སྙིང་པོ་སྙིང་གར་སྦྱོར་བ་ཡིས། །ཕྱག་རྒྱ་ཕྱག་རྒྱས་སྦྱར་བར་བྱ། །སྔགས་དང་སྔགས་ཀྱི་འབྲུ་བསྒོམས་ཏེ། །རིག་མ་རིག་མ་ཉིད་དུ་སྦྱར། །འདི་ཡིས་མྱུར་དུ་དངོས་གྲུབ་སྟེ། །མགྱོགས་པར་འགྲོ་བ་རབ་ཏུ་འགྲུབ། །སངས་རྒྱས་ཀུན་གྱི་ས་ཆེན་པོར། །འབྱུང་དང་འབྱུང་ལས་འགྱུར་བ་ཉེ། །རྣལ་འབྱོར་འབྱོར་དོན་སྒྲུབ་པ་པོ། །དཔའ་བོ་ཆེན་པོ་འགྲོ་འོང་བྱེད། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་རབ་ཏུ་མགུ་རངས་པར་གྱུར་ཏེ། རྡོ་རྗེའི་དབྱངས་འདི་བསྒྲགས་སོ། །ཀྱེ་མའོ་ཀུན་ཏུ་བཟང་པོ་ཡི། །རྡོ་རྗེའི་ཐེག་པ་བླ་ན་མེད། །བཤད་པ་གསང་བ་ཞེས་བགྱི་བ། །དེ་ཉིད་དོན་དུ་བསྒྲུབ་པ་སྟེ། །སྙིང་པོ་ཕྱག་རྒྱ་དམ་ཚིག་ནི། །སྔགས་རིག་རང་གི་ལྷ་


DNG012_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དེ། །བདག་གི་དེ་ཉིད་ཇི་བཞིན་པ། །གསང་བ་རྒྱལ་བ་མཆོག་གིས་གསུངས། །དཀྱིལ་འཁོར་དང་ནི་དམ་ཚིག་དང་། །གསང་བ་སྦས་པ་དེ་ཉིད་དེ། །འཇིག་རྟེན་གསུམ་གྱིས་འདུད་པའི་རིམ། །དཔའ་བོ་ཆེན་པོས་རབ་ཏུ་བསྒྲགས། །རྡོ་རྗེ་པདྨ་རྣམ་མཛད་པས། །རིག་མ་དང་ནི་ལྷན་ཅིག་རྩེན། །གདུག་པ་ཐམས་ཅད་མཉེ་བྱ་དང་། །དམ་ལ་ཞེ་སྡང་བཟའ་བ་དང་། །སློབ་དཔོན་སྨོད་ལ་བསྒྲལ་བ་དང་། །གཟུངས་མའི་བདག་པོར་བསྒྲུབ་པ་དང་། །སངས་རྒྱས་ཐམས་ཅད་བསྐྱེད་བྱ་དང་། །རབ་དགྱེས་བདག་ཉིད་བསྐུལ་བ་དང་། །སྡིག་པ་ཐམས་ཅད་སྦྱང་བ་དང་། །བུད་མེད་ཐམས་ཅད་འདོད་བྱ་དང་། །བདུད་རྣམས་ཐམས་ཅད་དྲང་བྱ་དང་། །རྡོ་རྗེ་ཀུན་ཏུ་གཞུག་བྱ་དང་། །པདྨའི་གནས་ནི་དགང་བྱ་དང་། །བསྒྲུབ་དང་ཉེ་བར་བསྒྲུབ་པ་དང་། །ཤིན་ཏུ་སྦྱོར་དང་སྦྱོར་ཆེ་བ། །སྦྱོར་བ་རབ་སྦྱོར་སྦྱོར་སྐྱེ་བ། །དེ་རྣམས་དེ་ཉིད་མཁྱེན་པ་པོ། །བདེ་བ་ཆེན་པོ་ཉིད་ཀྱིས་གསུངས། །བསྒྲུབ་པ་ཡི་ནི་སྦྱོར་ཆེ་བ། །སྦྱོར་དང་སྦྱོར་མར་ཡང་དག་སྦྱོར། །དེ་ཉིད་གསལ་བར་སེམས་དཔའ་ཆེ། །ཕན་པར་དགོངས་པ་ཉིད་ཀྱིས་གསུངས། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བའི་མདོ་རྗེས་སུ་དྲིས་པ། རང་གི་ཐུགས་ལ་བཞག་སྟེ། ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་བ། སངས་རྒྱས་ཀུན་གྱི་དམ་ཚིག་ནི། །ཀུན་ཏུ་སྦྱོར་བ་མཉམ་པར་ལྡན། །དེ་ཉིད་ཕྱག་རྒྱ་ཆེན་པོ་སྟེ། །ཡེ་ཤེས་ལྔ་ཡིས་རྗེས་སུ་བསྐྱེད། །དཀྱིལ་འཁོར་ཕྱག་རྒྱ་བཞི་པ་སྟེ། །ཕྱག་རྒྱ་ཆེན་པོས་རྗེས་སུ་བསྒྲུབས། །རྡོ་རྗེ་སེམས་དཔའ་བསྐྱེད་མཛད་དེ། །ཀྱེ་མའོ་བདེ་བ་རྣམ་པར་འབྱུང་། །སྙིང་པོ་ཡེ་ཤེས་ཞེས་པ་སྟེ། །ཡེ་ཤེས་བཞི་དང་ཡང་དག་ལྡན། །ཕྱག་རྒྱ་ཡེ་ཤེས་ཕྱག་རྒྱ་ཆེ། །དམ་ཚིག་མཆོག་ནི་རིག་མའོ། །སྔགས་ཀྱི་ཡི་གེ་ཚུལ་འདྲ་བ། །ཡི་གེའི་ཕྱག་རྒྱ་དོན་ཆེན་སྦྱིན། །འདི་ཡིས་བསྒྲུབ་པ་བྱས་པའི་གཟུངས། །བདག་གི་དེ་ཉིད་ལྷ་དེ་ཉིད། །


DNG012_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་དེ་ཉིད་ཅི་བཞིན་པར། །ང་ཡིས་གསང་བ་རབ་ཏུ་བསྒྲགས། །དམ་ཚིག་མ་ཡིན་མི་ཤེས་ལ། །སྔགས་རིག་པས་ནི་བསྟན་མི་བྱ། །ཕྱག་རྒྱ་ཐམས་ཅད་གསང་བྱ་སྟེ། །དམ་ཚིག་རྒྱས་འདེབས་གསང་བ་ཡིན། །དེ་ཉིད་ལྷ་ཡི་སྦྱོར་བ་ནི། །གསང་བ་གསང་བ་རབ་ཏུ་བསྒྲུབ། །རྡོ་རྗེ་པདྨ་རྣམ་མཛད་པས། །རོལ་པ་ཕྱིན་པ་སྦྱོར་བ་ཡིས། །རིག་དང་ལྷན་ཅིག་རྩེན་བྱ་བ། །སྤྲོད་པ་དང་ནི་འཁྱུད་པ་དང་། །དེ་བཞིན་མཆུ་ནི་སོ་ཡིས་གཟུང་། །རྡོ་རྗེ་བརྟན་པ་གཞུག་པར་བྱ། །གཡས་དང་གཡོན་གྱི་ཚུལ་གྱིས་ནི། །བསྐྱོད་ཅིང་རྣམ་པར་གར་བྱའོ། །གདུག་པ་ཐམས་ཅད་མཉེ་བྱ་སྟེ། །ནུ་མ་མཆན་ཁུང་མཁུར་ཚོས་གཉིས། །འགྲམ་པ་དང་ནི་བརླ་གཉིས་རྒྱབ། །རྐང་པ་ལག་པ་འཇམ་པོ་གཉིས། །མཉེ་བའི་སྦྱོར་བ་འདི་ཡིས་ནི། །མཛའ་བ་ཆེན་པོ་དེ་འགྲུབ་བོ། །འདོད་པའི་དོན་གྱི་བར་གཅོད་དང་། །དམ་ལ་ཞེ་སྡང་བཟའ་བ་དང་། །ཞེ་སྡང་ཅན་གྱིས་ཟོས་འགྱུར་བ། །ཁྱད་པར་གཞན་དང་གཞན་ཡང་བཟའ། །རྟག་པར་མི་ཕྱོགས་སྨྲ་བ་དང་། །བླ་མ་སྨོད་རྣམས་བསྒྲལ་བར་བྱ། །ཤ་དང་ཁྲག་དང་ཀླད་པ་རྣམས། །དྲངས་ཏེ་ཚོགས་ཀྱི་མཆོད་པར་བྱ། །འདི་ནི་གསད་པ་དྲག་པོ་སྟེ། །རྡོ་རྗེ་སློབ་དཔོན་སྨོད་པ་དང་། །བླ་མ་སྨོད་བྱེད་བརྩོན་པ་ལ། །དམ་ཚིག་ཕྱིར་ནི་བསྒྲུབ་པར་བྱ། །གཏི་མུག་དེ་ནི་འགྲུབ་མི་འགྱུར། །སྡུག་བསྔལ་བ་ཡང་འཐོབ་འགྱུར་ཏེ། །ཐམས་ཅད་ནད་དང་ཁྲོས་ཆེན་དང་། །འཇིགས་བྱེད་ཉེ་བར་འཚེ་བ་ཡིས། །བསྐལ་པ་གྲངས་མེད་བྱེ་བ་རུ། །སྡུག་བསྔལ་ཆེན་པོ་སྟེན་བྱེད་ཅིང་། །འོ་དོད་འབོད་པར་སྦྲུལ་གྱི་བདག །བསྡིར་མེད་ཆེན་པོ་བརླག་པར་འགྲོ། །ལུས་ངག་སེམས་ནི་བདེ་དམ་པ། །རིག་མ་ཀུན་ལ་བསྐྱོད་བྱས་ཏེ། །བྱང་ཆུབ་ཆེན་པོ་བདེ་བ་ཡིས། །ཚུལ་བཞིན་དུ་ནི་བསྔགས་པར་བྱ། །བསྐུལ་བའི་སྙིང་པོ་འདི་སྨྲས་ཏེ། །ཛཿཞེས་སྐད་ཅིག་སྐད་ཅིག་ཏུ། །རང་


DNG012_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

གི་གནས་ནས་གནས་པ་ཡིས། །དེ་ཉིད་ལས་ནི་བསྐྱོད་པར་བྱ། །བཅུ་དྲུག་ཆ་དང་ཡང་དག་ལྡན། །ཟླ་བ་གསང་བའི་ཐིག་ལེ་ལ། །མེ་ཏོག་དང་ནི་འདྲ་བ་ཉིད། །རླུང་གིས་ཕུལ་བ་བསྐྱོད་པར་བྱ། །དེ་ནི་བསྐྱོད་པས་འགྲུབ་པ་སྟེ། །དེ་བཞིན་དུ་ཡང་བསྐུལ་བར་བྱ། །རྒྱུན་གྱི་ཕྲེང་ནི་འོད་གསལ་བཞིན། །བློ་ལྡན་རྟག་ཏུ་བསྒྲུབ་པར་བྱ། །བདུད་རྣམས་ཐམས་ཅད་འདྲེན་པ་ནི། །ལྷ་མོ་རྣམས་ནི་སྙིང་པོར་བཤད། །ཞགས་པའི་ཚུལ་གྱིས་གཞུག་པ་དང་། །དེ་བཞིན་དགང་བ་བཅིང་བའོ། །བསྒྲུབ་པ་ལྷ་ཡི་སྦྱོར་བ་སྟེ། །རྗེས་སུ་སྒྲུབ་པ་ལྷ་མོའི་དོན། །སྒྲུབ་པ་ཆེན་པོ་གཉི་གའི་རྒྱ། །མཉམ་པར་སྦྱོར་བ་རྡོ་རྗེའི་མཆོག །ཉེ་བར་སྒྲུབ་པ་གཉི་ག་གནས། །ཤིན་ཏུ་སྒྲུབ་པ་བདེ་དམ་པ། །སོ་ཡི་རྩེ་མོས་མཆུ་བཟུང་སྟེ། །མ་མཆུ་མཆོག་ནི་བསྡམ་པར་བྱ། །སྦྱོར་བ་རབ་སྦྱོར་སྐལ་ལྡན་པའི། །རབ་དགྱེས་རོ་མྱང་བདེ་དམ་པ། །ལྷ་དང་ལྷ་ཉིད་ཡང་དག་སྦྱོར། །འདི་ནི་གཉིས་སུ་མེད་ཅེས་བྱ། །སྙིང་པོ་ཕྱག་རྒྱ་སྔགས་རིག་གིས། །ཉིད་ཀྱི་གཟུགས་ནི་བསྒྲུབ་བྱ་སྟེ། །བདག་ནི་སེམས་དཔའོ་ཞེས་བསམས་ན། །འདི་ནི་གཉིས་མེད་མྱུར་དུ་འགྱུར། །གཟུགས་དང་སྒྲ་ལ་སོགས་པའི་ལྷའི། །དངོས་གྲུབ་ཐམས་ཅད་བསྒྲུབ་པར་བྱ། །སྦྱོར་དང་རབ་སྦྱོར་སྦྱོར་ཆེ་བ། །རྒྱལ་བ་ཀུན་གྱི་མཆོག་གིས་གསུངས། །བཅོམ་ལྡན་རྡོ་རྗེ་སྦྱོར་བ་སྟེ། །རབ་ཏུ་སྦྱོར་བ་མཁའ་ལ་འགྲོ། །ཕྱག་རྒྱ་དེ་དག་རབ་སྦྱོར་བ། །སྦྱོར་བ་ཆེན་པོ་བསྒྲགས་པ་ཡིན། །འདི་ཡིས་དཔའ་བོ་ཐམས་ཅད་དང་། །སངས་རྒྱས་ཀུན་དང་མཉམ་སྦྱོར་བ། །སྦྱོར་བའི་དབང་པོ་བདེ་བ་ཆེ། །ཚེ་འདི་ཉིད་ལ་འཐོབ་པར་འགྱུར། །ཕྱག་རྒྱ་འདི་ཡིས་རྒྱས་བཏབ་ན། །རྡོ་རྗེའི་བདག་པོ་ཆེན་པོར་འགྱུར། །མཉམ་པར་སྦྱོར་བ་སྦྱར་བ་ཡིས། །འཇིག་རྟེན་གསུམ་པོ་མྱུར་དུ་རྒྱལ། །ཡང་དག་སྦྱོར་བ་སྦྱར་ཚུལ་གྱིས། །དྲངས་ཏེ་རབ་ཏུ་བཅུག་ནས་ཀྱང་། །རྡོ་རྗེ་བརྟན་པོས་བསྐུལ་བྱས་ཏེ། །ཤིན་ཏུ་འདོད་པས་འདོད་པ་བསྐྱེད། །


DNG012_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་ཐམས་ཅད་ཐབས་མཁས་ལྡན། །རྒྱས་དང་དེ་བཞིན་ཟག་པར་བྱ། །འདི་ནི་ཡང་དག་སྦྱོར་བ་སྦས། །སྦས་པ་རྣལ་འབྱོར་མ་དཀྱིལ་ལོ། །འདི་ཡིས་ཡང་དག་དངོས་གྲུབ་བླང་། །རྫུ་འཕྲུལ་ཆེན་པོ་འབྲས་བུ་འཐོབ། །སངས་རྒྱས་བྱང་ཆུབ་བདེ་ཆེ་དང་། །བྱང་ཆུབ་མཆོག་རབ་ཡང་དག་འཐོབ། །གསང་བ་ཆེན་པོ་རྨད་འབྱུང་བ། །དེ་དག་དེ་ཉིད་སྦས་པ་ཆེ། །སངས་རྒྱས་རྣམས་ཀྱིས་དྲིས་པའི་རྒྱ། །ང་ཡིས་ཡང་དག་རབ་ཏུ་བསྟན། །གང་གིས་ཡང་དག་ལྡན་མཐོང་དང་། །བདག་པོ་ཆེན་པོ་མཆོད་བྱེད་ན། །དེ་ཡིས་སྟོན་པ་ཀུན་མཐོང་སྟེ། །རྒྱལ་བ་མཆོག་ལ་མཆོད་པར་འགྱུར། །སྲིད་པ་གཅོད་པ་པོར་འགྱུར་ཏེ། །འགྲོ་བའི་སྟོན་པ་མཆོག་ཏུ་འགྱུར། །དེ་ལ་ལྷ་ཀུན་མཆོད་བྱེད་ཅིང་། །སྐད་ཅིག་སྐད་ཅིག་ཕྱག་ཀྱང་བྱེད། །ཇི་ལྟར་སྟོན་པ་རྫོགས་སངས་རྒྱས། །ཕན་བྱེད་འཇིག་རྟེན་སྐྱེས་གྱུར་པ། །སྣ་ཚོགས་ཡེ་ཤེས་རྗེས་བསྡུས་པས། །རྣལ་འབྱོར་ཆེན་པོར་དེ་བཞིན་འགྱུར། །རང་གིས་དམ་ཚིག་བསྲུངས་པ་ཡིས། །རྡོ་རྗེ་སེམས་དཔའ་བདེ་སྐྱེ་བ། །རྡོ་རྗེ་སེམས་དཔའི་སྦྱོར་ལྡན་པས། །དངོས་གྲུབ་ཆེན་པོ་དེས་འཐོབ་པོ། །རྡོ་རྗེ་སེམས་དཔའི་མཚན་བཏབ་ལ། །ཅུང་ཟད་མི་འགྲུབ་ཡོང་མེད་དེ། །ཕྱག་རྒྱ་ཀུན་གྱི་བདེ་བ་ཆེ། །བདག་ཉིད་སོ་སོར་རྗེས་སུ་འགྲུབ། །རབ་དགྱེས་མཚན་དང་མཛའ་ཆེན་མོ། །རོ་དང་རེག་པའི་ཆེ་བའི་ཆེ། །རྡོ་རྗེ་སེམས་དཔའ་སྦྱོར་བ་ཡིས། །དཔྱད་མི་དགོས་པར་འགྲུབ་པར་འགྱུར། །དེ་ནས་དེ་དག་མགུ་འགྱུར་ཏེ། །རྡོ་རྗེ་སེམས་དཔའ་བདེ་ཆེ་བ། །སྦྱོར་བ་འདོད་པའི་གཟིར་བ་ཡིས། །སྦྱོར་བ་ཆེན་པོས་མཉེས་པར་མཛད། །རམ་རམ་ས་མ་ཧོ་མ་ཧཱ་སཏྭ། རབ་དགྱེས་གདོན་མི་ཟ་ལ་བཞུགས། །སངས་རྒྱས་ཀུན་དང་མཉམ་སྦྱོར་བ། །ཟླ་གསང་ཐིག་ལེར་ཡང་དག་ལྡན། །བདག་ཅག་ཀུན་ཀྱང་དམ་ཚིག་སྟེ། །སྐལ་ལྡན་དྲི་མེད་རབ་དགྱེས་ཀྱི། །རྣལ་འབྱོར་མ་སྙིང་


DNG012_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཉིད་དུ། །སྦྱོར་ཆེན་ཉིད་ཀྱིས་རོལ་པ་མཛོད། །ཐེག་པ་ཆེན་པོ་བདེ་ཆེ་ཡི། །པདྨོ་རྡོ་རྗེ་རིན་ཆེན་གྱིས། །རྣལ་འབྱོར་མ་ཀུན་དཀྱིལ་འཁོར་དུ། །རབ་དགྱེས་ལོངས་སྤྱོད་ཉིད་བསྟེན་མཛོད། །བདག་ཅག་ཐམས་ཅད་ཉེས་བྲལ་ཏེ། །གནོད་མེད་དེ་ནི་གསེར་དང་འདྲ། །དེ་ཉིད་ཐམས་ཅད་གྲུབ་ཆེན་པོ། །རབ་དགྱེས་བདག་ཉིད་ཉིད་བསྟེན་མཛོད། །སྤྲོད་པ་འཁྱུད་པ་སྦས་པ་དང་། །གཞུག་པ་དང་ནི་གཏོང་བའི་མཆོག །འདི་ནི་སྒྱུ་མའི་བརྟན་པ་ཡིས། །དེད་དཔོན་རབ་ཏུ་བརྟག་པ་མཛོད། །དེ་ནས་བཅོམ་ལྡན་འདས་བདེ་བ་ཆེན་པོ་ཀུན་ཏུ་བཟང་པོས་འདོད་པ་ཐམས་ཅད་ཉེ་བར་ལོངས་སྤྱོད་པའི་རྣམ་པར་རྒྱལ་བའི་དཔལ་ཞེས་བྱ་བའི་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་སྦས་པ་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རྣལ་འབྱོར་མ་ཐམས་ཅད་ཀྱི་ཤིན་ཏུ་དགྱེས་པ་ཆེན་པོའི་ཀུན་ཏུ་འཁྱུད་པ་དང་། སྤྲོད་པ་དང་། གཞུག་པ་དང་། འདྲེན་པ་དང་། རབ་ཏུ་བསྐུལ་བ་དང་། མཉེ་བ་དང་། ཐིགས་པ་དང་། ཚོར་བར་བྱ་བ་དང་། བསྐྱོད་པ་དང་། ཀུན་ཏུ་བསྐྱོད་པ་དང་། བཅིང་བའི་རྡོ་རྗེ་དང་། པདྨ་ཆེན་མོ་མཉམ་དུ་སྦྱོར་བ་ལ་ཡང་དག་པར་ཞུགས་ཏེ། ཤིན་ཏུ་དགྱེས་པའི་བདེ་བ་ཆེན་པོས། བདེ་བས་ཀུན་ཏུ་རྒྱས་པར་མཛད་ཅིང་། དེ་བཞིན་གཤེགས་པ་ཐམས་ཅད་དང་། གཟུངས་མའི་ཚོགས་ཐམས་ཅད་ལ་བསྐྱོད་པ་དང་། རབ་ཏུ་དགྱེས་པ་དང་། རབ་ཏུ་རྣམ་པར་འབྱིན་ཅིང་ཤིན་ཏུ་དགྱེས་པ་ཆེན་པོའི་བདེ་བའི་མཉམ་པ་ཉིད་ཀྱི་ཚོགས་ཀྱིས་ནམ་མཁའི་དབྱིངས་ཐམས་ཅད་ཀུན་ཏུ་རྒྱས་པར་བྱས་ཏེ་གནས་སོ། །དེ་ནས་རྣལ་འབྱོར་མ་ཆེན་མོ་ཤིན་ཏུ་དགྱེས་པའི་བདག་ཉིད་ཆེན་པོ་དེ་དག་ཉིད་མགུ་ཞིང་བདེ་བར་གྱུར་ཏེ། ཀྱེ་མའོ་བདེ་བ་བདེ་བ་ཆེ། །རྫོགས་སངས་རྒྱས་ནི་མགུ་བ་ཆེ། །བདེ་བ་ཆེན་པོ་རངས་པར་འགྱུར། །ཀྱེ་མའོ་བདེ་བ་བདེ་བ་ཆེ། །བདེ་བ་ཉིད་ཀྱིས་ཕྱག་བྱེད་དེ། །བྱང་ཆུབ་སེམས་དཔའ་སེམས་ཆེན་པོ། །མགུ་བ་ཆེན་པོའི་བདེ་དང་ལྡན། །ཀྱེ་མའོ་བདེ་


DNG012_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

བ་བདེ་བ་ཆེ། །འཇིགས་ཤིང་སྐྲག་པས་སྡུག་པར་བྱེད། །ཁྲོས་པ་ཆེན་པོ་མཁའ་འགྲོ་མ། །རབ་ཏུ་མི་བཟད་དུག་དང་འདྲ། །བདེ་བྱེད་ཆེན་པོའི་རོལ་པ་ཡིས། །བདེ་བྱེད་ཆེ་ལ་མཆོད་པར་བྱེད། །སྐལ་བ་ཆེན་པོ་སྲིན་མོ་དང་། །བདེ་བྱེད་བདེ་བས་རབ་རྨོངས་པ། །མཆོད་པའི་སྤྲིན་ཕུང་བདེ་ལྡན་པའི། །རྒྱ་ཆེན་མཆོག་གིས་མཆོད་པར་བྱེད། །དྲག་མོ་ཆེན་མོ་མ་ལྟ་བུ། །རབ་ཏུ་གཏུམ་པ་མེ་འདྲ་བ། །འོངས་ནས་བདེ་བྱེད་ཆེན་མོ་ཡིས། །གཙོ་བོ་མཆོག་ལ་མཆོད་པར་བྱེད། །ལྷ་དང་ལྷ་མོ་ཐམས་ཅད་ཀྱང་། །ཀླུ་མོ་དང་ནི་རྟ་གདོང་ཡང་། །འོངས་ནས་བདེ་བ་སྦྱོར་བ་ཡིས། །ཡིད་དུ་འོང་བས་མཆོད་པར་བྱེད། །དེ་ནས་དབང་པོ་ལྷ་ཆེན་པོ། །བདག་ཉིད་ཆེན་པོ་ལྷ་ཡི་ལྷ། །ཀྱེ་མའོ་བདེ་བ་སྣ་ཚོགས་ཉིད། །སྣ་ཚོགས་སྦྱོར་བ་བདེ་བ་ཆེ། །མགུ་ཞིང་རབ་ཏུ་རངས་པ་ཡིས། །ལྷ་ཡི་ལྷ་ནི་སྔོན་དུ་འགྲོ། །དཔའ་བོ་བདེ་ལ་ཕྱག་བྱས་ཏེ། །ཀྱེ་མའོ་བདེ་བ་བདེ་བ་ཆེ། །རང་གི་བདེ་བས་མངོན་མཆོད་ཅིང་། །འཇིགས་ཤིང་སྐྲག་པས་མཉེས་པར་བྱེད། །ཚད་མེད་རངས་པ་བཞད་པ་ཆེ། །གླུ་གར་མཆོག་ཏུ་ལྡན་པ་དང་། །བཟའ་དང་བཅའ་བ་ཤ་ཆེན་དང་། །སིལ་སྙན་ཕྲེང་བ་རོ་ཆེན་དང་། །གླིང་བུ་རྒྱུད་མངས་རྫ་རྔ་དང་། །པི་ཝང་པལ་གིག་ཧ་ལ་ལེ། །སྟག་དང་དཔའ་བོ་འཇིགས་པ་དང་། །ཞི་དང་རྨད་འབྱུང་འཇིགས་བྱེད་དང་། །བདག་དང་བག་ཀྱང་ཁྲོས་དང་སྤྱན་རྒྱས་པས། །སྐད་ཅིག་སྐད་ཅིག་མཆོད་བྱེད་ཅིང་། །བྱེད་པ་དང་ནི་བཟློག་པ་དང་། །འཕྲོག་པ་དང་ནི་གཞུག་པ་དང་། །སིད་ཅེས་པ་དང་ཧཱུྃ་ཧཱུྃ་དང་། །ཧ་ཧ་ཞེས་པས་མཉེས་བྱེད་ཅིང་། །རབ་དགྱེས་བདག་ཉིད་བདེ་བ་ཡི། །རང་གི་ཆུང་མས་མཉེས་པར་བྱེད། །དེ་ནས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་ཆེན་པོ་རབ་ཏུ་དགྱེས་པ་བདེ་བ་ཆེན་པོས། ནམ་མཁའ་དང་ནམ་མཁའི་སྐབས་ཐམས་ཅད་ལ་གནས་པའི་སངས་རྒྱས་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་དང་། རང་རྒྱལ་དང་


DNG012_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ཉན་ཐོས་དང་། རང་བཞིན་གྱིས་འགག་པ་དང་། ངོ་བོ་ཉིད་མེད་པའི་ཆོས་ཉིད་ཀྱི་ཡེ་ཤེས་ལ་གནས་པ་རྣམས་ཤིན་ཏུ་དགྱེས་པ་ཆེན་པོའི་བདེ་བའི་ཐབས་དང་། ཤེས་རབ་ཀྱི་བདེ་བས་བཀུག་སྟེ་དབང་བསྐུར་ནས། ཤིན་ཏུ་དགྱེས་པ་ཆེན་པོའི་བདེ་བའི་ཏིང་ངེ་འཛིན་ལ་ཡང་དག་པར་འཇོག་པ་དང་། ཤིན་ཏུ་དགྱེས་པ་ཆེན་པོའི་བདེ་བའི་ཆོས་ཉིད་ཀྱི་རྒྱལ་པོ་རྗེས་སུ་སྐྱོང་ཞིང་མི་མཉམ་པ་དང་མཉམ་པ། ནམ་མཁའ་དང་མཉམ་པའི་འཇིག་རྟེན་གྱི་ཁམས་ཆེན་པོ་མ་ལུས་པའི་སེམས་ཅན་གྱི་ཁམས་རྣམས་སུ་རབ་ཏུ་གཟིགས་པས་གཟིགས་ནས། འཇིག་རྟེན་དང་། ལྷར་བཅས་པ་རྣམས་ལ་བདེ་བ་ཆེན་པོས་ཁྱབ་པར་མཛད་དོ། །སེམས་ཅན་དང་རིགས་ཐམས་ཅད་དང་། གནས་ཐམས་ཅད་དང་། སྤྱོད་པ་དང་མི་སྤྱོད་པར་བཅས་པ་དང་། འབྱུང་བ་དང་། འབྱུང་བ་ལས་གྱུར་པ་དང་། སའི་འོག་དང་། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། བསགས་པའི་དབང་པོ་ལྔ་དང་། རྣམ་པར་ཤེས་པ་དང་། ཤེས་བྱ་དང་། བདག་དང་། བདག་གི་བ་དང་། སྣ་ཚོགས་དང་། སྣ་ཚོགས་མ་ཡིན་པ་དང་། བུས་པ་དང་། རྒན་པོ་དང་། གཞོན་ནུ་དང་། བུད་མེད་དང་། སྐྱེས་པ་དང་། སྐྱེས་པ་མ་ཡིན་པ་དང་། སྲོག་དང་། རབ་ཏུ་ཟད་པ་དང་། འཇིགས་པ་དང་། མི་འཇིགས་པ་དང་། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་དང་། ཤེས་པ་དང་། མི་ཤེས་པ་དང་། ཤེས་རབ་དང་། ཐབས་དང་། ཁྱབ་པ་དང་། ཁྱབ་བྱེད་དང་། ཟླ་བ་དང་། དབང་ཆེན་དང་། ཉི་མ་དང་། མེ་དང་། གཤིན་རྗེ་དང་། ཆུ་བདག་དང་། ལུས་སྲུལ་པོ་དང་། ཚངས་པ་དང་། གཏོགས་འདོད་དང་། དབང་ཕྱུག་ཆེན་པོ་དང་། ལྷ་མོ་དང་། སྐལ་བ་དང་ལྡན་པ་དང་། སྐལ་བ་དང་མི་ལྡན་པ་དང་། དངོས་པོ་དང་། དངོས་པོ་མེད་པ་དང་། མཚན་དང་། རྡོ་རྗེ་དང་། པདྨ་དང་། རིན་པོ་ཆེ་


DNG012_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

དང་། རལ་གྲི་དང་། ཐོ་བ་དང་། དབྱིག་པ་དང་། རྩེ་གསུམ་པ་དང་། འཁོར་ལོ་དང་། སྦྱོར་བ་དང་། རབ་ཏུ་སྦྱོར་བ་དང་། སྟོང་པ་དང་། སྟོང་པ་ཆེན་པོ་དང་། མཆོག་ཏུ་སྟོང་པ་དང་། ཤིན་ཏུ་སྟོང་པ་དང་། སྟོང་པ་རབ་ཏུ་སྟོང་པ་དང་། བྱང་ཆུབ་དང་། བྱང་ཆུབ་ཀྱི་སེམས་དང་། ཡི་གེ་དང་། ཡི་གེ་མེད་པ་དང་། དྲ་བ་དང་། ལྕུག་མ་དང་། ཆ་དང་། ཆ་མེད་པ་དང་། ཐིག་ལེ་དང་། རོ་དང་། རོ་ཆེན་པོ་དང་། ཡིད་ལ་བྱེད་པ་མེད་པ་དང་། རྟག་པ་དང་། ཞི་བ་དང་། མི་ཟད་པ་དང་། ཐར་པ་དང་། ཐར་བྱེད་དང་། གྲོལ་བ་དང་། རིགས་པ་དང་། ཉོན་མོངས་པ་མེད་པ་དང་། ནམ་མཁའ་དང་། སྐབས་དང་། སྐབས་མེད་པ་རྣམས་ལ་གཅིག་ཏུ་སྡུག་པོར་གྱུར་ཏེ།རྣམ་པར་ཕྱེ་ནས་མི་སྣང་བའི་ཚུལ་དུ་གནས་སོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཙུན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དང་། ཐབས་ཀྱི་ཕ་རོལ་ཏུ་ཕྱིན་མ་དང་། སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་མ་དང་། རྡོ་རྗེའི་ཕ་རོལ་ཏུ་ཕྱིན་མ་རྣམས་ཀྱིས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཤིན་ཏུ་དགྱེས་པ་རྡོ་རྗེ་གདོན་མི་ཟ་བ་ཆེན་པོ་གསང་བ་ཆེན་པོའི་དགོངས་པ་ངེས་པར་འགྲེལ་པ་ཆེན་པོ་ལ་ཕྱག་མཛད་དེ། མངོན་སུམ་དུ་ཡང་དག་པར་བསྐུལ་ནས་དྲིས་པ། སུ་ར་ཏ་སྟྭཾ་མ་སི་ཧོ། གང་ཕྱིར་འདོད་པ་བདེ་བ་ཆེ། །གང་གིས་འདོད་ལས་བྱང་ཆུབ་འགྱུར། །འདོད་ཆགས་བྲལ་བ་ཇི་ལྟར་བདེ། །གང་གིས་ཞེ་སྡང་རྡོ་རྗེ་ཆེ། །གང་གིས་གཏི་མུག་རྒྱལ་བ་ཆེ། །གང་གིས་འདོད་ཆགས་པདྨར་འགྱུར། །གང་གིས་ང་རྒྱལ་ནམ་མཁའི་བདག །གང་གིས་ཕྲག་དོག་གདོན་མི་ཟ། །བྱང་ཆུབ་སེམས་ནི་ཇི་ལྟར་བདེ། །གང་གིས་བདེ་བྱེད་མཆོད་པར་འགྱུར། །མཆོད་པ་ཡིས་ནི་ཇི་ལྟར་འགྲུབ། །ཇི་ལྟར་གཟུངས་དང་མཉམ་སྦྱོར་བས། །ཡི་གེ་མཆོག་ནི་འགྲུབ་པར་འགྱུར། །ཇི་ལྟར་འདོད་པའི་ཡོན་ཏན་ལྔ། །བསྙེན་པ་ཡིས་ནི་


DNG012_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

མྱུར་དུ་འགྲུབ། །ཇི་ལྟར་གསང་བ་མཉམ་སྦྱོར་བས། །རྨད་དུ་བྱུང་བའི་དབང་བསྐུར་འགྱུར། །ཇི་ལྟར་པདྨ་མཉམ་སྦྱོར་བས། །དཀྱིལ་འཁོར་རབ་ཏུ་ཞུགས་པར་འགྱུར། །ཇི་ལྟར་དྲི་ཆུ་བྱང་ཆུབ་དང་། །ཁྲག་དང་སྣང་མཛད་ཆེན་པོ་ཡིས། །དམ་ཚིག་ཉིད་དུ་ཇི་ལྟར་འགྱུར། །ཇི་ལྟར་བཏུང་བ་རབ་ཏུ་བརྟག །དེ་ནས་བཅོམ་ལྡན་འདས་ཤིན་ཏུ་དགྱེས་པ་ཆེན་པོའི་བདག་པོ་ཀུན་ཏུ་བཟང་པོ་ཆེན་པོས། རྡོ་རྗེ་ཕ་རོལ་ཏུ་ཕྱིན་མའི་གསང་བ་ཆེན་མོ་དེ་དག་ཐམས་ཅད་ལ་རང་གི་བདེ་བས་མཉེས་པར་བྱས་ཏེ། མི་མཉམ་པ་དང་མཉམ་པའི་སྦས་པ་ཆེན་པོ་ཤིན་ཏུ་སྦས་པ། མཆོག་ཏུ་གསང་བའི་དྲིས་ལན་ཆེན་པོ་ཉིད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ངན་སོང་གསུམ་གྱི་འཇིགས་བྱེད་དུ། །སེམས་ཅན་ཉོན་མོངས་སྡང་བྱས་པས། །དེ་ཕྱིར་ང་ནི་རྡོ་རྗེ་ཆེ། །ཞེ་སྡང་ཞེས་ནི་བསྒྲགས་པ་ཡིན། །ངན་སོང་འཇིགས་པ་ཆེན་པོ་རུ། །སེམས་ཅན་ཐམས་ཅད་རྨོངས་བྱེད་པས། །དེ་ཕྱིར་འདི་ནི་གཏི་མུག་སྟེ། །རྟག་པ་ཐུབ་པ་མཆོག་ཡིན་ནོ། །ཐབས་དང་ཤེས་རབ་ཚུལ་ཉིད་ཀྱིས། །འགྲོ་བ་ཐམས་ཅད་དགའ་བྱེད་ཅིང་། །པདྨའི་ཚུལ་དུ་རབ་རྟོགས་ཕྱིར། །དེ་ཕྱིར་འདོད་ཆགས་ཞེས་བྱའོ། །བདེ་ཆེན་སྦྱིན་པའི་སྤྲིན་གྱིས་ནི། །སེམས་ཅན་ཐམས་ཅད་ང་རྒྱལ་བསྐྱེད། །ནམ་མཁའི་བདེ་བ་བསྡུས་པའི་ཕྱིར། །དེ་ཕྱིར་མཁའ་ཆེན་ང་རྒྱལ་ཡིན། །རོ་ལ་སོགས་པས་མཉམ་སྦྱོར་བས། །ཕྲག་དོག་རྡོ་རྗེ་གདོན་མི་ཟ། །སྣ་ཚོགས་པདྨ་རབ་འཇུག་ཕྱིར། །དེ་ཡི་ཕྱིར་ནི་སྣ་ཚོགས་ཆེ། །འདོད་ཆགས་བྲལ་བ་དགའ་མེད་ཕྱིར། །བདག་ནི་རབ་དགྱེས་སྦས་པ་ཆེ། །འདོད་པ་མ་གཏོགས་བདེ་བྱེད་མེད། །བདེ་ཆེ་འདོད་པ་ང་ཡིན་ནོ། ། པདྨས་པདྨ་ཕྱེ་བའི་ཕྱིར། འདོད་ཆགས་མེད་པར་བྱང་ཆུབ་མེད། །བྱང་ཆུབ་མེད་ནའང་འདོད་ཆགས་མེད། །སྡིག་པའི་ནང་ན་ཆགས་བྲལ་ཏེ། །སངས་རྒྱས་བདེ་མཆོག་མཉེས་བྱེད་པས། །འདོད་ཆགས་འདོད་ལས་བདེ་བྱེད་ཀྱི། །བདེ་བ་མཆོག་ཏུ་རྨད་


DNG012_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་འགྱུར། །བྱང་ཆུབ་སེམས་མེད་བདེ་བྱེད་གཞན། །འཇིག་རྟེན་གསུམ་པོ་འདིར་མེད་དོ། །ཐམས་ཅད་བྱང་ཆུབ་སེམས་ངོ་བོ། །བདེ་བ་ཀུན་གྱིས་ཚིམ་པར་འགྱུར། །བོ་ཞེས་པ་ནི་རྡོ་རྗེར་བཤད། །དྷི་ཞེས་པ་ནི་གཟུངས་མའི་མཆོག །ཙི་ཞེས་པ་ནི་ཟག་པར་བཤད། །ཏ་ཞེས་པ་ནི་བདེ་བ་ཆེ། །མཆོད་པ་མེད་པས་བདེ་བྱེད་མེད། །བདེ་བ་མེད་པས་མགུ་བ་མེད། །མགུ་བས་དངོས་གྲུབ་ཐོབ་པར་འགྱུར། །གྲུབ་ན་བདེ་བྱེད་རྟག་པ་ཡི། །ཕྱག་ན་རྡོ་རྗེ་བདེ་བ་ཆེ། །འདོད་པའི་བདེ་བས་མཆོད་བྱེད་ཅིང་། །ཚེ་འདི་ཉིད་ལ་འཐོབ་པར་འགྱུར། །བདེ་བ་ཀུན་གྱི་གཞིར་གྱུར་པའི། །ཆོས་ཀྱི་དབྱིངས་ནི་རྣམ་པར་འཛིན། །རྡོ་རྗེ་འཛིན་ཕྱིར་གཟུངས་མ་སྟེ། །ཧྲཱྀཿཞེས་པ་ནི་པདྨ་འཛིན། །འདི་དང་མཉམ་པར་སྦྱོར་བ་ཡིན། །ཡི་གེ་མྱུར་དུ་འགྲུབ་པར་འགྱུར། །འདོད་པ་ལྔ་ཡི་ཡོན་ཏན་ཀུན། །རྫོགས་སངས་རྒྱས་ཀྱི་སྤྲུལ་པ་སྟེ། །སངས་རྒྱས་རྣམས་དང་རྡོ་རྗེ་འཛིན། །མཁའ་འགྲོ་སྒྱུ་མའི་ལོངས་སྤྱོད་དེ། །དེ་ཕྱིར་འདོད་པའི་ཡོན་ཏན་ལྔ། །དེ་ཡིས་བསྙེན་ན་གྲུབ་པར་འགྱུར། །སྔགས་ཀྱི་སྐུ་འཛིན་དཔལ་དང་ལྡན། །དབང་ཕྱུག་མཆོག་གིས་སྔགས་རྒྱལ་ལོ། །རྡོ་རྗེ་སེམས་ཀྱི་ཐུགས་ལས་སྐྱེས། །མཚན་ཅན་མཆོག་ཏུ་སྦས་པར་བཤད། །དེ་དང་མཉམ་དུ་སྤྱོད་པ་ཡིས། །མཆོག་གི་དབང་ནི་བསྐུར་བར་འགྱུར། །པདྨའི་དཀྱིལ་འཁོར་ཞེས་བྱ་བས། །དཀྱིལ་འཁོར་ཐམས་ཅད་སྒྲུབ་པར་བྱེད། །བློ་ལྡན་དེ་རུ་ཞུགས་གྱུར་ནའོ། །དམ་ཚིག་སྦས་པ་ཚོགས་ཀྱི་རྣམས། །དྲི་ཆུ་བྱང་ཆུབ་དམར་པོ་མཆོག །ཤ་ཆེན་སྦྲང་རྩི་མར་ཉིད་ཀྱིས། །ལུས་ལ་ཀུན་ཏུ་ཁྱབ་གནས་ཏེ། །དེ་ཡི་ཕྱིར་ནི་དམ་ཚིག་ཆེ། །དམ་ཚིག་འདི་ཡིས་དངོས་གྲུབ་སྟེ། །དམ་ཚིག་ཡི་གེར་ལྡན་པ་ཡིས། །སྦྱོར་ཅེས་སྦྱང་དང་བསྐྱེད་བྱས་ན། །ཟོས་པས་དངོས་གྲུབ་ཐོབ་པར་འགྱུར། །དེ་ནས་ཕ་རོལ་ཕྱིན་མ་ཀུན། །པདྨོའི་གཟིགས་པ་རྒྱས་པ་ཡི། །འཛུམ་བཅས་གཡོན་ནས་གར་མཛད་ཅིང་། །


DNG012_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་པ་ལ་ནི་ཡང་གསོལ་པ། །རིགས་དེ་རྣམ་པ་དུ་རུ་བསྟན། །ཇི་ལྟར་སྦས་པ་གསུམ་ཞེས་བགྱི། །སྣ་ཚོགས་ཆེན་པོ་དེ་དག་ཀུན། །བདེ་ལ་གནས་པས་བཤད་དུ་གསོལ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཉིས་སུ་མེད་པའི་མཉམ་པ་ཉིད་ཀྱི་བདེ་བ་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བ་ཕ་རོལ་ཏུ་ཕྱིན་མའི་དེ་ཁོ་ན་ཉིད་རབ་ཏུ་ཕྱུང་ངོ་། །ང་ཉིད་སྦྱོར་བ་བཅོམ་ལྡན་འདས། །རྡོ་རྗེ་སེམས་དཔའ་དོན་ཆེན་སྦྱིན། །རིགས་ཀྱི་ཁྱད་པར་ལྔ་རྣམས་ཀྱིས། །སྤྱོད་བཅས་མི་སྤྱོད་རྣམས་ལ་རོལ། །རྟག་པ་མི་བསྐྱོད་རིན་ཆེན་མཆོག །འཇིག་དབང་གདོན་མི་ཟ་འགྲུབ་རྣམས། །རིགས་ནི་རྣམ་པ་བརྒྱད་བསྟན་ཏེ། །མདོ་རུ་བསྡུས་ན་རྣམ་པ་ལྔ། །ལུས་དང་ངག་དང་ཡིད་རྣམས་ཀྱིས། །ཁྱད་པར་ཐེག་པ་རྣམ་པ་གསུམ། །དེ་ཉིད་གསུམ་པོ་རྡོ་རྗེ་མངའ། །བདེ་བའི་གནས་ལ་རོལ་པ་མཛད། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་མཆོག་ཏུ་ངོ་མཚར་དུ་གྱུར་ཏེ། རང་གི་སྡོམ་པ་གསོལ་བ་འདེབས་སོ། །སྡོམ་པ་དངོས་གྲུབ་ཀུན་སྦྱིན་པ། །བརྟུལ་ཞུགས་དཀའ་ཐུབ་སྔགས་མཁན་གྱི། །དམ་ཚིག་མཆོག་ཏུ་བསྲུང་བ་རྣམས། །བཅོམ་ལྡན་གསང་བ་ཉིད་ཀྱིས་གསུངས། །དེ་ནས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་ཆེན་པོ་མཆོག་ཏུ་ཤིན་ཏུ་དགྱེས་པའི་བདེ་བ་ལ་མངོན་པར་ཆགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་བཏབ་པས་མཁྱེན་ཏེ། ཞལ་རབ་ཏུ་བཞད་པས་རྒྱས་ནས་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་འདི་ཕྱུང་ངོ་། །སྐུ་དང་གསུང་དང་ཐུགས་སྦས་པས། །ནན་ཏན་དུ་ནི་བསྲུང་བར་བྱ། །བསྲུངས་པ་ཡིས་ནི་བསོད་ནམས་ཆེ། །དངོས་གྲུབ་ཤིན་ཏུ་སྐྱེ་བར་འགྱུར། །དེ་ནི་འདི་ཡིས་རྒྱ་ཆེ་བའི། །ཡིད་ཀྱིས་ཁ་དོག་དབྱིབས་ཆེན་གྱི། །ཕྱག་རྒྱ་བཅིངས་ལ་སོགས་


DNG012_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

པས་བཏབ། །སྦས་པའི་སྐུ་ནི་རབ་བསྒྲུབ་བྱ། །རྡོ་རྗེ་གསུང་དུ་རབ་སྦྱོར་བར། །ཆོས་ཀྱི་ངོ་བོ་ཕྱག་རྒྱས་བརྗོད། །ངག་སྦས་གསང་བར་བརྗོད་པ་ནི། །ང་རོ་སྦས་པ་རྡོ་རྗེའི་གསུང་། །རང་སེམས་རབ་ཏུ་འབིགས་པ་ཡིས། །ཟླ་བ་རྡོ་རྗེ་རྣམ་པར་བསྒོམ། །རང་བཞིན་གསུམ་པོ་གཅིག་ཏུ་བསྒོམ། །འདི་ནི་ཡིད་སྦས་ཆེན་པོ་ཡིན། །འདི་ནི་དེ་ཉིད་རྒྱ་ཆེན་མཆོག །རྒྱུན་དུ་བསྒོམ་པ་རྣམས་བྱས་ཏེ། །གསུམ་བསྒོམས་པས་ནི་འགྲུབ་པར་འགྱུར། །གཞན་མིན་རྡོ་རྗེ་འཛིན་གྱིས་གསུངས། །སྦས་གསུམ་ལ་སོགས་ཆོ་ག་ཡིས། །ཕྱག་རྒྱ་ཐམས་ཅད་རྒྱས་བཏབ་སྟེ། །དེ་བས་ནན་ཏན་ཐམས་ཅད་ཀྱིས། །སྦས་གསུམ་རྣམ་པར་སྦ་བར་བྱ། །རྡོ་རྗེ་མཆོག་འཛིན་ཆེན་པོ་དང་། །གཙོ་བོ་ཆེན་པོས་བྱིན་གྱིས་རློབ། །བླུན་པོ་གང་གིས་འདའ་བྱས་ན། །རྡོ་རྗེ་འཛིན་པའང་སྐད་ཅིག་འཇིག །སེམས་དཔའ་ཆེ་དང་བྲལ་གྱུར་ནས། །ངན་སོང་གསུམ་དུ་ཡང་དང་ཡང་། །ཇི་ཙམ་ནམ་མཁའི་དཀྱིལ་འཁོར་བ། །ཤིན་ཏུ་མི་བཟད་སྨིན་པར་འགྱུར། །དེ་ནས་དམ་ཚིག་དེ་དག་ཀུན། །རྡོ་རྗེ་འཛིན་ལ་མགུ་གྱུར་ཏེ། །འཇམ་པའི་ཕྱག་གིས་གར་མཛད་ཅིང་། །གཡོན་གྱིས་ཕྱག་བྱས་སླར་གསོལ་པ། །གར་དབང་རྣམ་གནོན་གནོན་པར་གར་མཛད་ཅིང་། །མཐའ་ཡས་ཕྱག་ནི་བཅུ་པའི་བསྒྱིངས་པ་ཡིས། །པདྨའི་ལོ་མ་འཇམ་པོ་བརྒྱད་ཕྱེ་ནས། །གཉིས་མིན་བདེ་བར་རྡོ་རྗེ་འཇོག་མཛད་དེ། །སྦས་པ་དེ་ཉིད་མི་མཉམ་སད་པར་འགྱུར། །རྡོ་རྗེ་འདམ་སྐྱེས་ཟླ་བ་ཡང་དག་འདུ། །ཐབས་དང་ཤེས་རབ་དགྱེས་པ་བདེ་བྱེད་སོགས། །བདེ་གཤེགས་རྣམས་ཀྱི་སྦས་པ་ཉིད་ཀྱིས་ཤོད། །སྦྱོར་དང་སྦྱར་མིན་ཡང་དག་སྦྱོར། །ཞི་བའི་ཐལ་མོ་མཆོག་ཏུ་བདེ། །འདོད་པ་ལྔ་ཡི་ཡོན་ཏན་འགྲུབ། །སངས་རྒྱས་བྱང་ཆུབ་རབ་བསྒྲུབས་པའོ། །དེ་ནས་བཅོམ་ལྡན་དམ་ཚིག་རྒྱལ། །རྡོ་རྗེ་སེམས་དཔའ་བདེ་བ་ཆེ། །དེ་ཉིད་སྦས་པ་བསྐུལ་བ་ཡིས། །སྦས་པ་མ་ལུས་འཆད་པར་མཛོད། །རྡོ་རྗེ་པདྨ་མཉམ་སྦྱོར་བས། །ཆོ་


DNG012_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

གར་ལྡན་པས་གསང་ཡང་གང་དབང་བསྐུར། །བདེ་བར་འདོད་པའི་སློབ་དཔོན་གྱིས། །དེ་ཉིད་འདི་ནི་དེ་ལ་བསྟན། །འདི་ལ་ཁྲུས་མེད་ཉེས་པ་མེད། །དཀའ་ཐུབ་མེད་དེ་དཀའ་བའང་མེད། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །ང་ཉིད་སྦྱོར་བས་འགྲུབ་པར་འགྱུར། །ལུས་དང་ངག་སེམས་རྡོ་རྗེ་ཡི། །རྡོ་རྗེ་སེམས་དཔའ་ཉིད་དུ་འགྱུར། །རྡོ་རྗེ་དབབ་པ་སྐྱེས་གྱུར་ན། །ཇི་ཙམ་འདོད་པ་ནམ་མཁར་འཕུར། །སྙིང་གར་རྡོ་རྗེ་ཁུ་ཚུར་བཅིངས། །རྡོ་རྗེ་ལྟ་བས་རྣམ་བལྟས་ཏེ། །དགྱེས་པའི་ཚུལ་གྱིས་བསྙེན་བྱས་ན། །རྡོ་རྗེ་སེམས་དཔར་སྐད་ཅིག་འགྱུར། །རྣམ་སྒེག་དགྱེས་པའི་རྣམ་གནོན་པས། །རབ་དགྱེས་སར་ནི་འགྲོ་བྱེད་དེ། །སངས་རྒྱས་བདེ་བ་ཆེན་པོ་དང་། །གྲུབ་པ་ཡིས་ཀྱང་མཆོད་བྱེད་ཅིང་། །རྡོ་རྗེ་སེམས་དཔའི་རྒྱ་ཆེ་མཆོག །འགྱིང་བའི་ལངས་པས་གར་བྱེད་པས། །བདེ་བྱེད་ཟླ་བའི་འོད་འདྲ་ཞིང་། །ལས་ཀྱི་ཁྱད་པར་ལས་སོགས་གནོན། །སྦས་པའི་གར་གྱིས་གར་བྱས་པས། །སྦས་པ་སྦྱོར་བའི་བདག་ཉིད་འགྲུབ། །སྣ་ཚོགས་དཀྱིལ་འཁོར་གར་བྱེད་ཅིང་། །ལག་པ་མང་པོ་རྣམ་བསྒྱུར་དང་། །ཕྱིར་བརྐྱང་དབྱིབས་སུ་ལྡན་པ་དང་། །ཁྲོ་བར་དྲི་མེད་ལྟ་བ་ཡིས། །གདུལ་དཀའ་གནོན་པ་འཇིགས་བྱེད་པའི། །འཇིག་རྟེན་གསུམ་པོ་རྣམ་རྒྱལ་འགྱུར། །མེ་འབར་ཉི་མའི་དབུས་ཉིད་དུ། །ཁྲོ་བོ་ཧཱུྃ་མཛད་བསྒོམ་བྱས་ན། །མྱུར་དུ་འཇིག་རྟེན་དོན་བསྒྲུབ་ཕྱིར། །འཇིག་རྟེན་གསུམ་པོ་རྣམ་རྒྱལ་འགྱུར། །ལྷ་མོ་བཞི་དང་མཉམ་སྦྱོར་བས། །སུ་ར་ཏ་སྟྭཾ་ཞེས་སྨྲ་ཞིང་། །ཧ་ར་ཐིག་ལེ་ཚུལ་སྦྱར་ན། །རབ་དགྱེས་དེ་མ་ཐག་ཏུ་འགྱུར། །རབ་དགྱེས་མཆོག་ཏུ་བརྟག་པ་ཡིས། །ས་ཆེན་རྣལ་འབྱོར་འགྲོ་འགྱུར་ཏེ། །ལྷ་མོ་བཞི་དང་འགྲོགས་པ་ཡིས། །སེམས་ཅན་རྣམས་ཀྱི་དོན་ཀུན་བྱེད། །དེ་ནས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་བདེ་བ་ཆེན་པོ་ལ་ཕྱག་བཞེས་ནས་གསོལ་པ། ཐལ་མོ་ཡང་དག་སྦྱར་བྱས་ཏེ། །ཕྱག་རྒྱ་དེ་ཉིད་ཉིད་ཀྱིས་ཤོད། །རྡོ་རྗེ་མཆོག་ལ་གསོལ་བ་འདེབས། །བདེ་བའི་བདག་ཉིད་མཆོད་པ་ཤོད། །གཟུགས་དང་སྒྲ་དང་དྲི་ཆེ་དང་། །རོ་དང་རེག་


DNG012_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིད་འོང་བ། །ཐུགས་རྗེ་ཆེན་པོས་བསྒྲུབས་པ་ཡིས། །དཔའ་བོ་ཆེན་པོ་ཉིད་ཀྱིས་ཤོད། །དེ་ནས་བཅོམ་ལྡན་བདེ་བྱེད་ཆེ། །རྡོ་རྗེ་སེམས་དཔའ་བདག་པོ་ཆེ། །ཕྱག་རྒྱ་བཅིངས་པ་བདེ་བ་ཆེ། །དེ་ཉིད་མཆོག་ནི་བཤད་པར་མཛད། །དང་པོ་ཆོས་ཀྱི་ཕྱག་རྒྱ་སྟེ། །གཉིས་པ་དམ་ཚིག་ཕྱག་རྒྱ་ཡིན། །གསུམ་པ་ཕྱག་རྒྱ་ཆེན་པོ་སྟེ། །བཞི་པ་ལས་ཀྱི་ཕྱག་རྒྱར་བཤད། །དེ་ནས་སྐུ་གསུང་ཐུགས་རྡོ་རྗེ། །ཇི་ལྟར་དབྱིབས་བཞིན་བསྒོམ་བྱ་བ། །སྣ་ཚོགས་ཡེ་ཤེས་རྗེས་སུ་དག །སྣ་ཚོགས་ཆེན་པོས་འཆད་པར་མཛོད། །རྟག་པའི་སྐུ་ནི་སེར་པོ་སྟེ། །མི་བསྐྱོད་རྡོ་རྗེ་དཀར་པོ་ཡིན། །ནམ་མཁའི་སྙིང་པོ་མཐིང་ག་ཆེ། །ཚེ་དཔག་མེད་པ་པདྨ་དམར། །སྣ་ཚོགས་ཁ་དོག་རྒྱ་ཆེ་མཆོག །འོད་ཟེར་ཕྲེང་བ་རྨད་བྱུང་བའི། །གདོན་མི་ཟ་བ་རྡོ་རྗེ་ཆེ། །དོན་ཆེན་བྱེད་པ་བསམ་པར་བྱ། །རང་རང་རིགས་ཀྱི་གནས་ཉིད་དུ། །མྱུར་དུ་ནམ་མཁའ་འགྲོ་བྱེད་ཅིང་། །རིགས་ཀྱི་ལྷ་མོ་བཞི་རྣམས་ཀྱིས། །རོལ་པ་དང་ནི་མཆོད་པར་བདེ། །སྣ་ཚོགས་སྦྱོར་བ་བདེ་ཆེ་བའི། །ལྷ་མོ་བཞི་དང་མཉམ་སྦྱོར་བ། །རྡོ་རྗེ་སྦྱོར་བདག་བསྒོམ་བྱས་ན། །རྡོ་རྗེ་སེམས་དཔའ་བདག་ཉིད་འགྱུར། །རྡོ་རྗེ་སེམས་སོགས་སེམས་དཔའ་མཆོག །རྡོ་རྗེ་ལ་སོགས་གདན་ཞུགས་པར། །རང་གི་འཁོར་ལོ་མཆོག་གིས་བརྒྱན། །རང་གི་ཕྱག་རྒྱར་གནས་པར་བསམ། །པདྨའི་གདན་གྱི་ཚུལ་གྱིས་ནི། །བརྩེ་དང་ལྡན་པའི་བསྒོམ་བྱས་ཏེ། །སྙིང་པོ་སྦས་དོན་གར་བྱས་པས། །སྦས་པ་ཆེ་ལ་བདེ་བྱེད་ན། །འགྱིང་བའི་བདེ་བར་ལྡན་པ་ཡི། །རྡོ་རྗེ་ཆེན་པོ་དེ་འགྲུབ་སྟེ། །སྣ་ཚོགས་དཀྱིལ་འཁོར་རབ་ཉེ་བར། །སྣ་ཚོགས་ཆེན་པོ་འགྲོ་བར་འགྱུར། །བདེ་བ་ཆེན་པོ་ཐམས་ཅད་འགྲུབ་པའི་སྦྱོར་བ་ཆེན་པོའི་བདེ་བ་ཞེས་བྱ་བའི་ཕྱག་རྒྱ་རབ་ཏུ་རྒྱས་པའོ།། །།དེ་ནས་ཕྱག་རྒྱ་བཅིང་བཤད་དེ། །རྟག་ལ་སོགས་པའི་དེ་ཁོ་ན། །གང་གིས་མྱུར་དུ་བཅིངས་པ་ཡིས། །སངས་རྒྱས་དངོས་གྲུབ་བདེ་ཆེར་འགྲོ། །ཐབས་ནི་གཡས་ཀྱི་ལོགས་སུ་བྱ། །དེ་བཞིན་ཤེས་རབ་གཡོན་པ་


DNG012_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། །ཞི་བའི་ཐལ་མོ་གསུམ་ཉིད་ཀྱིས། །སྦྱོར་བའི་ཚུལ་གྱིས་བསྡུ་བར་བྱ། །སོར་མོ་ཐམས་ཅད་བར་བར་དུ། །མཉམ་དུ་སྦྱོར་བས་ཁྱད་པར་སྦྱིན། །རྡོ་རྗེ་ཡི་ནི་ཐལ་མོ་འདིས། །སངས་རྒྱས་ཐམས་ཅད་ཉིད་དུ་བསྒྲུབ། །འདི་ནི་བཅིངས་པ་ཙམ་གྱིས་ཀྱང་། །ནམ་མཁའི་སྙིང་པོའི་གནས་སུ་འགྲོ། །འདི་ཉིད་ཤིན་ཏུ་བཅིངས་པ་ཡིས། །གསུམ་དུ་སྦྱོར་བས་མཆོད་པར་བྱ། །དེ་ཉིད་ལས་ནི་སོར་མོ་ཀུན། །ཀུན་དུ་བསྐུམས་ཏེ་བཅིང་བར་བྱ། །རྡོ་རྗེའི་བཅིང་བ་བསྡུས་པས་ནི། །བཅིང་བར་ལྡན་པར་རྣམ་བསྒྱུར་ཏེ། །དེ་ཉིད་སྦོམ་པོ་རབ་བཅུག་ནས། །ཁྲོ་མོའི་རྩེ་མོ་རབ་ཏུ་དགུག །འདི་ནི་རྡོ་རྗེ་རིགས་ཀྱི་བཅིང་། །རྡོ་རྗེ་སེམས་དཔའ་ཉིད་འགྲུབ་བྱེད། །དེ་བཞིན་བཅིངས་པ་རྣམ་བཞག་སྟེ། །སྦོམ་པོ་ཁྲོ་མོའི་རྩེ་མོ་སྦྱར། །འདི་ནི་བཅིང་བ་བཅིང་བ་ཆེ། །ནམ་མཁར་འགྲོ་བ་ཉེ་བར་སྒྲུབ། །དེ་ཉིད་བཅིང་བ་བཅིང་བྱས་ཏེ། །ཁྲོ་མོ་གཉིས་པོ་མཚན་བཞིན་དུ། །རྩེ་མོ་སྤྲད་དེ་དགུག་བྱ་བ། །བཅིང་བ་འདི་ཡིས་པདྨ་བསྒྲུབ། །བཅིང་བ་དེ་ཉིད་རབ་ཏུ་སྦོམ། །བདེ་བར་བཅུག་ནས་བསྡམ་བྱས་ཏེ། །ལས་ཀྱི་བཅིང་བ་སྦྱོར་བ་ཡིས། །དོན་ཡོད་མཆོག་གི་རིགས་སུ་འགྲོ། །བཅིང་བ་དེ་ཉིད་བཅིང་བྱས་ཏེ། །སྦོམ་དང་ཁྲོ་མོའི་རྩེ་མོ་སྦྱར། །གཡས་པའི་སྦོམ་པོ་རྡོ་རྗེ་ཡིས། །དེ་ཡི་དབུས་སུ་བཅུག་བྱ་བ། །དེ་འདི་བཅིང་བ་ཆེན་པོ་སྟེ། །རབ་དགྱེས་རོ་ནི་སྒྲུབ་བྱེད་པ། །གང་གིས་བཅིངས་པ་ཙམ་གྱིས་ནི། །རབ་ཏུ་དགྱེས་པ་ཉིད་ཐོབ་པོ། །དངོས་གྲུབ་ཐམས་ཅད་བདེ་བ་ཆེ། །དེ་ཡིས་འདི་ཚེ་འཐོབ་གྱུར་ཏེ། །ཕྱག་རྒྱ་བཅིང་བའི་ཆོ་ག་ཡིས། །སངས་རྒྱས་ཐམས་ཅད་རབ་ཏུ་གནས། །ཕྱག་རྒྱ་བཅིང་བའི་ཡེ་ཤེས་རྣམ་པར་རྒྱས་པའོ།། །།བཅིང་བ་ལྔ་ཡི་ཆོ་ག་ཡིས། །གཅིག་གིས་རྣལ་འབྱོར་བསྒྲུབ་མི་བྱ། །དྲུག་གི་སྦྱོར་བས་སྦྱར་བྱས་ན། །དེ་མ་ཐག་ཏུ་རབ་དགྱེས་འགྱུར། །བཅིང་བ་ལྔ་ཡི་ཕྱག་རྒྱའོ། །དེ་བཞིན་བཅིང་བ་གཉིས་བྱས་ཏེ། །གཡོན་གྱི་སྙིང་གར་བཅིང་བར་བྱ། །གཡས་ཀྱི་རྩེ་མོ་བསྒྲེང་བྱས་ཏེ། །རྡོ་རྗེའི་ཚུལ་གྱིས་གཟུང་


DNG012_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱ། །ཕྱག་རྒྱ་འདི་ནི་བྱང་ཆུབ་བདེ། །སངས་རྒྱས་ཐམས་ཅད་གཅིག་ཏུ་བསྒྲུབ། །གདོན་མི་ཟ་བར་ཚེ་འདི་ལ། །རྟག་པ་འདྲ་བ་ཐོབ་པར་བྱེད། །གཡོན་པ་དེ་ཉིད་སྙིང་གར་གཞག །གཡས་པ་ས་ལ་རེག་བྱས་པས། །ས་ལ་བདེ་བ་རོལ་པ་ཡིས། །འདི་ཡིས་མི་ཟད་ཐོབ་པར་འགྱུར། །དེ་བཞིན་སྙིང་གར་གཡོན་པ་གཞག །ལག་པ་གཡས་པ་རབ་སྦྱིན་བྱ། །འདི་ཡིས་རིན་ཆེན་སྐལ་ལྡན་སོགས། །ནམ་མཁའ་ཉེ་བར་འགྲུབ་པར་འགྱུར། །དེ་བཞིན་གཡོན་པ་སྙིང་གར་གཞག །གཡས་ཀྱང་གཞག་སྟེ་ཏིང་འཛིན་གནས། །འདི་ཡིས་ཚེ་དཔག་མེད་པ་ཉིད། །ཚེ་འདི་ཉིད་ལ་འཐོབ་པར་འགྱུར། །དེ་བཞིན་གཡོན་པ་སྙིང་གར་སྦྱར། །ལག་པ་གཡས་པ་མི་འཇིགས་སྦྱིན། །འཇིགས་པ་མ་ལུས་རབ་སྒྲོལ་བ། །སྡིག་པ་གདུག་པ་འཇིགས་པ་ཆེ། །འདི་ཡིས་ཐམས་ཅད་འཕྲོག་པར་བྱེད། །གདོན་མི་ཟ་བའི་ངེས་པ་ཡི། །དེ་ནི་ཆེན་པོའི་ཆེན་པོར་འགྱུར། །དེ་ཉིད་བཅིང་བ་གཉིས་བྱས་ཏེ། །གཡོན་པ་གཡོན་དུ་སྦྱར་བར་བྱ། །གཡས་ནི་སྙིང་གར་གཟུང་བྱས་ཏེ། །བརྗིད་པས་རབ་ཏུ་བཞད་ཅིང་གནས། །བདེ་བ་ཆེན་པོ་ཐབས་གནས་པས། །འདི་ཡིས་རབ་དགྱེས་ཉིད་འགྱུར་ཏེ། །བདེ་མཆོག་ཉིད་དུ་སྒྲུབ་པ་པོ། །ཚེ་འདི་ཉིད་ལ་ཐེ་ཙོམ་མེད། །དེ་བཞིན་བཅིང་བ་བཅིང་བྱས་ཏེ། །སྦྱོར་དང་ལྡན་པས་བརྟན་པར་བྱ། །སྦོམ་པོའི་རྩེ་མོ་པདྨའི་གནས། །གཡོན་གྱི་ཁྲོ་མོའི་རྩེ་མོར་སྦྱར། །གཡས་པ་ཡི་ནི་སྦོམ་པོ་ཡིས། །མངོན་སུམ་རྡོ་རྗེར་བྱས་པ་ཡིས། །བཅུག་ནས་བདེ་བ་སྤྱོད་བྱ་ཞིང་། །སྐད་ཅིག་སྐད་ཅིག་བསྡམ་པར་བྱ། །དེས་འདི་སངས་རྒྱས་ཐམས་ཅད་ཀྱི། །དགྱེས་པ་དགྱེས་མཆོག་སྒྲུབ་པ་པོ། །འདི་ནི་བཅིངས་པ་ཙམ་གྱིས་ཀྱང་། །ཡང་དག་རྡོ་རྗེ་དགྱེས་པ་འཐོབ། །རབ་དགྱེས་བདེ་མཆོག་ལོངས་སྤྱོད་ཀྱི། །བཙུན་མོ་དངོས་གྲུབ་ཉིད་དུ་འགྱུར། །གཡས་ནི་མཚན་མས་བགྲང་བྱས་ཏེ། །ལྕགས་ཀྱུའི་ཚུལ་དུ་གཞག་པར་བྱ། །རྡོ་རྗེ་འདོད་མ་ལྕགས་ཀྱུ་སྟེ། །རྡོ་རྗེ་འདོད་བྱེད་བཙུན་མོ་ཡི། །དང་པོར་འདྲེན་པ་དེ་ཉིད་བཞག །ཐ་མར་ཧ་ར་ཐིག་ལེར་བྱ། །རྡོ་རྗེ་དགྱེས་པ་བདེ་འཐོབ་བྱེད། །མིང་ནི་དབུས་སུ་བྲི་བར་བྱ། །འདི་ཡིས་སྙིང་གར་བྱས་པ་ཡིས། །དེ་བཞིན་གཤེགས་པ་བདེ་མཆོག་འགྲོ། །ཕྱག་རྒྱ་བཞི་དང་འགྲོགས་པ་ཡིས། །ལུས་འདིས་ཚེ་འདི་འགྲུབ་པར་འགྱུར། །རབ་


DNG012_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

དགྱེས་སྦྱོར་བར་ཡང་དག་ལྡན། །ཕྱག་རྒྱ་བཞི་དང་མཉམ་འགྲོགས་ཤིང་། །རྡོ་རྗེ་འགྱིང་ལ་སོགས་སྤྲོད་པས། །རྣལ་འབྱོར་འདི་ནི་བཅིངས་པ་ཡིས། །རབ་དགྱེས་ལ་སོགས་མ་ལུས་པ། །རབ་དགྱེས་རོ་ལ་བསྒྱིངས་མ་ཡིས། །སྐད་ཅིག་ཉིད་དུ་འདྲེན་པར་འགྱུར། །དེ་བཞིན་སྦོམ་པོའི་རྩེ་མོར་སྦྱར། །སྙིང་རྗེ་ཆེན་པོ་དེར་གཞག་པ། །སྐལ་བ་ཆེན་པོ་རྡོ་རྗེ་སྤྱན། །དེ་ཉིད་དོན་ཀུན་སྟོན་བྱེད་མ། །འདི་ནི་ཡང་དག་བཅིངས་པ་ཡིས། །རྡོ་རྗེ་རྟག་པའི་སྤྱན་དུ་འགྱུར། །ཡོད་དང་མེད་པ་རྣམ་སྤངས་པ། །དངོས་པོ་ཐམས་ཅད་མཐོང་བར་འགྱུར། །རྡོ་རྗེའི་ཐལ་མོ་བརྟན་བྱ་སྟེ། །ཁྲོ་མོ་རྩེ་མོ་ཟླུམ་པོ་ཡི། །མཐོན་པོར་མཚན་དང་འདྲ་བྱས་ཏེ། །སྦོམ་པོར་རྡོ་རྗེ་བརྟན་པ་ཆེ། །དེ་འདི་བཅོམ་ལྡན་འདས་མ་མཆོག །རྡོ་རྗེ་པདྨའི་བདེ་འཐོབ་བྱེད། །རྣལ་འབྱོར་འདི་ནི་བཅིངས་པ་ཡིས། །སྦས་པ་ཆེན་པོའི་དགྱེས་པ་འཐོབ། །དེ་ནས་ལྷ་མོ་ཆེན་མོ་དག །སྤྲོ་བ་ཆེ་བས་གར་མཛད་ཅིང་། །རྡོ་རྗེ་བདེ་བྱེད་བདག་ཉིད་ལ། །འདུད་དང་བཅས་པས་ཕྱག་བྱས་ཏེ། །ཆོས་ཀྱི་ཡི་གེ་ཐབས་གནས་ནས། །དེ་ཉིད་ཆོས་ཀྱི་གསོལ་བ་འདེབས། །ཆོས་ཀྱི་ཕྱག་རྒྱ་བདེ་བ་ཆེ། །རྡོ་རྗེ་བཅོམ་ལྡན་བཤད་དུ་གསོལ། །སྒྲུབ་པ་པོས་ནི་རབ་བསྒྲིམས་ན། །གང་གིས་ལྷ་ནི་འགྲུབ་པར་འགྱུར། །གང་གིས་མྱུར་དུ་བྱིན་བརླབས་པས། །སངས་རྒྱས་བྱང་ཆུབ་རབ་བསྒྲུབ་སྟེ། །བདེ་བྱེད་གཉིས་ཀྱིས་སྤྲོ་ཆེ་བ། །དེ་བཞིན་གཤེགས་པས་གནས་འཇུག་འགྱུར། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷ་མོ་ཐམས་ཅད་ཀྱིས་གསོལ་བ་བཏབ་པ་མཁྱེན་ནས་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་སྦས་པ་ལས་ཆོས་ཀྱི་ཕྱག་རྒྱ་ཆེན་པོའི་ཚིག་འདི་ཕྱུང་ངོ་། །བཅུ་གསུམ་བདག་ཉིད་འདྲེན་པ་སྟེ། །ཐིག་ལེ་ལྟར་ནི་ཡང་དག་ལྡན། །ཐ་མར་ཧ་ར་ཐིག་ལེར་གནས། །རབ་ཏུ་དགྱེས་པ་རྡོ་རྗེ་དགྱེས། །སྙིང་གར་ཕྱག་རྒྱ་འདི་བྱས་ནས། །དགའ་བྱེད་ལྷན་ཅིག་རྩེན་བྱེད་ཅིང་། །སྤྱོད་དང་མི་སྤྱོད་འགྲུབ་འགྱུར་ཏེ། །རྣལ་འབྱོར་བདེ་བ་ཆེན་པོར་འགྲོ། །དེ་བཞིན་འདྲེན་པ་ཐོག་མར་བྱ། །རྡོ་རྗེ་འདོད་པ་ཀྱོ་བ་མཆོག །ཧ་ར་ཐིག་ལེ་ཡང་དག་ལྡན། །ཆ་གཉིས་གསུམ་པ་སྦྱར་བྱས་པ། །འདི་ནི་སྙིང་གར་བཞག་བྱས་ན། །བདེ་བར་ནམ་མཁའ་འགྲོ་འགྱུར་ཏེ། །བདེ་བ་ཤིན་ཏུ་རྟག་པ་ཡི། །འདི་ཡིས་མཆོག་ཏུ་དངོས་གྲུབ་བོ། །འདྲེན་པ་དེ་ཉིད་ཐོག་མར་གཞག །ལྟོས་ལྟོས་ཞེས་པ་ཧཱུྃ་དང་ལྡན། །སྐལ་བ་ཆེན་པོ་རྡོ་རྗེ་སྤྱན། །དབུས་སུ་བསྐུལ་བས་འགྲུབ་པར་འགྱུར། །འཕྲུལ་གྱི་སྤྱན་ལྔ་ནོར་ཆེ་བ། །འདི་ཡིས་རྣལ་འབྱོར་འགྲུབ་འགྱུར་ཏེ། །རྡོ་རྗེ་བྱང་ཆུབ་དགྱེས་པ་ཆེ། །སངས་རྒྱས་ཐམས་ཅད་མཐོང་བར་འགྱུར། །དང་པོར་འདྲེན་པ་དེ་ཉིད་གཞག །ཐ་མར་ཧ་ར་ཐིག་ལེར་བྱ། །རྡོ་རྗེ་དགྱེས་པ་བདེ་


DNG012_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

འཐོབ་བྱེད། །མིང་ནི་དབུས་སུ་བྲི་བར་བྱ། །འདི་ཡིས་སྙིང་གར་བྱས་པ་ཡིས། །དེ་བཞིན་གཤེགས་པ་བདེ་མཆོག་འགྲོ། །ཕྱག་རྒྱ་བཞི་དང་འགྲོགས་པ་ཡིས། །ལུས་འདིས་འདི་ཚེ་འགྲུབ་པར་འགྱུར། །རབ་དགྱེས་སྦྱོར་བར་ཡང་དག་ཞོན། །ཕྱག་རྒྱ་བཞི་དང་མཉམ་འགྲོགས་ཤིང་། །རྡོ་རྗེ་འགྱིང་ལ་སོགས་སྤྲོད་པས། །བཅོམ་ལྡན་འདོད་མ་འགྲུབ་པར་འགྱུར། །ཆོས་ཀྱི་དེ་ཁོ་ན་ཉིད་ཀྱི་དོན་གྱི་ཡེ་ཤེས་ཀྱི་ཕྱག་རྒྱའོ།། །།དེ་ནས་བཅོམ་ལྡན་སྦྱོར་བ་ཆེ། །ཐོག་མ་ཐ་མ་མེད་པ་མཆོག །གདུག་པ་ཐམས་ཅད་གདུལ་བའི་ཕྱིར། །རྡོ་རྗེ་ཁྲོ་བོར་དེ་འགྱུར་རོ། །མདུན་དུ་ཐོག་མའི་ལྷ་ཉིད་དུ། །རྡོ་རྗེ་ཧཱུྃ་མཛད་ཉི་མ་འབར། །ཉི་མ་བཅུ་གཉིས་གཟི་བརྗིད་ཆེ། །མེ་འབར་རབ་ཏུ་འབར་བར་ལྡན། །འཁོར་གྱི་འཁོར་ལོ་དེ་དག་ཀུན། །དུར་ཁྲོད་ཀྱི་ནི་རྒྱན་མཆོག་གིས། །བརྒྱན་ཏེ་གདུག་པའི་ཚོགས་རྣམས་ལ། །དེ་ནི་ཡང་དག་རོལ་པ་མཛད། །ཁྲོ་ཆེན་མཆོག་འདུལ་ཕྱག་རྒྱ་འདི། །སྔགས་ནི་རང་གི་སྙིང་གར་བསྒོམ། །ཁྲོ་མོའི་བུ་མོའི་མདུན་དུ་བསྐོར། །ཁྲོ་མོ་ཆེན་མོ་དེ་འགྲུབ་བོ། །འདི་ཡིས་གདུག་པ་ཐམས་ཅད་རྣམས། །ཧཱུྃ་བྱས་མྱུར་དུ་བརྒྱབ་པར་འགྱུར། །དེ་དག་གདུག་པ་གདུག་པ་ཆེ། །འཇིགས་ཤིང་འཁྲུགས་ཏེ་རབ་ཏུ་འཇིག །སྐྱོབས་ཤིག་སྐྱོབས་ཤིག་ཅེས་སྨྲ་ཞིང་། །རྡོ་རྗེ་གཙོ་ལ་དྲན་པར་བྱེད། །ཕྱག་རྒྱ་འདི་ནི་མཉམ་པར་གཞག །འགྲོ་བ་ཐམས་ཅད་དབང་བྱ་སྟེ། །ལས་མཆོག་ཐམས་ཅད་སྒྲུབ་པ་པོས། །དགྲ་ཡི་རྣམས་ནི་གཞིག་པར་བྱ། །སྦྱོར་དང་ལྡན་པས་འབུམ་བཟླས་ཏེ། །ལས་རྣམས་ཐམས་ཅད་བྱེད་པ་ན། །གདོན་མི་ཟ་བར་ཀུན་འགྱུར་ཏེ། །རྡོ་རྗེ་སེམས་དཔའའང་བསྒྲུབ་པར་ནུས། །ཞེས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས་གསུངས་སོ། །ཁྲོ་བོའི་ཕྱག་རྒྱའི་ཡེ་ཤེས་སོ། །དེ་ནས་སངས་རྒྱས་ཆེ་དེ་དག །སངས་རྒྱས་ཉིད་སྐྱེས་ཐམས་ཅད་མཆོག །གཟུངས་མ་རྣལ་འབྱོར་མ་ཐམས་ཅད། །རང་གི་འཁོར་གྱི་འཁོར་ལོའི་ཚོགས། །ཕན་ཚུན་བདེ་བ་ལྡན་པ་ཡི། །དགའ་བས་འཁོར་རྣམས་འཕགས་འགྱུར་ཏེ། །རང་གི་བདེ་བྱེད་སྐྱེས་པར་འདྲེལ། །སྐལ་བ་ཆེན་མོ་རྩེན་པར་བྱེད། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་ཤིན་ཏུ་དགྱེས་པ་ཆེན་པོས་རང་གི་འཁོར་གྱི་འཁོར་ལོའི་ཚོགས་རྣམས་ལ་ཡང་དང་ཡང་དུ་གཟིགས་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདྲེན་པའི་རིག་མའི་སྙིང་པོ་འདིས་སྡུད་པ་མཛད་དོ། །ཨོཾ་བཛྲ་ཨྃ་ཀུ་ཤ་དུ་རུ་དུ་རུ། ཨེ་ཧྱེ་ཧི་ཀཌྜྷྱ་བི་ཀཌྜྷྱ། སརྦཱན་པཪྵ་ཏ་ཙཀྲ་སཉྩ་ཡ། བཛྲ་ཨྃ་ཀུ་ཤ་ཧཱུཾ་ཕཊ།འདི་ཡིས་ཕྱག་རྒྱ་རྡོ་རྗེ་ཡི། །བཅིང་བ་གཉིས་ནི་དམ་བྱས་ཏེ། །རྡོ་རྗེ་ཁྲོ་མོ་


DNG012_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

དགྲོལ་བར་བྱ། །རྡོ་རྗེ་ཁྲོ་བོ་རབ་སྦྱར་བ། །རྡོ་རྗེ་ཀྱོ་བ་ཞེས་བྱའོ། །འགྲོ་དང་རི་བོ་སེམས་ཅན་རྣམས། །ཕྱག་རྒྱ་འདི་ཡིས་ཀུན་བཀུག་སྟེ། །འདོད་པས་འགྱིང་བའི་ཡིད་རྟག་རྣམས། །མི་ཡི་བུ་མོ་སྨོས་ཅི་དགོས། །རྡོ་རྗེ་བཅིངས་པ་མཉམ་གཞག་སྟེ། །གཡོན་གྱི་སྟེང་དུ་དེ་བཞིན་བཞག །དབུས་སུ་སྦོམ་མོ་གཞག་པར་བྱ། །རྡོ་རྗེ་འདྲེན་པ་གཟི་བརྗིད་ཆེ། །རྡོ་རྗེ་བཅིང་བ་བསྡམ་བྱས་ཏེ། །རྡོ་རྗེ་སྦོམ་མོ་རྩེ་མོ་སྤྲད། །བདག་ནི་རྡོ་རྗེ་ཞེས་བསྒོམ་ཞིང་། །བཅིང་བ་དེ་ནི་དགྲོལ་བར་བྱ། །དེ་ཉིད་བཅིང་བ་དམ་བྱས་ཏེ། །དབང་དང་ཆུང་ངུའི་རྩ་བའི་མཚམས། །རྡོ་རྗེ་སྦོམ་པོ་ནུས་བྱས་ཏེ། །རབ་དགྱེས་བདག་ཉིད་བསྐྱོད་པར་བྱ། །དེ་ལས་རྡོ་རྗེ་མཆོག་གཉིས་བསྐྱེད། །མདུད་པའི་ཚུལ་དུ་སྦྱར་བར་བྱ། །གཞུག་པ་དང་ནི་འདྲེན་པའི་མཆོག །འདི་ཡིས་ཐམས་ཅད་དངོས་གྲུབ་པས། །རྣལ་འབྱོར་ཕྱག་རྒྱ་འདི་ཉིད་ཀྱིས། །དྲངས་ཏེ་བཅུག་ནས་བཅིང་བྱས་ཏེ། །དབང་དུ་བྱས་ནས་བསྒྲུབ་པར་བྱ། །དེ་ནས་དེ་དག་ཐམས་ཅད་དྲངས་བཅུག་བཅིངས་དགའ་བར་བསྐྱེད་ནས། རང་གི་རབ་ཏུ་དགྱེས་པའི་བདེ་བ་ཆེན་པོས་རང་གི་རྒྱལ་སྲིད་རྗེས་སུ་སྐྱོང་ཞིང་རྡོ་རྗེ་ཆོས་ལ་བཀའ་སྩལ་པ། སངས་རྒྱས་ཀུན་གྱི་ཚུལ་ཆེན་པོ། །དགའ་བྱེད་ཟླ་གསང་ཐིག་ལེ་ཡི། །རབ་དགྱེས་བདག་ཉིད་གསང་བ་འདི། །སེམས་དཔའ་ཆེན་པོ་ཁྱོད་ཀྱིས་ཟུང་། །དེ་ནས་གདན་ལས་མྱུར་བཞེངས་ཏེ། །ཐལ་མོ་སྦྱར་ཏེ་ཕྱག་བཞེས་ནས། །ཆོས་ཀྱི་ངོ་བོར་ཚིག་སྨྲས་པ། །བདེ་བ་ཆེན་པོ་བདག་གིས་བླངས། །རབ་བདེ་ལོངས་སྤྱོད་གར་བྱས་ཏེ། །རྡོ་རྗེ་ཚེ་ཡིས་འདི་སྐད་སྨྲས། །རྡོ་རྗེ་ཆོས་ནི་སྣ་ཚོགས་ཆེ། །སྣ་ཚོགས་པདྨོ་གར་རབ་བྱེད། །དེ་ནས་ཕ་རོལ་ཕྱིན་དེ་ཀུན། །རབ་དགྱེས་ལོངས་སྤྱོད་གར་བྱེད་ཅིང་། །བདེ་བྱེད་ཆེན་པོས་བདག་ཉིད་རྗེས། །ལེགས་སོ་ཞེས་པ་སྦྱིན་བྱེད་དེ། །ལེགས་སོ་ལེགས་སོ་བདེ་བ་ཆེ། །ལེགས་སོ་ལེགས་སོ་ཡེ་ཤེས་ཆེ། །ལེགས་སོ་ལེགས་སོ་སྣ་ཚོགས་ཆེ། །ལེགས་སོ་ལེགས་སོ་དགྱེས་པ་ཆེ། །བཅོམ་ལྡན་འདས་དགྱེས་པའི་ཐུགས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཕ་རོལ་ཏུ་ཕྱིན་མའི་འཁོར་ཆེན་མོ་དེ་དག་མངོན་པར་དགའ་བར་གྱུར་ཏོ། །ཟླ་གསང་ཐིག་ལེ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་མཆོག་ཏུ་གསང་བ་ཡོངས་སུ་རྫོགས་སོ།། །། གསུང་རབ་དོན་རྟོགས་སློབ་དཔོན་གྱིས། །ལྷག་པར་བཀྲོལ་ཏེ་བསྟན་པ་ལ། །ཅི་རིགས་བསྒྱུར་བའི་བསོད་ནམས་ཀྱིས། །སེམས་ཅན་སེམས་བདེ་ཐོབ་པར་སྨོན། །རྒྱ་གར་གྱི་མཁན་པོ་པདྨ་སམྦྷ་ཝ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡི་དཔལ་བརྩེགས་ཀྱིས་བསྒྱུར་བའོ། །ཕྱིས་ཁ་ཆེའི་པཎྜི་ཏ་ཏེ་ཛ་དེ་བའི་ཞལ་སྔ་ནས་དང་། ལོ་ཙཱ་བ་འཕགས་པ་ཤེས་རབ་ཀྱིས་སྐད་གསར་བཅད་ཀྱིས་ཀྱང་གཏན་ལ་ཕབ་པའོ།། །།

དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་ཆེན་གསང་བ་འདུས་པ་ཞེས་བྱ་བ་བརྟག་པའི་རྒྱལ་པོ་ཆེན་པོ།


DNG012_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཱཀྩིཏྟ་ར་ཧ་སྱོ་གུ་ཧྱ་ས་མཱ་ཛ་ནཱ་མ་མ་ཧཱ་ཀལྤ་རཱ་ཛ། བོད་སྐད་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་ཆེན་གསང་བ་འདུས་པ་ཞེས་བྱ་བ་བརྟག་པའི་རྒྱལ་པོ་ཆེན་པོ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་སྙིང་པོ་རྡོ་རྗེ་བཙུན་མོའི་བྷ་ག་རྣམས་ལ་བཞུགས་སོ། །བརྗོད་ཀྱིས་མི་ལང་བའི་ཡང་བརྗོད་ཀྱིས་མི་ལང་བའི་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་སྙེད་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དམ་ཚིག་རྡོ་རྗེ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐུ་རྡོ་རྗེ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གསུང་རྡོ་རྗེ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐུགས་རྡོ་རྗེ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་རྡོ་རྗེ་དང་།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱལ་བ་རྡོ་རྗེ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་རྡོ་རྗེ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆུ་རྡོ་རྗེ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མེ་རྡོ་རྗེ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རླུང་རྡོ་རྗེ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའ་རྡོ་རྗེ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུགས་རྡོ་རྗེ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒྲ་རྡོ་རྗེ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དྲི་རྡོ་རྗེ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རོ་རྡོ་རྗེ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རེག་བྱ་རྡོ་རྗེ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་རྡོ་རྗེ་དང་། དེ་དག་ལ་སོགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྗོད་ཀྱིས་མི་ལང་བའི་ཡང་བརྗོད་ཀྱིས་མི་ལང་བའི་སངས་རྒྱས་ཀྱི་ཞིང་གི་རྡུལ་


DNG012_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲ་རབ་སྙེད་རྣམས་དང་། དེ་བཞིན་གཤེགས་པ་ནམ་མཁའི་ཁམས་དང་མཉམ་པ་ལ་ཡང་འདི་ལྟ་སྟེ། དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པ་དང་། དེ་བཞིན་གཤེགས་པ་རྡོ་རྗེ་རྣམ་པར་སྣང་མཛད་དང་། དེ་བཞིན་གཤེགས་པ་རྡོ་རྗེ་རིན་ཆེན་ཏོག་དང་། དེ་བཞིན་གཤེགས་པ་རྡོ་རྗེ་འོད་དཔག་མེད་དང་། དེ་བཞིན་གཤེགས་པ་རྡོ་རྗེ་དོན་ཡོད་པ་དང་དེ་དག་ལ་སོགས་པ་ནམ་མཁའི་ཁམས་ཐམས་ཅད་དང་མཉམ་པའི་དེ་བཞིན་གཤེགས་པ་རྣམས་དང་། ཐབས་ཅིག་ཏུ་བཞུགས་པ་ནི་འདི་ལྟ་སྟེ་དཔེར་ན་ཏིལ་གྱི་གང་བུ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ནམ་མཁའི་ཁམས་ཐམས་ཅད་ཤིན་ཏུ་ཡོངས་སུ་གང་བར་སྣང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་རྣམ་པར་སྣང་མཛད་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདོད་ཆགས་ཆེན་པོའི་ཚུལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀོད་པ་དེ་དག་ཉིད་ཀྱི་སྐུ་ལ་ཞུགས་པར་མཛད་དོ། །དེ་ནས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བདག་པོ་ཡོངས་སུ་མཉེས་པར་བྱ་བའི་ཕྱིར་ཉིད་ཀྱི་སྐུ་བུད་མེད་ཀྱི་གཟུགས་སུ་མངོན་པར་སྤྲུལ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོའི་སྐུ་ལས་མངོན་པར་བྱུང་བར་གྱུར་ཏོ། །དེ་ལ་ལ་ལ་ནི་སངས་རྒྱས་སྤྱན་གྱི་རྣམ་པར་རོ། །ལ་ལ་ནི་མཱ་མ་ཀཱིའི་རྣམ་པར་རོ། །ལ་ལ་ནི་གོས་དཀར་མོའི་རྣམ་པར་རོ། །ལ་ལ་ནི་དམ་ཚིག་སྒྲོལ་མའི་རྣམ་པར་ཡང་དག་པར་གནས་པར་གྱུར་ཏོ། །ལ་ལ་ནི་གཟུགས་ཀྱི་ངོ་བོའི་རྣམ་པས། ལ་ལ་ནི་སྒྲའི་ངོ་བོའི་རྣམ་པས། ལ་ལ་ནི་དྲིའི་ངོ་བོའི་རྣམ་པས། ལ་ལ་ནི་རོའི་ངོ་བོའི་རྣམ་པས། ལ་ལ་ནི་རེག་བྱའི་ངོ་བོའི་རྣམ་པས་ཡང་དག་པར་གནས་པར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་མི་བསྐྱོད་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་རྡོ་རྗེ་བཙུན་མོའི་བྷ་ག་ལ་དམ་ཚིག་ཆེན་པོའི་དཀྱིལ་འཁོར་རྡུལ་མེད་པ་གྲུ་བཞི་པར་བྱིན་གྱིས་བརླབས་པ་ནི། གསལ་བ་དེ་ཡི་ངོ་བོ་ཉིད། །སྣ་ཚོགས་གཟུགས་ཀྱིས་ཀུན་དུ་རྒྱས། །སངས་རྒྱས་སྤྲིན་ནི་ཀུན་


DNG012_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བཀྲམ། །འོད་ཟེར་འཕྲོ་བ་མང་པོ་འཁྲུག །གསལ་བ་ལ་སོགས་དཀྱིལ་འཁོར་ལྡན། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་བདག་པོ་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ཆེན་པོའི་དཀྱིལ་འཁོར་གྱི་དབུས་སུ་བཞག་པར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་མི་བསྐྱོད་པ་དང་། དེ་བཞིན་གཤེགས་པ་རིན་ཆེན་ཏོག་དང་། དེ་བཞིན་གཤེགས་པ་ཚེ་དཔག་མེད་དང་། དེ་བཞིན་གཤེགས་པ་དོན་ཡོད་གྲུབ་པ་དང་། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་རྣམས་དེ་བཞིན་གཤེགས་པ་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་ཐུགས་ལ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བྱང་ཆུབ་ཀྱི་སེམས་རྡོ་རྗེས་དེ་བཞིན་གཤེགས་པ་ཐམས་ཅད་ཟིལ་གྱིས་གནོན་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་སྙོམས་པར་ཞུགས་པ་དེ་མ་ཐག་ཏུ། དེ་ནས་ནམ་མཁའི་དབྱིངས་འདི་ཐམས་ཅད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་ངོ་བོར་གནས་པར་གྱུར་ཏོ། །དེ་ནས་ནམ་མཁའི་དབྱིངས་ཐམས་ཅད་ན་གནས་པའི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་རྡོ་རྗེ་སེམས་དཔའི་བྱིན་གྱིས་བརླབས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེ་བ་དང་ཡིད་བདེ་བ་ཐོབ་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་དམ་ཚིག་འབྱུང་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རིག་པ་ཆེན་པོ་སྐྱེས་བུའི་གཟུགས་འདི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་ཀྱི་བྱིན་གྱིས་བརླབས་ཀྱིས་བྱིན་གྱིས་བརླབས་སོ། །བྱིན་གྱིས་བརླབས་པ་ཙམ་གྱིས་དེ་མ་ཐག་ཏུ་བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དེ་བཞིན་གཤེགས་པ་དེ་ཉིད་ཞལ་གསུམ་པའི་རྣམ་པར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གཟིགས་པར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་


DNG012_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

པ་མི་བསྐྱོད་པ་ལ་སོགས་པ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོའི་ཐུགས་ཀ་ནས་མངོན་པར་བྱུང་སྟེ་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཨེ་མ་ཧོ་སངས་རྒྱས་ཐམས་ཅད་ཀྱི། །བྱང་ཆུབ་སེམས་ནི་རབ་བྱུང་བ། །དེ་བཞིན་གཤེགས་པ་ཀུན་གྱི་གསང་། །རབ་ཏུ་མི་རྟོག་གནས་མེད་པའོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཡང་གཅིག་ཏུ་འདུས་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པ་སྤྲོས་པ་དེ་ཁོ་ན་ཉིད་ཀྱི་དམ་ཚིག་རིན་པོ་ཆེའི་སྤྲིན་གྱིས་ཡང་དག་པར་མཆོད་དེ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །འདུས་པ་གསང་བ་ལས་བྱུང་བ། །དེ་བཞིན་གཤེགས་པ་ཀུན་གྱི་གསང་། །རྡོ་རྗེ་སྙིང་པོ་འདུས་པ་ཡི། །དེ་ཉིད་བཅོམ་ལྡན་བཤད་དུ་གསོལ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བྱང་ཆུབ་ཀྱི་སེམས་རྡོ་རྗེས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ལེགས་སོ་ལེགས་སོ། །འོན་ཀྱང་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཐེ་ཚོམ་སྐྱེ་བར་བྱེད་པ་ཡིན་ན་བྱང་ཆུབ་སེམས་དཔའ་གཞན་རྣམས་ལྟ་ཅི་སྨོས། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ངོ་མཚར་དུ་གྱུར། རྨད་དུ་བྱུང་བར་གྱུར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐེ་ཚོམ་ཐམས་ཅད་གཅོད་པར་མཛད་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ལ་འདི་སྐད་ཅེས་གསོལ་ཏོ། །གང་བཅོམ་ལྡན་འདས་འདི་ལྟ་བུའི་ཡོན་ཏན་ཁྱད་པར་ཅན་ལ་ཡང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་སྟོན་པར་མི་སྤྲོ་བ་དེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ལ་བྱིན་གྱིས་བརླབ་པ་མཛད་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་དམ་ཚིག་འབྱུང་བའི་ཚིག་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེ་


DNG012_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་། ཡིད་བདེ་བ་མྱོང་བར་བགྱི་བ་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་དང་། མངོན་པར་ཤེས་པའི་འབྲས་བུ་ཐོབ་པར་བགྱི་བའི་བར་གྱི་ཕྱིར་ཡང་དག་པར་བསྟན་དུ་གསོལ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་བཏབ་པ་དེ་མཁྱེན་ནས། ཡེ་ཤེས་སྒྲོན་མ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཞེ་སྡང་གི་རིགས་ཀྱི་སྔགས་མཆོག་གི་སྙིང་པོའི་སྙིང་པོ་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །བཛྲ་དྷྲྀཀ །དེ་ནས་འདི་ཕྱུང་མ་ཐག་ཏུ།བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རིག་པའི་སྐྱེས་བུ་དེ་ཉིད་མི་བསྐྱོད་པའི་ཕྱག་རྒྱ་ཆེན་པོར་སྦྱོར་བའི་ཐབས་ཀྱིས་ནག་པོ། དཀར་པོ་དམར་པོའི་རྣམ་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་སྐུ་གསུང་ཐུགས་རྡོ་རྗེ་ལ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་གཏི་མུག་གི་རིགས་ཀྱི་སྔགས་མཆོག་གི་སྙིང་པོའི་སྙིང་པོ་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཛི་ན་ཛིཀ །དེ་ནས་འདི་ཕྱུང་མ་ཐག་ཏུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རིག་པའི་སྐྱེས་བུ་དེ་ཉིད་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོར་སྦྱོར་བའི་ཐབས་ཀྱིས་དཀར་པོ། ནག་པོ་དམར་པོའི་རྣམ་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་སྤྱན་སྔར་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིན་པོ་ཆེ་འབྱུང་བའི་རྡོ་རྗེ་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཡིད་བཞིན་ནོར་བུའི་རིགས་ཀྱི་སྔགས་མཆོག་གི་སྙིང་པོའི་སྙིང་པོ་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །རཏྣ་དྷྲྀཀ །དེ་ནས་འདི་ཕྱུང་མ་ཐག་ཏུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་


DNG012_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀྱི་རིག་པའི་སྐྱེས་བུ་དེ་ཉིད་རིན་ཆེན་ཏོག་གི་ཕྱག་རྒྱ་ཆེན་པོར་སྦྱོར་བའི་ཐབས་ཀྱིས་སེར་པོ། ནག་པོ། དཀར་པོའི་རྣམ་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་གཡས་ཕྱོགས་སུ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདོད་ཆགས་ཆེན་པོའི་རྒྱུན་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རྡོ་རྗེ་འདོད་ཆགས་ཀྱི་རིགས་ཀྱི་སྔགས་མཆོག་གི་སྙིང་པོའི་སྙིང་པོ་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཨཱ་རོ་ལིཀ །དེ་ནས་འདི་ཕྱུང་མ་ཐག་ཏུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རིག་པའི་སྐྱེས་བུ་དེ་ཉིད་འཇིག་རྟེན་དབང་ཕྱུག་གི་རིག་པའི་བདག་པོ་ཆེན་པོའི་ཕྱག་རྒྱ་ཆེན་པོར་སྦྱོར་བའི་ཐབས་ཀྱིས་དམར་པོ། ནག་པོ་དཀར་པོའི་རྣམ་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་རྒྱབ་ཏུ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དོན་ཡོད་མཆོག་གི་དམ་ཚིག་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དམ་ཚིག་དགུག་པའི་རིགས་ཀྱི་སྔགས་མཆོག་གི་སྙིང་པོའི་སྙིང་པོ་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །པྲཛྙཱ་དྷྲྀཀ །དེ་ནས་འདི་ཕྱུང་མ་ཐག་ཏུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རིག་པའི་སྐྱེས་བུ་དེ་ཉིད་རྡོ་རྗེ་དོན་ཡོད་པའི་ཕྱག་རྒྱ་ཆེན་པོར་སྦྱོར་བའི་ཐབས་ཀྱིས་ལྗང་གུ། ནག་པོ་དཀར་པོའི་རྣམ་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་བྱང་ཕྱོགས་སུ་བཞུགས་སོ། །ཞེ་སྡང་གཏི་མུག་དེ་བཞིན་ཆགས། །ཡིད་བཞིན་ནོར་བུ་དམ་ཚིག་སྟེ། །རིགས་ལྔར་གཏོགས་པ་འདི་རྣམས་ཀྱིས། །འདོད་དང་ཐར་པ་རབ་བསྒྲུབ་པའོ། །དེ་ནས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་འཛིན་པ་རྗེས་སུ་མཉེས་པའི་དམ་ཚིག་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རྡོ་རྗེ་འཛིན་པ་ཐམས་ཅད་ཀྱི་བཙུན་མོའི་མཆོག་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །དྭེ་ཥ་ར་ཏི།


DNG012_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་འདི་ཕྱུང་མ་ཐག་ཏུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རིག་པའི་སྐྱེས་བུ་དེ་ཉིད་བུད་མེད་ཀྱི་གཟུགས་འཛིན་པར་གྱུར་ཏེ། ཤར་ཕྱོགས་ཀྱི་གྲྭར་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་མཉེས་པར་བྱེད་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཙུན་མོའི་མཆོག་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །མོ་ཧ་ར་ཏི། དེ་ནས་འདི་ཕྱུང་མ་ཐག་ཏུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རིག་པའི་སྐྱེས་བུ་དེ་ཉིད་བུད་མེད་ཀྱི་གཟུགས་འཛིན་པར་གྱུར་ཏེ་ལྷོ་ཕྱོགས་ཀྱི་གྲྭར་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདོད་ཆགས་འཛིན་པ། རྗེས་སུ་ཆགས་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདོད་ཆགས་འཛིན་པའི་བཙུན་མོའི་མཆོག་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །རཱ་ག་ར་ཏི། དེ་ནས་འདི་ཕྱུང་མ་ཐག་ཏུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རིག་པའི་སྐྱེས་བུ་དེ་ཉིད་བུད་མེད་ཀྱི་གཟུགས་འཛིན་པར་གྱུར་ཏེ་ནུབ་ཕྱོགས་ཀྱི་གྲྭར་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་སླུ་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤེས་རབ་འཆང་བ་རྗེས་སུ་བཙུན་མོའི་མཆོག་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །བཛྲ་ར་ཏི། དེ་ནས་འདི་ཕྱུང་མ་ཐག་ཏུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རིག་པའི་སྐྱེས་བུ་དེ་ཉིད་བུད་མེད་ཀྱི་གཟུགས་འཛིན་པར་གྱུར་ཏེ། བྱང་གི་གྲྭར་བཞུགས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཙུན་མོའི་མཆོག་ཕུན་སུམ་ཚོགས་པའོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་བྱིན་གྱིས་རློབ་པ་ཞེས་བྱ་


DNG012_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཁྲོ་བོ་ཆེན་པོ་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཡ་མཱནྟ་ཀྲྀཏ། དེ་ནས་འདི་ཕྱུང་མ་ཐག་ཏུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རིག་པའི་སྐྱེས་བུ་དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་བསྙེངས་པར་བྱེད་པའི་རྣམ་པས་ཤར་ཕྱོགས་ཀྱི་སྒོར་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མངོན་པར་བྱང་ཆུབ་པ། རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་བྱིན་གྱིས་རློབ་པ་ཞེས་བྱ་བའི་ཁྲོ་བོ་ཆེན་པོ་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །པྲཛྙཱནྟ་ཀྲྀཏ། དེ་ནས་འདི་ཕྱུང་མ་ཐག་ཏུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རིག་པའི་སྐྱེས་བུ་དེ་ཉིད་རྡོ་རྗེ་དམ་ཚིག་བསྙེངས་པར་བྱེད་པའི་རྣམ་པས་ལྷོ་ཕྱོགས་ཀྱི་སྒོར་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་རིན་པོ་ཆེ་འབྱུང་གནས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདོད་ཆགས་འཆང་བའི་དཀྱིལ་འཁོར་བྱིན་གྱིས་རློབ་པ་ཞེས་བྱ་བའི་ཁྲོ་བོ་ཆེན་པོ་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །པད་མཱནྟ་ཀྲྀཏ། དེ་ནས་དེ་ཕྱུང་མ་ཐག་ཏུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རིག་པའི་སྐྱེས་བུ་དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་བསྙེངས་པར་བྱེད་པའི་རྣམ་པས་ནུབ་ཕྱོགས་ཀྱི་སྒོར་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་དཀྱིལ་འཁོར་བྱིན་གྱིས་རློབ་པ་ཁྲོ་བོ་ཆེན་པོ་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །བིགྷྣནྟ་ཀྲྀཏ། དེ་ནས་དེ་ཕྱུང་མ་ཐག་ཏུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རིག་པའི་སྐྱེས་བུ་དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་བསྙེངས་པར་བྱེད་པའི་རྣམ་པས་བྱང་ཕྱོགས་ཀྱི་སྒོར་བཞུགས་སོ། །


DNG012_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་མཉེས་པར་བྱེད་པ་དང་དཀྱིལ་འཁོར་གྱི་དམ་ཚིག་སེམས་དཔའ་རྣམས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་ཆེན་གསང་བ་འདུས་པ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བྱིན་གྱིས་རློབ་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བདག་པོ་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མཆོད་པ་བྱས་ཏེ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །སྐུ་དང་གསུང་དང་ཐུགས་ཀྱི་མཆོག །དེ་བཞིན་གཤེགས་པ་ཀུན་གྱི་གསང་། །བླ་ན་མེད་པའི་བྱང་ཆུབ་སེམས། །བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་བདག་པོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་བཏབ་པ་མཁྱེན་ཅིང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སེམས་ཀྱི་ཡོངས་སུ་རྟོག་པ་ཐུགས་ཀྱིས་མཁྱེན་ནས་བྱང་ཆུབ་སེམས་དཔའ་དེ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁྱེད་ཀྱིས་སེམས་ལུས་ཀྱི་རྣམ་པ་དང་། ལུས་སེམས་ཀྱི་རྣམ་པ་དང་། སེམས་ཚིག་ཏུ་བརྗོད་པའི་རྣམ་པ་སྐྱེད་ཅིག །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྣམས་ནི་ནམ་མཁའ་ལྟ་བུར་ཡང་དག་པར་སྦྱར་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཨེ་མ་ཧོ་ཀུན་དུ་བཟང་པོ་ཡི། །རྡོ་རྗེའི་སྐུ་དང་གསུང་དང་ཐུགས། །སྐྱེ་བ་མེད་པ་ཚུལ་གྱིས་སུ། །སྐྱེ་བ་འདི་ནི་རབ་ཏུ་བསྒྲགས། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མངོན་པར་རྫོགས་པར་བྱང་ཆུབ་པའི་ཚུལ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །དངོས་པོ་མེད་པར་བསྒོམ་པའི་དངོས། །བསྒོམ་པ་


DNG012_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པ་མ་ཡིན་ཉིད། །དེ་ལྟར་དངོས་པོ་དངོས་མེད་དེ། །སྒོམ་པ་དམིགས་སུ་མེད་པའོ། །ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་དེ་བཞིན་གཤེགས་པས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་རྡོ་རྗེ་དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མངོན་པར་རྟོགས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །དངོས་པོ་ཐམས་ཅད་དང་བྲལ་བ། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །གཟུང་དང་འཛིན་པ་རྣམ་སྤངས་པ། །ཆོས་བདག་མེད་པ་མཉམ་ཉིད་པས། །རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་རྣམ་པར་སྣང་མཛད་ཀྱིས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མི་ཟད་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །དངོས་པོ་འདི་རྣམས་མ་སྐྱེས་པ། །ཆོས་དང་ཆོས་ཉིད་མེད་པ་སྟེ། །ནམ་མཁའ་ལྟ་བུར་བདག་མེད་པར། །བྱང་ཆུབ་ཚུལ་འདི་བརྟན་པའོ། །ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་རིན་ཆེན་ཏོག་གིས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་མེད་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཆོས་རྣམས་ཐམས་ཅད་དངོས་མེད་ཅིང་། །ཆོས་ཀྱི་མཚན་ཉིད་རྣམ་པར་སྤངས། །ཆོས་བདག་མེད་ལས་ཀུན་ཏུ་བྱུང་། །བྱང་ཆུབ་ཚུལ་འདི་བརྟན་པའོ། །ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་ཏོག་གིས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་ཚེ་དཔག་ཏུ་མེད་པས་འོད་ཟེར་འབར་བ་སྒྲོན་མ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །མ་སྐྱེས་པ་ཡི་ཆོས་རྣམས་ལ། །


DNG012_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་མེད་དེ་སྒོམ་པའང་མེད། །ནམ་མཁའི་ཚུལ་དུ་སྦྱོར་བ་ཡིས། །འདི་ལྟར་དངོས་པོར་རབ་ཏུ་བསྒྲགས། །ཞེས་བཅོམ་ལྡན་འདས། དེ་བཞིན་གཤེགས་པ་རྡོ་རྗེ་ཚེ་དཔག་ཏུ་མེད་པས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་དོན་ཡོད་གྲུབ་པས་དེ་བཞིན་གཤེགས་པ་ཐམས་ཅད་ཟིལ་གྱིས་གནོན་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཆོས་རྣམས་རང་བཞིན་འོད་གསལ་བ། །གདོད་ནས་དག་པ་ནམ་མཁའ་བཞིན། །བྱང་ཆུབ་མེད་ཅིང་མངོན་རྟོགས་མེད། །བྱང་ཆུབ་ཚུལ་འདི་བརྟན་པའོ། །ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་དོན་ཡོད་གྲུབ་པས་གསུངས་སོ། །དེ་ནས་བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བའི་ཆོས་ཉིད་ཀྱི་ཡི་གེ་ཐོས་ནས་ངོ་མཚར་དུ་གྱུར། རྨད་དུ་བྱུང་བར་གྱུར་ཏེ་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཨེ་མའོ་སངས་རྒྱས་ཨེ་མའོ་ཆོས། །ཆོས་བཤད་པ་ནི་ངོ་མཚར་ཆེ། །ཡང་དག་དོན་ནི་དག་པའི་དོན། །བྱང་ཆུབ་སེམས་ཁྱོད་ཕྱག་འཚལ་ལོ། །བདག་མེད་པ་ཡི་ཆོས་ལས་བྱུང་། །སངས་རྒྱས་བྱང་ཆུབ་རྫོགས་མཛད་པ། །རྣམ་པར་མི་རྟོག་དམིགས་སུ་མེད། །བྱང་ཆུབ་སེམས་ཁྱོད་ཕྱག་འཚལ་ལོ། །ཀུན་དུ་བཟང་པོ་ཐམས་ཅད་དོན། །བྱང་ཆུབ་སེམས་ནི་རབ་སྐོར་བ། །བྱང་ཆུབ་སྤྱོད་པ་རྡོ་རྗེ་ཆེ། །བྱང་ཆུབ་སེམས་ཁྱོད་ཕྱག་འཚལ་ལོ། །དག་པ་དེ་བཞིན་གཤེགས་པའི་ཐུགས། །སྐུ་དང་གསུང་ཐུགས་རྡོ་རྗེ་ཅན། །སངས་རྒྱས་བྱང་ཆུབ་རབ་སྟོན་པ། །བྱང་ཆུབ་སེམས་ཁྱོད་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་ཆེན་གསང་བ་འདུས་པ་ལས་བྱང་ཆུབ་ཀྱི་སེམས་ཀྱི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པ་ཐམས་ཅད་


DNG012_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོ་བའི་སྤྲིན་བཀོད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་རྡོ་རྗེ་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་ལེའུ་འདི་གསུངས་སོ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཨཱདྨ་ཀོ྅ཧྃ། ནམ་མཁའི་ཁམས་ཀྱི་དབུས་གནས་པར། །སངས་རྒྱས་དཀྱིལ་འཁོར་བསྒོམ་བྱ་སྟེ། །འོད་ཟེར་སྤྲིན་གྱི་བཀོད་པ་ཆེ། །སངས་རྒྱས་འབར་བའི་འོད་དང་མཉམ། །འོད་ཟེར་ལྔ་ནི་ཀུན་དུ་ཁྱབ། །ཀུན་ནས་ཡོངས་སུ་ཟླུམ་པོ་སྟེ། །འདོད་པའི་ཡོན་ཏན་ལྔ་ཡིས་སྤྲས། །མཆོད་པ་རྣམ་པ་ལྔས་བརྒྱན་པ། །མདོར་ན་དེ་ལྟར་བསྒོམ་ནས་སུ། །གཟུགས་ནི་དབུས་སུ་བསྒོམ་པར་བྱ། །རྣམ་པར་སྣང་མཛད་ཕྱག་རྒྱ་ཆེ། །སྐུ་གསུང་ཐུགས་ཀྱིས་མཚན་པའོ། །སྐུ་གསུང་ཐུགས་ནི་རྡོ་རྗེ་ཡི། །ཕྱག་རྒྱ་ཆེན་པོ་བསྒོམ་པར་བྱ། །བསྡུས་པ་གཉིས་མེད་སྦྱོར་བ་ཡིས། །མི་བསྐྱོད་ཕྱག་རྒྱ་མཆོག་རབ་དང་། །རིན་ཆེན་ཏོག་གི་ཕྱག་རྒྱ་ཆེ། །ཚེ་དཔག་མེད་པའི་འོད་བྱེད་དང་། །དོན་གྲུབ་ཕྱག་རྒྱ་ཆེན་པོ་རྣམས། །སངས་རྒྱས་དཀྱིལ་འཁོར་དག་ཏུ་བསྒོམ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །ཨིན་དྲ་ནཱི་ལའི་ཁ་དོག་འདྲ། །རབ་འབར་ཕྱག་ན་རྡོ་རྗེ་བསྣམས། །རྣམ་པར་གཙིགས་པ་འཇིགས་སུ་རུང་། །ཤེལ་དང་ཟླ་བའི་འོད་དང་འདྲ། །ཐོར་ཚུགས་ཅོད་པན་གྱིས་བརྒྱན་པ། །རབ་འབར་ཕྱག་ན་འཁོར་ལོ་བསྣམས། །སྣ་ཚོགས་རྒྱན་གྱིས་མཛེས་པར་བརྒྱན། །འཛམ་བུ་ཆུ་བོའི་གསེར་འོད་འདྲ། །སངས་རྒྱས་སྤྲིན་ནི་ཀུན་དུ་འཁྲིགས། །རྩེ་མོ་དགུ་པའི་རྡོ་རྗེ་ཆེ། །དེ་ཡི་ཕྱག་ཏུ་རྣམ་པར་བསྒོམ། །མ་ར་ཀ་ཏའི་འོད་འདྲ་བ། །རྡོ་རྗེ་འབར་བས་རྣམ་པར་བརྒྱན། །ཀུན་དུ་འབར་བའི་སྤྲིན་གྱིས་ཁྱབ། །ཕྱག་ན་རིན་ཆེན་བསྣམས་པར་བསྒོམ། །པད་མ་རཱ་གའི་མདོག་འདྲ་བ། །གཙོ་བོ་འདོད་ཆགས་འོད་འབར་འཆང་། །རབ་འབར་ཕྱག་ན་པད་མ་བསྣམས། །འདོད་ཆགས་རྡོ་རྗེ་ཅན་བསྒོམ་བྱ། །འོད་ཟེར་ལྔ་ཡི་འོད་འདྲ་བ། །སྣ་ཚོགས་དོན་ཡོད་རྡོ་རྗེ་ཅན། །ཞི་བ་ཕྱག་ན་རལ་གྲི་བསྣམས། །སངས་རྒྱས་དཀྱིལ་འཁོར་


DNG012_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ནི་བསྒོམ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་དེ་བཞིན་གཤེགས་པས་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སྐུ་གསུང་ཐུགས་བྱིན་གྱིས་རློབ་པའི་སྔགས་འདི་གསུངས་སོ། །ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་བ་ཨཱདྨ་ཀོ྅ཧཾ། རིན་ཆེན་ཆེན་པོ་ཁ་དོག་ལྔ། །ཡུངས་ཀར་གྱི་ནི་འབྲུ་ཚད་ཙམ། །སྣ་ཡི་རྩེ་མོར་ནན་ཏན་དུ། །རྣལ་འབྱོར་གྱིས་ནི་རྟག་ཏུ་བསྒོམ། །རིན་ཆེན་བརྟན་པར་གྱུར་ནས་སྤྲོ། །བརྟན་པར་མ་གྱུར་ཡོང་མི་སྤྲོ། །སངས་རྒྱས་འབར་བ་མཚུངས་པའི་འོད། །རབ་མཆོག་སྤྲིན་རྣམས་སྤྲོ་བར་བྱ། །འཁོར་ལོ་རྡོ་རྗེ་རིན་ཆེན་དང་། །པད་མ་རལ་གྲི་མཚོན་ཆ་འཛིན། །བྱང་ཆུབ་སེམས་དཔའི་སྤྲིན་ཆེན་རྣམས། །སྤྲོ་བའི་བདག་ཉིད་ཅན་གྱིས་སྤྲོ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །ཟླ་བའི་དཀྱིལ་འཁོར་བྲི་བར་བྱ། །གསལ་བའི་དཀྱིལ་འཁོར་དབུས་གནས་པར། །འཁོར་ལོའི་དཀྱིལ་འཁོར་བསྒོམ་པར་བྱ། །པད་མའི་དཀྱིལ་འཁོར་འདྲ་བ་ནི། །པད་མ་སྒོམ་པས་བསྒོམ་པར་བྱ། །རིན་ཆེན་དཀྱིལ་འཁོར་འདྲ་བ་ནི། །རིན་ཆེན་བརྩོན་པས་བསྒོམ་པར་བྱ། །སྦྱོར་བའི་དཀྱིལ་འཁོར་ལས་བྱུང་བ། །ནམ་མཁའ་འདྲ་བར་བྲི་བར་བྱ། །སངས་རྒྱས་རང་མཆོག་འདི་རྣམས་ཉིད། །སྐུ་གསུང་ཐུགས་ནི་སྒྲུབ་པ་ཡིས། །དཀྱིལ་འཁོར་རྡོ་རྗེ་ལས་བྱུང་བ། །ཐམས་ཅད་མཁྱེན་པའི་ཚུལ་ཐོབ་པའོ། །དེ་བཞིན་གཤེགས་ པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་ཆེན་གསང་བ་འདུས་པ་ལས་རྡོ་རྗེ་བཀོད་པའི་ཏིང་ངེ་འཛིན་ཞེས་བྱ་བའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཡང་འདུས་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བདག་པོ་ལ་བསྟོད་པའི་རྒྱལ་པོ་འདིས་གསོལ་བ་བཏབ་བོ། །དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཆོས་ཀུན་བདག་མེད་པ་ཡི་མཆོག །དཀྱིལ་འཁོར་


DNG012_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པ་བཤད་དུ་གསོལ། །མཚན་ཉིད་ཐམས་ཅད་ཡང་དག་རྫོགས། །མཚན་ཉིད་མིན་པ་ཐམས་ཅད་སྤངས། །ཀུན་དུ་བཟང་པོ་སྐུ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞི་བའི་ཆོས་མཆོག་ལས་བྱུང་བ། །ཡེ་ཤེས་སྤྱོད་པ་རྣམ་སྤྱོད་མཛད། །ཀུན་དུ་བཟང་པོ་གསུང་གི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་ཅིང་དྲི་མ་མེད། །ཀུན་བཟང་ཐུགས་མཆོག་ཁ་ལོ་སྒྱུར། །དཀྱིལ་འཁོར་དག་ནི་བཤད་དུ་གསོལ། །དེ་ནས་སྟོན་པ་རྡོ་རྗེ་འཛིན། །འཇིག་རྟེན་གསུམ་པ་ཁམས་གསུམ་པ། །འཇིག་རྟེན་གསུམ་མཆོག་རྡོ་རྗེ་གཙོ། །འཇིག་རྟེན་གསུམ་མཆོག་སྟོན་པ་པོ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཐུགས་ཀྱི་དཀྱིལ་འཁོར་དཀྱིལ་འཁོར་ཚུལ། །དཀྱིལ་འཁོར་ཉམས་དགའ་རབ་ཏུ་བཤད། །དེ་ནས་དེ་ཕྱིར་ཐུགས་དཀྱིལ་འཁོར། །མཆོག་ཐུགས་རྡོ་རྗེ་རབ་འདྲ་བ། །སྐུ་དང་གསུང་དང་ཐུགས་རྣམས་ཀྱི། །དཀྱིལ་འཁོར་ཡང་དག་རབ་བཤད་བྱ། །ལུས་དང་ངག་སེམས་བསྒོམས་པ་ཡིས། །ཤེས་རབ་ཅན་གྱིས་ཐིག་གདབ་པ། །ཐིག་སྐུད་སར་པ་ལེགས་བཀལ་བ། །ཚད་མ་བཟང་པོ་མཛེས་པ་ཡིས། །ཐུགས་ཀྱི་དཀྱིལ་འཁོར་དམ་པ་ནི། །ཁྲུ་ནི་བཅུ་གཉིས་ཚད་དུ་བྱ། །ངོས་བཞི་དང་ནི་གྲྭ་བཞི་དང་། །སྒོ་བཞི་པར་ནི་རབ་ཏུ་བརྟག །དེ་ཡི་དབུས་སུ་འཁོར་ལོ་ནི། །རབ་ཏུ་ཟླུམ་པོ་བྲི་བར་བྱ། །ཆོ་ག་མཐོང་བའི་ལས་ཀྱིས་ནི། །དེ་ནས་ཕྱག་རྒྱ་དགོད་པར་བྱ། །དེ་དབུས་རྡོ་རྗེ་བྲི་བ་ནི། །ཨིན་དྲ་ནཱི་ལའི་ཁ་དོག་འདྲ། །འབར་བ་ཆེན་པོ་རྩེ་ལྔ་པ། །འཇིགས་པ་དག་ཀྱང་རབ་འཇིགས་བྱེད། །ཤར་དུ་འཁོར་ལོ་ཆེན་པོ་ནི། །རྡོ་རྗེ་འབར་བས་རྣམ་པར་བརྒྱན། །ལྷོ་རུ་རིན་ཆེན་ཆེན་པོ་ནི། །འོད་ཟེར་མང་པོ་རབ་ཏུ་འཁྲིགས། །ནུབ་ཏུ་པདྨ་ཆེན་པོ་ནི། །པདྨ་རཱ་གའི་ཁ་དོག་འདྲ། །བྱང་དུ་རལ་གྲི་ཆེན་པོ་ནི། །འོད་ཟེར་འབར་བ་རབ་འཁྲིགས་བྲི། །དབུས་སུ་སྤྲིན་དང་འདྲ་བའི་འོད། །སྤྱན་ནི་ཤར་གྱི་གྲྭ་


DNG012_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

རུ་བྲི། །མཱ་མ་ཀཱི་ཡི་རིགས་འབྱུང་བའི། །རྡོ་རྗེ་དེ་བཞིན་ལྷོ་རུའོ། །པད་མ་ཁ་བྱེ་སྡོང་བུར་བཅས། །ནུབ་ཏུ་ཀུན་དུ་བྲི་བར་བྱ། །བྱང་དུ་ཨུཏྤལ་མཛེས་པ་ནི། །མཐིང་ཀ་སྤྲིན་དང་འདྲ་བ་བྲི། །ཐོ་བ་ཀུན་ནས་འོད་མཛེས་འབར། །ཤར་གྱི་སྒོར་ནི་བྲི་བར་བྱ། །རྡོ་རྗེ་འབར་སོགས་འོད་བཟང་བ། །དབྱུག་པ་ལྷོ་རུ་ཀུན་དུ་བྲི། །པད་མ་འབར་བ་འོད་བྱེད་པ། །ནུབ་ཏུ་ཀུན་དུ་བྲི་བར་བྱ། །རྡོ་རྗེ་འཁྱིལ་པ་རྡོ་རྗེ་ཅན། །བྱང་དུ་རྡོ་རྗེ་བྲི་བར་བྱ། །ཐུགས་ཀྱི་དཀྱིལ་འཁོར་དམ་པ་དེ། །ཡོངས་སུ་གསལ་བར་ཤེས་བྱས་ནས། །ལུས་དང་ངག་སེམས་མཆོད་པ་ཡིས། །ནན་ཏན་དུ་ནི་མཆོད་པར་བྱ། །བཙུན་མོ་མཛེས་ཤིང་མདངས་བཟང་བ། །ལོ་གྲངས་བཅུ་དྲུག་ལོ་རྙེད་ནས། །དྲི་དང་མེ་ཏོག་ཕྲེང་བརྒྱན་ཏེ། །དེ་དབུས་སུ་ནི་འདོད་པ་བྱ། །ཡོན་ཏན་སྐེ་རགས་མཱ་མ་ཀཱི། །ཤེས་རབ་ཅན་གྱིས་དེ་བྱིན་བརླབས། །སངས་རྒྱས་ཞི་བ་ཚུལ་སྤྲོས་པས། །ནམ་མཁའི་དབྱིངས་ནི་རབ་ཏུ་བརྒྱན། །བཤང་གཅི་ཁུ་བ་ཁྲག་ལ་སོགས། །ལྷ་རྣམས་ལ་ནི་དབུལ་བར་བྱ། །དེ་ལྟར་བྱས་ན་སངས་རྒྱས་དང་། །བྱང་ཆུབ་སེམས་དཔའ་གྲགས་ཆེན་མཉེས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་ཆེན་གསང་བ་འདུས་པ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་དཀྱིལ་འཁོར་གྱི་ལེའུ་སྟེ་བཞི་པའོ།། །།དེ་ནས་དེ་བཞིན་གཤེགས་པ་ནི། །ཀུན་གྱི་སྐུ་དང་གསུང་ཐུགས་ཀྱི། །རྡོ་རྗེ་འཆང་བའི་རྒྱལ་པོ་ནི། །གནས་ཀྱི་དབང་ཕྱུག་ཀུན་མཆོག་གིས། །སྤྱོད་པ་ཀུན་མཆོག་ཆོས་ཀྱི་དོན། །སྤྱོད་པའི་མཚན་ཉིད་བཀའ་སྩལ་ཏོ། །རྣམ་པར་མི་རྟོག་དོན་ལས་བྱུང་། །འདོད་ཆགས་ཞེ་སྡང་གཏི་མུག་རིགས། །ཐེག་པའི་མཆོག་ནི་བླ་ན་མེད། །རབ་མཆོག་དངོས་གྲུབ་སྒྲུབ་པར་བྱེད། །གདོལ་པ་སྨྱིག་མ་མཁན་ལ་སོགས། །གསོད་དོན་དོན་གཉེར་སེམས་པ་རྣམས། །ཐེག་ཆེན་བླ་ན་མེད་པ་ཡི། །ཐེག་མཆོག་འདི་ལ་འགྲུབ་པར་འགྱུར། །སེམས་ཅན་མཚམས་མེད་ལ་སོགས་པ། །སྡིག་པ་ཆེན་པོ་བྱེད་པ་ཡང་། །


DNG012_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རྣམས་ཀུན་ཀྱང་ཐེག་པ་ཆེ། །མཆོག་གི་སྒྲུབ་པ་འདིར་འགྲུབ་འགྱུར། །སྙིང་ནས་སློབ་དཔོན་སྨོད་པ་དག །བསྒྲུབས་ཀྱང་འགྲུབ་པར་ཡོང་མི་འགྱུར། །སྲོག་གཅོད་པ་ཡི་སེམས་ཅན་གང་། །བརྫུན་དུ་སྨྲ་ལ་དགའ་བ་དང་། །གཞན་གྱི་ནོར་ལ་ཆགས་པ་དང་། །རྟག་ཏུ་འདོད་པ་སྤྱོད་དགའ་གང་། །བཤང་གཅི་ཟས་སུ་ཟ་བ་སྟེ། །དེ་རྣམས་སྒྲུབ་པའི་སྐལ་ལྡན་འགྱུར། །མ་དང་སྲིང་མོ་བུ་མོ་ལ། །སྒྲུབ་པོ་གང་གིས་འདོད་བྱས་ན། །ཐེག་ཆེན་མཆོག་གི་ཆོས་སུ་ནི། །དངོས་གྲུབ་རྒྱ་ཆེན་དེས་འཐོབ་པོ། །སངས་རྒྱས་གཙོ་བོའི་ཡུམ་དག་ལ། །རྣམ་པར་མི་རྟོག་བློ་ཅན་གྱིས། །མཉེས་པར་བྱས་ཀྱང་མི་གོས་ཏེ། །སངས་རྒྱས་ཉིད་དུ་འགྲུབ་པར་འགྱུར། །དེ་ནས་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་སོགས་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ངོ་མཚར་དུ་གྱུར། རྨད་དུ་བྱུང་བར་གྱུར་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཅིའི་སླད་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་ནང་དུ་འདི་ལྟ་བུའི་ཚིག་ངན་པ་གསུང་ཞེས་གསོལ་ཏོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཚིག་གསན་ནས་བྱང་ཆུབ་སེམས་དཔའ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་རྣམས་ཐོང་དེ་སྐད་མ་སྨྲ་ཅིག །སྙིང་པོ་ཡེ་ཤེས་ཅན་རྣམས་ཀྱི། །ཆོས་ཉིད་དག་འདི་སངས་རྒྱས་ནི། །སྙིང་པོའི་ཆོས་ཀྱི་དོན་བྱུང་བ། །འདི་དག་བྱང་ཆུབ་སྤྱོད་པའི་གནས། །དེ་ནས་ཡང་བརྗོད་ཀྱིས་མི་ལང་བའི་ཡང་བརྗོད་ཀྱིས་མི་ལང་བའི་སངས་རྒྱས་ཀྱི་ཞིང་རི་རབ་ལ་སོགས་པའི་རྡུལ་ཕྲ་མོ་སྙེད་ཀྱི་བྱང་ཆུབ་སེམས་དཔའ་རྣམས་འཇིགས་ཤིང་སྐྲག་ལ་བརྒྱལ་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་དེ་དག་བརྒྱལ་བར་གྱུར་པ་གཟིགས་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བདག་པོ་ལ་འདི་སྐད་ཅེས་གསོལ་


DNG012_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་དག་བསླང་དུ་གསོལ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་དེ་བཞིན་གཤེགས་པ་ནམ་མཁའ་དང་མཉམ་པ་གཉིས་སུ་མེད་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །སྙོམས་པར་ཞུགས་མ་ཐག་ཏུ་བཅོམ་ལྡན་འདས་སྐུ་གསུང་ཐུགས་རྡོ་རྗེའི་བདག་པོའི་འོད་ཀྱིས་རེག་པ་ཙམ་གྱིས། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་རང་རང་གི་སྟན་ལ་གནས་པར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ངོ་མཚར་དུ་གྱུར་རྨད་དུ་གྱུར། དགྱེས་པས་ཁྱབ་པར་གྱུར་ནས་ཆོས་ཀྱི་དབྱངས་འདི་སྐད་ཅེས་གསུངས་སོ། །ཨེ་མའོ་ཆོས་ཨེ་མའོ་ཆོས། །ཨེ་མའོ་ཆོས་ཀྱི་དོན་འབྱུང་བ། །ཆོས་དོན་དག་པ་བདག་མེད་པ། །རྡོ་རྗེ་རྒྱལ་པོ་ཕྱག་འཚལ་འདུད། །སྐུ་དང་གསུང་ཐུགས་རབ་ཏུ་དག །ནམ་མཁའ་དང་ནི་མཉམ་ཉིད་གནས། །རྣམ་པར་མི་འགྱུར་སྣང་བ་མེད། །རྡོ་རྗེའི་སྐུ་ལ་ཕྱག་འཚལ་འདུད། །ཐུགས་ནི་དེ་བཞིན་གཤེགས་པའི་གཙོ། །དུས་གསུམ་དག་གི་ལམ་དུ་འབྱུང་། །ནམ་མཁའ་ཆེན་པོའི་དབྱིངས་གྱུར་པ། །ནམ་མཁའི་ལམ་ལ་ཕྱག་འཚལ་འདུད། །ནམ་མཁའི་སྐུ་ལས་ཡང་དག་བྱུང་། །ནམ་མཁའི་ལམ་ལ་གནས་པ་པོ། །ནམ་མཁའི་ཐུགས་ཏེ་ཆོས་ཀྱི་མཆོག །སྤྱོད་པའི་གནས་ཁྱོད་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་ཆེན་གསང་བ་འདུས་པ་ལས་ཀུན་དུ་སྤྱོད་པའི་མཆོག་གི་ལེའུ་སྟེ་ལྔ་པའོ།། །།དེ་ནས་དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་ཐུགས་བྱིན་གྱིས་རློབ་པའི་སྔགས་འདི་གསུངས་སོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱདྨ་ཀོ྅ཧཾ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་རྣམ་པར་སྣང་མཛད་ཀྱིས་རྡུལ་དང་བྲལ་བའི་རྡོ་རྗེའི་


DNG012_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་སྐུ་བྱིན་གྱིས་རློབ་པའི་སྔགས་འདི་གསུངས་སོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་བ་ཨཱདྨ་ཀོ྅ཧཾ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་ཚེ་དཔག་ཏུ་མེད་པས་མཉམ་པ་ཉིད་མི་གཉིས་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་གསུང་བྱིན་གྱིས་རློབ་པའི་སྔགས་འདི་གསུངས་སོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱ་ཀ་བཛྲ་སྭ་བྷཱ་བ་ཨཱདྨ་ཀོ྅ཧཾ། རྡོ་རྗེ་གསུམ་པ་དེ་བཞིན་གཤེགས་པའི་གསང་། །གནས་དང་གནས་ནི་རྣམ་པར་བསྒོམ་པ་སྟེ། །དེ་དག་ཉིད་མཆོག་རབ་ཀྱི་སྔགས་ཀྱི་ནི། །མཚན་ཉིད་མཚན་མ་བསྒྲུབ་པ་ཉིད་དུ་བྱ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་རིན་ཆེན་ཏོག་གིས་ཡེ་ཤེས་སྒྲོན་མ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་སྔགས་འདི་གསུངས་སོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱདྨ་ཀོ྅ཧཾ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་དོན་ཡོད་གྲུབ་པས་རྡོ་རྗེ་དོན་ཡོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་སྔགས་འདི་གསུངས་སོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛཱ་བཛྲ་སྭ་བྷཱ་བ་ཨཱདྨ་ཀོ྅ཧཾ། རྟག་ཏུ་འདོད་པའི་ཡོན་ཏན་ལྔས། །སངས་རྒྱས་ཚུལ་བཞིན་མཆོད་པར་བྱ། །མཆོད་པ་རྣམ་པ་ལྔ་རྣམས་ཀྱིས། །མྱུར་དུ་སངས་རྒྱས་ཉིད་ཐོབ་འགྱུར། །ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བདག་པོ་རྡོ་རྗེ་འཆང་ཆེན་པོས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བདག་པོ་རྡོ་རྗེ་འཆང་ཆེན་པོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་ཀྱི་གསང་ཆེན་འདི་གསུངས་སོ། །སྔགས་དམིགས་པ་ཡི་ལུས་ཀྱིས་ནི། །ངག་དང་ཡིད་ལ་བསྐུལ་བྱས་པས། །བསྒྲུབ་བྱ་རབ་མཆོག་དངོས་གྲུབ་དང་། །ཡིད་ནི་ཡང་དག་དགའ་མཛེས་པ། །སེམས་ཀྱི་དམིགས་པ་བདག་མེད་པ། །ངག་དང་ལུས་ཀྱང་རྣམ་པར་བསྒོམ། །རྣམ་གསུམ་སྦྱོར་བ་ནམ་མཁའ་དང་། །མཉམ་ཉིད་གནས་ནི་གྲུབ་པར་བྱ། །ལུས་


DNG012_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

དང་ངག་དང་སེམས་དམིགས་ན། །ངོ་བོ་ཉིད་ནི་དམིགས་སུ་མེད། །སྔགས་ཀྱི་སྐུ་ཡི་སྦྱོར་བ་ཡིས། །བྱང་ཆུབ་མེད་ཅིང་སྒོམ་པའང་མེད། །སྐུ་གསུང་ཐུགས་ཀྱི་མཚན་ཉིད་འདི། །རྣམ་པར་དཔྱད་ནས་བསྡུ་བ་ཡིས། །བྱང་ཆུབ་སྦྱོར་བ་ཏིང་ངེ་འཛིན། །སྔགས་ཀྱི་བརྟགས་པ་བསྒོམ་པར་བྱ། །དེ་ནས་དཔལ་ལྡན་རྡོ་རྗེ་འཛིན། །དེ་བཞིན་གཤེགས་པ་ཀུན་གྱིས་མཆོད། །སངས་རྒྱས་ཀུན་མཆོག་ཀུན་མཁྱེན་གྱིས། །སྒོམ་པའི་མཆོག་ནི་བཀའ་སྩལ་ཏོ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །ཟླ་བའི་དཀྱིལ་འཁོར་བསྒོམ་པར་བྱ། །སངས་རྒྱས་གཟུགས་ནི་རབ་བསྒོམས་ནས། །ཕྲ་མོའི་སྦྱོར་བ་ཀུན་དུ་བརྩམ། །སྣ་ཡི་རྩེ་མོར་ཡུངས་ཀར་བསམ། །ཡུངས་ཀར་རྒྱུ་དང་མི་རྒྱུ་བ། །ཡེ་ཤེས་གནས་ནི་ཉམས་དགའ་བ། །གསང་བའི་ཡེ་ཤེས་བརྟགས་པ་བསྒོམ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །ཉི་མའི་དཀྱིལ་འཁོར་བསྒོམ་པར་བྱ། །སངས་རྒྱས་སྐུ་ཡི་གནས་བསྒོམས་ཏེ། །དེ་ཡི་སྟེང་དུ་གནས་དགོད་དོ། །ཧཱུྃ་ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །གསལ་བའི་དཀྱིལ་འཁོར་བསྒོམ་པར་བྱ། །སྤྱན་གྱི་ཚུལ་གྱི་སྦྱོར་བ་ལ། །རྡོ་རྗེ་པད་མ་རྣམ་པར་བསྒོམ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །རིན་ཆེན་དཀྱིལ་འཁོར་བསྒོམ་པར་བྱ། །དང་པོའི་སྦྱོར་བ་ནན་ཏན་གྱིས། །དེ་ཡི་སྟེང་དུ་ཡོངས་སུ་བསྒོམ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །འོད་ཀྱི་དཀྱིལ་འཁོར་བསྒོམ་པར་བྱ། །སངས་རྒྱས་ཚུལ་ནི་ཞི་བ་སྤྲོ། །འཁོར་ཡང་ཁྱད་པར་དག་ཏུ་སྤྲོ། །ཨུཏྤལ་མཐིང་ཀའི་མདོག་འདྲ་བ། །རྩེ་མོ་ལྔ་པ་ཁྱད་པར་དུ། །ནས་ཀྱི་འབྲུ་ཚད་ནན་ཏན་གྱིས། །སྣ་ཡི་རྩེ་མོར་རྣམ་པར་བསམ། །ཙ་ན་ཀ་ཡི་འབྲུ་ཙམ་ལ། །འདབ་མ་བརྒྱད་པ་གེ་སར་བཅས། །སྣ་ཡི་རྩེ་མོར་འདི་ཤིས་ཏེ། །བསྒོམ་པས་བྱང་ཆུབ་གཞོལ་བར་འགྱུར། །འཁོར་ལོ་ལ་སོགས་ཁྱད་པར་དུ། །བསྒོམ་པ་དེར་ནི་བརྟག་པར་བྱ། །དངོས་གྲུབ་ཐམས་ཅད་ཡོན་ཏན་གནས། །ཉམས་དགའ་བྱང་ཆུབ་གནས་འགྲུབ་འགྱུར། །སངས་རྒྱས་བྱང་


DNG012_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་གནས་རྣམས་ནི། །དེ་རུ་མདོར་ནི་སྤྲོ་བར་བྱ། །སྐུ་གསུང་ཐུགས་ཀྱི་མཚན་མ་ཡི། །ཆོས་ཀྱི་ཚིག་རྣམས་རབ་ཏུ་བརྗོད། །དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །དེ་ཉིད་དོན་ཀུན་སྟོན་པ་པོས། །སྤྱོད་པ་ཀུན་མཆོག་ལེགས་དག་པ། །གསང་བའི་དམ་པ་བཀའ་སྩལ་ཏོ། །གཟུགས་དང་སྒྲ་དང་རོར་ལྡན་པ། །ཤེས་རབ་ཅན་གྱིས་ཟླ་དྲུག་བསྒོམ། །གསང་བའི་དེ་ཉིད་མཆོད་ཆེན་ནི། །ལེགས་མཆོད་ནས་ཀྱང་བསྒོམ་པར་བྱ། །དངོས་གྲུབ་འབྲས་བུ་འདོད་པ་ཡིས། །ཟས་སུ་བཤང་གཅི་ཟོས་ན་ནི། །སངས་རྒྱས་བྱང་ཆུབ་སྐྱོན་མེད་པ། །ཡང་དག་བླ་མེད་འགྲུབ་པར་འགྱུར། །ཤ་ཡང་བཟའ་བར་བྱ་བའི་ཕྱིར། །ཤ་ཆེན་པོ་ནི་རབ་ཏུ་བརྟག །གསང་བའི་སྐུ་དང་གསུང་དང་ཐུགས། །དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར། །གླང་པོའི་ཤ་དང་རྟ་ཡི་ཤ །དེ་བཞིན་དམ་པ་ཁྱི་ཡི་ཤ །ཟས་ཀྱི་ཕྱིར་ནི་བཟའ་བར་བྱ། །ཟས་གཞན་བཟའ་བར་མ་བྱས་ན། །བྱང་ཆུབ་སེམས་དཔའ་བློ་ཅན་དང་། །སངས་རྒྱས་རྣམས་ནི་མཉེས་པར་འགྱུར། །འདི་ལྟ་བུ་ཡི་སྦྱོར་བ་ཡིས། །མྱུར་དུ་སངས་རྒྱས་ཉིད་འཐོབ་འགྱུར། །འདོད་ཁམས་དབང་ཕྱུག་འཇིག་རྟེན་དུ། །གོ་འཕང་ལས་ནི་བྱེད་པར་འགྱུར། །སྟོབས་ལྡན་གཙོ་བོ་གཟི་བརྗིད་ཅན། །མདངས་བཟང་མཐོང་ན་ཡིད་དུ་འོང་། །མཐོང་བ་ཙམ་གྱིས་བསྐུལ་མེད་པར། །འཇིག་རྟེན་འདི་དག་དབང་བྱེད་འགྱུར། །འདི་ནི་ཐམས་ཅད་སངས་རྒྱས་ཀྱི། །གསང་བ་བྱང་ཆུབ་དམ་པ་སྟེ། །ཡང་དག་སྔགས་ཀྱི་གསང་བ་འདི། །ལུས་ངག་སེམས་ལས་འདའ་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་ཆེན་གསང་བ་འདུས་པ་ལས་སྐུ་དང་གསུང་དང་ཐུགས་བྱིན་གྱིས་རློབ་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བདག་པོས་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་སྔགས་ཀྱི་སྤྱོད་པའི་མཆོག་མངོན་པར་རྫོགས་པར་བྱང་ཆུབ་པའི་ལེའུ་འདི་གསུངས་སོ། །འདོད་པའི་ལོངས་སྤྱོད་ཐམས་ཅད་ལ། །ཇི་ལྟར་འདོད་པ་བསྟན་པར་ནི། །


DNG012_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟ་བུ་ཡི་སྦྱོར་བ་ཡིས། །ངེས་པར་སངས་རྒྱས་མྱུར་ཐོབ་འགྱུར། །འདོད་པ་ཐམས་ཅད་ལོངས་སྤྱོད་པ། །ཇི་ལྟར་འདོད་པ་བསྟེན་བྱ་ཞིང་། །རང་གི་ལྷ་ཡི་སྦྱོར་བ་ཡིས། །བདག་དང་གཞན་ལ་མཆོད་པར་བྱ། །དཀའ་ཐུབ་སྡོམ་པ་མི་ཟད་པ། །བསྟེན་པས་འགྲུབ་པར་མི་འགྱུར་གྱི། །འདོད་པའི་ལོངས་སྤྱོད་ཐམས་ཅད་ལ། །བསྟེན་ན་མྱུར་དུ་འགྲུབ་པར་འགྱུར། །སློངས་མོ་ཟ་ཞིང་མི་བཟླས་ཏེ། །སློང་ལ་དགའ་བར་ཡང་མི་བྱ། །འདོད་པ་ཀུན་ལ་ལོངས་སྤྱོད་ཅིང་། །སྔགས་ཀྱི་ཡན་ལག་མ་ཉམས་བཟླས། །ལུས་དང་ངག་དང་སེམས་རྣམས་ནི། །བདེར་གནས་ཐོབ་ན་བྱང་ཆུབ་འཐོབ། །གཞན་དུ་དུས་མིན་འཆི་བ་དང་། །དམྱལ་བར་ངེས་པར་བསྲེག་པར་འགྱུར། །སངས་རྒྱས་བྱང་ཆུབ་སེམས་དཔའ་ནི། །སྔགས་ཀྱི་སྤྱོད་པ་མཆོག་སྤྱོད་པས། །ཆོས་མཆོག་མི་འགྱུར་མཆོག་བརྙེས་རྣམས། །འདོད་པ་ཐམས་ཅད་བསྟེན་པས་སོ། །ཆགས་ཅན་ཡེ་ཤེས་འདོད་པ་ཡིས། །འདོད་ཡོན་ལྔ་རྣམས་རྟག་ཏུ་བརྟེན། །བྱང་ཆུབ་སེམས་དཔའ་མཉེས་པར་བྱ། །བྱང་ཆུབ་ཉི་མ་ཆགས་པར་བྱ། །གཟུགས་ལ་རྣམ་གསུམ་ཤེས་བྱས་ནས། །མཆོད་པའི་བདག་ཉིད་ཅན་མཆོད་བྱ། །དེ་ཉིད་བཅོམ་ལྡན་སྣ་ཚོགས་པ། །སངས་རྒྱས་རྣམ་པར་སྣང་མཛད་གཞི། །སྒྲ་ལ་རྣམ་གསུམ་ཤེས་བྱས་ནས། །ལྷ་རྣམས་ལ་ནི་དབུལ་བར་བྱ། །དེ་ཉིད་བཅོམ་ལྡན་སྣ་ཚོགས་པ། །སངས་རྒྱས་རིན་ཆེན་འབྱུང་གནས་གཙོ། །དྲི་ལ་རྣམ་གསུམ་ཤེས་བྱས་ནས། །སངས་རྒྱས་སོགས་ལ་དབུལ་བར་བྱ། །དེ་ཉིད་བཅོམ་ལྡན་སྣ་ཚོགས་པ། །འདོད་ཆགས་ཆོས་ཀྱི་འབྱུང་གནས་གཙོ། །རོ་ལ་རྣམ་གསུམ་ཤེས་བྱས་ནས། །ལྷ་རྣམས་ལ་ནི་དབུལ་བར་བྱ། །དེ་ཉིད་སངས་རྒྱས་སྣ་ཚོགས་པ། །སངས་རྒྱས་དོན་ཡོད་རྡོ་རྗེ་འཛིན། །རེག་བྱ་རྣམ་གསུམ་ཤེས་བྱས་ནས། །རང་གི་རིགས་ལ་དབུལ་བར་བྱ། །དེ་ཉིད་བཅོམ་ལྡན་རྡོ་རྗེ་ཅན། །མི་བསྐྱོད་པ་ཡི་ཚུལ་བརྙེས་པའོ། །གཟུགས་སྒྲ་དྲི་ལ་སོགས་པ་ལ། །རྟག་ཏུ་སེམས་ནི་སྦྱར་བར་བྱ། །འདི་དེ་


DNG012_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཐམས་ཅད་ཀྱི། །གསང་བའི་སྙིང་པོ་བཏུས་པའོ། །གཟུགས་སྒྲ་དྲི་སོགས་སྔགས་པ་ཡིས། །ལྷ་རྣམས་ཉིད་དུ་རྟག་ཏུ་བསྒོམ། །ཡང་ན་དེ་ལ་རིགས་ཀྱི་ནི། །དབྱེ་བ་རྣམ་པར་བསྒོམས་པས་བསྒོམ། །སངས་རྒྱས་རྗེས་སུ་དྲན་པར་སྦྱོར། །ཆོས་ནི་རྗེས་སུ་དྲན་སྒོམ་པ། །ལུས་དང་ངག་དང་སེམས་ནི་བསྒོམ། །རྡོ་རྗེ་རྗེས་སུ་དྲན་སྒོམ་པ། །རིགས་ནི་རྗེས་དྲན་སྦྱོར་བ་ལས། །ཁྲོ་བོ་རྗེས་སུ་དྲན་སྒོམ་པ། །དམ་ཚིག་རྗེས་དྲན་སྦྱོར་བ་ལས། །བསྒོམས་ན་བྱང་ཆུབ་ཐོབ་པར་འགྱུར། །བུད་མེད་གཟུགས་ལྡན་མདངས་བཟང་བ། །ལོ་གྲངས་བཅུ་དྲུག་ལོན་རྙེད་ནས། །བྱིན་གྱིས་རློབ་པའི་གནས་གསུམ་གྱིས། །དབེན་པར་མཆོད་པ་རབ་ཏུ་བརྩམ། །དེ་བཞིན་གཤེགས་པའི་བཙུན་མོའི་མཆོག །སྤྱན་ལ་སོགས་པ་བསྒོམ་པར་བྱ། །དབང་པོ་གཉིས་ནི་མཉམ་སྦྱར་བས། །སངས་རྒྱས་དངོས་གྲུབ་ཐོབ་པར་འགྱུར། །ཡི་གེ་ཧཱུྃ་དང་ཨོཾ་དག་དང་། །ཨཱཿདང་ཕཊ་ཀྱང་རབ་བསྒོམ་བྱ། །འོད་ཟེར་སྣ་ལྔས་ཁྱབ་པ་ཡི། །རྡོ་རྗེ་པད་མོ་བསྒོམ་པར་བྱ། །འབར་བཅས་ཟླ་འོད་བཞིན་དུ་དཀར། །ཡིད་དུ་འོང་བ་བསྒོམ་པར་བྱ། །སངས་རྒྱས་རྗེས་དྲན་སྦྱོར་ལ་སོགས། །བྱང་ཆུབ་འདོད་པས་བསྒོམ་པར་བྱ། །དེ་ལ་སངས་རྒྱས་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ན། བྷ་གར་ལིང་ག་རབ་བཞག་ནས། །སངས་རྒྱས་གཟུགས་ནི་བསྒོམ་པར་བྱ། །བ་སྤུ་རྣམས་ཀྱི་བུ་ག་ནས། །མཁས་པས་སངས་རྒྱས་སྤྲིན་རྣམས་སྤྲོ། །དེ་ལ་ཆོས་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ན། བྷ་གར་ལིང་ག་རབ་བཞག་ནས། །རྡོ་རྗེ་ཆོས་ནི་རབ་བསྒོམ་བྱ། །བ་སྤུ་རྣམས་ཀྱི་བུ་ག་ནས། །མཁས་པས་ཆོས་ཀྱི་སྤྲིན་རྣམས་སྤྲོ། །དེ་ལ་རྡོ་རྗེ་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ན། བྷ་གར་ལིང་ག་རབ་བཞག་ནས། །རྡོ་རྗེ་སེམས་དཔའ་རྣམ་པར་བསྒོམ། །བ་སྤུ་རྣམས་ཀྱི་རྩེ་མོ་ནས། །རྡོ་རྗེ་སྤྲིན་རྣམས་སྤྲོ་བར་བྱ། །དེ་ལ་རིགས་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ན། བྷ་གར་ལིང་ག་རབ་བཞག་ནས། །སངས་རྒྱས་གཟུགས་ནི་རབ་ཏུ་བསྒོམ། །བ་སྤུ་རྣམས་ཀྱི་བུ་ག་ནས། །མཁས་


DNG012_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

པས་རིགས་ཀྱི་སྤྲིན་རྣམས་སྤྲོ། །དེ་ལ་ཁྲོ་བོ་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ན། བྷ་གར་ལིང་ག་རབ་བཞག་ནས། །ཁྲོ་བོའི་དབང་པོ་རབ་ཏུ་བསྒོམ། །བ་སྤུ་རྣམས་ཀྱི་བུ་ག་ནས། །མཁས་པས་ཁྲོ་བོའི་སྤྲིན་རྣམས་སྤྲོ། །དེ་ལ་དམ་ཚིག་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ན། རང་གི་རྡོ་རྗེ་པད་མར་ལྡན། །དབང་པོ་གཉིས་ནི་མཉམ་སྦྱར་ཏེ། །རང་གི་ཁུ་བའི་ཐིགས་པ་ཡིས། །སངས་རྒྱས་རྡོ་རྗེ་སེམས་དཔའ་མཆོད། །དེ་ལ་དཀྱིལ་འཁོར་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ན། དབང་པོ་གཉིས་ནི་མཉམ་གཞག་སྟེ། །མཁས་པས་རང་གི་ཁུ་བ་དག །རྣལ་འབྱོར་པས་ནི་རྟག་ཏུ་དབྱུང་། །དཀྱིལ་འཁོར་དཀྱིལ་འཁོར་ཚུལ་དུ་བྱ། །དེ་ལ་སྐུ་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ན།སངས་རྒྱས་ཀུན་གྱི་སྐུ་གང་ཞིག །ཕུང་པོ་ལྔ་ཡིས་རབ་ཏུ་རྒྱས། །སངས་རྒྱས་སྐུ་ཡི་ངོ་བོ་ཡིས། །བདག་ཀྱང་དེ་དང་འདྲར་གྱུར་ཅིག །དེ་ལ་གསུང་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ན། རྡོ་རྗེ་ཆོས་ཀྱི་གསུང་གང་ཞིག །ངེས་པའི་ཚིག་ནི་ཕུན་སུམ་ཚོགས། །བདག་གི་ཚིག་ཀྱང་དེ་འདྲ་བར། །ཆོས་འཛིན་པ་དང་འདྲར་གྱུར་ཅིག །དེ་ལ་ཐུགས་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ན། ཀུན་དུ་བཟང་པོའི་ཐུགས་གང་ཞིག །གསང་བའི་བདག་པོ་བློ་ལྡན་པ། །བདག་གི་སེམས་ཀྱང་དེ་འདྲ་བར། །རྡོ་རྗེ་འཛིན་དང་འདྲར་གྱུར་ཅིག །དེ་ལ་སེམས་ཅན་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ན། སེམས་ཅན་ཀུན་གྱི་སེམས་གང་ཡིན། །སྐུ་དང་གསུང་དང་ཐུགས་ཀྱི་མཚན། །དེ་ནི་སངས་རྒྱས་ཐམས་ཅད་ཀྱི། །མཁའ་དང་མཚུངས་པར་སྤྱོད་གྱུར་ཅིག །དེ་ལ་སྔགས་ཀྱི་གཟུགས་དང་སྐུ་དང་གསུང་དང་ཐུགས་ཐམས་ཅད་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ན། སྔགས་ཀྱི་རྡོ་རྗེའི་སྐུ་གང་ཡིན། །གསུང་གི་སྐུ་ནི་རྣམ་བསྒོམ་པ། །བདག་ཀྱང་དེ་དང་འདྲ་བའི་སྐུ། །རྟག་ཏུ་སྔགས་འཛིན་པ་དང་མཉམ། །དེ་ལ་དམ་ཚིག་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ན། དམ་ཚིག་ཁུ་ཆུ་ཆོ་ག་བཞིན། །འབྲས་བུ་འདོད་པས་བཏུང་བྱ་ཞིང་། །དེ་བཞིན་གཤེགས་པའི་ཚོགས་བསད་ན། །དངོས་


DNG012_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་རབ་མཆོག་ཐོབ་པར་འགྱུར། །དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དམ་ཚིག་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ན། ཐམས་ཅད་རང་བཞིན་འོད་གསལ་བ། །སྐྱེ་བ་མེད་ཅིང་ཟག་པ་མེད། །བྱང་ཆུབ་མེད་ཅིང་མངོན་རྟོགས་མེད། །ཁམས་ཀྱང་མེད་ཅིང་འབྱུང་བ་མེད། །དེ་ལ་མ་སྐྱེས་པ་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ན། རང་བཞིན་འོད་གསལ་དེ་ནས་ནི། །ནམ་མཁའ་མཚན་མེད་མི་འགྱུར་དེས། །གཉིས་མེད་གཉིས་སུ་མེད་མིན་ཞི། །ཤིན་ཏུ་དྲི་མེད་ནམ་མཁའ་བཞིན། །དེ་ལ་ཞེ་སྡང་གི་རིགས་ཀྱི་མཆོད་པ་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ན། བུད་མེད་སེམས་ནི་རབ་བརྟན་པ། །ལོ་གྲངས་བཅུ་གཉིས་ལོན་རྙེད་ནས། །རིགས་ཀྱི་སྦྱོར་བའི་རབ་དབྱེ་བས། །རང་གི་ཁུ་བས་མཆོད་པར་བྱ། །འདིས་ནི་དེ་བཞིན་གཤེགས་པའི་སྐུ། །རྡོ་རྗེ་འཛིན་པའི་ཐུགས་དག་དང་། །ཆོས་འཛིན་མཆོག་གི་གསུང་དག་ནི། །ཚེ་འདི་ཉིད་ལ་ཐོབ་པར་འགྱུར། །སྐུ་དང་གསུང་ཐུགས་ཡང་དག་གྲུབ། །གང་གཞན་ཕྲ་མོར་བཤད་པ་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །བཟླས་པས་དེ་ནི་འགྲུབ་པར་འགྱུར། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་ཆེན་གསང་བ་འདུས་པ་ལས་སྔགས་ཀྱི་སྤྱོད་པ་མཆོག་གི་ལེའུ་སྟེ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་ཏོག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་དམ་པའི་དབང་ཕྱུག་རྡོ་རྗེ་འཆང་ཆེན་པོ་ལ་བསྟོད་པའི་རྒྱལ་པོ་འདིས་གསོལ་བ་བཏབ་བོ། །རྡོ་རྗེ་རྒྱལ་པོ་ཐེག་པ་ཆེ། །ནམ་མཁའི་སྤྱོད་པས་རྣམ་སྦྱོང་བ། །ཀུན་དུ་བཟང་པོའི་སྤྱོད་པ་མཆོག །རྒྱལ་མཆོག་མཆོད་པ་བཤད་དུ་གསོལ། །འདོད་ཆགས་ཞེ་སྡང་གཏི་མུག་ཆེ། །རྡོ་རྗེ་ཐེག་པ་རབ་སྟོན་པ། །ནམ་མཁའི་དབྱིངས་དང་མཚུངས་པའི་མཆོག །རྒྱལ་བཞི་མཆོད་པ་བཤད་དུ་གསོལ། །ཐར་པའི་ལམ་ནི་རབ་སྟོན་པ། །ཐེག་པ་གསུམ་གྱི་ལམ་འཇུག་མཛད། །སངས་རྒྱས་སྐལ་མཆོག་དག་པའི་བདག །མི་མཆོག་མཆོད་


DNG012_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཤད་དུ་གསོལ། །བྱང་ཆུབ་སེམས་ནི་རྒྱས་པའི་སྤྱན། །ཆོས་ཀྱི་འཁོར་ལོ་རབ་སྐོར་བ། །སྐུ་དང་གསུང་ཐུགས་ཤིན་ཏུ་དག །རྡོ་རྗེ་ཐེག་པ་ཁྱོད་ཕྱག་འཚལ། །དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །ཐམས་ཅད་ནམ་མཁའ་མི་འགྱུར་ཆེ། །ཐམས་ཅད་དབང་བསྐུར་ཀུན་གྱི་དོན། །ཀུན་དབང་རྡོ་རྗེ་རིན་ཆེན་འཛིན། །དེ་བཞིན་གཤེགས་པའི་མཆོད་པའི་མཆོག །རྡོ་རྗེ་གསུམ་ནི་མི་ཕྱེད་གནས། །སྐུ་དང་གསུང་དང་ཐུགས་སྐལ་མཆོག །རྒྱལ་བ་འབྱུང་བར་འགྱུར་བ་བཤད། །ན་ཆུང་ཡངས་པའི་མིག་ཅན་ནི། །གཟུགས་དང་ལང་ཚོས་བརྒྱན་རྙེད་ནས། །ལོ་གྲངས་ཉི་ཤུ་ལྔ་ལོན་གཟུང་། །བྱོལ་སོང་ལས་ཀྱང་རབ་ཏུ་བརྟག །ས་ཕྱོགས་གཙང་ཞིང་རྣམ་པར་དབེན་པའམ། །རྒྱལ་བ་ཉིད་སྐྱེས་ཞི་བ་ཞི་བའི་གནས། །བཤང་གཅི་ཆུ་ལ་སོགས་པས་བྱུག་པ་ཡང་། །རྒྱལ་བ་མཆོད་ཕྱིར་རྟག་པར་རབ་ཏུ་བྱ། །ནུ་མའི་དབུས་བར་སྤྱི་གཙུག་མཐའ་ཡི་བར། །ཆོ་ག་ཤེས་པས་ཡང་ན་རྐང་པའི་བར། །ལྟེ་བ་རོ་སྨད་གསང་བ་རྒྱལ་བའི་སྲས། །རིགས་ལྔ་རྣམས་ནི་རབ་ཏུ་དགོད་པར་བྱ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །ཡེ་ཤེས་རྒྱ་མཚོ་བསྒོམ་པར་བྱ། །བདག་ཉིད་ཟླ་བའི་དབུས་གནས་པར། །མཁས་པས་སྙིང་གར་བསྒོམ་པར་བྱ། །གང་ཞིག་རྡོ་རྗེ་འཛིན་འདོད་ན། །བསྡུ་བ་དག་ཀྱང་རབ་ཏུ་བྱ། །རིན་ཆེན་སྣ་བཞིའི་མཆོད་རྟེན་ལ། །འོད་ཟེར་ཕྲེང་བས་རྣམ་བརྒྱན་པ། །ཡེ་ཤེས་རྒྱ་མཚོ་དུས་གསུམ་གྱི། །གནས་སུ་གྱུར་པར་རྣམ་པར་བསམ། །རང་གི་བ་སྤུའི་བུ་ག་ནས། །མཁས་པས་མཆོད་པའི་སྤྲིན་རྣམས་སྤྲོ། །མཁས་པས་ཨུཏྤ་ལ་དག་དང་། །པད་མ་རྣམ་པ་ལྔར་ཤེས་བྱ། །ཛཱ་ཏི་རྣམ་གསུམ་ཤེས་བྱས་ནས། །ལྷ་རྣམས་ལ་ནི་དབུལ་བར་བྱ། །མེ་ཏོག་ཀར་ནི་ཀ་ར་དང་། །མལླི་ཀཱ་དང་ཡཱུ་ཐི་ཀ །མེ་ཏོག་ཀ་ར་བཱི་ར་ཡང་། །བསམས་ནས་མཆོད་པ་རབ་ཏུ་བརྟག །དཔག་ཚད་བརྒྱ་ཡི་ཁྱོན་ཙམ་དུ། །འཁོར་ལོའི་དཀྱིལ་འཁོར་བསྒོམ་བྱ་ཞིང་། །རྣམ་པར་མཁས་པས་བརྟག་པར་ནི། །རིགས་རྣམས་


DNG012_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་དགོད་པར་བྱ། །དེ་བཞིན་པད་མ་རྡོ་རྗེ་དང་། །རལ་གྲི་ཨུཏྤལ་མཁས་པས་བསྒོམ། །དཔག་ཚད་བྱེ་བའི་ཁྱོན་ཙམ་ལ། །གྲུ་བཞི་ཤིན་ཏུ་མཛེས་པ་ཡི། །མཆོད་རྟེན་རིན་ཆེན་བཞིའི་རང་བཞིན། །གསལ་ཞིང་རང་བཞིན་དྲི་མ་མེད། །རིགས་རྣམས་ཐམས་ཅད་མཆོད་པའི་ཕྱིར། །ཤེས་རབ་ཅན་གྱིས་བསྒོམ་པར་བྱ། །འདོད་པའི་ཡོན་ཏན་ལྔ་རྣམས་ཀྱིས། །དེ་ལ་མཆོད་པ་རྒྱ་མཚོ་བརྩམ། །རིན་ཆེན་ན་བཟའ་ལ་སོགས་པས། །བྱང་ཆུབ་འདོད་པས་རྟག་ཏུ་མཆོད། །མཆོད་པ་རྣམ་ལྔ་མཆོག་རྣམས་ཀྱིས། །རྟག་ཏུ་ལྷ་རྣམས་མཉེས་པར་བྱ། །རིན་ཆེན་འབྱུང་གནས་ན་ཆུང་མཆོག །རིན་ཆེན་སྣ་ཚོགས་ལ་སོགས་བརྒྱན། །སྒྲུབ་ཚེ་རབ་ཏུ་འགྲུབ་པའི་ཕྱིར། །སངས་རྒྱས་ཀུན་ལ་དབུལ་བར་བྱ། །ཞིང་འདི་རིན་ཆེན་སྣ་བདུན་གྱིས། །མཁས་པ་དག་གིས་ཡོངས་བཀང་ལ། །དངོས་གྲུབ་འདོད་པ་སྦྱིན་པའི་ཕྱིར། །ཉིན་རེ་ཤེས་རབ་ཅན་གྱིས་དབུལ། །བདག་པོའི་ཕྱག་རྒྱར་མཉམ་གཞག་ལ། །སངས་རྒྱས་དཀྱིལ་འཁོར་དབུས་དག་ཏུ། །འདོད་ཆགས་བློ་ཅན་སངས་རྒྱས་ལ། །རིག་པའི་སྦྱོར་བ་དབུལ་བར་བྱ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །དཀྱིལ་འཁོར་བཀོད་པ་བསྒོམ་པར་བྱ། །རང་ལུས་དེ་བཞིན་གཤེགས་རང་བཞིན། །བཤང་བ་གཅི་བས་བླ་མ་མཆོད། །བཞིན་བཟང་ཡིད་དུ་འོང་བ་ཡི། །ན་ཆུང་སྐལ་བ་མཆོག་ལྡན་པ། །བྱིན་གྱིས་བརླབས་ཀྱི་གནས་བསམས་ཏེ། །དེ་ཉིད་མཆོད་པ་རབ་ཏུ་བརྟག །མིག་ཡངས་ཁུ་བ་བླངས་ནས་ནི། །བརྟན་པའི་བློ་དང་ལྡན་པས་བཟའ། །འདི་དེ་སྔགས་རྣམས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་མཆོད་པ་སྟེ། །ཡེ་ཤེས་རྡོ་རྗེ་ཅན་གྱི་གསང་། །སྔགས་རྣམས་དངོས་གྲུབ་བྱེད་པར་གསུངས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་ཆེན་གསང་བ་འདུས་པ་ལས་བཤང་གཅིའི་དམ་ཚིག་གི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །ཐམས་ཅད་ནམ་མཁའ་མི་འགྱུར་ཆེ། །ཐམས་ཅད་དབང་བསྐུར་སྤྱོད་པའི་མཆོག །ཀུན་དོན་དབང་


DNG012_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུག་དམ་པ་ཡིས། །སྐུ་གསུང་ཐུགས་ལ་ལོངས་སྤྱོད་པ། །རྡོ་རྗེ་མི་ཕྱེད་གསུམ་དཀྱིལ་འཁོར། །སངས་རྒྱས་ཡེ་ཤེས་ཅན་གྱི་གསང་། །ཉམས་དགའ་མཆོག་ནི་རབ་ཏུ་བཤད། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །སངས་རྒྱས་དཀྱིལ་འཁོར་བསྒོམ་པར་བྱ། །མི་བསྐྱོད་རྡོ་རྗེ་རབ་བསྒོམས་ནས། །ལག་ཏུ་རྡོ་རྗེ་བསྒོམ་པར་བྱ། །འོད་འཕྲོ་མང་པོ་འབར་བ་དང་། །འོད་ཟེར་སྣ་ལྔས་རབ་ཏུ་གང་། །དུས་གསུམ་འབྱུང་བའི་སངས་རྒྱས་རྣམས། །བསྒོམས་ནས་རྡོ་རྗེས་ཕྱེ་མར་བརླག །སྐུ་གསུང་ཐུགས་ཀྱི་ལོངས་སྤྱོད་ནི། །རྡོ་རྗེས་ཕྱེར་བརླགས་མེད་གྱུར་པ། །བསམ་གཏན་མཆོག་དེ་བསྒོམས་ན་ནི། །ཐུགས་ཀྱི་དངོས་གྲུབ་ཐོབ་པར་འགྱུར། །རྡོ་རྗེ་གསང་བ་འདི་ཡིས་ནི། །སེམས་ཅན་ཐམས་ཅད་བསད་ན་ནི། །མི་བསྐྱོད་སངས་རྒྱས་ཞིང་དུ་ནི། །རྒྱལ་བའི་སྲས་སུ་སྐྱེ་བར་འགྱུར། །འདི་ནི་རིགས་ཐམས་ཅད་ཀྱི་རྒྱ་མཚོ་ལས་ཞེ་སྡང་གི་རིགས་ཀྱི་དམ་ཚིག་གི་དེ་ཁོ་ནར་ཤེས་པར་བྱའོ། །དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །མི་ཤེས་ཐར་པ་རབ་སྒྲུབ་པ། །ངོ་བོ་ཉིད་དག་གོས་པ་མེད། །བྱང་ཆུབ་སྤྱོད་པ་རབ་སྟོན་པས། །སངས་རྒྱས་བྱང་ཆུབ་བསྒྲུབ་པ་ཡི། །ཡང་དག་དམ་ཚིག་བཀའ་སྩལ་ཏོ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །འཁོར་ལོའི་དཀྱིལ་འཁོར་བསྒོམ་པར་བྱ། །རྣམ་པར་སྣང་མཛད་རབ་བསྒོམས་ཏེ། །སངས་རྒྱས་ཐམས་ཅད་རྣམ་པར་བསྒོམ། །རིན་ཆེན་ཀུན་གྱི་སྦྱོར་བ་ཡིས། །རྡོ་རྗེའི་གཟུགས་ནི་རབ་ཏུ་བརྟག །ནོར་རྣམས་ཐམས་ཅད་ཕྲོགས་ནས་སུ། །རྡོ་རྗེ་གསུམ་གྱིས་རྣམ་པར་བསྒོམ། །ཡིད་བཞིན་ནོར་བུ་འདྲ་བ་ཡིས། །ནོར་གྱི་རྒྱ་མཚོས་རབ་གང་འགྱུར། །སངས་རྒྱས་ཀུན་གྱི་སྲས་རྣམས་དང་། །ཐུབ་པའི་སྐྱེས་བུ་མཆོག་ཏུ་འགྱུར། །འདི་ནི་རིགས་ཀྱི་རྒྱ་མཚོ་ཐམས་ཅད་ལས་གཏི་མུག་གི་རིགས་ཀྱི་ཡང་དག་པའི་དམ་ཚིག་ཏུ་ཤེས་པར་བྱའོ། །དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །འདོད་ཆགས་ཐར་པ་རབ་སྒྲུབ་པ། །གསང་བ་དག་པ་དམིགས་མེད་པས། །དཀྱིལ་འཁོར་


DNG012_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་བཀའ་སྩལ་ཏོ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །པད་མའི་དཀྱིལ་འཁོར་བསྒོམ་པར་བྱ། །འོད་དཔག་མེད་ནི་རབ་བསྒོམས་ཏེ། །སངས་རྒྱས་རྣམས་ཀྱིས་ཐམས་ཅད་ནི། །བུད་མེད་ལྟ་བུར་སྦྱོར་བ་ནི། །ཐམས་ཅད་དེ་རུ་བསྒོམ་པར་བྱ། །དམ་ཚིག་བཞི་ཡི་སྦྱོར་བ་ཡིས། །འདི་ནི་རྡོ་རྗེའི་ཚུལ་མཆོག་གོ། །དབང་པོ་གཉིས་ནི་རབ་སྦྱོར་བས། །དེ་དག་ཐམས་ཅད་ཉེ་བར་སྤྱད། །འདི་ནི་རྡོ་རྗེ་ཐམས་ཅད་ཀྱི། །མི་ཕྱེད་སྐུ་གསུམ་སྒྲུབ་པའོ། །འདི་ནི་འདོད་ཆགས་ཀྱི་རིགས་ཀྱི་ཡང་དག་པའི་དམ་ཚིག་སྟེ། སྔགས་པས་བསྒོམ་པར་བྱ་བ་ཉིད་དོ། །དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །རྡོ་རྗེ་སྔགས་ཀྱི་དོན་སྒྲུབ་པ། །ཡེ་ཤེས་ལས་བྱུང་བདག་མེད་པས། །གསུང་ནི་འདི་སྐད་བཀའ་སྩལ་ཏོ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །སངས་རྒྱས་དཀྱིལ་འཁོར་བསྒོམ་པར་བྱ། །རྡོ་རྗེ་དོན་ཡོད་རབ་བསྒོམས་ཏེ། །སངས་རྒྱས་ཐམས་ཅད་བསྒོམ་པར་བྱ། །བརྫུན་གྱི་ངག་ནི་རྡོ་རྗེའི་གནས། །ཐམས་ཅད་གཟུགས་སུ་རྣམ་བསྒོམ་བྱ། །རྒྱལ་བའི་གནས་ནི་ཐམས་ཅད་དང་། །རྒྱལ་བ་ཐམས་ཅད་བསླུ་བར་བྱ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ནམ་མཁའི་གསུང་སྟེ་དྲི་མེད་པ། །ཡེ་ཤེས་བློ་ཅན་ཀུན་གྱི་གསང་། །སྔགས་ཀྱི་དངོས་གྲུབ་འཐོབ་པར་བཤད། །འདི་ནི་དམ་ཚིག་འགུགས་པའི་རིགས་ཀྱི་དམ་ཚིག་གི་དེ་ཁོ་ན་ཉིད་དེ། དོན་ཇི་ལྟ་བ་བཞིན་དུ་སྤྲོ་བར་བྱའོ། །དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །རྡོ་རྗེ་མི་ཕྱེད་གསུམ་རྒྱལ་གནས། །དངོས་གྲུབ་རྡོ་རྗེ་རབ་སྟོན་པས། །གསུང་ནི་འདི་སྐད་བཀའ་སྩལ་ཏོ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །དམ་ཚིག་དཀྱིལ་འཁོར་བསྒོམ་པར་བྱ། །རིན་ཆེན་ཏོག་ཏུ་རབ་བསྒོམས་ཏེ། །གཟུགས་རྣམས་ཀུན་གྱིས་འདི་དག་དགང་། །རྩུབ་པའི་ངག་ལ་སོགས་པ་ཡིས། །བསྟེན་ན་ཡེ་ཤེས་ཐོབ་པར་འགྱུར། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་བཀོད་པས་དེ་སྐད་ཅེས་བཀའ་སྩལ་ཏོ། །དེ་ནས་


DNG012_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་རྡོ་རྗེ་ཏོག་ལ་སོགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ངོ་མཚར་ཞིང་རྨད་དུ་བྱུང་བར་གྱུར་ནས་རྡོ་རྗེའི་ཚིག་འདི་སྨྲས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཁམས་གསུམ་ལས་འདས་ཤིང་འཇིག་རྟེན་གྱི་ཁམས་ཐམས་ཅད་ལས་འདས་པས་དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་གྱི་ནང་དུ་འདི་ལྟ་བུ་རྨད་དུ་བྱུང་བའི་ཚིག་གི་ལམ་རྡོ་རྗེའི་ཚིག་འདི་ཅིའི་སླད་དུ་གསུང་དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བརྗོད་ཀྱིས་མི་ལང་བའི་ཡང་བརྗོད་ཀྱིས་མི་ལང་བའི་སངས་རྒྱས་ཀྱི་ཞིང་གི་རི་རབ་ཀྱི་རྡུལ་ཕྲ་མོ་སྙེད་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་རྡོ་རྗེ་ཏོག་ལ་སོགས་པའི་བྱང་ཆུབ་སེམས་དཔའ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དམན་པའི་འདུ་ཤེས་དང་། སྨད་པའི་འདུ་ཤེས་འདི་ལྟ་བུ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་གང་འདི་སྔགས་ཀྱི་སྤྱོད་པ་ནི་མཆོག་གི་སྤྱོད་པའོ། །གང་འདི་སྔགས་ཀྱི་སྤྱོད་པ་ནི་དེ་བཞིན་གཤེགས་པའི་སྤྱོད་པའོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ནི་ཐམས་ཅད་ཀྱི་རྗེས་སུ་སོང་བ་སྟེ། ཆོས་ཐམས་ཅད་ནི་ནམ་མཁའི་ཁོངས་སུ་གཏོགས་པའོ། །དེ་དག་ཀྱང་འདོད་པའི་ཁམས་ན་མི་གནས། གཟུགས་ཀྱི་ཁམས་ན་མི་གནས། གཟུགས་མེད་པའི་ཁམས་ན་མི་གནས། འབྱུང་བ་ཆེན་པོ་བཞི་ལ་མི་གནས་སོ། །རིགས་ཀྱི་བུ་ཆོས་ཐམས་ཅད་ནི་དེ་ལྟར་རྗེས་སུ་རིག་པར་བྱའོ། །དེ་བཞིན་གཤེགས་པ་རྣམས་ནི་འདི་ལྟ་བུའི་དོན་གྱི་དབང་མཁྱེན་ནས། སེམས་ཅན་རྣམས་ཀྱི་བསམ་པ་མཁྱེན་ནས་ཆོས་འཆད་པར་མཛད་དོ། །རིགས་ཀྱི་བུ་དེ་ལྟ་བུ་ཉིད་ཀྱི་ནམ་མཁའི་ཚིག་ངེས་པར་བརྗོད་པས་དེ་བཞིན་གཤེགས་པའི་དམ་ཚིག་དེ་དག་རྗེས་སུ་རིག་པར་བྱའོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་གཙུབ་ཤིང་དང་། གཙུབ་སྟན་དང་མིའི་ལག་པ་བསྐྱོད་པའི་རྐྱེན་གྱིས་དུ་བ་རབ་ཏུ་འབྱུང་ཞིང་མེ་འབྱུང་བར་འགྱུར་མོད་ཀྱི།


DNG012_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

མེ་དེ་ཡང་གཙུབ་ཤིང་ལ་ཡང་མི་གནས། གཙུབ་སྟན་ལ་ཡང་མི་གནས། མིའི་ལག་པ་བསྐྱོད་པ་ལ་ཡང་མི་གནས་སོ། །རིགས་ཀྱི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་དམ་ཚིག་འགྲོ་བ་དང་འོང་བ་ལ་སོགས་པས་རྗེས་སུ་རིག་པར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་ངོ་མཚར་དུ་གྱུར། རྨད་དུ་བྱུང་བར་གྱུར་པས་ངམ་ཞིང་མིག་གདངས་ཏེ་ཚིག་འདི་སྐད་ཅེས་སྨྲས་སོ། །རྨད་བྱུང་ཆེན་པོའི་ཆོས་རྣམས་ནི། །ནམ་མཁའ་དང་ནི་མཚུངས་པ་དང་། །རྣམ་པར་མི་རྟོག་དག་པ་ལས། །ཀུན་རྫོབ་ཏུ་ཡང་བཤད་པ་མཚར། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་ཆེན་གསང་བ་འདུས་པ་ལས། དོན་དམ་པའི་དག་པ་དེ་ཁོ་ན་ཉིད་ཀྱི་དོན་གྱི་དམ་ཚིག་གི་ལེའུ་སྟེ་དགུ་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཡང་འདུས་ཏེ། བཅོམ་ལྡན་འདས་དམ་ཚིག་ཆེན་པོའི་རྡོ་རྗེ་དེ་ཁོ་ན་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པ་སྐུ་གསུང་ཐུགས་ཀྱི་གསང་བ་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ཏེ་འདི་སྐད་ཅེས་གསོལ་ཏོ། །དེ་ཉིད་སྔགས་སྙིང་ཀུན་བསྡུས་པ། །སྐུ་དང་གསུང་ཐུགས་གསང་བར་བསྒྲགས། །དངོས་གྲུབ་ཆེན་པོའི་ཚུལ་གྱི་མཆོག །བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། །དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །ཉོན་མོངས་ཀུན་གྱི་རྒྱ་མཚོ་གཙོ། །འབར་བ་གཏུམ་པོ་སྤྱན་ཡངས་པས། །གསུང་དེ་འདི་སྐད་བཀའ་སྩལ་ཏོ། །ལུས་དང་ངག་དང་སེམས་རྣམས་ནི། །རྣམ་པར་མི་རྟོག་མི་དམིགས་པ། །མཉམ་ཉིད་གར་ཡང་མི་གནས་པ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་བསྒོམ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རང་བཞིན་གྱིས་དག་པའི་ཕ་རོལ་ཏུ་ཕྱིན་པ་སྔགས་ཀྱི་ཚུལ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་རིག་པ་བྱེ་བ་ཁྲག་ཁྲིག་བརྒྱ་


DNG012_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་དུ་མ་དང་ཐབས་ཅིག་ཏུ་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བའི་གར་གྱི་རོལ་པ་སྟོན་པར་མཛད་དེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཀླས་པར་འདོད་པའི་ཡོན་ཏན་ལྔ་རྣམས་ཀྱིས་རོལ་ཅིང་དགྱེས་པར་ཡོངས་སུ་སྤྱོད་པ་ཡོད་ཀྱང་དེ་དག་སྔགས་སྤྱོད་པ་ལ་མངོན་པར་བརྩོན་པ་རྣམས་ལ་སྤྱན་རས་ཀྱིས་མི་འཚོ་སྟེ། དེ་རྒྱུ་གང་གི་ཕྱིར་ཞེ་ན། ཀྱེ་མ་འདི་དག་ནི་དེ་བཞིན་གཤེགས་པ་ཐམས་ཅད་སྔགས་སྤྱོད་པའི་ཚུལ་གྱིས་ཆོས་ཐོས་པས་སོ། །དེའི་ཕྱིར་སྐྱེས་བུ་དམ་པ་ཆེན་པོ་དེ་རྣམས་ཀྱི་སྤྱན་རས་ཀྱིས་བཙའ་བའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་གསང་བ་སྔགས་ཐམས་ཅད་ཀྱི་སྙིང་པོ་ཀུན་དུ་སྤྲུལ་པར་བྱེད་པ་ཞེས་བྱ་བའི་རབ་ཏུ་གསང་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་དམ་ཚིག་ལ་དམིགས་པ། རྡོ་རྗེ་འཛིན་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་དམ་ཚིག་ལ་དམིགས་པ། ཆོས་འཛིན་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་དམ་ཚིག་ལ་དམིགས་པ། ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཚིག་གི་ལམ་ངེས་པར་བརྗོད་པས་སྔགས་བསྡུས་པ་འདི་གསུངས་སོ། །ཨོཾ་ཧཱུྃ་ཨཱཿསྭཱ་ཧཱ།དེ་ནས་འདི་ནི་གསུངས་ཙམ་གྱིས། །སངས་རྒྱས་ཐམས་ཅད་སྲས་དང་བཅས། །རབ་ཏུ་འདར་ཞིང་བརྒྱལ་བར་གྱུར། །རྡོ་རྗེ་སེམས་དཔའ་རྗེས་སུ་དྲན། །དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་དམ་ཚིག་འདི་གསུངས་སོ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །བཀོད་པའི་དཀྱིལ་འཁོར་བསྒོམ་པར་བྱ། །དེ་ཡི་དབུས་གནས་ཡི་གེ་ཧཱུྃ། །རང་གི་གཟུགས་སུ་རབ་ཏུ་བརྟག །རྡོ་རྗེའི་འོད་ཟེར་ཆེར་འབར་བ། །རྣམ་པར་འཕྲོ་བ་བསམ་པར་བྱ། །སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས། །དྲངས་པར་དེ་ཡིས་རྣམ་བསྒོམ་ན། །དེ་མ་ཐག་ཉིད་དེར་འགྱུར་བ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་འཛིན། །རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །ཀུན་གྱི་གཙོ་བོ་དབང་ཕྱུག་མཆོག །རང་གི་དཀྱིལ་འཁོར་རང་རྡོ་རྗེས། །སྐྱེད་པར་བྱེད་པའི་ཚུལ་དུ་འགྱུར། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །སྙིང་པོ་རྡོ་རྗེ་


DNG012_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་པའོ། །རང་སྔགས་སྐྱེས་བུ་བསྒོམས་ནས་ནི། །གནས་བཞི་རྣམས་སུ་གཟུགས་ཀྱི་ཚུལ། །ཞལ་གསུམ་རྣམ་པའི་སྦྱོར་བ་ཡིས། །ཁ་དོག་གསུམ་དུ་རབ་ཏུ་བསྒོམ། །བཅོམ་ལྡན་འདས་རྡོ་རྗེ་དམ་ཚིག་གིས་དེ་སྐད་ཅེས་བཀའ་སྩལ་ཏོ། །དེ་ལ་འདི་ནི་རྡོ་རྗེ་མཆོག་གི་གསང་བའོ། །སྙིང་གའི་དབུས་སུ་ཕྲ་མོ་ཡི། །དཀྱིལ་འཁོར་རྣམས་ནི་བསམ་པར་བྱ། །དེ་ཡི་དབུས་སུ་ཆུད་པར་ནི། །ཡི་གེ་མཆོག་གི་ཚིག་བསམ་མོ། །སྦྱོར་བ་རྡོ་རྗེ་ཆེན་པོ་ནི། །རྩེ་མོ་ལྔ་པ་རྟག་ཏུ་བསྒོམ། །རྡོ་རྗེ་ལྕགས་ཀྱུའི་སྦྱོར་བ་ཡིས། །རྡོ་རྗེ་གསུམ་རྣམས་བསྒོམ་པར་བྱ། །དེ་ཡིས་ཐུགས་ནི་གཟིར་བྱ་སྟེ། །ལྷ་ཡང་རབ་ཏུ་བསྐུལ་བར་བྱ། །འདི་དེ་རྡོ་རྗེ་ཐམས་ཅད་ཀྱི། །སངས་རྒྱས་བྱང་ཆུབ་རབ་སྒྲུབ་པའོ། །རྡོ་རྗེ་ལྕགས་ཀྱུ་རྣམ་བསྒོམ་པ། །རྡོ་རྗེ་པདྨོའི་རིགས་ལ་སོགས། །ཐུགས་ནི་བསྐུལ་བ་རབ་བཤད་པ། །འདི་དེ་རོལ་མོ་འབྱུང་བ་སྟེ། །རྡོ་རྗེ་ཡི་ནི་ཚུལ་མཆོག་འདི། །ཞག་བདུན་བར་དུ་བྱས་ན་ནི། །གསང་ཆེན་སྐུ་དང་གསུང་དང་ཐུགས། །ཡེ་ཤེས་རྡོ་རྗེ་ཅན་གྲུབ་འགྱུར། །འཇིགས་ཤིང་ཡིད་ནི་སྐྲག་གྱུར་ནས། །མཆོག་སྩོལ་བ་ནི་རྣམ་པར་གཟིགས། །ཡིད་ནི་མགུ་བས་དགའ་བ་ཡི། །དངོས་གྲུབ་རྒྱ་ཆེན་སྟེར་བར་འགྱུར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །སྔགས་ཀྱི་སྤྱོད་པའི་མཆོག་འཛིན་རྣམས། །གལ་ཏེ་རྨོངས་བདག་ཉིད་འདས་ན། །དེ་ཡི་སྲོག་ནི་དེར་ཟད་འགྱུར། །དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །རྡོ་རྗེ་གསུམ་མཆོག་སྟོན་པ་པོ། །འཇིག་རྟེན་གསུམ་མཆོག་རྡོ་རྗེ་གཙོས། །གསུང་ནི་འདི་སྐད་བཀའ་སྩལ་ཏོ། །སྔགས་ཀྱི་སྐྱེས་བུ་ཇི་སྙེད་པ། །རྡོ་རྗེ་གསུམ་གྱི་ཡེ་ཤེས་རྫོགས། །དབང་པོ་གཉིས་ཀྱི་སྦྱོར་བ་ཡིས། །དངོས་པོ་ཐམས་ཅད་བརྟག་པར་བྱ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །སྔགས་ཀྱི་དམ་ཚིག་སྒྲུབ་པའོ། །རིག་མའི་དབང་ཕྱུག་ཞུགས་པ་ལ། །རྡོ་རྗེའི་སྦྱོར་བ་རབ་བསྒོམ་ཞིང་། །ཆགས་ལ་ཆགས་པས་བལྟ་བར་བྱ། །འདི་ནི་དམ་ཚིག་དཀྱིལ་འཁོར་རོ། །དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །དེ་བཞིན་གཤེགས་ཀུན་བདག་ཉིད་སྐྱེས། །ཐམས་ཅད་དབང་བསྐུར་སངས་རྒྱས་


DNG012_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

གཙོས། །གསུང་ནི་འདི་སྐད་བཀའ་སྩལ་ཏོ། །འཇིག་རྟེན་ཁམས་ནི་ཐམས་ཅད་ན། །བུད་མེད་ཇི་སྙེད་ཡོད་པ་ཀུན། །ཕྱག་རྒྱ་ཆེ་སོགས་སྦྱོར་བ་ཡིས། །དེ་དག་ཐམས་ཅད་ཉེ་བར་སྤྱད། །བྱེ་བ་གྲངས་མེད་རྡོ་རྗེ་ཅན། །སངས་རྒྱས་གནས་ནི་དེར་སྤྲོད་བྱ། །བཅོམ་ལྡན་འདས་བྱང་ཆུབ་ཀྱི་དམ་ཚིག་གིས་འདི་སྐད་ཅེས་བཀའ་སྩལ་ཏོ། །རྡོ་རྗེ་གསུམ་པོ་མཁའ་འདྲ་བའི། །བྱང་ཆུབ་འདི་ཡིས་འཐོབ་པར་འགྱུར། །བྱང་ཆུབ་སེམས་དཔའ་རྒྱལ་རྒྱ་མཚོ། །རྡོ་རྗེ་སེམས་དཔའ་ཚེ་དེས་འཐོབ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་ཆེན་གསང་བ་འདུས་པ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་བསྐུལ་བ་ཞེས་བྱ་བའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་བཅོམ་ལྡན་འདས་སྐུ་གསུང་ཐུགས་རྡོ་རྗེ་དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་རྡོ་རྗེ་སྐྱེས་བུ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་རྡོ་རྗེ་རིག་པའི་སྐྱེས་བུ་མཆོག་གི་ལེའུ་འདི་གསུངས་སོ། །རྡོ་རྗེ་གསུམ་ཡིག་སྔགས་ཀྱི་མཆོག །ཕྱག་རྒྱ་ཆེན་པོ་རྣམ་བསྒོམ་པ། །བྱང་ཆུབ་ཐམས་ཅད་འཐོབ་བྱའི་ཕྱིར། །ཡེ་ཤེས་རྡོ་རྗེ་དག་གིས་བྱ། །ཨོཾ་ཡིག་ཡེ་ཤེས་སྙིང་པོ་སྟེ། །རྡོ་རྗེ་སྐུ་ནི་འཐོབ་བྱེད་པའོ། །ཨཱཿཡིག་བྱང་ཆུབ་བདག་མེད་པ། །རྡོ་རྗེ་གསུང་ནི་འཐོབ་བྱེད་པའོ། །ཧཱུཾ་ཡིག་སྐུ་གསུང་ཐུགས་ཡིན་ཏེ། །རྡོ་རྗེ་གསུམ་ནི་མི་ཕྱེད་འཐོབ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་སྔགས་ཀྱི་སྐྱེས་བུས་དེ་སྐད་ཅེས་བཀའ་སྩལ་ཏོ། །ནམ་མཁའ་རྡོ་རྗེའི་དབུས་གནས་པར། །དཀྱིལ་འཁོར་རྡོ་རྗེ་ཀུན་ལས་སྐྱེས། །རྡོ་རྗེ་སྤྲིན་ནི་འཕྲོ་སྐྱེད་པའོ། །དེ་རུ་ཡི་གེ་བྷྲུྃ་བསམ་སྟེ། །དེ་ལ་འདི་ནི་ཡེ་ཤེས་རྡོ་རྗེའི་སྙིང་པོའོ། །བྷྲཱུྃ། རྡོ་རྗེའི་དཀྱིལ་འཁོར་དབུས་གནས་པར། །ཡི་གེ་ཧཱུྃ་ནི་རབ་ཏུ་བསྒོམ། །གསལ་བའི་དཀྱིལ་འཁོར་དབུས་གནས་པས། །ཡི་གེ་ཨོཾ་ནི་རྣམ་པར་བསམ། །ཆོས་ཀྱི་དཀྱིལ་འཁོར་དབུས་གནས་པར། །ཡི་གེ་ཨཱཿནི་རབ་ཏུ་བསྒོམ། །ཡི་གེ་བྷྲཱུྃ་གྱིས་གནས་བསྒོམས་ཏེ། །རྡོ་རྗེ་གསུམ་འབྱུང་བསྒོམ་པར་བྱ། །བཅོམ་ལྡན་འདས་


DNG012_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་གསུམ་གྱི་གསང་བས་འདི་སྐད་ཅེས་བཀའ་སྩལ་ཏོ། །སྙིང་པོ་དུས་གསུམ་སངས་རྒྱས་ཀྱི། །སྐུ་གསུང་ཐུགས་ནི་མཉེས་བྱེད་པ། །ཨོཾ་ཡིག་སངས་རྒྱས་སྐུ་ཡི་མཆོག །ཨོཾ་ཨཱཿཡིག་སངས་རྒྱས་གསུང་གི་ལམ། །ཨཱཿཧཱུཾ་ཡིག་ཡེ་ཤེས་འཇིང་ནི་ཐུགས། །ཧཱུཾ་འདི་ནི་བྱང་ཆུབ་ཚུལ་མཆོག་ཡིན། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །སངས་རྒྱས་བྱང་ཆུབ་རབ་སྒྲུབ་པ། །ཡེ་ཤེས་རྡོ་རྗེས་སྤྲུལ་པ་སྟེ། །སངས་རྒྱས་རྒྱུ་དང་འབྲས་བུ་འབྱུང་། །འདི་དག་སངས་རྒྱས་སྐྱེས་བུ་ཉིད། །སྔགས་དང་རིག་པ་ཞེས་བསྒྲགས་པ། །རྡོ་རྗེ་གསུམ་མི་ཕྱེད་བསྒོམས་པས། །དམ་ཚིག་དག་གིས་རྫོགས་པར་འགྱུར། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དམ་ཚིག་དེ་ཁོ་ན་ཉིད་ཡེ་ཤེས་རྡོ་རྗེ་བྱིན་གྱིས་རློབ་པའི་རྒྱུ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །རྣམ་པར་དབེན་ཞིང་ཉམས་དགའ་བར། །སྦྱོར་བ་འདི་ནི་ཀུན་བརྩམས་ན། །རྡོ་རྗེའི་སྐུ་དང་གསུང་དང་ཐུགས། །ཟླ་བ་ཕྱེད་ཀྱིས་ངེས་པར་འགྲུབ། །ནམ་མཁའི་རྡོ་རྗེའི་དབུས་གནས་པར། །གསལ་བའི་དཀྱིལ་འཁོར་དམ་པ་བསམ། །རང་གི་སྔགས་ཀྱི་དམ་ཚིག་བསྐྱེད། །ཡི་གེ་ཨོཾ་ནི་ཐུགས་ཀར་དགོད། །འོད་ཟེར་ལྔ་ཡི་སྤྲིན་ཆེན་པོ། །རྣམ་པར་སྣང་མཛད་མཆོག་སྒོམ་པ། །འདི་ཡིས་སངས་རྒྱས་ཀྱི་ནི་སྐུ། །རྡོ་རྗེ་རྣམ་སྣང་རྒྱ་མཚོར་འགྱུར། །ཡེ་ཤེས་ལྔ་ལྡན་བསྟན་ན་ནི། །སངས་རྒྱས་སྐུ་དང་འདྲ་བའི་འོད། །རྡོ་རྗེ་གསུམ་གྱི་ཀལྤ་ནི། །ཟླ་ཕྱེད་ཀྱིས་ནི་འགྲུབ་པར་འགྱུར། །བཅོམ་ལྡན་འདས་སྐུ་རྡོ་རྗེ་གསང་བས་དེ་སྐད་ཅེས་བཀའ་སྩལ་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་རྡོ་རྗེའི་འོད་ཟེར་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ནམ་མཁའི་རྡོ་རྗེ་དབུས་གནས་པའི། །ཆོས་ཀྱི་དཀྱིལ་འཁོར་དམ་པ་བསམ། །རང་གི་སྔགས་ཀྱི་སྐྱེས་བུ་བསྐྱེད། །ཨཱཿཡིག་ངག་གི་ལམ་ལ་དགོད། །ཁ་དོག་ལྔ་པ་པདྨ་ཆེ། །འཇིག་རྟེན་དབང་ཕྱུག་མཆོག་བསྒོམས་པས། །དམ་ཚིག་ཡེ་ཤེས་རྫོགས་བྱས་ཏེ། །ཚིག་གི་དམ་ཚིག་ལྔ་ཡི་མཆོག །ཆོས་ཀྱི་ཚིག་གི་ལམ་གནས་པ། །རྡོ་རྗེ་ཆོས་དང་མཚུངས་པར་འགྱུར། །ཡེ་ཤེས་ལྔ་ལྡན་བསྟན་ན་ནི། །རྡོ་


DNG012_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བསྐལ་པ་གསུམ་དུ་གནས། །བཅོམ་ལྡན་འདས་རྡོ་རྗེའི་གསུང་གསང་བས་དེ་སྐད་ཅེས་བཀའ་སྩལ་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་རྡོ་རྗེའི་དམ་ཚིག་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ནམ་མཁའི་རྡོ་རྗེའི་དབུས་གནས་པའི། །རྡོ་རྗེ་དཀྱིལ་འཁོར་དམ་པ་བསམ། །རང་སྔགས་སྐྱེས་བུ་བསྐྱེད་ནས་ནི། །ཐུགས་ལ་གནས་པའི་ཡི་གེ་ཧཱུྃ། །དམ་ཚིག་ཆེན་པོ་དེ་ཉིད་ནི། །ཁ་དོག་ལྔ་པ་རྣམ་བསྒོམ་བྱ། །རྡོ་རྗེ་ཀུན་དང་རྒྱལ་བའི་གནས། །ཡེ་ཤེས་རྡོ་རྗེ་དག་གིས་བྱ། །སྟོན་པ་རྡོ་རྗེ་ཐུགས་ལས་བྱུང་། །ཡེ་ཤེས་ཡོན་ཏན་རྒྱ་མཚོར་འགྱུར། །ཡེ་ཤེས་ལྔ་ལྡན་བསྟན་ན་ནི། །རྡོ་རྗེ་བསྐལ་པ་གསུམ་དུ་གནས། །བཅོམ་ལྡན་འདས་རྡོ་རྗེ་ཐུགས་གསང་བས་དེ་སྐད་ཅེས་བཀའ་སྩལ་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དམ་ཚིག་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ཡེ་ཤེས་དཀྱིལ་འཁོར་དབུས་སུ་ནི། །རྡོ་རྗེ་ཆེན་པོ་བསྒོམ་པར་བྱ། །ལུས་རྣམས་ཀུན་ལ་ཁྃ་དམིགས་ནས། །རྡོ་རྗེ་ཡེ་ཤེས་མཁའ་མཉམ་འགྱུར། །ཁྃ། སངས་རྒྱས་བྱང་ཆུབ་སེམས་དཔའ་ཡིས། །ཡང་དང་ཡང་དུ་མཆོད་པ་དང་། །ཀལྤ་གསུམ་དུ་དམ་ཚིག་གནས། །སངས་རྒྱས་ཀྱིས་ཀྱང་གཟིགས་མི་འགྱུར། །བཅོམ་ལྡན་འདས་ནམ་མཁའ་རྡོ་རྗེའི་དམ་ཚིག་གིས་དེ་སྐད་ཅེས་བཀའ་སྩལ་ཏོ། །སྐུ་གསུང་ཐུགས་རྡོ་རྗེ་མི་སྣང་བ་འབྱུང་བ་བཀོད་པའི་ཕྲེང་བ་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །རྡོ་རྗེའི་དཀྱིལ་འཁོར་དབུས་ལས་ནི། །རང་སྔགས་སྐྱེས་བུ་རབ་བསྒོམས་ལ། །སྙིང་གར་རྡོ་རྗེ་ཧྃ་ཞེས་པ། །བཞག་སྟེ་འོད་ཟེར་རྣམ་པར་བསྒོམ། །ཧྃ། འཇམ་དཔལ་དམ་ཚིག་རྫོགས་ལོངས་སྤྱོད། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །ས་བཅུ་དག་ལ་གནས་པ་ཡི། །བྱང་ཆུབ་སེམས་དཔར་དེ་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཡེ་ཤེས་དམ་ཚིག་ཟླ་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ནམ་མཁའ་དབྱིངས་ཀྱི་དབུས་གནས་པར། །འོད་ཟེར་རང་འབར་ཡི་གེ་རྱུ། །མཚན་མཆོག་རྡོ་རྗེའི་ལུས་ཀྱིས་ནི། །རྡོ་རྗེ་སྐུ་དང་མཉམ་པར་འགྱུར། །ནམ་མཁའ་རྡོ་རྗེའི་དམ་ཚིག་གི་བཀོད་པའི་གནས་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །སངས་རྒྱས་མངོན་ཤེས་དམ་ཚིག་མཆོག །རྡོ་རྗེ་ཅན་དང་མཉམ་པར་


DNG012_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། །འདི་ནི་དངོས་གྲུབ་ཐམས་ཅད་ཀྱི། །སངས་རྒྱས་མངོན་ཤེས་མཆོག་སྒྲུབ་པའོ། །ནམ་མཁའི་ཁམས་ཀྱི་དབུས་གནས་པར། །སངས་རྒྱས་དཀྱིལ་འཁོར་དམ་པ་བསམ། །རྡོ་རྗེ་སེམས་དཔའ་རབ་བསྒོམས་ལ། །ཡེ་ཤེས་ཨོཾ་ཡིག་བསྒོམ་པར་བྱ། །ཨོཾ། རྡོ་རྗེ་དམ་ཚིག་གསུམ་བསྒོམས་པས། །མི་བསྐྱོད་རྡོ་རྗེ་གསུམ་འདྲར་འགྱུར། །བཅོམ་ལྡན་འདས་རྡོ་རྗེ་མི་བསྐྱོད་པས་དེ་སྐད་ཅེས་བཀའ་སྩལ་ཏོ། །མི་བསྐྱོད་པ་ཡི་སྐུ་འདྲ་དང་། །གསུང་དང་ཐུགས་མཆོག་རྟག་ཏུ་འཛིན། །འཇིག་རྟེན་ཁམས་རྣམས་ཐམས་ཅད་དུ། །མི་བསྐྱོད་རྡོ་རྗེས་མཆོད་པར་འགྱུར། །བཅོམ་ལྡན་འདས་མི་བསྐྱོད་པའི་དམ་ཚིག་མངོན་པར་འབྱུང་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །སངས་རྒྱས་དཀྱིལ་འཁོར་འོད་བཟང་བསམ། །ནམ་མཁའ་རྡོ་རྗེ་རབ་བསྒོམས་ལ། །རིན་ཆེན་ཨོཾ་ཡིག་བསྒོམ་པར་བྱ། །ཨོཾ། རྡོ་རྗེ་དམ་ཚིག་གསུམ་བསྒོམས་པས། །རྡོ་རྗེ་གསུམ་གྱི་ཏོག་འདྲར་འགྱུར། །བཅོམ་ལྡན་འདས་རྡོ་རྗེ་རིན་ཆེན་ཏོག་གིས་དེ་སྐད་ཅེས་བཀའ་སྩལ་ཏོ། །སྐུ་དང་གསུང་ཐུགས་རྡོ་རྗེ་ཡིས། །རིན་ཆེན་ཏོག་གི་འོད་དང་འདྲ། །དེ་ནི་བདག་མེད་བྱང་ཆུབ་དང་། །ཡེ་ཤེས་གསང་བ་མཉམ་གནས་འགྱུར། །རིན་པོ་ཆེ་དམ་ཚིག་ལོངས་སྤྱོད་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །སངས་རྒྱས་དཀྱིལ་འཁོར་དམ་པ་བསམ། །འཇིག་རྟེན་དབང་ཕྱུག་རབ་བསྒོམས་ལ། །ཆོས་ཀྱི་ཨོཾ་ཡིག་བསྒོམ་པར་བྱ། །ཨོཾ། རྡོ་རྗེ་དམ་ཚིག་གསུམ་བསྒོམས་པས། །རྡོ་རྗེ་གསུམ་དཔག་མེད་འདྲར་འགྱུར། །ལུས་དང་ངག་སེམས་རྡོ་རྗེ་ཡིས། །འོད་དཔག་མེད་དང་འདྲ་བར་འགྱུར། །དེ་ནི་སེམས་ཅན་ཐམས་ཅད་ཀྱི། །ཐེག་ཆེན་ལམ་ནི་འབྱུང་བར་འགྱུར། །བཅོམ་ལྡན་འདས་རྡོ་རྗེ་འོད་དཔག་ཏུ་མེད་པས་དེ་སྐད་ཅེས་བཀའ་སྩལ་ཏོ། །ཡོན་ཏན་དཔག་ཏུ་མེད་པའི་འོད་ཀྱི་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །སངས་རྒྱས་དཀྱིལ་འཁོར་དམ་པ་བསམ། །རྡོ་རྗེ་ཨུཏྤལ་རབ་བསྒོམས་ནས། །དམ་ཚིག་ཨོཾ་ཡིག་རབ་ཏུ་བསྒོམ། །ཨོཾ། རྡོ་རྗེ་དམ་ཚིག་གསུམ་བསྒོམས་པས། །རྡོ་རྗེ་དོན་ཡོད་གསུམ་


DNG012_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

འདྲར་འགྱུར། །ལུས་དང་ངག་སེམས་རྡོ་རྗེ་ཡིས། །རྡོ་རྗེ་དོན་ཡོད་འདྲ་བའི་འོད། །དེ་ནི་དཔལ་ལྡན་ཡེ་ཤེས་མཚོ། །སེམས་ཅན་ཀུན་དོན་འབྱུང་བར་འགྱུར། །བཅོམ་ལྡན་འདས་རྡོ་རྗེ་དོན་ཡོད་པས་དེ་སྐད་ཅེས་བཀའ་སྩལ་ཏོ། །དོན་ཡོད་པའི་དམ་ཚིག་འོད་ཟེར་ཡེ་ཤེས་ཀྱི་མཆོག་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པའི། །སངས་རྒྱས་དཀྱིལ་འཁོར་འོད་བཟང་བསམ། །རྡོ་རྗེ་སྣང་མཛད་རབ་བསྒོམས་ལ། །སྐུ་གསུམ་ཨོཾ་ཡིག་རབ་ཏུ་བསྒོམ། །ཨོཾ། རྡོ་རྗེ་དམ་ཚིག་གསུམ་བསྒོམས་པས། །རྣམ་པར་སྣང་མཛད་མཉམ་པར་འགྱུར། །ལུས་དང་ངག་ཡིད་རྡོ་རྗེ་ཡིས། །རྣམ་པར་སྣང་མཛད་འདྲ་བའི་འོད། །དེ་ནི་ཡེ་ཤེས་རྫོགས་བྱང་ཆུབ། །སྐུ་གསུམ་མི་ཕྱེད་སྒྲུབ་བྱེད་འགྱུར། །བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་སྣང་མཛད་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏོ། །ལུས་དང་ངག་དང་ཡིད་དམིགས་པ་མངོན་པར་བྱང་ཆུབ་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །རི་བོ་རྣམ་པར་དབེན་པ་དང་། །ཆུ་ཀླུང་འབབ་པ་རྣམས་དང་ནི། །དུར་ཁྲོད་ལ་སོགས་རྣམས་སུ་ཡང་། །བསམ་གཏན་བསྡུས་པ་འདི་དག་བྱ། །མི་བསྐྱོད་ཡེ་ཤེས་རྡོ་རྗེ་སོགས། །རྡོ་རྗེ་ནམ་མཁའི་དཀྱིལ་གནས་བསམ། །མངོན་ཤེས་ལྔ་པོའི་སྦྱོར་བ་ཡིས། །སངས་རྒྱས་མཆོག་རྣམས་གནས་སུ་བསྒོམ། །བཅོམ་ལྡན་འདས་རྡོ་རྗེ་ཆེན་པོ་དམ་ཚིག་རྡོ་རྗེ་མངོན་པར་མཁྱེན་པས་དེ་སྐད་ཅེས་བཀའ་སྩལ་ཏོ། །རྡོ་རྗེ་ཆེན་པོ་རྩེ་ལྔ་པ། །འབར་བ་ལྔ་ཡིས་རྣམ་པར་བརྒྱན། །གནས་ལྔར་རབ་ཏུ་སྦྱོར་བ་ཡིས། །རྡོ་རྗེ་མངོན་ཤེས་འདྲ་བར་འགྱུར། །མེ་སྟག་མང་པོ་འཁྲུག་པ་ཡི། །རང་སྔགས་འཁོར་ལོ་བསྒོམ་པར་བྱ། །རྡོ་རྗེ་ལྔ་ནི་སྦྱོར་བ་ཡིས། །རྡོ་རྗེ་མངོན་ཤེས་འདྲ་བར་འགྱུར། །ནམ་མཁའ་རྡོ་རྗེའི་དཀྱིལ་གནས་པར། །འཁོར་ལོ་སངས་རྒྱས་འབར་འོད་འདྲ། །བསྒོམས་ནས་སངས་རྒྱས་འཇུག་པ་ཡིས། །སངས་རྒྱས་གནས་དང་འདྲ་བར་འགྱུར། །སངས་རྒྱས་དཀྱིལ་འཁོར་དབུས་གནས་པའི། །རང་གི་ལུས་ལ་སྣང་མཛད་བཞག །སྙིང་གར་ཡི་གེ་ཨོཾ་བསམ་ལ། །སྔགས་ལ་རྣམ་པར་ཤེས་པ་བསྒོམ། །དེའི་སེམས་འགོག་པའི་རྡོ་རྗེར་ཚུད། །གང་ཚེ་སྐྱེ་བར་འགྱུར་བ་དེ། །སངས་རྒྱས་


DNG012_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱི་མཆོག་སྒྲུབ་པ། །ཡིད་བཞིན་ནོར་བུ་དཔལ་ལྡན་འགྱུར། །སངས་རྒྱས་དཀྱིལ་འཁོར་དབུས་གནས་པའི། །རྡོ་རྗེ་མི་བསྐྱོད་རབ་ཏུ་བསྒོམ། །སྙིང་གར་ཡི་གེ་ཧཱུྃ་བསྒོམས་ནས། །སེམས་ནི་ཐིག་ལེར་གྱུར་པར་བཞག །སངས་རྒྱས་དཀྱིལ་འཁོར་དབུས་གནས་པའི། །ཚེ་དཔག་མེད་པ་རབ་ཏུ་བསྒོམ། །སྙིང་གར་ཡི་གེ་ཨཱཿབསམས་ཏེ། །རྡོ་རྗེ་ཐིག་ལེར་གཏོགས་པ་བཞག །འདི་དེ་དམ་ཚིག་མཆོག་གི་མཆོག །རྡོ་རྗེ་གསུམ་ནི་མི་ཕྱེད་བསྒོམ། །འགོག་པའི་དམ་ཚིག་ཡེ་ཤེས་ཏེ། །སངས་རྒྱས་དངོས་གྲུབ་འཐོབ་འགྱུར་བའི། །ནམ་མཁའ་རྡོ་རྗེ་དབྱིངས་གནས་པ། །གསལ་བའི་དཀྱིལ་འཁོར་བསྒོམ་པར་བྱ། །ལུས་ངག་སེམས་ལ་ཡི་གེ་ཨོཾ། །བསམས་ན་དེ་ནི་བསྐལ་པར་གནས། །ནམ་མཁའ་རྡོ་རྗེ་དབྱིངས་གནས་པར། །ཆོས་ཀྱི་དཀྱིལ་འཁོར་བསྒོམ་པར་བྱ། །ལུས་ངག་སེམས་ལ་ཡི་གེ་ཨཱཿ། །བསམས་ན་དེ་ནི་བསྐལ་པར་གནས། །ནམ་མཁའ་རྡོ་རྗེ་དབྱིངས་གནས་པར། །རྡོ་རྗེ་དཀྱིལ་འཁོར་བསྒོམ་པར་བྱ། །ལུས་ངག་སེམས་ལ་ཡི་གེ་ཧཱུྃ། །བསམས་ན་དེ་ནི་བསྐལ་པར་གནས། །བཅོམ་ལྡན་འདས་རྡོ་རྗེ་གསུམ་གྱི་རྟོག་པའི་དམ་ཚིག་གིས་དེ་སྐད་ཅེས་བཀའ་སྩལ་ཏོ། །སྐུ་དང་གསུང་ཐུགས་རྡོ་རྗེ་ཡི། །རྣལ་འབྱོར་འདི་གང་ནས་བཟུང་སྟེ། །ཀློག་གམ་ཡང་ན་སེམས་ཀྱང་རུང་། །དེ་ཡང་རྡོ་རྗེ་འཛིན་མཚུངས་འགྱུར། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་ཆེན་གསང་བ་འདུས་པ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་ཀྱི་དམ་ཚིག་དེ་ཁོ་ན་ཉིད་རྡོ་རྗེ་རིག་པའི་སྐྱེས་བུ་མཆོག་གི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་སྟོན་པ་རྡོ་རྗེ་འཛིན། །བསྐྱེད་པ་ཡེ་ཤེས་མཆོག་སྒྲུབ་པས། །དམ་ཚིག་རྡོ་རྗེ་གསུམ་དེ་ཉིད། །རྡོ་རྗེ་གསུང་གིས་བཀའ་སྩལ་པ། །མཁའ་དང་མཚུངས་པར་མཉམ་གྱུར་པ། །རྣམ་པར་མི་རྟོག་ངོ་བོ་ཉིད། །ཆོས་རྣམས་རང་བཞིན་དག་པ་ལ། །རོལ་མོ་འདི་དག་རབ་ཏུ་བསྒོམ། །དགོན་པ་ཆེན་པོའི་ས་ཕྱོགས་མཆོག །མེ་ཏོག་འབྲས་བུ་སོགས་པས་བརྒྱན། །རི་བོ་སྐྱེ་བོས་དབེན་པ་རུ། །དངོས་གྲུབ་ཐམས་ཅད་བསྡུས་པ་བསྒྲུབ། །མྃ། ལུས་དང་ངག་སེམས་རྡོ་རྗེ་ལ། །འཇམ་པའི་རྡོ་རྗེ་རབ་ཏུ་བསྒོམ། །ལུས་དང་ངག་སེམས་ལ་སྤྲོ་བ། །འཇམ་པའི་རྡོ་རྗེ་འདུ་བར་འགྱུར། །དཔག་ཚད་བརྒྱར་ནི་རྒྱ་ཆེ་བ། །
༼འདི་ནས་མ་ཚོང་མེད།༽རྡོ་རྗེ་འབར་བའི་འོད་དེས་ནི། །རྒྱན་རྣམས་ཀུན་གྱིས་བརྒྱན་པ་ཡི། །དག་པའི་བདག་ཉིད་སྣང་བར་འགྱུར། །ཚངས་པ་དྲག་པོ་ལ་སོགས་ལྷས། །ནམ་ཡང་མཐོང་བར་མི་ནུས་སོ། །འཇམ་པའི་རྡོ་རྗེ་མཆོག་གི་དམ་ཚིག་མི་སྣང་བར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །རྡོ་རྗེ་མི་ཕྱེད་གསུམ་ལས་བྱུང་། །བཤང་གཅི་དམ་ཚིག་ལྔ་རྣམས་ནི། །ལྕགས་གསུམ་ལས་བྱུང་ལྡན་བྱས་ནས། །ཁར་བཅུག་ནས་ནི་བསྒོམ་པར་བྱ། །སངས་རྒྱས་ཀུན་གྱི་མི་ཕྱེད་པའི། །ཐུགས་ནི་དེ་རུ་རབ་བསྒོམ་ན། །དེ་ནི་དེ་མ་ཐག་ཉིད་དུ། །འཇམ་པའི་རྡོ་རྗེ་འོད་འདྲར་འགྱུར། །རང་གི་སྔགས་ཀྱིས་འཁོར་ལོ་ནི། །འོད་འཕྲོ་མདངས་མཆོག་ཅན་བསྒོམས་ནས། །སངས་རྒྱས་ཐམས་ཅད་བཞུགས་པའི་གནས། །བསྒོམས་ན་སངས་རྒྱས་མཉམ་པར་འགྱུར། །རི་རབ་སུམ་ཅུ་རྩ་དྲུག་གི། །རྡུལ་ཕྲན་ཇི་སྙེད་ཡོད་པ་ཡི། །རྡོ་རྗེ་འཛིན་དང་འདྲ་བ་ཀུན། །དེ་ཡི་རྗེས་སུ་འབྲང་བར་འགྱུར། །འདི་ནི་འཁོར་ལོའི་དམ་ཚིག་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ། །རྡོ་རྗེ་ཆེན་པོ་རང་སྔགས་ཀྱིས། །དཀྱིལ་འཁོར་དབུས་སུ་རབ་བསྒོམས་ལ། །རྡོ་རྗེ་ཀུན་གྱི་གནས་ཡིན་པར། །བསམས་ན་རྡོ་རྗེ་འདྲ་བར་འགྱུར། །རི་རབ་སུམ་ཅུ་རྩ་དྲུག་གི། །ཕྲ་རབ་རྡུལ་རྣམས་ཇི་སྙེད་པའི། །དེ་སྙེད་ཀྱི་ནི་བུད་མེད་རྣམས། །ཡོན་ཏན་ཅན་གྱི་གནས་སུ་འགྱུར། །དྲག་པོ་དག་གིས་ཕྱག་བྱས་པ། །ཁམས་གསུམ་རྡོ་རྗེ་ཆེན་པོར་འགྱུར། །རྡོ་རྗེ་མཉམ་པ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ། །པདྨ་ཆེན་པོ་འདབ་བརྒྱད་པ། །རང་སྔགས་རྡོ་རྗེ་བསམས་ནས་སུ། །ཆོས་རྣམས་ཀུན་གྱི་གནས་ཡིན་པ། །རྡོ་རྗེ་ཆོས་དང་འདྲ་བར་འགྱུར། །རི་རབ་སུམ་ཅུ་རྩ་དྲུག་གི། །ཕྲ་རབ་རྡུལ་རྣམས་ཇི་སྙེད་པའི། །སངས་རྒྱས་མཆོད་མཆོག་དཀྱིལ་འཁོར་དུ། །དག་པའི་བདག་ཉིད་འཇོག་པར་བྱེད། །པད་མོ་མཉམ་པ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ། །ཡེ་ཤེས་ལྔ་ལྡན་རབ་བསྟན་ན། །བསྐལ་པ་གསུམ་གྱི་ཡུལ་དུ་གནས། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི། །གསང་བ་རྣམ་གསུམ་བསྙེན་བཀུར་བྱེད། །འོད་ཟེར་ལྔ་ཡི་མདོག་འདྲའི་འོད། །རང་གི་སྔགས་ལ་རལ་གྲི་བསྒོམ། །མིག་ཡངས་ལག་ན་ཐོགས་ནས་ནི། །རྡོ་རྗེ་གསུམ་རིག་འཛིན་པར་འགྱུར། །ཁམས་གསུམ་ཆེན་པོས་མཆོད་བྱ་དང་། །ཚངས་དབང་ལྷ་མིན་ཕྱག་བྱས་པ། །སྟོང་གསུམ་ན་ནི་གཅིག་པུ་པ། །
༼འདི་ནས་མ་ཚོང་མེད༽གསང་བ་འཛིན་པའི་མཆོག་ཏུ་འགྱུར། །སེམས་ཀྱིས་གང་ཞིག་འདོད་པ་ནི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས། །རྡོ་རྗེ་ཐུགས་ལས་རབ་ཏུ་བྱུང་། །དེ་ལྟ་བུ་ཡི་དངོས་གྲུབ་སྟེར། །རལ་གྲི་ཐམས་ཅད་དམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ཨོཾ་ཡིག་རིལ་བུ་ཙ་ན་ཀའི། །འབྲུ་ཚད་དུ་ནི་བསམས་ནས་ནི། །དབུས་སུ་རང་གི་ལྷ་ཡི་གཟུགས། །བསམས་ཏེ་ཁར་བཅུག་རྣམ་བསྒོམ་ན། །དེ་ནི་དེ་མ་ཐག་ཉིད་དུ། །བྱང་ཆུབ་སེམས་དཔའི་འོད་འདྲར་འགྱུར། །ཉི་མ་ཤར་བའི་འོད་འདྲ་ཞིང་། །འཛམ་བུ་ཆུ་བོའི་གསེར་གྱི་མདོག །ཨཱཿཡིག་རིལ་བུ་ཙ་ན་ཀའི། །འབྲུ་ཚད་ཙམ་དུ་བསམས་ནས་ནི། །དབུས་སུ་རང་གི་ལྷ་ཡི་གཟུགས། །བསམས་ཏེ་ཁར་བཅུག་བསྒོམ་ན་ནི། །དེ་ནི་དེ་མ་ཐག་ཉིད་དུ། །བྱང་ཆུབ་ཡེ་ཤེས་འོད་འདྲར་འགྱུར། །ཉི་མ་ཤར་བའི་འོད་འདྲ་ཞིང་། །འཛམ་བུ་ཆུ་བོའི་གསེར་གྱི་མདོག །ཧཱུཾ་ཡིག་རིལ་བུ་ཙ་ན་ཀའི། །འབྲུ་ཚད་ཙམ་དུ་བསམས་ནས་ནི། །དབུས་སུ་རང་གི་ལྷ་ཡི་གཟུགས། །བསམས་ཏེ་ཁར་བཅུག་བསྒོམ་ན་ནི། །དེ་ནི་དེ་མ་ཐག་ཉིད་དུ། །རྡོ་རྗེའི་སྐུ་དང་འོད་འདྲར་འགྱུར། །ཉི་མ་ཤར་བའི་འོད་འདྲ་ཞིང་། །འཛམ་བུ་ཆུ་བོའི་གསེར་འོད་འདྲ། །མཁའ་དབྱིངས་གསལ་བའི་དཀྱིལ་གནས་པའི། །རྣམ་པར་སྣང་མཛད་རབ་ཏུ་བསྒོམ། །ལག་ཏུ་འཁོར་ལོ་རབ་བསྒོམས་ན། །འཁོར་ལོའི་རིག་པ་འཛིན་པར་འགྱུར། །འཁོར་ལོ་ཆེན་པོའི་རིགས་བསྒོམས་ཏེ། །སངས་རྒྱས་སྐུ་ནི་རབ་སྦྱོར་བས། །ཡེ་ཤེས་མཆོག་གི་སྒྲུབ་པ་འདི། །ཡེ་ཤེས་རྡོ་རྗེ་དག་གིས་བྱ། །མཁའ་དབྱིངས་རྡོ་རྗེའི་དབུས་གནས་པར། །ཡེ་ཤེས་མི་བསྐྱོད་རབ་བསྒོམས་ཏེ། །ལག་ཏུ་རྡོ་རྗེ་རྣམ་བསྒོམས་ན། །རྡོ་རྗེའི་རིག་པ་འཛིན་པར་འགྱུར། །རྡོ་རྗེ་ཆེན་པོའི་རིགས་བསྒོམས་ཏེ། །རྡོ་རྗེའི་སྐུར་ནི་རབ་སྦྱོར་བས། །རྡོ་རྗེ་མཆོག་གི་སྒྲུབ་པ་འདི། །ཡེ་ཤེས་རྡོ་རྗེ་དག་གིས་བྱ། །མཁའ་དབྱིངས་རིན་ཆེན་དབུས་གནས་པར། །རིན་ཆེན་རྡོ་རྗེ་རབ་ཏུ་བསྒོམ། །ལག་ཏུ་རིན་ཆེན་རབ་བསྒོམས་ན། །རིན་ཆེན་རིག་པ་འཛིན་པར་འགྱུར། །རིན་ཆེན་ཆེན་པོའི་རིགས་བསྒོམས་ནས། །རིན་ཆེན་སྐུར་ནི་རབ་སྦྱོར་བས། །རིན་ཆེན་མཆོག་གི་སྒྲུབ་པ་འདི། །ཡེ་ཤེས་རྡོ་རྗེ་དག་གིས་བྱ། །མཁའ་དབྱིངས་ཆོས་ཀྱི་དབུས་གནས་


DNG012_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

པར། །ཚེ་དཔག་མེད་པ་རབ་ཏུ་བསྒོམ། །ལག་ཏུ་པདྨོ་རབ་བསྒོམས་ན། །པདྨོའི་རིག་པ་འཛིན་པར་འགྱུར། །པདྨོ་ཆེན་པོའི་རིགས་བསྒོམས་ནས། །ཆོས་ཀྱི་སྐུར་ནི་རབ་སྦྱོར་བས། །པདྨོའི་མཆོག་གི་སྒྲུབ་པ་འདི། །ཡེ་ཤེས་རྡོ་རྗེ་དག་གིས་བྱ། །མཁའ་དབྱིངས་དམ་ཚིག་དབུས་གནས་པར། །དོན་ཡོད་ཡེ་ཤེས་རབ་ཏུ་བསྒོམ། །ལག་ཏུ་རལ་གྲི་རབ་བསྒོམས་ན། །རལ་གྲིའི་རིག་པ་འཛིན་པར་འགྱུར། །དམ་ཚིག་ཆེན་པོའི་རིགས་བསྒོམས་ཏེ། །ཐོགས་མེད་དམ་ཚིག་རབ་སྦྱོར་བས། །དམ་ཚིག་མཆོག་གི་སྒྲུབ་པ་འདི། །ཡེ་ཤེས་རྡོ་རྗེ་དག་གིས་བྱ། །རྩེ་གསུམ་ཡེ་ཤེས་ལྕགས་ཀྱུ་སོགས། །རྡོ་རྗེའི་ཁྱད་པར་གྱིས་བསྒྲུབས་ན། །སྐུ་གསུང་ཐུགས་ཀྱི་སྒྲུབ་པ་ཡིས། །བསམ་གཏན་དེས་ནི་འགྲུབ་པར་འགྱུར། །བཅོམ་ལྡན་འདས་དམ་ཚིག་ཆེན་པོའི་དངོས་གྲུབ་རྡོ་རྗེས་དེ་སྐད་ཅེས་བཀའ་སྩལ་ཏོ། །ལམ་གྱི་བཞི་མདོའམ་ཤིང་གཅིག་དྲུང་། །མཚན་མ་གཅིག་དང་ཞི་གནས་སུ། །རྡོ་རྗེ་དགུག་པའི་ཁྱད་པར་གྱིས། །སྒྲུབ་པ་པོས་ནི་རྟག་ཏུ་བསྒྲུབ། །སྦྱོར་གསུམ་རྡོ་རྗེ་ཅན་རྣམས་ཀྱི། །སྦྱོར་གསུམ་སྔགས་ཀྱི་སྐྱེས་བུ་བསམ། །སངས་རྒྱས་ཡེ་ཤེས་བློ་ལྡན་གྱིས། །སྐུ་དང་གསུང་ཐུགས་ལྕགས་ཀྱུ་བཏང་། །རླུང་གི་དཀྱིལ་འཁོར་མཆོག་གནས་པ། །སངས་རྒྱས་དགུག་པ་དམ་པ་ཡིན། །དམ་ཚིག་ལས་བྱུང་ཕྱོགས་བཅུ་པ། །རྡོ་རྗེས་བཀུག་ནས་ཉེ་བར་སྤྱོད། །ནམ་མཁའི་དབྱིངས་ཀྱི་དམ་ཚིག་རྡོ་རྗེ་དགུག་པའོ། །རྣམ་པར་སྣང་མཛད་འཁོར་ལོ་ཆེ། །རྡོ་རྗེ་པདྨ་ལ་སོགས་པས། །རྒྱལ་གནས་ལྕགས་ཀྱུ་བསམས་ནས་ནི། །དམ་ཚིག་དགུག་པའི་མཆོག་ནི་བྱ། །ཁམས་གསུམ་གྱི་དམ་ཚིག་དགུག་པའོ། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སངས་རྒྱས་སྐུ་ནི་རྣམ་བསྒོམས་ལ། །ལག་ཏུ་སྐུ་དང་གསུང་ཐུགས་ནི། །ཀྱོ་བ་ལ་སོགས་རབ་ཏུ་བསྒོམ། །འདི་ལྟ་བུ་ཡི་སྦྱོར་བ་ཡིས། །དེ་ནི་གནས་ལས་བྱེད་པར་འགྱུར། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །རྡོ་རྗེ་སྐུ་ནི་རྣམ་བསྒོམས་ཤིང་། །རྡོ་རྗེའི་སྦྱོར་བས་ལྕེ་བསྒོམ་ན། །རྡོ་རྗེའི་གསུང་དང་འདྲ་བར་འགྱུར། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སངས་རྒྱས་སྐུར་ནི་རྣམ་བསྒོམས་ལ། །ལག་ཏུ་བསྒྲུབ་བྱ་བསམས་ན་ནི། །རྡོ་རྗེ་དང་ནི་འདྲ་བར་འགྱུར། །གསང་


DNG012_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དམ་ཚིག་མཆོད་པའི་མཆོག །མཆོད་པས་མཆོད་ནས་རབ་བསྒྲུབ་འདི། །དེ་ནི་སངས་རྒྱས་ཐམས་ཅད་ཀྱི། །གསང་བའི་སྙིང་པོ་བསྡུས་པ་ཡིན། །བཅོམ་ལྡན་འདས་གསང་བ་ཆེན་པོའི་དམ་ཚིག་གིས་དེ་སྐད་ཅེས་བཀའ་སྩལ་ཏོ། །ཤ་ཆེན་དམ་ཚིག་མཆོག་གིས་ནི། །རྡོ་རྗེ་གསུམ་མཆོག་བསྒྲུབ་པར་བྱ། །བཤང་གཅི་དམ་ཚིག་མཆོག་གིས་ནི། །རིག་པ་འཛིན་པའི་གཙོ་བོར་འགྱུར། །གླང་པོའི་ཤ་ཡི་དམ་ཚིག་གིས། །མངོན་ཤེས་ལྔ་ཉིད་ཐོབ་པར་འགྱུར། །རྟ་ཤ་དག་གི་དམ་ཚིག་གིས། །མི་སྣང་བ་ཡི་བདག་པོར་འགྱུར། །ཁྱི་ཤ་དག་གི་དམ་ཚིག་གིས། །དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར། །བ་གླང་ཤ་ཡི་དམ་ཚིག་གིས། །རྡོ་རྗེ་དགུག་པའི་མཆོག་ཏུ་འགྱུར། །ཤ་རྣམས་ཐམས་ཅད་མ་རྙེད་ན། །ཐམས་ཅད་བསམས་པས་རྣམ་པར་བརྟག །རྡོ་རྗེའི་སྦྱོར་བ་འདི་བྱས་ན། །སངས་རྒྱས་ཐམས་ཅད་བྱིན་གྱིས་རློབ། །རྣམ་པ་ཀུན་མཆོག་ལྡན་པ་ཡི། །སྐུ་གསུང་ཐུགས་ནི་རྡོ་རྗེ་ཅན། །སྙིང་གར་ཡེ་ཤེས་དམ་ཚིག་དང་། །དབུ་རྒྱན་རྡོ་རྗེ་མཆོག་འཛིན་པ། །སངས་རྒྱས་ཐམས་ཅད་མཉེས་འགྱུར་ལ། །འདི་ནི་དམ་ཚིག་ཚུལ་གྱི་མཆོག །དངོས་གྲུབ་ཐམས་ཅད་འགྲུབ་པའི་མཆོག །དམ་ཚིག་མཆོག་གིས་རབ་ཏུ་བྱ། །དམ་ཚིག་ཐམས་ཅད་ཀྱི་ཡེ་ཤེས་རྡོ་རྗེར་གྱུར་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ལྕེ་ཡི་དམ་ཚིག་རྡོ་རྗེ་མཆོག །རྡོ་རྗེ་ཅན་གྱིས་ཧཱུྃ་བསྒོམས་ཏེ། །བདུད་རྩི་ལྔ་ཡི་སྦྱོར་བ་ཡིས། །ཟོས་ན་རྡོ་རྗེ་གསུམ་ཐོབ་འགྱུར། །འདི་ནི་རྡོ་རྗེའི་ཚུལ་མཆོག་སྟེ། །ཨཱཿདང་ཨོཾ་གྱི་དམ་ཚིག་ཀྱང་། །འདི་ལྟ་བུ་ཡི་སྦྱོར་བ་ཡིས། །རྡོ་རྗེ་སེམས་དཔའ་འདྲ་བར་འགྱུར། །རྡོ་རྗེ་དམ་ཚིག་བདུད་རྩིའི་ཕྲེང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །རྡོ་རྗེ་དམ་ཚིག་གསུམ་གྲུབ་མཆོག །སྐུ་གསུམ་རྡོ་རྗེ་ཅན་དུ་འགྱུར། །ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཀྱི། །ཡིད་བཞིན་ནོར་བུའི་རྒྱ་མཚོར་འགྱུར། །འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །རྡོ་རྗེའི་བདག་ཉིད་སྣང་བར་བྱེད། །འཁོར་ལོའི་དམ་ཚིག་གྲུབ་པ་མཆོག །སངས་རྒྱས་སྐུ་དང་མཉམ་པར་འགྱུར། །གངྒཱའི་བྱེ་སྙེད་ཐམས་ཅད་དུ། །ཀུན་ནས་གྲུབ་པ་རྣམ་པར་སྤྱོད། །ཐམས་ཅད་དམ་ཚིག་མཆོག་གིས་ནི། །རིག་པ་འཛིན་པའི་གཙོ་བོར་འགྱུར། །རྡོ་རྗེ་སྐུ་ནི་རབ་


DNG012_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམས་པས། །ཐམས་ཅད་དམ་ཚིག་མཆོག་ཏུ་འགྲུབ། །མི་སྣང་གྱུར་པ་ཐམས་ཅད་ལ། །སྟོང་གསུམ་གཅིག་པུས་སྣང་བྱེད་པས། །སངས་རྒྱས་ཀུན་ལས་འཕྲོག་པ་དང་། །ལྷ་ཡི་བུ་མོ་མཆོག་ལ་སྤྱོད། །གངྒཱའི་བྱེ་སྙེད་སངས་རྒྱས་རྣམས། །རྡོ་རྗེ་གསུམ་གྱི་གནས་བཞུགས་པ། །རང་ལག་སྐྱུ་རུ་ར་བཞག་བཞིན། །རྡོ་རྗེའི་མིག་གིས་མཐོང་བར་འགྱུར། །གངྒཱའི་བྱེ་སྙེད་ཞིང་རྣམས་ན། །སྒྲ་གྲག་པ་ནི་ཇི་སྙེད་པ། །མངོན་ཤེས་རྣ་བས་ཐོས་པ་ནི། །རྣ་བའི་དྲུང་ན་འཁོད་པ་བཞིན། །གངྒཱའི་བྱེ་སྙེད་ཞིང་དག་གི། །སེམས་ཅན་ཀུན་གྱི་སེམས་རྣམས་ནི། །སྐུ་གསུང་ཐུགས་ཀྱི་མཚན་ཉིད་ཅན། །རོལ་མོ་ལྟར་བྱུང་སེམས་རིག་འགྱུར། །བསྐལ་པ་གངྒཱའི་བྱེ་སྙེད་དུ། །འཁོར་བར་གནས་པར་འབྱུང་བ་ཡི། །སྔོན་གྱི་གནས་ཀྱི་གཏན་ཚིགས་རྣམས། །ཞག་གསུམ་ལོན་པ་བཞིན་དུ་དྲན། །གངྒཱའི་བྱེ་མ་སྙེད་ཀྱི་སྐུ། །སངས་རྒྱས་སྤྲིན་ལ་སོགས་བརྒྱན་པས། །བསྐལ་པ་གངྒཱའི་བྱེ་སྙེད་དུ། །རྫུ་འཕྲུལ་མཆོག་གི་རྡོ་རྗེས་འགེངས། །བཅོམ་ལྡན་འདས་དམ་ཚིག་མངོན་པར་མཁྱེན་པས་དེ་སྐད་ཅེས་བཀའ་སྩལ་ཏོ། །དེ་ལ་མངོན་པར་ཤེས་པ་ལྔ་ནི་རྡོ་རྗེའི་སྤྱན་དང་། རྡོ་རྗེའི་སྙན་དང་རྡོ་རྗེའི་ཐུགས་དང་། རྡོ་རྗེའི་གནས་དང་རྡོ་རྗེའི་རྫུ་འཕྲུལ་ལོ། །སངས་རྒྱས་མངོན་ཤེས་དོན་གྲུབ་ཅིང་། །སངས་རྒྱས་སྐུ་དང་འདྲ་བར་འགྱུར། །གངྒཱའི་བྱེ་སྙེད་གྲངས་མེད་པའི། །འཁོར་གྱིས་ཡོངས་སུ་བསྐོར་ནས་སུ། །རྡོ་རྗེའི་སྐུ་དང་གསུང་དང་ཐུགས། །འཇིག་རྟེན་ཁམས་ཀུན་རྣམ་པར་བགྲོད། །བསྙེན་པའི་དམ་ཚིག་སྦྱོར་བ་དང་། །ཉེ་བར་སྒྲུབ་པ་འབྱུང་བ་དང་། །སྒྲུབ་པའི་དོན་དུ་དམ་ཚིག་དང་། །སྒྲུབ་པ་ཆེན་པོ་དག་དང་བཞི། །རྡོ་རྗེའི་བྱེ་བྲག་ཤེས་བྱས་ལ། །དེ་ནས་ལས་རྣམས་བསྒྲུབ་པར་བྱ། །བསྙེན་པ་ཏིང་འཛིན་རབ་སྦྱོར་བ། །བྱང་ཆུབ་མཆོག་ནི་བསྒོམ་པར་བྱ། །ཉེ་བར་སྒྲུབ་པ་གྲུབ་མཆོག་ལ། །རྡོ་རྗེའི་སྐྱེ་མཆེད་རྣམ་དཔྱད་པ། །སྔགས་དང་བདག་པོ་བསྒོམས་པ་ཡིས། །སྒྲུབ་པའི་ཚེ་ན་སྐུལ་བར་གསུངས། །སྒྲུབ་པ་ཆེན་པོ་བྱེད་པའི་ཚེ། །རང་སྔགས་རྡོ་རྗེ་ཅན་གྱི་གཟུགས། །དབུ་རྒྱན་ལ་ནི་བདག་པོ་བསམ། །ཡེ་ཤེས་རྡོ་རྗེ་འགྲུབ་པར་འགྱུར། །བསྙེན་པའི་ཡེ་ཤེས་


DNG012_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་དག །ཐམས་ཅད་དུ་ནི་བརྟག་པར་བྱ། །འདི་གང་སྔགས་རྣམས་ཐམས་ཅད་ཀྱི། །སྔགས་དང་དེ་ཉིད་དོན་སྒྲུབ་པའོ། །དགོན་པ་ཆེན་པོའི་ས་ཕྱོགས་དང་། །རབ་ཏུ་སྐྱེ་བོས་དབེན་པ་དང་། །རི་བོ་ནགས་འདབ་ཆུ་ངོགས་སུ། །རྟག་ཏུ་དངོས་གྲུབ་ཐོབ་པར་འགྱུར། །བཅོམ་ལྡན་འདས་རྡོ་རྗེ་སྒྲུབ་པ་ཆེན་པོས་དེ་སྐད་ཅེས་བཀའ་སྩལ་ཏོ། །ཡང་ན་རྡོ་རྗེ་བཞི་དག་གིས། །བརྟུལ་ཞུགས་བརྟན་པས་བསྙེན་པར་བྱ། །སྐུ་གསུམ་མཉམ་པ་ཉིད་གྱུར་པས། །བསྒོམས་ན་དངོས་གྲུབ་ཐོབ་པར་འགྱུར། །ཐུན་བཞི་རྣམས་དང་རབ་སྦྱོར་བས། །གནས་ལྔར་བློ་དང་ལྡན་པ་ཡིས། །ཨོཾ་གྱི་ཡི་གེ་བསྒོམས་ནས་ནི། །ཡེ་ཤེས་རྡོ་རྗེས་སྡོམ་པ་བསྟན། །ཞག་བདུན་དང་ནི་ཟླ་ཕྱེད་དང་། །ཟླ་གཅིག་ཟླ་བ་ཕྱེད་དང་གཉིས། །རྡོ་རྗེ་དམ་ཚིག་བསྒྲུབས་ན་ནི། །དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར། །ཞག་གྲངས་བྱེ་བྲག་རབ་དབྱེ་བས། །ང་ཡིས་རྒྱས་པར་རབ་ཏུ་བསྟན། །གསང་བ་མཆོག་ལས་བྱུང་རྣམས་ཀྱིས། །ཟླ་བ་ཕྱེད་ཀྱིས་འགྲུབ་པར་གསུངས། །དེ་ལ་འདི་ནི་ཉེ་བར་བསྒྲུབ་པའི་སྡོམ་པའི་ཡུལ་ལོ། །སངས་རྒྱས་སྐུ་འཛིན་དཔལ་དང་ལྡན། །རྡོ་རྗེ་གསུམ་དང་མི་ཕྱེད་དངོས། །བདག་ལ་བྱིན་གྱིས་བརླབ་གནས་དེང་། །སྐུ་ཡི་རྡོ་རྗེས་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་གསུམ་དང་མི་ཕྱེད་དངོས། །བདག་ལ་བྱིན་གྱིས་བརླབ་གནས་དེང་། །སྐུ་ཡི་རྡོ་རྗེས་མཛད་དུ་གསོལ། །དེ་ལ་འདི་ནི་སྒྲུབ་པའི་སྡོམ་པའི་ཡུལ་ལོ། །ཆོས་ཉིད་གསུང་ལམ་དཔལ་དང་ལྡན། །རྡོ་རྗེ་གསུམ་དང་མི་ཕྱེད་དངོས། །བདག་ལ་བྱིན་གྱིས་བརླབ་གནས་དེང་། །གསུང་གི་རྡོ་རྗེས་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་གསུམ་དང་མི་ཕྱེད་དངོས། །བདག་ལ་བྱིན་གྱིས་བརླབ་གནས་དང་། །གསུང་གི་རྡོ་རྗེས་མཛད་དུ་གསོལ། །དེ་ལ་འདི་ནི་སྒྲུབ་པ་ཆེན་པོའི་སྡོམ་པའི་ཡུལ་ལོ། །རྡོ་རྗེ་ཐུགས་འཛིན་དཔལ་དང་ལྡན། །རྡོ་རྗེ་གསུམ་དང་མི་ཕྱེད་དངོས། །བདག་ལ་བྱིན་གྱིས་བརླབ་གནས་དེང་། །ཐུགས་ཀྱི་རྡོ་རྗེས་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་གསུམ་དང་མི་ཕྱེད་དངོས། །བདག་ལ་བྱིན་གྱིས་བརླབ་གནས་དེང་། །ཐུགས་ཀྱི་རྡོ་རྗེས་མཛད་དུ་


DNG012_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། །སངས་རྒྱས་རྡོ་རྗེ་སེམས་དཔའ་འམ། །ཡང་ན་ཆོས་ཀྱི་སེམས་དཔའང་རུང་། །གལ་ཏེ་རྨོངས་བདག་ཉིད་འདའ་ན། །ཚལ་པར་འགས་འདིར་གདོན་མི་ཟ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་ཆེན་གསང་བ་འདུས་པ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་སྦྱོར་བའི་དམ་ཚིག་སྒྲུབ་པ་མཆོག་ངེས་པར་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་བཅོམ་ལྡན་བདེ་གཤེགས་ཀུན། །ཡེ་ཤེས་རྡོ་རྗེ་མཆོག་འཛིན་དང་། །སེམས་ཅན་ཀུན་དོན་ཡང་དག་འབྱུང་། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱིས། །ཐུབ་པ་དོན་ཀུན་རྡོ་རྗེ་ཅན། །སྟོན་པ་ཆེ་ལ་ཕྱག་འཚལ་ནས། །དམ་ཚིག་དེ་ཉིད་མཁྱེན་པ་ལ། །མཆོད་དེ་རྡོ་རྗེའི་དབྱངས་འདི་གསུངས། །ཨེ་མའོ་སངས་རྒྱས་ཚུལ་རེ་བཟང་། །ཨེ་མའོ་བྱང་ཆུབ་ཚུལ་གྱི་མཆོག །ཨེ་མའོ་ཆོས་ཀྱི་ཚུལ་རེ་ཞི། །ཨེ་མའོ་སྔགས་ཀྱི་ཚུལ་རེ་བརྟན། །མ་སྐྱེས་པ་ཡི་ཆོས་རྣམས་ནི། །ངོ་བོ་ཉིད་ཀྱིས་ཁྱད་པར་ཅན། །རྣམ་པར་མི་རྟོག་ཡང་དག་ལ། །ཡེ་ཤེས་འབྱུང་བར་རབ་ཏུ་གསུངས། །ཡིད་འོང་སྔགས་རྣམས་ཀུན་བསྡུས་པ། །རྡོ་རྗེ་བཟླས་པ་ཡེ་ཤེས་ཆེ། །སྐུ་གསུམ་མི་ཕྱེད་དཀྱིལ་འཁོར་ནི། །སངས་རྒྱས་ཡེ་ཤེས་ཐོབ་འགྱུར་བ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །བཟླས་པ་རྡོ་རྗེའི་སྦྱོར་བ་ཡིས། །སངས་རྒྱས་ཀུན་གྱི་བྱིན་གྱིས་རློབ། །རིགས་དང་སྔགས་རྣམས་ཐམས་ཅད་ཀྱི། །སྐུ་དང་གསུང་དང་ཐུགས་མཚན་ཉིད། །སྔགས་ཀྱི་བཟླས་པ་དེ་རིང་གསུངས། །ཡེ་ཤེས་རྒྱ་མཚོ་གསན་པ་དང་། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །སངས་རྒྱས་དུས་གསུམ་བྱུང་བ་རྣམས། །རྡོ་རྗེ་སྔགས་ནི་རབ་བསྒོམས་པས། །ཡེ་ཤེས་མཉམ་མེད་ཐོབ་འགྱུར་བ། །བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། །དེ་ནས་སྟོན་པ་རྡོ་རྗེ་འཛིན། །ནམ་མཁའ་རྡོ་རྗེ་ཡེ་ཤེས་བྱུང་། །བྱེད་སྐྱེད་དམ་པ་མཆོག་གི་གཙོས། །རྡོ་རྗེ་བཟླས་པ་འདི་གསུངས་སོ། །སྔགས་ཀྱི་དོན་ཀུན་བཟླས་པ་ནི། །རྡོ་རྗེ་མི་ཕྱེད་གསུམ་གྱིས་མཚན། །རྡོ་རྗེ་དབྱེ་བ་གསུམ་གྱི་མཐར། །བཀོད་པ་རྡོ་རྗེ་གསུམ་ཞེས་བྱ། །སྐུ་གསུང་ཐུགས་ཀྱི་གནས་རྣམས་སུ། །སྤྲོ་བ་རྣམ་པ་


DNG012_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དག་བྱ། །རྡོ་རྗེ་བཟླས་པ་འདི་ཡིས་ནི། །རྡོ་རྗེ་གསུམ་གྱི་ཐུགས་འདྲར་འགྱུར། །སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས། །བསྒོམས་ནས་མཆོད་པའི་མཆོག་བརྟག་པ། །ཡེ་ཤེས་རྡོ་རྗེས་བྱས་ན་ནི། །རྡོ་རྗེ་གསུམ་གྱི་ཐུགས་འདྲར་འགྱུར། །སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས། །བསམས་ནས་མཆོད་པའི་མཆོག་བརྟག་པ། །ཡེ་ཤེས་རྡོ་རྗེས་རབ་ཏུ་བྱ། །འདི་ནི་བྱང་ཆུབ་མཆོག་འཐོབ་པའོ། །ཡང་ན་དབྱེ་བ་རྣམ་གསུམ་གྱིས། །སོ་སོ་སོ་སོར་སྤྲོ་བར་བྱ། །སྐུ་དང་གསུང་ཐུགས་བདག་མེད་པ། །ཡེ་ཤེས་སེམས་ཀྱིས་ཡང་དག་སྤྲོ། །བརྗོད་ནས་རྡོ་རྗེ་སྤྲོ་བྱ་ཞིང་། །རྫོགས་ནས་རབ་ཏུ་བསྡུ་བར་བྱ། །འདི་ནི་ཡེ་ཤེས་སྤྱན་ཕྱེ་བའི། །སངས་རྒྱས་རྣམས་ནི་ཀུན་གྱི་ཡིན། །སྐུ་ཡི་རྡོ་རྗེ་རྫོགས་བྱང་ཆུབ། །དངོས་དང་དངོས་མེད་རྣམ་དཔྱད་པ། །སངས་རྒྱས་སྐུ་ཞེས་བྱ་བར་གསུངས། །དེ་ནི་སྐུ་ཡི་བཟླས་པར་བཤད། །གསུང་གི་དམ་ཚིག་རྫོགས་བྱང་ཆུབ། །སྒྲ་དང་སྒྲ་མིན་རྣམ་དཔྱད་པ། །གསུང་གི་རྡོ་རྗེ་ཞེས་གསུངས་ཏེ། །དེ་ནི་གསུང་གི་བཟླས་པར་བཤད། །ཐུགས་ཀྱི་དམ་ཚིག་རྫོགས་བྱང་ཆུབ། །གནས་པའི་རྡོ་རྗེ་རྣམ་དཔྱད་པ། །ཐུགས་ཀྱི་རྡོ་རྗེ་ཞེས་གསུངས་ཏེ། །དེ་ནི་ཐུགས་ཀྱི་བཟླས་པར་བཤད། །དོན་གྱི་རྗེས་རྟོགས་བཟླས་པ་ནི། །ངོ་བོ་ཉིད་མེད་བཟང་པོ་ཡིས། །དུས་གསུམ་སངས་རྒྱས་རྣམས་དཔྱད་པ། །དེ་ནི་རིན་ཆེན་བཟླས་པར་བཤད། །སངས་རྒྱས་ཞིང་རྣམས་ཐམས་ཅད་དུ། །སྐུ་ཡི་སྤྲིན་རྣམས་སྤྲོ་བ་ནི། །བཞུད་ཅིང་བྱོན་པ་རྡོ་རྗེའི་དོན། །དེ་ནི་དོན་ཡོད་བཟླས་པར་བཤད། །ཁྲོ་བོའི་དམ་ཚིག་ཤེས་པ་ཡིས། །རང་གི་རྡོ་རྗེའི་དཀྱིལ་འཁོར་བསྒྲགས། །སྔགས་ཀྱི་ཡི་གེའི་ཚིག་ཐོས་པ། །དེ་ནི་ཁྲོ་བོའི་བཟླས་པར་བཤད། །འདོད་པའི་དོན་གྱིས་མྱོས་གྱུར་པ། །ཀུན་ཏུ་སྐྱོབ་ཅིང་ཕན་པར་དགའ། །སེམས་ཅན་གཏི་མུག་གནས་ལ་འདོག །དེ་ནི་གཏི་མུག་བཟླས་པར་བཤད། །འདོད་ཆགས་རྡོ་རྗེ་ལས་བྱུང་ཚིག །ལུས་དང་ངག་སེམས་ལ་གནས་པ། །སེམས་ཅན་འདོད་ཆགས་མཚོར་གནས་བཞག །དེ་ནི་འདོད་ཆགས་བཟླས་པར་བཤད། །ཞེ་སྡང་རྡོ་རྗེ་ལས་བྱུང་སེམས། །ལུས་དང་ངག་སེམས་ལ་གནས་པ། །སེམས་ཅན་ཞེ་


DNG012_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

སྡང་གནས་ལ་བཞག །དེ་ནི་ཞེ་སྡང་བཟླས་པར་བཤད། །དམ་ཚིག་དེ་ཉིད་རྡོ་རྗེ་གསུམ། །དབུ་མ་དམ་ཚིག་རྡོ་རྗེ་ཅན། །དེ་ཉིད་དམ་ཚིག་རྡོ་རྗེ་ཡི། །མ་ནིང་བཟླས་པ་ཞེས་བཤད་དོ། །འདོད་ཆགས་དེ་ཉིད་དོན་བསྒོམ་པ། །རྡོ་རྗེ་བདག་པོ་ཐམས་ཅད་ནི། །སེམས་ཅན་ཀུན་ལ་ཕན་འདོད་པའི། །འདོད་ཆགས་བྱང་ཆུབ་རྫོགས་པར་མཛད། །རིག་པ་ཆེན་པོའི་སྤྱན་ལ་སོགས། །རྟག་ཏུ་འདོད་པའི་དོན་བརྩོན་པ། །འདོད་པའི་ལོངས་སྤྱོད་དག་གིས་ནི། །ཇི་ལྟར་འདོད་པ་བསྟེན་ན་འགྲུབ། །གཏི་མུག་དམ་ཚིག་ལས་བྱུང་བ། །རིག་པའི་རྒྱལ་པོ་རྡོ་རྗེ་ཅན། །མ་ནིང་དག་གི་གནས་གྲུབ་པ། །དངོས་གྲུབ་དམ་པ་རབ་ཏུ་སྟེར། །ཁྲོ་བོ་ཞེ་སྡང་གནས་ལས་སྐྱེས། །རྟག་ཏུ་གསོད་ལ་བརྩོན་པ་རྣམས། །སྒྲུབ་པ་མཆོག་གི་ཆོས་ཅན་ལ། །གསོད་པའི་དོན་གྱིས་འགྲུབ་པར་འགྱུར། །བཅོམ་ལྡན་འདས་སྐྱེས་བུ་ཆེན་པོའི་དམ་ཚིག་གིས་དེ་སྐད་ཅེས་བཀའ་སྩལ་ཏོ། །ཡེ་ཤེས་འཁོར་ལོ་ཅན་གྱིས་ནི། །སྙིང་གའི་དབུས་སུ་འཁོར་ལོ་བསྒོམ། །གསལ་བའི་དཀྱིལ་འཁོར་དབུས་གནས་པ། །དབུས་སུ་འཁོར་ལོའི་དོན་བསྒོམ་མོ། །ཡེ་ཤེས་རྡོ་རྗེ་ཅན་གྱིས་ནི། །སྙིང་གའི་དབུས་སུ་རྡོ་རྗེ་བསྒོམ། །རྡོ་རྗེ་དཀྱིལ་འཁོར་དབུས་གནས་པ། །རྡོ་རྗེའི་སྔགས་དོན་བསྒོམ་པར་བྱ། །རིན་ཆེན་ཡེ་ཤེས་ཅན་གྱིས་ནི། །སྙིང་གའི་དབུས་སུ་རིན་ཆེན་བསྒོམ། །རིན་ཆེན་དཀྱིལ་འཁོར་དབུས་གནས་པ། །རིན་ཆེན་སྔགས་དོན་བསྒོམ་པར་བྱ། །པདྨ་ཡེ་ཤེས་ཅན་གྱིས་ནི། །སྙིང་གའི་དབུས་སུ་པདྨ་བསྒོམ། །ཆོས་ཀྱི་དཀྱིལ་འཁོར་དབུས་གནས་པ། །པདྨའི་སྔགས་དོན་བསྒོམ་པར་བྱ། །རལ་གྲི་ཡེ་ཤེས་ཅན་གྱིས་ནི། །སྙིང་གའི་དབུས་སུ་རལ་གྲི་བསྒོམ། །དམ་ཚིག་དཀྱིལ་འཁོར་དབུས་གནས་པ། །རལ་གྲིའི་སྔགས་དོན་བསྒོམ་པར་བྱ། །དཀྱིལ་འཁོར་ཀུན་གྱི་ངོས་རྣམས་སུ། །སངས་རྒྱས་ལྔ་རྣམས་དགོད་པར་བྱ། །འོད་ཟེར་ལྔ་ཡི་བྱེ་བྲག་གིས། །སྤྲོས་ན་བྱང་ཆུབ་ཐོབ་པར་འགྱུར། །སྔགས་རྣམས་ཐམས་ཅད་སྤྲོ་བ་ནི། །བྱེ་བྲག་རྣམ་པ་གཉིས་སུ་བསྒྲགས། །སྐུ་གསུམ་རྡོ་རྗེའི་བྱེ་བྲག་གིས། །སྤྲོ་བ་དང་ནི་བསྡུ་བར་བྱ། །


DNG012_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ནི་སྐུ་ཡི་ངོ་བོ་ཉིད། །སེམས་ནི་ཐུགས་ཀྱི་ངོ་བོ་ཉིད། །ངག་ནི་གསུང་གི་རང་བཞིན་གྱིས། །མཆོད་ན་མཆོད་པའི་གནས་ཐོབ་འགྱུར། །དཀྱིལ་འཁོར་ཆེན་པོའི་འཁོར་ལོ་ཡིས། །རྡོ་རྗེ་ལྔ་ནི་བསྒོམ་པར་བྱ། །སྐུ་གསུང་རྡོ་རྗེའི་དབུས་སུ་ནི། །རང་གི་བདག་པོའི་གཟུགས་བསམས་ནས། །རང་གི་སྔགས་ཀྱི་རྡོ་རྗེའི་གཟུགས། །དཀྱིལ་འཁོར་རྣམ་པ་བཞི་དག་ནི། །ཁ་དོག་རྣམ་བཞིར་ཀུན་བརྟགས་ལ། །སྙིང་གར་སྔགས་ཀྱི་དོན་བསྒོམ་པ། །རྡོ་རྗེ་རྣམ་པ་བཞི་ཡི་ལས། །བསམ་གཏན་རྡོ་རྗེ་ཅན་དག་བྱེད། །འདི་ནི་སྔགས་རྣམས་ཐམས་ཅད་ཀྱི། །གསང་བ་རབ་ཏུ་བཟང་པོ་ཡིན། །ཞི་བ་ལ་ནི་སྤྱན་གྱི་ཚུལ། །རྒྱས་པ་པདྨོ་རྡོ་རྗེ་ཅན། །དབང་ལ་རྣམ་པར་སྣང་མཛད་གནས། །རྡོ་རྗེ་ཁྲོ་བོ་མངོན་སྤྱོད་ལ། །འདི་དེ་རྡོ་རྗེ་ཐམས་ཅད་ཀྱི། །གསང་བ་སྐུ་གསུམ་ལས་བྱུང་བས། །སྤྲུལ་པ་སྔགས་རྣམས་ཐམས་ཅད་ཀྱི། །བྱ་བའི་རོལ་མོས་མཚན་པའོ། །མ་དད་སྨྲ་བའི་སེམས་ཅན་དང་། །སློབ་དཔོན་རྡོ་རྗེ་ཅན་སྨོད་པ། །གདུག་པའི་སེམས་ཅན་གཞན་རྣམས་ལའང་། །རབ་ཏུ་བསྐུལ་བ་འདི་བྱའོ། །བཅོམ་ལྡན་འདས་ཡེ་ཤེས་ཆེན་པོ་འཁོར་ལོ་རྡོ་རྗེས་དེ་སྐད་ཅེས་བཀའ་སྩལ་ཏོ། །ཁམས་གསུམ་གནས་པའི་སེམས་ཅན་རྣམས། །སངས་རྒྱས་སྐུར་ནི་རྣམ་བསྒོམས་ལ། །དགྲ་བོ་བསད་པར་བསམས་ནས་སུ། །དེ་ནས་ལས་རྣམས་བརྩམ་པར་བྱ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པ། །རྡོ་རྗེ་རྩེ་ལྔ་ཞལ་བཞི་པ། །རྣམ་པ་ཀུན་གྱི་མཆོག་དང་ལྡན། །རྡོ་རྗེ་སེམས་དཔར་རྣམ་པར་བསྒོམ། །དུས་གསུམ་དམ་ཚིག་ལས་བྱུང་བའི། །སངས་རྒྱས་འཁོར་ལོ་རྣམ་བསྒོམས་ལ། །སངས་རྒྱས་འཁོར་ལོ་སྟོབས་པོ་ཆེ། །ལག་པ་གཡས་པས་འདི་བྱའོ། །ཕྱོགས་བཅུ་ནས་བྱུང་སེམས་ཅན་རྣམས། །སངས་རྒྱས་སྐུ་ཡི་བྱེ་བྲག་གིས། །བསྡུས་ཏེ་གོང་བུའི་ཚུལ་གྱིས་སུ། །དེ་དག་རང་གི་ལུས་ལ་གཞུག །སངས་རྒྱས་ཡེ་ཤེས་འཁོར་ལོ་ཅན། །སླར་ཡང་སྤྲོ་བར་རབ་ཏུ་བྱ། །ཁྲོས་པས་འཁྲུགས་པའི་ཁྲོ་བོ་བསམ། །མི་སྡུག་རབ་གསལ་འཇིགས་སུ་རུང་། །མཚོན་ཆ་སྣ་ཚོགས་མཆོག་འཛིན་པ། །གསོད་པའི་དོན་གྱི་མཆོག་སེམས་པ། །རྡོ་རྗེ་སེམས་དཔའ་རང་


DNG012_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱང་། །གདུག་པ་ཆེན་པོ་གསོད་པར་བྱེད། །སངས་རྒྱས་སྐུ་གསུམ་མཆོག་སྩོལ་བས། །རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་གནས། །འདི་ནི་ཉི་མ་བདུན་བྱས་ན། །སངས་རྒྱས་དངོས་གྲུབ་སྟེར་བར་འགྱུར། །རྨོངས་པས་གྲུབ་པ་ལ་སྟེར་ན། །འཆི་བར་འདིར་ནི་གདོན་མི་ཟ། །རྡོ་རྗེའི་དམ་ཚིག་ཡེ་ཤེས་ཀྱི་བཀའི་འཁོར་ལོ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །འཁོར་ལོ་རྡོ་རྗེ་འབར་བས་བརྒྱན། །རྣམ་པ་ཀུན་གྱི་མཆོག་དང་ལྡན། །རྣམ་པར་སྣང་མཛད་རབ་ཏུ་བསྒོམ། །དུས་གསུམ་དམ་ཚིག་ལས་བྱུང་བ། །རྡོ་རྗེ་སེམས་དཔའ་གྲགས་ཆེན་པོ། །རྡོ་རྗེ་མེ་སྟག་འཕྲོ་བ་ཅན། །དེ་ཡི་ཕྱག་ན་བསྣམས་པར་བསྒོམ། །ཕྱོགས་བཅུ་ནས་བྱུང་སེམས་ཅན་རྣམས། །རྡོ་རྗེའི་སྐུ་ཡི་ཁྱད་པར་གྱིས། །འོད་ཟེར་ཚུལ་གྱིས་བསྡུས་ནས་ནི། །དེ་དག་བདག་གི་ལུས་ལ་གཟུང་། །རྡོ་རྗེ་ཐམས་ཅད་སྤྲོ་བ་ནི། །ཡེ་ཤེས་མཆོག་གི་གཉེན་གྱིས་བྱ། །སྐུ་གསུང་ཐུགས་ཀྱི་སྦྱོར་བ་ཅན། །སངས་རྒྱས་ཐམས་ཅད་བདག་ལ་གསོན། །བདག་ནི་དཔལ་ལྡན་རྡོ་རྗེ་འཆང་། །བཀའ་ཡི་འཁོར་ལོ་རབ་སྦྱོར་བས། །གལ་ཏེ་དམ་ཚིག་ལས་འདས་ན། །རྡོ་རྗེ་ཀུན་ནས་འབར་གཟུགས་ཀྱིས། །སྐུ་གསུམ་ལས་བྱུང་འགས་པར་བགྱི། །ཞིག་པར་འགྱུར་འདིར་གདོན་མི་འཚལ། །འཁོར་ལོའི་དམ་ཚིག་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །སངས་རྒྱས་དཀྱིལ་འཁོར་རྡོ་རྗེ་ཅན། །ནམ་མཁའ་རྡོ་རྗེའི་དབུས་གནས་བསམ། །གཤིན་རྗེ་གཤེད་ཀྱི་འཁོར་ལོ་ཆེ། །རང་གི་རྡོ་རྗེ་རབ་ཏུ་བརྟག །དུས་གསུམ་སངས་རྒྱས་སེམས་དཔའ་རྣམས། །སྐུ་གསུམ་དཀྱིལ་འཁོར་ལ་བཞུགས་པ། །སླར་ཡང་སངས་རྒྱས་གཤིན་རྗེ་གཤེད། །རྣམ་པ་འདྲ་བར་སྤྲོ་བར་བྱ། །སེམས་ཅན་དུས་གསུམ་ལ་བཞུགས་པ། །གདུག་སེམས་ཅན་དང་དགྲ་བོ་རྣམས། །ཁྲོས་པས་ཐམས་ཅད་གསོད་པར་བསྒོམ། །འདི་ནི་རྡོ་རྗེ་བཀའ་དཀྱིལ་འཁོར། །དམ་ཚིག་ཐམས་ཅད་ལས་བྱུང་བ་གཤིན་རྗེ་གཤེད་ཀྱི་སྐུ་གསུམ་གྱི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེའམ། །རང་སྔགས་དོན་གྱི་ཡོན་ཏན་ནམ། །


DNG012_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ན་གཙུག་ཏོར་དམ་ཚིག་གིས། །བཀའ་ཡི་འཁོར་ལོ་སྦྱར་བར་བྱ། །སྔགས་ཀུན་བསྲུང་ཕྱིར་ཡེ་ཤེས་མཆོག །རྡོ་རྗེ་ཅན་གྱིས་བྱ་བ་སྟེ། །འདི་ནི་རྡོ་རྗེ་ཐམས་ཅད་ཀྱི། །བྱང་ཆུབ་བསྲུང་བའི་དོན་ཞེས་བྱ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྡོ་རྗེས་དེ་སྐད་ཅེས་བཀའ་སྩལ་ཏོ། །ནམ་མཁའི་རྡོ་རྗེའི་དབུས་གནས་པར། །ཆོས་ཀྱི་སྣང་མཛད་སྐུ་མཆོག་ལས། །བྱུང་བའི་སྐུ་གསུམ་དམ་ཚིག་དག །མཁའ་དབྱིངས་རྡོ་རྗེའི་དབུས་གནས་པར། །བསམས་ནས་གདན་དེ་རབ་ཏུ་བརྟག །མཁའ་དབྱིངས་སངས་རྒྱས་ཐམས་ཅད་ཀྱིས། །ཡོངས་སུ་གང་བས་རྣམ་པར་བསྒོམ། །རང་སྔགས་ཡི་གེ་གནས་ཡེ་ཤེས། །ཐུགས་ཀྱི་རྣམ་པར་བསྒོམ་པར་བྱ། །སླར་ཡང་སངས་རྒྱས་སེམས་ཙམ་དུ། །བསྒོམས་པ་རྣམས་ནི་རབ་ཏུ་བསྡུ། །ཐུགས་ཀྱི་རྡོ་རྗེར་བྱས་ནས་སུ། །སྐུ་གསུམ་ལ་ནི་དེ་དག་གཟུད། །བཅོམ་ལྡན་འདས་ནམ་མཁའི་རྡོ་རྗེས་དེ་སྐད་ཅེས་བཀའ་སྩལ་ཏོ། །རྡོ་རྗེའི་སྔགས་རིན་པོ་ཆེ་རབ་ཏུ་སྣང་བར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །རྡོ་རྗེ་སེམས་དཔའ་རབ་ཏུ་བསྒོམ། །སངས་རྒྱས་རིམ་པར་བཀོད་ནས་ནི། །ཆུ་ཡི་སྟེང་དུ་བཅག་པར་བྱ། །རྐང་པ་མཉམ་བཞག་སྦྱོར་བ་ཡིས། །སྤྱི་བོའི་སྟེང་དུ་རྐང་པ་བསྒོམ། །བཅོམ་ལྡན་འདས་ངོ་བོ་ཉིད་དག་པས་དེ་སྐད་ཅེས་བཀའ་སྩལ་ཏོ། །རྡོ་རྗེ་ཆུ་གཏེར་རྐང་པས་གནོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དབང་ཆེན་དཀྱིལ་འཁོར་བསྒོམས་ནས་ནི། །དབུས་སུ་ཁྲོ་བོ་རྣམ་བཞག་ལ། །ལས་ཀྱི་རྡོ་རྗེ་རྐང་པ་ཡིས། །དེ་ཡི་སྤྱི་བོར་གནན་པར་བསྒོམ། །མུ་སྟེགས་ཐམས་ཅད་དང་། ཕས་ཀྱི་རྒོལ་བའི་འཁྲུལ་འཁོར་གནོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ཁྲོ་བོའི་གཟུགས་གསུམ་རྡོ་རྗེ་མཆོག །གེ་སར་སེར་པོའི་མདོག་འདྲ་བ། །ཐམས་ཅད་རི་ཡི་རྒྱལ་པོ་ལྟར། །སྤྱི་བོར་བསམས་ནས་རབ་ཏུ་བསྒོམ། །སངས་རྒྱས་དཔུང་ཡང་གནོན་བྱེད་ན། །མི་དབང་ལ་འདིར་ཐེ་ཚོམ་མེད། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ལས་བྱུང་བས་དེ་སྐད་ཅེས་བཀའ་སྩལ་ཏོ། །དཔུང་ཐམས་ཅད་གནོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དགྲ་བོ་སྐྲག་པའི་དམ་ཚིག་


DNG012_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །བསམ་གཏན་འདི་ནི་རབ་ཏུ་བརྟག །སངས་རྒྱས་དག་གིས་འདས་ན་ཡང་། །འགས་པར་འགྱུར་བར་གདོན་མི་ཟ། །བཅོམ་ལྡན་འདས་རྡོ་རྗེ་གསུམ་གྱི་དམ་ཚིག་གིས་འདི་སྐད་ཅེས་གསུངས་ཏེ། ཡི་གེ་ཧཱུྃ་ལས་ཕུར་བུ་ཡི། །ཚད་ནི་རྩེ་མོ་ལྔ་པ་སྟེ། །རྡོ་རྗེ་ཕུར་བུར་བྱས་བསྒོམ་ལ། །སྙིང་གར་དེ་ཡིས་འདི་རབ་བསྒོམ། །སངས་རྒྱས་དཔུང་ནི་ཁྲོས་པ་ཡང་། །འཇིག་པར་འགྱུར་འདིར་གདོན་མི་ཟ། །དགྲ་རྨོངས་པ་གནོན་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །གྲོང་ཁྱེར་རམ་ནི་ཡང་ན་གྲོང་། །ལྗོངས་སུ་ཡང་ནི་ལ་སྦྱར་བྱ། །ནད་ཀུན་སྤོང་བའི་ཞི་བ་ཡང་། །འདིས་ནི་རྟག་ཏུ་སྦྱར་བར་བྱ། །བར་སྣང་ལ་གནས་རྡོ་རྗེ་ནི། །རྩེ་མོ་ལྔ་ལ་རྣམ་པར་བསྒོམ། །བསྐལ་པ་སྲེག་པ་ལྟར་བསམས་ལ། །སླར་ཡང་རབ་ཏུ་བསྡུ་བར་བྱ། །སྤྲོ་བ་དག་ཀྱང་སླར་བྱའོ། །རིན་ཆེན་ཡིད་བཞིན་ནོར་བུའི་འོད། །ཆོས་ཀྱི་སྤྲིན་ནི་བསྒོམས་ནས་ཀྱང་། །དབང་བསྒྱུར་བ་ནི་ཡང་དག་བྱ། །རྡོ་རྗེའི་བསམ་གཏན་འདི་ཡིས་ནི། །དགང་དཀའ་བ་ཡང་རབ་ཏུ་འགེངས། །སྦྱིན་པའི་རྡོ་རྗེ་རབ་སྣང་བྱེད། །ཡིད་བཞིན་ནོར་བུ་དཔལ་ལྡན་འགྱུར། །དེར་ནི་སངས་རྒྱས་ཆོས་ཆེན་དང་། །རྡོ་རྗེ་སེམས་དཔའི་སྤྲིན་སྤྲོ་བྱ། །བསྐལ་པ་གྲངས་མེད་གསུམ་ཡང་གནས། །སངས་རྒྱས་ཀུན་གྱིས་བྱིན་གྱིས་རློབ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །སྐྱོན་མེད་སྐུ་ཡི་གསང་བའོ། །ནད་ཐམས་ཅད་མེད་པར་བྱེད་པ་རྡོ་རྗེ་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །བསམ་གཏན་ལས་བྱུང་དམ་བཅས་པ། །གནས་གང་དུ་ནི་བརྩམ་པར་བྱ། །བསམ་གཏན་སྦྱོར་བ་འདི་ཡིས་ནི། །གནས་ན་སངས་རྒྱས་བྱིན་གྱིས་རློབ། །རྡོ་རྗེ་བདུད་རྩི་རྒྱལ་པོ་ཆེ། །རྡོ་རྗེ་ཕུར་བུར་རབ་བསྒོམས་ལ། །མེ་སྟག་འབར་བ་འདྲ་བ་ཡིས། །ཕྱོགས་བཅུའི་དཀྱིལ་འཁོར་གདབ་པར་བྱ། །ཞེས་ཀྱང་གསུངས་སོ། །འགྲོ་བ་འདུལ་བ་ཞི་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ཞི་བའི་དཀྱིལ་འཁོར་དམ་པ་ནི། །ནམ་མཁའི་དབྱིངས་ཀྱི་དབུས་གནས་བསམ། །རྣམ་པར་སྣང་མཛད་གཟུགས་བསམས་ནས། །རང་གི་ཐུགས་ཀར་དོན་གཉེར་


DNG012_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

བཞག །མཁའ་དབྱིངས་སྤྱན་གྱི་མཆོག་རྣམས་ཀྱིས། །ཡོངས་སུ་གང་བར་རྣམ་པར་བསྒོམ། །བསྡུས་ནས་འོད་ཀྱི་གོང་བུ་ཡིས། །ནད་པ་ལ་ནི་ཕབ་ནས་སུ། །བ་སྤུའི་བུ་ག་ནས་སངས་རྒྱས། །སྤྲིན་རྣམས་བརྟུལ་ཞུགས་ཅན་གྱིས་སྤྲོ། །སངས་རྒྱས་སྤྲིན་རྣམས་དེ་ཡི་ཚེ། །དེ་ལ་དབང་བསྐུར་རབ་ཏུ་སྩོལ། །ནད་པ་དམ་ཚིག་རྡོ་རྗེ་ཡིས། །སྐད་ཅིག་གིས་ནི་དཔལ་ལྡན་འགྱུར། །སངས་རྒྱས་ཀྱི་དམ་ཚིག་གི་སྤྲིན་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། །དབང་ཆེན་དཀྱིལ་འཁོར་དམ་པ་བསམ། །ཆོས་འཛིན་པ་ཡི་གཟུགས་བསམ་མོ། །ཐུགས་ཀར་དོན་གཉེར་གཞག་པར་བྱ། །མཁའ་དབྱིངས་གནས་ནི་ཉམས་དགའ་བར། །དཀར་མོ་ཞེས་བྱས་རབ་ཏུ་དགང་། །ཡིད་བཞིན་ནོར་བུ་རིན་ཆེན་འོད། །འོད་ཀྱི་གོང་བུ་བསྡུ་བར་བྱ། །འདི་དག་འདོད་པའི་ལུས་དང་ངག །སེམས་ཀྱི་གནས་ལ་དབབ་པར་བྱ། །བ་སྤུའི་བུ་ག་ནས་རིན་ཆེན། །སྤྲིན་རྣམས་བརྟུལ་ཞུགས་ཅན་གྱིས་སྤྲོ། །ཆོས་ཀྱི་སྤྲིན་ནི་བསྒོམ་བྱ་ཞིང་། །དབང་བསྐུར་བ་ནི་ཡང་དག་བྱ། །རྡོ་རྗེ་བསམ་གཏན་འདི་ཡིས་ནི། །དགང་དཀའ་བ་ཡང་རབ་ཏུ་འགེངས། །དེ་ནི་ཡིད་བཞིན་ནོར་དཔལ་ལྡན། །སྦྱིན་པའི་རྡོ་རྗེ་རབ་སྣང་བའོ། །ཆོས་ཀྱི་སྤྲིན་གྱི་དམ་ཚིག་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པའི། །རྡོ་རྗེ་ཟླ་གམ་དཀྱིལ་འཁོར་བསམ། །རྡོ་རྗེ་ནམ་མཁའ་ཆོས་མདུན་གཟུགས། །ཐུགས་ཀར་འདོད་པ་གཞག་པར་བྱ། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡིས། །ནམ་མཁའི་དཀྱིལ་འཁོར་ཡོངས་སུ་གང་། །འོད་ཟེར་ལྔ་ཡི་སྦྱོར་བ་ཡིས། །གཟི་བརྗིད་དེ་ལ་དབབ་པར་བྱ། །དེ་ནི་དེ་མ་ཐག་ཉིད་དུ། །སངས་རྒྱས་ཀུན་གྱི་ཐུགས་སུ་བྱོན། །འཇམ་དཔལ་གྱི་ནི་མདོག་དང་འདྲ། །གནས་ལས་བྱེད་པར་དེར་འགྱུར་རོ། །དགྱེས་པའི་བདག་ཉིད་ཅན་དབང་བསྒྱུར། །དགའ་སྟོན་ཆེན་པོ་སྩོལ་བར་མཛད། །མཐོང་བ་ཉིད་ཀྱིས་བྱུང་བ་ཡི། །འགྲོ་བ་ཐམས་ཅད་དབང་དུ་འགྱུར། །རིན་པོ་ཆེའི་དམ་ཚིག་གི་སྤྲིན་བཀོད་


DNG012_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ནམ་མཁའ་རྡོ་རྗེ་སྲིན་པོ་ནི། །དྲག་ཅིང་ཁྲོ་ལ་རབ་གཏུམ་དང་། །ཝ་དང་སྣ་ཚོགས་བྱ་རོག་དང་། །བྱ་རྒོད་ཁྱི་ཡིས་གང་བར་བསྒོམ། །མེ་ཡི་དཀྱིལ་འཁོར་ལ་གནས་པའི། །དགྲ་བོ་རྣམས་ནི་རྟག་པར་བསྒོམ། །སངས་རྒྱས་ཀུན་ལ་གནོད་བྱེད་པ། །བསམས་ནས་རྣལ་འབྱོར་སྦྱར་བར་བྱ། །མཚོན་ཆ་སྣ་ཚོགས་ཐོགས་པས་མནན། །རྒྱུ་མ་རུས་བཅུད་ཁྲག་ལ་སོགས། །ཀུན་གྱིས་དྲངས་པར་རྣམ་བསྒོམ་སྟེ། །བསྒོམས་ན་དགྲ་རྣམས་འཆི་བར་འགྱུར། །གལ་ཏེ་འདི་ལྟར་རབ་བསྒོམས་ན། །སངས་རྒྱས་རྡོ་རྗེ་འཛིན་པ་ཡང་། །ཟླ་ཕྱེད་ནང་དུ་རྫོགས་པ་ལ། །འཆི་བར་འགྱུར་འདིར་གདོན་མི་ཟ། །རྡོ་རྗེ་སྤྲིན་དམ་ཚིག་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །རྣམ་པར་སྣང་མཛད་ཞལ་གསུམ་པ། །སྟོན་ཀའི་སྤྲིན་གྱི་མདོག་འདྲ་བསམ། །དཀར་པོ་ནག་པོ་རབ་ཏུ་དམར། །ཐོར་ཚུགས་དབུ་རྒྱན་དག་གིས་བརྒྱན། །རྡོ་རྗེ་ཅན་ནི་ཞལ་གསུམ་བསམ། །ནག་པོ་དཀར་པོ་དམར་པོའི་ཞལ། །འབར་བའི་ཐོར་ཚུགས་དབུ་རྒྱན་ཅན། །འཇིག་རྟེན་ཁམས་རྣམས་འཁྲུག་བྱེད་པའོ། །འདོད་ཆགས་ཅན་ནི་ཞལ་གསུམ་བསམ། །དམར་པོ་ནག་པོ་དཀར་པོའི་ཞལ། །ཐོར་ཚུགས་དབུ་རྒྱན་ལོངས་སྤྱོད་ཅན། །བསྒོམས་ན་ངེས་པར་འགྲུབ་པར་འགྱུར། །འཁོར་ལོ་རྡོ་རྗེ་པདྨོ་ཆེ། །གཡས་པའི་ཕྱག་ཏུ་རྣམ་པར་བསྒོམ། །རྡོ་རྗེ་ཕྱག་དྲུག་མཚོན་ཆ་ནི། །བཟང་པོ་སྣ་ཚོགས་བསྣམས་པར་བསྒོམ། །སེམས་ཅན་ཀུན་ལ་ཕན་བཞེད་མ། །སྦྱིན་མ་ཞལ་གསུམ་དག་ཏུ་བསམ། །དཀར་པོ་ནག་པོ་དམར་པོ་ཆེ། །མཛེས་པའི་གཟུགས་སུ་རབ་ཏུ་བསྒོམ། །མཁའ་སྐྱེས་སྤྱན་ནི་རྒྱལ་མོ་ཆེ། །དྲི་མ་མེད་ཅིང་ཞལ་གསུམ་པ། །གནག་དང་དམར་དང་དཀར་བའི་ཚུལ། །མཛེས་པའི་གཟུགས་སུ་རྟག་ཏུ་བསྒོམ། །ཆུ་སྐྱེས་སྤྱན་ནི་རྒྱལ་མོ་ཆེ། །ཞལ་གསུམ་དུ་ནི་རྣམ་པར་བསྒོམ། །དམར་གནག་དཀར་པོའི་རྣམ་པ་ཡི། །ཁ་དོག་མཛེས་པར་རབ་ཏུ་བསྒོམ། །རིག་མ་རྡོ་རྗེ་ཨུཏྤལ་བསྣམས། །ཞལ་གསུམ་རབ་ཏུ་གསལ་བའི་མདངས། །སེར་གནག་


DNG012_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་བའི་རྣམ་པ་ནི། །བསྒོམས་ན་ཡེ་ཤེས་ཐོབ་པར་འགྱུར། །ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེད། །ཞལ་གསུམ་དྲག་པོའི་འོད་བཟང་བ། །རྣོན་པོ་འཇིགས་པའང་འཇིགས་པར་བྱེད། །ཁ་དོག་ནག་པོ་རབ་ཏུ་བསྒོམ། །གཞན་གྱིས་མི་ཐུབ་ཁྲོ་བོ་ཆེ། །དྲག་ཏུ་བཞད་པའི་སྒྲ་འབྱིན་པ། །ཞལ་གསུམ་འོད་ཟེར་མང་པོ་དག །རབ་ཏུ་འཕྲོ་བར་རྣམ་པར་བསམ། །ཁྲོ་བོ་ཆེན་པོ་རྟ་མགྲིན་ནི། །བསྐལ་པའི་མེ་བཞིན་རབ་ཏུ་འབར། །ཞལ་གསུམ་གདུག་པ་ཞབས་ཀྱིས་མནན། །སྦྱོར་བ་ཅན་གྱིས་རྟག་ཏུ་བསྒོམ། །རྡོ་རྗེ་བདུད་རྩི་ཁྲོ་བོ་ཆེ། །འོད་ཟེར་འཕྲོ་བ་རབ་ཏུ་འཁྲུག །དྲག་པོ་རྡོ་རྗེ་འབར་བ་འདྲ། །འཇིགས་པ་དག་ཀྱང་འཇིགས་པར་བྱེད། །འདོད་པའི་ཡེ་ཤེས་ཁྲོ་བོ་ཆེ། །ཞལ་གསུམ་པ་ནི་འཇིགས་པར་བྱེད། །ཕྱག་བཞི་འཇིགས་པར་བྱེད་པའི་མཆོག །ཊཀྐིའི་རྒྱལ་པོ་རབ་ཏུ་བསྒོམ། །སྟོབས་པོ་ཆེ་ནི་རྡོ་རྗེ་ཆེ། །འཇིག་རྟེན་གསུམ་གྱི་མུན་སེལ་བ། །གདུག་པ་ཐམས་ཅད་འཇོམས་པར་བྱེད། །ཞལ་གསུམ་པ་ནི་རྟག་ཏུ་བསྒོམ། །ཁྲོ་བོ་ཆེན་པོ་དབྱུག་སྔོན་ཅན། །ཁམས་གསུམ་དག་ནི་འཇིགས་པར་བྱེད། །ཞལ་གསུམ་རྡོ་རྗེ་ལས་བྱུང་བ། །འབར་བ་རྣོན་པོ་ཅན་དུ་བསྒོམ། །རྡོ་རྗེ་མི་གཡོ་ཁྲོ་བོ་ཆེ། །རྡོ་རྗེ་ལས་བྱུང་ཟུར་གྱིས་བལྟ། །ཞི་བ་རལ་གྲི་ཞགས་པ་བསྣམས། །བརྟུལ་ཞུགས་ཅན་གྱིས་ཞལ་གསུམ་བསྒོམ། །གཙུག་ཏོར་ཆེན་པོ་ཡི་གེ་གཅིག །འོད་ཟེར་དག་ནི་ཀུན་ཏུ་འཕྲོ། །ཞལ་གསུམ་འབར་བའི་འཁོར་ལོ་ཅན། །བསམ་གཏན་དཀྱིལ་འཁོར་བསྒོམ་པར་བྱ། །གནོད་མཛེས་ཡེ་ཤེས་མཆོག་འཛིན་པ། །འཇིགས་པའི་རྒྱ་མཚོ་ཡང་དག་བྱེད། །ཞལ་གསུམ་འབར་བའི་འོད་འཕྲོ་སྐུ། །བསམ་གཏན་དཀྱིལ་འཁོར་བསྒོམ་པར་བྱ། །གཟི་བརྗིད་ཕུང་པོ་གཙུག་ཏོར་རྒྱལ། །གང་གཞན་སྔགས་ཀྱི་འཁོར་ལོ་ཅན། །དམ་ཚིག་ལོངས་སྤྱོད་འདི་རྣམས་ཀྱིས། །སོ་སོ་སོ་སོར་བསྒོམ་པར་བྱ། །ཏིང་ངེ་འཛིན་ནི་དཔག་མེད་པ། །སྔགས་རྣམས་ཀྱི་ནི་བཤད་པ་ཡིན། །ཁྲོ་བོ་དག་ནི་རེ་རེ་ཡང་། །ནམ་མཁའི་སྟེང་དུ་ཤིན་ཏུ་འཕགས། །ནམ་


DNG012_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

མཁའི་དབྱིངས་ཀྱི་དབུས་གནས་པར། །གསལ་བའི་དཀྱིལ་འཁོར་དམ་པ་བསམ། །སངས་རྒྱས་གཟུགས་ནི་རབ་བསྒོམས་ལ། །རྣམ་པར་སྣང་མཛད་རྣམ་པར་བསམ། །གསལ་ཞིང་ཟླ་བ་བཞིན་ཞི་བ། །འོད་ཟེར་སྣ་ཚོགས་མཚུངས་པའི་འོད། །མེ་ལོང་ལྟ་བུར་ཡང་དག་བྱུང་། །ཁམས་གསུམ་དག་གི་དཀྱིལ་འཁོར་དུ། །རྒྱན་རྣམས་ཀུན་གྱིས་བརྒྱན་པ་དག །བསམས་ན་བྱང་ཆུབ་དེ་ཡིས་མཐོང་། །བསམ་གཏན་རྡོ་རྗེ་རབ་བསྒོམ་པ། །དེ་ཡིས་སངས་རྒྱས་ཆེ་བའི་བདག །འཇིག་རྟེན་ཐམས་ཅད་དབང་བྱེད་པ། །ཚེ་འདི་ཉིད་ལ་ཐོབ་པར་འགྱུར། །རྣམ་པར་སྣང་མཛད་དམ་ཚིག་འབྱུང་བ་མཛེས་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །རྡོ་རྗེ་དཀྱིལ་འཁོར་དམ་པ་བསམ། །སངས་རྒྱས་གཟུགས་ནི་རབ་བསྒོམས་ལ། །རྡོ་རྗེ་སེམས་དཔའི་རྣམ་པར་བསམ། །ཁྲོས་པ་གསལ་བའི་ལུས་དང་འདྲ། །འབར་བ་སྣ་ཚོགས་མཉམ་པའི་འོད། །རྣམ་པ་ཀུན་གྱི་མཆོག་དང་ལྡན། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །ཞི་བའི་ཡེ་ཤེས་གནས་བསྒོམས་ན། །རྡོ་རྗེ་ཉིད་ནི་མྱུར་དུ་འཐོབ། །བསམ་གཏན་རྡོ་རྗེ་རབ་བསྐུལ་བ། །འདིས་ནི་རྡོ་རྗེའི་བདག་ཉིད་ཆེ། །སེམས་ཅན་ཐམས་ཅད་དབང་བྱེད་པ། །ཚེ་འདི་ཉིད་ལ་ཐོབ་པར་འགྱུར། །དམ་ཚིག་ཐམས་ཅད་འབྱུང་བ་མཛེས་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ནམ་མཁའ་རྡོ་རྗེའི་དབུས་གནས་པ། །ཆོས་ཀྱི་དཀྱིལ་འཁོར་དམ་པ་བསམ། །སངས་རྒྱས་གཟུགས་ནི་རབ་བསྒོམས་ལ། །ཆོས་ཀྱི་སེམས་དཔའ་རྣམ་པར་བསྒོམ། །གསལ་བའི་ལུས་འཛིན་ཞི་བ་ནི། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །འོད་ཟེར་སྤྲིན་ནི་འཁོར་ལོ་ཆེ། །རྣམ་པར་འཕྲོ་བ་རབ་ཏུ་བསྒོམ། །འདི་ཡིས་ཆོས་ཀྱི་བདག་ཉིད་ཆེ། །སྐུ་གསུམ་མི་ཕྱེད་ལས་བྱུང་བ། །ཡེ་ཤེས་རྒྱ་མཚོས་རྣམ་བརྒྱན་པས། །ཚེ་འདི་ཉིད་ལ་ཐོབ་པར་འགྱུར། །ཆོས་ཀྱི་སེམས་དཔའི་འབྱུང་བའི་དམ་ཚིག་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ནམ་མཁའ་རྡོ་རྗེའི་དབུས་གནས་པར། །ཟླ་བའི་དཀྱིལ་འཁོར་དམ་པ་བསམ། །སངས་རྒྱས་


DNG012_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ནི་རབ་བསྒོམས་ལ། །སྤྱན་མ་མཆོག་ནི་རྣམ་པར་བསྒོམ། །ཞལ་མཛེས་སྤྱན་ནི་རབ་ཏུ་ཡངས། །སྣ་ཚོགས་རྒྱན་གྱིས་རྣམ་པར་བརྒྱན། །མཚན་རྣམས་ཐམས་ཅད་རབ་ཏུ་རྫོགས། །བུད་མེད་སྒྱུ་མའི་མཆོག་ལྡན་པ། །ཁམས་གསུམ་དག་ནི་དབང་བྱེད་པ། །ཡེ་ཤེས་དངོས་གྲུབ་ཐམས་ཅད་བྱེད། །འཁོར་ལོའི་ཡིད་བཞིན་ནོར་བུ་སྟེར། །ཕྱག་ཏུ་འཁོར་ལོ་བསྒོམ་པར་བྱ། །སྤྱན་གྱི་དམ་ཚིག་ཕྱག་གི་མཆོག་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ནམ་མཁའ་རྡོ་རྗེའི་དབུས་གནས་པར། །རྡོ་རྗེ་དཀྱིལ་འཁོར་འོད་མཆོག་བསམ། །སངས་རྒྱས་གཟུགས་ནི་རབ་བསྒོམས་ནས། །ནམ་མཁའ་རྡོ་རྗེ་མཆོག་རབ་བསྒོམ། །ཞལ་བཟང་སྤྱན་ནི་རབ་ཏུ་ཡངས། །ཨུཏྤལ་མཐིང་གའི་མདོག་འདྲ་བ། །མཚན་རྣམས་ཐམས་ཅད་རབ་ཏུ་རྫོགས། །ནམ་མཁའ་དམ་ཚིག་མཆོག་རབ་བསྒོམ། །ཕྱག་ན་ཨུཏྤལ་སྔོ་དམར་བསྣམས། །ཁམས་གསུམ་དག་གིས་ཕྱག་བྱས་པ། །སངས་རྒྱས་བྱང་ཆུབ་བྱེད་པའི་མཆོག །དངོས་གྲུབ་རྡོ་རྗེ་ཅན་གྱི་གསང་། །ནམ་མཁའ་ཡུམ་རིན་པོ་ཆེའི་འོད་ཀྱི་སྤྲིན་རྡོ་རྗེ་ཚིམ་པར་བྱེད་པ་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ནམ་མཁའ་རྡོ་རྗེའི་དབུས་གནས་པར། །ཆོས་ཀྱི་དཀྱིལ་འཁོར་དམ་པ་བསམ། །སངས་རྒྱས་གཟུགས་ནི་རབ་བསྒོམས་ལ། །རྡོ་རྗེ་ཆོས་མ་རབ་ཏུ་བསྒོམ། །ཞལ་བཟང་སྤྱན་ནི་རབ་ཏུ་ཡངས། །པདྨ་རཱ་གའི་མདོག་འདྲ་བ། །སྒྱུ་མས་མཚན་པའི་མཆོག་ལས་བྱུང་། །འདོད་ཆགས་ཆགས་པ་འཛིན་སྡུག་པ། །མཚན་ཉིད་ཐམས་ཅད་ཡོངས་རྫོགས་ཤིང་། །རྒྱན་རྣམས་ཀུན་གྱིས་བརྒྱན་པ་སྟེ། །ཕྱག་ན་ཨུཏྤལ་དམར་མཛེས་བསྣམས། །སངས་རྒྱས་ཐམས་ཅད་རབ་བསྒོམས་པ། །ཆོས་ཀྱི་ཡེ་ཤེས་འབྱུང་གནས་མཆོག །དམ་ཚིག་རྡོ་རྗེ་ཅན་གྱི་གསང་། །ཆོས་ཀྱི་དམ་ཚིག་དེ་ཁོ་ན་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པ་ཀུན་ཏུ་སྟོན་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ནམ་མཁའ་རྡོ་རྗེའི་དབུས་གནས་པར། །དངོས་གྲུབ་དཀྱིལ་འཁོར་དམ་པ་བསམ། །སངས་རྒྱས་གཟུགས་ནི་རབ་བསྒོམས་ལ། །སྒྲོལ་མ་མཆོག་ནི་བསྒོམ་པར་བྱ། །ཞལ་བཟང་


DNG012_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་ནི་རབ་ཏུ་ཡངས། །སྣ་ཚོགས་རྒྱན་གྱིས་རྣམ་པར་བརྒྱན། །ཁ་དོག་ལྗང་སེར་འདྲ་བའི་འོད། །བུད་མེད་སྒྱུ་མས་རབ་ཏུ་མྱོས། །རྡོ་རྗེ་ཏིང་ངེ་འཛིན་ལས་བྱུང་། །སེམས་ཅན་ཀུན་གྱིས་ཕྱག་བྱས་པ། །ཨུཏྤལ་ལྗང་སེར་དམར་བའི་མདངས། །ཕྱག་ན་བསྣམས་པ་རབ་ཏུ་བསྒོམ། །དམ་ཚིག་སྒྲོལ་མ་མཆོག་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ནམ་མཁའ་རྡོ་རྗེའི་དབུས་གནས་པར། །ཉི་མའི་དཀྱིལ་འཁོར་དམ་པ་བསམ། །སངས་རྒྱས་གཟུགས་ནི་རབ་བསྒོམས་ལ། །གཤིན་རྗེ་གཤེད་མཆོག་རྣམ་པར་བསྒོམ། །འབར་བའི་འོད་ཟེར་མང་པོ་འཕྲོ། །འཇིགས་པའི་དཀྱིལ་འཁོར་རབ་ཏུ་ཁྲོས། །སྤྱན་དམར་མཆེ་བ་རྣམ་པར་གཙིགས། །ཕྱག་ན་རལ་གྲི་བསྣམས་པར་བསྒོམ། །དབུ་རྒྱན་སྣང་མཛད་བཞུགས་བསྒོམས་ན། །རྡོ་རྗེ་ཅན་ནི་དགྱེས་པར་འགྱུར། །འདི་ནི་ཡེ་ཤེས་རྡོ་རྗེ་ཅན། །ཐམས་ཅད་ཁྲོ་བོའི་དམ་ཚིག་ཡིན། །གཤིན་རྗེ་གཤེད་སྤྲོ་བའི་སྣང་བ་བཀོད་པ་སྒོམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ནམ་མཁའ་རྡོ་རྗེའི་དབུས་གནས་པར། །ཉི་མའི་དཀྱིལ་འཁོར་དམ་པ་བསམ། །སངས་རྒྱས་གཟུགས་ནི་རབ་བསྒོམས་ལ། །གཞན་གྱིས་མི་ཐུབ་རབ་ཏུ་བསྒོམ། །འབར་བའི་འོད་ཟེར་མང་པོ་ཅན། །སྦྲུལ་གྱིས་བརྒྱན་ཅིང་སྐེ་རགས་ཅན། །ཞལ་ནི་རྣམ་པར་གཙིགས་ཤིང་བགྲད། །ཁ་དོག་དཀར་པོ་རབ་ཏུ་བསྒོམ། །མི་བསྐྱོད་དམ་ཚིག་དབུ་རྒྱན་ལ། །བསམས་ན་རྡོ་རྗེ་ཅན་དག་དགྱེས། །འདི་ནི་ཡེ་ཤེས་རྡོ་རྗེ་ཅན། །ཐམས་ཅད་ཁྲོ་བོའི་དམ་ཚིག་གོ། །གཞན་གྱིས་མི་ཐུབ་པའི་རྡོ་རྗེ་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ནམ་མཁའ་རྡོ་རྗེའི་དབུས་གནས་པར། །ཉི་མའི་དཀྱིལ་འཁོར་དམ་པ་བསམ། །སངས་རྒྱས་གཟུགས་ནི་རབ་བསྒོམས་ལ། །རྡོ་རྗེ་རྟ་མགྲིན་རབ་ཏུ་བསྒོམ། །ཁྲོ་བོའི་འོད་ཟེར་མང་པོ་དག །ཐམས་ཅད་དུ་ནི་རྣམ་པར་འཕྲོ། །གདུག་པ་ཐམས་ཅད་ཞབས་ཀྱིས་མནན། །ཁ་དོག་དམར་པོ་རྣམ་པར་བསམ། །རྫོགས་སངས་དཔག་མེད་དབུ་རྒྱན་ལ། །བསྒོམས་ན་རྡོ་རྗེ་ཅན་དག་མཉེས། །འདི་ནི་རྡོ་རྗེ་ཡེ་ཤེས་ཅན། །ཐམས་ཅད་ཁྲོ་བོའི་དམ་ཚིག་


DNG012_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །རྟ་མགྲིན་སྐྱེད་པ་འབྱུང་བ་རྣམ་པར་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ནམ་མཁའ་རྡོ་རྗེའི་དབུས་གནས་པར། །ཉི་མའི་དཀྱིལ་འཁོར་དམ་པ་བསམ། །སངས་རྒྱས་གཟུགས་ནི་རབ་བསྒོམས་ལ། །རྡོ་རྗེ་བདུད་རྩི་རབ་སྒོམ་པ། །འབར་བའི་འོད་ཟེར་མང་པོ་འཕྲོ། །རྡོ་རྗེའི་སྤྲིན་ནི་ཀུན་ཏུ་འཁྲུག །ཁྲོས་ཤིང་ཁྲོ་བཅས་གནག་པ་དང་། །མཆེ་བ་རྣོན་པོ་རབ་ཏུ་བསྒོམ། །མི་བསྐྱོད་དམ་ཚིག་དབུ་རྒྱན་ལ། །བསྒོམས་ན་ཁྲོ་བོ་འཛིན་མཉེས་འགྱུར། །འདི་ནི་ཐམས་ཅད་ཁྲོ་བོ་ཡི། །འདའ་བར་དཀའ་བའི་དམ་ཚིག་གོ། །བདུད་རྩིའི་དམ་ཚིག་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ནམ་མཁའ་རྡོ་རྗེའི་དབུས་གནས་པར། །ཉི་མའི་དཀྱིལ་འཁོར་དམ་པ་བསམ། །སངས་རྒྱས་གཟུགས་ནི་རབ་བསྒོམས་ལ། །ཊ་ཀྐིའི་རྒྱལ་པོ་རབ་བསྒོམ་བྱ། །ཁྲོ་བོ་འཇིགས་པའི་ཆ་ལུགས་གཏུམ། །འཇིགས་པ་དག་ཀྱང་འཇིགས་པར་བྱེད། །རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། །རྡོ་རྗེ་འོད་བཟང་བསྒོམ་པར་བྱ། །མི་བསྐྱོད་དམ་ཚིག་དབུ་རྒྱན་ལ། །བསྒོམས་ན་མཉེས་པ་རབ་ཏུ་འཕེལ། །འདི་ནི་ཐམས་ཅད་ཁྲོ་བོ་ཡི། །འདའ་བར་དཀའ་བའི་དམ་ཚིག་གོ། །བསམ་གཏན་རྡོ་རྗེ་རྫོགས་པར་བྱང་ཆུབ་པ་དགའ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ནམ་མཁའ་རྡོ་རྗེའི་དབུས་གནས་པར། །ཉི་མའི་དཀྱིལ་འཁོར་དམ་པ་བསམ། །སངས་རྒྱས་གཟུགས་ནི་རབ་བསྒོམས་ལ། །སྟོབས་པོ་ཆེ་ནི་རབ་ཏུ་བསྒོམ། །འབར་བའི་འོད་ཟེར་མང་པོ་འཕྲོ། །རྡོ་རྗེ་གསུམ་གྱི་གནས་དཀྱིལ་འཁོར། །ཁྲོ་ཞིང་དྲག་པོ་ཞགས་པ་འཛིན། །རྡོ་རྗེ་སྟོབས་ཅན་བསྒོམ་པར་བྱ། །མི་བསྐྱོད་དམ་ཚིག་དབུ་རྒྱན་ལ། །བསྒོམས་ན་མཉེས་པ་རབ་ཏུ་འཕེལ། །འདི་ནི་ཐམས་ཅད་ཁྲོ་བོ་ཡི། །འདའ་བར་དཀའ་བའི་དམ་ཚིག་གོ། །རྡོ་རྗེ་གསུམ་གྱི་སྟོབས་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ནམ་མཁའ་རྡོ་རྗེའི་དབུས་གནས་པར། །ཉི་མའི་དཀྱིལ་འཁོར་དམ་པ་བསམ། །སངས་རྒྱས་གཟུགས་ནི་རབ་བསྒོམས་ལ། །རྡོ་རྗེ་སྔོན་པོ་རྣམ་པར་བསྒོམ། །ཁྲོ་བོ་འཇིགས་པའི་ཆ་ལུགས་ཅན། །འཇིགས་པ་དག་ཀྱང་འཇིགས་པར་བྱེད། །གཟུགས་ནི་རབ་ཏུ་གནག་ལ་རྣོ། །རྒྱ་


DNG012_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ་ནག་པོ་སྐྱེད་པར་བྱེད། །འབར་བའི་འོད་ཟེར་མང་པོ་འཕྲོ། །རྡོ་རྗེ་དབྱུག་ཐོགས་བསྒོམ་པར་བྱ། །མི་བསྐྱོད་དམ་ཚིག་དབུ་རྒྱན་ལ། །བསྒོམས་ན་རབ་ཏུ་མཉེས་པར་འགྱུར། །འདི་ནི་ཐམས་ཅད་ཁྲོ་བོ་ཡི། །འདའ་བར་དཀའ་བའི་དམ་ཚིག་གོ། །རྡོ་རྗེ་དབྱུག་པའི་དམ་ཚིག་མཆོག་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ནམ་མཁའ་རྡོ་རྗེའི་དབུས་གནས་པར། །ཉི་མའི་དཀྱིལ་འཁོར་དམ་པ་བསམ། །སངས་རྒྱས་གཟུགས་ནི་རབ་བསྒོམས་ལ། །མི་གཡོ་མཆོག་ནི་རྣམ་པར་བསྒོམ། །འཁྲོས་ཤིང་འཇིགས་པའི་ཟུར་གྱིས་ལྟ། །འཁྲུག་པ་རལ་གྲི་ཞགས་པ་བསྣམས། །འབར་བའི་འོད་ཟེར་མང་པོ་འཕྲོ། །མི་གཡོ་རྡོ་རྗེ་ཅན་བསྒོམ་བྱ། །མི་བསྐྱོད་དམ་ཚིག་དབུ་རྒྱན་ལ། །བསྒོམས་ན་མཉེས་པ་རབ་ཏུ་འཕེལ། །འདི་ནི་ཁྲོ་བོ་ཐམས་ཅད་ཀྱི། །འདའ་བར་དཀའ་བའི་དམ་ཚིག་ཡིན། །རྡོ་རྗེ་ནམ་མཁའི་དབྱིངས་ཀྱི་གནས་གནོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ནམ་མཁའ་རྡོ་རྗེའི་དབུས་གནས་པར། །ཉི་མའི་དཀྱིལ་འཁོར་དམ་པ་བསམ། །སངས་རྒྱས་གཟུགས་ནི་རབ་བསྒོམས་ལ། །རིག་པའི་འཁོར་ལོར་རབ་ཏུ་བསྒོམ། །མཚན་རྣམས་ཐམས་ཅད་ཡོངས་སུ་རྫོགས། །འཁོར་ལོ་འབར་བས་ཡོངས་སུ་བསྐོར། །གཙུག་ཏོར་འཁོར་ལོ་དམ་ཚིག་ནི། །རྣམ་པར་འཕྲོ་བ་རབ་ཏུ་བསྒོམ། །མི་བསྐྱོད་དམ་ཚིག་དབུ་རྒྱན་ལ། །བསྒོམས་ན་མཉེས་པ་རབ་ཏུ་འཕེལ། །འདི་ནི་ཐམས་ཅད་ཁྲོ་བོ་ཡི། །འདའ་བར་དཀའ་བའི་དམ་ཚིག་གོ། །གཙུག་ཏོར་གྱི་དམ་ཚིག་རིག་པའི་སྟོབས་འཁོར་ལོ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ནམ་མཁའ་རྡོ་རྗེའི་དབུས་གནས་པར། །ཉི་མའི་དཀྱིལ་འཁོར་དམ་པ་བསམ། །སངས་རྒྱས་གཟུགས་ནི་རབ་བསྒོམས་ལ། །རྡོ་རྗེ་སུམྦྷ་རབ་ཏུ་བསྒོམ། །མེ་ལྕེ་རྣོན་པོ་འབར་བའི་སྐུ། །རྡོ་རྗེའི་སྤྲིན་ནི་རབ་ཏུ་འཕྲོ། །ཕྱག་ན་རྡོ་རྗེ་རབ་འབར་བ། །བསྒོམས་ན་དངོས་གྲུབ་ཐོབ་པར་འགྱུར། །མི་བསྐྱོད་དམ་ཚིག་དབུ་རྒྱན་ལ། །བསྒོམས་ན་མཉེས་པ་རབ་ཏུ་འཕེལ། །འདི་ནི་ཐམས་ཅད་ཁྲོ་བོ་ཡི། །འདའ་བར་དཀའ་བའི་དམ་ཚིག་གོ། །རྡོ་རྗེ་དམ་ཚིག་སུམྦྷ་རབ་ཏུ་འབྱུང་


DNG012_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཏིང་ངེ་འཛིན་ཏོ། །འགོག་པ་ཁྲོ་བོའི་འཁོར་ལོ་ནི། །སངས་རྒྱས་འཁོར་ལོ་བསྟེན་པ་ཡིས། །ཏིང་འཛིན་རྡོ་རྗེ་ཡེ་ཤེས་རྣམས། །རྡོ་རྗེའི་དཀྱིལ་འཁོར་གྲུབ་པར་འགྱུར། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་ཆེན་གསང་བ་འདུས་པ་ལས། རྡོ་རྗེའི་དམ་ཚིག་བཀོད་པ་དེ་ཁོ་ན་ཉིད་ཀྱི་དོན་སྒོམ་པ་མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་བྱ་བའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གི་བདག་པོ་རྡོ་རྗེ་འཛིན་པ་ཆེན་པོས་ཞི་བའི་དམ་ཚིག་གི་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཙུན་མོ་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིཌྜྷ་ལོ་ཙ་ནི་སརྦཱ་རྠ་སཱ་དྷ་ནི་སྭཱ་ཧཱ། དེ་ནས་འདི་ནི་གསུངས་ཙམ་གྱིས། །འབྱོར་པ་ཀུན་ལ་དགྱེས་པ་རྣམས། །མཉེས་ཤིང་རབ་ཏུ་དགྱེས་གྱུར་པས། །སངས་རྒྱས་རྡོ་རྗེ་རྗེས་སུ་དྲན། །སངས་རྒྱས་རྣམས་ཀྱི་ཞི་སྐྱེད་མ། །ལས་རྣམས་ཐམས་ཅད་རབ་སྒྲུབ་ཅིང་། །རྡོ་རྗེའི་དམ་ཚིག་སྐུལ་མཛད་མ། །ཤི་བ་སོས་པར་བྱེད་པར་གསུངས། །རྡོ་རྗེ་འཆང་ཆེན་པོས་དེ་སྐད་ཅེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་སྐུ་གསུམ་གྱི་དམ་ཚིག་ཁྲོ་བོ་རྡོ་རྗེས་དངོས་པོ་དང་དངོས་པོ་མེད་པའི་དམ་ཚིག་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྡོ་རྗེ་འཛིན་ཐམས་ཅད་ཀྱི་བཙུན་མོའི་མཆོག་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཨོཾ་ཤཾ་ཀ་ར་ཤཱནྟི་ཀ་དེ་གྷུཊྚ་གྷུཊྚ་གྷུཊྚྀ་ནི། གྷཱ་ཏ་ཡ་གྷཱ་ཏ་ཡ་གྷུཊྚྀ་ནི་སྭཱ་ཧཱ། དེ་ནས་འདི་ནི་གསུངས་ཙམ་གྱིས། །རྡོ་རྗེ་གསུམ་ནི་མི་ཕྱེད་པ། །རྡོ་རྗེ་ཅན་མཉེས་སྤྱན་གདངས་ནས། །རྡོ་རྗེ་ཐུགས་ནི་རྗེས་སུ་དྲན། །གསུང་བའི་རྡོ་རྗེ་སྦྱོར་བ་ལ། །རྟག་ཏུ་ལས་ནི་རབ་བསྒྲུབ་པ། །རྡོ་རྗེ་ཆེན་པོ་འཇིགས་ཉིན་ལ། །རྟག་ཏུ་སྟོབས་ནི་བྱེད་པར་བཤད། །དེ་ནས་བཅོམ་ལྡན་འདས་འདོད་ཆགས་ཆེན་པོའི་དམ་ཚིག་གཟིགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས།ཆོས་ཀྱི་དམ་ཚིག་གི་སྐུའི་བཙུན་མོའི་མཆོག་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །


DNG012_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཀ་ཊེ་བི་ཀ་ཊེ་ནི་ཀ་ཊེ་ཀ་ཊཾ་ཀ་ཊེ་སྭཱ་ཧཱ། དེ་ནས་འདི་ནི་གསུངས་ཙམ་གྱིས། །རྡོ་རྗེ་ཆོས་མཆོག་འཛིན་པ་རྣམས། །རྡོ་རྗེ་ཆོས་ནི་རྗེས་སུ་དྲན། །མཉེས་ནས་བསམ་གཏན་ཐོབ་གྱུར་པས། །རྟག་ཏུ་ཆོས་རྒྱས་སྟོབས་དང་ལྡན། །རྟག་ཏུ་མཛད་པོ་ཆེ་མཛད་པ། །རྡོ་རྗེ་གསུང་གི་བཀའ་བཞིན་དུ། །བཟླས་པ་ཙམ་གྱིས་བྱེད་པར་འགྱུར། །དེ་ནས་བཅོམ་ལྡན་འདས་དམ་ཚིག་ཀུན་ནས་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དམ་ཚིག་སེམས་དཔའི་བཙུན་མོའི་མཆོག་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་སྭཱ་ཧཱ། དེ་ནས་འདི་ནི་གསུངས་ཙམ་གྱིས། །སངས་རྒྱས་ཀུན་བདག་ཆེར་སྐྱེས་མཉེས། །རྡོ་རྗེའི་སྐུ་ནི་རྗེས་སུ་དྲན། །བསམ་གཏན་ཡེ་ཤེས་ཐོབ་གྱུར་པས། །སངས་རྒྱས་རྡོ་རྗེ་སྡེ་ཆེན་དང་། །སེམས་ཅན་ཁམས་ནི་ཀུན་ནས་སུ། །སྐད་ཅིག་གིས་ནི་དྲན་བཞིན་དུ། །ཐམས་ཅད་གཡོ་མེད་དབང་དུ་བྱེད། །ཅེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་དེ་བཞིན་གཤེགས་པས་དྲི་མ་མེད་པའི་འོད་ཟེར་གྱི་སྤྲིན་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྡོ་རྗེ་གཤིན་རྗེ་གཤེད་པོ་ཆེན་པོ་རྡོ་རྗེ་ཁྲོ་བོ་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ན་མཿས་མནྟ་ཀཱ་ཡ་བཱཀྩིཏྟ་བཛྲཱ་ཎཱཾ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་དུཥྚ་སཏྭ་ད་མ་ཀ །ཨ་སི་མུ་ས་ལ་བཪྴུ་པཱ་ཤ་ཧསྟ། ཙ་ཏུརྨུ་ཁ།ཙ་ཏུརྦྷུ་ཛ། ཥ་ཊ་ཙ་ར་ཎ། ཨཱ་གཙྪ། ཨཱ་གཙྪ། སརྦ་དུཥྚཱ་པྲ་ཎཱ་ཨ་པ་ཧཱ་རི་ཎེ། མ་ཧཱ་བི་གྷཱ་གྷཱ་ཏ་ཀ །བི་ཀྲྀ་ཏཱ་ནན། སརྦ་བྷཱུ་ཏ་བྷ་ཡྃ་ཀ་ར། ཨཊྚཱཊྚ་ཧ་ས་ནཱ་དི་ནེ། བྱཱ་གྷ་ཙརྨ་ནི་བ་ས་ན། ཀུ་རུ་ཀུ་རུ། སརྦ་ཀརྨཱ་ནི། ཚིནྡྷ་ཚིནྡྷ་སརྦ་མན་ཏྲཱན། བིནྡྷ་བིནྡྷ་པ་ར་མུ་དྲཱན། ཨཱ་ཀཪྵ་ཡ། ཨཱ་ཀཪྵ་ཡ། སརྦ་བྷཱ་ཏཱན། མ་ཐ་མ་ཐ། ནིརྨ་ཐ་ནི་རྨ་ཐ། སརྦ་དུཥྟཱན། པྲ་བེ་ཤ་ཡ་པྲ་བེ་ཤ་ཡ། མཎྜ་ལ་མ་དྷྱེ་བཻ་བ་སྭ་ཏ། ཛཱི་བི་ཏཱནྟ་ཀ་ར། ཀུ་རུ་ཀུ་རུ་མ་མ་སརྦ་ཀཱ་རཾ། ད་ཧ་ད་ཧ། པ་ཙ་པ་ཙ། མཱ་བི་ལམྦ། མཱ་བི་ལམྦ། ས་མ་ཡ་མ་ནུ་སྨ་ར། ཧཱུྃ་ཧཱུྃ། ཕཊ་ཕཊ། བི་སྥོ་ཊ་ཡ་བི་སྥོ་ཊ་ཡ། སརྦཱ་ན་ནཱ་


DNG012_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་ཡཾ་ཀ་ར་ཀ་ར། བིགྷྣཱ་ནཱཾ་སརྦཱ་ཤཱ་པ་རི་པཱུ་ར་ཀ །ཧེ་ཧེ་བྷ་ག་བཱན། ཀིཉྩི་རཱ་ཡ་སི། མ་མ་སརྦ་ཨ ་སཱ་དྷ་ཡ་སྭཱ་ཧཱ། དེ་ནས་འདི་ནི་གསུངས་ཙམ་གྱིས། །སངས་རྒྱས་ཀུན་ནི་གྲགས་ཆེན་པོ། །འཇིགས་ཤིང་ཀུན་དུ་སྐྲག་གྱུར་ནས། །རྡོ་རྗེ་སེམས་ནི་རྗེས་སུ་དྲན། །ཐོད་པ་མ་ཆག་མ་གས་པ། །གཟུགས་མཛེས་ཡིད་འོང་རྙེད་པ་ལ། །རྐང་པས་མནན་པའི་ཚུལ་བྱས་ནས། །སྔགས་འདི་རྗེས་སུ་དྲན་པར་བྱ། །མཱ་མ་ཀཱིའམ་སྤྱན་ཡང་རུང་། །རྡོ་རྗེ་ཆེན་པོ་རིགས་མཐོན་པོ། །ལན་གསུམ་དག་ཏུ་བརྗོད་ན་ནི། །དེ་མ་ཐག་ཏུ་ངེས་པར་འགུགས། །བཅོམ་ལྡན་འདས་ཐུགས་རྡོ་རྗེས་དེ་སྐད་ཅེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱིས་དམ་ཚིག་འོད་ཟེར་འཐུག་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། བདུད་རྩིའི་དམ་ཚིག་གི་རྡོ་རྗེ་ཁྲོ་བོ་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ན་མཿས་མན་ཀཱ་ཡ་བཱཀྩིཏྟ་བཛྲཱ་ཎཱཾ། ན་མོ་བཛྲ་ཀྲོ་དྷཱ་ཡ། མ་ཧཱ་དཾཥྚོཏྐ་ཊ་བྷཻ་ར་བཱ་ཡ། ཨ་སི། མུ་ས་ལ། བཪྴུ་པཱ་ཤ་ཧསྟཱ་ཡ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི། ཁ་ཁ་ཁཱ་ཧི་ཁཱ་ཧི། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ།གརྫྫ་གརྫྫ། བི་སྥོ་ཊ་ཡ་བི་སྥོ་ཊ་ཡ། སརྦ་བིགྷྣཱ་བི་ནཱ་ཡ་ཀཱན། མ་ཧཱ་ག་ཎ་པ་ཏི། ཛཱི་བི་ཏཱནྟ་ཀ་རཱ་ཡ་སྭཱ་ཧཱ། དེ་ནས་འདི་ནི་གསུངས་ཙམ་གྱིས། །སངས་རྒྱས་ཀུན་ནི་གྲགས་ཆེན་པོ། །བརྒྱལ་ཞིང་རབ་ཏུ་འཇིགས་གྱུར་ནས། །རྡོ་རྗེ་སྐུ་ནི་རྗེས་སུ་དྲན། །སྔགས་རྣམས་ཀུན་གྱི་སྦྱོར་བ་ལ། །རྡོ་རྗེ་བསྐྲད་པའི་ལས་རྣམས་ནི། །ཆོ་གས་སངས་རྒྱས་དཔུང་དག་ཀྱང་། །ཚུལ་བཞིན་བྱས་ན་སྐྲོད་པར་འགྱུར། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་ཏོག་སངས་རྒྱས་ཀྱི་འོད་ཟེར་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྡོ་རྗེ་ཁྲོ་བོ་ཆེན་པོ་གཞན་གྱིས་མི་ཐུབ་པ་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ན་མཿས་མནྟ་ཀཱ་ཡ་བཱཀྩིཏྟ་བཛྲ་ཎཱཾ། ཨོཾ་ཧཱུྃ་ཛི་ན་རི་ཊིཊྚྀ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། དེ་ནས་འདི་ནི་གསུངས་ཙམ་གྱིས། །སངས་རྒྱས་བདག་ཉིད་ཆེ་སྐྱེས་ཀུན། །འཇིགས་ཤིང་ཀུན་དུ་སྐྲག་གྱུར་པས། །བྱང་ཆུབ་སེམས་ནི་རྗེས་སུ་དྲན། །སྲིན་པོ་མ་རུངས་གཏུམ་པོ་དང་། །


DNG012_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་པ་ཆེན་པོ་འཁྲུགས་པ་ལ། །རྡོ་རྗེ་སེམས་ཀྱིས་རབ་སྦྱར་བས། །ལས་རྣམས་ཆོ་ག་བཞིན་དུ་བྱེད། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚེ་དཔག་ཏུ་མེད་པས་དཔག་ཏུ་མེད་པ་འབྱུང་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། པདྨོ་འབྱུང་བའི་རྡོ་རྗེ་ཁྲོ་བོ་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ན་མཿསམནྟ་ཀཱ་ཡ་བཱཀྩིཏྟ་བཛྲཱ་ཎཱཾ། ཨོཾ་ཧཱུྃ་ཧཱུྃ་ཧཱུྃ། ཏ་རཱུ་ལ། བི་རཱུ་ལ། སརྦ་བི་ཥ་གྷཱ་ཏ་ཀ །ཛྭ་ལི་ཏ་བི་སྥུ་ལིངྒ། ཨཊྚཱཊྚ་ཧཱ་ས། ཀེ་ས་རི་ས་ཊཱ་ཨ་ཊོ་པ་ཊཾ་ཀཱ་ར། བཛྲ་ཁུ་ར་ནི ་ཏ་ན།ཙ་ལི་ཏ་བ་སུ་དྷཱ་ཏ་ལ་ནི་ཤྭཱ་ས་མཱ་རུ་ཏོཔྟ་དྷཱ་ར་ཎི་དྷ་ར། གྷཱི་ཥ་ཎ་ཨཊྚཱཊྚ་ཧཱ་ས།ཨ་པ་རི་མི་ཏཱ་བ་ལ་པ་རཱ་ཀྲཱ་མ། ཨཱརྱ་ག་ཎཱ་གྷཱི་ཏ་བྷཱུ་ཏ་ག་ཎཱ་ཥེ་ཏ། བུ་དྷྱ་བུ་དྷྱ། ཧ་ཡ་གྲཱི་བ། ཁཱ་ད་ཁཱ་ད། པ་ར་མནྟྲཱ་ན། ཚིནྡྷ་ཚིནྡྷ། བིནྡྷ་བིནྡྷ། བ་རི་མུ་དྲཱན། སིདྡྷིམྨེ་དི་ཤ །ཨཱ་བེ་ཤ་ཡ། སརྦ་ཛྭ་ར་པི་ཤཱ་ཙཱ་དི་ན། སརྦ་གྲ་ཧེ་ཥྭ་པྲ་ཏི་ཧ་ཏོ་བྷ་བ། བཛྲ་དྃཥྚ་ཀིཉྩི་རཱ་ཡ་སི། ཨི་དཾ་དུཥྚ་གྲ་ཧ་ན། དུཥྚ་སརྦཾ་བཱ། དྷུ་ན་དྷུ་ན། མ་ཐ་མ་ཐ། མརྡ་མརྡ། པཱ་ཊ་ཡ། པཱ་ཊ་ཡ། མ་ཊ་མ་ཊ། བྷནྡྷ་བྷནྡྷ། བུཌྜྷ་དྷརྨ་སངྒྷ་ཨ་ནུ་ཛྙཱ་ཏྃ་ཀརྨ་ཀུ་རུ་ཤཱི་གྷྲཾ་ཧ་ཡ་གྲཱི་བཱ་ཡ་ཕཊ། བཛྲ་ཡེ་ཕཊ། བཛྲ་གཱ་ཏྲཱ་ཡ་ཕཊ། བཛྲ་ནེ་ཏྲཱ་ཡ་ཕཊ། བཛྲ་དྃཥྚཱ་ཡ་ཕཊ།བཛྲ་ཁུ་རཱ་ཡ་ཕཊ། བཛྲ་ཁུ་ར་ནི ་ཏ་ནཱ་ཡ་ཕཊ། པ་ར་མནྟྲ་བི་ནཱ་ཤནཱ་ཡ་ཕཊ། སརྦ་ཏྲཻ་ལོཀྱ་བྷ་ཡྃ་ཀ་རཱ་ཡ་ཕཊ། སརྦ་ཀརྨྨེ་ཥྭ་པྲ་ཏི་ཧ་ཏཱ་ཡ་ཕཊ། བཛྲ་ཀུ་ལ་སནྟྲཱ་ས་ནཱ་ཡ་ཕཊ། ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ། དེ་ནས་འདི་ནི་གསུངས་ཙམ་གྱིས། །ཆོས་ཀྱི་རྡོ་རྗེ་མཆོག་སྐྱེས་རྣམས། །འཇིགས་ཤིང་རབ་ཏུ་བརྒྱལ་བར་འགྱུར། །ཡེ་ཤེས་རྒྱལ་པོ་རྗེས་སུ་དྲན། །མཁའ་དབྱིངས་དུག་གིས་ཡོངས་གང་བ། །རྡོ་རྗེ་ཧ་ལ་ཧ་ལའི་འོད། །ཁྲོ་བོའི་རྒྱལ་པོ་བསྐུལ་བ་ཡིས། །དུག་རྣམས་ཐམས་ཅད་མེད་པར་བྱེད། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གདོན་མི་ཟ་བར་གྲུབ་པས་གདོན་མི་ཟ་བའི་དམ་ཚིག་འབྱུང་བའི་དཔལ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྡོ་རྗེ་བེ་ཅོན་སྔོན་པོ་ཁྲོ་བོའི་རྒྱལ་པོ་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ན་མཿས་མནྟ་ཀཱ་ཡ་བཱཀྩིཏྟ་བཛྲཱ་ཎཱཾ། ཨོཾ་ཨེ་


DNG012_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

ཧྱེ་ཧི། བྷ་ག་བཱན། ནཱི་ལ་བཛྲ་དཎྜ། ཏུ་རུ་ཏུ་རུ། ཧུ་ལུ་ཧུ་ལུ། ཧཱ་ཧཱ། གུ་ལུ་གུ་ལུ། གུ་ལཱ་པ་ཡ། གུ་ལཱ་པ་ཡ། ཀྲ་མ་ཀྲ་མ། བྷ་ག་བཱན་བཱ་ཡུ་བེ་གེ་ན། བྷཱུ་ཏཱ་ན་ཤཱི་གྷྲཾ། ད་ཧ་ད་ཧ། ད་ར་ད་ར། བ་ཧ་བ་ཧ། པ་ཙ་པ་ཙ། མ་ཐ་མ་ཐ། པཱ་ཏ་ཡ། པཱ་ཏ་ཡ། མ་ཊ་མ་ཊ། མོ་ཊཱ་པ་ཡ། མོ་ཊཱ་པ་ཡ། སརྦ་ཀརྨཱ་ཎི། ཚིནྡྷ་ཚིནྡྷ། བྷཀྵ་ཡ་བྷཀྵ་ཡ། ཨསྠོ་མེ་ད་མ་སྱ།རུ་དྷི་ར་མཛྫ་མེ་ད། བ་ཤ་མཛྫ། རུ་དྷི་ར། པྲི་ཡ་ཨེ་ཧྱེ་ཧི། བྷ་ག་བཱན།སརྦ་བིགྷྣ་ནི། སརྦ་བིདྱཱ་ནི། སརྦ་མན་ཏྲཱ་ཎི། སརྦ་མཱུ་ལ་ཀརྨཱ་ཎི། ཀྲྀ་ཏྲི་མ་ཎི་ཥཱ་དཱི་ནི། སརྦ་གྲ་ཧཱན། ཧ་ན་ཧ་ན། བྷཉྫ་བྷཉྫ། མརྡ་མརྡ་ཨི་དཾ་མེ་ཀཱརྱ་སཱ་དྷ་ཡ། ཧཱུྃ་ནི་ལཱ་ཡ་ནི་ལཱ་ཡ། ནཱི་ལ་བཛྲ་དཎྜཱ་ཡ། ཏུ་རུ་ཏུ་རུ། བིགྷྣན་བི་ནཱ་ཡ་ཀཱཾ། ནཱ་ཤ་ཡ་ནཱ་ཤ་ཡ། ཧུ་རུ་ཧུ་རུ། དཱིཔྟ་ཙཎྜཱ་ཡ། སརྦ་ཤི་ཏྲཱུ་སྨཱ ་ཧྲྀ་ད་ཡཱ་ནི་པཱི་ཌ་ཡ། ཚིནྡྷ་ཚིནྡྷ། བ་ར་བིདྱཱ་ནཱཾ་ཙྪེ་ད་ཀ །ཧཱུྃ་བིདྱཱ་ནཱཾ་ཤིཥྚ་ཀ །ས་མ་ཡ་མ་ནུ་སྨ་ར། བཛྲ་དྷ་ར་པ་ཙ་ནཾ་ཙ། མརྨཱ་ཎི་ནི་ཀྲིནྟ། ཧཱུྃ་ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། ཀུ་རུ་ཀུ་རུ། ཏུ་རུ་ཏུ་རུ། ཧུ་རུ་ཧུ་རུ། ཕཊ་ཕཊ་ཧཱུྃ་ཧཱུྃ་ཀྲྀ་ཏནྟཱ་ཡ། དེ་བ་རྀ་ཥི་བི་དྲཱ་པ་ཀཱ་ཡ། ཧ་ན་ཧ་ན། བཛྲ་དཎྜ་ན་སྭཱ་ཧཱ།དེ་ནས་འདི་ནི་གསུངས་ཙམ་གྱིས། །གདུག་པའི་མཆོག་ལས་བྱུང་བ་ཀུན། །ཡིད་ནི་འཇིགས་ཤིང་རབ་སྐྲག་ནས། །སེམས་དཔའི་རྡོ་རྗེ་རྗེས་སུ་དྲན། །གྲགས་ཆེན་ཁྲོ་བོའི་རྒྱལ་པོ་འདི། །བརྒྱ་རྩ་བརྒྱད་དུ་བཟླས་ན་ནི། །ཆོ་གའི་ཚུལ་བཞིན་བསྐུལ་བ་ཡིས། །གདུག་པ་ཐམས་ཅད་གསོད་པར་འགྱུར། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མི་བསྐྱོད་པས་ཀུན་ནས་སྤྲིན་གྱི་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྡོ་རྗེ་སྟོབས་པོ་ཆེ་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ན་མཿས་མནྟ་ཀཱ་ཡ་བཱཀྩིཏྟ་བཛཱ་སྨཱ །ཨོཾ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ། ཨུ་གྲ་ཤཱུ་ལ་པཱ་ཎི་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ། ཨོཾ་ཛྱོ་ཏི་ནིརྣཱ་ད་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ། ཨོཾ་མ་ཧཱ་པ་ལཱ་ཡ་སྭཱ་ཧཱ། དེ་ནས་འདི་ནི་གསུངས་ཙམ་གྱིས། །སྟོབས་པོ་ཆེ་ཡི་ཀླུ་རྣམས་ཀུན། །ཡིད་ནི་འཇིགས་ཤིང་རབ་སྐྲག་ནས། །སྐུ་གསུམ་རྡོ་རྗེ་རྗེས་སུ་དྲན། །བཟླས་པ་ཙམ་དང་སྦྱོར་བ་ཡིས། །ལས་རྣམས་ཐམས་ཅད་སྒྲུབ་པར་བྱེད། །ཐན་པ་བྱུང་བའི་དུས་སུ་ཡང་། །ཆུ་ཡི་དཀྱིལ་འཁོར་འབེབས་པར་བྱེད། །


DNG012_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བཅོམ་ལྡན་འདས་ཀུན་དུ་འཇོམས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཊཀྐིའི་རྒྱལ་པོ་ཆེན་པོ་ཁྲོ་བོ་ཆེན་པོ་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ན་མཿས་མནྟ་ཀཱ་ཡ་བཱཀྩིཏྟ་བཛྲཱ་ཎཱཾ། ཊཀྐི་ཧཱུྃ་ཛཿ། དེ་ནས་འདི་ནི་གསུངས་ཙམ་གྱིས། །སངས་རྒྱས་ཀུན་བདག་ཆེ་སྐྱེས་རྣམས། །འཇིགས་ཤིང་རྡོ་རྗེ་སྐུ་གསུམ་ནི། །རྗེས་དྲན་དམ་ཚིག་ལྡན་གྱུར་ནས། །རྡོ་རྗེ་སེམས་དཔའི་སྦྱོར་བ་ཡིས། །རྐང་པ་གཡས་པས་ལིངྒ་མནན། །རྡོ་རྗེ་གསུམ་གྱི་སྔགས་བཟླས་པས། །སྔགས་རྣམས་ཐམས་ཅད་འགུགས་པར་བྱེད། །དེ་ནས་བཅོམ་ལྡན་འདས་ཡེ་ཤེས་ཀྱི་ཕྲེང་བ་ཆུའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། མི་གཡོ་བ་རྡོ་རྗེ་གཏུམ་པོའི་དམ་ཚིག་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ན་མཿས་མནྟ་ཀཱ་ཡ་བཱཀྩིཏྟ་བཛྲཱ་སྨཱ། ཨ་ཙ་ལ་ཀཱ་ཎ་ཙཎྜ།ནཊྚ་ནཊྚ། མཊྚ་མཊྚ། མོཊྚ་མོཊྚ། སཊྚ་སཊྚ། ཏཊྚ་ཏཊྚ། ཧ་ན་ཧ་ན། ད་ཧ་ད་ཧ། མོ་ཧ་མོ་ཧ། མོ་ཧ་ཀ་ར། ཧ་ས་ཧ་ས། བཛྲ་ཧ་ས་ཀུ་རུ། ཧ་ས་ཧ་ས། མཪྡ་རཊ་མཪྡ་རཊ། གརྫྫ་གརྫྫ། ཧ་ན་ཧ་ན། བྷནྡྷ་བྷནྡྷ། ཏིཥྛ་ཏིཥྛ། ཨཱ་བི་ཤ་ཨཱ་བི་ཤ །མ་ཧཱ་མནྟྲ་པཱ་ལ་ཀ །དྷུ་ན་དྷུ་ན། ཏི་ཎི་ཏི་ཎི། ཁཱ་ད་ཁཱ་ད། བིགྷྣཱན། མཱ་ར་ཡ་མཱ་ར་ཡ། དུཥྚཱན། བྷ་ཀྵ་བྷ་ཀྵ། སརྦཱན་ཀུ་རུ་ཀུ་རུ། ཀི་རི་ཀི་རི། མ་ཧཱ་བི་ཥ་མ་བཛྲ། སྥོ་ཊ་སྥོ་ཊ་ཡ། ཧཱུྃ་ཧཱུྃ་ཧཱུྃ་ཏྲི་བ་ལི་ཏ་རངྒ་ན་རྟཀ །ཨཱྃ་ཨཱྃ་ཨཱྃ། ཧཱྃ་ཧཱྃ་ཧཱྃ། ཨ་ཙ་ལ་ཙེ་ཊ། སྥོ་ཊ་ཡ་སྥོ་ཊ་ཡ། ཧཱུྃ་ཧཱུྃ་ཨ་ས་མནྟི་ཀ་ཏྲཱཊ། མ་ཧཱ་བ་ལ་ཤཱ་ཏ་ཡ། ས་མ་ཡ་ནི། གྷ་ཏ་ཡ། པ་ར་ས་མ་ཡ་མནྟྲཱ་ན། ཨཱྃ་ཨཱྃ། ཧཱྃ་ཧཱྃ། མཱྃ་ཤུད་དྷྱཾ་ཏུ་ལོ་ཀ །ཏུཥྱཾ་ཏུ་བཛྲཱི། ན་མཿསྟུ་ཨ་པྲ་ཏི་ཧ་ཏ་བ་ལེ་བྷྱོ། ཛྭཱ་ལ་ཡ། ཏྲཱ་ཊ་ཨ་ས་ཧ་ན་ན་མཿསྭཱ་ཧཱ། དེ་ནས་འདི་ནི་གསུངས་ཙམ་གྱིས། །ལྷ་ཀུན་འཁོར་དང་བཅས་པ་རྣམས། །བརྒྱལ་ཞིང་ཡིད་ནི་རབ་སྐྲག་ནས། །རྡོ་རྗེའི་སྐུ་ནི་རྗེས་སུ་དྲན། །ཁྲོ་བོ་ཆེན་པོའི་སྔགས་འདི་ཡིས། །ལྷ་ཆེན་པོ་ལ་སོགས་པའི་ལྷ། །མཐུ་ཆེན་དག་ཀྱང་སྐྲག་གྱུར་ནས། །ཁ་སྦྱར་ལུས་ཀྱིས་འགུགས་པར་འགྱུར། །དེ་ནས་བཅོམ་ལྡན་འདས་དམ་


DNG012_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་རྣམ་པར་འཕྲུལ་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྡོ་རྗེ་འཛིན་ཐམས་ཅད་ཀྱི་དམ་ཚིག་ཁྲོ་བོ་ཆེན་པོ་གནོད་མཛེས་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ། གྲྀ་ཧྞ་གྲྀ་ཧྞ་ཧཱུྃ། གྲྀ་ཧྞཱ་པ་ཡ་གྲྀ་ཧྞཱ་པ་ཡ་ཧཱུྃ། ཨཱ་ན་ཡ་ཧོཿབྷ་ག་བཱན། བིདྱཱ་རཱ་ཛ་ཧཱུྃ་ཕཊ། དེ་ནས་འདི་ནི་གསུངས་ཙམ་གྱིས། །བུ་མོ་མཐུ་ཆེན་ཐམས་ཅད་ནི། །སྐྲ་བཤིག་གོས་དང་བྲལ་གྱུར་ནས། །རྡོ་རྗེ་སེམས་དཔའ་རྗེས་སུ་དྲན། །རྡོ་རྗེ་སེམས་དཔའི་ཞབས་ཀྱིས་མནན། །དེ་བཞིན་གཤེགས་ཀུན་བདག་པོ་ནི། །རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཡིས། །བཅིངས་ན་བུ་མོ་དགུག་པའི་མཆོག །དེ་ནས་བཅོམ་ལྡན་འདས་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དམ་ཚིག་ཆེན་པོ་རྡོ་རྗེ་གསུམ་གྱི་གསང་བ་གསུང་གི་དམ་ཚིག་གི་དེ་ཁོ་ན་ཉིད་ཀྱི་གནས་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །སངས་རྒྱས་རྡོ་རྗེའི་སྐུ་གསུམ་ལ། །རྡོ་རྗེ་སེམས་དཔའ་རྣམ་བསྒོམ་པ། །ཞགས་པ་རྡོ་རྗེ་ཀྱོ་བ་འཛིན། །སངས་རྒྱས་དགུག་པ་དམ་པའོ། །སངས་རྒྱས་སྐུ་གསུང་སྦྱོར་བ་ཡིས། །འཁོར་ལོ་ཆེན་པོ་སྦྱོར་བ་ལས། །རྡོ་རྗེ་སེམས་དཔའ་རྒྱལ་ཆེན་པོ། །རྟག་ཏུ་ངེས་པར་འགུགས་པར་འགྱུར། །མི་ཕྱེད་རྡོ་རྗེ་གསུམ་བསྒོམས་པས། །འཁོར་ལོ་པདྨ་རྡོ་རྗེ་ཆེས། །རྡོ་རྗེ་ཀྱོ་བའི་དབྱེ་བ་ཡིས། །སྔགས་རྣམས་ཐམས་ཅད་དགུག་པའི་མཆོག །རང་སྔགས་སྐྱེས་བུ་བསྒོམས་ནས་ནི། །ཐམས་ཅད་རྡོ་རྗེའི་དངོས་ཞི་བ། །མི་ཡི་བུ་མོ་མཆོག་རྣམས་ཀྱི། །སྙིང་གར་རྡོ་རྗེ་ཀྱོ་བ་སྦྱར། །རླུང་གི་དཀྱིལ་འཁོར་སྦྱོར་བ་ཡིས། །ངེས་པར་རྟག་ཏུ་འགུགས་པར་འགྱུར། །རྣམ་པར་སྣང་མཛད་གཟུགས་ཆེན་པོ། །ཟླ་བའི་དཀྱིལ་འཁོར་ལ་བསྒོམ་བྱ། །ཤ་ཙི་དེར་ནི་གནས་པར་བསམ། །རྡོ་རྗེ་བདུད་རྩིའི་སྦྱོར་བ་ཡིས། །ལན་གྲངས་ལྔ་བཅུ་བརྗོད་ན་ནི། །ངེས་པར་རྟག་ཏུ་འགུགས་པར་འགྱུར། །རྡོ་རྗེ་ལྕགས་ཀྱུ་གཟུགས་པོ་ཆེ། །འབར་བ་རྣོན་པོ་འདྲ་བའི་འོད། །རྡོ་རྗེ་དཀྱིལ་འཁོར་རབ་བསྒོམས་ན། །ནམ་མཁའི་པདྨོ་དགུག་པའི་མཆོག །ཁྲོ་བོ་རྡོ་རྗེའི་དམ་ཚིག་རང་། །


DNG012_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ས་འོག་གནས་པ་ལ། །ཤཱུ་ལ་རྡོ་རྗེ་ཀྱོ་བའི་གནས། །ལྷ་མིན་བུ་མོ་འགུགས་པའི་མཆོག །བཙག་གམ་རྡོ་རྒྱུས་དག་ཀྱང་རུང་། །རྡོ་རྗེ་ཀྱོ་བའི་སྦྱོར་བ་ཡིས། །ཟླ་བ་གཟའ་ཡིས་ཟིན་པའི་ཚེ། །ཁར་བཅུག་ནས་ནི་བསྒྲུབ་པར་བྱ། །ཚངས་དབང་དྲག་པོ་ལ་སོགས་ལྷ། །རང་གི་མིང་རྣམས་བྲིས་ན་ནི། །རྡོ་རྗེ་གསུང་གི་བཀའ་བཞིན་དུ། །འཇིགས་ཤིང་སྐྲག་ནས་འོང་བར་འགྱུར། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །འཇམ་པའི་རྡོ་རྗེ་རབ་ཏུ་བསྒོམ། །ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེད། །རྡོ་རྗེ་ལྕགས་ཀྱུ་རྣམ་པར་བསམ། །བསྐལ་པ་སྲེག་པའི་འཁོར་ལོ་ཆེ། །བསྒོམས་ནས་གནོད་སྦྱིན་མོ་དང་སྤྱད། །ཀུན་གྱི་ཕྱག་རྒྱའི་ཁྱད་པར་དང་། །སྔགས་ཀྱི་ཁྱད་པར་ཐམས་ཅད་དུ། །དགུག་པའི་རབ་ཏུ་སྦྱོར་བ་གསུངས། །གཞན་དུ་བྱས་ན་འཇིག་པར་འགྱུར། །རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །ཡང་དང་ཡང་དུ་བསྐུལ་བར་བྱ། །དེ་ཉིད་སྔགས་རྣམས་ཐམས་ཅད་ཀྱི། །རྒྱལ་པོ་མཆོག་ཏུ་རྟག་པའོ། །དེ་ནས་བཅོམ་ལྡན་འདས་ནམ་མཁའ་ཀུན་དུ་རྣམ་པར་འཕྲུལ་པའི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྡོ་རྗེ་རལ་པ་གཅིག་མ་དམ་ཚིག་ཆེན་པོའི་གསུང་རྡོ་རྗེའི་མཆོག་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཨོཾ་ཤཱུ་ལི་ནི་སྭཱ་ཧཱ། དེ་ནས་འདི་ནི་གསུངས་ཙམ་གྱིས། །ཀླུ་ཡི་བུ་མོ་མཐུ་ཆེན་རྣམས། །ཚིག་པར་གྱུར་ཅིང་གོས་དང་བྲལ། །སངས་རྒྱས་བྱང་ཆུབ་རྗེས་སུ་དྲན། །སྔགས་ཀྱི་རིག་པ་འདི་ཡིས་ནི། །ཀླུ་རྣམས་ཐམས་ཅད་འགུགས་པར་འགྱུར། །ཀླུ་ཡི་བུ་མོ་མིག་བཟངས་དག །བཀུག་ནས་ཉེ་བར་སྤྱད་པར་བྱ། །དེ་ནས་བཅོམ་ལྡན་འདས་ནམ་མཁའི་དམ་ཚིག་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཆོས་ཆེན་པོའི་དམ་ཚིག་རྡོ་རྗེ་ཁྲོ་གཉེར་ཅན་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཨོཾ་སརྦྦ་བྷ་ཡ། ནཱ་ཤ་ནི།ཏྲཱ་ས་ནི་ཏྲཱ་སེ། ཏྲཱ་ས་ཡ་ཏྲཱ་ས་ཡ། བི་ར་ཊ་བྷྲི་ཀུ་ཊཱི་ཏ་ཊི། བཻ་ར་ཊི་བཻ་ར་ཊི། ཤྭེ་ཏེ་ཤྭེ་ཏ། ཛ་ཊི་ནི་སྭཱ་ཧཱ། དེ་ནས་འདི་ནི་གསུངས་ཙམ་གྱིས། །རིག་འཛིན་བདག་ཉིད་སྐྱེས་མ་ཀུན། །འདར་ཞིང་འཇིགས་པར་གྱུར་པས་ནི། །ཡེ་ཤེས་


DNG012_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་རྗེས་སུ་དྲན། །རིག་པ་འཛིན་པའི་བུ་མོ་མཆོག །གསེར་གྱི་རྣ་ཆ་གཡོ་བ་རྣམས། །སྔགས་ཀྱི་རིག་པ་འདི་དང་ནི། །དམ་ཚིག་མཆོག་གིས་དགུག་པར་བྱ། །འགོག་པ་རྡོ་རྗེ་རྒྱལ་པོ་ནི། །ཡོངས་སུ་རྫོགས་པས་མཛེས་མཆོག་གིས། །ཡེ་ཤེས་རྡོ་རྗེ་གསུམ་ལས་བྱུང་། །ཀུན་ནས་དེ་མ་ཐག་ཏུ་འགུགས། །ཡང་ན་ཁྲོ་བོ་ཐམས་ཅད་ནི། །དབེན་པའི་གནས་དང་ཆེན་པོ་རུ། །སྔགས་པས་འབུམ་དུ་བཟླས་པ་ཡིས། །ལས་རྣམས་ཐམས་ཅད་བྱེད་པར་བཤད། །རྡོ་རྗེ་སློབ་དཔོན་སྨོད་པ་དང་། །ཐེག་པ་ཆེན་པོ་སྨོད་པ་དག །རབ་ཏུ་འབད་པས་གསད་པར་བྱ། །ཡང་ན་གནས་ནས་སྤོ་བར་བྱ། །འདི་ཡིས་བྱང་ཆུབ་མཆོག་གི་ནི། །སྔགས་ཀྱི་དངོས་གྲུབ་ཐོབ་པར་འགྱུར། །ཞེས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་གསུངས་སོ། །ཡང་གསུངས་པ། ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཀྱི། །ལུས་དང་ངག་སེམས་གསོད་པ་ནི། །ཆོ་ག་བཞིན་དུ་བསྒོམ་བྱས་པ། །གདུག་སེམས་ཅན་གྱི་དགྲ་རྣམས་ནི། །ཁྲག་དང་ཆུ་ཡིས་གཤེར་བའམ། །བཤང་གཅིས་གཤེར་བར་བྱས་པའི་གོས། །བགོས་ནས་ལིངྒ་རྐང་པས་མནན། །ཁྲོ་བོའི་རྒྱལ་པོ་སྦྱར་བར་བྱ། །བརྒྱ་རྩ་བརྒྱད་ནི་ཡོངས་བཟླས་ན། །སངས་རྒྱས་ཀྱང་ནི་ངེས་པར་འཇིག །ཡང་གསུངས་པ། ཆུ་ཡིས་གོས་ནི་གཤེར་བར་བྱས། །ཁྲོ་བོ་མཆོག་གི་བཅིངས་པ་ཡིས། །ལིངྒ་རྐང་པས་མནན་ན་ནི། །སངས་རྒྱས་དག་ཀྱང་ངེས་པར་འཇིག །བཤང་གཅིས་གཤེར་བར་བྱས་པའི་གོས། །ངན་པ་རུལ་པའི་དྲི་མནམ་པ། །བགོས་ཏེ་སྔགས་ནི་བཟླས་བྱས་ན། །སྐད་ཅིག་གིས་སྐམས་འཆི་བར་འགྱུར། །བྲལ་བའི་སྐྱོ་མས་གཤེར་བའི་གོས། །བགོས་ནས་ཁྲོ་བས་འཁྲུགས་བཞིན་དུ། །བརྒྱ་རྩ་བརྒྱད་དུ་བཟླས་ན་ནི། །རྡོ་རྗེ་སེམས་དཔའང་འཇིག་པར་འགྱུར། །ཡང་གསུངས་པ། གཅེར་བུར་ཕུད་དེ་སྐྲ་བཤིག་ལ། །འཇིགས་པའི་ཚུལ་ཅན་གཙིགས་ཤིང་བསྒྱུར། །ལིངྒ་རྐང་པས་མནན་ན་ནི། །ནམ་མཁའི་དབྱིངས་ཀྱང་འཇིག་པར་འགྱུར། །མ་མོའི་གནས་སམ་དུར་ཁྲོད་དམ། །ཁང་སྟོང་དང་ནི་བཞི་མདོ་དང་། །མཚན་མ་གཅིག་དང་ཤིང་གཅིག་


DNG012_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

དྲུང་། །མངོན་པར་སྤྱོད་པ་བརྩམ་པར་བྱ། །མི་རུས་ལས་བྱས་ཕུར་བུ་ནི། །སོར་བརྒྱད་པ་ཡི་ཚད་དག་ལ། །བརྒྱ་རྩ་བརྒྱད་དུ་བཟླས་བྱས་ཏེ། །དགྲ་ཡི་སྒོ་ཁར་སྦས་ན་ནི། །སངས་རྒྱས་སྐུ་གསུམ་མཆོག་སྦྱིན་པ། །ཤེས་དང་མི་ཤེས་རྣམ་སྤངས་པ། །ཟླ་བ་ཕྱེད་ནང་རྫོགས་པ་ཡིས། །སྐམ་མམ་ཡང་ན་འཆི་བར་འགྱུར། །ཡང་ན་ཐོད་པ་གང་བ་དག །ཁྱད་པར་དུ་ནི་མཁས་པས་བཙལ། །དེར་ནི་སྔགས་ཀྱི་ཚིག་བྲིས་ཏེ། །རྡོ་རྗེའི་ཚིག་གིས་བཟླས་པ་བྱ། །དགྲ་ཡི་སྒོའམ་གྲོང་དག་ཏུ། །སྦས་ན་ངེས་པར་སྐྲོད་པར་འགྱུར། །ཏ་ལའི་ལོ་མའམ་གཞན་དག་ལ། །ཁྲོ་བོའི་སྔགས་ནི་ཀུན་བྲིས་ལ། །དགྲ་ཡི་ཁྱིམ་མམ་སྒོ་དག་ཏུ། །སྦས་ན་སྐམས་ཤིང་འཆི་བར་འགྱུར། །བཅོམ་ལྡན་འདས་དམ་ཚིག་ཆེན་པོའི་དཔལ་རྡོ་རྗེས་དེ་སྐད་ཅེས་བཀའ་སྩལ་ཏོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལུས་དང་ངག་དང་ཡིད་ངེས་པར་འཆིང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཁམས་གསུམ་པ་ཐམས་ཅད་ཀྱི་ལུས་དང་ངག་དང་ཡིད་ཕུར་བུས་གདབ་པའི་སྔགས་རྡོ་རྗེ་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཨོཾ་གྷ་གྷ། གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་དུཥྚྭཱན་ཕཊ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ། སརྦ་པཱ་བྃ་ཕཊ་ཕཊ། ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཀཱི་ལ། བཛྲ་དྷ་ར་ཨཱཛྙཱ་པ་ཡ་ཏི། ཀཱ་ཡ་བཱཀྩིཏྟ་བཛྲ། ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ། དེ་ནས་འདི་ནི་གསུངས་ཙམ་གྱིས། །རྡོ་རྗེ་རྫུ་འཕྲུལ་ཆེན་པོ་ཀུན། །བརྒྱལ་ཞིང་རབ་ཏུ་འཇིགས་གྱུར་ནས། །ནམ་མཁའ་རྡོ་རྗེ་ཐུགས་དྲན་གྱུར། །མི་རུས་ལས་བྱས་ཕུར་བུའམ། །ཡང་ན་སེང་ལྡེང་མཆོག་ལས་སྐྱེས། །ལྕགས་ལས་བྱས་པའི་ཕུར་བུ་དག །རྡོ་རྗེ་སྐུ་གསུམ་འཇིག་པར་བྱེད། །འོད་འཕྲོ་འཁྲུག་ཅིང་མདངས་བཟང་བའི། །རྡོ་རྗེ་སེམས་དཔའ་མཉམ་གཞག་ལ། །རྡོ་རྗེ་སྐུ་ནི་གསུམ་གྱི་མཐར། །གཟུགས་བརྙན་བསམས་ནས་སྦྱར་བར་བྱ། །རྣམ་པར་སྣང་མཛད་ཕྱག་རྒྱ་ཆེ། །ཡང་ན་འདོད་ཆགས་རྡོ་རྗེ་ཅན། །གཤིན་རྗེ་གཤེད་ཀྱི་ཕྱག་རྒྱ་ཆེ། །བསམས་ན་རྡོ་རྗེ་གསུམ་ཡང་གནོན། །རྡོ་རྗེ་བདུད་རྩི་འཁྱིལ་པ་ཡིས། །གདུག་ཅིང་ཁྲོ་བ་ཚར་གཅོད་པ། །སངས་


DNG012_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་བདག་ཉིད་ཆེན་པོའི་ཡང་། །རྡོ་རྗེའི་སྦྱོར་བས་བྱ་བ་ཡིན། །སྙིང་ག་ནས་ནི་རྐང་པའི་བར། །རྡོ་རྗེ་ཕུར་བུ་རྣམ་པར་བསྒོམ། །དེ་ཉིད་གོང་དུ་དམ་ཚིག་བྱ། །ཕུར་བུའི་རྣམ་པར་འཕྲུལ་པ་འདི། །བསམ་གཏན་རྡོ་རྗེའི་སྦྱོར་བ་ཡིས། །སངས་རྒྱས་ཀྱིས་ཀྱང་ངེས་པར་འདེབས། །རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །ཕུར་བུས་བཏབ་ན་མྱུར་དུ་འཆི། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོའི་སྐུ་རྣམ་པར་འཕྲུལ་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། སྐུའི་དམ་ཚིག་ཚམ་ངམ་གྱི་རྡོ་རྗེ་ཕུར་བུའི་སྔགས་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཨོཾ་ཙྪིནྡྷ་ཙྪིནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། དཱིཔྟ་བཛྲ་ཙཀྲ་ཧཱུྃ་ཕཊ། ཕན་ཚུན་དཀྲི་བའི་ཚུལ་དང་ནི། །མཐེ་བོང་བཞི་ནི་རབ་ཏུ་བསྡམ། །རྣམ་པར་སྣང་མཛད་ཚུལ་གནས་ཏེ། །རྡོ་རྗེ་ཕུར་བུ་ངེས་པར་གདབ། །བཏབ་མ་ཐག་ཏུ་སེམས་དཔའ་ཆེ། །རྡོ་རྗེ་སྐུ་གསུམ་ལས་བྱུང་བ། །དམ་ཚིག་མཆོག་གིས་ལྡང་བར་འགྱུར། །ཡང་ན་འཆི་བའི་གནས་སུ་འགྱུར། །དེ་ནས་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་གསུང་རྣམ་པར་འཕྲུལ་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། གསུང་གི་དམ་ཚིག་ཚམ་ངམ་གྱི་རྡོ་རྗེ་ཕུར་བུའི་སྔགས་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་བྱུང་ངོ་། །ཨོཾ་ཧྲཱྀཿབྷཱུར་བྷུ་བཿ། ཡེ་ཤེས་པདྨོ་ཁ་ཕྱེ་བ། །རྡོ་རྗེ་སོར་མོ་ངེས་པར་བཞག །འདོད་ཆགས་རྡོ་རྗེའི་ཚུལ་གནས་ཏེ། །རྡོ་རྗེ་ཕུར་བུ་ངེས་པར་གདབ། །བཏབ་མ་ཐག་ཏུ་རྡོ་རྗེ་ཆེ། །སྐུ་གསུམ་དྲི་མེད་ལས་བྱུང་བ། །དམ་ཚིག་མཆོག་གིས་ལྡང་བར་འགྱུར། །ཡང་ན་འཆི་བའི་གནས་སུ་འགྱུར། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་ཐུགས་རྣམ་པར་འཕྲུལ་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཐུགས་ཀྱི་དམ་ཚིག་ཚམ་ངམ་གྱིས་གནོན་པའི་སྔགས་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཨོཾ་བཛྲ་རཱ་ཛ་ཧཱུྃ། རྩེ་མོ་ལྔ་པར་བཅིངས་ནས་ནི། །འོད་འཕྲོ་མང་པོ་འཁྲིགས་པར་བསྒོམ། །སེམས་ཀྱི་རྡོ་རྗེའི་ཚུལ་གནས་ཏེ། །རྡོ་རྗེ་ཕུར་བུས་ངེས་པར་གདབ། །བཏབ་པ་ཙམ་གྱིས་རྡོ་རྗེ་ཆེ། །རྡོ་རྗེ་དྲི་མེད་གསུམ་ལས་


DNG012_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་། །དམ་ཚིག་མཆོག་གིས་ལྡང་བར་འགྱུར། །ཡང་ན་འཆི་བའི་གནས་སུ་འགྱུར། །སྐུ་གསུང་ཐུགས་ཀྱི་སྦྱོར་བ་ཡིས། །ཆོ་ག་ཡང་དག་བྱས་ནས་ནི། །མཁའ་དབྱིངས་རྡོ་རྗེ་མཐའ་ཀླས་པར། །ཕུར་བུས་འདེབས་འདིར་གདོན་མི་ཟ། །བཅོམ་ལྡན་འདས་རྡོ་རྗེ་ཕུར་བུ་ཆེན་པོས་དེ་སྐད་ཅེས་བཀའ་སྩལ་ཏོ། །དེ་ནས་སངས་རྒྱས་སྐུ་གསུམ་མཆོག །སེམས་ཅན་ཁམས་ལ་ཕན་མཛད་པ། །མཉེས་ཤིང་རབ་ཏུ་དགྱེས་གྱུར་ནས། །གསུང་ནི་འདི་སྐད་བཀའ་སྩལ་ཏོ། །ཨེ་མའོ་གསང་བའི་གནས་ཀྱི་མཆོག །ཨེ་མའོ་སྙིང་པོ་ཀུན་བཏུས་པ། །ཨེ་མའོ་ཆོས་ཀྱི་གནས་ཞི་བ། །ཨེ་མའོ་རྡོ་རྗེ་རྣམ་པར་འཇོམས། །ཕུར་འདེབས་སངས་རྒྱས་ཐམས་ཅད་དང་། །བྱང་ཆུབ་སེམས་དཔའ་གྲགས་ཆེན་པོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས། །ཕུར་བུས་གདབ་ལ་ཡང་དག་བཤད། །འདི་ནི་སྔགས་རྣམས་ཐམས་ཅད་ཀྱི། །ཕུར་གདབ་དེ་ཉིད་ལས་བྱུང་བ། །སྐུ་གསུང་ཐུགས་ལས་མཆོག་སྦྱིན་པ། །སྔགས་ཀྱི་དེ་ཉིད་བསྡུས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་ཆེན་གསང་བ་འདུས་པ་ལས་སྐུ་དང་གསུང་དང་ཐུགས་རྨད་དུ་བྱུང་བ་སྔགས་ཀྱིས་འགུགས་པ་རྣམ་པར་སྤྲུལ་པའི་རྒྱལ་པོ་ཞེས་བྱ་བའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །ཐམས་ཅད་ནམ་མཁའ་མི་འགྱུར་ཆེ། །ཐམས་ཅད་དབང་བསྐུར་ཀུན་མཁྱེན་པས། །རྡོ་རྗེ་གསུང་ནི་བཀའ་སྩལ་པ། །སྨེ་ཤ་ཅན་གྱི་བདག་ཉིད་ཆེ། །བུ་མོ་ལོ་གྲངས་བཅུ་གཉིས་པ། །དབེན་པའི་གནས་སུ་ཁྱད་པར་དུ། །སྒྲུབ་པ་པོས་ནི་རྟག་ཏུ་བསྒྲུབ། །བཤང་གཅིའི་དམ་ཚིག་ལ་སོགས་པས། །དེ་རུ་ཆོ་ག་བཞིན་དུ་ནི། །དཀྱིལ་འཁོར་གྲུ་བཞི་ལྷག་པར་བྱས། །རྡོ་རྗེ་དཀྱིལ་འཁོར་བསྒོམས་པ་ཡིས། །མཚན་ཉིད་ཐམས་ཅད་ཡོངས་སུ་དག །བཞིན་ཡང་མཛེས་ལ་རབ་ཏུ་བཟང་། །རྒྱན་རྣམས་ཐམས་ཅད་ཡོངས་རྫོགས་པ། །པང་པར་བཞག་ནས་རྣམ་པར་བསྒོམ། །དཀྱིལ་འཁོར་ལྔ་ཡི་འཁོར་ལོ་ཡིས། །སངས་རྒྱས་གཟུགས་ནི་རྣམ་པར་བསྒོམ། །


DNG012_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱི་འཁོར་ལོ་ཅན་གྱི་གསང་། །མཆོད་པའི་གནས་ནི་ཉམས་དགའ་བསྒོམ། །སྐུ་གསུང་ཐུགས་ནི་རྡོ་རྗེ་ཅན། །རྣམ་པར་སྣང་མཛད་སྐུ་ཆེན་པོ། །བསམ་གཏན་སྔགས་ཀྱི་སྦྱོར་བ་ཡིས། །སངས་རྒྱས་ཀྱི་ནི་འོད་འདྲར་འགྱུར། །རྡོ་རྗེ་སེམས་དཔའ་སྦྱོར་བ་ཡིས། །བཙོ་བླག་མཁན་ནི་བདག་ཉིད་ཆེ། །བུ་མོ་ཨུཏྤལ་མཐིང་གའི་མདོག །འདྲ་བ་དག་ནི་རྟག་ཏུ་བསྒྲུབ། །དེ་ཉིད་སྦྱོར་བའི་ཆོ་ག་ནི། །བྱས་ནས་ལས་ནི་བརྩམ་པར་བྱ། །འདི་ནི་སྔགས་རྣམས་ཐམས་ཅད་ཀྱི། །དམ་ཚིག་ཤིན་ཏུ་འདའ་དཀའ་བའོ། །དེ་ནི་དེ་མ་ཐག་ཉིད་དུ། །རྡོ་རྗེ་སེམས་དཔའི་འོད་འདྲར་འགྱུར། །ཆོས་རྣམས་ཀུན་འཛིན་རྒྱལ་པོ་མཚུངས། །འདོད་དང་ཐར་པ་རབ་སྒྲུབ་པ། །རྡོ་རྗེ་ཆོས་ནི་རྣམ་བསྒོམས་པས། །གར་མཁན་བུ་མོ་རབ་མཛེས་ཤིང་། །བཞིན་བཟང་མིག་ནི་དཀྱུས་རིང་བ། །སྒྲུབ་པ་པོས་ནི་རྟག་ཏུ་བསྒྲུབ། །དེ་ནི་རྡོ་རྗེ་ཆོས་བདག་ཉིད། །ས་བཅུ་ལ་ནི་གནས་པར་འགྱུར། །རྒྱལ་པོ་གསུང་གི་དམ་ཚིག་འཛིན། །ཀུན་མཆོག་དབང་ཕྱུག་དམ་པའོ། །བྲམ་ཟེ་རྒྱལ་རིགས་རྗེའུ་རིགས་དང་། །དམངས་རིགས་ལས་བྱུང་བུ་མོ་ནི། །རྡོ་རྗེ་ཆོས་བདག་བསྒྲུབ་པར་བྱ། །གསང་བ་ཐོབ་པར་བྱེད་པའོ། །རྡོ་རྗེ་ཉི་མ་ནུབ་ནས་ནི། །སྒྲུབ་པ་ཀུན་ཏུ་བརྩམ་པར་བྱ། །སྐྱ་རེངས་ཤར་བའི་དུས་སུ་ནི། །བསྒོམ་པ་མཆོག་གིས་འགྲུབ་པར་འགྱུར། །རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། །དྲི་དང་མེ་ཏོག་རྣམས་ཀྱིས་བརྒྱན། །རྡོ་རྗེ་སེམས་དཔའ་མཆོག་བསྒོམས་ན། །གྲུབ་པ་མྱུར་དུ་ཐོབ་པར་འགྱུར། །འདི་ནི་སྐུ་གསུམ་མཆོག་སྦྱིན་པ། །སངས་རྒྱས་མཚན་གྱིས་མཚན་པར་འགྱུར། །དཔག་ཚད་བརྒྱ་ཡི་ཁྱོན་ཙམ་དུ། །དེ་ཡི་འོད་ཀྱང་སྣང་བར་བྱེད། །དབང་པོ་གཉིས་ནི་སྦྱོར་བ་ཡིས། །སྦྱོར་བ་ཐམས་ཅད་བརྩམ་པར་བྱ། །འདི་ནི་དངོས་གྲུབ་ཐམས་ཅད་ཀྱི། །དམ་ཚིག་ཤིན་ཏུ་འདའ་དཀའ་བའོ། །གལ་ཏེ་རྡོ་རྗེ་ཅན་གྲུབ་འདོད། །བཤང་གཅིའི་དམ་ཚིག་བཟའ་བར་བྱ། །འདི་ནི་དངོས་གྲུབ་ཐམས་ཅད་ཀྱི། །དམ་ཚིག་ཤིན་ཏུ་འདའ་དཀའ་བའོ། །བཤང་གཅིའི་དམ་ཚིག་ལ་སོགས་


DNG012_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

པས། །དབང་པོ་གཉིས་ཀྱི་སྦྱོར་བ་ཡིས། །སངས་རྒྱས་བྱང་ཆུབ་གནས་ཞི་བ། །དེ་ཉིད་བླ་ན་མེད་པ་འགྲུབ། །བཅོམ་ལྡན་འདས་འདོད་པ་དང་ཐར་པའི་དམ་ཚིག་རྡོ་རྗེས་དེ་སྐད་ཅེས་བཀའ་སྩལ་ཏོ། །དེ་ནས་བཅོམ་ལྡན་འདས་དམ་ཚིག་ཆེན་པོ་རྡོ་རྗེ་ཁྲོ་བོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཀུན་དུ་སྐྲག་པར་བྱེད་པའི་ཁྲོ་བོ་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཨོཾ་ཧྲཱྀཿཥྚྲཱྀཿབི་ཀྲྀ་ཏཱ་ན་ན་སརྦ་ཤ་ཏྲཱུྃ་ནཱ་ཤ་ཡ། སྟམྦྷ་ཡ། ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། དུག་ནི་ཁྲག་དང་ཀུན་དུ་སྦྱར། །ལན་ཚྭ་སྐེ་ཚེ་ཡུངས་མར་ཏེ། །ཚེར་མའི་མེ་ལས་ཁྲོས་པས་བསྲེག །བུ་མོའི་མིང་གི་ཚིག་དང་བཅས། །ཉི་མ་གུང་ངམ་ནམ་ཕྱེད་ན། །འདི་ནི་རྣམ་པ་ཀུན་དུ་ཤིས། །ཤེས་རབ་ཅན་གྱིས་གྲུ་གསུམ་དུ། །སྟོང་ཕྲག་བརྒྱད་ནི་ཚུལ་བཞིན་བསྲེག །བུ་མོ་དག་གི་དོན་གྱི་ཕྱིར། །འདི་ནི་ཉི་མ་གསུམ་དུ་བྱ། །བསྐལ་པ་གསུམ་དང་གྲངས་མེད་ནི། །དེས་ནི་རྟག་ཏུ་གནོན་པར་འགྱུར། །སངས་རྒྱས་དང་ནི་ཆོས་འཛིན་པ། །རྡོ་རྗེ་སེམས་དཔའ་གཞན་ཡང་རུང་། །གལ་ཏེ་རྨོངས་པས་འདས་ན་ནི། །དེ་ཡི་ཚེ་ནི་དེར་ཟད་འགྱུར། །བཅུ་བཞིའམ་ཡང་ན་ཚེས་བརྒྱད་ལ། །དུར་ཁྲོད་སོལ་བ་བླངས་ནས་ནི། །ཆོ་ག་བཞིན་དུ་སྔགས་བཏབ་ན། །དེ་ནི་རྟག་ཏུ་སྟེར་བར་འགྱུར། །སྔགས་ཤེས་པ་ཡིས་གང་རུང་བའི། །དགྲ་ཡི་གཟུགས་བརྙན་བྱས་ནས་ནི། །བསམ་གཏན་དག་གིས་བྲིས་ན་ནི། །འཆི་བར་འགྱུར་འདིར་གདོན་མི་ཟ། །ཐོ་བ་བསམ་གཏན་སྦྱོར་བ་ཡིས། །ཕན་ན་ངེས་པར་ལྟུང་བར་འགྱུར། །ཧཱུྃ་ཡིག་རབ་ཏུ་འབར་དང་བཅས། །རྡོ་རྗེ་འབར་བ་རབ་ཏུ་བསྒོམ། །ཕྱག་ན་རྡོ་རྗེའི་རིགས་དྲན་ཏེ། །གདུག་པ་ཐམས་ཅད་འཇིག་པར་བྱེད། །རྡོ་རྒྱུས་སོལ་བ་ལ་སོགས་པས། །སྐྱེས་པའམ་བུད་མེད་གཟུགས་བྲིས་ལ། །ལག་པར་སྟ་རེ་བསམས་ནས་སུ། །མགྲིན་པ་བཅད་པར་རྣམ་པར་བསྒོམ། །སངས་རྒྱས་སྐུ་གསུམ་རིན་ཆེན་མཆོག །སེམས་ཅན་ཀུན་ལ་ཕན་འདོད་པ། །འདི་ཡིས་སྣད་པར་འགྱུར་བ་འམ། །ཤི་བར་འགྱུར་འདིར་གདོན་མི་ཟ། །ལས་


DNG012_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྡོ་རྗེ་རབ་འབར་ཆེ། །མེ་སྟག་མང་པོ་འཁྲིགས་པ་ཅན། །དབུས་སུ་རྡོ་རྗེ་རྣམ་བསྒོམས་ན། །ཆུ་རྣམས་གནོན་པའི་མཆོག་ཡིན་ནོ། །དཀྱིལ་འཁོར་དག་ནི་འདྲི་བ་ན། །རླུང་ལ་སོགས་པ་བྱུང་ན་ནི། །མཆེ་བའི་ཕྱག་རྒྱ་བཅིངས་ནས་སུ། །གདུག་པའི་དགྲ་ནི་རྗེས་དྲན་བྱ། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡི། །གང་ཞིག་སྤྲུལ་པར་གྱུར་པ་ཡང་། །མཐོང་བ་ཙམ་གྱིས་འགག་འགྱུར་ཆེ། །གཞན་དུ་བྱས་ན་འཇིགས་པར་འགྱུར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །སྐྱེ་བོ་གདུག་པ་གཞན་དག་གང་། །སྔགས་འདིས་སྐྲག་པར་བྱས་ན་ནི། །འཆི་བར་འགྱུར་བར་གདོན་མི་ཟ། །དེ་ལ་འདི་ནི་སྔགས་ཐམས་ཅད་ཀྱི་གསང་བའི་སྙིང་པོའོ། །ཕཊ། ཡེ་ཤེས་སེམས་དཔའི་སྦྱོར་བ་ཡིས། །དབུས་སུ་གཟུགས་ནི་བསྒོམ་པར་བྱ། །སྔགས་ཤེས་པ་ཡིས་གནས་བཞི་རུ། །བཙུན་མོ་རྟག་ཏུ་གཞག་པར་བྱ། །རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། །མཚན་རྣམས་ཐམས་ཅད་ཀྱིས་མཚན་པ། །པདྨོ་རབ་ཏུ་རྒྱས་བྱས་ནས། །སྔགས་འདི་རབ་ཏུ་བསྒོམ་པར་བྱ། །ཧཱུྃ། འོད་ཟེར་ལྔ་འོད་རབ་འབར་བ། །རྡོ་རྗེ་ཅན་གྱི་སྦྱོར་བ་བསྒོམ། །རང་ལུས་ངག་སེམས་རྡོ་རྗེ་ལ། །ཕབ་ན་བྱང་ཆུབ་ཐོབ་པར་འགྱུར། །དེ་ནི་དེ་མ་ཐག་ཉིད་དུ། །རྣམ་པར་སྣང་མཛད་འོད་འདྲ་ཞིང་། །རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །སངས་རྒྱས་སྐུ་གསུམ་རྡོ་རྗེ་འཛིན། །སེམས་དཔའ་ཐམས་ཅད་སྐྱེད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །བཞིན་བཟངས་ཕན་པར་འདོད་པ་ཡི། །བུད་མེད་རྙེད་ན་ཆོ་ག་བཞིན། །དབེན་པར་མཆོད་པ་བརྩམ་པར་བྱ། །གསང་བ་བླངས་ནས་བཟའ་བར་བྱ། །དེ་ནི་དེ་མ་ཐག་ཉིད་དུ། །འཇམ་དཔལ་དང་ནི་གཟི་བརྗིད་མཉམ། །མི་སྣང་བདག་པོ་དཔལ་དང་ལྡན། །འཛམ་བུའི་གསེར་གྱི་མདངས་འདྲར་འགྱུར། །བཤད་པའམ་ཡང་ན་བཟའ་བ་འམ། །ཤ་དག་ཀྱང་ནི་གཞུག་པར་བྱ། །ཆོ་ག་བཞིན་དུ་སྔགས་པས་ན། །ཟོས་ན་སངས་རྒྱས་ཀྱིས་མི་མཐོང་། །ཞེས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་དེ་སྐད་ཅེས་བཀའ་སྩལ་ཏོ། །བཤང་བ་ཆོ་ག་བཞིན་བླངས་ནས། །ཁམ་ཕོར་སྦྱར་མར་གཞག་


DNG012_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ། །བརྒྱ་རྩ་བརྒྱད་དུ་བསྐུལ་ན་ནི། །སངས་རྒྱས་ཉི་མས་མི་མཐོང་ངོ་། །ཁྱི་ཡི་ཤ་དང་རྟ་ཤ་དང་། །ཤ་ཆེན་དག་ནི་ཆོ་ག་བཞིན། །བླངས་ནས་ཁ་སྦྱར་སྦྱོར་བ་ཡིས། །ཟོས་ན་དེ་ཡིས་མི་མཐོང་ངོ་། །བཤང་དང་ལྷན་ཅིག་ལྡན་པ་ཡིས། །རིལ་བུ་ལྕགས་གསུམ་གྱིས་དཀྲིས་པ། །དབང་པོ་གཉིས་ཀྱི་སྦྱོར་བ་ཡིས། །སངས་རྒྱས་ཀུན་གྱིས་མི་མཐོང་ངོ་། །ཁྱི་ཡི་ཤ་དང་སྦྱར་བ་ཡི། །རིལ་བུ་ལྕགས་གསུམ་གྱིས་དཀྲིས་པ། །དབང་པོ་གཉིས་ཀྱི་སྦྱོར་བ་ཡིས། །སངས་རྒྱས་ཀུན་གྱིས་མི་མཐོང་ངོ་། །ཤ་ཆེན་དང་ནི་སྦྱོར་བ་ཡི། །རིལ་བུ་ལྕགས་གསུམ་གྱིས་དཀྲིས་པ། །དབང་པོ་གཉིས་ཀྱི་སྦྱོར་བ་ཡིས། །སངས་རྒྱས་ཀུན་གྱིས་མི་མཐོང་ངོ་། །བ་གླང་ཤ་དང་སྦྱོར་བ་ཡི། །རིལ་བུ་ལྕགས་གསུམ་གྱིས་དཀྲིས་པ། །དབང་པོ་གཉིས་ཀྱི་སྦྱོར་བ་ཡིས། །སངས་རྒྱས་ཀུན་གྱིས་མི་མཐོང་ངོ་། །བཤང་བ་ལས་བྱུང་སྲོག་ཆགས་ལས། །བརྟུལ་ཞུགས་ཅན་གྱིས་རིལ་བུ་བྱ། །དབང་པོ་གཉིས་ཀྱི་སྦྱོར་བ་ཡིས། །སངས་རྒྱས་ཉི་མས་མི་མཐོང་ངོ་། །ག་པུར་ཙནྡན་སྦྱར་བ་ཡི། །རིལ་བུ་ལྕགས་གསུམ་གྱིས་དཀྲིས་པ། །དབང་པོ་གཉིས་ཀྱི་སྦྱོར་བ་ཡིས། །སངས་རྒྱས་ཀུན་གྱིས་མི་མཐོང་ངོ་། །གི་ཝང་ཨ་ག་རུ་སྦྱར་བའི། །རིལ་བུ་ལྕགས་གསུམ་གྱིས་དཀྲིས་པ། །དབང་པོ་གཉིས་ཀྱི་སྦྱོར་བ་ཡིས། །རྡོ་རྗེ་སྟོབས་པོ་ཆེར་འགྱུར་རོ། །ག་པུར་གུར་གུམ་སྦྱོར་བ་ཡི། །རིལ་བུ་ལྕགས་གསུམ་གྱིས་དཀྲིས་པ། །དབང་པོ་གཉིས་ཀྱི་སྦྱོར་བ་ཡིས། །སངས་རྒྱས་ཀུན་གྱིས་མི་མཐོང་ངོ་། །ཞེས་གསུངས་སོ། །རྡོ་རྗེ་ཅན་རྣམས་གང་ཡང་རུང་། །ཕྱག་རྒྱ་ཆེན་པོར་བྱིན་བརླབས་ན། །དེ་འདྲར་འགྱུར་ཏེ་དཔལ་དང་ལྡན། །སྟོབས་ཆེན་ཕ་རོལ་གནོན་པ་པོ། །དཔག་ཚད་བྱེ་བ་རྫོགས་པ་ཡི། །སྟེང་དུ་རྡོ་རྗེ་འགྲོ་བར་འགྱུར། །སྟོང་གསུམ་བགྲོད་པ་དཔལ་དང་ལྡན། །སངས་རྒྱས་འོད་དང་འདྲ་བར་འགྱུར། །འདོད་ཁམས་གནས་པའི་བུ་མོ་དང་། །ལྷ་ཡི་ལོངས་སྤྱོད་རིགས་བརྟུལ་ཞུགས། །ཡང་ན་གཟུགས་ཁམས་གནས་པ་ལ། །སྟོབས་ཆེན་གྱིས་ནི་འདོད་པ་


DNG012_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད། །བཅོམ་ལྡན་འདས་དམ་ཚིག་མི་སྣང་བའི་རྡོ་རྗེ་ཆེན་པོས་དེ་སྐད་ཅེས་བཀའ་སྩལ་ཏོ། །དེ་ནས་སངས་རྒྱས་རབ་དགྱེས་བདག །སེམས་འཁྲུལ་ཡིད་ལ་དབང་བ་དག །ངོ་མཚར་གྱུར་ཅིང་སྤྱན་གདངས་ནས། །གསུང་ནི་འདི་སྐད་བཀའ་སྩལ་ཏོ། །ཨེ་མའོ་འདི་རབ་ངོ་མཚར་ཆེ། །ཨེ་མའོ་གསང་གནས་མི་འགྱུར་བ། །ཨེ་མའོ་ངོ་བོ་ཉིད་ཀྱིས་དག །ཨེ་མའོ་ཤིན་ཏུ་དྲི་མེད་ཆོས། །དེ་ནས་སྟོན་པ་རྡོ་རྗེ་འཛིན། །སྐྱེད་པར་བྱེད་པ་མི་འགྱུར་ཆེ། །སངས་རྒྱས་རྡོ་རྗེ་ཆོས་ཆེན་པོས། །རྡོ་རྗེའི་གསུང་དུ་བཀའ་སྩལ་པ། །སེམས་དཔའ་རྡོ་རྗེའི་སྦྱོར་བ་ཡིས། །རྡོ་རྗེ་འཛིན་རྣམས་མཉེས་པར་བྱ། །སངས་རྒྱས་བྱང་ཆུབ་རབ་དབྱེ་བས། །སངས་རྒྱས་རྡོ་རྗེ་ཅན་མཉེས་འགྱུར། །རྡོ་རྗེ་སྤྱན་དང་གཟུགས་སོགས་ཀྱིས། །གཙུག་ཏོར་འཇོག་པར་བྱེད་པར་བཤད། །ཁྲོ་བོའི་ནང་ལ་དེ་མཆོག་སྟེ། །སངས་རྒྱས་རྡོ་རྗེ་རབ་བསྒོམ་པའོ། །རིག་པའི་རྒྱལ་པོ་ཆོས་མཆོག་རྣམས། །དཀོན་མཆོག་དཔལ་ནི་རྣམ་པར་བསྒོམ། །རིག་པའི་རྒྱལ་མོའི་སྦྱོར་བ་ལ། །ཚེ་དཔག་མེད་པ་རབ་ཏུ་བསྒོམ། །ཐམས་ཅད་ལས་བྱེད་སྔགས་རྣམས་ལ། །གདོན་མི་ཟ་བའི་ཡེ་ཤེས་བསྒོམ། །སྔགས་རྣམས་ཐམས་ཅད་ཉིད་ལ་ནི། །རྡོ་རྗེ་སེམས་དཔའ་རྣམ་པར་བསྒོམ། །ཞེས་གསུངས་སོ། །གནོད་སྦྱིན་མོ་ཡི་སྔགས་རྒྱུད་ལ། །གཤིན་རྗེ་གཤེད་ཉིད་བརྟག་པར་བྱ། །ཐམས་ཅད་སྦྱོར་བའི་སྔགས་རྣམས་ལ། །སྤྱི་བོ་རུ་ནི་བསྐུལ་བ་ཤིས། །བཅོམ་ལྡན་འདས་དམ་ཚིག་ཆེན་པོས་དེ་སྐད་ཅེས་བཀའ་སྩལ་ཏོ། །བསམ་གཏན་འཁོར་ལོ་འདི་ཡིས་ནི། །སྔགས་མཉེས་པ་ཡི་དཀྱིལ་འཁོར་དག །དམ་ཚིག་ཆེན་པོ་སྒྲུབ་བྱེད་པ། །སྒྲུབ་པོ་རྣམས་ལ་ཕན་པར་གསུངས། །དེ་ནས་སྟོན་པ་རྡོ་རྗེ་འཛིན། །གཙོ་བོ་ཆོས་རྣམས་ཀུན་དབང་ཕྱུག །སྐུ་དང་གསུང་ཐུགས་ཡང་དག་པས། །ཡེ་ཤེས་རྡོ་རྗེ་བཀའ་སྩལ་ཏེ། །རི་རྩེ་ཉམས་ནི་དགའ་བ་དང་། །ནགས་ཚལ་རབ་ཏུ་དབེན་པར་ཡང་། །བསམ་གཏན་རྡོ་རྗེ་རབ་བྱ་བ། །སྔགས་དང་བཟླས་པའི་སྦྱོར་བ་ཡིས། །རྡོ་རྗེ་སེམས་དཔའ་ལ་སོགས་ཀུན། །སྔགས་དང་བསམ་གཏན་གྱིས་བསྐུལ་བས། །གསུང་གི་ལས་ཀྱི་བཀའ་བཞིན་དུ། །ལས་རྣམས་སྣ་ཚོགས་བྱེད་པར་འགྱུར། །


DNG012_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཆོས་ཀྱི་གཟུགས་ཆེན་པོ། །པདྨ་རཱ་གའི་འོད་འདྲ་བ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི། །གནས་གསུམ་དུ་ནི་རབ་བརྟག་གོ། །དབབ་པའི་ཆོ་ག་ཐམས་ཅད་ནི། །བྱས་ན་གདོན་མི་ཟ་བར་འགྲུབ། །བསྐུལ་དང་རེངས་པ་ལྷ་ཆེན་པོ། །འཕགས་པའི་ས་ནི་བཞི་པོ་དག །རྡོ་རྗེ་གྲུབ་པ་དག་གིས་བྱ། །དེ་ལྟར་བྱས་ན་རྟག་པར་འགྲུབ། །བུ་མོ་ལོ་གྲངས་བཅུ་གཉིས་མའམ། །ཁྱེའུ་ལོ་གྲངས་བཅུ་གཉིས་པ། །མཚན་ཉིད་ཐམས་ཅད་ཡོངས་རྫོགས་པ། །བཟུང་ནས་དབབ་པར་རབ་ཏུ་བརྟག །ཆོ་ག་ཐམས་ཅད་བྱས་ནས་ནི། །ལས་རྣམས་རབ་ཏུ་བསྒྲུབ་པར་བྱ། །རྣམ་པ་གཞན་དུ་བྱས་ན་ནི། །ཁམས་གསུམ་སྐྱེ་བོས་དཔྱས་པར་འགྱུར། །དེ་ལ་སྙིང་པོའི་སྔགས་ཀྱི་ཡི་གེའི་ཚིག་ནི་འདི་རྣམས་སོ། །ཧཱུྃ་ཧཱཿཨཱཿཛྷཻཿ། ནམ་མཁའི་ཁམས་ནི་སེམས་མེད་ཅིང་། །རྟོག་པ་ཐམས་ཅད་རྣམ་སྤངས་དང་། །རྡོ་རྗེ་སེམས་དཔའ་རང་ཉིད་ཀྱང་། །ཆོ་ག་ཡིས་ནི་འབབ་པར་འགྱུར། །ཧཱུྃ་ཡིག་རྡོ་རྗེ་སེམས་དཔའི་བདག །ཧཱཿཡིག་སྐུ་ཡི་རྡོ་རྗེ་ཅན། །ཨཱཿཡིག་ཆོས་འཛིན་རྒྱལ་པོ་སྟེ། །འདི་ནི་སྔགས་ཚིག་བསྟན་པའོ། །ཡི་གེ་ཛྷཻཿཡིས་བསྐུལ་བར་བཤད། །འགུལ་བ་དང་ནི་གཡོ་བ་ཡིན། །འདི་ནི་བསྐུལ་བ་ཐམས་ཅད་ཀྱི། །གསང་བ་ཡིན་པར་འདི་རབ་བཤད། །ཁྲུ་གང་ཙམ་མམ་ཁྲུ་དོའམ། །ཇི་སྲིད་ཁྲུ་བརྒྱད་ལྔ་ཙམ་དུ། །རྡོ་རྗེ་རྒྱལ་པོ་རབ་བསྐུལ་ན། །འཇིགས་ཤིང་སྐྲག་ནས་འཕར་བར་འགྱུར། །སྔ་མ་བཞིན་དུ་ཐམས་ཅད་འགྱུར། །འདི་ནི་གསང་བ་ཐོབ་བྱེད་པའོ། །དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །དེ་བཞིན་གཤེགས་པ་ཀུན་གྱི་བདག །སྐུ་གསུམ་གནས་ནི་ཡོངས་དག་པས། །གསུང་ནི་འདི་སྐད་བཀའ་སྩལ་ཏོ། །རྩེ་གཅིག་མ་གྱུར་པ་ཡིས་ཀྱང་། །བརྟུལ་ཞུགས་བརྟན་པས་འདི་དག་བྱ། །སྦྱོར་བ་གཞན་མིན་པས་བྱ་བ། །གདུག་པ་ཐམས་ཅད་རྣམ་གཞིག་པའོ། །དུར་ཁྲོད་སོལ་དང་ཕུབ་སོགས་ལས། །དགྲ་ཡི་གཟུགས་བརྙན་བྱས་ནས་ནི། །སྐྲ་བཤིག་གཅེར་བུར་བྱུང་བ་ཡིས། །ཁམས་གསུམ་དག་ཀྱང་འཇིག་པར་བྱེད། །དུར་ཁྲོད་རོ་བསྲེགས་ཐལ་བ་ཡིས། །དགྲ་ཡི་གཟུགས་བརྙན་བྱས་ནས་ནི། །སྟོང་བརྒྱ་རྩ་བརྒྱད་བཟླས་པས་ཀྱང་། །འཆི་བར་


DNG012_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་འདིར་གདོན་མི་ཟ། །དཀྱིལ་འཁོར་གྲུ་གསུམ་བྱས་པ་ལ། །བ་ལང་ཤ་དང་རྟ་ཡི་ཤ །ཁྱི་ཡི་ཤའམ་སྣ་ཚོགས་ཀྱིས། །རྡོ་རྗེའང་གདོན་མི་ཟ་བར་འཇིག །ཤ་ཆེན་གྱིས་ནི་ཐམས་ཅད་ཀྱི། །རྡོ་རྗེ་ལས་བྱུང་འཇིག་པར་བཤད། །འདི་ནི་དགྲ་རྣམས་ཐམས་ཅད་ཀྱི། །འཇིགས་པ་ཤིན་ཏུ་མི་བཟད་དྲན། །ཆོས་མཆོག་ཅན་གྱི་བཤང་གཅི་ཡིས། །དགྲ་ཡི་གཟུགས་བརྙན་བྱས་ནས་ནི། །ཚེར་མའི་མེ་ལ་ཁྲོས་ནས་བསྲེགས། །སངས་རྒྱས་དག་ཀྱང་ངེས་པར་འཇིག །ཅེས་གསུངས་སོ། །ཆུ་བོའི་འགྲམ་གཉིས་ས་ཡིས་ཀྱང་། །དགྲ་ཡི་གཟུགས་བརྙན་བྱས་ནས་ནི། །དུག་ལས་བྱུང་བའི་ཚེར་མ་ནི། །ཏིལ་འབྲུ་ཙམ་གྱིས་ཡན་ལག་ཀུན། །དགང་ཞིང་སྐུལ་བའི་ཚིག་དང་བཅས། །སངས་རྒྱས་དག་ཀྱང་ངེས་པར་འཇིག །ཅེས་གསུངས་སོ། །སྐེ་ཚེ་ལན་ཚྭ་འབྲུ་མར་དང་། །དུག་དང་དྷ་དུ་ར་དག་ནི། །སངས་རྒྱས་ཐམས་ཅད་གསད་པ་ལ། །འདི་དག་རབ་མཆོག་གྱུར་པར་བཤད། །སོལ་ཁུས་གཤེར་བའི་གོས་དག་ནི། །གྱོན་ཏེ་སེམས་ནི་ཁྲོས་ནས་སུ། །རྐང་པས་ལིངྒ་མནན་ནས་ནི། །སྲིན་པོས་ཁྱེར་བར་གདོན་མི་ཟ། །རུས་ཕྱེ་ཁྲག་དང་དུག་རྣམས་ཀྱིས། །གཟུགས་བརྙན་རབ་ཏུ་བྱས་ན་ནི། །རྡོ་རྗེ་སེམས་དཔའ་དྲག་པོ་ཡང་། །མྱུར་བ་དག་ཏུ་འཁྱེར་བར་འགྱུར། །སྐེ་ཚེ་དང་ནི་ཡང་དག་ལྡན། །སྐེ་ཚེ་བཤང་གཅི་སྦྱར་བ་ཡིས། །ལིངྒ་ཡོངས་སུ་གང་བར་ནི། །བླུགས་ལ་རྐང་པས་མནན་ན་ནི། །ཚ་བ་ཆེན་པོས་བཏབ་པར་འགྱུར། །དེ་ལ་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ཆེན་པོ་རྡོ་རྗེ་ཁྲོ་བོའི་སྙིང་པོའོ། །ན་མཿས་མནྟ་ཀཱ་ཡ་བཱཀྩིཏྟ་བཛྲཱ་། ཨོཾ་ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། གརྫ་གརྫ། བི་སྥོ་ཊ་ཡ་བི་སྥོ་ཊ་ཡ། སརྦ་བིགྷྣ་བི་ནཱ་ཡ་ཀཱ་ན། མ་ཧཱ་ག་ཎ་པ་ཏི་ཛཱི་བི་ཏ་ཨནྟ་ཀ་རཱ་ཡ་ཧཱུྃ་ཕཊ། སྦྱིན་སྲེག་ཡང་ན་བསམ་གཏན་དག །ལུས་དང་ངག་སེམས་འཇིག་པ་སྟེ། །མ་ཡེངས་པ་ཡི་སེམས་ཀྱིས་བྱ། །འདི་ནི་གསོད་པའི་མཆོག་ཡིན་ནོ། །རྡོ་རྗེ་སེམས་དཔའ་ཁྲོ་བོ་ཆེ། །རྣམ་པར་བགྲད་པ་འཇིགས་འཇིགས་ལྟ། །སྟ་རེ་ཐོ་བ་ཕྱག་ན་བསྣམས། །བསམས་ནས་བསམ་གཏན་རབ་ཏུ་བརྟག །དེ་ལ་འདི་ནི་དྲག་པོ་ཆེན་པོ་ཁྲོ་བོའི་དམ་ཚིག་གོ། །མཁའ་


DNG012_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་སངས་རྒྱས་ཐམས་ཅད་ཀྱིས། །ཡོངས་སུ་གང་བར་རབ་བསྒོམས་ལ། །གདུག་པ་དེ་ཡིས་བསད་པར་ནི། །བསམས་ནས་དེ་མ་ཐག་ཏུ་འཆི། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡིས། །ཡོངས་སུ་གང་བར་བསྒོམས་ནས་ནི། །གདུག་པའི་སེམས་དཔས་བསད་ན་ནི། །རྡོ་རྗེ་འཛིན་པ་ཉིད་ཀྱང་འཆི། །སངས་རྒྱས་གནོད་བྱེད་དགྲ་བོ་རྣམས། །སྐྲག་ཅིང་འཇིགས་པས་དཀྲུགས་པར་ནི། །སྔགས་མཁན་གྱིས་ནི་མདུན་བསམས་ན། །འཆི་བར་འགྱུར་བ་གདོན་མི་ཟ། །སྲིན་པོ་ཁྲོ་བོ་སྣ་ཚོགས་པ། །གཏུམ་ཞིང་ཁྲོ་བོ་མི་བཟད་པས། །སྐྲག་པར་གྱུར་པར་བསམས་དེས་ནི། །རྡོ་རྗེ་འཛིན་པ་ཉིད་ཀྱང་འཆི། །འུག་པ་ཁྭ་དང་བྱ་རྒོད་དང་། །མཆུ་རིངས་པ་དང་ཝ་རྣམས་ཏེ། །དེ་ཡིས་ཟོས་པར་བསམས་ན་ནི། །སངས་རྒྱས་དག་ཀྱང་ངེས་པར་འཇིག །སྦྲུལ་ནག་རབ་ཏུ་ཁྲོས་པ་ནི། །འཇིགས་པ་དག་ཀྱང་འཇིགས་བྱེད་པ། །དུག་གི་མཆོག་གི་དམ་ཚིག་ནི། །དཔྲལ་བར་བསམས་ན་འདི་ཁྱད་འཕགས། །སྦྲུལ་དེས་ཟོས་པར་བསམ་པས་ནི། །བསྒྲུབ་བྱ་དག་ཀྱང་ངེས་པར་འཇིག །ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ལ། །ཡམས་སམ་ཉེ་བར་འཚེ་བ་རྣམས། །འཇིགས་པ་ངེས་པར་དབབ་པའི་མཆོག །འདི་ནི་བསྐུལ་བའི་མཆོག་ཡིན་ནོ། །ཐོ་བ་རབ་ཏུ་དྲག་པོ་ཡིས། །བརྟུལ་ཞུགས་ཅན་གྱིས་སྙིང་གར་བརྡེག །རྡོ་རྗེ་འཛིན་པའི་བཀའ་བཞིན་དུ། །དགྲ་ཡི་སྲོག་ནི་མེད་པར་འགྱུར། །རྡོ་རྗེ་སྟ་རེ་ལ་སོགས་པས། །གཤེག་ཅིང་གཏུབ་པར་བསམས་ན་ནི། །སྐུ་གསུམ་གྱི་ནི་མཆོག་སྦྱིན་པ། །རྡོ་རྗེ་སེམས་དཔའ་དྲག་པོའང་འཆི། །བསྲུང་བ་ལ་སོགས་སྔགས་རྣམས་དང་། །ལྷ་རྣམས་ཀྱང་ནི་ཕུར་བུས་གདབ། །འདི་ནི་གསོད་བྱེད་མཆོག་གི་མཆོག །དམ་ཚིག་ཤིན་ཏུ་འདའ་དཀའ་བའོ། །རྡོ་རྗེ་ཕུང་པོས་ཇི་ཙམ་དུ། །སེམས་ཅན་དཀྱིལ་འཁོར་གནས་པ་ལ། །གསང་བདག་ཉིད་གཏོགས་བསམས་ན་ནི། །འདི་ལྟས་མཉེས་འགྱུར་གཞན་དུ་མིན། །སྟོན་པ་སངས་རྒྱས་རྡོ་རྗེ་འཛིན། །རྡོ་རྗེ་ཆོས་དང་རྡོ་རྗེ་ཅན། །རྡོ་རྗེ་ཐུགས་ཀྱི་བཀའ་ཇི་བཞིན། །བསམ་གཏན་སྦྱོར་བས་འཆི་བར་འགྱུར། །བཅོམ་ལྡན་འདས་ཁྲོ་བོ་ཆེན་པོའི་དམ་ཚིག་རྡོ་རྗེ་ཁྲོ་བོས་དེ་སྐད་ཅེས་བཀའ་


DNG012_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

སྩལ་ཏོ། །དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །ཐམས་ཅད་ནམ་མཁའ་ཐུབ་ཆེན་པོ། །ཐམས་ཅད་དབང་བསྐུར་རྫོགས་སངས་རྒྱས། །ཡེ་ཤེས་རྡོ་རྗེས་བཀའ་སྩལ་པ། །ཨེ་མའོ་ངོ་བོ་ཉིད་ཀྱིས་དག །རྡོ་རྗེ་ཐེག་པ་བླ་ན་མེད། །མ་སྐྱེས་པ་ཡི་ཆོས་རྣམས་ལ། །རྒྱལ་བ་རྣམས་ཀྱིས་སྐྱེ་བར་བསྟན། །དེ་ལ་འདི་ནི་ལས་ཕྲན་ཚོགས་ཀྱི་རྡོ་རྗེ་གསང་བའོ། །སྦྲུལ་ནི་མེ་སྡུག་འཇིགས་བྱེད་པ། །ནག་པོ་འབར་བ་འཁྲུག་ཅིང་ཁྲོ། །ལྕེ་གཉིས་མཆེ་བའི་ཕྲེང་བ་ཅན། །རྡོ་རྒྱུས་དག་གམ་སོལ་བས་བྲིས། །དེ་ལ་འདི་ནི་ཀླུ་ཁྲོ་བོ་སྐུལ་བའི་སྙིང་པོའོ། །ཁྃ། མི་ཟད་པར་ནི་གྱུར་པའི་དུག །ཁ་ཡི་ནང་དུ་དེ་བསམ་ཞིང་། །དུག་ནི་ཧ་ལ་ཧ་ལ་འདྲ། །སྲེག་པ་མེ་ཡི་ཁ་དོག་དང་། །བསྒོམས་ན་འགུལ་བར་གདོན་མི་ཟ། །དེ་ལ་འདི་ནི་དུག་ཐམས་ཅད་དགུག་པའི་སྙིང་པོའོ། །ཧྲཱྀཿ། རྣམ་པ་སྣ་ཚོགས་ལས་བྱུང་དུག །ཁམས་གསུམ་ན་ནི་གནས་པ་ཀུན། །དེ་ཡིས་ཁྱེར་བར་བསྒོམས་ནས་ནི། །བབ་པར་གྱུར་པར་རྣམ་པར་བསམ། །དེ་ནི་དེ་མ་ཐག་ཉིད་དུ། །དུག་གི་རྒྱ་མཚོ་མི་བཟད་འགྱུར། །རེག་མ་ཐག་ཏུ་འགྲོ་བ་ཀུན། །འཇིག་པ་འདི་ལ་ཐེ་ཚོམ་མེད། །སྡིག་པ་སྦལ་པ་ལ་སོགས་དང་། །སྦྲུལ་རྣམས་སྣ་ཚོགས་པ་དག་ལའང་། །སྦྱོར་བ་འབྱུང་བའི་མཚན་ཉིད་ཀྱིས། །ཆོ་ག་བཞིན་དུ་རབ་ཏུ་བྱ། །དེ་ལ་འདི་ནི་དུག་ཐམས་ཅད་འཕོ་བའི་སྙིང་པོའོ། །ཨོཾ། ལྟ་བ་རྡོ་རྗེའི་དུག་ལ་སོགས། །གཞན་ཡང་མི་བཟད་པ་ཡི་དུག །ནམ་མཁའ་རྡོ་རྗེའི་དཀྱིལ་འཁོར་དུ། །བསམ་ན་ཡེ་ཤེས་རྡོ་རྗེས་འདྲེན། །བཅོམ་ལྡན་འདས་དུག་གི་དམ་ཚིག་ཆེན་པོ་རྡོ་རྗེས་དེ་སྐད་ཅེས་བཀའ་སྩལ་ཏོ། །དེ་ལ་འདི་ནི་དུག་གསོ་བའི་དམ་ཚིག་རྡོ་རྗེའི་སྙིང་པོའོ། །ཧཱུྃ། སྙིང་པོ་འདི་ནི་རྡོ་རྗེ་ཆེ། །ཁ་དོག་དཀར་པོར་རྣམ་པར་བསྒོམ། །འོད་ཀྱི་སྤྲིན་ནི་ཆེར་འབར་བ། །ཟླ་བའི་འོད་ཟེར་བཞིན་དུ་བསིལ། །གནས་བཞི་དག་ཏུ་སྦྱོར་བ་ཡིས། །དེ་མ་ཐག་ཏུ་སྡུད་པས་ལྡང་། །ལན་གཉིས་ལན་གསུམ་རབ་བསྒོམས་ནས། །སྐྱུགས་པ་དག་ཏུ་རྣམ་བསམས་ན། །ནམ་མཁའི་ཁམས་ཀུན་གང་བ་ཡང་། །སྐད་ཅིག་གིས་ནི་དུག་མེད་བྱེད། །ཞེས་དེ་སྐད་ཅེས་ཀྱང་བཀའ་སྩལ་ཏོ། །དེ་ལ་འདི་ནི་ཉེ་བའི་དུག་ཐམས་ཅད།


DNG012_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

དྲང་བའི་སྙིང་པོའོ། །ཨཱཿ། འབྲས་དང་ཕོལ་མིག་འབྲུམ་བུ་དང་། །གང་གཞན་ནད་དུ་བཤད་པ་རྣམས། །ཕྱག་ན་རྡོ་རྗེའི་བཀའ་བཞིན་དུ། །བསམས་པ་ཙམ་གྱིས་མེད་པར་འགྱུར། །པདྨ་ཆེན་པོ་འདབ་མ་བརྒྱད། །རི་བོང་ཅན་བཞིན་དྲི་མེད་པ། །དེ་ཡི་དབུས་ན་འདུག་བསམ་པ། །འོད་ཟེར་ལྔ་ནི་རབ་རྫོགས་པའོ། །སྡུད་པ་ན་ནི་དམ་ཚིག་གནག །བསྐུལ་བ་ན་ནི་དཀར་པོ་འདྲ། །བསམ་གཏན་གནས་འདི་གསང་བ་སྟེ། །གསང་ཆེན་ཡེ་ཤེས་དྲི་མ་མེད། །དེ་ལ་འདི་ནི་ཕྱི་ནང་གི་ནད་རྣམས་གསོ་བའི་རྡོ་རྗེ་སྙིང་པོའི་སྔགས་ཀྱི་ཡི་གེའི་ཚིག་རྣམས་སོ། །ཛི་ན་ཛིག །ཨཱ་རོ་ལིཀ །བཛྲ་དྷྲྀཀ །ནད་ཀྱི་རྡོ་རྗེ་བསྐུལ་བ་ཡིས། །ཡི་གེའི་ཚིག་ནི་གང་འདོད་པ། །དད་པས་ཡོན་ཏན་ཐོབ་པར་འགྱུར། །དེ་འདྲའི་གཟུགས་ནི་བསྒོམ་པར་བྱ། །དམ་ཚིག་སྤྲེའུའི་རྣམ་པའམ། །ཡང་ན་ཁྱིར་ནི་བྱུང་བའང་རུང་། །རང་གི་ལུས་ངག་སེམས་གནས་ལས། །བྱུང་བ་དག་ཏུ་རྣམ་པར་བསམ། །འཁོར་ལོའམ་ནི་རྡོ་རྗེའང་རུང་། །རྡོ་རྗེའི་གོ་འཕང་གནས་བསྒོམ་ལ། །ལུས་དང་ངག་སེམས་དམ་ཚིག་རྣམས། །དེས་ནི་ཕྱེ་མར་བརླག་པར་བསྒོམ། །དེ་ནས་བརྩམས་ཏེ་རྫོགས་སངས་རྒྱས། །བྱང་ཆུབ་སེམས་དཔའ་གྲགས་ཆེན་རྣམས། །བྱིན་རླབས་གོ་འཕང་དམ་པ་དག །དགྱེས་པའི་སྤྱན་གྱིས་རབ་ཏུ་སྩོལ། །འདི་སྐད་ཅེས་ཀྱང་བཀའ་སྩལ་ཏོ། །རང་ལུས་ངག་སེམས་རྡོ་རྗེ་ལ། །སངས་རྒྱས་སྤྲིན་དག་རྣམ་པར་བསམ། །རྡོ་རྗེ་རྒྱལ་པོ་སྤྲིན་ཆེན་པོ། །ནད་ལས་ཐར་བར་བསྒོམ་པར་བྱ། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་། །བྱང་ཆུབ་སེམས་དཔའ་བློ་ལྡན་རྣམས། །དེ་ལ་ཁྲོས་པར་བསམས་ན་ནི། །འཆི་བར་བྱེད་པ་དམ་པ་ཡིན། །བསམ་གཏན་སྦྱོར་བ་འདི་དག་གིས། །ལས་སྐོས་སུ་ཡང་གང་གྲགས་པ། །བརྒྱ་རྩ་བརྒྱད་བཟླས་སྦྱོར་བ་ཡིས། །ཉི་མ་བདུན་གྱིས་འཇིག་པར་འགྱུར། །ཡང་ན་རང་གི་སྔགས་རྒྱལ་གྱིས། །རྡོ་རྗེའི་བསམ་གཏན་ཆོ་ག་བསམ། །འདི་ནི་ནད་རྣམས་ཐམས་ཅད་ཀྱི། །དམ་ཚིག་ཤིན་ཏུ་འདའ་དཀའ་བའོ། །དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །ཡེ་ཤེས་ཀྱོ་བ་འོད་ཆེན་པོ། །འདོད་པ་ཐར་པ་རྡོ་རྗེ་ཆེས། །


DNG012_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་ནི་འདི་སྐད་བཀའ་སྩལ་ཏོ། །ཆོས་རྣམས་རྨི་ལམ་ལྟ་བུ་ནི། །ངོ་བོ་ཉིད་ཀྱིས་མ་སྐྱེས་ཤིང་། །རང་བཞིན་དག་པའི་དེ་ཉིད་ལ། །འཁྲུལ་པའི་རྡོ་རྗེ་རབ་ཏུ་གསུངས། །བསམ་གཏན་བཟླས་པའི་དོན་བརྩོན་པའི། །སྒྲུབ་པ་པོས་ནི་རྟག་ཏུ་མཐོང་། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །དབྱེ་བ་རྣམ་པ་གཉིས་སུ་མཐོང་། །དེ་ལ་འདི་ནི་རྨི་ལམ་ཆེན་པོའི་དམ་ཚིག་གི་གནས་ཏེ། བྱང་ཆུབ་ཡེ་ཤེས་མཆོག་ཐོབ་པ། །སངས་རྒྱས་འོད་ནི་བཟང་པོར་མཐོང་། །སངས་རྒྱས་ལོངས་སྤྱོད་རྫོགས་པ་ཡི། །སྐུར་ཡང་བདག་ཉིད་མྱུར་དུ་མཐོང་། །སེམས་ཅན་ཆེན་པོ་ཁམས་གསུམ་པས། །མཆོད་པ་བྱེད་པར་དེ་ཡིས་མཐོང་། །རང་གཟུགས་ཡེ་ཤེས་ཆེ་འོད་མཉམ། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡིས། །འདོད་པའི་ཡོན་ཏན་ལྔ་རྣམས་ཀྱིས། །རྟག་ཏུ་མཆོད་པ་བྱེད་པར་མཐོང་། །རྡོ་རྗེ་སེམས་དཔའི་གཟུགས་ཆེན་དང་། །གྲགས་པ་ཆེན་པོ་རྡོ་རྗེ་ཆོས། །གསང་བ་རྡོ་རྗེ་གྲགས་པ་ཆེ། །རྨི་ལམ་དག་ན་རང་གཟུགས་མཐོང་། །བྱང་ཆུབ་སེམས་དཔའ་རྡོ་རྗེ་ཅན། །སངས་རྒྱས་ཆེན་པོ་ཕྱག་འཚལ་བ། །རྨི་ལམ་འདི་འདྲ་མཐོང་འགྱུར་བར། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྟེར། །རྒྱན་རྣམས་ཐམས་ཅད་ཡོངས་རྫོགས་པའི། །ལྷ་ཡི་བུ་མོ་ཡིད་འོང་དང་། །ཁྱེའུ་དང་བུ་མོ་དག་མཐོང་ན། །དེས་ནི་དངོས་གྲུབ་འཐོབ་པར་འགྱུར། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱང་། །ཞིང་ན་བཞུགས་པར་ངེས་པར་མཐོང་། །ཐུགས་ནི་དགྱེས་པར་གྱུར་ནས་ཀྱང་། །ཆོས་མཛོད་ཡིད་དུ་འོང་བ་སྩོལ། །ཆོས་ཀྱི་འཁོར་ལོར་བསྒྱུར་བའི་ལུས། །སངས་རྒྱས་ཀུན་གྱིས་ཡོངས་བསྐོར་བ། །བསམ་གཏན་རྡོ་རྗེ་ལ་གནས་པའི། །དམ་ཚིག་སྦྱོར་བས་མཐོང་བར་འགྱུར། །ཀུན་དགའ་ར་བ་སྐྱེད་མོས་ཚལ། །ལྷ་ཡི་བུ་མོ་སོགས་པས་བརྒྱན། །སངས་རྒྱས་ཀུན་གྱིས་བྱིན་བརླབས་པས། །བསམ་གཏན་དམ་ཚིག་ཅན་གྱིས་མཐོང་། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡིས། །དེ་ནི་མངོན་པར་དབང་བསྐུར་མཐོང་། །རིག་འཛིན་རྒྱལ་པོ་ཆེན་པོ་ཡིས། །མཆོད་པ་བྱེད་པར་ངེས་མཐོང་ངོ་། །ཞེས་ཀྱང་གསུངས་སོ། །


DNG012_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ལས་བྱུང་སྣ་ཚོགས་པའི། །རྨི་ལམ་དྲི་མ་མེད་མཐོང་དེས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས། །སྐྱེས་པ་བླ་མེད་འགྲུབ་པར་འགྱུར། །གདོལ་པ་ཁྱི་ཡི་སྦྱོར་ལ་སོགས། །གལ་ཏེ་རྡོ་རྗེ་བློས་མཐོང་ན། །བློ་ལྡན་རྡོ་རྗེ་སེམས་དཔའ་ཡི། །སེམས་ཀྱི་གནས་ནི་འགྲུབ་པར་འགྱུར། །དེ་ལ་འདི་ནི་རྨི་ལམ་རྣམ་པར་དཔྱད་པའི་དམ་ཚིག་གི་སྙིང་པོའོ། །རང་གི་སེམས་ནི་དམིགས་པ་ལ། །ཆོས་རྣམས་ཐམས་ཅད་རབ་གནས་པ། །ནམ་མཁའ་རྡོ་རྗེའི་སེམས་གནས་འདི། །ཆོས་མེད་ཆོས་ཉིད་མེད་པའོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ངོ་མཚར་དུ་གྱུར། རྨད་དུ་བྱུང་བར་གྱུར་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་དམ་ཚིག་གི་ཐེ་ཚོམ་གཅོད་པ་རྡོ་རྗེ་སེམས་དཔའ་ལ་ཞུས་པ། བཅོམ་ལྡན་འདས་འདི་ཅི་ཞིག་ལགས། ངོ་བོ་ཉིད་མེད་ཆོས་རྣམས་ལ། །ཆོས་ཀྱི་དེ་ཉིད་ཀུན་བཤད་པ། །ནམ་མཁའ་ལ་ནི་ནམ་མཁའ་བསྒོམ། །ཨེ་མའོ་ངོ་མཚར་ཡང་དག་བྱུང་། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ནམ་མཁའ་ནི་ཆོས་གང་དང་ཡང་མི་ལྡན་ཏེ། མི་ལྡན་པ་ཡང་མ་ཡིན་ནོ། །ནམ་མཁའ་དེ་ང་ནི་ཆོས་ཐམས་ཅད་དུ་གཏོགས་ལ།ཐམས་ཅད་ཀྱི་རྗེས་སུ་བལྟའོ་སྙམ་དུ་ཡང་མི་སེམས་སོ། །དེ་བཞིན་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་རྨི་ལམ་དང་། རྨི་ལམ་ལས་བྱུང་བར་རྗེས་སུ་རིག་པར་བྱའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་འདི་ལྟ་སྟེ། གཞན་ཡང་ནམ་མཁའ་ནི་བརྟག་ཏུ་མེད་པ། བལྟར་མེད་པ་ཐོགས་པ་མེད་པའོ། །དེ་བཞིན་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཆོས་ཐམས་ཅད་ཀྱང་རྗེས་སུ་རིག་པར་བྱའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་འདི་ལྟ་སྟེ། གཞན་ཡང་ལུས་དང་ངག་དང་སེམས་དང་ཆོས་ཐམས་ཅད་དང་རྡོ་རྗེའི་གནས་ཀྱི་དམ་ཚིག་ནི་ཐམས་ཅད་ཀྱི་རྗེས་སུ་སོང་བ་ངོ་བོ་ཉིད་གཅིག་པ་སྟེ། འདི་ལྟ་སྟེ། སེམས་ཀྱི་


DNG012_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་ཉིད་དོ། །ལུས་དང་ངག་དང་སེམས་ཀྱི་ཁམས་གང་ཡིན་པ་དང་། ནམ་མཁའི་ཁམས་དེ་དག་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་འདི་ལྟ་སྟེ། དཔེར་ན་སེམས་ཅན་ཐམས་ཅད་ནི་ནམ་མཁའི་ཁམས་སུ་གནས་ཏེ།ནམ་མཁའི་ཁམས་དེ་ཡང་འདོད་པའི་ཁམས་ན་གནས་པ་མ་ཡིན། གཟུགས་ཀྱི་ཁམས་ན་གནས་པ་མ་ཡིན། གཟུགས་མེད་པའི་ཁམས་ན་ཡང་གནས་པ་མ་ཡིན་ཏེ། ཆོས་གང་ཁམས་གསུམ་ན་མི་གནས་པ་དེ་ནི་སྐྱེ་བ་མེད་པའོ། །གང་ལ་སྐྱེ་བ་མེད་པ་དེ་ནི་ཆོས་གང་གིས་ཀྱང་བརྟག་པར་མི་ནུས་སོ། །དེ་བས་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའོ། །ཀྱེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་འདི་ལྟ་སྟེ། གཞན་ཡང་བྱང་ཆུབ་ཀྱི་སེམས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་འབྱུང་བར་བྱེད་པ་རྡོ་རྗེའི་གནས་ཀྱི་རྣམ་པ་སྟེ། བྱང་ཆུབ་ཀྱི་སེམས་དེ་ཡང་ལུས་ལ་མི་གནས།ངག་ལ་མི་གནས། སེམས་ལ་མི་གནས་སོ། །ཆོས་གང་ཡང་ཁམས་གསུམ་ན་མི་གནས་པ་དེ་ལ་སྐྱེ་བ་མེད་དེ། །འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་འབྱུང་བར་བྱེད་པ་རྡོ་རྗེའི་གནས་ཡིན་ནོ། །ཀྱེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་རྨི་ལམ་ནི་བདག་གིས་ཁམས་གསུམ་དུ་རྨི་ལམ་གྱི་གནས་མཐོང་བར་བྱའོ་སྙམ་དུ་མི་སེམས་སོ། །མི་ཡང་བདག་གིས་རྨི་ལམ་མཐོང་བར་བྱའོ་སྙམ་དུ་མི་སེམས་ཏེ། ཁམས་གསུམ་གྱི་བྱ་བ་དེ་རྣམས་ཀྱང་རྨི་ལམ་ལྟ་བུ།རྨི་ལམ་དང་འདྲ་བ་རྨི་ལམ་ལས་བྱུང་བའོ། །དེ་བཞིན་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཇི་སྙེད་བཞུགས་པ་རྣམས་དང་། སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱང་རྨི་ལམ་ལ་བདག་མེད་པའི་གནས་སུ་རྗེས་སུ་རིག་པར་བྱའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་འདི་ལྟ་སྟེ། དཔེར་ན། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ནི་རིན་པོ་ཆེ་ཐམས་ཅད་ཀྱི་གཙོ་བོ་ཡོན་ཏན་ཐམས་ཅད་དང་ལྡན་པ་སྟེ། རིན་པོ་ཆེ་ཐམས་ཅད་ཀྱི་གཙོ་བོ་ཡོན་ཏན་


DNG012_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དང་ལྡན་པ་གང་ཡིན་པ་དེ་ལ་སེམས་ཅན་གང་དག་གིས་གསེར་རམ། རིན་པོ་ཆེའམ་དངུལ་ཡང་རུང་སྟེ། གང་གསོལ་བ་བཏབ་པ་དེ་དག་ཐམས་ཅད་བསམས་པ་ཙམ་ཉིད་ཀྱིས་འབྱོར་བར་བྱེད་དེ། རིན་པོ་ཆེ་ལ་སོགས་པ་དེ་དག་ཀྱང་སེམས་ལ་མི་གནས། ཡིད་བཞིན་གྱི་ནོར་བུ་ལ་གནས་པ་ཡང་མ་ཡིན་ནོ། །དེ་བཞིན་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཆོས་ཐམས་ཅད་དང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱང་རྗེས་སུ་རིག་པར་བྱའོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་རབ་ཏུ་དགྱེས་པའི་སྤྱན་གདངས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་དེ་བཞིན་གཤེགས་པ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་ལ་ནམ་མཁའི་ཁམས་ཀྱི་རྗེས་སུ་འབྲང་བའི་ཆོས་ཐམས་ཅད་ལ་སངས་རྒྱས་ཀྱི་ཆོས་རྣམས་རྗེས་སུ་འབྲང་བར་འགྱུར་རོ་ཞེས་པ་ནི་ངོ་མཚར་ཆེའོ། །དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པའི་ཞབས་གཉིས་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །གང་བཅོམ་ལྡན་འདས་ཀྱིས་སྔགས་ཐམས་ཅད་ཀྱི་རྡོ་རྗེའི་དངོས་གྲུབ་ཀུན་ནས་བཏུས་ཏེ་གསུངས་པ། སྔགས་ཐམས་ཅད་ཀྱི་རྡོ་རྗེ་ཀུན་ནས་བཏུས་པའི་དངོས་གྲུབ་དེ་དག་གང་ལ་གནས་པ་ལགས། གང་ནས་བྱུང་བ་ལགས། དེ་ནས་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ལ་ལེགས་སོ་ཞེས་བྱ་བ་བྱིན་ནས། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་སྔགས་ཐམས་ཅད་ཀྱི་རྡོ་རྗེའི་ཀུན་ནས་བཏུས་པའི་དངོས་གྲུབ་ནི་སྔགས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ལ་མི་གནས་སོ། །དེ་ཅིའི་ཕྱིར་ཞེ་ན། འོན་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་དངོས་གྲུབ་ཐམས་ཅད་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་རང་གི་ལུས་དང་ངག་དང་སེམས་རྡོ་རྗེ་ལ་ནི་གནས་སོ། །ལུས་དང་ངག་དང་སེམས་རྡོ་རྗེ་དེ་དག་ཀྱང་འདོད་པའི་ཁམས་ན་


DNG012_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

མི་གནས། གཟུགས་ཀྱི་ཁམས་ན་མི་གནས། གཟུགས་མེད་པའི་ཁམས་ན་མི་གནས། སེམས་ནི་ལུས་ལ་མི་གནས། ལུས་ཀྱང་སེམས་ལ་མི་གནས། ངག་ནི་སེམས་ལ་མི་གནས། སེམས་ཀྱང་ངག་ལ་མི་གནས་སོ། །དེ་ཅིའི་ཕྱིར་ཞེ་ན། ནམ་མཁའ་ལྟར་ངོ་བོ་ཉིད་དག་པའི་ཕྱིར་རོ། །དེ་ནས་དེ་བཞིན་གཤེགས་པ་དེ་དག་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་གང་ལ་གནས་པ་ལགས། གང་ནས་བྱུང་བ་ལགས། རྡོ་རྗེ་འཆང་གིས་བཀའ་སྩལ་པ། རང་གི་ལུས་དང་ངག་དང་སེམས་ལ་གནས་སོ། །རང་གི་ལུས་དང་ངག་དང་སེམས་ལས་བྱུང་ངོ་། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་པ། སེམས་གང་ལ་གནས། བཀའ་སྩལ་པ་ནམ་མཁའ་ལ་གནས་སོ། །གསོལ་པ་ནམ་མཁའ་གང་ལ་གནས། བཀའ་སྩལ་པ་གང་ལ་ཡང་མི་གནས་སོ། །དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ངོ་མཚར་དུ་གྱུར། རྨད་དུ་བྱུང་བར་གྱུར་ནས་རང་གི་སེམས་ཀྱི་ཆོས་ཉིད་ལ་གནས་ནས་སེམས་ཤིང་ཅང་མི་སྨྲ་བར་འཁོད་པར་གྱུར་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་ཆེན་གསང་བ་འདུས་པ་ལས་སེམས་ཅན་ཐམས་ཅད་ཀྱི་དམ་ཚིག་གི་སྙིང་པོ་རྡོ་རྗེ་འབྱུང་བ་ཞེས་བྱ་བའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཡང་འདུས་པར་གྱུར་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་དམ་ཚིག་གིས་གསོལ་བ་བཏབ་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་རིན་ཆེན་གྱི་མཆོད་པའི་བཀོད་པས་མཆོད་པ་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པས་རྡོ་རྗེ་ཐམས་ཅད་ཀྱི་དཀྱིལ་འཁོར་སེང་གེའི་དམ་ཚིག་གི་རྒྱལ་པོའི་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྡོ་རྗེ་སྐུའི་དཀྱིལ་འཁོར་འདི་སངས་


DNG012_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཐམས་ཅད་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །དེ་ནས་སྐུ་ཡི་དཀྱིལ་འཁོར་མཆོག །ཐུགས་ཀྱི་དཀྱིལ་འཁོར་རབ་འདྲ་བ། །དཀྱིལ་འཁོར་རྣམས་ནི་ཀུན་གྱི་མཆོག །ལེགས་པར་རབ་ཏུ་བཤད་པར་བྱ། །ཁྲུ་ནི་བཅུ་དྲུག་ཚད་དུ་བྱ། །གྲུ་བཞི་ལྷམ་པ་རབ་ཏུ་མཛེས། །སངས་རྒྱས་ཀུན་གྱི་དཀྱིལ་འཁོར་ཏེ། །སྐུ་ཡི་རྡོ་རྗེ་རབ་ཏུ་གནས། །དེ་ཡི་ནང་དུ་འཁོར་ལོ་ནི། །རྡོ་རྗེའི་ཆོ་གས་བྲི་བར་བྱ། །སྔགས་རྣམས་ཀྱི་ནི་གསང་བ་མཆོག །ཕྱག་ན་རྡོ་རྗེའི་གནས་སུ་བྱ། །དབུས་སུ་རྣམ་པར་སྣང་མཛད་གནས། །མི་བསྐྱོད་པ་ལ་སོགས་པའང་བྲི། །སྐུ་དང་གསུང་ཐུགས་རྡོ་རྗེ་མཆོག །གྲྭ་རྣམས་ཀུན་དུ་དགོད་པར་བྱ། །སྟོབས་ཆེན་ཕ་རོལ་གནོན་པ་ཡི། །ཁྲོ་བོ་རྣམས་ཀྱང་སྒོར་བྲིའོ། །རྡོ་རྗེ་གསང་བ་རབ་བསྒོམ་པའི། །མཆོད་པ་སྔགས་ཤེས་པ་ཡིས་བྱ། །འདི་ནི་སྔགས་རྣམས་ཐམས་ཅད་ཀྱི། །དམ་ཚིག་ཤིན་ཏུ་འདའ་དཀའ་བའོ། །བཤང་དང་གཅི་བ་ལ་སོགས་པ། །བྱེ་བྲག་ཏུ་ནི་ངེས་པར་དབུལ། །འདི་ནི་སྐུ་ཡི་རྡོ་རྗེ་ཅན། །སྔགས་རྣམས་ཀུན་གྱི་དམ་ཚིག་གོ། །འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་དཀྱིལ་འཁོར་རོ། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པས་གསུང་རྡོ་རྗེ་ཐམས་ཅད་ཀྱི་དམ་ཚིག་གི་སྤྲིན་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་གསུང་རྡོ་རྗེའི་དཀྱིལ་འཁོར་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །དེ་ནས་གསུང་གི་དཀྱིལ་འཁོར་མཆོག །ཐུགས་ཀྱི་དཀྱིལ་འཁོར་རབ་ཏུ་འདྲ། །དཀྱིལ་འཁོར་རྣམས་ནི་ཀུན་གྱི་མཆོག །ལེགས་པར་རབ་ཏུ་བཤད་པར་བྱ། །ཁྲུ་ནི་ཉི་ཤུའི་ཚད་དུ་བྱ། །གྲུ་བཞི་ལྷམ་པ་ཆོ་ག་བཞིན། །གྲྭ་བཞི་པ་ལ་སྒོ་བཞི་པར། །རྡོ་རྗེ་བསྒོམས་པས་ཐིག་གདབ་བོ། །ཉིད་ཀྱི་སྐུ་ཡི་དཀྱིལ་འཁོར་གནས། །རྡོ་རྗེའི་གསུང་གི་ཡོན་ཏན་བསྐྱེད། །རྒྱལ་པོ་ཆེན་པོ་རྡོ་རྗེ་ཆོས། །རིག་པའི་དབང་པོ་དབབ་པར་བྱ། །དེ་དབུས་འཁོར་ལོ་ཆེན་པོ་ནི། །ཀུན་དུ་ཟླུམ་པོ་བྲི་བར་བྱ། །མདོར་ན་ཕྱག་རྒྱ་ཐམས་ཅད་ནི། །ཆོ་ག་བརྩོན་པས་བྲི་བར་བྱ། །ཚེ་དཔག་མེད་ཀྱི་ཕྱག་རྒྱ་ཆེ། །དེ་ཡི་དབུས་སུ་


DNG012_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

དགོད་པར་བྱ། །རྡོ་རྗེའི་གནས་ནི་ཉམས་དགའ་ཉིད། །དེ་དག་ཐམས་ཅད་ཡོངས་སུ་དགོད། །ཡོངས་སུ་གསལ་བར་ཆོ་ག་ཡིས། །དཀྱིལ་འཁོར་དམ་པ་བྱས་ནས་ནི། །དེ་ནས་གསང་བའི་མཆོད་པ་བྱ། །དེ་ལྟས་རྡོ་རྗེ་ཅན་མཉེས་འགྱུར། །བཤང་གཅི་ཁུ་བའི་དམ་ཚིག་གིས། །མཆོད་ན་དངོས་གྲུབ་ཐོབ་པར་འགྱུར། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །དམ་ཚིག་ཤིན་ཏུ་འདའ་དཀའ་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་རྡོ་རྗེའི་དཀྱིལ་འཁོར་རོ། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པས་ཀུན་ནས་སྤྲིན་གྱི་བཀོད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རབ་ཏུ་གསང་བའི་དཀྱིལ་འཁོར་གསང་ཆེན་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །རྡོ་རྗེ་འཛིན་མཆོག་གང་ཡིན་པའི། །གཟུགས་ནི་དབུས་སུ་ལེགས་བྲིས་པ། །དེ་ཡི་དཀྱིལ་འཁོར་གནས་སུ་འགྱུར། །སྐུ་གསུང་ཐུགས་ཀྱི་གསང་ལས་བྱུང་། །འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་གནས་ཤེས་པའི་གསང་ཆེན་རབ་ཏུ་གསང་བའོ། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པས་དཀྱིལ་འཁོར་ཐམས་ཅད་འཁོར་ལོ་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དཀྱིལ་འཁོར་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་གསང་བ་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །དེ་ལ་འདི་ནི་རྡོ་རྗེའི་དཀྱིལ་འཁོར་གྱི་སྔགས་ཀྱི་སྙིང་པོའི་ཐིག་གི་ཡི་གེའི་གནས་རྣམས་ཏེ། ཨོཾ་ཨཱཿཧཱུྃ། རྡོ་རྗེའི་ཐིག་ནི་གདབ་པ་དང་། །ཚོན་རྩི་རྣམས་ཀྱང་དགྱེ་བ་དག །སྔགས་ཀྱི་སེམས་པས་མི་བྱ་སྟེ། །བྱས་ན་བྱང་ཆུབ་རྙེད་པར་དཀའ། །དེ་བས་དམ་ཚིག་ཚུལ་ཤེས་པས། །སྔགས་ཀྱི་ལྷ་རྣམས་བཅུག་ནས་སུ། །བྱིན་གྱིས་བརླབས་པའི་གནས་བསྒོམས་ལ། །དཀྱིལ་འཁོར་རྣམས་ནི་རྣམ་པར་བརྟག །རྒྱལ་ཆེན་རྣམ་པར་སྣང་མཛད་དང་། །སྤྱན་མ་ཡང་ན་གཞུག་པར་བྱ། །སྐུ་ཡི་དཀྱིལ་འཁོར་གནས་ཡིད་འོང་། །རྡོ་རྗེའི་སྐུ་ཡི་ཡོན་ཏན་འཐོབ། །རྡོ་རྗེ་ཆོས་ནི་རྒྱལ་པོ་ཆེ། །རང་གི་ཆོས་མས་དབབ་པར་བྱ། །འདི་ནི་སྔགས་རྣམས་ཐམས་ཅད་ཀྱི། །མཆོག་


DNG012_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་རྟག་པའི་གསང་བའོ། །རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །མཱ་མ་ཀཱི་ཡང་དབབ་པར་བྱ། །འདི་དེ་སྔགས་རྣམས་ཐམས་ཅད་ཀྱི། །མཆོག་ཏུ་རྨད་བྱུང་གསང་ཆེན་ནོ། །དེ་ལྟར་བྱས་པས་མྱུར་དུ་རང་། །ཡིད་ལ་དབང་བ་རྣམས་བྱོན་ནས། །རབ་ཏུ་དགྱེས་པར་གྱུར་པ་རྣམས། །གསང་བ་དག་གི་མཆོག་ཀྱང་སྩོལ། །འདི་སྐད་ཀྱང་གསུངས་སོ། །སྔགས་གྲུབ་པ་ཡིས་བྱ་བ་ནི། །རྡོ་རྗེ་གསང་བ་རྨད་བྱུང་ཆེ། །ཁྲོ་བོའི་རྒྱལ་པོ་ཡིས་སངས་རྒྱས། །ཐམས་ཅད་བཀུག་ནས་མཆོད་པར་བྱ། །རྡོ་རྗེ་དྲི་མེད་གསུམ་དག་གི། །དམ་ཚིག་མཆོད་པ་དུས་གསུམ་པ། །རྡོ་རྗེ་གསུམ་གྱི་སྦྱོར་བས་བྱ། །སྔགས་ཀྱི་དངོས་གྲུབ་ཐོབ་པར་བྱེད། །འདི་སྐད་ཀྱང་གསུངས་སོ། །སྔགས་རྣམས་ཐམས་ཅད་ཉིད་ལ་ཡང་། །རྨད་བྱུང་ཆེན་པོའི་གཏོར་མ་དབུལ། །བཤང་གཅི་ཤ་དང་འབྲུ་མར་དང་། །སེམས་ལས་བྱུང་བའི་ཙནྡན་དང་། །ཁུ་བ་དག་གིས་སྔགས་རྣམས་ཀུན། །ཚིམ་པར་འགྱུར་བར་ཀུན་དུ་བཤད། །འདི་ནི་དམ་ཚིག་མཆོག་ཡིན་ཏེ། །སངས་རྒྱས་བྱང་ཆུབ་རྫོགས་བྱེད་པའོ། །ཐིག་གདབ་པ་ཡི་ཆོ་ག་འདི། །རང་ཉིད་གང་ཚེ་སྤྱོད་པ་ན། །རྣམ་པར་སྣང་མཛད་རབ་བསྒོམས་ནས། །རྡོ་རྗེ་སེམས་དཔའ་རབ་ཏུ་བསྒོམ། །ཡང་ན་རྡོ་རྗེ་བདུད་རྩིར་གྲགས། །སློབ་མ་རྡོ་རྗེ་འོད་པོ་ཆེར། །སངས་རྒྱས་ཀུན་གྱིས་ངེས་བསྟན་པའི། །ལས་ཀྱི་གོ་འཕང་བསྒོམ་པར་བྱ། །སངས་རྒྱས་རྒྱལ་ཆེན་ལྔ་རྣམས་ནི། །རྡོ་རྗེའི་ཐིག་སྐུད་ལ་ནི་དགོད། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །གསང་བ་རབ་ཏུ་རྨད་བྱུང་བའོ། །ཉི་ཤུ་རྩ་ལྔའི་བྱེ་བྲག་གིས། །ཚོན་རྩི་དག་ཀྱང་རྣམ་པར་དགྱེ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །གསང་ཆེན་བྱང་ཆུབ་དམ་པའོ། །སྔགས་རྣམས་ཐམས་ཅད་ཉིད་ལ་ཡང་། །རྡོ་རྗེ་ཧཱུྃ་མཛད་བསྒོམ་པར་བྱ། །མཆོག་གི་སྐུ་གསུང་ཐུགས་དམ་ཚིག །གནས་ལྔ་དག་ཏུ་བསྒོམ་པར་བྱ། །དེ་ལྟར་རྟག་ཏུ་བྱས་ན་ནི། །རྡོ་རྗེ་མི་ཕྱེད་གསུམ་ལས་སྐྱེས། །རྡོ་རྗེ་སེམས་དཔའ་བློ་ལྡན་པ། །འཇིགས་ཤིང་སྐྲག་ནས་བྱིན་རློབ་མཛད། །རྡོ་རྗེ་


DNG012_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་པ་རྣམས་དགོད་པ། །སྔགས་རྒྱུད་བདག་པོས་ཤེས་བྱས་པ། །རྡོ་རྗེ་སེམས་དཔའི་ཏིང་འཛིན་གནས། །བརྟན་པའི་བློས་ནི་བརྟག་པར་བྱ། །དངོས་གྲུབ་ཀུན་འབྲས་འདོད་པ་ཡི། །སྔགས་ཤེས་པས་ནི་སྦྱིན་སྲེག་བྱ། །བཤང་གཅི་འབྲུ་མར་ཤ་ལ་སོགས། །བསྲེག་རྫས་དག་ནི་དབུལ་བར་བྱ། །རྡོ་རྗེ་མི་ཕྱེད་གསུམ་དག་ལ། །རྡོ་རྗེ་གསང་བའི་སྦྱིན་སྲེག་དབུལ། །དབུས་སུ་རང་གི་ལྷ་ཡི་གཟུགས། །བསམས་ཏེ་ཞལ་དུ་དབབ་པར་བྱ། །འདི་སྐད་ཀྱང་གསུངས་སོ། །དབང་པོ་གཉིས་ནི་རབ་སྦྱོར་བས། །བརྒྱ་རྩ་བརྒྱད་ནི་སྦྱིན་སྲེག་བྱ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །དམ་ཚིག་ཤིན་ཏུ་འདའ་དཀའ་བའོ། །རྣམ་པར་སྣང་མཛད་སྦྱོར་བ་ཡིས། །སློབ་མ་རྡོ་རྗེ་གསུམ་ལས་བྱུང་། །ཨཱཿཡིག་ལུས་དང་ངག་སེམས་ལ། །བསྒོམས་ནས་རྡོ་རྗེ་འཛིན་པར་བྱེད། །རྒྱལ་ཆེན་རྡོ་རྗེ་སེམས་དཔའ་དང་། །གྲགས་ཆེན་རྣམ་པར་སྣང་མཛད་ནི། །སྐུ་གསུང་ཐུགས་ཀྱི་དམ་ཚིག་ཏུ། །བྱིན་གྱིས་བརླབས་ནི་རབ་ཏུ་སྩོལ། །དེ་ལ་འདི་ནི་དཀྱིལ་འཁོར་ཆེན་པོར་གཞུག་པའི་རྡོ་རྗེའི་དམ་ཚིག་གོ། །ཨཱཿཁྃ་བཱི་ར་ཧཱུྃ། འདི་ནི་དམ་ཚིག་ཐམས་ཅད་ཀྱི་ལུས་དང་ངག་དང་སེམས་ཀྱི་སྙིང་པོའི་སྔགས་ཀྱི་རྒྱལ་པོའོ། །དེ་ལ་འདི་ནི་རྡོ་རྗེ་ཆེན་པོ་དབང་བསྐུར་བའི་གསང་བའི་ཡེ་ཤེས་གསང་ཆེན་ནོ། །སངས་རྒྱས་ཀུན་གྱིས་ནམ་མཁའི་ཁམས། །ཡོངས་སུ་གང་བར་རབ་ཏུ་བསྒོམ། །རྡོ་རྗེའི་རིགས་ནི་འཛིན་པ་ཡིས། །སིལ་སྙན་དྲི་ཡི་སྤྲིན་ཚོགས་བསྒོམ། །འདི་སྐད་ཀྱང་གསུངས་སོ། །རྡོ་རྗེ་སྐུ་གསུམ་སྔགས་ཀྱིས་ནི། །ཡུངས་ཀར་བརྟུལ་ཞུགས་ཅན་གྱིས་བརྡེག །དེ་ལ་དེ་ཡི་ཚེ་ན་ནི། །རང་ཉིད་དབང་བསྐུར་རབ་ཏུ་སྩོལ། །ཡང་ནི་རྡོ་རྗེ་སེམས་དཔའ་ཡིས། །ཏིང་ངེ་འཛིན་གྱིས་སངས་རྒྱས་བསྒོམ། །བུམ་པ་དམ་ཚིག་མཆོག་རྣམས་ཀྱིས། །བཟུང་བར་མཁས་པས་བསྒོམ་པར་བྱ། །རྡོ་རྗེ་རྣམ་པར་སྣང་མཛད་བསམ། །རྟག་ཏུ་སློབ་མ་བློ་བརྟན་པ། །ལུས་དང་ངག་སེམས་རྡོ་རྗེ་ཅན། །སྔགས་ཤེས་པས་ནི་དགོད་པར་བྱ། །དེ་ལ་འདི་ནི་དབང་བསྐུར་བ་ཐམས་ཅད་ཀྱི་གསང་ཆེན་ཏེ། སློབ་དཔོན་ཐམས་ཅད་ཀྱིས་རྡོ་རྗེའི་ཚིག་ཏུ་སྨྲ་


DNG012_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱའོ། །དབང་བསྐུར་ཆེན་པོ་རྡོ་རྗེ་ནི། །ཁམས་གསུམ་པ་ཡིས་ཕྱག་བྱས་པ། །རྡོ་རྗེ་གསང་བ་གསུམ་བྱུང་བ། །སངས་རྒྱས་ཀུན་གྱིས་སྦྱིན་པར་བྱ། །དེ་ལ་འདི་ནི་སློབ་མ་ཐམས་ཅད་ཀྱིས་རྡོ་རྗེ་ཆེན་པོའི་གསོལ་བ་གདབ་པའི་ཆོ་ག་གསང་ཆེན་ནོ། །བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་བཞིན། །བདག་ཀྱང་རབ་ཏུ་བསྒྲལ་བའི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །དེ་ཚེ་དེ་ལ་དབང་བསྐུར་བ། །རབ་དགའི་སེམས་ཀྱིས་སྦྱིན་པར་བྱ། །ལྷ་ཡི་གཟུགས་ཀྱི་སྦྱོར་བ་ཡིས། །སྙིང་གར་བདག་པོ་གཞག་པར་བྱ། །རྡོ་རྗེ་སློབ་མ་བློ་ལྡན་ལ། །སྔགས་ཀྱི་ཡི་གེའི་ཚིག་བྱིན་ལ། །དེ་ལ་དཀྱིལ་འཁོར་བསྟན་པར་བྱ། །སངས་རྒྱས་ཐམས་ཅད་ཀྱིས་གསུངས་པའི། །དམ་ཚིག་གསང་བ་བསྒྲག་པར་བྱ། །ཁྱོད་ཀྱིས་སྲོག་ཆགས་གསད་པར་བྱ། །བརྫུན་གྱི་ཚིག་ཀྱང་སྨྲ་བར་བྱ། །མ་བྱིན་པ་ཡང་ཁྱོད་ཀྱིས་བླང་། །ཕ་རོལ་བུད་མེད་བསྟེན་པར་བྱ། །རྡོ་རྗེའི་ལམ་ནི་འདི་དག་གིས། །སེམས་ཅན་ཐམས་ཅད་རབ་བསྐུལ་བྱ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །དམ་ཚིག་མཆོག་ཏུ་རྟག་པའོ། །ཞེས་ཀྱང་གསུངས་སོ། །སྔགས་ཀྱིས་བསྐུལ་བ་སྨྲས་པ་ཡི། །དེ་ལ་སྔགས་ཀྱང་སྦྱིན་པར་བྱ། །སྔགས་ཀྱི་རྒྱལ་པོའི་ཏིང་འཛིན་དང་། །གསང་བ་སྦྱིན་པ་བརྩམ་པར་བྱ། །ཁུ་བའམ་ཡང་ན་བཤང་བའང་རུང་། །མངོན་པར་བསྔགས་ནས་ཆོ་ག་བཞིན། །རྡོ་རྗེའི་བློས་ནི་བར་གཞུག་བྱ། །འདི་ལྟས་དངོས་གྲུབ་རྙེད་མི་དཀའ། །རྣམ་པ་འདི་བཞི་གསང་ཆེན་ཏེ། །རྡོ་རྗེ་ཅན་ནི་ཀུན་གྱི་གསང་། །སྔགས་ཀྱི་འཁོར་ལོས་བུད་མེད་གཟུགས། །སེམས་ཅན་དོན་སྤྱོད་ཕྱིར་གནས་པའོ། །དེ་ལ་འདི་ནི་རྡོ་རྗེའི་དཀྱིལ་འཁོར་སྔགས་ཐམས་ཅད་ཀྱིས་མཉེས་པར་བྱ་བ་གསང་བའོ། །གླང་པོའི་ཤ་དང་རྟ་ཡི་ཤ །ཤ་ཆེན་དག་ཀྱང་བཟའ་བར་བྱ། །སྔགས་རྣམས་ཀུན་ལ་དབུལ་བར་བྱ། །དེ་ལྟར་བྱས་ན་མགོན་པོ་མཉེས། །ཉིན་རེ་རྡོ་རྗེ་སློབ་མ་ལ། །མཁས་པས་དཀྱིལ་འཁོར་བསྟན་པར་བྱ། །བཤང་གཅི་ཤ་ཡི་བྱ་བ་དང་། །རྡོ་རྗེ་གསང་བའི་ཚིག་དག་གི། །སྔགས་རྣམས་ཀུན་གྱི་ཡི་གེ་ཨོཾ། །


DNG012_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམས་ན་དེ་མ་ཐག་ཏུ་འབར། །བཅོམ་ལྡན་འདས་སྔགས་ཀྱི་རིག་པའི་སྐྱེས་བུ་ཆེན་པོས་དེ་སྐད་ཅེས་བཀའ་སྩལ་ཏོ། །དངོས་གྲུབ་ཐམས་ཅད་བསྒྲུབ་པ་སྟེ། །དམ་ཚིག་ཆེན་པོ་བསྒྲུབ་པ་དང་། །སངས་རྒྱས་བྱང་ཆུབ་རང་ཉིད་ཀྱང་། །རབ་ཏུ་འབད་པས་བསྒྲུབ་པར་བྱ། །མི་སྣང་སྟོབས་དང་བརྩོན་འགྲུས་དང་། །རྡོ་རྗེ་འགུགས་པ་མཆོག་དག་ནི། །རྡོ་རྗེ་སྐུ་ཡི་བཀའ་ཇི་བཞིན། །དཀྱིལ་འཁོར་དག་གིས་ཐམས་ཅད་འགྲུབ། །བཤང་གཅི་དང་ནི་ཤ་ཆེན་རྣམས། །ཆ་ནི་མཉམ་པར་བྱས་ནས་སུ། །ཁམ་ཕོར་སྦྱར་མར་བཞག་ནས་ནི། །སངས་རྒྱས་ཀུན་དང་ལྷན་ཅིག་འཁོད། །འདི་སྐད་ཅེས་ཀྱང་གསུངས་སོ། །དེ་ལ་འདི་ནི་གསང་བ་ཐམས་ཅད་ཀྱི་རྡོ་རྗེ་མངག་གཞུག་པ་རབ་ཏུ་བསྒྲུབ་པའི་དམ་ཚིག་གི་མཆོག་གོ། །ཧྲཱྀཿཡིག་འབར་བ་འོད་བཟང་པོ། །ནམ་མཁའ་རྡོ་རྗེའི་དབུས་གནས་བསམ། །སངས་རྒྱས་ཀུན་གྱིས་ནམ་མཁའི་ཁམས། །ཡོངས་སུ་གང་བར་རྣམ་པར་བསྒོམ། །དེ་ཡི་སྐུ་གསུང་ཐུགས་ཀྱི་གནས། །དེར་ནི་སྔགས་ཀྱིས་དབབ་པར་བྱ། །དེ་ལ་འདི་ནི་སྐུ་དང་གསུང་དང་ཐུགས་ཀྱི་སྔགས་རྡོ་རྗེའི་བྱིན་གྱིས་རློབ་པའི་གནས་སོ། །ཨྃཿཁཾ་དྷཱིཿ། ཕྱག་ན་རྡོ་རྗེ་གཟུགས་ཆེན་པོ། །ཕྱག་ན་པདྨོ་འོད་ཆེན་དང་། །གཞན་གྱིས་མི་ཐུབ་གཟུགས་ཆེན་དག །བསྒོམས་ནས་གསང་བའི་གནས་གཞག་གོ། །དེ་ལ་འདི་ནི་རྡོ་རྗེ་གསང་བའི་གནས་སོ། །ཉི་མའི་དཀྱིལ་འཁོར་དབུས་གནས་པར། །མི་བསྐྱོད་པ་ནི་རབ་ཏུ་བརྟག །ཚེ་དཔག་མེད་པའི་འཁོར་ལོ་ཆེ། །རྡོ་རྗེ་སྣང་མཛད་དེ་བཞིན་ཏེ། །ཐམས་ཅད་འོད་ཆེན་སྡུག་བསྔལ་ནི། །ཆེན་པོ་སྙིང་པོས་བསྐུལ་བར་བྱ། །དེ་ལ་འདི་ནི་རྡོ་རྗེ་ཐམས་ཅད་ཀྱི་སྙིང་པོ་བསྐུལ་བའོ། །ཨཱཿ། མདུང་རྩེ་ཆེ་དང་རྡོ་རྗེ་ཆེ། །ལྕགས་ཀྱུ་སྣ་ཚོགས་མཆོག་རྣམས་ཀྱིས། །རྡོ་རྗེ་ཆོ་ག་བཞིན་བསྐུལ་ན། །སངས་རྒྱས་བྱང་ཆུབ་རབ་ཏུ་འགྲུབ། །འདི་སྐད་ཅེས་ཀྱང་གསུངས་སོ། །ཉམས་དགའ་བ་དང་རི་དབང་དང་། །ཆུ་གླིང་རྣམ་པ་སྣ་ཚོགས་སུ། །ཟླ་ཕྱེད་ནང་དང་རྫོགས་པ་ཡིས། །ངེས་པར་སངས་རྒྱས་ཉིད་ཐོབ་འགྱུར། །རི་རབ་སུམ་ཅུ་རྩ་དྲུག་གི། །རྡུལ་ཕྲན་ཇི་སྙེད་ཡོད་པ་ཡི། །འཁོར་གྱི་ཚོགས་


DNG012_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་དེ་དག་ནི། །བྱང་ཆུབ་རྡོ་རྗེ་ཅན་གྲུབ་འགྱུར། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི། །སངས་རྒྱས་ཞིང་དུ་འགྲོ་བར་འགྱུར། །ཟབ་མོའི་ཆོས་ནི་ཐོས་འགྱུར་ཞིང་། །སངས་རྒྱས་ས་ཡང་ཐོབ་པར་འགྱུར། །བཅོམ་ལྡན་འདས་དམ་ཚིག་རྡོ་རྗེ་བཞད་མ་ཆེན་པོས་དེ་སྐད་ཅེས་བཀའ་སྩལ་ཏོ། །དེ་ལ་འདི་ནི་མངག་གཞུག་པ་ཐམས་ཅད་ཀྱི་གསང་བ་རྡོ་རྗེ་གསང་ཆེན་ནོ། །རྡོ་རྗེ་སེམས་དཔའ་ཡེ་ཤེས་ཆེ། །དེ་བཞིན་གསུང་གི་རྡོ་རྗེ་འཛིན། །རྡོ་རྗེ་སྐུ་ཡི་དགོད་པ་ཆེས། །མངག་གཞུག་པ་རྣམས་རྟག་ཏུ་བསྐུལ། །དེ་ལ་འདི་ནི་རྡོ་རྗེ་ཡེ་ཤེས་འཁོར་ལོ་སྔགས་ཀྱི་དམ་ཚིག་གི་གནས་རྣམ་པ་བཞི་སྟེ། དམ་ཚིག་བསྐུལ་བ་དང་། དམ་ཚིག་གཏོང་བ་དང་། དམ་ཚིག་བོད་པ་དང་། དམ་ཚིག་འཆིང་བའོ། །མཁའ་དབྱིངས་རྒྱ་ཆེན་དག་པ་ནི། །ཆོས་རྣམས་ཐམས་ཅད་རྣམ་སྤངས་པ། །གོང་བུའི་ཚུལ་གྱིས་རྡོ་རྗེ་ནི། །རྨད་བྱུང་གཟུགས་ཅན་བྱེད་པར་འགྱུར། །བཅོམ་ལྡན་འདས་སངས་རྒྱས་ཐམས་ཅད་ཀྱི་བུ་གཅིག་པ་རྡོ་རྗེ་སེམས་དཔའ་ཆེན་པོས་དེ་སྐད་ཅེས་བཀའ་སྩལ་ཏོ། །སངས་རྒྱས་རྡོ་རྗེ་སེམས་དཔའང་རུང་། །གལ་ཏེ་དབང་དུ་བྱ་འདོད་ན། །རྡོ་རྗེ་མཆོག་གསུམ་འཛིན་པ་ཆེ། །གསང་བ་ཆེན་པོ་འདི་བསམ་མོ། །འཛིམ་པའི་རྡོ་རྗེ་སྟོབས་པོ་ཆེ། །ནམ་མཁའ་རྡོ་རྗེའི་དབུས་གནས་བསམ། །མདའ་ལྔའི་རབ་ཏུ་སྦྱོར་བ་ཡིས། །དབུ་རྒྱན་རྩེ་མོར་ཡང་དག་སྤྲོ། །གནས་ལྔ་དག་ཏུ་སྔགས་ཤེས་པས། །རྡོ་རྗེ་ཁྲོ་བོ་དབབ་པར་བྱ། །སྔངས་ཤིང་བརྒྱལ་བར་བསྒོམ་པ་ནི། །བྱིས་པའི་བློ་ནི་གྲགས་ཆེན་གྱིས། །བསམ་གཏན་འདི་ནི་ཟླ་ཕྱེད་དུ། །གསང་བའི་སྐུ་ལ་བདག་གིས་བསྒོམ། །སྔགས་རྣམས་ཀུན་གྱི་རབ་ཏུ་གསང་། །རྡོ་རྗེའི་དོན་གྱི་བློ་ཡིས་གསུངས། །སངས་རྒྱས་དཀྱིལ་འཁོར་མཆོག་དག་ནི། །ནམ་མཁའ་རྡོ་རྗེའི་དབུས་བསམ་པ། །སྔགས་ཀྱི་རྡོ་རྗེ་ཧཱུྃ་ལ་སོགས། །རྡོ་རྗེ་གསུམ་ལ་སོགས་པ་བསྒོམ། །ཨོཾ་ནི་མིག་གི་དབུས་བསམས་ནས། །འདི་དག་ཆོ་ག་བཞིན་དུ་བསྟན། །སྔགས་རྣམས་ཀུན་གྱི་


DNG012_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་དག་ནི། །སྐུ་གསུང་རྡོ་རྗེ་ཅན་རྣམས་མཐོང་། །བཀྲེས་སྐོམ་ལ་སོགས་ཉོན་མོངས་ཆེ། །སྦྱོར་བ་འདི་ནི་རྣམ་བསམ་ན། །རྡོ་རྗེ་ཅན་གྱི་བཀའ་བཞིན་དུ། །སྡུག་བསྔལ་ཐམས་ཅད་བྱང་བར་འགྱུར། །རྣམ་པར་སྣང་མཛད་གཟུགས་ཆེན་པོ། །བསམ་ན་དོན་རྣམས་ཐམས་ཅད་འབྱོར། །བྃ་ནི་ཁ་ཡི་ནང་དུ་བསྒོམ། །ཨོཾ་ཡིག་ལྕེ་ལ་འདུག་པར་བསམ། །བཟའ་བར་བྱ་བ་ཀུན་གྱི་གནས། །ཡིད་བཞིན་ནོར་བུས་རྣམ་བརྒྱན་པ། །ཞི་བ་སྡུག་བསྔལ་ཐམས་ཅད་སེལ། །ཡེ་ཤེས་རྡོ་རྗེ་ལས་བྱུང་བའོ། །བཅོམ་ལྡན་འདས་ཡིད་བཞིན་གྱི་ནོར་བུས་དེ་སྐད་ཅེས་བཀའ་སྩལ་ཏོ། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་དཔའ་བོ་ཆེན་པོ་དེ་བཞིན་གཤེགས་པས་རྡོ་རྗེ་བསྒོམ་པའི་ཚིག་གི་མཆོག་རྡོ་རྗེ་གསུང་ལས་ཕྱུང་ངོ་། །བཱིཿ། ནམ་མཁའ་རྡོ་རྗེའི་དབུས་གནས་པར། །སངས་རྒྱས་དཀྱིལ་འཁོར་འོད་བཟང་བསམ། །རྡོ་རྗེ་སྐུ་གསུམ་སྦྱོར་བ་ཡིས། །བསྐྱེད་དེ་འདི་ནི་རྣམ་པར་བསམ། །རྒྱན་རྣམས་ཐམས་ཅད་ཡོངས་རྫོགས་པ། །སེར་པོ་རྡོ་རྗེ་རྣམ་པར་འགྱིང་། །ཞི་བ་ཐོར་ཚུགས་དབུ་རྒྱན་ཅན། །བསམས་ནས་ཐམས་ཅད་བརྩམ་པར་བྱ། །དཔའ་བོ་རྡོ་རྗེའི་རླབས་ཀྱི་ཕྲེང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེའི་དབྱངས་ཀུན་ནས་ངེས་པར་བསྒྲགས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རྡོ་རྗེ་ཆེན་པོ་བསྒོམ་པའི་ཚིག་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ནམ་མཁའ་རྡོ་རྗེའི་དབུས་སུ་ནི། །ཉི་མའི་དཀྱིལ་འཁོར་དམ་པ་བསམ། །ཆོ་ག་དག་གིས་སངས་རྒྱས་སྤྲིན། །རྡོ་རྗེ་གསུམ་མཆོག་གྲགས་ཆེན་ནི། །ལུས་དང་ངག་དང་སེམས་ལ་དབབ། །སྐུལ་བྱེད་རྡོ་རྗེ་མ་བསྒོམ་མོ། །རྒྱན་རྣམས་ཐམས་ཅད་ཡོངས་རྫོགས་པ། །ཁ་དོག་དཀར་མོར་རབ་ཏུ་བསྒོམ། །རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །བསམས་ལ་སྔགས་ཀྱི་གནས་དགོད་དོ། །རྡོ་རྗེའི་དམ་ཚིག་ཡེ་ཤེས་ཀྱི་འོད་ཟེར་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པས་བསམ་པ་ཐམས་ཅད་རྡོ་རྗེའི་ལོངས་སྤྱོད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་


DNG012_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཞུགས་ནས་ཏིང་ངེ་འཛིན་འཁོར་ལོའི་ཚུལ་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཛྃ། ནམ་མཁའ་རྡོ་རྗེའི་དབུས་གནས་པར། །སངས་རྒྱས་དཀྱིལ་འཁོར་དམ་པ་བསམ། །སངས་རྒྱས་ཀུན་གྱི་ཆོ་ག་ཡིས། །རྡོ་རྗེ་བསྒོམས་པས་དབབ་པར་བྱ། །ཛྃ་བྷ་ལ་ནི་ནོར་བསྒྲུབ་པ། །གནོད་སྦྱིན་ཆེན་པོ་བསྐྱེད་པར་བྱ། །ཞི་བ་གནོད་སྦྱིན་གཟུགས་འཛིན་པ། །ཐོར་ཚུགས་དབུ་རྒྱན་རྡོ་རྗེ་ཅན། །སངས་རྒྱས་ལྔ་ནི་ཆོ་ག་ཡིས། །གནས་ལྔ་དག་ཏུ་བསྒོམ་པར་བྱ། །དེ་ཡི་རྡོ་རྗེ་བདུད་རྩིའི་ཆུ། །བསམ་གཏན་གནས་ལ་འདུག་པས་དབུལ། །རྡོ་རྗེ་སེམས་དཔའི་ཆོ་ག་ཡིས། །དེ་ཡི་དབུ་རྒྱན་རྣམ་པར་བསམ། །དེ་ལྟར་བྱས་ན་གནོད་སྦྱིན་དབང་། །འབྲོག་གནས་དབང་པོ་འོད་ཆེན་མཉེས། །རྡོ་རྗེའི་ཕྱག་རྒྱའི་དམ་ཚིག་རྫས་སྒྲུབ་པའི་རྟོག་གི་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པས་འདོད་པ་ཉེ་བར་སྤྱོད་པའི་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། གནོད་སྦྱིན་མོ་ཐམས་ཅད་ཀྱི་དམ་ཚིག་རྡོ་རྗེའི་ཚིག་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཀྵིཾ། མཁའ་དབྱིངས་རྡོ་རྗེའི་དབུས་གནས་པར། །གྲུ་བཞི་ལྷམ་པ་རབ་ཏུ་མཛེས། །ཐམས་ཅད་རིན་ཆེན་བཞི་ལས་བྱས། །མེ་ཏོག་སྤོས་ཀྱིས་ཀུན་དུ་འཁྲིགས། །གནོད་སྦྱིན་མོ་ནི་ཐམས་ཅད་ཀྱིས། །མཁའ་དབྱིངས་ཡོངས་སུ་གང་བར་བསམ། །གཟུགས་ཀྱི་སྤྲིན་དག་རྣམ་བསམས་ནས། །རྡོ་རྗེ་གསུམ་གྱི་སྦྱོར་བས་དབབ། །གཟུགས་ནི་གཅིག་ཏུ་བསམ་པར་བྱ། །ལུས་གསུམ་རྡོ་རྗེ་བྱེ་བྲག་གིས། །དེ་ཡི་བསམ་གཏན་བསྒོམ་པར་བྱ། །འཇམ་པའི་རྡོ་རྗེའི་ཏིང་འཛིན་གནས། །དབུ་རྒྱན་ལ་ནི་ཁྲོ་བོ་བསྒོམ། །སྙིང་གར་སྔགས་ཀྱི་ཚིག་བསྒོམས་ལ། །རྡོ་རྗེའི་སྦྱོར་བ་བརྩམ་པར་བྱ། །གནོད་སྦྱིན་མོ་ཐམས་ཅད་དང་མཉམ་པ་ཉིད་གནས་པ་བསྒོམ་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པས་རྡོ་རྗེའི་སྔགས་ཐམས་ཅད་དངོས་གྲུབ་ཀྱི་རྣམ་པར་འཕྲུལ་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཕྲ་མོའི་དངོས་


DNG012_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །སྐུ་དང་གསུང་ཐུགས་ཡང་དག་གྲུབ། །སངས་རྒྱས་གཟུགས་འཛིན་འོད་བཟང་པོ། །འཛམ་བུ་ཆུ་ཡི་གསེར་འོད་འདྲ། །དངོས་གྲུབ་ཕྲ་མོ་དག་ལ་གནས། །མི་སྣང་ལ་སོགས་ཀུན་གྲུབ་ནི། །གཙོ་བོ་རྡོ་རྗེ་འཆང་དུ་འགྱུར། །གནོད་སྦྱིན་རྒྱལ་མོ་གྲུབ་པ་ཆེ། །རིག་པ་འཛིན་པའི་གཙོ་བོར་འགྱུར། །དེ་ལ་འདི་ནི་རྡོ་རྗེའི་དངོས་གྲུབ་ཐམས་ཅད་ཀྱི་གཟུགས་གསང་བ་སྔགས་ཀྱི་དངོས་གྲུབ་རྣམས་སོ། །སྔགས་ཀྱི་དངོས་གྲུབ་ཡིད་འོང་བའི། །མཛེས་པའི་གཟུགས་རྣམས་ཐམས་ཅད་ནི། །འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །མཐོང་བ་ཉིད་ཀྱི་དགའ་བར་འགྱུར། །གཙུག་ཏོར་ཐམས་ཅད་གྲུབ་པ་ཡི། །ཡིད་བཞིན་ནོར་བུའི་བདག་པོར་འགྱུར། །སངས་རྒྱས་བྱང་ཆུབ་བྱེད་པའི་མཆོག །སངས་རྒྱས་རྡོ་རྗེ་རབ་བསྒོམ་པའོ། །བཅོམ་ལྡན་འདས་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པའི་རྡོ་རྗེས་དེ་སྐད་ཅེས་བཀའ་སྩལ་ཏོ། །དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རིག་པའི་བརྟུལ་ཞུགས་ཡང་དག་པར་ལེན་པའི་སྤྱོད་པ་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས། །ལུས་དང་ངག་སེམས་བསྒོམ་པ་ནི། །རང་གཟུགས་ཉིད་ཀྱིས་དེ་བྱ་སྟེ། །དེ་ལྟས་དངོས་གྲུབ་ཐོབ་པར་འགྱུར། །དེ་ལ་འདི་ནི་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེའི་རིག་པའི་བརྟུལ་ཞུགས་སོ། །ཐོར་ཚུགས་དབུ་རྒྱན་འཆང་བའི་གཟུག །ཆེན་པོ་ཁ་དོག་དཀར་པོ་འདྲ། །ཆོ་ག་བཞིན་དུ་ཐམས་ཅད་བྱ། །སྔགས་ཀྱི་སྡོམ་པས་ཀུན་དུ་བསྡམས། །ལོ་གྲངས་བཅུ་དྲུག་ལོན་པ་ནི། །རྒྱན་རྣམས་ཀུན་གྱིས་རྣམ་པར་བཀླུབས། །བཞིན་སྡུག་མིག་གི་དཀྱུས་རིང་བ། །རྙེད་ནས་རིག་པའི་བརྟུལ་ཞུགས་སྤྱད། །སྤྱན་གྱི་གོ་འཕང་ལོངས་སྤྱོད་ཅིང་། །རྡོ་རྗེའི་མཚན་མས་བསྒོམ་པར་བྱ། །ཕྱག་རྒྱ་སྔགས་ཀྱི་ཆོ་ག་ཤེས། །སྔགས་ཀྱི་རྒྱུད་ནི་ལེགས་པར་བསླབས། །དེ་བཞིན་གཤེགས་པའི་བཙུན་མོར་བྱ། །སངས་རྒྱས་བྱང་ཆུབ་ལ་རབ་གནས། །བརྟུལ་


DNG012_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་ཆེན་པོས་ཐུན་བཞིར་ནི། །གསང་བའི་མཆོད་པ་རབ་ཏུ་བྱ། །སྡོང་བུ་རྩ་བ་འབྲས་བུ་རྣམས། །བཟའ་དང་བཅའ་བ་ཐམས་ཅད་སྤྱད། །འདི་ཡིས་མྱུར་དུ་སངས་རྒྱས་འགྱུར། །བདག་པོ་ཡེ་ཤེས་རྒྱ་མཚོ་ཆེ། །ཟླ་བ་དྲུག་གིས་དེ་དག་ཀུན། །གདོན་མི་ཟ་བར་འདིར་ཐོབ་འགྱུར། །རྟག་ཏུ་གཞན་གྱི་ནོར་བརྐུ་ཞིང་། །གསང་བའང་རྨད་དུ་བྱུང་བ་ཆེ། །འདོད་ཆགས་རྡོ་རྗེའི་གནས་སྤྱད་པ། །སྡོམ་པ་འདིས་ནི་ཀུན་དུ་བསྡམས། །འདོད་ཆགས་རྡོ་རྗེའི་ལྕགས་ཀྱུ་ཡུམ། །ཡོན་ཏན་ལུག་རྒྱུད་མཱ་མ་ཀཱིར། །གསུང་གི་རྡོ་རྗེ་མཆོག་ཐུགས་ཀྱིས། །འདི་ནི་རྣམ་པ་ཀུན་དུ་རིགས། །བསམ་གཏན་ཡིད་གསུམ་རྡོ་རྗེ་ཅན། །རང་གི་ཕྱག་རྒྱའམ་སེམས་ཀྱིས་བསམ། །དེ་ལྟར་སངས་རྒྱས་ཀུན་མཁྱེན་ཡང་། །མཉེས་པར་འགྱུར་འདིར་གདོན་མི་ཟ། །སྒྲུབ་པ་པོ་ནི་བློ་བརྟན་པས། །ནགས་ཚལ་དག་ཏུ་བསོད་སྙོམས་ཚོལ། །ཁ་ཟས་བཟང་པོ་བསྟར་བ་དག །དེ་དག་སྐྲག་ནས་སྟེར་བར་འགྱུར། །རྡོ་རྗེའི་བདག་ཉིད་གསུམ་འདས་ན། །རྡོ་རྗེའི་ཡི་གེ་འཇིག་པར་འགྱུར། །ལྷ་མོ་ཀླུ་མོ་གནོད་སྦྱིན་མོ། །ལྷ་མ་ཡིན་མོ་མི་མོའང་རུང་། །རྙེད་ནས་རིག་པའི་བརྟུལ་ཞུགས་བྱ། །རྡོ་རྗེ་གསུམ་གྱི་ཡེ་ཤེས་བསྟན། །འདི་དེ་སྔགས་རྣམས་ཐམས་ཅད་ཀྱི། །གསང་བའི་དེ་ཉིད་ཚུལ་ཆེན་ཏེ། །རྡོ་རྗེ་གསུམ་གྱི་ཡེ་ཤེས་འབྱུང་། །སངས་རྒྱས་བྱང་ཆུབ་རབ་འཇུག་པའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིག་པའི་བརྟུལ་ཞུགས་ཀྱི་དམ་ཚིག་གི་དེ་ཁོ་ན་ཉིད་ཀྱི་རྡོ་རྗེས་དེ་སྐད་ཅེས་བཀའ་སྩལ་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་ཆེན་གསང་བ་འདུས་པ་ལས་དངོས་གྲུབ་ཐམས་ཅད་ཀྱི་དཀྱིལ་འཁོར་རྡོ་རྗེ་མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་བྱ་བའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཡང་འདུས་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་དེ་བཞིན་གཤེགས་པ་ལ་གསོལ་བ་བཏབ་པ། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །


DNG012_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་དབྱིངས་ནི་མཁས་པ་ཆེ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །གསང་བའི་དབྱངས་ཁྱོད་ཕྱག་འཚལ་ལོ། །རྣམ་པར་སྣང་མཛད་དག་པ་ཆེ། །རྡོ་རྗེ་ཞི་བ་དགའ་བ་ཆེ། །རང་བཞིན་འོད་གསལ་མཆོག་གི་མཆོག །སྟོན་པ་རྡོ་རྗེ་ཁྱོད་ཕྱག་འཚལ། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མ་མེད། །རང་བཞིན་དག་པས་གོས་པ་མེད། །རྡོ་རྗེའི་སྐུ་ལ་ཕྱག་འཚལ་ལོ། །རྡོ་རྗེ་དཔག་མེད་རྒྱལ་པོ་ཆེ། །མི་རྟོག་ནམ་མཁའ་རྡོ་རྗེ་ཅན། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །རྡོ་རྗེ་གསུངས་ཁྱོད་ཕྱག་འཚལ་ལོ། །དོན་ཡོད་རྡོ་རྗེ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་ཡོངས་རྫོགས་མཛད། །དག་པ་ངོ་བོ་ཉིད་ལས་བྱུང་། །རྡོ་རྗེ་སེམས་དཔའ་ཁྱོད་ཕྱག་འཚལ། །སངས་རྒྱས་ཀུན་གྱིས་བསྐུལ་བ་ཡི། །བསྟོད་ཚིག་ཞི་བ་འདི་རྣམས་ཀྱིས། །རྡོ་རྗེ་ལོངས་སྤྱོད་བསྟོད་ན་ནི། །དེ་ཡང་སངས་རྒྱས་མཉམ་པར་འགྱུར། །དེ་ནས་སྟོན་པ་རྡོ་རྗེ་འཛིན། །སངས་རྒྱས་ཀུན་ལ་རྗེས་བརྩེ་བས། །རྡོ་རྗེ་གསང་བ་གསུང་དག་པ། །རྡོ་རྗེ་གསུང་ནི་བཀའ་སྩལ་ཏོ། །ཨེ་མའོ་སངས་རྒྱས་ཐམས་ཅད་ཀྱི། །ཆོས་ཀྱི་དབྱིངས་ཀྱི་ཡི་གེ་ཆེ། །རང་བཞིན་འོད་གསལ་དག་པ་ནི། །ནམ་མཁའི་དབྱིངས་བཞིན་དྲི་མ་མེད། །དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་སངས་རྒྱས་ཐམས་ཅད་ཀྱི་སྐུ་རྡོ་རྗེའི་དམ་ཚིག་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །སངས་རྒྱས་ཡེ་ཤེས་རྒྱ་མཚོ་ཡི། །དམ་ཚིག་བཞི་ནི་བསྲུང་བྱ་སྟེ། །ཤ་ཆེན་རྟག་ཏུ་བཟའ་བྱའོ། །འདི་ནི་དམ་ཚིག་མཆོག་ཡིན་ནོ། །དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པའི་བདག་པོས་སངས་རྒྱས་ཐམས་ཅད་གསུང་རྡོ་རྗེའི་དམ་ཚིག་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །དམ་ཚིག་བཞི་པོ་བསྲུང་བྱ་སྟེ། །གསུང་གི་རྡོ་རྗེ་ཡི་གེ་ཆེས། །བཤང་གཅི་རྟག་ཏུ་བཟའ་བྱ་ཉིད། །འདི་ནི་གསང་བ་རྨད་བྱུང་བའོ། །དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་རྡོ་རྗེ་འཛིན་པ་ཐམས་ཅད་ཀྱི་ཐུགས་རྡོ་རྗེའི་དམ་ཚིག་འདི་ཉིད་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །རྡོ་རྗེ་སེམས་


DNG012_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་རྫུ་འཕྲུལ་ཆེས། །དམ་ཚིག་བཞི་པོ་བསྲུང་བྱ་སྟེ། །ཁྲག་དང་ཁུ་བ་སྦྱར་བ་དག །བརྟུལ་ཞུགས་བརྟན་པས་རྟག་ཏུ་བཟའ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི། །དམ་ཚིག་དེ་ནི་རྨད་བྱུང་ཆེ། །སངས་རྒྱས་ཀུན་གྱི་རྟག་པ་ནི། །རྡོ་རྗེ་འཛིན་ཕྱིར་ཡང་དག་བསྲུང་། །གང་ཞིག་དམ་ཚིག་འདི་སྲུང་བ། །རྡོ་རྗེ་སེམས་དཔའ་འོད་པོ་ཆེ། །དེ་ཡི་སྐུ་གསུང་ཐུགས་རྟོགས་པ། །དེ་མ་ཐག་ཏུ་སངས་རྒྱས་འགྱུར། །དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་རང་སངས་རྒྱས་ཀྱི་དོན་གྱི་དམ་ཚིག་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །དེ་ཡི་ལུས་ཀྱི་སྟོན་པ་ནི། །རྡོ་རྗེ་སྐུ་ལ་རབ་ཏུ་གནས། །སེམས་ཅན་གཟུད་པའི་ངང་ཚུལ་ཏེ། །མཆོག་ཏུ་རྟག་པའི་དམ་ཚིག་གོ། །དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་ཉན་ཐོས་ཀྱི་བསླབ་པའི་དམ་ཚིག་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །དགེ་བ་བཅུ་ཡི་ལས་ཀྱི་ལམ། །བྱེད་པ་ཡེ་ཤེས་སྤངས་པ་རྣམས། །དམན་པར་མོས་པ་ཐམས་ཅད་ཀྱི། །དམ་ཚིག་དེ་ནི་རྨད་བྱུང་ཆེ། །དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་ཚངས་པའི་དམ་ཚིག་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །གཏི་མུག་ལམ་གྱིས་ལས་གང་རྣམས། །བྱེད་པ་འཇིགས་ཤིང་མི་སྡུག་པ། །སངས་རྒྱས་བྱང་ཆུབ་སྟོན་པ་སྟེ། །སྐུ་ཡི་རྡོ་རྗེ་ཉིད་དུ་འགྱུར། །དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་དྲག་པོའི་དམ་ཚིག་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཁམས་གསུམ་པར་ནི་གནས་པ་ཡི། །བུད་མེད་རྡོ་རྗེ་ལས་བྱུང་ཀུན། །སྣ་ཚོགས་དངོས་པོས་སྤྱད་པ་ནི། །དམ་ཚིག་མཆོག་ཏུ་རྨད་བྱུང་བའོ། །དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་ཁྱབ་འཇུག་གི་དམ་ཚིག་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །སེམས་ཅན་སྐྱེས་པ་ཇི་སྙེད་པ། །སྐུ་གསུམ་དབྱེར་མེད་ལ་གནས་པ། །རྡོ་རྗེ་མཁའ་དབྱིངས་བདག་ཉིད་ཀྱང་། །བསམ་གཏན་རྡོ་རྗེས་གསད་པར་བྱ། །དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་


DNG012_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱི་བདག་པོས་རྡོ་རྗེ་གསུམ་གྱི་དམ་ཚིག་གི་རྡོ་རྗེ་འདི་ཉིད་ཀྱི། སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །སྐུ་ཡི་རྡོ་རྗེ་ཚངས་པར་འགྱུར། །གསུང་གི་རྡོ་རྗེ་དབང་ཕྱུག་ཆེ། །ཐུགས་ཀྱི་རྒྱལ་པོ་རྡོ་རྗེ་འཛིན། །དེ་ཉིད་ཁྱབ་འཇུག་རྫུ་འཕྲུལ་ཆེ། །དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་གནོད་སྦྱིན་མོ་ཐམས་ཅད་ཀྱི་དམ་ཚིག་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཤ་དང་ཁྲག་ནི་ཟ་བ་དང་། །རྟག་ཏུ་གཞན་གྱི་བུད་མེད་སྤྱོད། །དམ་ཚིག་དགའ་བ་འདི་རྣམས་ཀྱིས། །རྡོ་རྗེ་ཆེན་པོ་མཉེས་པར་བྱ། །དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་ཀླུའི་དབང་པོའི་རྒྱལ་མོ་ཐམས་ཅད་ཀྱི་དམ་ཚིག་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །འོ་མ་འཐུང་བ་ཕྲ་མ་ཅན། །དེ་དག་འདོད་དང་དྲི་ལ་འབད། །དམ་ཚིག་འདི་རྣམས་ཀྱིས་བསྒྲུབ་བྱ། །གཞན་དུ་ངེས་པར་ཉོན་མོངས་འགྱུར། །དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་ལྷ་མ་ཡིན་གྱི་བུ་མོའི་དམ་ཚིག་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཁྲོ་ཞིང་ང་རྒྱལ་ཁུར་གྱིས་ནོན། །སྤོས་དང་མེ་ཏོག་སྤྱོད་ལ་དགྱེས། །དམ་ཚིག་རྡོ་རྗེ་ས་འོག་ཏུ། །གདུལ་དཀའ་རྡོ་རྗེ་འཇིགས་བྱེད་དེ། །དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་སྲིན་མོ་རྣམས་ཀྱི་དམ་ཚིག་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཐོད་རུས་བདུག་པའི་འབྲུ་མར་དང་། །ཞག་གིས་རབ་ཏུ་དགའ་བར་འགྱུར། །འབྱུང་པོ་ཀུན་གྱི་དམ་ཚིག་འདི། །དག་བྱེད་རྡོ་རྗེ་དོན་ཆེན་བྱེད། །དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་རྡོ་རྗེ་མཁའ་འགྲོ་མ་ཐམས་ཅད་ཀྱི་དམ་ཚིག་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །བཤང་བ་གཅི་བ་ཁྲག་བཟའ་ཞིང་། །ཆང་ལ་སོགས་པ་རྟག་ཏུ་བཏུང་། །རྡོ་རྗེ་མཁའ་འགྲོ་མའི་སྦྱོར་བས། །གནས་ཀྱི་མཚན་ཉིད་ཀྱིས་གསད་བྱ། །ངོ་བོ་ཉིད་ཀྱིས་ཀུན་འབྱུང་བ། །ཁམས་གསུམ་དག་ཏུ་རྣམ་པར་སྤྱོད། །སེམས་ཅན་ཀུན་ལ་ཕན་འདོད་པས། །དམ་ཚིག་མ་ལུས་སྤྱད་པར་བྱ། །ཁམས་གསུམ་པ་ཐམས་ཅད་ཀྱི་རྡོ་རྗེའི་དམ་ཚིག་


DNG012_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

གི་རྗེས་སུ་འབྲང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་ལུས་ཀྱི་དངོས་གྲུབ་ཀྱི་དམ་ཚིག་རྡོ་རྗེ་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ལུས་ཀྱི་རྣམ་གསུམ་ཐམས་ཅད་ནི། །རྡོ་རྗེ་ཡང་དག་འབྱུང་བར་བྱ། །སེམས་ཅན་ཁམས་ནི་རྣམ་ཀུན་དུ། །རྟག་ཏུ་སངས་རྒྱས་སྐུ་བྱེད་པའོ། །དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་ངག་གི་དངོས་གྲུབ་ཀྱི་རྡོ་རྗེའི་དམ་ཚིག་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ངག་གི་ལས་ལམ་མ་ལུས་པར། །ཁམས་གསུམ་དྲི་མེད་དཀྱིལ་འཁོར་དུ། །ཚིག་གི་དངོས་གྲུབ་ཡིད་འོང་འདི། །དམ་ཚིག་ཤིན་ཏུ་འདའ་དཀའ་བའོ། །དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་སེམས་རྣམ་པར་དག་པའི་དམ་ཚིག་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཡིད་ཀྱི་རྡོ་རྗེའི་རང་བཞིན་ཀུན། །བརྟན་པ་རྡོ་རྗེའི་བློ་ཡིས་བསྒོམ། །རྡོ་རྗེ་མི་ཕྱེད་གསུམ་ལྡན་གྱི། །དམ་ཚིག་བཤད་པ་འདི་ཡིན་ནོ། །བཅོམ་ལྡན་འདས་ཀུན་དུ་བཟང་པོ་རྡོ་རྗེ་སེམས་དཔས་དེ་སྐད་ཅེས་བཀའ་སྩལ་ཏོ། །དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་སྔགས་ཐམས་ཅད་ཀྱི་རྡོ་རྗེའི་དམ་ཚིག་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །རང་རྒྱལ་ཉན་ཐོས་དེ་བཞིན་ཏེ། །སྐུ་གསུང་ཐུགས་ཀྱི་སྦྱོར་བ་ཡིས། །ཕྱག་འཚལ་ན་ནི་ཉམས་པར་འགྱུར། །དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་བསམ་གཏན་གྱི་དམ་ཚིག་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཀུན་ཏུ་རྡོ་རྗེ་སེམས་དཔའ་ཡི། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ལ། །བསམ་གཏན་རྡོ་རྗེ་གསུམ་སྦྱོར་བས། །སྔགས་ཟློས་པས་ནི་བསམ་གཏན་བྱ། །དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་སྔགས་རྡོ་རྗེ་ཐམས་ཅད་ཀྱི་སྡོམ་པ་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །སེམས་ཅན་ཁམས་རྣམས་བསྡུས་ནས་ནི། །བསམ་གཏན་རྡོ་རྗེས་བསྐུལ་བར་བྱ། །རྡོ་རྗེ་གསུམ་


DNG012_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ཕྱག་འཚལ་མཆོག །དམ་ཚིག་རྡོ་རྗེ་འབྱུང་བའོ། །དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་བསྙེན་པ་དང་། བསྒྲུབ་པ་དང་ཉེ་བར་སྒྲུབ་པ་དང་སྒྲུབ་པ་ཆེན་པོའི་སྡོམ་པ་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །རྡོ་རྗེ་བཤང་གཅིས་ནམ་མཁའི་དབྱིངས། །ཡོངས་སུ་གང་བར་རྣམ་པར་བསམ། །དུས་གསུམ་རྡོ་རྗེ་དག་ལ་དབུལ། །དམ་ཚིག་རབ་ཏུ་རྟག་པའོ། །དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་རྡོ་རྗེ་ཐམས་ཅད་མི་སྣང་བའི་དམ་ཚིག་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཐུན་བཞི་པོ་ནི་གང་ཞིག་མཆོག །རྡོ་རྗེ་མོ་ནི་ཉིན་རེ་སྤྱད། །སླར་ཡང་རྫས་ཀྱང་རྟག་ཏུ་དབྲོག །རྡོ་རྗེ་རྫོགས་བྱེད་དམ་ཚིག་གོ། །དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་ནམ་མཁའི་རིག་པ་འཛིན་པའི་དམ་ཚིག་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས། །དབུ་རྒྱན་གྱི་ནི་བསམ་གཏན་བསམ། །རྡོ་རྗེ་གསུམ་གྱི་དམ་ཚིག་ཀུན། །ཁྲོས་པ་རྣམས་ཀྱིས་མི་ཐུབ་བོ། །དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་སྔགས་འཆང་ལས་དང་པོ་པ་ཐམས་ཅད་ཀྱི་དམ་ཚིག་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཁ་ཟས་ལ་ནི་སྐུའི་རྡོ་རྗེ། །ཕྱི་རོལ་རྡོ་རྗེ་འཛིན་པ་དང་། །མདོ་འདོན་ཆོ་གའི་བྱ་བ་ལ། །རྡོ་རྗེ་ཆོས་སུ་རྟག་ཏུ་བྱ། །བཅོམ་ལྡན་འདས་ངོ་བོ་ཉིད་དག་པ་རྡོ་རྗེས་དེ་སྐད་ཅེས་བཀའ་སྩལ་ཏོ། །དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་རྡོ་རྗེ་འཛིན་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་སྙིང་པོ་རྡོ་རྗེ་མཉམ་པ་ཉིད་རྣམ་པར་དགོངས་ནས་ཅང་མི་གསུང་བར་གྱུར་ཏོ། །དེ་ནས་ཡང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་སངས་རྒྱས་ཀྱི་ཞིང་གི་རི་རབ་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་འདི་ཅིའི་སླད་དུ་དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་


DNG012_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའི་འཁོར་གྱི་དཀྱིལ་འཁོར་གྱི་ནང་དུ་ཅང་མི་གསུང་བར་བཞུགས་པ་ལགས། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བདག་པོ་འདི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེའི་ངོ་བོ་དམིགས་སུ་མེད་པའི་ཡི་གེའི་ཚིག་ལ་གང་ངོ་བོ་ཉིད་མེད་པའི་ཡི་གེའི་ཚིག་བརྗོད་ནས་ཅང་མི་གསུང་བར་བཞུགས་སོ། །རིགས་ཀྱི་བུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་འདི་ནི་འདི་སྙམ་དུ་སེམས་པར་གྱུར་ཏེ། སྐུ་ནི་མི་འགྱུར་མ་སྐྱེས་པ། །གསུང་དང་ཐུགས་ཀྱང་མཚན་ཉིད་མེད། །ནམ་མཁའ་རྡོ་རྗེའི་རྟོག་ལས་བྱུང་། །ལོག་པར་བཟུང་བས་ཟིན་པ་ཡིན། །དེ་ནས་འཇམ་དཔལ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་གསུང་རྡོ་རྗེའི་ཚིག་ལ་ལོག་པ་ཀུན་འབྱུང་བས་མི་བརྟག་ཏུ་གསོལ། དེ་ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་དབྱིངས་ཀྱི་ངོ་བོ་ཉིད་སྤྱོད་པ་གཤེགས་པ་དང་བྱོན་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་འདི་ཡིན་ནོ། །དེ་ཅིའི་སླད་དུ་ཞེ་ན།ཚངས་པ་ལ་སོགས་པའི་བྱང་ཆུབ་ཆེན་པོ་སེམས་དཔའ་མངོན་པར་ཤེས་པ་ཆེན་པོའི་ཡེ་ཤེས་ཐོབ་པ་རྣམས་ཆོས་ཐམས་ཅད་ཀྱི་མཚན་ཉིད་ཀྱི་ངོ་བོ་ཉིད་མི་ཤེས་པས་འདི་སྙམ་དུ་ཡོངས་སུ་རྟོག་པར་བྱེད་དེ། ཅི་རྡོ་རྗེ་ཆེན་པོའི་བདག་ཉིད་འདི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཐམས་ཅད་ཀྱི་རྡོ་རྗེ་དེ་ཁོ་ན་ཉིད་མངོན་པར་མ་མཁྱེན་ནས་གསང་བའི་ཡི་གེ་འཆད་དམ་སྙམ་པ་ཡང་མཆིས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རེ་ཞིག་བྱང་ཆུབ་ཆེན་པོ་སེམས་དཔའ་ཁྱེད་རྣམས་ལྟ་ཅི་སྨོས། དེ་བཞིན་གཤེགས་པ་ཐམས་ཅད་སྐུ་གསུང་ཐུགས་ཀྱི་གསང་བའི་ཡི་གེ་རྙེད་པ་ངེད་ཀྱིས་ཀྱང་སྐུ་གསུང་ཐུགས་ཀྱི་བྱང་ཆུབ་མི་ཤེས་སོ། །དེ་ཅིའི་


DNG012_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ཞེ་ན། ངོ་བོ་ཉིད་མེད་པ། མི་འགྱུར་བ་ལས་བྱུང་བ། སྐྱེ་བ་མེད་པའི་རྡོ་རྗེ་མངོན་པར་རྫོགས་པར་བྱང་ཆུབ་པས་སོ། །རིགས་ཀྱི་བུ་དག་སེམས་ཅན་གྱི་ཁོངས་སུ་གཏོགས་པའི་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་བྱང་ཆུབ་ལ་གནས་པ་སངས་རྒྱས་རྡོ་རྗེའོ། །དེ་ཅིའི་ཕྱིར་ཞེ་ན། ཡོང་ཡེ་སེམས་ཅན་འདི་དག་ནི་སྐུ་གསུམ་རྡོ་རྗེ་འཛིན་པ་ཉིད་ཉེ་བར་བཟུང་ནས་སྐུ་གསུང་ཐུགས་རྡོ་རྗེའི་ཡེ་ཤེས་ཐོབ་པའོ། །དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་བདག་པོས་དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རང་བཞིན་དག་ཅིང་བདག་མེད་པ། །ཆོས་ཀྱི་དབྱིངས་ནི་གནས་མེད་པ། །རྟོག་པ་རྡོ་རྗེ་ཡང་དག་བྱུང་། །སྨྲ་བྱ་སྨྲ་བྱ་ཡང་མ་ཡིན། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཕྱག་ན་རྡོ་རྗེ་ཆེན་པོ་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་དངོས་གྲུབ་གང་ནས་ཡང་དག་པར་འབྱུང་། གང་དུ་གནས་གང་དུ་མེད་པར་འགྱུར་བ་ལགས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་འཆང་གིས་བཀའ་སྩལ་པ། བཅོམ་ལྡན་འདས་རང་གི་སྐུ་དང་གསུང་དང་ཐུགས་ཀྱི་རྒྱུད་ལ་རྡོ་རྗེ་རབ་ཏུ་གནས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཐམས་ཅད་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་། ཁམས་གསུམ་ཇི་སྙེད་པ་དག་ཀྱང་ངོ་། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སླར་གསོལ་པ།བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་དངོས་གྲུབ་དང་། ཁམས་གསུམ་པ་ཐམས་ཅད་གང་ན་གནས། ཡེ་ཤེས་རྡོ་རྗེའི་བདག་པོས་བཀའ་སྩལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་དངོས་གྲུབ་དང་། ཁམས་གསུམ་པ་ཐམས་ཅད་ནི་ནམ་མཁའི་ཁམས་ལ་གནས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་པ། བཅོམ་ལྡན་


DNG012_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ནམ་མཁའ་གང་ན་གནས། ཕྱག་ན་རྡོ་རྗེས་བཀའ་སྩལ་པ། གང་ན་ཡང་མ་ཡིན་ནོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་དང་།བྱང་ཆུབ་སེམས་དཔའ་དེ་དག་ངོ་མཚར་དུ་གྱུར། རྨད་དུ་བྱུང་བར་གྱུར་ནས་དབྱངས་འདི་དག་བརྗོད་དོ། །ཨེ་མའོ་རྡོ་རྗེ་ཨེ་རྡོ་རྗེ། །ཨེ་མའོ་རྡོ་རྗེའི་བསྟན་པ་ནི། །གང་དུ་ལུས་དང་ངག་སེམས་མེད། །དེ་རུ་སྐུ་ནི་རྣམ་སྒོམ་པ། །དེ་ནས་སྟོན་པ་རྡོ་རྗེ་འཛིན། །སངས་རྒྱས་ཀུན་གྱིས་ཕྱག་བྱས་པ། །རྡོ་རྗེ་གསུམ་མཆོག་མཆོག་ཆེན་མཆོག །རྡོ་རྗེ་གསུམ་མཆོག་དབང་ཕྱུག་གིས། །དངོས་གྲུབ་དག་ནི་ཐམས་ཅད་ཀྱི། །རིག་པའི་སྐྱེས་བུ་བསྒོམ་པ་གསུངས། །མཁའ་དབྱིངས་རྡོ་རྗེའི་དབུས་གནས་པར། །སངས་རྒྱས་དཀྱིལ་འཁོར་བསྒོམ་པར་བྱ། །ཀླུ་ཡི་རྡོ་རྗེ་རབ་བསྒོམས་ནས། །སྤྱི་བོར་རྡོ་རྗེ་རབ་ཏུ་བསྒོམ། །ཞལ་གསུམ་སྐུ་གསུམ་ཡང་དག་བྱུང་། །རྣམ་པར་འཕྲོ་བ་བསམ་པར་བྱ། །རྡོ་རྗེ་འཁོར་ལོ་འཛིན་བསམས་ན། །མྱུར་དུ་བྱང་ཆུབ་ཐོབ་པར་འགྱུར། །ཐམས་ཅད་རིགས་ཀྱི་བྱེ་བྲག་གིས། །གསང་བ་འདི་ནི་རྣམ་པར་བསམ། །གཞན་དུ་རྣམ་པར་བསྒོམ་པ་ནི། །དེ་དག་དངོས་གྲུབ་མཆོག་མི་འགྱུར། །བཅོམ་ལྡན་འདས་རིག་པའི་སྐྱེས་བུ་རྡོ་རྗེ་གསང་བས་དེ་སྐད་ཅེས་བཀའ་སྩལ་ཏོ། །ཁམས་གསུམ་ལས་བྱུང་རྒྱལ་མོ་ཆེ། །མཉེས་པར་བྱེད་པ་རྣམ་པར་བསམ། །རྡོ་རྗེ་སྐུ་གསུམ་གྱིས་མཚན་པ། །ཁྱུ་མཆོག་དེས་ནི་མཉེས་པར་འགྱུར། །གང་ཞིག་ལ་ལ་འདི་སྒོམ་པའི། །བྱང་ཆུབ་སེམས་དཔའ་གྲགས་ཆེན་རྣམས། །ཞག་བདུན་གྱིས་ནི་འོད་ཆེན་པོ། །སྐུ་གསུམ་དངོས་གྲུབ་ཐོབ་པར་འགྱུར། །དེ་ནས་ཡང་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་སྐུ་གསུང་ཐུགས་རྡོ་རྗེ་བསྡུས་པའི་གསང་བ་གསང་ཆེན་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །སྐུ་གསུང་ཐུགས་ཀྱི་དམ་ཚིག་ནི། །ཕྱག་རྒྱ་ཆེན་པོའི་དོན་རྟོགས་པ། །ཆོ་ག་བཞིན་དུ་ཀུན་བསྒོམས་ན། །སྐད་ཅིག་གིས་ནི་སངས་རྒྱས་འཐོབ། །དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་


DNG012_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱི་བདག་པོས་ཡང་སྒྲུབ་པོ་ཐམས་ཅད་ཀྱི་ལུས་དང་ངག་དང་སེམས་ཀྱི་གསང་ཆེན་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །གལ་ཏེ་བྱང་ཆུབ་མཆོག་འདོད་ན། །ལག་པའི་ཕྱག་རྒྱ་མི་བཅིང་ངོ་། །སྔགས་རྣམས་ཀུན་གྱི་དམ་ཚིག་འདི། །རྒྱལ་བ་རྣམས་ཀྱང་མི་འདའོ། །དེ་ནས་ཡང་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་སངས་རྒྱས་ཐམས་ཅད་ཀྱི་དམ་ཚིག་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །བཤང་གཅི་ཁུ་བ་ཁྲག་རྣམས་ནི། །སྨད་པ་ཉིད་དུ་ཡོང་མི་བྱ། །ཆོ་ག་བཞིན་དུ་རྟག་ཏུ་བཟའ། །གསང་བའི་རྡོ་རྗེ་གསུམ་བྱུང་ཡིན། །དེ་ནས་ཡང་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་གསུང་རྡོ་རྗེའི་དམ་ཚིག་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཁམས་གསུམ་ལམ་ནི་ཉམས་དགའ་བར། །བུད་མེད་ཇི་སྙེད་ཡོད་པ་རྣམས། །ཐམས་ཅད་ཆོ་ག་བཞིན་དུ་སྤྱད། །གསུང་གི་རྡོ་རྗེ་མི་སྨད་དོ། །དེ་ནས་ཡང་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་ཐུགས་ཀྱི་རྡོ་རྗེའི་དམ་ཚིག་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །རྡོ་རྗེ་སྐུ་གསུམ་ལ་གནས་པའི། །དམ་ཚིག་ཇི་སྙེད་ཡོད་པ་ཀུན། །རྡོ་རྗེ་གསུམ་གྱི་དམ་ཚིག་གིས། །མགུ་བྱ་ཐུགས་རྡོ་རྗེ་མི་སྨད། །བཅོམ་ལྡན་འདས་རྡོ་རྗེ་གསུམ་གྱི་དམ་ཚིག་ཆེན་པོས་དེ་སྐད་ཅེས་བཀའ་སྩལ་ཏོ། །དེ་ནས་ཡང་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་རྡོ་རྗེ་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །མདོར་ན་ཕུང་པོ་ལྔ་རྣམས་ནི། །སངས་རྒྱས་ལྔར་ནི་རབ་ཏུ་བསྒྲགས། །རྡོ་རྗེའི་སྐྱེ་མཆེད་རྣམས་ཉིད་ནི། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག །དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་ཁམས་གསུམ་བསགས་པའི་རྡོ་རྗེ་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ས་ནི་སྤྱན་ཞེས་བྱ་བ་ཡིན། །ཆུའི་ཁམས་མཱ་མ་ཀཱི་ཞེས་བྱ། །དཀར་དང་སྒྲོལ་མ་ཞེས་བྱ་བ། །མེ་དང་རླུང་དུ་རབ་ཏུ་བསྒྲགས། །མཁའ་དབྱིངས་རྡོ་རྗེའི་དམ་ཚིག་ནི། །དེ་ཉིད་རྡོ་རྗེ་འཛིན་པ་ཡིན། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གནས་ཀྱི་དབང་ཕྱུག་


DNG012_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་སེམས་དཔའ་ཆེན་པོས་དེ་སྐད་ཅེས་བཀའ་སྩལ་ཏོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉམ་པ་ཉིད་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །སྙོམས་པར་ཞུགས་ནས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་ལ་གཟིགས་ནས་ཅང་མི་གསུང་བར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་གསང་ཆེན་གསང་བ་འདུས་པར་མངོན་པར་དབང་བསྐུར་བའི་སློབ་དཔོན་ལ་དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཇི་ལྟར་བལྟ་བར་བགྱི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཉིད་དུ་བལྟ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ཀྱི་སེམས་རྡོ་རྗེ་དང་སློབ་དཔོན་འདི་ནི་གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་དོ། །རིགས་ཀྱི་བུ་ཇི་སྙེད་མདོར་བསྡུས་ཏེ་བསྟན་པ་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གང་རྣམས་བཞུགས་པ་དང་འཚོ་བ་དང་སྐྱོང་བ་དེ་རྣམས་ཐམས་ཅད་ཀྱང་དུས་གསུམ་དུ་བྱོན་ནས། རྡོ་རྗེ་སློབ་དཔོན་དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པ་རྣམས་ཀྱིས། ཡང་དག་པར་མཆོད་ནས་རང་གི་སངས་རྒྱས་ཀྱི་ཞིང་དུ་འགྲོ་ཞིང་། ངག་རྡོ་རྗེའི་ཡི་གེའི་ཚིག་འདི་སྐད་དུ་ཡང་འབྱིན་ཏོ། །བདག་ཅག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕའོ། །བདག་ཅག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མའོ། །བདག་ཅག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྟོན་པའོ། །ཞེས་བྱ་བའི་བར་དུའོ། །འདི་ལྟ་སྟེ་གཞན་ཡང་རིགས་ཀྱི་བུ་སངས་རྒྱས་བཅོམ་ལྡན་འདས་ཕྱོགས་བཅུ་ན། ཇི་སྙེད་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་རྣམས་ཀྱི་སྐུ་དང་གསུང་


DNG012_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཐུགས་རྡོ་རྗེ་ལས་བྱུང་བའི་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་པ་དེ་བས་ཀྱང་། སློབ་དཔོན་གྱི་བ་སྤུའི་བུ་ག་གཅིག་གི་བསོད་ནམས་ཁྱད་པར་དུ་འཕགས་སོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྙིང་པོར་གྱུར་པ་བསྐྱེད་པའི་གནས་སུ་གྱུར་པ་ནས། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་འབྱུང་གནས་ཡིན་པའི་བར་དུའོ། །དེ་ནས་ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་བྱམས་པ་ཡིད་འཇིགས་ཤིང་སྐྲག་ནས་ཅང་མི་སྨྲ་བར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་མི་བསྐྱོད་པ་དང་། དེ་བཞིན་གཤེགས་པ་དཀོན་མཆོག་དཔལ་དང་། དེ་བཞིན་གཤེགས་པ་འོད་དཔག་མེད་དང་། དེ་བཞིན་གཤེགས་པ་དོན་ཡོད་གྲུབ་པ་དང་། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་རྣམས་རྡོ་རྗེ་འཛིན་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱི་དམ་ཚིག་ཐམས་ཅད་དམིགས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ལ་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་ཁྱེད་རྣམས་ཐམས་ཅད་ཉོན་ཅིག །གང་ཡང་ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་དུས་གསུམ་གྱི་རྡོ་རྗེ་ཡེ་ཤེས་ཡང་དག་པར་བྱུང་བ་དེ་རྣམས་ཀྱང་བྱོན་ནས་གསང་བ་འདུས་པའི་སློབ་དཔོན་ལ་མཆོད་པ་བྱེད་ཅིང་ཕྱག་འཚལ་ལོ། །དེ་ཅིའི་ཕྱིར་ཞེ་ན། དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྟོན་པ་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་བདག་པོ་ཡིན་པའི་ཕྱིར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་རྣམས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་རྣམས་གང་ལ་གནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཀའ་སྩལ་པ། སྐུ་གསུམ་གསང་བའི་སྐུ་གསུང་ཐུགས་ནི་རྡོ་རྗེ་སློབ་དཔོན་གྱི་ལུས་དང་ངག་དང་སེམས་རྡོ་རྗེ་ལ་གནས་སོ། །བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་གསོལ་པ། ལུས་དང་ངག་དང་སེམས་རྡོ་རྗེ་གང་ལ་གནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཀའ་སྩལ་པ།


DNG012_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

གང་ལ་ཡང་མི་གནས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་དག་ངོ་མཚར་དུ་གྱུར་རྨད་དུ་བྱུང་བར་གྱུར་ནས་ཅང་མི་སྨྲ་བར་གནས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པས་གསང་བའི་རྡོ་རྗེའི་ཏིང་ངེ་འཛིན་ལས་བཞེངས་ནས། དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་བཀའ་སྩལ་པ། ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སེམས་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཆེན་པོ་ཉོན་ཅིག །དེ་ནས་ཡང་དེ་བཞིན་གཤེགས་པ་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱིས་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དཀྱིལ་འཁོར་ཆེན་པོ་བཤད་དུ་གསོལ། བདེ་བར་གཤེགས་པ་བཤད་དུ་གསོལ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་བསམ། །གྲུ་བཞི་ལྷམ་པ་རབ་ཏུ་མཛེས། །སངས་རྒྱས་དཀྱིལ་འཁོར་སྦྱོར་བ་ཡིས། །བསམ་གཏན་རྡོ་རྗེ་རབ་བསྐུལ་བྱ། །རྡོ་རྗེ་དཀྱིལ་འཁོར་བསམ་གཏན་གྱིས། །འཁོར་ལོ་ཅན་ཀུན་བརྩམ་པར་བྱ། །མཆོད་པའི་ཆོ་ག་དེ་ཉིད་ཀྱིས། །བློ་དང་ལྡན་པས་རྟག་ཏུ་བྱ། །སློབ་དཔོན་སྙིང་གར་རབ་བསྒོམས་ནས། །དབང་བསྐུར་བ་ནི་བརྩམ་པར་བྱ། །མཁའ་དབྱིངས་སངས་རྒྱས་ཐམས་ཅད་ཀྱིས། །ཡོངས་སུ་གང་བར་རྣམ་བསྒོམས་ལ། །དབང་བསྐུར་བ་ཡི་གནས་གསུམ་གྱིས། །ཐམས་ཅད་ཆོ་ག་བཞིན་དུ་དབབ། །སེམས་ཅན་ཀུན་ལ་ཕན་བཞེད་པའི། །བྱང་ཆུབ་འདི་ཡིས་འཐོབ་འགྱུར་ཞིང་། །དངོས་གྲུབ་རྨད་བྱུང་ཐམས་ཅད་ཀུན། །སྐུ་གསུང་ཐུགས་ནི་འགྲུབ་པར་འགྱུར། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དམ་ཚིག་གི་འཁོར་ལོ་ཞེས་བྱ་བ་བསམ་གཏན་གྱི་དཀྱིལ་འཁོར་རོ། །དེ་ནས་སླར་ཡང་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་ཐམས་ཅད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་སྦྱོར་བ་ཞེས་བྱ་བ་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་གསང་བ་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཧཱུྃ་ཧྲཱྀཿཁྃ། ཤ་རུས་ལ་སོགས་དཀྱིལ་འཁོར་


DNG012_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །ནམ་མཁའི་དབྱིངས་ཀྱི་དབུས་གནས་བསམ། །སྐུ་དང་གསུང་ཐུགས་གསུམ་སྙིང་པོ། །རྡོ་རྗེ་སེམས་དཔའ་བསྒོམ་པར་བྱ། །དྲག་པོ་མི་སྡུག་ཀུན་དུ་ཁྲོས། །ཨུཏྤལ་སྔོན་པོའི་ཁ་དོག་འདྲ། །ཕྱག་བཞི་པ་ནི་ཆོ་ག་ཡིས། །ཕྱག་ན་ཐོད་པ་བསྣམས་པར་བསྒོམ། །ལྔ་ཡི་འོད་ཟེར་རབ་གསལ་བའི། །རང་ལྕེ་བརྟུལ་ཞུགས་ཅན་གྱིས་བསྒོམ། །བསམ་གཏན་རྡོ་རྗེའི་སྦྱོར་བ་ཡིས། །ཁྲག་དྲང་བ་ཡི་མཆོག་ཡིན་ནོ། །རྩེ་གསུམ་རྡོ་རྗེ་དམ་ཚིག་དང་། །ཕུར་བུ་དྲག་པོ་མཆོག་དག་གིས། །སངས་རྒྱས་ཉིད་ཀྱི་སྐུ་དག་ཀྱང་། །རྡོ་རྗེའི་སྦྱོར་བས་གཟིར་བར་བྱ། །དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་སླར་ཡང་རྡོ་རྗེ་ཁ་ཟས་ཀྱི་དམ་ཚིག་གི་བྱ་བ་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །བཟའ་བའམ་བཏུང་བ་གང་ཅུང་ཟད། །བརྟུལ་ཞུགས་ཅན་གྱིས་གང་ཟ་བ། །བཤང་གཅི་ཤ་ཡི་སྦྱོར་བ་ཡིས། །ཆོ་ག་བཞིན་དུ་ཡོངས་སུ་བརྟག །དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་མཆོད་པའི་མཆོག་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཉེར་སྤྱོད་ལྔ་ཡི་མཆོད་མཆོག་གིས། །མཆོད་པས་དེ་དག་མཆོད་པར་བྱ། །འདི་ནི་རྡོ་རྗེ་ཐམས་ཅད་ཀྱི། །དམ་ཚིག་ཤིན་ཏུ་འདའ་དཀའ་བའོ། །དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་མཆོད་པ་གསང་བ་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །དབང་པོ་གཉིས་ཀྱི་སྦྱོར་བ་ཡིས། །རང་གི་ཁུ་བ་སོགས་བཟུང་བས། །ཆོ་ག་བཞིན་དུ་ཀུན་མཆོད་བྱ། །སངས་རྒྱས་བྱང་ཆུབ་ཐོབ་པར་འགྱུར། །དེ་ནས་ཡང་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་སྡོམ་པ་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །སེམས་ཅན་ཁམས་རྣམས་མཐའ་ཡས་ཀྱི། །དམ་ཚིག་འཛིན་པའི་མི་རྣམས་ལ། །དམ་ཚིག་གསུམ་གྱི་རྡོ་རྗེས་སྤྱད། །སྡོམ་པ་འདི་ནི་རྨད་བྱུང་ཆེ། །དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་


DNG012_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་ཐམས་ཅད་ཀྱི་བདག་པོས་ཐམས་ཅད་སྒྲུབ་པའི་སྡོམ་པའི་རྡོ་རྗེ་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ལུས་དང་ངག་སེམས་ལོངས་སྤྱོད་རྫོགས། །གསང་བ་གསུམ་གནས་རྡོ་རྗེ་སྐྱེས། །བཟང་པོ་བདག་གིས་བསྒྲུབ་པར་བྱེད། །མིན་ན་ཐམས་ཅད་འཇིག་པར་འགྱུར། །དེ་ནས་ཡང་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་ཐམས་ཅད་སྒྲུབ་པའི་རྡོ་རྗེ་སེམས་དཔའ་སྡོམ་པ་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །མཐོ་གང་ཙམ་གྱིས་དཔགས་པར་ནི། །མགོ་བོར་དཀྱིལ་འཁོར་བརྟག་པར་བྱ། །ཨོཾ་ཡིག་དབུས་སུ་གནས་བསམས་ནས། །བདུད་རྩི་ལྔ་པོ་དབབ་པར་བྱ། །རྡོ་རྗེ་སྦྱོར་བ་འདི་ཡིས་ནི། །སྐད་ཅིག་གིས་ནི་གཟི་ཅན་འགྱུར། །ལུས་དང་ངག་སེམས་བདེར་གནས་པར། །འགྱུར་བར་འདིར་ནི་ཐེ་ཚོམ་མེད། །དེ་ནས་ཡང་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་སྔགས་ཐམས་ཅད་འཛིན་པའི་ལུས་དང་ངག་དང་སེམས་ཀྱི་གསང་བ་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །མཆོད་རྟེན་དག་གི་ལས་མི་བྱ། །གླེགས་བམ་བཀླག་པའང་མི་བྱ་ཞིང་། །དཀྱིལ་འཁོར་དག་ཀྱང་ཡོང་མི་བྱ། །རྡོ་རྗེ་མཆོག་གསུམ་ཕྱག་མི་བྱ། །དེ་ནས་ཡང་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་དུག་ཐམས་ཅད་བསལ་བ་གནོན་པ་འདྲེན་པའི་གསང་བ་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཨོཾ། འོད་ཟེར་དཀར་འབར་ཕྲེང་བ་ཅན། །འཁོར་ལོའི་དབུས་སུ་ཆུད་པར་བཞག །འོད་ཟེར་སེར་པོ་འཁྲིགས་པ་ཡིས། །སེར་པོ་ལྟ་བུར་བསྒོམ་པར་བྱ། །རྡོ་རྗེ་གསུམ་འོད་དམ་ཚིག་གིས། །ས་བོན་འདི་ནི་གསང་གསུམ་བྱུང་། །དེ་ནས་སླར་ཡང་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་ལུས་དང་ངག་དང་སེམས་སྲུང་བའི་འཁོར་ལོའི་སྔགས་རྡོ་རྗེ་དང་ལྡན་པ་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཨོཾ་ཧུ་ལུ་ཧུ་ལུ།ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། ཨ་མྲྀ་ཏེ་ཧཱུྃ་ཕཊ། གྲོ་ག་སོགས་ལ་འཁོར་ལོ་ནི། །ལས་ཀྱི་རྡོ་རྗེ་ལ་གནས་པར། །ཧཾ་ཡིག་དབུས་སུ་བཞག་ནས་སུ། །མིང་ནི་དབུས་སུ་བྲི་བར་བྱ། །སྔགས་ཀྱི་ཡི་གེའི་ཚིག་རྣམས་


DNG012_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས། །ཡང་དག་བརྒྱན་ཏེ་རྟག་ཏུ་བཞག །འདི་ནི་སྔགས་རྣམས་ཐམས་ཅད་ཀྱི། །གསང་བ་གསུམ་གྱི་གནས་བསྡུས་པའོ། །དེ་ནས་སླར་ཡང་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་རྡོ་རྗེ་ཨཉྫ་ནའི་གནས་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ལམ་གྱི་བཞི་མདོའམ་ཤིང་གཅིག་དྲུང་། །མ་མོའི་གནས་སམ་ཞི་གནས་སུ། །དེ་རུ་རྡོ་རྗེ་ཨཉྫ་ན། །ཐོད་པར་རྟག་ཏུ་དབབ་པར་བྱ། །ཚིལ་ཆེན་པོ་དང་། ཁྲག་དང་བཤང་བ་དང་པདྨའི་སྐུད་པ་དང་།ཨརྒའི་སྐུད་པས་མེ་མར་གྱི་སྙིང་པོ་བྱས་ལ་མར་ངོའི་བཅུ་བཞིའི་ནམ་ཕྱེད་ན། རྡོ་རྗེ་ཨཉྫ་ན་མཁས་པས་དབབ་པར་བྱའོ། །སྔགས་དེ་ཉིད་ལན་བརྒྱ་རྩ་བརྒྱད་བཏབ་ན་དངོས་གྲུབ་རྣམ་པ་གསུམ་དུ་འགྱུར་རོ། །ཞེས་བཅོམ་ལྡན་འདས་ཀུན་དུ་བཟང་པོས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གསང་བའི་ཡི་གེ་དུ་རྟོགས་པ་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་དམ་ཚིག་གིས་སྤྱོད་པའི་རྡོ་རྗེ་འདི་ལ་དད་ཅིང་བསྒོམ་པར་འགྱུར། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་གསང་བའི་ཡི་གེ་གསུམ་རྟོགས་པ་དང་ལྡན་ན་བྱང་ཆུབ་སེམས་དཔའ་དེ་དག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སྤྱོད་པའི་རྡོ་རྗེ་གང་ཡིན་པ་འདི་ལ་དད་ཅིང་བསྒོམ་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་པ། གསུམ་པོ་གང་ཞིག་ལགས།རྡོ་རྗེ་འཛིན་པས་བཀའ་སྩལ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་རྡོ་རྗེ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་རྡོ་རྗེ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྡོ་རྗེ་སྟེ་གསུམ་པོ་འདི་དག་གོ། །དེ་ནས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་ཞབས་གཉིས་ལ་ཕྱག་འཚལ་ནས་ཅང་མི་གསུང་བར་བཞུགས་པར་གྱུར་ཏོ། །དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་


DNG012_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐམས་ཅད་ཀྱི་བདག་པོས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ལ་བཀའ་སྩལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་སྔོན་བྱུང་བ་ན་བརྗོད་ཀྱིས་མི་ལང་བའི་ཡང་བརྗོད་ཀྱིས་མི་ལང་བའི་སངས་རྒྱས་ཀྱི་ཞིང་རྡུལ་ཕྲ་རབ་དང་མཉམ་པའི་བསྐལ་པ་འདས་ནས། གང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ཀྱང་འདས་ནས། ཐུབ་པ་ཆེན་པོ་འོད་སྲུང་མངོན་པར་རྫོགས་པར་སངས་རྒྱས་པའི་བར་གྱིས་ཀྱང་མ་གསུངས་སོ། །དེ་རྒྱུ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་གསང་བ་ཆེན་པོའི་གནས་ཀྱི་དོན་མ་བཤད་པ་ནི་དེའི་ཚེ་དེའི་དུས་ན་སེམས་ཅན་རྣམས་ལ་སྐལ་བ་མེད་པའི་ཕྱིར་རོ། །འོན་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་གསང་བ་འདུས་པ་འདི་ལ་སྐད་ཅིག་ཐང་ཅིག་ཡུད་ཙམ་ཉིད་ཀྱིས་སངས་རྒྱས་ཀྱི་བྱང་ཆུབ་རྫོགས་པར་བྱེད་དོ། །གང་ཞིག་གངྒཱའི་ཀླུང་གི་བྱེ་མ་དཔག་ཏུ་མེད་པ་སྙེད་ཀྱི་བསྐལ་པར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འབད་ཅིང་བཙལ་ཀྱང་བྱང་ཆུབ་ཐོབ་པར་མི་འགྱུར་བ་དེ་གསང་བ་འདུས་པ་ལ་མངོན་པར་དགའ་བའི་བྱང་ཆུབ་སེམས་དཔས་ཚེ་འདི་ཉིད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སངས་རྒྱས་ཞེས་བྱ་བའི་གྲངས་སུ་འགྲོའོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་གིས་གསུང་རྡོ་རྗེའི་ཡི་གེའི་ཚིག་འདི་ཐོས་ནས་རབ་ཏུ་ངུས་སོ། །དེ་ནས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་དེ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བྱང་ཆུབ་སེམས་དཔའ་ཁྱེད་རྣམས་མ་ངུ་ཤིག །སྡུག་བསྔལ་གསུམ་མ་སྐྱེད་ཅིག །དེ་ནས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ལ་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཇི་ལྟར་མི་ངུ་བར་བགྱི། ཇི་ལྟར་སྡུག་བསྔལ་གསུམ་མི་བསྐྱེད་པར་བགྱི། དེ་རྒྱུ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་གསང་བ་གསུམ་གྱི་ཡི་གེའི་སྐལ་བ་མ་མཆིས་ཏེ། ཐ་ན་མིང་ཐོས་པའི་སྐལ་བ་ཡང་མ་མཆིས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཀའ་སྩལ་པ།རིགས་ཀྱི་བུ་དེ་སྐད་མ་ཟེར་ཅིག །ཡི་གེ་ནི་ཐུན་མོང་པ་སྟེ། རིགས་ཀྱི་བུ་ཇི་ལྟར་ཁྱེད་རྣམས་ཀྱིས་མི་ཤེས་པ་དང་མ་ཐོས་


DNG012_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་བཞིན་དུ། ངེད་དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཀྱང་རིགས་ཀྱི་བུ་གང་གསང་བ་གསུམ་གྱི་ཡི་གེ་འདི་དག་ཡང་དག་པར་མ་ཐོབ་ཅིང་མངོན་པར་རྫོགས་པར་སངས་མ་རྒྱས་སོ། །དེ་རྒྱུ་ཅིའི་ཕྱིར་ཞེ་ན། གསང་བ་གསུམ་གྱི་ཡི་གེ་རྣམ་པར་དག་པའི་ཕྱིར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཅང་མི་སྨྲ་བར་གནས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་སྙིང་པོ་རྡོ་རྗེ་བཙུན་མོའི་བྷ་ག་ལ་བཞུགས་སོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བཙུན་མོས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་འཛིན་པ་ཆེན་པོ་ལ་དགའ་བས་བསྟོད་པ། སེམས་ཅན་ཁམས་ནི་གནས་ཀྱི་དབང་ཕྱུག་ཁྱོད་ནི་རྡོ་རྗེའི་ཐུགས། །དགའ་བ་ཡིད་འོང་དོན་ཅན་འདོད་པས་བདག་ལ་བསྐྱབ་ཏུ་གསོལ། །མགོན་པོས་གལ་ཏེ་དེ་རིང་བདག་ནི་གསན་པར་མཆིས་བཞེད་ན། །སེམས་ཅན་ཡབ་ཆེན་མཉེས་མཆོག་བདག་ལ་དགྱེས་པར་མཛད་དུ་གསོལ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་བཙུན་མོ་མཱ་མ་ཀཱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་འཆང་ཆེན་པོ་ལ་རྡོ་རྗེ་འདོད་པ་དགའ་བ་མཆོད་པའི་མཆོག་གི་ཡི་གེའི་ཚིག་འདིས་ཡང་དག་པར་བསྟོད་པ། རྡོ་རྗེའི་སྐུ་ཁྱོད་བཀའ་ཡི་འཁོར་ལོ་སེམས་ཅན་མང་པོར་ཕན། །སངས་རྒྱས་རྣམས་དོན་བྱང་ཆུབ་མཆོག་དོན་ཕན་པ་རྗེས་སྟོན་པ། །མགོན་པོས་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །ཆགས་པས་འདོད་ཆགས་དམ་ཚིག་བདག་ལ་དགྱེས་པར་མཛད་དུ་གསོལ། །དེ་ནས་འཇིག་རྟེན་དབང་ཕྱུག་གི་བཙུན་མོ་སྐུ་གསུང་ཐུགས་རྡོ་རྗེའི་སྤྱན་གྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་འཆང་ཆེན་པོ་ལ་འདོད་པ་ཉེ་བར་ལོངས་སྤྱོད་པའི་དམ་ཚིག་གིས་ཡང་དག་པར་བསྟོད་པ། ཁྱོད་ནི་རྡོ་རྗེའི་གསུང་སྟེ་ཀུན་ལ་ཕན་ཞིང་ཐུགས་བརྩེ་བ། །འཇིག་རྟེན་དག་ནི་དགོས་པའི་དོན་མཛད་པ་ལ་རྟག་ཏུ་བརྩོན། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །རབ་དགའི་སྤྱོད་པ་ཀུན་དུ་བཟང་པོས་


DNG012_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལ་དགྱེས་པར་མཛོད། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དམ་ཚིག་རྡོ་རྗེའི་བཙུན་མོའི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་འཆང་ཆེན་པོ་ལ་བདེ་བ་དང་ཡིད་བདེ་བའི་དགའ་བ་འདིས་བསྟོད་དོ། །ཁྱོད་ནི་རྡོ་རྗེ་འདོད་པ་དམ་ཚིག་མཆོག་གི་ཕན་དོན་ཆེ། །རྫོགས་སངས་རྒྱས་ཀྱི་གདུང་མཆོག་མཉམ་ཉིད་རྗེས་སུ་ཐུགས་བརྩེ་བ། །མགོན་པོས་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །ཡོན་ཏན་རིན་ཆེན་དམ་པའི་གཏེར་གྱུར་བདག་ལ་དགྱེས་པར་མཛོད། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་འདོད་པ་ཐམས་ཅད་ཉེ་བར་ལོངས་སྤྱོད་པའི་རྡོ་རྗེའི་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཙུན་མོ་དེ་དག་ལ་དམ་ཚིག་གི་འཁོར་ལོས་འདོད་པ་སྤྱོད་ཅིང་ཅང་མི་གསུང་བར་གྱུར་ཏོ། །དེ་ནས་ནམ་མཁའི་དབྱིངས་འདི་དག་ཐམས་ཅད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་དམ་ཚིག་གི་ཁུ་བས་ཡོངས་སུ་གང་སྟེ། བུམ་པ་རྡོ་རྗེ་ཆུས་གང་བ་ལྟར་གནས་པར་གྱུར་ཏོ། །དེ་ནས་རྡོ་རྗེ་ནམ་མཁའི་དབྱིངས་འདི་ན་གང་སེམས་ཅན་སྐུ་གསུམ་ཡང་དག་པར་འབྱུང་བ་དེ་རྣམས་རྡོ་རྗེའི་དཔལ་གྱིས་ཡང་དག་པར་རིག་པ་དེ་དག་ཐམས་ཅད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་གསུམ་གྱི་ཡེ་ཤེས་ཅན་དུ་གྱུར་ཏོ། །དེ་ནས་བརྩམས་ཏེ་སེམས་ཅན་ཐམས་ཅད་ཀུན་ནས་བཟང་པོ། ཀུན་དུ་བཟང་པོ་ཞེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེས་དབང་བསྐུར་བར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་མཐོང་ངམ། དེ་ནས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱིས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་མཉམ་པ་ཉིད་དང་། རྡོ་རྗེ་ཡེ་ཤེས་ཀྱི་སྤྱོད་པ་མཐོང་ལགས་སོ། །བདེ་བར་


DNG012_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་མཐོང་ལགས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཙུན་མོའི་བྷ་ག་ལས་མངོན་པར་བྱུང་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཕྱག་ན་རྡོ་རྗེ་ཆེན་པོ་ལ་འདི་སྐད་ཅེས་གསོལ་ཏོ། །གང་གི་ཕྱིར་འདོད་ཆགས་ཀྱི་ཡི་གེའི་ཚིག་གིས་སངས་རྒྱས་ཀྱི་བྱང་ཆུབ་རྗེས་སུ་རྟོགས་པར་བྱའོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ངོ་མཚར་ཏོ། །བདེ་བར་གཤེགས་པ་ངོ་མཚར་ཏོ། །དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་དེ་སྐད་མ་གསུངས་ཤིག །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་ནམ་མཁའ་རྡོ་རྗེའི་དམ་ཚིག་དང་མཚུངས་པའི་ཕྱིར་གཟུགས་ཀྱི་ཕུང་པོ་མ་ཡིན། ཚོར་བའི་ཕུང་པོ་མ་ཡིན། འདུ་ཤེས་ཀྱི་ཕུང་པོ་མ་ཡིན། འདུ་བྱེད་ཀྱི་ཕུང་པོ་མ་ཡིན། རྣམ་པར་ཤེས་པའི་ཕུང་པོ་མ་ཡིན།ཁམས་མ་ཡིན་སྐྱེ་མཆེད་མ་ཡིན། དེ་བཞིན་དུ་འདོད་ཆགས་མ་ཡིན་ཞེ་སྡང་མ་ཡིན་གཏི་མུག་མ་ཡིན། ཆོས་མ་ཡིན་ཆོས་མ་ཡིན་པ་ཡང་མ་ཡིན་ནོ། །དེ་ནས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཅང་མི་གསུང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་དེ་རྣམས་ལ་བཀའ་སྩལ་པ། ཁྱེད་རྣམས་ཀྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་གསང་བ་འདི་བསྒོམ་པར་གྱིས་ཤིག །དེ་ཅིའི་ཕྱིར་ཞེ་ན། ཕྱོགས་བཅུ་ན་གནས་པའི་བྱང་ཆུབ་སེམས་དཔའ་འདི་རྣམས་ལ་ཆོས་ཀྱི་རྣམ་གྲངས་འདིའི་སྐལ་བ་ཡོད་པའི་ཕྱིར་རོ། །དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་རྡོ་རྗེ་ཆོས་ལ་བཀའ་སྩལ་པ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གི་དེ་ཁོ་ན་ཉིད་འདི་ཟུང་ཤིག །ཁྱོད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཆོས་ཐམས་ཅད་ཀྱི་དབང་ཕྱུག་རྡོ་རྗེ་ཞེས་བྱ་བར་དབང་བསྐུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་ཆོས་ཀྱིས་དེ་བཞིན་དུ་བགྱིའོ་ཞེས་གསོལ་ནས་
ཅང་མི་སྨྲ་བར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་རྡོ་རྗེ་སེམས་དཔའི་ཡི་གེ་གསུམ་ལ་རང་གི་སྐུ་དང་གསུང་དང་ཐུགས་ཞུགས་པར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཁམས་གསུམ་པ་ཐམས་ཅད་ཀྱི་ལུས་རྡོ་རྗེ་ལ་གནས་ཤིང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་མཉམ་པ་ཉིད་ལ་དམིགས་ནས་ཅང་མི་གསུང་བར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་གསུང་རྡོ་རྗེ་ཁམས་གསུམ་པ་ཐམས་ཅད་ཀྱི་ངག་རྡོ་རྗེ་ལ་གནས་ཤིང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་མཉམ་པ་ཉིད་ལ་དམིགས་ནས་ཅང་མི་གསུང་བར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་ཕྱག་ན་རྡོ་རྗེ་ཁམས་གསུམ་པ་ཐམས་ཅད་ཀྱི་སེམས་རྡོ་རྗེ་ལ་གནས་ཤིང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་མཉམ་པ་ཉིད་ལ་དམིགས་ནས་ཅང་མི་གསུང་བར་གྱུར་ཏོ། །དེ་སྐད་ཅེས་བཀའ་སྩལ་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་ཆེན་གསང་བ་འདུས་པ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་དང་སྡོམ་པ་རྡོ་རྗེའི་བྱིན་གྱི་རླབས་ཀྱི་རྒྱལ་པོ་ཞེས་བྱ་བའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་ཆེན་གསང་བ་འདུས་པ་ཞེས་བྱ་བ་བརྟག་པའི་རྒྱལ་པོ་ཆེན་པོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བི་མ་ལ་མི་ཏྲ་དང་ལོ་ཙཱ་བ་དཔལ་བརྩེགས་ཀྱིས་བསྒྱུར་བའོ། །སླར་ཡང་སློབ་དཔོན་ཡེ་ཤེས་ཞབས་དང་བི་ཤྭ་མི་ཏྲའི་འགྲེལ་པ་གཉིས་བི་བརྟ་གཅིག་ཕྱི་འགྱུར་བཅས་ལ་གཏུག་ནས་ཞུས་དག་བགྱིས་པར་འགྲེལ་པ་གཉིས་དང་བི་བརྟ་བཅས་སྔ་འགྱུར་དང་ཁྱད་སྤུ་ཙམ་མི་འདུག་ཅིང་། ཕྱི་འགྱུར་ལ་འགྱུར་མི་བདེ་བ་དང་དོན་མི་ལེགས་པ་དང་དོན་གོ་དཀའ་བ་དང་། ཚིག་ཟློས་པ་སོགས་དོན་ལྟར་མ་བསྒྱུར་བ་ཆེས་མང་པོ་མཆིས་སོ།།

རྒྱུད་ཕྱི་མ།


DNG012_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ཕྱི་མ། དེ་ནས་བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བ་དང་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་བསྟན་པ་ལ་དངོས་པོ་ཐམས་ཅད་ཀྱིས་ཇི་ལྟ་བ་དང་། དུས་ཇི་ལྟ་བ་བཞིན་དུ་མཐོང་ཞིང་ཐོས་ལ་ཁོང་དུ་ཆུད་ནས་ཆོས་གཟིགས་པ་དང་ལྡན་པའི་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ལ་འདི་སྐད་ཅེས་གསོལ་ཏོ། །ཨེ་མའོ་ཀུན་དུ་བཟང་པོ་ཡི། །སྐུ་གསུང་ཐུགས་ཀྱི་ངེས་པར་


DNG012_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

དག །རྡོ་རྗེ་གསུམ་གྱིས་ཀུན་དུ་ནི། །རྡོ་རྗེ་གསུམ་ལ་ཐུན་དུ་བཞུགས། །སེམས་ཅན་ཐམས་ཅད་དུས་གསུམ་གྱི། །རྡོ་རྗེའི་ངོ་བོར་ཡང་དག་བྱུང་། །སངས་རྒྱས་རྡོ་རྗེ་རྫུ་འཕྲུལ་ཆེ། །བྱང་ཆུབ་རྡོ་རྗེའི་གནས་ཐོབ་པའོ། །ཨེ་མའོ་འདི་རབ་ངོ་མཚར་ཆེ། །ཨེ་མའོ་ཞི་བ་དབང་པོ་འདུས། །ཨེ་མའོ་འཁོར་བ་དག་གི་རྒྱུན། །ཨེ་མའོ་མཆོག་ཏུ་མྱ་ངན་འདས། །དེ་ནས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བྱང་ཆུབ་སེམས་དཔའ་དེ་དེ་བཞིན་ནོ། །སེམས་དཔའ་ཆེན་པོ་དེ་དེ་བཞིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཐམས་ཅད་ཡང་འདུས་པར་གྱུར་ནས། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ལ་གསང་བ་དང་། ཕྱིའི་མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་ནས་ཕྱག་བྱས་ཏེ་མགྲིན་གཅིག་ཏུ་འདི་སྐད་ཅེས་གསོལ་ཏོ། །ཨེ་མའོ་ཤིན་ཏུ་རྙེད་དཀའ་བ། །བྱང་ཆུབ་སྒྲུབ་པའི་ཐབས་འདི་ཡིན། །རྒྱུད་ཀྱི་ཕྱི་མའི་ཕྱི་མར་གྱུར། །གསང་བ་འདུས་པ་ཞེས་བྱའི་རྒྱུད། །སྦས་པ་དེ་ནི་རྟོགས་ཕྱིར་དང་། །སེམས་ཅན་རྣམས་ལ་ཕན་འདོད་པས། །ཡང་དག་གསུང་བས་གང་བཤད་པ། །མགོན་པོ་ཁྱེད་ལ་གསོལ་བར་འཚལ། །དེ་ནས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་དེ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གང་ཞིག་སྦས་པའི་རྒྱུད་ཚིག་དེ། །དེ་དག་ཐམས་ཅད་འདྲི་འདོད་པ། །སེམས་དཔའ་ཆེན་པོ་ལེགས་སོ་ལེགས། །ཡོན་ཏན་འབྱུང་གནས་ལེགས་སོ་ལེགས། །དེ་ནས་བྱང་ཆུབ་སེམས་དཔའ་ཀུན། །རབ་ཏུ་དགའ་བས་མིག་གདངས་ཏེ། །ཡང་དང་ཡང་དུ་ཕྱག་འཚལ་ནས། །འདི་ཡི་སོམ་ཉི་ཞུས་པར་གྱུར། །གསང་བ་ཞེས་འདི་གང་ལ་བགྱི། །འདུས་པ་ཞེས་ནི་གང་ལ་བརྗོད། །རྒྱུད་ཀྱི་འདྲེལ་པ་ཇི་ལྟ་བུ། །རྣལ་འབྱོར་རྒྱུད་འདིར་ཅི་ལ་བགྱི། །དེ་ཉིད་རྣམ་པ་དུ་རུ་བཤད། །དེ་བཞིན་གསང་བ་རྣམ་པ་དུ། །གསང་ཆེན་ཞེས་ནི་གང་ལ་བགྱི། །དམ་པ་རྣམ་པ་དུ་ཞིག་མཆིས། །བྱང་ཆུབ་སེམས་ཞེས་གང་ལ་བགྱི། །དེ་བཞིན་རིག་པའི་སྐྱེས་བུ་ཅི། །བཛྲ་དྷྲྀཀ་ཅེས་ཅི་ལ་བགྱི། །དེ་བཞིན་


DNG012_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ཛི་ན་ཛིཀ་ནི་གང་། །དེ་ལ་རཏྣ་དྷྲྀཀ་ནི་གང་། །དེ་བཞིན་ཨཱ་རོ་ལིཀ་ནི་ཅི། །པྲཛྙཱ་དྷྲྀཀ་ཅེས་གང་ལ་བགྱི། །རིགས་འདིར་དེ་བཞིན་གང་ཞིག་ལགས། །མོ་ཧ་ཞེས་ནི་གང་ལ་བགྱི། །དྭེ་ཥ་ཞེས་བྱ་འདིར་གང་ལགས། །རཱ་ག་ཞེས་ནི་ཅི་ལ་བགྱི། །བཛྲ་སྔགས་ནི་གང་ལ་བགྱི། །ར་ཏི་ཞེས་འདིར་གང་ལ་བགྱི། །ཕུན་སུམ་ཚོགས་པ་གང་ཞིག་ལགས། །ཡ་མཱནྟ་ཀྲྀཏ་དོན་ནི་གང་། །དེ་བཞིན་པྲཛྙཱནྟ་ཀྲྀཏ་ཅི། །པད་མཱནྟ་ཀྲྀཏ་མིང་ཅི་ལྟ། །དེ་བཞིན་བིགྷྣཱནྟ་ཀྲྀཏ་ཅི། །ཀུན་དུ་སྤྱོད་པ་གང་ཅི་ལགས། །དེ་བཞིན་སྔགས་ཀྱི་སྤྱོད་པ་གང་། །འདིར་ནི་བཟླས་པ་གང་ཞིག་ལགས། །རྒྱས་བཏབ་པ་ཞེས་གང་ལ་བགྱི། །ཆོས་འབྱུང་པ་ནི་ཇི་ལྟར་བསྒོམ། །དེ་བཞིན་སྡོམ་པ་ཇི་ལྟ་བུ། །ཞེ་སྡང་གཏི་མུག་འདོད་ཆགས་ཆོས། །སེམས་ཅན་དོན་མཛད་ཇི་ལྟ་བུ། །དཀྱིལ་འཁོར་ཞེས་ནི་གང་ལ་བགྱི། །ཕྱག་རྒྱའི་དགོད་པ་ཇི་ལྟར་ལགས། །འདིར་ནི་མེ་ཏོག་ཅི་ཞིག་ལགས། །མཆོད་རྟེན་ཞེས་ནི་གང་ལ་བཤད། །ཡེ་ཤེས་འཁོར་ལོ་ཇི་ལྟར་ཤེས། །འདིར་ནི་གནས་ཤེས་གང་ལ་བཤད། །མགོན་པོ་བསྐུལ་བ་ཇི་ལྟ་བུ། །གཏོང་བ་དག་ཀྱང་ཇི་ལྟ་བུ། །ཇི་ལྟར་དེ་རྣམས་སྤྱན་དྲང་བགྱི། །བཅིང་བ་འདིར་ནི་ཇི་ལྟ་བུ། །དབང་བསྐུར་བ་ནི་ཇི་ལྟར་སྩལ། །དེ་བཞིན་རེག་པའི་བརྟུལ་ཞུགས་གང་། །བདུད་རྩི་ལྔ་རྣམས་ཅི་ལྟར་བཟའ། །དེ་བཞིན་དཔའ་བོ་ལྔ་གང་ལགས། །དངོས་གྲུབ་ཐ་མལ་ཇི་ལྟ་བུ། །དེ་བཞིན་མཆོག་ཀྱང་ཇི་ལྟ་བུ། །དེ་ལ་ཐབས་ནི་རྣམ་པ་དུ། །དེ་བཞིན་ཐབས་བྱུང་ཇི་ལྟ་བུ། །རྣལ་འབྱོར་རྡོ་རྗེ་ཅན་ཀུན་གྱི། །བཀའ་ནི་ཇི་ལྟར་བསྒོ་བར་བགྱི། །ལས་ཀྱི་མཆོག་གི་ཚོགས་རྣམས་ནི། །སྣ་ཚོགས་ཇི་ལྟར་བྱེད་པར་འགྱུར། །དེ་ནས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་རྣམས་ཀྱིས་ཞུས་པའི་ཚིག་ཉེ་བར་གསན་ནས། བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་འཛིན་པ་ལ་དམིགས་པར་མཛད་ནས་སྐད་ཅིག་ཅང་མི་གསུང་བར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེ། །སྙིང་རྗེའི་བདག་ཉིད་རབ་དགའ་ནས། །རྫོགས་པའི་སངས་རྒྱས་བདེ་བར་གཤེགས། །མགོན་ལ་ཡང་དང་ཡང་རབ་བསྐུལ། །དེ་ནས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱིས་བྱང་


DNG012_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་དཔའ་དེ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལུས་ངག་ཡིད་ནི་རྡོ་རྗེ་ཡིས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལ། །བཞག་ནས་བྱང་ཆུབ་སེམས་དབང་པོ། །ཞུས་པ་རྒྱ་ཆེན་མཉན་པར་གྱིས། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཐམས་ཅད་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱིས་རྗེས་སུ་གསུངས་པའི་བཀའ་སྤྱི་བོས་རབ་ཏུ་མནོས་ཏེ། བཅོམ་ལྡན་འདས་ལེགས་སོ་ལེགས་སོ། །བདེ་བར་གཤེགས་པ་ལེགས་སོ་ལེགས་སོ་ཞེས་གསོལ་ནས། རང་རང་གི་ལུས་དང་ངག་དང་ཡིད་རྡོ་རྗེས་བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་འཛིན་པ་ཆེན་པོའི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལ་དམིགས་ཏེ་ཅང་མི་སྨྲ་བར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་རང་རང་གི་ཐུགས་རྡོ་རྗེ་ཆེན་པོ་ལ་དམིགས་པར་བྱིན་གྱིས་བརླབས་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་དག་རྣམས་ལ་ཞུས་པ་དེ་དག་གསུང་གཅིག་གིས་བཀའ་སྩལ་པ། སྐུ་གསུང་ཐུགས་ནི་རྣམ་པ་གསུམ། །གསང་བ་ཞེས་ནི་བསྟན་པ་ཡིན། །སངས་རྒྱས་ཐམས་ཅད་ཅེས་བྱ་བ། །ཚོགས་པ་འདུས་པ་ཡིན་པར་བཤད། །ལྔ་པ་དང་ནི་དགུ་པ་དང་། །བཅུ་བདུན་པ་དང་བཅུ་གསུམ་པ། །སངས་རྒྱས་བྱང་ཆུབ་སེམས་རྣམས་ཀྱིས། །བསྟན་པ་དག་ནི་སྒྲུབ་ཆེན་ཡིན། །བཞི་པ་དང་ནི་བཅུ་དྲུག་པ། །བརྒྱད་པ་དེ་བཞིན་བཅུ་གཉིས་པ། །སློབ་དཔོན་སྤྱི་ཡི་ལས་དང་ནི། །དངོས་གྲུབ་བརྟུལ་ཞུགས་སྡོམ་པ་ཡིན། །དྲུག་པ་དང་ནི་གཉིས་པ་དང་། །བཅུ་པ་དང་ནི་བཅུ་བཞི་པ། །དྲག་སྤྱོད་རྗེས་སུ་ཆགས་པ་དང་། །ཉེ་བར་སྒྲུབ་པའི་སྡོམ་པའོ། །བདུན་པ་དང་ནི་གསུམ་པ་དང་། །བཅུ་གཅིག་པ་དང་བཅོ་ལྔ་པ། །དངོས་གྲུབ་ཞིང་དང་མཚན་མ་ནི། །བསྙེན་པ་སྒྲུབ་པའི་སྡོམ་པའོ། །དེ་བཞིན་གཤེགས་པ་ཀུན་གྱི་ལས། །ཚར་གཅོད་ཕན་འདོགས་སྤྱོད་པ་དག །གདུལ་དཀའ་འདུལ་དང་ཞི་བ་ཡི། །སེམས་ཅན་རྣམས་ཀྱི་འཇུག་པའོ། །བསྐྱེད་པའི་རིམ་དང་འདྲེལ་པ་ཡི། །བསྙེན་པ་རྡོ་རྗེའི་ཆོ་ག་བཞི། །ཐུན་མོང་དངོས་གྲུབ་འདྲེལ་པ་ཡིན། །མཆོག་ཏུ་གྱུར་པའི་གཞུང་ཉིད་དོ། །དཀྱིལ་འཁོར་བརྟུལ་ཞུགས་འདྲེལ་པ་ཡི། །གཞུང་ནི་སློབ་དཔོན་ཕུན་ཚོགས་པའོ། །བླ་མས་སྔགས་ཀྱི་ལམ་གྱིས་ནི། །སློབ་མ་ཡོངས་སུ་སྨིན་བྱ་བ། །བརྟུལ་ཞུགས་བཟང་དང་དབང་བསྐུར་བ། །རང་གི་


DNG012_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་མ་བདག་ཉིད་ཆེ། །སངས་རྒྱས་བྱང་ཆུབ་སེམས་རྣམས་ཀྱིས། །བསྟན་པས་ཡོངས་སུ་གྲོལ་བ་ཡིན། །ཐབས་དང་ཤེས་རབ་སྙོམས་འཇུག་པ། །རྣལ་འབྱོར་ཞེས་ནི་བཤད་པ་ཡིན། །གང་ཞིག་དངོས་མེད་ཤེས་རབ་སྟེ། །ཐབས་ནི་དངོས་པོའི་མཚན་ཉིད་དོ། །རྒྱུད་ནི་རྒྱུན་ཞེས་བྱ་བར་གྲགས། །རྒྱུན་དེ་རྣམ་པ་གསུམ་འགྱུར་ཏེ། །གཞི་དང་དེ་བཞིན་རང་བཞིན་དང་། །མི་འཕྲོགས་པ་ཡིས་རབ་ཕྱེ་བ། །རྣམ་པ་རང་བཞིན་རྒྱུ་ཡིན་ཏེ། །དེ་བཞིན་མི་འཕྲོགས་འབྲས་བུའོ། །གཞི་ནི་ཐབས་ཤེས་བྱ་བ་སྟེ། །གསུམ་གྱིས་རྒྱུད་ཀྱི་དོན་བསྡུས་པའོ། །རིགས་ནི་ལྔ་དང་གསུམ་དག་དང་། །ངོ་བོ་ཉིད་གཅིག་རིགས་བརྒྱའོ། །བྱང་ཆུབ་རྡོ་རྗེ་བཅས་གསུངས་པ། །དེ་ནི་ཕྱི་མའི་རྒྱུད་དུ་འདོད། །དེ་ཉིད་རྣམ་པ་ལྔ་རུ་བཤད། །གསང་བ་རྣམ་པ་གསུམ་དུ་བཤད། །ལྷག་པའི་ལྷ་ནི་གསང་ཆེན་ཏེ། །དམ་པའི་རིགས་ནི་རྣམ་པ་བརྒྱ། །ཐོག་མ་ཐ་མ་མེད་ཞི་བ། །དངོས་དང་དངོས་མེད་ཟད་པའི་གཙོ། །སྟོང་ཉིད་སྙིང་རྗེ་མི་ཕྱེད་པ། །བྱང་ཆུབ་སེམས་ཞེས་བྱ་བ་ཡིན། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས། །མི་ཕྱེད་དབྱེ་བའི་ངོ་བོ་ཉིད། །རིགས་དང་ལྷན་ཅིག་ལྡན་པས་ན། །རིག་པའི་སྐྱེས་བུ་ཞེས་བརྗོད་དོ། །རྒྱུ་ལྔ་རང་ནི་འབྲས་བུ་ལྔ། །རྡོ་རྗེ་ཞེས་ནི་བཤད་པ་ཡིན། །འཆང་བ་འཛིན་ཞེས་གྲགས་པ་སྟེ། །རྣམ་ཤེས་རྡོ་རྗེ་འཛིན་དུ་འདོད། །བཛྲ་དྷྲྀཀ་ནི་རྣམ་ཤེས་ཡིན། །ཡོད་དང་མེད་དང་དབུས་ལས་འདས། །འབྱུང་དང་འབྱུང་ལས་གྱུར་ལས་བྱུང་། །སེམས་ཅན་ཀུན་གྱི་ལུས་ཡིན་ཏེ། །སྐྱེ་ལས་རྒྱལ་བ་ཛི་ན་ཛིཀ །དོན་རྣམས་ཐམས་ཅད་འབྱུང་བས་ན། །སེམས་ནི་རིན་པོ་ཆེ་ཞེས་བྱ། །ཚོར་བ་པོ་ཡིས་དེས་ཚོར་བས། །ཚོར་བ་རཏྣ་དྷྲྀཀ་ཏུ་འདོད། །མཚན་གཞི་མཚན་ཉིད་དངོས་པོ་ཡིས། །ཀུན་ལ་ཀུན་གྱིས་ཐམས་ཅད་དུ། །དགའ་བའི་མཚན་ཉིད་མཚན་གཞི་ནི། །ཨཱ་རོ་ལིཀ་ཅེས་བཤད་པ་ཡིན། །རྣམ་ཤེས་རབ་མཐར་ཕྱིན་བྱེད་པ། །གང་ཡིན་དེ་ནི་ཤེས་རབ་སྟེ། །འདུ་བྱེད་སེམས་པས་འཛིན་པ་ན། །པྲཛྙཱ་དྷྲྀཀ་ཅེས་བྱ་


DNG012_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

བར་བཤད། །རིགས་ནི་རྒྱུད་ཅེས་བྱ་བར་བཤད། །རྒྱུད་ནི་ཐོག་མ་ཞེས་བརྗོད་དེ། །མི་འཇིགས་སྐྱེ་བ་མེད་གང་ཡིན། །མགོན་པོ་དེ་ནི་ཡིན་པར་བཤད། །རྒྱུ་འབྲས་གཉིས་ལ་སྡང་བས་ན། །རྣམ་ཤེས་ཞེ་སྡང་ཡིན་པར་བཤད། །བེམས་པོ་བཅིངས་པའི་རང་བཞིན་པས། །གཟུགས་ནི་གཏི་མུག་ཅེས་བྱར་བཤད། །བདག་ཏུ་རློམ་པའི་ངོ་བོ་བས། །ཚོར་བ་དྲེགས་པ་ཡིན་པར་བཤད། །དངོས་ལ་ཆགས་པའི་མཚན་ཉིད་ཅན། །འདུ་ཤེས་ཡང་དག་ཚོགས་བདག་ཉིད། །རྐྱེན་གྱིས་དྲང་བའི་བདག་ཉིད་ཅན། །འདུ་བྱེད་རྟག་ཏུ་ཕྲག་དོག་ཡིན། །བྱང་ཆུབ་སེམས་ཀྱི་ངོ་བོ་ཉིད། །སྲིད་པ་ཀུན་འབྱུང་ཐམས་ཅད་དུ། །འདོད་ཆགས་ཞེ་སྡང་རྨོངས་ལྡན་པའི། །སེམས་ནི་འདོད་པ་ཞེས་བྱར་བཤད། །དམ་ཚིག་སྣ་ཚོགས་འདྲ་བ་ཡིན། །མངོན་ཕྱོགས་ལས་ལས་སྐྱེས་འབྲས་བུ། །གཉིས་མེད་ཡེ་ཤེས་ཆོས་རྣམས་ལ། །ང་རྒྱལ་བྱེད་པ་རྨོངས་ཞེས་བཤད། །དེ་ལ་ཕན་ཚུན་འཛེར་བ་ནི། །ཞེ་སྡང་ཞེས་ནི་བྱ་བར་བཤད། །མཚན་ཉིད་འདོད་ཆགས་ཞེན་པ་ཡིན། །ཡེ་ཤེས་ཐབས་ནི་རྡོ་རྗེར་བཤད། །དགའ་བ་རྫོགས་པའི་ལོངས་སྤྱོད་མཆོག །བུད་མེད་བདེ་མཆོག་ཕུན་སུམ་ཚོགས། །གཏི་མུག་ཞེ་སྡང་འདོད་ཆགས་དང་། །རྡོ་རྗེ་ལ་དགའ་རྟག་པར་གནས། །དེས་ན་སངས་རྒྱས་རྣམས་ཀྱི་ཐབས། །རྡོ་རྗེ་ཐེག་པ་ཞེས་བཤད་དོ། །མི་འཇིག་བདག་ཉིད་ཆོས་རྣམས་ནི། །མ་སྐྱེས་པ་ཡི་ངོ་བོ་ཉིད། །དངོས་པོ་ཀུན་གྱི་དམ་ཚིག་སྟེ། །དེ་ཉིད་གཤིན་རྗེ་མཐར་བྱེད་དོ། །རྣམ་ཤེས་མིན་བདག་ཆོས་རྣམས་ནི། །དོན་དམ་མི་འགྱུར་དག་གྱུར་ཏེ། །སེམས་ཀུན་གྱི་ནི་དམ་ཚིག་སྟེ། །དེ་ནས་རྒྱལ་བ་ཤེས་མཐར་བྱེད། །བརྗོད་མེད་བདག་ཉིད་ཆོས་རྣམས་ནི། །མིང་དང་གཟུགས་བློ་དངོས་པོ་མེད། །ཆོས་རྣམས་ཀུན་གྱི་དམ་ཚིག་སྟེ། །དེས་ན་ཁྱབ་བདག་པད་མཐར་བྱེད། །མི་རྟོག་བདག་ཉིད་ཆོས་རྣམས་ནི། །རང་བཞིན་གྱིས་ནི་ཞི་བའི་དངོས། །རྡོ་རྗེ་ཀུན་གྱི་དམ་ཚིག་སྟེ། །དེས་ན་གཙོ་བོ་བགེགས་མཐར་བྱེད། །མི་འཇིག་རྣམ་པར་མི་ཤེས་པ། །


DNG012_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་དུ་མེད་དང་རྟོག་བྲལ་བ། །སངས་རྒྱས་བྱང་ཆུབ་ཡེ་ཤེས་འདི། །ཤེས་ན་བདེ་བ་ཐོབ་པར་འགྱུར། །གཏི་མུག་གཏི་མུག་ལོངས་སྤྱོད་པས། །གཏི་མུག་ཟད་ཕྱིར་གཤིན་རྗེ་གཤེད། །དེས་ན་ལུས་མཐར་བྱེད་པ་སྟེ། །དེས་ན་ཤེས་བྱ་མཐར་བྱེད་འགྱུར། །ཉེས་པ་ཉེས་པ་ལོངས་སྤྱོད་པས། །ཉེས་པ་ཟད་ཕྱིར་ཤེས་མཐར་བྱེད། །དེས་ན་སེམས་ནི་མཐར་བྱེད་དེ། །དེས་ན་ཉོན་མོངས་མཐར་བྱེད་འགྱུར། །འདོད་ཆགས་འདོད་ཆགས་ལོངས་སྤྱོད་པས། །འདོད་ཆགས་ཟད་པས་པད་མཐར་བྱེད། །དེས་ན་ཆགས་པ་མཐར་བྱེད་དེ། །དེ་བཞིན་སྙོམས་འཇུག་མཐར་བྱེད་འགྱུར། །ཉོན་མོངས་ཀུན་ཟད་གང་ཡིན་དང་། །དེ་བཞིན་ལས་ནི་ཐམས་ཅད་ཟད། །སྒྲིབ་པ་ཀུན་ཟད་ཡེ་ཤེས་ནི། །བགེགས་མཐར་བྱེད་ཅེས་བྱ་བར་བཤད། །ཉོན་མོངས་རྡོ་རྗེའི་སྒྲིབ་དག་ན། །ལས་རྣམས་ཐམས་ཅད་རྣམ་པར་དག །ལས་རྣམས་ཐམས་ཅད་རྣམ་དག་པས། །ལས་སྐྱེས་འབྲས་བུ་རྣམ་དག་འགྱུར། །གཟུང་དང་ཆགས་པ་ཉིད་དང་ནི། །རྣམ་པ་དེ་བཞིན་མི་གཡོ་དང་། །རྒྱུ་ཉིད་འབྲས་བུ་ཉིད་དག་སྟེ། །དྲུག་ལས་ཐུགས་ནི་ཀུན་དུ་འབྱུང་། །འདོད་པའི་རྒྱལ་པོ་ལ་སོགས་དྲུག །ཁྲོ་བོའི་དབང་པོར་རྣམ་པར་གྲགས། །དམ་ཚིག་རྡོ་རྗེ་ལ་སོགས་དྲུག །ས་ལ་སོགས་པ་རྣམ་པ་ལྔ། །འབྱུང་དང་འབྱུང་ལས་གྱུར་པར་གྲགས། །རིག་པའི་རྒྱལ་པོར་ཞེས་བཤད་དོ། །གཟུགས་ཀྱི་རྡོ་རྗེ་ལ་སོགས་དྲུག །རྡོ་རྗེའི་བདག་པོ་ཞེས་བཤད་དོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས། །བདག་ཉིད་ཆེན་པོ་ཀུན་དུ་འབྱུང་། །ཐབས་དང་ཤེས་རབ་ལས་བྱུང་བའི། །ཕུང་པོ་ཁམས་དང་སྐྱེ་མཆེད་གཟུགས། །རྫོགས་པའི་རིམ་པའི་སྦྱོར་བ་ཡིས། །སྔགས་པས་སྦྱོར་བ་ངེས་བྱས་ལ། །ཐམས་ཅད་དག་པར་མོས་པ་ཡིས། །འཇིགས་པ་ཐམས་ཅད་སྤངས་ནས་སུ། །དོགས་པ་མེད་པའི་སེམས་ཀྱིས་ནི། །སྔགས་པས་སེང་གེ་བཞིན་དུ་སྤྱོད། །འདི་ལ་མི་བྱ་ཅི་ཡང་མེད། །དེ་བཞིན་མི་བཟའང་ཡོད་མ་ཡིན། །སྨྲ་བར་མི་བྱ་ཅུང་ཟད་མེད། །རྟག་ཏུ་མི་


DNG012_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་ཅི་ཡང་མེད། །མཉམ་པར་མ་བཞག་སྦྱོར་བ་ཡིས། །རྟག་པ་ཉིད་དུ་མཉམ་པར་འཇོག །གང་གིས་སེམས་ཀུན་ལ་སྤྱོད་པ། །ཀུན་དུ་སྤྱོད་པ་ཞེས་བཤད་དོ། །དབང་པོ་དང་ནི་ཡུལ་རྣམས་ཀྱི། །རྐྱེན་གྱིས་གང་དང་གང་བྱུང་ཡིད། །ཡིད་དེ་མན་ཞེས་བྱ་བར་བཤད། །ཏྲ་ནི་སྐྱོབ་པར་བྱེད་པའི་དོན། །འཇིག་རྟེན་སྤྱོད་ལས་རྣམ་གྲོལ་བར། །གང་བཤད་དམ་ཚིག་སྡོམ་པ་སྟེ། །རྡོ་རྗེ་ཀུན་གྱིས་བསྲུངས་པ་ནི། །སྔགས་ཀྱི་སྤྱོད་པ་ཞེས་བཤད་དོ། །རང་རང་གི་ནི་ངོ་བོ་ཉིད། །སྙིང་པོ་ཡིད་ཀྱིས་རྣམ་བསམས་ཏེ། །གསང་སྔགས་ཟློས་པའི་དབྱེ་བ་ཡིས། །ཟློས་པར་བྱེད་ཅིང་སྤྲོ་ཞིང་བསྡུ། །སངས་རྒྱས་སྣ་ཚོགས་རྡོ་རྗེའི་བདག །ཡེ་ཤེས་ས་བོན་དག་གིས་བསྡུ། །བྱང་ཆུབ་བདག་མེད་ས་བོན་གྱིས། །བརྟུལ་ཞུགས་ཅན་གྱིས་བདག་མེད་གཟུང་། །སྣ་ཚོགས་བཞིན་དུ་སྣ་ཚོགས་སྤྲོ། །དུས་གསུམ་ས་བོན་དག་གིས་བཟླ། །བཟླས་པ་སྨྲ་བར་གྲགས་པས་ན། །ངག་ཀུན་བཟླས་པ་ཞེས་བཤད་ལ། །སྔགས་ཀུན་འབོད་པ་ཞེས་བཤད་དེ། །དེ་ཉིད་བསྐུལ་བར་སྨྲ་བའོ། །ཇི་ལྟར་ཐུགས་སོགས་བྱིན་རློབ་པ། །ཏིང་ངེ་འཛིན་ཀྱང་དེ་བཞིན་ནོ། །དེ་རྣམས་སྤྱི་བོར་དབང་བསྐུར་དང་། །དེ་བཞིན་ཀུན་དུ་མཆོད་པའོ། །རྡོ་རྗེ་འཆང་བ་གང་ཡིན་པའི། །རིག་པ་ཡོད་པའི་སྦྱོར་བ་དང་། །བདག་བྱིན་བརླབ་སོགས་དེ་བཞིན་ཏེ། །དེ་ཡི་ལོངས་སྤྱོད་བཞིར་ཤེས་བྱ། །དཔའ་བོ་རྡོ་རྗེ་གཅིག་པུ་ཡི། །སྤྱི་བོར་དབང་བསྐུར་རེ་རེ་སྟེ། །སྙིང་པོ་ཕྱག་རྒྱ་སྔགས་ཙམ་དང་། །རང་རིགས་རིམ་གྱིས་རྒྱས་གདབ་པའོ། །འབྲས་བུས་རྒྱུ་ནི་རྒྱས་གདབ་ཅིང་། །རྒྱུ་ཡིས་འབྲས་བུ་རྒྱས་གདབ་པར། །བསྒོམ་གྱི་གཞན་དུ་དངོས་གྲུབ་ནི། །བསྐལ་པ་བྱེ་བར་འབྱུང་མི་འགྱུར། །ལོངས་སྤྱོད་བཞི་དང་ཡང་དག་ལྡན། །རིག་པའི་སྐྱེས་བུ་རྡོ་རྗེ་ཅན། །སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། །གྲུ་གསུམ་དུ་ནི་རྣམ་པར་བསྒོམ། །ཀུན་ནས་སེར་བའི་འཁོར་ལོ་ནི། །རྩིབས་བཅུ་དེ་དབུས་རྣམ་པར་བསྒོམ། །རྩིབས་ཀུན་ལ་ནི་ཁྲོ་བོ་བཅུ། །ཡེ་ཤེས་བདག་ཉིད་བཅུ་ལས་བྱུང་། །


DNG012_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

འགོག་པའི་རྡོ་རྗེས་བསྒོམ་བྱ་ཞིང་། །མཆོག་ཏུ་མཛེས་པས་བསྒྲུབ་པར་བྱ། །རྡོ་རྗེ་འབར་བའི་སྤྲིན་སྤྲོས་པས། །མི་གཡོ་བ་དང་མཚུངས་པར་འཁོར། །དེ་ལྟར་ཆོས་འབྱུང་ཡེ་ཤེས་ནི། །རང་བཞིན་དྲི་མ་མེད་ཞི་བ། །བསྒོམས་པས་སྐད་ཅིག་ཉིད་ཀྱིས་ནི། །སངས་རྒྱས་སྤྱན་ནི་རབ་ཏུ་འབྱུང་། །རྡོ་རྗེ་ཅན་གྱིས་ཆོས་བསྟན་པ། །རིམ་པ་གཉིས་ལ་ཡང་དག་བརྟེན། །བསྐྱེད་པ་ཡི་ནི་རིམ་ཉིད་དང་། །དེ་བཞིན་རྫོགས་པའི་རིམ་པའོ། །སྒྲུབ་པ་དང་ནི་ནན་ཏན་དང་། །དམ་ཚིག་དེ་བཞིན་སྡོམ་པ་རྣམས། །སྔར་ནི་དེ་ཀུན་རྒྱས་པར་ནི། །རིམ་པའི་དབྱེ་བས་ཕྱེ་བ་ཡིན། །གཟུགས་དང་སྒྲ་སོགས་འདོད་པ་ནི། །བདེ་སྡུག་གཉི་གའི་བདག་ཉིད་ཅན། །འདོད་ཆགས་ཞེ་སྡང་གཏི་མུག་སོགས། །རྟག་ཏུ་སྙིང་ལ་སྐྱེ་བར་འགྱུར། །ཆགས་ལ་འདོད་ཆགས་རྡོ་རྗེ་ཅན། །རྡོ་རྗེ་འདྲ་བར་རིན་ཆེན་འབྱུང་། །རིན་ཆེན་བཞིན་དུ་དམ་ཚིག་ཤེས། །འདོད་པ་དེ་རྣམས་དམ་ཚིག་མཚུངས། །རྣམ་བཅས་དང་ནི་རྣམ་པ་མེད། །ཀུན་འགྲོ་ཡི་གེ་གསུམ་བདག་ཉིད། །བྱ་བ་དང་ནི་དཔྲོག་པ་དང་། །སྤྲོ་དང་རང་གི་བཟླས་པ་བྱའོ། །དེ་ལྟར་ཞེ་སྡང་གཏི་མུག་དག །ས་གསུམ་དུ་ནི་བསྐྱེད་པར་བྱ། །གསང་བའི་བདག་པོའི་དོན་དུ་ནི། །རྡོ་རྗེ་ཅན་གྱིས་རྒྱས་བཏབ་བྱ། །ཞེ་སྡང་སྦྱོར་བའི་རྣལ་འབྱོར་པས། །ཞེ་སྡང་འཁོར་ལོ་བསྐྱེད་ནས་སུ། །རྡོ་རྗེ་དྲག་པོས་བཅོམ་ནས་ནི། །ཡེ་ཤེས་རྡོ་རྗེ་ཅན་གྱིས་བསྡུ། །དེ་ནི་སྤྲོ་བས་རྟོགས་བྱས་ལ། །དེ་བཞིན་སླར་ཡང་བསྡུ་བར་བྱའོ། །འདི་ལྟའི་སྦྱོར་བ་གོམས་བྱས་ན། །ཞེ་སྡང་རྡོ་རྗེར་བདག་ཉིད་འགྱུར། །ཁམས་གསུམ་པོ་ནི་མ་ལུས་པ། །བསད་དང་དེ་བཞིན་གསོ་བ་དང་། །སྐད་ཅིག་ཙམ་གྱིས་བྱེད་པར་ནི། །མངོན་དུ་ནུས་པར་ཐེ་ཚོམ་མེད། །གཏི་མུག་སྦྱོར་བའི་རྣལ་འབྱོར་པས། །གཏི་མུག་འཁོར་ལོ་བསྐྱེད་ནས་ནི། །རྒྱན་ལ་སོགས་པ་གང་ཅིའང་རུང་། །དེ་དག་ཐམས་ཅད་རྟག་ཏུ་བརྐུ། །གཏི་མུག་སེམས་ཀྱི་རྒྱ་མཚོ་བསྒོམ། །རིན་ཆེན་


DNG012_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱིས་རབ་ཏུ་དགང་། །གཏི་མུག་འཁོར་ལོ་ཅན་ཀུན་གྱིས། །སྦྱིན་པའི་ཆར་ནི་རབ་ཏུ་འབེབས། །རྫས་རྣམས་ཐམས་ཅད་མ་ལུས་པར། །རབ་ཏུ་སྦྱིན་དང་དཔྲོག་པ་ཉིད། །སེམས་ཀྱི་རྡོ་རྗེ་བརྟན་པོ་ཡིས། །སྐད་ཅིག་ཙམ་གྱིས་དབྱེ་བར་འགྱུར། །འདོད་ཆགས་སྦྱོར་བའི་རྣལ་འབྱོར་པས། །འདོད་ཆགས་འཁོར་ལོ་བསྐྱེད་ནས་ནི། །ལྷ་མོ་ཐམས་ཅད་ཕྲོགས་ནས་སུ། །འདོད་པའི་སྦྱོར་བས་འདོད་པ་སྤྱོད། །དགའ་སྡུག་བདེ་བས་རངས་པ་ཡིས། །འདོད་པའི་རྩེད་མོས་རྣམ་པར་འཕྲུལ། །དེ་ནས་འཁོར་ལོ་ཅན་ཀུན་ལ། །ལྷ་མོ་རབ་ཏུ་དབུལ་བར་བྱ། །ཁམས་གསུམ་དག་ཏུ་བྱུང་བ་ཡི། །ལྷ་དང་ལྷ་མིན་ཆུང་མ་ཡང་། །སྐད་ཅིག་ཙམ་གྱིས་འདོད་སྤྱོད་ན། །མི་ཡི་བུད་མེད་སྨོས་ཅི་དགོས། །དཀྱིལ་འཁོར་དང་ནི་དབང་བསྐུར་དང་། །ལས་མཆོག་གི་ནི་ཚོགས་རྣམས་དག །ཉམས་སུ་ལེན་ཅིང་བྱིན་རློབ་པ། །གྲུབ་པའི་བགྲོད་པ་གཞན་ཡིན་ནོ། །བྷ་གའི་དཀྱིལ་འཁོར་ཞེས་གྲགས་དང་། །བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དང་། །ལུས་ཀྱི་དཀྱིལ་འཁོར་ཞེས་བཤད་པ། །གསུམ་པོ་དཀྱིལ་འཁོར་ཡིན་པར་གསུངས། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་ནི། །སངས་རྒྱས་ཐམས་ཅད་རྒྱས་བཏབ་པའོ། །དེས་ནི་རྟག་པར་རྒྱ་དགོད་པ། །དཀྱིལ་འཁོར་ཞེས་ནི་བསྟན་པ་ཡིན། །ལྕགས་ཀྱུ་དབྱིག་ཏོ་རྩེ་གསུམ་དང་། །རལ་གྲི་མཚམས་སུ་རྣམ་པར་དགོད། །འདོད་རྒྱལ་དབྱིག་སྔོན་སྟོབས་མི་གཡོ། །སྟེང་དུ་འཁོར་ལོ་འོག་གནོད་མཛེས། །རིག་རྒྱལ་རྡོ་རྗེ་ཅན་རྣམས་ཀྱི། །འཁོར་ལོས་སྒྱུར་བ་དྲུག་གི་རྒྱ། །ས་ལ་སོགས་པ་སེམས་དཔའ་ཡི། །ཕྱག་རྒྱ་རང་གི་དཀྱིལ་འཁོར་པ། །མེ་ལོང་པི་ཝང་དུང་དང་ནི། །དེ་བཞིན་སྣོད་དང་སྣ་ཚོགས་རས། །ཆོས་འབྱུང་པ་ཡི་ཕྱག་རྒྱ་དྲུག །རྡོ་རྗེའི་བདག་པོ་རྡོ་རྗེ་ཅན། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ཁྲོ་རྒྱལ་རྣམས་ཀྱིས་རྒྱས་གདབ་པོ། །དེ་ནས་གཞན་ཡང་དཔའ་བོ་གཅིག །རིགས་ནི་ཁ་དོག་དག་གིས་བརྟག །ལྷ་མོ་དགུ་དང་ནམ་མཁའི་ཁམས། །མེ་ཏོག་ཅེས་ནི་


DNG012_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ་ཡིན། །སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། །རིགས་ཀྱི་རིམ་གྱིས་དགོད་པར་བྱ། །མཆོད་རྟེན་སངས་རྒྱས་ཐམས་ཅད་ཀྱི། །བཞུགས་གནས་ཕོ་བྲང་ཡིན་པར་བཤད། །ཡེ་ཤེས་སེམས་དཔས་གང་རེག་པ། །ཡེ་ཤེས་འཁོར་ལོ་ཞེས་བཤད་དོ། །མི་འགྱུར་རྡོ་རྗེ་གསུམ་ཡི་གེ། །ས་བོན་ཡི་གེ་གནས་ཞེས་བཤད། །སྐུ་གསུང་ཐུགས་ཀྱི་དེ་ཉིད་ནི། །སད་པར་བྱས་པས་བསྐུལ་བར་བཤད། །ཕྱོགས་བཅུའི་འཇིག་རྟེན་ཁམས་རྣམས་སུ། །འོད་ཟེར་འགྱེད་པ་གཏོང་བའོ། །རྡོ་རྗེ་ཅན་ཀུན་སྤྱན་འདྲེན་པས། །རྡོ་རྗེ་ཅན་ཀུན་སྤྱན་དྲང་བའོ། །རྡོ་རྗེ་ཅན་གྱི་གནས་དེ་ཡི། །འོད་ཟེར་གྱིས་ནི་རྡོ་རྗེ་ཀུན། །བསྡུས་ནས་གོང་བུའི་ཚུལ་གྱིས་སུ། །བཅིངས་པ་བཅིང་བ་ཡིན་པར་བཤད། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ། །སྐུ་གསུང་ཐུགས་ནི་རྒྱས་བཏབ་སྟེ། །རི་མོའི་དཀྱིལ་འཁོར་བརྟག་པར་བྱ། །དབང་བསྐུར་དབྱེ་བ་རྣམ་གསུམ་དུ། །རྒྱུད་འདི་ལ་ནི་རབ་ཏུ་བརྟག །བུམ་པའི་དབང་བསྐུར་དང་པོ་སྟེ། །གཉིས་པ་གསང་བའི་དབང་བསྐུར་བ། །ཤེས་རབ་ཡེ་ཤེས་གསུམ་པ་སྟེ། །བཞི་པ་དེ་ཡང་དེ་བཞིན་ནོ། །མིག་ཡངས་སྔགས་ཀྱི་སྣོད་དུ་རུང་། །མེ་ཏོག་བཅས་ཤིང་ས་བོན་བྱུང་། །བླངས་ནས་གསང་བའི་དབང་བསྐུར་བ། །སྔགས་པས་སློབ་མ་དག་ལ་སྦྱིན། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །དྲི་ཆུ་རྐང་དང་ཡང་དག་ལྡན། །རྡོ་རྗེ་པདྨའི་སྦྱོར་བ་ཡིས། །རྡོ་རྗེ་ཅན་ཀུན་ཡང་དག་བསྡུ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས། །དེ་དག་ཐམས་ཅད་སྙིང་གར་བསྡུ། །རྡོ་རྗེའི་ལམ་ནས་བྱུང་ནས་སུ། །སློབ་མའི་ཁར་ནི་དབབ་པར་བྱ། །འདི་ནི་གསང་སྔགས་དེ་ཀུན་གྱི། །དབང་བསྐུར་བ་ཡི་གོ་འཕང་མཆོག །ལས་མཆོག་གི་ནི་ཚོགས་རྣམས་དང་། །གསང་སྔགས་ཐམས་ཅད་འགྲུབ་པར་འགྱུར། །མཆོག་ཏུ་དད་ཅིང་ཤེས་རབ་ཆེ། །གཟུགས་བཟང་སྒྲུབ་པ་པོ་ལ་དགའ། །སྦྱོར་བ་གཅིག་གིས་བྱ་བ་གོམས། །དམ་ཚིག་དག་གི་དམ་ཚིག་ཅན། །བླ་མ་ལ་ནི་སློབ་མ་ཡིས། །ཡོན་རྣམས་


DNG012_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་ཕུལ་ནས་ནི། །བླ་མས་དེ་ནི་བྱིན་བརླབས་ཏེ། །སྒྲུབ་པ་པོ་ལ་སྦྱིན་པར་བྱ། །རྨོངས་པས་གཏི་མུག་བདག་ཉིད་སྦྱོར། །གཏི་མུག་དགའ་དང་ཡང་དག་ལྡན། །གཏི་མུག་རྒྱུན་གྱིས་དབང་བསྐུར་ན། །གཏི་མུག་རྡོ་རྗེར་བདག་ཉིད་འགྱུར། །ཞེ་སྡང་སྡང་བའི་བདག་ཉིད་སྦྱོར། །ཞེ་སྡང་དགའ་དང་ཡང་དག་ལྡན། །ཞེ་སྡང་རྒྱུན་གྱིས་དབང་བསྐུར་ན། །ཞེ་སྡང་རྡོ་རྗེར་བདག་ཉིད་འགྱུར། །ཆགས་པས་འདོད་ཆགས་བདག་ཉིད་སྦྱོར། །འདོད་ཆགས་དགའ་དང་ཡང་དག་ལྡན། །འདོད་ཆགས་རྒྱུན་གྱིས་དབང་བསྐུར་ན། །འདོད་ཆགས་རྡོ་རྗེར་བདག་ཉིད་འགྱུར། །ཤེས་རབ་ཡེ་ཤེས་བདག་ཉིད་སྦྱོར། །རྡོ་རྗེ་དགའ་བ་ཡང་དག་ལྡན། །ཡེ་ཤེས་རྒྱུན་གྱིས་དབང་བསྐུར་ན། །ཤེས་རབ་ཡེ་ཤེས་བདག་ཉིད་འགྱུར། །རིག་པའི་ལྷ་མོ་དེ་ཉིད་ནི། །རྡོ་རྗེ་ཅན་གྱི་སློབ་མས་བླང་། །ལག་པར་ལག་པ་བཞག་ནས་ནི། །དེ་བཞིན་གཤེགས་རྣམས་དབང་བྱས་ལ། །སློབ་མའི་མགོ་བོར་ལག་བཞག་སྟེ། །བླ་མ་རྡོ་རྗེ་ཅན་གྱིས་བསྒོ། །ཐབས་གཞན་གྱིས་ནི་འཚང་མི་རྒྱ། །དེ་བས་རིག་པ་འདི་མཆོག་ཡིན། །ཆོས་ཀུན་གཉིས་སུ་མེད་པ་ལ། །དངོས་པོ་གཉིས་སུ་བཏགས་པ་ཡིན། །དེ་བས་འཁོར་བ་རྣམ་བྲལ་བར། །རྟག་ཏུ་ཁྱོད་ཀྱིས་མི་བྱའོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །རིག་པའི་བརྟུལ་ཞུགས་བླ་མེད་པའོ། །རྨོངས་པ་གང་ཞིག་འདས་གྱུར་ན། །དེ་ཡི་དངོས་གྲུབ་མཆོག་མི་འགྱུར། །ཐ་མལ་ལུས་ཀྱི་ཆོས་ལ་ནི། །དྲི་མ་ལྔ་རྣམས་སྣང་བ་ནི། །ཡེ་ཤེས་ལྔ་ཡིས་བྱིན་བརླབས་པས། །བདུད་རྩི་ལྔ་ཞེས་བྱ་བར་བཤད། །སྦར་དང་དེ་བཞིན་སྲེག་པ་དང་། །སྣང་བར་བྱེད་དང་གཟུགས་སྣང་བ། །སྔགས་ཀྱི་ལུས་སུ་རབ་སྦྱོར་བས། །བདུད་རྩི་ལྔ་ནི་བཟའ་བར་བྱ། །རྡོ་རྗེ་ཧཱུྃ་ལས་བྱུང་བ་ནི། །བར་སྣང་ལ་གནས་བསམ་པར་བྱ། །ཨཱཿལས་བྱུང་བའི་པདྨ་ནི། །དེ་ཡི་འོག་ཏུ་བསྒོམ་པར་བྱ། །ཨོཾ་གྱིས་མཚན་པའི་བདུད་རྩི་ནི། །དེ་ཡི་དབུས་སུ་གཞག་པར་བྱ། །རྡོ་རྗེའི་པདྨ་མཉམ་སྦྱོར་བ། །འབར་བས་རྣལ་འབྱོར་ཚིམ་པར་བྱ། །ཤེལ་དང་མཚུངས་པར་སྣང་གྱུར་


DNG012_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་། །ཡེ་ཤེས་ཉི་མ་གཉིས་པར་གྱུར། །ཕྱོགས་བཅུའི་འཇིག་རྟེན་ཁམས་རྣམས་ཀྱི། །མཚོན་ཆ་མཆོག་གིས་དྲངས་ནས་ནི། །བདུད་རྩི་དེ་རུ་ཕབ་ནས་ཀྱང་། །བཟའ་བའི་སྦྱོར་བས་བཟའ་བར་བྱ། །དེ་བཞིན་དཔའ་བོ་ལྔ་རྣམས་བཟའ། །ཡིག་གསུམ་ས་བོན་ལས་བསྐྱེད་པའི། །ཆོ་གས་དངོས་གྲུབ་བསྒྲུབ་པར་བྱ། །གཞན་དུ་དེ་ནི་འགྲུབ་མི་འགྱུར། །མི་སྣང་ལ་སོགས་དངོས་གྲུབ་ནི། །ཐ་མལ་པ་ཞེས་བཤད་པ་ཡིན། །སངས་རྒྱས་ཉིད་བསྒྲུབ་སངས་རྒྱས་ཀྱིས། །དངོས་གྲུབ་མཆོག་ཅེས་གསུངས་པ་ཡིན། །ཐབས་ནི་རྣམ་པ་བཞི་པོ་དག །བྱང་ཆུབ་རྡོ་རྗེ་ཅན་གྱིས་གསུངས། །རྣལ་འབྱོར་རྒྱུད་ནི་ཐམས་ཅད་དུ། །རྣལ་འབྱོར་པ་ཡིས་རྟག་པར་བསྔགས། །བསྙེན་པའི་ཆོ་ག་དང་པོ་སྟེ། །ཉེ་བར་སྒྲུབ་པ་གཉིས་པ་ཡིན། །སྒྲུབ་པ་ཡང་ནི་གསུམ་པ་སྟེ། །སྒྲུབ་པ་ཆེན་པོ་བཞི་པའོ། །ཐུན་མོང་མཆོག་གི་བྱེ་བྲག་གིས། །བསྙེན་པ་རྣམ་པ་གཉིས་སུ་འགྱུར། །རྡོ་རྗེ་བཞི་པོ་ཐུན་མོང་སྟེ། །ཡེ་ཤེས་བདུད་རྩི་མཆོག་ཡིན་ནོ། །དང་པོ་སྟོང་ཉིད་བྱང་ཆུབ་སྟེ། །གཉིས་པ་ས་བོན་བསྡུ་བ་ཡིན། །གསུམ་པ་གཟུགས་ནི་རྫོགས་པ་སྟེ། །བཞི་པ་ཡི་གེ་དགོད་པའོ། །རྡོ་རྗེ་རྣམ་བཞི་འདི་དག་གིས། །ཐ་མལ་སྒྲུབ་ལ་བསྙེན་པ་བྱ། །མཆོག་གི་ཡེ་ཤེས་བདུད་རྩི་ཉིད། །སྦྱོར་བ་དྲུག་གི་བྱ་བ་ཡི། །བསྙེན་པ་ཡན་ལག་དྲུག་གིས་ནི། །བྱས་པས་སྒྲུབ་པ་མཆོག་ཏུ་འགྱུར། །གཞན་དུ་བསྒྲུབས་པར་གྱུར་ན་ནི། །དངོས་གྲུབ་མཆོག་ནི་འབྱུང་མི་འགྱུར། །སོ་སོར་སྡུད་དང་བསམ་གཏན་དང་། །སྲོག་རྩོལ་དེ་བཞིན་འཛིན་པ་དང་། །རྗེས་སུ་དྲན་དང་ཏིང་འཛིན་ཏེ། །སྦྱོར་བའི་ཡན་ལག་དྲུག་ཏུ་བཤད། །དབང་པོ་བཅུ་པོ་རྣམས་ཀྱི་ཡང་། །རང་གི་འཇུག་གནས་ཐམས་ཅད་དུ། །འདོད་པ་སོ་སོར་སྡུད་པས་ན། །སོ་སོར་སྡུད་པ་ཞེས་བཤད་དོ། །འདོད་པ་ལ་ནི་མདོར་བསྡུས་ནས། །སངས་རྒྱས་ལྔ་རུ་སྦྱོར་བ་ཡིས། །བརྟག་པ་བསམ་གཏན་ཞེས་བཤད་དེ། །བསམ་གཏན་དེ་ནི་རྣམ་ལྔར་འགྱུར། །རྟོག་དང་དཔྱོད་དང་དགའ་བ་དང་། །དེ་བཞིན་བདེ་བ་ཉིད་དང་ཡང་། །སེམས་ཀྱི་རྩེ་


DNG012_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཉིད་དག་སྟེ། །ལྔ་པོ་དེར་ནི་བསམ་གཏན་བསྡུ། །གསང་བའི་རྒྱུད་ནི་ཐམས་ཅད་དུ། །རྣམ་པ་དུ་མར་ཡོངས་བཤད་པ། །གསང་བ་གསུམ་འབྱུང་རྟོག་པ་སྟེ། །དེ་ཡི་ལོངས་སྤྱོད་བྱེད་པའོ། །དགའ་དང་འདྲ་བ་གསུམ་པ་སྟེ། །བདེ་བ་བསྡུས་པ་བཞི་པའོ། །ཤེས་དང་ཤེས་བྱ་བྱུང་ཟད་པའི། །རང་སེམས་ལྔ་པར་ཤེས་པར་བྱ། །སངས་རྒྱས་ཀུན་དངོས་ཞི་བ་ནི། །འདོད་པ་ཀུན་ལ་རབ་ཏུ་གནས། །ཡེ་ཤེས་ལྔ་ཡི་རང་བཞིན་དབུགས། །འབྱུང་བ་ལྔ་ཡི་ངོ་བོ་ཉིད། །གང་བུའི་གཟུགས་ཀྱི་ཕྱུང་ནས་ནི། །སྣ་ཡི་རྩེ་མོར་རབ་ཏུ་བརྟག །རིན་ཆེན་ཁ་དོག་སྣ་ལྔ་པ། །སྲོག་དང་རྩོལ་བ་ཞེས་བྱར་བཤད། །རང་སྔགས་སྙིང་གར་བསམས་ནས་ནི། །སྲོག་ནི་ཐིག་ལེར་གྱུར་པར་བཞག །རང་དབང་རིན་ཆེན་དགག་པ་ཡི། །གཟུང་བ་འཛིན་པ་ཡིན་པར་བཤད། །སེམས་ནི་འགོག་པའི་རྡོ་རྗེར་གྱུར། །མཚན་མར་ཉེར་འཛིན་འབྱུང་བར་འགྱུར། །མཚན་མའི་ཁམས་ནི་རྣམ་པ་ལྔར། །བྱང་ཆུབ་རྡོ་རྗེས་གསུངས་པ་ཡིན། །སྨིག་རྒྱུ་འདྲ་བ་དང་པོ་སྟེ། །དུ་བ་ལྟ་བུ་གཉིས་པ་ཡིན། །མཁའ་སྣང་འདྲ་བ་གསུམ་པ་སྟེ། །མར་མེ་ལྟར་འབར་བཞི་པའོ། །སྤྲིན་མེད་ནམ་མཁའ་ལྟ་བུར་ནི། །རྟག་ཏུ་སྣང་བ་ལྔ་པའོ། །བརྟན་གྱུར་རྡོ་རྗེའི་ལམ་ནས་ནི། །ནམ་མཁའི་ཁམས་སུ་སྤྲོ་བར་བྱ། །རྗེས་དྲན་གང་ཞིག་རྣམ་བསྒོམ་པ། །དེ་དང་འདྲ་བར་སྤྲོ་བར་བྱ། །རྗེས་སུ་དྲན་པ་ཞེས་བཤད་དེ། །སོ་སོར་སྣང་བ་དེ་ལ་སྐྱེ། །ཐབས་དང་ཤེས་རབ་སྙོམས་འཇུག་པས། །དངོས་པོ་ཐམས་ཅད་མདོར་བསྡུས་པ། །གོང་བུའི་ཚུལ་གྱིས་བསྡུས་ནས་ནི། །དབུས་སུ་གཟུགས་ནི་རྣམ་པར་བསྒོམ། །ཡུད་ཀྱིས་ཡེ་ཤེས་རྫོགས་བྱེད་པ། །ཏིང་ངེ་འཛིན་ཅེས་བྱ་བར་གནས། །སོ་སོར་སྡུད་ལ་སྙོམས་འཇུག་ན། །སྔགས་རྣམས་ཐམས་ཅད་བྱིན་གྱིས་རློབ། །བསམ་གཏན་ཡེ་ཤེས་སྙོམས་འཇུག་ན། །མངོན་ཤེས་ལྔ་པོ་འཐོབ་པར་འགྱུར། །སྲོག་དང་རྩོལ་བས་ངེས་པར་ནི། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གཟིགས། །རྟག་ཏུ་འཛིན་པའི་སྟོབས་ཀྱིས་ནི། །རྡོ་རྗེ་སེམས་དཔའ་ཡང་དག་འབྱུང་། །རྗེས་དྲན་མཉམ་པར་སྦྱོར་བ་ཡིས། །


DNG012_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཀྱི་དཀྱིལ་འཁོར་འབྱུང་བར་འགྱུར། །ཏིང་འཛིན་དབང་གྱུར་ཙམ་གྱིས་ནི། །སྒྲིབ་པ་རྣམས་དང་བྲལ་བར་འགྱུར། །སྙིང་པོ་དེ་ནི་ཐུགས་ཀ་རུ། །ཟླ་བ་རྡོ་རྗེའི་སྦྱོར་བས་བལྟ། །མཚོན་ཆ་མཆོག་གིས་དྲངས་ནས་ནི། །སེམས་ནི་སྔགས་ཀྱི་དངོས་བྱས་ཏེ། །སྔགས་ཀྱི་གཟུགས་ཀྱི་ཚུལ་གྱིས་ནི། །བྱང་ཆུབ་ཚིགས་བཅད་བརྗོད་པར་བྱ། །ཆོ་ག་ཡང་དག་སྦྱོར་བསྒོམ་པས། །རང་གི་དཀྱིལ་འཁོར་ལ་གནས་ཏེ། །སེམས་དེ་ཡེ་ཤེས་གཟུགས་ཀྱིས་ནི། །བསྒོམ་པ་ཉེ་བར་བསྒྲུབ་པའོ། །ཇི་སྲིད་མཐོང་བ་དེ་སྲིད་དུ། །རྣམ་གཉིས་ཟླ་བ་དྲུག་ཏུ་བསྒོམ། །འདོད་པ་ཀུན་ལ་ལོངས་སྤྱོད་པས། །ཐམས་ཅད་དུ་ནི་རྟག་ཏུ་བྱ། །གལ་ཏེ་ཟླ་བ་དྲུག་གིས་ནི། །ཇི་སྐད་གསུངས་པ་མ་མཐོང་ན། །ཇི་སྐད་བཤད་པའི་ཆོ་ག་དང་། །སྡོམ་པ་ལན་གསུམ་བརྩམ་པར་བྱ། །དེ་ལྟར་བྱས་ཀྱང་སྒྲུབ་པ་པོས། །མཐོང་བ་འབྱུང་བར་མ་གྱུར་ཅིང་། །གང་ཚེ་བྱང་ཆུབ་མ་གྲུབ་ན། །དྲག་ཤུལ་སྦྱོར་བས་བསྒྲུབ་པར་བྱ། །དེ་ཚེ་དེ་ཡི་ཡེ་ཤེས་ནི། །འགྲུབ་པ་ངེས་པར་ཉེ་བར་འགྱུར། །རིགས་ཀྱི་དབྱེ་བའི་སྦྱོར་བས་ནི། །རྡོ་རྗེ་ཕུར་བུས་ཕུར་བུ་གདབ། །དེ་ནས་དབང་དུ་བྱ་བ་དང་། །སྲུང་བའི་སྦྱོར་བ་དག་ཀྱང་བྱ། །འདོད་ཆགས་ཆེན་པོའི་ཚུལ་ཉིད་ཀྱིས། །ཡེ་ཤེས་འཁོར་ལོ་ཅན་རྣམས་བསྡུ། །ལྷ་མོ་དགུ་ནི་སྤྲོས་ནས་སུ། །བསྒྲུབ་པར་བྱ་བའི་ལུས་ལ་དགོད། །ཡོངས་སུ་གྱུར་ལས་ཕྱག་རྒྱ་བཞི། །དཀྱིལ་འཁོར་དེར་ནི་བརྟག་པར་བྱ། །བདག་ཉིད་དབུས་སུ་གནས་བྱས་ལ། །འཁོར་ལོ་ཅན་ཀུན་བསྡུ་བར་བྱ། །ཐམས་ཅད་རྡོ་རྗེའི་དངོས་བྱས་ལ། །དེ་འོག་བྱང་ཆུབ་བསྒོམ་པར་བྱ། །བསྐུལ་བའི་གླུ་དབྱངས་བཞི་ཡིས་ནི། །ལྷ་མོས་སྙིང་པོ་བསྐུལ་བ་ཡིས། །དུས་གསུམ་རྡོ་རྗེའི་རང་བཞིན་སེམས། །ཡེ་ཤེས་ལྟ་བུར་ལུས་སྒོམ་མོ། །མྱོས་པས་ཁ་དོག་རྣམ་པར་དབྱེ། །དེ་བཞིན་ཉམས་ཀྱི་སྙིང་པོ་སྟེ། །དབང་བསྐུར་བས་ནི་རང་གི་རྒྱུ། །གཞི་ཡིས་འབྲས་བུ་ཕྱེ་བ་ཡིན། །སྔགས་ཀྱིས་ཆོས་ནི་བྱེད་འགྱུར་ལ། །རིག་པའང་ཆོས་ཀྱི་ཕྱག་རྒྱས་སོ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་དྲུག །གཙུག་ཏོར་ཞེས་ནི་རྣམ་པར་གྲགས། །རྫུ་འཕྲུལ་ཆེན་པོས་ལོངས་སྤྱོད་བཞི། །རིག་པའི་རྒྱལ་མོ་ཞེས་བྱར་གྲགས། །དེ་བཞིན་རྡོ་རྗེའི་བདག་པོ་


DNG012_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས། །འདོད་པ་ཐམས་ཅད་ཅེས་བྱར་བཤད། །བསམ་གཏན་རྡོ་རྗེ་ཐམས་ཅད་ལ། །དབང་བསྐུར་བ་ནི་རབ་ཏུ་བསྔགས། །ཆོ་གའི་སྦྱོར་བ་འདི་ཡིས་ནི། །ཡེ་ཤེས་ལུས་དང་ལྷན་ཅིག་ཏུ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས། །གཉིས་སུ་མེད་པར་བྱེད་སྒྲུབ་པ། །ལྔར་བཤད་པ་ཡི་རིམ་གྱིས་ནི། །རིག་པའི་སྐྱེས་བུ་རྡོ་རྗེ་ཅན། །བདག་དང་འདྲ་བར་དཀྱིལ་འཁོར་བསྐྱེད། །སྒྲུབ་པ་ཆེན་པོ་ཞེས་བཤད་དོ། །བསྙེན་པའི་དུས་སུ་གཙུག་ཏོར་ཆེ། །སྦྱོར་བ་ཉིད་ཀྱིས་གཟུགས་སུ་དམིགས། །ཉེ་བར་སྒྲུབ་པའི་དུས་སུ་ནི། །བདུད་རྩི་འཁྱིལ་པའི་གཟུགས་ཀྱི་བར། །སྔགས་པ་ཆོ་ག་ཤེས་པ་ཡིས། །སྒྲུབ་པ་རང་ལྷའི་སྦྱོར་བས་བྱ། །སྒྲུབ་པ་ཆེན་པོའི་དུས་སུ་ནི། །གཙོ་བོ་སངས་རྒྱས་བདག་པོའི་སྐུ། །འདི་ནི་རྡོ་རྗེ་ཅན་ཀུན་དང་། །རྣལ་འབྱོར་མཆོག་གི་གསང་བ་ཆེ། །དེ་ལྟའི་རྣམ་དབྱེ་ཤེས་བྱས་ནས། །དངོས་གྲུབ་མཆོག་ནི་བསྒྲུབ་པར་བྱ། །གཞན་དུ་བསྐལ་པ་བྱེ་བས་ནི། །སངས་རྒྱས་སྐྱོབ་པ་རྣམས་ཀྱིས་ཀྱང་། །དངོས་གྲུབ་མཆོག་ནི་ཞི་བ་དག །ངེས་པར་འབྱུང་བར་མི་འགྱུར་རོ། །བསྒྲུབ་བྱ་བསྒྲུབ་པར་ཡང་དག་སྦྱོར། །གང་ཡིན་དེ་ནི་བསྙེན་པར་བཤད། །རྡོ་རྗེ་པདྨ་མཉམ་སྦྱོར་བ། །ཉེ་བར་སྒྲུབ་པ་ཞེས་བཤད་དོ། །ཡི་གེ་ཧཱུྃ་དང་ཕཊ་ལྡན་པ། །ལྷ་བསྐྱེད་བསྒྲུབ་པ་ཞེས་བཤད་པ། །ངོ་བོ་ཉིད་ནི་ཞི་བདེ་བ། །སྒྲུབ་པ་ཆེན་པོ་ཞེས་བཤད་དོ། །དཔལ་ལྡན་སངས་རྒྱས་ཀུན་གྱི་བདག །རྡོ་རྗེ་འཆང་བ་ཆེན་པོའི་གནས། །སངས་རྒྱས་ཀུན་གྱི་ཐབས་ལས་བྱུང་། །དེ་ཉིད་ཆོས་རྣམས་ཆོས་ཉིད་དོ། །ལས་དང་རྗེས་མཐུན་གང་གང་གིས། །རྣལ་འབྱོར་པ་ཡིས་སྦྱོར་བ་དམིགས། །དཀྱིལ་འཁོར་དེ་དང་དེ་བསྐྱེད་ནས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི། །སྔོན་གྱི་དམ་ཚིག་སྲུངས་ཤིག་ཅེས། །དེ་ལ་དྲག་ཏུ་བསྒྲག་པར་བྱ། །དེ་ནས་གཙུག་ཏོར་དམ་ཚིག་ནི། །ཆོ་ག་ཇི་སྐད་གསུངས་ལས་བྱུང་། །ལས་དང་གང་གང་རྗེས་མཐུན་པས། །རང་གི་འཁོར་ལ་བཀའ་ཡང་བསྒོ། །བསྒྲུབ་བྱའི་ལུས་གང་ཡིན་པ་ལའང་། །དཀྱིལ་འཁོར་རྣམ་པར་བསྒོམས་ནས་སུ། །དེ་ཡི་ལུས་གནས་འཁོར་ལོ་ལ། །དེ་ཡི་ཉེས་པ་བསྒྲག་པར་བྱ། །དེ་ནས་དེ་རྣམས་དེས་བཅོམ་ནས། །འབྱོར་བར་གྱུར་པ་རྣམ་པར་བསྒོམ། །དངོས་པོ་ཀུན་གྱིས་རྣམ་བསྒོམས་ནས། །དངོས་པོ་ཀུན་གྱིས་དྲངས་ནས་ནི། །


DNG012_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་རང་གི་འཁོར་ལོར་གཞུག །ཇི་སྐད་གསུངས་པའི་རྫས་རྣམས་ཀྱིས། །དེ་ཡི་གཟུགས་བརྙན་བྱས་ནས་ནི། །ཁྲོ་བས་ཁྱབ་པའི་སེམས་ཀྱིས་ནི། །རྐང་པས་མཚན་མ་གནན་པར་བྱ། །དེ་ནས་བཀའ་མནོས་ཁྲོ་བོ་ནི། །སྣ་ཚོགས་ཚོགས་ཀྱིས་བསྐོར་བ་རྣམས། །སྒྲུབ་པ་རྡོ་རྗེ་ཅན་གྱིས་ནི། །བསྒྲུབ་བྱ་གསང་ཕྱིར་གཏང་བར་བྱ། །ཁྲོ་བོའི་རྒྱལ་པོ་དེས་བསྐོར་ནས། །དེ་ནི་བཅིང་ཞིང་བརྡེག་པ་དང་། །དེ་ནས་གདུངས་ཤིང་སྐྲག་གྱུར་པ། །བསྒྲུབ་བྱ་དག་ནི་དགུག་པར་བྱ། །རྡོ་རྗེ་གསུམ་གྱི་སྔགས་ཀྱིས་ནི། །དེ་ཡི་གཟུགས་བརྙན་ལ་ཕབ་ནས། །སྔགས་པས་རྡོ་རྗེ་དག་གིས་ནི། །སྤྱི་བོ་མགྲིན་པ་སྙིང་ག་རུ། །ཕུར་བུའི་སྔགས་ཀྱིས་ཕུར་བུ་གདབ། །ཡམས་དང་ཉེ་བར་འཚེ་བ་ཀུན། །སྣ་ཚོགས་ཡུལ་ལས་བྱུང་བ་རྣམས། །གཟུགས་དེ་ལ་ནི་ཕབ་ནས་སུ། །དེ་རྣམས་ཀྱིས་ནི་ཕུར་བུས་གདབ། །དེ་ནས་སྦྱོར་བ་ཐམས་ཅད་ཀྱིས། །ཆོ་ག་ཇི་སྐད་གསུངས་པ་བཞིན། །འཁྲུལ་འཁོར་སྔགས་ཀྱི་སྦྱོར་ལ་སོགས། །ལས་ཀྱི་དབྱེ་བས་སྦྱར་བར་བྱ། །མཚན་མ་མནན་ནས་བཟླས་པའམ། །ཁྲོ་བོའི་དཀྱིལ་འཁོར་སྦྱིན་སྲེག་གམ། །བསྒོམ་པས་གདུག་པའི་སེམས་ཅན་ནི། །ཟོས་པར་གྱུར་པར་རབ་ཏུ་བརྟག །ཞི་ལ་ཞི་བའི་སེམས་ཀྱིས་བྱ། །རྒྱས་ལ་རྒྱས་པའི་སེམས་ཀྱིས་ཏེ། །དབང་ལ་ཆགས་པའི་ཡིད་དུ་བྱ། །ཁྲོ་ལ་གཏུམ་པས་རབ་ཏུ་བསྒྲུབ། །ཅེས་པའོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་རྣམས་ཀྱི་ཐེ་ཚོམ་ཐམས་ཅད་བཅད་པར་མཛད་ནས། ཐེ་ཚོམ་ཐམས་ཅད་གཅོད་པར་མཛད་པ་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རང་གི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལ་ཞུགས་ཏེ། རང་གི་སྐུ་དང་གསུང་དང་ཐུགས་ལས་དམིགས་ནས་ཅང་མི་གསུང་བར་བཞུགས་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ལ་བསྟོད་པའི་རྒྱལ་པོ་འདིས་བསྟོད་དོ། །ཐམས་ཅད་སྐུ་ཁྱོད་ཕྱག་འཚལ་ལོ། །ཐམས་ཅད་གསུང་ལ་ཕྱག་འཚལ་འདུད། །ཐམས་ཅད་ཐུགས་ཁྱོད་ཕྱག་འཚལ་ལོ། །ཐམས་ཅད་མཛད་ལ་ཕྱག་འཚལ་འདུད། །སྐུ་གསུང་ཐུགས་ནི་རྡོ་རྗེ་ཡི། །སྐུ་གསུང་ཐུགས་ནི་


DNG012_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་འགྱུར་བས། །སེམས་ཅན་སངས་རྒྱས་མི་མཉམ་མེད། །བསྒྲུབ་བྱ་སུ་ཡིན་སྒྲུབ་པོ་གང་། །སྒྲུབ་པའི་དབང་པོ་བདག་ཉིད་ཆེ། །སངས་རྒྱས་ཐམས་ཅད་གསོད་པ་ཡིས། །ཇི་ལྟར་སྡིག་པས་གོས་མི་འགྱུར། །གལ་ཏེ་གོས་འགྱུར་འབྲས་བུ་གང་། །དེ་ནས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་རྣམས་ལ་ལེགས་སོ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། སེམས་དཔའ་ཆེན་པོ་ལེགས་སོ་ལེགས། །བདག་ཉིད་ཆེན་པོ་ལེགས་སོ་ལེགས། །གསུང་དབྱངས་ཆེན་པོ་ལེགས་སོ་ལེགས། །མཆོད་པ་ཆེན་པོ་ལེགས་སོ་ལེགས། །སློབ་དཔོན་བྱང་ཆུབ་རྡོ་རྗེ་ཅན། །དཔལ་ལྡན་སངས་རྒྱས་ཀུན་གྱི་བདག །དངོས་རྣམས་ཐམས་ཅད་སྒྱུ་མ་བཞིན། །སྐྱེད་དང་སྡུད་པར་མཛད་པ་པོ། །དེས་ན་དེ་ཡི་སྡིག་མི་འགྱུར། །བསོད་ནམས་དག་ཀྱང་དེ་བཞིན་ནོ། །གང་ལ་སྡིག་དང་བསོད་ནམས་མེད། །དེ་ནི་བྱང་ཆུབ་ཡིན་པར་གསུངས། །མགོན་པོ་དེ་ཡི་སླུ་བ་ཡིས། །ལུས་ཅན་ཐམས་ཅད་འཇིག་མཛད་ཅིང་། །ངན་འགྲོར་སྐྱེ་བར་མི་འགྱུར་ཞིང་། །བྱང་ཆུབ་ཀྱང་ནི་རྙེད་མི་དཀའ། །སྔོན་ནི་མི་བཟད་ལས་བྱས་པས། །གལ་ཏེ་དམྱལ་བ་རྣམས་སུ་ནི། །སྐྱེ་བོ་སྐྱེ་འགྱུར་དེ་རྣམས་ཀྱི། །དམྱལ་བ་རྣམས་ཀྱི་འབྲས་བུ་ཆེ། །བྱང་ཆུབ་རྡོ་རྗེས་བསྒྲུབ་བྱ་འདི། །ཡེ་ཤེས་ཀྱིས་ནི་རྒྱས་བཏབ་པས། །སེམས་ཅན་རྣམས་ལ་སྦྱོར་བ་དེས། །མཆོག་ཏུ་ཕན་བཏགས་ཤེས་པར་བྱ། །ཚར་གཅོད་པ་དང་རྗེས་བཟུང་ལས། །བདག་ཉིད་ཆེན་པོ་དེ་ཡིས་བྱ། །སྒྲུབ་པ་ཆེན་པོའི་མཐར་ཐུག་པར། །བྱས་ནས་ལས་རྣམས་བརྩམ་པར་བྱ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་རྣམས་རྡོ་རྗེ་ཅན་ཐམས་ཅད་ཀྱི་ཐུགས་རྗེ་ཆེན་པོའི་ཚུལ་གྱིས་ཆོས་ཐོས་པས་དགའ་ཞིང་རབ་ཏུ་དགའ་ལ་མགུ་བའི་ཡིད་ཀྱིས་ལེགས་སོ་ཞེས་བྱ་བ་གསོལ་ཏེ། མགོན་པོ་ཆེན་པོ་ལེགས་སོ་ལེགས། །ཐུབ་པ་ཆེན་པོ་ལེགས་སོ་ལེགས། །ཆོས་རྣམས་ཆེན་པོ་ལེགས་སོ་ལེགས། །ཐུགས་རྗེ་ཆེན་པོ་ལེགས་སོ་ལེགས། །ཨེ་མའོ་ཀུན་དུ་བཟང་པོ་ཡི། །ཐུགས་རྗེ་ཆེན་པོ་དྲི་མ་མེད། །གདུག་པའི་མི་བཟད་ལས་ཀྱིས་ཀྱང་། །སངས་རྒྱས་ཉིད་ཀྱི་འབྲས་བུ་སྩོལ། །དེ་ནས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་རྣམས་ལ་འདི་སྐད་


DNG012_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དེ་ལྟ་བས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བའི་གསང་བ་འདུས་པར་དབང་བསྐུར་བའི་སྔགས་པས་འཇིགས་པར་མི་བྱ་ཞིང་། སྐྲག་པར་མི་བྱ། དངངས་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་རྡོ་རྗེ་ལས་བྱུང་བ། །ཞེ་སྡང་རྡོ་རྗེ་ཆེ་ལ་སོགས། །སྔགས་ཀྱི་རྒྱུན་ནི་བསྡུས་པ་དག །ཡོངས་སུ་སྤང་བར་མི་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཐམས་ཅད་ཀྱིས། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ལ་མགྲིན་གཅིག་ཏུ་ཚིགས་སུ་བཅད་པ་འདིས་མངོན་པར་བསྟོད་དོ། །དུས་གསུམ་རྡོ་རྗེའི་ཐུགས་ཡིན་སྲིད་དང་ཐར་གྱུར་གང་། །ཞི་ཞིང་སྒྲིབ་མེད་ནམ་མཁའ་དག་པའི་ངོ་བོ་ཉིད། །སངས་རྒྱས་རྣམ་རྒྱས་བྱང་ཆུབ་དབང་ཕྱུག་རྡོ་རྗེ་ཅན། །དེ་ལ་ལུས་ངག་ཡིད་ཀྱིས་རྟག་ཏུ་ཕྱག་འཚལ་ལོ། །གང་ཞིག་གཟུགས་དང་ཚོར་བ་འདུ་ཤེས་འདུ་བྱེད་དང་། །རྣམ་པར་ཤེས་དང་སྐྱེ་མཆེད་དྲུག་དང་དབང་པོ་དྲུག །ས་ཆུ་མེ་དང་རླུང་དང་ནམ་མཁའ་ཐམས་ཅད་ནི། །བྱང་ཆུབ་སེམས་འདྲ་རྒྱ་ཆེན་དེ་ལ་ཕྱག་འཚལ་ལོ། །གཏི་མུག་ཉེས་པ་འདོད་ཆགས་རྡོ་རྗེ་ཆོས་བཅས་གང་། །རིག་པའི་སྦྱོར་བ་ལས་བྱུང་རྟག་ཏུ་རབ་འདྲེལ་བར། །རྣམ་པ་སྣ་ཚོགས་དགའ་བས་མྱོས་པའི་དངོས་གྱུར་པ། །བྱང་ཆུབ་སེམས་འདྲ་རྒྱ་ཆེན་དེ་ལ་ཕྱག་འཚལ་ལོ། །སྡུད་དང་དགའ་དང་རྣམ་པ་དེ་བཞིན་མི་འགྱུར་དང་། །རྒྱུ་དང་འབྲས་བུའི་རང་བཞིན་སེམས་སུ་རྗེས་གཏོགས་ཆོས། །རྨོངས་དང་ཞེ་སྡང་འདོད་ཆགས་སྒྲིབ་པ་རྡོ་རྗེ་སྟེ། །བྱང་ཆུབ་སེམས་འདྲ་རྒྱ་ཆེན་དེ་ལ་ཕྱག་འཚལ་ལོ། །གང་ཞིག་ཐོག་མེད་དངོས་པོ་རྣམ་དག་འདི་སྒོམ་པ། །ཐབས་དང་ཤེས་རབ་ལས་བྱུང་སྤྲོས་དང་རྣམ་པར་བྲལ། །གསང་བའི་དབང་བསྐུར་བརྟུལ་ཞུགས་དམ་ཚིག་སྦྱོར་བ་བརྟག །བྱང་ཆུབ་རྡོ་རྗེ་འདྲར་བལྟ་དེ་ལ་རྟག་ཕྱག་འཚལ། །གང་ཞིག་དངོས་གྲུབ་མཆོག་གི་ཐབས་ནི་འདི་སྒོམ་ཞིང་། །བསྙེན་པའི་ཆོ་ག་ཉེ་བར་སྒྲུབ་དང་སྒྲུབ་པ་དང་། །སྒྲུབ་པ་ཆེན་པོས་བློ་མི་འགྱུར་བའི་སྒྲུབ་དབང་པོ། །བྱང་ཆུབ་རྡོ་རྗེ་འདྲར་བལྟ་དེ་ལ་རྟག་ཕྱག་འཚལ། །གང་


DNG012_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་ཐུན་བཞིའི་རྡོ་རྗེ་དག་ནི་སྒྲུབ་བྱེད་པ། །མི་སྣང་ལ་སོགས་སྣ་ཚོགས་མཆོག་དང་དམན་འགྲུབ་ཅིང་། །བླ་མའི་དྲིན་གྱིས་འདི་ན་མ་ནོར་ལམ་རྟོགས་པ། །བྱང་ཆུབ་རྡོ་རྗེ་འདྲར་བལྟ་དེ་ལ་རྟག་ཕྱག་འཚལ། །གང་ཞིག་རབ་གསང་འདུས་པའི་རྒྱུད་འདི་ཉན་པ་དང་། །འདོན་པར་བྱེད་དང་ཀློག་པ་དང་ནི་སེམས་པ་དང་། །མཆོད་པར་བྱེད་པ་དང་ནི་འདྲིར་འམ་འདྲིར་འཇུག་པ། །བྱང་ཆུབ་རྡོ་རྗེ་འདྲར་བལྟ་དེ་ལ་རྟག་ཕྱག་འཚལ། །གང་དུ་ཞི་སོགས་ལས་ཚོགས་ཤིན་ཏུ་བརྟགས་པ་ཡིས། །འཁྲུལ་འཁོར་སྔགས་ཀྱི་ཆོ་ག་དེ་བཞིན་རྒྱས་འདེབས་པའི། །བསྒྲུབ་བྱ་འདི་དང་ལྡན་པའི་སྒྲུབ་པའི་དབང་པོ་ནི། །བྱང་ཆུབ་རྡོ་རྗེ་འདྲར་བལྟ་དེ་ལ་རྟག་ཕྱག་འཚལ། །གང་གིས་གཙོ་བོ་སྒྲུབ་པ་པོ་མཐོང་རིག་པ་དང་། །ལེགས་པར་དྲན་དང་མིང་ཙམ་ངེས་པར་ཐོས་པ་དང་། །དད་པར་བྱེད་ཅིང་ཕྱོགས་གཅིག་ཙམ་ཞིག་འཛིན་པ་དག །བྱང་ཆུབ་རྡོ་རྗེ་འདྲར་བལྟ་དེ་ལ་རྟག་ཕྱག་འཚལ། །བསྟོད་པའི་ཚིག་ནི་ཞི་བ་འདིས། །འདྲེན་པ་ཀུན་ལ་བསྟོད་པ་དང་། །བྱང་ཆུབ་སེམས་དཔའ་མཆོད་ཆེན་ལ། །མགོན་པོ་དེ་དག་རྗེས་ཡི་རང་། །འདུས་པ་གསང་བ་ལས་བྱུང་བ། །དེ་བཞིན་གཤེགས་པ་ཀུན་གྱི་གསང་། །རྒྱུད་ཀུན་བདག་པོའི་དབང་པོ་ཡིས། །རྒྱུད་འདི་ལེགས་པར་གསུངས་པ་ཡིན། །དེ་ནས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱིས་དེ་སྐད་ཅེས་གསུངས་ནས་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལ་བཞུགས་ཏེ། སྐུ་དང་གསུང་དང་ཐུགས་རྡོ་རྗེའི་སྐུ་དང་གསུང་དང་ཐུགས་རང་གི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལ་དམིགས་ཏེ་ཅང་མི་གསུང་ བར་གྱུར་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་ཆེན་པོ་གསང་བ་འདུས་པ་ལས་གསང་བ་ཐམས་ཅད་སྟོན་པ་རྡོ་རྗེའི་ཡེ་ཤེས་ཀྱིས་བྱིན་གྱིས་རློབ་པ་ཞེས་བྱ་བའི་ལེའུ་སྟེ་བཅོ་བརྒྱད་པ་རྫོགས་སོ།། །།རྒྱུད་ཕྱི་མ་འདི་རྒྱ་གར་གྱི་མཁན་པོ་སངས་རྒྱས་གསང་བ་དང་འབྲོག་མི་དཔལ་གྱི་ཡེ་ཤེས་ཀྱིས་བསྒྱུར་བའོ། །སླར་ཡང་རྒྱ་གར་གྱི་མཁན་པོ་ཨཱ་ཙཱརྱ་ཤྲད་དྷཱ་ཀ་ར་ཝརྨྨ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་བཅོས་ཏེ་གཏན་ལ་ཕབ་པ། སླར་ཡང་སློབ་
དཔོན་ཡེ་ཤེས་ཞབས་ཀྱི་འགྲེལ་པ་དང་བི་བརྟ་ཕྱི་འགྱུར་བཅས་གསུམ་ལ་གཏུགས་ནས་ཞུ་དག་བགྱིས་པ་ཡིན་ཀྱང་ཕྱི་འགྱུར་ལ་འགྱུར་མི་བདེ་བ་དང་། དོན་གོ་དཀའ་བ་དང་། ཚིག་ཟློས་པ་སོགས་དོན་ལྟར་མ་བསྒྱུར་བ་ཡང་མང་པོ་མཆིས་ཤིང་འགྲེལ་པ་དང་བི་བརྟ་གཉིས་སྔ་འགྱུར་ཁོ་ན་དང་ཁྱད་སྤུ་ཙམ་མི་འདུག་པ་ཡིད་ཆེས་པའི་གནས་སོ།། །།

དཔལ་མཆོག་དང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་རྟོག་པའི་རྒྱལ་པོ།


DNG012_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཤྲཱི་པ་ར་མཱ་དི་ནཱ་མ་མ་ཧཱ་ཡཱ་ན་ཀལྤ་རཱ་ཛཱ།བོད་སྐད་དུ། དཔལ་མཆོག་དང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་རྟོག་པའི་རྒྱལ་པོ། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་བྱིན་གྱིས་བརླབས་དང་། དམ་ཚིག་དང་། མཁྱེན་པའི་བྱེ་བྲག་རྣམ་པ་ཐ་དད་པ་ཐམས་ཅད་དང་ལྡན་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིན་པོ་ཆེ་ཐམས་ཅད་ཀྱི་ཅོད་པན་གྱིས་ཁམས་གསུམ་དུ་དབང་བསྐུར་བ་བརྙེས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་པ། རྣལ་འབྱོར་ཅན་ཆེན་པོའི་དབང་ཕྱུག །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་ཐམས་ཅད་ཀྱི་མཉམ་པ་ཉིད་ཐུགས་སུ་ཆུད་པ་སྣ་ཚོགས་ཀྱི་བྱ་བ་མཛད་དེ། སེམས་ཅན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་ཀྱི་རེ་བ་ཐམས་ཅད་ཡོངས་སུ་སྐོང་བའི་ཕྲིན་ལས་མཛད་པ། ཐུགས་རྗེ་ཆེ་བ།རྣམ་པར་སྣང་མཛད་ཆེན་པོ་རྟག་པ། དུས་གསུམ་གྱི་མཉམ་པ་ཉིད་ལ་བཞུགས་པ། སྐུ་དང་། གསུང་དང་། ཐུགས་ཐམས་ཅད་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་བཞུགས་ཤིང་། བསྔགས་པ། བསྟོད་པ། ནོར་བུ་ཆེན་པོ་དང་། རིན་པོ་ཆེས་སྤྲས་པ། ཁ་དོག་སྣ་ཚོགས་པའི་དྲིལ་བུ་བཏགས་པ། དར་གྱི་བ་དན་དང་། མེ་ཏོག་གི་ཕྲེང་བ་དང་། རྔམ་དང་། དྲ་བ་དང་། དྲ་བ་ཕྱེད་པ་དང་། ཟླ་བ་རླུང་གིས་བསྐྱོད་པ་རྣམས་ཀྱིས་ཉེ་བར་མཛེས་པར་བྱས་པའི་འདོད་པའི་ཁམས་ཐམས་ཅད་ཀྱི་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་རྒྱལ་པོའི་གནས་ན། བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་བརྒྱད་དང་། ཐབས་ཅིག་ཏུ་བཞུགས་པ་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་དང་། བྱང་ཆུབ་


DNG012_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་ཁུ་ཚུར་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་མཛོད་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདུད་ཀྱི་སྟོབས་ཐམས་ཅད་རབ་ཏུ་འཇོམས་པ་དང་། དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱེ་བ་ཕྲག་བརྒྱད་དང་ཐབས་ཅིག་སྟེ། ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ནས་ཆོས་སྟོན་ཏེ།ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ།ཡོངས་སུ་བྱང་བ། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་རྣམ་པར་དག་པའི་སྒོ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་ཡང་དག་པར་སྟོན་ཏེ། འདི་ལྟར་རབ་ཏུ་དགའ་བ་རྣམ་པར་དག་པའི་གནས་དེ་ནི། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ། །འདོད་ཆགས་ཀྱི་མདའ་རྣམ་པར་དག་པའི་གནས་དེ་ནི།འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ། །རེག་པ་རྣམ་པར་དག་པའི་གནས་དེ་ནི། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ། །གདུག་པའི་འཆིང་བ་རྣམ་པར་དག་པའི་གནས་དེ་ནི། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ། །ཐམས་ཅད་ལ་དབང་ཕྱུག་དང་། དབང་རྣམ་པར་དག་པའི་གནས་དེ་ནི། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ། །ལྟ་བ་རྣམ་པར་དག་པའི་གནས་དེ་ནི།


DNG012_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ། །དགའ་བ་རྣམ་པར་དག་པའི་གནས་དེ་ནི། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ། །སྲེད་པ་རྣམ་པར་དག་པའི་གནས་དེ་ནི། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ། །བསྙེམས་པ་རྣམ་པར་དག་པའི་གནས་དེ་ནི། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ། །རྒྱན་རྣམ་པར་དག་པའི་གནས་དེ་ནི། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ། །ཡིད་ཚིམ་པར་བྱེད་པ་རྣམ་པར་དག་པའི་གནས་དེ་ནི། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ། །སྣང་བ་རྣམ་པར་དག་པའི་གནས་དེ་ནི། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ། །ལུས་བདེ་བ་རྣམ་པར་དག་པའི་གནས་དེ་ནི། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ། །གཟུགས་རྣམ་པར་དག་པའི་གནས་དེ་ནི། འདི་ལྟ་སྟེ།བྱང་ཆུབ་སེམས་དཔའི་གནས་སོ། །སྒྲ་རྣམ་པར་དག་པའི་གནས་དེ་ནི། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ། །དྲི་རྣམ་པར་དག་པའི་གནས་དེ་ནི། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ། །རོ་རྣམ་པར་དག་པའི་གནས་དེ་ནི། །འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་རྣམ་པར་དག་པ་སྟེ། ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ། །བཛྲ་ཧཱུྃ། ལག་ན་རྡོ་རྗེ་སུ་ལ་ལས་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་རྣམ་པར་དག་པའི་གནས་བསྒྲུབ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་ལན་ཅིག་ཐོས་ན་ཡང་། །དེ་བྱང་ཆུབ་ཀྱི་སྙིང་པོའི་བར་དུ་ཤེས་བྱའི་སྒྲིབ་པ་ཐམས་ཅད་ཆོད་པ་དང་། ཉོན་མོངས་པའི་སྒྲིབ་པ་དང་། ཆོས་ཀྱི་སྒྲིབ་


DNG012_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། ལས་ཀྱི་སྒྲིབ་པ་ཆེན་པོ་བསགས་ཀྱང་། སེམས་ཅན་དམྱལ་བ་ལ་སོགས་པ་ངན་སོང་རྣམས་སུ་ནམ་ཡང་སྐྱེ་བར་མི་འགྱུར་རོ། །སྡིག་པ་ཡང་བྱས་མ་ཐག་ཏུ་སྡུག་བསྔལ་མེད་པར་བྱེད་པར་འགྱུར་རོ། །སུ་ཞིག་འཛིན་པའམ་ཉིན་རེ་བཞིན་ཀློག་པ་དང་། ཁ་ཏོན་བྱེད་པ་དང་། ཚུལ་བཞིན་ཡིད་ལ་བྱེད་པ་དེ་ཚེ་འདི་ཉིད་ལ་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་རྡོ་རྗེའི་ཏིང་ངེ་འཛིན་ཐོབ་པས། ཆོས་ཐམས་ཅད་ལ་དབང་ཕྱུག་ཏུ་འགྱུར་རོ། །ཆོས་ཐམས་ཅད་ལ་དགའ་བ་དང་། མགུ་བ་དང་། མཆོག་ཏུ་དགའ་བ་མྱོང་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་བཅུ་དྲུག་གིས་དེ་བཞིན་གཤེགས་པ་ཉིད་དམ། རྡོ་རྗེ་འཛིན་པ་ཉིད་འཐོབ་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐེག་པ་ཆེན་པོ་མངོན་པར་རྟོགས་པའི་དཀྱིལ་འཁོར་ཐམས་ཅད་པ། རྡོ་རྗེ་དབྱིངས་མཐའ་དག་གི་སེམས་དཔའི་མཆོག །ཁམས་གསུམ་པོ་མཐའ་དག་ན་འཇིག་རྟེན་གསུམ་པོ་མ་ལུས་པ་ལས་རྣམ་པར་རྒྱལ་བ། སེམས་ཅན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་པ། འདུལ་བར་སྤྱོད་པ། དོན་ཐམས་ཅད་འགྲུབ་པ། ལག་ན་རྡོ་རྗེ་མཐའ་ཡས་པ་ཐམས་ཅད་པ། དམ་ཚིག་ཆེན་པོ་པ། རྡོ་རྗེ་གསང་བའི་སེམས་ཅན་ཚན་པོ་དུ་མས་གཡོག་བྱས་པ་དེ།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱི་དོན་འདི་སྟོན་ཏེ། བཞིན་རབ་ཏུ་འཛུམ་ཞིང་ལག་པ་གཡོན་པ་རྡོ་རྗེ་བསྒྱིངས་ཏེ། ཐོག་མའི་རྡོ་རྗེ་ཆེན་པོ་གསོར་ནས་རང་གི་སྙིང་གར་གཏོད་པའི་ཚུལ་གྱིས་འཛིན་ཅིང་བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་ཅེས་བྱ་བ་རང་གི་དེ་ཁོ་ན་ཉིད་ཀྱི་སྙིང་པོ་འདི་སྨྲས་སོ། །ཧཱུྃ། དེ་ནས་འདི་གསུངས་པ་ཙམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་འཛིན་པ་དང་བཅས་པ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་ཁམས་གསུམ་


DNG012_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ནས་རྗེས་སུ་མཉེས་པ་བརྟན་པོས་མཉེས་པར་བྱས་ཏེ་བཀུག་ནས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་ཆེན་པོར་བཅུག་སྟེ། དམ་ཚིག་གིས་བཅིངས་ནས་དབང་དུ་བྱས་ཏེ་དངོས་གྲུབ་ཐམས་ཅད་གྲུབ་བོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་བདེ་བ་ཆེན་པོའི་བསྙེམས་པའི་ཕྱག་རྒྱ་བཅིངས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས་བཞུགས་སོ། །དེ་ནས་ཕྱག་ན་རྡོ་རྗེ་གསང་བ་ཆེན་པོ་རྡོ་རྗེའི་དམ་ཚིག་འབྱུང་བ། དཀྱིལ་འཁོར་བྱིན་གྱིས་རློབ་པའི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་རྡོ་རྗེ་དབྱིངས་ཀྱི་བྱིན་གྱིས་བརླབས་པ་ཆེན་པོ་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོ་འདི་གསུངས་སོ། །དེ་ནས་ཡང་དག་བཤད་བྱ་བ། །དཀྱིལ་འཁོར་ཆེན་པོ་དམ་པ་སྟེ། །དེ་ཉིད་དང་པོ་དམ་ཚིག་ཆེ། །རྡོ་རྗེ་བྱིན་བརླབས་ཞེས་བྱའོ། །གྲུ་བཞིར་བགྱི་ཞིང་སྒོ་བཞི་དང་། །ཁྱམས་རྣམས་ཀྱིས་ནི་ཡོངས་བསྐོར་བ། །རྟ་བབས་བཞི་དང་ཡང་དག་ལྡན། །འོད་ཟེར་འབར་བ་འཁྲིགས་པའི་འོད། །དཀྱིལ་འཁོར་གྱི་ནི་གྲྭ་རྣམས་དང་། །སྒོ་ཁྱུད་ཀྱི་ནི་མཚམས་རྣམས་སུ། །ཟླ་བ་ཕྱེད་ལ་རབ་གནས་པའི། །རིན་ཆེན་ཀུན་གྱིས་ཉེ་བར་མཛེས། །རྩེ་མོ་སྣ་ཚོགས་བ་དན་ནི། །དྲིལ་བུ་མཆོག་བཏགས་རླུང་གིས་བསྐྱོད། །མེ་ཏོག་ཆུན་འཕྱང་མེ་ལོང་སྤྲས། །ཕྱི་ཡི་དཀྱིལ་འཁོར་བྲི་བར་བྱ། །དེ་ཡི་ནང་དུ་འཁོར་ལོ་ནི། །དཀྱིལ་འཁོར་བརྒྱད་དང་མཉམ་པ་རུ། །རྡོ་རྗེ་ཐིག་གིས་ཐིག་བཏབ་ལ། །རྡོ་རྗེ་འཁོར་ལོ་ཞེས་བྱར་བཤད། །དེ་ཡི་དབུས་སུ་ཅི་རིགས་པར། །སངས་རྒྱས་སྐུ་ནི་གཞག་བྱ་སྟེ། །འཛུམ་བཅས་ཟླ་བའི་མདོག་ཅན་ལ། །རྡོ་རྗེ་བསྙེམས་པ་འཛིན་པའི་མཆོག །རྡོ་རྗེ་ཕྲེང་སོགས་ཀྱིས་སྤྲས་


DNG012_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་། །སྣ་ཚོགས་འབར་བ་འཁྲིགས་པའི་འོད། །པདྨའི་གདན་ལ་བཞུགས་པར་ནི། །ལུགས་མའམ་མངོན་པར་འདུས་བྱས་པའོ། །རང་གི་སྙིང་པོ་ཀུན་བཟླས་ཏེ། །དེ་ཚེ་དཀྱིལ་འཁོར་བརྟག་པར་བྱ། །རྡོ་རྗེ་སེམས་སོགས་སེམས་དཔའ་རྣམས། །སྙིང་པོ་ཉིད་ཀྱིས་ཡང་དག་དགོད། །རྡོ་རྗེ་ཤུགས་ཀྱིས་བརྒལ་ནས་ནི། །དཀྱིལ་འཁོར་ཐམས་ཅད་ཡང་དག་བསྡུས། །གཞག་གམ་ཡང་ན་བྲི་བར་བྱ། །ཚོགས་རྣམས་ཀུན་དུ་སྟོན་པའོ། །མདུན་དུ་རྡོ་རྗེ་སེམས་དཔའ་ནི། །སངས་རྒྱས་ཀུན་གྱི་དབུ་རྒྱན་ཅན། །རྡོ་རྗེ་མཚོན་ནི་གསོར་བར་བརྩོན། །དམར་སྐྱ་དག་ནི་ངེས་པར་དགོད། །སངས་རྒྱས་ཀྱི་ནི་གཡས་ལོགས་སུ། །རྡོ་རྗེ་ཀཱི་ལི་ཀཱི་ལ་ནི། །ཡན་ལག་ཀུན་གྱིས་ཡོངས་འཁྱུད་པ། །རྡོ་རྗེའི་གཟུགས་ཅན་ཉི་མའི་འོད། །རྒྱབ་ཏུ་རྡོ་རྗེ་འདོད་པ་ནི། །ཆུ་སྲིན་གྱི་ནི་རྒྱལ་མཚན་ཐོགས། །སྔོ་སྐྱའི་མདོག་ཅན་ཅི་རིགས་པར། །བློ་དང་ལྡན་པས་གཞག་པར་བྱ། །གཡོན་དུ་རྡོ་རྗེ་བསྙེམས་པ་ནི། །བསྙེམས་པའི་རྡོ་རྗེ་གཉིས་ཀྱིས་ནི། །རྡོ་རྗེ་བསྙེམས་པ་གཉིས་འཛིན་པ། །བཙོ་མའི་གསེར་དང་འདྲ་བར་དགོད། །སངས་རྒྱས་ཀྱི་ནི་མཚམས་རྣམས་སུ། །མེ་ཏོག་ལ་སོགས་ཀྱིས་མཚན་ཅིང་། །ཐལ་མོ་སྤྱི་བོར་ལེགས་འཇོག་པའི། །མཆོད་པ་ཆེན་པོ་གཞག་པར་བྱ། །ཕྱི་ཡི་དཀྱིལ་འཁོར་མཚམས་རྣམས་སུ། །ལྷ་མོའི་ཚོགས་རྣམས་དགོད་པར་བྱ། །སྒོ་ཡི་དབུས་ནི་ཐམས་ཅད་དུ། །གཟུགས་མཚན་ལ་སོགས་བསྡུས་པ་དགོད། །སངས་རྒྱས་དཀྱིལ་འཁོར་ཅན་བརྒྱད་ནི། །རྡོ་རྗེ་འཛིན་སོགས་བྲི་བར་བྱ། །རྡོ་རྗེ་འཁོར་ལོ་ཐམས་ཅད་དུ། །སངས་རྒྱས་རྡོ་རྗེ་འཛིན་གྱིས་བསྐོར། །ཕྱི་ཡི་དཀྱིལ་འཁོར་གནས་རྣམས་སུ། །འདོད་པའི་དབང་ཕྱུག་བྲི་བྱ་སྟེ། །མདུན་དུ་འཇིག་རྟེན་གསུམ་རྒྱལ་པོ། །འདོད་པའི་ཚངས་པ་ཞི་བྱེད་མཆོག །དེ་ནས་དཀྱིལ་འཁོར་ཆེན་པོ་འདིར་འཇུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་འབྱུང་སྟེ། དེ་ལ་དང་པོ་ཉིད་དུ་ཅི་སྐད་བཤད་པའི་ཆོ་ག་འདིས་ཞུགས་པའི་སློབ་དཔོན་ནི། རྡོ་རྗེ་ཆེན་པོའི་སློབ་དཔོན་དང་།དཀྱིལ་འཁོར་ཐམས་ཅད་ཀྱི་སློབ་དཔོན་དང་། དམ་ཚིག་ཐམས་ཅད་ཤེས་པ་དང་། ཆོས་ཐམས་ཅད་རིག་པ་དང་། ལས་ཐམས་ཅད་སྒྲུབ་


DNG012_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། དངོས་གྲུབ་ཐམས་ཅད་གྲུབ་པ་དང་། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་བྱིན་གྱིས་བརླབས་པ་དང་། དབང་བསྐུར་བ་ཐམས་ཅད་ཐོབ་པ་དང་། ཐམས་ཅད་ཤེས་པ་དང་ལྡན་པ་དང་། མཆོད་པ་ཐམས་ཅད་དང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་ཐམས་ཅད་འདིའི་དབང་དུ་འགྱུར་བ་དང་། འགྲུབ་པར་འགྱུར་བ་དང་། འདིའི་ཕྱག་རྒྱ་ཐམས་ཅད་ཀྱང་རང་ཉིད་ཀྱིས་བཅིངས་པས་འགྲུབ་པར་འགྱུར་རོ། །དམ་ཚིག་ཐམས་ཅད་ཀྱི་ལམ་ལ་ཉེས་པ་དང་བཅས་ཀྱང་ཉམས་པར་མི་འགྱུར་ཞིང་། བྱིན་གྱིས་བརླབ་པར་རྟོག་པར་འགྱུར་རོ། །མ་བསླབས་པར་ཡང་ཐམས་ཅད་ཤེས་པར་འགྱུར་རོ། །མཆོད་པ་ལ་སོགས་པའི་བྱ་བ་ཐམས་ཅད་འགྲུབ་པར་འགྱུར་རོ། །མདོར་བསྡུས་ན་ཚེ་འདི་ཉིད་ལ་དངོས་གྲུབ་ཀྱི་མཆོག་ཅི་ལྟར་མངོན་པར་འདོད་པ་དེ་ལྟ་བུར་སངས་རྒྱས་ཉིད་དམ། རྡོ་རྗེ་འཛིན་པ་ཉིད་འཐོབ་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན།འདི་ལྟར་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་འདིའི་སྙིང་ལ་བཞུགས་ཤིང་དོན་ཡོད་པའི་ཕྱིར་བཀུག་ཅིང་དམ་ཚིག་གིས་བཅིངས་ལ་དབང་དུ་བྱས་ཏེ། རྗེས་སུ་མཉེས་པས་བདག་ཉིད་སློབ་དཔོན་དུ་གྱུར་ནས་འཇུག་ཅིང་བསྒྲུབས་ན་འགྲུབ་པར་འགྱུར་རོ། །དེ་ནས་རྡོ་རྗེའི་ཕྱག་རྒྱ་བཅིངས་ལ། དང་པོའི་རྡོ་རྗེའི་ལྟ་བས་བལྟས་ཏེ་སྙིང་པོ་ལན་ཅིག་བརྗོད་ནས་དཀྱིལ་འཁོར་ཆེན་པོ་བསྒྲུབ་པར་བྱའོ། །དེ་ནས་རྡོ་རྗེ་རྣམ་པར་སྒེག་པའི་ཕྱག་རྒྱས་བཟླས་བརྗོད་ལན་ཅིག་བྱས་ལ་ཕྱག་བྱས་ནས་གོས་དམར་པོ་གྱོན་ལ། མེ་ཏོག་གི་ཕྲེང་བ་ཐོགས་ཏེ་གདོང་དྲིས་བྱུགས་པ་དང་རྡོ་རྗེ་ཐལ་མོས་རྡོ་རྗེའི་གར་བྱེད་ཅིང་བསྐོར་བས་སྙིང་གར་མེ་ཏོག་ཐོགས་ཏེ་བདག་ཉིད་འཇུག་པར་བྱའོ། །ཞུགས་ནས་ཀྱང་ཡང་རྣམ་པར་སྒེག་པ་དང་སྐོར་བས་འདུད་ཅིང་སྙིང་པོ་ཡང་བཟླས་བརྗོད་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་རྡོ་རྗེའི་ལྟ་བས་བལྟས་ཏེ་དེ་བཞིན་དུ་འདུག་ནས་བཅོམ་ལྡན་འདས་བསྒྲུབ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་བདག་ཉིད་ལ་དགྱེས་པས་མཐོང་བ་སྩོལ་བར་འགྱུར་ཞིང་སྨིན་མ་བསྐྱོད་ལ་སྐུ་ཐམས་ཅད་དམ་ཡན་ལག་རྣམས་བསྐྱོད་ཅིང་ཁ་དོག་དམར་པོར་འགྱུར་རོ། །འོད་ཟེར་གྱི་རང་


DNG012_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གྱི་ཞལ་ལམ། སྐུ་ཐམས་ཅད་སྟོན་པར་འགྱུར་རོ། །ཆོ་འཕྲུལ་དཔག་ཏུ་མེད་པ་ཡང་སྟོན་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་བདག་ཉིད་མཐོང་བ་སྩོལ་བའམ་དངོས་གྲུབ་མཆོག་ཀྱང་སྩོལ་བར་འགྱུར་རོ། །དེ་ནས་བརྩམས་ཏེ་ཉིན་རེ་ཞིང་དངོས་གྲུབ་ཐམས་ཅད་འཐོབ་པར་འགྱུར་རོ། །གང་དུ་ཞུགས་པ་ཙམ་ཉིད་ཀྱིས་མི་ཚུགས་པ་དང་། མི་སོད་པར་འགྱུར་རོ། །དངོས་གྲུབ་ཐམས་ཅད་དང་། ཕུན་སུམ་ཚོགས་པ་ཐམས་ཅད་དང་། ཡེ་ཤེས་ཐམས་ཅད་དང་། བྱ་བ་ཐམས་ཅད་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་སྒྲུབ་པར་མཛད་དོ། །དེ་ནས་དེ་ཡང་དག་པར་མཆོད་དེ་རྡོ་རྗེའི་མིང་གིས་དབང་བསྐུར་ཞིང་། དཔའ་བོའི་རྡོ་རྗེ་བཅོམ་ལྡན་འདས་ལ་མནོས་ལ། སྙིང་པོ་བཟླས་ན་བཅོམ་ལྡན་འདས་མཐོང་བ་སྩལ་ནས། རང་ཉིད་ཀྱིས་སྩོལ་ཅིག་ཅེས་བརྗོད་ལ་རང་གིས་བླང་བར་བྱའོ། །དེ་ནས་སྐད་ཅིག་དེ་ཉིད་ལ་དངོས་གྲུབ་མཆོག་ཡིད་ལ་འདོད་པ་འགྲུབ་པར་འགྱུར་རོ། །ཡང་ན་བདག་ཉིད་ཀྱིས་ཟླ་བ་དྲུག་གིས་ཡིད་ལ་འདོད་པའི་དངོས་གྲུབ་མཆོག་འགྲུབ་པར་འགྱུར་རོ། །ཞེས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་གསུངས་སོ། །དེ་ནས་རྡོ་རྗེ་མིང་གི་དབང་བསྐུར་བ་ལ་སོགས་པ་ཡང་དེ་བཞིན་ནོ། །དེ་ནས་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ནས་ཡང་ཇི་ལྟར་འདོད་པའི་ཆོ་གས་བསྒྲུབས་ལ་འབྱུང་བར་བྱ་ཞིང་དཀྱིལ་འཁོར་ཆེན་པོའི་གསང་བ་བསྒྲུབ་པ་ལན་ཅིག་བྱའོ། །དེ་ནས་སློབ་མ་གཞུག་པར་བྱ་སྟེ། དེ་ལ་དང་པོར་རྡོ་རྗེ་སློབ་དཔོན་གྱིས་དང་པོའི་རབ་ཏུ་དགའ་བའི་རྡོ་རྗེའི་ཕྱག་རྒྱ་བཅིངས་ལ་འཇུག་པར་བྱའོ། །ཞུགས་ནས་དེ་བཞིན་དུ་ཕྱག་བྱས་ལ་སྙིང་པོས་ཅི་ལྟར་མངོན་པར་འདོད་པའི་ཚིག་དང་། བཅོམ་ལྡན་འདས་བསྒྲུབས་པས་ཕྱག་རྒྱ་ཆེན་པོས་བསྒྲུབ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་བསྒྲུབས་པས་མཚན་མ་དེ་ཉིད་འབྱུང་སྟེ་ཤེས་ནས་ཕྱག་རྒྱ་ཆེན་པོ་ཉིད་འགྲུབ་པར་འགྱུར་རོ། །དངོས་གྲུབ་ཐམས་ཅད་ཀྱང་འགྲུབ་པར་འགྱུར་ཏེ།ཞུགས་པ་འདིས་ནི་རྡོ་རྗེ་སློབ་དཔོན་བདག་ཉིད་དེ་བཞིན་དུ་འགྲུབ་པར་འགྱུར་རོ། །དེ་ནས་དེ་བཞིན་དུ་རྡོ་རྗེ་བླང་བ་ལ་སོགས་པ་བྱས་ནས། རྡོ་རྗེ་སློབ་མ་ལ་ཆོ་ག་རྒྱས་པ་འདི་བཞིན་དུ་བྱས་ཏེ།


DNG012_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་བཅིང་བ་ཡང་བསླབ་པར་བྱའོ། །གང་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ལ་སོགས་པའི་དམ་ཚིག་ལ་མོས་པ་དེ་རྣམས་ལ་ཡང་རང་གི་ལྷག་པའི་ལྷའི་འཇུག་པའི་ཆོ་ག་རྒྱས་པ་དང་། དེ་བཞིན་དུ་ཡིད་ལ་འདོད་པའི་དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར་རོ། །དེ་ནས་ལྷ་གཞན་དག་ལ་དད་པ་རྣམས་ལ་དེ་བཞིན་དུ་འཇུག་པའི་ཆོ་ག་རྒྱས་པར་བྱས་ནས་དེ་བཞིན་དུ་འགྲུབ་པར་འགྱུར་རོ། །དེ་ནས་ཅི་ལྟར་ཞུགས་པ་རྣམས་ཟས་དང་།རོ་བཅུད་དང་གནས་པ་ལ་སོགས་པ་ཐམས་ཅད་ཀྱིས་ཡང་དག་པར་ཚིམ་པར་བྱས་ལ་ཅི་ལྟར་ཤེས་པའི་གར་དང་གླུ་དང་དགོད་པ་དང་བུ་དང་བུ་མོ་དང་མཛའ་བཤེས་དང་ཉེ་དུ་དང་གཉེན་མཚམས་དང་བཅས་པས་ཀྱང་མཆོད་པར་བྱའོ། །དེ་ལ་འདིར་ནི་སྣོད་དང་སྣོད་མ་ཡིན་པ་བརྟག་པར་མི་བྱ་སྟེ་སེམས་ཅན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་པ་རྣམས་བདེ་བ་ཆེན་པོ་རྡོ་རྗེའི་དམ་ཚིག་འདི་དང་། འདོད་པའི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པའི་རྡོ་རྗེ་སྦྱོར་བས་རྡོ་རྗེ་ཆོས་ཀྱི་མཉམ་པ་ཉིད་ཀྱི་ཕྱག་རྒྱས་རྒྱས་བཏབ་པ་ཡིན་པའི་ཕྱིར་རོ། །དཀྱིལ་འཁོར་ཆེན་པོའོ། །དེ་ནས་ཆོ་ག་འབྱུང་སྟེ། ཟླ་བ་ཉ་ནས་བརྩམས་ནས་ཕྱག་ན་རྡོ་རྗེའི་སྤྱན་སྔར་རབ་ཏུ་དགའ་བའི་རྡོ་རྗེའི་ཕྱག་རྒྱ་བཅིངས་ལ་ཅི་ལྟར་སྐྱོ་བར་མ་གྱུར་པར་དང་པོ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ལ་རྡོ་རྗེའི་ཚིག་གིས་བརྗོད་ཅིང་ཅི་སྲིད་ཟླ་བ་གཅིག་གི་བར་དེ་སྲིད་དུ་བཟླས་བརྗོད་བྱས་ན་སྔོན་དུ་བསྙེན་པ་བྱས་པར་འགྱུར་རོ། །དེ་ནས་བརྩམས་ཏེ་ཕྱག་ན་རྡོ་རྗེའི་བཀའ་ཅི་ལྟ་བ་བཞིན་དུ་དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར་རོ། །དེ་ནས་རས་རིས་འདྲི་བའམ་འདྲིར་གཞུག་པར་འདོད་ན། དང་པོར་རྡོ་རྗེ་བྲི་བའི་ཕྱག་རྒྱས་བྲིས་ལ་དེའི་འོག་ཏུ་ནི་ཅི་བདེར་བྱའོ། །དཀྱིལ་འཁོར་ཐམས་ཅད་དུ་ཡང་དེ་ཉིད་ཀྱིས་དང་པོ་བརྩམ་པར་བྱ་སྟེ། དབུས་སུ་བཅོམ་ལྡན་འདས་ཆོ་ག་ཅི་ལྟ་བ་བཞིན་དུ་བྲི་ཞིང་།དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་སེམས་དཔའ་ཆེན་པོ་བརྒྱད་བྲི་བར་བྱའོ། །དེ་ནས་ཟླ་བ་ཉ་ནས་བརྩམས་ཏེ་ཕྱག་རྒྱ་ཆེན་པོ་བཅིངས་ལ། དེ་བཞིན་དུ་སྔོན་དུ་བསྙེན་པའི་ཚུལ་ལྟར་བཟླས་ནས་ཟླ་བ་ཉའི་མཚན་མོ་ཐོག་ཐག་ཏུ་ཅི་ལྟ་བ་བཞིན་དུ་སྐྱོ་བར་མ་གྱུར་པས་ཕྱག་རྒྱ་མ་བཀྲོལ་


DNG012_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཟླས་བརྗོད་བྱའོ། །དེ་ནས་ནང་བར་བཅོམ་ལྡན་འདས་ཀྱི་ཞལ་འཛུམ་ཞིང་ཟླ་བ་དང་མཉམ་པའི་མདངས་ཅན་མཐོང་བ་སྩོལ་ཅིང་། སངས་རྒྱས་ཉིད་དང་རྡོ་རྗེ་འཛིན་པ་ཉིད་ལ་སོགས་པའི་དངོས་གྲུབ་མཆོག་རྣམས་སྩོལ་བར་འགྱུར་རོ། །ཆོ་ག་གཞན་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའ་ཆེན་པོ་བརྒྱད་ཀྱིས་ཡོངས་སུ་བསྐོར་བ་དང་། ཕྱོགས་ཐམས་ཅད་དུ་དེ་བཞིན་གཤེགས་པ་རྣམས་དང་། རྡོ་རྗེ་འཆང་ཐམས་ཅད་བྲི་བར་བྱའོ། །དེ་ནས་དེ་བཞིན་དུ་བསྒྲུབས་པས་སངས་རྒྱས་ཉིད་ལ་སོགས་པ་དངོས་གྲུབ་ཐམས་ཅད་འགྲུབ་བོ། །རས་ལ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་བསྙེམས་པ་དང་བཅས་པར་བྲིས་ལ། དེའི་སྤྱན་སྔར་དང་པོའི་ཕྱག་རྒྱ་ཆེན་པོས་གནས་ནས་བཟླས་བརྗོད་འབུམ་བྱས་ཏེ། འབུམ་རྫོགས་ན་ཕྱག་ན་རྡོ་རྗེ་ཉིད་ཐོབ་པར་འགྱུར་རོ། །དེ་བཞིན་གཤེགས་པ་དཔའ་བོ་གཅིག་པུ་བྲིས་ནས་ཡང་མཐར་འཚང་རྒྱ་བར་འགྱུར་རོ། །དེ་ནས་བཀླགས་པ་ཙམ་གྱིས་འགྲུབ་པའི་ལས་རྣམས་དཀྱིལ་འཁོར་དུ་ཞུགས་པ་ཙམ་གྱིས་འགྲུབ་པར་འགྱུར་བ་ནི་འདི་ལྟ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་མཉེས་པར་བྱ་བ་ལ་ནི་འདོད་ཆགས་ལ་སོགས་པ་བདེ་བ་ཐམས་ཅད་ཕུལ་བས་སོ། །རྡོ་རྗེ་འཛིན་པ་ཆེན་པོ་མཉེས་པར་བྱ་བ་ལ་ནི་རྡོ་རྗེ་སེམས་དཔའ་དང་འཁྱུད་ཅིང་འོ་བྱེད་པས་སོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་རྗེས་སུ་མཉེས་པར་བྱ་བ་ལ་ནི་དཔག་ཏུ་མེད་པའི་བཟླས་པས་སོ། །རྡོ་རྗེ་ཐམས་ཅད་རྗེས་སུ་མཉེས་པར་བྱ་བ་ལ་ནི་རང་གི་སྙིང་པོ་བཟླས་པས་སོ། །ལྷ་ལ་སོགས་པ་སེམས་ཅན་ཐམས་ཅད་རྗེས་སུ་ཆགས་པར་བྱ་བ་ལ་ནི་ཐམས་ཅད་དུ་འབུམ་བཟླས་པས་སོ། །བདག་བསྲུང་བ་ལ་ནི་ཡུངས་ཀར་ལ་ལན་ཅིག་བཟླས་པས་སོ། །གཞན་བསྲུང་བ་ལ་ནི་རྡོ་རྗེས་བསྐོར་བས་སོ། །ཐམས་ཅད་བསྲུང་བ་ལ་ནི་ཡིད་ཀྱིས་ལན་ཅིག་གོ། །མཚམས་དང་ཕྱོགས་དང་དཀྱིལ་འཁོར་ཐམས་ཅད་བཅིང་བ་ལ་ནི་བལྟ་བའམ་ཡུངས་ཀར་ལ་སོགས་པས་སོ། །སེམས་ཅན་ཐམས་ཅད་རེངས་པར་བྱ་བ་ལ་ནི་དབུགས་མི་འབྱིན་པར་བཟླས་པས་སོ། །སེམས་ཅན་ཐམས་ཅད་རྨུགས་པར་བྱ་བ་ལ་ནི་


DNG012_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་བཙིར་བས་སོ། །སེམས་ཅན་ཐམས་ཅད་རྨོངས་པར་བྱ་བ་ལ་ནི་མིག་བཙུམས་ནས་བཟླས་པས་སོ། །ཐམས་ཅད་གསད་པ་ལ་ནི་རྡོ་རྗེ་དྲལ་བས་སོ། །སེམས་ཅན་ཐམས་ཅད་རྒྱས་གདབ་པ་ལ་ནི་རྡོ་རྗེ་མཁའ་འགྲོ་མའི་ཕྱག་རྒྱས་སོ། །སྙིང་ཐམས་ཅད་འདྲེན་ཅིང་འབྱིན་པ་ལ་ནི་ཡིད་ཀྱིས་བཟླས་པས་སོ། །སེམས་ཅན་ཐམས་ཅད་ཟ་བ་ལ་ནི་ལྡང་ཅིང་མྱུར་བར་ཟློས་པས་སོ། །སེམས་ཅན་ཐམས་ཅད་སྐྲག་པར་བྱ་བ་ལ་ནི་རྡོ་རྗེ་འཇིགས་བྱེད་ཀྱི་ཕྱག་རྒྱས་སོ། །ནོར་ཐམས་ཅད་དགུག་པ་ལ་ནི་གསེར་གྱིས་བཟླས་པས་སོ། །ནོར་དང་འབྲུ་ཐམས་ཅད་དགུག་པ་ལ་ནི་རྡོ་རྗེ་རྣལ་འབྱོར་མའི་ཕྱག་རྒྱས་སོ། །ཐམས་ཅད་རྗེས་སུ་ཆགས་པར་བྱ་བ་ལ་ནི་པི་ཝང་བརྡུང་བ་དང་བཅས་པའི་ཀ་ཀ་ལའི་གླུ་ལེན་པས་བཟླས་བརྗོད་བྱའོ། །ཐམས་ཅད་འབིགས་པ་དང་རྗེས་སུ་ཆགས་པར་བྱ་བ་ལ་ནི་རྡོ་རྗེ་མདའི་ཕྱག་རྒྱས་སོ། །ཐམས་ཅད་ཆགས་པར་བྱ་བ་ལ་ནི་ཕྱོགས་ཐམས་ཅད་ཀྱི་དེ་བཞིན་གཤེགས་པ་མཉེས་པས་སོ། །སྡུག་པའི་འཆིང་བ་བརྟན་པར་བྱ་བ་ལ་ནི་སྙིང་བརྟན་པོར་ངེས་པར་འཚིར་བས་སོ། །མ་རུངས་པ་རབ་ཏུ་བསྒྲུབ་པ་ལ་ནི་རྡོ་རྗེ་བསྙེམས་པས་སོ། །རྒྱན་ཐམས་ཅད་དབྲོག་པ་ལ་ནི་འབར་བའི་བལྟ་བས་དབྲོག་པས་སོ། །ཐམས་ཅད་ཡིད་ཚིམ་པ་ལ་ནི་རྡོ་རྗེ་ཁུ་ཚུར་སྙིང་གར་བཞག་པས་སོ། །མུན་པ་སྣང་བར་བྱ་བ་ལ་ནི་རྡོ་རྗེ་ཁ་ཤར་དུ་བལྟས་ཏེ་བསྐོར་བས་སོ། །ལུས་བདེ་བར་བྱ་བ་ལ་ནི་རང་གི་མཚན་གྱི་བཟླས་པས་སོ། །གཟུགས་ཐམས་ཅད་སྣང་བར་བྱ་བ་ལ་ནི་རྡོ་རྗེ་གཟུགས་ཀྱི་མཆོག་གི་ཕྱག་རྒྱས་སོ། །སྒྲ་ཐམས་ཅད་ཐོས་པར་བྱ་བ་ལ་ནི་རྡོ་རྗེ་པི་བང་གིས་སོ། །དྲི་ཞིམ་པོ་སྣ་ཚོགས་པའི་ཕྱིར་ནི་སྣའི་དབུགས་འབྱིན་པའི་གླུ་ཡིས་སོ། །ཟས་དང་སྐོམ་ཐམས་ཅད་དང་བཅུད་ཐམས་ཅད་སྤོ་བ་ལ་ནི་རྡོ་རྗེ་སྤོ་བར་བྱའོ། །དབབ་པ་ཐམས་ཅད་ལ་ནི་མཉམ་པའི་ཐལ་མོ་དང་སེ་གོལ་དང་གླུའི་བཟླས་པས་སོ། །ཐམས་ཅད་གར་བྱེད་དུ་གཞུག་པ་ལ་ནི་བདག་ཉིད་གར་བྱེད་ཅིང་བཟླས་པས་སོ། །ཐམས་ཅད་གླུ་ལེན་དུ་གཞུག་པ་ལ་ནི་ལྕེ་བསྐྱོད་ཅིང་བཟླས་པས་སོ། །ཐམས་ཅད་སྨྲར་གཞུག་པ་ལ་ནི་རྡོ་རྗེ་མཆུ་ཡིས་སོ། །ཐམས་ཅད་བབས་ནས་ལན་


DNG012_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པ་ལ་ནི་རྡོ་རྗེ་འབེབས་པས་སོ། །གདོན་ཐམས་ཅད་ལས་ཐར་བར་བྱ་བ་ལ་ནི་རྡོ་རྗེ་མྱུ་གུའི་ཕྱག་རྒྱས་སོ། །གདོན་ཐམས་ཅད་འཛིན་དུ་གཞུག་པ་ལ་ནི་ཚོགས་ཀྱི་བདག་པོ་རབ་ཏུ་དགའ་བའི་ཁྲོ་བོའི་བཟླས་པས་སོ། །རིམས་ཐམས་ཅད་འཛིན་དུ་གཞུག་པ་ལ་ནི་རྡོ་རྗེའི་རིམས་ཀྱི་གདོན་གྱིས་སོ། །རིམས་ཐམས་ཅད་བསལ་བ་ལ་ནི་རྡོ་རྗེའི་ལྟ་བས་བསལ་བས་སོ། །དུག་ཐམས་ཅད་སྦར་བ་ལ་ནི་རྡོ་རྗེ་ལྟ་བའི་དུག་གི་ཕྱག་རྒྱས་སོ། །དུག་ཐམས་ཅད་གཞིག་པ་ལ་ནི་རྨ་བྱའི་ཆུན་པོས་སོ། །དུག་ཐམས་ཅད་བཟའ་བ་ལ་ནི་རྡོ་རྗེ་བདུད་རྩིའི་ཕྱག་རྒྱས་སོ། །བདུད་ལ་སོགས་པ་མ་རུངས་པ་ཐམས་ཅད་བརླག་པ་ལ་ནི་འཁྲུགས་པས་དཔག་ཏུ་མེད་པར་བཟླས་པས་སོ། །མཁའ་འགྲོ་མའི་གདོན་ཐམས་ཅད་ལས་གྲོལ་བར་བྱ་བ་ལ་ནི་རྡོ་རྗེ་ཆེན་པོ་གསོར་བའི་ཕྱག་རྒྱས་སོ། །ཕྱག་རྒྱ་ཐམས་ཅད་གཞིག་པ་ལ་ནི་རྡོ་རྗེ་འཕེན་པས་སོ། །མཁའ་འགྲོ་མ་ཐམས་ཅད་དགུག་པ་དང་། གཞུག་པ་དང་། གདུལ་བ་ལ་ནི་རྡོ་རྗེ་ཁ་ཊྭཱྃ་གའི་ཕྱག་རྒྱ་འཛིན་པས་སོ། །མ་མོ་ཐམས་ཅད་ཀྱི་དཀྱིལ་འཁོར་དང་། དམ་ཚིག་དང་།སྙིང་པོ་དང་། ཕྱག་རྒྱ་དང་། གསང་སྔགས་དང་། རིག་པ་དང་། གསང་བ་གཞིག་པ་ལ་ནི་རྡོ་རྗེ་ཁྲོ་བོའི་ཡི་གེ་ཕཊ་ཀྱིས་སོ། །མ་མོ་དང་མཁའ་འགྲོ་མ་ཐམས་ཅད་མངག་གཞུག་མར་བྱ་བ་ལ་ནི་མ་མོའི་གནས་སུ་ཁྲོས་པས་བཟླས་བརྗོད་འབུམ་བྱའོ། །བདུད་ཐམས་ཅད་ཀྱི་སྟོབས་གཞོམ་པ་ལ་ནི་རྡོ་རྗེ་དྲག་པོའི་ཧ་ཧ་ཞེས་བྱ་བའི་གད་རྒྱངས་ཀྱིས་སོ། །གཞན་གྱི་དཔུང་ཐམས་ཅད་གཞོམ་པ་ལ་ནི་རྡོ་རྗེ་ལ་ཡོངས་སུ་བཟླས་ལ་འཕང་ངོ་། །འཐབ་པ་ཐམས་ཅད་ལས་ཐར་བར་བྱ་བ་ལ་ནི་རྡོ་རྗེ་རྒྱལ་མཚན་གྱི་ཕྱག་རྒྱས་སོ། །ཐམས་ཅད་བཅིང་བ་ལ་ནི་གོས་ལ་མདུད་པ་བྱའོ། །ཐམས་ཅད་དགྲོལ་བ་ལ་ནི་ཡི་གེ་མུ་ཡིས་སོ། །རོ་ལངས་དང་འཁྲུལ་འཁོར་ཐམས་ཅད་གཞིག་པ་ལ་ནི་རྡོ་རྗེ་འཇིགས་བྱེད་ཀྱིས་སོ། །ལྕགས་སྒྲོག་ཐམས་ཅད་དགྲོལ་བ་ལ་ནི་རྡོ་རྗེ་ཁབ་ལོང་གིས་སོ། །མེ་ཡང་དག་པར་བསྐྱེད་པ་ལ་ནི་རྡོ་རྗེ་མེ་ཤེལ་གྱིས་སོ། །ཆུ་མེད་པར་ཆུ་ཡང་དག་པར་བསྐྱེད་པ་ལ་ནི་རྡོ་རྗེ་ཆུ་ཤེལ་གྱིས་སོ། །ནམ་མཁའ་ལས་ཟས་དང་སྐོམ་དང་གོས་དང་རྒྱན་ཐམས་ཅད་ལ་སོགས་པ་ཡོ་བྱད་


DNG012_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

མང་པོ་འབྱུང་བ་ལ་ནི་ནམ་མཁའ་ལ་ལྟ་ཞིང་བཟླས་བརྗོད་འབུམ་བྱའོ། །ནམ་མཁའ་ལས་སངས་རྒྱས་ཀྱི་སྐུ་ལ་སོགས་པ་གཟུགས་ཐམས་ཅད་སྟོན་པ་ལ་ནི་སངས་རྒྱས་རྗེས་སུ་དྲན་པ་ལ་ནམ་མཁར་ལྟ་ཞིང་བཟླས་པས་སོ། །ནམ་མཁའ་ལས་ཡི་གེས་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་ལུང་བསྒོ་བའི་བདེན་པར་སྟོན་པ་ལ་ནི་ཡི་གེ་ཨ་བྲིས་ལ་བཟླས་བརྗོད་འབུམ་བྱས་པས་སོ། །པྲ་སེ་ན་ཐམས་ཅད་ལས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ལུང་བསྒོ་བ་བདེན་པར་སྟོན་པ་ལ་ནི་རྡོ་རྗེ་པྲ་སེ་ན་ཐམས་ཅད་དབབ་པས་སོ། །དེ་བཞིན་དུ་མིག་གིས་བདེན་པ་ཐམས་ཅད་མཐོང་བ་ལ་ནི་རང་གི་མིག་ལ་བཟླས་པ་འབུམ་བྱས་པས་སོ། །རྣ་བས་ཐོས་པར་བྱ་བ་ལ་ནི་རང་གི་རྣ་བ་ལ་བཟླས་པ་འབུམ་བྱས་པས་སོ། །སྣས་མནམ་པར་བྱ་བ་ལ་ནི་སྣ་ལ་བཟླས་པས་སོ། །ལྕེས་རང་ཉིད་སྨྲ་བ་ལ་ནི་ལྕེ་ལ་བཟླས་པས་སོ། །ལུས་ཀྱིས་རེག་པར་བྱ་བ་ལ་ནི་ལུས་ལ་བཟླས་པས་སོ། །ཡིད་ཀྱིས་ཤེས་པར་བྱ་བ་ལ་ནི་ཡིད་ལ་འབུམ་བཟླས་པས་སོ། །རྨད་དུ་བྱུང་བ་ཐམས་ཅད་བསྟན་པ་ལ་ནི་སངས་རྒྱས་ཀྱི་སྐུ་བསྒྲུབས་པས་སོ། །སྒྱུ་མ་ཐམས་ཅད་བསྟན་པ་ལ་ནི་རྨ་བྱའི་སྒྲོའི་ཆུན་པོ་ལ་འབུམ་བཟླས་པས་སོ། །ཐམས་ཅད་གཡོག་པར་བྱ་བ་ལ་ནི་ཞི་བའི་གནས་སུ་འབུམ་བཟླས་པས་སོ། །ཐམས་ཅད་ལ་ལན་ལྡོན་པར་བྱ་བ་ལ་ནི་རྡོ་རྗེ་ཧཱུྃ་མཛད་ཀྱི་རྡོ་རྗེས་སོ། །རྫུ་འཕྲུལ་ཐམས་ཅད་བསྟན་པ་ལ་ནི་རྡོ་རྗེ་རྫུ་འཕྲུལ་གྱི་ཕྱག་རྒྱས་སོ། །ཆོ་འཕྲུལ་ཐམས་ཅད་བསྟན་པ་ལ་ནི་རྡོ་རྗེ་ཏིང་ངེ་འཛིན་གྱི་ཕྱག་རྒྱས་སོ། །རང་གི་ལུས་ལ་སོགས་པ་དངོས་པོ་ཐམས་ཅད་ལས་སངས་རྒྱས་དང་། རྡོ་རྗེ་སེམས་དཔའ་ལ་སོགས་པ་རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་ཐམས་ཅད་བསྟན་པ་ལ་ནི་རྡོ་རྗེ་རྫུ་འཕྲུལ་རྣམ་པར་འཕྲུལ་པས་སོ། །ལྷ་ཐམས་ཅད་དབབ་པ་ལ་ནི་རྡོ་རྗེ་སྐོར་བས་སོ། །ཀླུ་ཐམས་ཅད་རྗེས་སུ་འབྲང་བར་བྱ་བ་ལ་ནི་ཀླུའི་རྒྱལ་པོའི་མཚོར་བཟླས་བརྗོད་བྱའོ། །གནོད་སྦྱིན་ཐམས་ཅད་མངག་གཞུག་པར་བྱ་བ་ལ་ནི་རྡོ་རྗེའི་བཀའ་བསྒོ་བས་སོ། །འབྱུང་པོ་ཐམས་ཅད་གདུལ་བ་ལ་ནི་ལྷ་ཆེན་པོ་མནན་ནས་ཁྲོས་པས་བཟླས་བརྗོད་བྱའོ། །སེར་བ་ཐམས་ཅད་བཟློག་པ་ལ་ནི་རྡོ་རྗེ་སྲིད་སྲུང་གི་ཕྱག་རྒྱས་སོ། །གློག་


DNG012_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

འབབ་པ་ཐམས་ཅད་བཟློག་པ་ལ་ནི་རྡོ་རྗེ་ཁྲོ་གཉེར་ཅན་གྱི་ཕྱག་རྒྱས་སོ། །ཆར་དབབ་པ་ལ་ནི་ཀླུའི་མཚོར་བཟླས་བརྗོད་བྱའོ། །ཆར་གཅད་པ་ལ་ནི་དྲི་མ་མེད་པའི་ཆུའི་སྦྱིན་བླུག་བྱའོ། །སྤྲིན་བསྐྱེད་པ་ལ་ནི་ཀླུ་བྲིས་ནས་བདུག་པས་བདུག་པར་བྱའོ། །སྤྲིན་བཤིག་པ་ལ་ནི་རྡོ་རྗེ་ནམ་མཁའི་སྤྱན་གྱིས་སོ། །ཆུ་མེད་པའི་ཕྱོགས་སུ་ཤིན་ཏུ་བསིལ་བའི་ཆུའི་ཚོགས་རྟག་ཏུ་འབྱུང་བ་ལ་ནི་རྡོ་རྗེ་ཀླུའི་ཕྱག་རྒྱས་སོ། །གཏེར་ཐམས་ཅད་ཤེས་པར་བྱ་བ་ལ་ནི་སྣོད་དུ་ཆུ་བླུག་པར་བྱའོ། །གཏེར་ཐམས་ཅད་བརྐོ་བ་ལ་ནི་རྡོ་རྗེ་འཇོར་གྱིས་སོ། །གཏེར་ཐམས་ཅད་རྙེད་པ་ལ་ནི་རྡོ་རྗེ་ནོར་གྱིས་སོ། །རྒྱལ་སྲིད་ཐམས་ཅད་ཐོབ་པར་བྱ་བ་ལ་ནི་རྡོ་རྗེ་དབང་བསྐུར་བའི་ཕྱག་རྒྱས་སོ། །སའི་བདག་པོར་བྱ་བ་ལ་ནི་རྡོ་རྗེ་སེམས་དཔའི་དབང་བསྐུར་བའི་ཕྱག་རྒྱས་སོ། །དཀྱིལ་འཁོར་ཐམས་ཅད་བསྒྲུབ་པ་ལ་ནི་རྡོ་རྗེ་འཁོར་ལོའི་ཕྱག་རྒྱས་སོ། །ཕྱག་རྒྱ་ཐམས་ཅད་བསྒྲུབ་པ་ལ་ནི་བདེ་བ་ཆེན་པོའི་དམ་ཚིག་གི་ཕྱག་རྒྱས་སོ། །དམ་ཚིག་ཐམས་ཅད་བསྒྲུབ་པ་ལ་ནི་རབ་ཏུ་དགའ་བའི་རྡོ་རྗེའི་ཕྱག་རྒྱས་སོ། །དངོས་གྲུབ་ཐམས་ཅད་བསྒྲུབ་པ་ལ་ནི་རྡོ་རྗེ་བསྙེམས་པའི་ལྕགས་ཀྱུའི་ཕྱག་རྒྱས་སོ། །མ་གྲུབ་པ་ཐམས་ཅད་གྲུབ་པར་སྟོན་པ་ལ་ནི་རྡོ་རྗེ་གྲུབ་པའི་ཕྱག་རྒྱས་སོ། །རྡོ་རྗེ་རིག་པ་འཛིན་པ་ཐམས་ཅད་བསྒྲུབ་པ་ལ་ནི་རྡོ་རྗེ་རིག་པ་འཛིན་གྱི་ཕྱག་རྒྱས་སོ། །རྡོ་རྗེ་ཐམས་ཅད་བསྒྲུབ་པ་ལ་ནི་རྡོ་རྗེ་ཐམས་ཅད་ཀྱི་མཆོག་གི་ཕྱག་རྒྱས་སོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་བསྒྲུབ་པ་ལ་ནི་ཐུགས་ཀྱི་རྡོ་རྗེས་སོ། །རྡོ་རྗེ་འཛིན་པ་ཉིད་བསྒྲུབ་པ་ལ་ནི་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོས། སངས་རྒྱས་ཉིད་བསྒྲུབ་པ་ལ་ནི་རྡོ་རྗེ་ཡེ་ཤེས་ཀྱི་ཕྱག་རྒྱས་སོ། །བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་ཐམས་ཅད་ཀྱི་རྟོག་པའི་རྒྱལ་པོ་ཆེན་པོ་ལས་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་རྡོ་རྗེ་ཞེས་བྱ་བ་རྟོག་པའི་རྒྱལ་པོ་ཆེན་པོ་རྫོགས་སོ། །རྡོ་རྗེ་སེམས་དཔའི་རྟོག་པའོ།། །།དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས། ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཞི་བའི་ཆོས་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པར་བསྒྲུབ་པ་ཞེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་གསུངས་ཏེ། རྡོ་རྗེ་སྲ་བ་ཉིད་ཀྱི་ཕྱིར་རྡོ་རྗེ་


DNG012_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་བྱང་ཆུབ་ཆེན་པོའོ། །དོན་གཅིག་པ་ཉིད་ཀྱི་ཕྱིར་དོན་གྱི་མཉམ་པ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་བྱང་ཆུབ་ཆེན་པོའོ། །ངོ་བོ་ཉིད་རྣམ་པར་དག་པ་ཉིད་ཀྱི་ཕྱིར་ཆོས་ཀྱི་མཉམ་པ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་བྱང་ཆུབ་ཆེན་པོའོ། །ཐམས་ཅད་ལ་རྣམ་པར་མི་རྟོག་པ་ཉིད་ཀྱི་ཕྱིར་ཐམས་ཅད་མཉམ་པ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་བྱང་ཆུབ་ཆེན་པོའོ། །ལག་ན་རྡོ་རྗེ་གང་ལ་ལ་ཆོས་མངོན་པར་བསྒྲུབ་པ་བཞི་པོ་འདི་དག་ཉན་པ་དང་འཛིན་པ་དང་ཀློག་པ་དང་། སྒོམ་པ་དེ་སྡིག་པ་ཐམས་ཅད་ལ་སྤྱོད་ཀྱང་བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་གི་བར་དུ་ངན་སོང་ཐམས་ཅད་ལས་ཡང་དག་པར་འདས་པར་འགྱུར་རོ། །དེ་ནས་དེ་སྐད་ཅེས་བཀའ་སྩལ་ནས། བཅོམ་ལྡན་འདས་ཡེ་ཤེས་ཀྱི་ཁུ་ཚུར་ཡོངས་སུ་འཛིན་པའི་དོན་གྱི་གནས་འདི་ཉིད་རྒྱ་ཆེར་སྟོན་ཅིང་བཞིན་འཛུམ་པ་དང་བཅས་ཏེ་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱི་སྙིང་པོ་འདི་གསུངས་སོ། །ཨཿ། དེ་ནས་འདི་གསུངས་པ་ཙམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཡང་དག་པར་འདུས་པར་མཛད་ནས། བཅོམ་ལྡན་འདས་ཀྱི་ཕྱོགས་ཐམས་ཅད་དུ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་བཞུགས་པ་དང་། སེམས་དཔའ་ཆེན་པོ་བརྒྱད་ཕྱིའི་དཀྱིལ་འཁོར་དུ་ཕྱོགས་བརྒྱད་དུ་བཞད་པ་ཆེན་པོས་བཞད་ཅིང་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྡོ་རྗེའི་དཀྱིལ་འཁོར་བྱིན་གྱིས་རློབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་རྡོ་རྗེ་ཞེས་བྱ་བའི་དམ་ཚིག་ཆེན་པོའི་དཀྱིལ་འཁོར་ཆེན་པོ་འདི་གསུངས་སོ། །རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ཕྱིའི་དཀྱིལ་འཁོར་བྲིས་ལ་དེའི་དབུས་སུ་ཐིག་གསུམ་གྱི་འཁོར་ལོ་བྲིས་ནས་བཅོམ་ལྡན་འདས་ཀྱི་ཐད་ཀར་སྣ་ཚོགས་པདྨ་རབ་ཏུ་གནས་པ་དེའི་འཁོར་ལོའི་ལྟེ་བ་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྟག་པ་ཆེན་པོ་ས་ལ་སོགས་པ་ལས་བྱས་པ་གཞག་པར་བྱའོ། །


DNG012_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཕྱོགས་ཐམས་ཅད་དུ་ས་ལ་སོགས་པ་ལས་བྱས་པའི་དེ་བཞིན་གཤེགས་པ་བརྒྱད་གཞག་གམ་བྲི་བར་བྱའོ། །དེ་ནས་ཚོན་གྱི་ཐིག་ལེ་རྣམས་ཀྱིས་དཀྱིལ་འཁོར་གྱི་འཁོར་ལོ་ལ་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་རྡོ་རྗེ་འཛིན་པ་དང་བཅས་པ་བྲི་བར་བྱའོ། །ཕྱིའི་དཀྱིལ་འཁོར་གྱི་ཕྱོགས་བཞི་དང་མཚམས་རྣམས་སུ་བྱང་ཆུབ་སེམས་དཔའ་བརྒྱད་ཅི་ལྟ་བ་བཞིན་བཞག་ནས། བུམ་པ་གང་བ་བཞི་སྒོ་རྣམས་སུ་དགོད་པར་བྱ་ཞིང་། བྱང་ཆུབ་ཀྱི་མཚན་མ་རྣམས་གཞག་པར་བྱ་སྟེ། ཤར་ནས་བརྩམས་ཏེ་ནེའུ་གསིངས་དང་བཅས་པའི་དུམ་བུ་དང་། རོ་དྲུག་གིས་ཡོངས་སུ་གང་ཞིང་དབྱིག་དང་གསེར་དང་རིན་པོ་ཆེ་དང་། གོས་ལ་སོགས་པས་ཡོངས་སུ་བཀང་བའི་སྣོད་དང་།འཇམ་ཞིང་ཤིན་ཏུ་བདེ་བའི་སྟན་དང་། སངས་རྒྱས་ཀྱི་སྐུ་གཟུགས་དགོད་དོ། །དེ་ནས་དེ་བཞིན་དུ་གོས་གྱོན་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་ཕྱག་རྒྱ་བཅིངས་ནས་ཞུགས་ན་བདག་ཉིད་སློབ་དཔོན་མེད་པར་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པར་འགྱུར་རོ། །དེ་ནས་བརྩམས་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྟོག་པ་དང་དངོས་གྲུབ་ཐམས་ཅད་ལ་མི་ཚུགས་པ་དང་། མི་སོད་པ་དང་། སྒྲིབ་པ་ཐམས་ཅད་དང་བྲལ་བ་འཐོབ་པར་འགྱུར་རོ། །དེ་ནས་སློབ་མ་ཡང་དེ་བཞིན་དུ་གཞུག་གོ། །ཞུགས་ནས་རྡོ་རྗེ་རྩེ་ལྔ་པ་བྱིན་ལ་རྡོ་རྗེ་མིང་གིས་དབང་བསྐུར་བ་ཡང་སྦྱིན་པར་བྱའོ། །དེ་ནས་དམ་ཚིག་འདི་དག་བྱ་བར་བསྒོ་བར་བྱའོ། །སེམས་ཅན་ཀུན་ལ་ཕན་ཕྱིར་དང་། །བསྟན་པ་ཐམས་ཅད་བསྲུང་བའི་ཕྱིར། །རྣམ་པར་མི་རྟོག་སྦྱོར་བ་ཡིས། །ཅི་བདེ་བར་ནི་ཐམས་ཅད་ཀྱིས། །ཞེས་བྱའོ། །དེ་ནས་མཚན་མ་བཞི་འབྱོར་པ་ཅི་ལྟ་བས་སྐལ་བ་ཅི་ལྟ་བ་བཞིན་དུ་སྦྱིན་པར་བྱའོ། །དམ་ཚིག་ཆེན་པོའི་དཀྱིལ་འཁོར་རོ། །དེ་ནས་སྒྲུབ་པ་ནི། རས་ལ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་འཛུམ་པ་དང་བཅས་ཤིང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་གྱི་ཕྱག་རྒྱ་ཡོངས་སུ་འཛིན་པར་བྱའོ། །གཞན་ཐམས་ཅད་ནི་དམ་ཚིག་ཆེན་པོའི་དཀྱིལ་འཁོར་གྱི་ཚུལ་དུ་བྱའོ། །དེ་ནས་དེ་བཞིན་དུ་སེམས་


DNG012_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་མཆོག་བསྒྲུབ་པ་དང་། དངོས་གྲུབ་མཆོག་རྣམས་ཀྱང་དེ་བཞིན་ནོ། །གཞན་ཡང་རས་ལ་བཅོམ་ལྡན་འདས་དཔའ་བོ་གཅིག་པུ་བྲིས་ཏེ། འདིའི་མདུན་དུ་རྡོ་རྗེ་ཚིག་གིས་བཟླས་བརྗོད་འབུམ་བྱས་ནས་ཡེ་ཤེས་ཀྱི་ཁུ་ཚུར་ཡོངས་སུ་འཛིན་པས་མཚན་མོ་ཐོག་ཐག་བཟླས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཐོབ་ཅིང་དངོས་གྲུབ་ཐམས་ཅད་གྲུབ་པའི་བྱང་ཆུབ་སེམས་དཔར་འགྱུར་ལ། དེ་ནས་དེ་བཞིན་གཤེགས་པར་འགྱུར་རོ། །དེ་ནས་མ་བསྒྲུབས་པས་ཀྱང་དཀྱིལ་འཁོར་དུ་ཞུགས་པ་ཙམ་ཉིད་ཀྱིས་ལས་རྣམས་འགྲུབ་པར་འགྱུར་ཏེ། འདི་ལྟ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པ་ལ་ནི། ཅི་སྙེད་པའི་དེ་བཞིན་གཤེགས་པའི་བདེ་བ་ཐམས་ཅད་ཕུལ་བས་སོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མཆོད་པ་ལ་ནི། བདག་ཕུལ་བས་སོ། །དཀོན་མཆོག་གསུམ་མཆོད་པ་ལ་ནི།མེ་ཏོག་ལ་སོགས་པ་ལ་བཟླས་པས་སོ། །སེམས་ཅན་ཐམས་ཅད་མཆོད་པ་ལ་ནི།ཐམས་ཅད་ལ་བྱམས་པའི་བཟླས་པས་སོ། །ཆོས་ཐམས་ཅད་བསྡུ་བ་ལ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚིག་བཞི་པོ་གདོན་པས་སོ། །བདུད་ཐམས་ཅད་འདུལ་བ་ལ་ནི་བརྟན་ཞིང་ངེས་པའི་བཟླས་པས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བ་ཐོབ་པ་ལ་ནི་རྒྱན་ཐམས་ཅད་ཕུལ་ཞིང་རང་ཉིད་བཅིངས་པས་སོ། །ཆོས་ཉིད་ཐམས་ཅད་ཐོབ་པ་ལ་ནི་རྡོ་རྗེ་པདྨ་ལ་བལྟ་བས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལས་ཀྱི་དངོས་གྲུབ་ཐོབ་པ་ལ་ནི་ཐམས་ཅད་རྡོ་རྗེའི་ལས་ཀྱི་མཆོག་གིས་སོ། །སངས་རྒྱས་ཉིད་རབ་ཏུ་འཐོབ་པ་ལ་ནི་རྡོ་རྗེ་ཡེ་ཤེས་ཀྱི་ཁུ་ཚུར་གྱི་དེ་ཁོ་ན་ཉིད་ཀྱི་ཕྱག་རྒྱ་ཆེན་པོས་སོ། །བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་གི་རྟོག་པའི་རྒྱལ་པོ་ཆེན་པོ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཀྱི་རྡོ་རྗེ་དམ་ཚིག་ཅེས་བྱ་བའི་རྟོག་པའི་རྒྱལ་པོ་རྫོགས་སོ། །དེ་བཞིན་གཤེགས་པའི་རྟོག་པའོ།། །།དེ་ནས་མ་རུངས་པ་ཐམས་ཅད་འདུལ་བ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་ཀྱང་ཡང་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱིས་རྣམ་


DNG012_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྒྱལ་བ་བསྡུ་བ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒྲུབ་པ་འདི་གསུངས་སོ། །འདོད་ཆགས་ཀྱི་སྤྲོས་པ་མེད་པ་ཉིད་ཀྱིས་ཞེ་སྡང་གི་སྤྲོས་པ་མེད་པ་ཉིད་དོ། །ཞེ་སྡང་གི་སྤྲོས་པ་མེད་པ་ཉིད་ཀྱིས་གཏི་མུག་གི་སྤྲོས་པ་མེད་པ་ཉིད་དོ། །གཏི་མུག་གི་སྤྲོས་པ་མེད་པ་ཉིད་ཀྱིས་ཆོས་ཐམས་ཅད་ཀྱི་སྤྲོས་པ་མེད་པ་ཉིད་དོ། །ཆོས་ཐམས་ཅད་སྤྲོས་པ་མེད་པ་ཉིད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྲོས་པ་མེད་པ་ཉིད་དུ་རིག་པར་བྱའོ། །ལག་ན་རྡོ་རྗེ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་ཉན་པ་དང་། འཛིན་པ་དང་ཀློག་པ་དང་སྒོམ་པ་དེས་འདུལ་བའི་དབང་གི་ཕྱིར་ཁམས་གསུམ་དུ་སྐྱེས་པའི་སེམས་ཅན་ཐམས་ཅད་བསད་ཀྱང་ངན་སོང་དུ་སྐྱེ་བར་མི་འགྱུར་ཏེ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཆོས་ཉིད་འདིའི་དོན་རྒྱ་ཆེར་སྟོན་ཅིང་། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་ཕྱག་རྒྱ་བཅིངས་ནས། ཁྲོ་གཉེར་དང་བཅས་ཤིང་སྨིན་མ་བཏེག་སྟེ་འབར་བར་བལྟ་ལ་པདྨའི་གདོང་ཁྲོ་ཞིང་དགོད་དེ། མཆེ་བ་གཙིགས་ནས་རྐང་པ་གཡས་པ་བསྐུམ་པའི་ཚུལ་དུ་གནས་པས་གནས་ནས་རྡོ་རྗེ་ཧཱུྃ་ཞེས་བྱ་བའི་སྙིང་པོ་འདི་གསུངས་སོ། །ཧཱུྃ། དེ་ནས་འདི་གསུངས་པ་ཙམ་གྱིས་འཇིག་རྟེན་གསུམ་པོ་ཐམས་ཅད་ཀྱི་འདོད་པའི་དབང་ཕྱུག་ལ་སོགས་པ་འཇིག་རྟེན་གསུམ་གྱི་བདག་པོ་རྣམས་ཡང་དག་པར་བཀུག་སྟེ་ལྷུང་བར་མཛད་ནས་དཀྱིལ་འཁོར་དུ་བཅུག་ནས་རྣམ་པར་རྒྱལ་བར་མཛད་ལ། བཅིངས་ཏེ་དབང་དུ་བྱས་ནས་བཏུལ་ཞིང་རྗེས་སུ་བཏུལ་ཏེ། བསླང་ནས་ཡང་དམ་ཚིག་གིས་བཅིངས་ནས་འཇིག་རྟེན་གསུམ་གྱི་བདག་པོ་དབང་ཕྱུག་ཆེན་པོ་ཆུང་མ་དང་བཅས་པ་ཞབས་གཉིས་སུ་ཕབ་ནས་མནན་པར་མཛད་དོ། །དེ་ནས་དེ་རྣམས་ཀྱིས་འཇིག་རྟེན་གསུམ་པོ་ཐམས་ཅད་དུ་སྒྲ་ཆེན་པོ་བསྒྲགས་ཏེ། ཀྱེ་རྡོ་རྗེ་འཆང་ཆེན་པོ་ཡོངས་སུ་སྐྱོབ་པར་མཛོད་ཅིག །བདག་ཅག་རྣམས་མ་གཟིར་ཅིག །འདིར་ཁྱོད་ལ་བདག་ཅག་སྐྱབས་སུ་མཆིའོ། །དམ་ཚིག་དང་བཀའ་བསྒོ་བ་ཡང་བསྒྲུབ་པར་བགྱིའོ། །མ་མོ་ཐམས་ཅད་ཀྱང་བཏུལ་ཞིང་དམ་ལ་བཏགས་ནས་


DNG012_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་ཡང་རྣམ་པར་བཤིག་སྟེ། ཕྱག་རྒྱ་ཐམས་ཅད་དང་དམ་ཚིག་ཀྱང་དྲལ་ཞིང་རྣམ་པར་བཤིགས་པ་དང་། གདོན་ཐམས་ཅད་ཀྱང་བཟློག་ཅིང་།ནད་ཐམས་ཅད་དང་རིམས་དང་གནོད་པ་དང་དུག་དང་ངན་འགྲོ་རྣམས་དྲལ་ཞིང་རྣམ་པར་བཤིགས་པས་སྒྲ་ཆེན་པོ་སྒྲོགས་ཤིང་འཇིགས་པ་ཆེན་པོས་འཇིགས་པར་བྱེད་པའི་ཚིག་རྣམས་ཀྱིས་བཅོམ་ལྡན་འདས་ཉིད་ལ་སྐྱབས་སུ་སོང་ངོ་། །བཅོམ་ལྡན་འདས་ཀྱིས་ཀྱང་ཞལ་རྣམ་པར་བཞད་ནས། དེ་རྣམས་དཀྱིལ་འཁོར་དུ་བཅུག་སྟེ། དམ་ཚིག་གིས་བཅིངས་ནས། རྡོ་རྗེ་རིན་ཆེན་གྱིས་དབང་བསྐུར་ནས་རང་གི་མཚན་མ་རྣམས་རྡོ་རྗེས་བྱིན་གྱིས་བརླབས་ཏེ། རྡོ་རྗེ་མིང་གི་དབང་བསྐུར་བ་ཡང་རྗེས་སུ་སྩལ་ནས། སེམས་ཅན་མ་ལུས་པའི་དོན་དུ་ཕྱིའི་རྡོ་རྗེའི་རིགས་སུ་རབ་ཏུ་བཞག་གོ། །དེ་ནས་རྡོ་རྗེ་ཁྲོ་བོའི་རྡོ་རྗེ་ལས་ཕྱག་ན་རྡོ་རྗེ་དང་འདྲ་བའི་དངོས་པོའི་བདག་ཉིད་ཅན་ཁ་དོག་དང་རྒྱན་དང་མཚོན་ཆ་རྣམ་པ་སྣ་ཚོགས་བསྣམས་པ། རྣམ་པར་འགྱུར་བའི་རྡོ་རྗེའི་མཆེ་བ་གཙིགས་པ། ཚེམས་ཀྱིས་སྒྲོས་གནོན་པ་སྨིན་མ་མི་བཟད་ཅིང་ཁྲོ་གཉེར་བསྙེར་བ། སྤྱན་དང་དབུ་སྐྲ་དང་ཨག་ཙོམ་འབར་བ་ཞལ་འཇིགས་པ། རྡོ་རྗེ་དང་ལྕགས་ཀྱུ་དང་ཞགས་པ་དང་མཚོན་ཆ་མདའ་དང་དབྱིག་པ་དང་རལ་གྲི་དང་ཁ་ཊྭཱྃ་ག་དང་གྲི་རིང་དང་ཆུ་གྲི་ཕྱག་ན་བསྣམས་པ། ཁྲོ་བོ་ཆེན་པོ་ཧཱུྃ་མཛད་ལས་ཕྱུང་སྟེ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་དང་པོའི་དཀྱིལ་འཁོར་གྱི་ཚུལ་གྱིས་བཞུགས་སོ། །ལྷ་ལ་སོགས་པ་དེ་རྣམས་ཀྱང་རང་གི་དཀྱིལ་འཁོར་གྱིས་བྱིན་གྱིས་བརླབས་ནས། ཕྱིའི་དཀྱིལ་འཁོར་དུ་བཞག་གོ། །གདོན་ལ་སོགས་པ་དེ་དག་ཀྱང་དཀྱིལ་འཁོར་གྱི་ཕྱི་རིམ་ན་གནས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཐུགས་རྗེ་ཆེན་པོའི་ཐབས་ཀྱི་ཁྲོ་བོའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཁམས་གསུམ་པོ་མཐའ་དག་ལས་རྣམ་པར་རྒྱལ་བ་རྡོ་རྗེའི་བྱིན་གྱིས་བརླབས་པ་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོ་འདི་གསུངས་སོ། །དེ་ནས་ཡང་དག་བཤད་བྱ་བ། །རྡོ་རྗེའི་དཀྱིལ་འཁོར་དམ་པ་སྟེ། །ཁམས་གསུམ་རྣམ་པར་རྒྱལ་ཞེས་བྱ། །འདུལ་བ་ཆེན་པོ་འདུལ་བྱེད་པ། །དཀྱིལ་འཁོར་དང་པོའི་སྦྱོར་བ་


DNG012_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས། །ཕྱི་ཡི་དཀྱིལ་འཁོར་བྲི་བར་བྱ། །དེ་ཡི་ནང་གི་འཁོར་ལོ་ནི། །དཀྱིལ་འཁོར་བརྒྱད་པ་དག་དང་མཚུངས། །དེ་ཡི་དབུས་སུ་ཁྲོ་བོ་ཆེ། །ཕྱག་ན་རྡོ་རྗེ་གཞག་པར་བྱ། །སངས་རྒྱས་ཕྲེང་ལ་སོགས་པས་སྤྲས། །ཨུཏྤལ་སྔོན་པོའི་མདོག་འདྲ་བ། །ཞལ་ནི་ཅུང་ཟད་མཆེ་བ་གཙིགས། །ཁྲོ་བཅས་བཞད་པའི་ཞལ་མངའ་བ། །གཡོན་བརྐྱང་བ་ཡིས་ལེགས་བཞུགས་ལ། །རྡོ་རྗེ་ཧཱུཾ་མཛད་བསྡུས་པས་སོ། །གཡོན་གྱི་ཞབས་ཀྱིས་ལེགས་གནོན་པ། །དེ་ཡི་བྱ་བ་དབང་ཕྱུག་ཆེ། །གཡས་ནི་དཀའ་ཐུབ་ཟློག་མ་ཡི། །ནུ་མའི་སྟེང་དུ་རབ་ཏུ་འཇོག །འབར་ཕྲེང་འཁྲིགས་པའི་འོད་ལྡན་པ། །ས་སོགས་བཅས་པའི་ཁམས་རྣམས་ཀྱིས། །ཁྲོ་བོ་ཀུན་དུ་གཞག་པར་བྱ། །འབར་ཕྲེང་འཁྲིགས་པའི་འོད་ལྡན་པའི། །འཁོར་ལོ་དེ་ཡང་མཁས་པ་ཡིས། །འབར་ཕྲེང་འཁྲིགས་པའི་འོད་ཅན་བྲི། །ཕྱི་ཡི་དཀྱིལ་འཁོར་གནས་རྣམས་སུ། །ཕྱི་ཡི་དཀྱིལ་འཁོར་ཚོགས་རྣམས་སུ། །ཁྲོ་བོའི་མཚན་མ་བཞི་པོ་ནི། །གཞུ་དང་མདའ་དང་རལ་གྲི་དང་། །འཁོར་ལོ་དེ་བཞིན་རྩེ་གསུམ་བསྒྲེང་། །སྒོ་རྣམས་ཀུན་དུ་བྲི་བར་བྱ། །ཕྱི་རོལ་གནས་པའི་གདོན་རྣམས་ཀྱི། །སྣ་ཚོགས་གཏོར་མས་བཀང་བ་དང་། །བ་དན་སྔོན་པོ་དྲིལ་བཏགས་ཤིང་། །རྩེ་མོ་ཁ་དོག་སྣ་ཚོགས་པའོ། །དེ་ནས་འདིར་འཇུག་པ་ལ་ནི་ཡན་ལག་ཐམས་ཅད་རས་སྔོན་པོ་ཟུང་གིས་གཡོགས་ཤིང་ཁྲོས་པས་རྡོ་རྗེ་དམ་ཚིག་གི་ཕྱག་རྒྱ་དང་བཅས་པས་འཛིན་པར་གྱུར་པས་ཞུགས་ན། བཅོམ་ལྡན་འདས་ཀྱིས་རྡོ་རྗེའི་རིགས་ཀྱི་སློབ་དཔོན་དུ་བྱིན་གྱིས་རློབ་པ་མཛད་དོ། །དེ་ནས་བརྩམས་ཏེ་སྡིག་པ་ལ་སོགས་པ་རྣམ་པར་གྲོལ་ཞིང་། མི་སོད་པ་དང་མི་ཚུགས་པ་དང་མུ་སྟེགས་ཐམས་ཅད་ལ་ཚར་གཅོད་པ་དང་ཕན་འདོགས་ནུས་ཤིང་ཐམས་ཅད་ལས་རྒྱལ་བ་དང་དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར་རོ། །དེ་ནས་སློབ་མ་དེ་བཞིན་དུ་བཅུག་ལ་སྙིང་པོ་བྱིན་ཏེ་དཀྱིལ་འཁོར་ཐམས་ཅད་དུའང་བྱའོ། །དེ་ནས་རྡོ་རྗེ་རྣོན་པོ་རྩེ་བཞི་པ་འབར་བ་བྱིན་ལ་རྡོ་རྗེ་མིང་གི་དབང་བསྐུར་བས་དབང་བསྐུར་ནས་རྡོ་རྗེའི་བརྟུལ་ཞུགས་སྦྱིན་པར་བྱ་སྟེ། འདི་ནི་གདུག་པ་འདུལ་བྱེད་པའི། །ལག་ན་རྡོ་རྗེའི་རྡོ་རྗེ་སྟེ། །མ་རུངས་ཐམས་ཅད་འདུལ་བ་


DNG012_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །དེ་ནས་དེ་བཞིན་དུ་འབྱུང་བར་བྱའོ། །རྡོ་རྗེའི་དཀྱིལ་འཁོར་རོ། །དེ་ནས་སྒྲུབ་པ་ལ་ནི་རས་ལ་བཅོམ་ལྡན་འདས་ཁྲོ་བོའི་དབང་ཕྱུག་བྱས་ལ། རྡོ་རྗེའི་དཀྱིལ་འཁོར་གྱི་ཚོགས་ཀྱང་སེམས་དཔའ་ཆེན་པོ་ཐམས་ཅད་བྱའོ། །ཕྱོགས་ཐམས་ཅད་དུ་ནི་ལྷ་ལ་སོགས་པ་དང་མ་མོ་རྣམས་བྲི་བར་བྱ་སྟེ། དེ་ནས་བསྒྲུབ་པ་ཆེན་པོ་ལ་ཡང་དེ་བཞིན་ཏེ། དེ་བཞིན་དུ་དངོས་གྲུབ་མཆོག་རྣམས་ལ་ནི་རས་ལ་བཅོམ་ལྡན་འདས་ཅི་ལྟ་བ་བཞིན་དུ་བྱས་ནས། དེའི་མདུན་དུ་ལག་པ་གཉིས་ཀྱིས་ཕྱག་རྒྱ་བཅིངས་ཏེ་བཟླས་བརྗོད་འབུམ་བྱའོ། །དེ་ནས་ཡི་གེ་ཧཱུྃ་ཙམ་གྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལས་ཐམས་ཅད་བྱེད་པར་འགྱུར་རོ། །མ་བསྒྲུབས་པར་ཡང་ལས་ཐམས་ཅད་དང་། དེ་བཞིན་དུ་ཐམས་ཅད་རྗེས་སུ་ཆགས་པར་བྱ་བ་དང་། དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དགྲོལ་བ་དང་། དབང་དུ་བྱ་བ་དང་། ལྐུགས་པར་བྱ་བ་དང་། རེངས་པར་བྱ་བ་དང་། རྨོངས་པར་བྱ་བ་དང་། གཉིད་མེད་པར་བྱ་བ་དང་། རྒྱས་གདབ་པ་དང་། ལྟུང་བ་དང་། བརྡེག་པ་དང་། གསད་པ་དང་། གསོ་བར་བྱ་བ་ལ་སོགས་པ་ཡང་ལན་ཅིག་བཟླས་པས་བྱེད་པར་འགྱུར་རོ། །ཐམས་ཅད་གསད་པ་ལ་ནི་རྡོ་རྗེ་ཁྲོ་བོ་མཐར་བྱེད་ཀྱིས་སོ། །ཐམས་ཅད་རྒྱས་གདབ་པ་ལ་ནི་ཁྲོ་བོའི་ལྟ་བའི་བཟླས་པས་སོ། །ཐམས་ཅད་གཞིག་པ་ལ་ནི་རྡོ་རྗེ་ཁྲོས་པས་གཞིག་པར་བྱའོ། །ཐམས་ཅད་ངེས་པར་གནོན་པ་ལ་ནི་རྡོ་རྗེ་དང་ཁྲོས་པས་ཕྱོགས་དེར་བརྡེག་པར་བྱའོ། །ནད་ཐམས་ཅད་དབུག་བྲལ་ནི་རྡོ་རྗེ་ཕྲ་མོ་འབིགས་བྱེད་ཀྱིས་སོ། །ཐམས་ཅད་ཀྱི་སྙིང་འབྱིན་པ་ལ་ནི་ཁྲོས་པའི་ཡིད་ཀྱིས་དབྱུང་བར་བྱའོ། །གདུག་པ་ཐམས་ཅད་ཚར་གཅད་པ་ལ་ནི་ཁྲོས་པས་རྡོ་རྗེ་བསྐོར་བར་བྱའོ། །གདུག་ཅིང་ཁྲོས་པ་དགོས་པ་ལ་མི་ཁྲོས་པས་ལྕགས་ཕྱེའི་སྦྱིན་སྲེག་གིས་སོ། །བདུད་ཐམས་ཅད་བརླག་པ་ལ་ནི་རང་གི་ས་བོན་གྱི་སྦྱིན་སྲེག་གིས་སོ། །གནོད་སྦྱིན་ཐམས་ཅད་བསྐྲད་པ་ལ་ནི་ཧ་ཧ་ཞེས་དགོད་ཅིང་བཟླས་པས་སོ། །ཀླུ་ཐམས་ཅད་གདོན་པ་ལ་ནི་རྡོ་རྗེ་ས་ལ་བརྡེབས་ཤིང་བཟླས་པས་སོ། །ལྷ་ཐམས་ཅད་ལྟུང་བར་


DNG012_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ལ་ནི་ལྷ་མོ་རྡོ་རྗེ་ལྟུང་བྱེད་ཀྱིས་སོ། །ལྷའི་བདག་པོ་ཐམས་ཅད་དབང་དུ་བྱ་བ་དང་། གདུལ་བ་དང་། བསྣུན་པ་དང་། གསོད་པ་དང་། གདུལ་བར་བྱ་བ་ལ་ནི་རྡོ་རྗེ་སྲིད་པ་གསུམ་པོ་གདུལ་བར་བྱེད་པས་སོ། །རྣམ་ཐོས་སྲས་རྗེས་སུ་འབྲང་བར་བྱ་བ་ལ་ནི་རྣམ་ཐོས་སྲས་མནན་ནས་ཁྲོས་པས་བཟླས་བརྗོད་བྱའོ། །ལུས་ངན་པོ་མནན་ནས་དཔལ་དབྲོག་པར་བྱ་བ་ལ་ནི་རྡོ་རྗེ་སྐྱེས་བུས་སོ། །འདོད་པའི་ལྷ་དབང་དུ་བྱ་བ་ལ་ནི་འདོད་པའི་ལྷའི་མདུན་དུ་ཁྲོས་པས་བཟླས་བརྗོད་བྱའོ། །ཚངས་པ་ལྟུང་བར་བྱ་བ་ལ་ནི་རྡོ་རྗེ་རབ་ཏུ་དགའ་བའི་ཕྱག་རྒྱས་སོ། །ཁྱབ་འཇུག་གཞིག་པ་ལ་ནི་རྡོ་རྗེ་འཁོར་ལོ་དྲལ་བས་སོ། །དབང་ཕྱུག་ཆེན་པོ་གདུལ་བར་བྱ་བ་ལ་ནི་རྡོ་རྗེ་ཏྲི་ཤཱུལ་དྲལ་བས་སོ། །མ་མོ་ཐམས་ཅད་གསད་པ་ལ་ནི་རྡོ་རྗེ་ཁྲོ་བོའི་ཚོགས་ཀྱི་སྲིན་མོས་སོ། །ཕྱིའི་དཀྱིལ་འཁོར་ཐམས་ཅད་ཀྱི་ཕྱག་རྒྱ་དང་དམ་ཚིག་དང་ཆོས་དང་གསང་བའི་དངོས་གྲུབ་རྣམ་པར་གཏོར་ཞིང་རྣམ་པར་གཞིག་པ་ལ་ནི་རྡོ་རྗེ་ཁྲོ་བོའི་གདུག་པའི་དམ་ཚིག་འཇིགས་པར་བྱེད་པས་སོ། །རི་དང་ཤིང་དང་ཁྱིམ་དང་གཙུག་ལག་ཁང་དང་གྲོང་ཁྱེར་དང་མཆོད་རྟེན་དང་ལྷའི་ཁང་པ་དང་། སྐྱེས་པ་དང་བུད་མེད་དང་གླང་པོ་དང་བཅས་པའི་རྟ་ལ་སོགས་པ་ཐམས་ཅད་གཞོམ་པ་ལ་ནི་རྡོ་རྗེ་ཁྲོ་བོའི་ལྟ་བས་མིག་ལ་རེག་པས་སོ། །ལྟུང་བ་ཐམས་ཅད་བསླང་བ་ལ་ནི་རྡོ་རྗེ་ཁྲོ་བོ་བསླང་བས་སོ། །ཐམས་ཅད་སྤོ་བ་ལ་ནི་རྡོ་རྗེ་ཁྲོས་པའི་རྣལ་འབྱོར་མས་སོ། །ཐམས་ཅད་དབྲོག་པ་ལ་ནི་རྡོ་རྗེ་ཁྲོ་བོའི་ཁུ་ཚུར་དང་དབྲོག་པས་སོ། །འཇིགས་པ་ཐམས་ཅད་བསྐྱེད་པ་ལ་ནི་རྡོ་རྗེ་ཁྲོ་བོའི་ལྟ་བས་སོ། །དཔུང་ཐམས་ཅད་གསད་པ་ལ་ནི་རྡོ་རྗེ་ཁྲོ་བོའི་གནོད་སྦྱིན་མོས་སོ། །གཞན་གྱི་དཔུང་ཐམས་ཅད་གཞོམ་པ་དང་གནོན་པ་དང་རྨོངས་པར་བྱ་བ་དང་ལོང་བར་བྱ་བ་དང་རྒྱས་གདབ་པ་དང་གསད་པ་ལ་ནི་རྡོ་རྗེ་ཁྲོ་བོ་མ་རུངས་པའི་སྲིན་མོས་སོ། །རྒྱལ་པོ་ལ་སོགས་པ་མི་ཆེན་པོ་ཐམས་ཅད་གསད་པ་ལ་ནི་དོང་ཀའི་ཤིང་ལ་རང་གི་ཁྲག་གིས་སྦྱིན་སྲེག་བྱས་པས་སོ། །ལྷ་ཐམས་ཅད་རྣམ་པར་གཞིག་པ་ལ་ནི་ལྷ་ཐམས་ཅད་ཀྱི་གཟུགས་བརྙན་ཕུར་བུས་གདབ་པས་སོ། །ལྷའི་བདག་པོ་ཐམས་ཅད་བསྲེག་པ་ལ་ནི་ལྷ་ཐམས་ཅད་ཀྱི་གཟུགས་བརྙན་གྱི་ལམ་ཤིང་གིས་


DNG012_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །རང་གི་ཁྲག་གི་རྒྱུན་དབབ་པས་ས་ཐམས་ཅད་ནུབ་པར་བྱ་བ་ལ་ནི་རྡོ་རྗེ་ཁྲོ་བོ་ས་འོག་གི་ཕྱག་རྒྱས་སོ། །ཁམས་གསུམ་ཐམས་ཅད་གསད་པ་ལ་ནི་རྡོ་རྗེ་འཇིགས་པའི་ཕྱག་རྒྱས་སོ། །འཇིག་རྟེན་གསུམ་པོ་ཐམས་ཅད་ལས་རྣམ་པར་རྒྱལ་བ་ལ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་མཆོག་གི་རྡོ་རྗེ་ཁྲོ་བོས་སོ། །ཁམས་གསུམ་ཐམས་ཅད་དབབ་པ་དང་དགུག་པ་དང་གཞུག་པ་དང་། དབང་དུ་བྱ་བ་དང་། ངེས་པར་གནོན་པ་ལ་ནི་རྡོ་རྗེ་སེམས་དཔའི་ཁྲོ་བོའི་ཕྱག་རྒྱས་སོ། །ཁམས་གསུམ་པོ་ཐམས་ཅད་རྗེས་སུ་ཆགས་པར་བྱ་བ་དང་དགུག་པ་དང་གཞུག་པ་དང་བཅིང་བ་དང་རྒྱས་གདབ་པ་དང་དབང་དུ་བྱ་བ་དང་གནོན་པར་བྱ་བ་དང་བསྒྲུབ་པ་ལ་ནི་བདེ་བ་ཆེན་པོའི་རྡོ་རྗེའི་དམ་ཚིག་གིས་ཁྲོ་བོས་སོ། །བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་གི་རྟོག་པའི་རྒྱལ་པོ་ཆེན་པོ་ལས་ཁམས་གསུམ་རྣམ་པར་རྒྱལ་བའི་རྡོ་རྗེ་དམ་ཚིག་ཅེས་བྱ་བའི་རྟོག་པའི་རྒྱལ་པོ་ཆེན་པོ་རྫོགས་སོ། །འཇིག་རྟེན་གསུམ་རྒྱལ་གྱི་རྟོག་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ངོ་བོ་ཉིད་དག་པའི་ཆོས་ཉིད་ཐོབ་པས་ཡང་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་སྤྱན་རས་གཟིགས་དབང་ཕྱུག་གི་ཡེ་ཤེས་ཀྱི་ཕྱག་རྒྱ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་གསུངས་ཏེ། འདོད་ཆགས་ཐམས་ཅད་རྣམ་པར་དག་པ་ཉིད་ཀྱིས་ཀྱང་འཇིག་རྟེན་ན་ཞེ་སྡང་ཐམས་ཅད་རྣམ་པར་དག་པར་འགྱུར་རོ། །དྲི་མ་ཐམས་ཅད་རྣམ་པར་དག་པ་ཉིད་ཀྱིས་འཇིག་རྟེན་ན་སྡིག་པ་ཐམས་ཅད་རྣམ་པར་དག་པར་འགྱུར་རོ། །ཆོས་ཐམས་ཅད་རྣམ་པར་དག་པས་འཇིག་རྟེན་ན་སེམས་ཅན་ཐམས་ཅད་རྣམ་པར་དག་པར་འགྱུར་རོ། །ཤེས་པ་ཐམས་ཅད་རྣམ་པར་དག་པས་འཇིག་རྟེན་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པར་འགྱུར་རོ། །ལག་ན་རྡོ་རྗེ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་ཉན་པ་དང་འཛིན་པ་དང་ཀློག་པ་དང་སྒོམ་པ་དེ་འདོད་ཆགས་དང་དྲི་མ་ཐམས་ཅད་ཀྱི་ནང་ན་འདུག་ཀྱང་པདྨོ་ལྟ་བུར་འདོད་ཆགས་ཀྱི་ཉེས་པ་རྣམས་དང་དྲི་མ་རྣམས་དང་གློ་བུར་གྱི་ཉོན་མོངས་པ་རྣམས་ཀྱིས་གོས་པར་མི་འགྱུར་ཏེ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་


DNG012_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པར་འཚང་རྒྱ་བར་ཡང་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་དོན་གྱི་གནས་འདི་ཉིད་ཡང་རྒྱ་ཆེར་སྟོན་ཅིང་བཞིན་རབ་ཏུ་འཛུམ་དམུལ་ཏེ། པདྨའི་འདབ་མ་ཁ་འབྱེད་པས་འདོད་ཆགས་ལ་སོགས་པའི་དྲི་མས་མི་གོས་པ་ལ་བལྟ་ཞིང་འགྲོ་བ་ཐམས་ཅད་ཀྱི་ཕྱིར་པདྨའི་གཟུགས་སྣ་ཚོགས་ཞེས་བྱ་བའི་སྙིང་པོ་འདི་གསུངས་སོ། །ཧྲཱྀཿ། དེ་ནས་འདི་གསུངས་པ་ཙམ་གྱིས་པདྨ་ཆེན་པོ་དེ་ལས་དེ་བཞིན་གཤེགས་པ་ལ་སོགས་པའི་གཟུགས་བརྙན་ཐམས་ཅད་བཅོམ་ལྡན་འདས་དང་འདྲ་བའི། པདྨས་མཚན་པའི་གཟུགས་ཅན་ངེས་པར་བྱུང་ནས་བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་ཕྱུག་གི་རིམ་པ་དང་པོའི་དཀྱིལ་འཁོར་གྱི་ཚུལ་དུ་བཞུགས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་ཕྱུག་ཆོས་ཐམས་ཅད་ལ་གཟིགས་པའི་ཡེ་ཤེས་ཀྱི་དབང་ཕྱུག་གི་ཡེ་ཤེས་ཀྱི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་འདི་ལ་སྙོམས་པར་ཞུགས་ནས་འགྲོ་བ་ཐམས་ཅད་འདུལ་བ་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོ་འདི་གསུངས་སོ། །ཕྱིའི་དཀྱིལ་འཁོར་ཅི་ལྟ་བའི་ནང་དུ་གཉིས་པ་ནི་ཟུར་བཞི་པ་ལ་དེ་བཞིན་དུ་སྒོ་དང་མཚམས་སུ་བཅས་པར་བྲིའོ། །དེ་ནས་དཀྱིལ་འཁོར་བརྒྱད་པའི་ཚུལ་དུ་ཐིག་བཞིས་ཐིག་བཏབ་པ་ལ་ཚོན་དམར་པོས་པདྨ་འདབ་མ་བརྒྱད་པ་བྲི་བར་བྱའོ། །དེའི་དབུས་སུ་བཅོམ་ལྡན་འདས་དགོད་པར་བྱའོ། །དེའི་མདུན་དུ་བཅོམ་ལྡན་འདས་པདྨ་ཆེན་པོ་ཆགས་པ་སྐུ་མདོག་དམར་པོ་པདྨའི་གཟུགས་འཛིན་པ། པདྨ་ཆེན་པོ་དང་མདའ་དང་གཞུ་བསྣམས་པ། གཡས་སུ་བཅོམ་ལྡན་འདས་པདྨ་ཆེན་པོའི་གཏུམ་པོའི་དབང་ཕྱུག་དབང་ཕྱུག་ཆེན་པོའི་གཟུགས་འཛིན་པ་གཞག་པར་བྱའོ། །རྒྱབ་ཏུ་པདྨ་ཆེན་པོ་ཁྱབ་འཇུག་གི་གཟུགས་འཛིན་པ་སྐུ་མདོག་ནག་པོ་གཞག་པར་བྱའོ། །གཡོན་དུ་པདྨ་ཆེན་པོ་མི་མཇེད་ཀྱི་བདག་པོ་ཚངས་པའི་གཟུགས་འཛིན་པ་སྐུ་མདོག་དཀར་པོ་གཞག་པར་བྱའོ། །གཡས་ཀྱི་མཚམས་སུ་པདྨ་ཆེན་པོས་འཛིན་པ་གཞག་པར་བྱའོ། །མཚམས་གཉིས་པར་པདྨ་ཆེན་པོ་རྒྱ་མཚོ་ཆུ་ལྷའི་གཟུགས་འཛིན་པ་གཞག་པར་བྱའོ། །གསུམ་


DNG012_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

པར་པདྨ་ཆེན་པོ་ཉི་མའི་གཟུགས་ཅན་གཞག་པར་བྱའོ། །བཞི་པར་པདྨ་ཆེན་པོ་རླུང་གི་གཟུགས་འཛིན་པ་གཞག་པར་བྱའོ། །ཕྱིའི་དཀྱིལ་འཁོར་གྱི་མཚམས་རྣམས་སུ་ཤྲཱི་ཧཱི་གཱི་དྷཱི་ལྷ་མོ་བཞི་གཞག་པར་བྱ་སྟེ་ཐམས་ཅད་ཀྱང་གཡས་ན་རང་གི་མཚན་མ་འཛིན་པ་གཡོན་པ་པདྨ་འཛིན་པར་བྱའོ། །སྒོ་རྣམས་སུ་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་མྱ་ངན་ལས་འདས་པའི་མཚན་མ་རྣམས་གཞག་པར་བྱ་སྟེ་འདི་ལྟ་སྟེ་བུད་མེད་ཀྱི་གཟུགས་དང་སྦྲུལ་གྱི་གཟུགས་དང་། ཕག་གི་གཟུགས་དང་། པདྨའི་གཟུགས་ཞེས་བྱའོ། །དེ་ནས་གོས་དཀར་པོ་བགོས་ཏེ་གོས་དཀར་པོས་གདོང་གཡོགས་ལ། པདྨ་ཆེན་པོའི་ཕྱག་རྒྱ་ཆེན་པོ་མེ་ཏོག་དང་བཅས་པ་བཅིངས་ཏེ་ཞུགས་ལ་མེ་ཏོག་དོར་བར་བྱ་སྟེ་གང་དུ་བབས་པ་དེ་ངེས་བསྒྲུབ་པར་བྱའོ། །དེ་ནས་པདྨ་བླངས་ལ་པདྨའི་མིང་གིས་དབང་བསྐུར་བས་དབང་བསྐུར་ལ་འདི་སྐད་ཅེས་བརྗོད་པར་བྱ་ཞིང་། པདྨའི་འདབ་མ་ལ་བལྟ་བར་བྱ་སྟེ། ཅི་ལྟར་པདྨ་དམར་པོ་འདི། །ཚོན་གྱི་ཉེས་པས་མི་གོས་ཏེ། །འདམ་གྱི་ནང་ན་དག་པ་ལྟར། །འདོད་ཆགས་ཞེ་སྡང་སོགས་དེ་བཞིན། །དེ་ལྟར་ཆོས་རྣམས་བསྒོམས་ན་ནི། །བློ་ལྡན་ཉོན་མོངས་བཅས་གྱུར་ཀྱང་། །ཉོན་མོངས་ཀུན་ལས་རྣམ་གྲོལ་ནས། །མྱུར་དུ་སངས་རྒྱས་ཉིད་འཐོབ་འགྱུར། །ཞེས་བྱ་བའི་ཏིང་ངེ་འཛིན་འདི་ལ་གཟིགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་ཕྱུག་ཉིད་ཐོབ་པར་འགྱུར་ཏེ། དེ་ནས་བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་ཕྱུག་ཅེས་མཚན་བཏགས་སོ། །དེ་ནས་བརྩམས་ཏེ་བདག་ཉིད་ཀྱི་དངོས་པོ་ཐམས་ཅད་ཤིན་ཏུ་ཡོངས་སུ་དག་པ་དང་བཀྲ་ཤིས་ཤིང་དངོས་གྲུབ་ཐམས་ཅད་བྱང་ཆུབ་ཀྱི་སྙིང་པོའི་བར་དུ་རྗེས་སུ་མྱོང་བར་འགྱུར་ཞིང་། མྱུར་དུ་སངས་རྒྱས་ཉིད་ཐོབ་པར་འགྱུར་ཏེ། སློབ་མ་གཞུག་པའི་ཆོ་ག་རྒྱས་པ་ཡང་དེ་བཞིན་ནོ། །ཡེ་ཤེས་ཀྱི་དཀྱིལ་འཁོར་རོ། །བསྒྲུབ་པ་ལ་ནི་དེ་བཞིན་དུ་རས་ཀྱི་རི་མོ་གཉིས་ཀྱིས་དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར་རོ། །དེ་ནས་མ་བསྒྲུབས་ཀྱང་ཐམས་ཅད་རྗེས་སུ་ཆགས་པར་བྱ་བ་ལ་ནི་པདྨ་ལ་ལན་སྟོང་བཟླས་ཏེ་སྦྱིན་པར་བྱའོ། །ཐམས་ཅད་གསད་པ་ལ་ནི་པདྨ་ཆེན་པོའི་ཁྲོ་


DNG012_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

བོའི་ཕྱག་རྒྱས་སོ། །ཐམས་ཅད་རྨོངས་པར་བྱ་བ་ལ་ནི་པདྨ་ཆེན་པོ་ཕག་གིས་སོ། །ཉོན་མོངས་པ་ཐམས་ཅད་རྣམ་པར་དག་པར་བྱ་བ་ལ་ནི་པདྨ་ཆེན་པོ་རྣམ་པར་གཟིགས་པའི་ཏིང་ངེ་འཛིན་གྱི་ཕྱག་རྒྱས་སོ། །ས་ཐམས་ཅད་ཀྱི་བདག་པོ་ཉིད་དུ་བྱ་བ་ལ་ནི་ས་ལ་སྐྱིལ་མོ་ཀྲུང་བཅས་པས་བཟླས་བརྗོད་འབུམ་བྱས་ནས་མཐར་མཚན་མོ་ཐོག་ཐག་བཟླས་བརྗོད་བྱའོ། །ཆུ་ཐམས་ཅད་དབབ་པ་ལ་ནི་ཀླུ་བྲིས་ནས་དེའི་སྟེང་དུ་འདུག་སྟེ་བཟླས་བརྗོད་འབུམ་བྱའོ། །ཐམས་ཅད་སྣང་བར་བྱ་བ་ལ་ནི་མུན་པར་ཉི་མ་ཆེན་པོའི་འོད་ཀྱིས་སོ། །རླུང་ཐམས་ཅད་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་དབང་དུ་བྱ་བ་ལ་ནི། པདྨ་ཆེན་པོ་རླུང་གི་མཆོག་གིས་སོ། །བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་གི་རྟོག་པའི་རྒྱལ་པོ་ཆེན་པོ་ལས། ཉོན་མོངས་པ་ཐམས་ཅད་རྣམ་པར་དག་པའི་དམ་ཚིག་ཅེས་བྱ་བའི་རྟོག་པའི་རྒྱལ་པོ་ཆེན་པོ་རྫོགས་སོ། །འགྲོ་བ་འདུལ་བའི་རྟོག་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཁམས་གསུམ་ཐམས་ཅད་ཀྱི་དབང་པོས་ཡང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བ་ལས་བྱུང་བ། ཡེ་ཤེས་ཀྱི་སྙིང་པོ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་བཤད་དེ། དབང་བསྐུར་བ་སྦྱིན་པ་ནི་ཁམས་གསུམ་ཐམས་ཅད་ཀྱི་རྒྱལ་སྲིད་ཐོབ་པར་འགྱུར་རོ། །ནོར་སྦྱིན་པ་ནི་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། །ཆོས་སྦྱིན་པ་ནི་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ཐོབ་པར་འགྱུར་རོ། །ཟང་ཟིང་སྦྱིན་པ་ནི་ལུས་དང་ངག་དང་། སེམས་ཀྱི་བདེ་བ་ཐམས་ཅད་ཐོབ་པར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོ་བཞིན་རབ་ཏུ་འཛུམ་པ་དང་བཅས་ཏེ། རང་གི་མགོ་ལ་རྡོ་རྗེ་རིན་པོ་ཆེས་དབང་བསྐུར་བའི་ཕྲེང་བ་འཆིང་ཞིང་དོན་ཡོད་པ་འདི་ཉིད་རྒྱ་ཆེར་སྟོན་ཏེ། དབང་བསྐུར་བ་ཐམས་ཅད་ཀྱི་དམ་ཚིག་རིན་པོ་ཆེ་ཞེས་བྱ་བའི་སྙིང་པོ་འདི་སྨྲས་སོ། །ཏྲཱཾ། དེ་ནས་འདི་གསུངས་པ་ཙམ་གྱིས་བཅོམ་ལྡན་འདས་ཀྱི་རིན་པོ་ཆེ་དེ་ལས་ཐམས་ཅད་དབང་བསྐུར་བ་ལ་སོགས་པ་ཡོ་བྱད་དང་གཏེར་ཐམས་ཅད་བྱུང་སྟེ། བཅོམ་ལྡན་འདས་དང་


DNG012_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་དཀྱིལ་འཁོར་གྱི་ཚུལ་གྱིས་བྱང་ཆུབ་སེམས་དཔའི་གཟུགས་ཉིད་ཀྱིས་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ནམ་མཁའི་སྙིང་པོ་དབང་བསྐུར་བ་ཐམས་ཅད་ཀྱི་རིན་པོ་ཆེ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ། ནོར་བུ་རིན་པོ་ཆེའི་དམ་ཚིག་ཅེས་བྱ་བའི་དཀྱིལ་འཁོར་འདི་གསུངས་སོ། །ཕྱིའི་དཀྱིལ་འཁོར་ནི་དང་པོའི་དཀྱིལ་འཁོར་གྱི་ཚུལ་དུ་བྱས་པའི་ནང་དུ་རིན་པོ་ཆེ་ཟུར་བརྒྱད་པ་རིན་པོ་ཆེའི་ཀ་བ་བརྒྱད་ལ་གནས་པ་དཀྱིལ་འཁོར་བརྒྱད་པའི་ཚུལ་ལས། རིན་པོ་ཆེའི་ལྕུག་མས་ཡོངས་སུ་བསྐོར་བ་རྡོ་རྗེ་རིན་པོ་ཆེའི་ར་བ་དང་ལྕོག་དང་། མེ་ཏོག་གི་ཕྲེང་བ་དང་བ་དན་དང་གདུགས་དང་རྔ་ཡབ་ཀྱིས་ཉེ་བར་མཛེས་པ་བྲི་བར་བྱའོ། །དེའི་དབུས་སུ་བཅོམ་ལྡན་འདས་རྟའི་ཁྲི་ལ་བཞུགས་པ་དབང་བསྐུར་བའི་ཕྲེང་བ་རང་ཉིད་འཆིང་བར་མཛད་ཅིང་ཞལ་རྣམ་པར་བཞད་པ་མརྒད་ཀྱི་མདོག་ཅན་གཞག་པར་བྱའོ། །དེའི་མདུན་དུ་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བའི་རིན་པོ་ཆེ་ཞེས་བྱ་བ་རྡོ་རྗེ་རིན་པོ་ཆེའི་ཅོད་པན་འཛིན་པ་གཞག་པར་བྱའོ། །གཡས་སུ་རིན་པོ་ཆེ་ཆེན་པོའི་ནོར་སྦྱིན་པ་དབྱིག་གི་གཏེར་འཛིན་པ་གཞག་པར་བྱའོ། །རྒྱབ་ཏུ་ཆོས་ཆེན་པོའི་རིན་པོ་ཆེའི་གླེགས་བམ་འཛིན་པ་གཞག་པར་བྱའོ། །གཡོན་དུ་རིན་པོ་ཆེ་ཆེན་པོ་རོ་མྱོང་བ་ཟས་དང་སྐོམ་ཐམས་ཅད་འཛིན་པ་གཞག་པར་བྱའོ། །མཚམས་རྣམས་སུ་མཆོད་པའི་ལྷ་མོ་རྣམས་རིན་པོ་ཆེའི་གདུགས་དང་རྒྱལ་མཚན་དང་རྔ་དང་སྲོག་ཤིང་རྣམས་འཛིན་པ་གཞག་པར་བྱའོ། །ཕྱི་རོལ་གྱི་མཚམས་སུ་བུམ་པ་གང་བ་རྣམས་སོ། །སྒོ་རྣམས་སུ་ནི་དབང་བསྐུར་བ་ལ་སོགས་པའི་མཚན་མ་རྣམས་གཞག་པར་བྱའོ། །ཕྱི་རོལ་དུ་ནི་གདུགས་དང་རྒྱལ་མཚན་དང་བ་དན་དང་བླ་རེ་རྣམས་ཀྱིས་ཀུན་དུ་ཁྱབ་པར་བྱའོ། །དེ་ནས་དེ་བཞིན་དུ་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱ་འཛིན་པས་ཞུགས་ནས། དེ་ནས་བརྩམས་ཏེ་ནོར་ཐམས་ཅད་འགྲུབ་པ་ལ་སོགས་པའི་དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར་རོ། །དེ་ནས་ཞུགས་ནས་ཀྱང་དབང་བསྐུར་བའི་ཕྲེང་བ་བཅིངས་ཏེ། རིན་པོ་ཆེ་


DNG012_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

བླངས་ནས་རིན་པོ་ཆེའི་མིང་གི་དབང་བསྐུར་བས་དབང་བསྐུར་ལ་སྦྱིན་པ་ཐམས་ཅད་ཕུལ་ནས་སླར་དབྱུང་བར་བྱའོ། །སློབ་མ་གཞུག་པའི་ཆོ་ག་རྒྱས་པ་ཡང་དེ་བཞིན་ནོ། །རྡོ་རྗེ་རིན་པོ་ཆེའི་དཀྱིལ་འཁོར་རོ། །སྒྲུབ་པ་དང་དངོས་གྲུབ་རྣམས་ཀྱང་དེ་བཞིན་ནོ། །དེ་ནས་མ་བསྒྲུབས་པར་ཡང་དབང་བསྐུར་བ་ཐམས་ཅད་ཐོབ་པ་ལ་ནི་རྡོ་རྗེ་རིན་པོ་ཆེའི་དབང་བསྐུར་བའི་ཕྲེང་བས་སོ། །བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པ་ལ་ནི་ཉིན་རེ་ཞིང་ཉི་མ་འཆར་ཀར་བཟླས་བརྗོད་དཔག་ཏུ་མེད་པ་བྱས་པས་སོ། །ཆོས་ཐམས་ཅད་ཀྱི་དོན་ཤེས་པ་ལ་ནི་དྲི་མ་མེད་པའི་ནམ་མཁའ་ལ་བལྟ་ཞིང་བཟླས་བརྗོད་བྱའོ། །ཟས་དང་སྐོམ་ཐམས་ཅད་ལ་སོགས་པ་དང་། རོ་ཐམས་ཅད་ཐོབ་པར་བྱ་བ་ལ་ནི་ནམ་མཁའ་ལས་ཡིད་ལ་འདོད་པ་བཞིན་དུ་ཉིན་རེ་ཞིང་། བཅོམ་ལྡན་འདས་ཀྱིས་བཟླས་བརྗོད་སྟོང་བྱས་པས་སོ། །ཤིན་ཏུ་མཐོན་པོ་ཐོབ་པར་བྱ་བ་ལ་ནི་གདུགས་བཟུང་ནས་བཟླས་བརྗོད་འབུམ་བྱའོ། །རྣམ་པར་རྒྱལ་བ་ཆེན་པོ་ཐོབ་པ་ལ་ནི།རིན་ཆེན་རྒྱལ་མཚན་མཆོག་གིས་སོ། །གྲགས་པ་དང་སྙན་པ་ཆེན་པོ་དང་། མིང་ཐོབ་པར་བྱ་བ་ལ་ནི་ཉིན་རེ་ཞིང་ཁ་ཐམས་ཅད་དུ་བལྟས་ནས་བཟླས་བརྗོད་བྱའོ། །བདག་པོ་ཆེན་པོ་ཐོབ་པ་ལ་ནི་རིན་པོ་ཆེའི་སྲོག་ཤིང་གི་ཕྱག་རྒྱས་སོ། །བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་གི་རྟོག་པའི་རྒྱལ་པོ་ཆེན་པོ་ལས། དབང་བསྐུར་བ་ཐམས་ཅད་ཀྱི་རིན་པོ་ཆེའི་དམ་ཚིག་ཅེས་བྱ་བའི་རྟོག་པའི་རྒྱལ་པོ་ཆེན་པོ་རྫོགས་སོ། །རིན་པོ་ཆེའི་རིགས་ཀྱི་རྟོག་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱ་ཐོབ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་འཛིན་པ། དེ་བཞིན་གཤེགས་པ་རྟག་པས་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱའི་བྱིན་གྱིས་རློབ་པ་རྡོ་རྗེ་ཞེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་བཤད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་ཕྱག་རྒྱ་ཡོངས་སུ་འཛིན་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཉིད་དུ་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་ཕྱག་རྒྱ་ཡོངས་སུ་འཛིན་པ་ནི་ཆོས་ཐམས་ཅད་ཐོབ་པར་


DNG012_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་ཕྱག་རྒྱ་ཡོངས་སུ་འཛིན་པ་ནི་ཏིང་ངེ་འཛིན་ཐམས་ཅད་ཐོབ་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་ཕྱག་རྒྱ་ཡོངས་སུ་འཛིན་པ་ནི་ལུས་དང་ངག་དང་སེམས་ཐམས་ཅད་རྡོ་རྗེར་རྡོ་རྗེའི་དངོས་གྲུབ་དམ་པ་ཐོབ་པར་འགྱུར་རོ། །སུ་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་ཉན་པ་དང་། འཆང་བ་དང་ཀློག་པ་དང་ལུང་དབོག་པ་དང་སྒོམ་པ་དེས་དངོས་གྲུབ་ཐམས་ཅད་དང་ཕུན་སུམ་ཚོགས་པ་ཐམས་ཅད་དང་ཤེས་པ་ཐམས་ཅད་དང་དགོས་པ་ཐམས་ཅད་དང་ལུས་དང་ངག་དང་སེམས་ཐམས་ཅད་རྡོ་རྗེར་རྡོ་རྗེའི་དངོས་གྲུབ་དམ་པ་ཐོབ་ནས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་ཁུ་ཚུར་དམ་ཚིག་ཆེན་པོའི་རྡོ་རྗེའི་ཕྱག་རྒྱ་ཡོངས་སུ་འཛིན་པས་དོན་གྱི་གནས་འདི་རྒྱ་ཆེར་སྟོན་ཏེ། བཞིན་རབ་ཏུ་འཛུམ་ཞིང་རྡོ་རྗེ་སྲ་བའི་ཕྱག་རྒྱ་ཐམས་ཅད་ཀྱི་དངོས་གྲུབ་ཀྱི་དམ་ཚིག་ཅེས་བྱ་བའི་སྙིང་པོ་འདི་གསུངས་སོ། །ཨཿ། དེ་ནས་འདི་གསུངས་པ་ཙམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ལ་སོགས་པ་སེམས་ཅན་ཐམས་ཅད་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་ཕྱག་རྒྱ་ཐམས་ཅད་ཀྱིས་རྡོ་རྗེ་སེམས་དཔའ་ཉིད་དུ་དེ་བཞིན་གཤེགས་པ་ཐམས་ཅད་ལ་སོགས་པ་དངོས་གྲུབ་མཆོག་གི་རྒྱུས་རྒྱས་གདབ་བོ། །བཅོམ་ལྡན་འདས་རྡོ་རྗེ་ཁུ་ཚུར་གྱིས་ཀྱང་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཐམས་ཅད་ལས་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཕྱག་རྒྱ་ཐམས་ཅད་ཀྱི་དམ་ཚིག་གི་སེམས་དཔའ་ཕྱུང་ནས་ཀྱང་། དང་པོའི་དཀྱིལ་འཁོར་གྱི་ཚུལ་གྱིས་བཞུགས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྡོ་རྗེ་ཁུ་ཚུར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཕྱག་རྒྱ་ཐམས་ཅད་ཀྱི་རྡོ་རྗེ་དམ་ཚིག་ཅེས་བྱ་བའི་དཀྱིལ་འཁོར་ཆེན་པོ་འདི་གསུངས་སོ། །ཕྱི་ཡི་དཀྱིལ་འཁོར་དང་པོའི་སྦྱོར་བས་བྲིས་ལ། ནང་དུ་རྡོ་རྗེའི་ཐིག་གིས་འཁོར་ལོ་བྲིའོ། །དེ་བཞིན་དུ་དེའི་དབུས་སུ་དཀྱིལ་འཁོར་བརྒྱད་


DNG012_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཐིག་བཏབ་ལ། དབུས་སུ་བཅོམ་ལྡན་འདས་རྡོ་རྗེ་ཁུ་ཚུར་ཕྱག་གཉིས་དམ་ཚིག་གི་ཕྱག་རྒྱ་བཅིངས་པ། ཞལ་རྣམ་པར་བཞད་པ་གཞག་པར་བྱའོ། །དེའི་མདུན་དུ་རྡོ་རྗེའི་སྐུའི་མཆོག་ཅེས་བྱ་བ་རྡོ་རྗེ་བསྙེམས་པར་འཛིན་པའོ། །གཡས་སུ་རྡོ་རྗེ་ལྗགས་ཞེས་བྱ་བ་རྡོ་རྗེ་ལྕེའི་མཆོག་འཛིན་པའོ། །རྒྱབ་ཏུ་ཏིང་ངེ་འཛིན་རྡོ་རྗེ་ཞེས་བྱ་བ་རྡོ་རྗེ་འཛིན་པའོ། །གཡོན་དུ་རྡོ་རྗེ་རྡོ་རྗེ་ཞེས་བྱ་བ་བསྙེམས་པར་འཛིན་པའོ། །ཤར་ལྷོའི་མཚམས་སུ་ཕྱག་རྒྱའི་ཁུ་ཚུར་ཞེས་བྱ་བ་དང་། གཉིས་པ་ལ་ནི་ནོར་གྱི་ཁུ་ཚུར་ཞེས་བྱ་བ་དང་། གསུམ་པ་ལ་ནི་ཆོས་ཀྱི་ཁུ་ཚུར་ཞེས་བྱ་བ་དང་། བཞི་པ་ལ་ནི་ལས་ཀྱི་ཁུ་ཚུར་ཞེས་བྱ་བ་དང་། རང་གི་ཕྱག་རྒྱ་དང་ཕྱག་མཚན་ཡང་འཛིན་པར་བྱའོ། །སྒོ་རྣམས་སུ་ནི་རྡོ་རྗེ་བསྙེམས་མ་ལ་སོགས་པའི་ཕྱག་རྒྱའི་ལྷ་མོ་རྣམས་བྲི་བར་བྱའོ། །དེ་ནས་དམ་ཚིག་གི་ཕྱག་རྒྱ་ཡོངས་སུ་བཟུང་ལ་རང་ཉིད་ཞུགས་ནས་ཕྱག་རྒྱ་ཐམས་ཅད་ཀྱི་སློབ་དཔོན་དུ་འགྱུར་རོ། །དེ་ནས་བརྩམས་ཏེ་དངོས་གྲུབ་ཐམས་ཅད་དོན་ཡོད་པས་ཐོབ་པར་འགྱུར་རོ། །ཕྱག་རྒྱ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་དབང་ཕྱུག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མྱུར་བ་མྱུར་བར་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །དེར་ཞུགས་ནས་ཕྱག་རྒྱ་བཅིངས་པ་བཅོམ་ལྡན་འདས་ལས་བསླབ་པར་བྱ་ཞིང་། རྡོ་རྗེ་མིང་གི་དབང་བསྐུར་བས་དབང་བསྐུར་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི། །གཟུགས་བརྙན་ལྟ་བུར་སྦྱོར་བ་ཡིས། །ཕྱག་རྒྱ་ཀུན་ཞེས་བྱ་བར་བསྒྲགས། །དམ་ཚིག་དངོས་གྲུབ་ཀུན་སྟེར་བའོ། །སློབ་མ་གཞུག་པ་ཡང་དེ་བཞིན་ནོ། །ཕྱག་རྒྱ་ཐམས་ཅད་ཀྱི་དཀྱིལ་འཁོར་རོ། །སྒྲུབ་པ་དང་དངོས་གྲུབ་རྣམས་ཀྱང་དེ་བཞིན་ནོ། །དེ་ནས་མ་བསྒྲུབས་པའི་ལས་རྣམས་ཀྱང་དེ་བཞིན་ནོ། །ཕྱག་རྒྱ་ཐམས་ཅད་བཅིང་བ་བསྒྲུབ་པ་ལ་ནི་སྙིང་གར་རྡོ་རྗེ་ཁུ་ཚུར་གྱིས་སོ། །ཕྱག་རྒྱ་ཐམས་ཅད་བསྒྲུབ་པ་ལ་ནི་རྡོ་རྗེ་ཆེན་པོའི་ཁུ་ཚུར་གྱིས་སོ། །དམ་ཚིག་ཐམས་ཅད་བསྒྲུབ་པ་ལ་ནི་རྡོ་རྗེ་འདོད་པའི་ཁུ་ཚུར་གྱིས་སོ། །སེམས་ཅན་ཐམས་ཅད་རྗེས་སུ་ཆགས་པར་བྱ་བ་ལ་ནི་རྡོ་རྗེ་ཆགས་པ་ཆེན་པོའི་ཁུ་ཚུར་གྱིས་སོ། །ཐམས་ཅད་


DNG012_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དུ་བྱ་བ་ལ་ནི་རྡོ་རྗེ་བཞད་པའི་ཁུ་ཚུར་གྱིས་སོ། །ཐམས་ཅད་བཅིང་བ་ལ་ནི་རྡོ་རྗེ་བསྡམས་པའི་ཁུ་ཚུར་གྱིས་སོ། །ཐམས་ཅད་བསྡམ་པར་བྱ་བ་ལ་ནི་རྡོ་རྗེ་ལུ་གུ་རྒྱུད་ཀྱི་ཁུ་ཚུར་གྱིས་སོ། །ཐམས་ཅད་ལྐུགས་པར་བྱ་བ་ལ་ནི་རྡོ་རྗེ་ཞལ་ཞལ་གྱི་ཁུ་ཚུར་གྱིས་སོ། །ཐམས་ཅད་བཙིར་བ་ལ་ནི་རྡོ་རྗེ་བསྡམས་པའི་ཁུ་ཚུར་གྱིས་སོ། །ཐམས་ཅད་གསད་པ་ལ་ནི་རྡོ་རྗེ་ཁྲོ་བོའི་ཁུ་ཚུར་གྱིས་སོ། །ཐམས་ཅད་བཟའ་བ་ལ་ནི་རྡོ་རྗེ་གནོད་སྦྱིན་གྱི་ཁུ་ཚུར་གྱིས་སོ། །ཐམས་ཅད་གཞིག་པ་ལ་ནི་རྡོ་རྗེ་ངེས་པར་བཙིར་བའི་ཁུ་ཚུར་གྱིས་སོ། །ཐམས་ཅད་དྲལ་བ་ལ་ནི་རྡོ་རྗེ་དྲལ་བའི་ཁུ་ཚུར་གྱིས་སོ། །ཐམས་ཅད་དབབ་པ་ལ་ནི་རྡོ་རྗེ་འབེབས་པའི་ཁུ་ཚུར་གྱིས་སོ། །ཐམས་ཅད་གར་བྱེད་དུ་གཞུག་པ་ལ་ནི་རྡོ་རྗེ་གར་གྱི་ཁུ་ཚུར་གྱིས་སོ། །ཐམས་ཅད་སྨྲར་གཞུག་པ་ལ་ནི་རྡོ་རྗེ་བརྡུང་བའི་ཁུ་ཚུར་གྱིས་སོ། །ཐམས་ཅད་རེངས་པར་བྱ་བ་ལ་ནི་རྡོ་རྗེ་དམིགས་པའི་ཁུ་ཚུར་གྱིས་སོ། །གཞན་གྱི་དཔུང་ཐམས་ཅད་ལྐུགས་པ་དང་འཕྱེ་བོར་བྱ་བ་ལ་ནི་རྡོ་རྗེ་ཆེན་པོ་འཕྱེ་བོའི་ཁུ་ཚུར་གྱིས་སོ། །ཕྱག་རྒྱ་ཐམས་ཅད་དགྲོལ་བ་ལ་ནི་རྡོ་རྗེ་ཐར་པའི་ཁུ་ཚུར་གྱིས་སོ། །རྡོ་རྗེ་མཁའ་འགྲོ་མ་ཐམས་ཅད་ཀྱི་ཕྱག་རྒྱ་གཞིག་པ་ལ་ནི་རྡོ་རྗེ་ཧཱུྃ་མཛད་ཀྱི་རྡོ་རྗེ་ཁུ་ཚུར་གྱིས་སོ། །གདུག་པ་ཐམས་ཅད་ཀྱི་ཕྱག་རྒྱ་དབྱེ་བ་ལ་ནི་ཧཱུྃ་མཛད་ཀྱི་རྡོ་རྗེ་ཁུ་ཚུར་གྱིས་སོ། །ཕྱག་རྒྱ་ཐམས་ཅད་བཅིང་བ་ལ་ནི་རྡོ་རྗེ་ཁུ་ཚུར་གྱིས་སོ། །ཕྱག་རྒྱ་ཐམས་ཅད་རྡོ་རྗེར་བྱ་བ་ལ་ནི་རྡོ་རྗེ་ཁུ་ཚུར་གྱིས་སོ། །ཐམས་ཅད་རྒྱས་གདབ་པ་ལ་ནི་རྡོ་རྗེ་མ་མོའི་ཁུ་ཚུར་གྱིས་སོ། །ཐམས་ཅད་ཕྱེ་མར་བྱ་བ་ལ་ནི་རྡོ་རྗེ་བཟང་པོའི་ཁུ་ཚུར་གྱིས་སོ། །ཐམས་ཅད་རྣམ་པར་གཞིག་པར་བྱ་བ་ལ་ནི་རྡོ་རྗེ་གདུག་པའི་ཁུ་ཚུར་གྱིས་སོ། །ཐམས་ཅད་གཞིག་པ་དང་རྣམ་པར་གཞོམ་པ་ལ་ནི་དབང་པོའི་རྡོ་རྗེ་ཁུ་ཚུར་གྱིས་སོ། །ཆུའི་ནང་དུ་གནས་ཤིང་ཆགས་པ་ལ་ནི་རྡོ་རྗེ་རྣོན་པོའི་ཁུ་ཚུར་གྱིས་སོ། །གཟུགས་མང་པོར་སྟོན་པ་ལ་ནི་རྡོ་རྗེ་སྣ་ཚོགས་པའི་རྡོ་རྗེ་ཁུ་ཚུར་གྱིས་སོ། །མི་སྣང་བའི་དངོས་གྲུབ་ལ་ནི་མི་སྣང་བའི་རྡོ་རྗེ་ཁུ་ཚུར་གྱིས་སོ། །རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་རྣམས་འབྱུང་བ་ལ་ནི་རྡོ་རྗེ་ནམ་མཁའི་ཁུ་ཚུར་གྱིས་སོ། །ནམ་མཁའ་ལ་འགྲོ་བའི་དངོས་གྲུབ་


DNG012_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ནི་རྡོ་རྗེ་བསྡམས་པའི་ཁུ་ཚུར་གྱིས་སོ། །རིག་པ་འཛིན་པའི་དངོས་གྲུབ་ལ་ནི་རྡོ་རྗེ་རལ་གྲིའི་ཁུ་ཚུར་གྱིས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པའི་དངོས་གྲུབ་ལ་ནི་རྡོ་རྗེ་ལས་ཀྱི་ཁུ་ཚུར་གྱིས་སོ། །ཐམས་ཅད་མཁྱེན་པ་གྲུབ་པ་ལ་ནི་རྡོ་རྗེ་ཡེ་ཤེས་ཀྱི་ཁུ་ཚུར་གྱིས་སོ། །ནོར་ཐམས་ཅད་ཀྱི་དངོས་གྲུབ་ལ་ནི་རྡོ་རྗེ་ནོར་གྱི་ཁུ་ཚུར་གྱིས་སོ། །ཕྱག་རྒྱ་ཐམས་ཅད་ཀྱི་བདག་པོ་ཉིད་ལ་ནི་རྡོ་རྗེ་ཕྱག་རྒྱའི་ཁུ་ཚུར་གྱིས་སོ། །ལས་ཐམས་ཅད་ཀྱི་དངོས་གྲུབ་ལ་ནི་རྡོ་རྗེ་ཐམས་ཅད་ཀྱི་ཁུ་ཚུར་གྱིས་སོ། །དཀྱིལ་འཁོར་ཐམས་ཅད་གྲུབ་པ་ལ་ནི་རྡོ་རྗེ་འཛིན་པའི་ཁུ་ཚུར་གྱིས་སོ།། །།རང་ཉིད་འདས་པ་དང་མ་འོངས་པ་དང་ད་ལྟར་གྱི་དངོས་གྲུབ་རྣམས་སྟོན་པ་ལ་ནི་རྡོ་རྗེ་ལྕགས་ཀྱུའི་མཆོག་གི་ཁུ་ཚུར་གྱིས་སོ། །རྡོ་རྗེ་འཛིན་པ་ཉིད་ལ་ནི་རྡོ་རྗེ་བསྙེམས་པའི་ཁུ་ཚུར་གྱིས་སོ། །སངས་རྒྱས་ཉིད་ལ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་ཁུ་ཚུར་གྱིས་སོ། །བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་གི་རྟོག་པའི་རྒྱལ་པོ་ཆེན་པོ་ལས། ཕྱག་རྒྱ་ཐམས་ཅད་ཀྱི་ཁུ་ཚུར་གྱི་དམ་ཚིག་ཅེས་བྱ་བ་རྟོག་པའི་རྒྱལ་པོ་ཆེན་པོ་རྫོགས་སོ། །ཁུ་ཚུར་གྱི་རྟོག་པའོ།། །།དེ་ནས་བཅོམ་ལྡན་འདས་ཆོས་ཐམས་ཅད་སྤྲོས་པ་མེད་པའི་དེ་བཞིན་གཤེགས་པས་ཡང་འཁོར་ལོ་ལྟར་ཡི་གེ་བསྐོར་བ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་བཤད་དོ། །ངོ་བོ་ཉིད་མེད་པའི་ཚུལ་གྱིས་ཆོས་ཐམས་ཅད་སྟོང་པའོ། །མཚན་མ་མེད་པའི་ཚུལ་གྱིས་ཆོས་ཐམས་ཅད་མཚན་མ་མེད་པའོ། །སྨོན་པ་མེད་པའི་ཚུལ་གྱིས་ཆོས་ཐམས་ཅད་སྨོན་པ་མེད་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པས་ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བའོ། །དེ་ནས་བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པས་དོན་འདི་ཉིད་རྒྱ་ཆེར་སྟོན་ཏེ། བཞིན་འཛུམ་བཞིན་དུ་རལ་གྲི་དེས་དེ་བཞིན་གཤེགས་པ་ཐམས་ཅད་ལ་འདེབས་ཤིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་མཆོག་འདི་གསུངས་སོ། །ཨ། དེ་ནས་འདི་གསུངས་པ་ཙམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་འདུས་པར་མཛད་ནས། དང་པོའི་དཀྱིལ་འཁོར་གྱི་ཚུལ་གྱིས་བཞུགས་སོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་ཆོས་ཐམས་ཅད་ངོ་


DNG012_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

བོ་ཉིད་མེད་པས་སྤྲོས་པ་མེད་པའི་རལ་གྲི་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འཁོར་ལོ་ལྟར་ཡི་གེ་བསྐོར་བ་ཞེས་བྱ་བའི་དཀྱིལ་འཁོར་འདི་གསུངས་སོ། །ཕྱིའི་དཀྱིལ་འཁོར་ཅི་ལྟ་བའི་ནང་དུ་འཁོར་ལོ་བྲིས་ལ། ཨ་ལ་སོགས་པའི་ཡི་གེའི་ཕྲེང་བ་གོ་རིམས་བཞིན་དུ་བྲི་བར་བྱའོ། །དེ་ནས་དཀྱིལ་འཁོར་བརྒྱད་པའི་ཚུལ་གྱིས་ཐིག་བཏབ་ལ། དེའི་ལྟེ་བ་ལ་བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུ་གཞོན་ནུའི་ཆ་ལུགས་འཆང་ཞིང་འཛུམ་པ་དང་བཅས་པ་ནམ་མཁའི་མདོག་ཅན་ཕྱག་བཞི་དང་རལ་གྲིས་དེ་བཞིན་གཤེགས་པ་ཐམས་ཅད་ལ་འདེབས་པ་གཞག་པར་བྱའོ། །དེའི་མདུན་ལ་སོགས་པར་དེ་བཞིན་གཤེགས་པའི་སྐུ་རྣམས་གཞག་པར་བྱའོ། །ཕྱིའི་མཚམས་རྣམས་སུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཞི་ལུང་ཇི་ལྟར་ཐོབ་པ་བཞིན་དུ་གཞག་པར་བྱའོ། །སྒོ་རྣམས་སུ་ནི་མཚན་མ་བཞི་གཞག་པར་བྱའོ། །འདི་ལྟ་སྟེ་རལ་གྲི་དང་མདུང་དང་ལྷུང་བཟེད་དང་གླེགས་བམ་རྣམས་སོ། །དེ་ནས་རལ་གྲི་དང་གླེགས་བམ་གྱི་ཕྱག་རྒྱ་དེ་བཞིན་དུ་ཆོས་ཀྱི་སློབ་དཔོན་དུ་བྱིན་གྱིས་བརླབ་བོ། །དེ་ནས་རལ་གྲི་བླངས་ཏེ་རལ་གྲིའི་མིང་གིས་དབང་བསྐུར་བས་དབང་བསྐུར་ལ་འདི་སྐད་ཅེས་ཆོས་འདི་བཤད་པར་བྱ་སྟེ། རལ་གྲི་འདི་ནི་རྟག་ཟུང་ལ། །ཤེས་རབ་ཚུལ་འདི་དཀར་སྨྲ་ཞིང་། །ནམ་མཁར་སངས་རྒྱས་སྦྱོར་བ་ཡིས། །འདེབས་ན་མྱུར་དུ་འགྲུབ་པར་འགྱུར། །སངས་རྒྱས་བསྟན་པ་བསྲུང་ཕྱིར་དང་། །སེམས་ཅན་མང་པོ་བསྲུང་བའི་ཕྱིར། །འདིས་བསད་སྡིག་པར་མི་འགྱུར་ཞིང་། །བསོད་ནམས་དག་ཀྱང་ཐོབ་པར་འགྱུར། །སློབ་མ་རྣམས་ལའང་དེ་བཞིན་ཏེ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའི་དངོས་གྲུབ་རྣམས་ཀྱིས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཆོས་ཀྱི་དཀྱིལ་འཁོར་རོ། །སྒྲུབ་པ་ཡང་དེ་བཞིན་ནོ། །མ་བསྒྲུབས་པར་ཡང་དེ་བཞིན་དུ་ལས་རྣམས་འགྲུབ་པར་འགྱུར་བ་ནི། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཐོབ་པ་ལ་ནི་ཐམས་ཅད་ནམ་མཁར་བསྒོམས་པས་སོ། །མཚན་མ་མེད་པའི་ཏིང་ངེ་འཛིན་ཐོབ་པ་


DNG012_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ནི་མཚན་མ་དང་བྲལ་བའི་ཏིང་ངེ་འཛིན་བསྒོམས་པས་སོ། །སྨོན་པ་མེད་པའི་ཏིང་ངེ་འཛིན་ཐོབ་པ་ལ་ནི་སྨོན་པ་མེད་པ་བསྒོམས་པས་སོ། །རང་བཞིན་གྱིས་འོད་གསལ་བ་ཆོས་ཀྱི་ཡེ་ཤེས་ཐོབ་པ་ལ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པས་སོ། །ཉོན་མོངས་པ་ཐམས་ཅད་གཅོད་པ་ལ་ནི་ཆོས་བསྒོམས་པས་སོ། །ཡི་གེ་ཐམས་ཅད་ཀྱི་ངེས་པའི་ཚིག་གི་ཡེ་ཤེས་ལ་ནི་སྤྲོས་པ་མེད་པའི་ཡེ་ཤེས་བསྒོམས་པས་སོ། །གནས་ཐམས་ཅད་དུ་ཡི་གེས་ཆོས་ཀྱི་བྱ་བ་མཐོང་བ་ལ་ནི་ཨ་ལ་སོགས་པའི་ཡི་གེའི་ངོ་བོ་ཉིད་བསྒོམས་པས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཐོབ་པ་ལ་ནི་རྡོ་རྗེའི་རལ་གྲིའི་ཕྱག་རྒྱས་སོ། །བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་གི་རྟོག་པའི་རྒྱལ་པོ་ཆེན་པོ་ལས། འཁོར་ལོ་ཆེན་པོ་ལྷར་ཡི་གེ་བསྐོར་བའི་དམ་ཚིག་ཅེས་བྱ་བ་རྟོག་པའི་རྒྱལ་པོ་ཆེན་པོ་རྫོགས་སོ། །འཇམ་དཔལ་གྱི་རྟོག་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོའི་ནང་དུ་འདུས་པའི་དེ་བཞིན་གཤེགས་པས་ཡང་འཁོར་ལོ་ཆེན་པོ་ལ་འཇུག་པ་ཞེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་བཤད་དོ། །རྡོ་རྗེ་མཉམ་པ་ཉིད་ལ་འཇུག་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོ་ལ་འཇུག་པར་འགྱུར་རོ། །དོན་གྱི་མཉམ་པ་ཉིད་ལ་འཇུག་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཁོར་ལོ་ལ་འཇུག་པར་འགྱུར་རོ། །ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ལ་འཇུག་པ་ནི་དམ་པའི་ཆོས་ཀྱི་འཁོར་ལོ་ལ་འཇུག་པར་འགྱུར་རོ། །ཐམས་ཅད་ཀྱི་མཉམ་པ་ཉིད་ལ་འཇུག་པ་ནི་འཁོར་ལོ་ཐམས་ཅད་ལ་འཇུག་པར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ཆོས་ཉིད་ཀྱི་དོན་འདི་རྒྱ་ཆེར་སྟོན་ཅིང་། བཞིན་རབ་ཏུ་འཛུམ་ནས་རྡོ་རྗེའི་འཁོར་ལོ་བསྐོར་ཞིང་རྡོ་རྗེ་འཁོར་ལོ་ཐམས་ཅད་ལ་འཇུག་པའི་དམ་ཚིག་ཅེས་བྱ་བའི་སྙིང་པོ་འདི་སྨྲས་སོ། །ཧཱུྃ། དེ་ནས་འདི་གསུངས་པ་ཙམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ཅན་ཁམས་གསུམ་དུ་གཏོགས་པའི་སེམས་ཅན་ཐམས་ཅད་དཀྱིལ་འཁོར་ཐམས་ཅད་དུ་ཞུགས་ནས། བཅོམ་ལྡན་འདས་ཀྱི་ཐུགས་ལས་དཀྱིལ་འཁོར་


DNG012_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱི་དམ་ཚིག་གི་སེམས་དཔའ་རྣམས་ངེས་པར་བྱུང་ནས་དཀྱིལ་འཁོར་གྱི་ཚུལ་གྱིས་ཅི་ལྟ་བ་བཞིན་དུ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྡོ་རྗེ་ཁྲོ་བོའི་འཁོར་ལོ་ཐམས་ཅད་ལ་རབ་ཏུ་འཇུག་པའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དཀྱིལ་འཁོར་ཆེན་པོ་ཐམས་ཅད་དུ་འཇུག་པའི་དམ་ཚིག་ཅེས་བྱ་བའི་འཁོར་ལོའི་དཀྱིལ་འཁོར་འདི་གསུངས་སོ། །ཕྱིའི་དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་བྱས་ཏེ། ནང་གི་དཀྱིལ་འཁོར་དུ་རྡོ་རྗེ་འཁོར་ལོ་བྲིས་ལ། དབུས་སུ་རྡོ་རྗེའི་འཁོར་ལོ་བསྐོར་བ་གཞག་པར་བྱའོ། །ཕྱག་ན་རྡོ་རྗེ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་རྣམ་པ་ཐམས་ཅད་དུ་དཀྱིལ་འཁོར་དང་པོའི་ཚུལ་དུ་གཞག་པར་བྱའོ། །ཕྱིའི་མཚམས་རྣམས་སུ་རྡོ་རྗེའི་རིགས་ཀྱི་དཀྱིལ་འཁོར་བཞི་བྲི་བར་བྱའོ། །སྒོ་རྣམས་སུ་མཚན་མ་བཞི་གཞག་པར་བྱ་སྟེ་འདི་ལྟ་སྟེ། རྡོ་རྗེ་སེམས་དཔའི་སྐུ་དང་རྡོ་རྗེ་ཁྲོ་བོའི་སྐུ་དང་སྤྱན་རས་གཟིགས་དབང་ཕྱུག་གི་སྐུ་དང་ནམ་མཁའི་སྙིང་པོའི་སྐུ་རྣམས་སོ། །དེ་ནས་རྡོ་རྗེ་འཁོར་ལོའི་ཕྱག་རྒྱས་ཇི་ལྟ་བ་བཞིན་དུ་དཀྱིལ་འཁོར་ཐམས་ཅད་དུ་སངས་རྒྱས་ཉིད་དང་། རྡོ་རྗེ་འཛིན་པ་ཉིད་དུ་འགྲུབ་པར་འགྱུར་རོ། །དེ་ནས་འཁོར་ལོ་བླངས་ལ་འཁོར་ལོའི་མིང་གི་དབང་བསྐུར་བ་བླང་བར་བྱ་ཞིང་། གསང་བའི་དཀྱིལ་འཁོར་བཞིའི་ཐིག་བཏབ་པའི་རིགས་རྣམས་སུ་འཇུག་པར་བྱའོ། །སློབ་མ་གཞུག་པ་ཡང་དེ་བཞིན་ནོ། །རྡོ་རྗེ་འཁོར་ལོའི་དཀྱིལ་འཁོར་རོ། །སྒྲུབ་པ་ཡང་དེ་བཞིན་ནོ། །མ་བསྒྲུབས་པར་ཡང་དཀྱིལ་འཁོར་ཐམས་ཅད་དུ་འཇུག་པ་ལ་ནི་རྡོ་རྗེ་འཁོར་ལོས་ཏེ། རང་གི་ཁར་བཅུག་ལ་གཞག་པར་བྱའོ། །དཀྱིལ་འཁོར་ཆེན་པོར་འཇུག་པ་ལ་ནི་རྡོ་རྗེ་འཁོར་ལོ་ཆེན་པོས་སོ། །དེ་བཞིན་དུ་ཕྱག་རྒྱའི་དཀྱིལ་འཁོར་དུ་འཇུག་པ་ལ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོའི་ཕྱག་རྒྱས་སོ། །དེ་བཞིན་དུ་དམ་ཚིག་གི་དཀྱིལ་འཁོར་དུ་འཇུག་པ་ལ་ནི་དམ་ཚིག་ཆེན་པོའི་འཁོར་ལོས་སོ། །ལས་ཀྱི་དཀྱིལ་འཁོར་དུ་འཇུག་པ་ལ་ནི་རྡོ་རྗེ་ཐམས་ཅད་ཀྱི་འཁོར་ལོས་སོ། །དེ་བཞིན་དུ་རྗེས་སུ་ཆགས་པར་བྱ་བ་དང་དབང་དུ་བྱ་བ་དང་དོན་ཐོབ་པ་དང་རྒྱས་གདབ་པ་དང་གཅད་པ་དང་


DNG012_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པ་དང་མཆོད་པ་དང་གདུག་པ་འདུལ་བའི་ལས་རྣམས་ལ་ནི་སེམས་དཔའ་ཆེན་པོ་བརྒྱད་ཀྱི་ཕྱག་རྒྱ་གཡོན་ན་འཁོར་ལོ་དང་བཅས་པ་རྣམས་ཀྱིས་སོ། །བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་གི་རྟོག་པའི་རྒྱལ་པོ་ཆེན་པོ་ལས། དཀྱིལ་འཁོར་ཐམས་ཅད་ཀྱི་རྡོ་རྗེའི་དམ་ཚིག་ཅེས་བྱ་བ་རྟོག་པའི་རྒྱལ་པོ་ཆེན་པོ་རྫོགས་སོ། །རྡོ་རྗེ་འཁོར་ལོའི་རྟོག་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་ཐམས་ཅད་ཀྱི་ཆོ་ག་རྒྱས་པ་སྣོད་ཀྱི་མཆོད་པ་ཐམས་ཅད་ཀྱི་མཆོག་ཅེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་བཤད་དོ། །བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཉིད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ཆོ་ག་རྒྱས་པའོ། །སེམས་ཅན་གྱི་ཁམས་ཐམས་ཅད་ཡོངས་སུ་སྐྱོབ་པ་ཉིད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ཆོ་ག་རྒྱས་པའོ། །དམ་པའི་ཆོས་ཡོངས་སུ་འཛིན་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ཆོ་ག་རྒྱས་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡི་གེར་འདྲི་བ་དང་ཡི་གེར་འདྲིར་འཇུག་པ་དང་འཛིན་པ་དང་ཀློག་པ་དང་རྗོད་པ་དང་སྟོན་པ་དང་མཉན་པ་དང་སེམས་པ་དང་སྒོམ་པ་དང་མཆོད་པ་བྱེད་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ཆོ་ག་རྒྱས་པའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་མཛོད་དོན་དེ་ཉིད་རྒྱ་ཆེར་སྟོན་ཏེ། བཞིན་རབ་ཏུ་འཛུམ་ཞིང་ལས་ཐམས་ཅད་དོན་ཡོད་པའི་དམ་ཚིག་ཅེས་བྱ་བའི་སྙིང་པོ་འདི་སྨྲས་སོ། །ཨོཾ། དེ་ནས་འདི་གསུངས་པ་ཙམ་གྱིས་ནམ་མཁའ་ཐམས་ཅད་ལས་མཆོད་པ་ཐམས་ཅད་ཀྱི་ཆོ་ག་རྒྱས་པ་ནམ་མཁའི་ཁམས་མ་ལུས་པར་སྤྲོས་པར་གྱུར་ནས། བཅོམ་ལྡན་འདས་ནམ་མཁའི་མཛོད་ཀྱི་བྱང་ཆུབ་སེམས་དཔའི་ཚུལ་གྱིས་དཀྱིལ་འཁོར་ཆེན་པོའི་ཚུལ་དུ་བཞུགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་ནམ་མཁའི་མཛོད་མཆོད་པ་ཐམས་ཅད་ཀྱི་ཆོ་ག་རྒྱས་པར་བྱིན་གྱིས་རློབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྡོ་རྗེའི་མཆོད་པའི་མཆོག་དོན་ཡོད་པའི་དམ་ཚིག་ཅེས་བྱ་བའི་དཀྱིལ་འཁོར་འདི་གསུངས་སོ། །ཕྱིའི་དཀྱིལ་འཁོར་ཅི་ལྟ་བ་དེ་བཞིན་དུ་ནང་དུ་རིན་པོ་ཆེའི་ཀ་བ་བརྒྱད་བྱས་ལ་


DNG012_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་སུ་བཅོམ་ལྡན་འདས་མཚོན་ཆ་སྣ་ཚོགས་འཛིན་པ། ཞལ་འཛུམ་པ་སྐུ་དང་ཡན་ལག་ཟླ་བའི་མདོག་ལ་སོགས་པའི་ཁ་དོག་ལྔ་པའི་མདོག་ཅན་གཞག་པར་བྱའོ། །དེའི་ཕྱོགས་ཐམས་ཅད་དུ་དམ་ཚིག་སེམས་དཔའ་རྣམས་གཞག་པར་བྱའོ། །འདི་ལྟ་སྟེ་ཕྱག་ན་རྡོ་རྗེ་དང་འཇིག་རྟེན་དབང་ཕྱུག་ལ་སོགས་པ་བྱང་ཆུབ་སེམས་དཔའ་བརྒྱད་པོ་བྱང་ཆུབ་ཀྱི་སེམས་དང་ཏིང་ངེ་འཛིན་དང་དབང་བསྐུར་བ་དང་ཕྱག་རྒྱ་ཡོངས་སུ་འཛིན་པ་དང་སྟོང་པ་ཉིད་དུ་སྨྲ་བ་དང་དཀྱིལ་འཁོར་འདྲི་བ་དང་མཆོད་པ་ཐམས་ཅད་དང་སེམས་ཅན་ཐམས་ཅད་ཡོངས་སུ་སྐྱོབ་པ་ནི་བླ་ན་མེད་པའི་མཆོད་པའི་ཆོ་ག་རྒྱས་པ་ཕྱག་ན་འཛིན་པའི་ཚུལ་གྱིས་ཅི་ལྟ་བ་བཞིན་དུ་གཞག་གོ། །ཕྱིའི་མཚམས་རྣམས་སུ་ནི་མེ་ཏོག་ལ་སོགས་པ་རྣམས་དང་། སྒོ་རྣམས་སུ་ནི་དབྱིག་དང་གསེར་དང་མུ་ཏིག་དང་རིན་པོ་ཆེ་སྟེ་མཚན་མ་བཞི་གཞག་པར་བྱའོ། །དེ་ནས་དེ་བཞིན་དུ་རྡོ་རྗེ་ཐམས་ཅད་ཀྱིས་མཆོད་པ་ཐམས་ཅད་འཐོབ་པར་འགྱུར་རོ། །ཞུགས་ནས་སྣ་ཚོགས་རྡོ་རྗེ་བླངས་ལ་སྣ་ཚོགས་རྡོ་རྗེའི་མིང་གིས་དབང་བསྐུར་བས་དབང་བསྐུར་ནས་མཆོད་པ་རྣམ་པ་བཞི་བྱས་ཏེ། འདི་ལྟ་སྟེ་ལུས་ཀྱི་ལས་ཐམས་ཅད་དང་ཕྱག་བྱ་བ་དང་ངག་དང་ཡིད་དང་སེམས་ཀྱིས་ཆོས་ཀྱི་དབྱིངས་སུ་སྤྲོས་པས་མཆོད་པའི་ཆོ་ག་རྒྱས་པ་ཐམས་ཅད་ཀྱིས་མཆོད་པར་བྱ་ཞིང་རྡོ་རྗེ་དང་ཕྱག་རྒྱས་མཆོད་པ་གཅིག་ཏུ་བྱས་པའོ། །སློབ་མ་རྣམས་ཀྱི་གཞུག་པའི་ལས་ཀྱང་དེ་བཞིན་ནོ། །ལས་ཀྱི་དཀྱིལ་འཁོར་རོ། །དེ་ནས་སྒྲུབ་པ་དང་དངོས་གྲུབ་དག་ཀྱང་དེ་བཞིན་ནོ། །དེ་ནས་མ་བསྒྲུབས་པར་ཡང་བྱང་ཆུབ་ཀྱི་སེམས་ཀྱི་མཆོད་པ་ལ་ནི་རང་གི་སྙིང་གར་རྡོ་རྗེ་བསྒོམས་པས་སོ། །ཏིང་ངེ་འཛིན་གྱི་མཆོད་པ་ལ་ནི་ཐམས་ཅད་དག་པར་བསྒོམས་པས་སོ། །དབང་བསྐུར་བའི་མཆོད་པ་ལ་ནི་རྡོ་རྗེ་དབང་བསྐུར་བ་སྣ་ཚོགས་ཀྱིས་སོ། །ཕྱག་རྒྱའི་མཆོད་པ་ལ་ནི་སྣ་ཚོགས་རྡོ་རྗེ་ཐམས་ཅད་ཀྱིས་སོ། །སྟོང་པ་ཉིད་ཀྱི་མཆོད་པ་ལ་ནི་ཨ་ལ་སོགས་པའི་ཡི་གེའི་ལུང་བསྟན་པས་སོ། །དཀྱིལ་འཁོར་གྱི་མཆོད་པ་ལ་ནི་རྡོ་རྗེ་འཁོར་ལོ་སྣ་ཚོགས་ཀྱིས་སོ། །མཆོད་པ་ཐམས་ཅད་ལ་ནི་སྣ་ཚོགས་རྡོ་རྗེས་སོ། །གདུག་པ་འདུལ་བའི་མཆོད་པ་ལ་ནི་ཁྲོ་བོས་སོ། །མེ་ཏོག་ལ་སོགས་པ་དོར་བ་ལ་ནི་བཟླས་


DNG012_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

པས་སོ། །བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་གི་རྟོག་པའི་རྒྱལ་པོ་ཆེན་པོ་ལས། སྣ་ཚོགས་རྡོ་རྗེ་དོན་ཡོད་པའི་དམ་ཚིག་ཅེས་བྱ་བའི་རྟོག་པའི་རྒྱལ་པོ་ཆེན་པོ་རྫོགས་སོ། །ནམ་མཁའི་མཛོད་ཀྱི་རྟོག་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གདུག་པ་ཐམས་ཅད་འདུལ་ནུས་པས་ཡང་། ཡེ་ཤེས་ཀྱི་ཁུ་ཚུར་ཡོངས་སུ་འཛིན་པས་སེམས་ཅན་ཐམས་ཅད་འདུལ་བ་ཡེ་ཤེས་ཀྱི་སྙིང་པོ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་བཤད་དོ། །སེམས་ཅན་ཐམས་ཅད་མཉམ་པ་ཉིད་པས་ཁྲོ་བོ་མཉམ་པ་ཉིད་དོ། །སེམས་ཅན་ཐམས་ཅད་དུལ་བ་ཉིད་པས་ཁྲོ་བོ་དུལ་བ་ཉིད་དོ། །སེམས་ཅན་ཐམས་ཅད་ཆོས་ཉིད་པས་ཁྲོ་བོ་ཆོས་ཉིད་དོ། །སེམས་ཅན་ཐམས་ཅད་རྡོ་རྗེ་ཉིད་པས་ཁྲོ་བོ་རྡོ་རྗེ་ཉིད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སེམས་ཅན་ཐམས་ཅད་འདུལ་བ་ནི་བྱང་ཆུབ་བོ། །དེ་ནས་བྱང་ཆུབ་སེམས་དཔའ་བདུད་ཀྱི་སྟོབས་ཐམས་ཅད་རབ་ཏུ་འཇོམས་པས་དོན་དེ་ཉིད་རྒྱ་ཆེར་སྟོན་ཏེ། བཞིན་རབ་ཏུ་འཛུམ་ཞིང་རྡོ་རྗེ་མཆེ་བའི་ཕྱག་རྒྱ་དང་། རྡོ་རྗེ་གནོད་སྦྱིན་གྱི་གཟུགས་ཀྱིས་རྡོ་རྗེ་ཁྲོ་བོའི་གད་མོ་ཞེས་བྱ་བའི་སྙིང་པོ་འདི་སྨྲས་སོ། །ཧ། དེ་ནས་འདི་གསུངས་པ་ཙམ་གྱིས་གདུག་པ་ཐམས་ཅད་འདུལ་བའི་སེམས་དཔའ་རྣམས་བཅོམ་ལྡན་འདས་རྡོ་རྗེ་གནོད་སྦྱིན་གྱི་ཐུགས་ལས་བྱུང་སྟེ། དང་པོའི་དཀྱིལ་འཁོར་གྱི་ཚུལ་དུ་བཞུགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེ་གནོད་སྦྱིན་ཐབས་ཐམས་ཅད་ཀྱིས་འདུལ་བ་ཁྲོ་བོའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། གདུག་པ་ཐམས་ཅད་འདུལ་ཞིང་བྱིན་གྱིས་རློབ་པ་རྡོ་རྗེ་ཞེས་བྱ་བའི་གནོད་སྦྱིན་གྱི་དཀྱིལ་འཁོར་འདི་གསུངས་སོ། །ཕྱི་ཡི་དཀྱིལ་འཁོར་ཚུལ་དུ་ནི། །ཕྱི་ཡི་དཀྱིལ་འཁོར་བྲི་བར་བྱ། །དེ་ཡི་ནང་རིམ་ཉིད་དུ་ནི། །དཀྱིལ་འཁོར་བཟང་པོ་གྲུ་བཞི་པ། །སྒོ་བཞི་པ་ལ་ཐིག་བཞིར་ལྡན། །ཚོན་སྣ་ལྔས་ནི་རྣམ་པར་བྲི། །ཀ་བ་བརྒྱད་ནི་མདུན་གནས་པར། །འབར་བའི་དཀྱིལ་འཁོར་ཡང་དག་ལྡན། །དེ་ཡི་དབུས་སུ་ཅི་རིགས་པར། །རྡོ་རྗེ་གནོད་སྦྱིན་གཞག་བྱ་སྟེ། །རྡོ་རྗེ་མཆེ་བ་གཙིགས་པ་དང་། །འབར་བའི་ཕྲེང་བ་འཁྲིགས་པའི་འོད། །འཇིགས་བྱེད་ཁ་དོག་སྔོ་བ་དང་། །ཧ་ཧ་ཞེས་


DNG012_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

བཞད་གསལ་བའི་ཞལ། །དེ་ཡི་ཀུན་དུ་གནོད་སྦྱིན་ནི། །ཤིན་ཏུ་འཇིགས་པ་གཞག་པར་བྱ། །དེ་ཉིད་དང་པོ་ལ་སོགས་མཆོག །ཕྱག་ན་རྡོ་རྗེ་སོགས་མཚན་འཆང་། །ཕྱི་ཡི་དཀྱིལ་འཁོར་མཚམས་རྣམས་སུ། །མཆེ་བའི་ཕྱག་རྒྱ་བྲི་བར་བྱ། །སྒོ་ཡི་གནས་ནི་ཐམས་ཅད་དུ། །རྡོ་རྗེའི་མཚན་མ་གཞག་པར་བྱ། །དེ་ནས་འཇུག་པ་ལ་སོགས་པ་འབྱུང་སྟེ། རྡོ་རྗེ་མཆེ་བའི་ཕྱག་རྒྱ་དང་། ཧ་ཧ་ཞེས་བཞད་པ་དང་བཅས་པས་ཞུགས་ན་གདུག་པ་ཐམས་ཅད་འདུལ་ནུས་ཤིང་མྱུར་དུ་རྡོ་རྗེ་འཛིན་པ་ཉིད་ཐོབ་པར་འགྱུར་རོ། །དེ་ནས་ཞུགས་ནས་རྡོ་རྗེ་མཆེ་བ་བླངས་ནས་རྡོ་རྗེ་མིང་གི་དབང་བསྐུར་ལ་རྡོ་རྗེས་རྡོ་རྗེ་གནོད་སྦྱིན་ཉིད་ལ་བསྣུན་ནོ། །དེ་ནས་རྡོ་རྗེ་གནོད་སྦྱིན་གྱི་ཞལ་ནས་ཧ་ཧ་ཞེས་བྱ་བའི་སྒྲ་འབྱུང་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་སྲུང་བ་པོ་གནོད་སྦྱིན་གྱི་བདག་པོ་ཕྱག་ན་རྡོ་རྗེ་གཏུམ་པོར་བདག་གྲུབ་པ་ཡིན་ནོ་ཞེས་ཤེས་པར་བྱའོ། །དེ་ནས་ཕྱག་རྒྱ་ཐམས་ཅད་བཅིང་བར་བྱ་ཞིང་བསྒྲུབ་པར་བྱའོ། །དེ་ནས་མཆོད་ལ་དེ་བཞིན་དུ་ཡང་དག་པར་ཚིམ་པར་བྱས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་ལན་ཅིག་བརྗོད་ལ་སླར་དབྱུང་བར་བྱའོ། །དེ་བཞིན་དུ་ཕྱག་རྒྱ་བཅིང་བ་ལ་སོགས་པའི་ཆོ་ག་རྒྱས་པ་ནི་དང་པོ་ལ་སོགས་པའི་དཀྱིལ་འཁོར་ཐམས་ཅད་དུ་བྱའོ། །ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་རོ། །སྒྲུབ་པ་དང་དངོས་གྲུབ་ཀྱང་དེ་བཞིན་ནོ། །མ་བསྒྲུབས་པར་ཡང་དང་པོ་ཅི་ལྟ་བ་བཞིན་ནོ། །གདུག་པ་ཐམས་ཅད་འདུལ་བ་ལ་ནི་རྡོ་རྗེ་མཆེ་བའི་ཕྱག་རྒྱས་སོ། །སེམས་ཅན་ཐམས་ཅད་གདུལ་བ་ལ་ནི་ཁྲོ་བས་ཧ་ཧ་ཞེས་དགོད་ཅིང་འདུལ་བས་སོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་འདོད་ཆགས་དང་བྲལ་བ་ལས་ལྟུང་བར་བྱ་བ་ལ་ནི་ཆོས་གོས་དང་སྣམ་སྦྱར་གྱི་སྦྱིན་སྲེག་གིས་སོ། །དབང་བསྐུར་བ་ཐམས་ཅད་དབྲོག་པ་ལ་ནི་ཁམས་ཐམས་ཅད་ཀྱི་ཕྱེ་མའི་སྦྱིན་སྲེག་གིས་སོ། །ཐམས་ཅད་རྒྱས་གདབ་པ་ལ་ནི་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱས་སོ། །ཐམས་ཅད་བཅད་པ་ལ་ནི་གཟུགས་བརྙན་བྱས་ནས་གཏུབ་པས་སོ། །མ་རུངས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་རྣམ་པར་གཞིག་པ་ལ་ནི་རྡོ་རྗེ་བཟུང་ནས་འཇུག་པར་བྱའོ། །མཆོད་པ་


DNG012_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་རྣམ་པར་གཞིག་པ་ལ་ནི་ཁྲོས་ནས་བཟླས་བརྗོད་བྱའོ། །ཐམས་ཅད་སྐྲག་པར་བྱ་བ་ལ་ནི་འཇིགས་བྱེད་ཀྱི་ལྟ་བས་བལྟ་བར་བྱའོ། །བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་གི་རྟོག་པའི་རྒྱལ་པོ་ཆེན་པོ་ལས། རྡོ་རྗེ་དམ་ཚིག་ཅེས་བྱ་བའི་རྟོག་པའི་རྒྱལ་པོ་ཆེན་པོ་རྫོགས་སོ། །རྡོ་རྗེ་གནོད་སྦྱིན་གྱི་རྟོག་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ལ་གནས་པས་ཡང་ཆོས་ཐམས་ཅད་ཀྱི་མཆོག་ཅེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་བཤད་དོ། །ཆོས་ཐམས་ཅད་མཉམ་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་དོ། །ཐམས་ཅད་དོན་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དོན་ཉིད་དོ། །ཐམས་ཅད་ཆོས་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་ཉིད་དོ། །ཐམས་ཅད་ལས་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉིད་དུ་རིག་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེ་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དོན་ཡོད་པའི་དམ་ཚིག་གི་དཀྱིལ་འཁོར་བྱིན་གྱིས་རློབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དོན་ཡོད་པ་ཐམས་ཅད་ཀྱི་དམ་ཚིག་ཅེས་བྱ་བའི་སྙིང་པོ་འདི་སྨྲས་སོ། །ཧཱུྃ། དེ་ནས་འདི་གསུངས་པ་ཙམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ལ་སོགས་པ་དཀྱིལ་འཁོར་ཐམས་ཅད་ཐུགས་ལས་བྱུང་སྟེ། དམ་ཚིག་གི་དེ་ཁོ་ན་ཉིད་ཀྱི་རྡོ་རྗེའི་དཀྱིལ་འཁོར་ཆེན་པོ་དེར་ཞུགས་པར་གྱུར་ཏོ། །དེ་ནས་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་ངེས་པར་བཏུད་དེ། དམ་ཚིག་ཆེན་པོའི་དཀྱིལ་འཁོར་འདི་གསུངས་སོ། །དཀྱིལ་འཁོར་ཆེན་པོ་བྲིས་ལ། དཀྱིལ་འཁོར་གྱི་གནས་བརྒྱད་དུ་རྡོ་རྗེ་ཁམས་གསུམ་རྣམ་པར་རྒྱལ་བ་ལ་སོགས་པའི་དཀྱིལ་འཁོར་སོ་སོར་གཞག་གོ། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དམ་ཚིག་ཐམས་ཅད་ཀྱི་རྡོ་རྗེ་བྱིན་གྱིས་རློབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དམ་ཚིག་ཐམས་ཅད་ཀྱི་རྡོ་རྗེ་ཞེས་བྱ་བའི་དཀྱིལ་འཁོར་འདི་གསུངས་སོ། །དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ཕྱིའི་དཀྱིལ་འཁོར་བྲིས་ལ། དེའི་དབུས་སུ་རྡོ་རྗེའི་འཁོར་ལོ་བྲིས་ནས། འཁོར་ལོའི་གནས་རྣམས་སུ་


DNG012_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་ཆེན་པོ་ལ་སོགས་པ་བྲི་བར་བྱའོ། །ཐམས་ཅད་ཀྱང་དཀྱིལ་འཁོར་བརྒྱད་པའི་ཐིག་བཏབ་ཅིང་། སེམས་དཔའ་ཆེན་པོ་གཞག་པར་བྱའོ། །ཕྱིའི་དཀྱིལ་འཁོར་དུ་ཕྱི་རོལ་གྱི་རྡོ་རྗེའི་རིགས་ཅི་ལྟར་རྗེས་སུ་མཐུན་པར་བྲི་བར་བྱའོ། །སྒོ་རྣམས་སུ་ནི་རིགས་བཞིའི་མཚན་མ་རྣམས་གཞག་པར་བྱའོ། །དེ་ནས་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་ཀྱི་རྡོ་རྗེའི་དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་དཀྱིལ་འཁོར་གྱི་ཆོ་ག་ཐམས་ཅད་རྒྱས་པར་བྱའོ། །དམ་ཚིག་ཆེན་པོའི་རྡོ་རྗེའི་དེ་ཁོ་ན་ཉིད་ཀྱི་དམ་ཚིག་ཅེས་བྱ་བའི་རྟོག་པའི་རྒྱལ་པོ་ཆེན་པོ་ལས། བདེ་བ་ཐམས་ཅད་ཀྱི་དམ་ཚིག་ཅེས་བྱ་བའི་རྟོག་པའི་རྒྱལ་པོ་ཆེན་པོ་རྫོགས་སོ། །རིགས་བསྡུས་པའི་རྟོག་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་རྣམ་པར་སྣང་མཛད་ཀྱིས་ཡང་སེམས་ཅན་ཐམས་ཅད་བྱིན་གྱིས་རློབ་པ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་བཤད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོ་ཐམས་ཅད་ཀྱི་རང་བཞིན་ཡིན་པས་སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ། །ཐམས་ཅད་རྡོ་རྗེའི་སྙིང་པོས་དབང་བསྐུར་བ་ཉིད་པས། སེམས་ཅན་ཐམས་ཅད་ནི་རྡོ་རྗེའི་སྙིང་པོ་ཅན་ནོ། །ངག་ཐམས་ཅད་རབ་ཏུ་བྱུང་བས་སེམས་ཅན་ཐམས་ཅད་ནི་ཆོས་ཀྱི་སྙིང་པོ་ཅན་ནོ། །སེམས་ཅན་ཐམས་ཅད་ཀྱི་བྱ་བ་བྱེད་པ་ལ་སྦྱོར་བས་སེམས་ཅན་ཐམས་ཅད་ནི་ལས་ཀྱི་སྙིང་པོ་ཅན་ནོ། །དེ་ནས་ཕྱི་རོལ་གྱི་རྡོ་རྗེའི་རིགས་རྣམས་ཀྱིས་ཅ་ཅོའི་སྒྲ་ཕྱུང་ནས། ཆོས་ཉིད་ཀྱི་དོན་རྒྱ་ཆེར་སྟོན་ཅིང་སྙིང་པོ་ཕུལ་ཏེ། དེ་ནས་རྡོ་རྗེའི་དབང་ཕྱུག་ཆེན་པོས་རང་གི་དེ་ཁོ་ན་ཉིད་ཀྱི་སྙིང་པོ་འདི་ཕུལ་ལོ། །ཏྲི། དེ་ནས་དཀྱིལ་འཁོར་བཤད་པར་བྱ་སྟེ། ཀུན་ནས་ཟླུམ་པོ་ཐིག་གསུམ་པ་དཀྱིལ་འཁོར་ཆེན་པོ་སྒོ་བཞི་པ། མཚམས་རྣམས་སུ་མདུང་རྩེ་གསུམ་པ་བྲི་བར་བྱའོ། །དེའི་དབུས་སུ་དབང་ཕྱུག་ཆེན་པོ་བྲི་བར་བྱའོ། །དེའི་ལོགས་ཐམས་ཅད་དུ་ཚོགས་བརྒྱད་པོ་བྲི་བར་བྱ་སྟེ། འདི་ལྟ་སྟེ་ནག་པོ་ཆེན་པོ་དང་། དགའ་བྱེད་དབང་ཕྱུག་དང་། དྲིལ་ཆེན་དང་། གར་གྱི་དབང་ཕྱུག་རྣམས་ནི་ཕྱོགས་རྣམས་སུའོ། །མཚམས་རྣམས་སུ་ནི་ཐོད་པ་བཟང་པོ་དང་། གཏུམ་


DNG012_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་དབང་ཕྱུག་དང་། ལག་ན་ཁ་ཊྭཱྃ་ག་དང་། བ་གླང་རྣ་བའི་དབང་ཕྱུག་གོ། །ཐིག་གི་མཚམས་རྣམས་སུ་ནི། མ་མོའི་ཚོགས་ཐམས་ཅད་གནས་ཇི་ལྟ་བ་བཞིན་དུ་བྲི་བར་བྱའོ། །སྒོ་རྣམས་སུ་ནི་དབྱུག་པའི་དབང་ཕྱུག་དང་། མགོའི་དབང་ཕྱུག་དང་། དྲིལ་རྣ་དང་། དྲག་པོ་ཆེན་པོའོ། །ཕྱི་རོལ་དུ་ནི་འབྱུང་པོ་རྣམས་དང་། ཡི་གེ་རྣམས་བྲི་བར་བྱའོ། །དེ་ནས་སློབ་དཔོན་ཐལ་བ་གཙང་མས་ལུས་བསྐུས་ཤིང་གོས་གཙང་མ་བགོས་ཏེ། མདུང་རྩེ་གསུམ་གྱི་མཚན་མ་གཞག་པར་བྱའོ། །ཞུགས་ནས་ཀྱང་སྙིང་པོ་བཟླས་པར་བྱའོ། །དེ་ནས་སློབ་མ་དེ་བཞིན་དུ་བཅུག་ལ་ལག་པར་མདུང་རྩེ་གསུམ་པ་བྱིན་ནས་ཆོས་བཤད་པར་བྱའོ། །སེམས་ཅན་ཀུན་ལ་ཕན་ཕྱིར་དང་། །བསྟན་པ་ཐམས་ཅད་བསྲུང་ཕྱིར་དང་། །འདོད་ཀུན་བདག་པོ་ཉིད་ཀྱི་ཕྱིར། །དྲག་པོའི་ལས་ལ་གནས་པར་གྱིས། །དེ་ནས་ཕྱག་རྒྱའི་ཡེ་ཤེས་བསླབས་ཏེ་གཏོར་མ་སྦྱིན་པར་བྱའོ། །དེ་ནས་བརྩམས་ཏེ་འཇིགས་པ་མེད་པར་དངོས་གྲུབ་ཐམས་ཅད་དང་། ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་བདེ་བ་དང་། ཡིད་བདེ་བ་ཐམས་ཅད་རྗེས་སུ་མྱོང་ནས། དྲག་པོའི་འཇིག་རྟེན་དུ་མཆོད་པར་འགྱུར་རོ། །དཀྱིལ་འཁོར་ཆེན་པོ་ཞི་བའི་མདུང་ཐུང་གིས་མཚན་མ་ཞེས་བྱའོ། །དེ་ནས་མ་མོ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ།དང་པོ་མགྲིན་གཅིག་ཏུ་ཐམས་ཅད་དགུག་པ་དང་། གཞུག་པ་དང་གསད་པ་དང་བསྒྲུབ་པའི་དམ་ཚིག་ཅེས་བྱ་བ་རང་གི་དེ་ཁོ་ན་ཉིད་ཀྱི་སྙིང་པོ་འདི་ཕུལ་ལོ། །བྷྱོ། དེ་ནས་འདིའི་དཀྱིལ་འཁོར་བཤད་པར་བྱ་སྟེ། ཟུར་བཞི་པ་བྱང་གི་སྒོ་ཅན་གྱི་དཀྱིལ་འཁོར་ཐིག་བཏབ་ལ། དབུས་སུ་ནག་པོ་ཆེན་པོ་གར་བྱེད་བཞིན་པ་གཞག་པར་བྱའོ། །དེའི་ཕྱོགས་དང་མཚམས་སུ་མ་མོ་བརྒྱད་བྲི་བར་བྱ་སྟེ།འདི་ལྟ་སྟེ་དྲག་མོ་དང་། ཚངས་པ་མོ་དང་། ཁྱབ་འཇུག་མོ་དང་། གཞོན་ནུ་མོ་དང་། ནག་མོ་དང་། ནག་མོ་ཆེན་མོ་དང་། ཤ་ཟ་མོ་དང་སྲིན་མོའོ། །དཀྱིལ་འཁོར་གྱི་ཕྱིའི་མཚམས་རྣམས་སུ་ནི་དྲག་པོའི་མཁའ་འགྲོ་མ་བཞི་བྲི་བར་བྱ་སྟེ། ཞི་བ་མོ་དང་། བེ་རུཎྜ་དང་། གཏུམ་མོ་དང་། འཇིགས་བྱེད་མ་རྣམས་སོ། །དེ་རྣམས་ཀྱི་མཚན་མ་ནི་མདུང་


DNG012_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་གསུམ་པ་དང་། ཕྲེང་བ་དང་།འཁོར་ལོ་དང་། དྲིལ་བུ་དང་ཐོད་པ་ཁྲག་དང་བཅས་པ་དང་། འཁར་གསིལ་དང་། མཆེ་བ་དང་། ཁ་ཊྭཱྃ་གའོ། །སྒོ་སྲུང་རྣམས་ཀྱི་ནི་ཐོད་པ་དང་། རུས་པའི་ལུ་གུ་རྒྱུད་དང་བྱ་རྒོད་དང་བྱི་ལའོ། །དེ་ནས་ཕྱག་རྒྱའི་སློབ་དཔོན་ཆོས་སྤྱོད་པ་གཙང་བ་གོས་གཙང་མ་བགོས་པ། ཐམས་ཅད་ཟ་བའམ་ཐམས་ཅད་སྤྱད་པ་ལ་ཡང་སྨད་པ་མེད་དེ། ཞི་བའི་ཕོ་ཉའི་ཕྱག་རྒྱས་ཞུགས་ལ་སྙིང་པོ་བཟླས་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་དབུས་ནས་བྷྱོ་ཆེན་པོ་ཐོས་པར་འགྱུར་རོ། །དེ་ནས་སློབ་དཔོན་མ་གཏོགས་པ་གཞན་ཐམས་ཅད་ཅི་ལྟར་འོངས་བཞུགས་པར་འགྱུར་ཞིང་ཐོབ་པར་འགྱུར་ཏེ། གདུག་པའི་དམ་ཚིག་ནི་མ་གཏོགས་སོ། །དེ་ནས་སློབ་མ་ལག་ན་མེ་ཏོག་ཐོགས་པས་རས་ཀྱིས་མིག་བཀབ་ལ། ནག་པོ་ཆེན་པོའི་ཕྱག་རྒྱས་བཅུག་སྟེ། རྣ་བར་དམ་ཚིག་ཆེན་པོ་བྷྱོ་ཞེས་བྱ་བ་དང་སྦྱར་རོ། །དེ་ནས་སྐྲག་ནས་མེ་ཏོག་དོར་རོ། །དེ་ནས་གང་དུ་ལྷུང་བ་དེ་ལྷག་པའི་ལྷར་བསྒྲུབ་པར་བྱའོ། །གལ་ཏེ་ལྷུང་བར་མ་གྱུར་ན་ཡང་དོར་དུ་གཞུག་གོ། །དེ་ནས་ནི་འཇིགས་པར་བྱེད་ནུས་ཤིང་རྣལ་འབྱོར་ཡང་སོ་སོར་ཐོབ་པར་འགྱུར་རོ། །དེ་ནས་གདོང་གཡོགས་བཀྲོལ་ལ་དཀྱིལ་འཁོར་བསྟན་པར་བྱའོ། །བདུག་པ་ལ་སོགས་པའི་ཕྱག་རྒྱས་མཆོད་ནས་སྙིང་པོ་དང་རང་རང་གི་མཚན་མ་སྦྱིན་པར་བྱའོ། །དེ་ནས་དམ་ཚིག་བསྟན་པར་བྱ་སྟེ། སེམས་ཅན་ཐམས་ཅད་རྒྱས་བཏབ་ཅིང་། །དམ་ཚིག་སྡང་རྣམས་བཟའ་བར་བྱ། །སྔགས་རྣམས་བསྟན་པར་མི་བྱ་སྟེ། །དམ་ཚིག་རྣལ་འབྱོར་གྲུབ་སྟེར་བྱའོ། །དྲག་པོའི་དམ་ཚིག་མདུང་རྩེ་དང་། །མ་མོ་རྣམས་ཀྱི་རྒྱས་འདེབས་པས། །གལ་ཏེ་འདས་ན་ཁྱོད་ཀྱི་སྙིང་། །རྟག་ཏུ་འཇིག་པར་བྱེད་པར་འགྱུར། །དེ་ནས་བརྩམས་ཏེ་གང་ཤ་ཆེན་པོ་ཟ་བ་ནི་དེ་རིང་པོ་མི་ཐོགས་པར་རྣལ་འབྱོར་འགྲུབ་པར་འགྱུར་རོ། །གང་ཟ་བར་མི་འགྱུར་བ་དེའི་དངོས་གྲུབ་མེད་དོ། །གལ་ཏེ་དམ་ཚིག་ལས་འདས་པར་མ་གྱུར་ན་ཚོགས་ཐམས་ཅད་ཀྱིས་ཀྱང་མི་གསོད་པར་འགྱུར་རོ། །ཕྱག་རྒྱའི་ཡེ་ཤེས་བསླབ་པར་བྱ་སྟེ། ཕྱག་རྒྱའི་གར་དང་མཆོད་པ་བྱས་ནས་གཏོར་མ་བྱིན་ཞིང་། བཟའ་བ་དང་བཏུང་བ་དང་ལོངས་སྤྱོད་


DNG012_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པས་ཚིམ་པར་བྱས་ནས་ཕྱིར་དབྱུང་བར་བྱའོ། །དངོས་གྲུབ་ཐམས་ཅད་ཀྱི་དམ་ཚིག་ཅེས་བྱ་བའི་ཕྱག་རྒྱའི་དཀྱིལ་འཁོར་རོ། །དེ་ནས་སྦྲང་རྩིར་བྱེད་པ་ལ་སོགས་པ་མིང་པོ་གསུམ་གྱིས་བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ། མགྲིན་གཅིག་ཏུ་རང་གི་དེ་ཁོ་ན་ཉིད་ཀྱི་སྙིང་པོ་འདི་ཕུལ་ལོ། །སྭ། དེ་ནས་འདིའི་དཀྱིལ་འཁོར་བཤད་པར་བྱ་སྟེ། ཟུར་བཞི་པ་དང་སྒོ་བཞི་པར། །ཕྱི་ཡི་དཀྱིལ་འཁོར་བྲི་བར་བྱ། །དེ་ཡི་ནང་དུ་དཀྱིལ་འཁོར་ནི། །གཞུ་ཡི་དབྱིབས་ཅན་བྲི་བར་བྱ། །དེ་ཡི་དབུས་སུ་མིང་པོ་ནི། །མཆོག་གསུམ་དག་ནི་གཞག་པར་བྱ། །སྦྲང་རྩི་བྱེད་དང་རྒྱལ་བྱེད་དང་། །དེ་བཞིན་དོན་རྣམས་ཐམས་ཅད་ནི། །འགྲུབ་པར་བྱེད་ཅེས་བྱ་བའོ། །གོ་ཆ་ཡ་ལད་བགོས་པ་དང་། །དེ་བཞིན་ཐོད་པ་མཚན་མ་འཛིན། །ལྷ་མོའི་གོས་དང་ཕྲེང་བ་འཆང་། །ཅུང་ཟད་དགོད་ཅིང་ཁྲོ་བ་དང་། །སེང་གེའི་ཁྲི་ལ་འདུག་པ་དང་། །འོད་ཀྱི་དཀྱིལ་འཁོར་གྱིས་མཛེས་པའོ། །དངོས་གྲུབ་ཀུན་སྟེར་དག་པ་སྟེ། །གསུམ་ནི་སྲིད་གསུམ་དག་དང་མཚུངས། །སྒོ་དང་མཚམས་ནི་ཐམས་ཅད་དུ། །ཚོགས་ལ་སོགས་པ་ལེགས་པར་བཞག །གྲུབ་དང་འཕེལ་ཆེན་གནོད་སྦྱིན་དང་། །གཏུམ་དང་ཁོ་མཆོག་གསོད་པའོ། །ཕྱི་རོལ་བ་དན་རྩེ་མོ་ལ། །དྲིལ་བུ་ཕྲེང་བཅས་ཐམས་ཅད་དུ། །བུམ་པ་གང་བ་རོ་མཆོག་བཅས། །འབྱུང་པོ་མ་ལུས་གཏོར་མར་བཅས། །གླུ་རྣམས་གླུ་རུ་ལེན་པ་དང་། །རོལ་མོ་རྡུང་བར་བྱེད་པ་དང་། །དེ་བཞིན་སློབ་དཔོན་གར་བྱེད་པས། །ཕྱག་རྒྱ་ཀུན་གྱིས་འཇུག་པར་བྱ། །ཞུགས་ནས་སྒྲུབ་ལ་དད་པ་ཡིས། །ཡང་ནས་ཡང་དུ་འདུད་བྱ་ཞིང་། །མེ་ཏོག་ཀུན་གྱིས་མཆོད་པ་ཡིས། །བསྒྲུབ་དང་དེ་ཉིད་དག་ཀྱང་བརྗོད། །འཇིག་རྟེན་གསུམ་པོ་སྲིད་གསུམ་མཆོག །ངན་སོང་གསུམ་མཆོད་གསུམ་རྣམ་གསུམ། །ལེགས་ལྡན་སྦས་པས་གྲུབ་པ་ནི། །དངོས་གྲུབ་ཀུན་ལ་རྟག་ཏུའོ། །དེ་ནས་སྙིང་པོ་ལན་ཅིག་བརྗོད་ཅིང་ཕྱག་རྒྱ་ཐམས་ཅད་ཀྱི་གཡས་པའི་མཛུབ་མོ་ལྕགས་ཀྱུར་བྱས་ལ་དགུག་པར་བྱའོ། །དེ་ནས་དྲིལ་བུ་དང་བཅས་པའི་ཕྲེང་བ་རྣམས་གཡོའོ། །ཐམས་ཅད་ཕབ་ནས་དེ་བཞིན་དུ་གཞུག་པར་བྱའོ། །དེ་ནས་དམ་ཚིག་འདི་བརྗོད་


DNG012_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱའོ། །གལ་ཏེ་དམ་ཚིག་འདས་གྱུར་ན། །ཕ་གསོད་འགྲོ་བ་གང་ཡིན་དང་། །མ་གསོད་པ་ཡི་འགྲོ་བ་གང་། །འགྲོ་བ་དེར་ནི་འགྲོ་བར་འགྱུར། །རྟག་ཏུ་དམ་པ་བསྟེན་པར་བྱ། །དམ་པ་མིན་པ་ཡོངས་སུ་སྤང་། །གཞན་ལ་དེ་ཉིད་བསྟན་མི་བྱ། །རྟག་ཏུ་མིང་པོ་གསུམ་པོ་བསྒྲུབ། །འདི་ནི་དམ་ཚིག་གོ། །དེ་ནས་གླུ་དང་གར་དང་། རོལ་མོ་དང་། དགོད་པ་དང་། དགའ་བ་དང་། ཟ་བ་དང་མགུ་བས་མེལ་ཚེ་བྱའོ། །ཕྱག་རྒྱ་དང་གར་གྱི་རོལ་མོའི་མཆོད་པ་ཡང་བྱས་ལ་སློབ་དཔོན་གྱིས་ཀྱང་ཕྱག་རྒྱ་དེ་དང་བཅས་པས་བྱུང་བ་དང་། འབྱུང་བར་འགྱུར་བའི་ཡེ་ཤེས་བརྗོད་པར་བྱའོ། །དེ་ནས་བརྩམས་ཏེ་དངོས་གྲུབ་ཐམས་ཅད་དང་། ཕུན་སུམ་ཚོགས་པ་ཐམས་ཅད་དང་། འབྱོར་པ་ཐམས་ཅད་འགྲུབ་པར་འགྱུར་རོ། །དམ་ཚིག་གི་དཀྱིལ་འཁོར་རོ། །དེ་ནས་སྲིང་མོ་བཞིས་བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ་རང་གི་དེ་ཁོ་ན་ཉིད་ཀྱི་སྙིང་པོ་འདི་ཕུལ་ལོ། །ཧཱུྃ།དེ་ནས་འདིའི་དཀྱིལ་འཁོར་བཤད་པར་བྱ་སྟེ། དཀྱིལ་འཁོར་ཀུན་ནས་ཟླུམ་པོར་ཐིག་བཏབ་ལ། ཐིག་བཞི་ལ་འཁོར་ལོ་བཞི་པ་བྱས་ལ་དཀྱིལ་འཁོར་དེ་རྣམས་སུ་སྒོ་བཞིར་བལྟ་བའི་ལྷ་མོ་བཞིའི་གཟུགས་བརྙན་གཞག་པར་བྱ་སྟེ་འདི་ལྟ་སྟེ་དགའ་བ་མོ་ནི་ཤར་དུ་ལྟ་བ། མདའ་དང་གཞུ་ཐོགས་པ་ལ་བརྩོན་པ། སྒེག་མོ་མདོག་དམར་བའོ། །གསོད་མ་ལྷོ་ཕྱོགས་སུ་ལྟ་བ་ལག་ན་རལ་གྲི་དང་ཕུབ་ཐོགས་པ་མདོག་ནག་པོའོ། །ཕག་མོ་ནུབ་ཏུ་ལྟ་བ་ལག་ན་གསེར་གྱི་གཏེར་ཐོགས་པ།གསེར་གྱི་མདོག་ཅན་ནོ། །གྲུབ་པ་མོ་ཞི་བ་མོ་ཞེས་བྱ་བ་བྱང་དུ་ལྟ་བ། ལག་ན་གྲི་དང་། ཤ་ཁར་ཐོགས་པ་མདོག་དཀར་མོའོ། །ཕྱི་རོལ་གྱི་སྒོ་བཞིར་མཚན་མ་དགོད་པ་གཞག་པར་བྱའོ། །དེ་ནས་སློབ་དཔོན་དྲིལ་བུ་དཀྲོལ་ཞིང་། ལག་པ་གཡོན་པ་ཁ་ཊྭཱྃ་ག་དང་བཅས་པས་འཇུག་པར་བྱའོ། །ཞུགས་ནས་སྙིང་པོ་བཟླས་པར་བྱའོ། །དེ་ནས་ཕྱག་རྒྱ་དང་གར་གྱི་མཆོད་པ་བསྟབ་པར་བྱའོ། །དེ་ནས་ཡིད་ལ་འདོད་པའི་དངོས་གྲུབ་ཐམས་ཅད་སྟེར་བར་འགྱུར་རོ། །ཐམས་ཅད་ཀྱིས་མཆོད་པར་འགྱུར་རོ། །མཁའ་འགྲོ་མ་ལ་སོགས་པ་གདོན་ཐམས་ཅད་ཀྱིས་མི་ཚུགས་པ་དང་། འདི་


DNG012_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ནོར་རྣམས་ཀྱང་བསྐྱེད་པར་འགྱུར་རོ། །ཅི་ལྟར་མངོན་པར་འདོད་པ་ཐམས་ཅད་ཀྱིས་མཉེས་པར་བྱེད་པ་དང་། གཏེར་ཐམས་ཅད་འབྱིན་པ་དང་། དངོས་གྲུབ་ཐམས་ཅད་བསྒྲུབ་པར་ནུས་པར་འགྱུར་རོ། །སློབ་མ་གཞུག་པ་ཡང་དེ་བཞིན་ནོ། །དེ་རྣམས་དང་འདི་དག་ཐམས་ཅད་འགྲུབ་པར་འགྱུར་རོ། །ལས་ཀྱི་དཀྱིལ་འཁོར་རོ། །བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་གི་རྟོག་པའི་རྒྱལ་པོ་ཆེན་པོ་ལས། ཕྱི་རོལ་གྱི་རྡོ་རྗེ་རིགས་ཀྱི་རྟོག་པ་རྫོགས་སོ། །ཕྱི་རོལ་རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་བཞིའི་རྟོག་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མཐའ་ཡས་མུ་མེད་པས་མཐར་ཐུག་ཅིང་མུ་མེད་པའི་ཆོས་དང་ལྡན་པས་ཡང་ཆོ་ག་འདི་མཐར་ཐུག་པར་བྱིན་གྱིས་བརླབ་པའི་ཕྱིར། ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་མཐར་ཐུག་པ།བྱིན་གྱིས་བརླབ་པ་རྡོ་རྗེ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་བཤད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐའ་ཡས་པ་ཉིད་པས་དེ་བཞིན་གཤེགས་པ་ཐམས་ཅད་མཐའ་ཡས་པ་ཉིད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པ་ཉིད་པས་རྡོ་རྗེ་ཐམས་ཅད་མུ་མེད་པ་ཉིད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དུ་མ་ཉིད་པས་ཆོས་ཐམས་ཅད་དུ་མ་ཉིད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐར་ཐུག་པ་མེད་པ་ཉིད་པས་ལས་ཐམས་ཅད་མཐར་ཐུག་པ་མེད་པ་ཉིད་དོ། །གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་ཉན་པ་དང་།འཆད་པ་དང་ཀློག་པ་དང་སྟོན་པ་དང་རྗོད་པ་དང་སྒོམ་པ་དེས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྤྱོད་པ་མཐར་ཐུག་པ་མེད་པའི་མཐར་ཕྱིན་ཏེ། སྒྲིབ་པ་ཐམས་ཅད་ཟད་ནས་དེ་བཞིན་གཤེགས་པའམ་རྡོ་རྗེ་འཛིན་པར་མྱུར་དུ་འགྱུར་རོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་འདུས་ཏེ། ཆོས་ཀྱི་རྣམ་གྲངས་འདི་དོན་ཡོད་པ་དང་ཐོགས་པ་མེད་པར་མྱུར་དུ་འགྲུབ་པར་བྱ་བའི་ཕྱིར། ལག་ན་རྡོ་རྗེ་ལ་ལེགས་སོ་ཞེས་བྱ་བ་བྱིན་ནོ། །སེམས་ཅན་ཆེན་པོ་ལེགས་སོ་ལེགས། །བདེ་བ་ཆེན་པོ་ལེགས་སོ་ལེགས། །ཐེག་པ་ཆེན་པོ་ལེགས་སོ་ལེགས། །བློ་གྲོས་ཆེན་པོ་ལེགས་སོ་ལེགས། །ཆོ་ག་འདི་ནི་ལེགས་པར་སྨྲས། །སངས་རྒྱས་
རྡོ་རྗེ་འཛིན་ཀུན་གྱིས། །འབྲས་བུ་ཡོད་པ་འདུལ་བའི་མཆོག །རྡོ་རྗེའི་མདོ་འདི་བྱིན་གྱིས་བརླབས། །ཆོ་གའི་རྒྱལ་པོ་བླ་ན་མེད། །གང་རྣམས་འདི་དག་འཛིན་པ་ནི། །བདུད་ལ་སོགས་པ་ཐམས་ཅད་ཀྱིས། །དེ་དག་མི་སོད་མི་ཚུགས་སོ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །དངོས་གྲུབ་དམ་པ་ཐམས་ཅད་ཀྱང་། །སངས་རྒྱས་ཀུན་གྱིས་གསུངས་པ་བཞིན། །རིང་པོར་མི་ཐོགས་འཐོབ་པར་འགྱུར། །དེ་སྐད་གསུངས་ནས་གསང་གྲུབ་ཕྱིར། །རྡོ་རྗེ་ཅན་གྱིས་བཤད་པ་ལ། །ཀུན་མཆོག་སངས་རྒྱས་མཁའ་བཅས་པ། །ཐམས་ཅད་ཀྱིས་ནི་མངོན་པར་བསྟོད། །བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་གི་རྟོག་པའི་རྒྱལ་པོ་ཆེན་པོ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཨཱ་ཙཱརྱ་ཤྲད་དྷཱ་ཀ་ར་བརྨ་དང་། ཞུ་ཆེན་གྱི་ལོཙྪ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།།

དཔལ་མཆོག་དང་པོའི་སྔགས་ཀྱི་རྟོག་པའི་དུམ་བུ་ཞེས་བྱ་བ།


DNG012_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཤྲཱི་པ་ར་མཱདྱ་མནྟྲ་ཀལྤ་ཁཎྜ་ནཱ་མ། བོད་སྐད་དུ། དཔལ་མཆོག་དང་པོའི་སྔགས་ཀྱི་རྟོག་པའི་དུམ་བུ་ཞེས་བྱ་བ། བཅོམ་ལྡན་འདས་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་ཆོས་ཉིད་བརྙེས་པ། ཆོས་ཐམས་ཅད་སྤྲོས་པ་མེད་པས། ཡང་བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་ཅེས་བྱ་བ། རྡོ་རྗེ་ཆོས་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་དཔལ་མཆོག་དང་པོ་ཐོག་མ་དང་ཐ་མ་དང་དབུས་མེད་པའི་དམ་པ་འདི་གསུངས་སོ། །བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་འདོད་ཆགས་ཆེན་པོའི་དངོས་གྲུབ་དམ་པ་ནི་བདེ་བ་ཆེན་པོའི་དངོས་གྲུབ་དམ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་བདེ་བ་ཆེན་པོའི་དངོས་གྲུབ་དམ་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཆེན་པོའི་དངོས་གྲུབ་དམ་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཆེན་པོའི་དངོས་གྲུབ་དམ་པ་ནི་བདུད་ཆེན་པོའི་སྟོབས་ཐམས་ཅད་རབ་ཏུ་འཇོམས་པར་


DNG012_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པའི་དངོས་གྲུབ་དམ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་ཆེན་པོའི་སྟོབས་རབ་ཏུ་འཇོམས་པའི་དངོས་གྲུབ་དམ་པ་ནི་ཁམས་གསུམ་པ་ཐམས་ཅད་ཀྱི་དབང་ཕྱུག་ཆེན་པོའི་དངོས་གྲུབ་དམ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཁམས་གསུམ་པ་ཐམས་ཅད་ཀྱི་དབང་ཕྱུག་གི་དངོས་གྲུབ་དམ་པ་ནི་སེམས་ཅན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་པར་ཡོངས་སུ་སྦྱོང་བར་འདོད་པའི་རྒྱུའི་ཕྱིར། འཁོར་བ་ལ་ཡང་མ་ཆགས་ཤིང་། བརྩོན་འགྲུས་ཆེན་པོའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་པ་རྣམས་ཡོངས་སུ་བསྐྱབ་པ་དང་། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་མཆོག་ཤིན་ཏུ་བདེ་བ་ཆེན་པོའི་དངོས་གྲུབ་དམ་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཅི་སྲིད་འཁོར་བའི་གནས་སུ་ནི། །མཁས་མཆོག་འདུག་པར་འགྱུར་བའི་ཚེ། །དེ་སྲིད་མཚུངས་མེད་སེམས་ཅན་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །ཤེས་རབ་ཕ་རོལ་ཕྱིན་ཐབས་དང་། །ཡེ་ཤེས་གནས་སུ་བསྒྲུབས་པས་ནི། །ཆོས་ཀུན་རྣམ་པར་དག་པའི་ཕྱིར། །འཁོར་བ་ཡོངས་སུ་དག་པར་འགྱུར། །ཆགས་ལ་སོགས་པས་འདུལ་ན་ནི། །འཁོར་བའི་བར་དུ་རྟག་པར་ཡང་། །འཇིག་རྟེན་སྡིག་བྱེད་དེ་སྦྱང་ཕྱིར། །འཁོར་བ་སྲིད་དུ་བདག་ཉིད་འདུལ། །ཅི་ལྟར་པདྨ་རབ་དམར་བ། །འདམ་གྱིས་ཉེས་པས་མི་གོས་པ། །དེ་བཞིན་གནས་ཀྱི་ཉེས་པ་ཡིས། །འགྲོ་ཕན་རྣམས་ལ་མི་གོས་སོ། །འདོད་ཆགས་ཆེན་པོ་རྣམ་པར་དག །བདེ་བ་ཆེན་པོ་ནོར་ཆེ་ལ། །ཁམས་གསུམ་དབང་ཕྱུག་ཐོབ་པས་ན། །སེམས་ཅན་དོན་རྣམས་རྟོག་པར་བྱེད། །གང་ལ་ལ་ཞིག་ནང་པར་ལངས་ནས་དཔལ་མཆོག་དང་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱི་སྒོའི་ཆོས་ཀྱི་རྣམ་གྲངས་འདི་ཉིན་རེ་ཞིང་འདོན་པ་དང་། ཉན་པ་དང་འཛིན་པ་དང་ཀློག་པ་དང་སྒོམ་པ་དེ་ཡིས་བདེ་བ་དང་ཡིད་བདེ་བ་ཐམས་ཅད་ཀྱང་ཐོབ་པར་འགྱུར་རོ། །བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་གི་དངོས་གྲུབ་ཀྱི་མཆོག་ཀྱང་ཚེ་འདི་ལ་ཐོབ་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མཆོག་ཀྱང་འགྲུབ་སྟེ། རྡོ་རྗེ་འཛིན་པ་ཆེན་པོ་ཐམས་ཅད་དམ། དེ་བཞིན་གཤེགས་པར་


DNG012_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་དཔལ་མཆོག་དང་པོ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་རྫོགས་སོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་སེམས་དཔའ་བྱིན་གྱིས་བརླབས་པའི་རྡོ་རྗེ་གསང་བ་མཆོག་གི་དངོས་གྲུབ་ཀྱི་ཆོ་ག་རྒྱས་པའི་རྒྱལ་པོ་ཆེན་པོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསང་བའི་དོན་ཡོད་ཅིང་བསྟན་པའི་ཆོ་ག་ཕྱག་རྒྱས་བཏབ་པའི་སྐུ་གསུང་ཐུགས་ཐམས་ཅད་ཀྱི་རྡོ་རྗེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ཆེན་པོ་ཐམས་ཅད་ལ་རབ་ཏུ་ཞུགས་ནས། ཆོས་ཉིད་རྟོགས་པའི་ཡེ་ཤེས་ལ་རབ་ཏུ་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྣ་ཚོགས་པའི་ཕྲིན་ལས་ཀྱིས་དུས་གསུམ་དུ་འཇིག་རྟེན་གྱི་ཁམས་མ་ལུས་པར་སྤྲོས་པ་ལས་ཀྱི་མཐའ་ཅན་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཆེན་པོ། ཟླ་བ་ཕྱེད་པ་དུ་མ་ལ་རབ་ཏུ་གནས་པའི་རྡོ་རྗེ་རིན་པོ་ཆེ་རྣམས་ཀྱི་འོད་ཟེར་སྣ་ཚོགས་པ་རྣམ་པར་འབར་བའི་འོད་ཀྱིས་གསལ་བ། གསེར་གྱི་དྲིལ་བུ་བཏགས་པ་དང་། སྣ་ཚོགས་པའི་བ་དན་རླུང་གིས་བསྐྱོད་པ་རྣམས་ཀྱིས་ཉེ་བར་མཛེས་པར་བྱས་པ། མེ་ཏོག་སྣ་ཚོགས་ཀྱི་ཕྲེང་བ་དང་། ན་བཟའ་དང་མེ་ལོང་དང་མུ་ཏིག་གི་ཕྲེང་བ་རབ་ཏུ་འཕྱང་བས་མཛེས་ཤིང་བརྒྱན་པ། སྣ་ཚོགས་པའི་ཁ་ཁྱེར་ལ་གནས་པ་མཆོག་ཏུ་གྱུར་པའི་ལྷའི་བུ་མོ་དགོད་པ་དང་། སྒེག་པ་དང་གར་དང་གླུ་ཡིས་རབ་ཏུ་བརྒྱན་པ་དང་། བསྟོད་པས་སད་པར་བྱེད་པ། བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའི་གནས་གཞལ་ཡས་ཁང་པ་ལ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་ཐུགས་རྡོ་རྗེས་བྱིན་གྱིས་བརླབས་པའི་དམ་ཚིག་སེམས་དཔའ་ཐམས་ཅད་དང་། དབང་བསྐུར་བ་ཐམས་ཅད་དང་། ཐམས་ཅད་མཁྱེན་པའི་ཏིང་ངེ་འཛིན་ལས་ཐམས་ཅད་མཆོག་ཏུ་གྱུར་པ། ཁམས་གསུམ་ཐམས་ཅད་འདུལ་བར་མཛད་པ། ཐམས་ཅད་དབང་དུ་བྱེད་པ་པོ། སྦྱིན་པ་པོ་འདོད་པ་ཐམས་ཅད་པ། རྒྱ་ཆེ་བའི་དངོས་གྲུབ་ཀྱི་མཆོག་ཐམས་ཅད་བརྟག་པའི་དེ་བཞིན་གཤེགས་


DNG012_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་གསོལ་བ་བཏབ་པ། ཅི་སྲིད་སྲིད་པའི་བར་གནས་པ། །དེ་སྲིད་སེམས་ཅན་དོན་མཆོག་མཛད། །སེམས་ཅན་ཁམས་ནི་མཐའ་ཡས་དང་། །རྒྱལ་སྲས་སྲིད་པ་འདོད་པའི་ཕྱིར། །སྲིད་པའི་སྐྱོན་རྣམས་འཇོམས་ཕྱིར་དང་། །བདེ་བ་ཆེན་པོ་འཕེལ་བྱའི་ཕྱིར། །གསང་བའི་རྟོག་པ་མཆོག་གསུངས་པའི། །རྗེས་སུ་གནང་བ་བདག་ལ་སྩོལ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་སྒྲིབ་པ་མེད་པ་ཉིད་ལ་ལྷག་པར་དགོངས་ནས་གདུལ་བྱ་ཐམས་ཅད་ལ་ཐུགས་རྗེ་ཆེན་པོའི་སྣ་ཚོགས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། མ་ལུས་ཤིང་ལུས་པ་མེད་པའི་སེམས་ཅན་གྱི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་དང་། ཐམས་ཅད་ཡོངས་སུ་བསྐྱང་བ་དང་། ཕན་པ་དང་བདེ་བ་དང་དངོས་གྲུབ་ཐམས་ཅད་ཕུན་སུམ་ཚོགས་པ་དང་། ཡེ་ཤེས་དང་ལས་དང་མཆོག་གི་དངོས་གྲུབ་ཀྱི་རྒྱུར་འགྱུར་བའི་བར་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཉིད་དང་རྡོ་རྗེ་འཆང་ཆེན་པོ་ཐོབ་པ། མཆོག་གི་དངོས་གྲུབ་ཀྱི་དོན་བདེ་བ་ཆེན་པོའི་རྡོ་རྗེ་དང་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོས་སྒྱུར་བ་དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་ཕྲེང་བའི་ཅོད་པན་གྱིས་དབང་བསྐུར་བས་དབང་བསྐུར་བ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་མ་ལུས་ཤིང་ལུས་པ་མེད་པའི་བདེ་བ་ཆེན་པོ་མཆོག་གི་དངོས་གྲུབ་ལ་སོགས་པ་དངོས་གྲུབ་ཐམས་ཅད་ཐོབ་པར་བྱ་བའི་ཕྱིར། སེམས་དཔའི་སྐྱིལ་མོ་ཀྲུང་བཅས་ཏེ། སྐུ་དྲང་པོར་བསྲང་སྟེ། གཡོན་པ་བསྙེམས་པའི་ཚུལ་དུ་མཛད་ནས་གཡས་པ་རྡོ་རྗེ་གསོར་བས་རང་གི་ཐུགས་ཀར་དང་པོའི་རྡོ་རྗེ་མཆོག་གི་སྦྱོར་བ་འཛིན་ཅིང་བདེ་བ་ཆེན་པོའི་རྡོ་རྗེ་ཞེས་བྱ་བ་ཐམས་ཅད་ཀྱི་ཕྱག་རྒྱ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་ལས་བྱུང་ངོ་། །ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཛཿཧཱུྃ་བྃ་ཧོཿསུ་ར་ཏ་སྟྭཾ། དེ་ནས་ཕྱུང་བ་ཙམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་བྱོན་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་ཡོངས་སུ་བཟུང་བ་རྣམས་སླར་ཡང་བྱང་ཆུབ་ཆེན་པོ་མངོན་པར་རྫོགས་ནས་དེ་རྣམས་ཀྱིས་བཞད་པ་ཆེན་པོ་མངོན་པར་མཛད་དོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་གཡོས་པ་དང་བཅས་པས་ཡོངས་སུ་


DNG012_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

དག་པར་འགྱུར་རོ། །ཁམས་གསུམ་རྒྱས་པར་སྤྲོས་པ་ཐམས་ཅད་ཀྱང་བཅོམ་ལྡན་འདས་ཀྱི་དཀྱིལ་འཁོར་ཆེན་པོར་གྱུར་ཏོ། །གང་གིས་སེམས་ཅན་ཐམས་ཅད་བདེ་བ་དང་། ཡིད་བདེ་བ་ཐོབ་པར་གྱུར་ཏོ། །དེ་ནས་རྡོ་རྗེ་འཆང་ཆེན་པོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དོན་ཡོད་ཅིང་ཐོགས་པ་མེད་པ་ལས་མངོན་པར་བྱུང་བ། རྡོ་རྗེ་ཆེན་པོ་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བདེ་བ་ཆེན་པོ་རྡོ་རྗེའི་དམ་ཚིག་ཅེས་བྱ་བ་རྣམ་པར་གནོན་པར་མཛད་ནས། དེའི་སྐུ་ཐམས་ཅད་ལས་དངོས་གྲུབ་ཐམས་ཅད་དང་། བདེ་བ་དང་ཡིད་བདེ་བ་སྟེར་བ་རྟག་ཏུ་རྗེས་སུ་འདྲེལ་བ་ཅན་ལྷན་ཅིག་ཏུ་སྤྱོད་པ། བདེ་བ་ཆེན་པོ་རྡོ་རྗེའི་དམ་ཚིག་གི་སེམས་དཔའ་རྣམས་ཕྱུང་ནས་ཕྱོགས་ཐམས་ཅད་དུ་ཕྱུང་སྟེ། མདུན་དུ་རྡོ་རྗེ་གསང་བ་ཡིད་ལས་བྱུང་བ། གཡས་སུ་རྡོ་རྗེ་ཀི་ལི་ཀི་ལི། རྒྱབ་ཏུ་འདོད་པའི་རྡོ་རྗེ།གཡོན་དུ་རྡོ་རྗེ་བསྒྱིངས་པའོ། །མཚམས་རྣམས་སུ་མཆོད་པའི་ལྷ་མོ་རྣམས་སོ། །ཕྱི་རོལ་གྱི་ཁ་ཁྱེར་མཚམས་སུ་ལྷའི་བུ་མོ་རྣམས་སོ། །སྒོ་སྲུང་བ་རྣམས་ནི་རྡོ་རྗེ་ལྕགས་ཀྱུ་དང་། ཞགས་པ་དང་། ལྕགས་སྒྲོག་དང་། དྲིལ་བུ་འཛིན་པའོ། །ཕྱི་རོལ་དུ་རྡོ་རྗེ་སྒོ་སྲུང་གི་ཚོགས་དང་། ཕོ་ཉ་དང་བྲན་རྣམས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་བཅིངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་བྱང་ཆུབ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་རྡོ་རྗེ་འཆང་ཆེན་པོ་ལ་གསོལ་བ་བཏབ་སྟེ། སེམས་ཅན་ཀུན་ལ་བདེ་དོན་དུ། །རྒྱལ་བ་ཆེན་པོ་འབྱུང་བ་སྟེ། །ཆགས་བྲལ་དེ་རྣམས་ཆགས་ལྡན་ཡང་། །རང་གི་བཙུན་མོའང་གསོལ་མཛད་པས། །དེའི་ཕྱིར་བདག་གིས་ཁྱོད་ལ་གསོལ། །བདེ་བ་ཆེན་པོ་རྡོ་རྗེ་ཆེ། །གསང་བའི་རྟོག་པའི་དངོས་གྲུབ་སྟེ། །འདུལ་བ་མཆོག་ནི་བཤད་དུ་གསོལ། །དེ་ནས་བཅོམ་ལྡན་འདས་དོན་ཡོད་ཅིང་ཐོགས་པ་མེད་པའི་བཀའ་བདེ་བ་ཆེན་པོ་ཐམས་ཅད་ཀྱི་དངོས་གྲུབ་འདུལ་བ་རྡོ་རྗེ་འདོད་པའི་མཆོག་ཅེས་བྱ་བའི་རྣམ་པར་གནོན་པར་མཛད་ནས། རྡོ་རྗེ་གསང་བ་ཆེན་པོའི་དམ་ཚིག་ཅེས་བྱ་བའི་དཀྱིལ་འཁོར་ཆེན་པོ་འདི་གསུངས་


DNG012_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དེ་ནས་ཡང་དག་བཤད་བྱ་བ། །དཀྱིལ་འཁོར་ཆེན་པོ་དམ་པ་སྟེ། །བདེ་བ་ཆེན་པོ་རྡོ་རྗེ་མཆོག །དམ་ཚིག་དམ་པའི་མིང་ཅན་ཡིན། །དཀྱིལ་འཁོར་གནས་ནི་འདུས་བྱས་ནས། །དེ་དབུས་ཆོ་ག་བཞིན་དུ་ནི། །ཕྱག་རྒྱ་ཆེན་པོ་མཉམ་གཞག་ནས། །དེར་ནི་དཀྱིལ་འཁོར་བསྒྲུབ་པར་བྱ། །གསར་ཞིང་ལེགས་པར་བསྒྲིལ་བ་དང་། །མདུད་པ་དག་ནི་མེད་པ་ཡི། །ཐིག་སྐུད་དམར་པོས་ཐིག་བཏབ་ནས། །ཚོན་གྱི་ཕྱེ་མས་བྲི་བར་བྱ། །ཟུར་བཞི་པ་ལ་སྒོ་བཞི་པ། །སྒོ་ཁྱུད་བཞིས་ནི་མཛེས་པ་དང་། །ཁ་ཁྱེར་གྱིས་ནི་ཡོངས་སུ་བསྐོར། །མཚམས་སུ་ལྷ་ཡི་བུ་མོས་མཛེས། །དཀྱིལ་འཁོར་གྱི་ནི་མཚམས་རྣམས་དང་། །སྒོ་དང་སྒོ་ཁྱུད་མཚམས་རྣམས་སུ། །ཟླ་བ་ཕྱེད་ལ་གནས་པ་ཡི། །རྡོ་རྗེ་རིན་ཆེན་འོད་ཟེར་འབར། །རླུང་གིས་བསྐྱོད་པའི་དྲིལ་བུ་མཆོག །བ་དན་སྣ་ཚོགས་མཛེས་པ་ཡིན། །མེ་ལོང་དྲ་བ་མེ་ཏོག་ཕྲེང་། །ལྡན་པའི་ཕྱི་རོལ་དཀྱིལ་འཁོར་བྲི། །དེ་ཡི་ནང་དུ་འཁོར་ལོ་ནི། །དཀྱིལ་འཁོར་བརྒྱད་པ་དང་འདྲ་བ། །རྡོ་རྗེ་ཐིག་གིས་ཡོངས་བསྐོར་བའི། །རྡོ་རྗེ་འཁོར་ལོ་ཡང་དག་བྲི། །དེ་དབུས་ཆོ་ག་བཞིན་དུ་ནི། །རྡོ་རྗེ་སེམས་དཔའ་དགོད་པར་བྱ། །བླུགས་སམ་ཡང་ན་བྱས་པའམ། །བརྡུངས་པའམ་ཡང་ན་བྲིས་པ་ཡི། །བཞད་པ་དང་བཅས་ཟླ་བའི་འོད། །འབར་བའི་འོད་ཟེར་དམར་པོས་ཁྱབ། །སངས་རྒྱས་ཕྲེང་བས་རྣམ་པར་མཛེས། །སྐུ་ལ་ཚོན་གྱིས་ཡང་དག་བྱུགས། །སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས། །རྡོ་རྗེ་བསྙེམས་པ་འཛིན་པའི་མཆོག །ས་མ་ཡ་སྟྭཾ་ཞེས་བརྗོད་ནས། །སྙིང་གར་རྣམ་པར་དགོད་པར་བྱ། །དེ་ཡི་ལོགས་ནི་ཐམས་ཅད་དུ། །སེམས་དཔའ་ཆེན་པོ་རྣམས་བྲི་སྟེ། །ཚོན་ནམ་ཡང་ན་རྡུལ་ཚོན་གྱིས། །གོ་རིམས་ཇི་བཞིན་བྲི་བར་བྱ། །མདུན་དུ་སྐུ་མདོག་དམར་པོ་ནི། །རྡོ་རྗེ་མཚོན་ཆ་ལ་བརྩོན་པ། །གཡས་སུ་དག་པའི་དཀར་པོ་སྟེ། །ལེགས་པར་འཁྱུད་པའི་རྡོ་རྗེ་ཅན། །རྒྱབ་ཏུ་སྐུ་མདོག་སེར་པོ་སྟེ། །ཆུ་སྲིན་གྱི་ནི་རྒྱལ་མཚན་འཛིན། །གཡོན་དུ་སྐུ་མདོག་སྔོན་པོ་སྟེ། །ཕྱག་གཉིས་བསྙེམས་པ་འཛིན་ལ་སོགས། །མཆོད་པའི་སྣོད་རྣམས་འཛིན་པའོ། །མཆོད་པའི་ལྷ་མོ་བྲི་བར་བྱ། །སྒེག་མོ་བཞད་མ་གླུ་མ་དང་། །གར་མ་


DNG012_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཡི་བུ་མོའི་ཚོགས། །རྡོ་རྗེ་ལྕགས་ཀྱུ་ཞགས་པ་དང་། །རྡོ་རྗེ་ལྕགས་སྒྲོག་དྲིལ་བུ་རྣམས། །སྒོ་ནི་བཞི་པོ་རྣམས་ལ་ནི། །སྒོ་སྲུང་བཞི་པོ་དགོད་པར་བྱ། །དེ་ནས་དེ་དག་གི་སྙིང་པོ་རྣམས་ནི་འདི་ཡིན་ཏེ། ཧཱུྃ་བཛྲ་དྲྀཥྚ་སཱ་མ་ཀེ་མ་ཊ། ཧཱུྃ་བཛྲ་ཀི་ལི་ཀི་ལཱ་ཡ་ཧཱུྃ། ཧཱུྃ་སྨ་ར་བཛྲ་བནྡྷ་ཧཱུྃ།ཧཱུྃ་ཏུཥྚ་བཛྲི་ཎི་ཧཱུྃ། རྡོ་རྗེ་བྲན་ནོ། །དེ་ནས་མཆོད་པའི་ལྷ་མོ་རྣམས་ཀྱི་ནི། ཧཱུྃ་མ་དྷུ་ར་བཛྲི་ཧཱུྃ། ཧཱུྃ་བཛྲ་མེ་གྷེ་ཧཱུྃ། ཧཱུྃ་ཤཱ་རད་བཛྲི་ཧཱུྃ། ཧཱུྃ་བཛྲ་ཤི་ཤི་རི་ཧཱུྃ། དེ་ནས་ལྷའི་བུ་མོ་རྣམས་ཀྱི་ནི། ཧཱུྃ་བཛྲ་ལཱ་སྱཻ། མ་ཧཱ་བ་ར་བཛྲི་ཎི། ཨོཾ་བཛྲ་གཱི་ཏྱཻ། ཨོཾ་བཛྲ་ནྲི་ཏྱཻ། དེ་ནས་སྒོ་སྲུང་རྣམས་ཀྱི་ནི། ཛཿབཛྲ་ཨྃ་ཀུ་ཤི་པྲ་ཏི་ཧ་ར། ཧཱུྃ་བཛྲ་པཱ་ཤ་ག་ན། བྃ་བཛྲ་སྥོ་ཊ་དུ་ཧ། ཧོ་བཛྲ་གྷཎྜ་ཙྪེ་ད། དེ་ལྟར་ལྷ་མོའི་དཀྱིལ་འཁོར་དུ། །བུད་མེད་གྲགས་པ་དེ་ཉིད་དགོད། །བཀོད་ན་དེ་དག་རྣམས་ཀྱིས་ནི། །བྱིན་གྱིས་བརླབས་པ་ཉིད་དུ་འགྱུར། །དེ་ནས་ཕྱག་ན་རྡོ་རྗེ་འཛིན། །དཀྱིལ་འཁོར་ཀུན་མཆོག་བྲི་བྱས་ནས། །བུམ་པ་གང་བ་ཅི་སྙེད་དང་། །མེ་ཏོག་ལ་སོགས་ཀུན་གྱིས་མཆོད། །དྲིལ་བུ་བཏགས་པའི་བ་དན་རྣམས། །མཚམས་རྣམས་སུ་ནི་གཞག་པར་བྱ། །ལྕུག་མ་དང་བཅས་བུམ་པ་རྣམས། །སྒོ་ཡི་ཕྱི་རོལ་དག་ཏུ་གཞག །རྡོ་རྗེ་དང་བཅས་བཞི་དང་བཅས། །ལྕུག་མོ་ཡོངས་སུ་བཟླས་ནས་ནི། །དྲི་ཆུས་གང་བའི་བུམ་པ་སྟེ། །ཕྱག་ན་རྡོ་རྗེའི་མདུན་གཞག་བྱ། །དེ་ལ་འདི་ལྟར་བདེ་བ་ཆེན་པོའི་དམ་ཚིག་གི་བདུད་རྩིའི་ཆུ་བྱིན་གྱིས་བརླབ་པའི་སྙིང་པོ་ནི། ཨོཾ་མ་ཧཱ་སུ་ཁ་བཛྲ་ས་མ་ཡ། ཨ་བྷི་ཥེ་ཀ་ཛཿཧཱུྃ་བྃ་ཧོཿ། ལན་ཉི་ཤུ་རྩ་གཅིག་བཟླས་སོ། །ཆུ་འདི་གཏོར་བའམ། འཐུངས་ན་སྡུག་བསྔལ་ཐམས་ཅད་རབ་ཏུ་འབྱང་བ་དང་། བདེ་བ་ཐམས་ཅད་རབ་ཏུ་འཕེལ་བར་འགྱུར་བ་ཡིན་ནོ། །དེ་ནས་རང་གི་དམ་ཚིག་རྣམས་ཀྱིས་རྡོ་རྗེ་འཆང་ལ་སོགས་པ་བསྒྲུབ་པར་བྱའོ། །ཛཿཧཱུྃ་བྃ་ཧོཿཞེས་བརྗོད་ནས། །དགུག་པ་དང་ནི་གཞུག་པ་དང་། །བཅིངས་ནས་སྐད་ཅིག་དབང་དུ་འགྱུར། །ཕྱག་རྒྱ་ཆེན་པོ་མཉམ་གཞག་སྟེ། །དེ་བཞིན་གཡས་མཛུབ་ལྕགས་ཀྱུར་བྱ། །དགུག་པ་འདི་ནི་ལན་ཅིག་གིས། །འགྲུབ་སྟེ་རབ་ཏུ་གཞུག་པར་བྱ། །ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ། ཨ་ཨེ་ཧྱི་ཤཱི་གྷྲཾ་མ་ཧཱ་སུ་ཁ་བཛྲ་གུ་ཧྱ་ས་མ་ཡ་མ་ནུ་སྨ་ར་


DNG012_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲ་བྷཱུ་ཏ་ས་མ་ཡ་སྟྭཾ་ཧྲྀ་ད་ཡཾ་སུ་ཏོ་ཥྱོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། ཨ་དྷི་ཏིཥྛ་བྷ་ག་བཱན་ཨ་ན་ཏི་ནཾ་ད་ན་སིད་དྷྱཾ་ཏུ་མེ་མནྟྲ་པ་དེཿཛཿཧཱུྃ་བྃ་ཧོཿ། དེ་ནས་རྟག་ཏུ་བཅོམ་ལྡན་འདས། །དཀྱིལ་འཁོར་དུ་ནི་རང་ཉིད་བྱོན། །དགུག་ཅིང་བཅུག་ནས་བརྟན་པ་དང་། །དབང་དུ་འགྱུར་ཞིང་འགྲུབ་པ་ཡིན། །རྨད་དུ་བྱུང་བའི་རྫུ་འཕྲུལ་དུ་མ་རྣམས་མཐོང་བའམ། ཡང་ན་བཅོམ་ལྡན་འདས་རང་ཉིད་ཀྱིས་མཐོང་བར་འགྱུར་རོ། །དེ་ནས་རང་ཉིད་རྡོ་རྗེ་འཛིན། ཀུན་གྱི་སློབ་དཔོན་ནི་ཕྱག་རྒྱ་ཐམས་ཅད་གྲུབ་པ། དམ་ཚིག་ཐམས་ཅད་ཤེས་པ། ལས་ཐམས་ཅད་ནུས་པ།བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས་པ་ཡིན་ནོ། །འཇུག་པའི་ཆོ་ག་འདི་ཡིས་རྡོ་རྗེ་སློབ་དཔོན་རང་ཉིད་ཅི་སྙེད་པའི་དྲིས་བྱུགས་ཤིང་བསྒོས་པ་རྒྱན་དང་བཅས་པའི་མེ་ཏོག་གི་ཕྲེང་བས་ལུས་ཤིན་ཏུ་བརྒྱན་པ། གོས་དམར་པོ་གཉིས་བགོས་པ། རང་ཉིད་ཀྱིས་བཅོམ་ལྡན་འདས་ལ་བསྟོད་ཅིང་རྡོ་རྗེ་དང་བཅས་པའི་རྡོ་རྗེ་བསྙེམས་པས་རང་ཉིད་འཇུག་པར་བྱའོ། །བསྟོད་པ་ནི་དྲུག་ལྡན་ལ་སོགས་པ་གླུ་ཡིས་བྱའོ། །འདོད་ཆགས་ལ་སོགས་བདེ་ཀུན་ཡིད་ཁྱོད་ནི། །ཀུན་འདུས་བདག་ལ་བདེ་བ་སྩོལ་མཛོད་ཅིག །རྡོ་རྗེ་སེམས་དགོངས་མྱུར་དུ་བདག་སྟོན་མཛོད། །བདག་དགྱེས་མཛད་དང་བདེ་མཆོག་གྲུབ་ལ་འདུད། །དེ་ནས་རབ་ཏུ་ཞུགས་ནས་དགོངས་སུ་གསོལ་བར་བྱ་སྟེ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་བདེ་བ་ཆེ། །ཀུན་ཏུ་བཟང་པོ་ཁྱོད་ཡིན་ཏེ། །རྡོ་རྗེ་བསྙེམས་བདག་ཁྱབ་བདག་ཡིན། །སེམས་ཀྱི་སེམས་དཔའི་ཏིང་ངེ་འཛིན། །དེ་བཞིན་རྡོ་རྗེ་རྡོ་རྗེ་འཛིན། །ཀུན་མཆོག་དམ་ཚིག་དངོས་གྲུབ་ཅན། །རྡོ་རྗེ་སེམས་བདག་དེང་གྲུབ་མཛོད། །དེ་ནས་བཅོམ་ལྡན་འདས་དེ་ཉིད་ཀྱིས། །རྡོ་རྗེ་སློབ་དཔོན་བྱིན་བརླབ་འགྱུར། །དེ་སྔར་མ་བྱུང་བའི་སོ་སོར་རང་རིག་པའི་བདེ་བ་གཉིས་ཀ་ལ་སྐྱེ་བར་འགྱུར་རོ། །ཕྲ་མོ་དབབ་པར་ཡང་འགྱུར་རོ། །དེ་ནས་བདག་ལ་བཅོམ་ལྡན་འདས་གྲུབ་པར་གྱུར་ཏོ་ཞེས་ཤེས་པར་བྱའོ། །དེ་ནས་དེ་བཞིན་དུ་འདུག་ལ་ཅི་འདོད་པའི་བཟླས་བརྗོད་བྱའོ། །དེ་ནས་དེ་བཞིན་དུ་འདུག་ལ་རང་གི་བསོད་ནམས་ཀྱི་བྱིན་གྱི་རླབས་ཀྱིས་འདོད་པའི་དངོས་གྲུབ་ཐོབ་པར་འགྱུར་རོ། །དེ་ནས་བརྩམས་ཏེ་སེམས་དཔའ་


DNG012_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་ཐམས་ཅད་འགྲུབ་པར་འགྱུར་ཞིང་མཐོང་བར་འགྱུར་རོ། །དེ་རྣམས་ཀྱིས་ཀྱང་དེ་ལ་དངོས་གྲུབ་ཐམས་ཅད་སྩོལ་བར་མཛད་དོ། །ཕྱག་རྒྱ་ཐམས་ཅད་ཀྱང་བདག་རང་ཉིད་ཀྱིས་བཅིངས་ན་ལས་ཐམས་ཅད་འགྲུབ་པར་འགྱུར་རོ། །དམ་ཚིག་ཐམས་ཅད་ཀྱང་འདི་ལ་བསྟན་པར་འགྱུར་རོ། །ཡིད་ཀྱི་འདོད་པའི་ལས་རྣམས་ཀྱང་བྱེད་པ་ཡིན་ནོ། །བདེ་བ་དང་ཡིད་བདེ་བ་ཐམས་ཅད་ཉམས་སུ་མྱོང་ཞིང་གཞན་གྱིས་མི་ཐུབ་པ་དང་མི་སོད་པས་ལོ་གཅིག་འདས་ནས་སངས་རྒྱས་ཉིད་ལ་སོགས་པའི་མཆོག་གི་དངོས་གྲུབ་ཐོབ་པ་ཡིན་ནོ། །དེ་ནས་སེམས་ཅན་ཐམས་ཅད་གཞུག་པའི་དོན་དུ་བརྟག་པར་བྱ་བ་ཡིན་ནོ། །རྡོ་རྗེ་སློབ་དཔོན་རང་ཉིད་སྔ་མ་བཞིན་དུ་ལུས་ལ་བརྒྱན་ནས། རབ་ཏུ་བདེ་བའི་རྡོ་རྗེའི་དམ་ཚིག་གི་ཕྱག་རྒྱ་རབ་ཏུ་བཅུག་སྟེ་དེ་བཞིན་དུ་དེ་ཁོ་ན་ཉིད་ཆེན་པོ་བསྐུལ་བས་ཡང་དག་པར་བསྐུལ་ལ་དགུག་པར་བྱའོ། །འདི་སྐད་ཅེས་བརྗོད་དོ། །སྲིད་པའི་བདེ་བ་རྣམ་དག་ཕྱིར། །སྔར་གྱི་སྲིད་པ་ལ་ཁྱོད་དགའ། །འདོད་པ་ཀུན་གྱི་དངོས་གྲུབ་ཆེ། །འགྲོ་བ་ཀུན་ལའང་འགྲུབ་པར་གྱིས། །དེ་ནས་མཆོད་པ་བྱས་ལ་རང་གི་ལྷག་པའི་ལྷ་གང་ཡིན་པ་དེའི་དམ་ཚིག་གི་ཕྱག་རྒྱ་མེ་ཏོག་དང་བཅས་པ་གཞུག་པར་བྱ་སྟེ། བཅུག་ནས་རྣ་བར་འདི་སྐད་ཅེས་བརྗོད་པར་བྱའོ། །ཆགས་བྲལ་འདུལ་བའི་འཇིག་རྟེན་ནི། །ཆགས་བྲལ་ཉིད་ཀྱིས་འདུལ་བར་འགྱུར། །འདོད་ཆགས་ཆེན་པོ་བདེ་བ་ཆེ། །རྡོ་རྗེ་སེམས་དཔའ་སྦས་པ་ཡིན། །འདོད་ཆགས་བྲལ་བ་ལྟ་བུ་ཡི། །སྡུག་བསྔལ་གཞན་ནི་རང་བཞིན་མེད། །དེ་བས་སེམས་ཅན་ཆགས་བྲལ་ལ། །སླར་ཡང་ཡིད་ནི་མ་བྱེད་ཅིག །དེ་ནས་མེ་ཏོག་ལ་སོགས་པ་སྙིང་པོ་འདིས་འདོར་དུ་གཞུག་གོ། །ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་པྲ་ཏི་གྲྀ་ཧྞ་ས་མ་ཡ་སྟྭཾ། དེ་ནས་གང་དུ་བབས་པ་དེ་ནི་དེའི་ལྷ་ཡིན་ནོ། །དེ་ནས་དེ་ཁོ་ན་ཉིད་ཆེན་པོ་བརྗོད་པར་བྱའོ། །གང་འདོད་པའི་སྙིང་པོ་བྱིན་ལ་སྒྲུབ་ཏུ་བཅུག་ལ་རང་ཉིད་ལྷག་པའི་ལྷའི་དབང་བསྐུར་བས་དབང་བསྐུར་ནས། དེའི་མཚན་མ་ལག་པ་གཉིས་སུ་བྱིན་ཏེ་དེའི་རིགས་ཀྱི་མིང་གི་དབང་བསྐུར་ལ་སྙིང་པོ་འདིས་དབང་བསྐུར་བར་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱདྨ་ཀོ྅ཧྃ་བཛྲ་དྷཱ་ར་ས་མུ་ཁེ་བྷ་ཨ་བྷི་ཥེ་ཀ་ཨ་བྷི་


DNG012_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

ཥིཉྩཱ་མི་གྲྀ་ཧྞ་སིདྡྷི་བཛྲི་ཏེ་ཨ་མོ་གྷ་སིདྡྷི་སྟྭཾ། དེ་ནས་ཕྱག་རྒྱ་བཅིངས་པ་བསླབ་པར་བྱའོ། །དེ་ནས་ཅི་འདོད་པའི་མཆོད་པ་བྱས་ཤིང་བྱེད་དུ་བཅུག་ནས་ཅི་འདོད་པ་བཟའ་བ་དང་བཏུང་བས་སློབ་མ་རྣམས་ཚིམ་པར་བྱས་ལ་ཕྱག་རྒྱ་དང་། ཕྱག་རྒྱའི་ལན་དང་གར་དང་དགོད་པ་བྱེད་དུ་བཅུག་ཅིང་རང་ཉིད་ཀྱིས་ཀྱང་བྱའོ། །དེ་ནས་ཐམས་ཅད་བསྐྲད་ནས་འདི་སྐད་བརྗོད་པར་བྱའོ། །ཐོག་མཐར་རྒྱུ་བའི་འགྲོ་བ་འདི། །དགའ་བ་མཆོག་ལ་རག་ལུས་ཏེ། །སེམས་དཔའ་ཆེན་པོ་རྡོ་རྗེར་འགྱུར། །སླར་ཡང་གཤེགས་པར་མཛད་དུ་གསོལ། །དེ་ནས་སྙིམ་པའི་མེ་ཏོག་དོར་ནས་དབྱུང་བར་བྱའོ། །དཀྱིལ་འཁོར་ཡང་རང་ཉིད་ཀྱིས་ཕྱགས་ལ་རྡུལ་ཚོན་དེ་དག་གིས་རིལ་བུ་བྱས་ལ་བཞག་ན་ལས་ཐམས་ཅད་འགྲུབ་པར་འགྱུར་རོ། །དེ་ནས་བདེ་བ་ཆེན་པོ་རྡོ་རྗེ་དམ་ཚིག་གི་བདུད་རྩིའི་ཚུལ་དེ་ཡང་བཅུག་ན་ཚེ་འཕེལ་བ་ལ་སོགས་པའི་ལས་ཐམས་ཅད་དགོངས་པ་ཡིན་ནོ། །དེ་ཉིད་ཀྱིས་དབང་བསྐུར་ན་ཡང་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་པ་དང་། མཆོག་གི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་རོ། །གལ་ཏེ་སྐུ་བྲི་བའི་རི་མོ་མཁན་མ་རྙེད་ན་རང་རང་གི་ཕྱག་མཚན་གྱི་ཕྱག་རྒྱ་རྣམས་ཀྱིས་དཀྱིལ་འཁོར་བྲི་བར་བྱའོ། །གལ་ཏེ་དེ་ཡང་མི་ཤེས་ན་ཕྱག་མཚན་གཞག་པར་བྱའོ། །ཕྱག་རྒྱའི་ཆོ་ག་རྒྱས་པའོ། །དེ་ནས་བཅོམ་ལྡན་འདས་དོན་ཡོད་པ་ཐོགས་པ་མེད་པ་མྱུར་དུ་འགྲུབ་པའི་ཆོ་ག་རྒྱ་ཆེ་བའི་དམ་ཚིག་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་རྣམ་པར་གནོན་པར་མཛད་ནས་རྡོ་རྗེ་འཆང་ཆེན་པོས་འདི་གསུངས་སོ། །བདེ་བ་ཆེན་པོ་རབ་སྒྲུབ་དང་། །འདོད་པ་ཆེན་པོ་རྣམ་དག་ཕྱིར། །རྡོ་རྗེ་སེམས་དཔའ་གྲུབ་པ་ནི། །རྟག་པར་མྱུར་དུ་བཤད་པར་བྱ། །ཅི་སྲིད་འཁོར་བའི་གནས་སུ་ནི། །དེ་སྲིད་སེམས་ཅན་གདོན་པར་བྱ། །མྱ་ངན་འདས་པ་བྱང་ཆུབ་སྒྲིབ། །དེ་ཉིད་ཀྱིས་ནི་དམ་ཚིག་རྣམས། །ཅི་སྲིད་སྲིད་པ་ལ་གནས་པ། །དེ་སྲིད་སེམས་ཅན་དོན་ཉིད་བྱེད། །ཐམས་ཅད་དག་པའི་མཆོག་ཆོས་ཅན། །ཅི་ལྟར་སེམས་ཅན་ཀུན་གྱི་དོན། །དངོས་གྲུབ་ཐམས་ཅད་རབ་སྒྲུབ་པ། །དེ་ལྟར་སྦྱིན་སོགས་ཕ་རོལ་ཕྱིན། །བྱང་ཆུབ་སྤྱོད་པ་མཆོག་གིས་མིན། །དེ་བཞིན་གཤེགས་ནི་གདུལ་མིན་ལ། །སེམས་


DNG012_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་རྣམས་ཀྱི་དོན་མཛད་པ། །འདི་ནི་དངོས་གྲུབ་རབ་བསྒྲུབས་ན། །དུས་ཀུན་དུ་ནི་ཐམས་ཅད་མཛད། །དེས་ན་བསྒྲུབ་འདི་བཤད་བྱ་སྟེ། །དངོས་གྲུབ་ཤིན་ཏུ་རྟག་པ་ཡིན། །གང་གིས་སྲིད་པ་འདི་ཉིད་དུ། །ཤིན་ཏུ་རྟག་པའི་དངོས་གྲུབ་ཐོབ། །དཀྱིལ་འཁོར་དག་ཏུ་མ་ཞུགས་ཀྱང་། །དམ་ཚིག་རྣམ་པར་སྤངས་པའམ། །བསོད་ནམས་མེད་ཀྱང་ཐམས་ཅད་དུ། །སྲིད་པ་འདི་ལ་མྱུར་དུ་འགྲུབ། །གལ་ཏེ་དངོས་གྲུབ་སྒྲུབ་འདོད་ན། །རྟག་ཏུ་ཡུལ་དང་ལྡན་གྱུར་ན། །གསང་བའི་མཆོད་པས་མཆོད་ནས་ནི། །རང་རང་ཕྱག་རྒྱས་འགྲུབ་པར་འགྱུར། །དྲུག་ལྡན་ལ་སོགས་སྙན་པའི་གླུ། །ཆགས་པ་ཀུན་ཀྱང་ཅི་འདོད་པར། །བཟླས་པའི་དོན་ནི་ཅི་ནུས་པས། །རྡོ་རྗེ་སེམས་དཔའ་བསྒྲུབ་པར་བྱ། །འདི་ཡིས་འདོད་པའི་ཀུན་དབང་ཕྱུག །ཅི་འདོད་འགྲོ་འོང་མཁའ་ལ་རྒྱུ། །དངོས་གྲུབ་ཀུན་གྱི་དབང་ཕྱུག་གྲུབ། །རྒ་ཤི་མེད་ཅིང་གཙོ་བོར་འགྱུར། །རྒྱལ་བ་ཀུན་གྱིས་མཆོད་བྱས་ལ། །རང་གཞན་ཀུན་གྱིས་བསྙེན་བཀུར་ཞིང་། །རྡོ་རྗེ་འཆང་ཆེན་དང་མཚུངས་ཤིང་། །དོན་ཡོད་ཀུན་མཆོག་སྤྱོད་པ་ཡིན། །བདེ་བ་ཆེན་པོ་རྡོ་རྗེ་གྲུབ་པའི་རྒྱལ་པོ་དེ་བཞིན་གཤེགས་པ་ལ་སོགས་པའི་དངོས་གྲུབ་ཐམས་ཅད་རབ་ཏུ་སྟེར་བ། རྡོ་རྗེ་འཆང་ཆེན་པོ་བྱང་ཆུབ་སེམས་དཔའ་ཡིན་ན། གལ་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་གི་དངོས་གྲུབ་མངོན་པར་འདོད་ན་དེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱའི་ཁུ་ཚུར་ཡོངས་སུ་འཛིན་པ་རས་རིས་ལ་བྲི་བར་བྱའོ། །བཞད་པ་དང་བཅས་པ་དངོས་པོ་ཐམས་ཅད་དུ་དེ་བཞིན་གཤེགས་པ་རྣམས་ཀྱིས་ཡོངས་སུ་བསྐོར་བའོ། །དེའི་མདུན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་ཡོངས་སུ་འཛིན་པས་རྡོ་རྗེའི་ཚིག་གིས་སྟོང་ཕྲག་བརྒྱ་བཟླས་པར་བྱའོ། །འབུམ་རྫོགས་པ་ན་མཚན་ཕྱེད་ན་བདུད་ཀྱི་ཚོགས་རྣམས་འོང་བར་འགྱུར་རོ། །དེ་ནས་བདུད་ཐམས་ཅད་ཀྱི་སྟོབས་གཞོམ་པས་བཅོམ་པར་བྱའོ། །དེ་ནས་ཐོ་རངས་ཀྱི་དུས་སུ་དེ་བཞིན་གཤེགས་པ་ཐམས་ཅད་ཉིད་དམ་བྱང་ཆུབ་སེམས་དཔའ་ཉིད་ཐོབ་པར་འགྱུར་རོ། །གལ་ཏེ་རྡོ་


DNG012_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་འཆང་ཆེན་པོ་ཉིད་མངོན་པར་འདོད་ན། དེས་ལུགས་མའམ། འདུས་བྱས་པའམ། བརྡུངས་པའམ། རས་རིས་ལ་སོགས་པར་ལེགས་པར་བྲིས་པའི་ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་བཞིན་དུ་སྔར་སྒྲུབ་པ་ལ་སྐུ་གཟུགས་ཀྱི་ཁྱད་པར་ཅི་ལྟར་ཐོབ་པ་ལྟར་རྡོ་རྗེ་སེམས་དཔའི་བསྒྲུབ་པ་བཤད་དོ། །ཟླ་བ་དྲུག་གིས་རྡོ་རྗེ་འཆང་ཆེན་པོའི་དངོས་གྲུབ་ཆེན་པོ་འགྲུབ་བོ། །གལ་ཏེ་རྡོ་རྗེ་འཆང་ཆེན་པོ་དགུག་ན་བདེ་བ་ཆེན་པོའི་རྡོ་རྗེ་ལྕགས་ཀྱུས་དགུག་ཅིང་ཅི་འདོད་པ་བསྒྲུབ་པར་བྱའོ། །ཟླ་བ་གཅིག་འདས་ནས་ཐམས་ཅད་གསོལ་བར་བྱའོ། །གལ་ཏེ་རང་གི་ཕྱག་རྒྱས་བདག་ཉིད་བསྒྲུབ་ན་རང་གི་ལྷའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ་བསྒོམས་པས་བདག་རྡོ་རྗེ་སེམས་དཔའ་ཡིན་ནོ་ཞེས་བསྒོམས་ལ་བསྒྲུབ་པར་བྱའོ། །དེ་ཅི་ལྟར་མངོན་པར་འདོད་པའི་བཟླས་པས་བདག་ཉིད་བསྒྲུབ་པར་བྱའོ། །ཡང་དང་ཡང་དུ་སྒོམ་ཞིང་བཟླས་པ་དེ་སྲིད་བདག་གིས་བྱའོ། །ཅི་སྲིད་རྡོ་རྗེ་འཆང་ཉིད་ཟླ་བ་ཕྱེད་འདས་ནས་ཐོབ་པར་འགྱུར་རོ། །དེ་ནས་འདོད་པ་ཐམས་ཅད་ཀྱི་དབང་ཕྱུག་བསྒྲུབ་པར་འདོད་ན་དེ་བཞིན་དུ་རང་ཡིད་དུ་འོང་བ་དང་བཅས་པར་རབ་ཏུ་ཞུགས་ཏེ། ཕྱག་རྒྱ་བཅིངས་ལ་དེ་སྲིད་བཟླས་པར་བྱའོ། །ཅི་སྲིད་བདག་འདོད་པ་ཀུན་གྱི་དབང་ཕྱུག་དང་། ཁམས་གསུམ་པ་མ་ལུས་པའི་བདག་པོར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཁམས་གསུམ་པ་མ་ལུས་པའི་རྡོ་རྗེའི་རྒྱུན་གྱི་རང་བཞིན་ཐམས་ཅད་གྲུབ་པའི་ཆོས་ཉིད་ཀྱི་ཡེ་ཤེས་རྣམ་པར་རོལ་པར་མཛད་ནས་མ་བསྒྲུབས་པའི་ཕྱག་རྒྱའི་ལས་ཀྱི་རྒྱུན་རྡོ་རྗེའི་ཆོ་ག་རྒྱས་པ་འདི་གསུངས་སོ། །མ་བསྒྲུབས་པའི་སྙིང་པོའི་ལས་རྣམས་འདི་ལྟ་སྟེ། བདག་ཉིད་བསྲུང་བ་ནི་བདེ་བ་ཆེན་པོའི་རྡོ་རྗེས་གསང་བའི་གཙུག་ཏོར་གྱིས་སོ། །ཐམས་ཅད་བསྲུང་བ་ནི་བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་མཛོད་སྤུས་སོ། །ཕྱོགས་ཐམས་ཅད་དང་།མཚམས་དང་དཀྱིལ་འཁོར་བཅིང་བ་ནི་བདེ་བ་ཆེན་པོ་རྡོ་རྗེ་གསང་བ་འབར་བའི་ཕྲེང་བས་སོ། །བདུད་ཐམས་ཅད་ཀྱི་སྟོབས་གཞོམ་པ་ནི་བདེ་བ་ཆེན་པོའི་རྡོ་རྗེ་གསང་བ་མི་བསྐྱོད་པས་སོ། །ཚེ་འཕེལ་བར་བྱ་བ་ནི་བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་བདུད་རྩིས་སོ། །གཟུགས་ཆེན་པོ་ཕུན་སུམ་ཚོགས་པ་ནི་བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་གཟུགས་ཅན་གྱིས་སོ། །གཟི་


DNG012_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

བརྗིད་དང་ན་ཚོད་ཤིན་ཏུ་བཟང་པོ་རབ་ཏུ་འཕེལ་བ་ལ་ནི་བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་བཅུད་ཀྱིས་ལེན་གྱིས་སོ། །སྟོབས་དང་མདོག་འཕེལ་བ་ལ་ནི་བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་མཐུ་ཡིས་སོ། །དབང་བསྐུར་བ་ཐམས་ཅད་ལ་རྡོ་རྗེ་གསང་བའི་ཅོད་པན་ཅན་གྱིས་སོ། །ནོར་ཐམས་ཅད་ཐོབ་པར་བྱ་བ་ལ་ནི་རྡོ་རྗེ་གསང་བའི་དབྱིག་གིས་སོ། །རྒྱལ་སྲིད་ཐོབ་པ་ལ་ནི་རྡོ་རྗེ་གསང་བའི་རྒྱལ་པོའི་ཕྱག་རྒྱས་སོ། །ས་མ་ལུས་པ་ཐོབ་པ་ལ་ནི་རྡོ་རྗེ་གསང་བའི་རྩལ་གྱིས་སོ། །ཐམས་ཅད་དབབ་པ་དང་གཡོ་བར་བྱ་བ་དང་གར་བྱེད་དུ་གཞུག་པ་དང་། དུས་གསུམ་བདེན་པ་ཉིད་དུ་སྨྲར་གཞུག་པ་ལ་ནི་བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་དམ་ཚིག་གི་དོན་དུ་གཞུག་པས་སོ། །པྲ་སེ་ན་ཐམས་ཅད་སྒྲུབ་པ་ལ་ནི་རྡོ་རྗེ་གསང་བའི་པྲ་སེ་ན་དབབ་པས་སོ། །གདོན་ཐམས་ཅད་ལས་ཐར་པ་ལ་ནི་རྡོ་རྗེ་གསང་བའི་གདོན་ལས་ཐར་པས་སོ། །གདུག་པ་ཐམས་ཅད་གཞིག་པ་ལ་ནི་རྡོ་རྗེ་གསང་བའི་བགེགས་འཇོམས་པས་སོ། །ཐམས་ཅད་རེངས་པར་བྱ་བ་ལ་ནི་རྡོ་རྗེ་གསང་བའི་རེངས་པས་སོ། །ཐམས་ཅད་གཉིད་ལོག་པར་བྱ་བ་ལ་ནི་རྡོ་རྗེ་གསང་བའི་གཉིད་ཀྱིས་སོ། །ཐམས་ཅད་རྒྱས་གདབ་པ་ལ་ནི་བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་དམ་ཚིག་གི་མཁའ་འགྲོ་མས་སོ། །ཐམས་ཅད་དུ་གསང་བ་ལ་ནི་རྡོ་རྗེ་གསང་བའི་མཐར་བྱེད་ཀྱིས་སོ། །ཐམས་ཅད་བསྒྱེལ་བ་ལ་ནི་རྡོ་རྗེ་གསང་བའི་ཧཱུྃ་མཛད་ཀྱིས་སོ། །ཐམས་ཅད་བསླང་བ་ལ་ནི་རྡོ་རྗེ་གསང་བའི་དམ་ཚིག་གིས་བསླང་བས་སོ། །ཐམས་ཅད་བཅིང་བ་ལ་ནི་རྡོ་རྗེ་གསང་བའི་བཅིངས་པས་སོ། །ཐམས་ཅད་ཐར་བར་བྱ་བ་ལ་ནི་རྡོ་རྗེ་གསང་བའི་ཡི་གེ་མུས་སོ། །ཕྲ་མེན་མ་ཐམས་ཅད་ལས་ཐར་བར་བྱ་བ་དང་། སྔོན་གྱི་གནས་སྐབས་རྗེས་སུ་སྦྱིན་པ་ལ་ནི་གསང་བ་ཆེན་པོ་ཧེ་རུ་ཀའི་རྡོ་རྗེས་སོ། །མ་མོའི་གདོན་ཐམས་ཅད་ལས་ཐར་བར་བྱ་བ་ལ་ནི་རྡོ་རྗེ་གསང་བའི་དྲག་མོས་སོ། །ཕྲ་མེན་མ་ཐམས་ཅད་ཀྱིས་རྒྱས་བཏབ་པ་ལ་ཐར་བར་བྱ་བ་དང་། སྙིང་ཟོས་པ་ལས་སྙིང་གཞན་འབྱུང་བར་འཇུག་པ་དང་། ཤི་བ་གསོ་བ་ལ་ནི་དམ་ཚིག་ཆེན་པོ་གསང་བའི་ཧེ་རུ་ཀའི་རྡོ་རྗེ་དབང་བསྐུར་བས་སོ། །གདུག་པ་ཐམས་ཅད་ཀྱི་ཕྱག་རྒྱ་གཞིག་པ་ལ་ནི་རྡོ་རྗེ་གསང་བའི་རྡོ་རྗེས་སོ། །རིམས་ཐམས་ཅད་རབ་ཏུ་ཞི་བ་ལ་


DNG012_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རྡོ་རྗེ་གསང་བའི་འབར་བའི་ལྟ་བས་སོ། །དུག་ཐམས་ཅད་གཞིག་པ་དང་བཟའ་བ་དང་འབབ་པ་དང་འཆི་བ་གསོ་བ་ལ་ནི་གསང་བ་ཆེན་པོ་རྡོ་རྗེ་ནོར་བུའི་ཕྱག་རྒྱས་སོ། །དུག་ཐམས་ཅད་དང་སྦྱར་བའི་དུག་ཐམས་ཅད་བདུད་རྩིར་བྱ་བ་ལ་ནི་རྡོ་རྗེ་གསང་བའི་དུག་མེད་པས་སོ། །གཤེད་བྱེད་ཐམས་ཅད་དང་བྱད་དང་རོ་ལངས་དང་བྱུར་དང་གནོད་སྦྱིན་མོ་རྣམས་ཀྱི་ནུས་པ་གཞིག་པ་ལ་ནི་རྡོ་རྗེ་གསང་བའི་སྦྱིན་སྲེག་གིས་སོ། །རྩོད་པ་ཐམས་ཅད་དང་འཐབ་པ་དང་འཐབ་མོ་དང་རྩོད་པ་གཞིག་པ་ལ་ནི་རྡོ་རྗེ་གསང་བའི་ཞལ་རབ་ཏུ་གདངས་པས་སོ། །ཡམས་དང་འཚེ་བ་ཐམས་ཅད་དང་སྡིག་པ་དང་རྨི་ལམ་ངན་པ་གཞིག་པ་ལ་ནི་རྡོ་རྗེ་གསང་བའི་ཞི་བས་སོ། །གཞན་གྱི་དཔུང་ཐམས་ཅད་རེངས་པར་བྱ་བ་དང་། གཉིད་ལོག་པར་བྱ་བ་དང་རྨོངས་པར་བྱ་བ་དང་ལྐུགས་པར་བྱ་བ་དང་། རྒྱས་གདབ་པ་དང་གསད་པ་ལ་ནི་བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་གཤེད་བྱེད་ཀྱིས་སོ། །འཐབ་མོ་ཐམས་ཅད་ལས་རྒྱལ་བ་ཐོབ་པ་ལ་ནི་རྡོ་རྗེ་གསང་བའི་རྒྱལ་མཚན་གྱི་དཔུང་རྒྱན་གྱིས་སོ། །གདུག་པ་ཐམས་ཅད་གཞིག་པ་ལ་ནི་རྡོ་རྗེ་གསང་བའི་རྡོ་རྗེ་ལེགས་པས་སོ། །བགེགས་ཐམས་ཅད་ཞི་བར་བྱ་བ་ལ་ནི་རྡོ་རྗེ་གསང་བའི་ཐབས་སྦྱོར་གྱིས་སོ། །དགྲ་བོ་ཐམས་ཅད་རྣམ་པར་གཞིག་པ་ལ་ནི་རྡོ་རྗེ་གསང་བའི་རྣམ་པར་འཐོར་བས་སོ། །བདུད་ཀྱི་སྟོབས་ཐམས་ཅད་གཞོམ་པ་ལ་ནི་རྡོ་རྗེ་གསང་བའི་རབ་ཏུ་འདུལ་བས་སོ། །སྤྲིན་བསྐྱེད་པ་ལ་ནི་རྡོ་རྗེ་གསང་བའི་སྤྲིན་ཆེན་པོས་སོ། །ཆར་དབབ་པ་ལ་ནི་རྡོ་རྗེ་གསང་བའི་སྡིགས་མཛུབ་ཀྱིས་སོ། །ཐོག་དབབ་པ་དང་། གློག་དང་། རླུང་དང་། ཆར་ཞི་བར་བྱ་བ་ལ་ནི། རྡོ་རྗེ་གསང་བའི་སྤྲིན་སྲུང་གིས་སོ། །སྤྲིན་དང་མུན་པ་དང་། ཁུག་རྣ་ཞི་བར་བྱ་བ་ལ་ནི།རྡོ་རྗེ་གསང་བའི་བདེ་བ་ཆེན་པོའི་སྤྱན་གྱིས་སོ། །ཀླུ་ཐམས་ཅད་དགུག་པ་ལ་ནི་རྡོ་རྗེ་གསང་བའི་ཕྱག་རྒྱས་སོ། །ཀླུ་ཐམས་ཅད་དབང་དུ་བྱ་བ་ལ་ནི་གསང་བ་ཐམས་ཅད་ཀྱི་ནོར་བུའི་ཕྱག་རྒྱས་སོ། །ཀླུ་ཐམས་ཅད་རྗེས་སུ་འབྲང་བར་བྱ་བ་ལ་ནི་རྡོ་རྗེ་གསང་བའི་ཀླུ་འདུལ་བས་སོ། །ཀླུ་ཐམས་ཅད་འབྱིན་པ་ལ་ནི་རྡོ་རྗེ་གསང་བའི་ཀླུ་འདོན་པས་སོ། །ས་མ་ལུས་པ་གཡོ་ཞིང་འགུལ་བར་བྱ་བ་ལ་ནི་རྡོ་རྗེ་གསང་བའི་ཐར་པས་སོ། །ཆུ་མེད་པར་ཆུའི་ཕུང་པོ་ཆར་ཆེར་


DNG012_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

བསིལ་ཞིང་དྲི་མ་མེད་པར་བསྐྱེད་པ་ལ་ནི་བདེ་བ་ཆེན་པོ་རྡོ་རྗེ་ཀླུའི་ཕྱག་རྒྱས་སོ། །མུན་པར་ཉི་མའི་སྣང་བ་ཆེན་པོ་བསྐྱེད་པ་ལ་ནི་རྡོ་རྗེ་ཉི་མའི་ཕྱག་རྒྱས་སོ། །རླུང་ཐམས་ཅད་དབང་དུ་བྱ་བ་ལ་ནི་རྡོ་རྗེ་རླུང་ཐམས་ཅད་ཀྱིས་སོ། །ནམ་མཁའ་ལ་གཟུགས་ཐམས་ཅད་ཀུན་དུ་སྟོན་པ་ལ་ནི་རྡོ་རྗེ་གསང་བའི་འཛིན་པས་སོ། །ནམ་མཁའ་ལས་དངོས་པོ་ཐམས་ཅད་འབྱུང་བར་བྱ་བ་ལ་ནི་རྡོ་རྗེ་གསང་བའི་འབྱུང་བས་སོ། །ནམ་མཁའ་ལ་རང་གི་བདག་ཉིད་ཀྱི་དངོས་པོ་ཀུན་དུ་བསྟན་པར་བྱ་བ་ལ་ནི་རྡོ་རྗེ་གསང་བའི་རྫུ་འཕྲུལ་གྱིས་སོ། །ནམ་མཁའ་ལ་དེ་བཞིན་གཤེགས་པ་དང་རྡོ་རྗེ་འཛིན་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་བསྟན་པ་ལ་ནི་རྡོ་རྗེ་གསང་བའི་རྣམ་པར་འཕྲུལ་པས་སོ། །ནམ་མཁར་ཤིང་ཐམས་ཅད་ལ་ལོ་མ་དང་མེ་ཏོག་དང་། འབྲས་བུ་ཐམས་ཅད་འབྱུང་བ་ལ་ནི་རྡོ་རྗེ་གསང་བའི་དུས་ཀྱི་ཕྱག་རྒྱས་སོ། །སའི་ཆ་ཐམས་ཅད་ལ་འབྲུའི་ཐམས་ཅད་སྨིན་པར་འབྱུང་བ་ལ་ནི་རྡོ་རྗེ་གསང་བའི་གཤོལ་གྱི་ཕྱག་རྒྱས་སོ། །ཐམས་ཅད་ལས་ལྷའི་ཁ་ཟས་དང་། བཏུང་བ་དང་། གོས་དང་། རྒྱན་དང་། གནས་སར་པ་དང་། བུ་མོ་གཞོན་ནུ་འབྱུང་བ་དང་། སྐྱེས་པ་དང་བུད་མེད་དང་། བྲན་ཕོ་དང་། བྲན་མོ་ཐམས་ཅད་འབྱུང་བར་བྱ་བ་ལ་ནི། བདེ་བ་ཆེན་པོ་རྡོ་རྗེ་དམ་ཚིག་གི་བསོད་ནམས་ཀྱི་ཆུ་ཡིས་སོ། །གཡུལ་དུ་དཔུང་གི་ཚོགས་ཡན་ལག་བཞི་བསྟན་ཅིང་གཡུལ་འགྱེད་པ་ལ་ནི་རྡོ་རྗེ་བདེ་བ་ཆེན་པོའི་སྡོམ་པས་སོ། །སྒྱུ་མ་ཐམས་ཅད་བསྟན་པ་ལ་ནི། རྡོ་རྗེ་བདེ་མཆོག་གིས་སོ། །བདེ་མཆོག་གི་བྱ་བ་ཐམས་ཅད་ལ་ནི་རྡོ་རྗེ་སྒྱུ་མའི་བྱ་བས་སོ། །རྨད་དུ་འབྱུང་བ་དང་ཆོ་འཕྲུལ་ཐམས་ཅད་བསྟན་པ་ལ་ནི་རྡོ་རྗེ་རྨད་དུ་འབྱུང་བའི་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པས་སོ། །ལན་ཐམས་ཅད་གདབ་པར་བྱ་བ་ལ་ནི་རྡོ་རྗེ་ལན་བསྟན་པས་སོ། །མེ་རེངས་པར་བྱ་བ་ལ་ནི་རྡོ་རྗེ་ཤིན་ཏུ་གྲང་བས་སོ། །ཆུ་དབབ་པར་བྱ་བ་ལ་ནི་རྡོ་རྗེ་ཟླ་བའི་ཆུ་ཤེལ་གྱིས་སོ། །དགོན་པ་དང་། གྲོང་དང་།ནགས་དང་། ཆུ་བོ་དང་། རྫིང་བུ་དང་། སྐྱེད་མོས་ཚལ་དང་། ཟས་དང་སྐོམ་དང་། གཙུག་ལག་ཁང་བསྲུང་བ་ལ་ནི་རྡོ་རྗེ་གྲུབ་པས་སོ། །ཆུའི་སྟེང་དུ་བཞག་པ་


DNG012_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

དང་། བདག་ཉིད་གཟུགས་མང་པོའི་དངོས་པོ་སྟོན་པ་དང་། མི་སྣང་བ་དང་། ནམ་མཁའ་ལ་འགྲོ་བའི་དངོས་གྲུབ་ལ་ནི་རྡོ་རྗེ་གསང་བའི་དངོས་གྲུབ་ཀྱི་ཕྱག་རྒྱས་སོ། །ལྷ་ལ་སོགས་པ་ཐམས་ཅད་མངག་གཞུག་པར་བྱ་བ་ལ་ནི་རྡོ་རྗེ་གསང་བའི་བཀའ་བསྒོ་བས་སོ། །སེམས་ཅན་ཐམས་ཅད་དབང་དུ་བྱ་བ་ལ་ནི་རྡོ་རྗེ་གསང་བའི་དབང་གིས་སོ། །མི་རྒྱུ་བ་ཐམས་ཅད་དྲང་བ་དང་དབབ་པ་དང་། བདེན་པར་སྨྲར་གཞུག་པ་ལ་ནི་རྡོ་རྗེ་གསང་བའི་དངོས་གྲུབ་ཆེན་པོའི་ཕྱག་རྒྱས་སོ། །གཟུགས་བརྙན་ཐམས་ཅད་དབབ་པ་དང་། དགུག་པ་དང་།དགོད་པར་བྱ་བ་དང་། གར་བྱེད་དུ་གཞུག་པ་དང་། ཀུན་དུ་རོལ་པར་བྱ་བ་དང་། བསྒོ་བ་ཐམས་ཅད་བྱེད་དུ་གཞུག་པ་དང་། ཐམས་ཅད་ཁྱེར་ཏེ་འོང་བ་དང་། ལས་ཐམས་ཅད་བྱེད་དུ་གཞུག་པ་ལ་ནི་བདེ་བ་ཆེན་པོ་རྡོ་རྗེའི་དམ་ཚིག་བསྒྲུབས་པས་སོ། །ཐམས་ཅད་རྗེས་སུ་ཆགས་པར་བྱ་བ་ལ་ནི་བདེ་བ་ཆེན་པོའི་རྡོ་རྗེ་ཡིད་ལས་བྱུང་བས་སོ། །རྒྱུ་བ་དང་མི་རྒྱུ་བ་ཐམས་ཅད་རྩེར་གཞུག་པ་ལ་ནི་རྡོ་རྗེ་ཀི་ལི་ཀི་ལའི་གསང་བས་སོ། །ཐམས་ཅད་བརྟན་པར་བྱ་བ་ལ་ནི་རྡོ་རྗེ་ཆུ་སྲིན་གྱི་ཕྱག་རྒྱས་སོ། །ཐམས་ཅད་དཔའ་བར་བྱ་བ་ལ་ནི་རྡོ་རྗེ་བསྙེམས་པས་སོ། །རྨི་ལམ་ངན་པ་བཟློག་པ་ལ་ནི་རྡོ་རྗེ་ངག་གིས་སོ། །གཞན་དག་གིས་རང་འདོད་པའི་རྨི་ལམ་མཐོང་བར་བྱ་བ་ལ་ནི་རྡོ་རྗེ་རྨི་ལམ་མཐོང་བས་སོ། །རྨི་ལམ་ངན་པ་ཐམས་ཅད་གཞིག་པ་ལ་ནི་རྡོ་རྗེ་སྲེག་བླུགས་ཀྱིས་སོ། །རྨི་ལམ་བཟང་བ་ཐམས་ཅད་བསྒྲུབ་པ་དང་བརྟན་པར་བྱ་བ་ལ་ནི་རྡོ་རྗེ་རྨི་ལམ་གྲུབ་པས་སོ། །ནད་དང་གནོད་པ་ཐམས་ཅད་བསལ་བ་ལ་ནི་རྡོ་རྗེ་སྨན་གྱིས་སོ། །རིམས་ནད་ཐམས་ཅད་གཞིག་པ་ལ་ནི་རྡོ་རྗེ་བཅུད་ལེན་གྱིས་སོ། །དུས་མ་ཡིན་པར་འཆི་བ་གཞིག་པ་ལ་ནི་རྡོ་རྗེ་དཱུར་བས་སོ། །དམྱལ་བ་ལ་སོགས་པའི་ངན་འགྲོ་ཐམས་ཅད་གཞིག་པ་ལ་ནི་རྡོ་རྗེ་སྡིག་པ་བྲལ་བས་སོ། །སྐུ་ཐམས་ཅད་བསྒྲུབ་པ་ལ་ནི་རྡོ་རྗེ་སྐུའི་མཆོག་གིས་སོ། །གསུང་ཐམས་ཅད་བསྒྲུབ་པ་ལ་ནི་རང་གི་ལྕེས་འདས་པ་དང་། མ་འོངས་པ་དང་། ད་ལྟར་གྱི་དངོས་པོ་ཐམས་ཅད་བདེན་པར་སྟོན་པའི་རྡོ་རྗེ་གསང་བའི་ལྗགས་ཀྱི་མཆོག་གིས་སོ། །ཐུགས་ཐམས་ཅད་བསྒྲུབ་པ་ལ་ནི་རྡོ་རྗེ་ཐུགས་ཐམས་


DNG012_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་བསྐྱེད་པས་སོ། །རྡོ་རྗེ་ཐམས་ཅད་ཀྱི་དངོས་གྲུབ་ལ་ནི་རབ་ཏུ་དག་པའི་རྡོ་རྗེས་སོ། །དཀྱིལ་འཁོར་ཐམས་ཅད་རབ་ཏུ་འཇུག་པ་ལ་ནི་རྡོ་རྗེ་འཁོར་ལོས་སོ། །ཕྱག་རྒྱས་ཐམས་ཅད་བཅིང་བའི་དངོས་གྲུབ་ལ་ནི་རྡོ་རྗེ་གསང་བའི་དམ་ཚིག་གི་ཕྱག་རྒྱ་ཆེན་པོས་སོ། །ཐམས་ཅད་དམ་ཚིག་ཐམས་ཅད་སྒྲུབ་པ་ལ་ནི་རྡོ་རྗེ་དམ་ཚིག་གི་ཕྱག་རྒྱས་སོ། །ལས་ཐམས་ཅད་བསྒྲུབ་པ་ལ་ནི་རྡོ་རྗེ་གསང་བའི་མཆོད་པས་སོ། །དངོས་གྲུབ་ཐམས་ཅད་ལ་ནི་རྡོ་རྗེ་གསང་བའི་བདེ་བ་ཆེན་པོ་གྲུབ་པས་སོ། །ཕུན་སུམ་ཚོགས་པ་ཐམས་ཅད་ལ་ནི་རྡོ་རྗེ་ལྟུང་བ་ལས་གདོན་པའི་ཕྱག་རྒྱས་སོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པ་ལ་ནི་རྡོ་རྗེ་ཡེ་ཤེས་ཀྱི་ཕྱག་རྒྱས་སོ། །ཐམས་ཅད་ཀྱི་མཆོད་པ་བྱ་བ་ཉིད་ལ་ནི་རྡོ་རྗེ་གསང་བའི་གར་གྱིས་སོ། །རྡོ་རྗེ་ཐམས་ཅད་ཀྱི་དངོས་གྲུབ་དམ་པ་ལ་ནི་རྡོ་རྗེ་བདེ་བ་ཆེན་པོའི་རྡོ་རྗེས་སོ། །སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་དངོས་གྲུབ་དམ་པ་ལ་ནི་རྡོ་རྗེ་སེམས་དཔའི་བདེ་བ་ཆེན་པོས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་དམ་པ་ལ་ནི་རྡོ་རྗེ་སེམས་དཔའ་གསང་བ་མཆོག་གི་བདེ་བ་ཆེན་པོས་སོ། །རྡོ་རྗེ་འཛིན་པ་ཐམས་ཅད་ཀྱི་དངོས་གྲུབ་དམ་པ་ལ་ནི་བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་དམ་ཚིག་གི་ཕྱག་རྒྱས་སོ། །བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་རྟོག་པའི་རྒྱལ་པོ་ཆེན་པོ་ལས་རབ་ཏུ་དགའ་བའི་རྡོ་རྗེ་གསང་བའི་མཆོད་པའི་ཆོ་ག་རྒྱས་པའོ།། །།དེ་ནས་བཅོམ་ལྡན་འདས་བདེ་བ་ཆེན་པོ་རྡོ་རྗེའི་དམ་ཚིག་གི་སེམས་དཔའི་བྱིན་གྱིས་བརླབས་པ་གསང་བའི་ཆོས་ཅན་རྣམ་པར་སྣང་མཛད་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་ཡོངས་སུ་འཛིན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོ་བྱིན་གྱིས་རློབ་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རང་གི་རྡོ་རྗེ་སེམས་དཔའ་ལ་གསོལ་བ་བཏབ་བོ། །བདེ་བ་ཆེན་པོ་རབ་གྲུབ་དང་། །འདོད་ཆགས་ཆེན་པོ་རྣམ་དག་ཕྱིར། །དེ་བཞིན་གཤེགས་པ་མཐའ་ཡས་ཉིད། །དམ་པའི་རིགས་ནི་བསྐྱེད་དུ་གསོལ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་བདེ་བ་ཆེན་པོ་མི་ཕྱེད་པའི་རྣམ་པར་གནོན་པ་མཛད་ནས། བཅོམ་


DNG012_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཐམས་ཅད་ལ་རབ་ཏུ་བཞུགས་ནས་ཐམས་ཅད་ཀྱི་བདག་ཉིད་མཉམ་པར་སྤྲོས་ནས་བདེ་བ་ཆེན་པོའི་རྡོ་རྗེའི་ཕྱག་རྒྱའི་གཟུངས་འདི་གསུངས་སོ། །ཨོཾ་དྷཾ། དེ་ནས་འདི་ནི་གསུངས་ཙམ་གྱིས། །རྣམ་པ་དྲུག་ཏུ་གཡོས་གྱུར་ཏེ། །སངས་རྒྱས་སྲས་དང་བཅས་པ་ཀུན། །ཀུན་ནས་འདུས་ཤིང་བསྟན་པར་འགྱུར། །དཀྱིལ་འཁོར་ཆེན་པོའི་སྦྱོར་བ་ཡིས། །ཐམས་ཅད་གྲུབ་ཕྱིར་ཀུན་ནས་བཞུགས། །བཞད་པ་ཆེན་པོའི་ཁྱད་པར་གྱིས། །རྨད་བྱུང་ཆེན་པོར་རབ་ཏུ་བཞད། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་སེམས་དཔའ་དེ་བཞིན་དུ་རྡོ་རྗེ་ལ་སྙོམས་པར་ཞུགས་ཏེ། བདེ་བ་ཆེན་པོའི་དམ་ཚིག་རྡོ་རྗེ་གསང་བ་ཞེས་བྱ་བའི་གཟུངས་ཀྱི་དཀྱིལ་འཁོར་འདི་གསུངས་སོ། །འདི་ལྟར་ཚོན་གྱིས་བྲིས་ནས་ནི། །རྒྱལ་བ་གཡོན་དུ་བསྙེམས་འཛིན་པ། །དམ་ཚིག་མཆོག་གི་མཆོག་བཀོད་ནས། །ས་མ་ཡ་སྟྭཾ་ཞེས་བརྗོད་དོ། །དེ་བཞིན་གཤེགས་པ་སྲས་དང་བཅས། །རྡོ་རྗེ་མཚོན་ཆ་ལ་སོགས་གཟུང་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །མེ་ཏོག་ལ་སོགས་སྤྱིར་ཐལ་སྦྱར། །དེ་ལ་འཇུག་པ་ལ་སོགས་པའི་ཆོ་ག་རྒྱས་པའི་ཁྱད་པར་ནི་འདི་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱ་བའི་ཕྱག་རྒྱ་དང་རྡོ་རྗེའི་གླུ་འདིས་འཇུག་པར་བྱའོ། །རྡོ་རྗེ་སེམས་དཔའ་བསྡུས་པ་ཡིས། །རྡོ་རྗེ་རིན་ཆེན་བླ་ན་མེད། །རྡོ་རྗེ་ཆོས་ནི་གླུར་བླངས་པས། །རྡོ་རྗེ་ལས་ནི་བྱེད་པར་འགྱུར། །དེ་ནས་རབ་ཏུ་ཞུགས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་གཟུངས་བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་ལྕགས་ཀྱུས་དགུག་པར་བྱའོ། །ཨོཾ་བཛྲ་དྷཱ་ར་སུ་ར་མ་ཧཱ་སུ་ཁེ་སརྦ་ཧཱ་རརྨ་པ་མ་ཏ་ཡ། སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་མཻ་མནྟྲ་པཱ་དཻཿཛཿཧཱུྃ་བྃ་ཧོཿ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་རྡོ་རྗེ་འཛིན་པ་དང་བཅས་པ་ཡང་དག་པར་བྱོན་པར་འགྱུར་རོ། །ཡིད་བདེ་བ་ལ་སོགས་པའི་མཚན་མ་འབྱུང་ངོ་། །ཆོ་འཕྲུལ་དུ་མ་དག་མཐོང་བ་ཡིན་ནོ། །དེ་ནས་ཆོ་ག་རྒྱས་པ་དང་། བསྒྲུབ་པ་དང་། ཡིད་ཀྱིས་འདོད་པའི་དངོས་གྲུབ་ཐམས་ཅད་དང་། དོན་ཡོད་པ་དང་། ཐོགས་པ་མེད་པར་མྱུར་དུ་དམ་པ་གྲུབ་པ་ཡིན་ནོ་དེ་བཞིན་དུ་བྱའོ། །


DNG012_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་མ་བསྒྲུབས་པར་ལན་ཅིག་བཟླས་པས་ལས་རྣམས་བྱེད་པར་འགྱུར་རོ། །ཐམས་ཅད་བསྲུང་བ་ལ་ནི་རྡོ་རྗེ་གཙུག་ཏོར་གྱིས་སོ། །སེམས་ཅན་ཐམས་ཅད་དབང་དུ་བྱ་བ་ལ་ནི་རྡོ་རྗེ་མཛོད་སྤུས་སོ། །ཆོས་ཉིད་ཐམས་ཅད་ཐོབ་པ་ལ་ནི་རྡོ་རྗེ་ཆོས་ཉིད་ཀྱིས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པའི་དངོས་གྲུབ་ནི་རྡོ་རྗེ་མཆོད་པས་སོ། །གདུག་པ་ཐམས་ཅད་འདུལ་བ་ལ་ནི་རྡོ་རྗེ་ཁྲོ་བོས་སོ། །བྱང་ཆུབ་ཀྱི་སྤྱོད་པ་མ་ལུས་པར་རྫོགས་པར་བྱ་བ་ལ་ནི་རྡོ་རྗེ་སྤྱོད་པའི་ཕྱག་རྒྱས་སོ། །བདུད་ཐམས་ཅད་གཞོམ་པ་ལ་ནི་བདུད་ཐམས་ཅད་འཇོམས་པར་བྱེད་པས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་དུ་བྱ་བ་ལ་ནི་རྡོ་རྗེ་ཡེ་ཤེས་ཀྱི་ཁུ་ཚུར་གྱིས་སོ། །བདེ་བ་ཆེན་པོ་རྡོ་རྗེ་གསང་བ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་ཆེན་པོའི་ཆོ་ག་རྒྱས་པའོ། །དེ་བཞིན་གཤེགས་པའི་དཀྱིལ་འཁོར་གསུངས་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དོན་ཡོད་ཅིང་ཐོགས་པ་མེད་པའི་བཀའ་བསྟན་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྡོ་རྗེ་ཆེན་པོའི་ཐབས་བདེ་བ་ཆེན་པོའི་ཁྲོ་བོ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རང་གི་རྡོ་རྗེ་སེམས་དཔའ་ལ་སོགས་པ་ལ་གསོལ་བ་བཏབ་བོ། །བདེ་བ་ཆེན་པོ་རབ་གྲུབ་དང་། །ཆགས་པ་ཆེན་པོ་རྣམ་དག་ཕྱིར། །གདུག་པ་ཐམས་ཅད་གཞོམ་པའི་ཕྱིར། །རང་རིགས་སྤྲུལ་མཛོད་རྡོ་རྗེ་འཛིན། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀའ་རྡོ་རྗེའི་དམ་ཚིག་ཅེས་བྱ་བའི་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོ་འདི་གསུངས་ཏེ། ཧཱུྃ་རཀྟ་ཛྭ་ལ་མཱ་ལཱ་པྲ་ལ་ཡ་ཨགྣི་པྲ་ཏི་པ་ཏ་ཏེ་ཛ་མ་ཧཱ་སུ་ར་ཏ་བཛྲ་ཀྲོ་དྷ་ཛཿཧཱུྃ་བཾ་ཧོ་ཕཊ། དེ་ནས་འདི་གསུངས་པ་ཙམ་གྱིས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་རྡོ་རྗེ་ལས་ཀུན་ནས་འོད་ཟེར་དམར་པོ་འབར་བའི་སྙིང་པོ་ཅན་སྨིན་མ་འགྱུར་ཞིང་ཁྲོ་གཉེར་བསྡུས་པ། སྨ་ར་སེར་ཞིང་སྤྱན་འབར་བ། རྡོ་རྗེ་མཆེ་བ་གཙིགས་པས་མ་མཆུའི་སྒྲོས་རྣམ་པར་གནོན་པའི་ཞལ་མངའ་བ། དབུ་སྐྲ་གྱེན་དུ་འབར་བ་དང་རྡོ་རྗེ་དང་གཞུ་ལ་སོགས་པ་


DNG012_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་འཛིན་པ་བཅོམ་ལྡན་འདས་ཀྱི་དཀྱིལ་འཁོར་ཆེན་པོའི་ཚུལ་དུ་བཞུགས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང་ཁམས་གསུམ་པའི་གདུག་པ་ཐམས་ཅད་འདུལ་བར་མཛད་ནས་རྡོ་རྗེ་དམ་ཚིག་ཆེན་པོའི་བྱིན་གྱིས་བརླབས་སོ། །དཀྱིལ་འཁོར་ཆེན་པོ་ཐིག་གདབ་བྱ། །དེ་ལ་དང་པོ་ཁྲོས་པ་བཞག །སུ་ར་ཏོ་ད་བྷ་བ་ཧཱུྃ་ཞེས་ཟློས། །ཨུཏྤལ་སྔོན་པོའི་འོད་འབར་བ། །རྡོ་རྗེ་སྙེམས་པ་འཛིན་པའི་མཆོག །མཆེ་བ་ཅུང་ཟད་གཙིགས་པའི་ཞལ། །ཁྲོ་དང་བཅས་པ་བཞད་པའི་ཞལ། །རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས། །འོད་ཟེར་འབར་བ་འཁྲུགས་པའི་འོད། །དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་ནི། །ཐམས་ཅད་དུ་ནི་ཁྲོ་བོ་བྲི། །རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོའི་ཕྱག་རྒྱ་ཆེན་པོས་དང་པོར་སློབ་དཔོན་གྱིས་འཇུག་པར་བྱ་སྟེ། སློབ་མ་རྣམས་ཀྱང་དེ་བཞིན་ནོ། །སློབ་དཔོན་ཞུགས་ནས་ཁྲོས་པས་ལྕགས་ཀྱུ་དེ་ཉིད་ཀྱིས་དགུག་པར་བྱའོ། །ཧཱུྃ་སུ་ར་ཏ་བཛྲ་ཀྲོ་དྷ་ཨ་ཡ་ཏེ། མ་ཧཱ་སུ་ཁ་བཛྲ་སཏྭ་ཛ། སརྦ་བཛྲ་ཀུ་ལ་ནེ་ཏྲ་པྲ་ཝེ་ཤ་ཡ་ཧཱུྃ། སརྦ་མུ་དྲཱ་ག་ཎ་བན་དྷ་ཡ་བྃ། སརྦ་མ་ཡཱ་མ་བི་ཤྭ་ཀུ་རུ་ཧོ། སརྦ་ཀརྨ་ནི་ཏྲ་སཏྭ་ཡ་ཨ། དེ་ནས་རྡོ་རྗེའི་རིགས་ཐམས་ཅད་བཅོམ་ལྡན་འདས་དང་བཅས་པ་བྱོན་ཞིང་གྲུབ་པ་ཡིན་ནོ། །སློབ་དཔོན་དང་སློབ་མ་རྣམས་ལ་དགྱེས་པ་དང་།ཁྲོ་བོ་འབབས་པའི་མཚན་མ་ཡང་དག་པར་འབྱུང་བར་འགྱུར་རོ། །གཞན་ཡང་ཅུང་ཟད་འབྱུང་བ་ཡིན་ན། དེ་གྲུབ་པ་དང་། དངོས་གྲུབ་དང་། ཆོ་ག་རྒྱས་པ་ཡང་དེ་བཞིན་དུའོ། །གལ་ཏེ་མ་གྲུབ་ན་ལན་ཅིག་བཟླའོ། །ཁམས་གསུམ་པ་མ་ལུས་པ་ལས་རྒྱལ་བར་བྱ་བ་ལ་ནི་རྡོ་རྗེ་ཧཱུྃ་མཛད་ཀྱི་ཕྱག་རྒྱས་སོ། །སེམས་ཅན་གྱི་ཁམས་ཐམས་ཅད་འདུལ་བ་ལ་ནི་རྡོ་རྗེ་ཁྲོ་བའི་གསང་བས་སོ། །འཇིག་རྟེན་གསུམ་པོ་ལས་རྣམ་པར་རྒྱལ་བ་ལ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱས་སོ། །ཐམས་ཅད་དགུག་པ་དང་། གཞུག་པ་དང་། དབབ་པ་དང་། བཅིང་བ་དང་། དབང་དུ་བྱ་བ་དང་། གཞིག་པ་དང་། རེངས་པ་དང་།གཉིད་ལོག་པར་བྱ་བ་དང་། རྒྱས་གདབ་པ་དང་། བསྒྱིལ་བ་དང་། གསང་


DNG012_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱ་བ་ལ་ནི་བདེ་བ་ཆེན་པོ་རྡོ་རྗེ་ཁྲོ་བོས་སོ། །ཐམས་ཅད་ལྟུང་བར་བྱ་བ་ལ་ནི་རྡོ་རྗེ་ཕྲ་མོའི་ཁྲོ་བོས་སོ། །ཐམས་ཅད་དབབ་པ་ལ་ནི་རྡོ་རྗེ་འབེབས་པའི་ཁྲོ་བོས་སོ། །ཐམས་ཅད་ངེས་པར་གནོན་པ་ལ་ནི་རྡོ་རྗེ་གད་རྒྱངས་ཀྱིས་སོ། །ལས་ཐམས་ཅད་ལ་ཉེ་བར་དགོད་པ་ལ་ནི་བདེ་བ་ཆེན་པོ་རྡོ་རྗེ་དམ་ཚིག་གི་ཁྲོ་བོས་སོ། །བདེ་བ་ཆེན་པོ་རྡོ་རྗེའི་གསང་བ་ལས་རབ་ཏུ་དགའ་བ་ལས་བྱུང་བ་རྡོ་རྗེ་གསང་བ་རྣམ་པར་རྒྱལ་བའི་དམ་ཚིག་གི་ཆོ་ག་རྒྱས་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དོན་ཡོད་ཅིང་ཐོགས་པ་མེད་པ་ཐམས་ཅད་དག་པའི་ཆོས་སྒྲིབ་པ་མེད་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་ཡེ་ཤེས་ཀྱི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རང་གི་རྡོ་རྗེ་སེམས་དཔའ་ལ་གསོལ་བ་བཏབ་བོ། །བདེ་བ་ཆེན་པོ་རབ་གྲུབ་དང་། །འདོད་ཆགས་ཆེན་པོ་རྣམ་དག་ཕྱིར། །པདྨའི་རིགས་ཆེན་དག་པ་ནི། །མཆོག་ཆེན་ཁྱོད་ཀྱིས་བསྐྱེད་པར་མཛོད། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་ཆོས་ཐམས་ཅད་ལ་གཟིགས་པ་རྡོ་རྗེ་ཞེས་བྱ་བའི་རྣམ་པར་གནོན་པར་མཛད་ནས་བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་པདྨ་ཞེས་བྱ་བའི་སྔགས་འདི་གསུངས་སོ། །ཨོཾ་ཧྲཱྀ་བཾ་ཧོ། འདི་གསུངས་པ་ཙམ་གྱིས་བཅོམ་ལྡན་འདས་ཀྱི་ཞལ་ནས་པདྨའི་མདོག་གི་མདངས་ཅན། ཟླ་བའི་དཀྱིལ་འཁོར་གྱི་འོད་ལྟ་བུ་པདྨའི་མདངས་ལ་སོགས་པ་ཡོངས་སུ་འཛིན་པ། དེ་བཞིན་གཤེགས་པའི་དབང་བསྐུར་བ་དང་། རལ་པའི་ཅོད་པན་དང་། ན་བཟའ་དམར་པོ་འཆང་བ་དང་། པདྨ་ཆེན་པོའི་སེམས་དཔའ་རྣམས་བྱུང་ནས་དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་བཞུགས་སོ། །བཅོམ་ལྡན་འདས་ཞལ་རབ་ཏུ་བཞད་པས་གཡས་པས་རྡོ་རྗེ་གཡོན་པས་པདྨ་འཛིན་ཅིང་དེ་བཞིན་དུ་རྡོ་རྗེ་བསྙེམས་པས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་སོ། །དེ་ནས་དཀྱིལ་འཁོར་ནི། དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་ནི། །དཀྱིལ་འཁོར་ཐམས་ཅད་ཐིག་གདབ་བོ། །རྡོ་རྗེ་འཇིག་རྟེན་དབང་ཕྱུག་གཞག །པདྨའི་མཚན་མའི་ཚོགས་རྣམས་བྲི། །དེ་ནས་རྡོ་རྗེ་པདྨས་ཞུགས་ལ་མཛུབ་མོའི་ལྕགས་ཀྱུ་གཉིས་


DNG012_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་དགུག་པར་བྱའོ། །ཨོཾ་ཧྲཱྀ་བྃ་ཧོཿ། ཨོཾ་ཧྲཱྀཿམ་ཧཱ་སུ་ཁ་བཛྲ་ཨཱ་ལོ་ཀེ་ཤྭ་རཱ་ཡ་མེ། ཨཱ་ཨཱ་ཧེ་པྲ་བེ་ཤ་དྷི་དྷི་མེ་བྷ་བ། སིད་དྷི་མ་མེ་མུ་དྲཱ་པཱ་དེཿཛཿཧཱུྃ་བྃ་ཧོཿ། དེ་ནས་བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་ཕྱུག་བྱོན་ཏེ་མཆོག་ཐམས་ཅད་སྩོལ་བར་འགྱུར་རོ། །སྣང་བའི་མཚན་མ་འབྱུང་བར་འགྱུར་རོ། །ཆོ་ག་རྒྱས་པ་ཐམས་ཅད་དང་། སྒྲུབ་པ་དང་། དངོས་གྲུབ་ཐམས་ཅད་ཀྱང་དེ་བཞིན་ནོ། །མ་བསྒྲུབས་ཀྱང་ལན་ཅིག་བཟླས་པ་ལས་ཐམས་ཅད་བྱེད་དོ། །སྒྲིབ་པ་ཐམས་ཅད་སྦྱང་བ་ལ་ནི་པདྨ་ཆེན་པོས་སོ། །ཐམས་ཅད་བསྲུང་བ་ལ་ནི་པདྨའི་གཙུག་ཏོར་གྱིས་སོ། །ཐམས་ཅད་རྗེས་སུ་ཆགས་པ་ལ་ནི་པདྨ་ལ་ལྟ་བས་སོ། །ཐམས་ཅད་དག་པའི་ཏིང་ངེ་འཛིན་ཐོབ་པ་ལ་ནི་པདྨ་ཁ་འབྱེད་པས་སོ། །བུད་མེད་ཐམས་ཅད་དབང་དུ་བྱ་བ་ལ་ནི་པདྨ་ཆེན་པོའི་འདོད་ཆགས་ཀྱིས་སོ། །སྐྱེས་པ་ཐམས་ཅད་དབང་དུ་བྱ་བ་ལ་ནི་པདྨ་ཆེན་པོའི་དབང་ཕྱུག་གིས་སོ། །རྨི་ལམ་བརྟགས་པ་ལ་ནི་པདྨ་ཆེན་པོ་དམར་པོས་སོ། །བཅོམ་ལྡན་འདས་ཀྱིས་མཆོག་ཐོབ་པར་བྱ་བ་ལ་ནི་རྡོ་རྗེ་གསང་བའི་པདྨ་རྨོངས་པ་མེད་པས་སོ། །བདེ་བ་ཆེན་པོ་པདྨ་གསང་བ་ལས་བདེ་བ་ཆེན་པོ་པདྨའི་རིགས་ཀྱི་ཆོ་ག་རྒྱས་པའོ།། །།དེ་ནས་བཅོམ་ལྡན་འདས་ཁམས་གསུམ་པ་ཐམས་ཅད་ཀྱི་བདག་པོ་དབང་ཕྱུག་དེ་བཞིན་གཤེགས་པས་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པའི་རིན་པོ་ཆེའི་དབང་བསྐུར་བའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རང་གི་རྡོ་རྗེ་སེམས་དཔའ་ལ་གསོལ་བ་བཏབ་བོ། །བདེ་བ་ཆེན་པོ་རབ་གྲུབ་དང་། །ཆགས་པ་ཆེན་པོ་རྣམ་དག་ཕྱིར། །ནོར་བུ་ཆེན་པོའི་རིགས་མཆོག་ནི། །མགྲིན་འབྱོར་ཕྱིར་ནི་སྐྱེད་པར་མཛོད། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བའི་དམ་ཚིག་རབ་ཏུ་བཞག་པ་ཞེས་བྱ་བའི་རྣམ་པར་གནོན་པར་མཛད་ནས་བདེ་བ་ཆེན་པོའི་རྡོ་རྗེ་རིན་པོ་ཆེ་ཞེས་བྱ་བའི་རིག་སྔགས་འདི་གསུངས་སོ། །ཨོཾ་ལི་ཏི་དྷ་བྷཎྜ་ཊ་ཏེ་ཏྲཱཾ། དེ་ནས་འདི་གསུངས་པ་ཙམ་གྱིས་བཅོམ་ལྡན་འདས་ཀྱི་དབང་བསྐུར་བའི་བདེ་བ་ཆེན་པོའི་རྡོ་རྗེ་ལས་ནོར་བུ་རིན་པོ་ཆེ་རབ་ཏུ་ཕྱུང་ནས་ཕྱག་གཡོན་པ་ལ་


DNG012_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་གནས་སོ། །ནོར་བུ་རིན་པོ་ཆེ་དག་པ་དེ་ཡང་མརྒད་རྙོག་པ་མེད་པའི་མདོག་ཅན་རྡོ་རྗེ་རིན་པོ་ཆེ་རང་གི་འོད་ཟེར་གྱིས་དབང་བསྐུར་བ་ཅན་ནོར་བུ་རིན་པོ་ཆེའི་མདའ་ལ་སོགས་པའི་མཚན་མ་ཡོངས་སུ་བསྣམས་པ། བཅོམ་ལྡན་འདས་ཀྱི་དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་ཞུགས་སོ། །དེ་ནས་དཀྱིལ་འཁོར་བྲི་བ་ནི། །དཀྱིལ་འཁོར་ཐམས་ཅད་ཐིག་གདབ་བྱ། །རྡོ་རྗེ་རིན་ཆེན་བདག་པོ་བཞག །ནོར་བུའི་རིགས་ནི་ཆེན་པོ་བྲི། །རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱས་ཞུགས་ཏེ། དེ་བཞིན་དུ་མཛུབ་མོ་གཉིས་ཀྱི་རྡོ་རྗེ་ལྕགས་ཀྱུས་དགུག་པར་བྱའོ། །ཨོཾ་མ་ཧཱ་སུ་ཁ་བཛྲ་བི་བྷཱུ་ཏེ་ར་ཡ་བྷ་ག་བཱན་ཏྃ་ཨཱ་ཀཪྵ་ཡ་གི་ར་བཾ་སརྦ་ཏ་ཐཱ་ག་ཏ་ཨ་གྲཾ་སཾ་ཏྲ་ས་མ་བེ་ན་ནཱ་མ་བྷེ་ར་མ་ཏྲ་བྷེ། ཏྲཾ་པ་ཌ་ཌ་སྭཱ་ཧཱ། དེ་ནས་བཅོམ་ལྡན་འདས་ནམ་མཁའི་སྙིང་པོའི་ནོར་བུ་ཐམས་ཅད་དང་བཅས་པ་བྱོན་པ་ཡིན་ནོ། །སྤྱི་བོ་ནས་སྤུ་ལྡང་བའི་མཚན་མ་འབྱུང་བར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བདག་ལ་དབང་བསྐུར་བ་ལ་ནི་ཞེས་ཤེས་པར་བྱའོ། །དེ་ནས་སློབ་མ་རྣམས་གཞུག་པར་བྱ་སྟེ།ཆོ་ག་རྒྱས་པ་ཐམས་ཅད་དེ་བཞིན་དུ་བྱའོ། །དེ་ནས་མ་བསྒྲུབས་པའི་ལས་རྣམས་ལན་ཅིག་བཟླས་པས་འགྲུབ་པར་འགྱུར་རོ། །དབང་བསྐུར་བ་ཐམས་ཅད་ཐོབ་པ་ལ་ནི་རྡོ་རྗེ་རིན་པོ་ཆེའི་མྱུ་གུས་སོ། །དོན་ཐམས་ཅད་ཐོབ་པ་ལ་ནི་རྡོ་རྗེ་རིན་ཆེན་གྱི་རྒྱལ་མཚན་གྱི་རྩེ་མོས་སོ། །བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བ་ལ་ནི་རྡོ་རྗེ་ནོར་བུ་ཆེན་པོའི་མཚན་མའི་ཕྱག་རྒྱས་སོ། །གཏེར་ཆེན་པོ་ཐོབ་པར་བྱ་བ་ལ་ནི་རྡོ་རྗེ་རིན་ཆེན་གྱིས་འོག་གི་ཕྱག་རྒྱས་སོ། །འདི་ཟློས་སམ།རྡོ་རྗེའི་དབང་བསྐུར་བའི་ཕྱག་རྒྱ་ཐོབ་པར་བྱ་བ་ལ་ནི་རྡོ་རྗེ་རིན་ཆེན་ཆེན་པོའི་ས་འོག་གི་ཕྱག་རྒྱས་སོ། །རྡོ་རྗེ་དབང་བསྐུར་བ་ཐོབ་པ་ལ་ནི་རྡོ་རྗེ་ཆེན་པོའི་ཕྲེང་བས་སོ། །བྱང་ཆུབ་སེམས་དཔའ་ཆེན་པོའི་དབང་བསྐུར་བ་ཐོབ་པ་ལ་ནི་རྡོ་རྗེ་རིན་པོ་ཆེ་ཆེན་པོའི་ཕྲེང་བས་སོ། །དེ་བཞིན་གཤེགས་པའི་དབང་བསྐུར་བ་ཐོབ་པ་ལ་ནི་རྡོ་རྗེ་རིན་ཆེན་གྱི་དབང་བསྐུར་བ་དམ་པའི་ཕྲེང་བས་སོ། །རྡོ་རྗེ་འཛིན་པ་ཆེན་པོར་དབང་བསྐུར་བ་ཐོབ་པ་ལ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་མཆོག་གི་རྡོ་རྗེ་རིན་ཆེན་གྱི་ཅོད་པན་གྱི་ཕྲེང་བས་སོ། །བདེ་བ་ཆེན་པོའི་རྡོ་རྗེ་གསང་བ་ལས་བདེ་བ་དང་


DNG012_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་བདེ་བ་ཐམས་ཅད་ཀྱི་ནོར་བུའི་རིགས་ཀྱི་ཆོ་ག་རྒྱས་པའོ།། །།དེ་ནས་བཅོམ་ལྡན་འདས་རིགས་ཐམས་ཅད་བསྡུས་པའི་རྡོ་རྗེ་བྱིན་གྱིས་བརླབས་པའི་ཡེ་ཤེས་ཐོབ་པས་སེམས་ཅན་ཐམས་ཅད་གཞུག་པའི་འཁོར་ལོ་རྡོ་རྗེའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཐོག་མ་ཐ་མ་མེད་པའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་གསོལ་བ་བཏབ་བོ། །བདེ་བ་ཆེན་པོ་རབ་གྲུབ་པ། །ཆགས་པ་ཆེན་པོ་རྣམ་དག་ཕྱིར། །བདེ་བ་ཆེན་པོའི་དོན་གྱི་ཕྱིར། །འགྲོ་རྣམས་ཅི་བདེར་གཞུག་ཏུ་གསོལ། །དེ་ནས་བཅོམ་ལྡན་འདས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་འགྲོ་བ་ཀུན་འདུལ་བ། དམ་ཚིག་ཐམས་ཅད་དང་དངོས་གྲུབ་ཐམས་ཅད་སྩོལ་བ། རྡོ་རྗེ་འཆང་ཆེན་པོ་སྟོན་པ་པོ་སྒྲུབ་པ་པོ་སྟོབས་དང་ཕ་རོལ་གནོན་པ་ཐོགས་པ་མེད་པ། ཐམས་ཅད་ལ་རྗེས་སུ་སྟོན་པས་དོན་ཡོད་པར་གྲུབ་པ་དམ་ཚིག་རྡོ་རྗེ་འཛིན་པ་ཞེས་བྱ་བའི་རྣམ་པར་གནོན་པ་མཛད་ནས་བདེ་བ་ཆེན་པོ་དངོས་གྲུབ་ཐམས་ཅད་ཀྱི་དམ་ཚིག་ཅེས་བྱ་བའི་དོན་ཡོད་པ་མཚུངས་པ་མེད་པ་ཐམས་ཅད་ཀྱི་སྙིང་པོ་འདི་གསུངས་སོ། །ཧོཿཨཱཿཧཱུྃ་ཧྲཱྀཿཏྲཱྃ། དེ་ནས་འདི་གསུངས་པ་ཙམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ལ་སོགས་པ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་ཐམས་ཅད་དཀྱིལ་འཁོར་ཆེན་པོ་དེར་ཡང་དག་པར་གནས་ཏེ། དཀྱིལ་འཁོར་གཅིག་ཉིད་དུ་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་སེམས་ཅན་ཐམས་ཅད་རྗེས་སུ་གཞུག་པ་བདེ་བ་ཆེན་པོའི་རྡོ་རྗེ་དམ་ཚིག་གི་གསང་བ་གསུངས་པ། དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་ནི། །དཀྱིལ་འཁོར་ཐམས་ཅད་ཀུན་དུ་བྲི། །དཀྱིལ་འཁོར་ཆེན་པོ་དང་པོ་ནི། །དེ་ཡི་དབུས་སུ་བརྟག་པར་བྱ། །དེ་ཡི་ལོགས་སུ་རིགས་རྣམས་ཀྱི། །དཀྱིལ་འཁོར་བཞི་པོ་བྲི་བར་བྱ། །ཕྱི་ཡི་མཚམས་ཀྱི་མཐའ་རུ་ནི། །ཕྱི་རོལ་དཀྱིལ་འཁོར་ཚོགས་རྣམས་བྲི། །སྒོ་རྣམས་ཀུན་ཏུ་འཇུག་པར་ནི། །རང་གི་ཕྱག་རྒྱར་རབ་ཏུ་གནས། །དཀྱིལ་འཁོར་དམ་པ་ལྔ་སྡུད་ཅིང་། །རྡོ་རྗེ་ཤུགས་ཀྱིས་འཇུག་པར་བྱ། །ཆོ་ག་རྒྱས་པ་ཐམས་ཅད་དང་། །དངོས་གྲུབ་ཐམས་ཅད་དང་།


DNG012_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཐམས་ཅད་ཀྱང་དེ་བཞིན་ནོ། །རིགས་བསྡུས་པའི་ཆོ་ག་རྒྱས་པའོ།། །།དེ་ནས་ལྷ་ལ་སོགས་པ་དམ་ཚིག་སེམས་དཔའ་ཐམས་ཅད་བཅོམ་ལྡན་འདས་ལས་རང་རང་གི་རྗེས་སུ་གནང་བ་མནོས་ནས་སེམས་ཅན་ཐམས་ཅད་ལ་བདེ་བའི་དོན་ཡོད་པ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོའི་ཞབས་ལ་ཕྱག་བྱས་ནས། རང་རང་གི་གསང་བའི་སྙིང་པོ་འདི་རྣམས་ཕུལ་ལོ། །དེ་ནས་འཇིག་རྟེན་གསུམ་པོས་གསོལ་པ་ནི། ཨོཾ་བྷྲཱུྃ་ཏྲཱྃ། དེ་ནས་དཀྱིལ་འཁོར་བྲི་བ་ནི། །ཟུར་བཞི་པ་ལ་སྒོ་བཞི་པ། །ཕྱི་ཡི་དཀྱིལ་འཁོར་མཆོག་ཡིན་ནོ། །དེ་ཡི་དབུས་སུ་དངོས་གྲུབ་ཕྱིར། །གཞུ་ཡི་སེ་རལ་ཁར་ལྡན་ཞིང་། །མདའ་དང་ཙ་ཤ་ག་ཐོགས་བྲི། །སྦྲང་རྩིར་བྱེད་དང་རྒྱལ་བར་བྱེད། །བསྒྲུབ་པ་ཐམས་ཅད་སྒྲུབ་པ་པོ། །རྩེ་གསུམ་མཚན་མའི་ཕྱག་རྒྱ་ཡིས། །པུས་མོ་ལྷ་ང་བཙུགས་བྱས་ཏེ། །ཞུགས་ནས་དམ་ཚིག་བཅིངས་ནས་ནི། །ཡང་དག་དགུག་པ་ཉིད་དུ་བྱ། །ཨོཾ་བྷཱུ་ར་བྷུ་བ་སྭཱ་ཧཱ། ཉི་ཤུ་རྩ་གཅིག་བཟླས་པ་ཡིས། །ཐམས་ཅད་ཀུན་གྱིས་ཡོངས་བསྐོར་བ། །དངོས་གྲུབ་ཀུན་དོན་འོངས་པ་ལ། །ཅི་ལྟར་རྙེད་པའི་གཏོར་མ་སྦྱིན། །སློབ་དཔོན་གྱིས་ནི་འཇུག་པ་ཡིས། །སློབ་མ་ཐམས་ཅད་གཞུག་པར་བྱ། །དམ་ཚིག་མཆོག་གི་དེ་ཉིད་དང་། །གསང་བའི་དེ་ཉིད་བརྗོད་པར་བྱ། །གལ་ཏེ་མ་བརྟགས་ལ་སྨྲས་དང་། །འོན་ཏེ་ཅི་སྐད་བཤད་པའི་ཆོས། །འདིར་ནི་ཀུན་དུ་མ་སྤྱད་ན། །རྩེ་གསུམ་གྱིས་ནི་ཁྱོད་སྙིང་འཇོམས། །སྙིང་སྟོབས་རྡུལ་དང་མུན་པ་དང་། །ཚངས་པ་ཁྱབ་འཇུག་དབང་ཕྱུག་ཆེ། །མིང་པོ་གསུམ་པོ་འདི་དག་སྟེ། །ནམ་ཡང་བརྙས་པར་མི་བྱའོ། །གང་ཞིག་འདི་དག་ལ་བརྙས་པས། །ཡང་དང་ཡང་དུ་རབ་ཞུགས་ནས། །དཀྱིལ་འཁོར་མཆོད་པ་བྱེད་པ་དེ། །དངོས་གྲུབ་ཐམས་ཅད་ཐོབ་པ་ནི། །ཕྱག་རྒྱ་དག་ཀྱང་བསྟན་བྱས་ནས། །དེ་ཡིས་གར་གྱི་མཆོད་པ་བྱ། །འདོད་པའི་ཡོན་ཏན་ལྔ་པོ་ཡིས། །རྟག་ཏུ་དཀྱིལ་འཁོར་མཆོད་པར་བྱ། །དེ་ནས་གསང་བའི་ལྷ་མོ་རྣམས་ཀྱིས་རང་གི་ཕྱག་རྒྱ་ཕུལ་ལོ། །ཧྲཱྀཿཧཱུྃ་ཤྲཱི་བྷྱོ། དཀྱིལ་འཁོར་ཐམས་ཅད་བྱ་བ་ནི། །གྲུ་བཞི་པ་ལ་སྒོ་བཞི་པ། །


DNG012_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་བཞི་པ་དང་ཡང་དག་ལྡན། །ཀ་བ་ཆེན་པོ་བཞི་དང་བཅས། །གྲུ་ཆད་བཞི་ཡིས་རྣམ་པར་མཛེས། །དེ་ཡི་དབུས་སུ་དེ་བཞིན་དུ། །དཀྱིལ་འཁོར་བཞི་པོ་བྲི་བར་བྱ། །སྒོ་རུ་མངོན་ཕྱོགས་བཞི་པོ་ནི། །སྙིང་པོ་དང་བཅས་གཞག་པར་བྱ། །དགའ་བོ་ལག་ན་མཚོན་ཆ་ཐོགས། །དངོས་གྲུབ་བྱ་བ་བསྙེམས་དང་བཅས། །དེ་ནས་དང་པོ་དཀྱིལ་འཁོར་དུ། །དེ་བཞིན་ཀུན་ནས་འཇུག་པར་བྱ། །སྲིང་མོ་རང་གི་ཕྱག་རྒྱ་ཡིས། །གོ་རིམས་བཞིན་དུ་འཇུག་པར་བྱའོ། །ཞུགས་ནས་བདུག་པ་ལ་སོགས་ཀྱིས། །ཆོ་ག་བཞིན་དུ་མཆོད་བྱས་ནས། །གསང་བ་དེ་ཉིད་རབ་གྲུབ་པས། །དགུག་པ་ཡང་དག་བྱ་བ་ཡིན། །ཨོཾ་ཀཱ་ལི་མ་ནི་ར་དེ་པྲོ་ཏ་ལ་མེ་བྷཱུ་རཱཀྵ་སི་པ་ར་སྟཱ་མ་ཡ་ཧེ་བ་ཧོ་བ། བ་ར་ཧེ་བི་དྱེ་ཏཱི་མ་ཡ་སྭཱ་ཧཱ། སིད་དྷི་ཀེ་སིད་དྷི་སྟཱ་མ་ཨ་ཧེ། ཕྱག་རྒྱ་འདི་རྣམས་ཀྱིས་སོ། །ཧྲཱྀཿཧཱུྃ་ཤྲཱི་བྷྱོ། དེ་ནས་ཐམས་ཅད་དབབ་པར་འགྱུར་རོ། །བབས་ནས་གཞུག་པར་བྱའོ། །དེ་ནས་དེ་བཞིན་དུ་ཕྱག་རྒྱ་བཅིང་བ་བསླབས་ལ། མནའ་བསྒགས་ནས་གསང་བ་བརྗོད་པར་བྱའོ། །སེམས་ཅན་དོན་ལ་གང་ཞུགས་པ། །གང་དུ་དཀྱིལ་འཁོར་སྟོན་པ་རྣམས། །གལ་ཏེ་གསང་བ་མི་སྲུང་ན། །ཁྱོད་ཀྱིས་དེ་དག་གསད་པ་ཡིན། །འདོད་ཆགས་ཞེ་སྡང་གཏི་མུག་དང་། །དེ་བཞིན་ཟས་དང་སྐོམ་དང་རོ། །ཆོས་ཀྱིས་འཇིག་རྟེན་བདེ་བ་དང་། །ཆོས་མིན་པས་ནི་སྡུག་བསྔལ་སྟེར། །ཕྱག་རྒྱ་གར་གྱི་མཆོད་པ་ཡིས། །ཅི་འདོད་པར་ནི་མཆོད་པར་བྱ། །ཅི་སྙེད་པ་དང་ཅི་འདོད་བཞིན། །ཡུལ་རྣམས་ལ་ནི་བརྟེན་པར་བྱ། །དེ་ནས་ལྷ་མ་ཡིན་ཐམས་ཅད་ཀྱིས་རང་གི་སྙིང་པོ་ཕུལ་ལོ། །ཨོཾ་སརྦ་མ་ཧཱ་ཙཀྲཾ་པྲ་བརྟ་ཡ་དཪྴ་ཡ་བཾ་ཧཱུྃ་ཕཊ། ཟུར་བཞི་པ་ཡི་དཀྱིལ་འཁོར་ནི། །ཁྲུ་གང་ཙམ་དུ་བརྐོས་བྱས་ནས། །གྱེན་དུ་ཁ་བལྟས་སྒོ་བྲི་བྱ། །བདེ་མཆོག་ལ་སོགས་བྲི་བར་བྱ། །འཁོར་ལོ་རབ་ཏུ་ཞུགས་བྱས་ལ། །ཡང་དག་དགུག་པས་དགུག་པར་བྱ། །མེ་ཏོག་ལ་སོགས་མཆོད་པ་དང་། །ཤ་ལ་སོགས་པས་གཏོར་མ་བྱ། །ཨོཾ་བིཥྞུ་ཙཀྲ་ཨཱ་ན་ཡ་ཤམ་བར་ཙི་མ་ཙི་ཏ་ཏྲཾ་སུ་ར་ཨ་དྷི་བན་ཧེ་ཤོ་ཧཾ། སརྦ་མཱ་ཡཱ་གྷྲྀ་ཏཾ་དྷ་པ་མེ་སིད་དྷྱ་ཧཱ་ཧཱ་སྭཱ་ཧཱ། དེ་ནས་ཡིད་


DNG012_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་འདོད་པའི་སྒྱུ་མ་ཐམས་ཅད་གྲུབ་པ་ཡིན་ནོ། །སློབ་མ་གཞུག་པ་ཡང་དེ་བཞིན་དུ་བྱའོ། །དེ་ནས་ཀླུའི་རིགས་བཞིས་སྙིང་པོ་ཕུལ་ལོ། །ཕུཿ། དེ་ནས་དེ་ཡི་དཀྱིལ་འཁོར་ནི། །ཟུར་བཞི་པ་ལ་སྒོ་བཞི་པ། །སྦྲུལ་གྱི་ཐིག་གིས་ཀུན་ཏུ་བྲི། །ཀླུ་ཡི་གདེངས་ཀའི་རྩེ་མོས་འཁྱུད། །མཚམས་ཀྱི་ཆར་ནི་མཇུག་རྩེ་མདུད། །དེ་ཡི་དབུས་སུ་ས་འཛིན་པ། །ཀླུ་ཡི་རྒྱལ་པོ་ཤེ་ཥ་བྲི། །ཤེས་རབ་ཅན་གྱི་ཀླུ་ཆེན་གྱི། །རིགས་རྣམས་ཐམས་ཅད་བྲི་བར་བྱ། །དེ་ནས་ཏིང་འཛིན་ཤུགས་ཀྱིས་ནི། །ཁྲོས་ཤིང་འཁྲུགས་པས་འཇུག་པར་བྱ། །དཀྱིལ་འཁོར་དེར་ནི་རབ་ཞུགས་ནས། །གདེངས་ཀའི་ཕྱག་རྒྱས་དགུག་པར་བྱ། །ཨོཾ་ཧྲཱྀཿཨ་ནཱི་ལ་ཛ་བ་བེ་ག་པྲྀ་ཐྭཱི་བྷིན་ད་དྷ་ར་ཤེ་ཥ་ཎ། ཨཱ་ཡ་ཧྲཱྀཿཕུཿསརྦ་ནཱ་ག་ཀུ་ལ་ཨཱ་ན་ཡ་ཧཱུྃ་ཕུཿ།ས་མ་ཡ་པྲ་བེ་ཤ་ཡ་ཕུཿ། སརྦཾ་སཱ་དྷ་ཡ་ཕུཿཕུཿཕུཿཕུཿ། དེ་ནས་ཀླུ་ཐམས་ཅད་ཕུཿཞེས་བྱ་བ་ཟློས་ཤིང་དཀྱིལ་འཁོར་དུ་ཞུགས་ནས་འབབས་པར་འགྱུར་ཞིང་འཐོབ་བོ། །དེ་ནས་སློབ་དཔོན་གྱིས་རི་མོའི་ཕྱག་རྒྱས་དུག་མེད་པར་བྱའོ། །དེ་ནས་བརྩམས་ཏེ་ཐམས་ཅད་ཟོས་ན་ཡང་བདུད་རྩི་བཞིན་དུ་འཇུ་བར་བྱེད་དེ། འདི་རྣམས་དང་ལྷན་ཅིག་ཏུ་གར་བྱེད་པ་དང་། དུག་ཐམས་ཅད་སྲེག་པ་དང་འཇིག་པ་དང་ཟ་བ་ནུས་པར་འགྱུར་རོ། །དེ་ནས་ཅི་འདོད་པའི་དམ་ཚིག་སྦྱིན་པར་བྱ་སྟེ། འདོད་ཆགས་ཞེ་སྡང་གཏི་མུག་སྟེ། །འདི་དག་འཇིག་རྟེན་དུག་གསུམ་མོ། །གལ་ཏེ་བདེན་ལས་འདས་གྱུར་ན། །འཚོ་བའི་འཇིག་རྟེན་འདི་རྟག་གནས། །གལ་ཏེ་དངོས་གྲུབ་ཐོབ་འདོད་ན། །གློག་ལ་བརྙེས་པར་མི་བྱའོ། །སེར་བ་བཟློག་པར་མི་བྱའོ། །སྦྲུལ་ནི་གང་ཡང་གསད་མི་བྱ། །བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་རྟོག་པའི་རྒྱལ་པོ་ཆེན་པོ་ལས་བདེ་བ་ཆེན་པོའི་དམ་ཚིག་ཆེན་པོའི་རྡོ་རྗེ་གསང་བ་ལ་སོགས་པའི་ཆོ་ག་རྒྱས་པའོ། །དུམ་བུ་གཉིས་པ་རྩ་བའི་རྒྱུད་ལས་དཀྱིལ་འཁོར་བཅུའི་རྟོག་པའོ།། །།དེ་ནས་རྡོ་རྗེ་ཆེན་པོ་ཡི། །རི་རབ་རི་ཡི་རྩེ་མོ་ནི། །རྡོ་རྗེ་རིན་ཆེན་འོད་གསལ་བས། །དྲི་མེད་གཟི་བརྗིད་མཛེས་པ་ལ། །ཟུར་བཞི་པ་ལ་སྒོ་བཞི་པ། །སྒོ་ཁྱུད་ཀྱིས་ནི་རྣམ་པར་མཛེས། །


DNG012_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཁྱེར་རྣམས་ལ་གནས་པ་ཡི། །རྡོ་རྗེ་ལྷ་མོའི་ཚོགས་ཀྱིས་མཆོད། །ཟླ་བ་ཕྱེད་ལ་གནས་པ་ཡི། །རྡོ་རྗེ་རིན་ཆེན་རྣམས་ཀྱིས་མཛེས། །རླུང་གིས་བསྐྱོད་པའི་དར་དཔྱངས་ཀྱི། །བ་དན་དྲིལ་བུའི་སྒྲ་སྒྲོགས་པ། །དྲ་བ་མེ་ལོང་མེ་ཏོག་གི། །ཕྲེང་བ་ཆེན་པོ་བཏགས་པས་བརྒྱན། །བདེ་བ་ཆེན་པོ་རྡོ་རྗེ་ཆེ། །རྡོ་རྗེ་ཀུན་གྱིས་མངོན་འདུས་བྱས། །རྡོ་རྗེ་སེམས་དཔའ་གནས་ཆེན་པོ། །སངས་རྒྱས་ཀུན་གྱིས་ངེས་བསྟེན་པ། །བྱང་ཆུབ་སེམས་དཔའི་གནས་པ་མཆོག །རྡོ་རྗེ་འཆང་བ་ཀུན་གྱི་གནས། །བདེ་བ་ཆེན་པོ་རྡོ་རྗེ་ཆེ། །ནོར་བུ་ཆེ་མཆོག་ཅེས་བྱ་བ། །རྡོ་རྗེ་ཆེན་པོའི་ཁང་པ་ན། །བདེ་བ་ཆེན་པོ་བཞུགས་པ་ཡིན། །ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་བསྙེམས་ཚུལ་བདག་པོའི་བདག །སེམས་ཅན་ཀུན་གྱི་སེམས་གང་ཡིན། །བརྟན་ཕྱིར་སེམས་དཔར་བཤད་པ་ཡིན། །མཉམ་པར་གཞག་པས་ཏིང་འཛིན་ཏེ། །ངེས་པའི་ཕྱིར་ནི་རྡོ་རྗེར་འགྱུར། །སེམས་དཔའི་བྱིན་རླབས་སྦྱོར་བ་ཡིས། །སླར་ཡང་རྡོ་རྗེ་སེམས་དཔར་འགྱུར། །དེ་ཉིད་རྟག་པ་བཅོམ་ལྡན་འདས། །བྱང་ཆུབ་སྤྱོད་པའི་རྗེས་འགྲོ་ཡིན། །རང་སེམས་སོ་སོར་རྟོགས་སོགས་ན། །སངས་རྒྱས་བྱང་ཆུབ་ཆོ་ག་བཞིན། །བདུད་ནི་སངས་རྒྱས་རྡོ་རྗེ་ཆེ། །རྡོ་རྗེ་འཆང་ཆེན་དེ་ཉིད་ཡིན། །དེ་ཉིད་དེ་བཞིན་གཤེགས་པའི་རིགས། །དེ་ཉིད་རྡོ་རྗེ་རིགས་ཆེན་པོ། །དེ་ཉིད་པདྨའི་རིགས་དག་པ། །དེ་ཉིད་ནོར་བུའི་རིགས་དམ་པ། །དེ་ཉིད་ཆགས་དང་ཆགས་བྲལ་བའི། །འདོད་དང་ཐར་པ་དེ་ཉིད་ཡིན། །དུས་གསུམ་སྲིད་གསུམ་མཆོག་གསུམ་དང་། །འཇིག་རྟེན་གསུམ་དང་ཁམས་གསུམ་པ། །མི་གཡོ་ཐམས་ཅད་མཆོག་དེ་ཉིད། །བརྟན་ཞིང་སྙིང་པོ་ནོར་བུ་ཆེ། །རྒྱུ་བ་སེམས་ཀྱི་འདུ་བྱེད་ཐབས། །ཐམས་ཅད་བྱེད་པ་ཐམས་ཅད་ཉིད། །དང་པོའི་སེམས་དཔའ་སེམས་དཔའ་ཆེ། །བྱང་ཆུབ་སེམས་དཔའ་བདེ་རབ་སོགས། །སེམས་དཔའི་སྐྱིལ་མོ་ཀྲུང་བཅས་ནས། །པདྨའི་ལྟེ་བར་ཞུགས་པ་ཡིན། །བཙུན་མོའི་ཚོགས་བཅས་


DNG012_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་པའི། །རྡོ་རྗེ་ལྷ་མོ་རྣམས་ཀྱིས་བསྐོར། །བདེ་བ་ཆེན་པོ་རབ་གྲུབ་དང་། །འདོད་ཆགས་ཆེན་པོ་རྣམ་དག་ཕྱིར། །མ་ལུས་གདུལ་བྱའི་དོན་དུ་ནི། །དངོས་གྲུབ་ཐམས་ཅད་རབ་གྲུབ་ཕྱིར། །བདག་ཉིད་ལ་སོགས་སེམས་དཔའ་ཆེ། །དངོས་གྲུབ་ཐམས་ཅད་རབ་གྲུབ་ཕྱིར། །དམ་ཚིག་མཆོག་གི་དམ་ཚིག་རྣམས། །རྒྱལ་བས་ཀྱང་ནི་སྲུང་བར་མཛད། །བསྙེམས་བཅས་རྡོ་རྗེ་གསོར་བ་དང་། །རྡོ་རྗེ་བསྙེམས་པ་ཡང་དག་འཆང་། །ཕྱག་རྒྱ་ཐམས་ཅད་རྣམ་དག་དང་། །རྡོ་རྗེ་སེམས་དཔའ་མཆོག་གྲུབ་ཕྱིར། །བདེ་བ་ཆེན་པོ་རྡོ་རྗེ་ཆེ། །དངོས་གྲུབ་ཐམས་ཅད་སྒྲུབ་པ་ལ། །ཡེ་ཤེས་ཕྱག་རྒྱར་ཡང་དག་ལྡན། །སྙིང་པོ་ཆེན་པོ་དམ་པ་ཡིན། །གང་གིས་བསོད་ནམས་མི་ལྡན་དང་། །དེ་བཞིན་དཀྱིལ་འཁོར་མ་ལུས་ཞུགས། །དོན་ཡོད་ཐོགས་མེད་ཉིད་མཆོག་གི། །དངོས་གྲུབ་ཐམས་ཅད་རྙེད་མི་དཀའ། །བདེ་བ་ཆེན་པོ་རྡོ་རྗེ་ཆེ། །གསང་བའི་མཆོག་སྟེ་དམ་ཚིག་བརྟན། །དངོས་གྲུབ་ཐམས་ཅད་སྒྲུབ་པ་ཡིན། །རྟོག་པ་ཐམས་ཅད་མྱུར་འགྲུབ་བྱེད། །ཐོག་མཐར་མེད་ཅིང་དང་པོར་བྱུང་། །བསོད་ནམས་ཐམས་ཅད་ཆེར་མཐོ་བ། །གཟི་ཅན་རྣམས་ཀྱི་བདེ་མཆོག་དང་། །འདོད་ཆགས་ཆེན་པོ་རྣམ་དག་ཕྱིར། །རྗེས་སུ་ཆགས་པ་སྒོམ་པ་ཞེས། །ཇི་བཞིན་ཡེ་ཤེས་རབ་འཇུག་པ། །ཉེ་བའི་སྙིང་པོ་བཅས་སྙིང་པོ། །བསྐལ་པ་དང་པོར་བཅོམ་ལྡན་གསུངས། །ཧཱུྃ། དེ་ནས་འདི་ནི་གསུངས་ཙམ་གྱིས། །སངས་རྒྱས་ཐམས་ཅད་སྲས་དང་བཅས། །ཉེ་བར་འདུས་པ་མཛད་ནས་ནི། །འགྲོ་བ་ཐམས་ཅད་སྐྱེད་པར་མཛད། །སྣ་ཚོགས་འགྲོ་བ་ཀུན་བསྐྱེད་ནས། །གཙོ་བོས་དངོས་གྲུབ་དྲིས་གྱུར་པས། །ཅི་ལྟར་སྐད་ཅིག་གིས་འདིར་གྲུབ། །སེམས་དཔའ་ཆེན་པོ་མྱུར་དུ་སྨྲོས། །དེ་ནས་དཀྱིལ་འཁོར་དང་པོ་ནི། །ཐོག་མར་དཀྱིལ་འཁོར་བྱིན་བརླབས་ནས། །རྡོ་རྗེ་ཀུན་མཆོག་དམ་ཚིག་ནི། །ཆོ་ག་བཞིན་དུ་བསྒྲུབས་ནས་ནི། །དེ་ནས་ཕན་ཆད་སེམས་ཅན་འབྱུང་། །ཅི་བཞིན་ལས་ཀྱི་རྗེས་འགྲོ་བ། །རྟག་པར་སྡིག་པ་ཀུན་ལ་སྤྱོད། །ངན་ཞེན་དང་ནི་ལེ་ལོ་ཅན། །དེ་ནི་


DNG012_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བོ་གསུམ་གཟིགས་ནས། །འཇིག་རྟེན་གཙོ་བོ་རྣམས་ཀྱིས་དྲིས། །བཅོམ་ལྡན་འོ་ན་ཅི་ལྟར་ནི། །བྱིས་པ་དགེ་བ་ཀུན་དུ་སྐྱེད། །དེ་རྣམས་ཀྱི་ནི་ཚིག་གསན་ནས། །ཚིག་ནི་འདི་སྐད་གསུངས་པ་ཡིན། །རྡོ་རྗེ་འཛིན་ཀུན་བྱེད་པ་པོས། །ལས་ཀྱིས་འཆི་བ་ལྟོས་གྱུར་པ། །དེ་ཡི་ཚིག་དེ་ཐོས་ནས་ནི། །རྡོ་རྗེ་སེམས་དཔའ་རྡོ་རྗེ་འཛིན། །སྲས་བཅས་སངས་རྒྱས་ཐམས་ཅད་ཀྱིས། །ཐུགས་རྗེ་ཆེན་པོས་ཇི་སྐད་གསུངས། །བདེ་བ་ཆེན་པོ་རབ་གྲུབ་དང་། །ཤིན་ཏུ་ཆགས་པ་རྣམ་དག་ཕྱིར། །ཀུན་མཆོག་ཆོ་ག་རྒྱས་པ་ཡི། །སྙིང་པོ་དེ་ནི་བཤད་དུ་གསོལ། །དེ་ནས་སྟོན་པ་རྡོ་རྗེ་འཛིན། །དངོས་གྲུབ་ཐམས་ཅད་སྩོལ་བ་ཡིན། །རྟོག་པ་ཀུན་གྱི་བདེ་བ་ཆེ། །རྡོ་རྗེ་གསང་བ་དང་པོ་མཆོག །གཞན་ཡང་སྙིང་པོ་བསྟན་པ་དང་། །དཀྱིལ་འཁོར་ལ་སོགས་ཆོ་ག་ཆེ། །སྣ་ཚོགས་ཕྱི་མའི་རྒྱུད་དང་བཅས། །དངོས་གྲུབ་ཐམས་ཅད་རབ་གྲུབ་བྱེད། །འཇིག་རྟེན་ཐམས་ཅད་ཁམས་ཆེན་པོ། །ཕྲ་རབ་རྡུལ་རྣམས་དང་མཉམ་པ། །སྙིང་པོ་ཆེན་པོ་འདི་ཉིད་ཀྱིས། །གྲུབ་པའི་བདེ་བ་དམ་པར་གྱུར། །དེ་ནས་བདེ་གཤེགས་དེ་རྣམས་ནི། །དེ་ཡི་ཚིག་མཆོག་གསན་གྱུར་ནས། །དང་པོའི་དཀྱིལ་འཁོར་གྲུབ་སྩོལ་བ། །དེ་ཚེ་དེ་ལ་གསོལ་བ་བཏབ། །ཆགས་པ་དང་བྲལ་འདུལ་བའི་ཕྱིར། །ཆགས་བྲལ་བསྟན་པར་བྱ་བའམ། །འདོད་ཆགས་ཐམས་ཅད་རྣམ་དག་ཕྱིར། །ཉིད་ཀྱི་ཐུགས་ཀྱི་ཆོ་ག་གསུངས། །དེ་ནས་བཅོམ་ལྡན་འདས་ཀྱིས་རྡོ་རྗེའི་གླུ་ཆེན་པོ་གསུང་ཞིང་དཀྱིལ་འཁོར་བརྟག་པར་མཛད་དོ། །ཐམས་ཅད་རྗེས་སུ་ཆགས་པ་བདེ་བ་དམ་པའི་ཐུགས། །རྡོ་རྗེ་སེམས་དཔའ་ཁྱོད་ནི་རབ་ཏུ་བྱུང་བ་ཡིན། །རབ་ཏུ་དགའ་བ་འགྲོ་བ་ཀུན་གྱི་བདེ་ཆེན་པོ། །བརྟན་མཐོ་དེ་རིང་བདག་ལ་མྱུར་གྲུབ་མངོན་ཕྱོགས་མཛོད། །ཅེས་བྱ་བའི་དཀྱིལ་འཁོར་གྱི་གླུ་ལེན་ཅིང་བརྟག་པར་མཛད་དོ། །དཀྱིལ་འཁོར་ཆེན་པོའི་སྦྱོར་བ་ཡིས། །དང་པོའི་དཀྱིལ་འཁོར་བརྟག་པར་བྱ། །ཕྱག་ན་རྡོ་རྗེའི་ཐམས་ཅད་དུ། །རྡོ་རྗེ་ལྷ་མོ་ལ་སོགས་ཚོགས། །ཅི་ལྟར་ཆོ་ག་བཞིན་དུ་ནི། །བརྒྱན་པར་བྱ་སྟེ་རབ་འཇུག་བྱ། །གཡོན་དུ་བུ་མོ་རྡོ་རྗེ་འཛིན། །བསྡུས་ཏེ་རྣལ་འབྱོར་བཅང་བར་བྱ། །རྡོ་རྗེ་དང་


DNG012_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་བསྙེམས་པ་ཡི། །ཕྱག་རྒྱ་མཆོག་གིས་རང་ཉིད་འཇུག །དཀྱིལ་འཁོར་དེ་རུ་ཞུགས་ནས་ཀྱང་། །ལན་གསུམ་དུ་ནི་བསྐོར་བ་བྱ། །རྡོ་རྗེ་སེམས་དཔའི་མདུན་འདུག་སྟེ། །དེ་ཉིད་གསང་བའང་བརྗོད་པར་བྱ། །ཧཱུྃ་ཧཱུྃ་མ་ཧཱ་སུ་ཁ་བཛྲ་སཏྭ་ཛཿཧཱུྃ་བྃ་ཧོཿས་མ་ཡ་སྟྭཾ་ཨ་ནུ་རཀྟོ་མེ་བྷ་བ། སུ་ཏོཥྱོ་མེ་བྷ་བ། དྲི་ཌྷོ་མེ་བྷ་བ། སུ་པོཥྱོ་མེ་བྷ་བ། ཨ་དྷི་ཏིཥྛ་བྷ་ག་བཱན་ཨ་ན་དི་ནི་དྷི་ན་སྭཱ་ཧཱ། མ་ཧཱ་སུ་ཁ་བཛྲ་སཏྭ་ས་མ་ཡ་གུ་ཧྱ་ས་མ་ཡ། སིད་དྷི་མ་མེ་པྲ་ཡཙྪ་ཨོཾ་ཧ་ཧ་ཧ་ཧ་ཨཱ། དེ་ནས་རབ་ཏུ་དགའ་བས་རྡོ་རྗེ་ལྷ་མོ་དགའ་བའི་གཏམ་བྱའོ། །ཨོཾ་བཛྲ་དྲི ཡེཾ ་ས་མ་ཡ་ཀེ་མ་ཊ་བཛྲ་ཀི་ལི་ཀི་ལི་ཧོ། ཧཱུྃ་སྨ་ར་བཛྲི་ཎེ་བན་དྷ་ཧཱུྃ་ཧཱུྃ་ཏུཥྚ་བཛྲ་ཎི་ཧཱུྃ། དེ་ནས་བཅོམ་ལྡན་འདས་ཀྱི་མདུན་དུ་ཉེ་བར་འདུག་སྟེ། དེ་བཞིན་དུ་བཅོམ་ལྡན་འདས་བདག་ལ་གྲུབ་པར་མཛོད་ཅིག་ཅེས་བཅོམ་ལྡན་འདས་ལ་གསོལ་བ་བརྗོད་པར་བྱའོ། །མྱུར་དུ་ཐམས་ཅད་རྗེས་ཆགས་པར། །ཀི་ལི་ཀི་ལས་ཐམས་ཅད་ནུས། །ཐམས་ཅད་རྗེས་སུ་ཆགས་དྲན་དང་། །རྟག་ཏུ་ལེགས་པར་མཉེས་གྱུར་བདག །ཨོཾ་མ་ཧཱ་སུ་ཁ་སིད་དྷི་བཛྲ་སཏྭ་ཛཿཧཱུྃ་བྃ་ཧོཿསིད་དྷི་ས་མ་ཡ་སྟྭཾ་སིད་དྷི་ཧཱུྃ། དེ་ནས་བདེ་བ་ཆེན་པོ་རྡོ་རྗེའི་ཆུས་དབང་བསྐུར་ཞིང་འཐུངས་ལ་རྡོ་རྗེ་རྩེ་ལྔ་པ་བཟུང་སྟེ། བདག་རྡོ་རྗེ་སེམས་དཔའ་ཡིན་ནོ་ཞེས་རང་གི་མིང་བརྗོད་ལ། སྔ་མ་བཞིན་དུ་གར་གྱི་མཆོད་པས་མཆོད་པ་བྱ་སྟེ། ཅི་ལྟར་རྙེད་པའི་ཡུལ་དང་ལྡན་པས་སློབ་མ་དང་ལྷན་ཅིག་མཆོད་པ་བྱས་ནས་འབྱུང་བར་བྱའོ། །སློབ་མ་གཞུག་པར་བྱ་ཞིང་རང་ཉིད་ཀྱང་དེར་ཞུགས་པས་དཀྱིལ་འཁོར་ཐམས་ཅད་དུ་ཞུགས་པར་འགྱུར་རོ། །རྡོ་རྗེ་སློབ་དཔོན་ཐམས་ཅད་ཕྱག་རྒྱ་ཐམས་ཅད་ཀྱི་བདག་པོ་དམ་ཚིག་ཐམས་ཅད་ཤེས་པ། ཐམས་ཅད་ལ་ཚར་གཅོད་པ་དང་། ཕན་འདོགས་ནུས་པ་དངོས་གྲུབ་ཐམས་ཅད་ཕུན་སུམ་ཚོགས་པའི་ཡེ་ཤེས་ཀྱི་ལས་བྱེད་པས་རང་ཉིད་འཇུག་པ་ཙམ་ཉིད་ཀྱིས་སློབ་དཔོན་མ་ཡིན་པ་དང་། དཀྱིལ་འཁོར་དུ་མ་ཞུགས་པར་སྐད་ཅིག་ཉིད་ཀྱིས་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་རློབ་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བཅོམ་ལྡན་འདས་ཉིད་ངེས་པར་རང་ཉིད་རང་གི་དམ་ཚིག་གིས་རྡོ་རྗེ་


DNG012_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་དུ་གྱུར་ནས་འཇུག་པར་མཛད་དོ། །ལས་ཐམས་ཅད་ཀྱི་ཆོ་ག་རྒྱས་པ་ཡང་མཛད་པ་ཡིན་ནོ། །སྙིང་པོ་འདིའི་བྱིན་གྱི་རླབས་ཀྱིས་དཀྱིལ་འཁོར་དུ་མ་ཞུགས་ན་ཡང་དཀྱིལ་འཁོར་ཐམས་ཅད་དུ་ཞུགས་པ་དང་། ཐམས་ཅད་ཀྱི་སློབ་དཔོན་དུ་འགྱུར་རོ། །ལན་ཅིག་བཟླས་བརྗོད་བྱས་པས་མི་སོད་པ་དང་། མི་ཚུགས་པ་དང་། ཐམས་ཅད་དུ་སྣ་ཚོགས་པའི་ཡི་གེ་རྣམས་ཀྱིས་མཐོང་བ་དང་། ཐོས་པ་དང་། རིག་པ་དང་། ཤེས་པ་ཡིན་ནོ། །རྡོ་རྗེ་འཆང་ཆེན་པོ་དང་བཅས་པའི་དེ་བཞིན་གཤེགས་པ་ཐམས་ཅད་མ་ལུས་པས་དགོངས་པར་མཛད་ནས་དངོས་གྲུབ་ཐམས་ཅད་དེ་ལ་སྩོལ་བ་ཡིན་ནོ། །ཡོངས་སུ་སྦྱང་བ་དང་བརྟེན་པའི་དོན་དུ་མ་ཡིན་ནོ། །བགེགས་བྱེད་པ་རྣམས་ཀྱང་སྡུག་བསྔལ་སྟེར་བར་འགྱུར་བ་མ་ཡིན་ནོ། །བཅོམ་ལྡན་འདས་བདེ་བ་ཆེན་པོ་རྡོ་རྗེ་འཆང་ཤིན་ཏུ་བརྟན་ཞིང་ཤིན་ཏུ་དགྱེས་པ་རྗེས་སུ་ཆགས་པ། ཤིན་ཏུ་རྒྱས་པ། དངོས་གྲུབ་ཐམས་ཅད་དང་། ཕུན་སུམ་ཚོགས་པ་ཐམས་ཅད་དང་། ཡེ་ཤེས་ཐམས་ཅད་དང་། ལས་ཐམས་ཅད་གདོན་མི་ཟ་བའི་གྲུབ་པས་མྱུར་དུ་སྒྲུབ་པར་མཛད་པ་ཡིན་ནོ། །འོན་ཀྱང་གང་གིས་བྲིས་སམ། འདྲིར་བཅུག་གམ། ལན་ཅིག་བརྗོད་པའམ། འཛིན་པ་དེས་མ་བསྒྲུབས་ཤིང་དཀྱིལ་འཁོར་དུ་མ་ཞུགས་ན་ཡང་ཚེ་འདི་ཉིད་ལ་ཅི་ལྟར་མངོན་པར་འདོད་པའི་མཆོག་གི་དངོས་གྲུབ་ཐམས་ཅད་འགྲུབ་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། དོན་ཡོད་ཅིང་ཐོགས་པ་མེད་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོའི་བདག་དང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང་བར་ཆད་བྱེད་པར་མི་ནུས་ཏེ་ཐམས་ཅད་རྗེས་སུ་ཆགས་པ་ཉིད་ཀྱི་ཕྱིར་རོ། །སངས་རྒྱས་ཀྱི་བྱང་ཆུབ་ཀྱང་རྗེས་སུ་ཆགས་པ་ལས་བྱུང་བ་ཡིན་ནོ། །འདོད་པ་བརྟེན་པས་རྗེས་སུ་ཆགས་པ་སྟེ། དེ་མི་འདོད་པ་ཅི་ལྟར་མཆོག་གི་བདེ་བ་ཆེན་པོ་ལ་སོགས་པའི་གོ་འཕང་ཐམས་ཅད་དུ་འགྱུར་རོ་ཞེས་བྱ་བ་ཐོགས་པ་མེད་པའི་བཅོམ་ལྡན་འདས་ཆགས་པ་ཆེན་པོའི་བདེ་བ་ཆེན་པོས་གསུངས་སོ། །གྲུབ་ན་བདེ་བ་ཆེན་པོ་ནི། །རྡོ་རྗེ་ཆགས་པས་སྐད་ཅིག་སྟེར། །སྒྲུབ་པའི་དམ་ཚིག་འདི་ཡིན་ཏེ། །འདི་ནི་ཀུན་གྱིས་འདའ་བར་དཀའ། །སྡིག་པ་ཆེན་པོ་བྱེད་


DNG012_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

པ་འམ། །དེ་བཞིན་དཀྱིལ་འཁོར་མ་མཐོང་བ། །ལན་ཅིག་བཟླས་པས་སྡིག་སྦྱངས་པས། །མཆོག་གྲུབ་པས་ནི་གྲུབ་པར་འགྱུར། །རྟོག་པར་གསུངས་པའམ་འདོད་པ་ཡིས། །གཟུགས་བརྙན་རྗེས་སུ་དྲན་བསྒོམས་ན། །སྙིང་པོ་ཡང་ན་གླེགས་བམ་དུ། །ཐམས་ཅད་ཉིད་ཕྱིར་བདག་པོ་གྲུབ། །གང་ལ་གཟུགས་བརྙན་མེད་པ་དང་། །གླེགས་བམ་མེད་པར་འགྱུར་ན་ཡང་། །ཡི་གེ་ཧཱུྃ་ནི་ཐམས་ཅད་དུ། །བྲིས་ཏེ་བདག་སྒྲུབ་བསྒྲུབ་པར་བྱ། །ཞེས་བྱ་བ་དོན་ཡོད་ཅིང་ཐོགས་པ་མེད་པའི་དངོས་གྲུབ་ཅན་རྡོ་རྗེ་འཆང་ཆེན་པོས་གསུངས་སོ། །དེ་ནས་རྟོག་པའི་རྒྱལ་པོ་འདིའི། །ལས་ཀུན་སྒྲུབ་པར་འདོད་པ་ན། །དཀྱིལ་འཁོར་ཐམས་ཅད་ཐིག་བཏབ་ནས། །མཚན་མའི་ཕྱག་རྒྱ་བྲི་བར་བྱ། །དང་པོའི་རྡོ་རྗེས་ཞུགས་ནས་བརྗོད་པར་བྱ་སྟེ། ཆགས་པ་ཆེ་ལས་ཐོགས་པ་ཆེ། །ཐོགས་པ་ཆེ་ལས་བདེ་བ་ཆེ། །བདེ་བ་ཆེ་ལས་རྡོ་རྗེ་བསྟན། །རྡོ་རྗེ་ལས་ནི་ཕྱག་རྒྱ་འབྱུང་། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི། །གཟུགས་བརྙན་རབ་ཏུ་སྦྱོར་བ་ཡིས། །ཕྱག་རྒྱ་ཐམས་ཅད་བཤད་པ་སྟེ། །དམ་ཚིག་འདའ་བར་དཀའ་བའོ། །ཕྱག་རྒྱ་བཅིངས་པ་ཙམ་གྱིས་ནི། །སངས་རྒྱས་རྡོ་རྗེ་འཆང་ལ་སོགས། །ཡང་དག་བསྡུས་པར་གྱུར་ན་ནི། །མཉམ་པའི་འཇིག་རྟེན་གྲུབ་པར་འགྱུར། །ཇི་ལྟར་རྒྱལ་པོའི་ཕྱག་རྒྱ་ཡི། །བཀའ་ནི་འདའ་བར་དཀའ་བ་སྟེ། །དེ་བཞིན་རྒྱལ་བ་ཀུན་གྱིས་ཀྱང་། །ཕྱག་རྒྱ་འདའ་བར་ནུས་པ་མིན། །སངས་རྒྱས་ཉིད་དམ་རྡོ་རྗེ་འཆང་། །དེ་ལྟར་བསྐལ་པ་བྱེ་བ་ཡིས། །ཐོབ་མིན་ཅི་ལྟར་ཕྱག་རྒྱ་མཆོག །བསྡུས་པ་ཚེ་འདི་ཉིད་ལ་འཐོབ། །ཅི་ལྟར་གདུལ་བྱའི་འཇིག་རྟེན་ནི། །དེ་བཞིན་དངོས་གྲུབ་གསུངས་པ་ཡིན། །དེ་ཡི་ཐབས་ནི་ཕྱག་རྒྱ་སྟེ། །དངོས་གྲུབ་ཐམས་ཅད་བྱེད་པ་མཆོག །དེ་བཞིན་ཆོ་ག་རྒྱས་པ་དང་། །དངོས་གྲུབ་ཐམས་ཅད་གདོན་མི་ཟའོ། །དེ་ནས་དང་པོའི་དཀྱིལ་འཁོར་གྱི་གསང་བའི་དམ་ཚིག་གི་ཕྱག་རྒྱ་བཅིང་བ་འདི་ཡིན་ཏེ། སོར་མོ་ཐམས་ཅད་ཀུན་སྦྱར་ནས། །རྡོ་རྗེ་ཐལ་མོ་ཞེས་བརྗོད་དོ། །སོར་མོ་ནང་དུ་བཅིངས་པ་ལས། །རྡོ་རྗེ་བསྡམས་པར་ཡང་དག་བཤད། །


DNG012_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་བསྡམས་པའི་ནང་དུ་ནི། །མཛུབ་མོ་མཐེ་བོ་ཡང་དག་སྦྱར། །གཡས་པ་ཡི་ནི་མཐེ་བོ་བཏེག །བཅུག་སྟེ་བཙིར་བའི་ལྕགས་ཀྱུ་འཛིན། །མདའ་ལྔ་བསྡུས་པ་བཅིངས་ནས་ནི། །དབུས་མའི་བཅིངས་པ་ནང་དུ་གནས། །མཐེ་བོང་བསྙམས་པའི་མཐའ་རྡོ་རྗེ། །དང་པོའི་བདེ་བ་དམ་པ་བརྟན། །མཐེབ་མཛུབ་རྩེ་སྦྱར་དབུས་མའི་རྩེ། །མིག་འབྲས་ལྟར་སྦྱར་འཛིན་པའོ། །དབུས་མའི་རྡོ་རྗེ་འོག་ཏུ་ནི། །མཐེ་བོང་གིས་མནན་བཙིར་བར་བྱ། །རྡོ་རྗེ་འདྲེན་མ་དང་འདྲ་བ། །སྲིན་ལག་མཐེའུ་ཆུང་ཁ་ཕྱེ་བ། །བསྐོར་ནས་པུས་མོར་བཞག་པ་ནི། །དང་པོའི་རྡོ་རྗེ་ལས་བྱུང་བའོ། །གྱེན་དུ་གཏོར་དང་ཐུར་དུ་བླུགས། །མཐེ་བོ་སྦྱར་ནས་བསྐོར་བ་དང་། །རབ་ཏུ་བརྐྱང་ཞིང་བྱུག་པ་དང་། །བསྐོར་ཞིང་སྤྱི་བོར་གནས་པ་དང་། །བསྐོར་ནས་སྙིང་གར་བཞག་པ་དང་། །ཡོངས་སུ་བསྐོར་ཞིང་དགོད་པའོ། །ཁ་ལས་གྱེན་དུ་འབྱུང་བ་དང་། །དེ་བཞིན་གར་གྱིས་བསྐོར་བ་དང་། །མཛུབ་མོའི་སོར་མོ་གཉིས་ཀྱིས་དང་། །གཡོན་པའི་མཛུབ་མོའི་གཡས་ཀྱིས་བཟུང་། །མཛུབ་མོའི་མཐེ་བོ་བཅིང་བ་དང་། །མཐེ་བོ་ཐ་མའི་ནང་དུ་གཞག །ཁུ་ཚུར་གྱི་ཕྱག་རྒྱ་རྣམས་སོ། །དེ་ནས་དོན་ཡོད་ཅིང་ཐོགས་པ་མེད་པ་འདི་རྣམས་ཁོ་ནའི་ལས་ཀྱི་ཕྱག་རྒྱ་བཅིང་བ། མཆོག་ཏུ་གསང་བ། བླ་ན་མེད་ཅིང་། བླ་མའི་ལས་ཀྱི་ཚོགས་སྒྲུབ་པར་བྱེད་པ། དེ་བཞིན་གཤེགས་པ་ཐམས་ཅད་དང་བཅས་པའི་བདག་གིས་ཀྱང་གནོན་པར་མི་ནུས་སོ། །དེ་ལ་བདེ་བ་ཆེན་པོའི་རྡོ་རྗེ་དབུས་མ་ལས། རྡོ་རྗེ་སེན་མོའི་རྩེ་མོ་མཆུ་ལ་སོགས་པར་གཞག་པ་དང་། འཁོར་ལོ་རབ་ཏུ་བསྐོར་བ་དང་། རྡོ་རྗེ་ནོར་བུ་དང་ཅི་ལྟར་འདོད་པའི་དངོས་གྲུབ་ཀུན་དུ་བྱེད་པ་རྣམས་ཀྱི་རྡོ་རྗེ་འཆང་ཆེན་པོ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་རྡོ་རྗེ་རིན་པོ་ཆེ་དང་མཆོག་གི་དངོས་གྲུབ་པོ། །རྡོ་རྗེ་འདྲེན་མས་ནི་མིག་འབྲས་ཀྱི་ལས་སོ། །གཡས་པ་དང་གཡོན་པའི་མིག་གིས་བལྟས་པས་ཐམས་ཅད་རྗེས་སུ་ཆགས་པའོ། །མིག་འབྲས་ཚུར་འདྲེན་པས་ནི་དགུག་པའོ། །གཞུག་པས་ཐམས་ཅད་གཞུག་པའོ། །བཙིར་བས་འཆིང་བའོ། །བཙུམས་པ་མེད་པས་


DNG012_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དུ་བྱའོ། །རྡོ་རྗེ་ཀི་ལི་ཀི་ལས་དབུས་མ་ལ་ཙུམ་པ་ན་དང་། འཁྱུད་པ་དང་། བཙིར་བ་དང་། རོལ་པ་དང་། དབུས་མ་དང་། མཐེ་བོའི་རྩེ་མོར་བདེ་བར་བརྡེག་པས་མཐོང་བ་དང་། རོལ་པ་དང་། བཙིར་བ་རྣམས་ཀྱིས་ཐམས་ཅད་ལ་རོལ་པ་སྟེ། རྒྱུ་བ་དང་མི་རྒྱུ་བ་ཐམས་ཅད་དུ་ལྷའི་གཟུགས་ཀྱི་བུད་མེད་རྣམས་འབྱུང་བ་ཡིན་ནོ། །ཅི་སྲིད་འདི་རྣམས་དང་རོལ་ཅིང་རྡོ་རྗེ་སེམས་དཔའི་བཙུན་མོ་ལ་ཡང་རོལ་པར་བྱེད་དོ། །རྡོ་རྗེ་ཆུ་སྲིན་མས་བཙིར་བ་དང་།གྱེན་དུ་བཏེག་པ་དང་། མྱང་བ་དང་། དྲུང་དུ་འགྲོ་བ་དང་། མྱུར་དུ་ཟ་བ་རྣམས་ཀྱིས་བརྟན་པའི་ཆགས་པས་བཅིང་བ་དང་། ཐམས་ཅད་ལས་རྣམ་པར་རྒྱལ་བ་དང་། ཆུའི་ནང་དུ་གནས་པ་དང་། འཆག་པ་དང་། ཐམས་ཅད་ཟ་བ་གྲུབ་པའོ། །རྡོ་རྗེ་བསྐོར་བས་གཡོ་ཞིང་གཡོ་བ་དང་། ལྷོད་པར་བྱེད་པ་དང་། བཙིར་བ་དང་། དབུས་མ་ཕན་ཚུན་ལྷན་ཅིག་དགུག་པ་དང་།མགྱོགས་པར་དབུས་མའི་རྡོ་རྗེ་དྲལ་བ་རྣམས་ཀྱིས་ཁྲོ་བོ་ཐམས་ཅད་འབར་བ་དང་། རབ་ཏུ་ཞི་བ་དང་། ཐམས་ཅད་ལ་རྒྱས་བཏབ་པ་དང་། ལྟུང་བ་དང་།གསོད་པ་རྣམས་མྱུར་དུ་འགྲུབ་བོ། །མཐེ་བོ་རྡོ་རྗེའི་ནང་དུ་ཞུགས་པའི་མཆོད་པ་རྣམས་ཀྱིས་མཆོད་ན་རྡོ་རྗེ་འཆང་ཆེན་པོས་ཀྱང་མཆོད་པར་འགྱུར་རོ། །དེ་བཞིན་དུ་ལྷའི་བུ་མོ་རྣམས་ཀྱི་མཐེ་བོ་རྡོ་རྗེའི་ནང་དུ་ཞུགས་པའི་ལས་རྣམས་ཀྱིས་ལྷའི་བུ་མོ་ཐམས་ཅད་ཀྱང་བཀུག་ནས་རོལ་པ་ལ་སོགས་པའི་ལས་ཐམས་ཅད་ལ་ཉེ་བར་སྦྱར་བའོ། །རྡོ་རྗེ་ལྕགས་ཀྱུ་མ་ལ་སོགས་པའི་ནང་གི་ཁུ་ཚུར་གྱི་ལས་རྣམས་ཀྱིས་ཡིད་ཀྱིས་འདོད་པའི་དངོས་གྲུབ་ཐམས་ཅད་དོ། །དེ་ནས་དངོས་གྲུབ་ཐམས་ཅད་ཀྱི་རྒྱུད་ནི་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོས་དངོས་གྲུབ་དང་། དམ་ཚིག་དང་། ཡེ་ཤེས་དང་། ལས་ཀྱི་དངོས་གྲུབ་གྲུབ་པའོ། །དོན་ཡོད་པས་གྲུབ་པ་མྱུར་དུ་ཐམས་ཅད་ཀྱི་བདག་ཉིད་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས་པས་ཡིད་ཀྱིས་འདོད་པ་གྲུབ་པའོ། །རབ་ཏུ་དགའ་བའི་རྡོ་རྗེས་རྟགས་ཀྱི་རྩེ་མོ་གཡོ་བ་ལས་ཐམས་ཅད་དོ། །སྐྱེ་གནས་གཡོ་བས་ཀྱང་དེ་བཞིན་ནོ། །བདེ་བ་ཆེན་པོའི་རྡོ་རྗེ་དབུས་མའི་


DNG012_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱེད་པས་དངོས་གྲུབ་ཐམས་ཅད་སྒེག་མོ་དགའ་བའི་རྡོ་རྗེ་མིག་མི་གཡོ་བར་བྱེད་པས་ལས་ཐམས་ཅད་བསྒྲུབ་པར་བྱས་ན་ཐོགས་པ་མེད་པའི་དངོས་གྲུབ་ཀྱིས་གྲུབ་པར་འགྱུར་རོ། །དེ་བཞིན་དུ་རང་གི་ཕྱག་མཚན་རྣམས་ཀྱིས་དངོས་གྲུབ་ཐམས་ཅད་གྲུབ་པར་འགྱུར་རོ། །དང་པོ་ཉིན་རེ་ལན་ཅིག་ཏུ། །ཕྱག་རྒྱ་ཆེན་པོའི་སྙིང་པོ་བཟླ། །རྡོ་རྗེ་ཉེ་བའི་སྙིང་པོ་ཡིས། །ཕྱག་རྒྱ་ཐམས་ཅད་ངེས་སྦྱར་བྱ། །ཐམས་ཅད་དོན་ཡོད་གྲུབ་པའོ། །བདེ་བ་ཆེན་པོ་རྡོ་རྗེ་ཆེ། །གསང་བའི་རྟོག་པ་མཆོག་ཕྱི་མ། །སྒྲུབ་པའི་དོན་ཡོད་དམ་ཚིག་ནི། །སྙིང་པོས་སྐད་ཅིག་དངོས་གྲུབ་སྟེར། །རྩ་རྒྱུད་ཕྱི་མའི་རྒྱུད་དང་བཅས། །ཕྱག་རྒྱའི་རྒྱུད་ནི་བླ་ན་མེད། །དངོས་གྲུབ་མཆོག་ནི་དེ་བཞིན་དུ། །བླ་མེད་ཡེ་ཤེས་གྲུབ་པའོ། །དེ་ནས་དང་པོའི་དཀྱིལ་འཁོར་ལ་སོགས་པའི་ཕྱག་རྒྱ་ཐམས་ཅད་ཀྱི་རྒྱུད་ཀྱི་ཆོ་ག་རྒྱས་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོའི་རྒྱུད་ནི། པང་པ་གཡོན་དུ་དགོད་བྱ་བ། །ཞབས་ཀྱི་པདྨ་ཅི་བདེར་བྲི། །རྡོ་རྗེ་སྐྱིལ་མོ་ཀྲུང་བཅས་ནས། །སྐུ་ནི་དྲང་པོར་འཛིན་པ་བདེ། །བསྙེམས་བཅས་རྡོ་རྗེ་གསོར་ནས་ནི། །རྡོ་རྗེ་བསྙེམས་པ་ཡང་དག་འཆང་། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས། །རྡོ་རྗེ་སེམས་དཔའ་རང་ཉིད་འགྱུར། །འདིས་ནི་རྡོ་རྗེ་སེམས་དཔའ་ཉིད། །སངས་རྒྱས་ཉིད་དམ་སྲས་ཉིད་དང་། །དངོས་གྲུབ་ཀུན་གྱི་དབང་ཕྱུག་ཉིད། །ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས། །ཅི་བཞིན་ཕྱག་རྒྱའི་རྗེས་འབྲངས་ནས། །མཚན་མའི་ཕྱག་རྒྱ་ལྡན་པ་ཡི། །སེམས་དཔའ་ཆེན་པོར་རང་ཉིད་འགྱུར། །ཕྱག་རྒྱ་ཆེན་པོའོ། །དེ་ནས་དམ་ཚིག་ཕྱག་རྒྱ་བཅིང་བ་ནི་བདེ་བ་ཆེན་པོའི་རྡོ་རྗེ་བཤད་དོ། །རྡོ་རྗེ་མདའ་ལ་སོགས་པའི་བཞི་པོ་འདི་ལས་བྱུང་ངོ་། །མཛུབ་མོ་གཉིས་ཀྱི་ལྕགས་ཀྱུའི་ཕྱི་རོལ་དུ་མངོན་པར་ཕྱོགས་པའོ། །མཐེ་བོས་འཁྱུད་པའོ། །མཐེ་བོ་གཉིས་ཁ་ཕྱེ་ལ་མཛུབ་མོ་གཉིས་ཀྱིས་དབུས་མའི་རྩེ་མོ་འདྲེན་ཅིང་སྲིན་ལག་དང་མཐེའུ་ཆུང་མཉམ་པོར་སྦྱར་ལ་རྩེ་མོ་སོ་སོར་ཁ་ཕྱེ་བས་ཆུ་སྲིན་གྱི་རྒྱལ་མཚན་གྱི་བསྒྲེང་བའོ། །བརླ་གཉིས་ལ་བསྐོར་ཞིང་གནས་པའོ། །དེ་བཞིན་དུ་


DNG012_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་རྣམས་ལ་རྡོ་རྗེ་ཐལ་མོ་བསྐོར་བས་སོ། །སྒོའི་ཕྱག་རྒྱ་རྣམས་ནི་རྡོ་རྗེ་བསྙེམས་པའི་ཁུ་ཚུར་གྱིས་སོ། །བདེ་ཆེན་མཆོག་གི་ཕྱག་རྒྱ་ཆེ། །དེ་བཞིན་དངོས་གྲུབ་རབ་སྩོལ་བ། །མདའ་སོགས་དམ་ཚིག་སྣ་ཚོགས་པའི། །དངོས་གྲུབ་ཆེན་པོ་མཆོག་སྟེར་བའོ། །དེ་ནས་ཆོས་ཀྱི་ཕྱག་རྒྱ་ནི། །ཧོ་བིད་ཧཱུྃ་དྷྲྀཀ་ཧཱུྃ། དེ་རྣམས་ཀྱིས་ཀྱང་དངོས་གྲུབ་ཐམས་ཅད་སྩོལ་བའོ། །དེ་ནས་ལས་ཀྱི་ཕྱག་རྒྱ་ནི། རྡོ་རྗེ་ཁུ་ཚུར་རྡོ་རྗེ་མེད་པ་རྣམས་ཀྱིས་རྟོགས་པར་བྱའོ། །གཡོན་པའི་རྡོ་རྗེ་བསྙེམས་པས་གཡས་པའི་ཁུ་ཚུར་སྟོད་པའི་ཚུལ་གྱིས་སྙིང་གར་བཟུང་བར་བྱས་པ་རྡོ་རྗེ་བསྙེམས་པ་སྟེ། རབ་ཏུ་དགའ་བ་བརྟན་པར་བྱེད་ཅིང་དངོས་གྲུབ་ཐམས་ཅད་སྩོལ་བའོ། །མདའ་གཞུ་སྟོང་པས་རྡོ་རྗེ་མཚོན་ཆ་མའོ། །འོག་ཏུ་འཁྱུད་པའོ། །རྒྱལ་མཚན་བསྒྲེང་བའོ། །བསྙེམས་པ་གཉིས་སྟོད་པའོ། །སྒེག་པ་དང་བཅས་མཐའ་མ་ལ་སོགས་པས་བཀྲོལ་བས་གློག་འགྱུ་བའི་གར་གཡས་སུ་ཡོངས་སུ་བསྐོར་བས་མེ་ཏོག་ལ་སོགས་པའི་ཀ་པུ་ཏའི་ཐལ་མོ་སྤྱི་བོ་ནས་ཕབ། རྡོ་རྗེ་ཐལ་མོ་བཀྲོལ་བས་དེ་བཞིན་དུ་སྒེག་པ་དང་བཅས་པས་མཆོད་པ་དོར་བར་བྱའོ། །རྡོ་རྗེ་གར་ནི་ནང་གི་མཚམས་ལའོ། །རྫོགས་པའམ་ནི་མ་ཚང་བ། །ཡང་ན་ཅི་ལྟར་རྙེད་པ་བཞིན། །མེ་ཏོག་མཆོད་ལ་སོགས་མ་ཡིས། །དངོས་གྲུབ་མཆོག་སྩོལ་ཐུན་མོང་ཡིན། །དམ་ཚིག་གི་ཕྱག་རྒྱའི་སྦྱོར་བའི་མཚན་མ་ཡོངས་སུ་གཟུང་བའོ། །འདི་རྣམས་ཀྱང་དོན་ཡོད་པའི་ལས་སྒྲུབ་པ་རྣམས་སོ། །རྡོ་རྗེ་ཁུ་ཚུར་གྱིས་བདུད་རྩིའི་ཆུ་བཟླའོ། །འཇུག་པའི་ཆོ་གའི་ཕྱག་རྒྱ་བཤད་པ་ནི།དཀྱིལ་འཁོར་ཆེན་པོ་ཐམས་ཅད་ཀྱི་རྡོ་རྗེ་སློབ་དཔོན་གྱིས་བྱིན་གྱིས་བརླབས་པའི་གསང་བའི་དམ་ཚིག་ཅེས་བྱ་བའི། འཇུག་པའི་ཕྱག་རྒྱ་གཉིས་པ་ནི། །རྡོ་རྗེ་བསྡམས་པ་བཅིངས་ནས་ནི། །གཡོན་མཐེབ་མཛུབ་མོའི་སྐྱེ་གནས་སུ། །གཡས་པའི་མཐེ་བོའི་རྟགས་བཅུག་ལ། །བཙིར་ན་བདེ་བ་སྟེར་བའོ། །མཛུབ་མོ་ལྕགས་ཀྱུ་བཅིངས་པ་དེས། །དཀྱིལ་འཁོར་མཆོག་ཏུ་འཇུག་པར་བྱ། །ཡང་ན་སེམས་དཔའ་གང་ལ་འཇུག །དེ་དེར་མྱུར་དུ་འགྲུབ་པར་འགྱུར། །རབ་ཏུ་དགའ་བའི་རྡོ་རྗེ་མའོ། །རང་གི་ཁུ་


DNG012_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ཚུར་གྱིས་རྡོ་རྗེ་རྡོ་རྗེའི་བདུད་རྩིའི་ཆུ་བླངས་ནས་ཆུའི་རྒྱུན་དེས། དབང་བསྐུར་ཏེ་འཐུང་དུ་བཅུག་ན་དབང་བསྐུར་བར་འགྱུར་རོ། །དབང་བསྐུར་བ་ཐམས་ཅད་ཀྱིས་ན་ཚོད་དར་ལ་བབ་པ་དང་།ནད་མེད་པ་དང་། དངོས་གྲུབ་ཐམས་ཅད་དང་ལྡན་པར་འགྱུར་རོ། །འདི་ལ་རིམས་དང་། གདོན་དང་། དུག་དང་། སྦྱར་དུག་དང་། མཁའ་འགྲོ་མ་དང་། ཕྱག་རྒྱ་ལ་སོགས་པས་གནོད་པ་བྱེད་པར་མི་ནུས་སོ། །སྐྱིལ་མོ་ཀྲུང་གིས་ནི་གར་དང་མཆོད་པ་འབུལ་བར་བྱའོ། །དེ་ནས་མཆོད་པ་ནི་རྡོ་རྗེ་གར་གྱིས་སོ། །རྡོ་རྗེ་གླུ་བླངས་པས་རྡོ་རྗེ་གར་དབུལ་བ་ནི་འཁོར་ལོས་སྒྱུར་བའི་གར་གྱིས་སོ། །རྡོ་རྗེ་ཁུ་ཚུར་ཡོངས་སུ་བཟུང་བ། རྡོ་རྗེ་བསྟོད་པས་རྡོ་རྗེ་མཚོན་ཆ་ལ་སོགས་པ་བསྒྲེང་བར་བྱ་སྟེ། མཐར་སྒེག་མོ་དགའ་བའི་རྡོ་རྗེ་གསང་བའི་བཞད་པ་དང་བཅས་པའི་ཞལ་དང་སྤྱན་གཡོ་བས་ཕྱག་འཚལ་བའོ། །བཅོམ་ལྡན་འདས་རྡོ་རྗེ་འཆང་དགྱེས་པས་དགའ་བ་ཐམས་ཅད་ལ་སོགས་པའི་བདེ་བ་དང་ཡིད་བདེ་བ་ཐམས་ཅད་ཀྱི་དངོས་གྲུབ་སྩོལ་བ་ཡིན་ནོ། །རྡོ་རྗེ་བསྡམས་པ་བཙིར་ལ་རང་གི་སྙིང་གར་བདེ་བ་དགྲོལ་ན་དཀྱིལ་འཁོར་དགྲོལ་བ་ལ་རྡོ་རྗེ་སེམས་དཔའ་བསྒོམ་པས་རེག་པ་དང་རྡོ་རྗེ་ཡིད་ཀྱིས་གྱེན་དུ་བཏེག་ལ་རིམ་པས་ནང་གི་དཀྱིལ་འཁོར་དུ་ཞུགས་ན་དམ་ཚིག་ཉམས་པར་མི་འགྱུར་རོ། །རྡོ་རྗེ་སེམས་དཔའི་སྒོམ་པས་དཀྱིལ་འཁོར་ལ་ཕྱོགས་ན་དམ་ཚིག་ཉམས་པར་མི་འགྱུར་རོ།། །།དེ་ནས་ལས་ཀྱི་ཕྱག་རྒྱའི་རྒྱུད་ནི། བདེ་བ་ཆེན་པོ་རྡོ་རྗེ་སྤྱི་བོ་དང་དཔྲལ་བ་དང་། སྙིང་གར་བཞག་པ་ཕུབ་སྟེ། ཕྱོགས་ཐམས་ཅད་དུ་འབར་བའི་ར་བ་འབྱུང་བར་འགྱུར་ཏེ། རྡོ་རྗེ་ཁྲོ་བོའི་རྒྱལ་པོ་ཆེན་པོ་རྣམས་ཀྱིས་ཀྱང་འཇུག་པར་མི་ནུས་སོ། །སྙིང་གར་སྒོམ་པ་རྡོ་རྗེ་དང་བཅས་པའོ། །གྱེན་དུ་ཁ་བལྟ་བས་བཏུང་བར་བྱའོ། །རང་གི་གདོང་ཡོངས་སུ་སྦྱངས་ནས་གདོད་པར་དགྲོལ་བར་བྱའོ། །དབུས་མའི་རྡོ་རྗེ་ལྡེག་པར་བྱའོ། །དཔུང་མགོ་གཉིས་སུ་བཞག་ཅིང་སྙིང་གར་གཞག་པར་བྱའོ། །དར་དཔྱངས་ཀྱི་དབང་བསྐུར་བ་མཐོང་བའོ། །སྐྱེ་གནས་ལས་དང་ཚེ་འབྱིན་པའོ། །སྤྱི་བོར་གཞག་པར་བྱའོ། །ས་ལ་རེག་པར་བྱའོ། །རབ་ཏུ་དགའ་བའི་རྡོ་རྗེའི་རྟགས་ཀྱི་ལྕགས་


DNG012_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱུས་སོ། །རྩེ་མོ་སྟོད་པའི་སྐྱེ་གནས་བཀྲོལ་བ་ལག་པ་གཡོན་པའི་མཐིལ་ཉེད་ཅིང་བསྣུན་པར་བྱའོ། །དེ་བཙིར་བར་བྱའོ། །མིག་བཙུམ་པར་བྱའོ། །བསྐོར་ཞིང་བཙིར་ནས་ཁྲོ་བོའི་ལྟ་བས་བལྟ་བར་བྱའོ། །ཡོངས་སུ་བསྐོར་ནས་ཁའི་མཐར་མཆེ་བ་བསྟན་པའི་གཡས་པའི་མཛུབ་མོས་སྡིགས་མཛུབ་བོ། །མཛུབ་མོ་ལ་ལྡང་བར་བྱའོ། །མཐེ་བོང་བཙིར་བར་བྱའོ། །ཡི་གེ་མུས་ཕྱག་རྒྱ་དགྲོལ་བའོ། །དང་པོ་མཐེའུ་ཆུང་གི་རྡོ་རྗེས་བསྣུན་པར་བྱའོ། །དེ་ཉིད་རྣམ་པར་འགྱུར་བའི་གདོང་པས་སོ། །དེ་ཉིད་ཡོངས་སུ་བསྐོར་ནས་དཔྲལ་བར་གྱེན་དུ་ཁ་བལྟ་བས་གནས་པའོ། །དེ་ཉིད་ཀྱིས་ནམ་མཁའ་ལ་རྡེག་པའོ། །གཡོ་ཞིང་བཙུམས་པའི་མིག་གིས་ཕྱག་རྒྱ་བཅིངས་པ་དགྲོལ་བའོ། །མཐེའུ་ཆུང་གི་ནོར་བུས་རིག་པར་བྱའོ། །མཛུབ་མོ་མཉམ་པོས་ཞབས་ཀྱི་སོར་མོ་བརྗེ་བར་བྱ་སྟེ་བཟའ་བའམ་ཡིད་ཀྱིས་གཞག་པར་བྱའོ། །མཛུབ་མོས་སྦྱིན་སྲེག་བྱེད་པའོ། །རབ་ཏུ་དགའ་བའི་རྡོ་རྗེ་གདོང་པར་དགྲོལ་བར་བྱའོ། །སྦྱིན་སྲེག་བྱེད་པའོ། །མཐེའུ་ཆུང་གཉིས་སྐྱེ་གནས་ལ་སྦྱར་ཏེ་ཕྱག་རྒྱ་དྲལ་བར་བྱའོ། །སྲིན་ལག་དང་ཐ་མ་མཉམ་པར་སྦྱར་སོར་མོ་བ་དན་གྱི་ཚུལ་དུ་བསྒྲེང་བར་བྱའོ། །རྡོ་རྗེ་བསྡམས་པས་ལེགས་པར་བྱེད་པ་མཛུབ་མོ་མཐེ་བོང་མཉམ་པོར་ཕྱེ་བ་དང་བཀུག་པ་བསྐོར་ནས་དྲལ་བར་བྱའོ། །རྡོ་རྗེ་བསྡམས་པ་རབ་ཏུ་བརྐྱང་བའི་མཐིལ་ས་ལ་རེག་པར་བྱའོ། །དང་པོའི་རྡོ་རྗེ་སྤྲིན་སྐྱེད་པའོ། །མཛུབ་མོས་ཆར་བསྐྱེད་པར་བྱའོ། །མཛུབ་མོས་བཟློག་པར་བྱའོ། །རྡོ་རྗེ་བལྟ་བས་འཕྲོག་པར་བྱའོ། །རབ་ཏུ་དགའ་བའི་རྡོ་རྗེ་བཤད་དོ། །མཛུབ་མོ་གཅིག་གི་ནོར་བུའོ། །མཐེའུ་ཆུང་རྡོ་རྗེ་སྡིགས་མཛུབ་བོ། །མཛུབ་མོས་ས་འོག་ནས་ཆུ་མིག་བཀུག་ལ་བསྟན་པའོ། །བདེ་བ་ཆེན་པོ་རྡོ་རྗེ་ས་ལ་བཟུང་ནས་གཡོ་བར་བྱའོ། །མཛུབ་མོ་གཉིས་ཀྱིས་གདེངས་ཀའི་ཚུལ་བསྟན་པའོ། །རྩེ་མོ་བཞིའི་འོད་ཟེར་གྱིས་མེ་སྟག་སྟོན་པའོ། །མཛུབ་མོས་རླུང་སྐྱེད་པའོ། །རབ་ཏུ་དགའ་བའི་རྡོ་རྗེས་མཛུབ་མོའི་རྩེ་མོས་མེ་ལོང་དང་། རོལ་པ་དང་། ནམ་མཁའ་ལ་རྡོ་རྗེ་བལྟ་བ་དང་། སྟེང་དུ་བསྐོར་བར་བྱའོ། །རྡོ་རྗེའི་མདངས་ཤིང་དྲུང་ཐམས་ཅད་དང་། ནགས་དང་


DNG012_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེད་མོས་ཚལ་དང་། འབྲུ་ཐམས་ཅད་ལ་གཞག་པར་བྱའོ། །མཛུབ་མོ་རྣོན་པོས་ཀློག་པར་བྱའོ། །བདག་ཉིད་ཀྱིས་ཐམས་ཅད་ལ་དྲང་བར་བྱའོ། །ཕྱི་རོལ་གྱི་དཔུང་མདུན་དུ་བསྐོར་བར་བྱའོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་གློག་འགྱུ་བས་བསྐོར་བར་བྱའོ། །གློག་འགྱུ་བས་ནམ་མཁའ་ལ་བསྐོར་བར་བྱའོ། །གཡས་པས་གཡོན་པ་ལ་བརྡེག་པར་བྱའོ། །རྡོ་རྗེ་ཁུ་ཚུར་གཉིས་གཡོ་ཞིང་གཡོ་བ་མེད་པ་ལ་གཞག་པར་བྱའོ། །མཛུབ་མོ་མཉམ་པའི་དཀྱིལ་འཁོར་ནི་ནོར་བུའོ། །མཛུབ་མོའི་རྡོ་རྗེའི་གཡོན་པའི་མཐེ་བོང་གི་བུ་གར་གཡས་པའི་མཛུབ་མོ་གཞུག་པར་བྱའོ། །རབ་ཏུ་དགའ་བའི་རྡོ་རྗེས་སྟེང་དུ་ནམ་མཁའ་ལ་དཀའ་བ་བསྐྱོད་པ་དང་། སྐྱེ་གནས་གཡོ་བ་དང་། དབུས་མའི་རྡོ་རྗེ་བསྐྱོད་ཅིང་བཙིར་བའོ། །རྡོ་རྗེ་ཡིད་ལས་བྱུང་བ་དང་། རྡོ་རྗེ་ཀཱི་ལི་ཀཱི་ལ་དང་། རྡོ་རྗེ་ཆུ་སྲིན་དང་། རྡོ་རྗེ་བསྙེམས་མ་ནི་བཤད་པའོ། །རྡོ་རྗེ་བསྡམས་པའི་མཛུབ་མོས་གསོལ་བ་འདེབས་པར་བྱེད་པས་མཛུབ་མོ་གཉིས་ཀྱིས་རང་གི་མིག་བཀབ་ལ་ཡིད་ཀྱིས་ཅི་ལྟར་མངོན་པར་འདོད་པ་བསྒོམ་པར་བྱའོ། །སྦྱིན་སྲེག་བྱེད་པའོ། །མཛུབ་མོས་རང་མིག་བཙུམ་པར་བྱའོ། །སོས་གཟུང་བར་བྱའོ། །བཏུང་བར་བྱའོ། །རྩེ་མོ་བསྐྱོད་ཅིང་སྦྱིན་སྲེག་བྱའོ། །མཐེ་བོའི་འོག་ཏུ་རབ་ཏུ་བརྐྱང་ལ་སྦྱིན་པར་བྱའོ། །རྡོ་རྗེ་སྐུའི་ཕྱག་རྒྱ་མཆོག་ནི་མཐེ་བོ་སེམས་དཔའི་སྐྱིལ་མོ་ཀྲུང་གི་མཛུབ་མོ་རྡོ་རྗེ་ནི་རྡོ་རྗེའི་སྐུ་མཆོག་གོ། །དབུས་མའི་མཉམ་པའི་མགོ་ལྕོགས་ཀྱིས་ངག་འབྱིན་པའོ། །སྙིང་གར་བཞག་ནས། ཨོཾ་བོ་དྷི་ཙིཏྟ་ཨུཏ་པཱ་ད་ཡཱ་མི་ཞེས་བྱ་བ་བསྒོམ་མོ། །མཐེ་བོའི་རྟགས་གཡོན་པའི་མཐེ་བོའི་བུ་གར་གཞུག་པར་བྱའོ། །རྡོ་རྗེ་ཁུ་ཚུར་གཉིས་གློག་འགྱུ་བ་ལྟར་བསྐོར་བས་རྡོ་རྗེ་འཁོར་ལོའོ། །རྡོ་རྗེ་བསྙེམས་མ་རྡོ་རྗེ་དང་བཅས་པའོ། །ཡི་གེ་ཧཱུྃ་གིས་སྡིགས་མཛུབ་བོ། །རབ་ཏུ་དགའ་བའི་རྡོ་རྗེ་གར་གྱིས་སོ། །རྡོ་རྗེ་བསྙེམས་མ་བཤད་དོ། །མཐེའུ་ཆུང་ཟུར་གྱིས་མདུད་པའི་རྩེ་མོ་མཉམ་པ་ཡོངས་སུ་བསྐོར། འོག་ནས་བཏེག་པ་མཛུབ་མོ་མཉམ་པའི་རྩེ་མོ་དང་དབང་བསྐུར་བའི་གནས་སུ་གཞག་ན་རྡོ་རྗེ་མཛོད་སྤུའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་ནི་འོག་ནས་བཤད་པར་བྱའོ། །


DNG012_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་གར་གྱི་བཤད་པ་ཡིན་ནོ། །མཛུབ་མོ་ཕྱིར་ཕྱོགས་པ་བསླང་བའི་རྡོ་རྗེ་སྙིང་གར་བཛྲོ྅ཧྃ་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའོ། །དེ་བཞིན་དུ་སྙིང་གར་རྡོ་རྗེ་སྒོམ་ཞིང་མ་ཧཱ་ས་ཧ་ཧྃ་ཞེས་བྱའོ། །ཡེ་ཤེས་ཀྱི་ཁུ་ཚུར་གྱིས་ཏ་ཐཱ་ག་ཏོ྅ཧྃ་བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོ་བཤད་དོ། །དེ་ནས་རྡོ་རྗེ་ཁུ་ཚུར་བཅིང་བ་ནི། །མཛུབ་མོ་རྡོ་རྗེ་བསྡམས་པ་བཅིང་། །མཛུབ་མོ་བཀུག་པ་གཉིས་ཀྱིས་བརྒྱན། །མཐའ་མ་གཉིས་ཀྱི་ནང་དུ་ནི། །མཐེ་བོང་གཉིས་ཀྱི་ཁ་སྦྱར་བ། །དམ་ཚིག་ཆེན་པོ་རྡོ་རྗེ་མཆོག །ཁུ་ཚུར་དངོས་གྲུབ་མཆོག་ཀུན་སྩོལ། །རྡོ་རྗེ་ཁུ་ཚུར་རབ་ཏུ་བརྟགས།། །།དེ་ནས་དེ་བཞིན་གཤེགས་པའི་རིགས་ཀྱི་ཕྱག་རྒྱའི་རྒྱུད་ཀྱི་ཆོ་ག་རྒྱས་པ་ནི། ཕྱག་རྒྱ་ཆེན་པོ་རྣམས་ནི་ཏ་ཐཱ་ག་ཏོ྅ཧྃ་ཞེས་བྱ་བས་བཅིང་བར་བྱའོ། །དམ་ཚིག་ཆོ་ག་མཆོག་ནི་མཐེ་བོང་མཐེའུ་ཆུང་མཉམ་པའོ། །རྡོ་རྗེ་སྣ་ཚོགས་རྡོ་རྗེའོ། །མདའ་ལ་སོགས་པ་བཅིང་བ་ནི་དེ་བཞིན་ནོ། །ལས་ཀྱི་ཕྱག་རྒྱ་རྣམས་ནི་དེ་ཉིད་དོ། །དེ་བཞིན་གཤེགས་པའི་ཁུ་ཚུར་གྱིས་དེ་བཞིན་དུ་བཅིང་བའོ། །ལྕགས་ཀྱུ་མ་བཞིན་ནོ། །ཁུ་ཚུར་གྱི་ཁྱད་པར་རྡོ་རྗེ་བསྡམས་པའི་ཁུ་ཚུར་མཐེ་བོང་གཉིས་ལ་གནས་པ་དམ་ཚིག་གི་ཁུ་ཚུར་ཏེ། དེ་གཉིས་སུ་བྱས་པ་དེ་བཞིན་གཤེགས་པའི་ཁུ་ཚུར་རོ། །དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་དང་། དཀྱིལ་འཁོར་ལྔས་ཕྱག་འཚལ་ཞིང་འཇུག་པར་བྱའོ། །འདི་དག་ཀྱང་དངོས་གྲུབ་ཐམས་ཅད་སྩོལ་བའོ། །དེ་ནས་ལས་ཀྱི་ཕྱག་རྒྱ་བཅིང་བ་ནི། རྡོ་རྗེ་སྐུ་མཆོག་གིས་སྤྱི་གཙུག་དང་མཛོད་སྤུ་དང་སྙིང་གར་བཞག་སྟེ་བསྐོར་ཞིང་བསྐོར་བས་མཁུར་ཚོས་དང་། གཙུག་ཏོར་དུ་གཟུང་བར་བྱའོ། །དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་ཀྱི་མཛུབ་མོ་གཉིས་ཀྱིས་སྡིགས་མཛུབ་བྱ་བ་དང་སྦྱིན་པའི་ཚུལ་བྱའོ། །གཡོན་པ་སྙིང་གར་བཟུང་སྟེ་གཡས་པའི་མཛུབ་མོ་གཅིག་གིས་ས་ལ་རེག་པའོ། །གཡོན་པའི་ཁྲོ་བོའི་མཛུབ་མོ་གཡས་པའི་ཁུ་ཚུར་གྱི་ནང་དུ་མངོན་པར་ཕྱོགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་སངས་རྒྱས་ཉིད་དུ་མྱུར་དུ་ཐོབ་པའོ། །རྡོ་རྗེ་བསྡམས་པའི་འོག་ཏུ་བཅིང་བས་བརྟན་པའི་སྐྱིལ་མོ་ཀྲུང་ངོ་།། །།དེ་ནས་རྡོ་རྗེ་


DNG012_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཀྱི་ཕྱག་རྒྱའི་ཆོ་ག་རྒྱས་པའི་རྒྱུད་ནི། འཇུག་པའི་ཕྱག་རྒྱ་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོའི་དགུག་པའི་ཕྱག་རྒྱ་དེ་ཉིད་དོ། །ཕྱག་རྒྱ་ཆེན་པོ་རྣམས་ཀྱང་དེ་བཞིན་ནོ། །དམ་ཚིག་ནི་འོག་ཏུ་རྡོ་རྗེ་བསྡམས་པའི་སོར་མོ་ཐམས་ཅད་འབར་བའི་ནང་དུ་མཐེ་བོང་རྡོ་རྗེ་ནི་རྡོ་རྗེ་ཁྲོ་བོ་ཏི་རིནྟི་རི་སྟེ་རྡོ་རྗེ་འཆང་ཆེན་པོ་སྒྲུབ་པར་བྱེད་པའོ། །གཞན་དག་ཀྱང་དེ་བཞིན་ནོ། །ཆོས་ཀྱི་རྣམས་ནི་དེ་བཞིན་ཏེ། ལས་ཀྱི་ཕྱག་རྒྱ་རྣམས་ནི་དེ་བཞིན་ནོ། །ཁུ་ཚུར་གྱི་ཁྱད་པར་རོ། །རྡོ་རྗེ་ཁུ་ཚུར་གྱིས་མཛུབ་མོ་སྡིགས་མཛུབ་བོ། །དམ་ཚིག་ལས་བྱུང་བ་ནི་དེ་བཞིན་ནོ། །དེ་ནས་ལས་ཀྱི་ཕྱག་རྒྱ་རྣམས་ནི་རྡོ་རྗེ་ཧཱུྃ་མཛད་ལས་བྱུང་བའོ། །ལག་པ་རྡོ་རྗེའི་མཐེའུ་ཆུང་གདུ་བུར་བཅིངས་པའི་སྡིགས་མཛུབ་ནི་རྡོ་རྗེ་ཧཱུྃ་མཛད་དེ་གཡོན་བརྐྱང་བས་གནས་པའོ། །གཡོན་པའི་མཛུབ་མོའི་རྡོ་རྗེ་སྡིགས་མཛུབ་བོ། །སྣའི་དབུགས་དང་ཡི་གེ་ཧཱུྃ་གིས་སོ། །ཁྲོས་པས་ཡི་གེ་ཨ་སྦྱར་བར་བྱའོ། །ཧ་ཧར་དགོད་པས་བཞད་པར་བྱའོ། །སྙིང་གར་རྡོ་རྗེ་བསྒོམས་པས་རྡོ་རྗེའི་ཕྱག་རྒྱ་ཆེན་པོའོ།། །།དེ་ནས་པདྨའི་རིགས་ཀྱི་ཕྱག་རྒྱའི་ཆོ་ག་རྒྱས་པའི་རྒྱུད་ནི། དེ་བཞིན་གཤེགས་པའི་རྡོ་རྗེའི་མཛུབ་མོ་གཉིས་བཀུག་ལ་དེའི་སྙིང་གར་གཞག་པ་ནི་རྡོ་རྗེ་པདྨའོ། །ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཕྱག་རྒྱ་ཐམས་ཅད་ནི་དེ་བཞིན་ནོ། །དམ་ཚིག་གི་ཁྱད་པར་དང་ཁུ་ཚུར་གྱི་ཁྱད་པར་རོ། །ཁ་འབུས་པའི་ཐལ་མོ་ལས་མཐེ་བོ་དང་མཐེའུ་ཆུང་ཁ་ཕྱེ་བས་འདབ་མ་བཞི་པའི་པདྨ་ཆེན་པོའོ། །ཐམས་ཅད་བཅིང་བ་ནི་ཅི་ལྟ་བ་བཞིན་ནོ། །ཁུ་ཚུར་གྱི་ཁྱད་པར་ནི། རྡོ་རྗེ་བསྡམས་པའི་མཛུབ་མོ་གཉིས་བཀུག་ལ་མཐེ་བོང་མཉམ་པར་བརྐྱང་ལ་དབུས་མ་གཉིས་ཕྱི་རོལ་དུ་གཤིབས་པ་དང་བཅས་པ་བཞག་པ་སྟེ་དེ་གཉིས་སུ་བྱས་པ་པདྨའི་ཁུ་ཚུར་རོ། །དེ་ནས་ལས་ཀྱི་ཕྱག་རྒྱ་རྣམས་ནི། །པདྨ་ཆེན་པོའི་བཤད་པའོ། །དེ་ཉིད་སྤྱི་བོ་ལའོ། །དེ་ཉིད་རྡོ་རྗེ་ལྟ་བས་བལྟ་བར་བྱའོ། །དེ་ཉིད་སོར་མོ་ཐམས་ཅད་ཁ་ཕྱེ་བས་སོ། །དེ་ཉིད་རྡོ་རྗེ་གཉིས་གཉིས་ཀྱི་མིག་གོ། །དེ་ཉིད་ལེགས་པར་བྱེད་པའོ། །དེ་ཉིད་དཔྲལ་བར་བྱས་ནས་གསོལ་བ་གདབ་པར་བྱའོ། །དེ་ཉིད་གཡོན་པའི་སྐྱེ་


DNG012_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སུ་མཐེ་བོའི་རྟགས་བཅུག་པའོ།། །།དེ་ནས་ནོར་བུའི་རིགས་ཀྱི་ཕྱག་རྒྱའི་རྒྱུད་ཀྱི་ཆོ་ག་རྒྱས་པ་ནི། རྡོ་རྗེ་ཐལ་མོ་རབ་ཏུ་བརྐྱང་ཞིང་མཐེ་བོང་མཉམ་པོ་ལ་མཛུབ་མོ་བཀུག་པ་བཞག་སྟེ་དཔྲལ་བའི་མཛོད་སྤུའི་ཕྱོགས་སུ་བཞག་ན་དབང་བསྐུར་བ་ཐམས་ཅད་གསོལ་བའོ། །ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཕྱག་རྒྱ་ཐམས་ཅད་བཅིང་བ་དེ་བཞིན་ནོ། །དམ་ཚིག་གི་རྡོ་རྗེ་བསྡམས་པའི་མཛུབ་མོ་གཉིས་ཕྱིར་བཀུག་པའི་སོར་མོ་མཉམ་པོར་ནོར་བུ་མཐེ་བོ་རྡོ་རྗེས་བཀག་པ་རྡོ་རྗེ་ནོར་བུའོ། །གཞན་རྣམས་ནི་དེ་ལས་བྱུང་བའི་རྡོ་རྗེ་རིན་པོ་ཆེའི་ཁུ་ཚུར་རོ། །དེ་གཉིས་སུ་བྱས་ནས་རིན་པོ་ཆེའི་ཁུ་ཚུར་རོ། །དེ་ནས་ལས་ཀྱི་ཕྱག་རྒྱ་རྣམས་ནི་རྡོ་རྗེ་རིན་པོ་ཆེ་བསྒྲེང་བ་བསྒྲུབ་པར་བྱ་བའི་མྱུ་གུའོ། །ཁ་སྦྱར་ནས་སྲིན་ལག་དང་མཐེའུ་ཆུང་མཉམ་པོ་ཁ་ཕྱེ་བས་མཆོག་གི་དར་དཔྱངས་འཛིན་པའོ། །དབུས་མའི་ནོར་བུའོ། །མཐེའུ་ཆུང་གི་རྩེ་མོའོ། །འོག་ཏུ་གཏོར་བའོ། །རྡོ་རྗེ་བསྡམས་པ་ལས་ནི་མཛུབ་མོའི་ནོར་བུ་བརྐྱང་བའི་ཕྲེང་བའོ། །རྡོ་རྗེ་རིན་པོ་ཆེ་གསུམ་མདུན་དང་ལོགས་གཉིས་སུ་བཅིང་བར་བྱའོ། །རྡོ་རྗེ་རིན་པོ་ཆེའི་མཛོད་སྤུའི་ཕྱོགས་སུ་བཞག་སྟེ། མཛུབ་མོའི་རྩེ་མོས་སྟེང་དུ་མདུད་པ་དར་དཔྱངས་ཀྱི་ཚུལ་དུ་བྱའོ། །མཐེ་བོ་གཉིས་བརྟན་པའི་སྐྱིལ་མོ་ཀྲུང་བྱས་ལ་མཛུབ་མོ་གཉིས་བཀུག་ནས་མཉམ་པའི་ཁ་འབུས་པའི་མཆོག་གི་ལུས་ཅན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་མཆོག་གོ། །དེས་སྤྱི་བོ་ནས་བརྩམས་ཏེ་མདུན་དང་གཡས་དང་གཡོན་དང་རྒྱབ་ཏུ་བྱ་བ་བྱས་ནས་དེ་བཞིན་དུ་མདུན་དང་རྒྱབ་དང་ལོགས་གཉིས་སུ་སྒེག་པ་དང་བཅས་པས་ཐ་མ་ལ་སོགས་པ་བཀྲོལ་བར་བྱས་ནས། ཕྲེང་བ་བཅིང་བའི་མདུད་པ་བྱ་ཞིང་དར་དཔྱངས་ཀྱི་ཚུལ་དུ་བྱ་སྟེ། རྡོ་རྗེ་སེམས་དཔའི་དབང་བསྐུར་བ་དང་སྲིད་པ་གསུམ་གྱི་དབང་ཕྱུག་ཐམས་ཅད་ཀྱི་མཆོག་རྡོ་རྗེ་སེམས་དཔའ་ཉིད་ཐོབ་པ་ཡིན་ནོ། །རྡོ་རྗེ་ཐམས་ཅད་ཀྱི་རྟོག་པ་ཐམས་ཅད་ནི་གོང་དུ་ཅི་ལྟ་བ་བཞིན་ནོ། །དེ་ནས་ཕྱིའི་ཕྱག་རྒྱ་ཤེས་པར་བྱ་བ་ནི་འདི་ཡིན་ཏེ། ཕྱག་རྒྱ་ཆེན་པོ་ནི་གཡོན་པར་ཁམ་ཕོར་དང་གཡས་སུ་མདའ་བསྟོད་པའི་ཕྱག་རྒྱའོ། །


DNG012_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་གི་འཇུག་པ་ནི་མཛུབ་མོ་དང་གུང་མོ་དང་སྲིན་ལག་མཉམ་པོར་ལེགས་པར་སྦྱར་ལ་རྩེ་གསུམ་པར་བྱས་ལ་མཐེ་བོང་དང་མཐེའུ་ཆུང་གཉིས་ལུ་གུ་རྒྱུད་ནི་མགོན་པོ་རྣམས་ཀྱིའོ། །ཅི་ནས་ལྟར་བཟུང་བ་བཞིན་དུ་ལྷ་མོ་རྣམས་ཀྱི་ཕྱག་རྒྱའོ། །དམ་ཚིག་ནི་གུང་མོ་དང་སྲིན་ལག་རྡོ་རྗེ་བསྡམས་པས་མཛུབ་མོ་དང་གུང་མོ་དང་མཐེའུ་ཆུང་དང་སྲིན་ལག་མཐེ་བོའི་སོར་མོའི་རྩ་བར་བསྡུས་པ་ནི་སྲིང་མོ་བཞིའི་དཀྱིལ་འཁོར་གྱི་ཕྱག་རྒྱའོ། །གལ་ཏེ་དཀྱིལ་འཁོར་བརྟག་པར་མི་ནུས་ན་དེའི་ཚེ་འདི་བཅིངས་པས་དཀྱིལ་འཁོར་ཤིན་ཏུ་བརྟག་པར་འགྱུར་ཏེ། དངོས་གྲུབ་ཀྱང་ཤིན་ཏུ་གསོལ་བ་ཡིན་ནོ། །ལྷ་མོ་རྣམས་འདི་ཉིད་ཀྱིས་སྤྱན་དྲང་བ་དང་འཇུག་པར་བྱའོ།། །།དེ་ནས་སྒྱུ་མའི་འཁོར་ལོ་ནི་གཡོན་པའི་སྟེང་དུ་སོར་མོ་ཐམས་ཅད་ཤིན་ཏུ་བརྐྱང་། དམ་ཚིག་དཀྱིལ་འཁོར་གྱི་འཁོར་ལོ་སྟེ་ལྷ་མ་ཡིན་ཐམས་ཅད་ཀྱི་སྒྱུ་མ་ཐམས་ཅད་དོན་ཡོད་པར་བསྒྲུབ་པའོ། །གདེངས་ཀ་ཅན་གྱི་དབང་པོའི་མཐེ་བོ་གཉིས་པས་རྩེ་མོ་ཕྱི་རོལ་དུ་ཕྱོགས་པའི་སོར་མོ་བརྒྱད་ཀྱིས་གདེངས་ཀའི་ཚོགས་ཀྱིས་ཀླུ་ཐམས་ཅད་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱ་བའི་དམ་ཚིག་སྟེ་ལྟོ་འཕྱེ་ཆེན་པོའི་ལག་པའོ། །གལ་ཏེ་འདའ་བར་བྱེད་ན་འཆི་བར་འགྱུར་རོ། །གུང་མོ་དང་སྲིན་ལག་བཞི་པོས་མདུད་པ་བྱས་ལ་མགུ་བའི་ཚུལ་གྱིས་སྟེང་དུ་སྒྲེང་སྟེ་བསྡུས་ནས་མཐེའུ་ཆུང་གཉིས་ཀྱིས་རྩེ་མོས་བརྡེག་པར་བྱས་ན་དུག་ཐམས་ཅད་འབར་བ་དང་། དུག་ཐམས་ཅད་བཅིང་བ་དང་ཀུན་ལས་བསྡུས་ཏེ་བརྡེག་པས་དུག་ཐམས་ཅད་འཇིག་པའོ། །འདི་ཉིད་ཀྱི་དུག་ཐམས་ཅད་ཟ་བ་དང་འཕོ་བ་དུག་མེད་པར་བྱའོ། །ཕྱི་རོལ་གྱི་ཕྱག་རྒྱའི་ཆོ་ག་རྒྱས་པའི་རྒྱུད་དོ།། །།དེ་ནས་རྟོག་པ་ཐམས་ཅད་བསྒྲུབ་པའི་ཕྱག་རྒྱའི་རྒྱུད་ཀྱི་ཆོ་ག་རྒྱས་པ་བཤད་པར་བྱའོ་ཞེས་བཅོམ་ལྡན་འདས་བདེ་བ་ཆེན་པོའི་རྡོ་རྗེ་གསང་བ་དམ་ཚིག་ཆེན་པོ་རྡོ་རྗེ་སེམས་དཔས་གསུངས་སོ། །དེ་ལ་སྐུའི་ཕྱག་རྒྱ་ལྔ་ནི། ཕྱག་རྒྱ་ཆེན་པོ་རྡོ་རྗེ་འཆང་ཆེན་པོའི་རིགས་ལའོ། །དམ་ཚིག་གི་ཕྱག་རྒྱ་དེ་བཞིན་གཤེགས་པའི་རིགས་ལའོ། །རྡོ་རྗེ་ཧཱུྃ་མཛད་ནི་རྡོ་རྗེའི་རིགས་ལའོ། །པདྨ་ཆེན་པོ་ནི་པདྨའི་རིགས་ལའོ། །རྡོ་རྗེ་ནོར་བུ་ཆེན་པོ་


DNG012_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ནོར་བུའི་རིགས་ལའོ། །དེ་ནས་གསུང་གི་ཕྱག་རྒྱ་ལྔ་ནི། སྙན་པའི་གླུའི་ཡུལ་ཐམས་ཅད་ཀྱི་ཚུལ་རྣམས་ནུས་པ་ཅི་ལྟ་བུའི་གླུའི་རྒྱུན་ཐམས་ཅད་ཀྱིས་གླུ་བླངས་ཏེ་བཟླས་པ་ནི་རྡོ་རྗེ་སེམས་དཔའི་རིགས་ལ་རབ་ཏུ་དགའ་བའི་རྡོ་རྗེའི་ངག་གོ། །ལྕེ་དང་མཆུ་གཉིས་ཤིན་ཏུ་གཡོ་བ་མེད་ཅིང་ངོས་ཤིན་ཏུ་མ་འབྱར་བ་དབྱངས་དང་བྲལ་བའི་རྡོ་རྗེའི་ངག་དེ་ནི་དེ་བཞིན་གཤེགས་པའི་རིགས་ལ་སྟེ། རིགས་ཐམས་ཅད་དགོས་པའོ། །སྤྲིན་གྱི་འབྲུག་སྒྲ་ཡི་གེ་ཧཱུྃ་གི་སྒྲ་ཕྲ་མོ་དང་ལྡན་པ་ནི་རྡོ་རྗེ་ཁྲོ་བོའི་རྡོ་རྗེ་ཞེས་བྱ་བའི་ངག་རྡོ་རྗེའི་རིགས་སོ། །ཏིང་ངེ་འཛིན་གྱི་ངག་པདྨའི་རིགས་ལ་སྟེ་ཐམས་ཅད་དག་པའི་པདྨ་ཞེས་བྱ་བའོ། །ཆོས་ཀྱི་ངག་ནོར་བུའི་རིགས་ལ་སྟེ་མཆོད་པའི་ནོར་བུའོ། །དེ་ནས་ཐུགས་ཀྱི་ཕྱག་རྒྱ་ལྔ་སྟེ། ཐམས་ཅད་བསྒྲུབ་པར་བྱ་བ་ལ་ནི་རྡོ་རྗེ་སེམས་དཔའི་དངོས་པོས་སོ། །སངས་རྒྱས་རྗེས་སུ་དྲན་པས་དེ་བཞིན་གཤེགས་པའི་རིགས་ལའོ། །བདག་གམ་བདག་གི་མདུན་དུ་གསད་པར་བྱའོ་ཞེས་བྱ་བ་ནི་རྡོ་རྗེ་རིགས་ལའོ། །སྦྱང་བར་བྱའོ་ཞེས་བྱ་བ་ནི་པདྨའི་རིགས་ལའོ། །ནམ་མཁའ་ཐམས་ཅད་བསྒོམས་པས་ནོར་བུའི་རིགས་ལའོ།། །།དེ་ནས་རྡོ་རྗེའི་ཕྱག་རྒྱ་ལྔ་ནི། རྡོ་རྗེ་རྩེ་མོ་ལྔ་འོད་ཟེར་གྱི་ཕྲེང་བས་རྩེ་མོ་ཡོངས་སུ་ཁྱབ་པ་དང་བདེ་བ་ཆེན་པོའི་རྡོ་རྗེ་ཁུ་ཚུར་གྱིས་རྡོ་རྗེ་སེམས་དཔའི་རིགས་ལའོ། །རྡོ་རྗེ་རྩེ་ལྔ་པ་འོད་ཟེར་དང་བཅས་པ་དེ་བཞིན་གཤེགས་པའི་ཁུ་ཚུར་གྱིས་དེ་བཞིན་གཤེགས་པའི་རིགས་ལའོ། །འབར་བའི་རང་བཞིན་རྡོ་རྗེ་རྩེ་བཞི་པ་རྡོ་རྗེ་ཁྲོ་བོའི་ཁུ་ཚུར་གྱིས་རྡོ་རྗེའི་རིགས་ལའོ། །པདྨའི་སྟེང་གི་དེ་བཞིན་གཤེགས་པའི་རྡོ་རྗེ་པདྨའི་ཁུ་ཚུར་གྱིས་པདྨའི་རིགས་ལའོ། །རྡོ་རྗེ་ཕྱེད་པ་རྡོ་རྗེ་རིན་པོ་ཆེ་ནོར་བུའི་ཁུ་ཚུར་གྱིས་ནོར་བུའི་རིགས་ལའོ།། །།དེ་ནས་རིགས་ཐམས་ཅད་རྟོགས་པའི་གསང་བ་ཐོགས་པ་མེད་ཅིང་གདོན་མི་ཟ་བའི་དེ་ཁོ་ན་ཉིད་ཀྱི་བདེན་པ་མྱུར་དུ་མཆོག་གི་དངོས་གྲུབ་ཀྱི་ཆོ་ག་རྒྱས་པ་བསྒྲུབ་པ་ཐམས་ཅད་ཀྱི་རྒྱུད་བཤད་པར་བྱའོ་ཞེས་བཅོམ་ལྡན་འདས་དོན་ཡོད་ཅིང་ཐོགས་པ་མེད་པ་མྱུར་བའི་མཆོག་གི་དངོས་གྲུབ་ཅན་རྡོ་རྗེ་སེམས་དཔས་གསུངས་སོ། །རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་


DNG012_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

ནི་བདེ་བ་ཆེན་པོའི་རྡོ་རྗེ་གསང་བའི་དམ་ཚིག་གོ། །གསུང་གི་ཕྱག་རྒྱ་ནི་སྙིང་པོའོ། །ཐུགས་ཀྱི་ཕྱག་རྒྱ་ནི་ཉེ་བའི་སྙིང་པོའོ། །རྡོ་རྗེའི་ཕྱག་རྒྱ་ནི་རྡོ་རྗེ་སྙེམས་མའི་འོ།། །།དེ་ནས་ཕྲ་མོའི་ལས་ཀྱི་ཕྱག་རྒྱའི་རྒྱུད་དོན་ཡོད་ཅིང་ཐོགས་པ་མེད་པ་འདི་ཡིན་ཏེ། མ་མཆུའི་སྒྲོས་སོ་རྣམས་ཀྱིས་བཟུང་ནས་རྡོ་རྗེའི་ལྟ་བས་བལྟ་ཞིང་ཐམས་ཅད་རྗེས་སུ་ཆགས་པ་དང་། དབང་དུ་བྱེད་པ་དང་། རོལ་པ་དང་།བརྟན་པར་བྱེད་པའི་དངོས་གྲུབ་སྐད་ཅིག་གིས་སོ་སོར་ཉམས་སུ་མྱོང་བ་ནི་རྡོ་རྗེ་སེམས་དཔའི་རིགས་ལའོ། །རྡོ་རྗེ་ཕྲ་མོས་བྱིན་གྱིས་བརླབས་ཏེ། དམ་ཚིག་ཙམ་དུ་ལྟ་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་དང་རྣམ་པར་གྲོལ་བ་དང་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་དངོས་གྲུབ་ཐོབ་པར་འགྱུར་བ་ནི་དེ་བཞིན་གཤེགས་པའི་རིགས་ལས་བྱུང་ངོ་། །ཁྲོ་གཉེར་དང་བཅས་པའི་ཁྲོ་བོས་མི་བཟད་པའི་ལྟ་བ་བྱས་ནས་ཤིན་ཏུ་མ་འགལ་བསྡམས་ནས་ཐམས་ཅད་ལྟུང་བ་དང་། དབབ་པ་དང་། རེངས་པ་དང་།ཉལ་དུ་བཅུག་པ་དང་། རྒྱས་བཏབ་པ་དང་། གསོད་པ་དང་། གཞན་གྱི་དཔུང་རྨུགས་པ་དང་། ཐམས་ཅད་ལས་རྣམ་པར་རྒྱལ་བའི་དངོས་གྲུབ་སྐད་ཅིག་མས་འབྱུང་བར་འགྱུར་བ་ནི་ཁྲོ་བོའི་རྡོ་རྗེ་ཁུ་ཚུར་རིགས་ལའོ། །བཙུམས་པ་མེད་པས་བརྟན་པའི་རྡོ་རྗེའི་ལྟ་བས་མཆུ་མཉམ་པ་ནི་སྒྲིབ་པ་ཐམས་ཅད་རྣམ་པར་སྦྱང་བ་དང་བསྲུང་བ་དང་། ཏིང་ངེ་འཛིན་མངོན་དུ་གྱུར་པའི་དངོས་གྲུབ་འབྱུང་བ་ནི་པདྨའི་རིགས་ལའོ། །འབར་བའི་ལྟ་བས་ཞལ་རྣམ་པར་བཞད་པས་དབང་བསྐུར་བ་ཐམས་ཅད་དང་ཕུན་སུམ་ཚོགས་པ་ཐམས་ཅད་དང་མཆོད་པའི་ཆོ་ག་རྒྱས་པའི་དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར་རོ།། །། དེ་ནས་ཕྱག་རྒྱ་ཐམས་ཅད་བཅིང་བ་སྒྲུབ་པ་ནི། ཉིན་རེ་མངོན་དུ་ལན་ཅིག་ཏུ། །སྙིང་པོ་རང་ཉིད་བསྒྲུབ་པ་སྟེ། །རང་གིས་བཅིངས་ནས་མདོར་བསྡུས་པས། །ཕྱག་རྒྱ་ཐམས་ཅད་གྲུབ་པར་འགྱུར། །དེ་ནས་ཕྱག་རྒྱ་ཐམས་ཅད་ཀྱི་གསང་བ་སྒྲུབ་པ་ནི། །སྙིང་པོའི་ཕྱག་རྒྱ་སྔགས་རིག་པའི། །སྒྲུབ་པ་འདི་ནི་རྨད་དུ་བྱུང་། །ཅི་ནུས་ཅི་འདོད་བཟླས་པ་ཡིས། །


DNG012_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ་བའི་སྙིང་པོ་གསང་བའོ། །དོན་ཡོད་ཐོགས་མེད་གསང་བ་དང་། །རང་བཞིན་གྲུབ་པ་དེ་བཞིན་དུ། །བསོད་ནམས་མེད་པ་རྣམས་ལ་ཡང་། །དངོས་གྲུབ་ཀུན་ལ་གྲུབ་པར་འགྱུར། །དཀྱིལ་འཁོར་མ་ཞུགས་པ་རྣམས་ལ། །སྙིང་པོ་མཆོག་འདི་སྦྱིན་མི་བྱ། །གསང་བའམ་གསང་རྒྱུད་དམ་པ་ནི། །གལ་ཏེ་དངོས་གྲུབ་ཡིད་འོང་འདོད། །གང་གི་ཁྱིམ་དུ་གནས་གྱུར་པའི། །ཕྱག་རྒྱ་སྔགས་འདི་དགེ་བ་སྟེ། །གཞན་གྱིས་མི་ཐུབ་མི་སོད་ཅིང་། །དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར། །དུམ་བུ་གཉིས་པ་སྔགས་དུམ་གྱི་རྩ་རྒྱུད་རྫོགས་སོ།། །།སེམས་ཅན་ཐམས་ཅད་བདེ་དོན་དང་། །བསྒྲུབ་པ་ཐམས་ཅད་སྒྲུབ་པའི་ཕྱིར། །སྲས་བཅས་སངས་རྒྱས་ཐམས་ཅད་ཀྱིས། །རྡོ་རྗེ་མཆོག་འཛིན་དེ་ལ་ཞུས། །བདེ་བ་ཆེན་པོ་རབ་སྒྲུབ་དང་། །ཆགས་པ་ཆེན་པོ་རྣམ་དག་ཕྱིར། །རྟོགས་པ་ཐམས་ཅད་བསྡུས་པའི་རྒྱུད། །སེམས་དཔའ་ཆེན་པོ་བཤད་དུ་གསོལ། །རྣམ་རྟོག་མེད་པའི་ཆོས་རྣམས་ལ། །འདིར་ནི་རྟོག་པར་གང་ཞིག་བརྗོད། །སྙིང་པོ་ཞེས་ནི་གང་བཤད་པའི། །ཡེ་ཤེས་རྒྱུད་ནི་ཇི་ལྟར་ཡིན། །དཀྱིལ་འཁོར་ཞེས་ནི་བརྗོད་པ་ཅི། །དེར་འཇུག་ཡོན་ཏན་ཅི་དང་ལྡན། །རིགས་ཀྱི་འཁོར་ལོའི་ཁྱད་པར་དང་། །གཞན་ཡང་སྒྲུབ་པ་ཇི་ལྟ་བུ། །རྡོ་རྗེ་སེམས་དཔའ་སེམས་དཔའ་ཉིད། །འདི་ཡང་ཅི་ལྟར་དེ་ཉིད་གང་། །ཐོག་མ་ཐ་མ་མེད་ཉིད་དང་། །རབ་ཏུ་དགའ་བ་ཇི་ལྟར་འགྱུར། །དང་པོའི་སྙིང་པོ་འདི་ཡི་ཡིན། །དེ་བཞིན་ཉིད་ནི་གང་ཞིག་ཡིན། །ཧཱུྃ་གི་གླུ་ནི་གང་གིས་གསུངས། །འདི་ཡི་དོན་ནི་ཇི་ལྟར་བརྗོད། །སེམས་ནི་རྡོ་རྗེ་ཉིད་དང་ནི། །དེ་བཞིན་ཕྱག་རྒྱ་རྡོ་རྗེ་ཉིད། །སངས་རྒྱས་རྣམས་ནི་འབྱུང་བ་དང་། །རིགས་རྣམས་ཀྱང་ནི་དེ་བཞིན་དུ། །སངས་རྒྱས་བྱང་ཆུབ་བསྒྲུབ་པ་དང་། །སངས་རྒྱས་བདུད་དུ་ཇི་ལྟར་འགྱུར། །རྟོག་པ་རྣམས་ཀྱང་བསྒྲུབ་པ་དང་། །དང་པོའི་སྙིང་པོའི་དེ་ཉིད་དང་། །སྙིང་པོ་ཕྱག་རྒྱ་སྔགས་རིག་པའི། །སྒྲུབ་པ་དེ་བཞིན་དངོས་གྲུབ་རྣམས། །བསོད་ནམས་མེད་པས་


DNG012_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་ལྟར་འགྲུབ། །སློབ་དཔོན་ཉིད་དུ་ཇི་ལྟར་འགྱུར། །མེ་ཏོག་སྤོས་དང་མར་མེ་དང་། །དྲི་རྣམས་ཅི་ཡིན་ཇི་ལྟར་འགྱུར། །མཆོད་པ་ཡང་ནི་ཇི་ལྟར་བྱ། །གསང་བའི་མཆོད་པ་ཇི་ལྟར་ཡིན། །ཀུན་བྱེད་ཀུན་ཟ་སྡིག་པ་ཅན། །ཤིན་ཏུ་སྡིག་ཅན་ཇི་ལྟར་གྲུབ། །དོན་ཡོད་ཐོག་མེད་དངོས་གྲུབ་ཀྱིས། །དེ་རྣམས་ཇི་ལྟར་གྲུབ་པར་འགྱུར། །གསང་བ་དེ་ཡང་གང་ཞིག་ཡིན། །འདི་ཉིད་དུ་ནི་གང་གིས་འགྲུབ། །བདེ་བ་ཆེན་པོ་རབ་གྲུབ་དང་། །ཆགས་པ་ཆེན་པོ་རྣམ་དག་ཕྱིར། །གསང་བའི་དེ་ཉིད་གསང་བ་ནི། །བདག་ཅག་རྣམས་ལ་ཀུན་བཤད་གསོལ།། །།དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་བཏབ་པའི་ཚིག་གསན་ནས། ཞལ་རབ་ཏུ་བཞད་དེ་བཞད་པ་ཆེན་པོས་དམ་ཚིག་ཆེན་པོ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཀྱི་རྡོ་རྗེ་ཞེས་བྱ་བའི་རྣམ་པར་གནོན་པ་མཛད་ནས་རྟོག་པ་ཐམས་ཅད་ཀྱི་རྒྱུད་ཕྱི་མ་འདི་གསུངས་སོ། །དེ་ལ་རྣམ་པར་མི་རྟོག་པ་ཁྱབ་པའི་རྒྱུད་ནི། རྣམ་རྟོག་མེད་པའི་ཏིང་འཛིན་ལས། །སེམས་ཅན་དོན་ནི་ཡོངས་སུ་བརྟག །དེས་ན་བརྟག་པར་བཤད་པ་སྟེ། །རྟོག་པ་ཡོངས་སུ་དག་ཕྱིར་རོ། །དེ་ལ་བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་དཀྱིལ་འཁོར་རྒྱུད་ནི་འདི་ཡིན་ཏེ། ས་ལ་ཡི་གེའི་གནས་བྲིས་ནས། །བདེ་བ་ཆེན་པོ་ཞེས་བརྗོད་པ། །དེ་ཡི་དམ་ཚིག་རྡོ་རྗེ་སྟེ། །སྙིང་པོ་ཐམས་ཅད་སྒྲུབ་བྱེད་པའོ། །དེ་ལ་དཀྱིལ་འཁོར་གྱི་བཤད་པའི་རྒྱུད་ནི། ཅི་ལྟར་གནས་དང་ཅི་ལྟར་དུས། །ཅི་ལྟར་འཇིག་རྟེན་ཅི་ལྟ་བུ། །འཁོར་ནི་དགོད་པར་བྱ་བ་སྟེ། །དེ་ལྟ་བུ་ཡི་དཀྱིལ་འཁོར་འདྲི། །དེ་ནས་དཀྱིལ་འཁོར་ཐམས་ཅད་དུ་ཞུགས་པའི་རྣམ་པར་སྨིན་པའི་རྒྱུད་ནི། རྡོ་རྗེ་སེམས་སོགས་སེམས་དཔའ་ཡི། །འཁོར་བཅས་དེ་ཚེ་དཀྱིལ་འཁོར་དུ། །ཞུགས་པའི་བསོད་ནམས་ཅི་འདྲ་བ། །དེ་ལྟར་བྲིས་པའང་དེ་དང་འདྲ། །དེ་ནས་རིགས་ཐམས་ཅད་ཀྱི་འཁོར་ལོའི་ཁྱད་པར་གྱི་རྒྱུད་ནི། རྡོ་རྗེ་འཁོར་ལོ་བསྟན་པ་བཞིན། །ལྕགས་ཀྱི་འཁོར་ལོ་དམ་པ་སྟེ། །འབར་བའི་འཁོར་ལོ་དེ་བཞིན་དུ། །པདྨ་འདབ་བརྒྱད་ནོར་བུ་ཆེ། །དེ་ནས་དཀྱིལ་འཁོར་


DNG012_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་སྒྲུབ་པའི་རྒྱུད་ནི། དཀྱིལ་འཁོར་བརྟག་པ་བྱས་ནས་ནི། །ནང་གི་རིམ་པར་ཞུགས་བྱ་སྟེ། །དཀྱིལ་འཁོར་དག་ལ་ཛཿཧཱུྃ་བྃ། །ཧོཿཔྲ་སིད་དྷྱ་མཾ་བརྗོད་བྱ། །དེ་ནས་རྡོ་རྗེ་སེམས་དཔའ་ཉིད་རྒྱུད་ནི། སངས་རྒྱས་ལ་སོགས་འགྲོ་ཀུན་གྱི། །ཐམས་ཅད་བདག་ཉིད་བཅོམ་ལྡན་མཆོག །སེམས་ཅན་འབྱུང་ཕྱིར་སེམས་དཔའ་སྟེ། །རྡོ་རྗེ་སེམས་དཔའ་རབ་ཏུ་གྲགས། །དེ་ནས་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་བཤད་པའི་རྒྱུད་ནི། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །འཁོར་བ་མྱ་ངན་འདས་དེ་བཞིན། །དེ་ནས་ཐོག་མ་དང་ཐ་མ་མེད་པའི་དེ་ཁོ་ན་ཉིད་བཤད་པའི་རྒྱུད་ནི། ཐོག་མཐའ་མེད་པ་ཐམས་ཅད་ནི། །ནམ་མཁའ་འབྱུང་བ་ཆེན་པོའི་གནས། །ནམ་མཁའ་སྐྱེ་བ་སྐྱེ་མེད་ཕྱིར། །རྡོ་རྗེ་སེམས་དཔའ་དེ་བཞིན་ནོ། །དེ་ནས་བཅོམ་ལྡན་འདས་རབ་ཏུ་དགའ་བའི་བཤད་པའི་རྒྱུད་ནི། རབ་ཏུ་དགའ་ཕྱིར་ཉོན་མོངས་ཏེ། །འགྲོ་བ་ཐམས་ཅད་བདེ་འདོད་པ། །དེ་ལ་བདེ་བ་རྣམ་དག་ཕྱིར། །སྲིད་གསུམ་སྔ་རོལ་བཅོམ་ལྡན་བྱུང་། །དེ་ནས་དང་པོའི་སྙིང་པོའི་དེ་ཁོ་ན་ཉིད་བཤད་པའི་རྒྱུད་ནི། ཆགས་པ་ཀུན་ལ་ཆགས་པ་ཆེ། །འདོད་ལྡན་ཐམས་ཅད་སད་པར་བྱེད། །ཆགས་པ་འབར་བ་དྲི་ཟ་ཡི། །སྙིང་པོ་ཕྱག་ན་རྡོ་རྗེའོ། །དེ་ནས་ཡི་གེ་ཧཱུྃ་གི་གླུ་བླང་བའི་རྒྱུད་ནི། གླུ་ལས་ཆགས་པ་དགའ་ལས་འདོད། །རབ་ཏུ་དགའ་ལས་ཐམས་ཅད་འབྱུང་། །ཐམས་ཅད་འབྱུང་བར་གྲུབ་པའི་ཕྱིར། །བསྐལ་པ་དང་པོར་བཅོམ་ལྡན་གསུངས། །དེ་ནས་ཡི་གེ་ཧཱུྃ་གི་བཟླས་པའི་དོན་གྱི་བཤད་པའི་རྒྱུད་ནི། མྱུར་དུ་ཐམས་ཅད་རྗེས་ཆགས་པས། །དངོས་གྲུབ་ཐམས་ཅད་རྗེས་སུ་ཆགས། །རྗེས་སུ་ཆགས་པར་བྱེད་མཆོག་ནི། །སྙིང་པོའི་བཟླས་པའི་དོན་ཡིན་ན། །དེ་ནས་རྡོ་རྗེ་སེམས་རྒྱུད་ནི། །གླུ་རྣམས་ཅི་ལྟར་ཁྲོ་བོ་ནི། །བསྡུས་ནས་ཀུན་དུ་འཇུག་པ་ན། །རྡོ་རྗེ་ཐོག་ནི་བརྟན་གྱུར་པ། །དེ་བཞིན་རྡོ་རྗེ་བསྡུས་པའོ། །དེ་ནས་རྡོ་རྗེ་སེམས་དཔའ་འབྱུང་བ་ཤེས་པའི་རྒྱུད་ནི། ཐམས་ཅད་བདག་ཉིད་སེམས་དཔའ་ནི། །བདག་གི་བདག་ཉིད་ལ་ཡང་


DNG012_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

གནས། །རྡོ་རྗེ་སེམས་དཔའ་དངོས་སུ་ནི། །མྱུར་དུ་ཐམས་ཅད་ལ་ཡང་ཞུགས། །དེ་ནས་དེ་བཞིན་གཤེགས་པ་འབྱུང་བ་ཤེས་པའི་རྒྱུད་ནི། འདོད་ལས་ཆགས་པ་དགའ་ལས་བདེ། །བདེ་ལས་སྡིག་པ་སྡིག་ལས་སྡུག །སྡུག་ལས་ཏིང་འཛིན་ཤིན་ཏུ་བརྟན། །རྡོ་རྗེ་ཉིད་ལས་སངས་རྒྱས་འབྱུང་། །དེ་ནས་དེ་བཞིན་གཤེགས་པའི་རིགས་ལ་སོགས་པ་འབྱུང་བ་ཤེས་པའི་རྒྱུད་ནི། དེ་བཞིན་གཤེགས་པའི་རིགས་དེ་ཉིད། །དེ་ཉིད་རྡོ་རྗེ་རིགས་ཆེན་པོ། །དེ་ཉིད་པདྨའི་རིགས་དག་པ། །དེ་ཉིད་ནོར་བུའི་རིགས་མཆོག་བཤད། །དེ་ནས་མངོན་པར་བྱང་ཆུབ་པ་ཤེས་པའི་རྒྱུད་ནི། རང་སེམས་སོ་སོར་རྟོགས་པ་ནི། །བྱང་ཆུབ་སེམས་ནི་ཡང་དག་འབྱུང་། །རྡོ་རྗེ་ཉིད་ཕྱིར་སངས་རྒྱས་ཉིད། །བདག་ཉིད་སངས་རྒྱས་རབ་ཏུ་བསྒོམ། །དེ་བཞིན་གཤེགས་པ་བདུད་ཉིད་དུ་ཤེས་པའི་རྒྱུད་ནི། རང་སེམས་ཉིད་ནི་བདུད་ཉིད་དེ། །སེམས་ཉིད་དེ་བཞིན་གཤེགས་པ་ཡིན། །རང་གི་སེམས་ནི་འདུལ་བའི་ཕྱིར། །སངས་རྒྱས་བདུད་ཉིད་དུ་ནི་འབྱུང་། །དེ་ནས་རྟོག་པ་ཐམས་ཅད་སྒྲུབ་པ་ཤེས་པའི་རྒྱུད་ནི། རྟོག་པ་ཀུན་ལ་གྲུབ་བྱ་གང་། །རྒྱུ་བ་དང་ནི་མི་རྒྱུ་ཡིན། །རང་གི་ལྷ་ཡི་རྣལ་འབྱོར་གྱིས། །དེ་དག་ཐམས་ཅད་བསྒྲུབ་པར་བྱ། །དེ་ནས་དང་པོའི་སྙིང་པོ་སྒྲུབ་པ་ཤེས་པའི་རྒྱུད་ནི། བཟླས་པའི་དོན་ཤེས་ནུས་པ་ཡིས། །རྡོ་རྗེ་སེམས་དཔའ་རབ་བསྒྲུབ་སྟེ། །ཅི་སྲིད་འདོད་པའི་བཟླས་པ་མཆོག །དངོས་གྲུབ་ཆེན་པོའི་བདེ་བ་སྟེར། །དེ་ནས་སྙིང་པོ་དང་། ཕྱག་རྒྱ་དང་སྔགས་དང་། རིག་པ་ཤེས་པ་སྒྲུབ་པའི་རྒྱུད་ནི། སེམས་དཔའ་གང་གི་སྙིང་པོ་དང་། །ཕྱག་རྒྱ་སྔགས་དང་རིག་པ་དང་། །བཟླས་པའི་དོན་དུ་སེམས་དཔའ་ཆེ། །བདག་ཉིད་དམ་ནི་བསྒྲུབ་བྱ་བ། །དེ་ནས་དངོས་གྲུབ་ཤེས་པའི་རྒྱུད་ནི། རྡོ་རྗེ་སེམས་དཔའི་དངོས་གྲུབ་ཆེ། །དེ་བཞིན་དེ་བཞིན་གཤེགས་ཀུན་གྱི། །རྡོ་རྗེ་སེམས་དཔའ་སེམས་དཔའ་ཉིད། །ལས་ཀུན་མཆོག་གི་དངོས་གྲུབ་ཕྱིར། །དེ་ནས་བསོད་ནམས་མེད་པ་རྣམས་ཀྱི་དངོས་གྲུབ་གྲུབ་པ་ཤེས་པའི་རྒྱུད་ནི། ཅི་འདོད་འཁོར་ལོ་བྲིས་ནས་ནི། །ཅི་ཡང་རུང་བའང་ཐལ་


DNG012_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

བས་ཀྱང་། །སེམས་དཔའ་ཆེན་པོ་བཞག་ནས་ནི། །ཉིན་ཞག་བཞིར་ནི་བསྒྲུབ་པར་བྱ། །དེ་ནས་སློབ་དཔོན་ཉིད་ཀྱི་གྲུབ་པ་ཤེས་པའི་རྒྱུད་ནི། བདེ་བ་ཆེན་པོ་རྡོ་རྗེ་ཡི། །གསང་མཆོག་དམ་ཚིག་གྲོང་ཁྱེར་དུ། །ཅི་བཞིན་རང་ཉིད་རབ་ཞུགས་ཏེ། །བདུད་རྩིའི་ཆུ་ཡིས་དབང་བསྐུར་བྱ། །དེ་ནས་མེ་ཏོག་ལ་སོགས་པའི་མཆོད་པ་འབུལ་བའི་ཤེས་པའི་རྒྱུད་ནི། རྡོ་རྗེ་ཅན་ལ་མཆོད་པ་ཀུན། །དེ་བཞིན་གཤེགས་པའི་རིགས་ལ་དཀར། །རྡོ་རྗེ་བདག་ཉིད་ནག་པོ་སྟེ། །དམར་པོ་པདྨ་ནོར་བུ་སེར། །དེ་ནས་དབུལ་བ་ཤེས་པའི་རྒྱུད་ནི། རྫོགས་པ་འམ་ནི་མ་ཚང་བ། །ཡང་ན་ཇི་ལྟར་རྙེད་པ་ནི། །རྡོ་རྗེ་གར་སོགས་མཆོད་པ་ཡིས། །རྟག་ཏུ་ཐམས་ཅད་འགྲུབ་པར་འགྱུར། །དེ་ནས་དུས་ཀྱི་མཆོད་པ་ཤེས་པའི་རྒྱུད་ནི། དྲུག་ལྡན་ལ་སོགས་སྙན་པའི་གླུ། །གླུ་ནི་ཐམས་ཅད་ཅི་འདོད་པས། །རྡོ་རྗེ་འབྱེད་མ་ལ་སོགས་འགྲོལ། །མཆོད་པ་དག་ནི་རབ་ཏུ་བྱ། །དེ་ནས་གསང་བའི་མཆོད་པ་ཤེས་པའི་རྒྱུད་ནི། རྡོ་རྗེ་གར་བཅས་མཆོད་པ་ནི། །གོ་རིམས་ཇི་ལྟ་བ་བཞིན་དུ། །བཟླས་པའི་དོན་གྱིས་མ་བརྗོད་ཀྱང་། །མཆོག་གི་གྲུབ་པ་འགྲུབ་པར་འགྱུར། །དེ་ནས་སྡིག་པ་ཆེན་པོ་བྱེད་པའང་གྲུབ་པ་ཤེས་པའི་རྒྱུད་ནི། དཀྱིལ་འཁོར་ལ་ནི་མ་ཞུགས་ཀྱང་། །ཚུལ་ཁྲིམས་འཆལ་པ་ལ་སོགས་ཀྱི། །ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ནི། །སྡིག་པ་ཀུན་ལས་གྲོལ་བར་འགྱུར། །དེ་ནས་དངོས་གྲུབ་མི་ཐོབ་པའི་རྒྱུ་ཤེས་པའི་རྒྱུད་ནི། ཆགས་པ་སྨད་པར་མི་བྱ་སྟེ། །རྣམ་དག་དེ་བཞིན་བདེ་བ་སྟེ། །བཅོམ་ལྡན་འདས་ཀྱང་ཆགས་པ་ཆེ། །འདི་མ་དག་པས་འགྲུབ་མི་འགྱུར། །དེ་ནས་མཆོག་གི་དངོས་གྲུབ་སྒྲུབ་པ་ཤེས་པའི་རྒྱུད་ནི། ཇི་བཞིན་ཡུལ་དང་ལྡན་གྱུར་ནས། །མཆོག་གི་དངོས་གྲུབ་བསྒྲུབ་པར་བྱ། །རྟོག་པ་ཀུན་ལ་རྣལ་འབྱོར་འདི། །ཚེ་འདི་ཉིད་ལ་སྒྲུབ་པར་བྱེད། །བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་རྟོག་པའི་རྒྱལ་པོ་ཆེན་པོའི་རྡོ་རྗེ་རིན་པོ་ཆེ་རིན་པོ་ཆེ་ལས་རྟོག་པ་ཐམས་ཅད་ཀྱི་རྒྱུད་ཕྱི་མའི་ཆོ་ག་རྒྱས་པའོ།། །།དེ་ནས་བཅོམ་ལྡན་འདས་རྟོག་པ་དེ་


DNG012_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གསང་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བའི་རྡོ་རྗེ་རིན་པོ་ཆེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོ་ག་གཟིགས་པའི་ཡེ་ཤེས་ཀྱི་དབང་ཕྱུག་གི་རྡོ་རྗེའི་པདྨ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྣ་ཚོགས་པའི་མཛད་པས་ཕྲིན་ལས་དམ་པའི་ཆོ་ག་རྒྱས་པའི་རྡོ་རྗེས་ཐམས་ཅད་ལ་ཁྱབ་པ་མ་ལུས་ཤིང་ལུས་པ་མེད་པའི་རྡོ་རྗེའི་ཁམས་བརྟན་པའི་དངོས་གྲུབ་ཀྱི་ཆོ་ག་རྒྱས་པ་ནམ་མཁའི་ཁམས་ཀྱི་མཐར་ཐུག་པར་ཆོས་ཀྱི་དབྱིངས་སྤྲོ་བ་ཐམས་ཅད་ཁྱབ་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འཁོར་ལོ་མངོན་པར་མཁྱེན་པར་མཛད་ནས་དང་པོའི་སྙིང་པོའི་གསང་བའི་དེ་ཁོ་ན་ཉིད་ཀྱི་རྡོ་རྗེའི་སྒྲུབ་པའི་རྒྱུད་འདི་གསུངས་སོ། །ཅི་སྲིད་འཁོར་བའི་གནས་ལ་ཞུགས། །དེ་སྲིད་སེམས་ཅན་གདོན་པར་མཛད། །མྱ་ངན་འདས་བཞུགས་གཟི་བརྗིད་ཅན། །སེམས་ཅན་དོན་ནི་ནུས་པ་མིན། །དེ་ཕྱིར་སེམས་དཔའ་དམ་པ་རྣམས། །འཁོར་བ་སྲིད་དུ་འཁོར་བར་ཞུགས། །སེམས་ཅན་དོན་ནི་མངོན་པར་བཞེད། །ཐམས་ཅད་དག་པའི་མཆོག་ཆོས་ཅན། །དེ་བཞིན་གཤེགས་པས་མི་འདུལ་བས། །སེམས་ཅན་དོན་མི་མཛད་པ་སྟེ། །འདིར་ནི་རབ་གྲུབ་དངོས་གྲུབ་མཆོག །དུས་ཀུན་དུ་ནི་ཐམས་ཅད་དུ། །རྡོ་རྗེ་འཆང་ཆེན་ལ་སོགས་པ། །འདི་ལྟར་བསོད་ནམས་རྣམ་སྨིན་གྱིས། །ཀུན་ལ་མཐོང་བ་ལ་སོགས་ཀྱིས། །རང་གི་ལས་ཀྱིས་མཛད་མི་སྤྱོད། །དཀྱིལ་འཁོར་ལ་ནི་མ་ཞུགས་ཀྱང་། །སྲིད་པ་འདི་ལ་མྱུར་འགྲུབ་འགྱུར། །ཤིན་ཏུ་མཐོང་བ་ལ་སོགས་ཀྱིས། །སེམས་ཅན་ཐམས་ཅད་རབ་སྩོལ་མཛད། །ཀུན་ནས་དུས་ཀུན་ཐམས་ཅད་ལ། །དངོས་གྲུབ་ཐམས་ཅད་རབ་སྩོལ་འགྱུར། །རྒྱལ་པོ་རྡོ་རྗེ་འཆང་ཆེན་པོ། །སྲིད་པའི་དབང་ཕྱུག་ཀུན་གྱི་གཙོ། །དེ་ཕྱིར་བསྒྲུབ་བྱ་འདི་བཤད་བྱ། །དངོས་གྲུབ་ཤིན་ཏུ་རྟག་པའོ། །གང་གིས་སྲིད་པ་འདི་ཉིད་དུ། །ཤིན་ཏུ་རྟག་པའི་དངོས་གྲུབ་ཐོབ། །ལུགས་མ་འམ་ནི་བརྡུངས་པ་འམ། །རི་མོར་བྲིས་པའམ་འདུས་བྱས་པའི། །ཕྱག་ན་རྡོ་རྗེའི་སྐུ་གཟུགས་ནི། །ཅི་བཞིན་བཤད་པར་རབ་གཞུག་


DNG012_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་དམ་ཚིག་གི་དེ་ཁོ་ན་ཉིད་སྒྲུབ་པའི་དངོས་གྲུབ་ཀྱི་ཆོ་ག་རྒྱས་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཕྱག་རྒྱའི་ཡེ་ཤེས་ཀྱི་སླར་ཡང་ཕྱག་རྒྱ་ཐམས་ཅད་སྒྲུབ་པའི་དངོས་གྲུབ་ཀྱི་རྒྱུད་འདི་གསུངས་སོ། །ཉིན་རེ་སྔ་རོལ་དུས་ཅི་བཞིན། །དང་པོའི་རྡོ་རྗེ་བདེ་བ་ཆེ། །འདིས་ནི་རྟག་པ་ཐམས་ཅད་ལ། །ཕྱག་རྒྱ་ཐམས་ཅད་མདོར་བསྡུས་པས། །དམ་ཚིག་ཡང་དག་བཅིངས་ནས་གྲུབ། །ཕྱི་ནས་མ་བསྒྲུབས་གྲུབ་པར་འགྱུར། །དེ་ནས་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་ཆོས་ཀྱི་དེ་ཁོ་ན་ཉིད་ཀྱི་གསང་བའི་སྔགས་སྒྲུབ་པ་འདི་གསུངས་སོ། །ལངས་པ་འམ་ནི་འདུག་པ་འམ། །གང་དང་དེར་ནི་གནས་པ་འམ། །ཐམས་ཅད་རྗེས་ཆགས་རྣལ་འབྱོར་གྱིས། །དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར། །དེ་ནས་བཅོམ་ལྡན་འདས་ཀྱིས་ལས་ཀྱི་གསང་བའི་དེ་ཁོ་ན་ཉིད་ཀྱི་རྒྱུད་འདི་གསུངས་སོ། །གསང་བའི་གར་མཆོག་མཆོད་པ་འམ། །ཡང་ན་མཆོད་པ་ཅི་བདེ་བར། །བྱས་ཏེ་མགོན་པོ་བསྒྲུབ་བྱས་ན། །མཆོག་གི་དངོས་གྲུབ་མྱུར་དུ་འཐོབ། །དེ་ནས་རང་གི་ཕྱག་རྒྱས་བདག་ཉིད་བསྒྲུབ་པའི་རྒྱུད་ནི། ཕྱག་རྒྱ་ཆེན་པོ་མཉམ་གཞག་སྟེ། །རང་གི་སྙིང་པོས་ལན་ཅིག་བསྒྲུབ། །བརྟན་ཞིང་ཤིན་ཏུ་དགྱེས་ཀུན་ཆགས། །ཤིན་ཏུ་དགྱེས་གྱུར་བདག་པོ་གྲུབ། །དེ་ནས་ཡི་གེ་ཧཱུྃ་གི་གླུ་བླང་བའི་གྲུབ་པའི་རྒྱུད་ནི། རི་བྷི་ད་སོགས་རྒྱན་དང་ལྡན། །ཅི་ནུས་པ་དང་ཅི་འདོད་པ། །དྲི་ཟ་དང་པོ་བླངས་ནས་ནི། །ཡི་གེ་ཧཱུྃ་གིས་གྲུབ་པར་འགྱུར། །ཞེས་བཅོམ་ལྡན་འདས་ཆགས་པ་ཆེན་པོ་དང་པོའི་རྡོ་རྗེ་སེམས་དཔའ་རྡོ་རྗེ་འཆང་ཆེན་པོས་གསུངས་སོ། །དེ་ཁོ་ན་ཉིད་ཆེན་པོའི་གསང་བའི་དངོས་གྲུབ་བསྒྲུབ་པའི་རྒྱུད་དོ།། །།དེ་ནས་རྟོག་པ་ཐམས་ཅད་ཀྱི་ལས་ཀྱི་ཕྱག་རྒྱ་བཤད་པར་བྱའོ་ཞེས་བྱ་བ་བཅོམ་ལྡན་འདས་ཐོག་མ་དང་ཐ་མ་མེད་པའི་ཕྲིན་ལས་ཅན་རྡོ་རྗེ་སེམས་དཔས་གསུངས་སོ། །ཤིན་ཏུ་རིང་བའི་ཚེ་འཕེལ་བ་ནི་བདེ་བ་ཆེན་པོའི་རྡོ་རྗེ་ཆོས་སོ། །ཤིན་ཏུ་གཞོན་པའི་ན་ཚོད་འཕེལ་བ་ནི་བདེ་བ་ཆེན་པོའི་རྡོ་རྗེ་བཅུད་ཀྱིས་ལེན་གྱིས་སོ། །གཟུགས་


DNG012_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་དང་གཟི་བརྗིད་ཆེན་པོ་འཕེལ་བ་ནི་བདེ་བ་ཆེན་པོའི་རྡོ་རྗེའི་གཟུགས་ཀྱི་གཟི་བརྗིད་ཀྱིས་སོ། །འདུ་བྱེད་ཆེན་པོ་ཐམས་ཅད་འཕེལ་བ་ནི་བདེ་བ་ཆེན་པོ་རྡོ་རྗེ་འདུ་བྱེད་ཆེན་པོས་སོ། །སེམས་ཅན་ཐམས་ཅད་ཀྱི་བདག་ཉིད་ཐམས་ཅད་བསྲུང་བ་ནི་བདེ་བ་ཆེན་པོ་རྡོ་རྗེ་བསྲུང་བས་སོ། །ཕྱོགས་ཐམས་ཅད་དང་མཚམས་དང་དཀྱིལ་འཁོར་བཅིང་བ་ནི་བདེ་བ་ཆེན་པོ་རྡོ་རྗེ་བསྐོར་བས་ཏེ། ཐམས་ཅད་རྡོ་རྗེ་ཆེན་པོའི་ངོ་བོ་ཉིད་ཁྲོ་བོའི་རྒྱལ་པོ་ཆེན་པོ་རྡོ་རྗེས་ཀྱང་འཇུག་པར་མི་ནུས་ཤིང་མི་ཕྱེད་པར་འགྱུར་རོ། །སྡིག་པ་ཐམས་ཅད་སྲུང་བ་ནི་བདེ་བ་ཆེན་པོའི་རྡོ་རྗེ་བྱིན་གྱིས་བརླབས་པས་སོ། །བདག་ཉིད་ཀྱི་དངོས་གྲུབ་ཐམས་ཅད་དམ་གཞན་དག་རྡོ་རྗེར་བྱེད་པ་ནི་བདེ་བ་ཆེན་པོའི་རྡོ་རྗེ་གོ་ཆས་སོ། །འཐབ་མོ་ཐམས་ཅད་ལས་རྣམ་པར་རྒྱལ་བ་ནི་བདེ་བ་ཆེན་པོའི་རྡོ་རྗེ་རྒྱལ་མཚན་མཆོག་གི་དཔུང་རྒྱན་གྱིས་སོ། །འཐབ་མོ་སྲུང་བ་ནི་བདེ་བ་ཆེན་པོའི་གཞན་གྱིས་མི་ཐུབ་པས་སོ། །གཞན་གྱི་དཔུང་ཐམས་ཅད་གཞིག་པ་ནི་རྡོ་རྗེ་བདེ་བ་ཆེན་པོའི་རྡོ་རྗེ་འཛིན་པར་བྱེད་པས་སོ། །གཞན་གྱི་དཔུང་ཉམས་པ་དང་ལྡང་བ་དང་ལྟུང་བ་དང་གསོད་པ་ནི་བདེ་བ་ཆེན་པོའི་རྡོ་རྗེ་གློག་བསྐོར་བས་སོ། །རིམས་ཐམས་ཅད་ལ་སོགས་པའི་ནད་ཐམས་ཅད་དང་ནད་ཆེན་པོ་ཞི་བ་ནི་བདེ་བ་ཆེན་པོའི་རྡོ་རྗེ་འཕྲོག་པས་སོ། །དུག་ཐམས་ཅད་གཞིག་པ་དང་། དུག་མེད་པར་བྱ་བ་ནི་བདེ་བ་ཆེན་པོའི་རྡོ་རྗེ་ཕྱག་རྒྱའི་ལས་ཀྱིས་སོ། །གདོན་ཐམས་ཅད་ལས་དགྲོལ་བ་ནི་བདེ་བ་ཆེན་པོ་རྡོ་རྗེའི་འབྱུང་པོ་བསྐྲད་པས་སོ། །མ་མོ་དང་མཁའ་འགྲོ་མ་དང་གདོན་ཐམས་ཅད་དགྲོལ་བ་ཆེན་པོ་དང་གཞོམ་པ་དང་སྙིང་གཞན་དབྱུང་བ་དང་ཤི་བ་གསོ་བ་དང་། ཚེ་འཕེལ་བ་དེ་ཤིན་ཏུ་སྲུང་བ་རྣམས་ནི་བདེ་བ་ཆེན་པོའི་རྡོ་རྗེ་ཕྱག་རྒྱའི་ལན་གྱིས་སོ། །ཐམས་ཅད་དབབ་པ་དང་གཡོ་བ་དང་འཆིང་བ་དང་གར་བྱེད་དུ་གཞུག་པ་དང་གླུ་ལེན་དུ་གཞུག་པ་དང་སྔ་མ་འབྱུང་བ་སོ་སོར་བརྟན་པ་དང་རྨད་དུ་བྱུང་བ་དང་ཆོ་འཕྲུལ་བསྟན་པ་དང་། བདེན་པ་ཐམས་ཅད་པ་ཐམས་ཅད་སྨྲར་གཞུག་པ་དང་དགྲོལ་བ་དང་། བསྲུང་བ་དང་། སོས་སུ་བཅུག་པ་རྣམས་ནི་བདེ་བ་ཆེན་པོའི་རྡོ་རྗེ་དབབ་པས་སོ། །རྒྱུ་བ་དང་མི་


DNG012_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་བའི་དངོས་པོ་ཐམས་ཅད་ལ་ཡིད་ཀྱིས་འདོད་པའི་པྲ་དབབ་པ་ཐམས་ཅད་གྲུབ་པ་ནི་བདེ་བ་ཆེན་པོ་རྡོ་རྗེ་པྲ་དབབ་པས་སོ། །རང་གི་ལུས་དང་ངག་དང་ཡིད་རྡོ་རྗེས་མཐོང་བ་དང་ཐོས་པ་དང་སྨྲ་བ་དང་སྟོན་པའི་ཤེས་པ་གྲུབ་པ་ནི་བདེ་བ་ཆེན་པོའི་རྡོ་རྗེའི་བདག་ཉིད་བསྒོམས་པས་སོ། །ཐམས་ཅད་ལས་འདས་པ་དང་།མ་འོངས་པ་དང་། ད་ལྟར་བྱུང་བ་ཐམས་ཅད་བཀའ་མཐོང་བའི་ཡི་གེ་སྣ་ཚོགས་པའམ། དངོས་པོ་སྣ་ཚོགས་པ་ཐམས་ཅད་ཀྱིས་རྣ་བའི་ཤེས་པ་རབ་ཏུ་འཇུག་པ་ནི་བདེ་བ་ཆེན་པོའི་རྡོ་རྗེ་ཐམས་ཅད་མཁྱེན་པས་སོ། །གློག་དང་ཆར་པ་དང་ཐོག་དབབ་པ་ཐམས་ཅད་བཟློག་པ་དང་། སྤྲིན་གཞིག་པ་ནི་བདེ་བ་ཆེན་པོའི་རྡོ་རྗེ་ཁྲོ་བོའི་ལྟ་བས་སོ། །སའི་འོག་ཐམས་ཅད་ལས་སྔར་མ་བྱུང་བའི་འཕྲུ་ལ་སོགས་པའི་འབྲས་བུ་འབྱུང་བ་དང་། ཉེ་བར་ལེན་པ་དང་། ཆུ་མེད་པའི་གནས་ལས་ཆུའི་དངོས་པོ་འབྱུང་བ་དང་ཉེ་བར་ལེན་པ་དང་། མུན་པ་ཆེན་པོར་སྣང་བ་ཆེན་པོ་བསྐྱེད་པ་དང་ཉེ་བར་ལེན་པ་དང་རླུང་ཐམས་ཅད་ལ་བཀའ་བསྒོ་བ་དང་ཉེ་བར་ལེན་པ་དང་ནམ་མཁའ་ཐམས་ཅད་ལས་ཡིད་ཀྱིས་འདོད་པའི་དངོས་པོ་ཐམས་ཅད་མཐོང་བ་དང་ཉེ་བར་ལེན་པ་ནི་བདེ་བ་ཆེན་པོའི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མས་སོ། །ཐམས་ཅད་གཞོམ་པ་དང་རེངས་པ་དང་དྲལ་བ་དང་རྨུགས་པ་དང་གཉིད་ལོག་པར་བྱ་བ་དང་རྒྱས་གདབ་པ་དང་ལྟུང་བ་དང་རྨོངས་པ་དང་གསད་པ་དང་ཕྱིར་ལྡོག་པ་ནི་བདེ་བ་ཆེན་པོའི་གདུག་པའི་རྡོ་རྗེའི་ཕྱག་རྒྱས་སོ། །ཐམས་ཅད་རྗེས་སུ་ཆགས་པ་དང་དགུག་པ་དང་གཞུག་པ་དང་དབབ་པ་དང་བཅིང་བ་དང་བཀྲོལ་བ་དང་དྲལ་བ་དང་ལྟུང་བ་དང་ལྟུང་བ་བསླང་བ་དང་འདྲེན་པ་དང་བྲན་དུ་བྱེད་པ་དང་མངག་གཞུག་བཀའ་བསྒོ་བ་བྱེད་པ་དང་ཐམས་ཅད་ཚུར་དྲང་བ་དང་ཕར་བཏང་བ་དང་གསད་པ་དང་སླར་གསོ་བ་ལ་སོགས་པའི་ལས་ཐམས་ཅད་བྱེད་པ་དང་དབང་དུ་བྱེད་པའི་སྒྲུབ་པ་ནི་བདེ་བ་ཆེན་པོའི་རྡོ་རྗེ་ཐམས་ཅད་སྒྲུབ་པས་སོ། །རིགས་ཐམས་ཅད་ཀྱི་མཆོག་གི་དངོས་གྲུབ་ལ་སོགས་པའི་མཆོག་གི་དངོས་གྲུབ་ཐམས་ཅད་དང་། མཆོག་གི་དབང་བསྐུར་བ་ལ་སོགས་པ་ཐམས་ཅད་དང་། ཕུན་སུམ་ཚོགས་པ་ཐམས་ཅད་དང་ཐམས་ཅད་


DNG012_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་ཆགས་པ་ལ་སོགས་པའི་བདེ་བ་དང་། ཡིད་བདེ་བ་ཐམས་ཅད་རབ་ཏུ་གཞུག་པ་དང་། མཆོད་པ་ཆེན་པོ་ཐམས་ཅད་ལ་སོགས་པའི་ལས་ཐམས་ཅད་མྱུར་དུ་གྲུབ་པའི་ཆོ་ག་རྒྱས་པ་ནི་བདེ་བ་ཆེན་པོའི་རྡོ་རྗེ་མཆོག་གི་དངོས་གྲུབ་ཀྱིས་སོ། །དེ་ལ་བདེ་བ་ཆེན་པོའི་རྡོ་རྗེ་གསང་བའི་དམ་ཚིག་གི་དང་པོའི་མཆོག་གི་དམ་ཚིག་གི་ལས་ཀྱི་ཕྱག་རྒྱའི་རྒྱུད་ནི་འདི་ཡིན་ཏེ་བདེ་བ་ཆེན་པོའི་རྡོ་རྗེ་ནི་རྡོ་རྗེ་སེམས་དཔའི་ཚེ་སྟེར་བའོ། །འདིའི་ལས་ཀྱི་ཕྱག་རྒྱ་ཐམས་ཅད་བཅིང་བའོ། །དབུས་མའི་རྡོ་རྗེ་བཏུང་བར་བྱ། རྩེ་མོའི་འོད་ཟེར་བྱས་པས་གདོང་པ་ཡོངས་སུ་སྦྱངས་ཏེ་གདོང་པར་དགྲོལ་བར་བྱའོ། །བདག་ཉིད་ལ་ཀུན་དུ་བསྐོར་ནས་སྙིང་གར་དགྲོལ་བར་བྱའོ། །གཙུག་ཏོར་དང་ཕྱོགས་ཐམས་ཅད་དང་དཀྱིལ་འཁོར་བསྐོར་བའོ། །སྙིང་ག་དང་ཡིད་ཀྱིས་རྒྱབ་དང་ཕྲག་པ་དང་། སྤྱི་བོ་དང་དཔྲལ་བར་བཞག་ལ་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་ཕྲེང་བ་བཅིངས་ལ་གོ་ཆ་བྱ་སྟེ། མདུད་པ་བྱས་ནས་རྡོ་རྗེའི་གནས་རྣམས་སུ་སླར་ཡང་ཕྲེང་བ་བྱས་པས་རྒྱབ་ཏུ་མདུད་པ་བྱས་ཏེ་དར་དཔྱངས་བྱའོ། །སྙིང་ག་དང་དཔྲལ་བ་དང་མགྲིན་པ་དང་སྤྱི་བོར་གཞག་པར་བྱའོ། །དབུས་མའི་དར་མཆོག་གོ། །བྱབ་པའི་གྱེན་དུ་ཁ་བལྟས་པའི་དབུག་པ་དང་འཇིག་པའི་གདོང་གིས་ལྟ་བའོ། །འབར་བ་བཞིའི་ཚུལ་གྱིས་འདོར་ཞིང་ཁྲོས་པའི་རང་གི་སྙིང་གར་བཅིངས་ཏེ་ཞི་བའི་ལྟ་བས་རྩེ་མོ་འཕྲོག་པར་བྱའོ། །ལྟ་བས་འཕྲོག་པར་བྱའོ། །དབབ་པས་མྱུར་དུ་དགྲོལ་བར་བྱའོ། །ཡོངས་སུ་བསྐོར་ནས་དཔྲལ་བར་བཞག་སྟེ། དབུས་མའི་རྡོ་རྗེ་སོར་མོའི་རྩེ་མོ་གཉིས་བསྐྱོད་པར་བྱས་ན་ཅི་ལྟ་བ་བཞིན་དུ་ལས་བྱེད་པའི་སྙིང་གར་བཞག་སྟེ་དབུས་མ་རྡོ་རྗེའི་ལས་ནི་འདི་ལྟ་སྟེ། སྙིང་གར་སྟོད་པ་དང་སྐྱེད་པ་དང་འཆིང་བ་དང་གར་བྱེད་དུ་བཅུག་པ་དང་མགྲིན་པ་གསལ་བ་དང་རྡོ་རྗེ་རྩེ་མོ་བཙིར་བ་དང་ཁ་དབུབ་པ་དང་མགྲིན་པ་གསལ་བ་དང་བཅིངས་པ་མྱུར་དུ་དགྲོལ་བ་དང་བསྲུང་བ་དང་བྱབ་པའི་ལས་སོ། །སྙིང་ག་ཁ་སྦྱོར་བསྐྱེད་པའོ། །ཉིན་རེ་ཞིང་སྔ་རོལ་དུ་ལན་ཅིག་ལུས་ཡོངས་སུ་སྦྱང་བ་དང་། མགྲིན་པ་གསལ་བའི་ངག་དང་སྙིང་གར་གཞག་པ་དང་ཕྱག་རྒྱ་ལ་ལྟ་བ་སྟེ། ཉིན་རེ་སྔ་རོལ་དུ་ལན་ཅིག་དབང་པོ་


DNG012_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ལ་ཀུན་དུ་བསྐོར་བར་བྱའོ། །དབུས་མ་རྡོ་རྗེས་བྱེད་པ་ནི་ཁྲོ་བོའི་རྡོ་རྗེའི་ལྟ་བས་སོ། །དབུས་མའི་རྡོ་རྗེའི་ལས་ནི་འོག་ནས་འབྱུང་སྟེ་ཉེ་བར་ལོངས་སྤྱོད་པ་དང་། ཐམས་ཅད་ལ་དགུག་པར་བྱེད་པ་དང་དབབ་པ་སྦྱིན་པ་དང་འབར་བའི་མེ་སྟག་བྱེད་པ་དང་ཉེ་བར་ལེན་པ་དང་རླུང་གི་ཚུལ་དང་ནམ་མཁར་སྒོམ་པ་ལས་དུ་མའོ། །དབུས་མའི་རྡོ་རྗེའི་ལུས་ནི་ཕྱག་རྒྱས་གཞོམ་པ་དང་རྩེ་མོ་གཉིས་སྙིང་གར་བཙིར་བ་དང་སེན་མོ་བྲུད་པ་དང་མིག་འདེགས་པ་དང་བཙུམ་པ་དང་། སོར་མོ་མཉམ་པོས་སྙིང་གར་བཏེག་པ་དང་ལྟུང་བ་དང་སློང་བར་བྱེད་པ་དང་། ཕན་ཚུན་རྡེག་པ་དང་རང་གི་སྙིང་གར་རང་བཞིན་དུ་གཞག་པའི་ལས་སོ། །དབུས་མའི་རྡོ་རྗེ་ལས་ནི་མདའ་སྟོད་པ་དང་ལྕགས་སྒྲོག་གཉིས་ཀྱིས་དགུག་པ་དང་གཡོན་པ་ལ་གཡས་པ་བཅུག་པ་དང་རྩེ་མོ་བསྐྱོད་པ་དང་གདུ་བུར་བཅིང་བ་དང་མྱུར་དུ་དགྲོལ་བ་དང་སོར་མོ་མཉམ་པོར་མྱུར་དུ་དྲལ་བ་དང་ལྟུང་བར་བྱེད་པ་དང་འོག་ནས་བཏེག་པ་དང་གཡོན་པ་གཡས་པས་དྲང་བ་དང་། ལས་ཐམས་ཅད་ལ་སྦྱར་བར་བྱེད་པ་དང་འོག་ནས་བསྐྱོད་ཅིང་གྱེན་དུ་དྲང་བ་དང་ཚུར་འདྲེན་པ་དང་ཕར་གཏང་བ་དང་གཡོན་དང་གཡས་ཀྱིས་དྲག་པོར་འདེགས་པ་དང་རང་གི་སྙིང་གར་རྩེ་མོ་འདྲེན་པ་དང་། ལས་ཐམས་ཅད་ལ་ངེས་པར་སྦྱོར་བ་བྱེད་པའི་ལས་དང་སྙིང་གར་འཁོར་ལོ་གཞུག་པ་དང་དབང་བསྐུར་བའི་ཕྲེང་བ་དང་དར་དཔྱངས་འཆིང་བར་བྱེད་པ་དང་སྙིང་ག་ལས་དྲངས་ཏེ་བདེ་བ་ཚུར་འདྲེན་པ་ཐམས་ཅད་ཡོངས་སུ་སྦྱང་བ་དང་གར་གྱིས་བླངས་ཏེ་སྤྱི་བོར་དགྲོལ་བའི་ལས་སོ། །བདེ་བ་ཆེན་པོ་རབ་གྲུབ་དང་། །ཆགས་པ་ཆེན་པོ་རྣམ་དག་ཕྱིར། །དོན་ཡོད་ཐོགས་མེད་སྣ་ཚོགས་པའི། །ཕྱག་རྒྱའི་རྒྱུད་ནི་རབ་ཏུ་བཤད། །རྡོ་རྗེ་འཛིན་པ་ཆེན་པོ་ཡིས། །སངས་རྒྱས་སྲས་བཅས་བདག་ཉིད་ཀུན། །སེམས་ཅན་ཐམས་ཅད་མྱུར་འགྲུབ་ཕྱིར། །དོན་ཡོད་དངོས་གྲུབ་ཀུན་སྩོལ་བའོ། །དཀྱིལ་འཁོར་དག་ཏུ་མ་ཞུགས་པ། །སྡིག་པའི་ལས་ནི་ཀུན་དང་ལྡན། །དེ་དག་ཀྱང་ནི་གྲུབ་འགྱུར་ཏེ། །བཅིངས་པ་ཙམ་གྱིས་སྡིག་བྱང་ཕྱིར། །གང་ཞིག་ལེ་ལོ་ཉིད་ཀྱིས་སམ། །བརྩོན་འགྲུས་ལྡན་ཡང་མ་ཚང་བ། །དཀྱིལ་འཁོར་མེད་པའི་སེམས་


DNG012_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གང་། །སློབ་དཔོན་ཉིད་བྱིན་མ་བརླབས་དང་། །དེ་དག་གྲུབ་མཆོག་རྡོ་རྗེ་ཆེ། །རྡོ་རྗེ་སློབ་དཔོན་ཉིད་དུ་འགྱུར། །དོན་ཡོད་མཆོག་དང་སྣ་ཚོགས་པའི། །བཅིངས་པ་ཙམ་གྱིས་མྱུར་གྲུབ་བྱེད། །བསམ་པ་ཐམས་ཅད་ཡོངས་རྫོགས་པའི། །མཆོག་གི་དངོས་གྲུབ་ཀུན་ལ་འཇུག །དང་པོ་འབྱུང་བའི་རྡོ་རྗེ་མཆོག །བདེ་བ་ཆེ་ལས་ཡང་དག་འབྱུང་། །དག་ཅིང་ཤིན་ཏུ་གྲུབ་པ་དང་། །འགྲོ་བ་ཐམས་ཅད་ལ་ཡང་ངོ་། །དེ་ནས་ཕྱག་རྒྱ་ཐམས་ཅད་སྒྲུབ་པའི་གསང་བའི་རྒྱུད་ནི། ལས་འདོད་ཐོག་མར་ཕྱག་རྒྱ་ནི། །སྐལ་བ་ཅི་བཞིན་སྙིང་པོས་གྲུབ། །རང་གི་བདག་ཉིད་ངེས་སྦྱར་བྱ། །བདེ་བ་ཆེན་པོའི་རྡོ་རྗེ་གསང་བའི་རྟོག་པའི་རྒྱལ་པོ་ཆེན་པོ་ལས། བདེ་བ་ཆེན་པོ་ཐམས་ཅད་ཀྱི་རྡོ་རྗེའི་དམ་ཚིག་དོན་ཡོད་པའི་དངོས་གྲུབ་ཀྱི་མཆོག་ཅེས་བྱ་བ་རྒྱུད་ཕྱི་མའི་ཆོ་ག་རྒྱས་པ་ཡོངས་སུ་རྫོགས་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡོངས་སུ་མཐར་ཐུག་པ་མེད་པའི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཐམས་ཅད་ཀྱི་ལས་ཀྱི་སྦྱོར་བ་ནི། རྡོ་རྗེ་འཆང་བ་དང་བཅས་པ་རྣམས་ཀྱིས་བདེ་བ་ཆེན་པོའི་རྡོ་རྗེ་གསང་བའི་དམ་ཚིག་རྟོག་པའི་རྒྱལ་པོ་ཆེན་པོ་འདིས་སེམས་ཅན་གྱི་ཁམས་མ་ལུས་པ་ཀུན་དུ་ཁྱབ་ཅིང་སྤྲོ་བ་དང་དངོས་གྲུབ་ཐམས་ཅད་ཀྱི་ཆོ་ག་རྒྱས་པ། སྲིད་པ་ཐམས་ཅད་ཀྱི་རྩེ་མོའི་ཡོངས་སུ་མཐར་ཐུག་པའི་གསུང་རབ་ཡོངས་སུ་མཐར་ཐུག་པའི་དོན་དུ་ཐོག་མ་དང་ཐ་མ་མེད་པའི་རྡོ་རྗེ་སེམས་དཔའ་ལ་གསོལ་བ་བཏབ་པ་ཡིན་ནོ། །རྡོ་རྗེའི་ནམ་མཁའ་ཆེན་པོ་ཡིས། །ཆོས་ཀྱི་དབྱིངས་ནི་སྤྲོ་བ་མཆོག །རྡོ་རྗེའི་ནམ་མཁའ་ཆེན་པོ་ཡི། །ཆོས་དབྱིངས་སྤྲོ་བའི་དངོས་གྲུབ་སྟེར། །རྟག་ཏུ་སངས་རྒྱས་ཐམས་ཅད་ནི། །རྡོ་རྗེ་འཆང་ཆེན་བཅས་པ་དང་། །རྡོ་རྗེ་འཆང་གི་ཐེག་པ་ནི། །ཡོངས་སུ་མཐར་ཐུག་ནུས་པ་མིན། །ཨེ་མའོ་མངོན་ཞེན་སེམས་ཅན་དང་། །ལེ་ལོ་ཅན་དང་ལས་ཀུན་ལྡན། །ཐུགས་རྗེ་དམ་པའི་རྡོ་རྗེ་ཁྱོད། །བྱང་ཆུབ་སེམས་ནི་བླ་ན་མེད། །བདེ་བ་ཆེན་པོ་རབ་སྒྲུབ་དང་། །ཆགས་པ་ཆེན་པོ་རྣམ་དག་ཕྱིར། །རྟོག་པ་འདི་ནི་མཐར་ཐུག་པ། །རབ་ཏུ་སྒྲུབ་


DNG012_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་མཐར་ཐུག་བརྗོད། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་བཏབ་པའི་ཚིག་གསན་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་རྡོ་རྗེ་སེམས་དཔའ་བྱིན་གྱིས་བརླབས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་གསུངས་སོ། །བདེ་བ་ཆེན་པོ་རབ་སྒྲུབ་དང་། །ཆགས་པ་ཆེན་པོ་རྣམ་དག་ཕྱིར། །ཐམས་ཅད་དངོས་གྲུབ་དོན་དུ་ནི། །ཡོངས་སུ་མཐར་ཐུག་བྱིན་བརླབས་པའོ། །གང་གིས་ཚུལ་མཆོག་འདི་ནི་ཉན་འགྱུར་དང་། །གང་གིས་ཁྱིམ་ན་གསང་བ་ཐམས་ཅད་གནས། །བདེ་ཆེན་མཆོག་གི་རྡོ་རྗེ་མཆོག་གསང་བའི། །དངོས་གྲུབ་ཚེ་འདིར་དེ་དག་རྣམས་ལ་བསྟན། །བརྟན་པ་ཉིད་ཕྱིར་འདུལ་བར་ང་མི་བྱེད། །སེམས་ཅན་དོན་དུ་རྒྱལ་བ་ལས་དག་ཕྱིར། །རྣམ་པར་སྦྱང་བར་མཛད་པ་འདི་ཡིན་ཏེ། །རྟོག་པ་འདི་ནི་བགེགས་མེད་བདུད་རྣམས་མེད། །དངོས་གྲུབ་འཕེལ་མེད་མིན་པ་བྱིན་གྱིས་བརླབས། །བདུད་དང་བརྟན་མེད་ཉིད་ནི་བདག་མི་བྱེད། །བརྟན་པ་ཉིད་ཕྱིར་འདུལ་བར་ང་མི་བྱེད། །རྟོག་པ་ཆེན་པོའི་མཆོག་འདི་གང་བསྒྲུབ་པ། །མྱུར་དུ་དངོས་གྲུབ་མཆོག་ཕྱིན་བདག་བརྟན་འགྱུར། །བརྟན་ཞིང་དགྱེས་ལ་བརྟན་པས་རྗེས་སུ་ཆགས། །བདེ་བ་ཆེན་པོ་ཀུན་བྱེད་ཤིན་ཏུ་རྒྱས། །ང་ཡི་དང་པོའི་སྙིང་པོ་གང་སྒྲུབ་པ། །དེ་ལ་ང་ནི་རྟག་ཏུ་དངོས་གྲུབ་སྟེར། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་འདུས་ནས་ལེགས་སོ་ཞེས་བྱ་བ་བྱིན་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །བདེ་བ་ཆེན་པོ་རྡོ་རྗེ་གསང་བ་ཞེས་བྱ་བའི་རྟོག་པའི་རྒྱལ་པོ་མཆོག་ཏུ་གྲུབ་པའི་རྒྱུད་ཕྱི་མ་ཡོངས་སུ་རྫོགས་སོ།། །།དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་འདི་ཉིད་སླར་ཡང་སྟོན་པར་མཛད་ཅིང་ཞལ་རབ་ཏུ་འཛུམ་པ་དང་། མཆོག་དང་པོའི་རྡོ་རྗེ་བདེ་བ་ཆེན་པོ་རྡོ་རྗེ་བསྙེམས་པས་གསོར་ནས་རང་གི་ཐུགས་ཀར་བསྟོད་པའི་ཚུལ་དུ་འཛིན་ཅིང་མཆོག་ཏུ་གསང་ཞིང་མཆོག་ཏུ་གྲུབ་པ་དོན་ཡོད་ཅིང་ཐོགས་པ་མེད་པ་བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་འདི་རྟོག་པ་ཐམས་ཅད་ཀྱི་སྡིག་པ་དང་སྒྲིབ་པ་དང་བདུད་ཐམས་ཅད་འདུལ་བར་བྱིན་གྱིས་བརླབ་པའི་


DNG012_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གིས་མ་གྲུབ་པ་རྣམས་ཀྱང་མཆོག་དམ་པ་གྲུབ་པར་བྱེད་པ་དང་མཆོག་ཏུ་གསང་བ་དང་ཐོག་མ་དང་ཐ་མ་མེད་པའི་མཚོན་ཆ་མཆོག་དང་པོ་ཞེས་བྱ་བའི་རྟོག་པའི་རྒྱལ་པོ་དབང་ཕྱུག་ཆེན་པོའི་ཆེན་པོ་རྒྱུད་ཕྱི་མ་གསུངས་པ། དེ་ནས་ཐོག་མའི་གནས་ཉམས་དགའ། །ནམ་མཁའ་ཀུན་ལ་རབ་ཏུ་གནས། །རིན་ཆེན་འོད་མཛེས་རབ་ཏུ་གསལ། །དྲི་མ་མེད་པའི་མདངས་ཀྱིས་བརྒྱན། །ཟུར་བཞི་པ་ལ་སྒོ་བཞི་པ། །སྒོ་ཁྱུད་རྣམས་ཀྱིས་རབ་ཏུ་བརྒྱན། །ཁ་ཁྱེར་གྱིས་ནི་ཡོངས་སུ་བསྐོར། །རྡོ་རྗེ་ལྷ་མོའི་ཚོགས་ཀྱིས་མཆོད། །གྲྭ་ཡི་ཕྱོགས་ནི་ཐམས་ཅད་དང་། །སྒོ་ཁྱུད་ཀྱི་ནི་མཚམས་རྣམས་སུ། །ཟླ་བ་ཕྱེད་ནི་རབ་ཏུ་གནས། །རྡོ་རྗེ་རིན་ཆེན་འབར་བྱེད་པ། །རླུང་གིས་བསྐྱོད་པའི་རྩེ་མོ་མཆོག །དར་འཕན་དྲིལ་བུ་སྒྲ་སྒྲོགས་པ། །དྲ་བ་མེ་ལོང་རྟག་མེ་ཏོག །མེ་ཏོག་ཆུན་པོའི་རྒྱན་གྱིས་བསྐོར། །བདེ་བ་ཆེན་པོ་རྡོ་རྗེ་ཆེ། །རྡོ་རྗེ་ཀུན་གྱིས་ལེགས་སྦྱར་བ། །རྡོ་རྗེ་སེམས་དཔའི་བཞུགས་གནས་ཆེ། །སངས་རྒྱས་ཀུན་གྱིས་རྗེས་བསྟེན་པ། །བྱང་ཆུབ་སེམས་དཔའི་གནས་ཀྱི་མཆོག །རྡོ་རྗེ་འཛིན་པ་ཀུན་གྱི་གནས། །བདེ་བ་ཆེན་པོའི་རྡོ་རྗེ་ཆེ། །རྡོ་རྗེ་རིན་ཆེན་མཆོག་བྱ་བའི། །རྡོ་རྗེ་འཆང་ཆེན་བཞུགས་ནས་ནི། །བདེ་བ་ཆེན་པོ་རྣམ་པར་བཞུགས། །ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་བསྙེམས་ཚུལ་བདག་པོའི་བདག །སེམས་ཅན་ཀུན་གྱི་སེམས་གང་ནི། །བརྟན་པའི་ཕྱིར་ནི་དཔའ་ཞེས་བྱ། །བརྟན་པར་བཞག་པས་ཏིང་འཛིན་ཏེ། །ངེས་པ་ལས་ནི་རྡོ་རྗེར་གྱུར། །སེམས་དཔར་བྱིན་བརླབས་སྦྱོར་བ་ཡིས། །རྡོ་རྗེ་སེམས་དཔའ་ཉིད་དུ་འགྱུར། །དེ་ཉིད་བཅོམ་ལྡན་སྣ་ཚོགས་པ། །བྱང་ཆུབ་སྤྱོད་པའི་རྗེས་མཐུན་པ། །བདུད་དང་བདུད་ལས་རྒྱལ་བ་ཉིད། །བྱང་ཆུབ་སངས་རྒྱས་དེ་ཉིད་དོ། །རྡོ་རྗེ་དྲག་པོ་མཐར་བྱེད་ཉིད། །ཕྱག་ན་རྡོ་རྗེ་ཉིད་ཀྱང་སྟེ། །དེ་ཉིད་དེ་བཞིན་གཤེགས་པའི་རིགས། །དེ་ཉིད་རྡོ་རྗེའི་རིགས་ཆེན་པོ། །དེ་ཉིད་པདྨའི་རིགས་དག་པ། །དེ་ཉིད་ནོར་བུའི་རིགས་བཟང་བཤད། །དེ་ཉིད་འདོད་ཆགས་བྲལ་བ་ཉིད། །འདོད་དང་གྲོལ་བ་དེ་ཉིད་དེ། །


DNG012_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

དུས་གསུམ་སྲིད་གསུམ་མཆོག་གསུམ་སྟེ། །འཇིག་རྟེན་གསུམ་མཆོག་ཁམས་གསུམ་པ། །མི་གཡོ་ཐམས་ཅད་མཆོག་དེ་ཉིད། །བསྟན་པ་སྲ་བ་ནོར་ཆེན་པོ། །རྒྱུ་བ་སེམས་ཀྱིས་འདུས་བྱས་པ། །ཐམས་ཅད་བྱེད་པ་ཐམས་ཅད་ཉིད། །དང་པོའི་སེམས་དཔའ་སེམས་དཔའ་ཆེ། །བྱང་ཆུབ་སེམས་དཔའ་བདེ་རབ་སྩོལ། །སེམས་དཔའི་སྐྱིལ་ཀྲུང་བཅས་ནས་ནི། །པདྨའི་སྟེང་དུ་བཞུགས་པ་ནི། །བཙུན་མོའི་ཚོགས་བཅས་སྣ་ཚོགས་པ། །རྡོ་རྗེ་ལྷ་མོས་ཡོངས་སུ་བསྐོར། །བདེ་བ་ཆེན་པོ་གྲུབ་དོན་དུ། །འདོད་ཆགས་ཆེན་པོ་རྣམ་དག་ཕྱིར། །མ་ལུས་འདུལ་བྱའི་དོན་དུ་ནི། །དངོས་གྲུབ་ཐམས་ཅད་རབ་གྲུབ་ཕྱིར། །དམ་ཚིག་མཆོག་ནི་མ་ལུས་པ། །རྒྱལ་བས་ཀྱང་ནི་བསྲུང་བར་བྱ། །བསྙེམས་བཅས་རྡོ་རྗེ་གསོར་བ་དང་། །རྡོ་རྗེ་བསྙེམས་པའི་ཚུལ་འཆང་ཞིང་། །ཕྱག་རྒྱ་ཀུན་མྱུར་གྲུབ་མངོན་དུ། །རྡོ་རྗེ་སེམས་དཔའ་མཆོག་གྲུབ་ཕྱིར། །དངོས་གྲུབ་ཀུན་གྱི་ཐབས་ཆེན་པོ། །བསོད་ནམས་ཀུན་གྱིས་ཆེར་མཐོང་བ། །ཡེ་ཤེས་ཕྱག་རྒྱ་ཡང་དག་ལྡན། །སྙིང་པོ་ཆེན་པོ་དམ་པ་སྟེ། །གང་གིས་བསོད་ནམས་མི་ལྡན་པའམ། །དེ་བཞིན་དཀྱིལ་འཁོར་མ་ཞུགས་པའང་། །དོན་ཡོད་ཐོགས་པ་མེད་མཆོག་འགྱུར། །དངོས་གྲུབ་ཐམས་ཅད་རྙེད་དཀའ་མིན། །བདེ་བ་ཆེན་པོ་རྡོ་རྗེ་ཆེ། །གསང་བ་མཆོག་གི་དམ་ཚིག་བརྟན། །དངོས་པོ་ཐམས་ཅད་སྒྲུབ་པ་སྟེར། །རྟོག་པ་ཐམས་ཅད་མྱུར་གྲུབ་བྱེད། །ཐོག་མཐའ་མེད་ཕྱིར་དང་པོར་འབྱུང་། །མཆོག་དང་དང་པོ་ཞེས་བྱར་བཤད། །ཚིག་ཀུན་གྱིས་ནི་ཅི་འདོད་དང་། །ཆགས་པ་ཀུན་གྱིས་ཅི་དགའ་བར། །རྗེས་སུ་ཆགས་པར་བགྱིའོ་ཞེས། །ཅི་བཞིན་འབབ་པའི་ཡེ་ཤེས་འཇུག །ཉེ་བའི་སྙིང་པོ་བཅས་སྙིང་པོ། །བསྐལ་པ་དང་པོར་བཅོམ་ལྡན་གསུངས། །ཧཱུྃ། དེ་ནས་འདི་ནི་གསུངས་ཙམ་གྱིས། །སངས་རྒྱས་ཐམས་ཅད་སྲས་བཅས་པ། །རྡོ་རྗེ་འཛིན་བཅས་སྣ་ཚོགས་པ། །སྐད་ཅིག་གིས་ནི་འདུས་པར་འགྱུར། །རྡོ་རྗེ་འཛིན་ཆེན་གྱིས་ཐོག་མར། །ཡུད་ཀྱི་འཇིག་རྟེན་གསུམ་པོ་འབྱུང་། །ཅི་ལྟར་འགྲོ་བ་རབ་གྲུབ་ཅེས། །བདེ་གཤེགས་རྣམས་ཀྱིས་དངོས་གྲུབ་དྲིས། །དེ་རྣམས་ཀྱི་ནི་བཀའ་གསན་ནས། །རྡོ་རྗེ་


DNG012_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་རང་གྲོལ་བ་ནི། །འབྱིན་དང་སྩོལ་དང་སྟོན་པ་པོ། །བྱེད་པས་ཚིག་ནི་འདི་སྐད་གསོལ། །ཆགས་བྲལ་གྱིས་འདུལ་འཇིག་རྟེན་རྣམས། །ཆགས་བྲལ་ཉིད་ཀྱིས་དག་པར་འགྱུར། །འདོད་ཆགས་ཆེན་པོ་བདེ་བ་ཆེ། །འདི་ནི་ཇི་ལྟར་གྲུབ་པར་འགྱུར། །དེ་ཡི་ཚིག་དེ་གསན་ནས་ནི། །རྒྱལ་བ་རང་ཉིད་ཀྱིས་གསུངས་པ། །བྱང་ཆུབ་སེམས་དེ་ཐོག་མའི་ལྷ། །ཁྱོད་ནི་ཐབས་ཆེན་ཉིད་ཡིན་ནོ། །ཇི་སྲིད་འཁོར་བའི་གནས་སུ་ནི། །མཁས་མཆོག་འདུག་པར་གྱུར་པའི་ཚེ། །དེ་སྲིད་མཚུངས་མེད་སེམས་ཅན་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །ཅི་སྲིད་སེམས་ཅན་རྣམ་རྟོག་པ། །དེ་སྲིད་བྱང་ཆུབ་སྲིད་པ་ཆེ། །བྱང་ཆུབ་སེམས་ཅན་ལ་ཕན་ཕྱིར། །རྡོ་རྗེ་ཅན་གྱིས་ཅི་བདེར་གྱིས། །དེ་ནས་ཐོག་མ་དང་དཀྱིལ་འཁོར། །དང་པོའི་དཀྱིལ་འཁོར་བྱིན་གྱིས་བརླབས། །རྡོ་རྗེ་ཀུན་གྱི་དམ་ཚིག་མཆོག །ཅི་བཞིན་ཆོ་གས་བསྒྲུབས་པ་ཉིད། །དེ་ནས་བཅོམ་ལྡན་འདས་དེ་ནི། །བདེ་བ་ཆེན་པོ་གྲུབ་ཕྱིར་དང་། །འདོད་ཆགས་ཆེན་པོ་རྣམ་དག་ཕྱིར། །གཙོ་བོས་མགོན་ལ་གསོལ་བ་བཏབ། །བཅོམ་ལྡན་ཁྱོད་ལ་གསོལ་བ་ནི། །འདོད་ཆགས་ཆེན་པོ་བདེ་བ་ཆེ། །སྙིང་པོ་འདི་ནི་རྟོག་པ་མཆོག །བདེ་ཆེན་མྱུར་དུ་གྲུབ་བྱེད་པའོ། །དེ་རྣམས་ཀྱི་ནི་བཀའ་གསན་ནས། །རྡོ་རྗེ་སེམས་དཔའ་བདེ་ཆེན་པོ། །བདེ་བ་ཆེན་པོ་རྡོ་རྗེ་ཆེ། །དཀྱིལ་འཁོར་ཆེན་པོ་བཀའ་སྩལ་ཏོ། །དེ་ནས་རབ་ཏུ་བཤད་བྱ་བ། །དཀྱིལ་འཁོར་ཆེན་པོ་དམ་པ་སྟེ། །བདེ་བ་ཆེན་པོ་རྡོ་རྗེ་མཆོག །གསང་བ་དམ་པ་ཞེས་བཤད་པའོ། །ཐོག་མར་དམ་ཚིག་གསུམ་ཐབ་པའི། །རྡོ་རྗེ་སློབ་དཔོན་རང་ཕྱག་རྒྱས། །འཁོར་ལོ་ཀུན་གྱི་ཆོ་ག་ལ། །རྟག་ཏུ་རྡོ་རྗེ་དྲིལ་འཆང་བྱ། །རྟོག་པ་ཐམས་ཅད་ཡང་དག་འབེབས། །དཀྱིལ་འཁོར་ཐམས་ཅད་སྒྲུབ་བྱེད་ཡིན། །དམ་ཚིག་ཆེ་གསུམ་ཞེས་བྱ་བའི། །རྒྱ་འདི་ཐམས་ཅད་སྒྲུབ་བྱེད་ཡིན། །དངོས་གྲུབ་ཆོ་ག་ཐམས་ཅད་ལ། །རྡོ་རྗེ་དྲིལ་བུ་རབ་བསྐུལ་བས། །ཆོ་ག་ལྷག་གམ་མ་ཚང་ཡང་། །འགྲུབ་འགྱུར་སྨད་པར་མི་བྱའོ། །ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །མཆོག་གི་དང་པོ་མཐའ་ཡས་མཆོག །བླ་ན་མེད་ཅིང་མཉམ་མེད་པ། །ནམ་མཁའ་ཀུན་ལ་རབ་ཏུ་གནས། །


DNG012_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་སྟེ་ཡི་གེ་དམ་པ་ཡིན། །དཀྱིལ་འཁོར་གནས་ནི་སྦྱང་བྱས་ལ། །དེ་ཡི་དབུས་སུ་ཆོ་ག་བཞིན། །དངོས་གྲུབ་བྱིན་རླབས་ཆོ་ག་ཡིས། །དཀྱིལ་འཁོར་དེ་ནི་གྲུབ་པར་བྱ། །གླུ་དང་རོལ་མོའི་ཆོ་ག་དང་། །མེ་ཏོག་སྤོས་སོགས་མཆོད་པ་ཡིས། །ཇི་སྙེད་པ་དང་ཅི་འདོད་པར། །མཆོག་དང་པོར་ནི་བརྟག་པར་བྱའོ། །མཆོག་གི་དང་པོར་མཐའ་ཡས་མཆོག །བླ་ན་མེད་ཅིང་དཔེ་མེད་པ། །ནམ་མཁའ་ཀུན་ལ་རབ་ཏུ་གནས། །གྲོང་ཁྱེར་དག་ནི་མི་འགྱུར་མཆོག །ཐོག་མ་མེད་མཆོག་རྟག་པ་སྟེ། །སངས་རྒྱས་འབྱུང་བའང་རབ་ཏུ་བཞུགས། །ཀུན་མཆོག་མཉམ་པ་ཉིད་རྟེན་པས། །ལྷག་དང་མ་ཚང་མེད་ཀུན་གང་། །མཐའ་དང་དབུས་མེད་ནམ་མཁའ་ནི། །འདི་ནི་དབུ་མར་རྣམ་བརྟགས་པས། །ཕྱག་རྒྱའི་སྦྱོར་བའི་ཏིང་འཛིན་གྱིས། །དེ་ཡིས་དབུས་མར་རྣམ་བརྟག་ཉིད། །དེ་ཡི་དབུས་སུ་པདྨའི་གཟུགས། །ཡུ་བར་བཅས་པ་རབ་ཏུ་གཞག །སྣ་ཚོགས་པདྨས་ཡང་དག་ཁེབས། །ཐམས་ཅད་དག་པའི་གདན་དེ་ཡིན། །དེ་ནས་སྲད་བུ་གཉིས་འགྱུར་དུ། །བྱས་པའི་ཐིག་ནི་གདབ་བྱ་སྟེ། །ནམ་མཁའ་ཀུན་གྱི་ཚད་ཡིན་ཕྱིར། །གདུལ་བྱའི་བློ་ནི་མཐའ་ཡས་པས། །ཚད་ནི་ཚད་མེད་པ་ཉིད་ཡིན། །མི་མཉམ་མེད་པས་ཟུར་བཞི་པ། །དྲན་དང་དབང་པོ་སྒོ་བཞི་སྟེ། །བསམ་གཏན་རྣམས་ཀྱི་རྟ་བབས་བཞི། །ཏིང་འཛིན་ཁྱམས་སུ་བཤད་པ་ཡིན། །ཁྱམས་ལ་བརྟེན་པའི་རྡོ་རྗེའི་བདག །གཟུངས་རྣམས་ལྷ་མོས་མཆོད་པའོ། །རྒྱན་རྣམས་ཀུན་གྱིས་བཀྲ་བ་ནི། །བསམ་པ་ཐམས་ཅད་རྫོགས་བྱེད་པའོ། །གདུལ་བས་བསྐྱོད་པ་སྣ་ཚོགས་མཆོག །དམ་ཆོས་མཆོག་སྟེ་ཀུན་དུ་འགྲོ། །རླུང་གིས་བསྐྱོད་པ་སྣ་ཚོགས་པའི། །བ་དན་རྩེར་བཏགས་དྲིལ་སྒྲ་སྒྲོགས། །མེ་ལོང་ཡེ་ཤེས་རྟག་མེ་ཏོག །བྱང་ཆུབ་ཡན་ལག་མེ་ཏོག་ཕྲེང་། །དྲ་བ་མེ་ལོང་མེ་ཏོག་ཆེ། །མེ་ཏོག་ཕྲེང་བའི་རྒྱན་གྱིས་བསྐོར། །ཀུན་གྲུབ་མི་འགྱུར་བདེ་བ་ནི། །བདེ་བ་ཆེན་པོ་ཞེས་བཤད་དོ། །བདེ་བ་ཆེན་པོའི་གཞལ་ཡས་ཁང་། །དང་པོའི་གནས་སུ་བྲི་བར་བྱ། །ཐར་པ་ཆེན་པོའི་གྲོང་ཁྱེར་མཆོག །ཀུན་མཆོག་དེ་ནི་ལེགས་བྲིས་ནས། །ཐོག་མ་ཐ་མ་མེད་པའི་དབྱིངས། །ཕྱོགས་ཀུན་མཉམ་པ་ཉིད་དུ་བསམ། །དེ་


DNG012_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཕྱི་ཡི་དཀྱིལ་འཁོར་རོ། །དེ་ཡི་ནང་གི་འཁོར་ལོ་ནི། །དཀྱིལ་འཁོར་བརྒྱད་པ་ལྟ་བུ་ཡིན། །འདི་ནི་རྣམ་ཐར་བརྒྱད་པོ་སྟེ། །དངོས་གྲུབ་ཀུན་གྱི་བདེ་བ་སྟེར། །བྱང་སེམས་ཐེག་པ་ཆེན་པོ་ཡི། །མདོ་སྡེའི་འཁོར་ལོ་རབ་བསྐོར་བས། །རྡོ་རྗེ་ཐིག་གིས་ཡོངས་བསྐོར་བ། །རྡོ་རྗེ་འཁོར་ལོ་ཡང་དག་བྲི། །དེར་ནི་སྣ་ཚོགས་པདྨ་ཆེར། །རྡོ་རྗེ་སེམས་དཔའ་དགོད་པར་བྱ། །ལུགས་མའམ་ཡང་ན་བརྐོས་པ་འམ། །བྱས་པའམ་ཡང་ན་བྲིས་པ་སྟེ། །འཛུམ་བཅས་ཟླ་བའི་མདོག་ཅན་ལ། །དམར་ཞིང་སྣ་ཚོགས་འོད་འབར་བ། །སངས་རྒྱས་ཀུན་གྱི་དབང་ལ་སོགས། །རྒྱན་དང་ན་བཟའ་སྣ་ཚོགས་པ། །སེམས་དཔའི་སྐྱིལ་ཀྲུང་དག་གིས་བཞུགས། །རྡོ་རྗེ་བསྙེམས་ཚུལ་འཆང་བའི་མཆོག །སུ་ར་ཏ་སྟྭཾ་ཞེས་བརྗོད་ཅིང་། །རང་སྙིང་པོས་ཀྱང་གཞག་པར་བྱ། །དེ་ཡི་ཕྱོགས་ནི་ཐམས་ཅད་དུ། །ཚོན་ནམ་དེ་བཞིན་ཕྱི་མ་ཡིས། །གོ་རིམས་དག་ནི་ཅི་བཞིན་དུ། །རྡོ་རྗེ་ལྷ་མོ་ཡང་དག་བྲི། །རྡོ་རྗེ་མཆོད་བསྟོད་ལ་བརྩོན་བྱ། །རྡོ་རྗེ་ཆགས་མ་མདུན་དུ་བྲི། །ལྷ་མོ་རྡོ་རྗེ་རོལ་པ་ནི། །རྡོ་རྗེ་ཅན་ལ་རབ་འཁྱུད་པ། །རྒྱབ་ཏུ་རྡོ་རྗེ་དྲན་མ་ནི། །ཆུ་སྲིན་རྒྱལ་མཚན་འཛིན་པའོ། །རྡོ་རྗེ་འདོད་པའི་དབང་ཕྱུག་མ། །རྡོ་རྗེ་ཁུ་ཚུར་གཉིས་བསྙེམས་བྲི། །དེ་ནས་འདི་རྣམས་དགོད་པའི་ཕྱག་རྒྱ་ནི། ཛཿབཛྲ་དྲིཥྚི་ས་མ་ཀེ་མ་ཊ་ཧཱུྃ། ཨོཾ་བཛྲ་ཀི་ལི་ཀི་ལི་ཧཱུྃ། བྃ་བཛྲི་ཎི་སྨ་ར་ར་ཊ། ཧོ་བཛྲ་ཀཱ་མེ་ཤྭ་རི་སྟྭཾ། མཚམས་སུ་རྡོ་རྗེ་སེམས་མ་སོགས། །དུས་ཀྱི་མཆོད་པ་ཡང་དག་བྲི། །རྡོ་རྗེ་སྦྲང་རྩི་མ་དང་སྤྲིན། །སྟོན་དང་དགུན་ནི་རྡོ་རྗེ་མ། །མེ་ཏོག་བདུག་པ་མར་མེ་ཆེ། །དྲི་སྟེ་སྤྱི་བོར་ཐལ་སྦྱར་བ། །རྡོ་རྗེ་རྒྱལ་པོའི་ལྷ་མོ་སྟེ། །དེ་ནས་ཕྱག་རྒྱ་རབ་བཤད་བྱ། །ཨོཾ་མ་དྷུ་བཛྲི་གྷུྃ་གྷུྃ། ཨོཾ་བཛྲ་མེ་གྷེ་གུ་ལུ་གུ་ལུ། ཨོཾ་ཨོཾ་ཤ་རད་བཛྲཱི། ཨོཾ་ཨོཾ། ཨོཾ་བཛྲ་ཤི་ཤི་རི་ཧཱུྃ་ཧཱུྃ། སྒེག་མོ་བཞད་མ་གླུ་ཆེན་མ། །གར་མཛད་མ་ཡི་ལྷ་མོའི་ཚོགས། །རྡོ་རྗེ་རོལ་མོ་འདི་དག་ནི། །ཕྱི་རོལ་གྱི་ནི་མཚམས་སུ་བྱ། །ཧེ་ར་ཏི་བཛྲ་མ་གྷ་བི་ལ་སི་ནི་ཏྲ་ཧ། ཧེ་ར་ཏི་བཛྲ་ནྲྀ་ཏྱཻ། བེ་བ་བེ་བ། སྒོ་ཡི་གནས་ནི་ཐམས་ཅད་དུ། །གསོལ་ཀ་བ་ནི་བཞི་པོ་སྟེ། །རྡོ་རྗེ་ལྕགས་ཀྱུ་ཞགས་པ་དང་། །ལྕགས་སྒྲོག་དེ་བཞིན་དྲིལ་མ་ཡི། །བཛྲ་ཨྃ་གུ་ཤ་ཛཿ། བཛྲ་པཱ་ཤེ་ཧཱུྃ། བཛྲ་ཤྲི་ཁ་ལེ་བཾ།


DNG012_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་གྷཎྜ་ཧོཿ། དམ་ཚིག་འདི་ནི་ཐམས་ཅད་ཀྱིས། །དགོངས་ཤིང་བརྟག་པ་ཉིད་དུ་འགྱུར། །རྡོ་རྗེ་ལྷ་མོ་ལ་སོགས་ཚོགས། །དངོས་གྲུབ་ཀུན་ལ་འབྱུང་བར་འགྱུར། །གསོལ་ཀ་བ་དང་གཡོག་མོ་ཡི། །གཙོ་མོ་ཕོ་ཉ་བྲན་མོའོ། །དེ་ནས་ཀུན་མཆོག་ལ་སོགས་པ། །མངོན་བྲིས་ཡང་དག་བསྒྲུབ་པར་བྱ། །དམ་ཚིག་མཆོག་ནི་བཅིངས་ནས་སུ། །ཛཿཧཱུྃ་བཾ་ཧོཿཞེས་བརྗོད་བྱ། །སེམས་དཔའི་སྐྱིལ་ཀྲུང་བཅས་ནས་ནི། །རྡོ་རྗེ་ཅན་གྱི་སྤྱན་སྔར་འདུག །བདེ་བ་ཆེན་པོའི་རྡོ་རྗེ་མཆོག །བདག་པོ་ལན་ཅིག་ཡང་དག་དགུག །ཧཱུྃ་མ་ཧཱ་སུ་ཁ་བཛྲ་སཏྭ།ཡ་ཧི་ཤཱི་གྷྲཾ། མ་ཧཱ་སུ་ཁ་བཛྲ་ཨ་མོ་གྷཱ་ཡ། ཨ་ནུ་པཱ་ལ་ཡ། པྲ་བུད་དྷ་སུ་ར་ཏ་སྟྭཾ་ཨ་ནུ་ར་ཀྟོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། བྷ་ག་བཱན་ནཱ་དི་ན་སཏྭ། སརྦ་སིད་དྷིམྨེ་པྲ་ཡཙྪ། ཨ་ཤེ་ཏ་མ་ཏྲི་ཥ་ཨཱ་བེ་ཤ་ཡ་ས་མ་ཡེ་ར་བད་དྷ། བ་ཤཱི་ག་རོ་མེ། ཨི་མིར་མུ་དྲཱ་པ་དཻཿཛཿཧཱུྃ་བཾ་ཧོཿ། འདི་ཡིས་བཅོམ་ལྡན་འདས་རྟག་པར། །དཀྱིལ་འཁོར་དུ་ནི་རང་ཉིད་གཤེགས། །བཀུག་ཅིང་བཅུག་ལ་ཤིན་ཏུ་བརྟན། །དབང་དུ་གྱུར་ནས་རབ་ཏུ་ཐུབ། །ཅེས་བཅོམ་ལྡན་འདས་དམ་ཚིག་ཆེན་པོས་གསུངས་སོ། །རྡོ་རྗེ་སློབ་དཔོན་རང་ལྷ་ནི། །འོད་ཟེར་ཀུན་དུ་སྟོན་ལ་སོགས། །མཚན་མ་རྣམ་པ་མང་པོ་ནི། །ངོ་མཚར་གྱུར་པ་མཐོང་བར་འགྱུར། །དེ་ནས་རྡོ་རྗེ་མཆོད་ཡོན་ནི། །རྡོ་རྗེ་ཐལ་མོ་ཁ་དབྱེས་དབུལ། །བུམ་པ་གང་དག་ཅི་སྙེད་པའི། །མེ་ཏོག་ལ་སོགས་ཀྱིས་ཀྱང་མཆོད། །བ་དན་རྩེ་མོར་དྲིལ་བཏགས་པ། །མཚམས་ཀྱི་ཆར་ནི་གཞག་པར་བྱ། །བུམ་པ་སྤོས་ཆུས་གང་བ་ལ། །རྡོ་རྗེར་བཅས་པས་བྱིན་བརླབས་པ། །ལྕུག་མ་ལ་ནི་ཡོངས་སུ་བཟླས། །དེ་ལ་བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་གི་ཆུར་བསྒྲུབ་པ་ནི་འདི་ཡིན་ཏེ། ཧཱུྃ་མ་ཧཱ་སུ་ཁ་བཛྲ་ཨ་མོ་གྷ་ས་མ་ཡོ་ད་ཀ་སིད་དྷི་ཨ་བྷི་ཥིཉྩ། སརྦ་སུ་ལ་སཽ་མ་ན་སྱཱ་ནྱཱ་ད་ད་ཀུ་རུ་ཀུ་རུ། ཛཿཧཱུཾ་བཾ་ཧོཿ། འདི་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ལ། བདག་ཉིད་ལ་རྡོ་རྗེས་དབང་བསྐུར་བར་བྱའོ། །བསང་གཏོར་བྱ་བ་དང་། འཐུངས་པས་ཀྱང་སྡུག་བསྔལ་ཐམས་ཅད་བསལ་བ་


DNG012_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

དང་བདེ་བ་ཆེན་པོ་ཐམས་ཅད་འཕེལ་བར་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །དེ་ནས་འཁོར་ལོར་མ་ཞུགས་ཀྱང་། །རང་ཉིད་ཐོག་མར་བྱུང་ཞུགས་ཤིང་། །རྡོ་རྗེ་ཀུན་གྱི་སློབ་དཔོན་ཆེ། །རྡོ་རྗེ་ཅན་གྱིས་རང་བྱིན་རློབ། །དེ་ནས་རྡོ་རྗེ་འཛིན་སློབ་དཔོན། །རང་ཉིད་ཁྲུས་བྱས་དྲིས་ལེགས་བྱུགས། །ཅི་སྙེད་པ་ཡི་རྒྱན་གྱིས་བརྒྱན། །ཤིན་ཏུ་དམར་བའི་གོས་བགོ་ཞིང་། །མེ་ཏོག་ཕྲེང་བཏགས་ཁ་དྲིས་བསྒོ། །རྣམ་སྒེག་དགའ་བའི་རྡོ་རྗེ་དང་། །རྡོ་རྗེ་གར་གྱི་སྦྱོར་བ་ཡིས། །སྤྱི་བོར་མེ་ཏོག་ཐལ་སྦྱར་ནས། །གནས་ཏེ་མགོན་ལ་ཕྱག་བྱའོ། །ཞུགས་ནས་དཀྱིལ་འཁོར་དེ་ལ་ནི། །བསྐོར་བ་དག་ནི་ལན་གསུམ་བྱ། །དེ་ནས་མདུན་དུ་འདུག་ནས་ནི། །དེ་ཁོ་ན་ཉིད་ལན་ཅིག་བརྗོད། །འདོད་ཆགས་ཆེན་པོ་བདེ་བ་ཆེ། །རྡོ་རྗེ་ཆེན་པོ་ནོར་ཆེ་བ། །ཡེ་ཤེས་ཆེན་པོ་ལས་ཆེན་པོ། །དེ་དག་རྡོ་རྗེ་སེམས་གྲུབ་བརྗོད། །དེ་ནས་མེ་ཏོག་སིལ་མ་ནི། །མགོན་ལ་གཏོར་ཏེ་ཆོ་ག་བཞིན། །དང་པོ་ཤ་ར་ལ་སོགས་པ། །བསྟོད་པ་གླུ་རུ་ལན་ཅིག་བླང་། །དེ་ནས་བཅོམ་ལྡན་འདས་ཀྱི་བསྟོད་པའི་རྒྱལ་པོ་མཚན་བརྒྱ་རྩ་བརྒྱད་པ་དེ་ཁོ་ན་ཉིད་ཆེན་པོ་ནི་འདི་ཡིན་ཏེ། དཔལ་མཆོག་དང་པོ་སེམས་དཔའ་ཆེ། །དགའ་བ་ཆེན་པོའི་དགའ་ཆེན་པོ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་བསྙེམས་ཚུལ་བདག་པོའི་བདག །སེམས་དང་སེམས་དཔའི་ཏིང་འཛིན་མཆོག །རྡོ་རྗེ་རྡོ་རྗེ་མཆོག་ཆེན་པོ། །ཀུན་ཏུ་བཟང་པོའི་སྤྱོད་པ་མཆོག །བདུད་དང་བདུད་ནི་རབ་འཇོམས་པ། །ཐམས་ཅད་ཐམས་ཅད་བྱང་ཆུབ་ཆེ། །སངས་རྒྱས་སངས་རྒྱས་སྐྱེས་མཆོག་སྐྱེས། །རྡོ་རྗེ་ཧཱུྃ་མཛད་ཡི་གེ་ཧཱུྃ། །འཇིག་རྟེན་དབང་ཕྱུག་ནོར་རབ་གསལ། །འདོད་ཆགས་ཆེན་པོ་བདེ་ཆེན་ཉིད། །འདོད་དང་ཐར་པ་ནོར་ཆེ་བ། །དུས་གསུམ་སྲིད་གསུམ་མཆོག་གསུམ་དང་། །འཇིག་རྟེན་གསུམ་མཆོག་ཁམས་གསུམ་པ། །བརྟན་པར་རང་བྱུང་གསལ་བ་སྟེ། །རབ་ཕྲ་སྦོམ་དང་ལེགས་བསགས་པ། །རྒྱུ་བ་རབ་མཆོག་ཐོབ་མཛད་པ། །སྲིད་པ་འཁོར་བ་སྦྱོང་མཛད་པ། །ཐོག་མཐའ་མེད་ཅིང་ཐོག་མཐའ་ཅན། །མདངས་ལྡན་དང་པོར་ཐམས་ཅད་གནས། །


DNG012_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོ་ཕྱག་རྒྱ་སྦྱོར་དམ་ཚིག །དེ་ཉིད་བདེན་པ་མཆོག་པ་སྟེ། །དེ་བཞིན་གཤེགས་པའི་དངོས་གྲུབ་ཆེ། །ཆོས་དང་ལས་ནི་ཁམས་ཆེན་པོ། །དམ་པའི་ཆོས་ཏེ་ལས་མཆོག་བདག །བྱང་ཆུབ་སེམས་ནི་རབ་སྦྱོང་མཛད། །རྡོ་རྗེ་ཁྲོ་བོ་ཁྲོ་བོ་ཆེ། །དུས་མཐའ་ལྟར་འབར་འདུལ་བ་པོ། །འདུལ་མཛད་ཆེན་པོ་གདུག་པའི་མཆོག །དྲག་པོ་དྲག་ཉིད་ཟད་མཛད་པ། །ཐམས་ཅད་དག་པ་པདྨ་ཆེ། །ཤེས་རབ་ཐབས་ཏེ་ཚུལ་ཆེན་པོ། །འདོད་ཆགས་དག་པའི་ཏིང་འཛིན་མཆོག །སྣ་ཚོགས་ཆགས་པ་དབང་ཕྱུག་ཆེ། །ནམ་མཁའ་མཐའ་ཡས་རྟག་པའི་དོན། །འབྱུང་པོ་ཐམས་ཅད་གནས་ཆེན་པོ། །འབྱོར་བ་ཐམས་ཅད་གནས་འབྱོར་པ། །དཔལ་དང་གཙོ་བོ་རྒྱལ་པོ་སྟེ། །བསམ་པ་ཐམས་ཅད་རྫོགས་མཛད་པ། །ཕྱག་འཚལ་ཁྱོད་ལ་ཕྱག་འཚལ་ལོ། །ཕྱག་འཚལ་འདུད་ཅིང་ཕྱག་འཚལ་ལོ། །དད་པས་ཁྱེད་ལ་བདག་བརྟེན་བགྱིད། །རྡོ་རྗེ་སེམས་དཔའ་བདག་གྲུབ་མཛོད། །གང་ཞིག་བསྟོད་པའི་རྒྱལ་པོ་འདི། །ཉིན་རེ་ནང་པར་རྗོད་བྱེད་དམ། །ཆོས་ཀྱི་ཚིག་གིས་ལན་ཅིག་བརྗོད། །དངོས་གྲུབ་ཤིན་ཏུ་མྱུར་བར་འགྱུར། །གལ་ཏེ་འདིར་གྲུབ་མི་འདོད་ན། །དང་པོར་ཉིན་རེ་དུས་གསུམ་དུ། །བསྟོད་ན་སྡིག་པ་ལས་ངེས་གྲོལ། །ཞིང་དག་པ་ནི་གྲུབ་པར་བྱེད། །རྟག་ཏུ་སྡུག་བསྔལ་ཐམས་ཅད་སེལ། །ལན་ཅིག་རབ་ཏུ་བརྗོད་པ་ཡིས། །དངོས་གྲུབ་ཐམས་ཅད་སྐལ་བཟང་བྱེད། །ཕུན་སུམ་ཚོགས་དཔལ་འཕེལ་བར་བྱེད། །དངོས་གྲུབ་དོན་ཡོད་ཡོན་ཏན་ཅན། །མཚན་བརྒྱ་རྩ་བརྒྱད་དམ་པའོ། །དེ་ནས་གསང་བའི་མཆོད་པས་ནི། །རབ་ཏུ་དགའ་བས་མགོན་ལ་མཆོད། །རང་གིས་ཕྱག་རྒྱས་ལན་ཅིག་ནི། །རང་གི་ཕྱག་རྒྱས་བཅིངས་ཏེ་གྲུབ། །དེ་ནས་ལྷ་ཡི་ཆུ་དང་ནི། །དེ་བཞིན་སྐུ་མཆོག་གིས་དབང་བསྐུར། །རང་ཉིད་རྡོ་རྗེ་ཕྱག་རྒྱ་ལ། །སྙིང་པོ་འདི་ནི་བླང་བར་བྱ། །དེ་ལ་རྡོ་རྗེ་སེམས་དཔར་དབང་བསྐུར་བའི་སྙིང་པོ་ནི་འདི་ཡིན་ཏེ། ཧཱུྃ་མ་ཧཱ་སུ་ཁ་བཛྲ་སཏྭ་ཨ་བྷི་ཥེ་ཀེ་ན་ཧྲཱྀཿཨ་བྷི་ཥིཉྩ་མི། སརྦ་བཛྲ་ཨ་བྷི་བ་ཏི་སྟྭཾ་དྲྀ་ཌྷོ་མེ་བྷ་བ་མི་དྷ་ནཱ་མ་མ་སྟེ་བྷ་ག་བན། མ་ཧཱ་བཛྲ་དྷ་ར་སུ་ར་ཏ་སྟྭཾ། མ་ཧཱ་བཛྲ་སཏྭ། ཨོཾ་བྷུར་བྷུ་བ་སྭ། དེ་ནས་རྡོ་རྗེ་དབང་བསྐུར་བ། །ཕྱག་ན་རྡོ་རྗེ་མིང་འཛིན་པ། །རྡོ་


DNG012_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་འཛིན་ཆེན་སློབ་དཔོན་དུ། །འདི་ཉིད་དུ་ནི་རབ་འགྲུབ་འགྱུར། །དེ་ནས་ཀྱང་ནི་ཅི་འདོད་པར། །ཆོ་གའི་དམ་པ་བསྒྲུབས་ནས་ནི། །རྡོ་རྗེ་གར་གྱི་མཆོད་པ་ཡིས། །ལེགས་པར་མཆོད་ལ་ཕྱིར་བྱུང་བྱ། །དེ་ནས་བརྩམས་ཏེ་རྡོ་རྗེའི་བདག །རྡོ་རྗེ་ཀུན་གྱི་གསུང་རབ་འཛིན། །རྡོ་རྗེ་ཐམས་ཅད་འཛིན་སློབ་དཔོན། །དངོས་གྲུབ་ཐམས་ཅད་གྲུབ་པར་འགྱུར། །རྡོ་རྗེ་སེམས་དཔའ་དངོས་གྲུབ་ཆེ། །ཕྱག་རྒྱ་ཀུན་བདག་དབང་ཕྱུག་ཆེ། །དྷཱིཿ། ཐམས་ཅད་མཁྱེན་པའི་རྡོ་རྗེ་ཆེ། །ལས་རྣམས་ཐམས་ཅད་དབུས་ལ་བརྟག །མི་ཚུགས་པ་དང་མི་སོད་པ། །ཀུན་བྱེད་དངོས་གྲུབ་ཐམས་ཅད་སྟེར། །སེམས་ཅན་ཀུན་གྱི་རྒྱལ་པོ་ཆེ། །ཚར་གཅོད་པ་དང་ཕན་འདོགས་ནུས། །ཐམས་ཅད་རྗེས་ཆགས་བྱེད་ཀུན་མཆོག །ཀུན་རིག་པ་དང་ཀུན་གྱི་གནས། །འདོད་པ་ཐམས་ཅད་ལ་རབ་སྦྱོར། །ཕུན་ཚོགས་ཀུན་གྱི་དབང་ཕྱུག་ཆེ། །ལྷ་ལ་སོགས་པའི་སེམས་ཅན་ཀུན། །བསྒོ་བ་ཐམས་ཅད་རྟག་ཏུ་བྱེད། །སེམས་དཔའ་ཀུན་ནི་རྟག་ཏུ་མཐོང་། །ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། །དེ་ཉིད་ཀྱིས་ནི་འདོད་པར་ལྡན། །དགའ་ཞིང་རང་ཉིད་དེ་བདག་པོར། །རྡོ་རྗེ་སློབ་དཔོན་འགྱུར་བ་ཡིན། །ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །བདེ་བ་ཆེན་པོ་རྡོ་རྗེ་སློབ་དཔོན་བྱིན་གྱིས་བརླབ་ཅིང་འཇུག་པའི་ཆོ་ག་རྒྱས་པའི་རྒྱུད་དོ།། །།དེ་ནས་སློབ་མ་འཇུག་པའི་ཆོ་ག་རྒྱས་པའི་རྒྱུད་རྗེས་སུ་བཤད་པར་བྱའོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །རྡོ་རྗེ་མཆོད་ཡོན་སྙིང་གར་བསྐོར། །བཅིངས་ནས་བསམ་གཡོས་བཞིན་གྱིས་ནི། །མགོ་བོས་ཡང་དག་ཕྱག་བྱ་བ། །དངོས་གྲུབ་ཐམས་ཅད་གྲུབ་བྱེད་ཡིན། །དཀྱིལ་འཁོར་དུ་ནི་རབ་ཞུགས་ལ། །བསྐོར་བ་ལན་གསུམ་བྱས་ནས་ནི། །འདོད་ཆགས་ཆེན་པོ་བདེ་བ་ཆེ། །འགྲོ་བ་ཀུན་ལའང་གྲུབ་མཛོད་བརྗོད། །དེ་ནས་དུས་ཀྱི་མཆོད་པ་ཡིས། །བདེ་བ་ཆེན་པོ་ཡང་དག་མཆོད། །དེ་བཞིན་དུ་ནི་དབང་བསྐུར་བར། །རྡོ་རྗེ་གསང་བའི་སློབ་མ་གཞུག །དེ་ནས་ཅི་བཞིན་བརྒྱན་ནས་ནི། །རྡོ་རྗེ་སློབ་དཔོན་གྱིས་རབ་གཞུག །སློབ་མའི་ཚོགས་རྣམས་བཅུག་ནས་ནི། །ཅི་འདོད་པ་ཡི་དངོས་གྲུབ་འཐོབ། །དེ་ནས་སློབ་མ་བཅུག་ནས་ནི། །དགའ་བ་ཆེན་པོ་འདི་བརྗོད་བྱ། །རབ་དགྱེས་


DNG012_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

རབ་བདེ་བསྟན་པ་ཡི། །རྡོ་རྗེ་སེམས་བདག་དེང་གྲུབ་མཛོད། །དེ་ནས་མེ་ཏོག་ཕྲེང་བ་ནི། །སྤྱི་བོ་ནས་ནི་མྱུར་དུ་འདོར། །གང་དུ་མེ་ཏོག་བབས་གྱུར་ཏེ། །ལྷག་པའི་ལྷར་ནི་རབ་འགྲུབ་འགྱུར། །དེ་ནས་ལྷ་ཡི་ཆུ་ཡིས་ནི། །རྡོ་རྗེ་འཛིན་དང་རང་དབང་བསྐུར། །རྡོ་རྗེ་ཆེན་པོ་རྡོ་རྗེ་ལྔ། །བྱིན་ལ་རྡོ་རྗེ་བོ་དྷི་བརྗོད། །ཨོཾ་མ་ཧཱ་སུ་ཁ་བཛྲ། བཛྲ་ཨ་བྷི་ཥེ་ཀེ་ན་སྟྭཾ། ཨ་བྷི་ཥིཉྩཱ་མི། མ་ཧཱ་བཛྲ་དྷཱ་ར། ཧེ་བཛྲ་ནཱ་མ་སིད་དྷ་ནཱ་མཿ། གང་ལ་རྡོ་རྗེ་མིང་གང་ཞིག་ཡིན་པ་དེ་ལ་ཀྱེ་ཞེས་བྱ་བའི་སྒྲ་དང་སྦྱར་བར་བྱའོ། །དེ་ནས་སྙིང་པོ་བྱིན་ལ་ཕྱག་རྒྱ་བཅིང་བ་བསླབས་ནས། ཅི་ལྟར་མངོན་པར་འདོད་པ་བསྒྲུབ་པར་བྱའོ། །རྡོ་རྗེ་སེམས་དཔའི་ཆོ་གའམ། །གང་འདོད་རང་གྲུབ་པ་དེ་ལ། །དེ་ཉིད་ཀྱིས་ནི་དམ་ཚིག་ཉིད། །འཇུག་ལ་སོགས་པའི་ཆོ་ག་བཤད། །འཇིག་རྟེན་པ་ནི་སྣ་ཚོགས་དང་། །དེ་བཞིན་འཇིག་རྟེན་འདས་པ་རྣམས། །ཐམས་ཅད་རང་གི་གོ་རིམས་ནི། །རྒྱས་པར་བསྒྲུབས་ན་རབ་ཏུ་འགྲུབ། །འདི་ལ་རབ་ཏུ་འཇུག་ཙམ་གྱིས། །མི་ཚུགས་པ་དང་མི་ལྡོག་པ། །ཉིད་དུ་རྒྱལ་བའི་སྲས་འགྱུར་ཞིང་། །བདེ་བ་ཆེན་པོ་རབ་གྲུབ་སྟེར། །དེ་ནས་རྡོ་རྗེ་འཛིན་སློབ་དཔོན། །མནའ་ནི་དམ་དུ་བསྒགས་ནས་ཀྱང་། །དེ་ཉིད་ཆོས་དང་དམ་ཚིག་ནི། །རང་ཉིད་དང་ནི་གཞན་གྱིས་བསླབ། །དེ་ལ་འདི་ནི་མནའ་གྲུབ་པའི་རྡོ་རྗེ་ཆུས་དབང་བསྐུར་ནས་བརྗོད་པར་བྱའོ། །འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་འགྲུབ་པར་འགྱུར། །དངོས་གྲུབ་རྡོ་རྗེ་བདུད་རྩི་ཆུ། །དེ་ཉིད་ཆོས་དང་དམ་ཚིག་ནི། །གལ་ཏེ་དཀྱིལ་འཁོར་མ་མཐོང་སྨྲས། །སྐྱེ་བོ་འདུག་ནང་གནས་པ་འགའ། །དད་པ་མེད་པས་བགད་པར་འགྱུར། །དེ་ལ་འདི་ནི་དེ་ཁོ་ན་ཉིད་དང་དམ་ཚིག་གི་གསང་བའི་ཆོ་ག་རབ་ཏུ་སྦྱིན་པ་ཡིན་ཏེ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་བསྙེམས་ཚུལ་བདག་པོའི་བདག །དེ་ཁོ་ན་ཉིད་མཆོག་གི་གསང་བ་ལྔའི་དེ་ཁོ་ན་ཉིད་ཆེན་པོ་བཤད་པར་བརྗོད་པར་བྱའོ། །བཅོམ་ལྡན་འདས་དེ་ཉིད་ཆོས་ཀྱི་མཆོག་བཀའ་སྩལ་པར་མཛད། སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་


DNG012_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་བྱས། །རང་བཞིན་དག་པའི་སེམས་དཔའ་མཆོག །སྲིད་པ་མཆོག་ནི་བྱེད་པ་ཡིན། །དེ་ལ་སྲིད་པ་རྣམ་པར་དག་པའི་ཐབས་རྟོག་པ་ཐམས་ཅད་ཀྱི་གསང་བའི་མཆོག་དམ་ཚིག་ཆེན་པོ་བསྟེན་པར་བྱ་བ་ནི་འདི་ཡིན་ཏེ། སྲིད་པའི་བདེ་བ་ཤིན་ཏུ་ཆུང་། །སྡུག་བསྔལ་ཆེན་པོ་དག་བྱའི་ཕྱིར། །ཤིན་ཏུ་བདེ་བ་དམ་པའི་ཐབས། །དམ་ཚིག་རྟག་ཏུ་བསྟེན་པར་བྱ། །འདོད་པའི་ལོངས་སྤྱོད་ཐམས་ཅད་ནི། །ཅི་འདོད་པར་ནི་བསྟེན་བཞིན་དུ། །རང་གི་ལྷག་པའི་ལྷར་སྦྱོར་བས། །བདག་དང་གཞན་ལ་མཆོད་པར་བྱ། །དེ་ལ་རྟོག་པ་ཐམས་ཅད་ཀྱི་གསང་བའི་མཆོག་གི་དམ་ཚིག་ཆེན་པོ་འདི་བརྗོད་པར་བྱ་སྟེ། ཅི་སྲིད་འཁོར་བའི་གནས་སུ་ནི། །མཁས་མཆོག་འདུག་པར་གྱུར་པའི་ཚེ། །དེ་སྲིད་མཚུངས་མེད་སེམས་ཅན་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །གསང་བ་མཆོག་གི་དམ་ཚིག་ཐབས། །བསོད་ནམས་བྱིན་རླབས་སྒྲུབ་བྱེད་པ། །དངོས་གྲུབ་ཀུན་གྱི་དབང་ཕྱུག་མཆོག །རྒྱུན་དུ་སེམས་ཅན་དོན་བྱེད་པའོ། །དེ་ལྟར་སེམས་ནི་རབ་དང་རྡོ་རྗེ་ཉིད་དུ་གྱིས། །རང་གི་དམ་ཚིག་མི་ཟད་བདེ་སྐྱིད་བསྟེན་པར་གྱིས། །དེ་ནི་འགྲོ་བ་མྱུར་དུ་བདེ་བ་སངས་རྒྱས་ཐམས་ཅད་དང་། །རབ་ཏུ་མཚུངས་ཤིང་རྟག་པ་ཉིད་དུ་རྟོགས་པར་འགྱུར། །དེ་ནས་ཁྱེད་ཀྱིས་བཅུད་དང་། ཁ་ཟས་དང་གནས་པ་དང་གླུ་དང་རོལ་མོ་ལ་སོགས་པའི་མཆོད་པ་རྣམས་ལེགས་པར་བསྟབས་པ་བས་བདག་ཉིད་གང་ལ་སྲེད་པས་ཀྱང་རྡོ་རྗེ་སློབ་དཔོན་ཆེན་པོ་མཆོད་པར་བྱའོ། །རྡོ་རྗེ་སློབ་དཔོན་མེ་ཏོག་སོགས། །ཅི་འདོད་པར་ནི་ལེགས་མཆོད་ཅིང་། །རྡོ་རྗེ་གར་གྱི་མཆོད་པ་ཡིས། །ཡང་དག་པར་ནི་མཆོད་དེ་བྱུང་། །དེ་ནས་རྡོ་རྗེ་འཛིན་སློབ་དཔོན། །གར་གྱི་མཆོད་པས་མཆོད་ནས་ནི། །རྡོ་རྗེ་ཐལ་མོའི་སྦྱོར་བ་ཡིས། །སློབ་མ་ཀུན་གྱིས་རབ་ཏུ་མཆོད། །རོ་དང་ཁ་ཟས་གནས་པ་དང་། །གླུ་དང་རོལ་མོ་ཅི་འདོད་པས། །རྡོ་རྗེ་སེམས་དཔའ་དེ་བཞིན་བདག །ཡང་དག་མཆོད་ནས་ཕྱིར་བྱུང་བྱ། །དཔལ་མཆོག་དང་པོ་ཞེས་བྱ་བའི་དཀྱིལ་འཁོར་མཆོག་ཏུ་གསང་བའོ།། །།དེ་ནས་བསྒྲུབ་པ་བཤད་བྱ་བ། །དངོས་གྲུབ་ཤིན་ཏུ་རྟག་པ་སྟེ། །གང་གིས་སྲིད་པ་འདི་ཉིད་ལ། །དངོས་གྲུབ་རྟག་པ་ཐོབ་བྱེད་པའོ། །འདི་ཡིས་བྱང་ཆུབ་སེམས་དཔའ་ནི། །སྲིད་པར་གནས་ཤིང་སྲིད་པར་སངས། །དངོས་གྲུབ་ཀུན་གྱི་དབང་ཕྱུག་གྲུབ། །


DNG012_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་ཏུ་སེམས་ཅན་ཀུན་དོན་བྱེད། །འདི་ཡི་ཅི་ལྟར་མཆོག་གྲུབ་པ། །དེ་ལྟར་བྱང་ཆུབ་སྤྱོད་སོགས་པས། །དགེ་བའི་ཚུལ་ནི་གཞན་གྱིས་ཀྱང་། །སངས་རྒྱས་ཀུན་སོགས་ཐོབ་མི་འགྱུར། །འདུལ་བྱ་མིན་པ་བསོད་ནམས་མེད། །སངས་རྒྱས་རྡོ་རྗེ་འཛིན་པ་ནི། །རྣམ་པ་ཀུན་དུ་མཐོང་སོགས་ཀྱིས། །སེམས་ཅན་དོན་བྱེད་མི་ནུས་སོ། །དེ་བས་རྒྱུད་ཆེན་ལས་གྲུབ་པ། །སངས་རྒྱས་སམ་ནི་རྡོ་རྗེ་འཛིན། །མཐོང་ལ་སོགས་པ་སེམས་ཅན་དོན། །ནམ་མཁའ་མཉམ་པར་བྱེད་པ་ཡིན། །འདོད་ཆགས་ཆེན་པོ་བདེ་བ་ཆེ། །སྲིད་པའི་ངེས་པ་དྲི་མ་མེད། །ནམ་མཁའ་མཐའ་ཡས་སེམས་ཅན་དོན། །མྱ་ངན་མི་འདའ་བྱེད་པ་ཡིན། །དཀྱིལ་འཁོར་དག་ཏུ་མ་ཞུགས་པའམ། །བསོད་ནམས་མེད་པའམ་ལེ་ལོ་ཅན། །དེ་ཡང་ཀུན་མཆོག་གྲུབ་པ་ཡིས། །ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། །ཞེས་བཅོམ་ལྡན་འདས་དོན་ཡོད་གྲུབ་པ་རྡོ་རྗེ་སེམས་དཔས་གསུངས་སོ། །དེ་ནས་དོན་ཡོད་ཅིང་ཐོགས་པ་མེད་པ་མྱུར་དུ་སྒྲུབ་པའི་མཆོག་རྗེས་སུ་བཤད་པར་བྱའོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །ལུགས་མའམ་ནི་བརྐོས་པའམ། །བྱས་པའམ་ནི་བྲིས་པ་ཡི། །དང་པོའི་སེམས་དཔའ་བརྟགས་ནས་ནི། །མདུན་དུ་དེ་ནི་བསྒྲུབ་པར་བྱ། །ཉིན་རེ་ཞིང་ནི་དང་པོ་རུ། །དེ་བཞིན་ཡུལ་དང་ལྡན་གྱུར་པས། །དང་པོའི་གསང་མཆོག་གིས་བཀུག་སྟེ། །ཕྱག་རྒྱ་ཆེན་པོ་རབ་བྱིན་བརླབ། །རྡོ་རྗེ་མིག་གིས་དེ་བཞིན་བལྟས། །རྡོ་རྗེ་བསྙེམས་ཚུལ་བདག་པོ་རང་། །རྡོ་རྗེ་ཧཱུཾ་ནི་གླུར་བླངས་པས། །རྡོ་རྗེ་སེམས་དཔའ་བསྒྲུབ་པར་བྱ། །རྡོ་རྗེ་ཆ་ལུགས་ཅི་བཞིན་དུ། །མཆོག་གི་དང་པོ་རབ་ཏུ་དགྱེས། །གཟུགས་བརྙན་ལ་སོགས་དང་པོར་ནི། །ཅི་འདོད་པར་ནི་རབ་ཏུ་བསྒྲུབ། །འདི་ཡིས་འདོད་པ་ཀུན་དབང་ཕྱུག །འདོད་པ་ཙམ་གྱིས་འགྲོ་འོང་ལྡིང་། །དངོས་གྲུབ་ཀུན་གྱིས་དབང་ཕྱུག་གྲུབ། །ཀུན་མཆོག་དང་པོའི་དབང་ཕྱུག་ཡིན། །ཕུན་སུམ་ཚོགས་ཀུན་བདག་ཐམས་ཅད། །འདོད་ཆགས་ཆེན་པོ་བདེ་བ་ཆེ། །ཐམས་ཅད་འཇུག་མཛད་སྣ་ཚོགས་པ། །རྟག་པར་ཀུན་དུ་འདུལ་བའོ། །དངོས་གྲུབ་ཀུན་གྱི་བདེ་བ་མཆོག །ཕྱག་རྒྱ་ཀུན་བདག་དབང་ཕྱུག་ཡིན། །རྡོ་རྗེ་ཀུན་གྱི་དངོས་གྲུབ་ཆེ། །ཐམས་ཅད་མཁྱེན་པའི་འབྱུང་གནས་ཆེ། །མི་ཚུགས་པ་དང་མི་སོད་པ། །ཐམས་ཅད་བྱེད་ཅིང་ཀུན་གྱི་གནས། །


DNG012_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་གསུམ་ལས་རྒྱལ་སྣ་ཚོགས་པ། །ཚར་གཅོད་པ་དང་ཕན་འདོགས་པ། །ཀུན་ལ་རྗེས་ཆགས་ཀུན་གྱི་མཆོག །ཀུན་རིག་དངོས་གྲུབ་ཐམས་ཅད་སྟེར། །འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །རང་གི་རྣམ་འཕྲུལ་རབ་སྟོན་བྱེད། །ཀུན་མཆོག་དངོས་གྲུབ་ཆེན་པོ་སྟེ། །དབང་ཕྱུག་ཆེན་པོའི་དབང་ཕྱུག་ཆེ། །གཟུགས་དང་ཚེ་སྟོབས་རྡོ་རྗེ་མཆོག །རྡོ་རྗེ་སེམས་དཔའ་གཉིས་པ་བཞིན། །འགྲོ་བ་རྣམས་ཀྱིས་མཆོད་ཅིང་བརྗོད། །རང་གི་གཉེན་རྣམས་ཀྱིས་བརྟེན་པ། །རྒྱལ་པོ་རྡོ་རྗེ་འཆང་ཆེན་ལྟར། །རྒ་དང་འཆི་བ་མེད་པར་འགྱུར། །གལ་ཏེ་རྡོ་རྗེ་སེམས་དཔའ་འམ། །སངས་རྒྱས་བྱང་ཆུབ་སེམས་ཉིད་འདོད། །དངོས་གྲུབ་ཅི་ལྟར་འདོད་པ་ཉིད། །ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། །ཕྱི་མའམ་ནི་འཇིག་རྟེན་པ། །རྟོག་པ་ཀུན་བཤད་ཆོ་གའམ། །རང་ཉིད་ཀྱིས་མཛད་ཀྱིས་རྟག་ཏུ། །དངོས་གྲུབ་ཐམས་ཅད་འགྲུབ་འགྱུར་ཞེས། །བཅོམ་ལྡན་རྡོ་རྗེ་དངོས་གྲུབ་ཀྱི། །དབང་ཕྱུག་བདེ་བ་ཆེན་པོ་ནི། །རྡོ་རྗེ་འཆང་པ་ཆེ་རྒྱལ་པོ། །ཀུན་མཆོག་ས་ཡི་དབང་པོས་གསུངས། །དེ་ལ་ཅི་ལྟར་ན་རང་གི་ཕྱག་རྒྱ་སྒྲུབ་པའི་རྒྱུད་ཡིན་ཞེ་ན། ཕྱག་རྒྱ་ཆེན་པོར་མཉམ་གཞག་ལ། །རང་གི་སྙིང་པོས་ལན་ཅིག་སྒྲུབ། །དྲྀ་ཌྷ་སུ་ཏོ་ཥྱ་སྃ་རཀྟ། སུ་པོ་སིཌྜྷ་ཏ་ལ་གུ། དེ་ལ་ཅི་ལྟར་ཡི་གེ་ཧཱུྃ་གི་གླུ་བླངས་པའི་རྒྱུད་ཡིན་ཞེ་ན། རི་དྷི་ཏ་སོགས་ཀྱིས་བརྒྱན་ལྡན། །ཅི་ནུས་པ་དང་ཅི་དགའ་དང་། །གཎྜ་ལ་སོགས་གླུ་བླངས་པའི། །ཡི་གེ་ཧཱུྃ་གིས་འགྲུབ་པར་འགྱུར། །དེ་ནས་ཕྱག་རྒྱ་ཐམས་ཅད་ཀྱི། །མཆོག་དེ་སྒྲུབ་པའི་རྒྱུད་བཤད་དེ། །གལ་ཏེ་ཕྱག་རྒྱ་སྒྲུབ་འདོད་ན། །དེ་བཞིན་ཡུལ་དང་ལྡན་གྱུར་པས། །རང་ཉིད་ཀྱིས་ནི་རྒྱ་བཅིངས་ལ། །ཡོངས་སུ་མི་སྐྱོའི་བར་དུ་བསྒྲུབ། །དེ་ལ་ཅི་ལྟར་ན་དམ་ཚིག་ཐམས་ཅད་གྲུབ་པའི་རྒྱུད་ཡིན་ཞེ་ན། དམ་ཚིག་ཕྱག་རྒྱ་བཅིངས་ནས་ནི། །ས་མ་ཡ་སྟྭཾ་ཞེས་བརྗོད་ལ། །རང་གི་སྙིང་གར་རིམ་བཞིན་དུ། །ཕྱག་རྒྱའི་མཆོག་དེ་བསྒྲུབ་པར་བྱ། །དེ་ནས་ལས་ཀྱི་ཕྱག་རྒྱའི་མཆོག་སྒྲུབ་པའི་རྒྱུད་ནི། ) རྡོ་རྗེ་གར་གྱི་མཆོད་པ་ཡིས། །ཡོངས་སུ་མི་སྐྱོའི་བར་བསྒྲུབས་ན། །མཆོད་པ་ཀུན་སོགས་ལས་རྣམས་ནི། །ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། །རྡོ་རྗེ་འཆང་ཆེན་ཉིད་དང་ནི། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཉིད། །གཞན་ཡང་དངོས་གྲུབ་ཐམས་ཅད་ནི། །དམ་པ་མྱུར་དུ་འགྲུབ་པར་འགྱུར། །རྟོག་པ་ཐམས་ཅད་ཀྱི་སྒྲུབ་པ་ཆེན་པོ་དོན་ཡོད་པར་འགྲུབ་པའི་ཆོ་ག་རྒྱས་པའི་རྒྱུད་དོ།། །།


DNG012_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རྟོག་པ་ཐམས་ཅད་སྒྲུབ་པའི་དངོས་གྲུབ་ཀྱི་རྒྱུད་ནི། ཉིན་རེ་ཞིང་དང་པོར་ལན་ཅིག་ཕྱག་རྒྱ་བསྒྲུབ་པར་དོན་ཡོད་པ་དངོས་གྲུབ་ཐོགས་པ་མེད་པར་བཤད་པར་བྱའོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །ཐམས་ཅད་རྗེས་སུ་མཉེས་པར་བྱ་བ་དང་། དགུག་པ་དང་བཅིང་བ་དང་དབང་དུ་བྱ་བ་བསྒྲུབ་པ་ལ་ནི་བདེ་བ་ཆེན་པོའི་རྡོ་རྗེ་ལྟ་བས་སོ། །བདེ་བ་དང་ཡིད་བདེ་བ་དང་ཕུན་སུམ་ཚོགས་པ་དང་དངོས་གྲུབ་ཐམས་ཅད་མངོན་པར་འཕེལ་བར་བྱ་བ་ལ་ནི་བདེ་བ་ཆེན་པོའི་རྡོ་རྗེ་ཆོས་ཀྱིས་སོ། །ཚེ་དང་ལང་ཚོ་དང་གཟུགས་དང་གཟི་བྱིན་ཆེན་པོ་མངོན་པར་འཕེལ་བར་བྱ་བ་ལ་ནི་དང་པོའི་རྡོ་རྗེ་བཅུད་ཀྱིས་ལེན་གྱིས་སོ། །དཔལ་ཆེན་པོ་དང་སྐལ་བ་བཟང་པོ་དང་། གྲགས་པ་དང་། སྙན་པ་འཕེལ་བར་བྱ་བ་ལ་ནི་དང་པོ་ནི་རྡོ་རྗེ་གྲུབ་པས་སོ། །སྟོབས་ཆེན་པོ་དང་། ཡེ་ཤེས་དང་། ཆོས་དང་ལས་བསྒྲུབ་པར་བྱ་བ་ལ་ནི་དང་པོའི་རྡོ་རྗེ་སྙིང་སྟོབས་ཆེ་བས་སོ། །རྫུ་འཕྲུལ་དང་ཆོ་འཕྲུལ་དང་རྨད་དུ་བྱུང་བ་དང་། རྣམ་པར་འཕྲུལ་པ་ཐམས་ཅད་སྟོན་པ་ལ་ནི་དང་པོའི་རྡོ་རྗེའི་རྣམ་པར་འཕྲུལ་པས་སོ། །ཐམས་ཅད་དུ་ཡི་གེ་དང་གཟུགས་ཀྱི་བདེན་པ་ཐམས་ཅད་མཐོང་བ་དང་ཐོས་པ་དང་སྨྲ་བ་དང་འདྲི་བ་གྲུབ་པར་བྱ་བ་ལ་ནི་དང་པོའི་རྡོ་རྗེ་དོན་ཡོད་པའི་བདེན་པས་སོ། །དབང་པོ་ཐམས་ཅད་ཀྱིས་བདེན་པ་ཐམས་ཅད་མཐོང་བ་དང་ཐོས་པ་དང་སྨྲ་བ་དང་ཟིལ་གྱིས་གནོན་པར་བྱ་བ་ལ་ནི་དང་པོའི་རྡོ་རྗེ་དོན་ཡོད་པའི་བདེན་པས་སོ། །སྒྱུ་མ་ཐམས་ཅད་དང་བདེ་བའི་མཆོག་དང་ལུང་བསྒོ་བ་དང་ལན་ཐོབ་པ་གྲུབ་པ་ལ་དང་པོའི་རྡོ་རྗེ་རྨད་དུ་བྱུང་བས་སོ། །གཏེར་ཐམས་ཅད་དབྱུང་བ་དང་ནོར་དབྲོག་པ་དང་རྒྱལ་སྲིད་ཐོབ་པ་དང་། ས་ལ་ཉེ་བར་ལོངས་སྤྱོད་པ་ལ་ནི་དང་པོའི་རྡོ་རྗེས་དབང་བསྐུར་བས་སོ། །ཡུལ་ཐམས་ཅད་དང་སྐྱེ་བོ་དང་གྲོང་ཁྱེར་དང་། ནགས་དང་ཆུ་བོར་ཉེ་བར་ལོངས་སྤྱོད་པ་སྤྲུལ་པ་ལ་ནི་དང་པོའི་རྡོ་རྗེ་གྲུབ་པས་སོ། །ཐམས་ཅད་ལས་སྔོན་མ་བྱུང་བའི་ལྷ་ཡུལ་དང་རིན་པོ་ཆེ་དང་ཁ་ཟས་དང་བཏུང་བ་དང་གཡོག་འཁོར་ལ་སོགས་པ་སྤྲུལ་ཏེ། ཉེ་བར་ལོངས་སྤྱོད་པ་ལ་ནི་དང་པོའི་རྡོ་རྗེ་སྤྲུལ་པས་སོ། །སྐད་ཅིག་གིས་ས་གཞི་ཐམས་ཅད་འབྲུ་ལ་སོགས་པ་སྨིན་པར་བསྐྱེད་པ་དང་། ཆུའི་ཕུང་པོ་ཆེན་པོ་འབྱུང་བ་དང་།


DNG012_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་ཆེན་པོ་བསྐྱེད་པ་དང་རླུང་ཐམས་ཅད་དབང་དུ་བྱ་བ་ལ་ནི་དང་པོའི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་གིས་སོ། །རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་ཐམས་ཅད་བཟའ་བ་དང་བཏུང་བ་དང་རང་རྩེར་གཞུག་པ་དང་ལས་ཐམས་ཅད་ལ་སྦྱར་བ་ལ་ནི། དང་པོའི་རྡོ་རྗེ་དོན་ཡོད་པའི་ཐམས་ཅད་དབང་དུ་བྱེད་པས་སོ། །དངོས་གྲུབ་ཐམས་ཅད་ལས་དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་དང་རྡོ་རྗེ་འཛིན་པ་དང་རྡོ་རྗེ་ལ་སོགས་པ་མཐོང་བ་ལ་ནི་དང་པོའི་རྡོ་རྗེའི་བསྙེམས་པས་སོ། །རང་གི་བདག་ཉིད་རྡོ་རྗེ་སེམས་དཔའ་ལ་སོགས་པའི་གཟུགས་ཐམས་ཅད་སྤྲུལ་ཅིང་སྟོན་པ། མི་སྣང་བ་དང་ནམ་མཁར་འགྲོ་བ་གྲུབ་པ་དང་། ཤིན་ཏུ་ཕྲ་བ་དང་སྦོམ་པ་དང་དུ་མར་སྟོན་པ་ལ་ནི་དང་པོའི་རྡོ་རྗེ་གཟུགས་སྣ་ཚོགས་པས་སོ། །འཇིག་རྟེན་གསུམ་གྱི་བདག་པོར་གྱུར་པ་ཐམས་ཅད་དབབ་པ་དང་། དབང་དུ་བྱ་བ་དང་བཅིང་བ་དང་། ལས་ཐམས་ཅད་ལ་སྦྱར་བ་ལ་ནི་དང་པོའི་རྡོ་རྗེ་ཧཱུྃ་མཛད་ཀྱིས་སོ། །ལྷ་ཐམས་ཅད་དབབ་པ་དང་བཅིང་བ་དང་དབང་དུ་བྱ་བ་དང་ལས་ཐམས་ཅད་ལ་ངེས་པར་སྦྱར་བ་ལ་ནི་དང་པོའི་རྡོ་རྗེ་ལྷའི་བདག་པོས་སོ། །ཀླུ་ཐམས་ཅད་གདོན་པ་དང་། འདུལ་བ་དང་དབང་དུ་བྱ་བ་དང་ལས་ཐམས་ཅད་ལ་ངེས་པར་སྦྱར་བར་བྱ་བ་ལ་ནི་དང་པོའི་རྡོ་རྗེ་འབར་བའི་རྡོ་རྗེས་སོ། །གནོད་སྦྱིན་ལ་སོགས་པ་ཐམས་ཅད་དགུག་པ་དང་དབང་དུ་བྱ་བ་དང་ལས་ཐམས་ཅད་ལ་ངེས་པར་སྦྱར་བར་བྱ་བ་དང་སྐྲག་པར་བྱ་བ་ལ་ནི་དང་པོའི་རྡོ་རྗེ་གདོན་འདུལ་བས་སོ། །དཀྱིལ་འཁོར་ཐམས་ཅད་བརྟག་པ་དང་འཇུག་པ་དང་མཆོད་པ་དང་བསྒྲུབ་པ་དང་ལས་ཐམས་ཅད་ལ་ངེས་པར་སྦྱར་བར་བྱ་བ་ལ་ནི་དང་པོའི་རྡོ་རྗེ་འཁོར་ལོས་སོ། །ཕྱག་རྒྱ་ཐམས་ཅད་དགུག་པ་དང་བཅིང་བ་དང་དབང་དུ་བྱ་བ་དང་བརྟན་པར་བྱ་བ་དང་བསྒྲུབ་པ་ལ་ནི་དང་པོའི་རྡོ་རྗེ་ཕྱག་རྒྱ་གྲུབ་པས་སོ། །དམ་ཚིག་ཐམས་ཅད་དགུག་པ་དང་གཞུག་པ་དང་བཅིང་བ་དང་བསྒྲུབ་པ་ལ་ནི་དང་པོའི་རྡོ་རྗེ་དམ་ཚིག་མཆོག་གིས་སོ། །ལས་ཐམས་ཅད་རབ་ཏུ་བསྒྲུབ་པ་ལ།རྣམ་པར་མི་འཇིགས་པར་བྱ་བ་དང་བརྟན་པར་བྱ་བ་དང་གྲགས་པ་ཆེན་པོ་རབ་ཏུ་བསྒྲགས་པ་ལ་ནི་དང་པོའི་རྡོ་རྗེ་ལས་ཀྱིས་སོ། །རྡོ་རྗེ་ཐམས་ཅད་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱ་བ་བསྒྲུབ་པ་ལ་ནི་དང་པོའི་རྡོ་རྗེས་སོ། །སེམས་དཔའ་ཆེན་པོ་ཐམས་ཅད་དགུག་


DNG012_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱ་བ་བསྒྲུབ་པ་ལ་ནི་དང་པོའི་རྡོ་རྗེ་སེམས་དཔས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱ་བ་བསྒྲུབ་པ་ལ་ནི་དང་པོའི་དེ་བཞིན་གཤེགས་པས་སོ། །རྡོ་རྗེ་འཛིན་པ་ཆེན་པོ་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱ་བ་ལ་ནི་དང་པོའི་རྡོ་རྗེ་འཛིན་པས་སོ་ཞེས་ཀྱང་གསུངས་སོ། །དཀྱིལ་འཁོར་དག་ཏུ་མ་ཞུགས་པའམ། །སྡིག་པ་ཐམས་ཅད་བྱས་པ་འམ། །རང་གི་སྙིང་པོ་མ་བསྒྲུབས་པའམ། །དངོས་གྲུབ་ཐམས་ཅད་གྲུབ་པར་འགྱུར། །མ་བསྒྲུབས་པར་ཐམས་ཅད་འགྲུབ་བོ། །དོན་ཡོད་པར་གྲུབ་པ་ཕྱག་རྒྱ་ཆེན་པོ་མཆོག་ཏུ་གྲུབ་པའོ།། །།དེ་ནས་དང་པོའི་སྙིང་པོ་མ་བསྒྲུབས་པའི་ཐམས་ཅད་དོན་ཡོད་པ་ཐོགས་པ་མེད་པ་ལས་ཐམས་ཅད་ཀྱི་རྒྱུ་སྐད་ཅིག་ལ་བསྒྲུབ་པ་རྗེས་སུ་བཤད་པར་བྱའོ། །ཞེས་བཅོམ་ལྡན་འདས་རྡོ་རྗེ་ཐམས་ཅད་ཀྱི་སྣ་ཚོགས་པའི་ཕྲིན་ལས་རྡོ་རྗེ་འཆང་ཆེན་པོས་གསུངས་སོ། །དོན་ཡོད་པ་དང་ཐོགས་མེད་པ། །བདག་ཀྱང་བདེ་གཤེགས་ལྷན་ཅིག་ཏུ། །ལས་ཀྱི་རབ་འབྱམ་འདི་དག་ནི། །དངོས་གྲུབ་སྐད་ཅིག་གིས་གྲུབ་བྱེད། །འདི་ལྟ་སྟེ་ཐམས་ཅད་ཤིན་ཏུ་བསྲུང་བ་དང་། ཡོངས་སུ་བསྐྱང་བ་དང་ཞི་བ་དང་བདེ་ལེགས་སུ་བྱ་བ་དང་ཚེ་མངོན་པར་འཕེལ་བར་བྱ་བ་ལ་ནི་རྡོ་རྗེ་གར་གྱི་སེམས་དཔའི་ཚུལ་གཙུག་ཏོར་གྱི་ཕྱག་རྒྱས་སོ། །དཀྱིལ་འཁོར་ཐམས་ཅད་མཚམས་དང་ཕྱོགས་དང་དམ་ཚིག་དང་དངོས་གྲུབ་བཅིང་ཞིང་བསྲུང་བ་ལ་ནི་རྡོ་རྗེ་གར་གྱི་སོ་སོར་འབྲང་བ་ཆེན་པོས་སོ། །ཉིན་གསུམ་པ་དང་ཉིན་བཞི་པ་དང་སླར་ཟློས་པ་དང་རྟག་པ་ཅན་དང་ཁྱབ་འཇུག་གི་རིམས་ཐམས་ཅད་བསལ་བ་ལ་ནི་རྡོ་རྗེ་གར་གྱི་རིམས་ནད་མེད་པས་སོ། །གདུང་བ་ཐམས་ཅད་དང་གནོད་བྱེད་དང་ནད་དང་མྱ་ངན་དང་སྡུག་བསྔལ་ཐམས་ཅད་གཞིག་པ་ལ་ནི་རྡོ་རྗེ་གར་གྱི་སྡུག་བསྔལ་ཉེ་བར་ཞི་བས་སོ། །དུག་དང་སྦྱར་བའི་དུག་ལས་ཉེ་བར་ཐར་བ་དང་དབབ་པ་དང་བཅིང་བ་དང་བཟའ་བ་དང་བདུད་རྩིར་བྱ་བ་ལ་ནི་རྡོ་རྗེ་གར་གྱི་ཉེ་བའི་དུག་གིས་སོ། །གདོན་ཐམས་ཅད་དབབ་པ་དང་བཅིང་བ་དང་དམ་ཚིག་འཛིན་དུ་གཞུག་པ་དང་རབ་ཏུ་གདུལ་བ་དང་། བསྲུང་བ་ལ་ནི་རྡོ་རྗེ་གར་གྱི་གདོན་ལས་ཐར་བའོ། །


DNG012_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ལ་བཅིང་བ་དང་ཐར་བ་དང་དྲལ་བ་དང་ལྟུང་བ་དང་ལྡང་བ་ལ་ནི་རྡོ་རྗེ་གར་གྱི་རྡོ་རྗེ་ཆེན་པོའི་ཁྲོ་བོས་སོ། །མཁའ་འགྲོ་མ་ཐམས་ཅད་ཀྱི་ཕྱག་རྒྱ་གཞིག་པ་དང་གདོན་ལས་ཐར་བར་བྱ་བ་དང་ཤི་བ་བསླང་བར་བྱ་བ་དང་ཚེ་མངོན་པར་འཕེལ་བ་དང་ཤིན་ཏུ་བསྲུང་བ་ལ་ནི་རྡོ་རྗེ་གར་གྱི་ཕྱག་རྒྱའི་ལན་གྱིས་སོ། །སྒྲིབ་པ་ཐམས་ཅད་དང་། སྡིག་པ་ཐམས་ཅད་དང་། རྨི་ལམ་ངན་པ་དང་། ལྟས་ངན་པ་དང་བྱུར་གཞིག་པ་ལ་ནི་རྡོ་རྗེ་གར་གྱི་ཞི་བས་སོ། །ཐམས་ཅད་དབབ་པ་དང་། བསྐྱོད་པ་དང་གར་བྱེད་དུ་གཞུག་པ་དང་ཐམས་ཅད་བདེན་པར་སྨྲར་གཞུག་པ་དང་། པྲ་སེ་ན་ཐམས་ཅད་བསྒྲུབ་པ་ལ་ནི་རྡོ་རྗེ་གར་གྱི་ཐམས་ཅད་འབེབས་པའི་ཕྱག་རྒྱས་སོ། །ཐམས་ཅད་རྒྱས་གདབ་པ་དང་གསད་པ་དང་ལྟུང་བར་བྱ་བ་དང་བསླང་བ་དང་། སླར་གསོ་བ་ལ་ནི་དོན་ཡོད་གྲུབ་པའི་རྡོ་རྗེ་གར་གྱི་མཁའ་འགྲོ་མ་ཆེན་མོས་སོ། །ཐམས་ཅད་རེངས་པར་བྱ་བ་དང་རྨོངས་པར་བྱ་བ་དང་གཉིད་ལོག་པར་བྱ་བ་དང་གསད་པ་དང་བཟའ་བར་བྱ་བ་ལ་ནི་རྡོ་རྗེ་གར་གྱི་གདུག་པའི་སྲིན་པོས་སོ། །གཞན་གྱི་དཔུང་ཐམས་ཅད་སྐྲག་པར་བྱ་བ་དང་གཞིག་པར་བྱ་བ་དང་དབང་དུ་བྱ་བ་དང་ལྟུང་བར་བྱ་བ་དང་གསད་པར་བྱ་བ་ལ་ནི་རྡོ་རྗེ་གར་གྱི་གཤེད་བྱེད་ཀྱིས་སོ། །ཁྲོ་བོ་ཐམས་ཅད་གསལ་བ་དང་བཞིན་རས་དང་བར་བྱ་བ་དང་རྩོད་པ་ལས་རྒྱལ་བ་དང་འཇིགས་པ་ལས་ཐར་བ་དང་གཡུལ་འགྱེད་པ་ལས་རྒྱལ་བ་བསྒྲུབ་པ་ལ་ནི་རྡོ་རྗེ་གར་གྱི་རྒྱལ་མཚན་མཆོག་གི་དཔུང་རྒྱན་གྱིས་སོ། །སྤྲིན་ཐམས་ཅད་ཡང་དག་པར་བཟུང་ཞིང་མི་གཡོ་བར་བྱ་བ་དང་ཆར་ཆེན་པོ་དབབ་པ་དང་རླུང་དང་ཆར་བ་དང་གློག་དང་སེར་བ་བཟློག་པ་དང་དྲོ་བ་དང་གྲང་བ་བསལ་བ་ལ་ནི། རྡོ་རྗེ་གར་གྱི་དབང་པོའི་རྡོ་རྗེས་སོ། །གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་ཐམས་ཅད་ཤིན་ཏུ་གྲུབ་པ་ལ་ནི། རྡོ་རྗེ་གར་གྱི་འདོད་པའི་དབང་ཕྱུག་གིས་སོ། །རྒྱུ་བ་དང་མི་རྒྱུ་བ་ཐམས་ཅད་རྗེས་སུ་ཆགས་པ་དང་དགུག་པ་དང་དབང་དུ་བྱ་བ་དང་རྩེ་བ་དང་ལས་ཐམས་ཅད་ལ་ངེས་པར་སྦྱར་བ་ལ་ནི། རྡོ་རྗེ་གར་གྱི་དངོས་གྲུབ་ཐམས་ཅད་ཀྱིས་སོ། །ལྷ་ཐམས་ཅད་དབབ་པ་དང་ཀླུ་ཐམས་ཅད་དབང་དུ་བྱ་བ་དང་། གནོད་སྦྱིན་དང་འབྱུང་པོ་དང་མ་མོ་ཐམས་ཅད་ལས་ལ་ངེས་པར་སྦྱར་བ་ལ་


DNG012_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

ནི། རྡོ་རྗེ་གར་གྱི་རྡོ་རྗེ་སྐུའི་མཆོག་གིས་སོ། །རྣམ་ཐོས་སྲས་མནན་ནས་དཔལ་དྲང་བ་དང་། ལྷའི་བུ་མོ་ཐམས་ཅད་རབ་ཏུ་དབྲོག་པ་དང་། ལྷ་དང་ལྷ་མ་ཡིན་གྱི་བུད་མེད་ཐམས་ཅད་དང་རྩེ་བ་དང་འཇིག་རྟེན་གསུམ་མ་ལུས་པ་ལས་རྒྱལ་བ་དང་འདོད་པའི་དབང་ཕྱུག་ཐམས་ཅད་ལས་རྒྱལ་བ་དང་དབང་ཕྱུག་ཆེན་པོ་ཐམས་ཅད་དབྲོག་པ་ལ་ནི་རྡོ་རྗེ་གར་གྱི་སྐྱེས་བུ་བྱེད་པ་ཆེན་པོས་སོ། །མཆོད་པ་ཐམས་ཅད་སྒྲུབ་པ་དང་། ཐམས་ཅད་རྡོ་རྗེར་བྱ་བ་དང་བདུད་ལ་སོགས་པ་ཐམས་ཅད་རབ་ཏུ་གཞོམ་པ་དང་། ཕྱག་རྒྱ་ཐམས་ཅད་བཅིང་བ་དང་དངོས་གྲུབ་ཀྱི་མཆོག་ལ་སོགས་པ་མ་ལུས་ཤིང་ལུས་པ་མེད་པའི་དངོས་གྲུབ་ཐམས་ཅད་ཀྱི་ལས་ཀྱི་རྒྱུ་མྱུར་དུ་གྲུབ་པར་བྱ་བ་ལ་ནི། རྡོ་རྗེ་གར་གྱི་དོན་ཡོད་ཅིང་། ) ཐོགས་པ་མེད་པ་མྱུར་བའི་ལས་སྣ་ཚོགས་ཀྱི་དངོས་གྲུབ་དམ་པས་སོ།། །། དེ་ནས་ཕྱག་རྒྱ་ཐམས་ཅད་བསྒྲུབ་པའི་ཆོ་ག་རྒྱས་པའི་རྒྱུད་ནི། ཉིན་རེ་དང་པོ་ལན་ཅིག་ནི། །ཕྱག་རྒྱ་ཐམས་ཅད་རབ་སྒྲུབ་བྱེད། །སྙིང་མཆོག་ལན་ཅིག་བཟླས་ནས་ནི། །ཕྱག་རྒྱ་ཆེན་པོ་རབ་གྲུབ་བྱ། །དེ་ཡི་རྗེས་ལ་ཉེ་སྙིང་པོ། །ལས་རྣམས་ཀུན་ལ་ངེས་སྦྱར་བས། །དོན་ཡོད་གྲུབ་པས་ལས་རྣམས་ནི། །ཀུན་ལ་ཤིན་ཏུ་འགྲུབ་པར་འགྱུར། །ཕྱག་རྒྱ་ཐམས་ཅད་རབ་བྱིན་རློབ། །ཕྱག་ན་རྡོ་རྗེའི་ཕྱག་རྒྱ་ནི། །དཀྱིལ་འཁོར་དག་ཀྱང་མ་མཐོང་བ། །མ་བཤད་པ་ལའང་རབ་འགྲུབ་འགྱུར། །རྟོག་འདིར་འཇིགས་པ་ཡོད་མིན་ཏེ། །འཁོར་ལོ་མེད་ལ་བརྒྱ་བྱིན་ལ། །གང་ཕྱིར་བདག་ལ་བྱིན་རློབ་པས། །རང་སྲས་རྒྱུ་ནི་འགྱུར་བ་ཡིན། །སྡིག་པ་ཆེན་པོ་བྱེད་པ་ཡང་། །བསམ་པ་ཤེས་ནས་སྦྱིན་པར་བྱ། །འདི་དག་བཅིངས་ཙམ་ཉིད་དག་བྱེད། །དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར། །དཔལ་མཆོག་དང་པོའི་རྟོག་པ་ཆེན་པོའི་རྒྱལ་པོ་བདེ་བ་ཆེན་པོའི་རྡོ་རྗེ་དོན་ཡོད་པའི་དམ་ཚིག་གི་ཆོ་ག་རྒྱས་པའི་རྟོག་པའོ།། །།དེ་ནས་སྟོན་པ་རྡོ་རྗེ་འཛིན། །འབྱིན་པ་བྱེད་པ་བདེ་བ་ཆེ། །བདེ་ཆེན་ཅན་དུ་བརྟན་ཕྱིར་དང་། །སེམས་ཅན་ཐམས་ཅད་རྣམ་དག་ཕྱིར། །ཁམས་ཀུན་དང་མཉམ་ཟད་པ་མེད། །


DNG012_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱི་བདག་ཉིད་ལ་ཞུགས་ཏེ། །མཉམ་པའི་དངོས་གྲུབ་མཆོག་སྤྲོས་ནས། །དེ་བཞིན་གཤེགས་པའི་རིགས་ཕྱུང་ངོ་། །མཐའ་ཡས་པ་ཡི་ཞིང་ཐམས་ཅད། །འཇིག་རྟེན་ཀུན་གྱི་ཁམས་བཅས་པས། །དེ་ཚེ་སངས་རྒྱས་ཐམས་ཅད་ཀྱིས། །ཏིལ་གྱི་གང་བུ་བཞིན་མྱུར་གང་། །འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །སེམས་ཅན་ཀུན་མདུན་ཡང་དག་བཞུགས། །སེམས་ཅན་ཐམས་ཅད་མ་དག་པས། །རང་རིག་ལས་ཀྱིས་དག་མ་འགྱུར། །དེ་ཚེ་སེམས་ཅན་ཁམས་རྣམས་ནི། །རང་བཞིན་གྱིས་ནི་གསོ་དཀའི་ཕྱིར། །རང་གི་ལས་ནི་སྦྱང་དོན་དུ། །བཏང་སྙོམས་ཆེན་པོ་མཛད་པ་ཡིན། །དེ་ནས་བཅོམ་ལྡན་རྡོ་རྗེ་ཅན། །སེམས་དཔའ་ཆེན་པོ་བདེ་བ་ཆེ། །བྱང་ཆུབ་ཆེན་པོར་ཐུགས་བརྟན་པས། །སྐད་ཅིག་གིས་ནི་ཡང་དག་བསྐུལ། །སེམས་ཅན་ལ་ཕན་བསོད་ནམས་ཅན། །བྱང་ཆུབ་སེམས་ནི་བརྟན་པ་དག །སེམས་ཅན་ཁམས་ནི་རྒུད་འགྱུར་བས། །ཤིན་ཏུ་བཏང་སྙོམས་མ་མཛད་ཅིག །དེ་ནས་སངས་རྒྱས་ཀྱིས་གསུངས་པ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །ཐུགས་རྗེའི་བདག་ཉིད་ཅན་གྱི་ཐབས། །བྱང་ཆུབ་སེམས་མཆོག་ཁྱོད་སྨྲོས་ཤིག །དེ་ནས་སྟོན་པ་རྡོ་རྗེ་འཛིན། །དེ་ཚེ་ཀུན་ནས་བྱིན་གྱིས་བརླབས། །བདེ་བ་ཆེན་པོ་རྡོ་རྗེ་ཆེ། །དཀྱིལ་འཁོར་ཆེན་པོ་དམ་པ་ཡིན། །ཁམས་གསུམ་འཁོར་བའི་རྒྱ་ཁྱོན་གྱིས། །འཁོར་ལོ་ཆེན་པོ་གདོད་ནས་བྱུང་། །དེ་ཡི་ཁམས་གསུམ་གནས་པ་ཡིས། །སེམས་ཅན་ཐམས་ཅད་ཡང་དག་བསྒྲུབས། །སངས་རྒྱས་ཀུན་སོགས་དངོས་གྲུབ་ལ། །དེ་ཚེ་དག་པ་འགྲུབ་པར་འགྱུར། །དེ་ནས་སངས་རྒྱས་ཐམས་ཅད་ནི། །འདུས་ནས་གསོལ་བ་འདེབས་མཛད་པ། །དེ་བཞིན་གཤེགས་པའི་རིགས་ཆེན་པོ། །སངས་རྒྱས་ཀུན་མཆོག་བཤད་དུ་གསོལ། །དེ་ནི་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ལ་ཡང་དག་གནས། །སྐུ་གསུང་ཐུགས་ནི་རྡོ་རྗེ་ལ། །ཡང་དག་སྤྲོས་ཏེ་འདི་གསུངས་སོ། །ཨོཾ་བྷཱུ་ཁྃ། དེ་ནས་འདི་ནི་གསུངས་ཙམ་གྱིས། །སངས་རྒྱས་ཐམས་ཅད་འདུས་ནས་ནི། །བདུད་བཅོམ་ལ་སོགས་མཛད་ནས་ནི། །བྱང་


DNG012_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སྙིང་པོར་བྱིན་གྱིས་བརླབས། །དེ་ནས་སྟོན་པ་རྡོ་རྗེ་འཛིན། །དཀྱིལ་འཁོར་གྱི་ནི་མཆོག་གསུངས་པ། །སེམས་ཅན་ཀུན་ལ་བདེ་དོན་ཕྱིར། །རྟོག་པ་ཀུན་གྱི་བདེ་བ་ཆེ། །དེ་ནས་ཡང་དག་བཤད་བྱ་བ། །དཀྱིལ་འཁོར་ཆེན་པོ་དམ་པ་སྟེ། །དཀྱིལ་འཁོར་ཆེན་པོའི་ཕྱི་རོལ་མཆོག །རྡོ་རྗེ་འཁོར་ལོ་ཡང་དག་བྲི། །འཁོར་ལོ་ལྟེ་བར་སངས་རྒྱས་ཉིད། །འཛུམ་པའི་ཚེམས་ནི་མི་སྣང་བ། །སུ་ར་ཏེ་ས་མ་ཡ་སྟྭཾ། ཨོཾ་སིད་དྷ་མཱྃ་ཞེས་བརྗོད་དགོད། །མདུན་དུ་བདུད་ལས་རྣམ་རྒྱལ་བར། །མཛད་པའི་སངས་རྒྱས་ཡང་དག་བྲི། །གཡས་སུ་བྱང་ཆུབ་སེམས་དཔའ་ཡི། །ནོར་ཆེན་པོས་ནི་དབང་བསྐུར་བ། །རྒྱབ་ཏུ་བྱང་ཆུབ་སེམས་དཔའ་དང་། །མཉམ་དུ་ཆོས་ཀྱི་འཁོར་ལོ་བསྐོར། །གཡོན་དུ་ལོག་པར་རྣམ་དྲེགས་པ། །སྡིག་པ་བསྡུས་པ་ཀུན་འབྱིན་པའོ། །དེ་ནས་འདི་རྣམས་ཀྱི་སྙིང་པོ་ནི། བཛྲ་སཏྭ།བཛྲ་རཏྣ། བཛྲ་དྷརྨ། བཛྲ་ཀརྨ། དེ་ནས་ཕྱག་རྒྱ་རྣམས་ཏེ། སཏྭ་བཛྲཱི།རཏྣ་བཛྲཱི། པདྨ་བཛྲཱི། བི་ཤྭ་བཛྲཱི། མཚམས་ཀྱི་ཆར་ནི་རྡོ་རྗེ་དང་། །རིན་ཆེན་སྡོང་བུ་ནོར་བུ་བྲིའོ། །མཚམས་རྣམས་སུ་ཡང་ལྷ་མོ་སྟེ། །ལྕགས་ཀྱུ་ལ་སོགས་སྒོ་རྣམས་སུའོ། །དེ་བཞིན་སྔ་མ་ཅི་ལྟ་བར། །འཁོར་ལོ་དེ་ནི་བརྟག་པར་བྱ། །མཆོད་པའི་ཐལ་མོ་སྙིང་གར་བཅིང་། །གཡོན་དུ་དེ་བཞིན་བསྐོར་བར་བྱ། །མེ་ཏོག་དང་བཅས་ཕྱག་རྒྱ་འདི། །སངས་རྒྱས་ཀུན་གྱི་དམ་ཚིག་རིམ། །མེ་ཏོག་བཅས་ཏེ་སྙིང་གར་བཅིང་། །བསམ་པ་གཡོས་པས་གདུང་བར་བྱ། །མགོན་ལ་མགོ་བོས་ཕྱག་བྱས་ལ། །བསྐོར་བ་ལན་གསུམ་བྱས་ནས་ནི། །ཞུགས་ནས་མེ་ཏོག་འདོར་བར་བྱ། །ཤིན་ཏུ་གསང་བ་ཡང་དག་དགུག །དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱ་བ་དང་། དབང་དུ་བྱ་བ་དང་དགུག་པ་དང་བསྒྲུབ་པར་བྱ་བའི་སྙིང་པོ་ནི་འདི་ཡིན་ཏེ། ཨོཾ་ཨ་ཀཱ་རོ་མུ་ཁྃ་སརྦ་དྷརྨཱ་སྨཱ ་ཨཱདྱཱ་ནུཏྤནྣ་ཏྭཱད། དེ་ནས་ཆོ་ག་ཇི་བཞིན་དུ། །སྟོན་ལ་མེ་ཏོག་སིལ་མ་དོར། །སངས་རྒྱས་བྱང་ཆུབ་རབ་བསྒྲུབ་ཕྱིར། །འགྲོ་བའི་མགོན་ལ་དེ་ཉིད་བརྗོད། །དེ་ཡིས་ཀུན་ནས་སངས་རྒྱས་ནི། །ཐམས་ཅད་འདུས་པ་ཉིད་དུ་འགྱུར། །


DNG012_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་མི་དམིགས་སྦྱོར་བ་ཡིས། །དངོས་གྲུབ་ཐམས་ཅད་སྩོལ་བར་མཛད། །དཀྱིལ་འཁོར་དེར་ཞུགས་པ་ལ་ནི། །དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར། །དགའ་བ་ལ་སོགས་མཚན་མ་མཆོག །སྣ་ཚོགས་པ་ནི་འབྱུང་བར་འགྱུར། །དེ་ནས་དེ་བཞིན་ཆོ་ག་ནི། །རྒྱས་པས་སློབ་མ་མཆོག་ཏུ་གཞུག །མཆོད་པའི་ཐལ་མོས་འཁོར་ལོ་ཚེ། །མཆོད་པ་བྱས་ནས་སླར་དབྱུང་བྱ། །སྒྲུབ་པ་བྱས་ནས་དངོས་གྲུབ་ཀྱང་། །ཆོ་ག་ཅི་བཞིན་རབ་བཤད་བྱ། །རས་ལ་བཅོམ་ལྡན་བདུད་ལ་སོགས། །རྣམ་པར་རྒྱལ་བ་བརྙེས་པར་བྲི། །སྒྲུབ་འདི་ལན་ཅིག་ཙམ་གྱིས་ནི། །དེ་འདྲའི་སྒྲུབ་པས་འགྲུབ་པར་འགྱུར། །སྐུ་གཟུགས་སོགས་མདུན་ཡང་དག་པར། །ཡེ་ཤེས་ཁུ་ཚུར་ཡོངས་བཟུང་ལ། །རྡོ་རྗེའི་ཚིག་གིས་ཆོ་ག་བཞིན། །བཟླས་བརྗོད་སྟོང་ཕྲག་བརྒྱ་བྱའོ། །མདོར་ན་འབུམ་ནི་རྫོགས་པ་ནི། །ཅི་འདོད་དངོས་གྲུབ་ཐམས་ཅད་དང་། །ཆེ་མཆོག་འདི་ལ་སངས་རྒྱས་ཉིད། །ཐོབ་འགྱུར་འདི་ལ་ཐེ་ཚོམ་མེད། །དེ་ནས་དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེན་པོའི་སྒྲུབ་པ་ཆེན་པོའི་རྒྱུད་ནི། ཕྱག་རྒྱ་གང་རུང་གཅིག་བཅིངས་ནས། །བདག་ནི་སངས་རྒྱས་ཡིན་བསྒོམས་ན། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཆེ། །བརྟན་པ་མར་དུ་ཐོབ་པར་འགྱུར། །དེ་ནས་དམ་ཚིག་སྒྲུབ་པའི་རྒྱུད་ནི། སྙིང་གར་རྡོ་རྗེ་གཟུགས་བཞག་སྟེ། །ས་མ་ཡ་སྟྭཾ་ཞེས་བརྗོད་ལ། །བཟླས་བརྗོད་འབུམ་གྱིས་བསྒྲུབས་ནས་ནི། །དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར། །དེ་ནས་ལས་ཀྱི་ཕྱག་རྒྱ་ཐམས་ཅད་སྒྲུབ་པའི་རྒྱུད་ནི། བདུད་ལས་རྒྱལ་བའི་མཆོག་བཅིངས་ཏེ། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །མཚུངས་མེད་སེམས་ཅན་དོན་བྱས་ནས། །ལས་ཀྱི་ཕྱག་རྒྱ་རྟག་ཏུ་འགྲུབ། །ཅེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱི་མཆོག་སྒྲུབ་པའི་ཆོ་ག་རྒྱས་པའི་རྒྱུད་དོ།། །།དེ་ནས་མ་བསྒྲུབས་དངོས་གྲུབ་མཆོག །ལས་རྣམས་རབ་འབྱམ་དམ་པ་སྟེ། །སྡིག་པ་ཀུན་སེལ་སྣ་ཚོགས་པ། །གོ་རིམས་བཞིན་དུ་རབ་བཤད་བྱ། །འདི་ལྟ་སྟེ་ནད་ཐམས་ཅད་དང་མྱ་ངན་དང་གནོད་པ་དང་གནོད་བྱེད་དང་དུག་ཐམས་ཅད་དང་སྦྱར་བའི་དུག་དང་གཤེད་བྱེད་དང་། གཡེངས་བྱེད་


DNG012_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

དང་རོ་ལངས་དང་སྔགས་དང་སྨན་དང་བགེགས་དང་ལོག་འདྲེན་དང་སྡིག་པ་དང་རྨི་ལམ་ངན་པ་དང་དུས་མ་ཡིན་པར་འཆི་བ་དང་རིམས་དང་གདོན་དང་མཁའ་འགྲོ་མ་དང་ཉེ་བར་འཚེ་བ་དང་འགོ་བའི་ནད་དང་ཉེས་པ་དང་ཉོན་མོངས་པ་དང་ལུས་དང་ངག་དང་སེམས་ཀྱི་སྡུག་བསྔལ་ཐམས་ཅད་རྣམ་པར་བཤིག་པ་ལ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྡུག་བསྔལ་འཕྲོག་པར་བྱེད་པས་སོ། །ཚེ་དང་ལང་ཚོ་དང་གཟུགས་དང་ཁ་དོག་དང་གཟི་བྱིན་ཆེན་པོ་དང་མདངས་དང་སྟོབས་དང་སྤྲོ་བ་དང་བརྩོན་འགྲུས་དང་དཔལ་དང་སྐལ་བ་བཟང་པོ་དང་བསོད་ནམས་དང་མིང་དང་སྙན་པ་དང་གྲགས་པ་དང་དྲན་པ་དང་བློ་གྲོས་དང་བརྟན་པ་དང་རྟོགས་པ་དང་སྟོབས་དང་ཏིང་ངེ་འཛིན་དང་ཕུང་པོ་དང་འདུ་བྱེད་དང་སྐུ་དང་གསུང་དང་ཐུགས་འཕེལ་བ་ལ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེ་བ་ཆེན་པོས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྦྱིན་པ་དང་ཚུལ་ཁྲིམས་དང་བཟོད་པ་དང་བརྩོན་འགྲུས་དང་བསམ་གཏན་དང་ཤེས་རབ་དང་ཡེ་ཤེས་དང་སྟོབས་དང་ཐབས་དང་རྡོ་རྗེ་དང་བསྒྲུབ་པ་དང་གཟུངས་དང་ས་དང་སྤྱོད་པ་དང་སོ་སོ་ཡང་དག་པར་རིག་པ་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང་ཆོས་དང་ལས་དང་སྣ་ཚོགས་པའི་བྱ་བ་དང་སེམས་ཅན་གྱི་དོན་དང་སངས་རྒྱས་ཀྱི་མཛད་པའི་དོན་དང་སྐུ་དང་གསུང་དང་ཐུགས་དང་རྡོ་རྗེ་ཆེན་པོ་གྲུབ་པ་ལ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཐམས་ཅད་ཀྱིས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། ཀུན་ཏུ་བཟང་པོའི་ཆོ་ག་སྤྱོད་པ་རྫོགས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱི་དོན་དང་འཕོ་བ་དང་སྐྱེ་བའི་ས་དང་གཞོན་ནུའི་རོལ་པ་སྟོན་པ་དང་མངོན་པར་བྱུང་བ་དང་དཀའ་བ་སྤྱོད་པ་སྟོན་པ་དང་བྱང་ཆུབ་ཀྱི་སྙིང་པོར་གཤེགས་པ་དང་བདུད་ཐམས་ཅད་འདུལ་བ་དང་། བྱང་ཆུབ་ཆེན་པོར་མངོན་པར་བྱང་ཆུབ་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། མུ་སྟེགས་ཐམས་ཅད་ཚར་གཅོད་པ་དང་། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་དང་། ལྷ་ལས་བབས་པ་དང་། འདུས་པ་ཆེན་པོའི་བྱིན་གྱིས་བརླབ་པ་དང་གདུག་པ་ཐམས་ཅད་འདུལ་བ་དང་འདུལ་བ་ལ་རབ་ཏུ་བཞག་པ་དང་། ངན་འགྲོ་ཐམས་ཅད་ལས་འདོན་པ་དང་མདོ་སྡེ་ཐམས་ཅད་སྟོན་པར་མཛད་པ་དང་རྟོག་པ་ཐམས་ཅད་བྱིན་གྱིས་བརླབ་


DNG012_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་དངོས་གྲུབ་ཐམས་ཅད་སྩོལ་བ་དང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ལ་དམིགས་པའི་རྫུ་འཕྲུལ་དང་ཆོ་འཕྲུལ་བསྒྲུབ་པ་ལ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྣ་ཚོགས་ཀྱི་རྡོ་རྗེས་སོ། །ཅི་ལྟར་ཕྱག་རྒྱ་འདི་དག་གིས། །བྱང་ཆུབ་སེམས་ལ་མངོན་བརྟེན་པ། །དེ་ལྟར་བྱང་ཆུབ་སྤྱོད་སོགས་ཀྱིས། །བྱང་ཆུབ་དམ་པ་ཐོབ་མི་འགྱུར། །དོན་ཡོད་བསོད་ནམས་དམ་པ་ཡི། །ལས་ཀྱི་རབ་འབྱམ་སྒྲུབ་བྱེད་པ། །ཆོ་ག་མ་གྲུབ་པ་རྣམས་གྲུབ། །སངས་རྒྱས་ཆོས་ནི་རབ་སྟེར་བྱེད། །རྣམ་པ་ཀུན་ཏུ་དང་ལྡན་པའི། །སེམས་ཅན་ཀུན་ལ་སྦྱིན་པར་བྱ། །དཀྱིལ་འཁོར་དག་ཏུ་མ་ཞུགས་པ། །སྐད་ཅིག་གིས་ནི་སྦྱོར་བར་བྱེད། །དཔལ་མཆོག་དང་པོའི་རྟོག་པའི་རྒྱལ་པོ་ཆེན་པོ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་རྡོ་རྗེ་བྱིན་གྱིས་བརླབས་པའི་རྡོ་རྗེའི་རྟོག་པ་རྒྱས་པའོ།། །།དེ་ནས་སྣ་ཚོགས་ལས་ཆེན་པོ། །ཁྱབ་བདག་རྡོ་རྗེ་འཛིན་ཆེན་པོ། །གདུག་པ་ཐམས་ཅད་འདུལ་བའི་མཆོག །སེམས་ཅན་ཀུན་ལ་རྗེས་སྟོན་མཛད། །དེ་བཞིན་གཤེགས་པའི་རིགས་བསྐྱེད་པས། །གང་ཕྱིར་ཉེས་བྱས་ཀྱིས་གདུག་པའི། །རང་གི་རང་སེམས་སྤྱོད་པ་ཡིས། །ཞི་བས་སེམས་ཅན་ཀུན་གྱི་དོན། །གདུལ་བ་རབ་ཏུ་བསྒྲུབ་མི་ནུས། །སངས་རྒྱས་ཀུན་གྱིས་བསྒྲུབ་བྱ་བ། །འགྲོ་བ་འདི་དག་ཐམས་ཅད་ཡིན། །གང་ཚེ་བདེ་གཤེགས་སེམས་ཅན་དོན། །དམ་པ་མཛད་པར་མི་སྤྱོད་པ། །དེ་ཚེ་ཉིད་ཀྱི་དངོས་པོ་ཀུན། །གཙོ་བོས་རྡོ་རྗེ་གསོལ་བ་བཏབ། །སེམས་ཅན་ཐམས་ཅད་འདུལ་མཛད་པ། །བཅོམ་ལྡན་འདས་ལ་གསོལ་བ་བཏབ། །ཨུཏྟིཥྛ་ས་མ་ཡ་ཀྲོ་དྷ་ནི་སུམ་བྷ་ཛྭཱ་ལ་བཛྲ་ཧཱུྃ། དེ་ནས་སྔགས་འདི་གསུངས་ཙམ་གྱིས། །ཕྱག་ན་རྡོ་རྗེ་རང་ཉིད་གཙོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས། །སླར་བྱུང་ནས་ནི་མདུན་ན་གནས། །ཁྲོ་ཆེན་རྒྱལ་པོའི་སྐུ་ཡིས་ནི། །སེམས་དཔའི་སྐྱིལ་ཀྲུང་གིས་ལེགས་བཞུགས། །འབར་བའི་ཕྲེང་འོད་ཀྱིས་གསལ་བ། །སྲེག་པའི་བསྐལ་པ་གཞན་འདྲ་བ། །གཡོན་པའི་རྡོ་རྗེ་བསྙེམས་པ་ཆེ། །དྲག་ཏུ་གསོར་བས་བསྐྱོད་མཛད་ཅིང་། །འབར་བའི་རྡོ་རྗེ་ཆེར་འབར་བ། །རྣམ་པར་འཕྲོ་བས་སྲེག་པ་འདྲ། །འབར་བ་ཆེན་པོས་གསོད་པ་ནི། །བསྐལ་པའི་མེ་ཡི་ཕུང་པོ་འདྲ། །དང་


DNG012_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་རྡོ་རྗེ་ཁྲོ་གཉེར་བཅས། །རྡོ་རྗེ་མཆོག་འཛིན་པས་གསུངས་པ། དེ་ལ་རྡོ་རྗེ་ཆེན་པོ་མེ་དང་ཉི་མ་ལྟར་འབར་བ་ཞེས་བྱ་བའི་སྙིང་པོ་འདི་ཡིན་ཏེ་ཧཱུྃ། དེ་ནས་འདི་ནི་གསུངས་ཙམ་གྱིས། །སྡིག་པ་ཀུན་གྱི་བུད་ཤིང་ཟད། །འཇིག་རྟེན་ཁམས་ཀྱི་འཇིག་རྟེན་གསུམ། །ཐམས་ཅད་གཡོས་ཤིང་འགུལ་བར་འགྱུར། །ལྷ་ཆེན་ལ་སོགས་ལྷ་རྣམས་ནི། །གཡོ་བ་མེད་ཅིང་ཆོངས་པར་འགྱུར། །རྡོ་རྗེ་འབར་བ་འཁྲུགས་པ་ཀུན། །དེ་བཞིན་འཇིག་པ་ལྟ་བུར་འགྱུར། །ཉན་ཐོས་དང་ནི་རང་རྒྱལ་རྣམས། །མྱ་ངན་འདས་པར་ཉེ་བར་འགྲོ། །ལྷ་ལ་སོགས་པའི་སྲིད་གསུམ་ཀུན། །དེ་ཚེ་ཀུན་ཏུ་རྨོངས་པར་འགྱུར། །སངས་རྒྱས་ཐམས་ཅད་འདུས་པ་ཡིས། །སངས་རྒྱས་བྱང་ཆུབ་ཡང་བསྟན་མཛད། །སེམས་དཔའ་ཀུན་གྱི་ཐབས་ཆེན་པོ། །དམ་པ་ཡང་ནི་ཐུགས་སུ་ཆུད། །དེ་ནས་རྡོ་རྗེ་འབར་བའི་མཆོག །འབར་བའི་ཕྲེང་བ་འཁྲུགས་པའི་འོད། །རྡོ་རྗེ་མཆེ་བ་གཙིགས་པའི་ཞལ། །ཞལ་རས་ཁྲོ་དང་བཅས་པ་ཡིན། །གཡོན་བརྐྱང་བས་ནི་ལེགས་པར་བཞུགས། །སྤྱན་འབར་འཇིགས་སུ་རུང་བ་སྟེ། །དབུ་སྐྲ་གྱེན་དུ་བརྫེས་ཤིང་གཡོ། །ཀུན་ནས་འཁྱིལ་ཅིང་འབར་བ་ཆེ། །རྡོ་རྗེ་གསང་བའི་རྣལ་འབྱོར་ཆེ། །མཁའ་འགྲོའི་ཚོགས་ཀྱི་ལུས་ཅན་རྣམས། །ཕྱུང་ནས་ཀུན་ཏུ་འགྲོ་བ་རྣམས། །ཐམས་ཅད་དུ་ནི་འབར་བ་འཁྲུག །རླུང་བསྐྱོད་བསྐལ་པའི་མེ་ལྟ་བུར། །འབར་བའི་ཕྲེང་བ་ཀུན་ཏུ་འཁྲུགས། །འཇིག་རྟེན་ཁམས་ནི་མ་ལུས་ན། །སངས་རྒྱས་ཐམས་ཅད་སྲས་བཅས་པ། །ཡང་དག་བཞུགས་པ་ལེགས་བསྐུལ་ཏེ། །འཇིག་རྟེན་ཐམས་ཅད་ཡོངས་སུ་བསྐོར། །བཀུག་ནས་སེམས་ཅན་ཀུན་དོན་དང་། །བསྟན་པ་ཐམས་ཅད་འགྲུབ་པའི་ཕྱིར། །འཇིག་རྟེན་གསུམ་བདག་དེ་རྣམས་དང་། །རྒྱུ་དང་མི་རྒྱུའི་སེམས་མེད་བྱས། །དེ་ནས་རྡོ་རྗེ་འཛིན་རྒྱལ་པོས། །ཀུན་མཆོག་ས་ཡི་དབང་ཕྱུག་ནི། །དེ་རྣམས་ལ་ནི་ཐུགས་རྗེ་ཡིས། །འཆི་བ་སླར་གསོ་བརྟན་པོར་གསུངས། །ཨོཾ་ཨུཏྟིཥྛ་མ་ཧཱ་ཨ་དྷི་བ་ཏི་བཛྲི་ཎི། ཤཱིགྷྲཾ་ཨུཏ་ཐཱ་པ་ཡ་ཧཱུྃ། རྒྱུ་བ་དང་མི་རྒྱུ་བ་ཐམས་ཅད་བསླང་བའོ། །དེ་ནས་ས་གསུམ་བསླང་བ་ནི། །ཐམས་ཅད་དུ་ནི་ཤི་བ་གསོ། །


DNG012_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་དཔའ་བོས་བཏུལ་གྱུར་ཅིང་། །རྡོ་རྗེ་ཅན་གྱིས་ཀྱང་རྗེས་བརྟུལ། །དེ་ནས་རྡོ་རྗེ་འཛིན་ཁྲོ་བོས། །འབར་བའི་རྡོ་རྗེ་གསོར་བྱེད་ཅིང་། །ང་ཡི་དམ་ཚིག་ལ་གནས་ཞེས། །སྣ་ཚོགས་པ་ལ་བཀའ་རབ་བསྒོ། །དེ་རྣམས་ཀྱིས་གསོལ་པ། འདི་སུ་ཞིག་ལགས། བཅོམ་ལྡན་འདས་ནི་ཞི་བ་ལ། །གནོད་སྦྱིན་གཟུགས་ཅན་གང་ལགས་གསུངས། །ཁྱེད་ཀྱིས་དམ་ཚིག་ཀྱི་འདྲ་བ། །ཞེས་པ་བདེན་པའི་ཚིག་ཏུ་གསུངས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །འདི་ནི་སངས་རྒྱས་རྣམ་གྲོལ་བ། །གདོད་སྐྱེས་རྡོ་རྗེ་གནོད་སྦྱིན་ཆེ། །དཀོན་མཆོག་གསུམ་དང་དེ་བཞིན་དུ། །ང་ལ་སྐྱབས་སུ་འགྲོ་བར་གྱིས། །འཇིག་རྟེན་གསུམ་པོས་འདི་ཐོས་ནས། །ཚོགས་བདག་ཚོགས་ཀྱི་དབང་ཕྱུག་བཅས། །བསྐལ་པའི་མེ་དཔུང་ལྟ་བུ་ཡི། །འབར་བའི་མཚོན་གྱིས་འཐབ་པར་བརྩམས། །དེ་རྣམས་ཀྱིས་སྨྲས་པ། བདག་ཅག་གིས་ནི་སངས་རྒྱས་རིགས། །རྡོ་རྗེ་གནོད་སྦྱིན་ཤེས་མ་ཡིན། །བདག་ཅག་འཇིག་རྟེན་གསུམ་པོ་གཅིག །གནོད་སྦྱིན་བསྒོ་བས་ཅི་ཞིག་བྱ། །དེ་ནས་རྡོ་རྗེ་འཛིན་ཁྲོས་ནས། །ཁྲོ་གཉེར་དཔྲལ་བར་བསྡུས་ཏེ་གནས། །དེ་ནས་ཁྲོ་གཉེར་ཐམས་ཅད་ནི། །རྡོ་རྗེ་འཛིན་པའི་རྗེས་སུ་སྤྱོད། །གཡོན་པ་བསྙེམས་པ་རྒྱ་བཅས་པས། །སྨིན་མ་སྤྱན་བསྡུས་པས་དགོད་ཅིང་། །ནམ་མཁའ་ཁྱབ་པའི་དབྱངས་ཀྱིས་ནི། །དྲག་ཏུ་ཁྲོས་བཅས་པས་སྨྲས་སོ། །དེ་ལ་ཁམས་གསུམ་རྣམ་པར་རྒྱལ་བའི་ཉེ་བའི་སྙིང་པོ་སེམས་ཅན་མ་ལུས་པ་ལས་རྒྱལ་བ་ནི་འདི་ཡིན་ཏེ། ཧི། དེ་ནས་སྙིང་པོ་འདི་ཕྱུང་བས། །ངེས་རྒྱལ་བཅུ་གཅིག་བཅིངས་པ་དང་། །དམ་ཚིག་བརྟན་པ་འཛིན་དུ་བཅུག །རྡོ་རྗེ་མིང་གིས་དབང་བསྐུར་ནས། །ལག་ན་རྡོ་རྗེ་འཛིན་མཆོག་བྱས། །རྡོ་རྗེ་མིང་ནི་བྱིན་ནས་སུ། །འཇིག་རྟེན་གསུམ་པོའི་ཏིང་འཛིན་བཞག །དེ་ནས་རྡོ་རྗེ་ཆེན་པོ་མཆོག །མགོན་པོ་ཡིས་ནི་གསོལ་བཏབ་པ། །སེམས་ཅན་ཀུན་ལ་རྗེས་སྟོན་པས། །རྟོག་པ་འདི་ནི་བཤད་དུ་གསོལ། །རྡོ་རྗེ་འཛིན་པས་གསུངས་པ་ཡི། །དཀྱིལ་འཁོར་ཆེན་པོའི་ཕྱི་རོལ་ཏུ། །འབར་བའི་འཁོར་ལོ་ཡང་དག་བྲི། །དེ་ཡི་དབུས་སུ་གཞག་བྱ་བ། །སྔོན་པོ་འབར་བའི་


DNG012_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་བཟང་བ། །ཞལ་གྱི་མཆེ་བ་ཅུང་ཟད་གཙིགས། །ཞལ་ནི་ཁྲོ་དང་བཅས་པས་བཞད། །སེམས་དཔའི་སྐྱིལ་ཀྲུང་གིས་ལེགས་བཞུགས། །བསྙེམས་བཅས་ཤས་ཆེར་འབར་བ་ལ། །འོད་ཟེར་འབར་བའི་འོད་འཁྲུགས་པའི། །རྡོ་རྗེ་གསོར་བར་མཛད་ལ་བཙོན། །དེ་ཡི་དངོས་ནི་ཐམས་ཅད་དུ། །རྡོ་རྗེ་རྣལ་འབྱོར་མ་ཡི་གཟུགས། །རྡོ་རྗེ་མཚོན་ཆ་མདུང་ཆེན་དང་། །རལ་གྲི་ཞགས་པ་མཚོན་འཛིན་པ། །མཚམས་སུ་མདའ་དང་ཁ་ཊྭཱྃ་ག །འཁོར་ལོ་བ་དན་སྣ་ཚོགས་འཛིན། །རྡོ་རྗེའི་རིགས་ནི་སྣ་ཚོགས་པ། །འབར་བའི་འཁོར་ལོས་ཡོངས་སུ་བསྐོར། །དཀྱིལ་འཁོར་དགོད་པར་བྱ་བ་ནི། །ཐིག་བདུན་གྱིས་ནི་ཡང་དག་ཏུ། །དང་པོ་རྡོ་རྗེ་ཕྱག་རྒྱ་བདག །གཉིས་པ་སྔགས་ཀྱི་ལྷ་མོ་སྟེ། །བསམ་པར་རྡོ་རྗེ་རྒྱལ་པོ་ནི། །རྡོ་རྗེ་ལྷ་མོས་ཡང་དག་བསྐོར། །རྡོ་རྗེ་ཆེན་མོ་སྒེག་མོ་ཆེ། །བཞི་པར་གླུ་མཁན་མ་ལ་སོགས། །རྒྱལ་རིགས་གསོལ་ཀ་བྲན་རྣམས་ཀྱི། །ཁྲོ་བོ་རྣམས་ནི་ལྔ་པ་ལ། །དྲུག་པར་རྡོ་རྗེ་ཕོ་ཉ་མཆོག །གནོད་སྦྱིན་སྲིན་པོ་ཀིང་ཀ་ར། །དབང་ཕྱུག་དམ་པ་དྲག་པོ་སོགས། །གཏུམ་པོ་ཆེན་པོ་འདུལ་བར་མཛད། །ཕྱི་ཡི་དཀྱིལ་འཁོར་དབྱིབས་རྣམས་སུ། །མདོར་ན་མིང་པོ་གསུམ་ལ་སོགས། །ལྷ་ལ་སོགས་པའི་ཚོགས་ཐམས་ཅད། །ལེགས་པར་བྲི་བའམ་གཞག་པར་བྱ། །མཚམས་སུ་ལྷ་མོར་རབ་བཤད་པ། །དེ་རྣམས་ཀྱི་ནི་སྒོ་དབུས་སུའམ། །རྡོ་རྗེ་ལྕགས་ཀྱུ་སོགས་ཁྲོ་བཅས། །དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་ནི། །གོ་རིམས་དག་ནི་ཇི་བཞིན་དང་། །ཆོ་ག་རྒྱས་པ་ཇི་བཞིན་བྱ། །ཁྲོས་པས་རྡོ་རྗེ་གསོར་བ་དང་། །ཁྲོ་གཉེར་འཛུམ་དང་བཅས་པས་འདུད། །དེ་ནས་ཁྲོ་ཞིང་སློབ་དཔོན་ཆེ། །རྡོ་རྗེ་ཅན་མཆོག་རབ་ཞུགས་ལ། །རྡོ་རྗེ་ཧཱུྃ་མཛད་ཀྱིས་སྡིགས་མཛུབ། །ཧཱུྃ་མཛད་རབ་ཏུ་སྦྱར་བར་བྱ། །བསྙེམས་དང་བཅས་པས་རྒྱས་གདབ་ཉིད། །དེ་བཞིན་ཁྲོ་བས་འདུལ་བ་ལ། །རྡོ་རྗེ་འཆང་ཆེན་དགྱེས་པ་ཡིས། །གདུག་པ་ཉིད་ལ་རབ་ཏུ་དགྱེས། །དེ་ནས་མེ་ཏོག་བླངས་ནས་ནི། །ཁྲོས་པས་བདག་པོ་ཆེ་ལ་གཏོར། །རྡོ་རྗེ་འབར་བའི་ལྕགས་ཀྱུ་ཆེས། །ཡང་དག་པར་ནི་དགུག་པར་བྱ། །ཨོཾ་མ་ཧཱ་བཛྲ་ཛྭཱ་ལ་ཨཱ་ན་ལཱརྐ་ཡ་ཧི་


DNG012_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

ཛཿ། སརྦ་བཛྲ་ཀུ་ལ་པྲ་བེ་ཤ་ཡ་ཧཱུྃ། སརྦ་མུ་ཀྒོ ་ག་ནཱ་བན་དྷ་ན་ཏྲཱཊ། སརྦ་ས་མ་ཡཾ་སཱ་དྷ་ཡ་ཕཊ། སརྦ་དུཥྚཱན་ད་ཧ་པ་ཙ་བྷསྨིཾ་ཀུ་རུ་མ་ཧཱ་ཀྲོ་དྷ་ཨགྣི་བཛྲེ་ཎ་ཧཱུྃ་ཕཊ། ཨ་ཨ་ཨ་ཨ། དེ་ནས་བཅོམ་ལྡན་འདས་ཁྲོ་བོའི། །རྒྱལ་པོ་བརྟན་པ་ཆེ་བྱོན་འགྱུར། །རྡོ་རྗེ་རིགས་ལ་སོགས་པ་ཀུན། །དངོས་གྲུབ་ཐམས་ཅད་གསོལ་བར་མཛད། །དེ་ནས་ཧཱུྃ་ལ་སོགས་པའི་སྒྲའི། །མཚན་མ་རྣམས་ཀྱང་འབྱུང་བར་འགྱུར། །གལ་ཏེ་སློབ་མ་ལ་སོགས་ལ། །སྙིང་གར་དབབ་པ་ཕྲ་བ་སྐྱེ། །དེ་ནས་རྡོ་རྗེ་ཧཱུྃ་མཛད་ཀྱི། །ཕྱག་རྒྱས་སློབ་མ་གཞུག་པར་བྱ། །བཅུག་ནས་དང་པོའི་སེམས་དཔའ་ཡི། །རང་གི་སྙིང་པོ་བརྗོད་པར་བྱ། །ཧཱུྃ་ཧཱུྃ་བཛྲ་པྲ་ཧ་ར་ཎི་ཕཊ། ཧཱུྃ་བཛྲ་ཤཱུ་ལ་ཡཱ་གྲི་ཎི་ཏྲི་ཏི། མ་ཏ་ས་ཧཱུྃ་བཛྲ་ཀོ་ཥེ་ཙྪིནྡྷ་ཧྃ། ཨོཾ་བཛྲ་ཨ་མ་ལ་པཱུ་ཤེ་མ་ཊ། རྡོ་རྗེ་འགུགས་པ་དང་རྡོ་རྗེ་མདུང་དང་རྡོ་རྗེ་རལ་གྲི་དང་རྡོ་རྗེ་ཞགས་པ་སྟེ། རྡོ་རྗེ་ཁྲོ་བོའི་སྲུང་བའོ། །དེ་ནས་འདི་རྣམས་ཀྱི་ཕྱག་རྒྱ་རྡོ་རྗེ་དོན་ཡོད་པའི་ཐོགས་པ་མེད་པ། ཤིན་ཏུ་གྲུབ་པ་སྟོབས་དང་ཕ་རོལ་གནོན་པ་རྣམས་སེམས་ཅན་མངོན་པར་རྒྱས་གདབ་པར་ནུས་པ་རྣམས་བསྐུལ་བར་བྱའོ། །ཨོཾ་བཛྲ་གུ་ཧྱ་སིད་དྷ་བ་ར་མ་ཡོ་གཱི་ཤྭ་རི་ཧི། ཧཱུྃ་བཛྲ་ཙཎྜ་ཧོ་ཁ་ཊྭཱྃ་ག་མ་ཧཱ་བཛྲ་ཀ་པཱ་ལ་ཡ་མ་ཀུ་ཏེ་རུ་ལུ་རུ་ལུ་ཎྜི་ཧཱུྃ་བཛྲ་ནཱ་རཱ་ཡ་ཎི་ཛི། ཧཱུྃ་བཛྲ་པ་ཊ་ཀེ་ཛི། རྡོ་རྗེ་ཁྲོ་བོའི་མཁའ་འགྲོ་མ་ལན་ཅིག་བཟླས་ཏེ་དགོད་པའམ་བྲི་བར་བྱའོ། །བཅོམ་ལྡན་འདས་དེ་ཁོ་ན་ཉིད་ཀྱི་སྙིང་པོས་བཞུགས་སུ་གསོལ་ན། དངོས་གྲུབ་ཐམས་ཅད་ལ་དོན་ཡོད་པའི་དངོས་གྲུབ་འགྲུབ་པར་འགྱུར་རོ། །དེ་ནས་དམ་ཚིག་བརྗོད་པར་བྱ་སྟེ། སེམས་ཅན་མང་ལ་བདེ་ཕྱིར་དང་། །བསྟན་པ་ཐམས་ཅད་འགྲུབ་པའི་ཕྱིར། །གདུག་པ་འདུལ་ལས་བསོད་ནམས་ནི། །འགྱུར་ཞེས་རྡོ་རྗེ་འཛིན་གྱིས་གསུངས། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་ཧཱུྃ་མཛད་ཀྱི་ཕྱག་རྒྱ་དང་བཅས་པའི་མཛུབ་མོ་སྦྱར་བར་བྱའོ། །དེ་ནས་བཅོམ་ལྡན་འདས་གདུག་པ་ཐམས་ཅད་དང་། བདུད་ཐམས་ཅད་དང་།འཇིག་རྟེན་གསུམ་པོ་ཐམས་ཅད་ཡང་དག་པར་འདུལ་བ་ཉིད་དུ་བྱིན་གྱིས་རློབ་པར་མཛད་དོ། །དེ་ནས་དབང་བསྐུར་བ་རྒྱས་པ་ལ་སོགས་པ་དེ་བཞིན་དུ་བྱས་ལ། རྡོ་རྗེ་ཁྲོ་བོའི་ལས་བཞི་པ་ལ་བསླབ་པར་བྱ་སྟེ། ཕྱག་རྒྱ་རྣམས་ཀྱིས་སེམས་ཅན་རྣམས་རྒྱས་གདབ་པ་དང་། ཕྱག་རྒྱ་གཞིག་པ་དང་གསད་པ་དང་སླར་


DNG012_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

འཚོ་བར་བྱའོ། །གང་ལ་ཕྱག་རྒྱ་སྦྱར་བ་ནི་འཆི་བར་འགྱུར་ན་དེ་ནི་གདུག་པ་ཡིན་པར་ཤེས་པར་བྱའོ། །དེ་ནས་འཚོ་བར་བྱེད་པའི་ཕྱག་རྒྱས་འཚོ་བར་བྱས་ལ། ཤིན་ཏུ་བསྲུང་བ་རབ་ཏུ་སྦྱར་བ་བྱས་ན་ཤིན་ཏུ་བསྲུང་བ་ཡིན་པའི་ཕྱིར། གདུག་པ་རྣམས་སླར་ཡང་གནོད་པར་མི་བྱེད་དོ། །དེ་ནས་བརྩམས་ཏེ་སློབ་མ་བཟང་། །རྡོ་རྗེ་ཚོགས་ནི་ཀུན་གྱིས་ཀྱང་། །མི་ཚུགས་པ་དང་མི་སོད་པར། །ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། །དེ་ནས་འདིར་སྒྲུབ་བཤད་བྱ་སྟེ། །ཅི་བཞིན་སྐུ་ནི་དགེ་འདུན་དུ། །རྡོ་རྗེ་གསོར་ཞིང་དང་པོར་ནི། །བཟླས་བརྗོད་སྟོང་ཕྲག་བརྒྱ་བྱའོ། །འབུམ་ཚད་ནས་ནི་སེམས་དཔའ་ཆེ། །རྡོ་རྗེ་སེམས་དཔའ་དང་མཉམ་མཆོག །རྡོ་རྗེ་ཁྲོ་བོ་རྒྱལ་པོ་མཆོག །རྒས་དང་འཆི་བ་མེད་པར་འགྱུར། །གདུག་པ་རྣམས་ནི་རྗེས་འདུལ་ཞིང་། །སངས་རྒྱས་ཀུན་ལ་རབ་མཆོད་པར། །འཇིག་རྟེན་གསུམ་ན་ལེགས་སྣང་ཞིང་། །ཅིས་ཀྱང་འཇིགས་པ་མེད་པར་འགྱུར། །དེ་ནས་དེ་ཁོ་ན་ཉིད་ཀྱི་སྙིང་པོ་སྒྲུབ་པ་ནི། འགྲེང་ངམ་ཡང་ན་འདུག་པ་འམ། །འགྲོའམ་ཉལ་བར་བྱེད་པ་ན། །ཅི་ལྟ་དེ་ལྟར་འབུམ་བཟླས་ན། །ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། །འདི་ཡིས་འདོད་པའི་དབང་ཕྱུག་ཀུན། །འདོད་པ་ཙམ་གྱིས་འགྲོ་འོང་ལྡིང་། །དངོས་གྲུབ་ཀུན་གྱི་དབང་ཕྱུག་གྲུབ། །རྒ་དང་འཆི་བ་མེད་པར་འགྱུར། །འགྲོ་བ་རྣམས་ཀྱིས་མཆོད་པ་དང་། །རང་གི་ཉེ་དུ་རྣམས་ཀྱིས་བསྟེན། །གདུག་པ་ཐམས་ཅད་རྗེས་འདུལ་ཞིང་། །གང་ལ་འཇིགས་པ་མེད་པར་རྒྱུ། །ཞེས་བཅོམ་ལྡན་འདས་ཁྲོ་བོའི་རྒྱལ་པོ་ཆེན་པོས་གསུངས་སོ། །དེ་ནས་ཕྱག་རྒྱའི་དམ་པ་སྒྲུབ་པ་ནི། ཅི་བཞིན་དུས་སུ་ཕྱག་རྒྱ་བཅིང་། །བདག་ཉིད་ངེས་པར་བསྲེགས་ནས་ནི། །སྲིད་འདི་ཉིད་དུ་ཁྲོ་ཆེན་པོའི། །དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར། །དེ་ནས་དམ་ཚིག་སྒྲུབ་པ་ནི། །བདག་ནི་ཐམས་ཅད་གསད་བྱ་ཞེས། །བརྗོད་ཅིང་ཕྱག་ན་རྡོ་རྗེ་ཡིས། །དམ་ཚིག་ཕྱག་རྒྱ་བཅིངས་ནས་ནི། །བཟླས་ན་རྡོ་རྗེ་འཛིན་འགྲུབ་འགྱུར། །དེ་ནས་ལས་རྣམས་སྒྲུབ་པ་ནི། །ལས་རྣམས་དམ་པ་སྒྲུབ་པ་ནི། །རྣམ་པ་བཞིར་ནི་རབ་བྱེད་ཅིང་། །ཐམས་ཅད་བདེ་བའི་ཕྱིར་ཟོས་ན། །རྡོ་རྗེ་ལས་ཉིད་ཐོབ་པར་འགྱུར། །སྒྲུབ་པ་ཆེན་པོ་ཆོ་ག་རྒྱས་པའི་རྒྱུད་དོ།། །།དེ་ནས་


DNG012_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་སྒྲུབ་པ་ནི། །རྡོ་རྗེ་ཁྲོ་མཆོག་རྒྱལ་པོ་ཡི། །ལས་ཀྱི་རྒྱུད་ནི་དམ་པ་རྣམས། །གོ་རིམས་བཞིན་དུ་བཤད་པར་བྱ། །འདི་ལྟ་སྟེ། ཐམས་ཅད་བསྲེག་པ་དང་། བསྐྲད་པ་དང་། གཞིག་པ་དང་། རེངས་པར་བྱ་བ་དང་། གཉིད་ལོག་པར་བྱ་བ་དང་། རྒྱས་གདབ་པ་དང་། རྨོངས་པ་དང་གཞིག་པ་དང་། བཅིང་བ་དང་། གཟེར་བ་དང་། དྲལ་བ་དང་། བརྡེག་པ་དང་། འབར་བ་དང་། བསྒྱེལ་བ་དང་། བཙོ་བ་དང་། གཅད་པ་དང་། དབུག་པ་དང་། ཕྱེ་མར་བྱ་བ་དང་། གཏོར་བ་དང་། རྣམ་པར་གཞོམ་པ་དང་། རིམས་དང་། དུག་དང་། གདོན་གྱིས་ཟིན་དུ་གཞུག་པ་དང་། སྨྱོ་བར་བྱ་བ་དང་། གསད་པར་བྱ་བ་ལ་ནི་རྡོ་རྗེ་ཧཱུྃ་མཛད་ཀྱིས་སོ། །ཐམས་ཅད་དགུག་པར་བྱ་བ་དང་། ངེས་པར་བཀོད་པ་དང་། བསྐྱོད་པ་དང་། གར་བྱེད་དུ་གཞུག་པ་དང་། གླུ་ལེན་དུ་གཞུག་པ་དང་། བརྒྱལ་དུ་གཞུག་པ་དང་། རྩེར་གཞུག་པ་དང་། ཧ་ཧ་ཞེས་དགོད་དུ་གཞུག་པ་དང་། འཁོར་བ་དང་།དྲང་བ་དང་། འོང་དུ་གཞུག་པ་དང་། བསྒོམ་པ་དང་། ནུབ་པར་བྱ་བ་དང་། དབྱུང་བ་དང་། འཕང་བ་དང་། ཉེ་བར་འདེགས་པར་བྱ་བ་དང་། བསྐུར་བ་དང་། ང་རོ་འདོན་པར་བྱ་བ་དང་། དུར་གཞག་པ་དང་། རང་ཉིད་བརྡེག་པར་བྱ་བ་དང་། འཆིང་བར་བྱ་བ་དང་། སྐྲ་འབལ་བར་བྱ་བ་དང་། ཞེ་འགྲས་པར་བྱ་བ་དང་། གོས་བཤུ་བ་དང་། ཁྲོ་བོ་འབར་བར་བྱ་བ་ལ་ནི་ཁྲོ་བོའི་གདན་གྱི་ཕྱག་རྒྱས་སོ། །ཐམས་ཅད་དགུག་པ་དང་། གཞུག་པ་དང་།དབབ་པ་དང་། པྲ་སེ་ན་བསྒྲུབ་པ་དང་། བདེན་པར་སྨྲ་བར་བྱ་བ་དང་། སྒྱུ་མ་སྟོན་པ་དང་། ལན་སྟོན་པ་དང་། དུས་ཚིགས་ཀྱི་འཁོར་ལོ་ཡོངས་སུ་བཟློག་པ་དང་། དུས་མ་ཡིན་པར་ཤིང་ལས་མེ་ཏོག་དང་འབྲས་བུ་སྨིན་པར་བྱེད་པར་སྟོན་པ་དང་། འབྲུ་ཐམས་ཅད་ཡང་དག་པར་སྟོན་པར་བྱ་བ་དང་། རིམས་དང་། སྦྱར་དུག་དང་། གདོན་དང་། དུག་དང་། མཁའ་འགྲོ་མ་ལས་ཐར་བར་བྱ་བ་དང་། གཡུལ་འགྱེད་པ་ཐམས་ཅད་ལས་ཐར་བར་བྱ་བ་དང་། གཞན་གྱི་དཔུང་གཞོམ་པ་དང་། ཕྱོགས་དང་། མཚམས་དང་། དཀྱིལ་འཁོར་བཅིང་བ་དང་། ཤིན་ཏུ་བསྲུང་བ་དང་། ཡོངས་སུ་སྐྱོབ་པར་བྱ་བ་དང་། ཐར་བར་བྱ་བ་དང་། བསླང་བ་དང་། དབང་དུ་བྱ་བ་ལ་ནི་ཁྲོ་བོ་ཆེན་པོ་སྣ་ཚོགས་གྲུབ་པས་སོ། །ལྷ་ལ་སོགས་


DNG012_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐམས་ཅད་ལྟུང་བར་བྱ་བ་དང་། ཀླུ་གདོན་པར་བྱ་བ་དང་། གནོད་སྦྱིན་རྗེས་སུ་འབྲང་བར་བྱ་བ་དང་། སྲིན་པོ་སྐྲག་པ་དང་། མཁའ་འགྲོ་མ་ལ་སོགས་པའི་གདོན་ཐམས་ཅད་བཏུལ་བ་དང་།བདུད་ཀྱི་དཔུང་ཐམས་ཅད་གཞོམ་པ་དང་། མ་མོ་རྣམས་འདུལ་བ་དང་། གདུག་པའི་ཚོགས་རྣམ་པར་གཏོར་བ་དང་། གདུག་པ་རྣམས་ཚར་གཅད་པ་དང་།འདུམ་པ་དང་། འཇིགས་པ་མེད་པ་ཡང་དག་པར་བསྐྱེད་པ་དང་། ནོར་བུ་བཟང་པོ་དབང་དུ་བྱ་བ་དང་། ནོར་སྦྱིན་ལས་ནོར་ཐམས་ཅད་དབྲོག་པ་དང་།རྣམ་ཐོས་སྲས་མནན་ནས་དཔལ་དྲང་བ་དང་། ལྷའི་བུ་མོ་གཞོན་ནུ་མ་ཐམས་ཅད་དང་རྩེ་འཇོ་བྱ་བ་དང་། བརྒྱ་བྱིན་མནན་ནས་བདེ་སོགས་མ་དབྲོག་པ་དང་། སྐེམ་བྱེད་ཚར་གཅད་པ་དང་། ཚངས་པ་ལྟུང་བར་བྱ་བ་དང་། ཁྱབ་འཇུག་གདུལ་བ་དང་། དབང་ཕྱུག་ཆེན་པོ་ལས་རྣམ་པར་རྒྱལ་བ་དང་། འདོད་པའི་དབང་ཕྱུག་མནན་ནས་དགའ་བ་མོ་དབྲོག་པ་དང་། རྡོ་རྗེ་བསྒྲུབ་པ་དང་།བྱང་ཆུབ་ཆེན་པོ་བསྒྲུབ་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱ་བ་དང་། དགུག་པ་དང་། གཞུག་པ་དང་། དམ་ཚིག་གིས་བཅིང་བ་དང་། དབང་དུ་བྱ་བ་བསྒྲུབ་པ་ལ་ནི་རྡོ་རྗེ་ཁྲོ་བོ་ཆེན་པོ་རྒྱལ་པོ་དམ་པའི་དངོས་གྲུབ་ཀྱིས་སོ་ཞེས་ཀྱང་གསུངས་སོ། །ལན་ཅིག་བཟླས་པས་མཆོག་གྲུབ་པ། །ཐོག་མའི་རྩ་སྙིང་བཟང་ལན་ཅིག །དེ་ཡི་འོག་ཏུ་ཁྲོ་གཉེར་གྱིས། །བསྒྲུབ་བྱ་ཐམས་ཅད་དགུག་པ་ཡིན། །དཔལ་མཆོག་དང་པོའི་རྟོག་པ་ཆེན་པོའི་རྒྱལ་པོ་ལས་རྡོ་རྗེ་མེ་དང་ཉི་མ་ལྟར་རབ་ཏུ་འབར་བའི་རྟོག་པའི་ཆོ་ག་རྒྱས་པའོ།། །།དེ་ནས་ཏིང་འཛིན་ཐམས་ཅད་ནི། །རྣམ་དག་མཆོག་གི་ཆོས་ཉིད་ལས། །སྤྱན་རས་གཟིགས་དབང་ཆེན་པོ་ནི། །རྡོ་རྗེ་སེམས་དཔའི་གཙོ་ཆེར་ཡིན། །གདུག་པ་ཐམས་ཅད་འདུལ་དོན་དུ། །རང་རིག་རིན་པོ་ཆེ་བསྐྱེད་ན། །སངས་རྒྱས་ཀུན་གྱི་ཁྲོ་བོ་ཆེ། །ཐབས་མེད་པས་ནི་ཐབས་ཡིན་ནོ། །འདོད་ཆགས་ལ་སོགས་ཀུན་བསགས་པས། །མ་དག་སེམས་ཅན་ཁམས་རྣམས་ནི། །དེ་རྣམས་ལ་ནི་རབ་སྤྱོད་པར། །སྐྱེས་བུ་མཆོག་ནི་རྣམ་པར་མཁྱེན། །མཆོག་ཏུ་མི་འདུལ་བ་ཉིད་ཀྱིས། །སངས་རྒྱས་ཀྱང་ནི་མངའ་མི་མཛད། །འཇིག་རྟེན་ཀུན་ན་འཇིག་རྟེན་མཆོག །རང་ཉིད་བཟང་པོ་ལ་སྙོམས་


DNG012_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས། །དེ་ལ་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱི་རྒྱལ་པོ་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་ཆོས་ཉིད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེ་བྱིན་གྱིས་བརླབས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏེ་གང་ལ་གཟིགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཁམས་གསུམ་པ་ཐམས་ཅད་ཀྱི་དབང་ཕྱུག་ཐམས་ཅད་ཉིད་ཐུགས་སུ་ཆུད་པར་གྱུར་པའོ། །བསྙེམས་པས་པདྨ་གཡོན་པ་ནི། །བཟུང་སྟེ་འདབ་མ་འབྱེད་མཛད་པས། །ཅི་ནུས་པ་ཡི་ཏིང་འཛིན་གྱིས། །རང་བཞིན་གྱིས་ནི་གཟིགས་པར་མཛད། །ཅི་ལྟར་པདྨ་དམར་པོ་འདི། །ཚོན་གྱི་ཉེས་པས་མི་གོས་པ། །གནས་ཀྱི་ཉེས་པ་སྣ་ཚོགས་པའི། །ཁམས་གསུམ་པ་ནི་དེ་བཞིན་དག །འདི་ལ་གཟིགས་པ་ལ་སོགས་པས། །རྒྱལ་བ་རྣམས་ནི་དབང་པོར་གྱུར། །དེ་ཡིས་རྡོ་རྗེ་སེམས་དཔའ་ནི། །སྤྱན་རས་གཟིགས་ཀྱི་དབང་ཕྱུག་གྱུར། །དེ་ནས་སྒོམ་པའི་སྙིང་པོ་འདི། །དག་པར་བསྒོམས་པས་སྒོམ་པ་ན། །རྡོ་རྗེ་འཆང་བ་ཆེན་པོ་ནི། །པདྨ་ཆེན་པོ་འཆང་བར་འགྱུར། །གསེར་སྦྱངས་རི་ཡི་དབང་པོ་ནི། །རྒྱལ་པོ་ཆེ་དང་མདངས་མཉམ་པ། །བསྙེམས་པ་གཡོན་པའི་པད་མཆོག་གི། །གཡས་པ་མཆོག་ལ་རྣམ་པར་གཟིགས། །དེ་ནས་པདྨའི་འདབ་མ་ལ། །པདྨ་ཆེན་པོ་མཆོག་འཛིན་པ། །སངས་རྒྱས་ལ་སོགས་འབྱུང་བ་ཡི། །འཁོར་ལོ་རྣམས་ནི་འདུལ་བའི་མཆོག །འགྲོ་བ་སྣ་ཚོགས་འདུལ་མཛད་པ། །བཞུགས་པ་རབ་ཏུ་བྲི་བར་བྱ། །དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་ནི། །དེ་ལ་པདྨ་དགེ་བ་དེར། །འགྲོ་བ་ཐམས་ཅད་རྣམ་སྦྱོང་བའི། །ཚུལ་གྱིས་འདུལ་བར་མཛད་པ་ན། །པདྨའི་རིགས་མཆོག་སྟོན་པའི་ཕྱིར། །རྒྱལ་བ་རྣམས་ཀྱིས་གསོལ་བ་བཏབ། །དེ་ནས་ཐམས་ཅད་འདུལ་མཛད་ཅིང་། །ཤིན་ཏུ་དཀར་བའི་ཆོས་འཛིན་པ། །རྡོ་རྗེ་ཆོས་ཏེ་རང་རྒྱལ་པོ། །འཇིག་རྟེན་དབང་པོས་བཀའ་སྩལ་པ། །ཕྱི་ནི་དཀྱིལ་འཁོར་ཆེན་པོ་ལ། །པདྨ་འདབ་མ་བརྒྱད་པ་བྲི། །དེ་ཡི་དབུས་སུ་སྤྱན་འཛུམ་པ། །འཇིག་རྟེན་དབང་ཕྱུག་དགོད་པར་བྱ། །གསེར་སྦྱངས་ལྟ་བུའི་པདྨ་ནི། །གཡོན་བསྙེམས་ཚུལ་གྱིས་གཟིགས་མཛད་པ། །རྒྱལ་མཚན་ཀུན་གྱིས་རྣམ་པར་སྤྲས། །སངས་རྒྱས་སྐུ་མཆོག་སྤྱི་བོར་བཞུགས། །དེ་ཡི་ངོས་ནི་ཐམས་ཅད་དུ། །


DNG012_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་སྐུ་ནི་བརྒྱད་པོ་བྲི། །རང་གི་ཏིང་འཛིན་པདྨ་ཆེའི། །ཏིང་ངེ་འཛིན་ལ་རྣམ་པར་གཟིགས། །འཇིག་རྟེན་དབང་པོའི་གཟུགས་ལོགས་སུ། །སངས་རྒྱས་ལ་སོགས་རིགས་ཀྱི་ལྟ། །ཞི་བ་སྲེད་མེད་བུ་ཚངས་པ། །འདོད་པའི་གཟུགས་ནི་པདྨ་ཅན། །སྤྱི་བོར་འཚེར་ཞིང་མགྲིན་འདེགས་པ། །རྟ་མགྲིན་ལྕགས་ཀྱུ་བཅིངས་ནས་ནི། །ཆོས་ཀྱི་ཚིག་གིས་སྤྱན་དྲང་བྱ། །དེ་ནས་པདྨའི་སྙིང་པོ་ནི། །སརྦ་ཏ་ཐཱ་ག་ཏ་པདྨ་ཛཿཧཱུྃ་བཛྲ་པདྨ། ཧེ་པདྨ། པདྨ་བྃ། ཧོ་པདྨ་ནི་རཱ་ཛ། དེ་ནས་མཚམས་རྣམས་སུ་ནི། ཧཱུྃ་པདྨེ་ཙཎྜ་ཤྭ་ར་ཧཱུྃ། ཧེ་མ་ཧཱ་བི་ཤྭ་པདྨ་ཙཱུརྞི་སིཌྜྷ་ཧཱུྃ། མ་ཊ་ཧྲཱྀཿ། པདྨ་པདྨོ་ཧཱུྃ་ཨ་ཧོ་པདྨ་ཨ་ཤྭ། ཀྲ་མ་ཀྲ་མ་ཧཱུྃ་ཛཿ།དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་ནི། །ཆོ་ག་རྒྱས་པ་བྱས་ནས་ནི། །པདྨ་ཆེན་པོ་མེ་ཏོག་བཅས། །མ་ཡེངས་ཡིད་ཀྱིས་ཕྱག་བྱའོ། །དཀྱིལ་འཁོར་ཞུགས་ནས་ཏིང་ངེ་འཛིན། །ལས་བྱུང་གཟུངས་འདི་བརྗོད་པར་བྱ། །ཨོཾ་བི་ཤོ་དྷ་ཡ། མ་ནུ་ས་ནི་ཤུཌྜྷ་མ་ཧཱ་སཏྭ། དྷཱ་ཏུ་ས་མ་ཡ་སཏྭ། རཱ་ག་དཱི་པཉྩ་ཡེ། ཙིཏྟ་མེ་སརྦ་དྷ་མེ་བཛྲི་ཎི་ཙིཏྟ་མེ་སརྦ་དྷ་མེ་ཤྱ་ཛི་ནི། གཟུངས་ཀྱི་ཕྱག་རྒྱ་གསན་ནས་ནི། །དགྱེས་པས་པདྨ་འཛིན་པ་འགྲུབ། །དེ་ནས་མཛུབ་མོ་ལྕགས་ཀྱུར་བཅིང་། །ཆོས་ཀྱི་ཚིག་གིས་ལེགས་སྤྱན་དྲང་། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཤྭ་ར་པདྨ་ཧསྟ། ཡ་ཧི་ཤཱི་གྷྲྃ་མ་མེ་བཛྲ་མུ་དྲཱ་ཨ་གྲི་ཤྱ་ས་བེ་ས་མ་ཡེར་བ་དྷ་བི་ཤི་ཀོ་མི། ཛཿཧཱུྃ་བྃ་ཧོཿ། ཤོ་དྷ་ཡ་སརྦ་སཱ་དྷ་ཡ་བ་མ་མེ། མ་ཧཱ་བཛྲ་དྷ་ར་སྟྭཾ། དེ་ནས་འཇིག་རྟེན་མགོན་པོ་མཆོག །འཇིག་རྟེན་འཛིན་པ་རང་ཉིད་བྱོན། །འཇིག་རྟེན་ཀུན་མཆོག་འགྲུབ་འགྱུར་བའི། །ཏིང་འཛིན་ཆོ་ག་ངེས་པར་མཛད། །དེ་ནས་དེ་བཞིན་སློབ་མ་རྣམས། །གཞུག་པའི་ཆོ་ག་རྒྱས་པ་ནི། །དངོས་གྲུབ་ཐམས་ཅད་སྦྱིན་པ་ཡི། །ཡེ་ཤེས་དག་ནི་བསླབ་པར་བྱ། །ཏིང་འཛིན་སྙིང་པོ་འདི་ཡི་ནི། །སྒྲུབ་པ་ཆེན་པོ་གདོད་ནས་བྱུང་། །འཇིག་རྟེན་ཀུན་གྱི་དབང་ཕྱུག་ཉིད། །གོ་རིམས་བཞིན་དུ་བཤད་པར་བྱ། །བུད་མེད་རྣམས་ཀྱི་ནང་ཞུགས་པའམ། །གདུག་པ་རྣམས་ཀྱི་ནང་ཆུད་པའམ། །གང་ཡང་རུང་བར་འདུག་ནས་ནི། །པདྨ་ཆེན་པོ་ཡོངས་སུ་བཟུང་། །དུས་དང་སྟོབས་ནི་ཇི་བཞིན་དུ། །ཉིན་རེ་ཅི་ནུས་བསྒྲུབ་པར་བྱ། །ཆོ་ག་འདི་ཡིས་ཚེ་འདི་ལ། །


DNG012_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

མྱུར་དུ་མཆོག་ནི་འགྲུབ་པར་འགྱུར། །འདོད་ཆགས་ཀུན་གྱི་བདེ་མྱུར་བར། །འདོད་པ་ཙམ་གྱིས་འགྲོ་འོང་ལྡིང་། །འཇིག་རྟེན་ཀུན་གྱི་དབང་ཕྱུག་རྒྱལ། །རྒ་དང་འཆི་བ་མེད་པར་འགྱུར། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཉིད། །ཕྱག་ན་རྡོ་རྗེ་ཉིད་དང་ནི། །དངོས་གྲུབ་ཀུན་གྱི་མཐའ་ཡས་མཆོག །ཚེ་འདི་ཉིད་ལ་ཐོབ་པར་འགྱུར། །དེ་ནས་ཕྱག་རྒྱ་བསྒྲུབ་པ་ནི། །ཕྱག་རྒྱ་བཅིངས་ཏེ་ཏིང་འཛིན་གནས། །དངོས་གྲུབ་ཆེན་པོ་ཉིད་ཐོབ་བོ། །དམ་ཚིག་དམ་ཚིག་མཆོག་གིས་ཏེ། །ལས་ནི་ལས་མཆོག་ཕྱག་རྒྱས་སོ། །སྒྲུབ་པ་ཆེན་པོ་ཆོ་གའི་རྒྱུད་དོ།། །།དེ་ནས་དངོས་གྲུབ་མ་གྲུབ་པའི། །ཏིང་འཛིན་ལས་ནི་འདྲེན་མ་དག །དང་པོར་ཏིང་འཛིན་གྲུབ་པ་ནི། །གོ་རིམས་བཞིན་དུ་རབ་བཤད་བྱ། །འདི་ལྟ་སྟེ་སྒྲིབ་པ་ཐམས་ཅད་དང་སྡིག་པ་དང་རྨི་ལམ་ངན་པ་དང་ལྟས་ངན་པ་དང་ཡམས་དང་འཚེ་བ་དང་ནད་འགོ་བ་དང་ཉོན་མོངས་པ་དང་དུས་མ་ཡིན་པར་འཆི་བ་དང་འཇིགས་པ་དང་སྐྲག་པ་དང་རྩོད་པ་དང་འཐབ་པ་དང་བྱིས་པའི་གདོན་དང་དམུ་རྒོད་དང་ཉོན་མོངས་པ་དང་ངལ་བ་དང་སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་དབུལ་བ་དང་རྒྱགས་པ་དང་རེག་ན་མི་བདེ་བ་དང་སྐལ་བ་ངན་པ་དང་ནད་མེད་པ་མ་ཡིན་པ་དང་ནོར་བརླག་པ་རྣམས་ལ་ནི་པདྨ་ཆེན་པོ་ཞི་བས་སོ། །རླུང་དང་མཁྲིས་པ་དང་ཁྲག་དང་བད་ཀན་དང་འདུས་པ་དང་མ་ཞུ་བ་དང་རིམས་དང་སྦྱར་བའི་དུག་དང་མཛེ་དང་འབྲུམ་བུ་ཕྲ་མོ་དང་གཡེན་པ་དང་རྐང་ཤུ་དང་། སྐྲན་དང་ཆུའི་དམུ་རྫིང་དང་མཚན་བར་རྡོལ་བ་དང་ཤ་བཀྲ་དང་ཟད་བྱེད་དང་ཁྲག་ཟད་པ་དང་ཁུ་བ་ཟད་པ་དང་། ནད་ཐམས་ཅད་དང་གནོད་པ་དང་གནོད་བྱེད་དང་གདོན་དང་ཕྲ་མེན་རྣམས་གསོ་བ་ལ་ནི། པདྨ་ཆེན་པོ་སྨན་གྱི་ཕྱག་རྒྱ་འཛིན་པས་སོ། །ཐམས་ཅད་རྡོ་རྗེར་བྱས་པ་དང་ཆོས་དང་གོ་ཆ་དང་། གཙུག་ཏོར་དང་གཙུག་ཕུད་དང་མཚམས་དང་ཕྱོགས་དང་དཀྱིལ་འཁོར་དང་ས་དང་ནམ་མཁའ་དང་རྡོ་རྗེའི་གདན་དང་ཁང་པ་ཆེན་པོ་དང་རྡོ་རྗེ་ར་བ་དང་མེ་འབར་བ་དང་ཐལ་བའི་ར་བ་དང་རྡོ་རྗེ་དང་རི་བོ་དོན་ཡོད་པ་ལ་སོགས་པ་དང་སྲད་བུས་ཡོངས་སུ་བསྐོར་བ་དང་ཕུར་བུས་གདབ་པ་དང་ཟས་དང་བཏུང་བ་དང་གོས་དང་རྒྱན་དང་ཕྱག་རྒྱ་དང་བསྲུང་བ་ལ་ནི་པདྨ་ཆེན་པོ་ཐམས་ཅད་སྲུང་བས་སོ། །ཚེ་ཐམས་ཅད་དང་སྟོབས་དང་ཁ་དོག་དང་གཟི་བརྗིད་དང་མདངས་དང་ལང་ཚོ་དང་བརྩོན་འགྲུས་


DNG012_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྤྲ་བ་དང་ནད་མེད་པ་དང་དཔལ་དང་སྐལ་བ་བཟང་པོ་དང་ནོར་དང་འབྲུ་དང་དབང་ཕྱུག་དང་འབྱོར་པ་དང་དངོས་གྲུབ་དང་བློ་དང་རྙེད་པ་དང་བཀྲ་ཤིས་པ་དང་མིང་དང་གྲགས་པ་དང་སྙན་པ་དང་ཏིང་ངེ་འཛིན་དང་ཤེས་རབ་དམ་པ་འགྲུབ་པ་ལ་ནི་པདྨ་ཆེན་པོ་མཆོག་གྲུབ་པས་སོ། །དཔལ་མཆོག་དང་པོའི་རྟོག་པ་ཆེན་པོའི་རྒྱལ་པོ་ལས། ཆོས་ཐམས་ཅད་སྒྲིབ་པ་མེད་པའི་ཡེ་ཤེས་ཀྱི་རྡོ་རྗེའི་ཆོ་ག་རྒྱས་པའོ།། །།དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །ཐམས་ཅད་མི་འགྱུར་ནམ་མཁའ་ཆེ། །ཐམས་ཅད་དབང་བསྐུར་ཀུན་གྱི་དོན། །ཀུན་དབང་རིན་ཆེན་ཐམས་ཅད་འཛིན། །ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས། །དྲག་པོ་ཆེན་པོ་རབ་སད་མཛད། །ཆོས་རྣམས་ལ་ནི་རྣམ་གཟིགས་པས། །ཀུན་དོན་དབང་ཕྱུག་གདོད་ནས་བྱུང་། །ཉི་ཟླ་དང་ནི་གཟའ་སྐར་ཅན། །ནམ་མཁའ་ཉིད་དུ་གྱུར་པ་ཡིན། །དེ་ནས་རིན་ཆེན་ཏིང་འཛིན་ནི། །ངེས་པར་རྡོ་རྗེ་ཅན་དུ་བརྗོད། །དེ་ནས་ནམ་མཁའ་རྡོ་རྗེ་ཉིད། །ལྗང་སྔོན་བཻ་ཌཱུརྱ་མཉམ་མདངས། །རྡོ་རྗེ་རིན་ཆེན་བསྣམས་དགེ་བ། །ནམ་མཁའི་སྙིང་པོར་ཡང་དག་གྱུར། །དེ་ནས་བཅོམ་ལྡན་ཐོག་མ་འདི། །མཛོད་སྤུ་ཀུན་གྱི་གནས་ན་བཞུགས། །ཏིང་འཛིན་ལ་ནི་རྣམ་གཟིགས་པས། །འཇིག་རྟེན་དབང་ཕྱུག་བདག་པོ་ཉིད། །སངས་རྒྱས་ཐམས་ཅད་སྲས་བཅས་དང་། །དེ་བཞིན་རྡོ་རྗེ་འཛིན་པ་མཆོག །རྡོ་རྗེ་རིན་ཆེན་དེ་ཡིས་ནི། །ཀུན་རིག་ཀུན་གྱིས་དབང་བསྐུར་དང་། །བསམ་པ་ཐམས་ཅད་རྫོགས་བྱའི་ཕྱིར། །ཀུན་མཆོག་ཀུན་ལ་དབང་བསྐུར་ནས། །ཤིས་པ་བརྗོད་པ་འདི་གསུངས་སོ། །ཨོཾ་སརྦ་བཛྲ་སཏྭ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩཱ་མི་བྷུར་བྷུ་བ་སྭཿ། དེ་ནས་བཟང་པོས་འདི་གསུངས་ཤིང་། །ལེགས་པར་ཤིས་བརྗོད་དབང་བསྐུར་བས། །རྡོ་རྗེ་རིན་ཆེན་ཆེ་དེ་ལས། །ཆོས་ཀྱི་གཙོ་བོར་བྱུང་བར་གྱུར། །བྱུང་ནས་འགྲོ་བ་ཐམས་ཅད་ནི། །ཅི་རིགས་པར་ནི་ཀུན་དབང་བསྐུར། །རྡོ་རྗེ་ཀུན་གྱིས་དབང་བསྐུར་ནས། །སླར་ཡང་དཀྱིལ་འཁོར་ཚུལ་གྱིས་བཞུགས། །བདེ་གཤེགས་ཀུན་གྱིས་བྱིན་བརླབས་པས། །རྡོ་རྗེ་རིན་ཆེན་བླ་ན་མེད། །ཤིན་ཏུ་དབང་ཕྱུག་ཆེན་པོའི་མཆོག །དངོས་གྲུབ་གསོལ་བའི་རྟོག་པ་གསུངས། །དཀྱིལ་འཁོར་ཆེན་པོའི་ཕྱི་རོལ་ནི། །


DNG012_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའི་འཁོར་ལོ་ནམ་མཁའི་མདོག །ཉི་མ་ཟླ་བ་སྐར་མ་དང་། །གཟའ་རྣམས་ཀྱིས་ནི་བརྒྱན་པ་བྲི། །དེ་དབུས་ནམ་མཁའི་སྙིང་པོ་ནི། །བདག་ཉིད་ཐམས་ཅད་དགྱེས་པ་གཞག །དག་པའི་བཻ་ཌཱུརྱ་མདོག་འདྲ། །འོད་ཟེར་འབར་བ་སྣ་ཚོགས་འཁྲུག །གཡོན་པ་རིན་ཆེན་ཐུགས་ཀར་སྟོད། །གཡས་པས་ནོར་ཆེན་རབ་སྩོལ་བ། །དེ་ཡི་ངོས་སུ་སེམས་དཔའ་མཆོག །བཞི་པོ་གཟུངས་བཅས་དམ་པ་ཡིན། །དབང་བསྐུར་བ་དང་གཏེར་ཉིད་དང་། །ནོར་བུ་ཆེན་པོ་བླ་མེད་དང་། །འབྱོར་པ་དཔལ་ནི་ཕུན་སུམ་ཚོགས། །རང་གི་མཚན་མས་མཆོད་པས་ནི། །དེ་ལ་དེ་དག་གི་སྙིང་པོ་འདི་ཡིན་ཏེ། བཛྲ་སཏྭ་ཛཿ། བཛྲ་རཏྣ་ཧཱུྃ། བཛྲ་དྷརྨ་བྃ།བཛྲ་ཀརྨ་ཧོ། དེ་ནས་གཟུངས་རྣམས་ཀྱི་སྙིང་པོ་བཤད་དེ། ཨོཾ་པྲ་ཎི་བཛྲི་ཏི་ཕཊ། ཨོཾ་བཛྲ་པྲཱི་ཏི་ཧི་ཧི། ཨོཾ་ཙནྟཱི་མ་ཎི་ཧོཿ། ཨོཾ་བཛྲ་མ་ཧཱ་མ་ཧེ་ཧྃ།དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་ནི། །ཆོ་ག་རྒྱས་པ་ཅི་བཞིན་བྱ། །ནོར་བུའི་ཁུ་ཚུར་གྱིས་བཞུགས་ལ། །མཁའ་སྐྱེས་ལ་ནི་མགོས་ཕྱག་བྱ། །བཞུགས་ནས་ནམ་མཁའ་མཁས་པ་ཡི། །དམ་ཚིག་དམ་པ་བརྗོད་པར་བྱ། །ཁྱེད་ནི་ནམ་མཁའ་ལས་བྱུང་བའི། །ཐམས་ཅད་ཀྱི་ནི་ལྔ་པ་ཡིན། །ཨོཾ་ཨ་སིད་དྷི་བྷུ་ར་བྷུ་ར་སིད་དྷ་སིད་དྷ་སྭཿ། སིད་དྷི་མ་ཧཱ་བཛྲ་རཏྣ། བ་བ་ཏྲ་ཊ་ཏྲཱྃ། འདི་ནི་བཟླས་པ་ཙམ་གྱིས་ནི། །མཁའ་སྙིང་དངོས་གྲུབ་ཐམས་ཅད་དང་། །ཕུན་ཚོགས་ཀུན་ལ་ཤིན་ཏུ་ནི། །འགྲུབ་འགྱུར་འདི་ལ་ཐེ་ཙོམ་མེད། །ཅེས་བཅོམ་ལྡན་འདས་རྡོ་རྗེ་རིན་ཆེན་བླ་ན་མེད་པས་གསུངས་སོ། །དེ་ནས་ནོར་བུ་ཁུ་ཚུར་ཅན་གྱི་ལྕགས་ཀྱུས་དགུག་པར་བྱའོ། །ཨོཾ་བྷཱུ་རཱ་ཡ་ཧཱི་ཛཱ། བྷུ་བ་པྲ་བི་ཤ་ཧཱུྃ་སྭཱ་ཧཱ། གྲྀ་ཧྞ་བྃ་བ་བ་ཊ་ཊ་སིད་དྷི་ཧོ་ཧཱྃ། དེ་ནས་བཅོམ་ལྡན་མྱུར་དུ་ནི། །བྱོན་ནས་དངོས་གྲུབ་ཐམས་ཅད་ནི། །འབྱོར་པ་ཤིན་ཏུ་གཡོ་བ་ལ། །དོན་ནི་རབ་ཏུ་འགྲུབ་པར་འགྱུར། །དེ་ནས་སློབ་མས་ཕྱག་རྒྱ་ནི། །མེ་ཏོག་བཅས་པ་མཆོག་གིས་གཞུག །བཅུག་ནས་དེ་ཉིད་མཆོག་སྙིང་པོ། །བདེན་པ་ལན་ཅིག་བརྗོད་དུ་གཞུག །དེ་ནས་འབྱོར་པའི་མཆོག་བརྟག་པ། །དཔལ་གྱི་ཕུན་ཚོགས་མཆོད་པ་ཆེ། །འཇིག་རྟེན་མཆོག་གི་དངོས་གྲུབ་རྣམས། །བདེ་བར་གཤེགས་པ་དེ་བཞིན་


DNG012_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ། །དེ་ནས་དེ་ཕྱིར་སྒྲུབ་པ་བཤད། །རྡོ་རྗེ་རིན་ཆེན་རྒྱལ་མཆོག་གིས། །དཔག་མེད་ཟློས་པས་བསྒྲུབ་བྱ་ཞིང་། །འདི་ཡིས་སྐྱེས་མཆོག་འདི་ཉིད་ལ། །འདོད་ཆགས་འགྲོ་དང་འོང་བར་འགྱུར། །རིན་ཆེན་ཀུན་གྱི་དབང་ཕྱུག་རྒྱལ། །རྒ་དང་འཆི་བ་མེད་པར་འགྱུར། །དངོས་གྲུབ་ཀྱི་དམ་པ་ཐམས་ཅད་ཀྱང་དེ་བཞིན་ནོ། །ཕྱག་རྒྱ་བསྒྲུབ་པ་ནི་དགའ་བ་ཉིད་ཀྱིས་སོ། །དམ་ཚིག་གི་ཕྱག་རྒྱ་བསྒྲུབ་པ་ནི་དམ་ཚིག་གི་ཁུ་ཚུར་གྱིས་སོ། །དེ་བཞིན་དུ་ལས་བསྒྲུབ་པ་ནི་དངོས་གྲུབ་བླ་ན་མེད་པ་ཡིན་ནོ་ཕྱག་རྒྱ་ཆེན་པོ་བསྒྲུབ་པ་ཉིད་དེའི་རྒྱུད་དོ།། །།དེ་ནས་དེ་ཕྱིར་ལས་རྣམས་ཀྱི། །རབ་འབྱམ་རྒྱུ་ནི་དམ་པ་དང་། །དངོས་གྲུབ་ཆེན་པོ་ཀུན་གྲུབ་པ། །གོ་རིམས་ཅི་བཞིན་རབ་བཤད་བྱ། །འདི་ལྟ་སྟེ་འབྱོར་བ་ཐམས་ཅད་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱ་བ་དང་དབྲོག་པ་དང་བསག་པ་དང་ལེན་པ་དང་འདྲེན་པ་དང་འགུགས་པ་དང་གཏོད་པ་དང་གཞིག་པ་དང་འཕེན་པ་དང་འདེགས་པ་དང་འབེབས་པ་དང་བརྡེག་པ་དང་སྦྱང་བ་དང་རྙེད་པ་དང་ཉོ་བ་དང་བཙོང་བ་དང་ཀུན་ཏུ་འགྱེད་པ་དང་ཉེ་བར་དགོད་པ་དང་བརྟན་པར་བྱ་བ་དང་རྡོ་རྗེར་བྱ་བ་དང་འབྱོར་པ་ཐམས་ཅད་བསྒྲུབ་པ་དང་འབྱོར་པ་ཐམས་ཅད་ཀྱི་མཆོག་བསྒྲུབ་པ་ལ་ནི་རྡོ་རྗེ་རིན་ཆེན་གྱི་དབང་བསྐུར་བས་སོ། །དཔལ་ཐམས་ཅད་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱ་བ་དང་དབྲོག་པ་དང་བསག་པ་དང་ལེན་པ་དང་འདྲེན་པ་དང་འགུགས་པ་དང་གཏོད་པ་དང་གཞིག་པ་དང་འཕེན་པ་དང་འདེགས་པ་དང་འབེབས་པ་དང་བརྡེག་པ་དང་སྦྱང་བ་དང་རྙེད་པ་དང་ཉོ་བ་དང་བཙོང་བ་དང་ཀུན་ཏུ་འགྱེད་པ་དང་ཉེ་བར་དགོད་པ་དང་བརྟན་པར་བྱ་བ་དང་རྡོ་རྗེར་བྱ་བ་དང་འབྱོར་པ་ཐམས་ཅད་བསྒྲུབ་པ་དང་འབྱོར་པ་ཐམས་ཅད་ཀྱི་མཆོག་བསྒྲུབ་པ་ལ་ནི་རྡོ་རྗེ་རིན་ཆེན་དཔལ་གྱིས་སོ། །ཕུན་སུམ་ཚོགས་པ་ཐམས་ཅད་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱ་བ་དང་དབྲོག་པ་དང་བསག་པ་དང་ལེན་པ་དང་འདྲེན་པ་དང་འགུགས་པ་དང་གཏོད་པ་དང་གཞིག་པ་དང་འཕེན་པ་དང་འདེགས་པ་དང་འབེབས་པ་དང་བརྡེག་པ་དང་སྦྱང་བ་དང་རྙེད་པ་དང་ཉོ་བ་དང་བཙོང་བ་དང་ཀུན་ཏུ་འགྱེད་པ་དང་ཉེ་བར་དགོད་པ་དང་བརྟན་པར་བྱ་བ་དང་རྡོ་རྗེར་བྱ་བ་དང་འབྱོར་པ་ཐམས་ཅད་བསྒྲུབ་པ་དང་འབྱོར་པ་


DNG012_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱི་མཆོག་བསྐུལ་བ་ལ་ནི་རྡོ་རྗེ་རིན་ཆེན་ཕུན་སུམ་ཚོགས་པས་སོ། །མཆོད་པ་ཐམས་ཅད་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱ་བ་དང་དབྲོག་པ་དང་བསག་པ་དང་ལེན་པ་དང་འདྲེན་པ་དང་འགུགས་པ་དང་གཏོད་པ་དང་གཞིག་པ་དང་འཕེན་པ་དང་། འདེགས་པ་དང་འབེབས་པ་དང་བརྡེག་པ་དང་སྦྱང་བ་དང་རྙེད་པ་དང་ཉོ་བ་དང་བཙོང་བ་དང་ཀུན་ཏུ་འགྱེད་པ་དང་ཉེ་བར་དགོད་པ་དང་བརྟན་པར་བྱ་བ་དང་རྡོ་རྗེར་བྱ་བ་དང་འབྱོར་པ་ཐམས་ཅད་བསྒྲུབ་པ་དང་འབྱོར་པ་ཐམས་ཅད་ཀྱི་མཆོག་བསྒྲུབ་པ་ལ་ནི་རྡོ་རྗེ་རིན་ཆེན་གྱི་མཆོད་པ་སྒྲུབ་པས་སོ་ཞེས་ཀྱང་གསུངས་སོ། །སེམས་ཅན་ཐམས་ཅད་བདེ་དོན་དུ། །རྡོ་རྗེ་སེམས་དཔའ་ནོར་ཆེ་བ། །རང་གི་རྒྱལ་མཆོག་ལན་ཅིག་བསྒྲུབ། །ཡི་གེ་ཏྲཾ་ནི་སྦྱར་བར་བྱ། །དཔལ་མཆོག་དང་པོའི་རྫོགས་པའི་རྒྱལ་པོ་ཆེན་པོ་ལས།བསམ་པ་ཡོངས་སུ་རྫོགས་པར་བྱེད་པ་རྡོ་རྗེ་རིན་ཆེན་གྱི་རྟོག་པའི་ཆོ་ག་རྒྱས་པའོ།། །།དེ་ནས་རྒྱལ་བ་རྡོ་རྗེ་འཛིན། །འཇིག་རྟེན་གསུམ་པོ་ཁམས་གསུམ་པ། །འཇིག་རྟེན་གསུམ་བདག་ཐམས་ཅད་ལ། །འཇིག་རྟེན་གསུམ་མཆོག་འདུལ་མཛད་པ། །ཆོ་ག་བཞིན་དུ་བསྒོམས་གྱུར་ཞིང་། །སེམས་ཅན་དོན་ཕྱིར་ཆོ་གས་བཞུགས། །འདོད་ཆགས་ཞེ་སྡང་གཏི་མུག་རྣམས། །རྟག་ཏུ་རྣམ་པར་གནས་པ་ཡིན། །མི་མཉམ་པ་ཡིས་བསྟེན་གྱུར་ན། །དུག་ཉིད་དུ་ནི་ཉེ་བར་འགྲོ། །བདུད་རྩི་ཉིད་ཀྱིས་བསྟེན་གྱུར་ན། །བདུད་རྩི་ཉིད་དུའང་འགྱུར་བ་ཡིན། །འདོད་ཆགས་ཚངས་པ་མཆོག་འབྱིན་པ། །ཞེ་སྡང་དྲག་པོའི་ཏིང་འཛིན་གྱིས། །གཏི་མུག་ཁྱབ་འཇུག་བརྟེན་མཛད་ནས། །འཇིག་རྟེན་གསུམ་པོ་བྱིན་གྱིས་བརླབས། །འདོད་ཆགས་ཞེ་སྡང་གཏི་མུག་རྣམས། །རྟག་ཏུ་གནས་པས་སྲིད་གསུམ་གནས། །ཆོས་ཀྱིས་བསྟེན་པས་གསུམ་མཆོག་སྟེ། །ཆོས་མིན་བསྟེན་པས་ངན་སོང་གསུམ། །འདོད་ཆགས་སྦྲང་རྩིར་བྱེད་པར་བཤད། །ཞེ་སྡང་རྒྱལ་བར་བྱེད་པར་བཤད། །གཏི་མུག་དོན་ནི་སྒྲུབ་བྱེད་ཅེས། །ཀུན་ཏུ་གསང་བའི་མིང་ཡིན་ནོ། །ང་ནི་འཇིག་རྟེན་གཅིག་པུ་ཉིད། །འཇིག་རྟེན་གསུམ་དུ་རབ་ཏུ་བཤད། །ང་ནི་འདོད་པ་གཅིག་པུ་ཉིད། །ཚངས་པ་དྲག་པོ་གཡུང་དྲུང་ཡིན། །


DNG012_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་གསུམ་པོ་འདི་ཡི་མཆོག །སྦྱང་ཕྱིར་རྡོ་རྗེ་སྦྱང་འཛིན་པ། །གཟུགས་ནི་གསུམ་པོ་འདི་དག་ཉིད། །བདག་ཉིད་ཁོ་ན་བྱུང་བ་ཡིན། །གང་ཕྱིར་འཇིག་རྟེན་འདི་དག་ནི། །རྟག་ཏུ་ཡང་ནི་འདི་སྐད་སྨྲ། །ཚངས་སོགས་ཀྱིས་འདུལ་ཡང་དག་པའི། །སངས་རྒྱས་བྱང་ཆུབ་སྣོད་མ་ཡིན། །དེ་རྣམས་སྦྱང་ཕྱིར་བཅོམ་ལྡན་འདས། །རྡོ་རྗེ་འཆང་ཆེན་རང་ཉིད་ནི། །གཟུགས་ནི་གསུམ་པོ་འདི་མཛད་ནས། །ཕྱིས་ནི་སངས་རྒྱས་ཉིད་མི་འགྱུར། །དེ་ནས་ཚངས་པ་ལྷ་སོགས་ལྷ། །འཇིག་རྟེན་གསུམ་མཆོག་དབང་ཕྱུག་ཆེ། །དཀྱིལ་འཁོར་དེ་ནི་གསང་སྙིང་པོ། །རང་གི་རང་གྲུབ་ཕྱིར་རབ་འཕྲུལ། །ཨོཾ་བྷཱུར་བྷུ་བ་སྭཿ། ཟུར་བཞི་པ་ལ་སྒོ་བཞི་པ། །སྒོ་སྲུངས་བཞིས་ནི་རབ་བསྲུངས་པ། །ཁ་ཁྱེར་གྱིས་ནི་ལེགས་བསྐོར་བ། །ཕྱི་ཡི་དཀྱིལ་འཁོར་བྲི་བར་བྱ། །དེ་ཡི་ནང་མ་ཉིད་དང་ནི། །དཀྱིལ་འཁོར་གཞུ་ཡི་དབྱིབས་ཅན་ལ། །སྦྲང་རྩིར་བྱེད་དང་རྒྱལ་བྱེད་ཉིད། །བསྒྲུབ་པ་ཐམས་ཅད་སྒྲུབ་པ་ནི། །གོ་རིམས་དག་ནི་ཇི་བཞིན་དུ། །ལེགས་པར་བྲིའམ་གཞག་པར་བྱ། །པུས་མོ་གཉིས་ཀྱིས་བཞུགས་ལ་དེར། །རྩེ་གསུམ་དམ་ཚིག་གིས་མཚན་པས། །ཞུགས་ཏེ་དམ་ཚིག་བཅིངས་ནས་ནི། །ཡང་དག་པར་ནི་དགུག་པར་བྱ། །ཨོཾ་བྷཱུར་བྷུ་བ་སྭཿ། སྭ་སྡི་ནཱ་མ་སྭཱ་ཧཱ། ཉི་ཤུ་རྩ་གཅིག་བཟླས་པ་ཡིས། །ཐམས་ཅད་ཐམས་ཅད་ཀྱིས་བསྐོར་བ། །ཐམས་ཅད་གྲུབ་ཕྱིར་འོངས་པ་ལ། །དེ་སྙེད་པ་ཡི་གཏོར་མ་སྦྱིན། །སློབ་དཔོན་རབ་ཏུ་ཞུགས་པ་ཡིས། །སློབ་མ་ཐམས་ཅད་གཞུག་པར་བྱ། །དེ་ཉིད་གསང་བ་བརྗོད་ནས་ནི། །དམ་ཚིག་མཆོག་ནི་སྦྱིན་པར་བྱ། །གལ་ཏེ་ཁྱོད་ཀྱིས་རྩེ་གསུམ་བཅག །སྙིང་པོ་སྣོད་མིན་ལ་སྨྲས་སམ། །ཇི་སྐད་སྨྲས་པའི་ཆོས་རྣམས་ནི། །གལ་ཏེ་འདིར་ནི་མ་སྤྱད་དམ། །སྙིང་སྟོབས་རྡུལ་དང་མུན་པ་ཉིད། །ཚངས་པ་དྲག་པོ་གཡུང་དྲུང་སྟེ། །མིང་པོ་གསུམ་པོ་འདི་ཉིད་ནི། །ནམ་ཡང་བརྙས་པར་མི་བྱའོ། །གང་ཞིག་འདི་རྣམས་སྒོམ་པ་སློབ། །ཡང་དང་ཡང་དུ་ཞུགས་ནས་ནི། །དཀྱིལ་འཁོར་མཆོད་པར་བྱ་བ་དང་། །


DNG012_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར། །རང་གི་ཕྱག་རྒྱ་བསླབས་ནས་ནི། །དེ་ལ་གར་གྱི་མཆོད་པ་དང་། །འདོད་ཡོན་དམ་པ་ལྔ་རྣམས་ཀྱིས། །རྟག་ཏུ་དཀྱིལ་འཁོར་མཆོད་པར་བྱ། །འཇིག་རྟེན་གསུམ་འབྱིན་པའི་རྒྱུད་དོ།། །།དེ་ནས་སྟོན་པ་རྡོ་རྗེ་འཛིན། །སེམས་ཅན་ཀུན་རྗེ་སྟོན་མཛད་པ། །འཇིག་རྟེན་གསུམ་ཕྱུང་དོན་གྲུབ་ཏུ། །སླར་ཡང་སྲིང་མོ་རྣམས་འབྱིན་མཛད། །ཀུན་ཏུ་ཆགས་དང་ཞེ་སྡང་རྨོངས། །བརྟན་པར་བྱེད་པའི་རྒྱུ་ཡིན་ནོ། །དགའ་དང་ཕྲག་དོག་བུད་མེད་ནི། །རབ་ཏུ་གྲགས་པའི་དངོས་གྲུབ་སྟེར། །གང་ཞིག་འཇིག་རྟེན་ཀུན་ཏུ་བཤད། །ཚོགས་ཀུན་གྱིས་མཆོད་ལྷ་མོ་རྣམས། །ཞི་དང་འཇིགས་མ་དེ་བཞིན་གསེར། །གྲུབ་པ་དང་ནི་ཞི་བར་བཤད། །ཕྱི་རོལ་སེམས་ཅན་ཕན་ཕྱིར་དང་། །རྟོགས་དོན་ཁོང་དུ་ཆུད་བྱའི་ཕྱིར། །དེ་རྣམས་ཀྱི་ནི་སྙིང་པོ་དང་། །དཀྱིལ་འཁོར་དེ་བཞིན་དམ་ཚིག་བཤད། །ཧྲཱྀ་ཧཱུྃ་ཤྲཱི་བྷྱོ། དཀྱིལ་འཁོར་བཟང་པོ་སྒོ་བཞི་པ། །སྲད་བུ་གསུམ་གྱིས་དཀྱིལ་འཁོར་བྱ། །མཚམས་ཀྱི་ཐིག་ནི་ཀ་བ་ཆེ། །བཞི་པོ་དག་ནི་རིམ་པ་བཞིན། །དེ་ཡི་དབུས་སུ་དཀྱིལ་འཁོར་ནི། །བཞི་པོ་དག་ནི་དེ་བཞིན་བྱ། །ནང་གི་སྙིང་པོ་བཞི་པོ་ནི། །རང་གི་སྒོར་ནི་ཕྱོགས་པར་གཞག །སྐལ་བཟང་ལག་ན་རལ་གྲི་མཚོན། །སྲིང་མོ་ཕུབ་ཅན་ཞི་བ་མོ། །ཕག་མོ་ལག་ན་གཏེར་ཉིད་དེ། །གྲུབ་པ་མོ་ནི་བསྙེམས་དང་བཅས། །དེ་ནས་དང་པོའི་དཀྱིལ་འཁོར་དུ། །ཀུན་ནས་དེ་བཞིན་ཞུགས་ནས་ནི། །སྲིང་མོ་རྣམས་ཀྱི་རང་གི་རྒྱས། །གོ་རིམས་དག་ནི་ཇི་བཞིན་དུ། །ཞུགས་ནས་དེ་བཞིན་ཆོ་ག་བཞིན། །སྤོས་ལ་སོགས་པས་མཆོད་པར་བྱ། །དེ་ཉིད་གསང་བ་རབ་བསྒྲུབ་པས། །ཀུན་ནས་དགུག་པ་དག་ཏུ་བྱ། །ཨོཾ་སུམ་བྷ་ག་ར་ཏིཥྛ་མ་ཡ་ཧི་བྷཱ་ར། རཀྵ་ས་མཱ་ཏིཥྛ་མ་ཡ་ཧི་བྷཱུར་བྷཱུ་བ། བ་རཱ་ཧཱ་ཨ་མིརྱ་ཏ་མ་ཡ་སྭཱ་ཧཱ། སིད་དྷི་ཀེ་སིད་དྷི་ས་མ་ཡ་ཧི་ཨཱིཾ་མཱྃ་ཀེ་མུ་དྲཱ་བྷིཿ། ཧྲཱྀཿཧཱུྃ་ཤྲཱི་བྷྱོ། དེ་ནས་ལུས་ནི་ཐམས་ཅད་ཀྱིས། །དེ་བཞིན་དུ་ནི་ལེགས་ཞུགས་པ། །དེ་ནས་ཕྱག་རྒྱ་བཅིངས་བསྟན་ཏེ། །གསང་བ་མཆོག་འདི་བརྗོད་པར་བྱ། །གལ་ཏེ་གསང་ཞིང་མ་བསྲུངས་ན། །གང་ཞིག་སེམས་ཅན་དོན་


DNG012_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་དང་། །གང་ཡང་དཀྱིལ་འཁོར་སྒྲུབ་བྱེད་པ། །དེ་རྣམས་ཁྱེད་ཀྱིས་བསད་པར་འགྱུར། །ཆོས་དང་ལྡན་ལ་བདུད་རྩི་ཉིད། །ཆོས་མིན་པས་ནི་དུག་པས་ལྷག །ཅི་སྙེད་པ་དང་དུས་ཅི་བཞིན། །ཡུལ་རྣམས་ཉེ་བར་བསྟེན་པ་དང་། །ཕྱག་རྒྱ་གར་གྱི་མཆོད་པ་ཡིས། །ཅི་བདེ་བར་ནི་རྟག་ཏུ་མཆོད། །སྲིང་མོ་བཞིའི་རྒྱུད་དོ།། །།དེ་ནས་སྟོན་པ་རྡོ་རྗེ་འཛིན། །ས་ཡི་དབང་ཕྱུག་ཀུན་གྱི་མཆོག །འདོད་ཆགས་ཞེ་སྡང་གཏི་མུག་ཆེ། །སྒྲུབ་པ་དང་ནི་རབ་སྒྲུབ་ཉིད། །འདོད་ཆགས་སོགས་དུག་གཞིག་ཕྱིར་དང་། །ཀུན་ནས་བདུད་རྩི་ཉིད་བྱའི་ཕྱིར། །ཞེ་སྡང་ལས་བྱུང་ཀླུ་ཡི་ནི། །དཀྱིལ་འཁོར་དམ་པ་འབྱུང་བར་འགྱུར། །དེ་ལ་སྙིང་པོ་ནི་འདི་ཡིན་ཏེ། །ཕུཿ། ཟུར་བཞི་པ་ལ་སྒོ་བཞི་པ། །སྲད་བུ་ཐམས་ཅད་ཡང་དག་བྲི། །སྒོ་ཁྱུད་གླུ་ཡི་གདེངས་ཀ་མཆོག །མཚམས་ཀྱི་རྩེ་མཆོག་མཇུག་མ་མདུད། །དེ་ཡི་དབུས་སུ་ཀླུ་རྒྱལ་ནི། །མཐའ་ཡས་གདེངས་ཀ་བཅས་པ་ནི། །ཀླུ་ཡི་རིགས་ནི་བརྒྱད་པོ་དག །ཤེས་རབ་ཅན་གྱིས་ཀུན་ཏུ་བྲི། །དེ་ནས་ཁྲུས་ལ་ཞུགས་ནས་ནི། །ཀླུ་འཛིན་པ་ཡི་ཤུགས་ཀྱིས་ནི། །ཞུགས་ནས་དཀྱིལ་འཁོར་དེ་ཉིད་དུ། །སྦྲུལ་གྱི་གདེངས་ཀས་དགུག་པར་བྱ། །ཨོཾ་ཧྲཱྀཿཨ་ནཱི་ལ་ཛ་བ་བེ་ག་པྲྀ་ཐི་བྷིན་ད་རྀ་ཥེ་ཤཱ་ཡ་ཧི་ཕུཿ། སརྦ་ནཱ་ག་ཀུ་ལཱ་ནྱཱ་ན་ཡ་ཕུཿ། ས་མ་ཡ་པྲ་བེ་ཤ་ཡ་ཕུཿ། སརྦཱན་སཱ་དྷ་ཡ་ཕུཿ། ཏ་ཏ་ས་སརྦནཱ་ག་པུ་ཏྲ་ཀ་ཕུཿ། དེ་ལྟར་བྱས་ན་ལེགས་པར་བཞུགས་ཤིང་དགའ་བར་འགྱུར་རོ། །དེ་ནས་སློབ་དཔོན་གྱིས་དུག་མེད་པར་བསམ་པར་བྱའོ། །དེ་ནས་བརྩམས་ཏེ་དུག་ཐམས་ཅད་ཟོས་ཀྱང་བདུད་རྩིར་འགྱུར་རོ། །ནོར་རྒྱས་དང་རྩེ་བར་བྱེད་དོ། །དུག་ཐམས་ཅད་སྦྱང་བ་དང་། གཞིག་ནུས་པར་འགྱུར་རོ། །དེ་ནས་མནའི་སྙིང་པོ་སྦྱིན་པར་བྱ་སྟེ། འདོད་ཆགས་ཞེ་སྡང་གཏི་མུག་རྣམས། །འཇིག་རྟེན་ན་ནི་འདི་གསུམ་དུག །གལ་ཏེ་བདེན་པ་ལས་འདས་ན། །དེ་དག་གིས་ནི་རྟག་གསོད་འགྱུར། །ཁྱོད་ཀྱིས་གློག་ལ་བརྙས་མི་བྱ། །སེར་བ་བཟློག་པར་མི་བྱ་ཞིང་། །གལ་ཏེ་དངོས་གྲུབ་ལ་དགའ་ན། །ཅི་ནས་སྦྲུལ་ནི་གསད་མི་བྱ། །ཀླུའི་དཀྱིལ་འཁོར་རོ།། །།དེ་ནས་སྟོན་


DNG012_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྡོ་རྗེ་འཛིན། །སྡུག་བསྔལ་ཐམས་ཅད་སེལ་བའི་མཆོག །སེམས་ཅན་ཀུན་ལ་བདེ་བའི་ཕྱིར། །གདོན་གྱི་དཀྱིལ་འཁོར་ཕྱུང་བ་ཡིན། །འདོད་ཆགས་ཞེ་སྡང་གཏི་མུག་རྣམས། །ཉེས་བྱས་ཀྱིས་ནི་དུག་ཉིད་འགྱུར། །གདོན་དང་རིམས་དང་སྡིག་པ་དང་། །དམྱལ་བར་ཡང་ནི་འགྱུར་བ་ཡིན། །དེ་ནས་གདུག་པའི་སྙིང་པོ་ནི། །ཧྲིཾ། ཟུར་བཞི་པ་ལ་སྒོ་བཞི་པ། །གདོན་གྱི་དཀྱིལ་འཁོར་ཀུན་ཏུ་བྲི། །དེ་དབུས་དང་པོར་གདོན་ལ་སོགས། །ཆོ་ག་རྒྱས་པ་དགོད་པར་བྱ། །དེ་ནས་བཤད་པ་བཞིན་ཞུགས་ནས། །དགོད་ཅིང་མྱུར་བར་དཀྱིལ་འཁོར་དུ། །རྡོ་རྗེ་འཛིན་པ་ཞུགས་ནས་ནི། །ཁྲོས་པས་རྐང་པ་གཡོན་པས་མཉེ། །དེ་ནས་གདོན་དང་རིམས་སྡིག་པ། །དམྱལ་བ་ཐམས་ཅད་རྟག་ཏུ་ནི། །སྡིག་པ་ཆེན་པོ་བྱེད་པ་ཡང་། །རྡོ་རྗེས་རབ་ཏུ་འཇིག་པར་འགྱུར། །ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །སྡུག་བསྔལ་ཐམས་ཅད་ལས་འདོན་པའི་རྒྱུད་དོ།། །།དེ་ནས་སྟོན་པ་རྡོ་རྗེ་འཛིན། །ཀུན་མཆོག་དབང་ཕྱུག་དམ་པ་ཡིས། །སེམས་ཅན་ཀུན་དོན་རབ་བསྒྲུབ་ཕྱིར། །དཀྱིལ་འཁོར་ཐམས་ཅད་གསུངས་པ་ཡིན། །དེ་ལ་སྙིང་པོ་ནི་འདི་ཡིན་ཏེ། ཨོཾ་ཨཱཿཧཱུྃ་ཧྲཱྀཿཏྲཾ། དེ་ནས་འདི་ནི་གསུངས་ཙམ་གྱིས། །ཀུན་མཆོག་དབང་ཕྱུག་དམ་པ་ནི། །གཟུགས་ཀུན་གྱིས་ནི་ཀུན་མཆོག་གི། །དབང་ཕྱུག་དམ་པ་མཛད་པ་ཡིན། །གསང་བ་ཆེན་པོ་ལྔ་ཡིས་ནི། །གང་ཚེ་འདུལ་བར་མ་གྱུར་པ། །དེ་ཚེ་སྣ་ཚོགས་ཆེར་མཛད་པ། །འགྲོ་བ་འདུལ་བའི་དམ་པ་ཡིན། །དེ་ནས་གང་ཕྱིར་དཀྱིལ་འཁོར་ཆེ། །དམ་པ་ཡང་དག་བཤད་བྱ་སྟེ། །ཀུན་མཆོག་སྣ་ཚོགས་རྣམ་པར་རྒྱལ། །ཀུན་མཆོག་དབང་ཕྱུག་དམ་པ་ཡི། །དཀྱིལ་འཁོར་ཆེན་པོ་བྲིས་ནས་ནི། །དེ་ཡི་དབུས་སུ་ཆོ་ག་བཞིན། །རྡོ་རྗེ་སེམས་དཔའ་རབ་བཞག་ལ། །རྡོ་རྗེ་ལྷ་མོ་ཚོགས་དཀྱིལ་འཁོར། །དེ་ཡི་ངོས་ནི་ཐམས་ཅད་དུ། །ཀུན་མཆོག་བདག་པོའི་སྐུ་རྣམས་སོ། །རྡོ་རྗེ་མཆོག་བཅས་མཚན་མ་ནི། །རང་གི་རིགས་ཀྱིས་བསྐོར་བ་གཞག །རྒྱལ་པོ་རྡོ་རྗེ་སྲེད་མེད་བུའི། །གཟུགས་འཛིན་འཁོར་ལོ་བསྣམས་པ་བྲི། །ཁྱབ་བདག་རྡོ་རྗེ་ཅན་རྡོ་རྗེ། །


DNG012_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

གཏུམ་དབང་རྡོ་རྗེ་མདུང་བསྣམས་པ། །རྡོ་རྗེ་པད་བྱུང་པདྨ་ཅན། །རྡོ་རྗེ་འཛིན་པ་ཚངས་གཟུགས་ལྡན། །ནམ་མཁའི་སྙིང་པོ་འདོད་པའི་གཟུགས། །རྡོ་རྗེ་དང་བཅས་མེ་ཏོག་མཚོན། །དཀྱིལ་འཁོར་གྱི་ནི་མཚམས་རྣམས་སུ། །རིགས་ཀྱི་ལྷ་མོ་བྲི་བར་བྱ། །རྡོ་རྗེ་དཔལ་མོ་དཀར་མོ་དང་། །རྡོ་རྗེ་སྒྲོལ་མ་མཁའ་རྡོ་རྗེ། །དེ་ནས་དཀྱིལ་འཁོར་གྱི་བདག་པོ་འདི་རྣམས་ཀྱི་སྙིང་པོ་འདི་བཤད་པར་བྱ་སྟེ། ཨོཾ་བཛྲ་ནཱ་རཱ་ཡ་ཎ་ཙྪིནྡ་པྲ་ཏི་ཧ་ན་བཛྲ་ཙཀྲ་ཏེ་ན་ཧོ།བྷ་ག་བཱན་བཛྲ་ཏ་ཐཱ་ག་ཏ། ཛཿཧཱུྃ་བྃ་ཧོཿ། བཛྲ་དྷཱ་ར་སྟཾ། བཛྲ་ཏ་ཐཱ་ག་ཏ་ཧཱུྃ། བཛྲ་ཀྲོ་དྷ་མ་ཧཱ་ཡོ་གི་ནི་ག་ཎེ་ཤྭ་ར། མ་ཧཱ་བཛྲ་ཀུ་ལོ་གྲ་པ་ནེ་ཧོ། བྷ་ག་བཱན་བཛྲ་ཙཎྜ་ཤྭ་རཱ་ཡ། ཧ་ཧ་ཧ་ཧ་ཧྲཱྀཿ། བཛྲ་པདྨོ་ད་བྷ་བ་ཧོ། བྷ་ག་བཱན་བཛྲ་ལོ་ཀེ་ཤྭ་རེ། མ་ཧཱ་བྲཧྨ་སིད་དྷྱ། ཨོཾ་བྷཱུར་བྷུ་བ་སྭཿ། སྭ་སྡི་ན་མཿསྭཱ་ཧཱ། ཧེ་བཛྲ་ཀུ་སུ་མ་ཡུ་དྷ། སརྦ་ཀཱ་མ་མེ་སཱ་ད་ཡ་ཧོ། བྷ་ག་བཱན་བཛྲ་ཨཱ་ཀཱ་ཤ་གརྦྷ། བ་བ་ཊ་ཊ་ཏྲཾ། བཛྲ་ཨཱ་ཀཱ་ཤ་གརྦྷ་ཨ་ཤེ་ཥོ་མུ་དྲཱ། ན་མོ་ཡེ་ན་སཱ་དྷི་ན། བྷ་ག་བ་ཏེ་པྲཛྙཱ་པཱ་ར་མི་ཏཱ་ཡུ་དྷ། ཙྪིནྡ་བཛྲ་ཎི་ཙཀྲེ་ཎ་ཏེ་ན་ས་ཏྱེ་ན་པཱ་པ་ཀ་ན། ཨོཾ་དྷཱིཿ། ཤྲཱི་ཤྲུ་ཏི་སྨྲྀ་ཏི་བི་ཛ་ཡེ་སྭཱ་ཧཱ། བཛྲ་བ་ར་མི། ཨོཾ་བཛྲ་གཽ་རི་མ་ཧཱ་བིདྱ་ཏྲེ་ལོཀྱ་བི་ཛ་ཡེ་ཤྭ་རཱི་བཛྲ་ཀྲོ་དྷ་ཨ་ག་ནི་ས་མ་ཡ། བཛྲ་དྷ་རི་ན་མསྟུ་ཏེ། ཏདྱ་ཐཱ། ཨོཾ་ཧི་ལི་མི་ལི་ལི་ལ་ལཱ་བཛྲ་ཀ་མུ་ཀ་ཡེ་སྭཱ་ཧཱ། བཛྲ་ས་མ་ཡ་ན་མོ་ཡེ་ན་ས་ཧྱེ་ན་བྷ་ག་བ་ཏི། བུཌྜྷ་བོ་དྷི་ཌྦུ་ཌྜྷ་དྷ་ར། བཛྲ་དྷརྨ་པྲ་ཡོ་གེ་ན། ཏེ་ན་ས་ཏྱེ་ན་སིཌྜྷ་མཱྃ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། བཛྲ་དྷ་མོ་ཏ། ཨོཾ་ཀརྨ་བཛྲ་ཎ་སིདྡྷྱ་སིཌྜྷ་བི་ཤུཌྜྷ་སཱ་དྷྱ་པ་ཧ། ག་ག་ནོད་བྷ་བེ་ཡོ་གེ་ན་སིཌྜྷ་མཱྃ་པ་ར་མཀྵ་ཏེ། ཏདྱ་ཐཱ། ག་ག་ན་བི་ཤུད་དྷི། སརྦ་ཨ་བྷི་པྲཱི་ཡ་པ་རི་པཱུ་ར་ཎི་སྭཱ་ཧཱ། ཕྱི་ཡི་དཀྱིལ་འཁོར་གནས་རྣམས་སུ། །རྡོ་རྗེ་འཛིན་པ་རང་ཕྱོགས་གནས། །ལྷ་དབང་དང་ནི་མ་མོ་ཉིད། །འཇིག་རྟེན་སྐྱོང་རྣམས་དགོད་པར་བྱ། །ཚོགས་ཀྱི་དབང་ཕྱུག་རྡོ་རྗེ་ཡི། །རོལ་མོ་ཆེ་བཅུ་རྡུང་བྱེད་པ། །ཕྱི་ཡི་དཀྱིལ་འཁོར་ཁ་ཁྱེར་དང་། །སྒོ་དང་མཚམས་སུའང་དེ་བྲིའོ། །སྒོ་རྣམས་ཀུན་དུ་འཇུག་པ་ནི། །རང་གི་ཕྱག་རྒྱས་རབ་ཏུ་གཞུག །དཀྱིལ་འཁོར་དམ་པ་ལྔ་པར་ནི། །དང་པོའི་


DNG012_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བས་འཇུག་པར་བྱའོ། །དེ་ནས་དབུས་སུ་འདུག་ནས་ནི། །དང་པོ་ལྕགས་ཀྱུ་ཆེ་དེ་ཉིད། །སྙིང་པོ་འདི་ནི་རྗོད་བྱེད་ཅིང་། །འགུགས་པ་འདི་ནི་བརྗོད་པར་བྱ། །ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་སིདྡྷི་ཧཱུྃ། སརྦ་ཏ་ཐཱ་ག་ཏ་ན། ས་མ་ཡ་ཨཱ་ཀཪྵ་ཡ་ཛཿ། བཛྲ་ཀུ་ལ་དཱི་བྃ་ད་མ་ཡེ་ཏྭ་པྲ་བེ་ཤ་ཡ་ཧཱུྃ། སརྦ་ལོ་ཀི་ཤྭ་རྃ་པྲ་བེ་ཤ་ཡ་ས་མ་ཡ་བན་དྷ་ན་བྃ། ས་མ་ཡ་སརྦ་རཏྣ་དཱི་པྃ་མ་ཧཱ་མ་ཎི་རཱ་ཛཱ་། བ་ཤཱི་ཀུ་རུ་ཧོཿ། ཧཱུྃ་ཨཱཿ ཧྀ ཿཏྲཱྃ། དེ་ནས་གསང་བ་ཆེན་པོ་ནི། །སྙིང་པོ་བཟང་པོ་འདི་བརྗོད་པས། །རྡོ་རྗེ་འཆང་ཆེན་རྒྱལ་པོ་ཅི། །འཁོར་ལོ་ཐམས་ཅད་དང་བཅས་པར། །བཀུག་ཅིང་རབ་ཏུ་བཅུག་པ་དང་། །བདེན་པས་བཅིངས་ཏེ་དབང་དུ་བྱས། །དཀྱིལ་འཁོར་རྒྱལ་པོ་མཆོག་ཐམས་ཅད། །དངོས་གྲུབ་ཀུན་གྱིས་འགྲུབ་པར་འགྱུར། །དེ་ནས་གོ་རིམས་ཇི་བཞིན་དུ། །དཀྱིལ་འཁོར་ཐམས་ཅད་སྒྲུབ་པ་དང་། །དངོས་གྲུབ་དེ་རྣམས་ཉིད་ཀྱང་ནི། །ཐམས་ཅད་ཀྱང་ནི་བསྒྲུབ་པར་བྱ། །བདེ་བ་ཐམས་ཅད་མི་འགྱུར་གནས། །བདེ་བ་ཆེན་པོ་ཞེས་བརྗོད་དོ། །རྡོ་རྗེ་འདི་ནི་བསྒྲུབ་ལ་སོགས། །འདི་ནི་ཚེ་འདིར་འགྲུབ་པར་འགྱུར། །དེ་ལྟར་སྣ་ཚོགས་པའི་དོན་སྦྱང་བའི་དོན་གྱི་ཆོ་ག་འགྲོ་བ་དཔག་ཏུ་མེད་པ་འདུལ་བ་མཐའ་མེད་ཅིང་སྣ་ཚོགས་པ་མཉམ་པ་མེད་པའི་ཕུལ་དུ་བྱུང་བ་དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་ཐམས་ཅད་འཛིན་པའི་བདེ་བའི་མཆོག་བྱེད་པ་རྒྱལ་བ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་པ་སྲིད་པའི་བདེ་བ་མཆོག་བྱེད་པ་གསུངས་པ་ཡིན་ནོ། །དཔལ་མཆོག་དང་པོའི་རྟོག་པའི་རྒྱལ་པོ་ལས། རྟོག་པ་ཐམས་ཅད་ཀྱི་རྒྱུད་ཕྱི་མའི་རྩ་བའི་རྒྱུད་ཀུན་གྱི་མཆོག་དབང་ཕྱུག་དམ་པའི་དཀྱིལ་འཁོར་གྱི་ཆོ་ག་རྒྱས་པ་རྫོགས་སྷོ།། །།དེ་ནས་གསང་བ་རས་བྲིས་ཀྱི་ཆོ་ག་གསུངས་པ་ནི། སངས་རྒྱས་ཀུན་གྱི་གསང་བ་ཆེ། །དམ་ཚིག་མཆོག་གི་སྒྲུབ་པ་དང་། །བདེ་བ་ཆེན་པོའི་གཞལ་ཡས་ཁང་། །དངོས་གྲུབ་ཀུན་གྱིས་ལུས་བྱས་པ། །དེ་བཞིན་གཤེགས་མཆོག་ཆེན་པོ་ཡི། །རིན་ཆེན་རྒྱལ་པོ་སོགས་ཀྱིས་བརྒྱན། །བདེ་བ་ཆེན་པོ་ཆགས་པ་ཡི། །གླུ་དང་རོལ་


DNG012_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

མོ་རྗེས་ཆགས་པ། །བླ་མེད་དགའ་བ་ཆེན་པོ་ཡི། །མཆོད་པ་ཀུན་གྱིས་རབ་ཏུ་མཆོད། །དགའ་བ་ཆེན་པོ་དཔལ་གྱི་གནས། །རང་གི་བཞུགས་གནས་མཆོག་དེ་ལ། །རབ་ཏུ་དགའ་བའི་རྒྱལ་པོ་མཆོག །མི་འགྱུར་མཆོག་ནི་ཡང་དག་བཞུགས། །རྡོ་རྗེ་སེམས་དཔའ་བདག་རང་ཉིད། །རབ་ཏུ་དགའ་བ་མི་འགྱུར་མཆོག །ཀུན་ཏུ་བཟང་པོ་འཁོར་བ་དང་། །བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས། །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །རྡོ་རྗེ་བསྙེམས་པ་བདག་པོའི་བདག །ཀུན་མཆོག་ཆགས་པ་ཆེན་པོ་ཡི། །དངོས་གྲུབ་དབང་ཕྱུག་རྗེས་གྲུབ་པ། །གླུ་དང་རོལ་མོ་ཐོག་མཐའ་མེད། །མཆོག་ནི་བཅོམ་ལྡན་འདས་ཀྱིས་གསུངས། །ཧཱུྃ། དེ་ནས་འདི་ནི་གསུངས་ཙམ་གྱིས། །རྡོ་རྗེ་ཐམས་ཅད་འཛིན་པ་ནི། །གསང་བ་ལྔ་ཡི་དེ་ཉིད་ཆེ། །ཕྱག་རྒྱའི་ལྷ་མོ་བྱུང་བར་གྱུར། །རྟག་ཏུ་ཆགས་དང་དངོས་གྲུབ་ཆེ། །རྣམ་རྒྱལ་དབང་ཕྱུག་ལྷག་པའི་ལྷ། །ཕྱག་རྒྱ་དམ་པ་བཞི་པ་སྟེ། །སེམས་དཔའ་བྱིན་གྱིས་བརླབས་པའི་སྐུ། །དེ་ནས་དེ་རྣམས་ཀྱི་སྙིང་པོ་འདི་ཡིན་ཏེ། ཀུན་མཆོག་སོ་སོར་རྟོག་པ་དང་། །དངོས་གྲུབ་ཀུན་གྱི་བདེ་བའི་མཆོག །ཀུན་མཆོག་རྣམ་རྒྱལ་མཐོང་བའམ། །ཐམས་ཅད་དབང་ཕྱུག་མཆོད་པ་ཆེ། །དངོས་གྲུབ་རྣམས་དང་ཕུན་ཚོགས་དང་། །དགའ་བ་དག་དང་བདག་པོ་རྣམས། །རྡོ་རྗེ་ལྷ་མོ་ཐོག་མཐའ་མེད། །རྡོ་རྗེ་སེམས་དཔའི་སྐུ་ཡི་མཆོག །ཅེས་བྱའོ། །དེ་ནས་མཆོག་ཏུ་གསང་བའི་མི་རྣམས་ནི་དགའ་བ་ཆེན་པོ་དཔའ་རྡོ་རྗེ་དོན་ཡོད་དགའ་བའི་དམ་ཚིག་གི་འདོད་པའི་རྡོ་རྗེ་མ་དང་། དགའ་བ་ཆེན་པོ་དཔལ་དོན་ཡོད་ལ་ཆགས་པའི་དམ་ཚིག་གི་རྡོ་རྗེ་ཀི་ལི་ཀི་ལི་དང་། དགའ་བ་ཆེན་པོ་དཔལ་རྡོ་རྗེ་དོན་ཡོད་ལ་ཆགས་པའི་དམ་ཚིག་རྣམ་པར་རྒྱལ་བའི་རྡོ་རྗེ་མ་དང་། དགའ་བ་ཆེན་པོ་དཔལ་རྡོ་རྗེ་དེ་ཡོད་ལ་ཆགས་པའི་དམ་ཚིག་རྡོ་རྗེ་འདོད་པའི་དབང་ཕྱུག་མའོ། །འདི་རྣམས་གསང་བའི་མཚན་དག་ནི། །མཁས་པས་གང་ཞིག་དད་པས་བརྗོད། །དེ་ནི་ཕྱག་རྒྱ་ཐམས་ཅད་ཀྱི། །དངོས་གྲུབ་ཀུན་བདག་བདག་པོར་འགྱུར། །ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་མཆོག་


DNG012_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་གསང་བས་གསུངས་པ་ཡིན་ནོ། །དེ་ནས་འདི་སྒྲུབ་བཤད་བྱ་བ། །དངོས་གྲུབ་ཤིན་ཏུ་བརྟག་པ་སྟེ། །སྡིག་པ་ཆེ་ལ་དགའ་བ་དང་། །སྒྲུབ་པ་གང་ཞིག་མ་གྲུབ་ཀྱང་། །རྡོ་རྗེ་སེམས་དཔས་གསུངས་པ་བཞིན། །དེ་དག་ཡང་ནི་མྱུར་འགྲུབ་འགྱུར། །ཉིན་རེའམ་ནི་ཟླ་རེ་འམ། །དེ་བཞིན་ལོ་ནི་རེ་རེ་ལ། །ཅི་མངོན་མངོན་འདོད་འགྲུབ་པར་བྱ། །ཅི་རྙེད་པ་དང་ཅི་བདེ་བས། །རས་ལ་བཅོམ་ལྡན་བྲི་བར་བྱ། །ཀུན་བདག་དམ་ཚིག་དབང་ཕྱུག་སྟེ། །གང་ཞིག་བྲིས་པར་གྱུར་ན་ནི། །མཆོག་ཏུ་རྟག་པའི་ཐར་པ་ཐོབ། །བཞད་པ་དང་བཅས་ཟླ་བའི་འོད། །སྣ་ཚོགས་པདྨའི་འོད་འབར་བ། །སངས་རྒྱས་ཀུན་གྱི་དབང་བསྐུར་སོགས། །སྣ་ཚོགས་རྒྱན་དང་ན་བཟའ་ལྡན། །སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས། །རྡོ་རྗེ་བསྙེམས་པའི་མཆོག་འཆང་བ། །གཡོན་པ་དྲིལ་བུ་མཆོག་བསྙེམས་པ། །རྡོ་རྗེ་སེམས་དཔའ་རབ་ཏུ་བརྟག །དེ་ཡི་ལོགས་ན་བཞུགས་པ་རྣམས། །དེ་ཡི་འོད་ཀྱི་དཀྱིལ་འཁོར་བརྟེན། །རབ་ཏུ་དགའ་དང་བདེ་བའི་སྐུ། །གསང་བ་ཆེན་པོ་དགོད་པར་བྱ། །དང་པོ་པདྨ་ལྟར་དཀར་དམར། །གཞན་ནི་པ་ལ་ཤ་ལྟར་དཀར། །གཞན་ནི་ཨུཏྤལ་འདབ་ལྟར་སྔོ། །རྡོ་རྗེ་བསྙེམས་མ་སེར་པོ་འཛིན། །དང་པོ་དང་ནི་གཉིས་པ་དག །གཡས་ཀྱི་ལོགས་ལ་བརྟེན་པ་སྟེ། །གསུམ་པ་དང་ནི་བཞི་པ་དག །གཡོན་གྱི་ལོགས་སུ་བཞུགས་པ་ཡིན། །རྡོ་རྗེ་ཀི་ལི་ཀི་ལི་མ། །དབུས་ཀྱི་རང་ལྷ་དགྱེས་པར་སྤྲོ། །དེ་ཡི་ལོགས་ལ་རྡོ་རྗེ་ཆེའི། །མདའ་ནི་གསོར་བ་ལ་བརྩོན་པ། །བསྙེམས་པའི་ཕྱག་གིས་ཡོངས་འཁྱུད་པའི། །ཆུ་སྲིན་རྒྱལ་མཚན་བསྒྲེང་དང་བཅས། །དེ་ཡི་ལོགས་ན་བཞད་དང་བཅས། །མཆོད་པས་བདག་པོ་ལ་རྡེག་པ། །སངས་རྒྱས་རིན་ཆེན་དབང་བསྐུར་མཚན། །ཐམས་ཅད་སྤྱན་གྱི་ཕྱག་རྒྱ་གཟིགས། །རང་ལ་བདག་ནི་ཐུགས་གཏད་པ། །ཟུར་དུ་བལྟ་ཞིང་བཞུགས་པའོ། །རས་རིས་འདི་ནི་མཐོང་བ་ཡིས། །རྟག་པའི་བསོད་ནམས་ཐོབ་པར་འགྱུར། །མཆོད་པ་དང་ནི་བརྟགས་པ་ཡིས། །མཆོག་ཏུ་དགའ་བའི་ཐར་པ་ཐོབ། །ཅེས་


DNG012_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །དེ་ལྟར་མཆོག་ཏུ་དགའ་བ་རབ་ཏུ་འདོད་པ་ནི། མཆོག་ཏུ་དགའ་བ་དག་པ་དམ་པའི་དངོས་གྲུབ་འགྲུབ། །གསལ་ཞིང་རྣམ་པར་རྒྱལ་བ་ཡི། །རྒྱལ་བའི་རས་རིས་ཆེན་པོ་འདི། །ཐམས་ཅད་གཟིགས་པ་རྣམས་མཆོད་པ། །ཆེན་པོ་ཡིས་ནི་དཔལ་འདིར་རོལ། །འཁོར་ལོ་དེ་ནི་བརྟགས་བྱས་ནས། །མཆོག་ཏུ་གསང་བའི་དཀྱིལ་འཁོར་ནི། །རྣམ་པར་དབེན་པའི་ཁང་པར་རམ། །ཡང་ན་སྐྱེད་མོས་ཚལ་སོགས་སུ། །དེ་བཞིན་གཤེགས་མཆོག་ཆེན་པོ་ཡི། །རས་རིས་རྒྱལ་པོ་སོགས་ཀྱིས་བརྒྱན། །དྲིལ་བུ་དང་བཅས་ཡིད་དགའ་བའི། །བླ་རེ་ཕུལ་བས་མཆོག་གྱུར་པའི། །རྡོ་རྗེ་གླུ་ཡི་མཆོད་སོགས་དང་། །གླུ་དང་རོལ་མོ་རྣམས་འཕྲུལ་པ། །མེ་ཏོག་སྤོས་སོགས་རབ་སྦྱོར་བ། །མར་མེའི་སྦྱོར་བས་ཡང་དག་མཆོད། །ཁང་པ་སུམ་བརྩེགས་དཀྱིལ་འཁོར་དུ། །མཆོག་གི་གསང་བ་བསྒྲུབ་པར་བྱ། །ཡང་ན་བདག་ཉིད་ཁོ་ན་མཆོག །རང་གི་ལྷག་པའི་ལྷར་བསྒོམ་བྱ། །དེ་ནས་འཁོར་ལོར་མ་ཞུགས་ཀྱང་། །རང་ཉིད་ཀྱིས་ནི་རྟག་ཞུགས་ནས། །རྡོ་རྗེ་ཀུན་འཆང་སློབ་དཔོན་ནི། །དངོས་གྲུབ་ཀུན་ལ་འགྲུབ་པར་འགྱུར། །རང་ཉིད་ཁྲུས་བྱས་དྲི་ཞིམ་བསྒོས། །ཇི་སྙེད་རྒྱན་དང་གོས་དང་ལྡན། །སྣ་ཚོགས་གོས་ཀྱིས་ཡང་དག་བཀླུབས། །ཕྲེང་བཅས་ཁ་ནི་དྲི་ཞིམ་པ། །རྡོ་རྗེ་སེམས་དཔའི་སྦྱོར་བ་ཡིས། །མེ་ཏོག་སྤོས་དང་དྲི་སྣོད་བཅས། །རྡོ་རྗེ་གླུ་ནི་འདི་དག་གིས། །གར་བྱེད་གྲོང་ཁྱེར་འཇུག་པར་བྱ། །དེ་ལ་མཆོག་ཏུ་གསང་བའི་དཔལ་དམ་ཚིག་གསུམ་འཇུག་ལ་མཆོག་ཏུ་གསང་བའི་གླུའི་མཆོད་པ་མཆོག་ཏུ་གྲུབ་པ་འདི་ཡིན་ཏེ། དངོས་གྲུབ་ཀུན་གྱི་བདེ་བ་ཉམས་དགའ་བའི། །ཐར་པའི་གྲོང་དུ་བཅོམ་ལྡན་བདེ་ཆེན་འཇུག །མཆོག་ཏུ་བདེ་བ་དམ་པའི་དངོས་གྲུབ་ཀྱིས། །ཛཿཧཱུྃ་བྃ་ཧོཿརབ་ཏུ་གྲུབ་པར་མཛོད། །རབ་ཏུ་ཞུགས་ཏེ་གཡོན་པ་ཡིས། །རྡོ་རྗེའི་མིག་གིས་མགོན་ལ་འདུད། །གཡོན་པ་བསྙེམས་པས་ཅུང་ཟད་བཞད། །བསྟོད་ཅིང་མཛེས་པའི་མིག་བཙུམས་པ། །དེ་ལ་མཆོག་ཏུ་གསང་བ་


DNG012_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པ་དཔལ་དམ་ཚིག་གསུམ་གྱི་ཕྱག་འཚལ་བའི་མེ་ཏོག་གི་སིལ་མ་དོར་བའི་མཆོག་ཏུ་གསང་བ་རྡོ་རྗེ་གླུའི་མཆོད་པ་མཆོག་ཏུ་གྲུབ་པ་འདི་ཡིན་ཏེ། མཆོག་ཏུ་བདེ་བའི་སེམས་ནི་རོལ་པར་ལྡན། །སྒེག་པའི་ཕྱག་གིས་བཅོམ་ལྡན་འདས་ལ་འདུད། །ཛཿཧཱུྃ་བྃ་ཧོཿཧི་ཧི་ཧི་ཧི་ཧེ་མགོན་པོ་སྙིམ་པའི་མེ་ཏོག་བཞེས་སུ་གསོལ། །དེ་ནས་མེ་ཏོག་སིལ་མ་དོར། །རྡོ་རྗེ་སེམས་དཔའི་དབང་བསྐུར་བས། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དང་། །ལྡན་པའི་དོན་གསལ་སྦྱིན་པར་བྱ། །དེ་ལ་མཆོག་ཏུ་གསང་བ་དམ་པའི་དཔལ་དམ་ཚིག་གསུམ་གྱི་རྡོ་རྗེ་སེམས་དཔའི་དབང་བསྐུར་བའི་མཆོག་ཏུ་གསང་བའི་རྡོ་རྗེའི་གླུའི་མཆོད་པ་མཆོག་ཏུ་གྲུབ་པ་འདི་ཡིན་ཏེ། ཨོཾ།སངས་རྒྱས་ཀུན་ལྡན་རིན་ཆེན་མཆོག་གིས་བརྒྱན། །ལྷ་ཡི་ཅོད་པན་དང་བཅས་ཁྱོད་ལ་འདུད། །རྡོ་རྗེ་འཆང་བདག་རིན་ཆེན་དབང་བསྐུར་བས། །རྡོ་རྗེ་སེམས་དཔའ་ས་མ་ཡ་སྟྭཾ་ཧྃ། །དེ་ཉིད་ཀྱིས་ནི་རྡོ་རྗེ་གཟུང་། །ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱ། །དམ་ཚིག་གིས་ནི་ཕྱག་རྒྱ་ཆེར། །བྱིན་གྱིས་བརླབས་ནས་སྙིང་པོ་བཟླས། །རྡོ་རྗེ་ལ་སོགས་ཐོབ་བཟུང་བས། །རྡོ་རྗེ་སེམས་དཔའ་གཉིས་པ་འདྲ། །རྡོ་རྗེ་ཐམས་ཅད་འཛིན་རྒྱལ་པོ། །རྡོ་རྗེ་ཅན་གྱིས་བྱིན་བརླབས་འགྱུར། །ཞེས་བྱ་བ་མཆོག་ཏུ་གསང་བ་དམ་པའི་དཔལ་དམ་ཚིག་གསུམ་གྱིས་བདག་ལ་བྱིན་གྱིས་བརླབ་པའི་སྒྲུབ་པ་གཅིག་པུའི་ཆོ་ག་མཆོག་ཏུ་གྲུབ་པ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །དེ་ནས་འདིར་བསྒྲུབ་བཤད་བྱ་བ། །དངོས་གྲུབ་ཤིན་ཏུ་རྟག་པ་ཡང་། །གང་གིས་སྒྲུབ་པོ་དམ་པ་དང་། །སྡིག་ཆེན་བྱེད་པ་རྣམས་ཀྱང་ནི། །རྡོ་རྗེ་སེམས་དཔས་གསུངས་པ་བཞིན། །མ་གྲུབ་རྣམས་ཀྱང་གྲུབ་པར་འགྱུར། །ལུགས་མ་འམ་ནི་བརྡུངས་མ་འམ། །འདུས་བྱས་པ་འམ་བྲིས་པ་འམ། །དང་པོའི་སེམས་དཔའ་བཞུགས་གསོལ་ནས། །དེ་ཡི་མདུན་དུ་ཆོ་ག་བཞིན། །རྟག་ཏུ་རྡོ་རྗེ་དྲིལ་འཆང་ཞིང་། །དངོས་གྲུབ་མཆོག་ནི་བསྒྲུབ་པར་བྱ། །ཐམས་ཅད་དགུག་དང་མཆོད་པ་ཆེ། །བདག་བྱིན་རླབས་སོགས་བསྒྲུབ་རྣམས་སོ། །དེ་ལ་ཇི་ལྟར་མཆོག་ཏུ་གསང་བ་དམ་པའི་དཔལ་དམ་ཚིག་


DNG012_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་དངོས་གྲུབ་ཐམས་ཅད་དགུག་པའི་རྒྱུད་ནི་འདི་ཡིན་ཏེ། རང་ལྷག་ལྷ་ཡི་སྦྱོར་བ་ལས། །ཐམས་ཅད་དགུག་པའི་སྦྱོར་བ་ཡིས། །ཡན་ལག་མཆོག་གིས་རོལ་བཅས་པས། །གར་བྱ་ཞིང་ནི་དགུག་པར་བྱ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་གི་དངོས་གྲུབ་མཆོག་ཏུ་གསང་བའི་དམ་ཚིག་གི་གླུའི་མཆོད་པ་ནི་འདི་ཡིན་ཏེ། ཛཿམཆོག་དང་པོའི་རྡོ་རྗེ་འཆང་བ་རྡོ་རྗེ་སེམས་དཔའ་བདེ་བ་རབ་རྟོགས་རབ་ཏུ་དགའ་བ་ཁྱོད་བདག་སངས་རྒྱས་སོ་སོར་རྟོགས། །ཧཱུྃ་མཆོག་རྡོ་རྗེ་ལས་ནི་མཆོག་ཏུ་མི་འགྱུར་ཟད་མེད་སྲིད་པ་རབ་བསྒྲུབ་བདེ་དང་ཡིད་བདེ་དམ་ཚིག་བདག་ལ་དེང་གྲུབ་མཛོད། །བྃ་མཆོག་བདག་གི་སྐུ་འཛིན་རྣལ་འབྱོར་ཐམས་ཅད་རྣམ་རྒྱལ་བསྒྲེང་བ་རབ་མཆོག་དག་པ་བདེ་བར་འགྱུར་བའི་པདྨའི་རྒྱལ་པོ་ཀྱེ། །ཧོཿརབ་མཆོག་ནི་མཆོག་གི་དངོས་གྲུབ་དམ་པ་ཐམས་ཅད་དབང་ཕྱུག་དམ་པར་བདག་གྱུར་ཅིག །རྟག་པར་བདག་འཕེལ་ནམ་མཁའི་སྙིང་པོ་ཁྱོད། །ཧུ་ལུ་ཧུ་ལུའི་སྒྲུབ་པས་དབབ་པར་མཛོད། །དམ་ཚིག་ཆེན་པོས་ཡང་དག་དགུག་པ་ཁྱོད། །དེ་བཞིན་གཤེགས་པ་ཀུན་གྱི་དམ་ཚིག་སྟེ། །རབ་ཏུ་དགའ་བ་མཆོག་བདག་པོ། །དེ་ལ་མཆོག་ཏུ་གསང་བ་དམ་པའི་དཔལ་དམ་ཚིག་གསུམ་གྱི་དངོས་གྲུབ་ཐམས་ཅད་ཀྱི་མཆོད་པ་ཆེན་པོའི་ཆོ་ག་ཅི་ལྟར་ཡིན། རང་ལྷའི་རྣལ་འབྱོར་ཇི་བཞིན་དུ། །མཆོད་པ་ཀུན་མཆོག་སྐུ་རྣམས་ཀྱི། །མཆོད་དེ་སྔགས་པས་གླུ་རྣམས་ཀྱི། །རོལ་མོའི་རྣམ་འཕྲུལ་གྱིས་རྗེས་མཆོད། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མཆོག་གི་དངོས་གྲུབ་ཀྱི་མཆོད་པ་ཆེན་པོའི་ཆོ་གའི་མཆོག་ཏུ་གསང་བའི་དམ་ཚིག་གི་རྡོ་རྗེའི་གླུའི་མཆོད་པ་ནི་འདི་ཡིན་ཏེ། ཐམས་ཅད་རྗེས་སུ་ཆགས་པ་བདེ་བ་དམ་པའི་ཐུགས། །རྡོ་རྗེ་སེམས་དཔའ་ཁྱོད་ནི་རབ་ཏུ་དགའ་བ་ཡིན། །བདེ་བ་ཆེན་པོ་གསལ་མཐོང་བདག་ལ་བསྟན་གྱུར་ཅིག །མྱུར་དུ་སོ་སོར་མཁྱེན་ནས་རབ་ཏུ་འདོད་པ་བསྒྲུབས། །དེ་ལ་མཆོག་ཏུ་གསང་བ་དམ་པའི་དཔལ། །དམ་ཚིག་གསུམ་གྱི་དངོས་གྲུབ་ཐམས་ཅད་བྱིན་གྱིས་བརླབས་པའི་སྒྲུབ་པ་ཆེན་པོ་ཅི་ལྟར་ཡིན། རང་ལྷའི་སྦྱོར་བ་ཇི་བཞིན་དུ། །ཕྱག་རྒྱ་ཀུན་གྱིས་


DNG012_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་བརླབས་པ། །དེ་ཉིད་ཆེན་པོའི་མཆོག་གིས་ནི། །རང་ཉིད་བསྒྲུབས་ཏེ་སྙིང་པོ་བཟླ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་གི་དངོས་གྲུབ་བྱིན་གྱིས་བརླབས་པའི་གསང་བ་ཆེན་པོ་དམ་པའི་དམ་ཚིག་གི། རྡོ་རྗེ་གླུའི་མཆོད་པ་མཆོག་ཏུ་གྲུབ་པ་འདི་ཡིན་ཏེ། ཨོཾ་ནམ་མཁའ་སྐྱེ་བ་མཚན་ལྡན་ཕྱིར། །ཐོག་མ་ཐ་མ་མེད་པའི་མཆོག །སེམས་དཔའ་རྡོ་རྗེ་ཆེ་རང་བཞིན། །རྡོ་རྗེ་སེམས་དཔའ་བདག་གྲུབ་མཛོད། །ཀུན་མཆོག་དངོས་གྲུབ་ཆེན་པོ་སྟེ། །དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །མི་འགྱུར་མཆོག་དེ་བདག་གྲུབ་མཛོད། །ཉེས་པ་མི་མངའ་རྟག་པ་ཁྱོད། །འདོད་ཆགས་ཀྱིས་ནི་རྗེས་ཆགས་པ། །འདོད་ཆགས་ཆེན་པོ་དགའ་བ་ཆེ། །བཅོམ་ལྡན་དེ་ཉིད་ཀྱིས་གྲུབ་མཛོད། །ཤིན་ཏུ་དག་པ་ཀུན་གྱི་མཆོག །གདོད་ནས་གྲོལ་བ་དེ་བཞིན་གཤེགས། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །བྱང་ཆུབ་སེམས་དཔར་བདག་གྲུབ་མཛོད། །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །གྲུབ་པའི་རྡོ་རྗེ་ཆེར་བསྟོད་པས། །རྡོ་རྗེ་བསྙེམས་བདག་བདག་མཛོད་ཅིག །དཔལ་མཆོག་དང་པོའི་བཅོམ་ལྡན་ཁྱོད། །གང་གིས་དོན་དང་གླུ་ཡིས་བསྟོད། །དེ་ནི་དངོས་གྲུབ་ཀུན་གྱི་མཆོག །དབང་ཕྱུག་ཆེན་པོ་ཉིད་གྲུབ་འགྱུར། །ཞེས་བྱ་བ་མཆོག་གི་དེ་ཁོ་ན་ཉིད་ཀྱི་མཆོག་ཏུ་གསང་བའི་གླུ་ཆེན་པོ་མཆོག་ཏུ་གྲུབ་པ་བཅོམ་ལྡན་འདས་རྡོ་རྗེ་འཆང་གིས་གསུངས་སོ། །དངོས་གྲུབ་ཆོ་ག་འདི་ཡིས་ནི། །རྡོ་རྗེ་སེམས་དཔའ་ཡང་དག་རྟོགས། །ཀུན་མཆོག་དངོས་གྲུབ་ཆེན་པོ་ཡི། །དབང་ཕྱུག་ཉིད་ནི་རབ་བསྒྲུབ་པའོ། །ཀུན་ནས་འོད་ཟེར་སྟོན་སོགས་དང་། །སོ་སོར་སྟོན་པའི་རྨད་བྱུང་རྣམས། །རྡོ་རྗེའི་ཚིག་གིས་རང་ལྷ་ལས། །ངོ་མཚར་གྱུར་རྣམས་མཐོང་བར་འགྱུར། །རྟོག་པ་ཀུན་གྱི་སྣ་ཚོགས་ཆེ། །དངོས་གྲུབ་དབང་ཕྱུག་བདེ་རྣམས་ཀྱི། །མྱུར་དུ་རང་གིས་བྱིན་བརླབས་པས། །རྡོ་རྗེ་སློབ་དཔོན་གྱིས་ཐོབ་པོ། །ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་མཆོག་གི་དང་པོས་གསུངས་སོ། །དེ་ལ་མཆོག་ཏུ་གསང་བའི་དཔལ་དམ་ཚིག་གསུམ་གྱི་ལྷ་ཐམས་ཅད་ཀྱི་


DNG012_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལ་བྱིན་གྱིས་བརླབས་པའི་སྒྲུབ་པ་ཆེན་པོའི་རྒྱུད་ཅི་ལྟར་ཡིན། རང་ལྷ་རྣལ་འབྱོར་ཇི་བཞིན་དུ། །ལྷ་ཀུན་བདག་ཉིད་སྐུ་རྣམས་ཀྱིས། །རང་ལྷའི་རྣལ་འབྱོར་བདག་ཉིད་ཀྱིས། །རང་ལྷག་ལྷ་ཉིད་བསྒྲུབ་པར་བྱ། །དེ་ནས་མཆོག་ཏུ་གསང་བ་དམ་པའི་དཔལ་དམ་ཚིག་གསུམ་གྱི་ཀུན་མཆོག་དངོས་གྲུབ་ཆེན་པོའི་དབང་ཕྱུག་ཆེན་པོའི་བདག་ཉིད་ལ་སོགས་པའི་དངོས་གྲུབ་ཐམས་ཅད་ཀྱི་ལས་ཀྱི་ཚོགས་མཆོག་ཏུ་མི་འགྱུར་བ་དམ་པ་བླ་ན་མེད་པའི་དགའ་བ་དང་། རབ་ཏུ་དགའ་བ་དང་བདེ་བ་དང་ཡིད་བདེ་བ་ཐམས་ཅད་ཀྱི་དངོས་གྲུབ་དམ་པའི་ཆོ་ག་རྒྱས་པ་རྗེས་སུ་གྲུབ་པ་ནི་འདི་ཡིན་ཏེ། རང་ལྷའི་སྦྱོར་བ་ཇི་བཞིན་དུ། །རྡོ་རྗེ་ཀུན་མཆོག་སྐུ་རྣམས་ཀྱིས། །གླུ་དང་རོལ་མོའི་ཆོ་ག་ནི། །རྡོ་རྗེ་ཉིད་ཀྱིས་རྗེས་ཆགས་འགྱུར། །རང་ལྷའི་སྦྱོར་བ་ཇི་བཞིན་དུ། །དབྱངས་ཀྱི་རྩ་བ་རྣམ་སད་པས། །གླུ་དང་རོལ་མོའི་ཆོ་ག་ནི། །དྲིལ་བུ་ཉིད་ཀྱིས་རྗེས་སུ་བརྗོད། །རང་ལྷའི་སྦྱོར་བ་ཇི་བཞིན་དུ། །སྣ་ཚོགས་ཕྱག་རྒྱའི་བདག་པོ་མཆོག །གླུ་དང་རོལ་མོའི་ཆོ་ག་ནི། །དམ་ཚིག་གིས་ནི་རྗེས་བསྒྲུབ་བྱ། །འདི་ཡིས་རྟོག་པ་ཐམས་ཅད་ལ། །རྡོ་རྗེ་འབེབས་པས་རབ་སད་པས། །རང་གི་ལྷ་ཡི་དམ་ཚིག་ནི། །ཐམས་ཅད་བཞི་འགྱུར་འགྲུབ་པར་འགྱུར། །མཆོག་ཏུ་གསང་བ་དམ་པའི་དཔལ། །དམ་ཚིག་གསུམ་གྱི་གླུ་ཆེན་པོ་དང་། རོལ་མོའི་ཆོ་ག་མཆོག་ཏུ་གསང་བ་མཆོག་ཏུ་གྲུབ་པ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །དེ་ནས་དེ་རྗེས་གནས་ཅི་བཞིན། །ཇི་སྙེད་པ་དང་ཅི་བདེ་བས། །མེ་ཏོག་སྤོས་ཀྱིས་མཆོད་ནས་ནི། །ཁང་པའམ་སྐྱེད་མོས་ཚལ་སོགས་སུ། །བདག་ཉིད་ཅི་འདོད་རང་བསྒྲུབས་ནས། །ཇི་སྙེད་རྒྱན་དང་གོས་དང་ལྡན། །སྣ་ཚོགས་གོས་ཀྱིས་ཡང་དག་བཀླུབས། །མེ་ཏོག་ཕྲེང་བཅས་ཁ་དྲི་ཞིམ། །ལུགས་མ་འམ་ནི་བརྡུངས་པ་འམ། །འདུས་བྱས་སམ་ནི་རི་མོར་བྲིས། །དང་པོའི་འཁོར་ལོ་དེ་མདུན་དུ། །ཆོ་ག་བཞིན་དུ་བཞུགས་གསོལ་ནས། །རང་ལྷའི་རྣལ་འབྱོར་ཇི་བཞིན་དུ། །རྡོ་རྗེ་དྲིལ་བུ་རབ་སད་པས། །ཐམས་ཅད་དགུག་དང་མཆོད་པ་ཆེ། །བདག་བྱིན་རླབས་སོགས་


DNG012_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་པར་བྱ། །སྔོན་དུ་ལན་ཅིག་བསྒྲུབ་བྱས་ནས། །དེ་ནས་དེ་རྗེས་ཅི་འདོད་པར། །ཅི་འདོད་པ་དང་ཅི་སྨྲ་བ། །ཐམས་ཅད་བཟའ་ཞིང་ཐམས་ཅད་བྱེད། །ལངས་པ་འམ་ནི་འདུག་པའམ། །རབ་ཏུ་དགོད་དམ་སྨྲ་བའམ། །ཇི་བཞིན་དེ་བཞིན་དེ་དང་དེར། །ཇི་འདོད་པར་ནི་དེ་བཞིན་གཞག །གསང་བ་མཆོག་གི་འཁོར་ལོ་ནི། །མེ་ཏོག་སོགས་ཀྱིས་མཆོད་ནས་ནི། །ཇི་བཞིན་དུ་ནི་རྗེས་བསྒྲུབ་བྱ། །འདིས་ནི་འདོད་པ་ཀུན་དབང་ཕྱུག །འགྲོ་དང་འོད་དང་འདོད་ན་འཕུར། །དངོས་གྲུབ་ཀུན་གྱི་དབང་ཕྱུག་འགྲུབ། །རྒ་ཤི་མེད་པར་གཙོ་བོར་འགྱུར། །རྡོ་རྗེ་སེམས་དཔའ་གྲུབ་ཆེན་པོ། །ཕྱག་རྒྱ་ཀུན་གྱི་དབང་ཕྱུག་བདག །རྡོ་རྗེ་ཀུན་འཛིན་རྒྱལ་པོ་ནི། །རྡོ་རྗེ་མཚོན་ཆ་ཐམས་ཅད་འཛིན། །མི་ཐུབ་པ་དང་མི་སོད་ཅིང་། །ཐམས་ཅད་བྱེད་ཅིང་ཀུན་གྱི་རྟེན། །སེམས་ཅན་ཀུན་གྱི་རྒྱལ་པོ་ཆེ། །ཚར་གཅོད་རྗེས་སུ་བཟུང་བར་ནུས། །ཀུན་མཆོག་རྗེས་སུ་ཆགས་པ་ཆེ། །འདོད་པ་འགྲུབ་པ་བདེ་བའི་མཆོག །ཀུན་ལས་རྣམ་རྒྱལ་གྲུབ་འགྱུར་ཏེ། །ཀུན་མཆོག་དབང་ཕྱུག་དམ་པ་ཡིན། །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་ཕྱུག་ཆེན་པོའི་གོ་འཕང་གནས། །རྒྱལ་པོ་རྡོ་རྗེ་ཀུན་འཛིན་པ། །སངས་རྒྱས་ཐམས་ཅད་རབ་འགྲུབ་འགྱུར། །དེ་ལྟར་མཆོག་ཏུ་རྗེས་ཆགས་དགའ་བ་པདྨའི་ར་བ་ཆེ། །མཆོག་ཏུ་གསང་བ་གྲུབ་པའི་བླ་ན་མེད་པའི་དངོས་གྲུབ་སྩོལ། །མཆོག་གི་རྒྱལ་མཚན་བསྒྲེང་བས་གང་ཞིག་རྗེས་སུ་བསྟེན་པ་སྟེ། །མཆོག་གི་དངོས་གྲུབ་དབང་ཕྱུག་ཆེན་པོ་ཉིད་ངེས་ཉམས་མྱོང་བ། །ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །དཔལ་མཆོག་དང་པོ་ལས་གསང་བ་ཆེན་པོ་དམ་པའི་དཔལ་དམ་ཚིག་གསུམ་དང་དངོས་གྲུབ་ཐམས་ཅད་དགུག་པ་དང་། མཆོད་པ་ཆེན་པོ་དང་། བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པའི་ཆོ་ག་རྒྱས་པའོ།། །།གསུང་བ་མཆོག་ནི་དགྱེས་པ་དང་། །སངས་རྒྱས་ཀུན་གྱི་རྗེས་བསྟན་པ། །རྡོ་རྗེ་སེམས་དཔའ་རང་གི་གནས། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་


DNG012_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་བསྙེམས་ཚུལ་བདག་པོའི་བདག །འདི་ནི་རང་བྱུང་བཅོམ་ལྡན་འདས། །ལྷག་པའི་ལྷ་ནི་གཅིག་པུ་ཉིད། །ཅེས་བྱ་བ་འགྲུབ་པར་འགྱུར་རོ། །དེ་ལྟར་མཆོག་ཏུ་རྗེས་ཆགས་དགའ་བ་པདྨ་ར་བ་ཆེ། །མཆོག་ཏུ་གསང་བ་བླ་ན་མེད་པའི་དངོས་གྲུབ་སྩོལ། །མཆོག་གི་རྒྱལ་མཚན་བསྒྲེང་བ་གང་ཞིག་རྗེས་སུ་བསྟེན་པ་སྟེ། །མཆོག་གི་དངོས་གྲུབ་བདེ་བ་ཆེན་པོ་ཉིད་དེ་ཉམས་མྱོང་བ། །ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །དཔལ་མཆོག་དང་པོ་ལས། དགའ་བ་ཆེན་པོའི་དཔལ་རྡོ་རྗེ་དོན་ཡོད་པའི་དགའ་བའི་དམ་ཚིག་རྣལ་འབྱོར་ཐམས་ཅད་ཀྱི་དབང་ཕྱུག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཔལ་རང་གི་དམ་ཚིག་གི་དཀྱིལ་འཁོར་མཆོག་ཏུ་གསང་བ་ཡོངས་སུ་རྫོགས་སོ།། །།དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ཆེན་པོའི་སློབ་མའི་ཆོ་ག་རྒྱས་པ་རྗེས་སུ་གཟུང་བ་བཤད་པར་བྱའོ། །ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །དེ་ལ་དང་པོ་ཁོ་ནར་རེ་ཞིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བ་དམ་པའི་སྔགས་འདི་ལན་ཅིག་བརྗོད་པས་སེམས་བསྐྱེད་དུ་བཅུག་སྟེ། ཨོཾ་སརྦ་ཡོ་ག་ཙིཏྟཾ་ཨུད་པཱ་ད་ཡཱ་མི། འདི་བརྗོད་པ་ཙམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་དང་མི་འབྲལ་ཞིང་ཕྱིར་མི་ལྡོག་པ་དང་བདུད་ཐམས་ཅད་ཟིལ་གྱིས་གནོན་པའི་ཕྱག་རྒྱ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པ་ཉིད་དུ་ཡང་རྟོགས་པར་བྱའོ་ཞེས་བྱ་བ་ཡང་གསུངས་སོ། །བྱང་ཆུབ་སེམས་ནི་བླ་མེད་པ། །མཆོག་ཏུ་བསྐྱེད་པར་བྱས་ནས་ནི། །སྙིང་གར་རྡོ་རྗེ་རབ་བཞག་ནས། །སུ་ར་ཏ་ས་མ་ཡ་སྟྭཾ་ཧོ། སྙིང་པོས་རྡོ་རྗེ་ཅི་བདེར་བསྒྲུབ། །འདི་ཡིས་རྡོ་རྗེ་བསྐུལ་བ་ན། །འདོད་པ་ཀུན་ལས་འགྲུབ་པར་འགྱུར། །དེ་ཉིད་བསྐུལ་བས་མྱུར་དུ་ནི། །བྱང་ཆུབ་སེམས་ནི་བླ་མེད་པ། །ཀུན་མཆོག་དངོས་གྲུབ་ཆེན་པོའི་ཕྱིར། །རྡོ་རྗེ་སེམས་དཔའ་ཉིད་དུ་འགྱུར། །ཞེས་བྱ་བའི་མཆོག་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །གར་བྱས་སྤྱི་བོར་ཐལ་མོ་སྦྱར། །གོས་ཀྱིས་གདོང་ནི་


DNG012_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

གཡོགས་པ་རྣམས། །ཅི་འདོད་དངོས་གྲུབ་འདོད་པ་ཡིས། །སློབ་མ་ཐམས་ཅད་གཞུག་པར་བྱ། །ཅི་འདོད་དངོས་གྲུབ་སེམས་དཔའ་ཡིས། །སློབ་མ་མེ་ཏོག་འདོར་དུ་གཞུག །ཕྱག་རྒྱ་གར་ལ་དེ་བབས་པའོ། །དེ་དེའི་ལྷ་མོ་བསྒྲུབ་པར་བྱ། །དེ་ནས་གདོང་གཡོགས་དགྲོལ་བྱས་ལ། །རྣམ་པ་ཀུན་གྱི་ཡོན་བླངས་ནས། །སངས་རྒྱས་རིན་ཆེན་དབང་བསྐུར་གྱིས། །དམ་ཚིག་གསུམ་ནི་གསལ་བར་སྦྱིན། །དེ་ལ་རྡོ་རྗེ་ཆེན་པོའི་མནའི་ཆུས་དབང་བསྐུར་ཏེ། འདི་ལྟར་བརྗོད་པར་བྱའོ། །འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ནི། །གལ་ཏེ་དཀྱིལ་འཁོར་མ་མཐོང་སྨྲས། །སྐྱེ་བོ་འདུས་པའི་ནང་ན་གནས། །དད་པ་མེད་པས་བཞད་གད་སྨོད། །ཞེས་བྱ་བས་མནའ་བསྒག་གོ། །དེ་ལ་སངས་རྒྱས་ཀྱི་རིན་པོ་ཆེའི་དབང་བསྐུར་བའི་ཆོ་ག་ནི་འདི་ཡིན་ཏེ། རྡོ་རྗེ་ཆུ་ཡིས་དབང་བསྐུར་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་མཆོག་དབང་བསྐུར་བའི་གནས་སུ་བཞག་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ས་མ་ཡ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩི་མ་མ་ཧཱ་བཛྲ་དྷ་ར་ཞེས་བྱ་བའི་སྔགས་འདིས་རྡོ་རྗེ་ལག་ཏུ་སྦྱིན་པར་བྱའོ། །འདི་ནི་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་འཆང་གི་རྡོ་རྗེ་སྟེ། །རྡོ་རྗེ་འཆང་གི་བརྟུལ་ཞུགས་ཆེ། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །བྱང་ཆུབ་མཆོག་གི་སེམས་ཆེན་པོ། །ཡོངས་སུ་མི་སྤང་རྟག་ཏུ་བསྒྲུབས། །ཤིན་ཏུ་གསང་བདེ་འདི་ཡིན་ཏེ། །ཨོཾ་བཛྲ་ཀརྨྨ་པཱ་དྷི་དྷི་ཤྲཱི་བཛྲ་ནཱ་མ་སིད་དྷི་ས་མ་ཡ་སྟྭཾ་བྷཱུ་ར་བྷུ་བ་སྭཱཿ། གང་ལ་རྡོ་རྗེའི་མིང་བཏགས་པ་དེ་ལ་ཀྱེའི་སྒྲ་དང་པོར་སྦྱར་བར་བྱའོ། །དེའི་མིང་དེ་ཡང་ཇི་སྲིད་བྱང་ཆུབ་སྙིང་པོའི་མཐར་ཐུག་པའི་བར་གྱི་དེ་བཞིན་གཤེགས་པའི་ཡང་མིང་དུ་འགྱུར་རོ། །དེ་ལ་མཆོག་ཏུ་གསང་བ་དམ་པའི་དཔལ་དམ་ཚིག་གསུམ་སྦྱིན་པ་ནི་འདི་ཡིན་ཏེ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་བསྙེམས་ཚུལ་བདག་པོའི་བདག །ཞེས་བྱ་བ་བཅོམ་ལྡན་འདས་དཔལ་མཆོག་དང་པོའི་


DNG012_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་བུ་མཆོག་གི་དེ་ཁོ་ན་ཉིད་ཀྱི་གསང་བ་ལྔའི་དེ་ཁོ་ན་ཉིད་བཤད་པར་བྱས་ནས་རྡོ་རྗེ་སྦྱིན་པར་བྱའོ། །འདི་བཅོམ་ལྡན་འདས་སྲིད་པའི་བདག་པོ་དམ་པ་ཀུན་གྱི་མཆོག་དབང་ཕྱུག་གི་དམ་པ་དེ་བཞིན་གཤེགས་པ་དེ་ཉིད་ཆོས་ཀྱི་མཆོག་གི་བཀའ་ཡང་དག་པར་སྩོལ་བ་མཛད་པ་ནི། སྲིད་པ་རང་བཞིན་ཉིད་ཀྱིས་དག །རང་བཞིན་གྱིས་ནི་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་དཔའ་མཆོག །སྲིད་པ་མཆོག་ནི་མཛད་པ་ཡིན། །མཆོག་ཏུ་གསང་བའི་ཆོས་ཉིད་འབེབས་པ་ནི་དྲིལ་བུའོ། །དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པར་བྱ་བའམ་ལྷ་སྒྲུབ་པའི་ཚེ་དཀྲོལ་བར་བྱའོ། །དེ་ནས་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་རབ་ཏུ་སད་པའི་ཕབ་པ་རྣམས་ཀྱིས་སྒྲིབ་པ་ཐམས་ཅད་རྣམ་པར་དག་པར་བྱེད་པ་ཡིན་ནོ། །རྡོ་རྗེ་ཐམས་ཅད་འབེབས་པར་བྱེད་པ་དང་རབ་ཏུ་སྒྲུབ་པར་བྱེད་པ་དང་། དབང་དུ་བྱེད་པ་དང་རབ་ཏུ་དང་བར་བྱེད་པ་ཞེས་བྱ་བར་བསྒྲུབ་པར་འགྱུར་རོ། །དེ་ནས་སྲིད་པ་དག་པའི་ཐབས་ཀྱི་མཆོག་རྟོག་པ་ཐམས་ཅད་ཀྱི་གསང་བ་ཆེན་པོ་དམ་ཚིག་ལ་རྟག་ཏུ་བསྟེན་པར་བྱའོ་ཞེས་བྱའོ། །དེ་ལ་འདི་ནི་དེང་ཁྱོད་ཀྱི། །སྲིད་བདེ་ཤིན་ཏུ་མྱུར་བར་ནི། །སྡུག་བསྔལ་ཆེན་པོ་དག་བྱའི་ཕྱིར། །ཤིན་ཏུ་བདེ་བ་དམ་པའི་ཐབས། །དམ་ཚིག་འདི་ནི་རྟག་ཏུ་བསྐྱེད། །འདོད་པའི་ལོངས་སྤྱོད་ཐམས་ཅད་ལ། །ཅི་འདོད་པར་ནི་བརྟེན་བཞིན་དུ། །རང་གི་ལྷ་ཡི་སྦྱོར་བ་ཡིས། །བདག་དང་གཞན་ལ་མཆོད་པར་བྱ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བླ་ན་མེད་པའི་མཆོག་ཏུ་གསང་བའི་ཐེག་པ་ཆེན་པོའི་ཡང་ཆེན་པོ་དམ་ཚིག་གི་སྦྱོར་བ་ནི་བཅོམ་ལྡན་འདས་ཀྱི་དམ་ཚིག་གོ། །འདི་ལྟར་དེ་བཞིན་གཤེགས་པ་ཀུན་གྱིས་ཀྱང་། །འདའ་བ་རུ་ནི་མི་མཛད་པས། །ཕྱག་རྒྱའི་དམ་ཚིག་ཅེས་ནི་བསྒྲགས། །ཡིད་ཀྱི་སྐུ་ནི་བརྟན་ཕྱིར་རོ། །ཞེས་བྱ་བ་མཆོག་ཏུ་གསང་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །དེ་ལ་འདི་བརྗོད་པར་བྱ་སྟེ། །ཇི་སྲིད་འཁོར་བའི་གནས་སུ་ནི། །མཁས་མཆོག་འདུག་པར་གྱུར་པའི་ཚེ། །ཇི་སྲིད་མཚུངས་མེད་སེམས་ཅན་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །གསང་བ་དམ་པ་དམ་ཚིག་ཐབས། །བསོད་ནམས་བྱིན་གྱིས་བརླབས་བསྒྲུབས་པ། །རྟག་ཏུ་དངོས་གྲུབ་ཀུན་དབང་ཕྱུག །


DNG012_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་དོན་ནི་བྱེད་པ་ཡིན། །དམ་ཚིག་འདིས་ནི་མཆོག་སྒྲུབ་ཅིང་། །ཅི་བདེ་བར་ནི་སྒྲུབ་བྱེད་པ། །ཉེས་པ་སྤྱད་ཀྱང་སྡིག་ཀུན་གྱིས། །རྣམ་པ་ཀུན་ཏུ་གནོད་མི་འགྱུར། །འདོད་པ་ཆེན་པོ་གྲུབ་པར་འགྱུར། །ཀུན་བདག་དམ་ཚིག་དབང་ཕྱུག་དང་། །ཐམས་ཅད་རྡོ་རྗེ་འཛིན་རྒྱལ་པོ། །ཀུན་མཆོག་དབང་ཕྱུག་དམ་པའོ། །ལས་ཀྱི་ཚོགས་ཀྱི་དངོས་གྲུབ་ཀྱིས། །མ་ལུས་བསྒྲུབས་པས་འགྲུབ་པར་འགྱུར། །བདག་གཞན་ཐམས་ཅད་རྒྱས་བཏབ་པས། །ཡང་ན་བསྒྲུབ་བྱ་ཀུན་ལ་ཡང་། །དོན་ཡོད་མཆོག་ཏུ་གྲུབ་པ་དང་། །རྣལ་འབྱོར་ཐམས་ཅད་རྗེས་སྒྲུབ་བྱེད། །དཔལ་ལྡན་སྡུག་བསྔལ་ཀུན་འཕྲོག་བྱེད། །དམ་ཚིག་འདའ་བར་དཀའ་བའོ། །ཞེས་བྱ་བ་མཆོག་ཏུ་གསང་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །རྡོ་རྗེ་ལ་སོགས་ཐོབ་འཛིན་པས། །དངོས་གྲུབ་ཀུན་གྱི་བདེ་བ་ཀུན། །ཕབ་པས་རྡོ་རྗེ་སློབ་མ་ཡིས། །དཀྱིལ་འཁོར་དུ་ནི་ཉམས་སུ་མྱོང་། །དེ་ནས་ཐམས་ཅད་གཟེངས་བསྟོད་པས། །སངས་རྒྱས་ཀུན་གྱི་བདག་ཉིད་དངོས། །རྡོ་རྗེའི་མིང་གིས་དབང་བསྐུར་བས། །དེ་བཞིན་གཤེགས་ནི་ལུང་བསྟན་བྱ། །དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལུང་བསྟན་པའི་རྡོ་རྗེ་སེམས་དཔའི་ཆོ་ག་འདི་ཡིན་ཏེ། སངས་རྒྱས་ཀུན་གྱི་ཕྱག་རྒྱ་ཆེ། །གཟེངས་བསྟོད་པ་ཡི་གང་ལུང་བསྟན། །དེ་ནི་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་མིང་གིས་དབང་བསྐུར་བའོ། །ཨོཾ་འདི་ནི་ངས་ཁྱོད་ལུང་བསྟན་ཏེ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པ་ཤིན་ཏུ་གྲུབ་པའི་ཕྱིར། །སྲིད་པའི་ངན་འགྲོ་ལས་ཁྱོད་སྟོན། །ཧེ་བཛྲ་ནཱ་མཿཏ་ཐཱ་ག་ཏ་སིད་དྷི་ས་མ་ཡ་སྟྭཾ་བྷཱུར་བྷུ་བ་སྭཿ། གང་ལ་གཟེངས་བསྟོད་པ་འདི་དང་ཕྱག་རྒྱ་ཆེན་པོར་ལུང་བསྟན་པ་མཆོག་ཏུ་གསང་བའི་ཆོ་གས་བྱས་པ་དེ་ལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་དང་རྡོ་རྗེ་འཆང་དང་བཅས་པའི་བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་དང་བཅས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་གི་དམ་ཚིག་གི་སློབ་དཔོན་རྣམས་དང་མགྲིན་གཅིག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་མཛད་དོ། །འདི་ལྟ་སྟེ་གཟེངས་བསྟོད་


DNG012_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདི་ཉིད་ཀྱི་ཕྱག་རྒྱ་ཆེན་པོ་དང་མཆོག་ཏུ་གསང་བ་དམ་པའི་དངོས་གྲུབ་ཀྱིས་བྱིན་གྱིས་བརླབས་པ་འདི་དང་སྔགས་ཀྱི་སྟོབས་ལ་དད་པར་བྱའོ། །དེ་ནས་ཅི་ལྟ་བ་བཞིན་དུ་ཞུགས་པ་རྣམས་ལ། དེ་བཞིན་གཤེགས་པ་ཐམས་ཅད་འདུས་པ་ལ་སོགས་པའི་དབུགས་དབྱུང་བ་སྦྱིན་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་རྡོ་རྗེ་འཆང་དང་བཅས་པ་ཅི་སྙེད་པ་བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་དང་བཅས་པ་གང་ཡིན་པ་དེ་དག་ཐམས་ཅད་རང་གི་དམ་ཚིག་ལ་རྗེས་སུ་ཆགས་པས་འདིར་དགུག་པ་དང་རབ་ཏུ་གཞུག་པ་དང་དབང་དུ་བྱ་བ་དང་བསྒྲུབ་པ་དང་རྗེས་སུ་བསྒྲུབ་པ་རྣམས་ཀྱི་རྡོ་རྗེའི་དབྱིངས་ཐམས་ཅད་བརྟན་པར་གྱུར་པ་ཉིད་ཀྱིས། འདི་བརྟན་པར་འགྱུར་བ་ཆོས་ཀྱི་དབྱིངས་ཐམས་ཅད་ཀུན་ཏུ་ཁྱབ་པ་ཉིད་ཀྱིས་ཀུན་ཏུ་ཞུགས་པ། ནམ་མཁའི་ཁམས་ཐམས་ཅད་ཀྱི་རྒྱ་ཆེ་བ་ཉིད་ཀྱིས་འདིར་རབ་ཏུ་བཞུགས་ཤིང་། ལེགས་པར་རབ་ཏུ་བཞུགས་པ་གང་ཡིན་པ་དེ་དང་དེ་དག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་གི་དམ་ཚིག་ལ་རག་ལས་པའི་དེ་བཞིན་གཤེགས་པ་ཉིད་ལ་ལྷག་པར་དམིགས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་གི་དམ་ཚིག་གི་སློབ་དཔོན་དེ་བཞིན་གཤེགས་པ་ཐམས་ཅད་འདི་ཡིན་ནོ་ཞེས་བྱ་བས་བྱིན་གྱིས་བརླབས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རང་གི་དམ་ཚིག་གི་སློབ་དཔོན་གྱིས་དམ་ཚིག་གི་མགྲིན་གཅིག་ཏུ་ཁྱེད་རྣམས་ལ་དབུགས་དབྱུང་བ་མཛད་པ་ཡིན་ཏེ་དད་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བའི་དབུགས་དབྱུང་བ་འདི་ཡིན་ཏེ། གསང་བའི་དཀྱིལ་འཁོར་དམ་པ་ནི། །མཐོང་བ་དང་ནི་ཞུགས་པས་ཀྱང་། །སྡིག་པ་ཀུན་ལས་ངེས་གྲོལ་ཞིང་། །ཁྱེད་རྣམས་དེར་ཉིད་ལེགས་པར་གནས། །བདེ་ཆེན་ཐེག་པ་འདི་ལས་ནི། །སླར་འཆི་བ་ནི་ཡོད་མིན་ཏེ། །མི་ཚུགས་པ་དང་མི་སོད་པས། །ཅེས་ཀྱང་མི་འཇིགས་རོལ་པར་གྱིས། །སྲིད་པའི་སྡུག་བསྔལ་ལྡོག་པ་ནི། །སྲིད་པ་ཤིན་ཏུ་གྲུབ་པའི་ཕྱིར། །སྟོན་པ་མཆོག་ཏུ་གྱུར་པ་ཁྱོད། །སྲིད་པ་ཤིན་ཏུ་གྲུབ་པ་ཡིན། །དམ་ཚིག་སྒོམ་པ་གྲུབ་པ་འདི། །ཁྱོད་ཀྱིས་རྟག་ཏུ་བསྲུང་བར་བྱ། །སངས་རྒྱས་ཀུན་གྱིས་མཐུན་པར་གསུངས། །དམ་པ་རྟག་པའི་བཀའ་ཡིན་ནོ། །གང་ཞིག་བསྐྱེད་པ་ཙམ་གྱིས་ནི། །


DNG012_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཉིད་དུ་དོགས་མེད་པའི། །བྱང་ཆུབ་སེམས་ནི་གཏང་མི་བྱ། །ཕྱག་རྒྱ་རྡོ་རྗེ་གང་ཡིན་པ། །དམ་པའི་ཆོས་ནི་མི་སྨོད་ཅིང་། །ནམ་ཡང་བཏང་བར་མི་བྱའོ། །མི་ཤེས་པའམ་རྨོངས་པ་ཡིས། །དེས་ནི་སྨད་པར་མི་བྱའོ། །རང་གི་བདག་ཉིད་ཡོངས་སྤངས་ནས། །དཀའ་ཐུབ་རྣམས་ཀྱིས་གདུང་མི་བྱ། །ཅི་བདེ་བར་ནི་བདེ་བར་གཟུང་། །འདི་ནི་མ་བྱོན་རྫོགས་སངས་རྒྱས། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་རྣམས། །ནམ་ཡང་ཡོངས་སུ་སྤང་མི་བྱ། །སློབ་དཔོན་སྨད་པར་མི་བྱ་སྟེ། །འདི་ནི་སངས་རྒྱས་ཀུན་དང་འདྲ། །སངས་རྒྱས་ཀུན་མཚུངས་བླ་མ་ཡིས། །སློབ་དཔོན་ལ་ནི་གང་སྨད་པ། །དེ་ནི་སངས་རྒྱས་ཀུན་སྨད་པས། །རྟག་ཏུ་སྡུག་བསྔལ་ཐོབ་འགྱུར་ཏེ། །རིམས་དང་དུག་དང་སྦྱར་དུག་དང་། །མཁའ་འགྲོ་རྣམས་ཀྱིས་གཙེས་པ་དང་། །གདོན་དང་ལོག་འདྲེན་གཏུམ་པོ་ཡིས། །བསད་ནས་སེམས་ཅན་དམྱལ་བར་ལྟུང་། །དེ་བས་འབད་པ་ཐམས་ཅད་ཀྱིས། །རྡོ་རྗེ་སློབ་དཔོན་བློ་གྲོས་ཆེ། །དགེ་བ་རབ་ཏུ་མི་སྤྱོམས་པ། །ནམ་ཡང་སྨད་པར་མི་བྱའོ། །བླ་མ་ལ་ནི་གུས་བཅས་ཡོན། །རྗེས་མཐུན་ཁྱོད་ཀྱིས་སྦྱིན་པར་བྱ། །དེས་ནི་རིམས་སོགས་གནོད་པ་རྣམས། །ཕྱིར་ཞིང་འབྱུང་བར་མི་འགྱུར་རོ། །རང་གི་དམ་ཚིག་སློབ་དཔོན་ནི། །སྦྱིན་མིན་བུ་དང་ཆུང་མ་དང་། །རང་སྲོག་གིས་རྟག་བསྟེན་བྱ་ན། །ལོངས་སྤྱོད་གཡོ་བས་སྨོས་ཅི་དགོས། །གང་གིས་བསྐལ་པ་བྱེ་བར་ནི། །གྲངས་མེད་པར་ནི་རྙེད་དཀའ་བའི། །སངས་རྒྱས་ཉིད་ཀྱང་བརྩོན་ལྡན་ལ། །ཚེ་འདི་ཉིད་ལ་སྟེར་བར་བྱེད། །རྟག་ཏུ་རང་གི་དམ་ཚིག་བསྲུང་། །རྟག་ཏུ་དེ་བཞིན་གཤེགས་པ་མཆོད། །རྟག་ཏུ་བླ་མ་ལ་ཡང་དབུལ། །འདི་ནི་སངས་རྒྱས་ཀུན་དང་འདྲ། །དེ་བྱིན་སངས་རྒྱས་ཐམས་ཅད་ལ། །རྟག་ཏུ་སྦྱིན་པ་ཉིད་དུ་འགྱུར། །དེ་བྱིན་བསོད་ནམས་ཚོགས་ཡིན་ཏེ། །ཚོགས་ལས་དངོས་གྲུབ་མཆོག་ཏུ་འགྱུར། །དེ་ཕྱིར་འདི་ནི་ལེགས་གནས་པས། །དེང་ཁྱོད་སྐྱེ་བ་འབྲས་བུར་བཅས། །རང་བྱུང་དམ་ཚིག་ལྷ་དང་མཉམ། །དེང་ཁྱོད་འགྱུར་བར་ཐེ་ཙོམ་མེད། །སངས་རྒྱས་རྡོ་རྗེ་འཛིན་བཅས་པས། །ཀུན་གྱི་དེང་ཁྱོད་དབང་བསྐུར་བས། །


DNG012_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་གསུམ་གྱི་ནི་རྒྱལ་པོ་ཆེ། །རྒྱལ་པོའི་བདག་པོར་བསྟན་པ་ཡིན། །དེ་ནི་བདུད་ལས་རྣམ་རྒྱལ་ཏེ། །གྲོང་ཁྱེར་མཆོག་ཏུ་རབ་ཏུ་ཞུགས། །ཁྱེད་རྣམས་ཀྱིས་ནི་སངས་རྒྱས་ཉིད། །དེང་འདིར་ཐོབ་པར་ཐེ་ཚོམ་མེད། །ཅེས་བྱ་བ་དེ་བཞིན་གཤེགས་པ་ཐམས་ཅད་དང་རྡོ་རྗེ་འཆང་དང་།བྱང་ཆུབ་སེམས་དཔའ་ཆེན་པོའི་འཁོར་གྱི་དཀྱིལ་འཁོར་དང་བཅས་པའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་མཆོག་ཏུ་བདེན་པས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཔལ་རང་གི་དམ་ཚིག་གི་སློབ་དཔོན་དང་། སློབ་མའི་ཚོགས་རྣམས་ཀྱིས་དབུགས་དབྱུང་བ་ནི་འདི་ཡིན་ཏེ། ཕྱིར་མི་ལྡོག་པའི་ཕྱག་རྒྱ་ཡིས། །བྱང་ཆུབ་སེམས་དང་ལྷན་ཅིག་བསྐྱེད། །སངས་རྒྱས་ཉིད་ཀྱང་རྟོགས་བྱ་སྟེ། །ཞེས་བྱའོ། །དེའི་རྒྱུ་གང་ཡིན་ཞེ་ན། གང་ཕྱིར་ཁྱེད་རྣམས་ཀྱི་བདག་ཉིད་ཐམས་ཅད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སེམས་ཆེན་པོ་བསྐྱེད་པ་ཙམ་གྱི་མཐུ་ཉིད་ཀྱིས་ཕྱིར་མི་ལྡོག་པར་འགྱུར་བ་ཡིན་ནོ། །ཕྱིར་མི་ལྡོག་པ་ཉིད་ཀྱི་ཕྱིར་ངེས་པའི་ཕུང་པོ་ལ་རྣམ་པར་གནས་པས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པ་ཉིད། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་རྗེས་སུ་རྟོགས་པར་བྱའོ། །ཞེས་བྱའོ། །དེ་ནས་ཐམས་ཅད་ཀྱི་དཔལ་དམ་ཚིག་གི་སློབ་དཔོན་གྱི་མཆོག་ཏུ་གསང་བའི་དབུགས་དབྱུང་བ་འདི་ཡིན་ཏེ། རྡོ་རྗེ་སེམས་དཔའི་བདག་སྦྱོར་བ། །རྣལ་འབྱོར་ཀུན་དང་རྗེས་སྦྱོར་ལྡན། །སངས་རྒྱས་ཉིད་དུ་རྟོགས་བྱ་སྟེ། །མཁས་པས་མཆོག་ཏུ་བརྟག་པའོ། །ཞེས་བྱའོ། །དེའི་རྒྱུ་གང་ཡིན་ཞེ་ན། གང་གི་ཕྱིར་ཁྱེད་རྣམས་ཀྱི་བདག་ཉིད་ཐམས་ཅད་འདི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་གི་དམ་ཚིག་ཡོངས་སུ་གཟུང་བ་གདོན་མི་ཟ་བ་ཉིད་ཀྱི་ཕྱིར། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་པ་ཉིད་དུ་རྟོགས་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཔལ་རང་གི་དམ་ཚིག་གི་རྗེས་སུ་སྒྲུབ་པས་མཆོག་གི་དངོས་གྲུབ་རྣམས་དེ་བཞིན་གཤེགས་པ་ཐམས་ཅད་ཉིད་དུ་དེ་དག་རྟོགས་པར་བྱའོ། །དེའི་ཕྱིར་གནས་སྐབས་


DNG012_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དུ་ཡང་ཅི་ནུས་པས་སྡུག་བསྔལ་དང་ཡིད་མི་བདེ་བ་ཐམས་ཅད་ཀྱི་སྐབས་མི་འབྱེད་པ་ཁྱེད་རྣམས་ཀྱིས་རང་གི་བདག་ཉིད་ཐམས་ཅད་ཁོ་ན་རྗེས་སུ་བསྲུང་ཞིང་གསད་པར་མི་བྱའོ། །ཅི་སྙེད་པའི་ལོངས་སྤྱོད་དང་ཉེ་བར་སྤྱོད་པ་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བ་བླ་ན་མེད་པའི་ཐེག་པ་ཆེན་པོའི་དམ་ཚིག་གི་སྦྱོར་བས་ཡང་དག་པར་མཆོད་ལ་བདེ་བར་གཟུང་བ་དང་ཡང་དག་པར་འཕེལ་བར་བྱའོ། །བདག་ཉིད་ལ་ཅི་ལྟ་བ་བཞིན་དུ་མངོན་པར་བརྩོན་པ་དེ་བཞིན་དུ་གཞན་རྣམས་ལ་ན་ཚོད་བསྐྱེད་པ་ཡིན་ནོ། །ལྟ་བ་ལོག་པ་དང་ཕྱི་རོལ་མུ་སྟེགས་པ་དང་། ཉན་ཐོས་པ་ཐམས་ཅད་དང་རང་སངས་རྒྱས་ཀྱི་སར་ལྟུང་བས་ལུས་འདི་ཤིན་ཏུ་གསང་བ་ཡིན་ནོ། །ངག་ནི་ཤིན་ཏུ་མི་སྨྲ་བས་སོ། །སེམས་ནི་ཤིན་ཏུ་འགོག་པས་སོ། །གང་གིས་ཀྱང་ཁྱེད་ཀྱི་ལུས་ངག་ཡིད་ཀྱི་རྡོ་རྗེ་རྣམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དཔལ་རང་གི་དམ་ཚིག་གི་བླ་ན་མེད་པའི་དངོས་གྲུབ་མཆོག་ཏུ་རྟག་པར་འབྱུང་བར་འགྱུར་ཞེས་བྱ་བ་ཡང་གསུངས་སོ། །འདོད་པའི་ལོངས་སྤྱོད་ཐམས་ཅད་ཀྱིས། །ཅིས་ཀྱང་མི་འཇིགས་རོལ་པར་གྱིས། །དམ་ཚིག་འདི་ནི་འདའ་དཀའ་སྟེ། །སྡིག་པ་མེད་ཀྱིས་མ་འཇིགས་ཤིག །ཅེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་མཆོག་ཏུ་བདེན་པས་གསུངས་ཏེ། བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་དང་བཅས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལ་དགོངས་པ་ཡིན་ནོ། །དེ་ལྟར་ཡིད་ནི་རབ་དང་རྡོ་རྗེ་ཉིད་དུ་གྱིས། །རང་གི་དམ་ཚིག་མི་ཟད་བདེ་སྟེར་བསྟན་པར་གྱིས། །དེ་ནི་འགྲོ་བ་མྱུར་བདེ་རྡོ་རྗེ་སེམས་དཔའ་དང་། །རབ་ཏུ་མཉམ་ཞིང་རྟག་པ་ཉིད་དུ་རྟོགས་པར་གྱིས། །དེ་ནས་རོ་དང་བཟའ་དང་སྤྱོད་པ་གར་དང་གླུ། །རོལ་མོའི་མཆོད་སོགས་ཀྱིས་ནི་མགོན་མཆོད་པ། །རྡོ་རྗེ་བླ་མ་ཆེན་པོས་དེ་ཕུལ་ནས། །རང་དང་གཞན་དག་ཅི་འདོད་མཆོད་པར་བྱ། །མྱོས་བྱེད་མྱོས་བྲལ་བཏུང་བ་ནི། །ཅི་འདོད་པར་ནི་བསྟེན་པ་ཡིས། །གླུ་དང་རོལ་མོའི་ཆོ་ག་སོགས། །ཅི་བཞིན་རྗེས་འགྲོའི་བཟླས་པ་བྱ། །རང་གསང་ཆོ་གས་བླངས་པ་ཡི། །གླུ་དང་རོལ་མོ་གར་རྣམས་ཀྱིས། །སྣ་ཚོགས་ཕྱག་རྒྱའི་མཆོད་པ་དང་། །རྡོ་རྗེ་སེམས་དཔའི་རོལ་མོ་སོགས། །


DNG012_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

བུད་མེད་སོགས་དང་ལྡན་པའམ། །རང་གི་སློབ་མ་དང་བཅས་པས། །ཅི་འདོད་པ་ཡི་ལོངས་སྤྱོད་ཀྱིས། །མཆོད་པ་བྱས་པས་མྱུར་དུ་འགྲུབ། །ཞེས་བྱ་བ་མཆོག་ཏུ་གསང་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །དེ་ལ་གསང་བའི་ཆོ་གའི་གླུའི་ཁྱད་པར་ནི་འདི་ཡིན་ཏེ། ཧཱུཾ་བཅོམ་ལྡན་འདས་མཆོག་དང་པོའི་རྡོ་རྗེ་སེམས་དཔའི་འོ། །ཨ་དེ་བཞིན་གཤེགས་པ་རྣམས་ཀྱིའོ། །ཧི་དཔལ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའིའོ། །ཨོཾ་པདྨའི་སྙིང་པོའིའོ། །ཧ་ནམ་མཁའི་སྙིང་པོ་སྟེ། བྱང་ཆུབ་སེམས་དཔའ་ཆེན་པོའི་རྒྱལ་པོ་ནམ་མཁའི་སྙིང་པོ་ཡིན་ནོ། །ཞེས་བྱ་བ་གསུངས་སོ། །རང་གསང་སྙིང་པོའི་གླུ་དག་ནི། །ཡི་གེ་ལྔ་པོས་བྱ་བ་སྟེ། །རང་གསང་ཆོ་གས་བླངས་པ་འདི། །མཆོག་ཏུ་གཤེགས་པ་ཀུན་གྱི་ཡིན། །དེ་ནས་མཆོག་ཏུ་གསང་བ་རྡོ་རྗེ་གླུའི་མཆོད་པ་ནི། རྡོ་རྗེ་དྲིལ་བུ་མཉམ་སོགས་བཅས། །རྣམ་པར་དབེན་པར་རོལ་མོ་དཀྲོལ། །རང་གསང་ཆོ་གས་གླུ་བླངས་པ། །གསང་བའི་རོལ་མོས་རབ་ཏུ་བསྒྲུབ། །དེ་ནས་མཆོག་ཏུ་ཤིན་ཏུ་གསང་བའི་རྡོ་རྗེ་གར་གྱི་མཆོད་པ་ནི། འཛིན་པ་དང་བཅས་གཟུར་བ་ཆེའི། །གར་ནི་རབ་ཏུ་བྱས་ནས་ཀྱང་། །དཀྱིལ་འཁོར་འདྲ་བའི་གར་བྱས་ནས། །ཡོངས་སུ་བསྐོར་བས་རང་མཆོད་བྱ། །དེ་ནས་མཆོག་ཏུ་གསང་བའི་ཕྱག་རྒྱ་སྣ་ཚོགས་པའི་མཆོད་པ་ནི། རྡོ་རྗེ་སེམས་དཔའ་ལ་སོགས་ལྷའི། །རྟོག་པ་ཐམས་ཅད་རྣམ་འཕྲུལ་པ། །གཏམ་རྒྱུད་ཕྱག་མཚན་ཕྱག་རྒྱ་ཡིས། །གང་ཞིག་གར་དེ་རོལ་མོ་ཡིན། །གསེར་རམ་ཡང་ན་དངུལ་དང་ནི། །དེ་བཞིན་ཤིང་ལས་བྱས་པ་ཡི། །རང་གི་ལྷ་ཡི་གདོང་རྣམས་ཀྱིས། །གྲུབ་པའི་ཕྱག་རྒྱས་གར་རྣམས་བྱ། །དཀྱིལ་འཁོར་གང་དང་གང་བསྟན་པ། །ཕྱག་རྒྱ་སྣ་ཚོགས་མཆོད་པ་ཡིས། །སློབ་མའི་ཚོགས་ནི་དེ་དང་དེ། །བཟླ་ཞིང་ཐམས་ཅད་མཆོག་ཏུ་གཞུག །སྣ་ཚོགས་ཆོ་ག་འདི་ཡིས་ནི། །སྡིག་པ་ཀུན་ལས་རྣམ་གྲོལ་འགྱུར། །བསོད་ནམས་ཀུན་ཀྱང་འཕེལ་འགྱུར་ཏེ། །རྟག་ཏུ་སྲུང་བར་གྱུར་པ་ཡིན། །རིམས་དང་གདོན་དང་དུག་དང་ནད། །སྦྱར་དུག་མཁའ་འགྲོའི་འཚེ་བ་དང་། །བདུད་དང་གསོད་པར་བྱེད་པ་རྣམས། །


DNG012_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

འདིས་ནི་རབ་ཏུ་ཞི་བར་འགྱུར། །དངོས་གྲུབ་དག་ནི་ཕུན་ཚོགས་འགྱུར། །དགའ་བ་དེ་བཞིན་བདག་པོ་རྣམས། །སངས་རྒྱས་ཀུན་གྱི་བདག་ཉིད་ཀྱི། །རྣལ་འབྱོར་དམ་པ་ཐོབ་པར་འགྱུར། །ཞེས་བྱ་བ་ཤིན་ཏུ་གསང་བའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །དེ་ནས་ཕྱག་རྒྱ་སྣ་ཚོགས་པར་མཆོད་པའི་ཆོ་ག་རྒྱས་པ་ལྷག་པའི་ལྷ་ཐམས་ཅད་རེ་རེའི་མཆོག་གསང་བ་འཇུག་པའི་རྡོ་རྗེ་གླུའི་མཆོད་པའི་ཆོ་ག་རྒྱས་པ་མངོན་པར་བརྗོད་ནས། རྡོ་རྗེ་སློབ་དཔོན་གྱིས་བྱས་པའམ་དེ་ལས་གཞན་ཅི་འདོད་པའི་གླུ་དང་རོལ་མོ་རྣམས་ཀྱིས་རྟོག་པ་ཐམས་ཅད་ཀྱི་སྣ་ཚོགས་པའི་དམ་ཚིག་ཆེན་པོའི་མཆོག་ཏུ་གྲུབ་པ་ཞེས་བྱ་བ་སྟེ། དེ་རེ་ཞིག་ཐོག་མ་ཁོ་ནར་བཅོམ་ལྡན་འདས་དཔལ་མཆོག་དང་པོའི་རྡོ་རྗེ་སེམས་དཔའ་མཆོག་ཏུ་གསང་བའི་དམ་ཚིག་གི་འཇུག་པའི་གླུའི་མཆོད་པ་ནི། ཐམས་ཅད་རྗེས་སུ་ཆགས་པ་བདེ་བ་དམ་པའི་ཐུགས། །རྡོ་རྗེ་སེམས་དཔའ་ཁྱོད་ནི་རབ་དགའ་དམ་ཚིག་སྟེ། །བདེ་བ་ཆེན་པོ་བརྟན་ཞིང་མཐོ་བ་གསལ་གྱུར་ཅིག །སོ་སོར་རྟོགས་ནས་མངོན་དུ་ཕྱོགས་ཤིང་མྱུར་སྒྲུབས་ཤིག །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་མཆོག་ཏུ་གསང་བའི་དམ་ཚིག་གི་འཇུག་པའི་རྡོ་རྗེ་གླུའི་མཆོད་པ་ནི། རྡོ་རྗེ་སེམས་དཔའ་བསྡུས་པས་ན། །རྡོ་རྗེ་རིན་ཆེན་བླ་ན་མེད། །རྡོ་རྗེ་ཆོས་ནི་གླུ་བླངས་པས། །རྡོ་རྗེ་ལས་ནི་བྱེད་པར་འགྱུར། །དེ་ནས་རྡོ་རྗེ་རིགས་ཐམས་ཅད་ཀྱི་མཆོག་ཏུ་གསང་བའི་དམ་ཚིག་གི་འཇུག་པའི་རྡོ་རྗེ་གླུའི་མཆོད་པ་ནི། ཧཱུཾ་རྡོ་རྗེ་མདའ་གཞུ་དང་བཅས་ཁྱེད་ལ་འདུད། །རྡོ་རྗེ་ཆགས་པའི་དམ་ཚིག་དཔལ་ཁྱོད་འདུད། །ཁ་ཊྭཱྃ་འཇིག་དུས་རྡོ་རྗེ་ཁྱོད་ལ་འདུད། །རྡོ་རྗེ་དྲིལ་བུ་བསྐྱོད་པའི་དཔལ་ཁྱོད་འདུད། །དེ་ནས་པདྨའི་རིགས་ཐམས་ཅད་ཀྱི་མཆོག་ཏུ་གསང་བའི་དམ་ཚིག་གི་འཇུག་པའི་རྡོ་རྗེ་གླུའི་མཆོད་པ་ནི། ལ་ལར་སྐྱེ་བོ་མ་རུངས་པ་ཡི་སྲོག་འཕྲོག་བྱེད་པ་ཤིན་ཏུ་དག་པོའི་སྐུ། །ལ་ལར་འགྲོ་བ་མཐའ་ཡས་འདུལ་ཕྱིར་ཤིན་ཏུ་རྣོ་བའི་འཁོར་ལོ་འཛིན་པའི་སྐུ། །ལ་ལར་པདྨའི་གདན་གྱི་ཤིན་ཏུ་ཞི་བའི་སྐུ་སྟེ་འགྱུར་བ་མེད་པ་སྟེ། །ལ་ལར་ཤིན་ཏུ་འབར་བའི་འདོད་པའི་དམ་ཚིག་པདྨའི་རྒྱལ་པོ་བདག་སྒྲུབས་ཤིག །དེ་ནས་ནོར་བུའི་རིགས་ཐམས་ཅད་ཀྱི་མཆོག་ཏུ་


DNG012_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བའི་དམ་ཚིག་གི་འཇུག་པའི་རྡོ་རྗེའི་གླུའི་མཆོད་པ་ནི། དབང་བསྐུར་ཐམས་ཅད་དབང་ཕྱུག་དམ་པ་ལས། །ཡང་དག་བསྒྲུབས་ཤིང་མི་ཟད་གཏེར་གྱི་མཆོག །ཀུན་མཆོག་རྒྱལ་མཚན་རྣམ་རྒྱལ་བསྒྲེང་བ་ལས། །རྡོ་རྗེ་རིན་ཆེན་དཔལ་བདག་ལེགས་མཆོད་གྱུར། །དེ་ནས་མིང་པོ་གསུམ་གྱི་ནི་བྷཱུར་བྷུ་བ་སྭཿ། དེ་ནས་སྲིང་མོ་བཞི་རྣམས་ཀྱི། ཧྲཱྀ་ཧཱུྃ་ཤྲཱི་བྷྱོ། དེ་ནས་ཀླུའི་རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་ནི། ཕུ་ཕུ། དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཕྱག་ན་རྡོ་རྗེའི་སྡིག་པ་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་རྡོ་རྗེ་གླུའི་མཆོད་པ་ནི། སརྦ་མཾ་ག་མཎྜ་ལ་མྃ་དྃ་བཛྲ་དྷ་རཱ་ཀྲ་མ་བི་མ་ར་ད་བི་ཀི་ར་བྷཉྫ་ཨུད་སཱ་ད་ཡ། ནཱ་ཤ་ཡ། ཧ་ན་ད་ཧ། པ་ཙ་བྷ་སྨིཾ་ཀུ་རུ་ཀྲོ་དྷ་ཧཱུྃ་ཀཱ་ར་མནྟྲི་ཎ། དེ་ནས་ཐམས་ཅད་ཀྱི་མཆོག་དབང་ཕྱུག་དམ་པའི་དཀྱིལ་འཁོར་ཆེན་པོའི་མཆོག་ཏུ་གསང་བའི་དམ་ཚིག་གི་རྡོ་རྗེ་གླུའི་མཆོད་པ་ནི། ལ་ལར་དྲི་མེད་ཟླ་བའི་དཀྱིལ་འཁོར་སྟོང་གི་འོད་ཀྱིས་སྐུ་ནི་རྣམ་པར་མཛེས། །ལ་ལར་འཇིག་དུས་ཉི་མ་འཆར་ཀ་བྱེ་བའི་འོད་ཟེར་ཚོགས་ནི་འཇིགས་ཆེར་འབར། །ལ་ལར་མདངས་དང་འོད་ཟེར་དང་ལྡན་བདེ་ཞིང་ཞི་བའི་རྒྱལ་བའི་སྐུ་འཛིན་པ། །ལ་ལར་ཤིན་ཏུ་མཛེས་པའི་གཟུགས་འཆང་མཆོག་གི་མདའ་དང་བཅས་པའི་གཞུ་འཛིན་པ། །ལ་ལར་གདུལ་བྱ་རྣམ་པར་སྦྱང་ཕྱིར་བརྩོན་པའི་རྡོ་རྗེ་སེམས་ཁྱོད་མཁའ་བཞིན་བཞུགས། །མ་ལུས་འདུལ་བ་མཁས་པའི་བདེ་བ་དམ་པ་ཉིད་ཕྱིར་བདག་ལ་གྲུབ་གྱུར་ཅིག །དེ་ནས་མཆོག་ཏུ་གསང་བའི་མཆོག་དམ་པའི་གསང་བའི་མཆོག་དཔལ་དམ་ཚིག་གསུམ་གྱི་འཇུག་པའི་རྡོ་རྗེ་གླུའི་མཆོད་པ་མཆོག་ཏུ་གྲུབ་པ་ནི་འདི་ཡིན་ཏེ། དངོས་གྲུབ་ཀུན་གྱི་བདེ་བ་ཉམས་དགའ་བའི། །ཐར་པའི་གྲོང་ཁྱེར་བཅོམ་ལྡན་བདེ་ཆེན་འཇུག །མཆོག་ཏུ་བདེ་བ་དམ་པའི་དངོས་གྲུབ་ཀྱིས། །ཛཿཧཱུྃ་བྃ་ཧོཿརབ་ཏུ་གྲུབ་པར་མཛོད། །དེ་ནས་ཤིན་ཏུ་མཆོག་ཏུ་གསང་བའི་ཆོ་ག་མཆོག་ཏུ་གསང་བ་བླ་ན་མེད་པའི་དམ་པ་དཔལ་དམ་ཚིག་བླ་ན་མེད་པའི་མཆོག་ཏུ་ཤིན་ཏུ་གསང་བའི་རྡོ་རྗེ་གླུའི་མཆོད་པ་མཆོག་ཏུ་ཤིན་ཏུ་གྲུབ་པ་ཞེས་བྱ་བ་མངོན་པར་བརྗོད་ནས། ཤིན་ཏུ་མཆོག་གི་དེ་ཁོ་ན་ཉིད་ཀྱི་རྡོ་རྗེ་གླུའི་མཆོད་པའི་གླུ་དང་གར་གྱི་ཚོགས་ཅི་ལྟ་བ་བཞིན་དུ་རྗེས་སུ་བསྒྲུབས་ནས། སོ་སོར་རྗེས་སུ་བསྒྲུབ་


DNG012_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱའོ་ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་ཤིན་ཏུ་གསང་བ་བླ་ན་མེད་པའི་རྟོག་པ་ཐམས་ཅད་ཀྱི་སྣ་ཚོགས་པའི་དམ་ཚིག་ཆེན་པོའི་མཆོད་པ་མཆོག་ཏུ་ཤིན་ཏུ་གྲུབ་པ་ཡིན་ནོ་ཞེས་བྱ་བ་ཡང་གསུངས་སོ། །སྣ་ཚོགས་ཆོ་ག་འདི་ཡིས་ནི། །རྡོ་རྗེ་སེམས་དཔའ་བསྡུས་པ་ཡིན། །ཀུན་མཆོག་སྣ་ཚོགས་ཆེན་པོ་ཡི། །རྣལ་འབྱོར་དབང་ཕྱུག་རབ་ཏུ་གྲུབ། །ཞེས་བྱ་བ་ཤིན་ཏུ་གསང་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །དེ་ལྟར་དཔལ་མཆོག་དང་པོའི་རྟོག་པའི་ཆོ་ག་རྒྱས་པ་གཏམ་རྒྱུད་སྣ་ཚོགས་ཅན། །མཆོག་ཏུ་གསར་བའི་རོལ་མོ་བླ་ན་མེད་པའི་དངོས་གྲུབ་ཉམས་དང་ལྡན་པ་སྟེ། །གང་གིས་སྣ་ཚོགས་པ་ཡི་རྒྱལ་མཚན་མཐོན་པོ་དང་ལྡན་ཀུན་ཏུ་རྗེས་བསྟེན་པ། །མཆོག་གི་དངོས་གྲུབ་བདེ་བ་ཆེན་པོ་ཉིད་ནི་དེ་ཡིས་ཡང་དག་ཉམས་སུ་མྱོང་། །དོན་ཡོད་མཆོག་ཏུ་བསོད་ནམས་ལྡན། །ཆོ་ག་མཆོག་ཏུ་རྟག་པ་སྟེ། །ཀུན་མཆོག་གསང་བ་ཆེན་པོ་ནི། །དངོས་གྲུབ་ཐམས་ཅད་མྱུར་སྒྲུབ་བྱེད། །གང་ཞིག་གྲོང་ཁྱེར་མཆོག་དགྱེས་པར། །ཞུགས་ཏེ་སྒྲུབ་པར་བྱེད་རྣམས་ནི། །ཤིན་ཏུ་མཆོག་གི་འདོད་པ་ཡི། །དངོས་གྲུབ་དབང་ཕྱུག་བདེ་དེས་ཐོབ། །གང་གིས་དངོས་གྲུབ་མཐོ་བ་དང་། །བསོད་ནམས་ཕུན་ཚོགས་མེད་པ་རྣམས། །དཀྱིལ་འཁོར་མཆོག་ཏུ་རབ་ཞུགས་ན། །སྒྲུབ་པོ་འདིར་ནི་རབ་གྲུབ་འགྱུར། །གལ་ཏེ་རྡོ་རྗེ་སེམས་དཔའ་མཆོག །སྙིང་པོ་སོགས་ཀྱིས་མ་གྲུབ་དང་། །ཉེ་བའི་སྙིང་པོས་བསྒྲུབ་བྱས་ཀྱང་། །མ་གྲུབ་འདིར་ཞུགས་འགྲུབ་པར་འགྱུར། །དཔལ་མཆོག་དང་པོའི་རྩ་རྒྱུད་དུ། །དེ་བཞིན་མྱུར་དུ་གྲུབ་པ་ཡིན། །ཇི་ལྟར་དང་པོའི་ཁྱིམ་བཞུགས་ནས། །རྡོ་རྗེའི་དཀྱིལ་འཁོར་གྲུབ་པ་ལྟར། །དཀྱིལ་འཁོར་ཐམས་ཅད་གྲུབ་པ་ཡིས། །དེ་ལྟར་ཐམས་ཅད་གྲུབ་པ་མིན། །ཇི་ལྟར་མཆོག་ཏུ་གསང་བ་ཡི། །ཁང་བཟངས་དམ་པ་མཐོང་བ་ཡིས། །དམ་ཚིག་རྣམས་ལ་ཉམས་པ་དང་། །སྒྲིབ་པ་ཀུན་གྱིས་བསྒྲིབས་པ་དང་། །བདུད་སོགས་གདོན་གྱིས་རེག་པ་ཡང་། །རྟག་པའི་ཐར་པ་ཐོབ་པར་འགྱུར། །དཀྱིལ་འཁོར་དུ་ནི་མ་ཞུགས་པའམ། །ཡང་ན་དཀྱིལ་འཁོར་མ་གྲུབ་པ། །སླར་ཡང་མཆོག་ཏུ་རབ་ཞུགས་ན། །དེ་དག་མྱུར་


DNG012_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གྲུབ་པར་འགྱུར། །གྲུབ་མིན་ཡང་འདིར་ཅུང་ཟད་མེད། །དངོས་གྲུབ་ལས་དང་བདེ་དེ་བཞིན། །དངོས་གྲུབ་ཐམས་ཅད་བཞི་འགྱུར་དུ། །རྟོག་པ་ཀུན་ལས་བསྒྲུབ་པར་བྱ། །ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །དཔལ་མཆོག་དང་པོ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཔལ་དམ་ཚིག་ཆེན་པོའི་དཀྱིལ་འཁོར་གྱི་ཆོ་ག་ཤིན་ཏུ་གསང་བ་རྫོགས་སོ།། །།དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཇིག་རྟེན་གསུམ་གྱི་དམ་ཚིག་མཆོག་གི་གསང་བའི་ཆོ་གའི་མཆོག་ནི་འདི་ཡིན་ཏེ། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དམ་ཚིག་ཆེན་པོ་གསུམ་འདི་ཡིན། །བྱང་ཆུབ་སེམས་དཔའ་མཆོག་འཛིན་པའི། །རས་ལ་དཀོན་མཆོག་གསུམ་བྲི་བྱ། །གོ་ཆ་དང་བཅས་རྡོ་རྗེ་མཆོག །གོ་ཆ་སོགས་ཀྱིས་ལེགས་པར་བརྒྱན། །རྡོ་རྗེ་མཚོན་ཆ་བརྗོད་པ་དང་། །པདྨ་རིན་ཆེན་འཆང་བའོ། །འཁོར་ལོ་དེ་ནི་བརྟགས་ནས་སུ། །གསང་བའི་དཀྱིལ་འཁོར་དམ་པའོ། །ཅི་རིགས་པར་ནི་བསྒྲུབ་བྱས་ན། །སུམ་འགྱུར་དུ་ནི་འགྲུབ་པར་འགྱུར། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ཆེན་པོ་ཞེས་བྱ་བའི་སྙིང་པོ་མཆོག་གི་དངོས་གྲུབ་མ་ལུས་པ་སྟེར་བ་འདི་ཡིན་ཏེ། ཨོཾ་བྷཱུ་ཁྃ།ཁྱིམ་མམ་ཡང་ན་ནགས་ཚལ་ལམ། །སྔ་མ་བཞིན་དུ་བརྒྱན་ནས་ནི། །མཚོན་ཆ་མཆོག་གི་ཆོ་ག་ཡིས། །ཐམས་ཅད་བྱས་ནས་འདི་བརྗོད་བྱ། །དེ་ཉིད་ཀྱིས་ནི་བཅོམ་ལྡན་འདས། །བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས། །ལྟ་ངན་རྣམས་ལ་ཕན་པའི་ཕྱིར། །འདི་དག་མྱ་ངན་འདས་པ་སྟོན། །མ་ལུས་འདུལ་བ་ལ་བརྩོན་པས། །བརྟན་ཞིང་ངེས་པའི་གོ་ཆ་བགོས། །ཤིན་ཏུ་སྲིད་པ་ལ་གནས་མཆོག །གོ་ཆ་ལ་སོགས་བགོས་པ་ཡིན། །སངས་རྒྱས་ཆོས་དང་དགེ་འདུན་ཞེས། །དཀོན་མཆོག་གསུམ་དུ་གྱུར་པ་ཡིན། །སྲིད་པ་ཤིན་ཏུ་གྲུབ་པ་ཡི། །རྣམ་པར་དག་པའི་དཔལ་མཛད་མཆོག །ཅེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བའི་རྡོ་རྗེའོ། །དེ་ནས་མཆོག་ཏུ་གསང་བའི་ཆོས་ཉིད་ཀྱི་དྲིལ་བུ་ནི། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་དང་


DNG012_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་སྦྱོར་བ་ཡིས། །ཀུན་མཆོག་མཉམ་པ་ཉིད་དུ་གསལ། །ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ནས་དམ་ཚིག་ཆེན་པོ་གསུམ་གྱི་སྡོམ་པ་ཞེས་བྱ་བ་ནི། ལོངས་སྤྱོད་ཀུན་ལ་ལོངས་སྤྱོད་པ། །རང་ལྷ་བདག་ཉིད་ཀྱིས་བསྟེན་ན། །དཀོན་མཆོག་གསུམ་ལ་མཆོད་པའི་མཆོག །བདག་གིས་བྱ་ཞེས་བརྗོད་ཅིང་མཆོད། །ཅེས་བྱ་བ་ནི་དེ་བཞིན་གཤེགས་པའི་རྣལ་འབྱོར་བསྒྲུབ་པའོ། །ཐབས་ཀྱི་ཆོ་ག་འདི་ཡིས་ནི། །འདོད་པའི་ཡོན་ཏན་ལྔ་རྣམས་ཀྱང་། །བཟའ་མིན་པ་ཡང་བཟའ་བྱས་ན། །རྟག་པའི་དངོས་གྲུབ་འཐོབ་པར་འགྱུར། །ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བའི་དམ་ཚིག་ཆེན་པོ་གསུམ་མོ། །དེ་ལྟར་བརྗོད་ནས་སྙིང་པོ་བྱིན་ལ་ཕྱག་རྒྱ་བཅིང་བ་སློབ་ཏུ་བཅུག་ནས་ཅི་ལྟར་མངོན་པར་འདོད་པ་བསྒྲུབ་པར་བྱའོ། །དེ་ནས་རྡོར་འཛིན་སློབ་དཔོན་གྱིས། །རྡོ་རྗེ་མཆོད་པས་མཆོད་ནས་ནི། །ཅི་འདོད་པ་ཡི་མཆོད་པ་ཡིས། །སློབ་མ་ཐམས་ཅད་མཆོག་ཏུ་གཞུག །ལོངས་སྤྱོད་ཀུན་ལ་ལོངས་སྤྱོད་ཀྱང་། །དཀོན་མཆོག་གསུམ་པོ་ལ་ཕུལ་བ། །འདོད་པས་བདག་དང་གཞན་རྣམས་ལ། །མཆོད་པ་ཉིད་དུ་འགྲུབ་པར་འགྱུར། །དཔལ་མཆོག་དང་པོ་ལས་མཆོག་ཏུ་གསང་བའི་ཆོ་གའོ།། །།དེ་ནས་རྡོ་རྗེ་ཆེན་པོ་ཁྲོ་བོའི་རྒྱལ་པོའི་མཆོག་ཏུ་གསང་བའི་ཆོ་ག་ནི། རས་ལ་བཅོམ་ལྡན་བྲི་བྱ་སྟེ། །རྡོ་རྗེའི་རིགས་ཀུན་བདག་པོ་ནི། །རྡོ་རྗེ་ཉི་མ་མེ་ལྟར་འབར། །ཆོ་ག་ཇི་བཞིན་མཆོག་ཏུའོ། །དེ་ཡི་པད་འདབ་གཅིག་བཞུགས་པ། །དེ་ཡི་འོད་ཀྱིས་འཁོར་ལོར་སྟེན། །གསང་བའི་རྡོ་རྗེ་རྣལ་འབྱོར་ཆེའི། །མཁའ་འགྲོ་མ་རྣམས་ལོགས་ལ་བྲི། །དང་པོར་དམར་དང་དཀར་བ་དང་། །གཞན་ནི་ཐལ་བ་ལྟར་དཀར་བ། །གསུམ་པོ་དཀར་དང་ལྟ་བ་སྟེ། །བཞི་པ་གསེར་ལྟར་དྲི་མེད་པའོ། །རྡོ་རྗེ་གཏུམ་པོའི་དབང་ཕྱུག་གྲུབ། །རྡོ་རྗེ་ཁ་ཊྭཱྃ་བསྒྲེང་དང་བཅས། །རྡོ་རྗེ་འདོད་པ་མེ་ལྟར་འབར། །དེ་ཡི་ལོགས་ལ་མཚན་མ་གཏོད། །རྡོ་རྗེ་ཁྱབ་འཇུག་མ་རྡོ་རྗེའི། །འཁོར་ལོ་གཏོད་པ་དེ་བཞིན་གཞན། །རྡོ་རྗེ་དྲིལ་བུ་བ་དན་ནམ། །དེ་ཡི་ལོགས་ན་གཡོན་བསྙེམས་མ། །ཅུང་ཟད་མཆེ་བ་གཙིགས་པ་ཡིས། །ཁྲོ་


DNG012_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པས་ཞལ་བཞད་པ། །རང་བདག་ལ་ནི་ཐུགས་གཏད་ཅིང་། །སྐུ་ནི་ཟུར་གྱི་ཕྱོགས་པ་བཞུགས། །དེ་ནས་འདི་ཡི་སྙིང་པོ་ནི། །ཧཱུྃ། དེ་ནས་ཉེ་བའི་སྙིང་པོ་ནི། །རྡོ་རྗེ་དྲིལ་སོགས་ལྷན་ཅིག་ཏུ། །རྣམ་དབེན་རོལ་མོ་བརྡུངས་པ་ཡིས། །ཧི་ཡི་གླུ་དང་རོལ་མོ་ནི། །བརྡུང་ཞིང་ཟུར་བཞི་རབ་ཏུ་བསྒྲུབ། །ཅེས་བྱ་བ་ནི་འདིར་བཟླས་པའི་ཆོ་གའོ། །འཁོར་ལོ་དེར་ནི་བསྟན་བྱས་ནས། །གསང་བའི་དཀྱིལ་འཁོར་དམ་པ་ནི། །མཚོན་ཆ་མཆོག་གི་ཆོ་ག་ཡིས། །ཆོ་ག་ཐམས་ཅད་རྒྱས་པའོ། །དེ་ནས་དེ་ཁོ་ན་ཉིད་དང་ཆོས་དང་། དམ་ཚིག་གི་ཆོ་ག་སྦྱིན་པ་ནི། །རྟག་ཏུ་ཆགས་པ་ལས་བྱུང་ཁྲོ། །རྡོ་རྗེ་མེ་ཡི་ཕུང་པོའི་སྐུ། །འབར་བའི་རྡོ་རྗེ་ཁྲོ་བོ་ཆེ། །རབ་འབར་བ་ཡི་ཚོགས་ཀྱི་སྐུ། །རྡོ་རྗེ་འབར་བའི་རྣལ་འབྱོར་ཆེ། །མཁའ་འགྲོ་མ་རྣམས་ཀུན་ཏུ་འབར། །ཞེས་བྱ་བ་ནི་རྡོ་རྗེའོ། །དེ་ནས་ཆོས་ནི། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་དང་མཉམ་རྣལ་འབྱོར་པས། །ཐམས་ཅད་མྱུར་བ་ཉིད་དུ་སྒྲུབ། །ནམ་མཁའ་ཀུན་མཆོག་སྦྱོར་བ་ཡིས། །ཐམས་ཅད་ནམ་མཁའ་ཞེས་བརྗོད་ཅིང་། །རྡོ་རྗེའི་ཕྱག་རྒྱས་རྒྱས་བཏབ་པས། །འཇིག་རྟེན་གསུམ་ཡང་ཟ་བར་བྱེད། །ཅེས་བྱ་བ་ནི་རྡོ་རྗེ་རྣལ་འབྱོར་གྱི་མཁའ་འགྲོ་མའི་མཆོག་ཏུ་གསང་བའི་དམ་ཚིག་གོ། །ཆོ་ག་འདི་ཡིས་ཐམས་ཅད་དུ། །མཉམ་པར་གཞག་པས་བསྒྲུབ་པར་བྱ། །ཀུན་མཆོག་དངོས་གྲུབ་ཆེན་པོ་ཡིས། །ལས་ཀྱི་ཚོགས་རྣམས་མི་ཟད་པའོ། །ཞེས་བྱ་བའོ། །དེ་ནས་ཅི་ལྟ་བ་བཞིན་དུ་དེ་བཞིན་གཤེགས་པའི་ཆོ་གས་རང་གི་ཕྱག་རྒྱ་རྣམས་ཀྱིས་གར་གྱི་མཆོད་པ་བྱས་ནས་འགྲུབ་པར་འགྱུར་རོ། །དཔལ་མཆོག་དང་པོ་ལས་རྡོ་རྗེ་རྣལ་འབྱོར་གྱི་ཆོ་གའོ།། །།དེ་ནས་མཆོག་ཏུ་ཕྲ་བ་དང་། །ཤིན་ཏུ་བཟང་བའི་རྡོ་རྗེ་ཡི། །གྲུབ་ཆེན་གསང་བའི་རྣལ་འབྱོར་གྱི། །མཁའ་འགྲོ་མ་ཡི་འཁོར་ལོར་བཤད། །གྲོང་ཁྱེར་སྐྱེད་མོས་ཚལ་སོགས་ནི། །ཅི་ལྟ་བ་བཞིན་བརྒྱན་བྱས་ནས། །རྡོ་རྗེ་འཛིན་ཀུན་སློབ་དཔོན་གྱིས། །ཇི་བཞིན་དུ་ནི་བསྒྲུབས་པ་ཡིས། །ཡིད་འོང་བཞི་དང་ལྷན་ཅིག་ཏུ། །རང་གི་ཕྱག་རྒྱས་མེ་ཏོག་གཏོར། །


DNG012_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་ལྟ་བ་བཞིན་གྲོང་ཁྱེར་འདུག །གཡོན་པའི་ཁ་ནི་གྱེན་དུ་གཏོད། །རྡོ་རྗེ་དྲག་པོ་བཞད་ཆེན་པོ། །སྒྲ་སྒྲོགས་མཆོག་གི་ཕྱག་རྒྱ་ཡིས། །འཇུག་སྟེ་མགོན་ལ་ཕྱག་འཚལ་བྱ། །དེ་ལ་ཕྱག་ནི་འདི་ཡིན་ཏེ། །ཨོཾ་ཞེས་བྱ་བ་བརྗོད་བྱས་ལ། །ཤིན་ཏུ་དགའ་བའི་དབུགས་རླུང་གིས། །རུ་ལུ་རུ་ལུ་ཥྭཱུ ་དྲུག་ལྡན་པར་མའི་རུ་ལུ་རུ་ལུ་ཥྭཱུ ་སྟེ། འདི་ནི་རྡོ་རྗེ་དྲག་པོའི་ཕྱག་འཚལ་བའི་སྒྲ་སྒྲོགས་པའི་མཆོག་ཅེས་བྱ་བ་འདིར་རྡོ་རྗེ་ཕྱག་གི་ཕྱག་རྒྱ་སྟེ། ཕྱག་རྒྱ་ཐམས་ཅད་དང་གཞན་རྨོངས་པ་དང་ཐོགས་པ་མེད་པའི་དངོས་གྲུབ་ཐམས་ཅད་དང་ལས་ཐམས་ཅད་ལ་དགོངས་ཤིང་མཆོག་ཏུ་གྲུབ་པ་ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་མཆོག་ཏུ་ཤིན་ཏུ་གསང་བ་འདི་གསུངས་སོ། །དེ་ནས་ཡིད་འོང་དམ་བཅས་པས། །མེ་ཏོག་སིལ་མ་དོར་ནས་ནི། །རྡོ་རྗེ་པདྨའི་དབང་བསྐུར་གྱིས། །དམ་ཚིག་གསུམ་ནི་གསལ་བར་སྦྱིན། །དེ་ལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ནི་འདི་ཡིན་ཏེ། པདྨའི་ཐོད་པ་ལས་བྱ་སྟེ། དེ་ཡང་རྡོ་རྗེ་བྱིན་གྱིས་བརླབས་པས་ན། རྡོ་རྗེ་པདྨ་ཞེས་བྱ་བའོ། །དེ་ནས་འདིར་ཕྱག་རྒྱ་བཅིང་བ་ནི། སོར་མོ་ཐམས་ཅད་ཕན་ཚུན་སྦྱར། །ཀུན་མཆོག་རྩེ་མོ་དང་བཅས་པ། །མཐེ་བོ་རྡོ་རྗེས་བཀབ་པ་ནི། །རྡོ་རྗེ་པདྨ་ཞེས་འགྲུབ་པོ། །རྡོ་རྗེ་པདྨའི་ཕྱག་རྒྱ་འདིས། །རྡོ་རྗེ་སེམས་དཔའི་དབང་བསྐུར་བའི་སྦྱོར་བ་དང་། རྡོ་རྗེ་པདྨའི་རིན་པོ་ཆེའི་ཅོད་པན་གྱིས་དབང་བསྐུར་བར་བྱའོ། །འདིས་དབང་བསྐུར་བ་ཙམ་གྱིས་དེ་བཞིན་གཤེགས་པ་རྣམས་ཀྱིས་ཤིན་ཏུ་གདུག་པ་དང་དྲག་པོ་དང་རབ་ཏུ་གཏུམ་པ་དང་མ་རུངས་པའི་སེམས་ཅན་ཐལ་བར་བརླག་ནས་ཐམས་ཅད་ལས་རྣམ་པར་རྒྱལ་བ་ཁམས་གསུམ་མ་ལུས་པའི་སྟོབས་ཆེན་པོ་དང་ལྡན་པའི་འཁོར་ལོས་སྒྱུར་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བར་བྱིན་གྱིས་རློབ་པར་འགྱུར་བ་དང་། མཆོག་ཏུ་རྟག་པའི་སྲུང་བར་ཡང་འགྱུར་རོ་ཞེས་མཆོག་ཏུ་ཤིན་ཏུ་གསང་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །དེ་ཉིད་ཀྱིས་ནི་རྡོ་རྗེ་བཟུང་། །ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱ། །དམ་ཚིག་གི་ནི་ཕྱག་རྒྱ་ཆེར། །བྱིན་གྱིས་བརླབས་ནས་སྙིང་པོ་བཟླ། །རྡོ་རྗེ་ལ་སོགས་ཐོབ་པར་གཟུང་། །རྡོ་རྗེ་སེམས་


DNG012_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་གཉིས་པ་འདྲ། །རྡོ་རྗེ་རྣལ་འབྱོར་དབང་ཕྱུག་གྲུབ། །རྡོ་རྗེ་ཅན་གྱིས་བྱིན་རླབས་འགྱུར། །བུད་མེད་རྣམས་ཀྱང་འབེབས་གྱུར་ནས། །སྟོན་པའི་རྡོ་རྗེ་ཕབ་པ་ཡིས། །རྡོ་རྗེ་དང་བཅས་ཕྱག་མཚན་འཛིན། །རྣལ་འབྱོར་མ་རྣམས་རབ་ཏུ་འགྱུར། །དེ་ལ་ཐོག་མར་རེ་ཞིག་རྡོ་རྗེ་ཉི་མ་མེ་ལྟར་འབར་བ་ཆེན་པོ་ཐལ་བར་རབ་ཏུ་ཟློག་པ་ཞེས་བྱ་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཆེན་པོའི་ཁྲོ་བོའི་རྒྱལ་པོའི་བདག་པོ་མཆོག་དང་པོ་ཡང་དག་འབེབས་པར་བྱེད་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྗེ་ཆེན་པོའི་ཐབས་ཀྱིས་འཁོན་དུ་འཛིན་པའི་ཁྲོ་བོའི་མེ་འབར་བའི་རྡོ་རྗེ་རྡོ་རྗེ་དང་བཅས་པའི་ཁ་ཊྭཱྃ་གའི་རྒྱལ་མཚན་དང་ངེས་པ་སྦྱོར་བ་བ་དན་དང་བཅས་པའི་དྲིལ་བུ་འཆང་བ་རྡོ་རྗེ་བསྙེམས་པའི་བདག་པོ་ཤིན་ཏུ་ཁྲོ་བ་འབེབས་པས་སྒེག་པ་དང་བཅས་པའི་སྨིན་མཚམས་ཀྱི་ཁྲོ་གཉེར་ཤིན་ཏུ་འཇིགས་ཤིང་འཇིགས་པར་བྱེད་པའི་སྤྱན་སེར་པོ་དང་ལྡན་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་འཇིགས་པ་ཆེན་པོས་འཇིགས་པར་བྱེད་པའི་སྤྱན་གྱི་ལྟ་བའི་ཕྱག་རྒྱ་འདིས་སྟོང་ཕྲག་བརྒྱ་བཟླས་པས་འགྲུབ་པར་མཛད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་ཆགས་པ་དང་དགུག་པ་དང་གཞུག་པ་དང་དབང་དུ་བྱ་བ་དང་འབེབས་པར་ནུས་པའོ། །ཐམས་ཅད་ནམ་མཁར་སྦྱོར་བའི་ཏིང་ངེ་འཛིན་དང་། ལན་ཅིག་བརྗོད་པ་ཙམ་གྱིས་ཁམས་གསུམ་མ་ལུས་པའི་རྡོ་རྗེ་བདུད་རྩི་ལ་སོགས་པའི་བདུད་ཐམས་ཅད་དང་། དེ་བཞིན་གཤེགས་པ་ཐམས་ཅད་ལ་གདུག་པ་དང་དྲག་པོ་དང་རབ་ཏུ་གཏུམ་པ་དང་མ་རུངས་པའི་སེམས་ཅན་རྣམས་དང་། མཁའ་འགྲོ་མ་དྲག་པོ་ཐམས་ཅད་དང་གང་ཞིག་ཉན་ཐོས་དང་རང་སངས་རྒྱས་རྣམས་ཏེ། དེ་དག་ཀྱང་ཐལ་བར་རློག་པར་འགྱུར་ན། དགྲ་བོ་ལ་སོགས་པ་གཞན་རྣམས་ལྟ་སྨོས་ཀྱང་ཅི་དགོས། དོན་ཡོད་ཅིང་ཐོགས་པ་མེད་པ་དང་དངོས་གྲུབ་ཐམས་ཅད་དང་ལས་ཀྱི་ཚོགས་རྣམས་ལ་དགོངས་ཤིང་མཆོག་ཏུ་གྲུབ་པའོ། །དེ་ནས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོའི་ཐབས་ཤིན་ཏུ་དྲག་པོ་འདིའི་མན་ངག་གི་བཟླས་པ་ནི། སྣའི་དབུགས་ཕྲ་བ་ཉིད་ཀྱིས་བདེན་པའི་རྡོ་རྗེ་ཚིག་གིས་གྲུབ་པའི་ཡིད་ཀྱི་འདོད་པའི་ལས་ཐམས་


DNG012_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱི་དངོས་གྲུབ་ཀྱི་ཚོགས་རྣམས་ལ་དམ་པའི་མཆོག་ཏུ་གྲུབ་པའོ། །ཧཱུཾ་དེ་ནས་མཆོག་ཏུ་གསང་བའི་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་མའི་ལྷ་ཆེན་པོ་རྣམས་ཀྱིས་བཤད་པར་བྱ་སྟེ། དེ་ལ་ཐོག་མར་རེ་ཞིག་རྡོ་རྗེ་ཆེན་པོ་འདོད་པའི་མེ་འབར་བ་ཞེས་བྱ་བའི་ལྷ་མོ་ཆེན་མོ་རྡོ་རྗེ་གཞུ་དང་མདའ་གཏོད་པའི་སྤྱན་གཡོན་པ་སྟེ། རྡོ་རྗེ་སྤྱན་གྱིས་ལྟ་བའི་ཕྱག་རྒྱ་འདིས་ཐམས་ཅད་སྒྲུབ་པར་མཛད་པ་དང་སྒེག་པ་དང་བཅས་ཤིང་གཡོ་བའི་སྤྱན་གྱི་ཟུར་གྱིས་གཟིགས་པའི་ཕྱག་རྒྱས་བཏབ་པ་ཙམ་གྱིས་ཐམས་ཅད་ལ་རྒྱས་འདེབས་པར་མཛད་པ་དང་། དོན་ཡོད་པ་ཐོགས་པ་མེད་པ་དངོས་པོ་ཐམས་ཅད་ལས་ཀྱི་ཚོགས་རྣམས་ལ་དགོངས་ཤིང་མཆོག་ཏུ་གྲུབ་པའོ། །དེ་ནས་བཅོམ་ལྡན་འདས་ཡུམ་འདིའི་རྡོ་རྗེ་ཕྲ་མོའི་གཡོན་པའི་ཁྲོ་བོའི་བཟླས་པ་ནི་ཡིད་ཀྱིས་འདོད་པས་དངོས་གྲུབ་ཐམས་ཅད་དང་། ལམ་གྱི་ཚོགས་རྣམས་ལ་མཆོག་ཏུ་གྲུབ་པའོ། །ཧྲཱྀཿགཉིས་པ་ནི་རྡོ་རྗེ་ཆེན་པོ་འདོད་པའི་མེ་འབར་བའི་དམ་ཚིག་གི་ལན་ཞེས་བྱ་བའི་ལྷ་མོ་སྟེ། དབུས་སུ་རང་གི་ལྷག་པའི་ལྷ་བསྟོད་པའི་ཞལ་འཛུམ་པའི་སྤྱན་ཅུང་ཞིག་འཛུམས་ཤིང་། དགའ་བ་ཆེན་པོ་རྡོ་རྗེའི་སྤྱན་གྱི་ལྟ་བའི་ཕྱག་རྒྱ་འདིས་ཐམས་ཅད་སྒྲུབ་པར་མཛད་པ་དང་ཙུམ་པ་ན་དང་། འཁྱུད་པ་ལ་སོགས་པ་རིག་པའི་ཕྱག་རྒྱས་རྒྱས་བཏབ་པ་ཙམ་གྱིས་ཐམས་ཅད་ལ་རྒྱས་འདེབས་པར་མཛད་པ་དང་། ཕྱག་རྒྱ་ཐམས་ཅད་འཇོམས་པར་མཛད་པ་དང་། ཐམས་ཅད་ཀྱིས་གསོད་པར་མཛད་པ་དང་། དོན་ཡོད་ཅིང་ཐོགས་པ་མེད་པར་དངོས་གྲུབ་ཐམས་ཅད་དང་། ལས་ཀྱི་ཚོགས་རྣམས་ལ་དགོངས་ཤིང་མཆོག་ཏུ་གྲུབ་པའོ། །དེ་ནས་བཅོམ་ལྡན་འདས་ཡུམ་འདིའི་བྱ་རོག་གི་མགྲིན་པའི་དབྱངས་ཀྱིས་རྡོ་རྗེ་ངག་གི་ཁྲོ་བོའི་བཟླས་པ་ནི་ཡིད་ཀྱི་འདོད་པས་དངོས་གྲུབ་ཐམས་ཅད་དང་། ལས་ཀྱི་ཚོགས་རྣམས་ལ་མཆོག་ཏུ་གྲུབ་པའོ། །ཧཱུཾ། གསུམ་པ་ནི་རྡོ་རྗེ་ཆེན་པོའི་འདོད་པའི་མེ་འབར་བ་ཐལ་བར་རློག་པ་ཞེས་བྱ་བའི་ལྷ་མོ་ཆེན་མོ་སྟེ། བཅོམ་ལྡན་འདས་ཀྱི་རྡོ་རྗེ་ཆེན་པོ་དང་ཁ་ཊྭཱཾ་གའི་རྒྱལ་མཚན་འཆང་བ་སྒེག་པ་དང་བཅས་པའི་བཞད་པས་སྨིན་མཚམས་ཀྱི་ཁྲོ་གཉེར་གྱི་ཁྲོ་བའི་སྤྱན་ཏེ། རྡོ་རྗེ་ཆེན་པོའི་ཁྲོ་བོ་ཀཱི་ལི་ཀཱི་ལ་ཁྲོ་བོའི་སྤྱན་གྱི་ལྟ་བའི་ཕྱག་རྒྱ་འདིས་ཐམས་ཅད་སྒྲུབ་པར་མཛད་པའོ། །


DNG012_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་ཞེས་བྱ་བ་དང་། རུ་ལུ་རུ་ལུ་རུ་ལུ་ཧྣི་ཞེས་བྱ་བ་ཙམ་གྱིས་བདུད་ཐམས་ཅད་འཇོམས་པ་དང་། དོན་ཡོད་ཅིང་ཐོགས་པ་མེད་པའི་དངོས་གྲུབ་ཐམས་ཅད་དང་། ལས་ཀྱི་ཚོགས་རྣམས་ལ་དགོངས་ཤིང་མཆོག་ཏུ་གྲུབ་པའོ། །ཧཾ། བཞི་པ་ནི་རྡོ་རྗེ་ཆེན་པོ་འདོད་པའི་མེ་འབར་བ་ཐལ་བར་རློག་པ་འཆི་བ་སློང་བ་ཞེས་བྱ་བ་གཡོན་བསྙེམས་པ་གཡས་པས་རང་གི་སྤྱི་བོར་རྡོ་རྗེ་དྲིལ་བུ་སྤྱོད་པར་མཛད་པ་སྒེག་པ་དང་བཅས་པའི་སྤྱན་ཤིན་ཏུ་གདངས་པ་སྟེ། རྡོ་རྗེ་རྒྱལ་པོ་དྲིན་གྱི་སྤྱན་གྱི་ལྟ་བའི་ཕྱག་རྒྱས་ཐམས་ཅད་སྒྲུབ་པར་མཛད་པ། ཐལ་ལྕག་ལ་སོགས་དང་བཞད་གད་དང་རྡོག་པ་དང་ཕྱག་རྒྱས་རྒྱས་བཏབ་པས་འཆི་བ་ཐམས་ཅད་སློང་བར་མཛད་པ། དོན་ཡོད་ཅིང་ཐོགས་པ་མེད་པ་དངོས་གྲུབ་ཐམས་ཅད་དང་། ལས་ཀྱི་ཚོགས་ལ་དགོངས་ཤིང་མཆོག་ཏུ་གྲུབ་པའོ། །དེ་ནས་བཅོམ་ལྡན་འདས་ཡུམ་འདིའི་དྲིལ་བུའི་དབྱངས་ཀྱི་རྡོ་རྗེ་ཁྲོ་བོའི་བཟླས་པ་ནི་ཡིད་ཀྱི་འདོད་པས་དངོས་གྲུབ་ཐམས་ཅད་དང་ལས་ཀྱི་ཚོགས་ཐམས་ཅད་ལ་མཆོག་ཏུ་གྲུབ་པའོ། །ཥྚ། དེ་ལ་སོགས་པ་མཐའ་ཡས་མཆོག །ཆོས་དབྱིངས་མཉམ་དང་མི་མཉམ་པ། །ནམ་མཁའི་ཁམས་ལྟར་གྲངས་མེད་ཅིང་། །རྡོ་རྗེ་ཉི་མ་ལས་བྱུང་བ། །ནམ་མཁའ་ཀུན་གྱི་གནས་སྐྱབས་ཀྱི། །དཀྱིལ་འཁོར་འདི་ལ་རབ་ཞུགས་པ། །རྡོ་རྗེ་མཆོག་གི་རྣལ་འབྱོར་གྱི། །དབང་ཕྱུག་མ་ལུས་ཀུན་ནས་འབེབས། །དེ་ནས་རྡོ་རྗེ་རྣལ་འབྱོར་པ་སྟོན་པ་དེས་རྣལ་འབྱོར་པ་རང་གི་ལོགས་དག་ཏུ་འགོད་པ་ཡིན་ཏེ། ཟླ་ཚེས་དཀྱིལ་འཁོར་རྣམ་པ་ཡིས། །དཀྱིལ་འཁོར་དུ་ནི་དགོད་པར་བྱ། །བཀོད་ནས་ཐམས་ཅད་ཀུན་མཆོག་གི། །དངོས་གྲུབ་དམ་པ་བསྒྲུབ་པར་བྱ། །ཐམས་ཅད་དགུག་དང་མཆོད་པ་ཆེ། །བདག་བྱིན་བརླབ་སོགས་གྲུབ་པ་ཡིས། །ཤིན་ཏུ་གསང་བའི་དཀྱིལ་འཁོར་དེ། །བརྟག་པ་དང་ནི་བསྒྲུབས་ནས་ཀྱང་། །རྡོ་རྗེ་འཛིན་ཀུན་སློབ་དཔོན་གྱིས། །རྡོ་རྗེ་སློབ་མ་རྣམས་གཞུག་བྱ། །དེ་ལ་རེ་ཞིག་ཐོག་མ་ཁོ་ནར་སློབ་དཔོན་གྱིས་བཅུག་སྟེ་ཚོགས་ཀྱི་དཀྱིལ་འཁོར་དུ་དམ་ཚིག་གསུམ་གྱི་བྱིན་གྱི་རླབས་ཀྱིས་རྡོ་རྗེ་རྣལ་འབྱོར་མ་རྣམས་ལོགས་དག་ཏུ་བཞག་ནས། སྐྱེས་པ་རྣམས་ཀྱང་གཞུག་ཅིང་


DNG012_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་ཀྱི་སེམས་ཀྱིས་རྡོ་རྗེ་ཆེན་པོའི་ཁྲོ་བོའི་དམ་ཚིག་དང་དམ་ཚིག་སྡོམ་པ་དག་ལེན་དུ་གཞུག་པར་བྱའོ། །ཁྱེའུ་དང་བུ་མོ་རྣམས་རབ་ཏུ་བཞག་ལ་ཚོགས་དང་བཅས་པའི་རང་ཉིད་ཀྱིས་ཞུགས་ཏེ། བསྲུང་བ་དང་བསྐྱབ་པ་དང་སྦ་བ་ཐམས་ཅད་བྱའོ། །དེ་ནས་འདིར་སློབ་མ་གཞུག་པའི་ཆོ་ག་རྒྱས་པ་ནི། བྱང་ཆུབ་སེམས་ནི་བླ་མེད་པ། །མཆོག་ཏུ་བསྐྱེད་པར་བྱས་ནས་ནི། །གར་བྱས་སྤྱི་བོར་ཐལ་སྦྱར་མཆོད། །སློབ་མ་ཐམས་ཅད་གཞུག་པར་བྱ། །ཅི་འདོད་པ་ཡི་དངོས་གྲུབ་བསྐྱེད། །སློབ་མ་མེ་ཏོག་དོར་དུ་གཞུག །རྣལ་འབྱོར་མ་ནི་གང་ལ་བབས། །དེ་དང་དེ་ཡི་ལྷ་མོ་འགྲུབ། །དེ་ནས་གདོང་གཡོགས་བཀྲོལ་ནས་ནི། །རྣམ་པ་ཀུན་ཏུ་ཡོན་བླངས་ནས། །རྡོ་རྗེ་པདྨའི་དབང་བསྐུར་གྱིས། །དམ་ཚིག་གསུམ་ནི་གསལ་བར་སྦྱིན། །འདིར་མནའ་བསྒག་པ་དང་དབང་བསྐུར་བ་ནི་དེ་ཉིད་དོ། །དེ་ལ་འདིར་དམ་ཚིག་གསུམ་སྦྱིན་པ་ནི་འདི་ཡིན་ཏེ། མི་ཕྱེད་པ་དང་སོ་སོར་རྟོག །གདུག་པ་ཐམས་ཅད་གནོན་པ་དང་། །སངས་རྒྱས་ཀུན་དངོས་རྡོ་རྗེ་སྟེ། །བྱང་ཆུབ་སེམས་ནི་ཆེ་ཞིང་བརྟན། །མཚོན་ཆ་དེ་ནི་རྒྱལ་ཀུན་གྱིས། །ཀུན་ཏུ་བཟང་པོའི་ལག་ཏུ་སྦྱིན། །བསྟན་པ་ཐམས་ཅད་གྲུབ་པའི་ཕྱིར། །དེ་ཕྱིར་ཕྱག་ན་རྡོ་རྗེ་ཡིན། །དེ་ནས་རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་མཆོག་ཏུ་གསང་བ་ནི།རྟག་ཏུ་ཆགས་པ་ལས་བྱུང་ཁྲོ། །རྡོ་རྗེ་སེམས་དཔའ་གདུལ་བྱའི་ཕྱིར། །རྡོ་རྗེ་ཉི་མ་མེ་ལྟར་འབར། །མཆོག་ཏུ་འཇིགས་པར་བྱེད་པ་ཡིན། །དེ་ནས་མཆོག་ཏུ་གསང་བའི་རྡོ་རྗེ་རྣལ་འབྱོར་གྱི་མཁའ་འགྲོ་མ་རྣམས་ཀྱི་གསང་བ་མཆོག་གི་དེ་ཁོ་ན་ཉིད་ནི། རྡོ་རྗེ་ཉི་མ་འཆར་ལས་བྱུང་། །དེ་བཞིན་གཤེགས་པའི་གྲིབ་མ་འདི། །སྤྲུལ་ཏེ་མ་ལུས་བདུད་ལ་སོགས། །གདུག་པའི་ཁྲག་ནི་གསོལ་བར་སྤྱོད། །ཅེས་བྱ་བ་ནི་གསང་བ་མཆོག་གི་དེ་ཁོ་ན་ཉིད་དོ། །དེ་ནས་འདིར་མཆོག་ཏུ་གསང་བའི་ཆོས་ཉིད་འབེབས་པའི་དྲིལ་བུ་ནི། ཤིན་ཏུ་གདུག་ཅིང་དྲག་པ་དང་། །བདག་པོ་དྲག་པོའི་བུ་རྣམས་དང་། །ཤིན་ཏུ་གཉིད་ནི་ལོག་པ་དག །རྡོ་རྗེ་མཆོག་ནི་འཛིན་པས་གསུངས། །ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་གསུངས་སོ། །མཆོག་ཏུ་གསང་བའི་ཆོས་ཉིད་འབེབས་པའི་རྡོ་རྗེ་ཁ་ཊྭཱཾ་གའི་རྒྱལ་མཚན་དང་བ་དན་གྱིས་དྲིལ་བུ་ཐམས་


DNG012_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་འབེབས་པ་དང་། རབ་ཏུ་གྲུབ་པར་བྱེད་པ་དང་། ཐམས་ཅད་ལྟུང་བར་བྱེད་པ་དང་། སློང་བར་བྱེད་པའོ། །དེ་ནས་རྣལ་འབྱོར་མཆོག་གི་དམ་ཚིག་ནི། ཁྲག་ཆེན་ག་བུར་དང་བཅས་པ། །ཙནྡན་དམར་དང་སྦྱར་བ་ནི། །ཚོགས་ཀྱི་ནང་དུ་རབ་ཞུགས་ནས། །རྡོ་རྗེ་དང་བཅས་རྡོ་རྗེ་འཛིན། །སྲིན་ལག་མཐེ་བོ་རྩེ་མོ་ཡིས། །ནམ་མཁའ་ཐམས་ཅད་སྦྱོར་མཆོག་ལྡན། །ཟླ་བའི་བཏུང་བ་བཞིན་མྱངས་ན། །རྟག་པའི་དངོས་གྲུབ་ཐོབ་པར་འགྱུར། །འདོད་པ་ཀུན་ལ་ལོངས་སྤྱོད་ཅིང་། །ཅི་འདོད་པ་ནི་བསྟེན་བཞིན་དུ། །ནམ་མཁའ་ཀུན་མཆོག་སྦྱོར་བ་ཡིས། །དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར། །ནམ་མཁའ་ཀུན་མཆོག་སྦྱོར་བ་ཡིས། །ནམ་མཁའ་ཐམས་ཅད་ཅེས་བརྗོད་ཅིང་། །རྡོ་རྗེའི་ཕྱག་རྒྱས་བཏབ་པ་ཡི། །འཇིག་རྟེན་གསུམ་ཡང་བཟའ་བར་བྱ། །དངོས་གྲུབ་ལས་དང་དེ་བཞིན་བདེ། །འདི་ལ་ཅུང་ཟད་མི་འགྲུབ་མེད། །ལས་ཀྱི་ཚོགས་ཀྱི་དངོས་གྲུབ་ཀྱིས། །དངོས་གྲུབ་མ་ལུས་སྒྲུབ་པར་འགྱུར། །དོན་ཡོད་མཆོག་ཏུ་གྲུབ་པ་དང་། །གདུག་པ་ཐམས་ཅད་གནོན་པར་བྱེད། །སྡུག་བསྔལ་ཀུན་འཕྲོག་དཔལ་དང་ལྡན། །རྣལ་འབྱོར་འདི་ནི་ལས་ཀུན་བྱེད། །ཅེས་བྱ་བ་མཆོག་ཏུ་གསང་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །དེ་ནས་རོ་དང་བཟའ་དང་སྤྱོད་པ་གར་དང་གླུ། །རོལ་མོའི་མཆོད་པ་སོགས་ཀྱིས་མགོན་ལ་མཆོད། །ཕུལ་བ་དེ་ཡིས་རྡོ་རྗེ་བླ་མ་ཆེ། །དད་པས་བདག་དང་གཞན་རྣམས་མཆོད་པར་བྱ། །མྱོས་བཅས་མྱོས་བྱེད་བཏུང་བ་ནི། །ཅི་འདོད་པར་ནི་བསྟེན་པ་ཡིས། །རྡོ་རྗེ་ཉི་མ་མེ་འབར་སོགས། །ཇི་བཞིན་རྗེས་འགྲོའི་བཟླས་པ་བཟླ། །རང་གསང་ཆོ་གས་བླངས་པ་ཡི། །གླུ་དང་རོལ་མོ་གར་རྣམས་དང་། །སྣ་ཚོགས་ཕྱག་རྒྱའི་མཆོད་པ་དང་། །ཁམས་གསུམ་རྣམ་རྒྱལ་ལ་སོགས་པ། །བུད་མེད་ཚོགས་དང་བཅས་པ་ཡི། །མཆོད་པ་རྒྱ་ཆེན་ཐམས་ཅད་དང་། །ཅི་འདོད་པ་ཡི་ལོངས་སྤྱོད་ཀྱིས། །མཆོད་པ་བྱས་ནས་རབ་ཏུ་བསྒྲུབ། །ཅེས་བྱ་བ་མཆོག་ཏུ་གསང་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །དེ་ནས་དེ་བཞིན་


DNG012_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་ཐམས་ཅད་འདུས་པ་ལ་སོགས་པའི་དབུགས་དབྱུང་བ་སྦྱིན་པར་བྱ་སྟེ། འགྲོ་བ་ཀུན་གྱི་ཁམས་རྣམས་ཀྱི། །ཕྲ་རབ་རྡུལ་དང་མཉམ་པ་ཉིད། །རྟོག་པའི་རྒྱལ་པོ་གྲུབ་པ་སྟེ། །སངས་རྒྱས་ལ་སོགས་མཆོག་གྲུབ་པའི། །གང་ཞིག་བློ་ནི་དཔག་མེད་པའི། །ཁྱད་པར་དུ་ནི་དམིགས་མི་འགྱུར། །དེ་བཞིན་གཤེགས་པས་བདེ་བ་ནི། །དམ་པ་ཐམས་ཅད་བསྡུས་པའོ། །ཟད་པ་ཐམས་ཅད་ཟད་འགྱུར་དང་། །འཕེལ་བ་ཐམས་ཅད་འཕེལ་བར་འགྱུར། །གང་ཞིག་མཐོང་བས་མི་སྣང་འགྱུར། །གང་ནས་ཀྱང་ནི་འཇིགས་མེད་བྱེད། །དྲག་པོ་དབང་པོ་ཉི་དབང་ཟླ། །ཉི་མ་མཁའ་འགྲོ་ཚོགས་དཀྱིལ་འཁོར། །ཁྲོས་ནས་ཡི་གེ་ཧཱུྃ་ཙམ་གྱིས། །མ་ལུས་པ་ནི་ཐལ་བར་བྱེད། །རྣལ་འབྱོར་མཁའ་འགྲོ་མའི་དཀྱིལ་འཁོར། །མཆོག་ཏུ་ཞུགས་ཏེ་མཐོང་ནས་ནི། །སྡིག་པ་ཀུན་ལས་རྣམ་གྲོལ་ཏེ། །ཁྱེད་རྣམས་དང་ནི་རབ་ཏུ་གནས། །སླར་ཁྱོད་འཆི་བ་ཡོད་མིན་ཏེ། །ཁྱད་པར་དུ་ནི་ངན་འགྲོ་མེད། །གཞན་གྱིས་མི་ཐུབ་མི་སོད་ཅིང་། །ཅིས་ཀྱང་མི་འཇིགས་དགའ་བར་གྱིས། །ཤིན་ཏུ་སྲིད་པའི་དངོས་གྲུབ་རྣམས། །སྟོན་པའི་མཆོག་ཏུ་གྱུར་པ་ཡིན། །དམ་ཚིག་སྡོམ་པ་གྲུབ་པ་འདི། །རྟག་ཏུ་ཡང་ནི་བསྲུང་བར་བྱ། །སངས་རྒྱས་ཀུན་གྱིས་མཐུན་པར་གསུངས། །དམ་པ་བརྟག་པའི་བཀའ་ཡིན་ནོ། །བྱང་ཆུབ་སེམས་ནི་སྤང་མི་བྱ། །དམ་ཆོས་དེ་བཞིན་དམ་ཚིག་དང་། །སློབ་དཔོན་སྨད་པར་མི་བྱ་སྟེ། །གང་ཕྱིར་རྡོ་རྗེ་འཛིན་ཀུན་དེ། །སེམས་ཅན་ཀུན་ལ་ཕན་ཕྱིར་དང་། །ཐེག་པ་ཐམས་ཅད་འགྲུབ་པའི་ཕྱིར། །གདུག་པ་འདུལ་བ་དག་པ་ཞེས། །རྡོ་རྗེ་མཆོག་ནི་འཛིན་པས་གསུངས། །ཤིན་ཏུ་གདུག་ཅིང་གཏུམ་པ་དང་། །བདག་པོའི་གྲོགས་པོ་བུ་རྣམས་ཀྱང་། །ཕྱག་རྒྱའི་རྣལ་འབྱོར་མངོན་སྤྱོད་ཀྱིས། །ཤིན་ཏུ་གཉིད་ནི་ལོག་ཏུ་གཞུག །རྟག་ཏུ་རང་གི་དམ་ཚིག་བསྲུང་། །རྟག་ཏུ་དེ་བཞིན་གཤེགས་རྣམས་མཆོད། །རྟག་ཏུ་བླ་མ་ལ་ཡང་དབུལ། །དེ་ལ་ཕུལ་ན་འབྲས་བུ་ཆེ། །དེ་བྱིན་སངས་རྒྱས་ཐམས་ཅད་ལ། །རྟག་ཏུ་བྱིན་པ་ཉིད་དུ་འགྱུར། །དེ་བྱིན་བསོད་ནམས་


DNG012_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཡིན་ཏེ། །ཚོགས་ལས་དངོས་གྲུབ་མཆོག་ཏུ་འགྱུར། །དེང་ཁྱོད་སྐྱེ་བ་འབྲས་བུར་བཅས། །གང་ཕྱིར་འདི་ལ་རབ་ཏུ་གནས། །དམ་ཚིག་རྒྱལ་པོ་དང་མཉམ་པར། །སངས་རྒྱས་ཀུན་གྱིས་བྱིན་གྱིས་བརླབས། །སངས་རྒྱས་རྡོ་རྗེ་འཛིན་ཀུན་གྱིས། །དེ་རིང་ཁྱེད་ལ་དབང་བསྐུར་བས། །ཁམས་གསུམ་གྱི་ནི་རྒྱལ་སྲིད་ཆེ། །སྟོབས་དཔལ་འཁོར་ལོས་སྒྱུར་བ་ཡིན། །རྡོ་རྗེ་དམ་པའི་གསང་མཆོག་རྣལ་འབྱོར་མའི། །མཆོག་གི་དམ་ཚིག་གསང་བ་མཐོང་ནས་ནི། །བདུད་ལ་སོགས་པའི་ཤ་ཡང་ཟོས་ནས་ནི། །དེ་བཞིན་གཤེགས་སྦྱོར་ཐོབ་ནས་ཁྱོད་གྲུབ་ཡིན། །ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །དཔལ་མཆོག་དང་པོ་ལས་མཆོག་ཏུ་གསང་བའི་རྡོ་རྗེ་རྣལ་འབྱོར་གྱི་མཁའ་འགྲོ་མའི་དཀྱིལ་འཁོར་གྱི་ཆོ་ག་མཆོག་ཏུ་གྲུབ་པའོ།། །།དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མཆོག་ཏུ་གསང་བ་འགྲོ་བ་འདུལ་བའི་ཆོ་ག་ནི། རས་ལ་བཅོམ་ལྡན་བྲི་བར་བྱ། །པདྨ་གར་གྱི་དབང་ཕྱུག་གཙོ། །གློག་གི་འཁོར་ལོ་ཡོངས་འགྱུར་བའི། །འཁོར་བའི་རྣམ་འཕྲུལ་གར་རྣམས་ཀྱིས། །པདྨ་ལ་སོགས་ཕྱག་མཚན་བྲི། །ཕྱག་རྒྱ་འཁོར་ལོ་ལྟར་མཛད་པ། །དེ་ཡི་ལོགས་ནི་ཐམས་ཅད་ལ། །ཁྲོ་གཉེར་མ་སོགས་བྲི་བར་བྱ། །དྲག་མོ་ལ་སོགས་ཕྱག་མཚན་གཟུགས། །པདྨའི་ལྷ་མོ་པདྨར་བཅས། །དཀྱིལ་འཁོར་དེར་ནི་བརྟག་བྱས་ན། །གསང་བའི་དཀྱིལ་འཁོར་དམ་པ་ནི། །མཚོན་ཆ་མཆོག་གི་གང་གང་གིས། །ཐམས་ཅད་བྱས་ནས་འདི་བརྗོད་བྱ། །དེ་ཉིད་སངས་རྒྱས་བཅོམ་ལྡན་འདས། །སྤྱན་རས་གཟིགས་ཀྱི་དབང་ཕྱུག་སྟེ། །འདུལ་བའི་ཐབས་ཀྱིས་དག་པ་ཡིས། །རོལ་པའི་གར་ནི་མཛད་པ་ཡིན། །ཞེས་བྱ་བ་ནི་མཆོག་གི་རྡོ་རྗེ་སྟེ། ཅི་ལྟར་པདྨ་དམར་པོ་ནི། །གནས་ཀྱི་ཉེས་པ་སྣ་ཚོགས་ཀྱི། །ཚོན་གྱི་ཉེས་པས་མི་གོས་པ། །དེ་བཞིན་ཁམས་གསུམ་དག་པའོ། །ཞེས་བྱ་བ་ནི་མཆོག་ཏུ་གསང་བའི་ཆོས་ཉིད་ཀྱི་དྲིལ་བུའོ། །ཆོ་ག་གང་དང་གང་དག་གིས། །འགྲོ་བ་རྣམས་ནི་འདུལ་འགྱུར་བ། །པདྨ་


DNG012_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

དག་མཆོག་རྣལ་འབྱོར་བདག །དེ་དང་དེ་ཡིས་དག་པར་བྱ། །ཞེས་བྱ་བ་ནི་རྡོ་རྗེ་ཐམས་ཅད་ཀྱི་ཆོས་ཀྱི་དམ་ཚིག་གོ། །དེ་ནས་ཅི་ལྟ་བ་བཞིན་དུ་པདྨ་གར་གྱི་མཆོད་པས་མཆོད་ལ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ནམ་མཁའི་སྙིང་པོ་དོན་ཐམས་ཅད་གྲུབ་པའི་ཆོ་ག་སྟེ། ཉི་མའི་དཀྱིལ་འཁོར་བྲིས་ནས་ནི། །རས་རིས་དེ་ནི་བློ་གྲོས་ཆེ། །ལྗང་གུ་བཻ་ཌཱུརྱ་དང་མཚུངས། །ནམ་མཁའི་སྙིང་པོ་བྲི་བར་བྱ། །དེ་ཡི་པདྨ་གཅིག་ལ་གནས། །དེ་ཡི་འོད་ཀྱི་འཁོར་ལོར་བརྟེན། །དབང་བསྐུར་མ་དང་གཏེར་མ་དང་། །རྒྱལ་མཆོག་མངའ་བདག་མཆོད་ཆེན་པོ། །གསང་བའི་དཀྱིལ་འཁོར་དམ་པ་དེའི། །འཁོར་ལོ་བརྟག་པར་བྱས་ནས་ནི། །མཚོན་ཆ་མཆོག་གི་སྦྱོར་བ་ཡིས། །ཆོ་ག་རྒྱས་པ་ཇི་བཞིན་པའོ། །དེ་ནས་རྡོ་རྗེ་མཆོག་གི་ནི། །ཉི་མ་འདི་ནི་དམ་པ་སྟེ། །དེ་བཞིན་གཤེགས་པ་ཐམས་ཅད་མཐོང་། །ནམ་མཁའི་སྙིང་པོ་བཅོམ་ལྡན་འདས། །བསམ་པ་ཐམས་ཅད་ཡོངས་རྫོགས་མཛད། །དེ་ནས་ཆོས་ཀྱི་རིན་པོ་ཆེའི་དྲིལ་བུ་ནི། བསམ་པ་གྲུབ་པ་ཐམས་ཅད་ཀྱི། །ནོར་གྱི་བསམ་པ་གྲུབ་པ་མཆོག །དེ་ཡང་འདོད་པར་རབ་གྲུབ་ཕྱིར། །འདོད་ལས་ཐར་པ་བདེ་བ་ཆེ། །ཞེས་བྱ་བའོ། །སྦྱིན་མིན་རྣམས་ནི་སྦྱིན་བྱའོ། །འདོད་པ་ཀུན་གྱི་བདེ་བ་རྣམས། །བདག་ཉིད་དང་ནི་གཞན་རྣམས་ལ། །བསམ་པ་ཐམས་ཅད་རྫོགས་ཕྱིར་རོ། །ཞེས་བྱ་བ་ནི་དམ་ཚིག་གི་མཆོག་གོ། །དམ་ཚིག་འདི་ཡིས་མཆོག་ཏུ་ནི། །རྡོ་རྗེ་སེམས་དཔའ་བདེ་བ་ཆེ། །མྱུར་དུ་ཡང་དག་དམ་པ་མཆོག །མི་འགྱུར་མཆོག་ནི་གྲུབ་པར་མཛོད། །དེ་ལྟར་གསང་བ་མཆོག་གི་ཚུལ་དག་ནི། །ཇི་བཞིན་ཆོ་ག་མཆོག་ཏུ་རྒྱས་པ་སྟེ། །མཆོག་ཆེན་དེ་ནི་རྟོག་པ་ཐམས་ཅད་ཀྱི། །སྙིང་པོ་ཁྱད་པར་དངོས་གྲུབ་འགྲུབ་པར་འགྱུར། །དཔལ་མཆོག་དང་པོ་ལས་རྟོག་པ་ཐམས་ཅད་ཀྱི་བསྒྲུབ་པའི་ཆོ་གའོ།། །།དེ་ནས་གྲུབ་ཆེན་ཐམས་ཅད་ཀྱི། །སྒྲུབ་པའི་མཆོག་ནི་བདེ་བ་ཆེ། །རྡོ་རྗེ་སེམས་དཔའ་ཕྱག་རྒྱ་ཆེ། །རྟོག་པ་ཀུན་མཆོག་གྲུབ་པའི་ཕྱིར། །སྣོད་མ་ཡིན་པའི་སེམས་ཅན་ནི། །སྡིག་པ་ཐམས་ཅད་


DNG012_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་རྣམས་ལ། །མཐོང་བ་ལ་སོགས་སེམས་ཅན་དོན། །སེམས་དཔའ་ཆེན་པོས་མཛད་པ་ཡིན། །མཐོང་མེད་ལོང་བ་དེ་རྣམས་ནི། །བསོད་ནམས་མེད་སོགས་རྟགས་ལྡན་ལ། །རྡོ་རྗེ་སེམས་སོགས་སེམས་དཔའ་མཆོག །མཐོང་བའི་ཐབས་ཀྱི་རྒྱུ་རྣམས་ནི། །རྡོ་རྗེ་སེམས་སོགས་སེམས་མཆོག་གི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས། །དམ་ཚིག་མཆོག་ནི་བཅིང་བ་སྟེ། །དམ་ཚིག་འདའ་བར་དཀའ་བའོ། །རྡོ་རྗེ་སེམས་སོགས་སེམས་དཔའ་ཡི། །གང་ཕྱིར་སྐུ་རྣམས་བསྟན་པ་ནི། །དེ་ཡི་ཕྱག་རྒྱར་གྲགས་པ་སྟེ། །དངོས་གྲུབ་ཀུན་ཕྱིར་དེ་དག་སྤྲུལ། །གང་དག་བཟུང་བ་ཙམ་གྱིས་ནི། །རྡོ་རྗེ་སེམས་དཔའ་ལ་སོགས་མཆོག །མཐོང་ཞིང་མངོན་པར་མཐོང་བ་ཉིད། །མཆོག་ཏུ་བསྡུས་པར་གྱུར་པ་ཡིན། །ཕྱག་རྒྱ་བཅིངས་པ་ཙམ་གྱིས་ནི། །གང་ཕྱིར་བསྡུས་པར་འགྱུར་བ་སྟེ། །རྡོ་རྗེ་སེམས་སོགས་སེམས་དཔའ་རྣམས། །ཉམས་པས་འཇིགས་པས་གྲུབ་པར་འགྱུར། །ཅི་ལྟར་རྒྱལ་པོ་རྣམས་ཀྱི་བཀའི། །རྟགས་ཀྱི་ཕྱག་རྒྱ་འདའ་དཀའ་བ། །ཕྱག་རྒྱ་གསལ་བ་ཀུན་གྱིས་ཀྱང་། །འདའ་བར་ནུས་པ་མ་ཡིན་ནོ། །སངས་རྒྱས་ཉིད་དམ་རྡོ་རྗེ་འཛིན། །དེ་ལྟར་བསྐལ་པ་བྱེ་བས་ཀྱང་། །ཐོབ་པར་མི་འགྱུར་མྱུར་དུ་ནི། །ཅི་ལྟར་ཕྱག་རྒྱ་མཆོག་བཟུང་བའོ། །ཇི་ལྟར་འདུལ་ལྡན་འཇིག་རྟེན་ནི། །དེ་ལྟར་དངོས་གྲུབ་གསུངས་པ་ཡིན། །དེ་ཡི་ཐབས་ནི་ཕྱག་རྒྱ་སྟེ། །དངོས་གྲུབ་ཐམས་ཅད་མཆོག་ཏུ་བྱེད། །གང་ཞིག་བཅིངས་པ་ཙམ་གྱིས་ནི། །འདུས་པ་བདེ་བ་ཆེན་པོ་རྣམས། །རྡོ་རྗེ་སེམས་སོགས་སྐད་ཅིག་གིས། །བྱིན་གྱིས་བརླབ་པ་བརྟན་པར་མཛད། །ཞེས་བྱའོ། །དེ་ནས་འདི་གསུངས་ནས་བཅོམ་ལྡན་འདས་ཀྱི་མཁས་ཤིང་མཆོག་ཏུ་ཕྲ་བ་དང་། ཟབ་པ་དང་རྒྱ་ཆེ་བ་བསམ་གྱིས་མི་ཁྱབ་པ་མཆོག་ཏུ་དག་པ། ཐོག་མ་དང་ཐ་མ་མེད་པ། མི་ཟད་ཅིང་ཟད་པ་མེད་པ། དོན་ཡོད་ཅིང་ཐོགས་པ་མེད་པ།ཤིན་ཏུ་མཆོག་ཏུ་དགའ་བ་མ་ལུས་པའི་བདེ་བ་ཆེན་པོ་དང་ཡིད་བདེ་བ་མ་ལུས་ཤིང་ལུས་པ་མེད་པའི་སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་དངོས་གྲུབ་ཆེན་པོའི་དབང་ཕྱུག་ཆེན་


DNG012_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

པོ་མཆོག་ཏུ་མི་འགྱུར་བའི་དངོས་གྲུབ་ཐམས་ཅད་ཀྱི་མཆོག་རྡོ་རྗེ་དབབ་པ་རྣམས་ཀྱིས་རབ་ཏུ་སད་པར་མཛད་ནས། བདེ་བ་ཆེན་པོའི་རྡོ་རྗེ་གསང་བའི་དོན་ཡོད་པའི་མཆོག་གི་གསང་བ་ཞེས་བྱ་བའི་མཚོན་ཆ་མཆོག་འདི་མཆོག་ཏུ་གསང་བའི་ཆོ་ག་རྒྱུད་ཕྱི་མའི་མཆོག་བྱིན་གྱིས་རློབ་པར་མཛད་པའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གིས་བདག་ལ་བྱིན་གྱིས་བརླབ་པ་བསྒྲུབ་པ་གཅིག་པུའི་ཆོ་ག་བཤད་པར་བྱའོ། །ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །ཉིན་རེ་སྔོན་དུ་ལན་ཅིག་ཏུ། །ཕྱག་རྒྱ་ཆེ་དང་སྙིང་པོ་བཟླས། །ཀུན་གྱི་ཕྱག་རྒྱ་རབ་གྲུབ་པའི། །བདག་བྱིན་བརླབ་པ་གཅིག་པུས་འགྲུབ། །ཅེས་བྱ་བ་ནི་མཆོག་ཏུ་གྲུབ་པའོ། །དེ་ནས་མཆོག་ཏུ་གསང་བ་བདག་ལ་བྱིན་གྱིས་བརླབ་པ་གཅིག་པུ་བསྒྲུབ་པའི་ཆོ་ག་མཆོག་ཏུ་གྲུབ་པ་ནི། ལན་ཅིག་དམ་ཚིག་གསུམ་མཆོག་ཏུ། །གསང་བ་དམ་པའི་ཁང་པར་ནི། །རྡོ་རྗེ་ལ་སོགས་ཐོབ་བཟུང་ན། །རྡོ་རྗེ་ཅན་གྱིས་བྱིན་བརླབ་འགྱུར། །དེ་ནས་ཤིན་ཏུ་མཆོག་ཏུ་གསང་བའི་བདག་ལ་བྱིན་གྱིས་བརླབ་པ་གཅིག་པུ་བསྒྲུབ་པའི་ཆོ་ག་རྒྱས་པའི་ཁྱད་པར་ཤིན་ཏུ་མཆོག་ཏུ་གྲུབ་པ་ནི། རྡོ་རྗེ་དྲིལ་བུ་ཀུན་བདག་ཉིད། །སྣ་ཚོགས་ཕྱག་རྒྱའི་སྐུར་བདག་ལྡན། །ཕྱག་རྒྱ་ཀུན་གྱི་རྣལ་འབྱོར་བདག །རྡོ་རྗེ་སེམས་དཔའ་ཉིད་དུ་འགྱུར། །གྲུབ་པའི་ཆོ་ག་འདི་ཡིས་ནི། །རྡོ་རྗེ་སེམས་དཔའ་ཡང་དག་བསྡུས། །ཀུན་མཆོག་དངོས་གྲུབ་ཆེན་པོ་ཡི། །དབང་ཕྱུག་ཆེན་པོ་ཉིད་བྱིན་བརླབས། །དོན་ཡོད་རབ་ཏུ་བདག་བྱིན་བརླབས། །རང་བཞིན་ཉིད་ཀྱིས་ཐམས་ཅད་དུ། །མདོར་ན་ཕྱག་རྒྱ་ཐམས་ཅད་ནི། །རང་ཉིད་བཅིངས་ནས་གྲུབ་པར་འགྱུར། །བདག་བྱིན་བརླབས་དང་དོན་ཡོད་ཕྱིར། །མྱུར་དུ་འབད་མེད་དངོས་གྲུབ་རྣམས། །ལས་ཀྱི་ཚོགས་ཀྱིས་བསྒྲུབས་པ་ཡིས། །དངོས་གྲུབ་ཀུན་མྱུར་འགྲུབ་པར་འགྱུར། །འདི་ཡིས་ཅུང་ཟད་མི་འགྲུབ་མེད། །དངོས་གྲུབ་ལས་དང་དེ་བཞིན་བདེ། །ཐམས་ཅད་བྱིན་བརླབ་བསྒྲུབས་པ་ཡིས། །མི་འགྱུར་བ་ནི་ཀུན་གྲུབ་བྱེད། །ཅེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་


DNG012_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དཔལ་མཆོག་དང་པོ་ལས་དངོས་གྲུབ་ཐམས་ཅད་བྱིན་གྱིས་བརླབ་པའི་ཆོ་ག་མཆོག་ཏུ་གསང་བ་ཞེས་བྱའོ།། །།དེ་ནས་མཆོག་ཏུ་གསང་བའི་རྣལ་འབྱོར་ཐམས་ཅད་ཀྱི་ཆོ་ག་རྗེས་སུ་བཤད་པར་བྱའོ་ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །དེ་ལ་ཐོག་མ་ཁོ་ནར་རེ་ཞིག་དོན་ཡོད་པའི་ཕྱིར་ནི་རྣལ་འབྱོར་གྱི་སྐད་ཀྱི་དབྱིངས་སོ། །འདི་ཡང་བརྩོན་པ་ཡིན་ནོ་ཞེས་བྱ་བ་ནི་སྐད་ཀྱི་དབྱིངས་ཀྱི་དོན་ཏོ། །གང་གིར་བརྩོན་པ་ཡིན་ཞེ་ན། སྨྲས་པ་རང་གི་ལྷག་པའི་ལྷ་རྗེས་སུ་དྲན་པར་སྦྱོར་བས་ན་རྣལ་འབྱོར་རོ། །སླར་ཡང་གཞན་ནི་ཡང་དག་པར་བསྡུ་བ་དང་ཡང་དག་པར་ཀུན་ཏུ་སྦྱོར་བ་དང་ཡང་དག་པར་སྦྱོར་བ་ཞེས་བྱ་བ་ནི་རྣལ་འབྱོར་བརྗོད་པའི་རྣམ་གྲངས་སོ། །གང་ཡང་དག་པར་ཀུན་ཏུ་སྦྱོང་བ་ཡིན་ཞེ་ན། རང་གི་ལྷག་པའི་ལྷ་རྗེས་སུ་དྲན་པའི་རྣལ་འབྱོར་རྗེས་སུ་བསྒྲུབས་པས་རང་གི་ལྷག་པའི་ལྷའི་རྣལ་འབྱོར་བསྒྲུབ་པའི་སྦྱོར་བ་ཞེས་བྱའོ། །དེ་ལ་ཅི་ལྟར་ཐམས་ཅད་ཀྱི་རྣལ་འབྱོར་ཡིན་ཞེ་ན། དམ་ཚིག་གི་རྣལ་འབྱོར་ནི་ཐམས་ཅད་ཀྱི་རྣལ་འབྱོར་ཞེས་བྱ་བ་ཡིན་ནོ། །དེ་བཞིན་གཤེགས་པ་ཀུན་གྱིས་ཀྱང་། །འདའ་བ་རུ་ནི་མི་མཛད་པས། །ཕྱག་རྒྱ་དམ་ཚིག་རྗེས་སུ་བསྒྲགས། །ཡིད་ཀྱི་གཟུགས་ནི་བརྟན་ཕྱིར་རོ། །ཞེས་བྱ་བ་ནི་དམ་ཚིག་གི་དོན་ཏོ། །དེ་ལ་རྗེས་སུ་བསྒྲུབ་པའི་རྣལ་འབྱོར་ནི་དམ་ཚིག་གི་རྣལ་འབྱོར་ཏེ་ཐམས་ཅད་ཀྱི་རྣལ་འབྱོར་ཞེས་བྱའོ། །འདི་ལྟ་སྟེ་རྫས་མང་པོ་ཡང་དག་པར་སྦྱར་བས་སྦྱོར་བ་ཞེས་བྱ་བ་གྲུབ་པ་དེ་བཞིན་དུ། ཐམས་ཅད་ཀྱི་བདག་ཉིད་ཀྱི་ཕྱག་རྒྱའི་སྦྱོར་བའི་ཡང་དག་པར་ཀུན་ཏུ་སྦྱོར་བས་ན་ཐམས་ཅད་ཀྱི་རྣལ་འབྱོར་ནི་དམ་ཚིག་གི་རྣལ་འབྱོར་རོ། །དེ་ལ་ཅི་ལྟར་ན་ཐམས་ཅད་ཀྱི་བདག་ཉིད་ཀྱི་རྣལ་འབྱོར་ཡིན་ཞེ་ན། སངས་རྒྱས་ཀུན་བདག་ཡང་དག་སྦྱོར། །ཅི་ལྟའི་དབྱིབས་དང་སྐུ་དང་ལྡན། །བདག་ཉིད་བདག་ཉིད་ཉིད་ལ་ནི། །བཀོད་ནས་རྗེས་སུ་བསྒྲུབ་པར་བྱ། །ཞེས་བྱ་བ་ནི་རང་གི་དམ་ཚིག་གི་རྣལ་འབྱོར་ཐམས་ཅད་ཀྱི་རྣལ་འབྱོར་ཞེས་བྱའོ། །དེ་ལ་རྗེས་སུ་བསྒྲུབ་པ་ནི། །ལྷག་པའི་ལྷ་ནི་གང་གང་གིས། །ཕྱག་རྒྱ་གང་དག་གང་འཆིང་བ། །


DNG012_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དང་དེ་ཡི་རྣལ་འབྱོར་གྱིས། །ཕྱག་རྒྱ་དེ་དང་དེ་སྦྱོར་བྱ། །ཞེས་བྱའོ། །དེ་ནས་མཆོག་ཏུ་གསང་བའི་རབ་མཆོག་གི་རྗེས་སུ་སྒྲུབ་པའི་ཆོ་ག་རྒྱས་པ་མཆོག་ཏུ་ཤིན་ཏུ་གྲུབ་པ་ནི། བདག་ནི་སངས་རྒྱས་ཐམས་ཅད་ཉིད། །གཟི་བརྗིད་ཅན་ནི་ཉིད་ཀྱང་ཡིན། །རང་གི་ལྷ་ཡི་རྣལ་འབྱོར་གྱིས། །དེ་ཕྱིར་བདག་ཉིད་བརྟག་པར་བྱ། །ཕྱག་རྒྱ་ཐམས་ཅད་ཀྱི་རྣལ་འབྱོར་ཆེན་པོ་མཆོག་ཏུ་གསང་བ་ཞེས་བྱའོ། །དེ་ནས་མཆོག་ཏུ་ཤིན་ཏུ་གསང་བའི་མཆོག་གི་རྗེས་སུ་སྒྲུབ་པའི་ཆོ་ག་རྒྱས་པའི་ཁྱད་པར་ཤིན་ཏུ་མཆོག་ཏུ་གྲུབ་པ་ནི། རང་ལྷའི་སྦྱོར་བ་ཇི་བཞིན་དུ། །སྣ་ཚོགས་ཕྱག་རྒྱའི་དབང་བསྐུར་ལྡན། །ཕྱག་རྒྱ་ཀུན་བདག་རྣལ་འབྱོར་བདག །མི་འགྱུར་མཆོག་ཏུ་གྲུབ་པར་འགྱུར། །རྟོག་པ་ཐམས་ཅད་ཀྱི་སྣ་ཚོགས་པའི་དམ་ཚིག་མཆོག་གི་རྣལ་འབྱོར་ནི་ཡང་དག་པར་ཀུན་ཏུ་སྦྱོར་བ་ཞེས་བྱ་བའོ། །དེ་ནས་གཞན་ཡང་སླར་མཆོག་ཏུ་ཤིན་ཏུ་གསང་བ་མཆོག་གི་རྗེས་སུ་སྒྲུབ་པའི་ཆོ་ག་རྒྱས་པའི་ཁྱད་པར་མཆོག་ཏུ་གྲུབ་པ་ལས་ཀྱང་ཤིན་ཏུ་མཆོག་ཏུ་གྲུབ་པ་ཞེས་བྱ་བ་ནི། རྡོ་རྗེ་སེམས་དཔར་བདག་སྦྱོར་བའི། །ཇི་བཞིན་དབྱིངས་དང་སྐུར་ལྡན་པ། །ཀུན་བདག་ཕྱག་རྒྱའི་རྣལ་འབྱོར་བདག །མི་འགྱུར་མཆོག་ནི་གྲུབ་པར་འགྱུར། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །དམ་ཚིག་གསལ་བའི་རྗེས་འགྲོ་བ། །རྣལ་འབྱོར་ཀུན་བདག་གྲུབ་པ་སྟེ། །གསལ་ཞིང་ཤིན་ཏུ་གྲུབ་མཆོག་ཡིན། །འདི་ཡིས་མི་འགྲུབ་ཅུང་ཟད་མེད། །དངོས་གྲུབ་ལས་དང་དེ་བཞིན་བདེ། །ལས་ཀྱི་ཚོགས་ཀྱི་དངོས་གྲུབ་དང་། །དངོས་གྲུབ་མ་ལུས་མྱུར་དུ་འགྲུབ། །ཅེས་བྱ་བ་ནི་གསང་བའི་དམ་ཚིག་གི་རྣལ་འབྱོར་ཏེ་ཤིན་ཏུ་མཆོག་ཏུ་རབ་ཏུ་གྲུབ་པའོ། །འདོད་པ་ཀུན་ལ་ལོངས་སྤྱོད་ཅིང་། །ཅི་འདོད་པར་ནི་བསྟེན་པ་ཡིས། །རྣལ་འབྱོར་དག་ནི་འདི་དག་གིས། །རང་གི་བདག་ཉིད་རབ་མཆོད་བྱ། །ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤིན་ཏུ་གསང་བ་བླ་ན་མེད་པ་ཐེག་པ་ཆེན་པོའི་དམ་ཚིག་ཆེན་པོའི་རྣལ་འབྱོར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཔལ་གྱི་རང་གི་དམ་ཚིག་


DNG012_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

གི་རྣལ་འབྱོར་དགའ་བ་ཆེན་པོའི་དཔལ་རྡོ་རྗེ་དོན་ཡོད་པའི་དགའ་བའི་དམ་ཚིག་རྣལ་འབྱོར་ཐམས་ཅད་ཀྱི་བླ་ན་མེད་པའི་བཅུད་ཀྱིས་ལེན་གྱི་མཆོག་གི་དངོས་གྲུབ་ཀྱི་རྣལ་འབྱོར་གྱི་རྒྱལ་པོ་དེ་བཞིན་གཤེགས་པ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའོ། །རྡོ་རྗེ་སེམས་དཔའི་མཆོག་གི་ཚེ་དང་ན་ཚོད་གཞོན་པ་དང་ནད་མེད་པ་དང་གཟུགས་དང་ཁ་དོག་དང་གཟི་བརྗིད་དང་མཐུ་དང་སྟོབས་དང་སྤྲོ་བ་དང་དངོས་གྲུབ་མཆོག་ཐམས་ཅད་དང་དཔལ་དང་། སྐལ་བ་བཟང་པོ་དང་དགའ་བ་ཆེན་པོ་དང་ཤིན་ཏུ་བདེ་བ་དང་ཡིད་བདེ་བ་ཐམས་ཅད་ལ་དམ་པ་མཆོག་ཏུ་གྲུབ་པའོ། །ཅི་སྲིད་མ་ལུས་ཤིང་ལུས་པ་མེད་པ་ལ་མ་ལུས་པའི་དངོས་གྲུབ་ཆེན་པོ་དམ་པ་ཐམས་ཅད་ཀྱི་དབང་ཕྱུག་ཆེན་པོའི་བདག་ཉིད་ལ་སོགས་པའི་དངོས་གྲུབ་ཐམས་ཅད་ཀྱི་ལས་ཀྱི་ཚོགས་མཆོག་ཏུ་གྲུབ་པ་སྟེ་རྒྱས་བཏབ་པ་ཙམ་གྱིས་སྐད་ཅིག་གིས་རབ་ཏུ་གྲུབ་པ་ཡིན་ནོ། །དེ་རྒྱུ་གང་གི་ཕྱིར་ཞེ་ན་འདི་ལྟ་སྟེ། སྤྱོད་པ་ཕྱག་རྒྱ་ལ་རག་ལུས། །ཕྱག་རྒྱ་རྣལ་འབྱོར་ལ་གནས་པ། །རྣལ་འབྱོར་ཁྱད་པར་གྱིས་བསྒྲུབ་བྱ། །རྣལ་འབྱོར་དམ་ཚིག་གིས་སྒྲུབ་བྱེད། །སེམས་ནི་སྟོང་པ་སྒྱུ་མར་མཚུངས། །ལུས་དང་བྲལ་བར་མ་གྲུབ་སྟེ། །ལུས་དེ་ཡང་ནི་རྩིག་པ་འདྲ། །བྱ་བ་མེད་ཅིང་སེམས་དང་བྲལ། །ལུས་ཀྱང་སེམས་དང་བྲལ་བ་སྟེ། །སེམས་ཀྱང་ལུས་དང་བྲལ་བ་ནི། །གྲུབ་པ་མ་ཡིན་དེ་བཞིན་འདི། །ཕྱག་རྒྱ་རྣལ་འབྱོར་ཆོ་གར་བརྗོད། །ཅི་ལྟར་ལུས་ནི་སེམས་ཀྱིས་དང་། །སེམས་ཀྱང་ལུས་ཀྱིས་འགྲུབ་འགྱུར་བ། །དེ་བཞིན་ཕྱག་རྒྱ་རྣལ་འབྱོར་གྱིས། །རྣལ་འབྱོར་དམ་ཚིག་བསྒྲུབས་པས་སོ། །དེ་ལྟར་དམ་ཚིག་རྣལ་འབྱོར་དག །ཕན་ཚུན་དུ་ནི་བསྒྲུབ་པའི་ཕྱིར། །ཕན་ཚུན་ནི་ཡང་རྟག་བདག་ཉིད། །དེ་བཞིན་གཤེགས་པར་གྲུབ་པར་འགྱུར། །ཞེས་བྱ་བ་ནི་ཤིན་ཏུ་མཆོག་ཏུ་གསང་བ་མཆོག་ཏུ་གྲུབ་པ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །དེ་ལ་ཅི་ལྟར་ཕྱག་རྒྱ་ཐམས་ཅད་དང་རྣལ་འབྱོར་དག་རྗེས་སུ་སྒྲུབ་པ་ཡིན་ཞེ་ན། ཕྱག་རྒྱ་སྐུ་ནི་བརྟན་པའི་ཕྱིར། །དེ་ཡང་བདེ་བས་བརྟན་པར་


DNG012_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། །སྡུག་བསྔལ་གྱིས་ནི་གཡོ་འགྱུར་རམ། །ཡང་ན་འཆི་བ་ཐོབ་པར་འགྱུར། །དེ་ནི་རྣལ་འབྱོར་སེམས་ལས་བྱུང་། །ཡིད་བདེ་བ་ཡིས་རབ་ཏུ་བསྒྲུབ། །ཡིད་མི་བདེ་བས་གཡོ་བའམ། །ཡང་ན་འགོག་པ་ཐོབ་པར་འགྱུར། །དེ་ཕྱིར་འབད་པ་ཐམས་ཅད་ཀྱིས། །ཕྱག་རྒྱ་རྣལ་འབྱོར་རྗེས་གྲུབ་བྱེད། །དཀའ་ཐུབ་མེད་ཅིང་ངེས་པ་མེད། །བདེ་བ་དགའ་བས་བསྒྲུབ་པར་བྱ། །ཞེས་བྱ་བ་ཤིན་ཏུ་མཆོག་ཏུ་གསང་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །དེ་ལ་དམ་ཚིག་ཐམས་ཅད་ཀྱི་རྣལ་འབྱོར་རྗེས་སུ་སྒྲུབ་པའི་བདེ་བ་གང་ཡིན་ཞེ་ན། འདོད་པ་ཀུན་ལ་ལོངས་སྤྱོད་ཅིང་། །ཅི་འདོད་པར་ནི་བསྟེན་པ་ཡིས། །རང་གི་ལྷ་ཡི་རྣལ་འབྱོར་གྱིས། །བདག་དང་གཞན་རྣམས་མཆོད་པར་བྱ། །ཞེས་བྱ་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བ་བླ་ན་མེད་པའི་ཐེག་པ་ཆེན་པོའི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐེག་པ་ཆེན་པོའི་ཡང་ཆེན་པོའི་རྣལ་འབྱོར་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་མཆོག་ཏུ་བདེ་བ་ཞེས་བྱ་བའོ། །དེ་ལ་དམ་ཚིག་ཐམས་ཅད་ཀྱི་རྣལ་འབྱོར་རྗེས་སུ་སྒྲུབ་པ་གང་ཡིན་ཞེ་ན། དཀའ་ཐུབ་ཉེས་པ་མི་བཟད་པས། །སྡུག་བསྔལ་ལྡན་པས་མྱུར་དུ་བསྐམ། །སྡུག་བསྔལ་གྱིས་ནི་སེམས་གཡེང་འགྱུར། །རྣལ་འབྱོར་ལ་ནི་སྦྱོར་བ་མིན། །དེ་ཕྱིར་ཅི་འདོད་ལ་སྤྱོད་པ། །ཀུན་ཟ་དེ་བཞིན་ཐམས་ཅད་བྱེད། །ཅི་འདོད་བྱ་བ་ལ་སྤྱོད་པ། །ཅི་འདོད་པར་ནི་སྤྱོད་པ་སྤྱོད། །གང་དང་གང་དུ་ཆགས་པ་དང་། །དགོད་པའམ་ནི་སྨྲ་བ་འམ། །གང་དང་དེ་རུ་ཇི་བཞིན་ནོ། །དཀྱིལ་འཁོར་དུ་ནི་མ་ཞུགས་སམ། །སྒྲིབ་པ་རྣམས་དང་ལྡན་པའམ། །རང་གི་ལྷ་ཡི་རྣལ་འབྱོར་བདག །ཚིག་གིས་ཀྱང་ནི་དེ་བཞིན་འགྱུར། །དེ་ཉིད་རྣལ་འབྱོར་འདི་ཡིས་ནི། །ཐམས་ཅད་ཉིད་ནི་བསྒྲུབ་པར་བྱ། །ངན་སྤྱོད་སྡིག་པ་ཐམས་ཅད་ཀྱིས། །རྣམ་པ་ཀུན་དུ་གནོད་མི་འགྱུར། །འདོད་པ་ཆེན་པོ་ཀུན་བདག་ཉིད། །དབང་ཕྱུག་དམ་པ་འགྲུབ་པར་འགྱུར། །ཐམས་ཅད་རྡོ་རྗེ་འཛིན་རྒྱལ་པོ། །ཀུན་མཆོག་དབང་ཕྱུག་དམ་


DNG012_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཉིད། །རྣལ་འབྱོར་འདི་ཡིས་རྙེད་སླ་ན། །དངོས་གྲུབ་རྣམས་དང་ལས་མཆོག་གི། །ཚོགས་རྣམས་གཞན་ལྟ་སྨོས་ཅི་དགོས། །དོན་ཡོད་མཆོག་ཏུ་གྲུབ་པ་དང་། །ཕྱག་རྒྱ་ཐམས་ཅད་རྗེས་གྲུབ་བྱེད། །དཔལ་ལྡན་སྡུག་བསྔལ་ཀུན་འཕྲོག་པའི། །རྣལ་འབྱོར་འདི་ནི་མི་འགྱུར་མཆོག །ཅེས་བྱ་བ་མཆོག་ཏུ་ཡིད་བདེ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །དེ་ལ་རྣལ་འབྱོར་ཐམས་ཅད་བཅིང་བ་ཅི་ལྟར་ཡིན་ཞེ་ན། བསམ་པ་མེད་ཅིང་ཐམས་ཅད་སྨྲ། །དེ་བཞིན་ཐམས་ཅད་བསམས་ནས་ཀྱང་། །ཡེ་ཤེས་ཙམ་ལ་སྙོམས་འཇུག་པ། །རང་བཞིན་ཉིད་དུ་སྙོམས་པར་ཞུགས། །དེ་ལ་ཅི་ལྟར་རྣལ་འབྱོར་ཐམས་ཅད་བཅིང་བ་དང་ལུང་བསྟན་པ་ཡིན་ཞེ་ན། རང་གི་ལྷ་ཡི་སྦྱོར་བ་ཡིས། །དངོས་གྲུབ་ཐམས་ཅད་རབ་སྦྱོར་བས། །ཡེ་ཤེས་ཙམ་ལ་སྦྱོར་བ་འདིར། །རྣལ་འབྱོར་ཞེས་ནི་བརྗོད་པ་ཡིན། །ཞེས་བྱ་བ་ནི་ཕྱག་རྒྱ་ཐམས་ཅད་ཀྱི་རྣལ་འབྱོར་གྱི་ཆོ་ག་མཆོག་ཏུ་ཤིན་ཏུ་གསང་བ་ཞེས་བྱ་བའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཐམས་ཅད་རྣལ་འབྱོར་དང་རྣལ་འབྱོར་ཆེན་པོ་དང་ཤིན་ཏུ་རྣལ་འབྱོར་བཅིང་བ་དང་ལུང་བསྟན་པ་གསུངས་ཏེ། རྡོ་རྗེ་སེམས་དཔའ་བདག་སྦྱོར་བས། །མཆོད་པ་ཀུན་གྱི་རྗེས་སྦྱོར་བ། །རྣལ་འབྱོར་ཐམས་ཅད་རབ་སྦྱོར་འདི། །རྣལ་འབྱོར་ཞེས་ནི་བརྗོད་པར་བྱ། །དེ་ལ་འདི་ལྟར་བརྗོད་བྱ་སྟེ། །དེ་ཉིད་ཆེན་པོ་འདི་གྲུབ་སྟེ། །མཆོག་ཏུ་མཆོག་གི་བདག་ཉིད་ནི། །ཤིན་ཏུ་མཆོག་ཏུ་གསང་བ་སྟེ། །སོ་སོའི་སྐྱེ་བོ་ལ་བརྗོད་མིན། །རྡོ་རྗེ་སློབ་དཔོན་སློབ་མ་མཆོག །དེ་ཉིད་དད་པའི་རྗེས་འབྲང་ལ། །ཐམས་ཅད་རྣལ་འབྱོར་ཆོ་ག་སྦྱོར། །གཞན་རྣམས་ལ་ནི་རིམ་གྱིས་སོ། །འདི་ལ་སྒྲུབ་མེད་ཅུང་ཟད་མེད། །དངོས་གྲུབ་ལས་དང་བདེ་བ་དང་། །ཐམས་ཅད་རྣལ་འབྱོར་རྗེས་བསྒྲུབས་པས། །མི་འགྱུར་ཐམས་ཅད་སྒྲུབ་པར་བྱེད། །རྣལ་འབྱོར་ཆོ་ག་གསལ་བ་འདི། །གཅིག་པུའང་གང་ལ་ཡོད་གྱུར་ན། །གཞན་གྱིས་


DNG012_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཐུབ་མི་སོད་ཅིང་། །བདུད་ལ་སོགས་པས་ནོན་མི་འགྱུར། །དེ་ལ་རྒྱལ་པོ་རྡོ་རྗེ་འཛིན། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །ཀུན་མཆོག་དངོས་གྲུབ་ཆེན་པོ་ཡི། །རྣལ་འབྱོར་དབང་ཕྱུག་རབ་གྲུབ་འགྱུར། །ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །དཔལ་མཆོག་དང་པོ་ལས་ཤིན་ཏུ་གསང་བའི་རྣལ་འབྱོར་ཐམས་ཅད་ཀྱི་ཆོ་ག་མཆོག་ཏུ་ གསང་བའོ།། །།དེ་ནས་རྟོག་པ་ཐམས་ཅད་དོན་ཡོད་ཅིང་ཐོགས་པ་མེད་པ་མཆོག་ཏུ་མཁས་ཤིང་ཕྲ་ལ་རྒྱ་ཆེ་ཞིང་ཟབ་པ་བསམ་གྱིས་མི་ཁྱབ་ཅིང་ཤིན་ཏུ་ཚད་མེད་པ་མ་ལུས་ཤིང་ལུས་པ་མེད་པའི་མཆོག་གི་དངོས་གྲུབ་ལ་སོགས་པའི་དངོས་གྲུབ་ཐམས་ཅད་རབ་ཏུ་སྒྲུབ་པར་བྱེད་པ་མཆོག་ཏུ་གྲུབ་པའི་ཕྱག་རྒྱའི་རྒྱུད་བཤད་པར་བྱའོ། །ཞེས་བྱ་བ་ཕྱག་རྒྱ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྒྱུད་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །གཡོན་པའི་བང་བར་བཀོད་པ་ཡི། །ཞབས་ཀྱི་པདྨ་ཅི་བདེ་བར། །སེམས་དཔའི་སྐྱིལ་མོ་ཀྲུང་བཅིངས་ཏེ། །རང་ཉིད་ལུས་ནི་དྲང་པོར་འཛིན། །རྡོ་རྗེ་གསོར་བས་ཀུན་ལས་རྒྱལ། །མཆོག་གི་དངོས་གྲུབ་ཀུན་གྱི་ཕྱིར། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས། །རྡོ་རྗེ་སེམས་དཔའ་ཉིད་དུ་འགྱུར། །འདིས་ནི་རྡོ་རྗེ་སེམས་དཔའ་འམ། །སངས་རྒྱས་ཉིད་ནི་གཟི་ཅན་ཉིད། །དངོས་གྲུབ་ཀུན་གྱི་དབང་ཕྱུག་ཡིན། །ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། །ཞེས་བྱ་བ་ཐམས་ཅད་ཀྱི་བདག་ཉིད་བརྟན་པའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །དཀྱིལ་འཁོར་དུ་ནི་མ་ཞུགས་ཀྱང་། །ཕྱག་རྒྱ་ཆེན་པོ་ཡོངས་བཟུང་བར། །བདེ་བར་གཤེགས་པ་རྣམས་ཀྱིས་ཀྱང་། །ཕྱག་རྒྱས་མཆོད་ཅིང་བཀུར་བར་འགྱུར། །གང་གིས་འདི་མཐོང་ཕྱག་བྱེད་དང་། །བསྟོད་པ་དང་ནི་མཆོད་པར་བྱེད། །སྟོན་པ་མཐོང་དང་ཕྱག་བྱེད་དང་། །དེ་ཡིས་བདག་པོ་མཆོད་པར་འགྱུར། །དངོས་གྲུབ་ཀུན་གྱི་ཆགས་ཆེན་པོའི། །བདེ་བ་ཕུན་ཚོགས་དབང་ཕྱུག་ཆེ། །ཕྱག་རྒྱ་ཆེན་པོས་གྲུབ་འགྱུར་ཏེ། །རྡོ་རྗེ་སེམས་དཔའ་གཉིས་པ་འདྲ། །ལྷ་ལ་སོགས་པའི་དངོས་གྲུབ་ཀུན། །ལས་ཀུན་


DNG012_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ནི་བདེ་བ་ཡང་། །ཕྱག་རྒྱ་ཆེན་པོའི་བྱིན་རླབས་ཀྱིས། །ཁྱད་པར་དུ་ནི་རབ་ཏུ་འཇུག །དེ་ཡིས་མི་འགྲུབ་གང་ཡང་མེད། །དངོས་གྲུབ་ལས་དང་དེ་བཞིན་བདེ། །ཕྱག་རྒྱ་ཆེན་པོའི་བྱིན་རླབས་པས། །བསྒྲུབས་པའི་སྟོབས་ཀྱིས་མཆོག་ཀུན་འབྱུང་། །དེ་ནས་ཐོག་མ་དང་ཐ་མ་མེད་པའི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སེམས་དཔའ་ཆེན་པོ་ཀུན་གྱི་དཀྱིལ་འཁོར་ཆེན་པོ་ཐམས་ཅད་ཀྱི་དམ་ཚིག་དང་ཆོས་དང་ལས་དང་། གདོན་མི་ཟ་བར་དགུག་པ་དང་གཞུག་པ་དང་འབེབས་པ་དང་རྗེས་སུ་ཆགས་པ་དང་དབང་དུ་བྱེད་པ་དང་བསྒྲུབ་པ་ཐམས་ཅད་མཆོག་གི་སྒྲུབ་པ་ཐམས་ཅད་ཀྱི་དམ་ཚིག་ཆེན་པོའི་ཕྱག་རྒྱ་བདེ་བ་ཆེན་པོའི་རྡོ་རྗེ་གསང་བའི་དམ་ཚིག་ཅེས་བྱ་བའོ། །དེ་བཅིང་བ་ནི་འདི་ཡིན་ཏེ། །སོར་མོ་ཐམས་ཅད་མཉམ་སྦྱར་བས། །རྡོ་རྗེ་ཐལ་མོ་ཞེས་བརྗོད་དོ། །ཀུན་མཆོག་ནང་དུ་བསྡམས་པ་ཡིས། །རྡོ་རྗེ་བསྡམས་པ་བཤད་པ་ཡིན། །རྡོ་རྗེ་བསྡམས་པའི་ནང་དུ་ནི། །མཛུབ་མོ་མཐེ་བོ་ཡང་དག་སྦྱར། །གཡས་པའི་མཐེ་བོང་རྟགས་ཀྱིས་ནི། །རྩེ་མོ་བཀུག་ནས་བཙིར་བར་བྱ། །མདའ་ལྔ་བསྡུས་པ་བཅིངས་ནས་ནི། །དབུས་མ་བཅིངས་པའི་ནང་དུ་གནས། །མཐེ་བོང་མཐེའུ་ཆུང་རྡོ་རྗེར་བསྡམས། །དེ་ཡི་དང་པོའི་རྡོ་རྗེ་མཆོག །རྡོ་རྗེ་བསྡམས་པ་དེ་བཅིངས་ནས། །དབུས་མའི་རྡོ་རྗེ་ལྕགས་ཀྱུ་གཉིས། །དགུག་པའི་ཚུལ་ནི་དེ་ཉིད་ཀྱིས། །རང་གི་སྙིང་གར་ལྕགས་ཀྱུས་བརྡེག །ལྕགས་ཀྱུའི་རྒྱལ་པོ་འདི་ཡིས་ནི། །རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །དགའ་བའི་རྡོ་རྗེ་ལྕགས་ཀྱུས་དགུག །སླར་ཡང་ཉེ་བའི་སྙིང་པོ་སྒྲུབ། །སྙིང་གར་བརྡེག་པ་དྲག་པོ་ནི། །རྗེས་སུ་ཆགས་པའི་མེ་ཡིས་གདུངས། །སྙིང་པོ་འཕྲོག་པས་དབང་གྱུར་དགྱེས། །མྱུར་དུ་བྱོན་ནས་གྲུབ་པར་འགྱུར། །ཞེས་བཅོམ་ལྡན་འདས་ཆགས་པ་ཆེན་པོ་དང་བདེ་བ་ཆེན་པོ་རྡོ་རྗེ་ཆེན་པོ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་གསུངས་སོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའི་རྡོ་རྗེ་ལ་སོགས་པ་དང་བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་


DNG012_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་བཏབ་པས་འོངས་ཏེ་མྱུར་དུ་འགྲུབ་པར་འགྱུར་རོ། །གལ་ཏེ་མ་འོངས་ན་འཇིག་པར་འགྱུར་རོ། །བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་ཅེས་བྱ་བའི་སྙིང་པོ་མཆོག་གི་ཕྱག་རྒྱའོ། །རྡོ་རྗེ་མཆོད་ཡོན་རྡོ་རྗེ་ཐལ་མོ་ཤིན་ཏུ་རབ་ཏུ་བརྐྱང་བའི་ཐལ་མོའོ། །དེ་ནས་དང་པོའི་རྡོ་རྗེའི་ཕྱག་རྒྱ་དབུས་མའི་རྡོ་རྗེ་བཟུང་བའི་མེ་ཏོག་གི་ལྕུག་མས་བཟླ་བར་བྱའོ། །རྡོ་རྗེའི་ཆུ་དང་རྡོ་རྗེ་ཁུ་ཚུར་གྱིས་དབང་བསྐུར་ན། ཐམས་ཅད་ཀྱི་བདག་པོ་ཉིད་དང་ཚེ་འཕེལ་བ་ལ་སོགས་པའི་དངོས་གྲུབ་ཐམས་ཅད་ལ་དགོས་པ་ཡིན་པས་བཏུང་བ་བྱས་ན་སྡུག་བསྔལ་ཐམས་ཅད་འཇོམས་པ་ཡིན་ནོ། །དེ་ནས་དང་པོའི་དཀྱིལ་འཁོར་དུ་འཇུག་པའི་ཕྱག་རྒྱ་ནི། བ་དན་གསུམ་དང་ཁ་ཊྭཱྃ་ག །བཅིངས་ན་ཅི་ནུས་པར་ནི་དགའ། །རྡོ་རྗེ་གར་བསྐོར་དགྲོལ་བ་ཡི། །ཡོངས་སུ་བསྐོར་བར་འཛིན་པ་ཆེ། །ཀ་པུ་ཏ་ཁའི་སྦྱོར་བ་ནི། །སྤྱི་བོར་བཞག་སྟེ་ཕབ་ནས་ཀྱང་། །སྒེག་བཅས་མཛུབ་མོ་མཐེའུ་ཆུང་སོགས། །བཀྲོལ་ནས་རྡོ་རྗེ་ཅན་ལ་དབུལ། །འདི་ཡིས་དཀྱིལ་འཁོར་མ་ཞུགས་ཀྱང་། །རྡོ་རྗེ་སློབ་དཔོན་ཉིད་ཐོབ་འགྱུར། །རང་ཉིད་ཞུགས་པ་ཙམ་གྱིས་ནི། །མཆོད་པས་དོན་ཡོད་གྲུབ་ཕྱིར་རོ། །ཡོངས་སུ་རྫོགས་པའམ་མ་ཚང་བ། །ཡང་ན་སླར་ཡང་ཅི་སྙེད་པའི། །མེ་ཏོག་ལ་སོགས་མཆོད་མཚན་ནས། །ཐུན་མོང་དངོས་གྲུབ་ཀུན་སྩོལ་བའི། །བ་དན་གསུམ་མཆོག་ཁ་ཊྭཱྃ་ག །སྒེག་བཅས་མཐའ་མ་ལ་སོགས་བཀྲོལ། །གློག་འགྱུ་མཆོག་ཏུ་བསྐོར་བ་ཡིས། །རྡོ་རྗེ་གར་ཞེས་དེ་བཤད་དོ། །སྒེག་མོ་དགའ་བའི་རྡོ་རྗེ་ནི། །རྡོ་རྗེ་གར་གྱི་མཆོད་པས་མཆོད། །སྒེག་པ་དང་བཅས་པའི་འཛུམ་པའི་མིག་གིས་ཕྱག་འཚལ་བས་རྡོ་རྗེ་སེམས་དཔའ་དང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་རྗེས་སུ་ཆགས་པར་བྱས་ནས་ཕྱག་བྱེད་དུ་གཞུག་པའོ། །རྡོ་རྗེ་ཐལ་མོ་བསྐོར་བས་མ་ལུས་པར་བྱས་ནས་ཐམས་ཅད་ལ་བསྟོད་པའི་ཕྱག་རྒྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ལྕགས་ཀྱུ་མཆོག་ནི་རྡོ་རྗེ་བསྡམས་པའི་མཐེ་བོ་བསྟན་པའི་སྐྱིལ་མོ་ཀྲུང་མཛུབ་མོ་གཉིས་བཀུག་པའི་ལུས་ཅན་


DNG012_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་མ་མཉམ་པའི་ཁ་འབུས་པའི་མཆོག་གི་ཡན་ལག་སྤྱི་བོར་བཞག་ལ་གཡས་ལོགས་སུ་ཐམས་ཅད་ལ་ཅོད་པན་བཅིངས་ལ་མདུན་ལོགས་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་མདུད་པའི་ཚུལ་བྱ་སྟེ། ཕྲེང་བ་བཅིངས་པ་བྱས་ལ་སྒེག་པ་དང་བཅས་པས་མཐེའུ་ཆུང་ལ་སོགས་པ་བཀྲོལ་ཏེ་ལོགས་གཉིས་ལ་དར་དཔྱངས་འཆིང་བའི་ཚུལ་དུ་བྱས་ལ་མཉམ་པའི་ཐལ་མོས་རྒྱས་བཏབ་པས། རྡོ་རྗེ་སེམས་དཔའི་དབང་བསྐུར་བར་འགྱུར་བ་ཡིན་ནོ། །དེ་ནས་བདེ་བ་ཆེན་པོའི་རྡོ་རྗེ་བདུད་རྩིའི་ཆུས་དབང་བསྐུར་བར་བྱས་ཏེ། ཐམས་ཅད་ཀྱི་རྡོ་རྗེ་སློབ་དཔོན་ཉིད་དང་རྡོ་རྗེ་འཆང་ཆེན་པོ་ཉིད་དུ་འགྱུར་བ་ཡིན་ནོ། །རྡོ་རྗེའི་ཁུ་ཚུར་གྱིས་རྡོ་རྗེ་རྩེ་ལྔ་པ་རྡོ་རྗེའི་འོད་ཟེར་འབར་བའི་རྩེ་མོ་ཅན་ཁ་དོག་དམར་པོ་སྦྱིན་པར་བྱའོ། །སློབ་མས་ཀྱང་སློབ་དཔོན་ལ་ཡོན་ཕུལ་ལ་དེ་ནས་མེ་ཏོག་ལ་སོགས་པའི་དབང་བསྐུར་བ་ཐམས་ཅད་ཐམས་ཅད་ཀྱི་སློབ་དཔོན་ལས་རྡོ་རྗེ་ཐལ་མོ་བསྐོར་བའི་ཕྱག་འཚལ་བའི་ཕྱག་རྒྱས་བླང་བར་བྱ་སྟེ་དེ་ལྟར་ན་དཀྱིལ་འཁོར་ཐམས་ཅད་ཀྱི་ཆོ་གའོ།། །།དེ་ནས་དངོས་གྲུབ་ཐམས་ཅད་ཀྱི་དབང་ཕྱུག་གྲུབ་པའི་རྡོ་རྗེ་འཆང་ཆེན་པོ་རྒྱལ་པོ་སྒྲུབ་པའི་ཕྱག་རྒྱའི་རྒྱུད་ནི། བདེ་བ་ཆེན་པོའི་གསང་བ་ཆེན་པོའི་ལྕགས་ཀྱུ་རང་གི་སྙིང་པོའི་སྔགས་ལན་ཅིག་བརྗོད་པས་རྡོ་རྗེ་སེམས་དཔའ་སྤྱན་དྲང་བའོ། །སེམས་དཔའི་སྐྱིལ་མོ་ཀྲུང་དང་ལྡན་པས། རྡོ་རྗེ་གར་གྱི་མཆོད་པ་དབུལ་བས་གློག་འགྱུ་བའི་གར་དང་རྡོ་རྗེ་ཁུ་ཚུར་ཡོངས་སུ་བཟུང་བས་བསྙེམས་པ་དང་བཅས་པའི་རྡོ་རྗེ་མཚོན་ཆ་མ་ལ་སོགས་པ་བསྒྲེང་བར་བྱས་ལ་སྒེག་མོ་དགའ་བའི་རྡོ་རྗེ་མས་ཕྱག་བྱའོ། །རྡོ་རྗེ་གླུས་ནི་གླུ་ལེན་ཅིང་། །བཟླས་པའི་དོན་ནི་ཅི་བདེ་བར། །རྡོ་རྗེ་གར་གྱི་མཆོད་པ་ཡིས། །ཡང་དག་མཆོད་ནས་མྱུར་དུ་གྲུབ། །དེ་ལས་དང་པོའི་རྡོ་རྗེའི་གསང་བའི་གླུ་འདི་དང་པོ་ལ་སོགས་པ་རྣམས་ཀྱིས་བླང་བར་བྱ་སྟེ། ཐམས་ཅད་བདེ་བ་དམ་པ་རྗེས་སུ་ཆགས་པའི་ཐུགས། །རྡོ་རྗེ་སེམས་དཔའ་ཁྱེད་ནི་རབ་ཏུ་དགའ་བ་ཡིན། །བདེ་བ་ཆེན་པོ་བརྟན་ཞིང་འཐོར་བར་བདག་གྱུར་ཅིག །སོ་སོར་རྟོགས་ཤིང་མྱུར་དུ་བསྒྲུབས་


DNG012_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་ཕྱག་འཚལ་ལོ། །རྡོ་རྗེའི་གླུ་ནི་འདི་ཉིད་ཀྱིས། །བདེ་ཆེན་ལ་ནི་ལན་ཅིག་བསྟོད། །རྗེས་སུ་ཆགས་ནས་ཤིན་ཏུ་དགྱེས། །བརྟན་པར་གྱུར་ནས་སྒྲུབ་པར་འགྱུར། །ཕྱག་རྒྱ་ཆེན་པོ་ལན་ཅིག་ཏུ། །སྙིང་པོས་བདག་ཉིད་བྱིན་གྱིས་བརླབ། །ཤིན་ཏུ་གཡོ་མེད་ལྕེ་རྩེ་དང་། །སོ་དང་མཆུ་གཉིས་ཡང་དག་ལྡན། །རྡོ་རྗེ་དག་ནི་དབྱངས་དང་བྲལ། །རིགས་ཀུན་རབ་ཏུ་གྲུབ་པར་བྱེད། །རི་བི་ཏ་སོགས་ཧཱུྃ་གི་གླུ། །རྒྱན་ལྡན་ཅི་འདོད་ཅི་ནུས་པར། །དྲུག་ལྡན་ལ་སོགས་སྙན་པའི་གླུ། །ཅི་འདོད་གཱ་མ་རཱ་གའི་གླུ། །རབ་དགའ་རྡོ་རྗེ་གར་གྱིས་ནི། །གན་དར་བ་ཡི་གླུ་མཆོག་བླང་། །ངག་འདི་ནི་མཆོག་ཏུ་གྲུབ་པ་ཡིན་ཏེ། བཟླས་པ་ཐམས་ཅད་ལ་དགོས་པ་ཅི་སྲིད་མངོན་པར་འདོད་པའི་བཟླས་པའོ། །བཟླས་པའི་དོན་ནི་ཉེ་བའི་སྙིང་པོ་ཤེས་པ་ཡིན་ཏེ།རྡོ་རྗེ་སེམས་དཔའ་སྒྲུབ་པའོ། །ཕྱག་རྒྱ་ཆེན་པོས་རང་ལ་བྱིན་གྱིས་བརླབས་ནས། རྡོ་རྗེའི་ལྟ་བས་དེ་བཞིན་དུ་བལྟ་ཞིང་། རྡོ་རྗེ་བསྙེམས་པས་འཛིན་ཅིང་ཡི་གེ་ཧཱུྃ་དང་གླུའི་བཟླས་པས་བཅོམ་ལྡན་འདས་བསྒྲུབ་པར་བྱའོ། །ལན་ཅིག་བསྒྲུབ་པ་ནི་ཇི་ལྟ་བ་བཞིན་མངོན་པར་འདོད་པའི་བཟླས་པས་སོ། །དེ་ནས་དེའི་འོག་ཏུ་ཇི་ལྟར་མངོན་པར་བརྩོན་པ་དང་ཇི་ལྟར་འདོད་པ་དང་ཇི་ལྟར་མངོན་པར་འདོད་པ་དང་ཇི་ལྟར་བྱིན་གྱིས་བརླབས་ནས་ཡི་གེ་ཧཱུྃ་གི་གླུའི་བཟླས་པས་དགའ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དགའ་བའི་ཤུགས་ཀྱིས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་པོ་ཐམས་ཅད་ཅི་ལྟ་བ་བཞིན་དུ་འདོད་པ་དང་ཇི་ལྟར་དགའ་བ་བསྒྲུབ་པའོ། །དེ་ནས་ཕྱག་རྒྱ་ཆེན་པོ་ནི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས། །ཇི་བཞིན་གཟུགས་ཀྱི་རྗེས་འབྲང་བས། །མཚན་མའི་ཕྱག་རྒྱ་ཡང་དག་ལྡན། །སེམས་དཔའ་ཆེན་པོ་རང་ཉིད་འགྱུར། །དེ་ནས་དམ་ཚིག་གི་ཕྱག་རྒྱ་ནི་བདེ་བ་ཆེན་པོའི་རྡོ་རྗེ་བཤད་པའོ། །འདི་ལས་རྡོ་རྗེ་མདའ་ལ་སོགས་པ་འབྱུང་བ་ཡིན་ནོ། །འདི་ལྟ་སྟེ་ཕྱི་རོལ་དུ་ཁ་བལྟས་པའི་མཛུབ་མོ་གཉིས་བཀུག་པ་ཙམ་ནི་རྡོ་རྗེ་མདའོ། །མཐེ་བོ་ཡོངས་སུ་བཅིང་བ་ནི་རྡོ་རྗེ་ཀཱི་ལི་ཀཱི་ལའོ། །མཐེ་བོ་གཉིས་ཁ་


DNG012_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱེ་ནས་མཛུབ་མོ་གཉིས་ཀྱི་རྩེ་མོས་དབུས་མ་འདྲེན་པའི་སྲིན་ལག་དང་མཐེའུ་ཆུང་མཉམ་པའི་ཁ་ཕྱེ་བ་ནི་རྡོ་རྗེ་ཆུ་སྲིན་ནོ། །བརླ་གཉིས་ལ་བསྐོར་ཞིང་གནས་པ་ནི་རྡོ་རྗེ་འདོད་པའི་དབང་ཕྱུག་མའོ། །རྡོ་རྗེ་ཐལ་མོ་རང་གི་སྙིང་གར་བསྐོར་བས་སྒེག་པ་དང་བཅས་པའི་མིག་གིས་བལྟ་ཞིང་མགོ་བོས་ཕྱག་བྱས་ལ་སྤྱི་བོར་བཞག་ལ་ཕབ་སྟེ་གྱེན་དུ་གཏོར་བ་དང་འོག་ཏུ་བླུགས་པ་དང་མཐེ་བོང་སྦྱར་ནས་བསྐོར་བ་དང་རབ་ཏུ་བརྐྱང་ཞིང་བྱུག་པ་ནི་མེ་ཏོག་དང་སྤོས་དང་མར་མེ་དང་དྲི་དབུལ་བའི་རྡོ་རྗེ་མཆོད་པ་རྣམས་སུ་བརྗོད་པ་ཡིན་ནོ། །ཕྱིའི་མཚམས་རྣམས་སུ་རྡོ་རྗེ་ཐལ་མོ་སྙིང་གར་བསྐོར་བས་སྒེག་པའོ། །ཁ་ལ་ཡོངས་སུ་བསྐོར་ནས་སྤྱི་བོར་འཇོག་པའོ། །གཡོན་པའི་མཛུབ་མོ་བཀུག་པའི་གཡོན་པ་གཡས་པས་བཀུག་པས། རྡོ་རྗེ་པི་ཝང་བརྡུང་ཞིང་རྡོ་རྗེ་གླུས་མངོན་པར་བསྟོད་པའོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་གར་བྱས་ལ་སྤྱི་བོར་རྡོ་རྗེ་ཐལ་མོ་བཅིང་བའོ། །རྡོ་རྗེ་བསྡམས་པ་ནང་དུ་བཅིངས་པའི་གཡས་པའི་མཛུབ་མོ་ལྕགས་ཀྱུའོ། །མཐེ་བོང་གཉིས་ཀྱིས་མདུད་པའོ། །མཛུབ་མོ་དང་མཐེ་བོང་རྣམས་ཀྱི་མདུད་པའོ། །གཉིས་ཀྱི་ནང་དུ་མཐེ་བོང་བཅིངས་པའོ། །དེ་ནས་གསང་བའི་དམ་ཚིག་རྣམས་ནི་བདེ་བ་ཆེན་པོ་རྡོ་རྗེ་དམ་ཚིག་གི་གསང་བའི་ལྕགས་ཀྱུ་སྟེ་དེ་ལས་བྱུང་བ་ནི། མཐེབ་མཛུབ་རྩེ་སྦྱར་དབུས་མའི་རྩེ། །མིག་འབྲས་ལྟར་བྱས་འཛིན་པའོ། །དབུས་མའི་རྡོ་རྗེའི་འོག་ཏུ་ནི། །མཐེ་བོང་གིས་མནན་བཙིར་བར་བྱ། །རྡོ་རྗེ་འདྲེན་པ་དང་འདྲ་བ། །སྲིན་ལག་མཐེའུ་ཆུང་ཁ་ཕྱེ་བ། །བསྐོར་ནས་པུས་མོར་བཞག་པ་སྟེ། །གཞན་རྣམས་ཐམས་ཅད་ཇི་བཞིན་བཤད། །དམ་ཚིག་གི་རྡོ་རྗེ་འབེབས་པ་མཛུབ་མོ་གཉིས་བཀུག་པ་གཉིས་སུ་བྱས་ན་རྡོ་རྗེ་ཁུ་ཚུར་རོ། །དེ་ནས་ལས་དང་དམ་ཚིག་གི་ཕྱག་རྒྱ་ནི།རྡོ་རྗེ་དང་བཅས་པའི་ཁུ་ཚུར་གཉིས་ཀྱིས་སོ། །འདི་ལྟ་སྟེ་གཡོན་པ་བསྙེམས་པས་གཡས་པ་སྟོད་པའི་ཚུལ་གྱིས་སྙིང་གར་གཟུང་བ་སྟེ། རྡོ་རྗེ་བསྙེམས་པའོ། །སྟོང་པ་དང་བཅས་པའི་སྙིང་གར་འཛིན་པའོ། །རྡོ་རྗེ་སྟོད་པའི་ཚུལ་ནི་ཀི་ལི་ཀི་ལའོ། །


DNG012_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་མཚན་སྒྲེང་བའོ། །བསྙེམས་པ་གཉིས་སྟོད་པ་ནི་འདོད་པ་ཐམས་ཅད་ཀྱི་རྡོ་རྗེ་དབང་ཕྱུག་མའོ། །མཚམས་རྣམས་སུ་ནི་རྡོ་རྗེ་གར་མ་བཤད་པའོ། །སྒེག་མོ་ལ་སོགས་པ་ཡང་དེ་བཞིན་ནོ། །རྡོ་རྗེ་སྒོ་བ་རྣམས་ཀྱི་ནི་གཡོན་པའི་མདུད་པ་ལག་པ་གཡས་པ་སྟེང་དུ་བྱུང་བས་རྡོ་རྗེ་བཀའ་བསྒོ་བ་བྱེད་པའོ། །དེས་གཡས་པ་བསྟོད་པའོ། །མཛུབ་མོ་དང་མཐེ་བོང་མཁྲིག་མར་བཟུང་སྟེ་མདུད་དེ་བཙིར་རོ། །རང་གི་སྙིང་གར་དྲིལ་བུ་དཀྲོལ་བའི་ཚུལ་ལོ། །འདི་རྣམས་ཀྱིས་ཐམས་ཅད་དགུག་པ་དང་བཅིང་བ་དང་གཞུག་པ་དང་། དོན་ཡོད་པར་བསྒྲུབ་པར་བྱའོ་ཞེས་བྱ་བ་ཡང་གསུངས་སོ། །ཇི་བཞིན་གྲུབ་མཆོག་མཚན་མ་རྣམས། །དངོས་གྲུབ་ཆེན་པོ་མྱུར་དུ་སྩོལ། །དང་པོའི་ཕྱག་རྒྱ་དགེ་འདི་དག །དཀྱིལ་འཁོར་མེད་པ་རྣམས་ཀྱང་འགྲུབ། །དེ་ནས་དངོས་གྲུབ་མེད་བསྒྲུབ་པའི་ཕྱག་རྒྱ་ཆེན་པོ་བཅིང་བ་ནི། དང་པོའི་རྡོ་རྗེ་ཕྱག་རྒྱ་བཞིའི་ཕྲེང་བའི་ཚུལ་དུ་བསྒྲུབ་པར་བྱའོ། །གཞུག་པ་དང་དགུག་པ་དང་བརྟན་པ་དང་ལས་རྣམས་ལྟ་བས་སོ། །རྟགས་དང་ལྟེ་བ་དང་སྙིང་ག་དང་དབང་བསྐུར་བ་དང་སྤྱི་བོར་གཞག་པར་བྱའོ། །དབུས་མའི་རྡོ་རྗེ་སྙིང་ག་དང་རྟགས་དང་ཁ་དང་དབང་བསྐུར་བའི་གནས་སུ་བཞག་ནས་བཏུང་བར་བྱའོ། །མཛུབ་མོ་དང་དབུས་མ་དང་སྲིན་ལག་དང་མཐེའུ་ཆུང་གི་རྡོ་རྗེའོ། །དཔུང་པ་དང་སྙིང་ག་དང་ལྕེ་དང་སྤྱི་བོར་བསྟོད་པའོ། །ནམ་མཁར་བསྐྱེད་པ་དང་མཛུབ་མོ་དང་སྲིན་ལག་འབར་བ་དང་སྙིང་གར་དགའ་བ་དང་རང་གི་ལུས་ལ་བསྐོར་བའོ། །ཐམས་ཅད་བསྐོར་ནས་དབང་པོ་ཀུན་ལ་གཞག་པར་བྱའོ། །དབུས་མའི་རྡོ་རྗེ་དབང་པོ་ཐམས་ཅད་ལ་རེག་པའོ། །རང་གི་ལས་བྱེད་པས་སོ། །དབང་བསྐུར་བར་བཞག་ནས་དེ་བཞིན་དུ་དངོས་གྲུབ་བྱེད་པའོ། །ས་ལ་བཞག་ནས་བྱའོ། །ཐམས་ཅད་དུ་བསྐོར་ནས་ཡིད་ཀྱིས་སྤྲུལ་པར་བྱའོ། །འཛུམས་པ་མེད་པའི་ཁྲོ་ཞིང་འབར་ལ་གཡོ་བ་ནི་ལྟ་བས་བལྟ་བའོ། །བཟའ་བ་དང་བཏུང་བ་དང་རྐེད་པ་བསྐྱོད་པ་དང་སྤྱི་བོར་བཀའ་བསྒོ་བའོ། །ཐམས་ཅད་དུ་བསྐོར་ཞིང་ཐམས་ཅད་དུ་དྲན་པས་སོ། །མཐེའུ་


DNG012_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་དང་མཐེ་བོང་དང་དབུས་མའི་རྡོ་རྗེ་བཞི་སྙིང་གར་བྱའོ། །མཛུབ་མོ་གཉིས་ཀྱིས་ཡི་གེ་ཧཱུྃ་དང་བཅས་པས་དགུག་པར་བྱའོ། །དབུས་མའི་རྡོ་རྗེས་དཔྲལ་བར་འཕྲེད་ལ་མིག་བྱེད་པས་སོ། །རང་གི་སྙིང་གར་བཅིངས་ལ་གཡོ་བ་མེད་ཅིང་མ་བཙུམས་པའི་ལྟ་བས་ས་འོག་ཏུ་བལྟ་ཞིང་ཧ་ཧཱུྃ་དྷྃ་ཞེས་བརྗོད་པར་བྱའོ། །གནོད་སྦྱིན་ལ་སོགས་པའི་གདོང་པ་བྲིས་ནས་རྡོ་རྗེས་དགུག་པའོ། །འོག་གི་ཕྱོགས་སུ་བཞག་ན་རྟག་པར་འགྱུར་རོ། །ཁའི་དབུས་སུ་བཞག་ན་རབ་ཏུ་ཞུགས་པར་འགྱུར་རོ། །ཕྱག་བྱས་ན་མཆོད་པར་འགྱུར་རོ། །སྙིང་གས་གྲུབ་པར་འགྱུར་རོ། །ཅིག་ཆར་དུ་སོར་མོ་ཐམས་ཅད་དྲལ་བ་ནི་ཡིད་ཀྱི་ལས་སོ། །བཅིངས་ནས་ཛཿཧཱུྃ་བྃ་ཧོཿ།དབུས་མའི་ཕྱི་རོལ་དུ་བཅིངས་པས་སྤྱི་བོ་དང་སྙིང་ག་དང་ཁ་དང་ཕྱོགས་རྣམས་བསྐོར་བའོ། །སྙིང་གར་བཞག་ནས་རང་གི་རྡོ་རྗེར་བསྒོམ་པའོ། །རང་ཉིད་བྱང་ཆུབ་སེམས་དཔའ་བསྒོམ་པའོ། །རང་ཉིད་དེ་བཞིན་གཤེགས་པ་རྗེས་སུ་དྲན་པའོ། །རང་ཉིད་རྡོ་རྗེ་འཆང་ཆེན་པོར་རྗེས་སུ་དྲན་པའོ། །དེ་ནས་ལས་ཀྱི་ཚོགས་རྣམས་བསྒྲུབ་པའི་ཕྱག་རྒྱའི་རྒྱུད་ནི། རྡོ་རྗེ་གར་ལས་བྱུང་བའི་ཕྱག་རྒྱ་རྡོ་རྗེ་འཆང་བདག་དང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང་དོན་ཡོད་ཅིང་ཐོགས་པ་མེད་པའོ། །རྡོ་རྗེ་སྐུ་མཆོག་གི་གཙུག་ཏོར་གྱི་ལས་ནི། རྡོ་རྗེ་བསྡམས་པ་བཙིར་བ་དང་དབུས་མའི་ནོར་བུ་དང་བསྐོར་བ་དང་སོར་མོ་ཐམས་ཅད་ཀྱི་རྡོ་རྗེ་དང་སོར་མོ་ལྷག་མའི་འོད་ཟེར་གྱི་འཁོར་ལོའོ། །ཁྲོ་བོ་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་ཕྱོགས་ཀྱི་འཁོར་ལོ་བསྐོར་ཞིང་བསྐོར་བའོ། །ཁར་བསྐོར་བའོ། །སྙིང་གར་ཕབ་ཅིང་འབར་བར་བྱེད་པས་ཕྱོགས་ཐམས་ཅད་དུ་རྡོ་རྗེ་འབར་བའི་ར་བ་སྟེ་ཁྲོ་བོ་ཆེན་པོ་འབར་བའི་རྡོ་རྗེ་དག་གིས་ཀྱང་འཇུག་པར་མི་ནུས་སོ། །དམ་ཚིག་བརྗོད་པར་བྱའོ། །བསྒྲུབ་པ་ལ་བརྩམ་མོ། །རྡོ་རྗེ་སེམས་དཔའི་རྡོ་རྗེ་ལྟ་བའི་འཕྲོག་པ་རྣམས་ཀྱིས་གསུམ་དང་བཞི་དང་ཕྱིར་ལྡོག་པ་དང་རྟག་ཏུ་འབྱུང་བ་དང་དཔག་ཏུ་མེད་པ་ནི་བསྐོར་ཞིང་བཙུམ་པ་མེད་པའི་མིག་གིས་རབ་ཏུ་ཞི་བའོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་


DNG012_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

མཐེའུ་ཆུང་གི་ལྕགས་ཀྱུའི་མདུད་པ་དང་མཛུབ་མོ་གཉིས་མཉམ་པའི་ལས་ནི་སྙིང་གར་རབ་ཏུ་བཞག་པའོ། །བྱབ་པའོ། །མཛུབ་མོའི་རྩེ་མོས་གནན་པར་བྱའོ། །དགོད་པས་རབ་ཏུ་བཞག་པའོ། །ཡོངས་སུ་བསྐོར་ནས་དེ་བཞིན་དུ་མཛོད་སྤུར་གཞག་པར་བྱའོ། །ཁ་ཊྭཱྃ་ག་གཉིས་ཀྱིས་རྡོ་རྗེ་བཅིངས་པས་མཐེའུ་ཆུང་རྡོ་རྗེའི་ལེགས་པར་བྱེད་པའི་ཚུལ་གྱིས་ཉེ་བར་འཕེལ་བའོ། །བསྡུས་པའི་དོན་གྱི་ཚུལ་ལོ། །རྡོ་རྗེ་ས་བཏེག་པའོ། །ཐལ་མོས་འཕྲོག་པའོ། །རྡོ་རྗེས་བརྡུང་བའོ། །རྡོ་རྗེ་བསྡམས་པའི་མཛུབ་མོ་གཉིས་བཀུག་ཅིང་བསྙམས་ལ་ནང་དུ་བཞག་སྟེ་མཐེ་བོང་གཉིས་ཁ་ཕྱེ་བའི་མཆེ་བ་ནི་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱའོ། །དེས་མཐིལ་དཔྲལ་བར་བརྡབ་པའོ། །མཛུབ་མོའི་སེན་མོ་བྲུད་པའོ། །དབུས་མའི་རྡོ་རྗེ་བསྟན་པའོ། །བྱབས་ནས་མྱུར་དུ་ཕྱག་རྒྱ་བཀྲོལ་བའོ། །སོར་མོ་སྦྱར་ནས་རྡོ་རྗེ་གཙུག་ཏོར་རོ། །བ་དན་གསུམ་པ་གཉིས་ཁ་གྱེན་དུ་ཁ་བལྟས་པ་དང་འོག་ཏུ་ཁ་ལྟ་བའི་མཛུབ་མོ་དང་དབུས་མའི་མདུད་པ་བྱས་ལ་མཛུབ་མོ་དང་དབུས་མ་དེ་དག་འདུས་པའོ། །རྡོ་རྗེ་ཧཱུྃ་མཛད་ཀྱི་ལས་སོ། །མདུད་པ་བཙིར་བའོ། །ཅིག་ཆར་དུ་ཕྱག་རྒྱ་བཀྲོལ་བའོ། །བཙིར་ནས་དྲལ་བའོ། །དབུས་མས་བསྣུན་ཏེ་ནམ་མཁའ་ལས་ལྟུང་བའི་ཚུལ་ལོ། །སློང་བའི་ཚུལ་ཡང་ངོ་། །བ་དན་གསུམ་པ་གཉིས་མཉམ་པའི་མཐེའུ་ཆུང་རྩེ་མོའི་རྡོ་རྗེ་དབུས་མ་མདུད་པས་ཡོངས་སུ་བསྐོར་ལ་དབང་བསྐུར་བའི་གནས་སུ་མཛུབ་མོའི་རྩེ་མོ་བཞག་པའོ། །དབྱེ་བ་ནི་ཡི་གེ་ཧཱུྃ་གིས་སོ། །གདོན་ལས་དགྲོལ་བ་ནི་ཡི་གེ་ཧཱུྃ་མུ་ཡིས་སོ། །འཆི་བ་སློང་བ་ནི་ཡི་གེ་ཨ་ཡིས་སོ། །ཚེ་འཕེལ་བ་ནི་ཡི་གེ་ཧཱུྃ་གི་གླུས་སོ། །ཤིན་ཏུ་བསྲུང་བ་ནི་ཡི་གེ་ཧྃ་གི་ཆོས་ཀྱི་ངག་གིས་སོ། །པདྨ་ཆེན་པོ་བཅིངས་ནས་ཅི་སྲིད་འདོད་པའི་བཟླས་པའམ། ཡང་ན་པདྨའི་ཁུ་ཚུར་གཡོན་པ་བསྙེམས་པར་མར་དང་ཏིལ་མར་དང་ཏིལ་དང་འབྲས་དང་ཁམས་ཀྱི་ཕྱེ་མ་སྦྱིན་སྲེག་མཆོག་ཏུ་གྲུབ་པ་སྟེ། ཨོཾ་ནི་བ་ར་ཎ་སརྦ་དྷརྨ་ཏཱ་བཛྲ་ཧ་ནི་ཧྃ། ཨོཾ་བི་ར་ཛོ་བི་ག་ཏ། སརྦ་དྷརྨ་བཛྲ་ཧ་རི་ཎི་ཧྃ། ཨོཾ་སྃ་ནོ་པ་སརྦ་དྷརྨ་པྲ་ཏི་བི་དྷ་བཛྲ་ཧ་རི་ཎི་ཧྃ།


DNG012_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ནི་རི་ཏི་མི་ཏ་སརྦ་དྷརྨ་ཏཱ་བཛྲ་ཧ་ར་ཎི་ཧྃ། ཨོཾ་སྭ་བྷཱ་བ་བྷ་ས་ར་སརྦ་དྷརྨ་ཧ་རི་ཎི་ཧྃ། ཀ་ཏ་ཀ་གཉིས་ཀྱི་རྡོ་རྗེ་བསྡམས་པ་ལེགས་པར་བྱེད་པའི་ཚུལ་གྱིས་སེན་མོ་བྲུད་པའོ། །འོག་དང་སྟེང་དུ་རྡོ་རྗེ་བསྡམས་པས་བསྐྱོད་པའོ། །རྡོ་རྗེ་བསྡམས་པའི་མཐེའུ་ཆུང་ལ་སོགས་པ་བཀྲོལ་བས་གར་རོ། །རྡོ་རྗེ་བསྡམས་པའི་མཛུབ་མོའི་རྡོ་རྗེ་ངག་འབྱིན་པའོ། །བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་གི་ལྕགས་ཀྱུས་བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་ལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་གཟུགས་བརྙན་གྱི་ཚུལ་གྱིས་གསལ་བར་སྟོན་པ་དང་། སྒྲ་བརྙན་གྱི་ཚུལ་གྱིས་སེམས་ཅན་ཐམས་ཅད་དང་བདག་ཉིད་ལ་བདེན་པ་ཐོས་སུ་གཞུག་པའོ། །རྡོ་རྗེ་ཁྲོ་བོའི་ཁུ་ཚུར་གཉིས་བཅིངས་ནས་རྡོ་རྗེ་ལྟ་བའི་ལས་སོ། །འདི་ལྟ་སྟེ་འཛུམས་པ་མེད་པའི་ལྟ་བ་སྦྱིན་པའོ། །མིག་འབྲས་སྟེང་དུ་ཡོངས་སུ་བསྐོར་བའོ། །བཙུམས་པས་མྱུར་དུ་ལྟུང་བའོ། །འོག་ནས་བསླད་པའོ། །བྱབ་པ་ཡང་ངོ་། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་མཛུབ་མོ་བཀུག་ཅིང་ཡོངས་སུ་བསྐོར་ཏེ་མཆེ་བ་རྣམ་པར་གཙིགས་པའི་འཇིགས་པའི་གདོང་གིས་གཡོ་བ་མེད་པ་ཉིད་དོ། །ཡན་ལག་ཐམས་ཅད་གློད་པར་འགྱུར་བའོ། །རབ་ཏུ་གཉིད་ལོག་ཅིང་ཁ་གདངས་པའོ། །རང་གི་སྙིང་གར་བརྡེག་པའོ། །མྱུར་དུ་མྱང་བའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་ཁ་གདངས་ཏེ་འཇིགས་པར་བྱེད་པའི་ཁ་དང་ལྡན་པས་སྐྲ་གྱེན་དུ་བརྫེས་པའི་སྤྱི་བོས་འོག་ནས་གྱེན་དུ་བསླང་བར་བྱ་བའི་ལས་ནི་ཡི་གེ་བྷོ་དང་།རྡོ་རྗེ་ཁུ་ཚུར་མནན་པ་དང་ཡི་གེ་ཧཱུྃ་དང་བཅས་པའི་ཡན་ལག་གི་མཆོག་གི་སྡིགས་མཛུབ་དང་། རང་ཉིད་མྱུར་དུ་ཁྲོས་པས་ལྟུང་བའོ། །རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་སྲིན་ལག་དང་མཐེའུ་ཆུང་མཉམ་པ་ཁ་ཕྱེ་བའི་བ་དན་རྒྱལ་མཚན་མཆོག་གི་དཔུང་རྒྱན་གྱི་ལས་ནི་ཕྱག་འཚལ་བ་དང་དགོད་པ་དང་ལྕེ་སྐྱོང་བ་དང་དཔུང་པ་གཉིས་བསྙེམས་པས་སྟོད་པ་དང་རྒྱལ་མཚན་བསྒྲེང་བའོ། །སེམས་དཔའི་སྐྱིལ་མོ་ཀྲུང་གིས་གནས་ཤིང་རྡོ་རྗེ་གསོར་བ་ཉིད་ཀྱིས་ནི་ནམ་མཁའ་དབུགས་གཏོར་བ་དང་ཀུན་ཏུ་གཡོ་ཞིང་བཙུམས་པའི་ལྟ་བས་


DNG012_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

ཆར་འབེབས་པའི་ཚུལ་དང་ཁྲོ་བོ་རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་བཟླས་པ་དང་ལྟ་བ་དབྲོག་པ་དང་དྲང་བས་ཡན་ལག་བསྐོར་ཞིང་ཐམས་ཅད་རབ་ཏུ་འབར་བར་བྱེད་པ་འབེབས་པའོ། །རྡོ་རྗེ་བསྡམས་པའི་རྡོ་རྗེ་དྲན་མའོ། །རྡོ་རྗེ་བསྡམས་པའི་གཡོན་པའི་མཛུབ་མོ་བཀུག་པའི་ཤིང་བུ་གཡས་པའི་མཛུབ་མོས་བསྡུས་པ་ནི་རྡོ་རྗེ་བིང་བང་ངོ་། །རྡོ་རྗེ་བསྡམས་པའི་ལག་མཐིལ་དག་མཉེ་བའོ། །ཁ་དབུས་མཉམ་པའི་དབུས་མ་ལྕེའོ། །རབ་ཏུ་དགའ་བའི་རྡོ་རྗེའི་ཕྱག་རྒྱའོ། །བདེ་བ་ཆེན་པོ་རྡོ་རྗེ་མཆོད་པའི་ལས་ནི་དང་པོའི་གླུའི་བཟླས་པ་ཅི་སྲིད་མངོན་པར་འདོད་པའོ། །གཡོ་བ་མེད་ཅིང་དགོད་པ་དང་དགུག་པ་ནི་རབ་ཏུ་དགའ་བའི་རྡོ་རྗེའི་ལྟ་བའི་ལྕགས་ཀྱུ་མས་སོ། །རང་གི་མ་མཆུ་སོ་དག་གིས་ནང་དུ་ཡོངས་སུ་བཟུང་བའོ། །རང་གི་དབང་པོ་བསྐྱེད་པའོ། །རབ་ཏུ་དགའ་བའི་རྡོ་རྗེའི་གར་གྱིས་ཡིད་ཀྱིས་འདོད་པའི་བཀའ་བསྒོ་བ་ཡང་སྟེ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་སྦྱོར་བ་དེས་ཀྱང་འདའ་བར་མི་ནུས་ན་བརྟན་པ་དང་གཡོ་བའི་དངོས་པོ་གཞན་ལྟ་སྨོས་ཀྱང་ཅི་དགོས། །རྡོ་རྗེ་ཐལ་མོའི་མཐེ་བོ་གཉིས་སེམས་དཔའི་སྐྱིལ་མོ་ཀྲུང་གི་མཛུབ་མོ་སྒྲེང་བ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་སྐུ་མཆོག་སྟེ་འདི་སྐད་ཅིག་གཅིག་ཙམ་བཟུང་བས་ཤིན་ཏུ་བྱིན་གྱིས་བརླབས་ནས་བཅོམ་ལྡན་འདས་བཟུང་ཞིང་མཆོད་ནས་སྒྲུབ་པར་འགྱུར་བ་དང་། དངོས་གྲུབ་ཐམས་ཅད་ལ་གྲུབ་པ་དང་དགོས་པ་ཡིན་ནོ། །སྤྱི་བོར་བཞག་སྟེ་སྟེང་ནས་གཡས་སུ་བསྐོར་བར་བྱའོ། །ས་ལ་བཞག་ནས་ཁྲོ་གཉེར་གྱིས་གྱེན་དུ་དྲང་བར་བྱའོ། །གནོད་སྦྱིན་གྱི་གཟུགས་བརྙན་བྲིས་ལ་དེའི་སྙིང་གར་གཞག་པར་བྱས་ན་མངག་གཞུག་ཏུ་འགྱུར་རོ། །དབང་ཕྱུག་ཆེན་པོའི་གནས་སུ་ཁྲོ་ཞིང་བཟླས་པར་བྱའོ། །མ་མོའི་གནས་སུ་བཅིང་བ་ལ་ཡི་གེ་བྷྱོ་སྦྱར་བར་བྱ་སྟེ་མ་མོ་འཁོར་དང་བཅས་པ་ཐམས་ཅད་བསྙེན་བཀུར་བ་དང་རོལ་མོ་ལ་སོགས་པའི་བཀའ་བསྒོ་བ་ཐམས་ཅད་བྱེད་པར་འགྱུར་རོ། །རྡོ་རྗེ་གསོར་བའི་ཕྱག་རྒྱས་ཁྲོ་བ་དང་བཅས་པའི་བཞད་པའི་གདོང་གིས་ལས་འདི་ལྟར་བྱ་བ་ཡིན་ཏེ་འདུས་ན་རྐང་པ་གཡོན་པས་མནན་ནས་བསྒྲུབ་པར་བྱའོ། །མདུན་དུ་གཞོན་ནུ་མ་བསྒྲུབ་ཅིང་མིག་གཉིས་ཀྱིས་འཕྲོག་པར་སྦྱར་བར་


DNG012_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །བྷ་ག་བྲིས་ནས་བལྟས་ཏེ་བསྒྲུབ་པར་བྱའོ། །དབང་ཕྱུག་ཆེན་པོ་རྐང་པ་གཡོན་པས་མནན་ལ་ཡི་གེ་ཧཱུྃ་སྦྱར་བར་བྱའོ། །འདོད་པའི་དབང་ཕྱུག་རྡོ་རྗེའི་མདས་བསྣུན་ཏེ་དེ་ནས་འོག་ཏུ་ཁ་བལྟ་བར་བཞག་སྟེ་གསོར་བར་བྱེད་པའོ། །རྡོ་རྗེ་གསང་བའི་མཆོད་པས་བདེ་བ་ཆེན་པོའི་དམ་ཚིག་ཅེས་བྱ་བའི་བཤད་པའོ། །ཐམས་ཅད་རྡོ་རྗེར་བྱེད་པ་ནི་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་གོ་ཆ་བཅིང་བར་བྱས་ལ་སྤྱི་བོ་དང་དབང་བསྐུར་བའི་གནས་སུ་གཉིས་གཉིས་བཞག་ལ་ལོགས་གཉིས་ལ་གཉིས་དང་ཕྲེང་བའི་ཚུལ་གྱིས་དེ་བཞིན་དུ་དར་དཔྱངས་བཅིངས་པས་སོ། །གཡོན་དུ་རྡོ་རྗེའི་མདའ་འཕང་བའོ། །རྡོ་རྗེ་བསྙེམས་མའོ་ཕྱག་རྒྱ་ཆེན་པོ་ཡང་ངོ་། །དཔལ་མཆོག་དང་པོ་ལས་ཕྱག་རྒྱ་ཐམས་ཅད་ཀྱི་རྒྱུད་ཀྱི་ཆོ་ག་རྒྱས་པའོ།། །།དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱའི་རྒྱུད་ནི་སེམས་དཔའི་རྡོ་རྗེ་མའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་རོ། །རྡོ་རྗེ་རིན་ཆེན་གྱིས་དབང་བསྐུར་བ་བྱས་ན་རྡོ་རྗེ་རྩེ་ལྔ་པ་འོད་ཟེར་དང་བཅས་པ་སྦྱིན་པར་བྱའོ། །མཆོད་པ་ནི་མཉམ་པའི་ཐལ་མོ་ཅི་ལྟ་བ་བཞིན་དུ་གྱེན་དུ་གཏོར་བ་ལ་སོགས་པ་རྣམས་ཀྱིས་སོ། །དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་བཅིངས་པ་ནི་གཡོན་པའི་མཛུབ་མོ་ཕྱི་རོལ་དུ་ཁ་བལྟས་པ་གཡས་པའི་ཁུ་ཚུར་ཁ་བལྟས་པས་བཟུང་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་མངོན་པར་རྫོགས་པའི་བྱང་ཆུབ་མཆོག་གི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་ཞེས་བྱ་བར་བརྗོད་པ་སྟེ། དོན་ཡོད་ཅིང་ཐོགས་པ་མེད་པ་འདི་བཅིངས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་དང་འབྲས་བུ་དང་ལྡན་པ་དང་བདུད་ལ་སོགས་པ་གཞན་གྱིས་ཐུབ་པར་མི་འགྱུར་རོ། །ཕྱག་རྒྱ་འདི་གང་གིས་བཅིངས་པ་དེ་ནི་དེ་བཞིན་གཤེགས་པ་ཉིད་དུ་རྟོགས་པར་བྱེད་པའོ། །དེ་མཆོད་ན་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པར་འགྱུར་རོ། །དེ་ལ་ཕྱག་རྒྱ་ཆེན་པོ་ཐམས་ཅད་ཀྱི་ཆོ་ག་རྒྱས་པའོ། །དམ་ཚིག་གི་ཕྱག་རྒྱ་ནི་པདྨ་ཆེན་པོའོ། །རྡོ་རྗེའི་ཕྱག་རྒྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་དུ་རྟོགས་པར་བྱེད་པའོ། །དེ་


DNG012_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་ན་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པར་འགྱུར་རོ། །སྐུ་མཆོག་ནི་བཤད་དོ། །རྡོ་རྗེ་ལས་ཀྱི་ཕྱག་རྒྱ་བཤད་པའོ། །རྡོ་རྗེ་ཐལ་མོ་འོག་ཏུ་བརྐྱང་ལ་མཐེ་བོ་དང་མཛུབ་མོ་རྩེ་མོ་བཅིངས་པ་སྙིང་ག་ལས་བཏེག་སྟེ་དབང་བསྐུར་བའི་གནས་སུ་རྩེ་མོ་རབ་ཏུ་བཞག་པ་ནི་རིན་ཆེན་མའོ། །དེ་ཉིད་གྱེན་དུ་ཁ་ལྟ་བའི་མཛུབ་མོ་གཉིས་ཕྱིར་བཀུག་པས་རྡོ་རྗེ་པདྨའོ། །སེམས་མ་རྡོ་རྗེ་མ་ནི་ཕྱི་རོལ་དུ་དབུས་མ་བཅིངས་པའོ། །ཆོས་ཀྱི་ཕྱག་རྒྱའོ། །དེ་ནས་ལས་ཀྱི་ཕྱག་རྒྱ་ནི་རྡོ་རྗེ་ཁུ་ཚུར་ཞེས་བཤད་དོ། །གཡོན་པ་ཆོས་གོས་དང་བཅས་པ་རང་གི་སྙིང་གར་སྟོད་པའི་ཚུལ་གྱིས་བཟུང་སྟེ། གཡས་པས་ས་གནོན་ཞིང་རབ་ཏུ་རྒྱལ་བར་བྱེད་པ་ཞེས་བྱ་བ་སྟེ་དེས་བདུད་ཀྱི་སྟོབས་རྣམས་འཇོམས་པའོ། །དེ་ཉིད་ཡོངས་སུ་བསྐོར་ཏེ་གྱེན་དུ་ཁ་ལྟ་བར་བཟུང་ནས་གཟེངས་བསྟོད་པ་ཞེས་བྱ་བ་ལྟུང་བ་སློང་བར་བྱེད་ཅིང་ལུང་སྟོན་པར་བྱེད་པའོ། །དེ་ཉིད་ཆོས་གོས་མཐའ་མར་པདྨའི་འདབ་མ་ཁ་འབྱེད་པར་བྱེད་པ་ཆོས་འབྱུང་སྟེ། ཆོས་ཐམས་ཅད་སྦྱོང་བར་བྱེད་པའོ། །དེ་ཉིད་བ་དན་གསུམ་གྱིས་བཟུང་བ་སློང་བར་བྱེད་པ་སྟེ་གདོན་མི་ཟ་བར་དངོས་གྲུབ་སྩོལ་བའོ། །འདི་རྣམས་གཡས་པས་ལས་བྱེད་ཅིང་དོན་ཡོད་པ་དང་བཅིངས་པ་ཙམ་གྱིས་འགྲུབ་པའོ། །ལྷག་མ་ནི་ཅི་ལྟ་བ་བཞིན་དུ་བཟུང་བས་སོ། །དེ་ནས་ལས་ཀྱི་ཕྱག་རྒྱ་རྣམས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་ནད་གཟིར་བའོ། །མིག་ཡོངས་སུ་སྦྱོང་བའོ། །སྙིང་གར་གཞག་པའོ། །བྱབ་པའོ། །ཁུ་ཚུར་གྱིས་འཕྲོག་པའོ། །བཟའ་བའོ། །ཁྲོས་ནས་གཏོར་བར་བྱའོ། །ཕུར་བུ་གདོན་པའོ། །རྟིང་པ་ལ་བརྡེག་པའོ། །ཡི་གེ་ཨོཾ་བྲིས་ནས་དབྱི་བར་བྱའོ། །སོ་རྣམས་ཀྱིས་གཟུང་བར་བྱའོ། །ཡི་གེ་ཧཱུྃ་དང་བཅས་པས་བརྡེག་པར་བྱའོ། །མཚོན་ཆ་བྲིས་ནས་དབྱི་བར་བྱའོ། །ཀུན་ཏུ་སྦྱིན་སྲེག་བྱའོ། །དཱུར་བའི་སྦྱིན་སྲེག་བྱའོ། །སྤྱི་བོར་བཞག་ལ་ལྟ་བས་བྱབ་པར་བྱའོ། །སྟེང་དུ་ཁ་ཊྭཱྃ་ག་གཟུང་བའོ། །རང་གི་ཁྱིམ་དུ་བསྐོར་བར་བྱའོ། །རང་གི་ཁྱིམ་དུ་གཞག་པར་བྱའོ། །འཇུག་པར་བྱའོ། །སྙིང་ག་ལས་གདོན་པར་བྱའོ། །


DNG012_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ལ་བསྐོར་བར་བྱའོ། །ངག་འབྱིན་པའོ། །སྙིང་གར་བཙིར་བར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་ཆེན་པོ་ནི་སྐུ་མཆོག་གོ། །བརྟན་པར་བྱའོ། །དབང་པོ་ལ་གཞག་པར་བྱའོ། །ཁ་ལའོ། །དེ་ཉིད་དུ་བསྐོར་བར་བྱའོ། །དཔྲལ་བར་གཞག་པར་བྱའོ། །སྙིང་གར་རོ། །དཔུང་པ་གཉིས་ལའོ། །བརླ་གཉིས་ལའོ། །ཕྲེང་བ་བཅིང་བའོ། །དབང་པོ་རྣམས་ལའོ། །སྤྱི་བོ་ལའོ། །གདོང་པ་ལའོ། །ཁ་ལས་བཏོན་ནས་སོ། །ཐམས་ཅད་དུ་བསྐོར་བར་བྱའོ། །ཕྱོགས་རྣམས་སུ་བསྐོར་བར་བྱའོ། །རང་དང་གཞན་དག་དེ་བཞིན་གཤེགས་པ་རྗེས་སུ་དྲན་པའོ། །སྙིང་ག་ལས་རྗེས་སུ་དྲན་པའོ། །སྙིང་གར་བཞག་ནས་དགའ་བ་བསྐྱེད་པར་བྱའོ། །སངས་རྒྱས་ཉིད་བསྐྱེད་པར་བྱའོ། །སངས་རྒྱས་ཐམས་ཅད་ཉིད་བསྒོམ་པའོ། །ཕུང་པོ་ལྔ་ལ་གཞག་པར་བྱའོ། །རྫ་མཁན་གྱི་འཁོར་ལོ་ལྟར་བསྐོར་བར་བྱའོ། །ལུས་རྗེས་སུ་དྲན་པའོ། །ལྕེ་ལ་གཞག་པར་བྱའོ། །ཡིད་ཀྱིས་མངོན་པར་གདུང་བར་བྱའོ། །གཏོང་བ་རྗེས་སུ་དྲན་པའོ། །ཚུལ་ཁྲིམས་སོ། །བྱམས་པའོ། །བརྩོན་འགྲུས་སོ། །ཏིང་ངེ་འཛིན་ནོ། །ཤེས་རབ་བོ། །ཡེ་ཤེས་སོ། །སྟོབས་སོ། །ཐབས་སོ། །ངེས་པར་བརྗོད་པའོ། །གཟུངས་སོ། །སའོ། །སྤྱོད་པའོ། །སོ་སོ་ཡང་དག་པར་རིག་པའོ། །མ་འདྲེས་པའོ། །ཆོས་སོ། །ལས་སོ། །ལུས་སྣ་ཚོགས་སོ། །སེམས་ཅན་གྱི་དོན་ནོ། །སངས་རྒྱས་ཀྱང་དོན་ནོ། །ལུས་སོ། །ངག་གོ། །ཡིད་དོ། །རྡོ་རྗེ་ཆེན་པོའོ། །ཨོཾ་བོ་དྷི་ཙིཏྟ་བཛྲེ། ཨོཾ་ས་མནྟ་བྷ་ཏྲེ་ཙཱ་རྱེ་བི། ཨོཾ་ཙིནྟཱ་མ་ཎི། ཨོཾ་ཨ་ནི་རོ་དྷི། ཨོཾ་ཛི་ཏི་བི་ར་བ་ར་ཏེ། ཨོཾ་སརྦ་ཛྙཱ་ནེ། ཨོཾ་མ་ཧཱ་རཱ་ག་དྷརྨ་ཏེ། ཨོཾ་བིདྱཱ་ཀ་པ་ཙེ། ཨོཾ་བཛྲ་དྲྀ་ཌྷ་ཙིཏྟེ་ཧཱུྃ། ཨོཾ་སརྦ་ཏ་ཐཱ་ག་ཏ། ཨོཾ་སྭ་བྷཱ་བ་བི་ཤུད་དྷཱ་དྷརྨ་ཏཱ་ཛྙཱ་ན་བི་ཤུད་དྷི། ཨོཾ་ཀརྨ་བི་ཤུད་དྷི། ཧཱུྃ་སུམ་བྷ་བཛྲི་ཎི་ཕཊ། ཨོཾ་ཀརྨ་རཱ་གེ། ཨོཾ་བཛྲ་བཛྲི་ཎི། ཨོཾ་ཧཱུྃ་སརྦ་དྷརྨ་ཎི། ཨོཾ་ཧྲཱྀཿ། ཨོཾ་ཨ་ཀཱ་རོ་མུ་ཁྃ། ཨོཾ་པྲ་ཛྙཱ་བཱ་ར་མི་ཏཱ་ཡཻ། བྃ་ཧཱུྃ། ཨོཾ་ཨྃ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡཱ་གྲེ། ཨོཾ་སརྦ་ཏ་ཐཱ་ག་ཏ་བི་ཤུད་དྷི། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ། ཨ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངག་གི་ཕྱག་རྒྱ་


DNG012_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

ནི་དབྱངས་ཤིན་ཏུ་ཟབ་པའི་སྒྲ་དང་ལྡན་པའི་ཕྱག་རྒྱའི་ཆོས་ཀྱི་ངག་སྟེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངག་ཐོགས་པ་མེད་པར་འགྲུབ་པའོ། །དེ་ནས་བཟླས་པ་ནི་རྗེས་སུ་དྲན་པས་སོ། །བསྒྲུབ་པ་ལ་དེ་བཞིན་ནོ། །ལས་ལ་ཉེ་བར་སྦྱོར་བ་ན་དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་དྲན་པས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་བཅིང་བའོ། །དེ་ནས་རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་ཕྱག་རྒྱ་བཅིང་བ་ནི་དེ་ལ་ཕྱག་རྒྱ་ཆེན་པོ་ནི་བདག་ཉིད་ཐམས་ཅད་ཀྱི་རྗེས་སོ། །དམ་ཚིག་གི་ཕྱག་རྒྱའི་རྒྱུད་ནི་རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ལ་སོར་མོ་ཐམས་ཅད་ཀྱི་འབར་བའི་དཀྱིལ་འཁོར་གྱི་ནང་མཐེ་བོང་གི་རྡོ་རྗེ་བཞག་ལ་ཁམས་གསུམ་པ་ཐམས་ཅད་བསྲེག་པ་དང་། འཚེད་པ་དང་། ཐལ་བར་བྱེད་པར་ནུས་ཏེ་བཅོམ་ལྡན་འདས་ཀྱིས་ཀྱང་དབང་དུ་བྱེད་པར་འགྱུར་རོ། །དེ་ཉིད་ཀྱི་གཡོན་པའི་སོར་མོ་སྡིགས་མཛུབ་བྱ་ཞིང་གཡས་པའི་ལྕགས་ཀྱུས་དགུག་པར་བྱས་ན་ཐམས་ཅད་དགུག་པའོ། །རྡོ་རྗེ་ཧཱུྃ་མཛད་ཀྱི་ཕྱག་རྒྱ་ནི་ཁྲོ་བོའི་རྡོ་རྗེ་ཁུ་ཚུར་གཉིས་པའི་རྡོ་རྗེས་མཐེའུ་ཆུང་གི་ལྕགས་ཀྱུ་བཅིངས་ཏེ། དེས་སྡིགས་མཛུབ་བྱ་ཞིང་ལས་ཐམས་ཅད་དང་དངོས་གྲུབ་ཐམས་ཅད་ཉམས་སུ་མྱོང་བ་ཡིན་ནོ། །རྡོ་རྗེ་ཐལ་མོས་མཛུབ་མོ་བཅིངས་ལ་ཁྲོ་གཉེར་ཐུར་དུ་གཞག་པར་བྱ་ཞིང་མེ་སྟག་ཏུ་མྱུར་དུ་འཕྲོ་ཞིང་གཡོ་བ་ནི་རྡོ་རྗེ་ཁྲོ་གཉེར་རོ། །ཐམས་ཅད་སྲེག་པར་བྱེད་པ་དང་། ཐམས་ཅད་འདུལ་བར་བྱེད་པ་དང་། །རབ་ཏུ་འདུལ་བར་བྱེད་པ་ནི་ཁྲོ་གཉེར་གྱི་ཕྱག་རྒྱའོ། །རྡོ་རྗེ་ཐལ་མོ་ལེགས་པར་བསྐོར་བས་གཡོན་པའི་མཛུབ་མོ་ལྕགས་ཀྱུ་སྟེ། དགུག་པ་དང་གཞུག་པ་དང་བསྒྲུབ་པ་ཐམས་ཅད་ལ་དོན་ཡོད་པའོ། །རྡོ་རྗེ་པདྨ་དབུས་མཉམ་པའི་ཁ་འབུས་ཀྱི་མཛོད་དོ། །རྡོ་རྗེ་པདྨ་ནི་ཐམས་ཅད་གཅོད་པར་བྱེད་པའོ། །རྡོ་རྗེ་བསྡམས་པ་ནི་མཐེ་བོ་དང་མཛུབ་མོའི་གདུ་བུས་གཡས་པའི་ཧཱུྃ་གིས་མཛུབ་མོ་བཟུང་སྟེ་ཐམས་ཅད་དགུག་པ་དང་གཞུག་པ་དང་མཆོག་ཏུ་གྲུབ་པའོ། །རྡོ་རྗེ་ཧཱུྃ་མཛད་ལས་བྱུང་བ་ནི་གཡས་པའི་མཛུབ་མོས་གཡོན་པའི་ཡི་གེ་ཧཱུྃ་བཟུང་བ་སྟེ་གཞུ་རྒྱུད་འདྲེན་པ་ཞེས་བྱ་བ་ཐམས་ཅད་རྗེས་སུ་ཆགས་པར་བྱེད་པ་དང་འབིགས་པར་བྱེད་པའོ། །རྡོ་རྗེ་བསྡམས་པ་ལས་རྡོ་རྗེ་ཧཱུྃ་མཛད་ཀྱི་


DNG012_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གོ། །རྡོ་རྗེ་བསྡམས་པའི་གཡོན་པའི་རྡོ་རྗེ་ཁུ་ཚུར་གཡས་པའི་རྩེ་གསུམ་གྱིས་མཚན་པས་ཡོངས་སུ་བཟུང་བ་སྟེ་ཐམས་ཅད་དྲལ་བར་བྱེད་པའོ། །རྡོ་རྗེ་ཧཱུྃ་མཛད་ཀྱི་གཡས་པའི་ཁུ་ཚུར་གྱི་མཐེའུ་ཆུང་ཡང་དག་པར་བརྐྱང་པ་གཡོན་ལག་པའི་སྟེང་དུ་བཞག་པ་ནི་ཁ་ཊྭཱྃ་ག་སྒྲེང་བ་སྟེ། གདུག་པ་ཐམས་ཅད་ཀྱི་ཕྱག་རྒྱ་ཕྱེ་ཞིང་དྲལ་བར་བྱེད་པ་དང་། རྒྱས་འདེབས་པ་དང་། གསོད་པ་དང་། ཟ་བ་ལ་སོགས་པའི་ཡོ་བྱད་ཐམས་ཅད་གཡས་པས་འཁོར་ལོ་བཟུང་བའི་ཚུལ་གྱིས་སྟོད་ཅིང་དོར་བ་སྟེ། ཐམས་ཅད་གཅོད་པ་དང་། གཅོད་པར་བྱེད་པའོ། །རྡོ་རྗེ་ཆེན་པོའི་ཁྲོ་བོའི་རྡོ་རྗེའོ། །གཡས་པའི་རྡོ་རྗེ་འབེབས་པ་དང་སྦྱོར་བ་སྤྲོ་ཞིང་གཡོ་བའི་འདབ་མ་ཅན་གྱི་བ་དན་གསུམ་པའོ། །རྡོ་རྗེ་བསྡམས་པའི་མཐེ་བོང་དང་མཛུབ་མོ་གཉིས་ཀྱིས་རྡོ་རྗེ་ལས་བྱུང་བའི་སྲིན་ལག་མཉམ་པར་སྦྱར་ཞིང་མཐེའུ་ཆུང་ཁ་ཕྱེའོ། །དཔལ་ཐམས་ཅད་བྱེད་པ་དང་། རྣམ་པར་རྒྱལ་བར་བྱེད་པ་དང་། གདུག་པ་ཐམས་ཅད་འཇོམས་པར་བྱེད་པ་དང་། ཐམས་ཅད་འབེབས་པར་བྱེད་པའོ། །རྡོ་རྗེ་སེམས་དཔའི་དབང་བསྐུར་བཤད་པའོ། །རྡོ་རྗེའི་རིགས་ཐམས་ཅད་ཀྱི་ནི། རྡོ་རྗེ་ཐལ་མོ་མཉམ་བྱས་ལ། །མཛུབ་མོ་གཉིས་ཀྱིས་དར་དཔྱངས་ཅིང་། །མཐེ་བོ་སྲིན་ལག་རྡོ་རྗེ་ནི། །ཡོངས་སུ་བསྐོར་ཏེ་དབང་བསྐུར་རོ། །འབར་བའི་རྡོ་རྗེ་རྩེ་ལྔ་པ་ཕྱག་ནས་གཟུང་བར་བྱའོ། །ཅི་འབྱོར་པས་སློབ་དཔོན་ལ་ཡོན་ཕུལ་ཏེ་དངོས་གྲུབ་ཐམས་ཅད་ཀྱི་མཆོག་ཕུན་སུམ་ཚོགས་པ་རྣམས་འགྲུབ་པར་འགྱུར་རོ་ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །རྡོ་རྗེ་ཕྱག་རྒྱ་རྡོ་རྗེ་ཏི་རིནྟི་རི་ལས་འབྱུང་བ་སྟེ་དོན་ཡོད་ཐམས་ཅད་སྒྲུབ་པར་བྱེད་པའོ། །དེ་ནས་ལས་ཀྱི་ཕྱག་རྒྱ་བཞི་ནི་དམ་ཚིག་གི་ཕྱག་རྒྱའི་ལྷ་མོ་རྣམས་སོ། །དེ་ནས་བཅོམ་ལྡན་འདས་ཀྱི་ལས་ཀྱི་དམ་ཚིག་ནི་རྡོ་རྗེ་ཁུ་ཚུར་གཡོན་པས་བསྙེམས་པ་ཐམས་ཅད་སྒྲུབ་པ་དང་། གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་རྡོ་རྗེ་གསོར་བ་སྟེ་འདིས་ཐམས་ཅད་བརྒྱལ་བ་དང་། འབར་བ་དང་། སྲེག་པ་དང་། ལྟུང་བ་དང་། རྒྱས་བཏབ་པ་དང་། གསད་པ་དང་། སློང་བ་དང་། ཁམས་གསུམ་ལས་རྣམ་པར་རྒྱལ་བ་དང་། བརྟན་པ་དང་། གཡོ་བ་ཐམས་ཅད་ལ་


DNG012_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པར་སྦྱོར་བ་དང་། དངོས་གྲུབ་དང་། མཆོག་ཐམས་ཅད་བསྒྲུབ་པའོ། །དེ་ནས་ལས་ཀྱི་ཕྱག་རྒྱ་ནི་རྡོ་རྗེ་ཁུ་ཚུར་སྡིགས་མཛུབ་དང་བཅས་པའི་མཛུབ་མོ་ནི་ཁྲོ་བོའི་རྡོ་རྗེ་ཁུ་ཚུར་རོ། །དེ་དག་གི་ལས་དམ་ཚིག་གི་ཕྱག་རྒྱའོ། །མཛུབ་མོའི་སོར་མོ་གཉིས་ཀྱིས་ཐམས་ཅད་དགུག་པའོ། །སྙིང་གར་ཅིག་ཤོས་དང་གཡས་པས་གདུག་པ་ཐམས་ཅད་གཅོད་པའོ། །མཁྲིག་མའི་མདུད་པས་གཡས་པའི་ཁྲོ་བོ་འགུགས་པས་ཐམས་ཅད་དགུག་པ་དང་རབ་ཏུ་གཞུག་པའོ། །སྟོང་པ་དང་བཅས་པའི་མདའ་འཕངས་པའོ། །དེ་བཞིན་དུ་རྡོ་རྗེ་རྩེ་གསུམ་པ་ལ་སོགས་པའི་རྡོ་རྗེ་གར་གྱི་སྦྱོར་བས་རང་གི་ཕྱག་རྒྱ་གྱེན་དུ་འཕངས་པའོ། །ལས་ཀྱི་དམ་ཚིག་གི་ཕྱག་རྒྱ་གྱེན་དུ་འཕངས་པའོ། །ལས་ཀྱི་དམ་ཚིག་གི་ཕྱག་རྒྱ་གཉིས་སུ་བྱས་ལ་རྡོ་རྗེ་ཐལ་མོ་རྣམས་ཀྱི་ལས་ཀྱི་ཕྱག་རྒྱ་སྟེ་རྡོ་རྗེ་གར་གྱི་སྦྱོར་བ་རང་གི་དམ་ཚིག་གི་ཕྱག་རྒྱ་སྟེང་དུ་དོར་བ་སྟེ་ཐམས་ཅད་ལ་རྒྱས་གདབ་པ་དང་། བསྒྲུབ་པ་དང་། གསོད་པ་དང་། འབེབས་པ་དང་། འཚོ་བར་བྱེད་པ་ནི་རྡོ་རྗེ་གར་གྱི་མཆོད་པའོ། །དེ་ནས་ངག་གི་ཕྱག་རྒྱ་ནི་སྤྲིན་གྱིས་སྒྲ་སྒྲོགས་པའི་ཧཱུྃ་ཡི་གེ་ཧཱུྃ་ཕྲ་བའི་སྒྲ་དང་བཅས་པ་ཁྲོ་ཞིང་གསལ་བའི་ཁྲོ་བོའི་རྡོ་རྗེ་དག་གོ། །སྒྲུབ་པའི་དོན་བསྒྲུབ་པར་བྱའོ། །དེ་ནས་མ་གྲུབ་ན་ལས་ཀྱི་ཕྱག་རྒྱ་བཅིང་བའོ། །སྒྲུབ་པ་ནི་དེ་བཞིན་དུ་ཕྱག་རྒྱ་ཆེན་པོ་ལན་ཅིག་ཏུ་བྱ་བའོ། །ལས་ལ་ངེས་པར་སྦྱོར་བ་ནི་ཁྲོ་གཉེར་གྱིས་སོ། །རྡོ་རྗེ་ཧཱུྃ་མཛད་ལས་བྱུང་བའོ། །སྐེ་ཚེ་དང་བཅས་པའི་ཏིལ་མར་རྣོན་པོའི་སྦྱིན་སྲེག་ནི་གཡས་པས་སོ། །དེ་ཉིད་ཀྱིས་གཏང་བའོ། །དེ་ཉིད་ཀྱིས་ཐམས་ཅད་འཆིང་བའོ། །གཡོ་བ་མེད་པ་ཉིད་དོ། །གཉིད་ལོག་པ་བསྟན་པའོ། །ཁྲོ་བོའི་རྡོ་རྗེ་ལྟ་བའི་སྡིགས་མཛུབ་བོ། །ཕྱག་རྒྱ་གློད་པར་འགྱུར་བའོ། །མཛུབ་མོ་གཉིས་ཡང་དག་པར་སྦྱར་ནས་ཕྱེ་བའོ། །དེ་དག་ཉིད་ཀྱིས་གདུ་བུ་བཅིང་བའོ། །མཆེ་བས་བཙིར་བའོ། །དེ་ནས་བྲལ་བའོ། །གཡས་པས་བརྡེག་པའོ། །མཛུབ་མོ་གཉིས་ཀྱིས་འབར་བའོ། །གཡས་པའི་མཛུབ་མོ་གཡོན་པ་ལྟུང་བའི་ཚུལ་ལོ། །མཛུབ་མོ་གཉིས་ཀྱིས་འབར་བར་ཕྱེ་བའོ། །གཅོད་པའོ། །མཛུབ་མོ་གཉིས་ཀྱིས་སོར་མོ་སྦྱར་བའི་རྩེ་མོ་གཅོད་པའོ། །ལག་པ་


DNG012_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་དྲག་ཏུ་མཉེ་བའོ། །ཐམས་ཅད་དུ་སོར་མོ་ཐམས་ཅད་དོར་བའོ། །ཅིག་ཆར་དུ་ཕྱག་རྒྱ་དགྲོལ་བའོ། །དྲང་ཞིང་གཡོ་བས་སྡིགས་མཛུབ་བོ། །གཡས་པའི་མཛུབ་མོ་གདེངས་ཀ་བསྐྱོད་པས་སྡིགས་མཛུབ་བོ། །གཡས་པའི་མཛུབ་མོ་མཆེ་བས་བཟུང་བའོ། །ངུ་བ་དང་། དགོད་པ་དང་། རྒྱུག་པ་ལ་སོགས་པས་བསྟན་པའོ། །མཛུབ་མོ་གཉིས་ཀྱིས་སེ་གོལ་རྡེབས་པའོ། །གཡོན་པའི་སྟེང་དུ་གཡས་པ་ཉེ་བར་གཞག་པའོ། །ས་ལ་རབ་ཏུ་གཞག་པའོ། །བསྐྱོད་པར་བྱའོ། །གར་བྱ་བའོ། །འབྱིན་པའོ། །བརླབ་པར་བྱའོ། །ཐམས་ཅད་དུ་བརླབ་པར་བྱའོ། །ཧ་ཧར་དགོད་པའོ། །བསྐོར་བའི་དགུག་པར་བྱའོ། །དྲང་བར་བྱའོ། །གཏང་བར་བྱའོ། །ཡོངས་སུ་བསྐོར་ནས་ནུབ་པར་བྱའོ། །དེ་ནས་དོར་བའོ། །མྱུར་དུ་དོར་བའོ། །དེ་བཞིན་དུ་ཀུན་ནས་འདྲེན་པའོ། །དེ་བཞིན་དུ་གྱེན་དུ་དྲང་བའོ། །རང་ཉིད་ཀྱིས་ང་རོ་བྱའོ། །ངུ་བར་བྱའོ། །བདག་ཉིད་ལ་བརྡེག་པར་བྱའོ། །སྙིང་གར་བརྡེག་པ་སྦྱིན་པར་བྱའོ། །རང་ཉིད་ཀྱིས་རང་གི་སྐྲ་འབལ་བར་བྱའོ། །སྡང་བར་སྡོམ་པའོ། །རང་གི་གོས་བསྟོད་པར་བྱའོ། །ཁྲོ་བས་དེ་བཞིན་དུ་འབར་བ་སྟོན་པའོ། །གཡས་པའི་མཛུབ་མོ་ལྕགས་ཀྱུའོ། །དེ་ཉིད་ཀྱིས་རབ་ཏུ་གཞུག་པའོ། །གཡས་པའི་སེ་གོལ་ལོ། །གཡོན་པའི་སེ་གོལ་ལོ། །ལྕེ་རེག་པ་ནི་མཛུབ་མོ་གཉིས་ཀྱིས་སོ། །ཡན་ལག་ལ་བ་སྤུ་གཡས་སུ་བསྐོར་བས་འཁྱིལ་པའོ། །ལྟུང་བ་ལ་སོགས་པ་བྱེད་པའོ། །དུས་སུ་བསྒོམ་པའོ། །ཁྲོ་བོའི་ལྟ་བར་ཤིང་དྲུང་རྣམས་ལ་ཡིད་ཀྱིས་འདོད་པའོ། །དེ་བཞིན་དུ་ས་ལའོ། །ལྟེ་བའོ། །སྨིན་མའོ། །སོའོ། །ཕུའོ། །ཕྱག་རྒྱས་བརྡེག་པའོ། །རྒྱལ་མཚན་བསྒྲེང་བའོ། །ཁྲོ་བ་དང་བཅས་པའི་འཇིགས་བྱེད་ཀྱི་ལྟ་བས་སོ། །འཛུམས་པ་མེད་པའི་ལྟ་བས་སོ། །དེ་བཞིན་དུ་འབར་བ་འཆིང་བས་སོ། །ཕྱག་རྒྱ་བསྐོར་བའོ། །གཙུག་ཏོར་ལས་མཛུབ་མོའི་རྡོ་རྗེ་གཞག་པར་བྱའོ། །དེ་བཞིན་དུ་སྙིང་གར་རོ། །ཕྱག་རྒྱ་དེ་དགྲོལ་བའོ། །ཕྱག་རྒྱ་ཟུར་དུ་བསླང་བའོ། །མཛུབ་མོའི་རྩེ་མོ་བརྟན་པར་སྦྱར་བའོ། །ལྟ་བས་སྟེང་ནས་འོག་ཏུ་ལྟུང་བའོ། །འོག་ནས་གྱེན་དུ་


DNG012_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེན་པའོ། །ཡི་གེ་ཧཱུྃ་ཁྲོས་པའོ། །འཇིགས་བྱེད་ཀྱི་ལྟ་བས་སོ། །རྡོ་རྗེ་ཁ་ཊྭཱྃ་དྲལ་བ་ཁྲོ་བས་སོ། །རྡོ་རྗེ་སྙིང་གར་བསྒོམ་པའོ། །རྡོ་རྗེ་རྩེ་གསུམ་དྲལ་བའོ། །གདུག་པའི་དཀྱིལ་འཁོར་གཞིག་པར་བྱའོ། །ཡི་གེ་ཧཱུྃ་གིས་སོ། །ཧའོ། །གཡས་སུ་དབུགས་དབྱུང་བའོ། །དེ་ཉིད་ཀྱིས་དོང་ཙེ་གསོར་བའོ། །ཁྲོ་བོའི་ལྟ་བ་དེ་བཞིན་དུའོ། །ཁུ་ཚུར་གཡས་པས་མནན་ཏེ་གཡོན་པས་སོ་བཟུང་ནས་དགུག་པར་བྱའོ། །དོང་ཙེ་གསོར་བ་ནི་གཉིས་ཀྱིས་སོ། །གཡོན་པའི་དྲིལ་བུ་དྲལ་བའོ། །དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་ཀྱི་གཡས་པའི་ཁུ་ཚུར་གཡོན་པའི་རྡོ་རྗེ་ཁྲོ་བོས་མནན་ཏེ། །མཐེའུ་ཆུང་གི་གདུ་བུ་བཀྲོལ་བའི་ཁུ་ཚུར་གྱིས་འཕྲོག་པར་བྱའོ། །གཡས་པའི་དྲིལ་བུ་དྲལ་བའོ། །ཚོགས་དང་བྲལ་བ་ལྟུང་བ་ནི་ཡིད་ཀྱིས་སོ། །འཁོར་ལོ་དྲལ་བའོ། །རྩེ་གསུམ་དྲལ་བའོ། །རྡོ་རྗེ་ཧཱུྃ་མཛད་ཀྱི་གཡོན་པ་གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་མནན་ཏེ་དེ་བཞིན་དུ་གདུ་བུ་བཀྲོལ་བས་འཕྲོག་པར་བྱའོ། །རྡོ་རྗེ་དང་བྱང་ཆུབ་སེམས་དཔའ་དང་། དེ་བཞིན་གཤེགས་པ་ཐམས་ཅད་དང་། རྡོ་རྗེ་འཆང་ཆེན་པོ་རྗེས་སུ་དྲན་པས་མདུན་དུ་བསྒྲུབ་པར་བྱའོ། །རྡོ་རྗེ་ཁྲོ་བོ་རྒྱལ་པོའི་ཕྱག་རྒྱའི་རྒྱུད་དོ།། །།དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཕྱག་རྒྱའི་རྒྱུད་ནི་པདྨ་ཆེན་པོ་རྡོ་རྗེའི་ཐལ་མོ་ཁ་སྦུབ་པ་དབུ་མ་དང་མཐེ་བོང་དང་མཐེའུ་ཆུང་ཁ་ཕྱེ་བའི་འདབ་མ་བཞི་པ་ཆོས་ཉིད་ཐམས་ཅད་ཐོབ་པ་དང་ཐམས་ཅད་རྗེས་སུ་ཆགས་པར་བྱེད་པའོ། །ཕྱག་རྒྱ་ཆེན་པོ་རྣམས་ནི་དེ་བཞིན་ནོ། །དམ་ཚིག་ཕྱག་རྒྱ་རྡོ་རྗེ་པདྨ་བཤད་པའོ། །པདྨའི་རིགས་རྣམས་ཀྱི་རྡོ་རྗེ་བསྡམས་པ་ལས་བྱུང་བའོ། །དེ་ལ་པདྨ་དེ་བཞིན་གཤེགས་པ་རྣམས་ནི་ནང་གི་རྡོ་རྗེ་བསྡམས་པ་ལས་བྱུང་བའོ། །དེ་བཞིན་གཤེགས་པའི་པདྨ་པང་པར་གྱེན་དུ་ཁ་ཕྱེ་བ་ལྟ་བུའི་ཏིང་ངེ་འཛིན་གྱི་མིང་ཅན་གྱི་ཕྱག་རྒྱ་པདྨའི་སྤྱན་ཞེས་བྱའོ། །རྡོ་རྗེ་པདྨ་ཆེན་པོའི་རྡོ་རྗེ་པདྨ་སྙིང་གར་རྡོ་རྗེ་བཅིང་བ་རྡོ་རྗེ་པདྨའི་ཆགས་པ་ཞེས་བྱའོ། །པདྨ་ཆེན་པོའི་བདག་པོའི་མཛུབ་མོ་མཉམ་པ་འོག་ཏུ་ཁ་ལྟ་བ་པང་པར་བཟུང་བ་པདྨའི་སྒྲོལ་མ་ཞེས་བྱ་བའི་ཕྱག་རྒྱའོ། །པདྨ་ཆེན་པོའི་བ་དན་རིན་པོ་ཆེ་གཉིས་བཟུང་ཞིང་དེས་པདྨ་སྦྱིན་པའོ། །འདི་རྣམས་ཀྱི་ཆོས་ཉིད་ཐམས་ཅད་


DNG012_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཐོབ་པ་དང་ཐམས་ཅད་རྗེས་སུ་ཆགས་པ་དང་སྲིད་པའི་སྡུག་བསྔལ་གྱི་ཚོགས་ཐམས་ཅད་ལས་སྒྲོལ་བ་དང་། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པའི་ཤིན་ཏུ་གྲུབ་པ་ཞེས་བྱའོ། །རྡོ་རྗེ་རྩེ་གསུམ་དྲལ་བའོ། །དེ་ནས་པདྨའི་ལྷའི་བདག་པོ་རྣམས་ཀྱི་ཕྱི་རོལ་གྱི་བསྔགས་པ་ལས་བྱུང་བའོ། །དེ་ལ་དོན་ཡོད་པའི་རྒྱལ་པོ་ནི་འོག་ཏུ་མཛུབ་མོ་གཉིས་ཀྱི་ཁ་འབུས་པ་ཁྲོ་གཉེར་ལ་གཞག་པར་བྱ་སྟེ་པད་མོའི་ཁྲོ་གཉེར་གྱི་སྤྱན་ནོ། །རྡོ་རྗེ་བསྡམས་པ་ཁ་གྱེན་དུ་འབར་བ་ནི་མགྲིན་སྔོན་གྱིའོ། །གཡོན་པའི་མཛུབ་མོ་བཀུག་པ་མཐེ་བོས་ཡོངས་སུ་བཟུང་སྟེ་དུང་གི་དབྱིབས་དེ་གཡས་པའི་མཐེ་བོང་བསྒྲེང་བ་བཏེག་སྟེ། མཐེའུ་ཆུང་མཉམ་པའི་ཁ་འབུས་པའི་པདྨ་དང་། སོར་མོ་ལྷག་པ་ཡང་དག་པར་བརྐྱང་བའི་འཁོར་ལོ་ནི་པདྨའི་ཁྱབ་འཇུག་མའོ། །པདྨ་ལས་བྱུང་བའི་མཛུབ་མོ་གཉིས་བཀུག་པའི་ལྕགས་ཀྱུ་དང་སོར་མོ་ལྷག་མ་ཁ་ཕྱེ་བའི་པདྨ་ལས་བྱུང་བའི་ཞེས་བྱའོ། །རྟ་མགྲིན་གྱི་ནི་མཛུབ་མོ་གཉིས་ཤིན་ཏུ་སྦྱར་བའི་ལྕགས་ཀྱུ་རྒོད་མའི་ཁ་ཤིན་ཏུ་རབ་ཏུ་བརྐྱང་བའི་སྲིན་ལག་གི་རྩེ་མོ་དང་། མཐེའུ་ཆུང་དང་གཉིས་རབ་ཏུ་བརྐྱང་བ་སོ་སོར་ཕྱེ་ལ་གཡོན་གཡོ་ཞིང་བཟུང་བ་ནི་པདྨའི་ལྕགས་ཀྱུ་ཞེས་བྱ་བའོ། །འདི་རྣམས་ཀྱིས་དབང་བསྐུར་བ་ཐམས་ཅད་དང་།ལས་ཐམས་ཅད་དང་། གྲོལ་བ་ཐམས་ཅད་དང་། དགུག་པ་ཐམས་ཅད་ཀྱི་དངོས་གྲུབ་དོན་ཡོད་པའོ། །དེ་བཞིན་གཤེགས་པའི་སྐུ་མཆོག་གི་ཏིང་ངེ་འཛིན་གྱི་ཕྱག་རྒྱ་བཤད་པའོ། །དེ་ནས་ལས་ཀྱི་ཕྱག་རྒྱ་ནི་ཁ་ཊྭཱྃ་ག་བཅིངས་ནས་པདྨའི་རིགས་ཐམས་ཅད་ཀྱི་དམ་ཚིག་གི་ཕྱག་རྒྱ་ཇི་ལྟ་བ་བཞིན་དུ་བཟུང་བས་སོ། །ངག་གི་ཏིང་ངེ་འཛིན་གྱིས་གཟུངས་དགུག་པ་ནི་ཆོས་ཀྱི་ངག་གིས་བཟླས་པའི་དོན་ཤེས་པའོ། །པདྨ་ཆེན་པོ་བཅིངས་ནས་ཡིད་ཀྱིས་སྦྱིན་སྲེག་བྱའོ། །སེམས་ཀྱིས་ཞི་བར་བྱའོ། །དངོས་པོ་བསྲུང་བར་བྱའོ། །རྣམ་པར་སྦྱང་བར་བྱའོ་ཞེས་བྱ་བ་བསྒྲུབ་པར་བྱའོ། །ལས་ཐམས་ཅད་ཕྱག་རྒྱའི་ཚོགས་སོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཕྱག་རྒྱའི་རྒྱུད་དོ།། །།དེ་ནས་ནམ་མཁའི་སྙིང་པོའི་ཕྱག་རྒྱ་ཆེན་པོ་དེ་བཞིན་ནོ། །དམ་ཚིག་གི་ནི་ཕྱག་རྒྱ་རྡོ་རྗེ་རིན་ཆེན་ཏེ། མཐེ་བོང་དང་མཛུབ་


DNG012_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

མོའི་སོར་བཞིའི་རྩེ་མོ་བསྙམས་ནས་འོག་ཏུ་རབ་ཏུ་བསྡུས་ཏེ། དབང་བསྐུར་བའི་རྡོ་རྗེ་ཐལ་མོས་དབང་བསྐུར་བ་ཐམས་ཅད་ཐོབ་པའོ། །དེས་ཅི་ལྟ་བ་བཞིན་དུ་དབང་བསྐུར་བའོ། །རྡོ་རྗེ་དེ་ཉིད་སྙིང་གར་རོ། །གྱེན་དུ་ཁ་བལྟ་བའོ། །དེ་ཉིད་ཁུ་ཚུར་རོ། །ཁུ་ཚུར་སྤྱི་བོར་བཞག་ལ་མེ་ཏོག་ལ་སོགས་པའི་མཆོད་པ་དབུལ་བར་བྱའོ། །འདི་ཉིད་གཉིས་སུ་བཞག་ནས་ལས་ཀྱི་ཕྱག་རྒྱར་གཟུང་བའོ། །དབང་བསྐུར་བ་ཐམས་ཅད་ཀྱི་རིན་པོ་ཆེའི་གཏེར་གྱི་མཆོད་པ་ཐོབ་པའི་དོན་དུ་ཡང་དག་པར་རྫོགས་པའོ། །བཅོམ་ལྡན་འདས་ཀྱི་ལས་ཀྱི་དམ་ཚིག་ནི་གསལ་བ་ཡོངས་སུ་རྫོགས་པར་བྱེད་པའོ། །གཡོན་པའི་ཁུ་ཚུར་སྙིང་གར་བསྟོད་ནས་གཡས་པ་ནོར་སྦྱིན་པ་བཀྲོལ་བའོ། །ནོར་བུའི་ཁུ་ཚུར་གྱི་ཕྱག་རྒྱ་ཉིད་ཀྱིས་སོ། །སྙིང་པོའི་ངག་ཀླུའི་རྒྱལ་པོས་བཟླ་བ་སྟེ་བཀའ་བསྒོ་ཞིང་དེ་བཞིན་དུ་ལས་ལ་ཉེ་བར་སྦྱོར་བའོ། །གལ་ཏེ་མ་གྲུབ་ན་དབང་བསྐུར་བར་གནས་པའི་རྡོ་རྗེ་རིན་ཆེན་གྱིས་ནམ་མཁའ་ལས་ཐམས་ཅད་ཀྱི་བཀའ་བསྒོ་བའོ། །ཆོས་ཀྱི་ཕྱག་རྒྱ་ཐམས་ཅད་ཀྱི་ཚོགས་ནི་འདིའོ། །དོན་ཡོད་ཐོགས་མེད་གྲུབ་པ་དང་། །ལས་ཀྱི་ཚོགས་ནི་སྒྲུབ་པ་དང་། །ངག་གི་ཕྱག་རྒྱའི་བཀའ་བསྒོ་བ། །ཐམས་ཅད་མྱུར་དུ་མཁའ་ལས་བྱུང་། །ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །དབང་བསྐུར་བ་ཐམས་ཅད་ཀྱི་ཆོ་ག་རྒྱས་པའོ།། །།དེ་ནས་ཕྱིའི་རྒྱུད་ནི་ཕྱག་རྒྱ་ཆེན་པོ་ནི་གཡོན་པར་ཁམ་ཕོར་དང་གཡས་ན་མངའ་གཏོད་པའོ། །དེ་རྣམས་ཀྱི་དམ་ཚིག་ནི་འཇུག་པ་ལ་བྱ་སྟེ། ལག་པ་གཉིས་ཀྱི་མཐེ་བོ་དང་མཐེ་ཆུང་གི་གདུ་བུས་ལུ་གུ་རྒྱུད་བཅིང་བར་བྱས་ལ་མཛུབ་མོ་དང་དབུས་མ་དང་། སྲིན་ལག་བསྙམས་ཏེ་རྩེ་གསུམ་པས་མཚན་པ་ནི་མིང་པོ་རྣམས་ཀྱིའོ། །ཇི་ལྟ་བ་བཞིན་དུ་བཟུང་བས་ལྷ་མོ་རྣམས་ཀྱིའོ། །རྡོ་རྗེ་བསྡམས་པའི་དབུས་མ་དང་སྲིན་ལག་གིས་སོར་མོའི་རྩེ་མོ་བཞི་ལ་མཛུབ་མོ་དང་མཐེའུ་ཆུང་བཞིའི་རྩེ་མོ་འདུས་པ་ནི་ལྷ་མོ་རྣམས་ཀྱིས་འདའ་བར་དཀའ་བའི་དམ་ཚིག་གོ། །སྲིང་མོ་བཞིའི་དཀྱིལ་འཁོར་གྱི་ཕྱག་རྒྱའོ། །གང་གི་ཚེ་དཀྱིལ་འཁོར་གྱི་བརྟག་པར་མ་ནུས་ན་དེའི་ཚེ་འདི་བཅིངས་ཏེ་བལྟས་ན་དཀྱིལ་འཁོར་བརྟག་པ་དང་མཐོང་བ་དང་མཆོད་པ་ཅི་དགར་འགྲུབ་པར་འགྱུར་རོ། །གདེངས་ཀ་ཅན་གྱི་དབང་པོ་རྣམས་


DNG012_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ནི་མཐེ་བོང་བཅིངས་ནས་ཕྱི་རོལ་དུ་ཁ་བལྟས་པའི་སོར་མོའི་གདེངས་ཀ་སྒྲེང་བ་སྟེ། ཀླུ་ཐམས་ཅད་དགུག་པ་དང་། གཞུག་པ་དང་།བཅིང་བ་དང་། དབང་དུ་བྱ་བའི་དམ་ཚིག་སྟེ། གལ་ཏེ་འདའ་བར་བྱེད་ན་འཆི་བར་འགྱུར་རོ། །ལྟོ་འཕྱེ་ལ་སོགས་པ་སྟེ་ཐམས་ཅད་སྒྲུབ་པར་བྱེད་པའོ། །དབུས་མ་སྲིན་ལག་བཞིའི་མདུད་པ་ལེགས་པར་བྱེད་པའི་སྦྱོར་བས་ཉེ་བར་སྟོད་ཅིང་བསྡུས་ལ་མཐེའུ་ཆུང་གཉིས་ཀྱི་རྩེ་མོ་གཉིས་ཀྱིས་བརྡེག་པར་བྱ་སྟེ་ཉེ་བར་འཕེལ་བ་དུག་ཐམས་ཅད་འབར་བའོ། །ཀུན་ནས་བསྡུས་ན་དུག་ཐམས་ཅད་འཆིང་བའོ། །འདི་ཉིད་ཀྱིས་དུག་ཐམས་ཅད་བཟའ་བ་དང་འཕོ་བ་དང་དུག་མེད་པར་བྱ་བའོ། །གདུག་པའི་དཀྱིལ་འཁོར་ནི་རྡོ་རྗེ་ཁུ་ཚུར་གྱིས་བཟུང་བའི་རྡོ་རྗེ་ཁྲོས་ནས་མྱུར་དུ་གཞིག་པར་བྱའོ། །ཕྱིའི་ཕྱག་རྒྱའི་རྒྱུད་དོ།། །།དེ་ནས་བཅོམ་ལྡན་འདས་ཐམས་ཅད་མཆོག་དབང་ཕྱུག་དམ་པ་སྣ་ཚོགས་པའི་ཕྱག་རྒྱ་ནི་རྡོ་རྗེ་ཐལ་མོ་མཉམ་གཞག་ནས། བ་དན་གསུམ་ནི་ཡོངས་སུ་བཟུང་། །རྡོ་རྗེ་ཁྱབ་འཇུག་ཅེས་བྱ་བ། །དོར་ན་ཐམས་ཅད་གཅོད་པར་བྱེད། །རྡོ་རྗེ་འཁོར་ལོའི་ཕྱག་རྒྱས་ཉོན་མོངས་པའི་དགྲ་ཐམས་ཅད་ཀྱི་མགོ་རྣམས་བཅད་ནས་མཆོག་ཏུ་བྱུང་བ་ཐམས་ཅད་གྲུབ་པོ། །མཐེའུ་ཆུང་མཐེ་བོང་དང་སྦྲེལ་བའི། །ལག་གཉིས་སྟེང་དང་འོག་ཏུ་ནི། །དབུས་མ་གསུམ་གྱི་རྩེ་གསུམ་མཚན། །རྡོ་རྗེ་འཛིན་མ་ཞེས་སྒྲུབ་པའོ། །རྡོ་རྗེ་དམ་ཚིག་ཕྱག་རྒྱ་རྡོ་རྗེ་གཏུམ་པའི་དབང་ཕྱུག་མ་ཞེས་བྱ་བ་དོན་ཡོད་པའི་དམ་ཚིག་གོ། །རྡོ་རྗེ་པདྨ་མཉམ་གཞག་ནས། །གང་དོར་ཅི་བཞིན་དེ་བཞིན་དུ། །ཤིན་ཏུ་ཐོབ་དཀའི་སངས་རྒྱས་ཀྱང་། །བསྒྲུབ་པ་བཟླས་པས་སྒྲུབ་པར་བྱེད། །རྡོ་རྗེ་ཆོས་ཉིད་ཅེས་བྱ་བའི་ཕྱག་རྒྱ་སྒྲོལ་མའོ། །མཛུབ་མོ་བསྡམས་པའི་ཕྱི་རོལ་དགུག །མཐེ་བོ་རྡོ་རྗེ་བཀབ་པ་སྟེ། །རྡོ་རྗེ་ཆེན་པོའི་ནོར་བུ་སྟེར། །ཞེས་བྱ་བ་ནི་རྡོ་རྗེ་ནོར་བུ་ཞེས་བྱ་བའི་ཕྱག་རྒྱའོ། །དེ་ནས་ཐམས་ཅད་ཀྱི་དབང་ཕྱུག་དམ་པས་བསྒྲུབས་པའི་དངོས་གྲུབ་ཐམས་ཅད་ཀྱི་ཚོགས་ཀྱི་ཕྱག་རྒྱའི་རྒྱུད་ནི་འདི་ཡིན་ཏེ། དེ་ལ་དང་པོར་རེ་ཞིག་དང་པོའི་དངོས་གྲུབ་བརྒྱ་རབ་ཏུ་སྒྲུབ་པར་བྱེད་པའི་ཕྱག་རྒྱ་རབ་ཏུ་སྒྲུབ་པར་བྱེད་པའི་ཕྱག་རྒྱ་ཆེན་པོ་སྟོང་དུ་འགྱུར་ཏེ། ཅི་ལྟ་བ་བཞིན་དུ་དམ་ཚིག་ཕྱག་རྒྱ་མཚན་རྣམས་ཀྱིས་ལག་པ་


DNG012_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་པ་དང་། གཡོན་པ་དག་གི་རྡོ་རྗེ་ཆེན་པོའི་སྦྱོར་བས་ལས་ཐམས་ཅད་ཀྱི་དངོས་གྲུབ་སྒྲུབ་པར་བྱེད་པའི་སྟོང་ཉིད་དུ་འགྱུར་ཏེ་རྡོ་རྗེ་བསྡམས་པ་ནང་དུ་བཅིངས་པས་སོ། །དེ་ལྟར་རང་གི་ཕྱག་མཚན་གྱི་ཁུ་ཚུར་རྡོ་རྗེ་གར་ལས་བྱུང་བའི་ཕྱག་རྒྱ་སྟོང་དང་པོའི་ལས་ཀྱི་ཚོགས་བརྒྱ་སྒྲུབ་པར་བྱེད་པའི་རྡོ་རྗེ་ལས་བྱེད་པ་གསུམ་མོ། །དེ་ལྟར་ལག་པ་གཡས་པ་དང་། གཡོན་པའི་ཅིག་ཤོས་ཀྱིས་ལས་ཐམས་ཅད་རབ་ཏུ་སྒྲུབ་པར་བྱེད་པའི་ལས་ཀྱི་ཕྱག་རྒྱ་སྟོང་བཞི་པའོ། །དེ་ལྟར་མ་ལུས་པའི་ཕྱག་རྒྱ་བཅིང་བ་ནི་ལག་པ་གཅིག་གིས་ཕྱག་རྒྱ་ཐམས་ཅད་བཅིང་བ་རབ་ཏུ་སྒྲུབ་པའོ། །དེ་ལྟར་འགྲོ་བ་ཀུན་དོན་དུ། །འཁོར་དང་དམ་ཚིག་ལས་དང་བཅས། །ཀུན་མཆོག་དབང་ཕྱུག་དམ་པ་ནི། །རྡོ་རྗེ་སེམས་དཔས་སྒྲུབ་པར་མཛད། །དེ་ལྟར་གསང་བ་རྒྱ་ཆེན་རྨད་དུ་བྱུང་། །མཆོག་ཏུ་འགྲོ་བ་ཐམས་ཅད་སྦྱོར་བྱེད་པ། །མཆོག་དང་པོ་ཡི་བླ་མ་བླ་ན་མེད། །གསལ་བའི་རྒྱུད་ནི་ང་ཡིས་ཡང་དག་བཤད། །དཔལ་མཆོག་དང་པོ་རྟོག་པའི་རྒྱལ་པོ་ལས་རིགས་ཐམས་ཅད་ཀྱི་ཕྱག་རྒྱའི་རྒྱུད་དོ།། །།དེ་ནས་སྟོན་པ་རྡོ་རྗེ་འཛིན། །གསང་བ་ཀུན་གྱི་བདག་བརྟན་པས། །དེ་ཉིད་ཕྱག་རྒྱའི་རྒྱུད་ཆེན་པོའི། །མཚོན་ཆ་དམ་པ་འདི་གསུངས་སོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་རྟོག་པ་ཐམས་ཅད་ཀྱི་གསང་བའི་དཀྱིལ་འཁོར་གྱི་རྟོག་པའི་ཚོགས་མཆོག་ཏུ་མཁས་ཤིང་ཕྲ་བ། རྒྱ་ཆེ་ལ་ཟབ་པ།བསམ་གྱིས་མི་ཁྱབ་པ་ཚད་མེད་པ། གསལ་ཞིང་མཉམ་པ་མེད་པ། བླ་ན་མེད་པའི་བླ་མ་མཐར་ཐུག་པ་མེད་པའི་དངོས་གྲུབ་ཀྱི་གསང་བ་བསྒྲུབ་པ་མ་ལུས་ཤིང་ལུས་པ་མེད་པའི་དངོས་གྲུབ་ཐམས་ཅད་ཀྱི་ལས་རྣམས་སྒྲུབ་པ་པོ་དོན་ཡོད་ཅིང་ཐོགས་པ་མེད་པ་བཤད་པར་བྱའོ་ཞེས་བྱ་བ་བཅོམ་ལྡན་འདས་མཆོག་ཏུ་གསང་བས་གསུངས་སོ། །མ་མཆུ་སོ་རྣམས་ཀྱིས་བཟུང་ལ་དགའ་བ་ཆེན་པོས་དང་པོའི་རྡོ་རྗེའི་ལྟ་བས་བལྟ་ཞིང་བྱེད་པ་དག་གིས་མ་ལུས་ཤིང་ལུས་པ་མེད་པའི་དངོས་གྲུབ་ཐམས་ཅད་ཀྱི་ལས་ཀྱི་ཚོགས་རྣམས་སྒྲུབ་པར་བྱེད་པའོ། །བདེ་བ་ཆེན་པོའི་གསང་བ་ཆེན་པོའི་རྡོ་རྗེ་རྡོ་རྗེ་སྤྱན་ཞེས་བྱ་བའི་ཕྱག་རྒྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཞད་པ་ཆེན་པོས་དགོད་ཅིང་བརྟན་པའི་རྡོ་རྗེ་


DNG012_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུའི་བྱེད་པ་དག་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལས་རྣམས་སྒྲུབ་པར་བྱེད་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱན་ཞེས་བྱ་བའི་ཕྱག་རྒྱའོ། །ཁྲོ་གཉེར་དང་བཅས་པ། ཁྲོ་བོའི་རྡོ་རྗེ་ལྟ་བ་དང་བཅས་པའི་བྱེད་པ་དག །སྣའི་དབུགས་ཆེན་པོའི་ཡི་གེ་ཧཱུྃ་གིས་རྡོ་རྗེ་ཐམས་ཅད་ཀྱི་དངོས་གྲུབ་སྟེ། རྡོ་རྗེ་ཉི་མ་ལྟར་མེ་འབར་བའི་ལྟ་བའི་སྤྱན་ཞེས་བྱ་བའི་ཕྱག་རྒྱའོ། །དེ་བས་ཅུང་ཟད་འཛུམ་པས་དངོས་གྲུབ་ཐམས་ཅད་ཀྱི་ལས་ཀྱི་ཡེ་ཤེས་ཀྱི་རྡོ་རྗེ་ལྟ་བའི་བྱེད་པ་རྣམས་ཀྱིས་མཆུ་མཉམ་པའི་ཏིང་ངེ་འཛིན་རྡོ་རྗེ་ལ་སོགས་པའི་དངོས་གྲུབ་ཐམསཅད་ཀྱི་ལས་ཀྱི་ཡེ་ཤེས་ཀྱི་ཚོགས་རྣམས་སྒྲུབ་པར་བྱེད་པ་སྟེ་པདྨ་ཆེན་པོའི་སྤྱན་ཞེས་བྱ་བའི་ཕྱག་རྒྱའོ། །བསྙེམས་པ་དང་བཅས་པའི་ཏིང་ངེ་འཛིན་གྱིས་ཕྲ་བར་འཛུམས་པའི་ལྟ་བའི་བྱེད་པ་རྣམས་དང་། བཞིན་འཛུམ་པ་དང་། བཞད་པས་ནམ་མཁའ་ལ་དངོས་གྲུབ་ཐམས་ཅད་ཀྱི་ལས་ཀྱི་ཚོགས་སྒྲུབ་པར་བྱེད་པ་སྟེ་རྡོ་རྗེ་ཆེན་པོ་ནི་ནོར་བུའི་སྤྱན་ཞེས་བྱ་བའི་ཕྱག་རྒྱའོ། །དོན་ཡོད་ཐོགས་མེད་གྲུབ་པ་དང་། །བདེན་པའི་བདག་ཉིད་འཇིགས་པ་མེད། །སངས་རྒྱས་ཀུན་དང་བདག་གིས་ཀྱང་། །གསང་བའི་ཕྱག་རྒྱ་ལེགས་གྲུབ་སྩོལ། །དཀྱིལ་འཁོར་དུ་ནི་མ་ཞུགས་ཀྱང་། །དེ་ནས་དེ་ཕྱིར་མཆོག་དང་པོ། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་མཆོག །དང་པོ་ཤིན་ཏུ་མཁས་ཤིང་ཕྲ། །ཟབ་ཅིང་རྒྱ་ཆེ་བསམ་མི་ཁྱབ། །མཆོག་གི་མཆོག་ནི་དང་པོ་དང་། །མཆོག་ཏུ་གསང་བ་དམ་པ་སྟེ། །འཛུམ་པའི་ཕྱག་རྒྱ་ལ་སོགས་ཚོགས། །རྡོ་རྗེ་སེམས་དཔས་གསུངས་པ་ཡིན། །རྡོ་རྗེ་འཆང་ཆེན་སློབ་དཔོན་ནི། །མཆོག་ཏུ་དང་ཞིང་རབ་དགའ་བས། །སྙིང་པོ་ལ་སོགས་རྣམས་མེད་ཀྱང་། །མྱུར་དུ་ཐམས་ཅད་སྒྲུབ་པར་བྱེད། །སྙིང་པོ་ཕྱག་རྒྱ་སྔགས་རིག་པ། །སྒྲུབ་པ་འདི་ནི་རྨད་བྱུང་སྟེ། །དངོས་གྲུབ་ཐམས་ཅད་རབ་སྒྲུབ་པས། །མ་གྲུབ་རྣམས་ཀྱང་འགྲུབ་པར་འགྱུར། །གང་ཞིག་གྲུབ་པར་མ་གྱུར་དང་། །བསོད་ནམས་ཕུན་ཚོགས་མི་ལྡན་ན། །བདག་ཉིད་དམ་ནི་རྡོ་རྗེ་སེམས། །བསྒྲུབས་ན་དེ་ནི་མྱུར་དུ་འགྲུབ། །གལ་ཏེ་རྡོ་རྗེ་སེམས་དཔའ་མཆོག །སྙིང་པོ་སོགས་དང་ཉེ་སྙིང་པོས། །བསྒྲུབ་པར་བྱས་ཀྱང་མ་


DNG012_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ན། །འཛུམ་པའི་ཕྱག་རྒྱས་བསྒྲུབ་པར་བྱ། །དེ་ཕྱིར་གསང་བའི་བཙུན་མོ་འདིས། །རྡོ་རྗེ་སེམས་དཔའ་རབ་དགའ་བྱེད། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །དགྱེས་པ་དེ་ཡིས་མྱུར་དུ་འགྲུབ། །དེ་ཉིད་ཆེན་པོ་འདི་གྲུབ་པ། །དམ་པ་མཆོག་གི་བདག་ཉིད་ནི། །གསང་བ་མཆོག་ཏུ་བསོད་ནམས་ལྡན། །སོ་སོའི་སྐྱེ་བོ་ལ་བརྗོད་མིན། །དེ་ཉིད་གྲུབ་པའི་རྗེས་འབྲང་བའི། །རྡོ་རྗེ་སེམས་དཔའ་གྲུབ་པ་གང་། །གལ་ཏེ་དངོས་གྲུབ་མཆོག་འདོད་ན། །དེ་བཞིན་གཞན་ལ་སྦྱིན་མི་བྱ། །གང་གིས་གྲུབ་པར་མ་གྱུར་ན། །དེ་ལ་དེ་ཉིད་སྦྱིན་པར་བྱ། །དེ་ཉིད་འཛུམ་པས་མྱུར་དུ་ནི། །བདག་བྱིན་བརླབས་པས་འགྲུབ་པར་འགྱུར། །དེ་ཉིད་ཆེན་པོ་དག་པ་འདི། །རྡོ་རྗེ་ཅན་གྱི་མཚོན་ཆ་མཆོག །ཕྱག་རྒྱའི་རྒྱུད་ནི་བླ་མེད་པ། །མཆོག་ཏུ་གསང་བ་བཤད་པ་ཡིན། །དེ་ཉིད་དད་པའི་རྗེས་འབྲང་བའི། །རྡོ་རྗེ་སློབ་དཔོན་ཀུན་མཆོག་ལ། །གལ་ཏེ་དངོས་གྲུབ་མཆོག་འདོད་ན། །གཞན་རྣམས་ལ་ཡང་དེ་བཞིན་སྦྱིན། །ཕྱག་རྒྱའི་རྒྱུད་ནི་གཅིག་པུ་འདི། །བདག་ཉིད་གང་ལ་ཡོད་གྱུར་ན། །བདུད་ལ་སོགས་པ་རྣམས་ཀྱིས་ནི། །མི་ཐུབ་པ་དང་མི་སོད་འགྱུར། །དེ་ལ་རྒྱལ་བ་རྡོ་རྗེ་འཛིན། །ཀུན་མཆོག་དངོས་གྲུབ་ཀུན་གསོལ་བ། །ཀུན་གསོལ་ཀུན་བྱེད་ཐམས་ཅད་དུ། །བཀའ་བསྒོ་བ་ཀུན་གྲུབ་པར་འགྱུར། །དཔལ་མཆོག་དང་པོ་གསང་བའི་བླ་མ་དམ་པའི་དཔལ་རང་གི་དམ་ཚིག་གི་བླ་ན་མེད་པའི་མཆོག་ཏུ་གསང་བའི་ཕྱག་རྒྱའི་ཆོ་གའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་མཆོག་དང་པོ་རྡོ་རྗེ་སེམས་དཔའི་མཆོག་དང་པོ་མཆོག་ཏུ་མཁས་ཤིང་ཕྲ་ལ་ཟབ་ཅིང་རྒྱ་ཆེ་བ་བསམ་གྱིས་མི་ཁྱབ་ལ་མཐའ་མེད་ཅིང་ཤིན་ཏུ་མཐའ་ཡས་པ་ཚད་མེད་ཅིང་གཞལ་དུ་མེད་པ། བླ་ན་མེད་པ།དོན་ཡོད་ཅིང་ཐོགས་པ་མེད་པའི་མཆོག་གི་དེ་ཁོ་ན་ཉིད་ཀྱི་སྙིང་པོ་མཆོག་ཏུ་གསང་བའི་སྙིང་པོ་མཆོག་ཏུ་གསང་བ་ཞེས་བྱ་བ་ཐམས་ཅད་ཀྱི་མཆོག་གི་དངོས་གྲུབ་ཆེན་པོའི་བདག་པོ་ཉིད་ལ་སོགས་པའི་དངོས་གྲུབ་ཐམས་ཅད་ཀྱི་ལས་ཀྱི་ཚོགས་མཆོག་ཏུ་མི་འགྱུར་བའི་དམ་པ་བླ་ན་མེད་པའི་གསང་བ་དང་། རབ་ཏུ་དགའ་བ་ཐམས་ཅད་དང་། བདེ་བ་དང་ཡིད་བདེ་བའི་དངོས་གྲུབ་ཀྱི་མཆོག་སྒྲུབ་


DNG012_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་པ་དང་། མཆོག་གི་ཕྱག་རྒྱའི་རྒྱུད་བཤད་པར་བྱའོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །ཙུམ་པ་ན་དང་། འཁྱུད་པ་ལ་སོགས་པའི་བཅོམ་ལྡན་འདས་མཆོག་དང་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཐམས་ཅད་ནི་དགའ་བ་ཆེན་པོ་དཔལ་རྡོ་རྗེ་དོན་ཡོད་པའི་དགའ་བའི་དམ་ཚིག་རྣལ་འབྱོར་ཞེས་བྱ་བ་སྟེ་ཐམས་ཅད་རྣལ་འབྱོར་ཞེས་བྱ་བ་གང་བརྗོད་པའོ། །གང་དང་གང་ལ་ཉེར་སྦྱོར་བ། །དེ་དང་དེ་ལ་བཅོམ་ལྡན་ནི། །ཀུན་མཆོག་དངོས་གྲུབ་ཆེན་པོ་ཡི། །དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །བྱིན་རླབས་མཆོག་ནི་རྟགས་མཛད་ནས། །རྡོ་རྗེ་སེམས་དཔའ་མྱུར་དུ་གྲུབ། །ཙུམ་པ་ན་དང་འཁྱུད་པ་ལ་སོགས་པའི་རེག་བྱའི་རྒྱས་བཏབ་པ་ཙམ་གྱིས་ཀྱང་མ་ལུས་ཤིང་ལུས་པ་མེད་པ་དང་། ལྷག་མ་མེད་པ་ཐམས་ཅད་ཀྱི་མཆོག་དབང་ཕྱུག་ཆེན་པོའི་བདག་ཉིད་ལ་སོགས་པའི་དངོས་གྲུབ་ཐམས་ཅད་ཀྱི་ལས་ཀྱི་ཚོགས་ཡིད་ཀྱི་འདོད་པ་གྲུབ་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་ཤིན་ཏུ་མཆོག་ཏུ་གསང་བའི་ཕྱག་རྒྱའོ། །རྣམ་པར་འཕྲུལ་པ་དང་བཅས་པའི་འཛུམ་ཞིང་གཡོ་བའི་མིག་གི་ཟུར་གྱིས་ལྟ་བའི་ཕྱག་རྒྱ་སྟེ། བཅོམ་ལྡན་འདས་ཀྱི་དགའ་བ་ཆེན་པོའི་རྡོ་རྗེ་དོན་ཡོད་པའི་མདའ་ཞེས་བྱ་བའི་རྒྱས་བཏབ་པས་ཐམས་ཅད་རྗེས་སུ་ཆགས་པ་དང་། དགུག་པ་དང་། དབང་དུ་བྱ་བ་དང་། དངོས་གྲུབ་མཆོག་ལ་སོགས་པའི་དངོས་གྲུབ་ཐམས་ཅད་ཀྱི་ལས་ཀྱི་ཚོགས་ཡིད་ཀྱིས་འདོད་པ་རྣམས་སྒྲུབ་པར་བྱེད་པའོ། །འཛུམ་ཞིང་ཅུང་ཟད་ཕྱེ་བའི་མིག་གི་ལྟ་བ་ནི་མཆོག་ཏུ་དགའ་བའི་དཔལ་རྡོ་རྗེ་སྤྱན་ཞེས་བྱ་བའི་ཕྱག་རྒྱ་ཐམས་ཅད་སྒྲུབ་པར་བྱེད་པ་སྟེ་འདིས་ལྟ་ཞིང་བཏུང་བར་བྱའོ། །འདི་ནི་བཅོམ་ལྡན་འདས་ཀྱི་རབ་ཏུ་དགའ་བ་ཆེན་པོ་དཔལ་རྡོ་རྗེ་དོན་ཡོད་དགའ་བའི་བཅུད་ཀྱིས་ལེན་གྱི་མཆོག་གི་དངོས་གྲུབ་ཅེས་བྱ་བའི་ཕྱག་རྒྱ་སྟེ་ཚེ་ཟད་པ་ཐམས་ཅད་ཀྱང་འདིས་རྡོ་རྗེ་སེམས་དཔའི་ན་ཚོད་གཞོན་པ་དང་། ནད་མེད་པ་དང་།གཟུགས་དང་། སྟོབས་དང་། གཟི་བརྗིད་ཀྱི་སྟོབས་དང་། སྤྲོ་བ་དང་།དངོས་གྲུབ་ཀྱི་མཆོག་ཐམས་ཅད་དང་། དཔལ་དང་སྐལ་བ་བཟང་པོ་དང་།དགའ་བ་ཆེན་པོ་དང་། ཤིན་ཏུ་བདེ་བ་ཐམས་ཅད་དང་། ཡིད་བདེ་བ་དང་། དངོས་


DNG012_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ཀྱི་མཆོག་ཐོབ་པ་སྟེ། ཇི་སྲིད་དངོས་གྲུབ་ཀྱི་མཆོག་ཐམས་ཅད་ཀྱི་ལས་ཀྱི་ཚོགས་མཆོག་ཏུ་དམ་པ་གྲུབ་པ་སྟེ། བཅོམ་ལྡན་འདས་ཡུམ་གྱི་རྒྱས་བཏབ་པ་ཙམ་གྱིས་སྐད་ཅིག་མ་གཅིག་གིས་གྲུབ་པའོ། །བསྙེམས་པ་དང་བཅས་པའི་གཡོན་པའི་མིག་དགོད་ཅིང་སྟོད་པ་ནི་བཅོམ་ལྡན་འདས་དགྱེས་པ་ཆེན་པོའི་དཔལ་རྡོ་རྗེ་དོན་ཡོད་པའི་དགའ་བའི་རྒྱལ་མཚན་མཆོག་གི་དཔུང་རྒྱན་ཞེས་བྱ་བའི་ཕྱག་རྒྱ་སྟེ། འདིས་རྒྱས་བཏབ་པས་ཐམས་ཅད་ལས་རྣམ་པར་རྒྱལ་བར་བྱེད་པ་དང་། ཕྱག་བྱེད་དུ་བཅུག་པ་དང་། རབ་ཏུ་སྒྲུབ་པར་བྱེད་པ་དང་། ཇི་སྲིད་མཆོག་ཐམས་ཅད་གྲུབ་ཅིང་དངོས་གྲུབ་ཆེན་པོའི་དབང་ཕྱུག་ཉིད་རབ་ཏུ་སྒྲུབ་པར་བྱེད་པའོ། །སྒེག་པ་དང་བཅས་པའི་ལྟ་བ་དང་། འཛུམ་པ་དང་གསོང་ཞིང་ཕྱག་འཚལ་བ་དང་ལྡན་པ་ནི་བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཕྱག་འཚལ་བའི་ཕྱག་རྒྱ་སྟེ། དགའ་བ་ཆེན་པོ་དཔལ་དོན་ཡོད་པའི་དབང་ཕྱུག་གི་ཀི་ལི་ཀི་ལ་ཞེས་བྱ་བའི་ཕྱག་རྒྱ་སྟེ། འདིས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་ལ་རྒྱས་བཏབ་པས་འདུད་པར་གྱུར་ནས་དངོས་གྲུབ་མཆོག་ཐམས་ཅད་ལ་སོགས་པའི་དངོས་གྲུབ་ཐམས་ཅད་ཀྱི་ལས་ཀྱི་ཚོགས་ཀྱི་མཆོག་གི་དམ་པའི་དངོས་གྲུབ་ཀྱིས་འགྲུབ་པར་འགྱུར་རོ། །རྣམ་པར་འཕྲུལ་པ་དང་། སྒེག་པ་དང་བཅས་པའི་འཛུམ་པའི་ཞལ་ཉིད་ནི་བཅོམ་ལྡན་འདས་མཆོག་དང་པོ་རྡོ་རྗེ་སེམས་དཔའི་དགའ་བ་ཆེན་པོའི་དཔལ་རྡོ་རྗེ་དོན་ཡོད་དགའ་བས་བརྩོན་པ་ཞེས་བྱ་བ་མཆོག་ཏུ་གསང་བའི་རྡོ་རྗེ་འཛུམ་པའི་ཕྱག་རྒྱ་སྟེ། འདིས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཐམས་ཅད་ཀྱི་སློབ་དཔོན་མཆོག་དང་པོའི་གླུ་ནི། ཀུན་མཆོག་དངོས་གྲུབ་ཆེན་པོ་ནི། །དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཛིན་ཀུན་རྒྱལ་པོ་སྟེ། །མི་འགྱུར་མཆོག་ནི་འགྲུབ་པར་འགྱུར། །རྣམ་པར་འཕྲུལ་པ་དང་བཅས་པའི་སྒེག་པའི་འཛུམ་པའི་ཕྱག་རྒྱས་རྒྱས་བཏབ་པ་ཙམ་གྱིས་ཐམས་ཅད་ཀྱི་དངོས་གྲུབ་ཆེན་པོའི་དབང་ཕྱུག་ཆེན་པོའི་བདག་པོ་ཉིད་ལ་སོགས་པའི་དངོས་གྲུབ་ཐམས་ཅད་ལས་ཀྱི་ཚོགས་ཡིད་ཀྱི་འདོད་པ་རྣམས་གྲུབ་པར་བྱེད་དོ། །སརྦ་ཀུ་རུ་ཡ་ཐཱ་སུ་ཁྃ་ཞེས་


DNG012_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་བརྗོད་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་ཐེག་པ་ཆེན་པོའི་མདོ་སྡེའི་དབང་པོའི་རྒྱལ་པོ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐེག་པ་ཆེན་པོ་མངོན་པར་རྟོགས་པའི་གསང་བའི་རྡོ་རྗེ་བྱིན་གྱིས་བརླབས་པ་ཞེས་བྱ་བ་འདི་རང་བཞིན་གྱིས་འོད་གསལ་བའི་ཕྱིར་ཆོས་ཐམས་ཅད་རྣམ་པར་དག་པ་ལ་སོགས་པ་མ་ལུས་ཤིང་ལུས་པ་མེད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཉིད་ཐོབ་པའི་ཡེ་ཤེས་དང་། མངོན་པར་ཤེས་པ་དང་།མཆོག་གི་དངོས་གྲུབ་ལ་སོགས་པའི་དངོས་གྲུབ་ཐམས་ཅད་ཀྱི་ལས་ཚོགས་རྣམས་སྒྲུབ་པར་བྱེད་པའོ། །རྣམ་པར་འཕྲུལ་པ་དང་བཅས་པའི་འཛུམ་ཞིང་སྨིན་མའི་ཁྲོ་གཉེར་རྡོ་རྗེ་ལྟ་བའི་ཕྱག་རྒྱ་ནི་བཅོམ་ལྡན་འདས་ཀྱི་ཁྲོ་བོ་ཀི་ལི་ཀི་ལ་ཞེས་བྱ་བའི་ཕྱག་རྒྱ་སྟེ། འདིས་རྒྱས་བཏབ་པས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་རྗེས་སུ་ཆགས་པ་དང་། དགུག་པ་དང་།དབང་དུ་བྱ་བ་དང་། འབེབས་པ་དང་། གཞུག་པ་དང་། གར་དང་། གླུ་དང་། རྣམ་པར་འཕྲུལ་པ་སྟོན་པ་དང་། བདེན་ངག་ཐམས་ཅད་དང་། གྲོལ་བ་དང་པྲ་དབབ་པ་ཐམས་ཅད་བསྒྲུབ་པ་དང་སྒྱུ་མ་ཐམས་ཅད་དང་རྨད་དུ་བྱུང་བ་ཐམས་ཅད་སོ་སོར་སྟོན་པ་དང་སྣ་ཚོགས་པའི་གཟུགས་ཐམས་ཅད་ཀྱིས་བྱ་བ་སྟོན་པ་དང་། ཐམས་ཅད་ལ་རྒྱས་བཏབ་པ་དང་། གནོན་པ་དང་། འདུལ་བ་དང་། གསད་པ་དང་། ཐམས་ཅད་ཕྱིར་འདྲེན་པ་དང་། ཐམས་ཅད་སྒྲུབ་པ་དང་། མཆོག་གི་དངོས་གྲུབ་ལ་སོགས་པ་གཞོམ་དུ་མེད་པའི་དངོས་གྲུབ་ཐམས་ཅད་ཀྱི་ལས་ཀྱི་ཚོགས་རྣམས་སྒྲུབ་པར་བྱེད་པའོ། །ཐམས་ཅད་དག་པའི་ཏིང་འཛིན་གྱིས། །ཐམས་ཅད་མཉམ་པ་ཉིད་ཀྱི་གཟུགས། །སྣ་ཚོགས་པ་ཡི་བྱ་བ་ལ། །རབ་འཇུག་མཆོད་པ་བྱིན་གྱིས་བརླབ། །རྡོ་རྗེ་པདྨ་ཞེས་བྱ་བ་ནི་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་གི་ཕྱག་རྒྱ་སྟེ། ཐམས་ཅད་རྣམ་པར་སྤྱོད་པ་དང་། སྲུང་བ་དང་། ཡོངས་སུ་སྦྱོང་བ་དང་། རིམས་ཐམས་ཅད་དང་། དུག་དང་། སྦྱར་བའི་དུག་དང་།


DNG012_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

གདོན་དང་། ནད་དང་། མཁའ་འགྲོ་མའི་ཕྱག་རྒྱ་ཉེ་བར་ཞི་བ་དང་། ཤི་བ་ཡང་དག་པར་གསོ་བ་དང་། དབང་ཕྱུག་ཐམས་ཅད་ཐོབ་པ་དང་། གཟུགས་སྣ་ཚོགས་པའི་བྱ་བ་ཐམས་ཅད་ལ་རབ་ཏུ་འཇུག་པ་ལ་སོགས་པའི་དོན་གྲུབ་པའི་དངོས་གྲུབ་མཐའ་ཡས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱིས་རབ་ཏུ་བྱེད་པའོ། །ནམ་མཁའ་ཕྲ་བར་བསྐྱོད་པ་དག་གིས་རོལ་ཞིང་རྣལ་འབྱོར་ཐམས་ཅད་ཀྱིས་རྗེས་སུ་ཆགས་པར་བྱ་སྟེ། འདི་ལ་བཅོམ་ལྡན་འདས་ནམ་མཁའི་སྙིང་པོའི་རྡོ་རྗེ་བྱིན་གྱིས་བརླབས་པ་ཞེས་བྱ་བའི་ཕྱག་བྱ་བའི་ཕྱག་རྒྱ་སྟེ། འདིས་རྒྱས་བཏབ་པས་བཅོམ་ལྡན་འདས་རྗེས་སུ་ཆགས་ཤིང་དགྱེས་པ་དང་། བརྟན་པར་རྗེས་སུ་ཆགས་ནས་ནམ་མཁའ་ཐམས་ཅད་ཀྱི་བདག་ཉིད་ཀུན་གྱི་དངོས་པོ་ཉིད་ཀྱི་ཕྱིར་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པ་དང་། མཆོག་གི་དངོས་གྲུབ་ལ་སོགས་པའི་དངོས་གྲུབ་ཐམས་ཅད་ཀྱི་ལས་ཀྱི་ཚོགས་ཡིད་ལ་འདོད་པ་རྣམས་སྒྲུབ་པར་བྱེད་པའོ་ཞེས་བྱ་བ་ཡང་གསུངས་སོ། །མཆོག་དང་པོ་ནི་མཆོག་ཉིད་དུ། །གསང་བ་དམ་པ་གསུངས་པ་ཡིན། །མིག་སོགས་ཕྱག་རྒྱས་རྒྱས་བཏབ་པའོ། །རྡོ་རྗེ་སེམས་དཔས་གསུངས་པ་ཡིན། །རྡོ་རྗེ་ཀུན་འཛིན་སློབ་དཔོན་གྱི། །ཙུམ་པ་ན་དང་འཁྱུད་སོགས་ཀྱིས། །ཐམས་ཅད་རྣལ་འབྱོར་རྗེས་བསྒྲུབ་སྟེ། །མྱུར་དུ་ཀུན་ལ་རྒྱས་གདབ་བྱ། །སྙིང་པོ་ཕྱག་རྒྱ་སྔགས་རིག་པའི། །སྒྲུབ་པ་འདི་ནི་རྨད་བྱུང་སྟེ། །གྲུབ་པ་མེད་པ་རྣམས་ལ་ཡང་། །དངོས་གྲུབ་ཐམས་ཅད་རབ་སྒྲུབ་བྱེད། །གང་ལ་དངོས་གྲུབ་མེད་གྱུར་དང་། །བསོད་ནམས་ཕུན་ཚོགས་མེད་པ་ཡང་། །བདག་ཉིད་རྡོ་རྗེ་སེམས་དཔའ་འམ། །རྒྱས་བཏབ་མྱུར་དུ་འགྲུབ་པར་འགྱུར། །གལ་ཏེ་རྡོ་རྗེ་སེམས་དཔའ་མཆོག །སྙིང་པོ་ལ་སོགས་ཉེ་སྙིང་པོས། །བསྒྲུབ་བྱ་གྲུབ་པར་མ་གྱུར་ན། །ཙུམ་པ་སོགས་ཀྱིས་རྒྱས་གདབ་བྱ། །གང་ཕྱིར་གསང་བའི་ཕྱག་རྒྱ་ནི། །དངོས་གྲུབ་ཀུན་གྱི་བདེ་དམ་པ། །རྡོ་རྗེ་སེམས་དཔའི་མཆོད་པ་མཆོག །དེ་ཡིས་མྱུར་དུ་འགྲུབ་པར་འགྱུར། །དེ་ཉིད་ཆེན་པོ་འདི་གྲུབ་པ། །མཆོག་གི་བདག་ཉིད་དམ་པ་སྟེ། །མཆོག་ཏུ་གསང་བ་བསོད་ནམས་ལྡན། །སོ་སོའི་སྐྱེ་བོ་ལ་


DNG012_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་མིན། །རྡོ་རྗེ་སློབ་དཔོན་སློབ་མ་མཆོག །དེ་ཉིད་དད་པའི་རྗེས་འབྲང་ལ། །གལ་ཏེ་དངོས་གྲུབ་མཆོག་འདོད་ན། །སྦྱིན་ཏེ་གཞན་ལ་སྦྱིན་མི་བྱ། །ཕྱག་རྒྱའི་རྒྱུད་འདི་འབའ་ཞིག་གི། །བདག་ཉིད་གང་ལ་ཡོད་གྱུར་ན། །བདུད་ལ་སོགས་པ་ཐམས་ཅད་ཀྱིས། །མི་ཐུབ་པ་དང་སོད་མི་འགྱུར། །དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །ཀུན་མཆོག་དངོས་གྲུབ་ཀུན་སྩོལ་བ། །ཐམས་ཅད་མཛད་ཅིང་ཐམས་ཅད་མཁྱེན། །ཐམས་ཅད་སྒྲུབ་པར་མཛད་པ་ཡིན། །ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །དཔལ་མཆོག་དང་པོ་ལས་མཆོག་ཏུ་གསང་བ་ཞེས་བྱ་བའི་ཕྱག་རྒྱའི་རྒྱུད་ཕྱག་རྒྱ་བཅུ་པ་རྫོགས་སོ།། །།དེ་ནས་མཆོག་ཏུ་མཁས་ཤིང་ཕྲ་ལ་ཟབ་ཅིང་རྒྱ་ཆེ་བ་བསམ་གྱིས་མི་ཁྱབ་པ་ཤིན་ཏུ་མཐའ་ཡས་པ་ཚད་མེད་ཅིང་གཞལ་དུ་མེད་ཅིང་བརྗོད་ཀྱིས་མི་ལང་ཞིང་རབ་ཏུ་ཁྱབ་པ་མཆོག་ཏུ་གྲུབ་པ་ཞེས་བྱ་བའི་ཕྱག་རྒྱའི་རྒྱུད་བཤད་པའོ་ཞེས་བྱ་བ་བཅོམ་ལྡན་འདས་མཆོག་ཏུ་གྲུབ་པའི་རྡོ་རྗེ་སེམས་དཔས་གསུངས་སོ། །དེ་ལ་ཕྱག་རྒྱ་བཅུ་ནི་བདག་ཉིད་ཐམས་ཅད་སྐྱེད་པར་བྱེད་པའོ། །རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་བདེ་བ་ཆེན་པོའི་རྡོ་རྗེ་དོན་ཡོད་པའི་དམ་ཚིག་ལས་བྱུང་བའོ། །སྔོན་དུ་དང་པོའི་དངོས་གྲུབ་ཐམས་ཅད་མཆོག་ལ་སོགས་པའི་དངོས་གྲུབ་ཐམས་ཅད་ཀྱི་ལས་ཀྱི་ཚོགས་མྱུར་དུ་སྒྲུབ་པར་བྱེད་པ་སྟེ། དེ་ལ་འདི་ནི་སྐུའི་ཕྱག་རྒྱ་སྟེ་བ་དན་གསུམ་པ་དང་ཁ་ཊྭཱྃ་གའི་ཕྱག་རྒྱ་བཅིངས་ནས་གཡོན་པ་དྲིལ་བུ་དང་བཅས་ཤིང་གཡས་པ་བསླང་བའི་ཚུལ་དུ་བྱེད་པ་སྟེ། སྒེག་པ་དང་བཅས་པའི་མཛུབ་མོ་ལ་སོགས་པ་བཀྲོལ་བའི་གར་གྱིས་རྡོ་རྗེ་འདོད་པའི་དབང་ཕྱུག་མ་བསྟོད་པ་སྟེ་ཐམས་ཅད་ཀྱི་མཆོག་དངོས་གྲུབ་ཆེན་པོ་དབང་ཕྱུག་ཆེན་པོའི་མཆོག་གི་ཕྱག་རྒྱས་དགའ་བ་ཆེན་པོའི་དཔལ་རྡོ་རྗེ་དོན་ཡོད་པའི་དགྱེས་པའི་དམ་ཚིག་དངོས་གྲུབ་ཀྱི་རྣལ་འབྱོར་གྱི་དབང་ཕྱུག་མ་ཞེས་བྱ་བ་སྟེ། དེས་རྡོ་རྗེ་བསྙེམས་མ་ཡོངས་སུ་བཏང་བར་བྱས་ན་དངོས་གྲུབ་བཞིར་འགྱུར་རོ། །རྡོ་རྗེ་བསྙེམས་མ་དེ་ཉིད་ཀྱིས་རྒྱས་བཏབ་ན་ཐམས་ཅད་ཀྱི་མཆོག་གི་དངོས་གྲུབ་ཆེན་པོའི་དབང་ཕྱུག་ཆེན་པོའི་བདག་ཉིད་མི་འགྱུར་བའི་མཆོག་གོ། །མདའ་གསོར་བས་རྒྱས་བཏབ་ན་རྡོ་རྗེ་ལྷ་མོ་རྣམས་ཀྱང་རྗེས་


DNG012_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཆགས་པར་བྱེད་ན་བུད་མེད་གཞན་རྣམས་ལྟ་སྨོས་ཀྱང་ཅི་དགོས། རྡོ་རྗེ་ཀི་ལི་ཀི་ལས་རྒྱས་བཏབ་ན་ལྷ་དང་ལྷ་མ་ཡིན་གྱི་བུད་མེད་ཐམས་ཅད་ཀྱི་བུད་མེད་ཐམས་ཅད་རོལ་པར་བྱེད་ཅིང་མ་གྲུབ་ན་ཡང་ཐམས་ཅད་སྒྲུབ་པར་ནུས་པ་ཡིན་ནོ། །ཆུ་སྲིན་གྱི་རྒྱལ་མཚན་སྒྲེང་བའི་ཕྱག་རྒྱ་འདིས་ཐམས་ཅད་ལས་རྣམ་པར་རྒྱལ་བ་དང་གསོད་པའོ། །རྡོ་རྗེ་འདོད་པའི་དབང་ཕྱུག་མས་ཡོངས་སུ་དགོད་ཅིང་ཕྲེང་བ་དོར་བའི་སྔགས་དང་ཕྱག་རྒྱས་བཏབ་པ་ཙམ་གྱིས་འདོད་པ་ཐམས་ཅད་ཀྱི་དབང་ཕྱུག་ཐོབ་པའོ། །མཆོག་ཏུ་གསང་བའི་རས་རིས་ཀྱི་ཕྱག་རྒྱ་ཅི་ལྟ་བ་བཞིན་དུ་བརྗོད་པར་བྱའོ། །བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་གི་མཆོད་པས་རབ་ཏུ་དགའ་བ་ལ་སོགས་པའི་མཆོད་པ་ཐམས་ཅད་ཐོབ་པ་མི་ཟད་པའོ། །རྡོ་རྗེ་སྟོད་པའི་ཕྱག་རྒྱས་སྲིད་པ་གསུམ་ཐམས་ཅད་སྐྱོད་པ་དང་དབང་དུ་བྱེད་པའོ། །རྡོ་རྗེ་ཧཱུྃ་མཛད་ཀྱི་ཕྱག་རྒྱ་དང་རྐང་པས་ལྷའི་གཟུགས་བརྙན་མནན་ཅིང་རྒྱས་བཏབ་ནས་སྡིགས་མཛུབ་བྱས་ཏེ། ལྷ་ལ་སོགས་པའི་སེམས་ཅན་དེ་དང་དེ་རིང་པོར་མི་ཐོགས་པར་རྒྱས་བཏབ་པས་བཀའ་བསྒོ་བ་ཐམས་ཅད་དང་ལས་རྣམས་བྱེད་པར་འགྱུར་རོ། །སྟན་མཐོན་པོ་ལ་སྐྱིལ་ཀྲུང་ཕྱེད་པས་འདུག་སྟེ། རྐང་པ་གཡོན་པས་རྡོ་རྗེ་སེམས་དཔའི་གཟུགས་བརྙན་ཡང་མནན་ནས་རྡོ་རྗེ་གསོར་ཞིང་རྡོ་རྗེ་སེམས་དཔའ་མནན་ནས། དངོས་གྲུབ་ཡིད་དུ་འོང་བ་ཐམས་ཅད་དང་ཕུན་སུམ་ཚོགས་པ་རྣམས་ཉམས་སུ་མྱོང་ན་ལྷ་ལ་སོགས་པའི་སེམས་ཅན་རྣམས་ལྟ་སྨོས་ཀྱང་ཅི་དགོས། གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་རང་གི་རྟགས་བཟུང་ནས་གཡས་པ་རྡོ་རྗེ་ལ་སོགས་པ་སྟོད་པའི་ཚུལ་གྱིས་འཛིན་ཅིང་། ཡིད་ལ་འདོད་པའི་ལྷའི་བུ་མོ་ཐམས་ཅད་ལ་རྒྱས་འདེབས་ཤིང་སྟོབས་ཀྱིས་རོལ་པར་བྱེད་པའམ་སྒྲུབ་པར་བྱེད་པ་སྟེ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོའོ། །དེ་ནས་དམ་ཚིག་གི་ཕྱག་རྒྱ་ནི་བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་ལས་བྱུང་བ་ནི་བཅུ་སྟེ་སྙིང་གར་སེན་མོ་འདྲུད་པའོ། །ལྕགས་ཀྱུ་བརྡེག་པའོ། །གཡོན་པའི་ལྕགས་ཀྱུ་ལ་གཡས་པ་དེ་གཞུག་པའོ། །ལྕགས་ཀྱུའི་རྩེ་མོ་བཙིར་བའོ། །ཕན་ཚུན་སེམས་བྲུད་པའི་སྙིང་གར་བྱས་པའོ། །ལྕེ་མཉམ་པར་བྱིན་པའོ། །སྙིང་གར་


DNG012_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་བརྟན་པར་རབ་ཏུ་བཞག་པའོ། །རྡོ་རྗེས་བྱབ་པའོ། །རྩེ་བའི་ཕྱག་རྒྱ་ཡང་ངོ་། །འདི་རྣམས་ཀྱིས་དངོས་གྲུབ་དང་། ཕུན་སུམ་ཚོགས་པ་དང་། བདེ་བ་དང་། ཕྱག་རྒྱ་དང་། དམ་ཚིག་དང་། དཀྱིལ་འཁོར་དང་། ཆོས་དང་། ཡེ་ཤེས་དང་། ལས་དང་། བདེ་བ་ཆེན་པོ་ཐམས་ཅད་ཀྱི་དངོས་གྲུབ་རྣམས་དོན་ཡོད་པ་ཐོབ་པར་འགྱུར་རོ། །དེ་ནས་གསང་བའི་དམ་ཚིག་གི་རྡོ་རྗེ་བསྡམས་པ་ལས་བྱུང་བའི་ལས་བཅུ་ནི་དབུས་མའི་ལྕགས་ཀྱུས་སོ།། །།ཁ་སྦྱོར་གྱི་ནང་དུ་རྡོ་རྗེ་སོར་མོ་རྣམས་ཐམས་ཅད་ཀྱི་ལས་སོ། །མཐེ་བོང་རྡོ་རྗེའོ། །དེ་ཉིད་ཀྱིས་མཐིལ་གཉིས་སུ་བྲུད་པའོ། །མཛུབ་མོ་རྡོ་རྗེའོ། །དེ་ཉིད་ཀྱི་ལྕགས་ཀྱུ་གཉིས་སོ། །དབུས་མའི་རྡོ་རྗེའོ། །དེ་ཉིད་ཀྱིས་སོར་མོའི་རྩེ་མོ་བཅིང་བར་བྱའོ། །སྲིན་ལག་གི་རྡོ་རྗེའོ། །དེ་ཉིད་ཀྱིས་སོར་མོའི་རྩེ་མོ་དག་གི་རོལ་མོའོ། །མཐེའུ་ཆུང་གི་རྡོ་རྗེའོ། །དེ་ཉིད་ཀྱིས་མཐེ་བོ་གཉིས་ཀྱི་སེན་མོ་བཙིར་བའོ། །འདི་རྣམས་ཀྱིས་བཏབ་པས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་པོ་ཐམས་ཅད་སྒྲུབ་པ་དང་། རྗེས་སུ་ཆགས་པ་དང་། དབང་དུ་བྱེད་པ་དང་། དགུག་པ་དང་། རོལ་པ་དང་། ཆགས་པས་བཅིང་བ་དང་། ཐམས་ཅད་སྨྲར་གཞུག་པ་དང་། གང་བྱེད་དུ་གཞུག་པ་དང་། དགོད་དུ་གཞུག་པ་དང་། གསོད་པའོ། །དེ་ནས་ལས་ཀྱི་དམ་ཚིག་གི་ཕྱག་རྒྱ་བཅུ་ནི་རྡོ་རྗེ་གར་གྱི་མཆོད་པ་ལྷ་དང་ལྷ་མ་ཡིན་གྱི་བུ་མོ་ཐམས་ཅད་དང་། བུ་མོ་གཞོན་ནུ་མ་ཐམས་ཅད་བརྟན་པར་རྗེས་སུ་ཆགས་པ་ནི་རྡོ་རྗེ་ལྟ་བས་སོ། །རབ་ཏུ་དགའ་བའི་སྒྲུབ་པ་ནི་མ་མཆུ་ནང་དུ་གཡོ་བར་བྱེད་པས་མྱང་བ་དང་བཏུང་བའོ། །ཆགས་པ་བརྟན་ཞིང་ལྟུང་བ་ནི་དབུགས་རིང་པོར་གཏོང་བས་སོ། །དེ་ནས་ལས་འདོད་པ་ཐམས་ཅད་ཀྱི་དབང་ཕྱུག་ཐོབ་པ་ནི་དཔུང་བ་གཉིས་བསྟོད་པས་སོ། །ཐམས་ཅད་ཀྱིས་མཆོད་པར་འགྱུར་བ་ནི་སྙིང་གར་གཞུག་པས་སོ། །ཡོད་པ་ཐམས་ཅད་རྙེད་པ་ནི་མིག་དགུག་པས་སོ། །འདོད་པའི་ཆགས་པ་བསྐྱེད་པ་ནི་དབུས་དང་བཅས་པའི་དམན་པའི་གདོང་གིས་བལྟ་བས་སོ། །ཐམས་ཅད་འབེབས་པའི་ཆོ་ག་ནི་རང་གི་སྙིང་ཕྲ་བར་བསྐྱོད་པའི་ལས་རྣམས་ཀྱིས་སོ། །འདོད་པའི་ཆགས་པ་གསད་པ་ནི་དབུགས་བཏང་བས་རང་ཉིད་ལྡང་


DNG012_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱེད་པས་སོ། །འདོད་པ་ཐམས་ཅད་ཀྱི་རྗེས་སུ་སྤྱོད་པ་ལ་སོགས་པའི་ལས་ཐམས་ཅད་ཀྱི་བྱེད་པ་ནི་བཀའ་བསྒོ་བས་སོ། །དེ་རྣམས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་ལ་ཡང་ཉེ་བར་སྦྱོར་ན་དོན་ཡོད་གྲུབ་པས་སྐད་ཅིག་ཉིད་ཀྱིས་བརྟན་ཞིང་མི་འགྱུར་བའི་དངོས་གྲུབ་ཀྱིས་རྒྱས་བཏབ་ན་འགྲུབ་པར་འགྱུར་རོ། །ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །དེ་ནས་ལས་ཀྱི་ཕྱག་རྒྱ་བཅུ་ནི་རྡོ་རྗེ་བསྙེམས་མའི་ཕྱག་རྒྱས་ཐམས་ཅད་བསྒྲུབ་པའོ། །རྡོ་རྗེ་མཚོན་ཆ་མས་ཐམས་ཅད་ལས་རྣམ་པར་རྒྱལ་བ་དང་རྗེས་སུ་ཆགས་པའོ། །རྡོ་རྗེ་ཀི་ལི་ཀི་ལས་རབ་ཏུ་དགའ་བའི་རེག་བྱ་དང་དངོས་གྲུབ་ཐམས་ཅད་བདེ་བར་གྲུབ་པའོ། །རྒྱལ་མཚན་སྒྲེང་བས་འཐབ་མོ་ཐམས་ཅད་ལས་རྣམ་པར་རྒྱལ་བའོ། །རྡོ་རྗེ་འདོད་པའི་དབང་ཕྱུག་མས་བདག་པོ་ཆེན་པོ་ཉིད་དོ། །དུས་ཀྱི་མཆོད་པས་མཆོད་པར་འགྱུར་བ་ཉིད་དོ། །རྡོ་རྗེ་གསོར་བས་ཐམས་ཅད་འདུལ་བའོ། །རྡོ་རྗེ་དོར་བས་ཐམས་ཅད་གསོད་པ་དང་། ཐམས་ཅད་འཕྲོག་པའོ། །གཡོན་པ་བསྙེམས་ཤིང་གཡས་པའི་རྡོ་རྗེ་ཁུ་ཚུར་གྱི་ལས་རྣམས་ཀྱིས་སྒྱུ་མ་དང་། རྫུ་འཕྲུལ་ཐམས་ཅད་དང་། སོ་སོར་སྟོན་པ་དང་། རྨུགས་པ་དང་། རེངས་པ་དང་། གཉིད་ལོག་ཏུ་གཞུག་པ་དང་། བསྐོར་བ་དང་། བསྐྲད་པ་དང་། འབྲུ་དང་། བཏུང་བ་འཕོ་བ་དང་། དབང་དུ་བྱེད་པ་ལ་སོགས་པའི་ལས་ཐམས་ཅད་སྒྲུབ་པར་བྱེད་པའོ། །རྡོ་རྗེ་སེམས་དཔའི་དམ་ཚིག་གི་ཕྱག་རྒྱ་བཅུ་ནི་རྡོ་རྗེ་ཐལ་མོ་ལས་བྱུང་བའོ། །རྡོ་རྗེ་སྐུ་མཆོག་གི་དངོས་གྲུབ་ཐམས་ཅད་དོ། །མཛུབ་མོ་གཉིས་ཀྱི་ལྕགས་ཀྱུས་དངོས་གྲུབ་ཐམས་ཅད་དོ། །རྡོ་རྗེ་གནོད་སྦྱིན་གྱིས་བདུད་ཐམས་ཅད་ལ་སོགས་པའི་གདུག་པ་འདུལ་བའི་དེ་ཉིད་ཀྱིས་མཐེ་བོའི་རྡོ་རྗེས་བཀབ་པས་ཐམས་ཅད་རྙེད་པའོ། །དེ་ཉིད་ཀྱི་མཐེ་བོ་གཉིས་བཅུག་པའི་གཙུག་ཏོར་རྡོ་རྗེས་ཐམས་ཅད་བསྲུང་བའི་མཐེ་བོ་རྡོ་རྗེ་ནང་དུ་བཅུག་པ་དེ་ཉིད་ཀྱིས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སེམས་ཅན་ཐམས་ཅད་རྗེས་སུ་ཆགས་པ་དང་། དགུག་པ་དང་། དབང་དུ་བྱེད་པ་བསྒྲུབ་པའོ། །མཐེའུ་ཆུང་རྡོ་རྗེ་སོར་མོ་གཉིས་ཀྱི་རྩེ་མོ་གཉིས་མཛུབ་མོ་གཉིས་ཀྱིས་


DNG012_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པར་བཟུང་བས་མཐོ་བོ་ནི་དཔལ་དགུག་པ་དང་དབང་དུ་བྱེད་པའོ། །རྡོ་རྗེ་གནོད་སྦྱིན་གྱི་རྒྱལ་མོ་དེ་ཉིད་ཀྱིས་ནོར་ཐམས་ཅད་དང་དཔལ་དབྲོག་པའོ། །དེ་ཉིད་ཀྱི་དབུས་མ་གཉིས་ཀྱིས་སྲིན་ལག་གཉིས་ཀྱི་རྩེ་མོ་ཡོངས་སུ་བཙིར་བས་བདུད་ལ་སོགས་པའི་གདོན་ལས་གྲོལ་བ་དང་། དབང་དུ་བྱས་ནས་ལས་ཐམས་ཅད་ལ་སྦྱོར་བའོ། །རབ་ཏུ་དགའ་བའི་རྡོ་རྗེས་ཡུལ་ཐམས་ཅད་ཀྱི་མཆོག་བསྒྲུབ་པའོ། །དེ་ནས་གསང་བའི་ཕྱག་རྒྱ་རབ་ཏུ་དགའ་བའི་རྡོ་རྗེ་ལས་བྱུང་བའོ། །སེམས་དཔའ་མནན་ནས་རྡོ་རྗེ་ལྷ་མོ་རོལ་དུ་གཞུག་པའོ། །དེ་ཡང་རབ་ཏུ་དགའ་བའི་རྡོ་རྗེ་ཆེན་པོས་རྒྱས་བཏབ་པས་སོ། །རྡོ་རྗེ་དང་བཅས་པའི་རབ་ཏུ་དགའ་བའི་རྡོ་རྗེས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆགས་པ་དང་བྲལ་བའི་འཁོར་ལོས་སོ། །མཛུབ་མོ་དང་། དབུས་མ་དང་། སྲིན་ལག་གི་འཁོར་ལོ་བསྒྲེང་བར་བྱས་ལ་མཐེ་བོ་དང་། མཐེའུ་ཆུང་མཉམ་ལ་དྲལ་བར་བྱ་སྟེ། རབ་ཏུ་དགའ་བའི་རྡོ་རྗེ་བསྒྲུབ་པ་དེ་ཁོ་ན་ཉིད་ཀྱིས་རྒྱས་བཏབ་ཅིང་བསྒྲུབ་པར་འགྱུར་རོ། །བཙིར་བས་འདོད་པ་ཐམས་ཅད་རབ་ཏུ་སྒྲུབ་པར་བྱེད་པའོ། །མཛུབ་མོ་ལྕགས་ཀྱུས་འདོད་པ་ཐམས་ཅད་ཀྱི་བདེ་བ་དགུག་པའོ། །མཛུབ་མོས་ཕྲག་དོག་ལ་སོགས་པའི་འདོད་པ་ཐམས་ཅད་ཀྱི་སྡུག་བསྔལ་རབ་ཏུ་ཞི་བའོ། །རྟག་ཏུ་བསྐྱོད་པས་རབ་ཏུ་དགའ་བ་འབེབས་ཤིང་དེ་ནས་བསྒྲུབ་པའོ། །སྐྱེ་གནས་གཡོ་བས་བུད་མེད་དང་སྐྱེས་པ་དག་གིས་རབ་ཏུ་དགའ་བ་ལ་འཇིག་རྟེན་ལས་འདས་པའི་འདོད་པ་ཐམས་ཅད་ཀྱི་བདེ་བ་ཆེན་པོ་ཤིན་ཏུ་མཐའ་ཡས་པའོ། །ཁ་སྦྱོར་བཙིར་བས་ཅི་སྲིད་འཚོ་བའི་བར་དུ་འདུས་པ་དང་བྲལ་བ་ཡང་ངོ་། །རྟགས་ཀྱི་སེན་མོ་གཡོན་པའི་མཐིལ་བྲུད་པས་ཤིན་ཏུ་བརྟན་པའི་འདོད་པ་ལ་ཆགས་པ་ཉིད་དུ་འགྱུར་རོ། །གཞན་གྱི་འདོད་པ་ལ་མི་ལྟ་ཞིང་གཞན་ལ་མི་འགྲོ་བར་ཤིན་ཏུ་བདེ་བ་དང་ཡིད་བདེ་བ་སྟེར་བའི་བུད་མེད་ཐམས་ཅད་འགྲུབ་པར་འགྱུར་རོ། །སྐྱེ་གནས་སུ་སེན་མོ་བྲུད་པས་སྐྱེས་བུ་རྣམས་སོ། །དེ་ནས་ཐམས་ཅད་ཀྱི་བདག་ཉིད་ཀྱི་གསང་བའི་ཕྱག་རྒྱ་བཅུ་སྟེ། དེ་ལ་ལུས་ཐམས་ཅད་ཀྱི་ཕྱག་རྒྱ་ནི་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་


DNG012_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

འཁྱུད་ལ་མ་མཆུ་སོ་རྣམས་ཀྱིས་བཟུང་སྟེ། རྨོངས་པས་བདེ་བ་སྟེར་དུ་གཞུག །བསྒྲུབ་པས་རབ་ཏུ་དགའ་བའི་དངོས་གྲུབ་ཀྱིས་རྡོ་རྗེ་སེམས་དཔའ་ཤིན་ཏུ་འགྲུབ་པར་འགྱུར་རོ། །མཆོག་དང་པོའི་དངོས་གྲུབ་ཀྱིས་སུ་ར་ཏ་སྟྭཾ་ཞེས་བཅོམ་ལྡན་འདས་ལ་བརྗོད་ཅིང་དེ་ཁོ་ན་ཉིད་བསྐུལ་བས་འགྲུབ་པར་འགྱུར་རོ། །རབ་ཏུ་དགའ་བའི་ཡེ་ཤེས་ཀྱིས་ཐམས་ཅད་བསྒྲུབ་པའོ། །ལག་པ་གཡོན་པའི་ཁུ་ཚུར་གསང་བར་རེག་ན་ཐམས་ཅད་བསྒྲུབ་པའོ། །བདེ་བ་ཆེན་པོ་རྡོ་རྗེ་ལས་བྱུང་བའི་རྡོ་རྗེ་ཆེན་པོའི་ལྟ་བས་ཐམས་ཅད་གྲུབ་པའོ། །སྨིན་མ་གྱེན་དུ་བཏེག་པས་ལྟུང་བ་སློང་བའོ། །རང་གི་མ་མཆུ་ནང་དུ་མྱང་བས་སྐལ་བ་བཟང་པོ་ཆེན་པོ་བསྒྲུབ་པའོ། །རང་གི་ལྕེ་བསྐྱོད་པས་རང་ཉིད་ཀྱི་བདེན་པ་ཐམས་ཅད་དང་དེ་ཁོ་ན་ཉིད་གསལ་ཞིང་མི་སླུ་བར་སྨྲ་བའོ། །རང་གི་ལུས་ལ་འབེབས་པས་གཟུགས་ཐམས་ཅད་ཡོངས་སུ་བསྒྱུར་བ་སྟེ། རྡོ་རྗེ་སེམས་དཔའ་འམ་སངས་རྒྱས་སུ་ཡང་འགྱུར་བ་ཡིན་ནོ། །རང་གི་བདག་ཉིད་རྡོ་རྗེ་བསྒོམས་པས་ནམ་མཁའ་ལ་འགྲོ་བའོ། །དེ་ནས་དང་པོ་ལས་ཐམས་ཅད་ཀྱི་ཕྱག་རྒྱ་བཅུ་ནི་རྡོ་རྗེ་ཐལ་མོ་ཁ་ཊྭཱྃ་གིས་སོ། །དངོས་གྲུབ་ཐམས་ཅད་རྡོ་རྗེ་ཁུ་ཚུར་དག་གིས་སོ། །དེ་བཞིན་གཤེགས་པའི་ཁུ་ཚུར་དག་གིས་དངོས་གྲུབ་ཐམས་ཅད་དོ། །ཐམས་ཅད་གསོད་པ་ནི་ཁྲོ་བོའི་ཁུ་ཚུར་དག་གིས་སོ། །ཐམས་ཅད་སྦྱར་བ་ནི་པདྨའི་ཁུ་ཚུར་དག་གིས་སོ། །ནོར་ཐམས་ཅད་འབོག་པ་ནི་ནོར་བུའི་ཁུ་ཚུར་གྱིས་སོ། །ཐམས་ཅད་འབེབས་པ་ནི་ཐམས་ཅད་འབེབས་པའི་ཁུ་ཚུར་གྱིས་སོ། །ཐམས་ཅད་གར་བྱེད་དུ་གཞུག་པ་ནི་ཁ་ཊྭཱྃ་ག་གཏོར་བའི་ཁུ་ཚུར་དག་གིས་སོ། །ཐམས་ཅད་སྨྲར་གཞུག་པ་ནི་མཛུབ་མོ་མཉམ་པའི་ལྕེའི་ཁུ་ཚུར་དག་གིས་སོ། །ཐམས་ཅད་བསྐྱོད་པ་ནི་བརྟན་པའི་ཁུ་ཚུར་དག་གིས་སོ། །ཐམས་ཅད་གཞུག་ཅིང་དོན་ཡོད་པར་བསྒྲུབ་པ་ནི་རྡོ་རྗེ་ལྕགས་ཀྱུའི་ཁུ་ཚུར་གྱིས་སོ། །དེ་ནས་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་ཅི་འདོད་པའི་ལག་པའི་སོར་མོའི་ཕྱག་རྒྱ་བཅུ་སྟེ། དོན་ཡོད་ཅིང་ཐོགས་པ་མེད་པར་སྐད་ཅིག་མས་མྱུར་དུ་གྲུབ་པར་བྱེད་པ་འདི་ལྟ་སྟེ། པི་བང་དང་། གླིང་བུ་དང་། རྫ་རྔ་དང་། མུ་ཀུཎྜ་དང་། ཆ་ལང་དང་། རྔ་བོ་ཆེ་དང་། རྔ་ཟླུམ་དང་། རྔ་པ་ཊ་ཧ་དང་།


DNG012_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

གུཉྫ་དང་། ཏི་མི་ལི་སྟེ། འདི་རྣམས་ཀྱིས་རྒྱས་བཏབ་ན་ཐམས་ཅད་དུ་རྗེས་སུ་ཆགས་པ་དང་།དབང་དུ་བྱེད་པ་དང་། འབེབས་པ་དང་། རིམས་དང་། དུག་དང་། སྦྱར་དུག་དང་། གདོན་ལས་གྲོལ་བ་དང་། གསོད་པ་དང་། འཐབ་མོ་ལས་རྣམ་པར་རྒྱལ་བ་དང་། ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ་པ་ཡིན་ནོ་ཞེས་བྱ་བ་གསུངས་སོ། །འདོད་ཆགས་ཆེན་པོ་རྣམ་དག་ཕྱིར། །རྡོ་རྗེ་སེམས་དཔའ་ཆེན་པོ་ཡིན། །ཕྱག་རྒྱའི་རྟོག་པ་རབ་ཏུ་བརྟགས། །རྡོ་རྗེ་སློབ་དཔོན་སློབ་མ་མཆོག །དེ་ཉིད་དད་པའི་རྗེས་འབྲངས་ལ། །རྟོགས་པ་ཙམ་གྱིས་སྐད་ཅིག་གིས། །དོན་ཡོད་ཀུན་གྲུབ་བདེ་བར་གསོལ། །ཞེས་བྱའོ། །དཔལ་མཆོག་དང་པོ་ལས་མཆོག་ཏུ་གྲུབ་པ་ཞེས་བྱ་བའི་ཕྱག་རྒྱའི་རྒྱུད་རྫོགས་སྷོ།། །།དེ་ནས་མཆོག་ཏུ་མཁས་ཤིང་མཐའ་ལས་འདས་པ་ཚད་མེད་ཅིང་གཞལ་དུ་མེད་པ་མ་ལུས་ཤིང་ལུས་པ་མེད་པའི་མཆོག་གི་དངོས་གྲུབ་ཆེན་པོ་འདི་དག་ཉིད་ལ་སོགས་པའི་དངོས་གྲུབ་ཐམས་ཅད་ཀྱི་ལས་ཀྱི་ཚོགས་མཆོག་ཏུ་དམ་པ་གྲུབ་པ་ཞེས་བྱ་བ་རྡོ་རྗེ་གར་ལས་བྱུང་བའི་ཚོགས་ཐམས་ཅད་ཀྱི་ཕྱག་རྒྱ་སྟོང་བཤད་པར་བྱའོ་ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །ཕྱག་རྒྱ་ཆེན་པོ་མཉམ་གཞག་ནས། །སྒེག་བཅས་འཛུམ་སོགས་བཀྲོལ་བ་ཡིས། །ལས་ཀྱི་ཕྱག་རྒྱ་ཆེན་པོ་བརྒྱ། །ཐམས་ཅད་གར་གྱིས་བསྒྲུབ་པར་བྱ། །བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་ལྕགས་ཀྱུས་ཁྱད་པར་དུ་ལས་ཀྱི་ཕྱག་རྒྱ་བཅིང་བ་སྟེ་བརྒྱ་ཕྲག་དང་པོ་མཆོག་ཏུ་བསྒྲུབས་ཏེ་རྡོ་རྗེ་དམ་ཚིག་ལྷ་མོ་རྣམས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་བསྡམས་པ་བཅིངས་ནས་ནི། །ཁ་སྦྱོར་ནང་དུ་གསལ་བ་སྟེ། །མཆོག་དང་པོ་ཡི་གསང་ཆེན་གྱི། །ལས་ཀྱི་ཕྱག་རྒྱ་རྒྱ་གཞན་ཡིན། །ཞེས་བྱ་བ་རྡོ་རྗེ་ལྷ་མོ་གསང་བ་ཐམས་ཅད་ཀྱི་ཕྱག་རྒྱའོ། །རྡོ་རྗེ་ལས་ཀྱི་མཆོད་པ་ཆེའི། །ཐལ་མོས་སྤྱི་བོར་བཟུང་ནས་ནི། །ལས་ཀྱི་ཕྱག་རྒྱ་གྲུབ་པས་ན། །དབང་པོ་རྣམས་དང་སྦྱར་བར་བྱ། །ཞེས་བྱ་བ་རྡོ་རྗེ་ཐམས་ཅད་ཀྱི་མཆོད་པ་ཆེན་པོའི་ལྷ་མོ་རྣམས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་བསྙེམས་མས་གར་བྱ་ཞིང་། །སྒེག་བཅས་མཐེའུ་


DNG012_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་སོགས་བཀྲོལ་བས། །དེ་ཉིད་བཅིངས་ནས་གར་བྱ་ཞིང་། །ཕྱི་མ་འདི་ནི་འབྱུང་བ་ཡིན། །ཞེས་བྱ་བ་རྡོ་རྗེ་ཐམས་ཅད་ཀྱི་ལས་དོན་ཡོད་པའི་དམ་ཚིག་གྲུབ་པའི་དབང་ཕྱུག་ཆེན་པོའི་མཆོག་གི་ཕྱག་རྒྱ་བརྒྱའོ། །རྡོ་རྗེ་ཐལ་མོ་མཉམ་གཞག་ནས། །ཐམས་ཅད་ཀྱིས་ནི་བསྒྲུབ་པར་བྱ། །མཆོག་དང་པོའི་ལས་ཆེན་པོའི་ཕྱག་རྒྱ་མཆོག་གཞན་ཡིན་ནོ་ཞེས་བྱ་བ་རྒྱལ་མོ་ཐམས་ཅད་ཀྱི་ཕྱག་རྒྱ། །མདའ་ལྔ་བསྡུས་པ་བཅིངས་ནས་ནི། །ལས་ཀྱི་ཕྱག་རྒྱ་བདེ་བ་བརྒྱུ། །རབ་ཏུ་དགའ་མཆོག་མ་བཀྲོལ་བར། །བདེ་བ་ཉིད་དུ་མངོན་པར་སྦྱར། །ཞེས་བྱ་བ་རྡོ་རྗེ་ཐམས་ཅད་ཀྱི་མཆོག་ཏུ་གསང་བའི་འདོད་པ་མའི་ཕྱག་རྒྱའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས། །ཇི་བཞིན་ཕྱག་རྒྱ་མཆོག་སྦྱོར་བས། །ལས་ཀྱི་ཕྱག་རྒྱ་སྣ་ཚོགས་བརྒྱ། །མཆོག་དང་པོ་ནི་རབ་ཏུ་བརྟག །ཅེས་བྱ་བ་རྡོ་རྗེ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལྷ་མོའི་ཕྱག་རྒྱའོ། །རྡོ་རྗེ་ལྷ་མོའི་ཁ་ཊྭཱྃ་ག །ལུས་ཀུན་གྱིས་ནི་གར་བྱ་ཞིང་། །རྡོ་རྗེ་གར་མཆོག་གླུ་བླང་ཞིང་། །དང་པོའི་ཕྱག་རྒྱ་ཆེན་པོ་ཞེས་བྱ་བའོ། །ཅི་ལྟར་གོང་དུ་རྒྱས་གསུངས་པ། །རོལ་མོ་མཆོག་གི་ཕྱག་རྒྱའི་ཚོགས། །རོལ་མོ་བརྡུང་ཞིང་གླུ་ལེན་པ། །ཕྱག་རྒྱ་ཀུན་གྱི་གསལ་བ་བརྒྱ། །ཞེས་བྱ་བ་རྡོ་རྗེ་ཐམས་ཅད་ཀྱི་ལྷའི་བུ་མོའི་ཚོགས་ཀྱི་ཕྱག་རྒྱ་སྟེ་ཕྱག་རྒྱ་སྟོང་མཆོག་ཏུ་གྲུབ་པའོ། །དེ་ལ་སོགས་པ་མཐའ་ཡས་མཆོག །ཆོས་དབྱིངས་མཉམ་དང་མི་མཉམ་པ། །ནམ་མཁའི་མཐའ་ལྟར་གྲངས་མེད་པའི། །ཕྱག་རྒྱའི་རྒྱལ་མོ་གྲུབ་མཆོག་སྟེར། །ཀུན་མཆོག་དངོས་གྲུབ་ཆེན་པོ་ཡི། །དབང་ཕྱུག་ཆེན་པོའི་མཆོག་གྲུབ་ཕྱིར། །ནམ་མཁའ་ཀུན་གྱི་གོ་སྐབས་ཀྱིས། །དཀྱིལ་འཁོར་འདིར་ནི་རབ་ཏུ་ཞུགས། །དམ་པ་མཆོག་ཏུ་གྲུབ་པར་བྱེད། །མཆོག་གི་དམ་པ་རྒྱུད་ཆེན་པོ། །དམ་པ་མཆོག་གི་དངོས་གྲུབ་སྟེར། །རྡོ་རྗེ་སློབ་དཔོན་སློབ་མ་མཆོག །དེ་ཉིད་དད་པའི་རྗེས་འབྲངས་ལ། །ཕྱག་རྒྱ་ཀུན་གྱི་ཚུལ་འདི་ནི། །བསྟན་པར་བྱ་སྟེ་གཞན་ལ་མིན། །དེ་ལྟར་མཆོག་ཏུ་མི་འགྱུར་དམ་པའི་དངོས་གྲུབ་བདེ་བ་ཡི། །མཆོག་ཏུ་རྣམ་དག་རྡོ་རྗེ་བདེ་གྲུབ་མཐའ་ཡས་འབྲས་


DNG012_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

བུར་ལྡན། །དཔལ་མཆོག་དང་པོའི་གསང་བའི་དེ་ཉིད་མཆོག་གི་སྐུའི་ཚུལ་ལོ། །མཆོག་ཏུ་རྟག་པའི་རྟོག་པའི་ཚུལ་འདི་ཡོངས་སུ་མཐར་ཐུག་པའོ། །དཔལ་མཆོག་དང་པོ་ལས་དམ་པ་མཆོག་ཏུ་གྲུབ་པ་ཞེས་བྱ་བའི་ཕྱག་རྒྱའི་རྒྱུད་རྫོགས་སྷོ།། །།དེ་ནས་སེམས་དཔའ་ཆེན་པོ་ཀུན། །རྡོ་རྗེ་འཛིན་དང་བཅས་པའི་མཆོག །རྡོ་རྗེ་འཆང་ཆེན་གཙོ་བོ་ནི། །མགོན་ལ་བདེ་གཤེགས་རྣམས་ཀྱིས་གསོལ། །ཀུན་མཆོག་ནམ་མཁའ་ཆེན་པོ་ཡི། །དངོས་གྲུབ་དབང་ཕྱུག་རབ་གྲུབ་ཕྱིར། །རྟོག་པ་ཐམས་ཅད་ཀུན་བསྡུས་པའི། །དེ་ཉིད་སེམས་དཔའ་ཆེན་པོས་གསུངས། །རྣམ་རྟོག་མེད་པའི་ཆོས་རྣམས་ལ། །རྟོག་པའི་དོན་འདི་གང་བརྗོད་པ། །གང་གིས་རྒྱུད་འདི་ཕྱི་མ་ལ། །དང་པོའི་གནས་མཆོག་ཅི་ལྟར་ལགས། །དེ་བཞིན་རྡོ་རྗེ་སེམས་དཔའ་ཉིད། །རབ་དགའ་ཉིད་དང་བཟང་བ་ཉིད། །རྡོ་རྗེ་བསྙེམས་བདག་ཇི་ལྟར་ལགས། །སེམས་དང་སེམས་དཔའ་ཏིང་འཛིན་དང་། །དེ་བཞིན་རྡོ་རྗེ་རྡོ་རྗེ་འཛིན། །རྡོ་རྗེ་འཆང་ཆེན་ཉིད་དང་ནི། །བྱང་ཆུབ་སྤྱོད་པ་ཇི་ལྟར་ལགས། །བདུད་དང་བདུད་ལས་རྒྱལ་བ་ཉིད། །བྱང་ཆུབ་སངས་རྒྱས་ཇི་ལྟར་ལགས། །རྡོ་རྗེ་གཏུམ་པོ་མཐར་བྱེད་ཉིད། །ཕྱག་ན་རྡོ་རྗེ་ཇི་ལྟར་ལགས། །ཇི་ལྟར་དང་པོའི་རིགས་བྱུང་དང་། །འདོད་པ་ཐར་པ་ཇི་ལྟར་ལགས། །ཇི་ལྟར་མགོན་པོ་རྣམ་གསུམ་དང་། །ཁྱོད་ནི་ཇི་ལྟར་ཐམས་ཅད་ཉིད། །དང་པོའི་སྙིང་པོ་ཇི་ལྟར་བྱུང་། །དེ་ཅི་ཉེ་སྙིང་ཇི་ལྟར་ལགས། །བདེ་ཆེན་རྡོ་རྗེ་ཆེན་པོ་ཡི། །དོན་ཡོད་དམ་ཚིག་ཇི་ལྟར་ལགས། །དཀྱིལ་འཁོར་ཞེས་བྱ་ཇི་སྐད་གསུངས། །དེ་ཡི་རྣམ་སྨིན་ཇི་ལྟ་བུ། །ཐིག་གདབ་པ་དང་བརྟག་པ་ཡིས། །དངོས་གྲུབ་ཇི་ལྟར་གསུངས་པ་ལགས། །གསང་བ་ལྔ་ཡི་དེ་བདེ་བ། །ཇི་ལྟར་གྱུར་པ་ཇི་ལྟ་བུ། །དཀྱིལ་འཁོར་བདག་པོ་རྣམས་དང་ནི། །རིགས་རྣམས་གསལ་བ་ཇི་ལྟར་ལགས། །ཐམས་ཅད་དབང་བསྐུར་དེ་ཉིད་དང་། །ཕྱག་མཚན་ཚོགས་ཀྱི་དེ་ཉིད་དང་། །ཐམས་ཅད་དགུག་གཞུག་མཆོད་པ་ཆེ། །བདག་བྱིན་བརླབས་སོགས་སྒྲུབ་པ་ཆེ། །དེ་ནི་དེ་ཉིད་གསང་བ་དང་། །དོན་ཡོད་པ་


DNG012_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

ནི་མཆོག་ཉིད་དེ། །མི་འགྱུར་དམ་པ་འགྲུབ་པའི་ཕྱིར། །ཐམས་ཅད་བདག་ཅག་རྣམས་ལ་གསུངས། །ཞེས་བྱ་བ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་གི་མདོ་གསུངས་སོ། །དེ་ནས་སྟོན་པ་རྡོ་རྗེ་འཛིན། །རྟོག་པ་ཀུན་གྱི་བདག་པོ་ནི། །ཐེ་ཙོམ་ཚོགས་རྣམས་གསན་ནས་སུ། །འདི་ཡི་ལན་ནི་གསུངས་པ་ཡིན། །དེ་ལ་རྟོག་པའི་དོན་ནི་རྒྱུད་ཅི་ལྟར་ཡིན་ཞེ་ན། རྣམ་རྟོག་མེད་པའི་ཆོས་རྣམས་ལས། །སེམས་ཅན་དོན་ནི་ཡོངས་བརྟགས་པས། །དེས་ནི་རྟོག་པར་གསུངས་པ་སྟེ། །རྟོག་པ་ཡོངས་སུ་དག་ཕྱིར་རོ། །དེ་ནས་རྒྱུད་ཕྱི་མ་ཇི་ལྟར་ཡིན་ཞེ་ན། རྒྱུད་ནི་རྒྱུན་ཞེས་བྱ་བར་བཤད། །ཕྱི་མ་སྔར་དང་ཡང་དག་བྱུང་། །དེ་ཉིད་གསང་བའི་གསང་བ་དང་། །ཕྱི་མ་དང་བཅས་རྒྱུད་དུ་འདོད། །དེ་ལ་དང་པོ་གནས་ཞེས་བྱ་བའི་རྒྱུད་ཇི་ལྟར་ཡིན་ཞེ་ན། ནམ་མཁའ་ཀུན་ལ་རབ་ཏུ་གནས། །རྡོ་རྗེ་ཀུན་མཆོག་རང་བཞིན་མཆོག །བདེ་བ་ཆེན་པོ་དགའ་བ་ཆེའི། །གྲོང་ཁྱེར་དེར་ནི་མི་འགྱུར་མཆོག །ཅེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་རྟོག་པ་ཐམས་ཅད་ཀྱི་རྟོག་པའི་དེ་ཁོ་ན་ཉིད་ཅེས་བྱ་བ་འདི་གསུངས་སོ། །དེ་ལ་ཐོག་མ་ཐ་མ་མེད་པའི་རྡོ་རྗེ་སེམས་དཔའ་ཇི་ལྟར་ཡིན་ཞེ་ན། ནམ་མཁའ་སྐྱེ་བ་མཚན་ལྡན་ཕྱིར། །ཐོག་མ་ཐ་མ་མེད་པའི་མཆོག །སེམས་དཔའ་རྡོ་རྗེ་ཆེ་རང་བཞིན། །རྡོ་རྗེ་སེམས་དཔའ་ཞེས་བྱར་བརྗོད། །དེ་ནས་བཅོམ་ལྡན་འདས་དེ་གང་ཡིན་ཞེ་ན། ཀུན་མཆོག་དངོས་གྲུབ་ཆེན་པོ་ཡི། །དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །རབ་ཏུ་དགའ་བ་མི་འགྱུར་མཆོག །དེ་ལ་བཅོམ་ལྡན་འདས་དགའ་བ་ཆེན་པོ་ཉིད་ཇི་ལྟར་ཡིན་ཞེ་ན། ཉེས་པ་མེད་ཅིང་ཤིན་ཏུ་རྟག །འདོད་ཆགས་ཀུན་གྱི་རྗེས་ཆགས་པ། །དེ་ཉིད་འདི་ཡིས་གསང་བ་འདི། །འདོད་ཆགས་ཆེན་པོ་དགའ་བ་ཆེ། །དེ་ལ་ཅི་ཀུན་ཏུ་བཟང་པོ་ཉིད་ཇི་ལྟར་ཡིན་ཞེ་ན། ཤིན་ཏུ་དག་པ་ཀུན་གྱི་མཆོག །གདོད་ནས་གྲོལ་བ་དེ་བཞིན་གཤེགས། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །བྱང་ཆུབ་སེམས་དཔའི་ཆོ་ག་མཆོག །དེ་ལ་རྡོ་རྗེ་བསྙེམས་པའི་བདག་པོ་བཅོམ་ལྡན་


DNG012_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ཇི་ལྟར་ཡིན་ཞེ་ན། ཀུན་མཆོག་དངོས་གྲུབ་ཆེན་པོ་ཡི། །དབང་ཕྱུག་ཆེན་པོའི་ཕྱག་རྒྱའི་མཆོག །རྡོ་རྗེ་དབང་ཕྱུག་ཆེར་བསྟོད་པས། །རྡོ་རྗེ་བསྙེམས་པའི་བདག་པོའི་བདག །ཅེས་བྱ་བ་ནི་བཅོམ་ལྡན་འདས་མཆོག་དང་པོའི་སྐྱེས་བུའོ། །མཆོག་དང་པོ་ཡི་དེ་ཉིད་འདི། །རྡོ་རྗེ་སེམས་དཔའ་གང་གང་བརྗོད། །དངོས་གྲུབ་ཀུན་གྱི་འབྱོར་པ་རྣམས། །དེ་ལ་ཐམས་ཅད་འགྲུབ་པར་འགྱུར། །ཞེས་བྱ་བ་མཆོག་གི་དེ་ཁོ་ན་ཉིད་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །དེ་ནས་དེའི་འོག་ཏུ་ལས་ཀྱི་བྱ་བས་བཅོམ་ལྡན་འདས་ཐམས་ཅད་ཀྱི་མཆོག་ཉིད་དུ་བཤད་པར་བྱའོ་ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །དེ་ལ་བཅོམ་ལྡན་འདས་ཐམས་ཅད་ཀྱི་སེམས་ཅན་ཇི་ལྟར་ཡིན་ཞེ་ན། བསམ་གྱིས་མི་ཁྱབ་རྒྱ་ཆེ་བ། །ཟབ་དངོས་ཀུན་བདེ་མི་འགྱུར་བ། །ཐམས་ཅད་ཁྱབ་ཅིང་དྲི་མ་མེད། །བྱང་ཆུབ་སེམས་ནི་བདག་བརྟན་པ། །དེ་ནས་འདིའི་ལས་ཀྱི་ཁྱད་པར་ནི། །སེམས་ཉིད་བརྟན་པ་ཉིད་སེམས་པས། །ཏིང་འཛིན་དེ་ལ་མཉམ་པར་གཞག །རྣམ་ཤེས་ལས་ནི་རྡོ་རྗེ་ཀུན། །རྡོ་རྗེ་ལས་ནི་འཛིན་འགྱུར་ཏེ། །བཅོམ་ལྡན་འདས་རྡོ་རྗེ་འཛིན་ཇི་ལྟར་ཡིན་ཞེ་ན། སེམས་དཔའི་བྱིན་རླབས་སྦྱོར་བ་ནི། །བདག་ལ་བྱིན་བརླབས་མཆོག་བསྒྲུབ་པ། །ཉིན་རེ་སྒྲུབ་པར་བྱེད་ན་དེས། །རྡོ་རྗེ་སེམས་དཔའ་ཉིད་ཐོབ་འགྱུར། །དེ་ལ་བཅོམ་ལྡན་འདས་ཀུན་ཏུ་བཟང་པོའི་སྤྱོད་པ་ཇི་ལྟར་ཡིན་ཞེ་ན། སྙིང་སྟོབས་རྡུལ་དང་མུན་པས་ཀྱང་། །གང་ཕྱིར་སེམས་ཅན་དོན་གྱུར་པས། །དེ་ཕྱིར་ང་ནི་ཀུན་ཏུ་བཟང་། །བྱང་ཆུབ་སྤྱོད་པའི་རྗེས་འཇུག་པའོ། །དེ་ལ་ཇི་ལྟར་བཅོམ་ལྡན་འདས་བདུད་ཉིད་དང་འདུལ་བས་རྒྱལ་བ་ཇི་ལྟར་ཡིན་ཞེ་ན། སེམས་ཉིད་ཁོ་ན་བདུད་ཉིད་དེ། །སེམས་ཉིད་དེ་བཞིན་གཤེགས་པའོ། །རང་སེམས་གདུལ་བར་བྱ་བའི་ཕྱིར། །བདག་ནི་བདུད་ཉིད་གྱུར་པ་ཡིན། །དེ་ལ་ཇི་ལྟར་བཅོམ་ལྡན་འདས་མངོན་པར་རྫོགས་པའི་བྱང་ཆུབ་དང་སངས་རྒྱས་ཡིན་ཞེ་ན། རང་སེམས་སོ་སོར་རྟོག་པའི་ཕྱིར། །བྱང་ཆུབ་སེམས་མཆོག་རྡོ་རྗེ་ཉིད། །དེ་ཕྱིར་དེ་ཉིད་སངས་རྒྱས་ཉིད། །བདག་བྱིན་རླབས་མཆོག་གྲུབ་ཕྱིར་རོ། །དེ་ལ་ཇི་ལྟར་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཡིན་ཞེ་ན། མི་ཕྱེད་སོ་སོར་རྟོགས་པ་དང་། །གདུག་


DNG012_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐམས་ཅད་ངེས་པར་གནན། །སངས་རྒྱས་ཀུན་དངོས་རྡོ་རྗེ་སྟེ། །བྱང་ཆུབ་སེམས་ནི་བརྟན་པ་བདག །ཀུན་ཏུ་བཟང་པོའི་ལག་ཏུ་ན། །མཚོན་ཆ་དེ་ནི་རྒྱལ་བས་བྱིན། །བརྟན་པ་ཐམས་ཅད་གྲུབ་པའི་ཕྱིར། །དེས་ན་ཕྱག་ན་རྡོ་རྗེ་དེས། །དེ་ལ་ཇི་ལྟར་དང་པོའི་རིགས་ལས་བྱུང་བ་ཤེས་པའི་རྒྱུད་ཡིན་ཞེ་ན། ཤེས་རབ་ཕ་རོལ་ཕྱིན་པ་ཡུམ། །ཡབ་ནི་ཐབས་ལ་མཁས་པ་སྟེ། །རྡོ་རྗེ་སེམས་དཔའ་གདུལ་བྱའི་ཕྱིར། །རིག་རྣམས་རབ་ཏུ་བྱུང་བའོ། །དེ་ལ་ཇི་ལྟར་བཅོམ་ལྡན་འདས་འདོད་དང་ཐར་པ་ཡིན་ཞེ་ན། བཅོམ་ལྡན་འདས་ནི་ཆགས་པ་ཆེ། །དངོས་གྲུབ་ཐམས་ཅད་རྗེས་ཆགས་ཕྱིར། །དངོས་གྲུབ་ཐམས་ཅད་མི་འགྱུར་བདེ། །བདེ་བ་ཆེན་པོ་ཞེས་བརྗོད་པའོ། །དེ་ལ་ཇི་ལྟར་བཅོམ་ལྡན་འདས་རྣམ་པ་གསུམ་ཡིན་ཞེ་ན། བདག་ནི་དུས་གསུམ་མཐའ་ཡས་ཕྱིར། །ང་ནི་སྲིད་གསུམ་གདུལ་བྱའི་ཕྱིར། །གསུམ་མཆོག་འཇིག་རྟེན་གསུམ་ཀུན་ཕྱིར། །འཇིག་རྟེན་གསུམ་ང་ཁམས་གསུམ་པ། །དེ་ལ་ཇི་ལྟར་བཅོམ་ལྡན་འདས་ཐམས་ཅད་ཉིད་ཡིན་ཞེ་ན། ང་ཉིད་བརྟན་པ་ཐམས་ཅད་བདེ། །བསོད་ནམས་ཀུན་མཆོག་ཆེ་བའི་ཕྱིར། །གཡོ་བ་སེམས་ཀྱིས་འདུས་བྱས་ཕྱིར། །སྒྱུ་མ་ཐམས་ཅད་ང་ཡིན་ནོ། །ཞེས་བྱ་བ་རང་གི་ལས་ཀྱི་བྱ་བའི་དེ་ཁོ་ན་ཉིད་རྡོ་རྗེ་སེམས་དཔས་གསུངས་སོ། །དེ་ལ་ཇི་ལྟར་དང་པོའི་གླུ་བྱུང་བ་ཤེས་པ་ཡིན་ཞེ་ན། སྲིད་པ་ཤིན་ཏུ་གྲུབ་པ་ཡི། །དབང་ཕྱུག་ཆེན་པོ་མཆོག་གྲུབ་ཕྱིར། །གཟི་ཅན་སེམས་ཅན་དོན་མཛད་ཕྱིར། །བསྐལ་པ་ཐོག་མར་བཅོམ་ལྡན་གསུངས། །དེ་ནས་དེ་གང་ཡིན་ཞེ་ན། འདོད་ཆགས་ཆེན་པོ་བཅོམ་ལྡན་འདས། །རབ་ཏུ་དགའ་བ་མི་འགྱུར་མཆོག །གསང་བའི་ཕྱིར་ནི་སྙིང་པོར་བརྗོད། །ཡི་གེ་ཧཱུྃ་ནི་མི་འགྱུར་མཆོག །དེ་ནས་ཉེ་བའི་སྙིང་པོ་ཡི། །དེ་ཁོ་ན་ཉིད་ཤེས་པ་ནི། །དེ་ཉིད་གསང་ཞིང་གསང་བ་དང་། །སྙིང་པོ་རབ་ཏུ་བརྗོད་པར་བྱ། །སྙིང་པོའི་རྗེས་སུ་སྒྲུབ་པར་འགྲུབ། །ཉེ་བའི་སྙིང་པོ་ཉིད་དུ་བརྗོད། །དེ་ལ་ཇི་ལྟར་བདེ་བ་ཆེན་པོའི་རྡོ་རྗེ་དོན་ཡོད་པ་དམ་ཚིག་གི་བཤད་པའི་རྒྱུད་ཡིན་ཞེ་ན། དངོས་གྲུབ་ཀུན་གྱི་མི་འགྱུར་བདེ། །བདེ་བ་ཆེན་པོ་ཞེས་བརྗོད་དོ། །རྡོ་རྗེ་དེ་ཉིད་དོན་ཡོད་གྲུབ། །དམ་ཚིག་འདའ་བར་དཀའ་བའོ། །ཞེས་བྱ་བའི་མཆོག་གི་དམ་པའི་གླུ་བཅོམ་ལྡན་འདས་རྡོ་རྗེ་


DNG012_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔས་གསུངས་སོ། །དེ་ལ་ཇི་ལྟར་དཀྱིལ་འཁོར་གྱི་དོན་ཤེས་པ་ཡིན་ཞེ་ན། ཇི་ལྟར་གནས་དང་འཁོར་ལོ་དང་། །ཇི་ལྟར་དགོད་པར་འགྲོ་བ་དང་། །འཁོར་དང་བཅས་པ་དགོད་པ་གང་། །དེ་འདྲའི་འཁོར་ལོ་མཆོག་གིས་སྤྲུལ། །དེ་ནས་རྣམ་པར་ཤེས་པ་ནི། །རྡོ་རྗེ་སེམས་སོགས་ལྷ་རྣམས་ཀྱི། །འཁོར་ལོ་མངོན་སུམ་མཐོང་བ་ཡིས། །རྟག་པའི་བསོད་ནམས་ཅི་འདྲ་བ། །ཕྱིར་ན་བྲིས་ནའང་དེ་བཞིན་ནོ། །དེ་ནས་ཐིག་གདབ་པའི་ཆོ་ག་ནི། །ཤེས་རབ་ཅན་གྱིས་དཀྱིལ་འཁོར་བྲིས། །ཕྱོགས་ཀུན་མཉམ་པ་ཉིད་དམིགས་ལ། །ཤར་དང་ནུབ་དང་བྱང་དང་ལྷོར། །ཐིག་བཞི་བཏབ་པས་དཀྱིལ་འཁོར་བརྒྱད། །རྡོ་རྗེ་ཐིག་གིས་ཡོངས་བསྐོར་བར། །ཀ་བ་བརྒྱད་ཀྱིས་ཉེར་མཛེས་ཤིང་། །སྒོ་བཞི་རྟ་བབས་ཁ་ཁྱེར་དང་། །དྲ་བ་དྲ་ཕྱེད་ལ་སོགས་བརྒྱན། །དེར་བདག་པོའི་དོན་ཤེས་པ་ནི་རྡོ་རྗེ་སེམས་དཔའ་ཇི་ལྟ་བུ་ཞེ་ན། ནམ་མཁའ་སྐྱེ་བ་མཚན་ལྡན་ཕྱིར། །ཐོག་མ་ཐ་མ་མེད་པའི་མཆོག །རྡོ་རྗེ་སེམས་དཔའ་ཆེ་རང་བཞིན། །དཔལ་མཆོག་དང་པོ་ཞེས་བྱར་བརྗོད། །དེ་ནས་བཅོམ་ལྡན་འདས་དེ་གང་ཞེ་ན། ཀུན་མཆོག་དངོས་གྲུབ་ཆེན་པོ་ཡི། །དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །རབ་ཏུ་དགའ་བ་མི་འགྱུར་མཆོག །ཅེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་གསུངས་སོ། །དེ་ནས་སྤྱན་རས་གཟིགས་དབང་གིས། །པདྨ་རཱ་ག་དང་མཚུངས་པ། །ཐམས་ཅད་དག་པ་བླ་ན་མེད། །རྡོ་རྗེ་སེམས་དཔའ་རང་བདག་ཉིད། །སྤྱན་རས་གཟིགས་ཀྱི་དབང་ཕྱུག་ཉིད། །དེ་ནས་པདྨའི་རིགས་ཀྱི་དེ་ཁོ་ན་ཉིད་ནི། རྡོ་རྗེ་ཆོས་ནི་རབ་གྲུབ་ཕྱིར། །སེམས་ཅན་ཐམས་ཅད་རྣམ་དག་ཕྱིར། །པདྨ་ཆེན་པོའི་རིགས་དག་པའི། །ཏིང་འཛིན་ཡེ་ཤེས་ཀུན་ནས་བསྡུས། །ཞེས་བྱའོ། །དེ་ལ་ཇི་ལྟར་ནམ་མཁའི་སྙིང་པོ་ཡིན་ཞེ་ན། ཐམས་ཅད་ནམ་མཁའ་བཅོམ་ལྡན་འདས། །སེམས་ཅན་བསོད་ནམས་མཐོང་ཞིང་ཆེ། །ནམ་མཁའི་སྙིང་པོ་སེམས་དཔའ་དང་། །དེ་ནས་ནོར་དུ་རིགས་ཀྱི་ནི། །དབང་བསྐུར་བ་དང་གཏེར་དང་ནི། །རྡོ་རྗེ་རྒྱལ་མཚན་མཆོད་པ་ཆེ། །ནོར་བུ་ཆེན་པོའི་རིགས་གྲུབ་པ། །བསམ་པ་ཐམས་ཅད་ཡོངས་རྫོགས་པའོ། །ཞེས་བྱ་བ་དཀྱིལ་འཁོར་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཆེན་པོ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །རྡོ་རྗེ་རིགས་ཐམས་ཅད་ཀྱི་དབང་བསྐུར་བ་ཤེས་པ་ནི། སངས་རྒྱས་རིན་ཆེན་རྡོ་རྗེ་ཕྱེད། །རྡོ་རྗེ་རིན་ཆེན་རྡོ་རྗེ་ལ། །སྤྱན་རས་གཟིགས་ལ་རྡོ་རྗེ་སྐུ། །ནོར་བུ་ནོར་བུའི་སྨིན་པའོ། །དེ་ནས་མཆོག་དང་པོའི་


DNG012_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་མཚན་གྱི་དེ་ཁོ་ན་ཉིད་དོ། །ཀུན་མཆོག་དངོས་གྲུབ་ཆེན་པོ་ཡི། །དབང་ཕྱུག་ཆེན་པོའི་མཚོན་ཆ་ཆེ། །གསང་བ་ལྔ་ཡི་དེ་ཉིད་ཆེ། །རྡོ་རྗེ་རྩེ་ལྔ་ཞེས་བརྗོད་དོ། །དེ་ནས་རིགས་ཐམས་ཅད་ཀྱི་ཕྱག་མཚན་གྱི་དེ་ཁོ་ན་ཉིད་ཤེས་པ་ནི། སངས་རྒྱས་ཐམས་ཅད་སངས་རྒྱས་ཉིད། །སྣ་ཚོགས་བྱ་བ་རྡོ་རྗེ་ཅན། །འཇིག་རྟེན་དབང་ཕྱུག་རྡོ་རྗེ་ཆོས། །ནོར་བུ་ནོར་བུ་བསགས་པའོ། །ཞེས་བྱ་བ་དབང་བསྐུར་བ་ཐམས་ཅད་ཀྱི་ཕྱག་མཚན་གྱི་དེ་ཁོ་ན་ཉིད་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །དེ་ལ་ཇི་ལྟར་ཐམས་ཅད་དགུག་པའི་རྒྱུད་ཡིན་ཞེ་ན། རྟོག་པ་ཐམས་ཅད་གསང་ཆེན་གྱི། །རྡོ་རྗེ་ལྕགས་ཀྱུ་དྲིལ་བཅས་པས། །བཀུག་སྟེ་དེ་ནས་རྗེས་བསྒྲུབ་པ། །དྲིལ་བུ་ཉིད་ཀྱིས་བྱ་བ་ཡིན། །ཇི་ལྟར་མཆོད་པ་ཐམས་ཅད་ཀྱི་ཆོ་ག་ཡིན་ཞེ་ན།རྟོག་པ་ཀུན་གྱི་གསང་ཆེན་གྱིས། །རབ་ཏུ་དགའ་བས་མཆོད་ནས་ནི། །གླུ་དང་རོལ་མོ་རྣམ་འཕྲུལ་པས། །མཆོད་དེ་སླར་ཡང་རྣལ་འབྱོར་མཆོད། །དེ་ལ་ཇི་ལྟར་དངོས་གྲུབ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་པའི་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་ཡིན་ཞེ་ན། རྟོག་པ་ཀུན་གྱི་གསང་ཆེན་གྱིས། །ཕྱག་རྒྱ་ཀུན་གྱིས་ལེགས་བྱིན་བརླབས། །དམ་ཚིག་ཆེན་པོ་འདི་ཉིད་ཀྱིས། །རང་ཉིད་བསྒྲུབས་ནས་སྙིང་པོ་བཟླས། །ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་བསྙེམས་པའི་བདག་པོའི་བདག །ཅེས་བྱ་བ་མཆོག་དང་པོའི་སྐྱེས་བུའོ། །དེ་ལ་ཇི་ལྟར་རང་ལྷག་པའི་ལྷ་ཐམས་ཅད་ཀྱི་སྒྲུབ་པ་ཆེན་པོའི་རྒྱུད་ཡིན་ཞེ་ན། བརྟན་པ་དང་ནི་གཡོ་བ་དང་། །རྟོག་པ་ཀུན་ལས་བསྒྲུབ་བྱ་གང་། །རང་གི་ལྷག་པའི་ལྷ་སྦྱོར་བས། །དེ་དག་ཐམས་ཅད་བསྒྲུབ་པར་བྱ། །དེ་ནས་ཐམས་ཅད་རྗེས་སུ་སྒྲུབ་པའི་རྒྱུད་ནི། རྡོ་རྗེ་དྲིལ་བུ་འཛིན་གྱུར་ནས། །རྡོ་རྗེ་དྲིལ་བུ་རབ་སད་ཅིང་། །རྟོག་པ་ཐམས་ཅད་རྗེས་བསྒྲུབས་པས། །མཆོག་དང་ལས་སོགས་འགྲུབ་པར་འགྱུར། །དེ་ལ་ཇི་ལྟར་འབད་པ་མེད་པ་ཐམས་ཅད་སྒྲུབ་པའི་རྒྱུད་ཡིན་ཞེ་ན། བསྒྲུབ་བྱ་ཅི་འདོད་བསྒྲུབས་ནས་ནི། །ཕྱི་ནས་ཇི་ལྟར་འདོད་པ་ཡིས། །ཅི་འདོད་སྤྱོད་པ་ལ་སྤྱོད་ཅིང་། །ཐམས་ཅད་བྱེད་ཅིང་ཐམས་ཅད་བཟའ། །ཡངས་པ་འམ་ནི་འདུག་པ་འམ། །གང་དང་དེ་རུ་འཆག་པ་འམ། །དགོད་པ་དང་ནི་སྨྲ་བ་འམ། །གང་དེར་ཇི་བཞིན་དེ་བཞིན་ནོ། །དབང་པོ་གང་དང་གང་ལམ་གྱུར། །དེ་དང་དེ་ཡི་ངོ་བོར་བྱ། །མཉམ་པར་བཞག་ནས་རྣལ་འབྱོར་གྱིས། །རང་གི་ལྷག་པའི་ལྷ་སྦྱོར་བྱ། །དེ་ཉིད་རྣལ་འབྱོར་འདི་ཡིས་


DNG012_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །ཐམས་ཅད་ཉིད་ནི་བསྒྲུབ་པར་བྱ། །སངས་རྒྱས་ཀུན་དངོས་ཐམས་ཅད་ནི། །རྟག་ཏུ་མཐོང་ཞིང་གྲུབ་པར་འགྱུར། །དམ་ཚིག་ཆེན་པོ་དེ་ཉིད་ནི། །མཁས་པ་གང་ཞིག་དད་པས་ཀློག །དེ་ནི་སྡིག་ཀུན་དང་བྲལ་བས། །དངོས་གྲུབ་ཀུན་གྱི་དབང་ཕྱུག་འགྱུར། །ཞེས་བྱ་བ་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་དོ། །དེ་ལྟར་དཔལ་མཆོག་དང་པོའི་ཆོ་ག་མ་ཉམས་མཆོག་གི་བླ་མ་གསལ། །མཆོག་ཏུ་གསང་བ་སྒྲུབ་པའི་ཆོ་ག་བདེ་མཆོག་མྱུར་དུ་གྲུབ་ཕྱིར་གསོལ། །རྡོ་རྗེ་མཆོག་འཛིན་དང་བཅས་བདེ་གཤེགས་སྲས་བཅས་རྣམས་ཀྱིས་བྱིན་བརླབས་པ། །བདེ་ཆེན་དམ་པ་རྡོ་རྗེ་འཛིན་པ་དགའ་ཆེན་མཆོག་གིས་དེ་གསུངས་སོ། །དཔལ་མཆོག་དང་པོ་ལས་མཆོག་ཏུ་གསང་བའི་ཆོ་གའོ། །དེ་ནས་སྟོན་པ་རྡོ་རྗེ་འཛིན། །མཁའ་ལྟར་ཐུག་མེད་ཀུན་ཏུ་འགྲོ། །སངས་རྒྱས་ཀུན་གྱིས་བསྟོད་ནས་ནི། །རྟོག་པའི་མཐར་ཐུག་དོན་གསུངས་སོ། །བདག་གི་སྙིང་པོ་དང་འདི་མཆོག་ཆེན་པོའོ། །བདེ་ཆེན་མཆོག་གི་མཆོག་དང་རྗེས་སུ་ཆགས་པ་ཆེ། །ཀུན་མཆོག་སེམས་དཔའ་རྣམས་ཀྱི་རྟག་ཏུ་འབྱུང་གནས་ནི། །ཀུན་མཆོག་འབྱོར་བའི་དབང་ཕྱུག་འདི་ནི་གསོ་བ་ཡིན། །མཐའ་ཡས་པ་དང་ཐོག་མེད་མཐར་ཐུག་མེད་པ་ནི། །མཆོད་བྱ་ཆེན་པོ་ཐམས་ཅད་རྣམས་ཀྱི་ཚུལ་ཆེན་པོ། །ནམ་མཁའ་དང་མཚུངས་མཆོག་གི་དངོས་འཕེལ་གསོལ། །དེ་ནི་སུས་ཀྱང་མཐར་ཐུག་བྱེད་པར་ནུས་པ་མིན། །སེམས་ཅན་རྣམས་ནི་དམན་ལ་ཞེན་ཅིང་ཉུང་ལ་དགའ། །དད་པ་མེད་ཅིང་སླུ་བ་བྱེད་ལ་མ་སྦྱངས་པ། །རྟག་ཏུ་རྗེས་སུ་ཆགས་ཤིང་ཆགས་བྲལ་ལ་ཆགས་པ། །དེ་རྣམས་ལ་ནི་ཕན་ཕྱིར་འདི་ནི་མཐར་ཐུག་པའོ། །གང་གི་ཁྱིམ་ན་འདི་གནས་གང་གིས་རབ་ཏུ་བསྒྲུབ་པ་འམ། །ཡང་ན་ཇི་བཞིན་གསུངས་པ་རྟག་ཏུ་འདིར་སྒྲུབ་བྱེད། །སོ་སོར་ཉམས་སུ་མྱོང་བའི་མཐུ་ཡིས་ཐམས་ཅད་དུ། །བདུད་ཀྱི་ལས་ཚོགས་རྣམས་ཀྱིས་དེ་ནི་གནོད་མི་ནུས། །རྡོ་རྗེ་འཆང་སོགས་སྐུ་ནི་གང་གིས་སྒྲུབ་བྱེད་པ། །གཟུགས་བརྙན་ལ་སོགས་ཐམས་ཅད་འདིར་ནི་ཇི་བཞིན་གསུངས། །དེས་ནི་ཐམས་ཅད་སོ་སོར་ཉམས་མྱོང་ནུས་པར་ལྡན། །བདུད་ཀྱི་ལས་ཚོགས་རྣམས་ཀྱིས་དེ་ནི་གནོད་མི་ནུས། །གང་ཞིག་རྡོ་རྗེ་ལ་སོགས་གཟུགས་བརྙན་ལ་སོགས་པ། །ཇི་ལྟར་འདོད་པ་འདི་དག་ཐམས་ཅད་སྒྲུབ་པར་བྱེད། །རབ་ཏུ་འདོད་པས་ཡི་གེ་ཧཱུྃ་ལས་བྲིས་ནས་ནི། །འདོད་པའི་དངོས་གྲུབ་དེ་ཡིས་སྟེར་ཞིང་


DNG012_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པར་འགྱུར། །རྒྱལ་པོ་རྣམས་ཀྱིས་རྣམ་པར་སྦྱང་བར་མཛད་པ་ནི། །གང་ལ་དོན་ཀུན་དག་ཕྱིར་མཛད་པར་མི་འགྱུར་མིན། །འདིར་ནི་བགེགས་བྱེད་བདུད་རྣམས་ཀྱང་ནི་ཡོད་མ་ཡིན། །རྟོགས་པས་དངོས་གྲུབ་ཐོབ་དང་བྱིན་གྱིས་བརླབས་པ་ཡིན། །ང་ནི་བདུད་ཉིད་མི་འགྱུར་བརྟན་མེད་ཉིད་མི་འགྱུར། །བརྟན་པ་ཉིད་ཕྱིར་ང་ནི་བརྟན་པར་མཛད་པ་ཡིན། །རྟག་པ་འདི་ནི་མཆོག་ཆེན་གང་གིས་སྒྲུབ་བྱེད་པ། །དེ་ལ་ང་ནི་དངོས་གྲུབ་མྱུར་དུ་སྒྲུབ་པར་བྱེད། །དངོས་གྲུབ་ཆེན་པོ་ལ་ཐམས་ཅད་རྗེས་སུ་ཆགས་ཤིང་ཤིན་ཏུ་མཉེས་པ་དང་། ཤིན་ཏུ་བརྟན་པ་དང་། ཤིན་ཏུ་རྒྱས་པ་དང་། རྟག་ཏུ་རྒྱ་ཆེ་བར་འགྱུར་བ་ཡིན་ནོ། །གང་ཞིག་མཆོག་གི་རྒྱལ་པོ་སྙིང་པོ་སྒྲུབ་བྱེད་པ། །རྒྱལ་བ་ཐམས་ཅད་དགྱེས་ཤིང་རྒྱལ་བ་དགྱེས་པར་མཛད། །དེ་དག་གྲགས་པ་ཆེན་པོ་ཐོབ་ནས་བདེ་བའང་ཐོབ། །དེ་ཕྱིར་འདི་ལ་དད་ཅིང་གུས་པར་བྱ་བ་ཡིན། །དེ་ནས་རྒྱལ་བ་རྣམས་ཀྱིས་བཅོམ་ལྡན་འདས་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ཡབ་མཆོག་སངས་རྒྱས་སྲས་ནི་ལེགས་སོ་ལེགས། །སྲས་མཆོག་སངས་རྒྱས་སྲས་ནི་ལེགས་སོ་ལེགས། །རྡོ་རྗེ་མཆོག་ནི་རྡོ་རྗེ་འབྱུང་བ་ལེགས། །དམ་པའི་ཆོས་ཀྱི་བདག་ཉིད་ལེགས་སོ་ལེགས། །སངས་རྒྱས་རྣམས་ཀྱིས་ཡང་དག་བྱིན་བརླབ་པ། །རྟག་ཏུ་མི་འགྱུར་དོན་ཡོད་གྲུབ་པ་ཆེ། །ཇི་ལྟར་དང་པོའི་གྲུབ་པ་དེ་བཞིན་དུ། །ཕྱི་ནས་ཀྱང་ནི་དེ་བཞིན་འགྲུབ་པར་འགྱུར། །དེ་ལྟར་ངག་ཆེན་གསུང་ནས་ནི། །སྲས་དང་བཅས་པའི་སངས་རྒྱས་རྣམས། །རྡོ་རྗེ་སེམས་དཔའ་ཆེན་པོ་ཡི། །གསུང་ལ་རྗེས་སུ་ཡི་རང་མཛད། །དཔལ་མཆོག་དང་པོ་ལས་རྟོག་པའི་རྒྱལ་པོ་ཐམས་ཅད་ཀྱི་མཆོག་རྫོགས་སོ།། །།ཐུགས་དམ་སའི་སྙིང་པོ་ཐོ་ལྡིང་དུ། རྒྱ་གར་གྱི་མཁན་པོ་པཎྜི་ཏ་མཁས་པ་ཆེན་པོ་མནྟྲ་ཀཱ་ལ་ཤ་དང་། སྒྲ་བསྒྱུར་གྱི་ལོ་ཙཱ་བ་ལྷ་བཙན་པོ་དགེ་སློང་བླ་མ་ཞི་བའི་འོད་ཀྱི་ཞལ་སྔ་ནས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།ལོ་ཙཱ་ཆེན་པོ་རིན་ཆེན་བཟང་པོ་ཡིས། །དཔལ་མཆོག་དང་པོའི་རྒྱུད་འདི་བསྒྱུར་བ་ལ། །བར་བར་དཔེ་མ་རྙེད་པས་མ་འགྱུར་ནས། །བདག་གིས་འབད་པས་དཔེ་བཙལ་རྙེད་པས་བསྒྱུར།། །།འདི་སྔ་འགྱུར་གྱི་འགྱུར་བྱང་གསལ་བ་མི་འདུག་རུང་རྩ་རྒྱུད་རྟོག་པ་བཅུ་པ་དང་། ལོ་པཎ་གཅིག་ཡིན་ནམ་སྙམ་མོ། །སླར་ཡང་རྒྱུད་འདི་ཉིད་ཀྱི་འགྲེལ་པ་སློབ་དཔོན་ཀུན་དགའ་སྙིང་པོས་མཛད་པ་བསྡུས་འགྲེལ་དང་རྒྱས་འགྲེལ་གཉིས་ཀ་ལ་གཏུགས་ཏེ་དག་པར་བགྱིས་པའོ།། །།

རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་ཀྱི་ཕྲེང་བ་ཞེས་བྱ་བ།


DNG012_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཏནྟྲ་རཱ་ཛ་མ་ཧཱ་ཀརྨ་མཱ་ལ་ནཱ་མ། བོད་སྐད་དུ། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་ཀྱི་ཕྲེང་བ་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་།གསུང་དང་། ཐུགས་དང་། ཡོན་ཏན་ཕྲིན་ལས་མ་ལུས་པའི་བདག་ཉིད།ཡང་དག་པར་རྫོགས་པའི་སངས་རྒྱས་ལོངས་སྤྱོད་ཆེན་པོའི་བདག་པོ། དཔལ་རྡོ་རྗེ་འཆང་ཆེན་དེ་ནི། འགྱུར་བ་མེད་པ་རྡོ་རྗེའི་སྐུ། དེ་བཞིན་གཤེགས་པ་ཐམས་ཅད་དབྱེར་མེད་པའི་བདག་ཉིད་ཅན་དེ། འདི་ལྟར་རྡོ་རྗེ་བཙུན་མོའི་བྷ་ག་རྣམ་པར་དག་པ་བདེ་སྟོང་ཆེན་པོའི་ངང་ན་སྙོམས་པར་ཞུགས་ཤིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཁོར་རྡུལ་སྙེད་དང་བཅས་པ་ནི། འདི་ལྟ་སྟེ། དམ་ཚིག་རྡོ་རྗེ་དང་། ལུས་རྡོ་རྗེ་དང་། ངག་རྡོ་རྗེ་དང་།སེམས་རྡོ་རྗེ་དང་། ཏིང་ངེ་འཛིན་རྡོ་རྗེ་དང་། རྒྱལ་བའི་རྡོ་རྗེ་དང་། ས་རྡོ་རྗེ་དང་། ཆུ་རྡོ་རྗེ་དང་། མེ་རྡོ་རྗེ་དང་། རླུང་རྡོ་རྗེ་དང་། ནམ་མཁའ་རྡོ་རྗེ་དང་། གཟུགས་རྡོ་རྗེ་དང་། སྒྲ་རྡོ་རྗེ་དང་། དྲི་རྡོ་རྗེ་དང་། རོ་རྡོ་རྗེ་དང་། རེག་བྱ་རྡོ་རྗེ་དང་། ཆོས་རྡོ་རྗེ་ལ་སོགས་པ་ཐམས་ཅད་དང་ཐབས་ཅིག་ཏུ་བཞུགས་སོ། །གཞན་ཡང་དེ་བཞིན་གཤེགས་པའི་འཁོར་རྡུལ་སྙེད་དང་བཅས་པ་ནི། འདི་ལྟ་སྟེ། རྣམ་པར་སྣང་མཛད་དང་། མི་བསྐྱོད་པ་དང་དཀོན་མཆོག་དཔལ་དང་། ཚེ་དཔག་མེད་དང་། དོན་ཡོད་གྲུབ་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་དང་། ཐབས་ཅིག་ཏུ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཆང་ཆེན་པོ་དེ་ཉིད། འདོད་ཆགས་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྡོ་རྗེ་བཙུན་མོའི་ཚོགས་དང་འཁྲིལ་བ་ནི། འདི་ལྟ་སྟེ། སངས་རྒྱས་སྤྱན་དང་། མཱ་མ་ཀཱི་དང་། གོས་དཀར་མོ་དང་། སྒྲོལ་མ་དང་བཅས་པ་ལ་བདེ་བ་དང་མཆོག་ཏུ་བདེ་བ་དང་། བདེ་བྲལ་གྱི་བདེ་བ་དང་། ལྷན་ཅིག་ཏུ་སྐྱེས་པའི་བདེ་བས་


DNG012_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བ་དང་མྱ་ངན་འདས་པའི་ཁམས་ཐམས་ཅད་ལ་ཁྱབ་པར་མཛད་དོ། །ཁྱབ་པར་མཛད་ནས་ཡུམ་གྱི་བྷ་གར་འདུས་པར་གྱུར་པ་ལས། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའི་སྐུར་ཤར་བ་ནི་འདི་ལྟ་སྟེ། དཀར་པོ་དང་། མཐིང་ག་དང་། དམར་པོའི་ཞལ་དང་། རྡོ་རྗེ་དང་། འཁོར་ལོ་དག་རིན་ཆེན་དང་། དྲིལ་བུ་དང་། པདྨ་དང་། རལ་གྲི་ཕྱག་དྲུག་ན་འཛིན་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་དུ་བཞུགས་པར་གྱུར་ཏོ། །དེ་ནས་གཞན་ཡང་བྱང་ཆུབ་སེམས་དཔའི་བདེ་བ་ལས་གྱུར་པའི་ཁྲོ་བོ་ཨཀྵོ་བྷྱའི་སྐུར་ཤར་བ་ནི་འདི་ལྟ་སྟེ། དཀར་པོ་དང་། མཐིང་ནག་དང་། དམར་བའི་ཞལ་དང་། རྡོ་རྗེ་དང་། ཁ་ཊྭཱཾ་ག་དང་། རྔེའུ་ཆུང་དང་། དུང་དམར་དང་། རྒྱུ་ཞགས་དང་། ཁྱུང་གི་ཁྲ་ཕྱག་དྲུག་ན་འཛིན་པ། ཞབས་བརྐྱང་བསྐུམ་དུ་བཞུགས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་གསང་བའི་སྔགས་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །བཛྲ་དྷྲྀཀ །བཛྲ་ཨཀྵོ་བྷྱ་ཧཱུཾ་ཤྲཱིཿབཛྲ་དྷྲྀཀ །ཅེས་བརྗོད་པས་ཁྲོ་བོ་ཨཀྵོ་བྷྱ་དཔལ་རྡོ་རྗེ་སེམས་དཔའ་ལ་ཐིམ་པར་གྱུར་པ་ལས། སངས་རྒྱས་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་བདག་པོ།བཅོམ་ལྡན་འདས་ཞེ་སྡང་རྡོ་རྗེའི་སྐུར་ཡོངས་སུ་རྫོགས་པ་ནི་འདི་ལྟ་སྟེ། དཀར་པོ་དང་། མཐིང་ཤུན་དང་། དམར་པོའི་ཞལ་ཅན། གཡས་ན་རྡོ་རྗེ་དང་།ཞགས་པ་དང་། ལྕགས་སྒྲོག་དང་། གཡོན་ན་བྷན་དྷ་དང་། དགྲ་སྟྭ་དང་།ལྕགས་ཀྱུ་བསྣམས་པ་ཞི་ཁྲོ་འདྲེས་པའི་སྐུར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ་རྡོ་རྗེ་དབྱིངས་ཕྱུག་མ་ཡང་སྟོན་པ། ཞེ་སྡང་རྡོ་རྗེ་དང་གཉིས་སུ་མེད་པར་སྐུ་ལ་འཁྲིལ་ཏོ། །དེ་ནས་ཡུམ་རྡོ་རྗེ་དབྱིངས་ཕྱུག་མས་འདི་སྐད་ཅེས་གསོལ་ཏོ། །ཆོས་དང་གང་ཟག་བདག་མེད་མཁྱེན། །གཟུང་འཛིན་སྒྲིབ་པ་གཉིས་སྤངས་ཤིང་། །བྱམས་པས་འགྲོ་ལ་ཐུགས་རྟག་རྗེ། །གདོད་ནས་དོན་མཛད་མཐར་ཕྱིན་པ། །པད་ལྟར་འདམ་སྐྱེས་སྐྱོན་མི་གོས། །མི་གནས་དབྱིངས་ལ་ཕྱག་འཚལ་ལོ། །


DNG012_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་མོད་ཀྱང་། །རྟོག་པའི་དབང་གིས་འཁོར་བ་ལ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །སྟོང་གསུམ་འཇིག་རྟེན་ཀུན་གནས་པའི། །སེམས་ཅན་ཉོན་མོངས་སྣང་བ་དང་། །ཐེག་པའི་རིམ་པ་ལམ་ཞུགས་པའི། །རྣལ་འབྱོར་ཉམས་ཀྱི་སྣང་བ་དང་། །བདེ་གཤེགས་སྣང་བ་སྐུ་གསུང་ཐུགས། །མི་ཟད་རྒྱན་གྱི་འཁོར་ལོར་ཤར། །སྣང་བ་གསུམ་པོ་དབྱེར་མེད་ཏུ། །ཟུང་འཇུག་བསྒྲུབ་པའི་ཞི་ཁྲོ་ཡི། །མཆོད་པ་ཚོགས་ཀྱི་འཁོར་ལོ་ཡི། །ཀརྨ་མཱ་ལེའི་རྒྱུད་ཆེན་གསུངས། །ཞེས་གསོལ་ཏོ། །དེ་ནས་སངས་རྒྱས་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་བདག་པོ། བཅོམ་ལྡན་འདས་ཞེ་སྡང་རྡོ་རྗེས་འདི་སྐད་ཅེས་གསུངས་སོ། །ཚོགས་ཀྱི་མཆོད་པས་དམ་སྐོང་སྒྲིབ་སྦྱངས་ཤིང་། །དེ་ཉིད་ལྷ་ཡང་འདུག་ལྔ་འགོ་བགེགས་གཉིས་འཇིལ་བའི་རྒྱུ། །སྐུ་གསུམ་མཐར་ཕྱིན་འགྲོ་བའི་དོན་མཛད་པ། །འགྲོ་བའི་དོན་ཕྱིར་རིམ་པར་བཤད་པར་བྱ། །དེ་ལ་དཀྱིལ་འཁོར་འདི་དུས་སུ། །དཀྱིལ་འཁོར་རྣམ་པ་དྲུག་དང་ནི། །ལས་རྣམས་བསྡུས་པའི་ཕྱི་མ་དང་། །བདུད་ཀྱི་མཆོད་པ་བཤད་པར་བྱ། །དེ་ཡང་དཀྱིལ་འཁོར་དྲུག་ཅེས་པ། །དུས་སུ་ཚོགས་དང་གསལ་བཀྲ་རྣོན་པོ་བསྐྱེད། །འབར་བའི་ཕྲིན་ལས་ཚོགས་ཏེ་མཆོད་པས་ཐིམ། །དུས་ཀྱི་དུས་ཉུལ་ཚོགས་ཀྱི་བསྐོས་ཉུལ་དང་། །ཏིང་འཛིན་དྲོད་ཉུལ་ཏི་རའི་གནས་འཕྲོག་དང་། །དུར་ཁྲོད་གནས་ཉུལ་མཆོད་པའི་ཕུད་ཉུལ་དྲུག །དེ་དྲུག་དཀྱིལ་འཁོར་དྲུག་ཏུ་ཤེས་པར་བྱ། །ཞེས་གསུངས་སོ། །ཀརྨ་མཱ་ལེའི་རྒྱུད་ལས། རྒྱུད་འབྱུང་བའི་རྒྱུ་གླེང་གཞི་དང་། གླེང་བསླང་བའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་ཚོགས་ཀྱི་འཁོར་ལོ་ཆེན་པོ་ལས་དུས་ཀྱི་དཀྱིལ་འཁོར་འདི་གསུངས་སོ། །དེ་ལ་དུས་ཀྱི་དཀྱིལ་འཁོར་ནི། །དུས་ཆེན་བྱིན་གྱིས་བརླབས་པ་སྟེ། །དུས་ཆེན་དྲུག་ལ་མི་


DNG012_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

གཡོ་བར། །ཚོགས་ཀྱི་མཆོད་པ་དབུལ་བའོ། །ཁྱད་པར་ལོ་འམ་ཟླ་བ་འམ། །རྒྱུན་ནམ་ཡང་ན་དུས་དྲུག་ལ། །དུས་དང་ཁྱད་པར་ཤེས་པར་བྱ། །དེ་ལ་དུས་ཀྱི་རྟགས་ཉུལ་མས། །གཟའ་སྐར་དུས་ཚིགས་བཟང་པོ་ལ། །འདུས་མ་འདུས་དང་ཡོན་ཏན་སྐྱོན། །དེ་ཕྱིར་དུས་འདིར་རབ་ཏུ་གཅེས། །རྒྱུན་དུའམ་ཡང་ན་ཟླ་གཅིག་གམ། །དེ་བཞིན་ལོ་གཅིག་ཁྱུད་སྐོར་རམ། །བཅུ་བཞི་དང་ནི་བཅོ་ལྔ་དང་། །བརྒྱད་རྣམས་སུ་ནི་ཁྱད་པར་སྦྱིན། །དེ་ཡང་ཇི་ལྟ་བུ་ཞེ་ན། འཇིག་རྟེན་རྣམས་ནི་དགེ་སྡིག་གཉིས་ལ་སྤྱོད། །ལེགས་ཉེས་ཞལ་ལྕེ་གཅོད་པའི་ཁ་ཟིན་གཉིས། །དུས་འདིར་མཁའ་ལ་དགེ་སྡིག་ཁྲམ་གྱིས་ལེན། །དགེ་སྤྱོད་རྣམས་ལ་དུས་འདིར་གཅིག་ཏུ་གཅེས། །ཕྱི་ཡི་དུས་འདིར་མཁས་པས་ཚོགས་འཁོར་བྱ། །ཀུན་གཞི་རྒྱུ་ཡི་རྒྱུད་དུ་ཤེས་པའི་དུས། །དེ་ལ་འཁོར་འདས་ཚང་བས་རྩ་བའི་རྒྱུད། །ལུས་ནི་ཐབས་ཀྱི་རྒྱུད་དུ་ཤེས་པའི་དུས། །ཕུང་པོ་ཁམས་དང་སྐྱེ་མཆེད་དཀྱིལ་འཁོར་ལྷ། །སངས་རྒྱས་རིག་མ་བྱང་ཆུབ་ལྕམ་དྲལ་དང་། །སྤྲུལ་པ་སྒོ་བ་སྒོ་མའི་ཚོགས་རྣམས་སམ། །ལུས་ལ་བརྟེན་ནས་དབང་ལམ་ཐུན་བཞིར་བསྒོམ། །སྒྲིབ་འགག་སངས་རྒྱས་གསལ་བར་བཤད་པའི་རྒྱུད། །ཕྱག་རྒྱ་ཆེན་པོ་འབྲས་བུའི་རྒྱུད་ཉིད་ལ། །རིགས་འཛིན་སྐུ་ལྔ་ལྷུན་གྱིས་གྲུབ་པའི་དུས། །གཞི་ལམ་འབྲས་བུའི་དུས་ཤེས་རྣལ་འབྱོར་པས། །རྒྱུན་ཏུ་ཚོགས་ཀྱི་འཁོར་ལོས་སངས་རྒྱས་མཆོད། །བླ་མའི་དུས་དང་ལྡན་པ་རབ་ཡིན་ཏེ། །འདི་ལྡན་དུས་རྣམས་ཀུན་ལས་ཁྱད་པར་འཕགས། །ཕྱི་ཡི་བླ་མས་སྒྲོ་འདོགས་ཡོངས་སུ་གཅོད། །ནང་གི་བླ་མས་རང་བྱུང་ཡེ་ཤེས་སྟོན། །གསང་བའི་བླ་མས་ལྷན་སྐྱེས་ཡོངས་སུ་སྟོན། །མཐར་ཐུག་བླ་མས་ཆོས་རྣམས་དེ་ཉིད་སྟོན། །བླ་མའི་ཁྱད་པར་བཞི་དང་མ་ལྡན་ན། །དུས་ཀྱི་རྒྱལ་པོ་ཉམས་པར་ཤེས་པར་བྱ། །ཁམས་དགུ་འདུས་པའི་དྭངས་མ་ཆེན་པོ་ལ། །ཁམས་ཀྱི་འདུ་


DNG012_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་རྣམ་པ་གསུམ་རྟོགས་པས། །རྣལ་འབྱོར་རང་ལུས་ཚོགས་འཁོར་བསྒྲུབ་པའི་དུས། །རྩ་དང་ཡི་གེ་ཐིག་ལེ་རླུང་གི་དུས། །ལས་དང་སྐལ་བར་ལྡན་པས་རྟོགས་པར་བྱ། །དུས་རྣམས་འདི་ལྟར་ཤེས་པའི་གང་ཟག་རྣམས། །རྒྱུད་སྡེ་བཅོ་བརྒྱད་ཚོགས་ཀྱི་འཁོར་ལོ་བསྒྲུབ། །ཅེས་གསུངས་སོ། །ཀརྨ་མཱ་ལེའི་རྒྱུད་ལས། དུས་ཀྱི་དཀྱིལ་འཁོར་གྱི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཚོགས་ཀྱི་དཀྱིལ་འཁོར་འདི་དག་འགྲོ་བའི་དོན་དུ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལས་ཕྱུང་ནས་ཆེད་དུ་བརྗོད་དོ། །སྐལ་ལྡན་མི་དང་འབྱོར་ལྡན་དང་། །དགའ་ལྡན་ལྷ་ཡི་ཚོགས་ཏེ་རྣམ་གསུམ་མོ། །སྐལ་ལྡན་མི་ཡི་ཚོགས་ལ་བརྒྱད། །མི་ཆུད་པ་ཡི་སྐྱོན་དགུ་བསལ། །འདུ་བའི་ཡོན་ཏན་དྲུག་ལྡན་བསྡུ། །དེ་ཡི་སྤྱོད་པ་བསྟན་པ་དང་། །འདུས་ལ་བརྟག་བཞིས་སྐྱོན་རྣམས་གསལ། །བདུད་བཞི་གཞོམ་པར་བྱ་བ་དང་། །ཆོ་ག་ཕུན་སུམ་ཚོགས་པར་བྱ། །ཤེས་པ་ཕུན་སུམ་ཚོགས་པ་དང་། །མི་འགྲུབ་པ་ཡི་གེགས་བསལ་ཡིན། །དེ་ནས་སྐྱོན་དགུ་གསལ་བར་གསུངས། །སྔགས་པས་བསྒྲིམས་ཏེ་བསལ་བ་ནི། །སྡོམ་ལ་གནས་པའི་དཀའ་ཐུབ་ཅན། །ཟས་དང་སྤྱོད་ལམ་མི་མཐུན་དང་། །ལྟ་སྤྱོད་མཐུན་ཡང་ནང་མི་མཐུན། །ཕྱི་ནང་ཅན་དང་གནོད་སྦྱོར་ཅན། །འདོད་པས་མོས་དང་ཟས་ལ་བརྐམ། །དད་མེད་བསྒོམ་བསྒྲུབ་མི་ནུས་པས། །འདི་དག་བསལ་བར་གསུངས་པའོ། །ཡང་འདི་དག་གསུངས་སོ། །ཉོན་མོངས་ཚི་ཆད་ཏིང་འཛིན་གཡེལ་མི་འགྲུབ། །དང་དུ་ལེན་དང་སྤྱོད་པའི་དམ་ཉམས་དང་། །གཉིས་ཕྱི་མི་འགྲུབ་མ་སྤྱད་གྲོལ་མི་འགྱུར། །ཤེས་དང་སྤྱོད་པའི་དམ་ཚིག་ཅིར་གྱུར་ཡང་། །རྩ་བའི་དམ་ཉམས་མི་འགྲུབ་གེགས་སུ་ཆེ། །ཕྱི་ཆོས་ཁ་གསགས་ཁོང་དུག་བར་ཆད་འབྱུང་། །འདོད་མོས་དོན་ནོར་སྒྲར་འཇུག་སྔགས་སྤྱོད་ལོག །ཟས་སྐོམ་ཚོགས་ཀྱི་སྐོས་ནོར་


DNG012_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

ཕུད་ལྷག་ཉམས། །མ་དད་ལེ་ལོས་རྒྱུ་འབྲས་འབྲས་བུ་མེད། །དེ་ཕྱིར་སྐྱོན་རྣམས་བསལ་བར་རྒྱལ་བས་གསུངས། །ཕྱི་རབས་རྒྱུད་འདི་ཤེས་པས་ཚོགས་འཁོར་བྱ། །དེ་ནས་འདུ་བའི་ཡོན་ཏན་དྲུག་ལྡན་བསྡུ། །དད་པ་ཆེ་ལ་བློ་དང་བརྩོན་འགྲུས་ལྡན། །དཔའ་བརྟུལ་ཆེ་ལ་ཡིད་རིང་རྒྱུད་ལ་མཁས། །གཏོང་ཕོད་ཐོས་འཛིན་མེ་གསོད་པ་ལྟར་འབད། །ཐོགས་མེད་འཇུག་ནུས་མ་གྲུབ་མི་གཏོང་དང་། །བརྡའ་དང་ལན་ཤེས་ལས་ལ་ཞུམ་པ་མེད། །རྫོགས་དང་བྱང་ཤེས་སུམ་ཆར་བསྟན་པ་དང་། །ཡོན་ཏན་ལྡན་པ་དེ་དག་བསྡུ་བར་བྱ། །འདི་སྐད་ཀྱང་གསུངས་སོ། །དེ་ཡི་སྤྱོད་པ་མཐུན་པ་ནི། །གཅིག་བཞིན་དུ་ནི་གཅིག་སྤྱོད་དང་། །ལྷན་ཅིག་སྤྱོད་དང་རྗེས་སྤྱོད་འདུག །སངས་རྒྱས་ཀུན་དང་དགོངས་མཉམ་སྦྱོར། །མཁའ་འགྲོ་འཁོར་ལོ་མཆོག་ཏུ་འབར། །དེ་ཡང་བརྟག་པ་རྣམ་བཞི་ནི། །སློབ་དཔོན་མ་བརྟགས་གྲོགས་མ་བརྟགས། །གཟུངས་མ་མ་བརྟགས་གནས་མ་བརྟགས། །དངོས་གྲུབ་མི་ཐོབ་ལས་མི་འགྲུབ། །དམ་ཚིག་ཉམས་དང་བར་ཆད་འབྱུང་། །རྡོ་རྗེ་སློབ་དཔོན་བློ་ལྡན་ལ། །གསང་སྔགས་རྒྱུད་ཀྱིས་དབང་བསྐུར་ཞིང་། །ལུང་དང་མན་ངག་ཡོངས་ཤེས་པ། །དེ་ཉིད་བཅུ་དང་ལྡན་པའོ། །ཐབས་དང་ཤེས་རབ་ལྡན་པ་ཡིས། །ལས་དང་ལས་ཀྱི་ཕྱག་རྒྱ་ཤེས། །སྤྱོད་པ་བརྡ་ཡི་ཚུལ་རིག་ཅིང་། །བརྣག་པར་བྱ་བའི་གཟུངས་ཐུབ་པའོ། །ངན་སེམས་གྲོགས་དང་འདྲེལ་པ་མེད། །མོས་ལྡན་དང་བའི་ཚིག་ལ་བབ། །དོགས་པའི་འདུ་ཤེས་སྤངས་པ་ཡི། །ཟླ་གསང་དཀར་དམར་རླུང་ཁར་ལྕི། །དབེན་པའི་རི་བོ་རི་སུལ་ནོགས། །ཞབས་ཀྱིས་བཅགས་ཤིང་ཡིད་དང་འཐད། །ལྷ་མིས་བཏུལ་བ་གང་ཡིན་པ། །དེ་ནི་བསྒྲུབ་པའི་གནས་སུ་འཐད། །དེ་ཡང་བདུད་བཞི་གཞོམ་བྱ་བ། །མཆོད་མཁན་ལས་མཁན་སྦྱོར་དང་སྒྲོལ། །སྣོད་དང་མི་ལྡན་གནས་ནོར་ལ། །ཤེས་རབ་སྙིང་རྗེས་མ་ཟིན་ན། །ཉམས་པའི་བདུད་དང་ལས་ཀྱི་བདུད། །ལྷ་དང་སྲིན་པོ་བདུད་རྣམས་སོ། །དེ་ཡང་འདི་ལྟར་རབ་ཏུ་ཤེས་


DNG012_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་བ་ནི། །འཆད་མཁན་སྣོད་མི་རྟོག་པ་ཉམས་པའི་བདུད། །ཀརྨས་བབ་ཅོལ་བྱེད་པ་ལས་ཀྱི་བདུད། །སྦྱོར་བ་ཤེས་རབ་མ་ཟིན་ལྷ་བུའི་བདུད། །སྒྲོལ་བ་སྙིང་རྗེས་མ་ཟིན་སྲིན་པོའི་བདུད། །བདུད་བཞིའི་སྐྱོན་བསལ་བདུད་བཞི་བཅོམ་པ་ཡིན། །བདུད་བཞི་བཅོམ་པས་ཚོགས་ཀྱི་མཁན་པོ་རྣམས། །བླ་མ་སློབ་མ་མཐར་ཕྱིན་ཁྱད་པར་འཕགས། །དེ་ལ་ཆོ་ག་ཁྱད་པར་འཕགས་པ་ནི། །ཆོ་ག་ལྔ་ནི་རྫོགས་བྱས་ཤིང་། །ཡོ་བྱད་ལྔ་ནི་རྫོགས་པར་ལྡན། །སྔགས་ཀྱི་ཡན་ལག་ལྔ་རྫོགས་ཤིང་། །མ་ཉམས་འཇུག་ལ་རབ་བརྩོན་ན། །ཡན་ལག་མ་ཉམས་ཡོ་བྱད་ལྡན། །ཆོ་ག་རྫོགས་པར་ལྡན་པ་ཡི། །རྣལ་འབྱོར་ཚོགས་པའི་དཀྱིལ་འཁོར་གྱིས། །ངེས་པར་ལེགས་པའི་དགོངས་པ་འགྲུབ། །སྲི་ཞུ་གུས་པས་སྒྱུ་མེད་སློབ་དཔོན་མཉེས། །དམ་མནོས་མི་དཔྱ་མི་འབེལ་མི་གཅོད་སྤངས། །དཀྱིལ་འཁོར་ལྷ་རྒྱུད་ཕྱག་རྒྱ་བཞིར་ཤེས་ཞུགས། །སྒྲུབ་ལ་དབང་མནོས་ལུང་དང་མན་ངག་ཐོབ། །དབང་ཐོབ་བརྟུལ་ཞུགས་རིགས་པ་བསྒོམ་ཞིང་བསྒྲུབ། །ཁ་ཚིག་མ་ཡིན་རིག་པའི་གཏིང་དུ་གྱུར། །གནས་མཆོག་རབ་ཏུ་དབེན་ཞིང་ཡིད་འཐད་དང་། །གླང་ཆེན་ཁྱུ་མཆོག་ལ་སོགས་ཞི་ཁྲོའི་གདན། །ཕྱག་མཚན་འཕན་མེད་མ་ཡོ་རྫོགས་པ་དང་། །གསོ་བའི་ཟས་དང་རྐྱེན་བཟློག་སྨན་རྣམས་སོ། །དོན་དམ་གཉིས་སུ་མེད་པར་བྱང་ཆུབ་པའི། །རྟགས་སུ་ཟླ་དཀྱིལ་རྡོ་རྗེ་ཡིག་འབྲུས་མཚན། །སྐུར་གྱུར་ཕྱག་རྒྱ་གསུམ་འཕྲོ་འོད་ཟེར་ལས། །ལྔ་སྟེ་རིགས་ལྔའི་མཚན་རྟགས་བདུན་དུ་བགྲང་། །དེ་ལ་ཤེས་པ་ཕུན་སུམ་ཚོགས་པ་ནི། །ཤེས་འཇུག་མཚན་ཉིད་འབྱོར་པའི་སྐུ། །འབྲས་བུ་སྨིན་བྱེད་རྒྱུ་དང་རྐྱེན། །ནུས་མཐུ་ཅན་དུ་གང་གྱུར་པ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ། །བྱིན་གྱིས་བརླབས་དང་མངོན་སུམ་པ། །རབ་ཏུ་རྟོགས་པ་རྣམ་པ་བཞི། །ཐམས་ཅད་མངོན་རྫོགས་རྒྱལ་པོ་ཆེ། །བསྙེན་པ་དང་ནི་ཉེ་བསྙེན་པ། །སྒྲུབ་པ་


DNG012_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

དང་ནི་སྒྲུབ་ཆེན་ནོ། །གསང་བའི་ཐིག་ལེ་དཀྱིལ་འཁོར་དབྱིངས། །འབྱུང་བ་ཤེས་རབ་རིགས་ཀྱི་ཡུམ། །ཆེན་པོ་རིགས་ཀྱི་དེ་བཞིན་ཏེ། །བྱང་ཆུབ་སེམས་ནི་རྡོ་རྗེའི་ཚོགས། །ཆོས་སྐུ་མི་ཤིགས་སྲོག་འཛིན་ལ། །ཕྱི་རོལ་འབྱུང་བ་ལྔ་པོ་ཡུམ། །རྩ་བ་ཕུང་པོའི་རླུང་ལྔ་དང་། །ཡན་ལག་རྣམ་ཤེས་རླུང་ལྔར་སྨིན། །ལྷག་མར་བཅས་པའི་ལུས་ཉིད་ཀྱི། །ཚེ་ལ་དབང་བའི་རིག་འཛིན་ཐོབ། །རྒྱལ་སྲས་དེ་ནི་འདོད་ནས་འཆི། །རིག་པར་བཅས་པའི་ཚེ་དེ་ནི། །དེ་ཡི་ཚེ་ནི་བཅུ་དྲུག་ལས། །བརྒྱ་བརྒྱ་དག་ཏུ་བསྒྱུར་ནས་ནི། །བླ་མེད་བྱང་ཆུབ་ཐོབ་པར་བཤད། །ཡེ་ཤེས་ཐིག་ལེ་དེ་ཉིད་ལ། །ཡེ་ཤེས་ཐིག་ལེ་ཉིད་སྣང་བའོ། །ཡེ་ཤེས་ཆེན་པོ་མདུན་ནས་ཀྱང་། །དེ་ལྟར་མཐོང་བར་གྱུར་ན་ཡང་། །རྒྱབ་ནས་འབྱུང་བའི་ཡེ་ཤེས་ནི། །མི་དང་ལྷ་དང་ཚངས་པ་ཡི། །སྐྱེ་བ་རྣམ་དག་འཛིན་མོད་ཀྱི། །ཁྱད་པར་ས་ལ་གནས་འགྱུར་ཡིན། །མི་འགྲུབ་པ་ཡི་གེགས་བསལ་ཏེ། །མ་དད་པ་དང་ལེ་ལོ་དང་། །བྱང་ཆུབ་སེམས་ནི་མ་སྐྱེས་དང་། །ཐེ་ཚོམ་ཡོད་པ་ཅན་ཉིད་ནི། །བསྒྲུབ་པར་བྱ་བའི་གེགས་སུ་འགྱུར། །འགྲུབ་པའི་དུས་ནི་རབ་བཤད་ན། །ཞག་ནི་སུམ་ཅུ་ཕྲག་དྲུག་གམ། །བཅུ་བཞི་བཅོ་ལྔ་བཅུ་དྲུག་གིས། །དབང་བསྐུར་རིགས་ཀྱི་དམ་པ་འགྲུབ། །དེ་ཚེ་བཅོ་ལྔ་ཚུན་ཆད་ཀྱི། །སྐུ་ལྔ་ལྷུན་གྱིས་རྫོགས་པའོ། །དེ་ནས་བདེ་གཤེགས་སངས་རྒྱས་ཀྱིས། །འབྱོར་ལྡན་ཡོ་བྱད་ཚོགས་བཤད་པ། །སྒྲུབ་པའི་ཡོ་བྱད་གསུངས་པ་ཡི། །བརྒྱད་དམ་བཞི་ཡི་བདག་ཉིད་ཅན། །སྒྲུབ་པའི་ཡོ་བྱད་རྣམ་བརྒྱད་དེ། །གོས་རྒྱན་བཟའ་བཏུང་གླུ་དང་ཚིག །བྲོ་གར་སོགས་ཀྱི་སྤྲིན་ཕུང་ལ། །ཧཱུྃ་དང་ཤེས་པས་རབ་སྤྱད་ནས། །ངོ་མཚར་འབྱུང་བའི་དཀྱིལ་འཁོར་མཉེས། །བགོ་བ་སྣ་ཚོགས་བཤད་པ་ནི། །དབང་ཕྱུག་རིག་འཛིན་མར་ལྡན་པས། །ཚེ་ཡི་དམ་པ་འགྲུབ་པ་སྟེ། །གོས་ལྔ་དག་ཏུ་བཤད་པ་ནི། །ཡོ་བྱད་ཕྱི་མ་ཐམས་ཅད་དང་། །གོས་དང་རྒྱན་ལ་སོགས་པའོ། །དབུ་རྒྱན་དང་ནི་ཕྱག་གདུབ་དང་། །


DNG012_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

དཔུང་རྒྱན་སྙན་ཆ་དོ་ཤལ་དང་། །སེ་མོ་དོ་དང་མེ་ཏོག་རྒྱན། །བྱང་ཆུབ་ཡན་ལག་བདུན་དུ་བཤད། །བདག་འཛིན་གཞན་རྟོག་བཏང་སྙོམས་ལས། །རང་བཞིན་རྣམ་པར་དག་པ་རྟོགས། །སྒྲིབ་གཉིས་ཉེས་སྐྱོན་སྤངས་པས་ན། །ཡེ་ཤེས་གོས་ནི་དཀར་པོར་བསྟན། །ཆགས་བྱ་ཆགས་མེད་སྤངས་ནས་ནི། །ཐུགས་རྗེས་ཐམས་ཅད་ཆགས་མེད་པས། །དབང་དུ་གྱུར་ཡང་མ་ཆགས་ཏེ། །ཚུལ་ཁྲིམས་གོས་ནི་དམར་པོ་ཡིན། །བདག་ཏུ་མི་འཛིན་བྱམས་པ་ཡིས། །ཡོན་ཏན་ཡིད་བཞིན་གཏེར་ཆེན་འཕྲོ། །ཀུན་གྱི་རེ་འདོད་སྐོང་བའི་ཕྱིར། །སྦྱིན་པའི་གོས་ནི་སེར་བོར་བསྟན། །གཉིས་མེད་ལས་ཀྱི་སྤྲུལ་པ་ཡིས། །ཇི་ལྟར་སྤྲུལ་ཞིང་མཛེས་མཛད་པས། །འགྲོ་ཀུན་དགེ་ལ་དགོད་པའི་ཕྱིར། །བརྩོན་འགྲུས་གོས་ནི་ལྗང་གུ་ཡིན། །ཆོས་ཉིད་ངང་ལ་བཅོས་སུ་མེད། །ཁ་དོག་མཐིང་ག་བསྒྱུར་དུ་མེད། །མི་འགྱུར་མི་ཤིགས་རང་བཞིན་པས། །ཤེས་རབ་གོས་ནི་མཐིང་ག་ཡིན། །དེ་ཡི་ཁ་དོག་གོས་ལྔར་བགོས། །དེ་ནས་རྒྱན་གྱི་ཆོས་ལྔར་བརྒྱན། །ཐུགས་ཀྱི་ཤེས་བྱ་ཟེའུ་ལྡིར་ཅོད་པན་དང་། །ཡོན་ཏན་གཟི་མདངས་སྟོད་གཡོགས་དང་། །སྐུ་བརྗིད་ཚུལ་གྱི་ཆོས་གོས་དང་། །གསུང་ཐུགས་རྗེས་ཆགས་སྨད་དཀྲིས་དང་། །མཛད་པ་གར་གྱི་གཙང་གོས་ཕུ་དུང་སྟེ། །འདི་རྣམས་རྒྱན་ཆས་དམ་པའོ། །ལས་རྣམས་རིགས་བཞི་མཐུན་པའི་ཆས། །དེ་བས་ཡང་དག་མཛེས་པའི་མེ་ཏོག་ཕྲེང་། །དམ་ཆོས་རྣམ་འབྱེད་དབུ་རྒྱན་རིན་ཆེན་ཕྲེང་། །ཕྱག་གདུབ་སྣ་ཚོགས་ལས་མཛད་བརྩོན་འགྲུས་ལྡན། །རིན་ཆེན་ཚོགས་སྤྲས་དབུ་རྒྱན་དྲན་པའི་ངང་། །སྙན་ཆ་ལུས་སེམས་བསིལ་བྱེད་ཤིན་ཏུ་སྦྱང་། །དོ་ཤལ་ཏིང་འཛིན་དབུས་མཆོག་ཕྲེང་བའི་རྒྱན། །བདག་འཛིན་བཏང་སྙོམས་སྤྲུལ་པའི་སེ་མོ་དོ། །བྱང་ཆུབ་འོད་འཕྲོ་ཤེས་བྱའི་ཅོད་པན་འཕུར། །ཁམས་ཀྱི་རང་བཞིན་ཐམས་ཅད་དང་། །སྲོག་དང་རྩ་བ་དེ་བཞིན་ཏེ། །བྱས་པའམ་ནི་བླུགས་པའམ། །བརྡུངས་པ་དང་ནི་བྲིས་


DNG012_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

པའང་རུང་། །སྣ་ཚོགས་རབ་ཏུ་ལེགས་པ་ཡི། །མཚན་མའི་ཕྱག་རྒྱ་བཏག་པར་བྱ། །དབུ་རྒྱན་རིགས་བདག་རྣམ་སྣང་མཛད། །སྙན་ཆ་མགུར་ཆུ་སྣང་མཐའ་ཡས། །ཕྱག་གདུབ་ཕྲེང་བ་རྡོ་རྗེ་སེམས། །སྐུ་ཡི་སྐ་རགས་རིན་ཆེན་འབྱུང་། །རྐང་གདུབ་དོན་ཡོད་གདོན་མི་ཟ། །བྱང་ཆུབ་ལྕམ་དྲལ་རིགས་ལྔས་སྤྲས། །བདུད་འདུལ་སྟོབས་མཆོག་ཐེག་པ་མཆོག་གི་རྒྱན། །དཔའ་བརྗིད་མཉེན་ལྕུག་འཁྲིལ་པ་ཡུམ་གྱི་རྒྱན། །དཔའ་བརྟུལ་ཟ་བྱེད་ཡེ་ཤེས་ཐུགས་རྗེའི་རྒྱན། །མི་འཁོར་བྱང་ཆུབ་སེམས་ཀྱི་རྒྱན་དུ་བསྟན། །སྐུ་གསུམ་ཐེག་གསུམ་དུག་གསུམ་དབང་འཆེད་སྒྲོལ། །དོན་དམ་བཅུད་ཉིད་ཆགས་ཚུལ་ཐུགས་རྗེའི་རྒྱན། །འདུལ་བྱེད་ཕྲིན་ལས་རྒྱན་ཏེ་རྣམ་པ་བརྒྱད། །འཇིགས་བྱེད་ལགས་པའི་རྟགས་སུ་བསྟན་པ་ཡིན། །རྣལ་འབྱོར་བཟའ་བའི་རྣམ་པ་མང་པོ་ནི། །ཨ་མྲ་སྨིན་པ་གྲོལ་བར་བཤད། །འབྲས་བུ་ཆེན་པོ་པ་ན་སེ། །རྒུན་འབྲུ་ཁུ་བ་ཁུ་བའི་མཆོག །ན་ལི་ཀེ་ར་དངོས་གྲུབ་མཆོག །དམ་ཆོས་འབྲས་བུ་ཨ་རུ་ཀ །ཨ་མྲ་རྒུན་འབྲུམ་པ་ན་ས། །ན་ལི་ཀེ་ར་ཨ་རུ་ཀ །འབྲས་བུ་ཆེན་པོ་ཁྱད་པར་དག །བདུད་རྩི་འབྲས་བུ་ཡིན་པར་བཤད། །དཀར་རྩི་དམར་རྩི་དྲི་ཤ་ཆེན། །དག་པའི་སྣོད་ཆུ་དམ་པའོ། །རྩ་བ་འབྲས་བུ་སྡོང་བུ་དང་། །བཟའ་བ་བཅའ་བ་སྤྱད་པར་བྱ། །དཔའ་བོ་དཔའ་མོའི་བཏུང་བ་ནི། །རྣལ་འབྱོར་པ་ཡིས་བཏུང་ཞིང་མཆོད། །ཆང་ནི་སྒེག་མོ་ཡིན་པར་བཤད། །རབ་ཏུ་རྨོངས་པ་སྦྲང་རྩིའོ། །བུ་རམ་ཆང་ནི་མྱོས་བྱེད་གསུངས། །རྒུན་ཆང་དག་ནི་བདུད་རྩི་ཡིན། །གླུ་ནི་ཚིག་ཏུ་བརྗོད་པར་བྱ། །དར་དིར་དག་ནི་སིལ་སྙན་ཡིན། །རྡོ་རྗེ་སེམས་དཔའ་དཔལ་སྦྱོར་བའི། །གླུ་དང་སིལ་སྙན་གར་བྱེད་པ། །བརྡའ་ཡི་དམ་པར་བཤད་པ་ནི། །ཧཱུཾ་ལ་སོགས་པའི་གླུ་བླང་ངོ་། །རབ་ཏུ་ཞི་བ་སིལ་སྙན་གླུ། །ཨོཾ་གྱི་གླུ་ཡི་ཕྱག་རྒྱ་ནི། །ཚངས་པའི་དབྱངས་ཀྱིས་ཅི་དགར་བླང་། །གར་ནི་ཤིན་ཏུ་རྣམ་སྤྲུལ་ལོ། །མི་ཡི་དབང་པོའི་


DNG012_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

སིལ་སྙན་གླུ། །ཏེ་ཞེས་བྱ་བ་གླུ་ཡི་རྒྱ། །ཐམས་ཅད་དགའ་བས་རབ་བསྒྲུབས་པ། །གར་ནི་ཤིན་ཏུ་རྣམ་སྤྲུལ་པའོ། །དུར་ཁྲོད་གླུ་དང་སིལ་སྙན་གླུ། །རྡོ་རྗེ་དྲག་པོ་སྒེག་མོའི་གླུ། །འཁུར་བ་དབུགས་ཀྱི་རླུང་འབྱིན་ཞིང་། །འབྲུག་གི་སྒྲ་ལྟར་ཟབ་པ་ཡི། །གར་ནི་ཤིན་ཏུ་རྣམ་སྤྲུལ་པའོ། །ཆགས་སམ་གླུ་གར་སིལ་སྙན་གླུ། །ཧྲིཿཞེས་བྱ་བ་གླུ་ཡི་རྒྱ། །ཁམས་གསུམ་རྣམ་པར་རྒྱལ་བར་བྱེད། །གར་ནི་ཤིན་ཏུ་རྣམ་འཕྲུལ་པའོ། །རབ་ཏུ་དཔའ་བོ་སིལ་སྙན་གླུ། །རྟ་མཆོག་རྣམ་པར་རོལ་པར་བྱེད། །ཧེ་ཞེས་བྱ་བ་གླུ་ཡི་རྒྱ། །གར་ནི་ཤིན་ཏུ་རྣམ་སྤྲུལ་བའོ། །སྐད་ཀྱི་གསངས་ནི་མཐོ་དམན་དང་། །གྲེ་འགྱུར་བཅས་ཤིང་བཟླའ་བ་དང་། །ཀ་ཀ་ལ་དང་རྡོ་རྗེའི་དབྱངས། །དེ་ནི་རབ་ཏུ་དབྱངས་སྙན་དང་། །ཀ་ཀ་ལ་ཡི་གླུ་ཡི་དབྱངས། །དུས་སུ་རབ་ཞི་བླང་བར་བྱ། །ཚིག་དྲུག་རྔ་ཐབས་དྲུག་དང་སྦྱར། །ཚིག་དྲུག་དཔའ་བོ་དཔའ་བོའི་ཚིག །རྡོ་རྗེ་སེ་གོལ་གཏོགས་པ་ཡིས། །སངས་རྒྱས་ཐམས་ཅད་བསྡུ་བར་བྱ། །ཐལ་མོ་ལེགས་པར་སྦྱར་བ་ཡིས། །ཐལ་མོ་ལན་གསུམ་རྣམ་པར་བརྡབ། །ཐབས་ནི་གཡས་སུ་སྦྱར་བྱ་སྟེ། །དེ་བཞིན་གཡོན་དུ་ཤེས་རབ་སྦྱར། །ཧོ་ཧི་ཨོཾ་ཧྲི་ཧཱུཾ་ལྔ་དང་། །ཧཾ་ཧཱུཾ་ཧྲི་ཏྲི་ཏཾ་ལྔ་རྣམས། །ཧཾ་ཨོཾ་ཧཾ་ཀུན་དེ་ལྟར་བྱ། །ཨོཾ་ཧྲིས་གཟིར་བའི་ཚུལ་དུ་བྱ། །དེ་ནས་ལག་པ་ཞི་བ་ཡིས། །ཐལ་མོ་གསུམ་གྱིས་བསྡུ་བར་བྱ། །དེ་ནས་སོར་མོ་ཐམས་ཅད་ཀྱང་། །བར་བར་བསྣོལ་ཏེ་བཅིང་བར་བྱ། །རྡོ་རྗེ་ཐལ་མོ་ཞེས་བཤད་དེ། །སངས་རྒྱས་ཐམས་ཅད་རབ་ཏུ་བསྒྲུབ། །ཨོཾ་སུ་ར་ཏེ་བཛྲ་ཨཉྫ་ལི་ཧཱུཾ། ཐལ་མོ་འདི་ཉིད་མཉམ་གཞག་སྟེ། །ཤིན་ཏུ་བསྐུལ་ནས་བཅིང་བར་བྱ། །རྡོ་རྗེ་བཅིངས་པ་བསྡུས་པ་ཡིས། །བཅིང་བའི་སྦྱོར་བ་ཉིད་དུ་བྱ། །ཨོཾ་སུ་ར་ཏ་བཛྲ་བན་དྷ་ཧཱུཾ། དེ་ཉིད་དུ་ནི་སྦོམ་པོ་གཞུག །ཁྲོ་བོའི་རྩེ་མོ་ཤིན་ཏུ་དགུག །རྡོ་རྗེ་སེམས་དཔའ་ཉིད་དུ་བསྒྲུབ། །ཨོཾ་སུ་ར་ཏ་བཛྲ་ཧཱུཾ།ཕྱག་རྒྱ་དང་ནི་སྒྲུབ་པ་དང་། །སྔགས་གསུམ་རིགས་ལྔ་སོ་སོར་བཅའ། །རྡོ་རྗེ་བཅིང་


DNG012_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

བ་མཉམ་གཞག་སྟེ། །སྦོམ་པོ་ཁྲོ་བོ་རྩེ་མོར་སྦྱར། །གཡས་ཀྱི་རྡོ་རྗེ་སྦོམ་པོ་ནི། །དེ་ཡི་དབུས་སུ་གཞུག་པར་བྱ། །ཨོཾ་སུ་ར་ཏ་སྟྭཾ། ཧོ་བྷ་ག་ཝཱན། མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོ་ཧཱུཾ། ལག་པ་གཡས་གཡོན་གཉིས་གཉིས་རེག །མཛུབ་མོ་མཐེའུ་ཆུང་མཛེས་བསྒྱུར་ཏེ། །གཡོན་པའི་མཛུབ་མོ་ཁུ་ཚུར་བཅིང་། །གཡས་པ་བ་དན་གསུམ་པར་བྱ། །བསྙེམས་འཛིན་ཆེན་མོར་བྱས་བཅངས་པས། །སྦྱོར་བ་དེ་ནི་བཏེག་ནས་སུ། །མགྲིན་པའི་ཕྱོགས་སུ་ཡོངས་བསྒྱུར་ནས། །སྤྱི་བོའི་མཚམས་སུ་གཞག་པར་བྱ། །ཐམས་ཅད་འབེབས་པའི་གར་བྱེད་པ། །གར་བྱས་དེ་ནི་ཕབ་ནས་སུ། །སྐལ་བཟང་ཧཱུཾ་ཞེས་བྱ་བའི་གླུས། །མཆོད་པ་ཐམས་ཅད་དབུལ་བར་བྱ། །ལག་པ་གཡས་གཡོན་གཉིས་དག་གི། །མཛུབ་མོ་མཐེའུ་ཆུང་མཛེས་བསྒྱུར་བའི། །རྡོ་རྗེའི་ཐལ་མོ་སྦྱར་ནས་སུ། །དེ་ནི་གཡོན་དུ་བསྒྱུར་བར་བྱ། །རྡོ་རྗེའི་སྦྱོར་བས་བཏེག་ནས་སུ། །སྤྱི་བོའི་མཚམས་སུ་གཞག་པར་བྱ། །སྐལ་བཟང་ཧཱུཾ་ཞེས་བྱ་བའི་གླུས། །མཆོད་པ་ཐམས་ཅད་དབུལ་བར་བྱ། །ལག་པ་གཡས་གཡོན་གཉིས་དག་གི། །མཛུབ་མོ་མཐེའུ་ཆུང་མཛེས་བསྒྱུར་ཏེ། །རྡོ་རྗེའི་ཐལ་མོ་གྱེན་དུ་དགྲོལ། །མཆོད་པ་གཏོར་མ་ཀུན་གྱི་ཚུལ། །དུར་ཁྲོད་ཆ་ལུགས་གར་བྱེད་པ། །ཆ་བྱད་འདི་ཡིས་གར་བྱེད་ཅིང་། །སྐལ་བཟང་རྡོ་རྗེ་དྲག་པོར་བཀོད། །མཆོད་པ་ཐམས་ཅད་དབུལ་བར་བྱ། །ལག་པ་གཡས་གཡོན་གཉིས་དག་གི། །མཛུབ་མོ་མཐེའུ་ཆུང་མཛེས་བསྒྱུར་ཞིང་། །གཡས་གཡོན་ཐལ་མོ་བརྡབ་པ་ཡིས། །མཆོད་པ་ཐམས་ཅད་དབུལ་བར་བྱ། །གར་གྱི་དབང་ཕྱུག་གོ། །ལག་པ་གཡས་གཡོན་གཉིས་དག་གི། །མཛུབ་མོ་མཐེའུ་ཆུང་མཛེས་བསྒྱུར་ཏེ། །རྡོ་རྗེ་རིན་ཆེན་ཐལ་སྦྱར་ཏེ། །མཆོད་པ་ཐམས་ཅད་དབུལ་བར་བྱ། །དཔལ་རྡོ་རྗེ་རིན་ཆེན་ཏེ། ལས་དང་ཐུན་མོང་སྟེ། མཆོད་པ་ཐམས་ཅད་ཀྱི་སྤྱིའི་ཆོ་གའོ། །དེ་ནས་ཕྱག་རྒྱ་ཤེས་པས་ནི། །དཔལ་ལྡན་རྡོ་རྗེ་མཆོག་གི་གླུ། །


DNG012_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རྣམས་ཐམས་ཅད་རབ་འགྲུབ་ཅིང་། །སྲིད་པ་ཐམས་ཅད་རབ་ཏུ་འགྲུབ། །རྡོ་རྗེ་སེམས་དཔའ་བདེ་ཆེན་པོ། །སྐལ་བཟང་དཔལ་ཁྱོད་བདག་ལ་སོགས། །སྒྲུབ་ལ་རྟོག་པར་མཛད་དུ་གསོལ། །ཀྱེ་དེ་བཞིན་གཤེགས་པ་ཀུན་གྱི་བདག་ཉིད་བདེ་བ་མཁའ་འགྲོ་སྒྱུ་མ་སྣ་ཚོགས་བདེ་བའི་མཆོག །ཧཱུཾ་འགྲོ་བའི་རྒྱུད་རྣམས་རྣམ་པ་སྣ་ཚོགས་འདུལ་མཆོག་གྲུབ་པ་བདག་ལ་གྲུབ་པར་མཛད་དུ་གསོལ། ཨ་ལ་ལ་ཧོ། བདེ་བར་གཤེགས་པའི་འབྱོར་པ་སྣ་ཚོགས་གར་རྣམས་བསྟན་དུ་གསོལ། ཛཿཧཱུཾ་བཾ་ཧོཿ། ཀྱེ་བདེ་མཆོག་བདེ་བས་ཟུང་ལ་རྣམ་པར་སྤྲུལ། ཧཱུཾ་གནང་བར་མཛད་དུ་གསོལ། ཨ་ལ་ལ་ཧོ། དེ་བཞིན་གཤེགས་པ་སྣ་ཚོགས་མཁའ་འགྲོ་སྒྱུ་མས་སློབ་མ་གཟུང་དུ་གསོལ། དེ་ནས་གཞན་ཡང་བཤད་བྱ་བ། །ཥཥྛ་དབྱངས་ཀྱི་གླུ་བླངས་ནས། །དེ་བ་ཏ་ཡི་གླུ་བླང་ངོ་། །འཇིག་རྟེན་ཁམས་མང་རྡུལ་ཕྲན་གྲངས་མེད་ཁྱབ་པར་འཕྲོས་པ་ཡི། །རྒྱལ་བའི་དོན་རྣམས་རབ་ཏུ་ཕྲ་བའི་གྲངས་ཀྱི་རྡུལ་སྙེད་པ། །སྤྲུལ་པའི་སྐུ་རྣམས་རབ་ཏུ་ཕྲ་བའི་རྡུལ་གྱི་གྲངས་སྙེད་ནི། །སྲིད་པའི་བདེ་ཆེན་དེ་བཞིན་གཤེགས་ཀུན་རྣམ་སྤྲུལ་སྣ་ཚོགས་ཀྱིས། །རྡུལ་ཕྲན་གྲངས་མེད་དེ་བཞིན་གཤེགས་པ་རྣམ་པར་སྤྲུལ་པར་མཛོད། །ཧོ་རྣམ་པར་སྣང་མཛད་དཔལ་འབྱོར་པ། །ཨ་ལ་ལ་ཧོ། དེ་རང་བདག་ལ་གྲུབ་པར་མཛོད། །དེ་ནས་ཕྱག་རྒྱ་ཤེས་པ་ནི། །དཔལ་ལྡན་རྡོ་རྗེ་སྦྱོར་བའི་གླུ། །ལས་རྣམས་ཐམས་ཅད་རབ་སྒྲུབ་པ། །ཁྱད་པར་དུ་ནི་བཤད་པར་བྱ། །གཟིགས་པ་རྣམ་པ་སྣ་ཚོགས་འགྱུར་བའི་རྒྱས་ཐོབ་ལ། །རྣམ་པ་སྣ་ཚོགས་འོ་བྱེད་འཁྱུད་པས་རྨོངས་མཛད་དེ། །རྣམ་པ་སྣ་ཚོགས་བདེ་བའི་མཆོག་སྟོན་ཀུན་གསོལ་ལ། །རྣམ་པ་སྣ་ཚོགས་བདེ་མཆོག་ངོ་མཚར་བསྟན་དུ་གསོལ། །རྒྱས་བཏབ་རྨོངས་བྱས་བསྣམས་སུ་གསོལ། །བདེ་མཆོག་ངོ་མཚར་བདེ་ལ་བཞུགས། །ཧཱུཾ་ཨ་ལ་ལ་ཧོ་སྣང་བར་མཛོད། །རྣལ་འབྱོར་བདེ་མཆོག་སྒྱུ་མས་སྤྲུལ། །དམ་ཚིག་དག་ལ་འཇུག་ཏུ་གསོལ། །ཉོན་མོངས་ཀུན་ལས་རྒྱལ་བར་མཛོད། །མ་ལུས་པ་རྣམས་བསྣམས་སུ་གསོལ། །དེ་ནས་ཕྱག་རྒྱ་ཤེས་


DNG012_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདི། །པདྨའི་རྒྱལ་པོ་དཔལ་གྱི་གླུ། །ལས་རྣམས་ཐམས་ཅད་རབ་བསྒྲུབ་པའོ། །དེ་བཞིན་གཤེགས་པ་ཀུན་ལ་སོགས་པའི་གཟུགས་མཆོག་སྣ་ཚོགས་འཛིན། །སེམས་ཅན་རྣམ་པ་སྣ་ཚོགས་འདུལ་མཆོག་དངོས་གྲུབ་མཆོག་མངའ་བ། །སེམས་དཔའ་པདྨ་དགའ་མཆོག་སྒྱུ་མའི་དགའ་བ་བསྟན་དུ་གསོལ། །ཨ་ལ་ལ་ཧོ། ཀྱེ་གར་དབང་ཐར་དགའ་དགའ་བའི་གར་མཛོད་ཅིག །སངས་རྒྱས་རྡོ་རྗེ་འཛིན་པའི་དཔལ། །ཚངས་པ་འཇུག་སེལ་དབང་ཕྱུག་བདག །ཉི་ཟླ་བདག་ལགས་ཨ་ལ་ལ་ཧོ། །དཔའ་མོ་སྒྱུ་མ་དཔལ་ནི་པདྨ་རྣམ་པ་སྣ་ཚོགས་འདུལ་མཛད་དགའ་བའི་ཚུལ་གྱིས་གར་མཛད་པ། །པདྨའི་དམ་ཚིག་དབང་ཕྱུག་སངས་རྒྱས་གར་རྣམས་མཛད་དུ་གསོལ། །འདོད་ཆགས་རྣམ་པར་སྤྱོད་པ་ཐམས་ཅད་རྣམ་པར་སྦྱོང་། །པདྨ་འཛིན་པ་དེ་ཡི་སྤྱན་སྔར་གར་མཁན་གར་མཛོད་ཅིག །དེ་ནས་ཕྱག་རྒྱ་ཤེས་པ་ནི། །པདྨ་སྒྱུ་མ་མཆོག་གི་གླུ། །ལས་རྣམས་ཐམས་ཅད་རབ་སྒྲུབ་པ། །ཁྱད་པར་དུ་ནི་བཤད་པར་བྱ། །ཁམས་གསུམ་ཀུན་གྱི་ནང་ན་རྒྱལ་སྲིད་མཆོག་གི་ནོར་ལྡན་པས། །འཇམ་འདུས་གཡུལ་འགྱེད་སངས་རྒྱས་ཀུན་གྱིས་འདུལ། །རྣམ་པ་སྣ་ཚོགས་རྣམ་པར་རྒྱལ་བའི་རྒྱལ་མཚན་ཅན། །རྡོ་རྗེ་ཉི་མ་བདེ་མཆོག་སྒྱུ་མ་བསྟན་དུ་གསོལ། །སེམས་ཅན་སྤྲིན་ལ་བྱང་ཆུབ་མཆོག་གི་སྦྱིན་པ་སྣ་ཚོགས་ཆར་འབེབས་པ། །བདག་ཉིད་རེ་བ་ཀུན་གྲུབ་མྱུར་དུ་སྟོན་ཨ་ལ་ལ་ཧོ། །མི་ཟད་གཏེར་གྱི་དབང་ཕྱུག་ཁྱད་པར་བདག་ལ་སྩལ་དུ་གསོལ། །ཁྱད་པར་འདི་དག་བུད་མེད་རིན་ཆེན་རྣམས་ཀྱི་ཕྱིར། །རིན་ཆེན་ཀུན་གྱི་ནང་ན་བུད་མེད་རིན་ཆེན་གཅིག་ཏུ་མཆོག །བུད་མེད་རིན་ཆེན་ཤིན་ཏུ་རིན་ཆེན་ཐམས་ཅད་འགྲོ། །རཏྣ་ཨ་ལ་ལ་ཧོ། དེ་ནས་ཕྱག་རྒྱ་ཤེས་པ་ནི། །རྟ་མཆོག་དཔལ་ལྡན་གནས་པའི་གླུ། །ལས་རྣམས་ཐམས་ཅད་རབ་བསྒྲུབ་པ། །ཁྱད་པར་དུ་ནི་བཤད་པར་བྱ། །མྱོས་བྱེད་སྟོང་ལས་ལྷག་པར་བདེ་བ་འདོད་པའི་གཟུགས་སྟོན་པ། །འདུལ་བའི་དབང་གིས་གཤིན་རྗེ་སྟོང་ལས་རབ་ཏུ་འཇིགས་པར་སྟོན། །ཞི་བའི་སྐུ་ཡང་ཚངས་པ་སྟོང་བས་ལྷག་པར་རབ་ཏུ་སྟོན། །དཀྱིལ་


DNG012_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ཀུན་གྱི་མཆོག་ཏུ་དེ་བཞིན་གཤེགས་ཀུན་འགྲུབ་པར་མཛོད། །ཐམས་ཅད་རྣམ་དག་མོས་པའི་ངོ་སྟོན་གན་རྐྱལ་སྟོབས་ཀྱི་གནོན་པས་ནོན། །ཧི་ཧེ་ཧེ་ཧེ་ཧེ་དབང་ཕྱུག་ཐམས་ཅད་རབ་ཤིག་རབ་ཏུ་ཤིག །རབ་ཀྱི་རྩལ་གྱིས་གནོན་པའི་སྟོབས་ཀྱི་ངོ་སྟོན་དབང་ཕྱུག་གནོན། །སྦྱོར་ཆེན་ཧུ་ལུ་ཧུ་ལུ་མིག་གསུམ་པོ་ལ་གསུམ་གྲུབ་དྲོངས། །རབ་ཀྱིས་གནོན་པའི་སྟོབས་ཀྱིས་ངོ་སྟོན་མཐུ་ཆེན་ནོན། །མཉམ་སྦྱོར་རུ་དྲ་མ་ཏྲ་སྙིང་ལས་དཔའ་མོས་དྲོངས་ཤིག་རབ་དྲོངས་ཤིག །རབ་ཀྱི་རྩལ་གྱིས་གནོན་པའི་སྟོབས་ཀྱིས་ངོ་སྟོན་ཚངས་པ་ནོན། །སྦྱོར་ཆེན་ཚངས་ལས་གྲོལ་མ་དྲོངས་ཤིག་སྨ་ར་ཊ། །རབ་ཀྱི་རྩལ་གྱིས་གནོན་པའི་སྟོབས་ཀྱིས་ངོ་སྟོན་དགའ་དབང་ནོན། །མཉམ་སྦྱོར་ཀུན་གྱི་བདག་ལས་དགའ་དྲོངས་ཨ་ལ་ལ་ཧོ། །གདུག་ཅིང་ཁྲོ་ལ་རབ་ཏུ་གདུག་པའི་སེམས་ཅན་བསྒྲལ་བ་ཡིས། །བསྒྲལ་བའི་ཕྱིར་ན་སྒྲུབ་ཞུགས་ཨ་ལ་ལ་ཧོ། །ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ་ཕཊ་ཕཊ། མཛའ་བོ་མི་ལ་བྱའམ་མི་བྱ་དེ་དག་ཡོངས་སུ་རྟོག་པ་མེད་ཀྱང་བླ། །དེ་འདྲའི་མཛའ་བོ་སྒྱུ་མ་ཡིན་པས་དེ་ལ་མཛའ་ཞེས་སུ་ཞིག་ཟེར། །རྒོལ་བ་གང་ལ་བྱའམ་མི་བྱ་དེ་དག་ཡོངས་སུ་བརྟག་པ་མེད་ཀྱང་བླ། །དེ་འདྲའི་རྒོལ་བ་སྒྱུ་མ་ཡིན་པས་དེ་ལ་དཔའ་ཞེས་སུ་ཞིག་ཟེར་ཞེས་གསུངས་སོ། །དེ་ནས་རྔ་ཐབས་བསྟན་པ་ནི། །གླུ་དྲུག་དང་ནི་ཚིག་དྲུག་དང་། །རྔ་ཐབས་དྲུག་གི་ས་ནས་ནི། །སྨོན་ལམ་རྣམ་པ་གསུམ་པོ་ཡང་། །སོ་སོར་བཀར་ཏེ་ལས་བྱའོ། །དེ་དེ་བྱེད་པའི་དུས་སུ་ཡང་། །ཡེ་ཤེས་ཞལ་གྱི་ཕྱག་རྒྱ་དང་། །འཛུམ་བྱེད་ཡེ་ཤེས་ཕྱག་རྒྱ་དང་། །ལྟ་བྱེད་ཡེ་ཤེས་ཕྱག་རྒྱ་དང་། །ཆོས་ཀྱི་ཡེ་ཤེས་ཕྱག་རྒྱ་དང་། །ཕྱག་རྒྱ་བཞི་སྤྲུགས་ལྡན་པར་བྱ། །གར་གྱི་ཡེ་ཤེས་ཕྱག་རྒྱ་ཡི། །ཚུལ་དགུའི་རོལ་པའི་ཚམ་རྔམས་ཆས། །གླུ་ཡི་ཡེ་ཤེས་ཕྱག་རྒྱ་དང་། །རོལ་མོ་ཡེ་ཤེས་ཕྱག་རྒྱའོ། །དེ་ནས་གླུ་ཡི་ཡེ་ཤེས་ཀྱི། །ཕྱག་རྒྱ་བྱ་སྟེ་རབ་བཤད་པ། །དེ་ཡང་ཧཱུཾ་གི་གླུ་དང་ནི། །ཨོཾ་གྱི་གླུ་ལ་སོགས་པ་ཡི། །གླུ་དྲུག་གིས་ནི་མགོ་དྲངས་པའི། །ཕྱག་


DNG012_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་དྲུག་དང་ལྡན་བྱས་ལ། །གླུ་ཚིག་དྲུག་དང་གླུ་དབྱངས་བླང་། །ཚུལ་དགུ་ལས་ནི་མི་མཉམ་ཞིང་། །ཞི་བའི་རྡོ་རྗེ་བརྗིད་གནོན་འགྲོས། ། སྤྱུག་པ་ཡིན་ནམ་དབྱུག་པ་ཡང་འཇུག ། ཧེ་རུ་ཀ་ཡི་ཚམ་རྔམས་དང་། །ཁྲོ་བོ་རྣམས་ཀྱི་སྟངས་སྟབས་དང་། །མ་མོ་འབྱོན་ཚུལ་ཆས་བྱས་ནས། །སྨོན་ལམ་རྣམ་གསུམ་རྔ་བརྡུང་ངོ་། །དེ་དུས་ཞི་བའི་ཐལ་མོ་དང་། །ཁྲོ་བོ་ཆེན་པོའི་ཐལ་མོ་དང་། །མ་མོའི་གདང་ངར་རྐན་སྒྲ་དང་། །སྨང་རའི་དབྱུངས་ས་བླང་བ་དང་། །ཞབས་ཀྱང་འཕེན་ཞིང་སྡུད་པ་དང་། །འདོར་ཞིང་བརྐྱང་དང་བསྐུམ་པ་དང་། །འདེགས་ཤིང་གནོན་པ་ལ་སོགས་པས། །རྔ་བརྡུང་དུས་དེར་རོལ་མོ་ཡིས། །ཐབས་ནི་སྣ་ཚོགས་གཞན་ཡང་བྱའོ། །དེ་ནས་ཚིགས་བཅད་འདིས་བསྐུལ་ལོ། །ལ་ལར་དྲི་མེད་ཟླ་བའི་དཀྱིལ་འཁོར་སྟོང་པས་མཛེས་པའི་གཟུགས་སུ་རྣམ་པར་སྣང་། །ལ་ལར་འཇིགས་པ་ཉི་མ་བརྒྱ་ཕྲག་དགུ་ཡི་འོད་ཟེར་མཆོག་པས་འཇིགས། །ལ་ལར་མདངས་བཟང་གཟི་ཆེན་བདེ་དང་ཞི་བར་ལྡན་པའི་གཟུགས་སུ་རྣམ་པར་སྣང་། །ལ་ལར་འགྲོ་བ་ཐམས་ཅད་མཉམ་པར་འཇོག་པའི་གཟུགས་ལྡན་གསུང་མཆོག་མཉམ་པར་སྟོན། །རྡོ་རྗེ་སེམས་དཔའ་འགྲུབ་ཕྱིར་འདུལ་མཁས་མ་ལུས་སྤྲུལ་སྐུ་བདེ་བའི་མཆོག་རྣམས་ལ། །ཨཱ་ར་ལི་ཐམས་ཅད་མཉམ་སྦྱོར་གྲུབ་མཛོད་རུ་ཏི་མ་ཏི་ཨ་ལ་ལ་ཧོ། །རྣམ་པ་མང་པོས་འདུལ་བར་མཛད་པའི་ཚུལ་གྱིས་གར་མཁན་གར་མཛད་པ། །དམ་ཚིག་གར་གྱི་དབང་ཕྱུག་སངས་རྒྱས་གར་མཁན་གར་མཛོད་ཅིག །ཨ་ལ་ལ་ཧོ། རྣམ་པ་མང་པོ་བདེ་མཆོག་རབ་ཏུ་གར་མཛོད་ཐར་པའི་བདེ་བ་ཡང་དག་ཐོབ་པར་མཛོད། །རྣམ་པ་མང་པོ་འདོད་ཆགས་རྒྱུད་ཀྱིས་སེམས་ཅན་མ་ལུས་ལུས་པ་མེད་པར་འདུལ་མཁས་པ། །དེ་བཞིན་གཤེགས་པ་ཀུན་གྱི་མཁའ་འགྲོ་སྒྱུ་མའི་བདེ་མཆོག་རབ་སྤྲུལ་རྣམ་པར་སྤྲུལ། །ཏེ་ན་ཏེ་ཏེ་ཧཱུཾ།རྣམ་པ་མང་པོ་འདོད་ཆགས་རྒྱུད་ཀྱིས་སེམས་ཅན་མ་ལུས་ལུས་པ་མེད་པར་འདུལ་མཁས་པ། །དེ་བཞིན་གཤེགས་པ་ཀུན་གྱི་མཁའ་འགྲོ་སྒྱུ་མའི་བདེ་མཆོག་རབ་སྤྲུལ་རྣམ་པར་སྤྲུལ། །ཧཱུཾ་ཧཱུཾ་ཧཱུཾ། རྣམ་པ་མང་པོ་ཁྲོ་བོའི་རྒྱུད་ཀྱིས་


DNG012_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་མ་ལུས་ལུས་པ་མེད་པར་འདུལ་མཁས་པ། །དེ་བཞིན་གཤེགས་པ་ཀུན་གྱི་མཁའ་འགྲོ་སྒྱུ་མ་བདེ་མཆོག་རབ་སྤྲུལ་རྣམ་པར་སྤྲུལ། །རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། རྣམ་པ་མང་པོ་སྲོག་གི་རྒྱུད་ཀྱིས་སེམས་ཅན་མ་ལུས་ལུས་པ་མེད་པར་འདུལ་མཁས་པ། །དེ་བཞིན་གཤེགས་པ་ཀུན་གྱི་མཁའ་འགྲོ་སྒྱུ་མའི་བདེ་མཆོག་རབ་སྤྲུལ་རྣམ་པར་སྤྲུལ། །ཧཱུཾ་བི་ཤ་བི་ཤ་ཧཱུཾ། དེ་ལ་སོགས་ཏེ་མཐའ་ཡས་མཆོག །ཆོས་དབྱིངས་མཉམ་དང་མི་མཉམ་པ། །ནམ་མཁའི་དབྱིངས་ཀྱི་མཐའ་ཀླས་པར། །རང་བྱུང་རྣམས་ཀྱི་གླུ་ཡི་རྒྱ། །ནམ་མཁའ་ཀུན་གྱི་སྐབས་ན་དཔལ། །རྡོ་རྗེ་སེམས་དཔའ་ལ་ནི་གནས། །གྲུབ་པའི་དབང་ཕྱུག་རབ་གྲུབ་པ། །ཐམས་ཅད་བདག་ཉིད་གྲུབ་པར་འགྱུར། །སྙིང་པོ་ཕྱག་རྒྱ་སྔགས་རིགས་རྣམས། །བྱ་བ་རྣམ་པ་སྣ་ཚོགས་དང་། །རྣམ་པར་སེལ་ལ་སོགས་པའི་ཐབས། །དངོས་གྲུབ་ཐམས་ཅད་རབ་ཏུ་འགྲུབ། །ཛཿཧཱུཾ་བཾ་ཧོཿ། རུཊྚ་མཊྚ། སྨ་རཱ་ར་ཊ། ཧུ་ལུ་ཧུ་ལུ། པྲ་སིདྡྷྱ། ཊཀྐི་ཧཱུཾ་ཛཿ། ཀཱི་ནི་དྷུ་ནི་ཧཱུཾ་དྲུཾ། ཊཀྐི་ཧཱུཾ་ཛཿ། ཧུ་ལུ་ཧུ་ལུ། ཨ་ལ་ལ་ལ་ཧོ། སྤྱིའི་རྔ་རྡུང་བའོ། །ཤུདྡྷྱ་སིདྡྷྱ། ད་རི་ཥཱ་ཡ་སརྦྦ་ན་ཊ་གྷཻ་གྷཻ། ཊ་ཊ་གྷཻ་གྷཻ་གྷཻ། ཊ་གྷཻ་ཊ་ཀེ་གཻ་གཻ་གཻ། ཊྚ་ཏ་གྷཻ། ཊ་གེ། ཧོཾ་ཊོ་ཎ། ཊཀྐི་ཧཱུཾ་ཛཿ། གེ་ཏེ་གེ་དྷོ་ན། ཊ་ཀི་ཧཱུཾ་ཏུཾ། ཨ་ལ་ལ་ལ་ཧོ། རུ་ཊྚ་མ་ཊྚ། ཐལ་མོ་བརྡབ་པའི་རྟོག་པ་སྟེ། །དཔལ་རྡོ་རྗེ་སེམས་དཔའི་རྔ་སྟབས་སོ། །ཊ་གྷེ་ཊ་གྷེ། ཊ་གྷེ་གྷེ། ཊ་ཀེ་ན་ཊ། མྷ་མྷ་མྷ། ཊ་ལྱཽ ་ཊ་ལྱཽ ། རྒྱུན་གྱི་རྔའོ། །རྣམ་པར་སྣང་མཛད་དོ། །ཨཱཾ་ཨཱཾ་ཨཱཾ། ཧཱཾ་ཧཱཾ་ཧཱཾ། བཱཾ་བཱཾ་བཱཾ། དྷཾ་དྷཾ་དྷཾ། དམ་ཚིག་གསུམ་གྱི་རྔའོ། །དྷ་། དྷི་བཛྲ་བཛྲ་ཎྱང་། ཀོང་ཀོང་ཀོང་། ཧཱུཾ་བྷྱོ་ཧཱུཾ་བྷྱོ་ཧཱུཾ་བྷྱོ་ཧཱུཾ་བྷྱོ། རུ་ལུ་རུ་ལུ་ཧཱུཾ་བྷྱོ་། ཀྷོང་ཀྷོང་ཀྷོང་། ཌྷེཾ། ་། ངྒྷཱ ་ཀཽཾ་ཀཽཾ་ཀཽཾ། དཔལ་རྡོ་རྗེ་ཧེ་རུ་ཀའི་རྡོ་རྗེ་རྔའི་ཕྱག་རྒྱའོ། །པདྨ་པདྨ་ཧྲི། པདྨ་པདྨ་ཤཱི། པདྨ་པདྨ་ཧྲིར། དཔལ་པདྨོ་བརྡབ་པའི་རྔའོ། །སྣང་བ་མཐའ་ཡས་ཀྱིས་བརྡུང་བའོ། །ཏྲཱཾ་ཏྲཱཾ་ཏྲཱཾ། བྷ་བྷ་བྷ་བྷ་བྷ་བྷ་


DNG012_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

བྷ། ཏ་ཊ་ཏཱ་ཊཱ་ཊཱ་ཊཱ་ཊཱ་ཊཱ། ཏཱཾ་ཏཱ་ཏཱ་ཏཱ། ཏྲཱ་ཏྲཱ་ཏྲཱ་ཏྲཱ་ཏྲཱ། ཏྲཾ་ཊཾ་ཀེ་ཏངྐུ་ད་ཏྲ། ཏུཊྚ་ཏྟྲ། རྒྱལ་པོའི་རྔའོ། །རིན་ཆེན་འབྱུང་ལྡན་གྱིས་བརྡུང་བའོ། །ཊཀྐི་ཧཱུཾ་ཛཿ། ཊཀྐི་ཧཱུཾ་ཛཿ། ཊཀྐི་ཧཱུཾ་ཛཿ། སྙེམས་པའི་འགྲོས་སོ། །ཏྲཱ་ཊྚ་ཏྲཱ་ཏྲཱ་ཏྲཱ་ཏྲཱ་ཏྲཱ། མྱུར་ཞིང་རབ་ཏུ་མྱུར་བའི་རྔའོ། །ཏ་ཊ་བྷ་ཏ། བ་ཏྲུན། ཏ་ཐཱ་ག་ཏེ། བ་ཧཱུཾ། ཏ་ཊཱ་བྷ་ཏ་ཏ་བྷ་ཧི་ན་དཔལ་རྟ་མཆོག་རྣམ་པར་རོལ་པའོ། །ཏ་ཏཱ་བྷ་ཊ་ཊ་བྷ་ཏཱ་ད་ཏྟྲ། ཤིན་ཏུ་མྱུར་བའི་རྔའི་ཕྱག་རྒྱ་སྟེ། སིལ་སྙན་གྱི་ཕྱག་རྒྱ་ཤེས་པའོ། །སངས་རྒྱས་བརྡའ་ཡི་ཕྱག་རྒྱ་ཡིས། །གར་གྱི་རྣམ་པར་རོལ་པར་བཤད། །རྣལ་འབྱོར་རིག་མར་དང་ལྡན་པས། །བྲོ་དང་གར་གྱི་བསྐྱོད་བྱས་ཏེ། །འོད་ཀྱི་འདུ་འཕྲོས་བྱིན་བརླབས་ཏེ། །དངོས་གྲུབ་མཆོག་ཀྱང་ཐོབ་པར་འགྱུར། །ཁྲག་འཐུང་ཆེན་པོ་ལ་སོགས་པའི། །བྲོ་གར་གླུ་ཚིག་ཆེན་མོས་ནི། །ཐམས་ཅད་ཐམས་ཅད་ཅི་འདོད་པ། །ཐམས་ཅད་ཐམས་ཅད་བྱེད་པ་ཡིན། །མཛོད་ལྡན་ཆེན་མོ་ལ་སོགས་པའི། །བྲོ་གར་གླུ་ཚིག་ཆེན་མོས་ནི། །འདུ་བར་འདོད་ན་འདུ་བར་བྱེད། །འཕེལ་བར་འདོད་ན་འཕེལ་བར་བྱེད། །སྦོས་མོ་ཆེན་མོ་ལ་སོགས་པའི། །བྲོ་གར་གླུ་ཚིག་ཆེན་མོས་ནི། །ལྷན་ནེར་འདོད་ན་ལྷན་ནེར་བྱེད། །རྨུགས་པར་འདོད་ན་རྨུགས་པར་བྱེད། །སེང་གདོང་ཆེན་མོ་ལ་སོགས་པའི། །བྲོ་གར་གླུ་ཚིག་ཆེན་མོས་ནི། །ཐམས་ཅད་ཀུན་ལ་ཟ་བར་བྱེད། །རྡུལ་ཆ་ཙམ་ཡང་མེད་པར་བྱེད། །བཞད་གདོང་ཆེན་མོ་ལ་སོགས་པའི། །བྲོ་གར་གླུ་ཚིག་ཆེན་མོས་ནི། །ཐམས་ཅད་ཀུན་ལ་འབྱིན་པར་བྱེད། །ཀུན་ལ་རབ་ཏུ་ཉམས་པར་བྱེད། །སླས་དང་བྱི་མོ་བྲན་མོ་ཡི། །བྲོ་གར་གླུ་ཚིག་ཆེན་མོས་ནི། །འབད་ཅིང་གཏང་བར་བྱ་བ་ནི། །ཐམས་ཅད་ཐམས་ཅད་བྱེད་པ་ཡིན། །དེ་ནས་གཞན་ཡང་རབ་བཤད་བྱ། །གོས་དང་རྒྱན་དང་བཟའ་བ་དང་། །བཏུང་བ་གླུ་དང་ཚིག་ཏུ་བཅས། །བྲོ་དང་གར་གྱིས་མཉེས་པར་བྱ། །ཚུལ་ཁྲིམས་གོས་ཆེན་ཞིང་བཙུགས་རྒྱལ་མཚན་ལ། །ཡེ་ཤེས་ལྔ་ལྡན་དབང་པོ་གཟི་བྱིན་ཏོག །ཚར་གསུམ་སྒེག་པའི་ལྕང་ལོ་སྤྲུལ་པའི་རྒྱན། །ཡན་


DNG012_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

ལག་ལྕུག་ཕྲན་ཤེས་བྱའི་ཅོད་པན་འཕུར། །སོར་ཕྲན་རིན་ཆེན་སྦྱིན་པའི་སྣ་ཚར་ཅན། །བཅིངས་འདོམས་རྡོ་རྗེ་ཤམ་གྱི་གཟི་བག་ཅན། །བརྩོན་འགྲུས་ཡན་ལག་སྦུབས་ཀྱི་རྒྱལ་མཚན་ལ། །རྣམ་ཤེས་ཡེ་ཤེས་མཁྱེན་པའི་མི་ཏིའི་ཏོག །རབ་ཆེན་ལྕེའུ་ཕྲད་ཤེས་བྱའི་ཅོད་པན་ཅན། །གཟི་མདངས་ཆུ་རིས་ཤུ་ཀེན་སྤྲུལ་པའི་ཤམ། །རས་ཆེན་ཞི་གནས་ཟླ་འདྲའི་བླང་ལ་ནི། ། རས་ཆེན་བཞི་གནས་ཟླ་འདྲའི་བླང་བ་ནི། ཡང་འདུག ། ལྷག་མཐོང་ཉི་འོད་ཤུ་ཀེན་ལྕེའུ་འབར། །ཡེ་ཤེས་ལྔ་ལྡན་བདུད་རྩི་ཏོག་གི་མཚོན། །རྩེ་གཅིག་ཏིང་འཛིན་རྐང་ཕྲན་འདུད་དང་སྦྱིན། །ཚུལ་ཁྲིམས་རས་ཆེན་སྐུ་ཚན་འཕེན་ལ་ནི། །དཔའ་བརྟུལ་ཟ་བྱེད་གཟི་བརྗིད་སྟག་གི་ཞབས། །སྤྲུལ་པའི་ཕྱག་གཉིས་གཟིག་གི་དཔའ་བརྗིད་ཅན། །སྟག་གི་དབུ་རྒྱན་དྲག་ཚུལ་རུས་ཆེན་གདན། །ཞིང་གི་བླ་རེ་སྣོད་ཀྱི་ཆོས་དབྱིངས་ལ། །ཕྱོགས་མེད་ཀུན་ལ་ཁྱབ་པའི་ཐུགས་རྗེའི་ངང་། །ཆུ་རིས་གཟི་མདངས་སྤྲུལ་པའི་འཁོར་ཡུག་ཤམ། །ཕྲིན་ལས་ཁྲེའུ་སོར་ཕྲན་སྣ་ཚར་འཕྲུལ། །དཔལ་ཆེན་ཡབ་ཡུམ་ཁྲོ་ཆེན་མ་ཚོགས་དང་། །དབང་ཕྱུག་རྡོ་རྗེ་འཁོར་ཚོགས་ལྷ་གྲངས་བཞིན། །མེད་ན་དམར་པོའི་དར་ལས་བསབ་པའོ། །གོས་དང་རྒྱན་གྱི་ཕྱག་རྒྱ་ཤེས་པར་བྱ། །ཕྱི་ཡི་སྦས་པ་གསང་ལ་སོགས། །ནང་གི་མཆོད་པའི་མཆོག་རྣམས་ནི། །ཕྱག་རྒྱར་སྦྱར་བའི་ཚུལ་གནས་ཏེ། །ཚུལ་བཞིན་རྒྱས་བཏབ་དབུལ་བར་བྱ། །མཆོད་པ་ཀུན་གྱི་ཆོ་ག་དང་། །བཟླས་པ་ཀུན་གྱི་བྱེ་བྲག་ནི། །རང་གི་ཁྱད་པར་ཤེས་བྱ་སྟེ། །སྒྲུབ་པ་ཐམས་ཅད་བསྒྲུབས་བྱས་ན། །དངོས་གྲུབ་ཐམས་ཅད་མྱུར་དུ་འཐོབ། །བརྡའ་ཡི་དངོས་པོ་བསྟན་པ་ནི། །མཁའ་འགྲོ་ལ་སོགས་ཐར་པའི་མཆོག །རོ་ལ་སོགས་པ་དཔའ་བོ་མཆོག །ཟླ་ཚོགས་ལ་སོགས་ཡང་དག་ལྡན། །ཚེ་ནི་མཆོག་ཏུ་འཛིན་པའོ། །སྙིང་པོ་ཚིམས་བྱེད་མཆོག་ཡིན་ཏེ། །དྲི་ཞིམ་དམར་པོ་ཉིད་དུ་འདོད། །འཇམ་པོ་ཐལ་བར་ཡང་དག་བཤད། །གཟི་བརྗིད་དྲི་ཞིམ་ཉིད་དུ་འདོད། །དབྱངས་ནི་སྙན་པར་བྱ་བ་དང་། །ཐར་པ་ཆེན་པོ་ཤིན་ཏུ་མཛེས། །བཙུན་མོ་ལ་སོགས་རེག་འབྱུང་བས། །རྒུན་ཆང་སྦྲང་རྩི་


DNG012_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཏུ་དཔལ། །ཚྭ་ནི་འདོད་ཆགས་སྲ་བ་ཡིན། །ཀཾ་བྷི་ལ་ནི་བྲན་མོར་བཤད། །ཆུར་བ་ཟླ་བ་ཉ་བ་ཡིན། །ཤ་ནི་སྨན་གྱི་མཆོག་ཡིན་ཏེ། །ཆང་ནི་ར་ས་ཡ་ན་ཡིན། །བྲན་ནི་ཚེ་ཞེས་བྱ་བར་བཤད། །བཟའ་བ་སྣ་ཚོགས་གྲུབ་པ་ནི། །ཤ་དང་ཆང་དུ་ལྡན་པ་དག །དགའ་བའི་ལོངས་སྤྱོད་སྐལ་བཟང་པོས། །ཚེ་ཡི་དམ་པ་འགྲུབ་པར་བཤད། །སྒེག་མོ་དང་ནི་ན་ཆུང་མཆོག །མྱོས་བྱེད་དང་ནི་བདུད་རྩི་དང་། །གཅིག་པུ་པ་དང་འདོད་ཆགས་སྲ། །གཡོན་ཅན་བྲན་མོ་དེ་བཞིན་ཏེ། །ལན་ཚྭ་ལ་སོགས་རོ་ཀུན་དང་། །ཁ་ར་ལ་སོགས་བདུད་རྩི་བཞིན། །བདག་ཉིད་ཀུན་གྱི་འགྲུབ་པ་ནི། །མ་ལུས་ལུས་པ་མེད་པར་འགྲུབ། །བག་ཟན་ལས་ནི་བྱས་པའི་ཕྱུགས། །ཙནྡན་དཀར་པོས་བསྐུས་པ་དང་། །བག་ཕྱེའི་ཟན་ལས་བྱས་པའི་ཤ །རྒྱལ་པོའི་ཟན་ཞེས་གང་བཤད་པའོ། །མེ་ཏོག་དཀར་དང་དམར་པོའོ། །མཐིང་ག་སེར་པོ་ཀུན་བསྡུས་པ། །མེ་ཏོག་ཕྱག་རྒྱའི་མཆོག་འདི་ནི། །འདོད་པའི་ཡོན་ཏན་ལྔ་ལས་བྱུང་། །རྒྱ་སྐྱེགས་མཐིང་ག་ལྗང་གུའི་མདོག །ཆོས་སྣ་བཞི་ཡིས་བཅོས་པ་དང་། །དཀར་པོ་ལྔ་ཡི་ཕྱག་རྒྱ་དག །སྔ་མ་བཞིན་དུ་མཉམ་པར་བསྒྲུབ། །ཁམས་ལས་བྱུང་བ་ཐམས་ཅད་དང་། །སྲོག་དང་རྩ་བའི་དེ་བཞིན་ཏེ། །རྣམ་པར་མཛེས་ཤིང་དྲི་ཞིམ་པ། །སྔ་མ་བཞིན་དུ་མཉམ་པར་བསྒྲུབ། །ཙནྡན་གཉིས་དང་གླ་རྩི་དག །ག་པུར་ནཱ་ག་ས་ལ་ཀི། །བདུག་པ་བུ་རམ་དང་སྦྱར་བ། །ལས་རྣམས་ཐམས་ཅད་རབ་སྒྲུབ་པའོ། །གན་དར་དྲི་དང་གུ་གུལ་དང་། །སརྫ་ག་པུར་གླ་རྩི་དག །བཙོས་པའི་བདུག་པ་རྫས་འདི་ལས། །མར་མེ་བྱས་ན་སྣང་བ་བསྐྱེད། །ཙནྡན་གུར་གུམ་ཀ་དང་། །ག་པུར་དང་ནི་གླ་རྩི་དང་། །བཅས་པ་བདུག་པ་གྲུབ་པ་སྟེ། །སྤོས་ཀྱི་ཕྱག་རྒྱ་སྤོས་མཆོག་འགྱུར། །ཀ་ཀྐོ་ལ་དང་སུག་སྨེལ་དང་། །གླ་སྒང་ག་པུར་གླ་རྩི་དག །འདི་རྣམས་ཞིབ་ཏུ་བཏགས་པ་ནི། །སེང་ལྡེང་བུ་རམ་དག་དང་སྦྱར། །ཤིང་ཚ་པ་ཏྭ་ལོ་དྲཱ་དང་། །ན་ལེ་ཤམ་དང་ག་པུར་སྦྱར། །ས་ཧ་ཀ་རའི་ཤིང་མར་གྱིས། །


DNG012_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་དྲི་ཞིམ་པོར་བྱ་ཕྱིར་སྤོས། །ཁ་ར་སྦྲང་རྩིས་བྱུགས་པ་ཡིས། །ཨ་མྲ་ལ་སོགས་ཚིག་གུས་བྱུག །ས་ཏ་ཀ་རའི་མར་ལ་སོགས། །མཉམ་པའི་དྲི་ཡིས་བསྐུ་བར་བྱ། །ཡུང་དང་རྒྱ་སྐྱེགས་ལ་སོགས་པའི། །ཚོན་གྱིས་མཐུན་པར་ཁ་སྒྱུར་ཏེ། །ཤུན་པ་གྲོ་བ་ལ་སོགས་བྱས། །མཆོད་པའི་ཚེ་ན་དབུལ་བར་བྱ། །འབྲས་བུར་བཅས་པའི་ཕྱག་རྒྱ་ཤེས་པའོ། །བཟའ་བཏུང་ཕྱག་རྒྱ་ཤེས་པའོ། །དེ་ནས་གླུ་ཚིག་དབྱངས་རྣམས་བླང་། །ཧ་ས་དྷིར་རྐ་སོར་སྣ་རྟ། །དྲེང་ངེ་བ་དང་དུང་ངེ་བ། །ཤ་དྷ་བ་དང་གརྔྷ་མ། །བད་ཀ་དེའུ་དང་ལྕང་ཀ་དེའུ། །གླུ་དྲུག་དབྱངས་སུ་བླང་བར་བྱ། །སྣ་ཡི་དབུགས་རིང་འགྲོ་བ་ལས། །གཡས་པར་མེ་བྱུང་དམར་ལ་འཚེར། །གྱེན་དུ་འབར་བར་འགྲོ་བ་སྟེ། །པདྨ་རིགས་ཀྱི་གསུང་དབྱངས་ཀྱིས། །སྣང་བ་མཐའ་ཡས་དགེས་པར་རོལ། །གཡོན་པར་རླུང་བྱུང་གནག་ལ་དང་། །གསེགས་ལ་འགྲོ་ཞིང་རྒྱུ་བ་ཉིད། །ལས་ཀྱི་རིགས་ཀྱི་གླུ་ཡིན་པས། །དོན་ཡོད་གྲུབ་པ་དགེས་པར་རོལ། །གཉིས་ཀར་དལ་རྒྱུ་ཆུ་ཀླུང་དཀར། །ཐུར་དུ་འབབ་ཅིང་རྒྱུ་བ་ནི། །རིན་ཆེན་རིགས་ཀྱི་གླུ་ཡིན་པས། །རིན་ཆེན་འབྱུང་ལྡན་དགེས་པར་རོལ། །གཉིས་ཀ་ཐུར་དུ་རྔུབ་པའི་རླུང་། །ཐད་ཀར་འགྲོ་ཞིང་རྒྱུ་བ་ཉིད། །བདེ་གཤེགས་རིགས་ཀྱི་གླུ་བླངས་པས། །རྣམ་པར་སྣང་མཛད་དགེས་པར་རོལ། །རྩོལ་བ་གླུ་ཡི་དམ་ཚིག་གིས། །མཆོད་པ་དམ་པར་བཞེས་སུ་གསོལ། །ཁོང་ན་གནས་པ་སྲོག་ཡིན་ཏེ། །ནམ་མཁའི་རླུང་ནི་ཀུན་གྱི་གནས། །རྒྱུ་བ་མེད་ཅིང་འཕོ་དུས་འབྱུང་། །རྡོ་རྗེ་སེམས་དཔའ་དགྱེས་པར་རོལ། །གླུ་ཚིག་སྒྲ་ཡི་ཕྱག་རྒྱ་ཤེས་པའོ། །བྲོ་གར་འདུ་འཕྲོ་བྱ་བ་ཡང་། །སིལ་སྙན་ཕྱག་རྒྱར་བཤད་པ་རྣམས། །གླིང་བུ་དང་ནི་རྒྱུད་གཅིག་དང་། །དེ་བཞིན་རྒྱུད་ལྔ་རྒྱུད་དྲུག་དང་། །ལས་རྣམས་ཐམས་ཅད་བསྒྲུབ་པའོ། །ཆ་ལུགས་བཞིན་དུ་གར་བྱེད་པ། །མ་རུངས་པ་ཡང་རབ་ཏུ་འགྲུབ། །ལས་རྣམས་ཀུན་ལ་མངོན་དུ་འགྱུར། །བརྡུངས་པས་


DNG012_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་གྱི་གཞིར་འགྱུར་འགྲུབ། །གླིང་བུ་ལེན་པའི་ཚུལ་སྟོན་པ། །ཇི་ལྟར་བསམ་པའི་གར་བྱེད་པ། །པི་ཝང་ལེན་པའི་ཚུལ་སྟོན་ཅིང་། །ཇི་ལྟར་བསམ་པའི་གར་བྱེད་དང་། །ཅང་ཏེའུའི་ཚུལ་སྟོན་རྣལ་འབྱོར་པ། །ཇི་ལྟར་བསམ་པའི་གར་བྱེད་དང་། །རྫ་རྔའི་ཚུལ་སྟོན་རྣལ་འབྱོར་པས། །ཇི་ལྟར་བསམ་པའི་གར་བྱེད་དང་། །འགྲོ་བ་གསུམ་དག་དབང་དུ་བྱེད། །དངོས་གྲུབ་མ་ལུས་མྱུར་དུ་འགྲུབ། །རིམས་གདོན་དུག་སེལ་སྡུག་བསྔལ་སེལ། །གནས་གསུམ་དག་ནི་སྐད་ཅིག་འབེབས། །དཔལ་རྡོ་རྗེ་གླིང་བུ་གར་བྱེད་དང་། །དཔལ་རྡོ་རྗེ་པི་ཝང་བདེ་བས་རྨོངས་བྱེད་དང་། །དཔལ་རྡོ་རྗེ་ཅང་ཏེའུ་སྡུག་བསྔལ་སེལ། །དཔལ་རྡོ་རྗེ་རྫ་རྔ་མྱོས་བྱེད་དོ། །ཁཻ་ནིང་འཇམ་པ་འཁར་སིལ་ཏེ། །ཇི་ལྟར་བསམ་པའི་གར་བྱེད་དང་། །གུང་གུང་དྲིལ་བའི་སིལ་སྙན་ཕྲེང་། །ཇི་ལྟར་བསམ་པའི་གར་བྱེད་དང་། །ཏིང་ཞེས་སྙིགས་མའི་སིལ་སྙན་གླུ། །ཇི་ལྟར་བསམ་པའི་གར་བྱེད་དང་། །མ་གན་སིལ་སྙན་གར་གྱི་གནས། །ཇི་ལྟར་བྱེད་པའི་གར་བྱེད་དང་། །དི་རོ་དར་དིར་སིལ་སྙན་སྤྲོས། །ཇི་ལྟར་བསམ་པའི་གར་བྱེད་དང་། །པོ་ཏི་སིལ་སྙན་མེ་ཏོག་རྔ་། །ཇི་ལྟར་བསམ་པའི་གར་བྱེད་དང་། །ཏི་ལི་སིལ་སྙན་མེ་མར་གནས། །ཇི་ལྟར་བསམ་པའི་གར་བྱེད་དང་། །ད་དྲི་སིལ་སྙན་དྲི་ཡི་གནས། །ཇི་ལྟར་བསམ་པའི་གར་བྱེད་དང་། །འགྲོ་བ་གསུམ་དག་དབང་དུ་བྱེད། །ཇི་ལྟར་སིལ་སྙན་ཕྱག་རྒྱ་དང་། །ལྷ་མོ་རྣམས་ཀྱི་གནས་ནས་མཆོད་པར་བྱའོ། །ཡེ་ཤེས་ལྔ་ལྡན་བྷན་ད་བཅུད་ཀྱི་རྔ་། །ཚུལ་ཁྲིམས་གོས་ཆེན་ཡུམ་གྱུར་སྣོད་ཀྱིས་གཡོགས། །གཉིས་མེད་ཐུགས་རྗེའི་བ་སུའི་རྒྱུན་གྱིས་བསྡམས། །སྐུ་གསུམ་དབྱེར་མེད་སྒྲུབ་པའི་རྔ་ལ་ནི། །གསུང་སྒྲ་གསང་སྔགས་ཞིང་གི་རཀྟས་བྲིས། །རྐང་ཕྲན་ཤེས་རབ་ཚུལ་ཁྲིམས་པོ་བུ་ཡི། །ཏོག་བཏགས་བརྡུངས་པས་སྤྲུལ་པའི་ལས་ལ་འཇུག །ཁ་ཅིག་ཏིང་འཛིན་དྲི་ཞིམ་བྱུང་ལ་སྦྱར། །སོ་སོའི་གསུང་སྒྲ་ཞིང་གི་རཀྟས་བྲིས། །སྣོད་ཀྱི་ཞིང་ལྤགས་ཡུམ་གྱུར་དབྱིངས་ཀྱིས་གཡོགས། །ཡན་ལག་ཞིང་ལྤགས་སོ་སོར་བསྒྲིམས་ལ་བསྡམ། །གཉིས་མེད་


DNG012_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་བཞི་ཡི་གཡང་གཞིས་བསྡམ། །ཕྲིན་ལས་ཐབས་མཆོག་རིན་ཆེན་རྐང་གིས་བརྡུང་། །རྔ་ཡི་ཕྱག་རྒྱ་ཤེས་པའོ། །སྤྱིར་ནི་རྫས་མཆོད་རྣམ་བཞིར་འདུས། །ཇི་ལྟར་འོས་ཤིང་རིགས་པ་དང་། །རང་གི་སྦྱོར་བ་རྗེས་མཐུན་པ། །འདི་དག་གསལ་བར་བཤད་བྱ་བ། །དེ་ལ་འོས་པར་གྱུར་པ་ནི། །མི་འགྱུར་འགྲོན་གཟའ་ལས་སྦགས་སོ། །དེ་ཡང་རིགས་པར་བྱ་བ་ཡང་། །མཁའ་ལ་འགྲོ་བ་ལ་སོགས་པའི། །སེམས་ཅན་ཆེན་པོ་ལྔ་པོ་དེ། །མཆོད་པའི་རྐྱེན་དུ་འབྱུང་བ་ནི། །ཚོགས་དང་མཆོད་པའི་དོན་དུའོ། །སྲོག་གཅོད་ཉེན་དང་མ་འདྲེལ་པའོ། །འབྱོར་བ་ཕྱུག་པོ་དབུལ་པོ་དང་། །བདོག་དང་དྲོད་ཟླ་ཇི་ལྟར་བྱ། །རྗེས་སུ་མཐུན་པར་བྱ་བ་ཡང་། །འདྲིས་ཕྱོགས་གཉེན་དུ་འདྲེལ་བའི་ཕན་ལན་གང་། །ཕངས་པའི་ལོངས་སྤྱོད་གཏོང་བར་བྱེད་གྱུར་ན། །འཁོར་བའི་གནས་ནས་འདོན་པའི་བཀའ་དྲིན་ལན། །ལུས་སྲོག་བྱེ་བས་མཆོད་ཀྱང་ལན་མི་ལོན། །མཁའ་ལ་སོགས་པའི་སེམས་ཅན་ལྔ། །སྒྲུབ་པའི་རྫས་སུ་གསུངས་པ་ཡང་། །སྒྲུབ་བྱེད་ཉེན་དང་མ་འདྲེས་པར། །སྡིག་མེད་ཤ་ཁྲག་མཆོད་བསྟོད་བྱ། །བདོག་པ་ཆེ་ཆུང་འབྱོར་ཚད་མཆོད་བྱེད་པ། །དག་སེམས་མཆོད་པ་བྱེད་པའི་ཕུལ་བྱུང་བས། །མ་དག་སྟོང་གི་ཕྱི་མཆོད་སྟོང་གི་ཆར་མི་ཕོད། །བསམ་དག་སྔོན་གྱི་སྤྲང་མོ་ཕྱུག་མོ་བཞིན། །མཆོད་བྱར་གྱུར་པ་རྣམས་ལ་མཆོད་པ་ནི། །སྤྱི་བོ་བདེ་ཆེན་དཀྱིལ་འཁོར་དུ། །སུམ་ཅུ་རྩ་གཉིས་ཡི་གེ་ཧཾ། །བདེ་གཤེགས་མཁའ་འགྲོ་སྣང་མཛད་སྐུ། །བདེ་བ་ཆེན་པོའི་ཐིག་ལེས་མཆོད། །མགྲིན་པའི་དཀྱིལ་འཁོར་བཅུ་དྲུག་ལ། །གསུང་དབྱངས་ཨཱཿལས་བྱུང་བ་ཡི། །སྣང་མཐའ་མཁའ་འགྲོ་ཚེ་དཔག་མེད། །ལོངས་སྤྱོད་རྫས་ཀྱི་རྣམ་པས་མཆོད། །སྙིང་གའི་དཀྱིལ་འཁོར་བརྒྱད་དཀྱིལ་ཧཱུཾ། །ཐུགས་ཀྱི་མཁའ་འགྲོ་མི་བསྐྱོད་པ། །འཁོར་དང་མྱ་ངན་འདས་པའི་ཆོས། །ཡིད་ལ་ཐིམ་པས་མཆོད་པར་བྱ། །ལྟེ་བའི་དཀྱིལ་འཁོར་དྲུག་ཅུ་བཞི། །རིན་


DNG012_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་མཁའ་འགྲོ་དཀོན་མཆོག་དཔལ། །ཨཾ་ལས་མ་བུ་སྤྲུལ་བྱེད་པ། །འབྱུང་བའི་མཆོད་པ་དབུལ་བར་བྱ། །གསང་བ་མེ་རླུང་དཀྱིལ་འཁོར་དུ། །རཾ་ཡཾ་འབར་བའི་བདེ་བ་ཡིས། །དོན་གྲུབ་མཁའ་འགྲོ་གདོན་མི་ཟ། །བདེ་བ་ཙཎྜའི་མེ་ཡིས་མཆོད། །དེ་ལ་རྗེས་མཐུན་མཆོད་པ་ལྔ། །ཁྲག་ནི་མེ་ཏོག་ཡིན་པར་བཤད། །མདངས་ནི་བདུག་པ་ཡིན་པར་བཤད། །ཤ་ཆེན་དག་ནི་མར་མེ་སྟེ། །ཐལ་བ་དག་ནི་སྤོས་སུ་བཤད། །ཆང་དང་སྦྲང་རྩི་བུ་རམ་ཆང་། །རྒུན་ཆང་གསང་བའི་ཡུམ་བཞིན་རྣམས། །བདུད་རྩི་ལམ་གྱི་ཡན་ལག་བརྒྱད། །སངས་རྒྱས་ཀུན་གྱི་བརྡ་ཡིན་ནོ། །མཆོད་པ་སོ་སོར་དབུལ་བ་ནི། །རིགས་རྣམས་ཀུན་གྱི་མེ་ཏོག་ནི། །མེ་ཏོག་དམར་པོ་སངས་རྒྱས་ལ། །རྡོ་རྗེ་ཅན་ལ་སྣ་ཚོགས་པ། །འཇིག་རྟེན་དབང་ལ་མེ་ཏོག་དཀར། །སེར་པོ་མཁའ་ལ་བྱུང་བའོ། །རིགས་ནི་དེ་རྣམས་བདུག་པ་ནི། །ཙནྡན་བདུག་པས་སངས་རྒྱས་ལ། །རྡོ་རྗེ་ཅན་ལ་དུ་རུ་སྐ། །སྤྱན་རས་གཟིགས་ལ་ཀ་པི་ཏ། །ལྕེ་པོག་རྡོ་རྗེ་ཉི་མ་ལའོ། །རིགས་ནི་དེ་རྣམས་མར་མེ་ལ། །མར་མེའི་ཕྲེང་བ་སངས་རྒྱས་ལ། །རྡོ་རྗེ་ཅན་ལ་མར་མེ་བདུན། །སྤྱན་རས་གཟིགས་ལ་མར་མེ་བརྒྱ། །སྟོང་ནི་རྡོ་རྗེ་ཉི་མ་ལའོ། །དེ་རྣམས་རིགས་ཀྱི་བདུག་སྤོས་ནི། །སངས་རྒྱས་རྣམས་ལ་ཙནྡན་སྤོས། །རྡོ་རྗེ་ཅན་ལ་གུར་གུམ་ཡིན། །སྤྱན་རས་གཟིགས་ལ་ཙནྡན་དམར། །ག་པུར་རྡོ་རྗེ་ཉི་མ་ལའོ། །མེ་ཏོག་ཀུན་དང་བདུག་པ་ཀུན། །དེ་བཞིན་མར་མེ་ཐམས་ཅད་དང་། །སྤོས་རྣམས་ཐམས་ཅད་ཇི་སྙེད་པ། །རྡོ་རྗེ་རྟ་ལ་དབུལ་དུ་རུང་། །དེ་རྣམས་རིགས་ཀྱི་ལྷ་བཤོས་ནི། །སངས་རྒྱས་རྣམས་ལ་བཤོས་དབུལ་བར། །ཤ་དང་ཆང་ནི་རྣམ་པར་སྤང་། །གླུ་དང་སིལ་སྙན་གྲུབ་པ་དང་། །གདུགས་དང་རྒྱལ་མཚན་བ་དན་དུང་། །ཤ་དང་ཆང་དུ་བཅས་པ་ནི། །གཏོར་མའི་མཆོག་སྟེ་སྣ་ཚོགས་པའོ། །བདག་གི་ཕྱུག་ཆེན་སྐལ་བཟང་པོས། །རྡོ་རྗེ་ལས་ནི་དཔལ་གྲུབ་པའོ། །བཤོས་དང་གཏོར་མ་དཀར་པོ་དང་། །པདྨའི་མེ་ཏོག་ལྡན་པ་ནི། །


DNG012_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་རས་གཟིགས་དབང་གཙོ་བོ་ལ། །ཕུལ་ན་དགོས་པ་ཐམས་ཅད་འགྲུབ། །རྒྱལ་པོའི་ཁ་ཟས་སྣ་ཚོགས་པ། །ཤ་དང་ཆང་དུ་བཅས་པ་དང་། །གླུ་དང་སིལ་སྙན་ལྡན་པ་དག །རྡོ་རྗེ་ཉི་མའི་འཁོར་ལ་དབུལ། །ཁ་ཟས་ཀུན་གྱི་རོ་རྣམས་དང་། །ཤ་དང་ཤ་ཡི་མཆོག་རྣམས་དང་། །ཤ་ཡི་སྦྱོར་དང་བའི་ཤ་སྐམ་དག །རྡོ་རྗེ་རྟ་ལ་དབུལ་བར་བྱའོ། །ཕུལ་ན་སྐུ་དབྱིངས་གསལ་བ་དང་། །ཁམས་ཀྱི་རྣམ་པ་བདེ་བ་དང་། །ཡིག་འབྲུ་རང་བཞིན་གསལ་བ་དང་། །ངོ་བོ་ཟུང་དུ་འཇུག་པ་དེ། །རྩ་དང་བདུད་རྩི་ཡིག་འབྲུ་དང་། །ཀླུ་རྣམས་གདན་དུ་བསྣུན་པའོ། །དེ་ནས་དགའ་ལྡན་ལྷ་ཡི་ཚོགས། །རྣམ་པ་བདུན་གྱིས་རབ་བཤད་བྱ། །རྡོ་རྗེ་སློབ་དཔོན་སེམས་དཔའ་ཡི། །ཕུང་པོ་ལྔ་ལ་སངས་རྒྱས་གདན། །འབྱུང་བ་ལྔ་ལ་ཡུམ་གྱི་གདན། །ཕྱི་ནང་དབང་པོ་རྣམ་ཤེས་དང་། །ཡུལ་དང་དུས་ལ་སོགས་པ་ལ། །བྱང་ཆུབ་ལྕམ་དྲལ་བཅུ་དྲུག་གདན། །ཉོན་མོངས་དྲུག་ལ་ཐུབ་པའི་གདན། །ཡིད་ཆོས་ཀུན་བཟང་ཡབ་ཡུམ་གདན། །རེག་སོགས་སྒོ་བ་ཡབ་ཡུམ་གདན། །དེ་ནི་སློབ་མའི་ལུས་ཉིད་ལ། །གདན་རྣམས་ཚང་བར་བཀོད་པའོ། །རྡུལ་ཚོན་དཀྱིལ་འཁོར་གདན་རྣམས་ཚང་། །གསང་བའི་ཁམས་ནི་བདུད་རྩིའི་གདན། །ཤེས་རབ་ཡེ་ཤེས་ཡི་གེའི་གདན། །བདེ་བ་ཆེན་པོ་རླུང་གི་གདན། །དེ་ཀུན་ཐམས་ཅད་གདན་གསུམ་སྟེ། །སངས་རྒྱས་ལོངས་སྤྲུལ་ཡབ་ཡུམ་གདན། །བྱང་ཆུབ་སེམས་དཔའ་ཡབ་ཡུམ་གདན། །སྒོ་བ་ཁྲོ་བོ་ཁྲོ་མོའི་གདན། །གདན་ཤེས་ཕྲིན་ལས་རྫོགས་མཛད་ལས། །རང་བཞིན་དཀྱིལ་འཁོར་བསྐྱེད་པར་བྱ། །དེ་ཡང་ཇི་ལྟ་བུ་ཞིག་ན། །མི་བསྐྱོད་རལ་གྲི་འཁོར་ལོ་གཡས། །དྲིལ་བུ་རིན་ཆེན་པདྨ་གཡོན། །སྣང་མཛད་འཁོར་ལོ་རལ་གྲི་རྡོ་རྗེ་གཡས། །དྲིལ་བུ་པདྨ་རིན་ཆེན་གཡོན། །རིན་འབྱུང་རིན་ཆེན་འཁོར་ལོ་རྡོ་རྗེ་གཡས། །དྲིལ་བུ་པདྨ་རལ་གྲི་གཡོན། །མཐའ་ཡས་པདྨ་རྡོ་རྗེ་འཁོར་ལོ་གཡས། །དྲིལ་བུ་རིན་ཆེན་རལ་གྲི་གཡོན། །དོན་གྲུབ་རལ་གྲི་འཁོར་ལོ་རྡོ་རྗེ་གཡས། །དྲིལ་


DNG012_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

བུ་རིན་ཆེན་པདྨ་གཡོན། །རྒྱལ་མོ་གཡས་པ་དྲིལ་བུ་ཨུཏྤལ་གཡོན། །དེ་གནས་བསྒྱུར་བ་ཁྲག་འཐུང་ཆེན་པོ་ནི། །བུཌྜྷ་དཀར་སྨུག་དམར་བའི་ཕྱག་དྲུག་ན། །གཡས་པ་ཏི་ར་རྡོ་རྗེ་ཁྱུང་། །རྡོ་རྗེ་དཀར་མཐིང་དམར་བའི་ཕྱག་དྲུག་ན། །རྡོ་རྗེ་ཁ་ཊྭཱྃ་རྔ་ཆུང་གཡས། །རིན་ཆེན་མཐིང་སེར་དམར་བའི་ཕྱག་དྲུག་ན། །རིན་ཆེན་རྡོ་རྗེ་དགྲ་སྟྭ་གཡས། །དེ་གསུམ་གཡོན་པ་མཐུན་པར་སྣང་བ་ནི། །དྲིལ་བུ་དུང་དམར་རྒྱུ་ཞགས་བསྣམས། །པདྨ་མཐིང་དང་དམར་དཀར་ཕྱག་དྲུག་ན། །བེ་ཅོན་རྡོ་རྗེ་དགྲ་སྟྭ་གཡས། །ལས་ནི་དཀར་ལྗང་དམར་བའི་ཕྱག་དྲུག་ན། །རལ་གྲི་རྡོ་རྗེ་དགྲ་སྟྭ་གཡས། །དེ་གཉིས་མཐུན་པར་གཡོན་ན་བསྣམས་པ་ནི། །དྲིལ་བུ་དུང་དམར་ཐོང་གཤོལ་བསྣམས། །ལྕགས་ཀྱུ་སེ་གོལ་བཅིངས་ནས་ནི། །ཤ་མྱག་རྟ་ལ་བཏགས་པ་ནི། །སངས་རྒྱས་ཐམས་ཅད་བསྡུ་བར་བྱ། །སྒོ་ཀུན་ལྕགས་ཀྱུས་སྤྱན་དྲངས་སོགས། །ལས་ཆེན་མཆོག་གིས་གཞུག་པ་དང་། །དམ་ཚིག་མཆོག་གིས་བརྟན་པར་བྱ། །འཇམ་པའི་ཕྱག་ན་ཕྱག་དང་མཆོད་དང་བསྟོད། །རྣམ་པ་བདུན་གྱི་ལས་བྱས་ལ། །འཁོར་ཚོགས་འཁོར་ལོས་ཚོགས་བཅས་ལ། །ཏིལ་གྱི་འབྲུ་བཞིན་གང་ནས་ནི། །དགའ་བས་ཚོགས་རྣམས་དགེས་པར་རོལ། །ཚོགས་ཀྱི་བསྐོས་ཉུལ་ཆེན་མོ་ཡིན། །མཆོད་པའི་ཕུད་ནི་ཉམས་མ་ཉམས། །ཉུལ་བས་ལེགས་པར་བསྟན་པར་བྱ། །མ་བྱས་བར་ཆད་བྱེད་པར་འགྱུར། །ལྷ་རྣམས་ཐམས་ཅད་ཚོགས་པས་ན། །སྐྱེ་བོ་དམ་པ་ཀུན་ཚོགས་པས། །ཚོགས་ཀྱི་དཀྱིལ་འཁོར་དམ་པ་ནི། །ཡོ་བྱད་ཐམས་ཅད་འདུས་པ་སྟེ། །སངས་རྒྱས་ཀུན་གྱི་བརྡ་དག་གིས། །དེ་བཞིན་མཛའ་བ་འདུ་ཞེས་གསུངས། །ཞེས་གསུངས་སོ། །ཀརྨ་མཱ་ལེའི་རྒྱུད་ལས། ཚོགས་ཀྱི་དཀྱིལ་འཁོར་གྱི་ལེའུ་སྟེ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་ཞེ་སྡང་རྡོ་རྗེ་ཆེན་པོའི་སྐུ་གསུང་ཐུགས་རྡོ་རྗེ་ལས། གསལ་བཀྲའི་དཀྱིལ་འཁོར་འདི་གསུངས་སོ། །གསལ་བཀྲ་འབྱུང་བའི་ཏིང་འཛིན་བྱེ་བྲག་དང་། །སྒོམ་


DNG012_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་རབ་ཏུ་བཤད་པར་བྱ། །གསལ་བཀྲའི་དཀྱིལ་འཁོར་རྫོགས་པར་གདོན། །དེ་ཡང་དང་པོ་བསྟན་པ་ནི། །སྙིང་པོ་ཕྱག་རྒྱ་ལ་སོགས་པ། །ཕྱག་རྒྱ་བཞི་དང་རྣམ་པར་སྦྱར། །ལས་ཀྱི་ཚུལ་གྱི་འབྲང་བ་དང་། །རྡོ་རྗེའི་སེ་གོལ་བརྡབ་པ་དང་། །ཐལ་མོ་དལ་བུས་བསྡུ་བ་དང་། །གླུ་དང་སིལ་སྙན་གར་བྱེད་དང་། །སྒེག་ལ་སོགས་པའི་ཉམས་དགའ་དང་། །སྣ་ཚོགས་ཕྱག་རྒྱའི་གར་བྱེད་པས། །ཐམས་ཅད་བདག་ཉིད་རྒྱར་སྦྱར་ཏེ། །དབབ་པ་ཐམས་ཅད་རབ་ཏུ་འགྲུབ། །རྡོ་རྗེ་སེམས་དཔའ་སྒེག་པ་ལ། །དཔའ་ལ་དཔའ་བོ་དེ་བཞིན་གཤེགས། །རྡོ་རྗེ་ཁྲོ་བོ་སྙིང་རྗེ་ལ། །དགོད་པ་འཇིག་རྟེན་དབང་ཕྱུག་མཆོག །རྡོ་རྗེ་ཉི་མ་ཁྲོ་བོ་ལ། །རྡོ་རྗེ་དྲག་པོ་འཇིགས་པ་ལ། །ཤཱཀྱ་ཐུབ་པ་མི་སྡུག་པ། །ངོ་མཚར་ལ་ནི་ཨཱ་ར་ལི། །རབ་ཏུ་ཞི་ལ་སངས་རྒྱས་བརྟག །སྡུག་བསྔལ་ཀུན་སེལ་ཞི་བའི་ཕྱིར། །དངོས་པོ་ཀུན་གྱི་རང་བཞིན་གྱིས། །ཉེ་བར་གནས་ཤིང་བྱིན་གྱིས་རློབས། །བལྟ་བས་མི་ངོམས་པ་ཡི་གཟུགས། །ཐམས་ཅད་བདག་ཉིད་སྟོན་པར་མཛད། །ལེགས་སོ་ཞེས་བྱ་གྲུབ་པ་ནི། །མཆོག་ཏུ་གྱུར་པ་རབ་ཏུ་སྩོལ། །ཡིད་ལ་བསམ་པ་རྫོགས་པའི་ཕྱིར། །མཆོད་པ་རབ་ཏུ་སྦྱར་བར་བྱ། །སྒེག་པ་དང་ནི་དཔའ་བ་དང་། །འཇིགས་སུ་རུང་བར་སྣང་བ་ནི། །དགོད་དང་གཤེ་དང་རྔམ་པ་དང་། །ངོ་མཚར་སྙིང་རྗེ་ཞི་བའི་སྐུ། །དབང་ཕྱུག་ཆེན་པོ་ཆགས་པས་སྒེག །དེ་བཏུལ་དཔལ་ལྡན་ཁྲག་འཐུང་སྒེག །ལྷ་མིན་བ་སུ་ཀ་ར་དཔལ། །བཏུལ་བས་སངས་རྒྱས་དཔའ་བོ་ཡིན། །ཁྱབ་འཇུག་ཕག་གདོང་སེང་གེ་འཇིགས། །འཇིགས་པར་བྱེད་པས་འཇིགས་སུ་རུང་། །གཞོན་ནུ་སྨིན་དྲུག་རྔ་གད་དགོད། །ཐུལ་ཕྱིར་བདེ་གཤེགས་བཞད་པར་གྲགས། །ལྷ་ཆེན་ཚོགས་ཀྱི་བདག་པོ་གཤེ། །བརྟུལ་བས་བཅོམ་ལྡན་གཤེ་བའི་ཚུལ། །སྒྲ་གཅན་ཉི་ཟླ་ཁར་འཇུག་རྔམས། །ལོངས་སྤྱོད་ཆེན་པོ་རྔམས་པའི་སྐུ། །ཀླུ་ཆེན་པོ་ཤས་ས་གཡོས་མཚར། །ཡན་ལག་བརྒྱད་ལྡན་ངོ་མཚར་ཉིད། །བརྒྱ་བྱིན་ལྷ་རྣམས་སྙིང་རྗེས་སྐྱོང་། །དེ་བཏུལ་སྙིང་རྗེའི་ཉམས་དང་ལྡན། །འདི་ནས་ཚིག་རྐང་ཁ་ཤས་ཆད། དེ་བཅོམ་


DNG012_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

བསྐལ་པའི་མེ་དཔུང་བཞུགས། །ཀུན་ཏུ་སྣ་ཚོགས་སྐལ་བཟང་པོ། །ཀུན་གྱི་སློབ་དཔོན་བདག་ཉིད་བསྒྱུར། །ཀུན་འབྱུང་ལ་སོགས་སྦྱོར་བ་ཡིས། །རྒོལ་བ་བདག་དང་གར་བྱས་ཏེ། །དེ་ནས་རྒོལ་བ་ཅི་རིགས་པར། །སངས་རྒྱས་ཐམས་ཅད་འབྱུང་བར་འགྱུར། །སྒེག་པས་འགྲོ་བ་ཤེས་རབ་སྐྱེས། །དཔའ་བས་མཛད་སྤྱོད་ཉམ་ང་མེད། །གདུག་རྩུབ་རྒྱན་གྱི་བརྒྱན་པས་འཇིགས། །རྒོད་པས་རྨད་བྱུང་ཆོས་འཁོར་འཆད། །གཤེ་བས་ལོག་ལྟ་ཚར་ཡང་གཅོད། །རྔམས་པས་སྨོན་ལམ་ཕྱི་བཤོལ་མེད། །སྙིང་རྗེས་ཡལ་བར་མི་དོར་འདུལ། །ཉོན་མོངས་སྒྲུབ་པའི་རྒྱུར་མཛད་མཚར། །ཁྲོ་དྲག་དབྱིངས་ལས་མ་གཡོས་ཤིང་། །དེ་ནས་སླར་ཡང་རྒོལ་བ་ལ། །རྡོ་རྗེ་འཛིན་པ་ཆེན་པོར་བསྒྱུར། །རྒོལ་བས་དེ་ནས་ཚུལ་བཞིན་དུ། །པདྨ་གར་འབྱུང་མཆོག་ཏུ་བསྒྱུར། །དེ་ནས་སླར་དུ་རྒོལ་བ་ཡང་། །རྡོ་རྗེ་ཉི་མ་མཆོག་ཏུ་བསྒྱུར། །དེ་ནས་ཕྱིར་ཡང་རྒོལ་བ་ནི། །རྡོ་རྗེ་རྟ་མཆོག་འབྱུང་བར་བྱ། །དེ་ནས་སླར་ནི་རྒོལ་བ་ཡང་། །བདག་ཉིད་འབྱུང་བས་རབ་ཏུ་འགྲུབ། །དེ་ལྟར་རབ་ཏུ་གར་བྱས་ཏེ། །དེ་ལས་གང་ཞིག་ཕམ་འགྱུར་བ། །ཚོགས་ལ་དེ་ནི་ཚོགས་ཀྱི་ཟས། །ཡོན་དང་བཅས་པར་དབུལ་བར་བྱ། །མཆོད་པའི་ཕྱག་རྒྱ་འདི་རྣམས་ཀྱིས། །རྟོག་པ་ཀུན་ལས་ཐར་བར་འགྱུར། །བསོད་ནམས་ཐམས་ཅད་འཕེལ་བར་འགྱུར། །དེ་བཞིན་རྟག་པར་བསྲུང་བར་འགྱུར། །རིམས་དང་དུག་དང་དབྱིག་དུག་དང་། །མཁའ་འགྲོས་གཙེས་དང་གདོན་རྣམས་དང་། །བདུད་དང་སེམས་ཅན་དམྱལ་བ་རྣམས། །འདི་ཡིས་རབ་ཏུ་ཞི་བར་འགྱུར། །དངོས་གྲུབ་ཡོན་ཏན་ཕུན་སུམ་ཚོགས། །དགའ་དང་དེ་བཞིན་བདག་པོ་དང་། །སངས་རྒྱས་དམ་པ་ཐམས་ཅད་དང་། །ཕྱག་རྒྱའི་མཆོག་རྣམས་བསྒྲུབ་པར་འགྱུར། །དེ་ཡང་ཕྱག་རྒྱ་དང་། ཉེ་བའི་ཕྱག་རྒྱ་དང་། འདྲ་བའི་ཕྱག་རྒྱ་དང་། ལག་གི་ཕྱག་རྒྱ་དང་། ཡེ་ཤེས་ཀྱི་ཕྱག་རྒྱ་དང་། ལན་དུ་བརྒལ་བར་བྱའོ། །གར་དགུའི་ཕྱག་རྒྱ་ཤེས་པའོ། །དེ་ནས་ཏིང་ངེ་འཛིན་བསྟན་ཏེ། རྡོ་རྗེ་སེམས་


DNG012_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་དཔལ་འབྱོར་པ། །ཇི་ལྟའི་དབྱིངས་དང་གཟུགས་སུ་ལྡན། །བདེ་བ་ཉིད་ཀྱིས་ཀུན་གྱི་བདག །ཀུན་གྱི་བདག་ལ་བཞུགས་པར་བྱ། །ཕྱག་རྒྱ་འདི་ཡིས་རྣལ་འབྱོར་པ། །འདོད་པ་བཞིན་དུ་འགྲོ་འོང་ལྡིང་། །རྒྱལ་པོ་སངས་རྒྱས་ཀུན་དང་འདྲ། །རྡོ་རྗེ་སེམས་དཔའ་རབ་ཏུ་འགྲུབ། །ཆགས་པ་མེད་ཅིང་མ་ཆགས་མེད། །དབུ་མ་ཡང་ནི་དམིགས་སུ་མེད། །བུད་མེད་ཀུན་གྱི་རྒྱུ་སྦྱོར་འདི། །གཉིས་སུ་མེད་པ་ཐེག་པའི་མཆོག །ཕྱག་རྒྱ་འདི་ཡིས་བཏབ་ན་ནི། །འདོད་པ་བཞིན་དུ་འགྲོ་འོང་ལྡིང་། །ཡོད་པ་མ་ཡིན་མེད་པའང་མིན། །དབུ་མར་ཡང་ནི་དམིགས་སུ་མེད། །ཤེས་རབ་ཕ་རོལ་ཕྱིན་སྦྱོར་བ། །སངས་རྒྱས་བྱང་ཆུབ་རབ་འགྲུབ་པའོ། །བུད་མེད་ལ་སོགས་རིན་ཆེན་མཆོག །མཁའ་ལས་དངོས་རྣམས་ཐམས་ཅད་སྤྱོད། །དངོས་པོ་མེད་པར་བདག་སྦྱོར་བས། །ནམ་མཁའ་ཀུན་དང་མཉམ་སྦྱོར་བ། །མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག །ཤིན་ཏུ་རྟག་པར་འགྲུབ་པར་འགྱུར། །ཇི་ལྟར་པདྨ་དམར་པོ་འདི། །ཆགས་པའི་ཉེས་པ་མི་གོས་ཏེ། །རྣལ་འབྱོར་ལྡན་པའང་དེ་བཞིན་དུ། །གནས་ཀྱི་ཉེས་པས་ཡོངས་མི་གོས། །ཇི་ལྟར་པདྨ་ཚོན་བསྒྱུར་ཀྱང་། །ཚོན་གྱི་ཉེས་པས་མི་གོས་ཏེ། །དེ་ནི་གནས་ཀྱི་ཉེས་པ་ཡིས། །འགྲོ་ལ་ཕན་ཕྱིར་མི་གོས་སོ། །འདོད་ཆགས་ཆེན་པོ་རྣམ་དག་ལ། །ནོར་ཆེན་བདེ་བ་ཆེན་པོ་སྟེ། །ཁམས་གསུམ་དབང་པོ་ཐོབ་པས་ནི། །སེམས་ཅན་དོན་རྣམས་བསྟན་པར་བྱ། །ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ཁམས་གསུམ་དག་པ་མ་ལུས་པས། །ཐམས་ཅད་སྒྱུ་མ་ལྟ་བུ་སྟེ། །ཇི་ལྟར་སྒྱུ་མ་ཐམས་ཅད་དུ། །མཐོང་བ་དང་ནི་རེག་པར་འགྱུར། །དམིགས་སུ་ཡོད་པའང་མ་ཡིན་ཏེ། །དེ་བཞིན་འགྲོ་བ་ཀུན་གྱི་ཚུལ། །ཕྱག་རྒྱ་འདི་ཡིས་རྣལ་འབྱོར་པ། །འདོད་པ་བཞིན་དུ་འགྲོ་འོང་ལྡིང་། །ཏིང་ངེ་འཛིན་གྱི་ཕྱག་རྒྱ་བསྒྱུར་བ་ཤེས་པའོ། །ལྷ་མོ་ཀུན་གྱི་བདེ་བའི་མཆོག །མཛེས་པའི་ཞལ་ནི་རྣམ་བསྒྱུར་ཞིང་། །བདེ་བ་མྱོང་བ་རབ་སྦྱོར་བ། །མཛེས་


DNG012_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

པར་བལྟ་བའི་གར་བྱེད་པ། །སངས་རྒྱས་རྡོ་རྗེ་པདྨ་འཛིན། །རྡོ་རྗེ་ཉི་མ་ཁམས་གསུམ་པ། །རྒྱས་བཏབ་རྨོངས་བྱས་ཐོས་པ་དང་། །ཐལ་བར་གྱུར་ཀྱང་འཚོ་བར་བྱེད། །བུད་མེད་མཁས་པ་སྒྱུ་མ་ཆེ། །མཛེས་པའི་ཞལ་ནི་རྣམ་པར་བསྒྱུར། །རིམ་གྲོར་བཅས་ཤིང་སྟེག་པའི་མཆོག །མཛེས་པར་བལྟ་བའི་གར་བྱེད་པས། །སངས་རྒྱས་རྡོ་རྗེ་པདྨ་འཛིན། །རྡོ་རྗེ་ཉི་མ་ཁམས་གསུམ་པ། །རྒྱས་བཏབ་རྨོངས་བྱེད་བསླངས་ནས་ནི། །ཟོས་ན་སླར་ཡང་འཚོ་བར་བྱེད། །སངས་རྒྱས་བྱང་ཆུབ་མཉམ་སྦྱོར་བ། །རབ་ཏུ་དགའ་བས་བལྟ་ཞིང་འཛུམ། །ཤིན་ཏུ་སྲིད་པ་ཡང་དག་བསྒྲུབ། །གསལ་བར་བལྟ་བ་ལ་གནས་པ། །དྲག་པོ་དབང་པོ་ཉེ་དབང་བཅས། །ཉི་ཟླ་གཤིན་རྗེ་ཚངས་བཅས་པའི། །སྲིད་པ་ཤིན་ཏུ་ཀུན་བསྒྲུབས་ནས། །གནས་གསུམ་དག་ནི་སྒྲུབ་པར་བྱེད། །སྒེག་ལ་སོགས་པའི་ཉམས་དང་ལྡན། །མཛེས་པའི་ཞལ་ནི་རྣམ་བསྒྱུར་ཞིང་། །རིམ་གྲོ་བར་ནི་བཅས་པའི་མཆོག །སྒེག་པའི་བལྟ་བས་གར་བྱེད་པ། །མཛེས་པའི་ཚུལ་དང་ཐབས་རྣམས་ཀྱིས། །དྲག་པོ་དབང་པོ་ཉེ་དབང་བཅས། །ཉི་ཟླ་གཤིན་རྗེ་ཚངས་བཅས་པའི། །འཇིག་རྟེན་གསུམ་དག་སྒྲུབ་པར་བྱེད། །མཆེ་བ་ཅུང་ཟད་གཙིགས་པའི་ཁ། །ཁྲོ་ཞིང་འཛུམ་དང་བཅས་པའི་བཞིན། །ཁྲོ་ལས་འགྱུར་བར་བཅས་ཤིང་འཛུམ། །གསལ་བར་བལྟ་ཞིང་ལེགས་པར་གནས། །དྲག་པོ་དབང་པོ་ཉེ་དབང་བཅས། །ཉི་ཟླ་གཤིན་རྗེ་ཚངས་བཅས་པའི། །རྒྱལ་པོ་སྒྱུ་མས་རྣམ་རྒྱལ་ནས། །ཁམས་གསུམ་དག་ནི་སྒྲུབ་པར་བྱེད། །འདོད་ཆགས་མྱོས་པའི་གཡེན་སྤྱོ་བ། །མཛེས་པའི་བཞིན་ནི་རྣམ་པར་བསྒྱུར། །འདི་ནི་བཞིན་གྱི་ཕྱག་རྒྱ་མཆོག །ཁམས་གསུམ་དག་ཀྱང་དགའ་བར་བྱེད། །དྲག་པོ་མཆེ་བ་རྣོན་པོ་གཙིགས། །གདུག་པ་ཟ་བ་འཇིགས་འཇིགས་བལྟ། །གཡས་པའི་བཞིན་གྱི་ཕྱག་རྒྱ་ཡིས། །ཁམས་གསུམ་དག་ཀྱང་ཟ་བར་བྱེད། །དངོས་གྲུབ་ཀུན་གྱི་བདེ་བ་མཆོག །རབ་ཏུ་དགའ་བར་བལྟ་ཞིང་འཛུམ། །གཡོན་པའི་བཞིན་གྱི་ཕྱག་རྒྱ་ཡིས། །ཁམས་གསུམ་དག་ཀྱང་ཐར་བར་བྱེད། །སྤྱི་བོར་རྟ་མགྲིན་གསང་མཐོ་བ། །རྟ་མགོ་ལྗང་སེར་ཁ་དོག་


DNG012_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

གསལ། །སོ་གཙིགས་པས་ནི་མཆུ་མནན་ནས། །འཇིག་རྟེན་ཐམས་ཅད་འཇིགས་པར་བྱེད། །བཞིན་གྱི་ཕྱག་རྒྱ་ཞེས་བྱའོ། །ལྷ་མོ་ཀུན་གྱི་བདེ་བའི་མཆོག །མཛེས་པའི་མ་མཆུ་སོས་མནན་ནས། །འཛུམ་པའི་ཕྱག་རྒྱ་མཆོག་འདི་ནི། །སངས་རྒྱས་ཐམས་ཅད་དགའ་བར་བྱེད། །འདོད་ཆགས་བདེ་བས་གཡེན་སྤྱོ་བའི། །སྒེག་པའི་མ་མཆུ་སོས་མནན་པའི། །འཛུམ་པའི་ཕྱག་རྒྱའི་མཆོག་འདི་ནི། །ཁམས་གསུམ་དག་ཀྱང་དགའ་བར་བྱེད། །སྦྱོར་བ་ཀུན་གྱི་བདེ་བའི་མཆོག །མཛེས་པའི་མ་མཆུ་གཡོ་བར་བྱེད། །འཛུམ་པའི་ཕྱག་རྒྱ་མཆོག་འདི་ནི། །ཁམས་གསུམ་དག་ཀྱང་དགའ་བར་བྱེད། །བདེ་བ་རྒྱ་ཆེར་སྟོན་པས་འཛུམ། །དགྱེས་པས་མ་མཆུ་མནན་པ་ནི། །རིན་ཆེན་འཛུམ་པའི་ཕྱག་རྒྱ་ཡིས། །ཁམས་གསུམ་འདོད་པ་སྟེར་བར་བྱེད། །ཤ་ཆེན་གྱི་ནི་རོ་མྱང་ཞིང་། །མ་མཆུ་སོ་ཡིས་མནན་པ་ཡིས། །འཛུམ་པའི་ཕྱག་རྒྱ་མཆོག་འདི་ནི། །ཁམས་གསུམ་དག་ཀྱང་ཟ་བར་བྱེད། །བདེ་བ་ཀུན་གྱི་རོ་མྱང་ཞིང་། །མ་མཆུ་རྣམ་པར་མཛེས་བྱས་པ། །འཛུམ་པའི་ཕྱག་རྒྱ་མཆོག་འདི་ནི། །ཐལ་བར་གྱུར་པའང་འཚོ་བར་བྱེད། །འཛུམ་པའི་ཕྱག་རྒྱ་ཤེས་པའོ། །བདེ་བ་མྱོང་བ་ལས་སྦྱོར་བ། །ཟམ་ཟིམ་བལྟ་བ་རྣམ་བསྒྱུར་བས། །རྒྱས་བཏབ་རྨོངས་བྱས་ཟོས་པ་ཡིས། །ཁམས་གསུམ་དག་ཀྱང་འཚོ་བར་བྱེད། །བུད་མེད་མཁས་པ་སྒྱུ་མའི་མཆོག །མཛེས་པར་བལྟ་བའི་གར་བྱས་པས། །རྒྱས་བཏབ་རྨོངས་བྱས་བསླངས་ནས་སུ། །ཁམས་གསུམ་དག་ཀྱང་སྒྲུབ་པར་བྱེད། །སངས་རྒྱས་གསང་བའི་མཉམ་སྦྱོར་བས། །བལྟ་བ་རབ་ཞི་བདེ་བར་གནས། །བལྟ་བའི་ཕྱག་རྒྱ་མཆོག་འདི་ནི། །བུད་མེད་ཐམས་ཅད་དབང་དུ་བྱེད། །སྨིན་མཚམས་ཁྲོ་གཉེར་འགྱུར་བར་བཅས། །བལྟ་བ་རབ་འབར་རྣམ་པར་བསྒྱུར། །བལྟ་བའི་ཕྱག་རྒྱའི་མཆོག་འདི་ནི། །ཁམས་གསུམ་དག་ཀྱང་འབར་བར་བྱེད། །ཁྲོ་ཞིང་འགྱུར་བར་བཅས་པས་འཛུམ། །བལྟ་བ་གསལ་ལ་བདེ་བར་གནས། །བལྟ་བའི་ཕྱག་རྒྱའི་མཆོག་འདི་ནི། །ཁྲོས་པ་


DNG012_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དབང་དུ་འགྱུར། །སྒེག་ལ་སོགས་པའི་རོ་དང་ལྡན། །སྒེག་བཅས་བལྟ་བའི་གར་བྱེད་པས། །བལྟ་བའི་ཕྱག་རྒྱའི་མཆོག་འདི་ནི། །ཁམས་གསུམ་དག་ཀྱང་གར་བྱེད་འཇུག །བལྟ་བའི་ཕྱག་རྒྱ་ཤེས་པའོ། །ན་མཿསྟུ་སརྦ་བུདྡྷེ་བྷྱཿ། ཞེས་པའི་ཕྱག་རྒྱ་ལ་གནས་ན། །ལས་དང་མཆོད་པ་མ་ལུས་པ། །ལུས་པ་མེད་པར་ཐམས་ཅད་འགྲུབ། །རུ་རུ་སྤུ་རུ་ཛྭ་ལ་ཏིཥྛ་སིཌྜྷ་ལོ་ཙ་ནེ། སརྦ་ཨཱརྠ་སཱ་དྷ་ནི་སྭཱ་ཧཱ། ཆོས་ཀྱི་ཕྱག་རྒྱ་མཆོག་འདི་ནི། །སེམས་ཅན་ཐམས་ཅད་དབང་དུ་བྱེད། །སུ་བྷ་གཱ་སྟཾ་མ་ཧཱ་ན་དེ་བི་ཧི་རི། མི་རི། རི་ཏི། ནི་རི་ཤྲི་ཡེ་སྭཱ་ཧཱ། ཆོས་ཀྱི་ཕྱག་རྒྱ་མཆོག་འདི་ནི། །འདོད་པའི་བདེ་བ་ཀུན་སྦྱིན་པའོ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཆོས་ཀྱི་ཕྱག་རྒྱ་དམ་པ་འདི། །སངས་རྒྱས་བྱང་ཆུབ་རབ་བསྒྲུབ་ན། །བུད་མེད་གཞན་ལྟ་སྨོས་ཅི་དགོས། །ཏྲཱཾ་བྷ་བ་ཊཱ་ཊཱ། ཏྲ་ཊ་ཏྲ་ཊ། ཆོས་ཀྱི་ཕྱག་རྒྱ་དམ་པ་འདི། །རེ་བ་ཐམས་ཅད་རྫོགས་བྱེད་པའོ། །ཨོཾ་ཤྲཱི་བཛྲ་པདྨ་བྷཌྜ་བྷ་མུ་ཁ། ཡོ་གཱི་ཤྭ་རི་ཧི་ཧི་ཧི་ཧི། ཆོས་ཀྱི་ཕྱག་རྒྱ་དམ་པ་འདི། །འཇིག་རྟེན་ཐམས་ཅད་རབ་ཏུ་འཇིག །ཆོས་ཀྱི་ཕྱག་རྒྱ་ཤེས་པའོ། །བྱང་ཆུབ་རྡོ་རྗེ་ལྕམ་དྲལ་གྱི། །ཕྱག་རྒྱ་གཙོ་ཡིས་ལྕེ་ལ་སྒྲོལ། །འཁོར་གྱི་ཆོས་ཀྱི་ཕྱག་རྒྱ་སྟེ། །གཙོ་བོ་རང་གི་རིགས་ཤེས་སོ། །དེ་ནས་རིགས་ཅན་མ་ལུས་པ། །དཔའ་བོ་དཔའ་མོ་བརྡའ་ཡིས་སྤྲད། །ལག་པ་གཡས་གཡོན་གཉིས་དག་གི། །མཛུབ་མོ་མཐེའུ་ཆུང་མཛེས་པར་བསྒྱུར། །དཔལ་ལྡན་གཡོན་པ་འགྱིང་བའི་ཐབས། །གཡས་པ་བ་དན་གསུམ་པར་བྱ། །སྲི་ཞུར་བཅས་པའི་སྒེག་པའི་མཆོག །བདག་ཉིད་རྡོ་རྗེ་སེམས་དཔའ་ལ། །འཛུམ་དང་བཅས་པའི་མིག་གིས་བལྟ། །བསམ་པ་གཡོ་བའི་ཕྱག་རྒྱའོ། །རྡོ་རྗེ་དཔལ་གྱི་ཐལ་མོ་བསྒྱུར། །བསམ་པ་གཡོས་པའི་ཕྱག་བྱས་པའི། །སངས་རྒྱས་མཆོད་པའི་ལས་བྱས་ན། །མ་ལུས་ལུས་པ་མེད་པར་འགྲུབ། །སྨིན་མ་གཡོན་པ་བཏེག་ཚུལ་གྱིས། །རུ་ལུ་རུ་ལུར་བཅས་བགད་ན། །ཚངས་པ་ཉེ་དབང་དྲག་པོར་བཅས། །ཁམས་


DNG012_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དག་ཀྱང་ཕྱག་བྱེད་འགྱུར། །ཐལ་མོ་པདྨ་ཁ་འབུས་བཞིན། །སྦྱོར་ལྡན་རང་གི་སྙིང་གར་བཅིང་། །མཐེ་བོང་མཐེ་ཆུང་འདབ་མ་བཞིན། །རྒྱས་པ་འདུད་པའི་ཕྱག་ཀྱང་བྱ། །ལུས་ཀྱི་ཡན་ལག་ཐམས་ཅད་ནི། །ས་ལ་བསྙལ་ཏེ་ཕྱག་བྱ་བ། །སྙིང་ག་ཁ་དང་སྤྱི་གཙུག་ཏུ། །ཐལ་མོ་སྦྱར་ཏེ་ཕྱག་བྱའོ། །དཔལ་ལྡན་རྡོ་རྗེ་འགྱིང་བའི་ཐབས། །འཛུམ་པའི་མིག་གིས་ཕྱག་བྱས་ན། །ཁམས་གསུམ་པ་ཡང་ཕྱག་བྱེད་ན། །མཐུ་བསྙེམས་གཞན་ལྟ་སྨོས་ཅི་དགོས། །སངས་རྒྱས་མཉེས་པའི་བརྡ་ཡིན་པས། །ཕྱག་འཚལ་ཕྱག་རྒྱ་ཤེས་པའོ། །དཔའ་བོ་ཁྲོ་རྒྱལ་བྱང་ཆུབ་སེམས། །དཔའ་མོ་ཁྲོ་མོ་སེམས་མའི་ཚོགས། །བརྡའ་དག་བྱ་བ་འདི་ལྟར་བཤད། །ཆོས་རྣམས་བརྡའ་ལྟར་མེད་རིག་བྱ། །བརྡ་ཙམ་ལེན་པས་སྒྲ་དཔེས་མཚོན། །བརྡའ་ཡི་གསང་བས་གསང་བསྒྲུབ་ཕྱིར། །འགྲུབ་རྣམས་དོན་འདི་ཤིན་ཏུ་བཅས། །ཀ་ནི་འདོད་པ་བྱེད་འདོད་ཕྱིར། །བདག་ནི་འདོད་ཆགས་སྲས་ཡིན་ཏེ། །གཏི་མུག་འདོད་པས་མ་བྱིན་ན། །མྱུར་དུ་དམ་ཚིག་དེ་ཉམས་སོ། །དམ་ཚིག་དམ་ཚིག་ཅན་མཐོང་ན། །ལག་པ་གཡས་པ་བརྐྱང་བྱས་ཏེ། །དེས་ཀྱང་གཡོན་པ་བརྐྱང་པ་ཡིས། །རང་གི་ནུ་མ་རབ་བསྟན་ནས། །མགོ་བོ་རབ་ཏུ་བསྡུ་བྱས་ན། །ཕྱག་བྱེད་བདེ་བ་དྲིས་པ་ཡིན། །ལག་པ་གཡོན་པ་དཀུར་བརྟེན་ན། །ཕྱག་ལན་དེ་ནི་བྱས་པར་འགྱུར། །གཡོན་པ་འོག་ཏུ་བཞག་པ་ནི། །གཡོན་དུ་འདུད་པས་ཕྱག་ལན་ནོ། །གཡོན་པའི་སྨིན་མ་བསྐྱོད་པ་ཡིས། །མྱུར་དུ་ཕྱག་ནི་བྱས་པར་འགྱུར། །སྦྱོར་བ་ཤིན་ཏུ་བརྩོན་པ་ཡི། །གཡས་ཀྱི་སྨིན་མས་ཕྱག་ལན་བྱས། །གཡས་ཀྱི་ལག་པས་སྙིང་ག་རུ། །སྦྱོར་དང་ལྡན་པས་མཉེས་བྱས་ཏེ། །དེ་ནི་རྡོ་རྗེ་སློབ་དཔོན་མཆོག །དེ་ནི་མཚན་མར་ཤེས་པར་བྱ། །གཡོན་གྱི་ཁྲོ་མོ་བསྒྲེངས་ནས་ནི། །ནམ་ཞིག་སོ་ལྟར་བསྟན་བྱས་ན། །ལུས་ཆེན་དེ་ནི་ཁྲོས་འགྱུར་ཞེས། །རྣལ་འབྱོར་པ་ཡིས་རྟགས་ཤེས་བྱ། །གཡོན་གྱི་ཕྱོགས་སུ་འགྱིང་པ་ཡིས། །ལག་པ་སྙིང་གར་བརྐྱང་བྱས་ཏེ། །དབང་མོ་


DNG012_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

གྱེན་དུ་རྣམ་བསྟན་ནས། །དེ་སྐྱེས་མཛའ་བ་རབ་ཏུ་བརྟག །ཆུང་ངུ་རྩེ་མོར་བྱས་པ་ཡིས། །ནམ་ཞིག་བསྐྱོད་པར་མཐོང་བ་ན། །དེ་ཚེ་རིག་མ་རྣལ་འབྱོར་དབང་། །རྡོ་རྗེ་པདྨོར་བརྩོན་པར་བྱ། །སྦོམ་པོ་ནམ་ཞིག་མཐོང་སྟོན་ན། །དེ་ཚེ་སྟོན་མོ་སྦྱིན་པར་བྱེད། །གལ་ཏེ་ཤིན་ཏུ་མཐོང་སྟོན་ན། །མངོན་པའི་ང་རྒྱལ་རབ་ཏུ་བརྟག །ཁྲོ་མོ་ལྕགས་ཀྱུ་དྲངས་བྱས་ཏེ། །དེ་ཚེ་སྔགས་མཁན་གྱིས་བསྟན་ན། །དེ་ཚེ་ངེས་པར་འོང་བྱས་ཏེ། །གཞན་དུ་ན་ནི་དམྱལ་བར་ལྟུང་། །དེ་ཉིད་རྣམ་པར་བཟློག་པ་ལྟར། །སྔགས་མཁན་གྱི་ནི་ནམ་བསྟན་ན། །དེ་ཚེ་མྱུར་དུ་འགྲོ་བྱས་ཏེ། །གཞན་དུ་བྱས་ན་དམ་ཚིག་ཉམས། །གཞན་རྣམས་ཀྱི་ནི་ཕྱག་རྒྱ་ཡིས། །རྣལ་འབྱོར་པ་ཡིས་རྣམ་བསྐུལ་ནས། །ལས་ཀྱི་སྦྱོར་བ་ཤེས་པ་ཡིས། །ལས་དེ་དག་ནི་བརྩམ་པར་བྱ། །བརྡ་ཡི་ཕྱག་རྒྱ་ཤེས་པའོ། །གཞན་ཡང་རབ་ཏུ་རྒྱས་བཤད་བྱ། །བརྡ་ཡི་དམ་ཚིག་སྟོན་པ་ནི། །སྤྱི་བོར་ཉུག་པ་གང་ཡིན་པ། །ཕྱག་འཚལ་བར་ནི་སྟོན་པ་ཡི། །དཔྲལ་བར་རེག་པར་བྱེད་པ་ནི། །ཕྱག་ལན་ཡིན་པར་ཤེས་པར་བྱ། །སྨིན་མ་བསྒྱུར་བ་གང་ཡིན་པ། །སངས་རྒྱས་ཐམས་ཅད་གནས་པའི་བརྡའ། །གཡས་པ་ནམ་མཁར་འགྲོ་བ་འགྲུབ། །གཡོན་པ་རྣམ་པར་རྒྱལ་བའི་མཆོག །རང་བྱུང་རྣམས་ཀྱི་བརྡ་ཡི་རྒྱ། །མིག་གཉིས་གཡོ་བར་འགྲུབ་པ་སྟེ། །གཡོན་པ་བུད་མེད་བཟང་མོ་ཡིན། །གཡས་པ་སྐྱེས་པ་བཟང་པོའོ། །རྣ་བ་དག་ལ་རེག་པའི་བརྡའ། །གཡས་གཡོན་གཉིས་ཀ་དེ་བཞིན་དེ། །གཡས་པ་ལེགས་པར་བླངས་པ་ཡིས། །གཡོན་པ་ལེགས་པར་སྨྲ་བའོ། །སྣ་ཡི་བུ་ག་གཉིས་ཀྱི་བརྡའ། །སངས་རྒྱས་ཐམས་ཅད་གནས་པ་སྟེ། །གཡས་པ་བདག་ལ་བདུག་པ་སློང་། །གཡོན་པ་བདག་ལ་དྲི་སློང་བའོ། །ལྕེ་ནི་ལྡག་པ་ལྟར་བྱེད་པ། །བརྡ་ཡི་ཕྱག་རྒྱར་གནས་པ་སྟེ། །གཡས་པ་ཤ་ཡི་ཕྱག་རྒྱ་སྟེ། །གཡོན་པ་ཆང་གི་ཕྱག་རྒྱ་ཡིན། །མཆེ་བ་གཡས་དང་གཡོན་པ་ཡིས། །དམ་དུ་མ་མཆུ་མནན་པ་ནི། །གཡོན་པ་བུད་མེད་རེག་ན་བདེ། །གཡས་པ་དེ་བཞིན་སྐྱེས་པའོ། །ལྐོག་མར་རེག་པའང་དེ་བཞིན་དུ། །བརྡའ་ཡི་ཕྱག་རྒྱར་གནས་པ་སྟེ། །ཐེག་པ་ཆེན་པོ་བླ་མེད་པའི། །རྟོག་པ་ཐམས་


DNG012_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་སྨྲ་བའི་མཆོག །སྙིང་གར་གྱེན་དུ་འདྲེན་པ་ནི། །རང་བྱུང་ཕྱག་རྒྱའི་བརྡའ་འགྲུབ་པ། །རྡོ་རྗེ་ཐམས་ཅད་འདྲེན་པ་སྟེ། །འཁོར་བ་ཤིན་ཏུ་སྡུད་པའོ། །ལྟེ་བའི་དཀྱིལ་དུ་རེག་པ་ནི། །བརྡའ་ཡི་ཕྱག་རྒྱར་གནས་པ་སྟེ། །དབུ་མའི་ནན་ཏན་བསྒྲུབས་པ་ཡིས། །ཆོས་ཀྱི་འཁོར་ལོ་ཆེན་པོ་དཀྱིལ། །རང་གི་དབང་པོ་བསྒྲེང་བ་ནི། །རང་བྱུང་རྣམས་ཀྱི་བརྡའ་ཡི་རྒྱ། །དེ་ལས་དེ་བཞིན་བདེ་བ་ཡིས། །སངས་རྒྱས་ཐམས་ཅད་ཐོབ་པར་འགྱུར། །ཕྲག་པ་གཉིས་ནི་ཀུན་བསྟོད་པ། །བརྡའ་ཡི་ཕྱག་རྒྱར་གནས་པ་སྟེ། །གཡས་པ་འགུགས་པའི་ཕྱག་རྒྱ་ཡིན། །གཡོན་པ་སླར་དུ་བཏང་བའོ། །དཔུང་པ་གཡས་གཡོན་གཉིས་ཀ་ཡིས། །བདག་ལ་འཁྱུད་པའི་ཕྱག་རྒྱ་ཡི། །གཡས་པ་ཐམས་ཅད་འགྲུབ་པ་ཡིན། །གཡོན་པ་དབང་ཕྱུག་ཐམས་ཅད་འགྲུབ། །ཁུ་ཚུར་གཡས་གཡོན་གཉིས་ཀ་ཡིས། །ཁུ་ཚུར་བཅངས་ནས་དགྲོལ་བ་དག །གཡས་པ་རྒྱས་འདེབས་ཕྱག་རྒྱ་ཡིན། །གཡོན་པ་མི་རྣམས་ཐོང་ཤིག་པའོ། །བརླ་གཉིས་རབ་ཏུ་བསྡམ་པ་ནི། །གཡས་དང་གཡོན་པ་དེ་བཞིན་ཏེ། །གཡོན་པ་འདོད་ལ་རབ་ཏུ་བརྩོན། །གཡས་པ་ཆོས་ལ་བརྩོན་པའོ། །པུས་མོའི་ལྷ་ངའི་བརྡའ་དག་ནི། །གཡས་དང་གཡོན་པ་དེ་བཞིན་ཏེ། །གཡོན་པ་འདུད་པའི་ཕྱག་རྒྱ་སྟེ། །གཡས་པ་རབ་ཏུ་འདུད་པའོ། །པུས་མོ་གཡས་གཡོན་གཉིས་དག་གི། །བརྡའ་ཡི་ཕྱག་རྒྱར་གནས་པ་སྟེ། །གཡས་པ་བཅིང་བའི་ཕྱག་རྒྱ་ཡིན། །གཡོན་པ་ཐམས་ཅད་རྣམ་པར་དགྲོལ། །རྐང་པ་གཉིས་ཀྱིས་ས་གནོན་པ། །གཡས་དང་གཡོན་པ་དེ་བཞིན་ཏེ། །གཡོན་པ་ཐམས་ཅད་གནོན་པའོ། །གཡས་པ་ཐམས་ཅད་རབ་ཏུ་འཇོམས། །ཨ་ཏི་པུ་ཞེས་བྱ་བའི་བརྡའ། །དེ་ནི་ཕྱག་འཚལ་ཞེས་སྟོན་པའོ། །པྲ་ཏི་ཨོཾ་དྷི་བྷུ་ཞེས་པ་ནི། ཕྱག་ལན་ཡིན་པར་ཤེས་པར་བྱའོ། །དངོས་གྲུབ་ལས་དང་བདེ་བ་དག །འདི་ཡིས་མི་འགྲུབ་གང་ཡང་མེད། །རང་དོན་ལས་རྣམས་གང་བསྒྲུབ་པ། །མ་ལུས་ལུས་པ་མེད་པར་འགྲུབ། །བརྡའ་ཡི་ཕྱག་རྒྱ་ཤེས་པའོ། །དེ་རུ་དཀྱིལ་འཁོར་


DNG012_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

ཆོ་ག་བཞིན། །བདུད་རྩི་འཁྱིལ་པ་བསྒོམས་ནས་ནི། །དཀྱིལ་འཁོར་གྲུ་བཞིར་ལྷམ་པ་ལ། །བཤང་གཅི་ཆོ་ག་བཞིན་བྱུགས་ནས། །ཡིད་འོང་སློབ་མས་ཐིག་བཟུང་ལ། །ངོས་བཞི་དང་ནི་གྲུ་བཞི་དང་། །སྒོ་བཞི་པར་ཡང་གདབ་པར་བྱ། །དབུས་ནི་རབ་ཏུ་ཟླུམ་པོ་ལ། །ཐིག་བཞི་བཏབ་པས་ལེ་ཚེ་དགུ། །ཕྱོགས་བཞི་དང་ནི་དབུས་ལྔ་ལ། །རིགས་ལྔ་ཡབ་ཡུམ་བཀོད་པ་དང་། །མཚམས་སུ་ནང་གི་སེམས་དཔའ་སྟེ། །གྲུ་ཆད་བྱམས་པ་ལ་སོགས་པ། །ཡབ་དང་ཡུམ་དུ་བཅས་པ་དང་། །བར་ཁྱམས་ཀུན་བཟང་ཡབ་ཡུམ་དང་། །ཐུབ་དྲུག་སེམས་དཔའ་བཅུ་དྲུག་སོགས། །སྒོ་བཞིར་སྒོ་བ་ཡབ་ཡུམ་བརྒྱད། །ཁྲོ་བོའི་དཀྱིལ་འཁོར་དེ་བཞིན་དུ། །ལེ་ཚེ་དགུ་པར་མཁས་པས་བརྟག །བར་ཁྱམས་གཉིས་དང་ལྡན་པར་བྱ། །ཕུར་བུ་སྲད་བུ་མཚོན་ཆའི་ཆས། །ཐབས་དང་ལྡན་པས་བསྒོམ་ཞིང་བརྒྱན། །ཁམ་ཕོར་པདྨ་མཚན་ལྡན་པས། །དཔལ་དང་ལྡན་པའི་ཡི་གེ་བྲི། །ཡེ་ཤེས་གསལ་བའི་འོད་ཀྱང་དགོད། །སྐུ་གསུང་ཐུགས་ཀྱི་ངང་དུ་བསྒོམ། །ཨཱ་ལི་ཀཱི་ལི་མཉམ་སྦྱོར་བ། ། མཁའ་ཡི་ཡང་ཁ་ཡི་ནང་དུ་འདུད་པར་བྱ། །དེ་ཡི་འོག་ཏུ་རི་མོ་རྣམས། །ཡི་གེ་ཐམས་ཅད་དགོད་པར་བྱ། །གུག་བསྐྱེད་དག་གིས་ལྕུག་མར་བྱ། །ཡི་གེ་ར་ནི་མྱུ་གུར་བྱ། །ཀླད་ཀོར་ཟླ་བ་ཁམ་པ་དང་། །ཆོག་གཉིས་ཟླ་བ་གཉིས་སུ་བྱ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཕྱག་རྒྱ་མི་འགྱུར་དམ་པ་སྟེ། །སངས་རྒྱས་དཔལ་གྱི་ངོ་བོར་བཤད། །ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། ཨོཾ་ནི་བདེ་གཤེགས་ཀུན་གྱི་སྐུ། །ཨཱཿནི་ཆོས་འཛིན་རྣམས་ཀྱི་གསུང་། །ཧཱུཾ་ནི་སངས་རྒྱས་ཐུགས་རྣམས་འདུས། །སྭཱ་ཡིས་ཡོན་ཏན་ཡིད་བཞིན་འཕེལ། །ཧཱ་ནི་ལས་རྣམས་ཐོགས་པ་མེད། །རིགས་ལྔར་ཆོས་དབྱིངས་སངས་རྒྱས་འདུས། །ཡི་གེ་དག་ཀྱང་མི་འགྱུར་མཆོག །རྡོ་རྗེ་སེམས་དཔའ་དཔལ་གྱི་ལྷའི། །བསྟོད་དང་བཅས་པའི་མཚན་བྲིས་ན། །སྡིག་པ་ཀུན་ལས་ཐར་བར་བྱེད། །བསོད་ནམས་ཐམས་ཅད་རབ་ཏུ་འགྲུབ། །རྡོ་རྗེ་སེམས་དཔའ་དཔལ་སྦྱོར་ཞེས། །རབ་ཏུ་ཆགས་པའི་མཚན་བྲིས་ན། །སྡུག་བསྔལ་ཀུན་


DNG012_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཐར་བར་འགྱུར། །བདེ་བ་ཐམས་ཅད་རབ་ཏུ་འགྲུབ། །ཆགས་ཆེན་གྲོལ་བ་དཔལ་ཞེས་པའི། །ཆགས་པའི་མཚན་དག་བྲིས་ན་ནི། །སྡིག་པ་ཀུན་ལས་ཐར་བར་བྱེད། །གྲོལ་བ་ཀུན་ལ་རབ་ཏུ་གནས། །སྙིང་རྗེ་དྲི་མེད་ཁྲོ་དཔལ་ཞེས། །བསྟོད་དང་བཅས་པའི་མཚན་བྲིས་ན། །སྡིག་པ་ཀུན་ལས་ཐར་བར་འགྱུར། །དངོས་གྲུབ་ཀྱི་ནི་མཆོག་ཏུ་འགྱུར། །པདྨ་ཆགས་པ་དཔལ་དག་ཅེས། །ཆགས་པའི་མཚན་དག་བྲིས་ན་ནི། །སྡིག་པ་ཀུན་ལས་ཐར་བར་འགྱུར། །དག་པ་ཐམས་ཅད་རྣམ་པར་དག །རྡོ་རྗེ་ཉི་མ་དཔལ་མདངས་ཤེས། །བསྟོད་དང་བཅས་པའི་མཚན་བྲིས་ན། །སྡིག་པ་ཀུན་ལས་ཐར་བར་འགྱུར། །ལོངས་སྤྱོད་ཅན་ལ་རབ་ཏུ་གནས། །རྟ་མཆོག་ཕ་རོལ་གནོན་དཔལ་ཞེས། །ཆགས་པའི་མཚན་དག་བྲིས་ན་ནི། །སྡིག་པ་ཀུན་ལས་ཐར་བར་འགྱུར། །དབང་ཕྱུག་ཐམས་ཅད་རབ་ཏུ་འགྲུབ། །བྲིས་ན་བསོད་ནམས་ཆེ་བར་འགྱུར། །བརྗོད་པ་དག་ཀྱང་དེ་བཞིན་ཏེ། །ལས་ཀྱི་དངོས་གྲུབ་རབ་འབྱམས་དག །མ་ལུས་བར་ནི་རབ་ཏུ་འགྲུབ། །འཁོར་རྣམས་བཀོད་པ་ཅི་འདྲ་དང་། །སྲིད་པའི་བསོད་ནམས་ཅི་འདྲ་དང་། །བརྗོད་པའི་བསོད་ནམས་ཅི་འདྲ་དང་། །དེ་འདྲའི་འཁོར་ལོའི་མཆོག་གི་མཛེས། །ལྷག་པའི་ལྷ་ནི་གང་གང་གི། །སློབ་དཔོན་གང་དང་གང་དག་གིས། །དེ་དང་དེ་ཡི་མཚན་དག་ནི། །དཔལ་གྱི་ཚིག་དང་ལྡན་པར་བརྗོད། །དེ་ནས་ལས་ཀྱི་ཕྱག་རྒྱ་འདི། །དམ་ཚིག་དམ་པས་བཤད་པར་བྱ། །རྡོ་རྗེ་ཁུ་ཚུར་དམ་པར་བཅིང་། །མཉམ་པར་བཞག་པས་གཉིས་སུ་བྱ། །རྡོ་རྗེ་ཕྱག་རྒྱ་གཉིས་སུ་བྱ། །དེ་ནས་བཅིང་བར་རབ་ཏུ་བཤད། །གཡོན་པ་རྡོ་རྗེ་མཛུབ་མོ་བཟུང་། །གཡས་པ་ནང་དུ་བསྒྲེང་བར་བྱ། །བྱང་ཆུབ་མཆོག་གི་ཕྱག་རྒྱ་སྟེ། །སངས་རྒྱས་བྱང་ཆུབ་སྙིང་བྱེད་པའོ། །མི་གཡོ་བ་ཡི་ས་ལ་རེག་པའོ། །རིན་ཆེན་གྱི་ནི་མཆོག་སྦྱིན་པའོ། །ཚེ་དཔག་མེད་པའི་ཏིང་འཛིན་མཆོག །གདོན་མི་ཟ་ཡི་མི་འཇིགས་མཆོག །དེ་ནས་ལས་ཀྱི་ཕྱག་རྒྱ་རྣམས། །མདོར་བསྡུས་རབ་ཏུ་བཤད་པར་བྱ། །རྡོ་རྗེ་སེམས་སོགས་སེམས་


DNG012_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ནི། །རྡོ་རྗེ་ལས་རྣམས་བྱེད་པའོ། །བགྱིས་བྱས་གསོད་པར་གཉིས་ཀ་ཡིན། །ལྕགས་ཀྱུ་འཛིན་པར་གནས་པ་དང་། །མདའ་འཕང་བ་ཡི་ཚུལ་དང་ནི། །ལེགས་སོ་ཞེས་བྱ་སྙིང་གར་བཞག །དབང་བསྐུར་བ་ནི་རྡོ་རྗེ་གཉིས། །སྙིང་གར་ཉི་མ་བསྟན་པར་བྱ། །གཡོན་པ་ལ་ནི་གྲུ་མོ་གཟུགས། །དེ་བཞིན་ཁ་ཕྱོགས་བསྐོར་བར་བྱ། །གཡས་པ་ཡི་ནི་གཡོན་པར་དབྱེ། །སྙིང་གར་གཡོན་པར་རལ་གྲི་མདུང་། །མགལ་མེའི་འཁོར་ལོ་བསྐོར་བ་ཡིན། །རྡོ་རྗེ་གཉིས་པ་ཁ་ནས་དབྱིངས། །རྡོ་རྗེ་གར་བསྐོར་སྒྲོལ་བ་དང་། །ཐལ་མོ་འགྲམ་པ་སྤྱི་བོར་བཞག །གོ་ཆ་མཐེའུ་ཆུང་མཆེ་བའོ། །རིན་ཆེན་མྱུ་གུ་རལ་གྲི་འཛིན། །པདྨ་དཀར་པོ་རྡོ་རྗེ་འཛིན། །ཀླུ་ཤིང་ཆོས་ཀྱི་འཁོར་ལོ་འཛིན། །རིན་ཆེན་ཉི་མ་ཨུཏྤལ་འཛིན། །ཁུ་ཚུར་གཉིས་ནི་མནན་པའོ། །རྡོ་རྗེ་འགྱིངས་པའི་ཚུལ་གྱི་ནི། །བསམ་པ་གཡོས་པས་འདུད་པར་བྱ། །ཕྲེང་བ་བཅིང་དང་ཁ་ནས་དབྱུང་། །རྡོ་རྗེ་གར་གྱིས་བསྐོར་བ་ཡིན། །རྡོ་རྗེ་ཁུ་ཚུར་ཚུལ་གྱིས་ནི། །བདུག་པ་ལ་སོགས་དེ་བཞིན་གཞན། །སངས་རྒྱས་ཀུན་ལ་མཆོད་པ་ཡིན། །ཕྱག་རྒྱའི་མཆོད་པ་བྱེད་པའོ། །མཛུབ་མོ་ལྕགས་ཀྱུ་བཅིངས་པ་ནི། །མཐེ་ཆུང་ལས་ཏེ་ལྕགས་ཀྱུ་ཆེ། །མཁྲིག་མ་མདུད་ནས་མཛུབ་གཉིས་མདུད། །རྒྱབ་གཉིས་དང་ནི་བརྐྱང་སྟེ་མནན། །དེ་ནས་འདི་རྣམས་བསྒྲུབ་པར་བཤད། །རྡོ་རྗེ་ལས་བྱེད་མཉམ་པའོ། །རྡོ་རྗེ་ཀུན་གྱི་རྡོ་རྗེ་ནི། །རང་གི་སྙིང་ལ་གོམས་པར་བྱའོ། །ལྷ་མོ་བཞི་ཡི་ལས་ཀྱི་རྒྱ། །དེ་ནས་བརྟུལ་ཞུགས་བསམ་བྱ་བ། །སྒེག་ལ་སོགས་པའི་རོ་ལྡན་པས། །སྔགས་དང་ཕྱག་རྒྱའི་མཆོག་འདི་ཡིས། །བདག་ཉིད་ལ་ནི་མཆོད་པར་བསམ། །རྡོ་རྗེའི་ཐལ་མོ་མཉམ་བཞག་སྟེ། །རྡོ་རྗེ་བཅིང་བ་བསྡམ་པར་བྱ། །དེ་ལ་དགའ་བྱེད་དབང་བསྐྱེད་པའི། །མདའ་ཡི་ཚུལ་དུ་གཟུང་བར་བྱ། །སྙིང་གར་འབིགས་པའི་སྦྱོར་བ་ཡིས། །དེ་ཡི་ལས་རྣམས་ཐམས་ཅད་བྱེད། །བདེ་གཤེགས་མྱ་ངན་འདས་ཀྱང་རུང་། །བདུད་རྣམས་ཐམས་ཅད་འབིགས་པར་བྱེད། །བཅིང་བ་དེ་ཉིད་བཅིངས་བྱས་ཏེ། །རྣལ་འབྱོར་


DNG012_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་དེ་གཟུང་བར་བྱ། །ཆུང་ངུ་ཤིན་ཏུ་བརྐྱང་བྱས་ཏེ། །དེ་བཞིན་སྡོམ་པོ་བརྐྱང་བར་བྱ། །དེ་དག་ལས་ཀྱི་ཕྱག་རྒྱ་སྟེ། །གཡོན་དུ་འགྱིངས་པས་གར་རྣམས་བྱ། །རྡོ་རྗེ་ཁུ་ཚུར་མཆན་ཁུང་གཉིས། །གཡོན་དུ་འགྱིངས་པས་གཞག་པར་བྱ། །དེ་དག་ལས་ཀྱི་ཕྱག་རྒྱ་སྟེ། །ལས་རྣམས་ཕྱག་རྒྱ་ཤེས་པའོ། །དེ་ནས་དེ་བཞིན་གཤེགས་རྣམས་ཀྱིས། །དམ་ཚིག་ཕྱག་རྒྱ་ཐམས་ཅད་གཞུག །རྡོ་རྗེ་དམ་ཚིག་ཕྱག་རྒྱ་ནི། །ཐལ་མོ་དམ་དུ་སྦྱར་བ་ལས། །སོར་མོ་ཐམས་ཅད་བསྣོལ་བ་ནི། །རྡོ་རྗེ་ཐལ་མོར་བཀའ་སྩལ་ཏེ། །རབ་ཏུ་བསྡམ་ཕྱིར་རྡོ་རྗེ་བསྡམས། །དམ་ཚིག་ཕྱག་རྒྱ་ཐམས་ཅད་ནི། །རྡོ་རྗེ་བསྡམས་ལས་བྱུང་བའོ། །དེ་དག་བསྡམས་པ་རྡོ་རྗེ་ནི། །བསྡམས་པ་བླ་མེད་བཤད་པར་བྱ། །རྡོ་རྗེ་བསྡམས་པ་དམ་བྱས་ལ། །གུང་མོ་མྱུ་གུ་ལྟང་མཉམ་བསྒྲེང་། །གུང་མོ་ནང་དུ་གཤིབས་པ་ནི། །སངས་རྒྱས་གཉིས་པ་ཡིན་པར་བཤད། །གུང་མོ་རིན་ཆེན་འདྲ་བ་དང་། །གུང་མོ་པདྨ་འདྲ་བར་དགུག །དེ་བཞིན་མཛུབ་མོ་དགུག་པའོ། །སངས་རྒྱས་ལྔ་ཡི་ཕྱག་རྒྱ་ཡིན། །དེ་ནས་དེ་བཞིན་གཤེགས་པ་ཡིས། །དམ་ཚིག་འཛིན་དང་ཕྱག་རྒྱ་རྣམས། །དངོས་གྲུབ་ལས་རྣམས་ཡང་དག་བཤད། །ཟླ་བ་ལྟ་བུ་ལག་གཉིས་ཀྱི། །གུང་མོ་སོར་མོ་རབ་སྦྱར་ཏེ། །ཐ་མའི་སོར་མོ་ངོས་མི་སྤྲད། །རྡོ་རྗེ་སེམས་དཔའི་རྡོ་རྗེའོ། །མཛུབ་མོ་ལྕགས་ཀྱུ་མཛུབ་མོ་སྦྱར། །ལེགས་སོ་སྦྱིན་པ་འདྲ་བ་ནི། །རྡོ་རྗེ་སེམས་དཔའ་བཞི་པོ་ཡིན། །དངོས་གྲུབ་ཕྱག་རྒྱ་མང་པོའོ། །མཐེ་བོང་གཤིབས་ལ་མཛུབ་གཉིས་བཅག །རྩེ་སྤྲད་རིན་ཆེན་རྡོ་རྗེ་ཡིན། །དེ་ཉིད་གུང་མོ་སྲིན་ལག་དང་། །མཐེ་ཆུང་རྣམས་ནི་བསྣོལ་བརྐྱང་བའོ། །དེ་ལ་སྲིན་ལག་མཐེ་ཆུང་གཉིས། །མཉམ་པར་གཤིབས་པ་རྒྱལ་མཚན་ནོ། །དེ་ཉིད་ལས་ནི་བསྐོར་ནས་ཀྱང་། །དེ་ཡི་ཁ་ཕྱོགས་བཞད་པའོ། །མཐེ་བོང་གཉིས་ཀར་མཉམ་པར་གཞིབས། །མཛུབ་མོ་གཉིས་ཀ་དགུག་པ་དང་། །གུང་མོ་བསྒྲེངས་པའི་རྩེ་མོ་དགུག །དེ་ཉིད་རྡོ་རྗེ་རལ་གྲིའོ། །དེ་ནས་སྲིན་ལག་མཐེ་ཆུང་གཞིབས། །འཁོར་ལོ་ཡིན་པར་བཤད་པ་ཡིན། །བསྡམས་


DNG012_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཐེ་བོང་གཉིས་བཀྲོལ་ལ། །བཀན་ཏེ་ཁ་སྦྱོར་བཞག་པའོ། །མཐེ་བོང་མཐེ་ཆུང་རྩེ་སྤྲད་སྟེ། །ལས་ཀྱི་རྡོ་རྗེ་ཡིན་པར་བཤད། །དེ་ལ་མཛུབ་མོ་གཉིས་གཤིབས་པ། །སྙིང་གར་བརྐྱངས་ཏེ་བཞག་པའོ། །མཛུབ་མོ་རྩེ་བཀུག་མཆེ་བ་ལྟར། །མཐེ་ཆུང་བར་ནི་མི་འབྱར་བྱའོ། །མཐེ་ཆུང་གཉིས་པར་མཐེ་བོང་གཉིས། །མཛུབ་མོ་སྙིང་གར་བཅིངས་པའོ། །སྙིང་གར་མཐེ་བོང་མཉམ་སྟེ་བཞག །རབ་ཏུ་བརྐྱང་ན་ཕྲེང་བའོ། །ཐལ་སྦྱར་རྩེ་མོ་ཁ་ནས་དབྱིངས། །གར་ལས་ཐལ་སྦྱར་སྤྱི་བོར་བཞག །རྡོ་རྗེ་བཅིངས་པ་ཐུར་དུ་བཏང་། །ཐལ་མོ་སྦྱར་བ་གྱེན་དུ་གཏོར། །མཐེ་བོང་མཉམ་སྟེ་རབ་ཏུ་བསྡམས། །རབ་ཏུ་བརྐྱང་ན་བྱུག་པའོ། །མཐེབ་མཛུབ་བཀུག་ལ་གུང་གཉིས་སྦྱོར། །སྦོམ་པོ་མཐེ་ཆུང་སྦྱར་གསུམ་བསྒྲེང་། །ལག་གཉིས་སོར་མོ་པདྨ་བྱ། །གུང་གཉིས་རྩེ་སྤྲད་རྩེ་ལྔར་བྱ། །གཡས་པ་བསྒྲེངས་པ་ཀླུ་ཤིང་འདྲ། །ཐལ་སྦྱར་འཁོར་ལོ་བྱ་བ་དང་། །ལག་གཉིས་པདྨ་ཁ་བྱེ་འདྲ། །ཨུཏྤལ་གྱེན་ལ་ཁ་གདེངས་བྱ། །མཛུབ་མོ་གཅིག་པོ་བཀུག་པ་དང་། །མཐེ་བོང་གཉིས་ནི་མདུད་པར་འདོར། །མཐེ་བོང་གཉིས་པོ་མདུད་པར་བཅིངས། །རྡོ་རྗེ་བཅིངས་པ་མཛུབ་མོ་བསྡམས། །ཡང་ན་ལྷ་རྣམས་སོ་སོའི་ཚུལ། །བཅིངས་ཤིང་མཁའ་ལ་དགྲོལ་བར་བྱ། །ལས་དང་ཐུན་མོང་ཉིད་དུ་བཤད། །ལུས་དང་ངག་སེམས་རྡོ་རྗེ་ཡི། །སོར་བསྣོལ་བསྡམས་པ་དམ་ཚིག་སྟེ། །སེམས་ཀྱི་ཤེས་པ་ལྡན་པ་ལས། །གཉིས་ཕྱེ་ལས་ཀྱི་ཕྱག་རྒྱ་ཡིན། །ནང་གི་ལྷ་མོའི་ཕྱག་རྒྱ་རྣམས། །གར་གྱི་ཚོགས་ཀྱི་མཆོད་པ་དང་། །་ལས་དང་དམ་ཚིག་མཚམས་མཚམས་བྱ། །སྒོ་བཞི་སོ་སོའི་ལས་དང་ནི། །དམ་ཚིག་ཕྱག་རྒྱ་ལ་སོགས་པ། །ལྷ་རྣམས་སྤྱན་དྲང་དུས་ན་བྱ། །དམ་ཚིག་ཕྱག་རྒྱ་ཤེས་པའོ། །དེ་ནས་བཅོམ་ལྡན་འདས་ཞེ་སྡང་རྡོ་རྗེ་གསལ་བཀྲའི་དཀྱིལ་འཁོར་རྫོགས་པར་གདོན་པ་འདི། འགྲོ་བའི་ཆེད་དུ་བརྗོད་དེ་སྐུ་གསུང་ཐུགས་ལས་བྱུང་ངོ་། །ཅི་འདོད་ཁྲུས་བྱས་སྣ་ཚོགས་གོས་གྱོན་ནས། །ཚོམ་བུའི་གྲལ་བཤམས་ལོག་འདྲེན་མཚམས་བཅད་དང་། །བརྡའ་སྒོ་དབྱེ་དང་


DNG012_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་ཆས་མངའ་གསོལ་དང་། །རྒྱུ་འཇུག་ཕྲིན་གདགས་ལན་སྩལ་ཏིང་འཛིན་བསྒོམ། །སྤྱན་དྲང་ལས་ལ་བཞུགས་གསོལ་དམ་ཚིག་བསྟན། །ཕྱག་རྒྱ་ལྷ་མོ་གར་ཚོགས་གསོད་པ་དང་། །རྣམ་པ་བཅུ་དྲུག་རྩིས་མགོར་ཤེས་བྱས་ནས། །མ་འོངས་རྣལ་འབྱོར་ཕན་ཕྱིར་གསལ་བཤད་ན། །དེ་ནས་ཅི་འདོད་ཁྲུས་བྱས་ཏེ། །དྲི་ཞིམ་རྒྱན་གྱིས་བཀླུབས་པ་ཡི། །སྣ་ཚོགས་གོས་ནི་བགོ་བྱ་སྟེ། །དྲི་ཞིམ་ཕྲེང་བ་གདགས་པར་བྱ། །ཨ་མྲྀ་ཏ་ལྔས་ཁྲུས་བྱས་ནས། །ལས་བཞིའི་རྒྱན་དང་ཆ་ལུགས་གོས། །ཐམས་ཅད་མཛེས་པར་སྣང་བའོ། །དགེ་སྐོས་གྲལ་རྣམས་བཤམ་པར་བྱ། །ལྔ་དང་ལྔ་ཡི་སྦྱོར་བ་ཡིས། །ཚོམ་བུ་ལྔ་ཡི་ལྷ་བཀོད་ལ། །ཁྲོ་བོ་བཅུ་དང་ཁྲོ་མོ་བཅུ། །འཁོར་ལོའི་ཚུལ་དུ་གནས་པར་བསྒོམ། །དེ་བཞིན་རིགས་དང་རྡོ་རྗེའི་རིགས། །པདྨའི་རིགས་ནི་སྐུ་གསུང་ཐུགས། །ཁྲོ་བོའི་ཚོགས་དང་ལྡན་པ་ཡིས། །ཚོམ་བུ་གསུམ་པའི་ལྷ་རྣམས་བསྒོམ། །རིགས་ཀྱི་རིགས་ཏེ་རིགས་ཀྱི་གཙོ། །ཐུགས་ཀྱི་ཐུགས་ཏེ་ཐུགས་ཀྱི་མཆོག །ཁྲོ་བོའི་ཚོགས་དང་ལྡན་པ་ཡི། །ཚོམ་བུ་གཅིག་པའི་ལྷ་རྣམས་བསྒོམ། །དམ་པའི་མཆོག་ནི་དམ་པ་ཡི། །ཐིག་ལེ་སྟོང་པ་ཚོམ་བུ་བརྒྱ། །རྣམ་པ་ཀུན་དང་ལྡན་པ་ཡི། །མཆོག་རྣམས་ཀྱི་ནི་དགོད་པར་བྱ། །ཁྲོ་བོ་ཁྲོ་མོའི་ཚོགས་ཆེན་དང་། །ཕོ་ཉ་བཀའ་ཉན་ཕྱག་བརྙན་ཚོགས། །ཅི་བགྱི་ལ་སོགས་ཚོགས་རྣམས་ཀྱི། །དངོས་གྲུབ་ལས་རྣམས་རྫོགས་པར་བྱེད། །བདེ་ཆེན་ལོངས་སྤྱོད་ཆོས་དང་སྤྲུལ། །དཀྱིལ་འཁོར་སྤྲོས་པ་བསྒོམ་པར་བྱ། །གྲུབ་པ་སྔགས་ཀྱི་ཡི་གེ་ལས། །ཚོམ་བུ་སྤྲོས་པ་བསྒོམ་པར་བྱ། །ཁམས་ཀྱི་བདུད་རྩི་ཆེན་པོ་ལས། །ཕྱག་རྒྱ་སྤྲོས་པ་བསྒོམ་པར་བྱ། །སྙིང་པོ་རླུང་གི་དབྱེ་བ་ལས། །རྣམ་གྲངས་སྤྲོས་པ་བསྒོམ་པར་བྱ། །ཚོགས་ཀྱི་འཁོར་ལོ་གྲུབ་པ་རྣམས། །རིགས་དང་སྦྱར་ནས་གྲལ་རྣམས་བཤམས། །ལོག་འདྲེན་མཚམས་བཅད་རྣམ་པ་བརྒྱད། །བཅོལ་དང་བསྲུང་དང་ཕྱག་མཚན་ནམ། །ཚམ་རྔམས་འགྲོས་དང་ཆོས་ཉིད་རང་བཞིན་མཚམས། །ཏིང་འཛིན་མཚམས་དང་


DNG012_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་བརྒྱད་ཀྱིས་བསྟན། །བཅོལ་བའི་མཚམས་ནི་ཁྱེད་ལ་རབ་བཤད་དེ། །དེ་ཡི་ཕྱག་རྒྱ་བང་རིམ་འཁོར་བ་ཡི། །དཔལ་དང་ལྡན་པའི་མཎྜལ་བཅུ་བཞི་ལ། །ཟབ་ཅིང་རྒྱ་ཆེ་གཟི་འཕགས་ཕྱོགས་སྐྱོང་བཞི། །ཐུགས་རྗེ་ཐབས་མཁས་ཐུགས་དམ་དཀྱིལ་ཆེན་བཅུ། །ལྷ་ཡི་བཀོད་པ་རིམ་བཞིན་སྤྱན་དྲངས་ཏེ། །ཐུགས་ཀ་ནས་ནི་མཆོད་པ་རིམ་བཞིན་གསོལ། །དེ་ཡི་གཏོར་མའི་བྱེ་བྲག་བསྟན་པ་ནི། །བཟའ་བ་ཅི་འབྱོར་བུ་རམ་ཅན། །སྭ་ཏི་ཀ་དང་ཨུ་ལོ་པའི། །ལག་པན་རྩ་བ་འབྲས་བུ་དང་། །འོ་ཐུག་དང་ནི་འདོད་པ་སྟེ། །དེ་ནི་ཐམས་ཅད་འདོད་ཅེས་བྱ། །དེ་རྣམས་ཉིད་ལ་ཅི་མཉེས་པ། །ཁ་དོག་སྣ་ཚོགས་ཞེས་བྱའོ། །གང་གཞན་ཅུང་ཟད་ལྷག་པ་ནི། །ཁ་དོག་རྣམ་པ་སྣ་ཚོགས་སུ། །དངོས་པོ་དེ་དག་ཉིད་ལ་ནི། །སྣ་རེ་ལས་ཀྱང་མར་བྱས་ལ། །གཞན་དག་ལས་ཀྱང་ཅི་རྙེད་པ། །བསྟན་པ་གཏོར་མ་རྒྱ་ཆེན་ཡིན། །འབྲས་བུ་ལ་ཀ་ལི་ཀ་དང་། །སྲན་ཆལ་ཏིལ་གྱི་པྲི་ཏེ་ཀ །ལག་པན་རྩ་བ་འབྲས་བུ་ལས། །ཅུང་ཟད་བདུན་ལས་ཅུང་ཟད་དང་། །མེ་ཏོག་འབྲས་བུ་ཆུར་བཅས་པ། །འདབ་མར་བཅས་པའི་གཏོར་མ་དེ། །ཕྱི་རོལ་འབྱུང་པོ་ཐམས་ཅད་ལ། །དེ་ནི་འབྱུང་པོ་ཀུན་གྱི་འོ། །མཆོད་པ་སྣ་ལྔ་འདིར་བཤད་པ། །ཉ་ཤ་ཆང་དང་བུ་རམ་ཆང་། །བཟའ་དང་སྲན་མའི་ཁུ་བ་དང་། །དྲི་དང་མེ་ཏོག་ལ་སོགས་ལྡན། །གཏོར་མ་འདི་ནི་ཕྱི་རུ་བཤད། །དེ་ཉིད་རྣམ་གྲོལ་ཕུང་པོ་ལྔ་ཉིད་དུ། །མཆོད་པ་སྣ་ལྔ་ཚུལ་བཞིན་དབུལ་བར་བྱ། །ཏིང་འཛིན་མཐུར་ལྡན་རྣམ་གྲོལ་གཟི་བྱིན་ཅན། །ཤེས་རིག་གྲགས་པ་ཚུལ་ཁྲིམས་འཁོར་གྱིས་བསྐོར། །མྱ་ངན་འདས་པ་བདུད་རྩི་རོ་ཡི་བཅུད། །ཡེ་ཤེས་གོང་ནས་གོང་དུ་ཁྱད་པར་འཕགས། །ལྷན་ཅིག་གཡུལ་ལས་ཤིན་ཏུ་རྒྱལ་བར་བསྔོ། །བདེ་བའི་སྟན་ལ་ལག་ན་རྡོ་རྗེ་ཡི། །བདག་ཉིད་བཅུ་པོ་ཚུལ་དུ་ཕྱུང་ནས་ནི། །ཕྱོགས་ཀྱི་ལྷ་རྣམས་སོ་སོའི་གནས་གནས་སུ། །དབང་ལྡན་ཕྱོགས་ནས་གཏོར་མ་ཚུལ་བཞིན་འབུལ། །དབང་དང་ལྡན་པ་འདྲེན་པའི་ལྷ། །བགེགས་ཀྱི་རྒྱལ་པོ་གདོན་


DNG012_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་གཙོ། །དབང་བདག་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །དབང་པོ་རྡོ་རྗེ་འཆང་བའི་ལྷ། །ལྷ་ཡི་རྒྱལ་པོ་གདོན་གྱི་བདག །ཤར་ཕྱོགས་གདོན་ཚོགས་བཅས་པ་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །མེ་སྟེ་བསྲེག་བྱ་ལེན་པའི་ལྷ། །འབྱུང་པོའི་རྒྱལ་པོ་གདོན་གྱི་བདག །ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །གཤིན་རྗེ་བེ་ཅོན་ཐོགས་པའི་ལྷ། །ལྷ་ཡི་རྒྱལ་པོ་གདོན་གྱི་བདག །ལྷོ་ཕྱོགས་གཤིན་རྗེའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །བདེན་དང་བྲལ་བ་ལེགས་ལྡན་ལྷ། །སྲིན་པོའི་རྒྱལ་པོ་གདོན་གྱི་བདག །བདེན་བྲལ་ཕྱོགས་ཀྱི་གདོན་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཞགས་པ་ཐོགས་པ་ཆུ་ཡི་ལྷ། །ཡང་དག་བསྲུང་བ་གདོན་གྱི་བདག །ནུབ་ཕྱོགས་ཀླུ་ཡི་གདོན་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །རླུང་སྟེ་སྲོག་ཀྱང་འཛིན་པའི་ལྷ། །ཚིག་བསྲུང་གདོན་གྱི་བདག་པོ་སྟེ། །རླུང་ལྷ་འཁོར་གྱི་གདོན་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །གནོད་སྦྱིན་ལག་ན་དབྱུག་ཏོ་ཐོགས། །ནོར་སྲུང་གདོན་གྱི་བདག་པོ་སྟེ། །བྱང་ཕྱོགས་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །འོག་གི་ལྷ་སྟེ་ས་ཡི་ཀླུ། །ས་འཛིན་དང་ནི་ལག་ཆེན་དང་། །དམ་ཚིག་ཤེས་པའི་གདོན་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །སྟེང་གི་ལྷ་མང་ཐམས་ཅད་དང་། །ཉི་མ་ཟླ་བ་གདོན་གྱི་གཙོ། །གཟའ་དང་རྒྱུ་སྐར་བཅས་པ་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཟབ་ཅིང་རྒྱ་ཆེ་གཟི་འཕགས་པོ། །ཆོས་སྐྱོང་རྒྱལ་པོ་རྣམ་ཐོས་སྲས། །བཙུན་མོ་སྲས་དང་བློན་པོར་བཅས། །མངགས་པའི་ཕོ་ཉ་ཇི་སྙེད་རྣམས། །འདིར་གཤེགས་མཆོད་པ་དམ་པ་བཞེས། །གཞན་ཡང་དེ་ཡི་ཚུལ་མཆོག་ཏུ། །ཆོས་སྐྱོང་རྒྱལ་པོ་ཡུལ་འཁོར་སྲུང་། །ཆོས་སྐྱོང་རྒྱལ་པོ་འཕགས་སྐྱེས་པོ། །ཆོས་སྐྱོང་རྒྱལ་པོ་སྤྱན་མི་བཟང་། །


DNG012_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨི། ཨོཾ་ཨི། ཨོཾ་ཨ། ཨོཾ་ཡ། ཨོཾ་ར། ཨོཾ་བ། ཨོཾ་ཡཾ། ཨོཾ་ཀུ། ཨོཾ་བྲ། ཨོཾ་ཨཱ། ཨོཾ་བཻ། ཨོཾ་དྷྲྀ། ཨོཾ་བི། ཨོཾ་ཀྵ། སྒྲ་དང་ལྡན་པའི་སྙིང་པོ་བརྗོད། །ཡུལ་འཁོར་སྲུང་བའི་ཞགས་པའི་རྒྱ། །མཐེའུ་ཆུང་གཉིས་ནི་ཞགས་པའི་མིག །འཕགས་སྐྱེས་པོ་ཡི་བེ་ཅོན་རྒྱ། །ལག་གཤིབས་མཐེབ་བསྒྲེང་མཐེའུ་ཆུང་ཞགས། །མིག་མི་བཟང་ནི་རྡོ་རྗེའི་རྒྱ། །མཛུབ་མོ་གཉིས་ནི་རྩེ་མོར་བྱ། །རྣམ་ཐོས་སྲས་ནི་དབྱུག་ཏོའི་རྒྱ། །མཐེ་བོང་གཉིས་ནི་གཤིབས་ཏེ་བསྒྲེང་། །བརྒྱ་བྱིན་གྱི་ནི་རྡོ་རྗེ་གདེངས། །གཡས་ཀྱི་རྩེ་གསུམ་ཕྱག་རྒྱ་གདེངས། །མེ་ལྷའི་ཕྱག་རྒྱ་ཞགས་ཐབས་ཡིན། །གཡས་ཀྱང་མཛུབ་བཀུག་གུང་ཚིགས་གསུམ་ལ་བཏང་། །སྨྲ་འདོད་དང་ནི་མེ་འབར་ལྟ་བུར་བྱ། །གཤིན་རྗེའི་བེ་ཅོན་ཕྱག་རྒྱ་སྟེ། །ལག་བསྣོལ་སྲིན་ལག་གཤིབས་ཏེ་བསྒྲེང་། །བདེན་བྲལ་རལ་གྲིའི་ཕྱག་རྒྱ་སྟེ། །གཡས་པ་ཁུ་ཚུར་གུང་མཛུབ་རལ་གྲིའི་རྒྱ། །གཡོན་པས་སྟ་ཟུར་ཤུབས་སུ་བཟུང་། །ཆུ་ལྷ་ཞགས་པའི་ཕྱག་རྒྱ་སྟེ། །ལག་གཡས་མཐེའུ་ཆུང་ཞགས་པའི་མིག །རླུང་ལྷའི་བ་དན་ཕྱག་རྒྱ་སྟེ། །གཡོན་པ་གུང་བསྒྲེང་མཛུབ་མོ་དགུག །ཀུ་བེ་ར་ཡི་དབྱུག་ཏོ་ནི། །བཅིངས་ལ་ནང་བཟློག་མཐེ་ཆུང་བརྐྱང་། །སྲིན་ལག་གཉིས་བརྐྱང་རྒྱབ་ཏུ་བཞག །དབང་ལྡན་རྩེ་གསུམ་ཕྱག་རྒྱ་སྟེ། །མཐེ་བོང་སྲིན་ལག་མིག་ཏུ་བྱ། །མཐེའུ་ཆུང་མིག་འབྲས་སོ་སོར་དྲང་། །གུང་མོ་རྩེ་སྤྲད་མཛུབ་མོ་རྩེ་གསུམ་གདེངས། །འོག་གི་པདྨའི་ཕྱག་རྒྱ་སྟེ། །ལག་གཉིས་པདྨ་ལྟ་བུར་བྱ། །སྟེང་གི་མེ་ཏོག་ཕྱག་རྒྱ་སྟེ། །ཁོང་སྟོང་མཐེབ་གཤིབས་སྤྱི་བོར་བསྒྲེང་། །ལྕགས་ཀྱུ་དྲངས་ནས་སླར་བསྐྱོད་པ། །སྤྱན་དྲངས་གཤེགས་སུ་གསོལ་བ་ནི། །ཨཱ་གཙྪ་དང་ཨཱ་གཙྪའོ། །རྒྱལ་ཆེན་ཕྱོགས་སྐྱོང་སོ་སོའི་འཁོར་བཟློག་ཅིང་། །ཕྱོགས་དང་ཕྱོགས་མཚམས་ཐམས་ཅད་བསྲུང་བ་དང་། །དམ་བཅས་ཞལ་འཆེས་ཁས་བླངས་ལྷ་དག་སྟེ། །བརྟན་པར་བརྗོད་ལ་ཚུལ་བཞིན་བསྲུང་དུ་གསོལ། །བསྟོད་དང་ཕྱག་རྒྱ་དྲག་ཏུ་བསྟན་པས་གཏུགས། །ཕྱག་རྒྱ་ལག་གཉིས་ཐལ་མོ་སྦྱར་བྱས་ལ། །ཨོཾ་སྭ་བྷཱ་བ་བི་ཤུཌྜྷཿསརྦ་དྷརྨཱ་སྭ་བྷཱ་


DNG012_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

ཝ་ཤུདྷོ྅་ཧཾ། ཞེས་བརྗོད་དོ། །ཆོས་ཀྱི་དབྱིངས་སུ་བསྒོམ་ཞིང་སྦྱོང་། །རིག་སྔགས་རྒྱལ་པོ་སྟོབས་བཟང་ནམ་མཁའི་མཛོད་འདི་བཟླས། །ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱེཿསརྦ་ཐཱ་ཁཾ་ཨུངྒ་ཏེ། སྥ་ར་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ལག་པས་སྤྱི་བོར་སྦྱར་ནས་པདྨ་ཁ་བྱེ་བ། །ཇི་ལྟར་ཐོགས་མེད་བསམ་པ་བཞིན་དུ་བྱུང་སྟེ་སྤེལ། །གཞན་ཡང་འཕགས་པ་རྒྱལ་ཆེན་ཤུགས་ལྡན་འོད་ཀྱི་ནི། །སྔགས་ཀྱི་མདོ་འདིས་ཀྱང་ནི་བྱིན་གྱིས་བརླབ་པར་བྱ། །ལག་པ་གཡས་པའི་ཁ་ཚུར་བཅངས་ལ་མཛུབ་མོ་བསྒྲེང་བ་སྟེ། །ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ། ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུཾ། ཞེས་བརྗོད་པས་ནི་ཐ་ན་ཆུང་ན་ཡི་དྭགས་ཡན་ཆད་ལ། །ཡུལ་ཆེན་མ་ག་དྷའི་དྲེ་ཆེན་བརྒྱ་བརྒྱ་ལ། །ཕམ་རྒྱལ་མེད་པར་ཚུལ་བཞིན་སྤྱོད་པའི་དབང་ཐོབ་འགྱུར། །འཕགས་པ་བདུད་རྩི་ཐལ་སྦྱོར་སྔགས་འདིས་བྱིན་བརླབས་ཏེ། །ལག་པ་གཡས་པའི་མཐེ་བོང་མཐེའུས་མནན་བྱས་ཏེ། །སོར་མོ་ལྷག་མ་རྣམས་ནི་རྩེ་གསུམ་བརྐྱང་བྱས་ནས། །ཨོཾ་ཨ་མྲྀ་ཏ་ཧཱུྃ་ཞེས་བརྗོད་ཐོབ་པས་ཡིད་བཞིན་འབྱུང་ཞིང་དག་པར་འགྱུར་བར་བསམ། །གཞན་ཡང་ཡེ་ཤེས་སྐར་མདའི་སྔགས་དང་ཕྱག་རྒྱ་འདིས་གཏུགས་ཏེ། །ལག་པ་གཡོན་པའི་ཐལ་མོས་གཏོར་མར་རབ་གཏུགས་ལ། །ཨོཾ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ། ན་མཿས་མནྟ་སྥ་ར་ཎ་ར་སྨི་བྷ་བ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲྀ་ད་ཡ་ཛྭ་ལ་ནི་ཧཱུཾ། འདིས་ཀྱང་སོ་སོར་ཐོབ་པར་བྱ་སྟེ་བརྣན་པར་བྱའོ། །ཕྱག་རྒྱ་རྣམ་བཞིར་བསྟན་པ་གཏོར་མ་སྤྱིའི་ཆོ་གའོ། །དེས་ནི་གཏོར་མ་ཐམས་ཅད་གཏང་ཞིང་མཚམས་སུ་འགྱུར། །དེ་ནས་བསྲུང་བའི་མཚམས་ནི་གཅད་པར་བྱ། །རྩིབས་བཅུ་རིམ་པ་བཅུ་སེར་བའི། །ཁྲོ་བོ་བཅུ་དག་ཕྱུང་ནས་ནི། །ཧཱུཾ་ལས་བསྐྱེད་པའི་ཉི་མའི་སྟེང་། །ཕྱོགས་བཅུའི་དཀྱིལ་འཁོར་ཕྱོགས་རྣམས་སུ། །རིམ་པ་བཞིན་དུ་གདབ་པར་བྱ། །དེ་བཏབ་ནས་ཀྱང་ཕྱོགས་བཅུ་ཡི། །ཕུར་པའི་ཕྱོགས་ནས་ཆར་ཆེན་འབེབས། །འཇིགས་སུ་རུང་བའི་འབྲུག་སྒྲ་སྒྲོགས། །དྲི་ཟའི་ཕྱོགས་ནས་གློ་བུར་བ། །མཚམས་ཀྱི་སྣང་བ་ནམ་ནངས་བཞིན། །རཀ་ཤའི་


DNG012_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ནས་འོངས་པ་ནི། །འཆི་བདག་གཟུགས་ཅན་འཇིགས་འཇིགས་ལྟར། །རལ་གྲི་ཐོགས་ཤིང་སྒྲ་ཆེན་འབྱིན། །སྣ་ཆེན་མོ་ལ་མི་ཐོད་དུ། །མི་ཡི་ཁྲག་ནི་འཐུང་བྱེད་པ། །མགོ་སྐྲ་གྱེན་དུ་བརྫེས་ཤིང་འབར། །སྐྱིན་ཐང་ཆར་བཞིན་འབབ་པ་ཡིས། །སྒྲུབ་པའི་ལས་རྣམས་འཇིག་པར་བྱེད། །འབར་བྱ་ཕྱོགས་ནས་སེམས་ཅན་མ། །འཇིགས་པའི་གཟུགས་ཅན་ཐ་དད་པའོ། །པ་ནིའི་ཕྱོགས་ནས་ལྟོ་འཕྱེའི་བདག །སྤྲིན་དང་བཅས་པའི་འབྲུག་སྒྲ་སྒྲོགས། །སྲོག་འཛིན་ཕྱོགས་ནས་འཚུབ་མ་འབྱུང་། །ཡཀྵ་ཕོ་མོས་བྱང་ཕྱོགས་ནས། །དབང་ལྡན་ཕྱོགས་ནས་ཚོགས་ཀྱི་གཟུགས། །སྟེང་ནས་མཐུ་ཆེན་ལྷ་རྣམས་འབྱུང་། །འོག་ནས་ས་འགས་གཡོ་བར་བྱེད། །སྒྲུབ་པ་ཆེན་པོ་སྒྲུབ་ཆེན་ལ། །འདི་ལ་སོགས་པ་བགེགས་རྣམས་ནི། །ནམ་གྱི་ཕྱེད་ན་འབྱུང་བར་འགྱུར། །ཕྱོགས་བཞི་མཚམས་བརྒྱད་བླ་ས་འོག །ཁྲོ་བོའི་རྒྱལ་པོས་བདུད་རྗེ་འཇོམས། །ཡ་མཚན་ཆེ་ལ་ཕྱག་འཚལ་ལོ། །ཤར་ཕྱོགས་འབྱུང་པོ་ཐབས་ཀྱིས་འདུལ། །ལྷོ་ཕྱོགས་གཤིན་རྗེ་ཞབས་ཀྱིས་གནོན། །ནུབ་ཕྱོགས་ཀླུ་ཡི་གདོན་རྣམས་འཇོམས། །བྱང་ཕྱོགས་གནོད་སྦྱིན་ཀུན་གྱི་བླ། །མཚམས་ཀྱི་ཁྲོ་བོ་ཆེན་པོ་ཡིས། །མཚམས་ཀྱི་བགེགས་རྣམས་ཞི་བར་མཛོད། །ཁྲོ་བོའི་རྒྱལ་པོ་བདུད་རྗེ་འཇོམས། །ཡ་མཚན་ཆེ་ལ་ཕྱག་འཚལ་ཏེ། །བདུད་དགྲ་ཐམས་ཅད་ཡོངས་བཅོམ་ནས། །བགེགས་རྣམས་ཐམས་ཅད་ཞི་བར་མཛོད། །ཨོཾ་གྷ་གྷ་གྷཱ་ཏ་ཡ། སརྦ་དུཥྚཱན་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ། སརྦ་པཱ་པཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ། བཛྲ་ཀཱི་ལ་ཡ། བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཏེ། ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ། ཁྲོ་བོ་སོ་སོའི་མིང་ནས་ཕྱུང་ཞིང་གདབ། །དེ་ཡང་དོན་གསུམ་ལྡན་པར་གདབ་པ་སྟེ། །མི་དགེ་བཅུ་ཡི་བགེགས་རྣམས་མནན་པ་དང་། །ཕྱོགས་སྐྱོང་འཇིག་རྟེན་ཐུགས་རྗེས་བཟུང་བ་དང་། །མཁའ་དབྱིངས་ལྡན་པའི་སྤྲུལ་པས་དོན་བྱའི་ཕྱིར། །དེ་ལྟར་རྟོགས་ལྡན་ཉེས་པ་གཏིང་ནས་མེད། །དེ་ནས་ལྟ་བའི་མཚམས་ནི་རབ་བཤད་བྱ། །ཞི་གནས་ལྷག་མཐོང་ཉི་ཟླའི་སྤྱན་ལས་ནི། །ཁྲོ་འགྲོས་ཉི་


DNG012_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

གདུགས་ཟེར་འཕྲོ་མཚན་མ་སྲེགས། །འབྱོན་ཚུལ་ཟླ་བའི་བསིལ་བས་ཀུན་ཞི་ནས། །བལྟ་བ་གཉིས་ཀྱི་ཕྱག་རྒྱས་འགྲོས་གཉིས་བཟློག །ཚམ་རྔམས་ཀྱི་ནི་མཚམས་བྱ་བ། །ཁྲོ་བོ་ཁྲོ་མོ་ཐམས་ཅད་ཀུན། །གསལ་ཞིང་འོད་ཟེར་འཕྲོ་བསྒོམས་ནས། །བསྒུལ་བསྐྱོད་ཐམས་ཅད་ཕྱག་རྒྱ་ཡིན། །ཡན་ལག་སྙིང་པོ་རྩེ་གཅིག་དང་། །རྩེ་ལྔ་རྩེ་དགུ་བཅུ་གཅིག་ཏུ། །ལས་རྣམས་སོ་སོར་རབ་ཏུ་བསྒོམ། །ཐབས་དང་ཤེས་རབ་ལྡན་པའི་ཞབས། །རྟག་ཏུ་རྡོ་རྗེ་འབར་བར་འགྱུར། །ཐབས་ཆེན་རེ་རེ་བསྐྱོད་པས་ནི། །པདྨ་ཆགས་མེད་རེ་རེ་འབྱུང་། །རྡོ་རྗེ་པདྨ་དེ་འབྱོར་ནས། །སེམས་ཅན་ཐམས་ཅད་བླ་ན་མེད། །བྱང་ཆུབ་ཞིང་དུ་སྐྱེ་བར་འགྱུར། །རང་བཞིན་དཀྱིལ་འཁོར་ལྷ་རྣམས་ཀྱང་། །ཁྲོ་བོའི་དཀྱིལ་འཁོར་བསྒོམ་བྱ་སྟེ། །དབུ་ཡི་དཀྱིལ་འཁོར་བསྐྱོད་བྱས་ན། །སངས་རྒྱས་དཀྱིལ་འཁོར་ཐམས་ཅད་གཡོ། །ལག་གི་འདུ་བྱེད་བསྐྱོད་བྱས་ན། །རིག་འཛིན་ཞིང་ཁམས་ཐམས་ཅད་གཡོ། །རྐང་པའི་སྟབས་ཆེན་མནན་མཆོངས་པས། །སྡུག་བསྔལ་མི་བཟད་ཐམས་ཅད་དང་། །བདུད་དང་ལོག་འདྲེན་ཐམས་ཅད་མནན། །ཆོས་ཉིད་མཚམས་ནི་དོན་དམ་སྟེ། །རྣམ་པར་རྟོག་པ་བགེགས་ཡིན་ཏེ། །བགེགས་ཀྱང་རང་གི་སེམས་ལས་བྱུང་། །སེམས་ཀྱི་རང་བཞིན་ཡེ་ནས་དག་ཤེས་ན། །གཞན་ན་བགེགས་ཞེས་བྱ་བའི་མིང་ཡང་མེད། །རང་བཞིན་ཀུན་རྫོབ་མཚམས་གཅད་དེ། །རྡོ་རྗེ་ཕུང་པོ་ཡན་ལག་ནི། །རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །སྐྱེ་མཆེད་ཁམས་རྣམས་མང་པོ་ཀུན། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཉིད། །ས་ཆུ་སྤྱན་དང་མཱ་མ་ཀི། །མེ་རླུང་གོས་དཀར་སྒྲོལ་མ་སྟེ། །ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། །སྲིད་གསུམ་ཡེ་ནས་སངས་རྒྱས་ཞིང་། །སངས་རྒྱས་མ་ཡིན་བགེགས་མེད་དོ། །གསལ་ལ་མི་འགྱུར་ཏིང་འཛིན་མཚམས། །དེ་ལ་གཞན་གྱིས་འཇིག་པ་མེད། །དེ་ལ་བགེགས་ཀྱིས་མི་ཚུགས་སོ། །འཇིག་ལས་ལྷག་པའི་བགེགས་གཞན་མེད། །བསྟན་


DNG012_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཙམ་གྱིས་གཞན་ཕམ་མོ། །དེ་ཕྱིར་ཁྱད་འཕགས་ཏིང་འཛིན་བསྒོམ། །ཕྱག་མཚན་མཚམས་ནི་འདི་དག་གསུངས། །སྟེང་ཡང་རྡོ་རྗེའི་བླ་དྲེ་སྟེ། །འོག་ཀྱང་རྡོ་རྗེའི་ས་གཞིའོ། །བར་མཚམས་མེད་པར་རྡོ་རྗེས་གཏམས། །རྡོ་རྗེའི་མཚམས་ལས་མ་འདའ་ཞིག །སྟེང་ཡང་འཁོར་ལོའི་བླ་དྲེ་སྟེ། །འོག་ཀྱང་འཁོར་ལོའི་ས་གཞིའོ། །བར་མཚམས་མེད་པར་འཁོར་ལོས་གཏམས། །འཁོར་ལོའི་མཚམས་ལས་མ་འདའ་ཞིག །སྟེང་ཡང་རལ་གྲིའི་བླ་དྲེ་སྟེ། །འོག་ཀྱང་རལ་གྲིའི་ས་གཞིའོ། །བར་མཚམས་མེད་པར་རལ་གྲིའི་གཏམས། །རལ་གྲིའི་མཚམས་ལས་མ་འདའ་ཞིག །སྟེང་ཡང་རྡོ་རྗེའི་ཐོ་བ་སྟེ། །འོག་ཀྱང་རྡོ་རྗེའི་ཐོ་བའོ། །བར་མཚམས་མེད་པར་ཐོ་བས་གཏམས། །ཐོ་བའི་མཚམས་ལས་མ་འདའ་ཞིག །སྟེང་ཡང་རྒྱ་གྲམ་བླ་དྲེ་སྟེ། །འོག་ཀྱང་རྡོ་རྗེ་རྒྱ་གྲམ་མོ། །བར་མཚམས་མེད་པར་རྒྱ་གྲམ་གཏམས། །རྒྱ་གྲམ་མཚམས་ལས་མ་འདའ་ཞིག །སྟེང་བྲག་རྡོ་རྗེའི་བླ་དྲེ་སྟེ། །འོག་ཀྱང་རྡོ་རྗེའི་ས་གཞི་བྲག །བར་མཚམས་མེད་པར་རྡོ་རྗེའི་བྲག །བྲག་གི་མཚམས་ལས་མ་འདའ་ཞིག །ཨོཾ་བཛྲ་ལརྐ་ཕཊ།བཛྲ་ཛྙཱ་ན་ཙཀྐྲ་ཕཊ། བཛྲ་ཏིཀྵྞ་ཕཊ། བཛྲ་མུངྒ་ར་ཕཊ། བཛྲ་ཀརྨ་སརྦཱ་ཕཊ། བཛྲ་ཤཻ་ལ་ཕཊ། ལག་པ་གཉིས་བསྣོལ་ཁུ་ཚུར་བཅིང་། །གུང་མོ་རྩེ་སྦྱར་མཐའ་གཉིས་བསྒྲེང་། །ཕྱག་རྒྱ་འདི་ནི་མཆོག་ཡིན་ཏེ། །རྡོ་རྗེ་སེམས་དཔའི་རྡོ་རྗེ་ཡིན་པར་བཤད། །གཡོན་པ་ལག་པ་སྦུབ་པ་དང་། །གཡས་པ་བཀན་ནས་ཐོག་ཏུ་བཞག །སོར་མོ་ཕན་ཚུན་གཅུས་ཏེ་བསྣོལ། །མཐེབ་གཉིས་ལོག་སྤྲད་འཁོར་ལོའོ། །གཡོན་པ་ཤུབས་བྱས་དཀུ་ལ་བརྟེན། །གཡས་ཀྱི་མཐེ་བོས་མཐེའུ་ཆུང་མནན། །ལྷག་མ་གསུམ་པོ་རལ་གྲིའི་ཚུལ། །གློག་གི་ཚུལ་དུ་བསྐོར་བར་བྱ། །ལག་པ་ཁུ་ཚུར་གཅིག་ཏུ་བཅིང་། །ཐོ་བའི་ཚུལ་དུ་གཡས་སུ་བསྒྲེང་། །བརྡེག་པའི་ཚུལ་དུ་བསྐོར་ནས་མནན། །འདི་ནི་བེ་ཅོན་ཕྱག་རྒྱའོ། །གཡས་དང་གཡོན་གྱི་ཐལ་མོ་ནི། །རྡོ་རྗེའི་བྲག་གིས་གཏམས་པར་བྱ། །བརྡེག་པའི་ཚུལ་དུ་རབ་ཏུ་བརྡེག །ལོག་འདྲེན་བགེགས་རྣམས་གཞོམ་པའོ། །ལག་པ་ཕན་ཚུན་བསྣོལ་བ་


DNG012_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

ལས། །གུང་མོ་ཚིགས་བཅག་ནང་དུ་བརྒྱང་། །ཐ་མ་རྩེ་མོ་ཅན་དུ་བྱ། །རྒྱ་གྲམ་ཕྱག་རྒྱ་དམ་པོའོ། །ལྔ་པོས་མཚམས་ནི་མི་གཡེལ་བརྩོན་འགྲུས་བསྒོམ། །གཉིས་ཀྱི་རྟོགས་པའི་ཡེ་ཤེས་འཕང་བཅད་ལ། །གཅིག་ནི་སྲན་གྱི་མཐུ་དང་ལྡན་པར་བྱ། །དེ་ནས་བར་ཆད་ཐམས་ཅད་བསྲུང་བ་ཞེས་བྱ་འདི་དག་འགྲོ་བའི་དོན་དུ་གསུངས་སོ། །ཐབས་ཀྱི་ཕྱོགས་སུ་ལྟུང་བའི་རྣལ་འབྱོར་པ། །མཚན་བཅས་སྨོན་པས་འཇུག་པས་ལྟུང་བ་དང་། །མཚན་ཉིད་སྣ་ཚོགས་ཉམས་ཀྱིས་ལྟུང་བའོ། །གང་ཟག་དེ་ལ་དུས་བཞིར་བར་ཆད་བཞི། །ལམ་འཇུག་འཇིག་རྟེན་ཆོས་ཀྱིས་བར་ཆད་བྱེད། །གཉེན་དུས་འདྲེལ་པའི་བར་ཆད་བྱུང་བ་ན། །དད་པ་བརྟན་པོའི་སྦྱིན་པ་ཕྲ་མོས་བསྲུང་། །བླ་མ་མཆེད་ལྕམ་གྲོགས་ཀྱི་བར་ཆད་ནི། །ཟང་ཟིང་སྦྱིན་པས་བརྩེ་སེམས་འཕྲེང་བས་བསྲུང་། །ལམ་ཞུགས་ཕྱིར་ལོག་བདུད་ཀྱི་བར་ཆད་བྱེད། །རྫས་ཀྱིས་བསྲུང་བ་བླ་མ་གྲོགས་གཞན་ལ། །རྐྱེན་ལ་ལྟོས་པའི་སྔགས་མདུད་རབ་ཏུ་གདགས། །ཏིང་འཛིན་བསྲུང་བ་དྲ་བ་ར་བ་ནི། །སྤྱི་བོ་སྣ་ཚོགས་རྡོ་རྗེའི་ར་བ་ལས། །རྐང་མཐིལ་རྡོ་རྗེ་ཆེན་པོའི་ས་གཞི་དང་། །རྩིབ་མ་རྡོ་རྗེའི་ར་བར་གནས་པ་དང་། །པགས་པ་རྡོ་རྗེའི་གུར་དུ་ཕུབ་ནས་ནི། །བ་སྤུ་མདའ་ཡི་དྲ་བ་ཆེན་པོ་སྟེ། །སེན་མོ་མེ་རི་རབ་ཏུ་འབར་བའོ། །སྔགས་ཀྱིས་བསྲུང་པ་གནོད་མཛེས་ང་རྒྱལ་བྱེད། །ཨོཾ་སུཾ་བྷ་ནི་སུཾ་བྷ་ཧཱུཾ། གྲྀ་ཧྞ་གྷྲྀ་ཧྞ་ཧཱུཾ།གྲྀ་ཧྞཱ་པ་ཡ་གྲྀ་ཧྞཱ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོཿ། བྷ་ག་ཝཱན་བིདྱཱ་རཱ་ཛཱ་ཡ་ཧཱུཾ་ཕཊ།སེམས་བསྟན་བདུད་སྟོབས་འཕེལ་བའི་བར་ཆད་ལ། །བར་དུ་གཅད་པའི་བདག་དང་བར་གཅོད་བདུན། །བར་ཆད་གསུམ་ཀ་སེམས་དང་སྒྱུ་མར་ཤེས། །རང་བཞིན་མེད་པར་ཤེས་པས་བསྲུང་བ་ཡིན། །སེམས་བརྟན་ཏིང་འཛིན་མ་ཤེས་བར་ཆད་བདུད། །ལྟེ་འོག་ཀྵ་ཡིག་གནད་དུ་བསྣུན་བྱས་ལ། །སྲིན་པོ་རཱུ་ཏྲ་མི་འཆམས་བར་ཆད་འབྱུང་། །ཏིང་འཛིན་ངོ་ཤེས་བསམ་གཏན་གེགས་ཀྱང་སེལ། །བར་ཆད་ངོ་ཤེས་བདུད་དང་སྐྱོན་ཉིད་ཡོན་ཏན་ཤར། །དེ་ནས་བརྡའ་སྒོ་དབྱེ་བ་ནི། །ཀུན་གྱིས་སངས་


DNG012_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་མར་མེ་མཛད། །བརྐྱང་ཕྱག་བྱས་ལ་འདི་སྐད་གསུངས། །ཡེ་ནས་རྣམ་པ་ཀུན་ལྡན་པ། །ལྷ་དང་སློབ་དཔོན་རྡོ་རྗེའི་མཆེད། །ཕྱོགས་མཚམས་ཀུན་ནས་འཁྱིལ་པའི་དཔལ། །གསལ་ལ་བརྟན་པའི་རྣལ་འབྱོར་པ། །མ་བུའི་འདུ་ཤེས་ཉེར་བཞག་སྟེ། །བརྡའ་དང་གར་གྱིས་མཚོན་ནས་ནི། །རྡོ་རྗེ་དབྱིངས་ཀྱི་འཁོར་ལོ་ན། །རྣལ་འབྱོར་སྤྱོད་མཆོག་ཕྱག་བགྱིད་དོ། །དེ་ལྟར་བརྡའ་ཡིས་སྒོ་ཕྱེ་ནས། །ཕྱིན་ཆད་མི་ཚིག་སྨྲ་བཅད་ནས། །བརྡའ་ཚིག་སྨྲ་བར་བྱ་བའོ། །ལས་རྣམས་བརྡའ་ཡིས་ཀུན་མཚོན་བྱའོ། །དེ་ནས་རྒྱན་ཆས་གསོལ་བ་ནི། །སློབ་མ་ཀུན་གྱིས་མེ་ཏོག་གཏོར་ལ་བརྗོད། །ཚོགས་ཀྱི་འཁོར་ལོ་ཆེན་པོ་འདིར་འདུས་ཀུན། །དབང་རྣམས་རིམ་པ་བཞིན་དུ་རྫོགས་པ་དང་། །སོ་སོ་ཉིད་ཀྱིས་མཁྱེན་པའི་ཁྱད་པར་ལས། །བླ་མར་རྩི་བ་རྣམས་ལ་མངའ་གསོལ་ཕྱིར། །གུས་པའི་སྲི་ཞུས་མེ་ཏོག་མངོན་གཏོར་ན། །དེ་བཞིན་མཁྱེན་པ་མཛོད་ཅིག་དགོངས་སུ་གསོལ། །རྡོ་རྗེ་རྒྱལ་པོ་དགྱེས་ཤིང་བཞུགས་སུ་གསོལ། །རང་བཞིན་མཚན་མོའི་དུས་ནི་འདི་ཉིད་དུ། །རྡོ་རྗེ་ཚོགས་མཆོག་དགྱེས་པར་བསྒྲུབ་འཚལ་གྱིས། །རྡོ་རྗེ་རྒྱལ་པོ་ཆེན་པོར་མངའ་གསོལ་བས། །མཁྱེན་པ་གསལ་ཞིང་བྱིན་རླབས་བསྐྱེད་པ་དང་། །བསྒྲུབ་པའི་དཀྱིལ་འཁོར་རྫོགས་པར་གཟུང་དུ་གསོལ། །ཡུམ་ཆེན་ཀུན་ཏུ་བཟང་མོར་མངའ་གསོལ་གྱིས། །གཙོ་བོ་ཡབ་དང་དགོངས་པ་བསྟུན་པ་དང་། །འགྲོ་བ་མི་ཤེས་མ་རིག་མུན་པ་ལ། །འོག་མིན་གནས་མཆོག་དམ་པ་བསྟན་དུ་གསོལ། །དཀྱིལ་འཁོར་སྐོང་བའི་བདག་པོར་མངའ་གསོལ་གྱིས། །ལེགས་ཉེས་ཚར་གཅོད་མཁོན་གཅུགས་སྦྱང་བ་དང་། །འགྲོ་བ་མི་ཤེས་མ་རིག་མུན་པ་ལ། །ལྷ་དང་མི་ཡི་ཆོས་རྣམས་བཤད་དུ་གསོལ། །སྟོན་པ་འཆད་པའི་བདག་པོར་མངའ་གསོལ་གྱིས། །དམ་ཆོས་གསུང་རབ་བདུད་རྩི་མང་པོ་དག །ལྗགས་ཀྱི་དབང་པོའི་སྟེང་དུ་བཀྲམ་ནས་ནི། །ལེགས་པར་འདུས་པའི་ཚོགས་ལ་བཀའ་སྩོལ་ཅིག །འཛིན་གིང་སྐྱེས་བུ་ཆེན་པོར་མངའ་གསོལ་གྱིས། །


DNG012_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་གསུམ་འཁོར་བའི་སེམས་ཅན་ཉོན་མོངས་རྣམས། །བྱམས་པ་མཆོག་གི་ཐུགས་རྗེས་བཟུང་ནས་ནི། །མ་ནོར་འདུས་པའི་ཚོགས་སུ་ཁྲིད་ལ་སྤྱོན། །གིང་ཆེན་དཔའ་བོ་ཆེན་པོར་མངའ་གསོལ་གྱིས། །ཁམས་གསུམ་འཁོར་བའི་སེམས་ཅན་ཉོན་མོངས་དེ། །ཐུགས་རྗེ་ཆེན་པོས་བྱིན་གྱིས་བརླབས་ནས་ཀྱང་། །འོག་མིན་གནས་མཆོག་དམ་པར་བསྒྲལ་དུ་གསོལ། །རྫུ་འཕྲུལ་སྤྱན་གྱི་བདག་པོར་མངའ་གསོལ་གྱིས། །རྣལ་འབྱོར་སྤྱི་བགེགས་སྒོས་བགེགས་གང་ལགས་པ། །ཡེ་ཤེས་སྤྱན་གྱིས་ཐམས་ཅད་གཟིགས་ནས་ཀྱང་། །མ་ནོར་མངོན་སུམ་གཏན་ལ་དབབ་ཏུ་གསོལ། །ཕྱི་གིང་སྟོབས་པའི་བདག་པོར་མངའ་གསོལ་གྱིས། །ཕུད་ལ་དམ་ཞིང་གཙང་སྦྲ་ལེགས་པ་དང་། །རྒྱལ་བ་རྒྱ་མཚོའི་མཆེད་ལ་སྟོབས་པ་དང་། །ཁམས་གསུམ་ཡོངས་ཀྱི་ཐོ་ངན་མཛད་དུ་གསོལ། །ཕོ་ཉ་རྐང་མགྱོགས་ཆེན་པོར་མངའ་གསོལ་གྱིས། །ཉིད་ཀྱི་དགོས་ཆེད་དང་དུ་མི་བླང་ཞིང་། །བླ་མ་རྣམས་ཀྱི་བཀའ་བཞིན་བགྱི་བ་དང་། །མཆེད་ལྕམ་ཡོངས་ཀྱི་དགོས་ཆེད་བསྒྲུབ་ཏུ་གསོལ། །མཆེད་དང་ལྕམ་དྲལ་གསན་ཅིང་དགོངས་སུ་གསོལ། །ཛ་གད་གཉིད་ཀྱི་དབང་དུ་མི་གཏང་ཞིང་། །ལྷ་དང་དཀྱིལ་འཁོར་གསལ་བར་བསྒོམ་པ་དང་། །འཛབ་བསྙེན་ཟུར་མ་ཆག་པར་འདྲེན་དུ་གསོལ། །མེ་ཏོག་བོར་ལ་མངའ་གསོལ་ཏེ། །སློབ་དཔོན་གྱིས་ཀྱང་འདི་སྐད་གསུངས། །ང་ནི་ཟ་བྱེད་ཆེན་པོ་རྣམ་པར་འཇིགས་པའོ། །བླ་མའི་བླ་མ་ཆེན་པོ་ཧེ་རུ་ཀ །ཁམས་གསུམ་ཟ་བྱེད་ང་ཡིན་པས། །ཁམས་གསུམ་མ་ལུས་ཡོངས་བསྒྲལ་ལ། །དུག་གསུམ་ཟད་པར་རབ་བྱས་ཏེ། །སྲིད་གསུམ་དབང་དུ་བསྡུས་ནས་ནི། །ཆོས་ཉིད་དམ་ཚིག་ལས་མི་ཉམས། །སྒྲུབ་པའི་དཀྱིལ་འཁོར་གནན་པར་བྱ། །བརྗོད་ནས་གདན་ལ་འདུག་པར་བྱ། །དེ་ནས་རྒྱུད་འཇུག་ཕྲིན་གདགས་པ། །ཀ་ཆོས་མཐུན་པའི་བྱང་ཆུབ་ཆང་དང་སྦྱར། །གསོལ་ཀ་པས་དྲངས་འཕྲིན་ཡང་འདི་སྐད་གསོལ། །ཧོ་ཕྱོགས་བཅུ་མཐའ་ཀླས་སངས་རྒྱས་ཞིང་ཁམས་ན། །རབ་འབྱམས་


DNG012_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མཚོ་ཀུན་ནས་འདུས་བྱོན་པའི། །རྣལ་འབྱོར་དབང་ཕྱུག་ཆེན་པོར་ལྷུན་གྲུབ་པའི། །མཆེད་དང་ལྕམ་དྲལ་རྒྱལ་བ་རྒྱ་མཚོར་བཅས། །ཐོགས་མེད་མཁྱེན་ཅིང་སྒྲིབ་པ་མི་མངའ་གཟིགས། །ཐུགས་རྗེ་ཆེན་པོའི་ངང་ཅན་ཉིད་གྱུར་ཅིང་། །འགྲོ་མགོན་སྐྱབས་ཆེན་རྩེ་གཅིག་སྟ་གོན་གནས། །དམ་ཚིག་མཆོག་གི་གསང་སྒོར་ཞལ་འཆེས་ལ། །ཐུགས་ཀྱི་དཀྱིལ་འཁོར་འདི་རུ་འདུས་པ་ལས། །མི་རྟོག་མ་ལུས་ཐམས་ཅད་གསན་དགོངས་གསོལ། །དོ་ནུབ་དུས་ཆེན་བྱིན་གྱིས་བརླབས་ནས་འདིར། །ཆོས་ཉིད་ནམ་མཁའི་མཐའ་མཉམ་གཞལ་ཡས་ཁང་། །རྒྱུ་འབྱུང་སྨིན་བྱེད་དཀྱིལ་འཁོར་ཆེན་པོ་རུ། །དགའ་ལྡན་ལྷ་ཡི་དཀྱིལ་འཁོར་བཀོད་པ་ན། །བདག་ཅག་སྐལ་ལྡན་མི་ཡི་ཚོགས་རྣམས་ཀྱིས། །འབྱོར་ལྡན་ཚོགས་ཀྱི་ཡོ་བྱད་འབྱོར་པ་དང་། །འོས་དང་རིགས་པ་རྗེས་མཐུན་རྣམ་བཞི་ཡིས། །དུས་བཞིན་འབྱུང་བའི་ཞལ་ཟས་ཟླ་རྫོགས་སུ། །རྒྱུ་མེད་དད་པ་མོས་པས་འབྱོར་ཚད་བསགས། །བདོག་ཚོད་དྲོད་སྦྱར་སྲིད་པའི་ལོངས་སྤྱོད་རྣམས། །རྒྱལ་ཆོས་མངའ་ཐང་ཁུངས་ཕྱུང་ལྷ་ཡི་ལུགས། །འཇིག་རྟེན་འཁོར་ཡུག་བཅས་ནས་སྲིད་བྲིན་བཀོད། །གཏན་པ་མེད་པའི་མཆོད་སྦྱིན་རྒྱལ་པོ་འདི། །མངའ་ཐང་མཆོད་པའི་རྐྱེན་དུ་གྲངས་མང་བསྔོས། །མཆོད་པ་དངོས་སུ་སྦྱར་བ་ཞོ་ནམ་སྲང་། །གྲངས་འདི་ཙམ་ཞིག་ནམ་མཁའི་སྐར་ལྟར་བཀྲམ། །ས་གཞི་རྩི་ཤིང་བཞིན་ནི་སྐྱེ་ཞིང་འདོད། །རྒྱ་མཚོའི་རྦ་རླབས་ལྟར་ནི་ཁྱབ་ཅིང་འཁྲུགས། །ནམ་མཁའི་སྤྲིན་གཏིབས་ཁུ་རླངས་ཆར་པ་འབབ། །ཆུ་བོའི་རྒྱུན་བཞིན་འབབ་པའི་མཆོད་པ་རྣམས། །དངོས་སུ་འབྱོར་དང་སྣ་ཚོགས་ཡིད་ཀྱིས་སྤྲུལ། །རྒྱལ་བ་རྒྱ་མཚོ་རྣམས་ལ་མཆོད་པ་དང་། །དུས་གསུམ་འཕགས་པའི་ཐུགས་དང་བསྐུལ་བ་དང་། །མཐའ་ཡས་འགྲོ་བའི་སེམས་ཅན་བསྒྲལ་བ་དང་། །ཕྱོགས་བཅུའི་རྣལ་འབྱོར་ཐུགས་དམ་བསྐང་བྱ་ཞིང་། །བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེས། །བདག་གཞན་དོན་རྣམས་མཐའ་རུ་དབྱུང་བའི་ཕྱིར། །རྒྱུ་མཆོག་རབ་ཞིའི་ཚུལ་དུ་འབུལ་ཞིང་མཆི། །ཐུགས་


DNG012_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཆེན་པོས་དགོངས་ནས་བཞེས་སུ་གསོལ། །དེ་ལ་སྐབས་དབྱེ་གནང་བའི་ལན་འདི་སྩལ། །ཚོགས་ཀྱི་ཞལ་ཟས་རྒྱུ་སྦྱོར་ཡོན་བདག་གིས། །དགའ་ལྡན་ལྷ་ཡི་དཀྱིལ་འཁོར་བཀོད་པ་ལ། །སྐལ་ལྡན་མི་ཡི་ཚོགས་པ་རྣམས་ཀྱི་ནི། །འབྱོར་ལྡན་ཡོ་བྱད་ཚོགས་ཀྱི་རྫས་རྣམས་ཀྱང་། །རྒྱུ་མེད་བཀའ་ཡང་དད་པས་རབ་བསོགས་ནས། །མོས་པའི་འབྱོར་པའི་ཚད་ཀྱིས་ཕུལ་བ་རྣམས། །ཕྱོགས་བཅུ་དུས་གསུམ་སངས་རྒྱས་བདེ་གཤེགས་དང་། །རྒྱལ་བ་རྒྱ་མཚོ་རྣམས་ཀྱི་སྤྱན་དུ་བཤམས། །དད་པའི་ཤུགས་དང་ལྡན་པར་འབུལ་ལགས་ན། །ཐུགས་རྗེས་དགོངས་ནས་ཐུགས་དམ་བཞེས་པར་གནང་། །ཨོཾ་ཨཱཿཧཱུཾ་ཨ་ལ་ལ་ཧོ། དེ་ནས་ཏིང་འཛིན་བསྒོམ་པ་རྣམ་གཉིས་ནི། །སྔོན་དུ་དམ་རྫས་བྱིན་གྱིས་བརླབ་པ་དང་། །རང་བཞིན་དཀྱིལ་འཁོར་ཏིང་འཛིན་རང་ལུས་བརླབ། །རྫས་ནི་ཛ་གད་དམ་རྫས་རྣམ་པ་གཉིས། །གསང་བའི་དཀྱིལ་འཁོར་དག་ཏུ་མི་གཞུག་སྐྱོན། །དངོས་གྲུབ་མི་ཐོབ་སྐྱོན་ཡོད་ནན་ཏན་བྱ། །དཀྱིལ་འཁོར་འཁྲུལ་པའི་སྐྱོན་རྣམས་བསལ་བའི་ཕྱིར། །དང་པོར་ཛ་གད་བྱིན་གྱིས་བརླབ་པར་བྱ། །བུམ་པ་བཟང་ངན་གནས་པ་ཡིས། །དེ་ཡི་དབུས་སུ་བསམ་བྱ་བ། །གཟི་བརྗིད་འབར་བའི་དཀྱིལ་འཁོར་རོ། །བསྐལ་པའི་མེ་དཔུང་འབར་བ་ཡི། །ཧཱུཾ་གི་འོད་ཟེར་རེག་པས་ནི། །དྲི་མ་སྤངས་ཤིང་རྣམ་དག་པའི། །རྫས་ནི་ཧཱུཾ་གི་རང་བཞིན་དུ། །སྦྱོར་བ་སྤོས་ནི་གདབ་པར་བྱ། །ཉི་མའི་དཀྱིལ་འཁོར་སྟེང་དུ་ཡང་། །ཁ་དོག་དཀར་པོ་མི་བསྐྱོད་པ། །ས་གནོན་ཕྱག་རྒྱ་གནས་པར་བསྒོམ། །དེར་ནི་དབང་པོ་རྡོ་རྗེ་ཡི། །ཕྱག་རྒྱ་བཅིངས་ནས་བསྟན་པར་བྱ། །དེར་ནི་ཕྱག་རྒྱ་བཅིངས་པ་ལས། །བཅོམ་ལྡན་མ་ནི་དཀར་ཤམ་མདོག །སངས་རྒྱས་ལྔ་ཡིས་དབུ་བརྒྱན་ཅིང་། །རྡོ་རྗེ་ཕྱག་བསྣམས་འབྱུང་བར་འགྱུར། །བཅོམ་ལྡན་འདས་དང་ལྷན་ཅིག་ཏུ། །གཉིས་སུ་མེད་པར་མཉམ་སྦྱོར་ཏེ། །རྗེས་སུ་ཆགས་པའི་ཆགས་མེད་ཀྱིས། །གཉིས་ཀ་ཞི་བར་གྱུར་ནས་སུ། །བྱང་ཆུབ་སེམས་ཀྱི་རང་བཞིན་དུ། །གྱུར་ནས་བུམ་བཟང་ཡོངས་བཀང་བ། །དེ་ཡིས་འབར་བ་ལྟ་བུར་མཐོང་། །


DNG012_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཉི་མའི་དཀྱིལ་འཁོར་སྟེང་། །ཨུཏྤལ་སྔོན་པོའི་མདོག་འདྲ་བའི། །མཱཾ་ནི་འོད་བཅས་རྣམ་པར་བསམ། །དེ་ལས་འོད་ཟེར་རྩེ་རྣམས་སུ། །བཅོམ་ལྡན་མ་ནི་སྔོ་བསངས་མདོག །ཡིད་དུ་འོང་བ་མཛེས་པའི་ཞལ། །གནག་དང་དམར་དང་དཀར་བ་ཡི། །ཞལ་གསུམ་གྱིས་ནི་རྣམ་པར་བརྒྱན། །མི་བསྐྱོད་ཅོད་པན་གནས་བྱས་ལ། །ཕྱག་དྲུག་རྡོ་རྗེ་འཁོར་ལོ་དང་། །ཨུཏྤལ་སྔོན་པོ་ཕྱག་ན་བསྣམས། །གཡོན་པ་འགྱིང་བས་དྲིལ་བུ་དང་། །རིན་ཆེན་རལ་གྲིས་རྣམ་པར་མཛེས། །རྒྱལ་མོ་རྣམ་པར་བྱུང་ནས་ནི། །ཕྱོགས་བཅུའི་ཆུ་ཁམས་བྱིན་གྱིས་བརླབ། །འབར་མ་དེ་ནི་སླར་གཤེགས་ནས། །ཡི་གེ་ས་བོན་བཅས་པར་ནི། །བྱང་ཆུབ་སེམས་བཞིན་ཞུ་བར་འགྱུར། །མཱ་མ་ཀཱི་ནི་རྣམ་པར་བསྒོམ། །མཱ་མ་ཀཱི་ནི་དེ་ཉིད་ཀྱང་། །བྱང་ཆུབ་སེམས་ཀྱི་རང་བཞིན་དུ། །ཤེས་རབ་བརྟུལ་ཞུགས་ཅན་གྱིས་མཆོད། །དེ་ནས་སྦོམ་པོ་དབང་གི་དབུལ། །ཉི་མའི་དཀྱིལ་འཁོར་བསྒོམ་བྱ་སྟེ། །དེར་ནི་མཆོད་བཅས་དང་དམིགས་ནས། །བདག་གི་ལྕེ་རྩེར་ཧཱུཾ་བསྒོམ་བྱ། །དེ་ཡི་སྔགས་ནི་འདི་ཡིན་ནོ། །ཨོཾ་མཱ་མ་ཀི་བཾ་ཀི་རི་ཀི་རི། ཨ་དྷི་ཏིཥྛ་སྭ་མཱཾ། དེ་ནི་བྱིན་གྱིས་རློབ་པ་དང་། །བཏུང་བ་གཉིས་ཀའི་སྔགས་ཤེས་བྱའོ། །དེ་ལ་དམ་རྫས་བྱིན་བརླབ་པ། །དེ་ཡི་ཐབས་ནི་འདི་ལྟར་བྱ། །བན་དྷ་བཅུད་ཡངས་བཟང་བ་ལ། །འཁོར་ཡུག་སྣོད་བཅུད་འཇིག་རྟེན་འདི། །བདུད་རྩིའི་རང་བཞིན་བསྒྲུབ་པའི་ཕྱིར། །ཐམས་ཅད་མཆོད་པའི་རྐྱེན་དུ་བཞེས། །མཆོད་པའི་རྒྱུ་རྐྱེན་འདི་ལ་རྟེན་བཅས་ནས། །འཇིག་རྟེན་ཁམས་མང་ཐམས་ཅད་ན། །སྲིད་པའི་ལོངས་སྤྱོད་འབྱུང་ལྔ་ཡི། །དངོས་ཅན་ཐམས་ཅད་ཁམས་གསུམ་གྱི། །མཆོད་པའི་རྫས་སུ་བྱིན་བརླབ་བོ། །དེ་ཡང་མཆོད་པའི་མཚན་ཉིད་ལྔ། །བྱིན་གྱིས་བརླབ་པའི་ཐབས་གསུམ་གྱིས། །དེ་བཟའ་རྒྱན་ལྔར་སྣང་བར་བྱ། །མཆོད་པའི་རང་བཞིན་མཚན་ཉིད་ས་ཉིད་གནས། །གཟུགས་སུ་འཛིན་པའི་ཕྱག་རྒྱ་ཡིན། །མཆོད་པའི་འབྲས་བུ་གོ་འབྱེད་པ། །འབྱུང་བ་ཆོས་ཉིད་ནམ་མཁའ་ཉིད། །


DNG012_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པ་གསལ་བར་སྟོབ་པ་ཡིས། །འབར་བ་རྫུ་འཕྲུལ་ལྷག་མཐོང་བ། །མཆོད་པ་ཀུན་ཏུ་དགྱེས་པའི་ཤུགས། །ཁྱབ་པར་བྱེད་པ་བསྐྱོད་པའི་རླུང་། །མཆོད་པ་ཐམས་ཅད་མ་ལུས་པར། །རྒྱུད་ཐིམ་ཚིམས་པ་ཞི་གནས་རླན། །དེ་ཡང་ཇི་ལྟ་བུ་ཞེ་ན། །བཟེད་བྱེད་སྣོད་ནི་ཡུམ་ལྔའི་མཁའ། །གཏོར་སྣོད་ཆེན་པོའི་ནང་དུ་ནི། །བཅུད་ཀྱི་འཇིག་རྟེན་མཆོད་རྫས་དང་། །གཟུགས་ཀྱི་ཕུང་པོའི་ལྷ་བཤོས་ནི། །སྤྱན་གཟིགས་སྨན་ལྔས་བསྡུས་པའི་རྐྱེན། །ཚོར་བ་བདེ་སྡུག་གཉིས་ཀ་མིན། །ཉམས་སུ་མྱང་བ་བདུག་སྤོས་དྲི། །འདུ་བྱེད་སྣ་ཚོགས་ཡན་ལག་རྣམས། །འདོད་སྲེད་བྱིན་ལེན་མེ་ཏོག་ཡིན། །འདུ་ཤེས་གསལ་བར་བྱེད་པ་ནི། །མཆོད་པའི་མར་མེ་ཁ་དྲུག་འབར། །རྣམ་ཤེས་ལུང་དུ་མ་བསྟན་པ། །རྐྱེན་ཉེ་བར་བསྐུལ་བའི་བག་ཆགས་ནི། །སོ་སོར་འགྲུབ་པའི་དྲི་ཆུ་ལྔའོ། །དེ་ཡང་ཇི་ལྟར་བྱ་ཞེ་ན། །སྦྱངས་པ་ཧཱུཾ་དང་ལྡན་པ་ནི། །རྟོགས་པར་བྱ་ཕྱིར་ཨཱཿབསྒོམས་ཏེ། །འབར་བ་ཨོཾ་ཞེས་བསྒོམས་བྱས་ལ། །ཡིག་འབྲུ་ཕྱག་མཚན་སྐུ་དང་གསུང་། །འཕྲོ་འདུའི་རིམ་པའང་དེ་བཞིན་ནོ། །མཚན་མ་མ་བྱུང་བར་དུ་བསྒོམ། །དེ་ལ་ཕྱག་རྒྱ་གཉིས་བསྟན་ཏེ། །གཙོ་གཟུངས་ལྔ་ནི་གྲུབ་པར་དམིགས། །དེ་ལ་བདུད་རྩི་ཀུན་འབྱུང་བ། །མུ་ཏིག་དྲི་མེད་ཁུ་འཕང་བཞིན། །དེ་སྟེང་ཧཱ་ལས་རྒྱ་གྲམ་བསྐྱེད། །ཁྲོ་བའི་ས་བོན་ཧྲཱྀཿདང་ལྡན། །དེ་ཡིས་འོད་འབར་སྔགས་པས་བལྟ། །ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། བརྒྱ་རྩ་བརྒྱད་ནི་བཟླ་བར་བྱའོ། །ལག་པ་བཀྲ་ཤིས་གསང་མཚན་པས། །པདྨའི་སྣོད་དེ་གནན་པར་བྱ། །ཨོཾ་ཨཱཿཧཱུཾ། བཛྲ་ཨ་མྲྀ་ཏ་ཧཱུཾ་ཐ་ཨ། བརྒྱ་རྩ་བརྒྱད་བཟླས་པར་བྱ། །པདྨ་ཕྱག་མཚན་རྒྱལ་པོའོ། །སྦོམ་པོ་དང་ནི་དབང་གཉིས་ཀྱི། །བསིལ་འོད་ས་བོན་གནས་པ་ལས། །དབུས་སུ་དྲངས་ནས་བཟའ་བ་དང་། །རང་གི་ལྷ་ཡི་སྦྱོར་བ་གསུམ། །ཀཱ་ཡ་ཝཱཀ་ཙིཏྟ་ཨོཾ་ཨཱཿཧཱུཾ། དོགས་པ་མེད་པའི་སེམས་ཀྱིས་ནི། །དེ་བཞིན་གཤེགས་པ་མཉེས་བྱའི་ཕྱིར། །དགའ་བའི་སེམས་ཀྱིས་བཟའ་བར་བྱ། །སངས་


DNG012_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཀུན་གྱི་བདག་ཉིད་དེ། །བཅུད་ཀྱིས་ལེན་པའི་གཏེར་གྱུར་ཏེ། །རྡོ་རྗེ་སེམས་དཔའི་ཚེ་དང་གཞོན། །ནད་མེད་པ་དང་བདེ་མཆོག་འགྲུབ། །དེ་ལ་མཚན་མོ་ཞུགས་གྱུར་ནས། །འདོད་པ་བཞིན་དུ་འགྲོ་འོང་ལྡིང་། །རྣལ་འབྱོར་བདེ་མཆོག་རྣམ་པ་ཡིས། །མཆོད་པའི་དམ་རྫས་ཐམས་ཅད་ལ། །སྣ་ཚོགས་བསམ་ཟེར་འགྲམ་པའི་ཁ་རྒྱན་དང་། །ཀུན་ཏུ་ཁྱབ་པ་ཆུ་ཡི་རྒྱན། །ཁེབས་པར་གཏིབས་པ་བར་སྣང་རྒྱན། །རྟག་པར་འབབ་པ་རླུང་གི་རྒྱན། །སྐྱེ་ཞིང་ཐོན་པས་གཞི་ཡི་རྒྱན། །སྣང་བ་ལྔ་པོ་འདི་ཉིད་ནི། །མཚན་ཉིད་ལྔ་ཡིས་མཆོད་པར་བྱ། །རྔ་སྒྲ་ཅང་ཏེའུ་པི་ཝང་དང་། །གླིང་བུ་དུང་དང་ཀར་ཀོ་ཏ། །གཎྜི་ཆོས་རྣམས་སྣ་ཚོགས་དང་། །གླུ་དང་དེའུ་ཚིགས་དང་བཅས། །སྙན་པའི་གླུ་དབྱངས་སྣ་ཚོགས་ཀྱིས། །སྙན་གྱི་མཆོད་པར་བཞེས་སུ་གསོལ། །རྒྱལ་བའི་ཐུགས་དམ་བསྐང་གྱུར་ཅིག །གར་དང་ཕྱག་རྒྱ་སྟངས་སྟབས་དང་། །གཟུགས་དང་དབྱིངས་དང་གནས་པའི་རྟེན། །གདུགས་དང་མཛེས་པའི་ཡིད་འོང་ཞིང་། །ཁ་དོག་གསལ་བ་སྣ་ཚོགས་ཀྱིས། །སྤྱན་གྱི་མཆོད་པར་བཞེས་སུ་གསོལ། །རྒྱལ་བ་རྒྱལ་མཚོའི་ཐུགས་དམ་བསྐང་། །དྲི་དང་སྤོས་དང་བདུག་པ་དང་། །བསྲེགས་དང་བཅོས་དང་སྦྱར་བ་དང་། །རླངས་དང་དུ་བ་སྣ་ཚོགས་ཀྱིས། །ཤངས་ཀྱི་མཆོད་པར་བཞེས་སུ་གསོལ། །དཀྱིལ་འཁོར་ཐུགས་དམ་བསྐང་གྱུར་ཅིག །བཟའ་དང་བཅའ་དང་བཏུང་བ་དང་། །བཤོས་དང་ཞལ་ཟས་སྣ་ཚོགས་པ། །ཁ་དང་མངར་དང་སྐྱུར་བ་དང་། །ཚ་དང་རྩུབ་དང་ལན་ཚྭའི་རོ། །ལྗགས་ཀྱི་མཆོད་པར་བཞེས་སུ་གསོལ། །སྲས་བཅས་འཁོར་གྱི་ཐུགས་དམ་བསྐང་། །ལྷ་དང་མི་ཡི་ན་བཟའ་དང་། །གོས་དང་རྒྱལ་མཚན་ལྷབ་ལྷུབ་དང་། །རིན་ཆེན་མཆོད་པ་དབུ་རྒྱན་དང་། །དཔུང་རྒྱན་དོ་ཤལ་སེ་མོ་དོ། །དར་དཔྱངས་པི་ཏའི་ཤམ་བུ་དང་། །སྙན་ཆ་མགུར་ཆུ་བླ་མེད་དོ། །སྐུ་ཡི་མཆོད་པར་བཞེས་སུ་གསོལ། །དགའ་ལྡན་ལྷ་ཡི་ལོངས་སྤྱོད་དང་། །འབྱོར་ལྡན་མི་ཡི་ལོངས་སྤྱོད་དང་། །འབྱོར་ལྡན་འཕྲུལ་གྱི་ཡོ་བྱད་རྣམས། །དཀྱིལ་འཁོར་ཆེན་པོར་


DNG012_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

བཞེས་སུ་གསོལ། །འཕགས་པའི་ཐུགས་དམ་བསྐང་གྱུར་ཅིག །འབྲུ་ཚིག་དོན་དང་མན་ངག་དང་། །གསལ་དང་གོ་འབྱེད་སྙིང་པོའི་རྒྱུད། །དབང་པོ་ཚིམས་བྱེད་རྒྱལ་བའི་བཀའ། །ཕྱག་རྒྱ་ཆེན་པོ་གསུང་ལྡན་པ། །ཆོས་ཀྱི་མཆོད་པར་བཞེས་སུ་གསོལ། །མ་ལུས་ཐུགས་དམ་བསྐང་གྱུར་ཅིག །བསྒོམ་པའི་ཏིང་འཛིན་རྣམ་པ་བཞི། །ཏིང་འཛིན་སྣོད་བཅུད་བདག་གཞན་སྲས། །དང་པོར་སྟོང་པ་བྱང་ཆུབ་སེམས། །གཉིས་པ་སྙིང་རྗེའི་རྣམ་པ་དང་། །གསུམ་པ་རྒྱུ་ལས་བྱུང་བ་ནི། །སྣོད་ཀྱི་གཞལ་ཡས་བཅུད་ཀྱི་ལྟས། །བདག་ཉིད་མངོན་པར་སངས་རྒྱས་པས། །བདག་གི་སྲས་སུ་སངས་རྒྱས་རྣམས། །རང་རིག་བདེ་བའི་ཆ་དང་ནི། །ཆ་ཤས་དུམ་བུའི་ཕྱག་མཚན་དང་། །ཆེན་པོ་ལྔ་ལས་སྐུར་རྫོགས་བྱ། །རིགས་མི་འགྲུབ་ཅིང་ལྷུན་གྲུབ་ཕྱིར། །གསོལ་གདབ་དཀྱིལ་འཁོར་རྫོགས་པར་བྱས། །དབྱིངས་ལས་མ་གཡོས་དབྱིངས་ལས་ས་ལེ་བ། །ཡོངས་ལ་སྙོམས་པས་སྙིང་རྗེ་ཅིར་ཡང་འཆར། །མཁའ་ལྟར་གོ་འབྱེད་སྤྲུལ་པ་འབྱུང་བའི་རྒྱུ། །དང་པོར་སྟོང་པ་བྱང་ཆུབ་སེམས། །གཉིས་པ་ས་བོན་དུ་གྱུར་པ། །གསུམ་པ་ལ་ནི་གཟུགས་སོགས་ཏེ། །བཞི་པ་ལ་ནི་ཡི་གེ་དགོད། །ལྔ་པ་འཁོར་རྣམས་གདོན་པར་བྱ། །སྣ་ཡི་དབུགས་རིངས་འགྲོ་བའམ། །སྙིང་གའི་ས་བོན་འབར་བ་དང་། །བྷ་གར་ལིངྒ་བཞག་པའམ། །དབྱིངས་ལས་ཡེ་ཤེས་ཆུ་བུར་ལྟར། །རྩ་བའི་དཀྱིལ་འཁོར་གཞལ་ཡས་ཁང་། །འབྱུང་བ་ལྔ་དང་ལྡན་པར་བྱ། །གྲུབ་པ་སྔགས་རྣམས་རྩ་ནང་དུ། །གསུང་གི་ཡི་གེ་ཡིན་པར་འགྲུབ། །ལུས་ཁམས་བཅུད་ཀྱི་བདུད་རྩི་ལས། །སྐུར་རྫོགས་སངས་རྒྱས་དཀྱིལ་འཁོར་བསྒོམ། །སྙིང་པོ་རླུང་ལས་ཐུགས་ཀྱི་དགོངས། །རླུང་གི་སྤྲོ་དང་བསྡུ་བ་ཡིས། །རང་ལུས་རྒྱལ་བའི་ཕྱག་རྒྱ་ཡི། །གནས་ལུགས་རང་བཞིན་ཞི་ཁྲོ་དང་། །རང་གནས་ཕུང་པོའི་ཞི་ཁྲོ་དང་། །གདུལ་བྱ་སྤྲུལ་པའི་ཞི་ཁྲོ་དང་། །མཐར་ཕྱིན་འབྲས་བུའི་ཞི་ཁྲོ་ལས། །དཀྱིལ་འཁོར་མ་ལུས་ཐམས་ཅད་འགྲུབ། །རང་བཞིན་དམ་ཚིག་དཀྱིལ་འཁོར་བསྐྱེད། །དེ་ནས་སྤྱན་དྲང་རབ་ཏུ་


DNG012_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པར་བྱ། །སྙན་གསན་གསོལ་དང་སྤྱན་ཡང་དྲང་བར་བྱ། །སྙན་གསན་གསོལ་ཕྱིར་སེ་གོལ་གཉིས་ཀྱི་སྒྲས། །ཡབ་ཡུམ་འཕགས་པ་ཐམས་ཅད་སྔགས་ཀྱིས་བསྡུ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛ་ཧཱུཾ། ཨོཾ་ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་ན། །རྒྱལ་བ་གང་བཞུགས་འཁོར་དང་བཅས། །བླ་མེད་ལྷ་དང་ལྷ་མོ་དང་། །གྲུབ་པའི་བྱིན་རླབས་བསམ་མི་ཁྱབ། །སེམས་དཔའ་བཅུ་དྲུག་རིགས་ཀྱི་ཡབ། །སེམས་མ་བཅུ་དྲུག་རིགས་ཀྱི་ཡུམ། །སེམས་དཔའ་བརྒྱད་དང་སེམས་མ་བརྒྱད། །དེ་བཞིན་སྤྲུལ་སྐུ་ཐུབ་དྲུག་དང་། །མཐུ་ཆེན་ཁྲོ་བོ་ཁྲོ་མོ་དང་། །ཕོ་ཉ་འཇིག་རྟེན་སྐྱོང་བར་ལྡན། །ཨོཾ་སྔོན་གྱི་ཐུགས་དམ་ཆེན་པོ་ནི། །འཇིག་རྟེན་ཁམས་ནི་མ་ལུས་ཀུན། །རྒྱལ་བའི་ཞིང་དུ་སྦྱོར་བས་ན། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །དཔའ་བོ་ཆེན་པོའི་མཐུ་རྣམས་དང་། །ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །བདག་ལ་བྱིན་གྱིས་བརླབ་མཛོད་ཅིག །བདག་གི་ལྷག་པའི་བསམ་པ་རྣམས། །འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །ཡོད་མེད་སྟོང་པ་ཤིན་ཏུ་རྣལ་འབྱོར་མཐུ། །ནམ་མཁའ་བཞིན་ལས་དམ་ཚིག་ཉེ་བར་གནས། །བདེ་གཤེགས་བདེ་བར་གཤེགས་པ་བཞེངས་སུ་གསོལ། །རྡོ་རྗེ་སེམས་དཔའ་སྐལ་བཟང་དཔལ་ཁྱོད་བདག །ཕོ་བྲང་གཞལ་ཡས་སྤྲིན་གཏིབས་བཞིན། །རྒྱན་གདུགས་སྣ་ཚོགས་མཛེས་ལྷབ་ལྷུབ། །སྤོས་མཆོག་དམ་པ་ངད་སང་སང་། །རིན་ཆེན་སྣ་ཚོགས་སྒྲ་སིལ་སིལ། །སིལ་སྙན་སྣ་ཚོགས་ཕྱོགས་བཅུར་དྲངས། །ཏཱ་ལའི་སྐྱེ་ཤིང་གསེར་བཙོ་འཁྲིལ། །ཉི་ཟླ་པདྨ་དབུས་ཀྱི་དཀྱིལ་འཁོར་དུ། །ཡང་དག་བཞུགས་ཀྱི་ཕོ་བྲང་ན། །དགེས་སོ་བཅོམ་ལྡན་གཤེགས་སུ་གསོལ། །དབང་ཕྱུག་ཆེན་པོ་ཡབ་ཡུམ་དང་། །བྱང་ཆུབ་རྡོ་རྗེ་ལྕམ་དྲལ་དང་། །མ་མོ་མཁའ་འགྲོའི་ཚོགས་ཆེན་དང་། །ལྷ་དང་ལྡན་པའི་རྣལ་འབྱོར་པ། །ཐུགས་དང་འཐད་པའི་གནས་འདི་རུ། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །རྡོ་རྗེ་སེམས་དཔའ་མཉེས་མཛོད་ཅིག །དེ་ནས་སྤྱན་དྲང་འདི་སྐད་གསུང་། །རྡོ་རྗེ་སེམས་དཔའ་སངས་རྒྱས་ཀུན་གྱི་དངོས། །དུས་གསུམ་


DNG012_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བར་གཤེགས་པའི་བཤེས་གཉེན་ཏེ། །སྤྲུལ་པ་ཞི་ཁྲོ་མང་པོའི་འབྱུང་གནས་གཙོ། །འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ། །ཐུབ་པ་ཆེན་པོ་ཡེ་ཤེས་སྒྲོན་འབར་བར། །ཉི་ཟླ་ལྟ་བུར་སྒྲིབ་པ་སེལ་མཛད་ཅིང་། །ཡོན་ཏན་མཆོག་གིས་བརྒྱན་ཅིང་བཀླུབས་པའི་མགོན། །མཆོད་གནས་དཔལ་ཞིང་དམ་པར་གཤེགས་སུ་གསོལ། །རིན་ཆེན་དབྱིག་ལྟར་ཤིན་ཏུ་མཛེས་པའི་སྐུ། །མཉམ་ཉིད་ཡེ་ཤེས་ནམ་མཁའི་དབྱིངས་ལྟར་དག །འགྲོ་བ་མ་ལུས་བསྒྲལ་བར་དམ་བཅས་ལ། །བཀའ་དྲིན་བསབ་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ། །ཆགས་རབ་དོན་ཕྱིར་མ་ལུས་དབང་དུ་སྡུད། །རྟོགས་པ་ཡེ་ཤེས་ཐར་ལམ་འདྲེན་པའི་དཔལ། །ཆུ་སྐྱེས་ཁ་འབུས་འགྲོ་བའི་ཡིད་བསྒྱུར་བ། །དྲག་པོའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ། །ཡེ་ཤེས་མཚོན་ཆེན་དུག་གསུམ་རྩད་ནས་གཅོད། །ནན་ཏན་ཡེ་ཤེས་སྤྲུལ་པ་ཕྱོགས་བཅུར་འགྱེད། །ཕྲིན་ལས་རྣམ་བཞིས་འགྲོ་དྲུག་བསྒྲལ་བའི་ཕྱིར། །མཉམ་པའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ། །ཤེས་རབ་དབྱིངས་མའི་རིགས་ཀྱི་ཡུམ་ལྔའི་ངང་། །ཆོས་དབྱིངས་ཡེ་ཤེས་ནམ་མཁར་གསལ་བ་དང་། །གསང་ཆེན་བདེ་བའི་ལོངས་སྤྱོད་རྫོགས་པའི་ངང་། །ཐབས་ཀྱི་ཕྱག་རྒྱར་རོལ་ཅིང་གཤེགས་སུ་གསོལ། །རྟོགས་པའི་ཡེ་ཤེས་རིགས་ཀྱི་ཕྱག་རྒྱར་སྣང་། །ཐབས་ཀྱིས་མ་རྨོངས་ཕྲིན་ལས་མཛད་པའི་རྟགས། །ཐུགས་རྗེའི་སྤྱོད་པས་ཡོན་ཏན་མཐར་ཕྱིན་པ། །སེམས་དཔའ་ཆེན་པོ་མཆོད་ཅིང་གཤེགས་སུ་གསོལ། །ཕྱི་ནང་གཉིས་ཀྱི་ལྷ་མོ་དམ་ཚིག་མ། །ཕྱག་རྒྱ་བཞི་ཡི་ཡེ་ཤེས་གསལ་བ་ལ། །གར་དང་ཕྱག་རྒྱས་རོལ་ཅིང་དགེས་མཛད་དེ། །གཙོ་མཆོག་ཐུགས་དམ་བསྐང་ཕྱིར་གཤེགས་སུ་གསོལ། །ཏ་ཀྲྀཏ་ཁྲོ་རྒྱལ་གདུག་པ་གདུལ་དཀའ་འདུལ་བའི་ཕྱིར། །ཐུགས་རྗེའི་ཐབས་ཀྱིས་ཕྱོགས་སྐྱོང་ཞབས་ཀྱིས་གནོན། །ཧཱུཾ་དང་ཕཊ་ཀྱི་འབྲུག་སྒྲ་ལྡིར་བ་ལས། །བརྗོད་པའི་དུས་ཐབས་འགྱིང་ཞིང་གཤེགས་སུ་གསོལ། །གཞལ་ཡས་ཕྱོགས་བཞིའི་ཡེ་ཤེས་བཞི་ཡི་ངང་། །བྱམས་དང་སྙིང་རྗེ་དགའ་བ་བཏང་སྙོམས་ཚུལ། །ཐར་པའི་ལམ་སྟོན་ཡང་


DNG012_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

དག་དབྱིངས་ལ་དགོད། །སྒོ་སྐྱོང་སྤྱན་འདྲེན་མཆོད་ཀྱིས་གཤེགས་སུ་གསོལ། །སྐུ་གསུང་ཐུགས་ལས་སྤྲུལ་པའི་ཕོ་ཉ་མོ། །ཕྲིན་ལས་རྣམ་བཞི་རྫོགས་པར་མཛད་འཚལ་གྱི། །ཡེ་ཤེས་སྐར་ལྟར་འཁྲུགས་པའི་དཀྱིལ་འཁོར་འདིར། །དམ་ཚིག་རྗེས་དགོངས་མཆོད་ཅིང་གཤེགས་སུ་གསོལ། །དེ་ནས་ཞི་བསྡུས་སྤྱན་དྲངས་པ། །ཡོད་མེད་སྟོང་པ་ཤིན་ཏུ་རྣལ་འབྱོར་མཐུ། །ནམ་མཁའ་བཞིན་ལས་དམ་ཚིག་ཉེ་བར་གཤེགས། །བདེ་གཤེགས་བདེ་བར་གཤེགས་པ་བཞེངས་སུ་གསོལ། །རྡོ་རྗེ་སེམས་དཔའ་སྐལ་བཟང་དཔལ་ཁྱོད་བདག །ཨེ་ཧྱེ་ཧི་བྷ་ག་ཝཱན། མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོ། ས་མ་ཡ་ཧོ། རྩ་སྔགས་ཕྱག་རྒྱ་བཞི་ལྡན་པས། །ཛཿཧཱུཾ་བཾ་ཧོཿས་སྤྱན་དྲང་ངོ་། །ཕྱག་རྒྱ་བཞིས་ཀྱང་སྤྱན་དྲང་བ། །ཐུགས་རྗེ་ལྕགས་ཀྱུས་ཐུགས་ཀྱི་རྒྱུད་བསྐུལ་ཞིང་། །བྱམས་པའི་ཞགས་པས་གནས་ནས་སྤྱན་དྲངས་ཏེ། །བཀའ་ཡི་ལྕགས་སྒྲོག་ཕོ་ཉས་གནས་སྟོབས་ལ། །བདེ་གཤེགས་བཞུགས་ཤིང་རྣམ་གྲོལ་དགེས་པ་བསྐྱེད། །ཨོཾ་བཛྲ་ས་མ་ཡ་ཨཱ་ཀཪྵ་ཡ། སརྦ་མཎྜ་ལ། བཛྲ་ཏྱ་སྱ་མ་ཏི་ཀྲ་མ།ཛཿཧཱུཾ་བཾ་ཧོཿ། ཕྱག་རྒྱ་བཞིས་ནི་སྤྱན་དྲངས་པས། །གཞལ་ཡས་ནང་དུ་བྱོན་པར་བསམ། །ལས་ཀྱི་ཕྱག་རྒྱ་ལས་ལ་བཞུགས་གསོལ་ནི། །རིན་ཆེན་སེང་གེའི་གདན་ལ་ཡང་དག་ངེས་བཞུགས་པའི། །རང་གི་ལྷ་མོ་དག་དང་གཡོག་དང་འཁོར་དུ་བཅས། །ཀུན་ཏུ་བཟང་པོའི་སྨོན་ལམ་རྗེས་སུ་དགོངས་མཛད་དེ། །འཇིག་རྟེན་ལྷ་མིར་བཅས་ལ་སྨན་སླད་ལས་ལ་བཞུགས། །སྟོབས་ཀྱི་གླང་པོའི་ཁྲི་ལ་ཡང་དག་ངེས་བཞུགས་ཤིང་། །རང་གི་ལྷ་མོ་དག་དང་གཡོག་དང་འཁོར་དུ་བཅས། །ཀུན་ཏུ་བཟང་པོའི་སྨོན་ལམ་རྗེས་སུ་དགོངས་མཛད་དེ། །འཇིག་རྟེན་ལྷ་མིར་བཅས་ལ་སྨན་སླད་ལས་ལ་བཞུགས། །རྫུ་འཕྲུལ་རྟ་ཡི་ཁྲི་ལ་ཡང་དག་ངེས་བཞུགས་ཤིང་། །རང་གི་ལྷ་མོ་དག་དང་གཡོག་དང་འཁོར་དུ་བཅས། །ཀུན་ཏུ་བཟང་པོའི་སྨོན་ལམ་རྗེས་སུ་དགོངས་མཛད་དེ། །འཇིག་རྟེན་ལྷ་མིར་བཅས་པ་སྨན་སླད་ལས་ལ་བཞུགས། །དབང་གི་རྨ་བྱའི་ཁྲི་ལ་ཡང་དག་ངེས་བཞུགས་


DNG012_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་། །རང་གི་ལྷ་མོ་དག་དང་གཡོག་དང་འཁོར་དུ་བཅས། །ཀུན་ཏུ་བཟང་པོའི་སྨོན་ལམ་རྗེས་སུ་དགོངས་མཛད་དེ། །འཇིག་རྟེན་ལྷ་མིར་བཅས་ལ་སྨན་སླད་ལས་ལ་བཞུགས། །ཐོགས་མེད་མཁའ་ལྡིང་ཁྲི་ལ་ཡང་དག་ངེས་བཞུགས་ཤིང་། །རང་གི་ལྷ་མོ་དག་དང་གཡོག་དང་འཁོར་དུ་བཅས། །ཀུན་ཏུ་བཟང་པོའི་སྨོན་ལམ་རྗེས་སུ་དགོངས་མཛད་དེ། །འཇིག་རྟེན་ལྷ་མིར་བཅས་ལ་སྨན་སླད་ལས་ལ་བཞུགས། །ལག་གི་འདུ་བྱེད་ཕྱག་རྒྱ་ཡིས། །སྟངས་ཚུལ་བྱ་ཞིང་རིགས་ལྔ་ཡི། །ཡབ་ཡུམ་བཞུགས་སུ་གསོལ་བ་ནི། །མི་བསྐྱོད་ཉི་མའི་དཀྱིལ་ཡི་གེ། །རིན་ཆེན་ཟླ་བའི་དཀྱིལ་ཡི་གེ། །ལྔ་གཉིས་ཟུང་དུ་འཕྲོས་པ་ཡིས། །སྦྱར་བས་ཕྱག་རྒྱ་འབྱུང་བའི་རྒྱུ། །ཨོཾ་བཛྲ་ཨཉྫ་ལི། ཧཱུཾ་དང་མཱུཾ་གཉིས་རྩེ་སྦྱར་ཏེ། །འབྲུ་བརྒྱད་བསྣོལ་ནས་རྩེ་སྤྲད་པ། །རྒྱལ་བ་ཀུན་དང་མཉམ་སྦྱོར་བའི། །བདེ་བ་ཆེན་པོའི་སྦྱིན་པའི་རྒྱ། །ཨོཾ་སུ་ར་ཏ་བནྡྷ་ཧཱུཾ། འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ཨོཾ་བསྒྲེང་རྩེ་མོར་འཁོར་ལོ་འབར། །ཟླ་བརྟུལ་འབྲུ་སྦས་དྲིལ་གསིལ་ཞིང་། །འཁྲིལ་བའི་ཚུལ་དུ་ཆོས་ལ་བརྟེན། །ཨོཾ་ཛི་ན་ཛིཀ །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ལཱཾ་བསྒྲེང་རྩེ་མོར་དྲིལ་གསིལ་ཞིང་། །ཉི་མ་འབྲུ་ལྔ་ལས་སུ་འཁྲིལ། །བཏུད་དེ་འཛུམ་པའི་མདངས་ཀྱིས་བལྟ། །ལཱཾ་དྭེ་ཥ་ར་ཏི། འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ཧཱུཾ་བསྒྲེང་རྩེ་མོར་རྡོ་རྗེ་འབར། །ཟླ་བརྟུལ་འབྲུ་སྦས་དྲིལ་གསིལ་ཞིང་། །འཁྲིལ་བའི་ཚུལ་གྱིས་ཆོས་ལ་བརྟེན། །ཧཱུཾ་བཛྲ་དྷྲྀཀ །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །མཱུཾ་བསྒྲེང་རྩེ་མོར་དྲིལ་གསིལ་ཞིང་། །ཉི་མ་འབྲུ་ལྔ་ལས་སུ་འཁྲིལ། །བཏུད་དེ་འཛུམ་པའི་མདངས་ཀྱིས་བལྟ། །མཱུཾ་དྷཱ་ཏྭཱི་ཤྭ་རི། འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །སྭཱ་བསྒྲེང་རྩེ་མོར་རིན་པོ་ཆེ། །ཟླ་བརྟུལ་འབྲུ་སྦས་དྲིལ་གསིལ་ཞིང་། །འཁྲིལ་བའི་ཚུལ་གྱིས་ཆོས་ལ་བརྟེན། །སྭཱ་རཏྣ་དྷྲྀཀ །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ཉི་མ་འབྲུ་ལྔ་ལས་སུ་འཁྲིལ། །བཏུད་དེ་འཛུམ་པའི་མདངས་ཀྱིས་བལྟ། །མཱཾ་མོ་ཧ་ར་ཏི། འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ཨོཾ་བསྒྲེང་རྩེ་མོར་པདྨ་འབར། །ཟླ་བརྟུལ་འབྲུ་སྦས་དྲིལ་གསིལ་


DNG012_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་། །བཏུད་དེ་འཛུམ་པའི་མདངས་ཀྱིས་བལྟ། །ཨཾ་ཨཱ་རོ་ལིཀ །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །བྞུ་བསྒྲེང་རྩེ་མོར་དྲིལ་གསིལ་འབར། །ཉི་མ་འབྲུ་ལྔ་ལས་སུ་འཁྲིལ། །བཏུད་དེ་འཛུམ་པའི་མདངས་ཀྱིས་བལྟ། ། བྞུ ་རཱ་ག་ར་ཏི། འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ཧཱ་བསྒྲེང་རྩེ་མོར་རལ་གྲི་འབར། །ཟླ་བརྟུལ་འབྲུ་སྦས་དྲིལ་གསིལ་ཞིང་། །འཁྲིལ་བའི་ཚུལ་གྱིས་ཆོས་ལ་བརྟེན། །ཧཱ་པྲཛྙཱ་དྷྲྀཀ །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ཏཱཾ་བསྒྲེང་རྩེ་མོར་དྲིལ་གསིལ་འབར། །ཉི་མ་འབྲུ་ལྔ་ལས་སུ་འཁྲིལ། །བཏུད་དེ་འཛུམ་པའི་མདངས་ཀྱིས་བལྟ། །ཏཱཾ་བཛྲ་ར་ཏི། ཀུན་བཟང་མཉམ་གཞག་ཡེ་ཤེས་འཕྲོ། །ཡུམ་གྱུར་མཉམ་རྫོགས་དཔའ་མོའི་དཀྱིལ། །ཡང་ན་རྡོ་རྗེ་ཐལ་མོ་ཉིད། །ཡང་ན་དེ་བཞིན་གཤེགས་པ་ཉིད། །ཧཱུཾ་ཧཱུཾ་ཧཱུཾ། བཛྲ་ཙིཏྟ་ཧཱུཾ། ཨ་ཨ་ཨ་བཛྲ་བྷ་དྲ་ས་མནྟ་ཨ། པི་ཝང་སྡེབ་པ་ལྟར་བྱེད་པ། །ལྷ་ཡི་ཐུབ་པའི་ཕྱག་རྒྱ་ཡིན། །ཨོཾ་མུ་ནི་ཀྲིཾ་སྭཱ་ཧཱ། གོ་ཆ་འཛིན་པ་ལྟར་བྱེད་པ། །ལྷ་མིན་ཐུབ་པའི་ཕྱག་རྒྱ་ཡིན། །ཨོཾ་མུ་ནེ་ཧཱུཾ་ཏྲུཾ་སྭཱ་ཧཱ། གསེག་པར་འཛིན་པ་ལྟར་བྱེད་པ། །མི་ཡི་ཐུབ་པའི་ཕྱག་རྒྱ་ཡིན། །ཨོཾ་མུ་ནེ་སྲུཾ་སྭཱ་ཧཱ། པུ་ཏི་ཆོས་འཆད་ཕྱག་རྒྱ་ནི། །བྱོལ་སོང་ཐུབ་པའི་ཕྱག་རྒྱ་ཡིན། །ཨོཾ་མུ་ནེ་བྲཾ་སྭཱ་ཧཱ། རིན་ཆེན་སྒྲོམ་བུ་ཁ་འབྱེད་ནི། །ཡི་དྭགས་ཐུབ་པའི་ཕྱག་རྒྱ་ཡིན། །ཨོཾ་མུ་ནེ་ཀྵཾ་སྭཱ་ཧཱ། མེ་འབར་ཆུ་བླུག་ལག་གཉིས་ནི། །དམྱལ་བའི་ཐུབ་པའི་ཕྱག་རྒྱ་ཡིན། །ཨོཾ་མུ་ནེ་ཡེ་སྭཱ་ཧཱ།ས་སྙིང་རིན་ཆེན་མྱུ་གུ་འབར། །གཟུགས་ནི་སྒེག་མོ་མེ་ལོང་འཛིན། །ཀྵྀ་ཧི་རཱ་ཛ་ཡ། ཧཱུཾ་ལཱ་སྱེ་ས་མ་ཡ་སྟྭཾ། ནམ་མཁའི་སྙིང་པོ་རལ་གྲི་འཛིན། །དྲི་ནི་རིན་ཆེན་ཕྲེང་བ་མ། །ཏྲཱཾ་ཨཱ་གརྦྷཱ་ཡ། ཏྲཾ་མཱ་ལྱེ་ས་མ་ཡ་སྟྭཾ། སྤྱན་རས་གཟིགས་དབང་པདྨ་དཀར། །རོ་ནི་པི་ཝང་གླུ་ལེན་མ། །ཧྲཱྀཿཔདྨ་པ་དམ། ཧྲཱྀཿགཱི་ཏི་རཱ་གོ྅ཧཾ། ཕྱག་ན་རྡོ་རྗེ་རྡོ་རྗེ་འཛིན། །སྒྲ་ནི་ཕྱག་ན་གར་བྱེད་མ། །ཛིཾ་ཀུ་རུ་པནྣ་ཧྲཱྀཿ། ཨ་ནྲྀ་ཏི་རཱ་ག་ཡཱ་མི། བྱམས་པ་ཕྱག་ན་ཀླུ་ཤིང་འཛིན། །འདས་པ་དཔྱིད་ནི་སྤོས་མེ་མ། །མཻ་དྷ་ར་ཎེ་སྭཱ་ཧཱ། ཛ་དྷཱུ་པ་པྲ་བེ་ཤ །སྒྲིབ་སེལ་ཆོས་ཀྱི་འཁོར་ལོ་དང་། །ད་ལྟ་དབྱངས་ནི་མེ་ཏོག་མ། །ཨོཾ་ནིསྶ་རཾ་བྷ་ཡ་སྭཱ་ཧཱ། ཧཱུཾ་པུཥྤ་ཨཱ་


DNG012_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

བེ་ཤ །ཀུན་བཟང་རིན་ཆེན་སྙེ་མ་འཛིན། །འབྱུང་བ་སྟོན་ཏེ་མར་མེ་མ། །ཧཱུཾ་ས་རཱ་ཛཱ་ཡ། བཾ་དཱི་པ་སུ་གཱི་རི། འཇམ་དཔལ་ཕྱག་ན་ཨུཏྤ་ལ། །མ་འོངས་དགུན་ནི་དྲི་ཆབ་མ། །མུཾ་ཤྲཱིཿཨཾ་རཱ་གཱ་ཡ། ཧོ་གནྡྷེ་ཙིཏྟ་ཧོ། གཤིན་རྗེ་མི་མགོའི་དབྱུག་པ་འཕྱར། །འགུགས་བྱེད་ལྕགས་ཀྱུ་ཕྱག་ན་འཛིན། །ཧཱུཾ་ཡ་མཱན་ཏ་ཀྲྀཏ་ཕཊ། ཨོཾ་བཛྲ་དྷ་ར་མ་ཧཱ་ཀྲོ་དྷཱི་ཤྭ་རི་ཛྭ་ལ་ནི་ཧཱུཾ་ཕཊ། རྣམ་པར་རྒྱལ་བ་རྡོ་རྗེ་གནོན། །འཆིང་མཛད་ཕྱག་ན་ཞགས་པ་བསྣམས། །ཧཱུཾ་བིགྷྣཱཾ་ཏ་ཀྲྀཏ་ཕཊ།ཨོཾ་མ་ཧཱ་རཏྣ་དྷ་ར་མ་ཧཱ་ཀྲོ་དྷཱི་ཤྭ་རི་ཛྭ་ལ་ནི་ཧཱུཾ་ཕཊ། རྟ་མགྲིན་ཕྱག་ན་ཐོད་སྦྲུལ་གནོན། །སྡོམ་བྱེད་ཕྱག་ན་ལྕགས་སྒྲོག་བསྣམས། །ཧཱུཾ་པདྨཱནྟ་ཀྲྀཏ་ཕཊ། ཨོཾ་མ་ཧཱ་པདྨ་དྷ་ར་མ་ཧཱ་ཀྲོ་དྷཱི་ཤྭ་རི་ཛྭ་ལ་ནི་ཧཱུཾ་ཕཊ། བདུད་རྩི་འཁྱིལ་པ་རྒྱ་གྲམ་བསྣམས། །དགྱེས་མཛད་མ་ནི་དྲིལ་བུ་འཁྲོལ། །ཨོཾ་པྲཛྙཱནྟེ་ཀྲྀཏ་ཕཊ། ཨོཾ་མ་ཧཱ་ཀརྨ་དྷ་ར་མ་ཧཱ་ཀྲོ་དྷཱི་ཤྭ་རི་ཛྭ་ལ་ནི་ཧཱུཾ་ཕཊ། ཕྱག་རྒྱའི་མཆོད་པ་སྣ་ཚོགས་ཀྱིས། །དཀྱིལ་འཁོར་ཐུགས་དམ་བསྐང་གྱུར་ཅིག །རྒྱལ་སྲས་མཆོད་པས་མཉེས་གྱུར་ནས། །མཐར་ཕྱིན་དངོས་གྲུབ་སྩལ་དུ་གསོལ། །ཨོཾ་བཻ་རོ་ཙ་ན་ཨོཾ། ཨོཾ་བཛྲ་ཨཀྵོ་བྷྱཿཧཱུཾ། ཨོཾ་རཏྣ་སཾ་བྷ་ཝ་ཏྲཱཾ། ཨོཾ་ཨ་མི་ཏཱ་བྷ་ཧྲཱྀཿ། ཨོཾ་ཨ་མོ་གྷ་སིདྡྷི་ཧཱ།རྡོ་རྗེ་ཁུ་ཚུར་བཅངས་པ་ནི། །སངས་རྒྱས་རྣམས་ཀྱི་ཡེ་ཤེས་འཇུག །མི་གཡོ་བ་ཡི་རྒྱ་བཅིངས་པས། །ཡིད་ནི་གཡོ་བ་མེད་པར་གནས། །རིན་ཆེན་འབྱུང་བའི་རྒྱ་བཅིངས་པས། །གཞན་ལ་ཕན་པ་བྱེད་པར་འགྱུར། །དམ་ཆོས་ཕྱག་རྒྱ་མྱུར་བ་ནི། །ཆོས་ཀྱི་དབྱིངས་འཁོར་རབ་ཏུ་བསྐོར། །མི་འཇིགས་མཆོག་གི་ཕྱག་རྒྱ་ནི། །སེམས་ཅན་ཀུན་ལ་མི་འཇིགས་སྦྱིན། །ལས་ཀྱི་ཕྱག་རྒྱ་འདི་རྣམས་ཀྱིས། །ཇི་ལྟར་འདོད་པར་རྣམ་སྤྲུལ་ནས། །མ་ལུས་ལུས་པ་མེད་པར་འགྲུབ། །དེ་ནས་སེམས་དཔའ་བཅུ་དྲུག་གི། །ལས་ཀྱི་ཕྱག་རྒྱས་ལས་རྣམས་བཞུགས། །བཛྲ་སཏྭ་ཧཱུཾ། བཛྲ་རཱ་ཛ་ཧཱུཾ། བཛྲ་རཱ་ག་ཧཱུཾ། བཛྲ་སཱ་དྷུ་ཧཱུཾ། ཤིན་ཏུ་འབིགས་པས་རྡོ་རྗེའོ། །མཆོག་ཏུ་སྦྱོར་བས་ལྕགས་ཀྱུའོ། །ཕྲ་མོར་འབིགས་པས་མདའ་ཡིན་ཏེ། །མགུ་བས་དགེས་


DNG012_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་པའོ། །ཨོཾ་བཛྲ་རཏྣ་ཏྲཱཾ། ཨོཾ་བཛྲ་སཱུརྱ་ཏྲཱཾ། བཛྲ་ཀེ་ཏུ་ཏྲཱཾ། བཛྲ་ཧ་ས་ཧ། སྒྲུབ་པ་རིན་པོ་ཆེར་བཤད་དེ། །ཉི་མ་གཟི་བརྗིད་ཅེས་སུ་བརྗོད། །བསྒྲེང་བས་རྒྱལ་མཚན་ཆེར་བསྟན་ཏེ། །བཞད་པས་བཞད་པ་ཞེས་སུ་གྲགས། །ཨོཾ་བཛྲ་དྷརྨ་ཧྲཱྀཿ། བཛྲ་ཏཱིཀྵྞ་ཧྲཱྀཿ། ཧེ་ཏུ་ཡིན་ནམ། བཛྲ་ཙཀྲ་ཧྲཱྀཿ། བཛྲ་བྷཱ་ཥ་ཧྲཱྀཿ། འདོད་ཆགས་དག་པས་པདྨོ་སྟེ། །ཉོན་མོངས་དགྲ་གཅོད་རལ་གྲིའོ། །དཀྱིལ་འཁོར་ཚོལ་དུ་འཁོར་ལོ་སྟེ། །ཚིག་ཏུ་བརྗོད་པས་སྨྲ་ཞེས་བྱའོ། །ཨོཾ་བཛྲ་ཀརྨ་ཧཱ། བཛྲ་རཀྵ་ཧཱ། བཛྲ་ཡཀྵ་ཧཱ། བཛྲ་སན་དྷི་ཧཱ། སྣ་ཚོགས་ཐམས་ཅད་རྡོ་རྗེའི་ཕྱིར། །མི་ཚུགས་བསྲུང་བས་གོ་ཆའོ། །འཇིགས་པར་སྦྱོར་བས་མཆེ་བ་སྟེ། །བཅིངས་པའི་ཚུལ་གྱིས་ཁུ་ཚུར་རོ། །དེ་ནས་དམ་ཚིག་ཕྱག་རྒྱ་ཡིས། །དངོས་གྲུབ་མ་ཐོབ་བར་དུ་ནི། །ལས་མ་གྲུབ་ཀྱི་བར་དག་ཏུ། །བརྟན་པར་བཞུགས་སུ་གསོལ་བ་ནི། །བདེ་ཆེན་དབྱིངས་ནས་རྒྱལ་བའི་སྐུར་བཞེངས་ཤིང་། །ཐུགས་བརྩེར་ལྡན་པའི་ཡེ་ཤེས་གདུང་བ་ཡིས། །བྱམས་པའི་ཞལ་བཟང་བདག་ལ་བསྟན་པ་དང་། །མ་བསྒྲིབས་སྤྱན་གྱིས་བདག་ལ་གཟིགས་སུ་གསོལ། །རྩེ་གཅིག་འདུད་པའི་རྡོ་རྗེ་ལྕམ་དྲལ་ལ། །ཀུན་ནས་བྱིན་གྱིས་རློབ་ཅིང་སྐྱོབ་པ་དང་། །མི་གཉིས་དོན་ཀུན་དངོས་གྲུབ་མཆོག་རྣམས་ཀུན། །བདག་ལ་སྩལ་ཅིང་བརྟན་པར་བཞུགས་སུ་གསོལ། །ཨོཾ་ཨཱཿཧཱུཾ་སྭཱ་ཧཱཿས་མ་ཡ་སྟྭཾ་ས་མ་ཡ་ཧོ། ས་མ་ཡ་ཧཱུཾ། ཏིཥྛ་བཛྲ། བསྡུས་ནས་མཉམ་སྦྱར་གཞུག་པ་ནི། །ཡེ་ཤེས་འཁོར་ལོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། །དེ་ཉིད་དུ་ནི་མཉམ་སྦྱར་བའི། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ཨོཾ་ཙཀྲ་ས་མ་ཡ་ཨོཾ།གསུང་ཐུགས་ཡོན་ཏན་ཕྲིན་ལས་བཞི། །འཁོར་ལོའི་ཚུལ་མཆོག་བཞིན་དུ་སྦྱར། །ལྷ་རྣམས་ཀུན་གྱི་ཏིང་འཛིན་ནི། །རང་གི་སྙིང་གར་བརྟན་པར་བཞག །ལས་དང་དམ་ཚིག་ཕྱག་རྒྱ་ཡིས། །འཁོར་ཚོགས་ཡན་ཆད་མ་རྫོགས་ན། །གཙོ་བོ་རིགས་ལྔ་དག་ལ་འདུས། །དེ་ནས་ཕྱག་གི་ཕྱག་རྒྱ་ཡིས། །རིགས་ལྔ་སོ་སོར་ཕྱག་རྒྱར་གསུངས། །མ་སྐྱེས་རྡོ་རྗེ་ཐབས་ཀྱི་ཡེ་ཤེས་ནི། །དམིགས་མེད་ཤེས་རབ་ཡུམ་གྱི་ངང་དུ་གསལ། །ཐུགས་རྗེའི་བྱེ་བྲག་སྣ་ཚོགས་ཅིར་ཡང་


DNG012_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན། །རྡོ་རྗེ་སེམས་དཔའ་ཆེ་ལ་ཕྱག་འཚལ་ལོ། །ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ། །དམིགས་མེད་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ། །ཅིར་ཡང་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །ཁམས་གསུམ་ཞིང་དུ་སྦྱོར་ལ་ཕྱག་འཚལ་ལོ། །མཛེས་མའི་སྐུ་མཆོག་འགྲོ་བ་སྒྲོལ་ལ་མཁས། །ངོ་མཚར་ཕོ་བྲང་བདེ་བར་གཤེགས་པའི་ཡུམ། །ཤེས་རབ་ཐབས་ཀྱི་གཙོ་ལ་མཉེས་མཛད་མ། །རིགས་ཀྱི་ཡུམ་མཆོག་རྣམས་ལ་ཕྱག་འཚལ་ལོ། །ཐབས་མཁས་ཐུགས་རྗེས་ཡེ་ཤེས་སྤྲུལ་པའི་སྐུ། །རང་རྒྱུད་རྣལ་འབྱོར་དག་པས་གྲུབ་པའི་ས་བརྙེས་མ། །ཐུགས་རྗེ་ཆེན་པོས་འགྲོ་བའི་དོན་མཛད་པའི། །སེམས་དཔའ་སེམས་མ་རྣམས་ལ་ཕྱག་འཚལ་ལོ། །བྱམས་དང་སྙིང་རྗེ་དགའ་དང་བཏང་སྙོམས་ཀྱིས། །ཉོན་མོངས་ལོག་པར་ལྟ་བའི་དགྲ་རྣམས་འཇོམས། །གཤིན་རྗེ་གཤེད་པོ་ལ་སོགས་ཁྲོ་བོ་བཞི། །སྒོ་བ་ཡབ་ཡུམ་རྣམས་ལ་ཕྱག་འཚལ་ལོ། །ཨ་ཏི་བུ་ཧོ། པྲ་ཏཱིཙྪ་ཧོ། ཨ་ལ་ལ་ཧོ། དེ་ནས་རིགས་ལྔ་བསྡུས་ཕྱག་འཚལ། །རྡོ་རྗེ་སེམས་ལ་ཕྱག་འཚལ་ནི། །མི་བསྐྱོད་པ་ནི་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ཀྱི་མཚོན་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །གསང་བ་གསུམ་ལ་ཕྱག་འཚལ་ལོ། །རྣམ་པར་སྣང་མཛད་ཕྱག་འཚལ་ནི། །རྣམ་པར་སྣང་མཛད་དག་ཆེན་པོ། །རྡོ་རྗེ་ཞི་བ་དགེས་པ་ཆེ། །རང་བཞིན་གྱིས་ནི་འོད་གསལ་མཆོག །རྡོ་རྗེའི་སྟོན་ལ་ཕྱག་འཚལ་ལོ། །རིན་ཆེན་འབྱུང་ལྡན་ཕྱག་འཚལ་ནི། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མ་མེད། །དངོས་གཉིས་དག་པས་དྲི་མ་མེད། །གསང་བ་གསུམ་ལ་ཕྱག་འཚལ་ལོ། །རྡོ་རྗེ་ཆོས་ལ་ཕྱག་འཚལ་ནི། །རྒྱལ་ཆེན་རྡོ་རྗེ་སྣང་མཐའ་ཡས། །རྣམ་པར་མི་རྟོག་རྡོ་རྗེའི་མཁའ། །


DNG012_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཆགས་ཕ་རོལ་ཕྱིན་བརྙེས་པའི། །རྡོ་རྗེའི་གསུང་ལ་ཕྱག་འཚལ་ལོ། །ལས་ཀྱི་རིགས་ལ་ཕྱག་འཚལ་ནི། །རྡོ་རྗེ་དོན་གྲུབ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་ཡོངས་རྫོགས་པ། །རང་བཞིན་དག་པ་ཉིད་ལས་བྱུང་། །རྡོ་རྗེ་སེམས་ལ་ཕྱག་འཚལ་ལོ། །བྱང་ཆུབ་མཆོག་དང་ས་གནོན་དང་། །སྦྱིན་གཏོང་མཉམ་གཞག་མཆོག་སྦྱིན་གྱི། །ཕྱག་རྒྱ་ལྔ་ནི་རབ་བཅས་ནས། །ཏིང་འཛིན་ཕྱག་རྒྱ་སྔགས་ཚིག་ལྡན། །ཨ་ཏི་པུ་ཧོ། ཏ་ཐཱ་བནྡ་ནངྈ་རོ་ཡ་མི། མ་ཧཱ་ཡཱོ་གི་པ་ཏི་ཨ་ལ་ལ་ཧོ། དེ་ནས་ལྷ་མོ་གར་ཚོགས་ནི། །སྟངས་ཚུལ་གར་སྔགས་ཚིགས་བཅད་སྦྱར། །ཨོཾ་སུ་ར་ཏ་མ་ཧཱ་ཨངྐུ་ཤ་སུ་ཁེ་ཛཿ། ཨོཾ་སུ་ར་ཏ་མ་ཧཱ་པཱ་ཤ་སུ་ཁེ་ཧཱུཾ། ཨོཾ་སུ་ར་ཏ་མ་ཧཱ་སྥོ་ཊ་སུ་ཁེ་བཾ། ཨོཾ་སུ་ར་ཏ་མ་ཧཱ་གྷཎྜཱ་སུ་ཁེ་ཧོཿ། རྡོ་རྗེ་ལྕགས་ཀྱུ་མཁའ་དབྱིངས་སྐུལ་བྱེད་ཐུགས་རྗེའི་ངང་། །བྱམས་པའི་ཞགས་པས་འགྲོ་དོན་ལས་ལ་གཞུག །དགའ་བའི་ལྕགས་སྒྲོག་འཁོར་བར་ཇི་སྲིད་བརྟན། །སོ་སོར་ཆོས་སྟོན་བཏང་སྙོམས་དྲིལ་བུའི་ངང་། །ཨོཾ་སུ་ར་ཏ་བཛྲ་མ་ནོ ་ཝ་ཧོ། ཨོཾ་སུ་ར་ཏ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཨོཾ་སུ་ར་ཏ་བཛྲ་མི་ཏྲི་ཧྲི། ཨོཾ་སུ་ར་བཛྲ་གརྦྷེ་ཧཱུཾ། ཡུལ་མེད་སེམས་རྟོགས་མོས་བྱེད་དམ་ཚིག་གམ། །བདག་ལྟར་མ་སྐྱེས་གསོད་བྱེད་ཕྱག་རྒྱའི་སྐུ། །སྒྲིབ་གཉིས་རྨོངས་བྱེད་ཆོས་ཀྱི་ཕྱག་རྒྱ་མ། །བྱེད་པ་གར་ཚུལ་སྤྲུལ་པ་མྱོང་བྱེད་ལས། །ཧཱུཾ་ལཱ་སྱེ་ས་མ་ཡ་སྟྭཾ། ཏྲཾ་མཱ་ལེ་ས་མ་ཡ་ཧོ། ཧྲཱྀཿགཱི་ཏཱི་རཱ་གོ྅ཧཾ། ཨཾ་ནིརྟི་རཱ་ག་ཡཱ་མི། ཤིན་ཏུ་སྒེག་པས་གཟི་བརྗིད་འབར། །ཡིད་བཞིན་རིན་ཆེན་ཕྲེང་བ་འབར། །དབྱངས་སྙན་ཡིད་འཕྲོག་གཟི་ལྡན་འབར། །གཟུགས་མཛེས་བསྐྱོད་པས་ཕྱོགས་བཅུར་གཡོ། །ཛཿདྷཱུ་པེ་པྲ་བེ་ཤ །ཧཱུཾ་པུཥ྇་ཨཱ་བེ་ཤ །པཾ་དཱི་པ་སུ་གི་རཱི། ཧོ་གན་དྷི་ཙིཏྟ། ཀུན་ཏུ་ཚིམས་བྱེད་བྲོ་བསྲུང་ཚིམས། །བལྟ་མཛེས་རིན་ཆེན་ཕུང་པོར་འཕྲོ། །འོད་གསལ་འཕྲོས་པས་ཀུན་ཏུ་གསལ། །བདུད་རྩི་བསིལ་དྲོ་འཇམ་པའི་དབྱངས། །དེ་ནས་བསྟོད་པའི་མཆོད་པ་ནི། །གླུ་ཡི་ཡེ་ཤེས་རྒྱན་འདིས་མཆོད། །བདེ་བ་ལས་འཁྲུངས་རྡོ་རྗེ་འཆང་། །དངོས་མེད་འབྱུང་གནས་ཆེན་པོར་མཁྱེན། །གང་དུ་དང་པོ་རྣམ་པར་


DNG012_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་མཛད་ནི། །དྲི་མེད་བློ་ཡིས་ཨོཾ་དུ་སྤྲུལ། །གཟུགས་མང་ཚུལ་གྱི་ཕྲེང་བས་བསྐོར་བ་ནི། །སྒྱུ་འཕྲུལ་དྲ་བ་ཁྱེད་ལ་ཕྱག་འཚལ་ལོ། །གཟུགས་བརྙན་ཡི་གེ་ཀུན་ལ་ཁྱབ་པ་ཡིས། །སྤྲོས་མེད་གསུང་དུ་འཇིག་རྟེན་དབང་ཕྱུག་བཞུགས། །མི་གསུང་ལྷ་མོ་དམ་བཅས་འདུལ་མཛད་པ། ། སྒྱུ་འཕྲུལ་ཚུལ་ཡང་ལྡན་པ་འགའ་མ་མཆིས་ཀྱང་འཇུག་རྫུ་འཕྲུལ་ཚུལ་མང་དགའ་ལྡན་དགའ་མ་མཆིས། །གང་དུ་བདེ་ཆེན་རང་བཞིན་རྗེས་ཆགས་པ། །ན་ཆུང་དག་དང་ལྷན་ཅིག་རྗེས་ཆགས་ཞུགས། །གཡས་ཀྱི་ཕྱག་གིས་རྡོ་རྗེ་གསོར་ནས་ཀྱང་། །གཡོན་གྱི་ཕྱག་གིས་དྲིལ་བུའི་སྒྲ་སྙན་འཁྲོལ། །ལྷ་མོ་མཐའ་དག་བཙུན་མོར་གྱུར་པ་ཡིས། །དམ་ཚིག་རྣམས་ཀྱི་བྱ་བ་བྱས་པར་འགྱུར། །གཅིག་གི་ལག་པས་ཀུན་ལ་འཇུས་པ་སྟེ། །གཉིས་པ་རྗེས་སུ་ཆགས་ཤིང་བདེ་བའི་མཐུ། །གསུམ་པ་མི་ཟད་རིན་ཆེན་ཕྲེང་བ་འཐོར། །བཞི་པ་བདེ་བའི་མཐའ་ཡིས་འཕེན་པ་དེ། །གང་ཞིག་གླུ་ནི་ལེན་པར་བྱེད་པ་དག །རྡོ་རྗེ་བདེ་བ་ཅན་དང་མཉམ་པར་འགྱུར། །ཏིང་ངེ་འཛིན་གྱི་དྲོད་ཉུལ་བས། །རྣལ་འབྱོར་ཏིང་འཛིན་བསྒོམ་མི་བསྒོམ། །ཉུལ་བས་གསལ་ཞིང་བཀྲ་བར་བྱ། །མི་ལྡན་ཞེས་པས་བསམ་ཡས་མཆོད། །རྒྱུད་ཀྱི་རྒྱལ་པོ་ཀར་མ་མཱ་ལེ་ལས། གསལ་བཀྲའི་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་ཞེ་སྡང་རྡོ་རྗེ་དཀྱིལ་འཁོར་ཐམས་ཅད་ཀྱི་བདག་པོས་ཐིམ་པའི་དཀྱིལ་འཁོར་འདི་གསུངས་སོ། །དེ་ཡང་མཆོད་དང་སྨོན་ལམ་གཉིས། །མཆོད་པའི་ཚོགས་རྣམས་འབུལ་བ་ནི། །ཡོན་ཏན་ལྷ་མོའི་མཆོད་པ་དང་། །ཡན་ལག་ཀུན་འབྱུང་ཏིང་ངེ་འཛིན། །གཞལ་མེད་རྒྱན་རྣམས་ཕུན་སུམ་ཚོགས། །སྤྲིན་བཀོད་ཡོངས་སུ་བསྔོ་བ་དང་། །འཁོར་ལོས་སྒྱུར་རྒྱལ་རྒྱལ་སྲིད་དང་། །སྐུ་གསུང་ཐུགས་ཡོན་ཕྱག་རྒྱ་བཞི། །ཉོན་མོངས་ལྔ་ཡི་མཆོད་པ་དང་། །ཕྱག་རྒྱ་དྲུག་ལས་འདོད་ཡོན་ལྔ། །ནན་ཏན་སྦྱོར་བའི་མཆོད་པ་དང་། །ཐབས་དང་ཤེས་རབ་གསང་བ་དང་། །བདུད་རྩི་སྨན་གྱི་མཆོད་པ་དང་། །ཕུང་པོ་ལྔ་ཡི་མཆོད་པ་དང་། །ལུས་ལ་སྨན་ལྔའི་མཆོད་པ་དང་། །དབང་པོ་རེག་བྱའི་མཆོད་པ་དང་། །ཀུན་


DNG012_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བཟང་པོའི་མཆོད་པ་དང་། །བསྟོད་པ་གླུ་ཡི་མཆོད་པ་དང་། །རྣམ་པར་མི་རྟོག་དོན་གྱི་མཆོད། །བཅུ་བདུན་ཕྱིར་བསྡུས་དབུལ་བ་ནི། །ཕྱག་རྒྱ་བཞི་ནི་ཤེས་པར་བྱ། །ཡོན་ཏན་ལྷ་མོའི་མཆོད་པ་ནི། །སྤོས་ཀྱི་སྤྲིན་ལྡིང་བདུག་པ་མོ། །རྒྱལ་བའི་དཀྱིལ་འཁོར་བདུག་པས་འགེངས། །བྱམས་པའི་ཐབས་དང་ཤེས་རབ་ལ། །བཛྲ་དྷཱུ་པེ་མཆོད་པར་རོལ། །ཨོཾ་བཛྲ་དྷཱུ་པེ་དྷཱུ། ཨུཏྤལ་མཐིང་ག་མེ་ཏོག་འཐོར། །ཟླ་གམ་རིན་ཆེན་འཕྲོ་འདུར་གསལ། །སྙིང་རྗེའི་ཐབས་དང་ཤེས་རབ་ལ། །བཛྲ་པུཥ྇་མཆོད་པར་རོལ། །ཨོཾ་པུཥ྇་པུ། དབང་གི་ཕྱག་ན་སྒྲོན་མེ་བསྣམས། །ཆོས་ཀྱི་རྒྱལ་མཚན་འབར་བ་འཛིན། །དགའ་བའི་ཐབས་དང་ཤེས་རབ་ལ། །བཛྲ་ཨཱ་ལོ་ཀེ་མཆོད་པར་རོལ། །ཨོཾ་བཛྲ་ཨཱ་ལོ་ཀེ་ཧྲཱྀཿ། ཙནྡན་བདུད་རྩིའི་ཆར་འབེབས་མ། །དཀྱིལ་འཁོར་གསང་བའི་ཐིག་ལེར་དབེན། །བཏང་སྙོམས་ཐབས་དང་ཤེས་རབ་ལ། །བཛྲ་གནྡྷེའི་མཆོད་པར་རོལ། །བཛྲ་གནྡྷེ་ག་ན། ཕྱི་ཡི་མཆོད་པའི་རྣམ་པ་ནི། །ཚད་མེད་བཞི་དང་རྣམ་པར་སྦྱོར། །སྟབས་དང་གར་བྱེད་གླུ་དབྱངས་ལེན། །དཀྱིལ་འཁོར་ཀུན་ལ་མཆོད་པར་འབུལ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་དྷཱུ་པེ་པུཥ྇་ཨཱ་ལོ་ཀེ་གནྡྷེ་པུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། སྡུག་པ་སྒེག་མོ་རྡོ་རྗེའི་སྤྱན། །སེམས་དཔའ་སྔོན་མོའི་ཡེ་ཤེས་འབེབས། །མེ་ལོང་ལྟ་བུའི་ཡེ་ཤེས་ལ། །བཛྲ་ལཱ་སྱེ་མཆོད་པར་རོལ། །ཨོཾ་བཛྲ་ལཱ་སྱེ་ཧཱུཾ། ཡིད་བཞིན་རིན་ཆེན་གཙུག་ཕྲེང་མ། །འཇམ་དཔལ་རྣོན་པོའི་དངོས་གྲུབ་འཛིན། །བཛྲ་མཱ་ལེ་མཆོད་པར་རོལ། །ཨོཾ་བཛྲ་མཱ་ལེ་ཏྲཱཾ། པདྨ་དབྱངས་མཁན་རྨ་བྱའི་མགྲིན། །སྤྱན་རས་གཟིགས་དབང་དངོས་གྲུབ་འཛིན། །སོ་སོར་རྟོག་པའི་ཡེ་ཤེས་ལ། །བཛྲ་གཱི་ཏཱིའི་མཆོད་པར་རོལ། །ཨོཾ་བཛྲ་གཱི་ཏཱི་ཧྲཱྀཿ། གར་མཁན་འགྱིང་བ་གཟི་ལྡན་མ། །ལས་ཀྱི་འཁོར་ལོ་རྣམ་པར་འཇོམས། །བྱ་བ་ནན་ཏན་ཡེ་ཤེས་ལ། །བཛྲ་ནཱིརྟི་མཆོད་པར་རོལ། །བཛྲ་ནཱིརྟི་ཨ། ནང་གི་མཆོད་པ་དམ་པ་ནི། །ཡེ་ཤེས་བཞི་དང་མཉམ་པར་སྦྱོར། །རྐང་སྟབས་ལག་གར་གླུ་དབྱངས་ལེན། །དཀྱིལ་འཁོར་ལྷ་ལ་མཆོད་པར་


DNG012_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ལཱ་སྱེ་གཱི་ཏཱི་ནིརྟི་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཡན་ལག་ཀུན་འབྱུང་བདུད་རྩི་ནི། །མཆོད་པའི་ཕྱག་རྒྱ་ཆེན་པོ་ནི། །སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་ཀྱིས། །ཕྱོགས་བཅུ་ཐམས་ཅད་སངས་རྒྱས་ཞིང་། །མཉེན་འཇམ་རེག་ན་བདེ་བ་ཡི། །སྣ་ཚོགས་རིན་པོ་ཆེ་ཡི་གཞི། །མཛེས་པར་བྲིས་ཤིང་སྤྲས་པ་དང་། །ཀུན་འབྱུང་རིན་ཆེན་ཕུང་པོར་འབར། །ཏྲཱཾ།དབྱིབས་ལེགས་རྫིང་བུ་རོ་མཆོག་བསིལ། །ཁཾ། བྷྲཱུཾ་རིན་ཆེན་ཁང་པ་སྣ་ཚོགས་དང་། །རྒྱན་དང་དཔག་བསམ་ལྗོན་པའི་ཚལ། །ཧྲཱྀཿ། གླུ་དབྱངས་ཚིགས་སུ་བཅད་པའི་སྒྲ། །ཏྲཱཾ། བླ་རེ་རྒྱལ་མཚན་ན་བཟའ་གདུགས། །དོ་ཤལ་དཔུང་རྒྱན་སེ་མོ་དོ། །ཨ། བཟའ་དང་བཏུང་བའི་མཆོག་རྣམས་དང་། །རང་ལ་མཛེས་པར་བརྒྱན་པ་ཡི། །ལྷ་དང་ལྷ་མོ་རྡུལ་སྙེད་ཀྱིས། །བྲོ་གར་གླུ་ཚིག་བསམ་ཡས་ཀྱིས། །ཕྱོགས་བཅུ་ནམ་མཁའི་ཁམས་བཀང་ནས། །དཀྱིལ་འཁོར་ཀུན་ལ་རྒྱས་པར་འབུལ། །མ་བྷྲཱུཾ་ཏྲཱཾ་ཧྲཱྀཿཨ། ཨོཾ་ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བྷ་ག་ཝ་ཏེ་བཛྲ་སཱ་ར་པྲ་མ་རྡ་ནེ། ཏ་ཐཱ་ག་ཏཱ་ཡ། ཨཪྷ་ཏེ། སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ།ཨོཾ་བཛྲེ་བཛྲེ། མ་ཧཱ་བཛྲེ། མ་ཧཱ་ཏེ་ཛ་བཛྲེ། མ་ཧཱ་བིདྱཱ་བཛྲེ། མ་ཧཱ་བོ་དྷི་ཙིཏྟ་བཛྲེ། མ་ཧཱ་བོ་དྷི་མཎྜོ་པ་སཾ་ཀྲ་མ་ཎ་བཛྲེ། སརྦ་ཀརྨ་ཨཱ་བ་ར་ན་བི་ཤོ་དྷ་ནི་བཛྲེ་སྭཱ་ཧཱ། གཞལ་མེད་རྒྱན་རྣམས་ཕུན་སུམ་ཚོགས། །ཀུ་རྩི་དང་ནི་གསན་འགག་དང་། །དར་དིར་དང་ནི་སིལ་སྙན་དང་། །ཡོ་བྱད་དང་ནི་ཏིང་འཛིན་དང་། །ལག་སྟོངས་ཕྱག་རྒྱ་མཐུན་པར་བྱ། །ལག་གཉིས་སིལ་སྙན་བརྡུང་བ་དང་། །དུང་དང་གླིང་བུ་འབུད་པ་དང་། །ལག་པ་གཉིས་ནི་རྔ་ཡབ་གཡབ། །བསིལ་ཡབ་ཚུལ་གྱིས་བསིལ་ཡབ་དང་། །ཁུ་ཚུར་གཉིས་ནི་རྒྱལ་མཚན་བྱ། །འབྱོན་ཚུལ་བསྐྱོད་པས་བ་དན་འཕྱང་། །ཚོན་འགྱེ་ཚེ་ན་ལྕུག་ཕྲན་ལྟར། །བསྐྱོད་ཅིང་མཚོན་ཕྱེ་ཕྲེང་བ་འགྱེད། །ལག་གཡོན་སྣོད་ཀྱི་ཚུལ་བྱས་པ། །གཡས་པ་ཡི་ནི་ལྷ་བཤོས་དབུལ། །ལག་པ་བླ་འོག་གཉིས་བཞག་སྟེ། །ཁང་པ་བརྩེགས་པར་བཞུགས་གནས་བྱ། །གོས་ཀྱི་ཚུལ་གྱིས་གོས་རྣམས་དང་། །གདུ་བུ་དོ་ཤལ་དཔུང་རྒྱན་དང་། །རྣ་ཆ་ཁམས་ལྔ་རྣམས་སུ་བཞག །དེ་དག་


DNG012_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

གདུགས་ཀྱི་ཚུལ་བྱས་ལ། །ལྷ་རྫས་གདུགས་ནི་ལེགས་པར་གཟུག །བསམ་གཏན་ཚུལ་གྱི་ལག་པ་དག །ནམ་མཁའ་ལ་ནི་མཛེས་བསྐོར་ཞིང་། །སངས་རྒྱས་ཞིང་རབ་འགེངས་བྱེད་པའི། །བླ་རེ་རྣམ་པ་སྣ་ཚོགས་བྱུང་། །སོར་མོ་གར་གྱི་ཕྲེང་བ་ལས། །བསྐྱོད་པས་རིན་ཆེན་འཕན་རྣམས་གདགས། །གར་གྱི་ཕྲེང་བ་སྣ་ཚོགས་ཀྱིས། །གྲྭར་ནི་པདྨའི་ཕྲེང་བ་བྲི། །ལག་པ་དྲིལ་བུའི་ཚུལ་བྱས་ལ། །དྲིལ་བུ་གཡེར་ཁའི་དྲ་བས་བརྒྱན། །གསང་སྔགས་འདི་ཡི་ཆོ་ག་བཞིན། །རྡོ་རྗེ་དྲིལ་བུ་གསིལ་བ་དང་། །སྒོ་འཕར་དག་ཀྱང་དབྱེ་བར་བྱ། །ཨོཾ་བཛྲ་གྷཎྜ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུཌྜྷ་ཀྵེ་ཏྲ་པྲ་ཙ་ལི་ནི། པྲཛྙཱ་པ་རཱ་མི་ཏཱ་ནཱ་ད་སམྦྷ་ཝེ། བཛྲ་དྷརྨ་ཧྲྀ་ད་ཡ། སནྟོ་ཥ་ནི་ཧཱུཾ། དེ་ལ་སྒོ་འཕར་དབྱེ་བའི་བྱ། །ཕྱག་རྒྱ་མཛུབ་མོས་མདུད་པ་དགྲོལ། །དེ་ནས་མཆོད་པ་ཀུན་འབྱུང་གི། །ཕྱག་རྒྱ་བཅའ་བ་འདི་ལྟ་སྟེ། །གཡོན་གྱི་མཐེབ་མཛུབ་ཁོ་རང་གི། །གཡས་ཀྱི་སྦོམ་པོ་གཞུག་པར་བྱ། །བདག་ཉིད་བྱང་ཆུབ་སེམས་བསྒོམས་ལ། །ཀུན་འབྱུང་མཆོད་པ་སྔགས་འདི་འབུལ། །ཨོཾ་ཨ་ནུཏྟ་ར་སརྦ་པཱུ་ཛ་མེ་གྷ། ཨུདྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཧཱུཾ་སྭཱ་ཧཱ། མཆོད་པ་སྤྲིན་གྱི་ཕྱག་རྒྱ་ནི། །རང་གི་ལག་པ་བླ་ས་འོག །སྤྲིན་ལྟར་བཏང་ངོ་མཆོད་པར་བྱ། །སྤྲིན་བཀོད་ཡོངས་སུ་བསྔོ་བར་བྱའོ། །དེ་ནས་འཁོར་ལོས་སྒྱུར་བ་ཡི། །རྒྱལ་སྲིད་དག་གི་མཆོད་པ་ནི། །ཞིང་འདི་རིན་ཆེན་སྣ་བདུན་གྱིས། །མཁས་པ་རྣམས་ཀྱིས་ཡོངས་བསྐངས་ལ། །དངོས་གྲུབ་འབྲས་བུ་བསྒྲུབ་པའི་ཕྱིར། །ཉིན་རེ་ཤེས་རབ་ཅན་གྱིས་དབུལ། །ཏྲཾ་རཏྣ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། བརྗོད་པས་འཁོར་ལོ་རིན་པོ་ཆེ། །རྟ་མཆོག་གླང་པོ་བཙུན་མོ་དང་། །བློན་པོ་ནོར་བུ་གྲངས་མེད་པས། །བདག་ཉིད་འཁོར་ལོས་སྒྱུར་རྒྱལ་བསྒོམ། །རྒྱལ་སྲིད་ཕངས་པ་མེད་པར་དབུལ། །སྐུ་གསུང་ཐུགས་དང་ཡོན་ཏན་དང་། །ཕྲིན་ལས་ལྔ་ཡི་མཆོད་པ་ནི། །སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱི། །དགེ་དང་སྡིག་པའི་ལས་སྤྱད་པས། །ཐམས་ཅད་སངས་རྒྱས་མཛད་སྤྱོད་དེ། །ལས་


DNG012_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་མཆོད་པར་བཞེས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀརྨ་པཱུ་ཛ་ཧཱུཾ། སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱི། །གཟུགས་ལ་སོགས་པ་འདོད་རྣམས་དང་། །ཆགས་ལས་གྱུར་པའི་བདེ་བ་དེ། །སངས་རྒྱས་རྣམས་ལ་ཕུལ་གྱུར་ནས། །རྡོ་རྗེ་རིན་ཆེན་འདྲ་བར་འགྱུར། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཏ་པཱུ་ཛ་ཧཱུཾ། ནམ་མཁའི་མཐའ་ཀླས་འཇིག་རྟེན་ན། །སྣང་ཞིང་སྲིད་པའི་གཟུགས་རྣམས་ཀུན། །ཕྱག་རྒྱ་སྣ་ཚོགས་དཀྱིལ་འཁོར་ལ། །སྐུ་མཆོག་ཕྱག་རྒྱའི་མཆོད་པར་བཞེས། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་པཱུ་ཛ་ཧཱུཾ། ནམ་མཁའི་མཐའ་ཀླས་འཇིག་རྟེན་ན། །སྒྲར་གྲགས་པ་ནི་ཇི་སྙེད་རྣམས། །ཐམས་ཅད་མ་ལུས་སྔགས་ཀྱི་ཚིག །གསུང་མཆོག་ཆོས་ཀྱི་མཆོད་པར་བཞེས། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱ་ཀ་པཱུ་ཛ་ཧཱུཾ།ནམ་མཁའི་མཐའ་ཀླས་འཇིག་རྟེན་ན། །སེམས་ཅན་རྣམས་ཀྱི་སེམས་རྟོག་རྣམས། །ཏིང་འཛིན་འབུམ་ཕྲག་སྣ་ཚོགས་ལ། །དམིགས་པས་དམ་ཚིག་མཆོད་པར་བཞེས། །ཨོཾ་སརྦ་ཏ་ཐཱ་ག་ཏ་ས་མ་དྷཱི་པཱུ་ཛ་ཧཱུཾ། ཕྱག་རྒྱ་བཞི་དང་མཉམ་སྦྱོར་ན། །ལས་དང་རིན་ཆེན་གཅིག་ཏུ་བསྡུ། །ཉོན་མོངས་ལྔ་ཡི་མཆོད་པ་ནི། །སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱི། །འདོད་ཆགས་སྤྱོད་པའི་ལས་རྣམས་ཀུན། །ཐམས་ཅད་ཡབ་ཡུམ་གཉིས་མེད་སྦྱོར། །སྦྱོར་བའི་མཆོད་པར་བཞེས་སུ་གསོལ། །སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱི། །ཞེ་སྡང་སྤྱོད་པའི་ལས་རྣམས་ཀུན། །རྡོ་རྗེ་རིགས་ཀྱི་མཛད་སྤྱོད་དེ། །སྒྲོལ་བའི་མཆོད་པར་བཞེས་སུ་གསོལ། །སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱི། །གཏི་མུག་སྤྱོད་པའི་ལས་རྣམས་ཀུན། །བདེ་གཤེགས་རིགས་ཀྱི་མཛད་སྤྱོད་དེ། །རྟོག་མེད་མཆོད་པར་བཞེས་སུ་གསོལ། །སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱི། །ང་རྒྱལ་སྤྱོད་པའི་ལས་རྣམས་ཀུན། །རིན་ཆེན་རིགས་ཀྱི་མཛད་སྤྱོད་དེ། །ཏིང་འཛིན་མཆོད་པར་བཞེས་སུ་གསོལ། །སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱི། །ཕྲག་དོག་སྤྱོད་པའི་ལས་རྣམས་ཀུན། །ལས་ཀྱི་རིགས་ཀྱི་མཛད་སྤྱོད་


DNG012_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

དེ། །དམ་ཚིག་མཆོད་པར་བཞེས་སུ་གསོལ། །ཨོཾ་མུ་ནུ་ཧ་ལ་པཉྩ་པཱུ་ཛ་སྭཱ་ཧཱ། དེ་ནས་ཕྱག་རྒྱ་དྲུག་ལས་ནི། །འདོད་ཡོན་ལྔ་རྣམས་དབུལ་བར་བྱ། །མདོ་དང་རྒྱས་དང་བསྡུས་པར་ནི། །རིམ་པ་བཞིན་དུ་དབུལ་བར་བྱ། །ཏིང་འཛིན་བདུག་པ་རྣམ་གྲོལ་མེ་ཏོག་འཕྲོ། །ཤེས་རབ་མར་མེ་དྲི་ཆུ་ཚུལ་ཁྲིམས་དང་། །བདུད་རྩི་མྱ་ངན་འདས་མཆོག་རོ་ཡི་བཅུད། །ཨོཾ་དྷཱུ་པེ་པུཥ྇་ཨཱ་ལོ་ཀེ་གནྡྷེ་ནཻ་ཝི་དྱཱ་ཧཱུཾ། ཆོས་ཉིད་རང་བཞིན་དག་པར་ནི། །དྲི་མའི་མཚན་མ་མི་མངའ་ཡང་། །འཇིག་རྟེན་སྲི་ཞུའི་ཚུལ་གྱིས་སུ། །ཕྱག་དང་ཞབས་ནི་བསིལ་མཛད་ནས། །རྡོ་རྗེའི་གདན་ལ་བཞུགས་སུ་གསོལ། །ཨོཾ་བཛྲ་ཨཱ་ཧ་ར་པཱུ་ཛ་མེ་གྷ་ས་མ་ཡེ་ཧཱུཾ། དེ་ནས་ཨརྒྷཾ་བཞུགས་སུ་གསོལ། །དེ་ནས་བདུག་སྤོས་དབུལ་བ་ནི། །ཏིང་འཛིན་མཆོག་གི་རང་བཞིན་ལས། །དྲི་ཡི་བདུག་པའི་ལྷ་རྫས་འདི། །བདག་གིས་དད་པས་འབུལ་ལགས་ཀྱི། །བཞེས་ཏེ་དངོས་གྲུབ་སྩལ་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་དྷཱུ་པེ་པཱུ་ཛ་ཡ་སྥ་ར་ཎ་ས་མ་ཡེ་ཧཱུཾ། དེ་ནས་མེ་ཏོག་དབུལ་བ་ནི། །བྱང་ཆུབ་ཡན་ལག་མཆོག་གི་རྒྱན། །ཁ་དོག་དབྱིབས་ལེགས་མེ་ཏོག་འདི། །བདག་གིས་དད་པས་འབུལ་ལགས་ཀྱི། །བཞེས་ཏེ་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་པུཥ྇་པཱུ་ཛ་ཡ་སྥ་ར་ཎ་ས་མ་ཡེ་ཧཱུཾ། དེ་ནས་མར་མེ་དབུལ་བ་ནི། །ཤེས་རབ་མཆོག་གི་རང་བཞིན་ལས། །སྣང་ཞིང་གསལ་བའི་ཞུན་མར་འདི། །བདག་གིས་དད་པས་འབུལ་ལགས་ཀྱི། །བཞེས་ཏེ་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨཱ་ལོ་ཀེ་པཱུ་ཛ་ཡ་སྥ་ར་ཎ་ས་མ་ཡེ་ཧཱུཾ། དེ་ནས་དྲི་ཆབ་དབུལ་བ་ནི། །རྣམ་དག་ཚུལ་ཁྲིམས་རང་བཞིན་ལས། །ཁྲུས་ཀྱི་ཡོན་མཆོག་དྲི་འདི་དག །བདག་གིས་དད་པས་འབུལ་ལགས་ཀྱི། །ཐུགས་རྗེས་དགོངས་ནས་བཞེས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་གནྡྷེ་པཱུ་ཛ་ལ་སྥ་ར་ཎ་ས་མ་ཡེ་ཧཱུཾ། དེ་ནས་ལྷ་བཤོས་དབུལ་བ་ནི། །མྱ་ངན་ལས་མཆོག་རང་བཞིན་ལ། །བཅུད་ལེན་བྲོ་མཆོག་ཞལ་ཟས་འདི། །བདག་གིས་དད་


DNG012_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

པས་འབུལ་ལགས་ཀྱི། །བཞེས་ཏེ་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ནཻ་ཝི་དྱ་པཱུ་ཛ་ཡ་སྥ་ར་ཎ་ས་མ་ཡེ་ཧཱུཾ། གཟུགས་ལ་རྣམ་གསུམ་ཤེས་བྱས་ནས། །མཆོད་པ་བྱེད་པས་མཉེས་པར་བྱ། །དེ་ཉིད་བཅོམ་ལྡན་སྣ་ཚོགས་པ། །སངས་རྒྱས་རྣམ་པར་སྣང་མཛད་ཞི། །ཨོཾ་བཛྲ་རཱུ་པ་ཨཱཿཧཱུཾ། དྲི་ལ་རྣམ་གསུམ་ཤེས་བྱ་སྟེ། །ལྷ་རྣམས་ལ་ནི་དབུལ་བར་བྱ། །དེ་ཉིད་བཅོམ་ལྡན་སྣ་ཚོགས་པ། །སངས་རྒྱས་རིན་ཆེན་འབྱུང་གནས་གཙོ། །ཨོཾ་བཛྲ་དྷཱུ་བ་ཨཱཿཧཱུཾ།སྒྲ་ལ་རྣམ་གསུམ་ཤེས་བྱས་ནས། །སངས་རྒྱས་སོགས་ལ་དབུལ་བར་བྱ། །དེ་ཉིད་བཅོམ་ལྡན་སྣ་ཚོགས་པ། །འདོད་ཆགས་ཆོས་ཀྱི་འབྱུང་གནས་གཙོ། །ཨོཾ་བཛྲ་ཤཔྟ་ཨཱཿཧཱུཾ། རོ་ལ་རྣམ་གསུམ་ཤེས་བྱས་ནས། །ལྷ་རྣམས་ལ་ནི་དབུལ་བར་བྱ། །དེ་ཉིད་སངས་རྒྱས་སྣ་ཚོགས་པ། །སངས་རྒྱས་ཐོགས་མེད་རྡོ་རྗེ་འཛིན། །ཨོཾ་བཛྲ་བཱི་ཎི་ཨཱཿཧཱུཾ། རེག་ལ་རྣམ་གསུམ་ཤེས་བྱས་ནས། །བདག་གིས་རིགས་ལ་དབུལ་བར་བྱ། །དེ་ཉིད་བཅོམ་ལྡན་རྡོ་རྗེ་ཅན། །མི་བསྐྱོད་པ་ཡི་ཚུལ་བརྙེས་སོ། །ཨོཾ་བཛྲ་སྤཪྵེ་ཨཱཿཧཱུཾ། གཟུགས་སྒྲ་རོ་ལ་སོགས་པ་ལ། །རྟག་ཏུ་སེམས་ནི་སྦྱང་བར་བྱ། །ལྷ་ཉིད་དུ་ནི་རྟག་ཏུ་བསྒོམ། །རིགས་ཀྱི་ཚུལ་དུ་རྣམ་པར་བསྒོམ། །གཞན་ཡང་རྒྱས་པར་རབ་བྱ་སྟེ། །མཆོད་པ་དབུལ་བར་བྱ་བ་ནི། །ལག་པ་གཉིས་ནི་བསྣོལ་བྱས་ནས། །གུང་མོ་གཉིས་ནི་ནང་དུ་བཀུག །རྒྱབ་སྦྱར་མཐེ་བོང་ངོ་སྦྱར་ཏེ། །མཐེའུ་ཆུང་རྩེ་སྤྲད་གུང་མོ་ནི། །སྤྱི་བོར་བཙུགས་ལ་དབྱངས་ཀྱིས་དབུལ། །འབྱུང་བ་ཀུན་ལ་ནམ་མཁའ་ནི། །འབྱུང་བ་ཆེན་པོ་ལྔ་པོ་སྟེ། །ནམ་མཁའ་ལ་ནི་འདོད་པ་འབྱུང་། །འདོད་པའི་མཆོད་པ་གྲུབ་གྱུར་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏ་ག་ག་ན་པཱུ་ཛ་བཛྲ་སྭ་བྷ་ཝ་ཨཱདྨ་ཀོ྅ཧཾ། བདག་གི་ལུས་དང་སྲིད་པ་ཡི། །ཞལ་ཟས་རྡུལ་ཕྲན་བཞིན་ལྷགས་ཏེ། །འདོད་ཡོན་ལྔ་རུ་གྱུར་པར་བསམ། །དེ་ནས་སོར་མོ་གཞན་བསྣོལ་ཏེ། །མཛུབ་མོ་མཐེ་བོང་རྩེ་སྤྲོད་དེ། །གདོང་གི་ཐད་ཀར་


DNG012_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

ལན་གསུམ་བསྐོར། །ཧཱུཾ་གཟུགས་ནི་ལག་གཉིས་མེ་ལོང་འཛིན། །གཟུགས་མཛེས་སྤྱོད་པས་ཕྱོགས་བཅུར་གཡོ། །ཤིན་ཏུ་སྒེག་པའི་གཟི་བརྗིད་འབར། །གཟུགས་ཀྱི་ལྷ་མོ་སྤྱན་ལ་ཐིམ། །ཨོཾ་མོ་ཧ་ར་ཏི་ཨོཾ། རང་གཟུགས་དམ་ཚིག་དག་གིས་མཆོད། །དེ་འོག་སོར་མོ་གཞན་བསྣོལ་ལ། །མཛུབ་མོ་གཉིས་ནི་རྩེ་སྤྲད་ལ། །ཚིགས་པ་དང་པོ་ནང་དུ་བཅག །མཐེ་བོང་གཉིས་གཞིབས་ཚོགས་མར་བཀན། །དཔྲལ་བའི་ཐད་ཀར་བསྣོལ་ནས་བཅའོ། །སྒྲ་ཡི་ལག་གཉིས་པི་ཝང་སྟེ། །བདེ་བའི་སྒྲ་སྙན་ཕྱོགས་བཅུར་སྒྲོགས། །དབྱངས་ལྡན་ཡིད་འོང་གཟི་ལྡན་འབར། །སྒྲ་ཡི་ལྷ་མོ་སྙན་ལ་ཐིམ། །ཨོཾ་རཏྣ་ར་ཏི་ཏྲཱཾ། རང་སྒྲའི་དམ་ཚིག་མཆོད་པར་བསམ། །དེ་འོག་སོར་མོ་གཞན་བསྣོལ་ལ། །མཛུབ་མོ་གཉིས་ནི་སོ་སོར་བསྒྲེང་། །བར་མའི་ཚིགས་གཉིས་ཡིད་ཙམ་བཀུག །མཐེ་བོང་གཉིས་གཞིབས་རབ་ཏུ་བསྒྲེང་། །དྲི་ནི་ལག་གཉིས་སྤོས་བསྣམས་ཏེ། །སྤོས་ཀྱི་སྤྲིན་ལྡིང་བདུག་པ་མོ། །ཀུན་ཏུ་ཚིམས་བྱེད་དྲི་བསུང་ཐིམ། །དྲི་ཡི་ལྷ་མོ་ཤངས་ལ་ཐིམ། །ཨོཾ་ར་ཏི་བཛྲ་ཨཱཿ། རང་དྲི་དམ་ཚིག་མཆོད་པར་བསམ། །དེ་ནས་ལག་པ་གཉིས་བསྣོལ་ཏེ། །མཛུབ་མོ་གཉིས་ནི་སོ་སོར་བསྣོལ། །ཚིགས་བཀུག་པདྨོ་འདྲ་བར་བྱ། །མཐེ་བོང་གཉིས་བསྣོལ་མཛུབ་མོ་གཉིས། །དྲུང་དུ་བཙུགས་ཏེ་ཁ་ཐད་བསྐོར། །རོ་ནི་ལག་གཉིས་སྣོད་བསྣམས་ཏེ། །བཅུད་ལེན་བྲོ་མཆོག་ལྔ་བརྒྱར་འཕྲོ། །བདུད་རྩི་བསིལ་དྲོ་འཇམ་པའི་དབྱངས། །རོ་ཡི་ལྷ་མོ་ལྗགས་ལ་ཐིམ། །ཨོཾ་ཨཱརྱ་ད་ར་ཧྲི། རང་རོ་དམ་ཚིག་མཆོད་པར་བསམ། །དེ་འོག་སོར་མོ་གཞན་བསྣོལ་ལ། །གུང་གཉིས་གཞིབས་བསྒྲེང་སྙིང་གར་བསྐོར། །རེག་ནི་རྡོ་རྗེ་ཡོངས་འཁྱུད་མ། །མཉེན་འཇམ་རེག་བདེ་འཁྲིལ་ཁྱབ་སྦྱོར། །ཀུན་ཏུ་སྦྱོར་བའི་བདེ་བ་དེ། །རེག་གི་ལྷ་མོ་སྐུ་ལ་ཐིམ། །ཨོཾ་དྭེ་ཥ་ར་ཏི་ཧཱུཾ།རང་རེག་དམ་ཚིག་མཆོད་པར་བསམ། །འདོད་པའི་ཡོན་ཏན་དྲུག་རྣམས་ཀྱིས། །མཆོད་ན་སངས་རྒྱས་སྲས་བཅས་མཉེས། །དེ་ནས་ནན་ཏན་སྦྱོར་སྒྲོལ་བའི། །མཆོད་པ་དམ་


DNG012_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

པ་དབུལ་བར་བྱ། །རིགས་ལྔ་སོ་སོའི་བསྙེན་པ་ནི། །ཕྲེང་བ་འདྲེན་པའི་ཚུལ་བསྐོར་ཞིང་། །ཆོ་ག་རྣམ་གསུམ་ཚུལ་ཚོགས་ནས། །ཐབས་དང་ཤེས་རབ་གཉིས་མེད་པའི། །གསང་བའི་མཆོད་པ་བདེ་བཞིར་རོལ། །སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱི། །སེམས་ཀུན་ཡུམ་གྱི་མཁའ་ལ་བསྡུ། །ཡབ་ཡུམ་བྱང་སེམས་དབང་བསྐུར་ནས། །ཀུན་ཏུ་འོད་ཀྱི་སར་བཀོད་དེ། །ལོངས་སྤྱོད་རྫོགས་པའི་སྐུར་བསྒྲལ་ནས། །སྲིད་པའི་འཁོར་བ་ཀུན་སྟོངས་པས། །སྲིད་པའི་སེམས་ཅན་མ་ལུས་ཀུན། །བདག་སྲས་སངས་རྒྱས་རིགས་ལྔར་བསྐྱེད། །སྦྱོར་བའི་མཆོད་པ་འདི་སྐད་འབུལ། །ཐབས་དང་ཤེས་རབ་མཉམ་པའི་ངང་ཉིད་ལས། །བྱང་ཆུབ་སེམས་སྤྲིན་སྒྲོལ་མར་འཕྲོས་པ་ལས། །སངས་རྒྱས་བྱང་ཆུབ་ཉན་ཐོས་རང་རྒྱལ་དང་། །བདུད་དང་མུ་སྟེགས་འགྲོ་བ་མཐའ་དག་ནི། །བསྡུས་ནས་མཁའ་དབྱིངས་གསང་བའི་དབང་བསྐུར་ཏེ། །སྐུ་གསུམ་ས་ལ་བཀོད་པ་མཉེས་པའི་མཆོད་པ་ཡིན། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷ་ཝ་ཨཱདྨ་ཀོ྅ཧཾ། ཨོཾ་བདེ་ཆེན་ཡུམ་གྱི་བྷ་ག་རུ། །ཁམས་གསུམ་སེམས་ཅན་མ་ལུས་པ། །འདོད་ཁམས་འགྲོ་དྲུག་ཡི་གེར་ཐིམ། །གཟུགས་ཁམས་བསམ་གཏན་ཨོཾ་ལ་ཐིམ། །གཟུགས་མེད་ཤེས་རབ་ཨ་ལ་ཐིམ། །སྐུ་གསུམ་འབྲུ་གསུམ་ཉིད་ལ་ཐིམ། །འཁོར་འདས་བདེ་བ་ཆེན་པོའི་ཞིང་། །མཉེས་པའི་མཆོད་པར་བཞེས་སུ་གསོལ། །བོ་དྷི་ཙིཏྟ་པཱུ་ཛཱ་ཡ་པཱུ་ཛཱ་ཡ་ཧཱུཾ། བདག་གི་ལུས་ལས་བྱུང་བ་ཡི། །ཕྱིར་ལྡང་ཨོཾ་ལས་འདོད་ཡོན་མཆོད། །ནང་འཇུག་ཧཱུཾ་གི་དངོས་གྲུབ་ལེན། །ཁོང་གནས་ཨ་ཡིས་ཆོས་སྐུར་རྟོགས། །འབྲུ་གསུམ་སྐུ་གསུང་ཐུགས་སུ་བསྒྲལ། །སྒྲོལ་བའི་མཆོད་པར་བཞེས་སུ་གསོལ། །ཏ་ན་བ་དྷི་ཏི་པཱུ་ཛཱ་ཡ་པཱུ་ཛཱ་ཡ་ཧཱུཾ། ལས་དང་མཆོད་པ་ལན་རེ་རེ། །སྒྲོལ་སྦྱོར་མཆོད་པ་ལྔ་ཞེས་བྱ། །རྫོགས་ནས་འཁོར་གྱི་ལྷ་མོ་དང་། །སེམས་དཔའ་རྣམས་ཀྱང་དེ་བཞིན་བསྙེན། །དེ་ནས་ཐབས་དང་ཤེས་རབ་ཀྱི། །གསང་བའི་མཆོད་པས་མཆོད་པར་བྱ། །ཐམས་


DNG012_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ལས་བྱེད་སྔགས་རྣམས་ལ། །གདོན་མི་ཟ་བའི་བཀའ་བསྒོ་ནས། །ལས་དང་མཆོད་པའི་དུས་སུ་ནི། །ལས་དང་མཆོད་པའི་དུས་འགྲུབ་ཕྱིར། །ལྕེ་ཐོག་རྡོ་རྗེ་རྒྱ་གྲམ་བསྒོམ། །དཀྱིལ་དུ་ཡི་གེ་ཧ་བཀོད་ལ། །མཐར་ནི་སྔགས་ཆར་ཡིག་འབྲུ་ནི། །ན་མོ་བུཌྜྷ་སརྦ་བུདྡྷེ་བྷྱཿ། བཀོད་ནས་བསྒོམ་པར་བྱ་བ་སྟེ། །ལས་དང་མཆོད་པ་མ་ལུས་པ། །ལུས་པ་མེད་པར་ཐམས་ཅད་འགྲུབ། །ཐབས་ཀྱི་རྡོ་རྗེ་ཆེན་པོ་དང་། །ཤེས་རབ་པདྨར་རབ་སྦྱར་བས། །བྱང་ཆུབ་སེམས་ཀྱི་རང་བཞིན་ནི། །བདེ་བའི་བསྙེན་པ་མཆོག་བདེ་ཉེ། །བདེ་བྲལ་སྒྲུབ་དང་ལྷན་སྐྱེས་ཆེ། །ཐབས་དང་ཤེས་རབ་གསང་བ་ཡི། །མཆོད་པ་དམ་པ་དབུལ་བ་ནི། །ཐབས་ཀྱི་སྙིང་རྗེ་ཆེན་པོ་ཡིས། །སེམས་ཅན་མ་ལུས་དོན་དུ་དབུལ། །ཤེས་རབ་སྟོང་པ་ཆེན་པོ་ཡིས། །ཆོས་རྣམས་རང་བཞིན་རྟོགས་པར་འབུལ། །སངས་རྒྱས་མཆོད་པས་མཉེས་གྱུར་ཅིག །ཨོཾ་སརྦ་པཱུ་ཛ་མེ་གྷ་པཱུ་ཛཱ་ཡ་པཱུ་ཛཱ་ཡ་ཧཱུཾ། དེ་ནས་བདུད་རྩི་སྨན་གྱི་ནི། །མཆོད་པ་དམ་པ་དབུལ་བར་བྱ། །རང་བྱུང་གདོད་ནས་དག་པ་ཡི། །རྩ་བརྒྱད་སྟོང་ལས་སྦྱར་བའི་སྨན། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །རྒྱུད་ལྔའི་སེམས་ཅན་ཀུན་སྒྲོལ་བའི། །དུག་ལྔ་སེལ་བའི་བདུད་རྩི་སྟེ། །ཐམས་ཅད་བདུད་རྩིའི་རྣལ་འབྱོར་ཆེ། །བྱང་ཆུབ་སེམས་ནི་བདུད་རྩི་ཆེ། །པདྨ་མེ་ཏོག་ཡང་དག་ལྡན། །ག་པུར་ཤེལ་གྱི་སྤོས་པོར་དྲི། །གཙང་དམེ་མེད་པའི་དྲི་མེད་ཆུ། །རིན་ཆེན་མེ་ལྟར་འབར་བའི་ཚོགས། །མ་ལུས་བསྡུས་པའི་ཐིག་ལེ་སྟེ། །གཅིག་ཏུ་དཔའ་བོའི་རོ་རྣམས་དང་། །གཉིས་སུ་མེད་པར་མཉམ་སྦྱོར་བ། །འཆི་མེད་བདུད་རྩི་ར་སཱ་ཡན། །རྒྱལ་བ་རྒྱ་མཚོ་ཀུན་གྱི་གསོས། །ཇི་སྲིད་སངས་རྒྱས་ཐམས་ཅད་དང་། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི། །ཐུགས་དམ་དབྱིངས་ཉིད་སྐུལ་བའི་མཆོག །སྐུ་གསུང་ཐུགས་ཀྱི་ངང་ཉིད་འདི། །བདག་ཅག་དད་པས་འབུལ་ལགས་ནི། །བཞེས་ཏེ་ཀུན་ཏུ་དགེས་མཛོད་ལ། །ཕུལ་བས་དངོས་གྲུབ་བདག་ལ་


DNG012_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

སྩོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨརྒྷཾ་པྲ་ཏཱིཙྪ་ཧོ། ཤཱི་པཉྩ་ཁཱ་ཧི་ཁཱ་ཧི། རྣམ་སྣང་མི་བསྐྱོད་རིན་ཆེན་མཐའ་ཡས་གྲུབ། །དུས་གསུམ་བདེ་གཤེགས་རྒྱལ་བ་ཡབ་རྣམས་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་དབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །བཟང་མོ་སྤྱན་དང་མ་མ་གོས་དཀར་སྒྲོལ། །དུས་གསུམ་བདེ་གཤེགས་རྒྱལ་བ་ཡུམ་རྣམས་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །ཆོས་རྣམས་རྣམ་དག་ཡེ་ནས་ལྷུན་གྲུབ་པའི། །བྱ་བ་བྱེད་དང་ཡིད་ཆོས་རྣམ་དག་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །བདེ་གཤེགས་ཡབ་ཡུམ་གཉིས་མེད་ཐུགས་ཀྱི་སྲས། །ཕྱག་རྒྱའི་ཚོགས་མཆོག་སེམས་དཔའ་བཅུ་དྲུག་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །སེམས་དཔའི་ཐུགས་རྗེས་རོལ་པའི་དབྱིངས་ཕྱུག་མ། །ཤེས་རབ་སྐུ་མཆོག་སེམས་མ་བཅུ་དྲུག་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །འགྲོ་བའི་དཔལ་དུ་གྱུར་པའི་བྱང་ཆུབ་སེམས། །ས་སྙིང་ལ་སོགས་སེམས་དཔའ་བརྒྱད་རྣམས་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །སྒེག་མོ་ཕྲེང་བ་དབྱངས་དང་གར་ལ་སོགས། །མཛེས་པའི་སྐུ་མཆོག་སེམས་མ་བརྒྱད་རྣམས་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །ཐབས་མཁས་ཐུགས་རྗེས་ཅིར་འདུལ་དེར་སྟོན་པའི། །ཐུབ་དྲུག་ལ་སོགས་སྤྲུལ་སྐུ་ཐམས་ཅད་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །བསྐལ་པ་མེ་ལྟར་


DNG012_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

འབར་བའི་ཀློང་དཀྱིལ་ན། །འཇིགས་བྱེད་ཁྲོ་བོ་ཆེན་པོ་བཞི་རྣམས་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །ཁྲོ་བོའི་སྐུ་ལ་གཉིས་མེད་ལྷུན་སྦྱོར་བའི། །ཡེ་ཤེས་གཞལ་ཡས་སྒོ་མ་བཞི་རྣམས་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །སྡོམ་པ་གནས་ཤིང་རིག་འཛིན་གྲུབ་པའི་ཚོགས། །ལྷ་དང་ལྷ་མོ་ཕྱོགས་བཅུའི་རྣལ་འབྱོར་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །དུག་གསུམ་རྩད་གཅོད་ཁམས་གསུམ་འདྲེན་པའི་དཔལ། །རྡོ་རྗེ་སློབ་དཔོན་ཚོགས་ཀྱི་གཙོ་བོ་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །ཚེ་རབས་སྔོན་ནས་ལས་ཀྱི་འཕྲོ་མཐུན་པའི། །རྒྱལ་ཐེབས་ཀར་གིང་རྡོ་རྗེ་མཆེད་ལྕམ་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །འདི་དང་ཕ་རོལ་གཉིས་ཀར་མི་འབྲལ་བའི། །དམ་ཚིག་གཟུངས་ཀྱིས་ཟིན་པའི་མཆེད་ལྕམ་སྒྲུབ་ཟླ་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །གཡོ་མེད་ཁྲེལ་བརྩོན་དམ་ཚིག་ལྷུར་ལེན་པའི། །སྙིང་དང་འདྲ་བའི་སློབ་མ་ལྕམ་དྲལ་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །ཕྱིས་འབྱུང་ཀུན་ལ་ངས་ལུང་བསྟན། །བསྡུས་ནས་མཚན་བརྗོད་འདི་ལྟར་འབུལ། །བཅོམ་ལྡན་རྣམ་པར་སྣང་མཛད་དང་། །ཡུམ་ཆེན་སངས་རྒྱས་སྤྱན་གཉིས་ལ། །དམ་ཚིག་མཆོག་གི་མཆོད་པ་འབུལ། །ཕུལ་བའི་དངོས་གྲུབ་བདག་ལ་སྩོལ། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་དང་། །ཡུམ་ཆེན་


DNG012_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཏུ་བཟང་མོ་ལ། །དམ་ཚིག་མཆོག་གི་མཆོད་པ་འབུལ། །ཕུལ་བའི་དངོས་གྲུབ་བདག་ལ་སྩོལ། །བཅོམ་ལྡན་རིན་ཆེན་འབྱུང་ལྡན་དང་། །ཡུམ་ཆེན་རཏྣ་མཱ་མ་ཀི། །དམ་ཚིག་མཆོག་གི་མཆོད་པ་འབུལ། །ཕུལ་བའི་དངོས་གྲུབ་བདག་ལ་སྩོལ། །བཅོམ་ལྡན་སྣང་བ་མཐའ་ཡས་དང་། །ཡུམ་ཆེན་ན་བཟའ་དཀར་མོ་ལ། །དམ་ཚིག་མཆོག་གི་མཆོད་པ་འབུལ། །ཕུལ་བའི་དངོས་གྲུབ་བདག་ལ་སྩོལ། །བཅོམ་ལྡན་དོན་ཡོད་གྲུབ་པ་དང་། །ཡུམ་ཆེན་དམ་ཚིག་སྒྲོལ་མ་ལ། །དམ་ཚིག་མཆོག་གི་མཆོད་པ་འབུལ། །ཕུལ་བའི་དངོས་གྲུབ་བདག་ལ་སྩོལ། །དེ་བཞིན་ཡིད་ཆོས་ཐུབ་དྲུག་དང་། །སེམས་དཔའ་སེམས་མ་བཅུ་དྲུག་དང་། །སྒོ་བ་ཡབ་ཡུམ་ལ་སོགས་ལ། །དམ་ཚིག་མཆོག་གི་མཆོད་པ་འབུལ། །ཕུལ་བའི་དངོས་གྲུབ་བདག་ལ་སྩོལ། །དབྱིངས་ནས་བསྐུལ་བས་ཐུགས་རྗེའི་སྤྲུལ་པ་འཕྲོ། །རིགས་ཀྱི་འདུལ་བའི་ཕྲིན་ལས་སོ་སོར་མཛད། །བདེ་བ་ཆེན་པོའི་དངོས་གྲུབ་དོན་དུ་སྐོང་། །དེ་ནི་རིན་ཆེན་གསང་བའི་དངོས་གྲུབ་ཡིན། །བདེ་བ་ཆེན་པོའི་དཀྱིལ་འཁོར་ལས་བྱུང་ངོ་། །དེ་ནས་རྫས་ཀྱི་དངོས་གྲུབ་བླང་བ་ནི། །ཡེ་ཤེས་རྒྱལ་པོའི་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། །དེ་ཉིད་དུ་ནི་མཉམ་སྦྱོར་བའི། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ལྕེ་ཡི་དམ་ཚིག་རྡོ་རྗེ་ལ། །རྡོ་རྗེ་ཅན་གྱིས་ཧཱུཾ་བསྒོམས་ཏེ། །བདུད་རྩི་ལྔ་རུ་སྦྱར་བ་འདི། །ཐོས་ན་བྱང་ཆུབ་ཐོབ་པར་འགྱུར། །ཨོཾ་ཀཱ་ཡ་སིདྡྷི་ཨོཾ། ཨཱཿབཱཀ་སིདྡྷི་ཨཱཿ། ཧཱུཾ་ཙིཏྟ་སིདྡྷི་ཧཱུཾ། དེ་ནས་ཕུང་པོ་རྣམ་ལྔ་ཡི། །མཆོད་པ་དམ་པ་འབུལ་བ་ནི། །དེ་ནས་ཡང་དག་རབ་གསལ་བ། །བུད་མེད་དག་ནི་བཞི་རྣམས་དང་། །གར་གྱི་མཆོད་པའི་ཕྱག་རྒྱ་ཡིས། །མཆོད་པ་ཐམས་ཅད་དབུལ་བར་བྱ། །རབ་ཏུ་དགའ་བའི་བདག་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པའི་ཐུགས་དམ་གྲུབ་པར་མཛོད། །ཨོཾ་ཧཱུཾ། དམ་ཚིག་དམ་པ་གྲུབ་པར་མཛོད། །ཨོཾ་ཧཱུཾ། མཆོད་པ་ཆེན་པོ་ཐམས་ཅད་གསལ་བར་མཛད་དུ་གསོལ། །ཨོཾ་ཧཱུཾ། མཆོད་པ་ཆེན་པོ་དག་པར་མཛོད། །ཨོཾ་ཧཱུཾ། མཆོད་པ་ཆེན་པོ་ཐམས་ཅད་གྲུབ་པར་མཛོད། །ཨོཾ་ཧཱུཾ། མཆོད་པ་ཆེན་པོ་ཐམས་ཅད་ཉམས་སུ་བསྟར་བར་མཛོད། །ཨོཾ་ཧཱུཾ། ལྷ་མོའི་ཕྱག་རྒྱའི་གར་སྟབས་ཀྱིས། །རིམ་པ་བཞིན་དུ་དབུལ་བར་བྱ། །བདེ་བར་གཤེགས་སོ་བཅོམ་ལྡན་འདས། །བསོད་ནམས་ཅན་དུ་དེ་བདག་འགྱུར། །བྱིན་གྱི་རླབས་ཀྱིས་


DNG012_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་བརླབས་ནས། །མཆོད་པ་དམ་པ་བཞེས་སུ་གསོལ། །སྤོས་ནི་ཏིང་འཛིན་ཕུང་པོའི་མཆོད་པར་འབུལ། །མེ་ཏོག་རྣམ་གྲོལ་ཕུང་པོའི་མཆོད་པར་འབུལ། །མར་མེ་ཤེས་རབ་ཕུང་པོའི་མཆོད་པར་འབུལ། །དྲི་ཆུ་ཚུལ་ཁྲིམས་ཕུང་པོའི་མཆོད་པར་འབུལ། །ལྷ་བཤོས་རྣམ་གྲོལ་ཡེ་ཤེས་ཕུང་པོའི་མཆོད་པར་འབུལ། །དེ་དག་བདག་གི་ལུས་ལས་བྱུང་། །སྨན་ནི་རྣམ་ལྔས་འཕགས་པ་མཆོད། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །དཀྱིལ་འཁོར་བཀོད་པ་བསྒོམ་པར་བྱ། །དེ་བཞིན་གཤེགས་ལ་བདག་གི་ལུས། །བླ་མ་བཤང་དང་གཅི་བས་མཆོད། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། དེ་ནས་ལྷ་རྣམས་ལུས་ལ་བཙུད། །རེག་པའི་མཆོད་པ་དམ་པ་དེ། །འཕགས་པ་རྣམས་ལ་དབུལ་བར་བྱ། །བདག་པོའི་ཕྱག་རྒྱར་མཉམ་གཞག་ལ། །འདོད་ཆགས་བློ་ཅན་སངས་རྒྱས་ཀྱི། །སངས་རྒྱས་དཀྱིལ་འཁོར་བདག་ཉིད་དུ། །རེག་པའི་སྦྱོར་བ་དབུལ་བར་བྱ། །བཛྲ་མིནྟ་སུ་ར་སྟྭཾ། པཱུ་ཛ་བཛྲ་ཞེས་དབུལ། ལུས་སྨན་དུག་གསུམ་མཆོད་པར་བྱ། །ཤ་དང་ཁྲག་དང་རུས་པ་གསུམ། །རྣལ་འབྱོར་པ་ཡིས་ལག་བྲིམས་ལ། །དུས་གསུམ་མཆོད་པར་དབུལ་བ་ནི། །འབྱུང་པོའི་ཁྲག་ནི་ཆང་བས་ཞིམ། །འདོད་ཆགས་མཆོད་པ་བླ་ན་མེད། །འདོད་ཆགས་མཆོད་པ་འདི་བཞེས་ལ། །གསུང་གི་དངོས་གྲུབ་སྩལ་དུ་གསོལ། །མ་ཧཱ་རཀྟ་ཀེཾ་ནི་རི་ཏི། འབྱུང་པོའི་རུས་པ་མར་བས་ཞིམ། །ཞེ་སྡང་མཆོད་པ་བླ་ན་མེད། །ཞེ་སྡང་མཆོད་པ་འདི་བཞེས་ལ། །ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །མ་ཧཱ་རཀྟ་ཀེང་ནི་རི་ཏི་ཛྭ་ལ་མཎྜ་ལ་ཁ་རཾ་ཁཱ་ཧི། འབྱུང་པོའི་ཤ་ནི་ཟན་པས་ཞིམ། །གཏི་མུག་མཆོད་པ་བླ་ན་མེད། །གཏི་མུག་མཆོད་པ་འདི་བཞེས་ལ། །སྐུ་ཡི་དངོས་གྲུབ་སྩལ་དུ་གསོལ། །མ་ཧཱ་ཏིཀྵྞ་ཁ་རཾ་ཁཱ་ཧི། དཔལ་ཆེན་འཁོར་བཅས་ཁྲག་ལ་སྤྱོན། །དཔལ་ཆེན་འཁོར་བཅས་རུས་ལ་སྤྱོན། །དཔལ་ཆེན་འཁོར་བཅས་ཤ་ལ་སྤྱོན། །འབྱུང་པོའི་ཁྲག་ནི་ཆང་བས་ཞིམ། །འབྱུང་པོའི་རུས་པ་མར་བས་ཞིམ། །འབྱུང་པོའི་ཤ་ནི་ཟན་པས་ཞིམ། །འདོད་ཆགས་མཆོད་པ་བླ་ན་མེད། །


DNG012_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་སྡང་མཆོད་པ་བླ་ན་མེད། །གཏི་མུག་མཆོད་པ་བླ་ན་མེད། །སྲིད་གསུམ་སེམས་ཅན་ཐམས་ཅད་ནི། །འདོད་ཆགས་མཆོད་པར་བཞེས་སུ་གསོལ། །ཞེ་སྡང་མཆོད་པར་བཞེས་སུ་གསོལ། །གཏི་མུག་མཆོད་པར་བཞེས་སུ་གསོལ། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི། །གསུང་གི་རྒྱུད་རྣམས་མཉེས་གྱུར་ཅིག །ཐུགས་ཀྱི་རྒྱུད་རྣམས་མཉེས་གྱུར་ཅིག །སྐུ་ཡི་རྒྱུད་རྣམས་མཉེས་གྱུར་ཅིག །དུས་གསུམ་རྣལ་འབྱོར་ཐམས་ཅད་ཀྱི། །གསུང་གི་དམ་ཚིག་བསྐང་གྱུར་ཅིག །ཐུགས་ཀྱི་དམ་ཚིག་བསྐང་གྱུར་ཅིག །མཆོད་པ་ཆེན་པོ་འདོད་ཆགས་ཆེ། །སེམས་ཅན་ཐམས་ཅད་དགའ་བར་བྱེད། །མཆོད་པ་ཆེན་པོ་ཞེ་སྡང་ཆེ། །ཉོན་མོངས་དགྲ་ཆེན་བཟློག་ཏུ་གསོལ། །མཆོད་པ་ཆེན་པོ་གཏི་མུག་ཆེ། །གཏི་མུག་བློ་སྟེ་གཏི་མུག་སེལ། །དང་པོ་གསུམ་ལ་ལན་གསུམ་ཉིད། །བདུན་ལ་ཉི་ཤུ་རྩ་གཅིག་ལ། །བརྒྱ་རྩ་བརྒྱད་དུ་བགྲང་བའོ། །གོང་མའི་དོན་ཡང་འདི་ལྟར་ཤེས། །ཉོན་མོངས་ལས་དང་སྡུག་བསྔལ་གསུམ། །རྒྱུ་དང་རྐྱེན་དང་འབྲས་བུར་ཤེས། །དུག་གསུམ་རེ་རེ་དག་ལ་ཡང་། །དགུ་ཕྲུག་དག་ཏུ་དབུལ་བར་བྱ། །ཐམས་ཅད་ཟད་པར་བྱ་ཕྱིར་ཞལ་དུ་གསོལ། །རྒྱུ་རྐྱེན་འབྲས་བུ་རྣམ་གསུམ་བསྟབ་པ་ནི། །སྲིད་གསུམ་དུག་གསུམ་དག་པས་རྒྱལ་བའི་སྐུ་གསུང་ཐུགས། །ཕྱོགས་བཅུའི་རྣལ་འབྱོར་སྐུ་གསུང་དམ་ཚིག་སྐོང་། །འགྲོ་བ་ཡུན་རིང་དུག་གསུམ་བསྒྲལ་བའི་ཕྱིར། །ཐ་མའི་བསྐུལ་བ་གསུམ་དེ་ཉི་ཤུ་གཅིག །རྩ་གཅིག་ལྔ་རུ་བགྲངས་ན་བརྒྱ་རྩ་བརྒྱད། །དེ་ནས་དུག་གསུམ་སྨོན་ལམ་གདབ་པ་ནི། །དུག་གསུམ་མཆོད་པར་དབུལ་བ་ཡིས། །སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱི། །དུག་གསུམ་བག་ཆགས་དག་གྱུར་ཅིག །དུག་གསུམ་རྒྱལ་བའི་སྐུ་གསུང་ཐུགས། །རྒྱུད་རྣམས་མ་ལུས་མཉེས་གྱུར་ཅིག །ཕྱོགས་བཅུའི་རྣལ་འབྱོར་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་དམ་བསྐང་གྱུར་ཅིག །བདག་དང་མཐའ་ཡས་སེམས་ཅན་རྣམས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་གྱུར་ཅིག །དེ་ནས་དུག་གསུམ་རང་བཞིན་ལེགས་ཤེས་བྱ། །རྒྱུ་ནི་གཏི་


DNG012_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

མུག་འདོད་ཆགས་ཞེ་སྡང་གསུམ་ཉིད་ལ། །མ་རྟོགས་ཁམས་གསུམ་འཁོར་བའི་འབྲས་བུར་སྣང་། །གཏི་མུག་མ་རྟོགས་འདོད་ཆགས་ཞེ་སྡང་གསལ། །རྣལ་འབྱོར་ལམ་མཆོག་རྒྱུད་པས་འབྲས་བུ་སྐུ་གསུམ་ཐོབ། །དེ་ནས་དབང་པོ་རེག་བྱའི་མཆོད་པ་ནི། །དཀྱིལ་འཁོར་ལྷ་རྣམས་དགུག་པ་ནི། །གཞུག་དང་དབང་དུ་བྱ་ཞིང་མཉེས་པར་བྱ། །ཨོཾ་བཛྲ་ཨཾ་ཀུ་ཤ་སརྦ་མཎྜ་ལ་ཛཿ།ཨོཾ་བཛྲ་པཱ་ཤ་སརྦ་མཎྜ་ལ་ཧཱུཾ། ཨོཾ་བཛྲ་སྥོ་ཊ་སརྦ་མཎྜ་ལ་བཾ། ཨོཾ་བཛྲ་གྷཎྜ་སརྦ་མཎྜ་ལ་ཧོཿ། ཉམས་ཀྱིས་ལྕོགས་ན་མངོན་སུམ་གྱི། །འགྱུར་བའི་བར་དུ་དཀྱིལ་འཁོར་རྣམས། །གསང་བའི་མཆོད་པ་བཞི་དང་སྦྱར། །ལྷ་རྣམས་ལུས་ལ་གཟུང་བའི་ཕྱིར། །རེག་བྱའི་མཆོད་པ་དམ་པ་ཡིས། །སངས་རྒྱས་ཐམས་ཅད་མཆོད་པར་བྱ། །བོ་ལ་ཀ་ཀོ་མཉམ་སྦྱར་ཞིང་། །སྐད་ཅིག་མ་ནི་དང་པོ་ལ། །བདེ་བའི་ཡེ་ཤེས་བསྐྱེད་པར་བྱ། །དེ་ནས་སྐད་ཅིག་གཉིས་པར་ནི། །མཆོག་ཏུ་དགའ་བའི་ཡེ་ཤེས་སོ། །ཐིག་ལེ་འབར་བའི་དྲོད་ཀྱང་འཆར། །དེ་ནས་སྐད་ཅིག་གསུམ་པ་ལ། །རྣམ་རྟོག་བྲལ་བདེའི་ཡེ་ཤེས་ནི། །ཐིག་ལེ་གཡོ་བའི་དྲོད་ཅེས་བྱ། །དེ་ནས་སྐད་ཅིག་བཞི་པ་ལ། །ཐིག་ལེ་བརྟན་པའི་དྲོད་ཅེས་བྱ། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྟོགས། །དེ་ནི་མཆོད་པ་དམ་པ་ཡིན། །ཀུན་ཏུ་བཟང་པོའི་མཆོད་པ་ནི། །སྲིད་བཀོད་ཡོངས་སུ་བསྔོ་ཞིང་འབུལ། །བདེ་བར་གཤེགས་སོ་བཅོམ་ལྡན་འདས། །རྒྱལ་བ་རྒྱ་མཚོ་མཉེས་བྱའི་ཕྱིར། །སྲིད་པ་རྒྱ་མཚོ་མཐའ་ཀླས་པས། །ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ། །ཨོཾ་ས་མནྟ་བྷ་དྲ་ག་ག་ན་ཁཾ་སྭཱ་ཧཱ། བསྟོད་པ་གླུ་ཡི་མཆོད་པ་ནི། །རོལ་མོ་ཡེ་ཤེས་གླུ་ཡིས་བསྟོད། །མཆོད་པ་མཇུག་སྡུད་རོལ་མོ་ནི། །ཡེ་ཤེས་གླུ་འདི་བླངས་ལ་དབུལ། །དབང་པོའི་སྤྱོད་ཡུལ་རང་བཞིན་དངོས་པོ་མེད། །རྣམ་དག་བདུད་རྩིའི་རང་བཞིན་སྡུག་བསྔལ་སེལ། །དམ་རྫས་དག་པ་ལྔ་དང་ཞལ་ཟས་ལྔ། །སྐུ་ལྔ་ཆོས་ལྔ་གསུང་ལྔ་རང་བཞིན་དབྱེར་མེད་བསམ། །དེ་ཕྱིར་དག་པས་དག་པ་ཉིད་མཆོད་ཅིང་། །ཆོས་ཉིད་ལ་ཡང་ཆོས་ཉིད་ཐིམ་པར་འབུལ། །དྲི་མེད་རྣམ་དག་ནམ་མཁའི་


DNG012_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་ལ། །ལོག་རྟོག་མཚན་མ་མང་པོ་སྤྲིན་ཕུང་བཞིན། །ཡེ་ཤེས་ཉི་ཟེར་ཐུགས་རྗེས་རབ་བརྒྱན་ནས། །དག་པའི་དོན་དུ་རྟོགས་ནས་མཆོད་པར་བགྱི། །མཉམ་ཉིད་བླ་ན་མེད་པར་སྙོམས་པ་དང་། །བདེ་མཆོག་ལོངས་སྤྱོད་རྫོགས་པ་སྐུ་ཡི་རྒྱན། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །དམ་ཚིག་བཞིན་དུ་ཅི་བདེར་བཞེས་སུ་གསོལ། །དེ་ནས་དཀྱིལ་འཁོར་ལྷ་རྣམས་ལ། །བསྟོད་པ་མང་པོའི་གླུ་འདི་བླང་། །རྡོ་རྗེ་གསོར་ནས་དྲིལ་བུ་གསིལ། །རིགས་ལྔའི་ཕྱག་རྒྱའི་དྲིལ་སྟབས་བྱ། །ཨོཾ་ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི། །ཡེ་ཤེས་དཀྱིལ་འཁོར་ཐིག་ལེ་ཆེ། །བསོད་ནམས་དཀྱིལ་འཁོར་སྐུ་ཡི་ཚོགས། །སྣང་སྟོང་ཐིག་ལེ་ཀུན་ཏུ་རྫོགས་ཧོ། །ཨོཾ་རྡོ་རྗེ་བསོད་ནམས་ཐིག་ལེ་ཆེ། །རྡོ་རྗེ་ཡེ་ཤེས་དཀྱིལ་འཁོར་ལྡན། །རྡོ་རྗེ་སྒྲ་ཆེན་མཐའ་ཡས་པ། །རྡོ་རྗེ་རྒྱལ་པོ་ཐིག་ལེ་ཆེ་ཧོ། །ཨོཾ་སྐུ་གསུང་ཐུགས་ནི་རྫོགས་པ་ཆེ། །ཡོན་ཏན་ཕྲིན་ལས་ཀུན་ཏུ་རྫོགས། །ཡེ་ནས་ལྷུན་རྫོགས་ཀུན་ཏུ་བཟང་། །འདུས་པའི་ཚོགས་ཆེན་ཐིག་ལེ་ཆེ་ཧོ། །ཨོཾ་མི་དམིགས་སྒྱུ་འཕྲུལ་མཉམ་པའི་དབྱིངས། །མཐའ་ཡས་ཀུན་ནས་སྣ་ཚོགས་འཕྲོ། །མཐའ་ཡས་ཀུན་ནས་ལྷུན་གྱིས་ཐིམ། །སྣ་ཚོགས་སྐུ་གསུང་ཐུགས་ཆེན་པོ་ཧོ། །ཨོཾ་ཕྱོགས་བཅུའི་འཇིག་རྟེན་རྡུལ་སྙེད་དུ། །རྒྱལ་བའི་དོན་རྣམས་རྡུལ་ཕྲན་སྙེད། །སྤྲུལ་པ་རྡུལ་ཕྲན་བསམ་ཡས་ཀྱིས། །སྐད་ཅིག་ཡུད་ལ་ལྷུན་གྱིས་གྲུབ་ཧོ། །ཨོཾ་ཐམས་ཅད་མ་ལུས་སྐུ་གསུང་ཐུགས། །སྐུ་གསུང་ཐུགས་ཀྱི་བདག་ཉིད་ཆེ། །སྐུ་གསུང་ཐུགས་ཀྱིས་ཀུན་ཏུ་ཁྱབ། །སྐུ་གསུང་ཐུགས་ཀྱི་ཐིག་ལེ་ཆེ་ཧོ། །སྐུ་གསུང་མཆོད་པ་ཐམས་ཅད་ནི། །ཕྱག་རྒྱ་རྣམ་པ་བཞིར་འདུས་ཏེ། །སངས་རྒྱས་ཐམས་ཅད་ཡིད་ཀྱི་ནི། །ཕྱག་ན་རྡོ་རྗེ་ལྷ་ཚོགས་སོ། ། ཚིག་ཁ་ཤས་ཆད་དམ། ལུས་ཀྱི་འཇིག་རྟེན་མགོན་པོ་སྟེ། །ནམ་མཁའི་སྙིང་པོ་ལས་ཀྱིས་སོ། །དཀྱིལ་འཁོར་གསུམ་དུ་སྤྱིར་ཤེས་བྱ། །དེས་ནི་མཆོད་པ་རེ་རེ་ལ། །བཞི་བཞི་བརྒྱད་ཁྲི་འབུམ་དུ་བསྐང་། །སྐུ་ཡི་ཕྱག་རྒྱ་


DNG012_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

སྟངས་ཚུལ་སོགས། །བཞི་བཞི་སོ་སོར་བརྟགས་ལ་བསྒོམ། །མཐུན་པའི་ཏིང་འཛིན་ཕྱག་བཞི་དང་། །བསྙེན་པ་དུས་བཞིར་རྫོགས་པར་བྱ། །བརྒྱད་ཁྲི་འབུམ་དུ་བསྐངས་ཏེ་འབུལ། །དེ་དག་ཤེས་ནས་དཀྱིལ་འཁོར་གྱི། །ལྷ་ལ་མཆོད་པ་གླུ་འདིས་བསྟོད། །མཉམ་ཉིད་མི་གཡོ་མཉམ་ཉིད་མཆོག་གི་ཆོས་ཉིད་ཅན། །ཐུགས་རྗེའི་བདག་ཉིད་འགྲོ་བའི་སྡུག་བསྔལ་སེལ་བར་མཛད། །ཡོན་ཏན་མཐའ་ཡས་དངོས་གྲུབ་ཐམས་ཅད་སྨིན་མཛད་པ། །དྲི་མེད་མི་གཡོ་མཉམ་ཉིད་དམ་པའི་མཆོག་ཆེན་པོ། །ཡོན་ཏན་ཤིན་ཏུ་ཕྲ་བའི་ཆ་ལའང་ཚད་མེད་དེ། །དཔེ་ནི་ནམ་མཁའ་དང་ཡང་བསྒྲུན་དུ་ཡོད་མ་ཡིན། །དངོས་གྲུབ་མཐའ་ཡས་མཉམ་ཉིད་དཔེ་དང་བྲལ་བ་རྣམས། །སེམས་ཅན་ཁམས་ལ་དངོས་གྲུབ་མཆོག་རྣམས་ངེས་པར་སྩོལ། །རྟག་ཏུ་དྲི་མ་མེད་པའི་ཐུགས་རྗེའི་ཤུགས་ལས་བྱུང་། །སྨོན་ལམ་གྲུབ་པ་འགག་པ་མེད་པའི་ཆོས་ཉིད་ཅན། །འགྲོ་བའི་དོན་སྒྲུབ་རབ་ཏུ་བརྩོན་པ་མཐའ་ཡས་པ། །ཐུགས་རྗེ་ཆེན་པོའི་བདག་ཉིད་རྟག་ཏུ་རྣམ་པར་སྣང་། །ཚད་མེད་ཚད་དང་བྲལ་བས་ཤིན་ཏུ་ཡོངས་རྫོགས་པའི། །བདེ་བར་གཤེགས་པའི་གོ་འཕང་དམ་པ་བརྙེས་གྱུར་ཀྱང་། །ཁམས་གསུམ་ཀུན་ལ་དངོས་གྲུབ་མཆོག་སྩོལ་མཛད་པ་ཡི། །ཐུགས་རྗེའི་སྤྱོད་པ་མི་གཡོ་འགག་པར་ཡོངས་མི་འགྱུར། །ཨེ་མ་ཧོ་ཤིན་ཏུ་བཟང་པོའི་ཆོས་ཉིད་མཆོག་དང་ལྡན། །མཆོག་སྦྱིན་རྣམས་ཀྱི་ནང་ནས་གོ་འཕང་མཆོག་བརྙེས་པ། །ཁམས་གསུམ་ཀུན་ལ་རྟག་ཏུ་དངོས་གྲུབ་མཆོག་སྩོལ་མཛད། །མགོན་པོ་དུས་གསུམ་སྒྲིབ་པ་མེད་པར་རབ་མཁྱེན་པ། །དམ་ཚིག་མཆོག་གསུམ་དངོས་གྲུབ་དམ་པ་བདག་ལ་སྩོལ། །མཆོད་པ་རྣམ་བཞིར་ཤེས་བྱ་སྟེ། །ཕྱག་འཚལ་ཐལ་མོ་སྦྱར་བ་དང་། །དེ་བཞིན་བྱམས་དང་སྙིང་རྗེ་དང་། །མེ་ཏོག་བདུག་པ་འཇིག་རྟེན་པའི། །སོར་མོ་ལས་བྱུང་མེ་ཏོག་རྣམས། །སྐྱོབ་པ་ཀུན་ལ་དབུལ་བར་བྱ། །ཡན་ལག་ཀུན་འབྱུང་ཕྱག་རྒྱ་ནི། །བཅིངས་ནས་བྱང་ཆུབ་སེམས་བསྒོམ་སྟེ། །སོ་སོར་མགོན་པོ་ཐམས་


DNG012_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ལ། །དེ་ཡི་སྲས་རྣམས་ཐམས་ཅད་ལ། །དེ་ཡི་སྲས་རྣམས་ནན་ཏན་བྱ། །མཐེ་བོང་སྲིན་ལག་སྦྱར་བ་ནི། །བཀྲ་ཤིས་པ་ཞེས་བརྗོད་པ་སྟེ། །དེ་ཡི་རྫས་རྣམས་ཀུན་བླངས་ཏེ། །དཔྲལ་བ་སྙིང་ག་ལྟེ་བ་ནས། །མགོན་པོ་སྲས་རྣམས་རིམ་བཞིན་དབུལ། །རྡོ་རྗེ་ཁུ་ཚུར་བཅངས་ནས་ནི། །བརྗིད་པས་མཐའ་ནས་གར་བྱ་ཞིང་། །མཉེས་པར་གྲོལ་བའི་ཐལ་མོ་ཡིས། །པདྨའི་ཕྲེང་བས་དབུལ་བར་བྱ། །སྐབས་སུ་བབ་ན་ཁུ་ཚུར་ཡང་། །རུང་ཞེས་ལྷ་ལ་མཆོད་བྱེད་དུས། །རྗེས་སུ་ཡི་རང་ཐལ་མོ་སྦྱར། །ལས་ལ་གཞུག་པའི་ཚེ་ན་ནི། །ཁམས་གསུམ་སེམས་ཅན་ཐམས་ཅད་ལ། །བྱམས་པ་སྙིང་རྗེ་བསྒོམ་པར་བྱ། །དེ་ནས་བསྟོད་པའི་གླུ་འདི་བླང་། །རྡོ་རྗེ་ཆེ་མཆོག་ལོག་འདྲེན་མང་པོ་འཇོམས། །ཕན་དང་བདེ་མཛད་ཐར་ལམ་འདྲེན་པའི་གཙོ། །རྨད་བྱུང་ཕྲིན་ལས་སྣ་ཚོགས་མངའ་བའི་ལྷ། །རང་བྱུང་ཁྱོད་ཀྱིས་གྲུབ་མཆོག་སྩལ་དུ་གསོལ། །སྟོབས་བཅུས་ཕ་རོལ་དཔུང་རྣམས་འཇོམས་པ་པོ། །དཔལ་ཆེན་ལོག་པའི་དགྲ་རྣམས་རྣམ་པར་འཇོམས། །རྔམ་ཆེན་གདུག་པ་མ་ལུས་ཀུན་འདུལ་བ། །འབར་བའི་སྐུ་མཆོག་བདག་ལ་བསྟན་དུ་གསོལ། །འཕགས་པའི་རྗེས་འབྲང་ཞི་ཁྲོ་མང་པོའི་ཚོགས། །འགྲོ་ལ་ཕན་མཛད་བདེ་གཤེགས་བསྒོམ་པ་ལ། །གནོད་བྱེད་བགེགས་ཀྱི་ཚོགས་རྣམས་གཞོམ་པ་དང་། །མཐུ་རྩལ་བྱིན་རླབས་དངོས་གྲུབ་སྩལ་དུ་གསོལ། །བདག་གི་ལུས་དང་ངག་དང་སེམས་རྣམས་ནི། །མ་སྐྱེས་རྡོ་རྗེ་རང་བཞིན་ཆོས་ཀྱི་སྐུ། །འཕགས་མཆོག་ཁྱེད་དང་དབྱེར་མེད་ཚུལ་གཅིག་སྟེ། །དངོས་གྲུབ་སྩལ་དང་སྩོལ་བར་མི་དམིགས་ཀྱང་། །སྔོན་གྱི་སྨོན་ལམ་ཐུགས་རྗེ་ཆེ་མངའ་བར། །ལོག་རྟོག་སྒྱུ་མའི་ཚུལ་གྱིས་གསོལ་འདེབས་ན། །དུས་ལ་མི་འདའ་རྡོ་རྗེའི་དམ་ཚིག་ཅན། །ཡེ་ཤེས་ལྷ་ཁྱོད་བདག་ལ་བྱིན་གྱིས་རློབས། །མ་རིག་བདག་གི་ལུས་དང་ངག་སེམས་ཀྱིས། །བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་ཏེ། །རྒྱལ་བ་འཁོར་བཅས་ཐུགས་དང་ཅི་འགལ་བ། །ཐོགས་མེད་ཐུགས་རྗེ་ཅན་ལ་བཟོད་པར་གསོལ། །


DNG012_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རྣམ་པར་མི་རྟོག་པའི། །དོན་གྱི་མཆོད་པ་འབུལ་བ་ནི། །རང་ལུས་རྣམ་པར་མི་རྟོག་པར། །བཤིགས་ནས་སྟོང་པ་ཉིད་དུ་བསྒོམ། །དེ་ལྟ་བུ་ཡི་ཆོས་ཉིད་ཀྱི། །མཆོད་པ་འཕགས་པ་རྣམས་ལ་འབུལ། །དུས་གསུམ་སངས་རྒྱས་ཀུན་གྱི་སྤྱོད་ཡུལ་ཏེ། །མཉམ་ཉིད་མི་གཡོ་མཉམ་ཉིད་སངས་རྒྱས་པར། །གཟུང་འཛིན་མཚན་མ་ཀུན་ལས་འདས་པ་ཡི། །མཉམ་པ་ཆེན་པོའི་མཆོད་པ་རྣམ་པར་རོལ། །དེ་ནས་བཅོམ་ལྡན་འདས་ཞེ་སྡང་རྡོ་རྗེས་མཆོད་པ་ཐམས་ཅད་དོན་ཡོད་པར་བྱ་བའི་སྨོན་ལམ་འདི་གསུངས་སོ། །སྨོན་ལམ་རྒྱས་དང་བསྡུས་པ་ཡང་། །དཀྱིལ་འཁོར་གསུམ་གྱི་ཁོག་འདིར་ལྟོས། །མཁྱེན་པར་གསོལ་དང་མཆོད་འབུལ་གཉིས། །མི་མཐུན་པར་ནི་གནས་ཀྱིས་བཅོས། །ཕྱི་རབས་སྒོ་བཞི་རྩིས་འགོ་ལྔས། །ངས་ནི་ཁྱེད་ལ་གསལ་བར་བསྟན། །མཁྱེན་པར་གསོལ་དང་མཆོད་འབུལ་གཤེགས། །ལས་བཅོལ་སྨོན་ལམ་གདབ་དང་ལྔ། །ཕྱག་རྒྱ་ཡཀྵའི་མཆེ་བ་ནི། །གཏོར་མ་ལ་གཏུག་སྔགས་འདི་བརྗོད། །ཨོཾ་ཨེ་ཤ་ཧཱུཾ། པེ་ཤ་ཧཱུཾ། ས་མ་ཡ་བྷཀྵ་ཧཱུཾ། ཨོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཛཿཧཱུཾ་བཾ་ཧོཿ། ཨོཾ་པྲ་ཏཱིཙྪ་ཧོ། ཧོ་ཡེ་ནས་སྤྲོས་པ་མེད་པའི་དབྱིངས། །རང་བཞིན་རྣམ་པར་དག་པ་ན། །དུས་གསུམ་གཤེགས་ཤིང་བཞུགས་པ་ཡི། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས། །རྣམ་པ་ཐམས་ཅད་ཀུན་མཁྱེན་པའི། །ཡེ་ཤེས་བྱེ་བྲག་ཀུན་ལྡན་པ། །འགྲོ་བ་མ་ལུས་འདུལ་ཐབས་སུ། །བཅོམ་ལྡན་རྡོ་རྗེ་སེམས་སོགས་ཏེ། །རིགས་ལྔའི་བདེ་བར་གཤེགས་པ་དང་། །རིགས་མཆོག་གཟུངས་ཀྱི་ཡུམ་དང་བཅས། །རྒྱལ་སྲས་འཁོར་དུ་སེམས་དཔའ་ཚོགས། །སེམས་མའི་དཀྱིལ་འཁོར་ལ་སོགས་པ། །ཡེ་ཤེས་ཆེན་པོའི་དབང་ཕྱུག་ཅན། །ཐབས་མཁས་པ་ཡི་བདག་ཉིད་ཀྱིས། །མཁའ་འགྲོ་རང་བཞིན་རྣལ་འབྱོར་ཅན། །ངོ་བོ་ཉིད་སྐུ་མ་ལུས་རྣམས། །སོ་སོའི་ཕོ་བྲང་བཞུགས་གནས་ནས། །གཞལ་མེད་ཁང་ནས་སྐུ་བསྐྱོད་གཤེགས། །ཕྱོགས་བཅུའི་


DNG012_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ཁམས་མཐའ་ཡས་ནས། །རབ་འབྱམས་མ་ལུས་ཀུན་འདུས་ཤིང་། །འབྱོར་བའི་རྣལ་འབྱོར་དབང་ཕྱུག་ཆེ། །གྲུབ་པའི་མཆེད་ལྕམ་རྒྱ་མཚོར་བཅས། །ཐོགས་པ་མེད་པར་རབ་མཁྱེན་ཅིང་། །སྒྲིབ་པ་མི་མངའ་དོན་གཟིགས་པ། །ཐུགས་རྗེ་ཆེན་པོའི་ངང་གྱུར་ཅིང་། །འགྲོ་བའི་མགོན་སྐྱབས་སྟ་གོན་གནས། །དམ་ཚིག་མཆོག་གི་གསང་སྒོ་འདིར། །ཞལ་གྱིས་འཆེས་པའི་ཐུགས་དམ་གྱིས། །དཀྱིལ་འཁོར་འདིར་ནི་གཏོགས་པ་ཡི། །རྒྱལ་བ་རྒྱ་མཚོ་འཁོར་བཅས་པ། །ཁྱེད་རྣམས་གསན་ཅིང་དགོངས་སུ་གསོལ། །ཧོ་རྣལ་འབྱོར་མཆོད་པ་སྐུ་གསུང་ཐུགས། །རྡོ་རྗེ་ལས་བྱུང་རིན་ཆེན་འདྲ། །བྱིན་གྱིས་བརླབས་ཤིང་མཆོད་འབུལ་བས། །ཡེ་ཤེས་རྒྱ་མཚོའི་སྤྱན་ལྡན་རྣམས། །དུས་གསུམ་བཞུགས་ལ་མཆོད་པར་འབུལ། །དེ་དུས་བྱིན་གྱིས་བརླབས་པ་དང་། །མཆོད་ཅིང་ནམ་མཁའི་གཞལ་ཡས་ཁང་། །རྒྱུ་འབྱུང་སྨིན་བྱེད་དཀྱིལ་འཁོར་འདིར། །དགའ་ལྡན་ལྷ་ཡི་དཀྱིལ་འཁོར་བཀོད། །བདག་ཅག་སྐལ་ལྡན་མི་ཚོགས་རྣམས། །འབྱོར་ལྡན་ཡོ་བྱད་ཚོགས་བཤམས་པ། །འབྱོར་འོས་རིགས་པ་རྗེས་མཐུན་རྣམས། །རྣམ་བཞིའི་སྒོ་ནས་དུས་བཞིར་འབྱུང་། །ཞལ་ཟས་ཟླ་ཚིགས་རྒྱུ་མེད་པའི། །དད་པས་བསོགས་ཏེ་མོས་པ་ཡིས། །འབྱོར་ཚད་བདོག་དྲོད་སྦྱར་བ་འདི། །སྲིད་པའི་ལོངས་སྤྱོད་རྒྱལ་ཆོས་ཀྱི། །མངའ་ཐང་བྱུང་ཁུངས་ལྷ་ཡི་ལུས། །འཇིག་རྟེན་འཁོར་ཡུག་བཅས་པ་འདི། །སྲིད་བཀོད་གཏན་པ་མེད་པ་ཡི། །མཆོད་སྦྱིན་མངའ་ཐང་མཆོད་པའི་རྐྱེན། །དབུལ་ན་ཕྱོགས་བཅུ་དུས་གསུམ་གྱི། །རྒྱལ་བ་རྒྱ་མཚོར་བཅས་རྣམས་ཀྱི། །ཕོ་བྲང་དཀྱིལ་འཁོར་གཞལ་ཡས་ཁང་། །ཀུན་ཏུ་བཟང་པོའི་མཆོད་པ་འདིས། །འདོད་པའི་ཡོན་ཏན་རྣམ་ལྔ་ཡི། །ལྷ་མོ་ཕྲིན་ལས་རྒྱ་མཚོ་རྣམས། །གར་གྱི་སྤྲིན་ཕུང་བཞིན་གྱུར་ཏེ། །ནམ་མཁའི་གཟའ་སྐར་བཞིན་དུ་བཀྲམ། །ས་གཞིའི་རྩི་ཤིང་བཞིན་དུ་ཐོན། །རྒྱ་མཚོའི་རླབས་ལྟར་འཕྱོ་ཞིང་ཁྱབ། །སྤྲིན་བཞིན་གཏིབས་ནས་ཆར་བཞིན་


DNG012_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

འབབ། །ཆུ་བོའི་རྒྱུན་བཞིན་དུས་གསུམ་འབྱུང་། །ཕྱོགས་བཅུའི་རྒྱལ་བ་རྒྱ་མཚོ་ཡི། །ཞལ་དུ་དྲངས་ནས་བདག་ལོངས་སྤྱད། །མཉེས་མཆོད་ཕོག་ནས་དགེས་ལོངས་སྤྱོད། །འདོད་ཡོན་ལྔ་ཡི་མཆོད་ཕུལ་བས། །བདག་དང་མཐའ་ཡས་སེམས་ཅན་རྣམས། །དུག་ལྔ་རྒྱུད་གནས་བག་ཆགས་བྱང་། །རྒྱུད་ལྔའི་སེམས་ཅན་རྣམས་ནི་སྒྲོལ། །གནས་ལྔའི་འབྲས་བུ་ཐོབ་གྱུར་ནས། །རྒྱལ་བ་རིགས་ལྔའི་ཐུགས་དམ་བསྐང་། །འབྲས་བུ་བདག་དང་མཐའ་ཡས་པའི། །སེམས་ཅན་མ་ལུས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་དང་ཡོན་ཏན་ལས། །མི་ཟད་རྒྱན་གྱི་འཁོར་ལོ་ཡི། །འབྲས་བུ་ཐོབ་པར་མཆོད་པར་འབུལ། །མཆོད་པ་དམ་པ་བཞེས་སུ་གསོལ། །མཐོལ་བཤགས་བཟོད་པར་གསོལ་བ་ནི། །བདག་ཅག་ཚོགས་ཀྱི་དཀྱིལ་འཁོར་འདིར། །འདུས་ཤིང་ཚོགས་པའི་སྐལ་ལྡན་རྣམས། །དང་པོ་གསང་བསྒོས་ཁས་འཆེས་ཏེ། །དམ་ཚིག་གཉན་པོ་མངོན་པར་མནོས། །ཆག་ཉམས་ཞིག་རལ་གྱུར་པ་དང་། །རྩ་དང་ཡན་ལག་དམ་མནོས་ནས། །བཀའ་བཞིན་བསྲུང་བ་རྔོ་མ་ཐོགས། །བསྲུང་བའི་དམ་ཚིག་མནོས་པ་ལས། །གཏི་མུག་མ་ཚོར་དབང་གིས་ནི། །བདེ་དང་སྡུག་བསྔལ་རྐྱེན་མ་བཟོད། །སྒོ་གསུམ་ཉེས་སྐྱོན་མེ་ཤོར་བས། །བདག་དང་གཞན་གྱི་རྒྱུད་བསྲེགས་པས། །སྐྱོན་བྲལ་མཚན་མར་མ་ཕྱིན་ཏེ། །བསྲུང་བའི་དམ་ཚིག་ཉམས་པ་བཤགས། །སྤྱད་པར་བྱ་བའི་དམ་མནོས་ནས། །ཕྱིར་མི་ལྡོག་པའི་སྲན་ཆུང་བས། །རང་སེམས་མ་དད་དབང་གིས་ནི། །གང་ཟག་སྤྱོད་པ་དམན་པ་ཡིས། །ཡ་གས་འཇིགས་པའི་རྐྱེན་མ་བཟོད། །དཔའ་ལོས་སྒྱུ་སོགས་ཕྱི་ཚུལ་གྱུར། །ལས་རྩལ་ཚད་མར་མ་ཕྱིན་པས། །སྤྱད་པའི་དམ་ཚིག་ཉམས་པ་བཤགས། །དང་བླང་དམ་ཚིག་མནོས་པ་ལས། །བཀའ་ཡི་གཞུང་བཞིན་མ་གྱུར་ཏེ། །རྟོགས་པ་ཞན་པའི་དབང་གིས་ན། །ཐེ་ཚོམ་ངན་སྤྱོད་རྐྱེན་མ་བཟོད། །སྒྲུབ་རྫས་མཐུན་རྐྱེན་དང་མ་ལོན། །སྤྱོད་པ་མི་མཐུན་བསྲུང་


DNG012_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

མ་འཕངས། །འཇུག་རྩལ་ཚད་མར་མ་ཕྱིན་པས། །དང་བླང་དམ་ཚིག་ཉམས་པ་བཤགས། །ཤེས་པར་བྱ་བའི་དམ་མནོས་ནས། །བདེན་ཡིད་མ་ཆེས་ང་བྲལ་བས། །མཉན་སེམས་ཡུན་བསྲིང་རྐྱེན་མ་བཟོད། །གཏི་མུག་ཤེས་པ་རང་རྒྱུད་པས། །ཤེས་བྱ་ཚད་མར་མ་ཕྱིན་པས། །ཤེས་པར་བྱ་བའི་དམ་ཚིག་ཉམས་པ་བཤགས། །བསྒྲུབ་པར་བྱ་བའི་དམ་ཚིག་མནོས་པ་ལས། །དཔའ་བརྟུལ་བརྟུལ་ཞུགས་བསྒྲུབ་ལ་འཇུག་ཆུང་བས། །བསྒྲུབ་པ་དུས་ལས་ཡོལ་བའི་དབང་གིས་ནི། །ན་ཚའི་སྡུག་བསྔལ་རྐྱེན་གྱིས་མ་བཟོད་དེ། །བསྒྲུབ་པའི་ལྷ་བབས་པ་ལས་འཕང་གྱུར་ཏེ། །ཁྱད་པར་དྲོད་རྩལ་ཚད་མར་མ་ཕྱིན་ཏེ། །བསྒྲུབ་པའི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །མི་སྤང་པ་ཡི་དམ་ཚིག་མནོས་པ་ལས། །ཆོས་རྣམས་ཐམས་ཅད་རང་བཞིན་དབྱིངས་གཅིག་པར། །མ་རྟོགས་དབང་གིས་གཟུང་འཛིན་རྟོག་པའི་བློ། །ཁ་བྲག་གྱུར་ཏེ་བཟང་ངན་རྐྱེན་མ་བཟོད། །ཉན་ཐོས་ལྟ་བུར་གཉིས་སུ་འབྱེད་རྟོགས་པས། །གཉིས་སུ་མེད་རྩལ་ཚད་མར་མ་ཕྱིན་ཏེ། །མི་སྤང་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །མི་སྨད་པ་ཡི་དམ་ཚིག་མནོས་པ་ལས། །བདག་ཏུ་འཛིན་པའི་ང་རྒྱལ་དྲེགས་པ་ཡིས། །གཞན་དུ་རྟོག་པའི་ཕྲག་དོག་དབང་གིས་ནི། །འཇིག་རྟེན་འདོད་ཆགས་བསྟོད་སྨད་རྐྱེན་མ་བཟོད། །རང་བསྟོད་གཞན་ལ་སྨོད་པའི་ལས་བགྱིས་པས། །གཉན་པར་བལྟ་བའི་རྩལ་ཚད་མ་ཕྱིན་པར། །མི་སྨད་དམ་ཚིག་ཉམས་པར་གྱུར་ན་བཤགས། །མཆོད་པར་བྱ་བའི་དམ་ཚིག་མནོས་པ་ལས། །རྒྱང་ཕན་ཆོས་ཀྱིས་བསྡུས་པའི་དབང་གི་ནི། །མཁྱེན་གསལ་གང་མ་མཉེས་པར་མ་བསམས་པས། །བདག་ཉིད་དམན་པར་མ་མཐོང་རྐྱེན་མ་བཟོད། །མཆོད་སྦྱིན་ཐམས་ཅད་དབང་དུ་མ་ཆུད་པས། །མཉེས་བྱའི་མཆོད་པ་རྩལ་ཚད་མ་ཕྱིན་ཏེ། །མཆོད་པའི་དམ་ཚིག་ཉམས་པ་མཐོལ་ཞིང་བཤགས། །བདག་གི་མ་ཡིན་པ་ཡི་གྲོགས་བསྟེན་དང་། །


DNG012_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་མི་གཅིག་པའི་བསོད་ནམས་འདྲེས་པ་དང་། །ལེ་ལོ་དང་ནི་སྙོམས་ལས་དབང་གྱུར་ནས། །གཟའ་གཏད་བཅས་ནས་གཟུང་འཛིན་མ་བཤིགས་པས། །སྒྲོལ་དང་སྦྱོར་གནས་བྱིན་གྱིས་མ་བརླབས་པར། །ཏིང་འཛིན་ཡུན་ཐུང་ཐུགས་རྗེའི་གནས་མ་གྱུར། །ཡེ་ཤེས་བབས་པའི་ལྷ་སྲུང་མ་འཕངས་འགྱུར། །གནས་སྦྱོང་མན་ངག་ཚད་མར་མ་ཐོས་པ། །རྣམ་པར་ཤེས་རྒྱུད་ཚད་མར་མ་ཕྱིན་ཏེ། །ཉམས་པ་བརྒྱད་པོ་འདི་མནོད་སེམས་ཡིད་བཀུར། །ལུས་སེམས་འགྱོད་པ་ཆེན་པོས་མཐོལ་བཤགས་ན། །བཟོད་པ་ཆེན་པོས་གསོལ་ལོ་ཚངས་པར་མཛོད། །དེ་ནས་ཕྲིན་ལས་བཅོལ་བ་ནི། །བདག་ཅག་སྒྲུབ་པ་འདིར་འདུས་རྣམས། །དགེ་བའི་རྩ་བ་བསྒྲུབ་པ་ལ། །བར་ཆད་བྱེད་པའི་སྡང་དགྲ་དང་། །སྦྱོར་བ་རྐུ་དང་གནོད་བགེགས་གསུམ། །ཞི་དང་དབང་དང་མངོན་སྤྱོད་ཀྱི། །མནན་དང་བཟློག་དང་སྤོར་ཞིང་སྤར། །འདུལ་སྐལ་ཕྲིན་ལས་གང་གྱུར་བཞེས། །ཚར་གཅད་གྲུབ་པར་མཛད་དུ་གསོལ། །དངོས་གྲུབ་གསོལ་བའི་ཕྲིན་ལས་ནི། །ཡིད་ལ་བརྣག་པའི་འབྲས་བུ་རྣམས། །ཇི་ལྟར་འགྲུབ་ཅིང་གསོལ་བྱང་ལ། །དྲིས་བཞིན་འབྲས་བུ་ཐོབ་གྱུར་ཅིག །དེ་ནས་སྨོན་ལམ་གདབ་པ་ནི། །བཤགས་སྦྱོང་འདི་རྣམས་བརྗོད་ཙམ་གྱིས། །ཚོར་བ་དང་ནི་མ་ཚོར་བའི། །ཉམས་པ་ཐམས་ཅད་བྱང་གྱུར་ཅིག །ཚོར་དང་མ་ཚོར་ཉམས་པ་རྣམས། །ཕྱིན་ཆད་བྱེད་པར་མ་གྱུར་ཅིག །གནས་ཐོབ་པ་དང་རྒྱུད་བྱང་བས། །སླན་ཆད་ཕྱིར་ལ་མི་ལྡོག་པའི། །སེམས་དང་མི་འབྲལ་བར་གྱུར་ཅིག །ཤེས་རབ་རྣོ་ཞིང་དབང་པོ་གསལ། །ཡེ་ཤེས་ངང་གྱུར་སེམས་ཅན་དོན། །མ་ལུས་བྱེད་པའི་མཐུ་ཐོབ་ནས། །སྐྱེས་པའི་ཚེ་རབས་ཐམས་ཅད་དུ། །སློབ་དཔོན་བཀའ་དྲིན་ལན་ལྡོན་ཞིང་། །ཕ་མའི་དྲིན་ལན་རྗེས་སུ་བསྒྲུབ། །མན་ངག་སྣོད་དང་ལྡན་གྱུར་ཅིག །ཚེ་འདི་དང་ནི་ཚེ་རབས་གཞན། །སྐྱོན་བརྗོད་ཐམས་ཅད་དང་བྲལ་ནས། །དགེ་བའི་རྩ་བ་ཐམས་ཅད་ཀྱི། །ཡོན་ཏན་ཚད་བཞིན་ཐོབ་གྱུར་ཅིག །དུས་ཀྱིས་མནར་བའི་སེམས་ཅན་རྣམས། །ལྔ་བརྒྱ་ཐ་མའི་དུས་བབ་ནས། །བདེན་པའི་ཚིག་དང་བྲལ་བ་རྣམས། །དམ་ཚིག་ཉམས་


DNG012_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྐྱོན་ཅན་དང་། །ལྷན་ཅིག་སྐྱེས་སྐྱོན་དྲ་བས་འདྲེལ། །དམ་ཉམས་ཉེས་པ་ཚེ་འདི་དང་། །གཞན་དུ་མ་སྨིན་བྲལ་གྱུར་ཅིག །སྔོན་ཆད་བསྒྲལ་ཅིང་སྤྱད་དོ་འཚལ། །ཡེ་ཤེས་ཆེན་པོའི་ངང་གིས་བསྒྲལ། །ཐུགས་རྗེ་གདུང་བའི་ཤུགས་ཀྱིས་བསྒྲལ། །རྒྱུད་བྱང་གནས་ཀྱང་སྟོབས་གྱུར་ཅིག །སྔ་རབས་དུས་ཚེར་འདས་པ་རྣམས། །ཐུགས་དམ་ཉམས་པ་ཀུན་བསྐངས་ཏེ། །ཡེ་ཤེས་བླ་མའི་ས་ནོན་ནས། །རྣལ་འབྱོར་དབང་ཕྱུག་གྲལ་ཐོབ་སྟེ། །རིག་འཛིན་རྩལ་འཆང་ཁྱད་པར་ལ། །ཡེ་ཤེས་གོམ་པ་འདོར་བྱེད་ཅིང་། །ས་བཅུ་ཟིལ་གྱིས་རབ་མནན་ཏེ། །སྔོན་གྱི་ཐུགས་དམ་འདྲེལ་པ་ཡི། །འགྲོལ་ཅིང་བརྩེ་གདུང་ཤུགས་ཀྱིས་ནི། །བདག་གི་སྟོང་དང་གྲོགས་གྱུར་ཅིག །སྐུ་གསུང་ཐུགས་ནི་མི་ཟད་པ། །རྒྱན་གྱི་འཁོར་ལོ་ཐོབ་གྱུར་ཅིག །ཅེས་ནི་ཞེ་སྡང་རྡོ་རྗེ་ཡིས། །ཕྱི་རབས་རྣལ་འབྱོར་བློ་སྦྱར་གསུངས། །མངོན་ཤེས་མཁྱེན་པའི་ཐུགས་མངའ་བས། །ཕྱིས་འབྱུང་བློ་མཐུན་དགོངས་ནས་གསུངས། །ཀརྨ་མཱ་ལེའི་རྒྱུད་འདིར་ནི། །མཆོད་པའི་ཕུད་ཉུལ་ཆེན་མོས་ནི། །ལྷ་མོ་བརྒྱད་སོགས་འདོད་པ་ཡིས། །མཆོད་པའི་ཚོགས་རྣམས་ཐམས་ཅད་ལ། །ཏིང་འཛིན་ལྡན་པས་མཆོད་པ་མཆོད། །ཉུལ་ལེས་འབྱོངས་དང་མ་འབྱོངས་བལྟ། །དེ་ཕྱིར་མཁས་པས་སྦྱང་བར་བྱ། །མཁས་པའི་ཡོན་ཏན་མཐའ་ཡས་པ། །ཀུན་གྱི་བྱ་བའི་ལས་མ་ཡིན། །ཞེས་གསུངས་སོ། །ཀརྨ་མཱ་ལེའི་རྒྱུད་ལས། ཐིམ་པའི་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་ཞེ་སྡང་རྡོ་རྗེ། དཀྱིལ་འཁོར་ཐམས་ཅད་ཀྱི་མངའ་བདག་ཆེན་པོས། ཁྲོ་བོ་ཆེན་པོའི་དཀྱིལ་འཁོར་གྱི་གཙོར་མཛད་པའི་ཕྱིར།རྣོན་པོའི་དཀྱིལ་འཁོར་བསྐྱེད་པ་འདི། །འགྲོ་བའི་ཆེད་དུ་དགོངས་ནས་གསུངས་སོ། །དོན་རྣམས་གསལ་ཕྱིར་བཅོ་ལྔར་གསུངས། །སྙིང་རྗེ་འབྱུང་དང་སྔོན་གྱི་གླེང་གཞི་དང་། །བསྐྱེད་དང་བདུད་བཞི་གཞོམ་པར་བྱ་བ་དང་། །དབང་བསྐུར་གནས་བསྲུང་གཤོག་བསྐྱེད་རྫོགས་པ་གདོན། །མ་ཏྲང་མནན་དང་སྤྱན་དྲང་བསྡིམ་པ་དང་། །


DNG012_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

ལས་དང་བརྟན་བཞུགས་བྱ་ཞིང་གདན་ལ་དབབ། །དེ་ལ་སྙིང་རྗེ་ཆེན་པོ་འབྱུང་བ་ནི། །སྦོམ་པོ་གཉིས་ནི་ཐུར་དུ་བསྟན། །མཛུབ་མོ་གཉིས་ནི་རབ་ཏུ་མདུད། །གུང་གཉིས་རྩེ་སྤྲད་སྲིན་མཐེབ་བརྐྱང་། །ས་འོག་ས་བླ་བར་སྣང་ནས། །ཧེ་རུ་ཀ་དང་མཁའ་འགྲོ་བསྡུ། །སྲིད་པ་སྤྱི་བཅིངས་དཔྲལ་བར་བཞག །ཐུགས་རྗེ་ཆེན་པོས་ཀུན་ལ་ཁྱབ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ཤང་སི་ཏ་སརྦ་སཏྭཱ་ན། སརྦ་ཏ་ཐཱ་ག་ཏ་ཏིཥྛ་མ་མ་སྭ་བྷཱ་ཝ་ཤུདྷོ྅་ཧཾ། དེ་ནས་གླེང་གཞི་འདི་གསུངས་སོ། །འདས་པའི་དུས་ན་སྔོན་བྱུང་ནི། །བདག་ཉིད་ཆེན་པོ་རྟག་པ་ཡི། །དེ་བཞིན་གཤེགས་པའི་གསུང་རབ་ལས། །འགྲོ་བའི་ཚུལ་དུ་སྔོན་བྱུང་སྟེ། །དེ་ཚེ་སེམས་ཅན་ཐམས་ཅད་ཀུན། །ཤིན་ཏུ་ཁྲོ་ཞིང་གཏུམ་པར་འགྱུར། །ཤིན་ཏུ་ཁྲོ་ཞིང་གདུག་པ་ལ། །ཞི་བས་ཕན་པར་མི་འགྱུར་ཏེ། །ཤེས་རབ་ཐབས་ཀྱི་ངོ་བོ་ལས། །ཁྲོ་བོས་དེ་བཞིན་གཤེགས་ཀུན་མཛད། །ཁྲོ་བའི་ཚུལ་ཅན་ཁྲོས་པས་ཀྱང་། །འཇིག་རྟེན་གསུམ་དག་སྲེག་བྱེད་ན། །སངས་རྒྱས་ཐུགས་རྗེས་ཁྲོས་པས་ནི། །ཐམས་ཅད་འཇིགས་པའི་མཆོག་ཡིན་ཏེ། །ཁམས་གསུམ་འདི་དག་སྨོས་ཅི་དགོས། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །དམ་ཚིག་ལ་སྡང་རྣམ་སྦྱང་ཕྱིར། །དུར་ཁྲོད་གར་གྱི་ཕྱག་རྒྱར་གསལ། །དེ་ནས་བསྐྱེད་པར་བྱ་བ་ཡང་། །ཧཱུཾ་བཞི་འཕྲོས་དང་འདུས་པ་ལས། །ཡི་གེ་ཧཱུཾ་དང་ཀློང་གྱུར་ཏེ། །ཧཱུཾ་ཉིད་བདག་ལ་རབ་ཐིམ་པས། །ཧཱུཾ་ཤྲཱི་ཧེ་རུ་ཀ་ཧཱུཾ། ཨ་བརྗོད་པས་དཔལ་ལྡན་ཧེ་རུ་ཀ །བདག་ཉིད་གྱུར་པར་རབ་ཏུ་བསྒོམ། །ཀློང་དེ་ཡུམ་ལ་རབ་ཐིམ་པས། །ཀློང་ཀྲོ་དྷཱི་ཤྭ་རཱི་ས་མ་ཡ་དེ་བི་ཏ་ན་ཤོ་དྷ་ཡ། བརྗོད་པས་རང་གི་ཡུམ་ཉིད་དུ། །ཀྲོ་དྷཱི་ཤྭ་རི་མ་རུ་གྱུར། །ཧེ་རུ་ཀ་ནི་ལྔ་སོགས་པ། །ཧཱུཾ་དང་ཧ་ཧེ་ཕཊ་ཅེས་པས། །ཏིང་ངེ་འཛིན་གྱིས་ཁྲོས་པར་བཟླས། །ཕྱོགས་བཅུའི་ཞིང་ཁམས་མ་ལུས་པར། །བྷྲཱུཾ་དང་ཙ་ལས་འཁོར་ལོར་གྱུར། །གཏུམ་ཆེན་དུས་མཐའི་མེ་ལྟར་འབར། །སྣ་ཚོགས་ཁྲོ་འབྱུང་འོད་འཕྲོ་འབར། །སྲིད་གསུམ་བསྲེག་པའི་མེ་ཡིན་ཏེ། །ཡིད་ཀྱི་ཡེ་ཤེས་མེ་རུ་


DNG012_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

འབར། །འོད་འཕྲོ་འབར་བའི་ཚོགས་ཆེན་པ། །ཧཱུྃ་རལ་པ་མུན་ཛའི་ཅོད་པན་འབར། །ཕྱོགས་བཅུར་ཁེངས་པའི་གཤོག་པ་གདེངས། །ཉི་མ་ཐོད་སྦྲུལ་མང་པོའི་གཟི། །ཁྲོ་གཉེར་གློག་སྟོང་འགྱུ་བ་བཞིན། །རྔམ་པའི་ང་རོ་འབྲུག་སྟོང་ལྡིར། །ཕཊ་རཾ་ཛྭ་ལ་ཧཱུཾ་བརྗོད་ཅིང་། །འཕྲོས་པའི་སྤྲིན་ཆེན་ཕྱོགས་བཅུར་འབར། །ཁྲོས་པའི་རྡོ་རྗེ་མེ་ཆེན་པོ། །རྡོ་རྗེ་འཁོར་ལོ་བརྩེགས་པ་འབར། །ཙཀྲ་ཕཊ་རཾ་ཧཱུཾ་རཾ་འབར། །ཁྲོ་བོ་ཁྲོ་མོའི་ཚོགས་ཀྱིས་བསྐོར། །གནས་དང་ཡུལ་གྱི་ཕྱག་རྒྱས་མཛེས། །སོ་སོར་རང་སྔགས་ཁྲི་འབུམ་ཟློས། །སྒྲ་སྐད་ང་རོ་དྲག་པོར་ལྡན། །ཧཱུཾ་ཧཱུཾ་ཧ་ཧ་ཕཊ་བྷྱོ་ལས། །སླས་དང་བྱི་མོ་བྲན་མོའི་ཚོགས། །ཤིན་ཏུ་རྔམ་པའི་གཟུགས་ཀྱིས་གནས། །ནྲྀ་ཡི་ཙིཏྟ་ཟ་ཞིང་རྒྱུག །ཏི་ར་རྒྱུ་མའི་ཞགས་པ་འདེབས། །རང་གི་སྟན་དང་ལག་ཆར་ནི། །རྡོ་རྗེ་གཏམས་པའི་བྲག་རི་དང་། །ཏི་ར་གསར་སྙིང་བུམ་རིལ་འཕེན། །སོ་སོའི་རང་སྔགས་བཟླས་ནས་སུ། །རྒྱུད་དྲུག་གནས་པའི་སེམས་ཅན་དང་། །མ་རུངས་གདུག་པ་ཐམས་ཅད་ཀུན། །ཛཿཧཱུཾ་བཾ་ཧོས་བཀུག་ནས་ནི། །ལན་གཉིས་ལན་གསུམ་ཞལ་དུ་བསྡིམ། །དེ་ནས་བདུད་བཞི་གཞོམ་པ་ནི། །ཆོ་འཕྲུལ་བཞི་ཡི་སྔགས་བརྗོད་དོ། །ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཧཱུཾ་བི་ཤྭ་ཀྲོ་དྷ་མཎྜ་ལ་ཧ་ལ་ཧ་ལ་ཕཊ་ཕཊ་ཕཊ། རིགས་ལྔའི་ཞལ་ནས་སྔགས་བརྗོད་པས། །བདུད་བགེགས་མ་ལུས་རབ་ཏུ་འགྱེལ། །ཧེ་མ་ཧཱ་རུ་དྲ། ཀྵ་ཏྲུཾ་ཀརྨ་བཛྲ། མ་ཧཱ་དེ་བ། མ་རུ་དྲ། ཧཱུཾ་ཛྫ་ཛྫ། ཞེས་པས་ཞབས་ཀྱི་འོག་ཏུ་གཞུག །གཉིས་པ་དབང་ཆེན་ཐོག་སེར་འབེབས། །ཙཀྲ་ཧཱུཾ་བྷྲཱུཾ། དབང་ཆེན་རྡོ་རྗེ་ཐོག་སེར་འབེབས། །བཛྲ་ཧཱུཾ་བྷྲཱུཾ། ཡོད་དམ། དབང་ཆེན་འཁོར་ལོའི་ཐོག་སེར་འབེབས། །ཙཀྲ་ཨོཾ་བྷྲཱུཾ། དབང་ཆེན་རིན་ཆེན་ཐོག་སེར་འབེབས། ། རཏྣ་ཡིན་ནམ། ཙཀྲ་ཏྲཱཾ་བྷྲཱུཾ། དབང་ཆེན་པདྨའི་ཐོག་སེར་འབེབས། །པདྨ་ཡིན་ནམ། ཙཀྲ་ཧྲི་བྷྲཱུཾ། དབང་ཆེན་རལ་གྲིའི་ཐོག་སེར་འབེབས། །ཙཀྲ་ཀརྨ་ཧཱ་བྷྲཱུཾ། ཞེས་པས་ལུས་དེ་གཤགས་དྲལ་བྱས། །རྔམ་པ་གློག་གི་འཁོར་ལོ་འབར། །རྡོ་རྗེའི་རྫུ་འཕྲུལ་རྣམ་པར་སྤྲུལ། །དཔའ་བོ་ཁྲོ་བོ་འཇིགས་བཅས་པས། །རིག་སྔགས་དོན་ལ་ཡང་དག་སྦྱོར། །ཁྲག་གི་རྒྱ་མཚོའི་རྦ་རླབས་ཆི་ལི་ལི། །


DNG012_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

རུས་པའི་ཚོགས་ཀྱི་ཕུང་པོ་ཁྲ་ལ་ལ། །རྡོ་རྗེ་ཞིང་ཆེན་དྲི་ངད་བསུངས་སེ་བསུང་། །མཐོང་ཐོས་རྔམ་པ་མཁའ་འགྲོའི་ཚོགས་དང་རོལ། །རཀྟ་ཛ་མུནྟ་ཛྭ་ལ་མཎྜ་ལ་ཧཱུཾ། ཀེཾ་ནི་རི་ཏི་ཛྭ་ལ་མཎྜ་ལ་ཧཱུཾ། མ་ཧཱ་ཏིཀྵྞཱ་ཡང་ཏིཥྛ་ཛྭ་ལ་མཎྜ་ལ་ཧཱུཾ། ཁ་ཁ་ལ་ཤ་ཏ་ཨ་ལ་ལ་ཧོ། འཆི་བ་མེད་པར་སྲོག་གདོན་པ། །རྡོ་རྗེའི་སྲོག་ནི་རླུང་ལྟ་བུ། །ཡང་དག་བསྒྲལ་བ་རྡོ་རྗེ་ཆེ། །སྐྱེ་ཤི་མེད་པའི་ས་ལ་འགོད། །བཛྲ་རཱ་ཛ། རཏྣ་རཱ་ཛ། པདྨ་རཱ་ཛ། ཀརྨ་རཱ་ཛ་ཏ་ཐཱ་ག་ཏ་རཱ་ཛ། དེ་ནས་རང་དབང་རང་ལ་རྫོགས། །བུམ་པ་ཅོད་པན་མིང་དང་ནི། །རྡོ་རྗེ་དྲིལ་བུ་རྒྱུ་ནས་བླང་། །ལམ་བསྒོམ་འབྲས་བུར་གྱུར་པ་ཡི། །བརྡའ་རྣམས་སྟོན་པའི་དབང་ཡང་བསྐུར། །གསང་དབང་ཤེས་རབ་ཡེ་ཤེས་དང་། །བདེ་ཆེན་སྐུ་གསུང་ཐུགས་བྱིན་བརླབ། །དབང་བསྐུར་བ་ཡི་སྔགས་འདི་ཡིན། །ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱདྨ་ཀོ྅ཧཾ། ཨོཾ་མ་ཧཱ་ཨཱ་དཪྴ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཨོཾ་མ་ཧཱ་པྲ་ཏྱ་བེཀྵེ་ཎ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱདྨ་ཀོ྅ཧཾ། ཨོཾ་མ་ཧཱ་ས་མ་ཏཱི་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱདྨ་ཀོ྅ཧཾ།ཨོཾ་མ་ཧཱ་ཀྲྀ་ཏྱཱཥྛ་ན་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱདྨ་ཀོ྅ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་བ་ཨཱདྨ་ཀོ྅ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཝཱཀ་བཛྲ་སྭ་བྷཱ་བ་ཨཱདྨ་ཀོ྅ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ་བཛྲ་སྭ་བྷཱ་བ་ཨདྨ་ཀོ྅ཧཾ། དེ་ནས་གནས་ནི་བསྲུང་བ་ཡང་། །རྩ་ནི་དཀྱིལ་འཁོར་གཞལ་ཡས་ཁང་། །ལུས་ཁམས་བདུད་རྩི་ལྷ་ཡི་ཆུ། །སྔགས་ཀྱི་ཡི་གེ་གསུང་ཡིན་ཏེ། །ཐུགས་ནི་སྙིང་པོ་རླུང་དུ་གནས། །གནས་བསྲུང་བ་ཡི་དམ་པའོ། །དེ་ནས་གཤོག་པ་བསྐྱེད་པ་ནི། །རྡོ་རྗེ་ལྟ་བུའི་ནམ་འཕང་གཅོད། །རིན་ཆེན་གཤོག་པས་མཆོད་སྦྱིན་གཏོང་། །མ་མོ་མཁའ་འགྲོ་དབང་དུ་སྡུད། །དེ་ནས་རྫོགས་པར་གདོན་པ་ནི། །ཕྱག་རྒྱ་བཅས་ཏེ་སྣ་བུག་ནས། །ཡུངས་ཀར་གཞི་ལས་ཐམས་ཅད་རྫོགས། །སྲོག་དང་རྩོལ་པ་ལས་བྱུང་ངོ་། །ཛཿཧཱུཾ་བཾ་ཧོཿ སྔགས་སོར་བཞག །ཤྲཱི་ཧེ་རུ་ཀ་ཨ་གད་ཏ་ཡ་ཨ་གད་ཏ་ཡ། པྲ་བེ་ཤ་ཡ་པྲ་བེ་ཤ་ཡ། བནྡྷ་ཡ་བནྡྷ་ཡ། ཏོ་ཤ་ཡ་ཏོ་ཤ་ཡ། མོ་ཧ་ཡ་མོ་ཧ་ཡ།བཛྲ་ཌཱཀྐི་ནི་ནན། ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ། ཛཿཧཱུཾ་བཾ་ཧོཿ། ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་སརྦ་དུཥྚན། ས་མ་ཡ་མུ་དྲ། པྲ་བྷཉྩ་ཀ་ཧཱུཾ་ཕཊ། དེ་ནས་


DNG012_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཏྲང་མནན་པ་ནི། །མ་ཏྲང་རྣམ་པ་གསུམ་ཡོད་དེ། །ཆོས་ལ་བདག་ཏུ་འཛིན་པས་ཡིན། །གང་ཟག་བདག་འཛིན་ཁ་ཊྭཱཾ་ག །རྒྱུ་འབྲས་ཆད་བལྟ་ཨཱ་ཀཪྴ། །དུས་གསུམ་རྒྱུར་གྱུར་ལུས་ངག་ཡིད། །ཁམས་གསུམ་ངང་གནས་འཁོར་བ་ཡིན། །དོན་གྱི་གཞོམ་དང་ཐབས་ཀྱི་གཞོམ། །ཧེ་ནི་གཟུང་བའི་ཡུལ་མེད་ཆོས་ཀྱི་སྐུ། །ཧེ་ཧེ་ཀ །རུ་ནི་འཛིན་པའི་སེམས་མེད་ཡེ་ཤེས་ཡིན། །རུ་རུ་ཀ །ཀ་ནི་རྟེན་འདྲེལ་རྒྱུ་འབྲས་ཆོ་འཕྲུལ་སྟོན། །ཀ་ཀརྨ། དུག་གསུམ་རྣམ་པར་དག་པས་ཁམས་གསུམ་དབང་དུ་སྡུད། །སྐུ་གསུམ་ལྷུན་གྱིས་གྲུབ་ཅིང་མཚན་མ་གསུམ་དང་བྲལ། །སྐུ་གསུམ་ས་གསུམ་ཏིང་འཛིན་ཡེ་ཤེས་གསུམ། །ཤྲཱི་ནི་གཉིས་མེད་ཡེ་ཤེས་ལ། །ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། །རུ་ནི་ཚོགས་དང་བྲལ་བ་སྟེ། །ཀ་ནི་གང་དུའང་མི་གནས་པའོ། །རྡོ་རྗེ་གསོར་ནས་འདི་སྐད་གསུངས། །ཤར་ཕྱོགས་འཇིག་རྟེན་ལམ་སྒོ་ནས། །འབྱུང་པོ་གཏུམ་པོ་ང་རྒྱལ་ཅན། །ཁྱོད་ནི་སྒྲིབ་པ་ཀུན་གྱིས་བསྒྲིབས། །ཡང་དག་ཤེས་རབ་ཡེ་ཤེས་ཀྱི། །ཁུངས་བཙལ་རྩད་བཅད་རང་ལས་བྱུང་། །བདག་འཛིན་བདག་གིར་རྟོག་པ་ནི། །བདག་མེད་སྟོང་པའི་ཐོ་བས་གཞོམ། །བདག་པོ་ཐབས་སྟོབས་བརྩོན་འགྲུས་ཀྱིས། །གནས་ངན་ལེན་པའི་དེད་དཔོན་བྱེད། །དེ་ཉིད་བདག་རྟོག་ཡིན་པས་ན། །བདག་མེད་སྟོང་པའི་སྟོབས་ཀྱིས་གཞོམ། །ཨཱདྨ་ནི་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་མུངྒ་ར་ཨཱ་ཀོ་ཊ་ཡ་ཧཱུཾ་ཕཊ། ཨོཾ་སརྦ་པཱ་པ་ཀ་ར་ཧེ་ཏ་པ་པི་མ་ཏྲཾ་རུ་དྲ་ཧཱུཾ་ཕཊ། སརྦ་པ་པ་ཀ་ར་ཧེ་ཏེ་པ་ཏྲི་ཁ་ཊྭཱཾ་ག་རུ་དྲ་ཧཱུཾ་ཕཊ། ཨོཾ་སརྦ་པ་པ་ཀ་ར་ཧེ་ཏ་པ་པི་ཏ་ཨཱ་ཀཪྴ་རུ་དྲ་ཧཱུཾ་ཕཊ། ཆོས་ཆེན་གྱི་ནི་གོ་བགོས་ཏེ། །དཔལ་ཆེན་སྟོབས་ཀྱང་ཆེ་བ་བདག །སྟོང་པའི་མཚོན་ཆ་རྣོན་པོ་ཡིས། །གདབ་པ་དག་ཀྱང་དེ་དག་འདེབས། །ཆོས་ཀུན་རྟག་ཏུ་རང་གི་ངོ་བོས་སྟོང་། །རྒྱལ་བའི་སྲས་རྣམས་དངོས་པོ་རྣམ་པར་འཇིག །སྲིད་པ་ཇི་བཞིན་ཡེ་ནས་སྟོང་པ་ཡིན། །ཉི་ཚེ་སྟོང་ཉིད་མུ་སྟེགས་ཅན་རྣམས་ཀྱིས། །དེ་བས་ཡང་ནི་འདི་སྐད་གསུངས། །འཕགས་པ་ཐམས་ཅད་བདག་ལ་


DNG012_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

གསོན། །འབྱུང་པོ་མང་པོ་ཀུན་ཉོན་ཅིག །རྡོ་རྗེ་རྣོན་པོ་འཇམ་དཔལ་གྱི། །ཐུགས་རྗེའི་ངང་དང་ཤེས་རབ་དང་། །ཐབས་མཁས་པ་ཡི་བྱིན་རླབས་ཀྱིས། །འགྲོ་བ་ཐམས་ཅད་བསྲུང་བར་མཛད། །འགྲོ་བའི་བདག་པོའི་ཚེ་དང་སྲོག །གསོན་པོ་བདེ་བར་བར་གཅོད་པ། །བདག་དང་གཤིན་རྗེ་འཁོར་བཅས་ཀུན། །བཅོམ་ཞིང་གསོད་པའི་གཤེད་པོ་ནི། །འཇམ་དཔལ་འཕྲུལ་གྱི་དངོས་གྲུབ་མཆོག །སྲིད་གསུམ་མཐར་བྱེད་རྔམ་པ་དེས། །ཁ་ཊྭཱཾ་ཐོད་དབྱུག་མི་བཟད་པས། །གཤིན་རྗེ་བཅོམ་ནས་གསད་པར་བྱ། །ཛཿཧཱུཾ་བཾ་ཧོཿ། ཤྲཱིཿཧེ་རུ་ཀ་མ་ཧཱ་བཛྲ་སརྦ་དུཥྚན། ས་མ་ཡ་མུ་དྲ་པྲ་བྷཉྩ་ཀྲ་ཧ་ན་ཧཱུཾ་ཕཊ། བདག་པོ་གདོལ་པ་དྲག་པོ་ཡི། །རོ་ཡི་ཉལ་ཐབས་གན་རྐྱལ་ཏེ། །ལག་པ་གཡས་གཡོན་མཁྲིག་མ་ནི། །ཁྱི་གཉིས་དང་ནི་བྱ་རྒོད་གཉིས། །མགོ་ནི་ལྷོ་ནུབ་མཚམས་སུ་བསྟན། །རྐང་པ་བྱང་ཤར་ཐུག་པ་མེད། །དེ་ཡང་ཅུང་ཟད་བསྣོལ་བའོ། །ཐལ་བའི་མདོག་ལ་སྐྲ་འགྲེངས་པ། །ཁོང་པ་ནམ་མཁའི་གཞལ་ཡས་ཁང་། །ཡན་ལག་རིན་ཆེན་དུར་ཁྲོད་རྟེན། །ཤེས་རབ་དགྲ་སྟྭས་གཤག་པར་བྱ། །དགྲ་སྟྭའི་ཕྱག་རྒྱ་ཧ་ཧ་ཞེས། །ཁོང་པ་གཤགས་ནས་དེ་ནང་དུ། །བྷྲཱུཾ་རཏྣ་ཁ་ཏ་ལི་བྱི་ཧཱུཾ། ཞེས་པས་ཁོང་པ་གཞལ་ཡས་ཁང་། །གཉིས་སུ་མེད་པར་བསམ་པར་བྱ། །དེ་ནས་དེ་ནང་འཇུག་པ་ནི། །གནས་ཀྱི་སྒོ་འདི་སུ་ཡིས་བཅད། །སེམས་ཀྱི་བདག་པོས་བཅད་དམ་ཅི། །གཟུང་འཛིན་རྐང་པ་བསྣོལ་བ་ནི། །ཡུལ་ལས་འདས་པའི་ཞབས་ཀྱིས་དབྱེ། །ཧཱུཾ་ཕཊ་མ་ཏྲཾ་རུ་དྲ་ཕཊ། །དེ་ནས་ལྕགས་ཀྱི་ཕྱག་རྒྱས་བཏབ། །རྡོ་རྗེའི་གར་གྱི་ཚུལ་གྱིས་ནི། །འཁོར་བཅས་ཁང་པར་འཇུག་པར་བྱ། །ཏོ་ཙ་པྱང་ཏོ་སོར་བཞག་ཙ་པྱང་། མ་ནུ་ད་ར། ཨུད་མ་ད་ར། ཤྲཱི་ཀཱ་ལ་ལ་ཡེ་ཏོ་ཙ་པྱཱང་། པདྨ་རཀྟ་ད་རཾ། ཨུདྨ་ད་རཾ། བཛྲ་ད་རཾ། བཛྲ་མ་ཧཱ་མཱཾ་ས་ད་རཾ། ཞེས་པའི་སྔགས་དེ་བརྗོད་ནས་ནི། །ཧ་ཧ་ཧཾ་ཞེས་བརྗོད་པ་ཡི། །སྔགས་དེས་སྒོ་གཉིས་གཅད་པར་བྱའོ། །དེ་ནས་སྤྱན་ཡང་དྲང་བ་ནི། །ཡེ་ཤེས་སྤྱན་གྱི་སྤྱོད་ཡུལ་ནས། །དཔལ་ཆེན་ཁྲག་འཐུང་འཁོར་དང་བཅས། །སེམས་ཅན་དོན་སླད་དམ་ཚིག་དགོངས། །


DNG012_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

གནས་འདིར་མ་ལུས་གཤེགས་སུ་གསོལ། །ཨེ་ཧྱེ་ཧི་བྷ་ག་ཝཱན། ཛཿཧཱུཾ་བཾ་ཧོཿ། རུ་ལུ་རུ་ལུ། ཛཿཧཱུཾ་བཾ་ཧོཿཨེ་ཧྱེ་ཧི་དྲྀ་ཤྱ་ཧོ། ས་མ་ཡ་ཧོ། ས་མ་ཡ་སྟྭཾ། ཨོཾ་ཤྲཱི་ཧེ་རུ་ཀ །ཨོཾ་ཨེ་བཛྲ་ཨཱ་ར་ལི། ཧྲིཾ་ཧྲིཾ་ཧྲིཾ། དེ་ནས་བསྡིམ་པ་འདི་སྐད་གསུངས། །དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་ཧེ་རུ་ཀ །ཆོས་སྐུ་ཞི་བའི་ངང་ལས་ཀྱང་། །གཟུགས་སྐུ་འཇིགས་ཚུལ་བསྟན་དུ་གསོལ། །ཐུགས་རྗེ་ཆེན་པོ་ཐབས་མཁས་པས། །གདུག་པ་འདུལ་ཕྱིར་གཤེགས་སུ་གསོལ། །ཚོགས་རྗེ་ཚོགས་བདག་དབང་དང་ལྡན། །ཚོགས་ཀྱི་སློབ་དཔོན་གཤེགས་སུ་གསོལ། །ཡེ་ཤེས་རྟོགས་པའི་ཁྱད་པར་ལས། །སྤྲུལ་པ་མང་པོའི་ཚོགས་བཅས་གཤེགས་སུ་གསོལ། །ཛཿཧཱུཾ་བཾ་ཧོཿ། ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་སརྦ་དུཥྚན། ས་མ་ཡ་མུ་དྲ། པྲ་བེ་ཤ་ཕཊ། ཨཱ་བེ་ཤ་ཨ། ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ། ཛཿཧཱུཾ་བཾ་ཧོཿ། ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་སརྦ་དུཥྚན། ས་མ་ཡ་མུ་དྲ། པྲ་བན་ཙཀྵ་ཧཱུཾ་ཕཊ། དེ་ནས་ལས་ལ་གཞུག་པ་ནི། །བདེ་གཤེགས་ཕོ་བྲང་དཀྱིལ་འཁོར་འདིར། །འགྲོ་བ་མ་ལུས་བསྒྲལ་བའི་ཕྱིར། །དོན་གྱི་དབང་དུ་དགོངས་ནས་ཀྱང་། །འཁོར་བཅས་རབ་འབར་གཤེགས་སུ་གསོལ། །ཛཿཧཱུཾ་བཾ་ཧོཿ། ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་སརྦ་དུཥྚན། ས་མ་ཡ་སྟྭཾ། ཨ་པ་སྟཾ་བ་ཀ་ཧཱུཾ་ཕཊ། དེ་ནས་དམ་ཚིག་ཕྱག་རྒྱ་ཡིས། །བརྟན་པར་བཞུགས་སུ་གསོལ་བ་ནི། །སེམས་ཅན་དོན་ཕྱིར་ནན་ཏན་མཆོག་བསྐྱེད་ཅིང་། །ཡེ་ཤེས་ཐུགས་རྗེས་བདག་ལ་དགོངས་ནས་ཀྱང་། །མི་གཉིས་དོན་ཕྱིར་དངོས་གྲུབ་མཆོག་རྣམས་ཀུན། །བདག་ལ་སྩལ་ཅིང་བརྟན་པར་བཞུགས་སུ་གསོལ། །ཛཿཧཱུཾ་བཾ་ཧོཿཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་སརྦ་དུཥྚན། ས་མ་ཡ་ཧི། ཀཱ་ཡ་ཝཱཀ་ཙིཏྟ། ཏིཥྛ་བཛྲ་ཧཱུཾ། དེ་ནས་ལྷ་ནི་གནད་ལ་དབབ་པ་ཡི། །ཆོ་ག་ཡང་ནི་འདི་སྐད་གསུངས། །དམ་ཚིག་པ་ལ་བཞུགས་པ་ཡི། །དཔལ་ཆེན་ཁྲག་འཐུང་འཁོར་དང་བཅས། །དམ་ཚིག་ཚུལ་བཞིན་མ་གཤེགས་སམ། །གྲུབ་པ་མཆོག་དག་མ་སྩལ་ན། །སྐུ་གསུང་ཐུགས་དང་འགལ་བའོ། །ཨོཾ་བཛྲ་


DNG012_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

གུ་ཧྱེ་ཤཱི་ཧེ་རུ་ཀ་ས་མ་ཡ་སྟྭཾ། ཨོཾ་བཛྲ་གུ་ཧྱ་དྲྀ་ཤྱ་ས་མ་ཡ་ཧཱུཾ། ཨོཾ་བཛྲ་གུ་ཧྱ་དྲྀ་ཤྱ་ས་མ་ཡ་ཕཊ། སྐུ་གསུམ་ཕྱག་རྒྱ་རབ་བཤད་བྱ། །ལག་པ་གཉིས་ནི་ཐལ་མོ་སྦྱར། །མཐེའུ་ཆུང་གུང་མོ་རྩེ་སྤྲད་ནས། །སྲིན་ལག་གཉིས་ནི་རབ་ཏུ་བསྣོལ། །མཛུབ་མོ་གཉིས་ནི་ཟླུམ་པོར་བཀུག །ཐོད་པ་སྐམ་པོའི་ཕྱག་རྒྱའོ། །སྔ་མ་བཞིན་དུ་གནས་པ་ལ། །སྲིན་ལག་མཛུབ་མོའི་ནང་དུ་གཞུག །ཐོད་པ་རླན་པའི་ཕྱག་རྒྱའོ། །ལག་གཉིས་སྙིམ་པ་ལྟར་བྱས་ལ། །ཐོད་པ་ཚལ་བུའི་ཕྱག་རྒྱའོ། །གཡས་པ་མཛུབ་མོ་ཟླུམ་པོར་བྱ། །གཡོན་པའི་མཛུབ་མོ་དེ་ལ་གཏད། །གཡས་ཀྱི་མཐེ་བོང་གཡོན་པ་ཡིས། །མཐེ་བོང་རྒྱབ་ཚིགས་དང་པོར་གཏད། །གཞན་རྣམས་ཐལ་སྦྱར་རྩེ་སྤྲད་པ། །ཕྲིན་ལས་རྣམ་བཞིའི་ཕྱག་རྒྱའོ། །ཕྱག་རྒྱའི་ལས་འདི་བཅའ་བ་ཡང་། །དམིགས་པ་ཡོད་པས་ཤེས་པར་བྱའོ། །དེ་ནས་ཕྱག་ཀྱང་བྱ་བ་ནི། །ཧེ་རུ་ཀ་ལྔ་ལ་ཕྱག་འཚལ་བ། །འགྲོ་རྣམས་ཇི་ལྟར་འདུལ་བཞིན་གཤེགས་མཛད་པ། །ཤེས་རབ་ནམ་མཁའི་བསྐལ་པས་རྒས་རྒུད་སྟོངས། །གཏི་མུག་ཚུལ་གྱིས་གཏི་མུག་འཇོམས་མཛད་པ། །གཏི་མུག་འཁོར་ལོ་ཁྱོད་ལ་ཕྱག་འཚལ་ལོ། །བུཌྜྷ་ཧེ་རུ་ཀ་ཧ་ཧ་རུ་ལུ་རུ་ལུ་ན་མཿ། ཡེ་ཤེས་རྡོ་རྗེས་ཉོན་མོངས་རྡོ་རྗེ་འཇོམས། །ཐབས་འཛིན་མཚོན་ཆའི་བསྐལ་པས་དངོས་པོ་འཇིག །ཞེ་སྡང་ཚུལ་གྱིས་ཞེ་སྡང་འཇོམས་མཛད་པ། །ཞེ་སྡང་རྡོ་རྗེ་ཁྱོད་ལ་ཕྱག་འཚལ་ལོ། །བཛྲ་ཧེ་རུ་ཀ་རུ་ལུ་རུ་ལུ་ན་མཿ། རིན་ཆེན་དབྱིངས་ལྟར་རེ་འདོད་ཀུན་བསྐང་ཞིང་། །བདག་མེད་ཞི་གནས་ཆུ་ཡི་བསྐལ་པས་འཁྲུ། །ང་རྒྱལ་ཚུལ་གྱིས་ང་རྒྱལ་འཇོམས་མཛད་པ། །ང་རྒྱལ་རིན་ཆེན་ཁྱོད་ལ་ཕྱག་འཚལ་ལོ། །རཏྣ་ཧེ་རུ་ཀ་ཧ་ཧ་རུ་ལུ་རུ་ལུ་ན་མཿ། འཁོར་བའི་འདམ་དུ་པད་ལྟར་སྐུ་འཁྲུངས་ཤིང་། །ལྷག་མཐོང་མེ་ཆེན་བསྐལ་པས་ཐམས་ཅད་བསྲེག །འདོད་ཆགས་ཚུལ་གྱིས་འདོད་ཆགས་འཇོམས་མཛད་པ། །འདོད་ཆགས་པདྨ་ཁྱེད་ལ་ཕྱག་འཚལ་ལོ། །པདྨ་ཧེ་རུ་ཀ་ཧ་ཧ་རུ་ལུ་རུ་ལུ་ན་མཿ། ཕྲིན་ལས་རྒྱ་མཚོས་འགྲོ་བའི་


DNG012_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

དོན་མཛད་ཅིང་། །ཤེས་རབ་ཐོགས་མེད་བསྐལ་པའི་རླུང་གིས་བསྐྱོད། །ཕྲག་དོག་ཚུལ་གྱིས་ཕྲག་དོག་འཇོམས་མཛད་པ། །ཕྲག་དོག་རལ་གྲི་ཁྱོད་ལ་ཕྱག་འཚལ་ལོ། །ཀརྨ་ཧེ་རུ་ཀ་ཧ་ཧ་རུ་ལུ་རུ་ལུ་ན་མཿ། བདག་མེད་ཕྱོགས་བྲལ་དོན་དམ་ཐུགས་ཆུད་ཅིང་། །བྱམས་དང་སྙིང་རྗེ་དགྲ་ཟུན་མི་མངའ་ཡང་། །གདུག་པ་འདུལ་ཕྱིར་དུས་ལས་མི་འདའ་བའི། །འཇིགས་བྱེད་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །མི་གནས་མི་དམིགས་ཆོས་སྐུར་དག་པ་ལས། །བདུད་འདུལ་ཁྲོ་བོ་མཆོག་གི་སྐུར་སྟོན་པ། །ཐུགས་རྗེའི་གཟི་ལྡན་གདུག་པ་ཐབས་ཀྱིས་འདུལ། །བཅོམ་ལྡན་ཁྲོ་རྒྱལ་གཙོ་ལ་ཕྱག་འཚལ་ལོ། །མཉམ་ཉིད་ངང་གིས་ཁྲོ་ལ་ཕྱག་འཚལ་ལོ། །ཁྲོས་པས་ལོངས་སྤྱོད་མཛད་ལ་ཕྱག་འཚལ་ལོ། །རྡོ་རྗེ་འདུ་འཕྲོ་མཛད་ལ་ཕྱག་འཚལ་ལོ། །ཁྲོ་མོ་དབང་ཕྱུག་སྐུ་ལ་ཉེར་གནས་ཤིང་། །ཐབས་དང་ཤེས་རབ་འདྲེལ་བའི་དཀྱིལ་འཁོར་ནས། །མཁའ་འགྲོ་མི་བཟད་འབར་བའི་སྤྲིན་འཕྲོ་མ། །གདུག་པ་འདུལ་མཛད་ཡུམ་ལ་ཕྱག་འཚལ་ལོ། །ནམ་མཁའི་ལུས་ཅན་གར་ཡང་ཐོགས་མེད་རྒྱུ། །འདོད་དགུར་བསྒྱུར་བའི་གཟུགས་ཅན་འཕྲུལ་མོ་ཆེ། །མ་སྲིང་བྱམས་མའི་ཚུལ་གྱི་གྲོགས་མཛད་མ། །ཕྱི་ནང་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་བནྡ་ནཾ་ཀ་རོ་ཡཱ་མི་ཧཱུཾ། ཨ་ཏི་པུ་ཧོ། པྲ་ཏི་ཛ་ཧོ་ཨ་ལ་ལ་ཧོ།དེ་ནས་ཁྲོ་རྒྱལ་ཆེ་རྣམས་ཀྱི། །ཐིམ་པའི་དཀྱིལ་འཁོར་རབ་བཤད་བྱ། །མཆོད་པ་འབུལ་དང་སྨོན་ལམ་གདབ། །མཆོད་པ་བཅུ་གཅིག་དབུལ་བར་བྱ། །ཕྲ་མེན་གར་གྱི་མཆོད་པ་དང་། །སྨན་གྱི་མཆོད་པ་འབུལ་བ་དང་། །དངོས་གྲུབ་བསྐུལ་དང་དངོས་གྲུབ་བླང་། །ཐུགས་དམ་བསྐང་ཞིང་བཀའ་ལོག་བསྐལ། །ཟ་སྟོབས་སྒག་ཟིལ་གཏོར་མ་བསྟོད། །ཕྲ་མེན་གར་གྱི་མཆོད་པ་ནི། །ཕྲ་མེན་ཉུ་ལེའི་ལྗོན་ཚུལ་སྟབས། །སྲིད་གསུམ་འཇོམས་མཛད་དབྱུག་ཐོགས་གཽ་རི་མ། །དམ་ཚིག་དབྱིངས་མཆོག་སྐུལ་བྱེད་ཙཽ་རི་མ། །སྟོང་གསུམ་དབང་མཛད་རྒྱལ་བྱེད་ཕྲ་མོ་ཧཱ། །མ་ལུས་


DNG012_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ་བྱེད་རྔེའུ་ཐོགས་བེ་ཏཱ་ལཱི། །བདེ་ཆེན་དབྱིངས་སུ་འདྲེན་མཛད་པུཀྐ་སཱི། །དཀྲུགས་ནས་ཞལ་དུ་གསོལ་མཛད་གྷསྨ་རཱི། །འབར་བས་སྟོང་གསུམ་སྟོང་བྱེད་ཙཎྜ་ལཱི། །ཐུགས་རྗེས་འཇིག་རྟེན་སྒྲོལ་མཛད་སྨ་ཤ་ནཱི། །འགྲོ་བའི་སྡུག་བསྔལ་གསོད་བྱེད་སིངྷ་མ། །འཆི་བདག་བདུད་ཀྱི་སྡེ་འཇོམས་བྱཱ་གྷྲི་མ། །དུར་ཁྲོད་བགེགས་ཀྱི་ཚོགས་འཇོམས་སྲིཾ་ག་ལཱ། །འགྲོ་བའི་དོན་གྲུབ་ལས་བྱེད་ཤྭ་ན་མ། །མགྱོགས་མ་སྙོགས་པའི་ལས་བྱེད་གྲྀ་ཌྷ་མ། །འགྲོ་བའི་སྡུག་བསྔལ་ཆེ་འཕྲོག་ཀཾ་ཀ་མ། །ཡོན་ཏན་ཡིད་བཞིན་བདག་ཉིད་ཀཱ་ཀ་མ། །འགྲོ་བའི་དོན་གྲུབ་ཁྲག་འཐུང་ཨུ་ལཱུ་མ། །བཛྲ་གཽ་རཱི་ཧ། བཛྲ་ཙཽ་རཱི་ཧ། བཛྲ་པ་མོ་ཧཱ་ཧ། བཛྲ་བེ་ཏ་ལཱི་ཧ། བཛྲ་པུཀྐ་སཱི་ཧ། བཛྲ་ཙཎྜ་ལཱི་ཧ། བཛྲ་སྨ་ཤ་ནཱི་ཧ། བཛྲ་གྷསྨ་རཱི་ཧ། བཛྲ་སིངྷ་མུ་ཁཱི་ཧེ། བཛྲ་བྱཱ་གྷྲཱི་མུ་ཁཱི་ཧེ། བཛྲ་ཛེྨ ་ག་ལ་མུ་ཁཱི་ཧེ། བཛྲ་ཤྭ་ན་མུ་ཁཱི་ཧི། བཛྲ་གྲྀ་ཌྷ་མུ་ཁཱི་ཧེ། བཛྲ་ཀཾ་ཀ་མུ་ཁཱི་ཧེ། བཛྲ་ཀཱ་ཀ་མུ་ཁཱི་ཧེ། བཛྲ་ཨུ་ལཱུ་མུ་ཁཱི་ཧེ། ཉོན་མོངས་གནས་ནས་འདྲེན་མཛད་རྟ་གདོང་ལྕགས་ཀྱུ་མ། །འཁོར་བའི་སྡུག་བསྔལ་འཆིང་མཛད་ཕག་གདོང་ཞགས་པ་མ། །གཉིས་མེད་དབྱིངས་སུ་བརྟན་པར་གཞུག་མཛད་འཇིག་རྟེན་ལྕགས་སྒྲོག་མ། །མ་ལུས་རྡུལ་དུ་རློག་མཛད་ཐལ་བྱེད་དྲིལ་བུ་མ། །བཛྲ་ཨཱརྱ་ཏེ་ཛ་ཏང་ཛ། བཛྲཱ་མུ་ཁེ་ཧཱུཾ། བཛྲ་ལོ་ཀ་བཾ། བཛྲ་བྷསྨི་པ་ལ་ཡ་བ་ཏུ་ཧེ། དེ་ནས་སྨན་མཆོད་དབུལ་བར་བྱ། །བླ་མེད་དམ་རྫས་རྣམ་པ་ལྔ། །ཡེ་ནས་དྲུག་པའི་བདུད་རྩི་སྟེ། །གཉིས་མེད་དབྱིངས་སུ་ལྷུན་གྱིས་རྫོགས། །འཆི་མེད་བདུད་རྩིའི་རང་བཞིན་ཏེ། །རང་བྱུང་གདོད་ནས་རྣམ་པར་དག །རྩ་བརྒྱད་སྟོང་ལས་སྦྱར་བའི་སྨན། །རྩ་བ་འབུམ་ཕྲག་བསམ་ཡས་པ། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །རྒྱུད་དྲུག་སེམས་ཅན་ཀུན་སྒྲོལ་བ། །དུག་ལྔ་སེལ་བའི་བདུད་རྩི་སྟེ། །ཐམས་ཅད་བདུད་རྩིའི་རྣལ་འབྱོར་ཆེ། །ཤ་ཆེན་མཆོད་པ་རིན་པོ་ཆེ། །པདྨ་མེ་ཏོག་ཡང་དག་ལྡན། །རྡོ་རྗེ་ཆུ་སྟེ་བདུད་རྩི་མཆོག །ག་པུར་ཤེལ་གྱི་སྤོས་ཕར་ནི། །


DNG012_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་སྒྲོན་ལྟར་འབབ་པ་ཡི། །གཉིས་མེད་རོལ་པའི་དཀྱིལ་འཁོར་འདིར། །བཞེས་ཏེ་བྱིན་གྱིས་བརླབ་ཏུ་གསོལ། །ན་མཿསརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་ཤྲཱི་པཉྩ་ཁཱ་ཧེ་ཁཱ་ཧི། དཔལ་ཆེན་བཛྲ་ཧེ་རུ་ཀ །ཡུམ་ཆེན་ཀྲོ་དྷཱི་ཤྭ་རཱི་དང་། །དཔལ་ཆེན་བུཌྜྷ་ཧེ་རུ་དང་། །ཡུམ་ཆེན་བུཌྜྷ་ཀྲོ་དྷཱི་དང་། །དཔལ་ཆེན་རཏྣ་ཧེ་རུ་དང་། །རཏྣ་ཀྲོ་དྷཱི་ཤྭ་རཱི་དང་། །དཔལ་ཆེན་པདྨ་ཧེ་རུ་དང་། །པདྨ་ཀྲོ་དྷཱི་ཤྭ་རཱི་དང་། །དཔལ་ཆེན་བི་ཤྭ་ཧེ་རུ་དང་། །བི་ཤྭ་ཀྲོ་དྷཱི་ཤྭ་རཱི་ལ། །དམ་ཚིག་མཆོག་གི་མཆོད་པ་འབུལ། །བཞེས་ཏེ་ཀུན་ཏུ་དགྱེས་མཆོད་ལ། །ཕུལ་བའི་དངོས་གྲུབ་བདག་ལ་སྩོལ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་ཧོ། དཔལ་ཆེན་མི་ཕམ་རྡོ་རྗེ་དང་། །མ་ཚོགས་དབང་ཕྱུག་འཁོར་གྱི་རྐྱེན། ཁྲོ་བོ་ཆེན་མོ་བཅུ་རྣམས་དང་། །ཁྲོ་མོ་ཆེན་མོ་བཅུ་རྣམས་ལ། །དམ་ཚིག་མཆོག་གི་མཆོད་པ་འབུལ། །བཞེས་ཏེ་ཀུན་ཏུ་དགྱེས་མཆོད་ལ། །ཕུལ་བའི་དངོས་གྲུབ་བདག་ལ་སྩོལ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་ཧོ། གཽ་རཱི་ལ་སོགས་བཞི་རྣམས་དང་། །པུཀྐ་ལ་སོགས་བཞི་རྣམས་ལ། །དམ་ཚིག་མཆོག་གི་མཆོད་པ་འབུལ། །བཞེས་ཏེ་ཀུན་ཏུ་དགྱེས་མཆོད་ལ། །ཕུལ་བའི་དངོས་གྲུབ་བདག་ལ་སྩོལ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་ཧོ། སིངྷ་ལ་སོགས་བཞི་རྣམས་དང་། །གྲྀ་ཌྷ་ལ་སོགས་བཞི་རྣམས་ལ། །དམ་ཚིག་མཆོག་གི་མཆོད་པ་འབུལ། །བཞེས་ཏེ་ཀུན་ཏུ་དགྱེས་མཆོད་ལ། །ཕུལ་བའི་དངོས་གྲུབ་བདག་ལ་སྩོལ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་ཧོ། རྟ་གདོང་ལ་སོགས་བཞི་རྣམས་དང་། །དུས་གསུམ་རྡོ་རྗེ་སློབ་དཔོན་དང་། །མཆེད་དང་ལྕམ་དྲལ་སྔར་འདས་ལ། །དམ་ཚིག་མཆོག་གི་མཆོད་པ་འབུལ། །བཞེས་ཏེ་ཀུན་ཏུ་དགེས་མཛོད་ལ། །ཕུལ་བའི་དངོས་གྲུབ་བདག་ལ་སྩོལ། །ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨརྒྷཾ་པྲ་ཏཱིཙྪ་ཧོ། ཡང་ནི་ཕྱི་རབས་བློ་ལ་དགོངས། །འདི་སྐད་ཡང་ནི་བསྐྱར་ཏེ་གསུངས། །ཚོགས་རྗེ་ཚོགས་བདག་དཔལ་ཆེན་ཧེ་རུ་ཀ །


DNG012_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

འབར་བའི་རྒྱལ་པོ་ཁྲག་འཐུང་ལྔ་རྣམས་དང་། །དཔལ་ཆེན་སྐུ་ལ་གཉིས་མེད་ལྷུན་སྦྱོར་བའི། །ཀྲོ་དྷཱི་ཤྭ་རཱི་འབར་བའི་ཡུམ་རྣམས་ལ། །དམ་ཚིག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེ་ཆེས་དགོངས་དབང་དང་དངོས་གྲུབ་སྩོལ། །ན་མཿསརྦ་ཏ་ཐཱ་ག་ཨརྒྷཾ་པྲ་ཏཱིཙྪ་ཤྲཱི་པཉྩ་ཁཱ་ཧི། མཐིང་གའི་མཆོག་རྣམས་རྡོ་རྗེ་གསང་བའི་ཡུམ། །ཞིང་བཅུ་གཏན་ནས་འབྱིན་པའི་མཁའ་འགྲོ་མ། །ཀེའུ་རི་ལ་སོགས་མ་མོ་བརྒྱད་རྣམས་ལ། །དམ་ཚིག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེ་ཆེས་དགོངས་དབང་དང་དངོས་གྲུབ་སྩོལ། །ན་མཿསརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་ཤྲཱི་པཉྩ་ཁཱ་ཧི། ཟ་བྱེད་མགོ་བརྙན་རྡོ་རྗེ་མཆེ་གཤོག་ཅན། །དམ་ལོག་བགེགས་ཀྱི་སྙིང་ལ་འདྲེན་མཛད་མ། །སིངྷ་ལ་སོགས་ཕྲ་མེན་བརྒྱད་རྣམས་ལ། །དམ་ཚིག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེ་ཆེས་དགོངས་དབང་དང་དངོས་གྲུབ་སྩོལ། །ན་མཿསརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་ཤྲཱི་པཉྩ་ཁཱ་ཧི། ཏི་རའི་སྙིང་འདྲེན་འཆིང་སྡོམ་དབང་སྡུད་མ། །རྟ་གདོང་ལ་སོགས་སྒོ་མ་བཞི་རྣམས་ལ། །དམ་ཚིག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེ་ཆེས་དགོངས་དབང་དང་དངོས་གྲུབ་སྩོལ། །ན་མཿསརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་ཤྲཱི་པཉྩ་ཁཱ་ཧི།བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ན། །འཇིགས་བྱེད་ཆེན་པོ་ཁྲོ་བོའི་ཚོགས་རྣམས་ལ། །དམ་ཚིག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེ་ཆེས་དགོངས་དབང་དང་དངོས་གྲུབ་སྩོལ། །ན་མཿསརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་ཤྲཱི་པཉྩ་ཁཱ་ཧི། ཁྲོ་རྒྱལ་སྐུ་ལ་གཉིས་མེད་འཁྲིལ་བའི་ཡུམ། །སྙེམས་མ་ལ་སོགས་ཁྲོ་མོའི་ཚོགས་རྣམས་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་


DNG012_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་སྩོལ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་ཤྲཱི་པཉྩ་ཁ་རཾ་ཁཱ་ཧི། དཔལ་གྱི་འཁོར་ཚོགས་བཛྲ་ཨཱ་ར་ལི། །མཁའ་འགྲོ་ཤུགས་འགྲོ་མ་སྲིང་རྒྱ་མཚོ་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་ཤྲཱི་པཉྩ་ཁ་རཾ་ཁཱ་ཧི། ཐུགས་རྗེ་ཤུགས་ཀྱི་འདྲེན་པའི་ལས་མཛད་མ། །ཕོ་ཉ་རྒྱ་མཚོ་ཅི་བགྱི་བཀའ་ཉན་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་ཤྲཱི་པཉྩ་ཁ་རཾ་ཁཱ་ཧི། སྡོམ་ལ་གནས་དང་རིག་འཛིན་སྒྲུབ་པ་པོ། །ལྷ་དང་ལྷན་ཅིག་ཕྱོགས་བཅུའི་རྣལ་འབྱོར་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་ཤྲཱི་པཉྩ་ཁ་རཾ་ཁཱ་ཧི། དུག་གསུམ་ཟད་མཛད་དུས་གསུམ་འདྲེན་པའི་དཔལ། །རྡོ་རྗེ་སློབ་དཔོན་ཚོགས་ཀྱི་གཙོ་བོ་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་ཤྲཱི་པཉྩ་ཁ་རཾ་ཁཱ་ཧི། བརྩེ་གདུང་མཐུན་པའི་དམ་ཚིག་ལུ་གུ་རྒྱུད། །འཇིག་རྟེན་འདི་དང་ཕྱི་མར་མི་འབྲལ་བའི། །དམ་ཚིག་གཟུངས་ཀྱིས་འདྲེལ་བའི་མཆེད་ལྕམ་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་ཤྲཱི་པཉྩ་ཁ་རཾ་ཁཱ་ཧི། སྟོང་གི་འཇིག་རྟེན་རབ་འབྱམས་མ་ལུས་ན། །རྡོ་རྗེ་སློབ་དཔོན་ཇི་སྙེད་བཞུགས་སོ་འཚལ། །མཆེད་དང་ལྕམ་དྲལ་ཇི་སྙེད་མཆིས་སོ་འཚལ། །སྔ་རབས་འདས་དང་ད་ལྟར་བཞུགས་པ་དང་། །སླད་ཀྱིས་འབྱོན་པའི་ཐུགས་དམ་གཙང་བ་དང་། །གཡར་དམ་གཙང་མ་མ་ལུས་ཇི་སྙེད་ལ། །དྲི་མེད་རྣམ་དག་དམ་པའི་མཉེས་མཆོད་འབུལ། །ཐུགས་རྗེས་ཆེར་དགོངས་དབང་དང་དངོས་གྲུབ་སྩོལ། །ན་མཿསརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་ཧོ། ཤྲཱིཿཔཉྩ་ཁཱ་ཧི། དེ་ནས་བདུད་རྩིའི་དམ་བླངས་ཏེ། །དངོས་གྲུབ་བླང་བར་རབ་ཏུ་གསུངས། །ཁྲོ་ལ་ཁྲོས་པས་ཞི་མཛད་པ། །ཐུགས་རྗེས་ཁྲོས་པས་རྔམ་པའི་ཚོགས། །འབར་


DNG012_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བྱིན་རླབས་རྨད་པོ་ཆེ། །དེ་ཉིད་དུ་ནི་བདག་ལ་སྩོལ། །ལྕེ་ཡི་དམ་ཚིག་རྡོ་རྗེ་ལ། །རྡོ་རྗེ་ཅན་གྱིས་ཧཱུཾ་བསྒོམས་ཏེ། །བདུད་རྩི་ལྔ་རུ་སྦྱར་བ་ནི། །ཟོས་ན་བྱང་ཆུབ་གསུམ་ཐོབ་འགྱུར། །ཀཱ་ཡ་སིདྡྷི་ཨོཾ། བཱ་ཀ་སིདྡྷི་ཨཱཾ། ཙིཏྟ་སིདྡྷི་ཧཱུཾ། དེ་ནས་ཐུགས་དམ་བསྐང་བ་ནི། །ཧཱུཾ་མཛད་ཧཱུཾ་གི་ཐུགས་དམ་བསྐང་བ་ནི། །ལྕང་ལོར་བཅས་པའི་པདྨ་བནྡྷ་ལ། །ཚེ་འཛིན་སྲོག་དང་དམར་ཆེན་དམ་པས་བཀང་། །པདྨ་ཟིལ་ཏིག་དྲི་དང་རཀ་ཁ་ཁ། །རྡོ་རྗེ་ལས་ཀྱི་ཆུ་དང་པཉྩ་ཨ་མྲྀ་ཏ། །ཤ་ཆེན་མཁའ་ལྡིང་ཤེལ་སྒང་གཟུགས་ཀྱི་མཆོག །སྨན་ཆེན་ལྔ་དང་ཚེ་དང་བྱི་ལང་སེ། །སྒྲོལ་དང་སྦྱོར་གྱི་བདུད་རྩི་མཆོག་ཉིད་ཀྱིས། །ཧ་རུ་མ་བདུན་ཕྲ་མེན་ཚོགས་བཅས་དང་། །རྡོ་རྗེ་སློབ་དཔོན་ལྷ་ཚོགས་གཙོ་མཆོག་རྣམས། །མཆེད་དང་ལྕམ་དྲལ་སྒྲོལ་བའི་གིང་ཀ་ར། །མཆོད་པར་བཞེས་ལ་མཉེས་ནས་དམ་ཚིག་སྐོངས། །གྲུབ་མཆོག་འཕྲུལ་གྱི་དངོས་གྲུབ་སྩལ་དུ་གསོལ། །རྡོ་རྗེ་མཆེ་བའི་རྒྱ་བཅིངས་ཏེ། །གཏོར་མ་ལ་གཏུགས་ཐོད་རྩལ་བྱ། །བནྡྷ་བཅུད་ཡངས་ཟབ་པ་དང་། །འཁོར་ཡུག་གཏོགས་པའི་སྣོད་བཅུད་འདི། །བདུད་རྩིའི་རང་བཞིན་ཡིན་པའི་ཕྱིར། །འཇིགས་བྱེད་བཀའ་བཟློག་རོལ་ཅིང་དགྱེས། །སྲིད་གསུམ་རྩེ་འཇོམས་ཏྲི་ཤཱུ་ལ། །ཁམས་གསུམ་རབ་ཏུ་དཀྲུགས་ནས་ནི། །ཟ་བྱེད་ཆེན་པོའི་ཞལ་དུ་ཡང་། །ཐུགས་རྗེས་འགྲོ་དོན་ཡུད་ལ་བསྟབ། །འགྲོ་དང་མི་འགྲོ་སྣོད་བཅུད་ཀྱིས། །འཇིག་རྟེན་ཁྱེད་ལྔས་ཀུན་ཟ་ན། །དངོས་པོར་གྱུར་པའི་གནས་འདི་ཀུན། །ངས་བསྟབ་ཁྱེད་ཀྱིས་ཡུད་ལ་གསོལ། །ཁ་ཁཱ་ལེ་ལེ་ཤ་ཏ་པ་ག་ཏ། ཨ་ལ་ལ་ཧོ། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཞེས་པས་མ་ཧཱ་དེ་བ་དང་། །བཀའ་ཟློག་མ་ཡི་མཆོད་པ་བྱ། །རྒྱུད་ལྔའི་སེམས་ཅན་དུག་ལྔར་འབར། །ཞི་བའི་ལས་ཀྱིས་མི་འདུལ་བས། །མི་རྟག་མཚན་ཉིད་བསྟན་པའི་ཕྱིར། །ཁྲོས་པའི་ཟ་བྱེད་བཞི་ཡིས་བཤིག །ལཾ་རཾ་ཡཾ་ཁཾ་ཆེན་པོ་ཡིས། །ཟ་བྱེད་ཁྲོས་པ་བཞིས་བཤིགས་ནས། །བག་ཆགས་མ་ལུས་རྣམ་སྦྱང་ཕྱིར། །ནམ་མཁའ་


DNG012_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོ་བོ་ཟ་བྱེད་ཆེའི། །ཞལ་གྱི་དབྱིངས་སུ་སྟོང་ཁམས་བསྡིམ། །མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་སྭ་བྷཱ་བ་ཨཱདྨ་ཀོ྅ཧཾ། ད་ནི་ཟ་བྱེད་ཆེན་པོ་སྟེ། །གདུལ་དཀའ་མ་ལུས་འདུལ་བ་དང་། །ཁམས་གསུམ་མ་ལུས་ཟ་བར་བྱ། །ང་ནི་ཁྲག་འཐུང་ཆེན་པོ་སྟེ། །དམར་ཆེན་ཁྲག་གི་རྒྱ་མཚོ་ལ། །འཁོར་བའི་ཁྲག་ཞག་འཐུང་བར་བྱེད། །མ་ལུས་འདོད་ལ་མ་ཆགས་ཤིང་། །དམ་ཚིག་ལ་སྡང་བསྒྲལ་བར་བྱ། །མ་ཧཱ་ཏིཀྵྞ་ཛྭ་ལ་ཁ་རཾ། མ་ཧཱ་རཀྟ་མུནྟ་ཛྭ་ལ་ཁ་རཾ། མ་ཧཱེ་ཀེཾ་ནི་རི་ཏི་ཛྭ་ལ་ཁ་རཾ། ཧེ་རུ་ཀ་ཡི་གནས་བཅུ་དང་། །དུར་ཁྲོད་ཆེན་པོའི་གནས་བརྒྱད་དུ། །ཁྲག་འཐུང་ཡབ་ཡུམ་སྤྱན་དྲངས་པ། །དུར་ཁྲོད་མཆོག་གི་གནས་འདི་རུ། །ཞིང་ཆེན་གསར་རྙིང་ཏི་རར་བཅས། །དམར་གྱི་ཨརྒྷཾ་རྒྱ་མཚོར་དཀྱིལ། །མཁའ་འགྲོ་འབར་བའི་ཚོགས་མཆོད་དང་། །མ་ལུས་བསྣམས་ནས་བཞེས་སུ་གསོལ། །ཁ་ཁ་ཁཱ་ཧི་ཁཱ་ཧི། ཁ་རཾ་ཁཱ་ཧི། སྒེག་པ་དཔའ་བ་འཇིགས་སུ་རུང་བ་དང་། །དགོད་དང་གཤེ་དང་འཇིགས་པར་བྱེད་པ་དང་། །སྙིང་རྗེ་རྔམ་དང་ཞི་བ་ལ་སོགས་ཏེ། །སྐུ་ཡི་དངོས་པོ་ཤིན་ཏུ་བསྒྱུར་ནས་ནི། །རྣལ་འབྱོར་ལོངས་སྤྱོད་མཆོག་འདི་བཞེས་སུ་གསོལ། །ཟླ་བ་ལ་སོགས་དམར་ཆེན་སྙིང་པོ་ལྔ། །མཱཾ་ས་ལ་སོགས་རོ་མཆོག་དཔའ་བོ་གསལ། །མ་ཙ་མེ་ཙ་རཀྟ་རུ་ཏི་ར། །ཉེ་བའི་སྙིང་པོ་མ་ལུས་བསྒྲུབ་འཚལ་གྱི། །དྲི་མེད་གཟི་ལྡན་མཆོད་མཆོག་སྦྱོར་བ་འདི། །ཡེ་ཤེས་ལྷ་ཚོགས་རྣམས་ཀྱིས་བཞེས་སུ་གསོལ། །རྣམ་དག་སྒྲིབ་སྤངས་སྲིད་གསུམ་སྐྱོན་བྲལ་བའི། །སྟོན་ཀའི་ཟླ་གསལ་དྲི་མེད་ཞལ་མངའ་བ། །བཅོམ་ལྡན་བདེ་གཤེགས་རྡོ་རྗེའི་དཀྱིལ་འཁོར་ཅན། །ཁྲོ་བོའི་ཚོགས་ཆེན་མ་ལུས་ཐམས་ཅད་ལ། །དུས་གསུམ་རྒྱལ་བ་ཐམས་ཅད་བསྐྱེད་པའི་ཡུམ། །ཤེས་རབ་ལྷ་མོ་རིགས་ཀྱི་ཡུམ་ལ་སོགས། །རྣལ་འབྱོར་གྲུབ་དང་རིག་འཛིན་ཐམས་ཅད་ལ། །འགྲོ་བའི་དོན་ཕྱིར་ཕྱག་འཚལ་མཆོད་པར་བགྱི། །མི་མཉམ་མཉམ་པའི་ནམ་མཁའ་མཉམ་པ་དང་། །བསོད་ནམས་ཡེ་ཤེས་ཚོགས་ཀྱིས་རབ་བརྒྱན་པ། །ཡིད་


DNG012_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་སྐུ་མཆོག་ཡོན་ཏན་མཐའ་ཡས་གཏེར། །ཤེས་རབ་དཀྱིལ་འཁོར་མ་ལུས་ཐམས་ཅད་དང་། །ཕྱག་བརྙན་འདུ་འཕྲོ་རྔམ་པའི་ཚོགས་ལ་སོགས། །རྣལ་འབྱོར་ཆེན་པོའི་དམ་ཚིག་མངའ་འོ་འཚལ། །དགྱེས་པས་རོལ་པའི་མཆོད་པ་འདི་བཞེས་ཤིག །མ་ཧཱ་བ་ལིཾ་ཏ་ཁཱ་ཧི་ཁཱ་ཧི། དེ་ནས་གླུ་དྲུག་བསྟོད་པར་བྱ། །ཧཱུཾ་གཏུམ་ཆེན་དུས་མཐའི་མེ་ལྟར་འབར། །འོད་ཟེར་ཉི་མ་འབུམ་གྱི་གཟི། །ཁྲོ་གཉེར་གློག་སྟོང་འགྱུ་བ་བཞིན། །མཆེ་བ་ཟང་ཡག་ཟ་བྱེད་ཆེ་ཧོ། ཧཱུཾ། རྔམ་པའི་ང་རོ་འབྲུག་སྟོང་ལྡིར། །ཏུག་ཆོམ་རི་རབ་འབུམ་བསྙིལ་སྐད། །ཨ་ལ་ཧ་ལའི་གད་རྒྱངས་ཆེ། །སྐྱུགས་པའི་འཐོར་རླུང་གཡེང་བ་ཆེ་ཧོ། །ཧཱུཾ་ཁྲོ་བོ་ཤེས་རབ་འོད་པོ་ཆེ། །ཡེ་ཤེས་དཀྱིལ་འཁོར་ཀུན་ཏུ་གསལ། །འབར་བའི་ཡེ་ཤེས་ཀུན་ཏུ་འཇོམས། །སྣ་ཚོགས་ཡེ་ཤེས་ཐིག་ལེ་ཆེ་ཧོ། །ཧཱུཾ་ཁྲོ་བོའི་རྒྱལ་པོ་སྤྲིན་ཆེན་པོ། །ཁྲོས་པའི་དཀྱིལ་འཁོར་ཆར་ཆེན་འབབས། །དཀྱིལ་འཁོར་ཡིད་བཞིན་འབྱུང་བའི་གཏེར། །སྣ་ཚོགས་འཁོར་བའི་ཐིག་ལེ་ཆེ་ཧོ། ཧཱུཾ་བདུད་ཀུན་གྱི་ནི་བདག་པོ་སྟེ། །བདུད་ཀྱི་བདུད་སྟེ་བདུད་རྣམས་འཇོམས། །འཇིགས་པའི་ཚོགས་ཀྱང་འཇིགས་བྱེད་པ། །འཇིགས་བྱེད་ཆེན་པོ་ཐིག་ལེ་ཆེ་ཧོ། །ཧཱུཾ་རྡོ་རྗེ་བྲག་ཆེན་སྲ་བ་པོ། །རྡོ་རྗེ་ཆུ་བོ་སྡུད་ཆེན་པོ། །རྡོ་རྗེ་མེ་སྟེ་ཀུན་འབར་ཆེ། །རྡོ་རྗེ་རླུང་སྟེ་འཐོར་རླུང་ཆེ་ཧོ། །དེ་ནས་སྨོན་ལམ་གདབ་པར་བྱ། །ཆོས་ཉིད་སྤྲོས་པ་མེད་པའི་དབྱིངས། །རང་བཞིན་དཀྱིལ་འཁོར་རྣམ་པར་དག །དུས་གསུམ་བཞུགས་པའི་བཅོམ་ལྡན་འདས། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ལྡན། །ཐུན་མོང་མ་ཡིན་རྣམ་པར་གྲོལ། །ཡེ་ཤེས་ཆེན་པོའི་རོལ་པ་ལས། །རྨད་དུ་བྱུང་བའི་དྲག་ཤུལ་ཅན། །རིགས་ལྔའི་བདེ་གཤེགས་ཧེ་རུ་ཀ །རིགས་དང་བཅས་པའི་ཡུམ་རྣམས་དང་། །གཽ་རིའི་ཚོགས་དང་སིང་ཧའི་འཁོར། །ཕྱི་ནང་རྣལ་འབྱོར་གྲུབ་པ་མོ། །ཡེ་ཤེས་སྔགས་ཞིང་ལས་སྐྱེས་རྣམས། །མཁྱེན་ལྡན་བྱིན་བརླབ་


DNG012_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་དུ་གསོལ། །རྣལ་འབྱོར་ཕ་དང་རྣལ་འབྱོར་མ། །ཕོ་ཉ་ཕོ་དང་ཕོ་ཉ་མོ། །ཅི་བགྱིའི་བཀའ་ཉན་ཐམས་ཅད་དང་། །ཕྱོགས་བཅུའི་གདུང་སོབ་བདེ་གཤེགས་རྣམས། །རྡོ་རྗེའི་སློབ་དཔོན་མཆེད་ལྕམ་བཅས། །དགོངས་དོན་ཐུགས་དམ་རྩེ་གཅིག་ཏུ། །བཀའ་གཞུང་བཞིན་དུ་མཛད་པ་རྣམས། །མཁྱེན་པས་བྱིན་བརླབ་མཛད་དུ་གསོལ། །རྣལ་འབྱོར་ཕུད་ཀྱི་མཆོད་པ་འདི། །ཆོས་ཉིད་ལས་ནི་ཆོས་ཉིད་འབྱུང་། །ཀུན་རྫོབ་ཙམ་ལ་བརྟེན་བྱས་ནས། །སྤྲུལ་པར་རོལ་ཅིང་རྣལ་འབྱོར་གྱི། །མཆོད་པ་ལོངས་སྤྱོད་སྦྱར་བ་འདི། །བདག་ཉིད་ཆེན་པོ་འཁོར་བཅས་རྣམས། །དབང་གི་འཚལ་མའི་སླད་དུ་ནི། །ཕུད་དང་གཙང་མར་རབ་སྤགས་ནས། །དགའ་དང་གུས་པའི་སེམས་ཀྱིས་ནི། །ལྷ་དང་ལྷ་མོ་གར་གྱིས་བླངས། །རྒྱལ་བའི་དཀྱིལ་འཁོར་གཞལ་མེད་ཁང་། །ཆོས་དབྱིངས་མཐར་ཀླས་བཀང་ནས་དབུལ། །གཉིས་མེད་བདེ་ཆེན་ངང་ཉིད་དུ། །དགྱེས་པ་ཆེན་པོས་ལྷུན་དགོངས་ནས། །ཡེ་ཤེས་སྒྱུ་མའི་ངང་དུ་རོལ། །སྐུ་གསུང་ཐུགས་གཏེར་གཞེས་སུ་གསོལ། །མཐོལ་བཤགས་དག་ཏུ་གསོལ་བ་ནི། །གསང་བའི་དཀྱིལ་འཁོར་འདིར་འདུས་རྣམས། །གསང་སྔགས་གསང་སྒོར་ཁས་བླངས་ནས། །དམ་ཚིག་གཉེན་པོ་མནོས་པ་ལས། །རྩ་བ་ཡན་ལག་ཞིག་རལ་རྣམས། །ཤིན་ཏུ་གནོང་འགྱོད་མཐོལ་ཞིང་བཤགས། །བཟོད་པ་ཆེན་པོས་ངང་བཞེས་ལ། །ཚངས་པ་ཡིད་བཞིན་སྩལ་དུ་གསོལ། །དངོས་གྲུབ་ཐོབ་པར་གསོལ་བ་ནི། །ཐོགས་པ་མེད་པའི་ཤེས་རབ་དང་། །མི་བརྗེད་གཟུངས་དང་མངོན་ཤེས་དྲུག །རྒྱུན་གྱི་ཏིང་འཛིན་རྡོ་རྗེའི་སྐུ། །གཡུང་དྲུང་ཚེ་དང་སྐུ་གསུང་ཐུགས། །མི་ཟད་རྒྱན་གྱི་འཁོར་ལོ་ནི། །དུས་འདིར་འཐོབ་པར་སྩལ་དུ་གསོལ། །ཚེ་འདིར་མཆོག་དང་ཐུན་མོང་སྩོལ། །ཕྲིན་ལས་གསོལ་བར་ཞུ་བ་ནི། །ཡས་ཀྱི་བདུད་དང་མས་ཀྱི་སྲི། །ཕ་ཁུ་རྒན་སྲི་མ་བུའི་བྱུར། །བུ་ཚའི་ཆུང་སྲི་དྲི་ངན་ཅན། །རྣལ་འབྱོར་དམ་སྲི་ལོ་ཟླའི་


DNG012_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

ཀེག །ཞི་རྒྱས་དབང་དང་དྲག་པོ་དང་། །མནན་ཟློག་ལས་ཀྱིས་འདུལ་བ་དང་། །རྡུལ་ཕྲན་བཞིན་དུ་བཅོམ་བྱས་ནས། །མིང་ཡང་མེད་པར་མཛད་དུ་གསོལ། །སྒྲུབ་པའི་བར་ཆད་མེད་པར་མཛོད། །དེ་ནས་བཅོམ་ལྡན་འདས་ཞེ་སྡང་རྡོ་རྗེ་དྲག་པོ་བསྒྲལ་བའི་ཏིང་ངེ་འཛིན་ལ་ཞུགས་ནས། རྡོ་རྗེ་སྲིན་པོའི་དཀྱིལ་འཁོར་འདི་གསུངས་སོ། །ཁྲག་འཐུང་རྡོ་རྗེ་རྣོན་པོའི་དཀྱིལ་འཁོར་ནི། །རྣམ་པ་བཅུ་ཡིས་རབ་ཏུ་བཤད་པར་བྱ། །དཀྱིལ་འཁོར་བསྐྱེད་དང་སྤྱན་དྲང་བསྡིམ་མཆོད་བསྟོད། །ཞིང་བཅུ་དགུག་སྦྱང་བསྒྲལ་མཆོད་གནས་སུ་འཕང་། །རྡོ་རྗེ་སྲིན་པོའི་དཀྱིལ་འཁོར་བསྐྱེད་བྱ་བ། །ཡི་གེ་ཧཱུ་ལས་ཡོངས་སུ་གྱུར་པ་ནི། །ཧཱུཾ་རཀྴ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ། རྡོ་རྗེ་སྲིན་པོ་དབུ་དགུ་ཕྱག་བཅོ་བརྒྱད། །ཞབས་བརྒྱད་དུར་ཁྲོད་ཆས་དང་ལྡན་པར་བསྐྱེད། །ཨེ་ཀ་ཛ་ཊི་བཛྲ་མ་ཧཱ་ཀྲོ་དྷཱི་ཤྭ་རི་ཧཱུཾ་ཕཊ། གཙོ་དང་མདོག་མཐུན་སྐུ་ལ་འཁྲིལ་བའི་ཡུམ། །ཡབ་ཡུམ་གཉིས་མེད་མཁའ་གསང་བྱིན་བརླབས་ནས། །དེ་ནས་ཁྲོ་བོ་སྔགས་ཀྱིས་བསྐྱེད་པ་ནི། །ཧཱུཾ་ཙ། ཧཱུཾ་ཏ། ཧཱུཾ་ཀློང་། ཧཱུཾ་རང་། ཧཱུཾ་ཧྲི། ཧཱུཾ་ཀྲོང་། ཧཱུཾ་ཨ། ཧཱུཾ་བྷྲཱུཾ། ཧཱུཾ་ཀྵ། ཧཱུཾ་ཧཱུཾ། ཡིག་འབྲུ་བསྒྲིལ་བ་དེ་རྣམས་ལས། །འོད་འཕྲོས་ཁྲོ་བོ་ཡབ་ཡུམ་བསྐྱེད། །རུ་ལུ་ལྔ་དང་མ་མ་ལྔ། །བྷྱོ་བྷྱོ་ལྔ་དང་དྷ་ལ་ལྔ། །ཉི་ཤུ་ལས་ནི་ཕ་བཅུ་དང་། །མ་བཅུའི་སྲས་ནི་ལྕམ་དྲལ་བསྐྱེད། །དེ་ནས་སྤྱན་ཡང་དྲང་བར་བྱ། །ལུས་བརྡའ་དམ་ཚིག་ཕྱག་རྒྱ་ནི། །པདྨའི་ཕྱག་རྒྱ་དཔྲལ་བར་བཅིངས། །སྐྲ་བཤིག་གཅེར་བུར་མཆོང་ཞིང་རྒྱུག །རྡོ་རྗེ་དབྱུག་པ་བླངས་ནས་སུ། །གཡབ་མོ་ལྔས་ཀྱང་གཡབ་པར་བྱ། །དེ་ནས་དཀྱིལ་འཁོར་གཞུག་པར་བརྟག །གཞུག་པའི་དམ་ཚིག་ཕྱག་རྒྱ་ནི། །ལས་ཀྱི་ཕྱག་རྒྱ་དམ་ཚིག་རྒྱ། །སྒྲ་བརྡའ་དམ་ཚིག་ཕྱག་རྒྱས་བསྡིམ། །མཆོད་པ་དམ་ཚིག་ཕྱག་རྒྱ་ནི། །རོལ་པ་གར་གྱི་ཚམ་རྔམས་ཕྱག །བྷན་དྷའི་ཕྱག་རྒྱ་རབ་བཅས་བྱ། །ཁ་ཁ་ཁཱ་ལྱ་ཤ་ཏ་པ་ག་ཏ། ཨ་ལ་ལ་ཧོ། མ་ཧཱ་པཉྩ་ཨ་མྲྀ་ཏ།


DNG012_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་རཾ་ཡོ་གི་ནཱི། ཁ་རཾ་ཏ་ཀི་ནི། ཨ་ལ་ལ་ཧོ། བྷ་ག་ཝཱན་ཁ་ཁ་ཁཱ། ཨེ་མ་ཆོས་ཏེ་ཨེ་མ་ཆོས། །ཨེ་མ་ཆོས་ཀྱི་དོན་བྱུང་བ། །ཆོས་དོན་འགག་པ་བདག་མེད་པ། །ནམ་མཁའ་དང་ནི་མཉམ་པའི་གནས། །རྡོ་རྗེ་རྒྱལ་པོར་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོ། དཔལ་ཆེན་ཡེ་ཤེས་ཁྱད་པར་ས་བཅུར་བཞུགས། །དབང་ཕྱུག་མངའ་མཛད་སྟོབས་བཅུས་ཟིལ་གྱིས་གནོན། །དགེ་བཅུས་དྲེགས་བྱེད་ང་རྒྱལ་སྤྱི་ནས་འཇོམས། །སྟོབས་བཅུས་བརྗིད་གནོན་ཕྱོགས་བཅུར་རོལ་པ་མཛད། །སྲིད་གསུམ་འཇོམས་པའི་ལྷ་ལ་ཕྱག་འཚལ་ལོ། །མཉམ་ཉིད་ངང་གིས་ཁྲོ་ལ་ཕྱག་འཚལ་ལོ། །ཁྲོས་པས་ལོངས་སྤྱོད་མཛད་ལ་ཕྱག་འཚལ་ལོ། །རྡོ་རྗེ་འདུ་འཕྲོ་མཛད་ལ་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོ། པྲ་ཏཱིཙྪ་ཧོ། ཨ་ལ་ལ་ཧོ། དེ་ནས་བསྟོད་པར་བྱ་བ་ནི། །སྔགས་དང་ཚིག་ཏུ་བསྟོད་པ་ཡིན། །ཏ་ཀེ་མ། ཏ་ཀེ་མ། ཏ་ཀེ་མ། གོ་ཏེ་མ། ཀེཾ་ཀེཾ །བསྐལ་པ་མེ་ལྟར་འབར་བ་ཡི། །འོད་ཟེར་འཕྲོ་འདུའི་ཀློང་དཀྱིལ་ན། །ཁྲོ་བོ་ཁྲོ་མོ་རྣམས་བཞུགས་པ། །སྐུ་ནི་ཅིར་ཡང་འགྱུར་བའི་གཟུགས། །དབུ་སྐྲ་ཁམ་ནག་རལ་པ་ཅན། །གྱེན་དུ་འཁྱིལ་པས་སྲིད་རྩེར་འབར། །མི་མཉམ་ཁྲོ་གཉེར་སྡང་མིག་ནི། །ལོག་པར་བལྟ་བ་འདུལ་བའི་མཆན། །མཆེ་བ་ཟང་ཡག་གཙིགས་པ་ནི། །སྐྱེ་བཞིའི་རྩ་བ་གཅོད་པའི་ཚུལ། །ཐུགས་རྗེའི་བྱིན་རླབས་སྤྲིན་ལྟར་གཏིབས། །བྱམས་པའི་འོད་ཟེར་གློག་ལྟར་འགྱུ། །སྤྲུལ་པ་ཐོག་ཐོག་ཆར་བཞིན་འབེབས། །སྔོན་གྱི་ཐུགས་དམ་ཆེན་པོ་ནི། །ཚམ་རྔམས་ཆེན་པོ་བདུད་ལ་སྟོན། །ཀྱལ་ཀ་ཆེན་པོ་བགེགས་ལ་མཛད། །དམ་ཚིག་ཅན་ལ་དངོས་གྲུབ་སྩོལ། །འཁྱིལ་ཞིང་རྒྱན་ཡང་འཁྱིལ་པ་ལ། ། སེམས་ཀྱི་ཡང་སེམས་ཅན་ཆོས་པས་སྐུ་མི་མངའ། །སྒྲ་ལས་འདས་པའི་སྦྱོར་བ་སྟེ། །བསམ་དང་བྲལ་བའི་ཡེ་ཤེས་ལགས། །དེ་ནས་སྒྲོལ་བའི་ལས་བགྱིད་ན། །མོཀྵ་མདུན་དུ་བཀུག་བྱས་ལ། །དེ་ནས་འཛིན་གིང་འདི་སྐད་གསུངས། །


DNG012_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་མོངས་འཁོར་བའི་སེམས་ཅན་འདི། །བསྟན་པས་འདུལ་བའི་སྣོད་མ་ཡིན། །མ་ཆགས་པས་ནི་སྡིག་རེ་ཆེ། །གསད་པ་ཁོ་ནར་བྱ་བའི་འོས། །ལུས་ཀྱི་འབྱུང་བ་ལྔ་པོ་ནི། །ཁྲག་འཐུང་ལྔ་ཡི་ཞལ་དུ་བསྟབ། །སེམས་ཀྱི་བག་ཆགས་མི་དགེ་བཅུ། །ཁྲོ་བོ་ཆེན་པོ་བཅུ་ལ་འབུལ། །ཡན་ལག་ཕྱེ་བའི་དངོས་པོ་རྣམས། །མ་མོ་དུར་ཁྲོད་བརྒྱད་ལ་འབུལ། །ཤ་དང་ཁྲག་དང་རུས་པ་གསུམ། །སྡེར་མོ་ཅན་དང་མཆུ་ཅན་དང་། །མཆེ་བ་ཅན་གྱི་ཚོགས་ལ་བསྟབ། །རྣམ་རོལ་ལུས་ངག་ཡིད་གསུམ་ནི། །བདེ་ཆེན་སྐུ་གསུང་ཐུགས་སུ་གྲུབ། །ངོ་བོ་ཉིད་ཀྱིས་ཡིན་པ་ལ། །གཏོར་མ་བདག་པོས་ངོས་བཟུང་འདྲ། །འདི་ལ་སོགས་ཏེ་སེམས་ཅན་ཁམས། །དུར་ཁྲོད་བདག་པོས་བསྒྲལ་བའི་ཕྱིར། །འཇིག་རྟེན་གང་བའི་ཧེ་རུ་ཀ །དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །དབུ་གསུམ་རལ་གསུམ་སྲིད་གསུམ་མགོན། །སྤྱན་དགུས་ས་དགུ་ཅིས་འདུལ་མཁྱེན། །ཤངས་གསུམ་སྐུ་གསུམ་སྤྲུལ་པ་འགྱེད། །ཞལ་གསུམ་དབྱིངས་སུ་དུག་གསུམ་ཤར། །མཆེ་བཞིས་སྐྱེ་བཞི་རྩད་ནས་གཅོད། །ཕྱག་དྲུག་རྒྱུད་དྲུག་གཏིང་ནས་འདོན། །ཞབས་བཞིས་ཕྲིན་ལས་རྣམ་བཞིས་སྒྲོལ། །ཐུགས་དམ་ཉིད་ཀྱིས་སྒྲོལ་བ་ལ། །མ་བྱས་བསྐུལ་བྱ་ཅི་ཞིག་འཚལ། །བསྒལ་བའི་འདུལ་སྐལ་ལགས་པས་བཞེས། །གཉིས་སུ་མེད་པའི་ཞིང་དུ་སྦྱོར། །ཨོཾ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་དྷ་ར་མ་ཧཱ་ཀྲོ་དྷཱི་ཤྭ་རི་ཛྭ་ལ་ནི་ཧཱུཾ་ཕཊ། ཨོཾ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་མ་ཧཱ་བཛྲ་དྷ་ར་མ་ཧཱ་ཀྲོ་དྷཱི་ཤྭ་རི་སརྦ་དུཥྚན་ཧཱུཾ་ཕཊ། ཨོཾ་རཏྣ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་མ་ཧཱ་སཱུརྱ་རཏྣ་མ་ཧཱ་ཀྲོ་དྷཱི་ཤྭ་རི་བིདྨ་ཧཱུཾ་ཕཊ།ཨོཾ་པདྨ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཧྲཱྀཿཤྲུ་ཏ་ས་མ་ཏ་པདྨ་མ་ཧཱ་ཀྲོ་དྷཱི་ཤྭ་རི་ཁཱ་ཧི་ཧཱུཾ་ཕཊ། ཨོཾ་ཀརྨ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་སརྦ་ཨ་མོ་གྷ་མ་ཧཱ་ཀྲོ་དྷཱི་ཤྭ་རི་བི་ཤྭ་ཧཱུཾ་ཕཊ།


DNG012_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱིས་སྐུ་བསྐྱེད་གསལ་བར་བྱ། །ཞེས་པས་ཞིང་དེ་བསྟབ་པ་དང་། །དེ་ལ་འདི་སྐད་ལན་དུ་སྩལ། །རྡོ་རྗེའི་ཕོ་བྲང་དཀྱིལ་འཁོར་དུ། །བདག་འཛིན་རྣམ་རྟོག་ཟད་བྱས་ལ། །ཐུགས་ཀྱི་དངོས་གྲུབ་འཐོབ་བྱའི་ཕྱིར། །སེམས་ཀྱི་རྟོག་པ་བསྒྲལ་བར་གནང་། །པདྨའི་ཕོ་བྲང་དཀྱིལ་འཁོར་འདིར། །ཆགས་པའི་བག་ཆགས་ཟད་བྱས་ལ། །གསུང་གི་དངོས་གྲུབ་འཐོབ་བྱའི་ཕྱིར། །པདྨའི་དབྱིངས་སུ་སྦྱོར་བར་གནང་། །རིན་ཆེན་ཕོ་བྲང་དཀྱིལ་འཁོར་འདིར། །ང་རྒྱལ་རྣམ་རྟོག་ཟད་བྱས་ལ། །ཡོན་ཏན་དངོས་གྲུབ་འཐོབ་བྱའི་ཕྱིར། །ཆེ་བའི་དབང་མཆོག་སྦྱིན་པར་གནང་། །རྒྱ་གྲམ་ཕོ་བྲང་དཀྱིལ་འཁོར་འདིར། །ཕྲག་དོག་རྣམ་རྟོག་ཟད་བྱས་ལ། །ཕྲིན་ལས་དངོས་གྲུབ་འཐོབ་བྱའི་ཕྱིར། །ལས་རྣམས་རྒྱ་མཚོས་སྒྲོལ་བར་གནང་། །བདེ་གཤེགས་ཕོ་བྲང་དཀྱིལ་འཁོར་འདིར། །རྨོངས་པའི་བག་ཆགས་ཟད་བྱས་ལ། །སྐུ་ཡི་དངོས་གྲུབ་འཐོབ་བྱའི་ཕྱིར། །ཆོས་སྐུའི་དཀྱིལ་འཁོར་རྟོགས་པར་གནང་། །ཞེས་པས་གནང་བ་སྦྱིན། དེ་ནས་གིང་གིས་མོཀྵ་བཏེག །མཚམས་མེད་ལས་ཀྱིས་དམྱལ་བར་འགྲོ། །དམ་ཉམས་རྡོ་རྗེ་དམྱལ་བར་གནས། །ཐར་ལམ་འདི་ལས་གཞན་མེད་པས། །བདེ་བ་གྲོལ་བའི་ལམ་དུ་ཤོག །ཅེས་པས་བསྟབ་པར་བྱའོ། །དེ་ནས་སྦྱང་བར་བྱ་བ་ཡང་། །མོཀྵའི་ལུས་ནི་བསྲེག་སྦྱར་བྱ། །ལྷག་མཐོང་མེ་འབར་འོད་འཕྲོས་དུག་གསུམ་བསྲེག །ཧཱུཾ་རཾ། མཚན་མའི་མེ་བུས་བརྩོན་འགྲུས་རླུང་གིས་གཏོར། །ཆགས་རླན་སྡུག་བསྔལ་ཞི་གནས་ཆུ་ཡིས་བཀྲུས། །ཧཱུཾ་ཁཾ།དེ་ནས་ལུས་ལ་དགོད་པ་ནི། །ཨ་ནྲྀ་སུ་ཏྲི་པྲེ་དུ། མཱུཾ་མཱཾ་ལཱཾ་པཱཾ་ཏཱཾ། ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། སྤྱི་བོ་དཔྲལ་བ་མགྲིན་པ་སྙིང་། །ལྟེ་བ་དང་ནི་རྐང་མཐིལ་དུའོ། །མཱུཾ་ལས་འོད་འཕྲོས་ཨ་ཡི་རྣམ་རྟོག་བསྲེག །མཱུཾ་རཾ་ཨ་ཕཊ། ཧཱུཾ་ལས་འོད་འཕྲོས་སུ་ཡི་རྣམ་རྟོག་བསྲེག །ཧཱུཾ་རཾ་སུ་ཕཊ། ཨཱཾ་ལས་འོད་འཕྲོས་ནྲྀ་ཡི་རྣམ་རྟོག་བསྲེག །ཨཱཾ་རཾ་ནྲྀ་ཕཊ། ཨཽཾ་ལས་འོད་འཕྲོས་ཏྲི་ཡི་རྣམ་རྟོག་བསྲེག །ཨོཾ་རཾ་


DNG012_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

ཏྲི་ཕཊ། ཏྲཱཾ་ལས་འོད་འཕྲོས་པྲེ་ཡི་རྣམ་རྟོག་བསྲེག །ཏྲཱཾ་རཾ་པྲེ་ཕཊ། ཧཱ་ལས་འོད་འཕྲོས་དུ་ཡི་རྣམ་རྟོག་བསྲེག །ཧཱ་རཾ་དུ་ཕཊ། དེ་ལྟར་རྒྱུན་གཅོད་སྒོ་དགག་པ། །ཨ་དྲུག་འོད་འཕྲོས་ཟླ་སྟེང་དུ། །ཧ་ལས་འོད་ཟེར་རབ་འཕྲོས་པས། །རྡོ་རྗེ་རྒྱ་གྲམ་ཕྱག་རྒྱས་གཏུག །ཨོཾ་ཤྲཱི་ཀྲི་སྨྲི་ཏི་བི་ཛ་ཡ་སྨ་ར་སྨ་ར་ཧཱུཾ། བརྗོད་པས་ཕྱག་མཚན་དྲུག་གི་གཟུངས། །སྐྱེས་དབུགས་ལུས་གནས་དྲུག་ནས་འབྱུང་། །སྒོ་གཅོད་རིགས་དྲུག་ཕྱག་མཚན་འབར། །རྒྱུད་དྲུག་འཁོར་གནས་མི་གཏོང་བར། །རིགས་དྲུག་དཀྱིལ་འཁོར་བདེ་དབྱིངས་བསྡུ། །ཉམས་དང་གར་སྔགས་མཐོང་སྣང་རྨི། །སེམས་ལུས་ངག་ཡུལ་བག་ཆགས་རྣམས། །གནས་སྦྱོངས་སུམ་ཅུ་ཐམ་པར་སྦྱང་། །དེ་ནས་གནས་གཞོམ་ཡོངས་བསྒྲལ་བ། །མཱུཾ་བདག་ཉིད་བསམ་གཏན་རང་བཞིན་པས། །ལེ་ལོ་གཡེང་བ་ཞི་བར་བྱེད། །སྟོང་ཉིད་རང་བཞིན་རྟོགས་བྱའི་ཕྱིར། །ལྷ་རྣམས་བྱང་ཆུབ་རྡོ་རྗེས་བསྒྲལ། །ཧཱུཾ་བདག་ཉིད་ཡེ་ཤེས་ཚུལ་མཆོག་སྟེ། །ང་དང་བདག་འཛིན་དབྱིངས་སུ་སྦྱོར། །མེ་ལོང་ཡེ་ཤེས་རྟོགས་བྱའི་ཕྱིར། །ལྷ་མིན་ཞེ་སྡང་རྡོ་རྗེས་བསྒྲལ། །ཨཱཿབདག་ཉིད་ཚུལ་ཁྲིམས་རང་བཞིན་ཏེ། །ལས་དང་ཉོན་མོངས་དག་པར་བྱེད། །གསུང་རབ་རྒྱ་མཚོ་རྟོགས་བྱའི་ཕྱིར། །མི་རྣམས་འདོད་ཆགས་རྡོ་རྗེས་བསྒྲལ། །ཨོཾ་བདག་ཉིད་ཤེས་རབ་འོད་གསལ་ཏེ། །རྨོངས་པའི་གཏི་མུག་ཞི་བར་བྱེད། །ཆོས་དབྱིངས་ཡེ་ཤེས་རྟོགས་བྱའི་ཕྱིར། །བྱོལ་སོང་གཏི་མུག་རྡོ་རྗེས་བསྒྲལ། །ཏྲཱཾ་བདག་ཉིད་སྦྱིན་པའི་རང་བཞིན་ཏེ། །བཀྲེས་དང་སྐོམ་པའི་སྡུག་བསྔལ་སེལ། །མཉམ་ཉིད་ཡེ་ཤེས་རྟོགས་བྱའི་ཕྱིར། །ཡི་དྭགས་ང་རྒྱལ་རྡོ་རྗེས་བསྒྲལ། །ཧཱ་བདག་ཉིད་བརྩོན་འགྲུས་རང་བཞིན་ཏེ། །ཚ་དང་གྲང་བའི་སྡུག་བསྔལ་སེལ། །བྱ་བའི་དོན་རྣམས་བསྒྲུབ་པའི་ཕྱིར། །དམྱལ་ཁམས་ཕྲག་དོག་རྡོ་རྗེས་བསྒྲལ། །ཧྲི་བི་ཥ་མཱུ་ལ་ཙྪིནྡ་ཙྪིནྡ་ཙྪིནྡ་ཧཱུཾ་ཕཊ། པ་ར་བིཏྱཱ་ཁཌྒ་ཙྪིནྡ་ཙྪིནྡ་ཙྪིནྡ་


DNG012_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ་ཕཊ། སརྦ་དུརྒ་སརྦ་ཀརྨ་ཀླེ་ཤ་ཧཱུཾ་ཕཊ། མཐ་མཐ་སརྦ་ཏིརྱ་ཀ་ག་ཏེ་ཧེ་ཏུཾ་ཧཱུཾ་ཕཊ། པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུཾ་ཧཱུཾ་ཕཊ། ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུཾ་ཧཱུཾ་ཕཊ། རིགས་དྲུག་དག་གི་ཕྱག་མཚན་ལ། །སངས་རྒྱས་རིགས་དྲུག་ཕྱག་མཚན་བཟུང་། །ཁྲོ་བོ་བཅུས་བསྒྲལ་དགོད་པ་ནི། །མགོ་ལ་ཧཱུཾ་མཛད་ཆེན་པོ་སྟེ། །དཔྲལ་བར་རྣམ་པར་རྒྱལ་བ་ཡིན། །ཁ་རུ་ཧ་ཡ་གྲཱི་བ་སྟེ། །ཁམས་གསུམ་ལག་པ་གཡས་པར་ཡིན། །གཡོན་པར་དབྱུག་པ་སྔོན་པོ་སྟེ། །བདུད་རྩི་འཁྱིལ་པ་སྙིང་གར་བསྡུ། །ལྟེ་བར་ཡ་མཱནྟ་ཀ་སྟེ། །རྐང་གཡས་གཞན་གྱིས་མི་ཐུབ་པ། །གཡོན་པ་མི་གཡོ་མགོན་པོ་སྟེ། །མ་ཧྲ་བ་ལ་གསང་བར་བསྡུ། །དེ་ནས་ཡིག་འབྲུ་བཅུ་བཀོད་དེ། །བསྐྱེད་ཅིང་སྤྲོ་བསྡུ་བྱས་པ་ཡིན། །ཧཱུཾ་ལས་འོད་འཕྲོས་ལོག་པར་གཡེམས་པ་བཅོམ། །མོས་པའི་དབང་རྫོགས་རྡོ་རྗེ་ཧཱུཾ་ཀཱ་ར། །ཧཱུཾ་ཪྠཾ།ཧཱུཾ་ཀཱ་ར་ཨ་བྷི་ཥིཉྩ་ཧཱུཾ་ཨ། ཀློང་ལས་འོད་འཕྲོས་མ་བྱིན་ལེན་པ་བསྲེག །ཡོ་བྱད་དབང་སྩོལ་གཞན་གྱིས་མི་ཐུབ་རྒྱལ། །ཀྲཾ་རཾ། ཨ་པ་ར་ཛི་ཏ་ཨ་བྷི་ཥིཉྩ་ཧཱུཾ། རཾ་ལས་འོད་འཕྲོས་ལོག་པར་ལྟ་བ་བཅོམ། །སྐྱེ་ལ་དབང་མཛད་བྲན་ཚུལ་མི་གཡོ་མགོན། །རཾ་རཾ། ཨཱརྱ་ཨ་ཙ་ལ་ཨ་བྷི་ཥིཉྩ་ཧཱུཾ། ཀློང་ལས་འོད་འཕྲོས་སྲོག་གཅོད་སྒྲིབ་པ་བསྲེག །ཚེ་ལ་དབང་སྩོལ་འཇིགས་བྱེད་གཤིན་རྗེའི་གཤེད། །ཀློང་རཾ། ཡ་མཱནྟ་ཏ་ཀ་ཨ་བྷི་ཥིཉྩ་ཧཱུཾ། ཏ་ལས་འོད་འཕྲོས་རྫུན་གྱི་སྐྱོན་རྣམས་བསྲེག །ཡེ་ཤེས་དབང་སྩོལ་དབྱུག་པ་སྔོན་པོ་ཅན། །ཏ་རཾ་ནཱི་ལ་དཎྜ་ཨ་བྷི་ཥིཉྩ་ཧཱུཾ། ཧྲི་ལས་འོད་འཕྲོས་ཕྲ་མའི་སྒྲིབ་པ་བསྲེག །ཆོས་ལ་དབང་སྩོལ་ཧ་ཡ་གྲཱི་ཝ་དཔལ། །ཧྲི་རཾ། ཧ་ཡ་གྲཱི་ཝ་ཨ་བྷི་ཥིཉྩ་ཧཱུཾ། ཙ་ལས་འོད་འཕྲོས་འཁྱལ་པའི་སྒྲིབ་པ་བསྲེག །སེམས་ལ་དབང་སྩོལ་འདོད་པའི་ཁྲོ་བོ་རྒྱལ། །ཙ་རཾ་ཊཱཀྐི་རཱ་ཛ་ཨ་བྷི་ཥིཉྩ་ཧཱུཾ། འདི་སྐོར་དང་གོང་གི་ས་བོན་གཉིས་མ་འགྲེས་པས་དཔྱད་ཨ་ལས་འོད་འཕྲོས་ངག་རྩུབ་སྒྲིབ་པ་བསྲེག །ལས་ལ་དབང་སྩོལ་བདུད་རྩི་ཀུཎྜ་ལི། །ཨ་རཾ། ཨ་མྲྀ་ཏ་ཀུཎྜ་ལི་ཨ་བྷི་ཥིཉྩ་ཧཱུཾ། ཀྴ་ལས་འོད་འཕྲོས་གནོད་སེམས་སྒྲིབ་པ་བཅོམ། །རྫུ་འཕྲུལ་དབང་སྩོལ་འཇིགས་བྱེད་སྟོབས་པོ་ཆེ། །


DNG012_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

ཀྵ་རཾ། མ་ཧཱ་བ་ལ་ཨ་བྷི་ཥིཉྩ་ཧཱུཾ། བྲུཾ་ལས་འོད་འཕྲོས་བརྣབ་སེམས་ཉེས་པ་བཅོམ། །སྨོན་ལམ་དབང་སྩོལ་འདམ་སྐྱེས་ཀུཎྜ་ལི། །བྲུཾ་རཾ། ཀ་མ་ལི་ཀུཎྜ་ལི་ཨ་བྷི་ཥིཉྩ་ཧཱུཾ། དེ་ནས་ཕྱག་རྒྱ་བརྒྱད་དགོད་དེ། །སྙིང་ལ་དཀར་མོ་གཽ་རི་མ། །མགོ་ལ་རྐུན་མོ་ཙཽ་རི་མ། །རྐང་གཡོན་རྨོངས་མོ་པྲ་མོ་ཧཱ། །ལག་གཡོན་ཐལ་བྱེད་བེ་ཏཱ་ལཱི། །ལག་གཡས་སྦོས་མོ་པུཀྐ་སཱི། །རྐང་གཡས་སྨེ་ཤ་ཙཎྜ་ལཱི། །ཕོ་མཚན་གཏུམ་མོ་གྷསྨ་རཱི། །ཁ་ལ་མ་ཚོགས་སྨ་ཤ་ནཱི། །གཽ་ལས་འོད་འཕྲོས་མ་དྲིན་བག་ཆགས་བསྲེག །གཽ་རཱི་རཾ།ཙཽ་ལས་འོད་འཕྲོས་ལོག་པར་བལྟ་བ་བཅོམ། །ཙཽ་རཱི་རཾ། པྲ་ལས་འོད་འཕྲོས་ངག་གི་སྒྲིབ་པ་བསྲེག །པྲ་མོ་ཧ་རི། བེ་ལས་འོད་འཕྲོས་ལོག་པར་ལེན་པ་བཅོམ། །བེ་ཏཱ་ལི་རཾ། ཕུ་ལས་འོད་འཕྲོས་ལོག་པའི་ལས་རྣམས་བསྲེག །པུཀྐ་སཱི་རཾ། རི་ལས་འོད་འཕྲོས་ལོག་པར་འཚེ་བ་བཅོམ། །གྷསྨ་རཱི་རཾ། ལི་ལས་འོད་འཕྲོས་ལོག་པར་རྩོལ་བ་བཅོམ། །ཙཎྜ་ལཱི་རཾ། ནི་ལས་འོད་འཕྲོས་འཁྲུལ་རྟོག་རྩེ་གཅིག་བཅོམ། །སྨ་ཤ་ནཱི་རཾ། དུར་ཁྲོད་གནས་ཀྱི་མ་བརྒྱད་ཀྱིས། །ལོག་པར་བལྟ་བ་བརྒྱད་བཅོམ་མོ། །དེ་ནས་འོད་ཀྱི་གོང་བུ་དེ། །སྤྱི་བོར་བསྡུས་ཏེ་འདི་སྐད་གསུངས། །གད་མཆོག་ཐམས་ཅད་སྟོབས་ཀྱི་སོའུ་མ། །རྣམ་རྟོག་བག་ཆགས་སྲེགས་ཤིག་ཨ་མྲྀ་ཏ། །དམ་ཚིག་ལས་ཀྱིས་སྒྲོལ་ཅིག་ཀརྨ་ཛ། །བདེ་ཆེན་དབྱིངས་སུ་སྡོམས་ཤིག་མུ་ཏིག་བཾ། །ཨ་ཙནྡ་མཎྜ་ལ། མ་སཱུརྻ་མཎྜལ། ས་མ་ཡ་དྷ་ར་ཀརྨ་བཛྲ། བཛྲ་མུ་ཏི་བཾ། ཞེས་པས་དོན་རྣམས་མ་ལུས་པ། །ལྷ་མོ་བཞི་ལ་ལས་བཅོལ་ལོ། །དེ་ནས་བསྒྲལ་བར་བྱ་བ་ཡང་། །དེ་དང་འདྲ་བར་བྱ་བ་ནི། །སྲིད་པ་ཡོངས་བསྒྲལ་ཏིང་འཛིན་ཡང་། །རྣལ་འབྱོར་པ་ཡིས་ཡང་དག་བྱ། །ལྷག་མཐོང་མེ་ཆེན་བསྐལ་པའི་བག་ཆགས་བསྲེག །རཏྣ་ཧེ་རུ་ཀ་རཾ།བརྩོན་འགྲུས་རླུང་གི་བསྐལ་པས་མཚན་མ་གཏོར། །ཀརྨ་ཧེ་རུ་ཀ་ཡཾ། ཞི་གནས་ཆུ་ཡི་བསྐལ་པས་དབྱིངས་སུ་བཀྲུས། །པདྨ་ཧེ་རུ་ཀ་ཁཾ། ཆོས་དབྱིངས་ནམ་མཁའི་བསྐལ་པས་དབྱིངས་སུ་བསྡིམ། །བུཌྜྷ་ཧེ་རུ་ཀ་ག་ག་ན་ཨེ། གཟུང་འཛིན་ས་ཡི་བསྐལ་པས་


DNG012_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱར་བསྒྲུབས། །བཛྲ་ཧེ་རུ་ཀ་ལཾ། ཀཱ་ཡ་ཝཱ་ཀ་ཙིཏྟ་ཧཱུཾ། བཛྲ་སཏྭ་རཱ་ཛ། རཏྣ་རཱ་ཛ། པདྨ་རཱ་ཛ། ཏ་ཐཱ་ག་ཏ་རཱ་ཛ། དྲག་པོའི་ལས་ཀྱིས་བསྒྲལ་བ་རྣམས། །འཁོར་བའི་ལམ་ལྔ་སྒོ་བཅད་དེ། །རྣམ་ཤེས་ཧཱུཾ་གིས་བསྡུས་ནས་ནི། །འོག་མིན་བླ་མེད་གནས་མཆོག་ན། །གཙོ་བོ་ལྔ་དང་གཙོ་མོ་ལྔ། །སེམས་དཔའ་དང་ནི་སེམས་མ་དང་། །ཁྲོ་བོ་དང་ནི་ཁྲོ་མོ་ཡི། །སྦྱོར་བའི་ལྷུམས་སུ་ཕཊ་ཀྱིས་འཕངས། །ཁམས་གསུམ་ཡོངས་བསྒྲལ་དེ་དུས་ན། །ཡོངས་ལ་སྦྱར་བ་ཤེས་པར་བྱ། །བདེ་བ་བཞིས་ནི་ཀུན་ཁྱབ་པོ། །དེ་ནས་གིང་ལ་འདི་སྐད་གསུངས། །ཁྱོད་ནི་ཕོ་ཉ་གིང་ཀ་ར། །ཀ་ཏར་སྔོན་པོ་འདི་ལོང་ལ། །ཨ་ཕྱི་ར་ཛ་གནས་བསྟོད་ཏེ། །དཀྱིལ་འཁོར་གསང་བར་དབང་སྐུར་ཅིག །འཁོར་བའི་རྩད་གཅོད་ཤེས་རབ་མཚོན། །པྲཛྙཱ་ཏཱིཀྵྞ་ཧཱུཾ། རཾ་གྱིས་བསྲེགས་ཤིང་དབྱིངས་སུ་བསྡུས། །ཧཱུཾ་རཾ། ཟླ་དཀྱིལ་བཞག་སྟེ་ཧོ་ཡིས་གཡེང་། །ཨ་ཧོ་ཡཾ། ཕཊ་ཀྱིས་འཕངས་ཏེ་དབྱིངས་སུ་བསྡིམ། །སྥ་ར་ན་ཕཊ། བདེ་བ་ཆེན་པོའི་གནས་སུ་བཀོད། །མ་ཧཱ་སུ་ཁ་བྷྲཱུཾ། དེ་ནས་གིང་གིས་འདི་སྐད་གསུངས། །མི་འགྱུར་ནམ་མཁའི་རང་བཞིན་ལས། །གཟུགས་སྣང་རྟོག་པས་རྣམ་པར་བསྒྲིབས། །བག་ཆགས་མ་ལུས་ཀུན་སྦྱང་ཕྱིར། །ཁམས་གསུམ་ཐམས་ཅད་བསྒྲལ་བར་བྱ། །ང་ནི་ཟ་བྱེད་ཆེན་པོ་སྟེ། །སེམས་ཅན་ཐམས་ཅད་གསད་པར་བྱ། །མ་སྐྱེས་ཕྱིར་ཡང་གསད་པར་བྱ། །མ་གྲུབ་ཕྱིར་ཡང་གཏུབ་པའི་རྫས། །མ་རུངས་འདོད་ལ་རབ་ཆགས་ཤིང་། །དམ་ཚིག་ལ་སྡང་དགྲ་བགེགས་རྣམས། །སྙིང་རྗེ་བྱང་སེམས་ལྡན་པ་ཡིས། །ངོ་མཐོན་སྟོབས་ཀྱིས་བསྒྲལ་བར་བྱ། །པྲ་བེ་ཤ་ཕཊ།སྔགས་ཀྱིས་བརྗོད་ནས་ཙིཏྟ་བཟུང་། །དེ་རྣམས་ཉི་ཤུ་དགུ་དང་ལྡན། །བདེ་གཤེགས་གསང་བའི་སྒོ་ཕྱེ་ནས། །རིག་པའི་མེ་ཏོག་ལྷ་ལ་འཕེན། །གཙོ་བོ་བསྒྲུབ་པའི་ལྷར་བབས་ན། །ལྷ་ཡི་དངོས་གྲུབ་དོན་དུ་སྐོང་། །དོན་དམ་ཆོས་སྐུའི་ཡེ་ཤེས་གཞུག །མཐའ་བྲལ་ཆོས་ཉིད་སྙིང་པོ་རྟོགས། །རྟོགས་པའི་ཏིང་


DNG012_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་ལྗགས་ལ་བསྟར། །དེ་ཡང་རྣམ་པ་གཅིག་ཏུ་ཡང་། །ཡེ་ཤེས་དབྱིངས་སུ་གཞུག་པས་གཟུང་བ་སྟོང་། །སྙིང་པོ་ལྗགས་ལ་བསྟར་བས་འཛིན་པ་སྤོང་། །གཟུང་འཛིན་གཉིས་མེད་དོན་དམ་ཐུགས་སུ་ཆུད། །རྟོགས་ནས་སྤྲུལ་པའི་འགྲོ་དོན་ཕྱོགས་བཅུར་མཛད། །དེ་ནས་འདི་སྐད་ཀྱང་གསུངས་པ། །ཁྲོ་གཏུམ་ཚད་མེད་བྱམས་པར་སྣང་། །གསོད་ཆེན་ཐུགས་རྗེའི་བདག་ཉིད་སྟེ། །བསྒྲལ་ཞིང་བསྟབ་པ་དགའ་བའི་མཆོག །ཡལ་བར་མི་འདོར་བཏང་སྙོམས་སོ། །ང་རྒྱལ་དྲེགས་སེམས་ཀུན་བསྒྲལ་ལྷ་བདུད་བཅོམ། །གཟུགས་ནི་བཤིག་དྲལ་ཕུང་པོའི་རྣམ་རྟོག་བཅོམ། །ཤ་ཟ་ཁྲག་འཐུང་རུས་འཆའ་ཉོན་མོངས་བཅོམ། །དེ་ཉིད་མ་སྐྱེས་མ་བྱུང་སྐྱེ་ཤི་མེད། །དེ་ནས་གིང་གི་ཚམ་རྔམས་འཇུག །ཕྱག་རྒྱ་འབྱུང་བའི་ཚམ་རྔམས་ཆས། །ལྷ་རྣམས་སྐུར་གསལ་ཕྱག་རྒྱ་བྱ། །ཨོཾ་ཤྲཱི་ཧེ་རུ་ཀ་ཧཱུཾ།ཨ་ཨ་ཨ། ཕྱག་རྒྱ་དེ་དང་འདྲ་བ་ནི། །རྡོ་རྗེ་རྩེ་གཅིག་རྩེ་དགུ་དང་། །བཅུ་གཅིག་ཕྱག་རྒྱ་བཅིངས་བྱས་ཏེ། །སོ་སོའི་རང་སྔགས་འདི་བཟླས་སོ། །ཨོཾ་བཛྲ་ཀྲོ་དྷ་ཧཱུཾ་ཀཱ་ར་གརྫ་གརྫ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་སྥོ་ཊ་སྥོ་ཊ་ཧཱུཾ་ཕཊ།ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧ་ན་ཧ་ན་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ད་ཧ་ད་ཧ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་པ་ཙ་པ་ཙ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཨཱརྱ་ཨ་ཙ་ལ་བནྡྷ་བནྡྷ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱྀ་བ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཨ་པ་ར་ཛི་ཏ་ཏིཥྛ་ཏིཥྛ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཙྪིནྡ་ཙྪིནྡ་ཧཱུཾ་ཕཊ།ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་བྷིནྡ་བྷིནྡ་ཧཱུཾ་ཕཊ། ལག་པ་ཐལ་སྦྱར་གྱེན་དུ་བསྒྲེང་། །རྐང་པ་མཐིལ་སྦྱར་ཐུར་དུ་གཟུག །ཚིགས་ཆེན་བཞི་ཡང་བཅག་པར་བྱ། །མགོ་དང་མཚན་མ་སྙིང་པོར་བརྟག །རྡོ་རྗེ་རྩེ་གཅིག་རྩེ་དགུ་དང་། །བཅུ་གཅིག་ཏུ་ནི་རྣམ་བརྟགས་ཏེ། །འདི་ནི་ཁྲག་འཐུང་ཆེན་པོ་ཡི། །ཕྱག་རྒྱ་ཡིན་པར་རྒྱལ་པོས་བཤད། །ལག་པ་ཐལ་སྦྱར་གྱེན་དུ་བསྒྲེང་། །རྐང་པ་ཕྲལ་ནས་བརྐྱང་བསྐུམ་བཞིན། །གོམ་པའི་སྟབས་ཀྱིས་གར་བྱེད་ཅིང་། །འདི་ནི་ཧཱུཾ་གི་ཕྱག་རྒྱ་ཡིན། །རྐང་པའི་མཐིལ་ནི་མནན་པའི་སྟངས། །


DNG012_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

ལག་པ་ཕྲལ་ནས་གར་བྱེད་ཅིང་། །མནན་མཆོངས་སྟབས་སུ་བྱེད་པ་ནི། །སྟོབས་པོ་ཆེ་ཡི་ཕྱག་རྒྱ་ཡིན། །རྐང་པ་གཡོན་གྱིས་གཡས་ལ་འཁྱུད། །ལག་པ་གར་སྟབས་བསྐོར་ནས་ནི། །ཐལ་མོ་དྲག་པོར་བརྡེབ་པ་ནི། །རྣམ་པར་རྒྱལ་བའི་ཕྱག་རྒྱ་ཡིན། །ལག་པ་གཡས་གཡོན་མཐེ་བོ་ཡིས། །མཐེའུ་ཆུང་སེན་མོ་མཐིལ་དུ་མནན། །གདེངས་པའི་སྟབས་སུ་བསྒྲེང་བ་ནི། །དབྱུག་སྔོན་ཅན་གྱི་ཕྱག་རྒྱ་ཡིན། །ལག་པ་གཡས་པའི་ཁུ་ཚུར་གྱིས། །བརྡེག་པའི་སྟབས་སུ་གདེངས་པ་དང་། །གཡོན་པ་དགུ་ལ་བརྟེན་པ་ནི། །གཤིན་རྗེ་འཇོམས་པའི་ཕྱག་རྒྱ་ཡིན། །ལག་པ་གཡས་པའི་ཐལ་མོ་ཡིས། །གདབ་པའི་སྟབས་སུ་གདེངས་པ་དང་། །གཡོན་པས་འཛིན་པ་ལྟར་བྱེད་པ། །མི་གཡོ་མགོན་པོའི་ཕྱག་རྒྱ་ཡིན། །ལག་པ་ཐལ་མོ་སྦྱར་ནས་ཀྱང་། །གུང་མོ་ནང་དུ་བསྣོལ་བར་བྱ། །མཐེ་བོང་གཉིས་ཀྱང་ཕྲལ་ཏེ་བསྒྲེང་། །སྤྱི་བོར་བཞག་སྟེ་རྟ་ཡི་རྒྱ། །རྐང་པ་གཡས་པ་ཐུར་དུ་གཟུག །ལག་པ་གཡས་པ་གྱེན་དུ་བསྒྱེར་དགྱེར་ཡང་། །གཡོན་གྱི་རྐང་ལག་ཕྱག་རྒྱ་ནི། །གཞན་གྱིས་མི་ཐུབ་ཕྱག་རྒྱ་ཡིན། །ལག་པ་གཡས་གཡོན་དཀུར་བརྟེན་ཏེ། །རྐང་པ་བཤིབས་ཏེ་མཆོངས་པ་ནི། །བདུད་རྩི་འཁྱིལ་པའི་ཕྱག་རྒྱ་ཡིན། །ལག་པ་གཡས་གཡོན་བསྣོལ་བ་དང་། །རྐང་པ་བརྐྱང་བསྐུམ་བྱེད་པ་ན། །ཁམས་གསུམ་རྒྱལ་བའི་ཕྱག་རྒྱར་ནི། །མགོན་པོ་དཔའ་བོས་ཡང་དག་བཤད། །ལག་པ་གཡས་གཡོན་སྤྲུག་པ་དང་། །ལུས་ཀྱང་དྲག་ཏུ་གསིག་པ་ནི། །རྡོ་རྗེ་ཕྲ་མེན་མ་རྣམས་ཀྱི། །ཕྱག་རྒྱ་ཡིན་ཞེས་འདྲེན་པས་བཤད། །དེ་ལྟར་ཚམ་རྔམས་བྱས་པ་ལས། །ཡིག་འབྲུ་བཅུ་ལས་འོད་འཕྲོས་པས། །མི་དགེ་བཅུ་རྣམས་རྣམ་པར་དག །དེ་ནས་ཕྲ་མེན་མ་བརྒྱད་ཀྱི། །སྟབས་དང་ཕྱག་རྒྱ་འབྱོན་ཚུལ་བྱས། །ལག་པར་བལྟ་བ་བརྒྱད་བཅོམ་མོ། །དེ་ནས་རྟགས་དང་ལྡན་པར་བསྒྲལ། །ཡུམ་ནི་མདུན་དུ་འདུག་པ་ལ། །གཉིས་སུ་མེད་པར་སྦྱོར་བར་བྱ། །དང་པོ་བདེ་བ་བསྙེན་པ་ལ། །མཆོག་ཏུ་བདེ་བ་ཉེ་བསྙེན་ཏེ། །བྲལ་


DNG012_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བདེ་བ་སྒྲུབ་པ་ལ། །སྒྲུབ་ཆེན་ལྷན་ཅིག་སྐྱེས་པ་སྟེ། །མཁའ་དབྱིངས་ལྕགས་ཀྱུའི་ཕྱག་རྒྱས་དྲངས། །ཡབ་ཡུམ་བྱང་སེམས་དབང་བསྐུར་ཏེ། །དང་པོར་རེག་པ་སྲ་བ་ས། །སངས་རྒྱས་སྤྱན་གྱི་བུམ་དབང་བསྐུར། །དེ་ནས་གཤེར་བ་ཆུ་ཡིན་ཏེ། །མཱ་མ་ཀཱི་ཡི་ཅོད་པན་གདགས། །དེ་ནས་དྲོ་བ་མེ་ཡིན་ཏེ། །གོས་དཀར་མོ་ཡི་རྡོ་རྗེའི་དབང་། །དེ་ནས་གཡོ་བ་རླུང་ཡིན་ཏེ། །སྒྲོལ་མས་དྲིལ་བུའི་དབང་ཡང་བྱིན། །ཐིག་ལེ་ནམ་མཁའི་གཟུགས་ཅན་ཉིད། །རྡོ་རྗེ་སེམས་དཔའི་སར་བསྒྲལ་ལོ། །སྲིད་པའི་འཁོར་ལོས་ལོག་པའི་ལམ། །འཁོར་བ་རྒྱུན་གཅད་མྱ་ངན་འདས། །ཆོས་ཀྱི་འཁོར་ལོ་བསྐོར་བའི་རྟགས། །གདན་དུ་འཁོར་ལོས་མཚན་པ་ཡིན། །ཨཱཛྙ་ཙཀྲ་ཧཱུཾ།མཉམ་ཉིད་རྡོ་རྗེ་དབང་ཕྱུག་གིས། །སྟོང་ཉིད་སེངྒེའི་སྒྲ་བསྒྲགས་ཏེ། །བདུད་བཞི་རབ་ཏུ་བཅོམ་པའི་རྟགས། །མི་འཇིགས་སེངྒེའི་ཁྲི་ལ་བཞུགས། །སིང་ཧ་ཛམ་བ་ལ་བི་མ་ལ་སིདྡྷི་ཧཱུཾ། མྱ་ངན་མི་འདའ་རྡོ་རྗེའི་ངང་། །ཉོན་མོངས་མི་སྤང་གོས་པ་མེད། །མ་ཆགས་རང་བཞིན་དག་པས་ན། །པདྨའི་དཀྱིལ་འཁོར་གདན་ལ་བཞུགས། །ཨོཾ་བཛྲ་པདྨ་སྟཾ་ན་བེ་ཤ་ཧཱུཾ། ཞི་བའི་མཐའ་ལ་མི་གནས་ཏེ། །འཇིག་རྟེན་ཀུན་དང་མཐུན་འཇུག་རྟགས། །ཐབས་དང་ཤེས་རབ་འདྲེལ་བས་ན། །ཉི་ཟླའི་དཀྱིལ་འཁོར་གདན་ལ་བཞུགས། །ཨོཾ་སཱུརྱ་ཧཱུཾ། ཙནྡྲ་ཨ། གདན་རྣམས་དེ་ཡི་སྟེང་དག་ཏུ། །སྔགས་བཟླས་རིགས་ལྔའི་སྐུར་བསྐྱེད་དོ། །འཆི་བ་མེད་པར་སྲོག་དྲན་པས། །རྡོ་རྗེའི་སྲོག་ནི་རླུང་ལྟ་བུ། །གང་དག་བསྒྲལ་བ་རྡོ་རྗེའི་ཚེ། །སྐྱེ་ཤི་མེད་པའི་ས་ལ་བཀོད། །དེ་ཉིད་སྲས་ཀྱི་དང་པོར་ནི། །རྡོ་རྗེ་སེམས་དཔའ་ཁྱོད་ཀྱིས་སྟབས། །ཐབས་ལ་མཁས་པའི་སྤྱོད་པའོ། །དེ་ནས་ཡེ་ཤེས་ལྔས་བྱིན་བསྡུ། །རྣམ་པར་ཤེས་པའི་ཚོགས་བརྒྱད་བསྒྱུར། །སྐུ་གསུང་ཐུགས་དང་ཡོན་ཏན་དང་། །ཕྲིན་ལས་ལྔས་ཀྱང་དབང་བསྐུར་ལ། །མ་ལུས་ཐམས་ཅད་ལྷར་བསྒྱུར་རོ། །དེ་ནས་བསྒྱུར་བྱས་ཡི་གེ་ཡི། །བཞི་བཅུ་རྩ་གཉིས་དབང་བསྐུར་རོ། །དེ་ནས་


DNG012_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་གིང་དག་གིས་ནི། །ཤ་དང་ཁྲག་དང་རུས་པ་གསུམ། །ཁྱེར་ནས་བསྟབ་པ་འདི་སྐད་གསུངས། །ཁྲག་ནི་འདོད་ཆགས་བདེ་བ་ཆེ། །ཁྱོད་ཀྱི་ཞེ་སྡང་གསལ་བ་ཆེ། །ཤ་ནི་གཏི་མུག་མི་རྟོག་ཆེ། །རྒྱུ་ནི་དུག་གསུམ་དག་ནས་ཀྱང་། །ཁམས་གསུམ་འཁོར་བ་ལས་གྲོལ་ནས། །འབྲས་བུ་སྐུ་གསུམ་ཐོབ་པར་མཛོད། །ཞལ་དུ་བསྟབ་པོ་ཁ་རཾ་ཁཱ་ཧི། །དེ་ནས་སློབ་དཔོན་འདི་སྐད་གསུངས། །ང་ནི་ཟ་བྱེད་ཆེན་པོ་སྟེ། །ཁམས་གསུམ་མ་ལུས་བསྒྲལ་བར་བྱ། །གདུལ་དཀའ་མ་ལུས་འདུལ་བའི་ཕྱིར། །ཤ་རུས་ལ་སོགས་བཟའ་བར་བྱ། །དེ་ནས་ཁོག་པ་དུར་ཁྲོད་ཀྱི། །གནས་བརྒྱད་བརྩིགས་པར་བྱ་བ་ཡང་། །སྒྲུབ་ཆེན་ལ་སོགས་གཞན་མི་བྱ། །བྱས་ན་ཞག་བདུན་ཁྲག་སྐྱུག་འཆི། །རྟོགས་ལྡན་སྒྲུབ་གནས་དུར་ཁྲོད་མནན། །ཤེས་རློམ་འཕྲལ་སྣང་ཀུན་བྱེད་པ། །མ་བདུན་ཟ་ལམ་ཞག་བདུན་འཆི། །རྣམ་ཤེས་ཙིཏྟ་ན་ར་ཀན། །འཇམ་དཔལ་འཕྲུལ་གྱི་དངོས་གྲུབ་མཆོག །སྲིད་གསུམ་མཐར་བྱེད་རྔམས་པ་དེས། །ཐོད་དབྱུག་ཆེན་པོ་མི་བཟད་པས། །གཤིན་རྗེ་བཏུལ་ཏེ་བསད་ནས་སུ། །རོ་ཡང་ལྷོ་ཡི་འཛམ་གླིང་དུ། །དུར་ཁྲོད་ཆེན་པོ་བརྒྱད་དུ་བརྩིགས། །དེ་ལྟར་དེ་བཞིན་བདག་གིས་ནི། །ཕ་ལ་བུས་ནི་བྱས་པ་བཞིན། །འདི་ལུས་དུར་ཁྲོད་གནས་སུ་འབུལ། །འདི་ཡི་ལུས་སྙིང་མ་ག་དྷ། །དུར་ཁྲོད་ཆེན་པོ་བསིལ་ཚལ་དུ། །མ་མོ་ཆེན་མོ་གོའུ་རི་མ། །དུར་ཁྲོད་ཆེན་པོའི་རྒྱན་དུ་འབུལ། །མཁས་ལ་སྙིང་སྟོབས་ཆེ་བ་ཡི། །དངོས་གྲུབ་ཆེན་པོ་སྩལ་དུ་གསོལ། །འདི་ཡི་མགོ་བོ་ལྷོ་ཕྱོགས་ཀྱི། །སིངྒ་ལ་ཡི་གླིང་ཕྲན་ལ། །མ་མོ་ཆེན་མོ་ཙོའུ་རི་མ། །དུར་ཁྲོད་ཆེན་པོའི་རྒྱན་དུ་འབུལ། །མཐོང་ཐོས་རྣམ་པར་འཕྲུལ་བག་གི། །དངོས་གྲུབ་དམ་པ་སྩལ་དུ་གསོལ། །འདི་ཡི་ལག་གཡས་ཤར་ལྷོ་མཚམས། །བལ་ཡུལ་ན་ནི་པུཀྐ་སཱི། །དུར་ཁྲོད་ཆེན་པོའི་རྒྱན་དུ་འབུལ། །ལྷག་པར་ཟས་ཀྱི་དངོས་འབྱོར་པའི། །དངོས་གྲུབ་དམ་པ་སྩལ་དུ་གསོལ། །འདི་ཡི་ལག་གཡོན་ལྷོ་ནུབ་མཚམས། །སཱ་ལའི་


DNG012_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

ཚལ་ན་བེ་ཏཱ་ལཱི། །དུར་ཁྲོད་ཆེན་པོའི་རྒྱན་དུ་འབུལ། །ཕྱག་ན་རྡོ་རྗེའི་མཐུ་སྟོབས་སྩོལ། །འདི་ཡི་རྐང་གཡས་བྱང་ཤར་མཚམས། །ལི་ཡི་ཡུལ་ན་ཙཎྜཱ་ལཱི། །དུར་ཁྲོད་ཆེན་པོའི་རྒྱན་དུ་འབུལ། །ལོངས་སྤྱོད་འཁོར་ལྡན་དངོས་གྲུབ་སྩོལ། །འདི་ལ་རྐང་གཡོན་ནུབ་བྱང་མཚམས། །ཀ་ནི་ཀ་མཐུན་པྲ་མོ་ཧཱ། །དུར་ཁྲོད་ཆེན་པོའི་རྒྱན་དུ་འབུལ། །བདེ་སྐྱིད་ལྡན་པའི་དངོས་གྲུབ་སྩོལ། །འདི་ཡི་ཕོ་མཚན་བྱང་ཕྱོགས་ན། །ཨུ་རྒྱན་ཡུལ་ན་གྷས་མ་རི། །དུར་ཁྲོད་ཆེན་པོའི་རྒྱན་དུ་འབུལ། །གྲུབ་པ་མྱུར་བའི་དངོས་གྲུབ་སྩོལ། །བཞག་ཤ་ཁོག་ཤ་ལ་སོགས་པ། །ཐམས་ཅད་ལོ་ཀའི་དུར་ཁྲོད་ན། །སྨ་ཤ་ནི་ཡི་རྒྱན་དུ་འབུལ། །ལས་རྣམས་ཀུན་གྱི་དངོས་གྲུབ་སྩོལ། །ཞེས་པས་དུར་ཁྲོད་ཁང་བརྩིག་གོ། །དེ་ནས་ཕུང་པོ་ལྔ་པོ་རྣམས། །མཆོད་པར་བྱ་བ་འདི་གསུངས་སོ། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་ལ། །གཟུགས་མཆོག་གླང་པོའི་གདན་ཁྲི་འབུལ། །ཐུགས་ཀྱི་དངོས་གྲུབ་དམ་པ་དང་། །སྟོབས་བཅུའི་དབང་རྣམས་སྩལ་དུ་གསོལ། །བཅོམ་ལྡན་རྣམ་པར་སྣང་མཛད་ལ། །གཟུགས་མཆོག་སེང་གེའི་གདན་ཁྲི་འབུལ། །སྐུ་ཡི་བྱིན་རླབས་རྒྱ་མཚོ་དང་། །མི་འཇིགས་བཞི་ཡི་དབང་རྣམས་སྩོལ། །བཅོམ་ལྡན་སྣང་བ་མཐའ་ཡས་ལ། །གཟུགས་མཆོག་རྨ་བྱའི་གདན་ཁྲི་འབུལ། །གསུང་རབ་རྒྱ་མཚོ་འཆད་པ་དང་། །དབང་བཅུའི་དངོས་གྲུབ་སྩལ་དུ་གསོལ། །བཅོམ་ལྡན་རིན་ཆེན་འབྱུང་གདན་ལ། །གཟུགས་མཆོག་རྟ་ཡི་གདན་ཁྲི་འབུལ། །ཡོན་ཏན་རྒྱ་མཚོའི་བྱིན་རླབས་དང་། །རྫུ་འཕྲུལ་རྐང་བཞིའི་དངོས་གྲུབ་སྩོལ། །བཅོམ་ལྡན་དོན་ཡོད་གྲུབ་པ་ལ། །གཟུགས་མཆོག་མཁའ་ལྡིང་གདན་ཁྲི་འབུལ། །ཕྲིན་ལས་རྒྱ་མཚོ་མཐའ་ཡས་དང་། །ཐོགས་མེད་ལས་བཞིའི་དངོས་གྲུབ་སྩོལ། །ས་དང་ཆུ་དང་མེ་དང་རླུང་། །ནམ་མཁའ་དང་ནི་འབྱུང་བ་ལྔ། །སངས་རྒྱས་སྤྱན་དང་མཱ་མ་ཀཱི། །ན་བཟའ་དཀར་དང་དམ་ཚིག་སྒྲོལ། །ཀུན་ཏུ་བཟང་མོ་ལ་སོགས་པ། །རིགས་ཀྱི་གསང་མཆོད་འདི་འབུལ་གྱི། །མི་


DNG012_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་གཟུགས་ཀྱི་དངོས་གྲུབ་སྩོལ། །དེ་ནས་ཚོགས་ཀྱི་ཞལ་ཟས་རྣམས། །རང་གིས་ལོངས་ཀྱང་སྤྱད་པར་བྱའོ། །དང་པོ་ཞལ་ཟས་ལྷ་ལ་བསྟབ། །དགྱེས་མཆོག་ཉེ་བར་སྤྱོད་པ་ཡི། །རྡོ་རྗེ་བདུད་རྩིའི་ཞལ་ཟས་འདི། །པདྨ་དྲི་མ་མེད་པ་ལྟར། །རྒྱལ་བ་རྣམས་ཀྱིས་བཞེས་སུ་གསོལ། །ཞེས་པས་ལྷ་ལ་དབུལ་བར་བྱའོ། །དེ་ནས་ཟ་བྱེད་ཞལ་ཧོམ་གྱི། །མཆོད་པ་དག་ཀྱང་བྱ་བ་ནི། །རྣལ་འབྱོར་ནང་པའི་ཞལ་ཧོམ་ནི། །ཁོད་པ་རིན་ཆེན་གཞལ་ཡས་ཁང་། །དེ་ནང་དཀྱིལ་འཁོར་ལྷ་བཀོད་ལ། །ཞལ་ཡང་ཧོམ་ཁུང་བསྲེག་ཁང་དུ། །ཡེ་ཤེས་ཆེ་བའི་མེ་སྦར་ཏེ། །ལྕེ་ནི་ལས་སུ་བྱ་བ་ཡི། །ལྷ་རྣམས་སོ་སོའི་བཞུགས་གནས་ལ། །ཁོད་པ་རིན་ཆེན་གཞལ་ཡས་ཁང་། །དབུས་ཀྱི་གཙོ་བོ་ནས་བརྩམས་ཏེ། །ལྷ་ཡི་དཀྱིལ་འཁོར་རིམ་བཞིན་དུ། །བསྲེག་ཁང་བཞུགས་གནས་སྤྱན་དྲངས་ཏེ། །ལག་པ་རྡོ་རྗེའི་ཧོམ་གཟར་དང་། །འདོད་པའི་ལྷ་མོའི་བསྲེག་རྫས་སུ། །བདུད་རྩིའི་ཧོམ་དུ་བསྡིམ་པའི་ཚེ། །སོ་ནི་ཡེ་ཤེས་མེས་བཅོམ་ནས། །དཀན་དང་ལྗགས་ཀྱི་དབང་པོར་རོ། །སྤྱན་དྲངས་རང་བཞིན་གང་ཡིན་བསྡིམ། །མགྲིན་པ་བླ་མེད་ལམ་དྲངས་ཏེ། །ཁོད་པ་རིན་ཆེན་གཞལ་ཡས་ཁང་། །དེ་ཡི་ནང་དུ་ལྷ་རྣམས་མཆོད། །བ་སྤུའི་ཕྱོགས་སུ་གཟི་བརྗིད་ནི། །མེ་འབར་ཕྲིན་ལས་རྣམ་པ་བཞིས། །འགྲོ་བའི་དོན་ཡང་བརྩམ་པར་བྱའོ། །དཀྱིལ་འཁོར་ལྷ་ནི་རེ་རེ་ལ། །གིང་གིས་བསྲེག་རྫས་གསུམ་གསུམ་བསྟབ། །བསྟབ་པའི་ཚིག་དང་སྔགས་རྣམས་ནི། །ལྷ་ཡི་རིམ་པ་དག་དང་སྦྱར། །སྐུ་གསུང་ཐུགས་ཀྱི་རྒྱུད་མཉེས་བྱ། །དེ་ཡང་ངས་ནི་ཁྱེད་རྣམས་ལ། །རབ་ཏུ་གསལ་བ་ཡང་བཤད་ན། །འབར་བའི་བསྲེག་ཁང་ཞལ་ཧོམ་དུ། །ཡེ་ཤེས་མཆེ་བའི་མེ་འབར་ཏེ། །འོག་མིན་ལྷ་ཡི་གཞལ་ཡས་ནས། །དཀྱིལ་འཁོར་ལྷ་རྣམས་སྤྱན་དྲངས་ཏེ། །ལྕེ་དབུས་པདྨའི་གདན་ལ་བཞུགས། །ལག་པ་ཧོམ་གཟར་བསྲེག་རྫས་སྟོབ། །དབྱིབས་དང་ཁ་དོག་མཚན་ལྡན་པའི། །ཞལ་དུ་གྱུར་པའི་མེ་བོས་ལ། །


DNG012_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

བཟའ་བཏུང་བྲོ་བའི་ཚོགས་རྣམས་ཀྱི། །ལས་བཞིའི་མཆོད་པ་རབ་ཏུ་སྦྱིན། །དཀྱིལ་འཁོར་ལྷ་རིམ་ཞལ་ཧོམ་མཆོད། །དབྱིབས་ཀྱི་བཞུགས་ཚུལ་རིགས་ཀྱི་མདོག །མཚན་གྱི་ཁྱད་པར་ལྷ་རྣམས་ཀྱི། །སོ་སོའི་རིམ་བཞིན་བདག་བསྒོམས་ཏེ། །མཆོད་པ་ཤེས་རབ་ཅན་གྱིས་བྱ། །ཞལ་ཟས་ཁམ་ནི་རན་པར་གཏུབ། །ཕྱག་རྒྱ་ལག་པ་རྡོ་རྗེའི་གར། །ཧོམ་གཟར་བསྐོར་ཏེ་ཞལ་བསྟབ་ཚེ། །ལྷ་རྣམས་མཚན་ནས་བརྗོད་ཅིང་བསྐུལ། །འབྲིམ་མཁན་གཡས་བྲིམས་ལྷ་ཚོགས་མཆོད། །བདག་མཆོད་ཀུན་མཉེས་ཐམས་ཅད་འགྲངས། །ཀུན་ལ་ཕན་པའི་སྨན་ཡིན་ཏེ། །རྣལ་འབྱོར་བདག་ཉིད་ཆེན་པོ་ཡི། །ཐམས་ཅད་བཟའ་ཞིང་བརྒྱན་པར་བྱ། །དེ་ཡང་ཇི་ལྟར་བྱ་ཞེ་ན། །ཕྱི་རབས་ཀྱིས་ནི་དོན་བཞིར་ཤེས། །མཆོད་པའི་གནས་དང་ཡོན་ཏན་དང་། །ཅི་ཕྱིར་མཆོད་དང་མཆོད་པའི་རྫས། །མཆོད་པར་བྱ་བའི་རྫས་དག་ནི། །རང་ལ་རྒྱན་ཅིང་གཟབས་པ་སྟེ། །རྒྱན་ལྔ་དག་ཏུ་ཤེས་པར་བྱ། །ནང་རྒྱན་ཕྱི་ཡི་ཆས་རྒྱན་དང་། །མཛེས་པ་ལུས་ལ་བཀོད་པ་ལྷ། །བྱིན་རླབས་སྤྲུལ་པའི་རྒྱན་ལྔའོ། །བཟའ་བ་རྔམ་པ་ལྔ་པོ་ལ། །ཡེ་ཤེས་དབྱིངས་ལ་བཟའ་བ་དང་། །དབྱིངས་ནི་ཡེ་ཤེས་ལ་བཟའ་དང་། །དབྱིངས་དང་ཡེ་ཤེས་བག་ཆགས་བཟའ། །ཐུགས་རྗེས་འཁོར་བའི་སེམས་ཅན་བཟའ། །རྔམ་ཞལ་དུས་གསུམ་བག་ཆགས་བཟའ། །རྔམ་པའི་ཞལ་དུ་ཟ་བ་ནི། །ཕུན་ཚོགས་བཞི་དང་དཀྱིལ་འཁོར་ལྔ། །ཕུན་སུམ་ཚོགས་པ་རྣམ་བཞི་ནི། །ཧོམ་ཁུང་ཕུན་ཚོགས་རྣམ་དག་ཞལ། །ཡེ་ཤེས་ཕུན་ཚོགས་ཚེམས་འབར་མེ། །མཆོད་པ་ཕུན་ཚོགས་ཧོམ་གཟར་ལ། །བདག་ཉིད་ཕུན་ཚོགས་གཙོ་བོ་ཆེ། །དཀྱིལ་འཁོར་རྣམ་པ་ལྔ་ཡོད་དེ། །གསལ་བཀྲ་ཟ་བྱེད་ཐིམ་པ་གསུམ། །ལས་དང་དོན་གྲུབ་དཀྱིལ་འཁོར་ལྔའོ། །ལོངས་སྤྱོད་མཛད་པའི་དུས་སུ་ཡང་། །བྱི་འཁུར་མི་བཅའ་སྐོས་ལ་ཕེབས། །ཞི་བའི་སྨོན་ལམ་ལ་སོགས་ཏེ། །རིགས་ལྔ་ཧེ་རུ་ཀ་ཡི་མཚན། །བརྗོད་ནས་མཆོད་པའི་དུས་སུ་ཡང་། །དུར་ཁྲོད་མཆོག་གི་རྒྱན་དུ་ཆེ། །འདོད་ཆགས་ཁྲག་གི་རྒྱ་མཚོ་ལ། །


DNG012_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་སྡང་རུས་པའི་ཕུང་པོ་སྟེ། །གཏི་མུག་ཤ་ཡི་དཀྱིལ་འཁོར་འདིར། །བདག་དང་མཐའ་ཡས་སེམས་ཅན་རྣམས། །དུག་གསུམ་བག་ཆགས་བྱང་བྱས་ནས། །སྲིད་གསུམ་སེམས་ཅན་ཐམས་ཅད་སྒྲོལ། །ས་གསུམ་འབྲས་བུ་འཐོབ་པ་དང་། །སྐུ་གསུང་ཐུགས་ཀྱི་རྒྱུད་མཉེས་པས། །སྐུ་གསུང་ཐུགས་ཀྱི་དམ་ཚིག་སྐོང་། །བདག་དང་མཐའ་ཡས་སེམས་ཅན་རྣམས། །སྐུ་གསུང་དངོས་གྲུབ་ཐོབ་གྱུར་ཅིག །འདི་ཡི་དུས་ན་ཏི་རའི་གནས་འཕྲོག་མ། །ཞིང་བཅུ་སྒྲོལ་དང་མ་སྒྲོལ་ཉུལ་བ་ནི། །སྔགས་པས་བསྒྲིམས་ནས་བྱས་པ་ན། །ངས་ནི་ཁྱེད་ལ་གསལ་བར་བཤད། །ཀརྨ་མཱ་ལེའི་རྒྱུད་ལས། རྣོན་པོའི་དཀྱིལ་འཁོར་བསྐྱེད་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་ཞེ་སྡང་རྡོ་རྗེས། འབར་བའི་དཀྱིལ་འཁོར་ཆེན་པོ་འདི། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྣམས་ལ་གསུངས་སོ། །འབར་བའི་དཀྱིལ་འཁོར་ཞི་དང་ཁྲོ། །དང་པོ་སྤྱན་དྲང་མཆོད་པ་འབུལ། །གསོག་འཇོག་མེད་པར་ལྷག་མ་བཞག །ཧོ་གསང་བའི་དོན་ལ་གཏོགས་པ་ཡི། །མཁའ་འགྲོ་སུམ་ཅུ་རྩ་གཉིས་རྣམས། །སྔོན་གྱི་ཐུགས་དམ་མ་འདའ་བར། །སྒྲུབ་པའི་སྟོང་གྲོགས་འདིར་གཤེགས་ཤིག །ཛཿཧཱུཾ་བཾ་ཧོཿ། ཌཱ་ཀི་ནི་ཧཱུཾ་ཛཿཨེ་ཨཱ་ར་ལི་ཧྲིཾ་ཧྲིཾ།ཧཱུཾ་རྣམ་དག་ཆོས་ཉིད་ཞི་བ་ལས། །ཐོགས་མེད་ཐུགས་རྗེའི་སྤྲུལ་པ་འབྱུང་། །རང་རང་ལས་ཀྱི་སྐལ་གྱུར་པས། །སྤྲུལ་པ་བསམ་ཡས་མཁའ་ལ་འགྲོ། །འཇའ་ཚོན་མདོག་འཛིན་རིགས་ལས་སྤྲུལ། །མི་རོ་སྐམ་པོའི་གདན་སྟེངས་ན། །ཐུགས་རྗེའི་སྤྲུལ་པ་ཡང་དག་ཞོན། །མཐིང་ག་མི་བསྐྱོད་དཔའ་བོའི་གཟུགས། །སུམ་ཅུ་རྩ་གཉིས་ཀུན་འཇིག་ཅིང་། །མི་ཐོད་ཁྲག་གིས་བཀང་བ་དང་། །ཁ་ཊྭཱཾ་ཏྲི་ཤུལ་གཤོལ་གྲི་བསྣམས། །རང་རང་ལག་ཆ་སྣ་ཚོགས་ལྡན། །དཔའ་བོའི་གཟུགས་ཅན་ཁྲོ་མིག་བགྲད། །ཉི་ཟླའི་ཚུལ་དུ་མཁའ་ལ་འགྲོ། །ཟས་སུ་ཤ་དང་ཁྲག་དང་ནི། །རྐང་དང་ཚིལ་བུ་རྒྱུ་མ་ཟ། །ཡང་དག་དེ་ཉིད་འཇིག་རྟེན་ཉིད། །སྤྲུལ་པའི་


DNG012_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་གྱི་གཟུགས་ཀྱིས་འདུལ། །གཙོ་བོ་དགའ་བར་བྱེད་པ་དང་། །ནང་ཁྲོལ་འདྲེན་པར་བྱེད་པ་དང་། །ཁྱོ་ལ་ཆགས་པར་བྱེད་པ་དང་། །རྣལ་འབྱོར་སྤྲོ་བར་བྱེད་པ་དང་། །སྐྱེ་འགྲོ་གསོད་པར་བྱེད་པ་དང་། །འཇིག་རྟེན་འབར་བར་བྱེད་པ་དང་། །གཟུགས་རྣམས་བརྗིད་པར་བྱེད་པ་དང་། །གླིང་རྣམས་འཁོར་ལོ་ལྟར་བསྐོར་མ། །མཁའ་འགྲོ་མ་མོ་ཁྱོད་རྣམས་ཡིན། །སྔོན་ཚེ་བཅོམ་ལྡན་མི་བསྐྱོད་པའི། །ཡེ་ཤེས་དབྱིངས་ལ་ཆགས་ཚུལ་དུ། །དགའ་མ་གསོད་དགའ་འཛིན་དགའ་མ། །འདྲེན་དགའ་མིག་དམར་ཐོད་པ་འཛིན། །མྱོས་མ་ར་བྱིལ་གདོང་དམར་གྱིས། །མདུན་རྒྱབ་ཟུར་གཉིས་དབུས་གསུམ་པོའི། །མདུན་ལ་གཙོ་མོ་བདུན་གྱི་མཁྲིལ། །མི་བསྐྱོད་སྤྱན་སྔར་ཁས་བླངས་པ། །སླས་སུ་བདག་ཅག་འདུན་བགྱིད་པས། །མནའ་བོར་དམ་བཅས་ཁས་བླངས་ཏེ། །འཇིག་རྟེན་མ་འདས་བར་དུ་ནི། །འཇིག་རྟེན་བསྟན་པ་བསྲུང་བར་བྱས། །ཁས་བླངས་འགལ་བར་མི་བྱའི་ཕྱིར། །མཆོད་སྦྱིན་བཟང་པོ་འདི་བཞེས་ལ། །རྣལ་འབྱོར་བཅོལ་བའི་ལས་གྱིས་ཤིག །སྔོན་ཚེ་བཅོམ་ལྡན་རྟག་པ་ལ། །ཆགས་ཆེན་མ་དང་ཆགས་མཆོག་མ། །ཆགས་བྲལ་མ་དང་རྒྱས་འདེབས་མ། །འཁོར་ལོར་འཁོར་བ་ལྔ་ཡི་འཁྲིལ། །རྟག་པའི་སླས་སུ་བྱས་ནས་ནི། །འཇིག་རྟེན་མ་འདས་བར་དུ་ནི། །བསྟན་པ་བསྲུང་བ་མནའ་བོར་བ། །ཁས་བླངས་འགལ་བར་མི་བྱ་ཕྱིར། །མཆོད་སྦྱིན་བཟང་པོ་འདི་བཞེས་ལ། །རྣལ་འབྱོར་བཅོལ་བའི་ལས་གྱིས་ཤིག །བཅོམ་ལྡན་རིན་ཆེན་འབྱུང་ལྡན་ལ། །བདུད་རྩི་ཆང་མ་བསིལ་མ་དང་། །བེ་ཅོན་འཛིན་མ་རྒྱུ་འཐུང་མ། །རྒྱུ་འཛིན་ཁ་འཛིན་ལྔ་ཡིས་ནི། །མདུན་རྒྱབ་ཟུར་གཉིས་དབུས་ལ་འཁྲིལ། །འབྱུང་ལྡན་སླས་སུ་བྱས་ནས་ནི། །འཇིག་རྟེན་མ་འདས་བར་དུ་ནི། །འཇིག་རྟེན་བསྟན་པ་བསྲུང་བར་བྱ། །ཁས་བླངས་འགལ་བར་མི་བྱའི་ཕྱིར། །མཆོད་སྦྱིན་བཟང་པོ་འདི་བཞེས་ལ། །རྣལ་འབྱོར་བཅོལ་བའི་ལས་གྱིས་ཤིག །བཅོམ་ལྡན་སྣང་བ་མཐའ་ཡས་ལ། །སྟོབས་བཟང་སེར་སྨུག་ཁ་ཡལ་


DNG012_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

མ། །འདོད་པ་མོ་དང་ནོར་བུ་བཟང་། །བ་དན་མ་ནི་བུམ་ལྟོ་མ། །ལྔ་ཡིས་མདུན་ཟུར་དབུས་ལ་འཁྲིལ། །འཇིགས་དབང་སླས་སུ་བྱས་ནས་ནི། །བསྟན་པ་བསྲུང་བར་མནའ་བོར་བས། །ད་རུང་འཇིག་རྟེན་མ་འདས་པས། །མཆོད་སྦྱིན་བཟང་པོ་འདི་བཞེས་ལ། །རྣལ་འབྱོར་བཅོལ་བའི་ལས་གྱིས་ཤིག །བཅོམ་ལྡན་དོན་ཡོད་གྲུབ་པ་ལ། །གསོད་བརྩོན་གསལ་བའི་འོད་འཆང་མ། །སོ་ཞག་ཁྲག་འཇིབ་བུས་བཟང་མ། །དབྱུག་སྣ་སྦྲུལ་ལུས་གསེར་མིག་མ། །མདུན་ཟུར་བཞི་དང་དབུས་གསུམ་ལ། །དྲུག་འཁྲིལ་དོན་གྲུབ་སླས་སུ་བྱས། །བསྟན་པ་བསྲུང་བར་མནའ་བོར་བས། །ད་རུང་འཇིག་རྟེན་མ་འདས་པས། །མཆོད་སྦྱིན་བཟང་པོ་འདི་བཞེས་ལ། །རྣལ་འབྱོར་བཅོལ་བའི་ལས་གྱིས་ཤིག །ཤར་ཉིད་དུ་ནི་བུམ་སྣ་སྟེ། །ནུབ་ཏུ་དྷ་ཤ་གྲཱི་བའོ། །ལྷོ་རུ་རྣམ་པར་འཇོམས་མ་སྟེ། །བྱང་ཉིད་དུ་ནི་འབོད་གྲོགས་སོ། །མཁའ་ལ་འགྲོ་བའི་སྒོ་མ་བཞི། །བཅོམ་ལྡན་རྡོ་རྗེ་མི་བསྐྱོད་པའི། །ཞབས་བཞིའི་འོག་ན་ཤི་བཞིན་གནས། །ཉི་ཟླ་པདྨའི་གདན་དུ་འབར། །མཁའ་འགྲོ་སུམ་ཅུ་རྩ་གཉིས་པོ། །ད་རུང་འཇིག་རྟེན་མ་འདས་ཀྱི། །སླས་དང་གདན་དུ་བྱས་རྣམས་ཀྱིས། །མནའ་བོར་ཚུལ་བཞིན་ལས་བྱའི་ཕྱིར། །མཆོད་སྦྱིན་བཟང་པོ་འདི་བཞེས་ལ། །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། ། སྔགས་སོར་བཞག །ཨཱ་གཙྪ་ཡིན་ནམ་ཨོཾ་བཛྲ་ཌཱ་ཀི་ནི་ཨ་གད་ཏ་ཡ་ཨ་གད་ད་ཏ་ཡ་བནྡྷ་ཡ། ཏོ་ཤ་ཡ་ཏོ་ཤ་ཡ། མོ་ཧ་ཡ་མོ་ཧ་ཡ། སརྦ་ཌཱ་ཀི་ནི། བུཌྜྷ་ཌཱ་ཀི་ནི་ཁཱ་ཧི། བཛྲ་ཌཱ་ཀི་ནི་ཁཱ་ཧི། རཏྣ་ཌཱ་ཀི་ནི་ཁཱ་ཧི། པདྨ་ཌཱ་ཀི་ནི་ཁཱ་ཧི། ཀརྨ་ཌཱ་ཀི་ནི་ཁཱ་ཧི། འབར་བའི་དཀྱིལ་འཁོར་གསུམ་བསྒོམ་པ། །གསལ་བར་བཅུ་དྲུག་རབ་བཤད་བྱ། །མཁའ་འགྲོའི་དཀྱིལ་འཁོར་བསྐྱེད་པ་དང་། །སྤྱན་དྲང་བ་དང་ལས་ལ་གཞུག །ཟིལ་གྱིས་མནན་དང་ཕྱག་རྒྱ་དང་། །དབང་དུ་བསྡུ་བར་བྱ་བ་དང་། །དགོས་པའི་དོན་རྣམས་བསྒྲུབ་ཏུ་གཞུག །དམ་ཚིག་མནའ་བསྒག་བྱ་བ་དང་། །བདག་གཞན་བསྲུང་དུ་གཞུག་པ་དང་། །བདག་དང་མི་མཐུན་ཁྲོ་གཞུག་དང་། །དངོས་གྲུབ་མཆོག་འདོད་འཁོར་དུ་གཞུག །ཧེ་རུ་ཀ་ཡི་ལས་ལ་


DNG012_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

གཞུག །ཁ་ཆུས་གདབ་དང་རིགས་ལྔར་བསྟབ། །རྡོ་རྗེའི་མོ་གདབ་དམ་ཡང་བསྲེ། །གཞུག་ཏུ་མནན་པའི་ཆོ་ག་བྱ། །ཀརྨ་མཱ་ལེའི་རྒྱུད་ཆེན་འདིར། །འདི་དག་རབ་ཏུ་གསལ་བར་བཤད། །མཁའ་འགྲོ་མ་ཡི་དཀྱིལ་འཁོར་ན། །སྲིན་མོའི་ཟ་ལམ་གོམ་པ་ནི། །བདུན་ཅུའི་ཕྱི་རོལ་དག་ཏུ་ནི། །རྡོ་རྗེ་དྲི་ཆུའི་དཀྱིལ་འཁོར་བྲི། །དབང་ཕྱུག་མ་ཡི་དཀྱིལ་འཁོར་བསྒོམ། །མཁའ་འགྲོའི་དཀྱིལ་འཁོར་བསྐྱེད་པ་ནི། །མཁའ་འགྲོའི་རྒྱལ་པོ་ཆེན་པོ་ནི། །པདྨ་ཧེ་རུ་ཀ་རུ་བསྐྱེད། །རྡོར་རིགས་དམ་པ་ཉི་ཤུ་དང་། །དབང་མོ་ཉི་ཤུ་ལ་སོགས་པ། །མཁའ་འགྲོ་ཁྱོ་ཤུག་ཚུལ་དུ་བསྐྱེད། །དེ་ནས་སྤྱན་དྲང་འདི་སྐད་གསུངས། །ཧེ་རུ་ཀ་ཡི་གནས་བཅུ་དང་། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །དཔལ་ཆེན་ཁྲག་འཐུང་འཁོར་དང་བཅས། །དུར་ཁྲོད་ཆེན་པོའི་གནས་འདི་རུ། །དམར་གྱི་ཨརྒྷ་རྒྱ་མཚོར་འཁྱིལ། །ཞིང་ཆེན་གསང་རྙིང་ཏི་རར་བཅས། །ཐོད་རུས་འབར་བའི་དཀྱིལ་འཁོར་འདིར། །མཁའ་འགྲོ་འབར་བའི་ཚོགས་བཅས་ཀྱིས། །མ་ལུས་གཤེགས་ཤིང་བསྣམ་དུ་གསོལ། །ཛཿཧཱུཾ་བཾ་ཧོཿ། ཤྲཱི་ཧེ་རུ་ཀ ། སྔགས་སོར་བཞག ། ཨ་གད་ཏ་ཡ་ཨ་གད་ཏ་ཡ། པྲ་བེ་ཤ་ཡ་པྲ་བེ་ཤ་ཡ། བནྡྷ་ཡ་བནྡྷ་ཡ། ཏོ་ཤ་ཡ་ཏོ་ཤ་ཡ། མོ་ཧ་ཡ་མོ་ཧ་ཡ། བཛྲ་ཌཱ་ཀི་ནཱི་ནཱཾ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཙཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེན་པ་ཏ་ཡེ། ཨེ་ཧྱེ་ཧི། ས་མ་ཡ་ས་མ་ཡ། ཨཱ་ན་ཡ་ཨཱ་ན་ཡ། ཀོ་ཏ་ཀྵ་ཀོ་ཏ་ཀྵ། མ་མ་བྷྱོ་བྷྱོ། རུ་ལུ་རུ་ལུ་ཨཱ་ར་ལི་ཧོ། ཧྲིཾ་ཧྲིཾ་ཧྲིཾ། བརྗོད་པས་དབང་ཕྱུག་མ་དང་ནི། །རྡོ་རྗེ་རིགས་དམ་ལ་སོགས་པ། །ཁྱོ་ཤུག་རེ་རེ་དག་ལ་ཡང་། །འཁོར་ནི་ས་ཡ་ཕྲག་བཅོ་བརྒྱད། །བཅོ་བརྒྱད་སྤྲིན་ཕུང་བཞིན་དུ་ཡང་། །མདུན་གྱི་ནམ་མཁར་ལྷགས་པ་ལས། །སོ་སོའི་རང་སྔགས་བརྗོད་པ་ཡིས། །དམ་ཚིག་ལ་ནི་ཐིམ་པར་བསམ། །མ་ནུ་རཀྵ་སཱི་བྷྱོ། བྲཧྨ་ཎཱི་བྷྱོ། རཽ་ཏྲི་བྷྱོ།ཀཽ་མཱ་རཱི་བྷྱོ། བཻཥྞ་བེ་བྷྱོ། ཨིནྡྲ་ནཱི་བྷྱོ། བཛྲ་སིངྒ་ལཱི་བྷྱོ། ཨ་མྲྀ་ཏཾ་བྷྱོ། སཽ་མྱ་བྷྱོ། དཎྜ་དི་བྷྱོ། རཀྵ་སཱི་བྷྱོ། བྷཀྵ་སཱི་བྷྱོ། ར་ཏི་བཛྲ་བྷྱོ། རུ་དྷི་ར་མཏྟ་བྷྱོ། ཨེ་ཀ་ཙ་ཏི་ཎཱི་བྷྱོ།


DNG012_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

མ་ནོ་ཧ་རཾ་བྷྱོ། སིདྡྷི་ཀ་བྷྱོ། ཝ་ཡ་བཱི་བྷྱོ། མ་ཧཱ་མ་ར་ཎ་བྷྱོ། ཨ་བྷྱོ། ཝ་ར་ཧཱི་བྷྱོ། ཙ་མུཎྜཱི་བྷྱོ། སུ་ཏ་ནཾ་བྷྱོ། ཝ་རུ་ཎཱི་བྷྱོ། བཛྲ་མ་ཧཱ་ཀཱ་ལཱི་བྷྱོ། ཙ་ཀཱ་ལཱི་བྷྱོ། ཀུམྦྷ་ཀཪྞ་བྷྱོ། ལམྦོ་ད་ར་བྷྱོ། དེ་ནས་ལས་ལ་གཞུག་པ་ནི། །ཊ་ཀིའི་ཕྱག་རྒྱས་བཅིངས་ནས་ནི། །ལས་ཀྱི་ཕྱག་རྒྱ་འདི་བསྟན་པས། །རྟག་ཏུ་ལས་ཀུན་བྱེད་པ་སྟེ། །མ་དང་སྲིང་མོ་རྣམས་དང་ནི། །ཆུང་མ་བུ་མོ་འདྲ་བར་བྱོས། །ཨོཾ་བཛྲ་ཌཱ་ཀི་ནཱི། ཨཱ་ཀརྵཱ་ཡ། ཨཱ་ཀརྵཱ་ཡ། པྲ་བེ་ཤ་ཡ་པྲ་བེ་ཤ་ཡ། བནྡྷ་ཡ་བནྡྷ་ཡ། ཏོ་ཤ་ཡ་ཏོ་ཤ་ཡ། མོ་ཧ་ཡ་མོ་ཧ་ཡ། སརྦ་བཛྲ་ཌཱ་ཀི་ནཱི་ནཱཾ། ཛཿཧཱུཾ་བཾ་ཧོཿ། ཌཱ་ཀི་ནཱི་ཧཱུཾ་ཛཿ། ཉེར་གནས་ཞི་ཚུལ་ལས་ལ་གཞུག །གཞན་ཡང་ལས་ཀྱི་ཕྱག་རྒྱ་དང་། །དམ་ཚིག་ཕྱག་རྒྱ་ལས་ལ་གཞུག །དབང་ཕྱུག་མ་ཡི་གཙོ་མོ་བརྒྱད། །དེ་ཡི་དམ་ཚིག་ལས་རྒྱ་ནི། །ཐུན་མོང་དག་ཏུ་གར་མཆོད་བྱ། །ལག་གཡོན་རྩེ་གསུམ་ཕྱག་རྒྱ་བཅས། །གཡས་ཀྱི་གཡོག་མོས་རྩེ་མནན་པ། །དེ་ནི་ཨུ་མའི་ཕྱག་རྒྱའོ། །ལག་པ་གཡོན་པ་ཕྱག་རྒྱ་ཨོཾ། །སྨད་འདོན་ལྟར་བྱེད་ཚངས་མའོ། །རྡོ་རྗེ་མནན་ནས་མདུད་པའི་རྒྱ། །མངའ་བདག་གཡོག་མོ་རྩེ་སྤྲད་དེ། །ལྷག་མ་མདའ་སྒྲོ་ལྟ་བུའམ། །ཡང་ན་ཏྲི་ལ་ཉིད་དུ་བཅའ། །འདི་གསུམ་གང་རུང་དགའ་བར་བྱེད། །ལག་པ་གཡས་ཀྱི་མངའ་བདག་དང་། །གཡོག་གཉིས་གཡོན་གྱི་ཆང་བར་བཅངས། །སིལ་གསིལ་ལྟར་བྱས་གཞོན་ནུ་མ། །ཡང་ན་མདུང་གི་ཕྱག་རྒྱའོ། །གཡོན་གྱི་མངའ་བདག་ལ་སོགས་པ། །བརྐྱང་ནས་རྩེ་བཅུམ་འཁོར་ལོ་མ། །ལག་པ་གཡས་གཡོན་བཀའ་ཉན་གཉིས། །ཁར་བཅུག་མངའ་བདག་གྱེན་བསྒྲེང་ཕག །ཁུ་ཚུར་དེ་ཉིད་མ་བཤིགས་པར། །ཐུར་དུ་མནན་པ་གཤིན་རྗེ་མ། །ལག་པ་གཡས་གཡོན་མངའ་བདག་དང་། །གཡོག་དང་འབྲིང་མོ་གསུམ་བཅངས་ཏེ། །སེང་གེའི་རྣ་བ་བརྒྱ་བྱིན་མ། །ཕྱག་རྒྱ་དེ་རྣམས་བྱེད་བཞིན་དུ། །གསང་སྔགས་འདི་དང་སྦྱར་ཏེ་བཟླས། །སྔགས་སོར་བཞག །ཛ་ཡ་དུ་ཨུ་མ་བ་ཧི་ཀང་ཀ་དྷ་རཱི། ཛཱ་ཡ་དུ་བྲཧྨ་ཎཱི་ཀ་མ་ལ་དྷ་རཱི། ཛཱ་ཡ་དུ་མ་ཧེ་ཤྭ་རི་


DNG012_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

ཤཱུལ་དྷ་རཱི། ཛ་ཡ་དུ་ཀཽ་མཱ་རཱི་ཤཀྟི་དྷ་རཱི། ཛ་ཡ་དུ་ནར་ཡ་ནི་ཙཀྲ་དྷ་རཱི། ཛ་ཡ་དུ་བ་ར་ཧི་དཎྜ་དྷ་རཱི། ཛ་ཡ་དུ་ཨིནྡྲ་ཡ་ནི།བཛྲ་དྷ་རཱི། ཛ་ཡ་དུ་ཙ་མུཎྜཱ་ཙིཏྟ་དྷ་རཱི། དགོས་དོན་ཕྲ་མོ་ཡན་ཆད་རྣམས། །བསྒྲུབ་ཏུ་གཞུག་པར་བྱ་བ་ནི། །གཡས་གཡོན་གཉིས་གཡོག་ལྕགས་ཀྱུར་བཅིང་། །དཀྱུ་ཞིང་དཀྱུས་ལ་འདི་སྐད་གསུངས། །དགོངས་དོན་སེམས་ཅན་གང་ཡིན་པ། །དེ་ཡི་མདུན་དུ་ཁྱོད་རྣམས་ཀུན། །དགོངས་པ་བསྒྲུབ་ཕྱིར་འདུག་པར་བྱོས། །ཁྱོད་ཀྱི་སྲོག་ནི་མ་རུངས་པར། །དམ་ཚིག་འདིས་ནི་འགྱུར་ཏ་རེ། །ཨོཾ་བ་ལིན་ཏོད་བ་ལིཾ་ཏ་ཨཱ་ཀཪྵ་ཡ་ཧཱུཾ་ཕཊ། དེ་ནས་དངོས་གྲུབ་མཆོག་འདོད་ཕྱིར། །དྲུང་དུ་འཁོར་དུ་གཞུག་པ་ནི། །གཡོན་པའི་གཡོག་གཡས་བཀའ་ཉན་གྱིས། །སྒྲ་འབྱིན་ཏོག་ཅིང་འདི་སྐད་གསུངས། །ཁྲོ་བོར་མཉམ་གཞག་གང་ཡིན་པ། །དམ་ཚིག་འདི་ཡང་བྱ་ར་བྱས། །ཁྱོད་ཀྱིས་དེ་ཡི་མདུན་དུ་ནི། །དངོས་གྲུབ་ཀུན་གྱི་མཆོག་ཕྱིར་འཁོད། །ཨོཾ་བཛྲ་པ་ཏ་ལ་བྷཉྫ་བྷཉྫ་ཧཱུཾ་ཧཱུཾ་ཕཊ། དེ་ནས་ཟིལ་གྱིས་མནན་པ་ནི། །སྙིང་གར་ཐལ་མོ་བསྣོལ་བྱས་ལ། །སྐུ་གསུང་ཐུགས་དང་མཉམ་སྦྱོར་བའི། །ཕོ་བྲང་དཀྱིལ་འཁོར་ངང་ལས་སྤྲུལ། །ང་ནི་བདུད་ཀྱི་བདུད་བདག་སྟེ། །མཁའ་འགྲོའི་ཚོགས་དང་བཅས་པའོ། །ཛཿཧཱུཾ་བཾ་ཧོཿ། ཤྲཱི་ཧེ་རུ་ཀ་སརྦ་དུཥྚན་ས་མ་ཡད། མ་རང་པྲ་པཉྩ་ཀ །བྷཀྵ་ཡ་བྷཀྵ་ཡ། བི་དྷྭན་ས་ཡ་བི་དྷྭན་ས་ཡ། ཧེ་བྷ་ག་ཝཱན། བུཌྜྷ་ཀྵེ་ཏྲ་སྟམྦྷ་ཡ་ཀ་ཧཱུཾ་ཕཊ། ཞེས་པས་དེ་རྣམས་ཟིལ་གྱིས་མནན་ནོ། །དེ་ནས་ཕྱག་དག་བྱ་བ་ནི། །བདག་མེད་ཕྱོགས་བྲལ་དོན་དམ་ཐུགས་ཆུད་ཅིང་། །བྱམས་དང་སྙིང་རྗེས་དགྲ་ཟུན་མི་མངའ་ཡང་། །གདུག་པ་འདུལ་ཕྱིར་དུས་ལ་མི་འདའ་བའི། །འཇིགས་བྱེད་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ནམ་མཁའི་ལུས་ཅན་གར་ཡང་ཐོགས་མེད་ཅིང་། །འདོད་དགུར་སྒྱུར་བའི་གཟུགས་ཅན་འཕྲུལ་མོ་ཆེ། །མ་སྲིང་བྱམས་མའི་ཚུལ་གྱིས་གྲོགས་མཛད་མ། །ཕྱི་ནང་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །ཨོཾ་ཀ་ར་མུ་ཀ་ཤ་ར་ཡ་ཡ་ན་མཿ། ཨོཾ་རཱ་ག་ས་མ་ཡ་ཡ་ན་མཿ། ཨོཾ་ཁ་ཊྭ་ག་པྲ་ལ་ཡ་ཡ་ན་མཿ། ཨོཾ་གནྡྷ་ཛྭ་ལ་ཡ་ཡ་ན་མཿ། ཨ་ཏི་པུ་ཧོ། པྲ་ཏི་


DNG012_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

ཛ་ཧོ། ཏ་ཐཱ་བནྡ་ནང་ཀ་རོ་མི་མ་ཧཱ་ཡོ་གཱི་གོ་རུ་པ་ཏེ་ཨ་ལ་ལ་ཧོ། བདག་གཞན་བསྲུང་དུ་གཞུག་པ་ནི། །ཁུ་ཚར་བཅངས་པའི་གཡོག་གཉིས་བསྒྲེང་། །གང་ཞིག་ལ་ལ་བསྒྲུབ་པའི་ཕྱིར། །ཁྲོ་བོའི་བལྟ་བས་བཅིངས་ནས་ནི། །སེམས་ཅན་གང་ལ་བསྲུང་བའི་ཕྱིར། །དེ་ཡི་རྒྱབ་ཏུ་འཇུག་པར་བྱ། །བཛྲ་བནྡྷ་ཧཱུཾ། བདག་དང་མི་མཐུན་དེ་དག་ལ། །དེ་ལ་ཁྲོ་རུ་གཞུག་པ་ནི། །ཧཱུཾ་གི་ཕྱག་རྒྱས་གཡོག་འཁྱུད་དེ། །སྤྱི་བོར་གཏུགས་ལ་འདི་སྐད་བསྒོ། །བདག་ཉིད་ཆེན་པོའི་དམ་ཚིག་ནི། །རིན་ཆེན་ཕྱག་རྒྱས་བཅིངས་ནས་ནི། །ཁྲོས་ནས་གང་ལ་བལྟས་པས་ནི། །དེ་ཡི་མདུན་དུ་དེ་བཞིན་འདུག །ཨོཾ་བཛྲ་མ་ལ་ཨཥྚ་བཾ། དེ་ནས་ཧེ་རུ་ཀ་ཡི་ནི། །ཕྱག་རྒྱ་དགུག་པའི་ལས་གཞུག་པ། །འདོད་པའི་ཕྱག་རྒྱ་བཅིངས་བྱས་ཏེ། །འདི་དག་བསྒོ་བར་གསུངས་པའོ། །རྡོ་རྗེ་ཕྱག་རྒྱ་བཅིངས་ནས་ནི། །གལ་ཏེ་གསོད་པར་འདོད་ན་ནི། །དགུག་པར་བྱ་བ་གང་ཡིན་པ། །དེ་ཡི་མདུན་དུ་རྟག་པར་དགུག །ཨོཾ་ཤྲཱི་ཧེ་རུ་ཀ །མ་ཧཱ་བཛྲ་སརྦ་དུཥྚན། ས་མ་ཡ་མུ་དྲ་པྲ་བྷཉྩ་ཀྲ་ཧཱུཾ་ཕཊ། དེ་ནས་དབང་དུ་བསྡུ་བ་ནི། །རྟ་གདོང་རྒྱ་བཅིངས་འདི་སྐད་གསུངས། །ང་ནི་དུས་གསུམ་བཞུགས་པ་ཡི། །སངས་རྒྱས་ཡིན་ཏེ་ཡེ་ཤེས་སྐུ། །ཡེ་ཤེས་སྤྲུལ་པའི་མཁའ་འགྲོ་མ། །ང་ཉིད་ཡིན་ཏེ་ང་ཡི་དབང་། །ཨོཾ་པདྨ་བནྡྷ་བ་མུ་ཀ །ཨཱ་ཀརྵཱ་ཡ། པྲ་བེ་ཤ་ཡ་པྲ་བེ་ཤ་ལ། བནྡྷ་ཡ་བནྡྷ་ཡ། ཏོ་ཤ་ཡ་ཏོ་ཤ་ཡ། སརྦ་བཛྲ་ཊཱཀྐི་ནི། ཧྲྀ་ད་ཡན་ཧ་ཧ་ཧི་ཧི་ཨོཾ། ཨོཾ་ཨཱཿཧཱུཾ། དེ་ནས་དམ་ཚིག་མནའ་བསྒག་པ། །མངའ་བདག་གཉིས་པོ་བཀུག་པ་ཡི། །གདོང་གིས་གཡོག་གཉིས་བཀུག་པ་ཡི། །གདེང་དུ་གཏུགས་ལ་འདི་སྐད་བརྗོད། །རྡོ་རྗེ་རིག་པ་འཛིན་པ་ཡི། །དམ་ཚིག་ཕྱག་རྒྱ་བཅིངས་པ་ལས། །གལ་ཏེ་གང་ཞིག་འདས་གྱུར་ན། །དམ་ཚིག་འདིས་ནི་ཁྱོད་གསོད་དོ། །ཨོཾ་བཛྲ་ཨ་ཀར་པྲི་ཏ་ས་མ་ཡ་ཧཱུཾ། འདི་རྣམས་སྤྱི་དགོས་རྣམ་གཉིས་སུ། །ཕྱེ་ནས་རིག་པ་དམ་པ་ལས། །སོགས་པ་གང་ཡིན་ཤེས་བྱའོ། །དེ་ནས་ཁ་ཆུ་བཏབ་ནས་ནི། །རིགས་


DNG012_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

ལྔའི་མཁའ་འགྲོ་མ་ལ་བསྟབ། །བྱང་ཆུབ་སེམས་ཀྱི་སྤྲིན་དག་ལས། །འབྱུང་བ་ཆུ་ཡི་ཆར་བབ་པས། །མཁའ་འགྲོ་པདྨའི་དཀྱིལ་འཁོར་དུ། །བདེ་བ་ཐུགས་ཀྱི་དཀྱིལ་འཁོར་སྤྲོ། །མ་མོ་སྤྲིན་ཚོགས་མ་ལུས་ལ། །དགྱེས་མཉམ་མཆོག་གི་སྦྱིན་པས་བསྡིམ། །ཨོཾ་གུ་རུ་ཀྲོ་དྷ་ཧ་ཀ །རཏྣ་ཀྲོ་དྷ་ཀ །ས་མ་ཡ་བྲང་ཤ་ཁ་ལ་ལི་ཤག་ཤ་པུ་ཀ་པུ་ཏཀྵ་ཏྲེ་པྲ་ཏི་སྟམྦྷ་ཀ་ཡ་ཧཱུཾ་ཕཊ། དེ་ནས་གཏོར་སྣོད་བནྡྷ་ཡི། །ཕྱག་རྒྱ་བཅས་པས་ཕྱོགས་བཞི་ནས། །བཏེག་སྟེ་འདི་སྐད་བརྗོད་པར་བྱ། །སྐུ་གསུང་ཐུགས་ཀྱི་རང་བཞིན་རྒྱལ་བ་རྒྱ་མཚོ་རྣམས། །ཨེ་ཧྱེ་ཧི་ཨི་ཧྱེ་ཧི་ཚུལ་གཤེགས་ཚུར་སྤྱོན་འཁོར་དང་བཅས། །ཛཿཧཱུཾ་བཾ་ཧོཿས་སྤྱན་འདྲེན་མ་ལུས་གཤེགས་སུ་གསོལ། །ཀ་ལ་ཀི་ལ་ཧ་ཧ་དགའ་བའི་བཞད་མོས་ཁོང་། །བདེར་དྲོངས་བདེར་དྲོངས་ཨ་ཀོ་སུ་ཀ་ཤུ་པ་རི། །ཏིཥྛ་ཤི་ཤི་སློབ་མ་ཚུལ་ཅིག་སྣང་བར་མཛོད། །རོལ་ཅིག་དགོངས་ཤིག་འདོད་པ་ཏཥྚ་ཁཱ་ཧི་ཁཱ་ཧི། །བྷྱོ་སྦྱིན་ནོ་བསྐུལ་ལོ་ད་ར་ཧ་ར་ཧ་ར་ཧ། །ངོ་མཚར་མཆོག་ཏུ་བསྟབ་ཕོ་ཁ་ཁ་ལ། །བྲལ་བ་ལ་སོགས་དམར་ཆེན་སྙིང་པོ་ལྔ། །མཱཾ་ས་ལ་སོགས་རོ་མཆོག་དཔའ་བོས་གསོལ། །མ་ཙ་མེ་ཙ་རཀྟ་རུ་ཏ་རི། །ཉེ་བའི་བསྒྲུབ་པ་མ་ལུས་བསྒྲུབ་འཚལ་གྱི། །དྲི་མེད་གཟི་ལྡན་མཆོག་གི་མཆོད་པར་སྦྱར་བ་འདི། །ཡེ་ཤེས་རྒྱ་མཚོ་རྣམས་ཀྱིས་བཞེས་སུ་གསོལ། །ཨརྒྷཾ་སྦྲེང་ཞིང་དབང་ཕྱུག་མའི། །སྲོག་སྙིང་གཟུངས་སྔགས་རྣམས་བརྗོད་དོ། །དེ་ནས་རྡོ་རྗེ་དྲིལ་བུ་དང་། །ཁ་ཊྭཱཾ་ག་གསོར་འདི་སྐད་བརྗོད། །ཁ་ཊྭཱཾ་ག་ཁ་ཊྭཱཾ་ག །ཁ་ཊྭཱཾ་ག་ལ་རྒྱབ་བརྟེན་བཅས། །ནམ་མཁའི་ཕྱག་རྒྱ་རྣལ་འབྱོར་པས། །ནམ་མཁའ་ཀུན་ཏུ་འགྲོ་བ་གྲུབ། །དངོས་གྲུབ་ཐམས་ཅད་མཁས་འབྱིན་པས། །མཁའ་ལ་སྒྱུ་མ་ཀུན་བླངས་ཏེ། །ལུས་པ་མེད་པར་དེར་ཟོ་ཞིག །རྒྱས་བཏབ་རྨོངས་བྱས་བསླང་ནས་ནི། །གར་དག་བྱེད་ཅིང་རབ་ཏུ་ཟ། །གནྡྷ་ར་ཧོ། གནྡྷ་ར་ཡི་སྒྲ་ཡིས་སྒྲོལ་བར་མཛོད། །ལ་ལར་མཁས་པའི་གཟུགས་ཅན་འཛིན། །ལ་ལར་དུས་མཐའི་མེ་ལྟར་འབར། །ལ་ལར་གཤིན་རྗེ་བཞིན་དུ་རྔམས། །ལ་ལར་ཚངས་པ་བཞིན་དུ་ཞི། །


DNG012_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་ཁམས་ནི་སྟོང་དག་ནི། །མཁའ་འགྲོ་འབར་བའི་ཚོགས་ཆེན་གྱིས། །མ་ལུས་ལུས་པ་མེད་པར་སྒྲོལ། །རབ་ཏུ་དགྱེས་པའི་བདེ་མཆོག་འབར་བའི་གཙོ། །རིན་ཆེན་ཚོགས་ཀུན་འདུས་པ་འདི་ལ་གཟིགས། །སྔོན་མེད་ཁྲོ་རོལ་འདི་ལ་རོལ་མཛོད་ཅིག །དུར་ཁྲོད་ཆེན་པོའི་དངོས་གྲུབ་སྩལ་དུ་གསོལ། །འདུལ་བའི་དབང་དུ་གྲུབ་པའི་ཆ་ལུགས་མི་བཟད་མ། །རྣལ་འབྱོར་མཁའ་འགྲོ་གཟི་བརྗིད་འབར་བ་འདི། །བདེ་བའི་སྤྱོད་པའི་གནས་ནས་བསྐྱོད་མཛད་ཅིང་། །ཐུགས་རྗེ་པདྨའི་དབྱིངས་ནས་དགྱེས་པར་མཛོད། །ཨ་ལ་ལ་ཧོ། ཇི་ལྟར་པདྨ་འདམ་ལ་ཆགས་པ་མེད་པ་བཞིན། །སྡུག་པའི་འཆིང་བས་མི་ཟིན་རྣམ་གྲོལ་ལོ། །བདག་ཅག་དམ་ཚིག་འདི་ལ་འདུས་ཤིང་ཚོགས་པ་རྣམས། །མཉེས་མཛོད་ཉིད་དུ་བདེ་བས་བཞེས་སུ་གསོལ། །དེ་ནས་ཀུན་གྱིས་ཐོབ་པར་བྱ་བ་ནི། །རིགས་ལྔའི་ཚོམ་བུ་གཏོར་མ་སོ་སོར་འབུལ། །ཨོཾ་བུད་དྷ་ཌཱ་ཀི་ནཱི་པྲ་ཏཱིཙྪ་མཱན་བ་ལིཾ་ཧཱུཾ་ཕཊ། ཨོཾ་རཏྣ་ཌཱ་ཀི་ནཱི་པྲ་ཏཱིཙྪ་མཱན་བ་ལིཾ་ཏྲཱཾ་ཕཊ། ཨོཾ་པདྨ་ཌཱ་ཀི་ནཱི་པྲ་ཏཱིཙྪ་མཱན་བ་ལིཾ་ཧྲཱྀཿཕཊ། ཨོཾ་ཀརྨ་ཌཱ་ཀི་ནཱི་པྲ་ཏཱིཙྪ་མཱན་བ་ལིཾ་ཧཱ་ཕཊ། དེ་ནས་རྡོ་རྗེའི་མོ་གདབ་ཅིང་། །དམ་ཚིག་བསྲེ་བར་བྱ་བ་ནི། །ཀཽ་རཱིའི་བནྡྷ་འཕྲུལ་ཞལ་གྱི། །ཕྱག་རྒྱས་གཏོར་མ་ལ་གཏུགས་ལ། །ཨོཾ་མ་ཧཱ་ཀྲོ་དྷཱི་ཤྭ་རི་ཧཱུཾ་ཕཊ། བརྗོད་པས་ཉི་མའི་དཀྱིལ་འཁོར་གྱི། །སྟེང་དུ་ཡི་གེ་ཧཱིཿབསྒོམས་ལ། །རིག་འཛིན་དངོས་གྲུབ་ལག་པ་ཡི། །ཕྱག་རྒྱ་དག་གིས་བླང་བྱ་ཞིང་། །ཨོཾ་ཨཱཿཧཱུཾ་ཨུཙྪིཥྚ་བཛྲ་ཨ་མྲྀ་ཏ་ཏིཥྛ་སྭ་མཾ་ཧཱུཾ་ཧྲཱྀཿཕཊ། སྔགས་དེ་བརྗོད་པས་དམ་བླང་ཞིང་། །འགྲུབ་མི་འགྲུབ་དང་རྣམ་བཞིའི་ལས། །གང་བྱ་རྡོ་རྗེའི་མོ་གདབ་པ། །རྫོགས་པ་ཆེན་པོའི་ལྟ་བས་གཟུང་། །འགྲུབ་དང་མི་འགྲུབ་སྲ་སྙི་ལ། །མདར་དང་མི་མདར་སྐྱུར་སྐྱུར་པོ། །ཚ་དང་ཁ་ལ་སོགས་པའི་རོ། །ཞི་རྒྱས་དབང་དང་མངོན་སྤྱོད་ཀྱི། །རིམ་པ་ཉིད་དུ་ཤེས་པར་བྱ། །


DNG012_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཕྱུག་མ་དང་བདག་ཅག་གཉིས། །ཐུགས་དམ་གཅིག་ཏུ་བྱ་བའོ། །མཁའ་འགྲོ་མ་དང་བདག་ཅག་ཡང་། །ཐུགས་དམ་གཅིག་ཏུ་བྱ་བའོ། །དེ་ནས་མནན་པའི་ཆོ་ག་བྱ། །དྲག་པོས་མ་ལུས་འདུལ་བྱ་ཞིང་། །མནན་པའི་དུས་ལ་བབ་པ་རྣམས། །དབང་ཕྱུག་མ་ལ་ལས་བཅོལ་ཏེ། །བཀུག་ལ་ས་ཡི་འཕར་སྒོ་དབྱེ། །གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ལ། །གཏད་ཅིང་ས་ཡི་འཕར་སྒོ་བཅད། །དེ་ནས་གཏོར་མ་ཕྱོགས་བཅུར་གཏོར། །གཏོར་གཞོང་རྣམས་ནི་ཁ་སྦུབ་སྟེ། །གཞོང་པ་ཡུམ་དུ་བསྒོམ་པ་ཡི། །སྟེང་དུ་སྟངས་སྟབས་འགྲེང་བྱ་ལ། །ལས་རྣམས་སྔོན་དུ་གྲུབ་པར་བྱ། །དངོས་གྲུབ་རྣམས་ནི་དབང་དུ་བྱ། །དབང་ནི་བརྟན་པར་བྱ་བའོ། །དེ་ནས་སླར་ཡང་ནང་དུ་འཇུག །སྨོན་ལམ་མཆོད་པས་ཐིམ་པ་ཡི། །དཀྱིལ་འཁོར་འདིར་ཡང་སྨོན་ལམ་ཡང་། །གདབ་ཅིང་དུག་གསུམ་མཆོད་པར་བྱ། །འདི་ཡི་དུས་ན་དུར་ཁྲོད་གནས་ཉུལ་མས། །ཕྱོགས་ནོར་མཆོད་རྫས་ཉུལ་བས་ན། །ལྷག་མའི་མཆོད་པས་ཚིམས་པར་བྱ། །གཏོར་མ་ཡོངས་ལ་ཁྱབ་པའོ། །ལེགས་པར་བྱེད་པར་གྱུར་པའི་རྣལ་འབྱོར་ལ། །ཉུལ་བྱེད་བར་ཆོད་ལས་གྲོལ་དངོས་གྲུབ་སྟེར། །ཞེས་གསུངས་སོ། །ཀརྨ་མཱ་ལེའི་རྒྱུད་ལས་འབར་བའི་དཀྱིལ་འཁོར་གྱི་ལེའུ་སྟེ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་ཞེ་སྡང་རྡོ་རྗེས་སྤྱིའི་ལས་བསྡུས་པ་འདི་གསུངས་སོ། །སྤྱི་ཡི་ལས་བསྡུས་རྣམ་པ་བཅུར་བཤད་བྱ། །བཤགས་སྦྱོང་དངོས་གྲུབ་གསོལ་དང་སྨོན་ལམ་གདབ། །རྒྱས་པའི་གཏེར་བགོ་ལས་ནི་དངོས་གྲུབ་དང་། །དངོས་གྲུབ་དབང་བྱ་དབང་ནི་བརྟན་པར་བྱ། །ལྷ་གཤེགས་བཀྲ་ཤིས་བརྗོད་དང་ཛ་གད་གསོལ། །དེ་ནས་བཤགས་པ་བྱ་བ་ཡང་། །ཚོགས་པ་ནང་དུ་འདུས་ནས་ནི། །དང་ལ་ལས་ཀྱི་ཀརྨས་བཤགས། །དེ་ནས་གིང་གིས་བཤགས་པ་བྱ། །དེ་ཉིད་བཤགས་པ་བྱ་བ་ནི། །ལས་ཀྱི་སྐོལ་དམིགས་འདིར་སྩལ་ལས། །རྔོ་མ་


DNG012_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

ཐོགས་པའི་མིང་ཕྱུང་བཤགས། །དེ་ནས་གྲོགས་པོ་ནང་བཤགས་བྱ། །གཡས་གཡོན་གྲལ་ཚལ་གཉིས་བྱས་ལ། །གླུ་དབྱངས་མགྲིན་མཐུན་འདི་སྐད་བླང་། །ཐམས་ཅད་མ་ལུས་མཆེད་ལྕམ་དྲལ། །བདེ་གཤེགས་སློབ་མར་ལུང་མནོས་ལ། །མཐུན་པར་སྤྱོད་པའི་དམ་ཚིག་པས། །མཉམ་དང་མི་མཉམ་དོན་གཅིག་ལ། །ལེགས་འོང་རྣམ་པར་དབྱེར་མེད་ཀྱང་། །རྣམ་པར་དག་པའི་སྒོ་ཙམ་དུ། །གཞུང་ལས་ཉམས་པ་ཅི་མཆིས་པ། །རྣམ་པར་དག་པའི་བསམ་པས་མཐོལ། །དོན་གྱིས་མི་གནས་ཚིག་གིས་བཤགས། །འཛིན་པ་མེད་པས་བཟོད་པར་གསོལ། །རང་བཞིན་དག་པས་ཚངས་པར་སྩོལ། །གཅིག་གིས་གཅིག་ཞབས་སྤྱི་བོར་བླང་། །ངག་གི་སྲི་ཞུས་བཟོད་པར་གསོལ། །ཚངས་པར་གྱུར་ཅིག་ཅེས་ཀྱང་བརྗོད། །དེ་ནས་ཀུན་གྲལ་བསྲེས་ནས་སློབ་དཔོན་ལ། །བཟོད་པར་གསོལ་ལ་འདི་སྐད་གསོལ། །རྡོ་རྗེ་སློབ་དཔོན་དཔལ་དང་ལྡན། །འཕགས་པའི་སྐུ་དང་ཐ་མི་དད། །བདེ་གཤེགས་རྣམས་ཀྱི་གསུང་རབ་ལུང་། །རྣ་བར་བརྒྱུད་པའི་མན་ངག་མངའ། །སྐུ་གསུང་ཐུགས་དང་རྡོ་རྗེར་གྱུར། །ཞལ་ནས་གསུངས་པ་རྒྱལ་བའི་བཀའ། །གཉིས་མེད་དག་གི་ལྷ་དང་མཉམ། །འཇིག་རྟེན་རྗེ་དང་ཕ་མའི་ཚུལ། །ལུས་ངག་ཡིད་ཐུགས་གནས་རབ་ཚུལ། །བསྙེན་བཀུར་གཞུང་བཞིན་རྔོ་མ་ཐོགས། །ངན་སེམས་དཔྱ་སེམས་དག་ལ་སོགས། །སྡོམ་པའི་དམ་ཚིག་ཅི་ཉམས་པ། །ཐམས་ཅད་མ་ལུས་མཐོལ་ཞིང་བཤགས། །ལུས་ངག་སྒྲིབ་པར་མི་འགྱུར་ཞིང་། །ཚངས་པ་འཕྲལ་དུ་སྩལ་དུ་གསོལ། །ངག་གི་སྲི་ཞུས་བཟོད་པར་གསོལ། །ལུས་ངག་ཞབས་ནི་སྤྱི་བོར་བླང་། །སློབ་དཔོན་གྱིས་ནི་ལན་སྩལ་པ། །གནོངས་པར་དྲན་ནམ་འགྱོད་སྐྱེས་ན། །སླན་ཆད་སྡོམ་ལ་ཚངས་པར་སྩལ། །དེ་ནས་དངོས་གྲུབ་གསོལ་བ་ནི། །རྡོ་རྗེ་དྲིལ་བུ་གསོར་ཞིང་བརྗོད། །ཕྱག་རྒྱ་


DNG012_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་ལྔ་དངོས་གྲུབ་ཏུ། །རྡོ་རྗེ་སློབ་དཔོན་བརྗོད་གསོལ་བྱ། །དེ་ཡང་འདི་སྐད་གསུངས་ཏེ་བརྗོད། །སྐལ་ལྡན་མིའི་ཚོགས་དཀྱིལ་འཁོར་དུ། །དགའ་ལྡན་ཏིང་འཛིན་གསལ་བསྒོམས་པས། །གླུ་ཚིག་སྒྲ་ཡི་ཕྱག་རྒྱ་ཡིས། །ཆོས་ཀྱི་དངོས་གྲུབ་ཐོབ་གྱུར་ཅིག །བྲོ་གར་ཕྱག་རྒྱ་འདུ་འཕྲོ་ནི། །འཛུལ་ལམ་ནམ་མཁར་འགྲོ་བར་འགྱུར། །རྒྱན་དང་བགོ་བའི་ཕྱག་རྒྱ་ནི། །འབར་བའི་རྒྱལ་པོ་ཐུབ་མེད་འགྱུར། །བཟའ་དང་བཏུང་བའི་ཕྱག་རྒྱ་ནི། །ཡིད་བཞིན་སྐུ་དང་བདུད་རྩིར་འགྲུབ། །ཨཱ་ལི་ཀཱ་ལིའི་ཕྱག་རྒྱས་ནི། །ཐམས་ཅད་ཐམས་ཅད་འགྲུབ་པར་འགྱུར། །ཞེས་བརྗོད་དེ་ནས་སྨོན་ལམ་ཡང་། །དེ་དང་མཐུན་པར་གདབ་པ་སྟེ། །སྨོན་ལམ་འཇུག་ལ་བརྗོད་པ་ནི། །ཚོགས་ཀྱི་དཀྱིལ་འཁོར་དུས་སུ་ནི། །ཕྱག་རྒྱ་རྣམ་པ་ལྔ་བསྒོམས་པས། །དངོས་གྲུབ་ཐོབ་པར་གྱུར་ཅིག་བརྗོད། །དེ་ནས་སྨོན་ལམ་བཏབ་པ་ནི། །རྡོ་རྗེ་སློབ་དཔོན་མཆེད་ལྕམ་དྲལ། །ལག་པ་ལུ་གུ་རྒྱུད་སྦྲེལ་ནས། །གླུ་དབྱངས་མགྲིན་གཅིག་འདི་སྐད་བླང་། །རྡོ་རྗེ་སློབ་དཔོན་ལྕམ་དྲལ་མཆེད། །མཐུན་པར་སྤྱོད་པའི་རྣལ་འབྱོར་པ། །དམ་ལས་མི་འདའི་གྲོགས་མཆེད་རྣམས། །རྡོ་རྗེ་འབར་བའི་ལུ་གུ་རྒྱུད། །ཅིས་ཀྱང་མི་ཕྱེད་འདྲེལ་བས་ན། །རྣལ་འབྱོར་དག་གི་ཕྱག་རྒྱ་འདྲེལ། །འཇིག་རྟེན་འདི་དང་ཕ་རོལ་དུ། །ཐུགས་དམ་གཞུང་བཞིན་མི་འབྲལ་ཞིང་། །དཀྱིལ་འཁོར་གཅིག་ཏུ་བླ་མེད་བསྒྲུབ། །འཕགས་པའི་གོ་འཕང་འཐོབ་པ་དང་། །ཆོས་ཀྱི་ཆོས་ཉིད་དབྱིངས་ཉིད་དུ། །ལྷན་ནེ་ལྷང་ངེར་འགྲུབ་པར་སྨོན། །ཞེས་བརྗོད་ཚེ་ནི་ཕ་རོལ་ཏུ། །སློབ་དཔོན་ཞབས་དྲུང་མི་འབྲལ་བ། །རྡོ་རྗེའི་སྨོན་ལམ་དེ་གདབ་པོ། །དེ་ནས་རྒྱས་པའི་གཏེར་བགོ་བ། །བདུད་རྩི་ལྔའམ་ཟས་ལྔ་ལ། །རྡོ་རྗེ་རི་རབ་གཟུགས་བྱས་ལ། །རྣལ་འབྱོར་ལུ་གུ་རྒྱུད་ཚོགས་ནས། །རྒྱས་པའི་ཕུར་བུ་ཐོགས་ལ་དྲིལ། །གཅིག་ཀྱང་སྟོབ་ཚུལ་བྱེད་དུ་གཞུག །དེ་ནས་སློབ་དཔོན་འདི་སྐད་གསུང་། །མ་ཡི་ཚོགས་ཀྱི་


DNG012_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་མཆོག །ལུ་གུ་རྒྱུད་དུ་སྦྲེལ་བསྡམས་བསྐྱོད། །གཟི་བརྗིད་འབར་བའི་འཕྲུལ་ཆེན་འཕྲོ། །སངས་རྒྱས་ཞིང་ཁམས་མ་ལུས་པར། །མཆོད་ཡོན་ཡིད་བཞིན་དཔལ་ཕྲེང་གིས། །ཕྱོགས་བཅུ་གང་བར་རྒྱས་འབུལ་ན། །ཡོན་ཏན་ནམ་མཁའ་གང་བ་རྣམས། །ཐུགས་རྗེའི་ལྕགས་ཀྱུས་དབྱིངས་སུ་བསྡུ། །ཞེས་པས་ལྕགས་ཀྱུའི་ཕྱག་རྒྱ་བཅས། །ཐམས་ཅད་པུཥྚིཾ་ཀུ་རུས་དྲང་། །དེ་ནས་ཕུར་ཐོགས་དེས་འདི་གསུངས། །བདུད་རྩི་ལྔའམ་ཟས་ལྔ་ལ། །བརྒྱ་ཡི་ཡོན་ཏན་གཏེར་དུ་བརྟག །ང་རྒྱལ་དགའ་འཕྲོའི་ཕུར་པས་གདབ། །རྡོ་རྗེ་གཟི་བརྗིད་འཕེལ་བར་འགྱུར། །པུཥྚིཾ་ཀུ་རུ་ཞེས་བཟླས་ནས། །དེ་ལ་ཕུར་པས་གདབ་བྱའོ། །དེ་ནས་གཏོར་བགོད་བརྗོད་ཅིང་གདབ། །མ་ཡི་ཚོགས་ཀྱི་དཀྱིལ་འཁོར་མཆོག །འབར་བ་འདུ་འཕྲོ་གཟི་ཆེན་ལ། །དགའ་བའི་ཡིད་ཀྱི་མཆོད་སྦྱིན་བྱ། །ཡོན་ཏན་ནམ་མཁའི་མཐའ་དང་མཉམ། །དེ་ནས་གཞན་བྱིན་འདི་སྐད་གསུང་། །མ་ཡི་ཚོགས་ཀྱི་དཀྱིལ་འཁོར་མཆོག །ལུ་གུ་རྒྱུད་དུ་སྦྲེལ་བསྡམས་བསྐྱོད། །གཟི་བརྗིད་འབར་བའི་འཕྲུལ་ཆེན་སྤྲོ། །ཡོན་ཏན་ནམ་མཁའ་གང་བར་འགྱུར། །ང་རྒྱལ་རྡོ་རྗེ་འཁོར་བཅས་པས། །འཇིག་རྟེན་ཁམས་ནི་རབ་འབྱམས་ཀུན། །སྐད་ཅིག་ཡུད་ལ་རྒྱས་མཛད་དེ། །རྒྱས་པར་མ་གྱུར་གང་ཡང་མེད། །ཅེས་པས་བྲོ་བརྡུང་རྒྱས་པར་བསམ། །ལས་ནི་གཞན་མ་གསུམ་པོ་ཡང་། །མི་བྱར་མི་རུང་བྱེད་ན་ཡང་། །རྩིས་འགོ་འདི་ལྟར་ཤེས་བྱའོ། །དེ་ནས་དངོས་གྲུབ་བྱ་བ་ནི། །ཀུན་ལངས་ཧཱུཾ་གི་ཕྱག་རྒྱ་བཅའ། །བཛྲ་ཊཱ་ཀིའི་སྔགས་བརྗོད་ནས། །མཆོག་ཐུན་དངོས་གྲུབ་སྩོལ་བར་བསམ། །དེ་ནས་དངོས་གྲུབ་


DNG012_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དུ་བྱ་བ་ཡང་། །པདྨ་ཧེ་རུ་ཀ་ཡི་སྐུས། །གྲུབ་ཆེན་བརྒྱད་དང་སྐུ་གསུང་ཐུགས། །མི་ཟད་རྒྱན་གྱི་འཁོར་ལོ་བསམ། །དེ་ནས་དབང་བསྟན་པར་བྱ་བ་ནི། གཽ་རཱིའི་བནྡྷའི་འཕྲུལ་ཆེན་གྱི། །ཕྱག་རྒྱ་བཅས་ཏེ་སྔགས་འདི་བརྗོད། །མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཧཱུཾ་ཞེས་པ། །དབང་རྣམས་བརྟན་པར་གྱུར་ཅིག་ཅེས། །ལན་གསུམ་དེ་སྐད་བརྗོད་པར་བྱ། །དེ་ནས་ལྷ་རྣམས་གཤེགས་སུ་གསོལ། །དཀྱིལ་འཁོར་ལྷ་རྣམས་ལུས་ལ་བསྡུ། །དེ་ཉིད་རིག་པའི་མཆོད་པ་ཡིན། །བདག་གི་རིག་པའི་ཡེ་ཤེས་ཀྱི། །ཁྱད་པར་དག་ལས་བྱུང་བ་ནི། །གསང་སྔགས་ནང་པའི་ལུགས་ཡིན་ཏེ། །བདག་ཉིད་ཆེན་པོ་ཞེས་བྱ་སྟེ། །ལྷ་རྣམས་རང་གི་ལུས་ལ་བསྡུ། །ལས་གྲུབ་ཐུགས་དམ་གཤེགས་པ་དང་། །སླར་གཤེགས་ཆོ་ག་འདི་སྐད་གསུངས། །ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་བྱས། །བདེ་བར་གཤེགས་སོ་བཅོམ་ལྡན་འདས། །ཐུགས་རྗེ་ཆེན་པོ་འདྲེལ་བས་ན། །སླར་གཤེགས་པར་ཡང་སྙན་ཆ་གསོལ། །བཛྲ་མུཿཡིས་ཡེ་ཤེས་གཤེགས། །དེ་ནས་བཀྲ་ཤིས་བརྗོད་པར་བྱ། །བཀྲ་ཤིས་ཕྱོགས་ཕྱོགས་མི་རེ་ལངས། །གླུ་དབྱངས་ཧ་ཀར་བླང་བྱས་ལ། །ཤར་ཕྱོགས་དཔལ་བེའུ་མགོ་བཙུགས་ལ། །བྱང་གི་ཉར་བཀར་འདི་སྐད་གསུངས། །འཇམ་དཔལ་གདུང་འཚོབ་དཔལ་བེའུ། །ཐུགས་ཀྱི་གསང་བ་མཛད་དུ་གསོལ། །སྐུ་མདོག་ཉི་ལྟར་དག་པའི་ཚུལ། །ཕྱག་སོར་ཞབས་སོར་ཉ་ལ་གསོལ། །དབྱངས་ཟབ་ཆོས་ཀྱི་དུང་ཆེན་སྒྲོགས། །ཚེམས་དང་རུས་པའི་སྦུབས་སུ་གསོལ། །ཤེས་མཆོག་བདུད་རྩི་བུམ་པའི་ངང་། །དབུ་སྐྲ་མགུར་དང་ཕྱག་ལ་གསོལ། །རྣམ་ཤེས་མ་ཆགས་པད་མོའི་དབྱིངས། །ཞལ་གྱི་དཀྱིལ་འཁོར་སྒྲོས་སུ་གསོལ། །


DNG012_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའི་མཐར་ཐུག་ཐུགས་རྗེའི་སྐྱབས། །དབུ་ཡི་དཀྱིལ་འཁོར་གཙུག་ཏུ་གསོལ། །མཁྱེན་དཔངས་དཀར་པོ་རྒྱལ་མཚན་འབར། །མཉེན་ལྕུག་འཁྲིལ་ལྡེམ་སྐུ་ལ་གསོལ། །ཡིད་བཞིན་ཆོས་ཀྱི་འཁོར་ལོ་བསྐོར། །ཕྱག་མཐིལ་ཞབས་མཐིལ་གཉིས་སུ་གསོལ། །རྫོགས་ནས་བཀྲ་ཤིས་ལུས་བཀོད་དེ། །ལན་བཞི་བསྐོར་ནས་སྔར་སར་བཀོད། །སོ་སོར་བཀྲ་ཤིས་དབུལ་བར་བྱ། །རྟོགས་པའི་ཡེ་ཤེས་དབྱིངས་ཀྱི་བཀྲ་ཤིས་འབར། །ཐུགས་རྗེའི་ཕྲིན་ལས་འཁོར་བར་བཀྲ་ཤིས་འབར། །མཐའ་གཉིས་མི་གནས་དབུ་མའི་བཀྲ་ཤིས་འབར། །དཔལ་བེའུ་གསུམ་འབར་བཀྲ་ཤིས་སློབ་དཔོན་བཞེས། །ཨོཾ་བི་མ་ལི་བི་མ་ལི་ཀ་ར་མ་མ་བཛྲ་ཤ་ན། ཡན་མངྒ་ལ་ཨཱ་བེ་ཤ་ཡ་སྭཱ་ཧཱ། དཔའ་བརྗིད་མཉེན་ལྕུག་རྒྱན་གྱི་བཀྲ་ཤིས་འབར། །འཁོར་བའི་གཏིང་འཕྱོ་ཐུགས་རྗེའི་བཀྲ་ཤིས་འབར། །གངས་ཆེན་མཁར་བའི་རང་བཞིན་བཀྲ་ཤིས་འབར། །ཉ་ཡི་གསུམ་འབར་བཀྲ་ཤིས་སློབ་དཔོན་བཞེས། །ཨོཾ་སུ་བ་གི་རི་བྲ་བ་ཀྲི་རཱ་ཛ་ཡ། ཡན་མངྒ་ལ་ཨཱ་བེ་ཤ་ཡ་སྭཱ་ཧཱ། བསྟན་པའི་ཆོས་སྒྲོགས་གསུང་གི་བཀྲ་ཤིས་འབར། །འཁོར་བར་མི་བསྙེམས་རྒྱལ་ཐབས་བཀྲ་ཤིས་འབར། །རང་བཞིན་རྣམ་དག་དགེ་བའི་བཀྲ་ཤིས་འབར། །དུང་གི་གསུམ་འབར་བཀྲ་ཤིས་སློབ་དཔོན་བཞེས། །ཨོཾ་མ་ནི་བ་ཏི་ཛ་ཡ། ཡན་མངྒ་ལ་ཨཱ་བེ་ཤ་ཡ་སྭཱ་ཧཱ། ས་བཅུར་མངའ་གསོལ་དབང་གི་བཀྲ་ཤིས་འབར། །བདུད་རྩི་བྲོ་མཆོག་ནད་སེལ་བཀྲ་ཤིས་འབར། །གཤེར་བྱེད་བག་ཆགས་སྦྱོང་བའི་བཀྲ་ཤིས་འབར། །བུམ་པའི་གསུམ་འབར་བཀྲ་ཤིས་སློབ་དཔོན་བཞེས། །ཨོཾ་མ་ཡ་མ་ཡ། ར་ཙ་ར་ཙ་ཀ་ཤ་ཀ་ཤ་ཡེ། མ་མ་པ་པ་ཀ་ཙ་ཡ། ཡན་མངྒ་ལ་ཨཱ་བེ་ཤ་ཡ་སྭཱ་ཧཱ། འདམ་སྐྱེས་


DNG012_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

པད་ལྟར་ཐུགས་རྗེའི་བཀྲ་ཤིས་འབར། །ཆགས་པའི་སྐྱོན་བྲལ་ཐབས་མཁས་བཀྲ་ཤིས་འབར། །རང་བཞིན་རྣམ་དག་གར་སྐྱེས་བཀྲ་ཤིས་འབར། །པདྨའི་གསུམ་འབར་བཀྲ་ཤིས་སློབ་དཔོན་བཞེས། །ཨོཾ་ད་ཀ་ད་ཀ་དུ་ན་དུ་ན་ཛྭ་ལ་ཛྭ་ལ། ཡན་མངྒ་ལ་ཨཱ་བེ་ཤ་ཡ་སྭཱ་ཧཱ། འཁོར་བར་མི་གདུངས་སྐྱབས་ཀྱི་བཀྲ་ཤིས་འབར། །སྡུག་བསྔལ་ཞི་བྱེད་སྐྱབས་ཀྱི་བཀྲ་ཤིས་འབར། །ཁྱབ་པ་སྦྱིན་མཛད་ཡོན་ཏན་བཀྲ་ཤིས་འབར། །གདུགས་ཀྱི་གསུམ་འབར་བཀྲ་ཤིས་སློབ་དཔོན་བཞེས། །ཨོཾ་ཛ་ཡ་ཛ་ཡ། སརྦ་ཤ་ཏྲུཾ་སྟྭམ་བྷ་ནི་ཨ་མོ་གྷ་ཨ་པ་ར་ཛི་ཏ་ཛ་ཡ། ཡན་མངྒ་ལ་ཨཱ་བེ་ཤ་ཡ་སྭཱ་ཧཱ། ཆོས་ཀྱི་རྒྱལ་མཚན་མི་ནུབ་བཀྲ་ཤིས་འབར། །སྦྱིན་པའི་ཆར་ཆེན་རྟགས་ཀྱི་བཀྲ་ཤིས་འབར། །བདུད་སྡེ་ཕམ་མཛད་རྒྱལ་བའི་བཀྲ་ཤིས་འབར། །རྒྱལ་མཚན་གསུམ་འབར་བཀྲ་ཤིས་སློབ་དཔོན་བཞེས། །ཨོཾ་ད་ཛི་ནི་ད་ཛི་ནི་ཛ་ཡ་ཛ་ཡ། ཡན་མངྒ་ལ་ཨཱ་བེ་ཤ་ཡ་སྭཱ་ཧཱ། འཁོར་བའི་རྒྱུན་གཅོད་ཕྲིན་ལས་བཀྲ་ཤིས་འབར། །དཀྱིལ་འཁོར་བཀོད་པས་བཞུགས་གནས་བཀྲ་ཤིས་འབར། །མི་འགྱུར་འཁོར་ལོའི་ཆོས་སྐུའི་བཀྲ་ཤིས་འབར། །འཁོར་ལོའི་གསུམ་འབར་བཀྲ་ཤིས་སློབ་དཔོན་བཞེས། །ཨོཾ་ཛི་ལི་ཛི་ལི། མི་ལི་མི་ལི།བ་ཏྲེ་བ་ཏྲེ། ཛ་ཡ་མངྒ་ལ་ཨཱ་བེ་ཤ་ཡ་སྭཱ་ཧཱ། གླུ་དབྱངས་སོ་སོ་ནས་བརྗོད་ཅིང་། །སློབ་དཔོན་ལ་ནི་བཀྲ་ཤིས་དབུལ། །དེ་ཡང་ལུས་ལ་བཀོད་པར་བྱའོ། །དེ་ནས་སློབ་མས་སློབ་དཔོན་ལ། །བཀྲ་ཤིས་ཕམ་ཕབ་དཀར་ཤས་ཙམ། །ཞུ་ཞིང་གསོལ་བ་འདི་སྐད་གསུངས། །སློབ་དཔོན་སྐུ་མཆོག་ཡོན་ཏན་བཀྲ་ཤིས་འབར། །རི་རབ་གསེར་གྱི་ངོས་ལ་བྱ་གནས་པས། །བྱ་ཡི་དངོས་པོ་བོར་ནས་གསེར་དུ་སྣང་། །བདག་ཅག་


DNG012_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ཀྱང་བཀའ་དྲིན་དགེས་ཁེངས་ནས། །ཉེས་པའི་སྐྱོན་བྲལ་བཀྲ་ཤིས་མཐར་ཕྱིན་སྨོན། །བརྗོད་ནས་བླ་མར་ཕྱག་བྱས་ནས། །སློབ་དཔོན་གྱིས་ཀྱང་འདི་སྐད་གསུང་། །འདིར་འདུས་སྐལ་ལྡན་རྣལ་འབྱོར་རྣམས། །བཀྲ་ཤིས་སྐལ་ཤས་ཐོབ་གྱུར་ཤོག །ཅེས་པས་ཐམས་ཅད་བཀྲ་ཤིས་སོ། །དེ་ནས་ཛ་གད་ཟས་གསོལ་བ། །བཀྲ་ཤིས་ཟས་བརྒྱད་ཨ་མྲྀ་ཏ། །སྦྱར་ནས་ཐམས་ཅད་གསོལ་འཚལ་ལོ། །རྡོ་རྗེ་གིང་གིས་ཛ་གད་དང་། །སྨན་ལྔ་སྩལ་ནས་རབ་སྦྱར་ཏེ། །བཀྲ་ཤིས་བཏེག་ནས་འདི་སྐད་གསུང་། །སྔོན་ཚེ་ཤཱཀ་ཐུབ་མངོན་པར་སངས་རྒྱས་ཚེ། །ཞིང་པའི་བུ་མོ་བཀྲ་ཤིས་ལོ་ལེགས་མས། །རྡོ་རྗེའི་གདན་ལ་བཀྲ་ཤིས་སྐྱེམས་གསོལ་བས། །བདུད་སྡེ་ཕམ་མཛད་དགེ་བའི་ལོ་ཏོག་སྨིན། །དེ་བཞིན་སློབ་དཔོན་རྡོ་རྗེའི་གདན་ལ་བཞུགས། །དགེ་བའི་ལོ་ཏོག་བཅུད་ཀྱི་ཛ་གད་དཔའ་བོ་འདི། །བདུད་རྩི་ལྔར་ལྡན་རིགས་ལྔའི་བཀྲ་ཤིས་འབར། །ཧོ་ཞེས་ཕྱག་ཏུ་ཕུལ་བྱས་ནས། །སྟྭཾ་ཞེས་ཕྱག་ཏུ་བཞེས་པར་བྱ། །ས་མ་ཡ་ནི་ཧོ་ཞེས་གསོལ། །ས་མ་ཡ་སྟྭཾ་ཕྱག་ཏུ་བཞེས། །བཀྲ་ཤིས་ཕམ་ཕབ་དག་ཀྱང་ནི། །གང་གིས་སློབ་མ་རིམ་པར་སྩལ། །བཀྲ་ཤིས་ཟས་དང་ཛ་གད་ནི། །བདེ་བ་ཆེན་པོའི་ཟས་སུ་བཟའ། །ཟག་པ་མེད་པའི་སྐོམ་དུ་འཐུང་། །ཚོགས་གཉིས་རྫོགས་པར་སངས་རྒྱས་སོ། །རྩ་ལ་ཐིམ་པས་དཀྱིལ་འཁོར་འབར། །བདུད་རྩི་ཁམས་ཐིམ་སྐུ་རུ་གསལ། །ཡི་གེ་ཐིམ་པས་སྔགས་སུ་སྒྲོགས། །སྙིང་རླུང་ཐིམ་པས་བཅུད་དུ་འདྲེས། །འགྲོས་རྣམས་ཐིམ་པས་གཙུག་ཏོར་འཁྱིལ། །རྩ་རྣམས་འགྲོས་ཐིམ་དབུ་མའི་ནང་། །དབུ་


DNG012_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་གཙུག་ཏོར་གྲུབ་པ་དང་། །ཁམས་ཀྱི་བདུད་རྩིར་རིང་བསྲེལ་ནི། །གཡས་སུ་འཁྱིལ་བའི་དུང་དང་འདྲ། །སྔགས་ནི་ཧཱུཾ་གི་གཟུགས་སུ་གྲུབ། །རླུང་ནི་འཆི་བ་མེད་པའི་སྲོག །མི་འགྱུར་སྤྲོས་དང་བྲལ་བར་གནས། །ཀརྨ་མཱ་ལེའི་རྒྱུད་ལས། སྤྱིའི་ལས་ཐམས་ཅད་མ་ལུས་པར་བསྡུས་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་སོགས་པའི་འཁོར་མ་ལུས་པ་ཐམས་ཅད་འདུས་ནས། བདེ་བར་གཤེགས་པ་ཐམས་ཅད་ཀྱི་གཙོ་བོ།བཅོམ་ལྡན་འདས་ཞེ་སྡང་རྡོ་རྗེ་ལ་བསྟོད་པ། ཤ་དང་རུས་པ་ཁྲག་མེད་ཀྱང་། །ནམ་མཁའ་ལ་ནི་འཇའ་ཚོན་ལྟར། །ཁྱོད་ཀྱི་སྐུ་ནི་སྟོན་པར་མཛད། །ཁོང་སྟོང་མེད་ཁྱོད་སྐུ་ལ་བསྟོད། །རྒྱུད་མཆོག་ལས་ཀྱི་ཕྲེང་བ་འདིར། །དུས་ཀྱི་དཀྱིལ་འཁོར་རབ་གསུངས་པས། །ཕྱི་ན་གཟའ་དང་རྒྱུ་སྐར་དགེ། །ནང་དུ་ཁམས་དགུ་འདུ་ལུགས་རྟོགས། །གསང་བ་ཡུམ་གྱི་པདྨ་རྒྱས། །དེ་ཉིད་དབྱེར་མེད་ཆེན་པོར་གནས། །ཚོགས་ཀྱི་དཀྱིལ་འཁོར་ཆེན་པོ་ཡིས། །རྒྱུ་ནི་བསོད་ནམས་ཚོགས་རྫོགས་ནས། །འབྲས་བུ་ཡེ་ཤེས་ཚོགས་ཀྱང་རྫོགས། །ཚོགས་གཉིས་ལོངས་སྤྱོད་ཆེན་པོའི་སྐུ། །གསལ་བཀྲའི་དཀྱིལ་འཁོར་ཞི་བའི་ངང་། །ཕུང་ཁམས་སྐྱེ་མཆེད་ལྷུན་གྱིས་གྲུབ། །རྣོན་པོའི་དཀྱིལ་འཁོར་ཁྲོ་རྒྱལ་ཚོགས། །ཞིང་བཅུ་མངོན་པར་སངས་རྒྱས་བཀོད། །ཐིམ་པའི་དཀྱིལ་འཁོར་མཆོད་པ་ཡིས། །རང་བཞིན་ཡེ་ཤེས་ལྷ་རྣམས་མཉེས། །འབར་བའི་དཀྱིལ་འཁོར་མཁའ་འགྲོའི་ཚོགས། །བཀའ་དང་བསྟན་པ་གཉེན་པོ་བསྲུང་། །རྒྱུད་ཆེན་ལས་ཀྱི་


DNG012_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲེང་བ་འདི། །ཇི་ལྟར་གཟུང་ཞིང་གཏད་པར་བྱ། །དེ་ནས་ཞེ་སྡང་རྡོ་རྗེ་ཡིས། །འཁོར་གྱི་ས་བཅུ་བྱང་སེམས་ལ། །ལེགས་པར་ཡང་དག་རབ་གསུངས་པ། །རྒྱུད་དང་ལུང་དང་མན་ངག་རྣམས། །རྒྱུད་རྒྱལ་དྲེང་ཆགས་ཕུན་སུམ་ཚོགས། །ལུང་ཆེན་བཟུང་སྟེ་ངེས་པ་རྙེད། །མན་ངག་མི་བསླུ་ངེས་པའི་དོན། །ལུང་ཆེན་རྒྱ་ཆེན་བཤད་པའི་རྒྱུད། །ལས་ཀྱི་ཕྲེང་བ་གཟུང་བར་བྱ། །ལྷ་དང་རིག་འཛིན་མཁའ་འགྲོ་ལ། །གཏད་པས་སྐལ་ལྡན་མི་ལ་བརྒྱུད། །དེ་ནས་རིམ་པར་དར་བར་འགྱུར། །ཕྱི་རབས་སྐལ་ལྡན་དོན་བཤད་པས། །མ་འོངས་བློ་དང་འཚམས་པར་འགྱུར། །ཞེས་གསུངས་ནས་ཐམས་ཅད་ཆོས་ཀྱི་དབྱིངས་སུ་ཐིམ་མོ། །ཀརྨ་མཱ་ལེའི་རྒྱུད་ལས། རྗེས་སུ་ཡི་རང་བའི་ལེའུ་སྟེ་དགུ་པའོ།། །།ལུང་ཆེན་བཤད་པའི་རྒྱུད་ཀརྨ་མཱ་ལེ་རྫོགས་སོ།། །།རྒྱ་གར་གྱི་སློབ་དཔོན་དྷརྨྨ་ཤྲཱི་པྲ་བྷ་དང་། ཨ་ཙརྱ་བི་མ་ལ་ལ་སོགས་པའི་པཎྜི་ཏ་ལ་རཏྣ་ཨ་གྲས་བསྒྱུར་ཅིང་གཏན་ལ་ཕབ་པའོ།།