cover

རྙིང་མ་རྒྱུད་འབུམ་པོད་བཅོ་ལྔ་པ། བ༽

རྙིང་མ་རྒྱུད་འབུམ།

རྩོམ་མཁན།

Nitartha international

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

དཔལ་ཁྲག་འཐུང་འདུས་པ་རྩ་བའི་རྒྱུད་ཅེས་བྱ་བ།


DNG015_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཤྲི་ཧེ་རུ་ཀ་ས་མུ་དཱ་ཡ་མཱུ་ལ་ཏནྟྲ་ན་མ། བོད་སྐད་དུ། དཔལ་ཁྲག་འཐུང་འདུས་པ་རྩ་བའི་རྒྱུད་ཅེས་བྱ་བ། དཔལ་འཇིགས་བྱེད་ཆེན་པོ་ཁྲག་འཐུང་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་ཆེན་པོ། གསང་བ་ཆེན་པོའི་མཁའ་དབྱིངས་རྣམ་པར་དག་པའི་ཕོ་བྲང་ན། འཇིགས་བྱེད་ཆེན་པོའི་འཁོར་འདི་ལྟ་སྟེ། བུཌྜྷ་ཧེ་རུ་ཀ་དང་། རཏྣ་ཧེ་རུ་ཀ་དང་། པདྨ་ཧེ་རུ་ཀ་དང་། ཀརྨ་ཧེ་རུ་ཀ་དང་། བུཌྜྷ་ཀྲོ་དྷཱི་ཤྭ་རཱི་མ་དང་། རཏྣ་ཀྲོ་དྷཱི་ཤྭ་རཱི་མ་དང་། པདྨ་ཀྲོ་དྷཱི་ཤྭ་རཱི་མ་དང་། ཀརྨ་ཀྲོ་དྷཱི་ཤྭ་རཱི་མ་དང་། ཧཱུཾ་ཀ་ར་དང་།རྣམ་པར་རྒྱལ་བ་དང་། ནཱི་ལ་དཎྜ་དང་། ཡ་མཱནྟ་ཀ་དང་། ཨཱརྱ་ཨ་ཙ་ལ་དང་། ཧ་ཡ་གྷྲཱི་བ་དང་། ཨ་པ་ར་ཛི་ཏ་དང་། ཨ་མྲྀ་ཏ་ཀུན་དྷ་ལི་དང་། ཏྲཻ་ལོཀྱ་བི་ཛ་ཡ་དང་། མ་ཧཱ་བྷ་ལ་དང་། ཀོའུ་རཱི་མ་དང་། ཙོའུ་


DNG015_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

རཱི་མ་དང་། བྲ་མོ་ཧ་དང་། བེ་ཏ་ལཱི་དང་། པུཀྐ་སཱི་དང་། སྒསྨ་རཱི་དང་། སྨ་ཤ་ནཱི་དང་། ཙན་དྷ་ལཱི་དང་། སིངྷ་མུ་ཁ་དང་། བྱ་གྷྲྀ་མུ་ཁ་དང་། སྲི་ག་ལ་མུ་ཁ་དང་།ཤྭ་ན་མུ་ཁ་དང་། གྲྀ་ཌྷ་མུ་ཁ་དང་། ཀང་ཀ་མུ་ཁ་དང་། ཀཱ་ཀ་མུ་ཁ་དང་། ཨུ་ལཱུ་ག་མུ་ཁ་དང་། ཨཾ་ཀུ་ཤ་མ་དང་། པཱ་ཤ་མ་དང་། སྥོ་ཊ་མ་དང་། གྷཎྜ་མ་དང་། ལས་བྱེད་པའི་མ་མོ་བདུན་ཕྲག་བཞི་དང་། མཁའ་འགྲོའི་ཚོགས་བསམ་གྱིས་མི་ཁྱབ་པ་དང་། ཐབས་ཅིག་ཏུ་རོལ་པ་ཆེན་པོས་བཞུགས་སོ། །དེ་ནས་འདུས་པའི་འཁོར་དེ་དག་རྣམས་ཀྱིས། དཔལ་ཧེ་རུ་ཀ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་ཧེ་རུ་ཀ །དུས་གསུམ་སངས་རྒྱས་ཐམས་ཅད་ཀུན། །ཐུགས་རྗེ་ཞི་བའི་རང་བཞིན་ལ། །ཁྱོད་ཉིད་ཁྲོ་བ་ཅི་ཞིག་ལགས། །ཧེ་རུ་ཀ་ནི་ཇི་ལྟ་བུ། །ཐབས་དང་ཤེས་རབ་སྦྱར་བ་གང་། །མ་འོངས་དུས་ན་སྐྱེས་བུ་ཡི། །ཁྱོད་དང་བདག་ཅག་ལྷན་ཅིག་ཏུ། །ཉེ་བར་བྱེད་པའི་ཐབས་ཅི་ལགས། །ཐམས་ཅད་ཁྱོད་དང་གཅིག་པ་ཡིས། །འགྲོ་བའི་དོན་ཀུན་ཇི་ལྟར་བསྒྲུབ། །འདུལ་བར་བྱ་བའི་དོན་ཆེད་དུ། །བདག་ཅག་རྣམས་ལ་བསྟན་དུ་གསོལ། །ཞེས་ཞུས་སོ། །


DNG015_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་དཔལ་ཆེན་ཧེ་རུ་ཀས། །འདུས་པའི་འཁོར་ལ་འདི་སྐད་གསུངས། །ཤིན་ཏུ་ཁྲོ་ཞིང་གཏུམ་པ་ལ། །ཞི་བས་ཕན་པར་མི་འགྱུར་ཏེ། །ཁྲོ་བོ་དེ་བཞིན་གཤེགས་ཀུན་མཛད། །སངས་རྒྱས་ཐུགས་རྗེ་ཁྲོས་པས་ནི། །གདུག་པ་མ་ལུས་འདུལ་བར་བྱེད། །ཐམས་ཅད་དབང་དུ་གྱུར་ནས་ཀྱང་། །བསྒོ་བའི་བཀའ་ཉན་བྲན་བཞིན་གནས། །ཧེ་ནི་དགོངས་ཤིང་བཞད་པའི་གསུང་། །རུ་ནི་ཀུན་ལ་ཆགས་པའི་ཐུགས། །ཀ་ནི་མཉམ་ཉིད་ཡེ་ཤེས་སྐུ། །ཤྲཱི་ནི་སྙིང་རྗེ་བདག་གཞན་རྟོགས། །མ་སྐྱེས་དབྱིངས་ནི་ཤེས་རབ་སྟེ། །མ་འགགས་སྤྲུལ་པ་དེ་ཡི་ཐབས། །དུས་གསུམ་དངོས་པོ་ཐམས་ཅད་ཀུན། །མཉམ་ཉིད་གནས་པ་སྦྱོར་བ་ཡིན། །ཕུང་པོ་ལྔ་ཉིད་ཧེ་རུ་ཀ །ཀྲོ་དྷཱི་ཤྭ་རཱི་འབྱུང་བ་ལྔ། །མ་མོ་རྣམ་པར་ཤེས་པ་བརྒྱད། །དེ་ཡི་ཡུལ་བརྒྱད་ཕྲ་མེན་གྱུར། །འདུ་ཤེས་བཅུ་ཉིད་ཁྲོ་བོར་གྱུར། །འགྱུར་བ་བཞི་ནི་ཁྲོ་མོ་སྟེ། །སེམས་ལས་བྱུང་བ་མཁའ་འགྲོའི་ཚོགས། །ཐམས་ཅད་ང་ཡི་སྐུ་གསུང་ཐུགས། །ཡེ་ནས་གནས་ཤིང་ལྷུན་གྱིས་གྲུབ། །འདུས་མ་བྱས་ཤིང་གཡོ་བ་མེད། །མ་རིག་རྩ་བ་ཡན་ལག་བཅས། །སྒྲིབ་བྱེད་དེ་ཡི་གནས་མ་མཐོང་། །གལ་ཏེ་བདག་ཉིད་ཤེས་འདོད་ན། །ཡང་དག་གྲུབ་པ་གཅིག་པུ་ཉིད། །སངས་རྒྱས་བདེ་ཆེན་ཀུན་འདུས་པ། །རྣལ་འབྱོར་ཟབ་མོ་སྐུ་གསུམ་རྫོགས། །མཁའ་འགྲོ་སྒྱུ་མ་བདེ་མཆོག་བདེ། །འགྲོ་བ་སྣ་ཚོགས་ཐབས་ཀྱིས་འདུལ། །དོན་དམ་ངེས་པའི་ལུང་འདི་ཉོན། །ཞེས་གསུངས་སོ། །དཔལ་ཁྲག་འཐུང་འདུས་པ་རྩ་བའི་རྒྱུད་ལས། གླེང་གཞིའི་དོན་བསྡུས་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་འཁོར་གྱིས་ཡང་ཞུས་པ། །དཔལ་ཆེན་ཧེ་རུ་ཀ་ཡི་རྗེ། །མ་འོངས་སེམས་ཅན་སྐལ་མེད་ཅིང་། །གདུལ་བར་དཀའ་བ་གང་ཞིག་ལ། །ཇི་ལྟར་ངེས་པའི་དོན་བསྟན་ཡང་། །མྱུར་དུ་རྟོགས་པ་མ་ཡིན་པས། །བསྒྲུབ་པ་དང་ནི་ཆེན་པོ་དང་། །བསྙེན་པ་དང་ནི་ཉེ་བ་དང་། །ལས་ཀྱི་ཁྱད་པར་མ་ལུས་པ། །རིམ་པ་བཞིན་དུ་བསྟན་དུ་གསོལ། །ཞེས་ཞུས་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཕྱི་


DNG015_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

དུས་སྙིགས་མ་བྱུང་བའི་ཚེ། །བློ་དང་ལྡན་པའི་སྐྱེས་བུ་ཡིས། །དུར་ཁྲོད་དགོན་པའི་ཕྱོགས་དག་གམ། །ངེས་པར་བརྟགས་པའི་ས་གཞི་ལ། །རྡོ་རྗེ་དུར་ཁྲོད་བདག་པོའི་ལུས། །རབ་ཏུ་ཉམ་ཐག་བསྒྱེལ་བ་སྟེ། །ང་ཡི་སྔོན་གྱི་ཕྲིན་ལས་ཡིན། །མཁའ་དང་བརྟན་ཞིང་གསལ་བ་དང་། །གཡོ་ཞིང་སྲེག་པར་རབ་སྣང་བ། །དཀྱིལ་འཁོར་ལྔ་རུ་བྱིན་གྱིས་བརླབས། །ལུས་དང་ལུས་ཀྱི་ཕུང་པོ་ལ། །གདུག་པའི་ཁྲག་འཐུང་ཚོགས་རྣམས་བསྒོམ། །ཕུན་སུམ་ཚོགས་པའི་ས་བླངས་ལ། །ལག་གང་ས་ལ་སོགས་པ་ཡི། །རྒྱ་ཆེར་བསྐྱེད་ལ་བདུད་རྩིས་གདབ། །ཤ་རུས་ཁྲག་སོགས་མཚོན་པ་ཡི། །རིམ་པའི་བྱེ་བྲག་འདི་ལྟ་སྟེ། །མཐིང་ག་དཀར་སེར་དམར་དང་ལྗང་། །དབུས་དང་ཕྱོགས་བཞི་རབ་ཏུ་མཛེས། །གནས་པའི་ཕོ་བྲང་ལྔ་འམ་དགུ། །བཅུ་དྲུག་གམ་ནི་ལྔ་བཅུ་བརྒྱད། །དྲུག་ཅུ་རྩ་བརྒྱད་ལ་སོགས་པའི། །ཚོགས་པའི་ཚད་དང་མཉམ་པ་ལ། །དམིགས་པ་གསལ་བ་རབ་ཏུ་བསྒོམ། །བདག་དང་ཡེ་ཤེས་སེམས་དཔའ་གཉིས། །སོ་སོ་མ་ཡིན་ཐ་དད་མིན། །མཆོད་བསྟོད་མཉེས་པ་བཟླས་པ་དང་། །དགུག་དང་གཞུག་ཅིང་བསྡིམ་པ་དང་། །བཅིངས་དང་དབང་དུ་བྱ་བ་དང་། །དགྱེས་པ་བསྐྱེད་ཅིང་ལས་ལ་སྦྱར། །ཐུན་མོང་དང་ནི་མཐར་ཐུག་པའི། །རང་གི་དེ་ཉིད་ཡོངས་ཤེས་ཤིང་། །གཉིས་སུ་འཛིན་པ་མ་ལུས་དོར། །ཡོད་མེད་སྐྱེ་འགག་རྟག་ཆད་དང་། །འགྲོ་འོང་ལ་སོགས་སྤྲོས་པའི་མཐའ། །ཇི་སྙེད་པ་ནི་རང་གི་བློ། །དེ་དང་བྲལ་བའི་སྒྲུབ་པ་པོ། །ང་འམ་ང་དང་འདྲ་བ་ཡིས། །སངས་རྒྱས་རྣམས་དང་དེ་ཡི་སྲས། །ཀུན་ནས་རབ་ཏུ་བསྒྲུབ་པ་ཡིན། །བྱམས་པ་དང་ནི་སྙིང་རྗེ་ཡིས། །ཁམས་གསུམ་གནས་པ་མ་ལུས་པའི། །འགྲོ་བ་ཐམས་ཅད་བསྒྲལ་འདོད་ཕྱིར། །ང་ལ་བསྙེན་པ་སྒྲུབ་པ་ཆེ། །རྣལ་འབྱོར་ཡེ་ཤེས་རང་གི་ངག །ཡི་གེ་སྔགས་ཀྱི་འཕྲོ་འདུ་ཡིས། །སྨྲ་བསམ་བརྗོད་མེད་ཚིག་ལས་འདས། །འཛིན་མེད་བྲག་ཆ་ལྟ་བུས་བསྙེན། །སེམས་ཅན་རྣམས་ཀྱི་ཕྱི་དང་ནང་། །གསང་བ་ཡོངས་སུ་ཤེས་འདོད་པས། །དུལ་


DNG015_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སེམས་སུ་བཞག་ནས་ནི། །དམ་ཚིག་ཆེན་པོ་བདེ་བར་གནས། །བསྟེན་པར་གནང་བའི་དབང་ཐོབ་ནས། །བསྒོམ་དབྱངས་ཡི་གེ་འབྲུ་བརྒྱད་བསྟན། །ཨོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། དབང་མཆོག་ཐོབ་ནས་འཁོར་དང་བཅས། །སྟོན་པས་བསྟན་པའི་ལུང་བཞིན་དུ། །བསྒོམ་རྒྱུད་གསལ་བར་ཅི་ནུས་བྱ། །དེ་ཡི་ངང་ལ་ཉེ་བར་བསྙེན། །གང་ཞིག་བདག་གཞན་དོན་གྱི་ཕྱིར། །ཕུང་པོ་མཆོད་རྫས་བྱ་བ་དང་། །རྩི་བཅུད་བདུད་རྩིར་བསྒྲུབ་པ་དང་། །བསྟན་ལ་རབ་སྡང་བསྒྲལ་བ་དང་། །ལུས་བྲལ་ངང་དུ་དྲངས་པ་དང་། །ང་ཉིད་ཀུན་རྫོབ་གནས་པ་དང་། །ཆགས་ཅན་གཉེན་པོས་གདུལ་བའི་རིགས། །དེ་ཉིད་དབང་དུ་བྱ་བ་དང་། །བརྟག་དང་དབབ་པ་ལ་སོགས་ཀུན། །ང་ལ་ཉེ་བར་བྱས་པས་འགྲུབ། །ཅེས་གསུངས་སོ། །དཔལ་ཁྲག་འཐུང་འདུས་པ་རྩ་བའི་རྒྱུད་ལས། ཧེ་རུ་ཀའི་ལས་ཡང་དག་པར་བསྡུས་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་འཁོར་གྱིས་ཡང་ཞུས་པ། །མགོན་པོ་ཧེ་རུ་ཀ་དཔལ་རྗེ། །སྐལ་མེད་སེམས་ཅན་གདུལ་དཀའ་བ། །ཤིན་ཏུ་སྙིགས་མར་གྱུར་པའི་ལུས། །ཉོན་མོངས་པ་ཡི་སེམས་ཅན་རྣམས། །ཤེས་རབ་ཕུན་སུམ་མ་ཚོགས་ཤིང་། །རབ་ཏུ་འབད་པ་ཆུང་བས་ན། །ཤིན་ཏུ་བསྡུས་མིན་རྒྱས་མིན་པར། །ཁྱོད་ཀྱི་རང་བཞིན་བསྒྲུབ་པ་དང་། །གཙོ་དང་འཁོར་གྱི་བསྡུས་པའི་གནས། །རང་གི་རིགས་དང་ཕྲིན་ལས་དང་། །སྒྲུབ་དང་མཆོད་དང་བསྒྲལ་བ་དང་། །བསྐུལ་ཞིང་གནས་ནས་དྲང་བ་དང་། །བསྡུ་དང་སྦྱང་ཞིང་གསད་དང་གསོ། །ལས་དང་ལས་ལ་མངག་པ་རྣམས། །མཆོག་དང་དམན་དང་བར་མ་ཡི། །བློ་དང་ཡིད་ལ་གང་རིགས་པའི། །འབར་བའི་རྒྱལ་པོ་སྐུ་བཞེངས་ལ། །རོལ་པའི་ཆོ་འཕྲུལ་རབ་སྟོན་ཅིང་། །གསུང་གི་ཡི་གེ་འཁོར་ལོའི་གནད། །འོད་ཟེར་རབ་ཏུ་ཁྱབ་མཛད་དེ། །ཐུགས་ཀྱི་གསང་བ་ཀློང་བརྟོལ་ནས། །མ་འགགས་ཐབས་ཀྱི་རང་བཞིན་ལས། །ས་དང་འགྲོ་བ་སྨིན་པའི་ཆོས། །ད་ལྟ་ཉིད་དུ་བཤད་དུ་གསོལ། །ཞེས་གསོལ་པ་དང་། དེ་ནས་བཅོམ་ལྡན་འདས་


DNG015_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཧེ་རུ་ཀ་ཆེན་པོས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་བཙུན་མོའི་བྷ་ག་ཡངས་པའི་ཀློང་། དམ་ཚིག་ཆེན་པོའི་བྱིན་གྱིས་རླབས་པའི་དཀྱིལ་འཁོར་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རིག་པའི་སྐྱེས་བུ་ཆེན་པོའི་གཟུགས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཁྲོ་བོ་ཆེན་པོའི་ལོངས་སྤྱོད་རབ་ཏུ་རྫོགས་པའི་སྐུ། འཇིགས་བྱེད་འབར་བ་ཀུན་ཏུ་བསྟན་ཏེ། དགེས་པ་ཆེན་པོའི་གད་མོའི་སྒྲས། སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་རབ་ཏུ་གང་བར་མཛད་ནས། རྡོ་རྗེ་དྲག་པོ་ཆེན་པོའི་ཐུགས་གཉིས་སུ་མེད་པའི་བདེ་བ་ཆེན་པོ། ཐམས་ཅད་ཀྱི་ངོ་བོ་རབ་ཏུ་གསལ་བར་མཛད་དེ། འདུས་པའི་འཁོར་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཨེ་མ་འདུས་པའི་འཁོར་རྣམས་ཉོན། །དང་པོ་མཉམ་པའི་གཞི་ཉིད་ལས། །འདས་དང་མ་འོངས་བཅིངས་དང་གྲོལ། །བརྟན་དང་གཡོ་བ་སྲིད་དང་ཞི། །ཡོངས་སུ་གྲུབ་དང་ཀུན་ཏུ་བརྟགས། །གཞན་གྱི་དབང་དུ་གྱུར་པ་ཡིས། །ང་ཉིད་གཙོ་བོ་ལྟ་བུར་སྣང་། །ཕུང་པོ་ལྔ་དང་རྣམ་ཤེས་བརྒྱད། །ཡུལ་བརྒྱད་དང་ནི་འདུ་ཤེས་བཅུ། །འགྱུར་བ་བཞི་དང་བཅས་པ་ཀུན། །ཡང་དག་མཐོང་བ་གོང་མའི་གནས། །ཡིད་ལས་བྱུང་བའི་རྟོགས་པའི་དངོས། །མ་ལུས་ལུས་པ་མེད་པ་ཀུན། །བདུན་ཕྲག་བརྒྱད་ཕྲག་བཞི་བཞི་དང་། །བཅོ་བརྒྱད་དང་ནི་དྲུག་ཅུ་བཞི། །བཞི་དང་བདུན་དང་བཞི་གཉིས་དང་། །གྲུབ་པར་ཤེས་པ་འོག་མའི་གནས། །ང་ཉིད་ངར་སྣང་རྡོ་རྗེ་སྟེ། །སངས་རྒྱས་གཏི་མུག་དེ་བཞིན་གཤེགས། །ང་རྒྱལ་རིན་ཆེན་འབྱུང་བ་སྟེ། །པདྨ་ཆགས་རབ་ཧེ་རུ་ཀ །ཕྲག་དོག་ལས་ནི་རབ་ཏུ་བསྒྲུབ། །གཟུགས་དང་རྣམ་ཤེས་ཚོར་བ་དང་། །འདུ་ཤེས་འདུ་བྱེད་ལྔ་རང་བཞིན། །མ་བཅོས་པ་དང་ཞི་བ་དང་། །རབ་ཏུ་རྒྱས་དང་དབང་དུ་བྱེད། །ཚར་གཅོད་དྲག་པོ་ཇི་བཞིན་བསྒྲུབ། །ངང་ནས་ཤེས་ཤིང་གནས་པ་ཡིན། །ཞེས་གསུངས་སོ། །དཔལ་ཁྲག་འཐུང་འདུས་པ་


DNG015_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བའི་རྒྱུད་ལས། གནས་དང་རིགས་བསྡུས་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཧེ་རུ་ཀ་དཔལ་གྱིས། །འདུས་པའི་འཁོར་ལ་འདི་སྐད་གསུངས། །ང་ཡི་སྐུ་གསུང་ཐུགས་ཀྱི་བདག །ལུས་ངག་ཡིད་གསུམ་བསྒྲུབ་འདོད་པས། །ཤེས་རབ་ཀྱིས་ནི་བློ་ཕྱེ་ནས། །གུས་པ་ཡི་ནི་དམ་ཚིག་དང་། །གཙང་དང་འཇིགས་པའི་བརྟུལ་ཞུགས་བཅས། །སྲོག་ལུས་ཡན་ལག་རྫས་རྣམས་ཀུན། །བླ་མ་མཉེས་པར་བྱ་ཕྱིར་དབུལ། །དངོས་གྲུབ་འདོད་ཕྱིར་གསོལ་བ་གདབ། །བློ་ཞན་ཤེས་རབ་ཆུང་བ་ཡིས། །བསྒྲུབས་ཀྱང་འགྲུབ་པར་མི་འགྱུར་ཏེ། །ཕུང་བྱེད་གཉིས་ཀ་བསྲེག་པས་ན། །དེ་བས་གཞན་དུ་བསྟན་པ་མེད། །ངེས་པར་བརྟགས་པའི་ས་གཞི་ལ། །ཕུན་སུམ་ཚོགས་པ་བཞི་ལྡན་ནས། །དུར་ཁྲོད་ས་ནི་རབ་ཏུ་བརྟགས། །འབྱུང་པོའི་གཏོར་མ་བཏང་ནས་ཀྱང་། །གསང་བ་དོན་གྱི་ལས་རྣམས་སྤྱད། །རྣམ་པར་རྟོག་པ་བགེགས་ཡིན་ཏེ། །རྣམ་རྟོག་རང་གི་སེམས་ལས་འབྱུང་། །སེམས་ཉིད་ཡེ་ནས་དག་ཤེས་ན། །གཞན་ནས་བགེགས་ཞེས་བྱ་བ་མེད། །མཐུན་པའི་གཉེན་པོས་འདུལ་དོན་དུ། །ཞེ་སྡང་རྡོ་རྗེའི་ཏིང་འཛིན་གྱིས། །མཁའ་ལ་ཁྲོ་བོ་འཆོལ་པ་སྤྲོ། །བསྐྲད་དང་བརྡེག་དང་གཅོད་པར་བྱ། །སྔ་མ་ལས་ནི་གནས་བསྒྱུར་ཏེ། །རྫས་དང་ས་གཞི་བརྟགས་པ་དེར། །སློབ་དཔོན་ཇི་བཞིན་སྟན་བདེར་གནས། །རབ་ཏུ་མཉམ་པའི་ཚད་གཞལ་ཏེ། །རང་བྱུང་བདུད་རྩིའི་ཆག་ཆག་གདབ། །བ་སུ་ཏ་ཡི་ཐིག་གིས་བཅད། །རེ་མིག་ཐོད་པའི་ཕྲེང་བ་བཞི། །ཕོ་བྲང་ཟླ་གམ་ཆེན་པོ་དགུ། །མཐིང་ག་དཀར་སེར་དམར་དང་ལྗང་། །རབ་ཏུ་དམར་བ་དག་ཏུ་བྱ། །འཁོར་ལོ་རྩིབས་བརྒྱད་བརྒྱད་གཉིས་བྱ། །ཕྱོགས་བཞི་སྒོ་བཞི་ནང་ཁྱམས་བཅས། །འོད་ཀྱི་རང་བཞིན་བརྩིག་པས་བཅད། །ཕྱི་རོལ་འདོད་ཡོན་གནས་ལ་སོགས། །མཁའ་འགྲོ་དུར་ཁྲོད་གནས་ཆེན་ཀུན། །ཇི་ལྟར་གསུངས་པ་བཞིན་དུ་བྲི། །སྔོན་གྱི་ཕྲིན་ལས་ཤེས་པར་བྱ། །རྡུལ་ཚོན་གཞལ་ཡས་ཁང་དེ་ལ། །ཇི་ལྟར་དགོས་པའི་རྫས་རྣམས་ནི། །


DNG015_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་རྣམས་རབ་ཏུ་འབྱུང་བ་ཡི། །གནས་རྣམས་སོ་སོ་དེ་ཉིད་དུ། །ཐོད་པ་རཱུ་པ་བྲི་བ་དང་། །སོ་སོའི་ཡི་གེ་ཕྲེང་བའི་སྔགས། །སྣང་བའི་འོད་དང་བཅས་པ་དང་། །ལྷ་ཞལ་ལྡན་པའི་ཕུར་པ་རྣམས། །སྐུ་གསུང་ཐུགས་དང་ཕྲིན་ལས་རྟེན། །མཚན་དང་ལྡན་པའི་སྣོད་ནང་དུ། །འབྲུ་བཅུད་བདུད་རྩི་རབ་སྦྱར་བ། །ཡོན་ཏན་དངོས་གྲུབ་འབྱུང་བའི་རྟེན། །རྫས་ཀྱི་འཁོར་བ་མཛེས་པར་གཞག །ཕྱི་རོལ་བར་ཆད་སྲུང་བའི་རྒྱན། །མིག་གི་རྟེན་ཡང་མངོན་པར་དགྲམ། །རྡོ་རྗེ་སློབ་དཔོན་རྒྱལ་ཐེབས་དང་། །ཤེས་རབ་མ་དང་ལས་མཁན་དང་། །དྲལ་གྱི་དགོས་པ་ཚངས་པ་ཡིས། །ཕྱི་དང་ནང་གི་འགྲུལ་བཅད་དེ། །ལྷག་པའི་རྟགས་ཀྱི་ཀུན་མཚོན་ནས། །སྒྲུབ་རྫས་དེ་དག་བྱིན་གྱིས་བརླབ། །རང་གི་གནས་སུ་མངའ་གསོལ་ཏེ། །མཆོག་ཏུ་བྱ་ཕྱིར་རབ་ཏུ་བརྟན། །དམིགས་མེད་སྟོབས་ཀྱི་གདེང་ཅན་གྱིས། །སྐུ་མཆོག་འབར་བའི་ཚུལ་དུ་བསམ། །ཁམས་གསུམ་ཁྲག་ཏུ་དམིགས་ནས་ཀྱང་། །དུར་ཁྲོད་ཀུན་ཏུ་ཁྱབ་པར་བསམ། །ཞི་བའི་ཚུལ་གྱིས་བཀའ་བསྒོ་ཞིང་། །ཁྲོ་བོའི་ལས་ཀྱིས་བསྲུང་བ་ནི། །འབར་བའི་མེ་དང་མཚོན་ཆ་ལྔ། །ཁྲག་འཐུང་ལྷ་རྣམས་སྤྲུལ་པའི་ཚོགས། །བལྟ་བ་རྣམ་དག་དོན་རྣམས་ཀྱིས། །ཕྱི་ནང་གསང་བ་ཀུན་ཏུ་བསྡམས། །ཚོགས་བསག་ཕྲ་མོས་ཁ་བསྐངས་ཤིང་། །ཞི་བའི་མཆོད་པས་མཉེས་པ་དག །བསྙེན་པོའི་དོན་དུ་འདི་དག་བྱ། །དེ་ལྟར་བདག་ཉིད་བརྟན་བྱས་ནས། །ཡེ་ཤེས་དཀྱིལ་འཁོར་བསྒྲུབ་པ་ནི། །དང་པོ་ཆོས་ཀྱི་དབྱིངས་ཉིད་ལས། །དམིགས་པ་མེད་པའི་དོན་གྱིས་བསྒོམ། །ཆོས་དབྱིངས་ཡེ་ཤེས་དེ་ཉིད་ཀྱིས། །མ་ཁྱབ་པ་ལ་ཐུགས་རྗེ་བསྐྱེད། །དངོས་ནི་ཧཱུཾ་དུ་བྱིན་བརླབས་ནས། །རིན་ཆེན་གསལ་བར་ཤར་བ་དང་། །བྱང་ཆུབ་སེམས་ཀྱི་འོད་ཟེར་འཕྲོས། །མོས་པའི་ཐུགས་ལ་མཉེས་བསམས་ཏེ། །འོད་འདུས་ཐོག་མའི་ཧཱུཾ་ལ་གཟུད། །སངས་རྒྱས་མཁའ་འགྲོ་ཡུམ་ལྔ་ཡི། །མཁའ་དབྱིངས་རྣམ་དག་འབྱུང་བ་ལྔ། །རང་གི་ས་བོན་ལྔ་ལས་བསྐྱེད། །དེ་ནས་དུར་ཁྲོད་བདག་


DNG015_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དག །ཕྱག་རྒྱ་ཆེ་དང་ལྡན་པས་ནི། །རབ་ཏུ་འབད་པས་བསྒོམ་བྱས་ཏེ། །དེ་ཡི་ནང་དུ་སྔར་བཤད་པའི། །ཚད་མེད་གནས་ཏེ་བསྒོམ་བྱ་བ། །སྐུ་གསུམ་ལྡན་པའི་ཐོད་པ་ནི། །སྐམ་པོ་ཤ་རིས་ཐོད་རློན་རྣམས། །རྨང་དང་བརྩིག་པ་ཁ་བད་ལ། །ལྷ་ཆེན་ཕུང་པོ་ཀ་བ་ལ། །གཟའ་ཀླུ་རྒྱུ་སྐར་རྣམས་ཀྱིས་ཕུབས། །དབང་ཕྱུག་དང་ནི་འཁོར་ལོས་སྒྱུར། །བ་དན་ཕྱར་ཞིང་རྒྱལ་མཚན་ཕྱར། །ཀུན་གྱི་ཚུལ་དང་མ་ལུས་ལྡན། །དྲག་པོའི་གནས་ཀྱི་དབུས་དག་ཏུ། །རཱུ་ཏྲ་ཉི་ཟླ་པདྨའི་སྟེང་། །གནས་གཞན་རྣམས་སུ་ཏི་རའོ། །ལྷ་རྣམས་རང་གི་ས་བོན་ལས། །ཕྱག་མཚན་སྙིང་པོ་ཕྲ་མོ་དག །བརྟན་པར་གྱུར་ནས་མཁའ་ལ་གཞག །བསྐུལ་བའི་རང་བཞིན་ཀུན་འདུས་པས། །དེས་ཀྱང་སྤྲོ་བའི་ལས་རྣམས་བྱས། །ང་ཡི་རང་བཞིན་ལྷ་རྣམས་ཀུན། །སོ་སོའི་སྐུ་མདོག་ཕྱག་མཚན་དང་། །བསྐྱེད་རྫོགས་གྲུབ་པའི་ལྷ་དག་བསྒོམ། །དེ་ཡི་རིམ་པའང་འདི་ལྟ་སྟེ། །མི་དམིགས་ཆོས་ལ་བློ་བརྟགས་ཤིང་། །ཡེ་ཤེས་ཅན་གྱི་བྱིན་སྟོབས་ཀྱིས། །ཐམས་ཅད་དམ་ཚིག་ཆེན་པོ་ཡི། །བདེ་མཆོག་སྒྱུ་མའི་བརྡའ་མཚོན་ཏེ། །རྡོ་རྗེ་པདྨ་ལྡན་བྱས་ནས། །དབྱིངས་ཀྱི་བདེ་ཆེན་ལས་བྱུང་བའི། །རང་གི་ཡེ་ཤེས་དེ་ལས་བསྐྱེད། །ཇི་བཞིན་མཁའ་ལ་གསལ་དག་པའི། །སྤྲིན་མེད་ཉི་མའི་འོད་ལྟར་འཚེར། །རང་གི་བྱིན་གྱིས་བརླབས་ལས་བྱུང་། །རིགས་ཀྱི་བདག་པོས་རང་དབང་བསྐུར། །ལས་ཀྱི་ཁྱད་པར་བསྟན་ནས་ཀྱང་། །སོ་སོའི་གནས་སུ་བརྟན་པར་བསྒོམ། །ཡེ་ཤེས་དཀྱིལ་འཁོར་སྤྱན་དྲངས་ཏེ། །བཞུགས་དང་རྟེན་དང་མི་གཡོ་བས། །དམ་ཚིག་ཟིལ་གནོན་ཕྱག་བྱ་དང་། །མཆོད་དང་བསྟོད་དང་བཟའ་བ་དག །ཚུལ་བཞིན་གོམས་པའི་བློ་དག་གི། །ཅི་རིགས་སུ་ནི་སྤྱད་པར་བྱ། །དམ་ཚིག་མཆོག་གི་མཆོད་པ་དང་། །སྐུལ་ཚིག་དབྱངས་ཀྱིས་དེ་དག་མཉེས། །འཁོར་བཅས་མཆོད་པ་རྫོགས་ནས་ནི། །བསྙེན་པའི་ལུང་བཞིན་བརྩོན་པར་འབད། །ཞག་གྲངས་དུས་ན་བརྟགས་པའམ། །མཚན་མ་བརྟན་པོ་བྱུང་


DNG015_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

བ་ན། །བསྒྲུབ་པ་ཆེན་པོ་བརྩམ་པར་བྱ། །དཔལ་ཁྲག་འཐུང་འདུས་པ་རྩ་བའི་རྒྱུད་ལས། བསྙེན་པ་དང་བསྒྲུབ་པ་ཡང་དག་པར་བསྡུས་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་ནམ་མཁའི་དབྱིངས་དང་མཉམ་པའི་སྐུ་གསུང་ཐུགས་རྡོ་རྗེ་བཙུན་མོའི་བྷ་ག་ལ་དམ་ཚིག་ཆེན་པོའི་ཕྱག་རྒྱ་བྱིན་གྱིས་རློབས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ནམ་མཁའི་ཁམས་དང་མཉམ་པའི་སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི། བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཇི་སྙེད་པ་ཐམས་ཅད་རབ་ཏུ་འབར་བའི་སྐུར་བྱིན་གྱིས་བརླབས་ནས། འདི་སྐད་བཀའ་སྩལ་ཏོ། །ཨེ་མ་འདུས་པའི་འཁོར་ཚོགས་ཉོན། །ང་ཡི་སྐུ་གསུང་ཐུགས་ཀྱི་བདག །རྣམ་པར་གྲོལ་བ་མཚོན་པའི་ཕྱིར། །བཛྲ་ཧེ་རུ་ཀ་དཔལ་གྱི། །རྟགས་ཀྱི་ཕྱག་རྒྱ་འདི་ལྟར་རོ། །གཡས་དཀར་གཡོན་དམར་དབུས་མཐིང་ཞལ། །ཞལ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །རྡོ་རྗེ་ཁ་ཊྭཱྃ་རྔེའུ་ཆུང་གཡས། །དྲིལ་བུ་རྒྱུ་ཞགས་ཁྱུང་ཁྲ་གཡོན། །དྲིལ་བུ་དུང་དམར་རྒྱུ་ཞགས་གཡོན། །ཧེ་རུ་ཀ་ཡི་ཡེ་ཤེས་རྒྱ། །ཤེས་རབ་དབྱིངས་མའི་ཕྱག་རྒྱ་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང་། །གཡས་པ་ཐབས་ཀྱི་ཡབ་ལ་འཁྱུད། །གཡོན་པ་དུང་དམར་གཙོ་ལ་སྟོབ། །ཀྲོ་དྷཱི་ཤྭ་རཱི་དབྱིངས་ཀྱི་རྒྱ། །བུཌྜྷ་ཧེ་རུའི་ཕྱག་རྒྱ་ནི། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །སྨུག་ནག་མཐིང་དང་དམར་བའི་ཞལ། །ཏི་ར་རྡོ་རྗེ་ཁྱུང་ཆེན་གཡས། །འཁོར་ལོ་ཏི་ར་ཁྱུང་ཆེན་གཡས། །བྷན་དམར་རྒྱུ་ཞགས་བ་སུ་གཡོན། །བུཌྜྷ་ཀྲོ་དྷཱི་ཡུམ་དང་སྦྱོར། །རཏྣ་ཧེ་རུ་ཀ་ཡི་ཕྱག་རྒྱ་ནི། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །སེར་ནག་མཐིང་དང་དམར་བའི་ཞལ། །རིན་ཆེན་བྱིས་དབྱུག་དགྲ་སྟྭ་གཡས། །བྷན་དམར་རི་རབ་རྒྱུ་ཞགས་གཡོན། །རཏྣ་ཀྲོ་དྷཱི་ཡུམ་དང་སྦྱོར། །པདྨ་ཧེ་རུའི་ཕྱག་རྒྱ་ནི། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །དམར་ནག་མཐིང་དང་དཀར་བའི་ཞལ། །པདྨ་བེ་ཅོན་དགྲ་སྟྭ་གཡས། །བྷན་དམར་ཐོང་གཤོལ་རི་རབ་


DNG015_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན། །པདྨ་ཀྲོ་དྷཱི་ཡུམ་དང་སྦྱོར། །ཀརྨ་ཧེ་རུའི་ཕྱག་རྒྱ་ནི། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །ལྗང་ནག་དཀར་དང་དམར་བའི་ཞལ། །རྒྱ་གྲམ་རལ་གྲི་དགྲ་སྟྭ་གཡས། །ཐོད་ཁྲག་རི་རབ་ཐོང་གཤོལ་ཕུར་པ་གཡོན་གང་གཡོན། །ཀརྨ་ཀྲོ་དྷཱི་ཡུམ་དང་སྦྱོར། །ཡུམ་ཆེན་རྣམས་ཀྱི་ཕྱག་རྒྱ་ནི། །ཞལ་གཅིག་ཕྱག་གཉིས་ཞབས་གཉིས་འཁྱུད། །སོ་སོའི་གཙོ་བོའི་སྐུ་མདོག་ལ། །གཡས་པ་ཁ་ཊྭཱཾ་ཡབ་ལ་འཁྱུད། །གཡོན་པ་དུང་དམར་གཙོ་ལ་སྟོབ། །ཡབ་ཡུམ་འདི་དག་ཐམས་ཅད་ཀུན། །ཉི་ཟླ་པདྨ་རཱུ་ཏྲ་གནོན། །ཁྲོ་བོའི་གར་ཉམས་དགུ་ལྡན་ཞིང་། །དུར་ཁྲོད་འཇིགས་པའི་ཆས་ཀྱིས་བརྒྱན། །མ་མོ་རྣམས་ཀྱི་ཕྱག་རྒྱ་ནི། །ཀོའུ་རི་བྷན་དམར་བྱིས་དབྱུག་སྔོ། །ཙོའུ་རི་མདའ་གཞུ་འགེངས་མ་སེར། །པྲ་མོ་ཆུ་སྲིན་རྒྱལ་མཚན་དམར། །བེ་ཏ་བྱི་ཟ་རྡོ་འཕྱར་ནག །པུཀྐ་དམར་སེར་བྱིས་རྒྱུ་འདྲེན། །གྷསྨ་དུང་དམར་ཁྲག་འཐུང་ལྗང་། །སྨ་ཤ་མཐིང་ནག་བྱིས་སྙིང་ཟ། །ཙན་དྷ་སེར་སྐྱ་མཆོག་ལུས་འབྲལ། །ཕྲ་མེན་རྣམས་ཀྱི་ཕྱག་རྒྱ་ནི། །སེང་ཧ་སེར་མོ་ཞིང་ཟ་སེར། །བྱཱ་གྷྲ་དམར་མོ་ལག་བསྣོལ་སྟག །སྲི་ལ་ནག་མོ་བྱིས་ལྡག་ཝ། །ཤྭ་ན་མཐིང་ག་ཤ་འདྲད་སྤྱང་། །གྲྀ་ཌྷ་དམར་མོ་དུང་གྲི་རྒོད། །ཀང་ཀ་དམར་སྨུག་ཞིང་ཁུར་དུར། །ཀཱ་ཀ་བྱ་རོག་བྷན་གྲི་གནག །ཨུ་ལཱུ་མཐིང་ནག་ལྕགས་ཀྱུ་འུག །ལྷ་མོ་དང་ནི་ཕྲ་མེན་རྣམས། །ཁྲོ་མོའི་ལུས་ལ་ཅུང་ཟད་ཞི། །ཁྲོ་བོ་རྣམས་ཀྱི་ཕྱག་རྒྱ་ནི། །ཧཱུཾ་ཀ་ར་ནི་སྐུ་མདོག་སྔོ། །ཕྱག་གཉིས་མདའ་གཞུ་འགེངས་ཤིང་འཕེན། །རྣམ་པར་རྒྱལ་བ་སྐུ་མདོག་དཀར། །གཡས་པ་འཁོར་ལོ་གཡོན་ཏྲི་ཤཱུལ། །དབྱུག་པ་སྔོན་པོ་སྐུ་མདོག་སྔོ། །མེ་དབལ་གཡས་ལ་དབྱུག་ཏོ་གཡོན། །གཤིན་རྗེ་གཤེད་པོ་སྔོ་སྐྱའི་མདོག །གཡས་པ་ཐོད་དབྱུག་གཡོན་དགྲ་སྟྭ། །མི་གཡོ་བ་ནི་མདོག་ལྗང་སྔོན། །རལ་གྲི་གཡས་ལ་ཞགས་པ་གཡོན། །རྟ་མགྲིན་ཅན་ནི་སྐུ་མདོག་དམར། །སྤུ་གྲི་གཡས་ལ་ལྕགས་སྒྲོག་གཡོན། །འདོད་པའི་རྒྱལ་པོ་དམར་སྐྱའི་མདོག །བྷནྡྷ་གཡས་ལ་རྔ་ཡབ་གཡོན། །བདུད་རྩི་འཁྱིལ་པ་ལྗང་ནག་སྟེ། །གཡས་


DNG015_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

པས་རྒྱ་གྲམ་གཡོན་དྲིལ་བུ། །ཁམས་གསུམ་རྣམ་རྒྱལ་སྐུ་མདོག་མཐིང་། །རྡོ་རྗེ་གཡས་ལ་སྦྲུལ་ཞགས་གཡོན། །སྟོབས་པོ་ཆེ་ནི་དུང་ཁའི་མདོག །ཐོ་བ་གཡས་ལ་ཞགས་པ་གཡོན། །ཁྲོ་བོ་འདི་དག་ཐམས་ཅད་ཀྱང་། །དཔལ་གྱི་ཆས་ཀྱིས་རབ་བརྒྱན་པའོ། །རྟ་གདོང་དཀར་མོ་ལྕགས་ཀྱུ་འདྲེན། །ཕག་གདོང་སྔོན་མོ་མཆེ་ཞགས་བསྡམ། །སྤྲེའུ་གདོང་དམར་མོ་ལྕགས་སྒྲོག་འཆིངས། །སྤྱང་གདོང་ལྗང་གུ་དྲིལ་འཁྲོལ་བརྡེག །ཁྲོ་མོའི་ཆས་ཀྱིས་ཅུང་ཟད་བརྒྱན། །ཀུན་ཀྱང་གཙོ་ལ་འདུད་ཅིང་བལྟ། །དེ་ཉིད་རིགས་ཀྱི་དབུ་བརྒྱན་ཅིང་། །རང་གི་སེམས་དཔའ་སྙིང་ལ་གནས། །གཟུགས་སུ་བརྟགས་པའི་དངོས་པོ་ཀུན། །ང་ཡི་ཕྱག་རྒྱའི་དཀྱིལ་འཁོར་ཡིན། །ཞེས་གསུངས་སོ། །དཔལ་ཁྲག་འཐུང་འདུས་པ་རྩ་བའི་རྒྱུད་ལས། ཕྱག་རྒྱའི་ཚོགས་ཡང་དག་པར་བསྡུས་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་དེས། དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་གསུང་གི་རྡོ་རྗེ་གསང་བའི་སྙིང་པོ་ཡང་དག་པར་འབྱུང་བ་འོད་ཟེར་རྣམ་པར་འཕྲོ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འཇིག་རྟེན་གྱི་ཁམས་ཐམས་ཅད་འཇིགས་པའི་སྒྲ་ཆེན་པོས་གཡོ་བར་མཛད་ནས། འདི་སྐད་ཅེས་བཀའ་སྩལ་ཏོ། །ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། ཧ་ཧ་ཧ་ཧ། ཧ་ཧ་ཧ་ཧ། ཧེ་ཧེ་ཧེ་ཧེ། ཧེ་ཧེ་ཧེ་ཧེ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཛཿཧཱུཾ་བཾ་ཧོཿ། རྩ་བའི་སྙིང་པོའོ། །ཨོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཉེ་བའི་སྙིང་པོའོ། །ཨཱོཾ་བཛྲ་ཤྲཱི་ཧེ་རུ་ཀ་ཧཱུཾ། ཨཱོཾ་བུཌྜྷ་ཤྲཱི་ཧེ་རུ་ཀ་ཧཱུཾ། ཨཱོཾ་རཏྣ་ཤྲཱི་ཧེ་རུ་ཀ་ཧཱུཾ། ཨཱོཾ་པདྨ་ཤྲཱི་ཧེ་རུ་ཀ་ཧཱུཾ། ཨཱོཾ་ཀརྨ་ཤྲཱི་ཧེ་རུ་ཀ་ཧཱུཾ། ཨཱོཾ་བཛྲ་ཀྲོ་དྷཱི་ཤྭ་རི་སྟྭཾ། བུཌྜྷ་ཀྲོ་དྷཱི་ཤྭ་རི་སྟྭཾ། རཏྣ་ཀྲོ་དྷཱི་ཤྭ་རི་སྟྭཾ། པདྨ་ཀྲོ་དྷཱི་ཤྭ་རི་སྟྭཾ། ཨོཾ་ཀརྨ་ཀྲོ་དྷཱི་ཤྭ་རི་སྟྭཾ། བཛྲ་ཀོའུ་རཱི་ཧ། བཛྲ་ཙོའུ་རཱི་ཧ། བཛྲ་པྲ་མོ་ཧེ་ཧ། བཛྲ་བེ་ཏཱ་ལཱི་ཧ། བཛྲ་པུཀྐ་སཱི་ཧ། བཛྲ་གྷསྨ་རཱི་ཧ། བཛྲ་སྨ་ཤ་ནཱི་ཧ། བཛྲ་ཙནྡ་ལཱི་ཧ། བཛྲ་སིངྷ་མུ་ཁ་ཧེ། བཛྲ་བྱཱ་གྷྲི་མུ་ཁ་ཧེ། བཛྲ་ཤྲི་ག་ལ་མུ་ཁ་ཧེ། བཛྲ་ཤྭ་ན་མུ་ཁ་ཧེ། བཛྲ་གྲྀ་ཌྷ་མུ་


DNG015_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཧེ། བཛྲ་ཀང་ཀ་མུ་ཁ་ཧེ། བཛྲ་ཀཱ་ཀ་མུ་ཁ་ཧེ། བཛྲ་ཨུ་ལཱུ་མུ་ཁ་ཧེ། བཛྲ་ཧཱུཾ་ཀ་ར་ཧཱུཾ། བཛྲ་བི་ཛ་ཡ་ཧཱུཾ། བཛྲ་ནཱི་ལ་དཎྜ་ཧཱུཾ། བཛྲ་ཡ་མཱནྟ་ཀ་ཧཱུཾ། བཛྲ་ཨཱརྱ་ཨ་ཙ་ལ་ཧཱུཾ། བཛྲ་ཧ་ཡ་གྲཱི་བ་ཧཱུཾ། བཛྲ་ཨ་བ་ར་ཛི་ཏ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ། བཛྲ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུཾ། བཛྲ་མ་ཧཱ་བ་ལ་ཧཱུཾ།བཛྲ་ཨཱརྻ་ཏེ་ཛ་ཏང་ཛ། བཛྲ་ཨ་མུ་ཁེ་ཧཱུཾ། བཛྲ་ལོ་ཀ་བཾ། བཛྲ་བྷསྨི་པ་ལ་ཡ་བ་ཏུ་ཧོ། རབ་ཏུ་བསྐྱེད་པའི་སྙིང་པོའོ། །ཨཱོཾ་བཛྲ་ཤྲཱི་ཧེ་རུ་ཀ་ཀྲོ་དྷཱི་ཤྭ་རི་སྟྭཾ།ས་མ་ཡ་ཧོ། ས་མ་ཡ་སྟྭཾ། རཱ་གོ྅ཧཾ། རཱ་ག་ཡཱ་མི། བཛྲ་སརྦ་ཏ་ཐཱ་ག་ཏ་ཨཱ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཧཱུཾ་སྥ་ར་ན་ཕཊ། སཾ་ཧ་ར་ན་ཧཱུཾ། ངེས་པར་འབྱུང་བའི་སྙིང་པོའོ། །ཨཱོཾ་སརྦ་ཏ་ཐཱ་ག་ཏ་ཙཀྲ་ཀཱ་ཡ་ཨ་དྷིཥྛ་ན་ཨཱོཾ། ཨཱོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་པདྨ་ཝཱ་ཀ་ཨ་དྷིཥྛ་ན་ཨཱཿ། ཨཱོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཙིཏྟ་ཨ་དྷིཥྛ་ན་ཧཱུཾ། བྱིན་གྱིས་རླབས་པའི་སྙིང་པོའོ། །ཨཱོཾ་མ་ཧཱ་ཤཱུ་ནྱ་ཏ་ཨ་དྷ་རི་ཤ་ས་མ་ཧཱ་པྲ་ཏྱ་བེ་ཀྵ་ཎ་ཀྲྀ་དྱཱ་ནུ་ཥྛཱ་ན་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཨ་བྷི་ཥིཉྩ་མཾ།དབང་སྐུར་བའི་སྙིང་པོའོ། །ཨཱོཾ་བཛྲ་ཤྲཱི་ཧེ་རུ་ཀ་ཀྲོ་དྷཱི་ཤྭ་རི་ཨེ་ཙཀྲ་མཎྜ་ལ་ཨཱ་ར་ལི་ཧྲིང་ཧྲིང་ཛ་ཛཿ། བོད་པའི་སྙིང་པོའོ། །ཨཱོཾ་བཛྲ་ཤྲཱི་ཧེ་རུ་ཀ་ཀྲོ་དྷཱི་ཤྭ་རི་ཨེ་ཙཀྲ་མཎྜ་ལ་ས་མ་ཡ་ཛཿ། པྲ་བེ་ཤ་ཏིཥྛ་ཨ་ཨཱཿ། བཞུགས་པའི་སྙིང་པོའོ། །ཨཱོཾ་བཛྲ་ཤྲཱི་ཧེ་རུ་ཀ་ཀྲོ་དྷཱི་ཤྭ་རི་ཀ་རུ་ཎ་མ་ཧཱ་མཱཾ་ས་རཀྟ་ཨ་མྲྀ་ཏ་ཨི་དཾ་གྲྀ་ཧྞ་བ་ལིཾ་ཏ་པི་པ་ཧོ། ཁ་ཁ་ཁཱ་ཧི་ཁཱ་ཧི་ཨ་ལ་ལ་ཧོ། བསྟབ་ཅིང་བཟའ་བའི་སྙིང་པོའོ། །ཨཱོཾ་བཛྲ་ཤྲཱི་ཧེ་རུ་ཀ་ཀྲོ་དྷཱི་ཤྭ་རི་མ་ཧཱ་བོ་དྷི་ཙིཏྟ་ཛྙཱ་ན་ཨ་ཧོ་སུ་ཁ། ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་སིདྡྷི་ཧཱུཾ་ཧཱུཾ་ཧྲིཾ་ཧྲིཾ། དངོས་གྲུབ་བསྡུ་བའི་སྙིང་པོའོ། །ཐམས་ཅད་ཉེ་བ་ནི་འདིས་བྱའོ། །ཨཱོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། དག་པའི་ཧེ་རུ་ཀ་ཉིད་ཀྱིས། །གཉིས་མེད་དོན་ལ་རབ་བརྩོན་པས། །དབྱངས་དྲུག་བླངས་པས་དོན་དྲུག་རྫོགས། །སྔགས་ཀྱི་ཡི་གེའི་སྒྲ་བསྒྲགས་པས། །དཀྱིལ་འཁོར་ལྷ་རྣམས་གསལ་བར་བསྐྱེད། །འབྲུག་ལྟར་ཟབ་ཅིང་སྒྲ་བསྒྲགས་པས། །གཏུམ་དང་གདུག་པ་ལྷན་ནེར་འགྱུར། །མཁུར་བ་དབུགས་ཀྱི་རླུང་འབྱིན་གྱིས། །ཁྲོ་བོ་ཁྲོ་མོའི་སྤྲུལ་པ་འགྱེད། །རྡོ་རྗེ་སྲིན་པོའི་ངུར་


DNG015_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཀྱིས། །གདུག་པ་ཅན་རྣམས་སྤ་བཀོང་འདུལ། །འཁུན་ཅིང་གདུང་བའི་སྒྲ་འབྱིན་པས། །དྲེགས་པའི་ཚོགས་རྣམས་རྡུལ་དུ་རློག །ཚངས་པ་དབྱངས་ཀྱི་འདྲེན་ཚུལ་གྱིས། །ཐམས་ཅད་མ་ལུས་དབང་དུ་སྡུད། །ཅེས་གསུངས་སོ། །དཔལ་ཁྲག་འཐུང་འདུས་པ་རྩ་བའི་རྒྱུད་ལས། ཡི་གེ་ཕྲེང་བའི་དོན་ཡང་དག་པར་བསྡུས་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་དེས། དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་རྡོ་རྗེ་དེ་ཁོ་ན་ཉིད་ཀྱི་སྙིང་པོ་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་དོན་དམ་པ་ལྷུན་གྱིས་གྲུབ་པ་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་ཆེན་པོར་བྱིན་གྱིས་བརླབས་ནས། འདི་སྐད་ཅེས་བཀའ་སྩལ་ཏོ། །ཨེ་མ་འཁོར་བའི་སེམས་ཅན་རྣམས། །ང་ཡི་ངང་ལས་མ་འདས་ཀྱང་། །ཉོན་མོངས་ལས་ཀྱི་འཁྲུལ་པ་ཡིས། །བརྟགས་ཏེ་ང་ལ་གཟུགས་སུ་མཐོང་། །སྒྲ་དང་དྲི་རོ་རེག་དང་ཆོས། །ཐོས་ཤིང་ཚོར་མྱོང་བརྟགས་ཤིང་སྤྱད། །སྐྱེ་བོ་དེ་ཡིས་ང་མི་མཐོང་། །ང་ལ་གཟུགས་མེད་མཐོང་བ་མེད། །སྒྲ་མེད་ཐོས་པའང་ཡོད་མ་ཡིན། །རོ་དང་རེག་མེད་མྱོང་ཚོར་མེད། །ཡིད་ཆོས་རྟོག་པ་ག་ལ་ཡོད། །བརྟེན་པའི་གཞི་ནི་གཞལ་མེད་ཁང་། །འབྱུང་བ་ལྔ་ནི་དག་པའི་ཡུམ། །ཕུང་པོ་ལྔ་ནི་གྲོལ་བའི་ཡབ། །དབང་པོ་དག་པ་ཕྱག་ཡིན་ཏེ། །ཕྱག་མཚན་དྲུག་ནི་ཡུལ་དྲུག་འཛིན། །ཁམས་ཆེན་བཅོ་བརྒྱད་དཔའ་བོ་ཡི། །ཉམས་དགུ་དང་ནི་ཆས་བརྒྱད་དོ། །རྩ་བའི་ཉོན་མོངས་དགུ་གསུམ་སྟེ། །ཁམས་བཞི་ཞབས་སུ་སྣང་བ་ཡིན། །དེ་ཉིད་སྟོང་ཞིང་ཤིན་ཏུ་སྟོང་། །རབ་ཏུ་སྟོང་པ་ཆེན་པོའི་ངང་། །གྲོལ་ཞིང་ཤེས་པས་ང་ཡི་གཟུགས། །དགེས་ཤིང་ཆགས་པའི་ཐུགས་རྗེ་ཡིས། །སྙོམས་མཛད་ཡེ་ཤེས་གང་ཡིན་པ། །ཧེ་རུ་ཀ་སྟེ་ང་ཡི་སྒྲ། །དྲི་ནི་དག་པའི་ཕུང་པོ་ལྔ། །རོ་ནི་སྐུ་དྲུག་ཡེ་ཤེས་དྲུག །སྟོབས་དང་མི་འཇིགས་རེག་པ་ཡིན། །མ་


DNG015_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེས་ཆོས་ནི་བཅོ་བརྒྱད་དེ། །སེམས་ཅན་རྣམས་ཀྱི་སེམས་བྱུང་དང་། །ཡེ་ནས་འདྲེལ་བ་ང་ཡི་རྒྱུད། །རང་བཞིན་རྣམ་པར་དག་པ་ལས། །ཅུང་ཟད་འཁྲུལ་པ་རྒྱུད་ཀྱི་གཞི། །ལམ་ནི་སྨིན་ཅིང་གྲོལ་བའོ། །རང་གི་དེ་ཉིད་ལེགས་མཐོང་ཞིང་། །སར་གནས་དབང་ཐོབ་འབྲས་བུ་སྟེ། །བསགས་ཤིང་ཐོབ་ལ་རྟེན་གྱུར་པས། །ང་ཡི་སྐུ་ཞེས་བརྗོད་པ་ཡིན། །ཡང་དག་མཐའ་དང་མ་ལུས་པ། །མི་རྟོག་པ་ཡི་རྟོག་པ་ནི། །ཡེ་ཤེས་ཡིན་ཏེ་ང་ཉིད་མཐོང་། །ཀྱེ་ཚོགས་ཀུན་བརྩོན་པས་ང་ལ་ཉོན། །ང་ལ་གཉིས་སུ་མ་བལྟ་ཞིག །ང་དང་སོ་སོར་མ་འཛིན་ཅིག །བཤང་གཅི་ཁུ་བ་ཁྲག་དང་ཤ །ང་ཡི་ཚོགས་རྣམས་མཆོད་པས་མཉེས། །དུར་ཁྲོད་མི་གཙང་བམ་པའི་རྫས། །མ་བྱིན་བླངས་ཏེ་ཡིད་བཞིན་སྤྱད། །མ་དང་སྲིང་མོ་བུ་མོ་སོགས། །ནུས་དང་ལྡན་ལ་མི་ཚངས་སྤྱད། །བློ་ཆུང་ཤེས་རབ་དམན་པ་ཡིས། །སྐལ་མེད་རྣམས་ལ་རྫུན་དུ་སྨྲ། །ལོག་པའི་ལམ་ཞུགས་སྟོབས་ཅན་ནི། །ཀ་རུ་ཎ་ཡིས་བསད་ཅིང་བསྒྲལ། །སྤར་ཞིང་མཆོད་དེ་སྦྱངས་པ་ཡིས། །ང་ཡི་ངང་དུ་གཞག་པར་བྱ། །ཨེ་མ་ཡུལ་དང་བསམ་པའི་དངོས། །སྐྱེ་འགག་རྟག་ཆད་འགྲོ་འོང་དང་། །ཡོད་མེད་རྟག་ཆད་བྲལ་བ་སྟེ། །རྣལ་འབྱོར་གསུམ་གྱི་རབ་བསྙད་ནས། །ང་དང་གཉིས་སུ་མེད་པ་ཡིན། །ཞེས་གསུངས་སོ། །དཔལ་ཁྲག་འཐུང་འདུས་པ་རྩ་བའི་རྒྱུད་ལས། སྙིང་པོ་དེ་ཁོ་ན་ཉིད་ཡང་དག་པར་བསྡུས་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་དེས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་སྣ་ཚོགས་པའི་རྡོ་རྗེ་དངོས་གྲུབ་ཉེ་བར་གྱུར་པའི་སྙིང་པོ་རབ་ཏུ་བསྡུ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རིག་པ་མ་ཡིན་པའི་དངོས་པོ་མ་ལུས་པ་རྣམ་པར་དག་པ་མཆོད་པའི་རྫས་སུ་བྱིན་གྱིས་བརླབས་ཏེ། གཙང་བ་དང་སྨེ་བའི་རྟོག་པ་མ་ལུས་པར་བཟློག་པ། རྡོ་རྗེ་དམ་ཚིག་ཆེན་པོ་རབ་ཏུ་བླང་བའི་ཕྱིར། འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་མ་འདུས་པའི་འཁོར་ཚོགས་ཉོན། །ཕུན་སུམ་ཚོགས་པ་བཞི་


DNG015_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་ཞིང་། །ཚུལ་རིམ་གོམས་པའི་རྣལ་འབྱོར་པས། །སྔོན་དུ་འགྲོ་བའི་ལས་སྤྱད་དེ། །བར་ཆད་བྱེད་པའི་བགེགས་ཆེན་ཡང་། །འཇིགས་པ་མེད་པའི་སེམས་ཀྱིས་བཟློག །དངོས་གྲུབ་སྦྱིན་པའི་གཟུགས་བརྙན་ཡང་། །རེ་དང་ཆགས་དང་དོགས་པ་ཡིས། །ངན་པའི་དོན་གྱི་སེམས་མི་དབྱུང་། །བྱིན་གྱིས་བརླབས་པས་མ་ལུས་བྱང་། །ང་དང་ལྔ་བཅུ་རྩ་བརྒྱད་པའི། །ཇི་ལྟར་བཤད་པའི་ཕོ་བྲང་དུ། །རིགས་ཆེན་རིགས་ལྔ་བྷནྡྷ་ལྔ། །རྣམ་པར་དག་པའི་བཅུད་ཀྱི་དངོས། །ཕྱི་ནང་གསང་བའི་དམ་ཚིག་སྟེ། །སྡོང་པོ་ལོ་མ་མེ་ཏོག་དང་། །འབྲས་བུ་གརྦྷ་ཤུན་པགས་དང་། །རྩ་བ་དང་ནི་སྐོགས་མའོ། །དོན་སྙིང་ལྔ་དང་བྷེ་ར་ལོག །ལམ་གཉིས་བརྒྱད་ནི་ནང་ཡིན་ནོ། །སེམས་བཅུད་དྲི་ནི་གཉིས་དང་ནི། །གོ་རོ་ཙ་ན་མཱཾ་ས་ལྔ། །གསང་བ་ཡིན་ཏེ་རྩ་བ་བརྒྱད། །མངོན་པ་ཕྱི་དང་སྦས་པ་ནང་། །རྒྱལ་བློན་སྐྱོབས་དང་བཅས་པ་ནི། །ལོ་ཐོག་ཤིང་ཐོག་མེ་ཏོག་དང་། །རྩྭི་ཐོག་འབྲུ་དང་རྡོ་ཤིང་བཅུད། །སེམས་ཅན་བཅུད་དང་རིན་པོ་ཆེ། །མ་ལུས་ལུས་པ་མེད་པ་ཀུན། །དུག་ལྔ་སྨན་དུ་བསྒྲུབ་པས་ན། །དགག་བྱ་གང་ཡང་ཡོད་མ་ཡིན། །རོ་དང་ནུས་པ་ཁ་དོག་རྣམས། །རྣམ་དག་རྩ་བ་ཡན་ལག་བཅས། །སྤང་བྱ་གང་ཡང་ཡོད་མ་ཡིན། །དཀྱིལ་འཁོར་ཆེན་པོའི་གནས་སུ་དགོད། །སྣང་བ་ཆེན་པོ་ཤར་བ་དགྲམ། །སྒྲུབ་པ་པོ་རྣམས་རྒྱན་རྟགས་ལྡན། །སོ་སོའི་གྲལ་དུ་འཁོད་ནས་ནི། །ཁྲོལ་བུ་བཏགས་བཙགས་ཕྱེ་མ་དང་། །གོང་བུ་སྐྱོ་མ་ལྡེ་གུ་དང་། །རི་ལུ་བྱས་པས་སོ་སོ་ཡིས། །དུས་དང་རྟགས་ཀྱི་རིམ་པ་བཞིན། །ལྔ་དང་དེ་ཉིད་ཉི་ཤུ་ཡི། །བར་དུ་སྦྱར་བར་བྱ་བ་ནི། །སྔ་མའི་དཀྱིལ་འཁོར་ལས་ལ་གཞུག །ཚངས་པ་དང་ནི་དྲང་སྲོང་ཚོགས། །སྤྱན་དྲང་གཞུག་ཅིང་རྟོག་པ་བཟློག །མཛེས་དགའ་སྤྲོ་བའི་སྤྱོད་པ་བརྟེན། །ངོ་བོ་རྣམ་དག་ངང་དུ་གསལ། །འོད་ཟེར་འཕྲོ་འདུ་བྱ་བ་དང་། །ཐམས་ཅད་བདུད་རྩིའི་སྔགས་ཀྱིས་སྦྱངས། །དེ་ནས་རིགས་ལྔའི་དཀྱིལ་འཁོར་དང་། །དཔའ་བོ་འབྲུ་ལྔའི་སྔགས་ཀྱིས་སྦྱངས། །ཡེ་


DNG015_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ལྷ་རྣམས་སྤྲོས་ནས་ནི། །དབང་གི་རྒྱལ་པོས་བསྲུང་བར་བྱ། །རྡོ་རྗེ་རིགས་ཀྱིས་བསྡུས་ཤིང་སྦྱངས། །སླར་ཡང་ཐབས་དང་ཤེས་རབ་ཀྱིས། །མཐུན་པའི་རྫས་ལྡན་བཏག་ཅིང་བཙག །གསང་བ་མཆོག་གི་དཀྱིལ་འཁོར་བཞེངས། །ཡི་གེ་དགུ་ཡི་སྔགས་ཀྱིས་སྦྱངས། །འབྲས་བུ་ལྔ་སྦྱར་བདུད་རྩིར་བཅས། །མུ་ས་ལ་ཡིས་སྤྲད་ཅིང་སྦོལ། །རྒྱས་གདབ་མངའ་གསོལ་གདབ་པར་བྱ། །གཅིག་ཏུ་བྱ་བའི་ཚུལ་དག་ཀྱང་། །དཀྱིལ་འཁོར་བདུན་དང་སྦྱོར་བ་བརྒྱད། །བཞུ་དང་བཏུལ་དང་དབབ་དང་བསྐྱིལ། །ཡི་གེ་དགུ་ཡི་འཕྲོ་འདུ་ཡིས། །མཛད་པའི་ཚུལ་གྱིས་འགྲོ་དོན་སྤྱད། །མཆོད་བསྟོད་བསྐུལ་དང་བཤགས་པ་དང་། །བཟློག་ཅིང་བསྐུལ་དང་བཅོལ་སོགས་ཀྱིས། །རྟགས་དང་ལྡན་པར་མཐར་དབྱུང་སྟེ། །རྩ་བཞིའི་རྒྱུད་ལྡན་དགོངས་པར་བྱ། །ཚོགས་ཆེན་མཆོད་པ་རྒྱུན་མི་གཅད། །གཙང་སྦྲ་གསུམ་ལ་གནས་པར་བྱ། །ཚོགས་ཆེན་གཅིག་གི་བསོད་ནམས་ནི། །རྟག་ཏུ་ཉན་ཐོས་བརྒྱར་བསགས་པས། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །མཐར་ཐུག་པར་ནི་དེ་བཤད་བྱ། །རྡོ་རྗེ་ཉི་མ་ནུབ་ནས་ནི། །དངོས་གྲུབ་ཆེན་པོ་བླང་བར་བྱ། །མཆོད་ཆེན་འདི་ནི་ཡོན་ཏན་མཆོག །ལྷ་རྣམས་ཉེར་སྐོང་ལས་རྣམས་འགྲུབ། །རིག་འཛིན་བཞི་དང་གྲུབ་པ་བརྒྱད། །ཐམས་ཅད་ང་ཡི་གསུངས་བཞིན་དུ། །འགྲུབ་པར་འགྱུར་ཏེ་གདོན་མི་ཟ། །གལ་ཏེ་བསོད་ནམས་ཡོན་ཏན་ལ། །གཟུགས་དང་དངོས་པོ་གྲུབ་འགྱུར་ན། །འཇིག་རྟེན་སྲོག་ཆགས་མ་ལུས་ཀྱིས། །བརྗོད་པར་ནུས་པ་འགྱུར་མ་ཡིན། །རྡོ་རྗེ་བདུད་རྩི་མཆོད་ཆེན་ཏེ། །ཕྱི་ནང་གསང་བ་ལྡན་པས་བཤད། །མདོར་ན་དེ་ཡི་བསོད་ནམས་ཀྱིས། །བདེ་བར་གཤེགས་པ་ཀུན་མཆོད་པས། །འདི་ཉིད་བསྒྲུབ་པའི་ཁྱད་པར་ནི། །ལྷག་པ་བས་ཀྱང་ཆེས་ལྷག་སྟེ། །འདི་མ་རྟོགས་པའི་མཆོད་པའི་སྟོབས། །ཕྱོགས་གཞན་ཀུན་ན་ཡོད་མ་ཡིན། །དེ་བས་རྟག་ཏུ་འབད་པར་བྱ། །ཞེས་གསུངས་སོ། །དཔལ་ཁྲག་འཐུང་འདུས་པ་རྩ་བའི་རྒྱུད་ལས། མཆོད་པ་ཆེན་པོའི་ལས་ཡང་དག་


DNG015_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསྡུས་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་དེས། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁམས་གསུམ་གྱི་དངོས་པོ་མྱུར་དུ་བདེ་བ་ཆེན་པོའི་ས་ལ་སྒྲོལ་ཞིང་འགོད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཁམས་གསུམ་པ་ཐམས་ཅད་ཀྱི་རྣམ་པར་ཤེས་པ་དང་རིགས་ཐམས་ཅད་རབ་ཏུ་བསྒྲལ་བའི་ཞིང་དུ་བྱིན་གྱིས་བརླབས་ཏེ། བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོས་བདག་གི་བ་དང་ཕ་རོལ་ཏུ་འཛིན་པའི་རྟོག་པ་ཡང་དག་པར་སྒྲིབ་པ། རྡོ་རྗེ་དངོས་གྲུབ་ཆེན་པོའི་ལས་རབ་ཏུ་བསྒྲུབ་པར་བྱ་བའི་ཕྱིར། འདི་སྐད་ཅེས་བཀའ་སྩལ་ཏོ། །བསྙེན་པ་རྫོགས་པའི་རྣལ་འབྱོར་པས། །དངོས་གྲུབ་མྱུར་དུ་བསྒྲུབ་འདོད་ན། །རྫས་མཆོག་མཚན་ལྡན་བརྟག་ལ་བཙལ། །རྫས་བཞི་གང་ལ་བརྟགས་ཏེ་སྦྱར། །རྒྱལ་རིགས་དང་ནི་བྲམ་ཟེ་དང་། །རྗེ་རིགས་ལ་སོགས་རིགས་བཙུན་ཞིང་། །བྱད་བཞིན་བཟང་ལ་སྨིན་དཀྱུས་རིང་། །སྐྲ་ནི་བུང་བ་ལྟར་གནག་ལ། །སོ་དམ་མཆུ་ནི་བིམ་པ་འདྲ། །མཚན་དང་ལྡན་པ་བཀྲ་ཤིས་རྫས། །ལུས་བཟང་སྐད་སྙན་ཚིག་གསལ་ཞིང་། །སྐྲ་ཁམ་ཤེལ་མིག་སོ་ཟུང་ལྷག །སྐྲ་མཚམས་ནས་ནི་སྣ་རྩེའི་བར། །སྨེ་བ་བདུན་ལྡན་སྐྱེ་བདུན་པར། །མི་ལུས་སྐྱེས་པའི་རྟགས་མཚན་ཏེ། །དག་པའི་ལྷ་རྫས་ཡིན་ཞེས་བཤད། །སྐྱེས་པ་གཞོན་ནུ་འབད་རྩོལ་ཅན། །གླང་པོ་གཡུལ་དུ་ཞུགས་པ་དེ། །བསྒྲུབ་པ་མཆོག་གི་རྫས་ཡིན་ནོ། །བསྒྲལ་ཞིང་སྤྱད་པའི་བསྒྲུབ་རྫས་ནི། །མི་རྟ་གླང་ཆེན་མཁའ་ལྡིང་ཁྱི། །ཤེལ་ནག་སྨུག་དང་ཙ་ར་སོགས། །ཐུགས་དམ་བསྐང་ཞིང་ཚངས་པར་བྱ། །སྒྲུབ་པ་པོ་ཡིས་རོལ་པའི་རྫས། །མ་ཏྲཾ་བསྒྲལ་བའི་ཞིང་བཅུ་ནི། །དམིགས་ཀྱིས་བསྒྲལ་ཞིང་མངོན་སུམ་བཙལ། །གཞན་ཡང་དབང་ཕྱུག་ཆེན་པོ་ཡིས། །དུར་ཁྲོད་རྫས་མཆོག་མ་ཉམས་པ། །བླངས་ཏེ་བསྒྲུབ་པ་བྱ་བ་ཡང་། །རྒྱུད་བཟང་རིགས་བཙུན་མཚན་དང་ལྡན། །བཀྲ་ཤིས་གཙང་ཞིང་ཡིད་ཏུ་འོང་། །དུས་ཚོད་རབ་འབྲིང་


DNG015_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་མ་ལ། །དུས་ལ་བབ་པས་བླངས་པའི་དུས། །བདག་ཉིད་ཁྲག་འཐུང་ཡབ་ཡུམ་གྱི། །རྒྱལ་ཐེབས་ཀརྨ་གིང་གསུམ་ལ། །དབང་བསྐུར་བསྲུང་བ་བྱས་ནས་ནི། །མཚོན་ཆ་བསྐུར་ཏེ་ཕོ་ཉར་བཏང་། །སྲིད་པའི་རྒྱུ་མཆོག་བསྒྲུབ་རྫས་འདི། །རྣལ་འབྱོར་དབང་ཕྱུག་དངོས་གྲུབ་རྫས། །ཁ་ཊྭཱཾ་མཚོན་ཆ་ཐོགས་ནས་སུ། །དཔལ་ཆེན་ཁྲོ་བོའི་ཏིང་འཛིན་གྱིས། །ཁམས་གསུམ་ཟིལ་གྱིས་གནན་པའི་ཕྱིར། །ཉི་ཟླའི་སྤྱན་གྱིས་གསང་བར་བྱ། །རྡོ་རྗེའི་འགྲོས་ཀྱིས་རབ་ཏུ་བཙལ། །གཤིན་རྗེའི་ཁང་ཁྱིམ་གཞོམ་པའི་ཕྱིར། །ཁ་ཊྭཱཾ་རྡོ་རྗེ་ས་ལ་གདབ། །འཆི་བདག་བདུད་དང་དབྲལ་བའི་ཕྱིར། །གཤིན་རྗེ་གཤེད་ཀྱི་ཕུར་པས་བཏབ། །དུག་ལྔ་སྐྱེ་བཞི་རྩད་གཅད་ཕྱིར། །རྡོ་རྗེ་སྡེར་མོས་བླང་བར་བྱ། །རོ་ཉིད་གཤེད་དང་དབྲལ་བའི་ཕྱིར། །སེང་ལྡེང་ཕུར་བུ་སོར་བརྒྱད་ཚད། །སྟོབས་པོ་ཆེ་ཡི་སྐུར་བྱས་ལ། །དྲག་སྔགས་བརྒྱ་དང་རྩ་བརྒྱད་བཟླས། །སྔ་མའི་བདུད་དང་ཕྱི་མའི་ལྕགས། །གཟུགས་དང་མཚན་མར་བཅས་པ་ནི། །ཕུར་བུས་བཏབ་སྟེ་སྔ་གོས་གྲིལ། །ཁུང་བུར་མནན་ཏེ་དེ་སྲོད་གཟིར། །ཕྲིན་ལས་བཞི་ཡི་གཟིར་གནན་བྱ། །ནོར་བུ་ཡིད་བཞིན་གྱུར་བསམ་སྟེ། །ལས་ཀྱི་ཀརྨས་ཁྱེར་ནས་ནི། །རྒྱལ་ཐེབས་ཀྱིས་ནི་བྱིན་གྱིས་བརླབ། །གིང་གིས་ཕྲ་མེན་འཇོ་ཚུལ་བྱ། །དུར་ཁྲོད་མ་མོ་ཁྲོ་བའི་གནས། །སྲིན་པོ་སྟག་དྲེད་འཐབ་པ་དང་། །གཅན་གཟན་འདབ་ཆགས་འདུས་སར་དྲངས། །གནས་དེར་བསྲུང་དང་བསྐྲད་པར་བྱ། །སྒྲོམ་དུ་སྩལ་ཏེ་རྒྱ་ཡིས་གདབ། །ལས་དང་ཡེ་ཤེས་ཕོ་ཉ་ཡིས། །དེ་ཡི་རྣམ་པར་ཤེས་པ་དང་། །འདོད་ཡོན་རྫས་སུ་བཅས་པ་ཀུན། །སྔ་མ་ལས་ནི་གནས་བསྒྱུར་ཏེ། །ཁྲག་འཐུང་དཀྱིལ་འཁོར་གསལ་བྱས་ནས། །ཕུང་པོ་རྡོས་བཅས་བེམ་པོ་དེ། །ཕྱོགས་བཞིར་བྲོ་བཞིས་སྦྱང་བར་བྱ། །ཡེ་ཤེས་ལྷ་དང་མཁའ་འགྲོ་མ། །ཐུགས་དམ་བསྐང་ཞིང་བསྐུལ་བར་བྱ། །ཁྲུས་བྱས་ཟླ་གམ་ནུབ་ཏུ་བཞག །འབྲུ་ལྔ་བཀོད་ལ་ལམ་ལྔ་དགག །དེ་ལ་ལྷ་རྣམས་དགོད་པ་ནི། །བདག་ཉིད་ཡབ་ཡུམ་ས་བོན་ལས། །ཡན་ལག་


DNG015_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་ལ་བསམ་པ་ནི། །རིགས་ལྔ་ཡབ་ཡུམ་དགོད་པར་བྱ། །མདུན་རྒྱབ་གཉིས་སུ་དགོད་པ་ནི། །ཨཱ་ལི་ཀཱ་ལི་བསམ་པར་བྱ། །རྣམ་ཤེས་དབང་པོ་ཡུལ་དུས་ལ། །སེམས་དཔའ་ཡབ་ཡུམ་དགོད་པར་བྱ། །སྤྱི་བོ་རྒྱབ་དང་ལྕེ་ཡི་སྟེང་། །རྐང་མཐིལ་ཡན་ཆད་ཐུབ་པ་དྲུག །མཆན་ཁུང་གཉིས་དང་མཁལ་ཁུང་གཉིས། །སྒོ་བ་ཡབ་ཡུམ་བསྒོམ་པར་བྱ། །རྣམ་སྨིན་ཟག་བཅས་ཕུང་པོ་ལ། །ཕྱག་རྒྱའི་དཀྱིལ་འཁོར་གསལ་བཀོད་ནས། །འོད་ཟེར་འཕྲོ་འདུས་སྦྱངས་བྱས་ཏེ། །དོན་གཉིས་མཐར་ཕྱིན་ཕྱག་རྒྱ་གྲོལ། །ཆོ་ག་ལྔ་དང་ཡན་ལག་ལྔས། །ཡང་དུ་ཡང་དུ་སྦྱང་བར་བྱ། །བྱང་ཤར་མཚམས་སུ་དྲངས་བྱས་ལ། །དེ་ཡི་བཤའ་ཐབས་རྒྱབ་ནས་བཤའ། །དེ་ཉིད་ཁྲག་འཐུང་ལྷ་ཚོགས་རྫས། །གློ་སྙིང་དཔལ་ཆེན་ཡབ་ཡུམ་གྱིའོ། །མིག་དང་རྣ་བ་སྣ་དང་ལྕེ། །རིགས་བཞི་ཁྲག་འཐུང་ཡབ་ཡུམ་རྫས། །བུམ་པ་བདུད་རྩི་རྣམ་པ་ལྔ། །དཔུང་པ་གཡས་གཡོན་བཞག་ཤ་དང་། །རྒྱུ་མཆིན་མགོ་ཤ་གསང་བ་རྣམས། །རྩ་བའི་ལྷ་དགུའི་རྫས་སུ་བཞག །གོ་རོ་ཙ་ན་རྒྱུང་བ་དང་། །རྐང་དང་ཚིལ་བུ་ཤ་དང་ཁྲག །སྲོག་རྩ་མཁྲིས་པ་བརྒྱད་རྣམས་ནི། །མུ་ཁ་ཕྲ་མེན་བརྒྱད་ཀྱི་རྫས། །ཡན་ལག་རྣམ་ཐར་བཞི་རྣམས་ནི། །ཡེ་ཤེས་སྒོ་མ་བཞི་ཡི་རྫས། །སྒལ་ཚིགས་ཕྲུགས་རེར་བསྡེབ་པ་ནི། །དབང་མོ་ཉི་ཤུ་བརྒྱད་ཀྱིའོ། །ཉིང་ལག་ཆེ་ཕྲར་བསྡེབ་པ་ནི། །རང་བྱུང་ཁྲོ་བོ་བཅུ་ཡི་རྫས། །ཤ་ཁྲག་རུས་པ་རྐང་དང་ཚིལ། །མཁའ་ལ་འགྲོ་མ་ཀུན་གྱི་རྫས། །མཚན་དང་ལྡན་པའི་བྷནྡྷ་ནི། །དཔལ་ཆེན་བཞུགས་པའི་རྟེན་ཡང་ཡིན། །དངོས་གྲུབ་ཆེན་པོ་བསྒྲུབ་པའི་སྣོད། །དེ་ཡི་ནང་དུ་སྩལ་བའི་རྫས། །གོ་རོ་ཙ་ན་དྲི་ཆེན་དང་། །སྙིང་དང་སྲོག་པ་རྩ་ཡི་ཁྲག །མཱཾ་ས་མཁྲིས་པ་དྲི་ཆུ་དང་། །དེ་དག་མཉམ་པའི་ཆང་དང་སྦྱར། །ཚིལ་ཆེན་སྙིང་པོ་ལྔར་སྦྱར་བ། །བརླ་རྐང་གཉིས་དང་རྗེ་ངར་རྐང་། །དུང་ཆེན་འབུད་པའི་སྒྲ་ཡི་རྫས། །དཔུང་པའི་རྐང་འགོ་རྣམས་གཉིས་ནི། །རཀྟ་སྦྲེང་བའི་གཟར་བུའོ། །


DNG015_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

བ་སུ་ཏ་ཡི་རྒྱུ་ཞགས་ནི། །ཐིག་གདབ་མཎྜལ་བསྐོར་བ་དང་། །བི་ནཱ་ཡ་ཀ་བཅིང་བའི་རྫས། །ཤུན་ཆེན་ཞིང་གི་གཡང་གཞི་ནི། །བླ་རེར་དྲེ་དང་དཔའ་བོའི་ཆས། །ཡ་འགལ་མ་འགལ་གཉིས་པོ་དེ། །ཁ་ཐམ་བྱ་བའི་རྫས་ཀྱང་ཡིན། །དེ་དང་སོག་པའི་མ་མདོ་ནི། །ཡ་མ་དམ་སྲི་མནན་པའི་རྫས། །ཤར་སྒོར་དངོས་གྲུབ་གསོལ་བྱང་དང་། །རྡོ་རྗེ་དང་ནི་དྲིལ་བུ་དང་། །བདུད་རྩི་བུམ་པ་དངོས་གྲུབ་རྫས། །དེ་དག་ཀུན་ཏུ་བྱ་བ་ནི། །དངོས་གྲུབ་རྫས་དང་ངོ་བོ་ཉིད། །སློབ་མ་ལྷ་དང་རཱུ་ཏྲ་དང་། །བསྒྲུབ་པའི་རྫས་སུ་བལྟ་བ་རྣམས། །གནས་སུ་དགོད་ཅིང་ལྷ་རུ་དམིགས། །སྨན་དུ་བཀྲོ་དང་རྫས་སུ་བསྒྲུབ། །མཆོད་པར་དབུལ་དང་རྒྱན་དུ་དགྲམ། །འབར་བར་བསྲེགས་དང་བགེགས་སུ་མནན། །ང་ཡི་སྤྱོད་པ་མཐུན་པར་སྤྱད། །ཧེ་རུ་ཀ་དཔལ་ཉིད་དུ་འགྱུར། །ཞེས་གསུངས་སོ། །དཔལ་ཁྲག་འཐུང་འདུས་པ་རྩ་བའི་རྒྱུད་ལས། དངོས་གྲུབ་ཆེན་པོ་ཉེ་བའི་སྒྲུབ་པ་ཡང་དག་པར་བསྡུས་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཧེ་རུ་ཀ་ཁྲག་འཐུང་གི་རྒྱལ་པོ་དེས་ཁམས་གསུམ་པ་ཐམས་ཅད་རང་གི་སྐུ་གསུང་ཐུགས་ཀྱི་ངང་ཉིད་དུ་བརྟན་པར་བྱ་བའི་ཕྱིར། ནམ་མཁའི་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་ཕྱི་དང་ནང་གི་དངོས་པོ་མ་ལུས་པར་སྣང་བར་བྱས་ནས། ཆོས་ཀྱི་རྒྱལ་ཚབ་ཏུ་དབང་བསྐུར་བར་བྱ་བ་བླ་ན་མེད་པའི་ས་ནོན་པར་བྱེད་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་འཕགས་པའི་ཚོགས་མ་ལུས་པ་རྣམས་ཀྱིས་བཀུར་བའི་གནས་སུ་འོས་པ། ལྷ་དང་མི་དང་ལྷ་མ་ཡིན་པ། གནོད་སྦྱིན་ལ་སོགས་པ་དྲེགས་ཤིང་གདུག་པའི་ཚོགས་ཐམས་ཅད་འདུལ་ཞིང་ཚར་གཅོད་པར་ནུས་པ། རང་གི་ལུས་དང་ངག་དང་ཡིད་ཀྱི་ལས་ཀྱི་མཐའ་མ་ལུས་པ་ཐམས་ཅད་ཧེ་རུ་ཀའི་རིག་པའི་སྐྱེས་བུ་ཆེན་པོའི་གཟུགས་ཀྱིས་འགྲོ་བའི་དོན་མ་ལུས་པར་བྱེད་པའི་ཐབས་ཆེན་པོ་འདི་དག་བཀའ་སྩལ་ཏོ། །རྡོ་རྗེ་རིགས་ཀྱི་གནས་མཆོག་ནི། །དུར་ཁྲོད་དང་ནི་ལྷ་རྟེན་གནས། །མ་མོའི་ཁྱིམ་དང་ཡིད་འོང་གནས། །དེར་ནི་ས་ཡི་ཆོ་ག་བྱས། །


DNG015_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་བུ་རྟོགས་པའི་བློ་གྲོས་ཅན། །དད་པའི་སེམས་དང་ལྡན་པ་ཡིས། །སྲོག་ལུས་མན་ཆད་རྫས་རྣམས་ཀུན། །སེར་སྣ་མེད་པའི་སེམས་ཀྱིས་དབུལ། །ཚུལ་དགུ་ལྡན་པའི་བླ་མ་ཡིས། །རྟག་པར་དབང་བསྐུར་དམ་པར་བྱ། །ཧེ་རུ་ཀ་ཉིད་དོན་གཉེར་ཞིང་། །འཇིག་རྟེན་དྲེགས་པའི་ཕྱིར་མ་ཡིན། །བརྟུལ་ཞུགས་སྤྱོད་པ་མངོན་ནུས་ལ། །ཁུར་ཆེན་ཁུར་དུ་ཁུར་ནུས་པའི། །ཡེ་ཤེས་རྡོ་རྗེ་འཐོབ་བྱེད་པ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཕོ་བྲང་སྙིང་པོ་དམ་པ་འདིར། །བདག་གི་སློབ་མ་གཞུག་པར་བྱ། །རིན་ཆེན་མེ་ཏོག་གང་གཏོར་བ། །གང་ལ་བབ་པ་དེ་ཡི་རིགས། །གཙོ་བོར་བལྟས་ནས་བསྒྲུབ་ན་ནི། །དངོས་གྲུབ་མྱུར་བར་ཐེ་ཚོམ་མེད། །ཡེ་ཤེས་དཀྱིལ་འཁོར་གཟུགས་བརྙན་ནི། །ཀུན་རྫོབ་གཟུགས་སུ་བསྟན་པ་ཡིན། །འདི་ལ་དད་པ་རབ་ཏུ་བསྐྱེད། །དངོས་གྲུབ་མ་ལུས་མངོན་དུ་འགྱུར། །དམ་ཚིག་མཆོག་ནི་འདི་བཟུང་བས། །བླ་མ་སྤུན་གྲོགས་ལྷ་དང་འཁོར། །སྔགས་དང་ཕྱག་རྒྱ་གསང་ཚིག་རྣམས། །བསྐུར་དང་མི་སྤང་བསྒྲུབ་པ་དང་། །རྒྱུན་མི་གཅད་ཅིང་ལྟངས་མ་བཏང་། །འདི་ནི་གཞི་ཡི་དམ་ཚིག་ཡིན། །སྤང་བར་མི་བྱ་དང་དུ་བླང་། །སྤྱད་པར་བྱ་ཞིང་ཤེས་པར་བྱ། །བསྒྲུབ་པར་བྱ་བའི་དམ་ཚིག་རྣམས། །སེམས་དང་སེམས་ཉིད་འདྲེས་པ་ན། །མ་བཅིངས་པ་དང་བསྒྲུབ་པ་དང་། །གཅིག་པུ་དང་ནི་ལྷུན་གྱིས་གྲུབ། །དེ་ལས་མི་འདའ་དམ་ཚིག་ཡིན། །འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་ཉམས་ན་བསྲེག་པར་བྱ། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་གྲུབ། །རང་བཞིན་ལྷུན་གྲུབ་དཀྱིལ་འཁོར་དུ། །སློབ་མ་རབ་ཞུགས་དབང་བསྐུར་ཏེ། །བྱ་བྲལ་རྫོགས་པའི་མན་ངག་བསྟན། །ཏིང་འཛིན་བརྟེན་པའི་དཀྱིལ་འཁོར་དུ། །སློབ་མ་འབྲིང་གཞུག་དབང་བསྐུར་ཏེ། །བསྐྱེད་རྫོགས་གྲུབ་པའི་མན་ངག་བསྟན། །གཟུགས་བརྙན་བསྙེན་སྒྲུབ་དཀྱིལ་འཁོར་དུ། །ཐ་མ་གཞུག་ཅིང་དབང་བསྐུར་ཏེ། །རིམ་གྱིས་བློ་སྦྱང་མན་ངག་བསྟན། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་


DNG015_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱི་བདག་པོ་ཀུན་ཏུ་བཟང་པོ་ཧེ་རུ་ཀ་ཆེན་པོ་དེ་ལ། བཅོམ་ལྡན་འདས་དཔལ་རྣམ་པར་སྣང་མཛད་ཀྱིས་སངས་རྒྱས་ཀྱི་ཞིང་རྡུལ་སྙེད་དུ་ཕྲ་བ་སྙེད་ཀྱི་དེ་བཞིན་གཤེགས་པ་ནམ་མཁའི་དབྱིངས་དང་མཉམ་པའི་དེ་བཞིན་གཤེགས་པ་ཐམས་ཅད། རྡོ་རྗེ་བཙུན་མོའི་བྷ་ག་ལ་དམ་ཚིག་ཆེན་པོའི་དཀྱིལ་འཁོར་དུ་བྱིན་གྱིས་བརླབ་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་པོ་དེ་དབང་བསྐུར་བ་ཡོངས་སུ་རྫོགས་ཤིང་མཉེས་པར་བྱ་བའི་ཕྱིར། ཉིད་ཀྱི་སྐུ་བུད་མེད་ཀྱི་གཟུགས་སུ་སྤྲུལ་ནས་བཞུགས་པར་གྱུར་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བདག་པོ་དེ། དཀྱིལ་འཁོར་གྱི་དབུས་སུ་བཞུགས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་མི་བསྐྱོད་པ་ལ་སོགས་པ་ཧེ་རུ་ཀ་རིགས་ལྔ། བྱང་ཆུབ་ཀྱི་སེམས་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལ་བཞུགས་སོ། །དེའི་ཚེ་ནམ་མཁའི་ཁམས་ཀྱི་དབྱིངས་ཐམས་ཅད་རྡོ་རྗེའི་ངོ་བོར་གནས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་མཉམ་པ་ཉིད་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས། རིག་པའི་སྐྱེས་བུ་ཆེན་པོའི་གཟུགས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོར་བྱིན་གྱིས་བརླབས་སོ། །དབང་བསྐུར་མ་ཐག་ཏུ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དེ་བཞིན་གཤེགས་པ། ཧེ་རུ་ཀ་ཞལ་གསུམ་ཕྱག་དྲུག་པར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གཟིགས་པར་གྱུར་ཏོ། །དེའི་ཚེ་ན་ནམ་མཁའི་ཁམས་ཀྱི་དབྱིངས་ན་གནས་པའི་སེམས་ཅན་ཇི་སྙེད་དུ་བྱང་ཆུབ་ཀྱི་སེམས་རྡོ་རྗེས་བྱིན་གྱིས་བརླབས་ཤིང་། དབང་བསྐུར་མ་ཐག་ཏུ་ཐམས་ཅད་ཀྱི་བདེ་བ་དང་ཡིད་བདེ་བ་ཐོབ་པར་གྱུར་ནས། མི་བསྐྱོད་པ་ལ་སོགས་པའི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ངོ་མཚར་དུ་གྱུར་ཏེ། གསང་བ་བྱང་ཆུབ་སེམས་ཀྱི་དབང་ལ་ངོ་མཐོན་དུ་ངམ་ཞིང་བསྟོད་དོ། །ཡང་དེའི་སྐལ་བ་དང་མི་ལྡན་པའི་སེམས་ཅན་གྱི་ཁམས་རྣམས་ཀྱི་དོན་གྱི་ཕྱིར་ན། ཕྱོགས་བཅུའི་ནམ་


DNG015_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

མཁའི་ཁམས་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་འདུས་ཏེ། བྱང་ཆུབ་སེམས་དཔའ་དོན་ཐམས་ཅད་རབ་ཏུ་གྲུབ་པ་ཞེས་བྱ་བ་དཀའ་བ་དཔག་ཏུ་མེད་པས་བྱང་ཆུབ་ཀྱི་སྙིང་པོར་གནས་པ་ག་ན་བ་དེར་གཤེགས་ཏེ། ཐམས་ཅད་ལོངས་སྤྱོད་རྫོགས་པའི་སྐུ་རབ་ཏུ་འབར་བར་བསྟན་ནས། འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ཁྱོད་གང་གི་དོན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་རྟོགས་པར་བྱ་བའི་ཕྱིར། དཀའ་བ་སྣ་ཚོགས་སྤྱོད་པ་ལ་སྤྲོ་བར་བྱེད། འདི་ནི་རྣམ་པར་དག་པ་མ་ཡིན་ཞིང་མཐར་ཐུག་པར་མི་འགྱུར་བའི་བསམ་གཏན་ཏེ། རང་གི་སེམས་ཉིད་འོད་གསལ་ཞིང་དྲི་མ་མེད་པ་ལ་གནས་པར་བྱོས་ཤིག་ཅེས་བཀའ་སྩལ་ནས། ཐམས་ཅད་ཀྱི་ཕྱག་གིས་སྤྱི་བོའི་གཙུག་ཏུ་རེག་པར་མཛད་པས། བྱང་ཆུབ་སེམས་དཔའ་དེས་དེ་བཞིན་གཤེགས་པ་རྣམས་ཀྱི་བྱིན་གྱིས་རླབས་ཀྱིས་བསྐུལ་ཏེ་དབང་བསྐུར་བར་རིག་ནས། ཕྱོགས་བཅུ་ན་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཞེས་བརྗོད་དེ། ཚུལ་དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལྷོ་ཕྱོགས་ཀྱི་ཤིང་སཱ་ལའི་དྲུང་བྱང་ཆུབ་སེམས་དཔའི་ཡུལ་སྟོབས་ཅན་དང་ལྕང་ལོ་ཅན་གྱི་གནས་སུ་དབང་བསྐུར་ཏོ། །དེ་བཞིན་དུ་མ་འོངས་པའི་དུས་སུ། །ཟ་ཧོར་མེ་རི་འབར་བ་དང་། །གནམ་ལྕགས་མེ་རི་འབར་བ་དང་། །མ་ལ་ཡ་ཡི་རྩེ་མོ་དང་། །ལང་ཀ་གྲུབ་པའི་ཡུལ་དག་དང་། །ཆུ་བོ་གང་གཱའི་འགྲམ་དང་ནི། །ཨངྒ་མ་ག་དྷཱ་ཡི་ཡུལ། །ཤྲཱི་ན་ལནྡཱའི་ཡུལ་དུ་ནི། །བྱིན་གྱིས་བརླབས་ཏེ་དབང་བསྐུར་བར་འགྱུར་རོ། །སྔོན་ཚེ་ཚེ་རབས་གྲངས་མེད་ནས། །དགེ་བའི་ལས་ཀྱིས་བསྟན་པ་ཡི། །ལྷག་པའི་ལྷ་ནི་གང་ཡིན་པ། །ད་ལྟ་ཉིད་དུ་ཁྱོད་ལ་དབབ། །ཨཱོཾ་དཔལ་ལྡན་རྡོ་རྗེ་འཆང་བའི་སྐུ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་ནས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེའི་སྐུར་ནི་མཛད་དུ་གསོལ། །ཨཱོཾ་བུཌྜྷ་བཻ་རོ་ཙ་ན་ཨཱོཾ། ཨཱཿཆོས་ཀྱི་ངག་ལམ་དཔལ་དང་ལྡན། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་ནས། །དེང་བདག་བྱིན་གྱིས་བརླབས་ནས་ནི། །རྡོ་རྗེའི་གསུང་དུ་མཛད་དུ་གསོལ། །ཨ་མི་དེ་བ་ཧྲཱྀཿཨཱ། ཧཱུཾ་དཔལ་ལྡན་ཐུགས་ནི་རྡོ་རྗེ་འཆང་། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་ནས། །དེང་བདག་བྱིན་གྱིས་བརླབས་ནས་


DNG015_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །རྡོ་རྗེའི་ཐུགས་སུ་མཛད་དུ་གསོལ། །ཧཱུཾ་བཛྲ་སཏྭ་ཧཱུཾ། འདི་ནི་སྔོན་དུ་འགྲོ་བ་སྟེ། །ཕྱི་ནང་གསང་བར་ཡོངས་སུ་སྦྱོར། །བུམ་པ་དབུ་རྒྱན་ཅོད་པན་དང་། །མེ་ཏོག་ཕྲེང་དང་ཕྱག་རྒྱ་དང་། །བྷནྡྷ་རྡོ་རྗེ་དྲིལ་བུ་དང་། །འདོད་ཡོན་ལྔ་དང་བདུད་རྫི་ལྔ། །ཤ་ལྔ་དང་ནི་རྫས་བརྒྱད་དང་། །རྒྱལ་པོའི་བཀའ་རྟགས་རྣམ་པ་བདུན། །ཐུན་མོང་བྱིན་གྱིས་རླབས་པའི་རྫས། །ཁྱད་པར་གསང་བར་གྱུར་པ་ནི། །ཡིད་འོང་བཀྲ་ཤིས་རིགས་ཀྱི་ཡུམ། །ཞི་རྟགས་རྒྱན་གྱིས་མཛེས་པར་བྱ། །ཐབས་ནི་གཡས་ཀྱི་ཕྱོགས་སུ་སྟེ། །དེ་བཞིན་ཤེས་རབ་གཡོན་དུའོ། །ཐབས་ཀྱི་བདག་ཉིད་གནས་ལྔ་རུ། །དཔའ་བོ་འབྲུ་ལྔའི་སྙིང་པོ་ལ། །རྒྱས་གདབ་བྱིན་བརླབ་དབང་བསྐུར་ནས། །བདེ་གཤེགས་ཡབ་ལྔའི་དཀྱིལ་འཁོར་གསལ། །དེ་ཡི་གཟུགས་ཀྱི་ཕུང་པོ་ལ། །བདེ་བར་གཤེགས་པའི་ས་བོན་ལྔ། །འཕྲོ་འདུ་གསལ་བར་གྱུར་པ་ནི། །རྒྱས་གདབ་བྱིན་བརླབ་དབང་བསྐུར་ནས། །བདེ་གཤེགས་ཡུམ་ལྔའི་དཀྱིལ་འཁོར་གསལ། །སྤྱི་བོའི་གཙུག་དང་ལྕེ་ཡི་སྟེང་། །ནུ་མའི་བར་དང་ལྟེ་བའི་སྟེང་། །གསང་གནས་ཡན་ལག་དབང་རྣམས་ནི། །རིགས་ལྔ་སེམས་དང་སྒོ་བ་བསམ། །ཞི་བ་དང་ནི་ཁྲོ་བོ་རྣམས། །སྦྱང་དང་བསྟན་པའི་ཚུལ་དུ་བྱ། །ལྷ་རྣམས་བརྡའ་འཕྲད་འོད་ཟེར་གྱིས། །དཀྱིལ་འཁོར་སྤྱན་དྲང་མཆོད་བསྟོད་ནས། །དབབ་ཅིང་བསྡིམ་པས་ཡབ་ཡུམ་གཉིས། །རྒྱལ་པོ་རྒྱལ་མོར་བྱིན་གྱིས་བརླབ། །ཡེ་ཤེས་དམ་ཚིག་ཆེན་པོ་ཡིས། །པདྨ་རིན་ཆེན་ལྡན་བྱས་ནས། །བདེ་མཆོག་སྒྱུ་མའི་བརྡས་མཚོན་ཏེ། །དབྱིངས་ཀྱི་བདེ་ཆེན་འབྱུང་བ་ནི། །རང་རིག་ཡེ་ཤེས་དེ་ལ་འོད། །ཇི་བཞིན་མཁའ་ལ་གསལ་དག་པའི། །དྲི་མེད་ཉི་མའི་འོད་བས་འཚེར། །བྱང་ཆུབ་སེམས་ནི་ཀུན་ཏུ་དག །ཁམས་གསུམ་རབ་ཏུ་འདས་ནས་ཀྱང་། །མ་ལུས་སྙིང་རྗེས་ཁྱབ་བྱས་ཏེ། །འདོད་པར་བྱ་


DNG015_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

བ་རབ་ཏུ་མཉེས། །འོད་འདུས་ཐོག་མའི་གཟུགས་ལ་གཟུད། །རྒྱལ་པོ་ཡབ་ཡུམ་གཉིས་མེད་སྦྱོར། །རང་རིག་བདེ་འབྱུང་གསལ་བའི་རྒྱུན། །འཕྲོ་འདུ་གསལ་བའི་རིན་ཆེན་གྱིས། །སློབ་མ་བྱིན་བརླབ་དབང་བསྐུར་བྱ། །དེ་ནི་ཕན་པའི་བྱིན་རླབས་སོ། །ནུས་པར་བྱེད་པའི་བྱིན་རླབས་ནི། །ཉན་པ་དང་ནི་བསྒྲུབ་པ་དང་། །ལས་བྱེད་པ་དང་འཆད་པ་དང་། །ནུས་པ་ཆེན་པོར་བསྒྲུབ་པའོ། །དེ་ཡི་ཁྱད་པར་བསྒྲུབ་པ་ནི། །ཟླ་གམ་གཅིག་གམ་དྲུག་ཅུའི་བར། །རྡོ་རྗེ་རྒྱལ་པོ་རྒྱལ་ཐེབས་དང་། །སྦྱོར་སྒྲོལ་གིང་དང་ལས་མཁན་དང་། །བསྒྲུབ་པ་གྲོགས་མཆོག་དབང་རྣམས་ནི། །ཐབས་དང་ཤེས་རབ་དབང་ཆེན་ཏེ། །རྡོ་རྗེ་དྲིལ་བུའི་རིག་པ་འཛིན། །མྱ་ངན་འདས་དང་འཁོར་བ་ཡི། །ཆོས་ལ་འདོད་བཞིན་བྱིན་གྱིས་བརླབ། །བློ་བྲལ་འདི་ལ་གནས་པ་ཡིས། །རྣལ་འབྱོར་དེ་ནི་སྐལ་བ་བཟང་། །བདག་དང་གཞན་དོན་མི་འབྱེད་པས། །སྒྱུ་མ་ལྷུན་གྲུབ་ཡུལ་ལ་རོལ། །རང་གི་མཐུ་ཡི་རིག་པ་ལས། །ཆོས་ནི་གཞན་ནས་འབྱུང་མི་འགྱུར། །ཅི་སྟེ་རྣམ་པ་ཡོངས་ཀྱིས་མེད། །རྣལ་འབྱོར་ནམ་མཁའི་ལམ་ལ་གནས། །མ་བྱུང་མ་སྐྱེས་སྙིང་པོ་ལ། །སྒྲོ་བཏགས་ཆོས་ཀུན་ག་ལ་ཡོད། །དབང་ཐོབ་མཛེས་པ་དེ་དག་གི། །དུལ་བའི་སེམས་སུ་བཞག་ནས་ནི། །དམ་ཚིག་ཆེན་པོ་བདེ་བར་གནས། །ཁྱོད་ཀྱིས་སྲོག་ཆགས་གསད་པར་བྱ། །རྫུན་གྱི་ཚིག་ཀྱང་སྨྲ་བར་བྱ། །མ་བྱིན་པར་ཡང་ཁྱོད་ཀྱིས་ལོང་། །ཕ་རོལ་བུད་མེད་སྤྱད་པར་བྱ། །རྡོ་རྗེའི་ལམ་ནི་འདི་དག་གིས། །སེམས་ཅན་ཐམས་ཅད་བསྐུལ་བར་བྱ། །དཀའ་ཐུབ་དག་གིས་གཟིར་མི་བྱ། །ཅི་བདེ་བར་ནི་བདེ་བར་སྤྱད། །འདི་ནི་སངས་རྒྱས་བྱེད་སྤྱོད་ཡིན། །རྣལ་འབྱོར་ལོངས་སྤྱོད་ཐམས་ཅད་ལ། །ཅིས་ཀྱང་མ་འཇིགས་དགའ་བར་གྱིས། །སྡིག་པ་མེད་ཀྱི་ཁྱོད་མ་འཇིགས། །གཞན་ཡང་དམ་ཚིག་ལ་སྡང་ཞིང་། །སྐྱེ་བོ་གང་དག་བསྟན་ལ་གནོད། །


DNG015_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

བརྟུལ་ཞུགས་ཁྱོད་ཀྱིས་དེ་དྲངས་ལ། །ཁྲག་ཆེན་པོ་ནི་བཏུང་བར་གྱིས། །སྐལ་ངན་འཇིག་རྟེན་ཉན་ཐོས་ལ། །ནམ་ཡང་དགའ་བར་མི་བྱ་སྟེ། །སྐལ་བཟང་ཧེ་རུ་ཀ་དཔལ་གཙོ། །ཁྱོད་ཀྱིས་རྟག་ཏུ་བསྒྲུབ་པར་གྱིས། །ཞེས་གསུངས་སོ། །དཔལ་ཁྲག་འཐུང་འདུས་པ་རྩ་བའི་རྒྱུད་ལས། ཧེ་རུ་ཀ་བྱིན་གྱིས་བརླབས་པ་རྡོ་རྗེ་དམ་ཚིག་འབྱུང་བའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རབ་ཏུ་གནས་པར་བྱེད་པའི་ཧེ་རུ་ཀ་ཆེན་པོ་དེས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་རྡོ་རྗེའི་བ་སྤུའི་བུ་གར་བསྡུས་ཏེ། སྐུའི་དབྱིབས་སུ་བརྒྱུད་ཅིང་རྡོ་རྗེའི་ལམ་དུ་ཕྱུང་སྟེ། ཡུམ་གྱི་མཁའ་ལ་ཕབ་ནས། བྱང་ཆུབ་ཀྱི་སེམས་ཧཱུཾ་གི་རང་བཞིན་དུ་བྱས་ནས། དཔལ་ཧེ་རུ་ཀ་འཇིགས་བྱེད་ཆེན་པོའི་སྐུ་ལ། དུར་ཁྲོད་ཆེན་པོའི་ཆས་ཀྱིས་བརྒྱན་པ། ཕྱག་ན་གདུག་བྱེད་ཀྱི་མཚོན་ཆ་ཐོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་ངོ་བོར་བཞེངས་ཏེ། སྲིད་གསུམ་གདུག་པ་འདུལ་བའི་ཕྱིར། །ཞེ་སྡང་ཆེན་པོའི་སྐུར་བསྟན་ཏེ། །དེ་བཞིན་ཉིད་ཀྱི་དབྱིངས་ཉིད་ནས། །ཁྲོ་མོ་དབང་ཕྱུག་མངོན་དུ་ཕྱུང་། །བྱང་ཆུབ་སེམས་ཀྱི་སྤྲིན་ཚོགས་ལས། །མཉམ་པ་ཉིད་ཀྱི་ཏིང་འཛིན་གྱིས། །ཆོས་ཀུན་གཉིས་མེད་བྱིན་གྱིས་བརླབས། །དབང་བསྐུར་ཐབས་ཀྱི་ཏིང་འཛིན་གྱིས། །གནས་མཆོག་དམ་པར་བྱིན་གྱིས་བརླབས། །རོལ་པ་ཆེན་པོའི་ཏིང་འཛིན་གྱིས། །བསྒྲུབ་པའི་བདག་པོར་བྱིན་གྱིས་བརླབས། །ཤེས་རབ་སྙིང་རྗེའི་ཏིང་འཛིན་གྱིས། །ཡུམ་དང་རྒྱུ་ལ་བྱིན་གྱིས་བརླབས། །ཚོགས་ཆེན་རྫོགས་པའི་ཏིང་འཛིན་གྱིས། །བསྒྲུབ་པའི་རྫས་མཆོག་བྱིན་གྱིས་བརླབས། །རིགས་ཀྱི་སེམས་དཔའི་ཏིང་འཛིན་གྱིས། །སློབ་མ་གསར་བུ་བྱིན་གྱིས་བརླབས། །ཁམས་གསུམ་ཡོངས་སྒྲོལ་ཏིང་འཛིན་གྱིས། །ཏ་ན་ཆེན་པོའི་བྱིན་གྱིས་བརླབས། །སྲིད་གསུམ་བདེ་སྦྱོར་ཏིང་འཛིན་གྱིས། །ག་ཎ་མཁའ་འགྲོའི་བྱིན་གྱིས་བརླབས། །དེ་བཞིན་ཉིད་ཀྱི་ཏིང་འཛིན་གྱིས། །ཕྱི་ནང་ཆོས་ཀུན་བྱིན་གྱིས་བརླབས། །ཀུན་ཏུ་སྣང་གི་ཏིང་འཛིན་གྱིས། །སྙིང་རྗེའི་ཡུལ་རྣམས་བྱིན་གྱིས་བརླབས། །


DNG015_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་དག་རྒྱུ་ཡི་ཏིང་འཛིན་གྱིས། །རང་གི་སེམས་ཉིད་བྱིན་གྱིས་བརླབས། །དབང་ཆེན་མཁའ་དབྱིངས་ཏིང་འཛིན་གྱིས། །ཕྱི་ནང་འབྱུང་བ་བྱིན་གྱིས་བརླབས། །བསོད་ནམས་གཏེར་འབྱིན་ཏིང་འཛིན་གྱིས། །གཞལ་མེད་ཁང་པ་བྱིན་གྱིས་བརླབས། །ཡི་གེ་འཕྲོ་འདུའི་ཏིང་འཛིན་གྱིས། །དམ་ཚིག་སེམས་དཔའ་བྱིན་གྱིས་བརླབས། །ཕྱག་རྒྱ་འབར་བའི་ཏིང་འཛིན་གྱིས། །ཡེ་ཤེས་སེམས་དཔའ་བྱིན་གྱིས་བརླབས། །གནས་གསུམ་དག་པའི་ཏིང་འཛིན་གྱིས། །མཆོད་པའི་རྫས་ཀུན་བྱིན་གྱིས་བརླབས། །ཤེས་རབ་རྩལ་གྱི་ཏིང་འཛིན་གྱིས། །ལྷག་པའི་རྒྱན་རྟགས་བྱིན་གྱིས་བརླབས། །དུས་བཞི་མཉམ་སྦྱོར་ཏིང་འཛིན་གྱིས། །སྦྱོར་དང་སྒྲོལ་བ་བྱིན་གྱིས་བརླབས། །ཞེས་གསུངས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡང་དག་པའི་ཕྲིན་ལས་ཀྱི་བདག་ཉིད་བྱམས་པ་དང་སྙིང་རྗེ་རབ་ཏུ་བརྟན་པ། བྱང་ཆུབ་ཀྱི་སེམས་ཀྱི་ངང་ལས་ཐུགས་ཆོས་ཉིད་ཀྱི་ཞི་བའི་ངང་ལས་མ་གཡོས་ཀྱང་ཁྲོ་བོ་འབར་བ་ཁྲག་འཐུང་ཆེན་པོའི་ཚུལ་དུ་ཕྱུང་བ་ནི། མི་གཡོ་ཕྱག་རྒྱ་ཆེན་པོའི་ངང་། །ཆོས་ཀྱི་སྐུ་ལས་བཞེངས་ནས་ཀྱང་། །སེམས་ཅན་ཐམས་ཅད་ཁྲོ་བའི་ཕྱིར། །རྡོ་རྗེ་ཡང་ནི་ཁྲོ་བར་བྱ། །ཞེས་གསུངས་ནས། ཉོན་མོངས་ཅན་གྱི་སེམས་ཅན་རིས་སོ་སོའི་གནས་ནས་དྲངས་པ་དང་། དངོས་གྲུབ་ཀྱི་རྣམ་པར་བསྡུ་བ་དང་།གནས་སྦྱང་བ་དང་། བསྒྲལ་ཞིང་སླར་གསོ་བ་དང་། ལས་རབ་ཏུ་གྲུབ་པར་བྱ་བའི་རིམ་པ་དག་དང་། གཞན་ཡང་དཔལ་ཆེན་པོའི་ཡེ་ཤེས་སེམས་དཔའི་འཁོར་རྒྱ་མཚོ་དང་བཅས་པ་ཕྱི་དང་ནང་གི་རྣལ་འབྱོར་མ་དང་། གྲུབ་པ་མོ་དབང་ཕྱུག་ཆེན་མོ་དང་བཅས་པ་དཔང་དུ་གསོལ་ཏེ། གང་ཞིག་བསྟན་པ་ལ་སྡང་བ་ཐུགས་རྗེ་ཆེན་པོས་མ་བསྒྲལ་དུ་ཟིན་ན། རྣལ་འབྱོར་ཆེན་པོའི་སྒོར་ཞུགས་ཀྱང་ཚུལ་བཞིན་དུ་མ་གྱུར་ཏེ། དེ་བཞིན་གཤེགས་པའི་གསུང་མ་བཟུང་བར་འགྱུར་བས། རྣམ་པར་ཤེས་པ་བླ་ན་མེད་པའི་གནས་སུ་བསྒྲལ་བར་བྱ་བ་ནི། ཆོས་ཉིད་ཀྱི་ཁྱད་པར་རོ། །


DNG015_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་པ་ཆེན་པོའི་ལམ་ཆེན་འདིར། །བྲོད་པ་ཅན་དག་འགྲོ་བ་ལྟར། །སྐལ་བར་ལྡན་པའི་ནང་ན་ཁྱོད། །བདེ་བར་འོངས་སོ་ལེགས་པར་འོངས། །བདེ་གཤེགས་ཐུགས་རྗེ་སྒྲོལ་ལ་མཁས། །བློ་ངན་སེམས་ཅན་སྙིང་རིང་ཅན། །གཉིས་སུ་མེད་པར་བསྒྲལ་བར་སྣང་། །ཁམས་གསུམ་ནས་བྱུང་སེམས་ཅན་རྣམས། །རྡོ་རྗེའི་སྐུ་ཡི་ཁྱད་པར་གྱིས། །འོད་ཟེར་ཚུལ་གྱིས་བསྡུས་ནས་ནི། །དེ་དག་བདག་གིས་གཟུགས་ལ་གཟུད། །སྤྲོ་བསྡུ་རྡོ་རྗེ་ཐམས་ཅད་ཀྱི། །སྐུ་དང་ཡེ་ཤེས་མཆོག་ཏུ་བསྒྲལ། །ལས་ལ་བབ་པའི་རྣལ་འབྱོར་པས། །དུས་ལ་བབ་པའི་སེམས་ཅན་འདི། །གཉིས་མེད་ཕྱག་རྒྱ་ཆེན་པོ་ཡི། །དུས་ལ་བབ་པོ་ས་མ་ཡ། །ཨཱོཾ་ཀ་རེ་ཀ་ཧ་ཙ་རོ་པ་ཧོ་ས་མ་ཡ་སྟྭཾ། མཐའ་མེད་འགོག་མེད་མི་འཛིན་པའི། །རྣལ་འབྱོར་མཉམ་ཉིད་ཐོད་རྒལ་དུ། །ཁྲོ་གཏུམ་རྔམ་ཞི་ལ་སོགས་པ། །སྣ་ཚོགས་སྟོན་ཡང་སེམས་མི་གཡོ། །ཨ་ཙ་ལ་ས་མ་ཡ་དྷརྨཱ་དྷཱ་ཏུ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཁྲོ་བོའི་མཚན་མེད་བྱམས་པར་གནས། །གསོད་བྱེད་སྙིང་རྗེའི་མཚན་ཉིད་དེ། །བསྒྲལ་ནས་བསྟབ་པ་དགའ་བའི་མཆོག །ཡལ་བར་མི་འདོར་བཏང་སྙོམས་སོ། །ཨཱོཾ་མ་ཧཱ་ཀ་རུ་ཎ་མ་ཧཱ་མཻ་ཏྲི་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། དྲོད་དབུགས་རླན་ལས་རཾ་ཡཾ་ཁཾ། །བསྲེག་ཅིང་རྟོག་ལ་བཀྲུ་བར་བྱ། །ཆུ་ཤེལ་དཀྱིལ་འཁོར་སྐྱེ་མེད་བསམ། །ཞེ་སྡང་སེར་སྣ་གཏི་མུག་ནི། །དམྱལ་བ་བྱོལ་སོང་ཡི་དྭགས་ལམ། །ང་རྒྱལ་འདོད་ཆགས་ཕྲག་དོག་ནི། །ལྷ་དང་ལྷ་མིན་མི་ཡི་ལམ། །དགེ་བཅུ་བསམ་གཏན་སྙོམས་འཇུག་ནི། །གོང་མ་གསུམ་དུ་སྐྱེ་བའི་རྒྱུ། །དེ་དག་རང་བཞིན་མེད་ཤེས་ཤིང་། །སེམས་མི་སྐྱེ་བ་སྐྱེ་རྒྱུན་གཅོད། །ཨ་ནྲྀ་སུ་ཏྲི་པྲེ་དུ་ཛཿ། རྒྱུད་དྲུག་འཁོར་བ་རྩད་བཅད་ནས། །རྒྱུད་ལྔ་ལམ་གྱི་སྒོ་དགག་ཕྱིར། །ཨཱོཾ་ཨཱཿཧཱུཾ་ཧྲཱྀཿསྭཱ་ཧཱ། སོ་སོའི་སྐྱེ་གནས་སྒོ་བཀག་ནས། །མཉེས་པ་ལྔ་དང་སྟོང་པ་ལྔ། །སྐོང་བ་དང་ནི་གྲུབ་པ་ལྔ། །འབྲས་བུ་ལྔ་ཡི་འདི་དག་བསྟན། །ཞེས་གསུངས་སོ། །ཞེས་


DNG015_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཁྲག་འཐུང་འདུས་པ་རྩ་བའི་རྒྱུད་ལས། སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ཆེན་པོ་སྒྲོལ་བ་བླ་ན་མེད་པའི་ཕན་ཡོན་ཡང་དག་པར་བཤད་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཧེ་རུ་ཀ་དེ། འདུས་པའི་འཁོར་རབ་ཏུ་བསྡིག་པའི་ཕྱིར། ཉིད་ཀྱི་སྐུ་ལས་ཁྲོ་བོ་ཆེན་པོ་ཉོན་མོངས་པའི་ཚོགས་མ་ལུས་པ་ཞལ་དུ་རྔུབ་པར་བྱེད་པའི་ཁྲག་འཐུང་གི་ཚོགས་བྱེ་བ་གྲངས་མེད་པ་དང་། ཁྲོ་མོ་དབང་ཕྱུག་གི་གཙོ་མོ་དང་། མ་མོ་དང་། ཕྲ་མེན་མ་དང་། མཁའ་འགྲོ་མ་དང་། མ་མོ་དང་། སྲིན་མོ་དང་། ལུ་གུ་རྒྱུད་དང་། ཕོ་ཉ་མོ་དང་། སའི་བདག་མོ་དང་། ལང་ཀའི་ཚོགས་དང་། གིང་གི་གཙོ་བོ་དང་གཡོག་ཏུ་བཅས་པ་དང་། འབར་མ་དང་། སྲིན་མོའི་ཚོགས་དང་། བར་སྣང་ཡངས་པ་ལ་རྒྱུ་བའི་མཁའ་འགྲོ་མ་རྣམས་མངོན་དུ་ཕྱུང་སྟེ། དེ་དག་ཀྱང་ཤ་ཟ་ཁྲག་འཐུང་བ་ལ་དགའ་བ་དང་། མཆེ་བ་ཅན་དང་།གཤོག་པ་ཅན་དང་། ནུ་མ་ཅན་དང་། སྡེར་མོ་ཅན་གྱི་ཚོགས་ཇི་སྙེད་པ་གང་དག་གི། གང་དག་འདའ་བར་བྱེད་པ་རྣམས་ཚར་གཅོད་པར་དབང་བསྐུར་ཏེ།བྲན་གྱི་ཚོགས་བཞིན་དུ་མཛད་ནས། དམ་ཚིག་གི་བྱ་ར་ལ་བཞག་སྟེ། འདི་སྐད་ཅེས་བཀའ་སྩལ་ཏོ། །ཉོན་ཅིག་གདུག་པ་ཅན་གྱི་ཚོགས། །ང་ཡི་བསྟན་པའི་ཚུལ་འདི་ཉིད། །མ་འོངས་པ་ན་སྙིགས་མའི་དུས། །ཤིན་ཏུ་གདུལ་བར་དཀའ་བ་འབྱུང་། །བྱམས་དང་སྙིང་རྗེས་གཞི་བཟུང་བའི། །ཀུན་ཏུ་བཟང་པོའི་ས་ཆེན་ལ། །མྱུར་དུ་འབད་པས་བསྒྲལ་བར་བྱ། །སྐུ་དང་གསུང་དང་ཐུགས་ཀྱི་བདག །ཚེ་ལུང་རྡོ་རྗེའི་དངོས་གྲུབ་གཞི། །ཁྱེད་ཀྱིས་དེ་ལ་མྱུར་དུ་གསོལ། །ཉོན་མོངས་ལས་དང་བག་ཆགས་དང་། །རྣམ་པར་སྨིན་པ་སྙོམས་པར་འཇུག །སྤྲུལ་པ་དང་ནི་ཆོས་ཀུན་གྱིས། །ང་ཡི་ས་ལ་སྒྲིབ་པ་སྦྱངས། །རྟོགས་པ་དང་ནི་ཐུགས་རྗེ་ཡིས། །གཟས་པ་པོ་དང་བདག་ཉིད་དང་། །ཐུན་མོང་ཕལ་པ་བསྒྲལ་ཞིང་གསོ། །རྒྱལ་པོ་མེ་དང་ཆུ་དང་དུག །སྦྲུལ་དང་གཅན་གཟན་ཁྲོ་བོ་དང་། །མི་རྒོད་ཆོམ་རྐུན་གདོན་


DNG015_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀུན། །ང་ལ་གང་ལྟོས་ཞི་བར་གྱིས། །ཚེ་དབང་དཔལ་དང་དབང་ཕྱུག་དང་། །གྲགས་པ་དང་ནི་ལོངས་སྤྱོད་ཚོགས། །གང་འདོད་དེ་ལ་རྒྱས་པར་གསོལ། །ཕ་མ་མཁན་པོ་སློབ་དཔོན་དང་། །རྒྱལ་པོ་རྗེ་དཔོན་ཚུལ་དག་ནི། །མ་ལུས་དེ་ཡི་དབང་དུ་བསྡུས། །སྟོང་ཕྲག་བརྒྱད་ཅུའི་བགེགས་དང་བདུད། །མི་དང་མི་མ་ཡིན་གྱི་ཚོགས། །ང་ལ་མི་མཐུན་མངོན་དུ་སྤྱོད། །ཀྱེ་ཀྱེ་ཁྱེད་རྣམས་བརྩོན་པས་ང་ལ་ཉོན། །ང་ཡི་བསྟན་པ་འདི་ལྟ་བུ། །འདས་དང་མ་འོངས་དུས་རྣམས་ལ། །ཤིན་ཏུ་དཀོན་ཞིང་རྙེད་པར་དཀའ། །དེ་ཕྱིར་ང་ཡིས་ཁྱེད་རྣམས་ལ། །གདམས་ཤིང་ཡོངས་སུ་བསྟན་པ་ཡིན། །ཞེས་གསུངས་སོ། །དཔལ་ཁྲག་འཐུང་འདུས་པ་རྩ་བའི་རྒྱུད་ལས། ལས་ཀྱི་གཉེར་གཏད་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་དཔལ་ཆེན་པོ་ཉིད་ལས་སྤྲུལ་པའི་ཁྲོ་བོ་དང་ཁྲོ་མོའི་ཚོགས་དང་། མ་མོ་དང་མཁའ་འགྲོའི་ཚོགས་དང་། ཕྲ་མེན་མ་དང་། ཕོ་ཉའི་ཚོགས་དང་བཅས་པ་དེ་དག་གི་མགྲིན་གཅིག་ཏུ། འདི་སྐད་ཅེས་བསྟོད་དོ། །བདག་མེད་ཕྱོགས་བྲལ་དོན་དམ་ཐུགས་ཆུད་ཅིང་། །བྱམས་དང་སྙིང་རྗེས་དགྲ་ཟིན་མི་མངའ་ཞིང་། །གདུག་པ་འདུལ་ཕྱིར་དུས་ལས་མི་འདའ་བའི། །འཇིགས་བྱེད་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཞེས་པ་ལ་སོགས་པས་བསྟོད་དེ། ཕྱག་འཚལ་ཞིང་ཞབས་ལ་སྤྱི་བོས་གཏུགས་ནས། དཔལ་ཆེན་པོ་ཉིད་ཀྱི་བསྟན་པའི་གཉེར་གཏད་པ་རྣམས་བསྲུངས་ཤིང་སྐྱོང་བར་ཁས་བླངས་ཤིང་། དམ་བཅས་སོ། །ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དང་ཕྲིན་ལས་རྣམས་ལ་རྗེས་སུ་ཡི་རང་ཞིང་མངོན་པར་དགའོ། །དེ་ནས་འཁོར་གྱི་ཚོགས་མ་ལུས་པ་དེ་དག་ནི། དཔལ་ཆེན་པོ་ཉིད་ཀྱི་སྐུ་ལ་འོད་ཟེར་གྱི་ཚུལ་དུ་ཐིམ་པར་གྱུར་ཏེ། དཔལ་ཆེན་པོ་ཧེ་རུ་ཀ་ཡབ་ཡུམ་ཉིད་ཀྱང་། རོལ་པ་ཆེན་པོའི་རོས་ཚིམས་པར་མཛད་ནས། བདེ་བ་ཆེན་པོའི་ངང་སྐྱེ་བ་མེད་པའི་ཆོས་ཀྱི་སྐུ་མཉམ་པ་ཉིད་ཀྱི་ཀློང་དུ་ཐིམ་པར་གྱུར་ཏོ། །སེམས་ཅན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་ཀྱང་། དཔལ་
ཆེན་པོ་ཡབ་ཡུམ་གྱི་བྱིན་གྱིས་རླབས་ཀྱིས། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་སྟེ། ཆོས་ཀྱི་མིག་རྣམ་པར་དག་ནས། ལྷུན་གྱིས་གྲུབ་པའི་ས་ལ་རབ་ཏུ་ཉེ་བར་གནས་པར་གྱུར་ཏོ། །དཔལ་ཁྲག་འཐུང་འདུས་པ་རྩ་བའི་རྒྱུད་ལས། བྱིན་གྱིས་རླབས་པའི་ཆོ་འཕྲུལ་གྱི་དཀྱིལ་འཁོར་རྣམ་པར་བསྡུས་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།བཅོམ་ལྡན་འདས་གསང་བ་དཔལ་ཧེ་རུ་ཀའི་གལ་པོ་བསྡུས་པ། དཔལ་ཁྲག་འཐུང་འདུས་པ་རྩ་བའི་རྒྱུད་ཅེས་བྱ་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་། བོད་ཀྱི་ལོཙྪ་བ་བཻ་རོ་ཙ་ན་བདག་གིས་བསྒྱུར་ཞིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།རྒྱལ་པོའི་བླ་དཔེའོ། །གཏེར་རྒྱ། སྦས་རྒྱ། གཏད་རྒྱ། རྒྱ་རྒྱ་རྒྱ།། །།

གཤིན་རྗེ་གཤེད་རབ་ཏུ་འདུས་པ་རྩ་བའི་རྒྱུད་ཅེས་བྱ་བ།


DNG015_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཡ་མཱནྟ་ཀ་ས་མུ་དཱ་ཡ་མཱུ་ལ་ཏན་ཏྲ་ནཱ་མ། བོད་སྐད་དུ། གཤིན་རྗེ་གཤེད་རབ་ཏུ་འདུས་པ་རྩ་བའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འཇིགས་བྱེད་ཁྲོ་བོའི་རྒྱལ་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གཤིན་རྗེ་ཐམས་ཅད་ཀྱི་གཤེད། སྐུ་འཇིགས་བྱེད་ཀྱི་རྒྱལ་པོ་ཆེན་པོ་དེ། འོག་མིན་གྱི་གནས་རི་རབ་ཆེན་པོའི་ཁང་བཟངས་དམ་པ་ཡངས་ཤིང་རྒྱ་ཆེ་བ། ནམ་མཁའི་མཐའ་དང་མཉམ་པ་ན། སྐུ་གསུང་ཐུགས་ཀྱི་རོལ་པ་ཆེན་པོ་བསམ་གྱིས་མི་ཁྱབ་པས་བཞུགས་པའི་དུས་ཀྱི་ཚེ། འཁོར་འདུས་པ་ནི། སྐུ་གསུང་ཐུགས་ཀྱི་སྲས་དམ་པའི་མཆོག་ཏུ་གྱུར་པ་གཤིན་རྗེ་གཤེད་ཀྱི་རྒྱལ་པོ་ཞེས་བྱ་བ་དང་། མྱོས་བྱེད་འབར་བ་ཞེས་བྱ་བ་དང་། འཕགས་པ་དམར་པོ་ཞེས་བྱ་བ་དང་། རལ་པ་དགུ་པ་ཞེས་བྱ་བ་དང་། རིགས་ཀྱི་སྲས་ཆེན་པོ་དེ་དག་གི་སྐུ་ལ་དགྱེས་པར་སྦྱོར་བའི་ཡུམ། རལ་པ་གཅིག་མ་ཞེས་བྱ་བ་དང་། གཏུམ་མོ་ཆེན་མོ་ཞེས་བྱ་བ་དང་། འོད་ཟེར་ཅན་མ་ཞེས་བྱ་བ་དང་། དཔལ་ཆེན་མོ་ཞེས་བྱ་བ་དང་། དེ་དག་གི་ཕྲིན་ལས་རྫོགས་པར་བྱེད་པ། སྒྲོལ་བའི་ཡུམ་ནག་མོ་ཆེན་མོ་ཞེས་བྱ་བ་


DNG015_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

དང་། འདོད་ཆགས་ཁྲག་གི་བདག་མོ་ཞེས་བྱ་བ་དང་། གླིང་བཞི་རབ་ཏུ་འབྱམས་མ་ཞེས་བྱ་བ་དང་། སྲིན་མོ་མགོ་འཕྱངས་མ་ཞེས་བྱ་བ་དང་། གཞན་ཡང་གཤིན་རྗེའི་གཙོ་བོ་ཆེན་པོ་ནག་པོའི་ཚོགས་འཇོམས་ཞེས་བྱ་བ་དང་། དབང་ཕྱུག་རྫོགས་པ་ཞེས་བྱ་བ་དང་། སྲིད་པ་འཇོམས་པ་ཞེས་བྱ་བ་དང་། དོམ་གྱི་གླང་མགོ་ཅན་ཞེས་བྱ་བ་དང་། ཡ་བ་ཏི་ཞེས་བྱ་བ་དང་།མིག་དམར་ཞེས་བྱ་བ་དང་། རབ་ཏུ་དམིགས་པ་ཞེས་བྱ་བ་དང་། ཤིན་ཏུ་ཏེལ་པ་ཞེས་བྱ་བ་དང་། བདུད་འཇོམས་པ་ཞེས་བྱ་བ་དང་། ཆོས་ཀྱི་རྒྱལ་པོ་ཞེས་བྱ་བ་དང་། འབར་བ་དམར་པོ་ཞེས་བྱ་བ་དང་། ཐོད་དབྱུག་ཅན་ཞེས་བྱ་བ་དང་། དེ་དག་གི་སྐུ་ལ་རབ་ཏུ་སྦྱོར་བའི་ཡུམ་ནག་མོ་རལ་གཅིག་མ་ཞེས་བྱ་བ་དང་། ཤེལ་གྱི་གདོང་དགུ་མ་ཞེས་བྱ་བ་དང་། ཁྲོ་མོ་ཤེལ་མིག་མ་ཞེས་བྱ་བ་དང་། དཀར་སྐྱ་མཆེ་གཙིགས་མ་ཞེས་བྱ་དང་། དྲེད་ཀྱི་ཨག་ཤམ་ཅན་ཞེས་བྱ་བ་དང་། ཁྲག་གི་རལ་གཅིག་མ་ཞེས་བྱ་བ་དང་། ཀླུ་མོ་པུས་འགྲོ་མ་ཞེས་བྱ་བ་དང་། སྤྱན་གསུམ་མཆེ་གཙིགས་མ་ཞེས་བྱ་བ་དང་། སྨུག་ནག་རལ་གཅིག་མ་ཞེས་བྱ་བ་དང་། རྡོ་རྗེའི་རལ་པ་ཅན་ཞེས་བྱ་བ་དང་། དམར་མོ་མགོ་དགུ་མ་ཞེས་བྱ་བ་དང་། ནག་མོ་ཕག་མགོ་ཅན་ཞེས་བྱ་བ་དང་། གཤིན་རྗེ་བྱ་རྒོད་ཀྱི་མགོ་ཅན་ཞེས་བྱ་བ་དང་། སྟག་གི་མགོ་ཅན་ཞེས་བྱ་བ་དང་། ཀང་ཀའི་མགོ་ཅན་ཞེས་བྱ་བ་དང་། སྤྱང་ཀིའི་མགོ་ཅན་ཞེས་བྱ་བ་དང་། གཞན་ཡང་གསོད་པར་བྱེད་པའི་ཕོ་ཉ་བཞི་དང་། གསོད་པར་བྱེད་པའི་བདུད་བཞི་དང་། ཁྲམ་ལ་འདེབས་པའི་རྩིས་པ་བཞི་དང་། སྲོག་ལ་དབང་བའི་བཤན་པ་བཞི་དང་། གཞན་ཡང་འཇིག་རྟེན་གྱི་དྲེགས་པ་ཅན་ཕོ་དང་མོའི་རྣམ་པ་དང་། རྗེ་དང་བྲན་གྱི་རྣམ་པ་དང་། འཁོར་དང་གཡོག་གི་རྣམ་པ་དང་། བུ་དང་བུ་མོའི་རྣམ་པ་དང་། གཞན་ཡང་ལྷའི་གཟུགས་དང་། ལྷ་མ་ཡིན་གྱི་གཟུགས་དང་། ནམ་མཁའ་ལྡིང་གི་གཟུགས་དང་། ཀླུའི་གཟུགས་དང་། གནོད་སྦྱིན་གྱི་གཟུགས་དང་། སྲུལ་པོའི་གཟུགས་དང་། ལུས་སྲུལ་པོའི་གཟུགས་དང་། ཡི་དྭགས་ཀྱི་གཟུགས་དང་། ཤ་ཟའི་གཟུགས་དང་།


DNG015_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

གྲུལ་བུམ་གྱི་གཟུགས་དང་། ལྟོ་འཕྱེ་ཆེན་པོའི་གཟུགས་དང་། དྲི་ཟའི་གཟུགས་དང་། སྲིན་པོའི་གཟུགས་དང་། དུད་འགྲོའི་གཟུགས་དང་། བྱོལ་སོང་གི་གཟུགས་དང་། དམྱལ་བའི་གཟུགས་དང་། སྐུའི་སྤྲུལ་པ་དང་། གསུང་གི་སྤྲུལ་པ་དང་། ཐུགས་ཀྱི་སྤྲུལ་པ་དང་། ཡོན་ཏན་གྱི་སྤྲུལ་པ་དང་། ཕྲིན་ལས་ཀྱི་སྤྲུལ་པ་དང་། རྣམ་པར་སྨིན་པའི་སྤྲུལ་པ་དང་། དེ་ལ་སོགས་ཏེ་ཐུགས་ཞི་བ་ཆོས་ཉིད་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ངང་ལས་མ་གཡོས་ཀྱང་། སྐུ་དང་གསུང་གི་ཆ་ལུགས་དང་། ང་རོའི་སྒྲ་དྲག་པོ་དང་། གཏུམ་པོ་དང་། འཇིགས་པའི་སྒྲ་དང་། གདུག་པའི་གཟུགས་དང་། མཚོན་ཆ་སྣ་ཚོགས་འཆང་བ་དང་། མ་རུངས་པའི་འཁོར་དང་ལྡན་པ་རྣམས་དང་། ཐབས་ཅིག་ཏུ་བཞུགས་ཏེ། ཐམས་ཅད་ཀྱང་འགྲོ་བ་མ་ལུས་པའི་དོན་རྗེས་སུ་བསྒྲུབ་པར་འདོད་པའི་ཕྲིན་ལས་ཀྱི་རོལ་པ་ཆེན་པོ་བསམ་གྱིས་མི་ཁྱབ་པ་དང་། དཔག་ཏུ་མེད་པ་དང་གཞལ་དུ་མེད་པ་མཛད་པར་གྱུར་ཏོ། །དེ་ནས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་གནས་དེར་རབ་ཏུ་འདུས་པར་སྣང་བ་ནི་འདི་ལྟ་སྟེ། གཏི་མུག་དེ་བཞིན་གཤེགས་པ་དང་། ཞེ་སྡང་དེ་བཞིན་གཤེགས་པ་དང་། ང་རྒྱལ་དེ་བཞིན་གཤེགས་པ་དང་། འདོད་ཆགས་དེ་བཞིན་གཤེགས་པ་དང་། ཕྲག་དོག་དེ་བཞིན་གཤེགས་པ་དང་། རྡོ་རྗེ་དེ་བཞིན་གཤེགས་པ་དང་། རིན་པོ་ཆེ་དེ་བཞིན་གཤེགས་པ་དང་། པདྨ་དེ་བཞིན་གཤེགས་པ་དང་། རལ་གྲི་དེ་བཞིན་གཤེགས་པ་དང་། འཁོར་ལོ་དེ་བཞིན་གཤེགས་པ་དང་། དཔལ་གྱི་དེ་བཞིན་གཤེགས་པ་དང་། གྲགས་པའི་དེ་བཞིན་གཤེགས་པ་དང་། ཡེ་ཤེས་དེ་བཞིན་གཤེགས་པ་དང་། དབང་ཕྱུག་དེ་བཞིན་གཤེགས་པ་དང་། གཟུགས་དེ་བཞིན་གཤེགས་པ་དང་། བརྩོན་འགྲུས་དེ་བཞིན་གཤེགས་པ་དང་། བདུད་བཅོམ་པའི་དེ་བཞིན་གཤེགས་པ་དང་། རྫོགས་པར་ལོངས་སྤྱོད་པའི་དེ་བཞིན་གཤེགས་པ་དཔག་ཏུ་མེད་པ་རྣམས་ཀྱིས། བཅོམ་ལྡན་འདས་ལ་ཡང་དག་པར་བསྐུལ་བ་ནི།


DNG015_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱེ་ཀྱེ་དེ་བཞིན་གཤེགས་པ་བཅོམ་ལྡན་འདས། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་ཡི་སྐུ་སྟེ་སྐུ་ཡི་མཆོག །རྣམ་པར་དག་པའི་དབང་ཕྱུག་ཆེ། །གསང་བ་བསམ་གྱིས་མི་ཁྱབ་པ། །མ་ལུས་ཐོབ་ཅིང་སྤངས་པའི་བདག །བསགས་དང་སྦྱངས་པ་ལས་བྱུང་བ། །ཇི་བཞིན་མ་ལུས་སྣ་ཚོགས་པའི། །མཁྱེན་པ་དང་ནི་ཡེ་ཤེས་བདག །རང་དང་གཞན་དང་ཕྱི་རོལ་པ། །འཇིག་རྟེན་འཇིག་རྟེན་འདས་པ་ལ། །ཆེ་ཆུང་ཚད་མའི་སྐུར་སྟོན་པ། །གང་ལ་དགེས་པ་དེར་སྣང་ཞིང་། །ཇི་ལྟར་འདོད་པའི་གནས་སྦྱིན་པ། །ཡང་དག་པ་དང་ངེས་པ་དང་། །དྲང་བའི་གནས་དང་ལམ་ཚོལ་དང་། །ཇི་བཞིན་མ་ཡིན་དགོངས་པ་དང་། །ལྡེམ་པོ་དང་ནི་སྤྱོད་པ་དང་། །སར་གནས་པ་དང་རྫོགས་པ་དང་། །རང་བྱུང་བ་དང་རྩོལ་བ་དང་། །རྒྱུ་དང་རྐྱེན་དང་བྱེད་པ་དང་། །གཞི་དང་ཁམས་དང་བསམ་པ་དང་། །ལས་དང་རིགས་དང་གནས་ལ་སོགས། །མ་ལུས་རྟོགས་པའི་བདག་ཉིད་ཅན། །ཐུགས་རྗེ་ཆེ་ལ་ཐབས་མཁས་པའི། །འཇིག་རྟེན་ཀུན་གྱི་དབང་ཕྱུག་པོ། །མཐུ་སྟོབས་འཆང་བའི་དྲེགས་པ་ཅན། །ཡི་དྭགས་གཤིན་རྗེ་ཀུན་གྱི་གཤེད། །འཇམ་པའི་དཔལ་ལས་བྱུང་བ་ཡིས། །འཇིགས་བྱེད་ཆེན་པོ་སྐུ་བཞེངས་ལ། །ཁྱོད་ཀྱི་ཞིང་ཁམས་གཞལ་ཡས་ཁང་། །བསྒྲུབ་པ་ཉེ་བའི་སྒྲུབ་པ་དང་། །མངག་པའི་ལས་དང་ཡོན་ཏན་རིགས། །རང་ངོ་གཏན་ཚིགས་བྱེ་བྲག་དང་། །ཁྱད་པར་དེ་ཡི་དགོས་པ་དང་། །གནས་སྦྱོར་བ་དང་ཚོགས་ཆེན་དང་། །འགྱུར་བའི་གནས་དང་རང་གི་མཐའ། །ཕྲིན་ལས་དང་ནི་མཐར་ཐུག་པ། །གསལ་བྱ་རྗེས་བཟུང་ལོངས་སྤྱོད་དང་། །དམིགས་པའི་ཆེད་དུ་བྱ་བ་དག །རང་གི་འཁོར་ལོ་ལེགས་པར་སྟོན། །གདུལ་བྱ་ཡོངས་སུ་སྨིན་མཛོད་ཅིག །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །སྔོན་གྱི་ཕྲིན་ལས་དམ་པའོ། །ཞེས་བསྐུལ་ཏེ། སྐད་ཅིག་དེ་ཉིད་ལ་རང་རང་གི་སངས་རྒྱས་ཀྱི་ཞིང་དུ་གཤེགས་པར་གྱུར་ཏོ། །གཤིན་རྗེ་གཤེད་འདུས་པ་རྩ་བའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་རྒྱལ་


DNG015_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

པོ་རྡོ་རྗེ་འཛིན། །གཤིན་རྗེའི་ཁྲོ་བོ་ཀུན་གྱི་གཤེད། །སྐུ་གསུང་ཐུགས་ཀྱི་རོལ་པ་ཆེ། །རབ་ཏུ་བསྟན་ནས་འདི་སྐད་གསུངས། །ཉོན་ཅིག་འཇིགས་བྱེད་ཆེན་པོའི་འཁོར། །ང་ནི་ཐོག་མ་མེད་པ་ནས། །ངང་གིས་གནས་ཏེ་ཤིན་ཏུ་བགྲོས། །རང་རིག་བྱང་ཆུབ་སེམས་ཀྱི་གཞི། །སྤྲོས་མེད་བརྗོད་པའི་མཐའ་ལས་འདས། །ཉོན་མོངས་སེམས་ཅན་ལས་ཀྱིས་མནར། །སྐྱེ་འཆི་འཁོར་བའི་གཤིན་ཚོགས་ལ། །འདུལ་ཞིང་སྒྲོལ་བའི་གཤེད་ཡིན་པས། །དེ་དག་ཉིད་ཀྱང་སྐྱོབ་པའི་རྗེ། །རང་བཞིན་དང་ནི་བགྲོད་པ་དང་། །གྲུབ་པ་དང་ནི་ལས་རྣམས་ཀྱི། །གཞི་དང་ཐབས་དང་འབྲས་བུ་སྟེ། །གདུལ་བྱ་སྣ་ཚོགས་སྣང་བ་ཡིས། །ལས་ཀྱི་སྡེ་དང་ཞི་གནས་དང་། །རང་སངས་རྒྱས་དང་འགོག་པ་དང་། །སྦྱང་བགྲོད་རབ་ཏུ་དཀའ་སྤྱད་དང་། །འགྱུར་བ་འགོག་དང་བཟང་ངན་བལྟ། །དག་པའི་ཆོ་ག་གཙོར་སྤྱོད་ལས། །བརྟག་ཤེས་མཐོང་བས་ཁྱད་པར་ཡིན། །བློ་དང་དབང་པོ་བསམ་པ་ཡིས། །མྱུར་འགྲོ་རྫོགས་པའི་དོན་དུ་བསྟན། །ལས་ཀྱི་འཁྲུལ་འཁོར་གཤིན་རྗེའི་ཚོགས། །གནས་ངན་ལེན་ཚོགས་དེ་ཡིས་སྦྱོངས། །ཐུན་མོང་བ་དང་ཁྱད་པར་གྱིས། །ཕུང་པོ་མ་ཡིན་ལས་ལས་ལྡོག །འབྱུང་བ་ཕུང་པོ་ཁམས་དང་ནི། །སྐྱེ་མཆེད་རྟེན་ཅིང་འདྲེལ་ལ་སོགས། །རྣམ་པར་དག་པའི་ཏིང་ངེ་འཛིན། །རྒྱུ་སྟོབས་ལྡན་པར་འགྱུར་བྱེད་དོ། །གནས་དག་གཅིག་གཉིས་གསུམ་བཞི་དང་། །ལྔ་དང་དྲུག་གི་ཡོན་ཏན་ཚོགས། །ཇི་སྙེད་ཇི་བཞིན་མ་ལུས་པའི། །ཤེས་བྱ་དང་ནི་སྦྱང་བྱ་དག །ཐོགས་མེད་མཁྱེན་པ་གྲུབ་པའི་མཐའ། །མི་འདོད་པ་དང་དབང་མེད་དང་། །གནོད་པ་ཞི་དང་སྦྱོར་བ་དང་། །རང་དབང་ཐོབ་དང་ཚར་གཅོད་པ། །དེ་ཡི་ཕྲིན་ལས་རྫོགས་པ་ཡིན། །གསལ་བྱ་རང་བཞིན་རྟགས་དང་ནི། །ཐབས་དང་འབྲས་བུ་ངེས་པར་བྱ། །རང་བཞིན་བདེ་བ་ཆེན་པོ་ཡི། །མཚན་ཉིད་བཞི་དང་མཚན་ཉིད་དངོས། །འཁོར་བ་དང་ནི་མྱ་ངན་འདས། །ཐམས་ཅད་དེ་ཉིད་ཁོ་ནའོ། །འཁོར་བའི་གནས་ལུགས་ཤི་བའི་གཤིན། །ཀུན་གཞིའི་རྣམ་ཤེས་དེ་ཡི་རྗེ། །དེ་དག་འདུལ་སྦྱོང་གཤེད་དུ་འགྱུར། །རྟགས་ནི་མ་ལུས་གཟུགས་


DNG015_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྐུ། །རང་གི་གདུལ་བྱ་གཉེན་པོས་འདུལ། །སྒྲུབ་བྱེད་རྣམས་ཀྱི་སྐུ་གསུང་ཐུགས། །གནས་གསུམ་ཤེས་པ་ཐབས་ཡིན་ནོ། །མི་གནས་གྲོལ་བའི་སྐུ་གསུམ་གྱིས། །དག་པ་གསུམ་གྱི་བདག་ཉིད་ལྡན། །གཞི་དང་ལམ་གྱི་རྟོག་པ་འཇོམས། །ཁམས་གསུམ་འགྲོ་བ་རིགས་དྲུག་དང་། །ཁྱད་པར་གདུག་པ་ཅན་གྱི་རིགས། །གནས་ངན་ལེན་པ་ཆེ་ལ་སོགས། །ཐམས་ཅད་མ་ལུས་གཟུང་བྱའོ། །གནས་སྲིད་སྤྲུལ་པས་ཡོངས་སུ་གཅོད། །དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི། །སྐུ་ཡི་བསྒྲུབ་པ་དམིགས་པའི་ཆེད། །འདི་དག་རིགས་ཀྱི་བདག་པོའོ། །དེ་ཡི་གསུང་དུ་སྣང་བ་ཡང་། །ཨ་ཞེས་བྱ་བ་ཆོས་ཀྱི་སྒོ། །མ་སྐྱེས་ཐབས་ཀྱིས་རྫོགས་པའོ། །ཀྲོ་ཞེས་བྱ་བ་དེ་ཉིད་ལས། །མ་འགགས་སྣང་བའི་བདག་ཉིད་ཡིན། །ཏེ་ནི་གཉིས་མེད་རང་བྱུང་སྟེ། །ཟུང་འཇུག་མཐུན་པར་སྟོན་པའོ། །ཀ་ནི་སྐུ་སྟེ་སྣ་ཚོགས་སྣང་། །རང་གི་གདུལ་བྱ་རྟོགས་པའོ། །མ་ནི་གསུང་སྟེ་སྟོང་ཉིད་སྒྲ། །གྲག་པ་མེད་པར་བརྗོད་པའོ། །མཱན་ནི་ཐུགས་ཀྱི་ངོ་བོ་སྟེ། །མ་ལུས་འདུལ་བའི་བདག་ཉིད་ཅན། །ཏ་ནི་ཡོན་ཏན་རྫོགས་པ་ཏེ། །སྲིད་ཞི་མཐར་ཐུག་རྟོགས་པའོ། །ཀ་ནི་ཐུགས་རྗེ་ཤུགས་ཀྱི་རྩལ། །འཇིག་རྟེན་ཆོས་ལ་སྣང་བའོ། །ཧ་ནི་ཕྲིན་ལས་གྲུབ་པ་སྟེ། །རང་གི་དམིགས་པ་ཆེད་དུ་བྱེད། །ན་ནི་མིང་གི་སྒྲོ་འདོགས་ཏེ། །སྣ་ཚོགས་བཏགས་པ་མ་འགགས་ཆོས། །མ་ནི་ཡིད་ཀྱི་རྣམ་རྟོག་ལ། །མ་ལུས་སྐྱོབ་བྱེད་རབ་ཏུ་བརྟགས། །ཐ་ནི་འགྲོ་བའི་དེད་དཔོན་རྗེ། །གནས་བརྟན་རྒན་པོ་སྐྱེ་དགུའི་བདག །བྷན་ནི་འཆིང་བྱེད་རྒྱ་ལས་གྲོལ། །འཁོར་བའི་འདྲེལ་ཐག་བཅད་པའོ། །ཛཿནི་བདུད་ལས་རྒྱལ་བ་སྟེ། །བྱང་ཆུབ་སེམས་ཀྱི་ཁྱད་པར་རོ། །ཨཱོཾ་ནི་རིགས་ཀྱི་གཙོ་བོ་སྟེ། །ཧཱུཾ་གིས་རབ་ཏུ་བརྟགས་པས་སྡུད། །ཕཊ་ཀྱིས་ལས་ཀྱི་ཕུང་པོ་གཏོར། །གསུང་གི་དབང་ཕྱུག་སྨྲ་བ་ཆེ། །མ་འགགས་རྩལ་གྱིས་ལོངས་སྤྱོད་བྱེད། །ཐུགས་ནི་རང་བཞིན་མཉམ་པ་ཉིད། །རབ་ཏུ་སྤྲོས་པ་མ་གཡོས་ཆོས། །གནས་པའི་འཁོར་ལོ་གཡོ་བ་མེད། །སྲིད་པའི་འཁོར་ལོ་ལོངས་སྤྱོད་ཆེ། །སྤྲུལ་པའི་འཁོར་ལོ་འགྲོ་དོན་རྫོགས། །སྤྱོད་པའི་


DNG015_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་དྲག་ཤུལ་སྤྱོད། །འདི་ནི་རིགས་ཀྱི་འཁོར་དུ་ཤེས། །ཞེས་བཀའ་སྩལ་ཏོ། །གཤིན་རྗེ་གཤེད་འདུས་པ་རྩ་བའི་རྒྱུད་ལས། སྐུ་གསུང་ཐུགས་ཀྱི་རང་བཞིན་རྣམ་པར་དག་པ་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །སྐུ་གསུང་ཐུགས་ཀྱི་འཁོར་ལོ་བཞི། །ལྟ་བ་དང་ནི་ལོངས་སྤྱོད་དང་། །ཆོ་འཕྲུལ་ཕྲིན་ལས་སྟོན་མཛད་ཕྱིར། །ཁྲོ་བོ་ཁྲོ་མོའི་ཚོགས་ཆེན་ལ། །དགྱེས་པའི་མདངས་ཀྱིས་བཀའ་སྩལ་པ། །ཨེ་མ་ང་ནི་ཡོན་ཏན་ཚོགས། །མ་ལུས་ཀུན་གྱི་ངོ་བོར་སྣང་། །ཡིད་བཞིན་ནོར་བུ་ཇི་ལྟ་བར། །ཡང་དག་ཐུགས་ཀྱི་ཡེ་ཤེས་དེ། །རབ་ཏུ་མཆོད་ཅིང་བསྟོད་པར་བྱ། །ཤེས་བྱའི་ཡུལ་དང་ཤེས་བྱེད་གཞི། །སྣ་ཚོགས་ང་ཡི་ཐུགས་ལ་གནས། །བསམ་ཞིང་འདོད་པ་འདི་ལས་བྱུང་། །རང་གི་བྱང་ཆུབ་སེམས་ཉིད་འདི། །ཐམས་ཅད་འདུས་པའི་བདག་ཉིད་དེ། །སྐུ་གསུམ་རྫོགས་པར་རང་ལ་གནས། །རིག་པའི་རྒྱལ་པོས་དབང་བསྒྱུར་དུས། །ཕྱི་དང་ནང་དང་བར་མ་དང་། །སྣང་དང་སྲིད་དང་རྟོག་པ་དང་། །བསྡུས་དང་སྤྲོས་དང་འཚམ་པ་དང་། །ཐམས་ཅད་རང་རིག་སེམས་ལས་བྱུང་། །དེ་ཉིད་གནས་སུ་གྱུར་པ་ཡིས། །གཞི་དང་ངོ་བོ་རང་བཞིན་དག །མ་བཅོས་མ་བྱས་གྲུབ་པ་ནི། །སྤྲོས་བྲལ་ཆོས་ཀྱི་སྐུ་ཡི་གནས། །དེ་ཉིད་གཟུགས་སུ་བསྟན་པ་ནི། །འདོད་པའི་ཡོན་ཏན་མ་བཀག་ཆོས། །ཇི་ལྟར་འདོད་པ་ངང་གིས་རྫོགས། །ལོངས་སྤྱོད་མི་ཟད་འཁོར་ལོ་ལས། །བྱ་དང་བྱེད་པ་སྣང་བའི་དུས། །གནས་འགྱུར་རུང་བ་སྤྱོད་དུས་ན། །ཐོགས་མེད་འདོད་པ་ཡིད་ལས་སྐྱེས། །དོན་རིགས་སྣང་བ་སྤྲུལ་སྐུའི་གནས། །ཡེ་ཤེས་ཐུགས་ནི་ནམ་མཁའ་བཞིན། །སྟོང་ཞིང་སྣང་བའི་མཚན་ཉིད་ཅན། །འབའ་ཞིག་སྣང་བ་སྐྱེ་མེད་པ། །ཆོས་དབྱིངས་ཡེ་ཤེས་གནས་པའོ། །སྤྲོ་དང་བསྡུ་བ་ཕྱག་རྒྱའི་ལས། །འདོད་པའི་དངོས་པོ་མ་ལུས་པའི། །མེ་ལོང་ཆུ་ཟླ་ལ་སོགས་པའི། །གཟུགས་བརྙན་སྣང་བ་དང་འདྲ་ཞིང་། །ཤེས་དང་ཤེས་བྱ་མ་ལུས་གསལ། །སྣ་ཚོགས་སྣང་བ་དངོས་པོ་དེ། །


DNG015_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

མ་གྲུབ་རང་གི་ངང་དུ་གསལ། །གསལ་བའི་ཡེ་ཤེས་གནས་པའོ། །རང་རིག་ཐུགས་ལ་བཀོད་པ་ཡི། །ཕུང་པོ་ལྔ་དང་འབྱུང་བ་ལྔ། །དབང་པོ་ལྔ་དང་རྣམ་པར་ཤེས། །ཡུལ་ལྔ་ཁ་དོག་བྱེད་པ་ལྔ། །ཡབ་ཡུམ་རིགས་དང་ཕྲིན་ལས་ལྔ། །མ་ལུས་རྣམ་དག་ཡེ་ནས་གནས། །སོ་སོར་རྟོག་པའི་ཡེ་ཤེས་གནས། །དེ་དག་ཀུན་གྱི་གཞི་དང་ཡུལ། །ཁམས་ཀྱིས་བསྡུས་པའི་སྣ་ཚོགས་ལུས། །མ་ལུས་དབྱིངས་སུ་རིལ་གྱིས་མཉམ། །མཉམ་ཉིད་ཡེ་ཤེས་རང་རིག་གནས། །ཀུན་གྱི་རང་རིག་བྱང་ཆུབ་སེམས། །དེ་ལས་བྱུང་བའི་ཕྲིན་ལས་ནི། །ནན་ཏན་སྤྱོད་པས་ཀུན་ལ་ཁྱབ། །ཡེ་ཤེས་བཞིན་དུ་གནས་པའོ། །སེམས་ཉིད་མེ་ལོང་བརྟགས་པས་ནི། །སྔར་བྱས་བྱང་ཆུབ་དེ་ཉིད་དོ། །འཇིག་རྟེན་གསུམ་ཡང་རང་གི་དངོས། །མི་གནས་མྱ་ངན་འདས་པ་ཡང་། །སེམས་ལས་མ་གཏོགས་ཆོས་གཞན་མེད། །དེ་ཉིད་འཁོར་བ་ལས་ཀྱི་ས། །མྱ་ངན་འདས་པ་ལྟར་སྣང་ཞེས། །རང་གི་ཐུགས་ལ་དེ་ཉིད་གནས། །དོན་དམ་སྙིང་པོ་བྱང་ཆུབ་སེམས། །ཐམས་ཅད་བདེན་པའི་ཆོས་ཉིད་དོ། །བརྟགས་ཤིང་དཔྱད་པས་ཤེས་མིན་ཏེ། །ནམ་མཁའ་ལྟ་བུར་སྤྲོས་དང་བྲལ། །ཀུན་རྫོབ་སྣང་དང་སྲིད་པས་བསྡུས། །ལོག་པ་དང་ནི་ཡང་དག་སྟེ། །རྟོག་པ་ཕྱིར་འགྱུར་མེད་བཞིན་སྣང་། །མ་འདྲེས་བརྟགས་བཟོད་གཉིས་སུ་གནས། །དོན་གྱི་གནས་ལུགས་བལྟ་བ་ནི། །མིག་གི་དབང་པོ་ཇི་བཞིན་དུ། །མཐར་ཐུག་རྫོགས་པར་མཐོང་བ་ཡིས། །སྤང་བླང་སྐྱོན་ཡོན་སྦྱང་ཐོབ་དང་། །ཤེས་བགྲོད་ཡུལ་དང་གཉེན་པོའི་ཚོགས། །མ་ལུས་རྟོག་པར་ཉམས་སུ་མྱོང་། །ཡན་ལག་ཉིང་ལག་བྱ་བ་བཞིན། །འགྲོ་འཆག་ཉལ་འདུག་སྤྱོད་ལམ་གྱིས། །གནས་དུས་ཡུལ་གྱི་བྱེ་བྲག་ལ། །བྱས་ཤིང་སྤྱོད་པ་ཆུད་མ་ཟོས། །རང་གཞན་གནས་ཀྱི་དོན་སྤྱོད་ཅིང་། །ཡིད་ལ་འདོད་རྫོགས་སྤྱོད་པའི་གནས། །ཐུན་མོང་པ་དང་ཁྱད་པར་གྱིས། །ཕྱི་ནང་རྩོལ་བ་མ་འགགས་པ། །སྣ་ཚོགས་པ་དང་ཁོ་ན་ཡིས། །ངེས་པར་སྤྱོད་པ་ཐབས་ཀྱི་གནས། །ཤེས་རབ་ཀྱིས་ནི་བློ་ཕྱེ་ནས། །དེ་བཞིན་ཉིད་དུ་ཡང་དག་མཐའ། །གནས་


DNG015_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་སྐྱོན་མེད་ཕྱོགས་ཀུན་རྟོགས། །མངོན་པར་བྱང་ཆུབ་ཤེས་པའོ། །ཏིང་ངེ་འཛིན་གྱི་སེམས་ཞི་ནས། །དེ་ཉིད་ངང་ལ་མ་བཅོས་གནས། །སྟོབས་ཀྱི་ཡེ་ཤེས་ལྷག་པར་མཐོང་། །ཕྱིན་ཅི་མ་ལོག་སྤྱོད་པའི་གནས། །རླབས་ཆེན་རྣམ་པར་དག་པར་སྦྱང་། །སེམས་ལས་རུང་བའི་ཏིང་འཛིན་གྱིས། །དྲི་མ་མེད་པའི་ཤེས་རབ་ཀྱིས། །སྐུ་གསུམ་མངོན་དུ་གསལ་བར་རྫོགས། །ཡང་དག་ཡེ་ཤེས་ཐུགས་ཀྱི་དངོས། །ངེས་པ་ཡིས་ནི་བཀག་པ་དང་། །བསྒྲུབ་པ་མེད་པའི་ཆོས་ཐམས་ཅད། །འཁྲུལ་གཞི་འཁོར་བའི་འཁོར་ལོའོ། །ལས་ཀྱིས་མ་ལུས་གཅོད་པ་སྟེ། །འདོད་ཆགས་ཞེ་སྡང་གཏི་མུག་དག །ཡེ་ཤེས་རིག་པའི་མཚོན་ཆ་ཡིས། །མཉམ་ཉིད་དབྱིངས་ཀྱི་ངང་དུ་གཅོད། །འཁོར་བའི་བག་ཆགས་གནས་ངན་ལེན། །ཐབས་དང་ཤེས་རབ་གཉིས་སུ་མེད། །རབ་ཏུ་འདྲེལ་པའི་ཡེ་ཤེས་ཀྱིས། །ཉོན་མོངས་བག་ཉལ་ལེན་ཅིང་བསྲེག །བརྩེ་བ་གསུམ་དང་སྙིང་རྗེ་ལས། །དོན་དམ་ཀུན་རྫོབ་གཉིས་མེད་པའི། །བྱང་ཆུབ་སེམས་ཀྱི་འོད་ཟེར་ལས། །ཆོ་འཕྲུལ་སྣ་ཚོགས་སྣང་བ་ཡིས། །འཁོར་བའི་མུན་ཁང་ཐིབ་པོ་འཇོམས། །དབྱིངས་དང་ཡེ་ཤེས་གཉིས་མེད་པའི། །དོན་དམ་མ་བཅོས་རང་བྱུང་མེ། །འཁོར་བའི་ཉོན་མོངས་སྦུར་མ་དང་། །མི་གཙང་ལྗན་ལྗིན་མ་ལུས་སྐེམ། །གཉིས་མེད་ཐུགས་ཀྱི་འཁོར་ལོ་དག །ཕྲིན་ལས་ཐུགས་ཀྱི་འཕྲོ་འདུ་ཡིས། །རབ་བསྐོར་སྲིད་པའི་གསུམ་གྱི་དངོས། །མི་ཤེས་རྨོངས་པ་རབ་ཏུ་གཅོད། །རྟོགས་པ་དང་ནི་ཐུགས་རྗེ་ཡིས། །བདག་དང་གཞན་དུ་སྣང་བ་ལས། །སྲིད་པ་སྒོ་ང་མངལ་དང་དྲོད། །དེ་མ་ཐག་ཏུ་བརྫུས་ཏེ་སྐྱེ། །གནས་གཞི་རྩ་བ་ཡོངས་གཅོད་ཅིང་། །བསྲེག་འཇོམས་གཅོད་དང་སྐེམ་པ་ཡིན། །ཐུགས་ལས་བྱུང་བའི་ཉི་མ་བཞིས། །དུས་གསུམ་སངས་རྒྱས་མ་ལུས་པའི། །དགོངས་པ་དང་ནི་ཡེ་ཤེས་ཚོགས། །ཁམས་གསུམ་འགྲོ་བ་ཐམས་ཅད་ཀྱི། །ལས་དང་སྡུག་བསྔལ་རྒྱུ་འབྲས་དག །གསལ་བར་སྨིན་རྒྱུ་གཞན་དག་ལས། །མ་ལྟོས་པ་དང་རང་ལ་རྫོགས། །ཐུགས་ཀྱི་ཉི་མ་བཞི་ཡིན་ཏེ། །གནས་པ་ལྟེ་བའི་


DNG015_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་སྟེ། །མ་ལུས་ཡོངས་སུ་རྫོགས་པའོ། །སྲིད་པའི་འཁོར་ལོ་ཞེས་བྱ་བ། །ཀུན་གྱི་ལྟོ་བར་གནས་པ་སྟེ། །གནས་ནི་འཇིག་པའི་མཁར་ལྟ་བུ། །དབང་གལ་གནད་བཅུད་རྫོགས་པ་སྟེ། །དེ་བཞིན་འཇམ་དཔལ་མཁའ་ལས་བྱུང་། །གཤིན་རྗེ་ཀུན་གྱི་གཤེད་གྱུར་པ། །གཉིས་མེད་ཐུགས་ཀྱི་ཡེ་ཤེས་འཆང་། །འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས། །ལྷ་ཀླུ་མི་ཡི་སྲིད་པ་དང་། །འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དབང་པོ་ལུས་ངག་ཡིད་གསུམ་དང་། །ཐིག་ལེ་གནས་དང་ལོངས་སྤྱོད་གསུམ། །རྟག་ཆད་དབུ་མ་མཐའ་དང་བཅས། །སྐྱེ་འཇིག་གནས་པ་རང་གི་གཞི། །མ་ལུས་སྐུ་གསུམ་འདུ་ཞིང་རྫོགས། །རང་གིས་དབང་བསྒྱུར་སྤྱོད་པས་ན། །གལ། གསང་དབང་རྫོགས་པའི་སྤྱོད་པའོ། །མངལ་སྐྱེས་སྲིད་པ་དང་པོ་ཡི། །ལྟེ་བའི་གནས་ན་བརྩམ་པ་སྟེ། །བཙོན་ཁང་ཁྲི་མོན་བཅུག་པ་ཡིས། །སྟེང་འོག་བར་གསུམ་ཟོ་ཆུའི་ཁྱུད། །ལས་ཀྱི་ཤུགས་ཀྱིས་འཁོར་ཞིང་ཆགས། །སྟོབས་གཞན་གྱིས་ནི་བསྐྱོད་མི་ནུས། །འཇིགས་བྱེད་ཆེན་པོ་བདག་ཉིད་ཀྱིས། །ལས་ཀྱི་གཤིན་རྗེ་གཟིར་བ་ཡིས། །ལྟོ་ན་སྲིད་པ་གསུམ་གནས་ཤིང་། །འཁོར་བའི་སེམས་ཅན་ཐམས་ཅད་ཀྱི། །རྣམ་པར་ཤེས་པའི་རྟེན་འཕོས་ཚེ། །དེ་ཉིད་ལས་ཀྱི་རྒྱལ་པོ་ཡིས། །ཕྱག་གི་འདུ་བྱེད་བྱས་པ་ཡིས། །ལས་ཀྱི་འཕེན་པ་གནས་མཐུད་ཅིང་། །ཉིང་མཚམས་ཕུང་པོ་ཉེར་ལེན་པས། །སྲིད་པའི་འཁོར་ལོ་ཞེས་ཀྱང་བྱ། །ཀུན་གྱི་མ་རིག་འཁྲུལ་པ་ལས། །གཟུང་དང་འཛིན་པའི་རྟོག་པ་ཡིས། །ཆགས་དང་ཞེན་པ་རབ་ཏུ་བརྟག །སྲིད་པའི་རྩེ་མོ་མན་ཆད་ནས། །ལས་ཀྱི་མནར་མེད་ཡན་ཆད་དུ། །ལས་ཀྱི་དབང་གིས་འཁོར་བས་ན། །འཁྲུལ་པའི་སྣང་ངོ་ཟད་མི་ཤེས། །ལས་ཀྱི་འཁྲུལ་འཁོར་དེ་ཉིད་ལས། །རྩ་བ་ཡན་ལག་སྣ་ཚོགས་ཀྱི། །ཉོན་མོངས་ཕྲ་རགས་མ་ལུས་པ། །རང་བྱུང་ཤུགས་ཀྱི་ཡེ་ཤེས་ཀྱིས། །མ་ལུས་མཐར་ཐུག་གཅོད་པར་བྱེད། །ཤེས་པའི་སྲིད་པ་གནས་མ་ཡིན། །ཞི་ལ་མི་གནས་སྙིང་རྗེ་དག །ཚོགས་


DNG015_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ལམ་གྱི་ཡོན་ཏན་གྱིས། །མ་ལུས་གཅོད་པའི་འཁོར་ལོའོ། །དེ་ལས་ཡོན་ཏན་སྤྲུལ་པ་ཡིས། །འཁོར་ལོ་ཆོ་འཕྲུལ་འབྱུང་བ་ནི། །སེམས་དཔའ་གཉིས་ཀྱི་ཞབས་འོག་གནས། །རྨི་ལམ་སྒྱུ་མའི་སྐྱེས་བུ་བཞིན། །ཅི་དྲན་ཅིར་སྣང་ཅིར་སྤྱོད་པའི། །ལས་ཀྱི་རྣམ་པ་སྣ་ཚོགས་དག །གཤིན་རྗེ་རྒྱལ་པོ་བརྗིད་པའི་ཞབས། །འབར་བའི་སྟོབས་ཀྱིས་གནོན་པ་ནི། །རྩ་བའི་ཉོན་མོངས་དྲུག་ལས་བྱུང་། །ཉོན་མོངས་གཞི་བཅས་འགྲོ་བ་དྲུག །སྣང་བ་ཡུལ་གྱི་ཚོགས་དྲུག་དང་། །སྒོ་ལྔ་ལམ་གྱི་རྒྱུད་དྲུག་དང་། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ཉན་ཐོས་རང་རྒྱལ་ཆོས་དང་གསུམ། །ལས་དང་ཉོན་མོངས་སྤྲུལ་པ་དྲུག །རང་གནས་ལས་ཀྱི་འཁོར་ལོ་དྲུག །འགྱུར་མེད་རང་གི་སར་གནོན་ཅིང་། །ཐུགས་རྗེ་ཐབས་ཀྱི་སྤྲུལ་པ་དྲུག །རིགས་དང་ཁམས་དང་བྱེད་པ་དྲུག །ལས་དང་དབང་པོ་བསམ་པ་དག །མཐུན་འཇུག་བློ་ཡིས་དོན་མཛད་ཅིང་། །ཐ་དད་སྣང་བ་སྤྲུལ་པ་སྟེ། །སོ་སོའི་ལས་ཀྱི་རྣམ་སྨིན་གྱིས། །གཅིག་ནས་གཅིག་ཏུ་ཁ་བརྒྱུད་ཅིང་། །འཁྲུལ་ཞིང་འཁོར་བས་འཁོར་ལོ་སྟེ། །ཉོན་མོངས་དྲུག་པོ་གཅོད་བྱེད་ལས། །སྣ་ཚོགས་འབྱུང་བའི་ཆོ་འཕྲུལ་ཏེ། །དོན་ལ་མ་ངེས་སྣང་བའོ། །ཕྲིན་ལས་གཅོད་པའི་འཁོར་ལོ་ནི། །གདུག་བྱེད་མཚོན་ཆ་རྣོན་པོ་བཞིན། །ཕྱག་མཚན་འཛིན་པའི་ཚུལ་གནས་ཤིང་། །གང་ལ་དམིགས་པ་ཐོགས་མེད་གཅོད། །བཅོམ་ལྡན་རྡོ་རྗེ་འཛིན་རྒྱལ་གྱི། །ཕྱག་མཚན་འཁོར་ལོ་རྣམ་པ་བཞི། །ཞི་བར་བྱ་དང་རྒྱས་པར་སྤེལ། །དབང་དུ་བསྡུ་དང་ཚར་གཅོད་པའི། །ལས་ཀྱི་རྣམ་བཞིས་དངོས་པོ་གཅོད། །ཞི་བས་འཇིགས་པ་བརྒྱད་ལས་སྐྱོབ། །སྐྱོབ་པའི་བར་གཅོད་དེ་ཡིས་གཅོད། །རྒྱས་པས་འབྱོར་པ་དྲུག་ལྡན་ཞིང་། །འབྱོར་པའི་བར་ཆོད་གཅོད་ཅིང་སེལ། །དབང་གིས་མོས་པ་རྣམ་བཞི་འདུ། །གང་གིས་མི་འདུལ་ཕྱོགས་ཀུན་གཅོད། །དྲག་པོས་དགྲ་བགེགས་ཚར་གཅོད་ཅིང་། །མི་འདུལ་བར་གཅོད་འཁོར་ལོས་གཅོད། །ཕྲིན་ལས་བཞི་ཡིས་གང་དམིགས་གཅོད། །གཅོད་པའི་འཁོར་ལོ་ཕྲིན་


DNG015_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

ལས་མཆོག །རྩོལ་མེད་རང་བྱུང་ཤུགས་ལས་འབྱུང་། །རབ་ཏུ་འཁོར་བས་འཁོར་ལོར་བརྗོད། །གནས་པ་གཞི་ཡི་འཁོར་ལོ་ནི། །མ་ལུས་སེམས་ལ་འདུས་པ་ལས། །བཅོས་མེད་སྙིང་པོའི་དོན་དང་ལྡན། །ཆོས་ཀྱི་སྐུ་ཞེས་བྱ་བར་བརྗོད། །བསམ་བྱུང་སྲིད་པའི་འཁོར་ལོ་ནི། །རྟེན་པ་ལུས་ཀྱི་ངོ་བོ་སྟེ། །སྣང་བ་རྣམ་དག་ཏིང་ངེ་འཛིན། །རྫོགས་པར་ལོངས་སྤྱོད་སྐུ་ཡི་མཆོག །འདུལ་ངོ་སྤྲུལ་པའི་འཁོར་ལོ་ནི། །བརྗིད་གནོན་ཞབས་ཀྱི་སྟོབས་བྱུང་སྟེ་ཡང་བཅུ་སྟེ། །རིགས་དྲུག་སར་གནས་ཆོས་ཀྱི་ལས། །ངེས་འབྱུང་སྤྲུལ་པའི་འཁོར་ལོའི་སྐུ། །གཅོད་པའི་འཁོར་ལོ་ཚོགས་ཀྱི་ལས། །བརྒྱད་དང་དྲུག་དང་བཞི་གཉིས་ཀྱི། །ཡན་ལག་ལས་ཀྱི་འཕྲོ་འདུ་བྱེད། །སྣ་ཚོགས་མངོན་པར་བྱང་ཆུབ་སྐུ། །དང་པོ་དོན་གྱི་འཁོར་ལོ་སྟེ། །ལྷག་མ་གསུམ་གྱི་རྟགས་འཁོར་ལོ། །ལྟ་བ་ཕྲིན་ལས་གཉིས་སུ་འགྱུར། །ལྟ་སྤྱོད་སོ་སོར་མ་གྱུར་ན། །དོན་དང་ལྡན་ཞིང་དེ་མིན་པས། །གསང་བའི་སྔགས་དང་སྤྱོད་པ་དང་། །ལྟ་བ་ཚིག་ཏུ་ཙམ་བརྗོད་ཀྱང་། །མཐའ་དྲུག་རྫོགས་པར་མི་ནུས་ན། །ལྟ་སྤྱོད་ཡ་བྲལ་གྱུར་པའོ། །ཆོ་འཕྲུལ་ངེས་དོན་ལྡན་པ་ཡང་། །ཕྱི་ནང་འབྱུང་བའི་ནུས་པ་དང་། །ཡུལ་སེམས་འཕྲད་པའི་རྟོགས་པ་ཡིས། །སྣང་བ་སྟོང་པ་ཐ་མི་དད། །དེ་ཉིད་ཀྱིས་ནི་རྣམ་པར་འཕྲུལ། །ཕྲིན་ལས་གཅོད་པའི་འཁོར་ལོ་ཡང་། །འབྱུང་བ་འདུས་པའི་དངོས་པོ་ཡིས། །མྱུར་མགྱོགས་རྩལ་གྱི་དྲག་ཤུལ་ཅན། །རྫས་ཀྱི་ནུས་པ་ཤུགས་འབྱིན་དུ། །གང་ལ་ཕོག་པར་འཇོམས་ཤིང་གཅོད། །གཅིག་གིས་ལས་ཀུན་བསྒྲུབ་པར་བྱེད། །མ་གྲུབ་སྲིད་དུ་མངགས་པ་ཡང་། །རྡོ་རྗེའི་འཁྲུལ་འཁོར་ཤུགས་བཞིན་ནོ། །གཅོད་བྱེད་འདྲ་བའི་འཁོར་ལོ་ནི། །ཉི་མ་བཞི་ཡི་སོ་སོར་བསྐོར། །ཕྱི་ནང་གསང་བའི་རྣམ་གྲངས་ཀྱིས། །དགུ་དང་དྲུག་དང་གསུམ་དག་ཏུ། །ཆེན་པོ་ཆུང་ངུ་བར་མ་ཡིས། །རྣམ་གྲངས་དགུ་དང་འོད་ཟེར་བརྒྱད། །ཕོ་མོ་སྦྱར་བ་བཟླས་ལུགས་བཅུ། །རུ་བཞི་བསྡོམ་པ་བརྒྱད་ཉིད་དང་། །ཨ་ལོན་དོན་དུ་བསྐོར་བ་དང་། །གསལ་བྱེད་མཚོ་སྡེབས་དམིགས་


DNG015_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

སེལ་དང་། །འབྱེད་པར་བྱེད་པ་གང་ཡིན་ཡང་། །ཆེ་དང་ཆུང་བས་གཞུང་བསྲངས་ཏེ། །སྐུ་གསུང་ཐུགས་དང་ཡོན་ཏན་དང་། །ཕྲིན་ལས་རྣམས་ཀྱི་བསྒྲུབ་པར་བྱ། །རང་ཉིད་དམིགས་པའི་རྩ་བ་གསུམ། །གསལ་བྱེད་མཚོ་སྡེབས་དམིགས་ཕྱེད་བཞི། །རྩ་བ་དེ་ནི་ཡན་ལག་གི། །ཁ་བསྐང་བ་དང་བསྡུས་པ་དང་། །མཐར་ཐུག་གི་ནི་གནད་ལ་དབབ། །གཞན་ཡང་ལྟ་བ་སྤྱོད་པ་ཡིས། །དོན་དང་རྟགས་ཀྱི་ཁྱད་པར་ལས། །སྙིང་པོ་རིག་པའི་བྱང་ཆུབ་སེམས། །འཁྲུལ་འཁོར་འཁྲུལ་དམིགས་དམིགས་སེལ་དང་། །གསལ་བྱེད་རྣམས་སུ་དོན་གྱིས་གནས། །དམ་ཚིག་བསྲུང་བའི་སྲོག་འཁྲུལ་དང་། །དགེ་སྡིག་ལས་ཀྱི་འཁྲུལ་པ་ལས། །སྲོག་དང་སྲོག་གི་སྙིང་པོ་ལས། །ངོ་བོ་རང་བཞིན་ཡོན་ཏན་ནོ། །དགེ་སྡིག་གིས་ནི་གསོད་པ་དང་། །གསོ་བའི་ཕྲིན་ལས་གྲུབ་པའོ། །མི་སྡུག་ལྟས་དང་དྲག་པོ་གཉིས། །ཡན་ལག་ཞི་བ་རྒྱས་པ་དང་། །ཞི་བར་གནས་དང་རྒྱས་པར་སྤྲོ། །དབང་དུ་སྡུད་དང་བསད་པ་དང་། །དགུག་དང་དབྱེ་བ་བསྐྲད་པ་དང་། །སྨྱོ་འབོག་ལྐུགས་དང་གནན་པ་དག །ཟླ་བའི་དཀྱིལ་འཁོར་ཆོས་མཐུན་ཞིང་། །གསལ་ཞིང་བསིལ་དང་དངོས་པོ་ཆུ། །ཐེ་ཚོམ་མེད་པར་འགྲུབ་པའོ། །གླང་པོ་ཆེན་པོ་ཆེ་བའི་ཚུལ། །ཡེ་ཤེས་བྱིན་རླབས་འཇིག་རྟེན་པ། །ཐ་མལ་པ་ཡི་ཡོན་ཏན་གྱིས། །རྒྱས་པ་རབ་ཏུ་འགྲུབ་པའོ། །དབང་དུ་བསྡུ་བ་བྷ་ག་སྟེ། །བསད་པ་གཤིན་རྗེའི་ལྟོ་བར་རོ། །སེང་གེའི་སྙིང་ལ་དགུག་པར་རོ། །དབྱེ་བ་རྟ་དང་མ་ཧེའི་བར། །བསྐྲད་པ་རྔ་མོའི་གསང་སྒོ་སྟེ། །སྨྱོ་འབོག་རི་དྭགས་རྒྱབ་ཏུའོ། །ལྐུགས་པ་ལུག་གི་ཁོག་པ་སྟེ། །གནན་པ་རི་རབ་རྨང་དུ་བསྐོར། །རང་གི་ཡོན་ཏན་ཆོས་མཐུན་གྱིས། །དབང་དུ་བསྡུ་དང་དྲག་པོ་འགྲུབ། །མེ་ཆུ་དུག་དང་མཚོན་དང་ནི། །ཕ་རོལ་དམག་དང་མུ་གེ་དང་། །དགྲ་དང་དུས་མིན་པར་འཆི་བའི། །འཇིགས་པ་རྣམས་ལ་ཞི་བས་སྐྱོབས། །ཚེ་རིང་བ་དང་དབང་ཆེ་དང་། །བཀྲ་ཤིས་པ་དང་གཟི་མདངས་ཆེ། །འཁོར་དང་ལོངས་སྤྱོད་རྒྱས་པས་སྤེལ། །ཕ་མ་མཁན་པོ་སློབ་དཔོན་དང་། །རྒྱལ་པོ་རྗེ་དཔོན་ཚུལ་དག་གི། །


DNG015_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

མོས་པར་བཅས་ཏེ་དབང་དུ་བསྡུ། །དགུག་དང་བསྐྲད་དང་དབྱེ་དང་ལྐུགས། །མྱོས་དང་གསད་དང་གནོན་པ་ཡིས། །དྲག་ཤུལ་སྤྱོད་པས་ཕྲིན་ལས་འཇོམས། །ཆགས་པའི་ཚུལ་གྱིས་དབང་སྡུད་ཅིང་། །དྲག་ཤུལ་ཁྲོས་པས་སྒྲོལ་བ་དང་། །མྱུར་བའི་ཤུགས་ཀྱིས་སྡུད་ཅིང་དགུག །མི་མཐུན་ཕྱོགས་ཀྱི་སོ་སོར་འབྱེད། །ལྐོག་གྱུར་ཆགས་པ་གཞན་སྒྲོད་བསྐྱོད། །གཙང་སྦྲ་ལུས་ཀྱིས་མྱོས་པ་དང་། །རྨུགས་པའི་ནུས་པས་ལྐུགས་བྱེད་ཅིང་། །རི་རབ་བརྗིད་པ་ཡིས་ནི་གནོན། །ཉི་མ་བཞི་ཡི་གོ་མཚམས་བཞི། །ཕྱི་ནང་གསང་བ་སོ་སོར་དྲུག །རུས་འགྲོ་མི་རེག་གླང་པོ་འགྲོས། །མཐའ་དང་དབུས་མེད་དབུས་ནས་མཐའ། །མཐའ་ནས་དབུས་སུ་སོ་སོར་བསྐོར། །ཚོགས་བསག་པ་དང་བསྲུང་བ་དང་། །བསྐྱེད་དང་སྤྱན་དྲང་བཞུགས་པ་དང་། །ཕྱག་འཚལ་བ་དང་མཆོད་ཅིང་བཤགས། །བསྟོད་དང་བསྐུལ་དང་གསོལ་བ་དང་། །བསྙེན་པ་ཉེ་བསྙེན་བསྒྲུབ་པ་དང་། །བསྒྲུབ་པ་ཆེན་པོའི་ཕྲིན་ལས་ཀྱིས། །ཉེ་དང་བརྟན་པ་ཐོབ་པ་དང་། །མྱུར་མགྱོགས་རྡོ་རྗེའི་ལས་ལ་སྦྱར། །གདུག་པ་ཅན་གྱི་མཐའ་བསྡུ་ཞིང་། །ཕྱི་ནང་གསང་དང་རབ་ཏུ་གསང་། །མཚམས་སྦྱོར་བ་དང་བསྡམ་པ་དང་། །གཞུག་དང་གདགས་དང་དབྱུང་བ་དང་། །ཡོན་ཏན་མཐར་ཐུག་བསམ་མི་ཁྱབ། །རྫོགས་པའི་རིམ་པ་བསྒྲུབ་པ་ཡིས། །ཤེས་བྱ་དོན་གྱི་གནས་ལུགས་ཏེ། །ངེས་པ་དོན་གྱི་ལམ་མཆོག་ཀྱང་། །རྟེན་ལུས་རྩ་དང་རླུང་དང་དབུགས། །ཐིག་ལེ་བྱང་ཆུབ་སེམས་ཀྱི་ངང་། །ཆོས་ཉིད་བྱང་ཆུབ་རྫོགས་པའི་དངོས། །ཁྱད་པར་གཞི་དང་ལམ་འབྲས་བུ། །སྣང་བ་གཞི་དང་གཙོ་བོ་སེམས། །སེམས་ལས་བྱུང་བ་དེ་ཡི་འཁོར། །ཆོས་དང་ཆོས་ཉིད་འདུས་མ་བྱས། །འདུས་བྱས་སྟོན་པས་གཞི་རུ་འགྱུར། །ཚོགས་བརྒྱད་ཡུལ་ལ་ཀུན་ནས་ལྡང་། །ཐེག་པ་དགུ་དང་གནས་པ་གསུམ། །སྦྱོར་བ་བཞི་ལ་སོགས་རྣམས་ཀྱིས། །ལམ་གྱི་རྟོགས་པ་སྣ་ཚོགས་སྐྱེ། །རབ་འབྲིང་ཐ་མའི་བློ་ཁྱད་ཀྱིས། །གོང་ནས་གོང་དུ་རབ་བགྲོད་ཅིང་། །འཇིག་རྟེན་འཇུག་དང་རྣལ་འབྱོར་སྤྱོད། །གོང་མ་དག་གིས་སུན་འབྱིན་ཞིང་། །འོག་ཏུ་


DNG015_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ་དེ་ཡི་རྟེན། །ཐམས་ཅད་རྫོགས་པའི་རིམ་པ་ལས། །ཉན་ཐོས་རང་སངས་རྒྱས་པ་དང་། །བླ་མེད་ས་ལ་རྒྱུ་གསུམ་གྱིས། །འབྲས་བུ་གསུམ་གྱི་ངོ་བོར་གནས། །དག་དང་མ་དག་རྣམ་པར་དག །ཡུལ་ལ་ངེས་པ་རབ་ཏུ་སྟོན། །གཤིན་རྗེ་གཤེད་འདུས་པ་རྩ་བའི་རྒྱུད་ལས། འཁོར་ལོ་བཞིའི་རིམ་པ་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །འདིར་བཤད་འཁོར་ལོ་འགྲུབ་བྱེད་པའི། །རྩ་བ་བསྒྲུབ་པ་སྐུ་གསུང་ཐུགས། །ཡོངས་སུ་རྫོགས་པ་བཀའ་སྩལ་པ། །ཐོག་མར་མཚན་ཉིད་ལྡན་པ་ཡི། །རྡོ་རྗེ་སློབ་དཔོན་སློབ་མ་དག །འདི་ཉིད་སྐུ་གསུང་ཐུགས་རྫོགས་ཤིང་། །ཡོན་ཏན་ལྡན་པས་ཕྲིན་ལས་ཚོགས། །བསྒྲུབ་འདོད་བསྒྲུབ་རུང་སྨིན་གྱུར་པས། །ང་ཡི་རིགས་དང་ཚུལ་མཐུན་ཞིང་། །མཚན་ཉིད་རྫོགས་པའི་གནས་དེ་རུ། །བརྟེན་པའི་གཞི་ཉིད་རབ་བརྟགས་ཏེ། །བསླང་དང་བསྲུང་བས་བདག་གིར་བྱས། །བྱ་ཆེན་ཤ་ཟ་མང་པོའི་འཁོར། །ཆོ་ག་བརྟན་པས་རབ་སྦྱངས་ཏེ། །དུར་ཁྲོད་རྫས་དང་བདུད་རྩི་ལྔས། །གནས་ལ་དམིགས་པའི་ཕོ་བྲང་བཞེངས། །བཞི་དང་བཅུ་གཉིས་པ་དག་གི། །འཁོར་ལོ་རྫོགས་པའི་དབྱིབས་སུ་བྱ། །རྒྱས་དང་བསྡུས་པའི་ཁྱད་པར་གྱིས། །རིགས་ལྔ་རིགས་བཞིའི་དབྱེ་བ་དང་། །གསུམ་དང་གཅིག་གི་དབྱེ་བ་ཡིས། །དཀར་སེར་དམར་ནག་མཐིང་གའི་མདོག །ཇི་ལྟར་རིགས་དང་སྔགས་པ་ཡིས། །བཤད་པའི་རྒྱན་རྟགས་མ་ལུས་ལྡན། །དམིགས་རྟེན་རྫས་ཀྱི་མཛེས་པར་བྱ། །ཡུལ་གསུམ་གསལ་ཞིང་བརྟན་པ་དག །ཞི་གནས་ལྷག་མཐོང་ཏིང་ངེ་འཛིན། །གཟུགས་བརྙན་ས་ཡི་སྦྱོར་བ་ཡིས། །བསྙེན་པའི་སྦྱོར་བ་བརྩམ་པར་བྱ། །གཟུགས་དང་སྒྲ་དང་ཆོས་རྣམས་ནི། །དབང་པོ་གསུམ་གྱི་ཡུལ་དུ་འགྱུར། །རིན་པོ་ཆེ་དང་འབྲུ་མཆོག་དང་། །ས་སྣ་ལྔ་ཡི་ཡོ་བྱད་ནི། །རབ་འབྲིང་ཐ་མའི་འབྱོར་པ་སྟེ། །གང་གིས་བརྩམ་པར་གྱུར་པ་དེས། །ཕྱི་ནང་གསང་བའི་ཡོ་བྱད་ཀྱིས། །ཕངས་པ་མེད་པའི་འབད་པ་དག །མཆོད་ཅིང་བསྟབ་པའི་ལོངས་སྤྱོད་ཀྱིས། །ཡོངས་རྫོགས་མཉེས་པར་བྱ་ཕྱིར་རྩོལ། །དེ་ནས་རབ་ཏུ་བསྲུང་བྱ་ཞིང་། །


DNG015_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་དུ་སྣང་དང་མི་སྣང་ལས། །བཀའ་བསྒོ་དབང་བསྡུ་མཚམས་བཅད་དེ། །སྦྱང་དང་བསྲེག་དང་གཏོར་བ་དང་། །བསྐྲད་དང་བཅིང་དང་མནན་པ་ཡིས། །མ་ལུས་ཚར་གཅད་རྫོགས་པར་བྱ། །དེ་ནས་ཐ་མལ་རྟོག་སྦྱང་ཕྱིར། །དག་པའི་དཀྱིལ་འཁོར་མཁའ་ལས་སྤྲུལ། །ཕྱོགས་བཞི་སྒོ་བཞིར་གསོལ་གདབ་ཅིང་། །གཞལ་ཡས་བལྟ་བའི་སྨོན་པ་བྱ། །ལུས་ངག་ཡིད་ཀྱི་བྱ་བ་ཡིས། །ཕྱག་འཚལ་གསོལ་བ་གདབ་པ་དང་། །རྐྱེན་གྱུར་ཕྱི་ནང་གསང་བ་ཡི། །མཆོད་པའི་ཁྱད་པར་རིམ་པ་ཡིས། །མཆོག་གི་སྐུ་གསུང་ཐུགས་མཉེས་བྱ། །དེ་ནས་བསྒྲུབ་པའི་དམ་བཅའ་ཞིང་། །ལྷག་པའི་ཡེ་ཤེས་བྱིན་རླབས་བླང་། །ཉེས་པ་བཤགས་ཤིང་ཚངས་པར་སྤྱད། །རང་གི་བྱིན་རླབས་ཡོངས་རྫོགས་པས། །གནས་སྦྱངས་རྒྱུད་སྨིན་སྣོད་བཟང་འགྱུར། །ལྷག་པའི་ལྷ་ཡི་ཉེ་བར་བསྙེན། །དེ་ནས་རབ་ཏུ་བསྒྲུབ་པའི་ཕྱིར། །དངོས་དང་དངོས་མིན་ཆོས་དང་རྟེན། །མ་ལུས་རང་གི་མཐའ་ལ་བལྟ། །དེ་ཉིད་མ་རྟོགས་སྙིང་རྗེའི་ཡུལ། །རྒྱུ་བ་ཀུན་ལ་དམིགས་པ་བསམ། །རང་གི་སྙིང་པོ་དེ་ཉིད་ནི། །དམིགས་པ་གསལ་རྫོགས་རྒྱུ་རུ་བསྒོམ། །དེ་ལ་སྤྲོ་དང་བསྡུ་བ་ཡིས། །སྦྱང་དང་མཉེས་པའི་ལས་རྣམས་བྱ། །ཐོག་མའི་གཟུགས་ལ་ཐིམ་བསམ་ནས། །རང་བཞིན་གནས་དང་གྲུབ་པ་ཡིས། །དག་དང་མ་དག་གནས་གྱུར་པ། །ཡེ་ཤེས་འབྱུང་བ་ལྔ་ཉིད་ཀྱིས། །རང་གི་ས་བོན་རྣམ་པར་བསམ། །ཨེཿཡཾཿརཿསུཾཿརཾཿཀེཾཿ། མཐིང་ནག་ལྗང་སེར་དམར་དང་དཀར། །གཟུགས་བྲལ་ཟླ་གམ་གཞུ་འདྲ་ཞིང་། །གྲུ་གསུམ་གྲུ་བཞིར་རབ་ཏུ་བརྩེགས། །རང་གནས་དེ་ཉིད་ཡེ་ཤེས་ངང་། །འཕྲོ་འདུ་ལས་ཀྱི་སྦྱོར་བ་ཡིན། །བདག་མེད་སྟོང་པའི་ངོ་བོར་བྱ། །ཀུན་རྫོབ་ནུས་པ་རྫོགས་ལྡན་ཞིང་། །རང་གི་མཚན་ཉིད་སོ་སོར་འཛིན། །འཇའ་ཚོན་སྒྱུ་མའི་ཚུལ་ལྟར་སྣང་། །དེ་ཡི་སྟེང་དུ་བསམ་པ་ནི། །དུར་ཁྲོད་ཆེན་པོའི་གཞལ་ཡས་ཁང་། །གཟུགས་བརྙན་མཚན་ཉིད་ལྡན་པ་ལ། །རྒྱུ་ནི་འཇིགས་བྱེད་རྣམ་པར་སྣང་། །རང་གི་ཁམས་དང་བྱེད་པ་དང་། །གདུལ་བྱ་དང་ནི་འདུལ་བར་བྱེད། །གང་ལ་བསྔགས་པ་དེར་སྣང་ཞིང་། །ཚད་མེད་རྫོགས་པ་ཉིད་ཀྱིས་གསལ། །


DNG015_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

མ་བསྒྲིབས་མཉམ་ཉིད་ལྡན་པར་བསྒོམ། །རང་སྔགས་སྙིང་པོ་ལས་ཀྱི་གཞི། །བྱིན་རླབས་ཆོ་འཕྲུལ་བྱུང་བ་ནི། །ཨ་དང་མཾ་དང་པཾ་དག་ལས། །གསལ་བྱེད་སྙིང་པོ་བསིལ་བྱེད་ཅན། །དག་པ་གསུམ་ལ་སྤྱད་པས་མཉེས། །མ་ཧེ་ཆུ་གླང་བརྗིད་པ་ནི། །ཧཾ་གྱི་ཡང་ཧ་ཡི་རྣམ་པར་སྤྲོས་ལས་བྱུང་། །དེ་དག་སྟེང་དུ་བསྒོམ་པ་ནི། །ཧཱུཾ་ཆེན་འབར་བའི་འོད་འཕྲོས་པས། །འཇམ་དཔལ་མཁའ་ལས་བྱུང་བ་ནི། །གཤིན་རྗེ་ཀུན་གྱི་གཤེད་གྱུར་པ། །ཆོས་ཀྱི་དབྱིངས་ལས་འགྱུར་མེད་པས། །མཐིང་ནག་འབར་བའི་འོད་མདོག་ཅན། །ཞལ་གཡས་དཀར་བ་ཞི་བའི་ངང་། །ཕྲིན་ལས་དྲག་པོ་གཙོར་སྤྱོད་པས། །གཡོན་ཞལ་དམར་ནག་གཙིགས་པའོ། །ས་དགུ་རྫོགས་ཤིང་གནོན་པ་ཡིས། །སྤྱན་དགུ་སྡང་མིག་རབ་ཏུ་བལྟ། །ཆགས་པའི་ཐུགས་རྗེ་དང་ལྡན་པས། །སྤྱན་རྩ་དམར་ཞིང་ཕྱོགས་བཅུར་འཕྲུལ། །སྐྱེ་ཤི་རྩ་བ་གཅོད་པ་ཡིས། །མཆེ་བ་བཞི་ནི་རབ་ཏུ་གཙིགས། །སྒྲིབ་པའི་བག་ཆགས་གཏོར་བ་ཡིས། །ཤངས་ནས་ཡེ་ཤེས་འཐོར་རླུང་མཛད། །ཨག་ཚོམ་དམར་པོ་མེར་འབར་བས། །གདུག་པའི་ཚོགས་ཀུན་ཟིལ་གྱིས་གནོན། །དྲེགས་པ་དབང་དུ་སྡུད་མཛད་པས། །ཞལ་ནས་ཧཱུཾ་སྒྲ་དྲག་པོ་སྒྲོགས། །རྒྱུད་དྲུག་དབྱིངས་སུ་སྒྲོལ་བ་ཡིས། །ཕྱག་དྲུག་མཚོན་ཆ་རང་རྟགས་འཛིན། །གཡས་པའི་དང་པོ་དུག་ལྔའི་ཚོགས། །གཏན་ནས་འཇོམས་མཛད་བེ་ཅོན་བསྣམས། །བར་མ་རལ་གྲི་འཛིན་པ་ཡིས། །སྐྱེ་ཤིའི་འཇིགས་པ་རྩ་བ་གཅོད། །འོག་མ་དགྲ་སྟྭ་འཛིན་པ་ཡིས། །སྟོབས་ཀྱི་དུག་ཞི་གནས་བཞི་འཇོམས། །གཡོན་གྱི་དང་པོ་སྡིགས་མཛུབ་ཀྱིས། །གདུག་བྱེད་ཟིལ་གནོན་འབིགས་པའི་བརྡའ། །བར་མ་ཐུགས་ཀྱི་ཡེ་ཤེས་ཀྱིས། །འཁོར་བའི་གཏིང་འབྱིན་མདུང་རིང་བསྣམས། །ཐ་མ་དབང་སྡུད་ཐོད་ཁྲག་འཛིན། །ཞབས་བཞི་གྱད་ཀྱི་དོར་སྟབས་ཀྱིས། །དྲེགས་པ་མང་པོ་དབང་དུ་སྡུད། །སྐུ་གསུམ་རང་བཞིན་ལྷུན་གྲུབ་པས། །ཐོད་པ་གསུམ་གྱི་ཕྲེང་བས་བརྒྱན། །གདུག་པ་ཀླུ་ཡི་དུག་འཇོམས་པས། །རིགས་ལྔའི་སྦྲུལ་གྱིས་ལྷུ་ཚིགས་བསྡམས། །


DNG015_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

བློ་ཡི་ཐེག་པ་སྣ་ཚོགས་རྫོགས། །ཕྲིན་ལས་བཞི་ཡི་ཆོ་འཕྲུལ་སྟོན། །རཱུ་ཏྲ་གདུག་པ་སྒྲོལ་མཛད་པས། །གླང་ཆེན་སྟག་དང་མི་དབང་པོ། །པགས་པ་སྐུ་ཡི་ན་བཟར་གསོལ། །དུག་གསུམ་གཏན་ནས་འཇོམས་འདུལ་བས། །རཀྟ་ཐལ་ཆེན་ཁུ་བ་ཡིས། །ཐིག་ལེའི་ཚོམ་བུ་རི་མོར་བྱས། །མཐའ་གཉིས་སྤངས་ཤིང་ཁྱབ་པ་ཡིས། །རྡོ་རྗེ་རིན་ཆེན་གཤོག་པ་གདེངས། །ཉོན་མོངས་རྩ་བ་ཡན་ལག་ཚོགས། །བསྲེག་མཛད་བསྐལ་པའི་མེ་དཔུང་འབར། །གཏི་མུག་མ་སྤངས་དོན་མཛད་པས། །མ་ཧེ་ཆུ་གླང་ཞབས་ཀྱིས་གནོན། །སྐྱོན་མེད་གསལ་བའི་ཡེ་ཤེས་ལྡན། །ཉི་ཟླ་པདྨའི་གདན་ལ་བཞུགས། །ཆོས་དབྱིངས་ཡེ་ཤེས་དོན་རྟོགས་པས། །གཡོན་ཕྱོགས་ཁྲོ་མོ་བེ་ཏཱ་ལཱི། །ནག་མོ་གཏུམ་ཆེན་དབྱིངས་ཀྱི་ཡུམ། །སྐུ་གསུམ་རྫོགས་པའི་སྤྱན་གསུམ་ལྡན། །ཁྲོ་གཉེར་རླབས་ཀྱིས་རབ་ཏུ་བསྐྱོད། །འཁོར་བ་མ་ལུས་གནས་ནས་འདྲེན། །དབུ་སྐྲ་ཁམ་ནག་རབ་ཏུ་འཚེར། །སྐུ་ཡི་ཆ་ལུགས་གདུག་པ་འདུལ། །ཟ་བྱེད་རྔམ་པའི་རོལ་པའི་སྟབས། །ཞལ་གདངས་ཚེམས་གཙིགས་ལྗགས་འདྲིལ་ཞིང་། །མེ་དཔུང་འབར་བའི་ནང་དུ་བཞུགས། །དུག་གསུམ་རྩད་གཅོད་དགྲ་སྟྭ་གཡས། །གཡོན་ན་བྷནྡྷ་ཁྲག་གིས་བཀང་། །སྤྲོས་བྲལ་ཉོན་མོངས་ཞལ་དུ་རྔུབས། །སྒྲོལ་མཛད་རལ་པ་གཅིག་མ་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང་། །དབུ་ཡི་ཐོར་ཚུགས་གཅིག་ཏུ་འཁྱིལ། །ཆོས་ཉིད་ཡང་དག་ཡེ་ཤེས་དབྱིངས། །མ་ལུས་རྟོགས་པའི་རྟགས་ཡིན་ཏེ། །གཡས་ཀྱི་ཏྲི་ཤཱུལ་རྩེ་གསུམ་འཛིན། །དུག་གསུམ་འཛིན་པ་རྩད་ནས་གཅོད། །གཡང་གཞི་པགས་པའི་རུ་མཚོན་གྱིས། །བདུད་བཞིའི་རྟོག་པ་ཟིལ་གྱིས་གནོན། །གཡོན་ན་ཐོད་པ་ཁྲག་གིས་བཀང་། །འཁོར་བའི་ཉོན་མོངས་དབང་དུ་སྡུད། །འགྲོ་དྲུག་དབྱིངས་སུ་སྒྲོལ་བ་ཡིས། །ཁྲོ་གཉེར་དྲུག་གིས་རབ་ཏུ་འབར། །གཙོ་ཆེན་དགྱེས་པའི་རོལ་པ་སྟོབ། །ཧ་ཧི་གསང་བའི་ང་རོ་ཡིས། །རང་སྔགས་གསང་བའི་སྒྲ་སྒྲོགས་ཤིང་། །རྡོ་རྗེ་པདྨ་མཉམ་སྦྱོར་བས། །བྱང་ཆུབ་སེམས་ཀྱི་འོད་ཟེར་འཕྲོས། །


DNG015_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་འབྲུའི་རྣམ་པ་ཆོ་འཕྲུལ་གྱིས། །འདུལ་བྱེད་རང་གི་སྤྲུལ་པ་དག །ཇི་བཞིན་པ་ཡི་སྣང་བ་ལས། །རིགས་ཀྱི་སྲས་མཆོག་བྱུང་བ་ནི། །ཧཱུཾ་ཞེས་བྱ་བ་ཡི་གེའི་གཟུགས། །མཐིང་ག་འོད་དང་ལྡན་པ་དག །རང་གི་གནས་སུ་བསྐྱེད་པ་ལས། །འཁོར་ལོ་འབར་བའི་ཤར་ཕྱོགས་སུ། །ཡ་མ་རཱ་ཛ་ཞེས་བྱའི་སྲས། །མཐིང་ནག་ཞལ་གསུམ་ཕྱག་དྲུག་པ། །གཡས་དཀར་གཡོན་དམར་དབུས་མཐིང་ཞལ། །འཁོར་ལོ་རལ་གྲི་ལྕགས་ཀྱུ་གཡས། །ཁ་ཊྭཱཾ་དགྲ་སྟྭ་རྒྱུ་ཞགས་གཡོན། །སྦྱོར་ཡུམ་ནག་མོ་རལ་གཅིག་མ། །གཙོ་ལ་འཁྱུད་ཅིང་དུང་དམར་སྟོབ། །སྒྲོལ་ཡུམ་ནག་ནམ་གྲུ་ཡང་མོ་རེ་མ་ཏི། །གཡས་གཡོན་རལ་གྲི་ནེའུ་ལེ་འཛིན། །ལྷོ་ཕྱོགས་སུ་ནི་མྱོས་བྱེད་འབར། །སེར་ནག་ཞལ་གསུམ་ཕྱག་དྲུག་པ། །གཡས་སྔོ་གཡོན་དམར་དབུས་སེར་ཞལ། །བེ་ཅོན་རལ་གྲི་དགྲ་སྟྭ་གཡས། །བྷན་དྷ་འཁོར་ལོ་རྒྱུ་ཞགས་གཡོན། །གཏུམ་མོ་སེར་ནག་སྦྱོར་མཛད་མ། །གཙོ་ལ་འཁྱུད་ཅིང་དུང་ཁྲག་སྟོབ། །སེར་ནག་ཁྲག་གི་བདག་མོ་ནི། །གཡས་ན་སྤུ་གྲི་སྙིང་ཞགས་གཡོན། །ནུབ་ཕྱོགས་འཕགས་པ་མ་རུ་ཙེ། །དམར་ནག་དབུ་གསུམ་ཕྱག་དྲུག་ལྡན། །གཡས་དཀར་གཡོན་སྔོ་དབུས་དམར་ནག །བེ་ཅོན་དབྱུག་ཏོ་ཁ་ཊྭཱཾ་གཡས། །ཐོད་ཁྲག་འཁོར་ལོ་རྒྱུ་ཞགས་གཡོན། །ར་སྨི་ཅན་ནི་གཉིས་མེད་སྦྱོར། །གཙོ་ལ་འཁྱུད་ཅིང་དུང་ཁྲག་སྟོབ། །གླིང་བཞི་འཇོམས་མཛད་ཁྲོས་མ་ནི། །དམར་མོ་མི་སྙིང་ཐོད་ཁྲག་འཛིན། །བྱང་ཕྱོགས་རལ་པ་ཚར་དགུ་ནི། །ལྗང་ནག་དབུ་གསུམ་ཕྱག་དྲུག་པ། །གཡས་དཀར་གཡོན་དམར་དབུས་ལྗང་ནག །བེ་ཅོན་གཏུན་ཤིང་རྒྱ་གྲམ་གཡས། །དུང་ཁྲག་འཁོར་ལོ་རྒྱུ་ཞགས་གཡོན། །རེ་མ་ཏི་ནི་སྦྱོར་བའི་ཚུལ། །སྲིན་མོ་ལྗང་ནག་མགོ་འཕྱངས་མ། །དགྲ་སྟྭ་འཕྱར་ཞིང་དུང་དམར་སྟོབ། །སྲས་མཆོག་ཡབ་ཡུམ་འཁོར་རྣམས་ནི། །སོ་སོའི་རིགས་ཀྱི་སྐུ་མདོག་དང་། །རྒྱན་བཅས་གཙོ་བོ་ཡབ་ཡུམ་གྱི། །ཚུལ་ལྡན་རབ་ཏུ་རྫོགས་པའོ། །ཕྱི་རོལ་ཁྱམས་སམ་འཁོར་ལོ་ལ། །གདུལ་བྱའི་གཤིན་རྗེ་བསྐྱེད་པ་ནི། །སྟེང་ཕྱོགས་གནས་པའི་གཤིན་རྗེ་ནི། །ནག་པོའི་


DNG015_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་འཇོམས་ཞེས་བྱ་བ། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང་། །གཡས་པ་རྡོ་རྗེ་གཡོན་དགྲ་སྟྭ། །ནག་མོ་རལ་གཅིག་ཡུམ་དང་བཅས། །དབང་ཕྱུག་རྫོགས་པ་སྐུ་དཀར་སེར། །ཚེ་བུམ་ཐོང་གཤོལ་ཕྱག་གིས་འཛིན། །གདོང་དགུ་མ་ནི་སྦྱོར་བའི་ཡུམ། །བྲག་འཇོམས་མདོག་དཀར་གཡས་རྡོ་རྗེ། །ཕྱག་གཡོན་གྱིས་ནི་འཁོར་ལོ་འཛིན། །ཁྲོ་མོ་ཤེལ་མིག་མ་དང་བཅས། །སྨུག་ནག་ཆེན་པོ་གླང་མགོ་ཅན། །ཕྱག་གཡས་ཁ་ཊྭཱཾ་གཡོན་ལྕགས་ཀྱུ། །མཆེ་གཙིགས་མ་དང་གཉིས་སུ་མེད། །སྔོ་ནག་ཡ་བ་ཏི་ཞེས་པ། །གཡས་པ་རལ་གྲི་གཡོན་ལྕགས་ཀྱུ། །ཨབ་ཤམ་ཅན་ཞེས་ཡུམ་དང་བཅས། །མིག་དམར་སྨུག་ནག་གཡས་རལ་གྲི། །གཡོན་གྱིས་ཏི་རའི་དབྱུག་པ་འཕྱར། །དམར་མོ་རལ་གཅིག་ཡུམ་དང་བཅས། །རབ་ཏུ་དམིགས་པའི་དུད་ཁའི་མདོག །ཐོད་ཕྲེང་གཡས་ཏེ་ལྕགས་སྒྲོག་གཡོན། །ཀླུ་མོ་པུས་འགྲོ་ཡུམ་དང་བཅས། །གཤིན་རྗེ་ཏེལ་པ་སྔོ་ནག་མདོག །གཡས་པ་སྤུ་གྲི་ཐོད་ཁྲག་གཡོན། །སྦྱོར་ཡུམ་སྤྱན་གསུམ་མ་དང་བཅས། །བདུད་འཇོམས་སྨུག་ནག་ཕྱག་གཡས་ན། །ཐོ་བ་གཡོན་ན་བྷནྡྷ་འཛིན། །སྨུག་ནག་རལ་གཅིག་མ་དང་སྦྱོར། །ཆོས་ཀྱི་རྒྱལ་པོ་ཞེས་བྱ་བ། །དཀར་སེར་རྡོ་རྗེ་ཁྲམ་ཤིང་འཛིན། །རྡོ་རྗེ་རལ་པ་ཅན་དང་སྦྱོར། །འབར་བ་དམར་པོ་གཡས་ཀྱིས་ནི། །རྩིས་བྱང་གཡོན་ན་གཏུན་ཤིང་ཐོགས། །དམར་མོ་མགོ་དགུ་ཡུམ་དང་འཁྲིལ། །ཐོད་རྒྱ་གྲམ་ཡང་དབྱུག་ཅན་ནི་མཐིང་ནག་མདོག །གཡོན་ན་ཤྭོ་རྡེ་གཡས་ཏི་ར། །ནག་མོ་ཕག་མགོ་ཅན་དང་སྦྱོར། །ཕྱོགས་ཀུན་སྐྱོང་བའི་གཤིན་རྗེ་སྟེ། །ཁྲོ་བོ་གར་དགུའི་ཚུལ་དང་ལྡན། །ཞལ་གཅིག་ཕྱག་གཉིས་འཇིགས་པའི་གཟུགས། །རབ་ཏུ་མཚུངས་པའི་ཡུམ་ཆེན་ཡང་། །ཁ་ཊྭཱཾ་ཤེལ་གྱི་ལྕགས་ཀྱུ་དང་། །སྐར་མདའ་ཁྲམ་ཤིང་ཙིཏྟ་མདུང་། །ཐོད་རློན་རལ་གྲི་ཉི་ཟེར་དང་། །ཏྲི་ཤཱུལ་རྡོ་རྗེ་ཞགས་པ་དག །རིམ་པར་གཡས་པའི་ཕྱག་གིས་འཛིན། །གཡོན་པས་དུང་དམར་ཡབ་ལ་སྟོབ། །རང་གི་ཕྱོགས་ནས་བརྗིད་པའི་ཚུལ། །སྒོ་བཞི་ཤར་ལྷོ་ནུབ་བྱང་དུ། །ཁྲོ་ཆེན་དཀར་མཐིང་དམར་ལྗང་གདོང་། །ཕྲ་མེན་ལྟ་བུ་བྱ་རྒོད་དང་། །


DNG015_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

སྟག་དང་ཀང་ཀ་སྤྱང་ཀིའི་མགོ། །རྡོ་རྗེ་རིན་ཆེན་པདྨ་དང་། །རྒྱ་གྲམ་རིམ་བཞིན་གཡས་ཀྱིས་འཛིན། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དང་། །ཤེལ་གྱི་དྲིལ་བུ་གཡོན་ན་བསྣམས། །ཁྲོ་བོའི་གར་དང་ལྡན་པ་དག །རང་སྔགས་གསང་བའི་དོན་གྱིས་དབྱུང་། །ཁྲོ་བོ་ཁྲོ་མོའི་ཚོགས་ཆེན་དག །ང་དང་གཉིས་མེད་དུས་གསུམ་གྱི། །སངས་རྒྱས་རྣམས་ཀྱི་བྱིན་རླབས་ཀྱིས། །སྐུ་གསུང་ཐུགས་སུ་བྱིན་བརླབས་ཤིང་། །ཆོས་དབྱིངས་མཉམ་ཉིད་མེ་ལོང་དང་། །སོ་སོར་རྟོག་དང་ནན་ཏན་གྱི། །རང་གི་ཡེ་ཤེས་ལྡན་པར་བྱས། །རྣལ་འབྱོར་དབང་ཕྱུག་སྒྲུབ་པ་ཡིས། །ལུས་ངག་ཡིད་ཀྱི་ནུས་པ་ཡིས། །ཡུལ་གསུམ་གསལ་བར་རབ་ཏུ་བསྒོམ། །དེ་ལ་བརྟན་པར་གནས་པ་དང་། །གཉིས་མེད་ཡེ་ཤེས་དཀྱིལ་འཁོར་ཆེ། །རང་བཞིན་གྲུབ་པའི་ཕོ་བྲང་ན། །ཁྱད་པར་ང་རྒྱལ་སྙིང་པོ་ཉིད། །ལྷག་པའི་གནས་སུ་སྦྱོང་བྱེད་པ། །མཉམ་ཉིད་རྫོགས་པའི་རང་བཞིན་ཅན། །དགུག་ཅིང་བསྡིམ་དང་དབབ་པ་དང་། །མཉེས་དང་མཆོད་པ་བསྟབ་པ་དང་། །རབ་ཏུ་བསྙེན་དང་ཤིན་ཏུ་བསྙེན། །འཕྲོ་འདུ་ལས་ཀྱི་སྦྱོར་བ་དང་། །ཞི་བར་བྱ་དང་རྒྱས་པར་སྤེལ། །དབང་དུ་བསྡུ་དང་དྲག་པོས་འདུལ། །འཁོར་ལོ་བཞི་ཡི་ལོངས་སྤྱོད་ཀྱིས། །ལས་ཀྱི་མཐའ་དང་བཅས་པ་དག །མངོན་སུམ་ནུས་པར་རབ་ཏུ་བཤད། །ཅེས་བཀའ་སྩལ་ཏོ། །གཤིན་རྗེ་གཤེད་འདུས་པ་རྩ་བའི་རྒྱུད་ལས། སྐུའི་འཁོར་ལོ་རྒྱས་པར་སྒྲུབ་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །བྱང་ཆུབ་ཚུལ་གྱིས་སྦྱོར་བ་དག །གསུང་གི་སྙིང་པོ་གསང་བ་དག །འདུས་པའི་འཁོར་ལ་རབ་ཏུ་བསྟན། །ལྟ་བ་སྤྱོད་པ་ཆོ་འཕྲུལ་དང་། །ཕྲིན་ལས་རིགས་ཀྱི་ཁྱད་པར་གྱིས། །ང་རྒྱལ་གཏི་མུག་འདོད་ཆགས་དང་། །ཞེ་སྡང་ཕྲག་དོག་སྣང་བ་ཡིས། །ཐུགས་ཀྱི་སྙིང་པོ་འདི་ཉིད་ནི། །བློ་ཆེན་རྣམས་ལ་ངེས་སྣང་བ། །མཉམ་པ་ཉིད་དང་ཆོས་ཀྱི་དབྱིངས། །སོ་སོར་རྟོག་པའི་ཤེས་རབ་དང་། །ཀུན་ཏུ་གསལ་དང་ནན་ཏན་སྤྱོད། །གཅིག་ལ་ཀུན་རྫོགས་གཅིག་གི་ངང་། །གཅིག་ལས་སྤྲོས་དང་


DNG015_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་བསྡུ། །སྣང་ཞིང་རྟོག་པ་ཇི་སྙེད་པ། །དོན་གྱི་ངོ་བོ་དེ་ཉིད་ལས། །མཐོང་བའི་ཡུལ་ཚུལ་བལྟ་བ་ལས། །ཡང་དག་ཉིད་ལ་ཡང་དག་བལྟ། །འཇིག་རྟེན་པ་དང་དེ་ལས་འདས། །གང་ཟག་དང་ནི་ཆོས་ཀྱིས་བརྟག །ཚུ་རོལ་དང་ནི་ཕ་རོལ་ཏུ། །སྲིད་པ་དང་ནི་ཞི་བའི་ཆོས། །མཉམ་པ་ཉིད་ཀྱིས་གང་བསྒོམ་པ། །མཚན་མར་སྣང་དང་མཚན་མ་མེད། །རྒྱུ་འབྲས་སྟོང་པ་ཉིད་ལ་གནས། །གང་ལ་གནས་པ་དེ་བསྒོམ་པའོ། །འགྲོ་དང་འཆག་དང་འདུག་པ་དང་། །ཟ་དང་འཐུང་དང་ཉལ་བ་དང་། །བྱ་དང་བྱེད་དང་གནས་པ་དང་། །གནས་འགྱུར་རྟོག་པའི་ཁྱད་པར་སྤྱོད། །ཇི་ལྟར་གང་ལ་ཅིར་སྤྱོད་པ། །འཇིགས་བྱེད་གཤེད་ཀྱི་བརྟུལ་ཞུགས་ཏེ། །དང་པོ་པ་དང་མཉམ་གཞག་དང་། །བདེ་བར་གཤེགས་པ་ཀུན་སྤྱོད་དོ། །དེ་དག་ཀུན་གྱི་ཕྲིན་ལས་ཚོགས། །མ་ལུས་སྒྲུབ་བྱེད་ནུས་པ་ནི། །དམིགས་པའི་ཡུལ་གྱི་བྱ་བ་དང་། །ལམ་དང་གང་ཟག་འབྲས་བུ་རྣམས། །འཐོབ་བྱེད་གསང་སྔགས་འདི་དག་གོ། །ཨཱོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུཾ་ཕཊ། རྩ་བའི་ཉེ་བའི་སྙིང་པོའོ། །ཨཱོཾ་ཀཱ་ལ་རཱུ་པ་ཧཱུཾ་ཕཊ། སྐུའི་སྙིང་པོའོ། །ཨཱོཾ་ཡ་མཱནྟ་ཀ་ཧཱུཾ་ཕཊ། གསུང་གི་སྙིང་པོའོ། །ཨཱོཾ་ཧྲཱྀཿཤྟྲཱིཿབི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། ཐུགས་ཀྱི་སྙིང་པོའོ། །ཨཱོཾ་ཡ་མ་རཱ་ཛ་ས་དོ་མེ་ཡ། ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཡ་ད་ཡོ་ནི་ར་ཡ་ཀྵེ་ཡ།ཡཀྵེ་ཡཙྪ་ནི་རཱ་མ་ཡ་ཧཱུཾ་ཕཊ། རབ་ཏུ་གསང་བའི་སྙིང་པོའོ། །ཨཱོཾ་ཨ་སྔགས་སོར་བཞག་ཀྲོ་ཏེ་ཀ་ཧཱུཾ་ཕཊ། ཨཱོཾ་བྷེ་ཏཱ་ལི་རཀྴ་མ་ན་ཧཱུཾ་ཕཊ། ཨཱོཾ་ཨེ་ཀ་ཛ་ཊཱི་ཏྲག་རཀྴ་མུ་ཏྲ་སྙིང་ཁ་རག་མ་རུ་ལུ་རུ་ལུ་བྷྱོ་ཧཱུཾ་ཕཊ། ཨཱོཾ་ཡ་མ་རཱ་ཛ་ཏི་ཏ་ཐ་ཐོ་ལ་ཡ་ཧཱུཾ་ཕཊ།ཨཱོཾ་ཡ་མ་རཱ་ཛ་པྲེ་ཏ་བྷི་ཏྲི་ཏི་མ་ར་ཧ་ཀ་ཧཱུཾ་ཕཊ། ཨཱོཾ་ཡ་མ་རཱ་ཛ་པྲེ་ཏེ་ཛ་ལ་ཧཱུཾ་ཕཊ། ཨཱོཾ་ཡ་མ་རཱ་ཛ་ཀ་ལ་ཀྵེ་པྲེ་ཏོང་ཀ་ཏ་ཧཱུཾ་ཕཊ། ཨཱོཾ་རག་མོ་རག་མོ་སྙིང་རྩ་ལ་ཤ་ལ་བྷྱོ། ཨཱོཾ་རག་མོ་རག་མོ་ཁྲག་ལ་མུ་ཤམ་བྷྱོ། ཨཱོཾ་རག་མོ་རག་མོ་ཏི་སམ་མ་མ་བྷྱོ། ཨཱོཾ་རག་མོ་རག་མོ་ཏིང་ཏིང་ཀ་ལ་མ་བྷྱོ། ཨཱོཾ་ཧེ་མ་དེ་བྷྱོ་ཧཱུཾ། ཨཱོཾ་ཡ་མ་དེ་བྷྱོ་ཧཱུཾ། ཨཱོཾ་ན་ག་དེ་བྷྱོ་ཧཱུཾ། ཨཱོཾ་ཁ་རག་དེ་བྷྱོ་ཧཱུཾ། ཨཱོཾ་བཛྲ་ཡ་མ་རཀྴ་ཀྲོ་ཏ་ཧཱུཾ་ཕཊ། ཨཱོཾ་ཡ་མ་ཧྲི་ཏི་ཧཱུཾ་ཕཊ། ཨཱོཾ་ཡ་མ་མ་ཧཱ་པ་


DNG015_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

ཏ་ཧཱུཾ་ཕཊ། ཨཱོཾ་ཡ་མ་ཧྲི་ཀུ་རུ་ཧཱུཾ་ཕཊ། ཨཱོཾ་ཡ་མ་ཡ་བ་ཏི་ཧཱུཾ་ཕཊ། ཨཱོཾ་ཡ་མ་ཨརྱ་ད་ར་ཧཱུཾ་ཕཊ། ཨཱོཾ་ཡ་མ་རཀྴ་ཙ་ལི་ཧཱུཾ་ཕཊ།ཨཱོཾ་ཡ་མ་སརྦ་བ་ཏ་ཧཱུཾ་ཕཊ། ཨཱོཾ་ཡ་མ་ཨ་མྲྀ་བཾ་ཧཱུཾ་ཕཊ། ཨཱོཾ་ཡ་མ་དྷརྨ་རཱ་ཛ་ཧཱུཾ་ཕཊ། ཨཱོཾ་ཡ་མ་ཛྭ་ལ་རཾ་ཧཱུཾ་ཕཊ། ཨཱོཾ་ཡ་མ་ཧྲི་ཏི་བཾ་ཧཱུཾ་ཕཊ། ཨཱོཾ་མ་མ་རག་མོ་རུ་ལུ་བྷྱོ། ཨཱོཾ་རག་མོ་རཀྵ་རུ་ལུ་བྷྱོ། ཨཱོཾ་མ་མ་ཡག་མོ་རུ་ལུ་བྷྱོ། ཨཱོཾ་མ་མ་རག་ཤ་ཧྲི་ཏི་སྙིང་རུ་ལུ་བྷྱོ། ཨཱོཾ་མ་མ་རཀྴ་མ་ཏི་རུ་ལུ་བྷྱོ། ཨཱོཾ་རག་མོ་སྟ་ན་རུ་ལུ་བྷྱོ། ཨཱོཾ་མ་མ་ན་ག་རུ་ལུ་བྷྱོ། ཨཱོཾ་བ་ཡ་དྷི་བ་རུ་ལུ་བྷྱོ། ཨཱོཾ་ཡག་མོ་ཡག་མོ་རུ་ལུ་བྷྱོ། ཨཱོཾ་མ་མ་བཛྲ་ཨེ་ཀ་རུ་ལུ་བྷྱོ། ཨཱོཾ་མ་མ་ཡག་མོ་རུ་ལུ་བྷྱོ། ཨཱོཾ་ཀ་ལ་རག་མོ་རུ་ལུ་བྷྱོ། ཨཱོཾ་ཡ་མ་ཨཾ་གུ་ཤ་ཛཿ། ཨཱོཾ་ཡ་མ་པ་ཤ་ཧཱུཾ། ཨཱོཾ་ཡ་མ་སྥོ་ཊ་བཾ། ཨཱོཾ་ཡ་མ་གྷནྡྷེ་ཧོཿ། རབ་ཏུ་བསྐྱེད་པའི་སྙིང་པོའོ། །ཨཱོཾ་ས་མན་ཡ་མཉྫུ་ཤྲཱི་མུ་ཏྲ་ཡཱ་མན་ཏ་ཀ་པ་ཙ་ཏེ་རོ་ནི་ཧཱུཾ་ཛ། མ་མ་ཨེ་ཀ་ཛཿཏི་ཏྲག་རཀྴ་ཁ་མུནྟྲ། མུ་ཏྲ་མ་མ་སྙིང་ཁ་རགྨ་བྷྱོ།རག་མོ་ཏེ། ཀེ་ཙ་ཚ་ཁ་ལ་མ་ཧི་བྷྱོ། ཡ་ཡ་ལོན་ཙིནྷན་མ་མ་བྷྱོ་ཛ། སྙིང་ཁ་རག་སྲོག་ལ་བྷྱོ་བྷྱོ། བསྒྲུབ་པ་བྱ་བའི་སྙིང་པོའོ། །ཨཱེ་མ་མ་ཏེ་ཀྵེ་ར་ཙ་སཏྭ་རུ་ན་ཡོ་ནི་ར་ཡ་ཙ་ནི་ཧཱུཾ་ཕཊ། ཡ་མ་ར་ཙ་སཏྭ་མེ་ཡ། ཨ་མུ་ཀ་པྲ་མ་ཡ་ནི་ཤ་ཀུ་རུ་ནི་ཧཱུཾ་ཕཊ། ཡ་མེ་ཏོ་རུ་ན་ཡོ་ཏ་ཡ། ཨ་མུ་ཀ་རག་ཏ་ར་ཙ་ཡ་ནི་ཤ་ཀུ་རུ་ཧཱུཾ་ཕཊ། ཡ་ཏ་ཡོ་ནི་ར་ཡ་ཀྵེ་ཡ། སྲོག་རྩ་ཨ་མུ་ཀཾ་ནི་ཤ་ཀུ་རུ་ནི་ཧཱུཾ་ཕཊ། ཡ་ཀྵེ་ཡ་ཙ་ནི་ར་མ་ཡ། ཨ་མུ་ཀཾ་མ་ར་ཡ་ནི་ཤ་ཀུ་རུ་ཧཱུཾ་ཕཊ། ཕྲིན་ལས་ཀྱི་སྙིང་པོའོ། །གཤེད་ཆེན་ལྟོ་བ་དཀྲུགས་པ་ཡི། །སྲིད་སྦྱར་ཡབ་ཡུམ་འཁོར་ལོ་བསྐོར། །བྲབ་དང་འཕངས་དང་ལས་ཀྱི་མཆོག །བཟློག་དང་གཟིར་དང་དཀྲུག་པར་བྱ། །ཞེས་གསུངས་སོ། །དཔལ་གཤིན་རྗེ་གཤེད་རབ་ཏུ་འདུས་པ་རྩ་བའི་རྒྱུད་ལས། གསང་བའི་སྙིང་པོའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །སྔོན་གྱི་ཕྲིན་ལས་དགོངས་མཛད་དེ། །གང་གིས་བཏུལ་བའི་གདུལ་བྱ་དེ། །ཕྱི་མའི་དུས་ན་དགོངས་མཛད་དེ། །མངོན་དུ་སྤྱོད་པ་བཀའ་སྩལ་པ། །


DNG015_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

ང་ཡིས་སྔར་བཤད་གནས་དག་ཏུ། །གསུམ་དང་གཅིག་གི་ཁྲུ་ཚད་ཀྱིས། །ཕོ་བྲང་དཀྱིལ་འཁོར་མཛེས་པར་བརྩིགས། །དུར་ཁྲོད་རྫས་ཀྱིས་རབ་ཏུ་བསྟར། །དབུས་ལ་གྲུ་གསུམ་སྒོ་བཞེངས་བྱ། །འཁོར་ལོ་མུ་ཁྱུད་ལྡན་པར་བྱེད། །གཙོ་ཆེན་སྐུ་གསུང་ཐུགས་ཀྱི་གནས། །ཇི་ལྟར་རིགས་པ་བསམ་བཞིན་དགོད། །གླ་གློ་ཨ་བ་བྷྲཾ་ཤི་ཏ། །རང་སྐད་སྨྲ་བ་དེ་དག་གི། །མཚན་ངན་སྣོད་དུ་དྲག་པོའི་རྫས། །མྱོས་འཐིབ་གསོད་པར་ནུས་པ་དང་། །དྲན་པའི་རྟེན་དང་འཁོར་བའི་རྒྱུད། །མཛེས་ཤིང་མཉེས་པར་བྱ་ཕྱིར་དགོད། །མི་རྟ་རྒྱུ་མཆོག་གླང་པོ་ཆེ། །ཆུ་གླང་མ་ཧེ་དྲན་དབང་རྟེན། །གསེར་དངུལ་ཟངས་ལྕགས་འཁོར་ལོ་དང་། །སྤུ་གྲི་གྲི་གུག་བཤན་གྲི་དང་། །མཚོན་ལྕགས་ཕུར་པ་དུག་ཤིང་ཁྲམ། །ཤྭ་རྡེ་དཀར་ནག་དམར་དང་སྔོ། །བཞི་འམ་བདུན་ནམ་ཉི་ཤུ་གཅིག །སོ་སོའི་གྲངས་དང་མཐུན་པར་དགོད། །གཞན་ཡང་གིང་བདུད་བཤན་པ་དང་། །རྩིས་པ་རང་གི་གཟུགས་བརྙན་རྣམས། །དུས་གཞན་དག་ཏུ་ངས་བཤད་བཞིན། །སྐུ་གསུང་ཐུགས་ཀྱི་རྟེན་དུ་དགོད། །མཆོད་པས་མཉེས་གྱུར་དམ་ཚིག་རྫས། །བཟའ་བར་བཏུང་དང་མྱང་དང་ལྡག །བྲབ་དང་བདུག་པ་བརྡེག་པ་དང་། །བསྐྲད་དང་བཅིངས་དང་མནན་པ་དང་། །གཏོར་དང་སྤར་པའི་རྫས་ཀྱིས་བསྟར། །ཏིང་ངེ་འཛིན་གྱི་དམིགས་པ་དང་། །ལས་ཀྱི་རིམ་པ་བྱ་བ་དག །གཙོ་དང་འཁོར་གྱིས་གནས་བསྒྱུར་ཏེ། །མཾ་ལས་མ་ཧེ་བསྣོལ་བའི་སྟེང་། །ཉི་ཟླ་འཁོར་ལོ་གསལ་བའི་སྟེང་། །ཡ་ཧཱུཾ་རྣམ་པའི་འཕྲོ་འདུ་ལས། །གཤེད་ཆེན་འཇིགས་བྱེད་བསྐྱེད་པར་བྱ། །དམར་ནག་སེར་ལྗང་ལས་ཀྱི་མཐའ། །གང་གི་དམིགས་པ་དེ་དག་གི། །ཟླ་གམ་ཡུམ་གཉིས་སྲས་དང་གསུམ། །གྲི་ཐོགས་བཞི་དང་ཁྲམ་ཐོགས་བཞི། །རྩིས་པ་བཞི་དང་བཤན་པ་བཞི། །བཞི་འམ་བརྒྱད་དམ་བཅུ་དྲུག་གི། །གིང་བདུད་གནོད་སྦྱིན་སྲིན་པོ་རྣམས། །སོ་སོའི་གཙོ་དང་འཁོར་དུ་བཅས། །ལུས་དང་ལོངས་སྤྱོད་ལྡན་པར་བསྒོམ། །རང་རྒྱུད་གནས་པའི་ཏིང་འཛིན་གྱིས། །དམིགས་པར་ལྡན་པས་བོས་ཤིང་བསྡིམ། །གནས་དང་དྲངས་ཤིང་བོས་དང་བསྐུལ། །


DNG015_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་བྱེད་ངང་གིས་བཟླས་པར་བྱ། །ཡ་མ་རཱ་ཛ་ས་དོ་མེ་ཡ། ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཡ་ད་ཡོ་ནི་ར་ཡ་ཀྵེ་ཡ། ཡ་ཀྵེ་ཡ་ཙྪ་ནི་རཱ་མ་ཡ། ཉི་མ་བཞི་པའི་ཕྲིན་ལས་སྤྱད། གིང་ཀ་ར་གིང་ཀ་ར། ཀརྨ་རཀྴ་ཧྲི། ཏྲི་ཀུ་རུ་རཀྴ་ཁཱ་ཧི། སྟ་ཤ་རཱུ་ཏྲ་མཱ་ར་ཡ། རཱུ་ཏྲ་ཐུན་ཡ། རཱུ་ཏྲ་ཐུན་ཡ། རཀྟ་ཐུན་རྦད། རཀྟ་ཐུན་རྦད། བདུད་ཏྲི་ནི་ར་ཟུང་། ཡ་ཧྲི་ནི་ར་ཟུང་། ཏྲི་ཙ་བ་ལ་ནི་ར་ཟུང་། ཆུ་མ་ཤིག་ཡང་ཏྲི་ནི་ར་ཟུང་། དུན་ཏྲི་པ་ཏྲི་དན་ཏྲི་ཤོ་མ་ཏྲི་ཐུན་ཛ། མ་ར་ཏྲི་ཛ་ཛ། ཡ་ཡཱ། ཐིང་ཐིཾ། ཀྲོ་ཏ་ནི་ཀྲོ་ཏ་ནི། པ་ཏྲ་པ་ཏྲ། གཤུ་ལ་གཤུ་ལ། དྷ་ཤ་གྷྲི་ཝ་དྷ་ཤ་གྷྲི་ཝ། ཡག་ཤ་གྷྲི་བ་ཡག་ཤ་གྷྲི་བ་ཧཱུཾ་ཕཊ། བཛྲ་བཛྲ་ད་ར་ལི་བས། ཁ་ལ་མུ་ཏིང་སྙིང་གང་ཆོད། མུ་ལ་དུན་ཏིང་མཱ་ར་ཡ་རྦད། བཛྲ་ཏིཀྞ་རྦད། ཙཀྲ་དུ་ཏྲི་རྦད།བཛྲ་ཤུ་ཏྲི་ད་ར་ཏྲི་ཡ་རྦད་སུ་རྦད་སུ། རྦད་དུ་རྦད་དུ། ད་ར་ཀ་ཤ་ཏ་ས་མ་ཡ། མདངས་དང་ལྡན་པས་བོད་པར་བྱ། །ཉེ་དང་བསྙེན་པའི་རྟགས་མཐོང་ནས། །ལས་ལ་སྦྱར་བ་འདི་དག་གོ། །གིང་ཀ་ར་གིང་ཀ་ར་སྲོག་ལ་རྦད་སུ་རྦད་སུ། ཤ་ལ་ཧབ་ཧབ། རུས་ལ་ཆེམ་ཆེམ། རྩ་ལ་མྱག་མྱག །ཁྲག་ལ་ཧུབ་ཧུབ། རྦད་རྦད་རྟུབ་རྟུབ། ཨ་མུ་ཀ་ཙིཏྟ་མུགས། ར་མ་མཱ་ར་ཡ་ཁུག་ལིང་། སྙིང་ཁྲག་ཏི་མ་ཙ་ཏི་རྦད་ཐུན་རྨུགས་ཁྲམ་ཧོ་ར་རྦད། ཨ་མུ་ཀ་མཱ་ར་ཡ་མ་ཏྲི་ག་ན་གུག་ལིང་རྦད། བདུད་ཏྲི་རྦད་ཐུམ་རི་ལི་ལི། ཨ་མུ་ཀ་ཤིག་ཁ་ལ་ཀུ་རུ། ཨ་མུ་ཀ་མུ་ཏྲི་ཧྲིམ་དུན་ཏྭི་ཕོབ་ཡ། ཡ་ཏྲི་རྦད་ཐུམ་རི་ལི་ལི། རྦད་རྦད། དྷ་ཤ་གྷྲི་བ་རྦད་ཐུམ་རི་ལི་ལི། ཡཀྴ་གྷྲི་ཝ་རྦད་བུ་ཐུམ་རི་ལི་ལི། ཡཀྴ་ཙཀྲ་ཙིཏྟ་མཱ་ར་ཡ་བྷྱོ།ས་མ་ཡ་དམ་ཛ་ཛ། ཏཾ་ཏཾ་དུ་ན་རྦད། སུ་དར་དྲེང་དྲེང་རྦད། རཏྣ་ཙཀྲ་ཨ་མུ་ཀ་ཧ་རི་ནི་བྷྱོ། བམ་མུ་ན་ཏིང་ཤ་ལིང་ཏྲི་ཙར་ནྲྀ་ཏྲི་བར་ཏྲི་རྦད་རྦད། གིང་ཀ་ར་ཙདྷ་མ་རུ་ཙེ་ལས་ཡ་ཡམ་ཡམ་རྩ་ལ་རྒྱུག་དབུགས་ལ་ཧུར་ཐུམ། སྲོག་ལ་དུན་ཛ། ཤ་ལ་གུག་ཐུན། སྔགས་འདི་རྫས་ལ་བཟླས་ཤིང་གདབ། །བྱུང་དང་བརྟན་དང་ལས་བྱེད་དང་། །གྲུབ་དང་མཐར་ཕྱིན་རྟགས་དང་སྦྱར། །དང་པོས་འབོད་ཅིང་གཟུགས་ལ་དབབ། །གཉིས་པས་དཔུང་དང་དབྲལ་བར་


DNG015_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། །གསུམ་པས་གནས་སུ་དགུག་ཅིང་བཅིངས། །བཞི་པས་བསད་དང་བརྡེགས་པ་སྟེ། །ཉི་མ་བཞི་པའི་འཁོར་ལོ་ཡིས། །གཡས་གཅོད་གཡོན་གཅོད་གོ་རིམ་གྱིས། །འཕང་དང་བསྲེག་དང་གནན་པ་དང་། །ལས་ཀྱི་མཐའ་མ་རྫོགས་པ་ཡིས། །གཅོད་པའི་འཁོར་ལོ་ཆོ་འཕྲུལ་ཡིན། །གཟུགས་མེད་གཟུགས་ཅན་འདོད་པའི་ཁམས། །མ་ལུས་ངོ་བོ་ཉིད་ཀྱིས་བདེ། །འཁྲུལ་པའི་ལས་ཀྱིས་འཁོར་ལོ་རྫོགས། །གནས་ནས་འཕོ་ཞིང་སྡུག་བསྔལ་གྱི། །ངང་གིས་བདེ་ལ་སྒྲིབ་ཅིང་གཅོད། །དེ་ལས་བཟློག་པ་དེ་ཉིད་དེ། །འཁོར་ཞིང་འཕོ་དང་གཅོད་པས་སོ། །བྱང་ཆུབ་ལམ་དང་སྲིད་པའི་གནས། །རྟེན་འདྲེལ་ཕྱོགས་ཆོས་རྗེས་འགྲོ་ཞིང་། །བཟློག་པ་མ་ལུས་ཀུན་ཏུ་བརྟག །དེ་ནས་གཞན་དབང་བསམ་པའང་འབྱུང་། །ཡོངས་སུ་གྲུབ་པ་རྗེས་ཡིན་ནོ། །དུས་བཞི་སྐྱེ་བའི་གནས་བཞི་དང་། །སྡུག་བསྔལ་བཞི་དང་འགྱུར་བ་བཞི། །ཡུལ་བཞི་ཁམས་དང་བྱེད་པ་བཞི། །ལམ་བཞི་ས་བཞི་ཡེ་ཤེས་བཞི། །སྐུ་བཞི་རྫོགས་པའི་ལྟ་བ་བཞི། །མ་ལུས་འཕོ་དང་གཅོད་པ་དང་། འགྲོ་ཞིང་ལྡོག་པའི་འཁོར་ལོ་སྟེ། །བཞི་དང་བརྒྱད་དང་བཅུ་གཉིས་དང་། །བཅུ་དྲུག་བར་གྱི་གནས་ཡུལ་མཚོན། །ཕྱི་ནང་ཡུལ་དང་དངོས་ཐམས་ཅད། །གཞི་དང་གཉེན་པོ་འབྱུང་བ་དང་། །རྒྱུ་དང་འབྲས་བུ་བྱེད་པའི་རྐྱེན། །འཇིག་དང་གནས་པའི་རྟེན་འདྲེལ་འབྱུང་། །བརྟན་གཡོ་དབང་པོ་དྲུག་གི་ཡུལ། །རང་གི་ནུས་པར་བཅས་པ་དག །རང་བཞིན་ངང་དྭངས་བདག་ཉིད་ཀྱིས། །བྱ་དང་བྱེད་དང་ཆགས་སྡང་དང་། །བག་ལ་ཉལ་དང་ཀུན་ནས་ལྡང་། །འབྱུང་དང་ལྡོག་པའི་རྟེན་འདྲེལ་གྱིས། །བག་ཆགས་ལས་དང་ཉོན་མོངས་དང་། །ཤེས་བྱ་ཙམ་གྱིས་སྒྲིབ་པར་འགྱུར། །བཅུ་གསུམ་པ་དང་ཡན་ལག་དང་། །སྦྱོར་དང་མཉམ་ཉིད་རིག་པ་ཡིས། །རྒྱུ་མཐུན་དབང་དང་རྣམ་སྨིན་གྱིས། །དགེ་དང་མི་དགེའི་འབྲས་བུ་བསྐྱེད། །ང་ནི་ཐོག་མ་མེད་པ་ནས། །དུས་གསུམ་སྤྲོས་བྲལ་ཆོས་སྐུར་གྱུར། །ཆོས་མཐུན་ལོངས་སྤྱོད་རྫོགས་པར་བསྟན། །ཆོ་འཕྲུལ་བྱིན་རླབས་འཁོར་ལོ་བཞིས། །མ་


DNG015_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

འགགས་ཐབས་ལས་སྤྲུལ་པའི་སྐུ། །དག་པ་རང་གི་ངོ་བོ་ཉིད། །ཕྲིན་ལས་སྣ་ཚོགས་འབྱུང་བ་ལས། །སོམ་ཉི་ཟ་བར་མ་བྱེད་ཅིག །ཅེས་བཀའ་སྩལ་ཏོ། །གཤིན་རྗེ་གཤེད་རབ་ཏུ་འདུས་པ་རྩ་བའི་རྒྱུད་ལས། གཅོད་པའི་འཁོར་ལོའི་ཁྱད་པར་གྱི་ལས་བཤད་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཁྱད་པར་སྐུ་ཡི་ངོ་བོ་བདག །བསྡུས་པའི་ཡོན་ཏན་འདི་གསུངས་སོ། །ཧཱུཾ་ཆེན་འབར་བའི་འཕྲོ་འདུ་དང་། །རྡོ་རྗེ་རྩེ་ལྔའི་བྱིན་རླབས་ཀྱིས། །འཇམ་དཔལ་མཁའ་ལས་བྱུང་བའི་སྐུ། །བཅོམ་ལྡན་གཤིན་རྗེ་ཀུན་གྱི་གཤེད། །གཉིས་མེད་ཀུན་ལ་ཁྱབ་པའི་སྐུ། །ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། །ཡེ་ཤེས་སྒྱུ་མའི་སྐུར་སྣང་བ། །འགྱུར་མེད་རྡོ་རྗེ་སྐུ་ཡི་མཆོག །ཞལ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །ཆོས་ཉིད་མི་འགྱུར་སྐུ་མདོག་མཐིང་། །སྐུ་གསུམ་རྫོགས་པའི་དབུ་གསུམ་གསལ། །རྒྱུད་དྲུག་སྒྲོལ་བའི་ཕྱག་དྲུག་ནི། །དུག་ལྔ་འཇོམས་མཛད་བེ་ཅོན་འཕྱར། །སྐྱེ་ཤི་རྩད་གཅོད་རལ་གྲི་གདེངས། །བདུད་བཞི་འདུལ་བའི་དགྲ་སྟྭ་འཛིན། །གདུག་བྱེད་འབིགས་པའི་སྡིགས་མཛུབ་མཛད། །འཁོར་བའི་གཏིང་འབྱིན་མདུང་ཐུང་བསོར། །མ་ལུས་དབང་སྡུད་ཐོད་ཁྲག་སྟོབ། །སྲིད་ཞི་མཉམ་ཉིད་ཞལ་མདོག་ཅན། །བདེ་གཤེགས་ཀུན་གྱི་ཡེ་ཤེས་ཀྱིས། །རྣམ་དག་སྐུ་ཡི་རྒྱས་གདབ་ཅིང་། །དབུ་སྐྲ་རལ་པ་སྲིད་རྩེར་འབར། །ས་དགུ་རྫོགས་པའི་སྤྱན་དགུ་གཟིགས། །ཉོན་མོངས་བག་ཆགས་སྒྲིབ་པའི་ཚོགས། །ཤངས་ཀྱི་ཡེ་ཤེས་རླུང་གིས་གཏོར། །སྨ་ར་མེ་འབར་སྲིད་གསུམ་བསྲེག །ཞལ་ནས་ཧཱུཾ་ཆེན་ཆོས་སྒྲ་སྒྲོགས། །ལྗགས་ཀྱི་གློག་འོད་ཁམས་གསུམ་གསལ། །མཆེ་བ་གཙིགས་པས་སྐྱེ་བཞི་སྒྲོལ། །ཁྲོ་གཉེར་བརྗིད་པས་དབང་དུ་སྡུད། །སྐུ་གསུམ་རྫོགས་པའི་ཐོད་ཕྲེང་བརྒྱན། །གདུག་པ་འཇོམས་མཛད་སྦྲུལ་གྱིས་དཀྲིས། །ཐེག་པ་རིམ་པ་དགུ་རྫོགས་པས། །གླང་ཀོ་རློན་པ་ན་བཟར་གསོལ། །


DNG015_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲིན་ལས་རྣམ་བཞི་རབ་རྫོགས་པས། །སྟག་གི་པགས་པའི་ཤམ་ཐབས་དཀྲིས་གསོལ། །དྲེགས་པ་རཱུ་ཏྲ་འདུལ་མཛད་པས། །མི་དབང་པགས་པ་སྐུ་ལ་གསོལ། །རཀྟའི་ཐིག་ལེས་འདོད་ཆགས་འཇོམས། །ཐལ་ཆེན་མཚན་མས་གཏི་མུག་སེལ། །ཞག་གི་ཟོ་རིས་ཞེ་སྡང་སྤོང་། །རྡོ་རྗེའི་གཤོག་པ་ནམ་མཁར་གདེངས། །རིན་ཆེན་གཤོག་པས་འགྲོ་དོན་རྫོགས། །མཐའ་གཉིས་མ་སྤངས་ཀུན་ལ་ཁྱབ། །བསྐལ་པའི་མེ་དཔུང་ཀློང་ན་བཞུགས། །བག་ཆགས་རྟོགས་པ་མ་ལུས་བསྲེག །དུག་གསུམ་ས་གསུམ་རབ་སྦྱོར་བས། །ཡི་དྭགས་མ་ཧེ་ཆུ་གླང་གནོན། །ཡེ་ཤེས་གསུམ་གྱིས་དོན་མཛད་པས། །ཉི་ཟླ་པདྨའི་གདན་ལ་བཞུགས། །སྙོམས་མཛད་རྒྱལ་བ་ཀུན་གྱི་ཡབ། །སྐུ་མཆོག་གཙོ་ལ་ཕྱག་འཚལ་བསྟོད། །ཆོས་དབྱིངས་གཉིས་མེད་སྦྱོར་བ་ཡི། །ཡུམ་ཆེན་ཁྲོ་མོ་བེ་ཏཱ་ལཱི། །གཏུམ་ཆེན་དབྱིངས་ཀྱི་ཡུམ་གཅིག་མ། །མཐིང་ནག་འབར་བའི་སྐུ་མདོག་ཅན། །ཞལ་གཅིག་ཕྱག་གཉིས་ཁྲོ་གཉེར་མ། །དུག་གསུམ་རྩད་གཅོད་དགྲ་སྟྭ་གཡས། །ཉོན་མོངས་རྔུབ་མཛད་ཐོད་ཁྲག་སྟོབ། །དཔལ་ཆེན་སྐུ་དང་གཉིས་སུ་མེད། །ཆོས་ཉིད་དབྱིངས་སུ་ཡང་དག་སྦྱོར། །སྒྲོལ་མཛད་ཡུམ་ཆེན་རལ་གཅིག་མ། །བཻ་ཌཱུར་སྔོན་པོའི་མདོག་འཛིན་མ། །གཡུ་ཡི་རལ་གཅིག་གཙུག་ཏུ་འཁྱིལ། །ཞལ་གཅིག་ཕྱག་གཉིས་ཁྲོ་མོ་ཆེ། །དཔལ་འབར་ཁྲོ་མོ་མི་ཐུང་མ། །གཡས་ཀྱི་ཏྲི་ཤཱུལ་རྩེ་གསུམ་འཛིན། །དུག་གསུམ་རྩད་ནས་གཅོད་ཅིང་སྒྲོལ། །གཡོན་ན་ཞིང་ལྗགས་རྒྱལ་མཚན་ཕྱར། །བདུད་བཞིའི་རྟོག་པ་འདུལ་བར་མཛད། །གཙོ་ཆེན་ཕྲིན་ལས་མྱུར་བསྒྲུབ་མ། །སྦྱོར་དང་སྒྲོལ་བའི་བདག་ཉིད་ཀྱིས། །འགྲོ་དོན་རྫོགས་མཛད་དཔལ་འབར་མ། །ཆོས་དབྱིངས་རྒྱལ་བ་ཀུན་གྱི་ཡུམ། །འདུལ་མཛད་ཡུམ་ལ་ཕྱག་འཚལ་བསྟོད། །གཉིས་མེད་ཐུགས་ཀྱི་སྤྲུལ་པ་ལས། །ཕྱོགས་བཞི་འདུལ་བའི་གཤེད་ཆེན་བཞི། །ཞེ་སྡང་ཡེ་ཤེས་གཤིན་རྗེའི་གཤེད། །གཏི་མུག་ཡེ་ཤེས་གཤིན་རྗེའི་གཤེད། །འདོད་ཆགས་ཡེ་ཤེས་གཤིན་རྗེའི་གཤེད། །ཕྲག་དོག་ཡེ་ཤེས་གཤིན་རྗེའི་གཤེད། །འཇིགས་བྱེད་ཆེན་པོའི་སྐུར་བསྟན་པ། །གསུང་


DNG015_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

གི་དབང་ཕྱུག་འཇམ་པའི་དཔལ། །ཐུགས་མཆོག་རྣམ་དག་ཆོས་ཀུན་གསལ། །ཡོན་ཏན་མཉམ་ཉིད་མ་ལུས་རྫོགས། །ཕྲིན་ལས་མི་བཟད་གདུག་པ་འདུལ། །སྦྱོར་དང་སྒྲོལ་མཛད་ཡུམ་དང་བཅས། །བྱང་ཆུབ་སེམས་ཀྱི་ཕྲིན་ལས་ཀྱིས། །སྲིད་པའི་འཁོར་ལོ་གནས་ནས་སྦྱོངས། །ཡེ་ཤེས་སེམས་དཔའ་རྒྱལ་བའི་སྲས། །འཁོར་ལོ་བཞི་ཡི་བདག་ཉིད་རྫོགས། །གཤེད་ཆེན་ཚོགས་ལ་ཕྱག་འཚལ་བསྟོད། །བཅོམ་ལྡན་སྔོན་གྱི་ཕྲིན་ལས་ལས། །བདུད་འདུལ་ཕོ་ཉའི་ལས་མཛད་པ། །གཤིན་རྗེ་མ་མོ་མཁའ་འགྲོར་བཅས། །ཕྱོགས་མཚམས་སྟེང་འོག་མ་ལུས་པའི། །ཕྱི་ནང་སྐྱོང་བའི་དམ་ཚིག་ཅན། །ཉི་མ་བཞི་པའི་ལས་མཛད་ཅིང་། །ལྷ་དང་བཅས་པའི་འཇིག་རྟེན་འདུལ། །འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །ཅེས་བཀའ་སྩལ་ནས། ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཕྱོགས་བཅུ་ནམ་མཁའི་ཁམས་ཐམས་ཅད་མ་ལུས་པར་ཁྱབ་པར་མཛད་ནས། སེམས་ཅན་གྱི་ཁམས་སྣང་བ་ཐམས་ཅད། རང་རང་གི་མདུན་ན་དེ་བཞིན་གཤེགས་པ་རང་རང་གི་རིགས་དང་ཁམས་བྱེད་པ་དང་། ལས་ཀྱི་ཁྱད་པར་དང་རབ་ཏུ་མཐུན་པའི་ཆོས་སྟོན་ཅིང་གནས་པ་དང་། སྲིད་པ་དང་། སྤྲུལ་པ་དང་། གཅོད་པའི་སྒོ་ནས། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་གཟུགས་དང་། ཚངས་པ་དང་། བརྒྱ་བྱིན་དང་། དབང་ཕྱུག་ཆེན་པོ་གཞོན་ནུ་དང་། ལྷ་དང་། ཀླུ་དང་། བྲམ་ཟེ་དང་། གླང་པོ་དང་། ཅང་ཤེས་དང་། ངང་པའི་རྒྱལ་པོ་དང་། རུ་རུ་དང་ཤིང་རྟ་མོ་དང་། སྡིག་པ་དང་ཉ་དང་སྲིན་བུ་ལ་སོགས་པ་སེམས་ཅན་གྱི་གཟུགས་སྣ་ཚོགས་པ་དག་གིས། ཁ་ཅིག་ལ་ནི་ཞི་བ་དང་། ཁ་ཅིག་ལ་ནི་རྒྱས་པ་དང་། ཁ་ཅིག་ལ་ནི་དབང་དུ་བསྡུ་བ་དང་། ཁ་ཅིག་ལ་ནི་ཚར་གཅད་པ་དང་། ཁ་ཅིག་ལ་ནི་བསྐྲད་པ་དང་། བཅིང་བ་དང་། དགུག་པ་དང་གནན་པ་ལ་སོགས་པ་གང་གིས་གཉེན་པོར་གང་འགྱུར་བ་དེ་བཞིན་དུ་བསྟན་ཏེ། ཐམས་ཅད་ཀྱང་མཉམ་པ་ཉིད་ཀྱི་བཀོད་པའི་ཞིང་ཁམས་སུ་སྣང་བར་མཛད་དོ། །གཤིན་རྗེ་གཤེད་རབ་ཏུ་འདུས་པ་རྩ་བའི་རྒྱུད་ལས། སྐུ་
གསུང་ཐུགས་ཀྱི་འཁོར་ལོའི་ཡོན་ཏན་རྫོགས་པར་སྣང་བའི་ལེའུ་སྟེ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོ་དེ་ཉིད་ཀྱིས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་དེ་ཁོ་ན་ཉིད་གསང་བ་བས་ཀྱང་ཆེས་གསང་བ་རྨད་དུ་བྱུང་བའི་རོལ་པའི་ཕྲིན་ལས་དེ་དག་མ་འོངས་པའི་དུས་སུ་སྙིགས་མ་ལྔར་གྱུར་པའི་སེམས་ཅན་ལ་ཕན་གདགས་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྡོ་རྗེ་འཆང་ལ་གདམས་ཏེ་ཡོངས་སུ་གཏད་ནས། སྨོན་ལམ་གྱི་དབང་གིས་མི་འགྱུར་བར་མཛད་དེ། ཉིད་ཀྱི་ཐུགས་ཁྱད་པར་དུ་དཀའ་ཐུབ་ཀྱི་ལུས་རྣམ་པར་དག་པའི་ཕུང་པོ་ལས་བཞེངས་ནས་དགེ་སྦྱོང་དུ་སྤྲུལ་ཏེ། དེ་དག་དང་མཐུན་པའི་ཆོས་བསྟན་པ་སྣ་ཚོགས་ཀྱི་ཐུན་མོང་པ་དང་། དྲང་བའི་དོན་དང་སྒྲ་ཇི་བཞིན་པ་དང་། དགོངས་པ་མ་ཡིན་པ་དང་། སྤྱིའི་དོན་དང་ཡི་གེའི་དོན་དག་གིས་རྗེས་སུ་བཟུང་སྟེ་ཐམས་ཅད་མྱ་ངན་ལས་འདས་པའི་ས་ལ་མྱུར་དུ་འགོད་པར་དགོངས་སོ། །བཅོམ་ལྡན་འདས་དཔལ་གཤིན་རྗེ་གཤེད་རབ་ཏུ་འདུས་པ་རྩ་བའི་རྒྱུད་ཅེས་བྱ་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་། བོད་ཀྱི་ལོཙྪ་བ་བཻ་རོ་ཙ་ན་བདག་གིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །རྒྱལ་པོའི་བླ་དཔེ། གཏེར་རྒྱ། སྦས་རྒྱ། གཏད་རྒྱ། རྒྱ་རྒྱ་རྒྱ།

དཔལ་བཅོམ་ལྡན་འདས་དབང་ཆེན་འདུས་པ་རྩ་བའི་རྒྱུད་ཅེས་བྱ་བ།


DNG015_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཤྲི་བྷ་ག་བཱ་ན་མ་ཧཱ་བ་ཤཾ་ས་མུ་དཱ་ཡ་མཱུ་ལ་ཏནྟྲ་ནཱ་མ། བོད་སྐད་དུ། དཔལ་བཅོམ་ལྡན་འདས་དབང་ཆེན་འདུས་པ་རྩ་བའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་དབང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བདག་ཉིད་དབང་གི་རྒྱལ་པོ་དེ། འོག་མིན་གྱི་གནས་གསང་བའི་བདེ་བ་ཆེན་པོ། རྣམ་པར་དག་པའི་དབྱིངས། པདྨ་མཆོག་གི་ཕོ་བྲང་དམ་པ་རྒྱ་དང་ཚད་མེད་པའི་གཞལ་མེད་ཁང་རྣམ་པར་དག་པ་ན། ཡབ་ཡུམ་གཉིས་སུ་མེད་པའི་རོལ་པ་ཆེན་པོས་དགེས་པའི་བདེ་བ་དང་ལྡན་པ་ལ། དཀྱིལ་འཁོར་ཆེན་པོའི་རང་བཞིན་གྱི་རིགས་ཀྱི་སྤྲུལ་པ་སྣང་བར་གྱུར་པ་འདི་ལྟ་སྟེ།


DNG015_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཀྱི་ལྷ་ཚོགས་དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་རིན་པོ་ཆེ་དང་པདྨ་དང་ལས་ཀྱི་རིགས་སུ་སྣང་བའི་ཞི་བའི་ཚོགས་དང་། རྣམ་པར་རྒྱལ་བ་ལ་སོགས་པའི་ཁྲོ་བོའི་ཚོགས་དང་། གཙོ་མོ་ཆེན་མོ་དབྱིངས་ཀྱི་ཡུམ་ཆེན་མོ་དྲུག་དང་། འདབ་ཆགས་ཀྱི་གཟུགས་ཀྱིས་འགྲོ་བ་འདུལ་བར་བྱེད་པའི་ཁྲོ་བོ་རིགས་ལྔས་བསྡུས་པ་རྣམས་དང་། འཇིག་རྟེན་གྱི་དྲེགས་པ་ཅན་ཕོའི་ཚོགས་དང་། མོའི་ཚོགས་སུ་གྱུར་པ་རྣམས་དང་། སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་ཀྱི་ཀླུའི་རྒྱལ་པོ་འཁོར་དང་བཅས་པ་རྣམས་དང་། ཀླུ་དང་སྲིན་མོའི་ཚོགས་མ་རུངས་པ་ལས་བྱུང་བའི་གཟའ་དང་རྒྱུ་སྐར་གྱི་ཚོགས་དང་། དེ་དག་ལ་སོགས་པ་དྲེགས་པའི་ཚོགས་མཐུའི་རྫུ་འཕྲུལ་དཔག་ཏུ་མེད་པ་དང་ལྡན་པ། འདུལ་བར་མཛད་པའི་ཕྱིར་སྤྲུལ་པའི་འོད་ཟེར་རབ་ཏུ་འཕྲོ་བ་ལས་བྱུང་བའི་ཟིལ་གྱིས་གནོན་པའི་ཁྲོ་བོ་ཆེན་པོ་བརྒྱད་ཡུམ་དང་བཅས་པའི་དང་། ཕྲིན་ལས་བཞི་སོ་སོར་བསྒྲུབ་པའི་ཕྱིར་སྒོ་བཞིར་གནས་པའི་ལྷ་མོ་བཞི་དང་། གཞན་ཡང་སྐུ་དང་གསུང་དང་ཐུགས་དང་ཡོན་ཏན་དང་ཕྲིན་ལས་སྣ་ཚོགས་ལས་སྤྲུལ་པའི་མཁའ་འགྲོ་བཞི་དང་། ཡེ་ཤེས་ལས་བྱུང་བའི་སྤྱན་དང་ལྡན་པའི་སྤྲུལ་པ་བརྒྱད་དང་། ཕྲིན་ལས་ཀྱི་ཕོ་ཉ་ཟ་བྱེད་ཆེན་པོའི་ཚོགས་ཀྱི་གཙོ་བོ་བཅུ་དྲུག་དང་།ལུས་ཀྱིས་མཁའ་ལ་འགྲོ་བའི་ཚུལ་དུ་སྤྲུལ་པའི་ཕྲིན་ལས་ཀྱི་མགྱོགས་མ་བརྒྱད་དང་། སྦས་པའི་མ་མོ་རྩལ་དང་ལྡན་པའི་མགོས་བརྒྱན་པའི་མོ་ཚོགས་ཀྱི་སྲིན་མོ་ཉི་ཤུ་རྩ་བརྒྱད་དང་། གཞན་ཡང་འཇིག་རྟེན་གྱི་ལས་ལ་གྲུབ་པའི་ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་། ནམ་མཁའ་ལྡིང་དང་མིའམ་ཅི་ལ་སོགས་པའི་འཁོར་གདུག་པ་ཅན་བསམ་གྱིས་མི་ཁྱབ་པ་རྣམས་དང་ཐབས་ཅིག་ཏུ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་དབང་གི་རྒྱལ་པོ་གསུང་གི་མངའ་བདག །སྣང་བ་མཐའ་ཡས་དེ་ཉིད་ཀྱི་སྐུ་གསུང་ཐུགས་ཞི་བ་ཆེན་པོ་ཆོས་ཉིད་མཉམ་པ་ཉིད་ལས་མ་གཡོས་ཀྱང་། ཐུགས་རྗེ་ཆེན་པོ་དང་བྱམས་པ་ཆེན་པོས་གདུལ་བྱར་མི་ནུས་པའི་དྲེགས་པ་ཅན་རྣམས་འདུལ་བའི་ཕྱིར། སྐུ་གསུང་ཐུགས་འཇིགས་བྱེད་ཆེན་པོར་སྤྲུལ་པ་འདི་


DNG015_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་སྟེ། ཕྱོགས་བཅུ་མ་ལུས་པའི་ནམ་མཁའི་ཁམས་ཐམས་ཅད་ནི་མཐིང་ནག་གྲུ་གསུམ་ཡུམ་ཀུན་ཏུ་བཟང་མོའི་མཁའ་དབྱིངས་རླུང་གི་ཁམས་ཐམས་ཅད་ནི་འཐོར་རླུང་དྲག་པོ་ལྗང་གུ་ཟླ་གམ་རྒྱ་གྲམ། རིགས་ཀྱི་ཡུམ་དང་དམ་ཚིག་སྒྲོལ་མའི་མཁའ་དབྱིངས་ཆུའི་ཁམས་ཐམས་ཅད་ནི་ཆགས་པའི་གཞི་ཁྲག་གི་རང་བཞིན་དམར་ཞིང་ཟླུམ་པ། རིགས་ཀྱི་ཡུམ་མཱ་མ་ཀཱིའི་མཁའ་དབྱིངས་སའི་ཁམས་ཐམས་ཅད་ནི་ཕུང་པོ་ཏི་རའི་རང་བཞིན། སེར་པོ་གྲུ་བཞི་པ། རིགས་ཀྱི་ཡུམ་སངས་རྒྱས་སྤྱན་གྱི་མཁའ་དབྱིངས། མེའི་ཁམས་ཐམས་ཅད་ནི་རབ་ཏུ་འབར་ཞིང་སྲེག་པར་བྱེད་པ་རིགས་ཀྱི་ཡུམ་གོས་དཀར་མོའི་མཁའ་དབྱིངས། བྱང་ཆུབ་ཀྱི་སེམས་ཀྱི་རྣམ་པ་ཐམས་ཅད་ནི། ཀེང་རུས་འབར་བའི་རི་རབ་ཆེན་པོ།རབ་ཏུ་རྔམས་པའི་གཟུགས། རིགས་ཐམས་ཅད་ཀྱི་བདག་པོ་ཆོས་དབྱིངས་རྣམ་པར་དག་པའི་རང་བཞིན་དུ་སྤྲུལ་ཞིང་བྱིན་གྱིས་བརླབས་སོ། །གཞན་ཡང་སྣོད་ཀྱི་འཇིག་རྟེན་རིན་པོ་ཆེའི་གཞལ་མེད་ཁང་མཛེས་པར་སྣང་བ་རྣམས་ནི་ཐོད་པ་སྐམ་པོ་དང་རློན་པ་དང་ཤ་ཁྲག་རས་རིས་སུ་ཆགས་པ་བརྩིགས་པའི་གཞལ་མེད་ཁང་རྫོགས་པའི་སྐུ་གསུམ་གྱི་རང་བཞིན། འཇིག་རྟེན་གྱི་ལྷ་དང་ཀླུ་དང་གཟའ་ཆེན་པོ་བསྒྲལ་ཞིང་ཚར་བཅད་པ་དག་ལ་ཀ་གདུང་གི་ཚུལ་དུ་བྱས་པ་ནི་དམན་པའི་ཐེག་པ་བརྒྱད་ཀྱི་རང་བཞིན། བར་སྣང་གི་ལྷ་བྲན་དང་རྒྱུ་སྐར་གྱི་ཚོགས་ཐོག་གྲབ་ཀྱི་ཚུལ་དུ་བྱས་པ་ནི། བསོད་ནམས་ཀྱི་ཚོགས་ཀྱི་རང་བཞིན། ཉི་མ་དང་ཟླ་བས་གསལ་བའི་འོད་འཕེལ་འགྲིབ་མེད་པ་ནི་མཐོངས་ཁུང་གི་ཚུལ་ནི། ཐབས་དང་ཤེས་རབ་རྣམ་པར་དག་པའི་རང་བཞིན། འཇིག་རྟེན་གྱི་མཐུ་དང་དྲེགས་པ་ཅན་དབང་ཕྱུག་ཆེན་པོ་དང་གཙུག་ཏོར་འཁོར་ལོས་སྒྱུར་བ་དབང་དུ་བསྡུས་ཏེ་རྒྱལ་མཚན་དུ་བཙུགས་པ་ནི། ཆོས་ཀྱི་སྐུ་དངོས་པོ་མ་ལུས་པ་ཐམས་ཅད་ལས་རྣམ་པར་རྒྱལ་བའི་རང་བཞིན། ཕྱོགས་བཞིར་སྒོ་བཞིར་སྣང་ཞིང་དུས་བཞི་ཤེས་པར་བྱེད་པ་ནི་ཚད་མེད་པ་བཞིའི་རང་བཞིན། ཕྱི་དང་ནང་གི་ཕྱོགས་ཐམས་ཅད་དུ་བསྐལ་པའི་མེ་འོད་ཆེན་པོ་འབར་བ་ནི་ཡེ་ཤེས་རྣམ་པ་ལྔའི་རང་བཞིན།


DNG015_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་གསུམ་གྱི་ཀླུའི་རྒྱལ་པོ་གདུག་པ་ཅན་གདན་དུ་བྱས་པ་ནི་ཉོན་མོངས་པའི་དུག་མ་ལུས་པ་འཇོམས་པའི་རང་བཞིན། པདྨ་རྣམ་པར་དག་པས་གདན་བྱས་པ་ནི། ཐུགས་རྗེས་སེམས་ཅན་ལ་ཆགས་པར་མཛད་ཀྱང་། དེའི་སྐྱོན་གྱིས་མ་གོས་པའི་རང་བཞིན་ཉི་མ་དང་ཟླ་བ་པདྨ་འབར་བས་བཏེག་པ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམ་པར་དག་པས་བསྐྱེད་པ་སྟེ། དེ་ལྟར་སྣོད་ཀྱི་འཇིག་རྟེན་མ་ལུས་པ་ཐམས་ཅད་དབང་དུ་བསྡུས་པའི་སྤྲུལ་པ་རྣམ་པར་འཕྲོ་བར་མཛད་དོ། །གཞན་ཡང་བཅུད་ཀྱི་འཇིག་རྟེན་སྐྱེ་འགྲོ་གཟུགས་སུ་སྣང་བ་ཐམས་ཅད་ཀྱང་བདག་ཉིད་དབང་གི་རྒྱལ་པོར་སྣང་བར་བྱས་པའི་ཚུལ་ནི་འདི་ལྟ་སྟེ། ང་ནི་བདེ་གཤེགས་ཀུན་གྱི་གཙོ། །ང་ནི་སྐྱེ་འགྲོ་ཀུན་གྱི་ཡབ། །ང་ནི་གཤིན་རྗེ་ཀུན་གྱི་གཤེད། །ང་ནི་མ་མོ་ཀུན་གྱི་རྗེ། །ང་ནི་སྦྱོར་བདག་ཆེན་པོ་སྟེ། །ཡག་ཤ་ཤྲཱི་ཧེ་རུ་ཀ །ང་ནི་སྒྲོལ་བདག་ཆེན་པོ་སྟེ། །རག་ཤ་ཤྲཱི་ཧེ་རུ་ཀ །ང་ནི་སྦས་པའི་རང་བཞིན་ཏེ། །གུ་ཡ་དཔལ་ཆེན་ཧེ་རུ་ཀ །ང་ནི་དམ་ཚིག་ཆེན་པོ་སྟེ། །ས་མ་ཡ་ཤྲཱི་ཧེ་རུ་ཀ །ང་ནི་དུས་གསུམ་མངོན་དུ་དབྱུང་། །དུས་གསུམ་འདི་ནི་ང་ཡི་དབང་། །ཐམས་ཅད་ང་ཡི་དབང་དུ་བསྡུས། །བཀའ་དང་དམ་ལས་ཁྱོད་འདས་ན། །གསོ་གླག་མེད་པར་དམྱལ་ཐག་གཅོད། །དེ་བས་ང་ཡི་ལས་རྣམས་སྒྲུབས། །ཞེས་གསུངས་ཤིང་ཐམས་ཅད་དབང་དུ་སྡུད་པའི་རོལ་པའི་ཆོ་འཕྲུལ་ཆེན་པོ་དྲག་ཅིང་རྩུབ་པའི་ཤུགས་སྤྱོད་པ་ཀུན་ཏུ་བལྟས་པས་འཇིགས་པར་འགྱུར་བ་རབ་ཏུ་བསྟན་ཏེ། གསུང་ཡང་འདི་སྐད་རབ་ཏུ་སྒྲོགས་སོ། །ཨཱོཾ་པདྨཱནྟ་ཀྲྀཏ་ཧ་ཡ་གྷྲཱི་བ་མ་ཧཱ་ཀྲོ་དྷ་ཨེ་ཀ་ཛ་ཊཱི་ས་མ་ཡ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཨཱ་ར་ལི་ཛ། ཧྲཱྀཿ སྔགས་སོར་བཞག་དེ་མ་ད་རི་ཧ་ཡ་གྷྲཱི་ཝ་ཨེ་ཀ་ཛ་ཊཱི་ས་མ་ཡ་ཧུ་ལུ་ཧུ་ལུ་ཧྲཱྀཿཛཿཛཿ། ཨེ་ཛ་བྷྱོ་ནྲྀ་ཛ་རྦད། ཧྲཱྀཿཔདྨཱནྟ་ཀྲྀཏ་ཧ་ཡ་གྷྲཱི་ཝ་ཨེ་ཀ་ཛ་ཊཱི་ཧུ་ལུ་ཧུ་ལུ་ཧྲཱྀ་ཛཿཛཿ། ཨ་ཏི་སརྦ་བྷྱོ་བཟློག །ཅེས་པའི་གསུང་གི་སྒྲ་སྟོང་གི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་བྱས་པས། ཕྱོགས་བཅུའི་དྲེགས་པ་ཅན་གྱི་ཚོགས་ཐམས་ཅད་འཇིགས་ཤིང་སྔངས་སྐྲག་བརྒྱལ་བར་གྱུར་ཏེ། ས་ལ་


DNG015_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་བུབ་ཏུ་འགྱེལ་ནས་དབང་གི་རྒྱལ་པོའི་བཀའ་ཉན་ཅིང་བྲན་བཞིན་དུ་ལས་བྱེད་པར་ཁས་བླངས་ཤིང་དམ་བཅས་སོ། །དཔལ་དབང་ཆེན་འདུས་པ་རྩ་བའི་རྒྱུད་ལས། པདྨ་རོལ་པའི་དཀྱིལ་འཁོར་ཆེན་པོ་མངོན་པར་སྤྲུལ་པ་གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་དབང་གི་རྒྱལ་པོ་དེ་ལ་འཁོར་གྱི་ཐོག་མ་རིགས་ཀྱི་ཁྲོ་བོ་པདྨ་ཧེ་རུ་ཀ་ཆེན་པོ་ཆུ་བདག་གི་རིགས་དཔག་ཏུ་མེད་པ་རྣམས་དང་ལྷན་ཅིག་མགྲིན་གཅིག་ཏུ་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་བཅོམ་ལྡན་དབང་གི་རྒྱལ། །པདྨ་རིགས་མཆོག་དེ་བཞིན་གཤེགས། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །གསུང་གི་རང་བཞིན་གསུང་གི་བདག །གསུང་གི་གཙོ་སྟེ་གསུང་དབྱུང་བ། །གསུང་མཆོག་རྣམ་པར་དག་པའི་སྐུ། །མ་ཆགས་མི་ཆགས་ཆགས་མེད་གསུང་། །གསུང་གི་དབང་ཕྱུག་སྨྲ་བ་ཆེ། །བདག་ཅག་ཉན་པར་འཚལ་ལགས་ཀྱིས། །ཁྱོད་ཀྱི་སྐུ་ཡིས་ཅི་ཞིག་མཛད། །དེ་བཞིན་གསུང་གིས་ཅི་ཞིག་གསུང་། །ཐུགས་ཀྱི་རང་བཞིན་ཇི་ལྟ་བུ། །ཁྱོད་ལ་ཡོན་ཏན་ཅི་ཞིག་མངའ། །མཛད་པའི་ཕྲིན་ལས་ཇི་ལྟ་བུ། །གཟིགས་པ་ཡིས་ནི་ཇི་ཞིག་བལྟ། །ཏིང་ངེ་འཛིན་ནི་གང་ལ་བསྒོམ། །དུས་བཞི་ཡིས་ནི་སྤྱོད་པ་གང་། །འཐོབ་པར་བྱ་བ་ཅི་ཞིག་ལགས། །བདག་ཅག་རྣམས་ཀྱི་ཐེ་ཚོམ་འདི། །མྱུར་དུ་ཆོད་ཅིག་ལྷ་ཡི་ལྷ། །སྟོང་གསུམ་གྱི་ནི་འཇིག་རྟེན་ཁམས། །ལྗགས་ཀྱི་དབང་པོས་ཁྱབ་མཛོད་ལ། །ཁམས་གསུམ་མ་ལུས་ཐམས་ཅད་ཀུན། །གསུང་དབྱངས་སྙན་པའི་སྒྲ་བརྗོད་དེ། །གསལ་ལ་རྫོགས་ཤིང་མ་འདྲེས་ལ། །ལྷག་དང་ཆད་པའི་སྐྱོན་བྲལ་བར། །ལེགས་པ་ཉིད་དུ་བསྟན་དུ་གསོལ། །ཞེས་གསོལ་ཏེ་གུས་པ་ཆེན་པོ་དང་བཅས་པས་མདུན་དུ་འཁོད་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་དབང་ཕྱུག་དེས། ཆོས་ཐམས་ཅད་ཀྱི་སྒྲའི་སྙིང་པོ་གསུང་གི་ཕྱག་རྒྱའི་འོད་ཟེར་རྣམ་པར་འཕྲོ་བ་ཡང་དག་པར་རྟོགས་པར་བྱེད་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས། ཡབ་ཡུམ་གཉིས་སུ་མེད་པའི་རོལ་པ་ཆེན་པོ་རྣམ་པར་འཕྲོ་བ་རབ་ཏུ་བསྟན་ཏེ།


DNG015_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་གྱི་དཀྱིལ་འཁོར་ལྗགས་ཀྱི་དབང་པོས་ཁྱབ་པར་མཛད་ནས། འདི་སྐད་ཅེས་བཀའ་སྩལ་ཏོ། །ཨེ་མ་ཧོ། ང་ནི་ཐམས་ཅད་སྐུ་ཡི་རྒྱན། །ང་ནི་ཐམས་ཅད་གསུང་གི་ཀློང་། །ང་ནི་ཐམས་ཅད་ཐུགས་ཀྱི་དབྱིངས། །ང་ནི་ཐམས་ཅད་ཡོན་ཏན་ཚོགས། །ང་ནི་ཕྲིན་ལས་མ་ལུས་མཛད། །ང་ཉིད་གཟུང་འཛིན་བྲལ་བར་བལྟ། །མཉམ་ཉིད་གཡོ་བ་མེད་པར་བསྒོམ། །མ་འགགས་རྩོལ་བ་མེད་པར་སྤྱོད། །སྐུ་དང་ཡེ་ཤེས་དབྱེར་མེད་པར། །ང་ཡི་ཐོབ་པར་བྱ་བ་ཡིན། །གལ་ཏེ་ཁྱོད་ཀྱི་ཐེ་ཚོམ་དག །སེལ་བྱེད་ནུས་པ་མ་ཐོབ་ན། །ང་ཡི་ལེགས་པར་བསྟན་གྱིས་ཉོན། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས་ངའི་ལུས་བྱིན་གྱིས་བརླབས་པའི་ཆོ་འཕྲུལ་རྣམ་པར་དག་པའི་རང་བཞིན་དུ་བསྟན་པ་འདི་ལྟ་སྟེ། འཁོར་བའི་སེམས་ཅན་ལ་ཐུགས་རྗེས་རབ་ཏུ་ཆགས་པས་སྐུ་དམར་པོའི་ཁ་དོག་དང་ལྡན་པའོ། །རྫོགས་པའི་སྐུ་གསུམ་དང་ལྡན་པས་དབུ་གསུམ་གྱིས་མཛེས་པའོ། །དབུ་སྐྲ་རལ་པ་གྱེན་དུ་བརྫེས་པ་ནི་མ་རིག་པ་ཚངས་པའི་སྒོའི་སྦུབས་གནོན་པའོ། །སྤྱི་བོའི་གཙུག་ན་རྟ་མགོ་ལྗང་གུ་རྟ་སྐད་དྲག་པོ་འཚེར་བ་ནི་ཁྱད་པར་དུ་དབང་གི་ཕྲིན་ལས་ཀྱི་སྒོ་ནས་དྲེགས་པ་ཅན་ཚར་གཅོད་ཅིང་དབང་དུ་སྡུད་པའོ། །ཞལ་ནས་ཧྲཱྀཿདང་ཕཊ་ཀྱི་གསུང་སྒྲ་དྲག་པོ་སྒྲོགས་པ་ནི། མ་རུངས་པ་ལོག་པར་ལྟ་བ་ཅན་རྣམས་འདུལ་བར་མཛད་པའོ། །ཤངས་ནས་རྡོ་རྗེའི་རླུང་འཚུབས་མ་དྲག་པོར་འཁྱིལ་པ་ནི། འཇིག་རྟེན་གྱི་ཁམས་ཐམས་ཅད་གཡོ་ཞིང་མི་མཇེད་ཀྱི་བདག་པོ་ཚངས་པ་ལ་སོགས་པ་འདུལ་བར་བྱེད་པའོ། །ཨག་ཚོམ་དང་སྨ་ར་སྨིན་མ་སེར་པོ་ལ་བསྐལ་པའི་མེ་ལྟར་འབར་བར་སྣང་བ་ནི། མི་ཤེས་མུན་པའི་ཕྱོགས་མ་ལུས་པར་སེལ་བར་བྱེད་པའོ། །སྤྱན་དགུ་ཉི་མ་དང་ཟླ་བའི་ཟེར་ལྟར་འབར་ཞིང་འཚེར་བ་ནི། འགྲོ་བ་རྣམས་ལ་ཐུགས་རྗེས་གཟིགས་ནས་རང་གི་རིགས་ལ་འགོད་པར་བྱེད་པའོ། །ཕྱག་དྲུག་གིས་ནི་མངོན་པར་ཤེས་པ་དྲུག་དང་ལྡན་པས་འགྲོ་དོན་མཐར་ཕྱིན་པར་མཛད་པའོ། །རྡོ་རྗེ་དང་དྲིལ་བུ་འཛིན་པ་ནི། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རང་


DNG015_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་གནས་པའོ། །ཁ་ཊྭཱཾ་ག་ནི་ཉོན་མོངས་པ་དུག་གསུམ་གྱི་དངོས་པོ་རྩད་ནས་གཅོད་པའོ། །སྦྲུལ་ཆེན་པོའི་ཞགས་པ་འཛིན་པ་ནི་གདུག་པ་ཅན་རྣམས་གདུལ་ཞིང་ཐུགས་རྗེས་འཛིན་པར་མཛད་པའོ། །བྷནྡྷ་དམར་པོ་ཁྲག་དང་ཞག་གིས་བཀང་བ་གསོལ་བ་ནི། འཁོར་བའི་སྡུག་བསྔལ་མ་ལུས་པ་ཐུགས་རྗེ་ཆེན་པོས་ཟད་པར་མཛད་པའོ། །ལྕགས་སྒྲོག་གི་རྒྱུན་འཛིན་པ་ནི། ཁམས་གསུམ་ཐམས་ཅད་ཐུགས་རྗེས་མི་གཏོང་བར་བདེ་བ་ཆེན་པོའི་ངང་དུ་འཁྲིད་པར་མཛད་པའོ། །གླང་པོ་ཆེའི་པགས་པ་དང་ཞིང་ལྤགས་ཆེན་པོ་གསོལ་བ་ནི། ཐེག་པ་རིམ་པ་དག་གི་གང་དུ་ཕྱིན་ཅིང་ཐུགས་རྗེ་ཆེན་པོའི་སྤྲུལ་པ་རྒྱུན་དུ་འཕྲོ་བའོ། །སྟག་གི་པགས་པས་ཤམ་ཐབས་སུ་དཀྲིས་པ་ནི། ཕྲིན་ལས་ཀྱི་ཁྱད་པར་མ་འདྲེས་པར་སོ་སོར་གྲུབ་པར་མཛད་པའོ། །དུར་ཁྲོད་ཆེན་པོའི་ཆས་བརྒྱད་ཀྱིས་བརྒྱན་པ་ནི། ཡེ་ཤེས་དང་ལས་ལས་གྲུབ་པའི་མ་མོ་མཁའ་འགྲོའི་ཚོགས་དབང་དུ་སྡུད་པའོ། །ཀླུའི་རྒྱལ་པོ་ཆེན་པོ་རིགས་ལྔས་བརྒྱན་པ་ནི། གདུག་པ་ཅན་གྱི་ཚོགས་ཟིལ་གྱིས་གནོན་པའོ། །ཞབས་བཞི་བརྐྱངས་བསྐུམས་དང་དོར་སྟབས་སུ་བཞུགས་པ་ནི། བདུད་དང་མུ་སྟེགས་ཀྱི་ཕྱོགས་འདུལ་བའོ། །ཀླུ་ཕོ་མོ་གདན་དུ་བཏིང་བ་ནི་ཞེ་སྡང་དང་གཏི་མུག་རང་སར་སྦྱོང་བའོ། །པདྨ་དང་ཉི་ཟླའི་གདན་བཏིང་བ་ནི། མ་ཆགས་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སྐྱེད་པའོ། །ཡུམ་ཨེ་ཀ་ཛ་ཊཱི་རལ་གཅིག་མ་དང་གཉིས་སུ་མེད་པར་འཁྲིལ་བ་ནི། དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པའི་ངང་ལ་གནས་པའོ། །སྐུ་མདོག་དམར་ནག་ལ་འོད་འཕྲོ་བ་ནི། ཆགས་པ་དང་བདེ་བ་ཆེན་པོ་གཉིས་སུ་མེད་པའི་རང་བཞིན་ནོ། །ཞལ་གཅིག་ནི་ཆོས་སྐུ་མཉམ་པ་ཆེན་པོ་གཅིག་ཏུ་མཚོན་པའོ། །ཕྱག་གཉིས་ནི་སྙིང་རྗེ་དང་སྟོང་པ་ཟུང་དུ་འདྲེལ་བའོ། །ཁ་ཊྭཱཾ་ག་ནི་སྐུ་གསུང་ཐུགས་ཀྱིས་འགྲོ་བའི་དོན་རྒྱུན་དུ་མཛད་པའོ། །ཐོད་ཁྲག་ནི་འཁོར་བའི་ཉོན་མོངས་པ་ལས་བྱུང་བའི་སྡུག་བསྔལ་ཐམས་ཅད་ཟད་པར་སྟོབ་པའོ། །གཉིས་སུ་མེད་པའི་སྦྱོར་བ་མཛད་པ་ནི། ཐབས་ཐུགས་རྗེའི་རོལ་པ་ཆེན་པོས། འགྲོ་བའི་དོན་


DNG015_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་འཕྲུལ་པར་མཛད་པའོ། །ཉོན་ཅིག་པདྨ་ཧེ་རུ་ཀ །ང་ཡི་སྐུ་ཡི་རང་བཞིན་ནི། །ཆོས་ཀྱི་སྐུ་སྟེ་སྤྲོས་དང་བྲལ། །ང་ཡི་སྐུ་ཡི་ངོ་བོ་ནི། །ལོངས་སྤྱོད་རྫོགས་ཏེ་མཚན་དཔེར་ལྡན། །ང་ཡི་སྐུ་ཡི་མཚན་ཉིད་ནི། །སྤྲུལ་པའི་སྐུ་སྟེ་འགྲོ་དོན་རྫོགས། །མ་ལུས་ལུས་པ་མེད་པ་ཡི། །ཞིང་གི་རྡུལ་དང་མཉམ་པའོ། །སེམས་ཅན་ཁམས་ཀུན་ཐམས་ཅད་ལ། །ང་ཡི་སྐུ་ནི་རེ་རེ་གནས། །གོལ་ཏེ་འཁྲུལ་པའི་དབང་གྱུར་པས། །མ་མཐོང་མ་རྟོགས་ལས་ཀྱིས་ནོངས། །འདི་ལ་གོམས་པར་བྱས་པ་ནི། །ང་དང་གཉིས་སུ་མེད་པར་སྤྱོད། །མཐོང་དང་རྟོགས་པ་ལྟ་ཅི་སྨོས། །ཞེས་གསུངས་སོ། །དཔལ་དབང་ཆེན་འདུས་པ་རྩ་བའི་རྒྱུད་ལས། སྐུ་རྣམ་པར་དག་པའི་དབང་ཕྱུག་གསང་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་པདྨ་དབང་གི་རྒྱལ་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་དེས་ཁམས་གསུམ་པ་ཐམས་ཅད་ཡི་གེ་སྒྲའི་རྟོག་པ་རྣམ་པར་སྤོང་བ་འཁོར་ལོ་ཡོངས་སུ་གཅོད་པའི་དབྱངས་སྟོང་ཞིང་གྲགས་པ་ནམ་མཁའི་དབྱིངས་དང་མཉམ་པར་མཛད་དེ། འདི་སྐད་ཅེས་བཀའ་སྩལ་ཏོ། །ཧྲཱྀཿདེ་ནས་ཡང་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་རྡོ་རྗེའི་སྙིང་པོ་འདི་སྤྲོ་བ་ཆེན་པོས་སྨྲས་སོ། །ཨཱོཾ་པདྨཱནྟ་ཀྲྀཏ་ཧ་ཡ་གྷྲཱི་ཝ་ཨེ་ཀ་ཛ་ཊཱི་ས་མ་ཡ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ་ཨཱ་ར་ལི་ཛ། རབ་ཏུ་བཟླས་པའི་སྙིང་པོའོ། །ཧྲཱྀཿབྷྱོ་ཛ་ཛ། ཧྲཱྀཿཧྲཱྀཿཧྲཱྀཿཧྲཱྀཿཧྲཱྀཿཧྲཱྀཿཧྲཱྀཿཧྲཱྀཿ། བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ། ཛཿཧཱུཾ་བཾ་ཧོཿ། ཧ་ཧ་ཧ་ཧ། ཧ་ཧ་ཧ་ཧ། ཧེ་ཧེ་ཧེ་ཧེ། ཧེ་ཧེ་ཧེ་ཧེ། མུཾ་མུཾ་མུཾ་མུཾ། མུཾ་མུཾ་མུཾ་མུཾ། མུཾ་མུཾ་མུཾ་མུཾ། མུཾ་མུཾ་མུཾ་མུཾ།ཕཊ་ཕཊ་ཕཊ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། བྷྱོ་བྷྱོ་བྷྱོ་བྷྱོ། རབ་ཏུ་འགྲུབ་པར་བྱེད་པའི་སྙིང་པོའོ། །ཨོཾ་ཧ་ཡ་གྷྲཱི་ཝ་ཧཱུཾ་ཛ། ཨཱོཾ་ཨེ་ཀ་ཛ་ཊཱི་ཧཱུཾ་ཛ། ཨཱོཾ་པདྨ་ཧེ་རུ་ཀ་ཧཱུཾ་ཛ། ཨཱོཾ་པདྨ་ཀྲོ་དྷཱི་ཤྭ་རཱི་ཧཱུཾ་ཛ། ཨཱོཾ་བཛྲ་ཙཀྲ་རཏྣ་པདྨ་ཀརྨ་ཧཱུཾ་ཛ། ཨཱོཾ་པདྨ་ཀྲོ་དྷཱི།ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། བྷནྡ་བྷནྡ། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། ཙྪིནྡ་ཙྪིནྡ། བྷིནྡ་བྷིནྡ། གརྫ་གརྫ། སྥོ་ཊ་སྥོ་ཊ་ཧཱུཾ་ཛ། ཨཱོཾ་བཛྲ་ཨཾ་ཀུ་ཤ་ཛཿ། ཨཱོཾ་བཛྲ་པཱ་ཤ་ཧཱུཾ། ཨཱོཾ་བཛྲ་སྥོ་ཊ་བཾ། ཨཱོཾ་བཛྲ་གྷཎྜ་ཧོཿ།


DNG015_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱོཾ་ཨཱ་ར་ལི་ཧྲཱིཾ་ཧྲཱིཾ་ཛ་ཛ། མིང་གི་བོད་པའོ། །ཨཱོཾ་རུ་ལུ་རུ་ལུ་ཏ་ཤ་མ་ཏ་ག་རུ་ག་ཏེ་ཙིཏྟ་བཾ་བྃ་ལཾ་རུ་ཏྲ་ཡོ་ཧེ་ས་མ་ཡ། ཀྵེ་ན་རོ་ཤ་ཁ། མ་ར་པྲ་བེ་ཤ །བྲ་ཏ་ཙེ་ལ། བྷ་རུ་བྷི་བི་ཏ་ན་ག་བྷི་ན་དུ་ཧི་ར་ཡ་དུང་དུང་ཙ། དུང་ག་པ་ཤག་པ། མ་ཧཱ་ཀ་མ་ལ་ཧཱུཾ། ཧ་ཧེ་ཧཱུཾ་པྲ་བེ་ཤ་ཕཊ། བ་ཧ་བྷནྡ་བྷནྡ་ཏིཀྵྞ་པྲ་བེ་ཤ་ན་ག་ལེ་དུམ་བ་ལེ། ཨ་ཀ་ལེ། སྥོ་ཏ་ལེ་ཨ་ཀ་ར་ཤ་ཨིན་ཏ་བྷ་ཧ་བྷ་ཧ་ཕྲ་མ་ཕྲ་མ་བྲ་མ་བྲ་མ་ཡཀྵ་ས་མ་ཡ་པྲ་བེ་ཤ་ཕཊ་ཕཊ། བསྒྲལ་ཏེ་དབང་དུ་བྱ་བའི་སྙིང་པོའོ། །ཏ་ཀི་ན་ཏ་ཀི་ན་ཧཱུཾ། ཏ་ཀེཾ་ཏ་ཀེཾ་ཕཊ། བྷན་དྷ་བྷན་དྷ་ཆོམ། ཏིཀྵྞ་ཏིཀྵྞ་ཤིག །རཀྵ་རཀྵ་ཧཱུཾ། ཚིནྡ་ཚིནྡ་ཕཊ། ཀྲོ་ཏ་ཀྲོ་ཏ་རཾ། ཧ་ལ་ཧ་ལ་བཾ། རག་ཤ་རག་ཤ་བཾ། ཛྙཱ་ན་ཙཀྲ་ཀེ་ཏུ་ཏྲཾ། རབ་ཏུ་བསྒྲལ་བའི་ཕྱིར་སྦྲེང་བའི་སྙིང་པོའོ། །ཨཱེ་ཀྲོ་དྷཱི་ཤྭ་རཱི་མ་དྷ་ལ་ཧཱུཾ།ཡཾ་ཀརྨ་རཀྵ་ཧཱུཾ། ར་རཀྟ་ཛྭ་ལ་མ་དྷ་ལ་ཧཱུཾ། བཾ་ཏིཀྵྞ་མ་དྷ་ལ་ཧཱུཾ། ཀེཾ་ནི་རི་ཏི་ཛྭ་ལ་མ་དྷ་ལ་ཀེཾ། རཾ་བཛྲ་ཛྭ་ལ་རཾ། བྷྲཱུཾ་བི་ཤྭ་བི་ཤུདྡྷེ་ཛྙཱ་ན་ཙཀྲ་མ་དྷ་ལ་ཧཱུཾ་བྷྲཱུཾ།གཞི་རབ་ཏུ་བསྐྱེད་པའི་སྙིང་པོའོ། །གཞན་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ། སའི་ཁམས་མ་ལུས་པའི་རྡུལ་གྱི་ཆ་དང་མཉམ་པའི་ཚད་ཀྱི་རང་རང་གི་གསུང་ཚད་དཔག་ཏུ་མེད་པས་བསྐལ་པ་ཁྲི་ཕྲག་བཅུའི་བར་དུ་ངའི་གསུང་གི་མཐའ་བརྗོད་པར་མི་ལང་སྟེ་ཧྲཱཾ་ཿཧཱུཾ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་སྙིང་པོ་ཡང་དག་པའི་སྒྲའོ། །འདི་ནི་ཕྱོགས་བཅུ་མ་ལུས་པར་ཁྱབ་པའི་སྔོན་དུ་ལྷུན་གྱིས་གྲུབ་པའི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་སྐུ་གསུང་ཐུགས་དབང་གི་རིགས་མཐུན་པའི་འདོད་པའི་ཡོན་ཏན་ལྔའི་ལྷ་མོར་གྱུར་ཏེ། མཆོད་པ་དང་བསྟབས་པས་མཉེས་པར་བྱེད་ཅིང་སེམས་ཅན་གྱི་ཁམས་ཀྱི་ལུས་དང་ངག་དང་ཡིད་ཀྱི་གནས་ངན་ལེན་པ་མཐའ་དག་སྦྱངས་ཤིང་ཟད་པར་བྱས་ནས། འོད་ཟེར་གྱི་ཚུལ་དུ་སྤྲོས་པས། དེ་བཞིན་གཤེགས་པ་ཉི་མའི་དཀྱིལ་འཁོར་ལྟར་སྣང་བར་བྱེད་པའོ། །ཨཱོཾ་ཧྲཱྀཿ། ཨེ་མ་སངས་རྒྱས་ཐམས་ཅད་ཀྱི། །ཆོས་ཀྱི་གསུང་ནི་དཔག་ཏུ་མེད། །ཨེ་ཧ་ཧི་ཡི་ཡན་ལག་ནི། །


DNG015_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

དྲེགས་པ་ཅན་རྣམས་དབང་དུ་སྡུད། །ཅེས་གསུངས་སོ། །དཔལ་དབང་ཆེན་འདུས་པ་རྩ་བའི་རྒྱུད་ལས། གསུང་རྣམ་པར་དག་པ་དབང་ཕྱུག་གསང་བའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་དེས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་དེ་ཁོ་ན་ཉིད་རང་བཞིན་ཡོངས་སུ་དག་པའི་ངོ་བོ་དེ་ཉིད་འགྲོ་བ་མ་ལུས་པ་ལ་སྣང་ཞིང་གསལ་བར་མཛད་པ་ནི། འདི་སྐད་ཅེས་བཀའ་སྩལ་ཏོ། །ཐོག་མ་མེད་པའི་དུས་ཉིད་ནས། །བྱུང་དང་མཐོང་དང་མྱོང་བ་དང་། །གནས་དང་དྲན་པ་མ་ལུས་པ། །སྙིང་པོ་བྱང་ཆུབ་སེམས་ཡིན་ཏེ། །འདི་ལས་གཡོས་པ་ཅི་ཡང་མེད། །གཟུགས་དང་ཁ་དོག་མཚན་མ་དང་། །མིང་དང་བརྡའ་དང་ཐ་སྙད་ཀུན། །ནམ་མཁའི་ཆོ་འཕྲུལ་ཇི་བཞིན་ཏེ། །སྣང་ཡང་འདི་ལས་འགྱུར་བ་མེད། །འོན་ཀྱང་རང་ལས་འབྱུང་ཞིང་སྣང་། །བྱུང་བ་ཉིད་ཀྱང་རང་བྱུང་ལ། །སྣང་བ་དེ་ཡང་རང་ལས་སྣང་། །རིག་པའི་དུས་ན་རང་གིས་རིག །རྣམ་པར་ཤེས་པ་མི་གཅིག་པས། །རྟོགས་དང་མ་རྟོགས་ཐ་སྙད་སྣང་། །འོན་ཀྱང་གང་གིས་གང་ཉིད་ལ། །གང་དུ་ཇི་ལྟར་ཇི་བཞིན་དུ། །རྟོགས་སུ་ཡོད་པ་མ་ཡིན་ཏེ། །ཐ་སྙད་ཙམ་དུ་རྟོགས་ཞེས་བརྗོད། །ཀུན་རྫོབ་དོན་དམ་རང་བཞིན་ལས། །ཡོད་དང་མེད་དང་གཟུང་དང་འཛིན། །སྐྱེ་དང་འགག་དང་རྟག་དང་ཆད། །སྣང་སྟོང་སྲིད་དང་ཞི་བ་དང་། །བདེ་དང་སྡུག་བསྔལ་སྟོང་མི་སྟོང་། །མཚན་མ་མེད་དང་མཚན་མ་དང་། །སྨོན་མེད་སྨོན་པ་ཡོད་པ་དང་། །བདག་དང་བདག་མེད་འགྲོ་དང་འོང་། །ཟག་པ་མེད་དང་ཟག་བཅས་དང་། །ཁ་ན་མ་ཐོ་ཡོད་མེད་དང་། །འཇིག་རྟེན་འདས་དང་མ་འདས་དང་། །སྤྲོ་དང་བསྡུ་བ་ལ་སོགས་པ། །དངོས་དང་ངོ་བོ་ཐ་དད་དང་། །མཐུ་དང་ནུས་པ་སྣ་ཚོགས་དང་། །རང་གི་མཚན་ཉིད་སོ་སོ་དང་། །མིང་དང་བརྡའ་དང་ཐ་སྙད་དུ། །བཏགས་པ་ཙམ་ནི་མ་ལུས་དང་། །རྒྱུ་དང་འབྲས་བུ་རྟེན་དང་གནས། །ཕྱི་ནང་སྔ་ཕྱི་དུས་གསུམ་ཀུན། །སེམས་དང་


DNG015_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ལས་བྱུང་བ་དང་། །རྟོག་དཔྱོད་རིགས་དཔྱོད་མཁས་དཔྱོད་དང་། །བག་ལ་ཉལ་དང་ཀུན་ནས་ལྡང་། །མངོན་དུ་རྒྱུ་དང་གཡོ་བ་དང་། །ཡོངས་སུ་གྲུབ་དང་ཀུན་ཏུ་བརྟགས། །གཞན་གྱི་དབང་ལས་གྱུར་པ་དང་། །གང་ཟག་བདག་ལས་བྱུང་བ་སྟེ། །ང་ཡི་ཐུགས་ལས་ཅི་ཡང་མེད། །དཔེར་ན་མཁའ་ལ་སྤྲིན་ཚོགས་དང་། །འཇའ་ཚོན་ཁུག་རྣ་ན་བུན་དང་། །རྫི་རླུང་ཁ་ཆར་འོད་དང་གློག །སྣང་ཡང་མཁའ་ལས་གཡོས་པ་མེད། །དེ་བཞིན་ང་ཡི་ཐུགས་ཀྱི་བདག །མ་སྐྱེས་མི་སྐྱེ་སྐྱེ་བ་མེད། །མ་འགགས་མི་འགག་འགག་པ་མེད། །མ་གཡོས་མི་གཡོ་གཡོ་བ་མེད། །སྙིང་པོ་དོན་གྱི་གཞི་ཉིད་ལས། །རང་བཞིན་དུ་ནི་ལྷུན་གྱིས་གྲུབ། །རྟོགས་པ་ཙམ་གྱིས་མངོན་དུ་གྱུར། །རྩོལ་མེད་རྒྱུ་ནི་ཡེ་ནས་སྦྱངས། །རང་ལ་རྫོགས་ཤིང་གཞན་ལ་སྣང་། །ཨེ་མ་ངོ་མཚར་རྨད་དུ་བྱུང་། །ཞེས་གསུངས་སོ། །དཔལ་དབང་ཆེན་འདུས་པ་རྩ་བའི་རྒྱུད་ལས། ཐུགས་རྣམ་པར་དག་པ་དབང་ཕྱུག་གསང་བའི་ལེའུ་སྟེ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་དབང་གི་རྒྱལ་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་དེས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པ་རབ་ཏུ་སྣང་བར་སྒྲུབ་པར་བྱེད་པའི་དོན་རྣམ་པར་དག་པའི་ཆེ་བ་འདི་ཉིད་སྟོན་པ་འདི་ལྟ་སྟེ། སྐུ་གསུང་ཐུགས་ཀྱི་ཆོ་འཕྲུལ་ཅིར་ཡང་འགྱུར་ཞིང་སྟོན་པ་ཐམས་ཅད་ལ་སྣང་ཡང་གཅིག་ཏུ་མ་ངེས་པའི་ཕྱིར། ཐུགས་ཀྱི་ཆེ་བ་ཉིད་དང་།གསུང་གི་ཆེ་བ་ཉིད་དང་། སྐུའི་ཆེ་བ་ཉིད་ལ་སོགས་པ་གང་ཡང་མ་འགགས་པའི་སྒོ་ནས། བྱིན་གྱིས་རླབས་སྣ་ཚོགས་སུ་འབྱུང་བ་ནི། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དོན། ཟབ་པ་དང་ནི་རྒྱ་ཆེ་བ་དང་། ཉན་ཐོས་ཀྱི་དགེ་འདུན་རྣམས་ཀྱི་ཐེག་པ་ཆེན་པོ་བལྟ་བས་མ་མཐོང་སྟེ། འདུལ་བའི་དུས་ལ་གནས་པའི་སྦྱོང་བས་བར་སྣང་ལ་གནས་པའི་གནོད་སྦྱིན་མཐུ་བོ་ཆེས་རྒྱུ་ཉེ་བར་བཞག་པ་དགེ་བའི་ཆོས་ལ་སྤྱོད་པར་ནུས་ཤིང་དེ་བཞིན་གཤེགས་པའི་དམ་ཚིག་ལ་གཞག་པར་སླའོ། །ཉན་ཐོས་ཀྱི་


DNG015_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་བུ་ནི་སྨད་པར་བྱ་བ་རྣམས་འདུལ་ཞིང་རང་གི་ས་ལ་དགོད་ནུས་པར་ཟད་ཀྱི། བླ་ན་མེད་པའི་ལམ་ལ་སྤྱོད་པར་མི་ནུས་པ་རྣམས་ཀྱང་། ངའི་ཐུགས་དང་གསུང་དང་སྐུའི་ཡོན་ཏན་ཐོགས་པ་མེད་པ་སྤྱོད་པ་ལ་ནི་རྒྱུ་ཙམ་དུ་ཡང་མི་ཉེའོ། །དེ་ལྟར་དབང་གི་རྒྱལ་པོ་ངའི་ཐུགས་ཉི་མའི་དཀྱིལ་འཁོར་གྱི་འོད་ཀྱིས་ཐུགས་རྗེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ས་ལེ་སྣང་བ་བཞིན། སེམས་ཅན་གྱི་ཁམས་རྣམས་ཀྱི་སེམས་ཀྱི་རྒྱུ་ལས་སྣང་བ་ཐམས་ཅད་བདག་གི་ཡེ་ཤེས་ལ་སྣང་བར་བྱུང་བ་སྟེ་ཐུབ་པ་ཆེན་པོ་ཡན་ཆད་ཡིན་ནོ། །རི་རབ་ཀྱི་རྩེ་མོར་རྣམ་པར་སྣང་མཛད་གང་གི་མཚོ་ཆེན་པོའི་ལུས་ལྷའི་རིག་པ་འཛིན་པའི་སྐྱེས་བུའི་ཚེ་ན། ངའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོར་སེམས་བསྐྱེད་དོ། །བདག་དང་འཁོར་དུ་བཅས་པ་རྣམས། །མཐོན་མཐིང་ལྕང་ལོ་ཅན་བསྒྱུར་ཏེ། །བར་སྣང་ཁམས་ཀུན་རབ་སྣང་ཞིང་། །ཕྱོགས་བཞི་མཚམས་དང་སྟེང་འོག་ཀུན། །ཁྲོ་བོ་ཁྲོ་མོས་བཀང་བྱས་ཏེ། །རིན་ཆེན་རྩལ་ཆེན་སེང་གེ་དང་། །རྟ་དང་གླང་ཆེན་ནམ་མཁའ་ལྡིང་། །གྲངས་མེད་གནོན་པ་འོག་མིན་གནས། །རྡོ་རྗེ་ཁྲོ་བོ་རྣམ་པར་རྒྱལ། །ཞབས་འབྲིང་རྡོ་རྗེ་རོལ་པ་མོ། །བྱེ་བ་ཁྲག་ཁྲིག་རྗེས་སུ་འབྲང་། །ལུས་དང་ཡན་ལག་ཐམས་ཅད་ཀུན། །ཐོད་རློན་ཕྲེང་དང་སྦྲུལ་གྱིས་བརྒྱན། །སྤྱན་དགུ་འབར་བས་ས་དགུ་གཟིགས། །དབུ་སྐྲ་རལ་པ་མེ་སྟག་འཕྲོ། །རིན་ཆེན་འབར་བའི་ཟུར་ཕུད་ལྔ། །སེ་མོ་དོ་དང་དོ་ཤལ་དངར། །མགུར་ཆུ་ཆུན་འཕྱངས་ཟ་ར་ཚགས། །དེ་བཞིན་ཞབས་ཀྱི་ཆས་བརྒྱད་ཀྱིས། །ཁྲོ་བོ་ཆེན་པོ་བརྒྱད་འདུལ་བས། །ཚངས་དང་བརྒྱ་བྱིན་སྨོས་ཅི་དགོས། །དབང་ཆེན་ང་ཡི་འཁོར་རྣམས་ཀུན། །བཀའ་བཞིན་བྱེད་པ་ཡོན་ཏན་ཡིན། །གཞན་ཡང་ང་ཡི་ཡོན་ཏན་ནི། །བློ་དང་དབང་པོ་བསམ་པ་དང་། །ཁམས་དང་རིགས་དང་ཡུལ་དང་དངོས། །དམན་དང་བར་མ་མཆོག་ཏུ་བྱེད། །བྱ་བའི་ཆོས་དང་བྱེད་པའི་ཡིད། །གཟུགས་དང་ཚོར་དང་འདུ་ཤེས་དང་། །འདུ་བྱེད་རྣམ་ཤེས་ཕུང་པོའི་ཚོགས། །


DNG015_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོ་ཡུལ་དང་སྐྱེ་མཆེད་ཁམས། །དེ་ནི་ང་ཡིས་རབ་ཏུ་བྱེད། །དུས་གསུམ་སངས་རྒྱས་ཐམས་ཅད་དང་། །རིག་འཛིན་བྱང་ཆུབ་སེམས་དཔའ་དང་། །ཉན་ཐོས་རང་རྒྱལ་ལྷ་རྣམས་ཀྱི། །ཡོན་ཏན་ཚོགས་ཀུན་ཇི་སྙེད་པ། །ང་ལ་དེ་ཉིད་མངའ་བ་སྟེ། །ཚིག་དང་མིང་དང་རྣམ་གྲངས་དང་། །དཔེ་དང་ཚད་ཀྱིས་བརྗོད་མི་ལང་། །གཞན་ཡང་ཉོན་ཅིག་ཧེ་རུ་ཀ །ང་ལ་གཟུགས་དང་ཚད་དང་དབྱིབས། །ཡོད་དང་དངོས་པོར་མ་བལྟ་ཅིག །ང་ལ་རིགས་དང་རྒྱུ་དང་རྐྱེན། །བྱེད་པ་པོ་ནི་ག་ལ་ཡོད། །འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །ཐུགས་རྗེ་མཁྱེན་པས་ཐབས་དང་ལྡན། །འདི་ནི་ང་ཡི་ཆོས་ཀྱི་སྐུ། །སྟོན་བྱེད་པ་དང་དུས་དང་འཁོར། །གང་གིས་བསྟན་པའི་ངོ་བོ་དེ། །ངེས་པ་ཅན་དུ་རྣམ་པ་ལྔ། །ང་ལ་ཕུན་སུམ་ཚོགས་པ་ནི། །ལོངས་སྤྱོད་རྫོགས་པ་ང་ཡི་སྐུ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །དམན་པ་ཉན་ཐོས་རང་སངས་རྒྱས། །འདི་ལས་གཞན་པའི་ཕྱི་རོལ་པ། །དབང་ཕྱུག་དང་ནི་ཚངས་པ་དང་། །དྲག་པོ་གཏུམ་པོ་གཞོན་ནུ་དང་། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང་། །སེང་གེ་གླང་ཆེན་རི་དྭགས་དང་། །འདབ་ཆགས་སྲིན་བུ་ལ་སོགས་པ། །གང་གི་གང་ལ་གང་གིས་ཕྱིར། །ཇི་ལྟར་ནུས་པའི་དབང་མཛད་ཅིང་། །རང་དང་གཉིས་མེད་མཉམ་སྦྱོར་བ། །ང་ཡི་སྐུ་ལས་རྣམ་སྤྲུལ་སྐུ། །བསམ་གྱིས་མི་ཁྱབ་བརྗོད་ལས་འདས། །ཤེས་པར་བྱོས་ཤིག་ཧེ་རུ་ཀ །ཞེས་གསུངས་སོ། །དབང་ཆེན་འདུས་པ་རྩ་བའི་རྒྱུད་ལས། ཡོན་ཏན་རྒྱ་ཆེན་པོ་ངེས་པར་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་དབང་གི་རྒྱལ་པོ་དེས། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་མ་ལུས་པ་བསྒྲུབ་པར་བྱེད་པ་དང་། དེ་ལ་ཉེ་བར་བྱེད་ཅིང་སྐལ་བ་ཅན་དུ་བྱེད་པ་དང་། མྱུར་དུ་འགྲུབ་པར་བྱེད་པ་དང་། ལེགས་པར་འགྲུབ་པར་བྱེད་པ་དང་། ཡང་དག་པར་འགྲུབ་པར་བྱེད་པ་དང་། བདེ་བར་འགྲུབ་པར་བྱེད་པའི་ཐབས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་གསང་བ་དང་གསུང་གི་གསང་བ་དང་ཐུགས་ཀྱི་གསང་བ་ཆེན་པོ་ཉེ་


DNG015_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

བར་བསྒྲུབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཉིད་ཀྱི་དཀྱིལ་འཁོར་རང་ཉིད་ལ་རྫོགས་པར་གསལ་བར་མཛད་ནས། འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་ཀྱེ་དབང་ཆེན་ཧེ་རུ་ཀ །མ་འོངས་ཤིན་ཏུ་སྙིགས་མའི་དུས། །ཚེ་དང་དུས་དང་ལོངས་སྤྱོད་དང་། །ལས་དང་བལྟ་བས་མནར་བའི་ཚེ། །འདོད་ཆགས་ཞེ་སྡང་གཏི་མུག་དང་། །ང་རྒྱལ་ཕྲག་དོག་སེར་སྣ་ཡིས། །རབ་ཏུ་གཟིར་ཞིང་ཉོན་མོངས་པས། །གདུང་བའི་སེམས་ཅན་རྣམས་ཀྱི་ཕྱིར། །ངའི་སྒྲུབ་མཆོག་བཤད་པར་བྱ། །བྱང་ཆུབ་སེམས་དང་ལྡན་པས་ཉོན། །དཔེར་ན་མཁའ་ལ་འགྲོ་བའི་ལུས། །དེ་ཉིད་ཀྱིས་ནི་འདུལ་བ་ལྟར། །ཉོན་མོངས་ཚོགས་རྣམས་དེ་ཉིད་ཀྱིས། །རྣམ་པར་རྟོག་པའི་ཚོགས་ཀྱིས་འདུལ། །དེ་བས་བློ་ལྡན་སྐྱེས་བུ་ཡིས། །ཐོག་མར་ང་ཡིས་བསྒྲུབ་པའི་གནས། །ནུབ་ཏུ་ཁ་བལྟས་དབེན་པའི་གནས། །བྲག་དམར་ཆོ་ཟངས་འདྲ་བའི་ནི། །རང་གི་རིགས་ལ་གཤིས་པའི་གནས། །ཆགས་ཆེན་མདོག་དམར་ཤེས་རབ་ལྡན། །བསྒྲུབ་པའི་གྲོགས་ལ་བསྔགས་པ་ཡིན། །ཏིང་འཛིན་ཡོ་བྱད་ཕུན་ཚོགས་པས། །རབ་ཏུ་འབད་དེ་བསྒོམ་པར་བྱ། །ཁམས་གསུམ་པ་ཡི་ངོ་བོ་ཉིད་། །སྣང་དང་སྲིད་པ་འདི་དག་ཀུན། །མེ་དཔུང་འབར་བའི་འོད་བཞིན་བསྒོམ། །ནམ་མཁའི་ཁམས་ཀྱི་དཀྱིལ་འཁོར་དབུས། །སྲོག་རྟེན་སྙིང་པོ་ཡི་གེ་ཧྲཱྀཿ། །སྤྲོ་དང་བསྡུ་བས་བརྟན་པར་བཞག །ཡུལ་དང་དེ་ཡི་ཡུལ་ཅན་ཀུན། །མ་ལུས་དམིགས་པ་རབ་ཏུ་བྱ། །ལུས་དང་ངག་དང་ཡིད་ཀྱི་དངོས། །སོ་སོའི་ལས་ཀྱི་རབ་ཏུ་སྦྱང་། །ང་དང་མཚུངས་པར་གྱུར་པ་ན། །མི་གཡོ་ཚད་ཀྱིས་བརྟག་པར་བྱ། །དེ་ཡིས་ཐོག་མར་བསྙེན་པ་ཡིན། །བསྙེན་པ་ཡི་ནི་ཏིང་ངེ་འཛིན་ནོ། །དེ་ནས་ཉེ་བར་བསྙེན་པའི་ཕྱིར། །སྐད་ཅིག་ཙམ་མམ་ཡུད་ཙམ་གྱི། །རང་གི་ལུས་ཀྱི་ནུས་པ་གསུམ། །དབང་ཆེན་སྐུ་གསུང་ཐུགས་སུ་བལྟ། །བར་ཆད་བརྩམས་པ་བཟློག་པའི་ཕྱིར། །ཕྱི་ནང་གསང་བའི་ལས་རྣམས་ཀྱིས། །བསྲུང་དང་བཟློག་དང་བསྐྲད་པར་བྱ། །རྔམས་པའི་


DNG015_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ཚོགས་མཁའ་ལ་སྤྲུལ། །སྒོ་དབྱེ་གསོལ་ཞིང་འདུད་པར་བྱ། །མཉེས་པར་བྱ་བའི་ཡོ་བྱད་བསྟེན། །ཚུལ་བཞིན་མ་གྱུར་ཚངས་པར་བྱ། །བྱིན་གྱིས་བརླབ་པ་ཉིད་ལ་གཟུང་། །དམ་བཅའ་བརྟན་པོ་བདག་གིར་གཟུང་། །ཐུགས་ཀྱི་སྙིང་པོ་སྤྲོ་ཞིང་བསྡུ། །ལས་སུ་རུང་བ་ཚད་ཀྱིས་བལྟ། །དེ་ནས་ཆོས་ཀུན་ངོ་བོ་ནི། །ཡང་དག་པ་ལ་བདག་མེད་བསམ། །དེ་ཡི་མཚོན་པར་མ་ནུས་པའི། །ཡུལ་རྣམས་ལ་ནི་རྗེས་ཆགས་བྱ། །ཉིད་ཀྱི་དྲན་པའི་རྒྱལ་པོ་དེ། །སྲོག་གཅིག་འབྲུ་ལ་དམིགས་པ་བསྒྲིལ། །ཆོ་ག་ཡན་ལག་འཕྲོ་འདུ་ཡིས། །མཆོད་བསྟོད་མཉེས་དང་སྦྱང་བ་རྫོགས། །རང་གི་ངོ་བོ་ནུས་དང་ལྡན། །ཧྲཱྀཿསྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ།ཨེ་ཡཾ་ར་སུཾ་རཾ་ཧྲི་སྥ་ར་ན་ཕཊ། སཾ་ཧ་ར་ན་ཧཱུཾ། སྟོང་ཞིང་གཡོ་དང་བསྐྱོད་དང་གཞི། །གཙང་སྦྲ་ཆེན་པོ་ལྔ་དག་ནི། །དག་པའི་དག་བྱེད་ཏིང་ངེ་འཛིན། །བྷ་ག་ཡངས་པའི་དཀྱིལ་འཁོར་ལྔ། །རང་གི་ངོ་བོ་ལས་བསྐྱེད་པའི། །བྱིན་གྱིས་རློབས་པའི་མཆོག་ཡིན་ནོ། །བྷྲཱུཾ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། སྲ་ཞིང་མཁྲེགས་པའི་རྒྱུ་འདི་ལས། །མཛེས་ཤིང་འཇིགས་པའི་ཕྱི་དང་ནང་། །ཇི་ལྟར་བཤད་པའི་རྒྱན་དང་རྟགས། །འབྱུང་བའི་ནུས་པ་འོད་ལྡན་ཞིང་། །རོལ་ཞིང་འབར་བ་རྣམ་པར་བསམ། །གཞི་རབ་ཏུ་བསྒོམ་པའི་ཏིང་ངེ་འཛིན་ནོ། །དེ་ནས་སངས་རྒྱས་ཐམས་ཅད་ཀྱི། །དབང་གི་རྒྱལ་པོ་ང་ཡི་ལུས། །ཆེ་བའི་ཆེ་མཆོག་རྟ་མགྲིན་ཅན། །དགེས་པའི་ཡུམ་དང་མཉམ་སྦྱར་ནས། །འཕགས་པའི་ཚོགས་ཀུན་མ་ལུས་པའི། །མཉེས་པའི་མཆོད་པ་རབ་བསྟབ་སྟེ། །འགྲོ་བ་རྣམས་ཀྱི་ཞིང་དང་རྒྱུ། །དག་པའི་ངོ་བོ་ཉིད་དུ་སྦྱངས། །སླར་ཉིད་ས་བོན་མངོན་དུ་གྱུར། །ས་མ་ཡ་ཧོ། ས་མ་ཡ་སྟྭམ། རཱ་གོ྅ཧཾ། རཱ་ག་ཡཱ་མི། ཧྲཱྀཿསརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ང་ཉིད་དབང་ཆེན་རྡོ་རྗེ་སྟེ། །ཁམས་གསུམ་ཡེ་ཤེས་བསྐྱེད་པའི་ཕྱིར། །སྲས་ཀྱི་ཚུལ་དུ་མངོན་པར་གཟུང་། །ནམ་མཁའི་དབྱིངས་ཀྱི་ཕྱོགས་སུ་དགོད། །ང་ཉིད་པདྨ་ཧེ་རུ་ཀ །མདོག་


DNG015_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

དམར་ཞལ་གཅིག་ཕྱག་གཉིས་ཏེ། །ཕྱག་གཡས་རྡོ་རྗེ་གཡོན་ཐོད་པ། །དེ་དང་རྗེས་སུ་ཆགས་པའི་ཡུམ། །ཁ་ཊྭཱཾ་ཐོད་པ་འཛིན་ཅིང་སྟོབ། །ཕྱོགས་ནས་གཅོད་པའི་ལྕེ་བཞི་ལས། །དབང་པོ་ཡི་ནི་ཕྱོགས་ངོས་སུ། །རྡོ་རྗེ་དབང་ཆེན་ཧེ་རུ་ཀ །མཐིང་ནག་ཞལ་གསུམ་ཕྱག་དྲུག་ལྡན། །དང་པོ་རྡོ་རྗེ་ཐོད་ཁྲག་བསྣམས། །གཤིན་རྗེ་གནས་པའི་ཕྱོགས་དག་ཏུ། །རིན་ཆེན་དབང་ཆེན་ཧེ་རུ་ཀ །སེར་ནག་ཞལ་གསུམ་ཕྱག་དྲུག་ལྡན། །དང་པོ་རིན་ཆེན་ཐོད་ཁྲག་བསྣམས། །ཀླུ་དབང་གནས་པའི་ཕྱོགས་དག་ཏུ། །པདྨ་དབང་ཆེན་ཧེ་རུ་ཀ །དམར་ནག་ཞལ་གསུམ་ཕྱག་དྲུག་ལྡན། །དང་པོ་པདྨ་ཐོད་ཁྲག་བསྣམས། །གནོད་སྦྱིན་གྱི་ནི་ཕྱོགས་དེ་རུ། །ཕྲིན་ལས་དབང་ཆེན་ཧེ་རུ་ཀ །ལྗང་ནག་ཞལ་གསུམ་ཕྱག་དྲུག་ལྡན། །དང་པོ་རྒྱ་གྲམ་ཐོད་ཁྲག་བསྣམས། །བར་མ་གཉིས་ནི་སྦྲུལ་ཞགས་དང་། །ཁ་ཊྭཱཾ་རྩེ་གསུམ་འཛིན་པར་མཛད། །ཐ་མ་དབང་གི་ཕུར་པ་འདྲིལ། །དབང་ཆེན་ཁྲོ་བོ་འདི་དག་ཀུན། །དབུས་མའི་ཞལ་ནི་སྐུ་ཡི་མདོག །གཡས་ཞལ་དཀར་ལ་གཡོན་ཞལ་ལྗང་། །རྟ་མགྲིན་ལྗང་གུས་ཀུན་ལ་མཛེས། །དུར་ཁྲོད་དཔའ་བའི་ཆས་ཀྱིས་བརྒྱན། །ཞབས་གཉིས་བརྐྱངས་བསྐུམ་ཕྱོགས་དག་གི། །དྲེགས་པ་ཕོ་མོ་བརྫིས་པ་སྟེ། །འདི་དག་ཀུན་གྱི་རོལ་པའི་ཡུམ། །རིགས་ཀྱི་དབང་ཕྱུག་ཁྲོ་མོ་བཞི། །རྡོ་རྗེ་རིན་ཆེན་པདྨ་ལས། །སོ་སོའི་ཡབ་ལ་འཁྲིལ་མཛད་ཅིང་། །ཞལ་གཅིག་ཕྱག་གཉིས་ཆགས་པའི་ཚུལ། །སྐུ་ཡི་ཁ་དོག་ཡབ་དང་མཚུངས། །ཅུང་ཟད་དམར་བའི་མདངས་ཀྱིས་མཛེས། །ཁ་ཊྭཱཾ་ཐོད་པ་ཕྱག་གིས་འཛིན། །ཡབ་ཡུམ་འདི་དག་ཐམས་ཅད་ཀུན། །ཁྲོ་བོའི་གར་ཉམས་དགུ་དང་ལྡན། །སྤྱན་གསུམ་གཟིགས་ཤིང་མཆེ་བ་གཙིགས། །མེ་དཔུང་འབར་བའི་ནང་ན་བཞུགས། །རང་གི་ཕྲིན་ལས་ངེས་པར་མཛད། །ཨཱོཾ་ཧ་ཡ་གྷྲཱི་ཝ་བཛྲ་ཀྲོ་དྷ་ཧཱུཾ། ཨཱོཾ་ཧ་ཡ་གྷྲཱི་ཝ་རཏྣ་ཀྲོ་དྷ་ཧཱུཾ། ཨཱོཾ་ཧ་ཡ་གྷྲཱི་ཝ་པདྨ་ཀྲོ་དྷ་ཧཱུཾ། ཨཱོཾ་ཧ་ཡ་གྷྲཱི་ཝ་ཀརྨ་ཀྲོ་དྷ་ཧཱུཾ། བྷྱོ་ཨེ་ཀ་ཛ་ཊཱི་བཛྲ་ཀྲོ་དྷཱི་ཧཱུཾ། བྷྱོ་ཨེ་ཀ་


DNG015_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

ཛ་ཊཱི་རཏྣ་ཀྲོ་ཧཱུཾ།བྷྱོ་ཨེ་ཀ་ཛ་ཊཱི་པདྨ་ཀྲོ་དྷཱི་ཧཱུཾ། བྷྱོ་ཨེ་ཀ་ཛ་ཊཱི་ཀརྨ་ཀྲོ་དྷཱི་ཧཱུཾ། ཧྲཱྀཿཧྲཱྀཿཧྲཱྀཿཧྲཱྀཿ། བྷྱོ་བྷྱོ་བྷྱོ་བྷྱོ། ཧྲཱྀཿསྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། རྩ་བའི་དབང་ཆེན་བསྒོམ་པའི་ཏིང་ངེ་འཛིན་ཏོ། །ཧྲཱྀཿཧྲཱྀཿཧྲཱྀཿཧྲཱྀཿ། ཧྲཱྀཿཧྲཱྀཿཧྲཱྀཿཧྲཱྀཿ། བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ། ཧྲཱྀཿསྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། ང་ཉིད་དབང་ཆེན་རྡོ་རྗེ་སྟེ། །སྲིད་གསུམ་ཟིལ་གྱིས་གནོན་པའི་ཕྱིར། །འཇིགས་བྱེད་སྤྲུལ་པ་རྣམ་པར་འཕྲོ། །འབར་བའི་ཁྱམས་ལ་མཛེས་པར་དགོད། །ཁྲོ་བོ་ཆེན་པོ་འདི་རྣམས་ནི། །མདོག་དམར་ཞལ་གསུམ་ཕྱག་དྲུག་གོ། །གཡས་དཀར་གཡོན་སྔོ་དབུས་དམར་ཞལ། །དབུ་གཙུག་རྟ་མགོ་རེ་རེ་ཐོན། །འཇིགས་བྱེད་དུར་ཁྲོད་ཆས་ཀྱིས་བརྒྱན། །ཁྱད་པར་ཞི་བ་ཟིལ་གནོན་ནི། །འཁོར་ལོ་རྡོ་རྗེ་རིན་ཆེན་གཡས། །པདྨ་རལ་གྲི་དྲིལ་བུ་གཡོན། །སངས་རྒྱས་རིགས་ལྔ་ཞབས་ཀྱིས་གནོན། །མི་ཕམ་ཁྲོ་མོ་ཡུམ་དང་སྦྱོར། །ལས་ཀྱི་ཁྲོ་བོ་ཟིལ་གནོན་ནི། །པདྨ་དབྱུག་ཏོ་སྤུ་གྲི་གཡས། །ཁ་ཊྭཱཾ་དགྲ་སྟྭ་རྒྱ་གྲམ་གཡོན། །ལས་ཀྱི་ཁྲོ་བཅུ་ཞབས་ཀྱིས་གནོན། །ལྷ་མོ་ཁྲོ་གཉེར་མ་དང་སྦྱོར། །ཡེ་ཤེས་མ་མོ་ཟིལ་གནོན་ནི། །སྡིགས་མཛུབ་ལྕགས་ཀྱུ་སྦྲུལ་ཞགས་གཡས། །ལྕགས་སྒྲོག་ལྔ་དང་ཁ་ཊྭཱཾ་གཡོན། །གཙོ་མོ་དབྱིངས་ཀྱི་ཡུམ་དྲུག་གནོན། །རོ་ལངས་མ་དང་གཉིས་མེད་སྦྱོར། །ཡེ་ཤེས་ཁྱུང་རྣམས་ཟིལ་གནོན་ནི། །རྡོ་རྗེ་ས་དང་མེ་ཁྱུང་གཡས། །ནམ་མཁའ་ཆུ་རླུང་ཁྱུང་ནི་གཡོན། །ཞབས་ཀྱི་རིགས་ལྔའི་ཁྱུང་རྣམས་བརྫིས། །ཁྲོ་མོ་སྤྱན་གཅིག་ཡུམ་དང་སྦྱོར། །ཕོ་རྒྱུད་ཟིལ་གནོན་རྟ་མགྲིན་ནི། །རྡོ་རྗེ་ཐོད་སྐམ་སྦྲུལ་རྒྱུ་ཡང་ཞགས་གཡས། །ཐོད་རློན་ཐོད་ཕྲེང་ཞིང་དབྱུག་གཡོན། །དྲེགས་པའི་ལྷ་བརྒྱད་ཞབས་ཀྱིས་བརྫིས། །རྡོ་རྗེ་ལས་བྱེད་མ་དང་སྦྱོར། །མོ་རྒྱུད་ཟིལ་གནོན་རྟ་མགྲིན་ནི། །རྡོ་རྗེ་རལ་གྲི་གཡས་ན་བསྣམས། །གཡོན་ན་ཞགས་པ་སྡིགས་མཛུབ་སྟེ། །ཐ་མ་མདའ་གཞུ་འགེངས་པའོ། །མ་བདུན་སྲིང་བཞི་ཞབས་ཀྱིས་གནོན། །གཤིན་རྗེ་ལས་བྱེད་མ་དང་སྦྱོར། །ཀླུ་རྣམས་ཟིལ་གྱིས་གནོན་པ་ནི། །ཀླུ་རིགས་དྲུག་གི་སྦྲུལ་ཞགས་འཛིན། །རིགས་བཞིའི་


DNG015_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུ་ནི་ཁྱོ་ཤུག་གནོན། །ཀླུ་མོ་ལས་བྱེད་མ་དང་སྦྱོར། །དྲེགས་པའི་གཟའ་རྣམས་ཟིལ་གནོན་ནི། །རྡོ་རྗེ་ཞགས་པ་རལ་གྲི་གཡས། །དུང་ཁྲག་དབྱིག་པ་ཁྱུང་ཆེན་གཡོན། །གཟའ་ཆེན་བརྒྱད་ནི་ཞབས་ཀྱིས་གནོན། །གནོད་སྦྱིན་ལས་བྱེད་མ་དང་སྦྱོར། །ཁྲོ་མོ་ཡུམ་ཆེན་འདི་རྣམས་ལ། །མདོག་དམར་ཆགས་པ་རྒྱས་པའི་ཚུལ། །ཞལ་གཅིག་ཕྱག་གཉིས་ཡབ་ལ་འཁྱུད། །ཁ་ཊྭཱཾ་འཛིན་ཅིང་ཐོད་ཁྲག་སྟོབ། །ཡབ་ཡུམ་བཅས་པའི་ཁྲོ་ཚོགས་ཀུན། །ཤར་ནས་བརྩམས་ཏེ་རིམ་བཞིན་དབྱུང་། །ཨཱོཾ་པདྨ་ཀྲོ་དྷ་ཧ་ན་ཧ་ན་ཧཱུཾ་ཕཊ། ཨཱོཾ་པདྨ་ཀྲོ་དྷ་ད་ཧ་ད་ཧ་ཧཱུཾ་ཕཊ། ཨཱོཾ་པདྨ་ཀྲོ་དྷ་པ་ཙ་པ་ཙ་ཧཱུཾ་ཕཊ། ཨཱོཾ་པདྨ་ཀྲོ་དྷ་ཏིཥྛ་ཏིཥྛ་ཧཱུཾ་ཕཊ། ཨཱོཾ་པདྨ་ཀྲོ་དྷ་ཙྪིནྡ་ཙྪིནྡ་ཧཱུཾ་ཕཊ། ཨཱོཾ་པདྨ་ཀྲོ་དྷ་བྷནྡ་བྷནྡ་ཧཱུཾ་ཕཊ། ཨཱོཾ་པདྨ་ཀྲོ་དྷ་བྷིནྡ་བྷིནྡ་ཧཱུཾ་ཕཊ། ཨཱོཾ་པདྨ་ཀྲོ་དྷ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཨཱོཾ་གུ་ཧྱ་ཀྲོ་དྷཱི་ཧཱུཾ། ཨཱོཾ་ཛྙཱ་ན་ཀྲོ་དྷཱི་ཧཱུཾ། ཨཱོཾ་རཱ་ག་ཀྲོ་དྷཱི་ཧཱུཾ། ཨཱོཾ་བཛྲ་ཀྲོ་དྷཱི་ཧཱུཾ། ཨཱོཾ་ཡ་མ་ཀྲོ་དྷཱི་ཧཱུཾ། ཨཱོཾ་ན་ག་ཀྲོ་དྷཱི་ཧཱུཾ། ཨཱོཾ་ཡག་མོ་ཀྲོ་དྷཱི་ཧཱུཾ། ཨཱོཾ་ཙིཏྟ་ཀྲོ་དྷཱི་ཧཱུཾ།དྲེགས་པ་ཅན་གྱི་ཚོགས་ཟིལ་གྱིས་གནོན་པའོ། །ཁྲོ་བོ་དབྱུང་བའི་ཏིང་འཛིན་ནི། །ང་ནི་དབང་ཆེན་རྡོ་རྗེ་སྟེ། །ཕྲིན་ལས་རྣམ་བཞི་བསྒྲུབ་པའི་ཕྱིར། །སྤྲུལ་པ་ཕོ་ཉ་ལས་ལ་ཁྲིད། །ཚད་མེད་སྒོ་བཞིར་གདབ་པར་བྱ། །ཛཿཧཱུཾ་བཾ་ཧོཿ། ཁྲོ་མོ་མདོག་དཀར་ལྕགས་ཀྱུ་འཛིན། །སེར་མོ་ཞགས་པ་འཛིན་མ་དང་། །དམར་མོ་ལྕགས་སྒྲོག་སྡོམ་བྱེད་མ། །ལྗང་མོ་དྲིལ་བུ་འཛིན་མ་སྟེ། །ཕྲིན་ལས་བཞི་མཛད་ཕོ་ཉ་མ། །རིམ་པར་ཕྱོགས་ཀྱི་སྒོ་ལ་དབབ། །ཨཱོཾ་བཛྲ་ཨཾ་ཀུ་ཤ་ཛཿ། ཨཱོཾ་བཛྲ་པཱ་ཤ་ཧཱུཾ། ཨཱོཾ་བཛྲ་སྥོ་ཊ་བཾ། ཨཱོཾ་བཛྲ་གྷཎྜ་ཧོཿ། ཕོ་ཉ་འབྱུང་བའི་ཏིང་ངེ་འཛིན་ནོ། །དབང་ཆེན་འདུས་པ་རྩ་བའི་རྒྱུད་ལས། བསྙེན་པ་ཉེ་བའི་ལྷ་རྣམས་ངེས་པར་དབྱུང་བའི་ཏིང་ངེ་འཛིན་གྱི་ལེའུ་སྟེ་དྲུག་པའོ།། །།གཞན་ཡང་ང་ཡིས་བཤད་ཀྱིས་ཉོན། །བདག་གི་དམ་ཚིག་བརྟན་གྱུར་ནས། །གསལ་ཞིང་མི་གཡོ་ཚད་ལྡན་ན། །གཉིས་མེད་ཡེ་ཤེས་གཞུག་པར་བྱ། །བསམ་


DNG015_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་མི་ཁྱབ་ནམ་མཁའི་དབྱིངས། །བྱེ་བ་ཏིལ་གྱི་གང་བུ་བཞིན། །ལོངས་སྐུ་རྫོགས་སྐུ་ཀུན་གྱི་མཆོག །ཐམས་ཅད་ང་ཡི་ཚོགས་ཀྱིས་གང་། །དག་པའི་མཁའ་ལ་སྐར་ཚོགས་བཞིན། །དམ་ཚིག་པ་ལ་རབ་ཏུ་དབབ། །དབྱེ་བ་མེད་པའི་ཆོས་ཉིད་ཀྱིས། །ཆུ་ལ་ཆུ་བཞག་བཞིན་དུ་བལྟ། །དེ་ལ་འདུད་ཅིང་མོས་པ་དང་། །སྟོབ་ཅིང་མཉེས་པ་མ་ལུས་པ། །ཆོས་ཉིད་སྒྲ་ལས་བྱུང་བ་ཡི། །རང་ལས་སྤྲུལ་པའི་ལྷ་རྣམས་ཀྱིས། །ཇི་ལྟར་མོས་པ་བཞིན་དུ་འགྲུབ། །དེ་ནས་ཁྱད་པར་བྱ་བའི་ལས། །གཉིས་མེད་ལུས་ཀྱི་སྲོག་གི་དབུས། །ཆུ་སྐྱེས་ཕྱོགས་བཞི་རབ་ལྡན་པའི། །ཐབས་དང་ཤེས་རབ་གཉིས་ཀྱི་དབུས། །ང་ཡི་སེམས་ཀྱི་ངོ་བོ་ཉིད། །ཚོན་གང་དམར་པོ་ཞི་ཞིང་ཁྲོ། །རང་གི་སྐུ་དང་མཚུངས་གྱུར་པ། །ཉིན་མཚན་གསལ་ནུས་འོད་ལྡན་པ། །སྲན་ཙ་ན་ཡི་ཕྱེད་ཆའི་སྟེང་། །ཀུན་གྱི་གསུང་སྟེ་ཁྱད་པར་ཐུགས། །སྲོག་ཡིག་ལེ་བརྒན་ཏིལ་འབྲུའི་ཚད། །གསལ་ཞིང་འོད་དང་ལྡན་པ་ལ། །ཡི་གེ་ཕྲེང་བའི་གཟུགས་ཀྱིས་འདུད། །དེ་ནི་ཚོགས་པའི་ཚད་དང་མཉམ། །རང་གི་ལུས་དང་ཚུལ་གཅིག་པ། །ཀུན་ནས་རེ་རེར་བཞུགས་པར་བྱ། །རང་གི་མིང་གི་སྒྲ་བརྗོད་པས། །ནམ་མཁའི་ཁམས་ཀུན་གསལ་བར་འཕྲོ། །དུས་གསུམ་གྱི་ནི་འཕགས་པ་མཉེས། །ཀུན་ཏུ་སྦྱོར་བ་གསུམ་རྣམས་ཀྱིས། །སྲིད་པའི་ཞགས་པ་མ་ལུས་གཅད། །ཐམས་ཅད་ཀྱང་ནི་རང་གི་ཚུལ། །ཉིད་ལས་གཞན་པ་ཡོད་མ་ཡིན། །དེ་ཉིད་བརྟན་པའི་ཚད་ཀྱིས་བལྟས། །གལ་ཏེ་ལྷག་པར་བསྒྲུབ་འདོད་ན། །ཇི་ལྟར་འདོད་པའི་གཟུགས་རྣམས་ཀྱིས། །བརྟེན་པའི་གནས་གསུམ་ཕོ་བྲང་དུ། །གཅོད་བྱེད་འདམ་སྐྱེས་རྡོ་རྗེ་ལ། །རྒྱུ་གསུམ་རྩ་བ་རྣམ་དག་མེད། །ཤེལ་མདོག་བྱེ་རུ་བཻ་ཌཱུརྱ། །ཡན་ལག་བཞི་དང་ལྡན་པ་ཡིས། །དངོས་པོ་མིང་དང་རྟོགས་པ་ཡིད། །མ་ལུས་ང་ཡི་ངང་དུ་སྦྱངས། །ཁྱད་པར་དུ་ནི་དབང་གི་རྒྱལ། །ང་ཡི་སྔོན་གྱི་དམ་ཚིག་སྟེ། །ལུས་ཀྱི་སྟེང་ཕྱོགས་མཐར་ཐུག་པའི། །


DNG015_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཀྱི་བདག་པོས་ལུས་ཀུན་གནས། །རྟ་གདོང་ཞལ་གྱི་དཀྱིལ་འཁོར་བཅས། །རླུང་གིས་བསྐྱོད་ཅིང་སྤྲོས་པ་ཡིས། །གསེར་གྱི་བ་ཐགས་གཟིངས་པ་དང་། །མགལ་མེའི་འཁོར་ལོ་བསྐོར་བ་དང་། །མེ་དབལ་ཚ་བ་འཕྲོ་ལྟ་བུས། །རང་དང་ཕ་རོལ་ཕྱི་དང་ནང་། །ཀུན་ཏུ་སྤྲོ་བའི་ལས་རྣམས་ཀྱིས། །སྦྱངས་ཤིང་བསྡུ་དང་བསྒྲལ་དང་གསོ། །མཆོད་བསྟོད་པར་དང་བཅོལ་ཞིང་བསྐུལ། །གང་དང་གང་ལ་བསྔགས་པ་དེས། །འབད་པའི་སྟོབས་ཀྱིས་དམིགས་པར་བྱ། །སླར་འདུས་རང་གི་གཞི་ཉིད་ལ། །ཐིམ་པའི་ཚུལ་གྱིས་བྱིན་བརླབས་ནས། །གནས་པའི་ངོ་བོ་དེ་ཉིད་དུ། །རྫོགས་དང་རབ་ཏུ་རྫོགས་པ་ཡིས། །དོན་དེ་ཉིད་ལ་བསམ་ཞིང་བལྟ། །ང་དང་གཉིས་སུ་མེད་པར་འགྱུར། །དཔལ་དབང་ཆེན་འདུས་པ་རྩ་བའི་རྒྱུད་ལས། ཉེ་བར་བྱེད་པའི་ལས་རྫོགས་པར་སྦྱོར་བའི་ཏིང་ངེ་འཛིན་གྱི་ལེའུ་སྟེ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་དབང་གི་རྒྱལ་པོ་དེས་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུང་འགྲོལ་བར་བྱེད་པའི་ཚིག་མ་ལུས་པ་ཡང་དག་པར་རྟོགས་པར་འགྱུར་བའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས་ཉིད་ཀྱི་མིང་གི་འཁོར་ལོ་སྒྲ་ཚིག་རབ་ཏུ་གཡོ་བར་བྱེད་པ། གསུང་གི་ངོ་བོ་འུབ་ཅིང་ཆུབ་པ་རང་གི་ངོ་བོ་ལས་མི་གཞན་པ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ཉེ་བར་སྡུད་ཅིང་སྦྱོང་བ། ལས་ཐམས་ཅད་ཐོགས་པ་མེད་པར་བསྒྲུབ་པ་འདི་གསུངས་སོ། །ཨཱོཾ་ནི་ཡེ་ཤེས་ལྔ་ཉིད་རྟོགས་པའོ། །པདྨ་དངོས་པོ་ཀུན་ལ་མ་ཆགས་པའོ། །ཏ་ཀྲྀཏ་ཁྲོ་བོའི་གར་དགུ་རྫོགས་པའོ། །ཧ་ཡ་གྷྲཱི་བ་ནི་ཁམས་གསུམ་དབང་སྡུད་རྟ་མགྲིན་ནོ། །མ་ཧཱ་ཀྲོ་ཏ་ཆེ་བཙན་འདུལ་བའི་ཁྲོ་བོ་ཆེན་པོ།ཨེ་ཀ་ཛ་ཏཱི་རལ་གཅིག་མ་དང་གཉིས་སུ་མེད་ཅིང་དགེས་པའི་ཉམས་དང་ལྡན་པའོ། །ས་མ་ཡ་དམ་ཚིག་ལ་དགོངས་པའོ། །རུ་ལུ་རུ་ལུ་ཁྲོ་བོ་ཁྲོ་མོའི་ཚོགས་ཀུན་དང་མཁའ་འགྲོའི་ཚོགས་རྣམས་དབང་དུ་སྡུད་པའོ། །ཧཱུཾ་དྲེགས་པའི་ཚོགས་རྣམས་


DNG015_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

བོད་པའོ། །བྷྱོ་དེ་དག་ལས་ལ་རྦད་པའོ། །ཧཱུཾ་དངོས་གྲུབ་ཉེ་བར་བསྡུ་བའོ། །ཨཱ་ར་ལི་ཛ་ཐམས་ཅད་མཉེས་པར་བསྒྲུབ་པའོ། །དྲག་སྔགས་གསང་བ་འདི་ཉིད་ལ། །བསྙེན་པའི་ལུང་བཞིན་འབད་པར་བྱ། །ཧྲཱྀཿཐམས་ཅད་ང་ཡི་ངང་དུ་བསམ། །པདྨཱནྟ་ཀྲྀཏ་པདྨ་རིགས་ཀྱི་ཁྲོ་ཆེན་ཚོགས། །དི་མ་དཱ་རི་ཐམས་ཅད་འདུས་པའི་གསུངས་ཡིན་ནོ། །ཧ་ཡ་གྷྲཱི་བ་མ་ལུས་དབང་གི་རྒྱལ་པོའོ། །ཨེ་ཀ་ཛ་ཏཱི་སྦས་པའི་ཡུམ་དང་སྦྱོར་བའོ། །རུ་ལུ་རིགས་ཀྱི་སྲས་དང་བཅས་པའོ། །རུ་ལུ་སྤྲུལ་པའི་ཟིལ་གནོན་ཡབ་ཡུམ་མོ། །ཧྲཱྀཿཛ་ཛ་ནི་དབང་གི་ཕོ་ཉ་སྒོ་མའོ། །ཨེ་ཀ་ཛ་བྷྱོ་ལྷ་རྣམས་འགུགས་ཤིང་རྦད་པའོ། །དམ་ཚིག་ཚོགས་ཀྱི་བསྒྲུབ་པས་ན། །རྦད་པའི་ལུང་བཞིན་བརྩོན་པར་བྱ། །པ་ཧྲཱྀཿདྲེགས་པའི་ཚོགས་བཅས་དབང་དུ་སྡུད། །དི་མ་དཱ་རི་ཀུན་ལ་གོ་བར་བྱེད་པའོ། །ཧ་ཡ་གྷྲཱི་བ་རྟ་མགྲིན་དབང་གི་ལྷར་གསལ་བའོ། །ཨེ་ཀ་ཛ་ཊཱི་ཆགས་རབ་དོན་གྱིས་བསྐྱོད་པའོ། །ཧུ་ལུ་ཧུ་ལུ་ཁྲོ་ཚོགས་སྤྲུལ་པ་འགྱེད་པའོ། །ཧྲཱྀཿཛ་ཛ་ཕོ་ཉ་ལས་ལ་རྦད་པའོ། །ཨ་ཏི་ཡང་ཕྲི་སརྦ་བྷྱོ་བཟློག །ཕ་རོལ་ནུས་པ་བཟློག་པའོ། །ཕུ་ཛ་ནཱ་ག་རྦད། ཀླུ་གདུག་པ་ཅན་རྣམས་འདུལ་བའོ། །ཕ་རོལ་ནུས་པ་འཇོམས་བྱེད་པ། །བཟློག་པའི་དུས་སུ་མངག་པར་བྱ། །དབང་ཆེན་གསང་བ་ལྷ་རྒྱུད་ཀྱི། །སྲོག་སྙིང་ཐུགས་རྒྱུད་བསྐུལ་བ་ནི། །འབར་ཞིང་གསལ་བ་གྲངས་ལས་འདས། །བསྲུངས་ཤིང་བཟློག་དང་གསད་དང་འདུལ། །གང་ལ་དམིགས་པ་མྱུར་དུ་འགྲུབ། །ཨཱོཾ་ཀཱ་ཡ་ཙིཏྟ་མ་བྷྱོ། བཱཀྐ་ཙིཏྟ་མ་བྷྱོ། ཙིཏྟ་ཙིཏྟ་མ་བྷྱོ། གུ་ཎ་ཙིཏྟ་མ་བྷྱོ། ཀརྨ་ཙིཏྟ་མ་བྷྱོ།སརྦ་ཙིཏྟ་མ་བྷྱོ། ཁམ་རྒྱ་མ་དྲུག་གི་དྲག་སྔགས་སོ། །ཨོཾ་ཤྭ་རི་ཁཱ་ཧི་ཤྭ་རི་ཁཱ་ཧི་ཧཱུཾ། རྒྱབ་སྦྲེལ་རྣམས་ཀྱི་དྲག་སྔགས་སོ། །ཨོཾ་ཏིཔྟ་ཙཀྲ་ཤྭ་ན་མུ་ཁཱ་ཁ་ལོང་ཁ་ཧཱུཾ་ཕཊ། ཨོཾ་ཀུ་ཀུ་རཱ་ཛ་རཀྴ་རཀྟ་ཙ་མུན་ཏི་ཁ་ལང་ཀ་ཧཱུཾ་ཕཊ། ཕོ་ཉ་ཁྱི་སྤྱང་དྲག་སྔགས་སོ། །ཧཱུཾ་ཧཱུཾ་ཕཊ། ཧྲཱྀཿཧཱུཾ་ཕཊ། ཏྲཱཾ་ཧཱུཾ་ཕཊ། ཧཱཾ་ཧཱུཾ་ཕཊ། མཆེ་གཤོག་བཞི་ཡི་དྲག་སྔགས་སོ། །ཨཱོཾ་ཛ་ན་ལང་ཏི་ཙེ་ཏེ། ཡཀྵུ་ཀུ་རུ་བྷཉྫ་ཧཱུཾ་ཕཊ།


DNG015_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུག་མོ་བཞི་ཡི་དྲག་སྔགས་སོ། །ཨོཾ་བཛྲ་ཤ་ར་སིང་ཧ་ཧཱུཾ། རཏྣ་ཤ་ར་སིང་ཧ་ཧཱུཾ། པདྨ་ཤ་ར་སིང་ཧ་ཧཱུཾ། ཀརྨ་ཤ་ར་སིང་ཧ་ཧཱུཾ། རྩལ་ཆེན་རྣམས་ཀྱིའོ། །ཉོན་ཅིག་དབང་གི་འཁོར་ཚོགས་རྣམས། །ང་ཡི་སྐུ་གསུང་ཐུགས་ཀྱི་བདག །ཡོན་ཏན་དང་ནི་ཕྲིན་ལས་དང་། །མ་ལུས་བསྒྲུབ་པར་འདོད་པ་ཡིས། །ཤེས་པར་བྱ་བ་འདི་དག་ཡིན། །ལུས་ཀྱི་མདུན་རྒྱབ་ཡབ་དང་ཡུམ། །གཡས་དང་གཡོན་ནི་དབང་གི་སྲས། །སྣོད་དང་དོན་སྙིང་བཅས་པ་ནི། །དབང་ཆེན་རིགས་བཞི་ཡབ་ཡུམ་མོ། །ཡན་ལག་ཉིང་ལག་ཐམས་ཅད་ཀུན། །ཁྲོ་བརྒྱད་ཡུམ་དང་བཅས་པ་སྟེ། །མཐིལ་བཞི་སྒོ་སྲུང་བཞི་རུ་བསམ། །སྤུ་དང་བ་སྤུ་བཀའ་ཉན་ཚོགས། །བྱ་བའི་ཆོས་དང་བྱེད་པའི་ཡིད། །ཕྱི་དང་ནང་གི་ཤེས་པ་ཡིས། །གཟུང་བའི་ཡུལ་དང་འཛིན་པའི་སེམས། །ཡུལ་ལྔ་ཉོན་མོངས་རྟོགས་པ་དང་། །རྣམ་ཤེས་བརྒྱད་དང་དེ་ཡི་ཡུལ། །དག་པའི་འབྱུང་བ་བཞི་ཉིད་ཀྱང་། །རིམ་གྱིས་ཤེས་པར་བྱ་བ་ཡིན། །འཁོར་བ་དང་ནི་མྱ་ངན་འདས། །དགེ་དང་མི་དགེའི་རྣམ་རྟོག་ནི། །དབང་ཆེན་ང་ལ་ཡོད་མ་མྱོང་། །སྣང་བ་སྣང་མིན་སྐུ་ཡི་ཚོགས། །གྲགས་དང་གྲགས་མིན་གསུང་གི་བདག །སྟོང་དང་སྟོང་མིན་ཐུགས་ཀྱི་ངང་། །ཡོད་དང་ཡོད་མིན་ཡོན་ཏན་ཏེ། །བསྒྲུབ་དང་བསྒྲུབ་མིན་ཕྲིན་ལས་སོ། །འདི་ལ་ཐེ་ཚོམ་བྱར་མི་རུང་། །ཞེས་གསུངས་སོ། །དཔལ་དབང་ཆེན་འདུས་པ་རྩ་བའི་རྒྱུད་ལས། སྐུ་གསུང་ཐུགས་ཀྱི་ཕྲིན་ལས་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ཀྱི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་དབང་གི་རྒྱལ་པོ་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀྱི་བདག་ཉིད་ཅན་དུ་གྱུར་ཏེ། ཆོས་ཐམས་ཅད་ཀྱི་དབྱིངས་མ་ལུས་པ་ལ་རབ་ཏུ་གཟིགས་པའི་ལྟ་སྟངས་ཆེན་པོ་མཛད་ནས། འདི་སྐད་ཅེས་བཀའ་སྩལ་ཏོ། །ཨེ་མ་ཉོན་ཅིག་འདུས་པའི་འཁོར། །ང་ནི་དབང་གི་རྒྱལ་པོ་སྟེ། །དབང་མཛད་དབང་གི་ལྷ་ཡིན་ནོ། །ང་ཡི་


DNG015_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དུ་གྱུར་པ་ལས། །སངས་རྒྱས་ཉིད་དུ་མ་ལུས་མཐོང་། །འདི་ལ་བལྟ་བར་བྱ་བ་མེད། །མ་བལྟས་པ་ཉིད་བལྟ་བ་ཡིན། །དེ་བཞིན་མཐོང་དང་དྲན་པ་དང་། །བློ་དང་རིག་པ་ཡོད་མིན་ཡང་། །ཀུན་རྫོབ་ཙམ་དུ་རིག་པར་སྣང་། །ཕྱི་རོལ་དངོས་པོ་སྣང་བའི་ཡུལ། །མ་འགགས་དཔྱད་ཅིང་བཏགས་ཡོད་ཙམ། །འདི་ནི་ཕྱི་ཡི་དབང་ཆེན་ནོ། །ནང་དུ་འཛིན་བྱེད་སེམས་ཀྱི་དངོས། །མ་སྐྱེས་རང་གི་ངང་གིས་སྟོང་། །ནང་གི་དབང་ཆེན་ཡིན་ཞེས་བཤད། །གཉིས་འཛིན་རྟོག་དཔྱོད་རླུང་ལྟ་བུ། །དྲི་མ་མེད་ཅིང་འོད་གསལ་བ། །སྦས་པ་ཡིན་ཏེ་ཀུན་ལ་སྣང་། །འདི་ལ་དབང་ཐོབ་གྱུར་པ་ན། །དབང་གི་རྒྱལ་པོ་མངོན་དུ་གྱུར། །ང་ནི་མ་ཡེངས་མི་རྟོག་པས། །གང་ཡང་བསྒོམ་པར་བྱ་བ་མེད། །མ་ནོར་མ་བཅོས་ཁོ་ན་ཉིད། །དམིགས་མེད་ཙམ་དུ་སྙིང་རྗེའི་ངང་། །རང་ལ་གནས་པ་བལྟར་མ་ནུས། །འཁྲུལ་པའི་གཟུགས་ལ་བལྟ་བ་ཡང་། །ཀུན་རྫོབ་ཙམ་དུ་བསྒོམ་ཞེས་བྱ། །ཕུང་པོ་ང་རྒྱལ་བརྟན་གྱི་བར། །འབྱུང་བཞི་མཐུན་པའི་ཕྱོགས་ཙམ་སྤྱོད། །བླ་མེད་གནས་སུ་མ་སྟོབས་པར། །དུས་བཞི་མཉམ་པར་ལུས་ཀྱི་ལམ། །བར་ཆད་གདུག་པ་གདུལ་གྱི་བར། །མ་རིག་མུན་པ་ཐིབས་པོ་འཇོམས། །ངན་སོང་གནས་རྣམས་སྟོངས་པར་བྱེད། །ཁམས་གསུམ་སྲིད་གསུམ་དབང་དུ་སྡུད། །དུས་གསུམ་རྒྱལ་བའི་སྲས་སུ་བསྐྱེད། །བླ་མེད་བྱང་ཆུབ་གནས་སུ་འགོད། །དུག་ལྔ་སྐུ་ལྔ་ཡེ་ཤེས་ལྔ། །ཚོགས་དྲུག་མངོན་པར་ཤེས་པ་དྲུག །ཡུལ་བརྒྱད་ཡིད་ཆོས་འབྱུང་བ་བཞི། །སྟོབས་དང་མི་འཇིགས་རིག་པའོ། །ཁམས་དང་སྐྱེ་མཆེད་བཅོ་བརྒྱད་པོ། །མ་འདྲེས་བླ་མེད་རྫོགས་པའི་ཆོས། །སྒོ་གསུམ་སྐུ་གསུང་ཐུགས་ཡིན་ཏེ། །སོ་སོར་རྟོགས་པ་དེ་ཡི་འཁོར། །ང་ཡིས་ཐོབ་པར་བྱ་བ་སྟེ། །འདོད་པའི་བློ་ཡིས་ཐོབ་མི་ནུས། །མ་ཐོབ་པ་ཉིད་ཐོབ་པའོ། །འདི་ལ་སོམ་ཉི་མ་ཟ་ཞིག །ཅེས་གསུངས་སོ། །དཔལ་དབང་ཆེན་འདུས་པ་རྩ་བའི་རྒྱུད་ལས། ལམ་གྱི་དེ་ཁོ་ན་ཉིད་ངེས་པར་བསྟན་པའི་ལེའུ་


DNG015_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་དགུ་པའོ།། །།དེ་ནས་པདྨ་ཧེ་རུ་ཀ་ལ་སོགས་པ་ཡོངས་སུ་དག་པའི་འཁོར་དེ་དག་གིས། དཔལ་དབང་གི་རྒྱལ་པོ་ལ་མགྲིན་གཅིག་ཏུ་སྙན་པའི་དབྱངས་ཀྱིས་བསྟོད་པ། ཧྲཱྀཿརིག་དབང་སྐུ་ཡི་ང་རྒྱལ་སྒྲ་སྒྲོགས་ཤིང་། །སྲིད་གསུམ་འགྲན་ཟླ་མེད་པ་རྒྱལ་བའི་ཐུགས། །གར་མཁན་འགྱུ་འདྲ་ཐབས་ཀྱི་རྒྱལ་པོར་གྲགས། །གར་དབང་རྟ་མཆོག་པདྨ་དབང་གི་རྒྱལ། །ཞེ་སྡང་དཔལ་འབར་ཁྲོ་བོའི་ཧཱུཾ་སྒྲ་ཅན། །ཆེ་བས་འཕགས་པ་དབང་ཕྱུག་ཆེ་བའི་དཔལ། །འབར་གསལ་ལྷ་ཡི་ལྷ་ལ་ཕྱག་འཚལ་ལོ། །དབང་ཆེན་གཉིས་མེད་རྣལ་འབྱོར་ཟབ་མོའི་སྐུ། །ཐབས་དང་ཤེས་རབ་གཉིས་མེད་འདྲེལ་མཛད་ཅིང་། །འགྲོ་དོན་ཡིད་བཞིན་ཐུགས་ལས་དབྱུང་བའི་ཕྱིར། །བྱང་ཆུབ་སེམས་ཀྱི་འཕྲོ་འདུ་སྤེལ་མཛད་མ། །དབང་མཆོག་གསང་བའི་ཡུམ་ལ་ཕྱག་འཚལ་ལོ། །ཧྲཱྀཿདབང་གི་རྟ་གདོང་ཕྲིན་ལས་མགྱོགས་པའི་མཐུ། །ཡེ་ཤེས་མྱུར་མགྱོགས་ཤེས་རབ་ཕ་རོལ་ཕྱིན། །རྩལ་གྱི་རླབས་ཀྱིས་ས་གསུམ་ཅིག་ཆར་བགྲོད། །འཚེར་སྐད་གདངས་སྙན་གསང་བའི་ཐུགས་དམ་བསྐུལ། །རྔམས་པའི་ཁ་རྩལ་འཁོར་ཚོགས་དབང་དུ་སྡུད། །སྟབས་དྲུག་འགྲོས་ཀྱིས་རྒྱུད་དྲུག་ཐབས་ཀྱིས་འདྲེན། །རོལ་པའི་རྟ་བྲོས་བདུད་བཞི་ཐལ་བར་བརླག །འཇིག་རྟེན་སྒྲོལ་མཁས་མི་བསྙེལ་ཐབས་ཀྱི་མཆོག །རྟ་སྐད་རྔམས་པའི་ལྷ་ལ་ཕྱག་འཚལ་བསྟོད། །ཧྲཱྀཿདུང་ཆེན་རང་བཞིན་རྒྱུ་མའི་ཁོང་གསེང་ཅན། །ཡུལ་དྲུག་དབང་པོ་རྟོགས་པའི་རྒྱན་དུ་ཆེ། །ནམ་མཁའི་མཐའ་དང་མཉམ་པའི་འཇིག་རྟེན་ནས། །སྐལ་མེད་འཁོར་བར་འཁྱམས་པའི་སྐྱེ་འགྲོ་དང་། །ཞེ་སྡང་ཤུགས་ཀྱིས་མྱོས་པའི་སྲིན་པོ་དང་། །གཏི་མུག་ལྡོངས་པའི་དབང་གྱུར་གནོད་སྦྱིན་དང་། །ང་རྒྱལ་དྲེགས་པས་ཁེངས་པའི་བདུད་རིགས་སོགས། །དབང་བསྡུས་དྲགས་པོའི་ཤུགས་ཀྱིས་བསྒྲལ་བ་རྣམས། །ཆེ་བའི་རྟགས་ལྡན་ཐབས་ཀྱིས་རྒྱས་མཛད་ཕྱིར། །གདུག་བྱེད་སོ་སོའི་བྷནྡྷ་བཅད་ནས་ཀྱང་། །ལྷུན་གྱིས་


DNG015_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

བརྗིད་པ་འཇིགས་བྱེད་རྒྱན་དུ་སྤྲུལ། །དུར་ཁྲོད་གསང་བ་ཆེན་པོ་རྫས་ཀྱི་མཆོག །དབང་ཕྱུག་གསང་བའི་སྐུ་ལ་རྒྱན་དུ་བཀླུབས། །ཐོད་རུས་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །རལ་པ་དམར་པོ་དབུ་གཙུག་མེ་ལྟར་འབར། །སྐྱེ་མེད་ཆོས་སྐུའི་ཡོན་ཏན་ཚང་བར་རྫོགས། །དབང་ཆེན་ཐབས་ཀྱི་རྒྱལ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་པས། བཅོམ་ལྡན་འདས་དབང་གི་རྒྱལ་པོ་དེས་འཁོར་རྣམས་ལ་ཉིད་ཀྱི་རང་བཞིན་དུ་བྱིན་གྱིས་བརླབ་པའི་ཕྱིར། དབང་བསྒྱུར་བ་ཐབས་ཀྱི་ཕྱག་རྒྱ་དེ་དག་གི་སྤྱི་གཙུག་ཏུ་མྱུག་པར་མཛད་དེ། ཧཱུཾ་ཧྲཱྀཿདབང་ཆེན་རྡོ་རྗེ་ཐོག་དང་སེར་ཆེན་འབེབས། །ཧྲཱྀཿདང་ཕཊ་ཀྱིས་སྲིད་གསུམ་འཁོར་བ་འཇིག །ཧཱུཾ་མཛད་ཧཱུཾ་གི་བྱིན་རླབས་བསམ་མི་ཁྱབ། །རྡོ་རྗེ་ཁྲག་འཐུང་ཁྲག་གི་རྒྱ་མཚོ་སྐེམ། །མཚོན་ཆེན་གནམ་ལྕགས་འབར་བའི་མཐུ་རྩལ་གྱིས། །གསང་སྔགས་ལོག་པར་ལྟ་བའི་དྲེགས་པ་འཇོམས། །འཇིག་རྟེན་འདི་དང་ཕ་རོལ་གཉིས་ཀ་རུ། །གདུག་པ་འདུལ་ཞིང་དུག་གསུམ་རྩད་ནས་གཅོད། །སྲིད་གསུམ་འདུལ་བའི་བདག་ཏུ་དབང་བསྐུར་རོ། །ཨཱོཾ་ཧ་ཡ་གྷྲཱི་བ་སརྦ་བི་ནཱ་ཡ་ཀ་ཨ་དྷིཥྛཱ་ན་ཨ་བྷི་ཥིཉྩ་ཨ་ཨཱ། ཞེས་དྲེགས་པའི་ཚོགས་མ་ལུས་པ་འདུལ་ཞིང་ཚར་གཅོད་པར་དབང་བསྐུར་རོ། །འཇིག་རྟེན་ལས་འདས་པ་དང་འཇིག་རྟེན་པ་རྣམས་ཀྱི་དབང་གི་རྒྱལ་པོར་བཞག་གོ། །དེ་ནས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རིགས་ཀྱི་བདག་པོ་རྣམས་ཀྱིས། དབང་གི་རྒྱལ་པོ་འཁོར་གྱི་ཚོགས་དང་བཅས་པ་རྣམས་ལ་རང་གི་སྙིང་པོ་འདི་ཕུལ་ལོ། །ཨཱོཾ་བུཌྜྷ་བཻ་རོ་ཙ་ན་ཨཱོཾ། ཧཱུཾ་བཛྲ་སཏྭ་ཧཱུཾ། སྭཱ་རཏྞ་དྷྲྀཀ །ཧྲཱྀཿཔདྨ་ཨ་མི་དེ་བ་ཧྲཱྀ། ཧཱ་ཀརྨ་པྲཛྙཱ་དྷྲྀཀ །དེ་ནས་འཇིག་རྟེན་གྱི་བདག་པོ་ལྷའི་རྒྱལ་པོ་དབང་ཕྱུག་ཆེན་པོ་ཡབ་ཡུམ་འཁོར་དང་བཅས་པ་རྣམས་ཀྱིས་རང་གི་སྲོག་གི་སྙིང་པོ་འདི་ཕུལ་ལོ། །ཨཱོཾ་མ་ཧཱ་དེ་བ་ཨུ་མ་དེ་བ་ལང་ཕྲ་མ་ནི་རཀྴ་ཀཾ་ཀ་པ་ཡ་ཧཱུཾ་དྷི་བ་ར་ཙགྷ་ན་ཧཱུཾ་ཛ། དེ་ནས་གཤིན་རྗེའི་ཚོགས་རྣམས་ཀྱིས་རང་གི་སྙིང་པོ་འདི་ཕུལ་ལོ། །ཨཱོཾ་ཡ་མ་མེ་ད་ཀྵེ་རཱ་ཛ་ས་དོ་རུ་ཎ་ཡོ་ནི་ར་ཡཙྪ་ནི་ཧྲཱྀཿཤྟྲཱིཿབི་ཀྲྀ་ཏཱ་ནན།


DNG015_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་མ་སྙིང་ལ་ཁྲག་བཾ་རིལ་རྦད། དེ་ནས་ཀླུའི་ཚོགས་རྣམས་ཀྱིས་རང་གི་སྙིང་པོ་འདི་ཕུལ་ལོ། །ཨཱོཾ་ནག་པོ་ཏི་པ་ཙ་ཡ་ནཱ་ག་རཱ་ཛ་ཧེ་ཕུལ་ལ་ཕེ་ཤ་ཕོས་ཕོས་ཤིག་ཤིག་ཆུམ་ཆུམ་ཧུ་ཡ་ཏིར་ཡ་ཛ་ཛ། དེ་ནས་གནོད་སྦྱིན་གྱི་ཚོགས་རྣམས་ཀྱིས་རང་གི་སྙིང་པོ་འདི་ཕུལ་ལོ། །ཨཱོཾ་ཡཀྴ་ཨ་པ་མ་ར་བྷ་རུ་ད་རི་མ་གྷ་ལ་བྷ་ག་ཤ་རུ་ཏྲ་མ་རུ་ཏྲ་ཧཱུཾ་ཛ། དེ་ནས་བདུད་ཀྱི་ཚོགས་རྣམས་ཀྱིས་རང་གི་སྲོག་གི་སྙིང་པོ་འདི་ཕུལ་ལོ། །བདུད་ཏྲི་རུ་ཏྲ་ཙ་པ་སྙིང་ཁྲག་ཏིར་རྦད་དུག་མུག་ཧྲི་ཏི་ར་ཏོ་རྦད། དེ་ནས་སྲིན་པོའི་ཚོགས་རྣམས་ཀྱིས་རང་གི་སྲོག་གི་སྙིང་པོ་འདི་ཕུལ་ལོ། །ཨོཾ་རག་ཤ་མུ་ལ་ས་མུན་ཛ་རུ་ཏྲ་ཧུར་བྷྱོ་རཀྴ་མུ་ལོ་ཤིག་ཏྲི་ཏ་ཧུར་ཛ། དེ་ནས་འཇིག་རྟེན་གྱི་མ་མོའི་ཚོགས་རྣམས་ཀྱིས་རང་གི་སྙིང་པོ་འདི་ཕུལ་ལོ། །ཨཱོཾ་ཏྲག་རགྴ་སྙིང་ཁ་རག་མ་ཙིཏྟ་མ་སྲོག་ཙ་ཁྲག་ལ་དྲེང་དྲེང་། ཁ་ལ་དུན་ཏིང་མུ་ལ་སོད། དེ་ནས་གཟའི་ཚོགས་རྣམས་ཀྱིས་རང་གི་སྙིང་པོ་འདི་ཕུལ་ལོ། །ཨཱོཾ་པ་ཤ་མེ་ཀི་རུ་རུ་མ་ཏི་ཛ་ལ་ཏི་ཨ་ཏྲ་བིཥྚི་ས་ཏྲ་རཱ་ཧུ་ཧྲི་ནི་ཛ། དེ་ནས་མཁའ་འགྲོ་མའི་ཚོགས་རྣམས་ཀྱིས་རང་གི་སྙིང་པོ་འདི་ཕུལ་ལོ། །མ་མ་ཏྲག་ཤ་སྙིང་ཁྲག་ལ་ཧུབས་བཛྲ་མ་ནི་སྙིང་ལ་ཐུན་རག་མོ་མྱོག་རྦད་ཛ། གཞན་ཡང་འཇིག་རྟེན་གྱི་ཁམས་ཀྱི་གདུག་པ་ཅན་ཇི་སྙེད་པ་ཐམས་ཅད་ཀྱིས་ཀྱང་རང་གི་མིང་དང་སྙིང་པོ་ཕུལ་ཏེ། ཐམས་ཅད་ཀྱིས་དབང་གི་རྒྱལ་པོ་ཉིད་ཀྱིས་བཀའ་ཇི་ལྟར་སྩལ་པ་བཞིན་ལས་སྣ་ཚོགས་བསྒྲུབ་ཅིང་བསྒོ་བ་མཐའ་དག་ཉན་པར་ཁས་བླངས་སོ། །དཔལ་དབང་ཆེན་འདུས་པ་རྩ་བའི་རྒྱུད་ལས། ཇི་ལྟར་བསྒྲུབ་པ་ཕྲིན་ལས་ཀྱི་ཁྱད་པར་གྱི་ལེའུ་སྟེ་བཅུ་པའོ།། །།དེ་ནས་ཡང་དབང་གི་རྒྱལ་པོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྲུལ་པའི་བདག་ཉིད་ཅན་དུ་བཞུགས་ཏེ། སྟོང་གི་འཇིག་རྟེན་གྱི་ཁམས་ལོངས་སྤྱོད་རྫོགས་པའི་སྐུའི་ངོ་བོར་སྣང་བར་མཛད་ནས། འདི་སྐད་ཅེས་བཀའ་སྩལ་ཏོ། །ཨེ་མ་འདུས་པའི་འཁོར་རྣམས་ཉོན། །ང་ཡི་སྐུ་ཡི་ངོ་བོ་ནི། །རང་རིག་བྱང་ཆུབ་སེམས་ལས་སྣང་། །རྟ་མགོས་


DNG015_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་གསངས་མཐོན་པོ་ཡིས། །བདེ་གཤེགས་གསུང་གི་དངོས་གྲུབ་སྡུད། །ཡང་དག་དོན་ངེས་ཆོས་ཀྱི་སྐུ། །གཟུགས་སུ་སྣང་བ་མཚོན་པའི་རྟགས། །དཔེར་ན་རྟ་ཡི་འགྲོས་དགུ་ཡིས། །ཇི་ལྟར་སྨོན་པའི་སར་འགྲོ་བཞིན། །ཐེག་པའི་རིམ་པ་ངང་གིས་བགྲོད། །རྩོལ་མེད་རབ་ཏུ་རྫོགས་པར་སྣང་། །རྟ་སྐད་ཡོན་ཏན་མང་བ་ལྟར། །ལམ་ལྔ་དང་ནི་ས་བཅུ་དག །ཡོངས་རྫོགས་དེ་ཉིད་ངང་ལས་མངའ། །དཔེ་དང་དོན་གྱི་རྟགས་རྣམས་ཀྱིས། །ཕྱི་ནང་གསང་བ་དེ་ཉིད་ཀྱི། །གསང་སྔགས་ལམ་གྱི་བྱེ་བྲག་ཤེས། །གདུལ་བྱའི་ཐབས་སུ་སྣང་བ་ཡང་། །ཆོས་རྣམས་དཀྱིལ་འཁོར་ལྷུན་གྲུབ་ཅིང་། །སྣང་སྲིད་མ་ལུས་བསྒྲལ་བའི་རྒྱུ། །བཀའ་སྡོད་ཕྲིན་ལས་རྫོགས་པར་མཛད། །སྔོན་གྱི་ཐ་ཚིག་དབྱིངས་ནས་བསྐུལ། །བརྡའ་སྤྲད་ཀློང་རྡོལ་དབང་བསྒྱུར་ཏེ། །མ་ལུས་འདུལ་བ་ང་ཡི་ཐབས། །ཡེ་ནས་མ་བཅོས་ང་ཡི་སྐུ། །ཐབས་དང་ཤེས་རབ་དབྱིངས་ཡེ་ཤེས། །དོན་དམ་ཀུན་རྫོབ་སྣང་དང་སྟོང་། །གཉིས་མེད་ངོ་བོའི་དོན་ཡིན་ནོ། །དབང་གི་རྒྱལ་པོར་བསམ་སྦྱོར་བས། །ཁྲོས་པའི་ཕྱག་རྒྱ་གསུང་གི་སྒྲ། །འཇིག་རྟེན་དྲེགས་པའི་ཚོགས་ཆེན་ཀུན། །དབང་མེད་སྐྲག་པའི་ཚུལ་བཟུང་ཞིང་། །མྱུར་དུ་ཕྲིན་ལས་གནས་བཞིན་བྱེད། །དབྱིངས་ནས་གཟུགས་སྣང་ཐམས་ཅད་ཀུན། །དབང་བསྒྱུར་སྣང་བ་མཉེས་མཛད་དེ། །འགལ་བ་དེ་ཉིད་ངང་དུ་སྦྱངས། །བསྲུང་དང་བཟློག་དང་ཚར་གཅད་པའི། །རིག་པའི་རྒྱལ་པོ་སྤུ་གྲིའོ། །ཨཱོཾ་ཐུབ་ཐུབ་མྱག་མྱག་མུག་མུག །ཤར་ཤར་ད་ཧ་ཀླག་ཀླག་དུ་ཧཾ་དུ་ཧཾ། རྦད་རྦད་ཛ་ཛ་ཧཱུཾ་ཧཱུཾ། ཞེས་གསུངས་སོ། །དཔལ་དབང་ཆེན་འདུས་པ་རྩ་བའི་རྒྱུད་ལས། དགོངས་པ་ཡང་དག་པའི་ཕྲིན་ལས་ཀྱི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་དབང་གི་རྒྱལ་པོ་ཡིས། །རབ་ཏུ་བསྒྲུབ་པ་འདི་གསུངས་སོ། །ནུབ་ཏུ་ཕྱོགས་པ་དབང་གི་གནས། །ཤིས་པའི་རྫས་དང་ལྡན་པའི་དྲུང་། །ཆགས་ལྡན་རིགས་ཀྱི་ཁྱད་པར་གྱིས། །ཡིད་དང་མཐུན་པའི་


DNG015_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་བརྩིགས། །སྐུ་གསུང་ཐུགས་ཀྱི་གནས་བྱིན་བརླབ། །ཕྱི་ནང་གསང་བ་མཉེས་པའི་རྫས། །ཅི་འབྱོར་པ་ཡིས་རྒྱས་པར་དབུལ། །སྔགས་ཚིག་བསྟོད་པས་ཉེ་གྱུར་ནས། །དམིགས་པའི་ཆེད་དང་སྦྱར་བ་ནི། །སྒྲུབ་པ་པོ་ཉིད་བསྲུང་བ་དང་། །ཕ་རོལ་གཞན་གྱི་ནུས་པ་རྣམས། །བཟློག་ཅིང་གཞིག་དང་གཏོར་བ་དང་། །བསྲེག་ཅིང་གནན་དང་འཕང་བ་དང་། །བསྐྲད་དང་བཅིང་དང་དབབ་པ་དང་། །དགུག་ཅིང་མངག་དང་དབང་དུ་བྱ། །ཨཱོཾ་པདྨཱནྟ་ཀྲྀཏ་བཛྲ་མ་ཧཱ་ཀྲོ་དྷ་ཧ་ཡ་གྷྲཱི་བ་ཧུ་ལུ་ཧུ་ལུ་མ་ཧཱ་ཀ་སྱ་རཀྵ་རཀྵ་སྭཱ་ཧཱ། ཨཱ་ཕྲིས་སརྦ་མ་མ་ར་ཙ་ཐུན་བྷྱོ་བཟློག །ཏྲོ་མ་རི་ཤ་ཤ་ཐུན་བྷྱོ་བཟློག །ཧེ་ཀ་ས་ར་ཀེ་དུམ་ཕྲ་མ་ཡ་ཐུན་བྷྱོ་བཟློག །རཱུ་ཏྲ་སྲོག་ཏི་རྦད་ཐུམ་ཐུམ། ཙ་པ་ཤ་ལིང་ས་མ་ཡ་ཤིག་ཤིག །མ་མ་ཨེ་ཀ་ཛ་ཏི་ཕྱུང་ཡཾ་རྦད། རོ་དུ་རོ་དུ་རག་མོ་ཙིཏྟ་ལ་རྦད་རྦད། ནཱ་ག་ཧུ་ཡ་ནག་པོ་ཏི་པ་ཙ་ཡ།ཙ་རེ་ཙ་དུ་ས་དུ་ཤག་ཡཾ། ནཱ་ག་རཱ་ཛ་སོད་སོད། བྱིངས་བྱིངས་རྨུགས་རྨུགས་ཧལ་ཧལ་དུན་དུན། མྱོས་མྱོས་བྱིང་བྱིང་རྦད་རྦད། ཐུམ་རིལ་རིལ་ཛ། སྙིང་རྦད་ཡ་ཁྲག་རོ་མ་རོ་བྲག་ཤ་ཡ། གྷོ་ཁྲག་ཛ་ཏྲི་ཆོད་ས་ལ་སོད་མུ་ལ་སོད་ཨ་མུ་ཀ་མཱ་ར་ཡ་ཕཊ། ཧུ་ལུ་ཧུ་ལུ་ཛ་ཛ་ནཱ་ག་བཛྲ་ཡགྴ་ཀཱི་ལི་ཀཱི་ལི་ཡ་མཱ་ར་ཡ་ཕཊ། ཨ་མུ་ཀ་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད་ནྲྀ་ཧུར་ཐུམ་ཛ། མ་ཧཱ་པ་ཤ་ཧ་ཀི་ཛྭ་ལ་ཛྭ་ལ་རམ་རམ། བྷི་ཤ་ཙཀྲ་ཧ་ལ་ཧ་ལ་སྟྭཾ་བྷ་ཡ་ནན་ནན། དྷ་རུ་ནན་དྷ་རུ་ནན། ཨ་མུ་ཀ་ཧ་ལི་ཧི་མུ་ཉོད་སོད། ཏྲི་བུ་ཏ་མཱ་ར་ཡ་སོད། ནྲྀ་ཡགྴ་རཀྴ་ཀ་ལི་ར་ཙ་ནཱ་ག་ཏྲི་དུ་མཱ་ར་ཡ་སོད། ཨ་ནི་ལུ་ཕྲི་དུ་ཏྲི། ཀྲང་ཀ་རི་ཀྲང་ཀ་རི། མི་ཙི་མི་ཙི་ར་ར། ཏྲཾ་ཏྲཾ་ཏྲི་ཏྲི་གམ་གམ་གུམ་གུམ་ཨུ་པ་ར་ཙ་ཡཾ་དྷ་ཤེ་བཾ་ཧེ། ནཱ་ག་རཱ་ཙ་སྲུ་སྲུ་ཏྲཾ་རི་ཏྲཾ་རི་པྲ་པྲི་ལམ་ལམ། སརྦ་ཨ་པ་སྨ་ར་བྷིནྡྷ་བྷིནྡྷ་བྷནྡྷ་བྷནྡྷ། ཏི་ལི་ཏི་ལི།མ་ཏ་མ་ཏ། པྲ་བྷན་ཕྲ་བྷན། པ་ཙ་པ་ཙ། ད་ར་ད་ར། ཚིནྡྷ་ཚིནྡྷ། ཧ་ན་ཧ་ན། ཧུ་ལུ་ཧུ་ལུ། ཀུ་ཏ་ཀུ་ཏ། དྷ་ར་དྷ་ར། ཏྲི་ཏ་ཏྲི་ཏ་མ་ར་མ་ར། མཱ་ར་ཡ་མཱ་


DNG015_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

ར་ཡ་རྦད་ཐུན་རྦད་ཐུན། ཀཱི་ལི་ཀཱི་ལ་ཡ་ཐུན་རྦད། ཧུ་ལུ་ཧུ་ལུ་ཀ་མ་ཧ་ལ་མྱོས་མྱོས་ཐུན་རྦད། ཏིཀྵྞ་ཏིཀྵྞ་ཤག་ཏི་ཤག་ཏི་ཚལ་ཚལ་ཐུན་རྦད་རྦད། ཨ་མུ་ཀ་ཀ་ཏ་ཀ་ཏ་ཐུན་རྦད། མ་ར་མ་ར་ཐུན་རྦད། ཏ་ར་ཏ་ར་ཐུན་རྦད། མོ་ཏ་མོ་ཏ་ཐུན་རྦད། ཕྲ་མོ་ཏ་ཕྲ་མོ་ཏ་ཐུན་རྦད། སརྦ་པུ་ཏ་མ་ར་མ་ར་ཐུན་རྦད། ཡ་ར་ཡ་ར་ཐུན་རྦད། མ་ར་ཏྲི་སོད་སོད། རིག་པའི་རྒྱལ་པོ་གསང་བའི་སྔགས། །ཇི་ལྟར་བསྔགས་པའི་རྫས་དང་བཅས། །ཟླ་གཅིག་དྲུག་གི་སྦྱོར་བ་ཡིས། །གང་ལ་དམིགས་པ་མྱུར་དུ་འགྲུབ། །ཅེས་གསུངས་སོ། །དཔལ་དབང་ཆེན་འདུས་པ་རྩ་བའི་རྒྱུད་ལས། ཡི་གེའི་ཕྲེང་བ་དྲག་པོའི་སྙིང་པོ་རྣམས་བརྗོད་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་དབང་གི་རྒྱལ་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་བདག་ཉིད་ཆེན་པོ་དེས། ཉིད་ཀྱི་དཀྱིལ་འཁོར་རྣམས་ལ་གསུང་གི་སྒྲ་ཆེན་པོས་རབ་ཏུ་གོ་བར་མཛད་དེ། བཀའ་སྩལ་པ། ཀྱེ་མ་འོངས་པའི་དུས་ཕྱི་མ། སྙིགས་མའི་དུས་རབ་ཏུ་སྙིགས་མར་གྱུར་པ་ན། རིགས་ཀྱི་བུ་གང་དག་ང་དང་ངའི་བདག་པོ་སྣང་བ་མཐའ་ཡས་དང་། སྤྱན་རས་གཟིགས་དབང་ཕྱུག་ལ་སོགས་པ། པདྨའི་རིགས་འཆང་བའི་དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་དད་པ་དང་འདུན་པ་དང་མོས་པ་དང་གསོལ་བར་བྱེད་པ་དེ་དག་ལ་ནི། བདག་ཅག་རྣམས་ཀྱི་ཚེ་དང་སྟོབས་དང་དབང་ཕྱུག་དང་། གྲགས་པ་དང་ལོངས་སྤྱོད་དང་། ཡོན་ཏན་གྱི་ཚོགས་དག་མྱུར་དུ་སྩོལ་བར་བྱེད་དོ། །གཞན་ཡང་ངའི་སྐུ་དང་། གསུང་དང་ཐུགས་ཀྱི་དེ་ཁོ་ན་ཉིད་ཡང་དག་པར་ཡོངས་སུ་ཤེས་པར་འདོད་པའི་ཡོན་ཏན་དག་ལ། བདེ་བ་དང་དགའ་བ་དང་སྤྲོ་བར་ལོངས་སྤྱོད་པར་ནུས་པ་དག་གིས་ནི། ང་དང་དུས་གསུམ་དུ་ཕྱོགས་བཅུ་དག་ན་འཚོ་ཞིང་གཞེས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐུགས་མཉེས་པར་བྱས་ཤིང་གཉིས་སུ་མེད་པར་བསྒྲུབ་པ་ཡིན་ཏེ། ངའི་ཚུལ་འདི་ལྟ་བུ་འདི་ལ་ནི།


DNG015_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཟག་དབང་པོ་དམན་པ་དང་། བློ་ཆུང་བ་དང་། ཤེས་རབ་རྟུལ་བ་དང་། ཡིད་མི་གཞུང་བ་དང་། བླང་བ་དང་དོར་བར་སྤྱོད་པ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་ཅན་དང་། ལོག་པར་བལྟ་བ་ཅན་དང་། སྐལ་བ་ཆུང་ཞིང་མྱོས་པ་རྣམས་ཀྱིས་གཟུང་བ་དང་། བཅང་བ་དང་། བྲི་བ་དང་། བཀླག་པ་དང་། བལྟ་བ་དང་། བསྒྲུབ་པ་དང་། བསྟན་པ་དང་། བཤད་པ་དང་། མཉན་པ་ལ་སོགས་པའི་རྔོ་མི་ཐོགས་ཤིང་དབང་དུ་མི་འགྱུར་ཏེ། རྣ་ལམ་དུ་ཡང་གྲགས་པར་མི་འགྱུར་རོ། །དེ་བས་ན་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིག་པ་འཛིན་པ་རང་བཞིན་གྲུབ་པ་དང་། ས་ལ་སྤྱོད་པ་དང་། ཚེ་རིང་བར་དབང་བ་དང་། དེ་བཞིན་གཤེགས་པ་དག་གི་ཐུགས་ཉེ་བའི་སྲས་སུ་གྱུར་པ། ཁྱེད་རྣམས་ཀྱིས་ཡང་དག་པར་ཟུང་ཞིག་ལོངས་ཤིག་ཆོངས་ཤིག །ཀློག་ཅིག །སྒྲུབས་ཤིག་གཞན་དག་ལ་ཡང་རྒྱ་ཆེར་རབ་ཏུ་སྟོན་ཅིག །འདི་ནི་ངའི་བསྟན་པ་བླ་ན་མེད་པ། གོང་ན་མེད་པ། མཉམ་པ་མེད་པ། མཚུངས་པ་མེད་པ། དཔེ་མེད་པ། ཟླ་མེད་པ། མཆོག་ཏུ་གྱུར་པ། རབ་དང་གཙོ་བོ་དང་། ཕུལ་དང་དམ་པར་གྱུར་པ་སྟེ། རྙེད་པར་དཀའ་ཞིང་ངོ་མཚར་བ་འདི། ཁྱེད་རྣམས་ལ་རྗེས་སུ་གཏད་ཀྱིས། ངའི་བསྟན་པ་འདི་ཡལ་བར་མ་དོར་ཅིང་། འདི་ཉམས་པར་འགྱུར་ཏ་རེ། ཞེས་གསུངས་ནས། ཉིད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རྣམ་པར་འཕྲུལ་པའི་བཀོད་པ་རྒྱ་ཆེན་པོ་དེ་དག་འོད་ཟེར་གྱི་ཚུལ་དུ་སྤྲོ་བ་མཛད་དེ། ཡང་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ཡབ་ཡུམ་གཉིས་སུ་མེད་པའི་སྦྱོར་བའི་ཀློང་དུ་རབ་ཏུ་བསྡུས་ནས། རོལ་པ་ཆེན་པོའི་འོད་ཟེར་གྱིས་ཁྱབ་པར་མཛད་དེ། ཐམས་ཅད་ཀྱང་ཆོས་ཀྱི་དབྱིངས་དམིགས་སུ་མེད་པ་མཉམ་པ་ཉིད་གཡོ་བ་མེད་པ་ལ་རབ་ཏུ་ཞུགས་པར་གྱུར་ཏོ། །དཔལ་དབང་ཆེན་འདུས་པ་རྩ་བའི་རྒྱུད་ལས། ཡོངས་སུ་བསྟན་པའི་ཉེ་བར་གཏད་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།བཅོམ་ལྡན་འདས་དབང་ཆེན་འདུས་པ་རྩ་བའི་རྒྱུད་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་། བོད་ཀྱི་ལོཙྪ་བ་བཻ་རོ་ཙ་ན་བདག་གིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་
པའོ། །རྒྱལ་པོའི་བླ་དཔེའོ། །གཏེར་རྒྱ། སྦས་རྒྱ། གཏད་རྒྱ། རྒྱ་རྒྱ་རྒྱ།། །།

བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་འདུས་པ་ཕུར་པ་རྩ་བའི་རྒྱུད་ཅེས་བྱ་བ།


DNG015_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། སུ་ག་ཏ་སརྦ་ཀརྨ་ས་མཱ་ཛ་ཀཱི་ལ་ཡ་མཱུ་ལ་ཏནྟྲ་ནཱ་མ། བོད་སྐད་དུ། བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་འདུས་པ་ཕུར་པ་རྩ་བའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཕྲིན་ལས་ཐམས་ཅད་གདོན་མི་ཟ་བར་ཡང་དག་པར་གྲུབ་པ་ཁྲོ་བོ་ཐམས་ཅད་ཀྱི་རྒྱལ་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། འོག་མིན་གྱི་གནས་གསང་བ་མཆོག་གི་དབྱིངས། ཕྲིན་ལས་རྒྱ་ཆེན་པོ་རྣམ་པར་རོལ་པར་མཛད་པའི་དུར་ཁྲོད་ཆེན་པོ་རབ་ཏུ་བསྐྱོད་ཅིང་འཁྲུགས་པར་བྱེད་པའི་རླུང་ལྗང་ནག་འབར་བ། ཕྲག་དོག་གི་ཡེ་ཤེས་ལས་གྲུབ་པར་བྱེད་པའི་ཕོ་བྲང་ཆེན་པོ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་རྡོ་རྗེ་སེམས་དཔའ་ཆེན་པོ་གཞོན་ནུའི་གཟུགས་ཅན། འཇིག་རྟེན་གསུམ་རབ་ཏུ་སྒྲོལ་བར་མཛད་པ་དེ། དབྱིངས་ཀྱི་ཡུམ་ཆེན་མོ་འཁོར་ལོ་རྒྱས་འདེབས་མ་དང་གཉིས་སུ་མེད་པའི་རོལ་པ་ཆེན་པོས་མཉམ་ཞིང་དགེས་པར་བཞུགས་པ་ལ། འཇིགས་བྱེད་འབར་བའི་དྲག་པོའི་ཕྲིན་ལས་ཡོངས་སུ་རྫོགས་པར་མཛད་པའི་འཁོར་འདི་ལྟ་སྟེ། བདེ་བར་གཤེགས་པ་རྣམས་ཀྱི་སྲས་ཀྱི་མཆོག་ཏུ་གྱུར་པ། བུཌྜྷ་ཀཱི་ལ་ཡ་དང་། རཏྣ་ཀཱི་ལ་ཡ་དང་། པདྨ་ཀཱི་ལ་ཡ་དང་། ཀརྨ་ཀཱི་ལ་ཡ་དང་། བདེ་བར་གཤེགས་པ་ཐམས་ཅད་ཀྱི་ལས་ཀྱི་རྒྱལ་པོ་ཧཱུཾ་ཀཱ་ར་དང་། རྣམ་པར་རྒྱལ་བ་དང་། དབྱུག་པ་སྔོན་པོ་དང་། གཤིན་རྗེ་གཤེད་པོ་དང་། གཡོ་བ་མེད་པ་དང་། རྟ་མགྲིན་ཅན་དང་། གཞན་གྱིས་མི་ཐུབ་པ་དང་། བདུད་རྩི་འཁྱིལ་པ་དང་། ཁམས་གསུམ་ལས་རྣམ་པར་རྒྱལ་བ་དང་། སྟོབས་ཆེན་པོར་གྱུར་པ་དང་། གཞན་ཡང་རོལ་པའི་ཡུམ་ཆེན་མོ་སྒྲ་འབྱིན་མ་དང་། སྙེམས་མ་དང་། སྡེར་མོ་དང་། དུར་ཁྲོད་ཀྱི་བདག་མོ་དང་། གཏུན་ཁུང་མ་དང་། གཏུམ་མོ་ཆེན་མོ་དང་། མདའ་སྙེམས་མ་དང་། རླུང་འབྱིན་མ་དང་། གསོད་བྱེད་མ་དང་། སྤྱོད་པར་བྱེད་མ་དང་། དེ་དག་ཐམས་ཅད་ཀྱང་སྤྲུལ་པ་དང་། སྤྲུལ་པའི་ཡང་སྤྲུལ་པ་དང་། སྤྲུལ་


DNG015_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕོ་ཉ་དང་། ཕོ་ཉའི་ཕོ་ཉ་དག་དང་བཅས་པ་རྣམས་ཀྱིས་མདུན་དུ་བདར་ཅིང་བསྐོར་ཏེ། གཞན་ཡང་བྱིས་པ་སོ་སོ་སྐྱེ་བོ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་སྐྱེས་བུ་དང་། བསྐལ་པ་དཔག་ཏུ་མེད་པའི་བར་དུ་བགྲོད་ཅིང་སྦྱངས་པ་ལ་སྨོན་པས་དཀའ་བ་སྤྱོད་པར་བརྩོན་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཉེ་བའི་ཐུགས་མི་ཐུབ་ཅིང་འདུལ་བའི་སྐལ་བ་དང་མི་ལྡན་ཞིང་། ལོངས་སྤྱོད་ཐམས་ཅད་རབ་ཏུ་རྫོགས་པའི་སྐུ་ཁྲོ་བ་དང་། རབ་ཏུ་ཁྲོ་བ་དང་། འཇིགས་པ་དང་རབ་ཏུ་འཇིགས་པའི་ཚོགས་དང་ལྷན་ཅིག་ཏུ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཉིད་ཀྱི་སྐུའི་རྣམ་པར་འཕྲུལ་པ་ཁྲོ་བོ་ཆེན་པོ་དྲག་ཤུལ་ཅན་དུ་སྣང་བར་མཛད་ཀྱང་། ཐུགས་རབ་ཏུ་ཞི་བ་ཐུགས་རྗེ་ཆེན་པོ་དང་ལྡན་པའི་ཐུགས་གསང་བ་ཆེན་པོ་ལས་བྱུང་བའི་ཁྲོ་བོའི་ཚོགས་ཆེན་པོ་རྣམས་ཀྱིས་ཉིད་ཀྱི་སྐུའི་ཡོན་ཏན་དཀྱིལ་འཁོར་ཆེན་པོ་རྣམ་པར་དག་པའི་གཞལ་མེད་ཁང་ཆེན་པོ་དང་བཅས་པ་ལ་རབ་ཏུ་སྤྲོ་ཞིང་ངོ་མཚར་བའི་སྒོ་ནས། དགའ་བ་ཆེན་པོ་ཡང་དག་པར་འཁོར་རྣམས་ཀྱིས་མགྲིན་གཅིག་གིས་མངོན་པར་བསྟོད་པ། ཨེ་མ་ཧོ། མཐའ་དང་དབུས་མེད་ནམ་མཁའི་རང་བཞིན་ལས། །རླུང་ནག་རྡོ་རྗེ་རྒྱ་གྲམ་གཏམས་པའི་སྟེང་། །ཁྲག་གི་རྒྱ་མཚོ་རྦ་ཀློང་འཁྲུགས་པའི་དཀྱིལ། །ཀེང་རུས་ཆེན་པོ་བརྩེགས་པའི་རི་རབ་སྟེང་། །གསེར་གྱི་ས་གཞི་ཞིང་ཆེན་ཏི་རས་གཏམས། །མེ་རི་སྨུག་ནག་གྲུ་གསུམ་འབར་བའི་ཀློང་། །ནམ་མཁའི་མཐའ་དང་མཉམ་རྫོགས་གཞལ་ཡས་ཁང་། །རིན་ཆེན་འབར་བ་ཐོད་པ་གསུམ་གྱིས་བརྩིགས། །ལྷ་ཀླུ་ཉི་ཟླ་གཟའ་སྐར་སྦྲུལ་གྱིས་བརྒྱན། །ཡེ་ཤེས་ཚད་མེད་གྲུ་ཆད་སྒོ་བཞི་རྫོགས། །ཕྱི་ནང་མེ་དཔུང་རིན་ཆེན་འོད་དང་ལྡན། །དྲེགས་པའི་བདག་དང་ཉི་ཟླ་པདྨའི་དབུས། །མེད་པའི་རྒྱུ་ལས་ཡོད་པར་མངོན་བྱུང་བ། །བདེ་གཤེགས་དཔལ་ཆེན་ཕྲིན་ལས་རྫོགས་པའི་སྐུ། །དབུ་གསུམ་ཕྱག་དྲུག་ཞབས་བཞི་བརྐྱང་བསྐུམ་སྟབས། །གཡས་ཀྱི་ཞལ་གདོང་དཀར་བར་བསྟན་པ་ནི། །བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་མཐར་ཕྱིན་ཅིང་། །གཡོན་


DNG015_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་དམར་ནག་སྤྲུལ་སྐུའི་འགྲོ་དོན་མཛད། །ཡོངས་རྫོགས་སྐུ་དང་དབུས་ཞལ་མཐིང་ནག་ནི། །སྐྱེ་མེད་ཆོས་ཀྱི་སྐུ་ལ་འགྱུར་བ་མེད། །རལ་པ་གྱེན་བརྫེས་དབང་དྲག་དུས་གཅིག་རྫོགས། །ཡེ་ཤེས་ལྔ་བདག་རིགས་ལྔའི་སངས་རྒྱས་བཞུགས། །སྤྱན་དགུས་ས་དགུ་མི་དམིགས་དབྱིངས་ལ་གཟིགས། །སྙན་དྲུག་རྒྱུད་དྲུག་ཉོན་མོངས་འཁོར་བར་འདྲེན། །ཤངས་ནས་སྟོང་གསུམ་སྒྲོལ་བའི་རླུང་ནག་འབྱིན། །ཞལ་གསུམ་ཉོན་མོངས་དུག་གསུམ་དབྱིངས་སུ་སྒྲོལ། །རྡོ་རྗེའི་མཆེ་བས་བདུད་བཞི་རྩད་ནས་གཅོད། །ལེ་བརྒན་ལྗགས་འདྲིལ་ཤེས་རབ་མཐར་ཕྱིན་གསལ། །གསུང་གི་ང་རོས་འཇིག་རྟེན་མཐུ་ཆེན་དང་། །ཕྱག་དྲུག་ཕྱག་མཚན་རང་རྟགས་ཡོན་ཏན་ནི། །རྡོ་རྗེ་རྩེ་དགུས་ས་དགུའི་ཡོན་ཏན་རྫོགས། །རྩེ་ལྔས་རྒྱུད་ལྔ་རྩད་བཅད་རིགས་ལྔར་སྦྱོར། །མེ་དཔུང་འབར་བས་ཉོན་མོངས་དུག་ལྔ་བསྲེག །ཁ་ཊྭཱཾ་རྩེ་གསུམ་དུག་གསུམ་རྩད་ནས་གཅོད། །རྡོ་རྗེའི་ཕུར་པ་སྲིད་གསུམ་དབྱིངས་སུ་འདེབས། །ཞབས་བཞི་ཚད་མེད་རྣམ་བཞིའི་ཕྲིན་ལས་མཛད། །དཔའ་བོའི་ན་བཟའ་རྒྱན་གྱི་ཆེ་བ་ནི། །གླང་ཆེན་ཀོ་རློན་ཐེག་མཆོག་སྟོབས་བཅུས་བགྲོད། །སྟག་གི་ཤམ་ཐབས་ཕྲིན་ལས་སྣ་ཚོགས་མཛད། །ཞིང་ཆེན་གཡང་གཞིས་ཐུགས་རྗེས་འགྲོ་བ་འདུལ། །སྦྲུལ་གྱི་ཆུན་པོས་དཔའ་ཆེན་གདུག་པ་འདུལ། །ཐོད་པའི་ཕྲེང་བ་སྐུ་གསུམ་ངང་ལ་གནས། །དོན་དམ་བཅུད་ལྡན་གཟི་བརྗིད་ས་ལ་དགོད། །རཀྟའི་ཐིག་ལེ་ཆགས་མེད་པདྨའི་སྤྱན། །ཐལ་ཆེན་མཚན་མས་སངས་རྒྱས་ཕྲིན་ལས་རྫོགས། །རྡོ་རྗེའི་གཤོག་པས་མ་ལུས་ཟིལ་གྱིས་གནོན། །རིན་ཆེན་གཤོག་པས་དགོས་འདོད་རེ་བ་བསྐང་། །ཡེ་ཤེས་མེ་དཔུང་རྣམ་རྟོག་བག་ཆགས་བསྲེག །གཉིས་མེད་ཡུམ་ཆེན་དོན་དམ་དབྱིངས་སུ་སྦྱོར། །ཡོན་ཏན་མཐའ་ཡས་ཀུན་གྱིས་རབ་བརྒྱན་པའི། །ཕྲིན་ལས་རྒྱལ་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །ཆོས་དབྱིངས་སྐྱེ་མེད་ངང་ལས་མ་གཡོས་ཀྱང་། །སྒྱུ་མའི་ཆོ་འཕྲུལ་ཅིར་ཡང་སྟོན་མཛད་པ། །ཐུགས་རྗེའི་ཐབས་ཀྱིས་གདུག་པ་འདུལ་སླད་དུ། །དྲག་ཤུལ་སྤྱོད་པའི་ཕྲིན་ལས་ཀུན་གྱི་བདག །དོན་དམ་


DNG015_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་ལས་འགྱུར་མེད་ཀྱང་། །ཏིང་འཛིན་ལོངས་སྤྱོད་ཐབས་ཀྱིས་འགྲོ་དོན་མཛད། །བྱིན་རླབས་ཕྱག་རྒྱའི་འོད་ཟེར་འཕྲོ་འདུའི་ཀློང་། །རང་བཞིན་སྤྲོས་བྲལ་ཉིད་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་པས་སླར་ཡང་རོལ་པ་ཆེན་པོའི་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པ་ཡོངས་སུ་རྫོགས་ཤིང་སྣང་བར་གྱུར་ཏོ། །ཕྲིན་ལས་འདུས་པ་རྩ་བའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་ཡང་འཁོར་ཆེན་པོ་དེ་རྣམས་ཀྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་འདས། འདས་དང་མ་འོངས་ད་ལྟར་གྱི། །འདུས་པའི་སངས་རྒྱས་མ་ལུས་པའི། །ཕྲིན་ལས་ཁྱོད་མཛད་ཅི་ཡི་ཕྱིར། །རྡོ་རྗེ་ཞེས་ནི་ཅི་ཕྱིར་བརྗོད། །ཐོག་མ་མེད་པའི་དུས་ཉིད་ནས། །གཞོན་ནུར་གྲགས་པ་ཅི་ཞིག་ལགས། །དངོས་པོར་སྣང་བའི་ཆོས་ཉིད་ལ། །ཁྱད་པར་ཕུར་པ་ཅིའི་ཕྱིར་འཛིན། །ཐུགས་རྗེ་ཞི་བའི་ངང་ཉིད་ལས། །ཁྲོ་ཞིང་འཇིགས་པར་སྟོན་མཛད་ཅིང་། །དྲག་པོའི་རྒྱན་བཅས་མཛད་པ་གང་། །གཞན་ཡང་ཁྱོད་ཀྱི་སྐུ་གསུང་ཐུགས། །གསང་བ་ལས་ཀྱང་ཆེས་གསང་བ། །རྨད་དུ་བྱུང་བའི་ཆོ་འཕྲུལ་ལ། །བདག་ཅག་ཐེ་ཚོམ་སྐྱེས་གྱུར་ཏེ། །ཇི་ལྟར་ཇི་ལྟར་མཛད་པ་ཡི། །དོན་དེ་བདག་ལ་ངེས་སྟོན་ཅིག །ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་མཛད་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་ངོ་བོར་བཞེངས་ཏེ། སྐུ་དང་གསུང་དང་ཐུགས་ཀྱི་ཡོན་ཏན་གྱི་ཚོགས་ཐམས་ཅད་སྔོན་དུ་འགྲོ་བར་མཛད་ནས། ཉིད་ཀྱི་གསུང་གི་གསང་བ་ཆེན་པོ་སངས་རྒྱས་ཐམས་ཅད་ཀྱི་ལས་བསྒྲུབ་པར་ནུས་པའི་ཡང་དག་པའི་སྙིང་པོ་འདི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསང་བ་ལས་ཕྱུང་ངོ་། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བཾ་ཧཱུཾ་ཕཊ། འདི་ཕྱུང་མ་ཐག་ཏུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་གཡོ་བར་གྱུར་ཏེ། གང་དག་སངས་རྒྱས་རྣམས་ཀྱི་ཐུགས་རྗེ་ཞི་བ་ཆེན་པོས་འདུལ་བར་མི་འགྱུར་བའི་དབང་ཕྱུག་ལ་སོགས་པའི་དྲེགས་པ་ཅན་རྣམས་


DNG015_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་རབ་ཏུ་འབར་ཞིང་སྔངས་སྐྲག་སྟེ་བརྒྱལ་ཞིང་ས་ལ་ལྷུང་ནས་ཤི་བའི་དུས་ལ་མ་བབ་ཙམ་དུ་གྱུར་པ་ལ། ཡང་བཅོམ་ལྡན་འདས་ཉིད་ཀྱི་ཐུགས་རྗེ་ཆེན་པོའི་འོད་ཟེར་གྱིས་དེ་དག་གི་ལུས་ཁྱབ་པར་བཀྱེ་ནས། ཐམས་ཅད་ཀྱང་ལུས་དང་ངག་དང་ཡིད་བདེ་བ་དཔག་ཏུ་མེད་པ་དང་ལྡན་པར་གྱུར་ནས། བཅོམ་ལྡན་འདས་ཉིད་ལ་ཕྱག་འཚལ་ཞིང་། དཔུང་གི་ཚོགས་དང་བཅས་པ་རྣམས་ཞི་བ་དང་དུལ་བའི་སེམས་ཀྱིས་གནས་ནས་གསུང་རྗེས་སུ་བསྒྲུབ་པའི་བྲན་བཞིན་ལས་བྱེད་པར་ཁས་བླངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་ཆེན་པོ་འདུས་པ་དེ་དག་ལ་བཀའ་སྩལ་པ། ཉོན་ཅིག་འདུས་པའི་ཚོགས་ཆེན་རྣམས། །སྔོན་གྱི་སངས་རྒྱས་ཐམས་ཅད་ཀྱིས། །ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ། །བྱམས་དང་སྙིང་རྗེས་གང་འདུལ་བའི། །སངས་རྒྱས་ཕྲིན་ལས་རྫོགས་མཛད་པའི། །དབང་དང་བྱིན་རླབས་འདིར་གསལ་བས། །མི་འགྱུར་མི་ཤིགས་རྡོ་རྗེ་ཡིས། །འདུས་བྱས་རྫས་ལས་མ་བྱུང་ཞིང་། །དུས་གསུམ་ཀུན་ཏུ་འདུས་མ་བྱས། །སྤྲོས་པའི་མཚན་མ་ཀུན་དང་བྲལ། །གདོད་ནས་མ་བྱུང་སྐྱེ་བ་མེད། །ཡེ་ནས་རྣམ་པར་དག་པའི་ངང་། །དེ་ནི་སྲ་མཁྲེགས་རྩལ་ཤུགས་ལྡན། །ཅིས་ཀྱང་མི་ཤིགས་རྡོ་རྗེའོ། །དཔེར་ན་ཕ་ལམ་རྣོན་པོ་བཞིན། །སུས་ཀྱང་གཞོམ་པར་མི་ནུས་ཤིང་། །སྟོང་ཉིད་སྙིང་པོར་ལྡན་པ་ཡིས། །གོ་ཆ་མཆོག་གི་རྡོ་རྗེའོ། །དུས་གསུམ་བཞུགས་པ་མ་ལུས་པའི། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ང་ཉིད་རྡོ་རྗེ་ཆོས་དབྱིངས་ལས། །འབར་བའི་ཁྲོ་བོ་མི་བཟད་པ། །སྐུ་ཡི་དབྱིག་ཏུ་བདག་སྐྱེད་ཅིག །མྱུར་དུ་སྤྲུལ་པས་གཞོན་ནུ་སྟེ། །ང་ལ་བགྲེས་རྒུད་ཡོངས་མི་མངའ། །སྐད་ཅིག་ཉིད་ལས་བྱུང་བའོ། །ཨོཾ་ཤྲཱི་བཛྲ་ཀུ་མཱ་ར་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བཾ་ཧཱུཾ་ཕཊ། ཐབས་ཀྱི་ཤེས་རབ་ཡུམ་དང་སྦྱོར། །བྱང་ཆུབ་སེམས་རྒྱུན་ཡེ་ཤེས་ཆེ། །ཨཱོཾ་ཏཱིཔྟ་ཙཀྲ་རུ་ལུ་རུ་ལུ་བྷྱོ། གཉིས་མེད་ཡེ་ཤེས་འོད་ཟེར་གྱི། །འཕྲོ་འདུ་གསལ་བའི་བྱིན་རླབས་ལས། །རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས། །སྲིད་པ་རྡོ་རྗེ་འགྲུབ་པར་མཛོད། །སྲིད་


DNG015_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྡོ་རྗེ་ཕུར་པའི་ལྷ། །ཡེ་ཤེས་ཁྲོ་བོ་འགྲུབ་པར་མཛོད། །ཨོཾ་བུཌྜྷ་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་རཏྣ་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་པདྨ་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་ཀརྨ་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཧཱུཾ་ཀཱ་ར་ཧཱུཾ། ཨོཾ་བཛྲ་ཀྲོ་དྷཱི་དཱི་པ་ཡ་ཏི་ཧཱུཾ། ཨོཾ་བཛྲ་སཱུ་ཀ་ར་མུ་ཁ་ཧཱུཾ། ཨོཾ་བཛྲ་ཨི་ཁུ་པ་མུ་ཁཱི་ཧཱུཾ། གརྫ་གརྫ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་ཏ་བི་ཛ་ཡ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷཱི་ལཱ་སེ་ཀི་ཧཱུཾ། ཨོཾ་བཛྲ་བྱཱ་གྷྲ་མུ་ཁ་ཧཱུཾ། ཨོཾ་བཛྲ་གྲྀ ཧྲཽཾ ་མུ་ཁཱི་ཧཱུཾ། ཧ་ན་ཧ་ན་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་ཏ་ནཱི་ལ་དཎྜ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷཱི་ཏ་ན་པ་ཏི་ཧཱུཾ། ཨོཾ་བཛྲ་ཙ་མ་ར་མུ་ཁ་ཧཱུཾ། ཨོཾ་བཛྲ་དྲོ་ཎ་མུ་ཁཱི་ཧཱུཾ། ད་ཧ་ད་ཧ་ཧཱུཾ་ཕཊ། ཨོཾ་ཀྲོ་ཏ་ཡ་མཱནྟ་ཀ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷཱི་ཤྨ་ཤཱ་ན་པ་ཧཱུཾ། ཨོཾ་བཛྲ་ཧ་རི་ཎ་མུ་ཁ་ཧཱུཾ། ཨོཾ་བཛྲ་ཨུ་ལཱུ་ཀ་མུ་ཁཱི་ཧཱུཾ། པ་ཙ་པ་ཙ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཨཱརྱ་ཨ་ཙ་ལ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷཱི་མུ་ས་ལཱི་ཧཱུཾ། ཨོཾ་བཛྲ་བྱཱ་གྷྲཱི་མུ་ཁ་ཧཱུཾ། ཨོཾ་བཛྲ་བཱ་ཡ་ས་མུ་ཁཱི་ཧཱུཾ། བྷནྡ་བྷནྡ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷཱི་ཙཎྜ་ལཱི་ཧཱུཾ། ཨོཾ་བཛྲ་པི་ཌཱ་ལ་མུ་ཁ་ཧཱུཾ། ཨོཾ་བཛྲ་པཀྵ་ཏི་མུ་ཁཱི་ཧཱུཾ། ཨོཾ་བཛྲ་པ་ཙ་ལ་མུ་ཁ་ཧཱུཾ། ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་ཏ་ཨ་པ་ར་ཛི་ཏ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷཱི་ས་བྱ་ཏི་ཧཱུཾ། ཨོཾ་བཛྲ་ཤྭ་ན་མུ་ཁ་ཧཱུཾ། ཨོཾ་བཛྲ་པ་ཏྲི་མུ་ཁཱི་ཧཱུཾ། ཏིཥྛ་ཏིཥྛ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ། ཨོཾ་བཛྲ་ཀྲོ་དྷཱི་ས་མཱི་ར་ཎཱ་ཧཱུཾ། ཨོཾ་བཛྲ་སིངྷ་མུ་ཁ་ཧཱུཾ། ཨོཾ་བཛྲ་ཀྲོ་ཏི་ཏཱི་ལ་མུ་ཁཱི་ཧཱུཾ། ཙྪིནྡ་ཙྪིནྡ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷཱི་མཱ་ར་ཎ་ཧཱུཾ། ཨོཾ་བཛྲ་ཏཀྵུ་མུ་ཁ་ཧཱུཾ། ཨོཾ་བཛྲ་ན་ཀུ་ལ་མུ་ཁཱི་ཧཱུཾ། བིནྡྷ་བིནྡྷ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་བ་ལ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷཱི་ཙུནྡཱ་ཧཱུཾ། ཨོཾ་བཛྲ་རྀཀྵ་མུ་ཁ་ཧཱུཾ། ཨོཾ་བཛྲ་མུ་ཥི་མུ་ཁཱི་ཧཱུཾ། སྥོ་ཊ་སྥོ་ཊ་ཧཱུཾ་ཕཊ། ཨོཾ་བཛྲ་ཡཀྵྀ་ཎི་ཧཱུཾ། ཨངྐུ་ཤ་ཛཿ། ཨོཾ་བཛྲ་བྷཻ་ར་བ་ཧཱུཾ། པཱ་ཤ་ཧཱུཾ། ཨོཾ་བཛྲ་ཨ་མྲྀ་ཏ་ཧཱུཾ། སྥོ་ཊ་བཾ། ཨོཾ་བཛྲ་མ་ར་ཎ་ཧཱུཾ། གྷཎྜ་ཧོཿ། ཧྲི་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། འདི་ནི་སྲིད་པའི་ཚུལ་དུ་བྱུང་། །ཡབ་ཡུམ་བྱང་ཆུབ་སེམས་ལས་བསྐྱེད། །ཡི་གེ་འཕྲོ་འདུའི་རྐྱེན་ལས་གྱུར། །རང་ལས་བྱུང་སྟེ་


DNG015_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་སུ་འདེབས། །སྲིད་པའི་ཕུར་པ་ཞེས་སུ་བཤད། །སྣང་ཞིང་གསལ་བའི་ཆོས་རྣམས་ཀུན། །མ་ལུས་འདི་ཡིས་ལེགས་པར་བཏབ། །འཇིག་རྟེན་པ་དང་འཇིག་རྟེན་འདས། །འུབ་ཆུབ་འདུས་པས་ཕུར་པ་སྟེ། །ཀུན་རྫོབ་རྟགས་སུ་ང་ཡིས་བཟུང་། །ཡོན་ཏན་ཚོགས་ཆེན་ལས་བྱུང་ཞིང་། །མ་ལུས་ཕྲིན་ལས་རྫོགས་མཛད་ཕྱིར། །ཕྱོགས་བཅུ་དག་གི་སངས་རྒྱས་ཞིང་། །ཀུན་གྱི་མཛད་པ་རྫོགས་སྤྱོད་ཅིང་། །སེམས་ཅན་ཁམས་ཀུན་ཡོངས་སྒྲོལ་བའི། །འཇིགས་བྱེད་ཁྲོ་བཅུ་བྱུང་བ་ནི། །ཞལ་གསུམ་ཕྱག་དྲུག་ཞབས་བཞིར་བཞུགས། །ཕྱོགས་བཅུའི་དྲེགས་པ་གནོན་པར་མཛད། །ཕྱག་དྲུག་དང་པོ་གཉིས་ཀྱིས་ནི། །རྡོ་རྗེ་དང་ནི་ཐོད་ཁྲག་འཛིན། །ཐ་མ་ཕུར་པ་འདྲིལ་ཞིང་སྡོམ། །ཧཱུཾ་ཆེན་སྔོ་སྐྱ་མདའ་གཞུ་འགེངས། །རྣམ་རྒྱལ་འཁོར་ལོ་ཏྲི་ལ་དཀར། །དབྱུག་སྔོན་མེ་དབལ་དབྱུག་ཏོ་འཕྱར། །གཤིན་རྗེ་གཤེད་ནི་མཐིང་ག་སྟེ། །ཐོད་དབྱུག་དང་ནི་དགྲ་སྟྭ་འཛིན། །མི་གཡོ་ལྗང་སྔོན་རལ་གྲི་ཞགས། །རྟ་མགྲིན་ཞགས་པ་སྤུ་གྲི་དམར། །འདོད་རྒྱལ་དམར་སྐྱ་བྷནྡྷ་རྔ་ཡབ། །བདུད་རྩི་ལྗང་ནག་རྒྱ་གྲམ་དྲིལ། །ཁམས་རྒྱལ་སྦྲུལ་ཞགས་རྡོ་རྗེ་མཐིང་། །སྟོབས་ཆེན་དུད་ཁ་ཐོ་བ་ཞགས། །ཡུམ་རྣམས་ཡབ་ཀྱི་མདོག་ལྡན་ཞིང་། །སྒྲ་འབྱིན་མ་ནི་གཡས་བེ་ཅོན། །སྙེམས་མ་རལ་གྲི་འཛིན་པར་མཛད། །རྡོ་རྗེ་སྡེར་མོ་ལྕགས་ཀྱུའོ། །དུར་ཁྲོད་བདག་མོ་ཐོད་དབྱུག་འཛིན། །གཏུན་ཁུང་མ་ནི་ཐོ་བའོ། །རྡོ་རྗེ་གཏུམ་མོ་སྤུ་གྲི་འཛིན། །རྡོ་རྗེ་མདའ་སྙེམས་ཐོ་བ་ཅན། །རླུང་འབྱིན་མ་ནི་དགྲ་སྟྭའོ། །རྡོ་རྗེ་གསོད་བྱེད་མ་གྲི་གུག །སྐུལ་བྱེད་རྡོ་རྗེ་རྩེ་གསུམ་འཛིན། །ཕྱག་གཡོན་རྣམས་ནི་ཐོད་ཁྲག་སྟོབས། །ཡབ་ཡུམ་འདི་དག་ཐམས་ཅད་ཀྱིས། །སྲིད་པའི་ཕུར་པ་སྤྲོས་པ་ལས། །རང་གི་སྐུ་མདོག་དང་མཐུན་པའི། །ཞལ་གཅིག་ཕྱག་གཉིས་ལྕམ་དྲལ་ཚུལ། །གཡས་དང་གཡོན་གྱི་ཕྱོགས་གནས་ཤིང་། །ཡབ་ཡུམ་ཕྱག་མཚན་སོ་སོར་འཛིན། །གཡོན་གྱིས་མཚོན་བྱེད་ཕུར་པ་འཛིན། །སྔོན་གྱི་འདུལ་གཞི་ལས་བྱུང་བའི། །སོ་སོའི་གདོང་གི་ཁྱད་པར་ནི། །སྟག་དང་


DNG015_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་རྒོད་བྱ་རོག་གཡག །ཤ་བ་འུག་པ་གཟིག་དང་ཁྭ། །བྱི་ལ་པུ་ཤུད་སྤྱང་ཀི་ཁྲ། །སེང་གེ་ཕ་ཝང་སྲེ་མོ་དོམ། །ཕག་དང་སྨིག་བུ་བྱི་བ་དྲེད། །རིམ་བཞིན་དུ་ནི་རང་གནས་བལྟ། །ཕྱོགས་བཞིར་པུ་ཤུད་སྐྱེ་ཀ་དང་། །སྲིན་བྱ་ཁྲ་ཡི་མགོ་ཅན་རྣམས། །ཁ་དོག་དཀར་སེར་དམར་དང་ལྗང་། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ། །རིམ་བཞིན་གཡས་བསྣམས་གཡོན་ཕུར་བུ། །ཉེ་བའི་སྲས་མཆོག་ཕུར་བུ་ནི། །བདེ་གཤེགས་རིན་ཆེན་པདྨ་ལས། །ཞལ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །དཀར་སེར་དམར་དང་སྔོ་བའི་ཞལ། །ཁྱད་པར་བུཌྜྷ་ཀཱི་ལ་ཡ། །ཞལ་གསུམ་མཐིང་དམར་དབུས་དཀར་ཞལ། །ཕྱག་དྲུག་རྡོ་རྗེ་རྒྱུ་ཞགས་གཡས། །གཡོན་ན་དགྲ་སྟྭ་རལ་གྲིའོ། །སྲས་མཆོག་རཏྣ་ཀཱི་ལ་ཡ། །ཞལ་གསུམ་དཀར་དམར་དབུས་སེར་ཞལ། །གཡས་ན་བེང་དང་རལ་གྲིའོ། །གཡོན་ན་དགྲ་སྟྭ་བེ་ཅོན་འཛིན། །དབང་གི་ཀཱི་ལ་ཡ་ཞེས་པ། །ཞལ་གསུམ་དཀར་སེར་དབུས་དམར་ཞལ། །གཡས་གཡོན་དང་པོ་རལ་གྲི་མདུང་། །བར་པ་གཉིས་ན་མདའ་གཞུ་འགེངས། །ཕྲིན་ལས་མཛད་པའི་སྲས་མཆོག་ནི། །ཞལ་གསུམ་དཀར་དམར་ལྗང་གུ་སྟེ། །གཡས་ན་མདུང་དང་ལྕགས་ཀྱུ་སྟེ། །གཡོན་གྱི་གྲི་གུག་རལ་གྲིའོ། །ཐ་མའི་ཕྱག་གཉིས་ཐམས་ཅད་ཀྱི། །ཞི་རྒྱས་དབང་དང་དྲག་པོ་ཡི། །རི་རབ་ཕུར་པ་རིམ་བཞིན་འཛིན། །འདི་དག་མ་ལུས་ཐམས་ཅད་ཀུན། །དཔའ་བརྗིད་དུར་ཁྲོད་ཆས་ཀྱིས་བརྒྱན། །ཕྱི་རོལ་དངོས་པོའི་ཆོས་རྣམས་ཀུན། །གཟུགས་སུ་སྣང་དང་སྒྲ་རུ་གྲག །དྲན་དང་བསམ་དང་རྟོག་དཔྱོད་ཚོགས། །འདི་དག་རྣམས་ཀྱི་སྐུ་གསུང་ཐུགས། །འདི་དག་ཉིད་ཀྱང་དེ་དག་སྟེ། །ཆོས་ཉིད་ཁྱབ་པའི་ཕུར་པའོ། །དེ་ཉིད་ཐབས་ཀྱི་ཤེས་འགྱུར་ཞིང་། །ཤེས་རབ་ཉིད་ཀྱང་དེ་ཡི་ཐབས། །དོན་དམ་གཉིས་མེད་ཕུར་པ་སྟེ། །ཀུན་གྱི་དམ་པ་འདི་ཟུང་ཞིག །རྟོག་པའི་འཆིང་བས་འཆིང་བྱེད་ཅིང་། །གྲོལ་བ་ཡང་ནི་དེ་ཉིད་དོ། །སངས་རྒྱས་རྣམས་ཀྱི་གསང་ཆེན་འདི། །རྟོགས་པ་དང་ནི་


DNG015_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་བྱའི་ཡུལ། །ཁྱོད་ཀྱིས་ཐེ་ཚོམ་མ་བསྐྱེད་ཅིག །ཅེས་གསུངས་སོ། །ཕྲིན་ལས་འདུས་པ་རྩ་བའི་རྒྱུད་ལས། སྐུ་ཡོངས་སུ་རྫོགས་པ་ཕྲིན་ལས་རྩ་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཁྲོ་བོའི་རྒྱལ་པོ་ཡིས། །དམ་པའི་དགོངས་པ་འདི་བཤད་དོ། །ངོ་བོ་རིག་པ་བྱང་ཆུབ་སེམས། །ཀུན་གྱི་ས་ལ་མ་ལུས་འདེབས། །ཆོས་ཉིད་ཡེ་ཤེས་གཉིས་སུ་མེད། །ཆོས་ཅན་ཀུན་ལ་གདབ་པར་བྱ། །དེ་ཉིད་རྟོགས་པའི་ཡེ་ཤེས་ནི། །ཆོས་ཉིད་མཉམ་པ་ཉིད་དུའོ། །མ་ལུས་མཁྱེན་པ་དེ་ཡིས་ནི། །དངོས་པོ་ཆོས་ཅན་དེ་བཞིན་ནོ། །རྣམ་རྟོག་ཚོགས་ལ་ཆོས་སྐུས་གདབ། །ཡིད་ཀྱི་རྣམ་ཤེས་ལྡན་པའི་ལྷ། །ཀུན་རྫོབ་སྣོད་བཅུད་སྣང་ལ་གདབ། །ཐུགས་རྗེ་ཆེན་པོ་ཐབས་ཀྱི་མཆོག །མ་ལུས་སེམས་ཅན་ཁམས་ལའོ། །མཚོན་བྱེད་རྫས་ཀྱི་གནོད་པ་འཇོམས། །ཇི་སྙེད་བཏགས་པའི་མིང་ཙམ་མོ། །དབྱིངས་དང་ཡེ་ཤེས་གཉིས་སུ་མེད། །སྤྲོས་མེད་གསལ་ལ་ཕྱོགས་དང་བྲལ། །ཆོས་དབྱིངས་རིག་པའི་ཡེ་ཤེས་ཏེ། །སྐྱེ་འགག་མེད་པའི་ཀློང་དུའོ། །སྣང་ཞིང་སྲིད་པ་དེ་ཡི་ཡུལ། །གཉིས་མེད་སེམས་སུ་རྟོགས་པ་ཐབས། །དེ་ལས་དེ་ཉིད་འཆར་ཞིང་སྟོང་། །མཐོང་ཡོད་སེམས་ལས་མ་འདས་པར། །དེ་ཉིད་ཀྱི་ནི་ཡོན་ཏན་ཡིན། །དཀར་དམར་སྣང་བ་བྱང་ཆུབ་སེམས། །མཉམ་ཉིད་ཡུམ་གྱི་མཁའ་ལ་བཏབ། །ཐབས་དང་ཤེས་རབ་གཉིས་སུ་མེད། །སྐྱེ་འགྲོ་རིགས་ཀྱི་སྲས་སུ་གྲུབ། །མངོན་གྱུར་ལོངས་སྤྱོད་རྫོགས་པའི་སྐུ། །འགྱུར་མེད་གསལ་བ་འབྲས་བུ་ཡིན། །སྙིང་རྗེས་སེམས་ཅན་བློས་མི་འདོར། །མ་དག་སྡུག་བསྔལ་སྦྱང་ཕྱིར་གདབ། །རྒྱུད་དྲུག་ཡུལ་ཏེ་ཚད་མེད་བཞི། །དག་པའི་གོ་འཕང་སྣང་བར་བྱེད། །འཁོར་བའི་གནས་ངན་སྤར་བ་ཡིན། །དེ་ཉིད་རྟོགས་པ་སྤྲུལ་པའི་སྐུ། །འོག་མིན་བདེ་ཆེན་ལྷུན་གྲུབ་གནས། །རྒྱུད་དག་ཆོས་ཀྱི་དབྱིངས་རྟོགས་པ། །དེ་ཡི་བདག་པོ་དེ་འདིར་གནས། །བསྒོམ་བྱ་རྣམ་པར་རྟོག་པའི་ལྷ། །སྣང་ཞིང་ངེས་པ་སྤྲུལ་པའི་ཚོགས། །ཞི་རྒྱས་དབང་དྲག་བྱེ་བྲག་གིས། །རང་གི་དམིགས་


DNG015_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡུལ་ལའོ། །སྔགས་རྫས་ཏིང་འཛིན་དེ་ཡིས་གྲོགས། །ཡོན་ཏན་རྟགས་དང་འབྲས་བུར་བཅས། །མཐར་ཕྱིན་དེ་ཡི་བྱེད་པའོ། །རིགས་བཞི་སྲས་ཀྱི་མཆོག་གྱུར་པས། །དམིགས་པའི་རཱུ་ཏྲ་སེམས་ཀྱི་རྟེན། །གནས་གསུམ་རྩོལ་བས་དེ་བསྒྲལ་ཚུགས། །གང་འདོད་ལས་ལ་སྦྱར་བར་ནུས། །བྱིན་གྱིས་བརླབས་པའི་རྟགས་འབྱུང་ཉིད། །ཕྱོགས་དབུས་རིགས་ལྔ་ཡེ་ཤེས་ལྔ། །ཚད་མེད་བཞི་དང་རྣམ་ཐར་བརྒྱད། །སྟོབས་བཅུ་མི་འཇིགས་རིག་པ་བཞི། ཞེས་པའང་འདུག་རིགས་ལྔ་ཁྲོ་བཅུ་སྒོ་བ་བཞི། །ཐུགས་རྗེའི་ཤུགས་ཀྱིས་སྐུ་གསུང་ཐུགས། །སྤྲུལ་པར་བཅས་ཏེ་རྫོགས་པའོ། །འདི་ཉིད་རྟེན་དང་བརྟེན་པ་དང་། །ཕྱག་མཚན་ཕོ་ཉར་ཤེས་པར་བྱ། །ཤེས་རབ་བློ་ཆེ་དབང་པོ་རྣོ། །འདོད་ཆགས་ལམ་ནུས་བརྩོན་འགྲུས་ཆེ། །དད་ལྡན་སྙིང་རྗེ་གཞན་དོན་སྤྲོ། །བློས་བཅས་ཞེ་གདུག་གནག་པར་ལྡན། །འདི་དག་དོན་བྱེད་ནུས་པའི་རྒྱུ། །རྫས་བཞི་སོ་སོའི་ནུས་མཐུ་བསྒྲུབ། །ཆུ་ཤེལ་བདུད་རྩི་མེ་ལོང་དང་། །ཉུང་དཀར་དམིགས་པའི་རྫས་ཡིན་ཏེ། །རང་བཞིན་དཀྱིལ་འཁོར་ཐིག་ལེ་དང་། །ཏིང་ངེ་འཛིན་དང་གཟུགས་བརྙན་ཏེ། །དེ་ཉིད་བསྙེན་བསྒྲུབ་གསང་བ་ཡིས། །ལྷ་དང་སྤྲུལ་པ་ཕོ་དང་མོ། །ལྷ་ནི་གཅིག་ལྔ་བརྒྱ་རྩ་བརྒྱད། །སྤྲུལ་པ་ཕྱི་ནང་གསང་བ་ཡིས། །སྐུ་ཡི་ཕྱག་རྒྱ་གསུང་ཡིག་འབྲུ། །གྲུ་གསུམ་རྒྱ་མདུད་ཨེ་ཁྲམ་བཅས། །འཆོལ་དང་འདུས་དང་བསད་པ་དང་། །བང་རིམ་གསུམ་པས་མཐའ་བསྡུས་ཏེ། །འདུས་བྱས་རྫས་སུ་སྣང་བ་ཡིན། །འདི་དག་ང་ཡི་ཚུལ་ཤེས་པས། །ཇི་སྙེད་མཁྱེན་པའི་ཡེ་ཤེས་དང་། །ཇི་ལྟར་གནས་པའི་མཐར་ཐུག་དོན། །དེ་འདིར་རིག་པ་བྱ་བ་ཡིན། །ཞེས་གསུངས་སོ། །ཕྲིན་ལས་འདུས་པ་རྩ་བའི་རྒྱུད་ལས། ཐུགས་རྣམ་པར་དག་པའི་དགོངས་པ་རབ་ཏུ་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཁྲོ་བོའི་རྒྱལ་པོ་ཡིས། །རིམ་པར་བསྒྲུབ་པ་འདི་གསུངས་སོ། །ཤིན་ཏུ་གཏུམ་ཞིང་གཏུམ་པའི་གནས། །བྱང་གི་ཕྱོགས་སུ་གཞོལ་བ་དེར། །མཐུན་པའི་རྫས་དང་ཡོ་བྱད་བསྟར། །བླ་མ་མཉེས་བྱས་


DNG015_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

གྲོགས་ཀྱི་མཆོག །གང་ལ་དམིགས་པ་དེ་ལྡན་ཞིང་། །རེ་དང་དོགས་པའི་སེམས་སྤངས་ཏེ། །བརྟུལ་ཕོད་དྲག་པོས་འཇུག་པར་བྱ། །ཕྱི་ནང་བསྲུང་བ་འབད་པས་བརྩམ། །རྣལ་འབྱོར་ཆོ་ག་ཡོངས་རྫོགས་ནས། །ནམ་མཁའ་སྦྱངས་པའི་དཀྱིལ་འཁོར་བསྒོམ། །ཨོཾ་མ་ཧཱ་ཤུ་ཛྙཱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཆོས་རྣམས་དེ་ཉིད་ཡིན་མོད་ཀྱང་། །སྡུག་བསྔལ་སྤྱོད་ལ་ཐུགས་རྗེ་བསྐྱེད། །ཨོཾ་མ་ཧཱ་དྷརྨ་དྷཱ་ཏུ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། འདུས་སྦྱངས་རྟགས་ཀྱི་གཉེན་པོ་སྟེ། །རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད། །མཚོན་ཆེན་སྔོན་པོ་འབར་ལྟ་བུ། །ནམ་མཁའི་དཀྱིལ་ནས་ཐིགས་པ་ཤར། །འབར་བས་མི་རྟོག་ཡི་གེ་ཧཱུཾ། །རྟོག་པ་བསྐལ་པ་གསུམ་གྱིས་སྦྱངས། །ཡེ་ཤེས་འབྱུང་བ་ཡུམ་གྱི་མཁའ། །རྣམ་དག་དབྱིངས་ལས་ཤར་བའི་བྷྲཱུཾ། །ཕྲིན་ལས་ཡོངས་གྱུར་གཞལ་མེད་ཁང་། །རང་ལུས་རྫོགས་པ་འདི་ཉིད་དེ། །མཚོན་ཆེན་རྡོ་རྗེ་ཧཱུཾ་སྔོན་པོ། །ལུས་ཀྱི་སྒོ་བཅུར་ཤར་བ་དང་། །འཕྲོ་འདུ་གསལ་བའི་ཕྱག་རྒྱ་ཡིས། །ཡེ་ཤེས་སེམས་དཔའ་ཡབ་ཡུམ་གཉིས། །སྙིང་གའི་དབུས་སུ་བསྒོམ་པར་བྱ། །མདུན་རྒྱབ་གཡས་གཡོན་གནས་བཞི་རུ། །རིགས་ཀྱི་སྲས་བཞི་བསམ་པའོ། །སྤྱི་གཙུག་ཧཱུཾ་མཛད་ཡབ་ཡུམ་སྟེ། །དཔྲལ་བར་རྣམ་པར་རྒྱལ་བའོ། །མགྲིན་པར་རྟ་ཡི་མགྲིན་ཅན་དང་། །སྙིང་གར་བདུད་རྩི་འཁྱིལ་པ་བསྒོམ། །ལྟེ་བར་གཤིན་རྗེ་གཤེད་པོ་སྟེ། །གསང་བའི་གནས་སུ་སྟོབས་པོ་ཆེ། །དཔུང་པ་གཡས་སུ་དབྱུག་སྔོན་ཅན། །གཡོན་དུ་ཁམས་གསུམ་རྣམ་རྒྱལ་ལོ། །རྐང་པ་གཡས་ལ་མི་གཡོ་བ། །གཡོན་ལ་གཞན་གྱིས་མི་ཐུབ་པའོ། །ཡན་ལག་མཐིལ་བཞི་སྒོ་མ་བཞི། །བ་སྤུའི་བུ་ག་ཐམས་ཅད་ཀྱང་། །ཧཱུཾ་སྔོན་འབར་བ་རྡོ་རྗེར་བསྒོམ། །ཕུང་པོ་རྡོ་རྗེས་གཏམས་བྱས་ནས། །སྟེང་འོག་གནས་གསུམ་སྐུ་གསུང་ཐུགས། །ཉི་མའི་དཀྱིལ་འཁོར་ཧཱུཾ་ལྡན་པའི། །རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། །སྤྱི་གཙུག་ཡེ་ཤེས་རྒྱུན་སྦྱར་བས། །དྲི་མ་བསལ་བར་རིགས་ཆེན་ལྔ། །སྙོམས་


DNG015_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་བྱང་ཆུབ་སེམས་ཀྱི་རྒྱུན། །མགྲིན་པར་བབས་པས་དངོས་པོར་འཛིན། །བསལ་བའི་འབྲས་བུ་སྣང་མཐའ་ཡས། །ཡེ་ཤེས་འཁོར་ལོ་ལྷ་མོར་གྱུར། །བདག་ལ་ཐིམ་པས་བདེ་བར་གྱུར། །ཤེས་རབ་ཡེ་ཤེས་གསལ་བའི་དབང་། །གཉིས་མེད་ཐིམ་པས་དབང་བཞི་རྫོགས། །སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །མ་ལུས་མཛད་པས་ཀུན་དྲངས་ཏེ། །རྒྱལ་བའི་སྲས་སུ་བྱ་བ་ལས། །གསད་ཅིང་གནན་པར་མ་ཡིན་ཏེ། །འཕྲོ་འདུ་ལས་ལ་ཀུན་སྦྱོར་བས། །འདི་ནི་བསྙེན་པའི་མཆོག་ཡིན་ནོ། །གསོལ་བཏབ་དབང་བསྐུར་རབ་རྫོགས་ནས། །མཁའ་དབྱིངས་གསང་གནས་བྱིན་བརླབས་ཤིང་། །མཉེས་མཛད་བསྐུལ་པའི་འོད་ཕུང་ལས། །འཕྲོ་འདུ་ལས་ཀྱི་གསལ་བར་ཤར། །ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཧཱུཾ་བྷྱོ་ཧཱུཾ་བྷྱོ་ཧཱུཾ་བྷྱོ་ཧཱུཾ་བྷྱོ་ཧཱུཾ་བྷྱོ་ཧཱུཾ་བྷྱོ་ཧཱུཾ་བྷྱོ་ཧཱུཾ་བྷྱོ་ཧཱུཾ་བྷྱོ་ཧཱུཾ་བྷྱོ། ཧ་ཧེ་ཧ་ཧེ་ཧ་ཧེ་ཧ་ཧེ་ཧ་ཧེ་ཧ་ཧེ་ཧ་ཧེ་ཧ་ཧེ་ཧ་ཧེ་ཧ་ཧེ། ཛཿཧཱུཾ་བཾ་ཧོཿ། སྲིད་པའི་ཕུར་པ་མངལ་སྐྱེས་ཚུལ། །རང་གི་མིང་གི་འོད་ཀྱི་དབྱིངས། །སླར་འདུས་སོ་སོའི་གདན་ཡིན་ཏེ། །བརྒྱ་བྱིན་མེ་ལྷ་གཤིན་རྗེ་དང་། །སྲིན་པོ་ཀླུ་དང་རླུང་གི་ལྷ། །གནོད་སྦྱིན་དབང་ལྡན་ས་བདག་དང་། །ཚངས་པ་ཉི་ཟླ་འདི་རྣམས་ཀུན། །རང་གི་མིང་ནས་བྱུང་བའི་སྟེང་། །འཁོར་བཅས་རྫོགས་པའི་ལུས་སུ་བལྟ། །བདག་ཉིད་གསལ་བ་དམ་ཚིག་གི། །སྙིང་གའི་འོད་འབར་ཧཱུཾ་སྔོན་ལས། །སྲིད་པའི་ཕུར་བུ་བསྒྲུབ་པ་དང་། །དབང་དང་དངོས་གྲུབ་བླང་བའི་ཕྱིར། །ཡེ་ཤེས་ཁྲོ་བོ་གཤེགས་ནས་ཀྱང་། །མཐུན་པའི་གཟུགས་ལ་རབ་ཏུ་དབབ། །ཨོཾ་བཛྲ་ཀུ་མཱ་ར་ཀཱི་ལི་ཀཱི་ལ་ཡ་གྷ་ན་ཙཀྲ་ཨེ་ཨཱ་ར་ལི་ཧཱུཾ་ཧཱུཾ་ཧྲིཾ་ཧྲིཾ། ས་མ་ཡ་ཏིཥྛ་ལྷན། ཛཿཧཱུཾ་བཾ་ཧོཿ། སྲིད་གསུམ་གདུག་པ་བསྒྲལ་བ་དང་། །ང་རྒྱལ་བདུད་རྣམས་གཞོམ་པ་ཡི། །དཔའ་བོ་རྡོ་རྗེ་འཁོར་བཅས་ལ། །རྩེ་གཅིག་ཡིད་དང་ལུས་ཀྱིས་འདུད། །ཐུན་མོང་དང་ནི་ཁྱད་པར་གྱིས། །ཁྱད་པར་གསང་བའི་མཆོད་པ་ཡིས། །མཉེས་མཛད་བྱིན་གྱིས་བརླབ་པའོ། །ཨོཾ་ཨཱཿཧཱུཾ་བཛྲ་དྷཱུ་པེ་


DNG015_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ། བཛྲ་པུཥ྇་ཧཱུཾ། བཛྲ་ཨཱ་ལོ་ཀེ་ཧཱུཾ། བཛྲ་གནྡྷེ་ཧཱུཾ། བཛྲ་ནི་ཝི་ཏེ་ཧཱུཾ། ཨོཾ་བཛྲ་ལཱ་སྱ་ཧཱུཾ། ཨོཾ་བཛྲ་མཱ་ལེ་ཏྲཱཾ། ཨོཾ་བཛྲ་གཱི་ཏཱི་ཧྲཱྀ། ཨོཾ་བཛྲ་ནིར་ཏི་ཨ། ཨོཾ་ཨཱཿཧཱུཾ་བཛྲ་མཱུཾ་དྷཱ་ཏྭཱི་ཤྭ་རཱི། ལཱཾ་དྭེ་ཥ་ར་ཏི། པཱཾ་རཱ་ག་ར་ཏི། མཾ་མོ་ཧ་ར་ཏི།པཱུ་ཛ་གྷ་ན་ཙཀྲ་ས་མ་ཡེ་ཧཱུཾ། ཨོཾ་ཨཱཿཧཱུཾ། མ་ཧཱ་བ་ལིཾ་ཏ་ཨི་དཾ་གྲྀ་ཧྞ་ས་མ་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ཧཱ་མཱཾ་ས་གོ་རོ་ཙ་ན་བ་སུ་ཏ་ཙིཏྟ་རཀྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་མ་ཧཱ་ཛ་གད་མ་མ་གིར་ཏི་སརྦ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ཧཱ་རཀྟ་ག་ཏ་རུ་རུ་ཏི་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེ་སྡང་རྡོ་རྗེའི་ཏིང་འཛིན་ནི། །འདོད་པའི་ཡོན་ཏན་སྦྱིན་མ་ཡི། །བཏབ་ཅིང་གསལ་བ་ཉིད་དུ་བྱ། །ཁྲོ་བོ་ཁྲོ་མོ་རྣམས་བཞུགས་པའོ། །སྔོན་གྱི་ཐུགས་དམ་ཆེན་པོ་ནི། །རྟགས་དང་མཚན་མ་བསྟན་པ་དང་། །ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀྱིས། །བདག་ལ་བྱིན་གྱིས་བརླབས་མཛད་ཅིང་། །བདག་གི་ལྷག་པའི་བསམ་པ་རྣམས། །འགྲུབ་པར་བྱིན་གྱིས་བརླབ་པའོ། །བསྐྱིལ་ཞིང་རྒྱན་ཡང་བསྐྱིལ་བ་ལ། །སེམས་ཀྱི་ཆོས་ལ་སྐུ་མི་མངའ། །སྒྲ་ལས་འདས་པའི་སྦྱོར་བ་སྟེ། །བསམ་དང་བྲལ་བའི་ཡེ་ཤེས་སོ། །སྲིད་གསུམ་འཇོམས་མཛད་མཉམ་ཉིད་ངང་། །ཁྲོ་བོ་རྡོ་རྗེ་འདུ་འཕྲོ་མཛད། །ཁྲོ་བོ་འགྲོ་དོན་མཛད་ཕྱག་འཚལ། །དགུག་ཅིང་བསྡམ་དབབ་ཕྱག་རྒྱ་ཡིས། །ནམ་མཁའི་ཁམས་དང་གཉིས་མེད་སྦྱོར། །དེ་ཉིད་བདུད་རྩི་བཏུང་བའི་མཆོད། །སྔགས་ལ་བརྩོན་པའི་རྣལ་འབྱོར་དེས། །བདག་གཞན་དོན་གྱི་བཟླས་པ་བརྩམ། །སྔགས་འོད་ཡུམ་གྱི་ཞལ་སྒོར་ཞུགས། །སྡིག་བྲལ་དབུ་མའི་ནང་བརྒྱུད་དེ། །དབྱིངས་ནས་གསང་བའི་ལམ་ལ་ཐིམ། །དེ་ཉིད་དབྱིངས་ནས་ཧཱུཾ་ལས་བསྐུལ། །ལུ་གུ་བརྒྱུད་ཀྱིས་བརྗོད་པར་བྱ། །རྟེན་འདྲེལ་ལུགས་ལས་བཟློག་པའོ། །མཚན་མ་དབྱུང་བའི་བཟླས་པ་ནི། །གཙོ་ཆེན་ཡབ་ཡུམ་ཐུགས་བསྐུལ་བས། །ཆོས་སྐུ་སྤྱན་དྲངས་ཞལ་དུ་ཐིམ། །དབུ་མའི་ནང་བརྒྱུད་པདྨར་བབས། །འཕྲོ་འདུས་སྲས་


DNG015_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་འདུས་ཀུན་རྫོགས། །ཀཱི་ལ་ཡ་ཡིས་ངེས་ཕྱུང་སྟེ། །གཙོ་དང་མཐུན་པའི་སྐུ་མདོག་ལ། །སྐུ་སྨད་ཟུར་གསུམ་སྐུ་གསུང་ཐུགས། །རྒྱན་ལྡན་འབར་བའི་ཀློང་ན་བཞུགས། །ཡེ་ཤེས་ཁྲོ་བོ་དེ་འདྲ་དབབ། །ཕྱི་ནང་གསང་བ་དེ་ཉིད་ཀྱིས། །མཉེས་པའི་ཆོ་ག་ཚུལ་བཞིན་བྱ། །འབྲུ་ནག་དུག་ཁྲག་བདུད་རྩི་ཡིས། །དབང་བྱིན་བརླབས་ཏེ་ལས་ལ་མངག །སྙིང་དབུས་ས་བོན་ལས་སྔགས་སྤྲོ། །ཚུལ་འདྲའི་གཟུགས་ལ་ངེས་པར་བསྡིམ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བཾ་ཧཱུཾ་ཕཊ། ལྡེག་འབར་འོད་དང་སྒྲ་འབྱིན་དང་། །བཟང་པོ་མ་མཐོང་བར་དུའོ། །སྐྱོ་དུབ་ཐུན་མཚམས་བྱ་བའི་དུས། །འདི་ནི་སྒྲུབ་པ་བླ་མེད་པའོ། །ཕྲིན་ལས་འདུས་པ་རྩ་བའི་རྒྱུད་ལས། བསྙེན་པ་དང་བསྒྲུབ་པ་བསྟན་པ་རྩ་བའི་ལེའུ་སྟེ་བཞི་པའོ།། །།དེ་ནས་བཅོམ་ལྡན་ཁྲོ་རྒྱལ་གྱིས། །ཉིད་ཀྱི་སྐུ་ཡི་དཔའ་བོའི་ཆས། །ཡོན་ཏན་ཁྱད་པར་འདི་བཤད་དོ། །གླང་ཆེན་ཀོ་རློན་ཐེག་ཆེན་སྟོབས། །དཔའ་གཏུམ་ཟ་བྱེད་སྟག་གི་རྒྱན། །མཉེན་ལྕུག་འཁྲིལ་ཡུམ་སྦྲུལ་གྱིས་བརྒྱན། །བྱང་ཆུབ་སེམས་ལྡན་ཙརྨ་སྟེ། །ཐོད་ཕྲེང་གསུམ་ནི་སྐུ་གསུང་ཐུགས། །ཐུགས་རྗེ་ཆགས་པ་རཀྟའི་རྒྱན། །གདུལ་བྱའི་ཕྲིན་ལས་ཐལ་ཆེན་པོ། །ཞག་གི་རི་མོ་དོན་དམ་བཅུད། །རྒྱུ་ཡིས་མཚོན་ནས་དོན་དྲུག་ལྡན། །གླང་ཆེན་རྒྱས་སྟོབས་ཆེས་རྒྱབ་ཡང་། །ལུས་རགས་རིན་ཐང་ཆེ་འགྱུར་ཞིང་། །ཁྲོམ་བཏགས་གཞན་གྱི་དཔུང་འཇོམས་ནུས། །ཐེག་ཆེན་འདིར་ནི་ལམ་ཀུན་ཤོངས། །དགེ་དང་མི་དགེ་མཉམ་པར་འདེགས། །མཚམས་མེད་ལས་སོགས་བྱས་པའང་ཤོངས། །ཉོན་མོངས་འདོད་ཡོན་མ་སྤངས་འགྲུབ། །ལམ་འདི་ཡོན་ཏན་དཔག་ཏུ་མེད། །མ་རིག་ཟག་པ་མྱུར་དུ་འཇོམས། །སྟག་ལྤགས་མཛེས་ཤིང་དཔལ་འབར་འཛིན། །རྩལ་ལྡན་ཤ་རུས་མི་འབྱེད་ཟ། །རི་དྭགས་ཆེན་པོའི་གཉེན་པོར་འགྱུར། །གཅན་གཟན་ཕྲ་མོ་ཟིལ་གྱིས་གནོན། །དུག་ལྔ་རིགས་


DNG015_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

ལྔར་ཤེས་པས་དཔའ། །ཉོན་མོངས་ཡེ་ཤེས་གྲུབ་པས་མཛེས། །ཐུགས་རྗེས་དབྱེ་བསྲིང་ཡོངས་མི་མཛད། །བག་ཆགས་སྟུག་པོ་དུས་གཅིག་འཇོམས། །དྲེགས་པ་རཱུ་ཏྲའི་གཉེན་པོར་འགྱུར། །དམན་པའི་སྤྱོད་པ་ཟིལ་གྱིས་གནོན། །སྦྲུལ་འཇིགས་བརྗིད་པ་གདུག་པ་ཆེ། །མཉེན་ཞིང་ལྕུག་ལ་དྲི་མ་འབྱར། །ཁ་དོག་གསལ་ཞིང་དུ་མར་སྣང་། །སྤྱོད་པ་འདི་ཉིད་སྔངས་ཤིང་འཇིགས། །ཉིད་ལ་བརྗིད་ཅིང་གཞན་ལ་གདུག །རང་གཞན་དོན་ལ་འདུད་ཅིང་མཉེན། །འབྲས་བུའི་ཁྱད་པར་གསལ་ཞིང་མཐོང་། །བསྐྱེད་རྫོགས་ཆེ་དང་ལམ་འབྲས་བུ། །གང་ཟག་བློ་ལ་སྣ་ཚོགས་སྟོན། །དུག་གསུམ་ལམ་གྱིས་ལོག་ལྟ་འདུལ། །ཐུགས་རྗེ་ཟིན་པ་དམན་མི་གཏོགས། །ཞིང་ལྤགས་མཐོང་འཇིགས་ཚིལ་ཁྲག་ཆུ་སེར་བ་སྤུར་བཅས། །གྲང་མཉེན་རླུང་སྐྱོབ་ཡན་ལག་ཚང་། །འདི་ནི་ཟབ་པའི་སྤྱོད་བླངས་པས། །ངན་པའི་བལྟ་བ་འཇིགས་པ་བསྐྱེད། །དམན་ལ་མོས་པའི་ཡིད་སྐྲག་འགྱུར། །གནས་དང་འཕོ་དང་ཞི་བ་དང་། །ཁྲོ་བརྟན་སྤྱུགས་བསྐྲད་བསྡུས་དང་གཏོར། །རྒྱས་ཞུམ་འཕམ་རྒྱལ་དབང་དུ་བྱ། །རྡོ་རྗེའི་ཐེག་མཆོག་འདི་ལ་གནས། །བསྟན་པ་དང་ནི་ངེས་པ་དང་། །སྒྲ་ཙམ་སྒྲ་མིན་དགོངས་པ་དང་། །ཐོལ་བྱུང་དང་ནི་ཡི་གེ་དང་། །སྤྱི་དང་གབ་སྦས་བརྡ་དང་ཐབས། །བླ་མ་མཉེས་ལ་དྲང་ཞིང་མཉེན། །ལས་ཀྱི་རླུང་དང་གཡུལ་ངོ་བཟློག །གཞི་ལམ་འབྲས་བུ་ལྟ་སྤྱོད་དང་། །དམ་ཚིག་བྱིན་རློབ་ཡན་ལག་ཚང་། །སྐམ་རློན་ར་རི་དབང་པོ་ཚང་། །རིགས་ལྡན་པ་དང་ཟླུམ་པ་དང་། །སྤྲོས་པ་ཉེར་ཞི་ཆོས་ཀྱི་སྐུ། །དུས་གསུམ་དགོངས་པ་ཚང་ཞིང་གཙང་། །ལོངས་སྤྱོད་རྫོགས་སྐུ་རོལ་པ་སྐྲ། །དག་པའི་ཏིང་ངེ་འཛིན་ལ་གནང་། །ཁྱིམ་ན་སྤྱོད་པའི་ཆ་ལུགས་འཛིན། །གཞན་དོན་སྤྲུལ་པ་དྲུག་ལ་སོགས། །སྐུ་གདུང་རིང་བསྲེལ་ལྷག་མར་བཅས། །རིགས་དང་ཕ་མ་གཉེན་འདུན་དང་། །འཁོར་དང་བསྟན་པ་གནས་པའི་ཚད། །ཕྱིར་མི་ལྡོག་དང་སྐྱེ་བ་གཅིག །ཐོགས་པ་ཙམ་དང་སྲིད་མཐའ་མ། །མངོན་པར་བྱང་ཆུབ་


DNG015_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བར་ལྡན། །སེམས་དཔའ་ཆེ་བའི་ལམ་ཐོབ་ནས། །ཡོངས་རྫོགས་སྲིད་ཀྱི་ཕོ་བྲང་རགས། །མི་རྟོག་པ་ལ་རྣམ་མི་དམིགས། །མཚན་མའི་སྤྲོས་ལས་དབེན་པ་ཡིས། །ཐབས་དང་ཤེས་རབ་ཟུང་འདྲེལ་ཞིང་། །སྐབས་དོན་རྡོ་རྗེ་ཐེག་པར་གསལ། །རཀྟ་རླན་གདོང་དམར་ནག་ལྡན། །སེར་འདྲེས་བགོས་སླ་བསྒྱུར་བར་ནུས། །མི་དམིགས་ཐུགས་རྗེ་ཆགས་ཤིང་བརླན། །ཆོས་དབྱིངས་ཡེ་ཤེས་ཀུན་ལས་གདོང་། །ཉེ་བར་དགོངས་ཤིང་ངང་ལ་གནས། །ཆེ་བའི་ཡོན་ཏན་ཚོགས་ཀྱིས་བརྒྱན། །ཡེ་ཤེས་ཕྲ་རགས་སྐད་ཅིག་མཁྱེན། །ཐ་དད་སྣང་ཞིང་གཞན་བསྒྱུར་བས། །གདུལ་བྱའི་རིགས་ལ་འཚམས་པའི་རྐྱེན། །ལྷག་པར་རྟགས་ཀྱི་དོན་ལྡན་པའི། །དཀར་ཞིང་གསལ་མཉེན་ཞིབ་སྒོ་མྱུར། །ཕྱི་རབས་ལ་སླ་ཕྲིན་ལས་དོན། །ཐོག་མའི་མུན་པ་མ་ལུས་སེལ། །ཡེ་ཤེས་སྣང་བའི་ཚོགས་ཀུན་བསྐྱེད། །དྲག་པོས་ལས་སོགས་མྱུར་དུ་འདུལ། །ཁམས་དང་བག་ལ་ཉལ་བ་དང་། །ཇི་ལྟར་འཚམས་པ་དེ་བཞིན་སྟོན། །ངེས་འབྱུང་སྐལ་བ་ཡོད་པ་ཡིས། །རྣམ་གྲོལ་གོ་འཕང་མྱུར་འཐོབ་བྱེད། །བག་ཆགས་ཅུང་ཟད་མི་གནས་པར། །འབྱིན་པའི་དོན་དེ་ཉེ་བར་གནས། །བཅུད་མཆོག་སྣུམ་ཞུན་རེག་པ་མཉེན། །འགྱུ་བའི་ནད་སེལ་བསལ་མི་ནུས། །དྲི་དང་ཁ་དོག་རབ་གསལ་བཞིན། །རྡོ་རྗེ་ཐེག་མཆོག་གྱ་ནོམ་པ། །རིག་པ་ཅན་གྱི་གཉེན་པོར་འགྱུར། །ཉོན་མོངས་ལྔ་དང་དྲུག་ཉིད་ཀྱིས། །ཡན་ལག་ནད་དུ་གྱུར་པ་སེལ། །གྲངས་མེད་བར་དུ་ཆུད་མི་ཟ། །བློ་ངན་ཤེས་རབ་ཆུང་བ་ཡིས། །འདི་ལ་ངེས་འབྱུང་སྐལ་མེད་དེ། །དུས་ལ་བབ་ན་སར་གནས་བྱེད། །འདི་དག་རྫོགས་ཕྱིར་རབ་ཏུ་བརྒྱན། །གཞན་ཡང་ང་ཡི་བསྟན་པ་འདིས། །རྡོ་རྗེའི་ཐེག་པ་ཆེར་ལྡན་ཞིང་། །ཁོང་དུ་ཆུད་པའི་མཐུ་མངའ་བས། །གླང་ཆེན་ཀོ་རློན་རབ་ཏུ་བགོས། །རྒོལ་བ་མཐུན་པར་ཚར་གཅོད་ཕྱིར། །སྟག་གི་ཤམ་དུ་དཀྲིས་པའོ། །ལྟོ་འཕྱེའི་དུག་འཇོམས་སྦྲུལ་གྱིས་བརྒྱན། །སེམས་གཉིས་མི་འགྱུར་ཙརྨའོ། །སྐུ་གསུམ་ངང་གི་ཐོད་ཕྲེང་བརྒྱུས། །ཞི་བའི་སྙིང་རྗེས་མི་གནས་ཆགས། །གཞན་དོན་གཟིགས་པ་རཀྟའོ། །


DNG015_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བ་འཕེལ་བྱེད་ཐལ་ཆེན་ཏེ། །ཀུན་གྱི་སེམས་རྟོགས་བཅུད་ཀྱིས་བརྒྱན། །གཞན་ཡང་གཏི་མུག་འདོད་ཆགས་དང་། །ཞེ་སྡང་འཇིག་ཚོགས་ཕྲག་དོག་དང་། །སེར་སྣ་ང་རྒྱལ་མ་བརྟགས་སྤྱོད། །དབང་བྱེད་རིམ་བཞིན་རྟགས་ཀྱིས་བརྒྱན། །ཁ་ཅིག་ཏུ་ན་སྔོན་བཞིན་དུ། །ཕྲིན་ལས་ཆེན་པོ་མཛད་པའི་དུས། །དྲེགས་པ་རཱུ་ཏྲ་དེ་འཁོར་བཅས། །བཱི་ན་ཡ་ག་གླང་ཆེན་གཟུགས། །མཁའ་འགྲོ་ཆེན་མོ་སྟག་མགོ་ཅན། །མཐའ་ཡས་ཀླུ་དང་ལྷ་ཆེན་པོ། །བསྒྲལ་བའི་པགས་པ་ཐོད་ཕྲེང་དང་། །ཁྲག་ཞག་དང་ནི་ཐལ་བས་བརྒྱན། །ཐུན་མོང་ཁྱད་པར་ཕྱི་དང་ནང་། །རྟགས་ཀྱི་དོན་མཚོན་ཙམ་ཉིད་དེ། །དོན་དམ་ངེས་པ་ཡུལ་དང་དངོས། །དེ་ལ་བྱ་དང་བྱེད་པ་མེད། །གཏུམ་ཞིང་ཁྲོ་བས་འདུལ་བ་ལ། །རང་གི་སྣང་བ་སངས་རྒྱས་མཐུ། །ཞེས་གསུངས་སོ། །ཕྲིན་ལས་འདུས་པ་རྩ་བའི་རྒྱུད་ལས། དུར་ཁྲོད་ཆེན་པོའི་ཆས་རྒྱན་གྱི་རྟགས་དང་ཡོན་ཏན་གྱི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཁྲོ་བོའི་རྒྱལ་པོ་ཡིས། །མངོན་སྤྱོད་ལས་ཀྱི་རིམ་པ་ལས། །མཆོད་སྦྱིན་དྲག་པོ་འདི་གསུངས་སོ། །རྩ་བའི་དཀྱིལ་འཁོར་ཉིད་ཀྱི་དྲུང་། །གྲུ་གསུམ་ཁྲུ་གང་རྒྱ་དང་དཔངས། །མུ་རན་སོར་གསུམ་སླར་བསྟོད་དེ། །ཁྲུ་གང་ཨེ་ཡི་དབུས་ཉིད་དུ། །གཅོད་པའི་འཁོར་ལོ་རྩིབས་བཞི་བྲི། །མིང་དང་མཚན་མ་དབྱིངས་སུ་དགོད། །ཕྱི་རོལ་སྲས་མཆོག་ཕྱག་མཚན་ནོ། །གྲི་ས་ཚངས་སྒོ་ཅན་དག་གི། །རོ་བསྲེག་ཐལ་བ་ས་ནག་དང་། །རྔ་བོང་བོང་བུའི་བདུད་རྩི་བྱུགས། །འབྲུ་ནག་མེ་ཏོག་ནག་པོ་དགྲམ། །ཚ་ཞིང་རྩུབ་ལ་རྣོ་བའི་ཤིང་། །ཨེ་ཡི་དབྱིབས་སུ་བརྩེག་པར་བྱ། །དུག་ཤིང་གིས་ནི་ཕྱོགས་མཚམས་བསྐོར། །འཕན་གདུགས་རྒྱལ་མཚན་བླ་རེ་དང་། །བ་དན་ཞལ་ཁེབས་ནག་པོས་བརྒྱན། །སོར་བཅུ་རྩ་གཉིས་རྣོ་དབལ་ལྡན། །དུག་ཁྲག་འབྲུ་མར་ནག་པོར་བཅས། །ཁྲེ་འབྲུ་ཁྲག་དང་ལན་ཚྭ་དང་། །སྐྱེ་ཚེ་ནིམ་པ་རོ་ཐལ་དང་། །ཉུང་ནག་དུག་དང་མེ་ཏོག་ནག །སྔོན་པོ་གྱོ་མོ་རྡོ་ཕྱེ་དང་། །རྩུབ་པའི་ཤ་ཁྲག་


DNG015_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་དང་། །བོང་བུ་རྔ་བོང་བྱ་རོག་གི། །བདུད་རྩི་ཤ་ཁྲག་སྤུ་དང་སྒྲོ། །ཚེར་མ་རུས་ཕྱེ་བཤང་གཅི་དང་། །གྲོག་མཁར་ས་དང་སྤྲུ་མ་དང་། །དམིགས་པའི་བདུད་རྩི་ལ་སོགས་བསྟར། །དུས་ནི་ནག་པོའི་ཕྱོགས་དག་གི། །ཕྱི་དྲོ་སྲོད་དང་གུང་གཉིས་ལའོ། །ང་རྒྱལ་འཆང་བ་བདག་ཉིད་ནི། །ཁྲག་དང་དུག་གཤེར་གོས་ནག་བགོ། །རྐང་པ་གཡོན་གྱིས་གཡས་མནན་ཅིང་། །བྱང་གི་ཕྱོགས་སུ་ཁྲོས་སྟབས་བལྟ། །བ་གླང་ཆུ་དང་བདུད་རྩི་སྦྱར། །བདུད་རྩི་རྒྱལ་པོ་ཡུམ་དང་བཅས། །རང་གི་སྔགས་བཟླས་ལས་ཀྱི་ཆུ། །གཡས་ཀྱི་ཕྱོགས་སུ་གཞག་པར་བྱ། །རྫས་གཞན་རྣམས་ནི་གཡོན་ཕྱོགས་སུའོ། །སྟོང་པ་ཉིད་ལ་བསམ་པའི་དངོས། །ཨ་ཡིས་ཟླ་བའི་དཀྱིལ་འཁོར་དབྱུང་། །སྟེང་དུ་སྒྲ་ཡིག་དང་པོ་ལས། །རྡོ་རྗེ་རྩེ་དགུ་འོད་འབར་བ། །ས་བོན་རྒྱུ་ཡིས་མཚན་པར་བསྒོམ། །ལས་ཀྱི་སྒྲ་བརྗོད་འཕྲོ་འདུ་ཡིས། །གཙོ་ཆེན་རྡོ་རྗེ་འཆང་བ་དེ། །སྦར་བཤད་རྟགས་དང་ལྡན་པར་བྱ། །རིགས་ཀྱི་བདག་པོས་དབུ་མནན་ཅིང་། །རང་གི་སེམས་དཔའ་སྙིང་ལ་གནས། །གསང་བའི་གནས་བྱུང་བྷྱོ་ལས་ནི། །དགྱེས་པའི་ཡུམ་ཉིད་ཚུལ་བཞིན་དབྱུང་། །དེ་ཉིད་དབྱིངས་ཀྱི་གནས་མཆོག་ཏུ། །མིང་གི་ས་བོན་རིག་པ་སྤྲོ། །སྤྲོ་དང་བསྡུ་བ་མངོན་གསལ་བས། །ཚུལ་འདྲའི་ཡེ་ཤེས་དཀྱིལ་འཁོར་བདག །གནས་དབུས་ཉིད་དུ་འབོད་པར་བྱ། །ཕྱི་རོལ་དུ་ནི་སྲས་མཆོག་དང་། །ཇི་སྙེད་པ་ཡི་འཁོར་རྣམས་ཉིད། །གཙོ་བོ་དང་མཐུན་རིགས་ཀྱིས་དབྱུང་། །ལས་ལས་འབད་པའི་ཚོགས་ཀྱང་བཞག །སྙིང་ན་རྡོ་རྗེ་རྣམ་བསམས་ནས། །ལག་པ་རྡོ་རྗེ་བསྡུ་མཛད་དེ། །དགུག་གཞུག་བཅིང་དང་དབང་དུ་བྱ། །ལྕེ་ལ་ཆོས་ཀྱི་ཕྱག་རྒྱ་བཞག །རྒྱས་གདབ་ཕྱག་རྒྱ་ཆེན་པོའོ། །གདན་བསྟབ་པ་དང་འདུད་པ་དང་། །མཆོད་བསྟོད་མཉེས་བྱ་སྒྲ་ཚིག་དབུལ། །དེ་ནས་མེ་ལྷ་མདོག་ནག་པོ། །པདྨ་ནག་པོ་ལ་འདུག་ཅིང་། །ཁྲོས་པའི་ཚུལ་ཅན་བསྐྱེད་པར་བྱ། །གདོལ་པའི་


DNG015_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱིམ་མམ་དུར་ཁྲོད་ནས། །བླངས་པའི་མེ་ལ་དྲག་པོར་འབུད། །གཡོན་པས་བདུད་རྩི་བསང་གཏོར་བྱ། །སྤྱན་དྲང་བ་དང་བགེགས་བསྐྲད་དང་། །བསྲུང་དང་ཕྱོགས་བཅིང་ངེས་པར་བྱ། །བྱིན་གྱིས་བརླབ་པ་རབ་ལྡན་པ། །དམ་ཚིག་གསང་བའི་བཀའ་དབང་བྱ། །མཆོད་ཡོན་ནག་པོ་དྲི་ང་བས། །ནག་པོའི་ཆ་ལུགས་འཛིན་པ་མཉེས། །ལྕེ་གཟར་ཁ་ལ་རང་སྔགས་བསམ། །གཡོན་གྱིས་བླུག་པའི་གཟར་བུ་བཟུང་། །བདུད་རྩི་གདུག་པའི་མར་བཅུས་ཏེ། །ཤིན་ཏུ་གདངས་པའི་ཞལ་དེ་རུ། །བདུན་ནམ་ཉི་ཤུ་རྩ་གཅིག་དབུལ། །ཨོཾ་བཛྲ་ཨ་ན་ལ་ཨགྣི་མ་ཧཱ་པུ་ཛ་སརྦ་བྷསྨི་ཀུ་རུ་སརྦ་ཤུ་ཏ་ཧཱུཾ་ཕཊ། མཉེས་ཤིང་བགེགས་བསྐྲད་དངོས་གྲུབ་གསོལ། །མཆོད་བསྲེག་རྫས་གཞན་རྣམས་ཀྱང་དབུལ། །འབར་བ་དང་ནི་འཁྱིལ་པ་བརྟག །དེ་ནས་རིགས་ཀྱི་བདག་པོ་ཉིད། །རིག་མར་བཅས་པའི་རྫས་ཀྱི་གསང་། །ཁྲག་འཐུང་ཁྲོ་བོ་འཁོར་དང་བཅས། །འབར་བའི་དབུས་སུ་དྲངས་བྱས་ཏེ། །སྔར་བཤད་ཆོ་གས་མཉེས་པར་བྱ། །ལྕེ་ཡི་དབུས་དང་བླུག་གཟར་མཐིལ། །ཆོས་ཀྱི་ཡི་གེ་འབར་བར་བསམ། །ཨོཾ་བཛྲ་ཀུ་མཱ་ར་དཱིཔྟ་ཙཀྲ་ཀཱི་ལི་ཀཱི་ལ་ཡ་ས་མ་ཡ་མུ་དྲ་པྲ་བྷན་ཙཀྲ་མེ་ཏི་རཾ་རཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། དགང་བླུགས་ཀྱིས་ནི་དང་པོ་རུ། །དུག་དང་བསྐུ་བའི་འབྲུ་མར་དབུལ། །དེ་ནས་རྫས་ཀུན་ཐམས་ཅད་དེ། །ཐ་མར་དུག་དང་འབྲུ་མར་ཏེ། །བརྒྱ་འམ་སྟོང་དུ་དབུལ་བར་བྱ། །ལྷག་མ་ལྷ་རྣམས་རང་རང་གི། །སྔགས་ཀྱི་ཕྲེང་བ་དག་གིས་སོ། །དེ་ནས་རྫས་ཀུན་གཅིག་བསྡུས་ཏེ། །དུག་དང་ཁ་བའི་འབྲུ་མར་ལ། །དམིགས་པའི་གཟུགས་བཅས་གཞུག་ཅིང་དགུག །མཐེ་ཆུང་ནས་བརྩམ་མཚོན་གྱིས་གཏུབ། །གཙོ་བོ་ནས་བརྩམ་རེ་རེ་དབུལ། །ཨ་མུ་ཀ་མཱ་ར་ཡ་ཛྭ་ལ་རཾ་རཾ། །བཀའ་ལས་འདའ་བའི་སྡིག་ཅན་རྣམས། །རྡོ་རྗེ་མེ་དབལ་སྙིང་བསྲེག་ནས། །ལུས་ངག་རྡུལ་ཕྲན་བཞིན་དུ་རློག །གང་ལ་དམིགས་པ་གཏན་ནས་འཕོ། །སྣང་ཞིང་སྲིད་པ་འདི་རྣམས་ཀུན། །འུབ་ཆུབ་གཅིག་ཏུ་འབར་བར་བྱ། །


DNG015_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

མ་དག་ཚངས་པར་གསོལ་ནས་ནི། །གཙོ་བོ་རྣམས་དང་མེ་ལྷ་གཤེགས། །རྩ་བ་ལས་བྱུང་རང་ལ་བསྡུ། །སླར་ཡང་རྗེས་མཐུན་རོལ་པ་སྟོན། །བསོ་དང་གནས་པའི་སྦྱོར་བ་བརྩམ། །ཞེས་གསུངས་སོ། །ཕྲིན་ལས་འདུས་པ་རྩ་བའི་རྒྱུད་ལས། སྦྱིན་སྲེག་མཆོད་པའི་ཕྲིན་ལས་ཀྱི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཁྲོ་བོའི་རྒྱལ་པོ་ཡིས། །རིག་པ་ཆེན་པོ་འདི་གསུངས་སོ། །བྱིན་གྱིས་བརླབས་པའི་གནས་ཉིད་དུ། །རྒྱན་དགོད་པ་དང་བསྲུང་བྱ་སྟེ། །སྲིད་པའི་ཕུར་པ་བསྒྲུབ་བྱས་ཤིང་། །ཁྱད་པར་དམིགས་པ་ཉིད་ལ་གཞུག །ཕྲེང་བ་དྲག་པོས་སྲས་མཆོག་སྤྲོ། །དམིགས་པ་དགུག་བསྡིམ་སྙིང་ནས་གཟིར། །སྲོག་རྩ་ཐོད་རློན་ལ་སོགས་རྟགས། །རྨི་དང་མངོན་སུམ་ཉམས་ལ་རྟགས། །མ་བྱུང་བར་དུ་འབད་ལ་བསྒྲུབ། །དུས་མཚུངས་གསལ་བ་གསུམ་གྱིས་བརྡེག །སྙིང་གར་ཉི་མ་དབང་ཆེན་གྱི། །འོད་དམར་ཐུགས་ལས་ཁམས་གསུམ་འཕྲོ། །ཁུ་བ་ཁྲག་གི་རྒྱ་མཚོ་སྟེ། །ཁྲོ་བས་དེ་རྔུབ་ཤིན་ཏུ་ཁྲོས། །ཁམས་གསུམ་ཡོངས་སྒྲོལ་མཆོད་པའོ། །རང་གིས་གཞིབས་པས་བཀྲག་མདངས་བསྐྱེད། །དྲག་པོའི་ལས་ལ་འཇུག་པར་ནུས། །གནས་ནས་དགུག་པར་བྱ་བ་ནི། །སྔགས་བཟླས་འོད་ཟེར་དྲག་པོ་ལས། །སྟོང་གསུམ་གང་བའི་ཁྲོ་བོའི་ཚོགས། །ཡུལ་དེ་དགུག་ཅིང་སྡིམ་པར་བྱེད། །སྔོན་དུ་བཤད་པའི་ཆོས་རྣམས་ཀྱིས། །དམ་ཚིག་ཆེན་པོའི་དུས་ལ་བབ། །ཀུན་གྱི་སྦྱོར་བའི་བྱིན་རླབས་སྤྲུལ། །སྤྲུལ་པ་ཆེན་པོའི་དུས་ལ་བབ། །དེ་དག་བཀའ་སྡོད་ཕོ་ཉ་མ། །ཕྱག་བརྙན་ཆེན་མོའི་དུས་ལ་བབ། །ཇི་ལྟར་ནོས་ཤིང་ཁས་བླངས་པ། །ཁྱོད་ཀྱི་དམ་ཚིག་དུས་ལ་བབ། །དང་པོ་དམ་པ་དོན་གྱི་ཕྱིར། །བྱང་ཆུབ་མཆོག་གི་སེམས་བསྐྱེད་ཅིང་། །དུས་གསུམ་རྒྱལ་བའི་གདུང་འཚོབ་པའི། །རིག་འཛིན་བདག་ཅག་རྣམས་ལ་ནི། །གནོད་ཅིང་གདུག་པའི་དགྲ་དང་བགེགས། །བདུད་དང་བར་དུ་གཅོད་པ་དང་། །དངོས་གྲུབ་འཕྲོག་ཅིང་འཚེ་བ་རྣམས། །ཁྲོ་བོ་ཆེན་པོའི་


DNG015_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་རླབས་ཀྱིས། །ཡུད་ཅིག་གིས་ནི་འདིར་བཀུག་ནས། །མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང་། །ལུས་ངག་རྡུལ་དུ་བཤིགས་ནས་ཀྱང་། །སྡུག་བསྔལ་ཉམས་སུ་མྱོང་བར་མཛོད། །ཕོ་ཉ་འཇིག་རྟེན་རབ་གང་བས། །གདུག་པ་ཀུན་བསྡིམ་ལས་ཀུན་བྱེད། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུཾ་བཾ་ཧོཿ། འདྲེན་པའི་སྙིང་པོ་འདི་ཡིས་ནི། །ཡུད་ཙམ་དེ་ཉིད་གནས་སུ་དགུག །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། བཛྲ་གིང་ཀ་ར་ཧཱུཾ་ཧཱུཾ་ཨ་ཨཱ། རླུང་གིས་ཤིང་ལོ་བསྐྱོད་བཞིན་དུ། །དབང་སྡུད་ཟིལ་གྱིས་གནོན་པ་ནི། །ཨོཾ་བཛྲ་ཀུ་མཱ་ར་བྷུཌྜྷ་ཧེ་རུ་ཀ་རཏྞ་ཧེ་རུ་ཀ་པདྨ་ཧེ་རུ་ཀ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ་ཕཊ། དེ་ཡིས་རི་རབ་བཞིན་དུ་འགྱུར། །གཡོ་འགུལ་དྲན་པ་མེད་པར་བྱེད། །དེ་ནས་ཁ་སྦྱར་རབ་ཏུ་དགེ། །གཞན་བསྲུང་བ་ལ་དབྱེ་བ་ནི། །བརྣག་པས་ཐུན་བཞི་འབྲོས་པར་འགྱུར། །དེ་ནས་གཟུགས་ལ་བསྡུ་བ་ནི། །དངོས་གྲུབ་བར་ཆད་བྱེད་པའི་བགེགས། །ལྷའམ་འོན་ཏེ་བདུད་ཀྱང་རུང་། །ཟུང་ཞིག་རྒྱོབ་ཅིག་རྣམ་པར་ཆིངས། །རྡེགས་ཤིག་གྲོགས་དང་བྲལ་བར་གྱིས། །ཨོཾ་ཨ་པ་ར་བི་དྷྭནྶ་ཚིན་དྷ་ཚིན་དྷ་ཧཱུཾ་ཕཊ། བྷིན་དྷ་བྷིན་དྷ་ཧཱུཾ་ཕཊ། གྲྀ་ཧྞ་གྲྀ་ཧྞ་ཧཱུཾ་ཕཊ། ཧ་ན་ཧ་ན་ཧཱུཾ་ཕཊ། བན་དྷ་བན་དྷ་ཧཱུཾ་ཕཊ། ཏ་ཐ་ཡ་ཏ་ཐ་ཡ་ཧཱུཾ་ཕཊ། ཕུར་པ་དང་ནི་འབྲུ་ཐུན་བརྡེག །ཧ་ས་ཡ་ར་ན་ད་ཧ་ན་ཧཱུཾ་ཕཊ། ཁྲག་དུག་སྦྱར་བའི་ཐུན་གྱིས་བརྡེག །ཤྲི་ཀྲི་ཨཱ་ན་ཡ་ཧཱུཾ་ཕཊ། དུད་པ་དང་ནི་ཐལ་བས་བརྡེག །ཛ་ལ་པ་ཡ་ཛ་ལ་པ་ཡ་ཧཱུཾ་ཕཊ། མཚོན་ཆ་དྲག་པོས་གཏུབ་པར་བྱ། །ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཧཱུཾ་ཕཊ། བི་ད་ཡ་བི་ད་ཡ་ཧཱུཾ་ཕཊ། འདི་ཡིས་དབབ་ཅིང་དབང་དུ་སྡུས། །བྱིན་གྱིས་བརླབ་པར་བྱ་བ་ནི། །ཐུགས་ཀའི་ཧཱུཾ་གི་སྤྲོ་བསྡུ་ལས། །གདུལ་བྱའི་སྙིང་ལ་ཁྲོ་བོ་ཞུགས། །གོང་མའི་གནས་བསྐུལ་སྐྱོ་བས་ཕྱུང་། །ཉེས་པའི་ཚོགས་བཤད་བདག་ཉིད་ཁྲོས། །སྙིང་རྩ་བཅད་ཅིང་བདག་ལ་བསྡུས། །དེ་ནི་དེ་ཡི་དབྱེ་བའོ། །ཐོག་མའི་དུས་ན་གནས་དབྱེ་བ། །ཀྱོ་བ་འཛིན་མཛད་ཁྲོ་བོ་སྤྲོས། །དེ་ཉིད་གནས་བཅུ་དག་ནས་དབྱུང་། །


DNG015_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ལ་བསྡུ་བའི་གནས་ཡིན་ནོ། །གདབ་པའི་གནས་ནི་འདུ་བྱེད་ཀྱིས། །ལག་པ་ཡུམ་བཞིར་བྱིན་བརླབས་ནས། །རྣམ་དག་སྐྱེ་མེད་ཡི་གེ་ཡིས། །སྣང་བ་གསུམ་ཉིད་གསལ་བར་བལྟའོ། །རྒྱུ་གསུམ་ལྡན་པའི་དབྱིངས་སུ་བཟླ། །བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་ནོ། །ཨོཾ་བཛྲ་ཀུ་མཱ་ར་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཧཱུཾ། ཨ་ཨཱ། སྲས་མཆོག་ཧཱུཾ་མཛད་ལ་སོགས་གདབ། །དེ་ཡིས་ཕྱོགས་བཅུའི་འཇིག་རྟེན་ཁྱབ། །གནས་ངན་སྦྱངས་ལ་སླར་ལ་བསྡུ། །ཀུན་གྱི་མཐུ་དང་གཟི་བྱིན་བསྐྱེད། །བྱིན་གྱིས་བརླབས་ཏེ་དངོས་གྲུབ་སྩལ། །ཚེ་དང་བཀྲུ་བའི་ལས་ཡིན་ནོ། །ཕཊ་ཀྱིས་རབ་མཚན་སྲས་ཀྱི་མཆོག །འབྲུ་དགུའི་རྗེས་ལ་གཟེ་མ་སྤར། །དངོས་བཅོམ་དབུས་སུ་འདུས་པ་ཡང་། །ས་བོན་དྲུག་ལ་འོད་ཀྱིས་བཏབ། །འབྲས་བུ་ཕོ་ཉར་བཅས་པ་དབབ། །ཕུར་པ་གསང་བའི་གནས་སུ་བསྡིམ། །ཁྱད་པར་ལས་སུ་རབ་བཤད་དོ། །བདག་ཉིད་སྲས་དང་དམིགས་པ་རྣམས། །གསལ་བ་གསུམ་ལྡན་བྱིན་བརླབས་ཏེ། །ཕོ་ཉ་གདབ་ཅིང་བསྐུལ་བ་ནི། །བྲན་དང་བཀའ་ཉན་ཕོ་ཉའི་ཚོགས། །ཁྱོད་ཀྱི་དམ་ཚིག་དུས་ལ་བབ། །སྔོན་ཆད་ཇི་བཞིན་དམ་བཅས་པའི། །མངོན་སྤྱོད་ཕྲིན་ལས་མྱུར་དུ་མཛོད། །དེ་ཡི་སྙིང་པོས་གནས་བཅུར་གདབ། །ཧ་ན་ཧ་ན་བཛྲ། ད་ཧ་ད་ཧ་བཛྲ། པ་ཙ་པ་ཙ་བཛྲ། མ་ཐ་མ་ཐ་བཛྲ། ཛྭ་ལ་ཛྭ་ལ་བཛྲ། སུ་རུ་སུ་རུ་བཛྲ། མུ་རུ་མུ་རུ་བཛྲ། ཀ་ཏཾ་ཀ་ཡེ་བཛྲ། ཨ་ཛི་ཏེ་ཨ་པ་ར་ཛི་ཏེ་བཛྲ། མཱ་ར་སཻ་ན་པྲ་མརྡ་ནི་ཧཱུཾ་ཕཊ། འཁོར་ཚོགས་ཀུན་ཡང་སྔགས་ཀྱིས་གདབ། །དྲག་པོའི་རྫས་དང་ཕུར་པས་བརྡེག །ཁྲག་རླུང་རྣལ་ཏེ་རུལ་མྱག་བསམ། །བསད་དང་གསོ་བ་ལས་ཀྱི་མཆོག །མ་ལུས་གནས་འདིར་རྫོགས་པར་བྱ། །ཟབ་ཅིང་རྒྱ་ཆེའི་དོན་ཡིན་ནོ། །ཞེས་གསུངས་སོ། །ཕྲིན་ལས་འདུས་པ་རྩ་བའི་རྒྱུད་ལས། གཏན་འཕོ་བ་བསྒྲལ་བའི་ཕྲིན་ལས་ཀྱི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཁྲོ་བོའི་རྒྱལ་པོ་ཡིས། །དྲག་ཤུལ་བསྒྲལ་བ་གསུངས་པ་ལས། །མཚོན་རྣོན་གདུག་པས་


DNG015_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་བརླབས་ཏེ། །རྡོ་རྗེ་གསང་བའི་བཀའ་ལས་ནི། །སྡིག་ཅན་གང་ཞིག་འདའ་བྱེད་པ། །སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས། །ཀླད་པ་ཚལ་པ་བརྒྱ་རུ་ཁོས། །ཞེས་བརྗོད་ཡན་ལག་ཉིང་ལག་དང་། །ཁོག་པ་དོན་སྙིང་བཅས་པ་དག །བཅད་ཅིང་གཏུབ་པ་ཉིད་དུ་བྱ། །དེ་ནས་མཚན་སྔགས་བརྗོད་པ་ནི། །ཧཱུཾ་མ་མ་བ་ཤཾ་ཀུ་རུ་མ་མ་ཀུ་རུ་མ་སྟ་མ་ཉ། ཨི་དམ་ཀུ་རུ། ཨི་དཾ་དྷ་དྷི་མ་མ་མ་ཤཱི་གྷྲཾ། ཀརྨ་ཀཱ་ར་ཡ་ཧཱུཾ་ཕཊ། ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུཾ་ཕཊ། གཟུགས་སྒྲ་བསམ་པ་འདུས་པ་ཡིས། །མ་ལུས་རྡུལ་ཕྲན་བཞིན་དུ་དམིགས། །དེ་ནས་ལྷག་པར་གནས་པ་ཡི། །མཐུ་དང་རྫུ་འཕྲུལ་འཕྲོག་པ་ནི། །གདུག་ཅིང་སྡང་སེམས་ལྡན་པ་ཡི། །ལྷ་འམ་འོན་ཏེ་བདུད་ཀྱང་རུང་། །བདག་ལ་བར་ཆད་བྱེད་པ་རྣམས། །མཐུ་དང་རྫུ་འཕྲུལ་མེད་པར་གྱིས། །སྙིང་པོ་འདི་ཡང་བརྗོད་པར་བྱ། །སརྦ་ཨཱ་ན་ཡ་ཧཱུཾ་ཕཊ། ཏདྱ་ཐཱ། ཧ་ན་ཧ་ན་ཧཱུཾ་ཕཊ། ཕ་རོལ་མཐུ་དང་རྫུ་འཕྲུལ་འཕྲོག །བདག་ལ་བསྡིམ་པ་དེ་ལྡན་བསམ། །བག་ཆགས་ས་བོན་ཕྲ་བ་ཡིས། །གལ་ཏེ་ལྷག་ལུས་བརྡུང་བ་ནི། །རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན། །ཁྲོ་མོ་འབར་བའི་གཏུན་ཁུང་དུ། །རྡོ་རྗེ་ཐོ་བས་བརྡུང་བྱས་ན། །ལྷ་ཡང་རུང་སྟེ་བརླག་པར་འགྱུར། །ཁ་ཐཾ་ཁ་ཐཾ་ཧ་ན་ཧ་ན་ཧཱུཾ་ཕཊ། མུངྒ་ར་མུངྒ་ར་ཨ་ཀོ་ཊ་ཡ་ཧཱུཾ་ཕཊ། བྱིན་བརླབས་དབྱིངས་མཆོག་གྲུ་གསུམ་དུ། །གསང་འབྱུང་རྡོ་རྗེ་ཐོ་བས་བརྡུང་། །གནས་སྒོ་དྲག་པོ་གསུམ་གྱི་ལས། །རྟེན་དང་བརྟེན་པའི་ལྷ་རྣམས་ཀྱིས། །ཧཱུཾ་ཧཱུཾ་ཧཱུཾ། སྒྲ་བརྗོད་དེ་དག་ཐུགས་ཀ་ནས། །ནམ་མཁའ་ལས་སྤྲུལ་པའི་དཀྱིལ་འཁོར། ཕཊ་ཕཊ་ཕཊ། དེ་དག་ཐུགས་ཁྲོས་དྲག་ཤུལ་གྱི། །བཛྲ་ཡགྴ་ཀྲོ་དྷ་ཧཱུཾ། སླར་ཡང་ཐུགས་རྗེ་ཤིན་ཏུ་ཁྲོས། །ལྷ་མོས་ཐོད་བཀང་ཤ་ཁྲག་སྟོབ། །ཁ་ཁ་ཁཱ་ཧི་ཁཱ་ཧི། ཕུལ་བ་ཞལ་དུ་གསོལ་བར་དམིགས། །ཧ་ཧ་ཧི་ཧི་མཉེས་པར་བསམ། །མཐར་ཕྱིན་རྡུང་བའི་ཕྲིན་ལས་སོ། །རང་བཞིན་ཁྱད་པར་བཟླས་པ་ཡི། །སླར་ཡང་རིམ་པས་གསོ་བ་ནི། །ཆོས་ཉིད་དོན་དམ་བདེན་པ་དང་། །གསང་སྔགས་མཐུ་ཡི་བྱིན་རླབས་


DNG015_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས། །སངས་རྒྱས་སྟོབས་དང་མི་འཇིགས་པའི། །རྫུ་འཕྲུལ་འབྱིན་པའི་ལས་ཡིན་ནོ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བཾ་ཧཱུཾ་ཕཊ། བདུན་ནམ་བཅུ་བཞི་ཉི་ཤུ་གཅིག །སྙིང་གར་དྲིལ་ཞིང་བཏབ་པ་ཡིས། །ཕུང་པོ་ཁམས་དང་སྐྱེ་མཆེད་ཀུན། །ལྷ་དང་ལྷ་མོའི་ཚོགས་སུ་སྤྲུལ། །དེ་དག་སྲས་ཀྱི་སྐུ་ལ་འདུས། །བརྒྱ་རྩ་བརྒྱད་ཀྱི་བར་དུ་བཟླས། །བདག་ཉིད་སྟོང་པའི་གནས་སུ་དྲིལ། །སླར་འདུས་སྦྱོར་བ་སྔོན་བས་ལྷག །རྫས་དང་བདག་ཉིད་གསོ་བ་ཡིན། །ངས་བསྟན་ལུང་བཞིན་གནས་པ་ནི། །ཡབ་ཡུམ་སྦྱོར་བའི་སེམས་ཕབ་པས། །ཕ་རོལ་སེམས་རྒྱུད་ནམ་མཁའ་གདོན། །ཧཱུཾ་ཕཊ་ཅེས་པའི་སྒྲ་ཡིས་ནི། །རང་བཞིན་གནས་ལ་གསོལ་བ་གདབ། །དབང་བསྐུར་བས་ནི་འོད་འབར་གྱུར། །ཡབ་ཀྱི་ཞལ་ནས་ཡུམ་གྱི་མཁར། །ཧཱུཾ་ལས་སྐུར་གསལ་ཕཊ་ཀྱིས་གདོན། །སླར་ཡང་བསྡུ་དང་གཏོར་བ་ཡིས། །འོག་མིན་གནས་ལ་གསོས་གདབ་ཅིང་། །དབང་བསྐུར་འོད་ཞུ་ཧཱུཾ་དུ་དམིགས། །ཕཊ་ཀྱི་སྦྱོར་བས་ལྷུམས་སུ་འཕང་། །བསྙེན་པ་དང་ནི་ཉེ་བར་བསྙེན། །བསྒྲུབ་པ་བསྒྲུབ་པ་ཆེན་པོ་ནི། །རྫོགས་པས་སྐུར་བཞེངས་ཕྱིར་བྱོན་ནས། །དབུ་རྒྱན་ལྡན་པས་དབང་བསྐུར་ཏེ། །ཕཊ་ཀྱིས་འོག་མིན་གནས་སུ་འཕང་། །ཏོག་དཀར་རྒྱལ་ཚབ་དམ་པ་ཡིས། །བཅུ་གཉིས་མཛད་པས་འགྲོ་དོན་རྫོགས། །རྡོ་རྗེའི་གནས་སུ་ལུས་སྦྱོར་བའོ། །སྲིད་ཆད་མཛེ་ཅན་མཚོན་ཤི་བའི། །ཐོད་རུས་ནང་དུ་དམིགས་པ་གཞུག །མི་ཤིས་གནས་སུ་གནན་པ་ནི། །ཨཱོཾ་ལཾ་ཨཱཿལཾ་ཧཱུཾ་ལཾ། སྟམ་བྷ་ཡ་ནན། མོ་ཧ་ཡ། ཤྲི་ཀྲི་བྷི་ཀྲི། བཛྲ་ཧཱུཾ་ཀ་ར་ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། རྡོ་རྗེ་རི་རབ་འཕྲོས་པ་ཡིས། །རབ་ཏུ་གནས་པའི་སྦྱོར་བ་བརྩམ། །ཇི་སྲིད་འཁོར་བ་མ་སྟོངས་པར། །གནས་ངན་བག་ཆགས་ཡོངས་མི་ལྡང་། །རྡོ་རྗེ་ཅན་དང་མཚུངས་པར་འགྱུར། །ཞེས་གསུངས་སོ། །ཕྲིན་ལས་འདུས་པ་རྩ་བའི་རྒྱུད་ལས། དྲག་ཤུལ་མངོན་པར་སྤྱོད་པའི་ལེའུ་སྟེ་བརྒྱད་པའོ།། །།


DNG015_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཁྲོ་བོའི་རྒྱལ་པོ་དེས། །དྲག་ཤུལ་རྒྱུད་ཀྱི་ཏིང་ངེ་འཛིན། །མངོན་དུ་སྤྱོད་པའི་ཕྲིན་ལས་བཤད། །ང་ཉིད་ང་དང་འདྲ་བ་ཡིས། །འཁོར་བཅས་སྒྲ་ཚིག་དྲག་པོ་ཡིས། །རང་གི་གནས་ལྔ་འབར་ཞིང་སྤྲོ། །མཐར་ཐུག་ཡུལ་མཉེས་དངོས་གྲུབ་བསྡུ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དྷ་དྷི་མ་མ་ཀརྨ། མཱ་ར་སེ་ནི། སྲ་མརྡ་ན་ཡ། སརྦ་བིགྷྣཱཾ་བཾ་ཧཱུཾ་ཕཊ། སྐུ་གསུང་ཐུགས་དང་ཡོན་ཏན་དང་། །ཀུན་གྱི་རྩ་བའི་ཕྲིན་ལས་སོ། །ཡབ་ཡུམ་བཅས་པའི་ཐུགས་ཀ་ནས། །མགལ་མེ་ལྟ་བུའི་འོད་འཕྲོས་པས། །ཁྲོ་བོའི་དཀྱིལ་འཁོར་བརྟན་ཞིང་གསལ། །རྒྱུད་བསྐུལ་བྱིན་བརླབ་དབང་བསྐུར་བྱ། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དྷ་དྷི་མ་མ་ཀརྨ། ཨ་ཛི་ཏ་ཨ་པ་ར་ཛི་ཏ། ཛ་ཡ་བི་ཛ་ཡ་ཀ་ཏང་ཀ་ཡེ་མཱ་ར་སེ་ནི། པྲ་མརྡ་ནི་ཡེ་སརྦ་བིགྷྣཱཾ་བཾ་ཧཱུཾ་ཕཊ། །འདི་ནི་གཞན་གྱིས་མི་ཐུབ་ཅིང་། །རྣམ་པར་རྒྱལ་བའི་ཕྲིན་ལས་སོ། །བདག་ཉིད་ཁྲོ་བོའི་ཚོགས་ཀུན་གྱིས། །དྲག་སྔགས་སྒྲ་ནི་གནམ་ལྕགས་ཀྱི། །ཞུན་མ་ས་ལ་བརྡབ་འདྲ་བའི། །འོད་འཕྲོས་གདུག་པ་ཚར་གཅོད་བྱེད། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཨ་ཛི་ཏ་ཨ་པ་ར་ཛི་ཏ་ཛ་ཡ་བི་ཛ་ཡ་ཀ་ཏང་ཀ་ཡེ། མ་མ་བ་ཤཾ་ཀུ་རུ་མ་ཏཾ་ཀ་ར་ཉ་ར་ཨི་དཾ། དྷ་དྷི་མ་མ་ཀརྨ་ཨ་ར་ཨི་དན་ཤཱི་གྷྲཾ་ཀཱ་ར་ཡ། མཱ་ར་སེ་ན་སྲ་མརྡ་ནི་ཡེ་སརྦ་བིགྷྣཱཾ་ཧཱུཾ་ཕཊ། འདི་ཡིས་མ་ལུས་གདུག་པ་ཅན། །ཚར་གཅོད་ལས་སུ་འཛུད་པར་བྱེད། །འཇིག་རྟེན་འདས་དང་མ་འདས་ཀུན། །སྲོག་ནས་དྲངས་པ་བསྒྲུབ་པ་ཆེ། །གཙོ་ཆེན་འཕྲོ་འདུས་ཐམས་ཅད་བསྒྲལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་པ་ར་བི་དྷྭནྶ་མཱ་ར་སེ་ན་པྲ་མརྡ་ནི་ཡེ་ཧཱུཾ་ཕཊ། སརྦ་བིགྷྣཱཾ་ཨ་ན་ཡ་ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། བན་དྷ་བན་དྷ། གྲྀ་ཧྞ་གྲྀ་ཧྞ། མ་ཐ་མ་ཐ། ཚིནྡྷ་ཚིནྡྷ། བྷིནྡྷ་བྷིནྡྷ། ཏ་ཐཱ་ཡ་ཏ་ཐཱ་ཡ། ཧ་ས་ཡ་ར་ཧྲི་ད་ན། ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ། ཤི་ཀྲི་ཨཱ་ན་ཡ། ཛྭ་ལ་པ་ཡ་ཛྭ་ལ་པ་ཡ། ཏ་ཐཱ་ཡ་ཏ་ཐཱ་ཡ། བི་ཏ་ཡ་བི་ཏ་ཡ། ཤི་ཏྲཾ་ཀཱ་ར་ཉ་ཡ། ཛ་ཡེ་བི་ཛ་ཡེ། ཀ་ཏཾ་ཀ་ཡེ། ཨ་ཛི་ཏེ་ཨ་པ་ར་ཛི་ཏེ་བ་ཡ་བཾ་ཧཱུཾ་ཕཊ། འདི་ཡིས་འཇིག་རྟེན་དྲེགས་པ་ཅན། །ཐམས་ཅད་འདུ་བྱེད་ལས་ལ་


DNG015_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

འཁོལ། །ཕྱོགས་བཅུ་ཁྲོ་བོའི་ལྷ་རྣམས་ཀུན། །མཐིང་ནག་བ་སྤུའི་དཀྱིལ་འཁོར་སྤྲོ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། མོ་ཧ་ཡ་གྷ་ཏ་ཡ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཀཱ་ར་བི་ཛ་ཡ་ནི་ལ་དཎྜ་ཡ་མཱནྟ་ཀ །ཨ་ཙ་ལ་ཧ་ཡ་གྷྲི་ཝ། ཨ་པ་ར་ཛི་ཏ་ཨ་མྲྀ་ཏ་ཀུཎྜ་ལི། ཏྲཻ་ལོཀྱ་བི་ཛ་ཡ། མ་ཧཱ་བ་ལ་པ་ར་བི་དྷྭནྶ། ཚིནྡྷ་ཚིནྡྷ། ཨ་པ་ར་ཛི་ཏ། མ་ར་སེ་ནི་ཡེ་པྲ་མརྡ་ནི་ཡེ་སརྦ་བིགྷྣཱཾ་བཾ་ཧཱུཾ་ཕཊ། འདི་ནི་རབ་ཏུ་སྒྲོལ་བ་ཡིས། །ཁྲོ་ཚོགས་འཁོར་བཅས་མངག་པའོ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་མ་མོ་ཧཱ་ཡ་གྷ་ཏ་ཡ། སུ་རུ་སུ་རུ་བཛྲ། མུ་རུ་མུ་རུ་བཛྲ། ཛ་ཡ་ཛ་ཡ་བཛྲ། མ་ཐ་མ་ཐ་བཛྲ། ཤི་ཀྲི་ན་ཀཱ་ར་ཡ། མ་ར་སེ་ནི་པྲ་མརྡ་ནི་ཡེ། མ་ཧཱ་ཙིཏྟ་ཁ་ཧཱི་མ་ཤ་རྦད། མ་ཧཱ་ཤ་ཡ་ཐུམ་མྱག་རྦད། ཀཾ་ཀ་ཤ་ཡ་མཱ་ར་ཡ་ཕཊ། འདི་ནི་རྫས་ཀྱིས་དམིགས་པ་བསྒྲལ། །ཁྲོ་བོ་ཁྲོ་མོ་སྤྲུལ་པ་དང་། །ཡང་སྤྲུལ་ཕོ་ཉ་ཚོགས་དང་བཅས། །ཕུང་པོ་ལྷག་མེད་རོལ་པར་བྱ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་བྷ་ག་བཱན། མོ་ཧ་ཡ་གྷ་ཏ་ཡ། ཛཿཧཱུཾ་བཾ་ཧོཿ། ཤི་ཀྲིན་བྱི་ཀྲིན། དྷ་དྷི་མ་མ་ཤཱི་གྷྲཾ་ཀཱ་ར་ཡ། ཨཱོཾ་རུ་རུ་བྷཀྵ། ཏྲག་ཤ་ཏྲག་ཤ །ཙིཏྟ་རག་ཤ །ཙིཏྟ་ནི་ཏུང་ཏུང་། ཐུམ་ལིང་། ཙིཏྟ་གཏུབ་གཏུབ། ནྲྀ་ཛཿཕྲིག་ཕྲིག །ཤཾ་ཤཾ་ཁྱེར་བྷྱོ། ནྲྀ་ཛཿམཱ་ར་ཡ་རྦད། བརྣག་པ་ཁོ་ན་ཉིད་ལ་དེ། །འདི་ཡི་དྲོད་ཚད་བརྟག་ལ་དབབ། །མཚན་མ་བརྟན་པོ་དབྱུང་བར་བྱ། །ཞེས་བཀའ་སྩལ་ཏོ། །ཕྲིན་ལས་འདུས་པ་རྩ་བའི་རྒྱུད་ལས། དྲག་པོ་མངོན་དུ་སྤྱོད་པའི་ཏིང་ངེ་འཛིན་སྤྲུལ་པ་ཆེན་པོའི་ཕྲིན་ལས་ཀྱི་ལེའུ་སྟེ་དགུ་པའོ།། །།དེ་ནས་ཁྲོ་བོའི་རྒྱལ་པོ་ཡིས། །གཏི་མུག་འདོད་ཆགས་ང་རྒྱལ་དང་། །ཕྲག་དོག་འདུལ་བ་རབ་མཛད་ཕྱིར། །སླར་ཡང་རིགས་ཀྱི་ཁྲོ་བོར་བསྟན། །སངས་རྒྱས་ཁྲོས་པས་གཏི་མུག་གཅོད། །མཚོན་ཆེན་དཀར་པོ་འབར་ལྟ་བུ། །ནམ་མཁའི་དབྱིངས་ནས་ཐིགས་པར་ཤར། །མི་རྟོག་ཨཱོཾ་གྱིས་དངོས་པོ་སྦྱང་། །ཡེ་ཤེས་འབྱུང་བ་ཡུམ་གྱི་མཁའ། །རྣམ་དག་དབྱིངས་ནས་ཤར་བའི་བྷྲཱུཾ། །ཕྲིན་ལས་ཡོངས་གྱུར་གཞལ་མེད་ཁང་། །རང་ལུས་རྫོགས་པ་འདི་ཉིད་དེ། །མཚོན་ཆེན་འཁོར་ལོ་ཨོཾ་དཀར་


DNG015_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

པོ། །ལུས་ཀྱི་སྒོ་རུ་ཤར་བ་དང་། །འཕྲོ་འདུ་གསལ་བའི་ཕྱག་རྒྱ་ཡིས། །ཡེ་ཤེས་སེམས་དཔའ་ཡབ་ཡུམ་གཉིས། །སྤྱི་བོའི་སྟེང་དུ་བསམ་པར་བྱ། །འདི་ནི་འཁོར་ལོ་གཞོན་ནུ་སྟེ། །བུཌྜྷ་ཀཱི་ལ་ཡ་ཞེས་བྱ། །མདུན་རྒྱབ་གཡས་གཡོན་གནས་བཞི་རུ། །བཛྲ་ཀཱི་ལ་ཡ་སོགས་བསྒོམ། །སྙིང་གར་ཧཱུཾ་མཛད་ཡབ་ཡུམ་སོགས། །སྔར་བཤད་བཞིན་དུ་བསྒོམ་བྱ་སྟེ། །ཨཱོཾ་དཀར་འཁོར་ལོ་འབར་བར་བསམ། །ཕུང་པོ་འཁོར་ལོས་གཏམས་བྱས་ནས། །རྣམ་པར་ཤེས་པ་འཁོར་ལོར་བསྒོམ། །ཨཱོཾ་བུཌྜྷ་ཀཱི་ལ་ཀཱི་ལ་ཡ་སརྦ་ཤཱནྟིཾ་ཨོཾ་ཧཱུཾ་ཕཊ། དངུལ་ལམ་དཀར་པོའི་ཤིང་རྣམས་ལ། །ཟླུམ་པོར་འདུས་རྫས་ལས་ལ་མངག །ཡུལ་གསུམ་མཚན་མ་བརྟན་གྱུར་ན། །ལྷ་ཀླུ་གནོད་སྦྱིན་བགེགས་རིགས་དང་། །འདུ་བ་བཞི་གྱུར་ཡན་ལག་ནད། །འཇིགས་དང་དུས་མིན་འཆི་བ་བརྒྱད། །མི་དགེ་གནོད་པའི་ལས་ལ་སོགས། །མ་ལུས་ཞི་བའི་ཕྲིན་ལས་སོ། །རིན་ཆེན་ཁྲོས་པས་ང་རྒྱལ་གཅོད། །མཚོན་ཆེན་སེར་པོ་འབར་ལྟ་བུ། །ནམ་མཁའི་དབྱིངས་ནས་ཐིགས་པར་ཤར། །རྟོག་མེད་ཏྲཱཾ་གྱིས་དངོས་པོ་སྦྱང་། །ཁ་དོག་རིན་ཆེན་ཏྲཱཾ་སེར་པོས། །དཔྲལ་བའི་དབུས་སུ་བསམ་པར་བྱ། །འདི་ལས་རིན་ཆེན་གཞོན་ནུ་སྟེ། །རཏྣ་ཀཱི་ལ་ཡ་ཞེས་པའོ། །བུཌྜྷ་ཀཱི་ལ་ཡ་སོགས་དང་། །ལྟེ་བར་ཧཱུཾ་མཛད་ལ་སོགས་བསྒོམ། །གསེར་མདོག་ཏྲཱཾ་ལས་རིན་ཆེན་འབར། །ལུས་ཀུན་རིན་ཆེན་འབར་བས་གཏམས། །རྣམ་པར་ཤེས་ཀུན་རིན་པོ་ཆེ། །ཨཱོཾ་རཏྣ་ཀཱི་ལི་ཀཱི་ལ་ཡ་སརྦ་པུཥྚིཾ་ཏྲཱཾ་ཧཱུཾ་ཕཊ། གསེར་རམ་སེར་པོའི་ཤིང་རྣམས་ལ། །གྲུ་བཞི་གནས་པའི་རྫས་ལ་མངག །ཡུལ་གསུམ་མཚན་མ་རབ་བརྟན་ནས། །ཚེ་དང་ལོངས་སྤྱོད་དབང་ཕྱུག་དང་། །བསོད་ནམས་ཡེ་ཤེས་དྲེགས་པ་དང་། །དཔལ་དང་འབྱོར་པ་རིགས་འཛིན་དང་། །དགའ་བདེ་རང་གཞན་ཕུན་ཚོགས་པ། །ཀུན་ཏུ་རྒྱས་པའི་ཕྲིན་ལས་སོ། །པདྨ་ཁྲོས་པས་འདོད་ཆགས་གཅོད། །མཚོན་ཆེན་དམར་པོ་འབར་ལྟ་བུ། །ནམ་མཁའི་དབྱིངས་ནས་ཐིགས་པར་ཤར། །མི་རྟོག་ཧྲཱྀཿཡིས་དངོས་པོ་སྦྱང་། །


DNG015_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་པདྨ་ཧྲཱྀཿདམར་པོ། །མགྲིན་པའི་མཚམས་སུ་རབ་ཏུ་བསྒོམ། །འདི་སྦྱོར་པདྨ་གཞོན་ནུ་སྟེ། །པདྨ་ཀཱི་ལ་ཡ་ཞེས་བྱ། །མདུན་རྒྱབ་གཡས་གཡོན་གནས་བཞི་ན། །རཏྣ་ཀཱི་ལ་ཡ་སོགས་བསྒོམ། །དཔྲལ་བར་སྣང་མཛད་ཡབ་ཡུམ་བསྒོམ། །གཞན་ཡང་རང་གི་གནས་སུ་བསྒོམ། །དམར་གསལ་ཧྲཱྀཿལས་པདྨ་འབར། །ཕུང་པོ་པདྨའི་རང་བཞིན་ཏེ། །རྣམ་པར་ཤེས་པ་པདྨའོ། །ཨོཾ་པདྨ་ཀཱི་ལི་ཀཱི་ལ་ཡ། སརྦ་བ་ཤཾ་ཧྲཱྀཿཧཱུཾ་ཕཊ། ཟངས་སམ་དམར་པོའི་ཤིང་རྣམས་ལ། །ཟླ་གམ་དབྱིབས་ཀྱི་རྫས་ལ་མངག །ཡུལ་གསུམ་མཚན་མ་བརྟན་ཐོབ་ནས། །ཕྱི་རོལ་བརྟན་པའི་སར་བཞུགས་དང་། །ལོག་པར་བལྟ་དང་ཐེ་ཚོམ་ཅན། །ང་རྒྱལ་དྲེགས་པས་ཁེངས་པ་དང་། །ཆེ་བཙན་མཐོ་བཙུན་ལྡན་པ་དང་། །གདུག་རྩུབ་གནོད་སྦྱོར་འཚེ་བ་དང་། །འགྱུར་རློམ་སེམས་དང་ལྡན་པ་དག །མོས་ཤིང་འདུད་པས་དབང་དུ་སྡུད། །རྒྱ་གྲམ་ཁྲོས་པས་ཕྲག་དོག་གཅོད། །མཚོན་ཆེན་ལྗང་གུ་རབ་འབར་བ། །ནམ་མཁའི་དཀྱིལ་ནས་ཐིགས་པར་ཤར། །རྟོག་མེད་ཧཱ་ཡིས་དངོས་པོ་སྦྱང་། །སྐུ་རྫོགས་ལས་ལ་བྱུང་བ་ནི། །རྒྱ་གྲམ་བརྟན་པར་ཧཱ་ལྗང་གུ། །ལུས་ཀྱི་སྒོ་རུ་ཤར་བ་དང་། །འཕྲོ་འདུ་གསལ་བའི་ཕྱག་རྒྱ་ཡིས། །ཡེ་ཤེས་སེམས་དཔའ་ཡབ་ཡུམ་བཞི། །གསང་བའི་གནས་སུ་བསམ་པར་བྱ། །མདུན་རྒྱབ་གཡས་གཡོན་གནས་བཞི་རུ། །པདྨ་ཀཱི་ལ་ཡ་སོགས་དང་། །རིགས་ཀྱི་སྲས་བཞི་བསྒོམ་པར་བྱ། །ཕྲིན་ལས་གཞོན་ནུ་རབ་སྦྱོར་བས། །ཀརྨ་ཀཱི་ལ་ཡ་ཞེས་བྱ། །སྙིང་གར་ཧཱུཾ་མཛད་ཡབ་ཡུམ་དང་། །གནས་གཞན་སོ་སོར་ཁྲོ་ཚོགས་བསྒོམ། །ཧཱ་ལྗང་རྒྱ་གྲམ་འབར་བ་ཡིས། །ལུས་ཀྱི་ཕུང་པོ་རབ་ཏུ་གཏམས། །རྣམ་ཤེས་རྒྱ་གྲམ་རལ་གྲི་སྟེ། །ཨོཾ་ཀརྨ་ཀཱི་ལི་ཀཱི་ལ་ཡ་སརྦ་མཱ་ར་ཡ་ཧཱུཾ་ཕཊ། ལྕགས་སམ་ནག་པོའི་ཤིང་རྣམས་ལ། །གྲུ་གསུམ་དབྱིབས་ཀྱི་རྫས་ལ་མངག །ཡུལ་གསུམ་མཚན་མ་གསལ་བ་དང་། །ལུས་ཅན་ལུས་མེད་རབ་རྒྱུ་བའི། །འཇིག་སྨོད་སྙོམས་དང་གནོད་


DNG015_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་འཚེ། །བར་གཅོད་སྒྲོལ་བའི་ཕྲིན་ལས་སོ། །ཕྲིན་ལས་འདི་དག་ཁྱད་པར་ནི། །ཤར་ལྷོ་ནུབ་བྱང་འཇམ་དང་སྡུག །མཛེས་དང་རྩུབ་པ་ཁྱད་པར་གནས། །དགེ་སྦྱོང་རྒྱལ་པོ་བྲམ་ཟེ་དམངས། །རྒན་པོ་དར་མ་བུད་མེད་དང་། །རྒྱུད་རྩུབ་ལྡན་པ་གནད་ཡིན་ནོ། །གཙོ་ཆེན་ལས་ནི་རིགས་ཀྱི་སྲས། །གནས་པ་སོ་སོར་སྦྱོར་བའི་མཆོག །ཕྲིན་ལས་ཐ་དད་སྦྱོར་བ་ཡིས། །ལམ་ལྔ་སྐུ་ལྔ་ཡེ་ཤེས་ལྔ། །རིགས་ལྔའི་ཚུལ་གྱིས་བགྲོད་ཅིང་བསྒྲུབ། །ཉོན་མོངས་ཡུལ་རབ་ལྟོས་པ་ཡིས། །རིགས་ཀྱི་བདག་པོ་སྦྱོར་བ་ལ། །གང་ལ་གང་གིས་གང་གི་ཕྱིར། །རིག་པ་འཛིན་པ་རྣལ་འབྱོར་ཆེ། །མཁས་རྟོགས་ཤེས་རབ་ལྡན་པས་སྤྱོད། །ཅེས་བཀའ་སྩལ་ཏོ། །ཕྲིན་ལས་འདུས་པ་རྩ་བའི་རྒྱུད་ལས། རིགས་འཛིན་ཐ་དད་ཀྱི་སྒོ་ནས་ཕྲིན་ལས་བཞི་སོ་སོར་བསྟན་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་ཁྲོ་བོའི་རྒྱལ་པོ་ཡིས། །ཕྱི་མའི་དུས་ན་རིག་པ་འཛིན། །སྐྱེས་བུ་ཆེན་པོ་རྣམས་ཀྱིས་ནི། །ང་ཡི་བསྟན་པ་འཛིན་ཅིང་བསྲུང་། །དེ་ཕྱིར་དེ་ཡི་ཚུལ་བཤད་དེ། །སྲིད་པ་ལས་ཀྱི་མཐུ་རྩལ་ཅན། །བཅུ་གཉིས་ལྕམ་དྲལ་བཅས་པ་ཡིས། །དམ་ཚིག་ཆོ་ག་རབ་སྦྱོར་བས། །རྗེས་སྤྱོད་ང་ཡི་རྣལ་འབྱོར་ཡིན། །གཟུགས་བརྙན་ཆེན་པོའི་དྲུང་དུ་ནི། །ཨེ་བདུན་བསྣོལ་བའི་ཕོ་བྲང་བརྩེག །གཅོད་སྲེག་བརྟན་པ་རྣམས་ཀྱིས་བསྐོར། །གསེར་དངུལ་ཟངས་ལྕགས་རིན་ཆེན་དང་། །ཁྲག་ཞག་འོ་མ་མར་གྱི་མཚོ། །མི་རྟ་མྱུར་དུ་བསྒྲལ་བའི་ཁྲག །གསུམ་གྱི་ཕོ་བྲང་གསུམ་དུའོ། །ལྕགས་ལས་བྱས་པའི་ཕུར་པ་ནི། །དྲག་པོའི་གཟུགས་ཅན་སོར་བརྒྱད་པ། །དུར་ཁྲོད་རྒྱུ་བའི་མགོ་ནང་དུ། །ཝ་དང་སྤྱང་ཁྱི་འཕར་བ་ཁྱམ། །ཙིཏྟ་བཙལ་ཏེ་གནས་སུ་དགོད། །རིན་ཆེན་སྣ་བཞིའི་དབུས་སུ་དགོད། །ཀླ་ཀློའི་ཡུལ་ནས་ཐོད་པ་རུ། །རིགས་གཉིས་བོང་བུ་བྱ་ལུག་སྙིང་། །སྩལ་བ་མཚོན་ཆེན་གནས་སུ་དགོད། །རིན་ཆེན་མཚན་ལྡན་སྣོད་ནང་དུ། །མི་དབང་ཙིཏྟ་ཤ་ཁྲག་བཅས། །སུལ་བཞི་ཕུར་པ་ལ་བཏོད་དོ། །མིང་གི་རྒྱུད་མེད་རིགས་མེད་ཀྱི། །


DNG015_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་པར་རྡོ་ཐུན་ཁྲག་ཐུན་དང་། །སྐྱེ་སྒོའི་ཁྲག་ཐུན་རིམ་བཞིན་བསག །སྲིན་མོ་བཅུ་གཉིས་འདི་ལ་བརྟེན། །དྲག་པོ་དཀར་དམར་ནག་པ་ཡིས། །རྒྱལ་བུ་ཨེ་ཡི་མཚམས་གསུམ་ལ། །གླིང་བཞི་རི་རབ་ས་རྡོས་བྱས། །གཅན་གཟན་འདབ་ཆགས་རྒྱལ་མཚན་འཕྱར། །བཤོས་ཆང་མཆོད་ཚོགས་རྒྱན་ལྡན་དགོད། །ང་རྒྱལ་ཆེན་པོ་རབ་ལྡན་པས། །ལྕམ་སྲས་བོད་ཅིང་ལས་ལ་རྦད། །སྦྱོར་བའི་སྒྲོལ་བ་རབ་ཏུ་བསྐུལ། །ཨོཾ་ཤྭ་ན། ཤ་ན། སྲི་ལ་སྲི་ཀ །མུ་ཀ་ཧཱུཾ་ཛཿ། ཏྲག་རགྴ་རུ་ཏྲ་བི་རུ་བིན་ནན་མུག་ཏི་བཾ་མ་མ་རུ་ལུ་རུ་ལུ་བྷྱོ། པདྨ་དྷ་རི་རུ་མ་ཏི་ཙི་ལ་བྷྱོ། ཧུ་ལུ་ཀྱི་ཧུ་མེ་སེན་ཛ་ཛ། མུ་ཏི་དུ་རུ་ཙ་ས་ལ་མི་ཛ་ཛཱ། ཡ་མ་ཀྵེ་ཡཀྴ་དྷི་བཀྵེ་བག་ཤ་བ་ར་ཧི་ཀྵྀ་ཏྲག་ཚལ་པ་དུམ་བུ་རུ་ཤག་བྷྱོ། སོ་སོའི་གནས་ནས་དྲང་བར་བྱ། བཛྲ་ཤྭ་ན་ཤྭ་ན་སྲི་ལ་སྲི་ཀ་ཀ་པ་ཙིཏྟ་ནྲྀ་ཛཿ། ཤ་ལ་བྷྱོ་བྷྱོ། མ་ཧཱ་ཡཀྴ་སྣ་ནག་མོ་དུན་བྷྱོ། མ་མ་ནྲྀ་ཤ་ཙིཏྟ་མ་ཛཿ། རྦད་ལིང་ཀ་མཱ་ར་ཡ་བྷྱོ། རག་མོ་ཡག་མོ་རོ་ཤ་ཐུན། ཡཀྴ་ཙིཏྟ་ཤད་ཤད་བྷྱོ་བྷྱོ། པྲ་མུན་ཙ་མུན་ཤུ་ལ་ཀོ་མུན་ཧ་རི་མ་མཱ་ར་ཡ་རྦད་བྷྱོ། ཞེས་པས་དམིགས་པའི་ཡུལ་ལ་རྦད། བཛྲ་ཤྭ་ན་མུ་ཁ་ཤ་ན་མུ་ཁ་ཤྭི་ལ་མུ་ཁ་སྲི་ཀ་མུ་ཁ་ཙིཏྟ་པ་མུག་མུག་ཐུཾ་རྦད་ཐུཾ་རྦད། ཐིབ་ཐིབ་ཡཾ་ཡཾ་ཙིཏྟ་ལ་ཐུཾ་རྦད་རྦད། ཏྲག་རགྴ་མ་མ་རུ་ཏི་རེ་མ་ཏི་མཱ་ར་ཡ་ཙིཏྟ་ལ་མུག་ཐུམ་རྦད་ཡཾ། ཏྲག་རག་ཤ་རུ་ཏི་རེ་མ་ཏི་མཱ་ར་ཡ་ཙིཏྟ་ལ་གཏུབ་གཏུབ། ཏྲག་རག་ཤ་རུ་ཏི་རེ་མ་འཛུ་ཙིཏྟ་རིལ་རྦད། རག་ཤ་རུ་ཏི་ཐུཾ། ཏྲག་རག་ཤ་རུ་ཏི་རེ་མ་ཛཱ་ཙིཏྟ་ཐུཾ་ཡཾ་རིལ་རྦད་ཐུཾ། རག་མོ་ཙི་བི་རི་མ་ར་མ་ཐུཾ་རྦད། ཡག་མོ་ཙི་བི་རི་མ་ར་ཡ་ཐུཾ་རྦད། གརྫ་ཙི་བི་རི་མཱ་ར་ཡ་ཧུ་ར་ཐུཾ་རྦད། ཧུ་ལུ་མ་ཙི་བི་རི་མཱ་ར་ཡ་ཧཱུཾ་ཐུཾ་རྦད། ཕུང་པོ་མྱུར་དུ་བསྒྲལ་བར་བྱ། །དྲག་པོ་རྣམས་ཀྱིས་དམོད་པ་ནི། །བཛྲ་སུ་ཏྲི་བ་ཨ་བ་ར་ཙིཏྟ་ཏྲི་ཙ་པ་ལ་མ་ཤ་ཙིཏྟ་ཧཱུཾ་ཕཊ། ནྲྀ་ཛཿམཱ་ར་ཡ་དུ་ཡ་མ་ཙིཏྟ་རཀྟ་ཚལ་པ། དུ་མ་པྲ་མ་དུ་ཙི་ཏ་ལ་ཁུག །བམ་རིལ། མ་ར་པྲ་མ་ཨ་པ་ར་ཛི་ཏ། ཨ་ཏྲི་ས་མ་ནྲྀ་ཛ། དུན་དུན་ནྲྀ་ཛ་རྦད་ཐུཾ།


DNG015_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱི་རིམ་པའི་རྗེས་སུ་བརྩམ། །བརྡེགས་ཤིང་བརྡེག་པ་འཕང་བསྲེག་དང་། །གཟིར་བའི་ལས་ཀྱིས་ཚར་གཅད་པ། །འདི་ནི་ལུས་ངག་ཡིད་གསུམ་ལྡན། །ཤིན་ཏུ་དམིགས་པས་མྱུར་དུ་འགྲུབ། །ཕྱི་ནང་གསང་བ་རྟགས་དང་ཚད། །མངོན་སུམ་བཞིན་དུ་གསལ་བར་སྦྱར། །ཐོགས་པ་མེད་པར་ལས་འགྲུབ་བྱེད། །ཕྲིན་ལས་གཅོད་པའི་མདོ་ཡིན་ནོ། །ཞེས་བཀའ་སྩལ་ཏོ། །ཕྲིན་ལས་འདུས་པ་རྩ་བའི་རྒྱུད་ལས། སྤྲུལ་པའི་ཕྱག་བརྙན་དམ་ཚིག་ཆེན་པོའི་ཕྲིན་ལས་ཀྱི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་ཁྲོ་བོའི་རྒྱལ་པོ་ཡིས། །རྒྱུད་དོན་ཉེ་བར་བསྡུས་ཏེ་བཤད། །རྣལ་འབྱོར་ཡེ་ཤེས་རང་རིག་པའི། །བདག་ཉིད་དཀྱིལ་འཁོར་རྩ་བ་སྟེ། །གཞོན་ནུ་རིགས་ཀྱི་གཙོ་བོ་ལྔ། །དུས་གསུམ་སངས་རྒྱས་སྲས་མཆོག་རྣམས། །ཀུན་སྦྱོར་ཉིས་བརྒྱ་ལྔ་བཅུར་རྫོགས། །ཁྲོ་ཆེན་ཕྱོགས་བཅུའི་དཀྱིལ་འཁོར་དུ། །ཡབ་ཡུམ་ཉེ་བའི་སྲས་གཉིས་ལས། །སྤྲུལ་པ་དང་ནི་ཉེ་བར་སྤྲུལ། །ཐུགས་ཀྱི་བདག་དང་བཅས་པ་ཡི། །བརྒྱ་དང་བཅུ་ཡི་ལྷ་རྣམས་སྣང་། །མངོན་པར་སྤྱོད་པ་ལ་སོགས་པའི། །འདུས་བྱས་ལྔ་རྣམས་གཟུགས་བརྙན་ལ། །ཁྲོ་ཆེན་ཞལ་གསུམ་ཕྱག་དྲུག་ལྡན། །སོ་སོའི་རིགས་ཀྱི་གཙོ་ཆེན་ལྔ། །གང་གིས་འདུལ་བ་དེར་སྣང་ཞིང་། །ཞི་དང་དབང་རྒྱས་དྲག་པོ་ཡིས། །སོ་སོའི་ཕྲིན་ལས་ངོར་འབྱུང་སྟེ། །དབྱིབས་དང་ཁ་དོག་རྫས་དང་སྦྱར། །སྐུ་སྨད་རང་གི་རྒྱུ་ལས་གྲུབ། །འོག་གཉིས་སྐྱེད་པ་ཞབས་ཀྱི་དབྱིབས། །ཟླུམ་པོ་གྲུ་བཞི་ཟླ་ཁམ་དང་། །གྲུ་གསུམ་རྣམས་ནི་ཁྱད་པར་ཡིན། །སྟེང་འོག་ཞི་བ་ཟླུམ་པོ་སྟེ། །ལོགས་བཞི་རྒྱས་པ་སྐྱེད་པ་དབང་། །ཟུར་རྣམས་དྲག་པོ་ཉིད་ཡིན་ནོ། །གོང་མའི་གནས་ལ་གཞལ་མེད་ཁང་། །འཁོར་ལོ་རྩིབས་བརྒྱད་ལྡན་པ་ལ། །ལྟེ་བར་གཙོ་བོ་ཡབ་ཡུམ་བསྒོམ། །རྩིབས་ལ་ཕྱོགས་མཚམས་ཁྲོ་བོ་བརྒྱད། །ཡབ་ཡུམ་སྟེང་འོག་གནས་སུ་ནི། །ཧཱུཾ་མཛད་དང་ནི་སྟོབས་པོ་ཆེ། །ཡབ་ཡུམ་སྲས་དང་བཅས་པའོ། །སྐྱེད་


DNG015_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཟླ་ཁམ་གནས་སུ་ནི། །ཁྲོ་བརྒྱད་ཀྱིས་ནི་སྲས་ཀུན་གནས། །འོག་མིན་གནས་སོགས་བཞི་ལ་ནི། །ཕྲ་མེན་སྒོ་མ་དབྱུང་ཞིང་བསམ། །རྩ་བ་ལ་སོགས་གནས་དེ་ལ། །འཇིག་རྟེན་གནས་པ་བཅུ་གཉིས་སོ། །ལྕམ་དྲལ་ཉི་ཤུ་རྩ་བཞི་སྟེ། །དབྱིབས་དང་སྦྱར་བའི་གནས་སུ་བསམ། །གོང་མའི་གནས་ཀྱི་ལོགས་བཞི་རུ། །རིགས་དང་ཕྲིན་ལས་རབ་ཕྱེ་བའི། །ལྷག་མའི་སྲས་མཆོག་བསྒོམ་པ་སྟེ། །བདུན་ཅུ་རྩ་བརྒྱད་ཕྱུང་བ་ཡིས། །རྫས་ལ་དམིགས་པའི་དཀྱིལ་འཁོར་རྫོགས། །འདི་དག་མེ་ལོང་གཟུགས་བརྙན་བཞིན། །རང་བཞིན་མ་གྲུབ་སྣང་བ་ནི། །ཆོས་སྐུ་སྐྱེ་མེད་ཕུར་པའོ། །མ་ལུས་སྐུ་ལ་རབ་རྫོགས་པ། །ལོངས་སྤྱོད་རྫོགས་སྐུའི་ཕུར་པ་གྲུབ། །བ་སྤུའི་བུ་གའི་ཚུལ་ཐམས་ཅད། །འབར་བའི་ཁྲོ་ཆུང་གཏམས་པ་ནི། །བདག་གཞན་མ་ལུས་དོན་བྱེད་པས། །ཕུར་པ་སྤྲུལ་པའི་སྐུ་ཡི་མཆོག །སྐུ་གསུམ་ཡོངས་རྫོགས་དཀྱིལ་འཁོར་ཆེ། །རང་བྱུང་ཡེ་ཤེས་གནས་ལ་འདུ། །འདི་ནི་སྐུ་ཡི་དཀྱིལ་འཁོར་ཡིན། །རིགས་ལྔ་འབྲུ་དགུ་ཀཱི་ལ་ཡ། །ཐམས་ཅད་གསུང་གི་དཀྱིལ་འཁོར་གསལ། །བྲིས་ཏེ་ཡིག་འབྲུ་དགོད་པ་དང་། །ཕུར་བུ་དགོད་ཅིང་དངོས་གྲུབ་བླང་། །ཐུགས་ཀྱི་དཀྱིལ་འཁོར་རྩ་བ་ལྔ། །བྲིས་ཏེ་ཕྱག་མཚན་སོ་སོར་དགོད། །མཆོད་ཅིང་ལས་བཅོལ་དངོས་གྲུབ་བླང་། །གཙོ་མོ་ཡུམ་གྱི་སྤོགས་པ་ཡིས། །དཀྱིལ་འཁོར་གནས་སུ་བྲི་བྱ་ཞིང་། །ལྷ་དགོད་རྫས་སྤྱད་བསྐུལ་བས་རྫོགས། །བསྒོམས་ཤིང་དགོད་པའི་ཏིང་ངེ་འཛིན། །བསྐུལ་ཞིང་ཡོན་ཏན་ལྡན་པ་ཡིས། །རྫས་ཀྱི་དཀྱིལ་འཁོར་ཚུལ་བཞིན་དབྱུང་། །ཉི་ཤུ་རྩ་གཅིག་ཨེ་ཡི་དབྱིབས། །ཚད་དང་ལྡན་པ་རྫས་དགོད་ཅིང་། །དངོས་གྲུབ་བླང་བར་ཐ་དད་དོ། །རྫས་བསག་བསྐྱེད་ཅིང་ཚད་ལྡན་བྲི། །རྒྱན་རྟགས་དགོད་པས་འཆོལ་པ་རྫོགས། །སྟོང་དང་རྩ་བརྒྱད་བསྒྲུབ་པའོ། །དཀྱིལ་འཁོར་བྱང་ཆུབ་སེམས་ལས་བྱུང་། །ལས་ཀྱི་དཀྱིལ་འཁོར་བརྩིག་པ་དང་། །བསག་མཆོད་གསད་པའི་རྒྱུ་དང་ནི། །ཆོས་


DNG015_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་ཕ་རོལ་བསྐུལ་བ་ཡིས། །གཟུགས་བསྲེག་གནས་སྤར་ལས་རྣམས་ཀྱིས། །མ་ལུས་འདུས་པར་བརྒྱད་དུ་བསྟན། །རིགས་ཅན་ལྔ་ལ་ཀུན་སྦྱངས་པས། །བསྙེན་བསྒྲུབ་སྐུ་གསུང་ཐུགས་ཀྱི་ངང་། །ཐིག་ལེ་གཅིག་ལ་རབ་ཏུ་འདུས། །ཞེས་བཀའ་སྩལ་ཏོ། །ཕྲིན་ལས་འདུས་པ་རྩ་བའི་རྒྱུད་ལས། ཁྱད་པར་གྱི་རིགས་ཀྱི་དཀྱིལ་འཁོར་སྤྲོ་བའི་ཕྲིན་ལས་ཀྱི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་ཁྲོ་བོའི་རྒྱལ་པོ་ཡིས། །རང་གི་འདུས་པའི་འཁོར་ཚོགས་ལ། །ཤིན་ཏུ་གདམས་པ་འདི་སྐད་གསུངས། །ཀྱེ་མ་སྲས་མཆོག་འཁོར་གྱི་ཚོགས། །སྤྲུལ་པ་ཕོ་ཉར་བཅས་པ་རྣམས། །སྙིགས་མའི་སེམས་ཅན་གདུལ་དཀའ་བ། །ཐུགས་རྗེའི་ཐབས་ཆེན་སྣ་ཚོགས་ཀྱིས། །ང་ཡི་སྐུ་གསུང་ཐུགས་ཀྱི་བདག །ཐམས་ཅད་དུ་ནི་སྣང་ཞིང་སྟོན། །བདག་གི་དོན་དུ་བཞུགས་སོ་སྙོམས། །རང་གི་རྣམ་རྟོག་ཉེ་བར་གནས། །ཁ་ཅིག་ཏུ་ནི་དགེ་སྦྱོང་ཆེ། །ཉན་ཐོས་རང་རྒྱལ་སྤྱོད་པ་སྟོན། །ལ་ལར་བྱང་ཆུབ་སེམས་དཔའ་ཡི། །སྤྱོད་པ་རླབས་ཆེན་ནུས་པར་མཛད། །ཁ་ཅིག་ལ་ནི་ལོངས་སྤྱོད་རྫོགས། །དཔེ་བྱད་བརྒྱད་ཅུར་ལྡན་པའི་སྐུ། །དུལ་བར་གནས་ལ་ཞི་བ་དང་། །གདུག་པ་ཅན་ལ་ཁྲོ་བོ་སྟེ། །ཞིང་ཁམས་རབ་ཏུ་བཀོད་པ་དང་། །གཞལ་མེད་ཁང་པའི་ཕོ་བྲང་རྫོགས། །གཉིས་མེད་སྦྱོར་བའི་ཚུལ་ཅན་དང་། །རྒྱན་གཅིག་ལྡན་པའི་སྐུ་ཡི་རིགས། །ཡབ་དང་ཡུམ་གྱི་རྣམ་པ་ཅན། །གང་གིས་འདུལ་བ་དེར་སྣང་ཞིང་། །རིགས་དྲུག་སེམས་ཅན་ཀུན་ལ་ཡང་། །རང་རིགས་གང་ཡིན་དེར་འབྱུང་བས། །ཚངས་པ་བརྒྱ་བྱིན་དབང་ཕྱུག་དང་། །གནོད་སྦྱིན་མཁའ་ལྡིང་མི་འམ་ཅི། །ལྷ་མིན་དྲི་ཟ་མི་རྣམས་དང་། །བྱོལ་སོང་ཡི་དྭགས་དམྱལ་བ་རྣམས། །སོ་སོར་གང་འདུལ་དེ་ཉིད་ཀྱིས། །རང་གི་རྡོ་རྗེ་འཛིན་པར་འགྱུར། །དམན་པ་རྣམས་ལ་རིམ་པ་སྟེ། །རྟག་པ་མ་ཡིན་སྡུག་བསྔལ་དང་། །མིར་སྐྱེ་སངས་རྒྱས་འབྱུང་བ་དང་། །ཕུན་སུམ་ཚོགས་པ་རྙེད་དཀའ་དང་། །སྐྱབས་འགྲོ་གསོ་སྦྱང་བསླབ་གནས་བཅུ། །ཀུན་


DNG015_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

རྫོབ་དོན་དམ་རང་བཞིན་གྱིས། །སེམས་དབང་བསྒྱུར་ཏེ་བདག་མེད་པའི། །རྟོགས་པ་རབ་རྫོགས་དབུ་མ་སྟོན། །དེ་ནས་ལུས་ངག་བྱ་བ་དང་། །སྤྱོད་པ་རབ་སྒྲུབ་རྣལ་འབྱོར་སྟོན། །བསྐྱེད་པའི་རིམ་པ་རྣལ་འབྱོར་ཆེ། །དེ་ཡི་རྗེས་སུ་རྣལ་འབྱོར་དང་། །རབ་ཏུ་རྫོགས་པའི་རྣལ་འབྱོར་དག །ཐབས་དང་ཤེས་རབ་འཇུག་པས་དོན། །སྐུ་ལྔ་ཆོས་ལྔ་ཡེ་ཤེས་ལྔ། །ལམ་ལྔ་རིགས་ལྔ་དག་པ་ལྔ། །ས་བཅུ་སྟོབས་བཅུ་མ་འདྲེས་པ། །བཅོ་བརྒྱད་ངེས་པར་འབྱུང་བ་དང་། །བསྐལ་པ་ཆེན་པོ་གྲངས་མེད་གསུམ། །སྐད་ཅིག་ཙམ་ལ་རྫོགས་པར་བྱེད། །བློ་དང་དབང་པོ་བསམ་པ་དང་། །ཐ་མ་འབྲིང་དང་མཆོག་གྱུར་ལ། །ཚད་མེད་རྣམས་ཀྱི་ཁྱད་པར་གྱིས། །བརྟན་དང་ཐོབ་པ་དུས་གཅིག་དང་། །ཚེ་གཅིག་སྲིད་པ་བར་མ་དང་། །གསུམ་མམ་ལྔ་འམ་བདུན་དག་གིས། །རང་གི་ས་ལ་གནས་པར་སྟོན། །འབྱུང་བ་ཆེན་པོ་རྣམས་ཀྱིས་མཐུ། །ཕན་ཚུན་ལོག་པར་ཕྱིན་སྲིད་དེ། །གདུལ་བར་བྱ་བའི་སྲས་རྣམས་ལ། །དུས་ལ་བབ་པ་གང་ཞིག་ན། །སངས་རྒྱས་རྣམས་ནི་ཅུང་མི་འདའ། །ང་ཡི་ཡེ་ཤེས་ཚུལ་འདི་ལ། །ཁྱེད་རྣམས་འཇིགས་པར་མ་བྱེད་ཅིག །ཅེས་བཀའ་སྩལ་པ་དང་། འཁོར་འདུས་པ་ཆེན་པོ་རྣམས་ཀྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་སྐུ་གསུང་ཐུགས་ཀྱི་བདག་པོ་ཁྲོ་བོ་ཆེན་པོའི་རྒྱལ་པོ་ཆེན་པོ་དེ་ཉིད་ཕྲིན་ལས་ཀྱི་རྣམ་པར་རོལ་པ་ཆེན་པོའི་སྒོ་ནས། ཡུལ་གདུག་པ་ཅན་འདུལ་བའི་རིགས་རྣམས་ཀྱི་དོན་རབ་ཏུ་རྫོགས་པར་མཛད་པ་ལ་རྗེས་སུ་ཡི་རང་བ་རྒྱ་ཆེའི་སྒོ་ནས་བསྟོད་པ་ནི། ཀྱེ་མ་བཅོམ་ལྡན་རིག་པའི་རྒྱལ་པོ་ཁྲོ་བོའི་རྗེ། །དུས་གསུམ་སངས་རྒྱས་རྣམས་ཀྱི་སྤྱི་དཔལ་ཆེན་པོ་ཧེ་རུ་ཀ །རིག་པའི་རྒྱལ་པོ་སྐུ་ལྔ་ཡེ་ཤེས་ལྔ་རྫོགས་ལྷུན་གྲུབ་ཅིང་། །དཀྱིལ་འཁོར་གསུམ་ལྔ་བརྒྱད་ཀྱི་ངོ་བོར་སྐུ་ལ་རབ་འདུས་རྡོ་རྗེ་འཆང་། །ཕྲིན་ལས་བཞི་དང་གཙོ་ཆེན་དྲག་པོ་མངོན་འབྱུང་སྦྱིན་མཛད་པའི། །གཞོན་ནུ་ལྔ་ལྡན་མྱུར་འབྱུང་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །དེ་ནས་བཅོམ་ལྡན་
འདས་ཀྱིས། འཁོར་འདུས་པ་ཆེན་པོ་དེ་དག་ཉིད་ཀྱི་སྐུ་ལ་རབ་ཏུ་བསྡུས་ཏེ། སྐུ་ལས་འོད་ཟེར་གྱི་ཚོགས་ཆེན་པོ་སྣང་བར་མཛད་ནས། མི་གནས་པའི་དབྱིངས་ཆོས་ཉིད་མཉམ་པ་ཉིད་སྤྲོས་པ་དང་བྲལ་བའི་ངང་ལ་དགེས་པ་ཆེན་པོས་བཞུགས་པར་གྱུར་ཏོ། །ཕྲིན་ལས་འདུས་པ་རྩ་བའི་རྒྱུད་ལས། ཕྱི་མའི་ཚུལ་ངེས་པར་འབྱུང་བར་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།བཅོམ་ལྡན་འདས་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་འདུས་པ་ཕུར་པ་རྩ་བའི་རྒྱུད། བི་དྱོཏྟ་མ་འབུམ་སྡེ་ལས་བསྡུས་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་། བོད་ཀྱི་ལོཙྪ་བ་བཻ་རོ་ཙ་ན་བདག་གིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །རྒྱལ་པོའི་བླ་དཔེ། གཏེར་རྒྱ། སྦས་རྒྱ། གཏད་རྒྱའོ། །རྒྱ་རྒྱ་རྒྱ།། །།

མ་མོ་འདུས་པ་རྩ་བའི་རྒྱུད་ཅེས་བྱ་བ།


DNG015_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། མ་མ་ས་མཱ་ཛ་མཱུ་ལ་ཏནྟྲ་ནཱ་མ། བོད་སྐད་དུ། མ་མོ་འདུས་པ་རྩ་བའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་མངོན་རྫོགས་རྒྱལ་པོ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བླ་ན་མེད་པ་མངོན་པར་རབ་ཏུ་རྫོགས་པའི་རྡོ་རྗེ་ཧེ་རུ་ཀ་ཞེས་བྱ་བ་དེ། ཐིག་ལེ་ཆེན་པོ་མཉམ་པ་ཉིད་ཀྱི་ངང་དུ་སྲིད་པའི་ཆོས་ཀྱི་བསྡུས་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་རྡོ་རྗེའི་རང་བཞིན་དུ་གནས་རིན་པོ་ཆེ་ལས་གྲུབ་པའི་རི་རབ་ཆེན་པོའི་རྩེ་མོ་ལྷའི་རྒྱལ་པོའི་གནས། བདེ་བ་ཆེན་པོའི་ཀློང་། ཡུམ་ཆེན་མོ་དེ་ཁོ་ན་ཉིད་ཀྱི་གཞིར་གྱུར་པ་མུ་ཁ་ལེ་དགོངས་པ་མ་ལུས་པར་ཤར་བའི་ཀློང་། བྷ་ག་ཡངས་པའི་དབྱིངས་རྣམ་པར་དག་པའི་རང་བཞིན་ཕྱོགས་བཅུའི་ནམ་མཁའི་ཁམས་ཡོངས་སུ་ཁྱབ་པའི་གནས་ན་སྙོམས་པར་ཞུགས་ཏེ་བཞུགས་ནས། རབ་ཏུ་གསང་བའི་དབང་ཕྱུག་ཡེ་ཤེས་ཀྱི་རྡོ་རྗེ་ཤུགས་ཆེན་པོ་འཆང་བ། པདྨའི་དབྱིངས་རྣམ་པར་དག་པའི་ཀློང་ཆེན་པོ་དང་གཉིས་སུ་མེད་པའི་འཕྲོ་འདུ་དུས་གསུམ་དུ་རྒྱུན་མི་ཆད་པར་


DNG015_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

བཀྱེ་བ་ལས། བྱིན་གྱིས་རླབས་ཀྱི་ཆོ་འཕྲུལ་ཆེན་པོ་དཔག་ཏུ་མེད་པར་སྣང་བར་འདི་ལྟ་སྟེ། ས་ཆེན་པོ་དང་། མེ་ཆེན་པོ་དང་། ཆུ་ཆེན་པོ་དང་།རླུང་ཆེན་པོ་དག་གི་གནས་པ་དང་། བསྲེག་པ་དང་། གཤེར་བ་དང་།བསྐྱོད་ཅིང་གཡོ་བར་བྱེད་པའི་མཐུ་ཆེན་པོ་བསམ་གྱིས་མི་ཁྱབ་པ་སྣང་བ་ལས་སྲིད་པའི་འཇིག་རྟེན་བསྐྱེད་པའི་ས་བོན་དང་རྩ་བ་དང་། བཅུད་དང་བཅས་པ།དྭངས་མ་དང་འབྲས་བུར་བཅས་པ། ཡོན་ཏན་དང་ནུས་པ་རྫོགས་པ། ཕྱོགས་དུས་རབ་ཏུ་ཕྱེ་བ་མེད་པར་བཞུགས་པ་ལས། དབྱིངས་ཀྱི་ཡུམ་ཀུན་ཏུ་བཟང་མོ་སྲིད་པ་ཐམས་ཅད་ཀྱི་བདག་མོ། ཧེ་རུ་ཀ་ཐམས་ཅད་ཀྱི་ཡུམ་ཆེན་མོ། སངས་རྒྱས་ཐམས་ཅད་ཀྱི་རིག་པའི་དབང་ཕྱུག་མ། འཇིག་རྟེན་གྱི་ཁམས་ལས་འདས་པ་ཐམས་ཅད་ཀྱི་གཙོ་མོ། དེ་ཁོ་ན་ཉིད་ཀྱི་གཞི་མུ་ཁ་ལེ་ཞེས་བྱ་བ་དེ་ཉིད་རོལ་པ་ཆེན་པོ་གཉིས་སུ་མེད་པའི་ཏིང་ངེ་འཛིན་ལས་བཞེངས་ནས། བཅོམ་ལྡན་འདས་ལ་སྐུལ་བའི་དབྱིངས་ཀྱི་སྒྲ་ཆེན་པོས་གསོལ་བ་བཏབ་པ། ཨེ་མ་ཧོ། བླ་མེད་མངོན་རྫོགས་རྒྱལ་པོ་ཧེ་རུ་ཀ །སྣང་སྟོང་གཉིས་མེད་ཀུན་ལ་སྣང་བའི་སྐུ། །མཚན་མེད་སྤྲོས་བྲལ་མི་རྟོག་གྲགས་པའི་གསུང་། །བདེ་ཆེན་ཟག་མེད་ཟུང་འཇུག་ཁྱབ་པའི་ཐུགས། །མ་ལུས་རང་ལ་རྫོགས་པའི་ཡོན་ཏན་མངའ། །ཕྲིན་ལས་མཛད་ཕྱིར་རོལ་པའི་སྐུ་བཞེངས་ཤིག །ཨ་ལ་ལ་ཧོ། ཞེས་བསྐུལ་བ་མཛད་ནས། བཅོམ་ལྡན་འདས་དེས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཨེ་མ་ཧོ།སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་ངང་། །མཉམ་ཉིད་དབྱིངས་ཀྱི་ངང་ལས་མི་གཡོ་ཞིང་། །མ་རྟོགས་འཁོར་བ་ངང་གིས་བསྒྲལ་བ་ལས། །འཁྲུལ་པའི་བློ་ལ་དངོས་པོར་ཡོངས་མི་སྣང་། །གདུལ་བྱའི་བསམ་པ་རྣམ་དག་སོམ་ཉི་མེད། །དུས་ལ་མ་བབ་ཞི་བར་གནས་པར་བྱ། །ཞེས་བཀའ་སྩལ་ཏོ། །དེ་ནས་ཡང་ཡུམ་ཆེན་མོས་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ། དུས་གསུམ་སངས་རྒྱས་ཐུགས་རྗེ་ཆེན་པོ་ལས། །མ་ནོར་མ་ལུས་མི་ཟད་མཁྱེན་པ་ལས། །


DNG015_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་དང་མ་རྟོགས་ལོག་པའི་བློ་ཅན་ལ། །སོ་སོའི་སྟོན་པ་རིག་དབང་ཐུགས་ལས་ཕྱུང་། །ཡེ་ཤེས་རྩལ་གྱི་དགོངས་པ་དམིགས་མེད་ལས། །གང་ལ་བསྔགས་པའི་བསྟན་རབ་སྒོ་དབྱེར་གསོལ། །ཞེས་བསྐུལ་པས། བཅོམ་ལྡན་འདས་ཀྱིས་ཞལ་འཛུམ་པ་མཛད་དེ། དབྱིངས་ཀྱི་ཡུམ་ཆེན་མོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཨེ་མ་ཧོ།སྲིད་གསུམ་འཇིག་རྟེན་ཀུན་ན་རབ་བདེ་བའི། །ཁ་སྦྱོར་དགའ་བ་སྐད་ཅིག་གནས་སྐབས་བཞི། །འདོད་ཆགས་ཆེན་པོ་མཐོང་བཞད་རེག་ཅིང་སྦྱོར། །བློ་དང་རིགས་ལས་ཁྱད་པར་གང་སྣང་བའི། །མཐར་ཐུག་རིམ་བཞིན་དུས་འབྱུང་ནུས་པར་ལྡན། །མཁའ་བཞི་པདྨ་བྱང་ཆུབ་སེམས་ཀྱི་གནས། །ནམ་མཁའ་ཁྱབ་པ་མཉམ་ཉིད་སྦྱོར་མཛད་ཕྱིར། །ཟེའུ་འབྲུ་འདབ་བཅས་པདྨ་རྒྱས་མཛོད་ཅིག །ས་མ་ཡ་ཧོ། ས་མ་ཡ་སྟྭཾ། ར་ཧོ་ཧཾ། རཱ་ག་ཡཱ་མི། ས་མ་ཡ་བཛྲ་པྲ་བེ་ཤ་ཡ་ཕཊ། ཅེས་བསྐུལ་ནས། ཡབ་ཡུམ་གཉིས་ཀྱི་གཟིགས་པ་དང་བཞད་པ་དང་། རེག་པ་དང་བསྐྱོད་པའི་རོལ་པས་སྙོམས་པར་ཞུགས་ཏེ། འོད་ཟེར་གྱི་འཕྲོ་འདུ་ཆེན་པོ་གཡོས་པ་ལས། ཕྱོགས་བཞི་དང་དབུས་ཀྱི་བྷ་ག་ཡངས་པའི་སྣང་བ་ཆེན་པོས་ཁམས་གསུམ་པ་རྣམས་ལ་གསལ་བར་མཛད་དེ། ཕྱོགས་ལྔ་དང་། འོད་ལྔ་དང་། རིགས་ལྔ་དང་། བསམ་པ་ལྔ་དང་། རྩ་བ་ལྔ་དང་། འབྲས་བུ་ལྔ་དང་། ནུས་པ་ལྔ་དང་། ཁམས་ལྔ་དང་། བྱེད་པ་ལྔ་དང་། ལས་ལྔ་དང་། ཁྱབ་པ་ལྔ་དང་། དབང་ལྔ་དང་། རྒྱུ་ལྔ་དང་། རྐྱེན་ལྔ་དང་། བག་ལ་ཉལ་ལྔ་དང་། ཀུན་ནས་ལྡང་བ་ལྔ་དང་། ཤེས་པ་ལྔ་དང་། ཕུང་པོ་ལྔ་དང་།སྟོབས་ལྔ་དང་། འགྲོ་བ་ལྔ་དང་། ཡུལ་ལྔ་དང་། འདོད་པ་ལྔ་དང་། སྤྱད་པ་ལྔ་དང་། བསྲུང་བ་ལྔ་དང་། བླང་བ་ལྔ་དང་། དོར་བ་ལྔ་དང་། བསྒྲུབ་པ་ལྔ་དང་། ཡོན་ཏན་ལྔ་དང་། ཡན་ལག་ལྔ་དང་། སྤྱོད་པ་ལྔ་དང་། མ་འདྲེས་པ་ལྔ་ལ་སོགས་པ་ཐམས་ཅད་ཡུམ་ཆེན་མོ་ཉིད་ཀྱི་མཁའ་བཞི་དབྱིངས་དང་ལྔ་ལས། སྣང་ཞིང་གནས་པར་སྤྲུལ་པ་མཛད་དོ། །གཞན་ཡང་ཕྱོགས་བཅུའི་


DNG015_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཞིང་གི་བཀོད་པ་རྒྱ་ཆེན་པོ་དང་། དཀྱིལ་འཁོར་གྱི་འཁོར་ལོ་རྫོགས་པ་དང་། ཡབ་དང་ཡུམ་སྙོམས་པར་འཇུག་པ་ཙམ་དང་། རྒྱན་སོ་སོར་སྣང་བ་དང་། ཞི་བའི་རྣམ་པར་སྣང་བ་དང་། ཁྲོ་བོའི་རྣམ་པར་སྣང་བ་དང་། ཁྱབ་པ་དང་། རྫོགས་པ་དང་། ཐ་དད་པའི་སྐུ་རྣམས་དང་། ཁྱད་པར་དུ་སྐུའི་རིགས་དང་། གསུང་གི་རིགས་དང་། ཐུགས་ཀྱི་རིགས་དང་། ཡོན་ཏན་གྱི་རིགས་དང་། ལས་ཀྱི་རིགས་དང་། དྲེགས་པའི་རིགས་དང་། བསྒྲུབ་པའི་རིགས་དང་། སྦས་པའི་རིགས་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་རྣམ་པ་སྣ་ཚོགས་པ་སྣང་ཞིང་གསལ་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་བླ་མེད་རྒྱལ་པོ་ཧེ་རུ་ཀ་ཆེན་པོ་དེས་མཉམ་པ་ཉིད་ལས་བཞེངས་ཏེ། ཆོ་འཕྲུལ་ཆེན་པོ་རྣམ་པར་སྤྲུལ་པའི་འཁོར་གྱི་དཀྱིལ་འཁོར་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་མ་འདུས་པའི་དཀྱིལ་འཁོར་གྱི། །ཚོགས་ཆེན་མ་ལུས་ང་ལ་ཉོན། །ཁྱེད་ཀྱི་ཁམས་དང་བྱེད་པ་དང་། །ལུས་དང་རིགས་ཀྱི་ཁྱད་པར་དང་། །ཕྲིན་ལས་གྲུབ་པའི་མཐའ་ལ་སོགས། །ཐམས་ཅད་ང་ལས་འབྱུང་ཞིང་སྣང་། །ལུས་དང་ངག་དང་རྣམ་པར་ཤེས། །ང་ཡི་སྐུ་གསུང་ཐུགས་ཀྱི་ངང་། །གཟུགས་དང་འདུ་ཤེས་ཚོར་བ་བྱེད། །སྐུ་དང་ཡེ་ཤེས་རིག་པའི་ངང་། །བསམ་པ་ལོངས་སྤྱོད་ལ་སོགས་པ། །དགོངས་པའི་ཆོ་འཕྲུལ་ཉིད་ལས་བྱུང་། །གང་ཞིག་ཇི་ལྟར་འདོད་པ་དག །ང་ཡི་རང་བཞིན་ཤེས་པར་གྱིས། །ང་ལས་མ་གཏོགས་ཆོས་གཞན་མིན། །བཏགས་པ་ཙམ་ཡང་ཡོད་མ་ཡིན། །དེ་བས་ང་ཡི་དོན་རྟོགས་ཕྱིར། །གུས་པའི་ཡིད་ཀྱིས་མཉན་པར་གྱིས། །ཞེས་བཀའ་སྩལ་ཏོ། །དེ་ནས་ཡུམ་ཆེན་མོ་ཀུན་ཏུ་བཟང་མོས་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་ཧེ་རུ་ཀ །འདི་ལྟར་བདག་དང་གཞན་གྱི་ཆོས། །ཕྱི་དང་ནང་དང་གསང་བ་དང་། །གསང་བ་ཆེན་པོས་རབ་བསྡུས་པའི། །བྷ་ག་འདི་ལ་ཅི་ཕྱིར་དགའ། །ཕྱོགས་དང་


DNG015_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

རིས་ཀྱི་ཁྱད་པར་གང་། །འོད་ལྔ་ཁ་དོག་ཅི་ཡི་ཕྱིར། །བསམ་པའི་འབྲས་བུ་རྩ་བ་དང་། །ནུས་པ་རྣམས་ནི་གང་ལས་བྱུང་། །ཁམས་དང་བྱེད་པ་ལས་ནི་ཅི། །ཁྱབ་པ་དབང་དང་བཅས་པ་གང་། །རྒྱུ་དང་རྐྱེན་གྱིས་ཅི་ཞིག་བྱ། །བག་ལ་ཉལ་བ་གང་ལྟ་བུ། །ཀུན་ནས་ལྡང་པའི་ཆོས་ཉིད་ཀྱི། །ཤེས་པར་བྱ་བ་ཅི་ཞིག་ཡིན། །ཕུང་པོ་ལྔ་ཞེས་གང་ལ་བྱ། །སྟོབས་ལྔ་ཞེས་པ་སུ་ལ་མངའ། །སུ་ཞིག་གྲོལ་བར་འགྱུར་བ་ཡིན། །ཡུལ་ལྔ་ཡང་ནི་གང་ཞིག་ཡིན། །འདོད་སྤྱད་བསྲུང་བ་ཇི་ལྟ་བུ། །བླང་དོར་བསྒྲུབ་པ་ཇི་ལྟ་བུ། །སྤྱོད་པའི་ཡོན་ཏན་ཡན་ལག་དང་། །མ་འདྲེས་ཆོས་ཀྱི་ཁྱད་པར་རྣམས། །ཁྱོད་ལས་སྣང་བ་ཅི་ཡི་ཕྱིར། །ཞིང་དང་ཞིང་གི་བཀོད་པ་དང་། །འཁོར་ལོ་རྫོགས་པ་གང་ལས་བྱུང་། །ཁ་སྦྱོར་བདེ་བ་གང་གི་ཕྱིར། །ཅི་ཕྱིར་ཐབས་དང་ཤེས་རབ་ཀྱིས། །སོ་སོར་རང་ལ་རྫོགས་པར་འགྱུར། །རང་གི་རིག་པའི་སྣང་བ་གང་། །མ་ལུས་སྣང་བའི་དོན་ཆེད་ཅི། །དེ་ལྟ་བུ་ལ་གཞན་དག་གིས། །ཐོབ་པར་བྱ་བའི་ཐབས་ནི་གང་། །བདག་ཅག་རྣམས་ལ་ལེགས་པར་སྟོན། །ཞེས་གསོལ་ཏོ། །གླེང་གཞི་མངོན་པར་འབྱུང་བའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་མངོན་རྫོགས་རྒྱལ་པོ་བླ་མེད་ཧེ་རུ་ཀ་ཆེན་པོ་དེས། སྤྲུལ་པའི་ཆོ་འཕྲུལ་མངོན་པར་སྤྱོད་པའི་དོན་དུ་ཐུགས་རྡོ་རྗེ་མཉམ་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། སྐུ་དྲག་ཤུལ་སྤྱོད་པའི་ཆ་ལུགས་འཇིགས་བྱེད་ཆེན་པོ་རབ་ཏུ་འབར་བར་བསྟན་ནས་གསུང་གི་ང་རོ་དྲག་པོའི་ཤུགས་ཕྱུང་བའི་སྒྲ་ཆེན་པོས་གང་བར་མཛད་དོ། །དེ་ནས་དེའི་ཚེ་ནམ་མཁའི་ཁམས་ཀྱི་གཏོས་ཐམས་ཅད་སྐུའི་རང་བཞིན་གྱིས་ཁྱབ་ཅིང་། གསུང་གི་བརྡའི་སྒྲ་ཆེན་པོར་གྲགས་ལ། ཐུགས་ཞི་བ་བྱང་ཆུབ་ཀྱི་སེམས་ཀྱིས་དགོངས་ནས་བཀའ་སྩལ་པ། །ཉོན་ཅིག་སྲིད་པའི་རྒྱལ་མོ་ཆེ། །ཁྱོད་ནི་མུ་ཁ་ལེ་ཞེས་བྱ། །སྐུ་ཡི་དབུ་དང་ཙིཏྟ་ལ། །ཞལ་ལྔ་རྩེ་མོ་ལྔར་སྣང་ཞིང་། །ཕྱག་བཞི་ཞབས་བརྒྱད་མཁའ་བཞི་དབྱིངས། །ཕྱོགས་བཞི་དབུས་དང་ལྔ་རུ་


DNG015_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས། །ཤར་ལྷོ་ནུབ་བྱང་དབུས་དག་གི། །མཆེ་བ་གཙིགས་པའི་ཞལ་ལྔ་ལས། །དཀར་ཞིང་འཚེར་དང་སྔོ་ལ་གདངས། །དམར་བཞད་ལྗང་གཙིགས་མཐིང་ནག་ཁྲོ། །ལྗགས་ཀུན་རྡོ་རྗེ་རྩེ་དགུ་དང་། །རིན་ཆེན་ཀེ་ཀེ་རུ་འབར་ཞིང་། །པདྨ་དགུ་བརྩེགས་རྒྱ་གྲམ་ཅན། །འཁོར་ལོ་རྩིབས་སྟོང་ལྡན་པར་སྣང་། །བསྐྱེད་དང་བསྲེག་དང་བཟླུམ་པ་དང་། །གཡོ་ཞིང་ཁྱབ་པར་བྱིན་གྱིས་བརླབས། །ཤེལ་གསེར་ཀེ་ཀེ་རུ་དག་དང་། །ཨིནྡྲ་ནཱི་ལ་བཻ་ཌཱུརྱ། །འོད་འཕྲོས་ཁྱོད་ཀྱི་རལ་པའི་ཚོགས། །བདེ་གཤེགས་རྡོ་རྗེ་རིན་པོ་ཆེ། །ཆགས་པ་དང་ནི་ཕྲིན་ལས་ཀྱི། །སོ་སོའི་རིགས་ཀྱི་དམ་པའོ། །ཐུགས་མཆོག་རིགས་པ་སྐྱེ་མེད་དབྱིངས། །རྣམ་ཤེས་ཡེ་ཤེས་ལྔ་འབྱུང་སྲིད། །སྦས་པ་གཉིས་དང་ཕྱག་བཞི་ཡིས། །ཕ་རོལ་ཕྱིན་པ་དྲུག་རྫོགས་ནས། །གཙོ་མོ་དྲུག་རྣམས་དབང་སྡུད་ཅིང་། །བདུད་རྩི་ལྔ་ལ་རོལ་ཅིང་སྤྱོད། །རྣམ་པར་ཐར་པའི་ཞབས་བརྒྱད་རྫོགས། །བློན་མོ་བརྒྱད་ཀྱིས་དྲན་བྱེད་བརྫིས། །མཁའ་བཞི་ཕྱོགས་བཞི་དུས་བཞིར་གནས། །ཆ་སྙོམས་བྱེད་པ་གཅིག་ཡིན་ཏེ། །བརྟན་དང་སྨིན་དང་གཤེར་བ་དང་། །སྐྱེད་བྱེད་ཡངས་པའི་བདག་ཉིད་དེ། །དྲོད་འཛིན་བརླན་རྩུབ་ཡངས་པ་ཡིས། །ཤེལ་དང་མར་གད་པདྨ་དང་། །ནཱི་ལ་བཻ་ཌཱུརྱ་དག་གོ། །གསང་བའི་མཁའ་ལ་འོད་འབར་ཞིང་། །རྡོ་རྗེ་རིན་ཆེན་བྱེ་རུ་དང་། །ལྕགས་ཟངས་ཟེ་འབྲུའི་རྣམ་པ་ལས། །དུས་ཆེན་བཞི་དང་འབྱུང་བ་ལྔ། །གཙོ་བོའི་སྐུ་ཡི་ཕྱེད་ཀྱིས་སྦྱོར། །སོ་སོའི་རིགས་སུ་སྣང་ཞིང་འདུས། །དེ་བས་མུ་ཁ་ལེ་ཞེས་བྱ། །གསང་བའི་བདེ་ཆེན་འབྱུང་བའི་གནས། །སྐྱེ་དང་འཆི་ལས་རབ་འདས་ཤིང་། །དེ་ལ་སྡུག་བསྔལ་ཡོངས་མེད་པས། །མྱ་ངན་འདས་མ་ཞེས་ཀྱང་བྱ། །བླང་བྱ་དོར་བྱ་མེད་པ་ཡིས། །ཀུན་ཏུ་བཟང་མོ་ཞེས་ཀྱང་བྱ། །རྣམ་པར་ཤེས་པ་མ་ལུས་པའི། །མཐར་སོན་ཕ་རོལ་ཕྱིན་མའོ། །ཕྱི་ནང་གསང་བའི་འབྱུང་བའི་ཚོགས། །རང་བཞིན་སྐུ་ལས་འབྱུང་བས་ན། །རང་བྱུང་རྒྱལ་མོའང་ཁྱོད་ཡིན་ནོ། །དུས་བཞི་དབྱིངས་ལས་ཤར་བས་ན། །འབྱུང་


DNG015_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

བ་དུས་བཞི་ཆ་སྙོམ་མའོ། །སྲིད་པའི་རྒྱལ་མོའང་ཁྱོད་ཉིད་དོ། །རིགས་ཀྱི་གཙོ་བོ་མཁར་ནུབ་པས། །རིགས་ཀྱི་གཙོ་མོ་ཉིད་ཡིན་ནོ། །ནམ་མཁའི་ཁམས་ཀུན་ཁྱབ་པ་ཡིས། །ནམ་མཁའི་རྒྱལ་མོའང་ཁྱོད་ཉིད་ཡིན། །ཕོ་དང་མོ་དང་མ་ནིང་དང་། །རྒྱལ་པོ་རྗེ་དང་བྲན་དང་དམངས། །རང་གི་ངང་གིས་སྐྱེ་འགྲོའི་བདག །མ་ཡི་ཚུལ་གྱིས་ཐམས་ཅད་བསྐྱེད། །མོ་ཡིས་ཚུལ་གྱིས་ཐམས་ཅད་སྡུད། །མ་སྐྱེས་སྐྱེ་བ་མེད་པའི་དབྱིངས། །མི་འགག་འགག་པ་མེད་པའི་ཀློང་། །མ་ནི་ཐབས་མཆོག་འདོད་མེད་མཁའ། །མོ་ནི་ཤེས་རབ་ཆགས་མེད་ཀློང་། །དེ་བས་ཁྱོད་ནི་མུ་ཁ་ལེ། །སྐྱེད་པའི་མ་མོ་ཆེན་མོ་སྟེ། །རྟག་པར་གནས་པའི་བུ་མོ་ལ། །སེམས་དྲོད་ཆུ་རླུང་བཀྲག་ལས་བསྐྱེད། །མཁའ་དང་དབྱིངས་ཀྱི་དྭངས་མའོ། །ཀུན་གཞི་ཡིད་ཀྱི་རྣམ་པར་ཤེས། །ཉོན་མོངས་ཡིད་དང་སྒོ་ལྔ་ཡིས། །རྣམ་པར་ཤེས་པ་བསམ་པ་ཡིན། །ཆགས་སྡང་རྨོངས་དང་སྲེད་པ་དང་། །བསྙེམས་པ་ལས་ནི་རྩ་བར་འགྱུར། །རྒྱུད་ལྔའི་འགྲོ་བ་གནས་སྐབས་དང་། །དག་པའི་སྐུ་ལྔ་མཐར་ཐུག་གི། །འབྲས་བུའི་ཚུལ་སྣང་བ་ཡིན་ནོ། །དེ་ཡིས་དོན་གཉིས་ནུས་པར་འགྱུར། །དངོས་པོ་རྟེན་དང་གཡོ་བ་དང་། །འཕེལ་འགྲིབ་རང་གི་ཁམས་ཡིན་ནོ། །གཟུགས་རྟོག་འགྱུར་བ་སྐྱེ་བ་དང་། །འགག་པ་དང་ནི་བྱེད་པ་ཡིན། །ཚིམས་ཤིང་ལྡང་དང་འགྲོ་བ་དང་། །འབྱུང་དང་འཇིག་པར་བྱེད་པའི་ལས། །ལས་དང་སྐྱེ་བ་སེམས་དང་ཆོས། །དངོས་དང་བསམ་པས་རབ་ཏུ་ཁྱབ། །མ་ཡེངས་སྤྲོ་བ་ཤེས་པ་དང་། །མྱུར་དང་རིག་པ་དབང་པོ་མཆོག །སྐྱོད་ཅིང་བྱེད་པ་སྡིག་པ་སྐྱེས། །སྐལ་བ་མཉམ་དང་ཀུན་འགྲོ་བས། །མ་ལུས་རྒྱུ་ཞེས་བྱ་བ་ཡིན། །བདག་དང་དམིགས་པ་དེ་མ་ཐག །ལུས་དང་བསམ་པ་རྐྱེན་དུ་འགྱུར། །ཁམས་དང་ཤེས་རིགས་ལས་ཉོན་མོངས། །རང་བཞིན་གྱིས་ནི་བག་ལ་ཉལ། །འདུ་བྱེད་དམིགས་ཡུལ་རྣམ་པར་སྤྲོས། །བདེ་སྡུག་རྟོག་པ་ཀུན་ནས་ལྡང་། །སེམས་ལས་སྣང་བ་ཡོན་ཏན་དང་། །གཞི་ཤེས་དེ་ཡི་རང་བཞིན་ནོ། །གཟུགས་ཚོར་འདུ་ཤེས་འདུ་བྱེད་


DNG015_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །རྣམ་ཤེས་མ་དག་ཕུང་པོ་སྟེ། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་དང་། །རྣམ་པར་གྲོལ་དང་ཡེ་ཤེས་ཀྱིས། །རང་བཞིན་ཤེས་པ་དག་པའི་ཚོགས། །དད་པའི་མཆོག་དང་འཛིན་པ་དང་། །དྲན་པ་བཟང་དང་ཤེས་རབ་དང་། །སྟོབས་ལྔ་དག་ཀྱང་དེ་ཡི་དངོས། །ཕུང་པོ་ལྔ་དང་རིགས་དང་ལས། །འཛིན་པ་ལས་གྲོལ་ཡོན་ཏན་ཚོགས། །གཟུགས་སྒྲ་དྲི་རོ་རེག་པ་དག །ཡུལ་ལྔར་སྣང་བ་འདོད་ཅིང་སྤྱོད། །དབང་པོའི་བྱེ་བྲག་ཐ་དད་དེ། །སྦྱོར་སྒྲོལ་མ་བྱིན་ལེན་པ་དང་། །རྫུན་དང་ངག་བརླང་སྤྱད་པ་ལྔ། །ལུས་ངག་ཡིད་ཀྱི་བྱ་བ་ལས། །སྡོམ་དང་སློབ་དང་སྤང་བ་ལས། །བསྙེན་དང་བསྒྲུབ་པ་བསྲུང་བ་སྟེ། །དམན་པའི་ཡུལ་དང་བསྟེན་པའི་རྫས། །གསང་བའི་སྤྱོད་པ་གྲོགས་དང་བཅས། །དགེ་བཅུ་ཡན་ལག་ཕྲ་དང་བཅས། །དོན་ཆེན་མཐར་ཐུག་བླང་བར་བྱ། །འཇིག་རྟེན་ཆོས་དང་དེ་བཟློག་པ། །དོར་བར་བྱ་བ་ཉིད་ཡིན་ནོ། །ཐུན་མོང་པ་དང་མཆོག་གྱུར་དང་། །རང་གཞན་དོན་དང་སྤྱིར་འགྲོ་དག །བསྒྲུབ་པར་གསུངས་པ་ང་ཉིད་ཡིན། །གནས་སྐབས་གསུམ་དང་མཐར་ཐུག་གཉིས། །བསྒྲུབ་པར་བྱ་བའི་འབྲས་བུ་ལྔ། །ཡོན་ཏན་ཚོགས་སུ་གྱུར་པའོ། །དེ་དག་གིས་ནི་ཕན་པར་བསྒྲུབ། །ཡན་ལག་དག་ཏུ་སྣང་བ་ཡིན། །བདག་དང་གཞན་དང་བར་མ་དང་། །དམན་པ་མཆོག་གི་སྤྱོད་པ་སྟེ། །རིགས་དང་ལས་དང་རྟོགས་པ་དག །གནས་དང་རྒྱུ་དང་འབྲས་བུ་རྣམས། །མ་འདྲེས་པ་ཡི་མཆོག་ཡིན་ནོ། །གཞན་ཡང་སྲིད་དང་ཞི་བ་དང་། །འཁོར་བ་པ་དང་མྱ་ངན་འདས། །ཕྱི་དང་ནང་དུ་བརྟགས་པ་དང་། །སེམས་དང་སེམས་ལས་བྱུང་བ་དང་། །རིག་དང་མ་རིག་ཡོད་མེད་མཐའ། །རྟག་དང་ཆད་དང་འགྲོ་དང་འོང་། །སྐྱེ་འགག་གནས་དང་སྟོང་པ་དང་། །རྒྱུ་དང་ལམ་དང་འབྲས་བུ་ཡིས། །ནུས་པ་དང་ནི་ཡོན་ཏན་ཚོགས། །ཕྲིན་ལས་མ་ལུས་སྤྱོད་པ་རྣམས། །ཐམས་ཅད་ཁྱོད་ཀྱི་རང་བཞིན་ཏེ། །དེ་བས་མུ་ཁ་ལེ་ཞེས་བྱ། །ཁྱོད་ཀྱི་འབྱུང་བ་སྤྲོས་པའི་དངོས། །འཇིག་རྟེན་སྲིད་པ་སྣང་བའི་གཟུགས། །འཕོ་འཇུག་བསྡུས་པའི་མཚན་ཉིད་ལ། །ས་བོན་ཚུལ་དུ་གནས་པ་ལས། །རང་གི་ཐིག་ལེ་མཉམ་སྦྱར་ནས། །དམིགས་


DNG015_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

མེད་རྣམ་དག་ཏིང་ངེ་འཛིན། །སྐྱེ་མེད་ཆོས་ཀྱི་དབྱིངས་སུ་ཐིམ། །དངོས་མེད་བག་ཆགས་རྣམ་པ་ལས། །དེ་བཞིན་ཉིད་ཀྱི་བསྒོམ་པའོ། །དེ་ཉིད་མཚམས་སུ་སྦྱར་བ་ལས། །སྙིང་རྗེ་ནམ་མཁའ་ལྟ་བུར་ཁྱབ། །མ་ལུས་ཀུན་ལ་ཁྱབ་ཅིང་སྣང་། །ཁྱོད་ཀྱི་སེམས་ཀྱི་རྣམ་པ་ལས། །རྒྱུ་ཡི་མཆོག་གྱུར་ཧཱུཾ་གི་དངོས། །མི་འགྱུར་རྩ་བ་འོད་ཀྱི་གཞི། །ཁྱོད་ཀྱི་ནམ་མཁའི་ངོ་བོ་ལས། །ཨེ་ཞེས་སྣང་བ་སྟོང་པའི་བདག །ཁྱོད་ཀྱི་དྲོད་ཀྱི་ངོ་བོ་ལས། །རཾ་ཞེས་བྱ་བ་འབར་བའི་འོད། །ཁྱོད་ཀྱི་དབུགས་ཀྱི་ངོ་བོ་ལས། །ཡཾ་ཞེས་བྱ་བ་བསྐྱོད་ཅིང་འདེགས། །ཁྱོད་ཀྱི་ཆུ་ཡི་ངོ་བོ་ལས། །ཁཾ་ཞེས་བྱ་བས་དག་ཅིང་ཚིམས། །ཁྱོད་ཀྱི་ཤ་ཡི་ངོ་བོ་ལས། །སུཾ་ཞེས་བྱ་བ་བརྟན་པའི་གཞི། །ཁྱོད་ཀྱི་རུས་པའི་ངོ་བོ་ལས། །ཀེཾ་ཞེས་བྱ་བ་གནས་པའི་ས། །ཁྱོད་ཀྱི་བྷ་གའི་དབྱིངས་ཕྱུག་ལས། །བྷ་ག་བཅོམ་ལྡན་བདེ་ཆེན་པོ། །པདྨ་འཁོར་ལོ་གསང་བའི་དབྱིངས། །ས་བོན་ལྔ་དང་བཅུ་བཞི་ལས། །གཙོ་ཆེན་སྤྲུལ་པ་ལྔ་བཅུ་བརྒྱད། །ཡེ་ཤེས་སྙིང་པོ་བླ་ན་མེད། །བླ་མེད་ཁྲག་འཐུང་དཔལ་གྱི་ཡབ། །འཇིགས་བྱེད་གསང་བའི་རྡོ་རྗེ་ནི། །མཁའ་འགྲོ་ཀུན་གྱི་རྟེར་ཞེས་བྱ། །མཁའ་ཀློང་བདེ་བའི་ལམ་མཆོག་ནི། །སྐྱེ་འགྲོ་སྲིད་པ་ཐར་པའི་ལམ། །སངས་རྒྱས་ཀུན་གྱི་དགོངས་པའི་ཕྱིར། །མཉམ་གཞག་ཡེ་ཤེས་པདྨའི་དབྱིངས། །མི་དམིགས་པ་ལས་དམིགས་པ་ཆེ། །བཅོམ་ལྡན་ཆུ་སྐྱེས་དཀྱིལ་འཁོར་ནི། །ཐབས་ལས་དབྱིངས་ཕྱུག་བླ་ན་མེད། །བདུད་རྩི་ཆེན་པོ་ཆར་དུ་འཕྲོ། །བྱང་ཆུབ་སེམས་ཀྱི་ཐིག་ལེ་ལས། །སྦྱོར་མཛད་གཉིས་མེད་བདེ་བ་ཆེ། །མཁའ་འགྲོ་བརྟན་མའི་སེམས་མཆོག་མ། །མི་འཇིགས་པ་ཡི་འབྲུ་གསུམ་གྱིས། །དུག་གསུམ་དབྱིངས་སུ་སྟོངས་བྱེད་ཅིང་། །ཕ་རོལ་ཕྱིན་དྲུག་ཕྱག་རྒྱ་ལས། །མཆོད་སྦྱིན་རྟག་ཏུ་རྒྱས་མཛད་མ། །མཚོན་དུ་མེད་པའི་སྐུ་མདོག་ལ། །དཀར་ལ་དག་པའི་ན་བཟའ་གསོལ། །རྫུ་འཕྲུལ་ཞབས་བཞི་བརྐྱང་བསྐུམས་བཞུགས། །མཁའ་འགྲོ་ཡང་གསལ་སེམས་མའི་མཆོག །ཐོགས་པ་མེད་པའི་དབུ་གསུམ་གྱིས། །


DNG015_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་གསུམ་ཐིག་ལེའི་སྒོ་འབྱེད་ཅིང་། །སྣ་ཚོགས་འགྱུར་བའི་སྐུ་མདོག་ལ། །ན་བཟའ་ལྗང་གུ་བཻ་ཌཱུརྱ། །རྫུ་འཕྲུལ་ཞབས་དང་མཐར་སོན་ཕྱག །མཁའ་འགྲོ་མཉེན་གསལ་སེམས་མའི་མཆོག །རོལ་པ་ཆེན་པོའི་དབུ་གསུམ་གྱིས། །སྲིད་གསུམ་ཐར་པའི་སྒོ་འབྱེད་ཅིང་། །དམིགས་པ་མེད་པའི་སྐུ་མདོག་ལ། །དམར་པོ་དབང་གི་ན་བཟའ་གསོལ། །རྫུ་འཕྲུལ་ཞབས་དང་མཐར་སོན་ཕྱག །འོད་གསལ་འབར་མ་སེམས་མའི་མཆོག །སྟོབས་དང་ལྡན་པའི་དབུ་གསུམ་གྱི། །སྲིད་གསུམ་ཐར་པའི་སྒོ་འབྱེད་ཅིང་། །སྣང་དུ་མེད་པའི་སྐུ་མཆོག་ལ། །རིན་ཆེན་ནེ་ལའི་ན་བཟའ་བརྒྱན། །ཕྱག་དྲུག་གདེངས་ཤིང་ཞབས་བཞི་བགྲད། །མཁའ་འགྲོ་བཀྲག་གསལ་སེམས་མའི་མཆོག །འགྱུར་བ་མེད་པའི་དབུ་གསུམ་གྱི། །སྐུ་གསུམ་འབྲས་བུའི་སྒོ་འབྱེད་ཅིང་། །ཅིར་ཡང་གསལ་བའི་སྐུ་མདོག་ལ། །བཙོ་མ་གསེར་མདོག་ན་བཟའ་གསོལ། །ཕ་རོལ་ཕྱིན་པའི་ཕྱག་དྲུག་དང་། །རྫུ་འཕྲུལ་རྐང་པའི་ཞབས་དང་ལྡན། །ས་ཡི་བདག་དང་གནོད་པ་སྦྱིན། །ཆུ་བདག་གཤིན་རྗེ་བརྒྱ་བྱིན་དག །རྫུ་འཕྲུལ་ཞབས་ཀྱིས་བརྫིས་པར་སྣང་། །ཀུན་ཀྱང་བླ་མེད་གདན་ཡིན་ནོ། །རྡོ་རྗེས་བྷནྡ་དཀྲུག་མཛད་ཅིང་། །དགྲ་སྟྭ་གཏུན་ཤིང་བརྡེག་པ་དང་། །སེང་གེ་མཆོག་ཆེན་འཛིན་པའོ། །པདྨ་བྷནྡ་དཀྲུག་པ་དང་། །ཞགས་པས་བཅིངས་དང་ཏྲི་ཤཱུལ་འཕེན། །ཅེ་སྤྱང་དང་ནི་ཞིང་ཆུང་སྟོབ། །རྒྱ་གྲམ་བྷནྡ་འབར་བ་དང་། །དབྱུག་པ་དང་ནི་རྒྱུ་ཕྲེང་འཛིན། །སྤྱང་ཀི་དང་ནི་ཞིང་ཆུང་སྙོད། །རིན་ཆེན་བྷནྡ་འབར་བ་དང་། །མེ་དབལ་དང་ནི་དབྱུག་ཏོ་འཕྱར། །སྟག་མོ་དང་ནི་ཞིང་ཆུང་སྙོད། །འཁོར་ལོ་བྷནྡ་འབར་བ་དང་། །རྒྱལ་མཚན་སྤུ་གྲི་འཛིན་པ་ཡིས། །འུག་པ་དང་ནི་ཞིང་ཆུང་སྟོབ། །མཆེ་བ་གཙིགས་ཤིང་འཇིགས་པ་ཆེ། །བཞད་པའི་ཚུལ་གྱིས་སྙིང་རྗེར་ལྡན། །ཁྱོད་ཀྱི་ལུས་ལས་བསྐྱེད་པ་ཡིས། །སྲིད་པ་གསུམ་དུ་བདེ་འགྲོ་ཞིང་། །ཁམས་གསུམ་ཀུན་གྱི་ཡུམ་མཆོག་མ། །མཐིང་ནག་འབར་བའི་སྐུ་མདོག་ལ། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །དང་


DNG015_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

པོས་འཁོར་ལོ་རིན་པོ་ཆེ། །བར་མས་གཡང་གཞི་བྷན་དམར་སྟོབ། །ཐོ་བ་གའུ་ལྕགས་ཀྱུ་འཛིན། །ཉི་ཟླ་སྟོང་གི་ཐོད་ཕྲེང་ཅན། །མདོག་དཀར་སྤྲིན་གྱི་ན་བཟའ་ཅན། །འཇའ་ཚོན་སྤེལ་མའི་ཆ་ག་ཅན། །ལྕགས་ཟངས་འཁར་བའི་སྙིང་ཞགས་འཕེན། །ཉི་མ་ཁྲོས་པའི་དབང་མོ་ཆེ། །དཀར་མོ་ཤེལ་གྱི་གོ་ཟུ་ཅན། །ལག་ན་ཤེལ་གྱི་སྤུ་གྲི་འཛིན། །ཁྲག་འཐུང་ཁྲོས་པའི་དབང་མོ་ཆེ། །སྐུ་མདོག་ནག་མོ་ཐོད་ཁྲག་འཛིན། །བདུད་རྩི་བདེ་སྦྱོར་ཁྲོས་མ་ནི། །དམར་ནག་བདུད་རྩིའི་བུམ་པ་འཛིན། །སྲིད་གསུམ་འཚོ་བྱེད་ཁྲོས་མ་ནི། །སེར་མོ་ཞིང་ལྤགས་གཡང་གཞི་གསོལ། །སྲིད་པ་ཀུན་གྱི་རྒྱས་བྱེད་མ། །དཀར་མོ་སྐུ་ཡི་ཞགས་པ་ཐོགས། །དབྱིངས་ཕྱུག་རྒྱལ་མོ་ཞེས་བྱ་བ། །སྔོན་མོ་ཞིང་གི་དབྱུག་པ་ཐོགས། །སྲིད་པའི་བདག་ཉིད་ཆེན་མོ་ནི། །དམར་མོ་རྒྱུ་མའི་ཞགས་པ་འཛིན། །ནམ་མཁར་གཅིག་པུར་སྤྱོད་པ་ནི། །སེར་མོ་གཡང་གཞི་ཆེན་པོ་བརྡེབ། །དཀར་མོ་མིག་གཅིག་ཅེས་བྱ་དང་། །མཐིང་ནག་མཆེ་བ་ཅན་གྱི་བདག །དམར་མོ་ཆེན་མོ་དབང་གི་རྒྱལ། །སེར་མོ་ལས་ཀྱི་བདག་མོ་ཆེ། །བྷནྡ་ཟླུམ་པོ་སུལ་མང་དང་། །ལྕང་ལོ་ཅན་དང་རྒྱ་གྲམ་ཐོགས། །སྲིད་པ་ཐམས་ཅད་ཆགས་བྱེད་མ། །མཐིང་ནག་གཡང་གཞི་རློན་པ་གྱོན། །མཆོག་ཆེན་སྙིང་རློན་འཛིན་ཅིང་ཟ། །སྲིད་པ་ཀུན་གྱི་ཆ་སྙོམས་མ། །དམར་མོ་སྟག་ལྤགས་རློན་པ་བགོས། །ཐོད་པ་ཁྲག་བཀང་འཛིན་པར་བྱེད། །འདོད་ཁམས་གཙོ་མོ་ཆེན་མོ་ནི། །སྔོན་མོ་སྟག་གི་གཡང་གཞི་གསོལ། །ལག་ན་ཁྲམ་ཤིང་ནག་པོ་འཛིན། །མ་མོ་ཨེ་ཀ་ཛ་ཏི་མ། །དཀར་མོ་སྤྲིན་དཀར་འཇའ་ཚོན་བགོས། །ཁ་ཊྭཱཾ་ག་དང་ཏི་ར་འཛིན། །གླིང་བཞི་སྟོང་གི་སྤྱི་ཕུད་མ། །དཀར་མོ་ཤེལ་གྱི་ན་བཟའ་ཅན། །ལྕགས་ཀྱུ་འོད་འཕྲོ་འཛིན་ཅིང་དགུག །རིན་ཆེན་རི་རབ་སྲིད་འདེབས་མ། །སྔོན་མོ་མུ་ཏིག་གོ་ཟུ་ཅན། །རིན་ཆེན་གཡུ་ཡི་གའུ་འཛིན། །རྡོ་རྗེ་པདྨ་གར་དབང་མ། །དམར་སེར་མདོག་ལ་གོ་ཟུ་ཅན། །ཐོད་པ་ཁྲག་བཀང་ལྕང་ལོ་འཛིན། །ཧར་ཏིང་དཀར་མོ་དུན་ཏིང་ནག །ཤན་ཏིང་དམར་མོ་གྲུབ་ཏིང་སེར། །དཀར་ནག་དམར་


DNG015_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

སེར་གོ་ཟུ་ཅན། །འབྱུང་བ་བཞི་ཡི་དཀྱིལ་འཁོར་འཛིན། །སྐམ་པ་མོ་དང་ཕོར་ཐོགས་མ། །གཡང་གཞི་མ་དང་ཟ་བ་མ། །གསོད་བྱེད་མ་དང་ཟ་བྱེད་མ། །སྣོམ་བྱེད་མ་ཞེས་བྱ་བ་རྣམས། །དཀར་དང་སྔོ་དང་དམར་དང་སེར། །རང་གི་མདོག་ལྡན་གོ་ཟུ་གོན། །ཐོད་ཁྲག་དང་ནི་མཚོན་ཆ་ཐོགས། །མཆེ་གཙིགས་མ་དང་ཁ་འབྱམས་མ། །མཆུ་འཇིབ་མ་དང་རྐང་ལྡག་མ། །དཀར་ནག་དམར་སེར་ཐོད་ཁྲག་འཛིན། །ལྷ་དང་གཤིན་རྗེ་ཀླུ་གནོད་ནི། །དཀར་སྔོ་དམར་སེར་སྲིན་མོ་བཞི། །རྡོ་རྗེ་ཐོད་ཁྲག་སྦྲུལ་ཞགས་དང་། །ནེའུ་ལེའི་རྐྱལ་པ་རིན་ཆེན་འཛིན། །འདི་དག་ཀྱང་ནི་མ་ལུས་ཀུན། །ང་ལས་བྱུང་ཞིང་ཁྱོད་ལ་སྣང་། །དེ་ལུས་རྫོགས་པའི་དཀྱིལ་འཁོར་སྟེ། །རབ་ཏུ་གྲུབ་པར་བྱ་བ་ཡང་། །ཕུང་པོ་ཁམས་དང་སྐྱེ་མཆེད་དག །མ་ལུས་འདིར་ནི་ཤེས་པ་དང་། །རང་བཞིན་སྲིད་པའི་དཀྱིལ་འཁོར་དེ། །གཉིས་མེད་ཡེ་ཤེས་དབབ་པར་བྱ། །གསང་ཆེན་སེམས་ཀྱི་དཀྱིལ་འཁོར་དེ། །རྩ་བར་གནས་པའི་ཉོན་མོངས་དྲུག །དབྱིངས་ཆེན་དྲུག་ཏུ་དབབ་པར་བྱ། །རྟེན་ཅིང་འདྲེལ་འབྱུང་ཆོས་བཅུ་གཉིས། །བྱ་བྱེད་ཡིད་ཆོས་རྟོག་པར་བཅས། །རྗེ་དཔོན་མོ་ནི་བཅུ་བཞིར་དབབ། །སེམས་ལས་བྱུང་བའི་རྟོག་པ་དག །དེ་དག་མ་ལུས་འཁོར་དུ་སྐྱེ། །དེ་ཉིད་དེར་ཤེས་དཀྱིལ་འཁོར་ཡིན། །དེ་ཉིད་ཀྱང་ནི་ཡང་དག་པའི། །དངོས་པོའི་མཚན་མ་ངང་གིས་སྟོང་། །དབྱིངས་ལས་འཆར་ཞིང་དབྱིངས་ལ་ཐིམ། །གཉིས་སུ་མེད་ཅིང་གཉིས་སུ་སྣང་། །དུ་མ་བས་ནི་གཅིག་དང་བྲལ། །ཞི་བ་དབེན་པ་རྟག་ཅིང་བདེ། །བདག་མེད་སྟོང་ཞིང་མཚན་མ་མེད། །སྨོན་མེད་མངོན་པར་འདུས་མ་བྱས། །ཐམས་ཅད་ཤེས་ཤིང་ཐམས་ཅད་སྣང་། །མ་བཅོས་སྙིང་པོ་བསམ་མི་ཁྱབ། །རིགས་ཀྱི་རྒྱལ་པོ་རྟགས་པའི་གཞི། །ཚོགས་ཀྱི་གཙོ་མོ་སྲིད་པའི་བདག །དེ་ལས་དམན་པའི་རིགས་ཅན་དག །རང་གི་ཚོགས་ཀྱི་དཀྱིལ་འཁོར་དགུག །གཉིས་མེད་བསྟེན་པའི་སྦྱོར་བའི་ཆོས། །ཆོ་ག་མཉམ་པ་ཉིད་དུ་བྱ། །གཉིས་སུ་སྣང་བ་ཙམ་གྱི་ཕྱིར། །སྒོ་ལྔའི་ངོ་བོ་


DNG015_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དག་གིས། །མཉེས་པ་ཆེན་པོ་མ་ལུས་བྱ། །ཇི་ལྟར་རིག་པ་དེ་ཉིད་ཀྱིས། །སྐུ་གསུང་ཐུགས་མཉེས་གྱུར་པ་ཡིན། །བྱང་ཆུབ་སེམས་ཀྱི་ཆར་ཆེན་དབབ། །གང་ལ་གང་གིས་རྟོག་པ་ཡི། །ངོ་བོ་དེ་ཉིད་བརྟགས་པར་བྱ། །བརྗོད་པ་མ་ལུས་དེ་བཞིན་ཏེ། །སྙིང་པོ་སྔགས་སུ་ཤེས་པ་ཡིན། །དེ་ལྟར་ཁྱོད་ཀྱིས་ཧེ་རུ་ཀ །སྲིད་པའི་རང་བཞིན་རྫོགས་ཤེས་ན། །མངོན་རྫོགས་བླ་མེད་གོ་འཕང་འཐོབ། །ཅེས་བཀའ་སྩལ་ཏོ། །མུ་ཁ་ལེའི་རང་བཞིན་སྲིད་པའི་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་གཞན་ཡང་ཁྱོད་ཉིད་ཀྱིས། །ནང་གི་ལུས་ལ་གནས་པ་ནི། །རྩ་ཕྲན་བྱེ་བ་ཕྲག་བརྒྱ་ལས། །གནས་པ་སྟོང་ཕྲག་བདུན་ཅུ་གཉིས། །བསྡུས་པས་བརྒྱ་དང་ཉི་ཤུ་སྟེ། །འཁོར་ལོའི་རྩ་བ་བཞི་ལ་གནས། །དེ་ཉིད་རྣམ་པ་གསུམ་དུ་གནས། །གཡས་གཡོན་གྱི་ནི་དབུ་མའོ། །མི་བསྐྱོད་སྣང་བ་མཐའ་ཡས་དང་། །སེམས་དཔའ་ཆེན་པོ་ཀུན་སྦྱོར་ཏེ། །དྭངས་མ་གསུམ་གྱི་རང་བཞིན་རྒྱུ། །ཡན་ལག་དག་ཏུ་གྲགས་པ་ཡང་། །སྟེང་གི་ཚངས་པའི་གནས་དག་ཏུ། །སུམ་ཅུ་རྩ་གཉིས་རབ་ཏུ་གནས། །འོག་མ་གནོད་པ་བསྐྱོད་པའི་གནས། །གྲོང་ཁྱེར་དྲུག་ཅུ་དག་ཏུ་གྲགས། །མི་ཡི་སྲིད་པ་བརྒྱད་ཉིད་ནི། །རྣམ་པར་ཤེས་པའི་རྟེན་ཅན་ནོ། །ངན་འགྲོ་སྲིད་པ་དགུ་པོ་ནི། །དྲུག་ཅུ་རྩ་བཞིའི་རྣམ་གྲངས་ཏེ། །རྩིབ་མ་དང་ནི་དྲྭ་བ་དང་། །པདྨ་ཁྲིའུ་ལྟ་བུ་སྟེ། །རང་བཞིན་གཅིག་ཅིང་ཐ་དད་དོ། །མ་ཧཱཾ་ཨ་ཧོ་ངོ་བོ་དག །རང་གི་རིགས་ཀྱི་ཁ་དོག་ལྡན། །གཡས་དང་གཡོན་དང་ཟུང་འཇུག་དང་། །ཐབས་དང་ཤེས་རབ་དབུ་མ་སྟེ། །དཀར་དང་སེར་དང་མཚོན་དུ་མེད། །ཉི་མ་ཟླ་བ་འདྲེས་དང་བསྐྱོད། །བདེ་བ་ཆེ་དང་ལོངས་སྤྱོད་རྫོགས། །ཆོས་དང་སྤྲུལ་པ་ཞེས་བྱ་བ། །རི་རབ་དང་ནི་དཔག་བསམ་ཤིང་། །ཉི་མ་ཟླ་བའི་མཚམས་ན་གནས། །རྒྱ་མཚོའི་གཏིང་དུ་གནས་པ་ནི། །རྒོད་མའི་ཁ་ཡི་མེ་འབྱུང་བའི། །རི་རབ་ནུབ་ཏུ་བཞུགས་ནས་ནི། །གནས་སྐབས་བཞི་དང་བརྒྱད་ཀྱིས་སོ། །དེ་དག་བཞོན་པ་ལྔ་ཡིན་ཏེ། །རྩ་བ་དང་ནི་ཡན་ལག་གི། །དེ་དག་བཅུ་དང་ཉི་ཤུ་དང་། །བཞི་བཅུ་བརྒྱད་ཅུ་བརྒྱ་


DNG015_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་ཅུ། །རིམ་གྱིས་ཉི་ཁྲི་ཆིག་སྟོང་དང་། །དྲུག་བརྒྱ་ལ་སོགས་བསམ་མི་ཁྱབ། །རྣམ་པར་ཤེས་པའི་ཚོགས་ཀུན་དང་། །སྐྱེས་བུ་དང་ནི་དེ་བཞིན་དུ། །ལྷན་ཅིག་གནས་པས་གཉིས་མེད་པ། །དོན་ཆེན་མ་ལུས་སྒྲུབ་བྱེད་ཅིང་། །རྩ་བར་གྱུར་པ་ཞེས་བྱ་སྟེ། །ལས་ཀུན་བྱེད་པ་ཡན་ལག་ཡིན། །རྩ་བཞི་དབུས་དང་ལྔ་ལས་ནི། །དྭངས་མ་ཡུམ་ཆེན་གཙོ་མོ་ལྔ། །ཉི་ཟླ་དང་ནི་རྒྱ་མཚོ་དང་། །རང་གི་དངོས་དང་བརྒྱད་ཡིན་ནོ། །ཁྲོས་མ་བཞི་དང་སྒེག་མ་བཞི། །རྒྱན་བྱེད་མ་བཞི་བཅུ་གཉིས་དང་། །གཙོ་མོ་བཞི་དང་བཅུ་དྲུག་གི། །འདོད་པ་སྤྱོད་པའི་འཁོར་ལོ་རྫོགས། །སྲིད་པ་འདི་དག་ཐམས་ཅད་ཀུན། །ཆགས་པར་བྱེད་དང་སྙོམས་པ་དང་། །གཅིག་ཏུ་གནས་དང་སྤྲོ་བ་དང་། །ནམ་མཁའི་ཁམས་ཀྱི་རྒྱལ་མོ་དང་། །འདོད་པ་ཁམས་ཀྱི་གཙོ་མོ་དང་། །གླིང་བཞི་སྟོང་གི་སྤྱི་ཕུད་དང་། །སྲིད་པ་འདེགས་བྱེད་རིན་ཆེན་མ། །གར་གྱི་དབང་མོ་གཉིས་ལས་ནི། །སྲིད་པའི་གཞི་འཛིན་བརྒྱད་ཡིན་ནོ། །ཕྱོགས་བཞིར་གྲུ་འདེགས་བྱེད་མ་དང་། །ལས་ཀྱི་དམག་དཔོན་ཆེན་མོ་བཞི། །བཅུ་དྲུག་གིས་ནི་སུམ་ཅུ་བཞི། །གཟུགས་ཁམས་པ་ཡི་འཁོར་ལོའོ། །ལས་ཀྱི་སྲིན་མོ་བརྒྱད་དང་བཞི། །དབང་ཆེན་བཞི་དང་གདོང་མོ་བཞི། །ས་བདག་མོ་དང་མ་མོ་བརྒྱད། །གསང་བ་གསུམ་དང་ཕོ་ཉ་གསུམ། །ནག་པོའི་ཆུང་མར་གྲགས་པ་གསུམ། །འཇིགས་བྱེད་མ་མོ་ཆེན་མོ་གསུམ། །སུམ་ཅུ་གཉིས་ཀྱི་རང་བཞིན་གྱིས། །ངན་འགྲོའི་སྲིད་པ་དགག་པའོ། །དྲུག་ཅུ་རྩ་བཞིའི་འཁོར་ལོ་རྫོགས། །བྱ་དང་བྱེད་པ་བདག་པོ་གསུམ། །ཀུན་གྱི་བཞོན་པར་བཅས་པ་ནི། །རི་རབ་དང་ནི་ཡོངས་འདུའི་ཤིང་། །སྲོག་ཤིང་ཚུལ་དུ་གནས་པ་ཡིན། །འདི་དག་མ་ལུས་ཁྱོད་ཀྱི་ལུས། །དཀྱིལ་འཁོར་བཞི་ཡི་བདག་ཉིད་ཀྱིས། །ཕྱི་ཡི་དོན་དུ་སྣང་བ་ཡིན། །ལོངས་སྤྱོད་འདོད་སྤྱོད་དཀྱིལ་འཁོར་ལ། །དབྱིངས་དྲུག་ལྷ་དྲུག་རྩ་བ་སྟེ། །ཉེ་དབང་སུམ་ཅུ་རྩ་གཉིས་ནི། །དེ་ཡི་འཁོར་དུ་གཏོགས་པ་སྟེ། །རི་རབ་སྟེང་གི་འཁོར་ལོ་ཡི། །གནས་ཆེན་བསམ་


DNG015_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་བཞི་ལ་ནི། །བཅུ་དྲུག་རང་གི་བདག་པོ་སྟེ། །བྱ་དང་བྱེད་པའི་ཚུལ་གཉིས་ཀྱིས། །སུམ་ཅུ་རྩ་གཉིས་འདོད་པ་བསྡུས། །དྲུག་ཅུ་བཞི་ལ་ཟུག་རྔུ་མེད། །བདེ་ཆེན་འབྲས་བུའི་འཁོར་ལོ་རྫོགས། །གླིང་བཞི་དང་ནི་གླིང་ཕྲན་བརྒྱད། །ལམ་རྟེན་ཆེན་པོ་འཛིན་པས་ནི། །འཛམ་བུ་གླིང་དུ་གྲགས་པ་ལ། །ཆོས་ཀྱི་འཁོར་ལོ་ཞེས་བྱ་རྫོགས། །དམྱལ་བའི་སྲིད་པ་ཉི་ཤུ་དང་། །དེ་ཡི་ཉོན་མོངས་ཉི་ཤུར་བཅས། །དབྱིངས་གནས་པ་དང་འཐོར་བ་དང་། །སྒྲིབ་པ་གཉིས་བཅས་དྲུག་ཅུ་བཞི། །ཉོན་མོངས་ལས་ནི་སྤྲུལ་པ་ཡིས། །རབ་ཏུ་འཁོར་བའི་འཁོར་ལོ་རྫོགས། །ཕྱི་ཡི་རྟེན་འདྲེལ་བཅུ་གཉིས་ཀྱི། །ལུགས་སུ་བྱུང་དང་བཟློག་པ་ཡིས། །གནས་དང་ཡུལ་དུ་སྣང་བ་སྟེ། །ཉི་ཤུ་རྩ་བཞི་ཀུན་ལ་ཁྱབ། །ལུས་ལ་རྫོགས་པ་ཕྱི་དང་ནང་། །ཚུལ་དེ་མ་རྟོགས་གཞན་མ་ཡིན། །རྣལ་འབྱོར་ཆེན་པོ་གྲོལ་བའི་ཚུལ། །འཁོར་ལོ་བཞི་ལ་གང་གནས་པ། །སད་ལྡོག་འབར་འདྲལ་འདུ་ཞིང་འཆར། །ཟག་མེད་བསྐྱེད་པས་བདེ་བར་འགྱུར། །རྣམ་པ་ཉི་ཤུ་རྩ་གཅིག་གིས། །ཕ་རོལ་སྐྱེ་བ་བར་མ་དོ། །དྲུག་གམ་བདུན་གྱིས་སློང་བར་བརྗོད། །དེ་ཉིད་གཡོ་དང་རང་གི་ཁམས། །གཟུགས་བརྙན་དག་དང་གསུམ་ཡིན་ཏེ། །འབར་དང་འཕྲོ་དང་བརྟན་པ་དང་། །ཐོད་རྒལ་རབ་ཏུ་འབར་བའོ། །རྩ་བ་ལྔ་དང་ཡན་ལག་ལྔ། །ངོ་བོ་མིང་གི་བྱེ་བྲག་གོ། །བསམ་གཏན་སྲོག་རྩོལ་དབུགས་རྔུབ་དང་། །སྡུད་དང་འཛིན་པའི་ཏིང་ངེ་འཛིན། །ལྡང་འཇུག་གནས་པ་གཅིག་དང་གསུམ། །ལུས་དང་ཤེས་པ་གཡོ་བ་དང་། །རབ་འབྲིང་ཐ་མ་གསུམ་གྱི་འགྱུར། །སྲོག་འཛིན་མེ་མཉམ་ཐུར་སེལ་དང་། །གྱེན་དུ་རྒྱུ་དང་ཁྱབ་པར་བྱེད། །ཆོས་དང་སྤྲུལ་པ་གསང་བ་དང་། །ལོངས་སྤྱོད་བདེ་ཆེན་དབང་གི་གནས། །འདྲེལ་འཇུ་འཛིན་འཕྲོ་རྒྱུ་བའི་ལས། །ཟུག་རྔུ་སྒྲ་འབྱིན་འགྲོ་འོང་གཅོད། །སྨྲ་ཞིང་འཁོར་བ་འཛིན་པར་བྱེད། །སྟོང་དང་གསལ་དང་རིང་བ་དང་། །ཐུང་དང་བདེ་བས་ལུས་ཁྱབ་དང་། །གནས་སྐབས་རང་གིས་བྱེད་པར་འགྱུར། །རྒྱུ་དང་


DNG015_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

རབ་རྒྱུ་ཤིན་ཏུ་རྒྱུ། །མངོན་པར་རྒྱུ་དང་ཡང་དག་རྒྱུ། །མིག་དང་རྣ་བ་སྣ་དང་ལྕེ། །བ་སྤུའི་གནས་ཀུན་ཁྱབ་པ་སྟེ། །མཐོང་དང་ཐོས་ཚོར་མྱང་རེག་སྟེ། །བསམ་པ་དེ་ཉིད་རྟོགས་པར་བྱེད། །དོར་ཞིང་བརླབ་དང་བསྒོམ་པ་ཡིས། །རྩ་བ་ཡན་ལག་ཀུན་ལ་ཁྱབ། །སྣང་དང་དྲན་རྟོག་བྱུང་རྒྱལ་དག །མོས་པ་ལྷག་བསམ་མཉེས་པ་དང་། །ཡང་དག་ཐུན་མོང་ལྟ་བ་དང་། །རྟེན་ཅིང་འདྲེལ་པའི་བྱིན་རླབས་ཀྱིས། །ལོངས་སྤྱོད་སྙོམས་འཇུག་བདེ་བ་བསྒོམ། །རྒྱས་པའི་རྟེན་གྱི་ཉི་ཟླ་གཉིས། །གཡས་གཡོན་མདུན་དུ་རིང་དང་ཐུང་། །གསུམ་གསུམ་དགུ་དང་བུད་དང་རྔུབས། །འཁོར་ཡུག་གསུམ་གྱི་སྦུབས་སུ་སྦེད། །རླུང་གི་དཀྱིལ་འཁོར་རབ་བསྡམས་ནས། །དཔག་བསམ་ཤིང་གི་ཡལ་ག་བཅིང་། །ཉི་ཟླ་སྟེང་གི་ཕྱོགས་སུ་འཕང་། །གླིང་བཞི་གླིང་ཕྲན་ཚགས་སུ་གཞུག །གློག་དབྱུང་འབྲུག་སྒྲ་བསྒྲགས་པར་བྱ། །གླང་ཆེན་སྟག་དང་སྤྱང་ཀི་ཝ། །འོག་མའི་གནས་ནས་རིམ་བཞིན་འཕང་། །རྣམ་པར་གྲོལ་བས་ལུས་ལ་དགྲམ། །དབབ་དང་བསྐྱིལ་དང་བཟློག་པ་དང་། །བགོས་པ་སྐྱེ་རགས་ཞགས་པ་དང་། །འཁོར་ལོ་བུས་པའི་འདུག་སྟངས་ཀྱི། །བདུད་རྩིའི་དོན་དུ་འགྱུར་བའོ། །ཡུལ་གནད་དགུ་བཅུ་རྩ་བདུན་འདྲ། །དགུ་དང་དྲུག་དང་གཅིག་ཏུ་བསྡུ། །མེ་དང་ཐོག་དང་ཤིང་དང་སྲུབ། །དེ་ཡི་འཁོར་ལོ་ཐིག་ལེ་སྟེ། །རང་གི་ལམ་བཞིན་སྐྱོང་བའོ། །དྲུག་ཅུ་རྩ་བཞིའི་གནས་སུ་བྱུང་། །གཙོ་བོ་བརྒྱད་ཀྱི་ཨཾ་དང་བཅས། །རབ་ཏུ་འབར་བ་དེ་ཉིད་བསམ། །ཕྱི་ནང་གསང་བའི་བཞོན་པ་ལས། །འདེགས་བྱེད་འབྱུང་དང་སྙོམ་པ་དང་། །འཇིག་དང་གཅོད་དང་བྱིང་བ་དང་། །ལས་བྱེད་འབིགས་དང་ཀུན་ཏུ་ཁྱབ། །དང་པོའི་རྒྱུ་ཡི་བྱེ་བྲག་གོ། །གྱེན་ཐུར་འགྲོ་དང་དྭངས་སྙིགས་འབྱེད། །སྙིང་རྗེ་མེད་དང་སྙིང་རྗེ་དང་། །སྙོམ་དང་འབྱེད་དང་སྙོམ་པ་དག །རྟེན་གྱུར་བྱང་ཆུབ་སེམས་ཡིན་ནོ། །ཉི་ཁྲི་ཆིག་སྟོང་དྲུག་


DNG015_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་དག །འབྱུང་དང་འཇུག་དང་གནས་དང་གསུམ། །བཅུ་དྲུག་རེ་རེ་སྐད་ཅིག་མ། །འབྱུང་ཞེས་འགྲོ་བ་འཁྲུལ་དང་གྲོལ། །མ་ལུས་དེ་ཡིས་བྱེད་པའོ། །རྒྱལ་པོ་ཕོ་བྲང་འཁོར་འདྲ་བས། །ལུས་ཀྱི་དཀྱིལ་འཁོར་ལས་བྱེད་པ། །དུར་ཁྲོད་ཆེན་པོའི་གནས་བརྒྱད་དེ། །ཤར་ལྷོ་ནུབ་བྱང་མཚམས་བཞིར་བཅས། །ལྷ་ཀླུ་ཕྱོགས་དང་ཞིང་སྐྱོངས་ཤིང་། །མེ་ཆུ་ཤིང་དང་སྤྲིན་དང་རི། །སྐྲ་དང་བ་སྤུ་སོ་སེན་མོའོ། །ཟིལ་དང་རླུང་དང་འཕྲོ་བ་ཡིས། །རང་གི་ཕྲིན་ལས་ངེས་བསྒྲུབ་པ། །རྟགས་དང་ཡོན་ཏན་བསྐྱེད་པའི་ཚུལ། །སྡིག་དང་འབྲལ་དང་སྤང་བ་དང་། །ཐོབ་དང་རྫོགས་དང་སྣང་དང་འགྲུབ། །བཅོམ་ལྡན་བྷ་ག་ལས་སྐྱེད་ཅིང་། །སྦྱང་བྱ་བསྒྲོད་བྱ་གནས་བྱ་དག །ལྔ་དང་བཅུ་གསུམ་གསུམ་དང་ལྔ། །བདག་ཉིད་རྫོགས་པ་དེར་གནས་སོ། །དེ་བས་ང་ནི་མངོན་རྫོགས་པའི། །རྒྱལ་པོ་བླ་ན་མེད་པའོ། །མུ་ཁ་ལེ་ཞེས་བྱ་བ་ཡང་། །མཐར་ཐུག་དོན་གྱི་གཞི་ཡིན་ཏེ། །དེ་ཉིད་ཁོ་ནའི་བདག་ཉིད་དོ། །ཞེས་བཀའ་སྩལ་ཏོ། །མུ་ཁ་ལེ་ཕུང་པོ་ལུས་ཀྱི་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་གཞན་ཡང་ཁྱོད་ཉིད་ཀྱི། །བྱང་ཆུབ་སེམས་ལ་གནས་པ་ནི། །ཐུན་མོང་དང་ནི་ཁྱད་པར་ཏེ། །དོན་དམ་ཀུན་རྫོབ་རང་བཞིན་གྱིས། །ཐབས་དང་ཤེས་རབ་བདག་ཉིད་བརྒྱུད། །སྡོམ་དང་བསྡམ་པར་བྱ་བ་དང་། །བསླབ་དང་ཤེས་པར་བྱ་བ་དག །སྣང་དང་རྟོགས་པ་རིག་པའི་ཚོགས། །སྒྱུ་མ་རྨི་ལམ་སྨིག་རྒྱུ་དང་། །མིག་ཡོར་སྤྲུལ་པ་དྲི་ཟའི་གྲོང་། །གཟུགས་བརྙན་བྲག་ཆ་སྒྲ་བརྙན་ཚོགས། །ཇི་སྲིད་ཙམ་དུ་མཚོན་པ་ལས། །སྐྱེ་མཐའི་སྲིད་པ་མན་ཆད་དུ། །སྨོན་ལམ་ཙམ་དུ་དམ་བཅའ་ཞིང་། །ལུས་ངག་ཡིད་ཀྱིས་རབ་འཇུག་པའི། །རྩོལ་དང་བསྒྲུབ་པ་གང་ཡིན་པ། །ཕུང་པོས་བསྡུས་པའི་ཤེས་པ་ལྔ། །ཀུན་གཞི་ཁྱོད་ཀྱི་བདག་ཉིད་ལ། །མཁའ་བཞི་དབྱིངས་ལྔ་ཉིད་དང་བཅས། །མིག་དང་རྣ་བ་སྣ་དང་ལྕེ། །ལུས་དང་ཡིད་རྣམས་དེ་ཡི་ཡུལ། །བསྐྱེད་ཅིང་མཆེད་པ་བཅུ་


DNG015_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱི། །རང་བཞིན་བྱ་བ་ཡིད་ཀྱི་དངོས། །བཅུ་བཞི་འཁོར་གྱི་རྩ་བ་སྟེ། །གཞན་ཡང་ཁམས་དང་ཉོན་མོངས་པའི། །ཉེ་བ་ལས་ནི་མངོན་གྱུར་དང་། །ཀུན་འགྲོ་ལྔ་དང་འགྱུར་བ་བཞི། །ཁྱབ་པ་གཅིག་གིས་ལྔ་བཅུ་བརྒྱད། །གཙོ་དང་འཁོར་གྱིས་རབ་བསྡུས་པ། །ཐུན་མོང་སེམས་ཀྱི་དཀྱིལ་འཁོར་བསྟན། །དེ་ལས་ཁྱད་པར་གྱུར་པ་ནི། །དོན་དམ་ཤེས་པ་ཟླ་བའི་གནས། །བྱང་ཆུབ་སེམས་ཀྱི་རྒྱལ་པོ་སྟེ། །འདོད་ཆགས་གཙོ་མོ་ཡུམ་དང་བཅས། །མཁའ་བཞི་ལས་ནི་དགའ་བ་དང་། །སྐད་ཅིག་གནས་པ་དབྱིངས་མ་ལྔ། །གནས་སྐབས་དང་ནི་ནུས་པ་དྲུག །ཚུལ་གཉིས་ཀྱིས་ནི་བཅུ་བཞི་སྟེ། །དེ་དག་འཁོར་དུ་སྐྱེ་བའོ། །དེ་དང་དེ་ལས་སྲིད་པ་ཡིས། །བརྡའ་དང་གནས་དང་ཤེས་པ་དང་། །ཕྲིན་ལས་བྱེད་པ་ལ་སོགས་ཀྱི། །རང་གི་ཆོས་དང་ལོངས་སྤྱོད་དང་། །བདེ་ཆེན་སྤྲུལ་པའི་གནས་དག་ཏུ། །སྤྲོ་དང་བསྡུ་དང་བརྟན་པ་ལས། །བྱ་བ་སྣ་ཚོགས་སྤྱོད་པ་དག །ཆོས་ཀྱི་བདག་ཏུ་འཛིན་པ་གྲོལ། །དེར་སྣང་ཆོས་ཀྱི་དབྱིངས་དཀྱིལ་ལ། །རིག་པའི་ཡེ་ཤེས་སྣ་ཚོགས་པ། །གཙོ་དང་འཁོར་དུ་བཅས་པ་གྲུབ། །དེ་ཡི་འབྲས་བུ་ཚུལ་ཆེན་ཡང་། །སྐུ་དྲུག་ལས་ནི་མ་ནོར་དང་། །མ་ལུས་མཁྱེན་པ་བཅུ་གཉིས་ཏེ། །དོན་གཉིས་མཛད་པ་དེ་དག་དང་། །གཞན་གྱིས་རིག་པར་བྱ་བ་ལས། །འདས་བྱེད་བསམ་གྱིས་མི་ཁྱབ་པ། །གདུལ་བར་བྱ་བ་རྣམས་ལ་སྣང་། །དུས་གསུམ་དུས་མེད་རྟོགས་པ་དང་། །འབད་རྩོལ་བསམ་ཤེས་ཡོད་མིན་ཞིང་། །གང་ལ་འདོད་པ་དེ་བདག་ཉིད། །མུ་ཁ་ལེ་ཡི་ཆོས་ཉིད་དེ། །གསང་ཆེན་སེམས་ཀྱི་ཕོ་བྲང་ལ། །གབ་པའི་གཏེར་དུ་སྣང་བ་སྟེ། །འཇིག་རྟེན་པ་རུ་གྲགས་པ་མིན། །དེ་བས་ངེས་བཟུང་བརྟག་པ་དང་། །བཟློག་ཅིང་དགྲོལ་བར་བྱ་བ་སྟེ། །མཉམ་པ་ཉིད་དུ་གང་སྐྱེས་པ། །མཉམ་ཉིད་སྐྱེས་པར་དེ་བརྗོད་དོ། །སྣང་བ་དང་ནི་སེམས་ཉིད་དེ། །རྒྱུ་དང་ཐབས་དང་འབྲས་བུ་དང་། །གཞི་དང་ལམ་དང་རང་བཞིན་དངོས། །ལུས་དང་


DNG015_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྤྱོད་ཆུད་མི་གསོན། །གཏོང་དང་གཞན་གྱི་དོན་སྤྱོད་པ། །སོ་སོར་འགྲོ་བས་ཐར་པ་དང་། །མ་ལུས་མཉམ་པར་རྫོགས་སྤྱོད་པ། །རིག་པའི་སྙིང་པོ་བྱང་ཆུབ་པ། །བླ་ན་མེད་པ་ཡོངས་བཟུང་ཞིང་། །རང་བཞིན་མཉམ་ཉིད་འབྱུང་བའི་གཞི། །ཐབས་ཀྱི་གནས་སྐབས་འབྲས་བུ་གསུམ། །སྟོང་དང་མཚན་མ་སྨོན་པ་མེད། །རྟེན་བྱེད་ལུས་ལ་གཡས་གཡོན་དབུས། །འདོད་ཆགས་ཞེ་སྡང་གཏི་མུག་གིས། །འབྱུང་འཇུག་གནས་དང་འདུ་བ་བཞི། །ཕན་གནོད་བཏང་སྙོམས་སྦྱོར་ལགས་སོ། །ཐོག་མར་མཉམ་པ་ཉིད་དུ་སྐྱེས། །ཐབས་ཀྱི་མཉམ་ཉིད་སྐྱེས་པ་ལ། །ཤེས་རབ་ལྷན་ཅིག་སྐྱེས་པ་ཡིས། །རབ་འབྲིང་ཐ་ཡི་ཡུལ་རྣམས་ལ། །འདུ་ཤེས་གསུམ་གྱིས་རབ་སྦྱངས་ཏེ། །སྡུག་བསྔལ་བྲལ་ཞིང་བདེ་བ་དང་། །རྣམ་པར་རྟོག་པ་སྤངས་པ་དང་། །དངོས་ཀུན་མ་ལུས་གསལ་བ་ཡིས། །སྟོབས་དང་དྲོད་དང་འདྲེན་པ་དག །ཡན་ལག་ཉི་ཤུ་རྩ་བཞི་སྟེ། །རིགས་ཀྱི་དོན་དུ་སྣང་བ་ཡིས། །ལུས་དང་སེམས་ཀྱིས་གཞན་དོན་སྤྱོད། །མདངས་ལྡན་ཞེན་པ་ཆེད་འཛིན་བྲལ། །ཟུག་རྔུ་འབད་པ་རྩོལ་བ་མེད། །མཆོག་གི་ཡུམ་དང་ཕྲད་ནས་ཀྱང་། །རིག་པ་འཛིན་པ་བརྙེས་འགྱུར་ཞིང་། །ངན་འགྲོའི་ལུས་ཀྱི་རྟོག་པ་སྤང་། །སྐྱེ་འཆི་ལས་དང་སྲིད་པ་ལ། །སྔ་མ་ཕྱི་མ་རིམ་གྱིས་འབྱུང་། །གསང་བ་རིག་པ་བརྟུལ་ཞུགས་སྤྱོད། །དབང་པོ་པ་ལས་སྤགས་པ་ཡིས། །མངོན་པར་ཤེས་པ་ལ་སོགས་པའི། །རང་བཞིན་ཡོན་ཏན་རྒྱས་པ་ཡིས། །བར་དུ་གཅོད་པ་མཐའ་དག་བཟློག །སྤྲོས་པའི་རྟོག་པ་ཉེ་བར་ཞི། །འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །མཚོན་རྫོགས་དཔེ་བྱད་འབར་བ་དང་། །མཉམ་སྦྱོར་ཡན་ལག་ཡུལ་དང་བཅས། །ཟག་མེད་བདེ་བ་རྒྱུན་མི་འཆད། །སྙིང་རྗེ་སྲོག་དང་མཁྱེན་པར་ལྡན། །ཡུལ་སྣང་དག་པ་རྒྱུན་མི་འཆད། །མཉམ་ཉིད་ལྷན་ཅིག་སྐྱེས་པའོ། །རང་བཞིན་རྒྱུ་འབྲས་ཚོགས་པ་ཡིས། །དབྱེར་མེད་ལྷན་ཅིག་སྐྱེས་པའོ། །ང་ཉིད་མངོན་དུ་རྫོགས་པ་སྟེ། །ཆོས་


DNG015_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་རིག་པའི་ཡེ་ཤེས་དང་། །དབྱིངས་དང་ཡེ་ཤེས་གཉིས་མེད་པས། །དཀར་དམར་མཐིང་གའི་དབུར་བསྟན་ཅིང་། །དབྱིངས་ལས་འགྱུར་མེད་མཐིང་གའི་མདོག །བག་ཆགས་འཇོམས་བྱེད་གཡས་རྡོ་རྗེ། །ཆོས་ཀྱི་སྒྲ་སྒྲོགས་གཡོན་དྲིལ་བུ། །གདུག་པ་འདུལ་མཛད་སྦྲུལ་ཞགས་གཡས། །འཁོར་བ་དབང་སྡུད་གཡོན་བྷནྡ། །དྲེགས་པ་འདུལ་མཛད་གཡས་སྟ་རེ། །ཚེ་སྲོག་མདངས་སྦེད་གའུ་གཡོན། །རྫུ་འཕྲུལ་རྐང་པ་ཞབས་བཞིར་བགྲད། །གཏི་མུག་འདོད་ཆགས་ཞེ་སྡང་དང་། །ང་རྒྱལ་ཕྲག་དོག་སེལ་བ་ཡི། །གླང་ཆེན་མི་དང་སྟག་དང་དོམ། །ཐལ་བ་རཀྟ་ཐོད་ཕྲེང་དང་། །མེ་རི་འབར་བས་བརྒྱན་པའོ། །མུ་ཁ་ལེ་ནི་དབྱིངས་ཀྱི་ཡུམ། །མི་འགྱུར་མཐིང་ནག་ཆོས་ཀྱི་སྐུ། །ཡེ་ཤེས་ལྔ་ཡི་ཞལ་བྱུང་ཞིང་། །འབྱུང་བ་ལྔ་ཡི་མཁའ་གསང་ཅན། །རྡོ་རྗེ་དྲིལ་ཞགས་བདུད་རྩི་གཡས། །དྲིལ་བུ་བྷནྡ་གཡང་གཞི་གཡོན། །ཉོན་མོངས་འཇོམས་ཤིང་སྙིང་རྗེས་འཛིན། །འཆི་མེད་དངོས་གྲུབ་སྩོལ་བར་མཛད། །བཅུད་འགྱུར་བདེ་བ་སྟོན་པ་དང་། །ཆོས་ཉིད་མཉམ་པར་ལོངས་སྤྱོད་པའོ། །ཞབས་བརྒྱད་རྣམ་ཐར་བརྒྱད་ཀྱི་ངང་། །འཁོར་བ་དང་ནི་མྱ་ངན་འདས། །དོན་དམ་ཀུན་རྫོབ་བདེན་པའི་དངོས། །དབྱེར་མེད་འདུ་འབྲལ་མེད་པ་དང་། །རྒྱུན་མི་འཆད་པར་སྤྱོད་པས་ཏེ། །དོན་ཆེན་གབ་ཅིང་སྦས་པའི་གཏེར། །མངོན་རྫོགས་རྒྱལ་པོའི་སྐུ་གསུང་ཐུགས། །དགོངས་པའི་ཁྱད་པར་གང་ཡིན་པའོ། །སྣང་ཞིང་སྲིད་པས་བསྡུས་པ་དང་། །རྣལ་འབྱོར་ལམ་གྱི་ཡེ་ཤེས་ཀྱིས། །གྲོལ་ཞིང་རྟོག་པ་མ་ལུས་དག །ཤར་ཞིང་སྣང་བར་བརྟགས་པ་དེ། །མི་སྤང་མི་འགེག་ལམ་མཆོག་སྟེ། །དེ་བས་མུ་ཁ་ལེ་ཞེས་བྱ། །ཞེས་བཀའ་སྩལ་ཏོ། །མུ་ཁ་ལེ་གསང་བ་སེམས་ཀྱི་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་གཞན་ཡང་ཁྱོད་ཉིད་ཀྱིས། །ལུས་ལ་འབྱུང་བའི་དཀྱིལ་འཁོར་གང་། །ཐུན་མོང་ཆོས་སུ་བཤད་པ་ནི། །དྲག་པོ་སྔགས་ཀྱི་ཆ་བྱད་ཅན། །ཕྲིན་ལས་མི་བཟད་ཆེར་སྦྱར་བས། །དུར་ཁྲོད་འཇིགས་པའི་གནས་སོང་སྟེ། །སྲིད་པའི་དཀྱིལ་འཁོར་


DNG015_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་ལས། །དེ་དཀྱིལ་མངོན་རྫོགས་ཧེ་རུ་ཀ །དབུ་དགུ་བཅོ་བརྒྱད་ཕྱག་དང་ལྡན། །ཆོས་ཉིད་ཀུན་ཏུ་བཟང་མོ་ཉིད། །མཁའ་བཞིན་དག་པའི་རང་བཞིན་ལས། །འབེབས་དང་བསྐྱོད་དང་སྐུལ་བྱེད་མ། །ལེན་ཚོར་ཚིམས་པར་བྱེད་པ་དག །སྣོམ་བྱེད་མ་དང་མ་མོ་བདུན། །ཡབ་ཀྱི་རྣམ་ཤེས་ཚོགས་དག་ལས། །མ་མོ་བརྒྱད་ནི་ཕྱག་གཡས་ལ། །ཡུལ་བརྒྱད་ཕྲ་མེན་ཕྱག་གཡོན་ལའོ། །ཕྲ་ཐབས་བུམ་ཐབས་བསྣམས་པ་ནི། །ཕྱག་མཚན་ལས་ཀྱི་དཀྱིལ་འཁོར་རོ། །དེ་ཡིས་འཇིག་རྟེན་དྲེགས་པ་གཟིར། །བརྒྱ་བྱིན་གྱི་ནི་གདན་དག་ལ། །ཤ་ལས་རྣམ་སྣང་གསལ་དུ་བསྐྱེད། །གཤིན་རྗེར་དྲོད་ལས་འོད་འབར་གསལ། །ཁྲག་ལས་མཉེན་གསལ་ཆུ་བདག་སྟེང་། །དབུགས་ལས་ཡང་གསལ་གནོད་སྦྱིན་གནོན། །མདུན་དུ་བདུད་ལ་བཀྲག་ལས་ནི། །དེ་ཉིད་གསལ་མ་བསྐྱེད་པ་ཡིན། །རྒྱ་མཚོ་མ་དང་ཉི་ཟླ་དང་། །བདེ་ཆེན་བྱང་ཆུབ་སེམས་རྩ་ལས། །དཔལ་འབར་ཁྲོ་མོ་བསྐྱེད་པར་བྱ། །ཕུང་བྱེད་སྦས་པའི་མ་བཞི་དག །སོ་སོར་བསྐྱེད་ལ་བསྒྱེལ་བ་ལ། །དྭངས་མ་བཞི་ལས་ཡུམ་ཆེན་མོ། །བདེ་བ་ཟ་བྱེད་རྒྱས་འདེབས་མ། །ཚེ་འཕེལ་མ་དང་རྨོངས་བྱེད་མའོ། །ཁྲོས་མ་བཞི་དང་དགེས་སྡེ་བཞི། །གདན་དང་དབང་པོ་སྒོ་བཞི་དང་། །རྣམ་ཤེས་རིག་པར་བཅས་པ་ལས། །ཁམས་གསུམ་གདར་ཤ་གཅོད་མ་བསྐྱེད། །ཆགས་བྱེད་ཆ་སྙོམས་བསྒྱེལ་བ་ལ། །གསང་བའི་རྩ་ལས་དུག་གསུམ་དག །དབང་སྡུད་མ་མོ་བསྐྱེད་པར་བྱ། །ཨེ་ཀ་ཛ་ཏི་སྤུན་དྲུག་ལ། །གཞུང་ཆེན་རྩ་ལས་སྐྱེ་ཤི་དག །རྩད་གཅོད་བྱེད་མ་བསྐྱེད་པར་བྱ། །འདོད་ཁམས་གཙོ་མོ་སྤུན་གཉིས་ལ། །སྲོག་གནས་པ་ཡི་རྩ་ལ་ནི། །པདྨ་ཀྲོ་ཏཱི་ཤྭ་རཱིར་བསྐྱེད། །ནམ་མཁའི་རྒྱལ་མོ་བསྒྱེལ་བ་ལ། །ལྟེ་བར་གནས་པའི་རྩ་ཆེན་ལས། །ཡཀྴ་ཀྲོ་ཏཱི་ཤྭ་རཱིར་བསྐྱེད། །མ་བདུན་གདན་ལ་སྙིང་རྩ་ལས། །རཀྴ་


DNG015_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ཀྲོ་ཏཱི་ཤྭ་རཱི་མ། །དམག་གི་རྒྱལ་མོ་བཞི་ཉིད་དང་། །སྲིང་བཞིའི་གདན་ལ་རྐང་ལག་བཞི། །ས་མ་ཀྲོ་ཏཱི་ཤྭ་རཱིའོ། །དབང་ཕྱུག་མ་མོ་ཉི་ཤུ་བརྒྱད། །ཉོན་མོངས་ཡིད་ཀྱི་རྣམ་ཤེས་ལས། །གྷུ་ཧྱ་ཀྲོ་ཏཱི་ཤྭ་རཱི་མའོ། །བསྒོམ་བྱ་མ་མོ་བཅུ་གསུམ་ལ། །ལྷ་ཆེན་དྲུག་ཅུ་རྩ་བརྒྱད་བསྐྱེད། །དྲག་ཤུལ་གདན་གྱི་དཀྱིལ་འཁོར་ལོ། །མངོན་རྫོགས་རྒྱལ་པོའི་དབུ་གཙུག་ལ། །རྟ་མགོ་མགྲིན་སྔོན་བྱུང་བ་ནི། །ཐམས་ཅད་དབང་དུ་བྱེད་པ་སྟེ། །ཞལ་ནས་ཧྲཱྀཿཡི་སྒྲ་བྱུང་བས། །ཐམས་ཅད་ཟིལ་གྱིས་གནོན་པའོ། །ང་རྒྱལ་གྱི་ནི་གདོན་རྣམས་ཀྱི། །སྙིང་ཁྲག་ཞལ་དུ་རྔུབ་པར་བྱེད། །དམ་ཚིག་པ་ལ་བཞག་པ་ཡིས། །རྦོད་ཅིང་གཏོང་བའི་ཕྲིན་ལས་ཉིད། །སྲིད་གསུམ་མ་མོ་མཁའ་འགྲོ་དག །དབང་གི་མ་དང་ཚེ་ཡི་བདག །ནད་རིམས་མཐུ་དང་རྫུ་འཕྲུལ་གྱིས། །རང་གཞན་དོན་དུ་བསྒྱུར་བ་དང་། །གང་རིགས་པ་ལས་དམིགས་པ་ནི། །ཕྲིན་ལས་རྫོགས་པའི་དཀྱིལ་འཁོར་ཡིན། །སྤྱི་བདུན་དམག་དང་དཔུང་བསྡུ་དང་། །དམག་དྲངས་པ་དང་དཔོན་བསྐོ་དང་། །ངོ་བསླང་ལྷག་མ་བསྡུ་བ་དང་། །མདུན་དཔུང་བཤིགས་དང་གཏོར་བ་དང་། །མཆོད་དང་དུས་གདབ་ལས་རྣམས་ལ། །གཅིག་ཏུ་དྲིལ་དང་སོ་སོ་ཡིས། །བསྙེན་པ་དང་ནི་འཁོར་ལོ་བསྐོར། །སྒོ་ཐུན་དབབ་པ་བརྣག་པའི་གྲོགས། །ཐམས་ཅད་གཟུགས་ཀྱིས་བསྐང་བ་དང་། །ཞི་བ་ཆེན་པོར་བྱས་པ་དང་། །དབང་དང་དྲག་ཤུལ་ཕུར་པ་དང་། །ཕྲ་མེན་སོ་སོར་དབྱེ་བ་དང་། །ངན་སྔགས་ཐུན་གྱིས་བསད་པའོ། །གནད་ལ་དབབ་པའི་བལྟ་སྤྱོད་ཀྱི། །དགུག་པ་གསུམ་གྱིས་གདགས་པ་དང་། །མ་ལུས་དོན་ལ་སྦྱར་བ་ནི། །ཕྲིན་ལས་རྫོགས་པའི་དཀྱིལ་འཁོར་ཡིན། །རང་ལས་བསྔགས་པའི་གནས་དེ་རུ། །ཡོ་བྱད་གསུམ་གྱི་ཕུན་ཚོགས་ནས། །མཚན་དང་ལྡན་པའི་གྲོགས་མཆོག་དང་། །རྣམ་ཤེས་རྟེན་རྫས་བཅུ་གཅིག་ལྡན། །སྣོད་ཆེན་ལྕང་ལོ་ཡང་དག་ལྡན། །རཀྟར་


DNG015_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་དང་མར་མེ་བཏང་། །ཤུན་པའི་སྤྲིན་དང་བླ་རེ་དང་། །ཆས་གོས་ཤུན་ཆེན་རལ་ག་བགོ། །སྤྱི་བླུགས་ཞྭ་དང་ཕྲེང་བ་དང་། །རིགས་བཞི་མཆོག་གི་ཕུར་པ་དང་། །སྟག་དང་གླང་ཆེན་བགོ་བ་དང་། །སེམས་ཅན་ཆེན་པོ་ལྔ་དག་གི། །དབང་པོ་དོན་སྙིང་ཡན་ལག་དག །རྒྱལ་མཚན་བླ་རེ་ཟ་ར་ཚགས། །རང་གི་རིགས་དང་རྣམ་གྲངས་མཐུན། །མཆོད་ཆེན་རབ་ཏུ་སྦྱར་བས་ནི། །གནས་དང་ཕྲིན་ལས་དམིགས་པར་བྱ། །ཨཱོཾ་ཧཱུཾ་བཛྲ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཨ་ཨ། ཨཱོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་གུ་ཧྱ་ཛྙཱ་ན་ཀྲོ་ཏཱི་ཤྭ་རཱི་སྟྭམ། མ་མ་ཡོ་གི་ནཱི་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཨཱོཾ་ཉིད་བཞི་མུ་ཁ་ལེ་ཀྲོ་དྷཱི་ཤྭ་རཱི་བྷ་ག་པདྨརྱ་བདེ་ཀློང་འདུས་འདུས་ན་སྙིང་ཛ། ཤ་ཡུ་ཏི་ནི་ཧཱུཾ་བྷྱོ་ཧཱུཾ། ཨཱོཾ་གྷི་ས་མུ་ཧཱུཾ་ཧ། ཨཱོཾ་ཛྭ་ལ་ར་མ་པ་ཧ། ཨཱོཾ་བྷི་ཤ་སན་ཏི་ཧ། ཨཱོཾ་བྷི་ཡཾ་ཡཾ་ཧ། ཨཱོཾ་མ་ཧཱ་ལོ་ཏེ་ཧ། ཨཱོཾ་ཀྲོ་དྷཱི་ཤྭ་རཱི་བྷ་ག་པདྨརྱ་ཧཱུཾ་ཧཱུཾ། ཨཱོཾ་བཛྲ་ཤཱན་ཏི་པདྨ་ཀ་རུ་ཏིང་བྷྱོ། ཨཱོཾ་མུ་ཏྲི་ནི་བྷྱོ། ཨཱོཾ་ཨ་ཤན་ཏྲི་ནི་བྷྱོ། ཨཱོཾ་བྷ་ག་དུན་ཏྲི་ནི་བྷྱོ། ཨཱོཾ་ཁ་མུན་དན་ཏྲི་ནི་བྷྱོ། ཨཱོཾ་བཛྲ་སུརྱ་བི་ཏོ་ཨ་ཏོ་ཡེ།ཨཱོཾ་བཛྲ་པདྨ་བི་ཏོ་ཨ་ཏོ་ཡེ། ཨཱོཾ་བཛྲ་ཁ་རག་བི་ཏོ་ཨ་ཏོ་ཡེ། ཨཱོཾ་བཛྲ་སྲིང་འགྲོ་བི་ཏོ་ཨ་ཏོ་ཡེ། ཨཱོཾ་བཛྲ་ཨ་ཀེཾ་ཨ་ཀེཾ་བྷྱོ། ཨཱོཾ་བཛྲ་ཏ་ཀེཾ་ཏ་ཀེཾ་བྷྱོ། ཨཱོཾ་བཛྲ་ནཱི་ལ་ནཱི་ལ་བྷྱོ། ཨཱོཾ་བཛྲ་ལན་དྷ་ལན་དྷ་བྷྱོ། ཨཱོཾ་བཛྲ་ཛ་ཏྲཾ་མུ་རཾ་ཤཾ་བཛྲ་ཛ་ཏྲཾ་མུ་རཾ་ཤཾ་བྷྱོ། ཨཱོཾ་བཛྲ་ཁ་རག་སྙིང་ཁ་རག་མ་བྷྱོ། ཏྲག་རག་ཤ་ཏྲག་རག་ཤ་བྷྱོ། ཏྲག་རག་ཤ་མུ་ཏྲ་བཾ་ཁ་མུ་ཏྲ་བཾ་རཀྴ་བྷྱོ། པྲ་ཀ་ར་ཀ་ཏི་ཏིཥྛ་བྷྱོ། པྲ་གྷི་ཝ་གྷི་ཤ་བྷྱོ། ཨོཾ་ཧཱུཾ་ཀ་རི་ཀ །བ་རོཌྜྷ་རོད། ནཱི་ལ་ཆུ་མི་ཧ། ཁ་ཊྭཱཾ་ག །ད་ལ་ཙ་ལ། པདྨ་ཙནྡ། མ་གུ་ར་ག་ཏེ། ཏིང་སཾ་ཏིང་སཾ། ཨཱེ་ཨཱ་ར་ལི། བུ་བྱི་རུ་ལུ་རུ་ལུ་བྷྱོ། ཏྲག་རག་ཤ་ཏྲག་རག་ཤ་བྷྱོ། ཨ་ཏིང་ཨ་ཏིང་བྷྱོ། བྱི་ཏིང་བྱི་ཏིང་བྷྱོ། སུ་ཏིང་སུ་ཏིང་བྷྱོ། ཡུ་ཏིང་ཡུ་ཏིང་བྷྱོ། བཛྲ་ཤཱནྟིཾ་ཤཱནྟིཾ་བྷྱོ། བཛྲ་དུནྟིང་དུནྟིང་བྷྱོ།


DNG015_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་ཧར་ཏིང་ཧར་ཏིང་བྷྱོ། བཛྲ་གྲུབ་ཏིང་གྲུབ་ཏིང་བྷྱོ། ཏེ་སཾ་ཏེ་སཾ་བྷྱོ། ཨ་བར་དྷ་ལ་ཨ་བར་དྷ་ལ་བྷྱོ། དྷ་ལ་དྷུ་ན་དྷུ་ན་བྷྱོ། དྷི་ན་མ་མ་ཡས་མ་མ་ཡས་བྷྱོ། རང་གི་ལས་ཀྱི་མཐའ་ཡིས་ཏེ། །གསང་སྔགས་ཐུན་གྱིས་གསད་དང་གསོ། །གང་གིས་གང་ལ་བསྔགས་པ་དེ། །ཧེ་རུ་ཀ་ཡི་གསུང་གི་སྒྲ། །དྲག་སྔགས་བསྒྲུབ་པའི་དཀྱིལ་འཁོར་རོ། །ཞེས་བཀའ་སྩལ་ཏོ། །མུ་ཁ་ལེ་ཐུན་མོང་ལས་ཀྱི་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་གཞན་ཡང་ཁྱོད་ཉིད་ཀྱི། །སྐུ་དང་མཚུངས་པར་བསྟོད་པ་ནི། །ཧཱུཾ་བཅོམ་ལྡན་ཆེ་མཆོག་ཧེ་རུ་ཀ །མཐིང་ནག་ཞལ་གསུམ་ཕྱག་དྲུག་སྟེ། །ཞལ་གཡས་དཀར་བ་ཆོས་ཀྱི་དབྱིངས། །གཡོན་དམར་རིག་པའི་ཡེ་ཤེས་ཉིད། །དབུས་མཐིང་གཉིས་མེད་འགྱུར་བ་མེད། །ཕྱག་གཡས་དང་པོ་རྡོ་རྗེ་ནི། །བག་ཆགས་རྟོག་པ་མ་ལུས་འཇོམས། །བར་མ་དྲིལ་བུ་ཆོས་སྒྲ་སྒྲོགས། །ཐ་མ་སྦྲུལ་ཞགས་གདུག་པ་འདུལ། །གཡོན་གྱི་དང་པོ་བྷནྡ་ནི། །འཁོར་བ་ཞལ་དུ་རྔུབ་ཅིང་གསོལ། །བར་མ་གཡང་གཞི་མ་ཚོགས་འདུལ། །ཐ་མ་གའུ་བཀྲག་མདངས་སྦེད། །རྫུ་འཕྲུལ་ཞབས་ཀྱི་བདུད་བཞི་གནོན། །དུར་ཁྲོད་ཆས་བརྒྱད་རྫོགས་པ་ནི། །ས་བརྒྱད་མནན་པའི་རྟོག་པ་འདུལ། །ཀུན་ཏུ་བཟང་མོ་མུ་ཁ་ལེ། །དབུ་གཅིག་ཞལ་ནི་ཕྱོགས་བཞིར་གཟིགས། །སྐུ་གཅིག་མཁའ་གསང་ཕྱོགས་བཞིར་བགྲད། །སྐུ་མདོག་མཐིང་ནག་འགྱུར་བ་མེད། །ཆོས་ཀྱི་སྐུ་ཡི་དབུ་གཅིག་ལས། །ཡེ་ཤེས་ལྔ་ཡིས་ཀུན་ཏུ་གཟིགས། །ཕ་རོལ་ཕྱིན་དྲུག་ཕྱག་རྒྱ་ལས། །དང་པོ་རྡོ་རྗེ་དྲིལ་བུ་བསྣམས། །ཉོན་མོངས་འཇོམས་ཤིང་ཆོས་སྒྲ་སྒྲོགས། །བར་མ་དྲིལ་ཞགས་བྷནྡ་ནི། །ཁམས་གསུམ་སྤྲོས་བྲལ་ས་ལ་འགོད། །ཐ་མ་བདུད་རྩི་གཡང་གཞི་ཡིས། །ཐུགས་རྗེ་


DNG015_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྤྱོད་མཉམ་པར་མཛད། །མཁའ་བཞི་བདེ་ཀློང་གཅིག་ཏུ་འཁྲིལ། །རིགས་ལྔ་གཅིག་ཏུ་སྐྱེད་ཅིང་སྡུད། །ཞབས་བརྒྱད་དྲེགས་པའི་ལྷ་བརྒྱད་གཟིར། །རྣམ་པར་ཐར་བརྒྱད་ལམ་ལ་འགོད། །གཉིས་སུ་མེད་པའི་འཕྲོ་འདུ་ལས། །བྱང་ཆུབ་སེམས་ཀྱི་སྤྲིན་ཚོགས་ལས། །ཡེ་ཤེས་མ་མོ་འཆར་ཞིང་འཕྲོ། །ལས་ཀྱི་མ་མོ་རྦོད་ཅིང་གཏོང་། །སྤྲུལ་པའི་མ་མོ་མཆོད་ཅིང་ལྷ། །མངོན་རྫོགས་ཡབ་ཡུམ་སྐུ་ལ་བསྟོད། །ཤར་ཕྱོགས་མཁའ་འགྲོ་སེང་གེའི་གདོང་། །རྟག་པའི་རྒྱལ་མོ་རྣམ་སྣང་གསལ། །སྐུ་མདོག་དཀར་མོ་ཤེལ་ལྟར་དག །དཀར་ལ་དག་པའི་ན་བཟའ་གསོལ། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །མི་འཇིགས་སེང་གེའི་གདོང་དང་ལྡན། །དང་པོ་རྡོ་རྗེ་བྷནྡ་འབར། །བར་མ་དགྲ་སྟྭ་གཏུན་ཤིང་བརྡེག །ཐ་མ་སེང་གེ་མཆོག་ཆེན་སྙོད། །ཞབས་བཞི་བརྒྱ་བྱིན་སྟེང་ནས་བགྲད། །ལྷོ་ཕྱོགས་མཁའ་འགྲོ་བ་གླང་གདོང་། །རྟག་པའི་རྒྱལ་མོ་འོད་འབར་གསལ། །སྐུ་མདོག་སྔོན་མོ་འབར་བ་ལ། །ན་བཟའ་མཐིང་སྔོན་བཻ་ཌཱུརྱ། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །དང་པོ་རིན་ཆེན་བྷནྡ་འབར། །བར་མ་མེ་དབལ་དབྱུག་ཏོ་བསྣམས། །ཐ་མ་སྟག་མོ་ཞིང་ཆུང་སྙོད། །ཞབས་བཞི་གཤིན་རྗེའི་སྟེང་ན་བགྲད། །ནུབ་ཕྱོགས་མཁའ་འགྲོ་སུད་ཀའི་གདོང་། །རྟག་པའི་རྒྱལ་མོ་མཉེན་གསལ་མ། །སྐུ་མདོག་དམར་མོ་འབར་བ་ལ། །ན་བཟའ་དམར་མོ་དབང་གིས་མཛེས། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །དང་པོ་པདྨ་བྷནྡ་འབར། །བར་མ་ཞགས་པ་ཏྲི་ཤཱུ་ལ། །ཐ་མ་ཅེ་སྤྱང་ཞིང་ཆུང་སྙོད། །ཞབས་བཞི་ཆུ་བདག་སྟེང་ན་བགྲད། །བྱང་གི་མཁའ་འགྲོ་ཁྱུང་ཆེན་གདོང་། །རྟག་པའི་རྒྱལ་མོ་ཡང་གསལ་གཡོས། །སྐུ་མདོག་ལྗང་གུ་འབར་བ་ལ། །ན་བཟའ་ལྗང་གུ་བཻ་ཌཱུརྱ། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །དང་པོ་རྒྱ་གྲམ་བྷནྡ་བསྣམས། །


DNG015_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

བར་མ་དབྱུག་ཐོ་རྒྱུ་ཕྲེང་འཛིན། །ཐ་མ་སྤྱང་མོ་ཞིང་ཆུང་སྙོད། །ཞབས་བཞི་གནོད་སྦྱིན་སྟེང་དུ་བགྲད། །ནམ་མཁའི་མཁའ་འགྲོ་རྡོ་རྗེ་མཆུ། །རྟག་པའི་རྒྱལ་མོ་བཀྲག་གསལ་མཉམ། །སྐུ་མདོག་སེར་མོ་འབར་བ་ལ། །ན་བཟའ་སེར་པོ་བཙོ་མ་གསེར། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །དང་པོ་འཁོར་ལོ་བྷནྡ་འབར། །བར་མ་རྒྱལ་མཚན་སྤུ་གྲི་འཛིན། །ཐ་མ་འུག་པ་ཞིང་ཆུང་སྙོད། །ཞབས་བཞི་བདུད་ཀྱི་སྟེང་ན་བགྲད། །ཡུམ་ཆེན་རྟག་པའི་རྒྱལ་མོ་ལྔ། །དབྱིངས་ཀྱི་ཡུམ་ལ་ཕྱག་འཚལ་བསྟོད། །མ་ཆེན་སྲིད་པ་བདེ་འགྲོ་མ། །ཁམས་གསུམ་ཀུན་གྱི་ཡུམ་མཆོག་སྟེ། །སྐུ་མདོག་མཐིང་ནག་འབར་བ་ལ། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །གཡས་དཀར་གཡོན་དམར་དབུས་མཐིང་ཞལ། །ཕྱག་གཡས་དང་པོ་འཁོར་ལོ་བསྐོར། །བར་མ་གཡང་གཞི་བསྣམས་ཤིང་བརྡེབ། །ཐ་མ་ཚེ་ཡི་གའུ་སྦེད། །གཡོན་གྱི་དང་པོ་རིན་པོ་ཆེ། །བར་མ་བྷནྡ་དམར་གྱིས་བཀང་། །ཐ་མ་ལྕགས་ཀྱུ་འབར་བ་བསྣམས། །ཞབས་ཀུན་བརྗིད་པའི་ཚུལ་གྱིས་བཞུགས། །མ་གཅིག་ཉི་ཟླ་ཐོད་ཕྲེང་ཅན། །སྐུ་མདོག་དཀར་མོ་འོད་དང་བཅས། །སྤྲིན་དཀར་བརྩེགས་པའི་ན་བཟའ་ཅན། །འཇའ་ཚོན་འོད་ཀྱི་ཆ་ག་ཅན། །ཉི་ཟླ་སྟོང་གི་དབུ་ཐོད་ཅན། །ཕྱག་གཡས་ཟངས་ལྕགས་དཀར་ནག་ལ། །སྙིང་གིས་བརྒྱུས་པའི་ཞགས་པ་འཕེན། །གཡོན་པས་ཉི་ཟླའི་ཞགས་པ་འཕེན། །ཞབས་གཉིས་བརྗིད་པའི་ཚུལ་གྱིས་བཞུགས། །ཉི་མ་ཁྲོས་པའི་དབང་མོ་ཆེ། །སྐུ་མདོག་དཀར་མོ་འབར་བ་ལ། །ན་བཟའ་ཤེལ་གྱི་གོ་ཟུ་གསོལ། །ཕྱག་ན་ཤེལ་གྱི་སྤུ་གྲི་བསྣམས། །ཁྲག་འཐུང་ཁྲོས་པའི་དབང་མོ་ཆེ། །སྐུ་མདོག་སྔོན་མོ་འབར་བ་ལ། །ན་བཟའ་གཡུ་ཡི་གོ་ཟུ་གསོལ། །ཕྱག་ན་ཐོད་ཁྲག་འཛིན་ཅིང་གསོལ། །


DNG015_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་ཁྲོས་པའི་དབང་མོ་ཆེ། །སྐུ་མདོག་དམར་མོ་འབར་བ་ལ། །ན་བཟའ་ལེ་བརྒན་གོ་ཟུ་གསོལ། །ཕྱག་ན་བདུད་རྩིའི་བུམ་པ་བསྣམས། །སྲིད་གསུམ་ཁྲོས་པའི་དབང་མོ་ཆེ། །སྐུ་མདོག་སེར་མོ་འབར་བ་ལ། །ན་བཟའ་སེར་པོ་གསེར་ལྟར་འཚེར། །ཕྱག་ན་རྒྱལ་མཚན་ཞིང་ལྤགས་བསྣམས། །དཀར་མོ་སྲིད་པའི་རྒྱན་བྱེད་མ། །ལག་ན་སྐྲ་ཡི་ཞགས་པ་ཐོགས། །སྔོན་མོ་དབྱིངས་ཕྱུག་རྒྱལ་མོ་ནི། །ཞིང་གི་དབྱིག་པ་ཕྱག་ན་བསྣམས། །དམར་མོ་བདག་ཉིད་ཆེན་མོ་ནི། །ཕྱག་ན་རྒྱུ་མའི་ཞགས་པ་བསྣམས། །སེར་མོ་ཆེན་མོ་གཅིག་སྤྱོད་མ། །ཕྱག་ན་ཞིང་གི་གཡང་གཞི་བརྡེབ། །དཀར་མོ་ཆེན་མོ་མིག་གཅིག་མ། །ཕྱག་ན་བྷནྡ་ཟླུམ་པོ་བསྣམས། །ནག་མོ་ཆེན་མོ་མཆེ་བ་ཅན། །ཕྱག་ན་བྷནྡ་སུལ་མང་ཐོགས། །དམར་མོ་ཆེན་མོ་དབང་སྡུད་མ། །ཕྱག་ན་བྷནྡ་ལྕང་ལོ་ཐོགས། །སེར་མོ་ཆེན་མོ་ཚེ་འཕེལ་མ། །ཕྱག་ན་ཐོད་པ་རྒྱ་གྲམ་ཐོགས། །ལས་ཀྱི་སྲིད་པ་ཆགས་བྱེད་མ། །སྐུ་མདོག་མཐིང་ནག་འབར་བ་ལ། །ན་བཟའ་གཡང་གཞི་རློན་པ་གསོལ། །ཕྱག་ན་ཙིཏྟ་འབར་བ་བསྣམས། །རྣལ་འབྱོར་སྲིད་པ་ཆ་སྙོམས་མ། །སྐུ་མདོག་དམར་མོ་འབར་བ་ལ། །སྟག་ལྤགས་རློན་པའི་ན་བཟའ་གསོལ། །ལག་ན་ཐོད་པ་ཁྲག་བཀང་ཐོགས། །མ་མོ་ཨེ་ཀ་ཛཱ་ཊི་མ། །སྐུ་མདོག་དཀར་གསལ་འབར་བ་ལ། །ན་བཟའ་སྤྲིན་གྱི་གོ་ཟུ་གསོལ། །འཇའ་ཚོན་འབར་བའི་འོད་ཀྱིས་བརྒྱན། །ཁ་ཊྭཱཾ་དང་ནི་ཞིང་ཆེན་བསྣམས། །འདོད་ཁམས་གཙོ་མོ་ཆེན་མོ་ནི། །སྐུ་མདོག་སྔོན་མོ་འབར་བ་ལ། །སྐུ་སྟོད་སྟག་གི་གཡང་གཞི་ལ། །སྐུ་སྨད་ཟངས་ཀྱི་སླེང་མས་གཡོགས། །ཕྱག་ན་བདུད་ཀྱི་ཁྲམ་ཤིང་ཐོགས། །གླིང་བཞི་སྤྱི་ཕུད་བདག་མོ་ནི། །དཀར་མོ་སྒེག་པའི་ཆ་བྱད་ཅན། །ན་བཟའ་ཤེལ་གྱི་གོ་ཟུ་གསོལ། །ཕྱག་ན་ལྕགས་ཀྱུ་འོད་འཕྲོ་ཐོགས། །རིན་ཆེན་སྲིད་འདེགས་ཆེན་མོ་ནི། །སྐུ་


DNG015_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་སྔོན་མོ་ཆེན་མོ་ལ། །མུ་ཏིག་ཁུ་འཕང་གོ་ཟུ་གསོལ། །ཕྱག་ན་གཡུ་ཡི་གའུ་ཐོགས། །པདྨ་གར་གྱི་དབང་ཕྱུག་མ། །སྐུ་ཡི་ཆ་བྱད་དམར་མོ་ལ། །ལེ་བརྒན་དམར་མོའི་གོ་ཟུ་གསོལ། །ཕྱག་ན་ཐོད་ཁྲག་བསྣམས་ཤིང་གསོལ། །རྡོ་རྗེ་གར་གྱི་དབང་ཕྱུག་མ། །སྐུ་མདོག་སེར་མོ་འབར་བ་ལ། །ན་བཟའ་གསེར་གྱི་གོ་ཟུ་གསོལ། །ཕྱག་ན་ཐོད་ཁྲག་ལྕང་ལོ་ཐོགས། །མ་མོ་ཧར་ཏིང་དཀར་མོ་ནི། །སྐུ་ལ་ཤེལ་གྱི་གོ་ཟུ་གསོལ། །ལག་ན་ཆུ་ཡི་དཀྱིལ་འཁོར་ཐོགས། །གྲུབ་ཏིང་སོར་མོ་ཆེན་མོ་ནི། །སྐུ་ལ་གསེར་གྱི་གོ་ཟུ་གསོལ། །ལག་ན་ས་ཡི་དཀྱིལ་འཁོར་ཐོགས། །ཤཱན་ཏིང་དམར་མོ་ཆེན་མོ་ནི། །སྐུ་ལ་བྱེ་རུའི་གོ་ཟུ་གསོལ། །ལག་ན་མེ་ཡི་དཀྱིལ་འཁོར་ཐོགས། །དུན་ཏིང་ནག་མོ་ཆེན་མོ་ནི། །སྐུ་ལ་གཡུ་ཡི་གོ་ཟུ་གསོལ། །ལག་ན་རླུང་གི་དཀྱིལ་འཁོར་ཐོགས། །སྲིན་མོ་ཆེན་མོ་སྐམ་པ་མོ། །སྐུ་མདོག་དཀར་མོ་གོ་ཟུ་ཅན། །ལག་ན་ཤེལ་ཕུར་བྷནྡ་ཐོགས། །སྲིན་མོ་ཆེན་མོ་ཕོར་ཐོགས་མ། །སྐུ་མདོག་སྔོན་མོ་གོ་ཟུ་ཅན། །ཕྱག་ན་ཐོད་ཁྲག་བསྣམས་ཤིང་གསོལ། །སྲིན་མོ་ཆེན་མོ་གཡང་གཞི་མ། །སྐུ་མདོག་དམར་མོ་གོ་ཟུ་ཅན། །ཕྱག་ན་བྷནྡ་ཐོད་ཁྲག་ཐོགས། །སྲིན་མོ་ཆེན་མོ་ཟ་བ་མོ། །དམར་མོ་ཕྱག་ན་པགས་རློན་ཐོགས། །སྲིན་མོ་ཆེན་མོ་གསོད་བྱེད་མ། །སེར་མོ་བྷནྡ་རལ་གྲི་ཐོགས། །སྲིན་མོ་ཆེན་མོ་ཟ་བྱེད་མ། །སེར་ནག་བྷནྡ་ལྕགས་ཀྱུ་ཐོགས། །སྲིན་མོ་ཆེན་མོ་སྣོམ་བྱེད་མ། །དཀར་མོ་བྷནྡ་རློན་པ་ཐོགས། །ཤར་གྱི་དཀར་མོ་མཆེ་གཙིགས་མ། །ཕྱག་ན་ཐོད་པ་དཀར་པོ་ཐོགས། །ལྷོ་ཡི་ནག་མོ་ཁ་འབྱམས་མ། །ཕྱག་ན་བྷནྡ་སྔོན་པོ་ཐོགས། །ནུབ་ཀྱི་དམར་མོ་མཆུ་འཇིབ་མ། །ཕྱག་ན་བྷནྡ་དམར་པོ་ཐོགས། །བྱང་གི་སེར་མོ་རྐང་ལྡག་མ། །ཕྱག་ན་བྷནྡ་སེར་པོ་ཐོགས། །གླིང་བཞི་མགྱོགས་མ་ལྷ་ཡི་སྲིང་། །དཀར་


DNG015_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

མོ་རྡོ་རྗེ་རྩེ་གསུམ་ཐོགས། །མཁའ་ལ་ཁྱུང་ལྡིང་གཤིན་རྗེའི་སྲིང་། །སྔོན་མོ་ཕྱག་ན་ཐོད་དབྱུག་ཐོགས། །དམར་མོ་གཡག་ཐོད་ཀླུ་ཡི་སྲིང་། །དམར་མོ་སྦྲུལ་ནག་ཞགས་པ་ཐོགས། །ནག་མོ་སྡེར་ཆེན་གནོད་སྦྱིན་སྲིང་། །སེར་མོ་ནེ་ལེའི་རྐྱལ་པ་ཐོགས། །མ་མོ་ཆེན་མོ་འདི་རྣམས་ཀྱང་། །ཡེ་ཤེས་སྔོན་དུ་བརྙེས་བྱས་ཀྱང་། །ཕྲིན་ལས་ཚོགས་ཀྱི་གཙོ་མོ་སྟེ། །ཐུགས་ནི་དབྱིངས་ལས་འགྱུར་བ་མེད། །གསུང་ནི་གྲག་སྟོང་ཆོས་ཀྱི་གསུང་། །སྐུ་ནི་སྣ་ཚོགས་སྤྲུལ་པའི་སྐུ། །ཡོན་ཏན་མ་ལུས་ཕུན་སུམ་ཚོགས། །ཕྲིན་ལས་དྲག་ཤུལ་གདུག་པ་འདུལ། །རེས་འགའ་འཇིག་རྟེན་སྲིད་པའི་ཚུལ། །རེས་འགའ་གབ་སྦས་གསང་བའི་ཚུལ། །རེས་འགའ་རྣལ་འབྱོར་གྲོལ་བའི་ཚུལ། །རེས་འགའ་དྲག་པོ་སྔགས་ཀྱི་ཚུལ། །ཀུན་ཀྱང་དུར་ཁྲོད་ཆས་ཀྱིས་བརྒྱན། །མ་མོའི་ཚོགས་ལ་ཕྱག་འཚལ་བསྟོད། །ཅེས་བཀའ་སྩལ་ཏོ། །མུ་ཁ་ལེ་ལུས་ཀྱི་དཀྱིལ་འཁོར་ལ་བསྟོད་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་གཞན་ཡང་ཁྱོད་ཉིད་ཀྱི། །སྐུ་གསུང་ཐུགས་ཀྱི་དགོངས་པ་དག །མ་ལུས་བསྐང་བར་བྱ་བ་ཡང་། །ཕྱི་རུ་ཐམས་ཅད་གཟུགས་ཀྱིས་བསྐང་། །རི་རབ་རི་བདུན་བཅས་པ་དང་། །གླིང་བཞི་གླིང་ཕྲན་བཅས་པ་དང་། །རྒྱ་མཚོ་འཁོར་ཡུག་བཅས་པ་དག །འདོད་ཁམས་ལྷ་དང་ཤེས་ལྡན་མི། །མཁའ་ལྡིང་བྱ་དང་འདབ་ཆགས་ཚལ། །ཅང་ཤེས་རྟ་དང་ཐེག་ཆེན་གླང་། །ཤེལ་དཀར་ལུག་ལ་ཚེ་ཚེ་ར། །གཅན་གཟན་གདུག་པ་ཞེ་སྡང་ཁྱི། །མཁའ་ལ་རྒྱུ་དང་ས་ལས་སྐྱེས། །ཆུ་ལ་གནས་དང་ས་འོག་འཛུལ། །སྒྲ་དང་དྲི་རོ་རེག་པར་བཅས། །ཇི་ལྟར་འབྱོར་པ་ཀུན་གྱིས་བསྐང་། །ནང་དུ་མ་ཧཱ་སུ་ཁས་བསྐང་། །ལུས་ཀྱི་དཀྱིལ་འཁོར་གནས་པ་བཞི། །བྱང་ཆུབ་སེམས་དཔའི་ཕོ་བྲང་ཚོགས། །བསྐྱེད་དང་སྲོག་དང་རྩོལ་


DNG015_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་། །སྤེལ་དང་བསྡུ་དང་སྙོམས་འཇུག་དང་། །འཇུག་པ་གནས་ཤིང་ལྡང་བ་དང་། །དབབ་དང་བསྐྱིལ་དང་བཟློག་དང་དགྲམ། །བཟུང་དང་རང་གནས་དགྲམ་པ་ནི། །དེ་དག་བསྐང་བའི་མཆོག་ཡིན་ནོ། །གསང་བ་དབྱིངས་ཀྱི་ངང་དུ་བསྐང་། །སྣང་བ་དང་ནི་སྟོང་པ་སྟེ། །ཐབས་དང་ཤེས་རབ་ཉིད་ཀྱིས་སོ། །བདེ་བའི་རྣམ་པ་གསལ་བ་སྟེ། །གསལ་བ་དེ་ནི་མི་རྟོག་པའོ། །མི་རྟོག་པ་ནི་ཡེ་ཤེས་ཀྱི། །ཡེ་ཤེས་དེ་ནི་དབྱིངས་ཀྱིས་སོ། །མ་ལུས་པ་ནི་དེས་བསྐངས་པས། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །རྒྱལ་བ་སྲས་དང་བཅས་པ་མཉེས། །ཡོན་ཏན་ཚོགས་སུ་བསྐང་བ་ཡང་། །སྐྱེས་པའམ་ནི་བུད་མེད་ཀྱིས། །ཏི་ར་རྒྱུ་མཆོག་མཚན་ལྡན་དེ། །ཕྱི་ནང་ཁྲུས་ཀྱིས་དག་བྱས་ཏེ། །ཤེས་པ་དག་གིས་བྱིན་བརླབས་ནས། །ལུས་ཀྱིས་མངོན་རྫོགས་རྒྱལ་པོ་སྟེ། །ཡིད་ཀྱིས་མུ་ཁ་ལེ་ཁྱེད་ཉིད། །རྣམ་སྣང་མཛད་པ་རུས་པས་ཏེ། །འོད་འབར་གསལ་མ་དྲོད་ཀྱིས་སོ། །ཁྲག་གིས་མཉེན་གསལ་མ་ཉིད་དེ། །ཡང་དག་གསལ་མ་དབུགས་ཀྱིས་སོ། །གཞན་ཡང་དོན་སྙིང་ནང་རོལ་དང་། །དབང་པོ་ཡན་ལག་ཉིང་ལག་གིས། །མ་མོ་ཚོགས་དང་བཅས་པ་ཡི། །སྐུ་གསུང་བཅས་པ་མ་ལུས་བསྐང་། །ཕྲིན་ལས་ཁྱད་པར་ལས་ཀྱི་མཆོག །བསྒྲུབ་པའི་དོན་ཕྱིར་བསྒྲལ་བའི་རྒྱུ། །སྲོག་མདངས་ཇི་སྙེད་གནས་པ་ཡིས། །ཕྲིན་ལས་བདག་མོ་དེ་དག་བསྐང་། །བསྒྲུབ་པ་ཆེན་པོ་རྒྱུན་དུ་ནི། །བསྐྱེད་དང་དགུག་དང་གཞུག་པ་དང་། །བཅིང་དང་གཉིས་སུ་མེད་པ་དང་། །སྤྱན་དྲངས་པ་དང་ཕྱག་བཙལ་ཞིང་། །མཆོད་ཅིང་བསྟོད་པ་བཟླས་པ་ཡིས། །བསྐང་བར་བྱ་བ་ཉིད་ཡིན་ནོ། །འདི་ལ་བྱང་ཆུབ་བླ་མེད་ཕྱིར། །སྨིན་པར་བྱ་བ་འདི་ཉིད་ཀྱི། །ཕྱི་དང་ནང་དང་གསང་བ་ཡིས། །ཞི་བ་བྱང་ཆུབ་སེམས་ཤེས་བྱེད། །བུམ་པ་དང་ནི་ཤེས་རབ་དང་། །ཀུན་རྫོབ་དོན་དམ་བྱང་ཆུབ་སེམས། །རིམ་པ་གང་གིས་ཡང་སྨིན་བྱ། །རྒྱལ་བའི་དཀྱིལ་འཁོར་བསྐང་བའོ། །ནམ་མཁའི་ཁམས་ཀྱིས་ཁྱབ་པ་ཡི། །སྣོད་བཅུད་


DNG015_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་ཆེན་པོ་དག །རྟེན་ས་གཞལ་མེད་ཁང་པ་དང་། །བསྟེན་བྱེད་ལྷ་ཡི་འཁོར་ལོར་ཤེས། །ལུས་ཀྱི་བྱ་བ་སྔོན་སོང་ནས། །འདོད་པའི་ཡོན་ཏན་མཆོད་པའི་ཚོགས། །སྨྲ་བརྗོད་ཚིག་གིས་བསྟོད་པ་དང་། །བཟླས་པ་སྔགས་ཀྱི་འཁོར་ལོས་ཏེ། །སྒྲ་ནི་རྣམ་པ་མ་ལུས་པ། །ཧེ་རུ་ཀ་ཡི་གསུང་ཡིན་ཏེ། །བཟླས་པ་རྒྱུན་གྱི་རྣལ་འབྱོར་ཡིན། །ཡིད་སེམས་རྟོག་པ་བསམ་པའི་ཚོགས། །མྱོང་རེག་འགྱུ་བ་དྲན་པ་དང་། །བློ་དང་བྱ་བྱེད་འཛིན་པ་དག །བྱང་ཆུབ་སེམས་ཀྱི་རང་བཞིན་ལས། །འཛིན་པ་དང་ནི་བཟུང་བ་དང་། །བྱ་བ་དང་ནི་བྱེད་པའི་ཚོགས། །ད་དང་མུ་ཁ་ལེ་ཞེས་པའི། །དངོས་པོར་གྱུར་པ་ཐམས་ཅད་དེ། །ང་དང་ཁྱོད་ལས་མ་གཏོགས་པའི། །ཆོས་གཞན་གང་ཡང་ཡོད་མ་ཡིན། །ང་ཡི་རང་བཞིན་ཡོངས་ཤེས་ཤིང་། །མཚན་ཉིད་གོ་བར་བྱས་མཚུངས་ཤིང་། །འདུ་འབྲལ་མེད་པར་ཐག་ཆོད་ཅིང་། །བླང་དོར་མེད་པར་ལ་དོར་ནས། །དམིགས་པ་མེད་པར་བསྒོམ་པར་བྱ། །མ་ཉམས་གཙང་སྦྲས་གཞི་བཟུང་ཞིང་། །རིམ་པའི་ཚུལ་གྱིས་སྨིན་བྱས་ཏེ། །བྱང་ཆུབ་ཆེན་པོའི་ལམ་བགྲོད་པས། །མ་ལུས་འཐོབ་པར་བྱ་བ་ཡིན། །རབ་འབྲིང་ཐ་མའི་བློ་རིགས་ཀྱིས། །ཚེ་འདི་དང་ནི་བར་མ་དོ། །བརྒྱུད་པའི་སྐྱེ་བ་ཚུན་ཆོད་ཀྱིས། །དམ་པ་དེ་ཉིད་འཐོབ་པར་འགྱུར། །ཞེས་བཀའ་སྩལ་ཏོ། །ཉིད་ཀྱི་སྐུ་གསུང་ཐུགས་ལས་བྱུང་བའི། ཡུམ་ཆེན་མོ་མུ་ཁ་ལེའི་སྐུའི་དཀྱིལ་འཁོར་ཐམས་ཅད་དབྱིངས་ཀྱི་ངང་དུ་བསྡུས་ཏེ། ཡབ་ཡུམ་གཉིས་སུ་མེད་པའི་བདེ་བ་ཆེན་པོར་སྙོམས་པར་ཞུགས་པར་གྱུར་ཏོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མ་མོ་དང་མཁའ་འགྲོ་མ་རྣམས་ནི། མངོན་རྫོགས་རྒྱལ་པོ་ཡབ་ཡུམ་གྱི་བཀའ་རྗེས་སུ་བསྒྲུབ་པར་གྱུར་ཏོ། །བསྟན་པའི་ཚོགས་ཐམས་ཅད་ནི། རྡོ་རྗེ་རིགས་པ་འཛིན་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་ལ་གནས་པར་གྱུར་ཏོ། །མུ་ཁ་ལེ་སྐུའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་ཁ་སྐོང་བའི་ལེའུ་སྟེ་བདུན་པའོ།། །།མ་མོ་འབུམ་གྱི་ཏི་ཀ་བསྡུས་པ། རྩ་བའི་རྒྱུད་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་། བོད་ཀྱི་ལོཙྪ་བ་བཻ་རོ་ཙ་ན་བདག་གིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །རྒྱལ་པོའི་བླ་དཔེའོ། །གཏེར་རྒྱ། སྦས་རྒྱ། གཏད་རྒྱ། ཤོག་སེར་ལས་བྲིས་སོ།། །།

རིག་པ་འཛིན་པ་འདུས་པ་རྩ་བའི་རྒྱུད་ཅེས་བྱ་བ།


DNG015_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བྷིདྱཱ་ཡ་དྷ་ར་ས་མུ་དཱ་ཡ་མཱུ་ལ་ཏནྟྲ་ནཱ་མ།བོད་སྐད་དུ། རིག་པ་འཛིན་པ་འདུས་པ་རྩ་བའི་རྒྱུད་ཅེས་བྱ་བ། འཕགས་པ་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རིག་པ་འཛིན་པ་ཐམས་ཅད་ཀྱི་གཙོ་བོ་རྡོ་རྗེ་འཛིན་པ་ཆེན་པོ་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་ཚོགས་ཡང་དག་པར་འདུས་པ་གནས། རིའི་རྒྱལ་པོ་དང་། གྲོང་ཁྱེར་ཆེན་པོ་དང་། དུར་ཁྲོད་ཀྱི་གནས་མ་རུངས་པ་དང་། མཆོད་རྟེན་གྱི་གཙུག་ལག་ཁང་དག་ན། རིག་འཛིན་གྱི་ཚོགས་ཆེན་པོ་རབ་ཏུ་འདུས་པ་འདི་ལྟ་སྟེ། བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུའི་རིག་པ་འཛིན་པ་དང་། གསུང་གི་རིག་པ་འཛིན་པ་དང་། ཐུགས་ཀྱི་རིག་པ་འཛིན་པ་དང་། ཡོན་ཏན་གྱི་རིག་པ་འཛིན་པ་དང་། ཕྲིན་ལས་ཀྱི་རིག་པ་འཛིན་པ་དང་། རྦོད་གཏོང་གི་རིག་པ་འཛིན་པ་དང་། བསྒྲུབ་པའི་རིག་པ་འཛིན་པ་དང་། དྲག་ཤུལ་གྱི་རིག་པ་འཛིན་པ་དང་། ཕྱག་རྒྱའི་རིག་པ་འཛིན་པ་དང་། གྲུབ་པའི་རིག་པ་འཛིན་པ་དང་། སའི་རིག་པ་འཛིན་པ་དང་།རབ་ཏུ་སྨིན་པའི་རིག་པ་འཛིན་པ་དང་། ཤེས་རབ་ཀྱི་རིག་པ་འཛིན་པ་དང་།དམ་ཚིག་གི་རིག་པ་འཛིན་པ་དང་། སྔགས་ཀྱི་རིག་པ་འཛིན་པ་དང་། སླར་གསོ་བའི་རིག་པ་འཛིན་པ་དང་། དེ་ལ་སོགས་པ་བདེ་བར་གཤེགས་པའི་ཐུགས་ཉེ་བའི་སྲས་སུ་གྱུར་པའི་རིག་པ་འཛིན་པ་དུ་མ་རྣམས་དང་ཐབས་ཅིག་ཏུ་བཞུགས་སོ། །དེ་ནས་སེམས་དཔའ་རྡོ་རྗེ་འཛིན། །ཆོས་ཀྱི་དབང་ཕྱུག་ཆོས་ཀྱི་རྒྱལ། །ཐོས་དང་གཟུང་བ་རྣམས་ཀྱི་དོན། །རང་གི་རིགས་ཀྱི་འཁོར་ལ་བསྟན། །བདེ་བར་གཤེགས་པ་ཐམས་ཅད་ཀྱི། །དགོངས་པ་རབ་ཏུ་བསྡུས་པའི་དོན། །རྩ་བའི་ཚུལ་དུ་བཤད་པ་ནི། །མཆོག་དང་བར་མ་དམན་ལ་སོགས། །གདུལ་བྱའི་ཁྱད་པར་གང་སྣང་ཡང་། །ཐོག་མ་ཉིད་དུ་བསྟན་པའི་ཡུལ། །སངས་རྒྱས་རྣམས་དང་དེ་ཡི་སྲས། །གང་གིས་འདུལ་བ་དེ་ཉིད་ལ། །དེ་དང་མཐུན་པའི་གཟུགས་སྟོན་ཏེ། །འབད་པས་རབ་ཏུ་བརྩམ་པར་བྱ། །དཔེར་ན་ནད་ཀྱི་གདུངས་པ་ཞིག །གསོ་བྱེད་སྨན་པ་འཚོལ་བའི་ཕྱིར། །རབ་ཏུ་འབད་པ་


DNG015_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པ་ལྟར། །འདིར་ནི་ཉོན་མོངས་རྩ་བ་དང་། །ཡན་ལག་རྣམས་ཀྱི་ནད་ཀྱིས་གཟིར། །གཉེན་པོའི་སྨན་ལྡན་རྡོ་རྗེ་འཛིན། །ཐབས་མཁས་ཆེན་པོ་མ་གཏོགས་པ། །དམན་པའི་སྨན་པས་ནད་དེ་ཉིད། །འཇོམས་ཤིང་བསལ་བར་ནུས་མ་ཡིན། །གཞན་ཡང་བུས་པ་བཙས་མ་ཐག །མ་ཡིས་བོར་ན་སྐྱེས་བུ་གཞན། །མཐུ་སྟོབས་ལོངས་སྤྱོད་ལྡན་པ་ཡིས། །གསོས་ཀྱང་འཚོ་བར་མི་འགྱུར་ལྟར། །ཐོག་མཐའ་མེད་པའི་འཁོར་བ་ནས། །ཡང་དག་དོན་ལ་ཤེད་མ་བྱེ། །མི་ཤེས་རྨོངས་པའི་བུས་པ་རྣམས། །མ་དང་མཚུངས་པའི་རིག་པ་འཛིན། །སྙིང་རྗེ་དང་ནི་ནུས་པར་ལྡན། །ཤེས་རབ་ཕུན་སུམ་ཚོགས་དེས་གསོ། །མིག་དང་བྲལ་བའི་སྐྱེས་བུ་ནི། །གསལ་བ་ཅན་གྱིས་མ་ཁྲིད་ན། །དེ་ཉིད་དང་ནི་དེ་འདྲ་བས། །བཀྲི་ཞིང་དོན་བྱེད་མི་ནུས་ལྟར། །མ་རིག་རྩ་བ་ཡན་ལག་གི། །རབ་ཏུ་མདོངས་གྱུར་རྨོངས་པ་དག །མ་ལུས་ཤེས་བྱ་རབ་གསལ་བའི། །མིག་ལྡན་རིག་པ་ཅན་གྱིས་ནི། །ཐར་པའི་ལམ་ལ་བཀྲི་དགོས་པ། །རྡོ་རྗེ་ཅན་དག་ཉེ་བར་བསྟེན། །དེ་ཡིས་ངེས་པར་བྱ་བ་དག །དུས་གསུམ་སངས་རྒྱས་རྣམས་ཀྱི་གསུང་ཡང་གསང་། །རིག་པ་ཉིད་དུ་བྱ་བ་ཡང་། །ཡོན་ཏན་མ་ལུས་ཐམས་ཅད་དག །གོང་ནས་གོང་དུ་སྤེལ་བ་དང་། །ཉོན་མོངས་རྟོག་པའི་སྒྲིབ་པ་དག །གཉེན་པོས་སྤངས་ཤིང་སྦྱང་བ་དང་། །མྱུར་དུ་བརྟན་པ་མ་མཉམ་ཀྱང་། །འཕྲོ་མཐུད་ལམ་གྱིས་བགྲོད་པའི་ཕྱིར། །བག་ཆགས་བཟང་པོས་གནས་པར་བྱ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །དགྲ་བཅོམ་ཉན་ཐོས་རང་རྒྱལ་དག །སོ་སོའི་སྐྱེ་བོ་དང་པོ་པའི། །ཡོན་ཏན་ཕུན་ཚོགས་མ་ལུས་པ། །གོང་མ་དག་ལ་བརྟེན་ནས་འབྱུང་། །འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ཕྲག་དོག་སྟེ་དྲུག་གསུམ་དང་ལྔ་ཡི་འབྲས་བུ་ཡིས། །དྲུག་དང་ཉི་ཤུ་ལ་སོགས་པའི། །འབྲས་བུ་བཅུ་དང་ལྔ་སོགས་བསྐྱེད། །དེ་དག་འདི་ལ་བརྟེན་ནས་སྦྱང་། །ཐུན་མོང་པ་ཡི་སངས་རྒྱས་དག །གྲངས་མེད་གསུམ་དུ་ཐོགས་པར་སྣང་། །སྙིགས་མ་ཅན་གྱི་སེམས་ཅན་དག །ཚེ་ཐུང་ནད་མང་སྐལ་བ་ཞན། །ཚེ་


DNG015_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ནུས་པ་ཡོད་མིན་པས། །ཕྱི་མ་རྣམས་སུ་འཕྲོ་མཐུད་དེ། །ཐེག་པ་ཆེན་པོ་དགེ་བའི་ལས། །སྟོང་དུ་འཕེལ་བས་སྐྱེ་བོ་དག །རང་རྒྱུད་གནས་ལ་དེ་མི་ཤོང་། །དང་པོའི་སར་གནས་ལ་སོགས་པའི། །བྱང་ཆུབ་སེམས་དཔའ་རྣམ་དང་འཕྲད། །དེ་བས་གནས་སྐབས་མཐར་ཐུག་ཏུ། །འབྲས་བུ་ཆེན་པོ་འཐོབ་འདོད་པས། །ངོམས་པ་མེད་ཅིང་སྡུག་བསྔལ་བརྡོ། །སྐྱོ་དུབ་མེད་ཅིང་དཀའ་བ་བཟོད། །གཏོང་ཕོད་ཡངས་པའི་བློ་དང་ལྡན། །ཆོག་པར་མི་འཛིན་རྩོལ་བ་ཡིས། །རྡོ་རྗེ་འཛིན་པ་རབ་ཏུ་བསྟེན། །དཔེར་ན་འཇིག་རྟེན་སྐྱེ་བོ་གནས། །ལས་དང་བཟོ་ལ་རྩོལ་བར་བྱེད། །འདི་ནི་ཐར་པའི་ཕ་རོལ་ཏུ། །བགྲོད་ཅིང་ཕྱིན་པར་འདོད་པ་ཡིས། །རྡོ་རྗེ་འཆང་བའི་ཚུལ་འདྲ་བ། །མཚན་ཉིད་ལྡན་པ་ཅིས་མི་བསྟེན། །རིགས་བཟང་རྒྱུད་དུལ་སྤྱོད་ལམ་ཞིབ། །ཐོས་དང་ཡོན་ཏན་བརྩོན་འགྲུས་ལྡན། །ཡང་དག་དོན་རྟོགས་སྟོན་པར་མཁས། །ཐོས་པས་མི་ཁེངས་ཤེས་རབ་ཆེ། །འཇིག་རྟེན་རྙེད་པ་དོན་མི་བསྒྲུབ། །སྙིང་རྗེ་བྱང་ཆུབ་སེམས་ཀྱིས་འཛིན། །སྐྱོ་མེད་དཀའ་བ་མ་ལུས་བཟོད། །མན་ངག་ལྡན་ཞིང་ལམ་ལ་གོམས། །གཞན་རྒྱུད་རིག་དང་དྲོད་ཚད་མཁས། །མ་ལུས་ཤེས་བྱའི་གནས་ཀུན་རྟོགས། །བསླབ་པའི་གནས་ཀུན་ཞིབ་པར་དཔྱོད། །ཚེ་འདིའི་ཡོན་ཏན་དོན་མ་གཉེར། །དེ་ལ་སོགས་པའི་ཡོན་ཏན་ཚོགས། །མ་ལུས་རིགས་པར་ལྡན་པ་བསྟེན། །སྟོན་བྱེད་ངེས་པའི་གང་ཟག་ཀྱང་། །དེ་ཉིད་ལྡན་པའི་དོན་སྒྲུབ་པོ། །འཇིག་རྟེན་གསོ་དཔྱད་སྒྲ་དང་གནས། །རིག་པ་ཉིད་དང་ཕྲིན་ལས་ཚོགས། །གང་བསྟན་དེ་ཉིད་ཕྱི་ཡིན་ནོ། །འཚོ་བྱེད་ཐབས་སྦྱོར་ལུས་དང་སེམས། །སྟོབས་སྐྱེད་པ་དང་འཇིག་རྟེན་པའི། །ཚུལ་མཚུངས་ངོ་ཚ་ཁྲེལ་ཡོད་བཅས། །རྟེན་འདྲེལ་རྩོམ་གྱི་གནས་སྐབས་སོ། །གྲོང་དང་ཕུང་པོ་ནད་དང་དགྲ། །གནས་དང་འདྲེལ་པ་ལོངས་སྤྱོད་དང་། །བགེགས་དང་སེམས་དང་བརྩོན་འགྲུས་ནད། །ལམ་གྱི་གྲོགས་འགྱུར་ཆ་མཐུན་ཞིང་། །ཕྱི་ནང་གསང་བའི་ཆོ་གས་


DNG015_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན། །རབ་ཏུ་སྨིན་པར་བྱེད་པ་འདི། །ཐོས་པའི་ལམ་དང་རིམ་པ་གཉིས། །ལྡན་པས་གྲོལ་བའི་ཆོས་བསྙེན་ཞིང་། །མཐོང་བ་དང་ནི་གནས་པ་ཡིས། །གནས་ཤིང་ཐོབ་པ་བསྟན་བྱས་པ། །དེ་དག་དེ་ཡིས་བྱེ་བྲག་གོ། །དུས་གསུམ་སངས་རྒྱས་རྗེས་འབྲང་བའི། །ཀུན་ནས་བསླངས་པའི་བསམ་པ་ནི། །འཇིག་རྟེན་ཁེ་གྲགས་རྙེད་པ་དང་། །བཀུར་སྡི་གཞན་གྱི་ངོར་སྤྱོད་དང་། །ངོ་ཚ་ཁྲེལ་ལྟ་དབང་མེད་དང་། །ཆགས་དང་དྲེགས་པ་རང་རྒྱུད་ཕྱིར། །ལུས་འདི་ཆེ་བཙན་ལྡན་ཕྱིར་མིན། །འཁོར་བའི་སྲེད་པ་འདོད་ཕྱིར་དང་། །གཅིག་པུ་ཞི་བའི་ཕྱིར་མིན་ཞིང་། །གཞན་དོན་མཆོག་ཏུ་བྱ་ཕྱིར་དེ། །རང་རྒྱུད་སྤྱོད་པའི་མཐུན་སྦྱོར་དང་། །འཁོར་བའི་ཡོན་ཏན་དགའ་བདེ་དང་། །ཞི་བ་ཕྱོགས་གཅིག་དམིགས་པ་བཟློག །མཐར་ཐུག་རྫོགས་དང་གཞན་དོན་སྤྱོད། །ནད་པ་སྨན་པ་སྨན་ཉིད་དང་། །ནད་སོས་པ་དང་དེ་ཡི་གཡོག །ཉོན་མོངས་ནད་དང་དེ་སོས་པའི། །སྨན་དང་སྨན་པ་གྲོགས་བཞིན་ནོ། །རྒྱལ་པོ་ཚོང་དང་དེ་ཡི་ནོར། །དགྲ་དང་དབུལ་བའི་འདུ་ཤེས་མིན། །ཐོས་ཤིང་བསམ་དང་བསྒོམ་པ་ཡིས། །སྦུབ་དང་རྡོལ་དང་དུག་ཅན་གྱི། །སྐྱོན་རྣམས་སྤངས་ཏེ་མ་ཡེངས་ཤིང་། །མ་བརྗེད་པ་དང་གཉེན་པོའི་དོན། །བསྔགས་པར་ལྡན་པའི་འདུ་ཤེས་སོ། །འདི་ལ་མ་འོངས་དུས་དག་ཏུ། །ལྟ་བའི་ཐབས་ནི་འདི་ལྟ་སྟེ། །རྫོགས་བྱས་སྐུ་ཡི་བསྟན་པ་དག །གནས་པའི་དུས་སུ་བབ་པའི་ཚེ། །དགྲ་བཅོམ་བྱང་ཆུབ་སེམས་དཔའ་དག །གནས་དུས་མཉམ་པ་བཞི་པའོ། །གསུང་ཙམ་འཛིན་པའི་དུས་སུ་ནི། །རབ་ཏུ་ལྷག་པར་བལྟ་བྱ་སྟེ། །འདས་པའི་སངས་རྒྱས་རྣམས་ཀྱིས་ནི། །སྐུ་ཡི་གདུལ་བྱ་རབ་ཟད་དེ། །མ་འོངས་པ་དག་མ་བྱུང་ཞིང་། །གསུང་ཙམ་ཉིད་ལ་བརྟེན་པས་ན། །ཐུགས་བརྒྱུད་སྐུལ་བའི་སྤྲུལ་པ་ནི། །དུས་དེ་ཉིད་དུ་འབྱུང་བར་འགྱུར། །རྙོག་པའི་དུས་ཀྱི་རྟེན་ཅན་དག །ལས་དང་བསམ་པ་མ་དག་པས། །དངོས་ཀྱི་གདུལ་བྱ་མ་ཡིན་ཏེ། །གཟུགས་མི་


DNG015_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་ཞིང་སྒྲ་མི་ཐོས། །དེ་བས་རྡོ་རྗེ་འཛིན་པར་འགྱུར། །མ་དག་ཡུལ་དང་མཐུན་པའི་ཚུལ། །རབ་ཏུ་སྤངས་ཏེ་ཁྱད་ཞུགས་ན། །ཕན་ཞིང་རྟོགས་པར་མི་འགྱུར་ཏེ། །དཔེར་ན་དུད་འགྲོར་སྐྱེས་པ་ལ། །ལྷ་མིས་དོན་སྦྱོར་མི་ནུས་བཞིན། །རྣམ་པ་ངོ་བོ་རང་བཞིན་དག །གཅིག་དང་མི་གཅིག་མཐུན་མི་མཐུན། །ཐ་དད་པ་དང་རྟོགས་པས་སོ། །དུས་གསུམ་བདག་པོ་མ་ལུས་པ། །རིག་པ་འཛིན་པ་བསྟེན་ལས་བྱུང་། །དེ་ཉིད་སྔོན་ནས་ཡོད་མིན་ཞིང་། །རང་གར་སྤྱོད་པས་འགྲུབ་པ་ཡིན། །དེ་བས་རིག་འཛིན་རྡོ་རྗེ་འཆང་། །མ་ཡེངས་རྒྱུན་དུ་བསྟེན་བྱས་ཏེ། །ལུས་ཀྱི་སྤྱོད་པ་མ་དག་པ། །མཆོངས་རྒྱུགས་ཉལ་དང་འཕྲས་དང་རྙོངས། །སྒོ་དགུའི་ཟག་པ་དུས་མིན་འདོར། །སྒེག་དང་འགྱིང་བག་འབྲུ་ཚུགས་དང་། །ཁྲི་ཆེ་བ་དང་མཐོན་པོར་འདུག །རྒྱན་ཆས་བཟང་པོ་མྱུར་བ་དང་། །བཞོན་པ་དང་ནི་བྱུག་དང་མཉེ། །བཟའ་བཏུང་རོ་ཡིས་བསྟར་བ་དང་། །གཞན་གྱི་བཀུར་སྡི་མཆོད་དང་མཉེས། །དེ་ཡི་དྲུང་དུ་བླང་བྱ་མིན། །ངག་གི་སྨྲ་བ་མ་བརྟགས་པ། །རྫུན་དང་ཕྲ་མ་བརླང་པོ་དང་། །ཚིག་རྩུབ་ངག་འཁྱལ་བབ་ཅོལ་དང་། །བཞད་གད་ཅོ་འདྲི་ག་ཞ་དང་། །བསྡིང་ཚིག་ཆགས་པའི་དྲེ་མོའི་གཏམ། །མ་རངས་པ་དང་མ་གུས་དང་། །མ་བསམ་མ་བརྟགས་མ་དྲིས་པའི། །ཚིག་དང་ངོ་དགའ་ལྐོག་འགྱུར་དང་། །ངན་པའི་ཚུལ་རྣམས་བརྗོད་པ་ནི། །ནམ་ཡང་སྨྲ་བར་མི་བྱ་སྟེ། །གཞན་ཡང་དེ་ཡི་དྲུང་དུ་མིན། །ཡིད་ཀྱི་བསམ་པ་ཚུལ་མིན་པ། །འདྲ་མཉམ་ཟླ་དང་དྲིན་མཉམ་དང་། །གྲོགས་དང་ཐ་མལ་ཡོན་ཏན་དང་། །སྐྱོན་དག་བསམ་པར་མི་བྱ་སྟེ། །རང་རྒྱུད་ཙམ་དུ་བརྟག་པ་མིན། །དེ་བས་དེ་ཡི་མིག་ལམ་དུ། །ཐལ་སྦྱར་པུས་བཙུག་སྤྱི་བོས་བཏུད། །དེ་ཡི་རྐང་པ་གུས་པས་བླང་། །མཐོང་ན་ལངས་ཤིང་ཕྱག་བཙལ་ཏེ། །བྱ་བ་ཐམས་ཅད་དེ་ཡི་རྗེས། །ལེགས་པ་ཉིད་དུ་རབ་ཏུ་སྤྱད། །ངག་ཏུ་འཇམ་པའི་ཚིག་དག་ནི། །བརྗོད་ཅིང་ཞུ་བ་ཉིད་དུ་བྱ། །དོན་ལྡན་བསྟོད་པ་ཡོན་ཏན་དང་། །བསྔགས་དང་ཆེ་བ་ལེགས་


DNG015_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

པར་བརྗོད། །ཡིད་ཀྱིས་སངས་རྒྱས་ཡོན་ཏན་དང་། །མཚུངས་པ་ཉིད་ཏུ་བལྟ་བ་སྟེ། །དེ་ལས་ལོག་པ་གཞན་མི་བསམ། །ཁྲོ་དང་བསྡུ་བ་ཉིད་རྣམས་སྤངས། །བསམ་པ་ཐམས་ཅད་ལེགས་བསམས་ཏེ། །མ་ལེགས་བསམ་པ་མི་བསྐྱེད་དེ། །དེ་ལ་བརྗོད་པ་ཅི་ཞིག་ཡོད། །བཅོམ་ལྡན་རིག་པ་འཛིན་པ་ཡིས། །ཐོབ་བྱ་མ་ལུས་དེ་ལས་བྱུང་། །ཅི་འབྱོར་པ་ཡི་ཡོ་བྱད་བསྟབ། །ཕྱི་མའི་དུས་ན་སྙོག་པ་ཅན། །དུས་དང་ཉོན་མོངས་ལོངས་སྤྱོད་དང་། །ཚེ་དང་བལྟ་བ་མཐར་ཐུག་སྟེ། །མྱུར་དུ་བགྲོད་པ་ཅུང་ཟད་ཙམ། །བརྒྱད་ཁྲི་པ་ནས་བཅུ་ཡི་དུས། །དུས་མིན་འཆི་བ་ཤིན་ཏུ་མང་། །འདོད་ཆགས་ཞེ་སྡང་གཏི་མུག་དང་། །ང་རྒྱལ་ཕྲག་དོག་ལ་སོགས་དག །སྟོབས་ཆེ་དེ་ཡི་གཉེན་པོ་ཆུང་། །ལོངས་སྤྱོད་རྣམས་ཀྱི་ཕོངས་ཤིང་དབུལ། །སྤྲོས་པའི་མཐའ་གཉིས་བརྒྱད་སོགས་འཛིན། །དེ་དུས་རིག་པ་འཛིན་མིན་པས། །སྐྱབས་མཆོག་སུས་ཀྱང་མི་ནུས་ཏེ། །དེ་ལ་མཐར་ཐུག་བལྟ་བར་བྱ། །དེ་ལ་སྡིག་དང་བྱ་མིན་པའི། །ཉོན་མོངས་ལས་བྱུང་མ་ལུས་སྤངས། །དགེ་བ་ཕྱོགས་སྡུད་བྱ་བའི་ཆ། །གཉེན་པོའི་ཕྱོགས་རྣམས་སྤྱད་ཅིང་བསྒྲུབ། །སྤང་བླང་ཕྱི་ནང་མི་བྱ་སྟེ། །གཙུག་གི་ནོར་བུ་བཞིན་དུ་བཀུར། །དངོས་པོ་བསམ་པ་ཡུལ་རྣམས་ཀུན། །རྣམ་དག་སྒོ་ཡི་ཏིང་ངེ་འཛིན། །ཆོས་དང་ལུས་དང་ལོངས་སྤྱོད་དག །རང་གི་དགོས་པ་རབ་སྤངས་ཏེ། །དེ་ཉིད་ཕྱོགས་སུ་རབ་ཏུ་སྤྱད། །ལུས་ངག་ཡིད་ཀྱི་འབད་པ་གང་། །སྐུ་གསུང་ཐུགས་ཀྱི་རྗེས་འབྲངས་ཤིང་། །དཀའ་ཐུབ་སྤྱད་པ་དང་བསྡོས་ཏེ། །རིམ་གྲོ་དང་ནི་བསྙེན་བཀུར་བྱ། །ཐུབ་པ་ཆེན་པོ་འཇིག་རྟེན་མཁྱེན། །གང་དུ་བསྟན་པ་འདས་གྱུར་ཏེ། །ལྔ་བརྒྱ་ཕྲག་དགུའི་དུས་ཉིད་དུ། །ང་ཡི་ཚུལ་ལྟར་འཆོས་པ་ཉིད། །ཚིག་དོན་ཡན་ལག་མཁས་གྱུར་ཀྱང་། །ང་རྒྱལ་དྲེགས་དང་རློམས་པ་ཡིས། །གཞན་དག་རྟེན་དང་ཆོས་ཀུན་ལ། །ཁྱད་དུ་གསོད་ཅིང་གཤེ་སྐུར་བརྗོད། །བསླབ་བྱ་ཀུན་ལ་ལེགས་གནས་


DNG015_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་། །གཞན་དོན་མི་སྤྲོ་རང་བཞིན་འདོད། །སེམས་ཀྱི་ལྷག་བསམ་བཟང་གནས་ཀྱང་། །འཇིག་རྟེན་ཆོས་ཀྱི་རབ་གཡེངས་ཏེ། །ཕྲ་མོའི་རྣལ་འབྱོར་ཕྱིར་སྤོང་བྱེད། །མཐར་ཐུག་གཞན་དོན་ལེགས་སྤྱོད་ཀྱང་། །ཡན་ལག་གཞན་རྣམས་སྡིག་པར་སྦྱོར། །ལེགས་སྤྱད་དེ་ཡི་ཡོན་ཏན་དང་། །སྤྲོ་བ་དག་གི་རྒྱ་ཆེ་ཡང་། །གོང་མའི་རིག་འཛིན་གཙོར་མི་འཛིན། །ལུས་ངག་དགེ་བ་རབ་འབད་ཀྱང་། །རང་གི་སེམས་སྣང་ཡང་མི་དུལ། །མན་ངག་རྒྱུད་ལ་ཡོད་རློམ་ཡང་། །བསྲུང་སྡོམ་གནང་བཀག་མཚམས་མི་ཤེས། །ལོངས་སྤྱོད་ཕན་པའི་སེམས་ཡོད་ཀྱང་། །བགྲོད་བྱའི་གནས་ལ་མི་མཁས་འབྱུང་། །གཞི་དང་ངང་བཟང་ལེགས་གནས་ཀྱང་། །ལྟོས་པའི་གང་ཟག་བློ་རིང་དང་། །རྟགས་དང་དྲོད་ཚད་མི་རྟོགས་ཤིང་། །སངས་རྒྱས་ཉིད་དུ་ཁས་འཆེ་ཞིང་། །རློམས་པ་ཐ་དག་སྐྱེད་པ་འབྱུང་། །ཁ་ཅིག་རང་གི་ཕྱོགས་འཛིན་ཅིང་། །དེ་ཉིད་ལེགས་པ་ཉིད་དུ་གཟུང་། །གཞན་ཕྱོགས་ཐ་དད་སྣ་ཚོགས་པས། །ཐབས་དང་ཡན་ལག་ཀུན་སྦྱོར་ཞིང་། །སྨོད་ཅིང་སུན་འབྱིན་འགེག་པར་བྱ། །རྗེས་སུ་གཟུང་བའི་ཡུལ་དག་ཀྱང་། །འདོད་པའི་ཡོན་ཏན་གཙོར་འཛིན་ཅིང་། །ལོངས་སྤྱོད་གཡེང་བའི་རྗེས་འབྲང་བས། །འཇིག་རྟེན་ཆོས་ཀྱི་དུས་འདས་པས། །འདི་ལ་དོན་ཡོད་ལེགས་ཤེས་སྨྲ། །ཁ་ཅིག་ནང་གི་ཡོན་ཏན་ལྡན། །ཕྱི་རོལ་ཆོས་ཀྱིས་ཉིད་འཆིང་ཞིང་། །གཅིག་པུ་ཞི་བདེ་འདོད་པ་དང་། །གཞན་དོན་ནུས་ཀྱང་སྐྱོ་བའང་འབྱུང་། །ཁ་ཅིག་མང་དུ་ཐོས་ཤིང་བསམ། །ལེགས་སྤྱད་རྣམས་ཀྱི་དོན་ཤེས་ཀྱང་། །གཞན་གྱི་འཇིག་རྟེན་ཆོས་སུ་མཐོང་། །རྒྱ་ཆེ་ཆོས་ལ་སྐྱོ་འགྱོད་ཅིང་། །གཞན་འཇུག་པའང་སུན་འབྱིན་འགྱུར། །ཁ་ཅིག་དང་པོར་མཉམ་བཞག་པའི། །མྱོང་བ་ཅུང་ཟད་ལ་བརྟེན་ནས། །ཐམས་ཅད་མཁྱེན་པའི་ཡེ་ཤེས་རྒྱུ། །བཀའ་ལུང་ཐོས་བསམ་འགེག་པ་འབྱུང་། །ཁ་ཅིག་མཚན་མ་དང་བཅས་པའི། །མདོ་སོགས་བརྗོད་པ་གཙོ་བོར་


DNG015_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད། །ཁ་ཅིག་ཞི་གནས་གནས་བསྐྱེད་ཅིང་། །གཞི་ལ་ཡོད་པ་ཡིན་ཞེས་སྨྲ། །ཁ་ཅིག་རྒྱུ་ཡི་ཚོགས་ལ་འབད། །ཁ་ཅིག་དེ་ཡང་སུན་འབྱིན་ཞིང་། །ཐོས་བསམ་བསྒོམས་པས་གྲོལ་ཞིང་སྨྲ། །དེ་ལ་སོགས་པའི་གྲུབ་པའི་མཐའ། །ཕྱིན་ཅི་ལོག་དང་ཡང་དག་པ། །དེ་ཉིད་གསུམ་དང་དགུ་ལ་སོགས། །བཞི་དང་བརྒྱད་དང་བཅོ་བརྒྱད་དང་། །ཕྲ་མོའི་འདོད་པ་གྲངས་མེད་འབྱུང་། །དེ་དག་གཅིག་གི་གཅིག་སྨོད་ཅིང་། །འགེག་དང་སུན་འབྱིན་ཁྱད་པར་འབྱེད། །དེ་ཡིས་རིག་པ་འཛིན་ཉིད་ཀྱང་། །བརྟག་ཅིང་བསྟན་པར་དཀའ་བས་ན། །ང་ཡི་བསྟན་པའི་ཚུལ་དག་དང་། །སངས་རྒྱས་རྣམས་ཀྱི་གསུངས་བཞིན་དུ། །ལེགས་པར་བརྟག་ཅིང་མཚན་ཉིད་ལྡན། །ངེས་པར་བསྟེན་བྱའི་ཡོན་ཏན་ནི། །སེམས་ཅན་དོན་ཕྱིར་ཞུགས་པ་ཡིས། །འཇིག་རྟེན་ཁ་ན་མ་ཐོ་སྤངས། །བསགས་པའི་སྡིག་པ་སྟོབས་ཆེན་མཛད། །གཉེན་པོ་སྟོབས་དང་ལྡན་པས་སོ། །བྱིན་གྱིས་རླབས་དང་མཐུ་སྟོབས་རྙེད། །བར་ཆད་ཉེས་པས་ཡོངས་མི་ཚུགས། །བསོད་ནམས་ཚོགས་ལ་འབད་བསྐྱེད་པས། །ཡོན་ཏན་བདེ་འདོད་ཡིད་བཞིན་འགྲུབ། །ཉོན་མོངས་པ་དང་ཉེ་བའི་ཚོགས། །མཚན་ཉིད་ཤེས་པས་བགྲོད་པར་བཏུབ། །སྡིག་དང་ལས་ངན་བསྲབས་པ་ཡིས། །ངན་འགྲོ་སྲིད་པར་ཡོངས་མི་སྐྱེ། །ཐབས་ཀྱི་ལམ་མཆོག་རབ་བརྟེན་པས། །ཐུན་མོང་པ་དང་མཆོག་འགྲུབ་འགྱུར། །རྣམ་ཐར་བཟང་པོའི་རྗེས་འབྲངས་པས། །བསྟོད་དང་བཀུར་སྡིའི་གནས་སུ་འགྱུར། །ལས་དང་བག་ཆགས་བཟང་སྤྱད་པས། །ཕྱི་མར་རིག་པ་འཛིན་པ་འཕེལ། །མདོར་བསྡུས་ཙམ་དུ་བསྟན་པ་ལས། །མཐའ་ཡས་པ་ནི་བསམ་མི་ཁྱབ། །ཚུལ་བཞིན་མ་བསྟེན་སྐྱོན་དག་ཀྱང་། །བྱ་བ་མ་ལུས་གཅིག་པུར་སྤྱོད། །འཕྱ་ཞིང་སྨད་པའི་གནས་སུ་འགྱུར། །འགྱོད་ཅིང་བཤགས་པ་མི་བྱེད་པས། །སྡིག་པ་སྔ་ཕྱི་རིམ་བཞིན་བསྐྱེད། །བྱིན་གྱིས་རླབས་དང་མཐུ་སྟོབས་འགགས། །ལུས་སྲོག་ལོངས་སྤྱོད་བར་ཆད་མང་། །ནུས་པ་དང་ནི་ཡོ་བྱད་རྣམས། །མི་དགེའི་རྒྱུ་དང་


DNG015_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུར་འབབ། །ཉོན་མོངས་ལྐུགས་པར་གྱུར་པ་ཡིས། །སྣང་སེམས་སྡུག་བསྔལ་ཚོགས་སུ་འཆར། །དགེ་དང་ལེགས་སྤྱད་འཕྲོ་མེད་པས། །བདེ་སྐྱིད་འགྲིབ་ཅིང་བསམ་དོན་ལྡོག །ཐབས་དང་ཤེས་རབ་ལམ་མེད་ཅིང་། །གྲུབ་པ་ལམ་གྱི་འབྱུང་ཁུངས་འགགས། །ངན་པར་སྤྱོད་པའི་རྗེས་ཞུགས་པས། །བརྙས་ཤིང་སྨད་པའི་གནས་སུ་འགྱུར། །ཉེས་པ་ལས་ཀྱི་གནས་བརྒྱུད་པས། །སྡིག་པའི་གྲོགས་དང་འཕྲད་པར་འགྱུར། །འཁོར་བ་ཐོག་མ་མེད་པ་ནས། །སེམས་ཅན་རྣམས་ཀྱི་སྡུག་བསྔལ་རྒྱུན། །ཆེ་ཆུང་དྲག་ཞན་རིང་དང་ཐུང་། །མ་ལུས་དུས་གསུམ་མྱོང་བ་ཀུན། །རིག་པ་འཛིན་པ་མ་བསྟེན་ཞིང་། །དེ་ཡི་རྗེས་སུ་མ་འབྲངས་པས། །དེས་ཀྱང་རྗེས་སུ་མ་བཟུང་པའི། །སྐྱོན་ཡིན་ཞེས་སུ་སངས་རྒྱས་གསུངས། །དེ་བས་དང་པོའི་ལས་ཅན་གྱིས། །ཐོག་མ་ཉིད་ཏུ་འབད་པ་ཡིས། །རིག་པ་འཛིན་པ་ཉེ་བར་བསྟེན། །ཡིད་བཞིན་ནོར་བུ་ཉི་མ་དང་། །པདྨ་ཟླ་བ་སྤྲིན་ལྟ་བུའི། །རྡོ་རྗེ་ཅན་གྱི་རིག་པ་འཛིན། །དུས་གསུམ་སངས་རྒྱས་སྐུ་གསུང་ཐུགས། །ངོ་བོ་རང་བཞིན་ཡོན་ཏན་དང་། །སྤྲུལ་པ་ཆོས་མཐུན་ཉིད་ཡིན་ནོ། །ཞེས་བཀའ་སྩལ་ཏོ། །རིག་པ་འཛིན་པ་འདུས་པ་རྩ་བའི་རྒྱུད་ལས། རྡོ་རྗེ་སློབ་དཔོན་ཡང་དག་པར་གཟུང་བ་གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་རྡོ་རྗེ་འཛིན་རྒྱལ་གྱིས། །རིག་འཛིན་ཚོགས་ལ་འདི་སྐད་བཤད། །ཨེ་མ་རིག་པ་འཛིན་པའི་ཚོགས། །ཕྱི་མ་ཕྱི་མའི་དུས་དག་ཏུ། །སྐྱེས་བུ་ཆེན་པོ་རིག་པའི་སྲས། །ཤེས་རབ་སྙིང་རྗེ་བརྩོན་འགྲུས་དང་། །དད་པ་བློ་གྲོས་རིགས་ལྡན་པས། །ཤེས་དང་ཤེས་བྱ་མ་ལུས་པའི། །དོན་ལ་རྟག་ཏུ་བསམ་པའི་ཕྱིར། །འདུས་བྱས་ཆོས་ཀུན་མ་ལུས་པའི། །དངོས་པོ་མི་རྟག་འདུ་ཤེས་བསྒོམ། །ཕུན་སུམ་ཚོགས་པ་འདི་འདྲ་བ། །རབ་ཏུ་རྙེད་པར་དཀའ་བ་བསམ། །འཁོར་བ་ཀུན་དང་ཁྱད་པར་དུ། །ངན་འགྲོའི་གནས་ལ་ཡིད་འབྱུང་ཞིང་། །ཐར་པ་མྱུར་དུ་འདོད་པ་ཡིས། །ཚད་


DNG015_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

མེད་བཞི་དང་ཕ་རོལ་ཏུ། །ཕྱིན་པ་དྲུག་གི་གཞིར་བྱས་ཏེ། །བསྡུ་བ་བཞི་དང་སྙིང་རྗེ་དང་། །དོན་དམ་ཀུན་རྫོབ་རྣམས་ཀྱིས་སྦྱང་། །རྨི་ལམ་སྒྱུ་མ་སྨིག་རྒྱུ་དང་། །སྤྲུལ་པ་དང་ནི་དྲི་ཟའི་གྲོང་། །སྒྲ་སྙན་བྲག་ཆ་མིག་ཡོར་སོགས། །ཆོས་ཀུན་དེ་དག་ཚུལ་བཞིན་བསམ། །དེ་ལས་འབྱུང་ཞིང་བསྐྱབ་པའི་ཕྱིར། །ཡུལ་གསུམ་ལ་ནི་སྐྱབས་སུ་འགྲོ། །སོ་སོར་ཐར་དང་རིག་པ་འཛིན། །བྱང་ཆུབ་སེམས་དཔའི་བསླབ་བྱ་བརྟེན། །དེ་ནས་ང་ཡི་སྟོན་པ་ཡིས། །བློ་ཆེན་རིགས་ལ་གསུངས་པ་ཡི། །སྨིན་ཅིང་གྲོལ་བའི་ལམ་ཞུགས་ཏེ། །གནས་དང་ཡུལ་དང་རིག་བྱེད་དང་། །རང་གི་སེམས་ཀྱིས་དབེན་པ་ཡི། །རང་དགའི་གནས་སུ་འདུག་ནས་ནི། །ཕྱི་ནང་གསང་བ་དེ་ཉིད་ཀྱི། །བསྲུང་དང་བཀྲུ་དང་བརྟགས་པ་དག །ཇི་ལྟར་གསུངས་པ་བཞིན་དུའོ། །ས་དང་གནས་ཀྱི་རིམ་པ་དག །བརྟག་ཅིང་སྦྱང་དང་གཟུང་བ་དང་། །བླང་དང་བྱིན་གྱིས་བརླབ་པ་རྣམས། །ལེགས་པར་བཤད་པ་ཇི་ལྟ་བར། །ཕྱི་དང་ནང་དང་གསང་བའི་བློས། །རིམ་པ་དང་ནི་དམིགས་པར་སྦྱར། །རབ་འབྲིང་ཐ་མའི་ཚད་ལྡན་པས། །གཟུགས་དང་དབྱིབས་དང་ཁ་དོག་གི། །ངེས་དང་མ་ངེས་ལས་རྣམས་ནི། །རབ་ཏུ་འབད་པ་ལེགས་སྦྱར་ཏེ། །རིག་པ་འཛིན་པའི་ཕོ་བྲང་ནི། །རྩོད་དང་སྐྱོན་མེད་དམིགས་པའི་གཟུགས། །བརྒྱད་དམ་བཞིའམ་བཅུ་དྲུག་ནི། །ལྟེ་བ་ཁྱམས་དང་སྒོ་བཞིར་བཅས། །རང་གི་རིགས་དང་ཁ་དོག་ལྡན། །ཡོངས་སུ་རྫོགས་པའི་རྟགས་ཀྱིས་བརྒྱན། །བསྒྲུབ་བྱ་སྒྲུབ་པར་བྱེད་པ་ཡིས། །རྟེན་དང་རྫས་ཀྱང་དེ་བཞིན་ནོ། །བསྒོམ་བྱ་བསྒོམ་པར་བྱ་བ་དག །སྐུ་དང་གསུང་དང་ཐུགས་དང་ནི། །རྩ་བ་ཡོན་ཏན་ཕྲིན་ལས་དང་། །དྲག་ཤུལ་སྤྱོད་དང་བརྟེན་ཅིང་སྔགས། །རང་བཞིན་ལྷུན་གྱིས་གྲུབ་པ་དང་། །ས་དང་ལམ་ལ་གནས་པ་དང་། །བལྟ་བ་ཕྱག་རྒྱ་རབ་རྫོགས་དང་། །མི་འགྱུར་ཚེ་ལ་དབང་བ་དང་། །མན་ངག་ལུང་སྟོན་བྱེད་པ་དང་། །ཤེས་རབ་རྒྱུད་ལ་སྤེལ་བ་དང་། །དབང་དང་དམ་ཚིག་སྟོན་པ་དང་། །ལམ་གྱིས་བགྲོད་པར་བྱེད་པ་


DNG015_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །རྡོ་རྗེ་རིན་ཆེན་པདྨ་དང་། །ཕྲིན་ལས་དང་ནི་རབ་འདུས་པའི། །ཞིང་སྐྱོང་བྱེད་དང་མཁའ་ལ་འགྲོ། །ཡབ་ཡུམ་ཕོ་མོའི་རྣམ་པ་དག །ཕྲིན་ལས་སྒྲུབ་པར་བྱེད་དང་བཅས། །ང་དང་ང་ཡི་ཚུལ་འདྲ་ཞིང་། །དབུ་རྒྱན་ཐོར་ཚུགས་རྣ་རྒྱན་དང་། །མགུལ་རྒྱན་དཔུང་རྒྱན་བྲང་རྒྱན་དང་། །སྙན་ཆ་རིན་ཆེན་མགུར་ཆུ་དང་། །ཅོད་པན་ཕྱག་གདུབ་ཞབས་གདུབ་དང་། །སྟོད་གཡོགས་སྨད་གཡོགས་ཟ་ར་ཚགས། །པ་ཏི་དར་ལ་རྣམས་ཀྱིས་བརྒྱན། །རྔ་གླིང་དུང་དང་ཌ་མ་རུ། །དྲིལ་བུ་ཅང་ཏེའུ་ཏིང་ཏིང་ཤག །ཁ་ཊྭཱཾ་གྲི་གུག་ཐོད་པ་འཛིན། །རང་གི་སྔགས་ཀྱི་སྒྲ་སྒྲོགས་པས། །འཇིག་རྟེན་ཁམས་ཀུན་རབ་ཏུ་གྲགས། །ཨཱོཾ་བཛྲ་སརྦ་གུ་རུ་ཧཱུཾ་ཕཊ། དེ་དག་བསྙེན་པའི་ཡོ་བྱད་ཀྱང་། །ཤ་དང་བདུད་རྩི་རྣམ་པ་ལྔ། །དྲི་དང་སྨན་ལྔ་སྤོས་ལྔ་དང་། །རོ་དྲུག་བཏུང་བ་ཡན་ལག་ལྔ། །བསྲེག་དང་བདུག་དང་བཙོས་པའི་རླངས། །འདོད་པའི་ལོངས་སྤྱོད་མ་ལུས་ཤིང་། །གླུ་གར་བྲོ་དང་རྩེད་འཇོ་དང་། །རྒོད་དང་སྟེག་ཅིང་འཁྲིག་པ་དང་། །རོལ་དང་སྟོབས་དང་བཟའ་བ་དག །མ་ལུས་མཉེས་པར་བྱེད་པ་ཡི། །ཐབས་དང་ཡན་ལག་བསམ་མི་ཁྱབ། །ཇི་ལྟར་མཛེས་དང་འབྱོར་པ་རྣམས། །བསྟོད་དང་བསྒྲུབ་པའི་ཚུལ་གྱིས་དབུལ། །ནམ་མཁའི་ཁམས་ཀྱི་འཇིག་རྟེན་ནས། །རིག་པ་འཛིན་པའི་བྱང་ཆུབ་སེམས། །ཇི་སྙེད་པ་དང་ཇི་ལྟ་བའི། །སྐུ་གསུང་ཐུགས་དང་ཡོན་ཏན་ཚོགས། །གཙོ་དང་འཁོར་དང་ཡོངས་སུ་སྲིད། །མ་ལུས་ལུས་པ་མེད་པ་ཀུན། །གསལ་འཚེར་ལྷུན་སྡུག་གཟི་བྱིན་འབར། །འགྱིང་བག་སྒེག་ཉམས་འཇོ་ཚུལ་ཅན། །གར་དང་འདུག་སྟངས་ཉམས་དང་སྤར། །ལྡེག་དང་གཡོ་དང་འབར་བ་དང་། །རྒྱུགས་དང་མཆོངས་དང་འཁྲིག་པའི་ལུས། །རྒོད་དང་མུ་ཅོར་སྨྲ་བ་དང་། །གསང་ཚིག་སྔགས་དང་གླུ་ཚིག་ངག །བདེ་ཞིང་གསལ་དང་མི་རྟོག་དང་། །ཞི་བར་གནས་དང་ལྷག་པར་མཐོང་། །མཉམ་པར་བཞག་དང་རྗེས་ལ་ཐོབ། །རིལ་པོར་བཟུང་དང་རྗེས་སུ་འཇོག །སོ་སོར་


DNG015_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

སྡུད་དང་བསམ་གཏན་དང་། །ཏིང་ངེ་འཛིན་དང་སྲོག་དང་རྩོལ། །སྒྱུ་མའི་ལུས་དང་འོད་གསལ་དང་། །ཟུང་དུ་འཇུག་དང་སྤྲོ་བ་དང་། །ངོ་བོ་རྣམ་པ་རང་བཞིན་གྱིས། །ལམ་གྱི་ཆོས་སུ་སྣང་བ་དང་། །རྒྱུ་དང་འབྲས་བུས་ཡོངས་བསྡུས་པའི། །ཆོས་ཀུན་རབ་ཏུ་སྣང་བར་བྱ། །དེ་ལྟར་བྱས་ན་རིག་པ་འཛིན། །འདས་དང་མ་འོངས་ད་ལྟ་བ། །ཐམས་ཅད་ཀུན་གྱིས་དགོངས་ཤིང་འགྲུབ། །གྲུབ་པ་དྲག་པོའི་དངོས་གྲུབ་དང་། །ཐོད་ཕྲེང་བསམ་འགྲུབ་དབང་དུ་སྡུད། །དང་པོ་གནས་ནས་སྤྱན་དྲངས་ཏེ། །རང་གི་གཟུགས་བརྙན་དག་ལ་བསྡིམ། །ཕྱག་བཙལ་མཆོད་ཅིང་བསྟོད་དང་བསྙེན། །དབང་དང་དྲལ་བ་དབང་དང་བསྡིམ། །དྲན་དང་ལས་སུ་བྱས་པས་བསྟེན། །གནས་བསྒྱུར་བ་དང་ལྟ་བ་དང་། །ཡིད་ལ་བྱ་དང་སྒོམ་པ་དང་། །སར་གནས་པ་དང་སྤྱོད་པ་དང་། །རབ་ཏུ་བརྟེན་དང་ཐོབ་པ་དང་། །མ་ལུས་པ་དང་རྫོགས་པ་ཡིས། །རིག་པ་འཛིན་པ་ཉམས་སུ་མྱོང་། །ཞེས་བཀའ་སྩལ་ཏོ། །རིག་པ་འཛིན་པ་འདུས་པ་རྩ་བའི་རྒྱུད་ལས། བསྒྲུབ་པ་བསྡུས་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་རྡོ་རྗེ་འཛིན་རྒྱལ་གྱིས། །རིག་འཛིན་ཚོགས་ལ་འདི་སྐད་བཤད། །ཨེ་མ་རིག་པ་འཛིན་པའི་ཚོགས། །ཕྱི་མ་ཕྱི་མའི་དུས་དག་ཏུ། །ང་ཡི་རྗེས་སུ་རིག་པ་འཛིན། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །ཤེས་ཤིང་ལྟ་བ་འདི་ལྟ་སྟེ། །སྲིད་དང་ཞི་བ་དངོས་དང་སྟོང་། །འཁོར་བ་དང་ནི་མྱ་ངན་འདས། །བདེ་སྡུག་རྟོག་པ་རབ་སྣང་ཡང་། །ཆོས་ཅན་ཆོས་ཉིད་མ་ལུས་སྟོང་། །ཤེས་པའི་གནས་ནི་རྡུལ་ཙམ་མེད། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །རྟེན་འདྲེལ་འབྱུང་དང་ལྡོག་པ་སོགས། །རང་གི་ངོ་བོ་ཉིད་ཀྱིས་སྟོང་། །དངོས་པོ་མཚན་མ་མཚན་ཉིད་དང་། །མཚན་ཉིད་གཞི་ལ་སོགས་པ་ཀུན། །མ་སྐྱེས་མི་འགག་མི་རྟག་ཅིང་། །མ་ཆད་མི་འགྲོ་མི་འོང་སྟེ། །ཡོད་དང་མེད་པའི་ཕྱོགས་བྲལ་བ། །འདི་ནི་ཀུན་ལ་ཁྱབ་པའོ། །དེ་ནི་རྟོགས་པར་བྱ་བ་སྟེ། །བསྒྲུབ་པའི་གཞི་ནི་སེམས་ཡིན་ཏེ། །སྣང་དང་སྲིད་པ་སེམས་ལས་བྱུང་། །དེ་ཉིད་བརྟག་ཅིང་བསྟན་དུ་མེད། །མཁས་པ་ཞིག་གིས་ཚོལ་བྱེད་ཀྱང་། །


DNG015_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་ཡང་རྙེད་ཅིང་མཐོང་བ་མེད། །སེམས་ཅན་རང་བཞིན་བྱང་ཆུབ་སྟེ། །བྱང་ཆུབ་ཉིད་ཀྱང་དེ་ཡིན་ནོ། །དེ་ཡང་ཤེས་པ་རིག་འཛིན་མཆོག །འདོད་པ་དེ་ལ་ཡོངས་མི་འབྱུང་། །ནམ་མཁའི་མཐར་ཐུག་ཚོལ་བ་བཞིན། །སྒྱུ་མ་ལྟ་བུར་གང་ཤེས་པ། །དེ་ལ་མཆོག་འགྱུར་ཡུན་མི་རིང་། །ཐ་སྙད་ཙམ་གྱིས་མཚོན་པ་ཡིས། །རྟོགས་ཤིང་རིག་པར་འགྱུར་བ་ཡིན། །དཔེར་ན་རྒྱ་མཚོའི་ལན་ཚྭའི་རོ། །མ་མྱངས་རྟོགས་པར་མི་འགྱུར་ཏེ། །ནམ་ཞིག་རྩོལ་བས་མྱང་གྱུར་ན། །ཐེ་ཚོམ་བྲལ་བའི་རོ་མྱངས་ཏེ། །ཀུན་གྱི་ལན་ཚྭའི་རོ་ཤེས་འགྱུར། །དེ་བཞིན་ཡང་དག་མཐའ་ཡི་དོན། །མ་མཚོན་མཚོན་པར་མི་འགྱུར་ཏེ། །བརྡ་དང་ཐབས་དང་བྱིན་རླབས་དང་། །དཔེ་དོན་རྟགས་ཀྱི་ཤེས་བྱ་སྟེ། །ངོས་བཟུང་དྲོད་ཚད་ལྡན་བྱས་ན། །རང་རིག་ཡེ་ཤེས་མཐོང་བར་འགྱུར། །གནས་དང་བགྲོད་དང་ཐོབ་པ་ནི། །ཐོས་པ་ཙམ་གྱིས་མི་འབྱུང་སྟེ། །ཇི་ལྟར་སྨན་གྱི་ལོ་འབྲས་དག །འཁྲུངས་པས་ནད་ལ་མི་ཕན་བཞིན། །ཉམས་སུ་མ་མྱངས་ཆོས་རྣམས་ཀྱང་། །གཉེན་པོར་མི་འགྱུར་དེ་བཞིན་ནོ། །དེ་བཞིན་ཆུ་ཆེན་སྒྲོལ་བ་དང་། །གཞན་གྱི་ཕུན་སུམ་ཚོགས་པ་དང་། །རི་མོ་དམུས་ལོང་ལ་བསྟན་དང་། །འོན་པའི་རྣ་བར་སྒྲ་བསྒྲགས་དང་། །ས་བོན་མེ་ཡིས་བསྲེགས་པ་དང་། །ས་ཡིས་རྙོགས་པའི་ཆུ་བཞིན་དུ། །མ་རྟོགས་གཞི་དང་མ་བགྲོད་ལམ། །མ་བསྒྲུབས་འབྲས་བུ་དེ་བཞིན་ནོ། །གཞན་ཡང་མེ་ནི་གཙུབ་ཤིང་དང་། །མར་ནི་འོ་མ་ལ་གནས་དང་། །འབྲས་བུ་ས་བོན་ལས་འབྱུང་ཡང་། །མ་བསྲུབས་མ་བསྒྲུབས་མ་བསྐྱེད་པར། །དེ་དག་འབྱུང་བར་མི་འགྱུར་བཞིན། །མ་མཐོང་མ་ཤེས་མ་གོ་ཞིང་། །མ་བསྒྲུབས་མ་བརྟེན་དེ་མི་འབྱུང་། །ཐབས་མེད་ཤེས་རབ་འབའ་ཞིག་པས། །ཆད་པ་ཉིད་དུ་ཐལ་བར་འགྱུར། །ཐབས་གཅིག་པུས་ཀྱང་འཆིངས་འགྱུར་ཏེ། །ཤེས་རབ་བྲལ་བས་གྲོལ་བ་མིན། །གཉིས་ཀ་མེད་པ་འཁོར་བའི་ལམ། །ཕྱོགས་གཅིག་ཉིད་ནི་གཉིས་ཀས་འཆིངས། །ཟུང་དུ་འཇུག་ཅིང་དབྱེར་མེད་པར། །སྤྱད་ཅེས་རྒྱལ་བ་


DNG015_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་གསུངས། །དང་པོར་ཀུན་རྫོབ་ཙམ་དུ་བརྗོད། །དེ་ཤེས་ནས་ནི་ཡང་དག་བསྟན། །ཕྱི་མའི་དུས་ན་རིག་པ་འཛིན། །ཁ་ཅིག་ང་ཡི་ཚུལ་འཆོས་ཤིང་། །གང་ཟག་རྟག་པའི་བདག་ཡོད་ཅེས། །སྨྲ་བ་དེ་དག་སུན་དབྱུང་སྟེ། །གང་ཟག་བདག་ནི་བྱེད་པ་པོ། །བཅུ་གཉིས་ཀྱིས་བསོགས་བྱས་པས་རྟག །རང་གི་རྒྱུ་འབྲས་མི་འདོར་ཞེས། །སྨྲ་བ་འབྱུང་སྟེ་དེ་མི་རིགས། །རྟག་པ་དོན་བྱེད་མེད་པས་སྟོང་། །དཔེར་ན་རི་བོང་རྭ་བཞིན་ནོ། །མ་ཁྱབ་དོན་བྱེད་ནུས་ཤེ་ན། །རིམ་གྱིས་སམ་ནི་ཅིག་ཆར་བྱེད། །རིམ་གྱིས་ཞེ་ན་རྟག་པ་ཉམས། །དེ་ལ་རིམ་པ་ཡོད་ཕྱིར་རོ། །ཅིག་ཅར་ཞེ་ན་དེ་ཡི་རྒྱུ། །ནུས་པ་ཐོགས་མེད་དེ་འབྲས་བུ། །བསྐྱེད་པའི་དུས་ན་དེ་ཡོད་ལྟར། །མི་བསྐྱེད་དུས་ན་ཡོད་དམ་མེད། །ཡོད་ན་ཅིག་ཆར་བསྐྱེད་པ་ཉམས། །དེ་ཡིས་ཕྱིས་ཀྱང་བསྐྱེད་ཕྱིར་རོ། །རྐྱེན་དང་འཕྲད་པས་འབྱུང་ཞེ་ན། །རྟག་པར་འདོད་པ་དེ་ཉམས་ཏེ། །རྒྱུ་ཡིས་བསྐྱེད་པར་མི་ནུས་པར། །ཕྱི་ནས་རྐྱེན་གྱིས་བསྐྱེད་ཕྱིར་རོ། །འབྲས་བུ་མི་བསྐྱེད་དུས་ན་ནི། །ནུས་པ་ཐོགས་མེད་མིན་ཞེ་ན། །ཐོགས་མེད་ཐོགས་བཅས་འགྱུར་བ་ཡིས། །རྟག་པར་འདོད་པ་དེ་ཉམས་སོ། །དེ་བས་ཅིག་ཅར་དོན་བྱེད་ན། །འབྲས་བུ་སྐད་ཅིག་འགྲུབ་འགྱུར་ཏེ། །སྐྱེས་མ་ཐག་ཏུ་རྒས་པ་དང་། །མྱུ་གུ་འབྲས་བུར་སྨིན་བཞིན་རིགས། །ཅིག་ཆར་དོན་བྱེད་འདོད་ཕྱིར་རོ། །དེ་ལྟར་འདོད་ན་མངོན་སུམ་སྐྱོན། །གཞན་ཡང་ཁྱོད་ཀྱི་འབྲས་བུ་དེ། །མི་རྟག་རྒྱུ་ནི་མ་གྲུབ་ཕྱིར། །ཕྱོགས་གཅིག་རྟགས་པས་ཁྱབ་ཅེ་ན། །འབྲས་བུ་ཡོད་དམ་མེད་པ་སྐྱེད། །ཡོད་ན་བསྐྱེད་པ་མི་དགོས་ཏེ། །འབྲས་བུ་ཐུག་མེད་སྐྱོན་དུ་འགྱུར། །མེད་པ་སྐྱེས་པར་འདོད་ན་ནི། །མེད་པ་དེ་ལ་རྒྱུས་ཕན་ནམ། །ཕན་ན་འབྲས་བུ་མ་གྲུབ་སྟེ། །གདགས་བྱའི་ཡུལ་དུ་མ་གྲུབ་ཕྱིར། །ཕན་བཏགས་མེད་ན་བསྐྱེད་པ་དེ། །མ་གྲུབ་གང་ཟག་བདག་ཅེས་པ། །ཀུན་ལ་ཕན་བཏགས་མེད་ཕྱིར་རོ། །དེ་ལྟ་བས་ན་གང་ཟག་གི། །བདག་ཏུ་འཛིན་པ་དེ་བཀག་ནས། །


DNG015_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ལ་བདག་འཛིན་སྤངས་པ་ནི། །ཉན་ཐོས་རང་རྒྱལ་སེམས་ཙམ་གྱི། །ཆོས་ཀྱི་བདག་ཅེས་ཡོད་པར་བརྟགས། །དང་པོ་དེ་ཡིས་གཟུང་བའི་ཡུལ། །ཕྲ་རྡུལ་འབྱར་ཞིང་མ་རེག་པ། །གཡག་སྤུ་དང་ནི་རྩྭ་ཕུང་བཞིན། །དེ་ལ་འཛིན་པའི་སེམས་ཀུན་ཞིག །ཚོགས་དྲུག་དོན་དམ་རྫས་སུ་འདོད། །དེ་ནི་མི་རིགས་མ་གྲུབ་སྟེ། །གཟུང་ཡུལ་ཆོས་ཅན་དོན་དམ་དུ། །མེད་དེ་གཅིག་དང་དུ་མར་བྲལ། །དེ་ཡིས་མ་ཁྱབ་ཡོད་ཅེ་ན། །གཅིག་ཏུ་ཡོད་དམ་དུ་མར་ཡོད། །གཅིག་ན་ཕྱོགས་དང་བཅས་མ་བཅས། །བཅས་ན་གཅིག་ཏུ་མ་གྲུབ་སྟེ། །ཕྱོགས་ཆ་འདོད་པས་དུ་མར་འགྱུར། །ཕྱོགས་མེད་ཡོད་པ་མ་གྲུབ་སྟེ། །ཕྱོགས་ཆ་མེད་པས་དངོས་མེད་འགྱུར། །དེ་འདོད་ཅེ་ན་སྔར་ཡོད་ཉམས། །གལ་ཏེ་དུ་མར་ཡོད་ཅེ་ན། །དེ་ཉིད་གཅིག་ལ་ལྟོས་མ་ལྟོས། །མ་ལྟོས་དུ་མའི་འདོད་པ་མིན། །གཅིག་མེད་དུ་མ་མི་འགྲུབ་སྟེ། །ལྟོས་ན་དེ་ཉིད་མ་གྲུབ་པས། །ལྟོས་པའི་དུ་མ་ག་ལ་སྲིད། །གཅིག་བགྲངས་དུ་མ་ཡིན་ཕྱིར་རོ། །གཅིག་པུའི་སངས་རྒྱས་འདོད་རྣམས་ནི། །ཕྱི་རོལ་ཡུལ་མེད་དེ་ཉིད་ལ། །འཛིན་པ་དོན་དམ་རྫས་སུ་འདོད། །དེ་མི་རིགས་ཏེ་ཡུལ་མེད་ན། །དེ་ལ་འཛིན་པ་མི་འགྲུབ་སྟེ། །རྨི་ལམ་སྒྱུ་མ་མ་གྲུབ་ན། །དེར་འཛིན་སེམས་ཀྱང་མི་འགྲུབ་བཞིན། །རང་རྒྱལ་འདོད་པ་འགགས་པར་འགྱུར། །སེམས་ཙམ་འཛིན་པ་ཞེས་བྱ་བ། །ཡུལ་རྣམས་སེམས་ཀྱི་སྣང་བ་སྟེ། །གཟུང་འཛིན་གཉིས་ཀྱིས་སྟོང་པ་ཡིས། །བྱ་བྱེད་གསལ་བ་གཞན་མ་ལྟོས། །མྱང་བ་དོན་དམ་རྫས་སུ་འདོད། །དེ་ཉིད་མི་རིགས་དགག་པ་ནི། །འཛིན་པའི་སེམས་དེ་ཆོས་ཅན་དེ། །དོན་དམ་འཇལ་བའི་ངོ་ན་མེད། །གཟུང་བྱའི་ཡུལ་དེ་མ་གྲུབ་ན། །འཛིན་བྱེད་སེམས་ཀྱི་ཅི་ཞིག་འཛིན། །ཕྱོགས་གཅིག་ཁྱབ་པ་མེད་ཅེ་ན། །སྔར་གྱི་འབྲས་བུ་འགགས་པ་ཡིས། །ཡོད་མེད་སྐྱེད་བྲལ་དེར་གནོད་དོ། །སེམས་ཀྱི་སྐད་ཅིག་སྔ་མ་ལས། །ཕྱི་མ་ཕྱི་མ་སྐྱེ་བའི་ཚེ། །རྒྱུ་


DNG015_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་རྫས་སུ་ཡོད་པ་ལས། །སྐྱེ་འམ་གལ་ཏེ་མེད་ལས་སྐྱེ། །ཡོད་ན་བདག་གམ་གཞན་ལས་སྐྱེ། །བདག་ལས་སྐྱེ་ན་ཡོད་པས་སོ། །གཞན་ལས་སྐྱེ་ན་རྒྱུ་འབྲས་ཀུན། །ངེས་མེད་ལོག་པར་སྐྱེ་བར་འགྱུར། །མེད་ལས་སྐྱེ་ན་སྔ་མ་ཡིས། །ཕྱི་མ་ལ་ཕན་འགྱུར་རམ་ཅི། །ཕན་བཏགས་འདོད་ན་ཡོད་པ་སྟེ། །ཕན་བཏགས་ཡུལ་དུ་བྱུང་བས་སོ། །ཕན་མེད་བསྐྱེད་པ་མ་གྲུབ་སྟེ། །རྒྱུ་མེད་གཞན་ལ་མ་ལྟོས་ཕྱིར། །སྐྱེ་འམ་མི་སྐྱེ་སྐྱོན་དང་བཅས། །དེ་ཕྱིར་ཀུན་གཞི་མ་བཅོས་པ། །དོན་དམ་སྤྲོས་དང་བྲལ་ཞེས་བྱ། །ང་ཡི་རྫོགས་པའི་སངས་རྒྱས་རྣམས། །དུས་གསུམ་རྒྱུད་དུ་འདི་སྐད་གསུངས། །ཀུན་གཞི་ལ་ནི་ཉོན་མོངས་པས། །བཏགས་པའི་ང་བདག་འཛིན་པ་དེ། །ལུས་ཀྱི་སྟེང་འོག་མཐའ་དབུས་སུ། །བཙལ་བས་གང་དུའང་མི་རྙེད་དེ། །བདག་གིར་འཛིན་རྣམས་དེ་བཞིན་ནོ། །ཡུལ་གྱི་ཁྱད་པར་སྣ་ཚོགས་ཀུན། །ཀུན་རྫོབ་འཁྲུལ་ངོ་ལ་སྣང་སྟེ། །རབ་རིབ་ཅན་གྱིས་སྐྲ་ཤད་བཞིན། །སེམས་ལ་གཟུགས་དབྱིབས་རྒྱུ་དང་རྐྱེན། །འབྱུང་ལྡོག་ལྟོས་པ་ཡོད་མིན་ཏེ། །འདུས་མ་བྱས་པས་ནམ་མཁའ་བཞིན། །ཡུལ་གྱི་སྣང་བ་འདི་དག་ཀུན། །མ་འོངས་མི་འགྲོ་གནས་མེད་དེ། །འཇའ་ཚོན་སྤྲིན་དང་ན་བུན་བཞིན། །ཡོད་དང་མེད་པ་མཐའ་དབུས་ཀུན། །མ་གྲུབ་པ་ནི་དབུ་མའོ། །ཆོས་ཉིད་ངང་ནི་དེ་ཤེས་པ། །སྤྲོས་དང་བྲལ་ལ་སྤྲོས་བྲལ་བཞག །བསལ་དང་གཞག་པ་ཅི་ཡང་མེད། །དག་པ་ཉིད་ལ་དག་པ་སྣང་། །དག་པར་མཐོང་ནས་རྣམ་པར་གྲོལ། །ཆོས་བདག་མེད་པའི་མཐར་ཐུག་གོ། །ཞི་བར་གནས་པས་ལྷག་པར་མཐོང་། །མཉམ་པར་གཞག་པའི་རྗེས་ལ་ཐོབ། །ཏིང་འཛིན་ལས་སུ་རུང་བ་ནི། །ཚོགས་གཉིས་གྲུབ་པའི་འབྲས་བུ་ཡིན། །རྣལ་འབྱོར་པ་ཡི་བློ་ཁྱད་ཀྱིས། །རིམ་བཞིན་སྤྱད་པ་འོག་མ་ནས། །གོང་མའི་ས་ནས་སར་འཕར་ཏེ། །ལུས་ངག་བྱ་བ་གཙོར་སྤྱོད་དང་། །ཐབས་སྤྱོད་ཤེས་རབ་དམན་པ་དང་། །དག་པ་གསུམ་གྱིས་གནས་སྦྱང་དང་། །ཟུང་དུ་འདྲེལ་པ་ཆེར་


DNG015_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

གནས་དང་། །དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད། །སྐད་ཅིག་ཙམ་གྱི་ཡེ་ཤེས་ཀྱི། །བསགས་ཐོབ་བརྟན་པས་རྟེན་དུ་འགྱུར། །ཁ་ཅིག་ཏུ་ནི་མངོན་ཤེས་དང་། །སྦྱང་བ་ལྔ་དང་བགྲོད་པ་བཅུས། །དྲི་མ་དང་བྲལ་ཤེས་རབ་ཐོབ། །ནུས་པ་ཐོགས་མེད་ཆོས་སྐུར་འདོད། །ཁ་ཅིག་ཏུ་ནི་སྨིན་ཅིང་གྲོལ། །སྣོད་གྱུར་བཞི་དང་ཤེས་པ་གསུམ། །འཇུག་པ་ལྔ་ཡི་བདག་ཉིད་ཀྱིས། །ཡོངས་རྫོགས་སྣང་བའི་སྐུར་འདོད་དེ། །མདོར་བསྡུས་རང་གཞན་ཕུན་ཚོགས་དོན། །སྤང་ཐོབ་ཤེས་པའི་བདག་ཉིད་ཅན། །སྦྱངས་ཤིང་རྫོགས་པས་རྟེན་དུ་འགྱུར། །ཁྱབ་ཅིང་བདེན་པར་ངེས་དང་ལྡན། །མ་འོངས་རྙོག་མ་ཅན་གྱི་དུས། །ང་ཡི་བདེ་གཤེགས་སྟོན་པ་ལ། །ཁ་ཅིག་ཆོས་སྐུ་གཅིག་ཏུ་འདོད། །ཁ་ཅིག་གཉིས་དང་གསུམ་དང་བཞི། །ལྔ་དང་དྲུག་གི་སོ་སོར་འདོད། །རང་གིས་གྲུབ་པའི་ཚུལ་དུ་སྣང་། །མཚན་ཉིད་གཞི་ནི་ཆོས་སྐུ་གཅིག །ལྟོས་མེད་མ་བྱས་ལྷུན་གྱིས་གྲུབ། །གཉིས་ནི་གཟུགས་སུ་སྣང་བ་སྟེ། །མཁྱེན་ཞིང་ཐུགས་རྗེ་ནུས་པས་འཕགས། །མ་བཅོས་ངོ་བོ་གཞི་རུ་འགྱུར། །ལྔ་དང་དྲུག་ནི་ངེས་པ་དང་། །མ་ངེས་པ་ཡི་ཆོས་ཉིད་ཀྱིས། །འདོད་པའི་མཐུན་ཕྱོགས་ལྡན་པ་ཡིས། །དེ་ཡི་ཡོན་ཏན་ཡེ་ཤེས་ཚོགས། །ཡོད་དང་མེད་ཅེས་སོ་སོར་སྨྲ། །ཇི་བཞིན་ཤེས་པ་དེ་ཉིད་ལས། །མ་ལུས་ཤེས་པའི་གཟུགས་བརྙན་དག །སེམས་བསྐྱེད་སྨོན་ལམ་སྟོབས་ཀྱིས་འབྱུང་། །འབད་རྩོལ་མེད་པའི་དོན་ཆེན་རྫོགས། །སྐྱེ་བའི་མཐའ་སོན་རིག་པ་འཛིན། །བཅུ་གཉིས་མཛད་པ་རིམ་གྱིས་རྫོགས། །སྐད་ཅིག་ཉིད་ལ་སངས་རྒྱས་ཚེ། །ཆོས་ཀྱི་སྐུ་ཡི་རྣམ་པར་འབྱུང་། །ཡོངས་རྫོགས་སྦྲུལ་ཤུན་བརྗེས་ལྟ་བུ། །ས་བཅུའི་རིག་པ་འཛིན་ལ་སྣང་། །ཤུན་པ་ལྟ་བུའི་རིགས་དྲུག་འདྲེན། །ཐུན་མོང་པ་ཡི་བརྟགས་པ་ཡིས། །ཁ་ཅིག་ཀུན་གཞི་ངེས་ཤེས་དུས། །སྐྱེ་མེད་སྤྲོས་བྲལ་མངོན་སངས་རྒྱས། །ཇི་བཞིན་རྟོགས་ཤིང་ཇི་སྙེད་མཁྱེན། །ཡེ་ཤེས་ཚོགས་དང་བྱིན་རླབས་ཀྱིས། །ངེས་པ་ལྔ་ལྡན་སྐུར་གྱུར་ནས། །སྤྲུལ་སྐུ་སྣ་ཚོགས་


DNG015_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ཅེས་ཟེར། །ཁ་ཅིག་གིས་ནི་ཆོས་སྐུ་ཉིད། །སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་ཏེ། །རིག་པ་འཛིན་པ་ལོངས་སྐུར་བསྟན། །སོ་སོར་སྤྱོད་པའི་སྐྱེ་བོ་ཡིས། །རང་དང་མཐུན་པའི་སྤྲུལ་སྐུར་མཐོང་། །གང་གིས་བརྟགས་པ་དེ་ལྟར་སྣང་། །ཁ་ཅིག་ཡེ་ཤེས་རྒྱུན་ཆད་དེ། །ཆོས་སྐུ་སྒྲིབ་པ་མ་ལུས་ཟད། །ཆོས་ཉིད་ངང་དུ་ཐ་མི་དད། །གཟུགས་སྐུ་གཉིས་ནི་དེ་ཉིད་ཀྱིས། །བྱིན་གྱིས་རླབས་ཀྱི་རིག་པ་འཛིན། །སེམས་བསྐྱེད་སྨོན་ལམ་བཏབ་པ་དང་། །འཁོར་རྣམས་བག་ཆགས་སད་པ་ལས། །ཡིད་བཞིན་ནོར་བུ་ཉི་མའི་འོད། །བུམ་པ་བཟང་དང་དཔག་བསམ་ཤིང་། །འབད་པ་མེད་པར་གཞན་དོན་བྱེད། །ནམ་ཞིག་སྤྲུལ་པའི་གདུལ་བྱ་ཟད། །ཆོས་ཉིད་ཐ་མི་དད་དུ་འགྲོ། །མྱ་ངན་འདས་ཞེས་ངེས་པར་བརྗོད། །ཅེས་བཀའ་སྩལ་ཏོ། །རིག་པ་འཛིན་པ་འདུས་པ་རྩ་བའི་རྒྱུད་ལས། རིག་པ་གྲུབ་པའི་ཚུལ་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་རྡོ་རྗེ་འཛིན་རྒྱལ་ལ། །རིག་འཛིན་ཚོགས་ཀྱིས་འདི་སྐད་ཞུས། །ཨེ་མ་རྡོ་རྗེ་རིག་འཛིན་གཙོ། །སྟོན་པ་དུས་གསུམ་སངས་རྒྱས་དང་། །འཁོར་ཚོགས་གཙོ་ཆེན་ཁྱོད་ཉིད་ཀྱིས། །ཞུས་ཤིང་བཤད་པའི་བསྟན་པ་འདི། །སངས་རྒྱས་དགོངས་པ་མི་གནས་ཤིང་། །ཁྱོད་ཀྱི་གདུལ་བྱར་མ་གྱུར་ན། །ནམ་ཞིག་སུ་ཡིས་གསལ་བར་བྱེད། །འདྲི་ཞིང་འཛིན་དང་ཉན་དང་འཆད། །བསྒྲུབ་ཅིང་སྟོན་པར་བྱེད་ལ་སོགས། །གང་ཟག་ཕྱི་དུས་ཇི་ལྟར་འབྱུང་། །ཕྱོགས་གཅིག་ཙམ་དུ་སྟོན་པ་འམ། །ཡོངས་སུ་ཆད་པར་མི་འགྱུར་རམ། །བདག་ཅག་ཐེ་ཚོམ་གཅད་ཏུ་གསོལ། །དེ་སྐད་གསོལ་པ་གསན་ནས་ཀྱང་། །རྡོ་རྗེ་འཛིན་པའི་གཙོ་བོ་ཡིས། །རིག་པ་འཛིན་པའི་ཚོགས་ཆེན་ལ། །སྤྲོ་བར་བྱ་ཕྱིར་བཀའ་སྩལ་པ། །རྡོ་རྗེ་རིག་འཛིན་ཚོགས་ཆེན་རྣམས། །ང་དང་སངས་རྒྱས་རྣམས་ཀྱི་ཐུགས། །གཉིས་མེད་ཡེ་ཤེས་བསྟན་པ་འདི། །སེམས་ཅན་ལས་དང་བསོད་ནམས་ཀྱིས། །མུན་པའི་བསྐལ་པ་མ་གཏོགས་པར། །སངས་རྒྱས་རྣམས་ཀྱི་འགྲོ་དོན་སྤྱོད། །བཟང་པོ་ཞེས་བྱ་འདི་ཉིད་ལ། །བྱམས་པ་སེང་གེ་རབ་


DNG015_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་ཚོགས། །སྣང་མཛད་རྒྱལ་པོའི་མཐར་ཐུག་པར། །རང་གི་གདུལ་བྱ་ལེགས་པར་སྦྱང་། །ད་ལྟ་ང་ཡི་སྟོན་པས་ཀྱང་། །སྤྲུལ་པ་དཔེ་སྦྱོར་ཆ་ལུགས་ཅན། །གདུལ་བྱ་སོ་སོའི་སྐྱེ་བོ་དང་། །ཉན་ཐོས་རང་རྒྱལ་རྣམས་ལ་བསྟན། །བྱང་ཆུབ་སེམས་དཔའི་རིག་འཛིན་ལ། །རྫོགས་པར་ལོངས་སྤྱོད་སྐུ་ཡི་བསྡུས། །དམན་པའི་ལུས་ཅན་དྲང་བའི་ཕྱིར། །ཚངས་དང་བརྒྱ་བྱིན་དབང་ཕྱུག་ཆེ། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་སྲིན། །ཕ་མ་མཁན་པོ་སློབ་དཔོན་དང་། །གླང་པོ་རི་བོང་སྲེག་པ་དང་། །བྱོལ་སོང་ཡི་དྭགས་དམྱལ་བའི་བདག །རང་གི་རིགས་དང་ལས་དང་ཁམས། །བྱེད་པའི་ཚུལ་དང་ཆ་ལུགས་ཀྱིས། །མཐུན་འཇུག་ཐབས་སུ་རབ་བསྟན་ཏེ། །ཐབས་དང་ཡན་ལག་སྣ་ཚོགས་ཀྱིས། །རང་གི་གདུལ་བྱའི་དོན་སྤྱོད་འགྱུར། །སྟོན་པའི་གསུང་མཆོག་དཔག་མེད་ཀྱང་། །ཐམས་ཅད་དགའ་དང་ཉེ་བར་འཁོར། །འོད་སྲུངས་ལག་ན་རྡོ་རྗེ་འཆང་། །བློ་ལྡན་རྣམས་ཀྱིས་ལེགས་བསྡུས་ཏེ། །བསྟན་ལ་རྒྱ་ཆེར་སྟོན་པར་འགྱུར། །སྐུ་མཆོག་མྱ་ངན་འདས་འོག་ཏུ། །ལོ་ནི་བརྒྱ་ལས་ལྷག་གྱུར་ན། །ལེགས་པར་གསུངས་པ་འགྲོལ་འགྱུར་ཏེ། །དེ་ཉིད་དུ་ཡང་གང་པོ་དང་། །མཽངྒལ་བུ་ལ་སོགས་པ་ཡིས། །ལྡེམ་པོ་གཉིས་སྣང་གཞུང་འགྲོལ་བྱེད། །དགྲ་བཅོམ་པ་ནི་མང་ཞིག་གིས། །བྱེ་བྲག་སྨྲ་བ་རབ་གསལ་ཏེ། །གཞན་ཡང་རབ་ཏུ་མངོན་པའི་ཆོས། །བསྟན་པ་ཉམས་དམས་གྱུར་ཚེ་ནི། །གསལ་བའི་ཚུལ་ཁྲིམས་ཞེས་བྱའི་བུ། །ཨཱརྻཱ་སངྒ་དབྱིག་གཉེན་གྱིས། །དེ་དག་རྒྱས་ཤིང་གསལ་བར་བྱེད། །གཞན་ཡང་ནཱ་གཱ་རྫུ་ན་དང་། །ཙནྡྲ་ཀཱིརྟི་ཨཱརྱ་དྷི་བ། །ནཱ་ག་བྷོ་དྷི་ཞེས་པ་ཡིས། །བློ་ཆེན་སྤྱོད་ཡུལ་རྒྱས་པར་སྟོན། །ཕྱོགས་ཀྱི་བན་གླང་ཞེས་བྱ་དང་། །ཀཱིར་ཏི་ཆོས་ཤེས་བྱ་བ་ཡིས། །རང་གཞན་གཏན་ཚིགས་རྒྱས་པར་བྱེད། །དབང་པོ་རབ་ལ་བསྟན་པ་དག །ང་དང་ང་ཡི་འཁོར་རྣམས་ཀྱིས། །རིན་ཆེན་གླེགས་བམ་བྲིས་ནས་ནི། །ཨིནྡྲ་བོ་དྷི་ཛ་ཞེས་པ། །བློ་ལྡན་དེ་ལ་ལག་གཉེན་གྱིས། །ལེགས་པར་གདམས་ཏེ་བསྟན་ནས་ནི། །རབ་ཏུ་རྒྱས་པར་ཕྱེ་འགྱུར་ཏེ། །ཨུ་


DNG015_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་ཡུལ་གྱི་དུར་ཁྲོད་དུ། །རང་བྱུང་མཆོད་རྟེན་ཆེན་པོ་ལ། །སྩལ་ནས་དབྱིངས་ཀྱི་ཡུམ་ལ་གཏད། །དེ་ནས་ལས་ཀྱི་དུས་སད་དེ། །སྐུ་གསུང་ཐུགས་དང་ཡོན་ཏན་དང་། །ཕྲིན་ལས་རྦོད་གཏོང་མཆོད་དང་རྟེན། །དྲག་སྔགས་སྤྱོད་དང་ལས་སྣ་ཚོགས། །གཅིག་དང་སོ་སོར་ཕྱེ་བ་ཡིས། །བཀའ་རྒྱུད་དེ་ཡི་དོན་འགྲེལ་བཅས། །མ་ལུས་གསལ་བར་བྱེད་པ་ནི། །དྷ་ན་ཀོ་ཤའི་མཚོ་གླིང་ལས། །པདྨའི་སྟེང་དུ་བརྫུས་སྐྱེས་པའི། །རྒྱལ་པོའི་སྲས་སུ་རབ་བཀུར་བའི། །རིག་པ་འཛིན་པ་དེར་སྣང་འགྱུར། །མ་ལ་ཡ་ཡི་ཡུལ་དག་ཏུ། །སྐྱེས་པའི་མི་ཏྲ་མཉྫུ་ཡིས། །སྐུ་ཡི་སྒྲུབ་ལུགས་གསལ་བར་བྱེད། །བྷེ་ཏ་ལིའི་ཡུལ་དུ་སྐུ་འཁྲུངས་པ། །ནཱ་གརྫུ་ན་ཞེས་བྱ་བས། །གསུང་གི་སྒྲུབ་ལུགས་རྒྱས་པར་སྟོན། །སིངྒ་ལ་ཡི་ཡུལ་དུ་ནི། །ཧཱུཾ་ཞེས་གྲགས་པ་བྱུང་བ་དེས། །ཁྱད་པར་ཐུགས་ཀྱི་སྒྲུབ་ལུགས་སྟོན། །ཐར་མཆོག་ཡུལ་དུ་སྐྱེས་པ་དེས། །ཕྲིན་ལས་སྤྱོད་པ་གཙོ་བོར་སྟོན། །ཟ་ཧོར་ཡུལ་དུ་སྐུ་འཁྲུངས་པ། །དྲི་མ་མེད་པའི་བཤེས་གཉེན་གྱི། །ཡོན་ཏན་སྤྱོད་པ་ལེགས་པར་འབྱེད། །ཨུ་རྒྱན་ཐོ་གར་ཡུལ་དུ་ནི། །སྐྱེས་པའི་དྷ་ན་སཾ་སྐྲི་ཏས། །མངོན་རྫོགས་ལྷ་ཡི་ཁྱད་པར་སྟོན། །ལྷ་ཡི་ཟླ་བ་ཞེས་བྱ་བས། །འཇིག་རྟེན་རང་རྒྱུད་མང་པོ་སྟོན། །ཞི་བའི་སྙིང་པོ་ཞེས་བྱ་བས། །དྲག་སྔགས་སྤྱོད་པ་བསྒྲུབ་ཅིང་སྟོན། །འབྱུང་གནས་གསང་བ་ཞེས་བྱ་བས། །དེ་དག་བསྟན་པའི་སྙིང་པོ་ནི། །ཤིན་ཏུ་གསལ་ཞིང་རྫོགས་པར་བྱེད། །གཞན་ཡང་ཨུ་རྒྱན་མཁའ་འགྲོའི་ཡུལ། །དཔལ་ལྡན་སོ་སའི་མཆོད་རྟེན་ལ། །ལེགས་པར་བསྟན་པའི་སྙིང་པོ་ནི། །བརྒྱ་བྱིན་བྱང་ཆུབ་རྒྱལ་བ་དང་། །བཙུན་མོ་སྲས་འཁོར་བཅས་པ་ཡིས། །ཚེ་འདིར་གྲོལ་བ་མངོན་དུ་བྱས། །རྗེས་སུ་སྤྱོད་ལ་རིམ་པར་བསྟན། །ཨུ་རྒྱན་ཡུལ་གྱི་རྫིང་ཕུག་དང་། །པར་ཏ་དང་ནི་ཡང་ལེ་ཤོད། །དུར་ཁྲོད་ཆེན་པོའི་གནས་བརྒྱད་དུ། །ཡོན་ཏན་ཞིང་སྐྱོང་མཁའ་འགྲོ་དང་། །ཀླུ་དང་ཕྱོགས་སྐྱོང་མཆོད་རྟེན་དང་། །མེ་ཆུ་སྤྲིན་དང་ཤིང་ཆེན་པོ། །ལེགས་བཅས་རིགས་པ་འཛིན་རྣམས་ཀྱི། །ལེགས་པར་སྐྱོང་


DNG015_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་འཛིན་པར་འགྱུར། །དེ་ནས་བྱང་ཕྱོགས་མཐའ་འཁོབ་ཡུལ། །ཏི་སེ་གངས་ཀྱི་ཤར་ངོས་སུ། །རིག་པ་འཛིན་པའི་བྱང་ཆུབ་སེམས། །འཇིག་རྟེན་དབང་ཕྱུག་དངོས་གྱུར་པ། །ཆོས་ཀྱི་རྒྱལ་པོ་དེ་བྱུང་ནས། །ཏཱི་རཱ་ཀྲོ་དྷཱ་ཡང་ཏྲི་དྲིའི་ཡུལ་དང་བཅས། །ཕྲིན་ལས་ཆེ་ལ་ཐུགས་གཞོལ་ཏེ། །རིག་འཛིན་མཛད་པ་མཐར་འབྱིན་བྱེད། །ཝ་གཱི་ཤྭ་རིའི་ཐུགས་རྒྱུད་ཀྱི། །རིག་པ་འཛིན་གྱིས་དེ་བཞིན་ཏེ། །བསྟན་པའི་སྙིང་པོ་རབ་ཏུ་འདྲེན། །སྐྱེ་བ་འགའ་ཞིག་རབ་བགྲོད་དེ། །ལས་ཀྱི་ཐ་མ་རབ་སད་ནས། །སྔོན་གྱི་གདུལ་བྱ་ལྷག་མ་རྣམས། །ཅི་རིགས་སུ་ནི་འདུལ་བྱེད་དེ། །མ་ལུས་རྒྱས་པར་སྤྱོད་པར་བྱེད། །སྤྲུལ་པའི་སྐྱེ་བ་དང་པོ་དེས། །བསྟན་པའི་སྙིང་པོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་བླ་མེད་པ། །མ་ལུས་གསལ་ཞིང་རྫོགས་བྱེད་པ། །རཏྣ་བུཌྜྷ་ཛྙཱ་ན་ཡིས། །ཁྱད་པར་སྐུ་ཡི་གསང་བ་སྟོན། །སྟོང་པའི་སྙིང་པོས་ཐུགས་རྙེད་དེ། །རྟ་མགོ་འབྱུང་བས་གསུང་རྙེད་ཅིང་། །རྡོ་རྗེ་ཟླ་བས་ཡོན་ཏན་ཐོབ། །མཁའ་སྤྱོད་མ་ཡིས་ཕྲིན་ལས་འགྲུབ། །ཤྲཱི་སིངྷས་རང་རྒྱུད་འཁོལ། །ཛྙཱ་ན་ཤྲཱིས་མོ་རིགས་འགྲུབ། །རྣམ་སྣང་མཛད་པས་དྲག་ཤུལ་སྤྱོད། །བྲཧྨ་ཎ་དེ་བ་པུཥྤ་ཡིས། །ཀུན་གྱི་ལུང་རྩལ་སྣང་བར་བྱེད། །མཐར་ཕྱིན་བྱང་ཆུབ་སོན་པར་བྱེད། །དེ་བས་སྔོན་གྱི་ཚུལ་འདི་དག །ནུབ་ཅིང་ཉམས་པར་མི་འགྱུར་ཏེ། །ཕྱི་སྟོན་པས་བསྟན་པ་ནས་མཐར་ཕྱིན་སྤྱོད་པར་འགྱུར། །དེ་ཡི་དུས་སུ་རིག་པ་འཛིན། །མྱུར་དུ་ཐོབ་པར་འདོད་པ་ཡིས། །འཆི་བའི་དུས་ལ་སླེབ་ཀྱང་བླའི། །གལ་ཏེ་འདི་ཉིད་མ་རྟོགས་ན། །རྟེན་འདྲེལ་གཟུགས་བརྙན་ཤར་བ་ལ་བརྟག་པ་ཡིས། །ངེས་པ་ཅན་མྱུར་དུ་འཆི་མི་འཆི་དུ་ཤེས་པར་འགྱུར། །གཞན་ཡང་རྨི་ལམ་གྱི་བཟང་ངན་ལ་བརྟག་པ་དང་། །ལུས་ངག་གི་སྐད་ཆེ་ཆུང་ལ་བརྟག་གནམ་གྱི་གཟུགས་བརྙན་ལ་ས་ཡི་དུབ་ལ་ཆད་དམ་མ་ཆད་བརྟག་པ་དང་། །སེམས་ལ་སྣང་བའི་ལྟས་ངན་པ་རྣམས་ནི། །ཚེ་རིང་ཐུང་ཡང་བསམ་པའི་ཡུལ་དུ་ཤེས་པར་བྱས་དག་གིས། །ཆོ་ག་རྟེན་འདྲེལ་གྱིས་བསླུ་དང་བཟློག་པ་དང་དོན་ལ་སྦྱར་བ་ཆོས་


DNG015_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱིས་འཆི་བ་བསླུ་བ་ཡིས། །མཐར་ཐུག་གི་ནུས་པ་མ་རྫོགས་ཚེ་འདིའི་རྟེན་གཞན་ལ་འཕོ་སྟེ། །སེམས་ལ་དངོས་པོའམ་མཚན་མ་མེད་པར་སྐྱེ་བ་རྒ་བ་ན་བ་འཆི་བའི་སོགས་པའི། །རྣམ་རྟོག་སྣ་ཚོགས་འདི་འཇིག་རྟེན་པའི་སྣང་བའི་རྟགས། །སེམས་ཀྱི་སྙིང་པོ་སྤྲོས་བྲལ་ལ། །ལུས་འཕོ་དང་སེམས་ཕྱི་མར་འགྲོ་བ་ཡོངས་མ་གྲུབ། །རང་བྱུང་རིག་པ་འཛིན་པའོ། །གལ་ཏེ་འཕོ་བ་སྦྱང་བར་འདོད་པ་ན། །དབེན་པའི་གནས་སུ་ལམ་སྦྱངས་ལ་བརྟན་པ་ཐོབ་པར་བྱ་ཏེ། །ལམ་གྱི་གྲོགས་ཀྱིས་མཐུན་སྦྱར་ཏེ། །ཡི་དམ་ལྷའི་སྐུ་དང་རྡོ་རྗེ་སོགས་ཕྱག་མཚན་ཧཱུཾ་ལ་སོགས་པ་ཡིག་འབྲུ་ཡིས། །མཐར་ཐུག་ཆོས་ཉིད་སྙིང་པོ་གསལ་བྱས་ནས། །རིག་པ་འཛིན་པའི་དམིགས་པ་དེ། །དག་པའི་རྟེན་ལ་འཕང་བར་བྱ། །རྡོ་རྗེ་འཛིན་པ་ཉིད་དུ་འགྱུར། །རྟེན་གསལ་ནུས་པ་སྐྱེས་ན་མཆོག །དེ་ཡི་འཕེན་པ་མ་རྫོགས་ན། །གྲོང་གཞན་དག་ལ་འཇུག་པ་ནི། །སྐྱོན་བྲལ་རྟེན་བཟང་ལེགས་པར་སྦྱང་། །ངན་འགྲོ་ཆོས་ལུགས་བསམ་ཞིང་བསྐྱེད། །ལྷག་པའི་གྲོགས་ཀྱིས་བསྙེན་བཀུར་ཞིང་། །རླུང་སྒོ་གཉིས་སུ་སྙིང་པོའི་མཆོག །རྣམ་པར་ཤེས་པ་སྙིང་པོ་ཉིད། །ཐིམ་པར་གྱུར་ཏེ་བརྟན་པར་གནས། །ཕ་རོལ་པོ་ལ་ཡོན་ཏན་འབྱུང་། །བག་ཆགས་བཟང་པོའི་དྲན་པ་དག །གྲོགས་མཆོག་དེ་ཡིས་མཐུན་པར་བརྗོད། །སྔ་མའི་རྟེན་དེ་ལེགས་པར་སྦྱང་། །རིག་པ་འཛིན་པ་ངོ་འཕྲད་འགྱུར། །སྟོབས་དང་ནུས་པ་མ་རྫོགས་ན། །འཁོར་བ་དང་ནི་མྱ་ངན་འདས། །གང་དུའམ་མ་གྲུབ་བར་མ་དོ། །དགོན་པར་ཞུགས་པའི་མི་ལྟ་བུ། །འཁོར་བའི་གནས་ལ་ཐག་བཅད་དེ། །མྱ་ངན་འདས་ལ་ངེས་པར་འགྲོ། །ཐ་མལ་པ་དང་ལམ་ཞུགས་པའི། །སྔ་མའི་ཤེས་པ་དེ་བོར་ནས། །ལམ་གྱི་རྟོགས་པ་ཡང་ཡང་དྲན། །ཏིང་འཛིན་བསམ་པའི་བར་མ་དོ། །སྨོན་པའི་ས་མཐོང་ལྟ་བུ་སྟེ། །སྒོ་གསུམ་རྩོལ་བའི་གནད་ཀྱིས་གཅུན། །སྣང་བ་འདི་དང་གཉིད་འཐུག་པོ། །བར་དུ་རྨི་ལམ་རྟོག་པ་ནི། །ལུས་དང་མ་འདྲེལ་ཡིད་གཟུགས་ཀྱི། །བདེ་སྡུག་ཉམས་སུ་མྱོང་བ་ནི། །ད་ལྟའི་གཉེན་པོས་གྲོལ་བར་གཟུང་། །ཕྱི་རོལ་འབྱུང་བ་རིམ་གྱིས་དགག །གནས་པའི་རླུང་གི་འཇུག་བཅད་དེ། །ཕྱི་མའི་སྐྱེ་བ་མ་བླངས་པར། །སྐྱེ་འཆི་སྲིད་པ་


DNG015_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

བར་མ་དོ། །སྔ་མའི་གཟུགས་ཀྱི་རྟོག་པ་ཅན། །དབང་པོ་ཡུལ་དམིགས་སྙམ་པ་དང་། །སྟོབས་དང་ནུས་པ་ཐོགས་མེད་ཅིང་། །མཚུངས་ལྡན་རིགས་ཀྱི་མཐོང་ཤིང་ཤེས། །རིགས་དྲུག་སྣང་བ་སྐྱེ་ཞིང་འཆར། །སྔར་བཞིན་ལམ་གྱི་གོམས་པ་མཐུད། །ཐ་མལ་ཕུང་པོའི་ལུས་སྤངས་པས། །ངོ་ཤེས་མ་བསྒྲིབས་འཇུག་པར་བླ། །སྔ་མའི་འཁོར་གྱི་དགེ་སྤྱོད་གྲོགས། །ལྷ་དང་མཁན་པོ་སློབ་དཔོན་གྱི། །ཇི་བཞིན་དགོངས་པ་དེར་སྣང་བྱ། །མཐུན་འཇུག་རིག་པ་འཛིན་པར་འཁྲིད། །ཕུང་པོ་དོར་བའི་རྣམ་རྟོག་འཆིང་ཡང་འཆི། །སྐུ་མཆོག་ལྷུན་གྱིས་གྲུབ་པ་དང་། །ཕྱག་རྒྱ་ཆེ་དང་ཚེ་ལ་དབང་། །རྣམ་པར་སྨིན་པས་ཡོངས་གྲུབ་པའི། །རྡོ་རྗེ་འཆང་བ་འབའ་ཞིག་གོ། །དེ་བས་རིག་པ་འཛིན་པ་ཁྱེད། །སྟོན་པ་རྣམས་དང་ངས་བཤད་པའི། །དོན་ལ་ཐེ་ཚོམ་མ་བསྐྱེད་ཅིག །ལེགས་བསྟན་འགྲེལ་བྱེད་ལུང་དང་བཅས། །ནུབ་པར་འགྱུར་བར་མ་དགོངས་ཤིག །ཐེག་པ་ཆེན་པོར་གང་གསུངས་ལམ། །ལོག་པར་བགྲོད་པར་མ་དགོངས་ཤིག །ཚེ་གཅིག་རྫོགས་པའི་ལམ་ཡིན་པས། །དངངས་ཤིང་སྐྲགས་པར་མ་བྱེད་ཅིག །ང་ཡི་བསྟན་པའི་ཚུལ་འདི་ལ། །ཁ་ཅིག་འཇུག་ཅིང་དགའ་བར་བྱེད། །ཁ་ཅིག་སྨོད་ཅིང་གཤུང་བར་བྱེད། །ཁ་ཅིག་གཉིས་འཛིན་ཐེ་ཚོམ་ཟ། །འདི་དག་དར་ཞིང་སྤྱོད་པའི་དུས། །པྲ་མ་ཤྲཱི་དྷི་བའི་སྤྲུལ་པ་ནི། །སེམས་རྒྱུད་དག་པ་རབ་མདངས་ལྡན། །རིག་པ་འཛིན་པའི་བྱང་ཆུབ་སེམས། །ཤཱཀྱའི་ཡུལ་དུ་བྱུང་ནས་ནི། །ང་ཡི་བསྟན་པའི་ཕྱོགས་ཙམ་དག །མཚོ་སྐྱེས་ཨཱ་ཀ་ར་ཞེས་པས། །གང་བཤད་ཕལ་ཆེར་རྒྱས་པར་བྱེད། །ལེགས་པར་བཤད་པ་རབ་བསྒྲུབས་ཏེ། །ཨུ་རྒྱན་ཡུལ་དུ་གདུལ་བྱ་སྡུད། །ང་ཡི་རིག་འཛིན་རྣམས་ཀྱིས་ནི། །དེ་ཉིད་བྱིན་གྱིས་རླབས་ཀྱིས་ནི། །གདུལ་བྱ་ཀུན་ལ་རྒྱས་པར་བྱེད། །དེ་ཉིད་ཨུ་རྒྱན་བྲམ་ཟེ་ཡིས། །ཟུང་འཇུག་སྤྱོད་པ་རབ་སྦྱངས་ཏེ། །བདེ་བ་ཅན་དུ་ངེས་པར་འགྲོ། །རིག་པ་འཛིན་པ་གཞན་དག་ཀྱང་། །དེ་ཡི་ཚུལ་བཞིན་རབ་འབད་པས། །རིམ་གྱིས་མྱུར་བའི་ས་ལམ་སྦྱོང་། །མཐར་ཐུག་སྔར་བཤད་གཉིས་སུ་
མེད། །རང་རིག་སྣང་བ་བྱང་ཆུབ་སེམས། །དུས་གསུམ་རྒྱལ་བའི་གདུང་འཛིན་ཅིང་། །ལུས་དང་རྩ་རླུང་བྱང་ཆུབ་སེམས། །ཇི་ལྟར་རིག་པའི་དོན་ལ་འཇུག །ཆོས་དང་ལོངས་སྤྱོད་རྫོགས་པ་དང་། །འཁོར་ལོས་སྒྱུར་དང་ལྷ་ཡི་ལུས། །རྒྱུན་དུ་གནས་དང་གདུལ་བྱའི་ངོ། །ལྷ་རིས་ཕལ་དང་མ་ངེས་ཚེ། །ཆོས་ཉིད་ནམ་མཁའ་སྟོང་གསུམ་དང་། །གླིང་གཅིག་ཙམ་ཁྱབ་དགོངས་པ་སྟེ། །མོས་སྤྱོད་དང་པོ་བརྒྱད་བཅུ་ཡིས། །སྐལ་བ་མཉམ་པ་ཞེས་བྱའོ། །ལྔ་བསྡུས་གཙོ་དང་རགས་པ་སྦྱང་། །འདུལ་བྱེད་དང་ནི་རང་དོན་རྫོགས། །སྣ་ཚོགས་གྲུབ་པར་དེ་དག་འགྱུར། །ཞེས་བཀའ་སྩལ་ཏོ། །རིག་པ་འཛིན་པ་འདུས་པ་རྩ་བའི་རྒྱུད་ལས། ཕྱི་མའི་གནས་ལ་ཡང་དག་པར་སྤྲོ་བ་སྐྱེད་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་རིག་པ་འཛིན་པའི་འཁོར་དེ་རྣམས་ཀྱི། གཙོ་བོ་རྡོ་རྗེ་འཛིན་པ་དེ་ལ་ཡང་དག་པར་དགའ་བར་གྱུར་པའི་ཚིག་གི་རིག་པའི་ཡོན་ཏན་ལ་མངོན་པར་བསྟོད་དེ་རང་རང་གི་གནས་སུ་དགྱེས་པར་གཤེགས་ནས་བཞུགས་སོ། །གཙོ་བོ་ཆེན་པོ་ནི་རང་གི་སྟོན་པ་ལོངས་སྤྱོད་རྫོགས་པའི་དཀྱིལ་འཁོར་དུ་ཞུགས་ཏེ་ཆོས་ཉིད་ཀྱི་རོལ་པ་སྣ་ཚོགས་སྟོན་པར་མཛད་དོ། །རིག་པ་འཛིན་པ་འདུས་པ་རྩ་བའི་རྒྱུད་ཅེས་བྱ་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པདྨ་འབྱུང་གནས་དང་། བོད་ཀྱི་ལོཙྪ་བ་བཻ་རོ་ཙ་ན་བདག་གིས་བསྒྱུར་ཞིང་ཞུས་ཏེ་གཏན་ལ་ཕབ་པའོ། །རྒྱལ་པོའི་བླ་དཔེའོ། །གཏེར་རྒྱ། སྦས་རྒྱ། གཏད་རྒྱའོ།། །།

འཇིག་རྟེན་མཆོད་བསྟོད་སྒྲུབ་པ་རྩ་བའི་རྒྱུད་ཅེས་བྱ་བ།


DNG015_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ལོ་ཀ་སྟོ་ཏྲ་པཱུ་ཛ་ནོ་བི་ཀ་སཱུ་ལ་ཏནྟྲ་ནཱ་མ།བོད་སྐད་དུ། འཇིག་རྟེན་མཆོད་བསྟོད་སྒྲུབ་པ་རྩ་བའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་ཉིད་གསང་བ་ཆེན་པོ་རྡོ་རྗེ་འཛིན་པ། དུས་གསུམ་གྱི་སངས་རྒྱས་མ་ལུས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་ཕྲིན་ལས་མ་ལུས་པ་ཡང་དག་པར་བསྒྲུབ་པར་མཛད་པ། མཐུ་དང་སྟོབས་དང་མི་འཇིགས་པ་དང་། དབང་ཕྱུག་དང་གཟུགས་ཀྱིས་འཇིགས་པར་བྱེད་པ། གཏུམ་པོ་དང་


DNG015_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་ཤུལ་ཅན་དང་། དྲེགས་པ་ཅན་དང་། སྟོབས་ཅན་དང་། བཟོད་པར་དཀའ་བ་དག་མྱུར་དུ་འདུལ་བར་བྱེད་པ། བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་སྙིང་པོ། དེ་ཁོ་ན་ཉིད་ལས་ཕྱུང་བ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཙོ་བོ་ཆེན་པོ་མཐར་ཕྱིན་པ་ལ་རབ་ཏུ་ཞུགས་པ། འདོད་པའི་ཁམས་དང་གཟུགས་ཀྱི་ཁམས་སུ་གཏོགས་པའི་དབང་ཕྱུག་ལྷའི་རིགས་རྣམས་ཀྱི་བདག་པོ་ཆེན་པོ། ལྕང་ལོ་ཅན་གྱི་གནས་དང་། རི་རབ་ཀྱི་གནས་ཀྱི་གནོད་སྦྱིན་རྣམས་ཀྱི་སྡེ་དཔོན་ཆེན་པོ་དེ། འོག་མིན་གྱི་གནས་ལྷའི་རྒྱལ་པོའི་ཁང་བཟངས་ན་བཞུགས་ཏེ། དུས་གསུམ་དུ་རྣམ་པར་བཞུགས་པའི་སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རྣམ་པར་འཕྲུལ་པའི་འོད་ཟེར་སྣ་ཚོགས་བཀྱེ་ནས། ཚིག་འདི་སྐད་ཅེས་བསྐུལ་ཏོ། །ཀྱེ་ཀྱེ་གསང་བདག་རྡོ་རྗེ་འཛིན། །ཁྱོད་ནི་སངས་རྒྱས་ཐམས་ཅད་ཀྱི། །བསྟན་པ་དམ་པ་སྲུང་བ་ཡི། །མཐུ་སྟོབས་བདག་པོར་དབང་བསྐུར་ཏེ། །དམ་ཚིག་ཆེན་པོ་དེ་གཟིགས་ལ། །སྐུ་གསུང་ཐུགས་ཀྱི་གསང་བ་ལས། །འཇིག་ཆེན་འཇིགས་པར་བྱེད་པ་ཡི། །སྐུ་མཆོག་དྲག་པོའི་གསུང་དང་བཅས། །གཏུམ་པའི་ཐུགས་ཀྱི་ཤུགས་ཕྱུང་ལ། །གདུལ་དཀའ་མ་ལུས་འདུལ་བའི་ཕྱིར། །སྤྲུལ་པ་འཕྲུལ་པའི་ཕྲིན་ལས་ཀྱིས། །སྔོན་གྱི་ཐུགས་དམ་རོལ་པར་མཛོད། །ཅེས་བསྐུལ་མ་ཐག་ཏུ། བཅོམ་ལྡན་འདས་དེས་སངས་རྒྱས་ཀྱི་ཕྲིན་ལས་ཆེན་པོ་མཛད་པའི་དུས་ལ་བབ་པར་མཁྱེན་ནས། ཉིད་ཀྱི་སྐུ་གསུང་ཐུགས་ཞི་བ་ཆོས་ཉིད་དེ་བཞིན་ཉིད་ལས་མ་གཡོས་ཀྱང་། གདུལ་བར་བྱ་བའི་ཡུལ་དྲག་ཤུལ་ཅན་རྣམས་ལ་གཟིགས་ནས། ཕྱོགས་བཅུ་ནམ་མཁའི་མཐའ་དང་མཉམ་པའི་འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་དུ། སྐུའི་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པ་ཁྲོ་བོ་ཆེན་པོའི་གཟུགས་འདི་ལྟ་སྟེ། སྐུ་མདོག་མཐིང་ནག་ཞལ་དགུ་པ་ལ། གཡས་ཀྱི་ཞལ་ནི་ཁམ་ནག་གཙིགས་པ། གཡོན་གྱི་ཞལ་ནི་སྨུག་ནག་བསྡུས་པ། དབུས་ཀྱི་ཞལ་ནི་མཐིང་ནག་ཁྲོ་ཞིང་


DNG015_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

རྔམས་པ།ཕྱག་གཡས་དང་པོ་ན་རྡོ་རྗེ་འབར་བས་གཡོན་གྱི་དུང་དམར་དཀྲུགས་ཤིང་གསོལ་པ། གཡས་འོག་མ་བརྒྱད་ན་ལྷ་ཆེན་པོ་བརྒྱད་བསྒྲལ་བའི་མགོ་བོ་བསྣམས་པ།གཡོན་གྱི་འོག་མ་བརྒྱད་ན་ཀླུ་ཆེན་པོ་བརྒྱད་ཀྱི་མགོ་བོ་བསྣམས་པ། དེ་དག་ཀྱང་གཡང་གཞི་དང་བཅས་པ། གཡས་ཀྱི་སྤྱན་དགུ་གྱེན་ལ་བཟློག་པ། གཡོན་གྱི་སྤྱན་དགུ་འཕྲེད་ལ་གཟིགས་པ། དབུས་ཀྱི་སྤྱན་དགུ་ཐུར་ལ་སྡང་མིག་མཛད་པ།ཁྲོ་གཉེར་དྲག་པོ་དཔྲལ་བར་བསྡུས་པ། ཤངས་ནས་སྲིད་པའི་རླུང་དྲག་པོ་འཚུབས་པ། ཞལ་ནས་བསྐལ་པའི་མེ་འབར་བ། མཆེ་བ་དམར་པོ་བར་སྣང་ཁམས་སུ་གཙིགས་པ། སྨ་ར་ཨག་ཚོམ་སྤྲིན་བཞིན་དུ་གཏིབས་པ། དབུ་སྐྲ་རལ་པ་ཁམ་ནག་སྲིད་པའི་རྩེ་མོར་འབར་ཞིང་འཁྱིལ་པ། སྙན་ནས་གདུག་པའི་སྒྲ་ཆེན་པོ་འབྱིན་པ། སྦྲུལ་གྱི་ཆུན་པོས་ཡན་ལག་དཀྲིས་པ། །བདུད་དང་རཱུ་ཏྲ་བསྒྲལ་བ་དང་། གླང་པོ་ཆེའི་པགས་པ་ན་བཟར་གསོལ་བ། སྟག་གི་པགས་པས་སྐུ་སྨད་དཀྲིས་པ། ཁྲག་དང་ཞག་གི་ཐིག་ལེ་དང་རི་མོས་བརྒྱན་པ། ཐལ་ཆེན་གྱིས་ལུས་བྱུགས་པ། ཐོད་པ་སྐམ་པོ་དང་རློན་པ་དང་། ཤ་ཁྲག་ར་རི་ཅན་གྱི་ཕྲེང་བ་བྱས་ནས་བརྒྱན་པ། ཞབས་བརྒྱད་ཀྱིས་ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་དང་། བརྒྱ་བྱིན་ཆུང་མ་དང་བཅས་པ་དག་མནན་པ། ཡུམ་ཆེན་མོ་རབ་ཏུ་གཏུམ་མོ་འཇིགས་བྱེད་མ་རང་གི་སྐུ་དང་མཚུངས་པ་ཞིག་མཉམ་པར་སྦྱོར་བ། གྲངས་མེད་ཅིང་བརྗོད་ཀྱིས་མི་ལང་བ། བྱེ་བ་ཏིལ་གྱི་གང་བུ་བཞིན་དུ་གྱུར་པ་ཐམས་ཅད་ཀྱང་། ཨཱོཾ་བཛྲ་ཙཎྜ་སརྦ་དུཥྚཱན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཕཊ། ཅེས་བྱ་བའི་གསུང་སྒྲ་དྲག་པོ་འབྱིན་པ། དེ་དག་རེ་རེ་ལས་ཀྱང་སྤྲུལ་པ་དང་སྤྲུལ་པའི་ཡང་སྤྲུལ་བསམ་གྱིས་མི་ཁྱབ་པ་རབ་ཏུ་སྣང་བར་མཛད་པས། འཇིག་རྟེན་གྱི་ཁམས་ཀྱི་དྲེགས་པ་ཅན། ལྷའི་ཚོགས་དང་།བདུད་དང་། གཤིན་རྗེ་དང་། སྲིན་པོ་དང་། གནོད་སྦྱིན་དང་། གཟའ་བདུད་དང་། ཀླུ་དང་། རྒྱལ་པོ་དང་། གྱིང་དང་། མ་མོ་ཆེན་མོ་རྣམས་དང་། མཁའ་འགྲོའི་ཚོགས་དང་། རཱུ་ཏྲ་དང་། མུ་སྟེགས་དང་།


DNG015_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་གི་བདག་པོ་དང་། ནོར་གྱི་བདག་པོ་དང་། ཚེའི་བདག་པོ་དང་། སྔགས་ཀྱི་བདག་པོ་དང་། སྲིད་པའི་བདག་པོ་དང་། གཞན་ཡང་འཇིག་རྟེན་གྱི་ཁམས་ཐམས་ཅད་དང་། དུར་ཁྲོད་ཆེན་པོ་དང་། ཡུལ་ཆེན་པོ་དང་། འཛམ་བུའི་གླིང་གི་མཐའ་ཁོབ་ཀྱི་ས་དང་། རི་ཡི་རྒྱལ་པོ་དང་། རི་ཕྲ་མོ་དང་། རྒྱ་མཚོ་དང་། ཆུ་བྲན་དང་། ཡོངས་སུ་འདུ་བའི་ཤིང་དང་། ནགས་ཚལ་ཆེན་པོ་དང་། གནས་ཕྲ་མོ་བསམ་གྱིས་མི་ཁྱབ་པ་དག་ན་གནས་པའི་འཇིག་རྟེན་གྱི་དྲེགས་པ་ཅན་ཕོ་དང་མོའི་རྣམ་པར་འདུག་པ་དང་། གཙོ་བོ་དང་འཁོར་གྱི་ཁྱད་པར་དུ་རྒྱུ་བ་དང་། བྲན་དང་གཡོག་གི་ཚོགས་དང་བཅས་པ་དག་གིས་རང་རང་གི་གནས་ནས་མྱུར་དུ་སྔངས་ཤིང་སྐྲག་ལ་འཇིགས་པ་དང་། ཡ་ང་བའི་སེམས་དང་། དུབ་པའི་སེམས་ཀྱིས་ཐོན་ཏེ། བཅོམ་ལྡན་འདས་དེའི་སྤྱན་སྔར་རླུང་དྲག་པོའི་ཤུགས་ཀྱིས་རབ་ཏུ་བསྐྱོད་པའི་ཤིང་བལ་གྱི་འདབ་མ་བཞིན་དུ་རང་ལ་དབང་མེད་པར་ལྷགས་པར་གྱུར་ཏོ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མ་ལུས་པ་དང་། ཁྱད་པར་དུ་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ན། གླིང་བཞི་དང་།རྒྱ་མཚོ་ཆེན་པོ་དང་། རོལ་པའི་ཆུ་ཀླུང་གི་གནས་དང་བཅས་པ་དང་། རི་རབ་ཆེན་པོ་དང་། རི་བདུན་གནོད་སྦྱིན་གྱི་ཚོགས་དང་། ལྷའི་གནས་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་དང་བཅས་པ་དང་། དམྱལ་བ་དང་། ཡི་དྭགས་དང་བྱོལ་སོང་གི་སྐྱེ་གནས་ན་གནས་པ་དང་། འཛམ་བུའི་གླིང་གི་སའི་ཆ་ན་གནས་པའི་དྲེགས་པ་ཅན་རྣམས་སོ་སོ་ནས་རང་རང་གི་མདུན་ན་དྲག་པོ་ཆེན་པོའི་སྐུ་གཟི་བྱིན་དཔག་ཏུ་མེད་པ། གཞན་དག་གི་ཉེ་བའི་ཐུག་མི་ཐུབ་པ། རེ་རེ་འདུག་པར་མཐོང་སྟེ། དེ་དག་ཐམས་ཅད་ཐ་དད་དུ་རང་རང་གི་སྡེ་དཔོན་ཆེན་པོ་རྣམས་ལ་སྐྱབས་སུ་འགྲོ་བར་བྱེད་དོ། །སྡེ་དཔོན་ཆེན་པོ་རྣམས་ནི་འཇིགས་བྱེད་ཆེན་པོའི་སྐུ་གསང་བ་པའི་བདག་པོ་དེ་ལ་རང་རང་གི་འཁོར་དང་བཅས་ནས་སྐྱབས་སུ་འགྲོ་བར་བྱེད་དེ། ཐམས་ཅད་ཀྱིས་རང་རང་གི་གཟུགས་དང་། ལོངས་སྤྱོད་དང་།


DNG015_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དང་། རྒྱན་དང་།བཞོན་པ་དང་། གནས་དང་། ཉེ་བར་སྤྱོད་པ་ཕྲིན་ལས་ཀྱི་ཁྱད་པར་མ་ལུས་པར་བསྟན་ཅིང་། མིང་གི་སྙིང་པོ་རྣམས་མངོན་དུ་ཕྱུང་སྟེ་སྨྲས་སོ། །མ་ཧཱ་དེ་བ་ཨེ་ཛ། ཨུ་མ་དེ་བ་ཨེ་ཛ། དུ་པྲ་མ་དུ་ཕྲག་དུ་ཛ། དུན་ཏིང་མ་དུ་ཛ།འཇིག་རྟེན་གྱི་དབང་ཕྱུག་ཆེན་པོ་ཡབ་ཡུམ་བདུད་ཕོ་མོ་དང་བཅས་པ་རྣམས་ཀྱིས་རང་གི་མིང་ཕུལ་བའོ། །དེ་ནས་གཤིན་རྗེའི་སྡེ་དཔོན་རང་གི་ཚོགས་དང་བཅས་པས། རང་གི་མིང་དང་སྲོག་ཏུ་བཅས་པ་ཕུལ་བ། ཧྲཱྀཿ ཿབི་ཀྲྀ་ཏཱ་ན་ན་ཡམ་པྲེ་ཏ་ཛ། མ་མ་ཡ་མུན་ཏི་བྷ་ཏྲི་ཛ། ཞེས་ཕུལ་ལོ། །དེ་ནས་སྲིན་པོའི་སྡེ་དཔོན་རང་གི་འཁོར་དང་བཅས་པས་མིང་གི་སྙིང་པོ་ཕུལ་བ། རཀྵ་ཧི་ཤཾ་མ་ཏི་རཀྵ་མ་ཤུ་ཏྲི་ཛ། ཞེས་ཕུལ་ལོ། །དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་རང་གི་འཁོར་དང་བཅས་པས་རང་གི་སྙིང་པོ་ཕུལ་བ། ཡཀྵ་ཀུ་བེ་རཀྵ་ཏི་མ་ཡཀྵྀ་མ་ཛ། ཞེས་ཕུལ་ལོ། །དེ་ནས་འཇིག་རྟེན་གྱི་གནོད་སྦྱིན་ལྷའི་སྡེ་དཔོན་ཁ་བ་ཅན་གྱི་དབང་པོས་རང་གི་མིང་ཕུལ་བ། གཾ་བ་བྷ་ར་དྷི་བ་ཏ་དུ་ཏི་ཛ། ཞེས་ཕུལ་ལོ། །དེ་ནས་འཇིག་རྟེན་གྱི་རྒྱལ་ཕྲན་གྱི་སྡེ་དཔོན་ལྷའི་སྡེ་སུམ་ཅུ་གསུམ་གྱི་བདག་པོས་རང་གི་མིང་ཕུལ་བ། གཾ་ཏྲི་པ་ཤ་ལི་པ་ར་ཏྲི་ལཾ་ཀ་ར་ཤ་ཛ། ཞེས་ཕུལ་ལོ། །དེ་ནས་སྤྱི་བདུད་ཀྱི་སྡེ་དཔོན་རང་གི་འཁོར་དང་བཅས་པས་མིང་གི་སྙིང་པོ་སྨྲས་ཏེ། དུ་ཕྲ་ཤཾ་ཛཿཨ་ཀ་རུ་ཀཾ་ཙ་ཛ། ཞེས་ཕུལ་ལོ། །དེ་ནས་ཡེ་ཤེས་ལས་ལ་གྲུབ་པ་དང་།དམ་ཚིག་གི་ཚོགས་ཀྱི་བདག་མོ་སྲིད་པ་དབང་སྡུད་མ་དང་། རལ་པ་གཅིག་མ་དང་། མཁའ་འགྲོ་མའི་ཚོགས་ཀུན་གྱིས་རང་གི་སྙིང་པོ་ཕུལ་བ། བཾ་མ་མ་ཏྲག་མུ་ཏྲ་རཱ་ཛ། ཨེ་ཀ་ཛ་ཏི་རུ་རུ་རོ་ཏི་ཏ་བྷད་ཏོ། རེམ་ཏི། ཁ་མུནྟྲ་ཙ་པ་ལི་མ་ཤ་ཛ། ཞེས་ཕུལ་ལོ། །དེ་ནས་འཇིག་རྟེན་གྱི་ལྷ་བཙན་པོ་དང་རཱུ་ཏྲའི་རིགས་ཀྱི་སྡེ་དཔོན་ཆེན་པོ་རྣམས་ཀྱིས་རང་གི་མིང་གི་སྙིང་པོ་ཕུལ་བ། དྷི་བ་ཨ་བྷི་ཤུ་ཏྲི་རུ་ཏྲ་ནི་ཛི་ཧཾ་ཤཾ་ཏྲི་ཏྲི་ཛ། ཞེས་ཕུལ་ལོ། །དེ་ནས་འཇིག་རྟེན་གྱི་བགེགས་ཀྱི་རྒྱལ་པོ་དང་། མུ་སྟེགས་བྱེད་དང་། བདུད་དང་། དམུའི་ཚོགས་ཀྱིས་རང་གི་མིང་གི་སྙིང་པོ་ཕུལ་བ། བི་ནཱ་ཡ་ཀ་ཏི་རྠི་ཀ་དུ་མུན་མུན་པ་ཛ། ཞེས་ཕུལ་ལོ། །དེ་ནས་


DNG015_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་གྱི་སྲོག་གི་བདག་པོ་དང་། གནོད་སྦྱིན་གླུའི་བདག་པོ་རྡོ་རྗེ་ཅན་དང་། དགྲ་བླའི་རྒྱལ་པོ་ཆེན་པོ་དང་། ལྷའི་དབང་ཕྱུག་ནག་པོ་ཆེན་པོའི་ཚོགས་ཀྱི་སྡེ་དཔོན་ཆེན་པོ་རྣམས་ཀྱིས་རང་རང་གི་མིང་གི་སྙིང་པོ་ཕུལ་བ། གིང་ཀ་རཏྲི་པ་ལེ་ར་ཙ་བཛྲ་བུ་རུ་ཛ། བཛྲ་སཱ་དྷུ་ཏྲི་ཛ། མ་ཧཱ་ཀཱ་ལ་ཡཀྵ་ཛ། ཞེས་ཕུལ་ལོ། །དེ་ནས་འཇིག་རྟེན་གྱི་གླུ་དང་། གཟའ་སྐར་གྱི་སྡེ་དཔོན་ཆེན་པོ་རྣམས་ཀྱིས་རང་རང་གི་མིང་གི་སྙིང་པོ་ཕུལ་བ། ནཱ་ག་ཙིཏྟ་ཧུ་ཡ་ན་གི་མ་ནཀྵ་ཏྲ་རཱ་ཧུ་ལ་གྷ་ཧེ་པ་ཤ་མི་གི་ཧཱུཾ་ཛ། ཞེས་ཕུལ་ལོ། །གཞན་ཡང་འཇིག་རྟེན་གྱི་ཁམས་ཀྱི་དྲེགས་པའི་དབང་ཕྱུག་མ་རུངས་པ་འཁོར་དང་བཅས་པ་དག་གིས་རང་རང་གི་ལུས་དང་སྲོག་ཏུ་བཅས་པ་ཕུལ་བ། ཨེ་ཨ་ནྲྀ་ཛ་ས་མ་ཡ་སྲོག་དྲེང་དྲེང་ཛ་ཛ། ཞེས་ཕུལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དྲེགས་པ་ཅན་འཁོར་དང་བཅས་པ་དེ་དག་དབུགས་ཕྱུང་ནས། མི་འཇིགས་པ་བྱིན་ཏེ་འདི་སྐད་དུ། ཀྱེ་མ་འཇིག་རྟེན་དྲེགས་པའི་ཚོགས། །ཁྱེད་རྣམས་ང་ལ་མ་འཇིགས་ཤིག །ང་ནི་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་ཕྲིན་ལས་བདག །ཆོས་ཉིད་ཞི་བ་ཆེན་པོ་ཡི། །ཐུགས་རྗེ་དང་ནི་ཡེ་ཤེས་ཀྱི། །དུས་གསུམ་འདུས་བྱས་འདུས་མ་བྱས། །སྐད་ཅིག་ཉིད་ལ་མངོན་དུ་གསལ། །མ་འོངས་སེམས་ཅན་དོན་གྱི་ཕྱིར། །སྣ་ཚོགས་ལུས་ཀྱི་གསང་བ་སྟོན། །དྲེགས་པའི་སྡེ་དཔོན་ཁྱེད་རྣམས་ཀྱང་། །ཐོག་མ་མེད་ནས་ད་ལྟའི་བར། །ཉོན་མོངས་འཁྲུལ་པའི་དབང་གྱུར་ཏེ། །གནས་ངན་ལེན་གྱི་བག་ཆགས་ཀྱིས། །ལུས་ངག་ཡིད་ཀྱིས་མི་དགེར་སྤྱོད། །འཁོར་བའི་སྡུག་བསྔལ་རྒྱུན་མི་འཆད། །ན་རག་ཆེན་པོར་ལྷུང་ནས་ནི། །ཐར་པའི་དུས་མེད་འབྱུང་སྲིད་ཀྱི། །དེ་བས་ད་ལྟའི་དུས་མཆོག་འདིར། །ང་དང་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་དང་ཡོན་ཏན་དང་། །མཛད་པའི་ཕྲིན་ལས་རབ་སོན་པ། །བསྒོ་བའི་གསུང་བཞིན་ཉན་པར་གྱིས། །ལས་དང་སྲིད་པ་དོན་ཡོད་པ། །མི་དགེའི་བག་ཆགས་དོར་བར་གྱིས། །བསླབ་པའི་གཞི་ཟུང་སེམས་བསྐྱེད་ལ། །མཐུ་སྟོབས་ནུས་པ་དྲག་ཤུལ་དག །སངས་རྒྱས་བསྟན་


DNG015_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྗེས་སུ་སྤྱོད། །རིག་འཛིན་རྣམས་ཀྱི་བཀའ་བཞིན་སྐྱོངས། །ཁྱེད་ཅག་རྒྱལ་པོ་རྗེ་དཔོན་དང་། །བྲན་གཡོག་ཚུལ་དུ་སུས་བསྙེན་པ། །དངོས་གྲུབ་གསོལ་ཞིང་ཕྲིན་ལས་སྒྲུབས། །གལ་ཏེ་དེ་ལྟར་མི་བྱེད་ཅིང་། །གསང་བའི་ཚིག་ལས་འགལ་བྱེད་ན། །ཁྱེད་ཀྱི་ལུས་སེམས་སྲོག་གི་རྒྱུད། །ད་ལྟ་ཉིད་དུ་མ་རུངས་འགྱུར། །ཞེས་བཀའ་སྩལ་ནས། དམ་པའི་ཐ་ཚིག་ལ་བཀོད་ནས་བཞག་གོ། །འཇིག་རྟེན་པའི་སྡེ་དཔོན་གྱི་ཚོགས་རབ་ཏུ་འདུས་པ་གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་འདོད་པའི་ཁམས་ཀྱི་ལྷའི་དབང་ཕྱུག་ཆེན་པོ་ཡབ་ཡུམ་ལ་སོགས་པའི་དྲེགས་པ་ཅན་གྱི་འཁོར་རབ་ཏུ་འདུས་པ་དེ་དག་གིས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བའི་བདག་པོ་ཆེན་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་གསང་བའི་བདག །འཇིག་རྟེན་གནས་པའི་དྲག་ཤུལ་ཅན། །འདོད་ཆགས་ཞེ་སྡང་སྲེད་ལེན་གྱིས། །གང་གིས་མཆོད་ཅིང་བསྟེན་བྱས་ན། །བདག་ཅག་རྣམས་ནི་དགའ་མགུ་རང་། །ཁྱོད་ཀྱི་བཀའ་ལུང་རྗེས་བཞིན་དུ། །བརྟུལ་ཞུགས་འཛིན་པ་དེ་དག་ལ། །ཕྲིན་ལས་སྤྱོད་པའི་གྲོགས་བྱའི་ཕྱིར། །བདག་ཅག་སོ་སོའི་གནས་དང་དུས། །རང་གི་སྡེ་དང་འཁོར་གཡོག་དཔུང་། །མཐུན་པའི་ལས་དང་ལོངས་སྤྱོད་དང་། །ཆ་ལུགས་རིགས་དང་བསམ་པ་དང་། །ཁམས་དང་བྱེད་པའི་ཚུལ་དག་དང་། །དམ་ཚིག་སྦྱོར་བའི་ཁྱད་པར་དག །བདག་ཅག་རྣམས་དང་མ་འོངས་པའི། །རིག་པའི་ཚུལ་འཛིན་དོན་ཕྱིར་དུ། །མ་ལུས་རྒྱས་པར་བཤད་དུ་གསོལ། །ཞེས་གསོལ་པས། དེ་ནས་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་གྱི་ཁམས་ཀྱི་དྲེགས་པ་ཅན་དག་གི་གཙོ་བོ་དབང་ཕྱུག་ཆེན་པོ་ལ་སོགས་པ་རྣམས་ལ་སོ་སོའི་ས་དང་གཅིག་ཏུ་སྦམ་པ་དང་། ཐ་དད་དུ་སྦྱར་བ་དང་། ངེས་པ་དང་། མ་ངེས་པ་དང་། རིམ་པ་དང་། འཆོལ་པ་དང་། ཕྱི་དང་། ནང་དང་། གསང་བ་དང་། སྦས་པ་དང་། ཚོགས་པ་དང་། འཐོར་བ་དང་། མཐུན་པའི་རྫས་དང་། སྙིང་པོ་དང་།


DNG015_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

མངག་པ་དང་། གཉེར་གཏད་པ་དང་། བསྐུལ་བ་དང་། རྦད་པ་དང་། བཟློག་པ་དང་། ཚར་གཅད་པ་དང་། གཟིར་བ་དང་། སྤོག་པ་དང་། ལས་སྣ་ཚོགས་དག་གི་སྒོ་ནས། རོལ་པ་ཆེན་པོའི་གསང་བ་སྐུ་གསུང་ཐུགས་ཀྱི་རྡོ་རྗེ། དམ་ཚིག་ཆེན་པོ་ལས་ཕྱུང་སྟེ་བཀའ་སྩལ་ཏོ། །ཉོན་ཅིག་འཇིག་རྟེན་དྲེགས་པའི་ཚོགས། །ཕྱི་མའི་ཚེ་ན་སྙིགས་མའི་དུས། །དགེ་སྦྱོང་ཆེན་པོའི་བསྟན་པ་འདི། །སོ་སོ་སྐྱེ་བོ་རྣམས་ལ་སྣང་། །ཉན་ཐོས་རང་རྒྱལ་རྣམས་ཀྱི་ཚུལ། །རྡོ་རྗེ་འཆང་བ་རྣམས་ཀྱི་སྐུ། །རྒྱུད་དག་པ་ལ་ལམ་རྫོགས་གསལ། །སྤྲོས་མེད་ཆོས་སྐུ་འདུ་འབྲལ་མེད། །ཏིང་ངེ་འཛིན་ལ་སྦྱངས་པས་འགྲུབ། །བསམ་པ་ཆེ་ལ་སྨོན་པ་ཡིས། །རིགས་དྲུག་སོ་སོའི་བདག་པོར་སྣང་། །ལས་ཀྱི་དྲེགས་པ་ཁྱེད་རྣམས་ནི། །འཇིགས་ཆེན་འཇིགས་པར་བྱེད་པ་ཡི། །གཏུམ་ཞིང་དཔའ་ལ་ཆེས་དཔའ་བས། །གདུལ་ཞིང་དྲང་བར་ནུས་པ་ལས། །ཞི་བས་འདུལ་བར་མི་ནུས་ཏེ། །རིག་པ་འཛིན་པའི་སྐྱེས་བུ་ནི། །སྟོབས་ལྡན་དྲེགས་ཚོགས་ཀུན་འདུལ་བ། །ཁམས་གསུམ་སྤྱི་ལ་དབང་བསྒྱུར་བྱེད། །ང་དང་གཉིས་མེད་སྦྱོར་བ་ཡིས། །ལས་ཀྱི་བྱ་བ་རབ་རྫོགས་པས། །དུར་ཁྲོད་ཆེན་པོ་རབ་འཇིགས་པར། །བྱིན་གྱིས་བརླབས་པའི་དབེན་ས་རུ། །སྒྲིབ་སྦྱངས་བསོད་ནམས་བསགས་པ་དང་། །བར་ཆད་བདུད་བཟློག་ལས་ལ་འབད། །མཐུན་རྫས་ས་ལ་ཕོ་བྲང་བཞེངས། །དམ་ཚིག་དྲག་པོའི་རྫས་ཀྱིས་བྲན། །ཐོད་མཁར་བམ་མཛོད་ལྡན་པའམ། །ཨེ་ཏྲཾ་གྲངས་དང་སྦྱར་བར་བྱ། །དྲེགས་པའི་ལུས་ངག་ཡིད་གནས་རྟེན། །ངས་བཤད་ཚུལ་དང་མཐུན་པར་དགོད། །ཕྱི་རོལ་སྒོ་སོགས་རྒྱན་འཇིགས་ལྡན། །དུར་ཁྲོད་ཆེན་པོ་མངོན་དུ་དབྱུང་། །ཙ་ར་མ་ཧེ་ཆུ་གླང་དང་། །སེང་གེ་གླང་ཆེན་རྟ་ནག་དང་། །བྱ་ཁྱི་ལུག་ནག་རྔ་བོང་དང་། །སྟག་དང་བྱ་རྒོད་ཁྱི་ཕག་གནག །བདུད་བྱ་ཆུ་སྲིན་ཉ་རུས་སྦལ། །རྒོད་དཀར་རྒོད་གནག་རྟ་དཀར་དམར། །སོ་བྱ་དྲེའུ་བན་གླང་


DNG015_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས། །རྒྱལ་མཚན་ཤ་ཁྲག་སྙིང་དང་བཅས། །སོ་སོའི་མཐུན་པའི་གནས་སུ་བཤམས། །འབྲུ་བཟང་བཤོས་དང་དམ་ཚིག་རྫས། །བདུད་རྩི་ཤ་ཁྲག་སྙིང་སྦྱར་བ། །རིན་ཆེན་བཅུད་ཀྱིས་སྦྲེངས་ནས་ནི། །གྲངས་མཉམ་ཡང་ན་ཕྱོགས་བཞིར་གཞག །གདུགས་དང་བ་དན་བླ་རེ་དང་། །ལྡ་ལྡི་དྲ་བ་ཟ་ར་ཚགས། །འདི་ལ་ཤིས་ཤིང་མཐུན་པ་སྟེ། །སྟག་གཟིག་དོམ་དྲེད་འཕར་སྤྱང་དང་། །ཀང་ཀ་དུར་བྱ་བྱ་རྒོད་ཁྲ། །མི་རྟ་བན་གླང་ནེ་ལེ་ཡི། །ཤ་རུས་ལྤགས་དང་མགོ་ཡིས་བྱ། །མདའ་གཞུ་མདུང་དང་ཁ་ཊྭཱཾ་ག །རལ་གྲི་ཆུ་གྲི་སྤུ་གྲི་དང་། །ཏྲི་ཤཱུལ་ཕུར་པ་སོ་མངས་དང་། །མཚོན་ཆ་དྲག་པོས་བསྐོར་ཞིང་གཏམས། །མཛེས་དང་མི་མཛེས་སྙན་མི་སྙན། །དྲི་ང་བ་དང་བསུང་བ་དང་། །ཁ་མངར་ཚ་སྐྱུར་རྩུབ་པ་དང་། །ཚ་གྲང་འཇམ་རྩུབ་དྲོ་དང་བསིལ། །གཟུགས་སྒྲ་དྲི་རོ་རེག་རྣམས་ཀྱིས། །ཇི་ལྟར་འདོད་པ་བཞིན་དུ་བསྟར། །དེ་ནས་རྡོ་རྗེ་འཛིན་པ་དེས། །ཕྱི་ནང་གསང་བའི་བསྲུང་བ་ཡིས། །གནོད་ཅིང་འཚེ་བ་ཚར་བཅད་དེ། །བསོད་ནམས་ཚོགས་ཀྱིས་རང་རྒྱུད་སྦྱངས། །གཞན་ཕན་བྱང་ཆུབ་སེམས་ཀྱིས་བསྒྲུབ། །ཆོས་རྣམས་གནས་ལུགས་བཞིན་དུ་བསྒོམ། །མ་མཐོང་བ་ལ་སྙིང་རྗེ་བསྐྱེད། །ངོ་བོ་བསྐྱེད་རྒྱུ་ཧཱུཾ་དུ་བསྒོམ། །དེ་ནས་སྣོད་ཀྱི་གཞི་མོ་ལྔ། །ཡེ་ཤེས་འབྱུང་བ་ལྔ་རུ་བསམ། །སྟེང་དུ་རིན་ཆེན་རི་རབ་ཀྱི། །དབུས་སུ་དུར་ཁྲོད་གཞལ་ཡས་ཁང་། །ཐོད་མཁར་ཨེ་ཏྲཾ་སུམ་ཅུ་ལ། །གཟུགས་བརྙན་བཞིན་དུ་ཏིང་འཛིན་བསྐྱེད། །དབུས་སུ་ཉི་ཟླ་པདྨ་དང་། །རོ་བཞི་བསྣོལ་བའི་སྟེང་ཉིད་དུ། །རྡོ་རྗེ་འཆང་བའི་སྐུ་གསུང་ཐུགས། །ང་ཉིད་ཀུན་ལ་སྣང་བཞིན་བསམ། །ཡུམ་ཆེན་ཁམས་གསུམ་སྤྱི་འདུལ་མ། །གཙོ་དང་གཉིས་མེད་སྦྱོར་བ་ལས། །ཐབས་དང་ཤེས་རབ་འོད་ཟེར་ལས། །ཨེ་ཨུའི་རྣམ་པ་ས་བོན་ཚུལ། །འཕྲོ་འདུས་གྲི་གུག་ཁ་ཊྭཱཾ་གསལ། །དེ་ཉིད་གསལ་བའི་རྒྱུད་སྦྱངས་པས། །འདོད་ཁམས་དབང་ཕྱུག་གཙོ་བོ་ཆེ། །ལྷ་མོ་ཡུམ་དང་བཅས་པར་གྱུར། །སེང་གེ་གླང་ཆེན་


DNG015_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་ཀྱིས་གནན། །ཞལ་གཅིག་ཕྱག་གཉིས་མཐིང་ནག་རྔམས། །ན་བཟའ་ལྗང་ནག་བཀླུབས་བེར་གསོལ། །གཙོ་ཆེན་གྲི་གུག་ཙིཏྟ་བསྣམས། །ཡུམ་གྱིས་ཁ་ཊྭཱཾ་ཐོད་ཁྲག་བཟུང་། །ཡབ་ཡུམ་གཉིས་མེད་ཐུགས་ཀ་ནས། །ཡ་མ་དུན་ཏིང་རཀྴ་ཡཀྴ། ཕྱོགས་བཞིར་བདུད་དང་གཤིན་རྗེ་དང་། །སྲིན་པོ་གནོད་སྦྱིན་སྡེ་དཔོན་དག །ཡབ་ཡུམ་བཅས་པ་གསལ་བར་སྤྲོ། །གྲ་ཧེ་ནཱ་ག །སྟེང་འོག་དུ་ནི་གཟའ་དང་ཀླུའི། །སྡེ་དཔོན་ཡབ་ཡུམ་སྤྲོ་ཞིང་བསྐྱེད། །དྷི་བ་ཏྲི་ཛ་དུ་ཏྲི། གངས་བཟང་ལྷ་དང་གནམ་རྒྱལ་དང་། །སྤྱི་བདུད་སྡེ་དཔོན་ཤར་དུ་བསྐྱེད། །མ་མ་ཛ་ཊཱི་ཌཱ་ཀི་མཾ། །མ་ཆེན་སྲིད་པའི་རྒྱལ་མོ་དང་། །རལ་གཅིག་མ་དང་མགྱོགས་བྱེད་མ། །མ་ཚོགས་སྡེ་དཔོན་ལྷོ་རུའོ། །རུ་ཏྲ་ཨ་བྷི་ཧཾ་ཤཾ། གནོད་སྦྱིན་བཙན་དམར་རོལ་བཙན་གྱི། །སྡེ་དཔོན་ནུབ་ཀྱི་ཕྱོགས་སུ་བསྐྱེད། །བི་ཏྲི་ཏི་ར་ཐི་རྨུ་དུ། །བགེགས་དང་མུ་སྟེགས་དམུ་བདུད་ཀྱི། །སྡེ་དཔོན་བྱང་གི་ཕྱོགས་སུའོ། །ཏྲི་ཡཾ་ར་ཏྲི་ས་ཏྲི་ན་ཏྲི། སྲིད་པའི་སྲོག་གི་བདག་པོ་དང་། །གནོད་སྦྱིན་ཀླུ་ཚ་བདུད་རྒྱལ་པོ། །སྐུ་ལྷ་གསང་བ་རྡོ་རྗེ་ལེགས། །ནག་པོ་ཆེན་པོ་ཆོས་སྲུང་རྗེ། །ཤར་ལྷོ་ནུབ་བྱང་སྒོ་བཞི་བསྐྱེད། །ཕྱི་རོལ་ཁྱམས་ལ་དྲེགས་པ་ཅན། །སོ་སོའི་འཁོར་གཡོག་མང་པོ་དག །བཀའ་ཉན་གསུང་སྡོད་ཚུལ་དུ་བསྐྱེད། །རང་རང་སྔགས་ཀྱིས་བརྟན་པར་བྱ། །དབང་པོའི་ཡུལ་དུ་གསལ་བ་དང་། །འཇིག་རྟེན་རང་རྒྱུད་སོ་སོ་ཡི། །གནས་ནས་འོད་ཀྱི་ཀྱོ་བ་དང་། །གསང་བའི་སྙིང་པོས་མྱུར་དུ་བོད། །ཏིང་ངེ་འཛིན་གྱིས་ཚུལ་འདྲ་བ། །རང་གི་གཟུགས་བརྙན་ལུས་ལ་བསྡིམ། །རང་རྒྱུད་པ་དང་གཟུགས་བརྙན་བསྲེ། །ཨོཾ་ཨཱཿཧཱུཾ་ཨཱོཾ་བཛྲ་ཙཎྜ་སརྦ་དུཥྚཱན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཕཊ། སྐུ་གསུང་ཐུགས་ལྡན་བྱིན་བརླབས་ཤིང་། །རྡོ་རྗེ་འཆང་བས་དབང་བསྐུར་བྱ། །དུར་ཁྲོད་གནས་ཀྱི་སྒོ་བཞི་ནས། །བཀའ་ཉན་ལས་བྱེད་སྡེ་བརྒྱད་ཀྱིས། །ལུས་ངག་གུས་པས་ཕྱག་བཙལ་ཞིང་། །ཕྱི་ནང་གསང་བའི་འདོད་ཡོན་ཚོགས། །འཚེ་ཞིང་གདུག་པའི་བསམ་པ་ཅན། །གཟུགས་ཅན་གཟུགས་མེད་བཅས་པ་རྣམས། །དྲེགས་


DNG015_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚོགས་ལ་མཉེས་པར་འབུལ། །སྐུ་ཡི་ཆ་ལུགས་སོ་སོ་ཡི། །དོན་རྟགས་མཐུན་པའི་ཚིག་གིས་བསྟོད། །སྐུ་གསུང་ཐུགས་ཀྱི་ཡོན་ཏན་དང་། །ཕྲིན་ལས་སྨོས་ཏེ་ཐུགས་དམ་བསྐུལ། །རྡོ་རྗེ་འཛིན་པའི་སྐུ་གསུང་ཐུགས། །གསལ་བརྟན་ཆད་དང་ལྡན་པ་ཡིས། །ནམ་མཁའི་ཁམས་ཀྱི་མཐའ་ཁྱབ་ཀུན། །རང་གི་ཡུལ་གསུམ་གསལ་བར་དམིགས། །དྲེགས་པའི་སྡེ་དཔོན་རེ་རེའི་དྲུང་། །རྡུལ་སྙེད་འདུལ་བྱེད་གཉེན་པོར་གནས། །ཕལ་པ་རེ་རེའི་གནས་དྲུང་དུ། །སྡེ་དཔོན་ཆེན་པོ་དེ་བཞིན་བསམ། །བཀའ་ཉན་གསུང་སྡོད་གཡོ་མི་ནུས། །ཅུང་ཙམ་འདའ་བར་མི་སྤྱོད་ཅིང་། །རང་གི་འདོད་པ་མི་སྤོབ་ལ། །སྐད་ཅིག་ཙམ་ལ་དོན་བསྒྲུབ་དམིགས། །དེ་ཉིད་ཀྱིས་ནི་གཙོ་ཆེན་གྱི། །བསྙེན་ཅིང་བསྒྲུབ་པ་ཆད་རྟགས་ལྡན། །ཡོངས་སུ་རྫོགས་པར་གྱུར་ནས་ནི། །དྲེགས་པའི་སྡེ་དཔོན་ཚོགས་རྣམས་ཀྱི། །སོ་སོའི་གཟུགས་བརྙན་གསལ་བཏབ་སྟེ། །རང་གི་མིང་གི་སྙིང་པོ་དང་། །གཅོད་འཕྲོག་ཡི་གེ་སྤེལ་ཏེ་བཟླ། །དུས་ཚོད་གྲངས་དང་མཚན་མ་ཡིས། །ཚད་བཟུང་མ་ནོར་གྲུབ་པ་ཡི། །རྟགས་ལ་བབ་སྟེ་ལས་ལ་སྦྱར། །ང་ཉིད་རྗེས་སུ་སྒྲུབ་བྱེད་པས། །དྲེགས་པ་མྱུར་དུ་དབང་དུ་སྡུད། །ཅེས་བཀའ་སྩལ་ཏོ། །འཇིག་རྟེན་པའི་སྡེ་དཔོན་གྱི་ཚོགས་ཉེ་བར་བསྒྲུབ་པའི་རྩ་བའི་ལས་ཀྱི་གཉེར་གཏད་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་རབ་ཏུ་བཤད་བྱ་བ། །དེ་དག་ཀུན་ཏུ་ངས་བཤད་པའི། །སྡེ་དཔོན་ཆེན་པོ་རང་གནས་ནས། །འབོད་དང་གཞུག་དང་མཉེས་པ་དང་། །བསྟོད་དང་ཐུགས་དམ་བསྐུལ་བ་དག །ཚིག་བརྗོད་འདི་ཡིས་བསྟན་པར་བྱ། །ཧཱུཾ་ཐུགས་རྗེ་རྣམ་དག་དབྱིངས་ཀྱི་དཀྱིལ་འཁོར་ནས། །ཆོས་སྐུ་སྟོང་ཉིད་དབྱིངས་ལས་མ་གཡོས་ཀྱང་། །འཇིག་རྟེན་དྲེགས་པའི་ཚོགས་རྣམས་གདུལ་བྱའི་ཕྱིར། །ཁྲོ་ཆེན་དཔའ་གཏུམ་འཇིགས་བྱེད་སྐུར་བསྟན་པ། །ཐུགས་དམ་དགྱེས་བསྐུལ་གསང་བའི་ཡུམ་དང་བཅས། །མ་རྟོགས་ཤུགས་ཀྱིས་འདུལ་ཕྱིར་གཤེགས་སུ་གསོལ། །དྲེགས་པའི་དབང་ཕྱུག་འཇིག་རྟེན་ལྷ་ཡི་གཙོ། །འདོད་པའི་


DNG015_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མོ་བདེ་ཆེན་འབྱུང་གནས་མ། །འཁོར་ཚོགས་དྲག་ཤུལ་མཐུ་སྟོབས་དཔུང་གི་བདག །ཁྲོ་གཏུམ་གདུག་པའི་རྩལ་འཆང་དཔལ་དང་ལྡན། །རྡོ་རྗེ་འཆང་བའི་བཀའ་བཞིན་རྗེས་སུ་སྒྲུབ། །དམ་ཚིག་ཆེར་དགོངས་གནས་འདིར་གཤེགས་སུ་གསོལ། །ཨཱོཾ་བཛྲ་སརྦ་དུཥྚཱན་ཨཥྚ་ན་ཡ་ཨེ་ཛཿབྷྱོ། ཨཱ་གཙྪ་ཡ་ས་མ་ཡ་ཧྲིཾ་ཧྲིཾ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་འདིར། །ལྷ་ཆེན་ཉི་ཟླ་པདྨའི་གདན་སྟེངས་སུ། །བཅོམ་ལྡན་ཁྲོ་རྒྱལ་རྔོམ་བརྗིད་འབར་བའི་སྐུ། །ཡབ་ཡུམ་དགྱེས་པར་རོལ་ཅིང་བཞུགས་སུ་གསོལ། །སྣང་སྲིད་དྲེགས་པ་མ་ལུས་སྡེ་དཔོན་གཙོ། །འདོད་ཁམས་བདག་པོ་དགྱེས་མཛད་ཡུམ་དང་བཅས། །ལྷ་སྲིན་ཚོགས་ཀྱི་གཙོ་ཆེན་འཁོར་དང་བཅས། །ཕྲིན་ལས་མཐུན་པའི་གདན་ལ་བཞུགས་སུ་གསོལ། །བཛྲ་སརྦ་དུཥྚཱན་ཨཥྚ་ན་ཡ་ཨེ་ཛཿབྷྱོ། ས་མ་ཡ་ཏིཥྠ་བཛྲ་ཛཿཧཱུཾ་བཾ་ཧོཿ། དུས་གསུམ་སངས་རྒྱས་ཐུགས་ཀྱི་སྙིང་པོ་མཆོག །ཆོས་ཀྱི་སྐུ་ལས་གཟུགས་སྐུ་འགྲོ་དོན་སྤྲུལ། །ཆེ་བཙན་འགྲན་ཟླ་མེད་པ་ཁྲོ་བོའི་རྗེ། །དབང་སྡུད་ཡུམ་དང་བཅས་ལ་ཕྱག་འཚལ་ལོ། །ཕྱོགས་བཅུའི་རྒྱལ་བ་མ་ལུས་སྲས་དང་བཅས། །དམ་ཆོས་བསྟན་པའི་ཚུལ་སྲུང་འཇིག་རྟེན་མགོན། །ཞིང་བཅུ་སྒྲོལ་མཛད་ཕྲིན་ལས་དྲག་ཤུལ་ཅན། །སྡེ་དཔོན་སུམ་ཅུའི་ཚོགས་ལ་ཕྱག་འཚལ་ལོ། །བཛྲ་སརྦ་དུཥྚཱན་ཨཥྚ་ན་ཡ་ཨེ་ཛཿབྷྱོ། ན་མ་ཨཱ་རལླི་ཧོ། དཔལ་ཆེན་དྲེགས་པ་ཀུན་འདུལ་ཡབ་ཡུམ་ལ། །སྐུ་གསུང་ཐུགས་མཉེས་མཆོད་པ་འབུལ་བ་ནི། །གདུགས་དང་རྒྱལ་མཚན་བ་དན་བླ་རེ་དང་། །ཕྲེང་བ་ཕྱེ་མ་ལྡ་ལྡི་ཟ་ར་ཚགས། །བདུག་སྤོས་མེ་ཏོག་མར་མེ་ཆབ་བསིལ་དང་། །གཟུགས་མཛེས་སྒྲ་སྙན་དྲི་ཞིམ་རོ་བྲོ་དང་། །རེག་འཇམ་འདོད་ཡོན་མ་ལུས་ཇི་སྙེད་པ། །འཕགས་པའི་ཐུན་མོང་མཆོད་ཚོགས་བཞེས་སུ་གསོལ། །ཁྱད་པར་གསང་བའི་མཆོད་པ་འབུལ་བ་ནི། །དུག་གསུམ་གནས་སུ་སྦྱངས་པའི་ཤ་རུས་ཁྲག །དུག་ལྔ་སྨན་དུ་སྒྲུབ་པའི་དམ་ཚིག་རྫས། །སྟོབས་མཆོག་ནུས་པ་བ་ལིཾ་མཆོད་


DNG015_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དངོས། །ཐུགས་རྗེ་མཐུན་པའི་ངང་གིས་བཞེས་སུ་གསོལ། །དཔལ་ཆེན་ཡབ་ཡུམ་བཀའ་བཞིན་རྗེས་བསྒྲུབ་པའི། །དབང་ཕྱུག་ཆེན་པོ་ཡབ་ཡུམ་མངའ་བདག་རྗེ། །འཇིག་རྟེན་འདས་ཀྱང་འཁོར་བའི་ཆ་ལུགས་འཛིན། །བཀའ་ཡི་བསྟན་སྲུང་སྡེ་དཔོན་སུམ་ཅུ་ལ། །འདོད་པའི་ཡོན་ཏན་མཆོད་ཅིང་སྦྱིན་པ་ནི། །དཀར་དམར་སེར་ལྗང་ལ་སོགས་མདོག །ཟླུམ་པོ་གྲུ་བཞི་ལ་སོགས་དབྱིབས། །ཆེ་ཆུང་སྦོམ་ཕྲ་རིང་ཐུང་ཚད། །མཛེས་དང་མི་མཛེས་སྡུག་མི་སྡུག །འབྱུང་བ་རྟེན་འདྲེལ་རོལ་མོའི་སྒྲ། །གླུ་ཚིག་བསྟོད་དབྱངས་སྙན་པའི་ཚིག །སྤོས་སྨན་བདུད་རྩི་མེ་ཏོག་དྲི། །བསྲེག་གསུར་བམ་སུངས་དྲི་དང་ངད། །ཁ་མངར་ཚ་སྐྱུར་བསྐའ་བ་དང་། །ལན་ཚྭ་སྤོད་དང་བྱི་དཀུ་དང་། །འཇམ་རྩུབ་བསིལ་ཡང་ཚ་དང་དྲོ། །སོ་སོའི་ཡོན་ཏན་ཚོགས་དང་བཅས། །འདོད་དགུར་འབུལ་གྱིས་བཞེས་སུ་གསོལ། །བདུད་རྩི་ལྔ་དང་ཤ་ལྔ་དང་། །དོན་སྙིང་ལྔ་དང་འབྱུང་བ་ལྔ། །དབང་པོ་ལྔ་དང་ཡུལ་ལྔ་དང་། །ཕུང་པོ་ལྔ་དང་ནང་རོལ་ལྔ། །འཚེ་ཞིང་གནོད་དང་བར་དུ་གཅོད། །གདུག་པར་སེམས་ཤིང་ལོག་པར་བལྟ། །མི་མཐུན་ཕྱོགས་ལྔར་བཅས་པ་རྣམས། །སོ་སོར་འབུལ་གྱིས་བཞེས་སུ་གསོལ། །བཛྲ་སརྦ་དུཥྚཱན་ཨཥྚ་ན་ཡ་ཨེ་ཛཿབྷྱོ། མ་ཧཱ་བ་ལིཾ་ཏ། ཨ་མྲྀ་ཏ། སུ་ཀ་ཏ་མཱཾ་ས། རཀྟ་བི་བ་ཐ་བ་སུ་ཏ་ས་མ་ཐ། ཨི་དཾ་གྲྀ་ཧྞནྟུ་སམ་དུ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཅོམ་ལྡན་དཔལ་ཆེན་དྲེགས་པ་ཀུན་འདུལ་དང་། །ཡུམ་ཆེན་ཁམས་གསུམ་སྤྱི་འདུལ་འཁོར་བཅས་ཀྱི། །སྐུ་མཆོག་འགྱུར་མེད་མེ་ལོང་གཟུགས་བརྙན་བཞིན། །གསལ་ཞིང་རྟོག་མེད་སྣང་ལ་མ་འགགས་པ། །སྐུ་ལྔ་ལྷུན་གྲུབ་རྫོགས་པའི་དངོས་གྲུབ་སྩོལ། །གསུང་མཆོག་འགག་མེད་བྲག་ཆ་སྒྲ་བརྙན་བཞིན། །སྙན་དང་མི་སྙན་གྲགས་སྟོང་ཚངས་པའི་གསུང་། །གསུང་དབྱངས་ནམ་མཁའི་མཐའ་ཁྱབ་དངོས་གྲུབ་སྩོལ། །ཐུགས་མཆོག་སྤྲོས་བྲལ་བསམ་འདས་ཆོས་ཀྱི་དབྱིངས། །མི་རྟོག་བདེ་ཆེན་ཐབས་དང་ཤེས་རབ་དང་། །རྩོལ་མེད་མི་གཡོ་མཆོག་གི་དངོས་གྲུབ་སྩོལ། །ཡོན་ཏན་བརྗོད་ཀྱིས་མི་ལང་


DNG015_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་ཏེ། །འདས་དང་མ་འདས་མཆོག་དང་ཐུན་མོང་གི། །གྲུབ་པ་བརྒྱད་དང་མཐར་ཐུག་དངོས་གྲུབ་སྩོལ། །འཇིགས་པ་བརྒྱད་སོགས་ཞི་དང་འབྱོར་པ་རྒྱས། །ལོག་ལྟ་མོས་པའི་ཚུལ་གྱིས་དབང་སྡུད་ཅིང་། །མངོན་སྤྱོད་དགྲ་བགེགས་འདུལ་བའི་དངོས་གྲུབ་སྩོལ། །བཛྲ་སརྦ་དུཥྚཱན་ཨཥྚ་ནཱ་ཡ་ཨེ་ཛ་ཀཱ་ཡ་སིདྡྷི་ཝཱཀ་སིདྡྷི་ཙིཏྟ་སིདྡྷི་གུ་ཎ་སིདྡྷི་དྷི་ཀརྨ་སིདྡྷི་ཧཱུཾ་ཧཱུཾ་ཧཱུཾ། བཅོམ་ལྡན་དྲེགས་པ་ཀུན་འདུལ་ནི། །དབུ་དགུ་ཕྱག་ནི་བཅོ་བརྒྱད་དེ། །སྐུ་མདོག་མཐིང་ནག་ཁྲོ་ཞིང་རྔམས། །གཡས་ཀྱི་ཞལ་གསུམ་སྨུག་ནག་བགྲད། །གཡོན་གྱི་ཞལ་གསུམ་ཁམ་ནག་གཙིགས། །དབུ་སྐྲ་རལ་པ་མེ་དཔུང་འབར། །སྤྱན་དགུ་སྡང་མིག་བཟློག་ཅིང་བགྲད། །ཤངས་ནས་སྲིད་པའི་རླུང་ནག་འཐོར། །སྙན་ནས་སྟོང་གསུམ་འབྲུག་སྒྲ་ལྡིར། །སྨ་ར་ཨག་ཚོམ་མེ་ལྟར་འབར། །མཆེ་གཙིགས་སྲིད་གསུམ་རྩ་བ་གཅོད། །ཕྱག་དགུ་གཡས་གཡོན་དང་པོ་ཡི། །རྡོ་རྗེ་ཐོད་ཁྲག་དཀྲུག་ཅིང་གསོལ། །གཡས་ཀྱི་འོག་མའི་ཕྱག་བརྒྱད་ན། །དྲེགས་པ་ལྷ་ཆེན་བརྒྱད་བསྒྲལ་བའི། །གཡང་གཞི་མགོ་བོར་བཅས་ཏེ་བསྣམས། །གཡོན་གྱི་འོག་མའི་ཕྱག་བརྒྱད་ན། །ཀླུ་ཆེན་བརྒྱད་ཀྱི་བྷནྡྷ་རུ། །དྲེགས་པའི་སྙིང་ཁྲག་བཀང་ནས་གསོལ། །དཔའ་བའི་ཆས་བརྒྱད་སྐུ་ལ་གསོལ། །ཞབས་བརྒྱད་བརྐྱངས་བསྐུམས་དོར་ཐབས་ཀྱིས། །ཁམས་གསུམ་བདག་པོ་སྡེ་བཞི་མནན། །ཡུམ་ཆེན་ཁམས་གསུམ་སྤྱི་འདུལ་མ། །ཞལ་གཅིག་ཕྱག་གཉིས་མཐིང་ནག་སྐུ། །རྡོ་རྗེ་ཕྱར་ཞིང་ཐོད་ཁྲག་སྟོབ། །གཉིས་མེད་ཐུགས་ཀྱི་ཕྲིན་ལས་ཀྱི། །འཇིག་རྟེན་དྲེགས་པ་བྲན་དུ་འཁོལ། །ལྷ་སྲིན་སྡེ་བརྒྱད་ལས་ལ་འགྱེད། །དགྲ་བགེགས་གདུག་པ་རྩད་ནས་གཅོད། །ཁྲོ་རྒྱལ་གཙོ་ལ་ཕྱག་འཚལ་བསྟོད། །དཔལ་གྱི་བཀའ་བཞིན་ལས་མཛད་པའི། །ལྷ་ཆེན་དབང་ཕྱུག་ཆེན་པོ་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང་། །ཕྱག་གཡས་གྲི་གུག་ཙིཏྟ་གཡོན། །ལྷ་མོ་ཨུ་མ་དེ་བཱི་ནི། །སྐུ་མདོག་མཐིང་ནག་གཙོ་ལ་འདུད། །


DNG015_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་གཡས་རྩེ་གསུམ་ཐོད་ཁྲག་གཡོན། །སེང་གེ་གླང་ཆེན་གདན་ལ་བཞུགས། །སྡེ་དཔོན་དྲེགས་པ་ཀུན་གྱི་གཙོ། །ཡབ་ཡུམ་སྐུ་ལ་ཕྱག་འཚལ་བསྟོད། །བདུད་ཀྱི་རྒྱལ་པོའི་སྡེ་དཔོན་ནི། །ཁྲམ་ཤིང་གཡས་ལ་དགྲ་སྟྭ་གཡོན། །བདུད་རྟ་ནག་པོའི་ཁྲི་ལ་བཞུགས། །སྦྱོར་ཡུམ་བདུད་མོ་རེ་མ་ཏི། །ཁྲམ་བམ་གཡས་ལ་ནད་རྐྱལ་གཡོན། །བོང་བུ་གྭ་དམར་གདན་ལ་བཞུགས། །གཤིན་རྗེའི་སྡེ་དཔོན་ཆེན་པོ་ནི། །བེ་ཅོན་གཡས་ལ་ཐོད་དབྱུག་གཡོན། །སྦྱོར་ཡུམ་གཤིན་རྗེ་ཟ་བྱེད་མོ། །ཕྱག་གཉིས་སྲིད་པའི་འཁོར་ལོ་བསྐོར། །ཡབ་ཡུམ་མ་ཧེ་ཆུ་གླང་གནོན། །སྲིན་པོའི་སྡེ་དཔོན་གློག་ཕྲེང་ཅན། །ཕྱག་གཉིས་ཐོག་སེར་འདྲིལ་ཞིང་འཕེན། །སྲིན་མོ་སྦལ་མགོ་ཁྲག་མིག་མ། །ཕྱག་གཡས་ཕུར་པ་ཁྲག་ཕོར་གཡོན། །ཡབ་ཡུམ་འབྲུག་དང་རྔ་བོང་ཞོན། །གནོད་སྦྱིན་སྡེ་དཔོན་མེ་དབལ་ཅན། །ཕྱག་གཡས་རིན་ཆེན་གཡོན་རལ་གྲི། །སྦྱོར་ཡུམ་གནོད་སྦྱིན་ནག་མོ་ནི། །ཕྱག་གཡས་སྤུ་གྲི་གཡོན་སྤྱང་མོ། །སྟག་སེང་ཕག་མོ་ཞབས་ཀྱི་གནོན། །གཟའ་བདུད་སྡེ་དཔོན་ཆེན་པོ་ནི། །ཕྱག་གཡས་མདའ་གཞུ་གཡོན་སྦྲུལ་ཞགས། །སྐུ་སྨད་སྦྲུལ་འཁྱིལ་འབྲུག་ཆེན་གནོན། །སྦྱོར་ཡུམ་ཐོག་གི་བུ་ཡུག་ཅན། །གཡས་གཡོན་ཕྱག་གིས་ཐོག་སེར་འབེབས། །ཞབས་གཉིས་འབྲུག་མོ་ཁ་གདོང་གནོན། །ཀླུ་རྒྱལ་སྡེ་དཔོན་ཆེན་པོ་ནི། །ཕྱག་གཡས་སྦྲུལ་ཞགས་གཡོན་ནད་རྐྱལ། །སྦྱོར་ཡུམ་ཀླུ་མོ་ནག་མོ་ནི། །སྦྲུལ་མགོ་ཕྱག་མཚན་ཡབ་ཀྱི་ཚུལ། །ཡབ་ཡུམ་ཆུ་སྲིན་རུས་སྦལ་གནོན། །ཕྱོགས་བཞི་སྟེང་འོག་གནས་བཞུགས་པའི། །དྲེགས་པའི་སྡེ་དཔོན་འདི་དག་ནི། །ཀུན་ཀྱང་སྐུ་མདོག་མཐིང་ནག་ལ། །ཁྲོས་པའི་ཆ་བྱད་འཇིགས་ཚུལ་ཅན། །དུར་ཁྲོད་གཡང་གཞིའི་ཆས་ཀྱིས་བརྒྱན། །རང་གི་ཚོགས་འདུལ་ཕྲིན་ལས་མཛད། །ཡབ་ཡུམ་བཅས་ལ་ཕྱག་འཚལ་བསྟོད། །གནོད་སྦྱིན་ལྷ་ཡི་སྡེ་དཔོན་ནི། །ཤེལ་གྲི་བ་དན་དཀར་པོ་འཛིན། །རྒོད་དཀར་རུ་བཟང་ཞབས་ཀྱིས་གནོན། །གནམ་རྒྱལ་ཆེན་པོའི་སྡེ་དཔོན་ནི། །ཕྱག་


DNG015_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་དར་དཀར་གཡོན་ཤེལ་གྲི། །རྟ་དཀར་རྔོག་དམར་ཞབས་ཀྱིས་གནོན། །སྤྱི་བདུད་རྒྱལ་པོ་གུ་རུམ་ཙེ། །ཕྱག་གཡས་བ་དན་གཡོན་ཤེལ་གྲི། །ཞབས་གཉིས་རྡོ་རྟ་གྲོ་བོ་གནོན། །དཀར་པོའི་སྡེ་དཔོན་ཆེན་པོ་གསུམ། །ཤར་ཕྱོགས་གནས་ལ་ཕྱག་འཚལ་བསྟོད། །སྲིད་པའི་མ་མོ་སྡེ་དཔོན་མོ། །འཁོར་ལོ་གཡས་ལ་མེ་ལོང་གཡོན། །ཞབས་གཉིས་འབྲུག་མོ་མགོ་དགུ་གནོན། །སྔགས་ཀྱི་སྲུང་མ་ཆེན་མོ་ནི། །ཙིཏྟ་གཡས་ལ་གཡུ་སྤྱང་གཡོན། །དྲེའུ་རྟ་ནག་པོ་ཞབས་ཀྱིས་གནོན། །མཁའ་འགྲོ་ནག་མོ་མགྱོགས་བྱེད་མ། །ནད་རྐྱལ་རྒྱུ་ཞགས་ཀྱང་གཡོན་ལ་ཚོན་དྲུབ་གཡས། །སོ་བྱ་ནག་པོ་ཆིབས་སུ་ཆིབས། །ནག་མོའི་སྡེ་དཔོན་མ་མོ་གསུམ། །ལྷོ་ཕྱོགས་གནས་ལ་ཕྱག་འཚལ་བསྟོད། །རྡོ་རྗེ་བདུད་འདུལ་ཆེན་པོ་ནི། །གཡས་གཡོན་ཕྱག་གིས་ཐུན་ཁྲག་འཕེན། །བྲག་བཙན་སྲོག་ཟན་དམར་པོ་ནི། །མདའ་གཞུ་འཕེན་ཞིང་དར་དམར་འཕྱར། །ཆེ་བཙན་གིང་གི་རྒྱལ་པོ་ནི། །ཤང་ལང་དང་ནི་ཞགས་པ་འཛིན། །དམར་པོའི་སྡེ་དཔོན་ཆེན་པོ་གསུམ། །ཀུན་ཀྱང་རྟ་དམར་ཞབས་ཀྱིས་གནོན། །ནུབ་ཕྱོགས་སྐྱོང་ལ་ཕྱག་འཚལ་བསྟོད། །བི་ནཱ་ཡ་ག་བགེགས་ཀྱི་རྒྱལ། །ཕྱག་གཡས་ཁ་ཊྭཱཾ་གཡོན་ཐོད་ཁྲག །ཕྱི་རོལ་སྐྱོང་བའི་མུ་སྟེགས་གཙོ། །ཏྲི་ཤཱུལ་གཡས་ལ་ཐོད་ཁྲག་གཡོན། །དམུ་བདུད་ཆེན་པོ་བཀྲག་མེད་ནི། །མདའ་གཞུ་དང་ནི་ཤང་ལང་འཛིན། །ནག་པོའི་ཚོགས་ཀྱི་སྡེ་དཔོན་གསུམ། །བདུད་རྟ་ནག་པོ་ཞབས་ཀྱིས་གནོན། །བྱང་ཕྱོགས་གནས་ལ་ཕྱག་འཚལ་བསྟོད། །ཚངས་པའི་རྒྱལ་པོ་སྲོག་གི་བདག །སྤུ་གྲི་གཡས་ལ་ཉི་ཞགས་གཡོན། །སེང་གེ་དཀར་མོ་ཞབས་ཀྱིས་གནོན། །བདུད་ཀྱི་རྒྱལ་པོ་ནོར་གྱི་བདག །བདུད་ཞགས་གཡས་ལ་སྤུ་གྲི་གཡོན། །བན་གླང་སྣ་རིང་ཞབས་ཀྱིས་གནོན། །སྐུ་ལྷའི་རྒྱལ་པོ་ཡུལ་གྱི་བདག །ཕྱག་གཡས་རྡོ་རྗེ་གཡོན་བ་དན། །ར་དཀར་གནམ་རུ་ཞབས་ཀྱིས་གནོན། །ནག་པོ་ཆེན་པོ་ཚོགས་ཀྱི་བདག །ཕྱག་


DNG015_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་བིང་ཆེན་གཡོན་གྲི་གུག །རྟ་ནག་མགྱོགས་པ་ཞབས་ཀྱིས་གནོན། །ཕྱོགས་ཀྱི་སྡེ་དཔོན་ཆེན་པོ་བཞི། །སྐུ་མདོག་དཀར་སེར་དམར་ནག་མཛེས། །སྒོ་བཞིར་གནས་ལ་ཕྱག་འཚལ་བསྟོད། །སྡེ་དཔོན་དྲེགས་པ་འདི་དག་ནི། །ཁྲོས་ཤིང་གདུག་པའི་ཚུལ་འཆང་ཞིང་། །ན་བཟའ་གཡང་གཞི་འཇིགས་པའི་ཆས། །སྣ་ཚོགས་མཛེས་པའི་རྒྱན་དང་ལྡན། །རང་གི་འཁོར་གཡོག་ཚོགས་ཀྱིས་བསྐོར། །སྤྲུལ་པའི་ཆོ་འཕྲུལ་བསམ་མི་ཁྱབ། །མཆོད་བསྟོད་ཆེན་པོས་ཁྱེད་བསྒྲུབ་ན། །སོ་སོའི་ཚོགས་འདུལ་ཕྲིན་ལས་མཛོད། །ཅེས་བརྗོད་ཅིང་། ཏིང་ངེ་འཛིན་དང་ལྡན་པ་ཡིས། །དྲེགས་པའི་སྡེ་དཔོན་མཆོད་ཅིང་བསྟོད། །འདི་ལྟར་སྤྱོད་པའི་རྣལ་འབྱོར་གྱིས། །འཇིག་རྟེན་གཙོ་བདག་མྱུར་དུ་འགྲུབ། །རྡོ་རྗེ་འཛིན་དང་གཉིས་སུ་མེད། །ཅེས་བཀའ་སྩལ་ཏོ། །འཇིག་རྟེན་གྱི་སྡེ་དཔོན་ཉེ་བར་སྒྲུབ་པ་རྡོ་རྗེའི་དམ་ཚིག་མཆོད་བསྟོད་ཀྱི་ལེའུ་སྟེ་གསུམ་པའོ།། །།དེ་ནས་རབ་ཏུ་བཤད་བྱ་བ། །འཇིག་རྟེན་དྲེགས་པ་དབང་སྡུད་ཅིང་། །ཚར་གཅོད་ལས་ལ་བཀོལ་བའི་ཕྱིར། །བྱིན་རླབས་གནས་པའི་དབང་བསྐུར་བཤད། །གསང་ཞིང་དབེན་པའི་གནས་དག་ཏུ། །སྔར་བཤད་ལས་ཀྱི་ཕོ་བྲང་བཤམས། །ཡོ་བྱད་རྫས་ཀྱི་ཁྱད་པར་ཚོགས། །མ་ལུས་པ་ནི་གཟུང་བར་བྱ། །རྡོ་རྗེ་འཆང་བ་རྗེས་འབྲངས་བཅས། །མཚན་ཉིད་ལྡན་པ་མངོན་སུམ་སྦྱར། །དུས་ཀྱི་གྲངས་དང་མཚན་མའི་རྟགས། །བསྙེན་པ་ལུང་བཞིན་བརྩོན་པར་འབད། །གཟུགས་བརྙན་བདག་པོ་སློབ་མ་རྣམས། །ཁྱད་པར་གནས་པའི་སྟ་གོན་བྱ། །བྲིས་དང་བརྐོས་ལ་སོགས་པ་ཡི། །སྡེ་དཔོན་རྣམས་ཀྱི་གཟུགས་བརྙན་དག །ཕུར་པ་གྲངས་དང་མཉམ་པར་དགྲམ། །གཞན་ཡང་བུམ་པ་མཆོད་གཏོར་དང་། །དུག་གཏོར་ཐུན་གཏེར་ཐུན་རྫས་དང་། །ཤ་ཁྲག་བཤོས་དང་བཟའ་བཏུང་ཚོགས། །རྒྱལ་མཚན་བ་དན་མདའ་དང་གཞུ། །དཔའ་བའི་ཆས་དང་རོལ་མོའི་སྒྲ། །རབ་ཏུ་བསྟར་ཞིང་མཛེས་པར་བཤམས། །རྡོ་རྗེ་འཛིན་པ་ཏིང་འཛིན་བསར། །ལས་ཀྱི་རྒྱལ་པོས་མཆོད་བསྟོད་བྱ། །རྒྱུ་དང་མདངས་ཀྱིས་ཐུགས་དམ་བསྐང་། །བཤགས་དྲལ་གཅུགས་སྤྱད་དབབ་པར་བྱ། །མོས་ཤིང་སྤྲོ་དགའ་དྭངས་པ་ཡིས། །བདུད་འདུལ་གཙོ་ལ་སྐྱབས་སུ་འགྲོ། །བསྟན་


DNG015_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

པ་བསྲུང་བར་སེམས་བསྐྱེད་དེ། །བླ་མ་སངས་རྒྱས་རྡོ་རྗེ་འཛིན། །ཧེ་རུ་ཀ་དང་གཉིས་མེད་ལ། །གདུག་བྱེད་ལོག་ལྟ་འདུལ་ནུས་པའི། །མཐུ་དབང་ཆེན་པོ་ཞུ་འཚལ་གྱིས། །བརྩེ་བའི་ཐུགས་ཀྱིས་དགོངས་ནས་ནི། །དཀྱིལ་འཁོར་དམ་པར་གཞུག་ཏུ་གསོལ། །ཉོན་ཅིག་སྐལ་ལྡན་རིགས་ཀྱི་བུ། །དུས་གསུམ་སངས་རྒྱས་སྐུ་གསུང་ཐུགས། །གནས་པའི་བསྟན་པ་བསྲུང་བའི་ཕྱིར། །སྤྲོ་བས་འཇུག་པ་ཁྱོད་ལེགས་ཀྱིས། །མངོན་སྤྱོད་བརྟུལ་ཞུགས་དམ་པ་ཡིས། །དམ་ཚིག་ཆེན་པོའི་སར་འདུག་ཅིག །མགོན་པོ་ཧེ་རུ་ཀ་དཔལ་རྗེ། །འདུས་པའི་འཁོར་ཚོགས་བཅས་པ་ཡི། །དྲག་ཤུལ་སྤྱོད་པའི་ཕོ་བྲང་དུ། །མཛེས་པའི་མེ་ཏོག་བདག་འབུལ་གྱིས། །རྡོ་རྗེའི་དམ་ཚིག་འདི་བཞེས་ལ། །དྲེགས་པ་འདུལ་ནུས་དངོས་གྲུབ་སྩོལ། །པྲ་ཏི་གྲྀ་ཧྞ་པུཥྤ་ཧཱུྃ།དཔལ་ལྡན་རྡོ་རྗེ་འཆང་བ་ཡི། །རྗེས་འཇུག་རིགས་ཀྱི་བུ་ཁྱོད་ནི། །ཐོག་མ་མེད་ནས་ད་ལྟའི་བར། །བསྟན་པ་བསྲུང་བའི་སྐལ་ལྡན་ཏེ། །སྡེ་དཔོན་དབང་ཆེན་དཀྱིལ་འཁོར་འདིར། །བསྟན་ལ་རབ་དགའི་སེམས་ཀྱིས་ལྟོས། །བཛྲ་ས་མ་ཡ་མཎྜ་ལ་ཙཀྵུ་པྲ་བེ་ཤ་ཕཊ། རྡོ་རྗེ་བདུད་རྩི་དམ་ཚིག་ཆུ། །འདི་ལས་དུས་གསུམ་འདའ་མི་བྱ། །གྲུབ་པའི་འབྲས་བུ་གཉིས་ཡིན་ཏེ། །ཚུལ་བཞིན་མི་འདའ་བྲོ་དོར་ཅིག །མ་ཧཱ་ས་མ་ཡ་ཨི་དན་ཏི་ན་ར་ཀ་ན་ཥ་བ་མི་ལཾ། རྡོ་རྗེ་འཛིན་པ་བཀའ་དྲིན་ཅན། །ཐུགས་རྗེས་རྟག་ཏུ་བྱིན་བརླབ་ཅིང་། །འདི་ནས་རྫོགས་སངས་རྒྱས་ཀྱི་བར། །མཐུ་སྟོབས་དངོས་གྲུབ་སྩལ་དུ་གསོལ། །བཛྲ་ས་མ་ཡ་ཙིཏྟ་སིདྡྷི་སིདྡྷི་ཧཱུཾ། ཐོག་མའི་སངས་རྒྱས་སྲས་བཅས་ཀྱི། །རྗེས་སུ་བསྒྲུབ་པ་བདག་ཡིན་གྱིས། །འཇིག་རྟེན་འདས་དང་མ་འདས་པའི། །ལྷ་དང་དྲེགས་པ་མཐུ་སྟོབས་ཅན། །གཙོ་དང་འཁོར་དུ་བཅས་རྣམས་ཀྱི། །སྐུ་གསུང་ཐུགས་ཀྱི་དམ་ཚིག་དགོངས། །རྡོ་རྗེ་སློབ་མ་རིག་འཛིན་ལ། །དབང་བསྐུར་དངོས་གྲུབ་སྩོལ་མཛད་ཅིང་། །ནུས་ཆེན་རྟགས་མཚན་བསྟན་དུ་གསོལ། །རྡོ་རྗེ་འཛིན་པ་དཔལ་ལྡན་གྱིས། །ཁྲི་སྟན་ཆེན་པོའི་སྟེང་འདུག་ལ། །སྣོད་ལྡན་སློབ་མ་མདུན་བཞག་སྟེ། །དཀྱིལ་འཁོར་གནས་པའི་བུམ་པ་ཡིས། །སྐུ་གསུང་ཐུགས་སུ་དབང་བསྐུར་བྱ། །གཉེན་པོ་གཙོ་


DNG015_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

དང་གདུལ་བྱའི་ཡུལ། །དྲེགས་ཅན་ཡབ་ཡུམ་འཁོར་བཅས་ཀྱི། །མཛེས་པའི་སྐུ་གཟུགས་སྐུ་ཡི་དབང་། །སོ་སོའི་བསྟོད་ཚིག་སྙིང་པོ་དང་། །སྨོན་ལམ་བཅས་པ་གསུང་གིའོ། །རང་རྒྱུད་གནས་དག་དོན་རྟགས་ཀྱི། །ཆེས་སྐུར་དབང་བསྐུར་ཐུགས་ཀྱི་སྟེ། །རིགས་སྦྱངས་སྟོབས་ལ་ངང་གིས་གསལ། །ཕུར་པ་དྲག་ཤུལ་རྫས་ཀྱི་དབང་། །མཆོད་གཏོར་བཤོས་ཆ་སྐུ་གསུང་ཐུགས། །མ་ལུས་མཉེས་པར་བྱེད་པ་སྟེ། །ཡོ་བྱད་ཚོགས་ཀྱིས་ལོངས་སྤྱོད་སྤེལ། །རྒྱལ་མཚན་བ་དན་སྒྲ་དང་བཅས། །དུས་རྣམས་ཀུན་དུ་མངའ་ཐང་རྒྱས། །ཤ་ཁྲག་དུག་གཏོར་ཐུན་རྫས་རྣམས། །དྲེགས་པའི་སྡེ་དཔོན་དབང་སྡུད་ཅིང་། །ཕོ་ཉ་ཕྲིན་ལས་བསྐུལ་མཛད་དེ། །མངོན་སྤྱོད་གདུག་པ་ཚར་བཅད་དབང་། །འདི་དག་ཀྱང་ནི་གཟུགས་བརྙན་སྒྲ་ཡང་འདྲ། །དོན་ངོ་ཤེས་པས་དབང་བསྐུར་ཏེ། །ཆོས་ཀུན་སྤྱི་དང་དྲེགས་པ་ཡི། །སྡེ་དཔོན་སོ་སོའི་དམ་ཚིག་སྩལ། །ཐུགས་རྗེ་དང་ནི་རྟོགས་པ་ཡིས། །རང་གཞན་དོན་གྱིས་སྒྲོལ་བྱེད་པའི། །དཔག་མེད་དོན་ཆེན་འདིར་འདུས་ཏེ། །ཐ་དད་མི་གནས་གཅིག་ཡིན་ནོ། །གཟུང་དང་འཛིན་པའི་བདག་ཉིད་ཀྱིས། །ཕྱི་ནང་འཁོར་འདས་སོ་སོར་སྣང་། །མ་ལུས་དབང་སྡུད་ཟིལ་གནན་ཕྱིར། །སོ་སོའི་སྙིང་པོ་ཚད་ཀྱིས་བསྡིམ། །ང་རྒྱལ་བརྟན་པོས་མདུན་དུ་བསྒྱེལ། །དོན་སྙིང་ཤ་རུས་ཁྲག་སོགས་བཟའ། །དུག་གསུམ་ཚར་གཅད་དབྱིངས་ནས་དབྱུང་། །གཟུགས་བརྙན་བསྡིམ་ལ་རབ་ཏུ་གསལ། །དབང་བསྡུ་ལས་བཅོལ་གདུལ་བྱའི་ཕྱིར། །ཞབས་འོག་བཅུག་སྟེ་བྲན་བཞིན་བསྒོ། །དམ་ཚིག་རྫས་མཆོད་སྔར་བཞིན་གསོ། །དམ་ཚིག་དབབ་ཅིང་བསྟོད་བསྐུལ་བཅོལ། །འཇིག་རྟེན་ལྷ་སྲིན་ཁྱེད་རྣམས་ཀྱང་། །ང་དང་སངས་རྒྱས་ཐམས་ཅད་ཀྱི། །ཞལ་མཐོང་ལུང་བསྟན་མཆོག་སྩལ་ཀྱང་། །སྲིད་པའི་ས་བོན་ཕྲ་མོ་ཡིས། །ད་རུང་འཇིག་རྟེན་ལས་ལ་སྤྱོད། །རང་རྒྱུད་རྩུབ་མོས་ཕན་གནོད་བྱེད། །ད་ནི་བཀའ་ཡི་དམ་ཚིག་ཟུང་། །མ་འོངས་དུས་ན་བསྒྲུབ་བྱ་དང་། །སྒྲུབ་པར་བྱེད་པ་དེ་དག་ལ། །མཉམ་པར་ཀུན་ལ་དབང་བསྒྱུར་ཏེ། །ཆོས་ཉིད་རིག་པའི་རྒྱལ་པོ་རྫོགས། །ཐེག་མཆོག་མ་འདྲེས་ཅིར་ཡང་སྟོན། །མ་ལུས་


DNG015_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

མྱུར་དུ་རྫོགས་བྱའི་ཕྱིར། །རྒྱལ་ཚབ་སྤྱི་བོར་བཞག་གནས་པ། །ཀུན་ཏུ་བཟང་པོ་ཉིད་འཐོབ་འགྱུར། །ཞེས་བཀའ་སྩལ་ཏོ། །འཇིག་རྟེན་གྱི་སྡེ་དཔོན་ཆེན་པོ་ཉེ་བར་བསྒྲུབ་པའི་རྡོ་རྗེ་དམ་ཚིག་ཆེན་པོའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ལེའུ་སྟེ་བཞི་པའོ།། །།དེ་ནས་རབ་ཏུ་བཤད་བྱ་བ། །དྲེགས་པའི་འཁོར་ཚོགས་མཉེས་བྱའི་ཕྱིར། །མཐུན་རྫས་གཟུགས་ཀྱིས་བསྐང་བ་ནི། །རི་བོའི་རྩེ་འམ་ཆུ་ཡི་མདོ། །འཇིག་རྟེན་དབང་ཆེན་འདུ་གནས་སུ། །སྐལ་མེད་ཡུལ་ལ་མཆོད་སྦྱིན་གཏང་། །ཐོད་མཁར་རེ་མིག་དགུ་བརྩེགས་སམ། །ཡང་ན་གླིང་བཞི་རི་རབ་བརྩིག །འབྲུ་དང་ཤ་ཁྲག་སྣ་ཚོགས་ལ། །རིན་ཆེན་སྤོས་སྨན་མེ་ཏོག་གསལ། །དྲེགས་པའི་བདག་པོ་སོ་སོ་ཡི། །གཟུགས་བརྙན་རང་གི་འཁོར་དང་བཅས། །སྐུ་མདོག་ཕྱག་མཚན་ཡོངས་རྫོགས་ཤིང་། །རང་གི་གདན་ཁྲི་བཞོན་པར་བཅིབས། །རི་རབ་ཐོད་མཁར་ཡང་སྟེང་དུ། །ལྷ་ཆེན་ཡབ་ཡུམ་འཁོར་བཅས་བཞུགས། །བང་རིམ་རེ་མིག་དང་པོ་རུ། །བདུད་དང་གཤིན་རྗེ་སྲིན་པོ་དང་། །གནོད་སྦྱིན་གཟའ་དང་ཀླུ་རྣམས་ཀྱི། །སྡེ་དཔོན་ཡབ་ཡུམ་འཁོར་བཅས་དགོད། །གཉིས་པ་ལ་ནི་དཀར་པོ་དང་། །ནག་མོ་དམར་པོ་ནག་པོ་ཡི། །སྡེ་དཔོན་བཅུ་གཉིས་གནས་སུ་བྱ། །གསུམ་པའི་ཕྱོགས་བཞིར་སྒོ་སྲུང་བཞི། །འཁོར་བཅས་རང་གི་གནས་སུ་དགོད། །ཐ་མ་གསུམ་མམ་བཞི་པ་ལ། །ཕྱི་ནང་གསང་བ་སྦས་པ་དང་། །གབ་པ་གཏེར་དང་དྲག་པོ་སྔགས། །ལས་བྱེད་བཏགས་ཆགས་ལྷ་མ་སྲིན། །སྡེ་བརྒྱད་གཟུགས་བརྙན་གནས་སུ་དགོད། །གཙོ་ཆེན་སོ་སོའི་མཐུན་རྫས་ནི། །རང་གི་གདན་ནམ་བཞོན་པ་ཡི། །སྲོག་ཆགས་གཟུགས་ནི་ལྔ་འམ་བཅུ། །བརྒྱའམ་སྟོང་ངམ་ནུས་ཚད་བྱ། །སྐྱེས་པ་བུད་མེད་གླང་ཆེན་རྟ། །བ་གླང་ར་ལུག་བྱ་དང་ཁྱི། །ལོངས་སྤྱོད་དཀོར་རྫས་སྔར་བཞིན་ནོ། །སྡེ་བརྒྱད་ཕལ་པ་ཀུན་ལ་ནི། །ཤེས་ལྡན་མི་དང་བྱོལ་སོང་སྟེ། །འདབ་ཆགས་གཅན་གཟན་རི་དྭགས་དང་། །ས་ཆུ་གནས་དང་ཕྱུགས་དུད་ཚོགས། །མཐོང་ཐོས་དྲན་པ་རྣམས་ཀྱི་གཟུགས། །ཇི་ལྟར་ནུས་པའི་གྲངས་ཀྱིས་བསྐོར། །འདི་དག་


DNG015_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

སྐོང་བའི་ཡོ་བྱད་དེ། །འགྲོ་བའི་གླུད་དུ་དབུལ་བ་ནི། །རིན་ཆེན་དར་མི་རྒྱན་ལྡན་དང་། །ནམ་མཁའ་སེམས་ཀྱི་གཟུགས་བརྙན་དང་། །སྐུ་གསུང་ཐུགས་ལྡན་ལྗང་བུ་དང་། །ཤིང་གླུད་ཡུལ་མཁར་མཚོན་པ་དང་། །སྐྱེས་པ་བུད་མེད་ཕྱག་ཆ་དང་། །རྒྱལ་མཚན་བ་དན་རུ་མཚོན་རྣམས། །དྲེགས་པ་སོ་སོའི་སྐུ་མདོག་དང་། །མཐུན་པར་གྲངས་མཉམ་གནས་སུ་དགོད། །མཆོད་གཏོར་བཤོས་ཆ་མར་མེ་དང་། །གླིང་ཚད་ཆུང་ངུ་དེ་བཞིན་ནོ། །བཟློག་བསད་དྲག་པོ་ཟོར་གྱི་རྫས། །སྨིན་པའི་ས་ལ་ཟོར་ཕོར་དུ། །གྲུ་གསུམ་མཉམ་བྱས་དུག་ཁྲག་དང་། །ཐུན་རྫས་སྣ་ཚོགས་སྩལ་བ་དང་། །གདུག་པའི་ཤིང་གི་རྩང་ཕུར་དང་། །བྷནྡྷ་དུག་ཐུན་གཏོར་མར་བཅས། །བཞི་བརྒྱ་དྲུག་ཅུ་སུམ་ཅུ་གཉིས། །ཅི་རིགས་སྦྱར་ཏེ་མཛེས་པར་དགོད། །སྟེང་དུ་ཞིང་ལྤགས་གཡང་གཞི་འམ། །དར་ནག་ཚོན་སྐུད་གདུགས་ཀྱིས་དབུལ། །ཐ་མར་རས་བཟང་ཡོལ་བ་དྲེ། །དེ་ནས་རྡོ་རྗེ་འཛིན་པ་ཡིས། །གཙོ་ཆེན་བསྐྱེད་ཅིང་རྫོགས་པ་དང་། །དྲེགས་པ་མཆོད་བསྟོད་མཉེས་བྱས་ནས། །གཟུགས་བརྙན་མཐུན་རྫས་བསྔོ་བ་ནི། །རྣལ་འབྱོར་ཏིང་འཛིན་ང་རྒྱལ་བསར། །བདུད་རྩི་མཆོད་སྐྱེམས་རཀྟས་སྦྲེང་། །ཤ་ཆེན་སྤོས་ཀྱི་དྲི་གསུར་དབུལ། །རྔ་གླིང་རོལ་མོའི་སྒྲ་ཆེན་བསྒྲག །མདའ་ཆེན་བ་དན་ནག་པོས་གཡབ། །ཧཱུཾ་ང་ནི་དཔལ་ཆེན་ཧེ་རུ་ཀ །གདུལ་དཀའ་མ་ལུས་འདུལ་བར་བྱེད། །འཇིག་རྟེན་དྲེགས་པ་ཟས་སུ་ཟ། །ཁམས་གསུམ་སྲིད་གསུམ་ང་ཡི་དབང་། །སྣང་སྲིད་འཁོར་འདས་ང་ཡི་བྲན། །ང་ཡི་བཀའ་བཞིན་འདིར་འདུས་ཤིག །ཉོན་མོངས་དབང་གིས་དྲེགས་པ་ཡི། །ལྷ་བདུད་གཤིན་རྗེ་སྲིན་པོ་དང་། །གནོད་སྦྱིན་གཟའ་ཀླུ་རྒྱལ་པོ་དང་། །གིང་དང་མ་མོ་ལྷ་བཙན་དང་། །རང་གི་སྡེ་དང་གཡོག་ཏུ་བཅས། །དམ་ཚིག་དབང་གིས་གནས་འདིར་བཞུགས། །མཐུན་པའི་རྫས་ཀྱིས་ཐུགས་དམ་བསྐང་། །རི་རབ་ཆེན་པོའི་ཡང་སྟེང་ན། །ལྷ་ཆེན་དབང་ཕྱུག་ཆེན་པོ་བཞེངས། །བཙུན་མོ་ཨུ་མ་དེ་བཱི་བཞེངས། །ན་བཟའ་དར་ནག་བེར་ཆེན་གསོལ། །ཆིབས་སུ་སེང་གེ་གླང་ཆེན་བཅིབས། །ཁྱོད་ཀྱིས་ཆོ་འཕྲུལ་


DNG015_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པ་ནི། །གཡས་ན་ཕོ་རྒྱུད་ཕོ་ཉར་འགྱེད། །གཡོན་ན་མོ་རྒྱུད་ལས་ལ་འཁོལ། །འཁོར་དུ་འཇིག་རྟེན་དྲེགས་པས་བསྐོར། །དམ་ཚིག་དབང་གིས་གནས་འདིར་བཞུགས། །མཐུན་པའི་རྫས་ཀྱིས་ཐུགས་དམ་བསྐང་། །རྩལ་གྱི་རྒྱལ་པོ་སེང་གེ་དང་། །སྟོབས་ཀྱི་རྒྱལ་པོ་གླང་ཆེན་དང་། །ཤེས་ལྡན་མི་དང་ཅང་ཤེས་རྟ། །ཐེག་ཆེན་གླང་དང་འདོད་འཇོའི་བ། །རིན་ཆེན་ལུག་དང་གཙང་ལྡན་ར། །ཐོས་གསང་ཁྱི་དང་མཁའ་ལྡིང་བྱ། །ཁྱེད་ཀྱིས་བཞེད་པའི་དཀོར་དུ་འབུལ། །རིན་ཆེན་རྒྱན་ལྡན་ངར་མི་དང་། །སེམས་ཀྱི་གཟུགས་བརྙན་ནམ་མཁའ་དང་། །སྐུ་གསུང་ཐུགས་ལྡན་ལྗང་བུ་དང་། །ཤིང་གླུད་ཡུལ་མཁར་མཚོན་པ་དང་། །ཕོ་གླུད་མདའ་དང་མོ་གླུད་འཕང་། །རྒྱལ་མཚན་བ་དན་རུ་མཚོན་རྣམས། །ཉིད་ཀྱི་སྐུ་མདོག་དང་མཐུན་པ། །རྣལ་འབྱོར་རྣམས་ཀྱི་གླུད་དུ་འབུལ། །དམ་རྫས་སྦྱར་བའི་མཆོད་གཏོར་དང་། །མཐུན་རྫས་ལྡན་པའི་བཤོས་ཆ་དང་། །སྣང་གསལ་འོད་ལྡན་མར་མེ་དང་། །རྒྱན་ལྡན་མཛེས་པའི་གླིང་ཚད་དང་། །མཛེས་པའི་གཟུགས་དང་སྙན་པའི་སྒྲ། །ཞིམ་པའི་དྲི་དང་བདའ་བའི་རོ། །ཁྱེད་ཀྱི་ཐུགས་དམ་བསྐང་ཕྱིར་འབུལ། །ལྷ་ཆེན་ཡབ་ཡུམ་འཁོར་དང་བཅས། །སྔོན་གྱི་དམ་ཚིག་རྗེས་དགོངས་ཏེ། །མདོས་གླུད་མཐུན་རྫས་བཞེད་པའི་དཀོར། །སྣ་ཚོགས་སྦྱར་བ་འདི་བཞེས་ལ། །སངས་རྒྱས་བསྟན་པ་ཁྱེད་ཀྱིས་སྲུངས། །དཀོན་མཆོག་དབུ་འཕང་ཁྱོད་ཀྱིས་བསྟོད། །རྣལ་འབྱོར་སྐུ་དགྲ་ཁྱོད་ཀྱིས་སྒྲོལ། །སྒྲུབ་པ་པོ་ལ་བར་གཅོད་པའི། །སྟོང་ཕྲག་བརྒྱད་ཅུའི་བགེགས་རིགས་དང་། །བཞི་བརྒྱ་རྩ་བཞིའི་ནད་རྣམས་དང་། །གློ་བུར་གནོད་པ་བརྒྱད་ཅུ་གཅིག །ཡེ་འདྲོག་སུམ་བརྒྱ་དྲུག་ཅུའི་ཚོགས། །དུས་མིན་འཆི་བ་རྣམ་བརྒྱད་དང་། །གཤིས་ངན་གུམ་པ་བཅོ་ལྔ་དང་། །གཟུགས་ཅན་དགྲ་དང་གཟུགས་མེད་བགེགས། །རྨི་ལམ་མཚན་ལྟས་ངན་པ་རྣམས། །ཞི་དང་བསལ་དང་བཟློག་པ་དང་། །གདུལ་དང་ཚར་གཅོད་ལས་མཛོད་ཅིག །རི་རབ་ཆེན་པོའི་ཤར་ཕྱོགས་ནས། །སྲིད་པའི་རྒྱལ་པོ་སྐོས་རྗེ་ནི། །


DNG015_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྣམས་ཀུན་གྱི་སྡེ་དཔོན་བཞེངས། །ན་བཟའ་མཐིང་ནག་བེར་ཆེན་གསོལ། །རལ་པ་ནག་པོ་མུན་ལྟར་གཏིབ། །སྤྱན་མིག་ཉི་ཟླ་འཁྱིལ་པ་འདྲ། །རྣོ་དབལ་མཆེ་བ་ཟླ་ཚེས་གཙིགས། །སྨ་ར་ཁམ་ནག་སྲིད་རྩེར་འབར། །ཆིབས་སུ་བདུད་རྟ་ནག་པོ་བཅིབས། །ཁྱོད་ཀྱིས་ཆོ་འཕྲུལ་སྟོན་པ་ནི། །ཁྲམ་ཐོགས་བདུད་སྡེ་གཡས་ནས་རོལ། །ཤོ་ཐོགས་རྩིས་པ་གཡོན་ནས་འགྱེད། །སྣང་སྲིད་ཕོ་བདུད་ཁྱོད་ཀྱི་འཁོར། །དམ་ཚིག་དབང་གིས་གནས་འདིར་བཞུགས། །མཐུན་པའི་རྫས་ཀྱིས་ཐུགས་དམ་བསྐང་། །ཤུགས་ལྡན་རྟ་ནག་ལ་སོགས་པ། །ཁྱོད་ཀྱི་བཞེད་པའི་དཀོར་དུ་འབུལ། །རིན་ཆེན་དར་མི་ལ་སོགས་པ། །རྣལ་འབྱོར་རྣམས་ཀྱི་གླུད་དུ་འབུལ། །དམ་རྫས་མཆོད་གཏོར་ལ་སོགས་རྣམས། །ཁྱེད་ཀྱི་ཐུགས་དམ་བསྐང་ཕྱིར་འབུལ། །སྲིད་པའི་བདུད་རྗེ་འཁོར་བཅས་ཀྱིས། །སྔོན་གྱི་དམ་ཚིག་རྗེས་དགོངས་ལ། །ཇི་ལྟར་བཅོལ་བའི་ལས་མཛོད་ཅིག །བདུད་མོ་ཆེན་མོ་རེ་མ་ཏི། །མ་བདུད་ཀུན་གྱི་སྡེ་དཔོན་བཞེངས། །དཔལ་ལྡན་ལྷ་མོ་འཇིགས་གཟུགས་ཅན། །ནག་མོ་ཤ་བཟློག་བདུད་ཀྱི་མ། །སྐུ་ལ་མཐིང་ནག་བེར་ཆེན་གསོལ། །ཆིབས་སུ་བོང་བུ་གྭ་དམར་བཅིབས། །ཁྱོད་ཀྱི་ཆོ་འཕྲུལ་བསྟན་པ་ནི། །མ་བདུད་འབུམ་ཕྲག་ཕོ་ཉར་འགྱེད། །ནག་མོ་སྟོང་སྡེ་ལས་ལ་འཛུད། །སྣང་སྲིད་བདུད་མོ་ཁྱོད་ཀྱི་འཁོར། །དམ་ཚིག་དབང་གིས་གནས་འདིར་བྱོན། །ཅང་ཤེས་བོང་བུ་ལ་སོགས་པ། །མཐུན་པའི་རྫས་ཀྱིས་ཐུགས་དམ་བསྐང་། །སྲིད་པའི་མ་མོ་འཁོར་བཅས་ཀྱིས། །ཇི་ལྟར་བཅོལ་བའི་ཕྲིན་ལས་མཛོད། །རི་རབ་ཆེན་པོའི་ལྷོ་ཕྱོགས་ནས། །གཤིན་རྗེ་ཡ་མ་རཱ་ཛ་སྟེ། །གཤིན་རྗེའི་ཚོགས་ཀྱི་སྡེ་དཔོན་བཞེངས། །སྐུ་མདོག་ནག་པོ་རལ་པ་ཅན། །གདུག་པའི་ཐོད་སྦྲུལ་གཡང་གཞིའི་བརྒྱན། །གཅན་གཟན་གདུག་པའི་པགས་པས་དཀྲིས། །ཤ་ཟའི་མགོ་བཅད་ཐོད་དུ་བཅིངས། །ཞལ་བགྲད་མཆེ་བ་རབ་ཏུ་གཙིགས། །མ་ཧེ་ནག་པོ་ཆིབས་སུ་བཅིབས། །ཁྱོད་ཀྱིས་ཆོ་འཕྲུལ་བསྟན་པ་ནི། །


DNG015_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་རྗེ་ཕོ་མོ་ཕོ་ཉར་འགྱེད། །འཆི་བདག་གཤིན་རྗེའི་བཙུན་མོ་ནི། །གསོད་བྱེད་མོན་མོའི་ཚུལ་འཛིན་ཅིང་། །གཤིན་རྗེ་མོ་ཡི་སྡེ་དཔོན་བཞེངས། །ཟ་བྱེད་དུར་ཁྲོད་ཆས་ཀྱིས་བརྒྱན། །གཡང་གཞི་ནག་པོ་སྐུ་ལ་གསོལ། །ཆུ་གླང་ནག་པོ་ཆིབས་སུ་བཅིབས། །ཁྱོད་ཀྱི་ཆོ་འཕྲུལ་བསྟན་པ་ནི། །ཡི་དྭགས་ཕོ་མོ་ལས་ལ་འཛུད། །སྣང་སྲིད་གཤིན་རྗེ་ཁྱོད་ཀྱི་འཁོར། །དམ་ཚིག་དབང་གིས་གནས་འདིར་བཞུགས། །མ་ཧེ་ཆུ་གླང་ལ་སོགས་པ། །མཐུན་པའི་རྫས་ཀྱིས་ཐུགས་དམ་བསྐང་། །གཤིན་རྗེ་ཕོ་མོ་འཁོར་དང་བཅས། །ཇི་ལྟར་བཅོལ་བའི་ཕྲིན་ལས་མཛོད། །རི་རབ་ཆེན་པོའི་ནུབ་ཕྱོགས་ནས། །སྲིན་པོ་ནག་པོ་གློག་ཕྲེང་ཅན། །སྲིན་པོའི་ཚོགས་ཀྱི་སྡེ་དཔོན་བཞེངས། །སྐུ་མདོག་མཐིང་ནག་འབར་བ་ལ། །གློག་དང་འོད་ཀྱི་ཕྲེང་བས་བརྒྱན། །འབྲུག་ཆེན་འུར་བ་ཆིབས་སུ་བཅིབས། །ཁྱོད་ཀྱི་ཆོ་འཕྲུལ་བསྟན་པ་ནི། །སྲིན་པོ་འབུམ་ཕྲག་ཕོ་ཉར་འགྱེད། །སྲིན་མོ་གསོད་བྱེད་ལས་ལ་འཛུད། །གཅན་གཟན་གདུག་པ་ཕྱི་ནས་རོལ། །འཁོར་དུ་སྣང་སྲིད་སྲིན་པོས་བསྐོར། །སྲིན་མོ་སྦལ་མགོ་ཁྲག་མིག་མ། །སྲིན་མོ་རྣམས་ཀྱི་སྡེ་དཔོན་བཞེངས། །སྐུ་མདོག་དམར་ནག་འཇིགས་སུ་རུང་། །ལུས་ལ་ཁྲག་གི་ལབ་ནག་གསོལ། །རུས་སྦལ་དཀར་པོའི་ཐོར་ཚུགས་ཅན། །ཆིབས་སུ་རྔ་བོང་གདོང་དྲུག་བཅིབས། །ཁྱོད་ཀྱིས་ཆོ་འཕྲུལ་བསྟན་པ་ནི། །སྲིན་མོ་ཁ་འབར་ཕོ་ཉར་འགྱེད། །གདོང་སྲིན་ནག་མོ་ལས་ལ་འཛུད། །སྣང་སྲིད་སྲིན་མོའི་འཁོར་དང་བཅས། །སྲོག་གཅོད་སྲིན་པོ་ཡབ་ཡུམ་འཁོར། །དམ་ཚིག་དབང་གིས་གནས་འདིར་བཞུགས། །འབྲུག་སྔོན་རྔ་མོ་ལ་སོགས་པའི། །མཐུན་པའི་རྫས་ཀྱིས་ཐུགས་དམ་བསྐང་། །སྲིན་པོ་ཕོ་མོ་འཁོར་དང་བཅས། །ཇི་ལྟར་བཅོལ་བའི་ཕྲིན་ལས་མཛོད། །རི་རབ་ཆེན་པོའི་བྱང་ཕྱོགས་ནས། །གནོད་སྦྱིན་ཡཀྵ་མེ་དབལ་ཅན། །གནོད་སྦྱིན་ཀུན་གྱི་སྡེ་དཔོན་བཞེངས། །སྐུ་མདོག་མཐིང་སྔོན་འབར་བ་ལ། །མེ་དཔུང་འཚུབས་མ་ན་བཟར་གསོལ། །སྟག་སེང་རྔམ་པ་ཆིབས་སུ་


DNG015_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

བཅིབས། །ཁྱོད་ཀྱི་ཆོ་འཕྲུལ་སྟོན་པ་ནི། །གཡས་ནས་མེ་འབར་ཡ་ལ་ལ། །གཡོན་ནས་དུད་འཐུལ་ཕྱུ་རུ་རུ། །གནོད་སྦྱིན་སྟོང་སྡེ་ཕོ་ཉར་འགྱེད། །ཞུབ་ཅན་འབུམ་སྡེ་ལས་ལ་འཛུད། །འཇིག་རྟེན་གནོད་སྦྱིན་འཁོར་གྱིས་བསྐོར། །གནོད་སྦྱིན་ཆེན་མོ་གློག་ལེན་མ། །གནོད་སྦྱིན་བུ་མོ་གདུག་པ་ཅན། །ནག་མོ་རྡོ་རྗེ་ལྕགས་མཆུ་ཁྱུང་ཡང་མ། །སྙན་ཆ་རིན་ཆེན་ནེ་ལེས་མཚན། །སྐུ་ལ་ཝ་སྟྲ་ནག་པོ་གསོལ། །ཆིབས་སུ་ལྕགས་ཀྱི་ཕག་མོ་བཅིབས། །ཁྱོད་ཀྱི་ཆོ་འཕྲུལ་སྟོན་པ་ནི། །ནོར་འཛིན་མོ་ནི་ཕོ་ཉར་འགྱེད། །གློ་མོན་ནག་མོ་ལས་ལ་འཛུད། །གནོད་སྦྱིན་མོ་ནི་འབུམ་སྡེས་བསྐོར། །ཤན་པ་གནོད་སྦྱིན་ཡབ་ཡུམ་འཁོར། །དམ་ཚིག་དབང་གིས་གནས་འདིར་བཞུགས། །སྟག་སེང་ཕག་མོ་ལ་སོགས་པའི། །མཐུན་པའི་རྫས་ཀྱིས་ཐུགས་དམ་བསྐང་། །གནོད་སྦྱིན་ཕོ་མོ་འཁོར་དང་བཅས། །ཅི་ལྟར་བཅོལ་བའི་ཕྲིན་ལས་མཛོད། །རི་རབ་ཆེན་པོའི་སྟེང་ཕྱོགས་ནས། །གཟའ་བདུད་ཆེན་པོ་མི་བཟད་པ། །མིང་ནི་ཁྱབ་འཇུག་རཱ་ཧུ་ལ། །གཟའ་བདུད་ཆེན་པོའི་སྡེ་དཔོན་བཞེངས། །མགོ་དགུ་སྨད་སྦྲུལ་མིག་མང་ལུས། །ཆིབས་སུ་འབྲུག་ཆེན་གློག་འགྱུ་བཅིབས། །ཁྱོད་ཀྱིས་ཆོ་འཕྲུལ་བསྟན་པ་ནི། །འབྲུག་སྒྲ་སྟོང་གསུམ་ལྡི་རི་རི། །ནམ་མཁར་གློག་འོད་ཁྱུགས་སེ་ཁྱུག །གཟའ་ཕྲན་རྒྱུ་སྐར་ཕོ་ཉར་འགྱེད། །ཐོག་སེར་ཀི་ཀང་དྲག་ཏུ་འབེབས། །གཟའ་བདུད་སྟོང་གི་འཁོར་གྱིས་བསྐོར། །གནམ་སྨན་ཐོག་གི་བུ་ཡུག་མ། །གདོང་མོ་རྣམས་ཀྱི་སྡེ་དཔོན་བཞེངས། །སྐུ་མདོག་དམར་སྐྱ་མཛེས་པ་ལ། །ན་བཟའ་གོ་ཟུ་མཛེས་པ་གསོལ། །འབྲུག་སྒྲ་གློག་གི་འོད་ལ་ཞོན། །ཁྱོད་ཀྱིས་ཆོ་འཕྲུལ་བསྟན་པ་ནི། །གཟའ་ཆེན་ཉི་ཟླ་ཀླད་ལ་འཁོར། །རྒྱུ་སྐར་ཚོགས་ནི་ཞལ་ལ་འཆར། །ལྷ་སྨན་འབུམ་ནི་ཕོ་ཉར་འགྱེད། །གདོང་ཟོར་མ་མོ་ལས་ལ་འཛུད། །ཟོར་གདོང་སྲིན་མོའི་འཁོར་གྱིས་བསྐོར། །གཟའ་གདོང་གནམ་སྨན་ཡབ་ཡུམ་འཁོར། །དམ་ཚིག་དབང་གིས་གནས་འདིར་བཞུགས། །འབྲུག་ཆེན་འུར་བ་ལ་སོགས་པའི། །མཐུན་པའི་རྫས་ཀྱིས་ཐུགས་དམ་བསྐང་། །གཟའ་


DNG015_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་གདོང་མོ་སྨན་དང་བཅས། །ཇི་ལྟར་བཅོལ་བའི་ཕྲིན་ལས་མཛོད། །རི་རབ་ཆེན་པོའི་འོག་ཕྱོགས་ནས། །ཀླུ་བདུད་ནག་པོ་མགོ་དགུ་པ། །ཀླུ་རྣམས་ཀུན་གྱི་སྡེ་དཔོན་བཞེངས། །སྐུ་སྟོད་དུད་ཀ་ནག་པོ་ལ། །ཚ་བའི་འབུ་སྲིན་ཉི་ལི་ལི། །སྐུ་སྨད་དུག་སྦྲུལ་ནག་པོ་ལས། །གྲང་བའི་སྦལ་ལྕོང་ཁྲ་ལ་ལ། །ཆིབས་སུ་ཆུ་སྲིན་མགོ་དགུ་བཅིབས། །ཁྱོད་ཀྱི་ཆོ་འཕྲུལ་བསྟན་པ་ནི། །ཀླུ་རྒྱལ་སྟོང་ནི་ཕོ་ཉར་འགྱེད། །ཀླུ་བྲན་འབུམ་ནི་ལས་ལ་འཛུད། །ཀླུ་བདུད་གདུག་པའི་འཁོར་གྱིས་བསྐོར། །ཀླུ་མོ་ཡཀྴ་ནག་མོ་ནི། །ཀླུ་བདུད་མོ་ཡི་སྡེ་དཔོན་བཞེངས། །སྐུ་མདོག་དུད་ཁ་འཇིགས་བག་ཅན། །སྦྲུལ་ནག་གཤིབས་པའི་རལ་པ་ལས། །མཛེ་དང་ཤུ་བའི་ཚ་ཚ་འཕྲོ། །སྦྲུལ་གྱི་ཐུལ་བ་ན་བཟར་གསོལ། །སྦལ་སྦྲུལ་ཉེའུ་ཐར་ར་ར། །རུས་སྦལ་ནག་པོ་ཆིབས་སུ་བཅིབས། །ཁྱོད་ཀྱིས་ཆོ་འཕྲུལ་བསྟན་པ་ནི། །ཀླུ་རིགས་ལྔ་ཡི་སྤྲུལ་པ་འགྱེད། །ས་བདག་གདུག་པའི་ཕོ་ཉ་གཏོང་། །སྣང་སྲིད་ཀླུ་མོའི་འཁོར་དང་བཅས། །གདུག་པ་ཀླུ་བདུད་ཡབ་ཡུམ་འཁོར། །དམ་ཚིག་དབང་གིས་གནས་འདིར་བཞུགས། །ཆུ་སྲིན་རུས་སྦལ་ལ་སོགས་པའི། །མཐུན་པའི་རྫས་ཀྱིས་ཐུགས་དམ་བསྐང་། །ཀླུ་བདུད་ཕོ་མོ་ཡབ་ཡུམ་འཁོར། །ཇི་ལྟར་བཅོལ་བའི་ཕྲིན་ལས་མཛོད། །རི་རབ་ཆེན་པོ་མཛེས་པ་ཡི། །བང་རིམ་གཉིས་པའི་ཤར་ཕྱོགས་ལ། །གནོད་སྦྱིན་རྒྱལ་པོ་གང་བ་བཟང་། །སྲིད་པ་ལྷ་ཡི་སྡེ་དཔོན་བཞེངས། །མདོག་དཀར་རལ་ཀ་འབར་བ་གསོལ། །ལྷ་གཡག་དཀར་པོ་ཆིབས་སུ་བཅིབས། །ཁྱོད་ཀྱི་ཆོ་འཕྲུལ་བསྟན་པ་ནི། །གནོད་སྦྱིན་སྟོང་ནི་ཕོ་ཉར་འགྱེད། །ལྷ་དམག་འབུམ་ནི་ལས་ལ་འཛུད། །བ་དན་ཅན་ནི་གཡས་ནས་རོལ། །གོ་མཚོན་ཅན་ནི་གཡོན་ནས་རོལ། །གནོད་སྦྱིན་ལྷ་ཡི་འཁོར་དང་བཅས། །སྐྱེས་བུ་རྣལ་རྒྱལ་ཆེན་པོ་ནི། །རྒྱལ་ཕྲན་ཀུན་གྱི་སྡེ་དཔོན་བཞེངས། །ན་བཟའ་དར་ཟབ་བེར་ཆེན་གསོལ། །རྟ་དཀར་རྔོག་དམར་ཆིབས་སུ་བཅིབས། །ཁྱོད་ཀྱིས་ཆོ་འཕྲུལ་བསྟན་པ་ནི། །རྒྱལ་


DNG015_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲན་སྟོང་སྡེ་ཕོ་ཉར་འགྱེད། །གྲོང་རྒྱུ་ཕྲ་མོ་ལས་ལ་འཛུད། །ཐེ་རྒྱལ་ཕྲ་མོའི་འཁོར་དང་བཅས། །སྤྱི་བདུད་རྒྱལ་པོ་གུ་རུམ་ཙེ། །མི་མ་ལྷ་ཡི་རྗེ་དཔོན་བཞེངས། །སྐུ་སྟོད་རྒྱ་བྱའི་སླག་པ་གསོལ། །འབུམ་བྱེ་སྨད་ཀྱི་ཤམ་ཐབས་ཅན། །དབུ་ལ་ཤེལ་རྨོག་དཀར་པོ་གསོལ། །ཆིབས་སུ་རྡོ་རྟ་གྲོ་བོ་བཅིབས། །ཁྱེད་ཀྱིས་ཆོ་འཕྲུལ་བསྟན་པ་ནི། །སྲིད་པའི་ཁྱུང་ཆེན་ཀླད་ན་ལྡིང་། །སྟག་སེང་ངར་མ་ཕྱི་ནས་རོལ། །སྟོང་དཔོན་མཆེད་ལྔ་ཕོ་ཉར་འགྱེད། །མ་སང་སྤུན་དགུ་ལས་ལ་འཛུད། །ལྷ་མ་སྲིན་གྱི་འཁོར་དང་བཅས། །སྐྱེས་བུ་དཀར་པོ་སྡེ་གསུམ་ཡང་། །དམ་ཚིག་དབང་གིས་གནས་འདིར་བཞུགས། །གནམ་རུ་རྟ་དཀར་གྲོ་བོ་སོགས། །མཐུན་པའི་རྫས་ཀྱིས་ཐུགས་དམ་བསྐང་། །དཀར་པོ་སྡེ་གསུམ་འཁོར་དང་བཅས། །ཇི་ལྟར་བཅོལ་བའི་ཕྲིན་ལས་མཛོད། །བང་རིམ་གཉིས་པའི་ལྷོ་ཕྱོགས་སུ། །མ་ཆེན་སྲིད་པའི་རྒྱལ་མོ་ནི། །སྣང་སྲིད་མ་མོའི་སྡེ་དཔོན་བཞེངས། །ན་བཟའ་དར་ནག་གོ་ཟུ་གསོལ། །ཆིབས་སུ་འབྲུག་མོ་ཡིད་མགྱོགས་བཅིབས། །ཁྱོད་ཀྱིས་ཆོ་འཕྲུལ་བསྟན་པ་ནི། །ཚོགས་ཀྱི་རྗེ་མོ་ཕོ་ཉར་འགྱེད། །སྨན་མོ་ལྔ་བཅུ་རྩ་བརྒྱད་འཁོལ། །སྣང་སྲིད་མ་མོའི་ཚོགས་ཀྱིས་བསྐོར། །ཨེ་ཀ་ཛ་ཏི་རལ་གཅིག་མ། །བཀའ་ཡི་སྲུང་མའི་སྡེ་དཔོན་ཏེ། །ན་བཟའ་མཐིང་ནག་བེར་ཆེན་གསོལ། །ཆིབས་སུ་དྲིལ་རྟ་ནག་པོ་བཅིབས། །ཁྱོད་ཀྱིས་ཆོ་འཕྲུལ་བསྟན་པ་ནི། །སྲིན་མོ་ནག་མོ་ཕོ་ཉར་འགྱེད། །དཔལ་མོ་ནག་མོ་ལས་ལ་འཁོལ། །མོན་མོ་ནག་མོ་སྣ་ཚོགས་སྤྲུལ། །ནག་སྨུག་འབུམ་གྱི་འཁོར་གྱིས་བསྐོར། །དཔལ་ལྡན་ལྷ་མོ་མགྱོགས་བྱེད་མ། །མཁའ་འགྲོའི་ཚོགས་ཀྱི་སྡེ་དཔོན་བཞེངས། །ན་བཟའ་མཐིང་ནག་གོ་ཟུ་གསོལ། །ཆིབས་སུ་སོ་བྱ་རོག་པོ་བཅིབས། །ཁྱོད་ཀྱི་ཆོ་འཕྲུལ་སྟོན་པ་ནི། །རིགས་ཀྱི་མཁའ་འགྲོ་ཕོ་ཉར་འགྱེད། །སྣ་ཚོགས་མཁའ་འགྲོ་ལས་ལ་འཛུད། །སྣང་སྲིད་མཁའ་འགྲོའི་འཁོར་གྱིས་བསྐོར། །དཔལ་ལྡན་ནག་མོ་སྡེ་


DNG015_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཡང་། །དམ་ཚིག་དབང་གིས་གནས་འདིར་བཞུགས། །འབྲུག་དང་དྲེའུ་རྟ་སོ་བྱ་སོགས། །མཐུན་པའི་རྫས་ཀྱིས་ཐུགས་དམ་བསྐང་། །ནག་མོ་སྡེ་གསུམ་འཁོར་དང་བཅས། །ཇི་ལྟར་བཅོལ་བའི་ཕྲིན་ལས་མཛོད། །བང་རིམ་གཉིས་པའི་ནུབ་ཕྱོགས་ནས། །སྐྱེས་བུ་རྡོ་རྗེ་བདུད་འདུལ་ནི། །གནོད་སྦྱིན་རུ་དྲའི་སྡེ་དཔོན་བཞེངས། །ན་བཟའ་མཐིང་ནག་བེར་ཆེན་གསོལ། །རལ་པ་ནག་པོ་མུན་ལྟར་གཏིབས། །ཆིབས་སུ་དྲེའུ་རྟ་ནག་པོ་བཅིབས། །ཁྱེད་ཀྱིས་ཆོ་འཕྲུལ་བསྟན་པ་ནི། །ཞིང་ལྤགས་བགོས་པ་ཕོ་ཉར་འགྱེད། །རལ་ཆས་བགོས་པ་ལས་ལ་འཛུད། །སྣང་སྲིད་རུ་དྲའི་འཁོར་གྱིས་བསྐོར། །བཙན་རྒྱལ་སྲོག་ཟན་དམར་པོ་ནི། །སྲིད་པ་བཙན་གྱི་སྡེ་དཔོན་བཞེངས། །སྐུ་ལ་དར་དམར་རལ་ག་གསོལ། །ཆིབས་སུ་རྟ་དམར་གློག་འགྱུ་བཅིབས། །དབུ་ལ་བསེ་རྨོག་དམར་པོ་གསོལ། །ཁྱོད་ཀྱིས་ཆོ་འཕྲུལ་སྟོན་པ་ནི། །བཙན་པོ་ཁ་བཞི་ཕོ་ཉར་འགྱེད། །མགྱོགས་པའི་སྡེ་བརྒྱད་ལས་ལ་འཛུད། །སྣང་སྲིད་དྲེགས་པ་བཙན་གྱིས་བསྐོར། །སྐྱེས་བུ་ཡབ་ཤུད་དམར་པོ་ནི། །རྒྱལ་འགོང་རྣམས་ཀྱི་སྡེ་དཔོན་བཞེངས། །སྐུ་ལ་ཟབ་དམར་བེར་ཆེན་གསོལ། །ཆིབས་སུ་རྟ་དམར་ཡིད་མགྱོགས་བཅིབས། །ཁྱོད་ཀྱིས་ཆོ་འཕྲུལ་བསྟན་པ་ནི། །གཡས་ན་བྲོ་བརྡུང་ཆི་ལི་ལི། །གཡོན་ན་བཤུད་གླུ་ཀྱུ་རུ་རུ། །རྟ་ཞོན་སྟོང་ནི་ཕྱི་ནས་འབྲང་། །སྲིད་པའི་བཙན་འགོང་འཁོར་དང་བཅས། །སྐྱེས་བུ་དམར་པོ་སྡེ་གསུམ་ནི། །དམ་ཚིག་དབང་གིས་གནས་འདིར་བཞུགས། །དྲེའུ་ནག་རྟ་དམར་ལ་སོགས་པའི། །མཐུན་པའི་རྫས་ཀྱིས་ཐུགས་དམ་བསྐང་། །དམར་པོ་སྡེ་གསུམ་འཁོར་དང་བཅས། །ཇི་ལྟར་བཅོལ་བའི་ཕྲིན་ལས་མཛོད། །བང་རིམ་གཉིས་པའི་བྱང་ཕྱོགས་ན། །བི་ནཱ་ཡ་ཀ་བགེགས་ཀྱི་རྒྱལ། །ལོག་འདྲེན་ཀུན་གྱི་སྡེ་དཔོན་བཞེངས། །ན་བཟའ་མཐིང་ནག་བེར་ཆེན་གསོལ། །ཆིབས་སུ་རྟ་ནག་མགྱོགས་པ་བཅིབས། །ཁྱོད་ཀྱིས་ཆོ་འཕྲུལ་བསྟན་པ་ནི། །རྒྱལ་ཆེན་བཞི་ནི་ཕོ་ཉར་འགྱེད། །ཕྱོགས་སྐྱོང་ཚོགས་


DNG015_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ལས་ལ་འཛུད། །སྣང་སྲིད་བགེགས་ཀྱི་ཚོགས་ཀྱིས་བསྐོར། །དབང་ཕྱུག་གུ་ལང་ནག་པོ་ནི། །མུ་སྟེགས་ཚོགས་ཀྱི་སྡེ་དཔོན་བཞེངས། །ན་བཟའ་མཐིང་ནག་བེར་ཆེན་གསོལ། །ཆིབས་སུ་སྟག་སེང་མ་ཧེ་བཅིབས། །ཁྱོད་ཀྱིས་ཆོ་འཕྲུལ་བསྟན་པ་ནི། །ས་གཞི་ཀུན་ནི་དམག་གིས་འགེངས། །བར་སྣང་མཚོན་དང་དར་གྱིས་བཀང་། །ནམ་མཁའ་གློག་དང་འོད་ཀྱིས་འགེངས། །གཅན་གཟན་འདབ་ཆགས་རྒྱུགས་ཤིང་ལྡིང་། །མུ་སྟེགས་ནག་པོའི་འཁོར་གྱིས་བསྐོར། །དམུ་བདུད་ནག་པོ་བཀྲག་མེད་ནི། །དམུ་བདུད་ནག་པོའི་སྡེ་དཔོན་བཞེངས། །ན་བཟའ་མཐིང་ནག་བེར་ཆེན་གསོལ། །ཆིབས་སུ་དམུ་རྟ་ནག་པོ་བཅིབས། །ཁྱོད་ཀྱིས་ཆོ་འཕྲུལ་བསྟན་པ་ནི། །དམུ་བདུད་འབུམ་ཕྲག་ཕོ་ཉར་འགྱེད། །དམུ་བྲན་སྟོང་སྡེ་ལས་ལ་འཛུད། །སྣང་སྲིད་དམུ་ཡི་འཁོར་གྱིས་བསྐོར། །སྐྱེས་མཆོག་ནག་པོ་སྡེ་གསུམ་ཡང་། །དམ་ཚིག་དབང་གིས་གནས་འདིར་བཞུགས། །སྟག་སེང་མ་ཧེ་ལ་སོགས་པ། །མཐུན་པའི་རྫས་ཀྱིས་ཐུགས་དམ་བསྐང་། །ཕྱི་རོལ་ནག་པོའི་ཚོགས་དང་བཅས། །ཇི་ལྟར་བཅོལ་བའི་ཕྲིན་ལས་མཛོད། །རི་རབ་ཆེན་པོ་མཛེས་པ་ཡི། །བང་རིམ་གསུམ་པའི་ཤར་ཕྱོགས་ནས། །ཚངས་པ་དཀར་པོ་སྲོག་གི་བདག །ལྷ་ཆེན་གིང་གི་སྡེ་དཔོན་བཞེངས། །སྲིད་པ་གསུམ་དུ་མྱུར་མགྱོགས་ཅན། །སྐུ་ལ་བྱ་རྒོད་ཐུལ་པ་གསོལ། །ཆིབས་སུ་སེང་གེ་དཀར་མོ་བཅིབས། །ཁྱོད་ཀྱིས་ཆོ་འཕྲུལ་སྟོན་པ་ནི། །གིང་ཆེན་བཅོ་བརྒྱད་ཕོ་ཉར་འགྱེད། །གིང་བདུད་ཕོ་མོ་ལས་ལ་འཁོར། །མི་རྟ་ར་ལུག་བྱ་དང་ཁྱི། །སྟག་དང་བྱ་རྒོད་ལ་སོགས་པའི། །མཐུན་པའི་རྫས་ཀྱིས་ཐུགས་དམ་བསྐང་། །བང་རིམ་གསུམ་པའི་ལྷོ་ཕྱོགས་ནས། །གནོད་སྦྱིན་རྒྱལ་པོ་ནོར་གྱི་བདག །སྐུ་ལ་དོམ་གྱི་སླག་པ་གསོལ། །ཆིབས་སུ་བན་གླང་སྣ་རིང་བཅིབས། །ཁྱོད་ཀྱིས་ཆོ་འཕྲུལ་སྟོན་པ་ནི། །སྐྱེས་པ་བརྒྱ་དང་བུད་མེད་བརྒྱ། །ཉན་ཐོས་རྡོ་རྗེ་སྔགས་པས་བསྐོར། །འབག་སེང་མོན་བུ་བསམ་མི་ཁྱབ། །སྟག་སེང་བན་གླང་སྤྲ་དང་


DNG015_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲེའུ། །མཐུན་པའི་རྫས་ཀྱིས་ཐུགས་དམ་བསྐང་། །བང་རིམ་གསུམ་པའི་ནུབ་ཕྱོགས་ནས། །རྡོ་རྗེ་མཛེས་པ་ཞེས་བྱ་བ། །འཇིག་རྟེན་ལྷ་ཡི་སྡེ་དཔོན་བཞེངས། །སྐྱིན་ཐང་ཤེལ་གྱི་ན་བཟའ་གསོལ། །ར་དཀར་གནམ་རུ་ཆིབས་སུ་བཅིབས། །ཁྱོད་ཀྱིས་ཆོ་འཕྲུལ་བསྟན་པ་ནི། །འཛིན་གིང་བཞི་བཅུ་ཕོ་ཉར་འགྱེད། །ཐེ་བྲང་སྟོང་སྡེ་ལས་ལ་འཛུད། །ཙ་ར་རྒྱ་པོ་ལ་སོགས་པའི། །མཐུན་པའི་རྫས་ཀྱིས་ཐུགས་དམ་བསྐང་། །བང་རིམ་གསུམ་པའི་བྱང་ཕྱོགས་ནས། །ལྷ་ཆེན་ནག་པོ་ཆེན་པོ་ནི། །བསྟན་པ་བསྲུང་བའི་སྡེ་དཔོན་བཞེངས། །ན་བཟའ་ལྗང་ནག་བེར་ཆེན་གསོལ། །ཆིབས་སུ་བདུད་རྟ་བྲ་ནག་བཅིབས། །ཁྱོད་ཀྱིས་ཆོ་འཕྲུལ་བསྟན་པ་ནི། །ལྷ་དམག་ཚོགས་ཀྱི་དབུགས་འབྱིན་ཅིང་། །ལྷ་མིན་གཡུལ་ངོ་རབ་ཏུ་བཟློག །ཕྱོགས་སྐྱོང་དཔལ་མགོན་ལས་ལ་འཛུད། །མི་རྟ་ར་ལུག་བྱ་དང་ཁྱི། །ནག་པོའི་ཚོགས་ཀྱིས་ཐུགས་དམ་བསྐང་། །དྲེགས་པའི་བཀའ་ཉན་སྒོ་སྲུང་བཞི། །རང་གི་བཀའ་ཉན་འཁོར་དང་བཅས། །དམ་ཚིག་དབང་གིས་གནས་འདིར་བཞུགས། །མཐུན་པའི་རྫས་ཀྱིས་ཐུགས་དམ་བསྐང་། །དབང་ཆེན་སྡེ་བཞི་འཁོར་དང་བཅས། །ཇི་ལྟར་བཅོལ་བའི་ཕྲིན་ལས་མཛོད། །བང་རིམ་ཐ་མའི་ཕྱོགས་བཞི་ནས། །ཕྱི་ཡི་ལྷ་སྲིན་སྡེ་བརྒྱད་དང་། །ནང་གི་ལྷ་སྲིན་སྡེ་བརྒྱད་དང་། །གསང་བའི་ལྷ་སྲིན་སྡེ་བརྒྱད་དང་། །སྦས་པའི་ལྷ་སྲིན་སྡེ་བརྒྱད་དང་། །ཡང་གསང་གཏེར་གྱི་ལྷ་སྲིན་དང་། །དྲག་པོ་སྔགས་ཀྱི་ལྷ་སྲིན་དང་། །ལས་བྱེད་མྱུར་མགྱོགས་ལྷ་སྲིན་དང་། །བཏགས་ཤིང་ཆགས་པའི་ལྷ་སྲིན་དང་། །སྡེ་བརྒྱད་འཁོར་དང་བཅས་པ་རྣམས། །ཁྱེད་ཀྱི་ཐུགས་དམ་བསྐང་བ་ནི། །ཤེས་ལྡན་མི་དང་ཅང་ཤེས་རྟ། །ཐེག་ཆེན་གླང་དང་འདོད་འཇོའི་བ། །རིན་ཆེན་ལུག་དང་གཙང་ལྡན་ར། །ཐོས་གསང་ཁྱི་དང་མཁའ་ལྡིང་བྱ། །ཁྱེད་ཀྱི་བཞེད་པའི་དཀོར་དུ་འབུལ། །རིན་ཆེན་རྒྱན་ལྡན་ངར་མི་དང་། །སེམས་ཀྱི་གཟུགས་བརྙན་ནམ་མཁའ་དང་། །སྐུ་གསུང་ཐུགས་ལྡན་ལྗང་བུ་དང་། །ཤིང་གླུད་


DNG015_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་མཁར་མཚོན་པ་དང་། །ཕོ་གླུད་མདའ་དང་མོ་གླུད་འཕང་། །རྒྱལ་མཚན་བ་དན་རུ་མཚོན་རྣམས། །ཉིད་ཀྱི་སྐུ་མདོག་དང་མཐུན་པ། །རྣལ་འབྱོར་རྣམས་ཀྱི་གླུད་དུ་འབུལ། །དམ་རྫས་སྦྱར་བའི་མཆོད་གཏོར་དང་། །མཐུན་རྫས་ལྡན་པའི་བཤོས་ཆ་དང་། །སྣང་གསལ་འོད་ལྡན་མར་མེ་དང་། །རྒྱན་ལྡན་མཛེས་པའི་གླིང་ཚད་དང་། །མཛེས་པའི་གཟུགས་དང་སྙན་པའི་སྒྲ། །ཞིམ་པའི་དྲི་དང་བདའ་བའི་རོ། །ཁྱེད་ཀྱི་ཐུགས་དམ་བསྐང་ཕྱིར་འབུལ། །འཇིག་རྟེན་དྲེགས་པ་འཁོར་དང་བཅས། །སྔོན་གྱི་དམ་ཚིག་རྗེས་དགོངས་ཏེ། །མདོས་གླུད་མཐུན་རྫས་བཞེད་པའི་དཀོར། །སྣ་ཚོགས་སྦྱར་བ་འདི་བཞེས་ལ། །སངས་རྒྱས་བསྟན་པ་ཁྱོད་ཀྱིས་སྲུངས། །དཀོན་མཆོག་དབུ་འཕང་ཁྱེད་ཀྱིས་བསྟོད། །རྣལ་འབྱོར་སྐུ་དགྲ་ཁྱེད་ཀྱིས་སྒྲོལ། །སྒྲུབ་པ་པོ་ལ་བར་གཅོད་པའི། །སྟོང་ཕྲག་བརྒྱད་ཅུའི་བགེགས་རིགས་དང་། །བཞི་བརྒྱ་རྩ་བཞིའི་ནད་རྣམས་དང་། །གློ་བུར་གནོད་པ་བརྒྱད་ཅུ་གཅིག །ཡེ་འདྲོག་སུམ་བརྒྱ་དྲུག་ཅུའི་ཚོགས། །དུས་མིན་འཆི་བ་རྣམ་བརྒྱད་དང་། །གཤིས་ངན་འགུམ་པ་བརྒྱད་ཅུ་གཅིག །གཟུགས་ཅན་དགྲ་དང་གཟུགས་མེད་བགེགས། །རྨི་ལམ་མཚན་ལྟས་ངན་པ་རྣམས། །ཞི་དང་བསལ་ཞིང་བཟློག་པ་དང་། །གདུལ་དང་ཚར་གཅོད་ལས་མཛོད་ཅིག །ཅེས་བརྗོད་རང་གི་མཐུན་རྫས་བསྟབ། །བསྐང་བཟློག་བསད་དང་གསོ་ལ་སོགས། །ཇི་ལྟར་འདོད་པའི་ཕྲིན་ལས་བཅོལ། །གང་ལ་དམིགས་པ་དེ་བཞིན་འགྲུབ། །ཅེས་བཀའ་སྩལ་ཏོ། །འཇིག་རྟེན་གྱི་དྲེགས་པ་ཅན་གྱི་སྡེ་དཔོན་འཁོར་དང་བཅས་པ་རྣམས་མཆོད་བསྟོད་རྒྱ་ཆེན་པོའི་སྒོ་ནས་ཉེ་བར་བསྒྲུབ་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་རབ་ཏུ་བཤད་བྱ་བ། །དྲེགས་པའི་འཁོར་ཚོགས་འདི་རྣམས་ཀུན། །ངོ་བོ་རང་རིག་བྱང་ཆུབ་སེམས། །མ་སྐྱེས་དབྱིངས་ལས་གཡོ་བ་མེད། །འཇིག་རྟེན་གནས་དང་མཐུན་འཇུག་སྟེ། །མཆོད་དང་བསྟོད་པས་མཉེས་འགྱུར་བས། །འཇིག་རྟེན་མཆོད་བསྟོད་ཅེས་སུ་གྲགས། །ཕྱི་ནང་གསང་བའི་བྱེ་


DNG015_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

བྲག་ནི། །སྣང་དང་སྲིད་པའི་དཀྱིལ་འཁོར་ཀུན། །གསང་བའི་བདག་པོའི་དེ་ཉིད་དང་། །གནས་སྐབས་མཆོད་བསྟོད་ཕྱི་ཡིན་ནོ། །དག་པའི་ཏིང་ངེ་འཛིན་ལས་བྱུང་། །རང་གི་སྣང་བ་འདུས་པའི་ཚོགས། །དབང་པོའི་ཡུལ་གྱི་ལོངས་སྤྱོད་དང་། །གཙང་སྨེའི་རྟོག་པ་སྦྱང་བའི་རྫས། །འདོད་ཆགས་གཞི་དང་འབྲུ་བཅུད་རྩི། །གཉིས་མེད་ཕ་རོལ་སྣང་བྱེད་པ། །ངང་གི་ངང་དུ་མཉེས་བྱེད་ཅིང་། །སོ་སོའི་མཚན་དང་དཔེ་བྱད་དག །ངེས་པར་བསྟན་པ་ནང་གིའོ། །སེམས་དང་སེམས་ལ་སྣང་བའི་ཚོགས། །ཐམས་ཅད་ཡེ་ནས་དཀྱིལ་འཁོར་ཆེ། །མ་བཅོས་རང་བཞིན་ལྷུན་གྱིས་གྲུབ། །འོང་ནས་མ་ལུས་འདུས་པ་ལས། །ཆོས་གཞན་མེད་དེ་ཡུལ་ཉིད་དང་། །ཡུལ་དུ་འཛིན་པ་སྣང་བའི་བདག །གཉིས་མེད་རྟོགས་ཤིང་ཁོང་དུ་ཆུད། །མཆོད་བསྟོད་རབ་ཏུ་གསང་བའོ། །ལུས་ལས་སྤྲུལ་ཞིང་བསྒྲུབ་པའི་སྐུ། །འབྲུ་བཅུ་སྒྲ་ཡི་འཁོར་ལོ་གསུང་། །རང་གྲོལ་སྙིང་པོ་མ་བཅོས་ཐུགས། །ལྷ་ཀླུ་གནོད་སྦྱིན་བཙན་དང་བདུད། །སྲིན་པོ་གཟའ་དང་མོ་རིགས་རྣམས། །དྲེགས་ཤིང་གདུག་དང་ཁྲོ་ཞིང་གཏུམ། །མྱུར་མགྱོགས་རྨུགས་དང་འཐིབ་པ་དང་། །དྲག་དང་བཅིངས་པ་སོ་སོའི་སྡེ། །རི་རབ་བཤོས་གཙང་རྒྱན་དང་བཅས། །འབྲས་ལུག་སྙིང་རྩེ་ཙ་རུའི་དབྱིབས། །དཀར་དམར་བཅུད་ལྡན་དམིགས་ཀྱིས་མཆོད། །ཕ་དང་རྒྱལ་པོ་གྲོགས་དང་ལྷ། །མ་དང་རྗེ་ཁོལ་བྲན་དང་བུ། །བསྟེན་པ་རང་གི་ཚུལ་ཡིན་ནོ། །ཆེ་བཙན་དབང་གི་དངོས་གྲུབ་དང་། །ལོངས་སྤྱོད་འཕེལ་ཞིང་མངག་པར་སླ། །རྒྱུད་འཇམ་སྐྱབས་ཆེ་བཀའ་ཉན་ཅིང་། །དྲག་རྩལ་ལྡན་ཞིང་སླར་མི་ལྡོག །ཤིན་ཏུ་ཉེ་བའི་ཡོན་ཏན་ཏེ། །རང་ལ་རྩུབ་ཅིང་འཆའ་བ་དང་། །ལོངས་སྤྱོད་མི་འབྱོར་མི་འཕྲོད་དང་། །གློ་བུར་ནད་ཀྱིས་གཟིར་བྱེད་ཅིང་། །སླར་ལྡོག་བཀྲ་ཤིས་ཉམས་པ་དང་། །བསྒོ་བ་མི་ཉན་དོན་མེད་ཅིང་། །རང་རྒྱུད་རྩུབ་ཅིང་ཁེངས་པ་དང་། །རིགས་བརྒྱུད་མི་འཕེལ་ཀུན་གྱིས་བརྙས། །བསམ་དོན་མི་འགྲུབ་མངའ་ཐང་ཉམས། །རྒྱུད་དོན་སྦས་པ་མ་ཤེས་སྐྱོན། །


DNG015_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིམས་ཀྱི་བདག་པོ་ལྟ་བུའི་ལྷ། །གནད་ཀྱིས་བཅིངས་ཤིང་བསྒྲུབ་པར་བྱ། །དབང་ཆེན་ཕ་དང་མཚུངས་པའི་བདུད། །མཚུངས་མེད་གྲོགས་དང་འདྲ་བའི་བཙན། །གནོད་སྦྱིན་ཁྲིམས་ཀྱི་གཙོ་ལྟ་བུ། །སྲིན་པོ་སྲོག་ལ་རྒོལ་བའི་གཤེད། །གཟའ་རྒོད་ལག་ཡན་བཞིན་ལྟ་བུ། །སྡོང་པའི་དུག་སྦྲུལ་ལྟ་བུའི་ཀླུ། །མོ་རྒྱུད་དབང་ཆེན་རྗེ་དཔོན་ལ། །མཚུངས་ལྡན་དེ་ཡི་གཉེན་པོས་བསྒྲུབ། །ཁུགས་སུ་མ་བཅུག་བསྒོ་མི་ཉན། །སོ་སོར་གནད་མེད་བདུད་དུ་འགྱུར། །གཅུད་ཕུར་མ་ཐེབས་སླར་ལ་ལྡོག །རང་གི་ང་རོས་མ་བསྟེན་གཡེལ། །ལྟོ་བ་མ་དཀྲུགས་ལས་མི་མྱུར། །ལོག་གནོན་མ་བསྟེན་བདག་ཉིད་སྟོབས། །དབང་དུ་མ་འདུས་བསྒོ་མི་ཉན། །གནད་ཀྱི་ཡན་ལག་བརྒྱད་ཀྱིས་ནི། །མཆོད་བསྟོད་བསྒྲུབ་སྟེ་ཕྲིན་ལས་བཅོལ། །ཞེས་བཀའ་སྩལ་ཏོ། །འཇིག་རྟེན་གྱི་སྡེ་དཔོན་ཆེན་པོ་རྣམས་ཀྱི་ཟབ་པའི་མཆོད་བསྟོད་གནད་ཀྱི་ལེའུ་སྟེ་དྲུག་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །འཇིག་རྟེན་དྲེགས་པའི་སྡེ་དཔོན་རྣམས། །དྲག་པོའི་ལས་ལ་སྦྱར་བ་ནི། །དུར་ཁྲོད་གདུག་པའི་གནས་དག་ཏུ། །རྩ་བའི་བསྙེན་པ་སྔོན་སོང་ནས། །སོ་སོའི་མཐུན་པའི་རྫས་བསགས་ཏེ། །དྲག་པོའི་ལས་ཀྱི་ཁང་པ་ནི། །ཨེ་དབྱིབས་སུམ་ཅུ་ལྡན་པར་བཤམ། །ཕྱི་ནང་གསང་བ་སྐུ་གསུང་ཐུགས། །གནས་དང་བྱིན་བརླབ་བསྐང་དང་མཆོད། །སྤྱི་དང་སོ་སོར་བསྔགས་པ་དག །རབ་ཏུ་བདེ་བ་འདོད་པས་དམིགས། །གཟུགས་སྒྲ་བསམ་པའི་ནུས་པ་ཡི། །ལུས་དང་ལུས་ཀྱི་འཁྲུལ་འཁོར་དང་། །སྲོག་དང་སྲོག་གི་སྙིང་པོ་ཡིས། །སེམས་དང་སེམས་ཀྱི་ངོ་བོ་ལས། །ཕྱི་ནང་ཀུན་དུ་བསྔགས་པ་དེ། །འཕྲོ་འདུ་འོད་ཀྱི་དྲང་ཞིང་དགུག །རང་གཞན་དམིགས་པ་དེ་ལ་བསྡིམ། །ཤ་རུས་ཁྲག་སོགས་མ་ལུས་བཟས། །དྲེགས་པའི་སྡེ་དཔོན་སྐུ་གསུང་ཐུགས། །མ་ལུས་མཉེས་པ་འདི་ཡིས་བྱ། །གང་ལ་དམིགས་པ་ཚད་ཀྱིས་སྒྲོལ། །ཏིང་ངེ་འཛིན་གྱི་བརྟུལ་ཞུགས་ཀྱིས། །བུལ་དང་མྱུར་བ་བློ་ཡི་སྟོབས། །འདི་ལ་


DNG015_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

ཐེ་ཚོམ་མི་བྱ་སྟེ། །རྡོ་རྗེ་འཆང་ཆེན་གསང་བའི་བཀའ། །གལ་ཏེ་འབར་བས་མངོན་སྤྱོད་ཅིང་། །མྱུར་དུ་འཕོ་བར་བྱ་བ་ནི། །རྣོ་དབལ་ཚ་རྩུབ་དྲི་ང་བའི། །ཡམ་ཤིང་གདུག་པའི་དབྱིབས་ལྡན་བརྩེག །གདོལ་པ་རིགས་ངན་ཤན་པ་དང་། །གཡུང་མོ་གྲོགས་བྲལ་ཁྱིམ་གྱི་མེས། །སྦར་ཞིང་དུག་ཁྲག་དངར་བ་ལ། །གཟུགས་བརྙན་རྫོགས་པར་ལོངས་སྤྱོད་པའོ། །སླར་ཡང་དམིགས་ཏེ་ལྷག་མ་འབུལ། །གཙོ་དང་འཁོར་གྱི་རབ་ཕྱེ་བའི། །དྲག་པོའི་ཚིག་གིས་རབ་ཏུ་སྦྲེངས། །དྲེགས་པའི་བདག་པོ་སོ་སོ་ཡི། །ཆེ་བརྗོད་གནད་དང་བཅས་པ་ཡིས། །བསྟབ་ཅིང་སྦྱིན་པ་རིམ་བཞིན་བྱ། །དྲང་སྲོང་ཕྲིན་ལས་རྫོགས་པར་བྱ། །ཐལ་ཆེན་དང་ནི་དྲག་པོའི་རྫས། །དམེ་ཁྲག་གསུམ་དང་གསོད་བྱེད་གསུམ། །མཚོན་དབལ་རིན་ཆེན་གསུམ་གྱི་དབྱིག །རང་བྱུང་བཀྲ་ཤིས་ལྡོག་པའི་རྫས། །ནང་དུ་འདུ་འཕྲོད་སྦྱར་བ་ནི། །སྒྲ་ཚིག་ཏིང་ངེ་འཛིན་ལྡན་པས། །སྟོབས་ཆེན་འཁོར་ལོས་དབབ་ཅིང་འཕང་། །དྲེགས་པ་འཁོར་བཅས་ལས་སུ་དམིགས། །གཞན་ཡང་མཆོད་རྫས་གཟུགས་བརྙན་བཅས། །རབ་ཏུ་བསྟན་པའི་དམིགས་པས་བསྡིམ། །འགྱུ་གནས་ས་དང་ཆུས་ཕུག་དང་། །སྲ་གཤེར་འཐབ་དང་ཕུང་ཤུལ་དང་། །རྒྱ་མཚོའི་དབུས་དང་ས་ཡི་ལྕེ། །མཚོན་གྱིས་བརྡེགས་དང་རླུང་གིས་བསྒྱེལ། །བག་མེད་ལྷུང་ཞིང་མེ་ཆུས་འཇོམས། །ལུང་ནས་དབྱུང་བའི་རྟེན་འདྲེལ་ཏེ། །བརྣགས་པའི་ཡིད་ཀྱིས་འཛིན་ཕུར་གདབ། །གདུག་བྱེད་འཁོར་དང་ཟས་སུ་གཏད། །ཇི་སྲིད་འཁོར་བ་མ་སྟོངས་པར། །ཐར་པར་མི་འགྱུར་ལས་བགྱིས་ཀྱང་། །བྱམས་དང་སྙིང་རྗེའི་སེམས་མི་གཏོང་། །འདི་ལྟར་མངོན་པར་སྤྱད་པ་ཡིས། །བསྟན་ལ་རབ་སྡང་ཕྱིར་འགྱུར་བའི། །རྗེས་འབྲང་ལོག་པར་ལྟ་བ་རྣམས། །ཚར་གཅོད་སྒྲོལ་ཞིང་འདུལ་བ་ཡིན། །ཞེས་བཀའ་སྩལ་ཏོ། །འཇིག་རྟེན་གྱི་སྡེ་དཔོན་ཆེན་པོའི་ཕྲིན་ལས་དྲག་པོའི་ལས་ལ་སྦྱར་བའི་ལེའུ་སྟེ་བདུན་པའོ།། །།དེ་ནས་གཞན་ཡང་བཤད་པ་ནི། །འཇིག་རྟེན་དྲེགས་པ་རང་གི་གནད། །གསང་


DNG015_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྙིང་པོ་དྲག་ཤུལ་གཟུངས། །ཀུན་བསྡུས་དྲིལ་དང་ཕྱེ་བར་བསྟན། །བཛྲ་སརྦ་དུཥྚཱན། ལོ་ཀ་པཱ་ར་མ་ཨཥྚ་ན་ཡ། མ་ཧེ་ཤྭ་ར་དེ་བ་ལྷ་དེ་བཱི། དུ་བདུད་ཕྲག་སྔགས་སོར་བཞག་བྱས་དུན་ཏིང་། ཡ་མ་གཤིན་རྗེ་པྲེ་ཏ་ཝི་ཀྲྀ་ཏཱ་ན་ན། རཀྴ་སྲིན་པོ་རཀྴ། ཡཀྵ་གནོད་སྦྱིན་ཀྵ་ཏེ་བྱི་ཏྲི་གཟའ་པ་ཏྲ། ཨ་པེ་སྨན་ལ་ཛ། ནཱ་ག་ཀླུ་གུ་ལི་ཤ་ཛ། ཙ་ལྷ་བགེགས་ཌ་ཀི་གསུམ་དུ་ཏྲི་ཙ་ར་ས་མ་དུ་ཏྲི། མ་མ་མ་མོ་རུ་ལུ། མན་སྔགས་སྲུང་ཏྲར་ཙ་དུ་མ་ཏི། མ་མགོན་པོ་ཧཱ་ཀཱ་ལ་རཱུ་ཏྲ་རཱུ་ཏྲ་ཏིག་མ་སང་སྣ་ཏིར་མུ་སྟེགས་ཐི་ཀ་ཐ་ཨ་བཙན་བྷི་ཤུ་ཏྲི་པ་ཐེའུ་རང་ཤ་ལི་ཧཾ་འགོང་པོ་ཤཾ་ཏྲི་ཛ། རཱ་ཛ་རྒྱལ་པོ་གིང་ཀ་སྲོག་བདག་ར། སཱ་དུ་ཏྲི་དགྲ་ལྷ། ནཱ་ཐ་དམུ་ཀ་ལ། ཨཱ་གཙྪ་ཧྲཱིཾ་ཧྲཱིཾ་ཛ་ཛ། བོད་པའི་སྔགས་སོ། །ཨོཾ་བཛྲ་སརྦ་དུཥྚཱན་ཨེ་ཀ་པ་ར་སརྦ་པཉྩ་ཨ་མྲྀ་ཏ་ཨཱ་གཙྪ་བ་ལིཾ་ཏ་གྲྀ་ཧྞ་ས་མན་ཏ་གྲྀ་ཧྞ་ཏུ་མ་ཧཱ་ག་ཎ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི། འདི་དག་སྦྱར་བས་མཆོད་པར་འགྱུར། སརྦ་ཨཱ་ཡུརྨི་ཏྲ་སིདྡྷི་པུ་ཏྲ་བརྟ་ན་སིདྡྷི་པུ་ཏྲ་བ་ཧུ་བྷ་དྲ་བ་སུ་དྷ་ར་རཏྣ་པུཥྚིཾ་སིདྡྷི། མ་ཧཱ་ཛྙཱ་ན་སརྦ་དྷརྨ་གརྦྷ་ཀཱ་ཡ་ཝཱཀ་ཙིཏྟ་སིདྡྷི་སིདྡྷི། ཕ་ལ་སིདྡྷི་མ་ཧཱ་སིདྡྷི་ཨཱ་བེ་ཤ་ཡ་ཨཱ། ཧ་ཧ་ཧོ་ཧོ། རབ་ཏུ་སྦྱང་བས་དངོས་གྲུབ་བླངས། སརྦ་ཤ་ཏྲུཾ་ཡཀྴ་རྦད་རྦད་བྷྱོ་བྷྱོ། འདི་ཡིས་རབ་ཏུ་རྦད་པར་བྱ། ནྲྀ་ཧུར་ཐུམ་ཛཿཤ་ཏྲཱུ་ཙིཏྟ་མཱ་ར་ཡ་རྦད། རཱུ་པ་ཡ་གན་དྷ་རྦུད་རྦུད་ཕཊ་ཕཊ། མ་ར་མ་ར། ཐུམ་ཐུམ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། ཚལ་པ་ཚལ་པ། ཏིཥྛ་ཏིཥྛ་ཐུན་ཐུན་རྦད། འདི་ཡིས་དམིགས་པ་རབ་ཏུ་གསད། མཱ་ར་ཡ་མཱ་ར་ཡ་ཨ་ཕྲི་པྲེ་ཏ་ཀ་ཧྲིང་ཧྲིང་ཏྲི་ཤ་པ་ལི་རུ་པ་ཡ་བིན་ཏ་བིན་ཏ་ཧུ་ལུ་ཧུ་ལུ་རྦད་ནན། ལཾ་ནན། ཨ་ནན་ཧཱུཾ་ནན་སྟྭཾ་བྷ་ཡ་སྟྭཾ་བྷ་ཡ་ནན། ཞེས་པ་ཡིས་ནི་གནན་པར་བྱ། སརྦ་མ་ར་ཏ་ཀ་རཾ་རཾ་ཛྭ་ལ་རཾ་ཛྭ་ལ་རཾ་སྥོ་ཊ་ཡ་སྥོ་ཊ་ཡ། ཧོ་ཧ་ཡ་ཧོ་ཧ་ཡ། རཾ་ཙ་ཡ་རཾ་ཙ་ཡ། ཞེས་པས་མ་ལུས་བསྲེག་པར་བྱ། མཱ་ར་ཡ་ཤ་ཏྲཱུ་ཐུན་བྷྱོ་ཐུམ་རིལ་བྷྱོ་ན་ཧེ་ཐུན་ཨཱ་བེ་ཤ་ཡ་བྷྱོ། དམིགས་པ་འདི་ཡིས་འཕང་བར་བྱ། བཛྲ་ཨུ་ཙ་ཏ་ཡ་ཕཊ། ཨ་ཕྲི་སརྦ་བྷྱོ་བཟློག །ས་མ་ཡ་རྦད་སུ་མྱག་བཟློག །སྲི་ས་ཡ་སརྦ་པ་རྨི་དུར་ན་བྷྱོ་བཟློག །ཕ་རོལ་ནུས་པ་འདི་


DNG015_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས་བཟློག །མ་ཧཱ་བྷ་རི་ཤ་ཡ། ཨ་བེ་ཤ་ཡ་པྲ་ཙ་ཡ་བེ་ཙ་ཡ་བེ་ཙ་ཡེ། ཞི་བས་ལུགས་འབྱུང་ཆུ་དབབ་པོ། །ན་ག་གྲ་ཧེ་བི་ཙ་ཡ། པྲོཾ་པྲོཾ་ཧྲིལ་ཧྲིལ་ཤར་ཤར་ར་མ་ན་ཙག་ན་པྲོཾ་ཧྲིལ་ཤར་ཤར་པ་ཕོབ། དྲག་པོས་བཟློག་ཅིང་བསྡམ་པའོ། །མ་ཧཱ་ཤཱནྟིཾ་པུཥྚིཾ་བ་ཤཾ་ཀུ་རུ་མ་ར་མ་ར་ཛ་ཡ་ཀརྨ་མ་ལེ་ཨ་མཱུ་ཀ་སིདྡྷི་སུ་སིདྡྷི་ཀ་ར་སྭ་སྡི་སྭཱ་ཧཱ། ཕྲིན་ལས་ཐམས་ཅད་རབ་བསྒྲུབ་པའོ། །མཐུན་པའི་རྫས་དང་ཏིང་འཛིན་གྱིས། །ལས་ཀྱི་ཁྱད་པར་སོ་སོར་དབྱེ། །གནས་བསྒྱུར་དང་ནི་གྲུབ་པའི་མཐའ། །སྙིང་རྗེ་བྱམས་པས་རབ་བསྐུལ་ཞིང་། །ཀུན་དུ་ཁྱབ་པའི་མཆོད་སྦྱིན་བྱ། །ཞི་དང་རྒྱས་དང་དབང་དུ་བྱ། །དྲག་པོས་བསྒྲལ་ཞིང་ཚར་བཅད་པའི། །ལས་ཀུན་རང་གཞན་དོན་དུ་སྤྱད། །འཇིག་རྟེན་གནས་པའི་སྙིང་དང་སྲོག །ཡི་གེ་གསང་བ་རང་འབྱུང་གནས། །མངོན་དུ་རྒྱུ་བ་ཐུགས་ཀ་ཏེ། །རིང་ཐུང་ཕོ་མོ་ཁྲག་དང་དུང་། །ཆགས་སྡང་སྙིང་སྲོག་སྙིང་རྗེ་བརྩེ། །རྡོ་རྗེ་པདྨ་རླུང་དང་གནས། །ཐབས་དང་ཤེས་རབ་ཆོས་ཅན་དང་། །ཆོས་ཉིད་ལས་ཀྱི་འབྲས་བུ་ཡིས། །མིང་མཚན་གནད་མཚང་བོད་དང་དྲང་། །གྲོགས་དང་ལྡན་པས་ལས་ལ་སྦྱར། །ཞེས་བཀའ་སྩལ་ཏོ། །འཇིག་རྟེན་གྱི་སྡེ་དཔོན་ཆེན་པོ་རྣམས་ཀྱི་ལས་སྣ་ཚོགས་ཀྱི་རྩ་བའི་སྙིང་པོ་གནད་ཀྱི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་གཞན་ཡང་བཤད་པ་ནི། །འཇིག་རྟེན་དྲེགས་པའི་གཙོ་ཆེན་རྣམས། །ཚུལ་བཞིན་རབ་ཏུ་བསྒྲུབ་པ་ཡིས། །གྲུབ་ཅིང་ཉེ་བའི་རྟགས་རྣམས་ནི། །དངོས་དང་ཉམས་དང་རྨི་ལམ་བརྟག །འདི་ལས་སོ་སོར་འབྱུང་འགྱུར་ཏེ། །དགའ་ཞིང་མདངས་ལྡན་སྟོབས་རྙེད་དང་། །བདེ་དང་རྟོགས་པ་སྤྲོ་སྐྱེ་ཞིང་། །མངོན་རྒྱུ་ཡིད་ཀྱི་གདེང་ཐོབ་ཅིང་། །ཉམ་ང་བག་ཚ་དོགས་མེད་ལྡན། །ནུས་ལྡན་ཕྲིན་ལས་མཐར་ཕྱིན་རྟོགས། །འདི་དག་ལ་སོགས་རིགས་པར་འབྱུང་། །ལུས་འཇམ་དབུགས་ཀྱིས་མི་གནོད་ཅིང་། །ཡངས་ཤིང་བསྟན་ལ་སྤྱོད་པར་དགའ། །ནད་དང་གདོན་གྱིས་བརྫི་མི་ནུས། །འབྱུང་བའི་ནུས་པས་མི་


DNG015_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱོད་ཅིང་། །ཁ་དོག་མདངས་ལྡན་སྡུག་ཅིང་མཛེས། །འདི་ལ་སོགས་པ་ལུས་འབྱུང་བརྡ། །ཇི་ལྟར་བསྒོ་བ་གཞན་གྱིས་འཛིན། །ང་དང་སངས་རྒྱས་རྣམས་ཀྱི་གསུང་། །མཐུན་པའི་ཚུལ་གྱིས་ཡོངས་མི་འདོར། །སྙན་དང་མི་སྙན་ཅི་བརྗོད་རྣམས། །ཚངས་པའི་དབྱངས་བཞིན་ཡིད་དུ་འོང་། །གྲགས་ཐོས་ཙམ་གྱིས་དབང་དུ་བྱེད། །ཚུལ་རྗེས་འཇུག་པ་ངག་གི་བརྡ། །གང་ལ་བརྩམས་པ་དེ་འགྲུབ་ཅིང་། །མ་ཞུམ་མི་སྤང་མི་འདོར་བས། །དབང་དང་ལྡན་ཞིང་མི་གཡོ་ལ། །གསང་བའི་མཐུ་སྟོབས་རབ་ཏུ་ཐོབ། །ཡིད་ཀྱི་ཡུལ་དུ་བརྡ་འབྱུང་བའོ། །སྔ་ཕྱི་དེ་མ་ཐག་པ་ཡི། །བག་ཆགས་མ་ཡིན་རྨི་ལམ་ནི། །རྒྱལ་པོ་མཁན་པོ་སློབ་དཔོན་དང་། །ཆེ་བཙན་རིགས་ལྡན་རྒྱན་བཅས་ལྡན། །གཅན་གཟན་འདབ་ཆགས་དུད་འགྲོ་དང་། །སྐྱེས་པ་བུད་མེད་བུས་པ་སོགས། །ཉེ་བར་གྲུབ་པའི་རྟགས་ཡིན་ནོ། །བྲན་འབངས་མངག་པའི་ཚུལ་འཆངས་ཤིང་། །བཀའ་བསྒོ་ཉན་པ་ལས་བྱེད་རྟགས། །རང་གི་གནས་ནས་གླུ་ལེན་ཞིང་། །རྒྱང་མིག་བལྟ་བ་གཡེལ་བའི་རྟགས། །རང་ལ་ཆད་པའི་ལས་བརྩམས་ཤིང་། །ཉེས་ལན་འདོད་པ་ལྡོག་པའི་རྟགས། །ཟས་སྐོམ་འདོད་ཅིང་ཁྲེ་ལེན་སྙོགས། །རང་ཉིད་གནོང་འགྱོད་མ་བསྐངས་རྟགས། །འཚམས་ཤིང་ངུད་མོས་འདེབས་བྱེད་པ། །མ་དག་ལུས་སྣང་ཉམས་པའི་རྟགས། །ངག་གི་བསྒོ་བ་མི་ཉན་ཅིང་། །སླར་ཞིང་ཚུར་ལ་འཁོལ་འདོད་པ། །གཉེན་པོས་དབང་དུ་མ་གྱུར་རྟགས། །མཚོན་ཆ་རྟུལ་ཞིང་ཚད་མ་ལྡན། །ནུས་མེད་བྱ་བ་མི་འགྲུབ་པ། །སྔགས་ཀྱི་ནུས་པ་མ་གྲུབ་རྟགས། །གཞན་འདོད་རང་ལ་མེད་པ་དང་། །རང་གི་ཡིད་ལ་འདོད་མེད་རྣམས། །མཆོད་བསྐང་མཐུན་རྫས་མ་ཚང་རྟགས། །ཤ་རུས་ཁྲག་སོགས་ལོངས་སྤྱོད་ཅིང་། །ངོ་མཐོན་རབ་ཏུ་ཆེ་བ་ནི། །ལས་བྱས་འགྲུབ་པའི་རྟགས་ཡིན་ནོ། །ཕ་རོལ་དམག་ཚོགས་མང་བྱུང་ཞིང་། །སྒོ་མེད་ཁང་པར་བདག་ཞུགས་པ། །ངན་སྔགས་གཞན་གྱིས་བཟློག་པའི་རྟགས། །བྱེ་བྲག་སྡེ་བརྒྱད་སོ་སོ་ནས། །མི་དང་དུད་འགྲོ་འདབ་ཆགས་སོགས། །ཕོ་ཚོགས་ནག་པོ་བདུད་


DNG015_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྟགས། །མོ་ཚོགས་རྒྱན་བཟང་མ་མོ་སྟེ། །རྗེ་བཙན་འབག་སེང་གཙུག་ལག་ཁང་། །བུས་པ་སྤྲ་སྤྲེ་རྒྱལ་པོའི་རྟགས། །མི་རྟ་ཁྲ་སྤྱང་རི་དྭགས་ནི། །བྲག་བཙན་རི་བཙན་རྟགས་ཡིན་ནོ། །ཆུ་གནས་དུད་འགྲོ་ཀླུ་ཡི་རྟགས། །མ་ཧེ་ར་ལུག་མིག་མང་དང་། །མུན་པ་བུ་ཡུག་གཟའ་ཡི་རྟགས། །སྐྱེས་པ་ཆས་བཟང་འབྱོར་པ་ཅན། །རི་མཚོ་ལ་གནས་གནོད་སྦྱིན་རྟགས། །ཉ་དང་ཤན་པ་བྱ་བ་དང་། །དམག་མི་གོ་མཚོན་སྲིན་པོའི་རྟགས། །འདི་དག་སྔར་བཤད་བཟང་ངན་སྦྱར། །བྱེ་བྲག་བསྒྲུབས་པའི་རྟགས་སུ་འགྱུར། །ཞེས་བཀའ་སྩལ་ཏོ། །འཇིག་རྟེན་གྱི་སྡེ་དཔོན་ཆེན་པོ་བསྒྲུབ་པ་རྟགས་ཀྱི་ལེའུ་སྟེ་དགུ་པའོ།། །།དེ་ནས་གཞན་ཡང་རབ་བཤད་པ། །དྲེགས་པ་ཅན་གྱི་ཁྱད་པར་རྫས། །མཛེས་པའི་གཟུགས་བརྙན་སྐུ་ཡི་རྟེན། །མིང་ནས་བོད་པ་གསུང་གི་རྟེན། །ཕྱག་མཚན་དམ་པ་ཐུགས་ཀྱི་རྟེན། །ལུག་གཡག་དཀར་པོ་སྦལ་སྦྲུལ་ཉ། །གླང་རྟ་སྔོན་པོ་རིན་པོ་ཆེ། །གཡུལ་གཤོམས་མྱུར་བསྒྲལ་བྱ་གཅན་དང་། །སྣེལ་བུ་ཤེལ་ནག་བྱ་ནག་དང་། །རྟ་ལྕགས་ཁྱི་དང་རྒོད་ནག་དང་། །ར་ཕག་བྱ་ཁྱི་དཀར་པོ་དང་། །ཀླ་ཀློ་ར་རོག་དོམ་ཁྱི་གནག །སྦྲུལ་ནག་བྱ་རྒོད་ར་སྐྱེས་དང་། །རྟ་ར་བྱ་ཁྱི་དམར་པོའོ། །སྙིང་ཁྲག་མགོ་དང་རྒྱལ་མཚན་ནི། །ལྷ་ཀླུ་གནོད་སྦྱིན་སྲིན་པོ་དང་། །མ་མོ་བདུད་དང་རྒྱལ་པོ་གིང་། །གཤིན་རྗེ་གཟའ་དང་བཙན་རྣམས་ཀྱི། །རིམ་བཞིན་སོ་སོའི་བརྟེན་པའི་རྫས། །རབ་ཏུ་གསང་བ་ཉིད་ཡིན་ནོ། །ཨེ་ལྡན་གདུགས་བཅས་རྒྱུད་མེད་ཀྱི། །ཐོད་པ་མཚོན་ཆ་ཕུར་པ་དག །དུག་ཁྲག་རིན་ཆེན་དྲག་པོའི་འབྲུ། །ཀུན་ཚོགས་རབ་ཏུ་གསད་པའི་རྫས། །ཀླུས་བཟུང་སྣོད་ནི་ཤ་ཁྲག་བཅས། །རུས་བཟང་རིགས་མེད་མྱུར་སོང་ཆུ། །མྱུ་གུ་སྣ་ཚོགས་དྲི་ལྡན་རྫས། །ཆུ་དྲག་དབབ་པའི་རྫས་ཡིན་ནོ། །མཆོད་རྟེན་རི་རབ་རྒྱ་གྲམ་བཅས། །སྨེ་རྫས་རིགས་ངན་མགོ་བོ་


DNG015_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ། །དམིགས་པའི་འབབ་རྫས་པདྨ་སྟོག་མ་ཡང་ནི། །སླར་ལ་བཟློག་པའི་རྫས་ཡིན་ནོ། །ནད་གདུག་བམ་རིལ་མགོ་རྐང་རྣམས། །རབ་ཏུ་མནན་པའི་རྫས་ཡིན་ནོ། །དུག་ཁྲག་ཚོགས་དང་མཚན་ངན་སྣོད། །དམིགས་པའི་རྟེན་ལ་འཕངས་པའི་རྫས། །ངན་པའི་ས་ཡི་རྟེན་མཁར་དང་། །གདུག་ཅིང་རབ་ཏུ་ཚ་བའི་ཤིང་། །འབྲུ་ནག་དུག་ཁྲག་བསྲེག་པའི་རྫས། །གཞན་ཡང་དབང་ཆེན་དྲེགས་པའི་འཁོར། །སོ་སོའི་རིགས་དང་སྡེར་བཅས་པའི། །མཐུན་དང་མ་མཐུན་གཙང་དང་སྨེ། །སྔགས་པའི་རྫས་ཀུན་ཤེས་པར་འགྱུར། །མ་འོངས་དུས་ན་རྡོ་རྗེ་འཆང་། །རང་གི་རིག་འཛིན་བྱང་ཆུབ་སེམས། །བརྟུལ་ཞུགས་ཅན་གྱི་གྲུབ་པ་ཡིས། །དབུས་དང་མཐའ་འཁོབ་ཡུལ་རྣམས་དང་། །སངས་རྒྱས་ཞིང་གི་འཇིག་རྟེན་ཁམས། །ཀུན་ནས་སྡེ་དཔོན་གཡོག་བཅས་པའི། །ཡིད་དང་དངོས་པོའི་ཡུལ་ཅན་རྣམས། །ཁམས་དང་རིགས་དང་བསམ་པ་དང་། །བྱེད་པ་རྟེན་གནས་ཡོ་བྱད་དང་། །མ་ལུས་རྫོགས་པར་རབ་ཏུ་རྟོགས། །ཤེས་ལྡན་མིག་ཅན་རྣམས་ལ་སྟོན། །དེ་ཚེ་དྲེགས་པའི་ཚོགས་ཆེན་རྣམས། །ད་ལྟ་ང་ཡིས་གདམས་པ་བཞིན། །ཡང་དག་དོན་ལས་མ་འདའ་ཞིག །ཁྱེད་རྣམས་ཀྱང་ནི་དུས་ནམ་ཞིག །ལས་ཀྱི་གནས་ངན་ལེན་སྤང་སྟེ། །བྱང་ཆུབ་ས་ལ་མྱུར་འགྲོ་ཡིས། །དེ་བས་བཀའ་ཡི་དམ་མནོས་ལ། །ཇི་ལྟར་དམིགས་པ་བཞིན་སྒྲུབས་ཤིག །གསང་ཆེན་ང་ཡི་བསྟན་པའི་ཚུལ། །ཕྱི་རོལ་ཕྱོགས་ལ་སོགས་པ་ཡིས། །ཉམས་ཤིང་དམས་པར་མི་འགྱུར་བར། །རྒྱས་ཤིང་བརྟན་པར་ཁྱོད་ཀྱིས་བྱོས། །ཞེས་བཀའ་སྩལ་ཏོ། །འཇིག་རྟེན་གྱི་སྡེ་དཔོན་ཆེན་པོའི་རྟེན་རྫས་དང་ལས་ཀྱི་གཉེར་བསྒོ་བའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་ཉིད་གསང་བ་ཆེན་པོའི་སྐུའི་རྣམ་པར་རོལ་པ་ཆེན་པོ་དེ་དག་ཉིད་ཀྱི་སྐུ་ལ་རབ་ཏུ་བསྡུ་བར་མཛད་དེ། དགྱེས་པའི་གསུང་གིས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་མ་འདུས་པའི་འཁོར་གྱི་ཚོགས། །བདུད་


DNG015_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

དང་གཤིན་རྗེ་ལ་སོགས་པའི། །འཇིག་རྟེན་དབང་ཆེན་གཙོ་ཆེན་རྣམས། །མཐར་ཐུག་མྱ་ངན་འདས་ནས་ཀྱང་། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས། །བསྟན་པའི་ཐ་ཚིག་སྒྲུབ་པ་དང་། །རྣལ་འབྱོར་ལས་ཀྱི་གྲོགས་མཛད་ཅིང་། །དྲེགས་པའི་སྐུ་གསུང་ཐུགས་ཉིད་དང་། །ཡོན་ཏན་ཕྲིན་ལས་སྣ་ཚོགས་སྟོན། །ཕྱི་མའི་དུས་ན་རིག་པ་འཛིན། །སྐྱེས་བུ་བརྩོན་ལྡན་རྣམས་ཀྱིས་ནི། །གཉིས་སུ་འཛིན་པར་ཡོངས་མི་བྱ། །ཡུལ་སྣང་ཕྱི་ནང་མ་ལུས་ཀུན། །རང་རིག་སེམས་ཀྱི་རྒྱལ་པོར་བསྒྲུབ། །དེ་ནི་མ་བཅོས་ཡུལ་མི་བྲལ། །མ་ཆད་མ་ལྷུང་བདག་པོ་མེད། །གཉིས་མེད་མཉམ་ཉིད་ལྷུན་གྱིས་གྲུབ། །ངེས་འགྱུར་སྤང་བླང་སྩོལ་སེམས་བྲལ། །མ་ལུས་རྩ་བ་སྙིང་གི་སྲོག །དེ་ཉིད་ཤེས་བྱ་རབ་ཏུ་བླང་། །དབང་གི་རྒྱལ་པོ་འཆང་བར་འགྱུར། །གལ་ཏེ་ང་དང་དྲེགས་པ་ཅན། །སོ་སོ་རང་རྒྱུད་ལྡན་པ་ཡི། །གཉིས་འཛིན་ཡིད་ཀྱིས་རྟོག་དཔྱོད་ཅིང་། །མཚན་མ་རབ་ཏུ་སྒོམ་བྱེད་པ། །རྐང་མེད་ཁམས་གསུམ་བགྲོད་འདོད་ཅིང་། །མིག་མེད་སྟོང་གསུམ་བལྟ་དང་མཚུངས། །བདུད་བཞི་དགའ་བ་སྐྱེད་པར་བྱེད། །དེ་བས་རིགས་མཆོག་ཆེ་རྣམས་ཀྱིས། །གསང་བདག་ང་ཉིད་ཤེས་པར་གྱིས། །ཞེས་བཀའ་སྩལ་ཏེ་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཆེན་པོ་ཆོས་ཉིད་དེ་བཞིན་ཉིད་སྤྲོས་པ་དང་བྲལ་བའི་དབྱིངས་སུ་ཐིམ་པར་མཛད་དོ། །འཇིག་རྟེན་གྱི་སྡེ་དཔོན་ཆེན་པོ་འཁོར་དང་བཅས་པ་ཆོས་སྐུ་མཐར་ཐུག་ཏུ་བསྒྲུབ་པར་གདམས་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དྲེགས་པ་ཅན་གྱི་སྡེ་དཔོན་འཇིག་རྟེན་མཆོད་བསྟོད་བསྒྲུབ་པ་རྩ་བའི་རྒྱུད་ཅེས་བྱ་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཆེན་པོ་པདྨ་འབྱུང་གནས་དང་། བོད་ཀྱི་ལོཙྪ་བ་བཻ་རོ་ཙ་ན་བདག་གིས་བསྒྱུར་ཞིང་ཞུས་ཏེ་གཏན་ལ་ཕབ་པའོ། །རྒྱལ་པོའི་བླ་དཔེའོ། །གཏེར་རྒྱ། སྦས་རྒྱ། རྒྱ་རྒྱ་རྒྱ།

དྲག་སྔགས་འདུས་པ་རྡོ་རྗེ་རྩ་བའི་རྒྱུད་ཅེས་བྱ་བ།


DNG015_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། རཽ་དྲ་མནྟྲ་ས་མུ་དཱ་ཡ་མཱུ་ལ་ཏནྟྲ་ནཱ་མ། བོད་སྐད་དུ། དྲག་སྔགས་འདུས་པ་རྡོ་རྗེ་རྩ་བའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་མཐུ་སྟོབས་ཐམས་ཅད་ཀྱི་བདག་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོ་ཉིད་རི་རབ་ཆེན་པོའི་ཡང་སྟེང་། ལྕང་ལོ་ཅན་གྱི་གནས་མཆོག །རབ་ཏུ་བརྒྱན་པའི་ཕོ་བྲང་ཆེན་པོ་ན། ཡུམ་ཆེན་མོ་འབྱུང་བ་ལྔའི་བདག་ཉིད་མོ་དང་། གཉིས་སུ་མེད་པར་སྙོམས་པར་ཞུགས་ཏེ། སྐུ་ལས་འོད་ཟེར་སྣ་ཚོགས་རབ་ཏུ་སྤྲོས་ནས་འཇིག་རྟེན་གྱི་ཁམས་ཀྱི་གདུག་པ་ཅན་དང་། དྲེགས་པ་ཅན་དང་། གཟི་བརྗིད་ཅན་དང་། དྲག་ཤུལ་ཅན་ལ་སོགས་པ་དག་གི་གནས་ཐམས་ཅད་རབ་ཏུ་གཡོ་ཞིང་བསྐྱོད་པར་མཛད་པས། དེ་དག་གི་སྡེ་དཔོན་དང་འཁོར་དང་གཡོག་ཏུ་བཅས་པ་རྣམས་རླུང་གི་ཤུགས་ཀྱིས་བསྐྱོད་པ་བཞིན་དུ་ལྷགས་པ་ནི་འདི་ལྟ་སྟེ། གཤིན་རྗེ་འཆི་བདག་ནག་པོ་ཆེན་པོ་ཡུམ་དང་བཅས་པ་དང་། བདུད་ནག་པོ་ཆེན་པོ་མེའི་ཁ་རླངས་ཅན་དང་། ཡུམ་བདུད་མོ་ནག་མོ་ཁྲག་འཛག་མ་དང་།སྲིན་པོའི་རྒྱལ་པོ་གསོད་བྱེད་ནག་པོ་ཡུམ་དང་བཅས་པ་དང་། གནོད་སྦྱིན་ཆེན་པོ་གང་བ་བཟང་པོ་དང་། ཡུམ་གནོད་སྦྱིན་མོ་ཤ་ཟ་རལ་གཅིག་མ་དང་། ལྷའི་རྒྱལ་པོ་དབང་ཕྱུག་ཆེན་པོ་དང་། རཱུ་ཏྲའི་བདག་པོ་ཐར་པ་ནག་པོ་དང་། དམུ་རྗེ་བཙན་པ་རྒྱལ་པོ་ཆེན་པོ་དང་། ཕྱི་རོལ་ལྷའི་བདག་པོ་ཀཱ་ལ་ནག་པོ་དང་།ཁྱབ་འཇུག་ཆེན་པོ་ཀུན་ཏུ་རྒྱུ་དང་། ཀླུའི་བདག་པོ་གཞོན་ནུ་གཏུམ་པོ་དང་།ལྷའི་རྒྱལ་པོ་ལི་བྱིན་ཆེན་པོ་དང་། གནོད་སྦྱིན་ཆེན་པོ་ལག་དགུ་པ་དང་།བདག་ཉིད་ཆེན་པོ་རྡོ་རྗེ་མཛེས་པ་དང་། ཀླུ་བདུད་ཆེན་པོ་ཡབ་ཤུད་དམར་པོ་དང་། གཞན་ཡང་ལྷ་དང་ཀླུ་དང་ལྷ་མ་ཡིན་དང་ཟ་བྱེད་དང་། ཡི་དྭགས་དང་འབྱུང་པོའི་ཚོགས་དང་། ཕོ་ཉའི་ཚོགས་འཇིགས་པར་བྱེད་པ་བསམ་གྱིས་མི་ཁྱབ་པ་རབ་ཏུ་འདུས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གདུག་བྱེད་ཆེན་པོའི་འཁོར་དེ་དག་རབ་ཏུ་འདུལ་བར་མཁྱེན་ནས། དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་མངོན་པར་སྤྲུལ་པར་མཛད་དེ། ནམ་མཁའི་དབྱིངས་ཀྱི་དཀྱིལ་འཁོར་དག །གཟུགས་སུ་སྣང་བ་རབ་ཏུ་འཇིགས། །


DNG015_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་ནི་མི་སྙན་དྲག་ཅིང་གཏུམ། །དྲི་ནི་མི་ཞིམ་རུལ་མྱགས་སུམ། །རོ་ནི་ཁ་སྐྱུར་ཚ་བར་བྲོ། །རེག་བྱ་ཚ་རྩུབ་མི་སྡུག་སྤྱོད། །ཞེ་སྡང་ཆེན་པོ་མེ་འབར་ཞིང་། །ང་རྒྱལ་ཀེང་རུས་བྲག་ཏུ་སྤུངས། །གཏི་མུག་མུན་ནག་རབ་ཏུ་འཐིབས། །འདོད་ཆགས་ཁྲག་གི་ཆུ་ཆེན་བྲུབ། །ཕྲག་དོག་རླུང་ནི་རབ་ཏུ་འཁྲུགས། །ཏི་ར་ཆེན་པོའི་ལོངས་སྤྱོད་དང་། །སྟག་གཟིག་གཅན་གཟན་ཅེ་སྤྱང་དང་། །ཀང་ཀ་དུར་བྱ་འདབ་ཆགས་ཚོགས། །ཤ་ཟ་ཁྲག་འཐུང་རུས་པ་འཇོམས། །བམ་དང་རུལ་དང་མྱགས་པ་དང་། །འབྱེད་དང་བྲལ་དང་གཞིག་པ་དང་། །ཟོས་དང་འཐོར་དང་རབ་ཏུ་འཐོར། །བྲུལ་དང་ཟག་དང་བརླག་པ་དང་། །རྩེ་དང་རྒོད་དང་གླལ་བ་དང་། །འཇིགས་ཤིང་གདུག་དང་རྔམས་པ་ཡི། །རོལ་པའི་ལོངས་སྤྱོད་རབ་ཏུ་སྤྲུལ། །ཀུན་ཀྱང་གདུག་པའི་སེམས་འཆང་ཞིང་། །གསོད་གཅོད་བཤའ་གཏུབ་ལུས་ཀྱི་ལས། །ཚིག་རྩུབ་བརླང་པོའི་ང་རོ་འབྱིན། །ཁྲོས་པའི་བརྟུལ་ཞུགས་དྲག་པོ་ཡིས། །མ་ལུས་འདུལ་ཞིང་ཚར་གཅོད་པའི། །མངོན་པར་སྤྱོད་ལ་རབ་ཏུ་བཀོད། །འདི་ལྟར་མཐོང་ཞིང་སྣང་གྱུར་ཀྱང་། །ཀུན་རྫོབ་ཙམ་དུ་སྣང་བ་ལས། །སེམས་ཅན་གཅིག་གི་བ་སྤུ་ལ། །ཅུང་ཟད་གནོད་པ་ཡོངས་མེད་དེ། །རང་གི་རྣམ་རྟོག་བདེ་བར་སྤྱོད། །ངེས་པའི་དེ་ཉིད་ཁོ་ནའོ། །དྲག་སྔགས་འདུས་པ་རྡོ་རྗེ་རྩ་བའི་རྒྱུད་ལས། ཆོ་འཕྲུལ་ཆེན་པོ་བསྟན་པའི་གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་འཆང་བའི་རྒྱལ་པོ་ཡིས། །དུས་གསུམ་རྒྱལ་བ་སྲས་བཅས་ཀྱིས། །ཐོག་མ་མེད་པའི་དུས་ཉིད་ནས། །མ་ལུས་བསྟན་པ་བསྲུང་མཛད་པའི། །གསང་བདག་ཆེན་པོར་དབང་བསྐུར་ཕྱིར། །གནོད་སྦྱིན་ལག་ན་རྡོ་རྗེ་འཆང་། །ལྔ་བརྒྱའི་གྲོགས་དང་བཅས་པ་ཡིས། །སོ་སོའི་གཙོ་ཆེན་མདུན་ཉིད་ནས། །རང་གི་སྟན་ལས་རབ་ཏུ་ལངས། །མངོན་དུ་སྤྱོད་པའི་སྤྲུལ་པ་མཛད། །ཐུགས་ལ་གནས་


DNG015_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ས་བོན་ལས། །ཕྱོགས་བཅུ་ནམ་མཁའི་མཐར་ཐུག་ཀུན། །ལྗང་ནག་རླུང་གིས་རབ་ཏུ་དཀྲིགས། །ཁྲག་གི་རྦ་ཀློང་འཁྲུགས་ཤིང་གཡོ། །ཤ་རུས་གཏམས་པའི་ས་གཞི་ལ། །བསྐལ་པའི་མེ་རི་རབ་ཏུ་འབར། །བྷནྡྷ་འབར་བའི་གཞལ་ཡས་ཁང་། །གདུག་ཅིང་འཇིགས་སུ་རུང་བ་ནི། །སྟོབས་ཆེན་རྣམས་ཀྱང་ཉེར་མི་སྤྱོད། །ཕྲིན་ལས་མ་ལུས་རྫོགས་མཛད་གཟུགས། །ཕྱི་ནང་མཐའ་དབུས་ཀུན་ལ་ཁྱབ། །བསྟན་ལ་རབ་སྡང་ཕ་རོལ་པོའི། །ཕུང་པོ་ཞབས་ཀྱི་གདན་དུ་བཏིང་། །འོད་ལྡན་གཙང་མ་ཡུམ་དང་བཅས། །ཆེ་བ་མཆོག་གི་སྐུར་མཛད་དེ། །རིགས་ཅན་མཐར་གནས་དབུར་བསྟན་ཅིང་། །སྟོང་པ་བཅོ་བརྒྱད་དག་ཅིང་སྟོང་། །ཕྱག་གིས་དྲེགས་པའི་ལྷ་བརྒྱད་བསྒྲལ། །བྷནྡྷ་ཙིཏྟ་གཡས་གཡོན་བསྣམས། །ཐུགས་ཀྱི་དབང་རྟགས་དང་པོར་བཟུང་། །ཐུགས་རྗེ་མི་འགྱུར་མཐིང་ནག་མདོག །མི་འཇིགས་རིག་པར་ལྡན་པའི་ཞབས། །བདུད་བཞི་ཕྱོགས་དང་བཅས་པ་གནོན། །མ་ལུས་དབང་དུ་སྡུད་པའི་ཕྱིར། །རལ་པ་ཁམ་ནག་སྲིད་རྩེར་འབར། །འབར་བའི་སྤྱན་གྱིས་ཁམས་གསུམ་གཟིགས། །གདངས་པའི་ཤངས་ཀྱིས་སྲིད་གསུམ་རྔུབ། །སྙན་གྱི་རླུང་སྒྲས་སྟོང་གསུམ་ཁྱབ། །རྣོ་དབལ་ཚེམས་ཀྱིས་གདུག་པ་སྒྲོལ། །ལྗགས་འདྲིལ་རྐན་སྒྲ་དྲག་པོ་རྡེབ། །ཁྲོ་གཉེར་འོད་ཀྱིས་དབང་དུ་སྡུད། །དཔའ་བའི་ཆས་ཀྱིས་རབ་ཏུ་བརྒྱན། །སྤྲུལ་པའི་ལྷ་རྣམས་སྐུ་ལ་རྫོགས། །སྟོབས་ལྡན་དེ་ཉིད་མཉེས་མཛད་པའི། །འབྱུང་བ་ཆེ་ལ་དབང་བསྒྱུར་མ། །དབུ་གསུམ་ཕྱག་དྲུག་ཞབས་བཞི་ལ། །གྲི་གུག་ཏྲི་ཤཱུལ་བདུད་རྩི་གཡས། །བྷནྡྷ་ཞིང་ཆེན་གཡང་གཞི་གཡོན། །གཙོ་བདག་ཚུལ་འཛིན་རབ་ཏུ་སྒེག །དགྱེས་མཛད་རབ་ཏུ་རོལ་པ་ལས། །འདུལ་བྱེད་སྤྲུལ་པ་རབ་ཏུ་སྤྲོ། །ཕྱོགས་བཅུའི་འཇིག་རྟེན་ཁམས་ཀུན་གྱི། །གཏུམ་པོ་གདུག་པའི་ཚུལ་འཆང་བའི། །དྲག་སྔགས་བདག་པོ་མ་ལུས་ཀུན། །རང་ཉིད་སོ་སོའི་འཁོར་བཅས་པའི། །རྟེན་དང་གནས་པ་རེ་རེར་སྣང་། །རང་དབང་མེད་པར་འདུད་ཅིང་གཡོ། །ཨཱོཾ་བཛྲ་སརྦ་དུཥྚཱན་ཨེ་ཀ་ཡ་མ་མ་དྷི་


DNG015_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ར་བྷ་གྲྀ་ཧྞ་ཧཱུཾ་ཕཊ། བདུད་དང་གཤིན་རྗེ་སྲིན་པོ་དང་། །གནོད་སྦྱིན་ལྷ་དང་ལོག་ལྟ་ཅན། །དམུ་རྗེ་ཆེ་དང་ཕྱི་རོལ་ཕྱོགས། །གདུག་བྱེད་མཁའ་ལ་རྒྱུ་བ་དང་། །བྱོལ་སོང་ལྟོ་འགྲོའི་ལུས་འཛིན་དང་། །ང་རྒྱལ་འཆང་དང་སྤྲུལ་པ་ཅན། །མཐའ་འཁོབ་གནས་བཅས་མ་ལུས་རྒྱུ། །ལྷ་བདུད་མི་མ་ཡིན་གྱི་གནས། །ཁ་བ་ཅན་དུ་ཕྱོགས་ཤིང་སྲིད། །ལས་ཀྱི་ལུས་ཀྱི་ནུས་པ་འབྱིན། །མ་ལུས་རྣམ་པ་ཐམས་ཅད་ཀུན། །ཤུགས་དྲག་རླུང་གིས་བསྐྱོད་པ་བཞིན། །རབ་ཏུ་འདར་ཞིང་མདུན་དུ་གནས། །ཐུགས་རྗེའི་བདག་པོས་དགོངས་མཛད་དེ། །གཏུམ་རྔམས་འཇིགས་བྱེད་ཆེན་པོའི་སྐུ། །གསང་ཚིག་དྲག་པོའི་གསུང་གི་སྒྲས། །མ་ལུས་ཚིམས་པར་བཀའ་སྩལ་པ། །ཨེ་མ་འཇིག་རྟེན་ཁམས་ཀུན་གྱི། །དྲག་སྔགས་བདག་པོ་དྲེགས་པ་ཅན། །སྔོན་གྱི་རྡོ་རྗེ་འཆང་ཆེན་དང་། །ང་ཡི་བཀའ་ལས་མ་འདའ་བར། །ཁྱེད་རྣམས་རང་གི་འཁོར་དང་བཅས། །སོ་སོའི་ལུས་དང་བཏགས་པའི་མིང་། །རིགས་དང་རྟེན་དང་བྱེད་པའི་ལས། །སྡེ་དང་ཆ་ལུགས་ལོངས་སྤྱོད་རྣམས། །འཇིགས་བྱེད་གནས་འདིར་མྱུར་དུ་སྟོན། །ཁྱེད་རྣམས་འདི་ལས་འགལ་བྱེད་ན། །ང་ཡི་སྔོན་གྱི་དམ་ཚིག་གིས། །ཁྱོད་ཀྱི་ལུས་སེམས་སྲོག་དང་བཅས། །མ་ལུས་གཏན་ནས་བརླག་པར་བྱ། །ཞེས་བཀའ་སྩལ་ནས། དྲག་སྔགས་ཀྱི་ཚིག་འདི་དག་ཀྱང་བཀའ་སྩལ་ཏོ། །ཨཱོཾ་སརྦ་དུཥྚཱན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཕཊ། ཡ་མ་ར་ཙ་པྲེ་ཏ་ཀ་སྱ་མ་མ་ཀྵེ་ཏ་མཱ་ར་ཡ་ཧྲཱིཾ་ཧྲཱིཾ་ཛ་ཛ། དུ་པྲ་ཕྲག་ར་ཙ་དུག་དུན་མ་ཏིང་མཱ་ར་ཡ་ཧྲཱིཾ་ཧྲཱིཾ་ཛ་ཛ། རག་ཤ་རག་མོ་མ་ཡ་ར་ཏི་མཱ་ར་ཡ་ཧྲིཾ་ཧྲིཾ་ཛ་ཛ། ཡཀྵ་ཨ་པ་སྨ་རཀྵ་མི་དུ་ཤཾ་པ་མཱ་ར་ཡ་ཛ་ཛ། མ་ཧཱ་དེ་བེ་ཤྭ་ར་ར་ཙེ་མཱ་ར་ཡ་ཧྲཱིཾ་ཧྲཱིཾ་ཛ་ཛ། མ་ཏཾ་ཀ་རུ་ཏྲ་ཀཱ་ལ་མཱ་ར་ཡ་ཀཱ་ལ་ཧྲཱིཾ་ཧྲཱིཾ་ཛ་ཛ། མུན་མུན་པ་ཛ་ཙིཏྟ་མཱ་ར་ཡ་ཧྲཱིཾ་ཧྲཱིཾ་ཛ་ཛ། ཏིཪྠི་ཀ་མ་ཏེ་མ་ཧཱ་མཱ་ར་ཡ་ཧྲཱིཾ་ཧྲཱིཾ་ཛ་ཛ། བྱི་ཏྲི་པ་ཏྲ་རོག་ཏི་ཛ་མཱ་ར་ཡ་ཧྲཱིཾ་ཧྲཱིཾ་ཛ་ཛ། ནཱ་ག་རཱ་ཛ་ཀུ་མ་ཙ་ཏ་དྷི་ར་ཡ་ཧྲཱིཾ་ཧྲཱིཾ་ཛ་ཛ། རཱ་ཛ་བྷུ་ལིང་ཨེ་ས་མ་ཡ་ཧྲཱིཾ་ཧྲཱིཾ་ཛ་ཛ། མ་ཧཱ་ཁུ་ལེངས་བི་ཧུ་མཱ་ར་ཡ་ཧྲཱིཾ་ཧྲཱིཾ་


DNG015_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

ཛ་ཛ། བཛྲ་སཱ་དྷུ་སེ་ཨཾ་ཙ་མཱ་ར་ཡ་ཧྲིཾ་ཧྲིཾ་ཛ་ཛ། ཨ་བྷི་ཤུ་ཏྲི་ལིང་མཱ་ར་ཡ་ཧྲིཾ་ཧྲིཾ་ཛ་ཛ། ནྲྀ་ཧུར་ཐུམ་ཛཿཤ་ཏྲཱུ་མཱ་ར་ཡ་རྦད། ཅེས་བརྗོད་ཅིང་སྐུ་འཇིགས་བྱེད་འབར་བ་དེ་སླར་ཡང་འཇིགས་སུ་རུང་བར་བསྟན་ཏེ། སངས་རྒྱས་ཐམས་ཅད་ཀྱི་ཞིང་ཁམས་སྟོང་གསུམ་གྱི་སྟོང་ཆེན་པོའི། འཇིག་རྟེན་གྱི་ཁམས་ཐམས་ཅད་མ་རུངས་པའི་སྒྲ་ཆེན་པོ་དང་། འོད་དང་གློག་འབར་བ་དང་། རླུང་གི་ཤུགས་དྲག་པོས་རབ་ཏུ་གང་བར་གྱུར་ཏོ། །བདུད་དང་གཤིན་རྗེ་ལ་སོགས་པ་ཕྱོགས་བཅུའི་དྲེགས་པ་ཅན་རྣམས་ཀྱང་རང་རང་གི་འཁོར་དང་བཅས་ཏེ་རབ་ཏུ་འདུས་ནས། རང་རང་གི་རིགས་ཀྱི་དྲེགས་པ་དག་ཕུལ་ཏེ། བཅོམ་ལྡན་འདས་ཉིད་ཀྱི་མདུན་དུ་ཉེ་བར་གྱུར་ནས། བཀའ་རབ་ཏུ་བསྒྲུབ་པར་རྩོལ་བར་གྱུར་ཏོ། །དྲག་སྔགས་འདུས་པ་རྩ་བའི་རྒྱུད་ལས། བྱིན་རླབས་ཆེན་པོས་དབང་དུ་བསྡུས་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ལ་འཇིག་རྟེན་གྱི་ཁམས་ཀྱི་བདུད་ཀྱི་རྒྱལ་པོ་མེའི་ཁ་རླངས་ཅན་ཞེས་བྱ་བ། མདོག་ནག་པོ་ཁ་ནས་མེ་འབར་བ། ཁྲམ་ཤིང་དང་བདུད་ཞགས་ནག་པོ་ཐོགས་པ། ཞིང་ལྤགས་ཀྱི་གོས་གྱོན་པ། ཡུམ་བདུད་མོ་ནག་མོ་ཁྲག་འཛག་མ་ཞེས་བྱ་བ། ཁྲམ་ཤིང་དང་ཐོད་པ་རློན་པ་ཐོགས་པ།ཞིང་ལྤགས་གོན་ཞིང་བདུད་རྟ་ནག་པོ་ལ་ཁྱོ་ཤུག་གཉིས་ཅར་ཞོན་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་བདུད་ཀྱི་རིས་ཀྱི་ལྷ་ཚོགས་དང་བཅས་ནས་རིངས་པར་ལྷགས་སོ། །དེ་བཞིན་དུ་འཆི་བདག་གཤིན་རྗེ་ཞེས་བྱ་བ། མདོག་ནག་ཐོད་པ་གྲི་གུག་འཛིན། །ཆུང་མ་གཤིན་རྗེ་ཟ་བྱེད་མ། །གྲི་གུག་ཐོད་པ་ཕྱག་གིས་འཛིན། །ཁྱོ་ཤུག་ཞིང་ལྤགས་རློན་པ་བགོས། །མ་ཧེ་ཆུ་གླང་ཞོན་ནས་ནི། །གཤིན་རྗེ་ཕོ་མོའི་ཚོགས་དང་བཅས། །འགལ་བྱེད་གཟིར་ཞིང་མྱུར་དུ་ལྷགས། །སྲིན་པོ་གསོད་བྱེད་ཡབ་ཡུམ་ཡང་། །མདོག་ནག་ཞིང་གི་པགས་པ་བགོས། །རལ་གྲི་གྲི་གུག་ཡབ་ཀྱི་གཡོན་གཡས་ཀྱིས་བཟུང་། །གཡོན་ཡུམ་གྱིས་མི་མགོ་ཡབ་ཀྱི་གཡས་ཐོད་ཁྲག་ཐོགས། །སྟག་དང་སེང་གེ་བཞོན་


DNG015_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

པ་བསྐྱོད། །སྲིན་པོའི་ཚོགས་བཅས་མྱུར་དུ་འཁོད། །གནོད་སྦྱིན་གང་བ་བཟང་པོ་དང་། །ཆུང་མ་ཤ་ཟ་རལ་གཅིག་བཅས། །མཐིང་ནག་མགྱོགས་བྱེད་རྟ་ལ་ཞོན། །ཞིང་ལྤགས་གྱོན་ཏེ་ཕྱག་གཉིས་ཀྱིས། །རལ་གྲི་ཡབ་གཡོན་དར་ནག་ཞིང་ལྤགས་ཡུམ་གཡས་བཟུང་། །གནོད་སྦྱིན་ཚོགས་དང་བཅས་ཏེ་བསྐྱོད། །དྲག་སྔགས་བདག་པོ་སྡེ་དཔོན་ཏེ། །ཤར་ལྷོ་ནུབ་བྱང་ཕྱོགས་དག་གི། །གནས་སུ་གཙོ་ལ་འདུད་ཅིང་འཁོད། །དབང་ཕྱུག་ཆེན་པོ་ཞེས་བྱ་བ། །འཇིག་རྟེན་ལྷ་ཡི་སྔགས་བདག་ནི། །དཀར་པོ་བ་དན་ཤེལ་གྲི་ཐོགས། །དར་དཀར་གོས་ཅན་གནམ་རུ་ཞོན། །དྲེགས་པའི་ལྷ་བདུད་འཁོར་དང་བཅས། །རེངས་པར་ལྷག་སྟེ་ཤར་ཕྱོགས་འཁོད། །ཐར་པ་ནག་པོ་ཞེས་བྱ་བ། །མདོག་གནག་མཆོད་གཏོར་དུག་ཐུད་འཛིན། །དོམ་ནག་ཞོན་ཏེ་ཞིང་ལྤགས་བགོས། །སྡེ་དང་བཅས་ཏེ་ལྷོ་ཕྱོགས་འཁོད། །དམུ་རྗེ་བཙན་པོ་ཞེས་བྱ་བ། །དར་ནག་དང་ནི་ཞགས་པ་ཐོགས། །བེར་ནག་གྱོན་ཏེ་དམུ་རྟ་ཞོན། །རང་གི་སྡེ་དང་ནུབ་ཕྱོགས་འཁོད། །མུ་སྟེགས་ནག་པོ་ཆེན་པོ་ཡང་། །ཁ་ཊྭཱཾ་དང་ནི་ཏྲི་ཤཱུལ་འཛིན། །མི་ལྤགས་བགོས་ཏེ་མ་ཧེ་ཞོན། །རང་གི་སྡེ་བཅས་བྱང་དུ་འཁོད། །ཁྱབ་འཇུག་རོག་ཏི་ཞེས་བྱ་བ། །མཐིང་ནག་ཁྲམ་ཤིང་དགྲ་སྟྭ་འཛིན། །སྤྲིན་ནག་བགོས་ཤིང་འབྲུག་སྔོན་ཞོན། །གཟའ་བདུད་ཚོགས་བཅས་སྟེང་ནས་འཁོད། །ཀླུ་རྒྱལ་སོག་མ་མེད་ཅེས་པ། །སེར་ནག་སྦྲུལ་ལྤགས་ན་བཟའ་ཅན། །བུམ་པ་དང་ནི་རུས་སྦལ་འཛིན། །ཆུ་སྲིན་ཞོན་ཏེ་ཀླུ་ཚོགས་བཅས། །འོག་གི་ཕྱོགས་སུ་འཁོད་ཅིང་འདུག །གཞན་ཡང་ལི་བྱིན་ལག་དགུ་དང་། །ཐེ་སྐྱེས་གཙོ་དང་ཡམས་ཤུད་ཀྱི། །སོ་སོའི་སྔགས་ཀྱི་བདག་པོ་དག །དཀར་སེར་དམར་པོའི་མདོག་ལྡན་ཞིང་། །ཤེལ་གྲི་ཐོགས་དར་དཀར་ཤིང་ལག་དགུ་འགྱེད། །དར་དམར་མདུང་དར་དཀར་རིང་རལ་གྲི་འཛིན། །རྟ་དཀར་བྱ་རྒོད་ར་སྐྱེས་དང་། །རྟ་དམར་ཞོན་ཏེ་ཞིང་ལྤགས་བགོས། །སོ་སོའི་


DNG015_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

སྡེ་དང་གཡོག་བཅས་ཤིང་། །ཕྱོགས་ཀྱི་སྒོ་བཞིར་གནས་པར་འཁོད། །གཞན་ཡང་ལྷ་ཀླུ་གནོད་སྦྱིན་དང་། །མ་མོ་གཤིན་རྗེ་སྲིན་པོ་བདུད། །རཱུ་ཏྲ་མུ་སྟེགས་འགོང་ཐེལ་དང་། །གྱིང་དམུ་གཟའ་དང་རྒྱལ་ཕྲན་སྨན། །སྣང་སྲིད་ལྷ་སྲིན་དྲེགས་པ་ཅན། །སྡེ་དཔོན་ཆེན་པོ་རྣམས་བཅས་འཁོད། །ཕྱི་དང་ནང་དང་གསང་བ་དང་། །ཡང་གསང་དང་ནི་དྲག་པོ་དང་། །བཏགས་ཤིང་ཆགས་དང་སྦས་པ་དང་། །ལས་བྱེད་ཤན་པ་ཐོར་ཤོད་དང་། །ཆེ་གྲགས་བཙན་དང་མ་མོ་དང་། །མུན་འཐིབ་སྟོང་འཁྲུགས་སྲོག་གཅོད་དང་། །གླེང་ཞིང་དབང་ཆེ་ལ་སོགས་རྣམས། །བཅོམ་ལྡན་རྡོ་རྗེ་འཆང་བ་ཡི། །བཀའ་བཞིན་རྗེས་སུ་སྒྲུབ་བྱེད་པས། །མ་ཐོགས་དུར་ཁྲོད་གནས་ཆེན་དུ། །འདར་ཞིང་མྱུར་བའི་ཤུགས་དང་བཅས། །རང་གི་ནུས་པ་རབ་བསྟན་ཏེ། །བཀའ་ཉན་གསུང་སྡོད་རྗེས་འབྲངས་གནས། །དེ་ལྟར་འཁོད་པའི་འཇིག་རྟེན་གྱི་དྲེགས་པའི་བདག་པོ་སྔགས་ཀྱི་སྟོབས་དང་ལྡན་པ་དེ་དག་གིས། རང་རང་གི་འཁོར་དང་། རིགས་ཀྱི་སྡེ་དང་། མཐུ་དང་ལོངས་སྤྱོད་ཀྱི་ཁྱད་པར་དག་ཀྱང་། བཅོམ་ལྡན་འདས་ཀྱི་སྤྱན་སྔར་བསྟན་ནས་འདི་སྐད་ཅེས་ཀྱང་གསོལ་ཏོ། །བཅོམ་ལྡན་རྡོ་རྗེ་འཛིན་པ་ཆེན་པོ། བདག་ཅག་ལ་སོགས་པ་འཇིག་རྟེན་གྱི་ཁམས་ན་གནས་པ་མ་རུངས་པའི་ཚོགས་གདུག་པ་དང་། སྡང་བ་དང་། གནོད་པ་དང་། ཤུགས་དང་། འཚེ་བ་དང་། རྩོད་པའི་བསམ་པ་དང་ལྡན་པ་དང་། བྱམས་པ་དང་། སྙིང་རྗེ་དང་ཕན་པའི་སེམས་སྐྱེ་བར་མི་ནུས་པ་རྣམས་ཏེ། རང་རང་གི་ཁམས་དང་། བྱེད་པ་དང་།རིགས་དང་། ལས་ཀྱི་བྱ་བ་དང་། རྟེན་དང་། ནུས་པ་དང་། དབང་གི་ཁྱད་པར་དག་དང་མཐུན་པའི་བསྟན་པ་མི་བཟད་པ་སྟོབས་དང་ལྡན་པ་དག་བཀའ་སྩལ་བར་གསོལ། ཞེས་གསོལ་ཏོ། །དྲག་སྔགས་འདུས་པ་རྡོ་རྗེ་རྩ་བའི་རྒྱུད་ལས། ཚོགས་ཀྱི་དཀྱིལ་འཁོར་ལ་རབ་ཏུ་བཀོད་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་རྡོ་རྗེ་འཛིན་པ་ཡིས། །སྐུ་ཡི་ཆེ་བ་རབ་བསྟན་ཅིང་། །གསུང་གི་སྙིང་པོ་གནད་བསྐུལ་ཏེ། །


DNG015_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀྱི་དགོངས་པ་ཆེར་མཛད་ནས། །འཇིག་རྟེན་དྲེགས་པ་མཐུ་སྟོབས་ཅན། །འདུས་པའི་འཁོར་ལ་བཀའ་སྩལ་པ། །ཧཱུཾ་འཇིག་རྟེན་དྲེགས་པའི་ཚོགས་ཆེན་རྣམས། །ང་ཡི་བཀའ་བཞིན་ཉན་པར་གྱིས། །ང་ནི་ཆོས་སྐུ་བདེ་ཆེན་ཏེ། །ཡེ་ནས་མ་བཅོས་ལྷུན་གྱིས་གྲུབ། །སྣང་བའི་སྐུ་ལ་དངོས་པོ་མེད། །ཡེ་ཤེས་སྐུ་སྟེ་སྐུ་ཡི་མཆོག །ང་ནི་སྔགས་གསུང་མཐུ་ཆེན་ཏེ། །ཡེ་ནས་ཐ་སྙད་སྒྲ་དང་བྲལ། །བརྗོད་པའི་གསུང་ལ་འཛིན་པ་མེད། །མ་འགགས་གསུང་སྟེ་གསུང་གི་དཔལ། །ང་ནི་བདེན་པའི་ཐུགས་མཆོག་སྟེ། །ཡེ་ནས་མཚན་མ་ཡང་དག་བྲལ། །གཉིས་མེད་ཐུགས་ལ་རྩོལ་བ་མེད། །སྐྱེ་མེད་ཐུགས་ཏེ་ཐུགས་ཀྱི་དཔལ། །ང་ནི་ཡོན་ཏན་ཚོགས་ཆེན་ཏེ། །ལྷུན་གྱིས་གྲུབ་ཅིང་བསམ་མི་ཁྱབ། །སྨོན་མེད་དགོས་པ་མ་ལུས་འབྱུང་། །དངོས་གྲུབ་ཆེན་པོ་བསྐྱེད་པའི་གཞི། །ང་ནི་ཕྲིན་ལས་མཛད་པ་སྟེ། །ཡོངས་རྫོགས་བརྩོན་པའི་བདག་ཉིད་ཅན། །ཞི་རྒྱས་དབང་དང་མངོན་དུ་སྤྱོད། །སྣ་ཚོགས་གཞན་དོན་ལྷུན་གྱིས་རྫོགས། །འཇིག་རྟེན་སྔགས་བདག་དྲེགས་པ་ཅན། །གཙོ་ཆེན་དབང་བསྒྱུར་ཁྱེད་རྣམས་ཀྱང་། །ང་དང་དུས་གསུམ་སངས་རྒྱས་ཀྱི། །ཐུགས་དང་ཡེ་ནས་གཉིས་སུ་མེད། །གསུང་དང་དབྱེ་བ་ཡོད་མ་ཡིན། །སྐུ་ལས་སོ་སོར་མི་བལྟ་སྟེ། །ཡོན་ཏན་མཉམ་པ་ཉིད་དུ་རྫོགས། །ཕྲིན་ལས་གཅིག་སྟེ་ཐུན་མོང་བསྒྲུབ། །ཐོག་མ་མེད་ནས་ད་ལྟའི་བར། །ཉོན་མོངས་ལས་ཀྱི་རྒྱུ་འབྲས་ཀྱིས། །གནས་ངན་ལེན་གྱི་ཕུང་པོར་སྨིན། །ང་རྒྱལ་དྲེགས་པའི་ལུས་ངག་སེམས། །སྟོབས་དང་ནུས་པ་དཔག་མེད་རྫོགས། །ཆེ་བཙན་དབང་ཕྱུག་ལྡན་གྱུར་ཀྱང་། །ཡང་དག་ངེས་པའི་དོན་མ་རྟོགས། །དོན་དམ་བདེན་པ་ཁོང་མ་ཆུད། །སྤྲོས་བྲལ་དགེ་ལ་བློ་མ་ཕྱོགས། །རང་རིག་རྒྱལ་པོའི་སྟོབས་མ་རྙེད། །སྐྱེ་མེད་དབྱིངས་ཀྱི་རྩལ་མ་ཤར། །བདེ་ཆེན་གནས་ཀྱི་གདེང་མ་ཐོབ། །མཚོན་མེད་བཅུད་ཀྱི་རོ་མ་མྱོང་། །ཆོས་ཉིད་སྐུ་ཡི་གཟུགས་མ་


DNG015_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་། །ཡེ་ཤེས་ཀློང་གི་སྒོ་མ་ཕྱེད། །དེ་བས་རིགས་ཀྱི་བུ་རྣམས་ཀྱིས། །རང་གི་གནས་ལ་རབ་ཏུ་རྟོགས། །ལུས་ལ་བདག་ཏུ་ཡོངས་མ་བཟུང་། །ངག་ལ་བརྗོད་པར་མ་སྨྲ་ཞིག །སེམས་ལ་དངོས་པོར་ག་ལ་རྟོག །གནས་ཡུལ་རིགས་ཁམས་སྡེ་དང་དཔུང་། །རྟེན་རྫས་ལོངས་སྤྱོད་དབང་སྐལ་རྣམས། །ང་དང་ང་ཡིར་གཟུང་བྱ་མིན། །ཐུན་མོང་དང་ནི་ཐ་དད་གཅིག །དེ་དག་མ་ལུས་སྟོང་པ་སྟེ། །སྟོང་པ་ཉིད་ཀྱང་དེ་དག་གོ། །དེ་ལས་གུད་ན་གཞན་མེད་དེ། །གཞན་ལས་གུད་ནའང་དེ་མེད་ཅིང་། །མ་སྐྱེས་མ་འགགས་མཚན་ཉིད་མེད། །མ་ཕྲི་མ་བསྣན་མ་བསླད་ཅིང་། །མ་བཅོས་མ་བསྒྱུར་མ་བྱུང་ལ། །མ་སྐྱེས་མ་བསྒྲུབས་མ་བཤད་པའི། །དོན་ཆེན་དེ་ནི་རང་ཉིད་ལས། །ཕྱི་ནང་སྔ་ཕྱི་སྟེང་དང་འོག །ཕྱོགས་མཚམས་འཁོར་འདས་ལུས་དང་སེམས། །ཀུན་ནས་རྙེད་པ་མ་ཡིན་ཏེ། །འདི་ནའང་ཡོད་པ་མ་ཡིན་ནོ། །ཤ་ཁྲག་པགས་པ་རུས་པ་དང་། །སྙིང་དང་གློ་བ་སྣོད་རྣམས་དང་། །དབང་པོ་ཡན་ལག་བཅས་པ་ལ། །བདེ་ཆེན་དམ་པ་དེ་མི་གནས། །དེ་ལས་གཞན་ནའང་གནས་མེད་དེ། །གནས་མ་གྲུབ་ལ་གནས་ཤེས་བརྗོད། །གནས་ཡོད་སྙམ་ན་དེར་རྟོགས་ཤིག །ཅི་འདྲ་ཅི་ཞིག་ཇི་ལྟ་བུ། །གང་ནས་འོངས་ཤིང་གང་དུ་སོང་། །གང་ན་འདུག་ཅིང་ཇི་ཞིག་བྱེད། །དབྱིབས་དང་ཁ་དོག་མིང་དང་མཚན། །རིགས་དང་ཁམས་ལ་རབ་ཏུ་རྟོགས། །དེ་ལ་དེ་ཡིས་དེར་བལྟས་པས། །མཐོང་བ་མེད་པ་བལྟ་བའོ། །གང་ལ་གང་གིས་གང་བསྒོམས་པས། །བསྒོམ་དང་བྲལ་བར་བསྒོམ་ཞེས་བྱ། །ཅི་ལ་སུ་ཞིག་ཅིར་སྤྱོད་པས། །སྤྱོད་རྒྱུ་མི་གནས་སྤྱོད་པ་ཆེ། །སུ་ལ་སུས་ཐོབ་ཅི་བསྒྲུབས་པས། །མ་གྲུབ་རང་གནས་འབྲས་བུ་སྟེ། །མ་ལུས་མེད་ཅིང་རྣམ་པ་ཡི། །ཡོན་ཏན་ཡོངས་རྫོགས་དབང་ཕྱུག་གོ། །ཞི་དང་རྒྱས་དང་མངོན་དུ་སྤྱོད། །དབང་དུ་བསྡུ་བ་ཕྲིན་ལས་ཡིན། །རང་ལ་རྫོགས་ཤིང་རང་གིས་གྲུབ། །ཐག་ཆོད་པ་དང་བསྟན་པ་


DNG015_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ཚད་ལྡན་མཐར་ཕྱིན་ལ་བཟླ་དང་། །འདས་དང་མ་འདས་སྟོན་པ་དང་། །བཤད་དང་ཉན་དང་སྡུད་པ་དང་། །གནས་དུས་ཡོན་ཏན་སྐྱོན་རྣམས་ནི། །རང་གི་དེ་ཉིད་རྟོགས་པས་འགྲུབ། །ཅེས་བཀའ་སྩལ་ཏོ། །དྲག་སྔགས་འདུས་པ་རྡོ་རྗེ་རྩ་བའི་རྒྱུད་ལས།) དོན་དམ་པའི་གནས་ཉེ་བར་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་རྡོ་རྗེ་འཛིན་པ་ཡིས། །དགོངས་པ་ཆེན་པོ་འདི་གསུངས་ཏེ། །ཡེ་ནས་མ་བྱུང་མ་སྐྱེས་པའི། །ཆོས་ཉིད་དོན་གྱི་སྙིང་པོ་ནི། །གཟུང་འཛིན་མཐའ་བྲལ་མ་རྟོགས་ཏེ། །ང་བདག་འཛིན་པའི་རྣམ་རྟོག་གིས། །དྲེགས་ཤིང་གཟིར་བའི་རཱུ་ཏྲ་དེ། །མ་བསྒྲལ་བ་ནི་ཉེས་པ་ནི། །ཐབས་དང་ཤེས་རབ་སྙིང་རྗེ་གསུམ། །མཐུན་ཞིང་མཚུངས་ལྡན་སྲས་ཀྱིས་བསྒྲལ། །དམ་པའི་དོན་དེ་མ་རྟོགས་པར། །དངོས་པོར་བཤད་པས་འཁོར་བར་ལྟུང་། །མཁས་རྟོགས་ལྡན་པས་བཤད་པ་ཡིས། །འཕགས་པ་མཉེས་ཤིང་སེམས་ཅན་སྒྲོལ། །ཚོགས་གཉིས་རྫོགས་ཏེ་སྐུ་གསུམ་ཐོབ། །རྣམ་རིག་མཐོང་བས་དོན་ཐག་གཅད། །བརྟུལ་ཞུགས་དྲག་པོས་བསྒྲུབ་པ་བརྩམ། །དབང་དུ་བསྡུ་དང་འདུལ་བའི་ཕྱིར། །འཇིག་རྟེན་ལས་ཀྱིས་བསྡུས་པའི་རྒྱུད། །ང་དང་སྟོན་པ་རྣམས་ཀྱིས་བཤད། །ཆོས་དབྱིངས་དུར་ཁྲོད་རང་གནས་སུ། །རིག་པ་འཛིན་པ་རྣམས་ཀྱིས་ནི། །སངས་རྒྱས་བསྟན་པའི་དོན་དུ་བསྡུས། །སྙིགས་མ་རབ་ཏུ་བདོ་བའི་དུས། །བསྟོད་ཅིང་གཙུག་ལག་ལྟོས་པའི་ཆོས། །སྐྱོན་དང་ཡོན་ཏན་ཚུལ་དུ་འབྱུང་། །བསྟན་པ་འཇིག་བྱེད་ལས་ངན་ཅན། །དྲག་སྔགས་སྟོབས་ཀྱིས་བསྒྲལ་བྱས་ན། །རྫོགས་དང་སྤངས་པ་ཐོབ་པར་འགྱུར། །དཀྱིལ་འཁོར་གནས་པའི་རྟེན་ཡིན་ཏེ། །ལྷ་དང་སྔགས་དང་ཏིང་ངེ་འཛིན། །རྫས་རྣམས་རྒྱུ་དང་རྐྱེན་དུ་འགྱུར། །ལིངྒ་ཉ་བོ་དམིགས་པའི་རྟེན། །མིང་རུས་བྱང་བུ་རྣམ་ཤེས་དང་། །བླ་ཚེ་འཁོར་བའི་རྟེན་ཡིན་ནོ། །འགུགས་འདྲེན་གྱིས་ནི་དེ་དག་དགུག །ཕོ་ཉས་ལས་ཀུན་སྒྲུབ་པར་བྱེད། །སྔགས་ཀྱི་རྫས་ཀྱིས་དཔལ་


DNG015_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་ཅིང་། །ཐུན་རྫས་རྣམས་ཀྱིས་མྱོས་པ་དང་། །རེངས་ལྐུགས་མཚོན་འདེབས་རྡུལ་དུ་རློག །གནད་དུ་འབེབས་ཤིང་སྙིང་ནས་འདྲེན། །ལྷ་དང་འབྱེད་ཅིང་རྩ་བ་གཅོད། །བྱང་ཆུབ་སེམས་ཀྱི་དངོས་པོ་ནི། །དོན་པོ་ཁྲག་གི་ལན་བུའི་ལན་མའི་ཡང་འོག །ཀུན་གཞི་ཏིལ་འབྲུ་ཙམ་ཞིག་གནས། །རྩ་བ་ཀླུང་གནས་དྲ་བ་སྟེ། །ཕུར་པ་མེ་དབལ་ལྟ་བུ་ཡིས། །བསྡུས་ཤིང་བསྲེགས་ཏེ་གཅད་པ་ཡིས། །དམིགས་པ་རྟེན་དང་བྲལ་བར་བྱས། །བཀྲག་དང་གཟི་མདངས་རང་ལ་བསྡུས། །ཕྲིན་ལས་རྣམ་བཞིས་གཟིར་བ་ལས། །དགེ་སྡིག་ངོ་བོ་ཉིད་དུ་མཉམ། །བལྟ་སྤྱོད་ལྡན་པས་ཞིང་བཅུ་དེ། །ཕ་རོལ་བླ་མེད་གནས་སུ་བསྒྲལ། །བར་མ་དོ་ཡི་རྣམ་ཤེས་ནི། །ཧཱུཾ་དང་ཕཊ་ཀྱི་འཕྲོ་འདུ་ཡིས། །སྦྱང་དང་སྤར་བའི་ལས་རྣམས་བྱ། །ཕྱོགས་བཅུའི་རྒྱལ་བའི་སྲས་སུ་བསྐྱེད། །ཕུང་པོ་ལྷག་མ་ཙམ་ཉིད་ནི། །རྟེན་གསུམ་གྱིས་ནི་རབ་ཏུ་སྦྱང་། །ཆོས་སྐུའི་གཟུགས་བརྙན་བསྟན་པར་བྱ། །འདི་ནི་ཕ་རོལ་བླ་ན་མེད། །བསྒྲལ་བ་དུས་གསུམ་སངས་རྒྱས་དང་། །རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཡི། །སྤྱོད་པ་རླབས་ཆེན་བཤད་པའོ། །དྲག་སྔགས་འདུས་པ་རྡོ་རྗེ་རྩ་བའི་རྒྱུད་ལས། སྒྲོལ་བའི་ཏིང་ངེ་འཛིན་གྱི་དམིགས་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་རྡོ་རྗེ་འཛིན་པ་ཡིས། །ལས་ཀྱི་བྱེ་བྲག་འདི་གསུངས་ཏེ། །ཐོག་མར་འདི་ལ་ཤིས་པའི་གནས། །དུར་ཁྲོད་ཆུ་གླིང་རི་ཡི་སུལ། །ཁྲོས་ཤིང་གདུག་པའི་གནས་དེ་རུ། །རབ་ཏུ་གནས་ཤིང་གདེང་ལྡན་པའི། །དམ་ཚིག་གནས་པའི་བསྒྲུབ་པ་སྟེ། །ཡོངས་སུ་རྫོགས་པའི་སློབ་མ་ཡིས། །སྔོན་དུ་བླ་མ་མཉེས་བྱས་ནས། །ལྷག་པའི་ལྷ་ཉིད་སྟོབས་དང་ལྡན། །རྡོ་རྗེ་འཛིན་པ་ཧེ་རུ་ཀ །ཉེ་བར་བསྟེན་དང་གཉིས་སུ་མེད། །ཚད་དང་ལྡན་པར་གྱུར་པ་དེས། །ཡང་དག་ངེས་པའི་རྟགས་མཐོང་ནས། །རབ་ཏུ་འབད་པར་བྱ་བ་ནི། །སྨིན་འབྱོར་གདུག་ཅིང་ཤིས་པའི་ས། །ལས་ལ་བསྔགས་པ་དེ་དག་ལ། །དྲེགས་པའི་


DNG015_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་འཁོར་དམིགས་པའི་རྟེན། །འདོམ་གང་ལ་སོགས་ཚད་དང་ལྡན། །ལྟེ་བ་ལ་ནི་འཁོར་ལོའི་རྩིབས། །བཞིའམ་དྲུག་གམ་བརྒྱད་དུ་དགོད། །བར་ཁྱམས་ཕྱོགས་བཞི་སྒོ་བཞིར་བཅས། །རིམ་པ་གསུམ་གྱི་ཐོད་ཕྲེང་ལྡན། །རང་གི་རིགས་ལ་བསྔགས་པ་ཡི། །དབྱིབས་དང་ཁ་དོག་རྒྱན་དང་རྟགས། །ཐམས་ཅད་ལྡན་པ་ཉིད་དུ་བྱ། །དྲེགས་པ་ཅན་རྣམས་སྐུ་ཡི་རྟེན། །བྲིས་སམ་བརྐོས་སམ་བརྩིགས་པ་དག །རང་གི་གནས་སུ་མཛེས་པར་དགོད། །གསུང་གི་སྙིང་པོའང་དེ་བཞིན་ནོ། །ཐུགས་རྟེན་རང་གི་ཕྱག་ཆའམ། །སྔོན་ནས་བསྔགས་པའི་རྫས་ཡིས་ནོ། །རང་སྔགས་གསང་བའི་འཁོར་ལོ་དང་། །མཐུན་གཟུགས་སྲོག་གི་རྒྱལ་མཚན་རྣམས། །ནང་དུ་མཚོན་པའི་རྟེན་དུ་གཟུག །དེ་དག་ཙིཏྟ་སོ་སོ་རུ། །དམིགས་པའི་སྙིང་པོ་དྲིལ་ཏེ་གཞུག །གསང་བ་སྦས་པའི་རྟེན་དུ་འགྱུར། །དེ་ཡི་བྱང་ཤར་ཕྱོགས་མཚམས་སུ། །ང་ཡིས་སྔར་བཤད་རྒྱུ་ཉིད་ལས། །ཨེ་དབྱིབས་བཞི་དང་བརྒྱད་བཅུ་གཉིས། །ཁྲུ་གང་མཛུབ་གང་ཐུར་དུ་བརྐོ། །བདུག་ཅིང་དྲེགས་པའི་རྫས་ཀྱིས་བྱུགས། །བདུག་ཅིང་བསྲེག་པའང་དེ་ཡིས་སོ། །དེ་ཉིད་དགོད་པའི་རྫས་རྣམས་ནི། །རྒྱུད་མེད་གཟུགས་ངན་ཀཱ་པ་ལ། །སེང་ལྡེང་གསེར་ཤིང་ཡན་ལག་སྐྱེས། །དཔལ་ལྡན་དྲག་པོའི་ཕུར་པ་དང་། །ཤེལ་ནག་གནམ་རུ་ནག་པོ་དང་། །གྱི་ལིང་དཀར་དང་གདོང་དམར་དང་། །བརྡ་མི་གཅིག་དང་སྲིད་ཤིང་དང་། །ཙ་ར་དཀར་དང་མགྲིན་སྙན་དང་། །ས་སྤྱོད་ཆུ་སྤྱོད་རྣམས་ཀྱིས་ལུས། །ཕྱི་ནང་བར་དང་གསང་བས་བརྒྱན། །དྲེགས་ཅན་སྤྱི་ཡི་མཉེས་པའི་རྫས། །རྒྱན་ལྡན་གཟུགས་དང་རྔ་གླིང་སྒྲ། །གསུར་ཆེན་དྲི་དང་ཤ་ཁྲག་རོ། །ཚ་རྩུབ་རེག་དང་འབྲུ་བཅུད་བཤོས། །ཤ་ཆེན་དམ་ཚིག་བདུད་རྩིའི་ཚིགས། །རབ་ཏུ་བསྟར་ཞིང་འབད་པས་སྦྱར། །དཔའ་ཞིང་བརྟུལ་ཕོད་སྐྱེས་བུ་ཡིས། །ང་ཡི་སྔོན་གྱི་ཕྲིན་ལས་བཞིན། །ཁྲོ་ལ་ཁྲོས་པས་ཞི་མཛད་དེ། །ཐ་མལ་གནས་པའི་འབྱུང་ཆེན་ལྔ། །དྲག་


DNG015_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

པོ་སྔགས་ཀྱི་འབྱུང་བར་བསྒོམ། །ཀེང་རུས་འབར་བའི་རི་རབ་བམ། །དུར་ཁྲོད་འཇིགས་པའི་གཞལ་མེད་ཁང་། །བྷནྡྷ་གནས་རིགས་གསུམ་གྱིས་བརྩིག །ཏི་ར་གསར་རྙིང་ཚོགས་ཀྱིས་གཏམས། །རཀྟ་དམར་པོ་བྲུབ་ཅིང་འབབ། །ཚིལ་ཆེན་དུད་པ་འཁྱིལ་ཞིང་འཕྱུར། །དབང་པོ་དོན་སྙིང་འཕྱངས་ཤིང་འཕྲུལ། །བདུད་རྩི་བཤང་གཅི་དྲི་བསུང་ལྡན། །ཡན་ལག་ཉིང་ལག་སྐམས་ཤིང་སྙིལ་རྙིང་ཡང་། །ཤ་དང་པགས་པ་བརྒྱང་ཞིང་འཕྱར། །ཕྱོགས་བཞི་མཚམས་དང་སྟེང་དང་འོག །གཏུས་དང་འཕྱར་དང་བསྐུམས་དང་བརྐྱངས། །རྒྱལ་མཚན་དང་ནི་ཟ་ར་ཚགས། །བ་དན་བླ་དྲེ་ལྷབ་ལྷུབ་དང་། །འཕུར་མ་དང་ནི་ལྷབ་མ་དང་། །མི་མགོ་ཀ་པཱ་ལ་རྣམས་དང་། །རབ་ཏུ་མཛེས་པའི་རྒྱན་གྱིས་བརྒྱན། །གཞལ་ཡས་ཁང་པ་དེ་འདྲ་བ། །རབ་ཏུ་བསྔགས་པ་འདི་ལ་བཤད། །དྲེགས་པའི་བདག་པོ་ཡུམ་དང་བཅས། །སྦྱོར་ཞིང་བསྣོལ་བ་དེ་ཉིད་ཀྱིས། །བདག་གི་རང་བཞིན་ཡོངས་སུ་བསྐྱེད། །འཕྲོ་དང་ལས་ཀྱི་ཁྱད་པར་དང་། །བསྡུ་དང་རང་གི་གནས་སུ་བརྟེན། །སྐུར་གྱུར་མཚན་ཉིད་ངོ་བོ་དང་། །བྱང་ཆུབ་སེམས་ཀྱི་བྱ་བ་ཡིས། །ཡུམ་དང་བཅས་པ་ཡོངས་སུ་རྫོགས། །དེ་ཡི་ལས་ཀྱང་སྔར་བཞིན་དུ། །རྒྱས་མཛད་རང་གི་སྤྱན་སྔ་རུ། །དམིགས་པ་མྱུར་ལྷག་དེ་ཡི་འཁོར། །བདུད་དང་གཤིན་རྗེ་སྲིན་པོ་དང་། །གནོད་སྦྱིན་དྲག་པོ་སྡེ་དང་ཀླུ། །རང་གི་ཆུང་མར་བཅས་པ་དག །ངས་བཤད་བཞིན་དུ་རིགས་པར་བསམ། །སྒོ་བཞིར་གནས་པ་དེ་དག་སྟེ། །ལྷ་དང་མ་མོ་རྒྱལ་པོ་གིང་། །བཙན་འགོང་དམུ་དང་མུ་སྟེགས་དང་། །རང་གི་སྡེ་དང་དཔུང་དུ་བཅས། །མ་ལུས་དྲེགས་པ་ཅན་གྱི་ཚོགས། །འདི་ལ་རབ་བརྗོད་གང་ཡིན་པ། །དེ་ཉིད་དུ་ནི་གསལ་བར་བྱ། །ང་ཡི་སྐུ་དང་གསུང་དང་ཐུགས། །ཡེ་ཤེས་རིགས་ཀྱི་དབང་བསྐུར་ཞིང་། །བྱིན་གྱིས་བརླབས་ལ་རྒྱས་བཏབ་སྟེ། །དེ་ལ་རང་བཞིན་གནས་པ་བསྡིམ། །ཡོངས་རྫོགས་སྐུ་ཡི་བརྟན་པར་བསྒྲུབ། །ཕྱག་བཙལ་མཆོད་པ་འབུལ་


DNG015_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་བསྟོད། །རབ་ཏུ་མཉེས་པ་རྒྱ་ཆེར་བྱ། །ཕྱི་བཤད་ནང་དང་གསང་བ་ཡིས། །བསྡུ་དང་སྦྱོར་དང་སྒྲོལ་བ་དང་། །གནས་དང་རིགས་དང་རོལ་པ་དང་། །བསྐྱོད་དང་དབབ་པ་མཉེས་པ་ཡི། །གནས་ལུགས་ལྷུན་གྲུབ་མ་བཅོས་པས། །དྲག་སྔགས་རོལ་པ་མ་འགགས་སྤྱོད། །རང་གི་ལས་ལ་སྦྱར་བ་ནི། །བདུད་ཀྱི་ཁྲམ་དང་གཤིན་རྗེ་རྡོ། །སྲིན་པོའི་དམར་དང་གནོད་སྦྱིན་བྱད། །ལྷ་ཡི་ཆད་དང་མ་མོའི་དལ། །གཟའ་ཡི་ཀི་ཀང་ཀླུ་ཡི་དུག །ཚེ་ཟད་པ་དང་ཁྲི་མོན་བཅུག །གཅན་གཟན་འཇུམ་དང་ལྕགས་སྒྲོག་ཚུད། །ནད་དང་མཚོན་ནི་ཁོང་ཞུགས་དང་། །དུག་འཐུང་ཐོག་བབས་བཞིན་དུ་དྲག །ཐར་ཞེས་བྱ་བ་གདགས་སུ་མེད། །བདུད་ནི་མ་བརྟགས་སྲོག་ལ་རྒོལ། །གཤིན་རྗེ་འཁོར་བའི་འཁོར་ལོས་གཅོད། །སྲིན་པོ་རལ་གྲིའི་སོ་ཡི་འགེམས། །གནོད་སྦྱིན་གནམ་ལྕགས་ཐོག་གིས་འཇོམས། །ལྷ་ནི་འདོད་པའི་མདུང་གིས་གསོར། །མ་མོ་དཔག་ཆེན་མདའ་འཕེན་འབིགས། །གཟའ་བདུད་སྟོབས་ཆེན་སྒྱོགས་ཀྱིས་བརྡེག །ཀླུ་ནི་ས་འོག་རལ་གྲིའི་སོས། །ཐམས་ཅད་འདུལ་ཞིང་གཅོད་པའི་སྔགས། །མུན་པ་གླིང་འཁྲུགས་བདུད་ཀྱི་སྐད། །ངུ་འབོད་ལྟ་བུའི་གཤིན་རྗེ་སྟེ། །རོ་ལེན་ངུར་བ་སྲིན་པོས་ཁྲིད། །ལྕེ་མདུད་དྲག་པོ་གནོད་སྦྱིན་ནོ། །བཀའ་ཆད་དྲག་རྩལ་ལྷ་ཡི་དམོད། །ངུ་འབོད་གདུང་བ་མ་མོ་སྟེ། །འབྲུག་སྒྲ་གློག་འབྱིན་གཟའ་བདུད་དོ། །ཀླུ་ཡི་སྦྲུལ་ནག་དུག་ལྕེས་སོ། །འཇིག་རྟེན་ལྷ་སྲིན་རང་སྒྲ་ཡིས། །ཕལ་པ་རྣམས་ལ་དམོད་པར་བྱེད། །དེ་ནི་དྲག་སྔགས་དམོད་པའོ། །ཞེས་བཀའ་སྩལ་ཏོ། །དྲག་སྔགས་འདུས་པ་རྡོ་རྗེ་རྩ་བའི་རྒྱུད་ལས། དྲག་སྔགས་དམོད་པ་ཉེ་བར་བསྒྲུབ་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་རྡོ་རྗེ་འཛིན་པ་ཡིས། །སོ་སོའི་དྲག་སྔགས་དམོད་པ་བསྟན། །ཕུང་ཤིགས་བདུད་ཀྱི་དྲག་སྔགས་ནི། །རབས་ཆད་ནག་པོའི་ཐོད་པ་རུ། །ཤེལ་ནག་སྙིང་དུ་ཉ་བོ་སྩལ། །དུར་ཁྲོད་རས་ནག་རྒྱ་ཡིས་གདབ། །ཚོན་སྣ་ལྔའམ་ནག་པོས་བཅིང་། །གྲི་ལྕགས་


DNG015_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

སྦུག་མ་སྲོག་རྩར་གཞུག །ཉུང་དཀར་ཉུང་ནག་ཏིལ་ནག་དང་། །སྐྱེ་ཚེ་ཤང་ཚེ་ཟི་ར་དང་། །ཟངས་ལྕགས་རྡོ་ཡི་ཕྱེ་མ་དང་། །དུག་ཁྲག་ངར་དང་བཅས་པ་རྣམས། །མུ་སུ་ར་ཡི་ཐོད་པར་བསྡུ། །བདུད་ཀྱི་སྲོག་ཏིག་སྔགས་ཀྱིས་བསྔགས། །བདུད་པོ་ནག་པོ་ཁ་མུན་དེ་བ་མི་ལ་ཆོ། ཀཱ་ལ་མུ་ཏྲི་མཱ་ར་ཡ་དགྲ་བོ་སྙིང་ལིང་ཙིཏྟ་རྦུད། ནྲྀ་ཟླུམ་ཁྱིགས། ནྲྀ་ཟླུམ་ཁྱིགས། བྲམ་བྲམ་རོ་ལ་འདུས། ཟེད་སྤྲུག །དྲོ་སྤྲུག །བདུད་རྗེས་ཆོད། བདུད་མོས་རོལ། བདུད་བུས་གཏོར། བཾ་ཁྱིགས། པྲ་མ་ནྲྀ་ཤ་ཏྲཱུ་མཱ་ར་ཡ་རྦད། མུན་པ་གླིང་འཁྲུགས་ཞེས་བྱ་བ། །མ་འོངས་བདུད་ཀྱི་རང་སྐད་དེ། །དྲག་ཏུ་བརྗོད་ཅིང་སྦུག་མར་བྲབ། །གང་ལ་དམིགས་པ་དེ་མྱུར་དུ། །སྣང་སྲིད་བདུད་ཀྱིས་སྲོག་ནས་འདྲེན། །མི་ནག་གོ་མཚོན་བཅས་པ་དང་། །སྔགས་ནག་བུད་མེད་མོན་དང་རྡོ། །ཁྱི་ནག་རྟ་ནག་བྱ་ནག་དང་། །རྒོད་ནག་དྲེའུ་ནག་ཤེལ་ནག་དང་། །རི་ནག་མཚོ་ནག་ཤིང་ནག་ཚོགས། །དམག་དང་འཁྲུག་པ་འཐབ་པ་དང་། །འཁྲིད་དང་གསོད་དང་བཤའ་བ་དག །ལས་བྱེད་གྲུབ་པའི་རྟགས་སུ་འགྱུར། །དེ་ནས་ཉ་བོ་བསྟབ་ཅིང་བསྒྲལ། །གྲི་མཚོན་ཕུར་པ་རྣམས་ཀྱིས་གཏུབ། །ལྷག་མ་བདུད་རྩི་ཤ་ཁྲག་སྦྱར། །ཀུ་ཀུ་ནག་པོའི་ཟས་སུ་སྦྱིན། །རོལ་པར་མི་བྱེད་བསྐྱར་ཏེ་བསྒྲུབ། །རཱུ་ཏྲ་མྱོས་ཤིང་འཐིབ་ནས་འཆི། །འཆི་བདག་གཤིན་རྗེའི་དྲག་སྔགས་ནི། །རྒྱུད་མེད་ཕོ་མོའི་ཀ་པཱ་ལ། །ཟ་མ་ཏོག་ཏུ་ཁ་སྦྱར་ཏེ། །ནང་དུ་དེ་ཉིད་ཙིཏྟ་གཞུག །ཕོ་ཐོད་སྟེང་ནས་སྤྱི་བོར་ཕུག །བཅིངས་དང་དགབ་པ་དྲངས་པ་དག །སྔར་བཤད་རྫས་ཀྱིས་བྲབ་ཅིང་བརྡེག །ཡ་མ་མེ་ད་ཀྵེ། རཱ་ཛ་ས་དོ་མེ། རུ་ཙ་ན་ཡ་ནི། རོ་མ་ཙ་ནི། ཡ་མ་ར་ཙ་མུ་ཀ་སྙིང་ཁྲག་རྩ་ལ་རྦད།ཡ་མ་དབུགས་ལ་རྔུབས། རོ་ཙ་ཡ་མ་ར་ཙ་ར་ཙ་བཾ་རིལ་རྦད། ཡ་མ་ར་ཙ་ཧྲི་སྡི་སྙིང་ལིང་ཆོད། ཡ་མ་སྙིང་། ཡ་མ་ཁྲག །ཡ་མ་དུ་བཾ་རིལ་རྦད། གཤིན་རྗེ་བསྡུས་ཤིང་དྲིལ་བའི་སྔགས། །རབ་ཏུ་


DNG015_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

བསྔགས་ཏེ་ཙིཏྟར་བྲབ། །ཤ་ཁྲག་ཆེན་པོས་མཉེས་པར་བྱ། །གསོད་བྱེད་ནག་པོའི་ཚོགས་རྣམས་ཀྱིས། །དོན་སྙིང་རློན་པར་སྟེར་བ་དང་། །སྙིང་དང་ཐོད་པ་འཕར་བ་འབྱུང་། །དེ་ནས་ལས་ལ་སྦྱར་བར་བྱ། །གང་ལ་དམིགས་པ་མྱུར་དུ་སྒྲོལ། །གཏུམ་ཁྲོས་སྲིན་པོའི་དམོད་པ་ནི། །མྱུར་ཤིའི་ཐོད་པར་དེ་སྙིང་ནང་། །དམིགས་པ་རྣམས་ཀྱི་གཟུགས་བརྙན་དེ། །མིང་སྔགས་ལྡན་པ་སྩལ་བྱ་སྟེ། །ལེ་བརྒན་ཁ་དོག་དར་གྱིས་དཀྲིས། །སྔོན་དམར་སྐུད་པའི་དྲ་བར་གཞུག །ཏི་ར་གསར་པ་ཁ་ཕྱེ་ལ། །དབང་པོ་དོན་སྙིང་ནང་རོལ་གྱིས། །སྲིན་པོ་བསྐང་ཞིང་དམོད་པ་བཟླ། །རག་ཤ་སྲིན་པོ་ས་མུན་ཛཿ། །རག་ཤ་རཱུ་ཏྲ་ཧུར་ཧུར་བྷྱོ། །རཱུ་ཏྲ་གཉེན་པོ་དགྲ་ལ་བྷྱོ། །དགྲ་བོ་མུ་ལི་ཤིག་སོད་གཏོར། །ཧབ་ལོ་ཧོབ་ལེ་ཁ་ཐུན་བྷྱོ། །རག་ཤ་ཛ་ཏྲི་ཏ་ཛ། དུ་ར་དུ་ར་ཤན་ཛ། རག་ཤ་རྦད། ནྲྀ་མཱ་ར་ཡ་སོད། དམོད་པ་རྫས་ལ་བཟླས་ཤིང་བརྡེག །མི་ནག་ཤན་པའི་ཚོགས་རྣམས་ཀྱིས། །ཁྲིད་དང་གསོད་དང་དོན་སྙིང་སྟེར། །ལས་ལ་སྦྱར་བ་ཚུལ་བཞིན་གྱིས། །དགྲ་བོའི་དངོས་པོ་མྱུར་དུ་སྒྲོལ། །དྲག་རྩལ་གནོད་སྦྱིན་དྲག་སྔགས་ནི། །རྟ་དཀར་སྙིང་དང་ཐོད་པ་ནི། །ཉ་བོ་གཞུག་པའི་སྣོད་དུ་བསྔགས། །རིན་ཆེན་ལ་ཕུག་མུ་པ་ལ། །སྙིང་སྣ་ཁྲག་སྣ་སྦྱར་བས་མཆོད། །གནོད་སྦྱིན་སྲོག་ཏིག་དམོད་པ་བརྗོད། །ཡཀྴ་བཾ་ཧུ་ད་རི་ཛ།མ་ག་མ་བག་ཤ་ཛ། རུ་རུ་མ་རུ་ཏྲ་མ་ཏི་ཛ། ཡཀྴ་སྙིང་ལ་ཤད་ཤད་དུ་ཛ།ཡཀྴ་སྲོག་ལ་དྲེང་ཐུན་ཛ། ཉི་ཤར་ཚོགས་དང་འོད་དང་སྒྲ། །རླུང་དམར་དུག་དང་བུ་ཡུག་འོང་། །བསད་པའི་རྫས་ཀྱིས་དྲག་ཏུ་བརྡེག །ལྷག་མ་བསྲེག་ཅིང་རླུང་གིས་གཏོར། །དེ་ཉིད་ཁྲག་གིས་ལྐུགས་ཏེ་སྒྲོལ། །དྲག་རྩལ་ལྷ་ཡི་དྲག་སྔགས་ནི། །ལྷ་གཡག་དཀར་པོའི་སྙིང་ནང་དུ། །བརྣགས་པའི་གཟུགས་དང་མིང་རུས་བྲི། །སྔོན་དམར་སྐུད་པས་སྐེ་ནས་གདགས། །རྗེ་རིགས་ཐོད་པའི་ནང་དུ་གཞུག །དར་དཀར་གྱིས་ནི་ཁ་བཅད་ལ། །ཚོན་


DNG015_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

སྐུད་སྣ་ལྔས་བཅིང་བར་བྱ། །བྱ་རྒོད་དར་མའི་སྒྲོ་རྩ་ནི། །སྲོག་རྩར་བཅུག་ལ་དཀྱིལ་དུ་བརྟོལ། །དཀྱིལ་འཁོར་མདའ་གང་གྲུ་བཞི་ལ། །དབུས་སུ་གྲུ་གསུམ་ཐུར་དུ་བྲུ། །ལྷ་རྡོ་གསུམ་གྱི་སྒྱེད་པུ་ལ། །གང་གི་ཐོད་པ་གཞག་པར་བྱ། །ཐུན་རྫས་བཤོས་གཙང་རྔོན་ཆ་དང་། །རུ་དཀར་སྙིང་དང་ཤེལ་དཀར་སྙིང་། །བྱ་དཀར་སྙིང་དང་རུ་མཚོན་དང་། །བ་དན་དཀར་པོ་རྟེན་དུ་གཟུག །ཉུང་དཀར་སྔགས་ཀྱི་མདའ་མཆོག་ནི། །ཐུན་གྱི་རྫས་སུ་གཞག་པར་བྱ། །དྲག་སྔགས་སྙིང་གི་ནང་དུ་བྲབ། །སྟོབས་ལྡན་རྡོ་རྗེ་འཛིན་གསལ་བས། །ལྷ་རྣམས་འདུས་པའི་དྲག་སྔགས་སྦྲེང་། །མ་ཧཱ་དེ་བ་ཏེ་ཛ་ཏི་ཛ། སཾ་པྲ་མ་ན་རཀྵ་ཀཾ་ཀ་ས་མ་ཡ་ཧཱུཾ། དེ་བ་རཱ་ཛ་མ་ཧཱ་ནི་ཛ། དགྲ་བོ་མཱ་ར་ཡ་ཐུན་རྦད། ཐུན་རྦད། ཤག་ལེན་ཛ་ཛ། ཤག་ལེན་ཛ་ཛ་ཧཱུཾ་ཧཱུཾ་ཙ་ཏུར་མུ་ཁ་རག་ཤ་མ་ན། ཀཾ་ཀ་ཡ་མ་ཧཱུཾ། མ་ཧཱ་དེ་བ་ཨ་མུ་ཀ་མཱ་ར་ཡ་སོད། འཇིག་རྟེན་དྲེགས་པ་མཐུ་རྩལ་ཅན། །ལྷ་ཡི་བོད་རྦད་བསད་གསུམ་དྲིལ། །དྲག་ཏུ་བཟླ་ཞིང་སྙིང་ལ་བྲབ། །རྟགས་ནི་རྒྱལ་པོ་རྗེ་དཔོན་དང་། །སྐྱེས་པ་སྟག་ཆས་དར་ཐོགས་དང་། །ཞུབ་ཅན་ཕོ་ཚོགས་འོང་བ་ནི། །གསོད་གཅོད་བྱེད་དང་སྙིང་འབྱིན་དང་། །དངོས་སུ་སྙིང་ཕྱུང་འཕར་བ་འོང་། །རྟགས་བྱུང་སྙིང་ནས་ལིངྒ་དབྱུང་། །མཚོན་གྱིས་གཏུབས་ལ་མེ་ལ་བསྲེག །ཐལ་བར་ཉ་བོ་བྱས་ནས་ནི། །ཐོད་པར་བཅུག་ལ་ལྷ་རྟེན་ནམ། །འཇིག་རྟེན་ལྷ་ཆེན་གནས་སར་མནན། །ལྷ་ཡི་དལ་ཡམས་དགྲ་ལ་འབེབས། །ནད་བདག་མ་མོའི་དྲག་སྔགས་ནི། །སྣེལ་གྲི་མོ་ཡི་ཐོད་པ་རུ། །དེ་ཡི་སྙིང་ནང་ལིངྒ་གཞུག །མཐིང་ནག་དར་གྱིས་ཁ་བཅད་ལ། །ཐོད་པ་ཚོན་སྐུད་ལྔ་ཡིས་བཅིང་། །དཀྱིལ་འཁོར་མཐིང་ནག་གྲུ་གསུམ་དབུས། །ཐོད་པར་བཅུག་ལ་བསྒྲུབ་པར་བྱ། །ནག་སྨུག་གསུམ་གྱི་སྙིང་ཁྲག་གིས། །མ་མོ་འཁོར་དང་བཅས་པ་མཆོད། །ཉུང་དཀར་ཉུང་ནག་སྐྱེ་ཚེ་སོགས། །དྲག་པོའི་ཐུན་རྫས་ཚོགས་ཚང་ལ། །མ་མོ་རྣམས་ཀྱི་དམོད་


DNG015_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

པས་བསྔགས། །མ་མ་སྙིང་ཁ་རག་མ་མ་རག་ཤ་མ་མ་རག་ཤ །ཏྲག་རག་ཤ་སྙིང་ཁྲག་ལ་ཧུབ་ཛ། སྙིང་རྩ་ལ་དུན་དུན། ཏྲག་རཀ་ཤ་མ་མ་ཛ་ཛ། དམ་དམ་དགྲ་སྙིང་རྦད་བུ་ནན། མ་མ་ནྲྀ་སྙིང་ཙིཏྟ་ལ་ཐུན་ཐུན། ཏྲག་རཀ་ཤ་རཀ་ཤ་རག་མོ་ཐུན་ཐུན། མུག་མུག་མྱོས་མྱོས་རྦད་རྦད་ཛ་ཛ། མ་མ་ཐུན་སྙིང་ཁྲག་ཐུན། ཤ་སྡི་སྟ་མ་མ་རག་མོ་ས་མ་ཡ་བྷྱོ་བྷྱོ། མ་མོའི་སྲོག་ཏིག་བསྡུས་པའོ། །བསད་པ་ལས་ཀྱི་ངན་སྔགས་འདི། །གྲི་ལྕགས་ལས་བྱས་སྦུ་གུ་འམ། །བྱ་རྒོད་སྒྲོ་རྩའི་ནང་ནས་བསྔགས། །མ་སྲིང་མོན་མོ་བལ་མོ་དང་། །བྱི་མོ་ལ་སོགས་བུད་མེད་ཚོགས། །བྱ་ནག་རྒོད་ནག་ཚོགས་ཆེན་ལྷགས། །དངོས་སུ་ཤ་དང་མགོ་སུག་སྟེར། །ཙིཏྟ་དངོས་སུ་འཕར་བ་དང་། །བསད་རྟགས་ཡོངས་སུ་རྫོགས་པ་དང་། །སྙིང་ལ་ཕུར་པས་གདབ་ཅིང་གསད། །དུག་ཤིང་མེ་ལ་སྦྱིན་བསྲེག་བྱ། །ཐུན་ཁྲག་དམིགས་པའི་དགྲ་ལ་འཕང་། །ཐལ་བ་བླངས་ལ་ཉ་བོ་བྱ། །དུར་ཁྲོད་དབུས་སུ་གནན་པར་བྱ། །རིམས་ནད་རྣམས་ཀྱིས་དམིགས་པ་སྒྲོལ། །དྲག་པོ་གཟའ་ཡི་དྲག་སྔགས་ནི། །མོན་པ་ནག་པོའམ་ར་རོག་པོའི། །ཐོད་པར་སྙིང་ནག་ལིངྒ་གཞུག །སྲོག་རྩར་གྲི་ལྕགས་སྦུ་གུ་གཞུག །ཉུང་དཀར་ཉུང་ནག་ཟངས་ལྕགས་ཕྱེ། །ཐུན་དུ་བསྔགས་ཏེ་ཐོད་པར་བྲབ། །མ་ར་ཡ་པ་ཤཾ་མི་ཀི་དུ་རུ་དུ་རུ། མ་ཏི་ཛྭ་ལ་ཏི་ཛ། ཙ་པ་མ་ནི་རུ་རུ་རཱ་ཧུ་ལ། ཨ་ཏྲ་ཏ་ཏྲ་པདྨ་ཤ་ར་ཤ་ར་སྟ་ཨ་མུ་ཀ་མཱ་ར་ཡ་ཧཱུཾ་ཕཊ། ཏྲི་ལཾ་ཀ་ཤཾ་ཀ་དུ་ཧྲཱྀཿ། ཛ་ཛ་ཡཀྴ་ཐུན། བཾ་ཏྲིལ་ཤི་ནི་བཾ་བྷ་བ་ཏི། ཁ་ཡག་ཁ་དུན་ཏྲི། རུ་ཏི་ཤུ་ཏ་ཏྲིག །ཤུ་ལ་པྲ་ཏི་མཱ་ར་ཡ་ཛ། དབང་ཆེན་གཟའ་ཡི་དྲག་སྔགས་འདི། །དྲག་པོའི་རྫས་ལ་བསྔགས་ཏེ་བརྡེག །ཤ་རུལ་ཁྲག་རུལ་བཙོས་དང་རྗེན། །དཀར་གསུམ་མངར་གསུམ་རྫས་ཀྱིས་མཆོད། །ཉི་ཟླ་ཀླད་ལ་འཁོར་བ་དང་། །མོན་པ་ནག་པོ་འོང་བ་དང་། །སྦྲུལ་ཆེན་གཤོག་ཅན་འཁྱུག་པ་དང་། །བར་སྣང་འཇའ་ཡིས་ཁེངས་པ་དང་། །དགྲ་བོ་དངོས་སུ་


DNG015_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིད་ནས་འོང་། །རྒོད་དང་རི་དྭགས་གསོད་པ་དང་། །དོན་སྙིང་ནང་རོལ་སྟེར་ཞིང་རོལ། །དེ་འདྲའི་བསད་རྟགས་རྫོགས་པ་དང་། །སྙིང་དང་ལིངྒ་ཧོམ་མེར་བསྲེག །གནོད་རྫས་དགྲ་ཡི་ཡུལ་དུ་གཏོར། །ཐོད་པ་ཀླུ་ཡི་རྟེན་སར་སྦ། །ཆུ་འཁྱགས་སེར་བ་ཁྲག་ཏུ་འབེབས། །ཧུར་ཐུམ་ནད་ཀྱིས་གློ་བུར་འཆི། །ཁ་ལྐུགས་རྐང་ལག་རེངས་པར་འགྱུར། །གདུག་པ་ཀླུ་ཡི་དྲག་སྔགས་ནི། །ལུང་གསུམ་འདུས་པའི་དབེན་གནས་སུ། །སྟེགས་བུ་མཐིང་ནག་གྲུ་གསུམ་བྲུས། །དགྲ་ཡི་ཕ་མེས་མགོ་བོ་འམ། །ཡང་ན་མཛེ་ཅན་ཐོད་པ་རུ། །དགྲ་ཡི་མིང་རུས་བྲིས་ཏེ་གཞུག །གཙང་མའི་སྣོད་དུ་དཀར་གསུམ་དང་། །མངར་གསུམ་ཀླུ་སྨན་སྣ་ཚོགས་སྩལ། །རྟག་ཏུ་མཆོད་ཅིང་བསྔགས་པར་བྱ། །ཨོཾ་ནག་པོ་ཏི་པ་ཙ་ཡ། ནཱ་ག་ར་ཙ། དགྲ་བོ་ཧེ་ཁུལ་ཕེ་ཤ་ན། ནཱ་ག་ཕོས་ཕོས་ཤིག་ཤིག །ཧུ་ཡ་ཧུ་ཡ། ཏི་ཡ་ཏི་ཡ། ཏི་པ་ཙ་ཏི་པ་ཙ། ཨ་ཤ་ནག་པོ་ཏི་པ་ཙ་ཡ། ནཱ་ག་ར་ཙ་དགྲ་བོ་མཱ་ར་ཡ་རྦད། ཤག་ཏི་རྦད། སྲོག་ཏི་རྦད། སྦར་ཏི་རྦད། སྙིང་ལ་རིལ་ཤཾ་ཤཾ་རྦད། ཨི་ནན་ནག་པོ་ཕེར་ན་ཤ་ཨུ་ཏ་ནན་ར་ཙ་ནན། ཐི་ལི་ནན། ཕི་ལི་ནན། དྲག་ཏུ་བརྗོད་ཅིང་བསྒྲུབ་པ་ཡིས། །མེ་ཆེན་འབར་དང་ཆུ་ཆེན་འབྲུབ། །བ་གླང་སྦལ་སྦྲུལ་སྡོམ་སྡིག་ཚོགས། །ཤིང་གཅོད་རི་བསྙིལ་བྲག་རལ་སོགས། །ལུས་ལ་ཤུ་བ་སྐྲང་ལོ་འབྱུང་། །སྟོབས་ལྡན་གཉེན་པོས་རབ་ཏུ་གཅུན། །དེ་ནས་བྱང་བལྟས་ཆུ་མིག་ཏུ། །བ་ལིཾ་གཏང་ཞིང་བདེན་པ་བདར། །ཐོད་པ་ལིངྒར་བཅས་པ་གནན། །ཀླུ་རྒྱལ་འཁོར་དང་བཅས་ལ་གཏད། །ཕུང་པོ་ལྷག་མེད་བཞེས་པར་བསམ། །གནས་སུ་ཕྱིན་ལ་བསྲུང་བ་བྱ། །དགྲ་ནི་མཛེ་དང་རྨུགས་པས་འཆི། །སྡེ་བརྒྱད་སོ་སོའི་དྲག་སྔགས་ཀྱི། །འཇིག་རྟེན་ལས་ཀྱིས་མནར་བ་ཡི། །བསྟན་པའི་རཱུ་ཏྲ་གདུག་པ་ཅན། །མ་ལུས་རྣམས་ཀྱི་གཤེད་དུ་འགྱུར། །ཞེས་བཀའ་སྩལ་ཏོ། །དྲག་སྔགས་འདུས་པ་རྡོ་རྗེ་རྩ་བའི་རྒྱུད་ལས། དྲེགས་པའི་སྡེ་སོ་སོའི་ལས་ལ་སྦྱར་བ་དྲག་སྔགས་ཀྱི་ལེའུ་སྟེ་བདུན་པའོ།། །།དེ་ནས་རྡོ་རྗེ་འཛིན་པ་ཡིས། །


DNG015_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་དྲེགས་པ་ཅན་རྣམས་ཀྱི། །སོ་སོའི་རིགས་དང་གཏན་ཚིགས་དང་། །སྡེ་དང་ལས་ཀྱི་བྱེད་པ་བསྟན། །སྔོན་གྱི་འཇིག་རྟེན་ཁམས་འདི་ཉིད། །ཕུང་པོ་ཉོན་མོངས་ལ་བརྟེན་ནས། །ང་རྒྱལ་དྲེགས་པའི་དབང་གིས་མྱོས། །རང་གཞན་ཀུན་ལ་འཚེ་ཞིང་གཅོད། །གནས་ངན་ལེན་གྱིས་ཁ་འཁྲིད་བྱས། །ལེགས་པའི་ལན་དུ་ཉེས་པར་སྤྱོད། །མ་རིག་རྩ་བ་ཡན་ལག་གིས། །གཏི་མུག་མུན་འཐིབས་བདུད་དང་ཀླུ། །ང་རྒྱལ་སྟོབས་ཀྱིས་དྲེགས་པ་དག །ལྷ་དང་རྒྱལ་པོ་ཞེས་པར་གྱུར། །ཕྲག་དོག་གཟའ་དང་གཤིན་རྗེའི་རིགས། །འདོད་ཆགས་མ་མོ་གནོད་སྦྱིན་རིགས། །ཞེ་སྡང་བཙན་དང་སྲིན་པོར་གོལ། །སྲོག་ལ་འབེབས་པས་བདུད་ཅེས་བྱ། །ཡི་དྭགས་གཤིན་ཚོགས་རྣམས་ཀྱི་རྗེ། །ཕྲ་མོར་རྒྱུ་བ་སྣང་ཞིང་དྲེགས། །དེ་ཡི་དོན་གྱིས་སྲིན་པོར་བྱུང་། །གང་གིས་གནོད་པ་སྦྱིན་བྱེད་པའི། །དེ་ཡི་རིགས་དང་མཚན་ཉིད་དོ། །གང་ལས་བསྐྱེད་པ་མ་མོ་སྟེ། །སྐྱོབ་བྱེད་ནུས་པ་ལྷ་ཡིན་ནོ། །གདུག་ཅིང་གཏུམ་པས་མི་འཆོར་བས། །གཟའ་ཞེས་བྱ་བར་བརྗོད་པ་ཡིན། །གླེན་ཞིང་མྱོས་པས་ཀླུ་ཞེས་བྱ། །འགྲོ་བ་རིགས་དྲུག་སོ་སོ་ལས། །བདུད་དང་ལྷ་ནི་ལྷ་མིན་སྡེ། །གནོད་སྦྱིན་གཟའ་དང་རྒྱུ་སྐར་བཅས། །རྒྱལ་ཆེན་རིགས་བཞི་ལྷ་ཡི་སྡེ། །མ་མོ་སྲིན་པོ་མི་ཡི་སྡེ། །གཤིན་རྗེ་ཡི་དྭགས་སྡེ་ཡིན་ཏེ། །ཀླུ་ནི་བྱོལ་སོང་སྡེ་ཡིན་ནོ། །བདུད་རིགས་ཕོ་དང་མོ་ཡི་རིགས། །ཡེ་ནས་གནས་དང་གློ་བུར་བྱུང་། །འཐབ་དང་མྱོས་དང་དྲེགས་པར་བྱེད། །སྲེད་དང་ཆགས་པར་བྱེད་པ་སྟེ། །གཤིན་རྗེ་ལས་དང་ཞི་བ་སྟེ། །གཟུགས་ཅན་གཟུགས་མེད་དབང་ཆེན་དང་། །དབང་མེད་ཕྱི་དང་ནང་ཁྱད་པར། །ལས་ཀྱིས་རབ་ཏུ་བསྒྲིབས་པའོ། །སྲིན་པོ་ཤ་ཟ་གད་མོ་ཅན། །སྤྲུལ་པ་དང་ནི་གཟུ་ལུམས་ཅན། །རབ་ཏུ་རྒྱུ་དང་གཅིག་ཏུ་གནས། །གནོད་སྦྱིན་གཙོ་དང་འཁོར་གྱི་རྟགས། །གྲོ་བ་དང་ནི་རང་རྒྱུད་དེ། །ཐ་དད་རིགས་ནི་བཅོ་བརྒྱད་དེ། །གནོད་ཅིང་འཚེ་བའི་བདག་ཉིད་ཅན། །


DNG015_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ནི་འདོད་པའི་གཟུགས་ཅན་དང་། །གཟུགས་མེད་ལྷ་མ་ཡིན་དུ་གཏོགས། །རབ་ཏུ་གདུག་རྩུབ་ཆེ་བས་ནི། །ལྷ་མིན་མི་མ་ཡིན་དུ་གྲགས། །གང་ལས་བྱུང་དང་གང་ལས་སྲིད། །གང་གིས་བསྐྱེད་པའི་གཞིར་གྱུར་པ། །མ་མོ་ཞེས་སུ་གྲགས་པ་དང་། །ལས་དང་ཡེ་ཤེས་བསྡུས་ཤིང་ཕྱེ། །ཕྲ་དང་རགས་པའི་ཁྱད་པར་གྱིས། །ཆེ་ཆུང་གཙོ་དང་འཁོར་དུ་སྣང་། །མཁའ་ལ་རྒྱུ་བའི་དྲག་ཤུལ་ཅན། །ལས་ཀྱི་ཕུང་པོ་ཁོ་ནའོ། །རྒྱལ་པོ་བླ་རྗེ་བྲམ་ཟེ་དང་། །དམངས་དང་གདོལ་པ་ཅན་རྣམས་དང་། །ཉི་ཤུ་རྩ་ལྔའི་ཡན་ལག་འགྱུར། །ཐ་དད་རིགས་དང་སྡེ་ཡིན་ནོ། །འདི་དག་ཐོག་མའི་ལས་ཀྱི་དངོས། །དངོས་དང་རང་བཞིན་མཚན་ཉིད་ཀྱིས། །མ་རིག་འཁྲུལ་པའི་གཟུང་འཛིན་བྱུང་། །བདག་ལྟ་བག་ལ་ཉལ་དུ་གནས། །གཡོ་འགུལ་ཕྲ་མོ་ཀུན་ནས་ལྡང་། །འཁྲུག་ཅིང་འཚེ་དང་རྩོད་པར་ཤར། །བསོད་ནམས་ལས་དང་དེ་མ་ཡིན། །ལས་ཀྱི་མཐའ་གཉིས་གཡང་སར་ལྷུང་། །གནག་ཅིང་མི་དགེ་ཟག་པར་བཅས། །ཁ་ན་མ་ཐོ་ལུང་མ་བསྟན། །ལོག་པ་ལུས་ངག་ཡིད་གསུམ་གྱིས། །གནས་ངན་ལེན་པའི་རྒྱུན་ཆགས་མཐུད། །དུས་གསུམ་ཕྱོགས་དང་བཅས་པ་ཡིས། །རྗེས་སུ་འགྲོ་དང་ལྡོག་པ་ཡིས། །འཁོར་བའི་རྟེན་གཞི་དམ་པོར་བཙུགས། །སོ་སོ་ཕ་རོལ་སྲོག་ལ་གཅོད། །ལོངས་སྤྱོད་འཕྲོག་ཅིང་རྣམ་པར་འཚེ། །གཟི་མདངས་འབྱོར་པ་བདེ་དང་རྒྱས། །གང་ཡིན་འཇོམས་ཤིང་བརླག་ནུས་ལ། །རྒྱུད་དང་སྡུག་བསྔལ་སྐྱེད་བྱེད་པ། །མ་རུངས་ཉེས་པ་འབྱིན་བྱེད་ལས། །སྲོག་ལེན་ཚེ་འཕྲོག་གཅོད་དང་ཤ །མྱོས་འཐིབས་བྱིངས་ནད་རིམས་དང་ཡམས། །ཅོག་འགྱེལ་གདུག་པའི་ནད་འབེབས་ཤིང་། །དམེ་དང་འཁྲུག་པ་རྩོད་པ་དང་། །ཐོར་ཤོད་ལས་དང་རྨོད་པ་ཡིས། །རང་གི་སྡེ་ལས་རེ་རེ་འང་། །ཀུན་ལ་ཁྱབ་པ་བརྒྱད་བརྒྱད་དེ། །དྲུག་ཅུ་རྩ་དྲུག་ཡན་ལག་བཅས། །ལས་ཀྱི་དབྱེ་བ་བསམ་མི་ཁྱབ། །དྲེགས་པའི་བདག་པོ་སོ་སོ་ཡིས། །རང་བཞིན་དགོས་པའི་བྱེ་བྲག་གི། །དུས་གསུམ་སངས་


DNG015_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་བསྟན་པ་དག །ཚུལ་ལྡན་བསྲུང་བའི་དབང་ཕྱུག་ཅན། །དྲག་སྔགས་ལས་ཀྱི་དམོད་པ་ལ། །བརྒྱད་དང་བཅུ་གཉིས་བཅུ་དྲུག་གི། །ནུས་པ་རྫུ་འཕྲུལ་མཐུ་ལ་སོགས། །རང་གི་རིགས་ལ་གང་བསྔགས་པ། །དེ་དང་དེ་ལ་རབ་སྦྱར་བས། །ལས་ཀྱི་མཐའ་ལ་གང་དམིགས་པ། །རྡོ་རྗེ་ཅན་གྱི་ཡོངས་འགྲུབ་སྟེ། །ང་ཡི་སྟོབས་དང་ནུས་པ་དང་། །མཐུ་དང་རྫུ་འཕྲུལ་ཡོན་ཏན་ཚོགས། །ལུས་ངག་ཡིད་ཀྱིས་རབ་འབད་པ། །གང་ཡིན་དེ་ལ་མངོན་པར་འབྱུང་། །དེ་ཡིས་ཐུན་མོང་ཡོངས་གྲུབ་ཅིང་། །མཐར་ངེས་པ་ཡང་སོན་པར་བྱེད། །འདི་ལ་མ་འོངས་རྙོགས་པ་ཅན། །ཐེ་ཚོམ་སྐྱེད་པར་མ་བྱེད་ཅིག །ང་དང་རྒྱལ་བ་ཐམས་ཅད་ཀྱིས། །འདི་ནི་རབ་ཏུ་བསྔགས་པའོ། །ཞེས་བཀའ་སྩལ་ཏོ། །དྲག་སྔགས་འདུས་པ་རྡོ་རྗེ་རྩ་བའི་རྒྱུད་ལས། དྲེགས་པ་ཅན་གྱི་སྡེ་རིགས་དབྱེ་བ་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་རྡོ་རྗེ་འཛིན་པ་ཡིས། །ལས་ལ་སྦྱར་བའི་རིམ་པ་གསུངས། །དུར་ཁྲོད་ཆུ་གླིང་རི་རྩེ་དང་། །ཆུ་འདུས་ངམ་གྲོག་འཇིགས་སུ་རུང་། །ཕུང་ཤུལ་ནགས་ཁྲོད་མ་རུངས་པ། །དྲེགས་པ་ལས་ཀྱི་གནས་ཡིན་ནོ། །མི་རུས་མི་བསད་ཕུང་ཤུལ་ས། །དུང་ཟད་པོ་དང་རུལ་ཆད་ས། །བསྙོན་པའི་དྲི་ཆེན་མ་རུངས་ཁྲག །ལས་ཀྱི་རྟེན་འདྲེལ་དམིགས་པའི་རྫས། །རྟ་ནག་དྲེའུ་ནག་མ་ཧེ་དང་། །ཆུ་གླང་དང་ནི་སྟག་སེང་དང་། །རྟ་དཀར་ཧེ་ལོ་རྒོད་དཀར་དང་། །དོམ་ནག་དམུ་རྟ་བན་གླང་དང་། །འབྲུག་ཆེན་རྨ་བྱ་རུས་སྦལ་དང་། །བྱ་ཁྱི་ཀུ་ཀུ་ཤེལ་དང་མི། །རྒྱལ་མཚན་ཐོད་པ་སྙིང་དང་ཁྲག །བདུད་རྩི་འབྲུ་བཅུད་བྱང་ཆུབ་སེམས། །རང་གཟུགས་སྙིང་པོ་འཁོར་ལོར་བཅས། །རྒྱན་ལྡན་བཤོས་ཆ་མཐུན་པའི་རྫས། །དམ་ཚིག་མཆོད་ཅིང་བསྟེན་པའོ། །སོ་སོར་བསྔགས་པའི་ལས་ཁུང་དུ། །ཐོད་པ་འབྲུ་ནག་དུག་ཁྲག་གཡོས། །རྒྱུ་གསུམ་ཕུར་པ་མཚོན་ཆ་རྣམས། །བསད་པ་ཐུན་གྱི་རྫས་ཡིན་ནོ། །དམེ་ཁྲག་གསུམ་དང་དྲི་ངན་གསུམ། །སྲོག་ཆགས་


DNG015_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དང་དམེ་རྫས་གསུམ། །ཐབ་རྫས་གསུམ་དང་བསྲེག་རྫས་གསུམ། །བརྟན་ས་གསུམ་དང་དྲེག་ས་གསུམ། །གཞུག་ས་གསུམ་དང་དབབ་ས་གསུམ། །ཀུན་རྫོབ་རྩོལ་བའི་སྦྱོར་བ་ཡིས། །ཆུ་དྲག་དབབ་པ་ངེས་པར་འགྲུབ། །རིགས་ཡུལ་སྣོད་དང་མཆོད་རྫས་དང་། །གནས་སྦྱོར་བྱང་ཆུབ་སྲིད་འདོར་བློས། །ལེགས་བླངས་ཡིད་ཀྱིས་མཐུན་སྤྱད་པ། །གང་ལ་དམིགས་པ་དེར་གཏད་པས། །ཆོས་སྐུའི་གཟུགས་བརྙན་རྟེན་ཁང་ལ། །སྟེང་འོག་གནས་གསུམ་བདག་པོ་གསུམ། །རྒྱ་མཚོའི་གཏིང་དང་རི་རབ་ཟུར། །བར་སྣང་ཁམས་དང་ནམ་མཁའི་དཀྱིལ། །བསྲུང་དང་བཟློག་དང་བསད་པའི་ལས། །དམག་དཔུང་བསྡུ་དང་དཔལ་བསྐྱེད་དང་། །རབ་ཏུ་ཁྲོས་དང་སྦྱོར་བ་གཞིག །ལས་ཀྱིས་ཕ་རོལ་དམོད་པ་བཟློག །ངན་པའི་ཐོད་པ་སྣ་གསུམ་དང་། །ཤིས་པ་མ་ཡིན་ས་བརྒྱད་དུ། །རྟེན་ཅིང་འདྲེལ་བ་འབྱུང་སྦྱོར་བས། །དམིགས་པའི་མཐུ་སྟོབས་གནོན་པར་བྱེད། །ཁྱད་པར་ལས་ཀྱི་བྱེ་བྲག་གིས། །རྒྱལ་པོ་ཡ་རབས་རྗེ་དཔོན་དང་། །ཆུང་བ་སློབ་དཔོན་མཁན་པོ་དང་། །རབ་བྱུང་ཁྱིམ་པ་སྔགས་སྤྱོད་དང་། །ཕྱི་རོལ་ཕྱོགས་དང་ཆོས་ཀྱི་གྲོགས། །ཆེ་བཙན་དྲེགས་པས་བསྙེམས་པ་དང་། །ང་རྒྱལ་ལྡན་ཞིང་སྐལ་བ་བཟང་། །ཀུན་གྱིས་བཀུར་ཞིང་རྗེད་པ་དང་། །སེམས་རྒྱུད་བསྲོས་དང་ཡུལ་གྱི་དོན། །ཉེ་བར་བསྟན་ཅིང་བློ་སྦྱོང་གནས། །ལྷག་པའི་ལྷ་ཡིས་རབ་བསྐྱངས་ཏེ། །ཐུན་མོང་ནུས་པའི་སྟོབས་རྙེད་ཅིང་། །ཡོན་ཏན་གཅིག་གིས་རབ་བསྡུས་པས། །ཚར་གཅད་དཀའ་བའི་ཡུལ་ཡིན་ཏེ། །མ་ལུས་གང་ལ་བསྔགས་པ་ཡི། །ཏིང་ངེ་འཛིན་དང་དམིགས་པའི་གྲོགས། །རབ་སྔགས་བརྩོན་འགྲུས་ཅན་གྱིས་བསྒྲལ། །གཞན་ཡང་ཞི་དང་རྒྱས་པ་དང་། །དབང་དང་མངོན་པར་སྤྱོད་རྣམས་དང་། །རྡོ་རྗེ་འཛིན་པ་ང་དང་གཞན། །མཚུངས་ལྡན་རྣམས་ཀྱིས་བཤད་པ་བཞིན། །ཐོགས་མེད་ནུས་པའི་སྟོབས་ཀྱིས་སྤྱད། །དེ་དག་གསང་བའི་དམོད་པ་ཡང་། །དྲེགས་


DNG015_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྡེ་བརྒྱད་སོ་སོ་ཡི། །གསང་གནད་སྙིང་པོ་འདི་དག་གོ། །གོང་འོག་ན་སྔགས་འདི་རིགས་མ་ཕྱི་སོར་བཞག་བྱས་ཡ་མ་བུ་ཧ་ན་ཧ་ཏི་སྟ་ཏི་སྟ་དུ་ཀྲ་མ་སོད་སོད། ཁྲ་ཏྲི་མ་མ་ཏྲི་ཛ་ཛཿ། ཤོན་ཏྲི་ཛ་ཛཿ། ཡག་ཤ་ཛ་ད་ཏྲི་ཛ་ཤ་ཏྲི་ཛ་ཏྲི་ཛ། ཙིཏྟ་པྲ་མ་ཡ་ཨ་མུ་ཀ་སྲོག་ལ་ཛ་ཛ་བྷྱོ། ཏྲི་ཙ་པ་ལ་ཨ་ཤུག་མེ།ཨ་བྷི་ཤ་ཨ་བྷི་ཤུ་ཙཀྲ་རག་ཤ་ས་མ་ཡ། དུན་ཐུམ་རི་ལི་ལི། མྱག་མྱག་མྱོག་མྱོག་སྲོག་ལ་ཐུན་རྦད། རག་ཤ་སྲོག་ལ་ཕྲིག་ཕྲིག །ཨ་པ་ཏ་ལོ་ཀ་ནི་ཡ་མ་ཤྲི་ཧྲི་བི་ཏྲི་སྟ་ན། ཀྲོ་མ་རི་པ་ཏྲ་སྲོག་ལ་ཐུན་བྷྱོ། མ་ཧཱ་ཡག་ཤ་ཐུམ་རིལ་རྦད། མ་རུ་ཙེ་དྷ་ཤ་གྷྲཱི་བ་པྲ་མ་ལིང་། འདི་དག་གཅོད་བྱེད་འཕྲོག་བྱེད་ཀྱི། །མ་ལུས་ལས་ལ་བསྔགས་པར་འགྱུར། །ནྲྀ་ཧུར་ཐུམ་ཛ། ཤ་ཏྲཱུ་མཱ་ར་ཡ་རྦད། ཨ་མུ་ཀ་མ་ར་ནྲྀ་ཡ་ཀ་མ་རུ་སོད་སོད། གསད་པ་ཐུན་གྱི་དམོད་པའོ། །བྱི་ཤ་མོ་ཀི་རུ་རུ་མ་ཏྲི་ཀ་ཏ་ཛྭ་ལ་ཨ་ཏ་ཛྭ་སྭཱ་ཧཱ། ཙ་པ་ཏི་རཱ་ཧུ་ལ་མ་ཧཱ་ཀྲོ་ཏ་ཀ་པ་ཤར་ཤར་སྟ་ཤར་སྡི་ཧཱུཾ་ཕཊ། ཙ་ཤུལ་རུ་མ་ཀི་ཤ་ཛྭ་ལ་ཨ་ཏ། མ་ཧཱ་ཙན་དྷ་རག་ཤ་ཧྲི་ཏ་བྲི་མ་ཡ་རུ་ཏྲ་མ་ས་ར་ཏྲ་བྱི་ན་ག་ར་ཙ་བེ་ག་ཨ་ནན་ཏ་རག་ཤི་ཏི་སན་དྷ་རག་ཀྵྀ་ན་ཙིནྟ་དྷ་སི་ཀུ་རུ་མུན་ཏྲི་ཙན་དྷ་དུམ་བུ་དུམ་བུ་ཁ་ལ་རག་ཤ་ཐུམ་རིལ་ལི་ལི། མ་མ་ས་མ་ཡ་ཏྲག་རག་ཤ་མ་ཏྲི་ག་ན། མ་ས་ཁ་ཡ་ཀུ་རུ་ཏེ་ཙེ་བྷ་ལི་ཏ་མུ་ཧ། ཧ་ར་ཧ་ར་ད་ར་ད་ར་ཡང་ན། ཏྲི་ཀ་ར་མི་ཏྲི་དུལ་དུལ། སྙིང་ཁྲག་ལ་རིས་རིས། རྩ་ལ་ཐུན་ཐུན། ཏྲག་རག་མོ་ཧྲིལ་ཧྲིལ། ཤག་ཤག་ཤར་ཤར་རྦད། མ་མ་ཙག་ཤ་ཏྲག་ཏུ་ཕོབ།པེ་ལ་མ་བྱི་རུ་ལུ་རུ་ལུ། མ་མ་ཏྲག་ཤ་ཧྲིལ་ཧྲིལ་ཤར་བྷྱོ། མ་ར་ཡ་རཾ་ཧྲིལ་ཤར་ཧྲིལ། ཤེལ་ཏྲ་ཧཱུཾ། ཏྲག་ཏུ་ཙ་ར་ཤུ་ཏི་ཕྲོམ་ཀར་ཕྲོམ། རེ་མ་ཏི་པ་ཤང་མི་ཀི་རཱ་ཧུ་ལ་ཤག་ཤག་ཧྲིལ་བྷྱོ། ཁྲག་ལ་ཙ་རི་མུ་ཤ་བྷྱོ། ཏྲག་རཾ་ཐུན་ཤག་རིལ་རཾ་ཤར་བྷྱོ། དུད་ཕྲོམ་ཀར་ཕྲོམ་ཤུ་ཏི་ཕྲོམ། ནཱ་ག་ཧྲིལ་སན་ཤག་ས་དུ་མ་ཡ་ཧྲིལ་བྷྱོ། པྲ་ཏ་པ་ཤ་ཡ། ཡ་མ་སྙིང་ཡ་མ་ཁྲག །རཱ་ཧུ་ལ་ཧྲིལ་ཧྲིལ་ཤག་ཤག་སེར་སེར་དུག་དུག ཡ་ཡ་ཕོབ་ཕོབ། མུ་ཀ་ཡེ། པ་ཀ་ཡེ། ཨ་པ་ཡེ། ཧྲཱྀཿ ཿབི་ཀྲྀ་ན་ཏེ། ཛ་བ་ཏི་རཱ་ཧུ་ལ་མ་ཧཱ་ཀྲོ་ཏ་ཀ་བབ་ཏ་ཤར་ཤལ་ཏ་སྟེ་ཧཱུཾ་ཕཊ། ཐིག་ནིག་ཤུ་ཏི་ཕྲོམ་དུད་ཕྲོམ། མཐོངས་ཕྱེ། ལྕགས་སྒྲོག་ཁྲོལ། མི་རེང་སོད། རྐྱང་


DNG015_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་རྐྱང་མོ་ཙུ་རུ་ཙུ་རུ། ཧོ་ཧོ་ཕྲོམ་ཕྲོམ། མུར་མུར་ཤ་དུ་རུ་ཕྲོམ། ཐིག་ཧཱུཾ་ཧཱུཾ་སོད་སོད། རླུང་དང་སྤྲིན་དང་རབ་རྒྱུ་དང་། །ཕྱོགས་དང་རྟགས་ཀྱི་ཚད་ལྡན་པས། །དབབ་པའི་སྦྱོར་བ་ཤེས་པར་བྱ། །སྟེང་འོག་བར་གསུམ་དྲག་པོའི་ལས། །གཞུག་དང་གཏོར་དང་བསྲེག་པ་དང་། །བཀོལ་དང་སྦུབ་དང་སྦྲེང་བ་དང་། །བོད་དང་སྨྲེ་དང་གདུང་བ་དང་། །གཟིར་དང་བསྐོར་དང་གཞིག་པ་དང་། །བཅད་དང་དྲིལ་བའི་ལས་རྣམས་ཀྱིས། །སྨིན་པའི་ལོ་ཐོག་འཇོམས་པར་བྱེད། །ནག་པོ་ཏི་པ་ཙ་ཡེ་ནཱ་ག་རཱ་ཛ་ཧེ་གུ་ལ་ཕེ་ཤ་རག་ཤ་ནན། ཕོས་ཤིག་ཤིག །ཧུ་ཡ་ཧུ་ཡ། ཏིར་ཡ་ཏིར་ཡ། ཀ་ལ་ནཱ་ག་བྷནྡྷ་དགྲ་བོ་མཱ་ར་ཡ་ཛ། ནག་པོ་ཏི་པ་ཙ་ཡ་ཕེ་ཤ་རག་ཤ་ཛཿ། ནཱ་ག་ཀ་ལ་ཕེ་ཤ་རག་ཤ་ཛཿ། ཨ་ཤ་ནཱ་ག་ཏི་པ་ཙ་ཡ་དགྲ་བོ་མཱ་ར་ཡ་ཛཿ། ནཱ་ག་རཱ་ཛ་ཤག་ཏི་སྲོག་ལ་རྦད། སྙིང་ལ་རིས་ཤཾ་ཤཾ་རྦད། ཨི་ཤན་ནན། ཕེ་ཤ་རག་ཤ་ཨུ་ནན། ནཱ་ག་ནན། ཐི་ལི་ནན།ཕི་ལི་ནན། ཙ་རི་ནན། ཨ་པ་ར་སོད། རྨག་དུལ་དུལ། ཀ་ལ་རྔུབས་མྱོགས་ཐིག་མཱ་ར་ཡ་དུལ་དུལ། དྷ་ར་དྷ་ར། དྷུ་རུ་དྷུ་རུ། རུ་རུ་ར་ར། ཏི་ཏི། ཏྲི་ལི་ཏི་ཏི། ག་རུ་ཎ་ར་ག་ཏོར་ཛ་མ་ར་ཧེ་གད། མན་ཛ་ཕེ་ཤ་རག་ཤ་ཨུ་ཏ་ནན། བྷ་ཤི་ནི་ཤར་ལེ་ཤུ་རུ་མུ་ལེ། ཏ་ཏ་མ་རེ་ན་ཧུ་ཡ་ཧུ་ཡ། ར་ཏི་ར་ཏི་ཙ་རི་ཤག་ཙག་གི། ནྲྀ་མ་ར་ཏྲི། མ་མ་དུ་ཡ་མ་སྙིང་ཡ་མ་ཁྲག་ཚལ་པ་བཾ་རིལ། ནག་པོ་ཏི་པ་རག་ཤ་ནན། ཁུག་རིལ་བཾ་དགྲ་བོ་མཱ་ར་ཡ་ཛ། ནག་པོ་ཏི་པ་ཙ་སྙིང་ལ་ཛ། ཤག་ཤག་ནན་ཁུག་ཐུཾ་རིལ་རྦད། ཙིཏྟ་རག་ཤ་རོལ་ཁུག་ཐུན། ཀ་ལ་སྙིང་ལ་ཐུམ་རིལ་རྦད། ཀ་ལ་ཤོ་རི་སྙིང་ལ་ཏྲག་ཤ་ཧ་ར་ཀ །མུ་ཀ་མཱ་ར་ཡ་ཐུམ་རིལ་རྦད། ཁུག་དང་འགྲོ་དང་ལས་བྱེད་པའི། །རང་གི་རྟགས་དང་ལྡན་པ་ན། །དམིགས་པའི་ལས་ལ་རབ་ཏུ་སྦྱར། །ལྡོག་དང་མ་ཐུབ་འཁྱིལ་པ་དང་། །འབྱམས་དང་རྡུག་དང་ཟད་མཐར་གཏུགས། །གཉན་པོ་ལྡབ་མ་སྣ་སེལ་དང་། །བསྡུ་དང་སྤྲོ་དང་མི་ཟད་སྟེར། །ལོངས་སྤྱོད་ཐུག་པ་མེད་པ་ཡིས། །དབྱིངས་ཀྱི་ངང་དུ་གཏད་པར་བྱ། །སྡེ་བརྒྱད་སོ་སོའི་མིང་གི་སྔགས། །རང་སྐད་དམོད་པའི་ཡན་ལག་ལ། །དྷི་བ་ཨ་པྲི་སརྦ་བྷྱོ་བཟློག །པྲ་མ་དུན་ཙེ་ཕོབ། བཛྲ་གྷྲིག་ནི་ས་མ་ཡ་ཧྲཱྀ་བྷྱོ། སན་ཏི་མ་དུ་རུ། ས་མ་ཡ་ཏྲིག་བྷུ་ཧུ་ཏཀྵྀ་པ་ལེ་ཧཱུཾ། བཟློག་བསྒྱུར་གདུག་པའི་དྲག་སྔགས་ཀྱི། །ལས་ཀྱི་མཐའ་བསྒྱུར་མ་ལུས་པ། །ངའམ་ང་དང་འདྲ་བ་ཡི། །རྡོ་རྗེ་འཛིན་པ་གཞན་རྣམས་ཀྱིས། །ཕྱི་ནང་


DNG015_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བའི་ལས་རྣམས་ཀྱི། །གང་ལ་བསྔགས་པ་དེ་དག་སྦྱར། །གཞན་གྱིས་ཐེ་ཚོམ་མི་བྱ་སྟེ། །ང་དང་དུས་གསུམ་སངས་རྒྱས་ཀྱིས། །དེ་ལ་རིགས་པར་གནང་བ་ཡིན། །ཞེས་བཀའ་སྩལ་ཏོ། །དྲག་སྔགས་འདུས་པ་རྡོ་རྗེ་རྩ་བའི་རྒྱུད་ལས། ཕྲིན་ལས་དམིགས་པའི་ཁྱད་པར་ལས་ལ་སྦྱར་བའི་ལེའུ་སྟེ་དགུ་པའོ།། །།དེ་ནས་རྡོ་རྗེ་འཛིན་པ་ཡིས། །རང་གི་སྐུ་ཡི་ཁྱད་པར་ལས། །དྲེགས་པའི་འཁོར་དང་བཅས་པ་ཡི། །ཡོན་ཏན་བསྟོད་པ་འདི་གསུངས་སོ། །ཧཱུཾ་དུར་ཁྲོད་ཆེན་པོ་རོལ་པའི་དཀྱིལ་འཁོར་ནས། །གཏུམ་དྲག་མེ་ལྟར་འབར་བའི་གཞལ་ཡས་ན། །གདུག་བྱེད་རཱུ་ཏྲ་ཏི་རའི་ཁྲི་སྟེང་ནས། །མདངས་ལྡན་ཉི་ཟླ་པདྨའི་གདན་སྟེང་ན། །དྲེགས་པའི་བདག་པོ་རྡོ་རྗེ་འཛིན་པའི་གཙོ། །བཅོམ་ལྡན་དཔལ་ཆེན་སྟོབས་ལྡན་ནག་པོ་ནི། །སྐུ་མདོག་མཐིང་ནག་རབ་ཏུ་འབར། །ས་དགུ་རྫོགས་པའི་དབུ་དགུ་བསྟན། །སྟོང་པ་བཅོ་བརྒྱད་ལྡན་པའི་ཕྱག །ཞབས་ཀྱིས་འཇིགས་པའི་བདུད་བཞི་གནོན། །དབུས་མཐིང་གཡས་དཀར་གཡོན་དམར་བ། །ཁྲོ་ཞིང་བཞད་དང་གཙིགས་པའི་ཞལ། །རལ་པ་ཁམ་ནག་སྲིད་རྩེར་འབར། །ཁམས་གསུམ་མ་ལུས་སྤྱན་གྱིས་གཟིགས། །ཤངས་ཀྱིས་སྲིད་གསུམ་མ་ལུས་རྔུབས། །སྙན་གྱིས་སྟོང་གསུམ་འབྲུག་སྒྲས་འགེངས། །ཚེམས་ཀྱིས་གནོད་གདུག་མ་ལུས་སྒྲོལ། །ལྗགས་ཀྱིས་གློག་དམར་འཇིག་རྟེན་ཁྱབ། །ཁྲོ་གཉེར་འོད་ཀྱིས་དབང་དུ་སྡུད། །ཕྲིན་ལས་རིགས་ཀྱིས་དབུ་ལ་བརྒྱན། །བཅོ་བརྒྱད་ཕྱག་གི་དང་པོ་གཉིས། །དབང་སྡུད་རྡོ་རྗེ་དྲིལ་བུ་འཛིན། །གཡས་གཡོན་འོག་མའི་ཕྱག་བརྒྱད་ན། །དྲེགས་པའི་ལྷ་བརྒྱད་བྷནྡྷ་གཡས། །ཙིཏྟ་སྲོག་རྩ་གཡོན་ན་བསྣམས། །འབར་བའི་ཆས་ཀྱིས་སྐུ་ལ་བརྒྱན། །སྤྲུལ་པའི་ལྷ་བརྒྱད་སྐུ་ལ་རྫོགས། །གཡས་གཡོན་ཞབས་ཀྱིས་དྲེགས་པ་གཟིར། །མ་རུངས་གདུལ་དཀའ་རྣམས་ཀྱི་གཤེད། །ལོག་ལྟ་རཱུ་ཏྲ་འདུལ་བའི་དཔལ། །འབྱུང་ལྔའི་བདག་མོ་གཉིས་མེད་ཡུམ། །དབུ་གསུམ་ཕྱག་དྲུག་ཞབས་བཞི་སྦྱོར། །གྲི་གུག་ཏྲི་ཤཱུལ་བདུད་རྩི་གཡས། །བྷནྡྷ་ཞིང་ཆེན་གཡང་གཞི་གཡོན། །མཐིང་ནག་འོད་ཀྱིས་ཀུན་ཏུ་ཁྱབ། །ཆེད་འགའ་རིགས་ཀྱི་སྤྲུལ་པ་ནི། །དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །སྐུ་མདོག་མཐིང་ནག་ཁྲོ་ཞིང་རྔམས། །ཕྱག་དྲུག་གཡས་གཡོན་དང་


DNG015_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཡིས། །རྡོ་རྗེ་དུང་ཁྲག་དཀྲུགས་ཤིང་གསོལ། །གཡས་གཡོན་འོག་མའི་ཕྱག་བཞི་ཡི། །ལྷ་བརྒྱད་ཀླུ་བརྒྱད་ཙིཏྟ་རོལ། །ཡུམ་ཆེན་ཞལ་གཅིག་ཕྱག་གཉིས་མ། །སྐུ་མདོག་མཐིང་ནག་ཞབས་གཉིས་སྦྱོར། །གཡས་ཀྱིས་ནམ་མཁའ་སྟོང་པ་འདེགས། །གཡོན་གྱིས་འཇིག་རྟེན་ས་གཞི་གནོན། །ཞལ་ནས་འབྱུང་བ་ལྔ་འཆར་མ། །དཔལ་ཆེན་ཡུམ་གྱི་བྱིན་རླབས་ལས། །སྤྲུལ་པ་དྲེགས་པ་ཕོ་མོའི་ཚོགས། །བདུད་ནག་མེ་ཡི་ཁ་རླངས་ཅན། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང་། །ཁྲམ་ཤིང་ཏྲི་ཤཱུལ་གཡས་ན་བསྣམས། །གཡོན་གྱིས་ཁ་ཊྭཱཾ་ཞགས་པ་འཕེན། །ན་བཟའ་ཞིང་ལྤགས་རློན་པ་གསོལ། །ཞབས་གཉིས་གདུག་པའི་སྙིང་ལ་གཟིར། །ཡུམ་ཆེན་བདུད་མོ་ཁྲག་འཛག་མ། །ཁྲམ་བམ་ཐོད་ཁྲག་ཕྱག་ན་བསྣམས། །སྐུ་ལ་ཞིང་ལྤགས་གསར་པ་བགོས། །བདུད་རྟ་ནག་པོ་ཆིབས་སུ་བཅིབས། །ཞབས་ཀྱིས་དགྲ་བགེགས་ཤུགས་ཀྱིས་སྒྲོལ། །འཆི་བདག་གཤིན་རྗེ་ནག་པོ་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་ནག །ཕྱག་གཡས་ཐོད་ཁྲག་གྲི་གུག་གཡོན། །བཙུན་མོ་ཡུམ་ཆེན་ཟ་བྱེད་མ། །གྲི་གུག་ཐོད་པ་ཕྱག་ན་བསྣམས། །ཡབ་ཡུམ་ཞིང་ལྤགས་རློན་པ་གསོལ། །མ་ཧེ་ཁྲོས་དང་ཆུ་གླང་བཅིབས། །ཞབས་ཀྱིས་དགྲ་བགེགས་ཕོ་མོ་གཟིར། །སྲིན་པོ་གསོད་བྱེད་སྐུ་མདོག་ནག །ཕྱག་ན་རལ་གྲི་ཐོད་ཁྲག་བསྣམས། །ཡུམ་ཆེན་གསོད་པར་བྱེད་པ་མོ། །གྲི་གུག་མི་ཐོད་ཕྱག་ན་བསྣམས། །ན་བཟའ་ཞིང་ལྤགས་རློན་པ་གསོལ། །སྟག་སེང་རྔམས་པ་ཆིབས་སུ་བཅིབས། །གནོད་སྦྱིན་གང་བ་བཟང་པོ་ཡང་། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་སྔོ། །དར་ནག་འཕྱར་ཞིང་ཞིང་ལྤགས་རྡེབས། །ཡུམ་ཆེན་ཤ་ཟ་རལ་གཅིག་མ། །ཡབ་ཀྱི་ཚུལ་འཛིན་གྲུབ་པ་མོ། །ཞིང་ལྤགས་གྱོན་ཏེ་གྱི་ལིང་བཅིབས། །དྲག་སྔགས་བདག་པོ་ཆེན་པོ་ནི། །དབང་ཕྱུག་ཆེན་པོ་ལྷ་ཡི་གཙོ། །མདོག་དཀར་ཤེལ་གྲི་བ་དན་འཕྱར། །ན་བཟའ་དར་དཀར་བེར་ཆེན་གསོལ། །ཆིབས་སུ་གནམ་རུ་དཀར་པོ་བཅིབས། །ཐར་པ་ནག་པོ་རཱུ་ཏྲའི་གཙོ། །མཆོད་གཏོར་དུག་ཐུན་ཕྱག་ན་བསྣམས། །ཞིང་ལྤགས་གོན་ཏེ་དོན་ནག་བཅིབས། །དམུ་བདུད་རྗེ་དཔོན་ནག་པོ་ནི། །དར་ནག་འཕྱར་ཞིང་ཏི་ར་བགྲད། །བེར་ནག་གསོལ་ཞིང་དམུ་རྟ་བཅིབས། །མུ་སྟེགས་ཀཱ་ལ་ཡག་ཤ་ནི། །མཐིང་ནག་ཁ་ཊྭཱཾ་ཏྲི་ཤུལ་འཛིན། །ཞིང་ལྤགས་བགོས་ཏེ་མ་ཧེ་བཅིབས། །ཁྱབ་འཇུག་རོག་ཏི་ནག་པོ་ཡང་། །


DNG015_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲམ་ཤིང་དགྲ་སྟྭ་ཕྱག་གིས་འཛིན། །སྤྲིན་ནག་བགོས་ཤིང་འབྲུག་སྔོན་བཅིབས། །ཀླུ་རྒྱལ་བཱ་རུ་ཎ་ཡི་རྗེ། །སེར་ནག་སྦྲུལ་གྱི་ན་བཟའ་གསོལ། །བུམ་པ་རུས་སྦལ་ཕྱག་གིས་འཛིན། །ཆིབས་སུ་ཆུ་སྲིན་མགོ་དགུ་བཅིབས། །རྒྱལ་པོ་ཧར་མཛེས་ཞེས་བྱ་ཡང་། །མདོག་དཀར་ཤེལ་གྲི་དར་དཀར་འཛིན། །སྲས་མཆོག་འབར་བ་དམར་པོ་ནི། །མདུང་རིང་གཡས་ལ་ཤེལ་གྲི་གཡོན། །རྡོ་རྗེ་མཛེས་པ་འཇམ་པ་ཡང་མདོག་དམར་པོ། །རུ་མཚོན་དར་དམར་ཕྱག་གིས་འཛིན། །ཁུ་ལེ་ལག་དགུ་འབར་བ་ཡང་། །མདོག་སེར་སྤྲུལ་པ་ལག་དགུ་འགྱེད། །ཞིང་ལྤགས་བགོས་ཤིང་ཏི་ར་གནོན། །དྲག་སྔགས་བདག་པོ་གཙོ་འཁོར་བཅས། །རང་གི་རིགས་ཀྱི་འཁོར་འདུལ་བ། །སོ་སོའི་སྤྲུལ་པ་བསམ་མི་ཁྱབ། །གཅོད་པར་བྱེད་པ་བདུད་ཀྱི་སྡེ། །འཆིང་བར་བྱེད་པ་བཙན་གྱི་སྡེ། །གསོད་བྱེད་ཤན་པ་སྲིན་པོའི་སྡེ། །གདུག་རྩུབ་འཆང་བ་གནོད་སྦྱིན་སྡེ། །དྲག་རྩལ་ལྡན་པ་ལྷ་ཡི་སྡེ། །ནད་གདོན་འབེབས་པ་མ་མོའི་སྡེ། །ནམ་མཁར་དབང་བསྒྱུར་གཟའ་ཡི་སྡེ། །གླེན་ལྐུགས་གདུག་པ་ཀླུ་ཡི་སྡེ། །སྡེ་བརྒྱད་དམོད་པའི་དྲག་སྔགས་ཅན། །མཐུ་དང་རྫུ་འཕྲུལ་བསམ་མི་ཁྱབ། །འཁོར་དང་སྡེ་རིགས་བརྗོད་མི་ལང་། །ཕྲིན་ལས་མི་ཟད་ལོངས་སྤྱོད་གཏེར། །ཡོན་ཏན་ནུས་པ་དཔག་ཏུ་མེད། །ཞེ་སྡང་ཅན་ལ་ཁྲོ་བར་སྟོན། །ང་རྒྱལ་ཅན་ལ་ལྷག་པར་སྟོན། །འདོད་ཆགས་ཅན་ལ་མི་སྡུག་སྟོན། །གཏི་མུག་ཅན་ལ་མྱོས་པར་སྟོན། །སེར་སྣ་ཅན་ལ་ཕྲོག་པར་སྟོན། །ཕྲག་དོག་ཅན་ལ་འཇིགས་པར་སྟོན། །ཁྱོད་ཀྱིས་མི་འདུལ་གཅིག་མེད་ཀྱིས། །མཆོད་ཅིང་བསྐང་བའི་མཐུན་རྫས་བཞེས། །བཅོལ་ཞིང་གཉེར་བའི་ལས་མཛོད་ཅིག །བསྟོད་ཅིང་བསྒྲུབ་པས་དགྱེས་པར་མཛོད། །དེ་ནས་རང་གི་སྙིང་པོ་དང་། །འཇིག་རྟེན་དྲེགས་པའི་བདག་པོ་རྣམས། །སོ་སོའི་སྔགས་ཀྱིས་ལས་ལ་སྦྱར། །རྡོ་རྗེ་འཛིན་པ་ཆེན་པོ་ཡིས། །བྱང་ཆུབ་སེམས་ཀྱི་བསམ་པ་ཡིས། །ལྟོས་དང་རེ་བ་ཀུན་སྤངས་ཏེ། །སངས་རྒྱས་བསྟན་ལ་རབ་དམིགས་ནས། །དྲག་སྔགས་བདག་པོ་ཉེར་བསྒྲུབས་ན། །ང་དང་སངས་རྒྱས་ཐམས་ཅད་མཉེས། །རིག་པ་འཛིན་པའི་ས་ཐོབ་ཅིང་། །སེམས་ཅན་རྣམས་ཀྱི་སྟོན་པར་འགྱུར། །ཐུན་མོང་བ་དང་ཉེ་བ་དང་། །མཆོག་གྱུར་རིང་བའི་དངོས་གྲུབ་རྣམས། །དཔའ་བོ་དེ་ལ་མངོན་དུ་འབྱུང་། །ཡོན་ཏན་མཆོག་གི་སྟོབས་རྙེད་ཅིང་། །འཇིག་རྟེན་ཆོས་ལ་རབ་བསྔགས་པའི། །བྱང་ཆུབ་སེམས་དཔའི་སྤྱོད་པ་དང་། །ས་ཆེན་པོ་


DNG015_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གཏོགས་པ་ཡི། །རླབས་ཆེན་རྣམས་ཀྱང་ནུས་པར་སྤྱོད། །མཐུ་སྟོབས་ནུས་པས་བསྙེམས་པ་ཡི། །གཞན་གྱིས་བརྫི་བར་མི་ནུས་ཤིང་། །རང་གི་དབང་དུ་ཁུག་པ་དང་། །བསྒོ་བ་རྫོབ་པ་མེད་པར་འགྱུར། །ཞེས་བཀའ་སྩལ་ཏོ། །དྲག་སྔགས་འདུས་པ་རྡོ་རྗེ་རྩ་བའི་རྒྱུད་ལས། བསྟོད་པ་ཡོན་ཏན་བརྗོད་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོས། ཉིད་ཀྱི་སྐུ་འཇིགས་བྱེད་ཆེན་པོའི་ཆ་ལུགས་སུ་སྤྲུལ་པ་དེ། ཐུགས་ཆོས་ཉིད་ཞི་བ་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། སྐུའི་གནས་ཐམས་ཅད་ལས་འོད་ཟེར་གྱི་དྲ་བ་དཔག་ཏུ་མེད་པ་ཕྱུང་ནས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་དྲེགས་པ་ཅན་གྱི་གནས་ཐམས་ཅད་ཁྱབ་པར་མཛད་ནས། མ་རུངས་ཤིང་གདུག་པ་དང་། གཏུམ་པའི་སེམས་དང་བསམ་པ་ཐམས་ཅད་མ་ལུས་པ་ཞི་བ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ཏེ། ཕན་པ་དང་། བདེ་བ་དང་། གནོད་པ་མེད་པ་དང་། བརྩེ་བ་དང་། ཡིད་དགའ་བ་དང་བཅས་པས་ཕྱོགས་དེར་སྣང་བར་གྱུར་ནས། ཐམས་ཅད་ཀྱིས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་དེ་ལ་ཕྱག་འཚལ་ཞིང་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་རྡོ་རྗེ་འཛིན། །ཁྱོད་ཀྱིས་བསྟན་པ་གསང་ཆེན་འདི། །མ་འོངས་པ་ཡི་དུས་དག་ཏུ། །རབ་ཏུ་རྒྱས་པར་འགྱུར་ཞེ་ན། །བདག་ཅག་འཇིག་རྟེན་དྲེགས་པ་ཅན། །ཞི་བའི་སེམས་སུ་གནས་བྱས་པས། །རྗེས་སུ་སྤྱོད་པ་གང་ཡིན་པ། །དེ་ལ་ཕན་པ་རྒྱས་པར་བསྟན། །ཕྲིན་ལས་དང་ནི་བལྟ་སྤྱོད་ཀྱི། །ཁྱབ་པ་དེ་ལ་ཡོངས་རྫོགས་ཤིང་། །གྲོགས་དང་བྲན་དང་དམངས་བཞིན་དུ། །གང་གིས་བསྒོ་བ་དེ་བཞིན་བགྱི། །དམ་ཚིག་ལྷ་ཡི་ཡོན་ཏན་དང་། །རོལ་པའི་ཏིང་འཛིན་ལྡན་དེ་ལ། །བཀའ་ལས་འདའ་བར་མི་སྤྱོད་ཅིང་། །གསུང་བཞིན་བསྒྲུབ་པར་རབ་ཏུ་སྤྲོ། །བཅོམ་ལྡན་རྡོ་རྗེ་འཛིན་ཁྱོད་ཀྱིས། །ཇི་ལྟར་བསྔགས་པའི་ལས་རྣམས་ནི། །བདག་ཅག་ནུས་པས་མྱུར་དུ་བསྒྲུབ། །བྱིན་གྱིས་བརླབ་པར་གཙོར་མཛོད་ཅིག །ཅེས་གསོལ་ནས་རང་རང་གི་གནས་སུ་དེངས་ཤིང་ཕྱིན་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་འོད་ཟེར་གྱི་བཀོད་པ་རྣམས་དང་། རང་གི་འཁོར་གྱི་སྣང་བ་ཐམས་ཅད་ཀྱང་ཉིད་ཀྱི་སྐུའི་དབྱིངས་སུ་བསྡུས་ཤིང་། སྐུ་ཉིད་ཀྱང་ཆོས་ཀྱི་སྐུའི་རང་བཞིན་དུ་གནས་པར་མཛད་དོ། །དྲག་སྔགས་འདུས་པ་རྡོ་རྗེ་རྩ་བའི་རྒྱུད་ལས། ཕྲིན་ལས་ཀྱི་གཉེར་ཕུལ་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དྲག་སྔགས་འདུས་པ་རྡོ་རྗེ་རྩ་བའི་རྒྱུད་ཅེས་བྱ་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་། བོད་ཀྱི་ལོ་ཙཱ་བ་བཻ་རོ་ཙ་ན་བདག་གིས་
བསྒྱུར་ཞིང་ཞུས་ཏེ་གཏན་ལ་ཕབ་པའོ། །རྒྱལ་པོའི་བླ་དཔེའོ། །གཏེར་རྒྱ། སྦས་རྒྱ། གཏད་རྒྱའོ། །རྒྱ་རྒྱ་རྒྱའོ། །གུ་ཧྱ།། །།

བདེ་གཤེགས་འདུས་པའི་རྒྱུད་ཅེས་བྱ་བ།


DNG015_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། སུ་ག་ཏ་ས་མུ་དཱ་ཡ་ཏནྟྲ་ནཱ་མ། བོད་སྐད་དུ། བདེ་གཤེགས་འདུས་པའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན།ཆོས་ཐམས་ཅད་སྐྱེ་བ་མེད་པ། མཉམ་པའི་ངང་ལ་གནས་ཤིང་། སྒྱུ་མའི་དཔེ་བརྒྱད་ལྟར་གནས་པ་ལས། སྐྱེ་འགག་མེད་ཅིང་བདག་དང་གཞན་དུ་མི་མཐོང་སྟེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཆོས་ཐམས་ཅད་བྱང་ཆུབ་སེམས་སུ་གཅིག་ལ། སྣང་བ་དུ་མར་ཐ་དད་པར་སྣང་སྟེ་སྣང་ཡང་གཅིག་དང་དུ་མར་བརྗོད་པ་ལས་འདས་སོ། །ཀྱེ་ཀྱེ་བྱང་ཆུབ་སེམས་ཀྱི་རང་བཞིན་ནི། །ངོ་བོ་གཅིག་ལས་མེད་པ་ལས། །གཅིག་ལ་སྣང་བ་ཐ་དད་པས། །གཅིག་དང་དུ་མའི་བརྗོད་ལས་འདས། །ཞེས་གསུངས་སོ། །དཔེ་མཉམ་པ་ཉིད་དང་། དོན་མཉམ་པ་ཉིད་དང་། ཆོས་ཐམས་ཅད་ལྷུན་གྱིས་གྲུབ་པ་མཉམ་པ་ཉིད་དོ། །ཨེ་མ་ཧོ། འཁོར་དང་མྱ་ངན་འདས་པའི་ཆོས། །གཅིག་དང་དུ་མའི་བརྗོད་ལས་འདས། །འདི་ཞེས་གཅིག་ཏུ་བསྟན་པར་དཀའ། །འཁོར་བ་ཉིད་ཀྱང་མྱ་ངན་འདས། །ཞེས་གསུངས་སོ། །མ་བཅོས་མ་བསླད་པར་རྟོགས་ན། །ཡིད་བཞིན་ནོར་བུ་འདྲ་བའི་ཕྱིར། །གང་ལྟར་བྱས་ཀྱང་ལྷུན་གྱིས་གྲུབ། །དབྱེ་བ་མེད་པའི་དོན་རྟོགས་སོ། །བྱང་ཆུབ་སེམས་ཀྱི་ངོ་བོ་ནི། །ནམ་མཁའ་བཞིན་དུ་བརྟག་དཀའ་ཞིང་། །ཅིར་ཡང་མེད་པར་ཅིར་ཡང་སྣང་། །དོན་དམ་ཀུན་རྫོབ་གཉིས་སུ་སྣང་། །གཅིག་དང་དུ་མ་གཉིས་སུ་སྣང་། །འཁོར་བ་ཉིད་ཀྱང་མྱ་ངན་འདས། །མ་རིག་ཉིད་ཀྱང་ཡང་དག་ལམ། །བྱང་ཆུབ་སེམས་ཀྱི་དོན་རྟོགས་ན། །རྟོག་པ་གཡེང་བ་ཆོས་ཀྱི་སྐུ། །མ་རིག་ཡེ་ཤེས་ཐ་དད་མེད། །སོ་སོ་སྣང་བ་ཕྱེ་བ་ཙམ། །མ་རིག་པ་ཡང་ལམ་དུ་གཅིག །དང་པོ་གང་ནས་མ་བྱུང་བས། །ཐ་མ་གར་ཡང་འགྲོ་བ་མེད། །དང་པོ་སྐྱེ་བའི་རྒྱུ་མེད་པས། །ཐ་མ་འཆི་བའི་ལམ་ཡང་མེད། །དངོས་པོ་ཅིལ་ཡང་མི་གནས་པས། །འདི་ཞེས་གཅིག་ཏུ་བསྟན་དུ་མེད། །སྐྱེ་ཞིང་འཕོ་བའི་གནས་མེད་པས། །བསད་ཅིང་བཅད་པ་བསྒྲུབ་ཏུ་མེད། །མ་རིག་པ་ཡི་རྟོག་པ་ཡིས། །མི་མཐུན་བདེ་སྡུག་མྱོང་བར་འགྱུར། །རྡོ་རྗེ་ལྟ་བུར་གནས་པ་ལ། །སྒྱུ་མ་ཆུ་ཟླ་བྲག་ཆ་འདྲ། །ཞེས་གསང་བའི་ཚིག་ཏུ་གསུངས་སོ། །


DNG015_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱེ་ཀྱེ་ཐུགས་རྗེ་ཆེན་པོའི་བྱིན་རླབས་ལས། །སྟོང་གསུམ་རྒྱལ་བའི་སྐུས་གང་ཡང་། །བྱང་ཆུབ་སེམས་ལས་གཡོས་པ་མེད། །དཔེར་ན་ནམ་མཁའི་འཇའ་ཚོན་བཞིན། །དཀར་དམར་སྔོ་སྟེ་ངོས་གཟུང་མེད། །དེ་བཞིན་སེམས་ཀྱི་རང་བཞིན་ཡང་། །འདི་ཞེས་གཅིག་ཏུ་བསྟན་དུ་མེད། །མི་ཤེས་བར་སྣང་འཇའ་ཚོན་འདྲ། །དེ་ཕྱིར་མ་བཅོས་ཇི་བཞིན་བཞག །ཅེས་རྡོ་རྗེ་གསང་བའི་ཚིག་ཏུ་གསུངས་སོ། །བདེ་བར་གཤེགས་པ་ཀུན་གྱི་གཙོ། །ཡབ་ཡུམ་སྲས་དང་བཅས་སྣང་ཡང་། །བྱང་ཆུབ་སེམས་ཀྱི་ངོ་བོར་གཅིག །སྐྱེ་འཆི་མེད་པ་བྱང་ཆུབ་སེམས། །འདུ་འབྲལ་མེད་དེ་ཆོས་ཀྱི་སྐུ། །བཟང་ངན་མེད་དེ་འཁོར་འདས་ཆོས། །རྒྱུ་འབྲས་མེད་དེ་མཉམ་པ་ཉིད། །འགག་པ་མེད་དེ་སེམས་ཉིད་ནི། །དཔེར་ན་རྨི་ལམ་སྒྱུ་མ་འདྲ། །ནམ་མཁའ་བཞིན་དུ་ཡེ་ནས་གནས། །ནམ་མཁའ་འདི་ནི་འདི་འདྲ་ཞེས། །ཚིག་ཏུ་རབ་ཏུ་བརྗོད་དུ་མེད། །དེ་བཞིན་སེམས་ཀྱི་རང་བཞིན་ཡང་། །འདི་ཞེས་གཅིག་ཏུ་བསྟན་དུ་མེད། །བསྟན་ན་གཟུང་འཛིན་འཁྲུལ་པའི་ཆོས། །བསྟན་དུ་མེད་པ་བལྟ་བའི་མཆོག །བསྒོམ་དུ་མེད་པ་སྒོམ་པའི་མཆོག །བསྲུང་དུ་མེད་པའི་དམ་ཚིག་ནི། །མ་བསྲུངས་བཞིན་དུ་ལྷུན་གྱིས་གྲུབ། །མ་ནོར་པ་ཡི་ཆོས་ཉིད་ལ། །རང་བཞིན་སྐྱེ་མེད་ཆོས་ཀྱི་དབྱིངས། །མ་བཅོས་པ་ཡི་བྱང་ཆུབ་སེམས། །རྒྱུ་དང་འབྲས་བུ་མ་བཀག་ཆོས། །དཔེར་ན་རྒྱ་མཚོ་ཆེན་པོ་ལ། །ཆུ་བྲན་ཐམས་ཅད་འབབ་ཅིང་འདུ། །དེ་བཞིན་བྱང་ཆུབ་སེམས་ཉིད་ལས། །འཁོར་འདས་གཉིས་ཀ་འབྱུང་ཞིང་འདུ། །ཞེས་རྡོ་རྗེའི་ཚིག་ཏུ་གསུངས་སོ། །ཨེ་མ་ཧོ། བདེ་བར་གཤེགས་པའི་སྙིང་པོ་ནི། །ནམ་མཁའ་བཞིན་དུ་བརྟག་དཀའ་ཞིང་། །མེ་ལོང་གཟུགས་བཞིན་གཟུང་དུ་མེད། །བྲག་ཆ་བཞིན་དུ་བརྗོད་དང་བྲལ། །བཅུད་ཀྱི་རྡོ་རྗེ་སྙིང་པོ་འདི། །བདག་དང་གཞན་དུ་བརྗོད་དུ་མེད། །བསྟན་དུ་མེད་པའི་ཆོས་ཉིད་འདི། །བརྗོད་དུ་མེད་པར་གོ་བར་གྱིས། །བརྗོད་མེད་བརྗོད་པ་བརྗོད་པའི་མཆོག །མཉན་བསམ་བསྒོམ་པའི་ཤེས་རབ་ཀྱིས། །བློ་ཡི་རྟོག་པ་ཁ་ཕྱེ་ལ། །ངེས་པའི་དོན་འདི་རྟོགས་པར་གྱིས། །ངེས་པའི་དོན་འདི་མ་རྟོགས་ན། །བསྒོམ་དང་བསྒྲུབ་པ་ཡུན་རིང་ཀྱང་། །མི་ཤེས་གཟུང་འཛིན་འཆིང་བའི་རྒྱུ། །དེ་ཕྱིར་རྟོགས་པ་སྔོན་དུ་འགྲོ། །རྟོགས་པ་གདེང་དུ་མ་གྱུར་ན། །ཅི་ལྟར་སྤྱད་ཀྱང་འཆིང་བའི་རྒྱུ། །རྟོགས་པའི་གདེང་གི་ལྟ་བ་ནི། །དངོས་པོ་གཤིས་ཀྱི་གནས་ལུགས་བརྟགས། །


DNG015_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པའི་དོན་འདི་མ་རྟོགས་ན། །མཉམ་བཞག་བསྒོམ་པ་ཆགས་པའི་རྒྱུ། །སྤུ་གྲིའི་ནགས་ཚལ་ལ་སོགས་ཀྱང་། །རང་གི་རྟོག་པས་བརྟས་པའི་ཕྱིར། །དེ་ཕྱིར་རྟོགས་པ་སྔོན་དུ་གཏང་། །རྟོགས་པའི་དོན་འདི་རབ་ཏུ་གཅེས། །ཞེས་བདེ་བར་གཤེགས་པ་ཉིད་ཀྱི་ཆོས་ཀྱི་སྐུ་སྐྱེ་བ་མེད་པ་ལས་ཆོས་ཉིད་རང་སྒྲས་བྱུང་བའི་ངང་ལས། ལོངས་སྤྱོད་རྫོགས་པའི་སྐུ་སྐྱེ་བའི་ཆོ་འཕྲུལ་དུ་འོག་མིན་གྱི་གནས་མཐའ་དང་དབུས་མེད་པ། གཞི་ཚད་མེད་པའི་ཡེ་ཤེས་ཀྱི་འཁོར་ལོར་གསལ་བ་ལ། ཡེ་ཤེས་རིན་པོ་ཆེ་འབར་བའི་གཞལ་ཡས་ཁང་། རྒྱ་ཕྱོགས་བཅུར་ཡོངས་སུ་མ་ཆད་པ། ཡོན་ཏན་དཔག་ཏུ་མེད་པ་རྒྱས་པའི་གྲུ་བཞིར་གྱུར་པའི་ནང་དཀྱིལ་འཁོར་དགུ་ལ་འཁོར་ལོ་རྩིབས་བཞི་མུ་ཁྱུད་ཟླུམ་པོ་གྲུ་ཆད་བཞི་དང་སྒོ་བཞིར་ལྡན་པ། རྣམ་ཐར་བརྒྱད་ཀྱི་རྟ་བབས་དང་ལྡན་པ། ཕྱི་རོལ་བྱང་ཆུབ་ཀྱི་ཤིང་ལ་སོགས་པ་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ཕྱི་ནས་བལྟས་པས་ནང་གསལ་བ། ནང་ནས་བལྟས་པས་ཕྱི་གསལ་བ། ཡེ་ཤེས་ལྷུན་གྱིས་གྲུབ་པའི་གཞལ་ཡས་ཁང་དུ་གསལ་བར་གྱུར་ཏོ། །དེ་ལྟར་རང་བཞིན་འོག་མིན་གྱི་གནས་ན། བདེ་བར་གཤེགས་པ་ཐམས་ཅད་ཏིལ་གྱི་གང་བུ་བཞིན་དུ་གནས་ཏེ། དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་དང་། ཡུམ་ཀུན་ཏུ་བཟང་མོ་དང་། བདེ་བར་གཤེགས་པའི་འཁོར་དཔག་ཏུ་མེད་པ་དང་བཅས་པ་རང་བཞིན་གྱིས་གནས་སོ། །དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་དང་། ཡུམ་ཀུན་ཏུ་བཟང་མོ་གཉིས་ཆོས་མཉམ་པ་ཉིད་ལ་བཞུགས་ནས། འདི་སྐད་ཅེས་གསུངས་སོ། །ཀྱེ་ཀྱེ། གཙོ་བོ་གཙོ་མོ་འཁོར་བཅས་ཀྱང་། །རང་བཞིན་འོག་མིན་གནས་མཆོག་ན། །ཆུ་ཟླ་གཟུགས་བརྙན་འདྲ་བ་ལ། །ཉོན་མོངས་དྲི་མས་གོས་པ་མེད། །རང་བཞིན་དོན་གྱི་དབྱིངས་ན་བཞུགས། །ནམ་མཁའི་ཆོ་འཕྲུལ་སྟོན་པ་ལྟར། །རང་བཞིན་འོག་མིན་ཆོས་དབྱིངས་ནས། །གསུང་གིས་དོན་རྣམས་མི་སྟོན་ཏེ། །ཐུགས་ཀྱིས་ཆོས་རྣམས་མཇལ་བར་སྟོན། །ཞེས་ཡབ་ཡུམ་


DNG015_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པོ་མཉམ་པ་ལ་བཞུགས་ནས། མཉམ་པ་དང་རྟོགས་པའི་སྒོ་ནས་གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ། འོག་མིན་གྱི་གནས་ན་ཡུམ་དང་འཁྲིལ་ཚུལ་དུ་བཞུགས་པ་ལས། ཡབ་ཀྱིས་གླེངས་པ། ཀྱེ་ཀྱེ། དག་པ་དྲི་མ་མེད་པའི་ཆོས། །བླ་མེད་བྱང་ཆུབ་སྒྲུབ་པའི་ཐབས། །འཁོར་བའི་རྣམ་རྟོག་གཞོམ་པ་དང་། །དྲག་པོས་འགྲོ་བ་དྲང་བའི་ཕྱིར། །ཡབ་ཡུམ་གཉིས་མེད་འཁྲིལ་བའི་ཚུལ། །ཞེས་རྡོ་རྗེ་གསང་བའི་ཚིག་ཏུ་བརྗོད་དོ། །དེ་ནས་ཡུམ་ཡང་མཉམ་པ་ཉིད་ཀྱིས་འཁྲིལ་བའི་ཚུལ་གྱིས་བསྐུལ་བ། ཀྱེ་ཀྱེ། བདེ་གཤེགས་རྡོ་རྗེ་རིགས་ཀྱི་གཙོ། །མཉམ་པ་ཆེན་པོའི་དོན་བསྟན་ནས། །གང་ལ་འདུལ་བ་བསྟན་པའི་ཕྱིར། །མི་འགྱུར་རྡོ་རྗེའི་གཙོ་མཆོག་ལ། །གཉིས་མེད་ཆེན་པོས་འཁྱུད་པར་བྱ། །ཞེས་གསུངས་སོ། །དེ་ནས་དགྱེས་པ་ཆེན་པོ་དེས། གསང་བའི་ཐུགས་མཉམ་པའི་ངང་གིས། ཀྱེ་ཀྱེ་སྙིང་པོ་དོན་གྱི་གཙོ། །བདེ་བར་གཤེགས་པ་ཀུན་གྱི་སྲས། །འཁོར་བ་ཡོངས་ཀྱི་དེད་དཔོན་པོ། །གཉིས་སུ་མེད་པའི་ཡུམ་དང་བཞུགས། །ཞེས་གླེངས་ཏེ་མི་གཡོ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་ཡུམ་གྱིས་བསྐུལ་པ། ཀྱེ་ཀྱེ་བདེ་གཤེགས་ཀུན་གྱི་གཙོ། །མ་རིག་མུན་པ་འཇོམས་པའི་བདག །ཀུན་ཀྱང་འགྲོ་བའི་དོན་བྱའི་ཕྱིར། །དྲི་མེད་གསལ་བ་ཉི་ཟླའི་འོད། །ཆོས་ཉིད་མཉམ་པའི་ཀློང་ན་བཞུགས། །རིགས་ཀྱི་རིགས་ཏེ་རིགས་ཀྱི་གཙོ། །མུན་པ་འཇོམས་པའི་ཤེས་རབ་འོད། །འགྲོ་བ་སྒྲོལ་བའི་དེད་དཔོན་གཙོ། །འཁོར་བའི་དྲི་མ་འཁྲུད་པའི་ཆུ། །འགྲོ་བ་ཡོངས་ཀྱི་གཉེན་གཅིག་པོ། །གཉིས་མེད་བདེ་བའི་དབྱིངས་དཀྱིལ་དུ། །དགྱེས་པ་ཆེན་པོ་དབབ་ཏུ་གསོལ། །ཞེས་ཡུམ་གྱི་མཉམ་པའི་ངང་ལ་གནས་ནས་དེ་སྐད་ཅེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་དེས། རྒྱལ་པོ་དགའ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྡོ་རྗེའི་ཚིག་འདི་སྐད་གླེངས་སོ། །ཀྱེ་ཧོ་རྒྱལ་བ་འགྲོ་བའི་དོན་བྱའི་ཕྱིར། །རིགས་ཀྱི་


DNG015_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་དང་གཉིས་མེད་པར། །པདྨ་ཆེན་པོ་གདངས་སུ་གསོལ། །འཁོར་གྱི་རྣམ་པ་བསྐྱེད་དུ་གསོལ། །གཉིས་སུ་མེད་པར་བཞུགས་སུ་གསོལ། །དེ་ནས་ཡུམ་ཆེན་མོ་ཉིད་ཀྱི་བསམ་པ་གཡོས་པར་གྱུར་ཏོ། ཨེ་མ་ཧོ། སྟོན་པས་བསྟན་པ་འདི་བསྟན་ཕྱིར། །འཁོར་བ་འདུལ་བའི་དེད་དཔོན་གཙོ། །དགྱེས་པའི་རྡོ་རྗེ་དཔའ་བོ་ཡིས། །གཉིས་མེད་དགྱེས་པར་གྱུར་ནས་ནི། །གསང་བ་ཆེན་པོའི་ཆར་ཆེན་ཕོབ། །ཨ་ལ་ལ་ཧོ། ས་མ་ཡ་སྟྭཾ། ཨ་ནུ་རཱ་ག་ཧོ། ཛཿཧཱུཾ་བཾ་ཧོཿ། ཧཱུཾ་ཏྲཱཾ་ཧྲཱྀ་ཧཱཿ། དེ་ནས་ཡབ་ཡུམ་གཉིས་སུ་མེད་པ་ལས། བདེ་བར་གཤེགས་པ་ཡབ་ཡུམ་སྲས་དང་བཅས་པ་ཐོན་པར་གྱུར་ནས། རང་བཞིན་གཉིས་སུ་མེད་པ་མཉམ་པ་ཉིད་སྒྱུ་མ་ལྟ་བུའི་ཏིང་འཛིན་ལ་སྙོམས་པར་ཞུགས་སོ། །གླེང་སློང་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཕྱོགས་བཅུའི་བདེ་བར་གཤེགས་པ་ཀུན་གྱིས། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་བཙལ་ནས་འདི་སྐད་ཅེས་ཞུས་སོ། །ཀྱེ་ཀྱེ་བདེ་གཤེགས་ཆོས་ཀྱི་སྐུ། །རྟོག་པའི་དྲ་བ་གཞོམ་པའི་ཕྱིར། །བདེ་གཤེགས་རིགས་བརྒྱའི་སྒྲུབ་པའི་ཐབས། །ལེགས་པར་རྒྱས་པར་བསྟན་དུ་གསོལ། །ཞེས་ཞུས་པས། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས་གསུངས་པ། ཉོན་ཅིག་འདུས་པའི་འཁོར་ཚོགས་རྣམས། །ཕྱོགས་བཅུའི་བདེ་གཤེགས་ཐམས་ཅད་ནི། །རིགས་བརྒྱར་འདུས་པ་ངས་བཤད་དོ། །ཕུན་སུམ་ཚོགས་པའི་གནས་དག་ཏུ། །འདུ་འཛི་སྤངས་པའི་རྣལ་འབྱོར་པས། །ས་ཡི་ཆོ་ག་ལེགས་བྱས་ལ། །མགོན་པོ་ཐུགས་དམ་ཅན་རྣམས་མཆོད། །བཀྲ་ཤིས་ས་ལ་མཎྜལ་བྱ། །འདོམ་གང་རྒྱ་ལ་ཆག་གང་དཔངས། །རྣམ་ལྔ་སྨན་གྱིས་ཆག་ཆག་གདབ། །སྟངས་སྟབས་ཁྲོ་བོས་མཚམས་བཅད་ལ། །དཀྱིལ་འཁོར་ཐིག་ནི་གདབ་པར་བྱ། །ཐིག་གཡོག་གྲོགས་དང་རབ་ལྡན་པས། །ཡེ་ཤེས་ལྔ་ལྡན་སྲད་བུ་ཡིས། །མཁས་པས་དཀྱིལ་འཁོར་ཐིག་གདབ་བོ། །སློབ་དཔོན་ནུབ་ལ་སློབ་མ་ཤར། །རྡོ་རྗེ་ཁུ་ཚུར་བྱིན་བརླབས་ལ། །ཕོ་བྲང་


DNG015_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་པའི་ཐིག་ཏུ་གདབ། །ཐིག་ནི་བཅུ་དྲུག་བཏབ་པ་ལ། །ཆ་ནི་བཞི་བཞིར་མཉམ་པར་དབྱེ། །རྩ་བ་དབུས་ཆ་གཉིས་ཏེ་མཐའ་གཉིས་དོར་བ་སྒོ། །རྒྱན་དང་ཆས་བྱ་དབུས་བརྒྱད་ཆ་ལས་སྒོ་འགྲམ་དང་། །ཡ་ཕུབས་ལོགས་ལ་སྒོ་ཁྱུད་ངོས་ལ་ཚོན་སྣ་ལྔས། །བསྐོར་བྱ་ཁྱམས་ཀྱི་ཆ་ལ་ལོངས་སྤྱོད་འགྲམ་གྱི་ཆ། །རིན་ཆེན་ཕ་གུ་ལོགས་རྒྱབ་ཆ་ལ་འགྲམ་དང་ཕྱེད། །ལོགས་རྒྱབ་ཆ་གཞན་ཀ་བ་ཆ་ལྔ་ཡ་ཕུབས་བཏེགས། །རྡོ་ར་རྣམ་བཞི་རྒྱན་གྱིས་རྣམ་མཛེས་རྟ་བབས་དགོད། །ཆོས་ཀྱི་འཁོར་ལོ་རྩེ་བྲན་གདུགས་མཛེས་རི་དྭགས་བཅས། །བ་དན་འཕན་དང་རིན་ཆེན་རྒྱལ་མཚན་མཛེས་པར་བྱ། །པད་ཕྲེང་མེ་འོད་རྡོ་རྗེའི་ཕྲེང་བས་མཛེས་པར་བསྐོར། །རྩ་བའི་དཀྱིལ་འཁོར་རང་གཞུང་ཅི་རིགས་མཛེས་པར་བསྐོར། །ས་ཚོན་སྣ་ལྔ་དཔའ་བོ་འབྲུ་ལྔ་ཡིས། །ཡེ་ཤེས་ལྔ་དང་ལྡན་པར་བྱིན་བརླབས་ལ། །དབུས་སུ་རིགས་སྦྱར་མུ་ཁྱུད་འོད་ཟེར་ལྡན། །རྩིབས་བཞི་རིགས་ཀྱིས་དབྱེ་ཞིང་གོང་ར་མཛེས་པའི་ཚོན། །མུ་ཁྱུད་རྡོ་རྗེའི་ར་བ་གྲུ་ཆད་ཁྱམས་ཚུལ་ཕྱོགས། །སྒོ་བཞི་རིགས་དང་སྦྱར་ལ་བརྩིག་པ་རིགས་ཀྱིས་དབྱེ། །འདོད་ཡོན་ཁྱམས་དམར་རིན་ཆེན་ཕ་གུ་སེར། །དྲྭ་བ་དྲྭ་ཕྱེད་སེར་ལ་ད་རུ་ཀ་ནི་ལྗང་། །དབུས་ཀྱི་དཀྱིལ་འཁོར་དགུ་ལ་སྒོ་རྒྱན་བཅས། །ཕྱི་ཁྱམས་ཕྱོགས་ཀྱིས་ཕྱེ་ལ་སྒོ་ཡང་དེ་དང་བསྟུན། །རྩིག་པ་དཀར་མཐིང་སེར་དམར་ལྗང་གིས་བསྐོར། །འདོད་ཡོན་ལ་སོགས་གོང་འདྲ་རྟ་བབས་ལ་སོགས་སྒོ་རྒྱན་བྱ། །མུ་ཁྱུད་པདྨའི་ཕྲེང་བ་རྡོ་རྗེ་ཕྲེང་བ་ལྡན། །ཕུར་པ་མདའ་དང་མེ་ལོང་རལ་གྲི་ལ་སོགས་དགོད། །དར་དང་རས་ཀྱི་ཡོལ་དྲེ་ཚོན་སྐུད་དྲ་བར་གཞུག །དེ་ནི་བསྙེན་བསྒྲུབ་གཉིས་ཀའི་དཀྱིལ་འཁོར་ཡིན། །ཞེས་གསུངས་སོ། །རྡུལ་ཚོན་གྱི་དཀྱིལ་འཁོར་བྲི་བའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཕྱོགས་བཅུའི་བདེ་བར་གཤེགས་པའི་ལྷ་ཚོགས་རྣམས་ཀྱིས། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཏེ་བདེ་གཤེགས་གཙོ། །ཏིང་འཛིན་དཀྱིལ་འཁོར་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །


DNG015_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པ་རིགས་བརྒྱའི་བསྒོམ་རིམ་ལ། །ཐོག་མར་བྱང་ཆུབ་སེམས་བསྐྱེད་དེ། །ཡན་ལག་བདུན་གྱིས་ཚོགས་བསགས་ལ། །དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན། །སྟོང་ཞིང་བདག་མེད་མ་བཅོས་བསྒོམ། །ཀུན་ཏུ་སྣང་བའི་ཏིང་འཛིན་ནི། །ཁྱབ་པའི་སྙིང་རྗེ་ཆེན་པོར་བསྒོམ། །དེ་ནས་རྒྱུ་ཡི་ཏིང་ངེ་འཛིན། །རང་སེམས་ཡི་གེ་ཨ་རུ་གསལ། །ཡི་གེ་ཨ་ཡི་བྱིན་རླབས་ལས། །ཨེ་ལས་ནམ་མཁའ་ཡཾ་ལས་རླུང་། །བཾ་ལས་ཆུ་དང་སུཾ་ལས་གསེར། །ལཾ་ལས་རི་རབ་རཾ་ལས་མེ། །བྷྲཱུཾ་ལས་རིན་ཆེན་གཞལ་ཡས་ཁང་། །དཀྱིལ་འཁོར་དགུ་ལ་དཀྱིལ་འཁོར་གཅིག །དབུས་ཀྱི་འཁོར་ལོ་རྩིབས་བཞི་ལ། །གྲུ་ཆད་སྒོ་བཞིར་བཅས་པ་ལ། །ཕྱི་ཁྱམས་རྒྱན་གྱིས་མཛེས་བྱས་པའི། །གཞལ་ཡས་གསལ་བར་གྲུབ་པར་བསྒོམ། །དེ་ནས་ཉི་ཟླ་པདྨའི་གདན། །ལྷ་རྣམས་ཀུན་གྱི་གནས་སུ་གདིང་། །དེ་ནས་རང་སེམས་ཡི་གེ་ཨ། །དཀྱིལ་འཁོར་དབུས་མའི་གདན་སྟེང་བབས། །སྤྲོ་བསྡུས་འོད་ཞུ་འཁོར་ལོར་གསལ། །རྣམ་པར་སྣང་མཛད་ཀུན་བཟང་མོ། །ཤར་དུ་མི་བསྐྱོད་སངས་རྒྱས་སྤྱན། །ལྷོ་རུ་འབྱུང་ལྡན་གོས་དཀར་མོ། །ནུབ་ཏུ་སྣང་མཐའ་མཱ་མ་ཀཱི། །བྱང་དུ་དོན་གྲུབ་དམ་ཚིག་སྒྲོལ། །ཤར་ཕྱོགས་དཀྱིལ་འཁོར་ཆེན་པོ་རུ། །དབུས་སུ་ཀུན་ཏུ་བཟང་པོ་དང་། །ཡུམ་གཅིག་རྡོ་རྗེ་དབྱིངས་ཕྱུག་མ། །ཤར་དུ་རྡོ་རྗེ་སེམས་དཔའ་ལ། །ལྷོ་རུ་རྡོ་རྗེ་རྒྱལ་པོའོ། །ནུབ་ཏུ་རྡོ་རྗེ་ཆགས་པ་ལ། །བྱང་དུ་རྡོ་རྗེ་ལེགས་པའོ། །ཤར་དུ་རྡོ་རྗེ་སྒེག་མོ་ལ། །ལྷོ་རུ་རྡོ་རྗེ་བདུག་པ་མོ། །ནུབ་ཏུ་རྡོ་རྗེ་ལྕགས་ཀྱུ་མ། །བྱང་དུ་རྡོ་རྗེ་མེ་སྒྲོན་མའོ། །ལྷོ་ཡི་ཕྱོགས་ཀྱི་དཀྱིལ་འཁོར་དུ། །གཙོ་བོ་འཇམ་དཔལ་གཞོན་ནུ་དང་། །ཡུམ་གཅིག་རིན་ཆེན་དབྱིངས་ཕྱུག་མ། །ཤར་དུ་རྡོ་རྗེ་རིན་ཆེན་ལ། །ལྷོ་རུ་རྡོ་རྗེ་གཟི་བརྗིད་ཆེ། །ནུབ་ཏུ་རྡོ་རྗེ་རྒྱལ་མཚན་ལ། །བྱང་དུ་རྡོ་རྗེ་བཞད་པའོ། །ཤར་དུ་རྡོ་རྗེ་ཕྲེང་བ་མ། །ལྷོ་རུ་རྡོ་རྗེ་བདུག་པ་མོ། །ནུབ་ཏུ་རྡོ་རྗེ་ཞགས་པ་མ། །བྱང་དུ་རྡོ་རྗེ་བདེ་བ་མོ། །ནུབ་ཀྱི་ཕྱོགས་ཀྱི་དཀྱིལ་འཁོར་དུ། །གཙོ་བོ་སྤྱན་རས་གཟིགས་དབང་ལ། །


DNG015_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་ཆེན་པདྨ་དབྱིངས་ཕྱུག་མ། །ཤར་དུ་རྡོ་རྗེ་ཆོས་དང་ནི། །ལྷོ་རུ་རྡོ་རྗེ་རྣོན་པོ་དང་། །ནུབ་ཏུ་རྡོ་རྗེ་སྨྲ་བ་སྟེ། །བྱང་དུ་རྡོ་རྗེ་འཁོར་ལོའོ། །ཤར་དུ་རྡོ་རྗེ་དབྱངས་ཅན་མ། །ལྷོ་རུ་རྡོ་རྗེ་མར་མེ་མ། །ནུབ་ཏུ་རྡོ་རྗེ་ལྕགས་སྒྲོག་མ། །བྱང་དུ་རྡོ་རྗེ་གསལ་བཀྲ་མའོ། །བྱང་གི་ཕྱོགས་ཀྱི་དཀྱིལ་འཁོར་དུ། །རྡོ་རྗེ་འཆང་ཆེན་སངས་རྒྱས་དང་། །ཡུམ་ཆེན་ལས་ཀྱི་དབྱིངས་ཕྱུག་མ། །ཤར་དུ་རྡོ་རྗེ་ལས་དང་ནི། །ལྷོ་རུ་རྡོ་རྗེ་སྲུང་བ་དང་། །ནུབ་ཏུ་རྡོ་རྗེ་གནོད་སྦྱིན་ཏེ། །བྱང་དུ་རྡོ་རྗེ་ཁུ་ཚུར་རོ། །ཤར་དུ་རྡོ་རྗེ་གར་བསྒྱུར་མ། །ལྷོ་རུ་རྡོ་རྗེ་བྱུག་པ་མོ། །ནུབ་ཏུ་རྡོ་རྗེ་དྲིལ་འཁྲོལ་མ། །བྱང་དུ་རྡོ་རྗེ་ཐོག་འབེབས་མའོ། །ཤར་ལྷོའི་མཚམས་ཀྱི་དཀྱིལ་འཁོར་དུ། །གཙོ་བོ་ས་ཡི་སྙིང་པོ་ལ། །ཡུམ་ཆེན་རྡོ་རྗེ་སེམས་མ་ནི། །ཤར་དུ་ཆོས་ཀྱི་རྒྱལ་མཚན་དང་། །ལྷོ་རུ་དབང་ཕྱུག་རྒྱལ་པོ་ལ། །ནུབ་ཏུ་བཀོད་པའི་རྒྱན་དང་ནི། །བྱང་དུ་རིན་ཆེན་འོད་འཕྲོའོ། །ཤར་དུ་བདེ་བ་རྒྱས་འདེབས་མ། །ལྷོ་རུ་བདེ་བ་རྨོངས་བྱེད་མ། །ནུབ་ཏུ་བདེ་བ་ཟ་བྱེད་མ། །བྱང་དུ་བདེ་བ་ཚེ་འཕེལ་མའོ། །ལྷོ་ནུབ་མཚམས་ཀྱི་དཀྱིལ་འཁོར་དུ། །གཙོ་བོ་ནམ་མཁའི་སྙིང་པོའོ། །ཡུམ་ཆེན་རིན་ཆེན་སེམས་མའོ། །ཤར་དུ་སྣང་བའི་མཆོག་དང་ནི། །ལྷོ་རུ་ཕྱག་རྒྱའི་རྒྱལ་པོའོ། །ནུབ་ཏུ་སྤོབས་པའི་རྒྱལ་པོ་དང་། །བྱང་དུ་སྤོབས་པ་བརྩེགས་པའོ། །ཤར་དུ་ཁྲུས་ཀྱི་ལྷ་མོ་ལ། །ལྷོ་རུ་རྒྱལ་མཚན་ལྷ་མོའོ། །ནུབ་ཏུ་བླ་རེའི་ལྷ་མོ་ལ། །བྱང་དུ་གདུགས་ཀྱི་ལྷ་མོའོ། །ནུབ་བྱང་མཚམས་ཀྱི་དཀྱིལ་འཁོར་དུ། །གཙོ་བོ་བྱམས་པ་ཆེན་པོ་ལ། །ཡུམ་ཆེན་པདྨའི་སེམས་མའོ། །ཤར་དུ་པདྨའི་རྒྱལ་པོ་ལ། །ལྷོ་རུ་པདྨ་དམ་པའོ། །ནུབ་ཏུ་རྡོ་རྗེ་མི་གཡོ་བ། །བྱང་དུ་རྡོ་རྗེ་ཐོགས་མེད་དང་། །ཤར་དུ་ལྷ་མོ་པདྨ་ཅན། །ལྷོ་རུ་ལྷ་མོ་འཛིན་བྱེད་མ། །ནུབ་ཏུ་ལྷ་མོ་སྐྱོན་བྲལ་མ། །བྱང་དུ་ལྷ་མོ་རྣམ་རྒྱལ་མའོ། །བྱང་ཤར་མཚམས་ཀྱི་དཀྱིལ་འཁོར་དུ། །གཙོ་བོ་སྒྲིབ་པ་རྣམ་སེལ་དང་། །ཡུམ་ཆེན་ལས་ཀྱི་སེམས་མ་ལ། །ཤར་དུ་རིན་ཆེན་དབང་ཕྱུག་མ། །ལྷོ་རུ་རྡོ་རྗེ་ཐུབ་པའི་ལས། །ནུབ་ཏུ་དག་པར་སྟོན་པ་དང་། །བྱང་


DNG015_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མི་གཡོ་བ་ཡི་མཐའ། །ཤར་དུ་ལྷ་མོ་དབྱངས་ཅན་མ། །ལྷོ་རུ་ལྷ་མོ་དྲི་མེད་མ། །ནུབ་ཏུ་ལྷ་མོ་སྒྲ་གཅན་མ། །བྱང་དུ་ལྷ་མོ་ཐོགས་མེད་མའོ། །དཀྱིལ་འཁོར་ཕྱི་ཡི་བར་ཁྱམས་ལ། །ཤར་སྟོད་མི་ཡི་ཐུབ་པ་ལ། །ཤར་སྨད་ལྷ་ཡི་ཐུབ་པའོ། །ལྷོ་སྟོད་ལྷ་མིན་ཐུབ་པ་ལ། །ལྷོ་སྨད་བྱོལ་སོང་ཐུབ་པའོ། །ནུབ་ཏུ་ཡི་དྭགས་ཐུབ་པ་སྟེ། །བྱང་དུ་དམྱལ་བའི་ཐུབ་པའོ། །ཤར་སྒོར་རྡོ་རྗེ་ལྕགས་ཀྱུ་མ། །ལྷོ་རུ་རྡོ་རྗེ་ཞགས་པ་མ། །ནུབ་ཏུ་རྡོ་རྗེ་ལྕགས་སྒྲོག་མ། །བྱང་དུ་རྡོ་རྗེ་དྲིལ་བུ་མའོ། །དེ་ལྟར་ལྷ་ཚོགས་བརྒྱ་པོ་རྣམས། །སྐུ་ནི་ཕྱག་རྒྱ་ཆེན་པོ་ལ། །གསུང་ནི་སྔགས་ཀྱི་དམ་ཚིག་སྟེ། །ཐུགས་ནི་ཕྱག་རྒྱ་ཆེན་པོར་ལྡན། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱར་གསལ། །སྣང་ལ་རང་བཞིན་མེད་པ་ནི། །མེ་ལོང་ནང་གི་གཟུགས་བརྙན་ནམ། །ཆུ་ཟླ་ནང་གི་གཟུགས་བརྙན་འདྲ། །ཞེས་གསུངས་སོ། །ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཡང་དག་ངེས་གསུངས་པ། །དམ་པ་རིགས་བརྒྱའི་ལྷ་ཚོགས་ཀྱི། །སྐྱེད་པ་རྩ་བའི་སྔགས་བཤད་པ། །དབུས་ཀྱི་ལྷ་ཚོགས་བསྐྱེད་པ་ནི། །ཨོཾ་བུཌྜྷ་བཻ་རོ་ཙ་ན་ཨོཾ། ཨོཾ་བཛྲ་དྭེ་ཥ་ར་ཏི་ཨོཾ། ཨོཾ་བཛྲ་ཨཀྵོ་བྷྱ་ཧཱུཾ། ཨོཾ་བཛྲ་བུཌྜྷ་ལོ་ཙ་ན་ཧཱུཾ། ཨོཾ་རཏྣ་སམྦྷ་བ་ཏྲཱཾ། ཨོཾ་བཛྲ་པཎྜ་ར་བ་ས་ནཱི་ཏྲཱཾ། ཨོཾ་བཛྲ་ཨ་མི་ཏ་བྷཱ་ཧྲཱྀཿ། ཨོཾ་བཛྲ་མཱ་མ་ཀཱི་ཧྲཱྀཿ། ཨོཾ་བཛྲ་ཨ་མོ་གྷ་སིདྡྷི་ཧཱ། ཨོཾ་བཛྲ་ས་མ་ཡ་ཏཱ་རཱ་ཧཱ།ཤར་གྱི་དཀྱིལ་འཁོར་རྣམས་ཀྱི་སྔགས། ཨོཾ་བཛྲ་ས་མཱནྟ་བྷ་དྲ་ཧཱུཾ། ཨོཾ་བཛྲ་དྷ་རཱ་ཧཱུཾ། ཨོཾ་བཛྲ་སཏྭ་ཧཱུཾ། ཨོཾ་བཛྲ་རཱ་ཛ་ཧཱུཾ། ཨོཾ་བཛྲ་རཱ་ག་ཧཱུཾ། ཨོཾ་བཛྲ་སཱ་དྷུ་ཧཱུཾ། ཨོཾ་བཛྲ་ལཱ་སྱེ་ཧཱུཾ། ཨོཾ་བཛྲ་དྷཱུ་པེ་ཧཱུཾ། ཨོཾ་བཛྲ་ཨངྐུ་ཤ་ཧཱུཾ། ཨོཾ་བཛྲ་དཱི་བི་ཤྭ་ར་ཏི་ཧཱུཾ། ལྷོ་ཕྱོགས་དཀྱིལ་འཁོར་ལྷ་ཚོགས་སྔགས། ཨོཾ་མཉྫུ་ཤྲཱི་ཀུ་མཱ་ར་མུ་ཡ་ཏྲཱཾ།ཨོཾ་བཛྲ་རཏྣ་དྷ་རཱ་ཧཱུཾ། ཨོཾ་བཛྲ་རཏྣ་ཧཱུཾ། ཨོཾ་བཛྲ་སཱུརྻ་ཏྲཱཾ། ཨོཾ་བཛྲ་ཀེ་ཏུ་ཧྲཱྀཿ།ཨོཾ་བཛྲ་ཧ་ས་ཧཱ། ཨོཾ་བཛྲ་མཱ་ལེ་ཧཱུཾ། ཨོཾ་བཛྲ་པུཥ྇་ཏྲཱཾ། ཨོཾ་བཛྲ་པཱ་ཤ་ཧྲཱྀཿ། ཨོཾ་


DNG015_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་སུ་ཁ་ཧཱ། ནུབ་ཕྱོགས་ལྷ་ཚོགས་དཀྱིལ་འཁོར་སྔགས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏི་ཀཱ་རུ་ཎ་མ་ཧཱ་རཱ་ཛ་ཧྲཱྀཿ། ཨོཾ་པདྨ་དྷ་རཱ་ཧྲཱྀཿ། ཨོཾ་བཛྲ་དྷརྨ་ཧཱུཾ། ཨོཾ་བཛྲ་ཏིཀྵྞ་ཏྲཱཾ། ཨོཾ་བཛྲ་བྷཱ་ཥཱ་ཧྲཱྀཿ། ཨོཾ་བཛྲ་ཙཀྲ་ཧཱ། ཨོཾ་གཱིརྟི་ཧཱུཾ། ཨོཾ་བཛྲ་ཨཱ་ལོ་ཀེ་ཏྲཱཾ། ཨོཾ་བཛྲ་སྥོ་ཊ་ཧྲཱྀ། ཨོཾ་བཛྲ་རཱ་ག་ར་ཏི་ཧཱ། བྱང་གི་དཀྱིལ་འཁོར་ལྷ་ཚོགས་སྔགས། ཨོཾ་བཛྲ་པཱ་ཎི་ས་མནྟ་ཧཱུཾ། ཨོཾ་བཛྲ་ཀརྨ་དྷ་རཱ་ཧཱུཾ། ཨོཾ་བཛྲ་ཀརྨ་ཧཱུཾ། ཨོཾ་རཀྵ་ཏྲཱཾ། ཨོཾ་བཛྲ་ཡཀྵ་ཧྲཱྀཿ། ཨོཾ་བཛྲ་སནྡྷི་ཧཱ། ཨོཾ་བཛྲ་ནྲྀ་ཏྱེ་ཧཱུཾ། ཨོཾ་བཛྲ་གནྡྷེ་ཏྲཱཾ། ཨོཾ་བཛྲ་གྷཎྜ་ཧྲཱྀཿ། ཨོཾ་བཛྲ་ཨཱ་བེ་ཤ་ཧཱ། ཤར་ལྷོ་མཚམས་ཀྱི་ལྷ་ཚོགས་སྔགས། ཨོཾ་ཀྵྀ་ཏི་གརྦྷ་རཏྣ་ཨོཾ། ཨོཾ་བཛྲ་ནིརྟི་ཧཱུཾ། ཨོཾ་དྷརྨ་ཀེ་ཏུ་ཧཱུཾ། ཨོཾ་ཀེ་ཏྭཱི་ཤྭ་ར་རཱ་ཛ་ཏྲཱཾ། ཨོཾ་བྷཱུ་ཧཱ་ལཾ་རཱ་ཛ་ཧྲཱྀཿ། ཨོཾ་རཏྣ་པྲ་བྷཱ་ཧཱ། ཨོཾ་བཛྲ་ཁ་ཊྭཱཾ་ཀ་པྲ་ཛྭ་ལ་ཡ་ཧཱུཾ། ཨོཾ་བཛྲ་ཨ་མོ་གྷ་ཤ་ར་ཡ་ཏྲཱཾ། ཨོཾ་བཛྲ་རཱ་ག་ས་མ་ཡ་ཧྲཱྀཿ། ཨོཾ་བཛྲ་གྷཎྜ་ཛ་ལ་ཡ་ཧཱ། ལྷོ་ནུབ་མཚམས་ཀྱི་ལྷ་ཚོགས་སྔགས། ཨོཾ་ཨཱ་ཀཱ་ཤ་གརྦྷ་སྭཱ་ཧཱ། ཨོཾ་རཏྣ་ནི་ཏྲེ་ཏྲཱཾ། ཨོཾ་ཨཱ་ལོ་ཀེ་ཨ་གྲ་པྲ་བེ་ཧོ་ཧཱུཾ། ཨོཾ་མུ་དྲ་རཱ་ཛ་པྲ་བྷ་ཏ་ཏྲཱཾ། ཨོཾ་པྲ་ཏི་བྷཱ་ན་རཱ་ཛ་ནེ་ཧྲཱྀཿ། ཨོཾ་པྲ་ཏི་བྷཱ་ན་ཀུ་ཊ་ཡེ་ཧཱ། ཨོཾ་བཛྲ་ཨཱ་མླཱ ་བཾ་ཧཱུཾ། ཨོཾ་བཛྲ་ཀེ་ཏུ་ཏྲཱཾ། ཨོཾ་བི་ཏཱ་ན་དྷཱ་ཧྲཱྀཿ། ཨོཾ་ཚ་ཧྲཱྀཿ། ནུབ་བྱང་དཀྱིལ་འཁོར་ལྷ་ཚོགས་སྔགས། ཨོཾ་ཧྲཱྀ་མ་ཧཱ་མཻ་ཏྲི་ཧཱུཾ། ཨོཾ་པདྨ་ནི་ཏི་ཨོཾ། ཨོཾ་ཀ་མ་ལ་རཱ་ཛ་མ་ཧཱ་རཱ་ཛ་ཧཱུཾ། ཨོཾ་པདྨོཏྟ་མ་པདྨ་དྷ་ར་ཏྲཱཾ། ཨོཾ་བཛྲ་ཨཀྵོ་བྷྱ་ཧྲཱྀཿ། ཨོཾ་ཨ་མོ་གྷ་རཱ་ཛ་ཡ་ཧཱུཾ། ཨོཾ་བི་མ་ལེ་ཀརྨ་མཉྫུ་ཥ་ཡ་ཧཱུཾ། ཨཱོཾ་ཛ་ལི་མི་ལི་ཧུ་བ་ཏྲེ་བ་ཏུ་ས་བ་ཏྲེ་ཏྲཱཾ།ཨོཾ་ཏ་ཀ་རུ་ན་ཛྭ་ལ་པུ་ཙ་པདྨེ་ཧྲཱྀཿ། ཨོཾ་ཏྲ་ས་ནི་བི་ཏྲ་ས་ནི་བ་ཏྲ་ས་ནི་ཧཱ། བྱང་ཤར་དཀྱིལ་འཁོར་ལྷ་ཚོགས་སྔགས། ཨོཾ་སརྦ་ཎི་བ་ར་ཎ་བི་ཤྭ་དྷ་ར་ཡ་བ་རེ་ཨོཾ།ཨོཾ་ཀརྨ་ནི་ཏེ་ཨོཾ། ཨོཾ་རཏྱཱུ་ཤྡ་ར་རཏྣ་དྷ་ར་ཧཱུཾ། ཨོཾ་ཀརྨ་སིདྡྷི་རཏྣ་དྷ་རཱ་ཡ་ཏྲཱཾ།ཨོཾ་ཨཱ་ར་ཧ་ཤཱ་དྷ་ར་ཡ་ཧྲཱྀཿ། ཨོཾ་ཨ་ཙ་ལ་ཨཀྵོ་བྷྱ་དྷ་རཱ་ཡ་ཧཱ། ཨོཾ་ཛ་ཡེ་ཛ་ཡེ་བ་ཧ་སརྦ་ཤ་ནི་ཧཱུཾ། ཨོཾ་ཛྭ་ལ་པྲ་ཛྭ་ལ་དཱ་ཧཱ་པ་ཙ་ཏྲཱཾ། ཨོཾ་གནྡྷེ་ཙུ་རུ་མ་ཧཱ་པ་ཤ་ར་ཨ་ཏི་ཏི་ཧྲཱྀཿ། ཨོཾ་ཧ་ཀ་ཧུ་རུན་པྲ་ཀ་རི་


DNG015_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱ། དཀྱིལ་འཁོར་འཁྱམས་ལ་ཐུབ་དྲུག་སྔགས། ཨོཾ་མུ་ནེ་ཀྲིཾ་སྭཱ་ཧཱ། ཨོཾ་མུ་ནེ་ཏྲཱཾ་ཧཱུཾ་སྭཱ་ཧཱ། ཨོཾ་མུ་ནེ་སྲུཾ་སྭཱ་ཧཱ། ཨོཾ་མུ་ནེ་པྲཾ་སྭཱ་ཧཱ། ཨོཾ་མུ་ནེ་ཀྵཾ་སྭཱ་ཧཱ། ཨོཾ་མུ་ནེ་ཡེ་སྭཱ་ཧཱ། དཀྱིལ་འཁོར་སྒོ་བཞིར་སྒོ་མའི་སྔགས། ཨོཾ་བཛྲ་ཨཾ་ཀུ་ཤ་ཛ། ཨོཾ་བཛྲ་པཱ་ཤ་ཧཱུཾ། ཨོཾ་བཛྲ་སྥོ་ཊ་བཾ། ཨོཾ་བཛྲ་གྷཎྜ་ཧོཿ། དམ་པ་རིགས་བརྒྱའི་རྩ་བའི་སྔགས། །སྐུ་བསྐྱེད་གསལ་གདབ་བསྙེན་སྔགས་ཡིན། །ཅེས་གསུངས་སོ། །དམ་པ་རིགས་བརྒྱའི་སྔགས་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་དག་ངེས་གསུངས་པ། །དབུས་ཀྱི་དཀྱིལ་འཁོར་ལྷ་ཚོགས་ཀྱི། །སྐུ་མདོག་ཕྱག་མཚན་བསྟན་པ་ནི། །དབུས་སུ་རྣམ་པར་སྣང་མཛད་དཀར། །གཡས་པ་ཡེ་ཤེས་འཁོར་ལོ་ལ། །གཡོན་པ་དངུལ་དཀར་དྲིལ་བུའོ། །ཞབས་ནི་མཉམ་པའི་སྐྱིལ་ཀྲུང་བཞུགས། །ཡུམ་ཆེན་ཀུན་བཟང་བདག་ཉིད་དཀར། །གཡས་པས་ཡབ་ཀྱི་མགུལ་ནས་འཁྱུད། །གཡོན་པས་དྲིལ་བུ་འདུད་པའི་ཚུལ། །ཤར་དུ་མི་འཁྲུགས་མཐིང་ག་ལ། །ཕྱག་ན་རྡོ་རྗེ་རྩེ་ལྔ་འཛིན། །ཡུམ་ཆེན་སངས་རྒྱས་སྤྱན་མ་ནི། །རྒྱན་དང་ཆ་ལུགས་ཡབ་དང་མཐུན། །ལྷོ་རུ་རིན་ཆེན་འབྱུང་ལྡན་སེར། །ཕྱག་ན་རིན་ཆེན་འབར་བ་བསྣམས། །ཡུམ་ཆེན་གོས་དཀར་ཡབ་དང་མཐུན། །ནུབ་ཏུ་སྣང་བ་མཐའ་ཡས་དམར། །ཕྱག་ན་པདྨ་བསྣམས་པའོ། །མཱ་མ་ཀཱི་ནི་ཡབ་དང་མཐུན། །བྱང་དུ་དོན་ཡོད་གྲུབ་པ་ལྗང་། །ཕྱག་ན་རལ་གྲི་བསྣམས་པའོ། །དམ་ཚིག་སྒྲོལ་མ་ཡབ་དང་མཐུན། །ཤར་གྱི་ཕྱོགས་ཀྱི་དཀྱིལ་འཁོར་དུ། །དབུས་སུ་ཀུན་ཏུ་བཟང་པོ་དཀར། །ཕྱག་ན་རྡོ་རྗེ་རྩེ་ལྔ་བསྣམས། །རྡོ་རྗེ་དབྱིངས་ཕྱུག་ཡབ་དང་མཐུན། །ཤར་དུ་རྡོ་རྗེ་སེམས་དཔའ་དཀར། །ཕྱག་ན་རྡོ་རྗེ་རྩེ་ལྔ་བསྣམས། །ལྷོ་རུ་རྡོ་རྗེ་རྒྱལ་པོ་སེར། །ཕྱག་ན་རྡོ་རྗེ་ལྕགས་ཀྱུ་བསྣམས། །ནུབ་ཏུ་རྡོ་རྗེ་ཆགས་པ་དམར། །ཕྱག་ན་མདའ་གཞུ་འགེངས་པའོ། །བྱང་དུ་རྡོ་རྗེ་ལེགས་པ་ལྗང་། །ཕྱག་ན་རྡོ་རྗེ་བསྣམས་པའོ། །ཤར་དུ་རྡོ་རྗེ་སྒེག་མོ་དཀར། །ཕྱག་ན་འགེངས་པའི་ཕྱག་རྒྱའོ། །ལྷོ་


DNG015_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

རུ་རྡོ་རྗེ་བདུག་པ་སེར། །ཕྱག་ན་སྤོས་ཀྱི་སྤྲིན་སྤྲོ་བའོ། །ནུབ་ཏུ་རྡོ་རྗེ་ལྕགས་ཀྱུ་དམར། །ཕྱག་ན་ལྕགས་ཀྱུ་བསྣམས་པའོ། །བྱང་དུ་རྡོ་རྗེ་མེ་སྒྲོན་ལྗང་། །ཕྱག་ན་གསལ་བའི་སྒྲོན་མེའོ། །ལྷོ་ཡི་ཕྱོགས་ཀྱི་དཀྱིལ་འཁོར་དུ། །དབུས་སུ་འཇམ་དཔལ་གཞོན་ནུ་སེར། །ཕྱག་ན་རིན་ཆེན་རལ་གྲིའོ། །རིན་ཆེན་དབྱིངས་ཕྱུག་ཡབ་དང་མཐུན། །ཤར་དུ་རྡོ་རྗེ་རིན་ཆེན་དཀར། །ཕྱག་ན་རྡོ་རྗེ་རིན་ཆེན་བསྣམས། །ལྷོ་རུ་རྡོ་རྗེ་གཟི་བརྗིད་སེར། །ཕྱག་ན་ཉི་མའི་དཀྱིལ་འཁོར་བསྣམས། །ནུབ་ཏུ་རྡོ་རྗེ་རྒྱལ་མཚན་དམར། །ཕྱག་ན་རྒྱལ་མཚན་བསྣམས་པའོ། །བྱང་དུ་རྡོ་རྗེ་བཞད་པ་ལྗང་། །ཕྱག་ན་སོ་འཕྲེང་བསྣམས་པའོ། །ཤར་དུ་རྡོ་རྗེ་ཕྲེང་བ་དཀར། །ཕྱག་ན་རིན་ཆེན་ཕྲེང་བ་བསྣམས། །ལྷོ་རུ་རྡོ་རྗེ་མེ་ཏོག་སེར། །ཕྱག་ན་མེ་ཏོག་བསྣམས་པའོ། །ནུབ་ཏུ་རྡོ་རྗེ་ཞགས་པ་མ། །ཕྱག་ནི་འགུགས་པའི་ཕྱག་རྒྱའོ། །བྱང་དུ་རྡོ་རྗེ་བདེ་མ་ལྗང་། །ཕྱག་ན་བསིལ་ཡབ་བསྣམས་པའོ། །ནུབ་ཀྱི་ཕྱོགས་ཀྱི་དཀྱིལ་འཁོར་དུ། །གཙོ་བོ་སྤྱན་རས་གཟིགས་དབང་དམར། །ཕྱག་ན་པདྨ་བསྣམས་པའོ། །པདྨ་དབྱིངས་ཕྱུག་ཡབ་དང་མཐུན། །ཤར་དུ་རྡོ་རྗེ་ཆོས་ནི་དཀར། །ཕྱག་ན་པདྨ་བསྣམས་པའོ། །ལྷོ་རུ་རྡོ་རྗེ་རྣོན་པོ་སེར། །ཕྱག་ན་རལ་གྲི་བསྣམས་པའོ། །ནུབ་ཏུ་རྡོ་རྗེ་སྨྲ་བ་དམར། །ཕྱག་ན་རྡོ་རྗེ་བསྣམས་པའོ། །བྱང་དུ་རྡོ་རྗེ་འཁོར་ལོ་ལྗང་། །ཕྱག་ན་འཁོར་ལོ་བསྣམས་པའོ། །ཤར་དུ་རྡོ་རྗེ་དབྱངས་མཁན་དཀར། །ཕྱག་ན་པི་ཝཾ་བསྣམས་པའོ། །ལྷོ་རུ་རྡོ་རྗེ་མར་མེ་སེར། །ཕྱག་ན་མར་མེ་བསྣམས་པའོ། །ནུབ་ཏུ་རྡོ་རྗེ་ལྕགས་སྒྲོག་དམར། །ཕྱག་ན་པདྨ་བསྣམས་པའོ། །བྱང་དུ་རྡོ་རྗེ་གསལ་བཀྲ་ལྗང་། །ཕྱག་ན་རྨ་བྱ་བསྣམས་པའོ། །བྱང་གི་ཕྱོགས་ཀྱི་དཀྱིལ་འཁོར་དུ། །གཙོ་བོ་ཕྱག་ན་རྡོ་རྗེ་ལྗང་། །ཕྱག་ན་རྡོ་རྗེ་བསྣམས་པའོ། །ལས་ཀྱི་དབྱིངས་ཕྱུག་ཡབ་དང་མཐུན། །ཤར་དུ་རྡོ་རྗེ་ལས་ནི་དཀར། །ཕྱག་ན་རྡོ་རྗེ་རྒྱ་གྲམ་བསྣམས། །ལྷོ་རུ་རྡོ་རྗེ་སྲུང་བ་སེར། །ཕྱག་ན་གོ་ཆ་བསྣམས་པའོ། །ནུབ་ཏུ་རྡོ་རྗེ་གནོད་སྦྱིན་དམར། །ཕྱག་ན་མཆེ་བ་བསྣམས་པའོ། །བྱང་དུ་རྡོ་རྗེ་ཁུ་ཚུར་ལྗང་། །ཕྱག་ནི་ཕྱག་རྒྱ་ཁུ་ཚུར་མཛད། །ཤར་དུ་རྡོ་རྗེ་གར་བསྒྱུར་དཀར། །ཕྱག་རྒྱ་སྣ་ཚོགས་བསྒྱུར་བའོ། །ལྷོ་རུ་རྡོ་རྗེ་བྱུག་པ་སེར། །ཕྱག་ན་སྤོས་ཆུ་བསྣམས་པའོ། །ནུབ་ཏུ་རྡོ་རྗེ་དྲིལ་འཁྲོལ་དམར། །ཕྱག་ན་དྲིལ་བུ་འཁྲོལ་


DNG015_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

བའོ། །བྱང་དུ་རྡོ་རྗེ་འབེབས་མ་ལྗང་། །ཕྱག་ན་བུམ་པའི་ཆུ་རྒྱུན་བསྣམས། །ཤར་ལྷོ་མཚམས་ཀྱི་དཀྱིལ་འཁོར་དུ། །གཙོ་བོ་ས་ཡི་སྙིང་པོ་དཀར། །ཕྱག་ན་རིན་ཆེན་སྙེ་མ་བསྣམས། །རྡོ་རྗེ་སེམས་མ་ཡབ་དང་མཐུན། །ཤར་དུ་རྡོ་རྗེ་རྒྱལ་མཚན་དཀར། །ཕྱག་ན་ཆུ་སྲིན་གསེར་མདོག་བསྣམས། །ལྷོ་རུ་དབང་ཕྱུག་རྒྱལ་པོ་སེར། །ཕྱག་ན་ལྕགས་ཀྱུ་བསྣམས་པའོ། །ནུབ་ཏུ་བཀོད་པའི་རྒྱན་ནི་དམར། །ཕྱག་ན་མེ་ཏོག་བསྣམས་པའོ། །བྱང་དུ་རིན་ཆེན་འོད་འཕྲོ་ལྗང་། །ཕྱག་ན་རིན་ཆེན་བསྣམས་པའོ། །ཤར་དུ་བདེ་བ་རྒྱས་འདེབས་དཀར། །ཕྱག་ན་ཁ་ཊྭཱཾ་བསྣམས་པའོ། །ལྷོ་རུ་བདེ་བ་ཟ་བྱེད་སེར། །ཕྱག་ན་མདའ་གཞུ་འགེངས་པའོ། །ནུབ་ཏུ་བདེ་བ་རྨོངས་བྱེད་དམར། །ཕྱག་རྒྱ་ཐུགས་ཀར་བསྣོལ་བའོ། །བྱང་དུ་བདེ་བ་ཟ་བྱེད་ལྗང་། །ཕྱག་ན་དྲིལ་བུ་བསྣམས་པའོ། །ལྷོ་ནུབ་མཚམས་ཀྱི་དཀྱིལ་འཁོར་དུ། །གཙོ་བོ་ནམ་མཁའི་སྙིང་པོ་དཀར། །ཕྱག་ན་རིན་ཆེན་ཟ་མ་ཏོག །རིན་ཆེན་དབྱིངས་ཕྱུག་ཡབ་དང་མཐུན། །ཤར་དུ་སྣང་བའི་མཆོག་ནི་དཀར། །ཕྱག་ན་རྡོ་རྗེ་བསྣམས་པའོ། །ལྷོ་རུ་ཕྱག་རྒྱའི་རྒྱལ་པོ་སེར། །ཕྱག་ན་མདའ་གཞུ་བསྣམས་པའོ། །ནུབ་ཏུ་སྤོས་ཀྱི་གླང་པོ་དམར། །ཕྱག་ན་འོད་ཀྱི་ཟ་མ་ཏོག །བྱང་དུ་སྤོབས་བརྩེགས་ཀུན་འདྲེན་ལྗང་། །ཕྱག་ན་གསེར་ཏོག་མདོག་ཡང་ལྕགས་ཀྱུ་བསྣམས། །ཤར་དུ་ཁྲུས་ཀྱི་ལྷ་མོ་དཀར། །ཕྱག་ན་ཁྲུས་བུམ་བསྣམས་པའོ། །ལྷོ་རུ་རྒྱལ་མཚན་ལྷ་མོ་སེར། །ཕྱག་ན་རྒྱལ་མཚན་བསྣམས་པའོ། །ནུབ་ཏུ་བླ་རེའི་ལྷ་མོ་དམར། །ཕྱག་ན་བླ་རེ་བསྣམས་པའོ། །བྱང་དུ་གདུགས་ཀྱི་ལྷ་མོ་ལྗང་། །ཕྱག་ན་གསེར་གདུགས་བསྣམས་པའོ། །ནུབ་བྱང་མཚམས་ཀྱི་དཀྱིལ་འཁོར་དུ། །དབུས་སུ་གཙོ་བོ་བྱམས་པ་


DNG015_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

དམར། །ཕྱག་ན་ཀླུ་ཤིང་པདྨ་བསྣམས། །པདྨའི་སེམས་མ་ཡབ་དང་མཐུན། །ཤར་དུ་པདྨའི་རྒྱལ་པོ་དཀར། །ཕྱག་ན་པདྨ་བསྣམས་པའོ། །ལྷོ་རུ་པདྨ་དམ་པ་སེར། །ཕྱག་ན་པདྨ་ཁ་མ་བྱེ་བའོ། །ནུབ་ཏུ་རྡོ་རྗེ་མི་གཡོ་དམར། །ཕྱག་ན་བསམ་གཏན་པོ་ཏི་བསྣམས། །བྱང་དུ་ཐོགས་མེད་རྒྱལ་པོ་ལྗང་། །ཕྱག་ན་ལྕགས་ཀྱུ་གསེར་གཡུ་བསྣམས། །ཤར་དུ་ལྷ་མོ་པདྨ་དཀར། །ཕྱག་ན་དཔལ་བེའུ་བསྣམས་པའོ། །ལྷོ་རུ་ལྷ་མོ་འཇིགས་བྱེད་སེར། །ཕྱག་ན་འཁོར་ལོ་བསྣམས་པའོ། །ནུབ་ཏུ་ལྷ་མོ་སྐྱོན་བྲལ་དམར། །ཕྱག་ན་པདྨ་བསྣམས་པའོ། །བྱང་དུ་ལྷ་མོ་རྣམ་རྒྱལ་ལྗང་། །ཕྱག་ན་རྒྱལ་མཚན་བསྣམས་པའོ། །བྱང་ཤར་མཚམས་ཀྱི་དཀྱིལ་འཁོར་དུ། །གཙོ་བོ་སྒྲིབ་པ་རྣམ་སེལ་ལྗང་། །ཕྱག་ན་པོ་ཏི་བསྣམས་པའོ། །ལས་ཀྱི་སེམས་མ་ཡབ་དང་མཐུན། །ཤར་དུ་རིན་ཆེན་དབང་སྡུད་དཀར། །ཕྱག་ན་རིན་ཆེན་ཟུར་བརྒྱད་བསྣམས། །ལྷོ་རུ་གྲུབ་པའི་ལས་ནི་སེར། །ཕྱག་ན་རིན་ཆེན་རྒྱ་གྲམ་བསྣམས། །ནུབ་ཏུ་དགའ་བ་སྟོན་པ་དམར། །ཕྱག་ན་རྡོ་རྗེ་རྒྱ་གྲམ་བསྣམས། །བྱང་དུ་མི་གཡོ་མཐའ་ནི་ལྗང་། །ཕྱག་ན་རྒྱ་གྲམ་བསམ་གཏན་མཛད། །ཤར་དུ་ལྷ་མོ་སྐྱབས་ཅན་དཀར། །ཕྱག་ན་གདུ་བུ་བསྣམས་པའོ། །ལྷོ་རུ་ལྷ་མོ་དྲི་མེད་སེར། །ཕྱག་ན་བུམ་པ་བསྣམས་པའོ། །ནུབ་ཏུ་ལྷ་མོ་སྒྲ་སྒྲོགས་དམར། །ཕྱག་ན་འབུད་དུང་བསྣམས་པའོ། །བྱང་དུ་ལྷ་མོ་སྒྲ་སྒྲོགས་ལྗང་། །ཕྱག་ན་གསེར་གྱི་ཉ་བསྣམས་པའོ། །དཀྱིལ་འཁོར་ཕྱི་ཡི་བར་ཁྱམས་ལ། །ཤར་སྟོད་ལྷ་ཡི་ཐུབ་པ་དཀར། །ཕྱག་ན་པི་ཝང་བསྣམས་པའོ། །ཤར་དུ་ལྷ་མིན་ཐུབ་པ་སྔོ། །ཕྱག་ན་གོ་མཚོན་བསྣམས་པའོ། །ལྷོ་རུ་མི་ཡི་ཐུབ་པ་སེར། །ཕྱག་ན་གསེག་ཤང་པར་བུ་བསྣམས། །ནུབ་སྟོད་བྱོལ་སོང་ཐུབ་པ་ནག །ཕྱག་ན་པོ་ཏི་བསྣམས་པའོ། །ནུབ་སྨད་ཡི་དྭགས་ཐུབ་པ་དམར། །ཕྱག་ན་རིན་ཆེན་སྒྲོམ་བུ་བསྣམས། །བྱང་དུ་དམྱལ་བའི་ཐུབ་པ་ནག །ཕྱག་ན་མེ་ཆུ་བསྣམས་པའོ། །དེ་ནས་དཀྱིལ་འཁོར་སྒོ་བཞི་རུ། །ཤར་སྒོར་རྡོ་རྗེ་ལྕགས་ཀྱུ་མ། །ཕྱག་ན་


DNG015_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་ཀྱུ་བསྣམས་པའོ། །ལྷོ་སྒོར་རྡོ་རྗེ་ཞགས་པ་སེར། །ཕྱག་ན་ཞགས་པ་བསྣམས་པའོ། །ནུབ་ཏུ་རྡོ་རྗེ་ལྕགས་སྒྲོག་དམར། །ཕྱག་ན་ལྕགས་སྒྲོག་བསྣམས་པའོ། །བྱང་དུ་རྡོ་རྗེ་དྲིལ་བུ་ལྗང་། །ཕྱག་ན་དྲིལ་བུ་བསྣམས་པའོ། །དེ་ལྟར་ཕྱོགས་བཞི་མཚམས་བཞི་ཡི། །བདེ་གཤེགས་ཐམས་ཅད་དམ་པ་རིགས་བརྒྱར་འདུས། །རིགས་བརྒྱ་བསྡུས་པ་རྒྱལ་བ་རིགས་ལྔར་འདུས། །དེ་ཡང་ཆོས་སྐུ་ཐིག་ལེ་ཉག་གཅིག་ངང་དུ་འདུས། །ཞེས་གསུངས་སོ། །བདེ་གཤེགས་རིགས་བརྒྱའི་སྐུ་མདོག་ཕྱག་མཚན་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཡང་དག་ངེས་གསུངས་པ། །བདེ་གཤེགས་རིགས་བརྒྱའི་ལྷ་ཚོགས་རྣམས། །རྒྱན་དང་ཆ་ལུགས་མཚན་དང་དཔེ་བྱད་ལྡན། །མཉམ་པར་མ་འདྲེས་འཇའ་ཚོན་རི་མོ་འདྲ། །སྣང་ལ་མི་རྟོག་མེ་ལོང་གཟུགས་བརྙན་འདྲ། །སྐུ་མདོག་རིགས་ཀྱི་ཕྱག་རྒྱ་སོ་སོར་གསལ། །གསུང་གི་ཕྱག་རྒྱ་ཨོཾ་ཧཱུཾ་ཏྲཱཾ་ཧྲཱྀཿཧཱ་ལྔ། །སོ་སོའི་རིགས་ཀྱི་ཡིག་འབྲུར་གསལ། །ཐུགས་ཀྱི་ཕྱག་རྒྱ་ཕྱག་མཚན་ནི། །གཡས་པ་སོ་སོའི་ཕྱག་མཚན་བསྣམས། །གཡོན་པ་ཐམས་ཅད་དྲིལ་བུ་བསྣམས། །དེ་ལྟར་རིགས་བརྒྱ་གསལ་བསྒོམས་ལ། །ཆོས་སྐུ་ཐིག་ལེ་གཅིག་ཏུ་བསྒོམ། །སྐུ་གསུང་ཐུགས་སུ་བྱིན་རློབ་ཅིང་། །ཡེ་ཤེས་ལྔ་ཡི་དབང་བསྐུར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་བ་ཨཱདྨ་ཀོ྅ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱ་ཀ་བཛྲ་སྭ་བྷཱ་བ་ཨཱདྨ་ཀོ྅ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱདྨ་ཀོ྅ཧཾ། ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱདྨ་ཀོ྅ཧཾ། ཨོཾ་མ་ཧཱ་ཨཱ་དཪྴ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཨོཾ་མ་ཧཱ་ས་མ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀྲྀ་ཏྱཱ་ནུཥྛཱ་ན་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཨོཾ་པྲ་ཏྱ་བེཀྵ་ཎ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། དེ་ལྟར་བྱིན་བརླབས་དབང་བསྐུར་ནས། །ཕྱག་རྒྱ་ཆེན་པོ་བསྒྲུབ་པར་བྱ། །དམ་ཚིག་སེམས་དབང་བསྐྱེད་པའོ། །ཞེས་གསུངས་སོ། །དམ་ཚིག་གི་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་རིགས་ལྔའི་སངས་རྒྱས་ཀྱིས་དཔལ་ཀུན་ཏུ་བཟང་པོ་ལ་གསོལ་པ། ཏིང་འཛིན་དཀྱིལ་འཁོར་དེ་ལགས་ན། །རང་བཞིན་དཀྱིལ་འཁོར་ཇི་


DNG015_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་བསྒྲུབ། །དེ་སྐད་གསོལ་པ་གསན་ནས་ཀྱང་། །སྤྱི་དཔལ་ཆེན་པོས་བཀའ་སྩལ་པ། །རང་བཞིན་དཀྱིལ་འཁོར་དགུག་པ་ནི། །ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས། །སྤྲུལ་པའི་ལྷ་མོ་འཕྲོས་པ་ཡིས། །ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །དམ་པ་རིགས་བརྒྱའི་ལྷ་ཚོགས་ལ། །སྙན་གསན་ཕབ་སྟེ་སྤྱན་དྲངས་ལ། །མདུན་གྱི་ནམ་མཁར་བཞུགས་པ་དེ། །འོད་ཀྱི་ནང་དུ་སྤྱན་དྲངས་ལ། །དམ་ཚིག་ལ་ནི་ཡེ་ཤེས་བསྡིམ། །གཉིས་སུ་མེད་པར་བརྟན་པར་གཞུག །གཞལ་ཡས་ཁང་གི་སྒོ་བཞི་ནས། །ཐུགས་ལས་སྤྲུལ་པའི་གསང་ཡུམ་བཞིས། །མཉེས་པའི་ཚུལ་གྱིས་ཕྱག་ཀྱང་བཙལ། །འདོད་ཡོན་ལྷ་མོ་སྣ་ཚོགས་ཀྱིས། །ཕྱི་ནང་གསང་བའི་མཆོད་པ་རྣམས། །མཉེས་པའི་ཚུལ་གྱིས་ཚིམ་པར་མཆོད། །མཆོད་ཅིང་བསྟོད་པ་དག་པར་འབུལ། །བཟླས་པའི་འཕྲོ་འདུ་བྱ་བ་ནི། །ཨོཾ་ཨཱ་ལི་ཀཱ་ལི་པཉྩ་ཛྙཱ་ན་སཏྭ་ཀྲོ་དྷ་མུ་ན་ཡེ་སྭཱ་ཧཱ། དམ་པ་རིགས་བརྒྱ་འདུས་པའི་སྔགས། །ལྷ་རྣམས་ཐུགས་ཀར་ཉི་མའི་སྟེང་། །ཡེ་ཤེས་སེམས་དཔའ་གསལ་བཀོད་ལ། །དེ་ཡི་ཐུགས་ཀར་ཟླ་བའི་སྟེང་། །སྔགས་ཀྱི་ཕྲེང་བ་གསལ་བཀོད་དེ། །འོད་ཟེར་འཕྲོ་འདུས་བསྙེན་པ་བྱ། །བདག་གཞན་དོན་གྱི་བཟླས་པ་རྣམས། །གང་འདོད་ཚད་དུ་ཕྱིན་པར་བཟླས། །དེ་ནས་ཏིང་འཛིན་གཏོང་འདོད་ན། །ལྷ་ཚོགས་རྣམས་ལ་བཤགས་པ་བྱ། །གཏོར་མ་བྱིན་གྱིས་བརླབས་ལ་གཏང་། །བཀྲ་ཤིས་བརྗོད་ཅིང་ཕྲིན་ལས་བཅོལ། །དེ་ལྟར་བསྒྲུབ་པའི་སྦྱོར་བ་ནི། །ཟླ་དྲུག་ཟླ་བ་བཅུ་གཉིས་སམ། །ལོ་གསུམ་ལོ་དྲུག་བཅུ་གཉིས་ཀྱིས། །རིག་འཛིན་ས་ལ་ངེས་པར་སྦྱོར། །ཞེས་གསུངས་སོ། །རང་བཞིན་གྱི་དཀྱིལ་འཁོར་བསྒྲུབ་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཡང་དག་ངེས་གསུངས་པ། །རྟགས་ཐོན་བསྙེན་བསྒྲུབ་ཐོན་པ་དང་། །ཆོ་གའི་རིམ་པ་རབ་རྫོགས་ནས། །དེ་ནས་དཀྱིལ་འཁོར་བསྡུ་བྱས་ཏེ། །དམ་ཚིག་སེམས་དཔའི་ལྷ་ཚོགས་དང་། །ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་ནི། །གཉིས་མེད་གཅིག་ལ་གཉིས་སུ་དབྱེ། །ཡེ་ཤེས་སེམས་དཔའ་གཤེགས་སུ་གསོལ། །ཨོཾ་ཨཱཿཧཱུཾ་མུཾ་གྱི་སྔགས་བརྗོད་པས། །བདག་ལ་ཞལ་བསྟན་དབྱིངས་


DNG015_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གཤེགས། །དམ་ཚིག་སེམས་དཔའི་དཀྱིལ་འཁོར་དེ། །སྒོ་བ་རིམ་གྱིས་བྱང་ནས་བསྡུ། །སྒོ་བ་ཐུབ་པ་དྲུག་ལ་བསྡུ། །ཐུབ་དྲུག་བྱང་ཤར་དཀྱིལ་འཁོར་ལ། །མཚམས་བཞིའི་དཀྱིལ་འཁོར་རིམ་གྱིས་བསྡུ། །ཕྱོགས་བཞི་བྱང་ནས་རིམ་པར་བསྡུ། །ཤར་ནས་དབུས་ཀྱི་དཀྱིལ་འཁོར་རོ། །མཚམས་བཞིའི་དཀྱིལ་འཁོར་རིམ་གྱིས་བསྡུ། །དབུས་ཀྱི་ལྷ་ཚོགས་བྱང་ནས་བསྡུ། །དབུས་ཀྱི་གཙོ་བོ་ཉིད་ལ་བསྡུ། །གཙོ་བོ་ཐུགས་ཀའི་ཡེ་ཤེས་སེམས་དཔའ་ལ། །དེ་ཡང་རྡོ་རྗེ་ནས་ཙམ་ལ། །དེ་ཡང་ཡི་གེ་ཧཱུཾ་ལ་བསྡུ། །ཧཱུཾ་ཡང་རིམ་གྱིས་ཐིག་ལེ་ལ། །ཐིག་ལེ་ཆོས་ཀྱི་དབྱིངས་སུ་བསྡུ། །དེ་ཡི་ངང་དུ་བློ་བཞག་ལ། །སླར་ཡང་ལྷ་ཡི་ཏིང་འཛིན་དུ། །སྐད་ཅིག་ལངས་ཏེ་སྤྱོད་ལམ་བྱ། །འདི་ལྟར་བསྐྱེད་རྫོགས་དོན་བསྒོམས་ན། །ངེས་པར་ལེགས་པའི་དོན་མཐོང་ནས། །རིག་འཛིན་ས་ལ་རྫོགས་པར་སྦྱོར། །ཞེས་གསུངས་སོ། །དམ་པ་རིགས་བརྒྱའི་སྒྲུབ་ཐབས་བསྟན་པའོ། །བདེ་གཤེགས་འདུས་པའི་རྒྱུད་ལས་མཇུག་རྫོགས་རིམ་གྱི་ལེའུ་སྟེ་དགུ་པའོ།། །།བདེ་གཤེགས་དམ་པ་རིགས་བརྒྱའི་སྒྲུབ་ཐབས་བསྟན་པའི་སྐབས་ཏེ་དང་པོའོ།།དེ་ནས་སྤྱི་དཔལ་ཆེན་པོ་ཀུན་ཏུ་བཟང་པོ་ལ། རིགས་ལྔའི་སངས་རྒྱས་རྣམས་ཀྱིས་ཞུས་པ། ཨེ་མ་ཧོ་སྤྱི་དཔལ་ཀུན་ཏུ་བཟང་། །འགྲོ་བའི་ལོག་རྟོག་གཞོམ་པའི་ཕྱིར། །སངས་རྒྱས་བཞི་བཅུ་རྩ་གཉིས་ཀྱི། །ཡེ་ཤེས་སྐྱེད་པའི་སྒྲུབ་ཐབས་གང་། །སྤྱི་དཔལ་ཡབ་ཀྱིས་བཀའ་སྩོལ་ཅིག །དེ་སྐད་གསོལ་པ་གསན་ནས་ཀྱང་། །སྤྱི་དཔལ་ཡབ་ཀྱིས་བཀའ་སྩལ་པ། །ཉོན་ཅིག་འདུས་པའི་འཁོར་ཚོགས་རྣམས། །མ་རྟོགས་པ་དང་ལོག་པར་རྟོག །ཕྱོགས་རྟོག་ཡང་དག་ཉིད་མ་རྟོགས། །འདུལ་བར་དགོངས་ནས་གསང་བ་དང་། །རང་བཞིན་གསང་བའི་དོན་རྣམས་ནི། །ཡི་གེ་སྒྲས་བཏགས་མིང་ཚོགས་ལ། །བརྟེན་པའི་ཚིག་གིས་རབ་མཚོན་ཏེ། །ཁོང་ནས་གསང་སྦས་དོན་འབྱིན་པ། །སྟོན་པ་རྡོ་རྗེའི་ཐུགས་ལ་གབ། །ཐོས་བསམ་བསྒོམ་ལ་རབ་སྦྱངས་ཏེ། །ཤེས་རབ་མིག་ལྡན་རྣམས་ཀྱིས་གཟུང་། །སྣོད་ལྡན་ངང་ཚུལ་བཟང་ལ་


DNG015_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན། །ལུས་དང་ལོངས་སྤྱོད་གཏོང་ལ་སྦྱིན། །སློབ་དཔོན་མཉེས་པར་བྱ་བ་དང་། །སྒྱུ་འཕྲུལ་དྲ་བའི་དཀྱིལ་འཁོར་དུ། །དབང་རྣམས་རྫོགས་པར་བྱས་པ་ཡིས། །འདོད་ཡོན་གཡེང་བ་ཀུན་སྤངས་ཏེ། །དཀའ་ཐུབ་སྤྱོད་པས་མ་གདུངས་པར། །ཏིང་འཛིན་ཐུབ་པའི་ས་ཕྱོགས་སུ། །རབ་ཏུ་བདེ་བའི་སྟན་ལ་འདུག །བྱམས་དང་སྙིང་རྗེ་དགའ་བ་དང་། །བཏང་སྙོམས་བཞི་པོ་རབ་བསྒོམས་ནས། །སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར། །སྐུ་གསུང་ཐུགས་ནི་བསྒྲུབ་བྱ་ཞེས། །བདག་ནི་བསམ་པ་བརྟན་བྱས་ཏེ། །རང་སྙིང་ས་བོན་འོད་ཟེར་ལས། །སྤྲུལ་པའི་མཆོད་པའི་ཚོགས་སྤྲོས་ཏེ། །མདུན་གྱི་དཀྱིལ་འཁོར་ཚོགས་རྣམས་དང་། །བླ་མ་ལ་སོགས་རྣམས་མཆོད་དེ། །དེ་ནས་སྡིག་པ་བཤགས་པ་དང་། །སྐྱབས་གསོལ་ལ་སོགས་བྱས་ནས་ནི། །བགེགས་རྣམས་མ་ལུས་གཞོམ་པའི་ཕྱིར། །སྣ་ཚོགས་ཧཱུཾ་ལས་བསྐྱེད་པ་ཡི། །རྡོ་རྗེའི་ས་གཞི་བསམ་པར་བྱ། །རྣམ་རྟོག་འདུ་ཤེས་ཀུན་སྤངས་ན། །བགེགས་ཀྱི་སྦྱོར་བ་ཡོད་མི་འགྱུར། །དེ་བས་རྣམ་རྟོག་བགེགས་ཡིན་པས། །ཡང་དག་རིག་པ་ཉིད་ཀྱིས་བསྲུང་། །དང་པོ་སྟོང་ཉིད་བྱང་ཆུབ་སེམས། །སྐྱེ་འགག་མེད་པའི་དོན་གསལ་ནས། །སྙིང་རྗེའི་ཡུལ་གྱིས་བླངས་ནས་ནི། །ས་བོན་ཤིན་ཏུ་གསལ་བར་གྱུར། །རབ་ཏུ་བརྟན་གྱུར་ཨ་དཀར་ལས། །ཤིན་ཏུ་ཕྲ་བའི་ཨ་རྣམས་སྤྲོས། །ཕྱོགས་ཀུན་གང་བར་གསལ་གྱུར་ལ། །བསྡུས་ཀྱང་འཕེལ་འགྲིབ་མེད་པའོ། །དེ་ལས་མིང་ཚོགས་གསལ་བ་ཀུན། །སྤྲོ་ཞིང་བསྡུ་བ་དེ་བཞིན་ཏེ། །འདི་ནི་རྡོ་རྗེ་དངོས་གྲུབ་ཀྱི། །རྟེན་འབྱུང་ཡེ་ཤེས་རྒྱུ་ཡིན་ནོ། །དེ་ནས་མཐའ་དབུས་མེད་པ་ཡི། །འོག་མིན་ཆོས་འབྱུང་བསམ་པར་བྱ། །དེ་ནས་ཡཾ་ལས་བྱུང་བ་ཡི། །རླུང་གི་དཀྱིལ་འཁོར་བསམ་པར་བྱ། །དེ་སྟེང་ཡི་གེ་རཾ་ལས་ནི། །མེ་ཡི་དཀྱིལ་འཁོར་བསྐྱེད་པར་བྱ། །དེ་ཡི་སྟེང་དུ་བཾ་བསམས་ཏེ། །དེ་ལས་ཆུ་ཡི་དཀྱིལ་འཁོར་རོ། །ཆུ་ཡི་དཀྱིལ་འཁོར་སྟེང་དུ་ནི། །ལཾ་ལས་ཡེ་ཤེས་ས་གཞིར་བརྟགས། །རིན་ཆེན་འབར་བ་


DNG015_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

རི་རབ་སྟེང་། །བྷྲཱུཾ་ལས་ཡེ་ཤེས་གཞལ་ཡས་ཁང་། །ཡེ་ཤེས་ཆེན་པོའི་རང་བཞིན་ནོ། །རྒྱ་རྣམས་ཡོངས་སུ་མ་ཆད་པ། །བསོད་ནམས་ཡེ་ཤེས་ཚོགས་རྒྱས་པས། །ཀུན་ཏུ་གྲུ་བཞིར་གནས་གྱུར་པ། །ཡེ་ཤེས་ལྷག་པའི་གློ་འབུར་མཛེས། །ཐམས་ཅད་ངོ་བོ་གཅིག་པའི་ཕྱིར། །རྩེ་མོ་ཀུན་ཏུ་འདུས་པ་ཡིན། །རིན་ཆེན་རྒྱན་སོགས་བྱེ་བྲག་གིས། །བསམ་མི་ཁྱབ་པར་སྤྲས་པར་གྱུར། །ཚད་མེད་བཞི་ཡི་སྒོ་ཁྱུད་ལ། །རྣམ་ཐར་བརྒྱད་ཀྱི་རྟ་བབས་ལྡན། །ཀུན་ནས་བསྐོར་བའི་ཁ་ཁྱེར་ལ། །རོལ་མོ་སྣ་ཚོགས་སྤྲིན་ཕུང་བཞིན། །ཕྱི་དང་ནང་མེད་ཀུན་ཏུ་སྣང་། །འཁོར་ལོ་རྩིབས་བཞི་མུ་ཁྱུད་དང་། །གྲུ་ཆད་བཞི་ལྡན་བར་ཁྱམས་དང་། །དཀྱིལ་འཁོར་བཞི་བཅུ་གཉིས་ཀྱིས་བརྒྱན། །དབུས་སུ་མི་འཇིགས་སེང་གེའི་ཁྲི། །བརྒྱ་བྱིན་འོད་གསལ་ཉི་ཟླ་དང་། །ཆགས་མེད་པདྨ་སོ་སོར་མཛེས། །གདན་ནི་སུམ་བརྩེགས་དག་ཏུ་གནས། །སེང་གེའི་གདན་གྱི་དབུས་སུ་ནི། །དམ་པའི་ཡི་གེའི་ས་བོན་ལས། །དེ་ལས་པདྨ་རྡོ་རྗེར་བཏགས། །སོ་སོའི་སྙིང་པོས་མཚོན་པར་བྱ། །དེ་ལས་སངས་རྒྱས་སྐུ་ནི་སྤྲོ། །ཕྱོགས་བཅུའི་འཇིག་རྟེན་ཁམས་རྣམས་ཀྱི། །སེམས་ཅན་དོན་ཀུན་རྫོགས་མཛད་ནས། །དེ་ཉིད་ལ་ནི་ཐིམ་པར་གྱུར། །ཕྱག་རྒྱ་ཡོངས་སུ་གྱུར་པ་ལས། །ཀུན་བཟང་ཡུམ་དང་ལྡན་པ་ནི། །ཟླ་བའི་འོད་ལྟར་དཀར་ཞིང་གསལ། །ཞལ་གཅིག་ཕྱག་གཉིས་རྒྱན་གྱིས་མཛེས། །སངས་རྒྱས་ལྔ་ཡི་དབུ་རྒྱན་ཅན། །འོད་ཟེར་རྣམ་པ་སྣ་ཚོགས་ལས། །སྤྲུལ་པས་སེམས་ཅན་དོན་རྣམས་མཛད། །ཀུན་ཏུ་བཟང་མོ་འཇོ་སྒེག་ཚུལ། །ཨིནྡྲ་ནཱི་ལའི་ཁ་དོག་འདྲ། །རྒྱན་དང་དབུ་རྒྱན་ཡབ་དང་མཐུན། །ཕྱག་གཡས་རྡོ་རྗེ་ཐུགས་ཀར་བརྟེན། །གཡོན་པས་དྲིལ་འཛིན་ཡུམ་ལ་འཁྲིལ། །ཡུམ་གྱིས་པདྨ་ཐུགས་ཀར་བརྟེན། །གཡོན་གྱིས་ཉི་མའི་ལས་སུ་འཁྲིལ། །དབུ་ནི་འབྱོ་ཞིང་འདུད་པའི་ཚུལ། །དེ་ལྟར་ཡོངས་སུ་བསྐྱེད་པ་ནི། །གཉིས་མེད་ཆགས་པའི་སྦྱོར་བས་དྲངས། །དེ་བཞིན་གཤེགས་པ་ཀུན་འདུས་ནས། །ཡབ་ལ་


DNG015_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་རྣམས་ཐིམ། །རྡོ་རྗེའི་ལམ་དུ་ཕྱུང་ནས་ནི། །ཡུམ་གྱི་པདྨའི་མཁའ་དཀྱིལ་དུ། །བྱང་ཆུབ་སེམས་ཀྱི་འཕྲོ་འདུ་ལས། །ཡེ་ཤེས་དཀྱིལ་འཁོར་རྫོགས་པར་སྤྲུལ། །དེ་ནས་སྙིང་རྗེའི་ཆགས་པ་ཡིས། །སེམས་ཅན་མ་ལུས་བསྡུས་བྱས་ནས། །དཀྱིལ་འཁོར་ཕྱི་རོལ་འཁོད་ནས་ནི། །དེ་དག་འཇུག་པར་གསོལ་བ་འདེབས། །གསོལ་བ་བཏབ་པའི་ཚིག་བརྗོད་ནས། །ཐམས་ཅད་དཀྱིལ་འཁོར་འཇུག་པར་འགྱུར། །བདུད་རྩིའི་འོད་ཀྱིས་རེག་པར་གྱུར། །ཐམས་ཅད་རང་བཞིན་སངས་རྒྱས་ཤེས། །དེ་ལྟར་རྒྱལ་པོའི་བྱིན་རླབས་ཀྱིས། །རང་ལུས་རྒྱལ་བའི་དཀྱིལ་འཁོར་ཆེ། །རྡོ་རྗེ་ཕུང་པོའི་ཡན་ལག་ནི། །རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །སྐྱེ་མཆེད་ཁམས་རྣམས་མང་པོ་ཀུན། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཉིད། །ས་ཆུ་སྤྱན་དང་མཱ་མ་ཀི། །མེ་རླུང་གོས་དཀར་དམ་ཚིག་སྒྲོལ། །ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། །སྲིད་གསུམ་ཡེ་ནས་སངས་རྒྱས་ཤིང་། །ཐམས་ཅད་མ་ལུས་ཆོས་སོ་ཅོག །སངས་རྒྱས་ཉིད་ལས་གཞན་མ་ཡིན། །སངས་རྒྱས་ཉིད་ལས་གཞན་པའི་ཆོས། །སངས་རྒྱས་ཉིད་ཀྱིས་མི་བརྙེས་སོ། །དེ་ནས་རྒྱལ་བ་སངས་རྒྱས་རྣམས། །སོ་སོ་བཞིན་དུ་དགོད་པར་བྱའོ། །ཡོངས་སྦྱངས་གསུང་གི་ཡི་གེ་ནི། །ཡབ་ཀྱི་ཐུགས་ཀར་ཐིམ་གྱུར་ནས། །ཡུམ་གྱི་པདྨའི་ཆགས་རླན་གྱིས། །ཡབ་ཡུམ་གཉིས་མེད་ཐིག་ལེར་སྦྱོར། །དེ་ལྟར་རྒྱལ་བ་སྙོམས་ཞུགས་ནས། །བདེ་བའི་འབྲུ་ཚོགས་མངོན་འདྲ་སྟེ། །རྒྱུ་གཅིག་པ་དང་ཡིག་འབྲུ་དང་། །བྱིན་གྱིས་བརླབས་དང་མངོན་སུམ་པ། །རབ་ཏུ་རྟོག་པ་རྣམ་བཞི་ཡིས། །མངོན་རྫོགས་རྒྱལ་པོ་དེ་ཉིད་ངེས། །དེ་ལྟར་རྟོག་པ་རྣམ་བཞི་ཡིས། །རྒྱལ་བའི་སྐུ་ནི་མངོན་སྤྱོད་ལས། །པུ་ཤ་རཱ་གའི་ཁ་དོག་འདྲ། །ཞལ་གཅིག་པ་ལ་ཕྱག་གཉིས་ཏེ། །གཡས་པ་འཁོར་ལོ་ཐུགས་ཀར་བརྟེན། །གཡོན་པ་དྲིལ་བུ་ཡུམ་ལ་འཁྱུད། །ཐབས་དང་ཤེས་རབ་ཞབས་གཉིས་ནི། །མཉམ་པའི་བརྟུལ་ཞུགས་སྐྱིལ་ཀྲུང་བཞུགས། །མདུན་དང་རྒྱབ་མེད་ཀུན་


DNG015_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ཞལ། །མཚན་དང་དཔེ་བྱད་ཀུན་ཏུ་ལྡན། །འོད་ཟེར་འབར་བའི་ཚོགས་ཆེན་ལས། །ཐུབ་པའི་དཀྱིལ་འཁོར་སྣ་ཚོགས་སྤྲོ། །རྒྱལ་བ་རིགས་ལྔས་དབུ་བརྒྱན་ཅིང་། །སྣ་ཚོགས་རྒྱན་རྣམས་ཀུན་གྱིས་བརྒྱན། །བཙུན་མོ་སྣང་བའི་དབྱིངས་ཕྱུག་མ། །གཞོན་ཚུལ་འཁྲིལ་ལྡེམ་ཤིན་ཏུ་ཆགས། །ཆ་ལུགས་ལ་སོགས་ཡབ་དང་མཐུན། །གཡོན་པ་དྲིལ་བུ་ཡབ་ལ་བརྟེན། །གཡས་པ་ཉི་མ་ལས་སུ་འཁྲིལ། །ཕུང་པོ་དབང་པོ་རྣམ་ཤེས་ཀུན། །རྫོགས་པའི་སངས་རྒྱས་ཉིད་དུ་བསྒོམ། །སྐྱེ་མཆེད་ཁམས་རྣམས་བྱིན་གྱིས་བརླབས། །སྐུ་གསུང་ཐུགས་ཀྱི་འབྲུ་གསུམ་གྱིས། །འོད་ཟེར་རྣམ་པ་མང་པོ་སྤྲོས། །ཕྱོགས་བཅུའི་སྐུ་གསུང་ཐུགས་བསྡུས་ནས། །བདག་གི་སྐུ་གསུང་ཐུགས་ལ་ནི། །རྒྱལ་བའི་དཀྱིལ་འཁོར་བཞུགས་པར་བསམ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཨཱོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཝཱཀ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། དེ་ལྟར་སྐུ་གསུང་ཐུགས་གསུམ་དུ། །ང་རྒྱལ་རབ་ཏུ་བསྐྱེད་ནས་ནི། །ཡུམ་གྱི་སྐུ་ཡི་དཀྱིལ་འཁོར་ལ། །ཡིག་འབྲུ་རྣམ་གསུམ་རྣམ་ཤེས་ལ། །ཡིག་འབྲུའི་བྱིན་བརླབ་ཚུལ་བཞིན་བྱ། །དེ་ནས་ཡུམ་ནི་བྱིན་བརླབ་བྱ། །ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། གནས་ལྔ་དག་ཏུ་དགོད་པར་བྱ། །དེ་ལྟར་ཡབ་ཡུམ་སྐུ་རྫོགས་ནས། །དཀྱིལ་འཁོར་ཆེན་པོ་རྣམ་འཕྲུལ་ཕྱིར། །གཉིས་མེད་ཆགས་པའི་སྦྱོར་དོན་དུ། །རྡོ་རྗེ་པདྨ་བྱིན་གྱིས་བརླབ། །ཧཱུཾ་ལས་རྡོ་རྗེ་རབ་ཏུ་ཤེས། །ཨོཾ་ལས་བྱུང་བའི་ནོར་བུར་བསམ། །ཨོཾ་ལས་པདྨར་བསྐྱེད་པར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། བསྙེན་པ་དང་ནི་ཉེ་བའི་བསྙེན། །སྒྲུབ་པ་དང་ནི་སྒྲུབ་ཆེན་པོ། །ཡུམ་གྱི་པདྨའི་དཀྱིལ་འཁོར་དུ། །བདེ་བ་ཐུགས་ཀྱི་དཀྱིལ་འཁོར་དུ། །བྱང་ཆུབ་སེམས་ཀྱི་བྱིན་རླབས་ལས། །ཡིག་འབྲུ་རྣམས་ཀྱི་འཕྲོ་འདུ་ཡིས། །ས་བོན་མཚན་མ་སྐུ་རྣམས་རྫོགས། །སུམ་ཅུ་དྲུག་གི་དཀྱིལ་འཁོར་འགྱུར། །དེ་ལས་འགྲོ་བ་རྨོངས་པ་ལ། །བསྟན་


DNG015_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་དཀྱིལ་འཁོར་བསྟན་པར་མཛད། །ཤར་ཕྱོགས་འཁོར་ལོའི་རྩིབས་སྟེང་དུ། །བཅོམ་ལྡན་རྡོ་རྗེ་མི་བསྐྱོད་དང་། །ཡུམ་ཆེན་ཀུན་ཏུ་བཟང་མོ་བསྒོམ། །ལྷོ་ཕྱོགས་འཁོར་ལོའི་རྩིབས་སྟེང་དུ། །བཅོམ་ལྡན་རིན་ཆེན་འབྱུང་ལྡན་དང་། །ཡུམ་ཆེན་ན་བཟའ་དཀར་མོ་བསྒོམ། །ནུབ་ཕྱོགས་འཁོར་ལོའི་རྩིབས་སྟེང་དུ། །བཅོམ་ལྡན་སྣང་བ་མཐའ་ཡས་དང་། །ཡུམ་ཆེན་མཱ་མ་ཀཱི་ཡང་བསྒོམ། །བྱང་ཕྱོགས་འཁོར་ལོའི་རྩིབས་སྟེང་དུ། །བཅོམ་ལྡན་དོན་ཡོད་གྲུབ་པ་དང་། །ཡུམ་ཆེན་དམ་ཚིག་སྒྲོལ་མ་བསྒོམ། །དེ་ཡི་ཕྱི་རིམ་རྩིབས་མཆན་ལ། །ཤར་ཕྱོགས་ས་ཡི་སྙིང་པོ་དང་། །ཡུམ་དུ་བཛྲ་ལཱ་སྱེ་བསྒོམ། །ལྷོ་རུ་ནམ་མཁའི་སྙིང་པོ་དང་། །ཡུམ་དུ་བཛྲ་མཱ་ལེ་བསྒོམ། །ནུབ་ཕྱོགས་སྤྱན་རས་གཟིགས་དབང་དང་། །ཡུམ་ནི་གིར་ཏི་བསྒོམ་པར་བྱ། །བྱང་དུ་ཕྱག་ན་རྡོ་རྗེ་དང་། །ཡུམ་དུ་བཛྲ་ནིར་ཏི་བསྒོམ། །དེ་ཡི་ཕྱི་རིམ་གྲུ་ཆད་ལ། །ཤར་དུ་སེམས་དཔའ་བྱམས་པ་དང་། །ཡུམ་དུ་བཛྲ་དྷཱུ་པེ་མའོ། །ལྷོ་རུ་ཀུན་ཏུ་བཟང་པོ་དང་། །ཡུམ་དུ་བཛྲ་པུཥ྇་མའོ། །ནུབ་ཏུ་སྒྲིབ་པ་རྣམ་སེལ་དང་། །ཡུམ་དུ་རྡོ་རྗེ་མར་མེ་མའོ། །བྱང་དུ་མཁྱེན་རབ་འཇམ་དཔལ་དང་། །ཡུམ་དུ་བཛྲ་གན་དྷི་མའོ། །སྒོ་བཞིར་སྒོ་བ་སྒོ་མ་ནི། །ཤར་སྒོར་ཁྲོ་བོ་རྣམ་པར་རྒྱལ། །ཡུམ་དུ་རྡོ་རྗེ་རོ་ལངས་མ། །ལྷོ་སྒོར་ཁྲོ་བོ་གཤིན་རྗེ་གཤེད། །ཡུམ་དུ་རྡོ་རྗེ་མི་ཕམ་མ། །ནུབ་སྒོར་ཁྲོ་བོ་རྟ་མཆོག་དཔལ། །ཡུམ་དུ་རྡོ་རྗེ་རལ་གཅིག་མའོ། །བྱང་སྒོར་ཁྲོ་བོ་བདུད་རྩི་འཁྱིལ། །ཡུམ་དུ་རྡོ་རྗེ་སྤྱན་གཅིག་མའོ། །མཐའ་དབུས་མེད་པར་ཁྱབ་པ་ཡི། །དཀྱིལ་འཁོར་བསམ་ཡས་ལྷུན་གྱིས་གྲུབ། །དཀྱིལ་འཁོར་ཡོངས་སུ་རྫོགས་པ་ལ། །རྒྱལ་བ་མཆོད་པས་མཉེས་པར་གྱུར། །མཉེས་ནས་སེམས་ཅན་དོན་བྱ་ཞེས། །དཀྱིལ་འཁོར་དམ་པ་བསྟན་གྱུར་ན། །སེམས་ཅན་མ་རིག་གིས་བསྒྲིབས་ནས། །དཀྱིལ་འཁོར་མཐོང་བའི་སྐལ་མེད་གྱུར། །དེ་ལས་བྱང་ཆུབ་སེམས་འཕྲོས་པས། །ཨོཾ་སོགས་ཡི་གེ་མངོན་པར་གྱུར། །ས་བོན་ལས་ནི་ཕྱག་མཚན་འབར། །དེ་ལས་ཐུབ་པའི་སྐུར་རྫོགས་ཏེ། །སོ་སོའི་སྙིང་པོ་བརྗོད་པ་ཡིས། །


DNG015_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་དབྱིངས་སྐུ་གཟུགས་གནས་པ་ལས། །འཇིག་རྟེན་དྲུག་གི་ཕྱོགས་བཅུར་འཕྲོས། །འཇིག་རྟེན་དྲུག་གི་ཕྱོགས་བཅུར་ནི། །འདུལ་བ་རྣམ་བཞིས་འགྲོ་དོན་མཛད། །བལྟམས་དང་རབ་ཏུ་བྱུང་བ་དང་། །མངོན་པར་སངས་རྒྱས་བདུད་བཏུལ་དང་། །འཁོར་ལོ་བསྐོར་བའི་ཆོ་འཕྲུལ་བསྟན། །མྱ་ངན་འདའ་སོགས་ཐུབ་པ་ཡི། །སྤྱོད་པ་རྗེས་མཐུན་སྟོན་པར་མཛད། །མངོན་ཤེས་དྲུག་གི་ཆོ་འཕྲུལ་གྱིས། །ཐམས་ཅད་མཁྱེན་པ་ཉིད་དུ་སོན། །སྐུ་དང་གསུང་དང་ཐུགས་རྣམས་ཀྱི། །བྱེ་བྲག་སྣ་ཚོགས་སྟོན་མཛད་པས། །འགྲོ་བ་སོ་སོར་འདུལ་བ་བཞིན། །བྱིན་རླབས་འདུལ་བ་སྟོན་པར་མཛད། །སོ་སོའི་བསམ་པའི་བྱེ་བྲག་གིས། །ལྷ་དང་མི་ཡི་ཐེག་པ་སོགས། །ཐེག་པ་རྣམ་ལྔ་སོ་སོར་སྟོན། །རྗེས་སུ་བསྟན་པས་འགྲོ་བཏུལ་ནས། །འགྲོ་བ་སངས་རྒྱས་སར་བཞག་སྟེ། །སླར་བྱོན་ཁྱམས་ལ་ཐུབ་དྲུག་དགོད། །སྟེང་དུ་ལྷ་ཡི་ཐུབ་པ་ལ། །ཤར་ཕྱོགས་མི་ཡི་ཐུབ་པའོ། །ལྷོ་རུ་ལྷ་མིན་ཐུབ་པ་ལ། །ནུབ་ཏུ་ཡི་དྭགས་ཐུབ་པ་སྟེ། །བྱང་དུ་དམྱལ་བའི་ཐུབ་པའོ། །འོག་ཏུ་བྱོལ་སོང་ཐུབ་པའོ། །དེ་ལྟར་དཀྱིལ་འཁོར་གསལ་བསྟན་ནས། །ཁྱད་པར་ཀུན་ཏུ་བལྟས་ནས་ནི། །སྒྱུ་མ་བཞིན་དུ་དམིགས་ནས་ཀྱང་། །སོ་སོའི་ཡབ་ཡུམ་བྱེ་བྲག་ལ། །ལུས་ཀྱི་དཀྱིལ་འཁོར་རྫོགས་པར་དགོད། །ཕུང་པོ་དབང་པོ་རྣམ་ཤེས་ཀུན། །རྣམ་སྨིན་ཨོཾ་དུ་ཤེས་པར་བྱ། །སྤྱི་བོར་ཡི་གེ་ཨོཾ་བཀོད་དེ། །ལྕེ་ལ་ཨཱ་ནི་རབ་ཏུ་གནས། །སྙིང་དང་ལྟེ་བ་ཆུ་སོར་ནི། །ཧཱུཾ་དང་སྭཱ་ཧཱ་རིམ་པ་བཞིན། །མིག་དང་རྣ་བ་སྣ་དང་ལྕེ། །ཀྵྀ་ཏྲཾ་ཧྲཱྀཿཛ་རིམ་བཞིན་བསམ། །མཻ་ཐི་ཧཱུཾ་དང་མཱུཾ་དང་བཞི། །མིག་སོགས་ཕྱི་རོལ་རིམ་བཞིན་བསམ། །དེ་ལྟར་ཡི་གེའི་རྣམ་པ་ནི། །ཡབ་ཀྱི་སྐུ་ལ་རིམ་པར་བསམ། །ཡུམ་གྱི་སྐུ་ཡི་དཀྱིལ་འཁོར་དུ། །གཟུགས་སྒྲ་དྲི་རོ་རེག་བྱ་སོགས། །རྣམ་སྨིན་མཱུཾ་སོགས་ཤེས་པར་བྱ། །ཡུམ་གྱི་དཀྱིལ་འཁོར་ཉིད་དུ་བསྒོམ། །སྤྱི་བོ་མགྲིན་པ་གཉིས་སུ་ནི། །ལཱཾ་དང་མཱུཾ་གཉིས་རིམ་པར་བསམ། །སྙིང་ག་ལྟེ་བ་ཆུ་སོར་ནི། །པཱཾ་དང་ཏཱཾ་དང་མཱཾ་རྣམས་དགོད། །མིག་


DNG015_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྣ་བ་སྣ་ལྕེ་ལ། །ཧཱུཾ་དང་ཏྲཱཾ་ཧྲཱྀཿཨཱཾ་རིམ་བཞིན། །མིག་རྣ་སྣ་ལྕེའི་ཕྱི་རོལ་དུ། །ཛཿཧཱུཾ་བཾ་ཧོཿརིམ་བཞིན་བསམ། །སྐུ་གསུང་ཐུགས་སུ་དབང་བསྐུར་ཞིང་། །ཡེ་ཤེས་ཡོངས་སུ་རྫོགས་བྱའི་ཕྱིར། །རིགས་ལྔའི་དབུ་རྒྱན་ཀུན་ལ་བསམ། །ཐུབ་པ་ལུས་ཀྱི་དཀྱིལ་འཁོར་དང་། །བྱིན་རླབས་དབང་བསྐུར་མ་གསུངས་སོ། །ཞེས་གསུངས་སོ། །སྐུ་ཕྱག་རྒྱ་བསྐྱེད་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་ཡང་དག་ངེས་གསུངས་པ། །སངས་རྒྱས་བཞི་བཅུ་རྩ་གཉིས་ཀྱི། །སྐུ་བསྐྱེད་གསལ་བརྟན་རྩ་བའི་སྔགས། །ཨོཾ་ཛི་ན་ཛིཀ །མུཾ་དྷཱ་ཏྭཱི་ཤྭ་རཱི། ཧཱུཾ་བཛྲ་དྷྲིཀ །སྭ་རཏྣ་དྷྲིཀ །ཨོཾ་ཨ་རོ་ལི་ཀ །ཧ་པྲཛྙཱ་དྷྲིཀ །ལཾ་དྭེ་ཥ་ར་ཏི། མཾ་མོ་ཧཱ་ར་ཏི། པཾ་རཱ་ག་ར་ཏི། ཏཾ་བཛྲ་ར་ཏི། ཀྵྀ་ཧེ་རཱ་ཛ་ཡ། ཏྲཾ་ཨཱ་གརྦྷ་ཡ།ཧྲི་པདྨ་པྲ་ད་མ། ཛིཾ་ཀུ་རུ་པཱ་ཎ་ཧྲཱྀཿ། ཧཱུཾ་ལཱ་སྱེ་ས་མ་ཡ་སྟྭཾ། ཏྲཾ་མཱ་ལྱེ་ས་མ་ཡ་སྟྭཾ། ཧྲཱྀ་གཱི་ར་ཏི་ར་ག་ཧཾ། ཨཾ་ནི་ར་ཏི་རཱ་ག་ཡཱ་མི། མཻ་དྷ་རཱ་ཡ་སྭཱ་ཧཱ། ་ནིསྶ་རཾ་བྷ་ཡ་སྭཱ་ཧཱ། ཧཱུཾ་སྭ་རཱ་ཛ་ཡ་སྭཱ་ཧཱ། མུཾ་ཤྲཱི་ཨ་རཱ་གཱ་ཡ་སྭཱ་ཧཱ། ཛ་དྷཱུ་པེ་པྲ་བེ་ཤ །ཧཱུཾ་པུཥ྇་ཨཱ་བེ་ཤ །བཾ་དཱི་པ་པུ་གི་ར། ཧོ་གྷན་དྷི་ཙིཏྟ་ཧོ། །ཨོཾ་མུ་ནེ་ཤྱུ ་སྭཱ་ཧཱ། ཨོཾ་མུ་ནེ་སྲུཾ་སྭཱ་ཧཱ། ཨོཾ་མུ་ནེ་ཧཱུཾ་ཏྲུཾ་སྭཱ་ཧཱ། ཨོཾ་མུ་ནེ་བྲཾ་སྭཱ་ཧཱ། ཨོཾ་མུ་ནེ་ཀྵཾ་སྭཱ་ཧཱ། ཨོཾ་མུ་ནེ་ཡེ་སྭཱ་ཧཱ། ཨོཾ་པྲཛྙཱ་ན་ཏ་ཀྲིཏ་ཕཊ། ཧཱུཾ་ཡ་མཱན་ཏ་ཀྲིཏ་ཕཊ། ཧཱུཾ་པདྨཱན་ཏ་ཀྲིཏ་ཕཊ། ཧཱུཾ་བིགྷྣཱན་ཏ་ཀྲིཏ་ཕཊ། ཧཱུཾ་བཛྲ་དྷ་ར་མ་ཧཱ་ཀྲོ་ཏཱི་ཤྭ་རཱི་ཛྭ་ལ་ནཱི་ཧཱུཾ་ཕཊ། ཧཱུཾ་རཏྣ་དྷ་ར་མ་ཧཱ་ཀྲོ་ཏི་ཤྭ་རཱི་ཛྭ་ལ་ནཱི་ཧཱུཾ་ཕཊ། ཧཱུཾ་པདྨ་དྷ་ར་མ་ཧཱ་ཀྲོ་ཏཱི་ཤྭ་རཱི་ཛྭ་ལ་ནཱི་ཧཱུཾ་ཕཊ། ཨོཾ་ཀརྨ་དྷ་ར་མ་ཧཱ་ཀྲོ་ཏཱི་ཤྭ་རཱི་ཛྭ་ལ་ནཱི་ཧཱུཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཙིཏྟ་ཨོཾ། ཨ་ཨ་ཨ་བཛྲཱི་བྷ་དྲ་ས་མནྟ་ཨ། སྐུ་བསྐྱེད་གསལ་བརྟན་རྩ་བའི་སྔགས། །བཞི་བཅུ་རྩ་གཉིས་སྙིང་པོ་ཡིན། །ཞེས་གསུངས་སོ། །སངས་རྒྱས་བཞི་བཅུ་རྩ་གཉིས་སོ་སོའི་རྩ་བའི་སྔགས་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་ཡང་དག་ངེས་གསུངས་པ། །བཞི་བཅུ་རྩ་གཉིས་བཞུགས་ཚུལ་ནི། །བརྒྱ་བྱིན་ལ་སོགས་ཕྱོགས་སུ་གནས། །མཐིང་ག་དཀར་པོ་སེར་ལེ་བརྒན། །ལྗང་གུའི་མདོག་ཏུ་འཚེར་བ་


DNG015_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །གཙོ་བོ་གདན་ལ་རྫོགས་པའི་ཚུལ། །འཁོར་རྣམས་སེམས་དཔའི་ཚུལ་དུ་བཞུགས། །སོ་སོའི་སྐུ་མདོག་ཡབ་དང་མཐུན། །འཁོར་ལོ་རྒྱལ་པོ་རྒྱལ་མོ་དང་། །གཡས་ན་མཐོང་ཐོས་སྣོམ་པ་དང་། །མྱོང་དང་བཙུན་མོའི་ཚོགས་སུ་བཅས། །གྲུ་ཆད་ལ་ནི་མཐོང་བྱེད་དང་། །ཐོས་བྱེད་སྣོམ་བྱེད་མྱོང་བྱེད་རྣམས། །བཙུན་མོའི་ཚོགས་དང་ལྡན་པར་བསམ། །མདུན་དང་རྒྱབ་ཏུ་བྱེད་པ་དང་། །བྱ་བ་དག་ནི་གནས་པར་བསྟན། །སྒོ་ཁྱུད་བཞི་ལ་འཇོམས་པ་ནི། །བཙུན་མོའི་ཚོགས་དང་ལྡན་པར་གནས། །ཡབ་ཡུམ་བཞུགས་ཚུལ་ཕྱག་མཚན་ནི། །རྣམ་སྣང་དཀར་པོ་འཁོར་ལོ་བསྐོར། །མི་བསྐྱོད་མཐིང་ག་རྡོ་རྗེ་བསྣམས། །འབྱུང་ལྡན་སེར་པོ་རིན་ཆེན་བསྣམས། །མཐའ་ཡས་དམར་པོ་པདྨ་བསྣམས། །དོན་གྲུབ་ལྗང་གུ་རྒྱ་གྲམ་བསྣམས། །ཀུན་ཏུ་བཟང་མོ་དྲིལ་བུ་བསྣམས། །སངས་རྒྱས་སྤྱན་ནི་ཐོར་ཚུགས་བསྣམས། །གོས་དཀར་མོ་ནི་རིན་ཆེན་བསྣམས། །མཱ་མ་ཀཱི་ནི་པདྨ་བསྣམས། །ས་སྙིང་དཀར་པོ་རིན་ཆེན་མྱུ་གུ་བསྣམས། །ནམ་མཁའི་སྙིང་པོ་དཀར་པོ་རལ་གྲི་བསྣམས། །སྤྱན་རས་གཟིགས་དབང་དཀར་པོ་པདྨ་བསྣམས། །ཕྱག་ན་རྡོ་རྗེ་ལྗང་གུ་དྲིལ་བུ་བསྣམས། །བྱམས་པ་དམར་སྐྱ་གར་གྱི་གུནྡྷེ་བསྣམས། །ཀུན་བཟང་དཀར་པོ་རིན་ཆེན་སྙེ་མ་བསྣམས། །སྒྲིབ་པ་རྣམ་སེལ་སྔོན་པོ་པོ་ཏི་བསྣམས། །འཇམ་དཔལ་དཀར་ལྗང་མེ་ཏོག་ཨུཏྤལ་བསྣམས། །མཱ་ལེ་སྔོན་མོ་རྒྱ་གྲམ་མེ་ལོང་བསྣམས། །ལཱ་སྱེ་སྔོན་མོ་རིན་ཆེན་འཕྲེང་བ་བསྣམས། །ཀཱིར་ཏི་དམར་མོ་པི་ཝང་རྒྱུད་འདྲེན་བསྣམས། །ནཱིར་ཏི་ལྗང་གུ་གར་གྱི་ཅོད་པན་བསྣམས། །བདུག་པའི་སྤྲིན་འཕྲོ་མ་ནི་སྤོས་མེ་བསྣམས། །དགའ་བའི་མདངས་ལྡན་མ་ནི་པདྨ་བསྣམས། །གསལ་བའི་འོད་ལྡན་མ་ནི་མར་མེ་བསྣམས། །གན་དྷི་ལྗང་གུ་དག་བྱེད་དྲི་ཆབ་བསྣམས། །དབུ་རྣམས་འབྱོ་ཞིང་འདུད་པའི་ཚུལ། །གཉིས་མེད་དབྱིངས་ཀྱི་ངང་དུ་འཁྲིལ། །མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཆེ། །གསལ་འཚེར་ལྷུན་སྡུག་


DNG015_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

གཟི་བྱིན་འབར། །འོད་ཟེར་འཕྲོ་བའི་ཚོགས་ཆེན་པོ། །འབར་བའི་ཕྲེང་བ་འཁྲིགས་པའི་འོད། །སྒོ་བཞིར་སྒོ་སྐྱོང་ཡབ་ཡུམ་ནི། །གཤིན་རྗེ་གཤེད་པོ་དཀར་པོ་ཐོད་དབྱུག་བསྣམས། །སྟོབས་ཆེན་སྔོན་པོ་རྡོ་རྗེ་རྩེ་གསུམ་བསྣམས། །རྟ་མགྲིན་དམར་པོ་ཐོད་སྦྲུལ་པདྨ་བསྣམས། །བདུད་རྩི་འཁྱིལ་པ་ལྗང་གུ་རྒྱ་གྲམ་བསྣམས། །རོ་ལངས་དཀར་མོ་འགུགས་པའི་ལྕགས་ཀྱུ་བསྣམས། །མི་ཕམ་སྔོན་པོ་རྡོ་རྗེ་ཞགས་པ་བསྣམས། །རལ་གཅིག་དམར་མོ་རྡོ་རྗེ་ལྕགས་སྒྲོག་བསྣམས། །ཁྲོ་གཉེར་མ་ནི་ལྗང་གུ་དྲིལ་བུ་བསྣམས། །དཀྱིལ་འཁོར་འཁྱམས་ལ་ཐུབ་པ་དྲུག །ལྷ་ཡི་ཐུབ་པ་དཀར་པོ་པི་ཝང་བསྣམས། །ལྷ་མིན་ཐུབ་པ་སྔོན་པོ་གོ་ཆ་བསྣམས། །མི་ཡི་ཐུབ་པ་སེར་པོ་གསེག་ཤང་བསྣམས། །བྱོལ་སོང་ཐུབ་པ་ལྗང་གུ་པོ་ཏི་བསྣམས། །ཡི་དྭགས་ཐུབ་པ་དམར་པོ་སྒྲོམ་བུ་བསྣམས། །དམྱལ་བའི་ཐུབ་པ་ནག་པོ་མེ་ཆུ་བསྣམས། །དེ་ལྟར་སངས་རྒྱས་བཞི་བཅུ་རྩ་གཉིས་ཀྱི། །ཕྱག་རྒྱ་ཆེན་པོར་གསལ་བར་བསྐྱེད། །སྣང་སྟོང་དབྱེར་མེད་དཀྱིལ་འཁོར་ནི། །ཡེ་ནས་མ་བཅོས་ལྷུན་གྱིས་གྲུབ། །ཅེས་གསུངས་སོ། །དམ་ཚིག་གི་དཀྱིལ་འཁོར་བསྐྱེད་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་ཡང་དག་ངེས་གསུངས་པ། །ཐུགས་ཀྱི་ས་བོན་འོད་ཟེར་ལས། །ཕྱོགས་བཅུའི་དཀྱིལ་འཁོར་སྤྱན་དྲངས་ཏེ། །ཕྱོགས་བཅུ་དུས་གསུམ་དཀྱིལ་འཁོར་ཚོགས། །མི་དམིགས་དབྱིངས་ཀྱི་དཀྱིལ་འཁོར་ནས། །བདེ་གཤེགས་ཐམས་ཅད་སྤྱན་དྲང་ངོ་། །ལྕགས་ཀྱུ་ལ་སོགས་ཕྱག་རྒྱ་བཞིས། །རང་རང་དབྱེར་མེད་དཀྱིལ་འཁོར་ལ། །འཇུག་པའི་མཚན་ཉིད་མཉམ་སྦྱོར་བས། །ཕྱོགས་དུས་ཀུན་ནས་གཤེགས་པ་ཡི། །བསྙེན་པའི་དཀྱིལ་འཁོར་རྫོགས་པ་དང་། །ཉེ་བར་གྱུར་པའི་དམ་ཚིག་མཆོག །དེ་ལྟར་ཡེ་ཤེས་དཀྱིལ་འཁོར་དང་། །དམ་ཚིག་དཀྱིལ་འཁོར་མཉམ་སྦྱོར་བྱ། །དཀྱིལ་འཁོར་ཀུན་ལ་མཉམ་བལྟས་ནས། །སྒྱུ་མ་མིག་ཡོར་ལྟ་བུར་བལྟ། །དེ་ནས་ལྷ་ལ་མཆོད་པའི་ཕྱིར། །ཆོས་ཀྱི་


DNG015_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་དང་མཉམ་སྦྱོར་ཞིང་། །མཆོད་པའི་ཕྱག་རྒྱ་ཆེན་པོར་བསྒོམ། །བདག་གི་སྙིང་གའི་ས་བོན་ལས། །འོད་ཟེར་མང་པོའི་ཟེར་འཕྲོས་ཏེ། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི། །མཆོད་པའི་ཚོགས་རྣམས་ཀུན་འདུས་ཏེ། །བདག་ཉིད་ཀྱིས་ནི་ཐུགས་ཀར་ཐིམ། །རྡོ་རྗེའི་ལམ་དུ་ཕྱུང་ནས་ནི། །བྱང་ཆུབ་སེམས་ཀྱི་མཁའ་དབྱིངས་ནས། །བྱང་ཆུབ་སེམས་ཀྱི་འོད་ཟེར་ལས། །མཆོད་པའི་ལྷ་མོའི་ཚོགས་སྤྲོས་ཏེ། །རྒྱལ་བའི་དཀྱིལ་འཁོར་མཆོད་པར་བྱེད། །དེ་ནས་ལྷ་མོའི་ཚོགས་རྣམས་ཀྱིས། །དེ་བཞིན་གཤེགས་པའི་དཀྱིལ་འཁོར་ལ། །དགྱེས་པའི་གླུ་བླང་བསྟོད་པར་བྱ། །དེ་ནས་བསྙེན་བསྒྲུབ་བཟླས་པ་ནི། །ལྷ་རྣམས་ཀུན་གྱི་ཐུགས་ཀ་རུ། །ཟླ་དཀྱིལ་སྟེང་དུ་རང་འདྲ་ཡི། །ཡེ་ཤེས་སེམས་དཔའ་གསལ་བསྒོམས་ལ། །དེ་ལ་བཟླས་པའི་སྔགས་ཀྱིས་བསྐོར། །ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་དྷུ་ཨ། ཡེ་ཤེས་ལྔ་ཡི་འོད་ཟེར་གྱིས། །ཕར་འཕྲོས་བདེ་གཤེགས་ཐམས་ཅད་མཆོད། །ཚུར་འདུས་དངོས་གྲུབ་རྣམ་གཉིས་བསྡུས། །སྤྲོ་བསྡུ་མགལ་མེ་ལྟ་བུར་བསྐོར། །དུས་དང་གྲངས་དང་མཚན་མ་ཡི། །བསྙེན་པའི་རིམ་པ་རྫོགས་པར་བྱ། །ཞེས་གསུངས་སོ། །ཡེ་ཤེས་རང་བཞིན་གྱི་དཀྱིལ་འཁོར་སྒྲུབ་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་ཡང་དག་ངེས་གསུངས་པ། །དེ་ལྟར་རྒྱལ་བའི་དཀྱིལ་འཁོར་ནི། །བསྐྱེད་པ་ཡོངས་སུ་རྫོགས་བྱས་ཏེ། །སླར་ཡང་བདག་ཉིད་ཐུགས་ཀར་བསྡུ། །དེ་ནས་གསང་བའི་དཀྱིལ་འཁོར་བསྒོམ། །བདེ་བ་ཆེན་པོའི་དཀྱིལ་འཁོར་ནི། །སྟངས་དཔྱལ་གཉིས་སམ་ཡང་ན་ལྔ། །བྱས་ཏེ་དད་ལྡན་རབ་ཞུགས་ན། །འདོད་པ་ཡིད་འོང་མཉམ་པར་འགྱུར། །ཆོ་ག་ལྔ་ནི་རྫོགས་བྱས་ཤིང་། །ཡོ་བྱད་ལྔ་ནི་རྫོགས་པར་ལྡན། །སྔགས་ཀྱི་ཡན་ལག་ལྔ་རྫོགས་པས། །མ་ཉམས་འཇུག་ལ་རབ་བརྩོན་ན། །ཞག་ནི་སུམ་ཅུ་ཕྲག་དྲུག་གམ། །བཅུ་གཉིས་བཅུ་དྲུག་ཚུན་ཆད་ཀྱིས། །དབང་སྒྱུར་རིགས་ཀྱི་དམ་པ་འགྲུབ། །


DNG015_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཚེ་བཅུ་དྲུག་ཚུན་ཆད་ཀྱིས། །སྐུ་ལྔ་ལྷུན་གྱིས་རྫོགས་པ་ནི། །ཡེ་ཤེས་ཐིག་ལེ་ཉིད་སྣང་བ། །བསམ་གྱིས་མི་ཁྱབ་མཐའ་ཡས་མཆོག །ཕྱོགས་བཅུ་དུས་གསུམ་རྫོགས་པ་ཡི། །ཞིང་ཁམས་བསམ་ཡས་རྣམ་དག་དང་། །རྒྱ་དང་བྲལ་བའི་གཞལ་ཡས་ཁང་། །འཁོར་ལོ་རྒྱན་དང་རོལ་མོའི་ཚོགས། །དཀྱིལ་འཁོར་མ་ལུས་བསམ་ཡས་ཀུན། །མཐོང་ན་ཉེ་བར་བསྙེན་པ་དང་། །རྒྱ་ཆེན་གསུངས་པའི་དོན་འབྱུང་བ། །མཐུན་པའི་ཡེ་ཤེས་སྣང་བའོ། །གཅིག་དང་དུ་མར་བྲལ་བ་ཡི། །མཐའ་དང་དབུས་མེད་དེ་བཞིན་ཉིད། །སངས་རྒྱས་ཀྱིས་ཀྱང་མི་གཟིགས་ཏེ། །རང་བྱུང་ཡེ་ཤེས་གནས་མེད་སྣང་། །ལོག་པར་རྟོག་པ་རྣམ་དག་ཅིང་། །ཡེ་ཤེས་དབྱིངས་ལས་མི་གཞན་ཕྱིར། །ཐུགས་རྗེ་ཆེན་པོས་འདྲེལ་པས་ནས། །འགྲོ་དྲུག་དུས་གནས་མ་ལུས་སྣང་། །དེ་ལྟར་རྒྱལ་མཆོག་དཔལ་ལྡན་པའི། །དཀྱིལ་འཁོར་གསང་བ་བསྒྲུབ་པའི་ཕྱིར། །དཀྱིལ་འཁོར་ལྡན་པའི་དཀྱིལ་འཁོར་གྱི། །དཀྱིལ་འཁོར་ལ་ནི་དཀྱིལ་འཁོར་བསྒོམ། །དཀྱིལ་འཁོར་དཀྱིལ་འཁོར་ལས་བྱུང་བ། །ཐུགས་ཀྱི་དཀྱིལ་འཁོར་དཀྱིལ་འཁོར་མཆོག །གསང་བའི་ཐིག་ལེ་དཀྱིལ་འཁོར་དབྱིངས། །འབྱུང་བའི་ཤེས་རབ་རིགས་ཀྱི་ཡུམ། །ཆེན་པོ་རིགས་ཀྱི་དེ་བཞིན་ཏེ། །བྱང་ཆུབ་སེམས་ནི་རྡོ་རྗེའི་ཚོགས། །དབང་པོ་ཡུལ་དུས་སྣང་བ་རྣམས། །ཀུན་ཏུ་བཟང་པོའི་དཀྱིལ་འཁོར་ལ། །བདག་ཉིད་ཆེན་པོ་ལྷག་པ་ཡི། །ཐུགས་ཀྱི་ཡེ་ཤེས་སྒྱུ་མར་སྣང་། །སྙིང་པོ་ཐིག་ལེ་མཉམ་སྦྱོར་བའི། །བདེ་བའི་ཡེ་ཤེས་རོལ་མོ་ཡིས། །ཡེ་ཤེས་དགྱེས་ལ་མཆོད་པར་འབུལ། །ཟག་པ་མེད་པའི་བསོད་ནམས་ཀྱིས། །ཡེ་ཤེས་སྒྱུ་མར་རབ་སྣང་བ། །རོལ་མོའི་དཀྱིལ་འཁོར་མཐའ་ཡས་མཆོག །གསང་བའི་ཐིག་ལེ་དེ་ཉིད་དབྱིངས། །དེ་ནི་སངས་རྒྱས་ཀུན་གྱི་དངོས། །ཕྱོགས་བཅུ་དུས་བཞི་མངོན་རྫོགས་པའི། །སྐུ་གསུང་ཡོན་ཏན་ཕྲིན་ལས་ཐུགས། །མ་ལུས་བདག་གིས་ཞལ་མཐོང་བའོ། །དབང་སྒྱུར་མཆོག་ཉིད་དམ་པ་ཡིན། །


DNG015_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་ལ་གནས་དཀྱིལ་འཁོར་ཉིད། །རྫོགས་པའི་དཀྱིལ་འཁོར་ལྷུན་གྱིས་གྲུབ། །རྒྱན་དུ་དཀྱིལ་འཁོར་མ་ལུས་རྫོགས། །རྫོགས་པའི་དཀྱིལ་འཁོར་མཉམ་སྦྱོར་བ། །ཐུགས་ཀྱི་དཀྱིལ་འཁོར་ཤུགས་ཀྱིས་འབྱུང་། །ཕྱོགས་དུས་དཀྱིལ་འཁོར་འདུས་པའི་མགོན། །སྒྱུ་མའི་དཀྱིལ་འཁོར་མཉམ་སྦྱོར་བ། །བྱ་བྱེད་མེད་པའི་དཀྱིལ་འཁོར་སྤྱོད། །ཡེ་ཤེས་རྫོགས་པའི་དཀྱིལ་འཁོར་ལ། །ཐོས་བསམ་བསྒོམ་ལ་མཉམ་སྦྱོར་གྱིས། །རང་བྱུང་ཀུན་དམ་ལྷུན་གྱིས་གྲུབ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱིས། །འདའ་བར་མི་མཛད་དམ་ཚིག་མཆོག །གང་ཞིག་འདི་ལ་མོས་གྱུར་ན། །སངས་རྒྱས་དཀྱིལ་འཁོར་ཐམས་ཅད་ཀྱིས། །ཕྱོགས་དུས་ཀུན་ནས་ཐམས་ཅད་དུ། །དཀྱིལ་འཁོར་མ་ལུས་མཉེས་པ་ཡིས། །ཉེ་བའི་སྲས་སུ་དགོངས་པར་འགྱུར། །གསང་བའི་ཡེ་ཤེས་བསྒོམ་པའི་གནས། །མཁའ་དབྱིངས་དང་པོ་དབྱིངས་ཉི་ཟླ། །ཡེ་ཤེས་རྒྱལ་པོ་ཡབ་ཡུམ་བསྒོམ། །གང་ཞིག་གླང་ཆེན་མྱོས་འདྲའི་སེམས། །མཉམ་པར་བཞག་པས་བཏུལ་ནས་སུ། །སྔགས་དང་ཕྱག་རྒྱ་རབ་བརྟན་ན། །དངོས་གྲུབ་ཡ་མཚན་ཆེན་པོར་འགྱུར། །ཏིང་ངེ་འཛིན་ལས་ལངས་ནས་སུ། །སྤྱོད་ལམ་རྣམ་པར་དག་པར་གནས། །སྣང་བའི་དངོས་པོ་སོ་སོར་ནི། །ལྷ་ཡི་དཀྱིལ་འཁོར་ཤིན་ཏུ་བསྒོམ། །ཡང་ན་སྒྱུ་མ་ལ་སོགས་ཚུལ། །ཟས་ལ་སོགས་པ་བཟའ་བ་ནི། །རྒྱལ་བའི་བྱིན་རླབས་མངོན་སུམ་ནས། །བདུད་རྩི་ལྔར་ནི་བྱིན་བརླབས་ཏེ། །ལྕེ་ཡི་དབང་པོ་རབ་སྦྱངས་ནས། །ཡེ་ཤེས་དཀྱིལ་འཁོར་ཐུགས་ཀར་བཀོད། །རྒྱལ་བའི་ཚོགས་རྣམས་ཚིམས་པར་བྱས། །དམ་ཚིག་ཉམས་པ་ཚུལ་བཞིན་བཤགས། །ཡང་ན་རྒྱལ་བའི་དཀྱིལ་འཁོར་གྱིས། །བྱིན་རླབས་ཀྱི་ནི་རྣམ་པར་བྱ། །སེམས་ཅན་ཐམས་ཅད་མཐོང་བ་ན། །སྙིང་རྗེ་བྱམས་པའི་སེམས་བསྐྱེད་དེ། །སངས་རྒྱས་ཉིད་དུ་བྱའོ་ཞེས། །སྨོན་པའི་སེམས་ནི་ཁྱད་པར་ཅན། །བློ་ཅན་རྣམས་ཀྱིས་རྟག་ཏུ་བྱ། །དེ་ལྟར་དུས་བཞི་ཉིན་མཚན་དུ། །རྣལ་


DNG015_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་ཚུལ་ལ་གནས་པ་ཡིན། །ཞེས་གསུངས་སོ། །རྫོགས་རིམ་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།། །།བུཌྜྷ་བཞི་བཅུ་རྩ་གཉིས་བསྒྲུབ་པའི་སྐབས་ཏེ་གཉིས་པའོ།། །།དེ་ནས་སྤྱི་དཔལ་ཀུན་ཏུ་བཟང་པོ་ལ། རིགས་ལྔའི་སངས་རྒྱས་ལ་སོགས་པ་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་སྤྱི་དཔལ་ཀུན་ཏུ་བཟང་། །རིགས་ལྔའི་སྒྲུབ་ཐབས་བཤད་དུ་གསོལ། །དེ་སྐད་གསོལ་པ་གསན་ནས་ཀྱང་། །སྤྱི་དཔལ་ཆེན་པོས་བཀའ་སྩལ་པ། །ཉོན་ཅིག་འདུས་པའི་ཚོགས་ཆེན་རྣམས། །རིགས་ལྔའི་རིག་འཛིན་བསྒྲུབ་འདོད་ན། །དབེན་པར་མཎྜལ་བྱི་དོར་བྱ། །བདུད་རྩི་ལྔ་ཡིས་ཆག་ཆག་གདབ། །ཨོཾ་ཧཱུཾ་སྭཱ་ཨཱཾ་ཧཱ། དཔའ་བོ་འབྲུ་ལྔའི་དམིགས་རྟེན་དགོད། །ཡང་ན་རྡུལ་ཚོན་དཀྱིལ་འཁོར་བཞེངས། །འཁོར་ལོ་རྩིབས་བཞི་གྲུ་ཆད་དང་། །སྒོ་བཞི་སྒོ་ཁྱུད་རྒྱན་བཅས་བྲི། །དང་པོ་བྱང་ཆུབ་སེམས་བསྐྱེད་དེ། །བདག་དང་སེམས་ཅན་ཐམས་ཅད་ཀྱང་། །བྱང་ཆུབ་སྙིང་པོའི་རྒྱུ་ཡིན་ཡང་། །རྟོག་པས་བསྒྲིབས་པས་འཁོར་བར་འཁྱམས། །རིགས་ལྔའི་དངོས་གྲུབ་ཐོབ་བྱའི་ཕྱིར། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །དེ་ནས་དེ་བཞིན་ཉིད་བསྒོམ་པ། །ཆོས་རྣམས་མི་དམིགས་གདོད་ནས་དག །སྟོང་ཞིང་བདག་མེད་བསྒོམ་པར་བྱ། །དེ་ནས་ཀུན་སྣང་ཏིང་ངེ་འཛིན། །གོང་གི་དོན་དེ་མ་རྟོགས་ལ། །ཁྱབ་པའི་སྙིང་རྗེ་ཆེན་པོ་བསྒོམ། །དེ་ནས་རྒྱུ་ཡི་ཏིང་ངེ་འཛིན། །རང་སེམས་དྲི་མེད་ཨ་དཀར་ལས། །ཨེ་ཡཾ་བཾ་སུཾ་ལཾ་རཾ་ལས། །འབྱུང་བ་ལྔ་ཡི་མཁའ་དཀྱིལ་དུ། །རིན་པོ་ཆེ་ཡི་རི་རབ་བརྩེག །དེ་སྟེང་བྷྲཱུཾ་ལས་འཕྲོ་འདུས་པས། །ཁ་དོག་སྣ་ལྔའི་འོད་ཕུང་ལས། །རིན་ཆེན་སྣ་ལྔའི་གཞལ་ཡས་ཁང་། །འབར་བའི་འཁོར་ལོ་རྩིབས་བཞི་མཛེས། །ཡེ་ཤེས་བཞི་ཡི་གྲུ་ཆད་ལ། །ཚད་མེད་བཞི་ཡི་སྒོ་ཡིས་མཛེས། །རྣམ་ཐར་བརྒྱད་ཀྱི་རྟ་བབས་ལ། །ཆོས་ཀྱི་དབྱིངས་ཀྱི་འཁོར་ཡུག་བྱས། །ཕྱི་ནང་མེད་པའི་གཞལ་ཡས་བསྒོམ། །དེ་དབུས་གླང་ཆེན་ཤར་སེང་གེ། །ལྷོ་རུ་རྟ་མཆོག་ནུབ་རྨ་བྱ། །བྱང་དུ་ཤང་ཤང་ཁྲི་བརྩེགས་སྟེང་། །ཉི་


DNG015_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་པདྨའི་གདན་སྟེང་ལ། །དབུས་ཀྱི་གདན་སྟེང་ཨ་དཀར་བསམ། །འཕྲོ་འདུས་དོན་བྱས་འཁོར་ལོར་གྱུར། །དེ་ལས་རྣམ་པར་སྣང་མཛད་བསྐྱེད། །ཡུམ་དུ་སངས་རྒྱས་སྤྱན་མ་བསྒོམ། །ཡབ་ཡུམ་གཉིས་ཀ་སྐུ་མདོག་དཀར། །ཕྱག་ན་འཁོར་ལོ་འཛིན་པ་ལ། །ཞབས་གཉིས་མཉམ་པའི་སྐྱིལ་ཀྲུང་བཞུགས། །རྒྱན་དང་ཆས་ཀྱིས་སྐུ་ལ་བརྒྱན། །ཡབ་ཡུམ་གཉིས་སུ་མེད་པར་བསྒོམ། །ཡབ་ཡུམ་གཉིས་ཀྱི་ཐུགས་ཀ་ནས། །རིགས་བཞིའི་སངས་རྒྱས་བསྐྱེད་པ་ནི། །ཤར་དུ་སེང་གེའི་ཁྲི་སྟེང་དུ། །ཡབ་ཀྱི་ཐུགས་ནས་ཧཱུཾ་འཕྲོས་པས། །དོན་གཉིས་བྱས་ནས་རྡོ་རྗེར་གྱུར། །དེ་ལས་རྡོ་རྗེ་སེམས་དཔའ་ནི། །སྐུ་མདོག་མཐིང་ག་འབར་བ་ལ། །ཞལ་གཅིག་ཕྱག་གཉིས་ཞབས་གཉིས་བཞུགས། །གཡས་པ་རྡོ་རྗེ་ཐུགས་ཀར་འཛིན། །གཡོན་པ་དྲིལ་བུ་དཀུར་བརྟེན་པའོ། །ཡུམ་གྱི་ཐུགས་ནས་མཱུཾ་འཕྲོས་པས། །ཀུན་ཏུ་བཟང་མོ་ཡབ་དང་མཐུན། །ལྷོ་ཕྱོགས་རྟ་ཡི་ཁྲི་སྟེང་དུ། །ཡབ་ཀྱི་ཐུགས་ནས་སྭཱ་འཕྲོས་པས། །དོན་གཉིས་བྱས་ནས་རིན་ཆེན་འབར། །དེ་ལས་རིན་ཆེན་འབྱུང་ལྡན་ནི། །སྐུ་མདོག་སེར་པོ་འབར་བ་ལ། །ཞལ་གཅིག་ཕྱག་གཉིས་ཞབས་གཉིས་བཞུགས། །ཕྱག་གཡས་རིན་ཆེན་ཐུགས་ཀར་འཛིན། །གཡོན་པ་དྲིལ་བུ་དཀུར་བརྟེན་པའོ། །ཡུམ་གྱི་ཐུགས་ལས་ལཱཾ་འཕྲོས་པས། །གོས་དཀར་མོ་ནི་ཡབ་དང་མཐུན། །ནུབ་ཕྱོགས་རྨ་བྱའི་ཁྲི་སྟེང་དུ། །ཡབ་ཀྱི་ཐུགས་ནས་ཨཱཾ་འཕྲོས་པས། །དོན་གཉིས་བྱས་ནས་པདྨར་གྱུར། །དེ་ལས་སྣང་བ་མཐའ་ཡས་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར། །ཞབས་གཉིས་མཉམ་པའི་སྐྱིལ་ཀྲུང་བཞུགས། །གཡས་པས་པདྨ་ཐུགས་ཀར་འཛིན། །གཡོན་པ་དྲིལ་བུ་དཀུ་ལ་བརྟེན། །ཡུམ་གྱི་ཐུགས་ནས་པཱཾ་འཕྲོས་པས། །མཱ་མ་ཀཱི་ནི་ཡབ་དང་མཐུན། །བྱང་ཕྱོགས་ཤང་ཤང་ཁྲི་སྟེང་དུ། །ཡབ་ཀྱི་ཐུགས་ནས་ཧཱ་འཕྲོས་པས། །དེ་ལས་དོན་ཡོད་གྲུབ་པ་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་ལྗང་། །ཞབས་གཉིས་མཉམ་པའི་སྐྱིལ་ཀྲུང་བཞུགས། །གཡས་པས་


DNG015_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

རལ་གྲི་ཐུགས་ཀར་འཛིན། །གཡོན་པ་དྲིལ་བུ་དཀུ་ལ་བརྟེན། །ཡུམ་གྱི་ཐུགས་ནས་ཏཱཾ་འཕྲོས་པས། །དམ་ཚིག་སྒྲོལ་མ་ཡབ་དང་མཐུན། །དེ་ལྟར་རིགས་ལྔ་ཡབ་ཡུམ་ནི། །མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཆེ། །གསལ་འཚེར་ལྷུན་སྡུག་གཟི་བྱིན་འབར། །དབུ་རྒྱན་ཕྱག་རྒྱན་ཞབས་རྒྱན་ལྡན། །སྣང་ལ་རང་བཞིན་མེད་པ་ནི། །མེ་ལོང་ནང་གི་གཟུགས་བརྙན་ནམ། །ནམ་མཁའི་འཇའ་ཚོན་ཇི་བཞིན་ནོ། །དེ་ལྟར་དམ་ཚིག་བསྐྱེད་བྱས་ནས། །ཡེ་ཤེས་དཀྱིལ་འཁོར་སྤྱན་དྲང་ངོ་། །གཉིས་སུ་མེད་པར་བསྡིམ་བྱས་ནས། །མཉེས་པའི་ཚུལ་གྱིས་ཕྱག་འཚལ་ལ། །ཕྱི་ནང་གསང་བའི་མཆོད་པས་མཆོད། །བསྟོད་ཅིང་དངོས་གྲུབ་གསོལ་བ་བཏབ། །གཉིས་སུ་མེད་པའི་བསྙེན་པ་དབུལ། །ཨོཾ་ཧཱུཾ་སྭཱ་ཨཱཾ་ཧཱ། ལཱཾ་མཱུཾ་པཱཾ་མཱཾ་ཏཱཾ། རིགས་ལྔ་སོ་སོའི་ཐུགས་ཀ་རུ། །ཉི་ཟླ་གའུ་ཁ་སྦྱར་ཏེ། །སོ་སོའི་ཡིག་འབྲུ་གསལ་བྱས་བཟླས། །ཕྱོགས་བཅུའི་བདེ་གཤེགས་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་དཀྱིལ་འཁོར་མཉེས། །ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི། །དུག་ལྔ་སྦྱངས་ནས་རིགས་ལྔར་གྱུར། །འགྲོ་དྲུག་ལམ་ལྔའི་སྡུག་བསྔལ་སྦྱང་། །སྐུ་ལྔ་ཡེ་ཤེས་ཐོབ་པར་བསྒོམ། །ཞེས་གསུངས་སོ། །དེ་ཉིད་རིགས་ལྔ་ཕྱི་ལྟར་སྒྲུབ་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་ཡང་དག་ངེས་གསུངས་པ། །དེ་ཉིད་རིགས་ལྔའི་ནང་སྒྲུབ་ནི། །བདེ་གཤེགས་ཐམས་ཅད་རིགས་ལྔར་འདུས། །རིགས་ལྔ་བདག་ཉིད་ཕུང་པོ་ཡི། །ཁམས་དང་སྐྱེ་མཆེད་འབྱུང་ལྔ་ལས། །ལོགས་ནས་བཙལ་ཞིང་བསྒྲུབ་ཏུ་མེད། །རང་ཉིད་ཡེ་ནས་རིགས་ལྔ་ཡིན། །གཟུགས་ཀྱི་ཕུང་པོ་དེ་བཞིན་རིགས། །རྣམ་ཤེས་ཕུང་པོ་རྡོ་རྗེའི་རིགས། །ཚོར་བའི་ཕུང་པོ་རིན་ཆེན་རིགས། །འདུ་ཤེས་ཕུང་པོ་པདྨའི་རིགས། །འདུ་བྱེད་ཕུང་པོ་ལས་ཀྱི་རིགས། །ཤ་ནི་དེ་བཞིན་གཤེགས་པའི་རིགས། །རུས་པ་རྡོ་རྗེའི་རིགས་ཡིན་ཏེ། །དྲོད་ནི་རིན་པོ་ཆེ་ཡི་རིགས། །ཁྲག་ནི་པདྨ་རིགས་ཀྱི་ཡུམ། །དབུགས་ནི་ལས་ཀྱི་རིགས་ཀྱི་ཡུམ། །ཁ་དོག་དཀར་པོ་དེ་བཞིན་རིགས། །ཁ་དོག་སྔོན་པོ་རྡོ་རྗེའི་རིགས། །ཁ་


DNG015_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

དོག་སེར་པོ་རིན་ཆེན་རིགས། །ཁ་དོག་དམར་པོ་པདྨའི་རིགས། །ཁ་དོག་ལྗང་གུ་ལས་ཀྱི་རིགས། །ས་ནི་དེ་བཞིན་རིགས་ཀྱི་ཡུམ། །ནམ་མཁའ་རྡོ་རྗེ་རིགས་ཀྱི་ཡུམ། །མེ་ནི་རིན་ཆེན་རིགས་ཀྱི་ཡུམ། །ཆུ་ནི་པདྨ་རིགས་ཀྱི་ཡུམ། །རླུང་ནི་ལས་ཀྱི་རིགས་ཀྱི་ཡུམ། །ལུས་ཀྱི་རྣམ་ཤེས་དེ་བཞིན་རིགས། །ཡིད་ཀྱི་རྣམ་ཤེས་རྡོ་རྗེའི་རིགས། །མིག་གི་རྣམ་ཤེས་རིན་ཆེན་རིགས། །སྣ་ཡི་རྣམ་ཤེས་པདྨའི་རིགས། །རྣ་བའི་རྣམ་ཤེས་ལས་ཀྱི་རིགས། །ལུས་ཀྱི་དབང་པོ་དེ་བཞིན་རིགས་ཀྱི་ཡུམ། །ཡིད་ཀྱི་དབང་པོ་རྡོ་རྗེ་རིགས་ཀྱི་ཡུམ། །མིག་གི་དབང་པོ་རིན་ཆེན་རིགས་ཀྱི་ཡུམ། །སྣ་ཡི་དབང་པོ་པདྨ་རིགས་ཀྱི་ཡུམ། །རྣ་བའི་དབང་པོ་ལས་ཀྱི་རིགས་ཀྱི་ཡུམ། །གཏི་མུག་དེ་བཞིན་གཤེགས་པའི་རིགས། །ཞེ་སྡང་རྡོ་རྗེའི་རིགས་སུ་བཤད། །ང་རྒྱལ་རིན་པོ་ཆེ་ཡི་རིགས། །འདོད་ཆགས་པདྨའི་རིགས་ཡིན་ནོ། །ཕྲག་དོག་ལས་ཀྱི་རིགས་ཡིན་ནོ། །ཞེ་སྡང་ཡུལ་ནི་རྡོ་རྗེའི་ཡུམ། །གཏི་མུག་ཡུལ་ནི་དེ་བཞིན་ཡུམ། །ང་རྒྱལ་ཡུལ་ནི་རིན་ཆེན་ཡུམ། །འདོད་ཆགས་ཡུལ་ནི་པདྨའི་ཡུམ། །ཕྲག་དོག་ཡུལ་ནི་ལས་ཀྱི་ཡུམ། །ཕུང་པོ་ལྔ་དང་འབྱུང་བ་ཆེན་པོ་ལྔ། །ཁ་དོག་ལྔ་དང་ཡུལ་ལྔ་དབང་པོ་ལྔ། །རྣམ་ཤེས་ལྔ་དང་དུག་ལྔ་ཡེ་ཤེས་ལྔ། །གཏི་མུག་རྣམ་དག་ཆོས་དབྱིངས་ཡེ་ཤེས་ཡིན། །དེ་བཞིན་རིགས་ཀྱི་ངང་དུ་སངས་རྒྱས་སོ། །ཞེ་སྡང་རྣམ་དག་མེ་ལོང་ཡེ་ཤེས་ཡིན། །རྡོ་རྗེའི་རིགས་ཀྱི་ངང་དུ་སངས་རྒྱས་སོ། །ང་རྒྱལ་རྣམ་དག་མཉམ་ཉིད་ཡེ་ཤེས་ཡིན། །རིན་ཆེན་རིགས་ཀྱི་ངང་དུ་སངས་རྒྱས་སོ། །འདོད་ཆགས་རྣམ་དག་ཀུན་རྟོག་ཡེ་ཤེས་ཡིན། །པདྨའི་རིགས་ཀྱི་ངང་དུ་སངས་རྒྱས་སོ། །ཕྲག་དོག་མ་སྤངས་ནན་ཏན་ཡེ་ཤེས་ཡིན། །ལས་ཀྱི་རིགས་ཀྱི་ངང་དུ་སངས་རྒྱས་སོ། །ཞེས་གསུངས་སོ། །རིགས་ལྔ་ནང་སྒྲུབ་ཀྱི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་ཡང་དག་ངེས་གསུངས་པ། །གསང་སྔགས་ཟབ་མོའི་མན་ངག་འདི། །ཐབས་ལམ་ཟབ་མོའི་སྒོ་


DNG015_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བསྒྲུབ། །ཉོན་མོངས་དུག་ལྔ་ལམ་དུ་སློང་། །གཏི་མུག་དེ་བཞིན་གཤེགས་པའི་རིགས། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡིན། །ཞེ་སྡང་རྡོ་རྗེའི་རིགས་ཡིན་ཏེ། །མེ་ལོང་ལྟ་བུའི་ཡེ་ཤེས་ཡིན། །ང་རྒྱལ་རིན་ཆེན་རིགས་ཡིན་ཏེ། །མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །འདོད་ཆགས་པདྨའི་རིགས་ཡིན་ཏེ། །སོ་སོར་རྟོགས་པའི་ཡེ་ཤེས་སོ། །ཕྲག་དོག་ལས་ཀྱི་རིགས་ཡིན་ཏེ། །བྱ་བ་ནན་ཏན་ཡེ་ཤེས་སོ། །གཏི་མུག་ཕྲ་རགས་ཅི་སྐྱེས་ཀྱང་། །གཏི་མུག་མཚན་ཉིད་བཙལ་བར་བྱ། །གཏི་མུག་མཚན་ཉིད་མ་གྲུབ་པས། །གཏི་མུག་སྐྱེ་བའི་ཡུལ་བཙལ་བས། །ཡུལ་ཡང་མ་གྲུབ་སྟོང་པར་འདུག །དེ་ལྟར་རྟོགས་ཤིང་ཤེས་ཙམ་ན། །གཏི་མུག་མ་སྤངས་དེ་བཞིན་རིགས། །ཆོས་དབྱིངས་ཡེ་ཤེས་ཐོབ་པའོ། །ཞེ་སྡང་ཕྲ་རགས་ཅི་སྐྱེས་ཀྱང་། །ཞེ་སྡང་རང་བཞིན་བཙལ་བར་བྱ། །ཞེ་སྡང་རང་བཞིན་མ་གྲུབ་སྟེ། །ཞེ་སྡང་སྐྱེས་པའི་ཡུལ་བཙལ་བས། །ཡུལ་ཡང་མ་གྲུབ་སྟོང་པར་འདུག །དེ་ལྟར་རྟོགས་ཤིང་ཤེས་ཙམ་ན། །ཞེ་སྡང་མ་སྤངས་རྡོ་རྗེའི་རིགས། །མེ་ལོང་ཡེ་ཤེས་ཐོབ་པའོ། །ང་རྒྱལ་ཕྲ་རགས་ཅི་སྐྱེས་ཀྱང་། །ང་རྒྱལ་རང་བཞིན་བཙལ་བར་བྱ། །ང་རྒྱལ་རང་བཞིན་མ་གྲུབ་སྟེ། །ང་རྒྱལ་སྐྱེ་བའི་ཡུལ་བཙལ་བས། །ཡུལ་ཡང་མ་གྲུབ་སྟོང་པར་འདུག །དེ་ལྟར་རྟོགས་ཤིང་ཤེས་ཙམ་ན། །ང་རྒྱལ་མ་སྤངས་རིན་ཆེན་རིགས། །མཉམ་ཉིད་ཡེ་ཤེས་ཐོབ་པའོ། །འདོད་ཆགས་ཕྲ་རགས་སྐྱེས་ཙམ་ན། །འདོད་ཆགས་རང་བཞིན་བཙལ་བར་བྱ། །འདོད་ཆགས་རང་བཞིན་མ་གྲུབ་སྟེ། །འདོད་ཆགས་ཡུལ་ཡང་སྟོང་པར་འདུག །དེ་ལྟར་ཤེས་ཤིང་རྟོགས་ཙམ་ན། །འདོད་ཆགས་མ་སྤངས་པདྨའི་རིགས། །ཀུན་རྟོགས་ཡེ་ཤེས་ཐོབ་པའོ། །ཕྲག་དོག་ཕྲ་རགས་ཅི་སྐྱེས་ཀྱང་། །ཕྲག་དོག་རང་བཞིན་བཙལ་བར་བྱ། །ཕྲག་དོག་རང་བཞིན་མ་གྲུབ་པས། །ཕྲག་དོག་ཡུལ་ཡང་སྟོང་པར་འདུག །དེ་ལྟར་རྟོགས་ཤིང་བརྟན་ཙམ་ན། །ཕྲག་དོག་མ་སྤངས་ལས་ཀྱི་རིགས། །བྱ་བ་ནན་ཏན་ཡེ་ཤེས་ཐོབ། །གཏི་མུག་སྤངས་ན་དེ་བཞིན་རིགས་མཆོག་


DNG015_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

སྤང་། །དེ་བཞིན་རིགས་སྤངས་ཆོས་དབྱིངས་ཡེ་ཤེས་མེད། །ཞེ་སྡང་སྤངས་ན་རྡོ་རྗེ་རིགས་མཆོག་སྤང་། །རྡོ་རྗེ་རིགས་སྤངས་མེ་ལོང་ཡེ་ཤེས་མེད། །ང་རྒྱལ་སྤངས་ན་རིན་ཆེན་རིགས་མཆོག་སྤང་། །རིན་ཆེན་རིགས་སྤངས་མཉམ་ཉིད་ཡེ་ཤེས་མེད། །འདོད་ཆགས་སྤངས་ན་པདྨ་རིགས་མཆོག་སྤང་། །པདྨ་རིགས་སྤངས་ཀུན་རྟོག་ཡེ་ཤེས་མེད། །ཕྲག་དོག་སྤངས་ན་ལས་ཀྱི་རིགས་མཆོག་སྤང་། །ལས་ཀྱི་རིགས་སྤངས་ནན་ཏན་ཡེ་ཤེས་མེད། །དུག་ལྔ་སྤངས་ན་རིགས་ལྔའི་སྐུ་ལྔ་མེད། །རིགས་ཀྱི་སྐུ་ལྔ་སྤངས་པས་སངས་རྒྱས་གདུང་རྒྱུད་བཅད། །གྲུབ་པར་མི་འགྱུར་དུབ་པའི་སྐལ་བར་འགྱུར། །དུག་ལྔ་བསྒྲུབ་ན་འབྲས་བུ་ཡེ་ཤེས་ལྔ། །གཏི་མུག་མ་བཀག་ཡེ་ཤེས་ཀློང་གི་ལམ། །ཞེ་སྡང་མ་སྤངས་ཡེ་ཤེས་རྟོགས་པའི་ལམ། །ང་རྒྱལ་མ་བཀག་མ་ནོར་རང་གི་ལམ། །འདོད་ཆགས་མ་བཀག་ཆོས་ཀྱི་དབྱིངས་ཀྱི་ལམ། །ཕྲག་དོག་མ་སྤངས་གཉིས་སུ་མེད་པའི་ངང་། །ཉོན་མོངས་དུག་ལྔ་ཡེ་ཤེས་ལྔ་ཡི་ལམ། །དེ་ཡང་སྟོང་པ་བདེ་བ་ཆེན་པོ་ལྔ། །འབྲས་བུ་སྐྱེ་མེད་ངང་དུ་མ་སྤངས་ལྷུན་གྱིས་གྲུབ། །དུག་ལྔ་རིན་ཆེན་དགོས་འདོད་འབྱུང་བ་ཡིན། །ཞེས་གསུངས་སོ། །རིགས་ལྔའི་གསང་བསྒྲུབ་ཀྱི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ཉིད་རིགས་ལྔ་བསྒྲུབ་པའི་སྐབས་ཏེ་གསུམ་པའོ། །དེ་ནས་སྤྱི་དཔལ་ཀུན་ཏུ་བཟང་པོ་ལ། །རིགས་ལྔའི་སངས་རྒྱས་ལ་སོགས་པས་ཞུས་པ། །ཨེ་མ་སྤྱི་དཔལ་ཀུན་ཏུ་བཟང་། །གསང་ཆེན་རིགས་གཅིག་ཇི་ལྟར་བསྒྲུབ། །དེ་སྐད་གསོལ་པ་གསན་ནས་ཀྱང་། །སྤྱི་དཔལ་ཆེན་པོས་བཀའ་སྩལ་པ། །ཉོན་ཅིག་འདུས་པའི་ཚོགས་ཆེན་རྣམས། །སྐུ་གསུང་ཐུགས་ཀྱི་སྒྲུབ་ཐབས་འདི། །ཁྱད་པར་མི་མཐུན་བྱེ་བྲག་རྣམས། །རང་བཞིན་གཅིག་ལ་གསུམ་ཚང་བ། །རྡོ་རྗེ་སེམས་དཔའ་ཉིད་དུ་འདུས། །རྡོ་རྗེ་སེམས་དཔའ་བསྒྲུབ་འདོད་ན། །དབེན་ཞིང་ཉམས་དགའི་གནས་དག་ཏུ། །མཎྜལ་བྱི་དོར་བྱས་ནས་ནི། །


DNG015_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ཤེལ་ལྟར་གསལ་བའི་ཧཱུཾ་བྲིས་ལ། །དམིགས་པའི་རྟེན་དུ་གཞག་པར་བྱ། །དང་པོ་དེ་བཞིན་ཉིད་ཏིང་འཛིན། །ཅིར་ཡང་མི་རྟོག་མི་སེམས་བསྒོམ། །དེ་ནས་ཀུན་སྣང་ཏིང་ངེ་འཛིན། །ཡོངས་ལ་ཁྱབ་པའི་སྙིང་རྗེ་བསྒོམ། །དེ་ནས་རྒྱུ་ཡི་ཏིང་ངེ་འཛིན། །རང་སེམས་ཧཱུཾ་དུ་གསལ་བར་བསྒོམ། །དེ་ལས་འོད་འཕྲོས་བདེ་གཤེགས་མཆོད། །སྐུ་གསུང་ཐུགས་ལ་མཆོད་པ་ཕུལ། །ཁམས་གསུམ་སེམས་ཅན་རྟོག་སྒྲིབ་སྦྱངས། །ཚུར་འདུས་འོད་དུ་ཞུ་བ་ལས། །དངུལ་དཀར་རྡོ་རྗེ་རྩེ་དགུར་གྱུར། །དེ་ལ་འོད་འཕྲོས་ཞུ་བ་ལས། །བདག་ཉིད་རྡོ་རྗེ་སེམས་དཔར་གྱུར། །སྐུ་མདོག་དངུལ་དཀར་ལྟ་བུ་ལ། །ཞལ་གཅིག་པ་ལ་ཕྱག་གཉིས་པ། །གཡས་པ་རྡོ་རྗེ་ཐུགས་ཀར་འཛིན། །གཡོན་པ་དྲིལ་བུ་དཀུ་ལ་བརྟེན། །གླང་ཆེན་བསྣོལ་བའི་ཁྲི་སྟེང་ན། །ཉི་ཟླ་པདྨའི་གདན་སྟེང་ན། །རྒྱན་རྣམས་ཀུན་གྱིས་བརྒྱན་པར་བསྒོམ། །མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཆེ། །གསལ་འཚེར་ལྷུན་སྡུག་གཟི་བརྗིད་འབར། །དེ་ལྟ་བུ་ཡི་སྐུར་བསྒོམས་ཏེ། །སྤྱི་བོར་འཁོར་ལོའི་རྩིབས་སྟེང་དུ། །ཨོཾ་དཀར་ཤེལ་ལྟར་འཚེར་བ་བསྒོམ། །མགྲིན་པར་པདྨ་འདབ་བཞིའི་སྟེང་། །ཨཱཿདམར་དམར་ལ་དྭངས་པར་བསྒོམ། །སྙིང་གར་རྡོ་རྗེ་རྒྱ་གྲམ་སྟེང་། །མཐིང་ནག་ཧཱུཾ་གཅིག་བསམ་པར་བྱ། །དེ་ལྟ་བུ་ཡི་སྐུ་དེ་ནི། །འདོད་ཆགས་ཅན་གྱི་འཇུག་སྒོ་སྟེ། །ཞི་བའི་སྒོ་ནས་འཇུག་པའོ། །ཁྲོ་བོའི་སྒོ་ནས་འཇུག་པ་ནི། །སྐུ་མདོག་མཐིང་ནག་འབར་བ་ལ། །ཞལ་གཅིག་ཕྱག་གཉིས་ཞབས་གཉིས་བགྲད། །གཡས་པ་རྡོ་རྗེ་ཐུགས་ཀར་འཛིན། །གཡོན་པ་དྲིལ་བུ་དཀུ་ལ་བརྟེན། །སྟག་གི་ཤམ་ཐབས་སྦྲུལ་གྱིས་བརྒྱན། །གླང་ཆེན་ཀོ་རློན་ཞིང་ལྤགས་གསོལ། །མིང་ནི་བཛྲ་ཧེ་རུ་ཀ །རྡོ་རྗེ་ཁྲོ་བོ་ཞེས་ཀྱང་བྱ། །རྡོ་རྗེ་དགྱེས་པ་ཞེས་ཀྱང་བྱ། །ཁྲོ་རྔམས་གཤེ་གཏུམ་འབར་བའི་གཟུགས། །བསྐལ་པའི་མེ་དཔུང་ཀློང་ན་བཞུགས། །དུས་མཐའི་མེ་ལྟར་བཟོད་པར་དཀའ། །འོད་ཟེར་ཉི་མ་འབུམ་གྱི་གཟི། །ཁྲོ་གཉེར་གློག་སྟོང་འགྱུ་བ་བརྗིད། །ཐུག་ཆོམས་རི་རབ་འབུམ་སྙིལ་སྐད། །སྤྱུགས་


DNG015_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འཐོར་རླུང་གཡེང་བ་ཆེ། །དེ་ལྟ་བུ་ཡི་ཁྲོ་བོ་ལ། །སྐུ་གསུང་ཐུགས་ཀྱི་ཡི་གེ་དགོད། །ཞེ་སྡང་ཅན་གྱི་འཇུག་སྒོ་སྟེ། །ཁྲོ་ཚུལ་ཅན་གྱི་སྐུ་རུ་བསྒོམ། །སངས་རྒྱས་ཐམས་ཅད་རིགས་བརྒྱར་འདུས། །རིགས་བརྒྱ་བསྡུས་པས་རིགས་ལྔར་འདུས། །རིགས་ལྔ་རྡོ་རྗེའི་རིགས་སུ་འདུས། །རྒྱལ་བ་རིགས་ལྔ་ལ་སོགས་པ། །ཐབས་ཀྱི་ཕྱག་རྒྱ་མ་ལུས་ཀུན། །ཆོས་སྐུ་རྡོ་རྗེར་རོ་གཅིག་པས། །ཇི་ལྟར་སྣང་བ་དེ་ལྟར་ཡིན། །དེ་ལྟར་རྒྱལ་བ་གཅིག་བསྒོམས་པས། །གཅིག་ཉིད་མེད་ལ་ཀུན་གྱི་ངང་། །རྣལ་འབྱོར་རིག་པ་འདི་ལྡན་ན། །བདེ་གཤེགས་མ་བསྒོམས་གང་ཡང་མེད། །ཅེས་གསུངས་སོ། །གསང་ཆེན་རིགས་གཅིག་བསྒྲུབ་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།དེ་ནས་ཡང་དག་ངེས་གསུངས་པ། །སྐུ་གསུང་ཐུགས་ཀྱི་སྒྲུབ་ཐབས་འདི། །ཁྱད་པར་མི་མཐུན་བྱེ་བྲག་རྣམས། །རང་བཞིན་གཅིག་ལ་གསུམ་ཚང་བ། །རྡོ་རྗེ་སེམས་དཔའ་ཉིད་དུ་འདུས། །སྐྱེ་མེད་ཤེས་རབ་དབྱིངས་ཀྱི་ངང་། །མི་འགྱུར་མི་ཤིགས་རྡོ་རྗེའི་དོན། །འགྲོ་དོན་རྡོ་རྗེ་སེམས་དཔར་བཤད། །ཆོས་རྣམས་ཐམས་ཅད་འགྲོ་བ་མཐའ་དག་ནི། །སྐྱེ་མེད་དོན་དམ་དབྱིངས་སུ་རོ་གཅིག་པས། །དེ་ཉིད་དུས་གསུམ་རྒྱལ་བའི་ཆོས་ཉིད་དེ། །ཀུན་ཏུ་བཟང་པོ་རྡོ་རྗེ་སེམས་དཔའི་ངང་། །དེ་ལྟ་བུ་ཡི་ལྷ་དེ་ནི། །རང་རིག་ཡེ་ཤེས་འདུ་འབྲལ་མེད། །རྡོ་རྗེ་སེམས་དཔའི་རང་བཞིན་ཡིན། །ཞེས་གསུངས་སོ། །རྡོ་རྗེ་སེམས་དཔའི་རང་བཞིན་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་ཡང་དག་ངེས་གསུངས་པ། །ཨོཾ་ནི་བདེ་གཤེགས་ཀུན་གྱི་སྐུ། །ཨཱཾ་ནི་བདེ་གཤེགས་ཀུན་གྱི་གསུང་། །ཧཱུཾ་ནི་བདེ་གཤེགས་ཀུན་གྱི་ཐུགས། །ཨོཾ་ནི་ཁམས་གསུམ་སེམས་ཅན་ལུས། །ཨཱཾ་ནི་ཁམས་གསུམ་སེམས་ཅན་ངག །ཧཱུཾ་ནི་ཁམས་གསུམ་སེམས་ཅན་ཡིད། །ཨོཾ་གྱིས་ལུས་ཀྱི་སྒྲིབ་པ་སྦྱང་། །ཨཱཾ་གིས་ངག་གི་སྒྲིབ་པ་སྦྱང་། །ཧཱུཾ་གིས་ཡིད་ཀྱི་སྒྲིབ་པ་སྦྱང་། །ཨོཾ་གྱིས་སྐུ་ཡི་དངོས་གྲུབ་ཐོབ། །ཨཱཾ་གིས་གསུང་གི་དངོས་གྲུབ་ཐོབ། །ཧཱུཾ་གིས་ཐུགས་ཀྱི་


DNG015_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་ཐོབ། །ཅེས་གསུངས་སོ། །གསང་ཆེན་རིགས་གཅིག་ཡིག་འབྲུ་གསུམ་གྱི་ལེའུ་སྟེ་ཉི་ཤུ་པའོ།། །།གསང་ཆེན་རིགས་གཅིག་བསྒྲུབ་པའི་སྐབས་ཏེ་གསུམ་པའོ།། །།དེ་ནས་བདེ་བར་གཤེགས་པ་ཐམས་ཅད་ཐུགས་ཞི་བ་མཉམ་པ་ཉིད་ལ་གནས་པ་ལས། དེའི་ཚེ་དེའི་དུས་ན་བདུད་མ་ཏྲཾ་ཀ་རུ་ཏྲ་ཞེས་བྱ་བ་དེ་བདག་ཏུ་རྨོངས་པ་དང་། རྟག་པ་ལ་མངོན་པར་ཞེན་པའི་དབང་གིས། ཡང་དག་པའི་ལམ་དང་བྲལ་ནས། གབ་པའི་གསང་བ་དག་མ་རྟོགས་པར། སྦས་པའི་གསང་བ་ལ་མངོན་པར་འཆེལ་ནས། རྒྱུ་དང་འབྲས་བུ་ལ་རྨོངས་ཏེ། སྲིད་པའི་ས་བོན་རྩུབ་མོར་གྱུར་ནས། རབ་ཏུ་ཚ་བའི་དམྱལ་བར་སྐྱེས་སོ། །ཚ་བའི་སྡུག་བསྔལ་གྱིས་གདུངས་ནས། ཤིན་ཏུ་གྲང་བའི་དམྱལ་བར་སྐྱེས་སོ། །ཚ་བ་དང་གྲང་བའི་འཇིག་རྟེན་གྱི་ཁམས་བརྒྱུད་ཅིང་། བསྐལ་པ་སྟོང་ཕྲག་བཅུ་གཉིས་སུ་ཉམས་སུ་མྱོང་ངོ་། །དེ་ནས་བདུད་མ་ཏྲཾ་ཀ་རུ་ཏྲ་དེས། ཡན་ལག་སྣ་ཚོགས་པ་དང་།གདུག་པའི་ལག་ཆ་སྣ་ཚོགས་པ་དང་། ནད་བཞི་བརྒྱ་རྩ་བཞིས་འདེབས་པར་བྱེད་པའི་ལྷའི་རིགས་དང་། ལྷ་མ་ཡིན། ཚངས་པ་དང་། འབྲས་བུ་ཆེ་བ་མན་ཆད་དབང་དུ་བསྡུས་སོ། །དེ་ལྟ་བུའི་གདུག་པ་ཅན་དེ། བདེ་བར་གཤེགས་པ་ཐམས་ཅད་ཀྱིས་མཁྱེན་པས་གཟིགས་ནས། ཐུགས་རྗེའི་བྱིན་རླབས་སམ། བདེ་བར་གཤེགས་པ་ཐམས་ཅད་ཀྱི་དགོངས་པའི་བྱིན་རླབས་ཀྱིས།བཅོམ་ལྡན་འདས་དཔལ་ཆེ་མཆོག་ཧེ་རུ་ཀ །སྐུ་སྨུག་ནག་འབར་བ་ལ། དབུ་ཉི་ཤུ་རྩ་གཅིག །ཕྱག་བཞི་བཅུ་རྩ་གཉིས་ན་ཞི་བ་བཞི་བཅུ་རྩ་གཉིས་བསྣམས་པ། དུར་ཁྲོད་ཀྱི་རྒྱན་གྱིས་འཇིགས་པར་བརྒྱན་ནས། སྐུ་ཤིན་ཏུ་འཇིགས་པའི་ཆ་ལུགས་སུ་བསྟན་ནས། ཡུམ་ཁྲོ་མོ་གནམ་ཞལ་མ་ཞེས་བྱ་བ། དབུ་དགུ་ཕྱག་བཅོ་བརྒྱད་པ། གཡས་དང་པོ་རྡོ་རྗེ། འོག་མ་ན་གཽ་རཱི་མ་བརྒྱད། གཡོན་དང་པོ་བྷནྡྷ་དམར་གྱིས་བཀང་བ། འོག་མ་ན་ཕྲ་མེན་མ་བརྒྱད། དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ། ཤིན་ཏུ་གཙོ་ལ་འདུད་པར་གྱུར་ཏེ། ཡབ་ཡུམ་གཉིས་སུ་མེད་པའི་སྦྱོར་བ་ལས། ཁྲོ་བོ་འཆོལ་པ་སྣ་ཚོགས་སྤྲོས་ཏེ། སྟོང་ཁམས་ཁྲོ་བོས་


DNG015_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

བཀང་ནས། བདུད་མ་ཏྲཾ་ཀ་རུ་ཏྲ་ལ་སོགས་པའི་དྲེགས་པ་ཐམས་ཅད་བཏུལ་ཞིང་བསྒྲལ་ཏེ། ཁོག་པ་དུར་ཁྲོད་ཀྱི་གཞལ་ཡས་ཁང་དུ་གྱུར་ཏོ། །དཀྱིལ་འཁོར་དགུ་པ་འཁོར་ལོ་རྩིབས་བཞི། བར་ཁྱམས་གྲུ་ཆད་སྒོ་བཞི། ལྕགས་རིར་བཅས་པ། ཕྱོགས་བཞི་མཚམས་བཞི། དབུས་དང་བཅས་པ། གཞལ་ཡས་ཁང་དུ་གྲུབ་པའོ། །དཀྱིལ་འཁོར་བཞིའི་ཕྱི་རོལ་ཡང་། ཕྱི་ཁྱམས་སྒོ་བཞི་སྒོ་རྒྱན་དང་བཅས་པར་གྱུར་ཏོ། །དེའི་ཕྱི་རིམ་རཀྟ་ཁྲག་གི་རྒྱ་མཚོ་འཁོར་ཡུག་གི་ཕྱི་ལ་རྡོ་རྗེའི་ར་བ་དང་། མེ་རི་མེ་དཔུང་གི་འཁོར་ཡུག་དང་ལྡན་པར་གྱུར་ཏོ། །དེ་ལྟ་བུའི་གཞལ་ཡས་ཁང་དེ་ཡང་ཕྱི་ཐོད་པ་རྣམ་གསུམ་གྱི་བརྩིག་པ། ནང་དུར་ཁྲོད་ཀྱི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་ཕྱི་རོལ་ན་དུར་ཁྲོད་ཀྱི་གནས་བརྒྱད་ཡོད་པ། དེ་ལྟ་བུའི་དུར་ཁྲོད་ཀྱི་གཞལ་ཡས་ཁང་དེའི་དབུས་སུ་ཡབ་ཆེ་མཆོག་ཧེ་རུ་ཀ་དང་། ཡུམ་ཁྲོ་མོ་གནམ་ཞལ་མ་གཉིས་གནས་པ་ལས་ཡབ་ཡུམ་གཉིས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་སྤྲུལ་པ་ལས། ཤར་དུ་ཐུགས་ཀྱི་སྤྲུལ་པ་བཛྲ་ཧེ་རུ་ཀ་དང་།ལྷོར་སྐུའི་སྤྲུལ་པ་གཤིན་རྗེ་གཤེད་པོ་དང་། ནུབ་ཏུ་གསུང་གི་སྤྲུལ་པ་པདྨ་དབང་གི་རྒྱལ་པོ་དང་། བྱང་དུ་ཕྲིན་ལས་ཀྱི་སྤྲུལ་པ་རྡོ་རྗེ་གཞོན་ནུ་དང་། ཤར་ལྷོར་ཡོན་ཏན་གྱི་སྤྲུལ་པ་བླ་མེད་ཧེ་རུ་ཀ་དང་། ནུབ་བྱང་དུ་འཇིགས་པའི་སྟོབས་ལས་སྤྲུལ་པ་དྲེགས་པ་ཀུན་འདུལ་དང་། བྱང་ཤར་དུ་བརྗིད་པའི་སྟོབས་ཀྱི་སྤྲུལ་པ་སྟོབས་ལྡན་ནག་པོ་དང་། ལྷོ་ནུབ་ཏུ་རིག་འཛིན་རྡོ་རྗེའི་ཚོགས་བསམ་གྱིས་མི་ཁྱབ་པ་རྣམས་ཀྱང་དུས་གཅིག་ཏུ་ལྷགས་སོ། །དེ་དག་ཐམས་ཅད་ཀྱང་སོ་སོའི་བཙུན་མོའི་འཁོར་དུ་བཅས་པས་འཁོད་དེ། རང་གི་འཁོར་རྣམས་དང་ལྷན་ཅིག་ཏུ་གནས་སོ། །དེ་ལྟར་ཁྲོ་བོའི་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པར་སྤྲུལ་ཏོ། །ཁྲོ་བོ་མངོན་བྱུང་གི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། །།དེ་ནས་ཁྲོ་བོའི་འཁོར་ཚོགས་རྣམས་ཀྱིས། དཔལ་ཆེན་པོ་ལ་ཕྱག་དང་བསྐོར་བ་བྱས་ཏེ་ཞུས་པ། ཨེ་མ་སྤྱི་དཔལ་ཧེ་རུ་ཀ །ཁྲོ་ཚོགས་


DNG015_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱི་རྗེ་བཙན་པོ། །ཤིན་ཏུ་ཁྲོ་ཞིང་གཏུམ་པ་ཡི། །གདུག་བྱེད་ལོག་ལྟའི་རུ་ཏྲ་རྣམས། །ཞི་བས་ཕན་པར་མི་འགྱུར་ཏེ། །སངས་རྒྱས་ཐུགས་རྗེ་ཁྲོས་པ་ཡིས། །འཁོར་བའི་གནས་ནས་ཇི་ལྟར་འདུལ། །དེ་སྐད་གསོལ་པ་གསན་ནས་ཀྱང་། །སྤྱི་དཔལ་ཆེན་པོས་བཀའ་སྩལ་པ། །ཉོན་ཅིག་འདུས་པའི་ཚོགས་ཆེན་རྣམས། །དྲེགས་པས་ཁེངས་པའི་རུ་དྲ་རྣམས། །ཞི་བས་ཐུལ་བར་མ་གྱུར་པས། །སངས་རྒྱས་ཐུགས་རྗེ་ཁྲོས་པ་ནི། །ཐམས་ཅད་འཇིགས་པའི་མཆོག་ཡིན་ཏེ། །འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་དུ། །བཀའ་བཞིན་བསྐྱེད་ལ་བསྒྲུབ་བྱའོ། །དང་པོ་ཁྲོ་བོ་བསྒྲུབ་པའི་གནས། །དུར་ཁྲོད་ཆེན་པོ་རབ་འཇིགས་ལ། །གདུག་པའི་ལྷ་སྲིན་འདུ་བའམ། །གཅན་གཟན་འདབ་ཆགས་ཁྲོས་པའི་ས། །གནམ་ས་གྲུ་གསུམ་སར་གནས་པ། །རབ་ཏུ་འཇིགས་པའི་གནས་ཆེན་དེར། །གནས་ཀྱི་བདག་པོ་མཆོད་པའི་ཕྱིར། །གཏོར་མ་གཏང་ཞིང་གླུད་ཀྱང་སྦྱིན། །བདེན་པ་བདར་ཞིང་བཀའ་ཡང་བསྒོ། །ས་སྦྱངས་བཀའ་སྒྲོགས་བསོད་ནམས་བསགས། །ཕྱི་མཚམས་གཅད་ཅིང་དམ་སྲི་མནན། །སྒོ་བྱང་གདགས་ཤིང་དཀྱིལ་འཁོར་བརྩིག །བདུད་རྩི་ལྔ་ཡི་ཆག་ཆག་གདབ། །བ་སུ་ཏ་ཡི་ཐག་པ་ཡིས། །དཀྱིལ་འཁོར་དགུ་ཡི་ཐིག་ཏུ་གདབ། །ཀུན་ཀྱང་འཁོར་ལོ་རྩིབས་བཞི་ལ། །གྲུ་ཆད་བར་ཁྱམས་སྒོ་བཞི་ལྡན། །ཀུན་ཀྱང་ལྕགས་རི་ལྡན་པ་བྲི། །དེ་རྣམས་ཕྱི་ཁྱམས་དཀྱིལ་འཁོར་ལ། །སྒོ་བཞི་སྒོ་རྒྱན་རྟ་བབས་ལྡན། །འདོད་ཡོན་རིན་ཆེན་ཕ་གུ་དང་། །དྲ་བ་དྲ་ཕྱེད་འཁོར་ཡུག་དང་། །འབར་ཕྲེང་རྡོར་ཕྲེང་ལྡན་པར་བྲི། །དེ་ཡང་དུར་ཁྲོད་ཚོན་རྩིའམ། །ཡང་ན་ས་ཚོན་ལྔ་ལ་བྱ། །དབུས་རྣམས་མཐིང་ནག་གྲུ་གསུམ་ལ། །ཟླ་གམ་དམར་པོ་གསུམ་གྱིས་མཛེས། །ཕྱི་རིམ་ལྗང་ལ་འོད་ཟེར་འཕྲོ། །འཁོར་ལོ་རྩིབས་བཞི་ཕྱོགས་ཀྱིས་དབྱེ། །ཤར་དཀར་ལྷོ་སེར་ནུབ་དམར་བྱང་ལྗང་མུ་ཁྱུད་ཐོད་ཕྲེང་དཀར་པོར་བྱ། །གྲུ་ཆད་ལྗང་ལ་བར་འཁྱམས་ཕྱོགས། །སྒོ་བཞི་རིགས་ལ་བརྩིག་པ་ལྔ། །ཕྱི་ཡི་ལྕགས་རི་ནག་པོའོ། །


DNG015_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་དགུ་ཀ་དེ་བཞིན་བྲི། །ཕྱི་ཁྱམས་ཕྱོགས་ལ་སྒོ་བཞི་རིགས། །བརྩིག་པ་མཐིང་དཀར་སེར་དམར་ལྗང་། །འདོད་ཡོན་ཁྱམས་དམར་ཕ་གུ་སེར། །དྲ་བ་དྲ་ཕྱེད་མཐིང་ལ་མདའ་ཡབ་ལྗང་། །སྒོ་ཁྱུད་རྟ་བབས་མཛེས་པའི་ཚོན། །ཕྱི་རོལ་རཀྟའི་རྒྱ་མཚོ་དམར། །རྡོ་རྗེའི་ར་བ་མཐིང་ནག་ལ། །མེ་རིའི་ཕྲེང་བ་དམར་སེར་རོ། །དེ་ལྟར་དཀྱིལ་འཁོར་བྲིས་ནས་ནི། །ཞིང་ཆེན་བླ་རེའི་གུར་ཡང་དབུབ། །བ་སུ་ཏ་ཡི་ཕྲེང་བས་བསྐོར། །མདའ་བཞི་མེ་ལོང་དར་སྣ་བཞི། །རལ་གྲི་བཞི་དང་ཕུར་པ་བཞི། །དཀྱིལ་འཁོར་རྒྱན་དུ་དགྲམ་པར་བྱ། །བྷནྡྷ་དགུ་དང་མར་མེ་དགུ། །ཕུར་པ་དགུ་ལ་སོགས་པ་དགྲམ། །འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་ཡིན། །ཞེས་གསུངས་སོ། །ཁྲོ་བོ་རོལ་པའི་སྒྲུབ་ཐབས་ཀྱི་རྡུལ་ཚོན་གྱི་དཀྱིལ་འཁོར་གྱི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ།། །།དེ་ནས་ཡང་དག་ངེས་གསུངས་པ། །ཕྲིན་ལས་ཉམས་སུ་བླང་བ་ནི། །དང་པོ་མཚམས་བཅད་བགེགས་བསྐྲད་ལ། །ཕྱོགས་མཚམས་འཇིག་རྟེན་ལྷ་རུ་གསལ། །བརྡའ་སྒོ་དབྱེ་ཞིང་བརྡའ་ཕྱག་འཚལ། །དམ་བཅའ་བྱིན་དབབ་བཤགས་པ་བྱ། །མཆོད་རྫས་བྱིན་གྱིས་བརླབས་ཤིང་དབུལ། །དེ་ནས་ཏིང་འཛིན་རིམ་པ་བཞིན། །དང་པོ་དེ་བཞིན་ཉིད་བསྒོམ་པ། །ཆོས་རྣམས་སེམས་ཀྱི་རང་བཞིན་ཏེ། །གདོད་ནས་མ་སྐྱེས་སྟོང་པར་བསྒོམ། །ཀུན་ཏུ་སྣང་བའི་ཏིང་ངེ་འཛིན། །ཁྱབ་པའི་སྙིང་རྗེ་སེམས་ཅན་དོན། །ཡོངས་ལ་ཁྱབ་པར་བསྒོམ་པར་བྱ། །དེ་ནས་རྒྱུ་ཡི་ཏིང་ངེ་འཛིན། །ཡེ་ཤེས་སེམས་དཔའ་ཚོན་གང་བ། །ཐུགས་ཀར་ཧཱུཾ་དང་ལྡན་པར་བསྒོམ། །དེ་ལས་རཾ་ཡཾ་ཁཾ་གསུམ་གྱིས། །དངོས་དང་མཚན་མ་བསྲེག་གཏོར་བཀྲུས། །མཐིང་ནག་ཨེ་ཡི་ནམ་མཁའ་ལ། །རྒྱ་གྲམ་རླུང་གི་འཁོར་ལོ་ཆགས། །རཀྟ་ཁྲག་གི་རྒྱ་མཚོར་འཁྱིལ། །ཞིང་ཆེན་འབར་བའི་ས་གཞིར་ཆགས། །འབྱུང་བ་དྲོད་སྙོམས་མེ་དཔུང་འབར། །ཀེང་རུས་ཆེན་པོའི་རི་རབ་


DNG015_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

བརྩིག །སྨུག་ནག་བྷྲཱུཾ་གྱི་འཕྲོ་འདུ་ལས། །དུར་ཁྲོད་ཆེན་པོའི་གཞལ་ཡས་ཁང་། །ཕོ་བྲང་དཀྱིལ་འཁོར་དགུ་པ་ལ། །ཀུན་ཀྱང་འཁོར་ལོ་རྩིབས་བཞིར་མཛེས། །གྲུ་ཆད་ཁྱམས་དང་སྒོ་བཞིར་ལྡན། །ཕྱི་ཁྱམས་སྒོ་དང་སྒོ་ཁྱུད་དང་། །མུ་ཁྱུད་རྡོ་རྗེ་འབར་ཕྲེང་དང་། །དུར་ཁྲོད་རྒྱན་དང་ཆས་ཀྱིས་བརྒྱན། །ཕྱི་ནང་མེད་པར་གསལ་བ་ཡི། །ཡེ་ཤེས་ལྷུན་གྲུབ་གཞལ་ཡས་བསྒོམ། །དེ་དབུས་བྱོལ་སོང་གཙོ་བརྒྱད་ཁྲིར། །ཡེ་ཤེས་སེམས་དཔའ་བབས་པ་ལས། །སྤྲོ་བསྡུའི་ཆོ་ག་གསུམ་སྦྱོར་བས། །ཆེ་མཆོག་ཧེ་རུའི་སྐུར་གསལ་བསྐྱེད། །སྐུ་མདོག་སྨུག་ནག་འབར་བ་ལ། །དབུ་ནི་ཉི་ཤུ་རྩ་གཅིག་ལ། །ཕྱག་ནི་བཞི་བཅུ་རྩ་གཉིས་གདེངས། །ཕྱག་ན་བུཌྜྷ་བཞི་བཅུ་གཉིས། །ཞབས་བརྒྱད་བགྲད་པས་གདན་བརྒྱད་གནོན། །དུར་ཁྲོད་འཇིགས་པའི་ཆས་བརྒྱད་གསོལ། །རྔོམ་བརྗིད་ཆེན་པོའི་སྐུ་རུ་བསྒོམ། །གཡོན་ཕྱོགས་མཱུཾ་གྱི་འཕྲོ་འདུ་ལས། །ཁྲོ་མོ་གནམ་ཞལ་དབྱིངས་ཕྱུག་མ། །དབུ་དགུ་ཕྱག་ཀྱང་བཅོ་བརྒྱད་དེ། །ཁམས་ཆེན་བཅོ་བརྒྱད་རྩད་བཅད་ནས། །སྟོང་པ་བཅོ་བརྒྱད་དབྱིངས་ལ་སྦྱོར། །གཡས་པ་ཐབས་མཆོག་གཙོ་ལ་འཁྱུད། །གཡོན་པ་དུང་དམར་གཙོ་ལ་སྟོབ། །ཡབ་ཡུམ་གཉིས་མེད་སྦྱོར་བྱས་ཏེ། །ཡབ་ཀྱི་གསང་བའི་རྡོ་རྗེ་ལ། །ཨོཾ་ལས་རྩེ་ལྔ་ཕཊ་ཀྱིས་མཚན། །ཡུམ་གྱི་གསང་བའི་པདྨ་ལ། །པཾ་ལས་འདབ་བཞི་ཨཱཾ་གིས་མཚན། །གཉིས་མེད་རོལ་པའི་བརྡས་བསྐུལ་ཏེ། །ཕྱག་རྒྱ་བཞི་ཡི་སྦྱོར་བ་བྱ། །བྱང་ཆུབ་སེམས་ཀྱི་སྤྲིན་སྤྲོས་པས། །མཁའ་ལས་ཁྲོ་བོ་འཆོལ་པ་སྤྲོས། །ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། བཻ་ཤྭ་ཀྲོ་དྷ་ཛྭ་ལ་མཎྜལ་ཧ་ལ་ཧ་ལ་ཕཊ་ཕཊ། འཇིག་རྟེན་དྲུག་གི་ཕྱོགས་མཚམས་ནས། །བདུད་དང་དྲེགས་པ་རཱུ་ཏྲ་རྣམས། །ཐུགས་རྗེ་ཚད་མེད་ཀྱིས་བསྒྲལ་ནས། །མ་སྲིང་ཆུང་མ་མཛའ་མོ་རྣམས། །བྲན་དུ་བསྡུས་ནས་བཀའ་ཉན་གྱུར། །འཁོར་བཅས་མ་ལུས་དབང་དུ་བསྡུས། །དེ་ནས་ཁྲོ་བོའི་སྤྲིན་བསྡུས་ནས། །ཕྱོགས་བཞི་མཚམས་བཞིར་འདུས་པ་ལས། །སོ་སོའི་རིགས་ཀྱི་གཙོ་བོར་གསལ། །བཙུན་མོ་ཁྲག་འཐུང་ཡུམ་རྣམས་ཀྱང་། །སོ་སོའི་སྐུ་ལ་འཁྲིལ་


DNG015_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

བར་བསྒོམ། །དེ་ནས་དབུས་ཀྱི་གཙོ་བོ་ནི། །ཆེ་མཆོག་ཡབ་ཡུམ་ཐུགས་ཀ་ནས། །ཡི་གེ་ཧཱུཾ་གི་འཕྲོ་འདུ་ལས། །ཤར་དུ་རཀྴ་ཧེ་རུ་ཀ །རཀྴ་ཀྲོ་དྷཱི་ཤྭ་རཱི་ཡུམ། །ལྷོ་རུ་གུ་ཧྱ་ཧེ་རུ་ཀ །གུ་ཧྱ་ཀྲོ་དྷཱི་ཤྭ་རཱི་ཡུམ། །ནུབ་ཏུ་བི་ཤྭ་ཧེ་རུ་ཀ །བི་ཤྭ་ཀྲོ་དྷཱི་ཤྭ་རཱི་ཡུམ། །བྱང་དུ་ཡཀྴ་ཧེ་རུ་ཀ །ཡཀྴ་ཀྲོ་དྷཱི་ཤྭ་རཱི་ཡུམ། །དཀྱིལ་འཁོར་བར་ཁྱམས་ཕྱོགས་མཚམས་སུ། །ཤར་དུ་དྲི་ཟ་འདུལ་བྱེད་ལྷ། །ལྷོ་རུ་གཤིན་རྗེ་འདུལ་བྱེད་དོ། །ནུབ་ཏུ་ཀླུ་གདོན་འདུལ་བྱེད་ལ། །བྱང་དུ་གནོད་སྦྱིན་འདུལ་བྱེད་དོ། །ཤར་ལྷོར་མེ་ལྷ་འདུལ་བྱེད་ལ། །ལྷོ་ནུབ་སྲིན་པོ་འདུལ་བྱེད་དོ། །ནུབ་བྱང་རླུང་ལྷ་འདུལ་བྱེད་ལ། །བྱང་ཤར་དབང་ལྡན་འདུལ་བྱེད་དོ། །སྟེང་ཕྱོགས་ལྷ་གདོན་འདུལ་བྱེད་ལ། །འོག་ཕྱོགས་ས་བདག་འདུལ་བྱེད་དོ། །སྒོ་བཞིར་མཐར་བྱེད་སྒོ་བ་བཞི། །ཤར་དུ་པྲཛྙཱནྟ་ཀྲྀཏ་ལ། །ལྷོ་རུ་ཡ་མཱནྟ་ཀྲྀཏ་དོ། །ནུབ་ཏུ་པདྨཱནྟ་ཀྲིཏ་ལ། །བྱང་དུ་བིགྷྣཱནྟ་ཀྲྀཏ་དོ། །ཕྱི་རིམ་ལྕགས་རི་ནག་པོ་ལ། །བཀའ་སྲུང་ཅེ་སྤྱང་མ་བརྒྱད་དེ། །ཆེ་མཆོག་ལྷ་ཚོགས་ཉི་ཤུ་བཞི། །གཙོ་འཁོར་བཀའ་སྲུང་བཅས་པ་བསྒོམ། །ཤར་གྱི་དཀྱིལ་འཁོར་ཆེན་པོ་རུ། །གཙོ་བོ་བཛྲ་ཧེ་རུ་ཀ །བཛྲ་ཀྲོ་དྷཱི་ཤྭ་རཱི་ཡུམ། །ཡབ་ཡུམ་གཉིས་ཀྱི་ཐུགས་ཀ་ནས། །ཡི་གེ་ཧཱུཾ་གི་འཕྲོ་འདུ་ལས། །ཤར་དུ་བུཌྜྷ་ཧེ་རུ་ཀ །བུཌྜྷ་ཀྲོ་དྷཱི་ཤྭ་རཱི་ཡུམ། །ལྷོ་རུ་རཏྣ་ཧེ་རུ་ཀ །རཏྣ་ཀྲོ་དྷཱི་ཤྭ་རཱི་ཡུམ། །ནུབ་ཏུ་པདྨ་ཧེ་རུ་ཀ །པདྨ་ཀྲོ་དྷཱི་ཤྭ་རཱི་ཡུམ། །བྱང་དུ་ཀརྨ་ཧེ་རུ་ཀ །ཀརྨ་ཀྲོ་དྷཱི་ཤྭ་རཱི་ཡུམ། །དཀྱིལ་འཁོར་བར་ཁྱམས་ཕྱོགས་མཚམས་སུ། །ཤར་དུ་གཽ་རཱི་སིངྷ་གཉིས། །ལྷོ་རུ་ཙཽ་རཱི་བྱཱ་གྷྲྀ་གཉིས། །ནུབ་ཏུ་པྲ་མོ་སྲཱི་ལ་གཉིས། །བྱང་དུ་བཻ་ཏཱ་ཤྭ་ན་གཉིས། །ཤར་ལྷོར་པུཀྐ་གྲྀ་ཌྷ་གཉིས། །ལྷོ་ནུབ་གྷསྨ་ཀངྈ་གཉིས། །ནུབ་བྱང་སྨ་ཤ་ཀཱ་ཀ་གཉིས། །བྱང་ཤར་ཙཎྜ་ཨུ་ལཱུ་གཉིས། །དཀྱིལ་འཁོར་སྒོ་བཞིར་གདོང་མོ་བཞི། །ཤར་དུ་རྟ་གདོང་ལྕགས་ཀྱུ་མ། །ལྷོ་སྒོར་ཕག་གདོང་ཞགས་པ་མ། །ནུབ་ཏུ་སྦྲུལ་གདོང་ལྕགས་སྒྲོག་མ། །བྱང་དུ་སྤྱང་གདོང་ཐལ་བྱེད་མ། །


DNG015_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་རིམ་ལྕགས་རི་ནག་པོ་ལ། །བཀའ་སྲུང་སྲིན་མོ་ཉི་ཤུ་བརྒྱད། །གཙོ་འཁོར་བཀའ་སྲུང་བཅས་པར་བསྒོམ། །ལྷོ་ཕྱོགས་དཀྱིལ་འཁོར་ཆེན་པོ་རུ། །གཙོ་བོ་འཇམ་དཔལ་གཤིན་རྗེ་གཤེད། །སྦྱོར་ཡུམ་ཟ་བྱེད་བེ་ཏཱ་ལཱི། །སྒྲོལ་ཡུམ་ཨེ་ཀ་ཙ་ཏཱི་མ། །ཡབ་ཡུམ་གཉིས་མེད་བྱིན་རླབས་ལས། །འཁོར་ལོའི་རྩིབས་ལ་གཤེད་ཆེན་བཞི། །ཤར་དུ་ཡ་མ་རཱ་ཛ་དང་། །སྦྱོར་ཡུམ་གཡུ་ཡི་རལ་གཅིག་མ། །སྒྲོལ་ཡུམ་ནམ་གྲུ་རེ་མ་ཏི། །ལྷོ་རུ་མྱོས་བྱེད་འབར་བ་དང་། །སྦྱོར་ཡུམ་གཏུམ་མོ་སེར་ནག་མ། །སྒྲོལ་ཡུམ་ཁྲག་གི་མངའ་བདག་མོ། །ནུབ་ཏུ་གཤེད་ཆེན་མ་རུ་ཙེ། །སྦྱོར་ཡུམ་ལྷ་མོ་འོད་ཟེར་མ། །སྒྲོལ་ཡུམ་གླིང་བཞི་ཀུན་འབྱམས་མ། །བྱང་དུ་རལ་པ་ཚར་དགུ་མ། །སྦྱོར་ཡུམ་ནག་མོ་རེ་མ་ཏི། །སྒྲོལ་ཡུམ་སྲིན་མོ་མགོ་འཕྱངས་མ། །དཀྱིལ་འཁོར་བར་ཁྱམས་ཕྱོགས་མཚམས་སུ། །ཤར་དུ་ཀོང་རྩེ་བྲག་འཇོམས་དང་། །ཡུམ་དུ་རྡོ་རྗེ་རལ་གཅིག་མ། །ལྷོ་རུ་གཤིན་རྗེ་ཡ་བ་ཏི། །ཡུམ་དུ་དྲེད་ཀྱི་ཨབ་ཤམ་མོ། །ནུབ་ཏུ་གཤིན་རྗེ་རྨིག་པ་དང་། །ཡུམ་དུ་སྒེག་མོ་པུས་འགྲོ་མ། །བྱང་དུ་ལྷ་མཆོག་དུད་ཀ་ལ། །ཡུམ་དུ་སྨུག་ནག་རལ་གཅིག་མ། །ཤར་ལྷོར་ཨ་བ་གླང་མགོ་དང་། །ཡུམ་དུ་དྲང་སྲོང་དཀར་སྐྱ་མ། །ལྷོ་ནུབ་གཤིན་རྗེ་མིག་དམར་ལ། །ཡུམ་དུ་ཁྲག་གི་རལ་གཅིག་མ། །ནུབ་བྱང་གཤིན་རྗེ་ཏེལ་པ་དང་། །ཡུམ་དུ་རླུང་ལྷ་སྤྱན་གཅིག་ཡང་གསུམ་མ། །བྱང་ཤར་ཆོས་ཀྱི་རྒྱལ་པོ་དང་། །ཡུམ་ནི་སྤྱན་གསུམ་མཆེ་གཙིགས་མའོ། །སྟེང་དུ་གཤིན་རྗེ་ནག་འཇོམས་དང་། །ཡུམ་དུ་ཤེལ་གྱི་གདོང་དགུ་མའོ། །སྟེང་དུ་གཤིན་རྗེ་ཕྱ་སང་ལ། །ཡུམ་དུ་ཤེལ་མིག་ཁྲོ་མོའོ། །འོག་ཏུ་གཤིན་རྗེ་དམར་པོ་སྟེ། །ཡུམ་དུ་ནག་མོ་རལ་གཅིག་མའོ། །འོག་ཏུ་གཤིན་རྗེ་ཐོད་དབྱུག་དང་། །ཡུམ་དུ་དམར་མོ་མགོ་དགུ་མ། །སྒོ་བཞིར་གཤིན་རྗེའི་སྒོ་བ་བཞི། །ཤར་དུ་དུང་གི་བྱ་རྒོད་མགོ། །ལྷོ་རུ་ནག་པོ་སྟག་གི་མགོ། །ནུབ་ཏུ་བསེ་ཡི་ཀང་ཀའི་མགོ། །བྱང་དུ་ལྕགས་ཀྱི་སྤྱང་ཀའི་མགོ། །ཕྱི་ཡི་


DNG015_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་རི་ནག་པོ་ལ། །གིང་བདུད་མ་མོ་ཤན་པ་གནས། །གཙོ་དང་འཁོར་དུ་བཅས་པ་བསྒོམ། །ནུབ་ཀྱི་ཕྱོགས་ཀྱི་དཀྱིལ་འཁོར་དུ། །དབུས་སུ་ཁྲོ་རྒྱལ་དབང་ཆེན་པོ། །ཡུམ་དུ་སྒེག་མོ་རལ་གཅིག་མ། །གཡས་སུ་ལས་ཀྱི་རྒྱལ་པོ་ལ། །གཡོན་དུ་ལས་ཀྱི་རྒྱལ་མོའོ། །དཀྱིལ་འཁོར་འཁོར་ལོའི་རྩིབས་བཞི་ལ། །ཤར་དུ་ཡེ་ཤེས་ཟིལ་གནོན་ལ། །ཡུམ་དུ་ཁྲོ་མོ་མི་ཕམ་མའོ། །ལྷོ་རུ་ལས་ཀྱི་ཁྲོ་བོ་ཟིལ་གནོན་ལ། །ཡུམ་དུ་རྡོ་རྗེ་ཁྲོ་གཉེར་མའོ། །ནུབ་ཏུ་ཡེ་ཤེས་མ་མོ་ཟིལ་གནོན་དང་། །ཡུམ་དུ་རྡོ་རྗེ་སྤྱན་གཅིག་མའོ། །བྱང་དུ་ཁྱུང་ཆེན་ཟིལ་གནོན་དང་། །ཡུམ་དུ་རྡོ་རྗེ་རོ་ལངས་མའོ། །དཀྱིལ་འཁོར་ཕྱི་ཁྱམས་ཕྱོགས་བཞི་རུ། །ཤར་དུ་ཕོ་རྒྱུད་ཟིལ་གནོན་དང་། །ཡུམ་དུ་རྡོ་རྗེ་ལས་བྱེད་མའོ། །ལྷོ་རུ་མོ་རྒྱུད་ཟིལ་གནོན་དང་། །ཡུམ་དུ་གཤིན་རྗེ་ལས་བྱེད་མའོ། །ནུབ་ཏུ་ཀླུ་རྣམས་ཟིལ་གནོན་དང་། །ཡུམ་དུ་ཀླུ་མོ་ལས་བྱེད་མའོ། །བྱང་དུ་གཟའ་རྣམས་ཟིལ་གནོན་དང་། །ཡུམ་དུ་གནོད་སྦྱིན་ལས་བྱེད་མའོ། །ཕྱོགས་བཞི་སྒོ་བཞིར་སྒོ་མ་བཞི། །ཤར་སྒོར་རྡོ་རྗེ་ལྕགས་ཀྱུ་མ། །ལྷོ་སྒོར་རྡོ་རྗེ་ཞགས་པ་མ། །ནུབ་སྒོར་རྡོ་རྗེ་ལྕགས་སྒྲོག་མ། །བྱང་སྒོར་རྡོ་རྗེ་དྲིལ་བུ་མ། །ཕྱི་ཡི་ལྕགས་རི་ནག་པོ་ལ། །ཁམ་བརྒྱ་དམུས་ལོང་ཁྱི་སྤྱང་དང་། །ཕོ་ཉ་ལ་སོགས་བཀའ་སྲུང་དགོད། །པདྨ་གསུང་གི་ལྷ་ཚོགས་རྣམས། །གཙོ་དང་འཁོར་དུ་བཅས་པ་བསྒོམ། །བྱང་ཕྱོགས་དཀྱིལ་འཁོར་ཆེན་པོ་རུ། །དཔལ་ཆེན་རྡོ་རྗེ་གཞོན་ནུ་དང་། །ཡུམ་མཆོག་འཁོར་ལོ་རྒྱས་འདེབས་མ། །ཡབ་ཡུམ་གཉིས་ཀྱི་བྱིན་རླབས་ལས། །དཀྱིལ་འཁོར་འཁོར་ལོའི་རྩིབས་བཞི་ལ། །ཤར་དུ་བུཌྜྷ་ཀཱི་ལ་ཡ། །ལྷོ་རུ་རཏྣ་ཀཱི་ལ་ཡ། །ནུབ་ཏུ་པདྨ་ཀཱི་ལ་ཡ། །བྱང་དུ་ཀརྨ་ཀཱི་ལ་ཡ། །དཀྱིལ་འཁོར་བར་མཚམས་ཕྱོགས་མཚམས་སུ། །ཤར་དུ་རྣམ་པར་རྒྱལ་བ་དང་། །ཡུམ་དུ་རྡོ་རྗེ་སྙེམ་མའོ། །ཕྲ་མེན་སྟག་དང་བྱ་རྒོད་མགོ། །ལྷོ་རུ་གཤིན་རྗེ་གཤེད་པོ་དང་། །ཡུམ་དུ་དུར་ཁྲོད་བདག་མོའོ། །སྤྲུལ་པ་ཤ་


DNG015_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

བ་འུག་པའི་མགོ། །ནུབ་ཏུ་ཁྲོ་བོ་རྟ་མགྲིན་དང་། །ཡུམ་དུ་རྡོ་རྗེ་གཏུམ་མའོ། །སྤྲུལ་པ་བྱི་ལ་པུ་ཤུད་མགོ། །བྱང་དུ་བདུད་རྩི་འཁྱིལ་པ་དང་། །ཡུམ་དུ་རྡོ་རྗེ་རླུང་འབྱིན་མའོ། །སྤྲུལ་པ་སེང་གེ་ཕ་ཝང་མགོ། །ཤར་ལྷོར་དབྱུག་པ་སྔོན་པོ་དང་། །ཡུམ་དུ་རྡོ་རྗེ་སྡེར་མོའོ། །སྤྲུལ་པ་གཡག་དང་བྱ་རོག་མགོ། །ལྷོ་ནུབ་མི་གཡོ་མགོན་པོ་དང་། །ཡུམ་དུ་རྡོ་རྗེ་གཏུན་ཁུང་མ། །སྤྲུལ་པ་གཟིག་དང་ཁྭ་ཡི་མགོ། །ནུབ་བྱང་གཞན་གྱིས་མི་ཐུབ་དང་། །ཡུམ་དུ་རྡོ་རྗེ་མདའ་སྙེམ་མ། །སྤྲུལ་པ་སྤྱང་ཀི་ཁྲ་ཡི་མགོ། །བྱང་ཤར་ཁམས་གསུམ་རྣམ་རྒྱལ་དང་། །ཡུམ་དུ་རྡོ་རྗེ་སྐྱོད་བྱེད་མ། །སྤྲུལ་པ་དོམ་དང་སྲེ་མོའི་མགོ། །སྟེང་ཕྱོགས་ཁྲོ་བོ་ཧཱུཾ་ཀཱ་ར། །ཡུམ་དུ་རྡོ་རྗེ་སྒྲ་འབྱིན་མ། །སྤྲུལ་པ་ཕག་དང་སྨྲིག་བུའི་མགོ། །འོག་ཕྱོགས་ཁྲོ་བོ་སྟོབས་པོ་ཆེ། །ཡུམ་དུ་རྡོ་རྗེ་གསོད་བྱེད་མ། །སྤྲུལ་པ་དྲེད་དང་བྱི་ལའི་མགོ། །དཀྱིལ་འཁོར་ཕྱོགས་བཞིར་སྒོ་བ་བཞི། །ཤར་སྒོར་པུ་ཤུད་མགོ་ཅན་ལ། །ལྷོ་རུ་སྐྱ་ཀའི་མགོ་ཅན་ནོ། །ནུབ་ཏུ་སྲིན་བྱའི་མགོ་ཅན་དང་། །བྱང་དུ་ཁྲ་ཡི་མགོ་བོ་ཅན། །ཕྱི་ཡི་ལྕགས་རི་ནག་པོ་ལ། །བསེ་མོ་བཞི་དང་རེ་ཏི་བཞི། །ཤྭ་ན་བཞི་དང་གིང་བདུད་བཞི། །ཤན་པ་བཞི་ལ་སོགས་པ་དགོད། །ཕུར་པ་ཕྲིན་ལས་ལྷ་ཚོགས་ཀྱི། །གཙོ་དང་འཁོར་དུ་བཅས་པ་བསྐྱེད། །ཤར་ལྷོ་མཚམས་ཀྱི་དཀྱིལ་འཁོར་དུ། །གཙོ་བོ་བླ་མེད་ཧེ་རུ་ཀ །ཡུམ་དུ་ཉི་བཞི་བདེ་མཆོག་མ། །དཀྱིལ་འཁོར་འཁོར་ལོའི་རྩིབས་བཞི་ལ། །ཤར་དུ་རྟག་པའི་རྒྱལ་མོ་རྣམ་སྣང་གསལ། །ལྷོ་རུ་རྟག་པའི་རྒྱལ་མོ་འོད་གསལ་འབར། །ནུབ་ཏུ་རྟག་པའི་རྒྱལ་མོ་གཉེན་གསལ་འབར། །བྱང་དུ་རྟག་པའི་རྒྱལ་མོ་ཡང་གསལ་གཡོས། །གཡས་སུ་རྟག་པའི་རྒྱལ་མོ་བཀྲག་གསལ་མ། །གཡོན་དུ་སྲིད་པ་བདེ་འགྲོ་མ། །མདུན་དུ་ཉི་ཟླ་ཐོད་ཕྲེང་མ། །ཟླ་གམ་བཞི་ལ་ཁྲོས་མ་བཞི། །ཤར་དུ་ཉི་མ་ཁྲོས་པ་ལ། །ལྷོ་རུ་ཁྲག་འཐུང་ཁྲོས་པའོ། །ནུབ་ཏུ་བདུད་རྩི་ཁྲོས་པ་ལ། །བྱང་དུ་སྲིད་གསུམ་ཁྲོས་པའོ། །མཚམས་སུ་དགྱེས་སྡེ་ཆེན་མོ་བཞི། །


DNG015_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་དུ་དཀར་མོ་མིག་གཅིག་མ། །ལྷོ་རུ་ནག་མོ་མཆེ་བ་ཅན། །ནུབ་ཏུ་དམར་མོ་དབང་སྡུད་མ། །བྱང་དུ་སེར་མོ་ཚེ་འཕེལ་མའོ། །གྲུ་ཆད་བཞི་ལ་མ་བཞིའོ། །ཤར་ལྷོར་རྒྱན་གྱི་རྒྱལ་མོ་དང་། །ལྷོ་ནུབ་དབྱིངས་ཕྱུག་ཆེན་མོ་ལ། །ནུབ་བྱང་བདག་ཉིད་ཆེན་མོ་སྟེ། །བྱང་ཤར་གཅིག་པུ་ཆེན་མོའོ། །ཁྱམས་ལ་སྨན་མོ་བསྐྱེད་པར་བྱ། །བྱང་དུ་སྲིད་པ་ཆགས་བྱེད་མ། །ནུབ་ཏུ་སྲིད་པ་ཆ་སྙོམས་མ། །ལྷོ་རུ་འདོད་ཁམས་གཙོ་མོ་སྟེ། །ཤར་དུ་ཨེ་ཀ་ཛ་ཊཱི་མ། །ཤར་དུ་གླིང་བཞི་སྤྱི་ཕུད་མ། །ལྷོ་རུ་རིན་ཆེན་སྲིད་འདེགས་མ། །ནུབ་ཏུ་པདྨ་གར་དབང་མ། །བྱང་དུ་རྡོ་རྗེ་གར་དབང་ངོ་། །ཤར་ལྷོར་ཧར་ཏིང་དཀར་མོ་ལ། །ལྷོ་ནུབ་དུན་ཏིང་ནག་མོའོ། །ནུབ་བྱང་ཤན་ཏིང་དམར་མོ་ལ། །བྱང་ཤར་གྲུབ་ཏིང་སེར་མོའོ། །ཤར་དུ་དཀར་མོ་མཆེ་གཙིགས་མ། །ལྷོ་རུ་ནག་མོ་ཁ་འབྱམས་མ། །ནུབ་ཏུ་དམར་མོ་མཆུ་འཇིབ་མ། །བྱང་དུ་སེར་མོ་རྐང་ལྡག་མ། །ཤར་དུ་སྲིན་མོ་སྐམ་པ་མོ། །ཤར་དུ་སྲིན་མོ་དྲི་སྣོམ་མ། །ལྷོ་རུ་སྲིན་མོ་ཕོར་ཐོགས་མ། །ལྷོ་རུ་སྲིན་མོ་སྐོམ་བྱེད་མ། །ནུབ་ཏུ་སྲིན་མོ་གཡང་གཞི་མ། །ནུབ་དུ་སྲིན་མོ་ཟ་བ་མོ། །བྱང་དུ་སྲིན་མོ་གསོད་བྱེད་མ། །བྱང་དུ་སྲིན་མོ་ཟ་བྱེད་མའོ། །དཀྱིལ་འཁོར་ཕྱོགས་བཞིར་སྒོ་མ་བཞི། །ཤར་དུ་ལྷ་ཡི་སྲིང་མོ་ལ། །ལྷོ་སྒོར་གཤིན་རྗེའི་སྲིང་མོའོ། །ནུབ་སྒོར་ཀླུ་ཡི་སྲིང་མོ་སྟེ། །བྱང་སྒོར་གནོད་སྦྱིན་སྲིང་མོའོ། །ཕྱི་ཡི་ལྕགས་རི་ནག་པོ་ལ། །ཡང་གབ་བཞི་དང་སྦས་མ་བཞི། །གདོང་མོ་བཞི་དང་ཕུང་གསུམ་མ། །གསང་བའི་མ་གསུམ་ཕོ་ཉ་གསུམ། །རོ་ཁ་མ་གསུམ་བསྒོམ་པར་བྱ། །མ་མོ་རྦོད་གཏོང་ལྷ་ཚོགས་ཀྱི། །གཙོ་དང་འཁོར་དུ་བཅས་པ་བསྒོམ། །ནུབ་བྱང་མཚམས་ཀྱི་དཀྱིལ་འཁོར་དུ། །གཙོ་བོ་དྲེགས་པ་ཀུན་འདུལ་དང་། །ཡུམ་དུ་ཁམས་གསུམ་སྤྱི་འདུལ་མ། །ཡབ་ཡུམ་ཐུགས་ཀྱི་སྤྲུལ་པ་ལས། །


DNG015_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་སུ་དབང་ཕྱུག་ཆེན་པོ་ལ། །གཡོན་དུ་ཨུ་མ་དེ་བཱིའོ། །རྩིབས་བཞི་དབང་ཆེན་ཡབ་ཡུམ་བཞི། །ཤར་དུ་ཡ་མ་རཱ་ཛ་དང་། །ཡུམ་དུ་ཟ་བྱེད་ནག་མོའོ། །ལྷོ་རུ་གཤིན་རྗེ་བྲང་དཀར་དང་། །ཡུམ་དུ་ནག་མོ་རེ་མ་ཏི། །ནུབ་ཏུ་སྲིན་པོ་གློག་ཕྲེང་ཅན། །སྲིན་མོ་སྦལ་མགོ་ཁྲག་མིག་མའོ། །བྱང་དུ་ཡཀྴ་ནག་པོ་དང་། །གནོད་སྦྱིན་མོན་མོ་ནག་མོའོ། །སྟེང་དུ་གཟའ་བདུད་རཱ་ཧུ་ལ། །གནམ་སྨན་ཐོག་གི་བུ་ཡུག་མའོ། །འོག་ཏུ་ཀླུ་བདུད་མགོ་དགུ་དང་། །ཀླུ་མོ་ཡཀྴ་ནག་མོའོ། །དཀྱིལ་འཁོར་བར་ཁྱམས་ཕྱོགས་མཚམས་སུ། །ཤར་སྟོད་ནོར་བུ་བཟང་པོ་ལ། །ཤར་དབུས་གནམ་ཐེ་དཀར་པོའོ། །ཤར་སྨད་སྤྱི་བདུད་གུ་རུམ་ཙེ། །ལྷོ་སྟོད་སྲིད་པའི་རྒྱལ་མོ་ལ། །ལྷོ་དབུས་ཨེ་ཀ་ཛ་ཊཱི་མ། །ལྷོ་སྨད་ནག་མོ་མགྱོགས་བྱེད་མའོ། །ནུབ་སྟོད་བན་ཆེན་བདུད་འདུལ་ལ། །ནུབ་དབུས་སྲོག་ཟན་དམར་པོའོ། །ནུབ་སྨད་བཙན་འགོང་དམར་པོའོ། །བྱང་སྟོད་བི་ནཱ་ཡ་ཀ་ལ། །བྱང་དབུས་ཀཱ་ལ་ནག་པོ་དང་། །བྱང་སྨད་ནག་པོ་བཀྲག་མེད་དོ། །སྒོ་བཞི་དབང་ཆེན་སྡེ་བཞི་སྟེ། །ཤར་སྒོར་སྲོག་བདག་ཚངས་པ་ལ། །ལྷོ་སྒོར་རྒྱལ་པོ་པེ་དཀར་རོ། །ནུབ་སྒོར་སྐུ་ལྷ་གསང་བ་ལ། །བྱང་སྒོར་མགོན་པོ་ནག་པོ་བསྒོམ། །ཕྱི་ཡི་ལྕགས་རི་ནག་པོ་ལ། །ལྷ་སྲིན་སྡེ་བརྒྱད་དམག་ཚོགས་བསྒོམ། །བྱང་ཤར་དཀྱིལ་འཁོར་ཆེན་པོ་རུ། །དབུས་སུ་སྟོབས་ལྡན་ནག་པོ་ལ། །ཡུམ་དུ་འབྱུང་ལྔའི་བདག་མོའོ། །ཡབ་ཡུམ་ཐུགས་ཀྱི་སྤྲུལ་པ་ལས། །དཀྱིལ་འཁོར་རྩིབས་བཞིའི་ཕྱོགས་བཞི་རུ། །ཤར་དུ་འཆི་བདག་ནག་པོ་དང་། །ཡུམ་དུ་འཆི་བདག་ནག་མོའོ། །ལྷོ་རུ་མེ་ཡི་ཁ་རླངས་ཅན། །ཡུམ་དུ་ནག་མོ་ཁྲག་འཛག་མ། །ནུབ་ཏུ་སྲིན་པོ་གསོད་བྱེད་དང་། །ཡུམ་དུ་སྲིན་མོ་གསོད་བྱེད་མ། །བྱང་དུ་གང་བ་བཟང་པོ་དང་། །ཡུམ་དུ་ཤ་ཟ་རལ་གཅིག་མའོ། །དཀྱིལ་འཁོར་བར་ཁྱམས་ཕྱོགས་མཚམས་སུ། །ཤར་དུ་མ་ཧཱ་དེ་བ་ལ། །ལྷོ་རུ་


DNG015_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་པ་ནག་པོའོ། །ནུབ་ཏུ་རྨུ་རྗེ་བཙན་པོ་ལ། །བྱང་དུ་ཀཱ་ལ་ནག་པོའོ། །སྟེང་དུ་གཟའ་བདུད་ནག་པོ་རཱ་ཧུ་ལ། །འོག་ཏུ་ཀླུ་རྒྱལ་སོག་མ་མེད། །དཀྱིལ་འཁོར་སྒོ་བཞིར་བཀའ་ཉན་བཞི། །ཤར་སྒོར་ལི་བྱིན་ཧར་ལེགས་ལ། །ལྷོ་སྒོར་ཁུ་ལེ་ལག་དགུའོ། །ནུབ་སྒོར་རྡོ་རྗེ་ལེགས་པ་ལ། །བྱང་དུ་ཡམ་ཤུད་དམར་པོའོ། །ལྷོ་ནུབ་མཚམས་ཀྱི་དཀྱིལ་འཁོར་དུ། །རིག་འཛིན་དཀྱིལ་འཁོར་བསྒོམ་པ་ནི། །དབུས་སུ་ཆེ་མཆོག་རིག་འཛིན་ལ། །ཤར་དུ་ཡང་དག་རིག་འཛིན་ནོ། །ལྷོ་རུ་འཇམ་དཔལ་རིག་འཛིན་ལ། །ནུབ་ཏུ་པདྨ་རིག་འཛིན་ལ། །བྱང་དུ་ཕུར་པའི་རིག་འཛིན་ནོ། །དཀྱིལ་འཁོར་བར་ཁྱམས་ཕྱོགས་བཞི་རུ། །ཤར་དུ་ལྷུན་གྲུབ་རིག་འཛིན་ལ། །ལྷོ་རུ་ཕྱག་རྒྱའི་རིག་འཛིན་ནོ། །ནུབ་ཏུ་ཚེ་ཡི་རིག་འཛིན་ལ། །བྱང་དུ་རིགས་ཀྱི་རིག་འཛིན་ནོ། །སྒོ་བཞིར་རྡོ་རྗེ་སློབ་དཔོན་བཞི། །ཤར་དུ་དམ་ཚིག་དབང་གི་སློབ་དཔོན་ལ། །ལྷོ་རུ་མན་ངག་ལུང་གི་སློབ་དཔོན་ལ། །ནུབ་ཏུ་ཤེས་རབ་རྒྱུད་ཀྱི་སློབ་དཔོན་ཏེ། །བྱང་དུ་ཉམས་ཆག་སྐོང་བའི་སློབ་དཔོན་ནོ། །ཕྱི་ཡི་ལྕགས་རི་ནག་པོ་ལ། །དཔའ་བོ་དཔའ་མོ་མཁའ་འགྲོ་རྣམས། །བཀའ་སྲུང་དག་ཏུ་འཁོད་པའོ། །དཀྱིལ་འཁོར་ཕྱི་ཡི་བར་ཁྱམས་ལ། །དབང་ཕྱུག་ཉི་ཤུ་རྩ་བརྒྱད་དགོད། །ཤར་དུ་མི་སྲིང་ཚངས་མ་དང་། །འཁྲུག་མོ་དམར་མོ་ཞེས་བྱ་དང་། །འཇུག་སྲེད་གཞོན་ནུ་མ་རྣམས་སོ། །ལྷོ་རུ་དམར་མོ་དབང་སྡུད་མ། །ཞི་བ་བེ་ཅོན་སྲིན་མོ་དང་། །ཟ་བ་མོ་རྣམས་བསྐྱེད་པར་བྱེད། །ནུབ་ཏུ་དགའ་མ་ང་རོ་མ། །གཅིག་པུ་མ་དང་ཡིད་འཕྲོག་མ། །གྲུབ་པ་མོ་དང་རླུང་མོའོ། །བྱང་དུ་གསོད་བྱེད་མེ་མོ་དང་། །ཕག་མོ་དང་ནི་རྒན་བྱེད་མ། །སྣ་ཆེན་མོ་དང་ཆུ་ལྷ་མོ། །སྒོ་བཞིར་དབང་ཕྱུག་སྒོ་མ་བཞི། །ཤར་སྒོར་ནག་མོ་ལྕགས་ཀྱུ་མ། །ལྷོ་སྒོར་ར་རུ་ཞགས་པ་མ། །ནུབ་སྒོར་བུམ་སྣ་ལྕགས་སྒྲོག་མ། །བྱང་སྒོར་གསུས་འཛིན་དྲིལ་བུ་མའོ། །ཕྱི་ཡི་


DNG015_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ཡུག་རྒྱ་མཚོ་ལ། །མཁའ་འགྲོ་ཆེན་མོ་སུམ་ཅུ་རྩ་གཉིས་དང་། །ས་བདག་སུམ་ཅུ་རྩ་གཉིས་དང་། །གིང་ཆེན་བཅོ་བརྒྱད་ལང་ཀ་དང་། །མ་བདུན་སྲིང་བཞི་འབར་མ་བརྒྱད། །ཕོ་ཉ་དྲུག་ཅུ་རྩ་བཞི་དང་། །འབུམ་ཕྲག་ཡངས་པའི་མཁའ་འགྲོ་མའོ། །དེ་ལྟར་ལྷ་ཚོགས་ཐམས་ཅད་ནི། །སྐུ་མདོག་ཕྱག་མཚན་ལྡན་པར་བསྒོམ། །བསྐྱེད་དང་མཐར་ཕྱིན་བྱ་བའི་ཕྱིར། །སོ་སོའི་རྩ་བའི་སྔགས་ལས་བསྐྱེད། །ཅེས་གསུངས་སོ། །ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ།། །།དེ་ནས་ཡང་དག་ངེས་གསུངས་པ། །རང་བཞིན་དཀྱིལ་འཁོར་བསྒྲུབ་པ་ནི། །འོག་མིན་ཆོས་དབྱིངས་ཕོ་བྲང་ནས། །ཕོ་བྲང་ཡེ་ཤེས་དགུར་གནས་པ། །དམ་ཚིག་དཀྱིལ་འཁོར་ཆེན་པོ་རུ། །རང་བཞིན་གནས་ནས་སྤྱན་དྲངས་ཏེ། །ཆོས་སྐུ་དམིགས་མེད་ངང་ལས་ནི། །ལོངས་སྤྱོད་རྫོགས་པའི་སྐུར་གནས་ནས། །དམ་ཚིག་དཀྱིལ་འཁོར་གནས་ཆེན་དུ། །གཉིས་སུ་མེད་པར་བརྟན་བཞུགས་ལ། །དམ་ཚིག་ཡེ་ཤེས་གཉིས་མེད་བསྡིམ། །མི་གཡོ་བརྟན་པར་བཞུགས་སུ་གསོལ། །ཡེ་ཤེས་དཀྱིལ་འཁོར་བརྟན་པར་བྱ། །གཉིས་སུ་མེད་པའི་ཚུལ་གྱིས་ནི། །གཞལ་ཡས་སོ་སོའི་སྒོ་བཞི་བྱ་ཡང་ནས། །གཉིས་མེད་དབྱིངས་སུ་ཕྱག་ཀྱང་འཚལ། །དེ་ནས་མཆོད་པའི་རིམ་པ་ནི། །ཕྱག་རྒྱ་གར་གྱི་མཆོད་པ་དང་། །འདོད་ཡོན་ཕྱི་ཡི་མཆོད་པ་དང་། །དམ་རྫས་ནང་གི་མཆོད་པ་དང་། །བདུད་རྩི་སྨན་གྱི་མཆོད་པ་དང་། །རཀྟ་དམར་གྱི་མཆོད་པ་དང་། །རྨད་བྱུང་གཏོར་མའི་མཆོད་པ་དང་། །ཟབ་མོ་སྦྱོར་སྒྲོལ་མཆོད་པ་རྣམས། །དཀྱིལ་འཁོར་དགུ་ཡི་ལྷ་ལ་མཆོད། །བཤགས་པ་བྱ་ཞིང་བསྟོད་པ་བྱ། །གཉིས་སུ་མེད་པའི་བཟླས་པ་བྱ། །ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ། ཨོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ་ཕཊ། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུཾ་ཕཊ། ཨོཾ་པདྨནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུཾ་ཕཊ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཾ་བཾ་ཧཱུཾ་ཕཊ། ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་གུ་ཧྱ་ཛྙཱ་ན་ཀྲོ་དྷཱི་ཤྭ་རཱི་


DNG015_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

སྟྭཾ་མ་མ་ཡོ་གི་ནཱི་རུ་ལུ་རུ་ལུ་བྷྱོ་ཧཱུཾ་ཕཊ། ཨོཾ་ཀཱ་ལ་རཱུ་པ་ཧཱུཾ་ཕཊ། ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱན་ཧཱུཾ་ཕཊ། ཨོཾ་བཛྲ་སརྦ་དུཥྚཱན་ཧཱུཾ་ཕཊ། ཨོཾ་བཛྲ་གུ་རུ་སརྦ་སིདྡྷི་ཧཱུཾ་ཕཊ། དབུས་སུ་སྤྲོ་བསྡུ་བྱེད་པའི་ཚེ། །ཆེ་མཆོག་ལྷ་ཚོགས་ཐུགས་ཀ་ནས། །སྔགས་ཀྱི་འོད་ཟེར་སྤྲོ་བསྡུ་བྱ། །ཤར་དུ་སྤྲོ་བསྡུ་བྱེད་པའི་ཚེ། །ཡང་དག་ལྷ་ཚོགས་ཐུགས་ཀ་ནས། །སྔགས་ཀྱི་འོད་ཟེར་སྤྲོ་བསྡུ་བྱ། །ལྷོ་རུ་སྤྲོ་བསྡུ་བྱེད་པའི་ཚེ། །གཤིན་རྗེའི་ལྷ་ཚོགས་ཐུགས་ཀ་ནས། །སྔགས་ཀྱི་འོད་ཟེར་སྤྲོ་བསྡུ་བྱ། །ནུབ་ཏུ་སྤྲོ་བསྡུ་བྱེད་པའི་ཚེ། །དབང་ཆེན་ལྷ་ཚོགས་ཐུགས་ཀར་བྱ། །བྱང་དུ་སྤྲོ་བསྡུ་བྱེད་པའི་ཚེ། །ཕུར་པའི་ལྷ་ཚོགས་ཐུགས་ཀར་བྱ། །ཤར་ལྷོར་སྤྲོ་བསྡུ་བྱེད་པའི་ཚེ། །མ་མོའི་ལྷ་ཚོགས་ཐུགས་ཀར་བྱ། །ལྷོ་ནུབ་སྤྲོ་བསྡུ་བྱེད་པའི་ཚེ། །རིག་འཛིན་ལྷ་ཚོགས་ཐུགས་ཀར་བྱ། །ནུབ་བྱང་སྤྲོ་བསྡུ་བྱེད་པའི་ཚེ། །དྲེགས་འདུལ་ལྷ་ཚོགས་ཐུགས་ཀར་བྱ། །བྱང་ཤར་སྤྲོ་བསྡུ་བྱེད་པའི་ཚེ། །སྟོབས་ལྡན་ནག་པོ་ཡབ་ཡུམ་གྱི། །ཐུགས་ཀར་སྔགས་ཀྱི་སྤྲོ་བསྡུ་བྱ། །བསྙེན་བསྒྲུབ་ལོ་ཟླ་ཞག་སོགས་བསྒྲུབ། །རྟགས་དང་མཚན་མ་བྱུང་བ་དང་། །དངོས་གྲུབ་རིམ་གྱིས་བླང་བར་བྱ། །དུས་བཞིར་ཚོགས་དང་གཏོར་མ་གཏོང་། །ལྷག་མ་གཏོང་ཞིང་བརྟན་མ་བསྐྱོང་། །དཀྱིལ་འཁོར་བསྡུ་ཞིང་སྨོན་ལམ་གདབ། །ཕྲིན་ལས་ལས་ཀྱི་ཁ་ཚར་རྣམས། །གང་འདོད་བྱ་བ་བསྒྲུབ་པར་གསུངས། །ཞེས་གསུངས་སོ། །རང་བཞིན་གྱི་དཀྱིལ་འཁོར་སྒྲུབ་པའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པའོ།། །།ཁྲོ་བོའི་དཀྱིལ་འཁོར་གསུམ་གྱི་སྐབས་ཏེ་བཞི་པའོ།། །།དེ་ནས་སྤྱི་དཔལ་ཀུན་བཟང་ཧེ་རུ་ཀ་ལ། འཁོར་གྱི་རིག་འཛིན་རྣམས་ཀྱིས་ཞུས་པ། ཨེ་མ་ཧོ་སྤྱི་དཔལ་ཧེ་རུ་ཀ །གསང་སྔགས་ཞི་ཁྲོ་རྒྱ་མཚོ་ཡི། །སྔགས་ཀྱི་བྱེ་བྲག་བཤད་དུ་གསོལ། །དེ་སྐད་གསོལ་པ་གསན་ནས་ཀྱང་། །སྤྱི་དཔལ་ཆེན་པོས་བཀའ་སྩལ་པ། །ཉོན་ཅིག་འདུས་པའི་འཁོར་ཚོགས་རྣམས། །རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་


DNG015_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི། །སྔགས་ཀྱི་རིམ་པ་བསྟན་པ་ནི། །ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཙིཏྟ་ཨོཾ། ཨ་ཨ་ཨ། བཛྲཱི་བྷ་དྲ་ས་མནྟ་ཨོཾ། ཀུན་བཟང་ཡབ་ཡུམ་རྩ་བའི་སྔགས། ཨོཾ་ཛི་ན་ཛིཀ་ཧཱུཾ་བཛྲ་དྷྲིཀ །ས་རཏྣ་དྷྲིཀ །ཨཾ་ཨ་རོ་ལིཀ །ཧ་པྲཛྙཱ་དྷྲིཀ །རིགས་ལྔ་ཡབ་ཀྱི་རྩ་བའི་སྔགས། ལཾ་ཏེ་ཤྭ་ར་ཏཱི། མཱཾ་དྷཱ་ཏྟཱི་ཤྭ་ར་ཏཱི། མཾ་མོ་ཧ་ར་ཏི། པཾ་རཱ་ག་ཏི། ཏཾ་བཛྲ་ར་ཏི། རིགས་ལྔའི་ཡུམ་ལྔའི་རྩ་བའི་སྔགས་སོ། །ཀྵྀ་ཧི་རཱ་ཛ་ཡ། ཏྲཾ་ཨཱ་གར་བྷ་བ་ཡ། ཧྲི་པདྨ་པྲ་ད་མ། ཧྜི ་ཀུ་རུ་པཱ་ཎི་ཧྲིཾ།མཻ་དྷ་རཱ་ཡ་སྭཱ་ཧཱ། ་ནིསྶ་རམ་བྷཱ་ཡ་སྭཱ་ཧཱ། ཧཱུཾ་སྭ་རཱ་ཛ་ཡ་སྭཱ་ཧཱ། མུཾ་ཤྲཱི་ཨཾ་རཱ་གཱ་ཡ་སྭཱ་ཧཱ། སེམས་དཔའ་བརྒྱད་ཀྱི་རྩ་བའི་སྔགས། ཧཱུཾ་ལཱ་སྱ་ས་མ་ཡ་སྟྭཾ། ཏྲཾ་མཱ་ལྱེ་ས་མ་ས་སྟྭཾ། ཧྲི་གཱིར་ཏི་ར་གོ་ཧ། ཨ་ནིར་ཏི་རཱ་ག་ས་མ་ཡཱ་མི། ཛཿདྷཱུ་པེ་པྲ་བེ་ཤ །ཧཱུཾ་པུཥ྇་ཨཱ་བེ་ཤ །བཾ་དཱི་པ་སུ་གི་རི། ཧོཿགྷནྡྷེ་ཙིཏྟ། སེམས་མ་བརྒྱད་ཀྱི་རྩ་བའི་སྔགས། ཨོཾ་མུ་ནེ་ཀྲིཾ་སྭཱ་ཧཱ། ཨོཾ་མུ་ནེ་སྲུཾ་སྭཱ་ཧཱ། ཨོཾ་མུ་ནི་ཧཱུཾ་ཏྲུཾ་སྭཱ་ཧཱ། ཨོཾ་སུ་ནེ་བྲཾ་སྭཱ་ཧཱ། ཨོཾ་མུ་ནེ་ཀྵཾ་སྭཱ་ཧཱ། ཨོཾ་མུ་ནེ་ཡེ་སྭཱ་ཧཱ། ཐུབ་པ་དྲུག་གི་རྩ་བའི་སྔགས་སོ། །ཨོཾ་ཡ་མན་ཏ་ཀྲྀཏ་ཕཊ། ཨོཾ་པྲཛྙཱནྟ་ཀྲྀཏ་ཕཊ།ཨོཾ་པདྨཱནྟ་ཀྲྀཏ་ཕཊ། ཨོཾ་བིགྷྣཱཾནྟ་ཀྲྀཏ་ཕཊ། ཨོཾ་མ་ཧཱ་བཛྲ་དྷ་ར་མ་ཧཱ་ཀྲོ་ཏཱི་ཤྭ་རཱི་ཛྭ་ལ་ནཱི་ཧཱུཾ་ཕཊ། ཨོཾ་མ་ཧཱ་པདྨ་དྷ་ར་མ་ཧཱ་ཀྲོ་ཏཱི་ཤྭ་རཱི་ཛྭ་ལ་ནཱི་ཧཱུཾ་ཕཊ། ཨོཾ་པདྨ་དྷ་ར་མ་ཧཱ་ཀྲོ་ཏཱི་ཤྭ་རཱི་ཛྭ་ལ་ནཱི་ཧཱུཾ་ཕཊ། ཨོཾ་མ་ཧཱ་ཀརྨ་དྷ་ར་མ་ཧཱ་ཀྲོ་ཏཱི་ཤྭ་རཱི་ཛྭ་ལ་ནཱི་ཧཱུཾ་ཕཊ། སྒོ་བ་ཡབ་ཡུམ་སྔགས་སོ། །རྡོ་རྗེ་དབྱིངས་ཀྱི་སྔགས་ཀྱི་ལེའུ་སྟེ་ཉི་ཤུ་རྩ་ལྔ་པའོ།། །།ཆེ་མཆོག་ཡོན་ཏན་གྱི་ལྷ་ཚོགས་ཀྱི་སྔགས་བཤད་པ། ཨོཾ་ཤྲཱི་མ་ཧཱ་ཀྲོ་དྷ་ཧཱུཾ་ཕཊ། ཨོཾ་མ་ཧཱ་ཀྲོ་ཏཱི་ཤྭ་རཱི་ཧཱུཾ་ཕཊ། ཆེ་མཆོག་ཧེ་རུ་ཀ་ཡབ་ཡུམ་རྩ་བའི་སྔགས་སོ། །ཨོཾ་ཤྲཱི་མ་ཧཱ་རཀྴ་ཧེ་རུ་ཀ་ཧཱུཾ་ཕཊ། ཨོཾ་ཤྲཱི་མ་ཧཱ་གྷུ་ཧྱ་ཧེ་རུ་ཀ་ཧཱུཾ་ཕཊ། ཨོཾ་ཤྲཱི་མ་ཧཱ་བི་ཤྭ་ཧེ་རུ་ཀ་ཧཱུཾ་ཕཊ། ཨོཾ་ཤྲཱི་མ་ཧཱ་ཡག་ཤ་ཧེ་རུ་ཀ་ཧཱུཾ་ཕཊ།


DNG015_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་བཞི་ཡབ་ཀྱི་རྩ་བའི་སྔགས་སོ། །ཨོཾ་རཀྴ་ཀྲོ་དྷཱི་ཤྭ་རཱི་ཧཱུཾ་ཕཊ། ཨོཾ་གྷུ་ཧྱ་ཀྲོ་དྷཱི་ཤྭ་རཱི་ཧཱུཾ་ཕཊ། ཨོཾ་བི་ཤྭ་ཀྲོ་དྷཱི་ཤྭ་རཱི་ཧཱུཾ་ཕཊ། ཨོཾ་ཡཀ་ཤ་ཀྲོ་དྷཱི་ཤྭ་རཱི་ཧཱུཾ་ཕཊ། རིགས་བཞི་ཡུམ་གྱི་རྩ་བའི་སྔགས་སོ། །ཨོཾ་མ་ཧཱ་ཀྲོ་དྷ་གར་ཛ་གར་ཛ་ཧཱུཾ་ཕཊ། ཨོཾ་མ་ཧཱ་ཀྲོ་དྷ་ཧ་ན་ཧ་ན་ཧཱུཾ་ཕཊ། ཨོཾ་མ་ཧཱ་ཀྲོ་དྷ་ད་ཧ་ད་ཧ་ཧཱུཾ་ཕཊ། ཨོཾ་མ་ཧཱ་ཀྲོ་དྷ་པ་ཙ་པ་ཙ་ཧཱུཾ་ཕཊ། ཨོཾ་མ་ཧཱ་ཀྲོ་དྷ་བནྡྷ་བནྡྷ་ཧཱུཾ་ཕཊ། ཨོཾ་མ་ཧཱ་ཀྲོ་དྷ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཨོཾ་མ་ཧཱ་ཀྲོ་དྷ་ཏིཥྛ་ཏིཥྛ་ཧཱུཾ་ཕཊ། ཨོཾ་མ་ཧཱ་ཀྲོ་དྷ་ཚིནྡ་ཚིནྡ་ཧཱུཾ་ཕཊ། ཨོཾ་མ་ཧཱ་ཀྲོ་དྷ་བྷིནྡ་བྷིནྡ་ཧཱུཾ་ཕཊ། ཨོཾ་མ་ཧཱ་ཀྲོ་དྷ་སྥོ་ཊ་སྥོ་ཊ་ཧཱུཾ་ཕཊ། དྲེགས་པ་འདུལ་བ་ཁྲོ་བོ་བཅུའི་རྩ་བའི་སྔགས་སོ། །ཨོཾ་མ་ཧཱ་ཀྲོ་དྷ་ཡ་མཱན་ཏ་ཀྲྀཏ་ཧཱུཾ་ཕཊ།ཨོཾ་མ་ཧཱ་ཀྲོ་དྷ་པྲཛྙཱནྟ་ཀྲྀཏ་ཧཱུཾ་ཕཊ། ཨོཾ་མ་ཧཱ་ཀྲོ་དྷ་པདྨནྟ་ཀྲྀཏ་ཧཱུཾ་ཕཊ། ཨོཾ་བིགྷྣཱནྟ་ཀྲྀཏ་ཧཱུཾ་ཕཊ། ཏ་ཀྲྀཏ་སྒོ་བ་བཞིའི་རྩ་བའི་སྔགས་སོ། །ཆེ་མཆོག་ཡོན་ཏན་གྱི་ལྷ་ཚོགས་ཀྱི་རྩ་སྔགས་ཀྱི་ལེའུ་སྟེ་ཉི་ཤུ་རྩ་དྲུག་པའོ།། །།ཡང་དག་ཐུགས་ཀྱི་ལྷ་ཚོགས་ཀྱི་རྩ་སྔགས་བཤད་པ་ནི། ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷཱི་ཤྭ་རཱི་ཧཱུཾ་ཕཊ། བཛྲ་ཧེ་རུ་ཀ་ཡབ་ཡུམ་རྩ་བའི་སྔགས་སོ། །ཨོཾ་བུདྡྷཱ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ། ཨོཾ་རཏྣ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ། ཨོཾ་པདྨ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ། ཨོཾ་ཀརྨཱ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ། རིགས་བཞི་ཁྲག་འཐུང་རྩ་བའི་སྔགས་སོ། །ཨོཾ་བུཌྜྷ་ཀྲོ་དྷཱི་ཤྭ་རཱི་ཧཱུཾ་ཕཊ། ཨོཾ་རཏྣ་ཀྲོ་དྷཱི་ཤྭ་རཱི་ཧཱུཾ་ཕཊ། ཨོཾ་པདྨ་ཀྲོ་དྷཱི་ཤྭ་རཱི་ཧཱུཾ་ཕཊ། ཨོཾ་ཀརྨ་ཀྲོ་དྷཱི་ཤྭ་རཱི་ཧཱུཾ་ཕཊ། ཁྲག་འཐུང་ཡུམ་བཞི་རྩ་བའི་སྔགས་སོ། །ཨོཾ་བཛྲ་གཽ་རཱི་ཧཱུཾ་ཕཊ། ཨོཾ་བཛྲ་ཙཽ་རཱི་ཧཱུཾ་ཕཊ། ཨོཾ་བཛྲ་པྲ་མོ་ཧཱ་ཧཱུཾ་ཕཊ། ཨོཾ་བཛྲ་བཻ་ཏ་ལཱི་ཧཱུཾ་ཕཊ། ཨོཾ་བཛྲ་པུཀྐ་སཱི་ཧཱུཾ་ཕཊ། ཨོཾ་བཛྲ་གྷས་མ་རཱི་ཧཱུཾ་ཕཊ།ཨོཾ་བཛྲ་སྨ་ཤ་ནཱི་ཧཱུཾ་ཕཊ། ཨོཾ་བཛྲ་ཙནྜ་ལཱི་ཧཱུཾ་ཕཊ། གཽ་རཱི་བརྒྱད་ཀྱི་རྩ་བའི་སྔགས་སོ། །ཨོཾ་བཛྲ་སེང་ཧ་མུ་ཁཱི་ཧཱུཾ་ཕཊ། ཨོཾ་བཛྲ་བྱཱ་གྷྲ་མུ་ཁཱི་ཧཱུཾ་ཕཊ། ཨོཾ་བཛྲ་ཤྲཱི་གཱ་ལ་མུ་ཁཱི་ཧཱུཾ་ཕཊ། ཨོཾ་བཛྲ་ཤྭ་ནཱ་མུ་ཁཱི་ཧཱུཾ་ཕཊ། ཨོཾ་བཛྲ་གྲྀཌྜྷ་མུ་ཁཱི་ཧཱུཾ་ཕཊ། ཨོཾ་བཛྲ་ཀང་ཀ་མུ་ཁཱི་ཧཱུཾ་ཕཊ། ཨོཾ་བཛྲ་ཀཱ་ཀ་མུ་ཁཱི་ཧཱུཾ་ཕཊ། ཨོཾ་བཛྲ་ཨུ་ལཱུ་ཀ་མུ་ཁཱི་ཧཱུཾ་ཕཊ། ཕྲ་མེན་བརྒྱད་ཀྱི་རྩ་བའི་སྔགས་སོ། །ཨོཾ་བཛྲ་ཨཱརྱ་ཏེ་ཛ་ཏིང་ཛཿ། ཨོཾ་བཛྲ་ཨ་མུ་ཁེ་ཧཱུཾ། ཨོཾ་བཛྲ་ལོ་ཀ་བཾ། ཨོཾ་བཛྲ་བྷསྨི་ན་པ་ལ་ཡ་བ་ཏུ་ཧོ། སྒོ་བ་བཞིའི་རྩ་བའི་སྔགས་སོ། །


DNG015_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་ཐུགས་ཀྱི་རྩ་བའི་སྔགས་ཀྱི་ལེའུ་སྟེ་ཉི་ཤུ་རྩ་བདུན་པའོ།། །།དེ་ནས་འཇམ་དཔལ་སྐུའི་ལྷ་ཚོགས་ཀྱི་སྔགས་བཤད་པ། ཨོཾ་ཨ་ཀྲོ་ཏེ་ཀ་ཧཱུཾ་ཕཊ། ཨོཾ་བེ་ཏ་ལཱི་རཀྴ་མཉྫུ་ཧཱུཾ་བྷྱོ་ཧཱུཾ། ཨོཾ་ཨེ་ཀ་ཛ་ཊཱི་ཏྲག་རག་ཤ་མུ་ཏྲ། སྙིང་ཁ་རཀ །རུ་ལུ་རུ་ལུ་བྷྱོ། འཇམ་དཔལ་གཤིན་རྗེ་གཤེད་པོ་ཡབ་ཡུམ་རྩ་བའི་སྔགས་སོ། །ཨོཾ་ཡ་མ་རཱ་ཛ་ཏི་ཐ་ལི་ཧཱུཾ་ཕཊ། ཨོཾ་ཡ་མ་རཱ་ཛ་པྲེ་ཏ་བྱི་ཏྲི་ཏི་བཾ་མ་ར་ཏ་ཀ་ཧཱུཾ་ཕཊ། ཨོཾ་ཡ་མ་རཱ་ཛ་པྲེ་ཏེ་ཛྭ་ལ་ཧཱུཾ་ཕཊ། ཨོཾ་ཡ་མ་རཱ་ཛ་ཀ་མ་ཀྴེ་པྲེ་ཏོ་ཀ་ཧཱུཾ་ཕཊ། གཤེད་བཞི་ཡབ་ཀྱི་རྩ་བའི་སྔགས་སོ། །ཨོཾ་རག་མོ་རག་མོ་སྙིང་རྩ་ཤ་ལ་མ་བྷྱོ། ཨོཾ་རག་མོ་རག་མོ་ཁྲག་ལ་མུ་ཤ་མ་བྷྱོ། ཨོཾ་རག་མོ་རག་མོ་ཏིང་ལཾ་མ་བྷྱོ། ཨོཾ་རག་མོ་རག་མོ་ཏིང་ཏིང་ཀ་ལ་མ་བྷྱོ། གཤེད་བཞི་སྦྱོར་བ་ཡུམ་གྱི་སྔགས་སོ། །ཨོཾ་ཏེ་ན་ཏེ་བྱིང་ཧཱུཾ། ཨོཾ་ཡ་མ་ན་དེ་བྱི་ཧཱུཾ། ཨོཾ་ཡ་མ་ན་ག་ཏེ་བྱི་ཧཱུཾ།ཨོཾ་ཁ་རག་དི་བྱི་ཧཱུཾ། གཤེད་བཞི་སྒྲོལ་པ་ཡུམ་གྱི་སྔགས་སོ། །ཨོཾ་ཡ་མ་བཛྲ་ཀྲོ་ཏ་རག་ཤ་ཧཱུཾ་ཕཊ། ཨོཾ་ཡ་མ་ཤྲཱི་ཏི་ཧཱུཾ་ཕཊ། ཨོཾ་ཡ་མ་མ་ཧཱ་པ་ཏ་ཧཱུཾ་ཕཊ། ཨོཾ་ཡ་མ་ཧྲི་ཀུ་རུ་ཧཱུཾ་ཕཊ། ཨོཾ་ཡ་མ་པ་ཏི་ཧཱུཾ་ཕཊ། ཨོཾ་ཡ་མ་ཨཱརྱ་ད་ར་ཧཱུཾ་ཕཊ། ཨོཾ་ཡ་མ་རག་ཤ་ཧཱུཾ་ཕཊ། ཨོཾ་ཡ་མ་སརྦ་པ་ཏ་ཧཱུཾ་ཕཊ། ཨོཾ་ཡ་མ་ཨ་སྨྲི་རམ་ཧཱུཾ་ཕཊ། ཨོཾ་མ་དན་རི་ཙ་ཧཱུཾ་ཕཊ། ཨོཾ་ཡ་མ་དེ་བ་རཾ་ཧཱུཾ་ཕཊ། ཨོཾ་ཡ་མ་ཧྲི་དི་བཾ་ཧཱུཾ་ཕཊ།ཕྱོགས་སྐྱོང་བཅུ་གཉིས་རྩ་བའི་སྔགས་སོ། །ཨོཾ་མ་མ་རུ་ལུ་རུ་ལུ་བྷྱོ། ཨོཾ་རག་མོ་རག་ཤ་རུ་ལུ་བྷྱོ། ཨོཾ་ཡག་མོ་རུ་ལུ་བྷྱོ། ཨོཾ་ཡ་མ་རག་ཤ་ཧྲི་ཏི་སྙིང་རུ་ལུ་བྷྱོ། ཨོཾ་མ་མ་རག་ཤ་རུ་ལུ་བྷྱོ། ཨོཾ་རག་མོ་ཏ་ན་རུ་ལུ་བྷྱོ། ཨོཾ་མ་མ་ནཱ་ག་རུ་ལུ་བྷྱོ། ཨོཾ་བ་ཡ་དེ་བ་རུ་ལུ་བྷྱོ། ཨོཾ་ཡག་མོ་རུ་ལུ་རུ་ལུ་བྷྱོ། ཨོཾ་མ་མ་བཛྲ་རུ་ལུ་བྷྱོ། ཨོཾ་ཨེ་ཀ་རག་མོ་རུ་ལུ་བྷྱོ། ཨོཾ་ཀ་ལཱི་རཀ་མོ་རུ་ལུ་བྷྱོ། ཕྱོགས་སྐྱོང་ཡབ་ཡུམ་རྩ་བའི་སྔགས་སོ། །ཨོཾ་ཡ་མ་ཨ་ཀུ་ཤ་ཛཿ། ཨོཾ་ཡ་མ་པཱ་ཤ་ཧཱུཾ། ཨོཾ་ཡ་མ་སྥོ་ཊ་བཾ། ཨོཾ་ཡ་མ་གྷཎྜ་ཧོཿ། གཤིན་རྗེ་སྒོ་བ་བཞིའི་སྔགས་སོ། །འཇམ་དཔལ་སྐུའི་ལྷ་ཚོགས་ཀྱི་རྩ་བའི་སྔགས་


DNG015_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་བརྒྱད་པའོ།། །།པདྨ་གསུང་གི་ལྷ་ཚོགས་ཀྱི་སྔགས་བསྟན་པ། ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཨོཾ་ཨེ་ཀ་ཛ་ཊཱི། གུ་ཧྱ་ཡ་སིདྡྷི་ས་མ་ཡ་བྷྱོཿཛ། ཨོཾ་བཛྲ་ཀྲོ་དྷ་པ་ཙ་ལ་མུ་ཁ་ཧཱུཾ་ཛ། ཨོཾ་བཛྲ་པག་ཤུ་ཏ་མུ་ཁ་ཧཱུཾ་ཛ། པདྨ་དབང་ཆེན་ཡབ་ཡུམ་སྲས་དང་ལྷ་བཞིའི་སྔགས། ཨོཾ་པདྨ་ཀྲོ་ཏ་ཧ་ན་ཧ་ན་ཧཱུཾ་ཕཊ། ཨོཾ་བཛྲ་མ་ཧཱ་ཀྲོ་ཏ་ད་ཧ་ད་ཧ་ཧཱུཾ་ཕཊ། ཨོཾ་པདྨ་ཀྲོ་ཏ་པ་ཙ་པ་ཙ་ཧཱུཾ་ཕཊ། ཨོཾ་པདྨ་ཀྲོ་ཏ་བྷིནྡ་བྷིནྡ་ཧཱུཾ་ཕཊ། ཨོཾ་པདྨ་ཀྲོ་ཏ་བནྡྷ་བནྡྷ་ཧཱུཾ་ཕཊ། ཨོཾ་པདྨ་ཀྲོ་ཏ་ཚིནྡ་ཚིནྡ་ཧཱུཾ་ཕཊ། ཨོཾ་པདྨ་ཀྲོ་ཏ་གརྫ་གརྫ་ཧཱུཾ་ཕཊ། ཨོཾ་པདྨ་ཀྲོ་ཏ་སྥོ་ཊ་སྥོ་ཊ་ཧཱུཾ་ཕཊ། ཟིལ་གནོན་ཁྲོ་བོ་བརྒྱད་ཀྱི་སྔགས་སོ། །ཨོཾ་གུ་ཧྱ་ཀྲོ་དྷཱི་ཧཱུཾ། ཨོཾ་ཛྙཱ་ན་ཀྲོ་དྷཱི་ཧཱུཾ། ཨོཾ་རཱ་ག་ཀྲོ་དྷཱི་ཧཱུཾ། ཨོཾ་ཙི་ཏ་ཀྲོ་དྷཱི་ཧཱུཾ། ཨོཾ་བཛྲ་ཀྲོ་དྷཱི་ཧཱུཾ། ཨོཾ་ཡ་མ་ཀྲོ་དྷཱི་ཧཱུཾ། ཨོཾ་ནཱ་ག་ཀྲོ་དྷཱི་ཧཱུཾ། ཨོཾ་ཡག་མོ་ཀྲོ་དྷཱི་ཧཱུཾ། ཟིལ་གནོན་ཁྲོ་མོ་བརྒྱད་ཀྱི་སྔགས་སོ། །ཤྲཱི་བཛྲ་ཨཾ་ཀུ་ཤ་ཛཿ། ཧྲཱྀཿབཛྲ་པཱ་ཤ་ཧཱུཾ། ཧྲཱྀཿབཛྲ་སྥོ་ཊ་བཾ། ཧྲཱྀཿབཛྲ་གྷཎྜ་ཧོཿ།) དབང་ཆེན་སྒོ་བ་བཞིའི་སྔགས་སོ། །དབང་ཆེན་ལྷ་ཚོགས་རྩ་སྔགས་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་དགུ་པའོ།། །།ཕུར་པ་ཕྲིན་ལས་ཀྱི་སྔགས་བཤད་པ། ཨོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་ཤྲཱི་ཀུ་མཱ་ར་ཧཱུཾ་ཕཊ། ཨོཾ་ཏིཔྟ་ཙཀྲ་རུ་ལུ་རུ་ལུ་བྷྱོ། རྡོ་རྗེ་གཞོན་ནུ་ཡབ་ཡུམ་རྩ་བའི་སྔགས་སོ། །ཨོཾ་བུཌྜྷ་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་རཏྣ་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་པདྨ་ཀཱི་ལ་ཡ་ཧཱུཾ་ཕཊ།ཨོཾ་ཀརྨ་ཀཱི་ལ་ཡ་ཧཱུཾ་ཕཊ། སྲས་མཆོག་རིགས་བཞི་རྩ་བའི་སྔགས་སོ། །ཨོཾ་བཛྲ་ཀྲོ་དྷ་ཧཱུཾ་ཀཱ་ར་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཡ་མཱན་ཏ་ཀ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཨཱརྱ་ཨ་ཙ་ལ་ཧཱུཾ་ཕཊ།ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཨ་པ་ར་ཛི་ཏ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུཾ་ཕཊ། ཁྲོ་བོ་ཡབ་བཅུའི་རྩ་བའི་སྔགས་སོ། །ཨོཾ་བཛྲ་ཀྲོ་དྷཱི་ར་བ་


DNG015_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་ཏཱི་ཧཱུཾ། ཨོཾ་བཛྲ་ཀྲོ་དྷཱི་ལཱ་སེ་ཀི་ཧཱུཾ། ཨོཾ་བཛྲ་ཀྲོ་དྷཱི་ཎ་ན་པ་ཏཱ་ཏཱ་ཡང་ཏཱི་ཧཱུཾ། ཨཱོཾ་བཛྲ་ཀྲོ་དྷཱི་ཤྨ་ཤ་ན་བ ཨྟ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷཱི་མུ་ས་ལ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷཱི་ཙཎྜ་ལི་ཧཱུཾ། ཨོཾ་བཛྲ་ཀྲོ་དྷཱི་ས་བྱཱ་ཏི་ཧཱུཾ། ཨོཾ་བཛྲ་ཀྲོ་དྷཱི་ས་བྱཱ་མི་ཏ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷཱི་མཱ་ར་ཎ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷཱི་ཙུནྡ་ཡ་ཏཱི་ཧཱུཾ། ཁྲོ་མོ་བཅུའི་རྩ་སྔགས་སོ། །ཨོཾ་བཛྲ་སཱུ་ཀ་ར་མུ་ཁ་ཧཱུཾ། ཨོཾ་བཛྲ་བྱཱ་གྷྲ་མུ་ཁ་ཧཱུཾ། ཨོཾ་བཛྲ་ཙ་མ་ར་མུ་ཁ་ཧཱུཾ། ཨོཾ་བཛྲ་ཧ་རི་ཎ་མུ་ཁ་ཧཱུཾ། ཨོཾ་བཛྲ་དི་པཱི་མུ་ཁ་ཧཱུཾ། ཨོཾ་བཛྲ་པག་ཤུ་མུ་ཁ་ཧཱུཾ། ཨོཾ་བཛྲ་ཤྭ་ན་མུ་ཁ་ཧཱུཾ། ཨོཾ་བཛྲ་སེངྷ་མུ་ཁ་ཧཱུཾ། ཨོཾ་བཛྲ་ཏ་རཀྵུ་མུ་ཁ་ཧཱུཾ། ཨོཾ་བཛྲ་རཀྵ་མུ་ཁ་ཧཱུཾ། ཟ་བྱེད་ཕ་བཅུའི་སྔགས་སོ། །ཨོཾ་ཨུ་སི་ཀ་ཨི་ཥུ་བ་ཡང་མུ་ཁཱི་ཧཱུཾ། ཨོཾ་བཛྲ་གྲྀཌྷ་མུ་ཁཱི་ཧཱུཾ། ཨོཾ་བཛྲ་ཀཱ་ཀ་མུ་ཁཱི་ཧཱུཾ། ཨོཾ་བཛྲ་ཨུ་ལཱུ་ཀ་མུ་ཁཱི་ཧཱུཾ། ཨོཾ་བཛྲ་བཱ་ཡ་ས་མུ་ཁཱི་ཧཱུཾ། ཨོཾ་བཛྲ་པཀྵ་ཏི་མུ་ཁཱི་ཧཱུཾ། ཨོཾ་བཛྲ་པ་ཏྲཱི་མུ་ཁཱི་ཧཱུཾ། ཨོཾ་བཛྲ་ཏི་ཏཱི་ལ་མུ་ཁཱི་ཧཱུཾ། ཨོཾ་བཛྲ་ན་ཀུ་ལ་མུ་ཁཱི་ཧཱུཾ། ཨོཾ་བཛྲ་མཱུ་ཥི་ཀ་མུ་ཁཱི་ཧཱུཾ། གསོད་བྱེད་མ་བཅུའི་རྩ་བའི་སྔགས་སོ། །ཨོཾ་བཛྲ་ཡག་ཤ་ཏ་ཧཱུཾ། ཨོཾ་བཛྲ་པ་ཡ་བེ་ཧཱུཾ། ཨོཾ་བཛྲ་བ་ཡ་ཏ་ཧཱུཾ། ཨོཾ་བཛྲ་མ་ར་ཎ་ཧཱུཾ། སྒོ་བ་བཞིའི་རྩ་སྔགས་སོ། །ཕུར་པ་ཕྲིན་ལས་ཀྱི་སྔགས་ཀྱི་ལེའུ་སྟེ་སུམ་ཅུ་པའོ།། །།མ་མོ་རྦོད་གཏོང་གི་ལྷ་ཚོགས་ཀྱི་སྔགས་བཤད་པ། ཧཱུཾ་བཛྲ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཨ་ཨ། ཨོཾ་ཉི་བཞི་མུ་ཁ་ལེ་ཀྲོ་དྷཱི་ཤྭ་རཱི་བྷ་ག་པདྨ་རྒྱ། བདེ་ཀློང་འདུས་འདུས་ན་སྙིང་ཟ་ཤ་ཡུ་ཏི་ནི་ཧཱུཾ་བྷྱོ་ཛཿཛཿ། བླ་མེད་ཧེ་རུ་ཀ་ཡབ་ཡུམ་རྩ་བའི་སྔགས་སོ། །འགྲི་པ་མུ་ཧཱུཾ་ཧཱ། ཛྭ་ལ་རམ་པ་ཧ། བྷི་ཤ་སན་ཏི་ཧ། བྷི་ཡང་ཡང་ཏེ་ཧ། མ་ཧཱ་ལི་ཏེ་ཧ། རྟག་པའི་རྒྱལ་མོ་ལྔའི་རྩ་སྔགས་སོ། །ཨོཾ་བཛྲ་ཀྲོ་དྷཱི་ཤྭ་རཱི་བྷ་ག་པདྨ་རྒྱ་ཧཱུཾ་ཧཱུཾ། ཨོཾ་བཛྲ་ཤན་ཏི་པདྨ་ག་རུ་ཏི་བྷྱོ། ཨོཾ་མུ་ཏྲི་ཎི་བྷྱོ། ཨོཾ་ཤན་ཏྲི་ཎི་བྷྱོ།བ་ག་དུན་ཏྲི་ཎི་བྷྱོ། ཁ་མུན་དན་ཏྲི་ཎི་བྷྱོ། ཨོཾ་བཛྲ་སཱུརྻ་བི་ཏོ་ཨ་ཏོ་ཡེ། ཨོཾ་པདྨ་བི་ཏོ་ཨ་ཏོ་ཡེ། ཨོཾ་བཛྲ་ཁ་རག་བི་ཏོ་ཨ་ཏོ་ཡེ། ཨོཾ་བཛྲ་སྲིང་འགྲོ་བི་ཏོ་ཨ་ཏོ་ཡེ། ཨོཾ་བཛྲ་ཨ་ཀེ་མ་ཨ་ཀེ་བྷྱོ། ཨོཾ་བཛྲ་


DNG015_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

ཏ་ཀེ་མ་ཏ་ཀེ་བྷྱོ། ཨོཾ་བཛྲ་ནི་ལ་ནི་ལ་བྷྱོ། ཨོཾ་བཛྲ་ལན་ཏ་ལན་ཏ་བྷྱོ། ཡེ་ཤེས་ཀྱི་རྗེ་མོ་བཅུ་བཞིའི་རྩ་བའི་སྔགས་སོ། །ཨོཾ་བཛྲ་ཟངས་འདྲ་མུ་ར་ཤྭ། བཛྲ་ཁ་རག་སྙིང་ཁ་རག་བྷྱོ། ཏྲག་རག་ཤ་བྷྱོ།ཏྲག་རག་ཤ་མུནྟྲ་བན་ཁ་མུན་ཏྲ་བ་རག་ཤ་བྷྱོ། པྲ་ག་ར་ཏི་ཏ་བྷྱོ། པྲ་གྷི་ཝིང་གི་ཤ་བྷྱོ། བྷྱོ་ཧཱུཾ་ཀ་རི་ཀ །བ་རོ་དད་རོ་ད་ནི་ལ་ཆུ་མཾ་ཏ། ཁ་ཏིང་ཁ། ད་ལ་ཙ་ལ། པདྨ་ཙན་ད། མ་བུར་རག་ཏོ། དིང་པཾ་དིང་པཾ། ཨེ་ཨཱ་རལླི། ནུ་བྱི་རུ་ལུ་རུ་ལུ་བྷྱོ། ཏྲག་རག་ཤ་ཏྲག་ཤ་བྷྱོ། ཨ་ཏི་བྷྱོ། བྱི་ཏིཾ་བྷྱོ། བུ་ཏིང་བྷྱོ། མུ་ཏིང་བྷྱོ། ཤན་ཏིང་བྷྱོ། དུན་ཏིང་བྷྱོ། ཧར་ཏིང་བྷྱོ། གྲུབ་ཏིང་བྷྱོ། ཏི་པ་བྷྱོ། ཨ་པ་ར་ཏ་ལ་བྷྱོ། དལ་དུ་ལ་བྷྱོ། དི་ལ་མ་མ་ཡམས་བྷྱོ། སྲིད་པ་སྨན་མོའི་རྩ་སྔགས་སོ། །མ་མོ་རྦོད་གཏོང་གི་ལྷ་ཚོགས་ཀྱི་སྔགས་ཀྱི་ལེའུ་སྟེ་སུམ་ཅུ་སོ་གཅིག་པའོ།། །།དེ་ནས་སློབ་དཔོན་རིག་འཛིན་གྱི་སྔགས་བཤད་པ། ཨོཾ་བཛྲ་གུ་རུ་ཧཱུཾ། ཨོཾ་རཏྣ་གུ་རུ་ཧཱུཾ། ཨོཾ་པདྨ་གུ་རུ་ཧཱུཾ། ཨོཾ་ཀརྨ་གུ་རུ་ཧཱུཾ། ཨོཾ་བཛྲ་ཡོ་གི་ནཱི་ཧཱུཾ། ཨོཾ་རཏྣ་ཡོ་གི་ནཱི་ཧཱུཾ། ཨོཾ་པདྨ་ཡོ་གི་ནཱི་ཧཱུཾ། ཨོཾ་ཀརྨ་ཡོ་གི་ནཱི་ཧཱུཾ། རིག་འཛིན་བརྒྱད་ཀྱི་རྩ་བའི་སྔགས་སོ། །རིག་འཛིན་རྩ་སྔགས་ཀྱི་ལེའུ་སྟེ་སུམ་ཅུ་རྩ་གཉིས་པའོ།། །།དེ་ནས་འཇིག་རྟེན་གྱི་ལྷ་ཚོགས་ཀྱི་སྔགས་བཤད་པ། ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱན་ཧཱུཾ་ཕཊ། དྲེགས་པ་ཀུན་འདུལ་ཡབ་ཡུམ་གྱི་རྩ་སྔགས་སོ། །ཨོཾ་མ་ཧཱ་དེ་བ་ཨེ་ཛཿབྷྱོ། ཨུ་མ་དེ་བ་ཨེ་ཛཿབྷྱོ། ཡ་མ་ཡ་ཛཿབྷྱོ། ཡ་མན་དན་ཏི་ཡ་ཛཿབྷྱོ།དུ་ཁྲག་དུ་ཛཿབྷྱོ། དུན་ཏིང་དུ་ཛཿབྷྱོ། རཀྴ་རཱ་ཛཿབྷྱོ། རཀྨོ་ར་ཛཿབྷྱོ། ཡཀྵ་ཀྵ་ཛཿབྷྱོ། ཡག་མོ་ཀྵ་ཛཿབྷྱོ། རཱ་ཧུ་ལ་པ་ཙ་བྷྱོ། ཨ་སེ་ལ་ཨ་ཛཿབྷྱོ། ནཱ་ག་ཕུ་ཛཿབྷྱོ། ནཱ་ག་ཀྲོ་ཏཱི་ཤྭ་རཱི་ཕུ་ཛཿབྷྱོ། དེ་བ་ཨ་ཛཿབྷྱོ། ཏྲི་པ་ཤ་ལི་ཏྲི་ཛཿབྷྱོ།ཏིག་སྣ་འདྲེ་རུ་མ་རྩམ་ཛཿབྷྱོ། མ་མ་རུ་ལུ་མ་ཛཿབྷྱོ། ཨེ་ཀ་ཛ་ཏི་ཏྲག་ཛཿབྷྱོ།) དྷ་ཀི་ནི་ལ་མ་བ་བྷྱོ། རུ་ཏྲ་ནྲྀ་ཛཿབྷྱོ། ཨ་བི་ཤུ་ཀྵུ་ཛཿབྷྱོ། ཧཾ་ཤི་ཏྲི་ཛཿབྷྱོ། བི་ནཱ་ཡ་ག་ཨུ་ཛཿ


DNG015_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

བྷྱོ། ཏིར་ཐི་ཀ་ཐ་ཛཿབྷྱོ། མུན་མུན་པ་ཛཿབྷྱོ། གིང་ཀ་ར་ཏྲི་ཛཿབྷྱོ། རཱ་ཙ་ཙ་ཛཿབྷྱོ། བཛྲ་སཱ་དྷུ་ཏྲི་ཛཿབྷྱོ། མ་ཧཱ་ཀཱ་ལ་ཤྲཱི་ཛཿབྷྱོ། འཇིག་རྟེན་མཆོད་བསྟོད་ཀྱི་ལྷ་ཚོགས་ཀྱི་སྔགས་ཀྱི་ལེའུ་སྟེ་སོ་གསུམ་པའོ།། །།དེ་ནས་དམོད་པ་དྲགས་སྔགས་ཀྱི་ལྷ་ཚོགས་ཀྱི་སྔགས་བཤད་པ། ཨོཾ་བཛྲ་སརྦ་དུགྒཾན་ཧཱུཾ་ཕཊ། སྟོབས་ལྡན་ནག་པོ་ཡབ་ཡུམ་རྩ་སྔགས་སོ། །ས་མ་ཡ་ཙིཏྟ་ཧྲིཾ་ཧྲིཾ་ཛ། དུ་ཕྲག་ཏུ་ཙིཏྟ་ཧྲིཾ་ཧྲིཾ་ཛ། དུན་ཏིང་དུ་ཙིཏྟ་ཧྲིཾ་ཧྲིཾ་ཛ། རཀྴ་ཙིཏྟ་ཧྲིཾ་ཧྲིཾ་ཛ། རཀྨོ་ར་ཙིཏྟ་ཧྲིཾ་ཧྲིཾ་ཛ། ཡག་ཤ་ཀྵ་ཙིཏྟ་ཧྲིཾ་ཧྲིཾ་ཛ། ཡག་མོ་ཀྵ་ཙིཏྟ་ཧྲིཾ་ཧྲིཾ་ཛ། དེ་བ་ཨ་ཙིཏྟ་ཧྲིཾ་ཧྲིཾ་ཛ། རུ་ཏྲ་ནི་ཙིཏྟ་ཧྲིཾ་ཧྲིཾ་ཛ། མུན་པ་མུན་པ་ཙིཏྟ་ཧྲིཾ་ཧྲིཾ་ཛ། ཏི་ར་ཐི་ཀ་ཐ་ཙིཏྟ་ཧྲིཾ་ཛ་ཧྲིཾ་ཛ། རཱ་ཧུ་ལ་པ་ཙིཏྟ་ཧྲིཾ་ཧྲིཾ་ཛ། ནཱ་ག་ཕུ་ཙིཏྟ་ཧྲིཾ་ཧྲིཾ་ཛ། རཱ་ཛ་ཙ་ཙ་ཙིཏྟ་ཧྲིཾ་ཧྲིཾ་ཛ། ཧཾ་ཤ་མ་ཏྲི་ཙིཏྟ་ཧྲིཾ་ཧྲིཾ་ཛ། བཛྲ་སཱ་དྷུ་ཙིཏྟ་ཧྲིཾ་ཧྲིཾ་ཛ། ཡ་མ་ཏྲི་ཤུ་ཙིཏྟ་ཧྲིཾ་ཧྲིཾ་ཛ། དམོད་པ་དྲག་སྔགས་ཀྱི་སྔགས་ཀྱི་ལེའུ་སྟེ་སུམ་ཅུ་སོ་བཞི་པའོ།། །།དེ་ནས་དཔལ་གྱི་བཀའ་སྡོད་ཀྱི་ལྷ་ཚོགས་རྣམས་ཀྱི་རྩ་སྔགས་ལ། མ་ནུ་རཀྵ་སཱི་བྷྱོ། བྲཧྨ་ཎཱི་བྷྱོ། རོའུ་ཧྲཱྀ་བྷྱོ། པེ་ཥྞ་བེ་བྷྱོ། ཀུ་མཱ་རཱི་མ་རི་བྷྱོ། ཨིནྡྲ་ཎཱི་བྷྱོ། པིཾ་ག་ལཾ་བྷྱོ། ཨ་མྲྀ་ཏ་བྷྱོ། སོའུ་མུ་བྷྱོ། དནྜ་དཾ་བྷྱོ། རཀྵ་སཱི་བྷྱོ། བཀྵ་སཱི་བྷྱོ། ར་ཏི་བཛྲ་བྷྱོ། རུ་དྷི་རེ་མ་ཏྟཱ་བྷྱོ། ཨེ་ཀ་ཙ་རཱི་ཎཱི་བྷྱོ། མ་ནོ་ཧ་རཾ་བྷྱོ། སིདྡྷི་ཀཾ་བྷྱོ། བཱ་ཡ་བཱི་བྷྱོ། མ་ཧཱ་མཱ་ར་ཎཱ་བཛྲ་བྷྱོ། ཨ་བྷྱོ། བ་ར་ཧཱི་བྷྱོ། ཙ་མུཎྜཱི་བྷྱོ། པུ་ཏ་ནཾ་བྷྱོ། བ་རུ་ཎཾ་བྷྱོ། མ་ཧཱ་ཀཱ་ལཱི་བྷྱོ། ཙ་ཀཱ་ལ་བྷྱོ། ཀུམྦྷ་ཀརྞ་བྷྱོ།ལམྦོ་ད་ར་བྷྱོ། དབང་ཕྱུག་ཉི་ཤུ་རྩ་བརྒྱད་ཀྱི་སྔགས་སོ། །བཛྲ་ཌཱ་ཀི་ནཱི་བྷྱོ།རཏྣ་ཌཱ་ཀི་ནཱི་བྷྱོ། པདྨ་ཌཱ་ཀི་ནཱི་བྷྱོ། ཀརྨ་ཌཱ་ཀི་ནཱི་བྷྱོ། མཁའ་འགྲོ་མ་སུམ་ཅུ་རྩ་གཉིས་ཀྱི་སྔགས་སོ། །བཛྲ་ཀིངྈ་ར་བྷྱོ། རཏྣ་ཀིངྈ་ར་བྷྱོ། པདྨ་ཀིངྈ་ར་བྷྱོ།ཀརྨ་ཀིངྈ་ར་བྷྱོ། གིང་ཕོ་བཅོ་བརྒྱད་ཀྱི་སྔགས་སོ། །ཛྭ་ལ་འདི་མན་མ་ཕྱི་སོར་བཞག སཱུརྱུ་བྷྱོ། ཛྭ་ལ་ཨ་བྷྱོ། ཛྭ་ལ་ཡ་མཱ་བྷྱོ། ཛྭ་ལ་ཀྲོ་དྷཱི་བྷྱོ། ཛྭ་ལ་བྷ་རཱ་བྷྱོ། ཛྭ་ལ་ཡ་མ་ཏི་ཙྲོ་བྷྱོ། ཛྭ་ལ་ཡཀྵ་ག་རུ་ཌ་མ་བྷྱོ། ཛྭ་ལ་ཡཀྴ་བཱ་རུ་ཎཱ་བྷྱོ། འབར་མ་བརྒྱད་ཀྱི་


DNG015_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་སོ། །མ་མ་བྷྱོ། རོད་རོད་བྷྱོ། མ་མ་ནི་ལ་ཆུ་མི་ཏ་བྷྱོ། མ་མ་ཁ་ཊྭཱྃ་ག་བྷྱོ། མ་མ་དྷ་ལ་ཙ་ལ་བྷྱོ། མ་མ་པདྨ་ཙན་དྷ་བྷྱོ། མ་མ་བུ་ར་ག་ཏ་བྷྱོ། མ་མ་དེང་སཾ་དེང་སཾ་བྷྱོ། མ་མ་བདུན་གྱི་སྔགས་སོ། །མ་མ་བྷྱོ། མ་མ་བྷྱོ། མ་མ་བྷྱོ། མ་མ་བྷྱོ། སྲིང་མོ་བཞིའི་སྔགས་སོ། །བཛྲ་རཀྑ་སཱི་བྷྱོ། རཏྣ་རཀྑ་སཱི་བྷྱོ། པདྨ་རཀྑ་སཱི་བྷྱོ། ཀརྨ་རཀྑ་སཱི་བྷྱོ། ལང་ཀ་གྲུབ་པ་བཅོ་བརྒྱད་ཀྱི་སྔགས་སོ། །བཛྲ་ལས་ལ་བྷྱོ། རཏྣ་ལས་ལ་བྷྱོ། པདྨ་ལས་ལ་བྷྱོ། ཀརྨ་ལས་ལ་བྷྱོ།ཕོ་ཉ་དྲུག་ཅུ་རྩ་བཞིའི་སྔགས་སོ། །ཨིནྡྲ་མ་མ་བྷྱོ། ཨགྣི་མ་མ་བྷྱོ། ཡ་མ་མ་བྷྱོ། རག་ཤ་མ་མ་བྷྱོ། ནཱ་ག་མ་མ་བྷྱོ། བ་ཡ་བེ་མ་མ་བྷྱོ། ཡག་ཤ་མ་མ་བྷྱོ། ཨཱིཾ་ཤ་མ་མ་བྷྱོ། དེ་བ་མ་མ་བྷྱོ། ནཱ་ག་མ་མ་བྷྱོ། མུ་ལ་མ་མ་བྷྱོ། མ་ས་མ་མ་བྷྱོ།དུན་ཏིང་མ་མ་བྷྱོ། ཀང་ཀ་མ་མ་བྷྱོ། པེ་རུ་མ་མ་བྷྱོ། སོ་ན་མ་མ་བྷྱོ། རག་མ་མ་བྷྱོ། ཀཱ་ལ་མ་མ་བྷྱོ། ན་མ་མ་བྷྱོ། སརྦ་མ་མ་བྷྱོ། འབུམ་ཕྲག་ཡངས་པའི་མཁའ་འགྲོ་མའི་སྔགས་སོ། །དཔལ་གྱི་བཀའ་ཉན་གྱི་སྔགས་ཀྱི་ལེའུ་སྟེ་སུམ་ཅུ་སོ་ལྔ་པའོ།། །།དེ་ནས་འཁོར་གྱི་བཀའ་སྲུང་གིས་སྲོག་གི་སྙིང་པོ་ཕུལ་བ། བཛྲ་ཤྭོ་ན་ཤོ་རྩེ་བྷྱོ། བཛྲ་ཨ་རྩུ་ས་མ་བྷྱོ། བཛྲ་དིཔྟ་བཛྲ་བྷྱོ། བཛྲ་མ་ཀ་ར་ཡ་ལ་བྷྱོ། བཛྲ་བྱི་དྷི་བཛྲ་ནི་ཀ་བྷྱོ། བཛྲ་ཀྲོ་ཏ་ནི་ཀ་བྷྱོ། ཀ་ནི་ཀ་རུ་ཏེ་བཛྲ་བྷྱོ། བཛྲ་ཀྲོ་ཏི་སྡི་པ་སྟ་བྷྱོ། ཆེ་མཆོག་ཡོན་ཏན་གྱི་བཀའ་སྲུང་ཅེ་སྤྱང་མ་བརྒྱད་ཀྱི་སྲོག་སྙིང་གི་ལེའུ་སྟེ་སོ་དྲུག་པའོ།། །།དེ་ནས་ཡང་དག་ཐུགས་ཀྱི་བཀའ་སྲུང་སྲིན་མོ་ཉི་ཤུ་རྩ་བརྒྱད་ཀྱིས་སྲོག་གི་སྙིང་པོ་ཕུལ་བ། ཙམ་ར་མུ་ཁཱི་བྷྱོ། ནཱ་ག་སི་ར་མུ་ཁཱི་བྷྱོ། བྱཱ་གྷྲ་མུ་ཁཱི་བྷྱོ། ན་ཀུ་ལ་མུ་ཁཱི་བྷྱོ། ཏི་ཏཱི་ལ་མུ་ཁཱི་བྷྱོ། རཀྵ་མུ་ཁཱི་བྷྱོ། ཏ་རཀྵུ་མུ་ཁཱི་བྷྱོ། མ་ག་ར་མུ་ཁཱི་བྷྱོ། བིཙྪ་མུ་ཁཱི་བྷྱོ། པ་ཏྲཱི་མུ་ཁཱི་བྷྱོ། ཤྲཱི་གཱ་ལ་མུ་ཁཱི་བྷྱོ། བྱཱ་གྷྲ་མུ་ཁཱི་བྷྱོ། གྲཾཌྜྷ་མུ་ཁཱི་བྷྱོ། ཧ་ཡ་མུ་ཁཱི་བྷྱོ། མཱུ་ཥི་ཀ་མུ་ཁཱི་བྷྱོ། ཀུ་ཀུ་མུ་ཁཱི་བྷྱོ། པིཀྵ་ཏི་མུ་ཁཱི་བྷྱོ། ཧ་ཎི་མུ་ཁཱི་བྷྱོ། ཙ་ཏི་མུ་ཁཱི་བྷྱོ། བཱ་ཡ་པ་མུ་ཁཱི་


DNG015_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

བྷྱོ། སཱུ་ཀ་མུ་ཁཱི་བྷྱོ། ཀ་ཏ་མུ་ཁཱི་བྷྱོ། ཧ་སྡི་མུ་ཁཱི་བྷྱོ། ཀྲཽ་ཀི་ལཱ་མུ་ཁཱི་བྷྱོ། ཚ་ག་ལ་མུ་ཁཱི་བྷྱོ། བཱི་ན་ར་མུ་ཁཱི་བྷྱོ། ཤྭ་ན་མུ་ཁཱི་བྷྱོ། སྲིན་མོ་ཉི་ཤུ་རྩ་བརྒྱད་ཀྱི་སྲོག་གི་ལེའུ་སྟེ་སོ་བདུན་པའོ།། །།དེ་ནས་འཇམ་དཔལ་སྐུའི་བཀའ་སྲུང་རྣམས་ཀྱིས་སྲོག་གི་སྙིང་པོ་ཕུལ་བ། གིང་ཀ་ར་གིང་ཀ་ར། ཀརྨ་རཀྴ་སི་ཀརྨ་རཀྴ་ཧྲཱྀཿ། ཏྲི་ཀུ་རུ་ཁ་རག་ཁམ། དྷ་ཤ་རུ་ཏྲ་མ་ར་ཡ། རུ་ཏྲ་ཐུན་ཡ། རག་ཤ་ཐུན་ཡ། གྲི་ཐོགས་གིང་བཞིས་ཕུལ་བའོ། །བདུན་ཏྲི་ནི་ར་ཟུང་། ཡ་ཏྲི་ནི་ར་ཟུང་། ཏྲི་ཙ་པ་ལ་ནི་ར་ཟུང་། སྡྱ ་ཤིག་ཡཾ་ཏྲི་ནི་ར་ཟུང་། དུན་ཏྲི། པ་ཏྲི། དན་ཏྲི། ཤོ་མ་ཏྲི། དུན་ཛཿ། མ་ར་ཡ་ཏྲི་ཛཿཛཿ། ཡ་ཡ། ཐིང་ཐིང་། ཁྲམ་ཐོགས་བདུད་བཞིའི་སྲོག་སྔགས་སོ། །ཏྲོ་ཏ་ནི་ཏྲོ་ཏ་ནི་ཧཱུཾ་ཕཊ། པ་ཏྲ་པ་ཏྲ་ཧཱུཾ་ཕཊ། ཤུ་ལ་ཤུ་ལ་ཧཱུཾ་ཕཊ། དྷ་ཤ་གྷྲི་བ་དྷ་ཤ་གྷྲི་བ་ཧཱུཾ་ཕཊ། ཤོ་ཐོགས་རྩིས་པའི་སྲོག་སྔགས་སོ། །ཨོཾ་བཛྲ་དྷ་ར་ལཾ། བཛྲ་སྙིང་གོ་ཆོད། ཁ་ལ་མུ་ཟན་ད་ལོཾ་དུན་ཏིང་དྷ་རཱ་ཡ་རྦད། ཨོཾ་བཛྲ་ཁྲག་ཏི་ཏིག་རྣར་རྦད། ཨོཾ་བཛྲ་ཙཀྲ་རུ་ཏྲི་ད་ར་མ་རྦད། ཨོཾ་བཛྲ་ཤུ་ཏྲི་ད་ར་ཏྲི་ཡ་བཛྲ་ཧཱུཾ་ཕཊ། རྦད་སུ་རྦད་སུ། རྦད་དུ་རྦད་དུ། ད་ར་ཀ་ཤ །ཤཱ་པ་མ་མ། ནད་གཏོང་མ་མོའི་ཤན་པ། དྲག་པོ་གཟའི་ཤན་པ། གླེན་པ་ཀླུའི་ཤན་པ།མྱོས་པ་བཙན་གྱི་ཤན་པ་བཞིའི་སྲོག་སྔགས་སོ། །འཇམ་དཔལ་སྐུའི་བཀའ་སྲུང་གི་སྲོག་སྙིང་གི་ལེའུ་སྟེ་སུམ་ཅུ་སོ་བརྒྱད་པའོ།། །།དེ་ནས་པདྨ་གསུང་གི་བཀའ་སྲུང་རྣམས་ཀྱིས་སྲོག་སྙིང་ཕུལ་བ། བུཌྜྷ་བཛྲ་ཨོཾ། སརྦ་བཛྲ་ཧཱུཾ། རཏྣ་བཛྲ་ཏྲཱཾ། དྷར་མ་བཛྲ་ཧྲཱྀཿ། ཀརྨ་བཛྲ་ཧ། གྷ་ཧྱ་བཛྲ་ཕཊ། ཁམ་རྒྱ་མ་དྲུག་གི་སྲོག་སྔགས་སོ། །ཨོཾ་ཤོ་རི་ཁཱ་ཧི་ཤོ་རི་ཁ་ཧཱི་ཧཱུཾ་ཕཊ། དམུས་ལོང་བཅུ་དྲུག་གི་སྔགས་སོ། །དཱིཔྟ་ཙཀྲ་ཤྭ་ན་མུ་ཁ་ཁ་ལོང་ཁ། ཀུ་ཀུ་རཱ་ཙ་རག་ཤ་ཁ་ལོང་ཀ་ཧཱུཾ་ཕཊ། ཁྱི་བརྒྱད་སྤྱང་བརྒྱད་ཀྱི་སྔགས་སོ། །ཧཱུཾ་ཧཱུཾ།ཕཊ་ཕཊ། ཏྲི་ཧཱུཾ་ཕཊ། ཧྲཱྀ་ཧཱུཾ་ཕཊ། ཧ་ཧཱུཾ་ཕཊ། ཕོ་ཉ་བཞིའི་སྲོག་སྔགས་སོ། །ཛི་ན་ལ་ཏེ་ཙེ་རམ། ཡཀྴ་ཀུ་པ་ན་ཛ་ཧཱུཾ་ཕཊ། མེ་འབྲུག་རླུང་འབྲུག་


DNG015_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་སྔགས་སོ། །པདྨ་གསུང་གི་བཀའ་སྲུང་གི་སྲོག་སྔགས་ཀྱི་ལེའུ་སྟེ་སུམ་ཅུ་སོ་དགུ་པའོ།། །།ཕུར་པ་ཕྲིན་ལས་ལྷ་ཚོགས་ཀྱི་བཀའ་སྲུང་གི་སྲོག་གི་སྙིང་པོ་ཕུལ་བ། ཨོཾ་པྲ་མུན་ཏ་དྷ་ཏི་རཱ་ཛ་ཛ་ཧཱུཾ། ཨོཾ་བཛྲ་ཙ་མུ་ནད་རི་ཛ་ཛ་ཧཱུཾ། ཨོཾ་ཤུ་ལ་ད་རི་ཛ་ཛ་ཧཱུཾ། ཨོཾ་ཀ་མུན་ད་རི་ཛ་ཛ་ཧཱུཾ། མ་མོ་བཞིའི་སྲོག་སྔགས་སོ། །ཨོཾ་ཤྭ་ན་མུ་ཁ་ཛ་ཛ་ཧཱུཾ། ཨོཾ་བ་ག་མུ་ཁ་ཛ་ཛ་ཧཱུཾ། ཨོཾ་བྲྀ་ཀ་མུ་ཁ་ཛ་ཛ་ཧཱུཾ། ཨོཾ་སྲཱི་གཱ་ལ་མུ་ཁ་ཛ་ཛ་ཧཱུཾ།ཤྭ་ན་བཞིའི་སྲོག་སྔགས་སོ། །ཨོཾ་ཏདྱ་ཐཱ། ཏྲག་རགྴ། རུ་པི་རུ་པི་ནན་མུག་ཏི་བཾ་མ་རུ་ལུ་རུ་ལུ་བྷྱོ། ཨོཾ་པདྨ་ད་རི་རུ་མ་ཏི་བྷྱོ། ཙིཏྟ་ཙིཏྟ་དགྲ་བོ་སྙིང་ལ་བྷྱོ།ཨོཾ་རུ་ལུ་ཀོའུ་མེ་སེན་མེ་ནན་ཛ་ཛཿ། ཨོཾ་ཡུག་ཏེ་རུ་རུ་ཙ་བ་ལ་མེ་ཛ་ཛཿ། རེ་མ་ཏི་མཆེད་བཞིའི་སྲོག་སྔགས་སོ། །སྲོག་རྩ་ལ་ཡམ་ཡམ། སྙིང་རྩ་ལ་སྤྲིལ་སྤྲིལ།སྲོག་རྩ་ལ་ཆུམ་ཆུམ། ཙིཏྟ་སྲོག་ལ་ཏུང་ཏུང་། སྙིང་ཁྲག་ཤད་ཐུམ་རི་ལི་ལི་རྩེགས་རྩེགས། འུར་འུར། ཤིག་ཤིག །གུལ་གུལ། མྱག་མྱག །སོད་སོད། དྷ་ཏི་མ་མ་ཤཱི་གྷྲཾ་ཀརྨ་ཀཱ་ར་ཡ། མཱ་ར་སིན་པྲ་མརྡ་ནི་ཧཱུཾ་ཕཊ། བསེའི་སྐྱེས་བུ་བཞི་བདུད་བཞི་གིང་བཞིའི་སྲོག་སྔགས་སོ། །གཅིག་ཏུ་དྲིལ་བའོ། །ཕུར་པ་ཕྲིན་ལས་ཀྱི་བཀའ་སྲུང་རྣམས་ཀྱི་སྲོག་སྔགས་ཀྱི་ལེའུ་སྟེ་བཞི་བཅུ་པའོ།། །།དེ་ནས་མ་མོ་རྦོད་གཏོང་གི་བཀའ་སྲུང་རྣམས་ཀྱིས་སྲོག་སྙིང་ཕུལ་བ། སྤྱི་ཏིང་ཁ་ལ་མ། སྙིང་ཁ་རག་ཛ་ཛཿ། རག་ཤ་མ། སྙིང་ཁ་རག་ཛ་ཛ། རག་མོ་རག་ཤ་སྙིང་ཁ་རག་ཛ་ཛ། ཡང་གབ་མ་བཞིའི་སྲོག་སྔགས་སོ། །རུ་ལུ་སྙིང་ཁྲག་ཁ་རག་ཁ་ལ་རག་ཤ་ནི་རྦད་ཐུམ་རི་ལི་ལི། སྙིང་ལ་རག་ཤ་ན། ཤ་ཏི་རྦད་ཐུམ་རི་ལི་ལི། ནྲྀ་ཤ་ཀུ་རུ་རག་ཤ་ཁ་རམ་ནི། ཀུ་རུ་ནི་ཀུ་རུ་ཁ་ཐམ། ཏྲག་རག་ཤ་ཁ་མུནྟྲ། སྙིང་ཁ་རག་བྷྱོ། ཕུང་བྱེད་སྦས་པའི་མ་བཞིའི་སྲོག་སྔགས་སོ། །མ་མ་རག་མོ་སྙིང་རྩ་ལ་མ་བྷྱོ། རག་མོ་རག་མོ་རུ་རུ་རོ་རུ་ཙ་པ་ལ་དགྲ་བོ་སྙིང་ལ་རག་མོ་བྷྱོ། རག་མོ་རག་མོ་ཙམ་ཙམ་མ་བྷྱོ།


DNG015_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

རག་མོ་རག་མོ་ཁྲག་ལ་མུ་ཤ་མ་བྷྱོ། ཟོར་ཐོགས་གདོང་མོ་བཞིའི་སྲོག་སྔགས་སོ། །ཏྲག་རག་ཤ་མུ་ཏྲ་བྷྱོ། རུ་ལུ་རུ་ལུ་མ་རག་མོ། སྙིང་ཁ་རག་བྷྱོ། རུ་ལུ་རུ་ལུ་མ་མ་སྙིང་གཟེར་ཏྲག་རག་ཤ་ཐུན་བྷྱོ། མ་མ་ཏྲག་ཤ་སྲོག་གཟེར་ཐུན་རྦད་བྷྱོ། མ་མ་ཏྲག་རག་ཤ་སྙིང་སྲོག་རྩ་ལ་ཐུམ་ཐུམ་བྷྱོ། ཟླ་གམ་དབང་གི་བདག་མོ་རོ་ཁ་མ་བཞིའི་སྲོག་སྔགས་སོ། །རུ་ནི་དུན་ཏི་རུ་ལ་ཡ་ཛ། དུ་རུ་ཛྭ་ལ་ནི་ཧ་ན་ཛ། རུ་མ་ར་མ་ཧ་ཏེ་ཛ་བྷྱོ་ཛ། འབྲུབ་ཁུང་ལས་ཀྱི་བདག་མོ་ལས་ཀྱི་འབར་མ་རྩིས་ཀྱི་མ་མོ་ནག་མོ་ཕུང་གསུམ་མའི་སྲོག་སྔགས་སོ། །ཀུ་མ་རག་ཤ་ན་ཏྲི་རྦད། སྲི་མ་ར་དུ་རྦད་ཡ། རུ་རུ་མ་ཏི་རྦད་ཡ། བ་ཡ་རུ་རུ་རྦད་ཡ། ཆུམ་ཆུམ་ནི་མ་ཙ་རྦད་ཡ། ཤ་བ་རུ་པ་ཡ། ཆེམ་ཆེམ་རྦད་ཡ། རྦད་པུ་རྦད་པུ་ཤག་པ་རྦད་ཡ། རག་ཤ་ཐུམ་རྨུགས་རྦད་ཡ། རུ་རུ་ར་ཏི་རྦད་ཡ། བླ་སྲོག་སྙིང་གི་བདག་མོ་གསང་བའི་མ་གསུམ། གསང་བའི་ཕོ་ཉ་གསུམ་གྱི་སྲོག་སྔགས་སོ། །མ་མོ་རྦོད་གཏོང་གི་སྲོག་སྔགས་ཀྱི་ལེའུ་སྟེ་བཞི་བཅུ་ཞེ་གཅིག་པའོ།། །།དེ་ནས་སློབ་དཔོན་གྱི་བཀའ་སྲུང་གི་སྲོག་སྔགས་ཕུལ་བ། ཨོཾ་བཛྲ་ཌཱ་ཀི་ནཱི་བྷྱོ། ཨོཾ་རཏྣ་ཌཱ་ཀི་ནཱི་བྷྱོ། ཨོཾ་པདྨ་ཌཱ་ཀི་ནཱི་བྷྱོ། ཨོཾ་ཀརྨ་ཌཱ་ཀི་ནཱི་བྷྱོ། མཁའ་འགྲོ་སྡེ་བཞིའི་སྲོག་སྔགས་སོ། །ཨོཾ་བཛྲ་ཀིང་ཀ་ར་རཱ་ཙ་བྷྱོ། ཨོཾ་བཛྲ་རཏྣ་ཀིང་ཀ་ར་རཱ་ཙ་བྷྱོ། ཨོཾ་པདྨ་ཀིང་ཀ་ར་རཱ་ཙ་བྷྱོ། ཨོཾ་ཀརྨ་ཀིང་ཀ་ར་རཱ་ཙ་བྷྱོ། དཔའ་བོ་སྡེ་བཞིའི་སྲོག་སྔགས་སོ། །རིག་འཛིན་བཀའ་སྲུང་གི་སྲོག་སྔགས་ཀྱི་ལེའུ་སྟེ་བཞི་བཅུ་ཞེ་གཉིས་པའོ།། །།འཇིག་རྟེན་འདས་པ་དང་འཇིག་རྟེན་པའི་བཀའ་སྲུང་གི་སྔགས་བསྟན་པའི་སྐབས་ཏེ་ལྔ་པའོ།། །།དེ་ནས་སྤྱི་དཔལ་ཆེན་པོ་ཧེ་རུ་ཀ་ལ། ཕྱོགས་བཅུའི་རིག་འཛིན་རྣམས་ཀྱིས་ཞུས་པ། ཨེ་མ་སྤྱི་དཔལ་ཧེ་རུ་ཀ །བདེ་གཤེགས་བསྒྲུབ་པ་བཀའ་བརྒྱད་ཀྱི། །ལྷ་ཚོགས་ཞི་ཁྲོ་ཐམས་ཅད་ཀྱི། །སྐུ་མདོག་ཕྱག་མཚན་བསྟན་དུ་གསོལ། །དེ་སྐད་གསོལ་པ་གསན་ནས་ཀྱང་། །སྤྱི་དཔལ་ཆེན་པོས་བཀའ་སྩལ་པ། །ཉོན་ཅིག་འདུས་པའི་ཚོགས་ཆེན་རྣམས། །ཆེ་མཆོག་ཡོན་ཏན་འདུས་པའི་ལྷ་ཚོགས་


DNG015_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །གཙོ་བོ་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ །འཇིགས་པའི་དབུ་ནི་ཉི་ཤུ་རྩ་གཅིག་ལ། །སྤྲུལ་པའི་ཕྱག་ནི་བཞི་བཅུ་རྩ་གཉིས་ཏེ། །ཞབས་ཀྱང་དོར་ཐབས་རྣམ་པ་བརྒྱད་དུ་བགྲད། །སྐུ་ནི་སྨུག་ནག་འབར་བ་ཤིན་ཏུ་བརྗིད། །རྩ་བའི་ཞལ་ནི་སྐུ་ཡི་མདོག་དང་མཚུངས། །དབུས་ཀྱི་དབུ་དྲུག་མཐིང་ལ་རྔམས། །གཡས་ཀྱི་རྩ་ཞལ་དཀར་ལ་འཚེར། །གཡོན་གྱི་རྩ་ཞལ་དམར་ལ་གདངས། །གཡས་ཀྱི་གཉིས་པ་སྔོ་ལ་གཙིགས། །གཡོན་གྱི་གཉིས་པ་ལྗང་ལ་རྔམས། །གཡས་ཀྱི་གསུམ་པ་དཀར་ལ་གདངས། །གཡོན་གྱི་གསུམ་པ་དམར་ལ་འདྲིལ། །གཡས་ཀྱི་བཞི་པ་ནག་ལ་གཙིགས། །གཡོན་གྱི་བཞི་པ་ལྗང་ལ་འཚེར། །གཡས་ཀྱི་ལྔ་པ་དཀར་ལ་བཞད། །གཡོན་གྱི་ལྔ་པ་དམར་ལ་གཤེ། །གཡས་ཀྱི་དྲུག་པ་སྔོ་ལ་གཙིགས། །གཡོན་གྱི་དྲུག་པ་ལྗང་ལ་འདྲིལ། །གཡས་ཀྱི་བདུན་པ་ཟུར་མིག་གཟིགས། །གཡོན་གྱི་བདུན་པ་ཐུར་མིག་གཟིགས། །ཕྱག་ནི་བཞི་བཅུ་རྩ་གཉིས་ན། །ཞི་བ་བཞི་བཅུ་རྩ་གཉིས་བསྣམས། །གཡས་ཀྱི་ཕྱག་ན་ཡབ་རྣམས་བསྣམས། །གཡོན་གྱི་ཕྱག་ན་ཡུམ་རྣམས་བསྣམས། །ཐུབ་དྲུག་སྤེལ་མར་བསྣམས་པའོ། །བཞི་བཅུ་རྩ་གཉིས་གཡས་ཀྱི་དང་པོ་ན། །བྱེད་པ་ཡིད་ནི་རྡོ་རྗེ་ཀུན་བཟང་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་དང་པོ་ན། །བྱ་བ་ཆོས་ནི་ཀུན་བཟང་མཉམ་གཞག་འཕྲོ། །བཞི་བཅུ་རྩ་གཉིས་གཡས་ཀྱི་གཉིས་པ་ན། །རྣམ་པར་སྣང་མཛད་ཆོས་ཀྱི་འཁོར་ལོ་བསྐོར། །བཞི་བཅུ་རྩ་གཉིས་གཡོན་གྱི་གཉིས་པ་ན། །ཀུན་ཏུ་ཁྱབ་པ་དབྱིངས་ཕྱུག་དྲིལ་བུ་བསྣམས། །བཞི་བཅུ་རྩ་གཉིས་གཡས་ཀྱི་གསུམ་པ་ན། །རྡོ་རྗེ་སེམས་དཔའ་མི་བསྐྱོད་རྡོ་རྗེ་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་གསུམ་པ་ན། །བསྐྱེད་མཛད་སངས་རྒྱས་སྤྱན་ཡང་ཐོར་ཚུགས་བསྣམས། །བཞི་བཅུ་རྩ་གཉིས་གཡས་ཀྱི་བཞི་པ་ན། །རིན་ཆེན་འབྱུང་ལྡན་སེར་པོ་མཆོད་སྦྱིན་རེ་སྐོང་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་བཞི་པ་ན། །སྡུད་བྱེད་


DNG015_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

མཱ་མ་ཀཱི་ཡང་ཐོར་ཚུགས་བསྣམས། །བཞི་བཅུ་རྩ་གཉིས་གཡས་ཀྱི་ལྔ་པ་ན། །སྣང་བ་མཐའ་ཡས་འཇོམས་བྱེད་པདྨ་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་ལྔ་པ་ན། །བསྲེག་མཛད་གོས་དཀར་མོ་ནི་པདྨ་བསྣམས། །བཞི་བཅུ་རྩ་གཉིས་གཡས་ཀྱི་དྲུག་པ་ན། །དོན་ཡོད་གྲུབ་པ་མཐར་ཕྱིན་རྒྱ་གྲམ་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་དྲུག་པ་ན། །སྐྱོད་བྱེད་དམ་ཚིག་སྒྲོལ་མ་ཨུཏྤལ་བསྣམས། །བཞི་བཅུ་རྩ་གཉིས་གཡས་ཀྱི་བདུན་པ་ན། །ས་སྙིང་དཀར་པོ་རིན་ཆེན་མྱུ་གུ་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་བདུན་པ་ན། །ལཱ་སྱཻ་དཀར་མོ་མེ་ལོང་རྒྱ་གྲམ་བསྣམས། །བཞི་བཅུ་རྩ་གཉིས་གཡས་ཀྱི་བརྒྱད་པ་ན། །ནམ་མཁའི་སྙིང་པོ་གཅོད་བྱེད་རལ་གྲི་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་བརྒྱད་པ་ན། །མཱ་ལེ་སྔོན་མོ་རིན་ཆེན་ཕྲེང་བ་བསྣམས། །བཞི་བཅུ་རྩ་གཉིས་གཡས་ཀྱི་དགུ་པ་ན། །སྤྱན་རས་གཟིགས་དབང་ཕྱག་ན་པདྨ་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་དགུ་པ་ན། །གཱིར་ཏི་དམར་མོ་པི་ཝང་རྒྱུད་འདྲེན་བསྣམས། །བཞི་བཅུ་རྩ་གཉིས་གཡས་ཀྱི་བཅུ་པ་ན། །ཕྱག་ན་རྡོ་རྗེ་འཇོམས་བྱེད་རྡོ་རྗེ་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་བཅུ་པ་ན། །ནཱིར་ཏི་ལྗང་གུ་གར་གྱི་ཅོད་པན་བསྣམས། །བཞི་བཅུ་རྩ་གཉིས་གཡས་ཀྱི་བཅུ་གཅིག་ན། །རྒྱལ་བ་བྱམས་པ་དམར་སྐྱ་གུནྡྷེ་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་བཅུ་གཅིག་ན། །བདུག་པའི་སྤྲིན་འཕྲོ་མ་ནི་སྤོས་མེ་བསྣམས། །བཞི་བཅུ་རྩ་གཉིས་གཡས་ཀྱི་བཅུ་གཉིས་ན། །ཀུན་ཏུ་བཟང་པོ་རིན་ཆེན་སྙེ་མ་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་བཅུ་གཉིས་ན། །དག་པའི་མདངས་ལྡན་མ་ནི་མེ་ཏོག་བསྣམས། །བཞི་བཅུ་རྩ་གཉིས་གཡས་ཀྱི་བཅུ་གསུམ་ན། །སྒྲིབ་པ་རྣམ་སེལ་ཀླུ་ཤིང་ལོ་མ་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་བཅུ་གསུམ་ན། །གསལ་བའི་འོད་ལྡན་མ་ནི་མར་མེ་བསྣམས། །བཞི་བཅུ་རྩ་གཉིས་གཡས་ཀྱི་བཅུ་བཞི་ན། །འཕགས་པ་འཇམ་དཔལ་ཨུཏྤལ་མཐིང་ག་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་བཅུ་བཞི་ན། །གན་དྷི་ལྗང་ཁུ་དག་བྱེད་དྲི་ཆབ་


DNG015_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

བསྣམས། །བཞི་བཅུ་རྩ་གཉིས་གཡས་ཀྱི་བཅོ་ལྔ་ན། །བིགྷྣཱཾ་ཏ་ཀྲྀཏ་བེ་ཅོན་ཐོ་བ་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་བཅོ་ལྔ་ན། །ཐུགས་དམ་སྐུལ་མཛད་མ་ནི་ལྕགས་ཀྱུ་བསྣམས། །བཞི་བཅུ་རྩ་གཉིས་གཡས་ཀྱི་བཅུ་དྲུག་ན། །ཡ་མཱན་ཏ་ཀྲྀཏ་འཇོམས་བྱེད་ཐོད་དབྱུག་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་བཅུ་དྲུག་ན། །གནས་ནས་སྤྱན་འདྲེན་མ་ནི་ཞགས་པ་བསྣམས། །བཞི་བཅུ་རྩ་གཉིས་གཡས་ཀྱི་བཅུ་བདུན་ན། །པདྨ་ཏ་ཀྲྀཏ་དྲལ་བྱེད་དགྲ་སྟྭ་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་བཅུ་བདུན་ན། །བརྟན་པར་བཞུགས་མཛད་མ་ནི་ལྕགས་སྒྲོག་བསྣམས། །བཞི་བཅུ་རྩ་གཉིས་གཡས་ཀྱི་བཅོ་བརྒྱད་ན། །པྲཛྙཱནྟ་ཀྲྀཏ་གཅོད་བྱེད་རལ་གྲི་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་བཅོ་བརྒྱད་ན། །རྟོག་བྲལ་འགྱེད་མཛད་མ་ནི་གྷཎྜ་བསྣམས། །བཞི་བཅུ་རྩ་གཉིས་གཡས་ཀྱི་བཅུ་དགུ་ན། །ལྷ་ཡི་ཐུབ་པ་པི་ཝང་རྒྱུད་མངས་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་བཅུ་དགུ་ན། །བྱོལ་སོང་ཐུབ་པ་ཆོས་འཆད་པུ་སྡི་བསྣམས། །བཞི་བཅུ་རྩ་གཉིས་གཡས་ཀྱི་ཉི་ཤུ་ན། །ལྷ་མིན་ཐུབ་པ་ཐགས་བཟང་གོ་ཆ་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་ཉི་ཤུ་ན། །ཡི་དྭགས་ཐུབ་པ་རིན་ཆེན་སྒྲོམ་བུ་བསྣམས། །བཞི་བཅུ་རྩ་གཉིས་གཡས་ཀྱི་ཐ་མ་ན། །མི་ཡི་ཐུབ་པ་ཤཱཀྱ་གསེག་ཤང་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་ཐ་མ་ན། །དམྱལ་བའི་ཐུབ་པ་མེ་ཆུ་བསིལ་དྲོད་བསྣམས། །ཞབས་བརྒྱད་བྱོལ་སོང་གཙོ་བོ་བརྒྱད་ཀྱང་བརྫིས། །སྟག་གཟིག་སེང་གེ་དོམ་རྣམས་ནི། །གཡས་ཀྱི་ཞབས་བཞིའི་འོག་ཏུ་མནན། །གླང་ཆེན་མ་ཧེ་ཆུ་སྲིན་སྦྲུལ། །གཡོན་གྱི་ཞབས་བཞིའི་འོག་ཏུ་མནན། །ལྷ་བརྒྱད་གཡས་ཀྱི་ཞབས་ཀྱིས་མནན། །ཀླུ་བརྒྱད་གཡོན་གྱི་ཞབས་འོག་མནན། །ཉི་ཟླ་པདྨའི་སྟེང་ན་བགྲད། །ཡུམ་ཆེན་གནམ་ཞལ་དབྱིངས་ཕྱུག་མ། །སྐུ་མདོག་དུད་ཀ་ཅིར་ཡང་སྟོན། །དབུ་དགུ་རོལ་པའི་ཡེ་ཤེས་དགུ། །སྟོང་པ་བཅོ་བརྒྱད་ཕྱག་ཏུ་གདེངས། །གཡས་ཀྱི་དང་པོ་རྡོ་རྗེ་བསྣམས། །གཡོན་གྱི་དང་པོ་བྷན་དམར་དཀྲུག །གཡས་བརྒྱད་


DNG015_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

གཽ་རཱི་བུམ་ཐོགས་བརྒྱད། །གཡོན་བརྒྱད་སེངྷ་ཁྲག་ཐོགས་བརྒྱད། །ཞབས་བཞི་བརྐྱངས་བསྐུམས་ཡབ་དང་མཐུན། །ཡབ་ཡུམ་རྒྱན་ནི་དུར་ཁྲོད་ཆས། །རྒྱ་བྱིའུ་ལྕགས་ཆས་འདུལ་བྱེད་བསེ་ཁྲབ་ཆས། །གཅན་གཟན་གཟིག་ཆས་སྤྲུལ་པ་རྡོ་རྗེའི་ཆས། །རིན་ཆེན་སྤྲུལ་ཆས་དཔའ་བོ་སྟག་གོ་ཆས། །གཟི་མདངས་མི་ལྤགས་ཆས་དང་དམར་གསལ་ཁྲག་གི་ཆས། །རྩལ་ཆེན་སེང་གེའི་ཆས་དང་གདུག་པ་དོམ་གྱི་ཆས། །འཇིགས་པའི་རྒྱན་ཆས་རབ་ཏུ་བརྒྱན་པའོ། །བཅོམ་ལྡན་དཔལ་ཆེན་རཀྴ་ཧེ་རུ་ཀ །དབུ་གསུམ་སྨུག་ནག་དཀར་དང་དམར་བའི་ཞལ། །གཡས་གཡོན་དང་པོ་འཁོར་ལོ་པདྨ་བསྣམས། །བར་མ་གཉིས་ནི་ཏི་ར་རྒྱུ་ཞགས་འདྲེན། །ཐ་མ་གཉིས་ན་ཁྱུང་ཆེན་བ་སུ་འདྲེན། །རཀྴ་ཀྲོ་དྷཱི་ཤྭ་རཱི་སྐུ་ལ་འཁྲིལ། །གཡས་པ་འཁོར་ལོ་གཡོན་པ་དུང་དམར་སྟོབ། །བཅོམ་ལྡན་དཔལ་ཆེན་གུ་ཧྱ་ཧེ་རུ་ཀ །དབུ་གསུམ་སེར་ནག་མཐིང་དཀར་དམར་བའི་ཞལ། །གཡས་གཡོན་དང་པོ་རིན་ཆེན་ཐོད་ཁྲག་བསྣམས། །བར་མ་གཉིས་ན་དགྲ་སྟྭ་རྒྱུ་ཞགས་འདེབས། །ཐ་མ་གཉིས་ན་སྟོང་གི་འཇིག་རྟེན་བསྣམས། །གུ་ཧྱ་ཀྲོ་དྷཱི་ཤྭ་རཱི་སྐུ་ལ་འཁྲིལ། །གཡས་ན་རིན་ཆེན་གཡོན་པ་དུང་དམར་སྟོབ། །བཅོམ་ལྡན་དཔལ་ཆེན་བི་ཤྭ་ཧེ་རུ་ཀ །དབུ་གསུམ་དམར་ནག་མཐིང་ག་དཀར་པོའི་ཞལ། །གཡས་གཡོན་དང་པོ་པདྨ་བྷན་དམར་བསྐྱིལ། །གཡས་གཡོན་བར་མ་སྟོང་གི་འཇིག་རྟེན་བསྣམས། །ཐ་མ་གཉིས་ན་དགྲ་སྟྭ་གཤོལ་ཡང་འཛིན། །ཡུམ་ཆེན་བི་ཤྭ་ཀྲོ་དྷཱི་ཤྭ་རཱི་ནི། །གཡས་པ་པདྨ་གཡོན་པ་དུང་ཁྲག་སྟོབ། །བཅོམ་ལྡན་དཔལ་ཆེན་ཡཀྴ་ཧེ་རུ་ཀ །དབུ་གསུམ་ལྗང་ནག་དཀར་དང་དམར་བའི་ཞལ། །གཡས་གཡོན་དང་པོ་རྒྱ་གྲམ་བྷན་དམར་དཀྲུག །བར་པ་གཉིས་ན་རལ་གྲི་ཞགས་པ་འཛིན། །ཐ་མ་གཉིས་ན་དགྲ་སྟྭ་ཐོང་གཤོལ་འཛིན། །ཞབས་བཞི་ཐབས་དང་ཤེས་རབ་བརྐྱངས་བསྐུམས་བགྲད། །ཡག་ཤ་ཀྲོ་དྷཱི་ཤྭ་རཱི་སྐུ་ལ་འཁྲིལ། །གཡས་པ་རྒྱ་གྲམ་གཡོན་པ་དུང་ཁྲག་སྟོབ། །དྲི་ཟ་འདུལ་བྱེད་ཁྲོ་བོ་དཀར་


DNG015_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལ། །ཞལ་གཅིག་ཕྱག་གཉིས་འཁོར་ལོ་ཏྲི་ཤཱུལ་བསྣམས། །མེ་ལྷ་འདུལ་བྱེད་དམར་སེར་མེ་དབལ་དབྱུག་ཏོ་བསྣམས། །གཤིན་རྗེ་འདུལ་བྱེད་མཐིང་ནག་དགྲ་སྟྭ་ཐོད་དབྱུག་བསྣམས། །སྲིན་པོ་འདུལ་བྱེད་སྨུག་ནག་རལ་གྲི་ཞགས་པ་བསྣམས། །ཀླུ་རྣམས་འདུལ་བྱེད་དམར་པོ་སྤུ་གྲི་ཞགས་པ་བསྣམས། །རླུང་ལྷ་འདུལ་བྱེད་དམར་སྐྱ་བྷནྡ་རྔ་ཡབ་བསྣམས། །གནོད་སྦྱིན་འདུལ་བྱེད་ལྗང་གུ་རྒྱ་གྲམ་དྲིལ་བུ་བསྣམས། །བགེགས་རྣམས་འདུལ་བྱེད་མཐིང་ག་དགྲ་སྟྭ་རྩེ་གསུམ་བསྣམས། །ལྷ་གདོན་འདུལ་བྱེད་སྔོ་སྐྱ་མདའ་གཞུ་འགེངས། །ས་བདག་འདུལ་བྱེད་དུད་ཀ་ཐོ་བ་ཞགས་པ་ཐོགས། །ཡ་མཱནྟ་ཀྲིཏ་དཀར་པོ་ལྕགས་ཀྱུ་བསྣམས། །པྲཛྙཱནྟ་ཀྲྀཏ་སེར་པོ་ཞགས་པ་བསྣམས། །པདྨཱནྟ་ཀྲྀཏ་དམར་པོ་ལྕགས་སྒྲོག་ཐོགས། །བིགྷྣཱནྟ་ཀྲྀཏ་ལྗང་གུ་དྲིལ་བུ་བསྣམས། །ཆེ་མཆོག་ཡོན་ཏན་ལྷ་ཚོགས་ཀྱི། །སྐུ་མདོག་ཕྱག་མཚན་བསྟན་པའི་ལེའུ་སྟེ་བཞི་བཅུ་རྩ་གསུམ་པའོ།། །།ཡང་དག་ཐུགས་ཀྱི་ལྷ་ཚོགས་ཀྱི། །སྐུ་མདོག་ཕྱག་མཚན་བསྟན་པ་ནི། །བཅོམ་ལྡན་དཔལ་ཆེན་བཛྲ་ཧེ་རུ་ཀ །དབུ་གསུམ་མཐིང་ནག་དཀར་དང་དམར་བའི་ཞལ། །ཕྱག་དྲུག་རྡོ་རྗེ་ཁ་ཊྭཱཾ་རྔེའུ་ཆུང་གཡས། །ཏི་རིའི་དབྱུག་པ་དུང་དམར་རྒྱུ་ཞགས་གཡོན། །ཞབས་བཞི་ཐབས་དང་ཤེས་རབ་བརྐྱངས་བསྐུམས་བགྲད། །ཡུམ་ཆེན་བཛྲ་ཀྲོ་དྷཱི་ཤྭ་རཱི་སྐུ་ལ་འཁྲིལ། །གཡས་པ་ཁ་ཊྭཱཾ་གཡོན་པ་དུང་ཁྲག་སྟོབ། །བཅོམ་ལྡན་ཁྲག་འཐུང་བུཌྜྷ་ཧེ་རུ་ཀ །དབུ་གསུམ་སྨུག་ནག་མཐིང་ཀ་དམར་བའི་ཞལ། །ཏི་རའི་དབྱུག་པ་རྡོ་རྗེ་ཁྱུང་ཆེན་གཡས། །རྒྱུ་ཞགས་བྷན་དམར་ཏི་རའི་བ་སུ་གཡོན། །ཞབས་བཞི་ཐབས་དང་ཤེས་རབ་བརྐྱངས་བསྐུམས་བགྲད། །ཡུམ་ཆེན་བུཌྜྷ་ཀྲོ་དྷཱི་ཤྭ་རཱི་སྐུ་ལ་འཁྲིལ། །གཡས་པ་ཡབ་འཁྱུད་གཡོན་པ་དུང་དམར་སྟོབ། །བཅོམ་ལྡན་དཔལ་ཆེན་རཏྣ་ཧེ་རུ་ཀ །དབུ་གསུམ་སེར་ནག་མཐིང་ག་དམར་བའི་ཞལ། །ཕྱག་དྲུག་རིན་ཆེན་བྱིས་དབྱུག་དགྲ་སྟྭ་གཡས། །སྟོང་གི་འཇིག་རྟེན་བྷན་དམར་


DNG015_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

གཤོལ་རྒྱུ་ཞགས་ཀྱང་ནི་གཡོན། །ཞབས་བཞི་ཐབས་དང་ཤེས་རབ་བརྐྱངས་བསྐུམས་བགྲད། །རཏྣ་ཀྲོ་དྷཱི་ཤྭ་རཱི་སྐུ་ལ་འཁྲིལ། །གཡས་པ་ཡབ་འཁྱུད་གཡོན་པ་དུང་ཁྲག་སྟོབ། །བཅོམ་ལྡན་ཁྲག་འཐུང་པདྨ་ཧེ་རུ་ཀ །དབུ་གསུམ་དམར་ནག་མཐིང་ག་དཀར་བའི་ཞལ། །ཕྱག་དྲུག་པདྨ་བེ་ཅོན་དགྲ་སྟྭ་གཡས། །སྟོང་གི་འཇིག་རྟེན་བྷན་དམར་གཤོལ་ནི་གཡོན། །ཞབས་བཞི་ཐབས་དང་ཤེས་རབ་བརྐྱངས་བསྐུམས་བགྲད། །པདྨ་ཀྲོ་དྷཱི་ཤྭ་རཱི་སྐུ་ལ་འཁྲིལ། །གཡས་པ་ཡབ་འཁྱུད་གཡོན་པ་དུང་དམར་སྟོབ། །བཅོམ་ལྡན་ཁྲག་འཐུང་ཀརྨ་ཧེ་རུ་ཀ །དབུ་གསུམ་ལྗང་ནག་དཀར་དང་དམར་བའི་ཞལ། །ཕྱག་དྲུག་རྒྱ་གྲམ་རལ་གྲི་དགྲ་སྟྭ་གཡས། །སྟོང་གི་འཇིག་རྟེན་བྷན་དམར་གཤོལ་ནི་གཡོན། །ཞབས་བཞི་ཐབས་དང་ཤེས་རབ་བརྐྱངས་བསྐུམས་བགྲད། །ཡུམ་ཆེན་ཀརྨ་ཀྲོ་དྷཱི་ཤྭ་རཱི་སྐུ་ལ་འཁྲིལ། །གཡས་པ་ཡབ་འཁྱུད་གཡོན་པ་དུང་དམར་སྟོབ། །གཽ་རཱི་བྷན་དམར་བྱིས་དབྱུག་གཡོན། །ཙཽ་རཱི་མདའ་གཞུ་འགེངས་མ་སེར། །པྲ་མོ་ཆུ་སྲིན་རྒྱལ་མཚན་དམར། །བེ་ཏ་བྱི་ཟ་རྡོ་འཕྱར་ནག །པུཀྐ་དམར་སེར་བྱིས་རྒྱུ་འདྲེན། །གྷསྨ་དུང་དམར་ཁྲག་འཐུང་ལྗང་། །སྨེ་ཤ་མཐིང་ནག་བྱིས་སྙིང་ཟ། །ཙཎྜ་སེར་སྐྱ་བྱི་ལུས་འབྲལ། །སེངྷ་སེར་མོ་ཞིང་ཟ་སེང་། །བྱ་གྷྲ་དམར་མོ་ལག་བསྣོལ་སྟག །སྲྀ་གཱ་ནག་མོ་བྱིས་ལྡག་ཝ། །ཤྭ་ན་མཐིང་ག་ཤ་འདྲད་སྤྱང་། །གྲྀཌྜྷ་དམར་མོ་དུང་གྲི་རྒོད། །ཀཱཾ་ཀ་དམར་སྨུག་ཞིང་ཆུང་དུར། །ཀཱཾ་ཀ་ནག་མོ་བྷན་གྲི་བྱ། །ཨུ་ལཱུ་མཐིང་ག་ལྕགས་ཀྱུ་འུག །རྟ་གདོང་དཀར་མོ་ལྕགས་ཀྱུ་འདྲེན། །ཕག་གདོང་སྔོན་མོ་མཆེ་ཞགས་སྡོམ། །དམར་མོ་སྤྲེའུ་གདོང་ལྕགས་སྒྲོག་སྡོམ། །ཐལ་བྱེད་ལྗང་གུ་དྲིལ་འཁྲོལ་སྦྱང་། །ཡང་དག་ཐུགས་ཀྱི་ལྷ་ཚོགས་སྐུ་མདོག་ཕྱག་མཚན་བསྟན་པའི་ལེའུ་སྟེ་བཞི་བཅུ་ཞེ་བཞི་པའོ།། །།འཇམ་དཔལ་སྐུ་ཡི་ལྷ་ཚོགས་ཀྱི། །སྐུ་མདོག་ཕྱག་མཚན་བསྟན་པ་ནི། །བཅོམ་ལྡན་འཇམ་དཔལ་གཤིན་རྗེ་གཤེད། །དབུ་གསུམ་ཕྱག་དྲུག་


DNG015_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་བཞི་བགྲད། །གཡས་དཀར་གཡོན་དམར་དབུས་ནག་ཞལ། །རྡོ་རྗེ་བེ་ཅོན་ཡང་རལ་གྲི་དགྲ་སྟྭ་གཡས། །སྡིགས་མཛུབ་མདུང་ཐུང་བྷན་དམར་གཡོན། །དུར་ཁྲོད་ཆས་བརྒྱད་སྐུ་ལ་བརྒྱན། །ཞབས་བཞི་གྱད་ཀྱི་དོར་སྟབས་ཀྱིས། །ཡི་དྭགས་མ་ཧེའི་སྟེང་ན་བགྲད། །བེ་ཏ་ནག་མོ་སྐུ་ལ་འཁྲིལ། །དགྲ་སྟྭ་འཕྱར་ཞིང་དུང་དམར་སྟོབ། །སྒྲོལ་བྱེད་ཨེ་ཀ་ཛ་ཊཱི་ནི། །བཻ་ཌཱུར་མདོག་སྔོན་གསལ་འཚེར་ལ། །ཏྲི་ཤཱུལ་གཡང་གཞི་གཡས་ན་འཕྱར། །ཐོད་རློན་ཙིཏྟ་གཡོན་ན་སྟོབ། །ཡ་མ་རཱ་ཛ་གཤིན་རྗེ་གཤེད། །གཡས་དཀར་གཡོན་དམར་དབུས་མཐིང་ཞལ། །འཁོར་ལོ་ཏྲི་ཤཱུལ་ལྕགས་ཀྱུ་གཡས། །ཁ་ཊྭཱཾ་དགྲ་སྟྭ་རྒྱུ་ཞགས་གཡོན། །ཞབས་བཞི་གྱད་ཀྱི་དོར་སྟབས་བགྲད། །གཡུ་ཡི་རལ་གཅིག་གཡོན་ནས་འཁྲིལ། །གཙོ་ལ་འཁྱུད་ཅིང་དུང་དམར་སྟོབ། །སྒྲོལ་ཡུམ་ནག་མོ་རེ་མ་ཏི། །རལ་གྲི་ནེའུ་ལེའི་རྐྱལ་པ་ཐོགས། །མྱོས་བྱེད་འབར་བ་གཤིན་རྗེ་གཤེད། །གཡས་དཀར་གཡོན་སྔོ་དབུས་སེར་ནག །བེ་ཅོན་རལ་གྲི་དགྲ་སྟྭ་གཡས། །བྷན་དམར་འཁོར་ལོ་ལྕགས་ཀྱུ་གཡོན། །ཞབས་བཞི་གྱད་ཀྱི་དོར་སྟབས་བགྲད། །གཏུམ་མོ་སེར་ནག་གཡོན་ནས་འཁྲིལ། །གཙོ་ལ་འཁྱུད་ཅིང་དུང་དམར་སྟོབ། །གཡས་ན་སྒྲོལ་ཡུམ་སེར་ནག་ལ། །ཆགས་གཞི་ཁྲག་གི་བདག་མོ་ནི། །གཡས་པ་སྤུ་གྲི་ཙིཏྟ་ཞགས་པ་གཡོན། །གཤིན་རྗེ་གཤེད་པོ་མ་རུ་ཙེ། །གཡས་དཀར་གཡོན་སྔོ་དབུས་དམར་ཞལ། །བེ་ཅོན་དབྱུག་ཏོ་ཁ་ཊྭཱཾ་གཡས། །བྷན་དམར་ཁ་ཊྭཱཾ་རྒྱུ་ཞགས་གཡོན། །ཞབས་བཞི་གྱད་ཀྱི་དོར་སྟབས་བགྲད། །གཡོན་ན་ལྷ་མོ་འོད་ཟེར་ནི། །གཙོ་ལ་འཁྱུད་ཅིང་བྷན་དམར་སྟོབ། །གཡས་ན་གླིང་བཞི་གཙུག་འབྱམས་མ། །གཡས་པ་མི་སྙིང་ཆངས་པར་བཅུག །གཡོན་པ་དུང་དམར་བྷནྡ་འཕྱར། །རལ་པ་ཚར་དགུ་གཤིན་རྗེ་གཤེད། །གཡས་དཀར་གཡོན་དམར་དབུས་ལྗང་ཞལ། །བེ་ཅོན་གཏུན་ཤིང་རྒྱ་གྲམ་གཡས། །བྷན་དམར་རྒྱུ་ཞགས་འཁོར་ལོ་གཡོན། །གཡོན་ན་ལྗང་


DNG015_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ནག་མགོ་འཕྱངས་མ། །གཡས་པ་དགྲ་སྟྭ་གཡོན་དུང་ཁྲག །གཤིན་རྗེ་ནག་འཇོམས་མཐིང་ནག་ཞལ། །རྡོ་རྗེ་རྩེ་ལྔ་གཡས་པ་ན། །དགྲ་སྟྭ་འབར་བ་གཡོན་ན་ཐོགས། །ཞབས་གཉིས་གྱད་ཀྱི་དོར་སྟབས་བགྲད། །ནག་མོ་རལ་གཅིག་གཡོན་ནས་འཁྲིལ། །གཡས་པ་ཡབ་འཁྱུད་གཡོན་པ་དུང་དམར་སྟོབ། །གཤིན་རྗེ་ཕྱ་སངས་དཀར་འཚེར་ཞལ། །གཡས་པ་ཚེ་ཡི་བུམ་པ་འཛིན། །གཡོན་པ་རྡོ་རྗེའི་གཤོལ་ཡང་བསྣམས། །ཞབས་གཉིས་གྱད་ཀྱི་དོར་སྟབས་བགྲད། །ཤེལ་གྱི་གདོང་དགུ་གཡོན་ནས་འཁྲིལ། །ཤེལ་གྱི་གྲི་ཐོགས་ཡབ་ལ་འཁྱུད། །གཡོན་པ་དུང་དམར་གཙོ་ལ་སྟོབ། །ཀོང་ཙེ་བྲག་འཇོམས་དཀར་སེར་ཞལ། །རྡོ་རྗེ་བྲག་ནག་གཡས་པ་ན། །མེ་ཡི་འཁོར་ལོ་གཡོན་ན་ཐོགས། །ཞབས་གཉིས་གྱད་ཀྱི་དོར་སྟབས་བགྲད། །ཤེལ་མིག་ཁྲོ་མོ་གཡོན་ན་འཁྲིལ། །གཡས་པ་ལྕགས་ཀྱུ་ཡབ་ལ་འཁྱུད། །གཡོན་པ་བྷན་དམར་གཙོ་ལ་སྟོབ། །ཨ་བ་གླང་མགོ་སྨུག་ནག་ཞལ། །གཡས་པ་ཁ་ཊྭཱཾ་ལྕགས་ཀྱུ་གཡོན། །ཞབས་གཉིས་གྱད་ཀྱི་དོར་སྟབས་བགྲད། །དཀར་སྐྱ་མཆེ་གཙིགས་གཡོན་ནས་འཁྲིལ། །གཡས་པ་སྐར་མདའ་ཐོགས་ནས་འཁྱུད། །གཡོན་པ་བྷན་དམར་གཙོ་ལ་སྟོབ། །ཡ་བ་ཏི་ནི་སྔོ་ནག་ཞལ། །གཡས་ན་རལ་གྲི་གཡོན་ལྕགས་ཀྱུ། །ཞབས་གཉིས་གྱད་ཀྱི་དོར་སྟབས་བགྲད། །གཡོན་དུ་དྲེད་ཀྱི་ཨབ་ཤམ་འཁྲིལ། །གཡས་པ་ཁྲམ་ཤིང་ཐོགས་ནས་འཁྱུད། །གཡོན་པ་བྷན་དམར་གཙོ་ལ་སྟོབ། །གཤིན་རྗེ་མིག་དམར་སྨུག་ནག་ཞལ། །གཅོད་བྱེད་རལ་གྲི་གཡས་པ་ན། །ཏི་རའི་དབྱུག་པ་གཡོན་ན་ཐོགས། །ཁྲག་གི་རལ་གཅིག་གཡོན་ནས་འཁྲིལ། །གཡས་པ་ཡབ་འཁྱུད་གཡོན་པ་དུང་དམར་སྟོབ། །གཤིན་རྗེ་རྨིག་པ་དུད་ཀའི་ཞལ། །ཐོད་པའི་ཕྲེང་བ་གཡས་པ་ན། །གཡོན་པ་ལྕགས་སྒྲོག་དམར་པོ་སྡོམ། །ཞབས་གཉིས་གྱད་ཀྱི་དོར་སྟབས་བགྲད། །ནག་མོ་པུས་འགྲོ་གཡོན་ནས་འཁྲིལ། །གཡས་པ་ཡབ་ཀྱི་མགུལ་དུ་འཁྱུད། །གཡོན་པ་དུང་དམར་གཙོ་ལ་སྟོབ། །གཤིན་རྗེ་


DNG015_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

ཏིལ་པ་སྔོ་ནག་ཞལ། །གཡས་པ་སྤུ་གྲི་འབར་བ་ཐོགས། །གཡོན་པ་བྷན་དྷ་རཀྟས་བཀང་། །ཞབས་གཉིས་གྱད་ཀྱི་དོར་སྟབས་བགྲད། །གཡོན་ནས་སྤྱན་གསུམ་མཆེ་གཙིགས་འཁྲིལ། །གཡས་པ་ཡབ་ཀྱི་མགུལ་ནས་འཁྱུད། །གཡོན་པ་དུང་དམར་གཙོ་ལ་སྟོབ། །གཤིན་རྗེ་བདུད་འཇོམས་སྨུག་ནག་ཞལ། །རྡུང་བྱེད་ཐོ་བ་གཡས་པ་ན། །རཀྟ་བྷན་དམར་གཡོན་ན་བསྣམས། །སྨུག་ནག་རལ་གཅིག་གཡོན་ནས་འཁྲིལ། །གཡས་པ་ཡབ་ཀྱི་མགུལ་ནས་འཁྱུད། །གཡོན་པ་དུང་དམར་གཙོ་ལ་སྟོབ། །ཆོས་ཀྱི་རྒྱལ་པོ་དཀར་སེར་ཞལ། །རྡོ་རྗེ་རྩེ་གསུམ་གཡས་པ་ན། །གཡོན་པ་བདུད་ཀྱི་ཁྲམ་ཤིང་ཐོགས། །ཞབས་གཉིས་གྱད་ཀྱི་དོར་སྟབས་བགྲད། །རྡོ་རྗེ་རལ་གཅིག་གཡོན་ནས་འཁྲིལ། །གཡས་པ་ཉི་ཟེར་ཞགས་པ་འཛིན། །གཡོན་པ་དུང་དམར་ཡབ་ལ་སྟོབ། །གཤིན་རྗེ་འབར་བ་དམར་པོའི་ཞལ། །སྐྱེ་འགྲོའི་རྩིས་བྱང་གཡས་པ་ན། །གཡོན་པ་གཏུན་ཤིང་འབར་བ་ཐོགས། །ཞབས་གཉིས་གྱད་ཀྱི་དོར་སྟབས་བགྲད། །དམར་མོ་མགོ་དགུ་གཡས་ནས་འཁྲིལ། །གཡས་པ་ཡབ་འཁྱུད་ཏྲི་ཤཱུལ་འཛིན། །གཡོན་པ་བྷན་དམར་གཙོ་ལ་སྟོབ། །གཤིན་རྗེ་ཐོད་དབྱུག་མཐིང་ནག་ཞལ། །ཏི་རའི་དབྱུག་པ་གཡས་པ་ན། །བདུད་ཀྱི་ཤོ་དྷི་གཡོན་ན་ཐོགས། །ཞབས་གཉིས་གྱད་ཀྱི་དོར་སྟབས་བགྲད། །ནག་མོ་ཕག་མགོ་གཡོན་ནས་འཁྲིལ། །གཡས་པ་ཡབ་ཀྱི་མགུལ་ནས་འཁྱུད། །གཡོན་པ་དུང་དམར་གཙོ་ལ་སྟོབ། །དཀར་ཞིང་འཚེར་བ་བྱ་རྒོད་མགོ། །རྡོ་རྗེ་རྩེ་ལྔ་གཡས་པ་ན། །ལྕགས་ཀྱུ་འབར་བ་གཡོན་ན་ཐོགས། །མཐིང་ནག་འབར་བ་སྟག་གི་མགོ། །རིན་ཆེན་དབྱུག་པ་གཡས་པ་ན། །རྒྱུ་ཞགས་འབར་བ་གཡོན་ན་ཐོགས། །ལེ་བརྒན་འབར་བ་ཀང་ཀའི་མགོ། །མེ་ཡི་པདྨ་གཡས་པ་ན། །ལྕགས་སྒྲོག་འབར་བ་གཡོན་ན་ཐོགས། །ལྗང་ནག་འབར་བ་སྤྱང་ཀིའི་མགོ། །རྒྱ་གྲམ་འབར་བ་གཡས་པ་ན། །ཤེལ་གྱི་དྲིལ་བུ་གཡོན་ན་ཐོགས། །འཇམ་དཔལ་སྐུའི་


DNG015_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཚོགས་ཀྱི་སྐུ་མདོག་ཕྱག་མཚན་བསྟན་པའི་ལེའུ་སྟེ་བཞི་བཅུ་ཞེ་ལྔ་པའོ།། །།པདྨ་གསུང་གི་ལྷ་ཚོགས་ཀྱི། །སྐུ་མདོག་ཕྱག་མཚན་བསྟན་པ་ནི། །བཅོམ་ལྡན་དཔལ་ཆེན་རྟ་མགྲིན་རྒྱལ་པོ་ནི། །སྐུ་མདོག་དམར་པོ་བསྐལ་པའི་མེ་ལྟར་འབར། །དབུ་གསུམ་གཡས་དཀར་གཡོན་སྔོ་དབུས་དམར་ཞལ། །ཕྱག་དྲུག་ཁ་ཊྭཱཾ་རྡོ་རྗེ་སྦྲུལ་ཞགས་གཡས། །དྲིལ་བུ་བྷན་དམར་ལྕགས་སྒྲོག་གཡོན་ན་བསྣམས། །དབུ་གཙུག་རྟ་མགོ་ལྗང་གུ་རྟ་སྐད་འཚེར། །ཞབས་བཞི་བརྐྱངས་བསྐུམས་གདུག་པའི་ཀླུ་རྣམས་འདུལ། །ཡུམ་ཆེན་ཨེ་ཀ་ཙ་ཏི་སྐུ་ལ་འཁྲིལ། །སྐུ་མདོག་དམར་ནག་སྤྱན་གསུམ་སྡང་མིག་བགྲད། །གཡས་པ་ཁ་ཊྭཱཾ་བསྣམས་ནས་ཡབ་ལ་འཁྱུད། །གཡོན་པ་དུང་དམར་གཙོ་ལ་སྟོབ་པར་བྱེད། །སྤྲུལ་པའི་ཕྲ་མེན་བྱི་ལ་པུ་ཤུད་མགོ། །སྐུ་མདོག་དམར་ནག་བསྐལ་པའི་མེ་རི་འདྲ། །གཡས་པ་ལྕགས་ཀྱུ་གཡོན་པ་ཕུར་བུ་འདེབས། །ཡེ་ཤེས་ཟིལ་གནོན་ཁྲོ་བོའི་རྒྱལ་པོ་ནི། །སྐུ་མདོག་དམར་ནག་སེར་པོ་ཡང་ཞལ་གསུམ་ཕྱག་དྲུག་པ། །དབུ་གསུམ་གཡས་དཀར་གཡོན་སྔོ་ལྗང་ཡང་དབུས་དམར་ཞལ། །གཡས་པ་འཁོར་ལོ་རྡོ་རྗེ་རིན་པོ་ཆེ། །གཡོན་པ་པདྨ་རལ་གྲི་དྲིལ་བུ་བསྣམས། །ཞབས་བཞི་བརྐྱངས་བསྐུམས་ཟིལ་གནོན་ཚུལ་དུ་བགྲད། །དབུ་གཙུག་རྟ་མགོ་ལྗང་གུ་རྟ་སྐད་འཚེར། །ཡུམ་ཆེན་མི་ཕམ་ཁྲོ་མོ་སྐུ་ལ་འཁྲིལ། །གཡས་པ་ཡབ་འཁྱུད་གཡོན་པ་དུང་དམར་སྟོབ། །ལས་ཀྱི་ཁྲོ་བོ་ཟིལ་གནོན་ཁྲོ་བོ་ནི། །དབུ་གསུམ་གཡས་དཀར་གཡོན་སྔོ་དབུས་དམར་ཞལ། །ཕྱག་དྲུག་པདྨ་དབྱུག་ཏོ་སྤུ་གྲི་གཡས། །ཁ་ཊྭཱཾ་དགྲ་སྟྭ་རྒྱ་གྲམ་གཡོན་ན་བསྣམས། །ཞབས་བཞི་བརྐྱངས་བསྐུམས་ཟིལ་གནོན་ཚུལ་དུ་བགྲད། །དབུ་གཙུག་རྟ་མགོ་ལྗང་གུ་རྟ་སྐད་འཚེར། །ཡུམ་ཆེན་ཁྲོ་གཉེར་དམར་མོ་སྐུ་ལ་འཁྲིལ། །གཡས་པ་ཡབ་འཁྱུད་གཡོན་པ་དུང་དམར་སྟོབ། །ཡེ་ཤེས་མ་མོ་ཟིལ་གནོན་ཁྲོ་བོ་ནི། །དབུ་གསུམ་གཡས་དཀར་གཡོན་ལྗང་དབུས་དམར་ཞལ། །ཕྱག་དྲུག་སྡིགས་མཛུབ་ལྕགས་ཀྱུ་སྦྲུལ་ཞགས་གཡས། །ལྕགས་སྒྲོག་


DNG015_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཊྭཱཾ་རྔེའུ་ཆུང་གཡོན་ན་བསྣམས། །ཞབས་བཞི་བརྐྱངས་བསྐུམས་ཟིལ་གནོན་ཚུལ་དུ་བགྲད། །དབུ་གཙུག་རྟ་མགོ་ལྗང་གུ་རྟ་སྐད་འཚེར། །ཡུམ་ཆེན་རོ་ལངས་དམར་མོ་སྐུ་ལ་འཁྲིལ། །གཡས་པ་ཡབ་འཁྱུད་གཡོན་པ་དུང་དམར་སྟོབ། །ཡེ་ཤེས་བྱ་ཁྱུང་ཟིལ་གནོན་ཁྲོ་བོ་ནི། །དབུ་གསུམ་གཡས་དཀར་གཡོན་སྔོ་དབུས་དམར་ཞལ། །ཕྱག་དྲུག་རྡོ་རྗེ་ས་དང་མེ་ཁྱུང་གཡས། །ནམ་མཁའ་ཆུ་རླུང་བྱ་ཁྱུང་གཡོན་ན་བསྣམས། །ཞབས་བཞི་བརྐྱངས་བསྐུམས་ཟིལ་གནོན་ཚུལ་དུ་བགྲད། །དབུ་གཙུག་རྟ་མགོ་ལྗང་གུ་རྟ་སྐད་འཚེར། །ཡུམ་གཅིག་སྤྱན་གཅིག་དམར་མོ་སྐུ་ལ་འཁྲིལ། །གཡས་པ་ཡབ་འཁྱུད་གཡོན་པ་དུང་དམར་སྟོབ། །ཕོ་རྒྱུད་ཟིལ་གྱིས་གནོན་པའི་ཁྲོ་བོ་ནི། །དབུ་གསུམ་གཡས་དཀར་གཡོན་སྔོ་དབུས་དམར་ཞལ། །ཕྱག་དྲུག་རྡོ་རྗེ་ཐོད་སྐམ་རྒྱུ་ཞགས་གཡས། །དུང་ཁྲག་ཐོད་རློན་ཞིང་དབྱུག་གཡོན་ན་བསྣམས། །ཞབས་བཞི་བརྐྱངས་བསྐུམས་ཟིལ་གནོན་ཚུལ་དུ་བགྲད། །དབུ་གཙུག་རྟ་མགོ་ལྗང་གུ་རྟ་སྐད་འཚེར། །ཡུམ་ཆེན་རྡོ་རྗེ་ལས་བྱེད་སྐུ་ལ་འཁྲིལ། །གཡས་པ་ཡབ་འཁྱུད་གཡོན་པ་དུང་ཁྲག་སྟོབ། །མོ་རྒྱུད་ཟིལ་གྱིས་གནོན་པའི་ཁྲོ་བོ་ནི། །དབུ་གསུམ་གཡས་དཀར་གཡོན་ལྗང་དབུས་དམར་ཞལ། །ཕྱག་དྲུག་རྡོ་རྗེ་རལ་གྲི་མདའ་ནི་གཡས། །ཞགས་པ་སྡིགས་མཛུབ་གཞུ་ནི་གཡོན་ན་བསྣམས། །ཞབས་བཞི་བརྐྱངས་བསྐུམས་ཟིལ་གནོན་ཚུལ་དུ་བགྲད། །དབུ་གཙུག་རྟ་མགོ་ལྗང་གུ་རྟ་སྐད་འཚེར། །ཡུམ་ཆེན་གཤིན་རྗེ་ལས་བྱེད་སྐུ་ལ་འཁྲིལ། །གཡས་པ་ཡབ་འཁྱུད་གཡོན་པ་དུང་དམར་སྟོབ། །ཀླུ་རྣམས་ཟིལ་གྱིས་གནོན་པའི་ཁྲོ་བོ་ནི། །དབུ་གསུམ་གཡས་དཀར་གཡོན་ལྗང་དབུས་དམར་ཞལ། །ཕྱག་དྲུག་སྦྲུལ་དཀར་སྦྲུལ་སེར་སྦྲུལ་དམར་གཡས། །སྦྲུལ་ཁྲ་སྦྲུལ་སྔོ་སྦྲུལ་ནག་གཡོན་ན་བསྣམས། །ཞབས་བཞི་བརྐྱངས་བསྐུམས་ཟིལ་གནོན་ཚུལ་དུ་བགྲད། །དབུ་གཙུག་རྟ་མགོ་ལྗང་གུ་རྟ་སྐད་འཚེར། །ཀླུ་མོ་ལས་བྱེད་དམར་མོ་སྐུ་ལ་འཁྲིལ། །གཡས་པ་ཡབ་འཁྱུད་གཡོན་


DNG015_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

པ་དུང་དམར་སྟོབ། །གཟའ་རྣམས་ཟིལ་གྱིས་གནོན་པའི་ཁྲོ་བོ་ནི། །དབུ་གསུམ་གཡས་དཀར་གཡོན་ལྗང་དབུས་དམར་ཞལ། །ཕྱག་དྲུག་རྡོ་རྗེ་རལ་གྲི་ཞགས་པ་གཡས། །དུང་ཁྲག་སེང་ལྡེང་དབྱུག་པ་ཁྱུང་ཆེན་གཡོན། །ཞབས་བཞི་བརྐྱངས་བསྐུམས་ཟིལ་གནོན་ཚུལ་དུ་བགྲད། །དབུ་གཙུག་རྟ་མགོ་ལྗང་གུ་རྟ་སྐད་འཚེར། །ཡུམ་ཆེན་གནོད་སྦྱིན་ལས་བྱེད་སྐུ་ལ་འཁྲིལ། །གཡས་པ་ཡབ་འཁྱུད་གཡོན་པ་དུང་དམར་སྟོབ། །སྒོ་བ་དཀར་པོ་ལྕགས་ཀྱུ་ཐོགས། །སྒོ་བ་སེར་པོ་ཞགས་པ་བསྣམས། །སྒོ་བ་དམར་པོ་ལྕགས་སྒྲོག་ཐོགས། །སྒོ་བ་ལྗང་གུ་དྲིལ་བུ་ཐོགས། །པདྨ་གསུང་གི་ལྷ་ཚོགས་ཀྱི་སྐུ་མདོག་ཕྱག་མཚན་བསྟན་པའི་ལེའུ་སྟེ་བཞི་བཅུ་ཞེ་དྲུག་པའོ།། །།ཕུར་པ་ཕྲིན་ལས་ལྷ་ཚོགས་ཀྱི། །སྐུ་མདོག་ཕྱག་མཚན་བསྟན་པ་ནི། །བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་ནི། །དབུ་གསུམ་ཕྱག་དྲུག་ཞབས་བཞི་སྐུ་མདོག་མཐིང་། །གཡས་དཀར་གཡོན་དམར་དབུས་ནི་མཐིང་ནག་ཞལ། །གཡས་གཉིས་རྡོ་རྗེ་རྩེ་དགུ་རྩེ་ལྔ་བསྣམས། །གཡོན་གྱི་གཉིས་ན་ཁ་ཊྭཱཾ་མེ་དཔུང་བསྣམས། །ཐ་མ་གཉིས་ན་རི་རབ་ཕུར་བུ་འདྲིལ། །དུར་ཁྲོད་འཇིགས་པའི་ཆས་བརྒྱད་སྐུ་ལ་བརྒྱན། །འཁོར་ལོ་རྒྱས་འདེབས་མཐིང་ནག་སྐུ་ལ་འཁྲིལ། །གཡས་པ་ཁ་ཊྭཱཾ་ཐོགས་ནས་ཡབ་ལ་འཁྱུད། །གཡོན་པ་དུང་ཁྲག་གཙོ་ལ་སྟོབ་པར་བྱེད། །ཐུགས་ཀྱི་སྲས་མཆོག་བུཌྜྷ་ཀཱི་ལ་ཡ། །དབུ་གསུམ་གཡས་དཀར་གཡོན་དམར་དབུས་མཐིང་ཞལ། །ཕྱག་དྲུག་གཡས་གཡོན་དང་པོ་རྡོ་རྗེ་དགྲ་སྟྭ་བསྣམས། །བར་མ་གཉིས་ན་རྒྱུ་ཞགས་རལ་གྲི་བསྣམས། །ཐ་མ་གཉིས་ན་རི་རབ་ཕུར་བུ་འདྲིལ། །སྐུ་སྨད་དངུལ་ཕུར་ཟླུམ་པོ་ཨེ་ཡི་གདན་ལ་བཞུགས། །ལྷོ་ཕྱོགས་སྲས་མཆོག་རཏྣ་ཀཱི་ལ་ཡ། །དབུ་གསུམ་གཡས་དཀར་གཡོན་དམར་དབུས་སེར་ཞལ། །གཡས་གཡོན་དང་པོ་མེ་དང་དགྲ་སྟྭ་བསྣམས། །བར་མ་གཉིས་ན་རལ་གྲི་བེ་ཅོན་བསྣམས། །ཐ་མ་གཉིས་ན་རི་རབ་ཕུར་བུ་འདྲིལ། །སྐུ་སྨད་གསེར་ཕུར་གྲུ་


DNG015_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ཨེ་ཡི་གདན་ལ་བཞུགས། །ནུབ་ཀྱི་སྲས་མཆོག་པདྨ་ཀཱི་ལ་ཡ། །དབུ་གསུམ་གཡས་དཀར་གཡོན་སེར་དབུས་དམར་ཞལ། །གཡས་གཡོན་དང་པོ་རལ་གྲི་མདུང་ཐུང་བསྣམས། །བར་མ་གཉིས་ན་མདའ་གཞུ་འགེངས་ཤིང་འཕེན། །ཐ་མ་གཉིས་ན་རི་རབ་ཕུར་བུ་འདྲིལ། །སྐུ་སྨད་ཟངས་ཕུར་ཟླ་གམ་ཨེ་ཡི་གདན་ལ་བཞུགས། །བྱང་གི་སྲས་མཆོག་ཀརྨ་ཀཱི་ལ་ཡ། །དབུ་གསུམ་གཡས་དཀར་གཡོན་དམར་དབུས་ལྗང་ཞལ། །གཡས་གཡོན་དང་པོ་མདུང་དང་གྲི་གུག་བསྣམས། །བར་མ་གཉིས་ན་ལྕགས་ཀྱུ་རལ་གྲི་བསྣམས། །ཐ་མ་གཉིས་ན་རི་རབ་ཕུར་བུ་འདྲིལ། །སྐུ་སྨད་ལྕགས་ཕུར་ཟུར་གསུམ་ཨེ་ཡི་གདན་ལ་བཞུགས། །ཧཱུཾ་ཆེན་སྔོ་སྐྱ་སེར་དང་དམར་བའི་ཞལ། །གཡས་གཡོན་དང་པོ་རྡོ་རྗེས་དུང་ཁྲག་དཀྲུགས། །བར་མ་གཉིས་ན་མདའ་གཞུ་འགེངས་ཤིང་འཕེན། །ཐ་མ་གཉིས་ན་རི་རབ་ཕུར་བུ་འདྲིལ། །རྡོ་རྗེའི་གཤོག་པ་ནམ་མཁའི་མཐའ་མཉམ་གདེངས། །ཞབས་བཞི་བརྐྱངས་བསྐུམས་ཚངས་པའི་གདན་ལ་བཞུགས། །ཡུམ་ཆེན་རྡོ་རྗེ་སྒྲ་འབྱིན་སྐུ་ལ་འཁྲིལ། །གཡས་པ་བེ་ཅོན་གཡོན་པ་ཐོད་ཁྲག་སྟོབ། །ཡབ་ཀྱི་སྤྲུལ་པ་ཕག་གི་མགོ་བོ་ཅན། །གཡས་པ་ཐོ་བ་གཡོན་པ་ཕུར་པ་འདྲིལ། །ཡུམ་གྱི་སྤྲུལ་པ་སྨིག་བུའི་མགོ་བོ་ཅན། །གཡས་པ་ཉི་ཟླ་གཡོན་པ་ཕུར་བུ་འདྲིལ། །རྣམ་རྒྱལ་དཀར་པོ་སྔོ་དང་ལྗང་སེར་ཞལ། །གཡས་གཡོན་དང་པོ་རྡོ་རྗེས་དུང་ཁྲག་དཀྲུགས། །བར་མ་གཉིས་ན་འཁོར་ལོ་ཏྲི་ཤཱུ་ལ། །ཐ་མ་གཉིས་ན་རི་རབ་ཕུར་བུ་འདྲིལ། །རྡོ་རྗེའི་གཤོག་པ་ནམ་མཁའི་མཐའ་མཉམ་གདེངས། །ཞབས་བཞི་བརྐྱངས་བསྐུམས་བརྒྱ་བྱིན་གདན་ལ་བཞུགས། །ཡུམ་ཆེན་རྡོ་རྗེ་སྙེམས་མ་སྐུ་ལ་འཁྲིལ། །གཡས་པ་རལ་གྲི་གཡོན་པ་ཐོད་ཁྲག་སྟོབས། །ཡབ་ཀྱི་སྤྲུལ་པ་སྟག་གི་མགོ་བོ་ཅན། །གཡས་པ་རྡོ་རྗེ་གཡོན་པ་ཕུར་པ་འདྲིལ། །ཡུམ་གྱི་སྤྲུལ་པ་བྱ་རྒོད་མགོ་བོ་ཅན། །གཡས་པ་ལྕགས་ཀྱུ་གཡོན་པ་ཕུར་བུ་འདྲིལ། །ཁྲོ་རྒྱལ་དབྱུག་སྔོན་དཀར་དང་དམར་བའི་ཞལ། །


DNG015_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་གཡོན་དང་པོ་རྡོ་རྗེས་དུང་ཁྲག་དཀྲུགས། །བར་མ་གཉིས་ན་མེ་དབལ་དབྱུག་ཏོ་བསྣམས། །ཐ་མ་གཉིས་ན་རི་རབ་ཕུར་བུ་འདྲིལ། །རྡོ་རྗེའི་གཤོག་པ་ནམ་མཁའི་མཐའ་མཉམ་གདེངས། །ཞབས་བཞི་བརྐྱངས་བསྐུམས་དྲང་སྲོང་གདན་ལ་བཞུགས། །ཡུམ་ཆེན་རྡོ་རྗེ་སྡེར་མོ་སྐུ་ལ་འཁྲིལ། །གཡས་པ་ལྕགས་ཀྱུ་གཡོན་པ་ཐོད་ཁྲག་སྟོབས། །ཡབ་ཀྱི་སྤྲུལ་པ་གཡག་གི་མགོ་བོ་ཅན། །གཡས་པ་དབྱུག་ཏོ་གཡོན་པ་ཕུར་པ་འདྲིལ། །ཡུམ་གྱི་སྤྲུལ་པ་བྱ་རོག་མགོ་བོ་ཅན། །གཡས་པ་མེ་དབལ་གཡོན་པ་ཕུར་བུ་འདྲིལ། །ཁྲོ་རྒྱལ་གཤིན་རྗེ་སྔོ་སྐྱ་ལྗང་སྔོན་ཞལ། །གཡས་གཡོན་དང་པོ་རྡོ་རྗེས་དུང་ཁྲག་དཀྲུགས། །བར་མ་གཉིས་ན་ཐོད་དབྱུག་དགྲ་སྟྭ་བསྣམས། །ཐ་མ་གཉིས་ན་རི་རབ་ཕུར་བུ་འདྲིལ། །རྡོ་རྗེའི་གཤོག་པ་ནམ་མཁའི་མཐའ་མཉམ་གདེངས། །ཞབས་བཞི་བརྐྱངས་བསྐུམས་གྲུལ་བུམ་གདན་ལ་བཞུགས། །ཡུམ་ཆེན་དུར་ཁྲོད་བདག་མོ་སྐུ་ལ་འཁྲིལ། །གཡས་པ་ཐོད་དབྱུག་གཡོན་པ་ཐོད་ཁྲག་སྟོབས། །ཡབ་ཀྱི་སྤྲུལ་པ་ཤ་བའི་མགོ་བོ་ཅན། །གཡས་པ་དགྲ་སྟྭ་གཡོན་པ་ཕུར་པ་འདྲིལ། །ཡུམ་གྱི་སྤྲུལ་པ་འུག་པའི་མགོ་བོ་ཅན། །གཡས་པ་ཞགས་པ་གཡོན་པ་ཕུར་བུ་འདྲིལ། །མི་གཡོ་མགོན་པོ་ལྗང་སྔོན་སྨུག་ནག་ཞལ། །གཡས་གཡོན་དང་པོ་རྡོ་རྗེས་དུང་ཁྲག་དཀྲུགས། །བར་མ་གཉིས་ན་རལ་གྲི་ཞགས་པ་བསྣམས། །ཐ་མ་གཉིས་ན་རི་རབ་ཕུར་བུ་འདྲིལ། །རྡོ་རྗེའི་གཤོག་པ་ནམ་མཁའི་མཐའ་མཉམ་གདེངས། །ཞབས་བཞི་བརྐྱངས་བསྐུམས་བདེན་བྲལ་གདན་ལ་བཞུགས། །ཡུམ་ཆེན་རྡོ་རྗེ་གཏུན་ཁུང་སྐུ་ལ་འཁྲིལ། །གཡས་པ་ཐོ་བ་གཡོན་པ་ཐོད་ཁྲག་སྟོབས། །ཡབ་ཀྱི་སྤྲུལ་པ་གཟིག་གི་མགོ་བོ་ཅན། །གཡས་པ་རལ་གྲི་གཡོན་པ་ཕུར་པ་འདྲིལ། །ཡུམ་གྱི་སྤྲུལ་པ་ཁྭ་ཏའི་མགོ་བོ་ཅན། །གཡས་པ་ལྕགས་ཀྱུ་གཡོན་པ་ཕུར་བུ་འདྲིལ། །རྟ་མགྲིན་དམར་པོ་དཀར་དང་སྔོ་བའི་ཞལ། །གཡས་གཡོན་དང་པོ་རྡོ་རྗེས་དུང་ཁྲག་དཀྲུགས། །བར་མ་གཉིས་


DNG015_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

ན་སྤུ་གྲི་ཞགས་པ་བསྣམས། །ཐ་མ་གཉིས་ན་རི་རབ་ཕུར་བུ་འདྲིལ། །རྡོ་རྗེའི་གཤོག་པ་ནམ་མཁའི་མཐའ་མཉམ་གདེངས། །ཞབས་བཞི་བརྐྱངས་བསྐུམས་ཆུ་ལྷའི་གདན་ལ་བཞུགས། །ཡུམ་ཆེན་རྡོ་རྗེ་གཏུམ་མོ་སྐུ་ལ་འཁྲིལ། །གཡས་པ་སྤུ་གྲི་གཡོན་པ་དུང་ཁྲག་སྟོབ། །ཡབ་ཀྱི་སྤྲུལ་པ་བྱི་ལའི་མགོ་བོ་ཅན། །གཡས་པ་ཞགས་པ་གཡོན་པ་ཕུར་པ་འདྲིལ། །ཡུམ་གྱི་སྤྲུལ་པ་པུ་ཤུད་མགོ་བོ་ཅན། །གཡས་པ་སྤུ་གྲི་གཡོན་པ་ཕུར་བུ་འདྲིལ། །འདོད་རྒྱལ་དམར་སྐྱ་སེར་དང་ལྗང་གུའི་ཞལ། །གཡས་གཡོན་དང་པོ་རྡོ་རྗེས་དུང་ཁྲག་དཀྲུགས། །བར་མ་གཉིས་ན་བ་དན་རྔ་ཡབ་བསྣམས། །ཐ་མ་གཉིས་ན་རི་རབ་ཕུར་བུ་འདྲིལ། །རྡོ་རྗེའི་གཤོག་པ་ནམ་མཁའི་མཐའ་མཉམ་གདེངས། །ཞབས་བཞི་བརྐྱངས་བསྐུམས་རླུང་ལྷའི་གདན་ལ་བཞུགས། །ཡུམ་ཆེན་རྡོ་རྗེ་མདའ་སྙེམས་སྐུ་ལ་འཁྲིལ། །གཡས་པ་ཐོ་བ་གཡོན་པ་དུང་ཁྲག་སྟོབ། །ཡབ་ཀྱི་སྤྲུལ་པ་སྤྱང་ཀིའི་མགོ་བོ་ཅན། །གཡས་པ་བ་དན་གཡོན་པ་ཕུར་པ་འདྲིལ། །ཡུམ་གྱི་སྤྲུལ་པ་ཁྲ་ཡི་མགོ་བོ་ཅན། །གཡས་པ་རྔ་ཡབ་གཡོན་པ་ཕུར་བུ་འདྲིལ། །བདུད་རྩི་འཁྱིལ་པ་ལྗང་ནག་དཀར་དམར་ཞལ། །གཡས་གཡོན་དང་པོ་རྡོ་རྗེས་དུང་ཁྲག་དཀྲུགས། །བར་མ་གཉིས་ན་རྒྱ་གྲམ་དྲིལ་བུ་བསྣམས། །ཐ་མ་གཉིས་ན་རི་རབ་ཕུར་བུ་འདྲིལ། །རྡོ་རྗེའི་གཤོག་པ་ནམ་མཁའི་མཐའ་མཉམ་གདེངས། །ཞབས་བཞི་བརྐྱངས་བསྐུམས་གནོད་སྦྱིན་གདན་ལ་བཞུགས། །ཡུམ་ཆེན་རྡོ་རྗེ་རླུང་འབྱིན་སྐུ་ལ་འཁྲིལ། །གཡས་པ་དགྲ་སྟྭ་གཡོན་པ་དུང་ཁྲག་སྟོབ། །ཡབ་ཀྱི་སྤྲུལ་པ་སེང་གེའི་མགོ་བོ་ཅན། །གཡས་པ་རྡོ་རྗེ་གཡོན་པ་ཕུར་པ་འདྲིལ། །ཡུམ་གྱི་སྤྲུལ་པ་ཕ་ཝང་མགོ་བོ་ཅན། །གཡས་པ་མེ་སྒྲོན་གཡོན་པ་ཕུར་བུ་འདྲིལ། །ཁམས་གསུམ་རྣམ་རྒྱལ་དཀར་དང་དམར་བའི་ཞལ། །གཡས་གཡོན་དང་པོ་རྡོ་རྗེས་དུང་ཁྲག་དཀྲུགས། །བར་མ་གཉིས་ན་རྡོ་རྗེ་སྦྲུལ་ཞགས་བསྣམས། །ཐ་མ་གཉིས་ན་རི་རབ་


DNG015_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ཕུར་བུ་འདྲིལ། །རྡོ་རྗེའི་གཤོག་པ་ནམ་མཁའི་མཐའ་མཉམ་གདེངས། །ཞབས་བཞི་བརྐྱངས་བསྐུམས་བགེགས་ཀྱི་གདན་ལ་བཞུགས། །ཡུམ་ཆེན་རྡོ་རྗེ་གསོད་བྱེད་སྐུ་ལ་འཁྲིལ། །གཡས་པ་གྲི་གུག་གཡོན་པ་དུང་ཁྲག་སྟོབ། །ཡབ་ཀྱི་སྤྲུལ་པ་དོམ་གྱི་མགོ་བོ་ཅན། །གཡས་པ་དྲིལ་བུ་གཡོན་པ་ཕུར་པ་འདྲིལ། །ཡུམ་གྱི་སྤྲུལ་པ་སྲེ་མོའི་མགོ་བོ་ཅན། །གཡས་པ་ལྕགས་ཀྱུ་གཡོན་པ་ཕུར་བུ་འདྲིལ། །སྟོབས་ཆེན་དུད་ཀ་ནག་དང་ལྗང་གུའི་ཞལ། །གཡས་གཡོན་དང་པོ་རྡོ་རྗེས་དུང་ཁྲག་དཀྲུགས། །བར་མ་གཉིས་ན་ཐོ་བ་ཞགས་པ་བསྣམས། །ཐ་མ་གཉིས་ན་རི་རབ་ཕུར་བུ་འདྲིལ། །རྡོ་རྗེའི་གཤོག་པ་ནམ་མཁའི་མཐའ་མཉམ་གདེངས། །ཞབས་བཞི་བརྐྱངས་བསྐུམས་ས་བདག་གདན་ལ་བཞུགས། །ཡུམ་ཆེན་རྡོ་རྗེ་སྐུལ་བྱེད་སྐུ་ལ་འཁྲིལ། །གཡས་པ་རྩེ་གསུམ་གཡོན་པ་དུང་ཁྲག་སྟོབ། །ཡབ་ཀྱི་སྤྲུལ་པ་དྲེད་ཀྱི་མགོ་བོ་ཅན། །གཡས་པ་རྡོ་རྗེ་གཡོན་པ་ཕུར་པ་འདྲིལ། །ཡུམ་གྱི་སྤྲུལ་པ་བྱི་བའི་མགོ་བོ་ཅན། །གཡས་པ་སོག་ལེ་གཡོན་པ་ཕུར་བུ་འདྲིལ། །སྒོ་བ་དཀར་པོ་ལྕགས་ཀྱུ་པུ་ཤུད་མགོ། །སྒོ་བ་སེར་པོ་ཞགས་པ་སྐྱ་ཀའི་མགོ། །སྒོ་བ་དམར་པོ་ལྕགས་སྒྲོག་སྲིན་བྱའི་མགོ། །སྒོ་བ་ལྗང་གུ་དྲིལ་བུ་ཁྲ་ཡི་མགོ། །) ཕུར་པ་ཕྲིན་ལས་ཀྱི་ལྷ་ཚོགས་ཀྱི་སྐུ་མདོག་ཕྱག་མཚན་བསྟན་པའི་ལེའུ་སྟེ་བཞི་བཅུ་ཞེ་བདུན་པའོ།། །།མ་མོ་རྦོད་གཏོང་ལྷ་ཚོགས་ཀྱི། །སྐུ་མདོག་ཕྱག་མཚན་བསྟན་པ་ནི། །བཅོམ་ལྡན་བླ་མེད་ཧེ་རུ་ཀ །སྐུ་ནི་མཐིང་ནག་འཇིགས་ཚུལ་ཅན། །གཡས་དཀར་གཡོན་དམར་དབུས་མཐིང་ཞལ། །རྡོ་རྗེ་སྦྲུལ་ཁྱུང་སྦྲུལ་ཞགས་གཡས། །བྷནྡ་ཞིང་གཡབ་གའུ་གཡོན། །དུར་ཁྲོད་འཇིགས་པའི་ཆས་ཀྱིས་བརྒྱན། །ཞབས་བཞི་བགྲད་པས་མ་མོ་གཟིར། །ཡུམ་ཆེན་ཀུན་ཏུ་བཟང་མོ་ནི། །བཞི་ཟུར་ཞབས་བརྒྱད་ཕྱོགས་མཚམས་གནོན། །མཁའ་བཞི་བདེ་ཀློང་གཅིག་ཏུ་འཁྱིལ། །དབུ་གཅིག་ཞལ་ལྔ་སྲིད་པ་གསལ། །ཕ་རོལ་ཕྱིན་དྲུག་ཕྱག་རྒྱ་ལ། །དང་པོ་རྡོ་རྗེ་དྲིལ་བུ་འབར། །བར་མ་དྲིལ་ཞགས་


DNG015_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

བྷནྡ་ལྡན། །ཐ་མ་བདུད་རྩི་གཡང་གཞིར་ལྡན། །སྣ་ཚོགས་བསྒྱུར་བའི་སྐུ་མདོག་ལ། །ན་བཟའ་སྣ་ཚོགས་ཤིན་ཏུ་འབར། །ཤར་གྱི་མཁའ་འགྲོ་སེང་གེའི་གདོང་། །རྟག་པའི་རྒྱལ་མོ་རྣམ་སྣང་གསལ། །སྐུ་མདོག་དཀར་མོ་འབར་བ་ལ། །ན་བཟའ་དཀར་པོ་ཤེལ་ལྟར་དག །དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །དང་པོ་རྡོ་རྗེ་བྷནྡ་འབར། །བར་མ་དགྲ་སྟྭ་གཏུན་ཤིང་བརྡེག །ཐ་མ་སེང་གེ་མཆོག་ཆེན་སྙོད། །ལྷ་ཡི་མཁའ་འགྲོ་བན་གླང་གདོང་། །རྟག་པའི་རྒྱལ་མོ་འོད་གསལ་འབར། །སྐུ་མདོག་སྔོན་མོ་འབར་བ་ལ། །ན་བཟའ་སྔོན་པོ་བཻ་ཌཱུརྱ། །དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །དང་པོ་རིན་ཆེན་བྷནྡ་འབར། །བར་མ་མེ་དབལ་དབྱུག་ཏོ་ལ། །ཐ་མ་སྟག་མོ་ཞིང་ཆུང་སྙོད། །ནུབ་ཀྱི་མཁའ་འགྲོ་ཕུད་ཀའི་གདོང་། །རྟག་པའི་རྒྱལ་མོ་སྙན་མཉེན་ཡང་གསལ་འབར། །སྐུ་མདོག་དམར་མོ་འབར་བ་ལ། །ན་བཟའ་དམར་མོ་དབང་གིས་མཛེས། །དང་པོ་པདྨ་བྷནྡ་འབར། །བར་མ་ཞགས་པ་ཏྲི་ཤཱུ་ལ། །ཐ་མ་ཅེ་སྤྱང་ཞིང་ཆུང་སྙོད། །ཞབས་བཞི་ཆུ་བདག་སྟེང་དུ་བགྲད། །བྱང་གི་མཁའ་འགྲོ་རྡོ་རྗེའི་མཆུ། །རྟག་པའི་རྒྱལ་མོ་ཡང་གསལ་གཡོས། །སྐུ་མདོག་ལྗང་གུ་འབར་བ་ལ། །ན་བཟའ་ལྗང་གུ་བཻ་ཌཱུརྻ། །དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །དང་པོ་རྒྱ་གྲམ་བྷནྡ་དམར། །བར་མ་དབྱུག་ཏོ་རྒྱུ་ཕྲེང་འཛིན། །ཐ་མ་སྤྱང་མོ་ཞིང་ཆུང་སྙོད། །ཞབས་བཞི་གནོད་སྦྱིན་སྟེང་དུ་བགྲད། །ནམ་མཁའི་མཁའ་འགྲོ་རྡོ་རྗེ་མཆུ། །རྟག་པའི་རྒྱལ་མོ་བཀྲག་གསལ་འབར། །སྐུ་མདོག་སེར་མོ་འབར་བ་ལ། །ན་བཟའ་སེར་པོ་བཙོ་མ་གསེར། །དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །དང་པོ་འཁོར་ལོ་བྷནྡ་འབར། །བར་མ་རྒྱལ་མཚན་སྤུ་གྲི་འཛིན། །ཐ་མ་འུག་པ་ཞིང་ཆུང་སྙོད། །ཞབས་བཞིར་ཡ་བདུད་སྟེང་ན་བགྲད། །སྲིད་པ་བདེ་འགྲོ་ཁམས་གསུམ་ཡུམ། །སྐུ་མདོག་མཐིང་


DNG015_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

ནག་འབར་བ་ལ། །དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །གཡས་ཀྱི་དང་པོ་འཁོར་ལོ་བསྐོར། །གཡོན་གྱི་དང་པོ་རིན་པོ་ཆེ། །གཡས་ཀྱི་བར་མ་གཡང་གཞི་བརྡེབ། །གཡོན་གྱི་བྷནྡ་དམར་གྱིས་བཀང་། །གཡས་ཀྱི་ཐ་མ་ཚེ་འཛིན་ཅིང་། །གཡོན་གྱི་ཐ་མ་ལྕགས་ཀྱུ་ཐོགས། །ཞབས་དྲུག་རྒྱུད་དྲུག་སྒོ་ཡང་གཅོད། །དཀར་མོ་ཉི་མའི་ཐོད་ཕྲེང་ཅན། །ན་བཟའ་སྤྲིན་དཀར་བརྩེགས་པ་ལ། །འཇའ་ཚོན་འབར་བའི་མཐའ་ཆག་ཅན། །ཉི་ཟླ་སྟོང་གི་ཐོད་ཕྲེང་ཅན། །ཕྱག་ན་ཟངས་ལྕགས་དཀར་ནག་ལ། །སྙིང་བརྒྱུས་པ་ཡི་ཞགས་པ་འཕེན། །ཉི་མ་ཁྲོས་པའི་དབང་མོ་ཆེ། །སྐུ་མདོག་དཀར་མོ་འབར་བ་ལ། །སྐུ་ལ་ཤེལ་གྱི་གོ་ཟུ་མནབས། །ཕྱག་ན་ཤེལ་གྱི་སྤུ་གྲི་བསྣམས། །ཁྲག་འཐུང་ཁྲོས་པའི་དབང་མོ་ཆེ། །སྐུ་མདོག་སྔོན་མོ་འབར་བ་ལ། །ན་བཟའ་གཡུ་ཡི་གོ་ཟུ་གསོལ། །ལག་ན་ཐོད་པ་ཁྲག་བཀང་བསྣམས། །བདུད་རྩི་ཁྲོས་པའི་དབང་མོ་ཆེ། །སྐུ་མདོག་དམར་མོ་འབར་བ་ལ། །ན་བཟའ་ལེ་བརྒན་གོ་ཟུ་མནབས། །ལག་ན་བདུད་རྩིའི་བུམ་པ་བསྣམས། །སྲིད་གསུམ་ཁྲོས་པའི་དབང་མོ་ཆེ། །སྐུ་མདོག་ལྗང་ནག་འབར་བ་ལ། །ན་བཟའ་ལྗང་གུ་བཻ་ཌཱུརྻ། །ལག་ན་ཞིང་ལྤགས་རྒྱལ་མཚན་ཐོགས། །དཀར་མོ་སྲིད་པའི་རྒྱན་བྱེད་མ། །ལག་ན་སྐྲ་ཡི་ཞགས་པ་ཐོགས། །སྔོན་མོ་དབྱིངས་ཕྱུག་རྒྱལ་མོ་ནི། །ལག་ན་ཞིང་གི་དབྱུག་པ་ཐོགས། །དམར་མོ་བདག་ཉིད་ཆེན་མོ་ནི། །ལག་ན་ཞིང་གི་རྒྱུ་ཞགས་འཛིན། །སེར་མོ་ཆེན་མོ་གཅིག་པུ་མ། །ལག་ན་མི་ཡི་གཡང་གཞི་བརྡེབ། །དཀར་མོ་ཆེན་མོ་མིག་གཅིག་མ། །ལག་ན་བྷནྡ་ཟླུམ་པོ་ཐོགས། །མཐིང་ནག་ཆེན་མོ་མཆེ་བ་ཅན། །ལག་ན་བྷནྡ་སུལ་མང་ཐོགས། །དམར་མོ་དབང་གི་རྒྱལ་མོ་ནི། །ལག་ན་བྷནྡ་ལྕང་ལོ་ཐོགས། །སེར་མོ་ཆེན་མོ་ལས་ཀྱི་གཙོ། །ལག་ན་བྷནྡ་རྒྱ་གྲམ་ཐོགས། །སྲིད་པའི་མ་མོ་ཆགས་བྱེད་མོ། །སྐུ་མདོག་མཐིང་ནག་འབར་བ་ལ། །གོས་སུ་མི་ལྤགས་རློན་པ་གོན། །ལག་ན་མི་སྙིང་རློན་པ་ཐོགས། །སྲིད་པ་


DNG015_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་སྙོམས་ཆེན་མོ་ནི། །སྐུ་མདོག་དམར་མོ་ཆེན་མོ་སྟེ། །སྟག་ལྤགས་རློན་པའི་གོ་ཟུ་ལ། །མི་ལྤགས་རློན་པའི་ན་བཟའ་བཀླུབས། །ལག་ན་ཐོད་པ་ཁྲག་གིས་བཀང་། །འདོད་ཁམས་གཙོ་མོ་ཆེན་མོ་ནི། །སྐུ་མདོག་སྔོན་མོ་ཆེན་མོ་ལ། །སྐུ་སྟོད་སྟག་གི་པགས་པ་ལ། །སྐུ་སྨད་ཟངས་ཀྱི་ཞབས་མས་གཡོགས། །ལག་ན་ཁྲམ་ཤིང་ནག་པོ་ཐོགས། །ཨེ་ཀ་ཙ་ཏི་རལ་གཅིག་མ། །སྐུ་མདོག་དམར་མོ་འབར་བ་ལ། །གོས་སུ་སྤྲིན་དཀར་གོ་ཟུ་ཡི། །མཐའ་མ་འཇའ་ཚོན་འབར་བས་འཁྲིགས། །ལག་ན་ཁ་ཊྭཱཾ་མི་རོ་ཐོགས། །གླིང་བཞི་སྤྱི་ཕུད་ཆེན་མོ་ནི། །དཀར་མོ་སྒེག་པའི་ཆ་བྱད་མ། །ཤེལ་གྱི་གོ་ཟུ་སྐུ་ལ་གསོལ། །ལག་ན་ལྕགས་ཀྱི་འོད་ཕྲེང་ཐོགས། །རིན་ཆེན་སྲིད་འདེགས་ཆེན་མོ་ནི། །ཆ་བྱད་སྔོན་མོ་ཆེན་མོ་ལ། །མུ་ཏིག་ཁུ་འཕང་གོ་ཟུ་ཅན། །ལག་ན་གཡུ་ཡི་གའུ་ཐོགས། །པདྨ་གར་གྱི་དབང་ཕྱུག་མ། །སྐུ་ཡི་ཆ་བྱད་དམར་མོ་ལ། །ལེ་བརྒན་འབར་བའི་གོ་ཟུ་ཅན། །ལག་ན་ཐོད་པ་ཁྲག་བཀང་ཐོགས། །རྡོ་རྗེ་གར་གྱི་དབང་ཕྱུག་མ། །སྐུ་མདོག་སེར་མོ་འབར་བ་ལ། །ན་བཟའ་གསེར་གྱི་གོ་ཟུ་ཅན། །ལག་ན་བྷནྡ་ཁྲག་བཀང་ཐོགས། །ཧར་ཏིང་དཀར་མོ་ཆེན་མོ་ནི། །སྐུ་ལ་ཤེལ་གྱི་གོ་ཟུ་གསོལ། །ལག་ན་མེ་ཡི་དཀྱིལ་འཁོར་ཐོགས། །དུན་ཏིང་ནག་མོ་ཆེན་མོ་ནི། །སྐུ་ལ་གཡུ་ཡི་གོ་ཟུ་གསོལ། །ལག་ན་ས་ཡི་འཁོར་ལོ་ཐོགས། །ཤན་ཏིང་དམར་མོ་ཆེན་མོ་ནི། །སྐུ་ལ་བྱི་རུའི་གོ་ཟུ་གསོལ། །ལག་ན་ཆུ་ཡི་དཀྱིལ་འཁོར་ཐོགས། །གྲུབ་ཏིང་སེར་མོ་ཆེན་མོ་ནི། །ན་བཟའ་སེར་པོའི་གོ་ཟུ་གསོལ། །ལག་ན་རླུང་གི་འཁོར་ལོ་ཐོགས། །སྲིན་མོ་ཆེན་མོ་སྐམས་པ་མོ། །སྐུ་མདོག་དཀར་མོ་གོ་ཟུ་ཅན། །ལག་ན་ཤེལ་ཕུར་བྷནྡ་ཐོགས། །སྲིན་མོ་ཆེན་མོ་ཕོར་ཐོགས་མ། །སྐུ་མདོག་སྔོན་མོ་གོ་ཟུ་སྔོ། །ལག་ན་བྷནྡ་ཁྲག་བཀང་ཐོགས། །སྲིན་མོ་ཆེན་མོ་གཡང་གཞི་མོ། །སྐུ་མདོག་དམར་པོ་གོ་ཟུ་དམར། །ལག་ན་བྷནྡ་ཐོད་


DNG015_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

སྦྲམ་ཐོགས། །སྲིན་མོ་ཆེན་མོ་ཟ་བ་མོ། །སྐུ་མདོག་དམར་མོ་གོ་ཟུ་དམར། །ལག་ན་བྷནྡ་ལྤགས་རློན་ཐོགས། །སྲིན་མོ་ཆེན་མོ་གསོད་བྱེད་མ། །སྐུ་མདོག་སེར་མོ་གོ་ཟུ་སེར། །ལག་ན་བྷནྡ་གྲི་སྣོད་ཐོགས། །སྲིན་མོ་ཆེན་མོ་ཟ་བྱེད་མ། །སྐུ་མདོག་སེར་མོ་གོ་ཟུ་སེར། །ལག་ན་བྷནྡ་ལྕགས་ཀྱུ་ཐོགས། །སྲིན་མོ་དྲི་མ་སྣོམ་བྱེད་མ། །སྐུ་མདོག་དཀར་མོ་གོ་ཟུ་ཅན། །ལག་ན་བྷནྡ་རློན་པ་ཐོགས། །ཤར་གྱི་དཀར་མོ་མཆེ་གཙིགས་མ། །ལག་ན་བྷནྡ་དཀར་པོ་ཐོགས། །ལྷོ་ཡི་ནག་མོ་ཁ་འབྱམས་མ། །ལག་ན་བྷནྡ་སྔོན་པོ་ཐོགས། །ནུབ་ཀྱི་དམར་མོ་མཆུ་འཇིབས་མ། །ལག་ན་བྷནྡ་དམར་པོ་ཐོགས། །བྱང་གི་སེར་མོ་རྐང་ལྡག་མ། །ལག་ན་བྷནྡ་སེར་པོ་ཐོགས། །གླིང་བཞི་མགྱོགས་མ་ལྷ་ཡི་སྲིང་། །དཀར་མོ་རྡོ་རྗེ་རྩེ་གསུམ་ཐོགས། །མཁའ་ལ་ཁྱུང་ལྡིང་གཤིན་རྗེའི་སྲིང་། །སྔོན་མོ་མི་མགོ་ཐོད་དབྱུག་ཐོགས། །དམར་མོ་གཡག་ཐོད་ཀླུ་ཡི་སྲིང་། །དམར་མོ་སྦྲུལ་ནག་ཞགས་པ་ཐོགས། །ནག་མོ་སྡེར་ཆེན་གནོད་སྦྱིན་སྲིང་། །སེར་མོ་ནེ་ལེའི་རྐྱལ་པ་ཐོགས། །མ་མོ་རྦོད་གཏོང་ལྷ་ཚོགས་ཀྱི་སྐུ་མདོག་ཕྱག་མཚན་བསྟན་པའི་ལེའུ་སྟེ་བཞི་བཅུ་ཞེ་བརྒྱད་པའོ།། །།འཇིག་རྟེན་མཆོད་བསྟོད་ལྷ་ཚོགས་ཀྱི། །སྐུ་མདོག་ཕྱག་མཚན་བསྟན་པ་ནི། །དཔལ་ཆེན་དྲེགས་པ་ཀུན་འདུལ་ནི། །དབུ་གསུམ་ཕྱག་ཀྱང་དྲུག་པ་སྟེ། །དབུ་གསུམ་ཁམ་ནག་སྨུག་ནག་མཐིང་། །གཡས་གཡོན་དང་པོ་རྡོ་རྗེས་དུང་ཁྲག་དཀྲུགས། །གཡས་ཀྱི་གཉིས་པ་ལྷ་བརྒྱད་མགོ། །གཡོན་གྱི་གཉིས་པ་ཀླུ་བརྒྱད་མགོ། །ཞབས་བཞི་དྲེགས་པའི་སྙིང་གར་བརྫིས། །ཡུམ་ཆེན་ཁམས་གསུམ་སྤྱི་འདུལ་མ། །གཡས་པ་རྡོ་རྗེ་ཡབ་ལ་འཁྱུད། །གཡོན་པ་དུང་ཁྲག་གཙོ་ལ་སྟོབ། །ལྷ་སྲིན་སྡེ་བརྒྱད་གཙོ་བོ་སྟེ། །དབང་ཕྱུག་མ་ཧཱ་དེ་བ་ནི། །སྐུ་མདོག་མཐིང་ནག་འབར་བ་ལ། །ན་བཟའ་མཐིང་ནག་བེར་ཆེན་གསོལ། །གྲི་གུག་གཡས་ལ་ཙིཏྟ་གཡོན། །ཆིབས་སུ་རྩལ་ཆེན་


DNG015_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

སེང་གེ་བཅིབས། །བཙུན་མོ་ཨུ་མ་དེ་བཱི་ནི། །སྐུ་མདོག་མཐིང་ནག་འབར་བ་ལ། །ན་བཟའ་ལྗང་ནག་བེར་ཆེན་གསོལ། །རྩེ་གསུམ་གཡས་ལ་ཐོད་ཁྲག་གཡོན། །ཆིབས་སུ་འདེགས་པའི་གླང་ཆེན་བཅིབས། །འཆི་བདག་གཤིན་རྗེ་ནག་པོ་ནི། །སྐུ་མདོག་ནག་པོ་འབར་བ་ལ། །གཅན་གཟན་གདུག་པའི་ལྤགས་རློན་གསོལ། །བེ་ཅོན་གཡས་ལ་ཐོད་དབྱུག་གཡོན། །ཆིབས་སུ་མ་ཧེ་སྔོ་ནག་བཅིབས། །གཤིན་རྗེ་གསོད་བྱེད་ནག་མོ་ནི། །སྐུ་མདོག་ནག་མོ་འབར་བ་ལ། །ན་བཟའ་དར་ནག་གོ་ཟུ་གསོལ། །ཕྱག་ན་སྲིད་པའི་འཁོར་ལོ་བསྐོར། །བདུད་པོ་སྐོས་རྗེ་དྲང་དཀར་ནི། །སྐུ་མདོག་ནག་པོ་འབར་བ་ལ། །ན་བཟའ་དར་ནག་བེར་ཆེན་གསོལ། །ཁྲམ་ཤིང་གཡས་ལ་དགྲ་སྟྭ་གཡོན། །ཆིབས་སུ་བདུད་རྟ་ནག་པོ་བཅིབས། །བདུད་མོ་ནག་མོ་རེ་མ་ཏི། །སྐུ་མདོག་ནག་མོ་འབར་བ་ལ། །ན་བཟའ་དར་ནག་གོ་ཟུ་གསོལ། །ཁྲམ་བམ་གཡས་ལ་ནད་རྐྱལ་གཡོན། །ཆིབས་སུ་བོང་བུ་གྭ་པ་བཅིབས། །སྲིན་པོ་ནག་པོ་གློག་ཕྲེང་ཅན། །སྐུ་མདོག་ནག་པོ་འབར་བ་ལ། །ལུས་ལ་གློག་གི་ཕྲེང་བ་ཅན། །ཐོག་ཆེན་གཡས་ལ་གློག་ཆེན་གཡོན། །ཆིབས་སུ་འབྲུག་དང་གློག་ལ་བཅིབས། །སྲིན་མོ་སྦལ་མགོ་ཁྲག་མིག་མ། །སྐུ་མདོག་དམར་ནག་འབར་བ་ལ། །ན་བཟའ་ཁྲག་གི་ལབ་ནག་གསོལ། །ཁྲག་ཕུར་གཡས་ལ་ཁྲག་ཕོར་གཡོན། །གནོད་སྦྱིན་ཡཀྴ་མེ་དབལ་ནི། །སྐུ་མདོག་མཐིང་ནག་འབར་བ་ལ། །ན་བཟའ་དར་ནག་གོ་ཟུ་གསོལ། །རིན་ཆེན་གཡས་ལ་མཚོན་ཆ་གཡོན། །ཆིབས་སུ་སྟག་མོ་རྔམས་པ་བཅིབས། །གནོད་སྦྱིན་མོན་མོ་ནག་མོ་ནི། །སྐུ་མདོག་ནག་མོ་འབར་བ་ལ། །ན་བཟའ་དར་ནག་གོ་ཟུ་གསོལ། །སྤུ་གྲི་གཡས་ལ་སྤྱང་མོ་གཡོན། །ཆིབས་སུ་ལྕགས་ཀྱི་སྤྱང་མོ་བཅིབས། །གཟའ་བདུད་ཆེན་པོ་རཱ་ཧུ་ལ། །སྐུ་མདོག་དུད་ཀ་མགོ་དགུ་པ། །སྐུ་སྟོད་མི་ལ་སྐུ་སྨད་སྦྲུལ། །མདའ་གཞུ་གཡས་ལ་སྦྲུལ་ཞགས་གཡོན། །ཆིབས་སུ་


DNG015_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུག་ཆེན་ཁ་གདངས་བཅིབས། །གནམ་སྨན་ཐོག་གི་བུ་ཡུག་མ། །སྐུ་མདོག་དམར་སྐྱ་འབར་བ་ལ། །ན་བཟའ་གསེར་གྱི་གོ་ཟུ་གསོལ། །ཐོག་ཆེན་གཡས་ལ་སེར་ཆེན་གཡོན། །ཆིབས་སུ་འབྲུག་མོ་ཡིད་མགྱོགས་བཅིབས། །ཀླུ་བདུད་ནག་པོ་མགོ་དགུ་པ། །སྐུ་མདོག་ནག་པོ་དུད་ཁ་ལ། །སྐུ་སྟོད་མི་ལ་སྐུ་སྨད་སྦྲུལ། །སྦྲུལ་ཞགས་གཡས་ལ་ནད་རྐྱལ་གཡོན། །ཆིབས་སུ་ཆུ་སྲིན་ནག་པོ་བཅིབས། །ཀླུ་མོ་ཡཀྴ་སྔོན་མོ་ནི། །སྐུ་སྟོད་དུད་ཁ་ནག་པོ་ལ། །སྐུ་སྨད་གདུག་པ་སྦྲུལ་དུ་འཁྱིལ། །སྦྲུལ་ཞགས་གཡས་ལ་ནད་རྐྱལ་གཡོན། །ཆིབས་སུ་རུས་སྦལ་ནག་པོ་བཅིབས། །སྲིད་པའི་ལྷ་རབ་ཤམ་པོ་ནི། །སྐུ་མདོག་དཀར་གསལ་གངས་རི་འདྲ། །སྐུ་ལ་དར་དཀར་རལ་ག་གསོལ། །དར་མདུང་གཡས་ལ་ཤེལ་གྲི་གཡོན། །ཆིབས་སུ་ལྷ་གཡག་དཀར་པོ་བཅིབས། །སྐྱེས་བུ་གནམ་ཐེའུ་དཀར་པོ་ནི། །སྐུ་མདོག་དཀར་གསལ་འབར་བ་ལ། །ན་བཟའ་ཟ་འོག་བེར་ཆེན་གསོལ། །དར་མདུང་གཡས་ལ་རལ་གྲི་གཡོན། །ཆིབས་སུ་རྟ་དཀར་ཕྲུམ་དམར་བཅིབས། །ཤར་དུ་སྤྱི་བདུད་གུ་རུམ་རྩེ། །སྐུ་མདོག་དཀར་གསལ་འབར་བ་ལ། །ན་བཟའ་རྒྱ་བྱེས་དཀར་པོ་གསོལ། །རུ་མཚོན་གཡས་ལ་རལ་གྲི་གཡོན། །ཆིབས་སུ་རྡོ་རྟ་གྲོ་བོ་བཅིབས། །མ་མོ་སྲིད་པའི་རྒྱལ་མོ་ནི། །སྐུ་མདོག་དཀར་གསལ་འབར་བ་ལ། །ན་བཟའ་དར་དཀར་གོ་ཟུ་གསོལ། །འཁོར་ལོ་གཡས་ལ་མེ་ལོང་གཡོན། །ཆིབས་སུ་འབྲུག་མོ་རལ་ཆེན་བཅིབས། །སྔགས་སྲུང་ཨེ་ཀ་ཛ་ཊཱི་ནི། །སྐུ་མདོག་མཐིང་ནག་འབར་བ་ལ། །ན་བཟའ་དར་ནག་བེར་ཆེན་གསོལ། །ཙིཏྟ་གཡས་ལ་སྤྱང་མོ་གཡོན། །ཆིབས་སུ་དྲེལ་རྟ་ནག་པོ་བཅིབས། །དཔལ་ལྡན་ནག་མོ་མགྱོགས་བྱེད་མ། །སྐུ་མདོག་ནག་མོ་འབར་བ་ལ། །ན་བཟའ་དར་ནག་གོ་ཟུ་གསོལ། །ཚོན་དྲུབ་གཡས་ལ་ནད་རྐྱལ་གཡོན། །ཆིབས་སུ་སོ་བྱ་རོག་པོ་བཅིབས། །བན་ཆེན་རྡོ་རྗེ་བདུད་འདུལ་ནི། །སྐུ་མདོག་དམར་ནག་འབར་བ་


DNG015_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །ན་བཟའ་མཐིང་ནག་བེར་ཆེན་གསོལ། །ཁྲག་ཐུན་གཡས་ལ་ཉུང་ཐུན་གཡོན། །ཆིབས་སུ་དྲེའུ་རྟ་ཁམ་ནག་ཆིབས། །བྲག་བཙན་སྲོག་ཟན་དམར་པོ་ནི། །སྐུ་མདོག་དམར་པོ་འབར་བ་ལ། །ན་བཟའ་དར་དམར་རལ་ག་གསོལ། །བསེ་མདུང་གཡས་ལ་མདའ་གཞུ་གཡོན། །ཆིབས་སུ་བཙན་རྟ་དམར་པོ་བཅིབས། །བཙན་འགོང་ཡམ་ཤུད་དམར་པོ་ནི། །སྐུ་མདོག་དམར་པོ་འབར་བ་ལ། །ན་བཟའ་དར་དམར་སློག་པ་གསོལ། །ཤང་ལང་གཡས་ལ་ཟངས་ཞགས་གཡོན། །ཆིབས་སུ་ཟངས་རྟ་དམར་པོ་བཅིབས། །བགེགས་རྒྱལ་བི་ན་ཡ་ཀ་ནི། །སྐུ་མདོག་མཐིང་ནག་འབར་བ་ལ། །ན་བཟའ་དར་ནག་བེར་ཆེན་གསོལ། །ཁ་ཊྭཱཾ་གཡས་ལ་ཐོད་ཁྲག་གཡོན། །ཆིབས་སུ་རྟ་ནག་རྟིང་དཀར་བཅིབས། །མུ་སྟེགས་ཀཱ་ལ་ནག་པོ་ནི། །སྐུ་མདོག་ནག་པོ་འབར་བ་ལ། །ན་བཟའ་དར་ནག་བེར་ཆེན་གསོལ། །རྩེ་གསུམ་གཡས་ལ་ཐོད་ཁྲག་གཡོན། །ཆིབས་སུ་རྩལ་གྱི་སེང་གེ་བཅིབས། །རྨུ་བདུད་ནག་པོ་བཀྲག་མེད་ནི། །སྐུ་མདོག་མཐིང་ནག་འབར་བ་ལ། །ན་བཟའ་དར་ནག་རལ་ག་གསོལ། །ཤང་ལང་གཡས་ལ་མདའ་གཞུ་གཡོན། །ཆིབས་སུ་རྨུ་རྟ་མཆོང་རྒོད་ཆིབས། །སྲོག་བདག་ཚངས་པ་དཀར་པོ་ནི། །སྐུ་མདོག་དཀར་གསལ་འབར་བ་ལ། །སྐུ་ལ་བྱ་རྒོད་ཐུལ་པ་གསོལ། །སྤུ་གྲི་གཡས་ལ་ཉི་ཟེར་གཡོན། །ཆིབས་སུ་སེང་གེ་དཀར་པོ་བཅིབས། །རྒྱལ་པོ་ཆེན་པོ་བེ་ཧར་ནི། །སྐུ་མདོག་དཀར་གསལ་འབར་བ་ལ། །སྐུ་ལ་དོམ་གྱི་སློག་པ་གསོལ། །བདུད་ཞགས་གཡས་ལ་སྤུ་གྲི་གཡོན། །ཆིབས་སུ་བན་གླང་སྣ་རིང་བཅིབས། །སྐྱེས་བུ་སྐུ་ལྷ་གསང་བ་ནི། །སྐུ་མདོག་དཀར་པོ་འབར་བ་ལ། །སྐྱིན་དཀར་སྟོད་ཀྱི་སློག་པ་གསོལ། །རྡོ་རྗེ་གཡས་ལ་རུ་མཚོན་གཡོན། །ཆིབས་སུ་ར་སྐྱེས་དཀར་པོ་ཆིབས། །མགོན་པོ་མ་ཧཱ་ཀཱ་ལ་ནི། །སྐུ་མདོག་མཐིང་ནག་འབར་བ་ལ། །ན་བཟའ་ལྗང་ནག་བེར་ཆེན་གསོལ། །གྲི་གུག་གཡས་ལ་བིང་ཆེན་གཡོན། །ཆིབས་


DNG015_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བདུད་རྟ་ནག་པོ་བཅིབས། །རེ་རེ་ལ་ཡང་འཁོར་གཡོག་ནི། །འབུམ་ཕྲག་གཉིས་གཉིས་འཁོར་དང་ལྡན། །སྤྲུལ་པ་ཡང་སྤྲུལ་བསམ་མི་ཁྱབ། །ཅེས་གསུངས་སོ། །འཇིག་རྟེན་མཆོད་བསྟོད་ཀྱི་ལྷ་ཚོགས་ཀྱི་སྐུ་མདོག་ཕྱག་མཚན་བསྟན་པའི་ལེའུ་སྟེ་བཞི་བཅུ་ཞེ་དགུ་པའོ།། །།དམོད་པ་དྲག་སྔགས་ལྷ་ཚོགས་ཀྱི། །སྐུ་མདོག་ཕྱག་མཚན་བསྟན་པ་ནི། །ལྷ་མཆོག་སྟོབས་ལྡན་ནག་པོ་ནི། །དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །དབུ་གསུམ་མཐིང་ནག་དྲག་པོའི་ཞལ། །ཕྱག་དྲུག་གཡས་གཡོན་དང་པོ་རྡོ་རྗེས་དུང་ཁྲག་དཀྲུགས། །གཡས་ཀྱི་གཉིས་ན་ལྷ་བརྒྱད་ཙིཏྟ་བསྣམས། །གཡོན་གྱི་གཉིས་ན་ཀླུ་བརྒྱད་ཙིཏྟ་བསྣམས། །ཞབས་བཞིས་དྲེགས་པ་ཕོ་མོ་གཟིར། །འབྱུང་བ་ལྔ་ཡི་བདག་མོ་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང་། །གཡས་ཀྱི་ཕྱག་གིས་ནམ་མཁའ་འདེགས། །གཡོན་གྱི་ཕྱག་གིས་ས་གཞི་གནོན། །ཞལ་ནས་འབྱུང་བ་ལྔ་ཡང་འཆར། །འཆི་བདག་གཤིན་རྗེ་ནག་པོ་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་ནག །ཐོད་པ་གཡས་ལ་གྲི་གུག་གཡོན། །ཞིང་ལྤགས་རློན་པའི་ན་བཟའ་གསོལ། །ཞབས་གཉིས་དམ་ཉམས་དགྲ་བགེགས་གཟིར། །འཆི་བདག་ནག་མོ་བཙུན་མོ་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་ནག །ཐོད་པ་གཡས་ལ་གྲི་གུག་གཡོན། །ཞིང་ལྤགས་རློན་པའི་ན་བཟའ་གསོལ། །ཞབས་གཉིས་དམ་ཉམས་དགྲ་བགེགས་གཟིར། །བདུད་པོ་མེ་ཡི་ཁ་རླངས་ཅན། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་ནག །ཁྲམ་ཤིང་གཡས་ལ་བདུད་ཞགས་གཡོན། །ཞིང་ལྤགས་རློན་པའི་ན་བཟའ་གསོལ། །ཞབས་གཉིས་དམ་ཉམས་དགྲ་བགེགས་གཟིར། །བདུད་མོ་ནག་མོ་ཁྲག་འཛག་མ། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་ནག །ཁྲམ་ཤིང་གཡས་ལ་ཐོད་རློན་གཡོན། །ཞིང་ལྤགས་རློན་པའི་ན་བཟའ་གསོལ། །ཞབས་གཉིས་དམ་ཉམས་དགྲ་བགེགས་གཟིར། །སྲིན་མོ་ནག་པོ་གསོད་བྱེད་ནི། །ཞལ་གཅིག་


DNG015_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་གཉིས་སྐུ་མདོག་ནག །རལ་གྲི་གཡས་ལ་ཐོད་ཁྲག་གཡོན། །ཞིང་ལྤགས་རློན་པའི་ན་བཟའ་གསོལ། །ཞབས་གཉིས་དམ་ཉམས་དགྲ་བགེགས་གཟིར། །སྲིན་མོ་ནག་མོ་གསོད་བྱེད་མ། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་ནག །གྲི་གུག་གཡས་ལ་མི་མགོ་གཡོན། །ཞིང་ལྤགས་རློན་པའི་ན་བཟའ་གསོལ། །ཞབས་གཉིས་དམ་ཉམས་དགྲ་བགེགས་གཟིར། །གནོད་སྦྱིན་གང་བ་བཟང་པོ་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་སྔོ། །རལ་གྲི་གཡས་ལ་དར་ནག་གཡོན། །ཞིང་ལྤགས་རློན་པའི་ན་བཟའ་གསོལ། །ཞབས་གཉིས་དམ་ཉམས་དགྲ་བགེགས་གཟིར། །གནོད་སྦྱིན་ཤ་ཟ་རལ་གཅིག་མ། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་སྔོ། །དར་ནག་གཡས་ལ་ཞིང་ལྤགས་གཡོན། །ཞིང་ལྤགས་རློན་པའི་ན་བཟའ་གསོལ། །ཞབས་གཉིས་དམ་ཉམས་དགྲ་བགེགས་གཟིར། །ལྷ་ཆེན་མ་ཧཱ་དེ་བ་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར། །བ་དན་གཡས་ལ་ཤེལ་གྲི་གཡོན། །ཞིང་ལྤགས་རློན་པའི་ན་བཟའ་གསོལ། །ཞབས་གཉིས་དམ་ཉམས་དགྲ་བགེགས་གཟིར། །རཱུ་ཏྲ་ཐར་པ་ནག་པོ་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་ནག །མཆོད་གཏོར་གཡས་ལ་ཐུན་གཏོར་གཡོན། །ཞིང་ལྤགས་རློན་པའི་ན་བཟའ་གསོལ། །ཞབས་གཉིས་དམ་ཉམས་དགྲ་བགེགས་གཟིར། །རྨུ་རྗེ་བཙན་པོ་མཐུ་བོ་ཆེ། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་ནག །དར་ནག་གཡས་ལ་ཞགས་པ་གཡོན། །ཞིང་ལྤགས་རློན་པའི་ན་བཟའ་གསོལ། །ཞབས་གཉིས་དམ་ཉམས་དགྲ་བགེགས་གཟིར། །མུ་སྟེགས་ཀཱ་ལ་ནག་པོ་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་ནག །ཁ་ཊྭཱཾ་གཡས་ལ་ཏྲི་ཤཱུལ་གཡོན། །ཞིང་ལྤགས་རློན་པའི་ན་བཟའ་གསོལ། །ཞབས་གཉིས་དམ་ཉམས་དགྲ་བགེགས་གཟིར། །ཁྱབ་འཇུག་ཆེན་པོ་རཱ་ཧུ་ལ། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང་། །ཁྲམ་ཤིང་གཡས་ལ་དགྲ་སྟྭ་གཡོན། །ཞིང་ལྤགས་རློན་པའི་ན་བཟའ་གསོལ། །ཞབས་གཉིས་དམ་ཉམས་དགྲ་བགེགས་གཟིར། །ཀླུ་རྒྱལ་སོག་མ་མེད་པ་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་སེར། །བུམ་པ་གཡས་ལ་རུས་སྦལ་གཡོན། །སྦྲུལ་


DNG015_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

ལྤགས་རློན་པའི་ན་བཟའ་གསོལ། །ཞབས་གཉིས་དམ་ཉམས་དགྲ་བགེགས་གཟིར། །རྒྱལ་པོ་ལི་བྱིན་ཧར་ལེགས་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར། །ཤེལ་གྲི་གཡས་ལ་དར་དཀར་གཡོན། །ཞིང་ལྤགས་རློན་པའི་ན་བཟའ་གསོལ། །ཞབས་གཉིས་དམ་ཉམས་དགྲ་བགེགས་གཟིར། །འགོང་པོ་ཁུ་ལེ་ལག་དགུ་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་སེར། །སྤྲུལ་པའི་ལག་པ་དགུ་ཡང་འགྱེད། །ཞིང་ལྤགས་རློན་པའི་ན་བཟའ་གསོལ། །ཞབས་གཉིས་དམ་ཉམས་དགྲ་བགེགས་གཟིར། །ཐེའུ་རང་རྡོ་རྗེ་ལེགས་པ་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར། །དར་དཀར་གཡས་ལ་དར་དམར་གཡོན། །ཞིང་ལྤགས་རློན་པའི་ན་བཟའ་གསོལ། །ཞབས་གཉིས་དམ་ཉམས་དགྲ་བགེགས་གཟིར། །བཙན་རྒོད་ཡམ་ཤུད་དམར་པོ་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར། །བཙན་མདུང་གཡས་ལ་བཙན་གྲི་གཡོན། །ཞིང་ལྤགས་རློན་པའི་ན་བཟའ་གསོལ། །ཞབས་གཉིས་དམ་ཉམས་དགྲ་བགེགས་གཟིར། །རེ་རེ་ལ་ཡང་འཁོར་གཡོག་ནི། །འབུམ་ཕྲག་གཉིས་གཉིས་ལྡན་པ་ལ། །སྤྲུལ་པ་ཡང་སྤྲུལ་བསམ་མི་ཁྱབ། །དམོད་པ་དྲག་སྔགས་ཀྱི་ལྷ་ཚོགས་ཀྱི་སྐུ་མདོག་ཕྱག་མཚན་བསྟན་པའི་ལེའུ་སྟེ་ལྔ་བཅུ་ཐམ་པའོ།། །།ཆེ་མཆོག་ཡོན་ཏན་རིག་འཛིན་དང་། །ཡང་དག་ཐུགས་ཀྱི་རིག་འཛིན་དང་། །འཇམ་དཔལ་སྐུ་ཡི་རིག་འཛིན་དང་། །པདྨ་གསུང་གི་རིག་འཛིན་དང་། །ཕུར་པ་ཕྲིན་ལས་རིག་འཛིན་དང་། །མ་མོ་རྦོད་གཏོང་རིག་འཛིན་དང་། །ལྷུན་གྱིས་གྲུབ་པའི་རིག་འཛིན་དང་། །ཕྱག་རྒྱ་ཆེན་པོའི་རིག་འཛིན་དང་། །ཚེ་ལ་དབང་བའི་རིག་འཛིན་དང་། །ས་ལ་གནས་པའི་རིག་འཛིན་དང་། །ས་ཐོབ་པ་ཡི་རིག་འཛིན་ཚོགས། །དུར་ཁྲོད་རུས་པའི་རྒྱན་ཆ་ཡིས། །དབུ་རྒྱན་ཕྱག་གདུབ་ཞབས་གདུབ་དང་། །དཔུང་རྒྱན་སྟོད་གཡོགས་སྨད་གཡོགས་དང་། །རྒྱན་དང་ཆས་ཀྱིས་བརྒྱན་པའོ། །དབང་གི་ཐོར་ཚུགས་ཤིགས་སེ་ཤིག །གཡས་པ་ཐམས་ཅད་


DNG015_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་འཛིན། །གཡོན་པ་དྲིལ་བུ་དཀུ་ལ་བརྟེན། །སྐུ་བཞེངས་འགྱིངས་བག་སྤྱོད་པ་མཛད། །རིག་འཛིན་གྱི་སྐུ་མདོག་ཕྱག་མཚན་བསྟན་པའི་ལེའུ་སྟེ་ལྔ་བཅུ་གཅིག་པའོ།། །།ཆེ་མཆོག་ཡོན་ཏན་བཀའ་སྲུང་ནི། །ཅེ་སྤྱང་དྲེགས་པ་མ་བརྒྱད་ནི། །ཤར་གྱི་ཕྱོགས་ཀྱི་ཅེ་སྤྱང་ནི། །དབུ་ནི་སེང་གེའི་མགོ་བོ་ལ། །ཤེལ་གྱི་རལ་པ་ཤེལ་ཕུར་ཅན། །ཅེ་སྤྱང་རྒྱུག་ཚུལ་འགྱིངས་བག་ཅན། །ལག་ན་ཤེལ་གྱི་རྔེའུ་ཆུང་བརྡུང་། །ལྷོ་ཡི་ཕྱོགས་ཀྱི་ཅེ་སྤྱང་ནི། །དབུ་ནི་སྟག་གི་མགོ་བོ་ལ། །གསེར་གྱི་རལ་པ་གསེར་ཕུར་ཅན། །ཅེ་སྤྱང་རྒྱུག་ཚུལ་འགྱིངས་བག་ཅན། །ལག་ན་གསེར་གྱི་རྔེའུ་ཆུང་བརྡུང་། །ནུབ་ཀྱི་ཕྱོགས་ཀྱི་ཅེ་སྤྱང་ནི། །དབུ་ནི་གཟིག་གི་མགོ་བོ་ཅན། །བྱུ་རུའི་རལ་པ་ཕུར་བུ་ཅན། །ཅེ་སྤྱང་རྒྱུག་ཚུལ་འགྱིངས་བག་ཅན། །ལག་ན་བྱུ་རུའི་རྔེའུ་ཆུང་བརྡུང་། །བྱང་གི་ཕྱོགས་ཀྱི་ཅེ་སྤྱང་ནི། །དབུ་ནི་དོམ་གྱི་མགོ་བོ་ལ། །གཡུ་ཡི་རལ་པ་ཕུར་བུ་ཅན། །ཅེ་སྤྱང་རྒྱུག་ཚུལ་འགྱིངས་བག་ཅན། །ལག་ན་གཡུ་ཡི་རྔེའུ་ཆུང་བརྡུང་། །ཤར་ལྷོ་མཚམས་ཀྱི་ཅེ་སྤྱང་ནི། །དབུ་ནི་སྤྱང་མོའི་མགོ་བོ་ལ། །གཡུ་ཡི་རལ་པ་ཕུར་བུ་ཅན། །ཅེ་སྤྱང་རྒྱུག་ཚུལ་འགྱིངས་བག་ཅན། །ལག་ན་གཡུ་ཡི་རྔེའུ་ཆུང་བརྡུང་། །ལྷོ་ནུབ་མཚམས་ཀྱི་ཅེ་སྤྱང་ནི། །དབུ་ནི་བསེ་ཡི་ཀཱངྈའི་མགོ། །བསེ་ཡི་རལ་པ་ཕུར་བུ་ཅན། །ཅེ་སྤྱང་རྒྱུག་ཚུལ་འགྱིངས་བག་ཅན། །ལག་ན་བསེ་ཡི་རྔེའུ་ཆུང་བརྡུང་། །ནུབ་བྱང་མཚམས་ཀྱི་ཅེ་སྤྱང་ནི། །དབུ་ནི་དུར་བྱ་ཀཱ་ཀའི་མགོ། །ལྕགས་ཀྱི་རལ་པ་ཕུར་བུ་ཅན། །ཅེ་སྤྱང་རྒྱུག་ཚུལ་འགྱིངས་བག་ཅན། །ལག་ན་ལྕགས་ཀྱི་རྔེའུ་ཆུང་བརྡུང་། །བྱང་ཤར་མཚམས་ཀྱི་ཅེ་སྤྱང་ནི། །དབུ་ནི་བསེ་ཡི་དྲེད་མོ་མགོ། །ཟངས་ཀྱི་རལ་པ་ཕུར་བུ་ཅན། །ཅེ་སྤྱང་རྒྱུག་ཚུལ་ཞུངས་སེ་ཞུང་། །ལག་ན་ཟངས་ཀྱི་རྔེའུ་ཆུང་བརྡུང་། །ཆེ་མཆོག་ཡོན་ཏན་གྱི་བཀའ་སྲུང་ཅེ་སྤྱང་མ་བརྒྱད་ཀྱི་སྐུ་མདོག་ཕྱག་མཚན་བསྟན་པའི་ལེའུ་སྟེ་ལྔ་བཅུ་ང་གཉིས་


DNG015_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

པའོ།། །།ཡང་དག་ཐུགས་ཀྱི་བཀའ་སྲུང་ནི། །སྲིན་མོ་ཉི་ཤུ་རྩ་བརྒྱད་དེ། །སྐུ་མདོག་ཕྱག་མཚན་བསྟན་པ་ནི། །ཤར་གྱི་ཕྱོགས་ཀྱི་སྲིན་མོ་དྲུག །སྨུག་ནག་གཡག་གི་མགོ་བོ་ཅན། །ཞིང་དབྱུག་གཡས་ལ་བྷན་དམར་གཡོན། །དམར་སེར་སྦྲུལ་གྱི་མགོ་བོ་ཅན། །རྩེ་ལྔ་གཡས་ལ་བྷནྡ་གཡོན། །སེར་ནག་གཟིག་གི་མགོ་བོ་ཅན། །སྤུ་གྲི་གཡས་ལ་བྷན་དམར་གཡོན། །དཀར་དམར་སྲེ་མོའི་མགོ་བོ་ཅན། །དུང་ཆེན་གཡས་ལ་བྷནྡ་གཡོན། །སེར་ནག་ཕ་ཝང་མགོ་བོ་ཅན། །འཁོར་ལོ་གཡས་ལ་བྷན་དམར་གཡོན། །དམར་སེར་དྲེད་ཀྱི་མགོ་བོ་ཅན། །ཞིང་དབྱུག་གཡས་ལ་བྷན་དམར་གཡོན། །ལྷོ་ཡི་ཕྱོགས་ཀྱི་སྲིན་མོ་དྲུག །དམར་ནག་དོམ་གྱི་མགོ་བོ་ཅན། །ཞིང་དབྱུག་གཡས་ལ་བྷན་དམར་གཡོན། །སྔོ་ནག་ཆུ་སྲིན་མགོ་བོ་ཅན། །ཞིང་ཆེན་གཡས་ལ་བྷན་དམར་གཡོན། །སྔོ་ནག་སྡིག་པའི་མགོ་བོ་ཅན། །གློ་སྙིང་གཡས་ལ་བྷནྡ་གཡོན། །སེར་ནག་ཁྲ་ཡི་མགོ་བོ་ཅན། །རྔེའུ་ཆུང་གཡས་ལ་བྷན་དམར་གཡོན། །སྲིན་མོ་དམར་མོ་ཝ་ཡི་མགོ། །རྡོ་རྗེ་གཡས་ལ་ཐོད་ཁྲག་གཡོན། །མཐིང་ནག་སྟག་གི་མགོ་བོ་ཅན། །ཞིང་དབྱུག་གཡས་ལ་བྷན་དམར་གཡོན། །ནུབ་ཀྱི་ཕྱོགས་ཀྱི་སྲིན་མོ་དྲུག །དམར་ནག་བྱ་རྒོད་མགོ་བོ་ཅན། །ལྕགས་སྒྲོག་གཡས་ལ་བྷན་དམར་གཡོན། །དམར་ནག་རྟ་ཡི་མགོ་བོ་ཅན། །རྡོ་དབྱུག་གཡས་ལ་བྷན་དམར་གཡོན། །དམར་སེར་བྱི་བའི་མགོ་བོ་ཅན། །རྡོ་རྗེ་གཡས་ལ་བྷན་དམར་གཡོན། །དམར་ནག་ཁྱི་ཡི་མགོ་བོ་ཅན། །ཞིང་དབྱུག་གཡས་ལ་བྷན་དམར་གཡོན། །དཀར་དམར་པུ་ཤུད་མགོ་བོ་ཅན། །པདྨ་གཡས་ལ་བྷནྡ་གཡོན། །ལྗང་སེར་ཤ་བའི་མགོ་བོ་ཅན། །ཞིང་ཆེན་གཡས་ལ་བྷན་དམར་གཡོན། །བྱང་གི་ཕྱོགས་ཀྱི་སྲིན་མོ་དྲུག །དམར་ནག་ཁྲ་ཡང་ཁྭའི་མགོ་བོ་ཅན། །རྔེའུ་ཆུང་གཡས་ལ་བྷན་དམར་གཡོན། །ལྗང་ནག་སྐྱིན་གྱི་མགོ་བོ་ཅན། །རྒྱུ་ཞགས་གཡས་ལ་བྷན་དམར་གཡོན། །དམར་སེར་


DNG015_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

ཕག་གི་མགོ་བོ་ཅན། །རྩེ་ལྔ་གཡས་ལ་བྷན་དམར་གཡོན། །དམར་ནག་སྐྱ་ཀའི་མགོ་བོ་ཅན། །རྒྱུ་ཞགས་གཡས་ལ་བྷན་དམར་གཡོན། །ལྗང་ནག་བ་གླང་མགོ་བོ་ཅན། །ཞིང་གི་བུམ་རིལ་གཡས་ན་བསྣམས། །གཡོན་ན་ཐོད་པ་ཁྲག་གིས་བཀང་། །སྔོ་སྐྱ་བྱ་རོག་མགོ་བོ་ཅན། །ཟངས་གྲི་གཡས་ལ་བྷན་དམར་གཡོན། །སྲིན་མོ་ཕྱོགས་ཀྱི་སྒོ་མ་བཞི། །ནག་མོ་ཁུ་བྱུག་མགོ་བོ་ཅན། །ལྕགས་ཀྱུ་གཡས་ལ་བྷན་དམར་གཡོན། །སྔོན་མོ་ར་ཡི་མགོ་བོ་ཅན། །ཞགས་པ་གཡས་ལ་བྷན་དམར་གཡོན། །དམར་མོ་སྤྲེའུའི་མགོ་བོ་ཅན། །ལྕགས་སྒྲོག་གཡས་ལ་བྷན་དམར་གཡོན། །ལྗང་ནག་སྤྱང་མོའི་མགོ་བོ་ཅན། །དྲིལ་བུ་གཡས་ལ་བྷནྡ་གཡོན། །ཡང་དག་ཐུགས་ཀྱི་ལྷ་ཚོགས་སྲིན་མོ་ཉི་ཤུ་རྩ་བརྒྱད་ཀྱི་སྐུ་མདོག་ཕྱག་མཚན་བསྟན་པའི་ལེའུ་སྟེ་ལྔ་བཅུ་རྩ་གསུམ་པའོ།། །།འཇམ་དཔལ་སྐུ་ཡི་བཀའ་སྲུང་གི། །སྐུ་མདོག་ཕྱག་མཚན་བསྟན་པ་ནི། །གྲི་ཐོགས་གིང་གི་བཀའ་སྲུང་ནི། །ཤར་ཕྱོགས་གིང་ཆེན་དཀར་པོ་ནི། །སྐུ་ལ་དུང་ཁྲབ་དཀར་པོ་གསོལ། །ཕྱག་ན་དུང་གི་རལ་གྲི་བསྣམས། །ལྷོ་ཕྱོགས་གིང་ཆེན་སེར་པོ་ནི། །སྐུ་ལ་གསེར་ཁྲབ་སེར་པོ་གསོལ། །ཕྱག་ན་གསེར་གྱི་རལ་གྲི་བསྣམས། །ནུབ་ཕྱོགས་གིང་ཆེན་དམར་པོ་ནི། །སྐུ་ལ་བསེ་ཁྲབ་དམར་པོ་གསོལ། །ཕྱག་ན་བསེ་ཡི་གྲི་ཡང་བསྣམས། །བྱང་ཕྱོགས་གིང་ཆེན་སྔོན་པོ་ནི། །སྐུ་ལ་གཡུ་ཁྲབ་སྔོན་པོ་གསོལ། །ཕྱག་ན་གཡུ་ཡི་རལ་གྲི་བསྣམས། །ཁྲམ་ཐོགས་བདུད་ཀྱི་བཀའ་སྲུང་ནི། །ཤར་བདུད་རོལ་པོ་རལ་པ་ཅན། །ཕྱག་ན་བདུད་ཀྱི་ཁྲམ་ཤིང་བསྣམས། །ཁྲམ་བདག་སྲོག་བདུད་མཆེ་བ་ཅན། །ཕྱག་ན་བདུད་ཀྱི་ཁྲམ་ཤིང་བསྣམས། །ཟླ་བདུད་ཡོར་པོ་ཞགས་པ་ཅན། །ཕྱག་ན་བདུད་ཀྱི་ཁྲམ་ཤིང་བསྣམས། །སྲོག་བདུད་གསེར་གྱི་སྟ་རེ་ཅན། །


DNG015_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་ན་བདུད་ཀྱི་ཁྲམ་ཤིང་བསྣམས། །ཤོ་ཐོགས་རྩིས་པའི་བཀའ་སྲུང་ནི། །ཉི་མ་དང་པོའི་རྩིས་བྱེད་གིང་། །དཀར་པོ་ལག་ན་ཤོ་རྡེ་ཐོགས། །ཉི་མ་གཉིས་པའི་རྩིས་བྱེད་གིང་། །སེར་པོ་ལག་ན་ཤོ་རྡེ་ཐོགས། །ཉི་མ་གསུམ་པའི་རྩིས་བྱེད་གིང་། །དམར་པོ་ལག་ན་ཤོ་རྡེ་ཐོགས། །ཉི་མ་བཞི་པའི་རྩིས་བྱེད་གིང་། །སྔོན་པོ་ལག་ན་ཤོ་རྡེ་ཐོགས། །སྲོག་གཅོད་ཤན་པའི་བཀའ་སྲུང་ནི། །ནད་གཏོང་མ་མོའི་ཤན་པ་ནི། །ནག་མོ་ཆེན་མོ་ཁ་གདངས་མ། །ལག་ན་ཐུན་དང་རལ་གྲི་ཐོགས། །མྱོས་པ་བཙན་གྱི་ཤན་པ་ནི། །དམར་པོ་འཇིགས་བྱེད་ཁྲོ་གཏུམ་ཅན། །ལག་ན་བཙན་གྲི་དམར་པོ་ཐོགས། །གླེན་པ་ཀླུ་ཡི་ཤན་པ་ནི། །སྐུ་མདོག་མཐིང་ནག་སྦྲུལ་ལྤགས་གསོལ། །ལག་ན་སྦྲུལ་གྱི་ཞགས་པ་ཐོགས། །གདུག་རྩུབ་གཟའ་ཡི་ཤན་པ་ནི། །སྐུ་མདོག་ནག་པོ་འཇིགས་པའི་ཚུལ། །གཡས་ན་མདུང་ནག་དར་ནག་འཕྱར། །གཡོན་ན་སྙིང་དང་ཞགས་པ་ཐོགས། །འཇམ་དཔལ་སྐུའི་བཀའ་སྲུང་གི་སྐུ་མདོག་ཕྱག་མཚན་བསྟན་པའི་ལེའུ་སྟེ་ལྔ་བཅུ་རྩ་བཞི་པའོ།། །།པདྨ་གསུང་གི་བཀའ་སྲུང་གི། །སྐུ་མདོག་ཕྱག་མཚན་བསྟན་པ་ནི། །སྐུ་ལས་སྤྲུལ་པའི་ཁམ་རྒྱ་མོ། །དུང་གི་དྲེད་མོ་མགོ་གསུམ་ཞོན། །གསུང་ལས་སྤྲུལ་པའི་ཁམ་རྒྱ་མོ། །ཟངས་ཀྱི་འཕར་བ་མགོ་བརྒྱད་ཞོན། །ཐུགས་ལས་སྤྲུལ་པའི་ཁམ་རྒྱ་མོ། །ལྕགས་ཀྱི་སྤྱང་མོ་མགོ་དགུ་ཞོན། །ཡོན་ཏན་སྤྲུལ་པའི་ཁམ་རྒྱ་མོ། །གཡུ་ཡི་སྤྱང་མོ་རྐང་གསུམ་ཞོན། །ཕྲིན་ལས་སྤྲུལ་པའི་ཁམ་རྒྱ་མོ། །གསེར་གྱི་སེང་གེ་རྔམ་ཁྲི་ཞོན། །གཉིས་མེད་སྤྲུལ་པའི་ཁམ་རྒྱ་མོ། །དུང་གི་སེང་གེ་མགོ་དགུ་ཞོན། །ཤར་ཕྱོགས་ལོང་བ་རྒྱབ་སྦྲེལ་ནི། །འབྲུག་ཆེན་སྔོན་པོ་ཆིབས་སུ་ཆིབས། །ན་བཟའ་ལེ་བརྒན་དཔུང་འབར་བ་ཡང་ཐུང་གསོལ། །ལག་ན་ལྕགས་ཀྱུ་དགྲ་སྟྭ་ཐོགས། །ལྷོ་ཕྱོགས་ལོང་བ་རྒྱབ་སྦྲེལ་ནི། །ལྕགས་ཀྱི་སྡིག་པ་ཆིབས་སུ་ཆིབས། །ཕྱག་ན་ལྕགས་ཀྱི་ཁྱུང་


DNG015_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་བསྣམས། །ན་བཟའ་ས་ཡི་རས་མ་གསོལ། །ནུབ་ཕྱོགས་ལོང་བ་རྒྱབ་སྦྲེལ་ནི། །བན་གླང་དཀར་པོ་ཆིབས་སུ་ཆིབས། །ན་བཟའ་ཀླུ་འབྲུག་པགས་པ་གསོལ། །ལག་ན་སྦྲུལ་གྱི་ཞགས་པ་ཐོགས། །བྱང་ཕྱོགས་དམུས་ལོང་རྒྱབ་སྦྲེལ་ནི། །ལྕགས་ཀྱི་སྤྱང་མོ་རྐང་གསུམ་ཞོན། །ན་བཟའ་ཞིང་གི་གཡང་གཞི་གོན། །ལག་པ་སྦྲེལ་ནས་གར་སྟབས་བྱེད། །ཤར་གྱི་ཕྱོགས་ནས་རྒྱུག་པའི་ཁྱི། །དུང་གི་ཁྱི་མོ་རལ་པ་ཅན། །ལྷོ་ཡི་ཕྱོགས་ནས་རྒྱུག་པའི་ཁྱི། །གསེར་གྱི་ཁྱི་མོ་རལ་པ་ཅན། །ནུབ་ཀྱི་ཕྱོགས་ནས་རྒྱུག་པའི་ཁྱི། །ཟངས་ཀྱི་ཁྱི་མོ་རལ་པ་ཅན། །བྱང་གི་ཕྱོགས་ནས་རྒྱུག་པའི་ཁྱི། །གཡུ་ཡི་ཁྱི་མོ་རལ་པ་ཅན། །ཤར་ལྷོ་མཚམས་ནས་རྒྱུག་པའི་ཁྱི། །བྱུ་རུའི་ཁྱི་མོ་རལ་པ་ཅན། །ལྷོ་ནུབ་མཚམས་ནས་རྒྱུག་པའི་ཁྱི། །མཆོང་གི་ཁྱི་མོ་རལ་པ་ཅན། །ནུབ་བྱང་མཚམས་ནས་རྒྱུག་པའི་ཁྱི། །བསེ་ཡི་ཁྱི་མོ་རལ་པ་ཅན། །བྱང་ཤར་མཚམས་ནས་རྒྱུག་པའི་ཁྱི། །ཤེལ་གྱི་ཁྱི་མོ་རལ་པ་ཅན། །ཤར་གྱི་ཕྱོགས་ནས་རྒྱུག་པ་ནི། །དུང་གི་སྤྱང་མོ་རལ་པ་ཅན། །ལྷོ་ཡི་ཕྱོགས་ནས་རྒྱུག་པ་ནི། །གསེར་གྱི་སྤྱང་མོ་རལ་པ་ཅན། །ནུབ་ཀྱི་ཕྱོགས་ནས་རྒྱུག་པ་ནི། །ཟངས་ཀྱི་སྤྱང་མོ་རལ་པ་ཅན། །བྱང་གི་ཕྱོགས་ནས་རྒྱུག་པ་ནི། །གཡུ་ཡི་སྤྱང་མོ་རལ་པ་ཅན། །ཤར་ལྷོ་མཚམས་ནས་རྒྱུག་པ་ནི། །མཐིང་ཤུན་སྤྱང་མོ་རལ་པ་ཅན། །ལྷོ་ནུབ་མཚམས་ནས་རྒྱུག་པ་ནི། །མུ་མེན་སྤྱང་མོ་རལ་པ་ཅན། །ནུབ་བྱང་མཚམས་ནས་རྒྱུག་པ་ནི། །མཆོང་གི་སྤྱང་མོ་རལ་པ་ཅན། །བྱང་ཤར་མཚམས་ནས་རྒྱུག་པ་ནི། །རག་ན་སྤྱང་མོ་རལ་པ་ཅན། །ཤར་གྱི་ཕྱོགས་ཀྱི་ཕོ་ཉ་ནི། །དཀར་མོ་ཟླ་འདབ་འཇིགས་པའི་གཟུགས། །ལྷོ་ཡི་ཕྱོགས་ཀྱི་ཕོ་ཉ་ནི། །སེར་མོ་ཉི་འདབ་འཇིགས་པའི་གཟུགས། །ནུབ་ཀྱི་ཕྱོགས་ཀྱི་ཕོ་ཉ་ནི། །དམར་པོ་མེ་འདབ་འཇིགས་པའི་གཟུགས། །བྱང་གི་ཕྱོགས་ཀྱི་ཕོ་ཉ་ནི། །


DNG015_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་མོ་ཆུ་འདབ་འཇིགས་པའི་གཟུགས། །རླུང་འབྲུག་སྔོན་མོ་གཡུ་ཡི་འདབ་གཤོག་ཅན། །མེ་འབྲུག་དམར་མོ་མེ་ཡི་འདབ་གཤོག་ཅན། །ཀླུ་འབྲུག་སྔོན་མོ་སྦྲུལ་གྱི་གཤོག་པ་ཅན། །ཆུ་འབྲུག་དཀར་མོ་སྤྲིན་གྱི་འདབ་གཤོག་ཅན། །སྣ་ཚོགས་གཟུགས་ཅན་རྡོ་རྗེའི་འདབ་གཤོག་ཅན། །པདྨ་གསུང་གི་བཀའ་སྲུང་གི་སྐུ་མདོག་ཕྱག་མཚན་བསྟན་པའི་ལེའུ་སྟེ་ལྔ་བཅུ་རྩ་ལྔ་པའོ།། །།ཕུར་པ་ཕྲིན་ལས་བཀའ་སྲུང་གི། །སྐུ་མདོག་ཕྱག་མཚན་བསྟན་པ་ནི། །ཤྭ་ན་མུ་ཁ་ཞེས་བྱ་བ། །ལྕགས་ཀྱི་སྤྱང་མོ་མགོ་དགུ་པ། །མི་མོ་ལྕགས་ཀྱི་རལ་ཅན་ཞོན། །ལག་ན་ལྕགས་ཀྱི་ཕུར་པ་འདྲིལ། །སྲྀ་ཀ་མུ་ཁ་ཞེས་བྱ་བ། །གསེར་གྱི་འཕར་བ་ལྕེ་བརྒྱད་ལ། །མི་མོ་གསེར་གྱི་རལ་ཅན་ཞོན། །ལག་ན་གསེར་གྱི་ཕུར་པ་འདྲིལ། །སྲཱི་གཱལ་མུ་ཁ་ཞེས་བྱ་བ། །ཟངས་ཀྱི་ཝ་མོ་རྐང་གསུམ་ལ། །ཟངས་ཀྱི་མི་མོ་རལ་ཅན་ཞོན། །ལག་ན་ཟངས་ཀྱི་ཕུར་བུ་འདྲིལ། །ཤྭ་ན་མུ་ཁ་ཞེས་བྱ་བ། །ལྕགས་ཀྱི་ཁྱི་མོ་རལ་པ་ཅན། །མི་མོ་ལྕགས་ཀྱི་རལ་ཅན་ཞོན། །ལག་ན་དུང་གི་ཕུར་པ་འདྲིལ། །རེ་མ་ཏི་ཞེས་བྱ་བ་ནི། །ནག་མོ་རལ་པས་སྟོང་ཁམས་ཁྱབ། །གཡས་ན་མཆོག་གི་ཕུར་པ་འདྲིལ། །ཆིབས་སུ་དྲེལ་རྟ་རྐང་གསུམ་བཅིབས། །རེ་མ་ཛ་ཞེས་བྱ་བ་ནི། །སེར་ནག་རྨ་བྱའི་ཐུལ་པ་གསོལ། །ཕྱག་ན་མཆོག་གི་ཕུར་པ་བསྣམས། །ཆིབས་སུ་དྲིལ་རྟ་རྐང་གསུམ་བཅིབས། །རེ་མ་ཛི་ཞེས་བྱ་བ་ནི། །དམར་ནག་རེ་ལྡེ་ནག་པོ་གསོལ། །ཕྱག་ན་མཆོག་གི་ཕུར་པ་བསྣམས། །ཆིབས་སུ་དྲེལ་རྟ་རྐང་གསུམ་བཅིབས། །རེ་མ་ཛུ་ཞེས་བྱ་བ་ནི། །ལྗང་ནག་དར་ནག་གོ་ཟུ་གསོལ། །ཕྱག་ན་མཆོག་གི་ཕུར་པ་བསྣམས། །ཆིབས་སུ་དྲེལ་རྟ་རྐང་གསུམ་བཅིབས། །རྡོ་རྗེ་ཡ་བྱིན་ཞེས་བྱ་བ། །མཐིང་ནག་ལྕགས་ཕུར་རལ་པ་ཅན། །ཆིབས་སུ་བདུད་རྟ་ནག་པོ་བཅིབས། །རྡོ་རྗེ་དེ་བྱིན་ཞེས་བྱ་བ། །སེར་པོ་གསེར་ཕུར་རལ་པ་ཅན། །ལག་ན་


DNG015_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་གྱི་ཕུར་པ་འདྲིལ། །ཆིབས་སུ་གཟའ་རྟ་སེར་པོ་བཅིབས། །རྡོ་རྗེ་བསེ་བྱིན་ཞེས་བྱ་བ། །དམར་མོ་བསེ་ཕུར་རལ་པ་ཅན། །ལག་ན་བསེ་ཡི་ཕུར་བུ་འདྲིལ། །ཆིབས་སུ་བཙན་རྟ་དམར་པོ་ཆིབས། །རྡོ་རྗེ་ཕག་བྱིན་ཞེས་བྱ་བ། །ལྗང་མོ་གཡུ་ཕུར་རལ་པ་ཅན། །ལག་ན་གཡུ་ཡི་ཕུར་པ་འདྲིལ། །ཆིབས་སུ་ཀླུ་རྟ་སྔོན་པོ་ཆིབས། །ཤར་ཕྱོགས་སྲིན་པོའི་སྐྱེས་བུ་ནི། །སྲིན་པོ་བྱད་ཅན་ཕུར་པའི་ལྷ། །དཀར་པོ་ལག་ན་ཕུར་པ་འགྲིལ། །ལྷོ་ཕྱོགས་གཤིན་རྗེའི་སྐྱེས་བུ་ནི། །གཤིན་རྗེ་ནག་པོ་ཕུར་པའི་ལྷ། །ནག་པོ་ལག་ན་ཕུར་པ་འདྲིལ། །ནུབ་ཕྱོགས་ཡ་བདུད་སྐྱེས་བུ་ནི། །སོག་པོ་མིག་རིང་ཕུར་པའི་ལྷ། །དམར་པོ་ལག་ན་ཕུར་པ་འདྲིལ། །བྱང་ཕྱོགས་གནོད་སྦྱིན་སྐྱེས་བུ་ནི། །མོན་པ་གདོང་རིང་ཕུར་པ་འདྲིལ། །ཤར་བདུད་དཀར་པོ་མཆེ་བ་ཅན། །ལག་ན་དུང་གི་ཕུར་པ་འདྲིལ། །ལྷོ་བདུད་སྔོན་མོ་རལ་པ་ཅན། །ཕྱག་ན་གཡུ་ཡི་ཕུར་པ་འདྲིལ། །ནུབ་བདུད་དམར་པོ་ཞགས་པ་ཅན། །ཕྱག་ན་ཞགས་པ་ཕུར་པ་འདྲིལ། །བྱང་བདུད་ལྗང་ནག་རལ་གྲི་ཅན། །ཕྱག་ན་རལ་གྲི་ཕུར་པ་འདྲིལ། །ཤར་གྱི་ཕྱོགས་ཀྱི་དམག་དཔོན་ནི། །པྲ་མ་རཱ་ཛ་སྲིན་པོའི་གཙོ། །དཀར་པོ་ལག་ན་ཕུར་པ་འདྲིལ། །ལྷོ་ཡི་ཕྱོགས་ཀྱི་དམག་དཔོན་ནི། །ཡ་མ་རཱ་ཛ་གཤིན་རྗེའི་གཙོ། །སྔོན་པོ་ལག་ན་ཕུར་པ་འདྲིལ། །ནུབ་ཀྱི་ཕྱོགས་ཀྱི་དམག་དཔོན་ནི། །དྷ་ཤ་གྷྲཱི་བ་བདུད་ཀྱི་གིང་། །ནག་པོ་ལག་ན་ཕུར་པ་འདྲིལ། །བྱང་གི་ཕྱོགས་ཀྱི་དམག་དཔོན་ནི། །ཡཀྴ་གྲཱི་བ་གནོད་སྦྱིན་གིང་། །སེར་པོ་ལག་ན་གྲི་ཡང་ཐོགས། །ཕུར་པ་ཕྲིན་ལས་ཀྱི་བཀའ་སྲུང་གི་ལེའུ་སྟེ་ལྔ་བཅུ་དྲུག་པའོ།། །།མ་མོ་རྦོད་གཏོང་བཀའ་སྲུང་གི། །སྐུ་མདོག་ཕྱག་མཚན་བསྟན་པ་ནི། །མཚོ་སྨན་རྒྱལ་མོ་དཔལ་མོ་ལྡན། །སྐུ་མདོག་སྔོན་མོ་མེ་ལོང་ཐོགས། །དཀར་མོ་ཆེན་མོ་དབུ་གསུམ་མ། །ལག་ན་བྷནྡ་སྐམ་པོ་


DNG015_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ཐོགས། །སྲིད་པའི་བུ་མོ་དམ་ཚིག་ཅན། །སེར་མོ་བྷནྡ་སྐམ་པོ་ཐོགས། །སྨུག་ནག་ཆེན་མོ་དབུ་ལྔ་མ། །ལག་ན་བྷནྡ་རློན་པ་ཐོགས། །ཁྲམ་ཁ་སྟོང་གི་དབང་མོ་ཆེ། །དཀར་མོ་ལག་ན་བྷནྡ་ཐོགས། །རི་རབ་གླིང་བཞིའི་དབང་མོ་ཆེ། །སེར་མོ་ལག་ན་བྷནྡ་ཐོགས། །ཐེག་ཆེན་ས་གཞིའི་དབང་མོ་ཆེ། །སྨུག་མོ་ལག་ན་བྷནྡ་ཐོགས། །རྒྱ་མཚོའི་གླིང་གི་དབང་མོ་ཆེ། །ལག་ན་བྷནྡ་སྔོན་པོ་ཐོགས། །གནམ་གྱི་ཡེ་དྷར་ཆེན་མོ་ནི། །ནག་མོ་མུན་པའི་གོ་ཟུ་ཅན། །ལག་ན་བྷནྡ་ཁྲག་བཀང་ཐོགས། །བར་གྱི་གློག་མ་སྲིན་མོ་ཡང་། །ཁྲག་གི་བུད་མེད་དམར་ནག་ལ། །ལག་ན་བྷནྡ་ཁྲག་བཀང་ཐོགས། །ས་ཡི་ཕུང་བྱེད་ནག་མོ་ནི། །མུན་པའི་བུད་མེད་ཆེན་མོ་ལ། །ལག་ན་བྷནྡ་ཁྲག་བཀང་ཐོགས། །གསང་བའི་མ་མོ་རྦོད་བྱེད་མ། །ནག་མོ་ཆེན་མོ་ལྕགས་ཀྱུ་ཐོགས། །ཕོ་ཉ་ལྕགས་ཀྱི་ཁྱི་མོ་ཁྲིད། །གསང་བའི་མ་མོ་འཁྲུགས་བྱེད་མ། །ལག་ན་ཁྲག་གི་ལྕགས་ཀྱུ་ཐོགས། །ཕོ་ཉ་ཟངས་ཀྱི་ཁྱི་མོ་ཁྲིད། །གསང་བའི་མ་མོ་སྒྲོལ་བྱེད་ཀྱང་། །ལག་ན་འགུགས་པའི་ལྕགས་ཀྱུ་ཐོགས། །ཕོ་ཉ་དུང་གི་ཁྱི་མོ་ཁྲིད། །མ་མོ་ཆེན་མོ་རོ་ཁ་མ། །ནག་མོ་ཐོད་པ་ཁྲག་བཀང་ཐོགས། །མ་མོ་ཆེན་མོ་ཙ་མུཎྜི། །སྨུག་མོ་ཐོད་པ་ཁྲག་བཀང་ཐོགས། །མ་མོ་ཆེན་མོ་ནམ་གྲུ་མ། །ནག་མོ་ཐོད་པ་ཁྲག་བཀང་ཐོགས། །ཤར་གྱི་སྟག་སྲིན་ཟོར་བ་གདོང་། །དཀར་མོ་ལག་ན་ཟོར་བ་ཐོགས། །ལྷོ་ཡི་བམ་སྲིན་དྲེད་མོའི་གདོང་། །སེར་ནག་ལག་ན་ཟོར་བ་ཐོགས། །ནུབ་ཀྱི་ཀོང་སྲིན་བན་གླང་གདོང་། །དམར་པོ་ལག་ན་ཟོར་བ་ཐོགས། །བྱང་གི་འབྲོག་སྲིན་ཆུ་སྲིན་གདོང་། །སྔོན་མོ་ལག་ན་ཟོར་བ་ཐོགས། །མ་མོ་རྦོད་གཏོང་གི་བཀའ་སྲུང་གི་སྐུ་མདོག་ཕྱག་མཚན་བསྟན་པའི་ལེའུ་སྟེ་ལྔ་བཅུ་བདུན་པའོ།། །།རིག་འཛིན་རྣམས་ཀྱི་བཀའ་སྲུང་ནི། །རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ། །དཀར་མོ་རྡོ་རྗེ་ཐོད་པ་ཐོགས། །རིན་ཆེན་རིགས་ཀྱི་མཁའ་འགྲོ་མ། །སེར་མོ་རིན་ཆེན་ཐོད་པ་ཐོགས། །པདྨ་རིགས་ཀྱི་


DNG015_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་མ། །དམར་མོ་པདྨ་ཐོད་པ་ཐོགས། །ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ། །སྔོན་མོ་རྒྱ་གྲམ་ཐོད་པ་ཐོགས། །འཇིག་རྟེན་ལས་ཀྱི་མཁའ་འགྲོ་མ། །སྣ་ཚོགས་གྲི་གུག་ཐོད་པ་ཐོགས། །རྡོ་རྗེ་རིགས་ཀྱི་དཔའ་བོ་ནི། །སྔོན་པོ་རྡོ་རྗེ་ཐོད་པ་ཐོགས། །རིན་ཆེན་རིགས་ཀྱི་དཔའ་བོ་ནི། །སེར་པོ་རིན་ཆེན་ཐོད་པ་ཐོགས། །པདྨ་རིགས་ཀྱི་དཔའ་བོ་ནི། །དམར་པོ་པདྨ་ཐོད་པ་ཐོགས། །ལས་ཀྱི་རིགས་ཀྱི་དཔའ་བོ་ནི། །ལྗང་གུ་རྒྱ་གྲམ་ཐོད་པ་ཐོགས། །འཇིག་རྟེན་ལས་ཀྱི་དཔའ་བོ་ནི། །སྣ་ཚོགས་གྲི་དང་ཐོད་པ་བསྣམས། །རིག་འཛིན་རྣམས་ཀྱི་བཀའ་སྲུང་གི་སྐུ་མདོག་ཕྱག་མཚན་བསྟན་པའི་ལེའུ་སྟེ་ལྔ་བཅུ་བརྒྱད་པའོ།། །།དཔལ་གྱི་བཀའ་སྡོད་ཀྱི་སྐུ་མདོག་ཕྱག་མཚན་བསྟན་པ། དཀྱིལ་འཁོར་ཕྱོགས་མཚམས་སྐྱོང་བ་ཡི། །དབང་ཕྱུག་ཉི་ཤུ་རྩ་བརྒྱད་ནི། །སྲིན་མོ་སྨུག་ནག་ཐོད་རློན་འཆང་། །ཚངས་པ་དམར་སེར་པདྨ་འཛིན། །ལྷ་ཆེན་དཀར་ལྗང་ཏྲི་ཤུལ་འཛིན། །གཏོགས་འདོད་སྔོན་མོ་འཁོར་ལོ་འཛིན། །གཞོན་ནུ་དམར་མོ་མདུང་ཐུང་འཛིན། །བརྒྱ་བྱིན་དཀར་མོ་ཨིནྡྲ་གདེངས། །རྡོ་རྗེ་སེར་མོ་ཙན་དན་འཐུང་། །བདུད་རྩི་དམར་མོ་པདྨ་འཛིན། །ཟླ་བ་དཀར་མོ་པུཎྜ་རི། །བེ་ཅོན་ལྗང་ནག་དབྱུག་ཏོ་འཕྱར། །སྲིན་མོ་སྔོ་ནག་ཐོད་ཁྲག་འཐུང་། །ཟ་བ་སེར་ནག་བ་སུ་འདྲེན། །དགའ་བ་དམར་མོ་ཀ་ཏར་འཆང་། །སྟོབས་ཆེན་དཀར་མོ་གཤོལ་འཛིན་མ། །རྡོ་རྗེ་སེར་མོ་སྤུ་གྲི་གཅོད། །འདོད་པ་དམར་མོ་མདའ་གཞུ་འགེངས། །ནོར་སྲུང་དཀར་མོ་བུམ་པ་འཛིན། །རླུང་ལྷ་སྔོན་མོ་བ་དན་འཛིན། །གསོད་བྱེད་དམར་མོ་རལ་གྲིའོ། །མེ་མོ་དམར་སེར་གསལ་ཤིང་འཛིན། །ཕག་མོ་ནག་མོ་མཆེ་ཞགས་ཐོགས། །རྒན་བྱེད་དམར་མོ་ཞིང་ཟ་བ། །སྣ་ཆེན་ལྗང་ནག་ཐོད་ཁྲག་འཐུང་། །ཆུ་ལྷ་སྔོན་མོ་སྦྲུལ་ཞགས་འཛིན། །རྡོ་རྗེ་ནག་མོ་ལྕགས་ཀྱུ་འཛིན། །རྡོ་རྗེ་སེར་མོ་ཞགས་པ་འཛིན། །རྡོ་རྗེ་དམར་མོ་


DNG015_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་སྒྲོག་སྡོམ། །རྡོ་རྗེ་ལྗང་ནག་དྲིལ་འཁྲོལ་དགྱེས། །མཁའ་འགྲོ་སུམ་ཅུ་རྩ་གཉིས་ནི། །རྡོ་རྗེ་རིགས་ཀྱི་མཁའ་འགྲོ་བརྒྱད། །དཀར་པོ་རྡོ་རྗེ་ལྕགས་ཀྱུ་ཐོགས། །རིན་ཆེན་རིགས་ཀྱི་མཁའ་འགྲོ་བརྒྱད། །སེར་པོ་རྡོ་རྗེ་ཞགས་པ་ཐོགས། །པདྨ་རིགས་ཀྱི་མཁའ་འགྲོ་བརྒྱད། །དམར་པོ་རྡོ་རྗེ་ལྕགས་སྒྲོག་ཐོགས། །ལས་ཀྱི་རིགས་ཀྱི་མཁའ་འགྲོ་བརྒྱད། །སྔོན་པོ་རྡོ་རྗེ་དྲིལ་བུ་ཐོགས། །རྡོ་རྗེ་གིང་ཆེན་བཅོ་བརྒྱད་ནི། །རྡོ་རྗེ་རིགས་ཀྱི་གིང་ཆེན་བཞི། །དཀར་པོ་ལག་ན་ཤེལ་གྲི་ཐོགས། །རིན་ཆེན་རིགས་ཀྱི་གིང་ཆེན་བཞི། །སེར་པོ་ལག་ན་གྲི་ཡང་ཐོགས། །པདྨ་རིགས་ཀྱི་གིང་ཆེན་བཞི། །དམར་པོ་ལག་ན་གྲི་ཡང་ཐོགས། །ལས་ཀྱི་རིགས་ཀྱི་གིང་ཆེན་བཞི། །སྔོན་པོ་ལག་ན་གྲི་ཡང་ཐོགས། །སྟེང་འོག་གིང་ཆེན་རྣམ་པ་གཉིས། །སྐུ་མདོག་དཀར་ནག་འོད་ཟེར་འཕྲོ། །ལག་ན་རལ་གྲི་ཐོགས་པའོ། །རྡོ་རྗེ་ལང་ཀ་བཅོ་བརྒྱད་ནི། །རྡོ་རྗེ་རིགས་ཀྱི་ལང་ཀ་བཞི། །ལག་ན་རྡོ་རྗེ་ཏྲི་ཤཱུལ་ཐོགས། །རིན་ཆེན་རིགས་ཀྱི་ལང་ཀ་བཞི། །ལག་ན་རིན་ཆེན་ཏྲི་ཤཱུལ་ཐོགས། །པདྨ་རིགས་ཀྱི་ལང་ཀ་བཞི། །ལག་ན་པདྨ་ཏྲི་ཤཱུལ་ཐོགས། །ལས་ཀྱི་རིགས་ཀྱི་ལང་ཀ་བཞི། །ལག་ན་རྒྱ་གྲམ་ཏྲི་ཤཱུལ་ཐོགས། །སྟེང་འོག་གཉིས་ཀྱི་ལང་ཀ་ནི། །ལག་ན་སྣ་ཚོགས་ཏྲི་ཤཱུལ་ཐོགས། །གནོད་སྦྱིན་སྙིང་ནས་འདྲེན་པའི་འབར་མ་བརྒྱད། །འབར་མ་ཉི་མའི་ཞགས་པ་ཅན། །འབར་མ་མེ་འབར་གློག་ཕྲེང་འཛིན། །འབར་མ་གཤིན་རྗེ་སྐར་མདའ་གཏོང་། །འབར་མ་སྲིན་མོ་མདུང་ཐུང་འཕེན། །འབར་མ་ཆེན་མོ་ལྕེ་འབེབས་མ། །འབར་མ་ཆེན་མོ་ཁྱུང་ཐོགས་མ། །འབར་མ་རླུང་བདག་རལ་གྲི་སྣ། །འབར་མ་འཇིགས་བྱེད་བན་གླང་སྣ། །ས་བདག་ཆེན་མོ་སུམ་ཅུ་གཉིས། །ས་བདག་བདུད་འདུལ་ཆེན་མོ་བརྒྱད། །སྐུ་མདོག་དཀར་གསལ་འབར་བ་ལ། །ལག་ན་ལྕགས་ཀྱུ་ཐོ་བ་ཐོགས། །གཟའ་བདག་གཟའ་འདུལ་ཆེན་མོ་བརྒྱད། །སྐུ་མདོག་སེར་མོ་འབར་བ་ལ། །ལག་ན་


DNG015_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

ཞགས་པ་ཕུར་བུ་ཐོགས། །ས་བདག་ཀླུ་འདུལ་ཆེན་མོ་བརྒྱད། །སྐུ་མདོག་དམར་མོ་འབར་བ་ལ། །ཕྱག་ན་ལྕགས་སྒྲོག་ཕུར་བུ་ཐོགས། །ས་བདག་བཙན་འདུལ་ཆེན་མོ་བརྒྱད། །སྐུ་མདོག་དམར་མོ་འབར་བ་ལ། །ལག་ན་ཏྲི་ཤཱུལ་ཕུར་བུ་ཐོགས། །ཕྱི་ནང་ལས་བྱེད་ཕོ་ཉ་ནི། །དྲུག་ཅུ་རྩ་བཞི་བསྟན་པ་ནི། །རྡོ་རྗེ་རིགས་ཀྱི་ཕོ་ཉ་བཅུ་དྲུག་ཀྱང་། །ལག་ན་རྡོ་རྗེ་ཕུར་བུ་ཐོགས། །རིན་ཆེན་རིགས་ཀྱི་ཕོ་ཉ་བཅུ་དྲུག་ཀྱང་། །ལག་ན་རིན་ཆེན་ཕུར་བུ་ཐོགས། །པདྨ་རིགས་ཀྱི་ཕོ་ཉ་བཅུ་དྲུག་ཀྱང་། །ལག་ན་པདྨ་ཕུར་བུ་ཐོགས། །ལས་ཀྱི་རིགས་ཀྱི་ཕོ་ཉ་བཅུ་དྲུག་ཀྱང་། །ལག་ན་རྒྱ་གྲམ་ཕུར་བུ་ཐོགས། །མ་མོ་བདུན་དང་སྲིང་མོ་བཞི། །མ་མོ་ཆེན་མོ་རྣམ་པ་བདུན། །མ་མོ་ཡེ་ཤེས་མཁའ་འགྲོ་མ། །ཕྱག་ན་གྲི་གུག་ཐོད་ཁྲག་བསྣམས། །མ་མོ་ཡེ་ཤེས་ཤུགས་འགྲོ་མ། །ཕྱག་ན་གྲི་གུག་བྷན་དམར་ཐོགས། །མ་མོ་ཡེ་ཤེས་རྟག་འགྲོ་མ། །ཕྱག་ན་ཞིང་གི་དབྱུག་པ་བསྣམས། །མ་མོ་ཡེ་ཤེས་ཟ་བྱེད་མ། །ནག་མོ་ཞིང་ཆེན་ཟ་བའི་ཚུལ། །མ་མོ་ཡེ་ཤེས་ཁ་འབར་མ། །ནག་མོ་མེ་ཡི་ཁ་རླངས་འབར། །མ་མོ་ཆེན་མོ་རེ་མ་ཏི། །ནག་མོ་ཕྱག་ན་ནད་རྐྱལ་བསྣམས། །མ་མོ་ཡེ་ཤེས་མཁའ་འགྲོ་མ། །སྔོན་མོ་ཕྱག་ན་ཁྲམ་བམ་བསྣམས། །སྲིང་མོ་ཆེན་མོ་རྣམ་པ་བཞི། །སྲིང་མོ་བྱིས་པའི་དུར་བྱེད་མ། །གླིང་བཞི་མགྱོགས་མ་ལྷ་ཡི་སྲིང་། །སྲིང་མོ་ཆེན་མོ་འཚོ་བྱེད་མ། །མཁའ་ལ་ཁྱུང་ལྡིང་གཤིན་རྗེའི་སྲིང་། །སྲིང་མོ་ཆེན་མོ་སྡོམ་བྱེད་མ། །དམར་མོ་གཡག་ཐོད་ཀླུ་ཡི་སྲིང་། །སྲིང་མོ་ཆེན་མོ་རླུང་འབྱིན་མ། །ནག་མོ་སྡེར་ཆེན་གནོད་སྦྱིན་སྲིང་། །ཀུན་ཀྱང་ཕྱག་ན་ཐོད་ཁྲག་བསྣམས། །འབུམ་ཕྲག་ཡངས་པའི་མཁའ་འགྲོ་མ། །ཚངས་པའི་ལྷ་མོ་འབུམ་ཕྲག་གཅིག །དྲི་ཟ་ཆེན་མོ་འབུམ་ཕྲག་གཅིག །དྲང་སྲོང་ཆེན་མོ་འབུམ་ཕྲག་གཅིག །གྲུལ་བུམ་ཆེན་མོ་འབུམ་ཕྲག་གཅིག །སྲིན་མོ་ཆེན་མོ་འབུམ་ཕྲག་གཅིག །ཀླུ་མོ་ཆེན་མོ་འབུམ་


DNG015_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲག་གཅིག །རླུང་བདག་ཆེན་མོ་འབུམ་ཕྲག་གཅིག །གནོད་སྦྱིན་ཆེན་མོ་འབུམ་ཕྲག་གཅིག །དབང་ལྡན་ཆེན་མོ་འབུམ་ཕྲག་གཅིག །ས་བདག་ཆེན་མོ་འབུམ་ཕྲག་གཅིག །སྨན་བྲན་ཆེན་མོ་འབུམ་ཕྲག་གཅིག །ཤ་ཟ་ཆེན་མོ་འབུམ་ཕྲག་གཅིག །བདུད་མོ་ཆེན་མོ་འབུམ་ཕྲག་གཅིག །དཀར་མོ་ཆེན་མོ་འབུམ་ཕྲག་གཅིག །སེར་མོ་ཆེན་མོ་འབུམ་ཕྲག་གཅིག །དམར་མོ་ཆེན་མོ་འབུམ་ཕྲག་གཅིག །སྔོན་མོ་ཆེན་མོ་འབུམ་ཕྲག་གཅིག །སྨུག་མོ་ཆེན་མོ་འབུམ་ཕྲག་གཅིག །མཐིང་ནག་ཆེན་མོ་འབུམ་ཕྲག་གཅིག །ནག་མོ་ཆེན་མོ་འབུམ་ཕྲག་གཅིག །ལ་ལ་གསེར་གྱི་རི་ལ་གནས། །ལ་ལ་རྒྱ་མཚོའི་གཏིང་ལ་གནས། །ལ་ལ་གླིང་ཆེན་བཞི་ལ་གནས། །ལ་ལ་གླིང་ཆུང་བརྒྱད་ལ་གནས། །ལ་ལ་གངས་དཀར་རྩེ་ལ་གནས། །ལ་ལ་ས་ཡི་འོག་ན་གནས། །ལ་ལ་ནམ་མཁའི་མཐོངས་ན་གནས། །ལ་ལ་དཔག་བསམ་ཤིང་ལ་གནས། །ལ་ལ་བར་སྣང་ཁམས་ལ་གནས། །ལ་ལ་གཅན་གཟན་སྡེར་ཆགས་ཞོན། །ལ་ལ་རྨིག་པ་ཁ་བྲག་ཞོན། །ལ་ལ་རྨིག་པ་ཟླུམ་པོ་ཞོན། །ལ་ལ་གདོང་པ་ཅན་ལ་ཞོན། །ལ་ལ་འདབ་ཆགས་བྱ་ལ་ཞོན། །ལ་ལ་རླུང་དང་སེར་བུ་ཞོན། །ལ་ལ་གློག་གི་རྐང་ལ་ཞོན། །ལ་ལ་དགུ་ཚིགས་གཞུང་ལ་ཞོན། །ལ་ལ་དུས་བཞིའི་གུང་ལ་རྒྱུག །ལ་ལ་ནམ་གྱི་གུང་ལ་རྒྱུག །ལ་ལ་ཉི་མའི་གུང་ལ་རྒྱུག །ལ་ལ་ཟླ་བའི་ཟེར་ལ་རྒྱུག །ལ་ལ་མུན་པའི་སྨག་ལ་རྒྱུག །ལ་ལ་གྲིབ་སོ་རྟ་རུ་ཞོན། །ལ་ལ་ནམ་མཁའི་མདངས་ལ་ཞོན། །ལ་ལ་སྐྱ་རེངས་མདངས་ལ་ཞོན། །ལ་ལ་ཆུ་བོའི་གཞུང་ལ་ཞོན། །ལ་ལ་གསལ་བའི་མེ་ལོང་ཐོགས། །ལ་ལ་དར་དཀར་གཡབ་མོ་ཐོགས། །ལ་ལ་ལྕགས་ཀྱུ་འབར་བ་ཐོགས། །ལ་ལ་ཞགས་པ་ནག་པོ་ཐོགས། །ལ་ལ་བེ་ཅོན་ནག་པོ་ཐོགས། །ལ་ལ་གཅོད་པའི་སྤུ་གྲི་ཐོགས། །ལ་ལ་མི་མགོའི་ཕོར་བ་ཐོགས། །ལ་ལ་མི་སྙིང་རློན་པ་ཐོགས། །ལ་ལ་མི་ལྤགས་རློན་པ་ཐོགས། །ལ་ལ་རུ་མཚོན་ནག་པོ་ཐོགས། །ལ་ལ་བདུད་ཀྱི་ཁྲམ་


DNG015_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་ཐོགས། །ལ་ལ་ཤོ་ཡི་རྡེའུ་ཐོགས། །ལ་ལ་ནད་ཀྱི་རྐྱལ་པ་ཐོགས། །ལ་ལ་མཚོན་གྱི་དྲུ་གུ་ཐོགས། །ལ་ལ་བྱང་དམར་བམ་པོ་ཐོགས། །ལ་ལ་ཏྲི་ཤཱུལ་རྣོན་པོ་ཐོགས། །ལ་ལ་དཔལ་རྩེ་འབར་བ་ཐོགས། །ཀུན་ཀྱང་གདུག་པའི་ལག་ཆ་ཐོགས། །ཀུན་ཀྱང་དབུགས་དང་སྲོག་ལ་དགའ། །ཀུན་ཀྱང་ཤ་ཟ་ཁྲག་འཐུང་མ། །ཀུན་ཀྱང་མདངས་འཕྲོག་བཅུད་ལེན་མ། །རྒྱལ་པོ་བློན་མོ་ཡང་གཡོག་བཅས། །འབུམ་ཕྲག་ཡངས་པའི་མཁའ་འགྲོ་མ། །ཕྱི་ཡི་དུར་ཁྲོད་གནས་ན་གནས། །ཞེས་གསུངས་སོ། །དཔལ་གྱི་བཀའ་སྡོད་ཀྱི་སྲུང་མའི་སྐུ་མདོག་ཕྱག་མཚན་བསྟན་པའི་ལེའུ་སྟེ་ལྔ་བཅུ་དགུ་པའོ།། །།བསྒྲུབ་པ་བཀའ་བརྒྱད་རིག་འཛིན་དཀྱིལ་འཁོར་དང་བཅས་པའི་འཇིག་རྟེན་ལས་འདས་པའི་རྩ་བའི་ལྷ་དང་། འཇིག་རྟེན་པའི་བཀའ་སྲུང་དང་བཅས་པའོ། །ལྷའི་སྐུ་མདོག་ཕྱག་མཚན་བྱུང་གནས་གདབ་པའི་སྐབས་ཏེ་དྲུག་པའོ།། །།དེ་ནས་སྤྱི་དཔལ་ཀུན་ཏུ་བཟང་པོ་ལ། འཁོར་གྱི་རིག་འཛིན་རྣམས་ཀྱིས་ཞུས་པ། ཨེ་མ་སྤྱི་དཔལ་ཧེ་རུ་ཀ །བློ་ལྡན་རྣལ་འབྱོར་གང་ཞིག་གིས། །བསྒྲུབ་པ་བཀའ་བརྒྱད་དཀྱིལ་འཁོར་ལྷ། །ཉམས་སུ་ལེན་པར་འདོད་པ་ལ། །བསྐྱེད་རྫོགས་འབྲིང་པོ་བཤད་དུ་གསོལ། །དེ་སྐད་གསོལ་པ་གསན་ནས་ཀྱང་། །སྤྱི་དཔལ་ཆེན་པོས་བཀའ་སྩལ་པ། །ཉོན་ཅིག་འདུས་པའི་འཁོར་ཚོགས་རྣམས། །རྣལ་འབྱོར་བསྡུས་ལ་དགའ་བ་ལ། །བསྐྱེད་རྫོགས་ཕྲིན་ལས་བསྡུས་ཏེ་བསྟན། །དབེན་ཞིང་དགོན་པའི་གནས་དག་ཏུ། །བསྒྲུབ་པའི་དཀྱིལ་འཁོར་ཞལ་ཕྱེས་ལ། །ཕྱི་མཚམས་བཅད་ལ་ནང་མཚམས་བསྡམས། །གསང་བའི་མཚམས་བཅད་བཤགས་དང་བརླབས། །སྔོན་དུ་འགྲོ་བའི་ལས་རྣམས་བྱ། །དེ་ནས་བསྐྱེད་རིམ་དོན་ལ་འཇུག །དེ་བཞིན་ཀུན་སྣང་རྒྱུ་ལས་ནི། །འབྱུང་བ་ལྔ་ཡི་རིམ་པ་བརྩིགས། །བྷྲཱུཾ་ལས་ཡེ་ཤེས་གཞལ་ཡས་ཁང་། །


DNG015_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་དགུ་ཡི་གཞལ་ཡས་ནི། །ཀུན་ཀྱང་འཁོར་ལོ་བཞི་པས་མཛེས། །ཁྱམས་དང་སྒོ་བཞི་ལྕགས་རིར་བཅས། །ཕྱི་ཁྱམས་སྒོ་བཞི་རྒྱན་དང་ལྡན། །ལྕགས་རི་ཟླུམ་པོ་རྡོ་རྗེའི་ར། །ཕྱི་རིམ་བསྐལ་པའི་མེ་འབར་བསྐྱེད། །དེ་ནང་གདན་ཁྲི་བསྐྱེད་པ་ནི། །དྲེགས་པ་འགྲོ་དྲུག་བྱོལ་སོང་གདན། །དཀྱིལ་འཁོར་ཀུན་གྱི་དབུས་སུ་གདིང་། །དཀྱིལ་འཁོར་དབུས་མའི་གདན་སྟེང་དུ། །རྒྱུ་ཡི་ཡེ་ཤེས་སེམས་དཔའ་བབས། །ཆོ་ག་གསུམ་གྱི་སྦྱོར་བ་ཡིས། །ཆེ་མཆོག་ཧེ་རུའི་སྐུར་བསྐྱེད་ལ། །དབུ་དགུ་ཕྱག་ཀྱང་བཅོ་བརྒྱད་ལ། །ཞབས་ཀྱང་རྣམ་པ་བརྒྱད་དུ་བགྲད། །དབུས་ཀྱི་དབུ་གསུམ་མཐིང་ལ་རྔམས། །གཡས་གཅིག་དཀར་ལ་གཡོན་གཅིག་དམར། །གཡས་གཅིག་དམར་ལ་གཡོན་གཅིག་ལྗང་། །གཡས་གཅིག་དཀར་ལ་གཡོན་གཅིག་དམར། །གཡས་ཀྱི་དང་པོ་རྡོ་རྗེ་བསྣམས། །གཉིས་པ་ཁ་ཊྭཱཾ་རྩེ་གསུམ་བསྣམས། །གསུམ་པ་གསང་བའི་རྔེའུ་ཆུང་བསྣམས། །བཞི་པ་འཁོར་ལོ་རྩིབས་བརྒྱད་བསྣམས། །ལྔ་པ་རིན་ཆེན་འབར་བ་བསྣམས། །དྲུག་པ་པདྨ་འདབ་བརྒྱད་བསྣམས། །བདུན་པ་རལ་གྲི་རྣོན་པོ་བསྣམས། །བརྒྱད་པ་དགྲ་སྟྭ་ཁ་ལེབ་བསྣམས། །དགུ་པ་འདྲེན་པའི་ཞགས་པ་བསྣམས། །གཡོན་གྱི་དང་པོས་བྷན་དམར་བསྣམས། །གཉིས་པ་ཞིང་གི་དབྱུག་པ་བསྣམས། །གསུམ་པ་གསེར་གྱི་ཐོང་གཤོལ་བསྣམས། །བཞི་པ་མེ་ཤེལ་ཉི་མ་བསྣམས། །ལྔ་པ་ཆུ་ཤེལ་ཟླ་བ་བསྣམས། །དྲུག་པ་རིན་ཆེན་རི་རབ་བསྣམས། །བདུན་པ་ཆུ་ཡི་དཀྱིལ་འཁོར་བསྣམས། །བརྒྱད་པ་མེ་ཡི་དཀྱིལ་འཁོར་བསྣམས། །དགུ་པ་རླུང་གི་དཀྱིལ་འཁོར་བསྣམས། །ཞབས་བརྒྱད་གླང་ཆེན་དྲེགས་པ་བརྫིས། །གླང་ཆེན་ཀོ་རློན་ཡ་བ་སྐོར། །ཞིང་ཆེན་གཡང་གཞིའི་སྟོད་གཡོགས་ལ། །དཔའ་གཏུམ་སྟག་གི་ཤམ་ཐབས་ཅན། །གདུག་པ་སྦྲུལ་གྱིས་སྐུ་རྒྱན་བྱས། །ཐལ་ཆེན་


DNG015_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་ཞག་མཚན་མར་བཏབ། །དབུ་ལ་རིགས་ལྔའི་སངས་རྒྱས་དང་། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་རྫོགས། །ཐོད་པའི་ཕྲེང་བས་དབུ་རྒྱན་བྱས། །བསྐལ་པའི་མེ་དཔུང་ཀློང་ན་བཞུགས། །འབར་བའི་གར་དགུ་ལྡན་པར་བསྒོམ། །ཡབ་ཀྱི་གཡོན་ནས་གྲིབ་མའི་ཚུལ། །ཡུམ་ཆེན་ཁྲོ་མོ་གནམ་ཞལ་མ། །ཞལ་གཅིག་ཕྱག་གཉིས་ཡབ་དང་མཐུན། །གཡས་པ་ཁ་ཊྭཱཾ་ཡབ་ལ་འཁྱུད། །གཡོན་པ་བྷན་དམར་གཙོ་ལ་སྟོབ། །གཉིས་སུ་མེད་པར་འཁྲིལ་བར་བསྒོམ། །ཡབ་ཡུམ་མཁའ་གསང་བྱིན་བརླབས་ལས། །མཁའ་ལས་ཁྲོ་བོ་འཆོལ་བ་སྤྲོས། །ཕྱོགས་བཅུའི་དྲེགས་པ་བསྒྲལ་ནས་ནི། །སླར་འདུས་དཀྱིལ་འཁོར་བརྒྱད་ལ་དགོད། །དཀྱིལ་འཁོར་བརྒྱད་ཀྱི་གཙོ་བོར་གསལ། །ཤར་དུ་བཛྲ་ཧེ་རུ་ཀ །ལྷོ་རུ་འཇམ་དཔལ་གཤིན་རྗེ་གཤེད། །ནུབ་ཏུ་རྟ་མགྲིན་རྒྱལ་པོ་ལ། །བྱང་དུ་རྡོ་རྗེ་གཞོན་ནུའོ། །ཤར་ལྷོར་བླ་མེད་ཧེ་རུ་ཀ །ནུབ་བྱང་དྲེགས་པ་ཀུན་འདུལ་ལ། །བྱང་ཤར་སྟོབས་ལྡན་ནག་པོའོ། །སོ་སོའི་ཡུམ་བཅས་རྫོགས་པར་བསྐྱེད། །ལྷོ་ནུབ་རིག་འཛིན་སློབ་དཔོན་ཡིན། །དེ་ནས་གཙོ་བོ་ཡབ་ཡུམ་གྱི། །བྱང་ཆུབ་སེམས་ཀྱི་འོད་ཟེར་དང་། །རྩ་བའི་སྔགས་རྣམས་བརྗོད་པ་ཡིས། །སོ་སོའི་འཁོར་ཚོགས་རྫོགས་པར་བསྐྱེད། །ཆེ་མཆོག་ཡབ་ཡུམ་སྤྲུལ་པ་ནི། །ཆེ་མཆོག་རིགས་བཞི་ཡབ་ཡུམ་བཞི། །དྲེགས་པ་ཕྱོགས་སྐྱོང་འདུལ་བྱེད་བཅུ། །ཏ་ཀྲྀཏ་སྒོ་སྲུང་ཁྲོ་བོ་བཞི། །བཀའ་སྲུང་ཅེ་སྤྱང་མ་བརྒྱད་བསྒོམ། །བཛྲ་ཧེ་རུ་ཡབ་ཡུམ་ལས། །རིགས་བཞིའི་ཁྲག་འཐུང་ཡབ་ཡུམ་བཞི། །གཽ་རཱི་བརྒྱད་དང་ཕྲ་མེན་བརྒྱད། །གདོང་མོ་སྒོ་མ་བཞི་དང་ནི། །བཀའ་སྲུང་ཁྲོ་མོ་ཉི་ཤུ་བརྒྱད། །འཇམ་དཔལ་གཤིན་རྗེ་ཡབ་ཡུམ་ལས། །གཤེད་བཞི་སྦྱོར་ཡུམ་སྒྲོལ་ཡུམ་བཅས། །ཕྱོགས་སྐྱོང་བཅུ་གཉིས་ཡུམ་དང་བཅས། །མགོ་བརྙན་


DNG015_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་སྐྱོང་གཤིན་རྗེ་བཞི། །བཀའ་སྲུང་གིང་བདུད་རྩིས་པ་དང་། །སྲོག་གི་ཤན་པར་བཅས་པ་བསྒོམ། །པདྨ་དབང་ཆེན་ཡབ་ཡུམ་ལས། །ལས་ཀྱི་སྲས་མཆོག་ཡབ་ཡུམ་གཉིས། །ཟིལ་གནོན་ཁྲོ་རྒྱལ་ཡབ་ཡུམ་དང་། །སྒོ་སྐྱོང་ཕོ་ཉ་སྒོ་བ་བཞི། །བཀའ་སྲུང་ཁམ་བརྒྱ་མ་དྲུག་དང་། །སྤྲུལ་སྐུ་དམུས་ལོང་བཅུ་དྲུག་དང་། །ཟ་བྱེད་དཔལ་གྱི་ཁྱི་སྤྱང་དང་། །ཕོ་ཉ་འབར་བའི་གཤོག་པ་བཞི། །དུར་མོ་འབྲུག་མོ་ཆེན་མོ་བཞི། །རྡོ་རྗེ་གཞོན་ནུ་ཡབ་ཡུམ་ལས། །སྲས་མཆོག་རིགས་བཞི་ཀཱི་ལ་ཡ། །ཁྲོ་བོ་བཅུ་དང་ཁྲོ་མོ་བཅུ། །ཟ་བྱེད་བཅུ་དང་གསོད་བྱེད་བཅུ། །མགོ་བརྙན་སྒོ་སྲུང་ཆེན་མོ་བཞི། །བཀའ་སྲུང་ཤོ་ན་བསེ་མོ་བཞི། །རེ་ཏི་མཆེད་བཞི་བཅུ་གཉིས་སོ། །གིང་བཞི་བདུད་བཞི་ཤན་པ་བཞི། །བླ་མེད་ཧེ་རུ་ཡབ་ཡུམ་ལས། །རྟག་པའི་རྒྱལ་མོ་རྣམ་པ་ལྔ། །ཡེ་ཤེས་རྗེ་མོ་བཅུ་བཞི་དང་། །སྨན་མོ་ཉི་ཤུ་རྩ་བརྒྱད་དང་། །སྒོ་སྐྱོང་སྲིང་མོ་ཆེན་མོ་བཞི། །བཀའ་སྲུང་ཡང་གབ་མ་བཞི་དང་། །སྦས་པའི་མ་བཞི་གདོང་མོ་བཞི། །ཕུང་བྱེད་མ་གསུམ་རོ་ཁ་མ་གསུམ་དང་། །གསང་བའི་མ་གསུམ་ཕོ་ཉ་གསུམ། །དྲེགས་པ་ཀུན་འདུལ་ཡབ་ཡུམ་ལ། །དྲེགས་པ་ཉི་ཤུ་རྩ་དྲུག་བསྐོར། །སྒོ་སྐྱོང་དབང་ཆེན་དྲེགས་པ་བཞི། །སྟོབས་ལྡན་ནག་པོ་ཡབ་ཡུམ་ལ། །དྲེགས་པ་ཅན་ནི་བཅོ་ལྔས་བསྐོར། །སྒོ་བ་བཀའ་ཉན་རྣམ་པ་བཞི། །བཀའ་སྲུང་སོ་སོའི་འཁོར་གཡོག་ལྡན། །རིག་འཛིན་རྡོ་རྗེ་ཐོད་པ་རྩལ། །རིགས་ཀྱི་རིག་འཛིན་དྲུག་དང་ནི། །གྲུབ་པའི་རིག་འཛིན་རྣམ་པ་བཞི། །སྒོ་བཞིར་རྩ་བའི་སློབ་དཔོན་བཞི། །བཀའ་སྲུང་དཔའ་བོ་དཔའ་མོ་དང་། །མཁའ་འགྲོ་སྡེ་བཞིར་བཅས་པའོ། །ཕྱི་ཁྱམས་དབང་ཕྱུག་ཉི་ཤུ་བཞི། །སྒོ་བཞིར་དབང་ཕྱུག་སྒོ་མ་བཞི། །ཕྱི་ཡི་ལྕགས་རི་འཁོར་ཡུག་ལ། །མཁའ་འགྲོ་གིང་དང་ལང་ཀ་དང་། །མ་སྲིང་འབར་མ་ཕོ་ཉ་དང་། །མཁའ་འགྲོ་འབུམ་ཕྲག་ཡངས་པ་རྣམས། །རང་བཞིན་དཔལ་གྱི་བཀའ་


DNG015_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

སྡོད་པའོ། །དེ་ལྟར་ལྷ་རྣམས་གསལ་བསྐྱེད་ལ། །སྐུ་གསུང་ཐུགས་སུ་བྱིན་བརླབ་ཅིང་། །ཡེ་ཤེས་ལྔ་ཡི་དབང་ཡང་བསྐུར། །རང་བཞིན་གནས་ནས་སྤྱན་དྲངས་ཤིང་། །གཉིས་སུ་མེད་པར་བཞུགས་སུ་གསོལ། །དགྱེས་པའི་ཚུལ་གྱིས་ཕྱག་བྱས་ལ། །མཆོད་པ་དབུལ་ཞིང་དགྱེས་པར་བསྟོད། །སོ་སོའི་སྙིང་པོ་བཟླས་བརྗོད་འབད། །ཕྲིན་ལས་བཅོལ་ཞིང་བཤགས་པ་བྱ། །ཚོགས་དང་ལྷག་མའི་ལས་རྫོགས་ནས། །གཏོར་མ་གཏོང་ལ་དཀྱིལ་འཁོར་བསྡུ། །སྤྱོད་ལམ་བཞིར་ཡང་ལྷ་བསྒོམ་བྱ། །ཡང་ན་རྫོགས་པའི་རིམ་པ་ལ། །མ་བཅོས་རང་གསལ་རང་སར་བཞག །ཅེས་གསུངས་སོ། །བསྐྱེད་རྫོགས་འབྲིང་པོའི་ལེའུ་སྟེ་དྲུག་ཅུ་ཐམ་པའོ།། །།དེ་ནས་སྤྱི་དཔལ་ཀུན་བཟང་ཧེ་རུ་ཀ་ལ། འཁོར་གྱི་རིག་འཛིན་རྣམས་ཀྱིས་ཞུས་པ། ཨེ་མ་སྤྱི་དཔལ་ཧེ་རུ་ཀ །རྣལ་འབྱོར་བློ་དམན་གང་ཟག་ལ། །བསྡུས་པའི་བསྐྱེད་རྫོགས་བཤད་དུ་གསོལ། །དེ་སྐད་གསོལ་པ་གསན་ནས་ཀྱང་། །སྤྱི་དཔལ་ཆེན་པོས་བཀའ་སྩལ་པ། །ཉོན་ཅིག་འདུས་པའི་ཚོགས་ཆེན་རྣམས། །རྣལ་འབྱོར་ཤིན་ཏུ་བསྡུས་དགའ་ལ། །བསྐྱེད་རྫོགས་ཤིན་ཏུ་བསྡུས་ཏེ་བསྟན། །ཕུན་སུམ་ཚོགས་པའི་གནས་དག་ཏུ། །འདུ་འཛི་སྤངས་པའི་རྣལ་འབྱོར་པས། །ལྷ་ཡི་དཀྱིལ་འཁོར་བསྒོམ་འདོད་ནས། །སྔོན་དུ་འགྲོ་བའི་ལས་བྱས་ནས། །དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན། །རང་བཞིན་དངོས་མེད་སྤྲོས་པ་མེད། །ཀུན་སྣང་ཀུན་ཁྱབ་སྙིང་རྗེའི་ངང་། །རྒྱུ་ཉིད་མཐིང་ནག་ཡི་གེ་ཧཱུཾ། །འབྱུང་བ་ཡུམ་ལྔའི་དཀྱིལ་འཁོར་བརྩེགས། །ཀེང་རུས་རི་རབ་རྩེ་བརྒྱད་སྟེང་། །དུར་ཁྲོད་འབར་བའི་གཞལ་ཡས་ཁང་། །ཚོམ་བུ་དགུ་ཡི་དཀྱིལ་འཁོར་བསྐྱེད། །དྲེགས་པ་ཉི་ཟླ་པདྨའི་གདན། །ཀུན་ལ་གདན་དུ་གདིང་བར་བྱ། །གདན་སྟེང་རྒྱུ་ཡི་ཡི་གེ་ལས། །དཔལ་ཆེན་ཁྲག་འཐུང་ཆེན་པོའི་སྐུར། །ཆོ་


DNG015_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

ག་གསུམ་གྱིས་གསལ་བར་བསྐྱེད། །བདག་ཉིད་ཆེ་མཆོག་ཧེ་རུ་ཀ །མཐིང་ནག་དབུ་གསུམ་ཕྱག་དྲུག་པ། །ཞབས་བཞི་གྱད་ཀྱི་དོར་སྟབས་བགྲད། །དབུ་གསུམ་གཡས་དཀར་གཡོན་དམར་བ། །དབུས་ནི་མཐིང་ནག་སྐུ་དང་མཐུན། །ཕྱག་དྲུག་གཡས་ཀྱི་དང་པོ་ན། །རྡོ་རྗེ་རྩེ་དགུ་བསྣམས་པའོ། །བར་མ་རྡོ་རྗེ་རྩེ་ལྔ་པ། །ཐ་མ་རྡོ་རྗེ་རྩེ་གསུམ་མོ། །གཡོན་གྱི་དང་པོ་བྷནྡ་ནི། །ལྕང་ལོ་ཁྲག་བཀང་གསོལ་བའོ། །བར་མ་ཐོད་རློན་དམར་གྱིས་བཀང་། །ཐ་མ་ཐོད་སྐམ་དམར་བཀང་བའོ། །ཞབས་བཞི་ཡིན་ནམ་གཉིས་གྱད་ཀྱི་དོར་སྟབས་སོ། །སྐུ་སྟོད་གླང་ཆེན་ཀོ་རློན་གསོལ། །སྐུ་སྨད་སྟག་གི་ཤམ་ཐབས་ཅན། །ཞིང་ཆེན་གཡང་གཞིའི་ན་བཟར་གསོལ། །ཐོད་པ་ཚར་གསུམ་ཕྲེང་བས་བརྒྱན། །རྡོ་རྗེའི་གཤོག་པ་ཁྱབ་པར་གདེངས། །ཁྲག་ཞག་ཐིག་ལེའི་མཚན་མས་བརྒྱན། །ཐུགས་ཀར་ཡེ་ཤེས་སེམས་དཔའ་ལ། །སྔགས་ཀྱི་ཕྲེང་བས་བསྐོར་བའོ། །ཡུམ་ནི་ཞལ་གཅིག་ཕྱག་གཉིས་མ། །གཡས་པ་གྲི་གུག་ཡབ་ལ་འཁྱུད། །གཡོན་པ་དུང་ཁྲག་གཙོ་ལ་སྟོབ། །སྐུ་མདོག་རིགས་དང་མཐུན་པ་ལ། །སྐུ་སྨད་གཟིག་གི་ཤམ་ཐབས་ཅན། །ཡབ་ཡུམ་གཉིས་སུ་མེད་པར་འཁྲིལ། །བསྐལ་པའི་མེ་དཔུང་ཀློང་ན་བཞུགས། །འབར་བའི་ཆ་ལུགས་འཇིགས་པར་བསྒོམ། །ཡབ་ཡུམ་གཉིས་ཀྱི་ཐུགས་ཀ་ནས། །ཕྱོགས་བཞིའི་མཚམས་བཞིའི་དཀྱིལ་འཁོར་དུ། །མཐིང་ནག་ཧཱུཾ་གི་འཕྲོ་འདུ་ལས། །ཤར་དུ་བཛྲ་ཧེ་རུ་ཀ །ལྷོ་རུ་འཇམ་དཔལ་གཤིན་རྗེ་གཤེད། །ནུབ་ཏུ་པདྨ་དབང་ཆེན་ནི། །བྱང་དུ་རྡོ་རྗེ་གཞོན་ནུ་སྟེ། །ཤར་ལྷོར་བླ་མེད་ཧེ་རུ་ཀ །ལྷོ་ནུབ་རིག་འཛིན་ཐོད་པ་རྩལ། །ནུབ་བྱང་དྲེགས་པ་ཀུན་འདུལ་བ། །བྱང་ཤར་སྟོབས་ལྡན་ནག་པོའོ། །ཡུམ་རྣམས་ཡབ་དང་ཆིག་རྫོགས་བསྐྱེད། །སོ་སོའི་འཁོར་ཚོགས་རྒྱ་མཚོ་རྣམས། །རང་བཞིན་དག་གིས་གནས་པ་ལས། །སྐུ་མདོག་ཕྱག་མཚན་གསལ་མི་དགོས། །སྐད་ཅིག་རྫོགས་པའི་ཚུལ་གྱིས་བསྐྱེད། །


DNG015_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་གསུང་ཐུགས་སུ་བྱིན་བརླབས་ཤིང་། །ཡེ་ཤེས་ལྔ་ཡི་དབང་བསྐུར་བྱ། །རང་བཞིན་དཀྱིལ་འཁོར་སྤྱན་དྲངས་ཤིང་། །གཉིས་སུ་མེད་པར་བཞུགས་སུ་གསོལ། །གཉིས་མེད་ངང་དུ་ཕྱག་ཀྱང་བཙལ། །བདུད་རྩི་སྨན་གྱི་མཆོད་པ་དང་། །གཏོར་མ་རཀྟ་བདུད་རྩིས་མཆོད། །བསྟོད་ཅིང་ཕྲིན་ལས་བཤགས་པ་བྱ། །བཟླས་པ་བྱ་ཞིང་སྤྲོ་བསྡུ་བྱ། །ཨོཾ་མ་ཧཱ་ཀྲོ་དྷ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཧཱུཾ་ཕཊ། ཨོཾ་ཨ་ཀྲོ་ཏེ་ཀ་ཧཱུཾ་ཕཊ། ཨོཾ་ཧ་ཡ་གྲཱི་ཝ་ཧཱུཾ་ཕཊ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་ཧཱུཾ་ཕཊ། ཨོཾ་ཀཱ་ལ་རཱུ་པ་ཧཱུཾ་ཕཊ། ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱན་ཧཱུཾ་ཕཊ། ཨོཾ་བཛྲ་སརྦ་དུཥྚཱན་ཧཱུཾ་ཕཊ། གསང་བ་སྔགས་ཀྱི་བསྙེན་པ་བྱ། །ཚོགས་དང་ལྷག་མའི་ཆོ་ག་ཡང་། །རིམ་པ་བཞིན་དུ་དབུལ་བར་བྱ། །གཏོར་མ་གཏོང་ཞིང་གཏོར་གཞུང་མནན། །ཡེ་ཤེས་སེམས་དཔའ་གཤེགས་སུ་གསོལ། །དམ་ཚིག་སེམས་དཔའ་རང་ལ་བསྡུ། །སྐད་ཅིག་ལྷར་བསྐྱེད་སྤྱོད་ལམ་བྱ། །ཞེས་གསུངས་སོ། །བསྐྱེད་རྫོགས་ཤིན་ཏུ་བསྡུས་པའི་ལེའུ་སྟེ་དྲུག་ཅུ་རྩ་གཅིག་པའོ།། །།དེ་ནས་སྤྱི་དཔལ་ཧེ་རུ་ཀ་ལ། འཁོར་གྱི་རིག་འཛིན་རྣམས་ཀྱིས་ཞུས་པ།ཨེ་མ་སྤྱི་དཔལ་ཧེ་རུ་ཀ །རྣལ་འབྱོར་རྒྱུན་དུ་བསྒོམ་པ་ལ། །རྒྱུན་གྱི་ཡི་དམ་བཤད་དུ་གསོལ། །དེ་སྐད་གསོལ་པ་གསན་ནས་ཀྱང་། །སྤྱི་དཔལ་ཆེན་པོས་བཀའ་སྩལ་པ། །ཉོན་ཅིག་འདུས་པའི་འཁོར་ཚོགས་རྣམས། །སེམས་ཅན་ཡེ་ཤེས་བསྐྱེད་པ་དང་། །རྣལ་འབྱོར་རིག་འཛིན་བསྒྲུབ་པའི་ཕྱིར། །བདེ་བའི་སྟན་ལ་རབ་འདུག་ནས། །ཧཱུཾ་ལས་འོད་ཟེར་འཕྲོས་པ་ལས། །ཕྱི་ནང་གསང་བའི་འོད་ཟེར་འཕྲོས། །བླ་མ་དང་ནི་ཡི་དམ་ལྷ། །བདེ་གཤེགས་ཐམས་ཅད་སྤྱན་དྲངས་ལ། །ཕྱག་འཚལ་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་གསོལ་བསྐུལ་གདབ། །སྐྱབས་གསོལ་ལུས་དབུལ་དགེ་རྩ་བསྔོ། །ཚད་མེད་བཞི་ཡང་བསྒོམ་པར་བྱ། །དེ་ནས་སྟོང་པའི་ཏིང་འཛིན་


DNG015_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ། །འོད་ཕུང་ཚུར་འདུས་བདག་རང་ཉིད། །དེ་ཡི་ནང་དུ་ཧཱུཾ་གནས་པ། །དེ་ལས་ཙ་འཕྲོས་འཁོར་ལོར་གྱུར། །ལྟོ་བར་ཉི་བསམ་ཧཱུཾ་དེ་ཉིད། །དེ་ལས་གནོད་མཛེས་རྒྱལ་པོར་གྱུར། །དེ་ཐུགས་ཧཱུཾ་གི་འཕྲོ་འདུ་ལས། །ཁྲོ་བོ་ཆེན་པོ་བཅུ་རུ་གྱུར། །ཧཱུཾ་བཞིའི་གསང་སྔགས་བརྗོད་པ་ཡིས། །ཁྲོ་བཅུའི་སྤྲུལ་པས་གདུག་པ་དགུག །སྐུ་གསུང་ཐུགས་ཀྱི་ཕུར་བུས་གདབ། །བཏུལ་ཞིང་སྦྱངས་ནས་ནམ་མཁར་གྱུར། །དེ་ལས་ཧཱུཾ་གི་འཕྲོ་འདུ་ལས། །རྡོ་རྗེའི་གུར་དང་ར་བ་དང་། །དྲྭ་བ་ཉིད་དུ་གྱུར་པའོ། །ཧཱུཾ་གི་འཕྲོ་འདུས་སླར་ལ་བཞུ། །སྟོང་པ་ཉིད་ལས་འོད་ཕུང་བྱུང་། །དེ་ལས་ཉི་ཟླ་ཁ་སྦྱར་གྱུར། །དེ་སྟེང་རང་སེམས་ཡི་གེ་ཧཱུཾ། །འཕྲོ་འདུས་འོད་དུ་ཞུ་བ་ལས། །རྡོ་རྗེ་དང་ནི་དྲིལ་བུར་གྱུར། །དེ་ལས་བདེ་གཤེགས་འདུས་པའི་སྐུ། །རྡོ་རྗེ་ཁྲོ་བོ་ཧེ་རུ་ཀ །སྐུ་མདོག་མཐིང་ནག་ཞལ་གཅིག་པ། །ཕྱག་གཉིས་རྡོ་རྗེ་བྷན་དམར་བསྣམས། །ཞབས་གཉིས་བརྐྱང་བསྐུམ་དོར་སྟབས་ཀྱིས། །པདྨ་ཉི་ཟླའི་སྟེང་ན་བགྲད། །ཡུམ་ཡང་ཡབ་དང་མཐུན་པར་བསྐྱེད། །སྐུ་གསུང་ཐུགས་སུ་བྱིན་བརླབས་ཤིང་། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ། །ཕྱི་ནང་བདུད་རྩིའི་མཆོད་པ་འབུལ། །དེ་ལྟར་བསྒོམ་ལ་བཟླས་པ་བྱ། །ཉི་སྟེང་ཡེ་ཤེས་སེམས་དཔའ་ཡི། །མཚན་མ་ལ་སོགས་གསལ་བསྒོམས་ནས། །འོད་ཟེར་ལ་ནི་ཡིག་འབྲུ་བསྐྱེད། །མ་གསལ་བར་དུ་བཟླས་པ་བྱ། །ཨོཾ་ཨཱཿཧཱུཾ་ཞེས་བཟླས་པ་བྱ། །དེ་ནས་རྫོགས་པའི་རིམ་པ་བསྒོམ་པ་ནི། །ལྷ་ཉིད་སེམས་སུ་ཤེས་པར་བྱ། །རང་ཉིད་ལྷ་ལ་ལྷ་ཉིད་རང་། །བསྐྱེད་རྫོགས་གསུམ་གྱི་ས་ལམ་སྦྱང་། །ཞེས་གསུངས་སོ། །རྒྱུན་གྱི་རྣལ་འབྱོར་གྱི་བསྡུས་དོན། ཁྲོ་བོ་ཕྱག་རྒྱ་རྐྱང་པའི་སྒྲུབ་ལུགས་ཀྱི་ལེའུ་སྟེ་དྲུག་ཅུ་རྩ་གཉིས་པའོ།། །།བསྡུས་དང་ཤིན་ཏུ་བསྡུས་པ་ཕྱག་རྒྱ་རྐྱང་པའི་ལུགས་ཀྱི་སྐབས་ཏེ་བདུན་པའོ།། །།དེ་ནས་སྤྱི་དཔལ་ཀུན་བཟང་ཧེ་རུ་ཀ་ལ་ཞུས་པ། ཨེ་


DNG015_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

མ་སྤྱི་དཔལ་ཧེ་རུ་ཀ །ཕྱི་སྒྲུབ་རྡུལ་ཚོན་དཀྱིལ་འཁོར་ལ། །བརྟེན་ནས་སྒྲུབ་པ་ཇི་ལྟར་ལགས། །སྤྱི་དཔལ་ཆེན་པོས་བཀའ་སྩལ་པ། །ཉོན་ཅིག་འདུས་པའི་ཚོགས་ཆེན་རྣམས། །བདེ་གཤེགས་བསྒྲུབ་པ་བཀའ་བརྒྱད་ལྷ། །ཕྱི་ལྟར་བསྒྲུབ་ན་ཇི་ལྟར་བསྒྲུབ། །ཕྱི་མཚམས་ནང་མཚམས་སྔོན་འགྲོ་རྣམས། །མཆོད་རྫས་བྱིན་བརླབ་ལ་སོགས་བྱ། །དེ་ནས་ཏིང་འཛིན་རྣམ་གསུམ་དང་། །འབྱུང་བ་རིམ་བརྩེགས་གཞལ་ཡས་ཁང་། །གདན་དང་བཅས་པ་བསྐྱེད་ནས་ནི། །རྒྱུ་ཡི་ཡེ་ཤེས་སེམས་དཔའ་ལས། །གཙོ་བོ་ཆེ་མཆོག་ཧེ་རུ་ཀ །སྐུ་མདོག་ཕྱག་མཚན་ཆ་ལུགས་ནི། །རྒྱས་འབྲིང་བསྡུས་པའི་རིམ་པ་དག །ཤར་དུ་ཡང་དག་ལྷ་ཚོགས་ལ། །ལྷོ་རུ་གཤིན་རྗེའི་ལྷ་ཚོགས་ལ། །ནུབ་ཏུ་པདྨའི་ལྷ་ཚོགས་སོ། །བྱང་དུ་ཕུར་པའི་ལྷ་ཚོགས་སོ། །ཤར་ལྷོ་མ་མོའི་ལྷ་ཚོགས་སོ། །ལྷོ་ནུབ་རིག་འཛིན་སློབ་དཔོན་ཏེ། །ནུབ་བྱང་དྲེགས་པ་ཀུན་འདུལ་ལ། །བྱང་ཤར་སྟོབས་ལྡན་ནག་པོའོ། །ཕྱི་ཁྱམས་དབང་ཕྱུག་ཉི་ཤུ་བརྒྱད། །འཁོར་ཡུག་དཔལ་གྱི་བཀའ་སྡོད་དོ། །དེ་ལྟར་བསྐྱེད་ཅིང་གསལ་བརྟན་བྱ། །སྐུ་གསུང་ཐུགས་སུ་བྱིན་བརླབས་ཤིང་། །ཡེ་ཤེས་ལྔ་ཡི་དབང་བསྐུར་བྱ། །སྤྱན་དྲང་བཞུགས་གསོལ་ཕྱག་འཚལ་མཆོད། །བསྟོད་ཅིང་བཤགས་པ་དག་པར་དབུལ། །སོ་སོའི་རྩ་སྔགས་བསྙེན་པར་དབུལ། །འོད་དང་འོད་ཟེར་སྤྲོ་བསྡུ་བྱ། །བསྐུལ་ཞིང་ཕྲིན་ལས་བཅོལ་བར་བྱ། །ཚོགས་དང་ལྷག་མའི་ཆོ་ག་རྣམས། །རིམ་པ་བཞིན་དུ་དབུལ་བར་བྱ། །གཏོར་མ་གཏོང་ཞིང་གཏོར་གཞོང་མནན། །ཡེ་ཤེས་སེམས་དཔའ་གཤེགས་སུ་གསོལ། །དམ་ཚིག་སེམས་དཔའ་རང་ལ་བསྡུ། །སྐད་ཅིག་ལྟར་བསྐྱེད་སྤྱོད་ལམ་བྱ། །མ་བཅོས་སྤྲོས་བྲལ་ངང་ལ་གནས། །དེ་ནི་རྫོགས་པའི་རིམ་པའོ། །ཞེས་གསུངས་སོ། །ཕྱི་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ནས་བསྒྲུབ་པའི་རིམ་པ་སྟེ་ལེའུ་དྲུག་ཅུ་རྩ་གསུམ་པའོ།། །།དེ་ནས་ཡང་དག་ངེས་གསུངས་པ། །ནང་བསྒྲུབ་ལུས་ཀྱི་དཀྱིལ་


DNG015_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལ། །བརྟེན་ནས་བསྒྲུབ་པ་བཤད་པ་ནི། །བདེ་བའི་སྟན་ལ་འདུག་ནས་ནི། །སྐད་ཅིག་མ་ཡི་ཏིང་འཛིན་ལས། །ཆེ་མཆོག་ཧེ་རུའི་སྐུར་བསྐྱེད་ལ། །སྤྱི་བོར་རིག་འཛིན་སློབ་དཔོན་བསྒོམ། །དཔྲལ་བར་འཇམ་དཔལ་གཤིན་རྗེ་གཤེད། །མགྲིན་པར་པདྨ་དབང་ཆེན་ནོ། །ཐུགས་ཀར་བཛྲ་ཧེ་རུ་ཀ །ལྟེ་བར་རྡོ་རྗེ་གཞོན་ནུའོ། །གསང་བར་བླ་མེད་ཧེ་རུ་ཀ །རྐང་གཡས་དྲེགས་པ་ཀུན་འདུལ་ལ། །རྐང་པ་གཡོན་ལ་སྟོབས་ལྡན་ནོ། །དེ་རྣམས་ཡུམ་དང་འཁོར་དུ་བཅས། །རང་བཞིན་འཁོར་དུ་གནས་པར་བསྒོམ། །དེ་རྣམས་ཐུགས་ཀར་ཟླ་དཀྱིལ་སྟེང་། །ཡི་གེ་ཧཱུཾ་གི་འཕྲོ་འདུ་ཡིས། །ཧཱུཾ་རིང་ཧཱུཾ་ཐུང་སྒྲ་ལས་དྲངས། །དྲེགས་པ་ཀུན་འདུལ་སྟོབས་ལྡན་ནས། །ཧཱུཾ་གི་འོད་ཟེར་འཕྲོས་པ་ཡིས། །རྩའོ་ཆེ་ཡི་ནང་ནས་ཞུགས། །བླ་མེད་ཧེ་རུའི་ཐུགས་ཀར་འཕྲོས། །དེ་ལས་རྡོ་རྗེ་གཞོན་ནུ་ལ། །དེ་ལས་བཛྲ་ཧེ་རུ་ལས། །དེ་ལས་པདྨ་དབང་ཆེན་ལས། །དེ་ལས་འཇམ་དཔལ་གཤིན་རྗེ་གཤེད། །དེ་ལས་བླ་མའི་ཐུགས་ཀར་རོ། །དེ་ལས་འོད་ཟེར་འཕྲོས་པ་ཡིས། །ལུས་ཀྱི་མགོ་མཇུག་ཁྱབ་པ་ཡི། །ཉོན་མོངས་དུག་ལྔ་དུག་གསུམ་དང་། །བག་ཆགས་སྒྲིབ་པ་རྩད་ནས་བཅད། །ཆོས་ཀྱི་དབྱིངས་སུ་སངས་རྒྱས་པའོ། །དེ་ནི་བསྙེན་པ་ཞེས་བྱའོ། །དེ་ནས་བསྒྲུབ་པའི་དུས་སུ་ནི། །བླ་མའི་ཐུགས་ནས་འོད་འཕྲོས་པས། །འཇམ་དཔལ་གཤིན་རྗེའི་ཐུགས་ཀར་སྤྲོས། །དེ་ལས་པདྨ་དབང་ཆེན་ནོ། །དེ་ལས་བཛྲ་ཧེ་རུ་ཀ །དེ་ལས་རྡོ་རྗེ་གཞོན་ནུའོ། །དེ་ལས་བླ་མེད་ཧེ་རུ་ཀ །དེ་ལས་རྩ་ཆེན་གཡས་ཞུགས་པས། །དྲེགས་པ་ཀུན་འདུལ་ཐུགས་ཀར་སྤྲོས། །དེ་ལས་རྩ་ཆེན་གཡོན་ཞུགས་པས། །སྟོབས་ལྡན་ནག་པོའི་ཐུགས་ཀར་འཕྲོས། །དེ་ལས་གིང་བདུད་གཤིན་རྗེ་སོགས། །ཕྱག་ན་མཚོན་ཆ་ཐོགས་པ་འཕྲོས། །གཟས་པའི་དགྲ་བགེགས་རྩད་བཅད་ནས། །སླར་འདུས་དྲེགས་འདུལ་སྟོབས་ལྡན་གྱི། །ཐུགས་ཀར་འདུས་ཏེ་འཁོར་བ་ནི། །སྒྲུབ་པ་


DNG015_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྦྱོར་ཞེས་སུ་བཤད། །དེ་ལས་འོད་དེ་ཡང་འཕྲོས་པས། །རིམ་པ་བཞིན་དུ་འོད་འཕྲོས་ནས། །སྤྱི་བོ་འཁོར་ལོའི་གཤིན་རྗེ་དང་། །བླ་མའི་ཐུགས་ཀར་འཕྲོས་ནས་ནི། །རྣལ་འབྱོར་པ་ཡི་ཡེ་ཤེས་དེ། །ཟླ་བ་ཚེས་པ་ལྟ་བུར་རྒྱས། །སྒྲུབ་པ་ཆེན་པོ་ཞེས་བྱའོ། །བདག་ཉིད་གདོད་ནས་མ་གྲུབ་པ། །རྫོགས་པ་ཆེན་པོ་རལ་བཟླས་པས། །སངས་རྒྱས་ཞེས་ཀྱང་དེ་ལ་བྱའོ། །དེ་ལྟར་ཡང་ཡང་སྤྲོ་བ་ནི། །དམ་ཚིག་སེམས་དཔའ་ཞེས་ཀྱང་བྱ། །མར་ལ་སྤྲོ་བར་བྱེད་པ་ནི། །ལས་ཀྱི་སེམས་དཔའ་ཞེས་ཀྱང་བྱ། །དེ་ནས་ཡར་ལ་བསྡུ་བ་ནི། །ཡེ་ཤེས་སེམས་དཔའ་ཞེས་བྱའོ། །དེ་ལྟར་འོད་ཟེར་སྤྲོ་བསྡུ་ཡིས། །བག་ཆགས་སྒྲིབ་པ་ཁད་ཀྱིས་འབྲི། །ཡེ་ཤེས་ཟླ་བ་ཚེས་ལྟར་སྐྱེ། །དེ་ནི་རྫོགས་ཆེན་རྣལ་འབྱོར་རོ། །བར་འདིར་ཚིག་ཆད་འདྲ་སོང་ངམ་དཔྱད་སྦྱོར་དུས་ཡབ་ཡུམ་གཉིས་ཀ་ལས། །ལྷ་བཀོད་འོད་ཟེར་སྤྲོ་བསྡུ་དང་། །ཡུལ་གསུམ་གསལ་བར་གྱུར་པ་དང་། །འཇིགས་པའི་བདུད་བཞི་གཞོམ་པ་དང་། །གསང་བའི་དགྲ་གསུམ་གསོད་པ་དང་། །འགྲོ་དྲུག་གཡང་ས་བཅད་པར་བྱའོ། །ཞེས་གསུངས་སོ། །ནང་ལུས་ཀྱི་དཀྱིལ་འཁོར་ལ་བརྟེན་ཏེ་སྒྲུབ་པའི་ལེའུ་སྟེ་དྲུག་ཅུ་རྩ་བཞི་པའོ།། །།དེ་ནས་ཡང་དག་ངེས་གསུངས་པ། །གསང་བའི་སྒྲུབ་པ་བསྟན་པ་ནི། །རིག་པ་ཡེ་ཤེས་དཀྱིལ་འཁོར་ལ། །བརྟེན་ནས་ཨ་ཏི་ཡོ་གར་བསྒྲུབ། །མ་ནོར་མ་བཅོས་ཆོས་ཉིད་ནི། །བཙལ་བའི་བསམ་པ་ཀུན་ལས་འདས། །ཐམས་ཅད་དབྱེར་མེད་མཉམ་པའི་ངང་། །དེ་བཞིན་ཉིད་ལས་ཁྱད་པར་འཕགས། །ཨ་ཏིའི་དེ་བཞིན་ཉིད་ཅེས་བྱ། །སྣང་བ་མེད་པའི་ཆོས་ཉིད་ལ། །ཁྱབ་དང་མ་ཁྱབ་གཉིས་མེད་དེ། །ཀུན་ཏུ་སྣང་ལས་ཁྱད་པར་འཕགས། །ཨ་ཏིའི་ཀུན་ཏུ་སྣང་ཞེས་བྱ། །བཙལ་བ་མེད་པའི་ཆོས་ཉིད་ལས། །མ་བསྐྱེད་པར་ནི་ཐམས་ཅད་འབྱུང་། །རྒྱུ་ཉིད་ལས་ནི་ཁྱད་པར་འཕགས། །ཨ་ཏིའི་རྒྱུ་ཡི་ཏིང་འཛིན་ནོ། །བཙལ་བ་མེད་པའི་ཆོས་ཉིད་ལས། །བསྒྲུབ་ཏུ་མེད་པའི་འབྲས་བུ་ཤར། །འབྱུང་བ་ལྔ་ལས་ཁྱད་པར་འཕགས། །


DNG015_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ཏིའི་འབྱུང་བ་རིམ་བརྩེག་ཡིན། །འགྱུར་བ་མེད་པའི་ཆོས་ཉིད་ལས། །ཕྱོགས་དང་རིས་ལ་མི་གནས་ཤིང་། །མཐའ་དང་དབུས་ལ་མི་དམིགས་པས། །སེམས་ཉིད་ཡེ་ནས་འགྱུར་བ་མེད། །གཞལ་ཡས་ཁང་ལས་ཁྱད་པར་འཕགས། །ཨ་ཏིའི་གཞལ་ཡས་ཁང་ཞེས་བྱ། །མི་དམིགས་བསམ་གཏན་དབྱེར་མེད་པས། །མ་བཅོས་སྤྲོས་པ་མེད་པའི་དཀྱིལ། །སྐྱེ་མེད་ཡོངས་ལ་ཁྱབ་པའི་འཁོར། །འགྱུར་མེད་དོན་རྟགས་མཉམ་པའི་ངང་། །མཚན་མའི་དཀྱིལ་འཁོར་ལས་ཁྱད་འཕགས། །ཨ་ཏིའི་དཀྱིལ་འཁོར་བསྐྱེད་ཅེས་བྱ། །དབྱེ་རུ་མེད་པའི་སེམས་ཉིད་ཀྱི། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །ཡེ་ནས་དབྱེར་མེད་རྫོགས་སངས་རྒྱས། །ལྷ་ཚོགས་བསྐྱེད་ལས་ཁྱད་པར་འཕགས། །ཨ་ཏིའི་ལྷ་ཚོགས་བསྐྱེད་ཅེས་བྱ། །དངོས་མེད་སེམས་ཀྱི་ཡེ་ཤེས་ཀྱིས། །མཚན་མའི་སྣང་བ་དབྱིངས་སུ་བསྐྱོད། །ཨ་ཏིའི་དབང་བསྐུར་བྱིན་བརླབ་བྱའོ། །རང་བྱུང་རིག་པའི་ཡེ་ཤེས་ནི། །བཙལ་ཞིང་བསམ་པས་མི་བསྐྱོད་དེ། །ཆོས་ཀྱི་དབྱིངས་སུ་གཤེགས་པ་ནི། །སྤྱན་དྲངས་དོན་ལས་ཁྱད་པར་འཕགས། །ཨ་ཏིའི་ལྷ་ཚོགས་སྤྱན་དྲངས་ཡིན། །སྤྲོས་པ་མེད་པའི་ཆོས་ཉིད་ངང་། །བཙལ་དུ་མེད་པའི་སེམས་ཉིད་ནི། །མཉམ་པའི་ངང་དུ་རྟོགས་པས་ན། །བཞུགས་སུ་གསོལ་ལས་ཁྱད་པར་འཕགས། །ཨ་ཏིའི་བཞུགས་སུ་གསོལ་ཞེས་བྱ། །ཐམས་ཅད་དབྱེར་མེད་མཉམ་པའི་དབྱིངས། །འདུ་འབྲལ་མེད་པར་གནས་པས་ན། །ཕྱག་བཙལ་བ་ལས་ཁྱད་པར་འཕགས། །ཨ་ཏིའི་ཕྱག་བཙལ་དེ་ལ་བྱ། །ཆོས་ཉིད་བཙལ་དུ་མེད་པ་ལས། །ཆོས་ཅན་མཆོད་པའི་རྐྱེན་དུ་སྣང་། །སེམས་ཉིད་བཙལ་དུ་མེད་པ་ལས། །སྐྱེ་མཆེད་ཁམས་རྣམས་མཆོད་པར་སྣང་། །ནམ་མཁའ་དམིགས་སུ་མེད་པ་ལས། །འབྱུང་བ་སྣ་ཚོགས་མཆོད་པར་སྣང་། །ཐམས་ཅད་ཆོས་ཉིད་རྒྱན་དུ་གསུངས། །མཆོད་པ་ཕུལ་ལས་ཁྱད་པར་འཕགས། །ཨ་ཏིའི་མཆོད་པ་ཕུལ་ཞེས་བྱ། །ཐམས་ཅད་མི་དམིགས་མཉམ་པའི་ངང་། །དམིགས་མེད་བསམ་འདས་བརྗོད་དུ་མེད། །བསྙེན་པ་


DNG015_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

ཕུལ་ལས་ཁྱད་པར་འཕགས། །ཨ་ཏིའི་བསྙེན་པ་ཕུལ་ཞེས་བྱ། །གཉིས་སུ་མེད་པའི་སེམས་ཉིད་ཀྱིས། །ཐམས་ཅད་བླ་མེད་འགྱུར་སྟོན་པས། །ཕོ་ཉ་བཀྱེ་ལས་ཁྱད་པར་འཕགས། །ཨ་ཏིའི་ཕོ་ཉ་བཀྱེ་ཞེས་བྱ། །ཁམས་གསུམ་སེམས་ཅན་ཐམས་ཅད་དང་། །དུས་གསུམ་གནས་པའི་སངས་རྒྱས་ཀྱང་། །ཐམས་ཅད་དབྱེར་མེད་དབྱིངས་སུ་བསྒྲལ། །དགྲ་བགེགས་བསྒྲལ་ལས་ཁྱད་པར་འཕགས། །ཨ་ཏིའི་དགྲ་བགེགས་བསྒྲལ་ཞེས་བྱ། །སྣང་བའི་ཡུལ་ནི་ཆོས་ཉིད་ལ། །སྟོང་པའི་སེམས་ནི་ཡེ་ཤེས་ཆེ། །གཉིས་སུ་མེད་པར་རྟོགས་པས་ན། །ཕུར་པ་གདབ་ལས་ཁྱད་པར་འཕགས། །ཨ་ཏིའི་ཕུར་པ་གདབ་ཅེས་བྱ། །འཁོར་བ་ཐམས་ཅད་དོང་ནས་སྤྲུག །སྐྱེ་ཤི་རྩད་ནས་བཅད་པས་ན། །ཚོགས་མཆོད་ཕུལ་ལས་ཁྱད་པར་འཕགས། །ཨ་ཏིའི་ཚོགས་མཆོད་ཕུལ་ཞེས་བྱ། །ཐམས་ཅད་དབྱིངས་ལ་བཀོད་པས་ན། །ལྷག་མའི་མཆོད་པ་ཁྱད་པར་འཕགས། །ཨ་ཏིའི་ལྷག་མས་མཆོད་ཅེས་བྱ། །མ་སྐྱེས་པ་ཡི་ཆོས་ཉིད་ཀྱིས། །སྐྱེས་པའི་ཕུང་པོ་སྐྱེ་རྒྱུན་བཅད། །མི་དམིགས་པ་ཡི་ནམ་མཁའ་ཡིས། །དམིགས་པའི་འབྱུང་བ་ཟིལ་གྱིས་མནན། །ཐམས་ཅད་སྐྱེ་ཤིའི་རྩ་བ་བཅད། །གཟིར་མནན་བྱས་ལས་ཁྱད་པར་འཕགས། །ཨ་ཏིའི་གཟིར་མནན་ཞེས་ཀྱང་བྱ། །འཁོར་བའི་རྒྱུ་ཉིད་ཡང་དག་བྱང་ཆུབ་ལམ། །ཐམས་ཅད་མྱ་ངན་འདས་ལས་ཁྱད་པར་འཕགས། །སྐྱེ་མེད་རྡོ་རྗེ་ལྟ་བུའི་ངང་ཉིད་ལས། །སྐྱེ་ཤི་འཕོ་འགྱུར་མེད་པས་ཁྱད་པར་འཕགས། །དེ་ལྟ་བུ་ཡི་དོན་ལ་གནས་པ་ཡིས། །རྟོགས་པའི་བློ་ལྡན་རྣལ་འབྱོར་གང་གནས་པ། །དེ་ཡི་དོན་ལ་འདྲིས་ན་སངས་རྒྱས་ཡིན། །བཙལ་དུ་མེད་པའི་དོན་རྟོགས་བསྒོམ་པ་ཡིན། །ཨ་ཏིའི་ཡོ་གའི་དོན་རྟོགས་ངོ་མཚར་ཆེ། །ཞེས་གསུངས་སོ། །གསང་བ་རིག་པ་སེམས་ཀྱི་དཀྱིལ་འཁོར་ལ་བརྟེན་ཏེ་སྒྲུབ་པའི་ལེའུ་སྟེ་དྲུག་ཅུ་རྩ་ལྔ་པའོ།། །།ཕྱི་བསྒྲུབ་དང་ནང་བསྒྲུབ་དང་གསང་བསྒྲུབ་བསྟན་པའི་སྐབས་ཏེ་བརྒྱད་པའོ།། །།དེ་ནས་སྤྱི་དཔལ་ཆེན་པོས་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ། འདུས་པའི་འཁོར་ཚོགས་རྣམས་ལ་བཀའ་སྩལ་པ། ཉོན་ཅིག་འདུས་པའི་འཁོར་ཚོགས་རྣམས། །བདེ་གཤེགས་ཞི་བའི་སྒྲུབ་པ་


DNG015_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། །དེ་ཡང་རྒྱུད་འདིའི་ནང་དུ་འདུས། །འཇམ་དཔལ་སྐུ་ཡི་སྒྲུབ་པ་སྟེ། །དེ་ཡང་རྒྱུད་འདིའི་ནང་དུ་འདུས། །པདྨ་གསུང་གི་སྒྲུབ་པ་སྟེ། །དེ་ཡང་རྒྱུད་འདིའི་ནང་དུ་འདུས། །ཡང་དག་ཐུགས་ཀྱི་སྒྲུབ་པ་སྟེ། །དེ་ཡང་རྒྱུད་འདིའི་ནང་དུ་འདུས། །ཆེ་མཆོག་ཡོན་ཏན་སྒྲུབ་པ་སྟེ། །དེ་ཡང་རྒྱུད་འདིའི་ནང་དུ་འདུས། །ཕུར་བུ་ཕྲིན་ལས་སྒྲུབ་པ་སྟེ། །དེ་ཡང་རྒྱུད་འདིའི་ནང་དུ་འདུས། །མ་མོ་རྦོད་གཏོང་སྒྲུབ་པ་སྟེ། །དེ་ཡང་རྒྱུད་འདིའི་ནང་དུ་འདུས། །རིག་འཛིན་སློབ་དཔོན་སྒྲུབ་པ་སྟེ། །དེ་ཡང་རྒྱུད་འདིའི་ནང་དུ་འདུས། །འཇིག་རྟེན་མཆོད་བསྟོད་སྒྲུབ་པ་སྟེ། །དེ་ཡང་རྒྱུད་འདིའི་ནང་དུ་འདུས། །དམོད་པ་དྲག་སྔགས་སྒྲུབ་པ་སྟེ། །དེ་ཡང་རྒྱུད་འདིའི་ནང་དུ་འདུས། །དེ་ཕྱིར་བསྒྲུབ་པ་བཀའ་བརྒྱད་འདུས། །བཀའ་བརྒྱད་འདུས་པའི་རྒྱུད་ཅེས་བྱ། །ཞི་བ་ཁྲོ་བོ་ཐམས་ཅད་འདུས། །ཞི་ཁྲོ་འདུས་པའི་རྒྱུད་ཅེས་བྱ། །བདེ་གཤེགས་ཐམས་ཅད་འདུས་པས་ན། །བདེ་གཤེགས་འདུས་པའི་རྒྱུད་ཅེས་བྱ། །རྒྱུད་འདིས་དངོས་གྲུབ་སྟེར་བས་ན། །མི་ཟད་དངོས་གྲུབ་གཏེར་གྱི་རྒྱུད། །གཏད་དོ་འཁོར་ཚོགས་འདུས་པ་རྣམས། །ཆོང་ཞིག་རིག་འཛིན་ས་ཐོབ་རྣམས། །ཁྱེད་ཀྱིས་ཡོངས་སུ་གཟུང་བར་གྱིས། །ཞེས་གསུངས་ནས་སྤྱི་དཔལ་ཀུན་ཏུ་བཟང་པོ་ཆོས་ཀྱི་དབྱིངས་སུ་ཐིམ་མོ། །རྒྱུད་ཡོངས་སུ་གཏད་པའི་ལེའུ་སྟེ་དྲུག་ཅུ་རྩ་དྲུག་པའོ།། །།ལྟ་བ་ཐམས་ཅད་ཀྱི་ཡང་རྩེ། མན་ངག་ཐམས་ཅད་ཀྱི་སྡེབ་ས། བསྟན་པ་ཐམས་ཅད་ཀྱི་སྲོག་ཤིང་། སྒྲུབ་པ་ཐམས་ཅད་ཀྱི་བཅུད། ཕྲིན་ལས་ཐམས་ཅད་ཀྱི་རྩ་བ། བསྒྲུབ་པ་བཀའ་བརྒྱད་འདུས་པའི་རྒྱུད་ཅེས་ཀྱང་བྱ། ཁྲོ་བོ་འདུས་པའི་རྒྱུད་ཅེས་ཀྱང་བྱ། བདེ་གཤེགས་འདུས་པའི་རྒྱུད་ཅེས་ཀྱང་བྱ། དངོས་གྲུབ་གཏེར་གྱི་རྒྱུད་ཅེས་ཀྱང་བྱ། སྤྱི་དཔལ་ཀུན་ཏུ་བཟང་པོའི་དགོངས་པ་བཀོད་པའི་མདོ་ཞེས་ཀྱང་བྱ། འབྱེད་པར་བྱེད་ལ་ལྡེ་མིག་གི་རྒྱུད་ཅེས་ཀྱང་བྱའོ། །རྒྱུད་ཀྱི་མཚན་བསྟན་པའི་ལེའུ་སྟེ་དྲུག་ཅུ་རྩ་བདུན་པའོ།། །།རྒྱུད་ཀྱི་མཇུག་བསྡུ་བའི་སྐབས་ཏེ་དགུ་པའོ། །རྫོགས་སོ།། །།རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་ཕྱག་དཔེ། རྒྱས་བཏབ་ནས་རིན་པོ་ཆེའི་གཏེར་དུ་སྦས་པའོ། །གཏེར་རྒྱ། སྦས་རྒྱ། གཏད་རྒྱ།། །།

བཅོམ་ལྡན་འདས་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གསང་བ་ཡེ་ཤེས་ཀྱི་སྙིང་པོ་ཐམས་ཅད་ཡོངས་སུ་རྫོགས་ཤིང་འདུས་པ། དཔལ་གསང་བ་འདུས་པའི་རྒྱུད་ཆེན་པོ་ཞེས་བྱ་བ།


DNG015_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བརྒྱད་རྒྱུད་གསང་བ་འདུས་པ། གཏེར་ཁ་འོག་མ་རྒྱ་གར་སྐད་དུ། བྷ་ག་ཝཱནྶུ་ག་ཏ་སརྦ་ཀཱ་ཡ་ཝཱཀྩི་ཏྟ། གྷུ་ཡ་གཉའ་ན་གརྦྷ་སརྦ་པ་རི་པཱུ་རི་ཏྭཱ་ས་མཱ་ཛ་ཤྲཱི་གྷུ་ཡ་ས་མུ་དཱ་ཡ་མ་ཧཱ་ཏནྟྲ་ནཱ་མ། བོད་སྐད་དུ། བཅོམ་ལྡན་འདས་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གསང་བ་ཡེ་ཤེས་ཀྱི་སྙིང་པོ་ཐམས་ཅད་ཡོངས་སུ་རྫོགས་ཤིང་འདུས་པ། དཔལ་གསང་བ་འདུས་པའི་རྒྱུད་ཆེན་པོ་ཞེས་བྱ་བ། ཐམས་ཅད་སྟོན་པ་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་སྐུ་གསུང་ཐུགས་རྡོ་རྗེ་རྣམ་དག་གསང་བ་ཡོངས་སུ་རྫོགས་པ་མཆོག་གི་གནས། རྒྱ་ཆད་ཕྱོགས་ལྷུང་ཚད་ལས་འདས་པ། རང་བྱུང་འོད་ཀྱི་གཞལ་ཡས་ཁང་ན། སྟོན་པ་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ། དྲུག་པ་རྡོ་རྗེ་འཆང་ཆེན་པོ་ཉིད། མ་བཅོས་སྤྲོས་མེད་བྱང་ཆུབ་ཆེན་པོའི་ངང་ནས་རང་ཤར་ནས། ཀུན་བཟང་ཡུམ་གྱི་བྷ་ག་ལ་སྙོམས་པར་ཞུགས་ཏེ། ཀུན་གཞི་ཡེ་ནས་དག་པའི་ཡུམ་གྱི་མཁའ་ལས། སྐྱེ་བའི་ཆོ་འཕྲུལ་དུ། ཨེ་ཡཾ་ར་སུཾ་ཀེཾ་རཾ་བྷྲཱུཾ་དུ་ཤར་བས་ཨེ་ལས་ཀུན་རྟོག་གོ་འབྱེད་ནམ་མཁའ་མཐིང་ནག་ཏུ་གསལ། ཡཾ་ལས་འཇིག་རྟེན་འདེགས་བྱེད་རླུང་གི་དཀྱིལ་འཁོར་ལྗང་གུར་གསལ། ར་ལས་ཀུན་སྐྱེད་རཀྟའི་རྒྱ་མཚོར་མར་ནག་ཏུ་གསལ། དེ་ལས་འདོད་ཁམས་གནས་རིས་ཉི་ཤུ་ཡོངས་སུ་རྫོགས། སུཾ་ལས་བརྟན་གཞི་གསེར་གྱི་ས་རྔམས་སེར་ནག་ཏུ་གསལ།དེ་ལས་གཟུགས་ཁམས་གནས་རིས་བཅུ་བདུན་ཡོངས་སུ་རྫོགས་པར་ཤར། རཾ་ལས་འབྱུང་བ་དྲོད་བསྙམས་བསྐལ་པའི་མེ་རི་དམར་སེར་དུ་གསལ། ཀེཾ་ལས་རྟེན་བྱེད་རུས་པའི་རི་རབ་དཀར་པོར་གསལ། དེ་ལས་གཟུགས་མེད་སྐྱེ་མཆེད་མུ་བཞི་ཡོངས་སུ་རྫོགས་པར་ཤར། དེ་ལྟར་འབྱུང་བ་ལྔ་བརྩེགས་པའི་སྟེང་དུ། བྷྲཱུཾ་ལས་ཡེ་ཤེས་ལྔ་ལྡན་བྷནྡྷ་གསར་རྙིང་གནམ་ལྕགས་གཟེར་ཆེན་འབར་བའི་གཞལ་ཡས་ཁང་ཀུན་ཏུ་གྲུ་བཞི་སྒོ་


DNG015_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱུད་ཅན་གཅིག་གི་དབུས་སུ། དཔལ་གྱི་ཕོ་བྲང་དགུ་ཡོངས་སུ་རྫོགས་པ། དུར་ཁྲོད་འབར་བའི་ཀློང་། དེ་ལ་ལྷ་བརྒྱད་ཀྱི་ཀ་བ་ཚངས་པའི་གདུང་དང་བཅས་པ། ཀླུ་བརྒྱད་ཀྱི་ཀ་གདན་རྒྱུ་སྐར་གྱི་དྲལ་གྲབ་ཅན། ནང་སྒོ་ཟང་ཐལ་ཡེ་ཤེས་ཀྱི་སྒོ་བཞི་དང་ལྡན་པ་ཀ་བ་བཞིས་བདུད་བཞི་བཅོམ་པ། ཞིང་ལྤགས་ཀྱི་ཐོག །ཞིང་ཆེན་རློན་པའི་འཕན་གདུགས་འཕྱར་བ། རྒྱུ་མའི་ལྡ་ལྡི་ཙིཏྟའི་ཕོ་ལྟོ། ཐོད་པའི་དྲ་བ། རཏྣའི་ཕ་གུ། སེག་ནའི་དྲ་ཕྱེད་བརྒྱན་པ། མཱཾ་སའི་རི་ཕུང་། རཀྟའི་རྫིང་བུ། རུས་པའི་གྲམ་པ་དང་ལྡན་པ། ཐོད་པའི་རྟ་བབས་དང་། ཆོས་ཀྱི་འཁོར་ལོ་ཆུ་སྲིན་གྱིས་བརྒྱན་པ། སྒོ་ཡང་སྦྲུལ་གྱི་སྐྱེས་བུ། ཆུ་སྲིན་གྱི་ཡ་ཐེམ། རུས་སྦལ་གྱི་མ་ཐེམ། ཞིང་ཆེན་གྱི་སྒོ་ལོགས་བྱས་པ། སྒོ་ཁང་རྒྱན་དགུས་སྤྲས་པ། རྡོ་རྗེའི་རྭ་བ་མེ་རི་དམར་ནག་གིས་བསྐོར་བ། ཐེག་པ་མཐའ་དག་ཡོངས་སུ་རྫོགས་པ། རྡོ་རྗེའི་བྲག་ཆེན་ལ་པདྨ་དམར་པོ་སྟོང་ལྡན་དུ་བརྡལ་ཏེ། རྩིབས་སྟོང་འཁོར་ལོའི་གུར་ཕུབ་པ་ནི་རྣལ་འབྱོར་གསུམ་གྱི་ཐེག་མཆོག་ཡོངས་སུ་རྫོགས་པ། ཕོ་བྲང་དབུས་ཀྱི་གདན་ཡང་། མ་ཆགས་པདྨའི་གདན་སྟེང་། ཐབས་ཤེས་རབ་ཉི་ཟླའི་ཁར། ལྷ་བརྒྱད་ཀླུ་བརྒྱད་བྱི་ཆིངས་སུ་བསྣོལ་བའི་གདན་སྟེངས་སུ། མི་འཇིགས་སེང་གེ་དང་། དཔའ་བརྟུལ་སྟག་དང་། རྔམ་པ་གཟིག་དང་། གཏུམ་པ་དོམ་དང་། སྟོབས་ལྡན་གླང་པོ་ཆེ་དང་། བརྗིད་པ་མ་ཧེ་དང་། འཇིགས་པ་ཆུ་སྲིན་དང་།ཞེ་སྡང་སྦྲུལ་དང་། བྱོལ་སོང་ཆེན་པོ་བརྒྱད་ཀྱི་ཁྲི་སྟེངས་སུ། འཁོར་བ་རྒྱུན་གཅོད་གསེར་གྱི་འཁོར་ལོ་རྩིབས་བཅུ་གཉིས་པའི་སྟེངས་སུ། ཆོས་ཀྱི་སྐུ་ལས་ལོངས་སྤྱོད་རྫོགས་པའི་སྐུ་དཔལ་ཆེ་མཆོག་ཧེ་རུ་ཀ་ཞེས་བྱ་བ། དུས་གསུམ་རྒྱལ་བའི་ས་ཉི་ཤུ་རྩ་གཅིག་ཡོངས་སུ་རྫོགས་པའི་བརྡར། དབུ་ཉི་ཤུ་རྩ་གཅིག་ཏུ་བསྟན་པ། ཆགས་པ་ཅན་གྱི་འགྲོ་བ་འདུལ་བའི་ཕྱིར་ཕྱག་བཞི་བཅུ་ཞེ་གཉིས་ན།ཞི་བའི་ལྷ་བཞི་བཅུ་ཞེ་གཉིས་ཡབ་ཡུམ་ཐབས་དང་ཤེས་རབ་ཀྱི་ཚུལ་དུ་བསྣམས་པ། ཞེ་སྡང་ཅན་གྱི་འགྲོ་བ་འདུལ་བའི་ཕྱིར། དཔལ་གྱི་ཆས་བཅུས་སྐུ་ལ་སྤྲས་པ།


DNG015_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཐམས་ཅད་ཀྱི་རྗེ་བཙན་དུ་གྱུར་པ། གར་དགུའི་ཚུལ་དུ་བཞུགས་པ།ཡུམ་ཁྲོ་མོ་གནམ་ཞལ་མ། དབུ་དགུ་ཕྱག་བཅོ་བརྒྱད་ནི། ཐེག་པ་དགུ་དང་སྟོང་པ་བཅོ་བརྒྱད་ཡོངས་སུ་རྫོགས་ཚུལ་དུ་བཞུགས་པ། གཡས་པ་གཙོ་བོ་ལ་འཁྱུད་པ། གཡོན་དུང་དམར་གཙོ་ལ་སྟོབས། ཐབས་ཤེས་རབ་ཡོངས་སུ་རྫོགས་བརྡར། ཡབ་ཡུམ་གཉིས་མེད་དུ་སྦྱོར་ཞིང་། གཞལ་ཡས་ཁང་གདན་དང་བཅས་པ་ལ། འཁོར་འདས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པའི་ངང་ལས་ཡབ་ཡུམ་སྦྱོར་བ་མཛད་པའི་བྱང་ཆུབ་སེམས་ཀྱི་སྤྲིན་ལས། སྤྲུལ་སྐུའི་ཁྲོ་བོ་འཆོལ་པ་ཕྱོགས་བཅུར་འཕྲོས། ལྷ་ཆེན་པོ་ལ་སོགས་དྲེགས་པ་ཅན་ཐམས་ཅད་བཏུལ་ཚར་བཅད་དེ། ཕྱོགས་མཚམས་བརྒྱད་དུ་བཏིང་བ་ལས། སྤྲུལ་པ་སྐུའི་དཀྱིལ་འཁོར་བཀོད་དེ། ཤར་དུ་བཛྲ་ཧེ་རུ་ཀ་ཐུགས་ལས་སྤྲུལ་ཏེ་བཞུགས། ལྷོར་གཤིན་རྗེ་གཤེད་པོ་སྐུ་ལས་སྤྲུལ་ཏེ་བཞུགས། ནུབ་ཏུ་རྟ་མགྲིན་དབང་ཆེན་གསུང་ལས་སྤྲུལ་ཏེ་བཞུགས། བྱང་དུ་རྡོ་རྗེ་གཞོན་ནུ་ཕྲིན་ལས་ལས་སྤྲུལ་ཏེ་བཞུགས།ཤར་ལྷོར་གཟི་བརྗིད་ལས་སྤྲུལ་བླ་མེད་ཧེ་རུ་ཀར་བཞུགས། ནུབ་བྱང་དུ་འཇིགས་བྱེད་ལས་སྤྲུལ་དཔལ་དྲེགས་པ་ཀུན་འདུལ་བཞུགས། བྱང་ཤར་དུ་སྟོབས་ལས་སྤྲུལ་པ་སྟོབས་ལྡན་ནག་པོ་བཞུགས། ལྷོ་ནུབ་ཏུ་རིག་པ་ལས་སྤྲུལ་པའི་སྐུ།རིག་འཛིན་རྡོ་རྗེ་ཆོས་བཞུགས་སུ་གསོལ། དེ་དག་ལ་ཡང་སོ་སོའི་སྤྲུལ་པ་ཡང་སྤྲུལ་སུམ་སྤྲུལ་ཁྲོ་བོ་དང་། ཁྲོ་མོ་དང་བཅས་ཏེ། ཕོ་བྲང་དགུ་ལ་གར་དགུ་དང་ལྡན་པས་ཁམས་གསུམ་འཇིགས་བྱེད་དཔལ་གྱི་ཆས་ཡོངས་སུ་རྫོགས་པར་ཡབ་ཡུམ་གྱི་མཁའ་གསང་ལས་སྤྲུལ་ཏེ། ཉིད་ལས་མི་གཞན་པའི་འཁོར་ཡེ་ཤེས་རང་སྣང་གི་ལྷ་ཚོགས་དང་བཅས་པ་རྣམས་དང་ལྷན་ཅིག་ཏུ་འཁོད་དོ། །དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོ་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཆེ་མཆོག་ཧེ་རུ་ཀ་ལ། འཁོར་


DNG015_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་བཞིའི་ཧེ་རུ་ཀ་ལ་སོགས་པ་ཁྲོ་བོ་དང་ཁྲོ་མོ་རྣམས་དང་། གསང་བའི་བདག་པོ་རྡོ་རྗེ་ཆོས་ཀྱིས་ཕྱག་དང་བསྐོར་བ་མཛད་དེ། མགྲིན་གཅིག་ཏུ་འདི་སྐད་བསྟོད་དེ་ཞུས་པ། ཨེ་མ་ཧོ། ཆོས་དབྱིངས་སྤྲོས་བྲལ་ནམ་མཁའི་ཐུགས་ཀློང་ནས། །བྱམས་པའི་སྤྲིན་འཕེལ་ཞི་དང་ཁྲོ་གར་མཛད། །ཕྲིན་ལས་ཡོངས་རྫོགས་ཆར་གྱིས་འགྲོ་བ་འདུལ། །ཕྱག་འཚལ་སངས་རྒྱས་ཀུན་གྱི་ཡང་རྗེ་ལའོ། །ཨེ་མ་གསང་བདག་དཔལ་ཆེན་ཧེ་རུ་ཀ །འགྲོ་བའི་དུག་གཞོམ་ཡང་དག་ལམ་གཟུད་ཕྱིར། །བདེ་གཤེགས་ཡོངས་རྫོགས་དཔལ་ཆེན་ཐུགས་གསང་བ། །ཀུན་འདུས་ཤིན་ཏུ་རྣལ་འབྱོར་རྒྱུད་ཆེན་སྩོལ། །ཞེས་བསྟོད་དེ་གླུས་བསྐུལ་ཅིང་གསོལ་བ་བཏབ་པ་ལས་ཡབ་ཅིག་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀས། རྡོ་རྗེའི་གད་རྒྱངས་བསྒྲགས་ཏེ་སྩོལ་པ། ཀྱེ་ཧོ། ཉོན་ཅིག་སྲས་མཆོག་རིགས་འདུས་ཧེ་རུ་ཀ །ཡབ་ཡུམ་འཁོར་བཅས་ལེགས་པར་ཉོན། །མུན་ལ་ཉི་བཞིན་དུག་སེལ་བ། །གསང་བ་འདུས་པའི་རྒྱུད་ཆེན་བཤད། །མདོར་ན་ཆོས་སྒོ་བསམ་ཡས་ཀུན། །འདི་རུ་འདུས་ཕྱིར་དངོས་པོ་བཅུ། །བསྟན་རིམ་ཐེག་པའི་རྣམ་གཞག་དང་། །ལྟ་སྒོམ་སྤྱོད་པ་འབྲས་བུ་དང་། །བསྙེན་དང་བསྒྲུབ་པ་ཆེན་པོ་དང་། །དབང་བསྐུར་དམ་ཚིག་མཐའ་རྒྱས་སུ། །རྒྱུད་རྣམས་ཀུན་གྱི་གསང་བ་འདུས། །སྐལ་ལྡན་འཁོར་ལ་ཡོངས་རྫོགས་བསྟན། །ཞེས་བཀའ་སྩལ་ཏོ། །དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོ་ལས། གནང་བའི་སྐབས་ཕྱེ་བ་གླེང་བསླང་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་འདུས་པའི་འཁོར་རྣམས་ཐམས་ཅད་མགྲིན་གཅིག་ཏུ་སྟོན་པ་ཀུན་ཏུ་བཟང་པོ་དཔལ་ཆེ་མཆོག་ཧེ་རུ་ཀ་ལ་གསོལ་པ། ཀྱེ་ཀྱེ་ཐམས་ཅད་སྟོན་པ་ཀུན་ཏུ་བཟང་། །དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ །རྒྱུད་དོན་བསྟན་པའི་རྣམ་གཞག་དེ། །བདག་ཅག་འཁོར་ལ་བཀའ་སྩོལ་ཅིག །དེ་སྐད་ཅེས་ནི་གསོལ་པ་དང་། །སྟོན་པ་ཉིད་ཀྱིས་བཀའ་སྩལ་པ། །ཀྱེ་ཧོ་འདུས་པའི་འཁོར་རྣམས་རྩེ་


DNG015_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཉོན། །རྒྱུད་དོན་བསྟན་པའི་རྣམ་གཞག་བཤད། །ཐོག་མར་ཀུན་གཞི་བཅོས་བསླད་མེད། །ཅིར་ཡང་རྒྱ་ཆད་ཕྱོགས་ལྷུང་བྲལ། །སྟོང་ཁྱབ་ནམ་མཁའ་ལྟ་བུ་ལ། །རང་རྩལ་འགྱུ་བྱེད་རླུང་གིས་གཡོས། །མ་རིག་རྟོག་པའི་གཟུང་འཛིན་གྱིས། །ནན་གྱིས་མཁའ་ལ་མདུད་པ་བོར། །རྩལ་ལ་རང་དབང་མ་ཐོབ་པས། །འགྱུས་དྲན་ཟིན་དང་ཆགས་དབང་གིས། །ཁམས་གསུམ་འཁོར་ཅིང་རྒྱུད་དྲུག་འཁྱམས། །མ་རྟོགས་ལོག་པར་རྟོགས་པ་ལས། །རྩལ་ལ་དབང་ཐོབ་ཀུན་བཟང་གིས། །གྲོལ་ཐབས་ཐེག་པ་སྣ་ཚོགས་བསྟན། །བསྡུ་ན་ཐེག་པ་རིམ་དགུ་སྟེ། །ཉན་ཐོས་རང་རྒྱལ་བྱང་སེམས་གསུམ། །གང་ཟག་དབང་པོ་དམན་ལ་དགོངས། །ཀྲི་ཡ་ཡོ་ག་ཨུ་པ་གསུམ། །གང་ཟག་དབང་པོ་འབྲིང་ལ་དགོངས། །བསྐྱེད་དང་རྫོགས་པ་ཨ་ཏི་གསུམ། །གང་ཟག་དབང་པོ་རབ་ལ་དགོངས། །དབྱེ་ན་དབང་པོ་རིམ་དགུས་ཆེད། །རེ་རེ་ལ་ཡང་ངོ་བོ་དང་། །ངེས་ཚིག་དབྱེ་བ་རང་འདོད་ཀྱིས། །འཇུག་སྒོ་ལྟ་སྤྱོད་སྒོམ་པ་དང་། །ཕྲིན་ལས་འབྲས་བུའི་རིམ་པ་བསྟན། །རྒྱལ་དགོངས་ཐེག་པ་སྣ་ཚོགས་ཀྱང་། །གོང་མ་གོང་མའི་ལྟ་བ་ཡིས། །འོག་མ་འོག་མ་རྣམས་ལ་གནོད། །དེ་ཕྱིར་རིམ་གྱིས་གོང་མ་འཕགས། །ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །དེ་ལ་འཁོར་འདས་ཡོངས་རྫོགས་པས། །མཐར་ཐུག་རྣལ་འབྱོར་ངེས་པའི་དོན། །མངོན་སུམ་རྗེས་རིག་ཚད་དུ་དག །ཡི་གེ་གསུམ་གྱིས་མངོན་སངས་རྒྱས། །དེ་ཕྱིར་ཡོངས་རྫོགས་རྒྱུད་ཆེན་འདིར། །རྒྱུད་ལུང་མན་ངག་ཡོངས་སུ་རྫོགས། །ཐུན་མོང་མ་ཡིན་ཐུགས་ཀྱི་རྒྱུད། །འདི་ལས་གསང་བའི་ངེས་དོན་མེད། །ཅེས་བཀའ་སྩལ་ཏོ། །དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོ་ལས། བསྟན་པའི་རིམ་པ་ཐེག་པའི་རྣམ་གཞག་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་འདུས་པའི་འཁོར་རྣམས་ཀྱིས། སྟོན་པ་ཀུན་ཏུ་བཟང་པོ་དཔལ་ཆེ་མཆོག་ཧེ་རུ་ཀ་ལ་གསོལ་པ། ཀྱེ་ཀྱེ་ཀྱེ། ཡང་དག་དོན་


DNG015_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་ཀུན་ཏུ་བཟང་། །བླ་མེད་ཆེ་མཆོག་ཧེ་རུ་ཀ །རྒྱུད་དོན་ལྟ་བའི་རྒྱལ་པོ་དེ། །བདག་ཅག་རྣམས་ལ་བཀའ་སྩལ་ཞུ། །དེ་སྐད་གསོལ་པ་ཐུགས་དགོངས་ཏེ། །སྟོན་པ་ཆེན་པོས་བཀའ་སྩལ་པ། །འདུས་པའི་འཁོར་ཚོགས་རྩེ་གཅིག་ཉོན། །རྒྱུད་དོན་ལྟ་བའི་རྒྱལ་པོ་ནི། །གཞི་རྩ་མེད་པའི་སེམས་ཉིད་འདི། །ཆོས་རྣམས་ཀུན་གྱི་རྩ་བ་ཡིན། །འཁོར་དང་མྱ་ངན་འདས་པའི་ཆོས། །ཡེ་ནས་མ་བཅོས་ཆོས་ཀྱི་སྐུ། །དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི། །ཐུགས་དགོངས་ལྟ་བ་མཐར་ཐུག་པ། །སྣང་སྲིད་གཞིར་བཞེངས་ལྟ་བ་རུ། །འཁོར་འདས་གཉིས་མེད་ཡོངས་སུ་རྫོགས། །ཧེ་རུ་ཀ་ལས་གཞན་མ་ཡིན། །ཐིག་ལེ་སྙིང་པོ་བྱང་སེམས་བརྡལ། །ཡང་དག་དོན་གྱི་གནས་ལུགས་ཏེ། །སྤྲོས་བྲལ་ཐིག་ལེ་གཅིག་ཏུ་རྫོགས། །རང་བྱུང་རང་ཤར་རང་གྲོལ་བས། །རང་བཞིན་མ་བཅོས་སྤྲོས་བྲལ་བཞག །ཁྱུང་ཆེན་ནམ་མཁར་ལྡིང་བ་བཞིན། །སྣང་སྲིད་སྤྱི་རྒྱ་རླབས་ཀྱིས་ཆོད། །སེམས་ལས་ཀུན་འབྱུང་བདེ་གཤེགས་སེམས། །རང་ལས་སངས་རྒྱས་གཞན་ན་མེད། །བལྟས་པས་དཔལ་ཆེན་ཞལ་མ་མཐོང་། །ཚིག་མཚོན་དཔེར་བྱ་ཀུན་ལས་འདས། །བརྗོད་དང་བརྗོད་བྲལ་གཉིས་སུ་མེད། །བལྟ་བྱ་མ་འགགས་ལྟ་བྱེད་མེད། །གཉིས་མེད་དོན་རྟོགས་ཆོས་ཀྱི་སྐུ། །རང་རིག་སེམས་ལ་སེམས་ཀྱིས་ལྟོས། །ངོས་བཟུང་མ་གྲུབ་ངོ་བོས་སྟོང་། །སྟོང་པ་ཉིད་དེ་རང་གསལ་ལ། །གསལ་བའི་དུས་ན་དངོས་པོ་མེད། །དངོས་མེད་དེ་ཉིད་གསལ་བར་ཤར། །དེ་ཕྱིར་གསལ་སྟོང་གཉིས་སུ་མེད། །ས་ལེ་ཧྲིག་གེ་འཛིན་ཞེན་མེད། །དེ་ལ་དགོངས་པ་ཡོངས་རྫོགས་ཏེ། །ཀུན་གྱིས་མ་རྟོགས་གསང་བ་དག །རང་ལ་འདུས་ཕྱིར་གསང་བ་འདུས། །ཐེག་པ་ཀུན་གྱི་རྒྱལ་པོ་ཡིན། །ཞེས་བཀའ་སྩལ་ཏོ། །དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོ་ལས། ལྟ་བ་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཡང་འདུས་པའི་འཁོར་རྣམས་


DNG015_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས། སྟོན་པ་ཀུན་ཏུ་བཟང་པོ་དཔལ་ཆེ་མཆོག་ཧེ་རུ་ཀ་ལ་གསོལ་པ། ཀྱེ་ཀྱེ་ཀྱེ། རང་བཞིན་མ་བཅོས་ཀུན་ཏུ་བཟང་། །འགྱུར་མེད་ཆེ་མཆོག་ཧེ་རུ་ཀ །རྒྱུད་དོན་བསྒོམ་པའི་རྒྱལ་པོ་དེ། །བདག་ཅག་རྣམས་ལ་བཀའ་སྩལ་ཞུ། །དེ་སྐད་གསོལ་པ་ཐུགས་དགོངས་ཏེ། །སྟོན་པ་ཆེན་པོས་བཀའ་སྩལ་པ། །འདུས་པའི་འཁོར་ཚོགས་རྩེ་གཅིག་ཉོན། །རྒྱུད་དོན་བསྒོམ་པའི་རྒྱལ་པོ་ནི། །མི་བསྒོམ་བསྒོམ་དོན་དེ་ཤེས་ནས། །སྒོ་གསུམ་མ་བཅོས་སོར་འཇོག་པ། །བདེ་གཤེགས་ཡོངས་རྫོགས་བསྒོམ་པ་ཡིན། །གདོད་ནས་ཆོས་སྐུ་རང་གི་སེམས། །ལྟ་བས་སྟོང་གསལ་དབྱེར་མེད་རྟོགས། །གདེང་འོག་ཆུད་ནས་རྒྱུན་དུ་གསལ། །དེ་ནི་དཔལ་ཆེན་བསྒོམ་པ་ཡིན། །བྱབས་ཀྱིས་ཆོད་པའི་ལྟ་བ་ཡིས། །སྣང་སྲིད་དཔལ་ཆེན་སྐུ་རུ་བསྒོམ། །གསལ་སྟོང་གཉིས་མེད་བསྒོམ་པའི་མཆོག །སྒྲ་རུ་གྲག་ཚད་ངོ་བོས་སྟོང་། །གྲག་སྟོང་གཉིས་མེད་བསྒོམ་པའི་མཆོག །ཡིན་ནི་འགྱུ་དྲན་ངོ་བོས་སྟོང་། །དྲན་སྟོང་གཉིས་མེད་བསྒོམ་པའི་མཆོག །དབྱིངས་དང་ཡེ་ཤེས་གཉིས་མེད་ཅིང་། །ཐབས་ཤེས་གཉིས་མེད་བསྒོམ་པའི་མཆོག །སངས་རྒྱས་སེམས་ཅན་གཉིས་མེད་ཅིང་། །འཁོར་འདས་གཉིས་མེད་བསྒོམ་པའི་མཆོག །ཡུལ་དང་དབང་པོ་གཉིས་མེད་ཅིང་། །བདེ་སྡུག་གཉིས་མེད་བསྒོམ་པའི་མཆོག །རང་རིག་དཔལ་དང་གཉིས་མེད་ཅིང་། །ལྟ་སྤྱོད་གཉིས་མེད་བསྒོམ་པའི་མཆོག །རྣམ་རྟོག་ཆོས་སྐུ་གཉིས་མེད་ཅིང་། །མཚན་མ་ཟིལ་གནོན་བསྒོམ་པའི་མཆོག །གཉིས་མེད་དོན་ལ་དབང་ཐོབ་ན། །ཏིང་འཛིན་ཡོངས་རྫོགས་བསྒོམ་པ་ཡིན། །ཞེས་བཀའ་སྩལ་ཏོ། །དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོ་ལས། བསྒོམ་པ་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་འདུས་པའི་འཁོར་རྣམས་ཀྱིས། སྟོན་པ་ཀུན་ཏུ་བཟང་པོ་


DNG015_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཆེ་མཆོག་ཧེ་རུ་ཀ་ལ་གསོལ་པ། ཀྱེ་ཀྱེ་ཀྱེ། རང་བྱུང་རིག་པ་ཀུན་ཏུ་བཟང་། །བདེ་སྤྱོད་ཆེ་མཆོག་ཧེ་རུ་ཀ །རྒྱུད་དོན་སྤྱོད་པའི་རྒྱལ་པོ་ནི། །བདག་ཅག་རྣམས་ལ་བཀའ་སྩལ་ཞུ། །དེ་སྐད་གསོལ་པ་ཐུགས་དགོངས་ཏེ། །སྟོན་པ་ཆེན་པོས་བཀའ་སྩལ་པ། །འདུས་པའི་འཁོར་ཚོགས་རྩེ་གཅིག་ཉོན། །རྒྱུད་དོན་སྤྱོད་པའི་རྒྱལ་པོ་ནི། །གང་ལྟར་ལྟ་སྒོམ་དབྱེར་མེད་པའི། །ངང་ལས་འབྲལ་མེད་སྤྱོད་པའི་མཆོག །ཉིན་སྣང་རྟོགས་པའི་དོན་བསྟན་ནས། །རྨི་ལམ་བདེ་བ་སྤྱོད་པའི་མཆོག །རིག་པ་གར་འགྱུས་ལྟ་བ་དྲན། །རང་སྣང་འཛིན་མེད་སྤྱོད་པའི་མཆོག །འཛིན་པ་གྲོལ་བས་སྣང་བ་དག །སྣང་བ་ཡན་ཐུབ་སྤྱོད་པའི་མཆོག །ཚོགས་དྲུག་ཡུལ་ཞེན་རྩད་ཆོད་ནས། །འཁོར་བ་རྒྱས་ཐེབས་སྤྱོད་པའི་མཆོག །ཉམས་ལེན་གོམས་པས་རྣམ་རྟོག་ཡལ། །དུས་བཞི་མཉམ་སྦྱོར་སྤྱོད་པའི་མཆོག །མཉམ་རྗེས་རྟོག་ལངས་དུས་གསུམ་དུ། །ཆོས་སྐུར་གྲོལ་བ་སྤྱོད་པའི་མཆོག །འཁོར་འདས་སྤང་བླང་རང་གྲོལ་ནས། །དུས་གསུམ་བདེ་གཤེགས་སྤྱོད་པའི་མཆོག །སྣང་གྲག་དྲན་རྟོག་ཐམས་ཅད་ཀུན། །དཔལ་ཆེན་སྐུ་གསུང་ཐུགས་སྤྱོད་པ། །རྒྱལ་བ་ཡོངས་རྫོགས་སྤྱོད་པ་ཡིན། །ཞེས་བཀའ་སྩལ་ཏོ། །དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོ་ལས། སྤྱོད་པ་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་འདུས་པའི་འཁོར་རྣམས་ཀྱིས། དཔལ་ཀུན་ཏུ་བཟང་པོ་ཆེ་མཆོག་ཧེ་རུ་ཀ་ལ་གསོལ་པ། ཀྱེ་ཀྱེ་ཀྱེ། སྐུ་གསུམ་ཡོངས་རྫོགས་ཀུན་ཏུ་བཟང་། །བདག་ཉིད་ཆེ་མཆོག་ཧེ་རུ་ཀ །རྒྱུད་དོན་འབྲས་བུའི་རྒྱལ་པོ་དེ། །བདག་ཅག་རྣམས་ལ་བཀའ་སྩལ་ཞུ། །དེ་སྐད་གསོལ་པ་ཐུགས་དགོངས་ཏེ། །སྟོན་པ་ཆེན་པོས་བཀའ་སྩལ་པ། །འདུས་པའི་འཁོར་རྣམས་རྩེ་གཅིག་ཉོན། །རྒྱུད་དོན་འབྲས་བུའི་རྒྱལ་པོ་ནི། །ལྟ་བ་མངོན་གྱུར་སྒྲིབ་གཡོགས་བྲལ། །ཀུན་བཟང་རྒྱལ་པོའི་འབྲས་བུ་ཡིན། །སྨིན་གྲོལ་མཐར་ཕྱིན་ཕྱིར་མི་བཟློག །དུས་གསུམ་བདེ་གཤེགས་


DNG015_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་ཡིན། །སངས་རྒྱས་བདེ་ཆེན་ཀུན་འདུས་པ། །ལྟ་བ་ཡོངས་རྫོགས་འབྲས་བུ་ཡིན། །ཡོངས་རྫོགས་དོན་དེ་སྤྲོས་དང་བྲལ། །སྐྱེ་མེད་ཆོས་སྐུའི་འབྲས་བུ་ཡིན། །ཐུགས་རྗེ་འགག་མེད་ཞི་ཁྲོར་ཤར། །བདེ་ཆེན་ལོངས་སྐུའི་འབྲས་བུ་ཡིན། །གཉིས་མེད་ངང་ནས་ཅིར་ཡང་སྤྲུལ། །འགྲོ་འདུལ་སྤྲུལ་སྐུའི་འབྲས་བུ་ཡིན། །རྟོགས་ན་བཅོས་མེད་སྙིང་པོའི་དོན། །ཡེ་ནས་རང་སྣང་འབྲས་བུ་ཡིན། །སྣང་དང་མི་སྣང་གཉིས་སུ་མེད། །ཐ་དད་དབྱེར་མེད་འབྲས་བུ་ཡིན། །བཅོས་དང་མ་བཅོས་གཉིས་སུ་མེད། །ཐ་དད་དབྱེར་མེད་འབྲས་བུ་ཡིན། །ལྟ་སྒོམ་སྤྱོད་འབྲས་གཉིས་སུ་མེད། །ཐ་དད་དབྱེར་མེད་འབྲས་བུ་ཡིན། །ཕྱོགས་ལྷུང་མ་ལྷུང་གཉིས་སུ་མེད། །ཐ་དད་དབྱེར་མེད་འབྲས་བུ་ཡིན། །རྒྱ་ཆད་མ་ཆད་གཉིས་སུ་མེད། །ཐ་དད་དབྱེར་མེད་འབྲས་བུ་ཡིན། །དབུ་མ་མཐའ་མ་གཉིས་སུ་མེད། །ཐ་དད་དབྱེར་མེད་འབྲས་བུ་ཡིན། །རང་བྱུང་གཞན་བྱུང་གཉིས་སུ་མེད། །ཐ་དད་དབྱེར་མེད་འབྲས་བུ་ཡིན། །འཁོར་དང་མྱང་འདས་གཉིས་སུ་མེད། །ཐ་དད་དབྱེར་མེད་འབྲས་བུ་ཡིན། །མཐར་ཕྱིན་སྐུ་དང་ཡེ་ཤེས་ཚོགས། །ཐམས་ཅད་ཡོངས་རྫོགས་འཁྲུལ་པ་མེད། །ཧེ་རུ་ཀ་ཡི་འབྲས་བུ་ཡིན། །ཞེས་བཀའ་སྩལ་ཏོ། །དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོ་ལས། འབྲས་བུ་བསྟན་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཡང་འདུས་པའི་འཁོར་རྣམས་ཀྱིས། སྟོན་པ་ཀུན་ཏུ་བཟང་པོ་དཔལ་ཆེ་མཆོག་ཧེ་རུ་ཀ་ལ་གསོལ་པ། ཀྱེ་ཀྱེ་ཀྱེ། དཀྱིལ་འཁོར་བདག་ཉིད་ཀུན་ཏུ་བཟང་། །ལྷག་པའི་ལྷ་མཆོག་ཧེ་རུ་ཀ །རྒྱུད་དོན་ཡོངས་རྫོགས་ལྷ་བསྙེན་སྒྲུབ། །བདག་ཅག་རྣམས་ལ་བཀའ་སྩལ་ཞུ། །དེ་སྐད་གསོལ་པ་ཐུགས་དགོངས་ཏེ། །སྟོན་པ་ཆེན་པོས་བཀའ་སྩལ་པ། །འདུས་པའི་འཁོར་རྣམས་རྩེ་གཅིག་ཉོན། །ཞི་ཁྲོ་ཡོངས་རྫོགས་བསྙེན་སྒྲུབ་ནི། །གཞལ་ཡས་ཁང་རྟེན་སྐུ་གསུང་ཐུགས་ཡོངས་རྫོགས། །ཐོགས་མཐའ་སྤྲོས་བཅད་བསྒྲུབ་ལུགས་མོས་བློར་སྦྱར། །ཆོས་སྐུ་སྐྱེ་བ་མེད་པའི་


DNG015_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་ལས། །ལོངས་སྐུ་སྐྱེ་བའི་ཆོ་འཕྲུལ་གཞལ་ཡས་ལྷ། །ཞི་ཁྲོ་བདེ་གཤེགས་སྤྲུལ་སྐུ་བསམ་མི་ཁྱབ། །བདེ་གཤེགས་མཁའ་མཉམ་ཡོངས་རྫོགས་རྩ་བའི་ལྷ། །བཅོམ་ལྡན་དཔལ་ཆེན་སྤྱི་མེས་གཙུག་གི་རྒྱན། །ཐབས་ཤེས་ཟུང་འཇུག་སངས་རྒྱས་མཉམ་སྦྱོར་བས། །སྦྱང་གཞི་སྦྱོང་བྱེད་བདེ་ཆེན་གཡུང་དྲུང་ལྷ། །རིགས་བརྒྱ་ཞེ་གཉིས་ལྔ་གསུམ་ཡོངས་རྫོགས་སྐུ། །ཆགས་ཅན་འདུལ་ཕྱིར་ཐབས་གསང་རང་བྱུང་བ། །འབྱུང་བཞི་དབང་ཆེན་གཞལ་ཡས་འཁྱིལ་པའི་དབུས། །རིན་ཆེན་འོད་ཀྱི་དཀྱིལ་འཁོར་རྩིབས་བཞི་པ། །གྲུ་ཆད་གློ་འབུར་བར་ཁྱམས་རིམ་པར་བརྩེགས། །སྒོ་ཁྱུད་ཀ་བརྒྱད་རྟ་བབས་རྒྱན་སོགས་མཛེས། །ཨ་དཀར་གསལ་འཚེར་ཞི་བའི་རྟེན་མཐར་ཐུག །སེང་གེ་གླང་ཆེན་རྟ་དང་རྨ་བྱ་ཁྱུང་། །རིན་ཆེན་ཁྲི་རྐང་པད་སྡོང་བར་དུ་འཁྱིལ། །པདྨ་ཟླ་བ་ཉི་མའི་གདན་སྟེང་གསལ། །མི་བསྐྱོད་མཐིང་ག་རྡོ་རྗེ་དྲིལ་བུ་འཛིན། །སྣང་མཛད་དཀར་པོ་འཁོར་ལོ་དྲིལ་བུ་འཛིན། །རིན་འབྱུང་སེར་པོ་ནོར་བུ་དྲིལ་བུ་འཛིན། །མཐའ་ཡས་དམར་པོ་པདྨ་དྲིལ་བུ་འཛིན། །དོན་གྲུབ་ལྗང་གུ་རྒྱ་གྲམ་དྲིལ་བུ་འཛིན། །ཀུན་ཀྱང་རྫོགས་སྐྱིལ་གཉིས་མེད་ཡུམ་ཆེན་ནི། །བཟང་མོ་སྤྱན་དང་མཱ་མ་གོས་དཀར་སྒྲོལ། །གཡས་པ་རིགས་འཛིན་གཡོན་དྲིལ་ཡབ་ལ་འཁྱུད། །ཀུན་བཟང་ཡིད་མཐིང་རྡོ་རྗེ་དྲིལ་བུ་བསྣམས། །བཟང་མོ་ཆོས་མཐིང་མཉམ་གཞག་ཕྱག་རྒྱ་གསལ། །སྤྲུལ་འཁོར་ས་སྙིང་ནམ་མཁའི་སྙིང་པོ་དང་། །སྤྱན་རས་གཟིགས་དབང་ཕྱག་ན་རྡོ་རྗེ་མིང་། །ལཱ་སྱེ་མཱ་ལེ་གཱིརྟི་ནིརྟི་སྲིང་། །ཀུན་བཟང་བྱམས་པ་སྒྲིབ་སེལ་འཇམ་དབྱངས་མིང་། །མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་སྲིང་། །ལྷ་དབང་ཐགས་བཟང་ཤཀཱ་ཐུབ་སེང་རབ་བརྟན། །ཁ་འབར་ཆོས་རྒྱལ་ལ་སོགས་ཐུབ་པ་དྲུག །གཤིན་རྗེ་སྟོབས་ཆེན་རྟ་མགྲིན་བདུད་རྩི་འཁྱིལ། །རོ་ལངས་མི་འཕམ་རལ་གཅིག་ཁྲོ་གཉེར་ཡུམ། །འཁོར་རྣམས་ཉི་མའི་ཟེར་ལྟར་རང་བཞིན་འདུ། །རིན་ཆེན་རྒྱན་


DNG015_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་ཚུལ་དགུའི་གར་ལྡན་མཛེས། །དེ་ལས་སྤྲོ་བསྡུ་ཆོ་འཕྲུལ་ཅིར་ཡང་བདེ། །བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་ཀུན་གྱི་རྒྱལ། །བསམ་གྱིས་མི་ཁྱབ་བདེར་འདུས་རིགས་བརྒྱ་ཡོངས། །རྩ་བ་ལྔར་རྫོགས་དེ་ཉིད་ཀུན་རྫོགས་པ། །གཅིག་དང་ཐ་དད་སྟོང་ཉིད་སྙིང་རྗེ་བསྟན། །བདག་ཉིད་རྡོ་རྗེ་སེམས་དཔའ་ཤེལ་གྱི་མདོག །རྒྱལ་བའི་སྤྱི་གཟུགས་ཞལ་གཅིག་ཕྱག་གཉིས་པ། །ཕྱག་གཡས་རྡོ་རྗེ་རྩེ་ལྔ་ཐུགས་ཀར་བསྣམས། །གཡོན་པས་དངུལ་དཀར་དྲིལ་བུ་དཀུ་ལ་བརྟེན། །ཞབས་གཉིས་སྐྱིལ་ཀྲུང་ཉི་ཟླ་པད་དཀྱིལ་བཞུགས། །ཞི་ཚུལ་རྒྱན་ཆས་འོད་ཟེར་སྣ་ཚོགས་འབར། །དུང་ཁང་འཁོར་ལོ་ལྗགས་པད་ཐུགས་རྡོ་རྗེ། །ཨོཾ་དཀར་ཨཱཿདམར་ཧཱུཾ་མཐིང་འཕྲོ་འདུར་བཟླས། །གྱེན་དུ་བདེ་གཤེགས་སྐུ་གསུང་ཐུགས་མཆོད་བསྐུལ། །ཐུར་དུ་སྣོད་བཅུད་ལུས་ངག་ཡིད་སྒྲིབ་སྦྱང་། །ཚུར་འདུས་སྐུ་གསུང་ཐུགས་བཅུད་དངོས་གྲུབ་བསྡུ། །རང་སེམས་རྣམ་དག་རྡོ་རྗེ་སེམས་དཔའ་ཡིས། །སྐུ་གསུང་ཐུགས་སུ་བདེ་བར་གཤེགས་པར་བསྟན། །རྒྱུད་ལུང་མན་ངག་ཡོངས་རྫོགས་སྒོ་ནས་བསྒྲུབ། །དགྲ་གསུམ་བདུད་བཞི་འགྲོ་དྲུག་གཡང་ས་བཅད། །སུམ་ཅུ་ཕྲག་དྲུག་གིས་འགྲུབ་ལས་རྣམས་འགྲུབ། །སྐུ་དང་ཡེ་ཤེས་ཡོངས་རྫོགས་ལྷུན་གྱིས་གྲུབ། །རང་བཞིན་ཞི་བའི་དཀྱིལ་འཁོར་རྣམ་བཀོད་ལ། །བདེ་གཤེགས་རྒྱལ་བ་ཡོངས་ཀྱིས་དབུ་བརྒྱན་ནོ། །དེ་ལྟར་ཕྱོགས་བཅུའི་རྒྱལ་བ་ཡོངས་རྫོགས་རྣམས། །གདུག་པ་འདུལ་ཕྱིར་ཁྲོ་བོ་རོལ་པར་བསྟན། །རབ་ཏུ་གདུལ་དཀའ་ཁྲོ་ཞིང་གཏུམ་པ་ལ། །ཞི་དེས་ལྕུག་པས་ཕན་པར་མི་འགྱུར་ཕྱིར། །ཞི་ཚོགས་དབུ་ཡི་གཙུག་ཏུ་རབ་བསྡུས་ནས། །བཅོམ་ལྡན་བདེ་གཤེགས་རྒྱལ་བ་ཡོངས་རྫོགས་པ། །རབ་འཇིགས་ཁྲོ་བོ་རོལ་པའི་དཀྱིལ་འཁོར་བསྟན། །སྟོང་གསལ་རྒྱུ་ལས་རང་བྱུང་གཞལ་ཡས་ནི། །ཆོས་དབྱིངས་མི་འགྱུར་མཐིང་ནག་གྲུ་གསུམ་ཨེ། །སྟོབས་ཆེན་གཡོ་བྱེད་ལྗང་ནག་ཁ་གདེངས་ཡཾ། །ཐུགས་རྗེའི་རླན་གྱིས་ཀུན་སྡུད་དམར་ནག་རཾ། །རབ་


DNG015_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་ཀུན་ཤོང་བཅུ་གསུམ་རྫོགས་བྱེད་སུཾ། །འོད་གསལ་སྨིན་བྱེད་དངོས་འཇོམས་དམར་སེར་རཾ། །རྡོ་རྗེ་སྲ་མཁྲེགས་རུས་པའི་རི་རབ་སྟེངས། །ཕྱི་དང་ནང་གསལ་རིན་ཆེན་ཡོངས་རྫོགས་བྷྲཱུཾ། །གཞལ་ཡས་བཀོད་པ་ཚད་མེད་རྣམ་དག་དབུས། །ཐེག་པ་དགུ་རྫོགས་དཔལ་ཆེན་དཀྱིལ་འཁོར་དགུ། །འཁོར་འདས་དབྱེར་མེད་ཡེ་ཤེས་སྒོ་དགུར་གསལ། །ཡེ་ཤེས་ལྔ་རྫོགས་རྩིབས་བཞི་ལྟེ་བར་བཅས། །ཐུགས་རྗེའི་ཟེར་ལྡན་སྤྲོས་བྲལ་མུ་ཁྱུད་མཛེས། །ཡོན་ཏན་མ་བཀག་རིན་ཆེན་ཟུར་བརྒྱད་ལྡན། །མཚན་ཉིད་བཞི་རྫོགས་གྲུ་ཆད་རྣམ་བཞིས་སྤྲས། །དེ་བཞིན་ཕོ་བྲང་དགུ་ལ་ཕྲིན་ལས་རྫོགས། །བདུད་འཇོམས་ཀ་བཞི་ཆུ་སྲིན་གདན་སྟེངས་བཙུགས། །ཐབས་ཤེས་ཉི་ཟླའི་ཀ་ཞུས་ཞིང་གདུང་བཏེགས། །ཐུགས་རྗེས་གདལ་ཁྱབ་རཱུ་ཏྲའི་ལྤགས་ཐོག་ཕུབ། །སྐུ་གསུམ་ལྷུན་གྲུབ་ཐོད་ཚར་སུམ་བརྩེགས་ལ། །གནམ་ལྕགས་རིག་རྩལ་གཟེར་གྱིས་རབ་ཏུ་བསྡམས། །ཡེ་ཤེས་བཞི་ལྡན་ཟང་ཐལ་ནང་སྒོ་བཞི། །ཡེ་ཤེས་ཟེར་ལྔས་གླིང་དགུའི་བར་མཚམས་དྲེས། །ཆགས་པའི་ཐུགས་རྗེས་རཀྟའི་ཞམ་ཆུ་འབབ། །སྙིང་པོའི་དོན་རྟོགས་ཙིཏྟའི་ཕོ་ལྟོས་བརྒྱན། །ཆོས་སྐུ་མཉམ་རྫོགས་བར་ཁྱམས་འཁོར་ཡུག་བརྡལ། །དགོས་འདོད་རེ་སྐོང་རིན་ཆེན་སྣ་ལྔས་བརྩིགས། །ཚད་མེད་བཞི་ལྡན་སྒོ་བཞི་ཕྱོགས་བཞིར་བགྲད། །རྣམ་ཐར་བརྒྱད་ཀྱི་ཐེམ་སྐས་རིམ་པར་བརྟན། །ཐུགས་རྗེས་འཛིན་ཕྱིར་ཆུ་སྲིན་ཡ་ཐེམ་མཛེས། །འབྱུང་པོ་སྲི་འདུལ་མ་ཐེམ་རུས་སྦལ་བརྗིད། །གདུག་པ་ཚར་གཅོད་སྦྲུལ་ནག་སྐྱེས་བུ་བཙུགས། །འཁོར་བ་རྒྱུན་གཅོད་ཞིང་ལྤགས་སྒོ་ལོགས་བཅད། །ཆོས་ཀྱི་གཎྜཱི་ཅོང་དང་དྲིལ་བུ་བསྒྲགས། །ཡུལ་བརྒྱད་འཛིན་བཅོམ་ཀླུ་བརྒྱད་ཀ་གདན་སྟེངས། །ཚོགས་བརྒྱད་རང་དག་ལྷ་བརྒྱད་ཀ་བར་བཙུགས། །ཐབས་ཤེས་བརྒྱད་ལྡན་གཟའ་བརྒྱད་ཀ་ཞུར་བསྐལ། །བཅུ་དྲུག་རོལ་པའི་ཞིང་སྨུག་གདུང་ཆེན་བཀྲམ། །འགྱུ་བྱེད་རང་གྲོལ་ཀུན་གྲོལ་རྒྱུ་སྐར་དྲལ་གྲབ་བཀྲམ། །བཟང་ངན་མེད་མཉམ་ཞིང་ཆེན་ལྤགས་ཐོག་བཀྲམ། །མ་


DNG015_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

རིག་མུན་སེལ་ཉི་ཟླའི་སྐར་ཁུང་མཛེས། །འཁོར་འདས་སྤྱི་ཆིངས་ཆོས་སྐུའི་དྲེ་བུམ་པ། །སྐྱོན་གྱིས་མ་གོས་བུམ་སྟན་པདྨར་གསལ། །ས་ལམ་ཡོངས་རྫོགས་འཁོར་འདེགས་འཁོར་ལོ་བརྩེགས། །ཀུན་ཁྱབ་ཐེག་པའི་ཡོངས་རྩེར་གདུགས་ཏོག་རྔམ། །བསྟན་པའི་སྤྱི་ཕུད་བྱ་རུ་དར་དཔྱངས་བརྒྱན། །ཕྲིན་ལས་བཞི་རྫོགས་རཏྣའི་རྟ་བབས་བརྩེགས། །ཆགས་བྲལ་པད་སྟེངས་ཆོས་འཁོར་རབ་ཏུ་མཛེས། །རྒྱ་ཆད་ཕྱོགས་སུ་མ་ལྷུང་ཞིང་གདུགས་ཕུབ། །རང་བྱུང་མི་ནུབ་མི་མགོའི་རིན་ཆེན་ཏོག །རིག་སྟོང་དབྱེར་མེད་རི་དྭགས་ཆུ་སྲིན་མཛེས། །དབྱིངས་རིག་ཡོངས་འདྲེལ་སྤྲིན་ནག་གྲིབ་སོ་གཏིབས། །དབྱིངས་ལས་རྩལ་ཤར་སྒོ་ཁང་རྒྱན་དགུས་མཛེས། །འདོད་ཡོན་ཞེན་མེད་སྤྱོད་ཕྱིར་འདོད་ཁྱམས་བསྐོར། །དབྱིངས་ནས་ཀུན་སྣང་མུ་ཏིག་ཐོད་རས་སྤྲས། །མ་འདྲེས་ཡོངས་རྫོགས་ཤེལ་གྱི་མཆོད་རྟེན་དཀྲིགས། །སྣ་ཚོགས་འོད་གསལ་མཆོག་ཕྲན་ད་རུ་ཀ །མ་རིག་སྒྲིབ་སེལ་བཅུ་གཅིག་རྡོ་རྗེ་གསེང་། །ཐབས་ཀྱིས་སྒྲིབ་སེལ་ཟླ་ཕྱེད་རྡོ་རྗེས་བརྒྱན། །བདུད་འཇོམས་ཞིང་དྲང་ལྷ་ཆེན་རྒྱལ་མཚན་བརྒྱད། །འཁོར་བའི་གཡུལ་རྒྱལ་ཞིང་ཆེན་འཕན་བརྒྱད་ཕྱར། །དོན་རྟགས་བརྒྱད་ལྡན་དུར་ཁྲོད་བརྒྱད་ཀྱིས་བསྐོར། །ཚུལ་བཅུའི་མཐའ་གྲོལ་ཧེ་རུའི་གནས་བཅུས་གཏམས། །ཁམས་གསུམ་ཟིལ་གནོན་རྒྱ་གྲམ་རྭ་བཞིས་མནན། །མ་ཆགས་ཕྲིན་ལས་ཀུན་ཁྱབ་པད་སྟོང་བརྡལ། །སངས་རྒྱས་སྟོང་རྫོགས་འཁོར་ལོ་རྩིབས་སྟོང་ཕུབ། །གསང་སྔགས་སྙིང་པོ་འགྱུར་མེད་བྲག་རིས་གཏམས། །གཉེན་པོས་མི་ཤིགས་རྡོ་རྗེའི་ར་བས་བསྐོར། །གཟུང་འཛིན་ནགས་སྲེག་ཡེ་ཤེས་མེ་ལྔ་འབར། །བྱོལ་སོང་དྲེགས་པ་ཉི་ཟླ་པད་གདན་བརྗིད། །དགོས་འདོད་ཀུན་འབྱུང་གཏེར་བུམ་དཔག་བསམ་རྒྱས། །སྣང་སྲིད་ཡོངས་རྫོགས་གཞལ་ཡས་ཁང་ཆེན་གསལ། །ཕྱི་ནང་འཁོར་ལོ་རིན་ཆེན་གསང་བ་ཨེ། །ཞི་ཁྲོའི་རྒྱན་སོགས་དབྱེ་འམ་ཡོངས་རྫོགས་པ། །


DNG015_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

གང་ལ་གང་འདུལ་དཀྱིལ་འཁོར་འཕྲུལ་ཤེས་བྱ། །གཞལ་ཡས་དེ་དག་རྣལ་འབྱོར་རང་ལུས་ལ། །ཡོངས་རྫོགས་སྒྲུབ་རྟེན་མཆོད་རྫས་དུར་ཁྲོད་རྫོགས། །དེ་ཡང་རང་རིག་སེམས་ཀྱི་དཀྱིལ་འཁོར་དུ། །ཡོངས་རྫོགས་ཐིག་ལེ་ཉག་གཅིག་ངོ་མཚར་ཏེ། །རྒྱ་ཆད་ཕྱོགས་ལྷུང་ཀུན་བྲལ་གཞལ་མཐའ་ཡས། །དཀྱིལ་འཁོར་ཡོངས་རྫོགས་ཀུན་གྱི་མཐར་ཐུག་ཡིན། །སྒྲུབ་རྫས་རྟེན་གྱི་རིམ་པ་མཆོད་བཅས་ནི། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་དམིགས་པའི་རྟེན། །སྐུ་རྟེན་གཟུགས་ལ་གསུང་རྟེན་སྙིང་པོ་དགོད། །ཡོན་ཏན་བདུད་རྩི་ཕྲིན་ལས་ཕུར་པ་བཤམ། །སྒོས་རྟེན་ཞི་བ་མཐར་ཐུག་ཨ་དཀར་ལ། །ཆེ་མཆོག་ཡོངས་རྫོགས་སྒྲུབ་རྟེན་བུམ་མཐར་ཐུག །དེ་བཞིན་ཡང་དག་མེ་གཅིག་གཤིན་རྗེ་ཁྲམ། །པདྨ་རྟ་ཐོད་རྟ་ཞལ་ཕྲིན་ཕུར་གཅིག །མ་མོ་ནལ་སྙིང་རིག་འཛིན་སྐུ་གཅིག་མ། །དྲེགས་པ་སྐུ་གཅིག་དྲག་སྔགས་བྱང་གཅིག་སྟེ། །རྟེན་རྣམས་ཡོངས་རྫོགས་སྒྲུབ་རྫས་རང་ལུས་ཡིན། །རིག་པའི་སེམས་ཉིད་སྒྲུབ་རྟེན་ཀུན་མཐར་ཐུག །འདོད་ཡོན་རྫས་འཛོམ་ཕྱི་ཡི་མཆོད་པས་ཏེ། །རང་ལུས་རང་བྱུང་བདུད་རྩི་ནང་མཆོད་རྫས། །རྟོག་ཚོགས་རང་བྱུང་རང་གྲོལ་གསང་མཆོད་དེ། །ཡིད་ཆོས་དབྱེར་མེད་ངང་དྭངས་མཆོད་མཐར་ཐུག །དཀྱིལ་འཁོར་ལྟེ་དབུས་ཟླ་ཁམ་ཨེ་ཡི་དཀྱིལ། །ཆོས་དབྱིངས་ཨ་ལས་རང་བྱུང་ལྷུན་གྲུབ་ལྷ། །ཀུན་བཟང་ཆེ་མཆོག་ཁྲོ་རྒྱལ་ཧེ་རུ་ཀ །མཐིང་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །གཡས་དཀར་གཡོན་དམར་དབུས་མཐིང་བཞད་གཤེ་རྔམ། །གཡས་གསུམ་རྩེ་དགུ་རྩེ་ལྔ་རྩེ་གསུམ་བསྣམས། །གཡོན་གསུམ་བྷནྡ་དུང་དམར་ཐོད་ཁྲག་བསྣམས། །རྡོ་རྗེའི་གཤོག་གཡས་རིན་ཆེན་གཤོག་གཡོན་གདེངས། །སྐུ་གསུང་ཐུགས་ལྡན་སྲོག་གི་ཡེ་ཤེས་གསལ། །དཔལ་གྱི་ཆས་བཅུ་དུར་ཁྲོད་རྒྱན་ཡོངས་སྤྲས། །ཞབས་བཞི་དོར་སྟབས་གཡས་བརྐྱངས་གཡོན་བསྐུམས་ཚུལ། །གནམ་ཞལ་ཡུམ་ཆེན་ཞལ་གཅིག་ཕྱག་གཉིས་མཐིང་། །


DNG015_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་གཡས་རྩེ་གསུམ་གཙོར་འཁྱུད་གཡོན་དམར་སྟོབ། །ཞབས་གཡས་ཡབ་འཁྲིལ་གཡོན་བརྐྱང་གཙོ་ལ་སྦྱོར། །རིགས་ལྔས་དབུ་རྒྱན་དུར་ཁྲོད་རྒྱན་དྲུག་གསོལ། །གཉིས་མེད་རབ་འཇིགས་མེ་དཔུང་ཀློང་ན་བརྗིད། །བརྡས་བསྐུལ་མཁའ་གསང་རབ་སྦྱོར་སྤྲུལ་སྲས་འགྱེད། །ཤར་གྱི་རྩིབས་སྟེངས་རཀྴ་ཧེ་རུ་ཀ །སྨུག་ནག་ཞལ་གཅིག་ཕྱག་གཉིས་འཁོར་ལོ་གཡས། །གཡོན་པ་ཐོད་ཁྲག་ཞབས་གཉིས་བརྐྱང་བསྐུམ་འགྱིངས། །རཀྵ་ཀྲོ་ཏཱི་ཤྭ་རཱི་ཆ་ལུགས་ཡབ་འདྲ་འཁྲིལ། །ལྷོ་རྩིབས་གྷུ་ཡ་ཧེ་རུ་ཀ་སེར་ནག །ཞལ་གཅིག་ཕྱག་གཉིས་རིན་ཆེན་ཐོད་ཁྲག་བསྣམས། །གྷུ་ཡ་ཀྲོ་ཏཱི་ཤྭ་རཱི་ཡབ་འདྲ་འཁྲིལ། །ནུབ་རྩིབས་བི་ཤྭ་ཧེ་རུ་ཀ་དམར་ནག །ཞལ་གཅིག་ཕྱག་གཉིས་པདྨ་ཐོད་ཁྲག་བསྣམས། །བི་ཤྭ་ཀྲོ་དྷཱི་ཤྭ་རཱི་ཡབ་འདྲ་འཁྲིལ། །བྱང་རྩིབས་ཡཀྵ་ཧེ་རུ་ཀ་ལྗང་ནག །ཞལ་གཅིག་ཕྱག་གཉིས་རྒྱ་གྲམ་ཐོད་ཁྲག་ཐོགས། །ཡཀྵ་ཀྲོ་དྷཱི་ཤྭ་རཱི་ཡབ་འདྲ་འཁྲིལ། །དུར་ཁྲོད་ཆས་གསོལ་བརྡ་རྟགས་གཙོ་དང་འདྲ། །ཉི་དང་ཟེར་བཞིན་སྤྲུལ་པའི་འཁོར་ཚོགས་ནི། །ཕྱོགས་སྐྱོང་དྲེགས་འདུལ་ཁྲོ་བོ་ཆེན་པོ་བཅུ། །ཏ་ཀྲྀཏ་སྒོ་སྐྱོང་ཕོ་ཉ་བསྟན་སྲུང་བཅས། །ཆེ་མཆོག་ཡོན་ཏན་ཡོངས་རྫོགས་རང་བྱུང་ཤར། །ཕྱོགས་མཚམས་ཕོ་བྲང་བརྒྱད་དུ་ཐུགས་ཀྱི་སྲས། །དཀྱིལ་འཁོར་ཤར་དབུས་ཟླ་ཁམ་ཨེ་ཡི་དཀྱིལ། །རུ་དྲ་ཉི་ཟླ་པདྨ་འོད་འབར་སྟེང་། །བཅོམ་ལྡན་ཐུགས་མཆོག་བཛྲ་ཧེ་རུ་ཀ །མཐིང་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །གཡས་དཀར་གཡོན་དམར་དབུས་མཐིང་བཞད་རྔམ་གཤེ། །གཡས་གསུམ་རྡོ་རྗེ་ཁ་ཊྭཱཾ་རྔེ་ཆུང་བསྣམས། །གཡོན་གསུམ་དྲིལ་བུ་བྷན་དམར་རྒྱུ་ཞགས་བསྣམས། །གཤོག་གཉིས་ཞབས་བཞི་བརྐྱངས་བསྐུམས་དོར་སྟབས་ཚུལ། །སྐུ་གསུང་ཐུགས་སྲོག་དུར་ཁྲོད་ཆས་རྣམས་རྫོགས། །ཀྲོ་དྷཱི་ཤྭ་རཱི་ཡུམ་ཆེན་སྐུ་ལ་འཁྲིལ། །ཕྱག་ཞབས་ཆས་སོགས་བརྡས་བསྐུལ་གཙོ་དང་འདྲ། །ཤར་གྱི་རྩིབས་སྟེངས་བུཌྜྷ་ཧེ་རུ་ཀ །སྨུག་ནག་གཡས་པ་རྡོ་རྗེ་


DNG015_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་རྒྱུ་ཞགས། །བུཌྜྷ་ཀྲོ་དྷཱི་གཡས་འཁྱུད་གཡོན་དམར་སྟོབ། །ལྷོ་ཡི་རྩིབས་སྟེང་རཏྣ་ཧེ་རུ་ཀ །སེར་ནག་གཡས་གཡོན་རཏྣ་སྟོང་གསུམ་བསྣམས། །རཏྣ་ཀྲོ་ཏཱི་གཡས་འཁྱུད་གཡོན་དམར་སྟོབ། །ནུབ་ཏུ་རྩིབས་སྟེང་པདྨ་ཧེ་རུ་ཀ །དམར་ནག་གཡས་པ་པདྨ་ཏི་ར་བསྣམས། །པདྨ་ཀྲོ་དྷཱི་གཡས་འཁྱུད་གཡོན་དམར་སྟོབ། །བྱང་གི་རྩིབས་སྟེངས་ཀརྨ་ཧེ་རུ་ཀ །ལྗང་ནག་གཡས་གཡོན་རྒྱ་གྲམ་རི་རབ་བསྣམས། །ཀརྨ་ཀྲོ་དྷཱི་གཡས་འཁྱུད་གཡོན་དམར་སྟོབ། །སྤྲུལ་འཁོར་ཀཽ་རི་མ་བརྒྱད་སིངྷ་བརྒྱད། །སྒོ་སྐྱོང་བཀའ་སྲུང་ཡང་དག་ཐུགས་རྫོགས་ཤར། །དཀྱིལ་འཁོར་ལྷོ་དབུས་ཟླ་ཁམ་ཨེ་ཡི་དཀྱིལ། །ཆུ་གླང་ཉི་ཟླ་པདྨ་འོད་འབར་སྟེང་། །བཅོམ་ལྡན་སྐུ་མཆོག་འཇམ་དཔལ་གཤིན་རྗེ་གཤེད། །མཐིང་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །གཡས་དཀར་གཡོན་དམར་དབུས་མཐིང་བཞད་གཤེ་རྔམ། །གཡས་གསུམ་འཁོར་ལོ་རལ་གྲི་དགྲ་སྟྭ་བསྣམས། །གཡོན་གསུམ་སྡིགས་མཛུབ་མདུང་དང་བྷན་དམར་བསྣམས། །གཤོག་གཉིས་ཞབས་བཞི་བརྐྱངས་བསྐུམས་དོར་སྟབས་བགྲད། །སྐུ་གསུང་ཐུགས་སྲོག་དུར་ཁྲོད་ཆས་རྣམས་རྫོགས། །སྦྱོར་ཡུམ་བེ་ཏཱ་ལཱི་ནི་སྐུ་ལ་འཁྲིལ། །སྒྲོལ་ཡུམ་ཙ་ཏཱི་ཏྲི་ཤཱུལ་བྷན་དམར་བསྣམས། །ཕྱག་ཞབས་ཆས་རྫོགས་བརྡས་བསྐུལ་གཙོ་དང་འདྲ། །ཤར་རྩིབས་གསོད་བྱེད་ཡ་མ་རཱ་ཛ་མཐིང་། །གཡས་པ་འཁོར་ལོ་གཡོན་པ་དགྲ་སྟྭ་བསྣམས། །ནག་མོ་རལ་གཅིག་གཡས་འཁྱུད་གཡོན་དམར་སྟོབ། །ལྷོ་རྩིབས་མྱོས་བྱེད་འབར་བ་སེར་ནག་ལ། །གཡས་པ་བེ་ཅོན་གཡོན་པ་དགྲ་སྟྭ་བསྣམས། །གཏུམ་མོ་དུག་ཧྲུལ་གཡས་འཁྱུད་གཡོན་དམར་སྟོབ། །ནུབ་རྩིབས་ཨཱརྱ་མེ་རུ་ཙེ་དམར་པོ། །གཡས་པ་དུང་ཁྲག་གཡོན་པ་དབྱུག་ཏོ་བསྣམས། །འོད་ཟེར་ཅན་མ་གཡས་འཁྱུད་གཡོན་དམར་སྟོབ། །བྱང་རྩིབས་རལ་པ་ཚར་དགུ་ལྗང་ནག་ལ། །གཡས་པ་གཏུན་ཤིང་གཡོན་པ་དུང་དམར་བསྣམས། །


DNG015_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

ནག་མོ་རེ་ཏི་གཡས་འཁྱུད་གཡོན་དམར་སྟོབ། །སྤྲུལ་འཁོར་ཕྱོགས་སྐྱོང་ཆེན་པོ་བཅུ་གཉིས་དང་། །སྒོ་སྐྱོང་བཀའ་སྲུང་འཇམ་དཔལ་སྐུ་རྫོགས་ཤར། །དཀྱིལ་འཁོར་ནུབ་དབུས་ཟླ་གམ་ཨེ་ཡི་དཀྱིལ། །ཀླུ་བརྒྱད་ཉི་ཟླ་པདྨ་འོད་འབར་སྟེང་། །བཅོམ་ལྡན་གསུང་མཆོག་པདྨ་དབང་ཆེན་སྐུ། །དམར་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །གཡས་དཀར་གཡོན་སྔོ་དབུས་དམར་བཞད་གཤེ་རྔམ། །གཡས་གསུམ་རྡོ་རྗེ་ཁ་ཊྭཱཾ་སྦྲུལ་ཞགས་བསྣམས། །གཡོན་གསུམ་དྲིལ་ཆེན་བྷན་དམར་ལྕགས་སྒྲོག་བསྣམས། །གཤོག་གཉིས་ཞབས་བཞི་བརྐྱངས་བསྐུམས་དོར་སྟབས་ཚུལ། །སྐུ་གསུང་ཐུགས་སྲོག་དུར་ཁྲོད་ཆས་ཀུན་རྫོགས། །པདྨ་གཟི་ལྡན་བདེ་ཆེན་ཡུམ་མཆོག་འཁྲིལ། །ཕྱག་ཞབས་ཆས་རྫོགས་བརྡས་བསྐུལ་གཙོ་དང་འདྲ། །ཤར་རྩིབས་སྟེང་དུ་རྡོ་རྗེ་དབང་ཆེན་དཀར། །གཡས་པ་རྡོ་རྗེ་གཡོན་པ་ཐོད་ཁྲག་བསྣམས། །རྡོ་རྗེ་དབང་ཕྱུག་གཡས་འཁྱུད་གཡོན་དམར་སྟོབ། །ལྷོ་རྩིབས་སྟེང་དུ་རིན་ཆེན་དབང་ཆེན་སེར། །གཡས་པ་རིན་ཆེན་གཡོན་པ་ཐོད་ཁྲག་བསྣམས། །རཏྣ་དབང་ཕྱུག་གཡས་འཁྱུད་གཡོན་དམར་སྟོབ། །ནུབ་རྩིབས་སྟེང་དུ་པདྨ་དབང་ཆེན་དམར། །གཡས་པ་པད་དཀར་གཡོན་པ་ཐོད་ཁྲག་བསྣམས། །པདྨ་དབང་ཕྱུག་གཡས་འཁྱུད་གཡོན་ཁྲག་སྟོབ། །བྱང་རྩིབས་སྟེང་དུ་ཀརྨ་དབང་ཆེན་ལྗང་། །གཡས་པ་རྒྱ་གྲམ་གཡོན་པ་ཐོད་ཁྲག་བསྣམས། །ཀརྨ་དབང་ཕྱུག་གཡས་འཁྱུད་གཡོན་དམར་སྟོབ། །སྤྲུལ་འཁོར་ཟིལ་གནོན་ཁྲོ་བོ་ཡབ་ཡུམ་བརྒྱད། །སྒོ་སྐྱོང་བཀའ་སྲུང་པདྨ་གསུང་རྫོགས་ཤར། །དཀྱིལ་འཁོར་བྱང་དབུས་ཟླ་གམ་ཨེ་ཡི་དབུས། །ལྷ་ཆེན་ཉི་ཟླ་པདྨ་འོད་འབར་སྟེངས། །བཅོམ་ལྡན་ལས་མཆོག་རྡོ་རྗེ་གཞོན་ནུའི་སྐུ། །མཐིང་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །གཡས་དཀར་གཡོན་དམར་དབུས་མཐིང་བཞད་གཤེ་རྔམ། །གཡས་གཡོན་དང་པོ་རྩེ་དགུ་མེ་དཔུང་བསྣམས། །


DNG015_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

བར་གཉིས་རྩེ་ལྔ་ཁ་ཊྭཱཾ་མཐའ་ཕུར་འདྲིལ། །གཤོག་གཉིས་ཞབས་བཞི་བརྐྱངས་བསྐུམས་དོར་སྟབས་ཚུལ། །སྐུ་གསུང་ཐུགས་སྲོག་དུར་ཁྲོད་ཆས་རྣམས་རྫོགས། །འཁོར་ལོ་རྒྱས་འདེབས་ཡུམ་ཆེན་སྐུ་ལ་འཁྲིལ། །ཕྱག་ཞབས་ཆས་སོགས་བརྡས་བསྐུལ་གཙོ་དང་འདྲ། །ཤར་རྩིབས་སྲས་མཆོག་བུཌྜྷ་ཀཱི་ལ་དཀར། །གཡས་པ་ཕུར་པ་གཡོན་པ་ཐོད་ཁྲག་བསྣམས། །ཡུམ་གཅིག་སངས་རྒྱས་གཡས་འཁྱུད་གཡོན་དམར་སྟོབ། །ལྷོ་རྩིབས་སྲས་མཆོག་རཏྣ་ཀཱི་ལ་སེར། །གཡས་པ་དགྲ་སྟྭ་གཡོན་པ་ཐོད་ཁྲག་བསྣམས། །ཡུམ་ཆེན་རིན་ཆེན་གཡས་འཁྱུད་གཡོན་དམར་སྟོབ། །ནུབ་རྩིབས་སྲས་མཆོག་པདྨ་ཀཱི་ལ་དམར། །གཡས་པ་གྲི་གུག་གཡོན་པ་ཐོད་ཁྲག་བསྣམས། །ཡུམ་གཅིག་པདྨ་གཡས་འཁྱུད་གཡོན་དམར་སྟོབ། །བྱང་རྩིབས་སྲས་མཆོག་ཀརྨ་ཀཱི་ལ་ལྗང་། །གཡས་པ་མདུང་ཐུང་གཡོན་པ་ཐོད་ཁྲག་བསྣམས། །ཡུམ་གཅིག་ལས་བྱེད་གཡས་འཁྱུད་གཡོན་དམར་སྟོབ། །སྤྲུལ་འཁོར་ཁྲོ་བཅུ་ཡབ་ཡུམ་ཟ་གསོད་བཅས། །སྒོ་སྐྱོང་བཀའ་སྲུང་ཕྲིན་ལས་ཕུར་ཚོགས་ཤར། །ཤར་ལྷོའི་དཀྱིལ་འཁོར་ཟླ་གམ་ཨེ་དབུས་སུ། །མ་མོ་ཉི་ཟླ་པདྨ་འོད་འབར་སྟེང་། །དཔལ་ཆེན་ཟླ་མེད་གསང་བ་མངོན་རྫོགས་སྐུ། །མཐིང་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །གཡས་དཀར་གཡོན་དམར་དབུས་མཐིང་བརྗིད་དང་ལྡན། །གཡས་གསུམ་རྡོ་རྗེ་ཁྱུང་ཁྲ་སྦྲུལ་ཞགས་བསྣམས། །གཡོན་གསུམ་བྷན་དམར་ཞིང་དབྱུག་དུང་ཆེན་བསྣམས། །ཀུན་བཟང་ཉིད་བཞི་བདེ་མཆོག་སྐུ་ལ་འཁྲིལ། །གཡས་པ་དྲིལ་བུ་གཙོ་འཁྱུད་གཡོན་དམར་སྟོབ། །ཡབ་ཡུམ་སྐུ་ལ་དུར་ཁྲོད་ཆས་རྣམས་རྫོགས། །འཁོར་ལོའི་རྩིབས་ཤར་རྣམ་སྣང་གསལ་དཀར་མོ། །ཞལ་གཅིག་ཕྱག་གཉིས་རྡོ་རྗེ་ཐོད་ཁྲག་བསྣམས། །འཁོར་ལོའི་ལྷོ་རྩིབས་འོད་གསལ་འབར་སེར་མོ། །ཞལ་གཅིག་ཕྱག་གཉིས་རིན་ཆེན་ཐོད་ཁྲག་བསྣམས། །འཁོར་ལོའི་


DNG015_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

ནུབ་རྩིབས་གཉན་གསལ་འབར་དམར་མོ། །ཞལ་གཅིག་ཕྱག་གཉིས་པདྨ་ཐོད་ཁྲག་བསྣམས། །འཁོར་ལོའི་བྱང་རྩིབས་ཡང་གསལ་གཡོས་སྔོན་མོ། །ཞལ་གཅིག་ཕྱག་གཉིས་རྒྱ་གྲམ་ཐོད་ཁྲག་བསྣམས། །དཔལ་ཆེན་མདུན་ཟུར་བཀྲག་གསལ་མཉམ་མཐིང་ནག །ཞལ་གཅིག་ཕྱག་གཉིས་འཁོར་ལོ་ཐོད་ཁྲག་བསྣམས། །སྤྲུལ་འཁོར་རྗེ་མོ་སྨན་མོ་བདུན་ཅུ་གཉིས། །སྒོ་སྐྱོང་བཀའ་སྲུང་རྦོད་གཏོང་ཡོངས་རྫོགས་ཤར། །ལྷོ་ནུབ་དཀྱིལ་འཁོར་ཟླ་གམ་ཨེ་ཡི་དབུས། །སེང་ཆེན་དར་གྱི་ཕོ་ལོང་པད་བརྩེགས་སྟེང་། །དཔལ་ཆེན་རྡོ་རྗེ་ཐོད་པ་རྩལ་མཆོག་སྐུ། །ཞལ་ཕྱག་སྐུ་མདོག་ཕྱག་མཚན་སྣ་ཚོགས་ཀྱང་། །མི་རྣམས་འདུལ་ཕྱིར་ཞལ་གཅིག་ཕྱག་གཉིས་གསལ། །གཡས་པ་རྡོ་རྗེ་གཡོན་པ་དྲིལ་བུ་འཁྲོལ། །གཉིས་མེད་ཡུམ་ཆེན་རྡོ་རྗེ་རྣལ་འབྱོར་འཁྲིལ། །ཡབ་ཡུམ་སྐུ་ལ་རིན་ཆེན་རུས་པས་བརྒྱན། །དབང་གི་ཐོར་ཚུགས་ལྡེམ་པ་དར་དམར་བཅིངས། །འཁོར་ལོའི་རྩིབས་ཤར་ལྷུན་གྲུབ་རིག་འཛིན་དཀར། །རྩིབས་ལྷོར་ཕྱག་རྒྱ་ཆེན་པོའི་རིག་འཛིན་སེར། །ནུབ་རྩིབས་ཚེ་ལ་དབང་བའི་རིག་འཛིན་དམར། །བྱང་རྩིབས་རྣམ་པར་སྨིན་པའི་རིག་འཛིན་ལྗང་། །ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་ཐོར་ཚུགས་ཅན། །རིན་ཆེན་རུས་པ་དར་སྣའི་རྒྱན་གྱིས་སྤྲས། །སྤྲུལ་འཁོར་གྲུབ་པའི་རིག་འཛིན་ཆེན་པོ་བརྒྱད། །སྒོ་སྐྱོང་བཀའ་སྲུང་རིག་འཛིན་ཡོངས་རྫོགས་ཤར། །ནུབ་བྱང་དཀྱིལ་འཁོར་ཟླ་གམ་ཨེའི་དབུས་སུ། །ལྷ་ཆེན་ཉི་ཟླ་པདྨ་འོད་འབར་སྟེང་། །དཔལ་ཆེན་དྲེགས་པ་ཀུན་འདུལ་འཇིགས་བྱེད་སྐུ། །མཐིང་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །གཡས་དཀར་གཡོན་དམར་དབུས་མཐིང་རྔམ་ལ་འཇིགས། །གཡས་གསུམ་རྡོ་རྗེ་ལྷ་བརྒྱད་མགོ་བོ་འཛིན། །གཡོན་གསུམ་བྷན་དམར་ཀླུ་བརྒྱད་མགོ་བོ་བསྣམས། །སྲིད་པ་སྤྱི་འདུལ་སྐུ་ལ་དགྱེས་པར་


DNG015_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲིལ། །འཁོར་རྩིབས་ཤར་དུ་ཡ་མ་རཱ་ཛ་ནག །གཡས་པ་བེ་ཅོན་གཡོན་པ་ཐོད་དབྱུག་བསྣམས། །སྒྲོལ་བྱེད་ཡུམ་ནག་འཁོར་ལོ་ཐོད་ཁྲག་སྟོབ། །འཁོར་རྩིབས་ལྷོ་རུ་སྐོས་རྗེ་དྲང་དཀར་ནག །གཡས་པ་ཁྲམ་ཤིང་གཡོན་པ་ཐོད་ཁྲག་བསྣམས། །ནག་མོ་རེ་ཏི་ཁྲམ་ཤིང་ནད་རྐྱལ་ཐོགས། །འཁོར་རྩིབས་ནུབ་ཏུ་སྲིན་པོ་གློག་ཕྲེང་ནག །གཡས་པ་གློག་ཕྲེང་གཡོན་པ་སེར་བ་ཐོགས། །སྦལ་མགོ་ཁྲག་མིག་ཕུར་པ་མི་མགོ་འཛིན། །འཁོར་རྩིབས་བྱང་དུ་གནོད་སྦྱིན་མེ་དབལ་ནང་། །གཡས་པ་རིན་ཆེན་གཡོན་པ་ཟངས་གྲི་བསྣམས། །གནོད་སྦྱིན་སྔོན་མོ་སྤུ་གྲི་གཡུ་སྤྱང་ཐོགས། །སྤྲུལ་འཁོར་སྡེ་དཔོན་ཉི་ཤུ་རབ་འཇིགས་བསྐོར། །ཡང་སྤྲུལ་སྒོ་སྐྱོང་འཇིག་རྟེན་དྲེགས་ཚོགས་ཤར། །བྱང་ཤར་དཀྱིལ་འཁོར་ཟླ་གམ་ཨེ་ཡི་དབུས། །དགྲ་བགེགས་ཉི་ཟླ་པདྨ་འབར་བའི་སྟེང་། །དཔལ་ཆེན་དྲག་པོ་སྟོབས་ལྡན་ནག་པོའི་སྐུ། །ཞལ་གསུམ་ཕྱག་དྲུག་ཞབས་བཞི་དོར་སྟབས་བགྲད། །དབུ་གསུམ་མཐིང་ནག་ནག་དང་ནག་འཚེར་ཁྲོས། །གཡས་གསུམ་རྡོ་རྗེ་ལྷ་བརྒྱད་ཙིཏྟ་བསྣམས། །གཡོན་གསུམ་ཐོད་ཁྲག་ཀླུ་བརྒྱད་ཙིཏྟ་འཛིན། །འབྱུང་ལྔའི་བདག་མོ་གཟུགས་འདེགས་འདོད་ཁམས་གནོན། །རྩིབས་ཤར་གཤིན་རྗེ་འཆི་བདག་ནག་པོའི་སྐུ། །གཡས་པ་གྲི་གུག་གཡོན་པ་ཐོད་ཁྲག་བསྣམས། །གསོད་བྱེད་ནག་མོ་ཟངས་གྲི་ཙིཏྟ་འཛིན། །རྩིབས་ལྷོར་བདུད་ནག་མེ་ཡི་ཁ་རླངས་ཅན། །གཡས་པ་ཁ་ཊྭཱཾ་གཡོན་པ་ཏྲི་ཤཱུལ་ཐོགས། །བདུད་མོ་ནག་མོ་ཁྲམ་ཤིང་ཐོད་རློན་འཛིན། །ནུབ་རྩིབས་སྲིན་པོ་གསོད་བྱེད་འབར་བ་སྨུག །གཡས་པ་རལ་གྲི་གཡོན་པ་ཐོད་ཁྲག་ཐོགས། །ཟ་བྱེད་ནག་མོ་གྲི་གུག་ཐོད་ཁྲག་ཐོགས། །བྱང་རྩིབས་གནོད་སྦྱིན་གང་བ་བཟང་པོ་སྔོ། །གཡས་པ་རལ་གྲི་གཡོན་པ་དར་ནག་འཕྱར། །ཤ་ཟ་སྔོན་མོ་དར་ནག་མི་ལྤགས་ཐོགས། །སྤྲུལ་འཁོར་སྡེ་དཔོན་འཇིགས་བྱེད་བཅུ་ཡིས་བསྐོར། །སྔགས་བདག་དྲེགས་པ་ཡོངས་རྫོགས་དྲག་པོ་ཤར། །ཀུན་ཀྱང་ཁྲོ་རྔམ་སྒེག་པ་དཔའ་ལ་འཇིགས། །སྙིང་རྗེའི་སྤྱན་ལྡན་གར་དགུའི་ཆས་རྫོགས་


DNG015_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

གསལ། །དཀྱིལ་འཁོར་ཆེན་པོའི་ཕྱི་ཁྱམས་འཁོར་ཡུག་ཏུ། །སྤྲུལ་འཁོར་ཡང་སྤྲུལ་བཀའ་ཉན་ཕོ་ཉ་སྟེ། །སྤྲུལ་འཁོར་གོང་སྨོས་སྲས་མིན་བདེ་བརྗོད་རྣམས། །མངོན་སྤྱོད་ལས་ཀྱིས་གདུལ་དཀའི་འགྲོ་འདུལ་ཕྱིར། །སྐུ་མདོག་སྣ་ཚོགས་གདབ་ཕུར་བརྒྱ་རྩར་གསལ། །མཁའ་འགྲོ་གིང་གཙོ་བཞི་བཞི་མ་སྲིང་ཤར། །སྒོ་བཞི་སྐྱོང་མཛད་ཁྲོ་རྒྱལ་ཡབ་ཡུམ་བརྒྱད། །ཡ་མཱནྟ་ཀྲྀཏ་དཀར་པོ་ཐོད་དབྱུག་ལྕགས་ཀྱུ་ཐོགས། །པྲཛྙཱནྟ་ཀྲྀཏ་སེར་པོ་རྩེ་གསུམ་ཞགས་པ་ཐོགས། །པདྨཱནྟ་ཀྲྀཏ་དམར་པོ་ཐོད་སྦྲུལ་ལྕགས་སྒྲོག་ཐོགས། །བིགྷྣཱནྟ་ཀྲྀཏ་ལྗང་གུ་རྒྱ་གྲམ་དྲིལ་བུ་ཐོགས། །རྟ་གདོང་དཀར་མོ་ཕག་ནག་སྤྲེའུ་དམར་སྤྱང་གདོང་ལྗང་། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་འཁྲོལ་མ། །སྡིགས་མཛུབ་སྒོ་འདབ་གཡས་གཡོན་ནང་ངོས་ཤར། །ཕྱི་རིམ་ལྕགས་རིའི་སྐོར་དུ་དབང་ཕྱུག་མ། །ཉེར་བརྒྱད་ཌཱ་ཀི་སུམ་ཅུ་རྩ་གཉིས་དང་། །གིང་ཆེན་བཅོ་བརྒྱད་ལངྈ་བརྟན་མ་དང་། །ཕོ་ཉ་དྲུག་ཅུ་རྩ་བཞི་སྤྲིན་ལྟར་བསྐོར། །སྣང་སྲིད་ཡོངས་རྫོགས་ལྷར་གསལ་རྣམ་པར་དག །ཆོས་སྐུའི་རང་རྩལ་ཞི་དང་ཁྲོ་གར་བསྒྱུར། །ཞི་ལྷ་བསམ་ཡས་དམ་པ་རིགས་བརྒྱར་འདུས། །དེ་ཉིད་བཞི་བཅུ་རྩ་གཉིས་ལྷ་ལ་ཐུག །དེ་དག་རྒྱལ་བ་སྐུ་ལྔར་ཡོངས་རྫོགས་ཤིང་། །དེ་ཡང་གསུམ་གཅིག་གསང་ཆེན་ཡིན་ནམ་རྡོ་རྗེ་སེམས་དཔར་ཐུག །དེ་བཞིན་བདེ་གཤེགས་ཡོངས་རྫོགས་སྐུ་བསྒྲུབ་མཐའ། །བསམ་འདས་འཇམ་དཔལ་གཤིན་རྗེ་གཤེད་ལ་ཐུག །གསུང་བསྒྲུབ་ལྷ་མཐའ་རྟ་མགྲིན་དབང་ཆེན་ལ། །ཐུགས་བསྒྲུབ་ལྷ་རྣམས་བཛྲ་ཧེ་རུའི་སྐུ། །ཡོན་ཏན་ལྷ་ཚོགས་ཆེ་མཆོག་ཉིད་ལ་ཐུག །ཕྲིན་ལས་ལྷ་ཚོགས་རྡོ་རྗེ་གཞོན་ནུ་ཉིད། །རྦོད་གཏོང་བསྒྲུབ་མཐའ་བླ་མེད་ཧེ་རུར་ཐུག །རིག་འཛིན་བསྒྲུབ་མཐའ་རྡོ་རྗེ་ཐོད་པ་རྩལ། །འཇིག་རྟེན་བསྒྲུབ་མཐའ་དྲེགས་པ་ཀུན་འདུལ་ཏེ། །དྲག་སྔགས་བསྒྲུབ་མཐའ་སྟོབས་ལྡན་ཉིད་ལ་ཐུག །ཐམས་ཅད་ཡོངས་རྫོགས་ཚོམ་དགུར་བདེ་གཤེགས་འདུས། །དྲིལ་བསྒྲུབ་ཁྲོ་རྒྱལ་ཀུན་གྱི་


DNG015_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

ཐུག་མཐའ་ཡིན། །སྐུ་ཡི་རང་བཞིན་ཤེས་ན་ཡང་དག་སྐུ། །སྐུ་ཡི་རྣམ་བཀོད་དེ་ཉིད་རབ་བསྟན་ནས། །གསང་བ་སྔགས་ཀྱི་དེ་ཉིད་བསྟན་པར་བྱ། །བདེ་གཤེགས་ཡོངས་རྫོགས་རྣམ་དག་ཆོ་འཕྲུལ་ནི། །ཐབས་ཤེས་མ་འགགས་རང་བྱུང་ཡི་གེར་གྲགས། །ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵཿ། གསལ་བྱེད་ཐབས་ཀྱི་ཡི་གེ་ཡབ་ཏུ་ཤར། །ཨ་ཨཱ། ཨི་ཨཱིཾ། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ། ཤེས་རབ་དབྱིངས་ཀྱི་ཡི་གེ་ཡུམ་དུ་ཤར། །ཐབས་ཤེས་ཡབ་ཡུམ་གཉིས་མེད་རོལ་པའི་མཐུས། །སྔགས་ཀྱི་སྒྲ་སྐད་མ་འགགས་སྣ་ཚོགས་སྒྲོགས། །ཆོས་སྒྲས་འཇིག་རྟེན་ཡོངས་ཁྱབ་ངོ་མཚར་ཆེ། །ཐབས་ཀྱི་རྡོ་རྗེ་གསལ་བྱེད་ཤེས་རབ་པདྨར་སྦྱར། །ཟུང་འཇུག་སྦྱོར་མཚམས་ནས་བྱུང་སྔགས་ཐེམ་ནི། །སྔགས་རྣམས་དང་པོ་དབྱངས་ཀྱི་འབྲུ་དང་འགོ། །ཤེས་རབ་བཅུ་གསུམ་སྟེང་བཞག་བཅོ་ལྔའི་མགོ་བོས་བརྒྱན། །ཡེ་ཤེས་ལྔ་ལྡན་ཀུན་དབུར་དྲང་བྱ་ཨོཾ། །གསལ་བྱེད་གསུམ་གསུམ་དབྱངས་ཡིག་དྲུག་མཇུག་འཐུད། །ཤེས་རབ་བཅོ་ལྔའི་མགོ་སྟེང་བརྒྱན་པ་ཧཱུཾ། །ཐབས་ཡིག་སོ་གཉིས་ཉེར་དགུ་ཕྱེད་བརྒྱན་སྭཱ། །ཤེས་རབ་གཉིས་པའི་ཨཱ་དང་ཐབས་ཀྱི་སོ་གསུམ་པ། །མཇུག་ལ་ཤེས་རབ་དང་འོག་བཏགས་པ་ཧཱ། །ཞི་བ་ཡོངས་རྫོགས་རིགས་ལྔའི་ཡང་སྙིང་ཡིན། །ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། ཨོཾ་དང་ཧཱ་ཡིག་ཐོག་མཐའ་བར་བཅུ་དྲུག །དམ་པ་རིགས་བརྒྱ་འདུས་པའི་ཡང་སྙིང་ཡིན། །ཨོཾ་ཨཱ་ལི་ཀཱ་ལི་ཛྙཱ་ན་པཉྩ་སཏྭ་ཀྲོ་དྷ་མུ་ན་ཡེ་སྭཱ་ཧཱ། ཨོཾ་དང་ཧཱ་ཡི་བར་ན་བཅུ་གཉིས་པ། །བཞི་བཅུ་རྩ་གཉིས་ཞི་བའི་སྙིང་པོ་ཡིན། །ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨ། ཨོཾ་དང་ཧཱུཾ་བར་རང་བྱུང་འབྲུ་གཅིག་ཨཱཿགནས་པ། །ཨོཾ་ཨཱཿཧཱུཾ་སངས་རྒྱས་ཀུན་འདུས་རིགས་གཅིག་ཡང་སྙིང་ཡིན། །དེ་བཞིན་ཧཱུཾ་ནི་བདེ་གཤེགས་ཀུན་འདུས་ཡང་སྙིང་མཐའ། །ཨོཾ་ཕཊ་བར་ན་ཡི་གེ་བཅུ་གནས་པ། །ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ། ཆེ་མཆོག་


DNG015_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་ཡོངས་རྫོགས་སྙིང་པོ་ཡིན། །ཨོཾ་ཕཊ་བར་ན་ཡི་གེ་བདུན་གནས་པ། །ཨོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ་ཕཊ།ཡང་དག་ཐུགས་མཆོག་ཡོངས་རྫོགས་སྙིང་པོ་ཡིན། །ཨོཾ་ཕཊ་བར་ན་ཡི་གེ་བཅོ་ལྔ་པ། །ཨོཾ་ཨཱ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུཾ་ཕཊ། གཤིན་རྗེ་གཤེད་པོ་ཡོངས་རྫོགས་སྙིང་པོ་ཡིན། །ཨོཾ་ཕཊ་བར་ན་ཡི་གེ་བཅུ་བདུན་པ། །ཨོཾ་པདྨཱནྟ་ཀྲྀཏ་མ་ཧཱ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། པདྨ་དབང་ཆེན་ཡོངས་རྫོགས་སྙིང་པོ་ཡིན། །ཨོཾ་ཕཊ་བར་ན་ཡི་གེ་བཅུ་གཉིས་པ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ།སརྦ་བིགྷྣཱཾ་བཾ་ཧཱུཾ་ཕཊ། ཕུར་པ་ཕྲིན་ལས་ཡོངས་རྫོགས་སྙིང་པོ་ཡིན། །ཨོཾ་ཕཊ་བར་ན་ཡི་གེ་རྩ་དགུ་པ། །ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ །གུ་ཧྱ་ཛྙཱ་ན་ཀྲོ་དྷཱི་ཤྭ་རཱི་སྟྭཾ། མ་མ་ཡོ་གི་ནཱི་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ་ཕཊ། རྦོད་གཏོང་མ་མོ་ཡོངས་རྫོགས་སྙིང་པོ་ཡིན། །ཨོཾ་ཕཊ་བར་ན་ཡི་གེ་བརྒྱད་གནས་པ། །ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་ཧཱུཾ་ཕཊ། རིག་འཛིན་སློབ་དཔོན་ཡོངས་རྫོགས་སྙིང་པོ་ཡིན། །ཨོཾ་ཕཊ་བར་ན་ཡི་གེ་བརྒྱད་གནས་པ། །ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱན་ཧཱུཾ་ཕཊ། འཇིག་རྟེན་མཆོད་བསྟོད་ཡོངས་རྫོགས་སྙིང་པོ་ཡིན། །ཨོཾ་ཕཊ་བར་ན་ཡི་གེ་དྲུག་གནས་པ། །ཨོཾ་བཛྲ་སརྦ་དུཥྚཱན་ཧཱུཾ་ཕཊ། དམོད་པ་དྲག་སྔགས་ཡོངས་རྫོགས་སྙིང་པོ་ཡིན། །ཐབས་ཤེས་འོད་ཟེར་སྲས་ཀྱི་དགོས་སྔགས་ནི། །ཨོཾ་ཤྲཱི་མ་ཧཱ་རཀྴ་ཧེ་རུ་ཀ་ཧཱུཾ་ཕཊ། ཨོཾ་རཀྴ་ཀྲོ་དྷཱི་ཤྭ་རཱི་ཧཱུཾ་ཕཊ། ཨོཾ་ཤྲཱི་མ་ཧཱ་གུ་ཧྱ་ཧེ་རུ་ཀ་ཧཱུཾ་ཕཊ། ཨོཾ་གུ་ཧྱ་ཀྲོ་དྷཱི་ཤྭ་རི་ཧཱུཾ་ཕཊ།ཨོཾ་ཤྲཱི་མ་ཧཱ་བི་ཤྭ་ཧེ་རུ་ཀ་ཧཱུཾ་ཕཊ། ཨོཾ་བི་ཤྭ་ཀྲོ་དྷཱི་ཤྭ་རཱི་ཧཱུཾ་ཕཊ། ཨོཾ་མ་ཧཱ་ཡཀྵ་ཧེ་རུ་ཀ་ཧཱུཾ་ཕཊ། ཨོཾ་ཡཀྵ་ཀྲོ་དྷཱི་ཤྭ་རཱི་ཧཱུཾ་ཕཊ། ཆེ་མཆོག་སྲས་བཞི་ཧེ་རུ་ཀ་ཡབ་ཡུམ་གྱི་སྙིང་པོའོ། །ཨོཾ་བུཌྜྷ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ། ཨོཾ་བུཌྜྷ་ཀྲོ་དྷཱི་ཤྭ་རཱི་ཧེ་རུ་ཀ་ཧཱུཾ་ཕཊ། ཨོཾ་རཏྣ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ། ཨོཾ་རཏྣ་ཀྲོ་དྷཱི་ཤྭ་རཱི་ཧཱུཾ་ཕཊ། ཨོཾ་པདྨ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ། ཨོཾ་པདྨ་ཀྲོ་དྷཱི་ཤྭ་རཱི་ཧཱུཾ་ཕཊ། ཨོཾ་ཀརྨ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ། ཨོཾ་ཀརྨ་ཀྲོ་དྷཱི་ཤྭ་རཱི་ཧཱུཾ་ཕཊ། བཛྲ་ཧེ་རུ་ཀའི་སྲས་བཞི་རིགས་བཞི་ཧེ་རུ་ཀ་ཡབ་ཡུམ་གྱི་སྙིང་པོའོ། །ཨོཾ་ཡ་མ་རཱ་ཛ་པྲེ་ཏ་ཐོ་ལི་


DNG015_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ་ཕཊ། ཨོཾ་རཀྨོ་རཀྨོ་སྙིང་རྩ་ལ་ཤ་མ་བྷྱོ། ཨོཾ་ཡ་མ་རཱ་ཛ་པྲེ་ཏ་བི་དི་མ་རྡ་ཀ་ཧཱུཾ་ཕཊ། ཨོཾ་རཀྨོ་རཀྨོ་ཁྲག་ལ་མུ་ཤ་མ་བྷྱོ། ཨོཾ་ཡ་མ་རཱ་ཛ་པྲེ་ཏ་ཛྭ་ལ་ཧཱུཾ་ཕཊ། ཨོཾ་རཀྨོ་ཏིང་ལམ་མ་བྷྱོ། ཨོཾ་ཡ་མ་རཱ་ཛ་ཀཱ་ལ་ཀྵེ་པྲེ་ཏོད་ཀ་ཊ་ཧཱུཾ་ཕཊ། ཨོཾ་རཀྨོ་རཀྨོ་ཏིང་ཀ་ལམ་བྷྱོ། གཤིན་རྗེ་གཤེད་སྲས་རིགས་བཞིའི་ཡབ་ཡུམ་གྱི་སྙིང་པོ་ཡིན་ནོ། །ཨོཾ་པདྨ་ཀྲོ་དྷ་ཧ་ན་ཧ་ན་ཧཱུཾ་ཕཊ།ཨོཾ་བཛྲེ་ཤྭ་རཱི་ཀྲོ་དྷི་ཧཱུཾ་ཕཊ། ཨོཾ་རཏྱཱུ་པདྨ་ཀྲོ་དྷ་ད་ཧ་ད་ཧ་ཧཱུཾ་ཕཊ། ཨོཾ་རཏྣ་ཤྭ་རཱི་ཀྲོ་དྷི་ཧཱུཾ། ཨོཾ་པདྨ་ཀྲོ་དྷ་པ་ཙ་པ་ཙ་ཧཱུཾ་ཕཊ། ཨོཾ་པདྨེ་ཀྲོ་དྷཱི་ཤྭ་རཱི་ཧཱུཾ་ཕཊ། ཨོཾ་ཀརྨ་པདྨ་ཀྲོ་དྷ་བན་དྷ་བན་དྷ་ཧཱུཾ་ཕཊ། ཨོཾ་ཀརྨ་ཤྭ་རཱི་ཧཱུཾ་ཕཊ། པདྨ་དབང་ཆེན་སྲས་རིགས་བཞི་ཡབ་ཡུམ་གྱི་སྙིང་པོའོ། །ཨོཾ་བུཌྜྷ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་བུཌྜྷ་ཀྲོ་དྷཱི་ཤྭ་རཱི་ཧཱུཾ། ཨོཾ་རཏྣ་ཀཱི་ལི་ཀི་ལ་ཡ་ཧཱུཾ་ཕཊ། ཨོཾ་རཏྣ་ཀྲོ་དྷཱི་ཤྭ་རཱི་ཧཱུཾ། ཨོཾ་པདྨ་ཀཱི་ལི་ཀི་ལ་ཡ་ཧཱུཾ་ཕཊ། ཨོཾ་པདྨ་ཀྲོ་དྷཱི་ཤྭ་རཱི་ཧཱུཾ། ཨོཾ་ཀརྨ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་ཀརྨ་ཀྲོ་དྷཱི་ཤྭ་རཱི་ཧཱུཾ། རྡོ་རྗེ་གཞོན་ནུ་སྲས་བཞི་ཡབ་ཡུམ་གྱི་སྙིང་པོའོ། །ཨོཾ་གྷྲི་ས་མུ་ཧཱུཾ་སྭཱ་ཧཱ། ཨོཾ་ཛྭ་ལ་རཾ་པ་ཧ། ཨོཾ་བྷི་ཤ་སནྡྷི་ཧ། ཨོཾ་བྷི་ར་ཡཾ་ལཾ་ཏེ་ཧ། ཨོཾ་མ་ཧཱ་ལཾ་ཏེ་ཧ། བླ་མེད་ཧེ་རུ་ཀའི་ཡུམ་རྟག་པའི་རྒྱལ་མོ་ལྔའི་སྙིང་པོའོ། །ཨོཾ་བུཌྜྷ་གུ་རུ་མ་ཧཱ་ཧཱུཾ། ཨོཾ་རཏྣ་གུ་རུ་མ་ཧཱ་ཧཱུཾ། ཨོཾ་པདྨ་གུ་རུ་མ་ཧཱ་ཧཱུཾ། ཨོཾ་ཀརྨ་གུ་རུ་མ་ཧཱ་ཧཱུཾ། རིག་འཛིན་བཞིའི་སྙིང་པོའོ། །ཡ་མ་རཱ་ཛ་བྷྱོ། ཡ་མ་དན་ཏི་ཡ་ཛ་བྷྱོ། དུ་ཕྲག་དུ་ཛ་བྷྱོ། དུན་ཏིང་དུ་ཛ་བྷྱོ། རཀྵ་ར་ཛ་བྷྱོ། རཀྨོ་ར་ཛ་བྷྱོ། ཡཀྵ་ཀྵ་ཛ་བྷྱོ། ཡཀྨོ་ཀྵ་ཛ་བྷྱོ། དྲེགས་པ་ཀུན་འདུལ་སྲས་ཕོ་ཉ་ཡབ་ཡུམ་གྱི་སྙིང་པོའོ། །ཡ་མ་རཱ་ཛ་ཙིཏྟ་ཧྲིཾ་ཧྲིཾ་ཛ་བྷྱོ། རཀྵ་ར་ཙིཏྟ་ཧྲིཾ་ཧྲིཾ་ཛ་བྷྱོ། རཀྨོ་ར་ཙིཏྟ་ཧྲིཾ་ཧྲིཾ་ཛ་བྷྱོ། ཡཀྵ་ཀྵ་ཙིཏྟ་ཧྲིཾ་ཧྲིཾ་ཛ་བྷྱོ། ཡཀྨོ་ཀྵ་ཙིཏྟ་ཛ་བྷྱོ་མ་མ་རུ་ལུ་ཙིཏྟ་ཧྲིཾ་ཧྲིཾ་ཛ་བྷྱོ། དུ་ཕྲག་དུ་ཙིཏྟ་ཧྲིཾ་ཧྲིཾ་ཛ་བྷྱོ། དུན་ཏིང་དུ་ཙིཏྟ་ཧྲིཾ་ཧྲིཾ་ཛ་བྷྱོ། སྟོབས་ལྡན་ནག་པོ་སྲས་སྔགས་བདག་རིགས་བཞིའི་སྙིང་པོའོ། །ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུཾ་ཕཊ། ཡ་མ་ར་ཛ་ས་དོ་མེ་ཡ། ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཡ་ད་ཡོ་ནི། ར་ཡ་ཀྵེ་ཡ། ཡཀྵེ་ཡཙྪ་ནི་རཱ་མ་ཡ། ཆེ་གེ་


DNG015_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

མོ་མཱ་ར་ཡ་ཧཱུཾ་ཕཊ། གཤིན་རྗེ་ཡོངས་རྫོགས་ཀྱི་དྲག་སྔགས་སོ། །ཨོཾ་པདྨཱནྟ་ཀྲྀཏ། ཧ་ཡ་གྲཱི་ཝ། མ་ཧཱ་ཀྲོ་དྷ། ཨེ་ཀ་ཛ་ཊཱི། ས་མ་ཡ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཨ་ར་ལི་ཛ། ཀྲོ་དྷ་པྲ་བེ་ཤ །ཚལ་པ་ཚལ་པ། དུམ་བུ་དུམ་བུ་ཧཱུཾ་ཕཊ། པདྨ་དབང་ཆེན་ཡོངས་རྫོགས་ཀྱི་སྙིང་པོའོ། །ཨོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཨོཾ་ཨཱཾ་ཧཱུཾ་ཧ་ཧེ་ཧཱུཾ་ཕཊ། ཧཱུཾ་ནི་མ་ཙིཏྟ། རྡུལ་ཕྲན་རྡུལ་ཕྲན། ཀེཾ་ཀེཾ་རཀྟ། མ་རུ་ཙེ་སྙིང་ལ་ཤད་ཤད། ཙིན་དྷ་མ་རུས་ལ་ཀེཾ་ཀེཾ། རུ་ཏི་ཤ་རྦད། ཛཿཧཱུཾ་བཾ་ཧོཿ། དབུགས་ལ་འུབ་འུབ། ཨ་ཧཱུཾ་མ་མ་བྷྱོ་ཛ། རུ་ལུ་རུ་ལུ་རཀྨོ་བྷྱོ་ཛ་ཛ། ཡང་དག་ཡོངས་རྫོགས་དྲག་སྔགས་སོ། །ཨོཾ་ཤྲཱི་མ་ཧཱ་ས་མ་ཡ། བཛྲ་ཡཀྵ་ཧེ་ཧ་ཧཱུཾ། ཨོཾ་བི་ཤྭ་ཀྲོ་དྷ་ཀྲོ་དྷ་ཛྭ་ལ་མཎྜ་ལ་ཧཱུཾ། མ་ཧཱ་སྲོག་ཤ་ཁ་ཐུན་ཧ་ལ་ཧ་ལ་ཧཱུཾ་ཕཊ། ཛཿཛཿ། ཆེ་མཆོག་ཡོངས་རྫོགས་དྲག་སྔགས་སོ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཨོཾ་སརྦ་བི་གྷྣཱཾ་བཾ་ཧཱུཾ་ཕཊ། མ་མ་རཀྨོ་ཡཀྨོ་ཀཱ་ལ་རཱུ་པ་སྙིང་རྩ་ལ་ཡཾ་ཡཾ། སྲོག་ལ་ཡཾ་ཡཾ། སྙིང་ལ་ཕྲིལ་ཕྲིལ། སྲོག་ལ་སྡྱ ་སྡྱ ། ཙིཏྟ་སྲོག་ལ་ཏུང་ཏུང་། སྙིང་ཁྲག་ཤད་ཛ། ཐུམ་རི་ལི་ལི། སྙིང་ཙེག་ཙེག་འུར་འུར། ཤིག་ཤིག །གུལ་གུལ། མྱགས་མྱགས། སོད་སོད། དྷ་དྷི་མ་མ།ཀརྨ་ཤི་གྷྲཾ་ཀ་རཱ་ཡ། མཱ་ར་སེ་ན་ཕྲ་མརྡ་ནཱ་ཡ་ཧཱུཾ་ཕཊ། ཕུར་པ་ཡོངས་རྫོགས་དྲག་སྔགས་སོ། །ཨོཾ་བཛྲ་ནི་ལ་ཁ་ཊྭཱཾ་ག་ཀྲོ་དྷཱི་ཤྭ་རཱི། བྷ་ག་པདྨ་རྒྱ་བདེ་ཀློང་ཤོན་མ་ཛཿཛཿབྷྱོ་བྷྱོ། མ་མ་རཀྵ་མ་མ་རཀྵ་རུ་ལུ་རུ་ལུ། རཀྨོ་སྙིང་ཁྲག་ལ་མ་བྷྱོ།ཏྲག་རཀྵ་མ་མ་སྲོག་ཐུན་བྷྱོ། ཆེ་གེ་མོ་ནྲྀ་དུག་སྙིང་མཱ་ར་ཡ་ཕཊ། བཛྲ་ཏ་ཚ་ཁྲིམ་མུགས་ཤ་མུགས་ཤ །རྦད་ད་ར་རྦད་ད་ར། མུགས་ཏེ་མྱོགས་ཤར་སོད།ཙི་སོད་སྙིང་ལ་ཐུམ་རིལ་ཡཱ། མིག་དཀྱུས་ནས་ཕྱུང་ཞིག །རྒྱུངས་པ་རྩད་ནས་ཆོད་ཅིག །ལྕེ་ལྐོག་ནས་དྲོངས་ཤིག །མ་མོ་ཡོངས་རྫོགས་དྲག་སྔགས་སོ། །ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་ཧཱུཾ་ཕཊ། ཀཱ་ལ་རཱུ་པ་ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ། རིག་འཛིན་ཡོངས་རྫོགས་དྲག་སྔགས་སོ། །ཨོཾ་བཛྲ་ཙཎྜ་སརྦ་དུཥྚན་ཧཱུཾ་ཕཊ། གིང་ཀ་ར་བདུད་ཏྲི་མཱ་ར་ཡ་ཧཱུཾ། ཨ་བི་ཤུ་བ་ཤ་མི་ཀི་ནཱ་ག་ཡཀྵ། རཀྵ་མ་མ་ཆེ་གེ་མོ་མཱ་ར་ཡ་རྦད།


DNG015_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་ཡོངས་རྫོགས་དྲག་སྔགས་སོ། །ཨོཾ་བཛྲ་སརྦ་དུཥྚཱན་ཧཱུཾ་ཕཊ། ཡ་མ། ནཱ་ག །དེ་བ། རཱ་ཧུ་ལ། ཡཀྵ་རཀྵ་དྷ་ཤ་གྷྲཱི་ཝ། ཆེ་གེ་མོ་མཱ་ར་ཡ་རྦད། དམོད་པ་ཡོངས་རྫོགས་དྲག་སྔགས་སོ། །ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། མུཾ་ཧྲཱྀཿཧཱུཾ་ཨཿ། ཨོཾ་བཛྲ་ཤྲཱི་མ་ཧཱ་ཀྲོ་དྷཱ་ཧཱུཾ། ཤྲཱི་ཧེ་རུ་ཀ །ཡ་མཱནྟ་ཀ །ཧྲི་པདྨཱནྟ་ཀྲྀཏ། ཧཱུཾ་བཛྲ་ཀཱི་ལ་ཀཱི་ལ་ཡ། མ་ཧཱ་ཡཀྵ། ཀཱ་ལ་རཱུ་པ། ཡཀྵ་ཀྲོ་དྷ། བཛྲ་སརྦ་དུཥྚཱན། ཨོཾ་ཛ་བྷྲཱུཾ་བཛྲ་ག་རུ་རྟ། མ་མ་ཀྲོ་དྷཱི་ཤྭ་རཱི། ཀརྨ་རཾ་རཾ། ཛྭ་ལ་རཾ་རཾ། ཧཱུཾ་ཧཱུཾ་ཕཊ་ཕཊ། ཞི་ཁྲོ་བདེ་གཤེགས་ཡོངས་རྫོགས་བསྙེན་བསྒྲུབ་ལས་སུ་བཅས་པའི་ནུས་འདྲིལ་ཆེན་མོའི་སྔགས་སོ། །ཨོཾ་བཛྲ་མ་ཧཱ་ཀྲོ་དྷ། པདྨ་ཀྲོ་དྷཱི་ཤྭ་རཱི་བཛྲ་ཀཱི་ལ་ཡ། མ་ཧཱ་ཡཀྵ། ཀཱ་ལ་རཱུ་པ། ཀརྨ་རཾ་རཾ་ཛྭ་ལ་རཾ་རཾ་ཧཱུཾ་ཕཊ། ཡོངས་རྫོགས་ནུས་པ་དྲིལ་བ་བསྙེན་བསྒྲུབ་ལས་སུ་བཅས་པའི་སྔགས་སོ། །ཨོཾ་ཡ་མཱནྟ་ཀྲྀཏ་ཕཊ།བཛྲ་ཨཾ་ཀུ་ཤ་ཛཿ། ཨོཾ་པྲཛྙཱནྟ་ཀྲྀཏ་ཕཊ། བཛྲ་པཱ་ཤ་ཧཱུཾ། ཨོཾ་པདྨཱན་ཏ་ཀྲིཏ་ཕཊ། བཛྲ་སྥོ་ཊ་བཾ། ཨོཾ་བིགྷྣཱནྟ་ཀྲྀཏ་ཕཊ། བཛྲ་གཎྜ་ཧོཿ། སྒོ་བ་ཡབ་ཡུམ་བརྒྱད་ཀྱི་སྙིང་པོའོ། །ཐབས་ཤེས་གསལ་དབྱངས་དག་ལས་སྤྲོས་པ་ཡི། །གཞན་ཡང་ལས་བྱེད་སྙིང་པོ་གང་གང་དག །འདི་ཉིད་གོང་འོག་ཡན་ལག་ཀུན་ཤེས་འཕྲུལ། །ཐབས་ཤེས་ཨཱ་ལི་ཀཱ་ལིའི་དོན་ཤེས་ནས། །སྒྲར་གྲགས་ཐམས་ཅད་ཡོངས་རྫོགས་སྔགས་སྙིང་རང་ཤར་བས། །རྒྱུ་འཇུག་གནས་དེ་ཡི་གེ་གསུམ་གྱི་དངོས། །འགྱུས་དྲན་འཛིན་ཆགས་རང་གྲོལ་དོན་སྙིང་ཧཱུཾ། །བདེ་གཤེགས་ཡོངས་རྫོགས་གསུང་སྒྲུབ་ཐུགས་མཐའ་ནི། །ཞི་བ་མ་ལུས་སྙིང་པོ་གསུང་གི་མཐའ། །ཨཱ་ལི་བཅོ་བརྒྱད་སྔགས་ལ་ཡོངས་སུ་རྫོགས། །དེ་ཡང་བཞི་བཅུ་རྩ་གཉིས་སྙིང་པོའི་མཐའ། །བོ་དྷི་བཅུ་བཞི་པ་ལ་ཡོངས་སུ་རྫོགས། །དེ་ཉིད་རིགས་ལྔའི་ཡང་སྙིང་འབྲུ་ལྔར་རྫོགས། །སྐུ་གསུམ་རིགས་གཅིག་གསུང་མཐའ་འབྲུ་གསུམ་སྟེ། །ཇི་ལྟ་ཇི་སྙེད་ཆོས་ཀུན་མཐར་ཐུག་དེ་ཉིད་ཡིན། །ཧཱུཾ་དུ་ཀུན་འདུས་ཡོངས་སུ་རྫོགས་པའི་དཔལ། །དེ་བྱིན་ཁྲོ་བོའི་གསང་སྔགས་མཐའ་ཡས་ལས། །ཆེ་མཆོག་སྔགས་འདུས་ཡི་གེ་བཅུ་གཉིས་ཏེ། །


DNG015_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་རྗེ་གཤེད་པོའི་སྔགས་མཐའ་བཅུ་བདུན་པ། །བཛྲ་ཧེ་རུའི་གསུང་མཐའ་འབྲུ་དགུ་མཆོག །དབང་ཆེན་གསུང་མཐའ་ཡིག་འབྲུ་བཅུ་དགུར་འདུས། །རྡོ་རྗེ་གཞོན་ནུའི་གསུང་མཐའ་འབྲུ་བཅུ་བཞི། །བླ་མེད་ཧེ་རུའི་གསུང་མཐའ་སུམ་ཅུ་པ། །རིག་འཛིན་གསུང་མཐའ་ཡི་གེ་བཅུ་པར་ཐུག །དེ་བཞིན་དྲེགས་པ་ཀུན་འདུལ་གསུང་མཐའ་འབྲུ་བཅུ་པ། །སྟོབས་ལྡན་ནག་པོའི་གསུང་མཐའ་ཡི་གེ་བརྒྱད། །ཞི་ཁྲོ་ཡོངས་དྲིལ་སྔགས་མཐའ་དོན་བརྒྱད་ཡིན། །ཁྲོ་རྒྱལ་ཡོངས་རྫོགས་དྲག་སྔགས་སོ་ལྔར་འདུས། །དེ་ཉིད་གསུང་སྲོག་ཡི་གེ་ཧཱུཾ་ལ་རྫོགས། །གསུང་གི་རང་བཞིན་ཤེས་པས་གསུང་མཐའ་ཐུག །བདེ་གཤེགས་མ་ལུས་ཡོངས་རྫོགས་དགོངས་པའི་མཐའ། །བྱེ་བྲག་དང་ནི་ཡོངས་རྫོགས་ཡང་དག་བཤད། །མ་རིག་འཆིང་བཟློག་འཆི་བདག་བདུད་ཆེན་པོ། །ཀུན་གཞི་ཡེ་ཤེས་སྙིང་པོ་རྟོགས་ནས་སངས། །མ་བཅོས་སྤྲོས་མེད་ངང་དྭངས་ལྷུག་པར་ཞོག །སྣང་སྲིད་ཁྲམ་འདེབས་གཤིན་རྗེ་གཤེད་དགོངས་ཡིན། །འཁོར་འདས་སྣང་སྟོང་དབྱེར་མེད་རྟ་སྐད་གསུམ། །རང་སེམས་དྲི་མེད་རྣམ་དག་ས་ལམ་བཅད། །སྣང་སྟོང་དྲན་སྟོང་གྲག་སྟོང་སོ་མར་ཞོག །འཁོར་འདས་ཟིལ་གནོན་རྟ་སྐད་དགོངས་པ་ཡིན། །ཆོས་ཀུན་སེམས་སུ་ཡང་དག་གནས་ལུགས་ཏེ། །རང་བཞིན་རྣལ་འབྱོར་སྤྲོས་བྲལ་སྐུ་གསུམ་རྫོགས། །མ་བཀག་རང་འབྱུང་མ་འདྲེང་རང་ཞིར་ཞོག །གཟུང་འཛིན་མུན་གསལ་མི་གཅིག་དགོངས་པ་ཡིན། །མ་རིག་རྣམ་རྟོག་ཉོན་མོངས་དུག་མཚོའི་ནང་། །རང་བྱུང་ཡེ་ཤེས་རྩི་བཅུད་ཐིག་ལེས་གཞོམ། །མ་སྤངས་མི་གནས་འདོད་ཡོན་རྣམ་དག་ཞོག །བདུད་རྩི་འཆི་མེད་དགོངས་པ་མཐར་ཐུག་ཡིན། །ང་བདག་གཟུང་འཛིན་དགྲ་བགེགས་ལིངྒ་ལ། །རང་རིག་ཡེ་ཤེས་ཕུར་པས་ཁྱབ་པར་གདབ། །རྟོགས་པ་ཐལ་ཕྱུང་གསུམ་མཐའ་གཅིག་ཏུ་བཞག །ཕུར་པ་ཐལ་ཕྱིན་དགོངས་པ་ཆེན་པོ་ཡིན། །མ་གཅིག་ཀུན་གཞི་ཀུན་ཏུ་བཟང་མོ་ལ། །སྙིང་པོ་རིག་པའི་ཡེ་ཤེས་ཐམས་ཅད་མཁྱེན། །མ་ནོར་མ་བཅོས་ཀུན་ཁྱབ་མ་བསླབ་


DNG015_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

ཞོག །ཀུན་ཁྱབ་མ་ཆེན་དགོངས་པའི་མཐར་ཐུག་ཡིན། །ཐབས་ཤེས་ཀུན་ལྡན་ཡེ་སྟོང་བདག་ཉིད་རིག །མི་བསྒོམ་མ་ཡེངས་རིག་པ་དབྱིངས་སུ་འཛིན། །བརྗོད་མེད་ཤེས་རབ་གཡོ་མེད་རང་གྲོལ་ཞོག །རིག་འཛིན་རང་གྲོལ་དགོངས་པ་ཆེན་པོ་ཡིན། །འཁོར་འདས་ཆོས་ཀུན་ཡེ་གྲོལ་ཕ་མཐའ་ཡས། །འཛིན་མེད་རང་གྲོལ་གཟའ་གཏད་འཁྲུལ་པ་ཞིག །ལྷ་འདྲེ་རང་སྣང་རང་གྲོལ་ཆེན་པོར་ཞོག །འཇིག་རྟེན་ཀུན་གྲོལ་དགོངས་པ་མཐར་ཐུག་ཡིན། །སྲིད་རྩ་ཉེས་རྒྱུ་ཧ་ལ་བདག་རྟོག་དུག །རྩ་བྲལ་སྙིང་པོའི་སྔགས་ཀྱིས་དུག་རང་བསད། །དུག་ལྔ་ཡེ་ཤེས་ལྔ་རུ་རང་གྲོལ་བཞག །དུག་ལྔ་རང་གཤེད་མཐའ་བྲལ་དགོངས་པ་ཡིན། །དེ་དག་ཡོངས་རྫོགས་སེམས་ཉིད་ཆོས་ཀྱི་སྐུ། །སྣང་སྲིད་གཞིར་བཞེངས་འཁོར་འདས་དབྱེར་མེད་རྫོགས། །གསང་བ་བླ་མེད་བྱང་ཆུབ་སྙིང་པོས་ཁྱབ། །འཁོར་འདས་དབྱེར་མེད་ཐིག་ལེ་ཉག་གཅིག་ལས། །མ་འགགས་རོལ་པ་སྣ་ཚོགས་རྩིས་གདབ་བྲལ། །རང་བཞིན་མེད་གྲོལ་སྐྱེ་མེད་དབྱིངས་སུ་དག །མ་འདྲེས་ཡོངས་རྫོགས་རང་བྱུང་ཡེ་ཤེས་དང་། །བདེ་གཤེགས་དགོངས་པ་རྩིས་གདབ་བརྗོད་མེད་རྫོགས། །སྐུ་གསུང་ཐུགས་མཐའ་ཁོག་དཀྲུལ་སྤྲོས་བཅད་ནས། །རྣལ་འབྱོར་བློ་མཐུན་བསྒྲུབ་ལུགས་རྩ་ལག་གཉིས། །འདི་ནི་ཡོངས་རྫོགས་བསྒྲུབ་ཆེན་དྲིལ་བ་དང་། །ཞི་ཁྲོ་རྐྱང་དང་སྐུ་གསུམ་ཡང་དྲིལ་ལས། །ཡན་ལག་སྔགས་བསྒྲུབ་བརྒྱད་ལས་འདིར་མ་སྨོས། །འདི་དག་སྤྲོས་བཅས་སྤྲོས་ཆུང་ཤིན་ཏུ་ཆུང་། །སངས་རྒྱས་བསྟན་བསྲུང་ཆེད་གཉེར་དོན་དུ་བསྟན། །མདོར་ན་ངས་བསྟན་རྒྱུད་ལུང་ཐམས་ཅད་དུ། །བདེ་གཤེགས་འདུས་དང་ཡོངས་རྫོགས་ཀུན་དྲིལ་དང་། །ཀུན་རིག་ཀུན་གསལ་ཀུན་ཆུབ་གསང་འདུས་སོགས། །སྣ་ཚོགས་ཕུན་སུམ་ཐམས་ཅད་མ་ལུས་སྒྲ། །ཐུགས་དགོངས་ལྷད་མེད་རྒྱུད་དེར་མཚོན་ཚིག་ལས། །མིང་ཕྱོགས་བློ་མཐས་ཕྱོགས་རིས་ལྟོས་མི་བྱ། །སྒྱུ་མ་སྨིག་རྒྱུ་རྨི་ལམ་གཟུགས་བརྙན་དང་། །དྲི་ཟའི་གྲོང་ཁྱེར་བྲག་ཆ་ཆུ་ཟླ་དང་། །ཆུ་བུར་དམིགས་


DNG015_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱེན་སྤྲུལ་པ་ལ་སོགས་ཏེ། །ཤེས་བྱ་བཅུ་ཚུལ་གསང་སྔགས་ཉམས་སུ་བླངས། །དཀྲུགས་བཅུས་གབ་སྩོགས་རས་ཆོད་བཟློག་ཕྱིར་སྟོན། །ངས་སྤྲུལ་ཕྱི་རབས་རིག་འཛིན་དམ་པས་བསྡེབ། །མན་ངག་དབང་ཐོབ་གདེང་ལྡན་རྣལ་འབྱོར་པས། །ཡིད་འོང་དབེན་པའི་བསྒྲུབ་གནས་སུ། །མཎྜལ་ཕྱི་ནང་མཆོད་པ་བཤམ། །ཡན་ལག་བཅུ་ཡིས་ཚོགས་ཆེན་བསག །གཞན་ཡང་སྟ་གོན་ཅི་རིགས་བྱ། །ཕྱི་ནང་གསང་བའི་མཚམས་བསྡམས་ཏེ། །གནས་དང་མཚམས་ཀྱི་དཀྱིལ་འཁོར་བཞེངས། །བདུད་རྩི་ལྔ་ཡིས་ཆག་ཆག་གདབ། །ཐིག་ཚོན་སྒྲུབ་ཆེན་སྐབས་དང་མཚུངས། །བྲི་ཐབས་དབུས་མཐིང་གྲུ་གསུམ་ལ། །ཟླ་གམ་གནམ་སྒོ་ཐོད་ཟླུམ་བསྐོར། །གྲུ་ཆད་སྒོ་ཁྱུད་ཡོངས་རྫོགས་བྲི། །དེ་དབུས་རཏྣ་རྫའི་བུམ་པ། །དྲེ་ཚད་ནང་དུ་རྣམ་རྒྱལ་དང་། །ཨ་མྲྀ་ཏ་ཡི་རིལ་བུས་དགང་། །ཁ་རྒྱན་གཟུངས་ཐག་རྒྱན་གྱིས་སྤྲས། །དེ་སྟེང་མཚན་ལྡན་ཀ་པཱ་ལ། །དཔལ་ཆེན་བྲིས་སྐུ་དམིགས་པའི་རྟེན། །ལྕགས་ཕུར་མཚན་ལྡན་ཁྲོ་ཞལ་ཅན། །གུ་གུལ་གྱིས་བདུག་དར་གྱིས་སྤྲས། །དཔལ་ཆེན་སྐུར་བསྐྱེད་ཨེ་ལ་གཟུག །སྨན་རག་གཏོར་ཆེན་ལ་སོགས་པ། །ཕྱི་ནང་གསང་བའི་མཆོད་པས་བསྐོར། །མཚམས་གཅད་སྒོ་དབྱེ་བརྡའ་ཕྱག་འཚལ། །བྱིན་དབབ་དམ་བཤགས་མཆོད་རྫས་དབུལ། །དེ་ལྟར་ལས་བདུན་ཡོངས་རྫོགས་ནས། །ཁྱད་པར་ཕྲིན་ལས་དེ་བཞིན་ཉིད། །ཀུན་སྣང་རྒྱུ་ལས་འབྱུང་རིམ་བརྩེག །གཞལ་ཡས་གདན་བསྐྱེད་རྒྱུ་ཧཱུཾ་ལས། །བདག་ཉིད་ཆེ་མཆོག་ཧེ་རུ་ཀ །མཐིང་ནག་ཞལ་གསུམ་ཕྱག་དྲུག་པ། །གཡས་ཀྱི་ཕྱག་གསུམ་རྡོ་རྗེ་ལ། །གཡོན་གྱི་ཕྱག་གསུམ་བྷན་དམར་བསྣམས། །ཞབས་བཞི་བརྐྱངས་བསྐུམས་དོར་ཐབས་བགྲད། །རྡོ་རྗེ་རིན་ཆེན་གཤོག་པ་གདེངས། །དུར་ཁྲོད་ཆས་རྫོགས་ཡུམ་ཆེན་མོ། །གནམ་ཞལ་ཞལ་གཅིག་ཕྱག་གཉིས་འཁྲིལ། །གཡས་པ་ཁ་ཊྭཱཾ་གཡོན་དུང་དམར། །སྐུ་མདོག་རྒྱན་རྣམས་ཡབ་དང་མཚུངས། །ཀུན་གྱི་བདག་ཉིད་རྩ་བའི་ལྷའོ། །


DNG015_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་གྱི་སྤྱི་གཙུག་མགྲིན་པ་དང་། །ཐུགས་ཀ་ལྟེ་བ་འཁོར་ལོ་བཞིན། །འཇམ་དཔལ་སྤྱན་རས་གཟིགས་དབང་དང་། །རྡོ་རྗེ་སེམས་དཔའ་རིག་པའི་བདག །རིམ་པ་བཞིན་བསྒོམ་རིགས་ལྔ་ཡིས། །དབུ་ལ་བརྒྱན་ཏེ་ཡན་ལག་ལྷའོ། །དེ་ནས་སྲས་མཆོག་གོ་ཆའི་ལྷ། །དཔྲལ་བར་འཇམ་དཔལ་གཤིན་རྗེ་གཤེད། །མགྲིན་པར་རྟ་མགྲིན་དབང་གི་ལྷ། །ཐུགས་ཀར་བཛྲ་ཧེ་རུ་ཀ །ལྟེ་བར་རྡོ་རྗེ་གཞོན་ནུ་ཆེ། །གསང་བར་བླ་མེད་ཧེ་རུ་ཀ །སྤྱི་བོར་རིག་འཛིན་འདུས་པའི་སྐུ། །ཞབས་ཀྱི་པུས་མོ་གཡས་གཡོན་སྟེང་། །དྲེགས་པ་ཀུན་འདུལ་ཆེན་པོ་དང་། །འཇིགས་བྱེད་སྟོབས་ལྡན་ནག་པོ་བསྐྱེད། །རྡོ་རྗེ་རིན་ཆེན་གཤོག་དཔུང་རྩེར། །ཀླུ་འདུལ་ཁྱུང་ཆེན་དཀར་ནག་བསྐྱེད། །སོ་སོའི་འཁོར་ཚོགས་ཁྲོ་བོ་དང་། །ཁྲོ་མོ་ཡང་སྤྲུལ་སུམ་སྤྲུལ་བཅས། །འབར་ཁྲོ་རྔམ་བརྗིད་གསལ་བརྟན་ནས། །བྱིན་བརླབ་དབང་བསྐུར་སྤྱན་དྲང་བསྡིམ། །མཆོད་བསྟོད་ཚོགས་འཁོར་དུས་བཞིར་དབུལ། །དེ་དག་སེམས་ཀྱི་ཆོ་འཕྲུལ་ཏེ། །རང་བཞིན་སྐྱེ་མེད་ཆོས་ཀྱི་སྐུ། །ལྷ་ཉིད་སྣང་སྟོང་གཉིས་སུ་མེད། །རོལ་པ་མ་འགགས་ལོངས་སྤྱོད་སྐུ། །ཐུགས་རྗེའི་འཕྲོ་འདུས་འགྲོ་བ་འདུལ། །ཕྲིན་ལས་ལོངས་སྤྱོད་སྤྲུལ་པའི་སྐུ། །སྐུ་གསུམ་རང་ལ་ངོ་སྤྲད་ནས། །བླ་མེད་རོལ་པའི་འཕྲོ་འདུ་ཡིས། །བདུད་བཞི་གཞོམ་དང་དགྲ་གསུམ་བསད། །འགྲོ་དྲུག་གཡང་ས་གཅད་བྱའི་ཕྱིར། །གྲོག་སྙིང་རྫོང་དང་འཕྲང་གནད་ཀྱིས། །ཡང་དག་ངེས་དོན་རབ་ལྡན་པས། །སྣང་སྟོང་གྲག་སྟོང་བདེ་སྟོང་གི། །ངང་ལ་བྱིང་རྒོད་གཉིས་སྤངས་ཏེ། །ཀུན་གྱི་གསང་སྲོག་ཧཱུཾ་གི་བསྙེན། །འཛབ་བསྟོད་དབྱངས་བཅས་རིག་རྩལ་སྦྱང་། །དེ་ནས་བདེ་གཤེགས་ཡོངས་རྫོགས་པའི། །གསང་སྔགས་འདུས་པ་ཉེ་བར་བསྟེན། །ཨྃ་ཨཱཿཧཱུཾ་སྭཱ་ཧཱ། མཱུཾ་ཧྲཱྀཿཧཱུཾ་ཨཿ། ཨོཾ་བཛྲ་ཤྲཱི་མ་ཧཱ་ཀྲོ་དྷ། ཨོཾ་ཤྲཱི་ཧེ་རུ་ཀ །ཡ་མཱནྟ་ཀ །ཧྲཱྀཿཔདྨཱནྟ་ཀྲྀཏ། ཧཱུཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། བཛྲ་མ་ཧཱ་ཡཀྵ། ཀཱ་ལ་རཱུ་པ། ཡཀྵ་ཀྲོ་དྷཱི། བཛྲ་སརྦ་དུཥྚཱན། ཨེ་ཛ་བྷྱོ། བྷྲཱུཾ་བཛྲ་ག་རུ་ཌ། མ་མ་ཀྲོ་དྷཱི་ཤྭ་རཱི། ཀརྨ་རཾ་རཾ། ཛྭ་ལ་རཾ་རཾ་ཧཱུཾ་ཧཱུཾ་ཕཊ་ཕཊ། གསང་བ་འདུས་པའི་དྲག་སྔགས་འདི། །མགར་གྱི་ཚ་ཚ་


DNG015_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུར་བཟླས། །ཐུན་མཚམས་བསྟོད་ཅིང་ཕྲིན་ལས་བཅོལ། །སྨོན་ལམ་བཏབ་ཅིང་རྫོགས་རིམ་བསྒོམ། །གྲངས་འབུམ་བསྙེན་ཅིང་རྟགས་ལ་སྦྱར། །ཞལ་མཐོང་ལུང་སྟོན་དངོས་གྲུབ་སྟེར། །རྫས་ལ་འོད་དང་དུ་བ་འབྱུང་། །རྨི་ལམ་མགོ་ལ་ཉི་མ་ཤར། །མཆོད་རྟེན་རྩེ་ལ་སྡོད་པ་དང་། །བུད་མེད་ཚོགས་འདུས་བསྙེན་བཀུར་བྱེད། །ལུས་བདེ་ངག་ནུས་སེམས་རྟོགས་འཆར། །བུམ་པའི་རྫས་ལ་དངོས་གྲུབ་བླང་། །རྒྱུན་དུ་ཟ་ཚོགས་དྲང་ཞིང་རྟེན། །བདེ་གཤེགས་གཅིག་གྲུབ་ཀུན་གྱི་ངང་། །དེ་བཞིན་བསྒྲུབ་ཆོས་ལས་སྦྱོར་སྩོགས། །གསང་སྔགས་རྒྱུད་སྡེ་བསམ་ཡས་ཀྱི། །ལས་སྦྱོར་ལ་སོགས་གང་དང་གང་། །གང་ལ་བརྩམས་ཀྱང་ཐེ་ཚོམ་མེད། །དཀྱིལ་འཁོར་བསྡུས་ཏེ་རྒྱུན་སྤྱོད་བྱ། །ཞི་ཁྲོ་ཡོངས་རྫོགས་བསྙེན་བསྒྲུབ་འདིར། །དུས་གསུམ་བདེ་གཤེགས་གསང་བ་འདུས། །བདག་གཞན་ཡོངས་ཀྱི་དཔལ་ཆེན་པོ། །མཆོག་གི་དམ་པ་འདི་བསྒྲུབས་པས། །བདག་སྲུང་རྩ་བའི་བསྙེན་པའོ། །ཞེས་བཀའ་སྩལ་ཏོ། །དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོ་ལས། ཞི་ཁྲོ་ཡོངས་རྫོགས་འདུས་པའི་བསྙེན་བསྒྲུབ་གཞི་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་འདུས་པའི་འཁོར་རྣམས་ཀྱིས། སྟོན་པ་ཀུན་ཏུ་བཟང་པོ་དཔལ་ཆེ་མཆོག་ཧེ་རུ་ཀ་ལ་གསོལ་པ། ཀྱེ་ཀྱེ་ཀྱེ། ཚོགས་ཀྱི་སློབ་དཔོན་ཀུན་ཏུ་བཟང་། །ཚོགས་རྗེ་ཚོགས་བདག་ཧེ་རུ་ཀ །རྒྱུད་དོན་ཡོངས་རྫོགས་བསྒྲུབ་ཆེན་པོ། །བདག་ཅག་འཁོར་ལ་བཀའ་སྩལ་ཞུ། །དེ་སྐད་གསོལ་པར་ཐུགས་དགོངས་ཏེ། །སྟོན་པ་ཆེན་པོས་བཀའ་སྩལ་པ། །འདུས་པའི་འཁོར་རྣམས་རྩེ་གཅིག་ཉོན། །བདེ་གཤེགས་ཞི་ཁྲོ་ཡོངས་རྫོགས་པའི། །རྒྱུད་དོན་གསང་བའི་བསྒྲུབ་ཆེན་ལ། །བཞི་སྟེ་ཕུན་སུམ་ཚོགས་གཞི་གཟུང་། །སྟ་གོན་རིམ་པས་སྒྲོམ་དུ་གཞུག །དངོས་གཞི་བསྙེན་སྒྲུབ་གཞུང་བསྲངས་ཏེ། །མཐའ་རྒྱས་ཆོ་གས་རྗེས་བསྐྱང་ངོ་། །བསྒྲུབ་གཞི་ཕུན་སུམ་ཚོགས་བདུན་དཔྱད། །བསྒྲུབ་རྐྱེན་བླ་མ་ཕུན་ཚོགས་ནི། །བདེ་


DNG015_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་བཀའ་བབས་བསྒྲུབ་རྒྱུད་ཟིན། །དབང་རྣམས་ཡོངས་རྫོགས་དམ་ལ་གནས། །བལྟ་བས་ཐག་ཆོད་ཏིང་འཛིན་གསལ། །སྤྱོད་པ་བླང་དོར་མན་ངག་ཅན། །གསང་སྔགས་མཐའ་དྲུག་རྫོགས་པ་ལ། །ཐོས་པས་རྒྱུད་གྲོལ་སྙིང་རྗེ་ཡིས། །འགྲོ་འདུལ་ཐབས་མཁས་དེ་ཉིད་བསྟེན། །སྒྲུབ་རྟེན་སློབ་མ་ཕུན་ཚོགས་ནི། །དམ་གཙང་དཔའ་བརྟན་སྙིང་རུས་ཆེ། །བློ་ཆེ་ཤེས་རབ་མཆོག་ཏུ་བཟང་། །བསྒྲུབ་དང་ཕྲིན་ལས་བརྩོན་འགྲུས་ཅན། །བཟོ་མཁས་རིག་གསལ་དད་ལྡན་གཅེས། །བསྒྲུབ་གནས་ཕུན་སུམ་ཚོགས་པ་ནི། །བཀྲ་ཤིས་གངས་རྒྱུད་རི་བཟངས་འདབ། །གནམ་ས་པད་འཁོར་ཁ་སྦྱར་འདྲ། །སྔོན་ཡང་གྲུབ་ཐོབ་རྐྱེན་ཐུབ་པར། །བསྒྲུབ་ཁང་ཕོ་བྲང་ལྟ་བུར་བརྩིག །བསྒྲུབ་པའི་གྲོགས་འཁོར་ཕུན་ཚོགས་ནི། །རྒྱུད་ཞི་ཤ་ཚ་བློ་གསལ་ཞིང་། །མི་བསླུ་གསང་ཐུབ་ང་ལོ་ཡང་། །དེ་འདྲའི་རྒྱལ་ཐེབས་ཀརྨ་དང་། །ལས་བརྒྱ་མཛེས་སྡུག་ཡིད་འོང་བ། །རིགས་དང་མཚན་ལྡན་འདྲིས་ཐུབ་རྟེན། །སྒྲུབ་པའི་ཡོ་བྱད་ཕུན་ཚོགས་ནི། །རྟེན་རྫས་མཆོད་རྫས་དངོས་གྲུབ་རྫས། །འཚོ་བ་ཟས་དང་རྐྱེན་ཟློག་སྨན། །སྣ་ཚོགས་རེ་སྐོང་ཡོ་བྱད་སོགས། །བསྒྲུབ་པའི་དུས་ཚོད་ཕུན་ཚོགས་ནི། །སྤྱིར་ན་ལོ་ཟླ་གཟའ་སྐར་དང་། །ཞག་དུས་དར་དང་ཡར་ངོ་གཅེས། །བྱེ་བྲག་ཞི་རྒྱས་དབང་དྲག་གམ། །བསྙེན་བསྒྲུབ་ལས་སྦྱོར་དུས་ཀུན་བརྩི། །སྒྲུབ་ཆོས་ཕུན་སུམ་ཚོགས་པ་ནི། །མ་ཧཱའི་རྒྱུད་དང་ཨ་ནུའི་ལུང་། །ཨ་ཏི་མན་ངག་སྐོར་ལ་སོགས། །ཤེས་བྱ་ཀུན་ལ་མཁས་པར་སྦྱང་། །མདོར་ན་བདེ་གཤེགས་གསང་འདུས་པའི། །ཡོངས་རྫོགས་འདི་ཉིད་འཛོམ་པར་བྱ། །སྒྲོམ་འཇུག་སྟ་གོན་རིམ་པ་བཅས། །ས་བརྟག་གཟུར་སྦྱང་དཀྱིལ་འཁོར་བརྩིག །སྤྱི་བཤགས་བསྐང་བྱ་ཕྱི་མཚམས་བཅད། །སྲི་མནན་སྒོ་སྲུང་བྱང་བུ་གདགས། །མ་ཏྲི་མནན་ཅིང་བྱིན་གྱིས་བརླབ། །སྒྲུབ་རྫས་བྱིན་བརླབ་ཆག་ཆག་གདབ། །ཐིག་གདབ་ས་ཚོན་བྱིན་གྱིས་བརླབ། །གཟུགས་བརྙན་དཀྱིལ་འཁོར་


DNG015_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

བྲི་བྱ་སྟེ། །ཐིག་བཞི་བཏབ་པས་ལིང་ཚེ་དགུའི། །ཁ་དོག་ཕྱོགས་མཚོན་ཐོད་པ་བརྩིག །དབུས་ནས་བརྩམས་ཏེ་ལིང་ཚེ་དགུའི། །ཟླ་གམ་སྒོ་གཅིག་ཨེ་དགུས་མཚོན། །སྒོ་སྒོར་འཁོར་ལོ་རྩིབས་བཞི་པར། །མུ་ཁྱུད་དང་བཅས་རེ་རེ་དགོད། །ཀུན་ལ་རིན་ཆེན་ཟུར་བརྒྱད་དེ། །མདོ་མཚམས་ཀ་བཞི་སྒོ་ཟང་ཐལ། །སྤྲོས་ལ་དགའ་ན་སྒོ་རྫོགས་པ། །ཀུན་ཏུ་དགུ་རུ་མཛེས་པར་བྲི། །ཀུན་གྱི་ཕྱི་རུ་ཁྱམས་སྒོ་བཞི། །པན་རེག་མཐིང་དཀར་སེར་ལེབ་ལྗང་། །འདོད་ཡོན་ཕ་གུ་དྲ་བ་དང་། །དྲ་ཕྱེད་མདའ་ཡབ་ད་རུ་ཀ །ཀ་བརྒྱད་རྟ་བབས་ཆོས་འཁོར་སོགས། །ཞི་ཁྲོ་ཡོངས་རྫོགས་དཀྱིལ་འཁོར་ཕྱིར། །ཀུན་ལ་རིན་ཆེན་དུར་ཁྲོད་བརྒྱན། །སྤེལ་ཏེ་མཁས་པས་བྲི་བར་བྱ། །མུ་ཁྱུད་པད་འཁོར་བྲག་ཆེན་དང་། །རྡོ་རྗེ་མེ་རི་འཁོར་ཡུག་བསྐོར། །ཕྱི་གྲུ་ནང་ཁྱུད་དུར་ཁྲོད་བརྒྱན། །མཚམས་བཞིར་དཔག་བསམ་བུམ་པ་བྲི། །བསྲེ་བསྣན་བྱ་ཞིང་ཆས་གོས་གསོལ། །གྲལ་བཅས་སྨན་བསྡུ་བརྡའ་སྒོ་དབྱེ། །བརྡའ་ཡི་ཕྱག་བཙལ་རྟགས་མཆོག་གདབ། །དམ་བཅའ་བཤགས་པ་བྱིན་ཆེན་དབབ། །དཀྱིལ་འཁོར་ལྷ་དང་རྒྱན་དགོད་དེ། །གླིང་དགུར་བྷན་དྷ་དགུའམ་ནི། །བུམ་གཅིག་མེ་གཅིག་ཁྲམ་གཅིག་དང་། །རྟ་ཞལ་ཕུར་གཅིག་སྙིང་གཅིག་དང་། །སྐུ་གཅིག་སྐུ་རྟེན་དྲག་སྔགས་དགོད། །ཡང་ན་མཚན་ལྡན་གཅིག་ནང་དུ། །ཆེ་མཆོག་སྐུ་བྲི་ཁ་ཁྱེར་ལ། །དཔལ་ཆེན་དགུ་ཡི་སྙིང་པོ་བྲི། །སྐུ་དང་གསུང་གི་རྟེན་ཡིན་པས། །དམིགས་པའི་རྟེན་དུ་དབུས་སུ་དགོད། །ཐུགས་རྟེན་རྡོ་རྗེ་རྩེ་ལྔ་དགོད། །ཡོན་ཏན་རྟེན་དུ་ཨ་མྲྀ་ཏ། །ཕྲིན་ལས་བསྒྲུབ་ཕྱིར་ལྕགས་ཕུར་དགུ། །སྲས་ཀྱི་སྔགས་ཕུར་བཞི་བཞིས་བསྐོར། །སྒོ་བཞི་ཕུར་པ་བཞི་ཡང་དགོད། །གདབ་ཕུར་བརྒྱ་དང་རྩ་བརྒྱད་ཀྱིས། །མཐའ་སྐོར་ཡོངས་རྫོགས་འཁོར་དུ་བསྐྱེད། །སྒོ་འབྱེད་མར་མེ་དགུ་ཡང་དགོད། །གཞན་ཡང་ཕྱོགས་བཞི་མཚམས་བརྒྱད་དུ། །གྲི་བཞི་མདའ་བཞི་མེ་ལོང་བཞི། །ཕུར་བཞི་ཚོན་སྐུད་དྲ་བས་སྤྲས། །


DNG015_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

བླ་དྲེ་གདུགས་དང་དར་དཔྱངས་འཕེན། །དཔལ་ཆེན་གཏོར་ཆེན་དགུ་ཡང་དགྲམ། །བར་འདིར་པདྨ་ཟེར་བའང་འདུག་སྨན་རཀ་དྷཱ་ཀའི་མཆོད་གཏོར་སོགས། །ཕྱི་ནང་མཆོད་པས་བཀླུབས་ལ་དགང་། །དེ་ནས་དངོས་གཞི་བསྙེན་བསྒྲུབ་བཤད། །དང་པོ་ཕྱི་ནང་གསང་མཚམས་བཅད། །ཨོཾ་བཛྲ་ཀྲོ་དྷ་སྭ་བྷཱ་ཝ་ས་མ་ཡ་རུ་ལུ་རུ་ལུ་ཧཱུཾ་ཕཊ། ཧཱུཾ་ཧཱུཾ་བི་ཤྭ་བཛྲ་ཙཀྲ་ཛྭ་ལ་མ་དྷ་ལ། ཧ་ལ་ཧ་ལ། ཧཱུཾ་ཕཊ། དེ་ནས་བརྡའ་སྒོ་དབྱེ་བར་བྱ། །བྷྲཱུཾ་པྲ་བེ་ཤ་ཕཊ། དེ་ནས་བརྡ་ལི་ཕྱག་ཀྱང་བཙལ། །ཧཱུཾ་ཧེ་རུ་ཀ་ཨ་ཏི་པུ་ཧོ། པྲ་ཏཱིཙྪ་ཧོ། དེ་ནས་དམ་བཅའ་ཡོངས་སུ་གཟུང་། །ཧཱུཾ་བཛྲ་ས་མ་ཡ་ཧཱུཾ། དེ་ནས་བྱིན་ཆེན་དབབ་པར་བྱ། །ཨོཾ་ཤྲཱི་བཛྲ་ཀྲོ་དྷ་དེ་ཝ་དུཥྚཱན་དྷ་ཀི་ནཱི་ས་མ་ཡ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཨཱ་བེ་ཤ་ཡ་ཨ་ཨ། དེ་ནས་མཆོད་པ་བྱིན་བརླབས་འབུལ། །ཨོཾ་ཨཱཿཧཱུཾ། བཛྲ་པུཥ྇་ཧཱུཾ། བཛྲ་དྷཱུ་པེ་ཧཱུཾ། བཛྲ་ཨཱ་ལོ་ཀེ་ཧཱུཾ། བཛྲ་གནྡྷེ་ཧཱུཾ། བཛྲ་ནེ་བི་ཏེ་ཧཱུཾ། བཛྲ་ཤཔྟ་ཧཱུཾ། བཛྲ་སརྦ་པཱུ་ཛ་མེ་གྷ་ཧཱུཾ། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུཾ། མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལི་ཏེ། བ་ལ་བ་ཏ། གུ་ཧྱ་ས་མ་ཡ་སྭཱ་ཧཱ། ཨོཾ་ཨཱཿཧཱུཾ། སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཧྲི་ཐ། ཨོཾ་ཨཱཿཧཱུཾ། མ་ཧཱ་རཀྟ་ས་མནྟ་མཎྜལ་ཧཱུཾ་ཕཊ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཱུ་ཛ། མ་ཧཱ་པཉྩ་མ་ཧཱ་བ་ལིཾ་ཏ། མ་ཧཱ་རཀྟ། ཨ་ཧོ་སུ་ཁ་ཧོ། ས་མ་ཡ་སྭཱ་ཧཱ། དེ་ནས་ཉམས་ཆག་གནོང་འགྱོད་བཤགས། །ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། ས་མ་ཡ་ཛ། ན་རཀ །པྲེ་ཏ་ཀ །ཏིར་ཡ་ཀ །མ་ནུ་ཥ། དེ་ཝ། ཨ་དེ་ཝ། ཨ་ལིཾ་བི་ཤུདྡྷེ། དག་ཤ་ཀ །ཤུདྡྷེ་ཤུདྡྷེ་སྭཱ་ཧཱ། སྦྱང་གཞི་སྦྱོང་བྱེད་ཐབས་ཆེན་པོ། །ཁྱད་པར་བསྐྱེད་རྫོགས་འདི་ལྟར་བསྒོམ། །ཧཱུཾ་སྤྲོས་མེད་ཡང་དག་དེ་བཞིན་ཉིད། །མཉམ་ཡངས་ཕྱོགས་བྲལ་ཀུན་ཏུ་བདལ། །མ་ནོར་མ་བཅོས་ཆོས་ཀྱི་སྐུ། །རང་བཞིན་ལྷུན་གྲུབ་ངང་གིས་གསལ། །ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། དེ་བཞིན་ཀུན་ཁྱབ་ཀུན་ཏུ་སྣང་། །མ་རིག་འཁྲུལ་སྣང་འཁོར་བའི་ཀློང་། །གཟུང་འཛིན་བག་ཆགས་རབ་ཏུ་འཐས། །མ་རྟོགས་སེམས་ཅན་སྙིང་རེ་རྗེ། །ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་ཝ་བི་ཤུདྡྷེ་མཎྜལ་ཧཱུཾ། ཧཱུཾ་ཆོས་རྣམས་རང་བྱུང་རྟེན་འདྲེལ་ཏེ། །རྒྱུ་ལས་མ་བྱུང་གང་ཡང་མེད། །ཧཱུཾ་ནི་ཐམས་ཅད་


DNG015_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེད་པའི་རྒྱུ། །ཚིག་རྐང་འདི་མེད་པའང་འདུག་དགོས་འདོད་འབྱུང་བའི་ཡི་གེ་བསྒོམ། །རང་རིག་དོན་གྱི་སྙིང་པོ་ཧཱུཾ། །ཙིཏྟ་བཛྲ་ཧཱུཾ། རཾ་ཡཾ་ཁཾ། བསྐལ་པ་གསུམ་གྱི་འཇིག་རྟེན་སྟོངས། །ཡེ་ནས་དག་པའི་ངང་ཉིད་ལས། །སྣོད་བཅུད་སྦྱང་ཕྱིར་འབྱུང་རིམ་བརྩེག །ཨེ་ཡཾ་ར་སུཾ་ཀེཾ་རཾ་བྷྲཱུཾ། ཨེ་ལས་ནམ་མཁའ་མཐའ་དབུས་མེད། །ཡཾ་ལས་རླུང་གི་དཀྱིལ་འཁོར་ཏེ། །ར་ལས་རཀྟའི་རྒྱ་མཚོ་འཁྱིལ། །སུཾ་ལས་ཞིང་ཆེན་ས་གཞི་བརྡལ། །ཀེཾ་ལས་རུས་པའི་རི་རབ་སྟེང་། །རཾ་ལས་བསྐལ་པའི་མེ་དཔུང་འབར། །བྷྲཱུཾ་ལས་ཡེ་ཤེས་གཞལ་ཡས་ཁང་། །དུར་ཁྲོད་རབ་འཇིགས་དཀྱིལ་འཁོར་སྐྱེད། །བྷྲཱུཾ་བི་ཤྭ་བི་ཤུདྡྷེ། བྷནྡ་གཉའ་ན་ཨེ་ཙཀྲ་མཎྜལ་ཧཱུཾ་བྷྲཱུཾ། ཟླ་གམ་ཡེ་ཤེས་འཆར་སྒོའི་དབུས། །ཆོས་སྐུ་འགྱུར་མེད་ཨེ་རུ་གསལ། །བྷནྡ་སྐམ་རློན་ཕོ་བྲང་བརྩེག །རིན་ཆེན་མཛེས་པའི་གླིང་དགུ་ལ། །འཁོར་ལོ་རྩིབས་བཞི་མུ་ཁྱུད་བཅས། །གྲུ་ཆད་བར་ཁྱམས་སྒོ་ཁྱུད་རྫོགས། །རང་བྱུང་ལྷུན་གྲུབ་ངོ་མཚར་ཆེ། །དྲེགས་པ་ཉི་ཟླ་པདྨའི་གདན། །གཙོ་དང་འཁོར་བཅས་འཚམས་པར་གསལ། །བྷྲཱུཾ་རུ་དྲ་ཀྲོ་དྷཱི་ཏི་ར་བཾ། མ་སཱུརྱ་མཎྜལ་ཨ་ཙནྡྲ་མཎྜལ། པཾ་པདྨ་མཎྜལ། ཧཱུཾ་རྒྱུ་ཡི་ཡི་གེ་གདན་ལ་བབས། །བདག་ཉིད་ཆེ་མཆོག་ཧེ་རུ་ཀ །མཐིང་ནག་དབུ་གསུམ་ཕྱག་དྲུག་པ། །ཞབས་བཞི་གྱད་ཀྱི་དོར་སྟབས་བགྲད། །གཡས་དཀར་གཡོན་དམར་དབུས་མཐིང་ཞལ། །སྐུ་མཆོག་རིགས་ལྔ་དབུ་ལ་རྫོགས། །སྤྱན་དགུ་ཞལ་བགྲད་མཆེ་བ་གཙིགས། །གཡས་ཀྱི་ཕྱག་གསུམ་རྡོ་རྗེ་བསྣམས། །གཡོན་གྱི་ཕྱག་གསུམ་བྷན་དམར་བསྣམས། །དུར་ཁྲོད་འཇིགས་པའི་ཆས་ཀྱིས་བརྒྱན། །གནམ་ཞལ་ཡུམ་མཆོག་ཀུན་བཟང་སྦྱོར། །གཡས་པ་གཙོ་འཁྱུད་ཁ་ཊྭཱཾ་བསྣམས། །གཡོན་པ་ཆགས་པའི་དུང་དམར་སྟོབ། །སྐུ་མདོག་རྒྱན་ཆ་ཡབ་དང་འདྲ། །བསྐལ་པའི་མེ་དཔུང་ཀློང་ན་བཞུགས། །ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ། མ་ཧཱ་ཀྲོ་དྷཱི་ཤྭ་རཱི་སྟྭཾ། ཧཱུཾ་དཔལ་ཆེན་ཡབ་ཡུམ་ཐུགས་ཀ་ནས། །ཕྱོགས་བཞི་མཚམས་བཞིའི་དཀྱིལ་འཁོར་དུ། །མཐིང་


DNG015_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ནག་ཧཱུཾ་ཆེན་ཡི་གེ་སྤྲོ། །ཁྲག་འཐུང་ཡབ་ཡུམ་སྲས་བཅས་བསྐྱེད། །ཧཱུཾ་ཧཱུཾ། ཧཱུཾ་ཧཱུཾ། ཧཱུཾ་ཧཱུཾ། ཧཱུཾ་ཧཱུཾ། ཧཱུཾ་ཧཱུཾ། ཧཱུཾ་ཧཱུཾ། ཧཱུཾ་ཧཱུཾ། ཧཱུཾ་ཧཱུཾ། ཨོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ་ཕཊ། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུཾ་ཕཊ། ཨོཾ་པདྨཱནྟ་ཀྲྀཏ།མ་ཧཱ་ཀྲོ་དྷ་ཧ་ཡ་གྷྲཱི་ཝ། ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བཾ་ཧཱུཾ་ཕཊ། ཨོཾ་གུ་ཧྱ་གཉའ་ན་ཤྲཱི་ཧེ་རུ་ཀ །གུ་ཧྱ་ཛྙཱ་ན་ཀྲོ་དྷཱི་ཤྭ་རཱི་སྟྭཾ། མ་མ་ཡོ་གི་ནི། རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ་ཕཊ། ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་ཧཱུཾ་ཕཊ། ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱན་ཧཱུཾ་ཕཊ། ཨོཾ་བཛྲ་སརྦ་དུཥྚཱན་ཧཱུཾ་ཕཊ། ཧཱུཾ་རྒྱུ་ལས་བསྐྱེད་པའི་སྔགས་བརྗོད་པས། །ཁྲོ་རྒྱལ་དཀྱིལ་འཁོར་ལྷུན་གྱིས་གྲུབ། །བསྐལ་པ་མེ་ལྟར་འབར་ཀློང་ནས། །རང་བྱུང་ཡེ་ཤེས་ཁྲོ་ཚོགས་ཤར། །ཤར་དུ་བཛྲ་ཧེ་རུ་ཀ །བཛྲ་ཀྲོ་དྷཱི་ཤྭ་རཱི་ཡུམ། །རིགས་བཞི་ལ་སོགས་འཁོར་བཅས་གསལ། །ལྷོ་རུ་འཇམ་དཔལ་གཤིན་རྗེ་གཤེད། །ཟ་བྱེད་པེ་ཏཱ་ནག་མོ་ཡུམ། །རིགས་བཞི་ལ་སོགས་འཁོར་བཅས་གསལ། །ནུབ་ཏུ་དབང་ཆེན་རྟ་མགྲིན་རྒྱལ། །པདྨ་གཟི་ལྡན་ཁྲོ་མོ་ཡུམ། །རིགས་བཞི་ལ་སོགས་འཁོར་བཅས་གསལ། །བྱང་དུ་རྡོ་རྗེ་གཞོན་ནུ་ཆེ། །འཁོར་ལོ་རྒྱས་འདེབས་དཔལ་གྱི་ཡུམ། །རིགས་བཞི་ལ་སོགས་འཁོར་བཅས་གསལ། །ཤར་ལྷོར་བླ་མེད་ཧེ་རུ་ཀ །ཉིད་བཞི་བདེ་མཆོག་ཡུམ་ཆེན་སྦྱོར། །མ་ལྔ་ལ་སོགས་འཁོར་དང་བཅས། །ལྷོ་ནུབ་རིག་འཛིན་རྡོ་རྗེའི་སྐུ། །བདེ་ཆེན་རྡོ་རྗེ་རྣལ་འབྱོར་འཁྲིལ། །རིགས་བཞི་ལ་སོགས་འཁོར་བཅས་གསལ། །ནུབ་བྱང་དྲེགས་པ་ཀུན་འདུལ་དཔལ། །ཁམས་གསུམ་སྲིད་པ་སྤྱི་འདུལ་འཁྲིལ། །རིགས་བཞི་ལ་སོགས་འཁོར་བཅས་གསལ། །བྱང་ཤར་སྟོབས་ལྡན་ནག་པོ་ཆེ། །འབྱུང་བ་ལྔ་ཡི་བདག་མོ་ཡུམ། །རིགས་བཞི་ལ་སོགས་འཁོར་བཅས་གསལ། །ཉི་མ་དང་ནི་འོད་ཟེར་བཞིན། །དཔལ་ཆེན་སོ་སོའི་སྤྲུལ་འཁོར་བཅས། །ཕྱི་རོལ་སྒོ་བ་རིགས་བཞི་ནི། །ཡ་མཱན་པྲཛྙཱ་པདྨཱ་བིག །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ། །ཚོམ་བུ་དགུ་ཡི་ལྷ་ཚོགས་རྣམས། །སྐུ་མདོག་ཕྱག་


DNG015_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་རྒྱན་ཆ་ལུགས། །མ་འདྲེས་ཡོངས་སུ་རྫོགས་པར་གསལ། །ཧཱུཾ་རང་བྱུང་དཀྱིལ་འཁོར་དཔལ་ཆེན་ཚོགས། །མཐུ་རྩལ་ཡོངས་སུ་རྫོགས་བྱའི་ཕྱིར། །སྐུ་གསུང་ཐུགས་སུ་བྱིན་བརླབ་ཅིང་། །ཡེ་ཤེས་ལྔ་ཡི་དབང་བསྐུར་རོ། །ཨོཾ་ཨཱཿཧཱུཾ། ཨོཾ་ཧཱུཾ་སྭཱ་ཧྲཱྀཿཧཱ། དེ་ནས་རང་བཞིན་སྤྱན་དྲངས་ཏེ། །ཨེ་ཧྱེ་ཧི། ཛཿཧཱུཾ་བཾ་ཧོཿ། ས་མ་ཡ་ཧྲཱིཾ་ཧྲཱིཾ་ཛཿ། དེ་ནས་དམ་ཚིག་བདག་ལ་བསྡིམ། །ས་མ་ཡ་ཨཱ་བེ་ཤ་ཡ་ཏིཥྛ་ལྷན། དེ་ནས་ཕྱག་གི་མཆོད་པ་ནི། །ཨ་ཏི་པུ་ཧོ། ན་མ་ཡ་ཏེ། དེ་ནས་ཕྱག་རྒྱ་གར་གྱི་མཆོད། །མ་ཧཱ་པཱུ་ཛ་མུ་དྲ་ཧོཿ། དེ་ནས་ཡེ་ཤེས་གླུ་ཡིས་མཆོད། །མ་ཧཱ་ཛྙཱ་ན་ཏེ་ན་ཧཱུཾ། ཏེ་ན་ཧཱུཾ། ཏེ་ན་ཏེ་ཏེ་ཧཱུཾ། དེ་ནས་ཕྱི་ནང་རྣམ་ལྔས་མཆོད། །ཨོཾ་པན་པེཾ། པེ་ནུ་སུ་ར་ཏོ། ཏི་པུ་པ་ར་མུ། སརྦ་ཏ་ཐཱ་ག་ཏ་སིདྡྷི་ཧུ། ས་མ་ཡོ་ཏ་མུ། ཨོཾ་ཨཱཿཧཱུཾ། མ་ཧཱ་པཉྩ་བ་ལིཾ་ཏ་རཀྟ་ཁཱ་ཧི། ཨོཾ་ཤྲཱི་བཛྲ་རཱ་ག་དྷཱུ་བེ་དྷཱུ། པུཥ྇་པུ། ཨཱ་ལོ་ཀེ་ཧྲཱྀཿ། གནྡྷེ་གན། ནཻ་བི་དྱཱ་ཨཱ། གིརྟི་ཧཱུཾ། དེ་ནས་བདུད་རྩི་སྨན་མཆོད་འབུལ། །ལྷ་རྣམས་སོ་སོའི་རྩ་སྔགས་ལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། དེ་ནས་བདུད་རྩིའི་དངོས་གྲུབ་བླང་། །ཀཱ་ཡ་སིདྡྷི་ཨོཾ། ཝཱཀ་སིདྡྷི་ཨཱཿ། ཙིཏྟ་སིདྡྷི་ཧཱུཾ། སརྦ་སིདྡྷི་ཧྲཱྀཿ། དེ་ནས་བདུད་རྩི་གསང་ནན་མཆོད། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། དེ་ནས་མ་ཆགས་གཏོར་ཆེན་མཆོད། །ལྷ་རྣམས་ཀུན་གྱི་རྩ་སྔགས་ལ། །མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི། ལྷ་རྣམས་ཀུན་གྱི་སྔགས་མཇུག་ལ། །མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། དེ་ནས་ཡབ་ཡུམ་སྦྱོར་མཆོད་འབུལ། །ཛཿཧཱུཾ་བཾ་ཧོཿ།པདྨ་ཡོ་གི་ནཱི། ས་མ་ཡ་པྲ་བེ་ཤ་ཡ་ཕཊ། དེ་ནས་སྒྲོལ་བའི་མཆོད་པ་བྱ། ཨོཾ་མ་ཧཱ་ཤྲཱི་ཧེ་རུ་ཀ །མ་ཏྲཾ་རུ་དྲ་པྲ་བྷན་ཙཀྲ་ཧཱུཾ་ཕཊ། པྲ་བེ་ཤ་ཡ་ཧཱུཾ་ཕཊ། ཏི་ཧཱུཾ་ཨ་སྥ་ར་ཎ་ཕཊ། དེ་ནས་ཡིག་བརྒྱས་བཤགས་ཤིང་བསྐང་། །ཨོཾ་ཨཱཿཧཱུཾ་སྭཱ་ཧཱ།ཨོཾ་བཛྲ་ཧེ་རུ་ཀ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་ཧེ་རུ་ཀ་ཏྭོ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ་སརྦ་སིདྡྷིམྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཱཾ། ཀུ་རུ་ཧཱུཾ། ཧ་ཧ་ཧ་


DNG015_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

ཧ་ཧོ། བྷ་ག་ཝཱན། སརྦ་ཏ་ཐཱ་ག་ཏ། བཛྲ་ཧེ་རུ་ཀ །མ་མེ་མུཉྩ། བཛྲཱི་བྷ་ཝ། མ་ཧཱ་ས་མ་ཡ། བཛྲ་ཧེ་རུ་ཀ་སཏྭ་ཨ། དེ་ནས་དགྱེས་པའི་བསྟོད་མཆོད་བྱ། །ཨོཾ་མཉམ་ཉིད་སྐུ་ཡི་རང་བཞིན་ཡིན། །ཀུན་བཟང་ཟག་པ་མེད་པར་བདེ། །སེམས་ཅན་དོན་ལ་བདེ་བར་གཤེགས། །ཐུགས་རྗེའི་སྐུ་ལ་ཕྱག་འཚལ་བསྟོད། །ཨཱཾ་རྩོལ་མེད་རང་བྱུང་ཆོས་སྐུའི་སྒྲ། །མ་འགགས་རང་གསལ་འཛིན་པ་མེད། །ཆགས་མེད་སྐྱོན་བྲལ་པདྨའི་གསུང་། །ཡང་དག་གསུང་ལ་ཕྱག་འཚལ་བསྟོད། །ཧཱུཾ་སྤྲོས་པ་མེད་པའི་དབྱིངས་ཀྱི་ངང་། །མ་སྐྱེས་འཇིག་མེད་རྡོ་རྗེའི་ཐུགས། །བླང་དོར་མེད་པ་ཆོས་ཀྱི་དབྱིངས། །འགྱུར་མེད་ཐུགས་ལ་ཕྱག་འཚལ་བསྟོད། །སྭཱ་ཆོས་དབྱིངས་རོལ་པ་ཆེན་པོ་ལས། །རྩལ་དང་རོལ་པ་མི་དམིགས་ཀྱང་། །ནམ་མཁའ་མཛོད་ཀྱི་ཆོ་འཕྲུལ་གྱིས། །ཡོན་ཏན་རེ་སྐོང་ཕྱག་འཚལ་བསྟོད། །ཧཱ་རང་བཞིན་ཅིར་ཡང་མ་ངེས་ཀྱང་། །དཀྱིལ་འཁོར་ཆེན་པོའི་ཆ་བཟུང་ནས། །རྟོག་མེད་དྲེགས་པ་ངང་གིས་འདུལ། །ཕྲིན་ལས་མཛད་ལ་ཕྱག་འཚལ་བསྟོད། །གཞན་ཡང་དོན་མཐུན་ཅི་རིགས་བསྟོད། །ཨོཾ་ཨཱཾ་ཧཱུཾ་སྭཱ་ཧཱ། ན་མོ་ཧྲྀ་དཱ་ཡ། དེ་ནས་ལྷ་ཚོགས་མཚན་དོན་ནས། །ལས་བཞི་ལ་སོགས་བཅོལ་བསྐུལ་བྱ། །ཨོཾ་ཤཱནྟིཾ་ཀུ་རུ། སྭཱ་པུཥྚིཾ་ཀུ་རུ། ཨཱོཾ་བ་ཤཾ་ཀུ་རུ། ཧཱ་མཱ་ར་ཡ། ཧཱུཾ་སརྦ་སིདྡྷི་ཀུ་རུ་ཧཱུཾ། དེ་ནས་བདེ་གཤེགས་ཀུན་གྱི་གསང་། །འདུས་པའི་སྙིང་པོ་འཛབ་བཟླས་ཏེ། །ཞི་བས་བསྙེན་ཅིང་ཁྲོ་བོར་བསྒྲུབ། །ཐོག་མར་ཞི་བའི་འཛབ་བཟླས་ཏེ། །བདེ་གཤེགས་ཡོངས་རྫོགས་སྙིང་པོ་འདིའོ། །ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་གཉའ་ན་དྷཱ་ཏུ་ཨ། དེ་ཡང་འདི་སྐད་བསྐུལ་ཞིང་བསྙེན། །ཧཱུཾ་གསང་བ་ཡོངས་རྫོགས་དཀྱིལ་འཁོར་དུ། །ཆེ་མཆོག་དཔལ་དགུའི་དབུ་རྒྱན་ནང་། །ཐབས་ཤེས་ཉི་ཟླ་འོད་ཀྱི་དཀྱིལ། །མ་ཆགས་པདྨའི་གེ་སར་ལ། །མི་བསྐྱོད་རྣམ་པར་སྣང་མཛད་དང་། །རིན་འབྱུང་མཐའ་ཡས་དོན་ཡོད་གྲུབ། །ཡུམ་ཆེན་ཀུན་བཟང་སངས་རྒྱས་སྤྱན། །མཱ་མ་གོས་དཀར་དམ་ཚིག་སྒྲོལ། །རྒྱལ་བ་རིགས་ལྔ་ཡབ་


DNG015_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་བཅས། །ཀུན་བཟང་ཡབ་ཡུམ་དགྱེས་པར་སྦྱོར། །སྲས་མཆོག་སེམས་དཔའ་སེམས་མར་བཅས། །སྤྲུལ་སྐུ་ཐུབ་དྲུག་མཐར་བྱེད་བརྒྱད། །མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཅན། །གསལ་འཚེར་ལྷུན་སྡུག་གཟི་བརྗིད་འབར། །དབུ་རྒྱན་ཕྲེང་བ་ཅོད་པན་དང་། །དོ་ཤལ་དཔུང་རྒྱན་སེ་མོ་དོ། །རིན་ཆེན་དར་དཔྱངས་ཆས་རྣམས་རྫོགས། །གསུང་གི་སྙིང་པོ་སྔགས་སྒྲ་སྒྲོགས། །ཐུགས་ནི་རང་བྱུང་ཡེ་ཤེས་གསལ། །འཛབ་ཀྱིས་སྐུ་གསུང་ཐུགས་རྒྱུད་བསྐུལ། །སྤྲོས་པས་སྟོང་གསུམ་སྐུ་ཡིས་གང་། །སྐུ་ལས་གསུང་བྱུང་སྔགས་འབྲུག་ལྡིར། །བསྡུས་པས་ཆོས་དབྱིངས་མཁའ་ལ་ཐིམ། །མ་གསལ་བར་དུ་བསྐྱེད་ཅིང་བསྒོམ། །ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་གཉའ་ན་དྷཱ་ཏུ་ཨ། བརྒྱ་སྟོང་ཁྲི་འབུམ་བྱེ་བ་སོགས། །བསྙེན་པ་སུམ་ཆ་དེ་ལ་བསྐྱལ། །སྟོང་ཚིག་ཡན་ལག་བདུན་མཆོད་བྱ། །ཚོགས་ཀྱི་འཁོར་ལོ་དུས་དྲུག་བཏང་། །དེ་ནས་བདེ་གཤེགས་ཀུན་གྱི་གསུང་། །ཚོམ་བུ་དགུ་ཡི་སྙིང་པོ་བསྐུལ། །ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ། ཨོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ་ཕཊ། ཨོཾ་ཧྲཱྀཿཥྚྲཱྀཿབི་ཀྲྀ་ཏ་ན་ན་ཧཱུཾ་ཕཊ། ཨོཾ་ཧྱ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་གུ་ཧྱ་གཉའ་ན་ཤྲཱི་ཧེ་རུ་ཀ་ཀྲོ་དྷཱི་ཤྭ་རཱི་ཧཱུཾ་ཕཊ། ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་ཧཱུཾ་ཕཊ།ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱན་ཧཱུཾ་ཕཊ། ཨོཾ་བཛྲ་སརྦ་དུཥྚཱན་ཨེ་ཛཿབྷྱོ་ཧཱུཾ་ཕཊ། བྷྲཱུཾ་ག་རུ་ཌ་ཧཱུཾ་ཕཊ། སརྦ་ཌཱ་ཀི་ནཱི་ས་མ་ཡ་ཧྲིཾ་ཧྲིཾ་ཧཱུཾ་ཕཊ། དེ་ཡང་འདི་ལྟར་བསྐུལ་ཅིང་བསྒྲུབ། །ཧཱུཾ་དབུས་ཕྱོགས་འཁོར་ལོའི་གཞལ་ཡས་ནས། །ཟླ་གམ་དབང་ཆེན་ཨེ་ཡི་དབྱིབས། །བྱོལ་སོང་གཙོ་བརྒྱད་དྲེགས་པའི་སྟེང་། །ཐབས་ཤེས་ཉི་ཟླ་འོད་ཀྱི་དཀྱིལ། །མ་ཆགས་པདྨའི་གེ་སར་ལ། །བཅོམ་ལྡན་ཆེ་མཆོག་ཧེ་རུ་ཀ །ཡུམ་ཆེན་གནམ་ཞལ་དབྱིངས་ཕྱུག་མ། །གཉིས་མེད་འཁྲིལ་སྦྱོར་སྲས་ཆ་ལུགས་ནི་ཡང་འཁོར་བཅས། །སྒེག་པ་དཔའ་བ་འཇིགས་སུ་རུང་། །དགོད་དང་གཤེ་དང་སྙིང་རྗེ་རྔམ། །འབར་ཁྲོ་ཞི་ཚོགས་གར་དགུ་ལྡན། །སྐུ་ལ་དུར་ཁྲོད་ཆས་རྣམས་རྫོགས། །གསུང་


DNG015_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ནི་དྲག་པོའི་སྔགས་སྒྲ་སྒྲོགས། །ཐུགས་ནི་སྒྲོལ་མཛད་སྲོག་དང་བཅས། །འཛབ་ཀྱི་རྒྱུད་བསྐུལ་སྐུ་གསུང་ཐུགས། །ཕཊ་ཀྱི་སྤྲོས་པས་སྟོང་གསུམ་གང་། །བསྡུས་པས་ཡུམ་གྱི་མཁའ་ལ་འཁྱིལ། །གསང་བའི་སྦུབས་ནས་ཐུགས་ཀར་ཐིམ། །མ་གསལ་བར་དུ་བསྐྱེད་ཅིང་བསྒོམ། །མ་འགྲུབ་བར་དུ་མི་གཏོང་ངོ་། །བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ། བརྒྱ་སྟོང་ཁྲི་འབུམ་བྱེ་བས་བསྒྲུབ། །སྟོང་ཚིག་ཡན་ལག་བཅུ་པ་བྱ། །དེ་བཞིན་ཁྲོ་བོ་ཀུན་ལ་སྦྱར། །དུས་དྲུག་ཚོགས་ཀྱི་འཁོར་ལོ་བསྐོར། །སྒྲུབ་པ་སུམ་གཉིས་དེ་ལ་བསྒྲུབ། །དེ་ནས་ལས་སྦྱོར་སུམ་ཆའི་བར། །དགོངས་པ་གསུམ་གྱིས་མཐར་འགྱུར་ཏེ། །བདག་ཉིད་ཡོངས་རྫོགས་དཔལ་དུ་བསྐྱེད། །དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ཀུན། །ཆོས་ཉིད་དོན་ལ་འགྱུར་མེད་ཕྱིར། །ཐམས་ཅད་སྐུ་མདོག་མཐིང་ནག་ལ། །རྡོ་རྗེ་ཕུར་པ་འདྲིལ་ཞིང་འདེབས། །དགྲ་བགེགས་ལས་རྒྱུན་གཅོད་པར་བསམ། །རྣལ་འབྱོར་དུར་ཁྲོད་ཆས་གསོལ་ཏེ། །བསྒྲུབ་ཕུར་རྣམས་ལ་དྲག་ཏུ་བསྡིམ། །ཨོཾ་བཛྲ་མ་ཧཱ་ཀྲོ་དྷ། པདྨ་ཀྲོ་དྷཱི་ཤྭ་རཱི། བཛྲ་ཀཱི་ལི་ཀཱི་ལ་ཡ། མ་ཧཱ་ཡཀྵ། ཀཱ་ལ་རཱུ་པ་ཀརྨ་རཾ་རཾ། ཛྭ་ལ་རཾ་ཧཱུཾ་ཕཊ། བདེ་གཤེགས་ཁྲོ་རྒྱལ་འདུས་པ་ཡི། །དྲག་སྔགས་གནམ་ཐོག་དྲག་ཏུ་བཟླས། །སྟོང་སྟོང་ཚིག་ཏུ་ཁྲོ་རྒྱལ་བསྐུལ། །དགྲ་བགེགས་ཁུགས་པའི་རྟགས་མཐོང་ཚེ། །ཨེ་དབུས་མཚན་ངན་ཐོད་པ་རུ། །ལིང་ག་འཁོར་ལོའི་རྩིབས་ལ་བསྐྱོན། །གུ་གུལ་གྱིས་བདུག་ལྷ་དང་དབྱེ། །དཔང་གསོལ་ཕྱག་རྒྱ་བཞི་ཡིས་བཅིངས། །ནྲྀ་ཏྲི་ཆེ་གེ་མོ་ཛཿཧཱུཾ་བཾ་ཧོཿ། ཨཱ་བེ་ཤ་ཡ་ཨ་ཨ།ཕྲིན་ལས་རྟེན་གྱི་ཕུར་པ་བསྣམས། །གུ་གུལ་བྱིན་བསྐྱེད་ཁྲག་དབང་བསྐུར། །ཡུངས་ཀར་བྲབ་ཅིང་ཕྲིན་ལས་བཅོལ། །ཚེ་ལུང་ཁྲུས་ཀྱི་དགོངས་པ་བྱ། །ཚེ་མཆོག་ཕུར་པ་སྲོག་རྩར་གདབ། །བཛྲ་ཧེ་རུ་སྙིང་གར་གདབ། །གཤིན་རྗེ་གཤེད་པོ་དཔྲལ་བར་གདབ། །རྟ་མགྲིན་དབང་གི་ལྕེ་ལ་གདབ། །རྡོ་རྗེ་


DNG015_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

གཞོན་ནུ་ལྟེ་བར་གདབ། །བླ་མེད་ཧེ་རུ་གསང་གནས་གདབ། །དྲེགས་པ་ཀུན་འདུལ་བརླ་གཡས་གདབ། །སྟོབས་ལྡན་ནག་པོ་བརླ་གཡོན་གདབ། །རིག་འཛིན་དྲག་པོ་སྤྱི་བོར་གདབ། །གདབ་པའི་སྔགས་དགུ་འོག་ནས་སྟོན། །སོ་སོའི་འཁོར་གྱིས་ཁྱབ་པར་གདབ། །ཡུངས་ཀར་དུག་ཁྲག་ཐུན་གྱིས་བྲབ། །དྲག་སྔགས་ཐམས་ཅད་ཕུར་དཀྲུགས་ཕུ་སྤྲུགས་ཀྱང་ཏེ། །མངག་ཕུར་གདབ་ཕུར་ཁྱབ་པར་གདབ། །གདབ་བརྡེག་མནན་པས་ལས་ཁ་བསྡུ། །བདག་དང་ཕུར་པ་འབེན་དང་གསུམ། །ཐ་མི་དད་དེ་གྲུབ་མཐའ་གཅིག །ཆོས་ཀྱི་དབྱིངས་སུ་གཟུང་འཛིན་སྒྲོལ། །སྲིད་པ་གསུམ་ཡང་དུས་གཅིག་སྒྲོལ། །ཁྲོ་རྒྱལ་འདུས་པའི་ཕྲིན་ལས་སོ། །དེ་ནས་སྐབས་སུ་ཚོགས་མཆོད་བྱ། །ཨོཾ་ཨུ་ཙུསྨ། བེ་ཏཱ་ལཱི། ཀྲོ་དྷ་སརྦ་དྲ་བྱཾ་བི་ཤྭ་དྷ་ན་སྭཱ་ཧཱ། རཾ་ཡཾ་ཁཾ། ཨོཾ་ཨཱཾ་ཧཱུཾ། ཨོཾ་ན་མ་སརྦ་ཏ་ཐཱ་ག་ཏེ་བྷྱོ་དེ་བཱི་ཀྲོ་དྷ་སརྦ་བ་ལིཾ་ཏ་ཁཱ་ཧི་ཁཱ་ཧི། ཨོཾ་ཨཱཾ་ཧཱུཾ། མ་ཧཱ་བ་ལིཾ་ཏ་ཁཱ་ཧི། དེ་ནས་ལྷག་མས་མཆོད་པ་བྱ། །ཨོཾ་ཨཱཾ་ཧཱུཾ། ཨུ་ཙྪིཥྚ་བཛྲ་ཨསྡི་སྟ། ས་མུན་ཤ་ཀྲམ། ས་མ་ཡ་ཧཱུཾ་ཕཊ།ཧཱུཾ་ཧཱུཾ་ཧཱུཾ། ཧྲིཾ་ཧྲིཾ་ཧྲིཾ། བྷྱོ་བྷྱོ་བྷྱོ། ཨཱ་ར་ལི་ཛ། དེ་ནས་མན་ངག་འཁྲུལ་འཁོར་བཤད། །གདུལ་བྱའི་བློ་རིགས་ཐ་དད་པས། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི། །བྱེ་བྲག་བསྒྲུབ་ལ་མོས་ན་ཡང་། །འདི་ཡི་བསྙེན་བསྒྲུབ་སྐབས་དང་སྦྱོར། །བདེ་བར་གཤེགས་ལ་རང་རྒྱུད་མེད། །གང་ལྟར་མོས་པ་དེ་ལྟར་འགྲུབ། །རྒྱུད་འདི་ཏན་ཏྲ་བཅོ་བརྒྱད་ཀྱི། །ཉམས་ལེན་རྩ་བ་ཡོངས་རྫོགས་ཕྱིར། །དབུ་ཞབས་ཀུན་ཏུ་མན་ངག་གང་། །མདོ་ལས་ཞིབ་རྒྱས་མ་ཚང་ནའང་། །ཉིད་ལས་མི་གཞན་རིག་འཛིན་གྱིས། །རིགས་པར་སྒྲོལ་བར་བཀའ་གནང་གིས། །རྒྱུད་གཞན་ཀུན་ནས་ཁ་བསྐང་བྱ། །ཡང་དག་ངེས་པའི་དོན་ལ་སྦྱར། །འཁོར་ལ་བཀའ་བསྒོ་དགེ་སྦྱོར་བསྐུལ། །བར་ཆོད་ཉུལ་ལེ་བརྟགས་ཏེ་བཟློག །རྒྱུན་དུ་འབྱུང་བའི་དངོས་གྲུབ་བླང་། །བསྒྲུབ་པའི་གེགས་ཡིན་རྣམ་རྟོག་བསལ། །དེ་ལྟར་བསྒྲུབས་པའི་གྲུབ་རྟགས་བཤད། །བསྙེན་པ་རྫོགས་


DNG015_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྟགས་སུ་ནི། །དཔལ་ཆེན་ལ་སོགས་བདེ་བར་གཤེགས། །གང་ན་གང་གི་ཞལ་མཐོང་ཞིང་། །ངག་གི་བདེན་པ་གྲུབ་པ་དང་། །ཉམས་སྣང་མཁའ་འགྲོའི་ལུང་བསྟན་འབྱུང་། །མི་མང་འདུས་ནས་ཕྱག་འཚལ་དང་། །མགོ་ལ་ཉི་མ་ཤར་བ་དང་། །མཆོད་རྟེན་རྩེ་ལ་འདུག་པ་དང་། །གྲོང་ཁྱེར་ཉམས་དགའ་མཐོང་བ་དང་། །རིགས་ལྔའི་ཕྱག་མཚན་རྙེད་པ་དང་། །བཅུད་འཐུང་མེ་ཏོག་ཟོས་པ་དང་། །དམག་དཔོན་དེད་དཔོན་བྱས་པ་དང་། །བསྒྲུབ་པ་གྲུབ་པའི་རྟགས་དག་ནི། །གངས་དཀར་རྩེ་ལ་འཛེགས་པ་དང་། །རི་བོའི་རྩེ་ལ་འདུག་པ་དང་། །དར་གདུགས་རྒྱལ་མཚན་འཕྱར་བ་དང་། །བུད་མེད་ཚོགས་འདུས་སྐོར་བ་བྱེད། །ལུས་ལ་ཁྲག་འཛག་སེམས་ཅན་ཐོན། །བྷནྡ་ཕུར་པ་ལྡེག་ཅིང་འཕར། །སྐུ་དང་འོད་སྒྲ་ལྷ་མོར་སྟོན། །དམ་རྫས་ཁོལ་ལམ་དུ་བ་འབྱུང་། །ལས་སྦྱོར་གྲུབ་པའི་རྟགས་སུ་ནི། །ཞི་བས་འཇིགས་པ་བརྒྱད་སྐྱོབ་ནུས། །རྒྱས་པས་འབྱོར་དྲུག་སྤེལ་བར་ནུས། །དབང་གིས་བདུད་བཞི་དབང་སྡུད་ནུས། །དྲག་པོས་དགྲ་བགེགས་མྱུར་བསྒྲལ་ནུས། །ཉམས་སུ་བླ་ཁུགས་དམིགས་པས་གསོད། །བསམས་པའི་དོན་གྲུབ་ཞག་དུས་ཐེབས། །རྨི་ལམ་དུ་ཡང་དུང་འབུད་དང་། །རྔ་སོགས་རོལ་མོ་སྒྲོགས་པ་དང་། །སྒྱོགས་འཕང་ཧོམ་སྤར་རྫིང་བརྟོལ་དང་། །མཆོད་རྟེན་ལྷ་ཁང་མཁར་སྦེའུ་བརྩིག །བསོས་བཏབ་མི་རྣམས་བྲན་དུ་འཁོལ། །མཚན་རྟགས་དེ་དག་ཐམས་ཅད་ཀྱང་། །རབ་དངོས་ཡང་ཡང་བརྟག་ཐུབ་ཅིང་། །འབྲིང་དུ་ཐུན་ཁོལ་བདུད་རྩི་ཁོལ། །འོད་སོགས་ཉམས་ལ་སྣང་བ་ཡིན། །ཐ་མ་རྨི་ལམ་བརྟན་པོ་འབྱུང་། །མ་གྲུབ་རང་ལ་ངན་སྲིད་ན། །ཉམས་དམའ་དཔའ་ཆུང་སྟོབས་ཞན་དང་། །མདོག་ལྡོག་སྐད་འགག་མི་མི་ཉན། །རྨི་ལམ་དུ་ཡང་གྲོགས་མེད་འཁྱམས། །གོས་མེད་མཚོན་སོགས་ཚུར་སྒྱོགས་འབྱུང་། །གཏོར་མ་དུས་ཡོལ་ཆག་ཡོད་ན། །ཁྲལ་འདོད་ཉེ་དྲུང་ཐམས་ཅད་འཁང་། །སྒོ་ནོན་རང་ཡང་ལྟོགས་སྙམ་སེམས། །ཉམས་གྲིབ་


DNG015_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

མི་གཙང་གོས་སྲིད་ན། །ཡུགས་ས་མཛེ་ཅན་གཉེན་ཁྲོས་དང་། །ནམ་ངན་ཁ་བ་བུ་ཡུག་འཚུབ། །འདམ་རྫབ་དུ་བ་མུན་གླིང་འཁྱམས། །བསྐང་དང་བཤགས་པ་རྒྱུན་དུ་བྱ། །དེ་ལྟར་མཚན་མ་བཟང་དང་ངན། །གང་ལྟར་སྣང་ཡང་བཏང་སྙོམས་འདུག །རློམས་སེམས་རྟོག་པ་མི་སྐྱེ་བར། །དངོས་གྲུབ་བླང་ཞིང་ངན་པ་བཟློག །དངོས་གྲུབ་ལེན་ཁར་བྲོ་བཤགས་བྱ། །ཞག་གྲངས་ཐེམ་མམ་རྟགས་བཟང་ན། །དངོས་གྲུབ་བཅུད་སྨན་ཟས་བཟང་དང་། །ཀ་པཱ་ལ་ཡི་བདུད་རྩི་དང་། །རྒྱལ་བ་ཞི་ཁྲོའི་མཚན་དོན་ནས། །དངོས་གྲུབ་བླང་བའི་ཆོ་ག་བྱ། །སློབ་མ་བཟང་ལ་དབང་ཡང་བསྐུར། །དེ་ནས་དངོས་གྲུབ་དབང་རྫས་རོལ། །བསྒྲུབ་པའི་སྐབས་སྐབས་ཤིས་པ་བརྗོད། །དེ་ལྟར་བསྙེན་སྒྲུབ་རིམ་པ་དག །རབ་ཏུ་ལོ་བསྒྲུབ་རྟགས་དང་སྦྱར། །འབྲིང་ལ་ཟླ་དྲུག་གྲངས་དང་སྦྱར། །ཐ་མ་ཞག་བདུན་དག་ལ་བསྡུས། །དད་བརྩོན་དྲག་པོས་བསྒྲུབས་གྱུར་ན། །མཚམས་མེད་ལྔ་སྤྱད་ཟིན་མིས་ཀྱང་། །དངོས་གྲུབ་ཐོབ་པ་གསང་སྔགས་ཁྱད། །དམ་ལྡན་རྣམས་ལ་སྨོས་ཅི་དགོས། །དེ་ནས་མཐའ་སྡུད་ཆོ་ག་ཡི། །རིམ་པ་བསྒྲུབ་ཆེན་རྗེས་ཀྱང་བཤད། །སྦྱོར་རམ་སྒྲོལ་ན་གདབ་ལས་བྱ། །མྱུར་དུ་སྒྲུབ་བྱེད་སྦྱིན་བསྲེག་བྱ། །གཏོར་མ་གཏོང་ཁར་ཆ་གསུམ་བགོ། །དང་པོ་གཏེར་དུ་སྦ་བྱ་སྟེ། །ས་ཡི་ལྷ་མོའི་མཁའ་དབྱིངས་སུ། །གཏེར་སྦེད་ཆོ་ག་རྒྱས་པར་བྱ། །ཆ་གཅིག་སྦྱིན་བསྲེག་གསེབ་ཏུ་གདབ། །ཐ་མའི་ཆ་ཡིས་སྐྱོང་མ་མཆོད། །གཏོར་གཞོང་འོག་ཏུ་དམ་སྲི་བྲུབ། །ཕྲིན་ལས་རྣམ་བཞིའི་བྲོ་ཡིས་མནན། །བཀྲ་ཤིས་ཚེ་ཡི་ཆོ་ག་བྱ། །དཀྱིལ་འཁོར་བསྡུ་ཞིང་ལྷག་ཆད་བསྐང་། །བཟོད་པར་གསོལ་ཞིང་བླ་མ་ལ། །གཏང་རག་རྒྱ་ཆེན་ལེགས་པར་གཏོང་། །མར་མེ་ཐོགས་ལ་སྨོན་ལམ་གདབ། །ལུས་བསྲུང་རྒྱུན་གྱི་ཏིང་འཛིན་གཅེས། །དུས་མཚམས་སྒྲོལ་བའི་གཏོར་མ་གཏང་། །སྦྱིན་གཏོང་བསྒྲུབས་ཚར་བསྔོ་བ་བྱ། །ཕྱོགས་བཅུ་དུས་


DNG015_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

བཞིའི་རྒྱལ་བ་རྣམས། །ཡོངས་རྫོགས་གསང་བའི་བསྒྲུབ་ཆེན་གྱི། །མདོ་དོན་མཚོན་པ་དེ་ལྟར་ཡིན། །ཉིད་ལས་མི་གཞན་རྗེས་འཇུག་གིས། །དེ་ལ་སྤྲོ་བསྡུ་ཅི་རིགས་པ། །དུས་དང་བློ་སྦྱོང་ཆོ་གའི་ཁྲིགས། །དྲང་བའི་དོན་དུ་འཕྲུལ་ཤེས་བྱ། །མཐར་ཐུག་ཡང་དག་ས་ལ་སྦྱོར། །ཕུན་ཚོགས་གསང་བའི་བསྒྲུབ་ཆེན་འདི། །སྐུ་གསུམ་ཡོངས་རྫོགས་ས་ལ་སྦྱོར། །ཞེས་བཀའ་སྩལ་ཏོ། །དཔལ་གསང་བ་འདུས་པའི་རྒྱུད་ཀྱི་རྒྱལ་པོ་ལས། ཞི་ཁྲོ་ཡོངས་རྫོགས་གསང་བ་བསྒྲུབ་ཆེན་གྱི་ལེའུ་སྟེ་དགུ་པའོ།། །།དེ་ནས་འདུས་པའི་འཁོར་རྣམས་ཀྱིས། །ཀུན་འདུས་སྟོན་པ་ཧེ་རུ་ཀར། །རྒྱུད་དོན་བསྐྱེད་རྫོགས་རབ་བསྡུས་དག །བདག་ཅག་འཁོར་ལ་བཀའ་སྩོལ་ཅིག །དེ་སྐད་གསོལ་པའི་དོན་དགོངས་ནས། །སྟོན་པ་ཉིད་ཀྱིས་བཀའ་སྩལ་པ། །ཀྱེ་འདུས་པའི་འཁོར་རྣམས་རྩེ་གཅིག་ཉོན། །རྒྱུད་དོན་བསྐྱེད་རྫོགས་ཡང་འདྲིལ་བཤད། །ཞི་ཁྲོ་བདེ་གཤེགས་ཡོངས་རྫོགས་ཀུན། །སྐུ་གསུང་ཐུགས་ཀྱི་བསྒྲུབ་པར་འདུས། །སྔོན་འགྲོ་རྫོགས་པའི་རྣལ་འབྱོར་པས། །རྡོ་རྗེ་སེམས་དཔའ་ཞི་དང་ཁྲོ། །ཡབ་ཡུམ་རྐྱང་སྦག་གང་བདེ་བའི། །བསྐྱེད་རྫོགས་ཟུང་འཇུག་གསལ་བསྒོམས་ཏེ། །ཨོཾ་ཨཱཿཧཱུཾ། སྐུ་གསུང་ཐུགས་ལྡན་ཡོངས་རྫོགས་པའི། །འཁོར་འདས་སྲོག་སྙིང་འབྲུ་གསུམ་ལྡན། །བདུད་གཞོམ་དགྲ་བསད་གཡང་ས་གཅད། །བསྙེན་རྫོགས་ལས་རྣམས་མ་ལུས་འགྲུབ། །རྫོང་འཕྲང་སྲོག་གི་ཚད་ལྡན་ཏེ། །དེ་ལྟར་སྐུ་གསུང་ཐུགས་བསྒྲུབས་ཀྱང་། །བླ་མེད་ཡང་དག་ཡི་གེ་ཧཱུཾ། །ཟབ་མོ་ཐུགས་ཀྱི་བསྒྲུབ་པར་རྫོགས། །དེ་ཉིད་ཉམས་ལེན་བསྒྲུབ་པར་འདུས། །དཀོན་མཆོག་བླ་མ་བདེ་གཤེགས་ལ། །སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་བྱ། །ཡན་ལག་བཅུ་པས་ཚོགས་ཀྱང་བསག །སྙིང་རྗེ་བྱམས་དགའ་བཏང་སྙོམས་བསྒོམ། །ལྷར་གསལ་ཐུགས་འོད་འཕྲོ་འདུ་ལས། །སྲུང་མཚམས་ཁྲོ་བཅུའི་འཁོར་ལོ་བསྒོམ། །ཁྲོ་བཅུའི་སྤྲུལ་པས་གདུག་པ་བསྒྲལ། །ཨོཾ་སུཾ་བྷ་ནི་སུཾ་བྷ་ཧཱུཾ། གྲྀ་ཧྞ་གྲྀ་ཧྞ་ཧཱུཾ།


DNG015_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

གྲྀ་ཧྞཱ་པ་ཡ་གྲྀ་ཧྞཱ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ། བྷ་ག་ཝཱ་ན་བིདྱཱ་རཱ་ཛཱ་ཡ་ཧཱུཾ་ཕཊ། ཨོཾ་ན་མཿས་མནྟ་བཛྲ་ཀཱ་ཡ་ཝཱ་ཀ་ཙིཏྟ་ནཱཾ། གྷ་གྷ། གྷ་ཏ་ཡ་གྷ་ཏ་ཡ། སརྦ་དུཥྚཱཾ་ཧཱུཾ་ཕཊ། ཀཱི་ལི་ཀཱི་ལ་ཡ་སརྦ་པཱ་པཾ་ཕཊ། བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ། དེ་ཡིས་བགེགས་བསྲུང་རབ་སྦྱངས་ཏེ། །སྙིང་གའི་ཧཱུཾ་འོད་རྡོ་རྗེའི་གུར། །རབ་གཏམས་མེ་འོད་འབར་བར་བསམ། །སྙིང་གའི་ཧཱུཾ་ལས་བྷྲཱུཾ་འཕྲོས་ཞུ། །དེ་ལས་གཞལ་ཡས་ཁང་སྒོ་བཞི། །རྟ་བབས་འདོད་ཡོན་ཕ་གུ་དང་། །དྲ་བ་པུ་ཤུ་དར་ཁད་དང་། །འཕན་དང་རྒྱལ་མཚན་དུར་ཁྲོད་མཛེས། །ཕོ་བྲང་རཏྣ་ཟུར་བརྒྱད་དབུས། །ཉི་ཟླ་པདྨ་བརྩེགས་པའི་སྟེང་། །ཚངས་པ་བརྒྱ་བྱིན་བསྣོལ་བའི་ཁར། །ཉི་ཟླའི་གའུ་ཁ་སྦྱོར་དབུས། །རྡོ་རྗེ་རྩེ་ལྔའི་ལྟེ་བ་ལ། །རང་རིག་ཧཱུཾ་མཐིང་གཅིག་ཏུ་བསམ། །གྲིབ་མའི་ཚུལ་དུ་དྲིལ་བུ་བསྐྱེད། །དེ་ལས་བདེ་གཤེགས་ཡོངས་རྫོགས་སྐུ། །ཡབ་ཡུམ་འཁྲིལ་སྦྱོར་ཞིག་ཏུ་བསྐྱེད། །དེ་ཡང་ཡབ་ཀྱི་མིང་འདོགས་ནི། །དགྱེས་མཛད་རྡོ་རྗེ་ཞེས་ཀྱང་བྱ། །བླ་མེད་ཧེ་རུ་ཞེས་ཀྱང་བྱ། །བདེ་མཆོག་འཁོར་ལོ་ཞེས་ཀྱང་བྱ། །ཆེ་མཆོག་ཧེ་རུ་ཞེས་ཀྱང་བྱ། །བདེ་གཤེགས་འདུས་པའི་སྐུ་མཆོག་ཉིད། །སྐུ་མདོག་མཐིང་ནག་ཞལ་གཅིག་པ། །ཕྱག་གཡས་རྡོ་རྗེ་དུང་དམར་འཁྲུགས། །ཞབས་གཉིས་བརྐྱངས་བསྐུམས་ལྷ་ཆེན་བརྫིས། །ཀྲོ་དྷཱི་ཡུམ་ཆེན་ཡབ་འདྲ་འཁྲིལ། །ཡུམ་ཆེན་དེ་ཡི་མིང་འདོགས་ཀྱང་། །ཀུན་བཟང་ཕ་རོལ་ཕྱིན་མ་དང་། །རྡོ་རྗེ་ཕག་མོ་རྣལ་འབྱོར་མ། །འཁོར་ལོ་རྒྱས་འདེབས་ཁྲོས་ནག་མོ། །ཨེ་ཀ་ཛ་ཊཱི་གནམ་ཞལ་མ། །དེ་ལྟར་ཡབ་ཡུམ་ཞལ་སྦྱོར་ལ། །དུར་ཁྲོད་ཆས་བརྒྱད་རྫོགས་པར་བསྒོམ། །ཨོཾ་ཨཱཾ་ཧཱུཾ། ཨོཾ་ཧཱུཾ་སྭཱ་ཧྲཱྀཿཧཱ། སྐུ་གསུང་ཐུགས་སུ་བྱིན་བརླབ་ཅིང་། །ཡེ་ཤེས་ལྔ་ཡིས་དབང་ཡང་བསྐུར། །སྤྱན་དྲང་བསྡིམ་མཆོད་བསྟོད་སོགས་བྱ། །ལྷ་གསལ་གྱད་དུ་གྱུར་པ་ན། །ཕྲ་མོའི་ཏིང་འཛིན་གསལ་བསྒོམས་ཏེ། །ཀུན་གྱི་སྤྱི་སྲོག་ཧཱུཾ་གིས་བསྙེན། །འཛབ་དབྱངས་ཟབ་མོས་ཉམས་རྟོགས་སྤར། །རྫོགས་རིམ་ལྷ་ཉིད་སེམས་


DNG015_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བརྟག །ལྷ་ཉིད་རང་ལ་རང་ཉིད་ལྷ། །དབྱེར་མེད་ཆོས་ཉིད་མིང་དང་བྲལ། །རྫོགས་རིམ་གསུམ་གྱིས་གོལ་ས་སྦྱང་། །སྒོ་གསུམ་རྟགས་ལ་སྦྱར་ཅིང་བསྒྲུབ། །ཕྲིན་ལས་རིག་པའི་ཁ་བསྒྱུར་བྱ། །འབྲས་བུ་བདེར་འདུས་ཕྱག་རྒྱ་ཆེ། །སྐུ་གསུམ་ལྷུན་གྲུབ་ངང་དུ་གྲོལ། །ཕྱོགས་བཅུ་དུས་བཞིའི་རྒྱལ་བ་དང་། །ཞི་ཁྲོ་བཀའ་བརྒྱད་ལྷ་ཚོགས་རྣམས། །ཆེ་མཆོག་དཔལ་གྱི་སྐུ་རུ་འདུས། །ཆེ་མཆོག་ཧེ་རུ་ཀའི་ངོ་བོ། །མ་ནོར་མ་བཅོས་ཆོས་ཀྱི་དབྱིངས། །ཆོས་སྐུ་ཐིག་ལེ་ཉག་གཅིག་ཡིན། །ཞེས་བཀའ་སྩལ་ཏོ། །དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོ་ལས། བསྐྱེད་རྫོགས་ཡང་དྲིལ་གྱི་སྒྲུབ་ཐབས་བསྟན་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་འདུས་པའི་འཁོར་རྣམས་ཀྱིས་མགྲིན་གཅིག་ཏུ། སྟོན་པ་ཀུན་ཏུ་བཟང་པོ་དཔལ་ཆེ་མཆོག་ཧེ་རུ་ཀ་ལ་གསོལ་པ། ཀྱེ་ཀྱེ་ཀྱེ། ཆོས་ཀྱི་དབང་ཕྱུག་ཀུན་ཏུ་བཟང་། །དབང་ཆེན་ཆེ་མཆོག་ཧེ་རུ་ཀ །རྒྱུད་དོན་དབང་བསྐུར་རིམ་པ་དག །བདག་ཅག་འཁོར་ལ་བཀའ་སྩོལ་ཅིག །དེ་སྐད་གསོལ་པའི་དོན་དགོངས་ནས། །སྟོན་པ་ཉིད་ཀྱིས་བཀའ་སྩལ་པ། །འདུས་པའི་འཁོར་ཚོགས་རྩེ་གཅིག་ཉོན། །རྒྱུད་དོན་དབང་བསྐུར་རིམ་པ་ལ། །ལྔ་སྟེ་ངོ་བོ་ངེས་ཚིག་དང་། །དབྱེ་བ་སྐུར་ཐབས་དགོས་ཆེད་དོ། །ངོ་བོ་རང་རིག་དབང་ཚུགས་ཐུབ། །ངེས་ཚིག་སེམས་ཉིད་རྩལ་དབང་བསྐུར། །དབྱེ་ན་ཁྱད་པར་ཐུན་མོང་སྟེ། །ཁྱད་པར་ཕྱི་ནང་གསང་དབང་གསུམ། །ཐུན་མོང་ཕན་དང་ནུས་དབང་ཡིན། །དབང་ཆེན་སྐུར་ཐབས་རིམ་པ་ནི། །བླ་མ་གང་གིས་སློབ་མ་ནི། །གང་ལ་བསྐུར་ཕྱིར་སྣོད་བཅུད་བསྟན། །ཇི་ལྟར་སྐུར་ཐབས་ཕྱི་ནང་གསང་། །ཕན་ནུས་ཡོངས་རྫོགས་དག་ཡིན་ཏེ། །དཀྱིལ་འཁོར་རྫས་རྣམས་བསྒྲུབ་དང་མཚུངས། །ཁྱད་པར་དབང་གི་སྒེར་རྫས་ནི། །རཏྣའི་བུམ་དགུ་ཕྱག་མཚན་བྲི། །སྨན་དང་རིན་ཆེན་འབྲུ་སོགས་སྩལ། །འབྲས་ལྡན་ཁ་རྒྱན་དར་སྣས་བཅིང་། །སྣ་ལྔའི་གཟུངས་ཐག་རྡོ་རྗེས་བསྲུང་། །ཕྱི་ཞི་ནང་ཁྲོ་རིགས་ལྔས་བརྒྱན། །དཀྱིལ་


DNG015_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལྷ་ཚོགས་བྲིས་སྐུ་གཟུག །ཕྱག་མཚན་བྲིས་པའི་པྲོག་ཞུ་དང་། །མེ་ལོང་ཤེལ་བཅས་རྡོར་དྲིལ་དང་། །ཞི་རྒྱན་ཁྲོ་ཚོགས་རུས་རྒྱན་སོགས། །དབང་རྫས་རིམ་པ་ཐམས་ཅད་བསག །མཚན་ལྡན་མུ་དྲ་ཡིད་འོང་བཤམ། །སྟ་གོན་རྫོགས་བྱ་དལ་དུ་གཞུག །མདོར་ན་དབང་གི་སྔོན་འགྲོ་རྗེས། །བསྒྲུབ་ཆེན་བསྙེན་བསྒྲུབ་ཁོག་ཕུབ་ལ། །ལས་དང་དབང་གི་སྦྱོར་བས་ཏེ། །ལྷ་རྣམས་བསྙེན་བསྒྲུབ་སྔགས་གཞུག་ལ། །དབང་གི་གསང་སྔགས་འདི་གདགས་བསྙེན། །ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཨཱ། འོད་ཟེར་སྤྲོ་བསྡུའི་སྦྱོར་བ་ཡིས། །བསྒྲུབ་རྫས་ལྷར་གསལ་བདུད་རྩིར་བསྒྱུར། །སློབ་བུའི་སྒོ་གསུམ་སྒྲིབ་པ་སྦྱང་། །དུས་དྲུག་ཚོགས་ཀྱི་འཁོར་ལོ་བསྐོར། །ལྔ་བདུན་ཉེར་གཅིག་ཞག་ཏུ་བསྒྲུབ། །དེ་ནས་ཅོད་པན་དབང་བསྐུར་ཏེ། །ཞུ་འབུལ་རྗེས་གནང་ཅོད་པན་དོར། །ཨོཾ་བཛྲ་པྲ་ཏི་གྲྀ་ཧྞ་ཧོ། ཨཱ་བེ་ཤ་ཡ་ཨ་ཨ། ལྷ་ངོས་བཟུང་ཞིང་གསང་མཚན་གདགས། །སློབ་བུས་གསལ་གདབ་བླ་མ་ཡིས། །གསང་བའི་སྔགས་འདིས་བྱིན་ཆེན་དབབ། །ཨོཾ་ཨཱཿཧཱུཾ་བཛྲ་གུ་རུ་སརྦ་ས་མ་ཡ། ཨཱ་བེ་ཤ་ཡ་ཨ་བྷི་ཥིཉྩ་ཨ་ཨ། དེ་ནས་སྤྱི་གཙུག་བུམ་དབང་བསྐུར། །ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། སརྦ་ཏ་ཐཱ་ག་ཏ་ཤྲཱི་ཧེ་རུ་ཀ །བཛྲ་ཀ་ལ་ཤ །ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུཾ། སུ་ར་ཏ་སྟྭཾ། དེ་རྗེས་དབུ་རྒྱན་དབང་བསྐུར་ཏེ། །རིགས་ལྔའི་ཕྱག་མཚན་ཐོད་སྤྲས་ལ། །ཨོཾ་ཨཱཿཧཱུཾ་སྭཱ་ཧཱ།བཛྲ། བུཌྜྷ། རཏྣ། པདྨ། ཀརྨ་མུ་ཀུ་ཊ་ཏྲཱཾ་ཨ་བྷི་ཥིཉྩ་ཧཱུཾ། དེ་རྗེས་ཕྲེང་ཚོགས་ཞི་རྒྱན་དབང་། །གནས་སུ་བཀོད་དེ་དབང་བསྐུར་ནི། །ཨོཾ་བོ་དྷི་ཙིཏྟ་མུ་དྲ་རུ་ཙི་ར་མ་ཎི་པྲ་བརྟ་ཡ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུཾ། དེ་ནས་དཔལ་གྱི་ཆས་གོས་རྣམས། །གནས་སུ་བཀོད་དེ་དབང་བསྐུར་ནི། །ཨོཾ་ཤྲཱི་ཧེ་རུ་ཀ་སརྦ་ཡོ་གི། ཨ་བྷི་ཥིཉྩ་ས་མ་ཡ་ཤྲཱི་ཡེ་ཧཱུཾ་ཨ། དེ་རྗེས་དམ་རྫས་མཆོད་པའི་ཚོགས། །སྤྱི་བོར་བཞག་ནས་དབང་བསྐུར་བ། །ཨོཾ་ཨཱཾ་ཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་བ་ལིཾ་ཏ་རཀྟ་སརྦ་པཱུ་ཛ་ས་མ་ཡ་ཨ་བྷི་ཥིཉྩ་སིདྡྷི་ཨ་བྷི་ཥིཉྩ་ཨ་ཨ། དེ་ལྟར་ཕྱི་དབང་ཡོངས་རྫོགས་ནས། །ནང་གི་ལྷ་དབང་བསྐུར་བ་ནི། །རིགས་ལྔ་ཁྲག་འཐུང་ལྔར་བཅས་པའི། །


DNG015_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་གཟུགས་ལ་བསྡིམ་དམིགས་པས་བསྡིམ། །སྤྱི་བོའི་གཙུག་ནས་བསྐུར་བར་བྱ། །ཨོཾ་ཨཱཾ་ཧཱུཾ་སྭཱ་ཧཱ། མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ། བཛྲ་སཏྭ་ཛྙཱ་ན་ཨ་བྷི་ཥིཉྩ་ཨ། བུདྡྷཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཨ། རཏྣ་ཛྙཱ་ན་ཨ་བྷི་ཥིཉྩ་ཨ། པདྨ་ཛྙཱ་ན་ཨ་བྷི་ཥིཉྩ་ཨ། ཀརྨ་ཛྙཱ་ན་ཨ་བྷི་ཥིཉྩ་ཨ། བཛྲ་ཤྲཱི་ཧེ་རུ་ཀ་བཛྲ་ཀྲོ་དྷཱི་ཤྭ་རཱི་ཨ་བྷི་ཥིཉྩ་ཨ། བུཌྜྷ་ཤྲཱི་ཧེ་རུ་ཀ་བུཌྜྷ་ཀྲོ་དྷཱི་ཤྭ་རཱི་ཨ་བྷི་ཥིཉྩ་ཨ། རཏྣ་ཤྲཱི་ཧེ་རུ་ཀ་རཏྣ་ཀྲོ་དྷཱི་ཤྭ་རཱི་ཨ་བྷི་ཥིཉྩ་ཨ།པདྨ་ཤྲཱི་ཧེ་རུ་ཀ་པདྨ་ཀྲོ་དྷཱི་ཤྭ་རཱི་ཨ་བྷི་ཥིཉྩ་ཨ། ཀརྨ་ཤྲཱི་ཧེ་རུ་ཀ་ཀརྨ་ཀྲོ་དྷཱི་ཤྭ་རཱི་ཨ་བྷི་ཥིཉྩ་ཨ། དེ་ནས་རྒྱལ་བ་རིགས་བཞིའི་དབང་། །སྤྱི་བོར་འཇམ་དཔལ་ཡེ་ཤེས་སེམས། །ཨོཾ་བཱ་གཱི་ཤྭ་རི་མུཾ། མགྲིན་པར་སྤྱན་རས་གཟིགས་དབང་ཕྱུག །ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། ཐུགས་ཀར་གསང་བདག་རྡོ་རྗེ་སེམས། བཛྲ་སཏྭ་ཧཱུཾ། ལྟེ་བར་དྲུག་པ་རྡོ་རྗེ་འཆང་། །མ་ཧཱ་བཛྲ་དྷ་ར་ཨ་བྷི་ཥིཉྩ་ཨ། དེ་རྗེས་དཔལ་ཆེན་ཁྲག་འཐུང་དགུའི། །ཆ་ལུགས་གསལ་གདབ་དབང་བསྐུར་ཏེ། །སློབ་བུའི་སྤྱི་བོར་ཆེ་མཆོག་བསྡིམ། །ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ། སརྦ་ས་མ་ཡ། ཨ་བྷི་ཥིཉྩ་ཨ། དཔྲལ་བར་གཤིན་རྗེ་གཤེད་པོ་བསྡིམ། །ཨོཾ་ཧྲཱྀཿ ཿབི་ཀྲྀ་ཏཱ་ན་ན་ཧཱུཾ་སརྦ་ས་མ་ཡ། ཨ་བྷི་ཥིཉྩ་ཨ། མགྲིན་པར་པདྨ་དབང་ཆེན་བསྡིམ། །ཨོཾ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུཾ། སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨ། སྙིང་གར་བཛྲ་ཧེ་རུ་བསྡིམ། །ཨོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨ། ལྟེ་བར་རྡོ་རྗེ་གཞོན་ནུ་བསྡིམ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ། སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨ།གསང་བར་བླ་མེད་ཧེ་རུ་བསྡིམ། །ཨོཾ་གུ་ཧྱ་གཉའ་ན་ཤྲཱི་ཧེ་རུ་ཀ་ཀྲོ་དྷཱི་ཤྭ་རཱི་ཧཱུཾ།སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨ། རིག་འཛིན་རྒྱལ་པོ་སྤྱི་བོར་བསྡིམ། །ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་ས་མ་ཡ། ཨ་བྷི་ཥིཉྩ་ཨ། བརླ་གཡས་དྲེགས་པ་ཀུན་འདུལ་བསྡིམ། །ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱན་ཧཱུཾ། སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨ། བརླ་གཡོན་སྟོབས་ལྡན་ནག་པོ་བསྡིམ། །ཨོཾ་བཛྲ་སརྦ་དུཥྚཱན་ཧཱུཾ། སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨ།དཔུང་གཉིས་ཁྱུང་པོ་ཁྱུང་མོ་བསྡིམ། །ཨོཾ་བྷྲཱུཾ་ག་རུ་ཌ་ཧཱུཾ། སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨ། དེ་ནས་སྐུ་གསུང་ཐུགས་


DNG015_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར། །འབྲུ་གསུམ་སྙིང་པོ་གནས་སུ་བསྡིམ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་བཱ་ཀ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། དེ་ནས་ཡེ་ཤེས་ལྔས་དབང་བསྐུར། །ཨོཾ་ཨཱཾ་ཧཱུཾ་སྭཱ་ཧཱ། དེ་རྗེས་ལྷ་དང་དབྱེར་མེད་པར། །རབ་ཏུ་གནས་པའི་དབང་བསྐུར་བ། །ཨོཾ་ཧཱུཾ་སྭཱ་ཧྲཱྀཿཧཱ། ཡེ་དྷརྨཱ་ཧེ་ཏུ་པྲ་བྷཱ་ཝ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་ཝ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎ་སྭཱ་ཧཱ། ས་མ་ཡ་ཏིཥྛ་ལྷན། ཨ་བྷི་ཥིཉྩ་ཨ། ས་མ་ཡ་ཧོ། དེ་རྗེས་ལྷ་དབང་མངའ་གསོལ་ཕྱིར། །ཞལ་ཟས་ཚོགས་ཀྱི་དབང་བསྐུར་ཏེ། །བཛྲ་ཨཱ་ཡུ་ཥེ། ཧཱུཾ་བྷྲཱུཾ་ནྲྀ་ཛཿཨ་བྷི་ཥིཉྩ་ཨ། སིདྡྷི་ཕ་ལ་སརྦ་ཨ་བྷི་ཥིཉྩ་ཧཱུཾ་ཨ། དེ་རྗེས་སྣང་སྲིད་དྲེགས་པ་ཡི། །སྲོག་དབང་མཐུ་རྩལ་དབང་བསྐུར་བ། །སློབ་མ་མཐུ་སྟོབས་བདག་པོར་བསྐྱེད། །བསྒྲུབ་ཕུར་བསྡུས་ལ་ལག་ཏུ་གཏད། །ཧེ་རུ་ཀ་དགུའི་སྔགས་གཞུག་ཏུ། །དྲག་སྔགས་དགུ་པོ་བཏགས་ལ་བསྐུར། །ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱན། ཏ་ཀ་ཧ་ན་ད་ཧ་པ་ཙ་མ་ཐ་ཧཱུཾ་ཕཊ། ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུཾ་ཨ། སྡེ་བརྒྱད་གཟུགས་ལ་དམིགས་པས་བསྡིམ། །སློབ་བུའི་ཞབས་འོག་བྲན་དུ་གཏད། །ཨོཾ་ཨཱཾ་ཧཱུཾ་བཛྲ་སརྦ་དུཥྚཱན་ཏྲིག་ནན་ཨེ་ཧུར་ཐུམས་ཛ། མཱ་ར་ཡ་རྦད།ཙིཏྟ་རྦད་ནན། ཡ་མ་རཱ་ཛ་ས་མ་ཡ་ཛཿ། བ་ཤཾ་ཀུ་རུ་ཧཱུཾ་ཕཊ། ཏྲག་རཀྴ་ཁ་མུན་ཏྲ་ཛཿ། བ་ཤཾ་ཀུ་རུ་ཧཱུཾ་ཕཊ། ཏྲི་དུ་རུ་བར་འདི་མེད་པ་ཡང་འདུག་ཧྲི་དུ་རུ་དུ་རུ་ཧར་ཏི་ཛཿ། བ་ཤཾ་ཀུ་རུ་ཧཱུཾ་ཕཊ། ཤུ་ལ་རཱ་ཛ་ཏྲི་ན་ཏྲཾ་ཤ་ཡ་ཛཿ། བ་ཤཾ་ཀུ་རུ་ཡེ་ཧཱུཾ་ཕཊ། བཛྲ་སཱ་དྷུ་ས་མ་ཡ་རཱ་ཛ་ཏྲི་ཙ་ཡང་ཡ་ཛཿ། བ་ཤཾ་ཀུ་རུ་ཡེ་ཧཱུཾ་ཕཊ།ཧྲཱིཾ་བཛྲ་ཡཀྵ་བཛྲ་ཧྲཱིཾ་ཧྲཱིཾ་ཛཿ། བ་ཤཾ་ཀུ་རུ་ཡེ་ཧཱུཾ་ཕཊ། ནཱ་ག་རཱ་ཛ་ས་མ་ཡ་ཕུ་ཛཿ། བ་ཤཾ་ཀུ་རུ་ཡེ་ཧཱུཾ་ཕཊ། བྲན་དུ་གྱུར་ནས་ཕུད་ཀྱིས་གསོ། །ཨོཾ་ཨཱཾ་ཧཱུཾ། ས་མ་ཡ་ཨ་མྲྀ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། དེ་རྗེས་སློབ་བུ་ཁྲི་ལ་བཞག །རབ་འབྱམས་བཀའ་ཡི་དབང་བསྐུར་ཏེ། །རྡོ་རྗེ་སློབ་དཔོན་ནུས་པའི་དབང་། །སློབ་དཔོན་བཀའ་རྟགས་རྫས་གཏད་ཅིང་། །ངག་གིས་རྗེས་གནང་ལེགས་པར་སྦྱིན། །ཨོཾ་སརྦ་ཏ་ཐཱ་ག་ཏ་གུ་རུ་གུ་ཧྱ་ཤྭ་རི་བཛྲ་སྭ་བྷཱ་བ་ཨཱདྨ་ཀོ྅ཧཾ། དེ་ནས་གདུགས་


DNG015_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་དབང་བསྐུར་བ། །ཨོཾ་སཱུརྱ་ཤར་ཎ་ཨ་བྷི་ཥིཉྩ་ཨ་ཧོ། དེ་ནས་རྡོ་རྗེས་དབང་བསྐུར་བ། །ཛྙཱ་ན་པཉྩ་བཛྲ་ཨཱ་བེ་ཤ་ཡ་ཨ། དེ་ནས་དྲིལ་བུས་དབང་བསྐུར་བ། །དྷརྨ་དྷཱ་ཏུ་ཨ་བྷི་ཥིཉྩ་ཨཱདྨ་ཀོ྅ཧཾ། དེ་ནས་ཉན་པའི་དབང་བསྐུར་བ། །ཨོཾ་དྷརྨཱ་ཤྲ་བ་ཎ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། དེ་ནས་འདྲི་བའི་དབང་བསྐུར་བ། །དྷརྨ་ལེ་ཁ་ན་ཨཱ་ལི་ཀཱ་ལི་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། དེ་ནས་ཆོས་འཆད་དབང་བསྐུར་བ། །ཨོཾ་སརྦ་ཏ་ཐཱ་ག་ཏ་བྷཱ་ཥ་ན་དྷརྨ་སྭ་བྷཱ་བ་ཨཱདྨ་ཀོ྅ཧཾ། དེ་ནས་བསྒྲུབ་པའི་དབང་བསྐུར་བ། །ཨོཾ་སརྦ་ཡོ་ག་སརྦ་ཏ་ཐཱ་ག་ཏ་མ་ཧཱ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། དེ་ནས་ཙཎྜ་ལཱིས་དབང་བསྐུར། །ཚྭ་གསུམ་ཚ་སྣ་བུ་རམ་སྦྱར། །ཆང་བཅས་བླུད་དེ་སྔགས་འདིས་བསྐུར། །ཨོཾ་བཛྲ་ཙཎྜ་ལཱི་རཾ། སརྦ་ཏ་ཐཱ་ག་ཏ་ཤ་ར་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། དེ་ནས་རབ་འབྱམས་དོན་དབང་ནི། །འཕྲུལ་ཆེན་ལྔ་བཅུ་བརྗོད་ལ་བསྐུར། །དེ་ནས་ཕྲིན་ལས་ནུས་དབང་བསྐུར། །བཛྲ་ཀཱི་ལི་ཀཱི་ལ་ཡ། སརྦ་ཨ་བྷི་ཥིཉྩ་ཧཱུཾ་ཨ།དེ་ལྟར་ནང་དབང་ཡོངས་རྫོགས་ནས། །རྣལ་འབྱོར་གསང་བའི་དབང་བསྐུར་ནི། །མཚན་ལྡན་བཀྲ་ཤིས་ཡིད་འོང་མ། །པད་དུང་གླང་སྣ་གང་རུང་ལྡན། །བཅུ་དྲུག་ལོན་པའི་རིག་མ་ནི། །གདན་ཁར་རིགས་ཀྱི་ཡུམ་དུ་བསྐྱེད། །རང་ཉིད་རིགས་ཀྱི་ཡབ་ཏུ་གསལ། །མཁའ་གསང་བརྡའ་ཡིས་བྱིན་གྱིས་བརླབ། །ཕྱག་རྒྱ་བཞི་གདམས་པདྨའི་དབུས། །རྡོ་རྗེ་སྙོམས་འཇུག་དལ་གྱིས་བསུབ། །ཡབ་ཡུམ་གཉིས་མེད་བདེ་བ་སྐྱེ། །གཉིས་མེད་བདེ་བ་ཧཱུཾ་དུ་བསམ། །ཧཱུཾ་རིང་ཧཱུཾ་ཐུང་སྣ་ནས་བགྲང་། །མཁའ་གསང་བར་ནས་ཧཱུཾ་སྤྲོས་པ། །སློབ་བུ་གཟུངས་མ་དང་བཅས་པའི། །ཤེས་རྒྱུད་དུག་ལྔ་སྦྱང་བར་བསམས། །ཡུལ་གསུམ་གསལ་བ་རབ་ཏུ་གཅེས། །ཕྱི་ཡུལ་ལུས་ལ་བདེ་བ་སྐྱེ། །ཐ་མལ་ལུས་སུ་ཚོར་བ་མེད། །ནང་ཡུལ་དབུགས་ལ་འགྱུ་མི་ཚོར། །ཐ་མལ་རླུང་གི་རྟོག་པ་འགག །གསང་ཡུལ་སེམས་ལ་བདེ་གསལ་འབར། །ཐ་མལ་ཉོན་མོངས་འདོད་ཆགས་མེད། །དེ་ལྟར་ཡུལ་གསུམ་གསལ་བ་དང་། །གསང་བའི་དགྲ་གསུམ་སོད་དུས་མཉམ། །ཕྱོགས་བྲལ་དམིགས་པ་མེད་པ་ཡིས། །ཕྱི་དགྲ་གཟུང་དང་འཛིན་པ་གསད། །འདོད་ཆགས་བདེ་ཆེན་ཡེ་ཤེས་འབར། །


DNG015_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ནང་དགྲ་དུག་ལྔ་དུག་གསུམ་གསད། །རྣམ་རྟོག་བག་ཆགས་མཚན་མ་ཞི། །གསང་དགྲ་ང་བདག་རྟོག་པ་གསད། །སྐྱེ་ཤི་གཉིས་ཀྱི་འཕྲང་ལས་སྒྲོལ། །ཏིང་འཛིན་དེ་ཡིས་བདུད་བཞི་བཅོམ། །ཡབ་ཡུམ་སྐུ་ལ་རྡོས་མེད་པར། །རེག་བྱ་ཕུང་པོའི་བདུད་ཀྱང་བཅོམ། །བདེ་བ་སྐྱེས་པས་ཉོན་བདུད་སྒྲོལ། །བར་གཅོད་ལྷ་ཡི་བུའི་བདུད་བཅོམ། །ཡབ་ཡུམ་ཐབས་དང་ཤེས་རབ་ལ། །སྐྱེ་འཆི་མི་མངའ་རྡོ་རྗེའི་སྐུ། །འཆི་བདག་བདུད་བཅོམ་རྫོགས་སངས་རྒྱས། །ལས་དང་བག་ཆགས་ཉོན་མོངས་དང་། །འགྲོ་དྲུག་སྐྱེ་མཁན་སྐྱེ་གནས་མེད། །དེ་ཕྱིར་འགྲོ་དྲུག་གཡང་ས་ཆོད། །དེ་ནས་ཡུམ་ཉིད་ཁ་སྦུབ་པའི། །མཁའ་ནས་བྱང་སེམས་དཀར་དམར་བླང་། །མཚན་ལྡན་ཀ་པཱ་ལའི་ནང་དུ། །ཛ་གད་བདུད་རྩི་མངར་གསུམ་སྦྱར། །དེ་ནས་བླ་མ་ལྷ་རྣམས་ཀྱིས། །བྱང་སེམས་དམིགས་པས་དབབ་ཅིང་བསྡིམ། །རང་སྔགས་བརྗོད་དེ་ངག་ལ་བསྐུར། །ཨོཾ་བྷོ་དྷི་ཙིཏྟ་ཀ་མ་ལ་སིདྡྷི་ཧཱུཾ་མ་ཧཱ་སུ་ཁ་ཧོ། ཨ་བྷི་ཥིཉྩ་ཨ། དེ་ནས་བུ་ལ་ཡུམ་གཏད་དེ། །ཧཱུཾ་ཤེས་རབ་མཚན་ལྡན་བཀྲ་ཤིས་ཡུམ། །བདེན་པ་དབྱེར་མེད་བདེ་ཆེན་བསྐྱེད། །འཁོར་ལོའི་གནས་བཞིར་དབབ་བཟུང་ལ། །བརྟེན་ནས་ཆོས་ཉིད་དོན་རྟོགས་བྱོས། །ཨོཾ་སརྦ་ཏ་ཐཱ་ག་ཏ་གུ་ཧྱ་པྲཛྙཱ་ཤ་ར་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཨ་ཧོ་སུ་ཁ་བྷཉྫ་མོཀྵ་ཧོཿ། དེ་ནས་རས་ཀྱི་ཡོལ་བའི་ཕྱིར། །སློབ་བུ་ཡབ་ཡུམ་ལྷར་གསལ་གདབ། །རྩ་རླུང་ཐིག་ལེའི་གནད་བསྟན་ལ། །མཁའ་གསང་བྱིན་བརླབ་དབབ་གཟུང་བཟློག །དགྲམ་དང་རྒྱས་གདབ་འཁྲུལ་འཁོར་གྱིས། །བདེ་མཆོག་ལྷན་སྐྱེས་རྟོགས་གོམས་སྦྱང་། །སེམས་ཀྱི་དྲི་མ་ངེས་དག་པས། །བདེ་ཆེན་ལམ་བསྒོམ་རྗེས་གནང་སྦྱིན། །དེ་ལྟར་ཡབ་ཡུམ་སྦྱོར་བའི་ཚེ། །ཡུལ་གསུམ་གསལ་བར་གྱུར་མ་གྱུར། །གསང་བའི་དགྲ་གསུམ་སོད་མ་སོད། །འཇིགས་པའི་བདུད་བཞི་ཆོམ་མ་ཆོམས། །འགྲོ་དྲུག་གཡང་ས་ཆོད་མ་ཆོད། །ཚད་དང་ལྡན་ནམ་བླ་མས་བརྟག །ལྡན་ན་ཉོན་མོངས་མ་སྤངས་དག །རང་བྱུང་ཡེ་ཤེས་རང་ཤར་ཏེ། །ས་


DNG015_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ནོན་ཏེ་ཕྱིར་མི་ལྡོག །གོ་འཕང་དབང་གིས་བགྲོད་པར་བྱེད། །དེ་ནས་རིག་པའི་དབང་བསྐུར་ཏེ། །ལག་ཏུ་རྡོ་རྗེ་དྲིལ་བུ་གཏད། །མེ་ལོང་ཤེལ་བཅས་བརྡའ་རུ་འཕྱར། །ཚིག་གིས་མཚོན་པའི་དོན་ངོ་སྤྲད། །ཧཱུཾ་སེམས་ཉིད་གསལ་ལ་འཛིན་རྟོག་མེད། །ཀ་དག་ལྷུན་གྲུབ་ཡེ་ཤེས་སྐུ། །གཉིས་མེད་འཛིན་བྲལ་ཐུགས་རྗེའི་གསུང་། །རང་རིག་ཡང་དག་རྡོ་རྗེའི་ཐུགས། །ཛྙཱ་ན་པཉྩ་དྷརྨ་ཀཱ་ཡ་ཨ། དེ་ལྟར་གསང་དབང་ཡོངས་རྫོགས་ནས། །ཡང་གསང་ལྟ་བ་སྤྱི་འབྱམས་དབང་། །ཡོངས་རྫོགས་རྒྱལ་ཐབས་འདི་ཉིད་དེ། །ཤེས་རབ་མིག་ལྡན་གཅིག་ལ་བསྐུར། །སློབ་དཔོན་མཉམ་གཞག་ཕྱག་རྒྱའི་མཐིལ། །ཨ་དཀར་གསལ་འཚེར་གཅིག་ལ་གཞག །དགོངས་པ་ཆོས་ཉིད་ངང་ལ་གཞག །སློབ་བུས་ནོར་བུ་རིན་ཆེན་ཐོགས། །དཔོན་དང་སློབ་བུ་ཡབ་ཡུམ་ཀུན། །ཀུན་བཟང་ཡབ་ཡུམ་སྐུར་གསལ་གདབ། །ཧཱུཾ་ཐམས་ཅད་ལྷུན་གྲུབ་ཀུན་ཏུ་བཟང་པོ་དངོས། །རང་བཞིན་བརྗོད་མེད་ཀུན་ཏུ་བཟང་མོའི་ངང་། །གཉིས་མེད་ཐབས་ཀྱི་རྒྱལ་པོས་ཡོངས་ལ་ཁྱབ། །དབྱེར་མེད་ཆོས་ཀྱི་དབྱིངས་སུ་དབང་བསྐུར་བས། །ཀུན་ཏུ་བཟང་པོ་རང་བྱུང་བཅོམ་ལྡན་འདས། །ཆོས་ཀྱི་དབྱིངས་ལ་གཅིག་ཏུ་བཞུགས་པ་ཡི། །རང་རིག་བྱང་ཆུབ་སེམས་ཀྱི་ལྷ་ཡིན་ཏེ། །དོན་དམ་སེམས་ཀྱི་ལྷ་ལ་བདག་ཕྱག་འཚལ། །ཕྱག་གཡས་ཨར་བཅས་སློབ་བུའི་སྤྱི་གཙུག་གཞག །ཧཱུཾ་ཀུན་ཏུ་བཟང་པོ་དྲི་མ་མེད་པ་ཡི། །ཡོངས་ལ་དབང་བསྒྱུར་ཡེ་ཤེས་རྒྱལ་པོར་ཤར། །རང་སེམས་རྣམ་དག་ལྟ་བའི་རྒྱལ་པོར་ཤར། །བྱང་ཆུབ་སྙིང་པོ་བདེ་བ་ཆེན་པོར་ཤར། །ཐམས་ཅད་མ་ལུས་ལྷུན་གྲུབ་ཆོས་ཀྱི་སྐུ། །ཆོས་རྣམས་ཐམས་ཅད་རང་གི་སེམས་སུ་འདུས། །སེམས་ཀྱི་བདག་ཉིད་ཅི་ཡང་མ་ཡིན་པས། །ཐིག་ལེ་སྤྲོས་པ་མེད་པའི་རང་བཞིན་ཉིད། །མཉམ་པའི་རྒྱལ་པོ་ཀུན་ལ་དབང་བསྒྱུར་ཏེ། །ཆོས་ཉིད་རིག་པའི་རྒྱལ་པོ་རྫོགས་པ་ཆེ། །མ་འདྲེས་ཅིར་ཡང་སྟོན་པ་ཐེག་པའི་མཆོག །འདི་དག་མ་ལུས་མྱུར་དུ་རྫོགས་བྱའི་ཕྱིར། །སྤྱི་བླུགས་ལྟ་བའི་དབང་མཆོག་འདི་བསྐུར་བས། །ཡོངས་


DNG015_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དབང་རྫོགས་སྟོབས་ཀྱི་རྒྱལ་པོར་འགྱུར། །ཨོཾ་སརྦ་ཏ་ཐཱ་ག་ཏ་པ་ལ་པ་ཏྲ། གྷུ་ཧྱ་རཱ་ཛ་ཏ་ན་ཤ་སརྦ་ཨཱདྨ་ཀོ྅ཧཾ།དེ་ནས་ལྟ་བའི་དབང་བསྐུར་ཏེ། །སློབ་མའི་མིག་མདུན་མཁའ་ལ་གཏད། །ཧཱུཾ་ལྟོས་ཤིག་ལྟོས་ཤིག་རིགས་ཀྱི་བུ། །མདུན་གྱི་ནམ་མཁའ་འདི་ལ་ལྟོས། །གསལ་ལ་དྭངས་པ་མཐའ་དང་བྲལ། །གང་ལའང་འཛིན་མེད་བདེ་ཆེན་འདི། །ལྟ་བ་ཕྱོགས་ལྷུང་བྲལ་བ་ཡིན། །འདི་ཉིད་དོན་ལ་གནས་པར་གྱིས། །དུས་གསུམ་སངས་རྒྱས་དགོངས་པ་ཡིན། །ཨ་ཏི་ཧོ། དེ་ནས་བསྒོམ་པའི་དབང་བསྐུར་ཏེ། །ཧཱུཾ་ལྟོས་ཤིག་ལྟོས་ཤིག་རིགས་ཀྱི་བུ། །རང་གི་སེམས་ལ་ནང་དུ་ལྟོས། །གསལ་ལ་མི་རྟོག་མ་ཡེངས་པ། །མར་མེ་རླུང་གིས་མ་བསྐྱོད་འདྲ། །བསྒོམ་པ་རང་གསལ་འཛིན་མེད་ཡིན། །འདི་ཡི་དོན་ལ་རྟག་ཏུ་སྒོམས། །དུས་གསུམ་སངས་རྒྱས་བསྒོམ་ཉམས་ཡིན། །ཨ་ཏི་ཧོ། དེ་ནས་འབྲས་བུའི་དབང་བསྐུར་ཏེ། །ཧཱུཾ་ལྟོས་ཤིག་ལྟོས་ཤིག་སྐལ་ལྡན་ཁྱོད། །ཆོས་སྐུ་འགྱུར་མེད་དོན་ལ་ལྟོས། །སྨྲ་བསམ་བརྗོད་པའི་མཐའ་ལས་འདས། །མཁུར་བ་ཆུས་བཀང་སྨྲ་འདོད་འདྲ། །གང་ཡང་མ་གྲུབ་སྟོང་པའི་ངང་། །མི་སྐྱེ་མི་འགག་ཆོས་ཀྱི་སྐུ། །འབྲས་བུ་མི་འགྱུར་གདེང་ལྡན་ཡིན། །འདི་ཡི་དོན་ལ་གནས་པར་གྱིས། །དུས་གསུམ་སངས་རྒྱས་འདི་ལ་གནས། །ཨ་ཏི་ཧོ། དེ་ནས་སྤྱོད་པའི་དབང་བསྐུར་ཏེ། །ཧཱུཾ་ཉོན་ཅིག་སྐལ་ལྡན་རིགས་ཀྱི་བུ། །རང་བྱུང་ཡེ་ཤེས་རོལ་པ་ལ། །མ་འགགས་ཐབས་ཀྱི་རྒྱལ་པོ་ཡིས། །གང་སྣང་སངས་རྒྱས་མཛད་སྤྱོད་ལ། །ཅི་བདེར་སྤྱོད་པ་རང་སར་གྲོལ། །སྤྱོད་པ་སྤྱི་འབྱམས་ཡངས་དོག་མེད། །དུས་གསུམ་སངས་རྒྱས་དགོངས་སྤྱོད་ཡིན། །ཨ་ཏི་ཧོ། དེ་ལྟར་ལྟ་སྒོམ་སྤྱོད་འབྲས་བཞི། །སུས་ཐོབ་དོན་ལ་རབ་གནས་ན། །ཐེག་པ་སྤྱི་འབྱམས་དབང་ཆེན་འཐོབ། །དབང་རྣམས་དེ་ལས་རབ་ཏུ་འཕྲོས། །དེ་ཕྱིར་དབང་གི་རྒྱལ་པོ་ཡིན། །ཧཱུཾ་བསྐྱེད་དང་རྫོགས་དང་རྫོགས་པ་ཆེ། །འདི་ལས་འཕྲོས་པས་གྲོལ་ལམ་སྟེ། །ཏིང་འཛིན་གསུམ་དང་


DNG015_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཆེན་གསུམ། །ཆོ་ག་གསུམ་དང་ལྷར་གསལ་གདབ། །བྱིན་བརླབ་དབང་བསྐུར་ཡེ་ཤེས་བསྡིམ། །ཕྱི་ནང་གསང་བ་ཕྱག་རྒྱས་མཆོད། །བསྟོད་བསྐུལ་འཛབ་བསྙེན་དབུལ་ལ་སོགས། །བསྐྱེད་རིམ་གྲོལ་བའི་ལམ་ཡིན་ཏེ། །ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ཡིན། །རང་སེམས་རྩལ་སྦྱོང་ཆེན་པོའོ། །ཧཱུཾ་ལྷ་རྣམས་གནས་སུ་རྫོགས་རིམ་ནི། །ཡིད་ནི་ཡབ་ལ་ཆོས་ནི་ཡུམ། །ཕུང་པོ་ཡབ་ལ་འབྱུང་བ་ཡུམ། །རྣམ་ཤེས་ཡབ་ལ་ཡུལ་ལྔ་ཡུམ། །དབང་པོ་ཡབ་ལ་དུས་བཞི་ཡུམ། །ཉོན་མོངས་དྲུག་ནི་སྤྲུལ་པའི་སྐུ། །ལུས་ཆོས་ཡབ་ལ་མུ་བཞི་ཡུམ། །ཐབས་ནི་ཡབ་ལ་ཤེས་རབ་ཡུམ། །རང་བཞིན་དེ་ལྟར་ཤེས་པས་ན། །མ་བསྲུངས་མ་བསྒྲུབས་རང་ལྷར་གནས། །རང་བྱུང་གནས་འགྱུར་རྫོགས་རིམ་ཡིན། །རང་བྱུང་ལྷུན་རྫོགས་རྫོགས་ཆེན་ནི། །སངས་རྒྱས་ཐབས་མཁས་ཐུགས་རྗེ་ཡིས། །ཐེག་སྒོ་བསམ་མི་ཁྱབ་གསུངས་ཀྱང་། །ཐམས་ཅད་བློ་ཡི་འབྲིང་ཐབས་ཡིན། །ཆོས་རྣམས་ཐམས་ཅད་སེམས་སུ་རྫོགས། །ཆོས་ཀུན་བདེན་པ་དབྱེར་མེད་པས། །ཐམས་ཅད་ཡིན་ལ་གང་ཡང་མིན། །སངས་རྒྱས་མཐར་ཐུག་ཆོས་ཀྱི་སྐུ། །ཀུན་ལ་རྫོགས་ཏེ་ངོ་མ་ཤེས། །ཧོཿའཁོར་བ་དང་ནི་མྱ་ངན་འདས། །འཁྲུལ་སྣང་འཛིན་པ་གཉིས་སུ་བྱུང་། །ཡང་དག་དོན་ལ་དབྱེ་བ་མེད། །གཉིས་ཀ་རང་གི་སེམས་ལ་རྫོགས། །ཧོཿཆོས་སུ་འཛིན་པ་ཐམས་ཅད་ནི། །སྤྲོས་པ་བློ་ཡི་ཆོས་ཡིན་ཕྱིར། །སྐུ་གསུམ་རང་ཡང་གྲངས་སུ་ཟད། །འདུས་བྱས་ཆོས་ཀྱིས་སངས་མི་རྒྱ། །ཧོཿསངས་རྒྱས་ཆོས་སུ་འཛིན་པ་ནི། །མཐར་ཐུག་འཁྲུལ་བློ་ཆེན་པོ་ཡིན། །སངས་ནི་ཆོས་མིན་གཅིག་གིས་རྒྱ། །བློ་ལས་འདས་པ་རྫོགས་ཆེན་ཡིན། །ཧོཿརྒྱས་བསྡུས་རིམ་པར་རང་ལུས་བཞིན། །རིམ་པ་དབང་གིས་བགྲོད་པར་བྱ། །ས་མ་ཡ་ནི་ཤེལ་གོང་ལྟར། །གཞི་ནི་དམ་ཚིག་གཙང་མས་བཟུང་། །ཏིང་འཛིན་ལུས་དང་གྲིབ་མ་ལྟར། །ཉམས་སུ་ཏིང་ངེ་འཛིན་གྱིས་ལོང་། །མན་ངག་གར་ཆང་འཐུང་བ་ལྟར། །དོན་ནི་མན་ངག་ཟབ་མོས་བསྒྲུབ། །ལྟ་བ་ནམ་མཁའི་མདུང་སྐོར་བཞིན། །


DNG015_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

ཐག་དང་འཕང་ནི་ལྟ་བས་བཅད། །སྤྱོད་པ་མི་ཤ་རློན་པ་བཞིན། །ལ་ནི་སྤྱོད་པས་དོར་བར་བྱ། །ཟུང་དུ་འདྲེལ་ལ་གོལ་ས་མེད། །ཚིག་ཏུ་རྟོག་ལ་མ་བརྟེན་པར། །སྐུ་གསུམ་དོན་པོ་གཅིག་ཏུ་དྲིལ། །མཐའ་དྲུག་རྒྱུད་ལ་རྫོགས་པར་གྱིས། །མཐར་ཐུག་དོན་དམ་ནང་ནས་འཆར། །ནམ་མཁའ་ལ་ནི་ནམ་མཁའ་བཞིན། །ཐམས་ཅད་སྟོང་པའི་ངང་ལ་གནས། །ཧོཿདེ་ལྟར་དབང་རྣམས་ཡོངས་རྫོགས་པར། །བསྐུར་བའི་ཡོན་ཏན་བསམ་མི་ཁྱབ། །གསང་སྔགས་དངོས་གྲུབ་དབང་ལས་འབྱུང་། །ཐོབ་རྟགས་མཁའ་འགྲོས་ལུང་བསྟན་ཅིང་། །ལྟས་སུ་ཡིད་བཞིན་གཙུག་ན་འཆང་། །མགོ་ལ་ཉི་ཤར་དམག་དཔོན་བྱེད། །མགོ་དང་རོ་སྟོད་ཡང་ལ་བདེ། །བུམ་བཅུད་འཐུང་དང་ཟས་བཅུད་ཟོས། །རང་རིག་རྩལ་ལ་དབང་བསྒྱུར་ནུས། །དབང་མ་ཐོབ་པའི་ཉེས་པ་ནི། །ཤེས་རབ་གསུམ་རློམ་ལས་བསོག་ཀྱང་། །འབྲས་བུ་མེད་ཅིང་རླག་པར་བྱེད། །དབང་ཡོན་མ་ཕུལ་ཤིན་ཏུ་ཉམས། །དེ་ནས་དབང་ཡོན་དབུལ་བ་ནི། །བྱིན་རློབས་དབང་གི་བླ་མ་ལ། །རྒྱལ་སྲིད་ཡུལ་འཁོར་རང་གི་ལུས། །བུ་དང་ཆུང་མ་ནོར་དབྱིག་དབུལ། །ཞེས་བཀའ་སྩལ་ཏོ། །དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོ་ལས། གསང་བ་ཡོངས་རྫོགས་ཀྱི་དབང་བསྐུར་བའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་ཡང་འདུས་པའི་འཁོར་རྣམས་མགྲིན་གཅིག་ཏུ། སྟོན་པ་ཀུན་ཏུ་བཟང་པོ་དཔལ་ཆེ་མཆོག་ཧེ་རུ་ཀ་ལ་གསོལ་པ། ཀྱེ་ཀྱེ་ཀྱེ། དམ་ཚིག་ཆེན་པོ་ཀུན་ཏུ་བཟང་། །རྡོ་རྗེ་འཆང་ཀུན་ཡོངས་ཀྱི་རྗེ། །རྒྱུད་དོན་དམ་ཚིག་ཆོས་ཀྱི་སྲོག །བདག་ཅག་འཁོར་ལ་བཀའ་སྩོལ་ཅིག །དེ་སྐད་གསོལ་པར་དོན་དགོངས་ནས། །སྟོན་པ་ཉིད་ཀྱིས་བཀའ་སྩལ་པ། །འདུས་པའི་འཁོར་རྣམས་རྩེ་གཅིག་ཉོན། །རྒྱུད་དོན་དམ་ཚིག་བསྲུང་བྱ་བ། །རྩ་བ་སྐུ་གསུང་ཐུགས་དང་ནི། །ཡན་ལག་ཉི་ཤུ་རྩ་ལྔ་ལས། །སྤྲོས་ན་བསམ་གྱིས་མི་ཁྱབ་ཀྱང་། །རྩ་བ་ཡན་ལག་ཉམས་མི་བྱ། །ཡང་ན་མཉམ་རྫོགས་ཆེན་པོར་གནས། །སྐུ་ཡི་དམ་ཚིག་རྡོ་རྗེ་སྟེ། །སློབ་དཔོན་མཆེད་


DNG015_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྕམ་དྲལ་ལ། །བརྡེག་བཙོག་སྐུར་བ་ནམ་ཡང་མིན། །ངན་སེམས་འཕྱ་སེམས་གཅིག་མི་བྱ། །གསུང་གི་དམ་ཚིག་དབང་ཐོབ་ནས། །ཡི་དམ་དཀྱིལ་འཁོར་ལྷ་ཚོགས་ཀྱི། །སྔགས་དང་ཕྱག་རྒྱ་རྒྱུན་མི་གཅད། །བླ་མེད་ཐེག་མཆོག་མི་སྤང་ངོ་། །ཐུགས་ཀྱི་དམ་ཚིག་གསང་བ་བཅུ། །གནས་དང་དུས་གྲོགས་ཐམས་ཅད་གསང་། །སྒྲུབ་རྫས་ལག་ཆ་ཐམས་ཅད་གསང་། །མ་གསང་མུ་སྟེགས་འཆལ་པར་འགྱུར། །སྨན་དང་གཏོར་མ་མཆོད་རྫས་གསང་། །དེ་མ་གསང་ན་དངོས་གྲུབ་ཉམས། །སྤྱི་འཛབ་རྩ་བའི་སྙིང་པོ་གསང་། །མ་གསང་མཐུ་དང་བྱིན་བརླབས་ཉམས། །སྔགས་པ་སྔགས་དང་ཕྱག་རྒྱ་གསང་། །དེ་མ་གསང་ན་སྨྱོན་པར་འགྱུར། །སྦྱོར་དང་སྒྲོལ་བའི་ལག་ལེན་གསང་། །མ་གསང་སྐྱེ་བོའི་ཡ་གར་འགྱུར། །ཕྲིན་ལས་མཛད་སྤྱོད་ཀུན་ཀྱང་གསང་། །དེ་མ་གསང་ན་རས་བར་ཡང་ཆོད་འགྱུར། །རྒྱུད་དང་སྒྲུབ་ཐབས་མན་ངག་གསང་། །མ་གསང་མཁའ་འགྲོའི་བཀའ་ཆད་འོང་། །མདོར་ན་གསང་བ་འོས་རིགས་གསང་། །དེ་མ་གསང་ན་ལྐུགས་པར་འགྱུར། །ཆེད་དུ་གཉེར་གཏད་མན་ངག་གསང་། །མ་གསང་ཉམས་པ་ཆེན་པོར་འགྱུར། །སྐུ་གསུང་ཐུགས་ཀྱི་དམ་ཚིག་ནི། །ཉམས་ན་བསྐལ་པ་གཅིག་གཉིས་གསུམ། །རྡོ་རྗེ་དམྱལ་བར་གདོན་མི་ཟ། །ཤེས་བྱ་ལྔ་དང་སྤྱད་བྱ་ལྔ། །མི་སྤང་ལྔ་དང་བསྒྲུབ་བྱ་ལྔ། །དང་ལེན་ལྔ་ནི་ཡན་ལག་སྟེ། །ཉམས་ན་མནར་མེད་དམྱལ་བར་འགྲོ། །གཞན་ཡང་ཁྱད་པར་དམ་ཚིག་དང་། །བླ་མ་བཀུར་ཞིང་གསུང་མི་བཅག །ཐུན་བཞིའི་རྣལ་འབྱོར་ཡེངས་མི་བྱ། །ལྷ་དང་སྔགས་ལ་ཐེ་ཚོམ་སྤངས། །མཆེད་ལྕམ་ཀུན་ལ་གདུང་སེམས་བསྐྱེད། །སེམས་ཅན་ཀུན་ལ་སྙིང་རྗེས་བསྐྱང་། །ང་རྒྱལ་རློམ་སེམས་ཞེ་སྡང་དང་། །འདོད་ཆགས་ཕྲག་དོག་ཁར་མི་བཏང་། །གསང་སྔགས་བལྟ་སྤྱོད་ཟུང་དུ་སྦྲེལ། །བསྐྱེད་རྫོགས་བསྙེན་བསྒྲུབ་མཐའ་རུ་དབྱུང་། །ལེ་ལོ་གཉིད་དང་ཆང་དབང་སྤང་། །ཡང་དག་དོན་གྱི་དམ་ཚིག་ཏུ། །འཁོར་འདས་ཆོས་རྣམས་རང་རིག་སེམས། །གདོད་ནས་རང་བྱུང་ཆོས་སྐུའི་ངང་། །དེ་ཉིད་ཡེ་ནས་


DNG015_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

བསྲུང་ཉམས་ནི། །མི་བསྲུང་བློ་ཡིས་དོར་དུ་མེད། །ཉམས་སྐྱོན་ཐོབ་བྱའི་འབྲས་བུ་མེད། །མ་སྤངས་མི་གནས་གཟུང་འཛིན་འདས། །སྐྱེ་མེད་གཉེན་པོ་མི་ཤིགས་དམ། །མུ་སྟེགས་བདག་ཏུ་འཛིན་པ་ཚིག །སྔ་རབས་འདས་པའི་སངས་རྒྱས་ཀྱང་། །དམ་ཚིག་དག་ལ་བརྟེན་ཏེ་རྒྱས། །ད་ལྟར་བཞུགས་པའི་སངས་རྒྱས་ཀྱང་། །དམ་ཚིག་འདི་ལ་རབ་ཏུ་གནས། །སླད་ཀྱིས་འབྱོན་པའི་སངས་རྒྱས་ཀྱང་། །དམ་ཚིག་དག་ལ་བརྟེན་ནས་རྒྱ། །ཞེས་བཀའ་སྩལ་ཏོ། །དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོ་ལས། དམ་ཚིག་དག་ལ་བརྟེན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་ཡང་འདུས་པའི་འཁོར་རྣམས་ཀྱིས་མགྲིན་གཅིག་ཏུ་སྟོན་པ་ཀུན་ཏུ་བཟང་པོ་དཔལ་ཆེ་མཆོག་ཧེ་རུ་ཀ་ལ་གསོལ་པ། ཀྱེ་ཀྱེ་ཀྱེ། སྤྲུལ་པའི་སྐུ་མཆོག་ཀུན་ཏུ་བཟང་། །སྐྱེ་མེད་ཆོས་ཏེ་སྣ་ཚོགས་སྟོན། །རྒྱུད་དོན་མཐའ་རྒྱས་ཡིད་བཞིན་གཏེར། །བདག་ཅག་རྣམས་ལ་བཀའ་སྩོལ་ཅིག །དེ་སྐད་གསོལ་པའི་དོན་དགོངས་ཏེ། །སྟོན་པ་ཉིད་ཀྱིས་བཀའ་སྩལ་པ། །རྒྱུད་དོན་མཐའ་རྒྱས་ཆ་དང་རྐྱེན། །མན་ངག་ལ་སོགས་བསམ་ཡས་ཀྱང་། །དགོས་པ་མདོ་ཙམ་བཤད་པར་བྱ། །ཇི་ལྟར་འདོད་པའི་དོན་རྗོད་ཅིག །དེ་སྐད་རྗེས་སུ་གནང་བ་དང་། །གསང་བའི་བདག་པོ་རྡོ་རྗེ་ཆོས། །དགའ་ཞིང་མགུ་ནས་ཐལ་མོ་སྦྱར། །ཀྱེ་ཧོ་དཔལ་ཆེན་ཡིད་བཞིན་མཛོད། །བདེ་གཤེགས་ཞི་ཁྲོ་ཡོངས་རྫོགས་པའི། །གསང་བ་འདུས་པའི་རྒྱུད་མཆོག་གི། །ཉམས་ལེན་མདོར་བསྡུས་བཀའ་སྩོལ་ཅིག །དེ་སྐད་གསོལ་པའི་དོན་གསུངས་པ། །བདེ་གཤེགས་ཡོངས་རྫོགས་གསང་རྒྱུད་ཀྱི། །མདོར་བསྡུས་ཉམས་ལེན་སྒྲུབ་ལུགས་གསུམ། །སྐྱེད་དང་རྫོགས་དང་རྫོགས་ཆེན་ཏེ། །གཅིག་ལ་གཅིག་བརྟེན་གཅིག་གི་ངང་། །ཕྱི་དང་ནང་དང་གསང་བའི་ཚུལ། །ཕྱི་ནི་རྡུལ་ཚོན་དཀྱིལ་འཁོར་ལ། །བརྟེན་ནས་སྐྱེད་པའི་རྣལ་འབྱོར་ནི། །གོང་དུ་བསྟན་པའི་སྒྲུབ་ཆེན་ཡིན། །དེ་ཡང་གང་ཟག་བློ་རིགས་ཀྱིས། །རབ་ཏུ་སྤྲོས་ལ་མི་དགའ་བས། །སྐུ་གསུང་ཐུགས་ཀྱི་སྒྲུབ་པ་འམ། །ཡང་ན་ཞི་ཁྲོ་དགོས་


DNG015_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་བམ། །ཆེ་མཆོག་ཡབ་ཡུམ་གཉིས་སུ་དྲིལ། །ཐུགས་སྒྲུབ་ཧཱུཾ་དུ་བསྒྲུབས་ཀྱང་རུང་། །རྒྱུད་འདི་སོར་གཞག་ཁོ་ན་ལྟར། །བདེ་གཤེགས་རྩ་བ་ཡོངས་རྫོགས་པས། །རིགས་ལྔ་ཞི་ཁྲོ་བཀའ་བརྒྱད་གཙོ། །རྩ་བའི་ལྷ་ཚོགས་གོ་གཅིག་སྐྱེད། །ཉི་མ་དང་ནི་ཟེར་བཞིན་དུ། །འཁོར་རྣམས་རང་བཞིན་ལྷན་སྐྱེས་རུང་། །མདོར་ན་སྐུ་མདོག་ཕྱག་མཚན་སོགས། །ཞལ་ཕྱག་མང་ཉུང་བསམ་ཡས་ཀྱང་། །ཡེ་ཤེས་ལྷ་ལ་རང་རྒྱུད་པར། །རྩིས་གདབ་ཁྲིགས་སུ་གཅད་པ་མེད། །གདུལ་བྱའི་བློ་དང་གང་མཐུན་པར། །ཆོས་སྐུའི་རང་རྩལ་ཅིར་ཡང་སྣང་། །ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ཡིན། །དཀྱིལ་འཁོར་ལྷ་སྔགས་ཏིང་ངེ་འཛིན། །རྒྱས་བསྡུས་གང་ལྟར་བསྒོམ་ཡང་རུང་། །ཉམས་ལེན་བདེ་ལ་དོན་མི་འགྱུར། །དེ་ཕྱིར་བདེ་ཆེན་གཡུང་དྲུང་ལྷ། །འདུ་འབྲལ་མེད་པའི་དཀྱིལ་འཁོར་ཡིན། །སེམས་འཛིན་སེམས་ཀྱི་རྩལ་སྦྱངས་པས། །དེ་ཕྱིར་སྒྲུབ་ཆེན་བསྐྱེད་པ་ཡིན། །ནང་ནི་ལུས་ཀྱི་དཀྱིལ་འཁོར་འདི་ཉིད་ལ། །བརྟེན་ནས་རྫོགས་པའི་རྣལ་འབྱོར་བསྟན་པ་ནི། །སྔོན་འགྲོའི་ལས་གསུམ་སྔོན་དུ་སོང་བྱས་ནས། །མ་བསྐྱེད་རྫོགས་པའི་ལྡན་ཚུལ་ལྷ་བསྒོམ་པ། །ཡེ་ནས་ཀུན་གཞི་སྟོང་གསལ་དེ་བཞིན་ཉིད། །དེ་ཉིད་ཀུན་ཁྱབ་ཀུན་སྣང་སྙིང་རྗེའི་ངང་། །འགག་མེད་རོལ་པ་ཧཱུཾ་ནི་ཀུན་གྱི་རྒྱུ། །མ་བསྐྱེད་རྫོགས་པའི་ཏིང་འཛིན་རྣམ་གསུམ་བསྒོམ། །དེ་བཞིན་འབྱུང་བ་རིམ་པ་ལྔ་བརྩེག་ཀྱང་། །མ་བསྐྱེད་རང་ལ་རྫོགས་ཚུལ་འདི་ལྟར་བསྒོམ། །སེམས་ཉིད་ནམ་མཁའ་སྟོང་གསལ་ཨེ་ཡི་ངང་། །འགྱུ་བྱེད་འཐོར་རླུང་སྐྱོད་བྱེད་སྟོབས་ལྡན་ཡཾ། །སྡུད་བྱེད་ཁྲག་གི་རྒྱ་མཚོ་ཆུ་ཡིན་ར། །གཟུགས་ནི་རབ་བརྟན་ཤ་ནི་ས་ཡིན་སུཾ། །སྨིན་བྱེད་དྲོད་ཀྱི་རང་བཞིན་མེ་ཡིན་རཾ། །སྒལ་ཚིགས་རུས་པའི་རི་རབ་བརྩེག་པས་ཀེཾ། །ཁོག་པ་གཞལ་ཡས་ཁང་གི་རང་བཞིན་བྷྲཱུཾ། །ཡབ་ཡུམ་བྱང་སེམས་དཀར་དང་དམར་མཐིང་གིས། །སྲོག་རྩ་དབུ་མ་དྲང་པོ་ཚངས་པའི་ཐིག །འཁོར་ལོ་བཞི་ཡི་ཚངས་ཐིག་ཆ་བཞིར་བགོ། །རྩེ་ཆུང་གཉིས་རྩེ་ཚངས་པའི་རྩ་ལ་ཟུག །དེ་སྨད་རྩ་ཆེན་ལོང་རྩ་གཉིས་ལ་ཟུག །ལག་


DNG015_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་བལྟ་རྩ་བླ་རྩ་རྣམ་པ་གཉིས། །ཕན་ཚུལ་བསྣོལ་ནས་འདྲེལ་བ་རྩ་གཉིས་ཏེ། །དེ་བཞིན་སྲོག་པའི་རྩ་ལ་རབ་ཏུ་གྱེས། །ཕོ་བྲང་ལིང་ཚེ་དགུ་ཡི་ཚུལ་དུ་ཚད། །ལིང་ཚེ་རེ་ལ་རྩ་ཡི་འདབ་བཞི་བཞི། །ཕྱོགས་བཞིར་གྱེས་པས་འཁོར་ལོ་རྩིབས་བཞིའི་ཚུལ། །རྩ་ཡི་རྒྱལ་པོ་སྲོག་པའི་རྩ་དེ་ལས། །རྩ་ཆེན་བཞི་གྱེས་རྩ་ཆེན་ཆ་གཅིག་ནི། །ཨ་ཝ་ལ་ཐུག་དབང་པོ་འཆར་བྱེད་རྩ། །རྩ་བྲན་ལྔ་བརྒྱའི་འཁོར་དང་འདུ་འཕྲོ་བྱེད། །རྩ་ཆེན་གཅིག་དང་གཉིས་འདྲེལ་དབང་པོ་རྒྱུ། །རྩ་བྲན་ལྔ་བརྒྱའི་འཁོར་དང་འདུ་འཕྲོ་བྱེད། །རྩ་ཆེན་གཅིག་དང་དེ་ལྟར་འདྲེལ་བྱེད་པའི། །འཁོར་ལོ་རྒྱུ་ཡང་སྒྱུར་བྱེད་རྩ་སྟེ་ལྔ་བརྒྱར་ལྡན། །རྩ་ཆེན་གཅིག་དང་གསང་འདྲེལ་འབྱུང་བྱེད་རྩ། །རྩ་བྲན་ལྔ་བརྒྱའི་འཁོར་དང་འཕྲོ་འདུ་བྱེད། །དེ་ཡང་ཀླད་པའི་ཨ་ཝ་དྷཱུ་ཏི་ལས། །མཚོན་རྩ་དགུ་བཅུ་ཕྱི་ནང་རྟེན་འདྲེལ་གྱིས། །དབང་པོ་རྒྱུ་བྱེད་རྩ་ལ་དེ་བཞིན་པས། །འཁོར་ལོ་སྒྱུར་ཡང་རྒྱུ་བྱེད་རྩ་ལ་དེ་བཞིན་པས། །འབྱུང་བ་སྐྱེད་བྱེད་རྩ་ལ་དེ་བཞིན་ནོ། །བརྒྱ་དང་ཉི་ཤུ་པགས་པའི་མཚོན་རྩ་ཡིན། །བརྒྱ་དང་ཉི་ཤུ་རུས་པའི་མཚོན་རྩ་ཡིན། །བརྒྱ་དང་ཉི་ཤུ་གདགས་སྲིབས་མཚོན་པའི་རྩ། །རྩ་བའི་རྩ་བཞི་སྲོག་པའི་རྩ་དང་ལྔ། །དེ་ལྟར་བདུན་བརྒྱ་ཉི་ཤུ་རྩ་ལྔ་པོ། །བདེ་གཤེགས་བདུན་བརྒྱ་ཉེར་ལྔའི་ཕོ་བྲང་ཡིན། །མ་བསྐྱེད་རང་རྩལ་ཡོངས་སུ་རྫོགས་པ་སྟེ། །དེ་བཞིན་བྷནྡྷའི་གཞལ་ཡས་རང་གི་མགོ། །སྙིང་ནང་ཟླ་གམ་ཡེ་ཤེས་དགུ་འཆར་བས། །ཟླ་གམ་སྒོ་དགུ་དངོས་གྲུབ་ཡིད་བཞིན་གཏེར། །ཙིཏྟའི་ཕོ་ལོང་བ་སུའི་དྲ་ཕྱེད་དང་། །ཞིང་ལྤགས་བླ་དྲེ་རཀྟའི་རྒྱ་མཚོ་དང་། །ཤ་ཆེན་ཀེང་རུས་དྲི་ཆེན་དྲི་ཆུ་དང་། །ནང་གི་དུར་ཁྲོད་གནས་བརྒྱད་རང་ལ་ཚང་། །ཉི་ཟླའི་སྐར་ཁུང་རང་གི་མིག་གཉིས་ལ། །ཁ་སྣ་གསང་བཤང་དཀྱིལ་འཁོར་སྒོ་བཞི་ཡིན། །དེ་ལྟར་གཞལ་ཡས་ཡེ་ནས་རང་ལ་རྫོགས། །ལྷ་རྣམས་རང་ལ་ཡོངས་རྫོགས་འདི་ལྟར་བསྒོམ། །སྲོག་རྩ་ལུས་ཀྱི་དཀྱིལ་འཁོར་དབུས་ཡིན་ཏེ། །ཀུན་གཞི་སེམས་ཀྱི་རང་བཞིན་དེ་ལ་བརྟེན། །དེ་ཕྱིར་ཆེ་མཆོག་ཡབ་ཡུམ་རང་རྫོགས་བསྒོམ། །སྲོག་


DNG015_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

རྩའི་ཤར་ཕྱོགས་སྙིང་ཡིན་རིག་པ་ཤར། །ཐུགས་མཆོག་བཛྲ་ཧེ་རུ་ཡབ་ཡུམ་བསྒོམ། །སྲོག་རྩའི་ལྷོ་མགོ་དབང་པོ་ཡོན་ཏན་རྒྱས། །སྐུ་མཆོག་གཤིན་རྗེ་གཤེད་པོ་ཡབ་ཡུམ་བསྒོམ། །སྲོག་རྩའི་ནུབ་མགྲིན་རྩ་འདུས་རོ་མཆོག་ནུབ། །གསུང་མཆོག་པདྨ་དབང་ཆེན་ཡབ་ཡུམ་བསྒོམ། །སྲོག་རྩའི་བྱང་སྟེ་སྲིད་པ་ལྟེ་ནས་ཆགས། །ཕྲིན་ལས་རྡོ་རྗེ་གཞོན་ནུ་ཡབ་ཡུམ་བསྐྱེད། །སྲོག་རྩའི་ཤར་ལྷོ་གསང་གནས་བདེ་བ་འབར། །བླ་མེད་ཧེ་རུ་ཀ་ཆེན་ཡབ་ཡུམ་བསྒོམ། །སྲོག་རྩའི་ལྷོ་ནུབ་སྤྱི་བོ་དབང་གི་གནས། །རིག་འཛིན་བླ་མ་རྡོ་རྗེ་ཐོད་རྩལ་བསྒོམ། །སྲོག་རྩའི་ནུབ་བྱང་རྐང་གཡས་ངར་གདོང་དུ། །རབ་འཇིགས་དྲེགས་པ་ཀུན་འདུལ་ཡབ་ཡུམ་བསྒོམ། །སྲོག་རྩའི་བྱང་ཤར་རྐང་གཡོན་ངར་གདོང་དུ། །བདུད་འདུལ་སྟོབས་ལྡན་ནག་པོ་ཡབ་ཡུམ་བསྒོམ། །ཕྱི་ལྤགས་ཁྱམས་ཡིན་ལུས་ཁྱབ་རབ་ཏུ་གཏུམས། །པགས་པའི་རྩ་བྲན་བཀའ་སྡོད་ཕོ་ཉར་བསྒོམ། །པགས་པའི་གཉེར་སུལ་རྡོ་རྗེ་རྭ་བ་སྟེ། །བ་སྤུ་རྣམས་ནི་བསྐལ་པའི་མེ་རིའོ། །དེ་ལྟར་གསང་བ་ཡོངས་རྫོགས་ལྷ་རྣམས་ཀྱང་། །རང་རྒྱུད་ཕྱོགས་རིས་དངོས་པོར་འཛིན་མེད་པས། །ཚོམ་བུ་གཙོ་རྐྱང་ཡབ་ཡུམ་གང་གསལ་རུང་། །དབུ་དང་ཕྱག་ཞབས་མང་ཉུང་དབྱིབས་ཁ་དོག །ཇི་ལྟར་མོས་པའི་རྗེས་འདྲེང་རིག་རྩལ་ཡིན། །དེ་ལྟར་ཡེ་རྫོགས་དོན་ཤེས་རང་གསལ་ན། །སྤྱན་དྲང་བསྡིམ་མཆོད་བསྟོད་བཤགས་བྱ་བ་རྫོགས། །འཛབ་ཀྱང་རླུང་གི་སྒྲ་སྐད་རང་སྒྲར་ལྡན། །ཧཱུཾ་རིང་ཧཱུཾ་ཐུང་ཁྲོ་རྒྱལ་ཀུན་འདུས་སྔགས། །རང་བྱུང་རྡོ་རྗེའི་གླུ་ཡིས་བཟླས་པའི་ཚེ། །ཁྲོ་ཚོགས་ཀུན་གྱིས་དིར་དིར་སྒྲོགས་པར་བསམ། །འོད་ཟེར་མར་འཕྲོས་སྒོ་གསུམ་སྒྲིབ་པ་སྦྱང་། །འོད་ཟེར་གྱེན་རྫོགས་རྫོགས་པའི་རིམ་པ་བསྒོམ། །རྩོལ་མེད་རང་རྫོགས་རྩལ་སྦྱངས་པས། །དེ་ཕྱིར་རྫོགས་པ་ནང་སྒྲུབ་ཡིན། །གསང་བ་སེམས་ཀྱི་དཀྱིལ་འཁོར་ལ། །བརྟེན་ནས་རྫོགས་ཆེན་རྣལ་འབྱོར་ནི། །གཉིས་ཏེ་དཀྱིལ་འཁོར་རང་རིག་ལ། །རྫོགས་པའི་ཚུལ་དང་ཉམས་ལེན་ནོ། །རང་རིག་སེམས་སུ་ལྷ་རྫོགས་ཚུལ། །སྙིང་པོ་རང་རིག་འཁྲུལ་མཚམས་ཆོད། །ང་བདག་དགྲ་བགེགས་མིང་མེད་


DNG015_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས། །རང་སེམས་རྩ་བྲལ་རང་རིག་པས། །བཤགས་བྱ་འཆགས་བྱེད་མེད་པར་རྫོགས། །སྤྲོས་བྲལ་བྱིན་གྱིས་ཡེ་ཤེས་ཕེབས། །བྱིན་རླབས་རང་བྱུང་ཆེན་པོར་རྫོགས། །རིག་པ་ཡེ་ཤེས་འཆར་སྒོ་ཕྱེ། །བརྡའ་སྒོ་དབྱེར་མེད་ངང་དུ་རྫོགས། །ཆོས་མིན་དོན་དང་རང་རིག་མཇལ། །བརྡའ་ཕྱག་བཙལ་དུ་མེད་པར་རྫོགས། །རང་སེམས་རྫས་མཆོག་འདོད་དགུར་བསྒྱུར། །མཆོད་རྫས་བཤམ་དུ་མེད་པར་རྫོགས། །སྐྱེ་འགག་གཉིས་མེད་རང་བྱུང་ལྷའི། །ཏིང་འཛིན་དབྱེ་བསལ་མེད་པར་རྫོགས། །འབྱུང་བ་ལྔ་ཉིད་བཅོམ་ལྡན་འདས། །དབང་ཆེན་ཡུམ་ལྔ་དབྱེར་མེད་རྫོགས། །དོན་གྱི་སྙིང་པོ་ཚད་ལས་འདས། །གཞལ་ཡས་གསལ་འགྲིབ་མེད་པར་རྫོགས། །བདེ་གསལ་མི་རྟོག་དབྱེར་མེད་པས། །ཉི་ཟླ་པད་གདན་མཚོན་མེད་རྫོགས། །ཀུན་གཞི་མ་བཅོས་ཀློང་ཡངས་སུ། །ཡིད་བྱེད་དྲན་པ་རྣམ་པར་དག །ཡེ་ཤེས་སེམས་དཔའ་ཆོས་སྐུར་རྫོགས། །བདག་མེད་རང་རིག་བྱང་ཆུབ་སེམས། །གཏི་མུག་རྣམ་དག་ཆོས་ཀྱི་དབྱིངས། །ཡེ་ཤེས་རང་ཤར་བདེ་ཆེན་དོན། །ཆེ་མཆོག་ཧེ་རུའི་ངོ་བོར་རྫོགས། །ཞེ་སྡང་རང་བྱུང་རང་དག་གིས། །ཡེ་ཤེས་རང་ཤར་བདེ་གཤེགས་ཐུགས། །བཛྲ་ཧེ་རུའི་ངོ་བོར་རྫོགས། །ང་རྒྱལ་རང་དག་མཉམ་ཉིད་ཀྱི། །ཡེ་ཤེས་རང་ཤར་བདེ་གཤེགས་སྐུ། །གཤིན་རྗེ་གཤེད་པོའི་ངོ་བོར་རྫོགས། །འདོད་ཆགས་རང་དག་ཀུན་རྟོག་གི། །ཡེ་ཤེས་རང་ཤར་བདེ་གཤེགས་གསུང་། །དབང་ཆེན་རྟ་མགྲིན་ངོ་བོར་རྫོགས། །ཕྲག་དོག་རང་དག་ནན་ཏན་གྱི། །ཡེ་ཤེས་རང་ཤར་བདེ་གཤེགས་ཕྲིན། །རྡོ་རྗེ་གཞོན་ནུའི་ངོ་བོར་རྫོགས། །བག་ཆགས་མངོན་གྱུར་བྱང་ཆུབ་སེམས། །ཆོས་ཀྱི་སྐུར་སྣང་བརྗིད་པའི་སྟོབས། །བླ་མེད་ཧེ་རུའི་ངོ་བོར་རྫོགས། །རྣམ་རྟོག་འགྱུ་བྱེད་ཡིད་དག་པས། །ལོངས་སྤྱོད་རྫོགས་སྐུ་འཇིགས་པའི་སྟོབས། །དྲེགས་པ་ཀུན་འདུལ་ངོ་བོར་རྫོགས། །དུག་ལྔ་ཕྲག་དོག་རྣམ་དག་པས། །སྤྲུལ་སྐུ་སྣ་ཚོགས་གྱད་ཀྱི་སྟོབས། །སྟོབས་ལྡན་ནག་པོའི་ངོ་བོར་རྫོགས། །སྒྱུ་ལུས་རྡོས་བཅས་རྣམ་དག་པས། །རྒྱལ་བ་རིག་འཛིན་ཐོགས་མེད་སྟོབས། །


DNG015_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་སློབ་དཔོན་ངོ་བོར་རྫོགས། །འཇིག་རྟེན་འཛིན་རྟོག་རྣམ་པར་དག །བསྟན་པ་བསྲུང་མཛད་མཐུ་ཆེན་སྟོབས། །དཔལ་གྱི་བཀའ་སྲུང་ངོ་བོར་རྫོགས། །དེ་ལྟར་ཡོངས་རྫོགས་རྒྱལ་བ་རྣམས། །ཅིར་ཡང་སྣང་ཐབས་ཡབ་ཀྱི་ཚུལ། །ཤེས་རབ་མཚོན་འདས་ཡུམ་གྱི་ངང་། །ལྷ་ཚོགས་དེ་དག་ཐམས་ཅད་ཀྱང་། །ཡེ་ཤེས་མཚོན་ཕྱིར་མིང་དུ་བཏགས། །དོན་ལ་རང་བྱུང་ཡེ་ཤེས་སྐུ། །མ་བཅོས་ཐིག་ལེ་ཉག་གཅིག་ཡིན། །ཡེ་ནས་རང་དང་ལྷན་ཅིག་གནས། །སྤྱན་དྲང་བཞུགས་གསོལ་མི་དགོས་རྫོགས། །བཟང་ངན་མེད་མཉམ་གཉིས་མེད་མཆོད། །ཕྱག་དང་མཆོད་པ་མི་དགོས་རྫོགས། །རང་རྩལ་ཐབས་ཀྱིས་འགྲོ་དོན་མཛད། །ཕྲིན་ལས་བསྟོད་བསྐུལ་མི་དགོས་རྫོགས། །མཐའ་བྲལ་སྙིང་པོ་བརྗོད་དུ་མེད། །བསྙེན་སྒྲུབ་འཛབ་བཟླས་མི་དགོས་རྫོགས། །རང་རིག་དྲི་མེད་འོད་གསལ་ལྷ། །ཆོས་སྐུ་ལྷུན་གྲུབ་འབྲས་བུ་ཡིན། །དེ་ལྟར་རྫོགས་པའི་དོན་ཤེས་ན། །གསང་བའི་ཉམས་ལེན་མཐར་ཐུག་པས། །རྫོགས་པ་ཆེན་པོའི་སྡོམ་བཞི་ཡིན། །གཟའ་གཏད་མེད་པའི་ལྟ་བ་ཡིས། །ཡིན་པ་མེད་པར་རང་ངོ་སྤྲད། །དམིགས་གཏད་མེད་པའི་སྒོམ་པ་ཡིས། །མི་ནང་མེད་པར་ཉམས་སུ་བླངས། །བླང་དོར་མེད་པའི་སྤྱོད་པ་ཡིས། །ཡིན་མིན་མེད་པར་འགག་ཀྱང་བསྡམ། །སྤང་ཐོབ་མེད་པའི་འབྲས་བུ་ཡིས། །རེ་དང་དོགས་པའི་གོལ་ས་བཅད། །ལྟ་བའི་ངོ་སྤྲོད་དོན་གསུམ་སྟེ། །ཆོས་རྣམས་མཉམ་ཉིད་ངོ་སྤྲོད་ཅིང་། །གྲུབ་མཐའི་ཕྱོགས་འཛིན་གྲོལ་བ་དང་། །ཕྱོགས་རིས་མེད་པར་ལ་བཟླའོ། །མཉམ་ཉིད་རང་ངོ་སྤྲད་པ་ནི། །འཁོར་འདས་ཆོས་ཀུན་ཅིར་སྣང་ཡང་། །སྣང་བ་ཆོས་ཉིད་མ་ཡིན་པར། །སྟོང་པ་ཆོས་ཉིད་ཡིན་པ་འམ། །ཆོས་ཅན་མ་ཡིན་ཆོས་ཉིད་གཅིག །ལོགས་ནས་འབྱུང་བར་འདོད་པ་འམ། །ཡོད་མིན་མེད་མིན་ཡིན་སེམས་མམ། །རང་མིན་གཞན་མིན་རྟོག་པ་འམ། །རྫུན་མིན་བདེན་པ་མིན་ཞེ་ན། །དེ་ལྟར་ཐ་དད་མ་ཡིན་ཏེ། །ཆོས་རྣམས་རང་བྱུང་ཡེ་ཤེས་ཉིད། །ཆོས་མིན་གཏད་མེད་ཉིད་སྣང་བ། །སྣང་ན་རང་སྣང་སྟོང་རང་སྟོང་། །སྣང་དང་སྟོང་པ་ཡེ་ནས་


DNG015_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ། །ཆོས་ཅན་ཉིད་ན་ཆོས་ཉིད་པས། །ཆོས་ཅན་ཆོས་ཉིད་ཡེ་ནས་མཉམ། །ཡོད་པའི་དུས་ན་རང་བཞིན་མེད། །ཡོད་དང་མེད་པ་ཡེ་ནས་མཉམ། །རང་མི་སྣང་བར་གཞན་མི་སྣང་། །རང་དང་གཞན་དུ་ཡེ་ནས་མཉམ། །རྫུན་པ་ཉིད་ན་དོན་ཉིད་བདེན། །རྫུན་དང་བདེན་པར་ཡེ་ནས་མཉམ། །ཅི་ཕྱིར་ཞེ་ན་སེམས་ཉིད་ཀྱི། །ངོ་བོ་ཕྱོགས་ལྷུང་གང་ཡང་མིན། །དེ་ཕྱིར་ཆོས་མིན་གཏད་མེད་དེ། །དཔེར་ན་ག་པུར་སྨན་དུག་བཞིན། །ཡེ་ནས་མཉམ་ཉིད་རང་ངོ་སྤྲད། །གྲུབ་མཐའི་ཕྱོགས་འཛིན་གྲོལ་བ་ཡིན། །ཆོས་རྣམས་མཉམ་ཉིད་མཐའ་གྲོལ་ལ། །བྱིས་པས་རང་རྒྱུད་བཟུང་བ་འཁྲུལ། །ཆད་པས་སྟོང་པར་བཟུང་བས་ལོག །ཐེག་དམན་སྣང་བ་དགྲར་བལྟས་གོལ། །བྱང་སེམས་གཉེན་པོས་སྦྱངས་པས་བསྒྲིབས། །མཐའ་དབུས་སྟོང་པར་སྒྲོ་འདོགས་འབྱམས། །སྔགས་ལ་ཕྱི་ནང་དག་སྣང་དུ། །བསྒྱུར་བས་ཆོས་མིན་གཏིང་མ་རྟོགས། །མདོར་ན་ཕྱོགས་འཛིན་ལྟ་བའི་བདུད། །གཟའ་གཏད་མེད་པའི་ལྟ་བ་ཡིས། །ཆོས་མིན་རྟོགས་པས་ཕྱོགས་འཛིན་གྲོལ། །ཕྱོགས་རིས་མེད་པའི་ལ་བཟླ་ནི། །ཆོས་ཅན་དངོས་པོ་གང་རུང་ལ། །བྱུང་ཚུལ་མིང་གཟུགས་མཚན་དཔེ་དང་། །ལས་དང་ཁ་དོག་དབྱིབས་སུ་བྲལ། །བསམ་པས་བརྟགས་ན་འདི་ཡིན་མེད། །ཡོད་པའི་ཕྱོགས་སུ་མ་ལྷུང་ཞིང་། །ཅིར་ཡང་སྣང་བས་མེད་པ་ཡི། །ཕྱོགས་སུ་ཡང་ནི་རྒྱ་མ་ཆད། །གཉིས་ཀའི་ངོས་ནས་རང་སྣང་བའི། །གཉིས་མེད་ཕྱོགས་སུ་མ་ལྷུང་བས། །མཉམ་ཉིད་རྒྱ་ཆད་རིས་མེད་པར། །ཡང་དག་དོན་གྱི་ལ་བཟླའོ། །བསྒོམ་པའི་ཉམས་ལེན་ལ་གསུམ་སྟེ། །བདག་འཛིན་རོ་དང་དབྲལ་བ་དང་། །བདེན་རྫུན་འཁྲུལ་པ་གཞིག་པ་དང་། །ཡིན་མིན་བློ་དང་དབྲལ་བའོ། །བདག་འཛིན་རོ་དང་དབྲལ་བ་ནི། །སྒོམ་བྱེད་མཁན་པོ་ང་བདག་སྟེ། །བསྒོམ་བྱ་སྒོམ་བྱེད་དམིགས་པས་འཁོར། །ང་བདག་ཉིད་ཀྱིས་ཉིད་ལ་བརྟག །ངོ་བོ་ལུས་སེམས་གང་གིས་བྱས། །ལུས་ཀྱིས་བྱས་ན་མགོ་ཡན་ལག །དོན་ལྔ་སྣོད་དྲུག་ཤ་རུས་པགས། །གང་གིས་བྱས་ཏེ་དེར་མི་སྣང་། །གལ་ཏེ་སེམས་


DNG015_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བྱས་སེམས་ན། །ངོ་བོ་སྟོང་པས་བྱེད་མཁན་མེད། །རང་བཞིན་གསལ་ཡང་གཞི་རྩ་བྲལ། །མཚན་ཉིད་འགྱུ་དྲན་འཛིན་ཆགས་ཞི། །གང་ཡང་མ་གྲུབ་བདག་མ་རྙེད། །དེ་མ་རྙེད་པས་བསྒོམ་བྱ་ཡི། །ཆོས་དང་སྤང་བྱའི་སྣང་བ་ཞིག །དེ་ཕྱིར་དམིགས་གཏད་ཀུན་དང་བྲལ། །བདག་འཛིན་རོ་མེད་ངོ་སྤྲོད་དོ། །བདེན་རྫུན་འཁྲུལ་པ་ཞིག་པ་ནི། །ཕྱི་ཡི་སྣང་ཡུལ་རང་རྒྱུད་པར། །བདེན་ཅིང་གྲུབ་པ་མེད་པར་ངེས། །བདེན་ན་རིགས་དྲུག་ལྟར་སྣང་དང་། །མུ་སྟེགས་རྟག་ཆད་ཐེག་དགུ་ཡི། །མཐོང་སྣང་ཐ་དད་ཅི་ལ་རིགས། །དེ་ཕྱིར་ཆོས་མིན་རང་སྣང་ཞིང་། །སྣང་བའི་བྱེད་མཁན་མ་གྲུབ་པས། །སྣང་ཡུལ་བདེན་རྫུན་འཁྲུལ་སྣང་ཞིག །གཉིས་འཛིན་འཁྲུལ་པ་གཞི་རྩ་བྲལ། །ཡིན་མིན་བློ་དང་ཕྲལ་བ་ནི། །དེ་ལྟར་འཁྲུལ་གཞི་རྩ་བྲལ་བས། །བསྒྲུབ་བྱ་འདི་ཡིན་བསྒྲུབ་ཏུ་མེད། །སྤང་བྱ་འདི་མིན་སྤང་དུ་མེད། །ཐམས་ཅད་ཡུལ་མེད་རིག་པ་ཉིད། །ཕྱོགས་མེད་རང་སྣང་ཡུལ་མེད་གྲོལ། །ཡིན་མིན་བློ་དང་དེར་བྲལ་མོད། །སྤྱོད་པའི་འགག་སྡོམ་ལ་ཡང་གསུམ། །ཆོས་བྱས་གཟུང་འཛིན་གཅད་བྱ་ཞིང་། །མ་བཅད་ལྷུན་གྲུབ་རྫོགས་པ་དང་། །སྒྱུ་མ་མཉམ་ཉིད་འགག་བསྡམ་མོ། །ཆེད་བྱས་གཟུང་འཛིན་བཅད་པ་ནི། །གཟའ་གཏད་མེད་པའི་ལྟ་བ་ཡིས། །ཡིན་པ་མེད་པའི་ཕྱོགས་ལས་གྲོལ། །དམིགས་གཏད་མེད་པའི་བསྒོམ་པ་ཡིས། །མིན་པ་མེད་པར་གྲོགས་སུ་འཆར། །བླང་དོར་མེད་པའི་སྤྱོད་པ་ཡིས། །ཡིན་མིན་མེད་པས་ཅི་ཡང་སྤྱད། །ཆོས་ཉིད་ཀློང་ལས་འདས་པ་མེད། །དགེ་བཅུ་ཕ་རོལ་ཕྱིན་དྲུག་དང་། །ཆོས་སྤྱོད་བཅུ་སོགས་འདི་བླང་བྱ། །མི་དགེ་བཅུ་དང་མཚམས་མེད་ལྔ། །རྣམ་སྨིན་སྡིག་ཆེ་འདི་སྦྱང་བྱ། །མཚན་མ་རང་དག་གཞི་མེད་པས། །བླང་དོར་གཟུང་འཛིན་མིང་མེད་དེ། །ཡིན་མིན་གཉིས་ཀྱི་ཆོས་ལས་འདས། །མ་སྤྱད་ལྷུན་གྲུབ་རྫོགས་ཚུལ་ནི། །དེ་ལྟར་ལྟ་སྒོམ་ཆོས་ཉིད་ཀྱི། །ངང་ལས་འགྲོ་ས་མ་རྙེད་པས། །མི་དགེ་བཅུ་དང་སྒྲིབ་གཉིས་སོགས། །མ་སྤངས་ཆོས་མིན་ལྷུན་གྱིས་གྲུབ། །དགེ་བཅུ་ཆོས་སྤྱོད་ཚོགས་ཆེན་


DNG015_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས། །མ་བཙལ་ཆོས་མིན་ལྷུན་གྱིས་གྲུབ། །བསྒྲུབ་བྱ་སྐུ་དང་ཡེ་ཤེས་སོགས། །མ་བསྒྲུབས་ལྷུན་གྱིས་རྫོགས་པའོ། །སྒྱུ་མ་མཉམ་ཉིད་འགག་བསྡམ་ནི། །འཁོར་འདས་ཀྱིས་བསྡུས་ཆོས་ཐམས་ཅད། །སྒྱུ་མའི་དཔེ་དགུ་ཇི་བཞིན་དུ། །ཡོད་ནས་སྣང་བ་མ་ཡིན་ཏེ། །ཡོད་པ་ཉིད་ནས་རང་སྣང་ཕྱིར། །སྐྱེ་བ་མེད་པས་ཐམས་ཅད་སྐྱེ། །སྐྱེས་ཙམ་ཉིད་ནས་སྐྱེ་མེད་དེ། །སྣང་བའི་དུས་ན་སྣང་བར་མཉམ། །སྟོང་པའི་དུས་ན་སྟོང་པར་མཉམ། །གཉི་གའི་དུས་ན་གཉིས་སུ་མཉམ། །གཉིས་མེད་གཉིས་སུ་མེད་པར་མཉམ། །མཉམ་ཉིད་ཕྱོགས་ལས་གྲོལ་བས་ན། །སྒྱུ་མ་ལྟ་བུར་འགག་བསྡམ་མོ། །འབྲས་བུའི་ལ་བཟླ་ལ་ཡང་གསུམ། །རྒྱུ་འབྲས་ཡུལ་འདས་ཐག་གཅད་ཅིང་། །སྤང་ཐོབ་མཚན་མེད་གཏན་ཚིགས་དང་། །བསྒྲུབ་མེད་ཡེ་རྫོགས་ལ་བཟླའོ། །རྒྱུ་འབྲས་ཡུལ་འདས་ཐག་གཅོད་ནི། །གོང་བཞིན་བདག་འཛིན་རོ་བྲལ་བས། །རྒྱུ་ནི་སེམས་ཅན་ཡུལ་ལས་འདས། །ཆོས་ཉིད་ཅི་ཡང་མ་ཡིན་པས། །འབྲས་བུ་སངས་རྒྱས་ཡུལ་ལས་འདས། །མཉམ་ཉིད་ཕྱོགས་བྲལ་འཛིན་མེད་པས། །རྒྱུ་འབྲས་གཉིས་ཀྱི་ཡུལ་ལས་འདས། །འདས་མ་འདས་ཀྱི་བློ་གྲོལ་བས། །གཉིས་མེད་ཀྱི་ཡང་ཡུལ་ལས་འདས། །སྤང་ཐོབ་མེད་པའི་གཏན་ཚིགས་ནི། །བསྒོམ་པ་མིན་པ་མེད་པས་ན། །གང་སྣང་ཐམས་ཅད་གྲོགས་སུ་ཤར། །དེ་ལ་སྤང་བྱའི་ཡུལ་མེད་པས། །ལྟ་བ་ཡིན་པ་མེད་པས་ན། །ཕྱོགས་ལས་གྲོལ་ཏེ་ཐོབ་ཡུལ་མེད། །དེ་ཕྱིར་སྤང་ཐོབ་མཚན་མ་མེད། །བསྒྲུབ་མེད་ཡེ་རྫོགས་ལ་ཟློ་ནི། །ལྟ་བ་ཡིན་པ་མེད་པར་རྟོགས། །མངོན་དུ་གྱུར་པས་ཆོས་ཀྱི་སྐུ། །སྒོམ་པ་ཡིན་པ་མེད་པ་རུ། །རང་སར་གྲོལ་བས་ལོངས་སྤྱོད་སྐུ། །སྤྱོད་པ་མིན་པ་མེད་པ་རུ། །འགྲོ་དོན་རྫོགས་པ་སྤྲུལ་པའི་སྐུ། །གཉིས་ཀ་ཆོས་ཉིད་དེ་བཞིན་ཉིད། །གཅིག་ཏུ་རྫོགས་པས་ངོ་ཉིད་སྐུ། །ཕྱོགས་བྲལ་ཀུན་རྫོགས་ཆེན་པོ་རུ། །ལ་ཟློས་ཆོས་ཟད་བདེ་ཆེན་སྐུ། །དེ་ལྟར་ཀློང་གྱུར་མ་བཙལ་བར། །ཡེ་ནས་ལྷུན་གྱིས་ཡོངས་རྫོགས་པས། །རེ་དོགས་གནས་མེད་


DNG015_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཟླའོ། །དེ་ལྟར་ཉམས་སུ་ལེན་པ་ནི། །ཡོངས་རྫོགས་ཨ་ཏིའི་དགོངས་པ་སྟེ། །རྒྱུད་མཆོག་འདི་ཡི་ཁོང་སྙིང་ཡིན། ། ཞེས་བཀའ་སྩལ་ཏོ། །དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོ་ལས། གསང་བ་ཉམས་ལེན་ཡོངས་རྫོགས་མདོར་བསྡུས་ཀྱི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་ཡང་འདུས་པའི་འཁོར་རྣམས་མགྲིན་གཅིག་ཏུ། སྟོན་པ་ཀུན་ཏུ་བཟང་པོ་དཔལ་ཆེ་མཆོག་ཧེ་རུ་ཀ་ལ་གསོལ་པ། ཀྱེ་ཀྱེ་ཀྱེ། སྲིད་པའི་རྒྱལ་པོ་ཀུན་ཏུ་བཟང་། །རྩ་བའི་ཆེ་མཆོག་ཧེ་རུ་ཀ །ལུས་གནད་རྩ་ཡི་མན་ངག་གནད། །བདག་ཅག་རྣམས་ལ་བཀའ་སྩོལ་ཅིག །དེ་སྐད་གསོལ་པའི་དོན་དགོངས་ནས། །སྟོན་པ་ཉིད་ཀྱིས་བཀའ་སྩལ་པ། །སྤྱིར་ན་རྣལ་འབྱོར་ལུས་གནད་རྩ། །སྟོང་ཕྲག་ཕྱེད་དང་བཞི་བརྒྱར་འདུས། །དེ་ལས་བསྡུ་ན་སྟོང་ཕྲག་གཅིག །བདུན་ཅུ་རྩ་གཉིས་དེ་བསྡུ་ན། །ཉིས་ཁྲི་ཆིག་སྟོང་དྲུག་བརྒྱ་ཡོད། །དེ་ཡང་བསྡུ་ན་འཁོར་ལོ་བཞི། །དེ་བསྡུས་ལ་ལ་ར་ས་ནཱ། །ཨ་ཝ་དྷཱུ་ཏཱི་དང་གསུམ་མོ། །རྩ་རྣམས་ལུས་ལ་གནས་ཚུལ་ནི། །དྲ་བ་གཡོགས་བཞིན་འདྲེལ་ནས་གནས། །རགས་པ་འཁོར་ལོ་བཞི་ཡི་རྩ། །སྤྱི་གཙུག་ཀླད་པ་བདེ་ཆེན་གྱི། །འཁོར་ལོ་རྩ་འདབ་སོ་གཉིས་པ། །གདུགས་རྩིབས་ལྟར་གནས་དེ་དབུས་ན། །ཡི་གེ་ཧཾ་མགོ་ཐུར་བསྟན་གནས། །མགྲིན་པ་ལོངས་སྤྱོད་འཁོར་ལོ་ཨཱཿ། །རྩ་འདབ་བཅུ་དྲུག་གནས་ལུགས་ནི། །བུམ་སྐེའི་དྲ་བ་ལྟ་བུར་གནས། །སྙིང་ག་ཆོས་ཀྱི་འཁོར་ལོ་ན། །རྩ་བརྒྱད་འདབ་བརྒྱད་པདྨ་འདྲ། །དེ་དབུས་ཡི་གེ་ཧཱུཾ་དུ་གནས། །ལྟེ་བ་སྤྲུལ་པའི་འཁོར་ལོ་ན། །རྩ་འདབ་དྲུག་ཅུ་རྩ་གཉིས་ནི། །གསེར་ཁྲི་ལྟ་བུར་གནས་པའི་དབུས། །རྩིབས་བཞིའི་དབུས་ན་མ་ཨ་ཡང་གནས་སོ། །ཕྱི་ནི་འཁོར་ལོ་རྩིབས་བཞིའི་ཚུལ། །དབུས་ན་ཡེ་ཤེས་རྩ་གནས་པ། །དེ་མདུན་གཏི་མུག་གཡས་ཞེ་སྡང་། །གཡོན་ན་ང་རྒྱལ་ཕྲག་དོག་ཟུར། །རྒྱབ་ན་འདོད་ཆགས་རྩ་གནས་སོ། །དབུས་ཀྱི་རྩ་མཆོག་ཨ་དྷཱུ་ཏཱི། །གཡས་ཀྱི་རྩ་མཆོག་ལ་ལ་ནཱའོ། །གཡོན་གྱི་རྩ་མཆོག་ར་ས་ནཱའོ། །དྷཱུ་ཏཱི་རང་ལ་གསུམ་ཡིན་ཏེ། །ཐབས་ཀྱི་དྷཱུ་ཏཱི་རྒྱུངས་པ་སྟེ། །དེ་ནས་བྱང་སེམས་དཀར་པོ་རྒྱུ། །ཤེས་རབ་དྷཱུ་ཏཱི་སྲོག་


DNG015_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྩ། །དེ་ནས་བྱང་སེམས་དམར་པོ་རྒྱུ། །གསང་བ་ཨ་ཝ་དྷཱུ་ཏཱིའི་རྩ། །རྩ་གཉིས་བར་ན་དྲང་པོར་གནས། །དེ་ནི་དཔེར་ན་བ་ཐག་ལ། །ཉི་ཟེར་ཕོག་པ་ལྟ་བུར་ཡོད། །དེ་ཉིད་རྩ་བ་མཚན་མར་ཟུག །རྩེ་མོ་སྤྱི་གཙུག་འཁོར་ལོའི་དབུས། །ཚངས་པའི་བུ་གའི་ནང་ན་གནས། །དེ་ནས་སོར་གསུམ་ཀླད་པའི་དབུས། །བདེ་བ་ཆེན་པོའི་འཁོར་ལོ་སྟེ། །རྩ་འདབ་སུམ་ཅུ་རྩ་གཉིས་ཀྱི། །དབུས་ན་དེ་ཉིད་གནས་པ་ཡིན། །དེ་འོག་བཅུ་གསུམ་སོར་འོག་ན། །མགྲིན་པ་ལོངས་སྤྱོད་འཁོར་ལོ་ཡི། །རྩ་འདབ་བཅུ་དྲུག་དབུས་ན་ཡང་། །དེ་ཉིད་ཟང་ཐལ་གནས་པ་ཡིན། །དེ་ནས་ཨན་སྟོང་རུས་པ་ཡི། །ཚིགས་གཉིས་བར་ནས་མདུན་དུ་འཁྱོག །སྙིང་ག་ཆོས་འཁོར་རྩ་འདབ་བརྒྱད། །དེ་ཉིད་དབུས་ན་ཟང་ཐལ་ཏེ། །ལྟེ་བ་སྤྲུལ་འཁོར་རྩ་འདབ་ནི། །དྲུག་ཅུ་རྩ་གཉིས་དབུས་ཟང་ཐལ། །དཔེར་ན་འཁོར་ལོའི་སྲོག་ཤིང་འདྲ། །གཡས་ཀྱི་ལ་ལ་ནཱ་ཡི་རྩ། །དབུ་མའི་གཡས་འགྲིམས་ཡར་ཕྱུང་སྟེ། །མིག་གཡས་ལྕིབས་ལ་སླེབས་ནས་སུ། །སྣ་སྒོ་གཡས་ནས་རླུང་རྒྱུ་བའི། །ལས་ཀྱང་དེ་ཡིས་བྱེད་པ་ཡིན། །དེ་རྩ་ལྟག་པ་གཡས་སུ་འཁྱོག །ཨན་སྟོང་རུས་པའི་དྷཱུ་ཏཱི་ལ། །འཁྲིལ་ནས་དྷཱུ་ཏཱིའི་གཡས་འགྲིམས་ཏེ། །སྤུ་ནི་ནག་གུའི་མཚམས་སུ་སླེབ། །གཡོན་ཕྱོགས་ར་ས་ནཱའི་རྩ་ཡང་། །ཡར་འགུག་མིག་གཡོན་ལྕིབས་སུ་སླེབ། །སྣ་སྒོ་གཡོན་ནས་རླུང་རྒྱུ་བའི། །ལས་ཀྱང་དེ་ཡིས་བྱེད་པ་ཡིན། །དེ་རྩ་ལྟག་པའི་ཨན་སྟོང་ནས། །དྷཱུ་ཏཱི་དང་གཤིབས་སྤུ་ནག་གུའི། །དཀྱིལ་དུ་སླེབས་ནས་གནས་པ་ཡིན། །དེ་ལྟར་གཡས་གཡོན་མར་སྣ་གཉིས། །དྷཱུ་ཏཱིའི་སྒོར་ཚུད་དེའི་ཡོན་ཏན། །རྩ་རླུང་བསྒོམས་པས་དྷཱུ་ཏཱིར་རླུང་། །ཚུད་པས་ཕྱག་རྒྱ་ཆེན་པོར་འཆར། །དེ་བཞིར་དྷཱུ་ཏཱིར་རླུང་ཚུད་ཚེ། །རྟོག་པ་རང་འགག་ཡེ་ཤེས་འཆར། །ཤུགས་ཀྱིས་དྷཱུ་ཏཱིར་རླུང་ཚུད་ཚུལ། །ཕོ་མོ་བདེ་བ་སྤྱད་རྗེས་སུ། །བྱང་སེམས་ཕེབས་ཚེ་དྷཱུ་ཏཱིར་ཚུད། །དྲན་མེད་བདེ་ལ་སྨྲ་མི་ཤེས། །དེ་བཞིན་བརྒྱ་ལམ་འཆི་ཁར་ཡང་། །དྷཱུ་ཏཱིར་རླུང་ཚུད་


DNG015_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

ཅང་མི་དྲན། །དེ་ཕྱིར་ཨ་ཝ་དྷཱུ་ཏཱི་ནི། །མི་རྟོག་ཆོས་དབྱིངས་ཡེ་ཤེས་རྩ། །དེ་ནི་རྩ་གནས་རིམ་པའོ། །དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོ་ལས། ལུས་ལ་རྩ་གནས་ཡོངས་རྫོགས་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་ཡང་འདུས་པའི་འཁོར་རྣམས་ཀྱིས་མགྲིན་གཅིག་ཏུ་སྟོན་པ་ཀུན་ཏུ་བཟང་པོ་དཔལ་ཆེན་པོ་ཆེ་མཆོག་ཧེ་རུ་ཀ་ལ་གསོལ་པ། ཀྱེ་ཀྱེ་ཀྱེ། འབྱུང་བའི་རང་རྩལ་ཀུན་ཏུ་བཟང་། །ཐབས་ཆེན་རྒྱལ་པོ་ཧེ་རུ་ཀ །འགྱུ་བྱེད་སྟོབས་ལྡན་རླུང་གི་གནད། །བདག་ཅག་རྣམས་ལ་བཀའ་སྩོལ་ཅིག །དེ་སྐད་གསོལ་པའི་དོན་དགོངས་ནས། །སྟོན་པ་ཉིད་ཀྱིས་བཀའ་སྩལ་པ། །འཁོར་འདས་བཟང་ཟབ་མོ་ཡང་མོ་ཀུན་གཞི་དང་། །མ་རིག་འགྱུ་བྱེད་རླུང་དབང་གིས། །མངལ་སྒོར་ཁུ་ཁྲག་ལྟོར་ཆགས་ནས། །ལོ་གཅིག་ཟླ་བ་བཅུ་གཉིས་བར། །ཞག་རེ་ལ་ནི་རྩའི་བྱེ་བྲག །ཉིས་བརྒྱ་ཉིས་བརྒྱ་སྐྱེད་འཕེལ་བས། །སྟོང་ཕྲག་བདུན་བཅུ་རྩ་གཉིས་རྩ། །རིམ་གྱིས་ཆགས་ཤིང་དེ་བསྐྱེད་དེ། །རྩ་ཡི་གཙོ་བོ་སྲོག་པའི་རྩ། །འགྱུ་བ་རླུང་གིས་སེམས་དེ་གྲངས། །ཉི་ཁྲི་ཆིག་སྟོང་རླུང་རྒྱུས་པས། །དེ་ལས་འབྲས་བུ་བརྒྱད་ཁྲི་དང་། །བཞི་སྟོང་དག་ཏུ་རང་ཤར་ཅིང་། །དེ་ཉིད་རྣམ་གྲངས་མང་གིས་ཀྱང་། །རྩ་བར་བསྡུས་ན་སྡེ་བརྒྱད་དེ། །ཕྱི་རླུང་ནང་རླུང་གསང་རླུང་དང་། །རླུང་ལ་ཉམས་ལེན་གོམས་རྟགས་དང་། །གེགས་སེལ་རླུང་གི་ཡོན་ཏན་ནོ། །དེ་ཡང་ཕྱི་ནི་རླུང་བརྒྱད་དེ། །ལུས་འདེགས་རླུང་དང་འབྱུང་སྙོམ་རླུང་། །ཕུང་པོ་འཇིག་རླུང་རྒྱུན་གཅོད་རླུང་། །འབྱིན་བྱེད་རླུང་དང་ལས་བྱེད་རླུང་། །འབིགས་བྱེད་རླུང་དང་ཁྱབ་རླུང་ངོ་། །ནང་ནི་ཡང་ནི་རླུང་བརྒྱད་དེ། །གྱེན་རྒྱུ་ཐུར་དུ་སེལ་བའི་རླུང་། །དྭངས་སྙིགས་འབྱེད་རླུང་བཀྲག་གཟི་སྐྱེད། །སྙིང་རྗེ་མེད་དང་མེ་མཉམ་རླུང་། །དྭངས་སྙིགས་ཕྱིར་འབྱེད་ཤེས་རབ་རླུང་། །གསང་རླུང་ཀུན་གཞི་བྱང་ཆུབ་སེམས། །རླུང་གི་ལས་ནི་ཞག་གཅིག་ལ། །ཉི་ཁྲི་དང་ནི་ཆིག་སྟོང་རྒྱུ། །བསྡུ་ན་ཉོན་མོངས་ཡེ་ཤེས་རླུང་། །ཞག་རེ་ལ་ཡང་རླུང་དེ་གཉིས། །ཁྲི་ཚོ་རེ་དང་ལྔ་བརྒྱ་རྒྱུ། །དེ་ཡང་འབྱུང་འཇུག་


DNG015_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ་ཡི། །རླུང་གསུམ་དག་ཏུ་འདུས་པ་ཡིན། །འབྱུང་བའི་རླུང་ནི་སོར་བཅུ་དྲུག །ཕྱིར་འབྱུང་ནང་རླུང་སོར་བཅུ་དྲུག །ནང་འཇུག་གནས་རླུང་སྐད་ཅིག་ཙམ། །ལྟེ་བ་དག་ན་གནས་པ་ཡིན། །རླུང་ལ་ཞོན་ནས་ཡིད་འགྱུ་བས། །འཁོར་བ་སྐྱེད་བྱེད་རླུང་ཡང་ཡིན། །དེ་ཕྱིར་རིགས་དྲུག་རང་ལ་ཚང་། །དེ་ནས་རྩ་རྣམས་འབྲི་ཚུལ་ཡང་། །ལོ་གཅིག་ལོན་ནས་ལོ་བརྒྱའི་བར། །ཞག་རེ་ལོན་ནས་རྩ་གཉིས་གཉིས། །བྲི་ནས་ལོ་བརྒྱས་ནུས་པ་འཇིག །དེ་ཚེ་རིག་པ་བྱང་ཆུབ་སེམས། །སྙིང་རྗེ་མེད་པའི་རླུང་ལ་ཞོན། །གསང་བ་ནས་ཐོན་དམྱལ་བར་སྐྱེ། །རིག་པ་ཐུར་རྒྱུའི་རླུང་ལ་ཞོན། །བཤང་ལམ་ནས་ཐོན་ཡི་དྭགས་སྐྱེ། །རིག་པ་མེ་མཉམ་རླུང་ལ་ཞོན། །ལྟེ་བ་ནས་ཐོན་བྱོལ་སོང་སྐྱེ། །ཡང་ན་རིག་པ་བྱང་ཆུབ་སེམས། །བཀྲག་དང་གཟི་མདངས་རླུང་ལ་ཞོན། །མིག་གཡས་ནས་ཐོན་ལྷ་གནས་སྐྱེ། །རིག་པ་དྭངས་སྙིགས་འབྱེད་རླུང་ཞོན། །ཁ་སྣ་ནས་ཐོན་མི་རུ་སྐྱེ། །རིག་པ་ཕྱིར་འབྱེད་རླུང་ལ་ཞོན། །ལྟག་རྩ་ནས་ཐོན་ལྷ་མིན་སྐྱེ། །ཡང་ནི་རིག་པ་བྱང་ཆུབ་སེམས། །གྱེན་དུ་རྒྱུ་བའི་རླུང་ལ་ཞོན། །ཚངས་བུག་ནས་ཐོན་བཅུ་གསུམ་ནོན། །རིག་པ་ཤེས་རབ་རླུང་ལ་ཞོན། །སྙིང་གའི་དབུས་ནས་ཡེ་ཤེས་ལམ། །མིག་གཡོན་འབྲས་བུ་རང་ངོ་ཤེས། །ཐམས་ཅད་རང་བྱུང་ཡེ་ཤེས་འཆར། །དེ་ལྟར་རླུང་དང་རིག་པ་གཉིས། །དོན་བྱེད་གཅིག་ལ་མཚན་ཉིད་གཉིས། །རང་རིག་མཚན་ཉིད་དྲན་ཞིང་གསལ། །རླུང་གི་མཚན་ཉིད་བསྐྱོད་འཁྲུགས་སེམས་ཀྱང་འབེབས། །དེ་གཉིས་བསྡོང་བའི་དཔེར་བརྗོད་ནི། །རིག་པ་འཕྱེ་བོ་མིག་ཅན་འདྲ། །རླུང་ནི་རྟ་ལོང་རྐང་ཅན་འདྲ། །དེ་གཉིས་བསྡོངས་པས་ཕྱོགས་བཅུར་བགྲོད། །དེ་ཕྱིར་རྣམ་ཤེས་རླུང་གིས་བསྐྱོད། །སྒོ་ལྔའི་ཡུལ་སོགས་ཀུན་ཏུ་རྒྱུ། །རིག་པའི་རྒྱུ་དང་རླུང་རྐྱེན་འཛོམ། །འཁོར་བའི་བྱ་བ་ཐམས་ཅད་བྱེད། །མི་རྟ་བྲལ་ན་འགྲོ་རྒྱུ་མེད། །དེ་བཞིན་ལམ་གྱི་རྣལ་འབྱོར་པས། །དྷཱུ་ཏཱིར་རླུང་བཟུང་བསྒོམ་པའི་ཚེ། །རྟ་མེད་འཕྱེ་བོ་དང་


DNG015_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ་བའི། །རིག་པ་རླུང་མེད་གཡོ་འགུལ་མེད། །རིག་པ་ལས་སུ་རུང་བ་ཡིན། །མིག་མེད་རྟ་ཕོ་དང་འདྲ་བའི། །སྐྱོད་བྱེད་རླུང་རྟ་རིག་མེད་པའི། །འགྲོ་བར་མི་ནུས་རང་དབང་ཐོབ། །དེ་ཚེ་ཡང་དག་རང་ངོ་སྤྲོད། །རླུང་རིག་རང་དྭངས་དེར་སངས་རྒྱའོ། །དེ་ཕྱིར་རླུང་འཛིན་ཉམས་ལེན་ནི། །སྔོན་དུ་ཚོགས་བསག་བླ་མ་མཆོད། །བགེགས་བསྲུང་སྐྱབས་འགྲོ་སེམས་བསྐྱེད་བྱ། །ཁམས་གསོ་བཅུད་ཀྱི་སྨན་མར་སྦྱར། །དངོས་གཞིའི་དུས་སུ་འདྲེལ་མཚམས་གཅད། །དབེན་པར་འབོལ་བའི་སྟན་ལ་འདུག །ལྷ་གསལ་ང་རྒྱལ་མོས་པ་བྱ། །རྐང་པ་རྡོ་རྗེ་སྐྱིལ་ཀྲུང་བཅའ། །སྒལ་ཚིགས་གསེར་གྱི་དོང་ཙེ་བསྲང་། །སེང་ལྟར་སྟོད་འགྱིངས་ཡིད་དགྱེར་བྱ། །རྨ་བྱའི་མགྲིན་བཞིན་ཡིད་དགུག་པ། །ལག་གཉིས་མཉམ་གཞག་ལྡེར་ཚོ་འདྲ། །མིག་འབྲས་སྣ་ཡི་རྩེ་ལ་དབབ། །ལུས་གནད་དྲུག་ལ་ལེགས་གོམས་ནས། །དག་རླུང་འབྲུ་གསུམ་འཁོར་ལོ་ནི། །རྔུབ་བསྐྱིལ་འཕང་དང་བསྐོར་བས་ཏེ། །བདེ་གཤེགས་རྣམས་ཀྱི་ཡང་སྙིང་མཆོག །རྔུབ་རླུང་ཨོཾ་ལ་བསྐྱིལ་གནས་ཨཱཿ། །འཕང་པ་ཧཱུཾ་ཡིན་རླུང་གསུམ་གྱི། །གནས་པ་ཨཱཿལ་ཟིན་ནན་བསྐྱེད། །འཁོར་ལོ་བསྐོར་བ་གང་ཞེ་ན། །སྣ་བུག་གཡས་ནས་རླུང་རྒྱུ་ཚེ། །ཐབས་རླུང་ཉོན་མོངས་རླུང་ཡིན་ཕྱིར། །མི་བཟུང་བཟུང་ན་རླུང་ལོག་འོང་། །སྣ་བུག་གཡོན་ནས་རྒྱུ་བའི་ཚེ། །ཤེས་རབ་ཡེ་ཤེས་རླུང་ཡིན་ཕྱིར། །བཟུང་ན་སྐྱོན་མེད་ཉམས་རྟོགས་འཕེལ། །སྣ་བུག་གཉིས་ནས་མཉམ་རྒྱུའི་ཚེ། །ཐབས་ཤེས་གཉིས་སུ་མེད་པའི་རླུང་། །ཨ་ཝ་དྷཱུ་ཏཱིའི་སྒོར་ཚུད་པས། །འདི་དུས་འབད་ན་ཡེ་ཤེས་འཆར། །དེ་ཕྱིར་རླུང་བཟུང་གནད་འདི་སྟེ། །གྲུ་གུ་འཆམས་པོས་བཤང་སྒོ་བསྡམ། །སྔོན་དུ་འོག་རླུང་བསྡམས་ཏེ་འཐེན། །ཧཱུཾ་རིང་གསུམ་གྱིས་རླུང་དུག་ཕྱུང་། །འོག་རླུང་བསྡམས་ཏེ་སྟེང་རླུང་ནི། །རྔུབ་ཅིང་མནན་ཏེ་བསྐྱིལ་བར་བྱ། །ཚད་དུ་སླེབས་ཚེ་མདའ་ལྟར་དུ། །སྣ་ནས་མདའ་གང་ཚད་དུ་འཕང་། །ཡང་རྔུབ་ཡང་བསྐྱིལ་ཡང་འཕངས་ཏེ། །གནས་པའི་རླུང་དེ་བསྐྱིལ་ཡུན་བསྲིང་། །འབྱོངས་ཚེ་དྷཱུ་ཏཱིར་རླུང་ཚུད་ནས། །སྐྱོད་བྱེད་རླུང་རྟ་


DNG015_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

གཡོ་འགུལ་བྲལ། །རིག་པ་གར་སྦྱིན་སྦྲང་འབྱར་འདྲ། །དེ་ཚེ་རླུང་ཉིད་ལས་རུང་བས། །ཐ་མལ་ཤེས་པ་སྙིང་དབུས་སད། །ཆོས་རྣམས་ཀུན་གྱི་དེ་བཞིན་ཉིད། །མ་བཅོས་བྱང་ཆུབ་སེམས་རྟོགས་པས། །ཉོན་མོངས་རང་སངས་ཡེ་ཤེས་རྒྱས། །གསང་རླུང་ངོས་ཟིན་ངོ་མཚར་ཆེ། །དེ་ལྟར་རླུང་བསྒོམས་འབྱོངས་རྟགས་གསུམ། །ཕྱི་དང་ནང་དང་གསང་བའི་ཚུལ། །ཕྱི་རྟགས་དྲོད་སྐྱེ་འཕར་དང་འདར། །འགྲོ་མགྱོགས་ཡང་ལ་འཇིགས་པ་མེད། །ནང་རྟགས་སྣང་བ་སྒྱུ་མར་རྟོགས། །དབུགས་འགྱུ་མི་ཚོར་དབུགས་མི་འགྱུ། །ལྟོ་གོས་ཆེད་མེད་ལ་སོགས་འབྱུང་། །གསང་རྟགས་བདེ་གསལ་འཛིན་པ་མེད། །མ་བཅོས་བདེ་ཆེན་འགྱུར་མེད་བརྟན། །རྡོ་རྗེ་ལྟ་བུའི་ཏིང་འཛིན་ནོ། །བླ་མའི་མན་ངག་མ་ཐོབ་ན། །རླུང་རོ་ལུས་ནས་གེགས་སུ་འགྱུར། །མདོར་ན་རྔུབ་དགང་འཕེན་ལ་སོགས། །བཏང་རན་བཟུང་ཚད་མ་ཤེས་ཤིང་། །འཁོར་ལོའི་གོ་རིམ་ལོག་ཀྱང་གེགས། །འགྱུར་ཚུལ་སྲོག་རྩར་རླུང་འགྲིམས་ཏེ། །ཤོར་བ་སྲིད་ན་སྨྱོ་ནས་འགྲོ། །ཤ་མདངས་བར་དུ་རླུང་ཤོར་ན། །མཛེ་འབྲས་དམུ་ཆུ་ཤིག་ནད་འབྱུང་། །སྙིང་ལ་ཤོར་ན་སྙིང་རླུང་འབྱུང་། །ཐུར་རླུང་ལོག་ན་ཕྱི་ས་དང་། །བྱང་སེམས་དཀར་དམར་འཛག་པ་ཡིན། །གྱེན་དུ་ལོག་ན་མགོ་འཁོར་ཞིང་། །འཁྲུགས་དང་སྟོད་གཟེར་སྣ་གཟེར་འོང་། །དེ་སོགས་རླུང་སྐྱོན་བསམ་ཡས་ཀྱང་། །མུན་ལ་ཉི་བཞིན་དུག་སེལ་ཐབས། །རླུང་བསྒོམ་ཐུན་མཚམས་ཐམས་ཅད་དུ། །ཧཱུཾ་རིང་ལན་གསུམ་བུས་རྗེས་སུ། །ཧ་དྲག་ཡང་ཡང་བསྟུད་ཅིང་གདབ། །རོ་སྟོད་ཡང་སྙམ་སེམས་ན་གཞག །དེས་ནི་རླུང་སྐྱོན་འོང་མི་སྲིད། །ཆིག་ཆོད་ཐབས་ཀྱི་རྒྱལ་པོ་ཡིན། །དེ་ལྟར་གེགས་བསལ་རླུང་བསྒོམས་པས། །ཡོན་ཏན་མངོན་ཤེས་རྣམ་དྲུག་དང་། །སྤྱན་ལྔ་ཆགས་པ་མེད་པ་འབྱུང་། །སེམས་མ་ཟིན་པ་ཟིན་པར་འགྱུར། །ཟིན་པ་བརྟན་གྱུར་རིག་རྩལ་སྦྱང་། །མཁའ་སྤྱོད་འཕོ་བ་གྲོང་འཇུག་དང་། །ཆུ་ལ་མི་འབྱིང་བྲག་རྗེས་ཐོན། །རྐང་མགྱོགས་ལྷ་སྲིན་བྲན་དུ་འཁོལ། །རང་རིག་


DNG015_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

རྩལ་དབང་ངེས་པར་འཐོབ། །ཚེ་དབང་རིག་འཛིན་ལ་སོགས་པའི། །ཡོན་ཏན་བརྗོད་ཀྱིས་མི་ལང་ངོ་། །ཞེས་བཀའ་སྩལ་ཏོ། །དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོ་ལས། འགྱུ་བྱེད་སྟོབས་ལྡན་རླུང་གནད་ཡོངས་རྫོགས་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་འདུས་པའི་འཁོར་རྣམས་ཀྱིས། མགྲིན་གཅིག་ཏུ་སྟོན་པ་ཀུན་ཏུ་བཟང་པོ་དཔལ་ཆེ་མཆོག་ཧེ་རུ་ཀ་ལ་གསོལ་པ། ཀྱེ་ཀྱེ་ཀྱེ། ཐིག་ལེ་ཆེན་པོ་ཀུན་ཏུ་བཟང་། །བྱམས་ཆེན་རྒྱལ་པོ་ཧེ་རུ་ཀ །ཐིག་ལེ་བྱང་སེམས་གཏུམ་མོའི་གནད། །བདག་ཅག་རྣམས་ལ་བཀའ་སྩོལ་མཛོད། །དེ་སྐད་གསོལ་པའི་དོན་དགོངས་ནས། །སྟོན་པ་ཉིད་ཀྱིས་བཀའ་སྩལ་པ། །བྱང་སེམས་ཐིག་ལེའི་མན་ངག་གནད། །གསང་སྔགས་གྲོལ་ལམ་རྒྱུ་ཡིན་ཅིང་། །ཐབས་ལམ་ཀུན་གྱི་མཐར་ཐུག་ཡིན། །རྩ་གནས་ལུས་ལ་རབ་བརྟེན་པའི། །བྱང་སེམས་སྟོང་ཕྲག་བྱེ་བ་དང་། །ཕྱེད་དང་བཞི་བརྒྱ་ཡོད་ན་ཡང་། །བསྡུ་ན་དྭངས་སྙིགས་སྲོག་འཛིན་གསུམ། །དྭངས་མ་ལས་གྱུར་བྱང་སེམས་ནི། །བཟའ་བཏུང་བཅུད་ཟོས་དྭངས་འགྱུར་ཚུལ། །ཞག་བདུན་ལོན་ནས་ཆུ་སེར་འགྱུར། །བདུན་ཕྲག་ཤ་ལ་བདུན་ན་ཚིལ། །བདུན་ཕྲག་བཞི་ན་རྐང་མར་འགྱུར། །བདུན་ལྔ་རྒྱུངས་པ་བདུན་དྲུག་ཀླད། །དེ་ནས་བདུན་ན་བྱང་ཆུབ་སེམས། །ཐིག་ལེ་དཀར་པོ་ཉིད་དུ་འགྱུར། །བྱང་ཆུབ་སེམས་ཀྱི་སྙིགས་མ་ནི། །ངར་སྣབས་ལུད་པ་ལ་སོགས་ཡིན། །སྲོག་འཛིན་པ་ཡི་བྱང་སེམས་ནི། །སྙིང་དབུས་ཁྲག་གི་དྭངས་མ་སྟེ། །བྱིའུ་ལེན་མའི་སྒོང་ཚད་ཀྱི། །དཀྱིལ་ནང་འོད་ཀྱི་གོང་བུ་ནི། །སྲན་མའི་གའུ་ཁ་སྦྱར་ཚད། །དེ་དབུས་དྲན་བྱེད་ཤེས་པ་གནས། །དེ་ལྟར་གནས་ལུགས་ལེགས་ཤེས་ནས། །དེ་ཉིད་ཉམས་ལེན་གལ་ཆེ་སྟེ། །ལུས་ལ་རྩ་གནས་རྩ་ནང་ན། །བྱང་སེམས་གནས་ཏེ་དེ་ཞུ་ནས། །བདེ་མཆོག་ཡེ་ཤེས་འཁོར་ལོ་འབར། །དེ་ཕྱིར་བྱང་སེམས་འཇུ་བའི་ལས། །གཏུམ་མོ་ཉིད་ཅེས་དེ་ལ་ལྔ། །ཕྱི་ནང་གསང་བ་འབར་འཛག་གནད། །ངོ་སྤྲོད་འབྲས་བུ་འཐོབ་ཚུལ་ཏེ། །ཕྱི་ནི་རྫས་ཀྱི་གཏུམ་མོ་བསྟན། །གཡག་རྒོད་མཁྲིས་པ་དྲོན་མོ་རུ། །


DNG015_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

སྒ་སྐྱ་པི་ལིང་ཕོ་བ་རིས། །ཚྭ་སྣ་ཚོགས་ཚད་ཞིབ་བཏགས་བསྲུབ། །སྐམ་ཐག་ཆོད་པར་མཉེས་ཟིན་ནས། །བུ་རམ་མགོ་བསྡུས་སྲན་ཚད་དྲིལ། །སྲན་ཚད་གསུམ་གྱིས་ཞག་གཅིག་དྲོས། །དྲོད་བུལ་སྲིད་ན་སྒ་དམར་སྦྱར། །བསྐུ་མཉེ་བྱས་པས་སེར་སློངས་ཏེ། །བདེ་དྲོད་མེ་ལྟར་འབར་བར་ངེས། །ནང་ནི་བསྐྱེད་རིམ་གཏུམ་མོས་ཏེ། །མེ་དབང་ཐོབ་པའི་རྣལ་འབྱོར་པས། །ལུས་ནི་ལྷ་ཡི་གཞལ་ཡས་ཁང་། །སྒོང་སྐོགས་ལྟ་བུའི་སྟོང་ར་བསྒོམ། །ནང་ཁྲོལ་མེད་པར་དམར་སང་ངེ་། །རྒྱ་རྫ་མེར་བསྲེགས་ལྟ་བུར་བསྒོམ། །སེམས་ཉིད་ཆེ་མཆོག་ཕྱག་རྒྱ་རྐྱང་། །མེ་རིའི་ཀློང་ན་བཞུགས་པར་བསྒོམ། །ངག་གིས་ཨོཾ་ཨཱཿཧཱུཾ་དང་གསུམ། །རྡོ་རྗེའི་བཟླས་པ་ཡིད་ཀྱིས་བྱ། །ལུས་བདེ་ངག་ནུས་སེམས་རྟོགས་པས། །སྒོ་གསུམ་བདེ་དྲོད་འབར་བར་ངེས། །གསང་བ་རླུང་བཟུང་གཏུམ་མོ་ནི། །འཁྲུལ་འཁོར་གསུམ་གྱི་སྒོ་གསུམ་གཟིར། །བཅའ་བ་ལུས་ཀྱི་འཁྲུལ་འཁོར་ནི། །བདེ་བའི་གདན་ལ་ཙོག་པུར་འདུག །རྐང་གཡོན་བོལ་གོང་གཡས་མཐིལ་མནན། །གྲུ་གུ་འབོལ་བས་འཕོངས་སྟེགས་བྱ། །གཡས་གཡོན་བསྣོལ་བའི་ལག་མགོ་ཡིས། །བར་ལྷུ་གཉིས་ཀྱིས་འཕར་རྩ་བསྡམ། །དེ་ཁོངས་པུས་མོ་གཉིས་པོ་བསྡམ། །བརླ་ཆེན་ནང་ཤ་སྦོ་ཀྱང་སྤེ་ཤ་དང་། །རྩ་བོ་ཆེ་བཞི་ཆ་བསྒྲིམས་ལ། །སེམས་ཀློང་མེ་ཡི་འཁོར་ལོ་བསྐོར། །རོ་སྟོད་གཡས་སུ་བསྐོར་ཅིང་བཞུ། །སེང་གིས་གཡེངས་པས་རྩ་མིག་དགྲམ། །དེ་འོག་ངག་བཅུད་འཁྲུལ་འཁོར་ནི། །ལྟེ་བའི་ལྐོག་ན་མེའི་ས་བོན། །རཾ་གནས་དེ་ལ་རཾ་བརྗོད་པས། །མེ་འབར་བདེ་དྲོད་འབར་བར་བསམ། །དེ་ནས་ཡིད་ཀྱི་འཁྲུལ་འཁོར་ནི། །ཡིད་གསལ་མ་ཡེངས་ངར་དང་བཅས། །སྟེང་རླུང་མནན་ཅིང་འོག་རླུང་འཐེན། །ཁྱབ་བྱེད་བར་གྱི་རླུང་དཀྲུགས་ཏེ། །ཨ་ལོང་ཁ་ནི་ནེམ་ཙམ་བསྡམས། །རང་ལུས་རྡོ་རྗེར་གསལ་བ་ཡི། །ལྟེ་བ་བདེ་བས་གང་བ་ལ། །ལུས་བྱིངས་མེ་རུ་འབར་བར་བསྒོམ། །དུག་དབྱུང་གེགས་སེལ་རླུང་དང་མཚུངས། །རླུང་ཉིད་ལས་རུང་དྲོད་སྦར་བས། །ཐིག་ལེ་ཞུ་ནས་བདེ་དྲོད་འབར། །དེ་ཡི་


DNG015_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

མན་ངག་འབར་འཛག་གནད། །སྟེང་འོག་གཉིས་ཀྱི་རླུང་ཡང་ནི། །ཧ་ཅང་བསྡམས་དྲགས་མ་ཡིན་ཏེ། །སྐབས་སུ་གསང་ཞིང་འཚམས་པར་མནན། །སྟེང་རླུང་ཐབས་ཀྱི་རང་བཞིན་ལས། །དཀར་པོ་འཁྱིལ་པ་སྤྲིན་དང་འདྲ། །འོག་རླུང་ཤེས་རབ་རང་བཞིན་ཉིད། །ཡར་ལ་དམར་པོ་འཁྱིལ་པ་ནི། །ལྟེ་བ་སྤྲུལ་པའི་འཁོར་ལོ་རུ། །སྦྲུལ་བཞིན་དཀར་དམར་འདྲེས་འཁྱིལ་པས། །ལྟེ་འོག་སོར་བཞི་ཆོས་འབྱུང་ནས། །དོན་དམ་གཏུམ་མོ་རྒྱ་ཁབ་ཙམ། །དམར་གསལ་གྱེན་དུ་འབར་བ་ཡིས། །རྩ་བར་རཾ་དམར་གཅིག་ཏུ་གནས། །རང་ཉིད་ལུས་ཀྱི་སྟེང་ར་ནི། །རྫ་བསྲེགས་ཐུར་ལ་སྦུབ་པ་འདྲ། །གསང་གནས་ཡི་གེ་ཡཾ་དཀར་ལས། །རླུང་གི་འོད་ཟེར་གྱེན་དུ་འགྱུས། །དོན་དམ་ཙཎྜ་ལཱི་ལ་ཕོག །རཾ་ཉིད་མེ་འབར་ལྟེ་བ་ཡིས། །སྤྲུལ་པའི་འཁོར་ལོ་འོད་དུ་འབར། །དེ་རྟགས་ལུས་ནི་བེམ་བེམ་བྱེད། །སེམས་ཀྱང་བག་ཙམ་གནས་པ་འབྱུང་། །དེ་ནས་མེ་ཉིད་སྙིང་གར་སླེབ། །ཆོས་ཀྱི་འཁོར་ལོ་འོད་དུ་འབར། །ཕུང་པོ་ལྔ་ཡི་རྟོག་པ་དང་། །དུག་ལྔ་བསྲེགས་པས་བདེ་དྲོད་འབར། །ལུས་འདར་འཕར་དང་སྤྲུག་པ་འོང་། །དེ་ནས་མེ་ལྕེ་མགྲིན་པར་སླེབ། །དེ་རྟགས་དགོད་དང་ཨ་ཨི་ཟེར། །དེ་ནས་མེ་ལྕེ་ཀླད་དཀྱིལ་དྲང་། །ཀླད་པ་བདེ་ཆེན་འཁོར་ལོ་དྲོས། །ལྟེ་བའི་ཐིག་ལེ་བྱང་ཆུབ་སེམས། །ཧཾ་མགོ་ཐུར་ལ་བསྟན་པ་དེ། །འོད་དུ་ལྟེམ་གྱིས་ཞུ་ནས་ཀྱང་། །བྱང་སེམས་ཐིག་ལེ་བཅུ་དྲུག་འཛག །དེ་ལས་བདེ་ཆེན་སྐྱེ་ཚུལ་ནི། །ཀླད་དཀྱིལ་བབས་པས་དགའ་བ་སྐྱེ། །དེ་ཕྱིར་མགྲིན་པའི་འཁོར་ལོ་འཛག །དེ་ཡིས་བདེ་བ་མཆོག་དགའ་སྐྱེ། །དེ་ཕྱིར་སྙིང་གར་བཞི་འཛག་པས། །དགའ་བྲལ་བདེ་སྟོང་དགའ་བ་སྐྱེ། །དེ་ཕྱིར་ལྟེ་དབུས་གཉིས་འཛག་པས། །ལུས་མེད་བསམ་པའི་བདེ་བ་སྐྱེ། །བདེ་སྟོང་དབྱེར་མེད་བདེ་བའི་མཆོག །ལྷན་སྐྱེས་ཡེ་ཤེས་དགའ་བ་སྐྱེ། །བདེ་ཉམས་འདི་འདྲ་སྨྲ་མི་ཤེས། །དེ་ཉིད་ངོས་བཟུང་བསྒོམ་བྱས་ན། །བདེ་སྟོང་དབྱེར་མེད་རྒྱུན་འཐོབ་འགྱུར། །ཐིག་ལེ་བྱང་སེམས་ངོ་སྤྲད་གསུམ། །སེམས་བཟུང་ངོ་སྤྲད་ཞེན་བཟློག་སྟེ། །


DNG015_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་བྱང་སེམས་གཟུང་ཐབས་ནི། །སྤྱི་གཙུག་བདེ་ཆེན་འཁོར་ལོར་ཨོཾ། །མགྲིན་པ་ལོངས་སྤྱོད་འཁོར་ལོར་ཨཱཿ། །སྙིང་ག་ཆོས་ཀྱི་འཁོར་ལོར་ཧཱུཾ། །ལྟེ་བ་སྤྲུལ་པའི་འཁོར་ལོར་ཧཱཾ། །བྱང་སེམས་འཁོར་ལོར་བསྒོམ་པ་ཡཾ། །དེ་ལས་འོད་ཟེར་གྱེན་དུ་སྡུད། །འཁོར་ལོ་བཞི་ཡི་ཡི་གེ་བཞི། །འོད་ཞུ་འོད་ཀྱི་ཐིག་ལེ་བཞི། །དེ་ལ་སེམས་གཏད་མི་འཕྲོ་ན། །སྙིང་གར་དྲག་ཏུ་གཏད་ལ་བཟུང་། །དེ་ལས་འཕྲོས་ན་འཕྲོས་སར་གཏད། །དར་ཅིག་གློད་ལ་རྗེས་ངོས་གཟུང་། །རང་རིག་སྤྲིན་མེད་བར་སྣང་བཞིན། །དྭངས་ལ་གསལ་བ་རང་སོར་ཞོག །མེ་ལོང་ནང་གི་གཟུགས་བརྙན་ལྟར། །སལ་ལེ་ཧྲིག་གེ་འཛིན་མེད་ཞོག །དེ་ཉིད་ངོ་སྤྲོད་བསྟན་པ་ནི། །དེ་ལྟར་སྲོག་འཛིན་བྱང་ཆུབ་སེམས། །བདེ་སྟོང་ཙིཏྟའི་དབུས་སུ་བསད་སད་ཀྱང་། །ཐམས་ཅད་ཡེ་ཤེས་རྩལ་དུ་ཤེས། །ལྷན་སྐྱེས་ཡེ་ཤེས་ངོས་ཟིན་ཚེ། །ཤེས་པ་བདེ་གསལ་མི་རྟོག་གསུམ། །རང་བྱུང་ཤུགས་ལས་འཆར་བ་ཡིན། །དེ་ཡང་ཉོན་མོངས་མེད་པས་བདེ། །མ་འགགས་མི་འཛིན་མི་རྟོག་པའོ། །དེ་ལྟར་ངོ་སྤྲོད་ངོ་བོ་རིག །རང་བཞིན་དྭངས་ལ་རིག་པ་གཡེར། །སྔར་མ་མཐོང་བའི་དོན་མཐོང་རིག །ཆོས་ཉིད་མ་བསླད་རང་བཞིན་དྭངས། །གསལ་ལ་མ་འགགས་འཛིན་མེད་བདེ། །དེ་ལྟར་ངེས་རྟོགས་ལྟ་བ་སྟེ། །དེ་ལས་མི་ཡེངས་སྒོམ་པ་ཉིད། །དེ་ཉིད་མི་ཉམས་སྤྱོད་པ་ཡིན། །དེ་ཉིད་མཐར་ཕྱིན་འབྲས་བུའོ། །མཐའ་རུ་ཞེན་པ་བཟློག་པ་ཡང་། །ལྟ་བ་རྟོགས་པའི་ངང་ཤུགས་ལ། །ཆགས་པའི་བློ་མེད་འཁྲི་བ་ཆོད། །གཟུང་འཛིན་སེམས་བྲལ་མི་ཕོད་བརྫིས། །མངོན་ཞེན་ཀུན་བཟློག་ཡང་དག་དོན། །དེ་ལྟར་ཉམས་སུ་ལོན་པའི་ཚེ། །འདའ་ཀར་འབྲས་བུ་དོན་སྤྱོད་ཚུལ། །གོང་བསྟན་སྲོག་འཛིན་བྱང་སེམས་གཉིས། །མ་རིག་ལས་ཟད་སྐྱེ་མེད་ངང་། །རང་བྱུང་རང་ཤར་ཡེ་ཤེས་བསྟན། །སྤྲོས་བྲལ་འགག་མེད་འགྲོ་དོན་མཛད། །སྐུ་གསུམ་ལྷུན་གྲུབ་ངོ་མཚར་ཆེ། །ཞེས་བཀའ་སྩལ་ཏོ། །དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོ་ལས། ཐིག་ལེ་འབར་འཛག་ཙཎྜ་ལཱིའི་གནད་ཡོངས་སུ་རྫོགས་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་ཡང་འདུས་པའི་འཁོར་


DNG015_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་མགྲིན་གཅིག་ཏུ། སྟོན་པ་ཀུན་ཏུ་བཟང་པོ་དཔལ་ཆེ་མཆོག་ཧེ་རུ་ཀ་ལ་གསོལ་པ། ཀྱེ་ཀྱེ་ཀྱེ། ཡེ་ཤེས་ལྔ་བདག་ཀུན་ཏུ་བཟང་། །ཁྱབ་བདག་ཆེན་པོ་ཧེ་རུ་ཀ །རིམ་ལྔ་གདན་གཅིག་ཡོངས་རྫོགས་དོན། །བདག་ཅག་རྣམས་ལ་བཀའ་སྩོལ་ཅིག །དེ་སྐད་གསོལ་པའི་དོན་དགོངས་ཏེ། །སྟོན་པ་ཉིད་ཀྱིས་བཀའ་སྩལ་པ། །དཔལ་ཆེན་ཁྲག་འཐུང་ཧེ་རུ་ཀའི། །བསྐྱེད་རིམ་རྒྱས་བསྡུས་ཞིག་བསྒོམས་ཏེ། །རྫོགས་པའི་རིམ་ལྔ་གདན་གཅིག་ལ། །བསྒོམ་པའི་དོན་རབ་འདི་ལྟ་སྟེ། །སྔགས་སེམས་ལུས་དང་འོད་གསལ་དང་། །ཟུང་འཇུག་དག་ནི་བསྒོམ་པར་བྱ། །རྡོ་རྗེའི་བཟླས་པ་སྲོག་རྩོལ་རླུང་། །ཨོཾ་དང་ཨཱཿཧཱུཾ་ཡི་གེ་གསུམ། །འབྱུང་འཇུག་གནས་དང་ལྡན་པར་བསམ། །གནས་པ་རྒྱུན་བསྲིང་དབུ་མར་འཇུག །འདི་ལས་ཁྱད་འཕགས་སྔགས་མེད་ཕྱིར། །རྡོ་རྗེའི་སྔགས་བཟླས་རིམ་པའོ། །སེམས་ལ་དམིགས་པའི་རིམ་པ་ནི། །ལྷར་གསལ་སྙིང་དབུས་འདབ་བརྒྱད་ལ། །དགོད་བྱའི་ཡིག་འབྲུ་འདི་དག་སྟེ། །ཡང་དག་སྐྱེ་མེད་སྙིང་པོ་ཨ། །ཨ་ཨཱ། ཨི་ཨཱིཾ། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ།ཨོ་ཨཽ། ཨཾ་ཨཿ། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ། ཀྵཿ། དངུལ་དཀར་ལུགས་ནས་ཕྱུང་འདྲར་གསལ། །གསལ་བྱེད་ཕྱིར་ལ་དམིགས་པ་གཏད། །སྣང་བའི་བྱང་ཆུབ་སེམས་བསྐྱེད་དེ། །རྟགས་ནི་ཉི་ཟེར་འོད་འདྲ་འབྱུང་། །དབྱངས་ཡིག་ནང་ལ་དམིགས་པ་གཏད། །སྣང་བ་མཆེད་པའི་ཡེ་ཤེས་སྐྱེ། །དེ་རྟགས་ཟླ་འོད་ཟེར་འདྲ་འབྱུང་། །དབུས་ཀྱི་ཨ་དཀར་ལ་དམིགས་ན། །སྣང་བ་ཉེར་ཐོབ་ཡེ་ཤེས་ཀྱི། །རྟགས་ནི་མི་རྟོག་མུན་ལྟ་བུ། །བདེ་སྟོང་ཉིད་འཆར་སེམས་དབེན་ཡིན། །སྒྱུ་ལུས་བསྒོམ་པའི་རིམ་པ་ནི། །སྙིང་ནང་ཨ་ལས་འོད་དཀར་འཕྲོས། །རང་ལུས་སྒྲིབ་དག་རླུང་སེམས་འདྲེས། །རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར། །གཡས་པ་རྩེ་ལྔ་གཡོན་དྲིལ་བུ། །སེང་ཁྲི་པད་ཟླ་ཉི་སྟེང་ན། །སྐྱིལ་ཀྲུང་འོད་ལྔའི་སྐུ་ཡོལ་མཛེས། །སྒྱུ་མ་རྨི་ལམ་འཇའ་འདྲར་བསྒོམ། །སྣང་ལ་དངོས་པོ་མ་གྲུབ་པས། །བདེན་སྣང་མི་བདེན་སྒྱུ་ལུས་


DNG015_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །འོད་གསལ་བསྒོམ་པའི་རིམ་པ་ཡང་། །རྡོར་སེམས་དཔྲལ་བར་ཨ་དཀར་བསམ། །ཨ་ལས་འོད་དཀར་ལུས་ཁྱབ་འཕྲོས། །སྒྱུ་ལུས་འོད་ཞུ་ཨ་ལ་འདུས། །ཨ་ནི་སྐྱེ་བ་མེད་པའི་སེམས། །སེམས་ལས་སེམས་བྱུང་སེམས་ཉིད་དོན། །སྟོང་པར་ཐིམ་ནས་འོད་གསལ་གནས། །རྟགས་ནི་དུ་འདྲ་རང་བཞིན་མེད། །ཟུང་འཇུག་བསྒོམ་པའི་རིམ་པ་ཡང་། །སྣང་རྣམ་པ་ཡང་བའི་ཆ་ནས་སྒྱུ་ལུས་དང་། །རང་བཞིན་ཆ་ནས་འོད་གསལ་གཉིས། །ཟུང་འཇུག་དབྱེར་མེད་སྐུ་ཡིན་ཏེ། །སྟོང་པ་ཉིད་ལས་གཟུགས་གཞན་མེད། །གཟུགས་ལས་གུད་པའི་སྟོང་པ་མེད། །ནམ་མཁའི་ངང་ནས་འཇའ་སྤྲིན་བཞིན། །ཟུང་འཇུག་མཉམ་བཞག་དེ་ལྟར་བསྒོམ། །རིམ་ལྔ་ཐུན་བཞིའི་རྣལ་འབྱོར་པས། །འདའ་ཀ་ཆོས་ཉིད་འོད་གསལ་གྱི། །བར་དོར་ཟུང་འཇུག་ལོངས་སྐུར་བཞེངས། །སྨོན་ལམ་སྟོབས་ཀྱིས་འགྲོ་དོན་འབྱུང་། །གསང་སྔགས་རྒྱུད་སྡེ་རྒྱ་མཚོ་ཡི། །བཅུད་མཆོག་ཉམས་ལེན་རིམ་ལྔ་ཡིན། །ཞེས་བཀའ་སྩལ་ཏོ། །དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོ་ལས། རིམ་ལྔ་གདན་གཅིག་ལ་ཡོངས་སུ་རྫོགས་པ་བསྒོམ་པ་གསང་སྔགས་ལག་ལེན་གྱི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་ཡང་འདུས་པའི་འཁོར་རྣམས་ཀྱིས་མགྲིན་གཅིག་ཏུ་སྟོན་པ་ཀུན་ཏུ་བཟང་པོ་དཔལ་ཆེ་མཆོག་ཧེ་རུ་ཀ་ལ་གསོལ་པ། ཀྱེ་ཀྱེ་ཀྱེ། ཟུང་འཇུག་བདེ་ཆེན་ཀུན་ཏུ་བཟང་། །སྦྱོར་བའི་བདག་ཉིད་ཧེ་རུ་ཀ །སྦྱོར་བ་བདེ་མཆོག་ཆགས་པའི་ལམ། །བདག་ཅག་རྣམས་ལ་བཀའ་སྩོལ་ཅིག །དེ་སྐད་གསོལ་པའི་དོན་དགོངས་ནས། །སྟོན་པ་ཉིད་ཀྱིས་བཀའ་སྩལ་པ། །གསང་སྔགས་ཆགས་སྡུད་སྦྱོར་བ་ཡིན། །རྣལ་འབྱོར་ཆགས་པ་ཅན་གྲོལ་ཕྱིར། །བདེ་མཆོག་སྦྱོར་ལམ་སྤྱད་འདོད་ན། །རང་གི་བདེ་བ་སྔོན་དུ་སྦྱང་། །ཞིང་སྐྱེས་སྔགས་སྐྱེས་མ་སྲིང་སོགས། །མཚན་ལྡན་ཡོངས་རྫོགས་མུ་དྲ་མ། །བཅུ་དྲུག་ལོན་པ་རབ་ཏུ་ཤིས། །དབབ་དང་བཟུང་བཟློག་དགྲམ་པ་དང་། །གེགས་བསལ་ཚད་དང་ལྡན་ནམ་བརྟག །མཚན་ལྡན་ཤ་རྒྱས་སྣ་བུག་གི། །གཡས་སྟེང་ཡང་ན་སྙིང་


DNG015_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

ག་རུ། །སྨེ་བ་ཡོད་ན་དེ་ཡི་མཁར། །དུར་ཅན་རྩ་ཞེས་བྱ་བ་གནས། །རྩ་དེས་རྡོ་རྗེ་འཇིབ་བསྡམ་ཤེས། །དེ་བཞིན་རིགས་ལྡན་གང་དུ་དག །ཁྲུས་བྱས་རྒྱན་གདགས་ཟས་བཅུད་གཏང་། །བདུད་རྩི་སྨན་དང་དྲི་ཞིམ་བྱུགས། །ཟས་ངན་སྐྱེས་པ་གཞན་བསྟེན་སྤང་། །རྒྱུ་འབྲས་ཆོས་བཤད་སྤྲོ་བ་བསྐྱེད། །ཆགས་པ་གཡོ་བྱེད་གཏམ་བརྗོད་པས། །རྟོག་པ་གཞན་འགགས་ཆགས་བདེ་སྐྱེད། །ཡང་ནི་བསྐྱེད་ཕྱིར་འོ་འཁྱུད་བྱ། །སྟེང་རླུང་མནན་ཅིང་འོག་རླུང་བསྟེན། །ཏིང་འཛིན་མི་ཡེངས་དལ་གྱིས་བསྲུབ། །སྤྱི་གཙུག་བདེ་ཆེན་འཁོར་ལོ་ནས། །རིམ་གྱིས་དབབ་ཅིང་ཐད་ཀར་གཟུང་། །དེ་ཡང་ཨ་ཝ་དྷཱུ་ཏཱིའི་རྩ། །ཡར་སྣ་སྤྱི་གཙུག་མར་གྱི་སྣ། །རྡོ་རྗེའི་སྦུ་གུར་ཟུག་པ་ལས། །གཡས་གཡོན་རྩ་གཉིས་མིག་སྒོ་ནས། །ལྟག་པའི་ངོས་སུ་འཁྱོག་པ་ལས། །མགྲིན་པ་དགྱེ་བར་བསྲངས་པ་ཡིས། །ཨན་སྟོང་རུས་ཀྱི་ཚིགས་པར་སྦྱར། །རྩ་གསུམ་དེར་འདུས་རང་བཞིན་གྱིས། །བསྡམས་པ་དེ་ལ་གཟུང་བ་ནི། །འོག་རླུང་བསྡམས་ཏེ་ཤེས་པ་གསེང་། །ཐིག་ལེ་གྱེན་དུ་འཁྱིལ་པར་བསམ། །གཡོ་དུས་སྐབས་འདིར་མ་བཟུང་ན། །འོག་མ་རྣམས་ནི་ཟིན་པར་དཀའ། །མགྲིན་པར་བབས་པའི་ཚེ་ན་ཡང་། །མགྲིན་པར་དགྱེ་བྱས་ཚིགས་གཉིས་སྦྱར། །རྩ་གསུམ་འདུས་པའི་ཤུགས་ཀྱིས་བསྡམ། །དེ་བཞིན་སྙིང་ག་ལྟེ་འཁོར་དང་། །གསང་འཁོར་རྡོ་རྗེའི་རྩེ་མོར་ཡང་། །ཐིག་ལེ་ཕེབས་ཚེ་ཤེས་པ་གསེང་། །འོག་རླུང་བསྡམས་ཏེ་བསྐྱིལ་ཞིང་བཟུང་། །དེས་མི་ཐུབ་ན་རྡོ་རྗེ་ཡི། །རྩ་བར་ལག་གཡོན་སྲིན་མཐེབ་ཀྱིས། །ཚིར་གྱིས་མནན་ལ་རླུང་ཡར་འཐེན། །བདེ་བ་རབ་སྐྱེ་མི་རྟོག་བསྒོམ། །བདེ་གསལ་མི་རྟོག་ཉམས་དང་ལྡན། །དེ་ནས་བཟློག་པའི་ལས་བྱས་ཏེ། །ཡུམ་གྱིས་རླུང་གིས་ཚུར་ཕུལ་ཅིང་། །ཡབ་ཀྱི་རླུང་གིས་ཚུར་ལ་དྲང་། །འོག་རླུང་བསྡམས་ཏེ་རྡོ་རྗེ་ཕྱུང་། །དྭངས་མ་ཚུར་འདུས་སྙིགས་མ་ནི། །མཁའ་རུ་བྲུལ་ཡང་བུ་མི་འཆག །དྭངས་མ་བཟློག་པའི་འཁྲུལ་འཁོར་ནི། །བཤང་བའི་ལམ་དགག་རྒྱུ་ཞབས་བསྡུ། །ལྕེ་རྩེ་མར་དགུག་


DNG015_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

མིག་བཟློག་སྟེ། །ཧིག་བརྗོད་འོག་རླུང་གྱེན་དུ་དྲང་། །དགྲམ་པ་འཁོར་ལོ་བཞིའི་རྩ་ཡི། །དམིགས་སུ་དགྲམ་པར་བསྟན་པ་ནི། །སེང་གེ་རྣམ་གྲོལ་ཕྱག་རྒྱ་ཡིས། །གཡས་བསྐོར་གཡོན་དུ་ཁྱབ་པར་དགྲམ། །རྗེས་སུ་ལུས་སྤྲུག་ཕྲིལ་ཕྲིལ་བྱ། །དེ་དག་ཉམས་ཀྱི་རིམ་པ་ཡང་། །སྤྱི་བོ་ནས་འཛག་དགའ་བ་སྟེ། །མགྲིན་པར་མཆོག་དགའ་སྙིང་ག་རུ། །བབས་པས་ལྷན་སྐྱེས་དགའ་བ་ལ། །ལྟེ་བར་བབས་པས་དགའ་བྲལ་ཉིད། །གསང་བ་རྡོ་རྗེར་ཕེབས་པའི་ཚེ། །དོན་དམ་བདེ་སྟོང་དབྱེར་མེད་འཆར། །མི་རྟོག་ལྷན་སྐྱེས་ངོས་གཟུང་བྱ། །དེ་ལ་ཞེན་ན་ཟག་བཅས་གོལ། །གེགས་ནི་ཡས་བཟློག་མ་ཁྲེམས་ན། །ཆུ་སྲི་གྲང་ཤུམ་ཆུ་ལམ་ཚ། །སེང་ལྡེང་གདུས་ཁུ་ཏིལ་མར་སྦྱར། །ལུས་ལ་བསྐུ་མཉེ་བྱས་པས་སེལ། །བདེ་བ་མི་སྐྱེ་ཐིག་ལེ་འཆོར། །དེ་ལ་དམ་བཤགས་དབང་རྫོགས་ཞུ། །ཐབས་དང་རིག་པས་གེགས་རྣམས་བསལ། །འབྱོངས་པའི་ཚད་དང་ལྡན་གྱུར་ན། །རླུང་རིག་གཏད་ཅིང་ཚུར་དྲངས་པས། །ཡུམ་བཅུད་བདག་ལ་འདུ་བ་འབྱུང་། །འོ་མ་དྲོ་ལ་རྡོ་རྗེར་ལྡུད། །འོ་མ་བརྒྱུད་ནས་ཁ་རུ་འདྲོངས། །སྣང་བ་ཐམས་ཅད་བདེ་བར་འཆར། །གཞོན་ནུའི་ཤ་ཆགས་རྐང་མགྱོགས་འགྲུབ། །ཏིང་འཛིན་རིག་རྩལ་རང་དབང་ཐོབ། །སྙིང་རྗེ་ཆེ་ལ་ཆགས་སེམས་མེད། །རྨི་ལམ་སྒྱུ་མའི་ཉམས་དང་ལྡན། །སྒྲིབ་གཉིས་བག་ཆགས་ཀུན་བྱང་ནས། །བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་འཐོབ། །ཅེས་པ་བཀའ་སྩལ་ཏོ། །དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོ་ལས། བདེ་མཆོག་ཆགས་ལམ་ཡོངས་རྫོགས་གནད་ཀྱི་ལེའུ་སྟེ་བཅོ་བརྒྱད་པའོ།། །།དེ་ནས་ཡང་འདུས་པའི་འཁོར་རྣམས་ཀྱིས་མགྲིན་གཅིག་ཏུ་སྟོན་པ་ཀུན་ཏུ་བཟང་པོ་དཔལ་ཆེ་མཆོག་ཧེ་རུ་ཀ་ལ་གསོལ་པ། ཀྱེ་ཀྱེ་ཀྱེ། ཁམས་གསུམ་ཡོངས་སྒྲོལ་ཀུན་ཏུ་བཟང་། །བདུད་འདུལ་རྒྱལ་པོ་ཧེ་རུ་ཀ །དྲག་པོས་ཚར་གཅོད་སྒྲོལ་བའི་ལམ། །བདག་ཅག་རྣམས་ལ་བཀའ་སྩོལ་ཅིག །དེ་སྐད་གསོལ་པའི་དོན་དགོངས་ཏེ། །སྟོན་


DNG015_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་ཀྱིས་བཀའ་སྩལ་པ། །གསང་སྔགས་མཐའ་སྡུད་སྦྱོར་སྒྲོལ་ལས། །ལོག་ལྟ་གདུག་པ་ཅན་དོན་དུ། །ལས་རྒྱུན་གཅོད་པའི་ཐུགས་རྗེ་ཡིས། །དྲག་སྔགས་ཡོངས་རྫོགས་གནམ་ཐོག་བཤད། །ང་ནི་ཀུན་བཟང་རྡོ་རྗེ་འཆང་། །རྒྱལ་བ་ཀུན་གྱི་སྤྱི་གཟུགས་ཡིན། །སངས་རྒྱས་ཀུན་གྱི་རང་བཞིན་ཏེ། །ང་ནི་ཆེ་མཆོག་ཧེ་རུ་ཀ །སྲིད་གསུམ་གདུག་པ་ཡོངས་བསྒྲལ་ཕྱིར། །ཆེ་མཆོག་ཡོངས་རྫོགས་དྲག་སྔགས་འདིའོ། །ཨོཾ་ཤྲི་མ་ཧཱ་ས་མ་ཡ་བཛྲ་ཡཀྴ་ཧེ་ཧ་ཧཱུཾ་ཕཊ། ཨོཾ་བཛྲ་བི་ཤྭ་ཀྲོ་དྷ་ཛྭ་ལ་མཎྜལ་ཧཱུཾ། མ་ཧཱ་སྲོག་ཤ་ལ་ཐུན་ཐུན་ཧ་ལ་ཧ་ལ་ཧཱུཾ་ཧཱུཾ་ཕཊ་ཛཿཛཿཆེ་གེ་མོ་ནྲྀ་དུཥྚཱན་མཱ་ར་ཡ་ཧཱུཾ་ཕཊ། བཛྲ་མ་ཧཱ་ཏ་ཀྲྀཏ་གརྫ་གརྫ་ཧཱུཾ་ཕཊ། བཛྲ་བི་ཤྭ་ཀྲོ་དྷ་ཛྭ་ལ་མཎྜལ། ཧ་ལ་ཧ་ལ། མཎྜལ་མ་མ་ཏྲག་རཀྴ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། སྔགས་སོར་བཞག་ཡིན། བཛྲ་ཡཀྴ་མ་ར་ཏྲག་ཤ་ཧུད་དེ་ཧུད་ཧ་ར་ཧུད་བྷྱོ། ནཱ་ག་ནཱ་གེ་ཛཿཛཿ། མཱ་ར་ཡ་ཛཿཛཿཏྲག་རཀྴ་བཾ་རིལ། ཙ་ཚ་པ་ཏ་པ་ཏུ་པ་ནི་ཡང་པ་ཏུ་པ་ཏུ་ནི་ཛཿཛཿ། ཨོཾ་བཛྲ་ཨཱརྱ་ཡ་མ། མཉྫུ་ཤྲཱི་མ་ཏྲ། ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཀཱ་ལ་རཱུ་པ་ཧཱུཾ་ཕཊ། ཨ་ཧ་ཧ། ཛཿཛཿཧ་ཏ་ཏ་ཧ་ཏ་ཧ་ཡང་ར་ཀྲིམ་རྦད། ཀཱི་ལི་ཀཱི་ལ་ཡ། དགྲ་བོ་ནྲྀ་དྲད། ང་ནི་བཛྲ་ཧེ་རུ་ཀ །སྲིད་གསུམ་གདུག་པ་ཡོངས་བསྒྲལ་ཕྱིར། །ཁྲག་འཐུང་ཡོངས་རྫོགས་དྲག་སྔགས་འདིའོ། །ཨོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ་ཕཊ། ཨོཾ་ཨཱཿཧཱུཾཿཧ་ཏེ་ཕཊ་བྷྱོཿཧཱུཾ་ནི་མ་ཙིནྡྷ་ཙིཏྟ་ཡང་མ། རྡུལ་ཕྲན་རྡུལ་ཕྲན། ཀེཾ་ཀེཾ་མ་རཀྟ་མ་རི་ཙ་སྙིང་ལ་ཤད་ཤད། ཙིཏྟ་མ་རུས་ལ་ཀེཾ་ཀེཾ། རུ་ཏྲི་ཤ་ལ་རྦད་རྦད། ཛཿཧཱུཾ་བཾ་ཧོཿ། དབུགས་ལ་འུབ་འུབ། ཨ་ཧཱུཾ་ཧེ་མ་མོ་བྷྱོ་ཛཿ། རུ་ལུ་རུ་ལུ་རཀྨོ་བྷྱོ་ཛཿ། ཀཱི་ལི་ཀཱི་ལ་ཡ་དགྲ་བོ་ནྲྀ་རྦད་རྦད། ང་ནི་འཇམ་དཔལ་གཤིན་རྗེ་གཤེད། །སྲིད་གསུམ་གདུག་པ་ཡོངས་བསྒྲལ་ཕྱིར། །གཤིན་རྗེ་ཡོངས་རྫོགས་དྲག་སྔགས་འདིའོ། །ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷན་ཛ་ཧཱུཾ་ཕཊ། ཨོཾ་ས་མ་ཡ་མཉྫུ་ཤྲཱི་ཡ་མཱནྟ་ཀ །ཡ་མ་རཱ་ཛ་མ་མ་ཨེ་ཀ་ཛ་ཊཱི་ཛཿཛཿཏྲག་རཀྴ་ཁ་མུན་ཏྲ་ས་ཏྲ་སྙིང་ཁ་རག་མ་བྷྱོ་བྷྱོ། རཀྨོ་ཏེ་གུ་ལ་ཀུམ་ཡང་ཛཿཛཿཁ་ལ་མ་ཧི་མ་ཡང་ཏི་བྷྱོ་བྷྱོ། ཡ་ཡ། ལོན་ལོན། ཙཎྜ་མ་ལ་བྷྱོ་ཛཿསྙིང་ཁ་རཀྨོ་སྲོག་ལ་བྷྱོ་བྷྱོ་ཛཿཛཿ། ཨོཾ་ཡ་མཱནྟ་ཀ་ཡ་མ་རཱ་ཛ་ས་དོ་མེ་ཡ། ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཡ་ད་ཡོ་ནི། ར་ཡ་ཀྵེ་ཡ། ཡཀྵེ་ཡཙྪ་ནི་རཱ་མ་ཡ།


DNG015_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ། ཨོཾ་རྣལ་མ་རྣལ་ཏེ་སྲོག་ལ་རྔམ། སྲོག་ལ་མེར། སྦྲིས་སྲིས་ཀྱང་ལ་ཆུམ། ཐུམ་པིས་ཐུམ་པིས། ལྕགས་ཀྱི་སྐྲ་གཅིག་མས་དགྲ་བོའི་སྙིང་ཕྱུང་ཞིག །མཱ་ར་ཡ་རྦད། ཀཱི་ལི་ཀཱི་ལ་ཡ་དགྲ་བོ་ནྲྀ་རྦད། ཧཱུཾ། ང་ནི་པདྨ་དབང་ཆེན་སྐུ། །སྲིད་གསུམ་གདུག་པ་ཡོངས་བསྒྲལ་ཕྱིར། །པདྨ་ཡོངས་རྫོགས་དྲག་སྔགས་འདིའོ། །ཧྲཱྀཿཧ་ཡ་དཔེ་གཞན་ལ་ཨོཾ་པདྨཱནྟ་སོགས་ལས་སྔགས་ཐུང་འདི་མི་སྣང་གྲཱི་ཝ་ཧཱུཾ་ཕཊ།ཨོཾ་པདྨཱནྟ་ཀྲྀཏ་ཧ་ཡ་གྲཱི་ཝ་མ་ཧཱ་ཀྲོ་དྷ་ཨེ་ཀ་ཛ་ཊཱི་ས་མ་ཡ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ་ཕཊ། ཨཱ་ར་ལི་ཛཿཨོཾ་ཐུབ་ཐུབ། མྱགས་མྱགས། མུག་མུག །ཤར་ཤར། ཞར་བར་བྷྱོ། ཞིར་བར་བྷྱོ། ད་ད་ཀླག་ཀླག །དུ་དང་དུ་དང་། རྦད་རྦུད། ཛ་ཛ་བྷྱོ་བྷྱོ། ཧཱུཾ་ཧཱུཾ་མྱགས་རྦད། མྱོགས་རྦད། མོ་དུ་སད་མོ་དུ་ར་ཡག་ཆོད། སྲོག་གི་སྙིང་དབང་པོ་སྙིང་ལ་ཡང་པོ་སྙིང་ཁ་ལ་རཀྟ་ཙ་ར་ཡཱ། ཏདྱ་ཐཱ། སྙིང་ལ་རྦད་ཡ།ཁྲག་ཏི་མ་བྷྱོ། མ་རི་ཁྲག་ཤ་ཡཱ། མགོ་ཁྲག་ནྲྀ་ཆོད། པའོ་ཡང་། ས་ལ་ཆོད། མུ་ལོ་ཆོད། ཤ་ལ་ཁྱི་ཁྱེར། དགྲའི་སྙིང་སྲོག་རྩད་ནས་ཕྱུང་ཞིག་སྭཱ་ཧཱ། ཀཱི་ལི་ཀཱི་ལ་ཡ་དགྲ་བོ་ནྲྀ་རྦད། ང་ནི་རྡོ་རྗེ་གཞོན་ནུ་ཆེ། །སྲིད་གསུམ་གདུག་པ་ཡོངས་བསྒྲལ་ཕྱིར། །ཕུར་བུ་ཡོངས་རྫོགས་དྲག་སྔགས་འདིའོ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། སརྦ་བིགྷྣཱཾ་བཾ་ཧཱུཾ་ཕཊ། ཛཿཧཱུཾ་ཨཿམ་རཀྨོ་ཡཀྨོ། ཀཱ་ལ་རཱུ་པ། སྙིང་རྩ་ལ་ཡཾ་ཡཾ། སྲོག་རྩ་ལ་ཡཾ་ཡཾ། སྙིང་ལ་ཕྲིལ་ཕྲིལ། སྲོག་ལ་ཆུམ་ཆུམ། ཙིཏྟ་སྲོག་ལ་ཏུང་ཏུང་། སྙིང་ཁྲག་ཤད་ཛཿཐུམ་རིལ་ལི་ལི། སྙིང་རྩེགས་རྩེགས་འུར་འུར། ཤིག་ཤིག་གུལ་གུལ། མྱགས་མྱགས། སོད་སོད། དྷ་དྷི་མ་མ་ཀརྨ་ཤཱི་གྷྲཾ་ཀ་རཱ་ཡ།མཱ་ར་སེ་ན་པྲ་མརྡ་ན་ཡེ་ཧཱུཾ་ཕཊ། ཀཱི་ལི་ཀཱི་ལ་ཡ། དགྲ་བོ་ནྲྀ་རྦད། ང་ནི་བླ་མེད་ཧེ་རུ་ཀ །སྲིད་གསུམ་གདུག་པ་ཡོངས་བསྒྲལ་ཕྱིར། །མ་མོ་ཡོངས་རྫོགས་དྲག་སྔགས་འདིའོ། །ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ །གུ་ཧྱ་ཛྙཱ་ན་ཀྲོ་དྷཱི་ཤྭ་རཱི་སྟྭཾ། མ་མ་ཡོ་གི་ནི་རུ་ལུ་རུ་ལུ་བྷྱོ་ཧཱུཾ་ཕཊ། ཨོཾ་བཛྲ་ནི་ལ་ཁ་ཊྭཱཾ་ཀྲོ་དྷཱི་ཤྭ་རཱི། བྷ་ག་པདྨརྻ། བདེ་ཀློང་ཤྭ་ན་མ་ཛ་ཛ་བྷྱོ། མ་མ་ཏྲག་རཀྴ། རུ་ལུ་རུ་ལུ་ར་སྙིང་ཁྲག་ལ་བྷྱོ།ཏྲག་རཀྴ་མ་ཅིག་ཐུན་བྷྱོ། ཆེ་གེ་མོ་


DNG015_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

ནྲྀ་དུཥྚཱཾ་མཱ་ར་ཡ་རྦད་ཕཊ། བཛྲ་ཧེས་ཏ་ཀྲིམ། རྨུགས་ཤ་རྨུགས་ཤ །རྦད་ད་ར་རྦད་ད་ར། མུག་ཏི་མྱོགས་སྲོད། རྩི་སྲིབ་སྙིང་རི་མ་ཤ་ཡཱ་ཡཱ། སྲོག་རི་ཡ་ཡཱ། མིག་དཀྱུས་ནས་ཕྱུང་ཞིག །རྒྱུངས་པ་རྩད་ནས་ཆོད་ཅིག །ལྕེ་ལྐོག་ནས་དྲོངས་ཤིག །ཨོཾ་མ་མ་རཀྨོ་རྩེ། སྙིང་ཁ་རག་རྦད་སུ་བྷྱོ། རཀྨོ་ཡཀྨོ་རྦད་སུ་ངཱུ། མ་ར་ཡ་ངཱུ ་ངཱུ །རྦད་མཱ་ར་ཡ་རྦད། སོད་མཱ་ར་ཡ་སོད། ཐུམ་རིལ་ཏྲག་རཀྴ་རྦད་གཏུབ། རྦད་གཏུབ། དུཾ་བུ་བཾ་བཾ། དགྲ་བགེགས་ཀྱི་སྲོག་ལ་མཱ་ར་ཡ་རྦད། ཀཱི་ལི་ཀཱི་ལ་ཡ་ནྲྀ་རྦད། ང་ནི་རིག་འཛིན་ཐོད་པ་རྩལ། །སྲིད་གསུམ་གདུག་པ་ཡོངས་བསྒྲལ་ཕྱིར། །རིག་འཛིན་ཡོངས་རྫོགས་དྲག་སྔགས་འདིའོ། །ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་ཧཱུཾ་ཕཊ། ཀཱ་ལ་རཱུ་པ་ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ། ཀཱི་ལི་ཀཱི་ལ་ཡ་ནྲྀ་ཏྲི་རྦད། ང་ནི་དྲེགས་པ་ཀུན་འདུལ་རྗེ། །སྲིད་གསུམ་གདུག་པ་ཡོངས་བསྒྲལ་ཕྱིར། །སྡེ་དཔོན་ཡོངས་རྫོགས་སྙིང་པོ་འདིའོ། །ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱ་ན་ཨེ་ཛ་བྷྱོ། དགྲ་བགེགས་ཆེ་གེ་མོ་ཤ་ཏྲུཾ་ཧུར་ཐུམ་ཛཿམཱ་ར་ཡ་རྦད། གིང་ཀ་ར་གིང་ཀ་ར་སརྦ་ཏྲི་ཛ་བྷྱོ། ཆེ་གེ་མོ་ཤ་ཏྲུཾ་ཧུར་ཐུམ་ཛཿམཱ་ར་ཡ་རྦད། བདུད་ཏྲི་མ་ར་ཡ་སརྦ་དུཥྚཱན་རྦད་དུ་ཙ་བྷྱོ། ཆེ་གེ་མོ་ཤ་ཏྲུཾ་ཧུར་ཐུམ་ཛཿམཱ་ར་ཡ་རྦད། ཨ་བི་ཤུ་སརྦ་ཙ་བཛྲ་བྷྱོ། ཆེ་གེ་མོ་ཤ་ཏྲུཾ་ཧུར་ཐུམ་ཛཿ་མཱ་ར་ཡ་རྦད། བ་ཤ་མི་ཀི་སརྦ་ཛཿབྷྱོ། ཆེ་གེ་མོ་ཤ་ཏྲུཾ་ཧུར་ཐུམ་ཛཿམཱ་ར་ཡ་རྦད། ནཱ་ག་སརྦ་ཕུ་ཛཿབྷྱོ། ཆེ་གེ་མོ་ཤ་ཏྲུཾ་ཧུར་ཐུམ་ཛཿམཱ་ར་ཡ་རྦད། ཡཀྴ།སརྦ་ཀྵ་ཛཿབྷྱོ། ཆེ་གེ་མོ་ཤ་ཏྲུཾ་ཧུར་ཐུམ་ཛཿམཱ་ར་ཡ་རྦད། རཀྴ་སརྦ་ར་ཛཿབྷྱོ། ཆེ་གེ་མོ་ཤ་ཏྲུཾ་ཧུར་ཐུམ་ཛཿམཱ་ར་ཡ་རྦད། མ་མ་སརྦ་མ་ཛཿབྷྱོ། ཆེ་གེ་མོ་ཤ་ཏྲུཾ་ཧུར་ཐུམ་ཛཿམཱ་ར་ཡ་རྦད། ཀཱི་ལི་ཀཱི་ལ་ཡ་དགྲ་བོ་ནྲྀ་རྦད། ང་ནི་སྟོབས་ལྡན་ནག་པོའི་སྐུ། །སྲིད་གསུམ་གདུག་པ་ཡོངས་བསྒྲལ་ཕྱིར། །སྡེ་བརྒྱད་ཡོངས་རྫོགས་དྲག་སྔགས་འདིའོ། །ཨོཾ་བཛྲ་སརྦ་དུཥྚན། ཨྱེ་ཙིཏྟ་ཧྲིཾ་ཧྲིཾ་ཛཿ། ཆེ་གེ་མོ་ནྲྀ་ཧུར་ཐུམ་ཛཿམཱ་ར་ཡ་རྦད། ཡ་མ་སརྦ་ཙིཏྟ་ཧྲིཾ་ཧྲིཾ་ཛཿ། ཆེ་གེ་མོ་ནྲྀ་ཧུར་ཐུམ་ཛཿམཱ་ར་ཡ་རྦད། མ་མ་སརྦ་ཙིཏྟ་ཧྲིཾ་ཧྲིཾ་ཛཿ། ཆེ་གེ་མོ་ནྲྀ་ཧུར་ཐུམ་ཛཿ། མཱ་ར་ཡ་རྦད། ནཱ་ག་རཀྴ་སརྦ་ཙིཏྟ་ཧྲིཾ་ཧྲིཾ་ཛཿ། ཆེ་གེ་མོ་ནྲྀ་ཧུར་ཐུམ་ཛཿམཱ་ར་ཡ་རྦད། དེ་ཝ་རཀྴ་སརྦ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛཿ། ཆེ་གེ་མོ་ནྲྀ་ཧུར་ཐུམ་ཛཿམཱ་ར་ཡ་རྦད། རཱ་ཧུ་ལ་རཀྴ་སརྦ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛཿ། ཆེ་གེ་མོ་ནྲྀ་ཧུར་ཐུམ་ཛཿམཱ་ར་ཡ་རྦད། ཡཀྵ་རཀྴ་སརྦ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛཿ། ཆེ་གེ་མོ་ནྲྀ་ཧུར་ཐུམ་ཛཿ། མཱ་ར་ཡ་རྦད། རཀྴ་རཀྴ་སརྦ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛཿ། ཆེ་གེ་མོ་ནྲྀ་ཧུར་ཐུམ་ཛཿམཱ་ར་ཡ་རྦད། དྷ་ཤ་གྷྲི་ཝ་སརྦ་ཙིཏྟ་ཧྲཱིཾ་


DNG015_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

ཧྲཱིཾ་ཛཿ། ཆེ་གེ་མོ་ནྲྀ་ཧུར་ཐུམ་ཛཿམཱ་ར་ཡ་རྦད། ཀཱི་ལི་ཀཱི་ལ་ཡ་དགྲ་བོ་ནྲྀ་རྦད། བདེ་གཤེགས་ཡོངས་རྫོགས་དྲག་སྔགས་འདི། །དྲེགས་པ་མ་རུངས་རྡུལ་དུ་རློག །གདབ་པའི་སྔགས་དགུ་ཞེས་ཀྱང་བྱ། །འདི་ལ་ཉམས་ལེན་རིམ་གསུམ་སྟེ། །ཤམ་བུར་གདགས་དང་ཕུར་ཚུགས་བསྒྲུབ། །གར་དགོས་ལས་ལ་སྦྱར་བའོ། །དང་པོར་ཤམ་བུར་བསྟན་པ་ཡང་། །གསང་བ་སྒྲུབ་ཆེན་ལས་སྦྱོར་དུས། །མཚན་མ་མིང་བྱང་བཅས་པ་ལ། །དཔལ་ཆེན་ཡོངས་རྫོགས་ཕུར་བསྐོར་ཚེ། །གནས་དགུར་དྲག་སྔགས་དེ་དགུས་གདབ། །སྲིད་པ་གསུམ་པོ་དུས་གཅིག་སྒྲོལ། །དྲག་སྔགས་གནམ་ཐོག་མཚོན་ཆ་འདི། །ཕུར་ཚུགས་ཆིག་དྲིལ་སྲོག་བསྒྲུབ་ནི། །དབེན་གནས་བྲག་ཕུག་དུར་ཁྲོད་དུ། །དཔལ་ཆེན་ང་རྒྱལ་ལྡན་བྱས་ཏེ། །མཎྜལ་མདའ་གང་ཁྲག་གིས་བྱུག །དབུས་སུ་ཁྲུ་གསུམ་གཏིང་དུ་བརྐོ། །དེ་ནང་མཚན་ངན་ཐོད་པ་རུ། །རོ་རས་འཁོར་ལོ་གཉིས་རིམ་གྱི། །རྩིབས་ལ་དགྲ་གཟུགས་བསྐྱོན་ལ་གཟིར། །སེང་ལྡེང་གསེར་དངུལ་ལྕགས་ཕུར་པ། །འདོམ་མདའ་ཁྲུ་གང་སོར་མཐེབ་ཚད། །རབ་འབྲིང་གང་རིགས་ལྷ་གྲངས་སྦྱར། །སྐུ་སྟོད་ཞལ་ཕྱག་གཤོག་རྫོགས་སམ། །འོག་སྟེ་ཞལ་དབྱུང་རྒྱ་མདུད་གཉིས། །དཔལ་གསུམ་ཆུ་སྲིན་ཁ་ནས་དབྱུང་། །ཕུར་པའི་བྱེ་བྲག་རྣམ་པ་བཞི། །ཡོངས་རྫོགས་དཔལ་གྱི་སྐུ་བསྐྱེད་དེ། །སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ། །ཡེ་ཤེས་ལྔ་དང་རྫས་དབང་བསྐུར། །འདེབས་མཁན་གདབ་ཡུལ་ཚེ་ཁྲུས་ལུང་། །གདབ་དང་ཐེབས་ཚད་འབྲས་བུ་སྟེ། །ཕུར་པ་ངོ་བོས་སྟོང་ཤེས་ཀྱི། །ངང་ལས་


DNG015_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་རྫོགས་དཔལ་ཆེན་བསྐྱེད། །དེ་ལས་སྤྲུལ་པས་དགྲ་བགེགས་དགུག །ཕུར་པའི་ལྷ་རྣམས་སྒོ་གསུམ་དུ། །ཨོཾ་དཀར་ཨཱཿདམར་ཧཱུཾ་མཐིང་བསྒོམ། །དེ་ནས་ཕུར་པའི་སྤྱི་གཙུག་དང་། །མགྲིན་པ་སྙིང་ག་ལྟེ་གསང་དུ། །འབྲུ་ལྔ་རིགས་ལྔ་བསྐྱེད་ལ་བཞག །དེ་ནི་ཡེ་ཤེས་ཕུར་པ་སྟེ། །ཀུན་གྱིས་མ་རིག་སྙིང་རེ་རྗེ། །ལོག་ལྟ་རྣམས་ལ་སྙིང་རྗེ་བསྐྱེད། །གཉིས་མེད་སྒྲོལ་བའི་སྙིང་རྗེ་བསྒོམ། །དེ་ནི་སྙིང་རྗེའི་ཕུར་པ་སྟེ། །རང་ཉིད་ལྷར་གསལ་ཕྱག་གཡས་གཡོན། །རིགས་ལྔ་ཁྲག་འཐུང་ཡབ་ཡུམ་བསྐྱེད། །ཕུར་པ་བྱང་ཆུབ་སེམས་སུ་བསྒྲིལ། །དེ་ནི་བྱང་སེམས་ཕུར་པ་ཡིན། །ཕུར་པ་དེ་ལ་ཉུང་དཀར་འདྲིལ། །གུ་གུལ་བདུག་ཅིང་དུག་ཁྲག་བྱུག །འབར་བ་ཨེ་ཡི་གདན་ལ་བཞུགས། །མཚན་མ་རྫས་ཀྱི་ཕུར་པ་ཡིན། །དེ་ནས་བསྐྱེད་རྫོགས་གཞུང་བསྲངས་ཏེ། །འཛབ་བཟླས་རྟགས་ལ་སྦྱར་ཅིང་བསྒྲུབ། །བདག་ཉིད་ལྟ་སྤྱོད་ཟུང་འཇུག་པས། །ཕུར་པ་འདྲིལ་ཤིང་དྲག་སྔགས་བཟླས། །གདབ་ཡུལ་དགྲ་བགེགས་ལོག་ལྟ་ཅན། །གཟུགས་ལ་བརྟེན་ནས་དངོས་གསལ་གདབ། །ཁོ་ཡི་རྣམ་ཤེས་སྲོག་དངོས་པོ། །སྙིང་ནང་ཁྲག་དྭངས་བྱེའུ་མགོ་ཙམ། །དེ་དབུས་ཨ་འོད་ཐིག་ལེའི་ནང་། །ནྲྀ་ལྗང་གཅིག་ཡོད་གདབ་པའི་ཡུལ། །དེ་ནས་ཕུར་རྩེ་ཧཱུཾ་གསུམ་དང་། །རྩེ་སྒབ་དག་ཏུ་ཕཊ་གསུམ་བསམ། །ངག་ཏུ་དྲག་སྔགས་དགུ་བཟླས་ཤིང་། །འདྲིལ་ཞིང་འདྲིལ་ཞིང་སྒོ་ལ་གདབ། །ནྲྀ་དང་ཨར་བཅས་ཕུར་རྩེ་ཡི། །ཧཱུཾ་ལ་འདུས་ནས་ཨ་དཀར་གསལ། །རང་ལ་བསྟན་པས་དེ་ཚུར་འདུས། །དེ་ནི་ཚེ་ལུང་དགོངས་པ་ཡིན། །དེ་ནས་དགྲ་སྲོག་དུག་གསུམ་གྱི། །ངོ་བོ་ཧཱུཾ་གསུམ་གནས་པ་དེ། །ཟུར་གྱི་ཕཊ་གསུམ་གྱིས་འཕངས་ཏེ། །འོག་མིན་དཔལ་གྱི་ཐུགས་ཀར་སྤྲོས། །ཧཱུཾ་ཉིད་འོད་ཞུ་མགྲིན་པ་ཡི། །ཨ་ལ་ཐིམ་ནས་ཨ་ཡང་ཞུ། །དུང་ཁང་ཨོཾ་ཐིམ་ཨོཾ་འོད་ཞུ། །སྒལ་ཚིགས་ལ་བརྒྱུད་ཡུམ་མཁར་བབས། །རྒྱལ་བའི་སྲས་སུ་བྱས་པས་ནི། །གནས་སྤང་ཟབ་མོ་ཁྲུས་ལུང་ཡིན། །དེ་ནས་གནས་དགུར་དཔལ་དགུས་


DNG015_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

གདབ། །ཚོགས་བརྒྱད་བསྒྲལ་ཞིང་སྒོ་ལྔ་ཆོད། །གདབ་ཕུར་ཀུན་གྱིས་ཁྱབ་པར་གདབ། །དེ་བར་དྲག་སྔགས་ཕུར་ཚུགས་བཟླས། །ལས་མཐའ་མནན་བསྲེག་འཕང་ལ་གཏད། །ཕུར་པ་ཐེབས་ཚད་འབྲས་བུ་ཡང་། །གདབ་ཕུར་འབེན་གསུམ་གྲུབ་མཐའ་གཅིག །ཐམས་ཅད་ཆོས་དབྱིངས་སྟོང་པར་བསྒྲལ། །རིག་པ་ཡེ་ཤེས་ཕུར་པ་དེ། །ཆོས་དབྱིངས་ཐེབས་པས་ཆོས་ཀྱི་སྐུ། །ཚད་མེད་སྙིང་རྗེའི་ཕུར་པ་དེ། །འགྲོ་དྲུག་ལ་བཏབ་སྤྲུལ་སྐུ་འཐོབ། །བྱང་ཆུབ་སེམས་ཀྱི་ཕུར་པ་དེ། །ཡུམ་མཁར་ཐེབས་པས་ལོངས་སྐུ་འཐོབ། །མཚན་མ་རྫས་ཀྱི་ཕུར་པ་དེས། །དགྲ་བགེགས་ལ་བཏབ་བསྟན་པ་ཚུགས། །དྲག་སྔགས་རྒྱལ་པོ་གནམ་ཐོག་འདི། །གར་དགོས་ལས་ལ་སྦྱར་བ་ནི། །གཏོར་མ་གཏང་དང་སྲུང་བའི་མཁར། །ཆོས་སྐྱོང་བསྐུལ་གཅུན་དགྲ་བགེགས་བསྒྲལ། །བགེགས་དཔུང་གཞོམ་དང་ཀླུ་ནད་འདུལ། །སྨྱོ་འབོག་འདུལ་དང་རྦོད་གཏོང་བཟློག །བགེགས་རྣམས་གཟིར་དང་ཞོ་ཆང་བསྲུང་། །མཛེ་ནད་གསོའ་དང་གག་ལྷོག་གཞོམ། །ཐམས་ཅད་ཐམས་ཅད་འདི་ཡིས་འགྲུབ། །ཨོཾ་ཨཱཿཧཱུཾ་ཨི་དཾ་བ་ལིཾ་ཏ་སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཏི། མ་ཧཱ་བ་ལིཾ་ཏ་ཁཱ་ཧི། ཀཱ་ཡ་ཝཱཀ་ཙིཏྟ་རཀྵ་རཀྵ་ཀུ་རུ་ཧཱུཾ། སརྦ་རུ་དྲ་ཧྲཱིཾ་ཧྲཱིཾ་ཛ། སརྦ་དུཥྚཱན་བྷྱོ། བཛྲ་སརྦ་དུཥྚཱན་ཏྲིག་ནན་ཨེ་ཧུར་ཐུམ་ཛཿམཱ་ར་ཡ་རྦད། ནྲྀ་ཤ་ཏྲུཾ་ཧུར་ཐུམ་ཛཿམཱ་ར་ཡ་རྦད། དགྲ་བགེགས་དམ་སྲི་ནྲྀ་ཏྲི་རྦད་ཐུམ་ཛ། ནཱ་ག་དུ་ཙནྡྷ། མི་ལི་མི་ལི། བྷན་དྷ་བྷན་དྷ། ནཱ་ག་ནི་སྭཱ་ཧཱ། ད་ར་ཡ་ད་ར་ཡ། ཧཱུཾ་ཧ་ཧེ་ཕཊ་བྷྱོ་ཧྲི་ཏ་ཡ། མོ་ཧ་ཡ། པྲ་ཧ་ར་ཎ་ཧཱུཾ་ཕཊ། ས་མ་ཡ་ཨ་ཏི་པྲ་མ་ན། མཱ་ར་ཎི་བྷྱོ་ཨ་ལ་ལ་བྷྱོ་ཨ་ལ་ལ་བྷྱོ། བཟློག་བཟློག །ཤམ་བུའི་དྲག་སྔགས་དེ་དག་གིས། །ལས་ཀྱི་བྱེ་བྲག་ཐམས་ཅད་འགྲུབ། །ཅེས་བཀའ་སྩལ་ཏོ། །དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོ་ལས། བདེ་གཤེགས་ཡོངས་རྫོགས་ཕུར་སྒྲུབ་ཀྱི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་ཡང་འདུས་པའི་འཁོར་རྣམས་ཀྱིས་མགྲིན་གཅིག་ཏུ། སྟོན་པ་དཔལ་ཀུན་ཏུ་བཟང་


DNG015_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དཔལ་ཆེ་མཆོག་ཧེ་རུ་ཀ་ལ་གསོལ་པ། ཀྱེ་ཀྱེ་ཀྱེ། ཡོན་ཏན་བདག་ཉིད་ཀུན་ཏུ་བཟང་། །བདུད་རྩི་འཁྱིལ་པ་ཧེ་རུ་ཀ །དམ་རྫས་སྨན་གྱི་བསྒྲུབ་པ་གང་། །བདག་ཅག་རྣམས་ལ་བཀའ་སྩོལ་ཅིག །དེ་སྐད་གསོལ་པའི་དོན་དགོངས་ནས། །སྟོན་པ་ཉིད་ཀྱིས་བཀའ་སྩལ་པ། །མཆོད་བརྩོན་རྣམ་རྟོག་འཇོམས་འདོད་ཉོན། །ཐམས་ཅད་བདུད་རྩིའི་རང་བཞིན་ལ། །རང་གར་རྣམ་རྟོག་མ་ཆོམས་ན། །སརྦ་སྨན་གྱི་སྒྲུབ་པ་བསྟན། །འདི་ཡང་སྒྲུབ་ཆེན་ཁོག་ནས་དབྱུང་། །ཐོག་མར་ཁོལ་བུའི་བསྒྲུབ་པ་ལ། །མཚན་ལྡན་ཐོད་པ་ཁ་སྦྱར་ནང་། །སྨན་རྣམས་ཡོངས་རྫོགས་རིགས་བརྒྱས་པར་ཡང་ལྔར་སྦྱར། །འཁོར་ལོ་རྩིབས་བཞི་མུ་ཁྱུད་བཅས། །དྲི་ཆེན་གླང་ཤ་ཛཱ་ཏི་ཤར། །བྱང་སེམས་སེང་ཤ་བཟང་དྲུག་དབུས། །ཤ་ཆེན་རྟ་ཤ་ཀ་ཀོལ་ལྷོ། །པདྨའི་རཀྟ་རྨ་བྱ་ལི་ཤི་ནུབ། །དྲི་ཆུ་ཁྱུང་ཤ་གུར་གུམ་བྱང་། །གཞན་ཡང་ག་པུར་ཨ་བར་སྐྱུར། །ཐལ་ཀ་རྡོ་རྗེ་ཨ་ག་རུ། །དུ་རུ་ཀ་དང་སྙིང་སྣའི་ཚོགས། །ཙི་ཏྲ་ཀ་དང་ཞོ་ཤ་གསུམ། །ཙན་དན་རྒུན་འབྲུམ་སྟར་བུ་དང་། །ལྕེ་པོག་ལ་སོགས་སྨན་རྙེད་ཚད། །རྩ་ལོ་མེ་ཏོག་འབྲས་བུ་དགོད། །ཅོང་ཞི་ཤུག་འབྲུ་འཁན་པ་མཚེ། །དཀར་གསུམ་མངར་གསུམ་ལ་སོགས་བསག །སྨན་དུ་གྱུར་པ་ཀུན་གྱིས་བསྐོར། །ཆང་ཆུ་འོ་མ་རིན་ཆེན་བཤམ། །ཡོན་ཏན་རྒྱས་གྲུབ་ཡིན་པའི་ཕྱིར། །ཡུང་བ་ཆུ་རྩ་ལུག་རུ་སེར། །གི་ཝཾ་འོད་ལྡན་སྐྱོབས་སུ་བསག །གཟུང་ཐག་བཏགས་ལ་དར་གུར་དབུབ། །ལས་ཀྱི་གཞུང་བསྲང་ཚོགས་འཁོར་བྱ། །བདག་ཉིད་ཡོངས་རྫོགས་སྐུར་བསྒོམས་ཏེ། །ཐུགས་ཀའི་འོད་འཕྲོས་སྨན་སྦྱངས་ཏེ། །ཀཾ་ལས་ཐོད་སྒྱེད་བུམ་པ་དགལ། །ཡཾ་ལས་རླུང་བྱུང་རཾ་མེ་སྤར། །དམ་རྫས་ཤ་ལྔ་བདུད་རྩི་ལྔ། །ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། མུཾ་ལཾ་མཾ་པཱཾ་ཏཱ། དེ་ཉིད་བརྒྱ་རྩ་བརྒྱད་བརྗོད་པས། །ཕྱག་འཚལ་ལྔར་གྱུར་དེ་ཉིད་ལས། །རིགས་ལྔ་ཡབ་ཡུམ་བཅུར་གྱུར་ནས། །སྦྱོར་མཛད་བྱང་སེམས་བདུད་རྩིར་གྱུར། །སྣང་སྲིད་ཐམས་ཅད་དེ་ལྟར་གསལ། །ཨོཾ་བཛྲ་ཨ་མྲྀ་ཏ། ཨཱོཾ་ཧཱུཾ་ཧྲཱྀཿཋ། སྤྲོས་ལ་དགའ་


DNG015_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

ན་རིགས་བརྒྱའམ། །ཐམས་ཅད་རིགས་ལྔའི་ངོ་བོར་བསམ། །སྤྲོས་ལ་མི་དགའ་རྡོ་རྗེ་སེམས། །རིགས་གཅིག་ཁོ་ནའི་ངོ་བོར་བསྒྲུབ། །རྩ་སྔགས་བསྙེན་རྗེས་སྔགས་འདི་བཟླས། །ཨོཾ་ཨཱཾ་ཧཱུཾ། སརྦ་པཉྩ་ཨ་མྲྀ་ཏ་ར་སཱ་ཡ་ན་ཏ་ན། ཛ་ཡ་གུ་ཧྱ་སིདྡྷི་ཧཱུཾ་ཧྲིཿཋ། དྲང་སྲོང་རྣམས་ལ་གསོལ་བ་གདབ། །ཁྲོལ་བུ་ཞག་གསུམ་ཚར་རྗེས་སུ། །གོང་གི་རིགས་ལྔ་འོད་དུ་ཞུ། །གཉིས་མེད་བདུད་རྩིའི་ངང་དུ་སྦྱར། །ཐམས་ཅད་གཉིས་མེད་སེམས་དཔའ་བསྒོམ། །ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་བཛྲ་ཙིཏྟ་ས་མ་ཡ་ཧཱུཾ། མཁའ་གསང་བདུད་རྩི་བསྐྱིལ་ཅིང་དབབ། །མཆོད་བསྟོད་དངོས་གྲུབ་བླང་གིས་བསྡུ། །ཐབས་ཤེས་མཉམ་པ་ཉིད་དུ་སྦྱང་། །ཞིང་སྟེང་གཏུན་བཞག་ཡབ་ཡུམ་སྦྱང་། །ཨོཾ་ཨཱཿཧཱུཾ། སརྦ་པཉྩ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། སྨན་རྣམས་བཏག་བཙག་བདུད་རྩིར་སྦལ། །ཐོད་པར་བླུགས་ཏེ་རྒྱས་གདབ་དྲིལ། །མཚམས་བཅད་ཉུལ་ལེ་དྲག་ཏུ་བསྐྲད། །ཡི་གེ་ལྔ་ཡིས་སྔར་བཞིན་སྦྱང་། །ཡུམ་གྱིས་ཕོ་བྲང་ཡབ་ལ་འབུལ། །གཟུངས་ཐག་བཟུང་ཞིང་དཀྱིལ་འཁོར་བསྐྱེད། །ལས་གཞུང་ཚོགས་འཁོར་དུས་དྲུག་བྱ། །དཀྱིལ་འཁོར་བདུན་བརྩེག་བསྒོམ་པ་ཡི། །ཏིང་འཛིན་སྔར་དང་མཚུངས་པ་ལས། །བདུད་རྩིའི་དཀྱིལ་དུ་བཅུད་འདུས་པས། །ཁྲོ་རྒྱལ་དཔལ་ཆེན་ཡོངས་རྫོགས་པ། །ཆེ་མཆོག་བདུད་རྩི་འཁྱིལ་པའི་སྐུ། །ལྗང་སེར་ཞལ་གཅིག་ཕྱག་གཉིས་ནི། །ཡུམ་ལ་འཁྱུད་ནས་ཐལ་མོ་བཟེད། །ཡེ་ཤེས་བདུད་རྩིའི་བུམ་པ་འཛིན། །ཡབ་ཡུམ་སྦྱོར་བའི་སྦྱོར་མཚམས་ནས། །ཡེ་ཤེས་བདུད་རྩི་ཕབ་ནས་བསྐྱིལ། །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ་ཧྲིཿཋ། གསོལ་འདེབས་ཚིག་གིས་སྐབས་སྐབས་བསྐུལ། །དྲང་སྲོང་སྤྱན་དྲངས་གསོལ་འདེབས་ནི། །ཧཱུཾ་ཚངས་པ་དག་གི་གཙོ་བོ་མཆོག །དུང་གི་ཐོར་ཚུགས་ཁོང་གསེང་ཅན། །ཚངས་པ་ཀུན་སྒྲོལ་ཆེན་པོ་དང་། །དྲང་སྲོང་ཆེན་པོ་ལྗང་སྔོན་དང་། །ཙ་ར་ཀ་དང་ནབས་སོ་སྐྱེས། །ཐ་སྐར་བུ་དང་ལྷ་སྐྱབས་དང་། །རྒྱུན་ཤེས་དང་ནི་


DNG015_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་ཕྱོགས་ལྷ། །ཐང་ལ་གནས་དང་མེ་བཞིན་འཇུག །རྐང་གཉིས་སྤྱོད་དང་ཀ་ཡ་ན། །ཤིང་ཁྱེར་དང་ནི་ལྗང་སྔོན་བུ། །ཉི་མ་ཟླ་བ་ཀླུ་རུ་བཅས། །བྲམ་ཟེ་གཞོན་ནུའི་སྤྲིན་དང་ནི། །རིན་པོ་ཆེ་དང་གོ་དེ་ཤན། །གཞོན་ནུ་སྲིད་དང་འགྲོ་སྐྱོབས་དང་། །རྩིབས་ཀྱི་མུ་ཁྱུད་འཛིན་ལ་སོགས། །ཁྱེད་ཅག་འཁོར་དང་བཅས་པ་ཡིས། །སྔོན་ཆད་བསྒྲུབས་ནས་གྲུབ་པ་སྦྱིན། །ཡོན་ཏན་བདུད་རྩིའི་སིདྡྷི་སྩོལ། །ཞེས་པ་དུས་དྲུག་གསོལ་བ་གདབ། །དེ་རྩེ་གྲུབ་རྟགས་གཟུགས་སྒྲ་འོད། །དྲི་ཆེན་དུ་བ་མང་དུ་འཕེལ། །རློམས་སེམས་མི་བསྐྱེད་དངོས་གྲུབ་བླང་། །དེ་ནས་གང་བུ་ཞག་གཅིག་བསྒྲུབ། །སྤོག་པའི་ཆོ་ག་དག་ཀྱང་བྱ། །འཕྲོ་འདུའི་ཏིང་འཛིན་གོང་དང་མཚུངས། །རྩ་སྔགས་སྟོང་བཟླས་དངོས་གྲུབ་བླངས། །ཨོཾ་ཨཱཿཧཱུཾ། སརྦ་པཉྩ་ཨ་མྲྀ་ཏ་ཀཱ་ཡ་སིདྡྷི་ཨོཾ། ཝཱ་ཀ་སིདྡྷི་ཨཱཾ། ཙིཏྟ་སིདྡྷི་ཧཱུཾ། སརྦ་སིདྡྷི་ཧྲཱྀཿ། དྲང་སྲོང་གསོལ་བ་གདབ་རྗེས་ལ། །ཧཱུཾ། རིགས་ལྔ་ཡབ་ཡུམ་མཁའ་ཀློང་དུ། །ཐབས་དང་ཤེས་རབ་སྦྱོར་བ་ལས། །གཉིས་མེད་བྱང་སེམས་འཕྲོ་འདུ་མཛད། །སྣང་སྲིད་རྩི་བཅུད་སྨན་རྣམས་ནི། །ཐམས་ཅད་དག་པས་བདུད་རྩི་ཆེ། །བདུད་རྩི་ལྔ་རུ་ཡེ་སངས་རྒྱས། །བསེ་ཕོར་དམར་པོ་མཛེས་པ་དང་། །ཤེལ་ཕོར་དཀར་པོ་དྲི་མེད་མཛེས། །བདུད་རྩི་ལྔ་ཡི་བཅུད་བླུགས་ཏེ། །དམ་རྫས་བདུད་རྩིའི་ཆུ་འདི་ནི། །ཡེ་ཤེས་ལྷ་ལ་ཕུལ་བའི་ཚེ། །རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་མཉེས། །དམ་ཅན་རྣམས་ལ་མཆོད་པ་ཡིས། །སྲུང་མ་རྣམས་ཀྱི་ཐུགས་དམ་བསྐང་། །རིག་འཛིན་རྣམས་ལ་ཕུལ་བའི་ཚེ། །དངོས་གྲུབ་རྒྱ་མཚོ་ཐམས་ཅད་སྟེར། །རྣལ་འབྱོར་བདག་ཉིད་མྱོང་བའི་ཚེ། །དབང་དང་དངོས་གྲུབ་ཡོངས་སུ་རྫོགས། །བདུད་དང་བགེགས་ལ་ཕོགས་པའི་ཚེ། །ལུས་སེམས་ཐལ་བ་རྡུལ་དུ་བརླག །ཨེ་མ་ཧོ། དམ་རྫས་བདུད་རྩིའི་ཆུ་འདི་ནི། །མཐོང་ངམ་ཐོས་སམ་རེག་པས་ཀྱང་། །ཐམས་ཅད་དབང་ཕྱུག་བདག་གིས་ཐོབ། །ཨེ་མ་ཐབས་ཆེན་ཁྱད་པར་ཆེ། །ཨེ་མ་ཐབས་ཆེན་བླ་ན་མེད། །ཨེ་མ་ངོ་མཚར་རྨད་བྱུང་བ། །ལྟ་བ་རྨད་


DNG015_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ངོ་མཚར་ཆེ། །སྤྱོད་པ་རྨད་བྱུང་ངོ་མཚར་ཆེ། །ཉོན་མོངས་མ་སྤངས་ངོ་མཚར་ཆེ། །ཡེ་ཤེས་ལྔ་རྫོགས་ངོ་མཚར་ཆེ། །སྐུ་ལྔ་ལྷུན་གྲུབ་ངོ་མཚར་ཆེ། །ཆོས་སྐུ་གཅིག་ལ་ཐ་དད་པ། །རིགས་ལྔའི་དངོས་གྲུབ་འདིར་ཐོབ་བོ། །ཡང་དག་འཆི་མེད་དོན་བརྙེས་སོ། །ཞེས་བརྗོད་ལྷ་རྣམས་བདུད་རྩིར་ཞུ། །བུམ་གཅིག་རྫས་དབང་བསྐུར་བྱ་ཞིང་། །བདེ་གཤེགས་ཡོངས་རྫོགས་སྨན་མཆོད་བྱ། །ལྕེ་ཐོག་ལན་བདུན་དངོས་གྲུབ་བླང་། །རྗེས་སུ་བདུད་རྩི་འཁྱིལ་པ་བསྐྱེད། །རིན་ཆེན་གའུར་གཏེར་དུ་སྩལ། །འདི་གྲུབ་རྒྱལ་སྲས་དམ་པར་འགྱུར། །རྟོག་པ་ཡེ་ཤེས་སྨན་སྦྱར་བས། །དུག་ལྔ་སྨན་གྱུར་ཡེ་ཤེས་སྤྱོད། །མཉམ་ཉིད་རྟོགས་པས་ཡོན་ཏན་རྫོགས། །རང་བྱུང་རྣམ་དག་ཡོན་ཏན་མཆོག །དམ་རྫས་བདུད་རྩི་རྩ་བ་ལྔ། །རང་ལུགས་སྤྱད་དམ་བསྒྲུབ་ན་མཆོག །རྣམ་སྣང་བདུད་རྩི་ཕུན་ཚོགས་གཙོ། །སྤྱི་དང་བྱེ་བྲག་སོ་སོ་སྟེ། །རྒྱལ་བློན་འཁོར་ཚོགས་ཕྱི་ནང་གསང་། །ལས་ཚོགས་དམ་བསྲུངས་གེགས་བསལ་ན། །ཡོན་ཏན་འབྲས་བུ་ཐུན་མོང་རྫོགས། །རྗེས་ཀྱི་ཆོ་ག་སྒྲུབ་ཆེན་བཞིན། །ཡོན་ཏན་ཡོངས་རྫོགས་འདིས་འགྲུབ་པོ། །ཞེས་བཀའ་སྩལ་ཏོ། །དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོ་ལས། དམ་རྫས་ཡོངས་རྫོགས་བདུད་རྩི་སྨན་སྒྲུབ་ཀྱི་ལེའུ་སྟེ་ཉི་ཤུ་པའོ།། །།དེ་ནས་ཡང་འདུས་པའི་འཁོར་རྣམས་ཀྱིས་མགྲིན་གཅིག་ཏུ་སྟོན་པ་དཔལ་ཀུན་ཏུ་བཟང་པོ་ཆེ་མཆོག་ཧེ་རུ་ཀ་ལ་གསོལ་པ། ཀྱེ་ཀྱེ་ཀྱེ། མི་རྟོག་རྟོག་བྲལ་ཀུན་ཏུ་བཟང་། །དངོས་གྲུབ་ཀུན་འབྱུང་ཧེ་རུ་ཀ །དངོས་གྲུབ་རྫས་ཆེན་བམ་སྒྲུབ་ཐབས། །བདག་ཅག་རྣམས་ལ་བཀའ་སྩོལ་ཅིག །དེ་སྐད་གསོལ་པའི་དོན་དགོངས་ཏེ། །སྟོན་པ་ཉིད་ཀྱིས་བཀའ་སྩལ་པ། །དཔའ་གཏུམ་ནུས་པ་ལྡན་ཀུན་ཉོན། །གཟིགས་སྟངས་ལྔ་ཡི་སྒོ་ནས་བསྒྲུབས། །ཐུགས་རྗེའི་ཡུལ་དང་སློབ་མ་དང་། །ལྷ་དང་རུ་དྲ་མཆོད་རྫས་སོ། །མཆོད་རྫས་དངོས་གྲུབ་མཆོག་སྒྲུབ་ནི། །ངན་སོང་གནས་ནས་དྲང་བསམས་


DNG015_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

པས། །དངོས་གྲུབ་འབྱུང་བའི་བམ་བརྟགས་ཏེ། །སྤང་དང་བླང་བའི་བམ་རིགས་གཉིས། །སྤངས་པ་དམ་ཚིག་སྤུན་གྲོགས་དང་། །ནད་ངན་འགོ་རིམས་མཛེ་འབྲས་སོགས། །སྤྱི་མཆེད་ཆོས་རིགས་ཀུན་ཀྱང་སྤངས། །ལྔ་འདས་ལ་སོགས་དམ་ཉམས་སྤང་། །བླང་བྱ་ཕོ་མོ་གང་ཡང་རུང་། །རིགས་བཟང་རྩ་ལྔ་མན་ཆོད་ལོན། །དངོས་གྲུབ་ཡ་མཚན་ཆེན་པོའི་རྫས། །སྐྱེ་བ་བདུན་པའི་བམ་ནི་རབ། །རིགས་བཟང་བཀྲ་ཤིས་ཐུམ་ཤི་བའི། །ན་གཞོན་གཙང་མའི་བམ་ནི་འབྲིང་། །སོ་བདུན་བྱིས་པ་ཡིན་ཀྱང་བླངས། །ལེན་ཚེ་སྔགས་གཡོག་བློ་བརྟན་པས། །རང་ལུས་ཡོངས་རྫོགས་ལྷར་གསལ་གདབ། །རྗེས་བཟུང་དངོས་གྲུབ་ལེན་བསམ་འགྲོ། །རིགས་འཛིན་དམ་ཅན་གྲོགས་སུ་ཁྲིད། །ཕོ་ཉའི་འགྲོས་དང་རྡོ་རྗེའི་འགྲོས། །བགེགས་བསྐྲད་ཕྱོགས་བསྐོར་རོ་གཤེད་མནན། །སྒོར་བླངས་ཉུང་ཕུར་དུད་པས་གཟིར། །ཡོངས་རྫོགས་བྲོ་ཡིས་རབ་ཏུ་གདུལ། །འདག་ཆལ་སུག་ཆུའི་ཁྲུས་ཀྱིས་བཀྲུས། །སྙིང་རྗེས་རིགས་དྲུག་གནས་ནས་དྲང་། །དེ་ནས་དཀྱིལ་འཁོར་སྒྲུབ་རྫས་རྣམས། །གསང་བའི་སྒྲུབ་ཆེན་གོང་བཞིན་བཤམས། །བསྐྱེད་རྫོགས་མཆོད་བསྟོད་རྫོགས་རྗེས་སུ། །བུམ་ཚིག་རྐང་འདི་མེད་པའང་འདུག་དབང་ཕན་དང་ནུས་དབང་བསྐུར། །རོ་དེ་སློབ་མར་ཤེས་བྱ་སྟེ། །དབང་སྟེགས་ཁར་བཞག་དཀྱིལ་འཁོར་དུ། །འཇུག་དང་རྗེས་གནང་མེ་ཏོག་དོར། །དེ་ནས་ལྷར་ཤེས་བྱ་བའི་ཕྱིར། །དཀྱིལ་འཁོར་དབུས་བཞག་རྒྱན་སྤྲས་ཏེ། །སྤྲོས་ལ་དགའ་བས་གནས་དགུ་རུ། །ཡོངས་རྫོགས་ལྷ་དགོད་འཕྲོ་འདུ་བྱ། །ཡང་ན་སྤྱི་གཙུག་མགྲིན་པ་དང་། །སྙིང་ག་ལྟེ་དབུས་གསང་གནས་སུ། །རིགས་ལྔའི་སྲོག་སྙིང་འབྲུ་ལྔ་བསམ། །དེ་ལས་འོད་བྱུང་དཀྱིལ་འཁོར་གྱི། །ལྷ་ཚོགས་ལ་ཐིམ་ཐུགས་དམ་བསྐང་། །ལྷ་ལས་འོད་འཕྲོས་ཕྱི་ནང་གི། །བདུད་རྩི་བཀུག་ནས་རིགས་ལྔ་ཡིས། །ནང་དུ་སྤྲོ་ཞིང་དགྱེས་པ་བསྐྱེད། །ཡེ་ཤེས་ཆེན་པོའི་བཅུད་ཚུར་ལ། །བམ་ལ་ཐིམ་པས་དངོས་གྲུབ་ཐོབ། །འོད་བྱུང་བདག་གི་


DNG015_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་གར་ཐིམ། །དངོས་གྲུབ་ཡོངས་རྫོགས་ཐོབ་བསམ་ཞིང་། །རྩ་སྔགས་ཤམ་བུར་འདི་བཏགས་བཟླས། །ཛ་སྥ་ར་ཎ་ཕཊ། མ་ཧཱ་སིདྡྷི་ཧཱུཾ། སརྦ་སིདྡྷི་ཕ་ལ་སིདྡྷི། སཾ་ཧ་ར་ཎ་ཧཱུཾ་ཕཊ། སྟོང་སྟོང་བཟླས་ཤིང་སྟོང་ཚིག་ཏུ། །བསྐང་གསོའི་ཆོ་ག་རྒྱས་པར་བྱ། །རྗེས་ལ་ལྷ་བསྡུ་དངོས་གྲུབ་བླང་། །དེ་ནས་བམ་དེ་བྱང་ཤར་བཞག །དགྲ་བགེགས་རུ་དྲ་བསྡིམ་ལ་བསྒྲལ། །རྒྱབ་ནས་ཐིག་གདབ་རྒྱབ་ནས་བཤུ། །གསིལ་ཏེ་རཏྣའི་གཞོང་པ་རུ། །མགོ་དང་སྒལ་རུས་སྲོག་རྩ་དབུས། །སྙིང་ཤར་གོ་རོ་ཙ་ན་ལྷོ། །ལྕེ་ནུབ་ལྟོ་བ་བྱང་དུ་དགོད། །གསང་བ་ཤར་ལྷོ་རྒྱབ་ལྷོ་ནུབ། །ནུབ་བྱང་བརླ་གཡས་རྩ་ཆེན་ལ། །བྱང་ཤར་རྩ་ཆེན་གཡོན་པ་འགོད། །གློ་མཆིན་མཁལ་མ་མཚེར་མཁྲིས་པ། །གྲུ་བཞིར་གཏུབས་ཏེ་བཞི་བཞི་བསྐོར། །ལག་གཡས་ལྷོ་ལ་གཡོན་པ་ནུབ། །རྐང་གཡས་ཤར་ལ་གཡོན་པ་བྱང་། །གནས་བཅུ་གནས་བརྒྱད་ཡོངས་སུ་རྫོགས། །ལས་ཀྱི་གཞུང་བསང་ཚོགས་འཁོར་བྱ། །དེ་ནས་ཡོངས་རྫོགས་ལྷར་བསྐྱེད་ལ། །འཛབ་དང་འཕྲོ་འདུ་གོང་ལྟར་བྱ། །ལྷ་ཚོགས་སིལ་བུའི་མཚན་བརྗོད་ཅིང་། །ཐུགས་དམ་བསྐང་ཞིང་དྲག་ཏུ་བསྐུལ། །དོན་གྱི་དམ་རྫས་ཕུད་དཀྲོལ་ལ། །དངོས་གྲུབ་བླང་ཞིང་ཏིང་འཛིན་བསྡུ། །དེ་ནས་སིལ་བུར་མཆོད་རྫས་བྱ། །ཤ་ཁྲག་ཕུད་དཀྲོལ་གཏོར་མ་གཏང་། །རྟེན་བསྡུ་རུས་ཚོགས་སྦྱིན་བསྲེག་བྱ། །དེས་ནི་ཉམས་ཆག་ཀུན་བསྐངས་ཤིང་། །དངོས་གྲུབ་རྣམ་གཉིས་འཕྲལ་དུ་འབྱུང་། །མཚན་མའི་རྣམ་རྟོག་རང་སར་གྲོལ། །གསང་སྤྱོད་འདི་ལ་རབ་ཏུ་བརྣན། །ཞེས་བཀའ་སྩལ་ཏོ། །དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོ་ལས། དངོས་གྲུབ་རྫས་ཆེན་ཡོངས་རྫོགས་བམ་སྒྲུབ་ཀྱི་ལེའུ་སྟེ་ཉེར་གཅིག་པའོ།། །།དེ་ནས་ཡང་འདུས་པའི་འཁོར་རྣམས་ཀྱིས་མགྲིན་གཅིག་ཏུ་སྟོན་པ་ཀུན་ཏུ་བཟང་པོ་དཔལ་ཆེ་མཆོག་ཧེ་རུ་ཀ་ལ་གསོལ་པ། ཀྱེ་ཀྱེ་ཀྱེ། འཆི་མེད་རྡོ་རྗེ་ཀུན་ཏུ་བཟང་། །ཚེ་བདག་ཆེན་པོ་ཧེ་རུ་ཀ །ཚེ་དབང་རིན་ཆེན་མཆོག་


DNG015_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ཐབས། །བདག་ཅག་རྣམས་ལ་བཀའ་སྩོལ་ཅིག །དེ་སྐད་གསོལ་པའི་དོན་དགོངས་ནས། །སྟོན་པ་ཉིད་ཀྱིས་བཀའ་སྩལ་པ། །བླ་མེད་གསང་བསྒྲུབ་རྩེ་གཅིག་ཉོན། །ཚེ་དབང་རིན་ཆེན་མཆོག་སྒྲུབ་པ། །བདུད་རྩི་ཤེལ་གྱི་བུམ་བཅུད་བཤད། །དེ་ཡང་སྦྱོར་བ་དངོས་རྗེས་ཏེ། །སྔོན་དུ་བསོད་ནམས་ཚོགས་ཆེན་བསག །དངོས་གཞི་བཅུད་ལེན་ཚུལ་དུའམ། །རྒྱས་པར་སྒྲུབ་ཆེན་ཁོག་ནས་དབྱུང་། །དེ་ལ་ཚེ་དབང་བཅུད་ཀྱི་རྫས། །འབྱུང་བ་ཆ་སྙོམས་འདི་ལྟ་སྟེ། །རྒྱུ་གཉིས་རྐྱེན་གསུམ་བདུད་རྩི་བཞི། །འདི་སྤྱད་ཡོན་ཏན་བསམ་མི་ཁྱབ། །ཚེ་དབང་རྡོ་རྗེ་སེམས་དཔའ་འགྲུབ། །དེ་ཕྱིར་ལེགས་སྦྱར་བསྒྲུབ་ན་མཆོག །རྒྱུ་གཉིས་རིགས་ལྔ་ཡབ་ཡུམ་གྱིས། །བྱང་སེམས་ཅོང་ཞི་བྲག་ཞུན་ཡིན། །ཅོང་ཞི་བཟང་རིགས་དྲེ་གང་དང་། །བྲག་ཞུན་བཟང་པོ་ཕུལ་གང་བསོག །རྐྱེན་གསུམ་རྩི་མར་སྲང་སུམ་ཅུ། །སྦྲང་དྲེ་དོ་དང་བུར་དྲེ་གསུམ། །བཅུད་བཀྲག་སྟོབས་ཀྱིས་གསོས་ཡིན་བསག །འཆི་མེད་བདུད་རྩི་རྣམ་བཞི་ནི། །ཤུག་པ་བ་ལུ་མཁན་པ་མཚེ། །འདབ་མ་མེ་ཏོག་བཅུད་བསྡུས་བསག །དེ་རྣམས་སྨན་མར་སྦྱོར་ལེགས་བྱ། །ཟོས་ན་ཚེ་རིང་ནད་དཀོན་ཏེ། །ཁྱད་པར་ཚེ་དབང་མཆོག་འདོད་ན། །གསང་བ་སྒྲུབ་ཆེན་ཕོ་བྲང་དབུས། །ལྕགས་པར་ཚ་ལ་མེད་པ་རུ། །སྨན་རིལ་ལྷ་གྲངས་མཉམ་བྱས་བླུག །པར་བུའི་ཁ་བསྡམ་གཟུངས་ཐག་གདགས། །དར་སེར་གུར་ཕུབ་གུ་གུལ་བདུག །བསྙེན་སྒྲུབ་ཆོག་ཁྲིགས་གོང་བཞིན་བྱ། །ཚེ་དབང་འཕྲོ་འདུའི་བསྙེན་པ་ནི། །རྩ་སྔགས་ཤམ་བུར་འདི་ཉིད་བཟླས། །ཨོཾ་བཛྲ་སཏྭ་ཧཱུཾ་བྷྲཱུཾ་ཨ་བྷྲཱུཾ་ཨཱ་ཡུར་ཧཱུཾ་ཨཱཿཨོཾ་བཛྲ་སཏྭ་ཧཱུཾ། རཏྣ་མུ་དྲ་ཨཱཿ། ཨཱ་ཡུར་གཉའ་ན་ཧཱུཾ་ཧྲི་ཋཿ། དེ་ནས་སྒྲུབ་པའི་སྔགས་འདི་བཟླས། །ཨོཾ་བཛྲ་སཏྭ་ཧཱུཾ། བཻ་རོ་ཙ་ན་ཨོཾ། རཏྣ་མུ་དྲ་ཏྲཱཾ། ཨ་མི་དེ་ཝ་ཧྲཱྀཿཀརྨ་བཛྲ་ཧཱ། དེ་ནས་ལས་སྦྱོར་འཆི་མེད་སྔགས། །འདི་དག་བཟླས་ཤིང་དངོས་གྲུབ་བླང་། །ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧྲཱིཾ། སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨཱཿ། ཨོཾ་ཨཱ་ཡུར་གཉའ་ན་མ་ཧཱ་པུཎྱ་ཏིཥྛ་ཨོཾ།


DNG015_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་རྟགས་འོད་དང་དུ་བ་སྒྲ། །དྲི་ཞིམ་ཡིད་དུ་འོང་བ་འབྱུང་། །སྐབས་སྐབས་ཀུན་ཏུ་དྲང་སྲོང་རྣམས། །སྤྱན་དྲངས་ཚེ་ཡི་གསོལ་བ་གདབ། །དེ་ནས་རང་གཞན་དབང་བསྐུར་བ། །བདུད་རྩི་བུམ་པ་སྤྱི་བོར་བཞག །རྩ་སྔགས་རིགས་ལྔའི་སྙིང་པོར་བཅས། །བརྗོད་ཅིང་རིམ་གྱིས་གནས་ལྔར་གཏུགས། །བདུད་རྩིས་ལུས་གང་རྡོ་རྗེར་བསམ། །ཨོཾ་བཛྲ་ཨཱ་ཡུཿཥེ་ཧཱུཾ་བྷྲཱུཾ་ནྲྀ་ཛཿཨ་བྷི་ཥིཉྩ་ཨ། སྨན་ཕུད་དྲང་སྲོང་ལྷ་མཆོད་དེ། །འཇུ་སྟོབས་སྦྱར་ཞིང་རྒྱུན་དུ་བཟའ། །ཟས་ངན་བསྲུང་ཞིང་འབྲུ་བཅུད་གཏང་། །མཁས་ཤིང་མན་ངག་ལྡན་པ་གཅེས། །ཚེ་དབང་ཕུན་ཚོགས་འདིས་འགྲུབ་པས། །སྨན་བཅུད་ཡོན་ཏན་བསམ་མི་ཁྱབ། །རྒྱུ་གཉིས་སྨན་གྱིས་ཤ་རུས་རྒྱས། །རྐྱེན་གསུམ་སྟོབས་བཅུད་བཀྲག་ཀྱང་འཕེལ། །རྩི་བཞིའི་ཚེ་རིང་འབྱུང་བ་སྙོམས། །རྩལ་ནི་སེང་ཆེན་སྟོབས་གླང་པོ། །མདངས་ནི་རྨ་བྱ་ཡང་རྩལ་ཁྱུང་། །གསུང་ནི་ཚངས་པ་པར་ནི་རྟ། །མཁའ་འགྲོ་དབང་སྡུད་སྡེ་བརྒྱད་འཁོལ། །ཚེ་དབང་ཕྱག་རྒྱའི་རིག་འཛིན་འགྲུབ། །ཅེས་བཀའ་སྩལ་ཏོ། །དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོ་ལས། བཅུད་ལེན་ཡོངས་རྫོགས་འཆི་མེད་ཚེ་སྒྲུབ་ཀྱི་ལེའུ་སྟེ་ཉེར་གཉིས་པའོ།། །།དེ་ནས་ཡང་འདུས་པའི་འཁོར་རྣམས་ཀྱིས་མགྲིན་གཅིག་ཏུ་སྟོན་པ་ཀུན་ཏུ་བཟང་པོ་དཔལ་ཆེ་མཆོག་ཧེ་རུ་ཀ་ལ་གསོལ་པ། ཀྱེ་ཀྱེ་ཀྱེ། སྐྱོན་གྱིས་མ་གོས་ཀུན་ཏུ་བཟང་། །དྲི་མེད་དཔལ་ཆེན་ཧེ་རུ་ཀ །དམ་འགལ་ཉམས་པ་ཇི་ལྟར་བཤགས། །བདག་ཅག་འཁོར་ལ་བཀའ་སྩོལ་ཅིག །དེ་སྐད་གསོལ་པའི་དོན་དགོངས་ནས། །སྟོན་པ་ཉིད་ཀྱིས་བཀའ་སྩལ་པ། །ཉམས་གྲིབ་གནོང་འགྱོད་ཅན་ཉོན་ཅིག །སེམས་ཅན་ལས་དང་རྐྱེན་དབང་གིས། །རྩ་བ་ཡན་ལག་ཉམས་སྲིད་ན། །དབང་ཞུ་སྒོ་གསུམ་དད་བསྐྱེད་དེ། །བཤགས་ཐབས་རྨད་བྱུང་འདི་ལྟ་སྟེ། །ལུས་ངག་ཡིད་གསུམ་སྒོ་ནས་སྦྱང་། །སྔགས་དང་ཕྱག་རྒྱས་ལུས་ཉམས་བཤགས། །བླ་མ་བདེ་གཤེགས་ཡོངས་རྫོགས་རྣམས། །དབང་པོའི་མངོན་སུམ་འདྲ་བར་དམིགས། །


DNG015_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

ན་རག་དོང་སྤྲུག་བརྐྱང་ཕྱག་འཚལ། །ཨེ་མ་ཧོ། ཕྱོགས་བཅུ་དུས་བཞི་ཀུན་གྱི་བདག་ཉིད་ཆེ། །བླ་མ་ཞི་ཁྲོ་ཡོངས་རྫོགས་དགོངས་སུ་གསོལ། །འདིར་གཤེགས་ཉི་ཟླ་པདྨའི་གདན་ལ་བཞུགས། །ཉམས་ཆག་ན་རག་སྦྱང་ཕྱིར་ཕྱག་མཆོད་བཞེས། །ཡོན་ཏན་ཕུན་ཚོགས་བླ་མ་རྣམས་ལ་ཕྱག་འཚལ་ལོ། །དམིགས་མེད་སྤྲོས་བྲལ་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །བདེ་ཆེན་ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ། །འགྲོ་མགོན་ཅིར་ཡང་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །གནས་ལུགས་མི་འགྱུར་རྡོ་རྗེའི་སྐུ་ལ་ཕྱག་འཚལ་ལོ། །ཡང་དག་མངོན་པར་བྱང་ཆུབ་སྐུ་ལ་ཕྱག་འཚལ་ལོ། །ཉོན་མོངས་འཇོམས་མཛད་ཞི་བའི་ལྷ་ལ་ཕྱག་འཚལ་ལོ། །ལོག་ལྟ་ཚར་གཅོད་ཁྲོ་བོའི་ལྷ་ལ་ཕྱག་འཚལ་ལོ། །ཐབས་མགོན་ཚེ་བདག་འཇམ་དཔལ་སྐུ་ལ་ཕྱག་འཚལ་ལོ། །སྐྱོན་བྲལ་སྒྲ་སྒྲོགས་པདྨའི་གསུང་ལ་ཕྱག་འཚལ་ལོ། །ཡང་དག་དོན་ལྡན་བཛྲ་ཐུགས་ལ་ཕྱག་འཚལ་ལོ། །དུག་ལྔའི་ནད་སེལ་བདུད་རྩི་སྨན་ལ་ཕྱག་འཚལ་ལོ། །དྲེགས་པ་འཇོམས་མཛད་ཕུར་པའི་ལྷ་ལ་ཕྱག་འཚལ་ལོ། །འབྱུང་བའི་མངའ་བདག་མ་མོའི་ཚོགས་ལ་ཕྱག་འཚལ་ལོ། །ས་དང་ལམ་རྫོགས་རིག་འཛིན་ཚོགས་ལ་ཕྱག་འཚལ་ལོ། །བསྟན་པ་བསྲུང་མཛད་དམ་ཅན་ཚོགས་ལ་ཕྱག་འཚལ་ལོ། །དགྲ་བགེགས་བདུད་འདུལ་སྔགས་བདག་རྣམས་ལ་ཕྱག་འཚལ་ལོ། །དེ་རྗེས་ཕྱག་རྒྱའི་ལྷ་མཆོག་བསྒོམ། །གང་གིས་རྒྱལ་བ་ཞི་ཁྲོ་ཡི། །དཀྱིལ་འཁོར་མཚན་ཐོས་ཕྱག་བཙལ་ན། །ཉམས་ཆག་མ་ལུས་ཀུན་བྱང་ན། །མཚམས་མེད་ལྔ་ལ་སྨོས་ཅི་དགོས། །ན་རག་གནས་ཀྱང་དོང་སྤྲུགས་ཏེ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །སྔགས་བཟླས་སྐྱོན་མཐོལ་ངག་ཉམས་བཤགས། །རྡོ་རྗེ་སེམས་དཔའ་གཙུག་ཏུ་དམིགས། །ལས་སྒྲིབ་ཉམས་གྲིབ་དག་བྱེད་པ། །འཁོར་བ་དོང་སྤྲུག་ཡང་སྙིང་འདི་དག་བཟླས། །ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལཱ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ་དྲྀ་ཌྷོ་མེ་


DNG015_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཱཾ་ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོ། བྷ་ག་ཝཱན། སརྦ་ཏ་ཐཱ་ག་ཏ། བཛྲ་མཱ་མེ་མུཉྩ། བཛྲཱི་བྷ་ཝ། མ་ཧཱ་ས་མ་ཡ། བཛྲ་སཏྭ་ཨ། དེ་བརྗོད་རྒྱལ་བའི་སྲས་སུ་འགྱུར། །ཧོ་བདེ་གཤེགས་ཡོངས་རྫོགས་དགོངས་སུ་གསོལ། །རྒྱལ་བའི་བཀའ་དང་བླ་མའི་ལུང་། །ཇི་བཞིན་མ་སྤྱད་སློབ་དཔོན་སྨད། །རྡོ་རྗེ་མཆེད་དང་ལྕམ་དྲལ་ལ། །ལྟ་ལོག་ངན་སེམས་ངན་དུ་སྨྲས། །བརྡེག་བཙོག་གནོད་པ་དངོས་སུ་སྤྱད། །ལྷ་དང་དཀྱིལ་འཁོར་ཉམས་མ་གསལ། །འཛབ་བཟླས་མ་དག་ཟུར་ཆག་གཡེལ། །གསང་བར་འོས་དང་གཉེར་གཏད་སྨྲས། །གསང་བཅུ་བསྒྲགས་དང་བླ་མ་བསླུས། །རྩ་བའི་དམ་ཉམས་མཐོལ་ཞིང་བཤགས། །གཞན་ཡང་སྤྱད་བྱའི་དམ་ཚིག་ལྔ། །མི་སྤང་ལྔ་དང་དང་ལེན་ལྔ། །ཤེས་བྱ་ལྔ་དང་བསྒྲུབ་བྱ་ལྔ། །ཡན་ལག་དམ་ཉམས་མཐོལ་ཞིང་བཤགས། །བསྙེན་བསྒྲུབ་ཏིང་འཛིན་དམ་གཡེལ་ཞིང་། །ཉ་བཞི་དུས་དྲུག་དུས་མཆོད་ཆག །ལེ་ལོ་གསོག་འཇོག་ཚོགས་སྦྱང་བྱས། །ཕུད་ལྷག་ཉམས་ཤིང་ཁ་ཚར་ཤོར། །ཚོར་དང་མ་ཚོར་རྐྱེན་དབང་གིས། །སྒོ་གསུམ་བག་མེད་དམ་ཉམས་བཤགས། །ཡིད་ཀྱི་དམ་ཉམས་ལྟ་བས་བཤགས། །དེ་ཡང་ཀུན་གཞི་བྱང་ཆུབ་སེམས། །ཡིན་པ་མེད་པའི་ལྟ་བས་རྟོགས། །མིན་པ་མེད་པའི་སྒོམ་ཉམས་ལོན། །ཡིན་མིན་མེད་པའི་སྤྱོད་པས་རྟོགས། །རེ་དོགས་མེད་པའི་བྱང་ཆུབ་ནི། །རྩ་བ་ཡན་ལག་ཐམས་ཅད་ཀྱི། །ཆག་ཉམས་མ་བྱུང་མ་སྐྱེས་པས། །བཤག་བྱ་བཤགས་བྱེད་གཉིས་མེད་གྲོལ། །ཞེས་བཀའ་སྩལ་ཏོ། །དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོ་ལས། འགྱོད་ཚངས་ཡོངས་རྫོགས་ན་རག་དོང་སྤྲུག་བཤགས་པའི་ལེའུ་སྟེ་ཉེར་གསུམ་པའོ།། །།དེ་ནས་ཡང་འདུས་པའི་འཁོར་རྣམས་ཀྱིས་མགྲིན་གཅིག་ཏུ་སྟོན་པ་ཀུན་ཏུ་བཟང་པོ་དཔལ་ཆེ་མཆོག་ཧེ་རུ་ཀ་ལ་གསོལ་པ། ཀྱེ་ཀྱེ་ཀྱེ། རིན་ཆེན་འོད་འབར་


DNG015_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཏུ་བཟང་། །ཐམས་ཅད་ཚིམས་བྱེད་ནམ་མཁའི་མཛོད། །ལྷ་རྣམས་མདངས་ཀྱིས་ཇི་ལྟར་བསྐང་། །བདག་ཅག་འཁོར་ལ་བཀའ་སྩོལ་ཅིག །དེ་སྐད་གསོལ་པའི་དོན་དགོངས་ནས། །སྟོན་པ་ཉིད་ཀྱིས་བཀའ་སྩལ་པ། །འདུས་པའི་འཁོར་རྣམས་རྩེ་གཅིག་ཉོན། །རྩ་ལག་དམ་ཚིག་གཡེལ་ཉམས་ཉོན། །ལེ་ལོས་དུས་མཆོད་ཆག་པའམ། །ལྷ་དང་འཁོན་གཅུགས་སྦྱང་བ་དང་། །བསོད་ནམས་ཚོགས་ཆེན་བསག་བྱའི་ཕྱིར། །བསྐང་གསོའི་རིམ་པ་འདི་ལྟ་སྟེ། །དཀྱིལ་འཁོར་གཞུང་བཞིན་བཞེངས་པའི་རྩར། །ལྷ་བཀྲམ་རྟེན་གྱི་ཚོགས་ཀྱང་བཤམ། །འབྱོར་ལྡན་ཡོ་བྱད་གཏོར་མཆོད་བཤམ། །སྐལ་ལྡན་མི་ཡི་ཚོགས་ཀྱང་བཤམ། །ཕྲིན་ལས་ཚོགས་འཁོར་གཞུང་བསྲངས་རྗེས། །དང་པོ་ལྟ་དགོངས་བཤགས་པ་བྱ། །དེ་འོག་མཆོད་རྫས་རང་རྟགས་བརྗོད། །བླ་མ་ལྷ་ཚོགས་མཚན་བརྗོད་དེ། །མདངས་བསྐང་ཆོ་ག་རྒྱས་པར་བྱ། །དེ་ནས་ཕུར་གདབ་སྦྱོར་སྒྲོལ་བསྐང་། །རྗེས་སུ་རྐྱེན་བཟློག་བྱོལ་ཆེན་གདབ། །དེ་རྣམས་རྫས་ཀྱི་ཕྱི་སྐོང་ཡིན། །དམ་ཅན་ཀུན་མཉེས་རྐྱེན་དབང་བཟློག །ནང་ནི་ཏིང་ངེ་འཛིན་གྱིས་བསྐང་། །རང་ཉིད་ཐུགས་ཀའི་འོད་འཕྲོས་ཏེ། །སྣོད་ཀྱི་འཇིག་རྟེན་གཞོང་པ་རུ། །བཅུད་ཀྱི་སེམས་ཅན་འདོད་ཡོན་སྤུང་། །རིག་པའི་ལྷ་མོ་སྤྲོས་ཏེ་བསྐང་། །གཟུགས་སྤྱན་སྒྲ་སྙན་དྲི་ཤངས་དང་། །རོ་མཆོག་ལྗགས་ལ་རེག་བྱ་སྐུ། །སྣང་སྲིད་བཅུད་ཀྱིས་ཐུགས་དམ་བསྐང་། །འདོད་ཡོན་དབང་པོ་ལྔར་ཐིམ་ནས། །ལྷ་མཉེས་ཕྲིན་ལས་བསྒྲུབ་པར་བསམ། །དེས་ནི་ལྷ་མཉེས་དངོས་གྲུབ་སྟེར། །གསང་བ་གཉིས་མེད་ལྟ་བས་བསྐང་། །བསྐང་བྱའི་ལྷ་སེམས་སྐོང་བྱེད་ཀྱི། །མཁན་པོ་དག་ཀྱང་རང་གི་སེམས། །སྐོང་བའི་རྫས་མཆོག་སེམས་ཡིན་པས། །སེམས་ཉིད་གཞི་རྩ་བྲལ་བ་ལ། །མཆོད་བྱ་མཆོད་བྱེད་གཉིས་མེད་པས། །གཉིས་མེད་དོན་གྱི་ཐུགས་དམ་བསྐང་། །ཡེ་ཤེས་ལྷ་ཚོགས་ཀུན་མཉེས་ནས། །མཆོག་གི་དངོས་གྲུབ་རྒྱུན་མི་འཆད། །ཅེས་བཀའ་སྩལ་ཏོ། །དཔལ་གསང་བ་


DNG015_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་པ་རྒྱུད་ཀྱི་རྒྱལ་པོ་ལས། ཐུགས་དམ་ཡོངས་སུ་བསྐང་བའི་ལེའུ་སྟེ་ཉེར་བཞི་པའོ།། །།དེ་ནས་ཡང་འདུས་པའི་འཁོར་རྣམས་ཀྱིས་མགྲིན་གཅིག་ཏུ་སྟོན་པ་ཀུན་ཏུ་བཟང་པོ་དཔལ་ཆེ་མཆོག་ཧེ་རུ་ཀ་ལ་གསོལ་པ། ཀྱེ་ཀྱེ་ཀྱེ། འཇིག་རྟེན་དབང་ཕྱུག་ཀུན་ཏུ་བཟང་། །འཁོར་འདས་མདོས་བདག་ཧེ་རུ་ཀ །ལྷ་འཁྲུགས་མདོས་ཀྱིས་ཇི་ལྟར་བསྐང་། །བདག་ཅག་འཁོར་ལ་བཀའ་སྩོལ་ཅིག །དེ་སྐད་གསོལ་པའི་དོན་དགོངས་ཏེ། །སྟོན་པ་ཆེན་པོས་བཀའ་སྩལ་པ། །འགྲོ་ཕན་བྱམས་སེམས་ཅན་རྣམས་ཉོན། །རྣལ་འབྱོར་དམ་ཉམས་མཁའ་འགྲོ་འཁྲུགས། །དེ་དག་མདོས་ཀྱིས་བསལ་ཕྱིར་དང་། །ཉམས་ཆག་གསོ་དང་མཚོན་འཁྲུག་གཅོད། །ནད་གདོན་གནོད་པ་ཞི་བྱེད་ཅིང་། །ཚེ་དང་ལོངས་སྤྱོད་བསོད་ནམས་སྤེལ། །སྣང་སྲིད་དབང་སྡུད་དགྲ་བགེགས་སྒྲོལ། །དོན་ཆེན་ཀུན་སྒྲུབ་ཕུར་ཁ་བཟློག །རྟོག་ཚོགས་ལྷ་རུ་ངོ་སྤྲད་ཅིང་། །བླ་མེད་འབྲས་བུ་འཐོབ་བྱའི་ཕྱིར། །ཡོངས་རྫོགས་གླིང་བཞི་སྤྱི་མདོས་བཤད། །རྣམ་དག་སྤྲོས་བྲལ་ཆོས་སྐུ་ལས། །བྱིན་རླབས་ལོངས་སྐུ་དཔེ་བྱད་ལྡན། །ཐུགས་རྗེའི་སྤྲུལ་སྐུ་བསམ་ཡས་ཀྱང་། །བསྡུ་ན་བཀའ་བརྒྱད་ཡོངས་རྫོགས་ཡིན། །ལས་དང་ཡེ་ཤེས་ཚུལ་དུ་སྣང་། །ལྟ་སྤྱོད་ཟུང་འཇུག་མདོས་ཀྱིས་བསྐང་། །དེ་ལ་ངོ་བོ་ངེས་ཚིག་དང་། །དབྱེ་བ་མཐུན་དཔེ་དགོས་ཆེད་དང་། །བཤམ་ཐབས་སྔོན་འགྲོ་དངོས་རྗེས་ཀྱིས། །ཉམས་བླངས་ཐག་བཅད་འབྲས་བུ་བསྟན། །ངོ་བོ་གཉིས་མེད་བྱང་ཆུབ་སེམས། །ངེས་ཚིག་གར་འདོད་མདོས་ཀྱིས་སེལ། །དབྱེ་ན་ལས་དང་ཡེ་ཤེས་ཀྱིས། །བསྡུས་ཏེ་ཕོ་མདོས་མོ་མདོས་དང་། །ཡོངས་རྫོགས་སྤྱི་མདོས་རྣམ་གསུམ་སྟེ། །ཕྱི་ནང་གསང་བའི་མདོས་སུ་བསྟན། །མཐུན་དཔེ་ཀུན་འབྱུང་རཏྣ་འདྲ། །དགོས་ཆེད་མཆོག་དང་ཐུན་མོང་དང་། །གཉིས་མེད་བདེ་ཆེན་དོན་རྟོགས་ཤིང་། །ཕྲིན་ལས་བཞི་སོགས་ལས་ཀུན་གྲུབ། །བཤམ་ཐབས་མདོས་དངོས་


DNG015_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་རྫས་རྒྱན། །ས་སྟེགས་འདོམ་གང་གྲུ་བཞི་པའི། །སྟེང་དུ་མཎྜལ་འབྲུ་ཕྱེ་ལ། །རཏྣ་བརྡར་ཏེ་གོང་བུ་བཅོས། །ཧཱུཾ་རཾ་ཡཾ་ཁཾ་ལཾ་བྷྲཱུཾ། འཕྲོ་འདུས་འདོད་དགུར་བྱིན་གྱིས་བརླབ། །རི་རབ་གླིང་བཞི་བཟང་པོར་བཤམ། །སྟེང་དུ་ཕོ་བྲང་གླིང་དགུ་ལ། །ཡེ་ཤེས་ལྷ་རྣམས་དབང་རྫས་ནི། །སྙིང་ཕྱེའི་དཔལ་བཤོས་རྩེ་དགུ་ལ། །སྔགས་ལྡན་ཕུར་ནག་དགུ་ཡང་གཟུག །དབུས་སུ་དཔལ་ཆེན་དགུ་པོ་ལ། །ཞལ་མཐུན་ཀུན་ཏུ་ཞལ་དགུ་གཟུག །སྤྱི་གདུགས་ཆེན་པོ་གཅིག་འོག་ཏུ། །གདུགས་བརྒྱད་འཕན་དང་རྒྱལ་མཚན་གཟུག །མདའ་དགུ་རང་རྟགས་ཕྱག་མཚན་བྲི། །ཤིང་རིས་ཞལ་དགུ་འཕན་དགུ་དང་། །དར་རྒྱང་རུ་མཚོན་ཕོ་མོའི་གདོང་། །ངར་གླུད་ཕོ་གླུད་མོ་གླུད་དགུ། །འཁོར་ལོས་སྒྱུར་བ་ལྟ་བུར་དགྲམ། །བང་རིམ་གསུམ་པ་ཡན་ཆོད་དུ། །ཡོངས་རྫོགས་སྤྱི་སྐོང་དམ་རྫས་སུ། །ནམ་མཁའ་དབུས་མཐིང་མཐའ་འཇའ་རིས། །ཁྲི་གཞད་རྨ་བྱ་དར་སྣས་བརྒྱན། །སྟག་གཟིག་གུང་གི་རྒྱལ་མཚན་དང་། །རུ་མཚོན་དར་རྒྱང་མདའ་འཕང་དང་། །ཤིང་རིས་དར་འཕན་ལ་སོགས་ཏེ། །སྟོང་དང་ལྔ་བརྒྱ་བརྒྱ་ལ་སོགས། །རབ་འབྲིང་ཐ་མ་གང་སྤོབས་བསག །ཁྱུང་ཆེན་རྨ་བྱ་སེང་གེ་འབྲུག །སྟག་གཟིག་གླང་ཆེན་རྟ་མཆོག་དང་། །སྐྱེས་པ་བུད་མེད་གླུད་ལ་སོགས། །རེ་རེའང་སྟོང་སོགས་ཅི་རིགས་བཤམ། །བང་རིམ་ཐ་མར་སྡེ་བརྒྱད་རྫས། །ནམ་མཁའ་མདའ་འཕང་རྒྱལ་མཚན་དང་། །གཟུགས་གླུད་ལ་སོགས་སོ་སོ་དང་། །མཐུན་པར་ཅི་རིགས་སྐྱེ་འགྲོ་བསག །གླིང་བཞི་ལས་ཀྱི་ཕོ་ཉ་སྟེ། །སྲིད་པའི་དབང་ཆེན་སྡེ་བཞི་ལ། །ནམ་མཁའ་མདའ་འཕང་རྒྱལ་མཚན་སོགས། །གཟུགས་གླུད་དམ་རྫས་ཚང་བར་བཤམ། །གཞན་ཡང་རི་རབ་གླིང་ཁེངས་པར། །འཕུར་དགུ་འཛུལ་དགུ་སྐྱེ་དགུ་སོགས། །མར་མེ་གསེར་སྐྱེམས་རིན་ཆེན་དང་། །སྣ་ཚོགས་དར་གྱིས་བཀླུབས་ལ་བཞག །ཟོར་རྫས་ཀུན་གྱིས་མཐའ་མ་བསྐོར། །ཕྱི་ཡི་ལྷ་ཚོགས་མཉེས་མདོས་ཡིན། །སྒྱུ་ལུས་ཕུང་པོའི་རི་རབ་ལ། །རྣམ་རྟོག་ཕྲ་རགས་རྫས་ཀྱིས་བརྒྱན། །ནང་གི་ལྷ་ཚོགས་སྐོང་མདོས་ཡིན། །བྷ་གའི་


DNG015_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་ལ་གསང་རི་རབ། །བྱང་ཆུབ་སེམས་སྤྲིན་རྒྱན་གྱིས་བརྒྱན། །བདེ་མཆོག་དོན་ལྡན་ཆོས་སྐུར་རྫོགས། །གསང་བའི་ལྷ་ཚོགས་མཆོད་མདོས་ཡིན། །དེ་ལྟར་ཕུན་སུམ་ཚོགས་བཤམས་ནས། །མདོས་ཀྱི་སྔོན་དུ་འགྲོ་བ་ནི། །ཕུད་གཏང་ཚ་ཆུ་མདོ་ཡང་བཀླག །ལས་ཀྱི་གཞུང་བསྲང་འཛབ་བཟླས་བྱ། །དངོས་གཞི་འཇུག་ཁར་ཆས་གོས་གསོལ། །ཆེ་མཆོག་དགུ་བསྟོད་ང་རྒྱལ་བྱ། །སྣང་སྲིད་མདོས་སུ་བྱིན་གྱིས་བརླབ། །མདོས་ཀྱི་མཚོན་པ་ལ་བརྟེན་ནས། །ལས་ཀྱི་ལྷ་རྣམས་རྫས་ཀྱིས་བསྐང་། །ཡེ་ཤེས་ལྷ་རྣམས་དོན་གྱིས་བསྐང་། །གཉིས་སུ་མེད་པར་ཐུགས་དམ་བསྐང་། །ཡོངས་རྫོགས་རྗེས་སུ་བྱེ་བྲག་བསྔོ། །ཕྲིན་ལས་རྣམ་བཞི་ལ་སོགས་པའི། །གང་བསྒྲུབ་ལས་གཉེར་སོ་སོར་གཏད། །ཟོར་བསྒྱུར་སྒོ་དབྱེ་ལམ་བསྟན་བྱ། །ཚེ་འགུགས་བཀྲ་ཤིས་ཆོ་ག་བྱ། །དབྱིངས་ནས་མདོས་ཕྱུང་འགྲོ་དོན་མཛད། །སླར་ཡང་ཆོས་ཀྱི་དབྱིངས་སུ་ཐིམ། །དངོས་གྲུབ་ཐམས་ཅད་མདོས་ལས་འབྱུང་། །ཞེས་བཀའ་སྩལ་ཏོ། །དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོ་ལས། ཡོངས་རྫོགས་གླིང་བཞི་སྲིད་པ་སྤྱི་མདོས་ཀྱི་ལེའུ་སྟེ་ཉེར་ལྔ་པའོ།། །།དེ་ནས་ཡང་འདུས་པའི་འཁོར་རྣམས་ཀྱིས་མགྲིན་གཅིག་ཏུ་སྟོན་པ་ཀུན་ཏུ་བཟང་པོ་དཔལ་ཆེ་མཆོག་ཧེ་རུ་ཀ་ལ་གསོལ་པ། ཀྱེ་ཀྱེ་ཀྱེ། ཐམས་ཅད་སྟོན་པ་ཀུན་ཏུ་བཟང་། །ཐུགས་རྗེ་ཆེ་མཆོག་ཧེ་རུ་ཀ །ཇི་སྲིད་བར་དུ་འགྲོ་འདུལ་བའི། །སྐུ་གསུང་ཐུགས་རྟེན་བཞེང་ཐབས་གང་། །ཞེས་གསོལ་སྟོན་པས་བཀའ་སྩལ་པ། །བདེ་གཤེགས་སྐུ་གསུང་ཐུགས་ཡོངས་རྫོགས། །སྣོད་བཅུད་ཚུལ་དུ་བཞེང་ཐབས་བཤད། །དང་པོ་སྣོད་ཀྱི་གཞལ་ཡས་ཁང་། །ཡིད་འོང་དགེ་ཞིང་དུལ་བའི་སར། །ས་ཡི་སྟ་གོན་སྔོན་སོང་ནས། །སྣོད་ཀྱི་འཇིག་རྟེན་རྟོག་སྦྱང་ཕྱིར། །རི་རབ་གླིང་བཅས་ཆ་མཐུན་དུ། །བརྩིགས་ཏེ་ཆོས་སྒོ་བསམ་ཡས་པར། །གཞལ་ཡས་སྒོ་མང་ཆེན་པོར་བཞེངས། །སྐུ་གསུམ་ཡོངས་སུ་རྫོགས་བྱའི་ཕྱིར། །མཉམ་ཉིད་ཆོས་སྐུར་བྱིན་བརླབས་ཏེ། །ས་གཞི་ཆ་མཉམ་སྟོང་པར་སྦྱང་། །མ་འགགས་


DNG015_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྐུར་བྱིན་བརླབ་ཕྱིར། །ཡོངས་རྫོགས་དཀྱིལ་འཁོར་བཞེངས་ལ་གདུལ། །ཐུགས་རྗེ་སྤྲུལ་སྐུར་བྱིན་བརླབ་ཕྱིར། །པན་རག་བརྩིག་པར་བྱ་བ་ནི། །པན་རག་སྟེང་ནས་རྨང་དྲེས་ཏེ། །གྲུབ་ཐོབ་དགེ་གནས་ས་སྣ་དང་། །དཔལ་ཆེ་རེ་བཟང་གངས་རྡོ་དང་། །ལུང་བཟང་མདོ་དགུའི་བྱེ་སྨྱག་དང་། །རཏྣ་ལྔ་ཡི་ཕྱེ་མར་སྦྱར། །འདམ་ཤིང་སྔོན་སོང་རྒྱུ་སྦྱངས་ཏེ། །གཞལ་ཡས་ཕྱི་དབྱིབས་མངོན་སུམ་མཐུན། །ལྷ་རྣམས་ཐེག་པ་ཡོངས་རྫོགས་དགོད། །དེ་བཞིན་བཞེང་ཐབས་རིམ་པ་ཡང་། །འབྱུང་བ་ལྔ་བརྩེག་ཆ་མཐུན་པར། །གདན་ནི་རིམ་པ་ལྔ་བརྩེག་སྟེང་། །རི་རབ་རི་བོ་མཆོག་བཞིན་དུ། །གཞལ་ཡས་བང་རིམ་བཞི་ལྡན་ལ། །ཁོང་སེང་ཁྲི་རྐང་ཆ་མཐུན་དུ། །སྒོ་མོ་དགུ་བཅུ་གོ་གསུམ་དགོད། །རྣམ་རྒྱལ་ཁང་བཟང་ཆ་མཐུན་དུ། །ཕོ་བྲང་གྲུ་བཞི་བསྐོར་བྱས་བརྩིག །ལྷ་དབང་གཙོ་ཁང་ཆ་མཐུན་དུ། །དྲེ་བཟང་སྒོ་བཞི་ལྡན་པར་བརྩིག །ཡོངས་འདུ་ས་བརྟོལ་ཆ་མཐུན་པར། །སྲོག་ཤིང་བཟང་པོ་མ་ཐུང་གཟུག །སུམ་ཅུ་རྩ་གསུམ་ཆ་མཐུན་པར། །འཁོར་ལོ་འཁོར་འདེགས་རིམ་པར་བརྩེགས། །འོག་མིན་ཆ་མཐུན་ཆར་ཁེབས་ཏོག །བྱ་རུ་ལ་སོགས་མཛེས་པར་དགོད། །ལྕོག་མཚོན་གྲྭ་བཞིར་གྲྭ་ལྕོག་བྱ། །རི་བདུན་མཚོན་ཕྱིར་འཁོར་ཡུག་ཏུ། །འཁོར་ས་བང་རིམ་བདུན་གྱིས་བསྐོར། །ཉི་ཟླའི་ཚུལ་དུ་སྒྲོལ་མ་དང་། །སྤྱན་རས་གཟིགས་ཁང་ཤར་ནུབ་བརྒྱན། །མཚོ་བདུན་རྒྱ་མཚོ་མཚོན་པའི་ཕྱིར། །གཡུ་ཐང་ལེགས་བྱ་ཁྲོན་བུ་བྲུ། །གླིང་བཞིའི་གླིང་ཕྲན་ཚུལ་མཐུན་དུ། །ས་སྟེང་གླིང་གཟུགས་བཅུ་གཉིས་ཏེ། །སྤྲུལ་སྐུའི་མཆོད་རྟེན་བཅུ་གཉིས་བརྩིག །མུ་ཁྱུད་ཆ་མཐུན་བྲག་རིས་བསྐོར། །དེ་ལ་ཚད་མེད་སྒོ་བཞི་དགོད། །རྟེན་གནས་ཆེ་ཆུང་སྤོབས་པར་སྦྱར། །དེ་ལྟར་རྟེན་གནས་དེ་ཉིད་ལ། །བརྟེན་པ་བཅུད་ཀྱི་འཇིག་རྟེན་དག །སྦྱང་ཕྱིར་ལྷ་ཚོགས་བཞེང་ཐབས་བཤད། །སྟོད་རིམ་གསུམ་ནི་སྐུ་གསུམ་ཞིང་། །ཉན་ཐོས་རང་རྒྱལ་བྱང་སེམས་ཀྱི། །གཟུགས་རྣམས་རྒྱས་བསྡུས་ཅི་རིགས་པར། །བང་རིམ་འོག་མའི་སྒོ་ནང་བཀོད། །དེ་ལྟར་བང་


DNG015_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་གསུམ་སྒོའི་ནང་། །ཀྲི་ཡ་ཨུ་པ་ཡོ་ག་ཡི། །ལྷ་རྣམས་རྒྱས་བསྡུས་གང་འཚམས་དགོད། །དྲེ་བུམ་པད་འཁོར་གདུགས་ཏོག་ནང་། །མ་ཧཱ་ཨ་ནུ་ཨ་ཏི་ཡི། །ལྷ་རྣམས་ཡོངས་རྫོགས་ཞི་དང་ཁྲོ། །བཀའ་བརྒྱད་བསྒྲུབ་པའི་ལྷ་དགོད་དེ། །ཀུན་བཟང་ཏོག་ལ་བཟང་མོ་གདུགས། །འཁོར་ལོ་རྡོར་སེམས་འདེགས་གསང་བདག །དྲེ་སྟོད་ཞི་ལྷ་བཞི་བཅུ་གཉིས། །དྲེ་སྨད་ནང་སྒོ་བཅུ་གཉིས་གཟུག །ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་དགོད། །བུམ་དཀྱིལ་བུམ་པའི་ཕྱོགས་མཚམས་སུ། །བཀའ་བརྒྱད་ཡོངས་རྫོགས་ལྷ་རྣམས་དགོད། །སྒོ་བཞི་རྒྱལ་ཆེན་སྡེ་བཞི་ལ། །གཟའ་བརྒྱད་རྒྱུ་སྐར་བསྐོར་བ་དགོད། །ལྕོག་བཞི་གནོད་སྦྱིན་ནོར་གྱི་ལྷ། །ཕོ་དགུ་མོ་དགུ་ལ་སོགས་དགོད། །གདན་རིམ་ལྔ་བརྩེགས་སྟེང་ནང་དུ། །ཀླུ་དབང་ཉི་ཉིད་ལ་ཡང་ཟླ་བརྒྱད་བསྐོར་བཞེངས། །དེ་འོག་གྲུ་གསུམ་དོང་ནང་དུ། །སངས་རྒྱས་བསྟན་པའི་དགྲ་བགེགས་གྲུབ། །འཁོར་ས་རིམ་པ་བདུན་ནང་དུ། །བསྐལ་བཟང་སངས་རྒྱས་སྟོང་རྩ་གཉིས། །མདོ་འདུལ་ཆོས་མངོན་རྒྱུད་རིས་བྲིས། །ཉི་མའི་ཁང་པར་ཐུགས་རྗེ་ཆེ། །ཟླ་ཁང་སྒྲོལ་མ་མྱུར་མ་དགོད། །གླིང་བཞི་གླིང་ཕྲན་བརྒྱད་སྟེང་དུ། །མཆོད་རྟེན་ཆེན་པོ་བཅུ་གཉིས་ནང་། །སྤྲུལ་སྐུའི་མཛད་པ་བཅུ་གཉིས་དགོད། །འཁོར་ཡུག་རེ་རེ་རྭ་བའི་ནང་། །བསྟན་པ་སྲུང་བའི་ལྷ་མ་སྲིན། །ཆོས་སྐྱོང་ཕོ་ཉའི་ཚོགས་རྣམས་དགོད། །སྒོ་བཞིར་དབང་ཆེན་སྡེ་བཞི་དང་། །ཧ་རི་ཀ་དང་པཉྩི་ཀ །ཀང་ཀིང་ལྷ་མོ་མགོན་པོ་ནག །སྒྲོལ་གིང་དཀར་དང་ནག་པོ་དགོད། །ལྷ་ཚོགས་དེ་དག་ཐམས་ཅད་ཀྱང་། །ལུགས་འབུར་རི་མོར་གར་ལྕོགས་བཞེངས། །སྔགས་དང་ཕྱག་རྒྱས་སྨིན་པར་བྱ། །སྤྱི་གཙུག་གདུང་གཞུག་མགྲིན་པ་རུ། །ཨཱ་ལི་ཀཱ་ལི་གཞུག་པར་བྱ། །ཐུགས་ཀར་མན་ཤེལ་ཧཱུཾ་བཅས་གཞུག །སྲོག་ཤིང་རྩེ་ནས་རྨང་ཡན་ཆོད། །ཐེག་པའི་རིམ་པ་དང་སྦྱར་བའི། །རྒྱུད་ལུང་མན་ངག་རིམ་པར་གཞུག །སྲོག་ཤིང་ནང་དུ་སྲོག་ཕུར་གདབ། །སྲོག་ཤིང་ཕྱི་ལ་ཚེ་དཔག་མེད། །གཟུགས་དང་སྔགས་


DNG015_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བཅས་པ་དགོད། །ཁ་དོག་ཕྱོགས་མཚོན་གདུལ་བྱར་བསྟན། །དར་བཟང་ལ་སོགས་ན་བཟས་བཀླུབ། །བང་རིམ་དང་པོ་ནས་བརྩམས་ཏེ། །བསྒྲུབ་རྫས་མཆོད་རྫས་རྐྱེན་དབང་བཟློག །བང་རིམ་གསུམ་པའི་ནང་དུ་བསག །བུམ་དཀྱིལ་བསྒྲུབ་ཁང་རྣལ་འབྱོར་གནས། །སྒོ་རྣམས་ལ་ནི་འཁོར་རིམ་བཞིན། །ཉམས་ལེན་བསྒྲུབ་པའི་གནས་བྱས་ན། །གྲུབ་པ་མཐར་ཕྱིན་འཁྲུལ་པ་སེལ། །སྐུ་གསུམ་རྒྱལ་བ་ཞི་དང་ཁྲོ། །གསང་བ་ཡོངས་རྫོགས་བདེ་གཤེགས་ཀྱི། །རྟེན་གསུམ་ཡོངས་རྫོགས་ངོ་མཚར་ཆེ། །རྟེན་འདི་ཇི་སྲིད་གནས་ཀྱི་བར། །དེ་སྲིད་སངས་རྒྱས་བསྟན་པ་རྒྱས། །འགྲོ་བ་ཀུན་འདུལ་ལས་སྒྲིབ་སྦྱང་། །བསོད་ནམས་ཕུན་ཚོགས་ཡོངས་རྫོགས་ཤིང་། །རྒྱུ་སྦྱོར་བཞེངས་མཁན་མ་ལུས་ཀུན། །ཚེ་འདིར་བཀྲ་ཤིས་ཚེ་རིང་འཕེལ། །ཕྱི་མ་ཞིང་ཁམས་རྣམ་དག་ཐོབ། །ཡུལ་ཕྱོགས་གླིང་ཁམས་བཀྲ་ཤིས་འབྱུང་། །ཐབས་མཆོག་ཡོངས་རྫོགས་རྨད་དུ་བྱུང་། །བསྟན་པའི་རིམ་གྲོ་འདི་ཁོ་ན། །དང་དུ་ལོངས་ཤིག་བསམ་པ་འགྲུབ། །ཅེས་བཀའ་སྩལ་ཏོ། །དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོ་ལས། རྟེན་མཆོག་བཀྲ་ཤིས་སྐུ་གསུམ་ཡོངས་རྫོགས་སུ་བཞེང་ཐབས་བསྟན་པའི་ལེའུ་སྟེ་ཉེར་དྲུག་པའོ།། །།དེ་ནས་ཡང་འདུས་པའི་འཁོར་རྣམས་ཀྱིས་མགྲིན་གཅིག་ཏུ་སྟོན་པ་ཀུན་ཏུ་བཟང་པོ་དཔལ་ཆེ་མཆོག་ཧེ་རུ་ཀ་ལ་གསོལ་པ། ཀྱེ་ཀྱེ་ཀྱེ། ཐམས་ཅད་སྟོན་པ་ཀུན་ཏུ་བཟང་། །ཐུགས་རྗེ་ཆེ་མཆོག་ཧེ་རུ་ཀ །བདེ་གཤེགས་སྐུ་གསུང་ཐུགས་རྟེན་ལ། །ཡེ་ཤེས་རབ་ཏུ་གནས་ཐབས་གང་། །ཞེས་གསོལ་སྟོན་པས་བཀའ་སྩལ་པ། །བདེ་གཤེགས་སྐུ་གསུང་ཡོངས་རྫོགས་རྟེན། །རབ་ཏུ་གནས་ཐབས་རྣམ་གསུམ་བཤད། །སྤྲོས་པ་རྒྱས་བསྡུས་སྤྲོས་མེད་དེ། །རྒྱས་མཛད་བླ་མ་མཁས་པ་ལ། །སློབ་བུས་ཡོན་དབུལ་ལན་གསུམ་བར། །གསོལ་བ་གདབ་ཅིང་བླ་མས་ཀྱང་། །རྟགས་སྦྱར་རབ་གནས་བསྙེན་པ་བྱ། །དུས་ཚོད་གཟའ་སྐར་བཟང་པོ་ལ། །གསང་བ་སྒྲུབ་ཆེན་སྐབས་བཞིན་དུ། །དཀྱིལ་


DNG015_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་རྟེན་རྫས་སྔོན་སོང་ནས། །དཀྱིལ་འཁོར་དེ་ཡི་བྱང་ཕྱོགས་སུ། །རྟེན་གསུམ་གང་ཡིན་ཁྲི་ལ་བཞག །བྲབ་བདུག་བགེགས་བསྐྲད་སྲུང་འཁོར་བསྒོམ། །སྐྱབས་འགྲོ་སེམས་བསྐྱེད་མཆོད་སྦྱིན་བྱ། །གསོལ་བ་གདབ་ཅིང་བསྙེན་པ་བསྐྱལ། །ཚུལ་བཞིན་བསྒྲུབས་ཏེ་བྱིན་ཆེན་དབབ། །ཁྲུས་དང་ཉེ་རེག་འཐོར་འཐུང་བྱ། །སྔགས་ཀྱིས་བགེགས་བསྐྲད་ཆལ་གྱིས་བཀྲུ། །རས་སམ་དར་གྱིས་རྡུལ་ཕྱིས་ལ། །རཾ་ཡཾ་ཁཾ་གྱིས་རབ་ཏུ་སྦྱང་། །ཙན་དན་གུར་གུམ་ཨ་ག་རུ། །ཛཱ་ཏི་གླ་རྩི་དྲི་ལྔས་བྱུག །སྐུ་དང་མཆོད་རྟེན་གང་ཡིན་ཡང་། །སྐུ་གསུང་ཐུགས་དང་རྟེན་འདྲེལ་སྙིང་། །བདེ་གཤེགས་ཡོངས་རྫོགས་ཡང་སྙིང་རྣམས། །རིགས་དབྱེ་སྐུ་ཡི་གནས་ལྔར་གཞུག །སྐུ་གདུང་རིང་བསྲེལ་ནོར་བུ་ལྔ། །སྨན་འབྲུ་དར་གྱིས་གྲིལ་ཏེ་གཞུག །དེ་ནས་དཀྱིལ་འཁོར་ལེགས་བྲིས་ཏེ། །བུམ་པ་ལ་སོགས་མཆོད་རྫས་བཤམ། །བསྐྱེད་རྫོགས་ལས་ཀྱི་གཞུང་བསྲངས་ནས། །མཆོད་བསྟོད་བཟླས་པ་ཚུལ་བཞིན་བྱ། །བུམ་པ་བྱིན་བརླབ་བཞུ་བཏུལ་བྱ། །རྟེན་ལ་བགེགས་བསྐྲད་སྐུ་ཁྲུས་བྱ། །རྟེན་སྤྱིར་བསྐྱེད་རྫོགས་སྔར་བཞིན་བྱ། །སྐུ་གསུང་ཐུགས་སུ་བྱིན་བརླབས་ལ། །ཡེ་ཤེས་ལྔ་ཡི་དབང་ཡང་བསྐུར། །སྤྱན་འབྱེད་སྙན་ཤངས་ཞལ་ཚེམས་དྲུད། །ལོངས་སྐུའི་རྟེན་ལ་ན་བཟའ་གསོལ། །དབུ་རྒྱན་ཅོད་པན་ཕྲེང་བ་གདགས། །སྤྲུལ་སྐུ་ཡིན་ན་དབུ་སྐྲ་བཞར། །གླེགས་བམ་དག་ལ་བདེ་གཤེགས་ཡོངས། །གསལ་དབྱངས་ལྔ་བཅུའི་ཡི་གེ་བསྒྱུར། །བདེན་གཉིས་ཆོས་སྒྲས་འགྲོ་འདུལ་བསམ། །མཆོད་རྟེན་དཀྱིལ་འཁོར་ཆ་མཐུན་པར། །ནང་དུ་ཚོམ་དགུའི་ལྷ་ཚོགས་བསྐྱེད། །དེ་ལ་ཡེ་ཤེས་དཀྱིལ་འཁོར་དགུག །བསྡིམ་བརྟན་དགྱེས་པ་བསྐྱེད་པ་དང་། །ཕྱག་སོགས་མཆོད་པ་ཀུན་གྱིས་མཆོད། །གདུགས་དང་རྒྱལ་མཚན་བླ་དྲེ་སོགས། །རྣམ་བདུན་བཀྲ་ཤིས་རྫས་བརྒྱད་དབུལ། །


DNG015_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད་ཅིང་མངའ་གསོལ་འཕྲོ་འདུ་བྱ། །རྟེན་གསུམ་རིམ་པ་གང་ཡིན་ཡང་། །ཡེ་ཤེས་ཡང་ཡང་དགུག་ཅིང་བསྡིམ། །སྔགས་ཀྱི་བཟླས་པ་སོ་སོར་བྱ། །སྐུ་གསུང་ཐུགས་སུ་བྱིན་བརླབ་ཅིང་། །ཡེ་ཤེས་ལྔ་ཡི་དབང་བསྐུར་བྱ། །བུམ་དབང་གཞུང་བཞིན་བསྐུར་བའི་རྗེས། །ནས་འབྲུ་མེ་ཏོག་དཀར་པོ་ལ། །རྟེན་འདྲེལ་འབུམ་བསྙེན་མེ་ཏོག་དོར། །ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷཱ་ཝ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་ཝ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿསྭཱ་ཧཱ། དེ་རྗེས་བུ་སློབ་ཡོན་བདག་ལ། །བུམ་དབང་བཀྲ་ཤིས་རྫས་བཞི་དང་། །སྣ་བདུན་རྫས་བརྒྱད་དབང་བསྐུར་བྱ། །ཚོགས་འཁོར་བཟང་པོས་ཞལ་བསྲོ་བྱ། །ཁ་བརྡ་བཟང་སྨྲ་སྤྱོད་ལམ་གཟབ། །བཀྲ་ཤིས་སྐྱིད་པའི་ལྷ་བྲོ་བྱ། །རྒྱས་པའི་སྦྱིན་བསྲེག་སྨོན་ལམ་གདབ། །ཕུད་གཏོར་ལྷ་དང་ཆོས་སྐྱོང་མཆོད། །རྟེན་གྱི་གཉེར་གཏད་དྲག་ཏུ་བྱ། །གཏང་རག་མཆོད་པ་དགའ་སྟོན་བྱ། །ཡོན་དབུལ་དགེ་བའི་རྩ་བ་བསྔོ། །སྤྲོས་པ་ཉེར་བསྡུའི་རབ་གནས་ནི། །སྔོན་འགྲོ་ཁྲུས་སོགས་ཡོངས་རྫོགས་རྗེས། །གང་ལ་བྱ་བའི་རྟེན་དེ་ཉིད། །ཆོ་ག་གསུམ་གྱིས་སྦྱངས་བྱས་ཏེ། །རང་རང་ཡེ་ཤེས་ངོ་བོར་བསམ། །དེ་ལ་དབང་བསྐུར་མེ་ཏོག་གཏོར། །མཆོད་པ་བཟང་པོ་མང་ཕུལ་ནས། །ཡི་དམ་ལྷག་པའི་རྟེན་དུ་བཟུང་། །ཇི་ལྟར་བསམ་པ་དེ་བཞིན་ཡིན། །སྤྲོས་མེད་དོན་གྱི་རབ་གནས་ནི། །བསྙེན་རྫོགས་རྟོགས་ལྡན་རྣལ་འབྱོར་པས། །གཟིགས་པས་རབ་ཏུ་གནས་པ་འཆགས། །ཕྱི་ནང་སྣོད་བཅུད་སྣང་སྲིད་ཀུན། །ཡེ་ནས་ཆོས་སྐུའི་ངོ་བོར་གནས། །དེར་ཤེས་དབྱིངས་ལས་མ་གཡོས་ན། །རྣམ་དག་རྟེན་མཆོག་བླ་ན་མེད། །སྣང་བ་སྐུ་ལ་གྲག་པ་གསུང་། །དྲན་རྟོག་ཐུགས་ཀྱི་རང་བཞིན་ཡིན། །སྐུ་གསུང་ཐུགས་རྟེན་ཡོངས་རྫོགས་ཀྱང་། །བློ་དམན་བློ་ལ་དེར་མི་སྣང་། །ཤེས་རབ་བློ་ལྡན་སྐྱེས་མཆོག་གི། །རྡུལ་གཅིག་སྟེང་ན་རྡུལ་སྙེད་ཀྱི། །སངས་རྒྱས་མ་ལུས་ཡོངས་རྫོགས་སྐུར། །རབ་གནས་དམ་པ་དེ་ཉིད་དོ། །རང་རིག་རང་གསལ་རབ་གནས་རབ། །རབ་གནས་ཀུན་གྱི་རྒྱལ་པོ་ཡིན། །རབ་གནས་ཕུན་ཚོགས་དེ་དག་གིས། །ཇི་སྲིད་ཡུན་གྱི་རྟེན་བྱས་ན། །བཀྲ་ཤིས་བྱིན་ཆེན་བསམ་


DNG015_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་འགྲུབ། །འབྲས་བུ་སྐུ་གསུམ་ཞིང་དུ་སྦྱོར། །ཞེས་བཀའ་སྩལ་ཏོ། །དཔལ་གསང་བ་འདུས་པའི་རྒྱུད་ཀྱི་རྒྱལ་པོ་ལས། རྟེན་གསུམ་རབ་གནས་ཡོངས་རྫོགས་ཀྱི་ལེའུ་སྟེ་ཉེར་བདུན་པའོ།། །།དེ་ནས་ཡང་འདུས་པའི་འཁོར་རྣམས་ཀྱིས་མགྲིན་གཅིག་ཏུ་སྟོན་པ་ཀུན་ཏུ་བཟང་པོ་དཔལ་ཆེ་མཆོག་ཧེ་རུ་ཀ་ལ་གསོལ་པ། ཀྱེ་ཀྱེ་ཀྱེ། ཐམས་ཅད་སྟོན་པ་ཀུན་ཏུ་བཟང་། །ཐུགས་རྗེ་ཆེ་མཆོག་ཧེ་རུ་ཀ །སྒོ་གསུམ་བར་ཆད་ཀུན་སྐྱོབ་པའི། །བདེ་གཤེགས་ཀུན་འདུས་སྲུང་འཁོར་གང་། །བདག་ཅག་འཁོར་ལ་བཀའ་སྩོལ་ཅིག །དེ་སྐད་གསོལ་པའི་དོན་དགོངས་ནས། །སྟོན་པ་ཆེན་པོས་བཀའ་སྩལ་པ། །བདེ་གཤེགས་བཀའ་ཡི་སྲུང་འཁོར་ལ། །འཁོར་ལོ་རྫས་དང་ཏིང་འཛིན་ཏེ། །ཀུན་ཐུབ་འཁོར་ལོའི་སྲུང་བ་ལ། །ཤོག་ཤོག་རས་སམ་དར་དཀར་ལ། །རཏྣ་ལྔ་སྦྱར་སྣག་ཚ་ཡིས། །དབུས་སུ་ཐིག་བཞི་ལིང་ཚེ་དགུ། །རེ་རེའི་ནང་དུ་འཁོར་ལོ་ནི། །རྩིབས་བརྒྱད་ཁྱུད་འཁོར་བཞི་ལྡན་བྲི། །དེ་དགུའི་གོང་རས་དགུ་པོ་ལ། །རིགས་ཀྱི་ཕྱག་མཚན་གཏམས་པར་བྱ། །ལིང་དགུའི་ཕྱི་རོལ་མུ་ཁྱུད་ནི། །རིམ་པ་བཅུ་རུ་བསྐོར་བར་བྱ། །དེ་ལ་སྔགས་དགོད་རིམ་པ་ནི། །དབུས་འཁོར་དགུ་ཡི་ལྟེ་བ་ལ། །ཧཱུཾ་དགུ་མིང་རུས་རཀྵར་བཅས། །སྲུངས་ཤིག་འདོད་གསོལ་དང་བཅས་བྲི། །དེའི་ཕྱི་ལྟེ་བའི་ཁྱུད་དགུ་ལ། །ཁྲོ་འདུས་དྲག་སྔགས་སོ་ལྔ་བྲི། །རྩིབས་བརྒྱད་འཁོར་ལོ་དགུ་རྣམས་སུ། །དཔལ་ཆེན་དགུ་ཡི་སྐྱེད་སྔགས་བྲི། །མུ་ཁྱུད་ཕྱི་རུ་སྲས་ཡུམ་དང་། །བོ་དྷི་བཅུ་བཞི་ཁྱུང་སྔགས་དྲུག །དམ་ཅན་འདུས་པ་བཅུ་གཅིག་བྲི། །རྩིབས་མཆན་ཁྱབ་པར་སྲུངས་ཤིག་བྲི། །གོང་རས་ཁྱབ་པར་གསང་སྔགས་དང་། །རིག་སྔགས་གཟུངས་སྔགས་སྟོབས་ཅན་དགོད། །གླིང་བཞིའི་ཕྱི་རོལ་ཟླ་གམ་བཞི། །རྒྱལ་ཆེན་བཞི་ཡི་རཱུ་པས་བསྲུང་། །མུ་ཁྱུད་བཅུ་རིམ་ནང་མ་ཆེ། །དེ་ལ་ཞི་ཁྲོ་བཀའ་བརྒྱད་རྫོགས། །བདེ་གཤེགས་ཀུན་གྱི་ཡང་སྙིང་ལ། །ཆེ་གེ་ལ་སྲུངས་སྤེལ་མར་བྲི། །དེ་ཡི་ཕྱི་རིམ་དབྱངས་ཡིག་ལ། །དེའི་ཕྱི་གསལ་བྱེད་རྟེན་འདྲེལ་བྲི། །


DNG015_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་རིམ་མུ་ཁྱུད་བདུན་པ་ལ། །རྡོ་རྗེ་འཁོར་ལོ་རལ་གྲི་དང་། །དབྱུག་ཏོ་རྒྱ་གྲམ་མཚོན་ཆའི་ཚོགས། །མེ་རི་ལྔ་ཡིས་འཁོར་བར་བྲི། །རྫས་ཀྱི་བསྲུང་བའི་སྐྱོབས་ངར་གདགས། །ག་པུར་ཙན་དན་གླ་རྩི་དང་། །གུ་གུར་གུམ་ཡང་གུལ་ལི་ཤི་ཤིང་ཀུན་དང་། །ཨ་མྲྀ་ཏ་དང་ཆང་སྦྱར་བྱུག །གཏོར་ཚོགས་གཞུང་བཞིན་བཤམས་ནས་ཀྱང་། །ལས་རིམ་གཞུང་བསྲང་ལྷ་རྣམས་བསྡིམ། །དབང་བསྐུར་རབ་ཏུ་གནས་པ་བྱ། །དར་སྣ་ལྔས་དྲིལ་ཚོན་ལྔས་བཅིངས། །དུས་ཚེས་བཟང་ལ་མགུལ་དུ་གདགས། །བཀྲ་ཤིས་མངའ་གསོལ་བརྗོད་པར་བྱ། །ཏིང་འཛིན་རང་ཉིད་ཧེ་རུ་ཀ །ཡོངས་སུ་རྫོགས་པའི་ང་རྒྱལ་བསྒོམ། །འདི་ལས་ཁྱད་འཕགས་སྲུང་བའི་ཐབས། །འཇིག་རྟེན་ཁམས་འདིར་སྔར་མ་བྱུང་། །མི་འབྱུང་འབྱུང་བར་མི་འགྱུར་ཏེ། །ཅི་ཕྱིར་འདི་ཉིད་ཡོངས་རྫོགས་ཡིན། །ལུས་ངག་ཡིད་གསུམ་སྲུང་བའི་མཁར། །རྡོ་རྗེའི་གོ་ཁྲབ་ཕུབ་ཆེན་ཡིན། །ནད་གདོན་དུག་མཚོན་གནམ་ལྕགས་བསྲུང་། །མདོར་ན་འཇིགས་པ་ཀུན་ཐུབ་སྟེ། །ཕྱོགས་ངན་ཀུན་དང་གནོད་ལས་རྒྱལ། །ཚེ་འདི་བར་དོ་ཕྱི་མ་ཡི། །སྲུང་བའི་རྒྱལ་པོར་འདི་འགྱུར་ཏེ། །ངན་སོང་གནས་ངན་ཀུན་ལས་གྲོལ། །འདི་ཡོད་འགྲོ་བ་སངས་རྒྱས་ཡིན། །རྒྱལ་བ་རྣམས་ཀྱི་སྲས་སུ་གཟིགས། །དམ་ཅན་རྣམས་ཀྱིས་མགོན་སྟོངས་མཛད། །ལྷ་སྲིན་སྡེ་བརྒྱད་བྲན་དུ་འཁོལ། །འདའ་ཁར་བྱང་ཆུབ་རྟགས་ལ་སྦྱོར། །ཞེས་བཀའ་སྩལ་ཏོ། །དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོ་ལས། བདེ་གཤེགས་ཡོངས་རྫོགས་བཀའི་སྲུང་འཁོར་བསྟན་པའི་ལེའུ་སྟེ་ཉེར་བརྒྱད་པའོ།། །།དེ་ནས་ཡང་འདུས་པའི་འཁོར་རྣམས་ཀྱིས་མགྲིན་གཅིག་ཏུ་སྟོན་པ་ཀུན་ཏུ་བཟང་པོ་དཔལ་ཆེ་མཆོག་ཧེ་རུ་ཀ་ལ་གསོལ་པ། ཀྱེ་ཀྱེ་ཀྱེ། ཐམས་ཅད་སྟོན་པ་ཀུན་ཏུ་བཟང་། །ཐུགས་རྗེ་ཆེ་མཆོག་ཧེ་རུ་ཀ །སྒྲུབ་ཆེན་ལས་བཞིའི་དོན་མྱུར་བྱེད། །སྦྱིན་བསྲེག་ལས་ཀྱི་རིམ་པ་གང་། །དེ་སྐད་གསོལ་པ་གསན་ནས་ཀྱང་། །སྟོན་པ་ཉིད་ཀྱིས་བཀའ་སྩལ་པ། །ལས་རྣམས་ཀུན་གྱི་རྗེས་སྒྲུབ་མྱུར། །


DNG015_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་བཞི་སྦྱིན་བསྲེག་འདི་ལྟར་བྱ། །དཀྱིལ་འཁོར་ཆེན་པོའི་ཕྱོགས་བཞི་རུ། །ཞི་རྒྱས་དབང་དང་དྲག་པོའི་ཐབ། །ཟླུམ་པོ་གྲུ་བཞི་ཟླ་ཁམ་དང་། །གྲུ་གསུམ་ལ་སོགས་གང་མོས་བྱ། །དཀར་སེར་དམར་ལྗང་ཁ་དོག་བསྒྱུར། །བྱང་ཆུབ་སྐྱེར་ལྡེང་དུག་ཤིང་སོགས། །ལས་མཐུན་ཤིང་བརྩིག་བསྲེག་པའི་རྫས། །ཕྲིན་ལས་གང་བསྒྲུབ་དང་སྦྱར་ཏེ། །ཞི་ལ་དཀར་གསུམ་རྒྱས་འབྲུའི་ཚོགས། །དབང་ལ་ཤ་ཆང་དུག་ཁྲག་དྲག །ཕྲིན་ལས་གཞུང་བསྲང་ཚོགས་མཆོད་བྱ། །མེ་ཡི་ལྷ་བསྐྱེད་མཆོད་བསྟོད་བྱ། །ཕྲིན་ལས་གང་བསྒྲུབ་དང་སྦྱར་ཏེ། །ལྟོ་བར་ཡོངས་རྫོགས་ལྷ་བསྐྱེད་དེ། །ཡེ་ཤེས་བཀུག་བསྡིམ་བརྟན་མཆོད་རྗེས། །བཀྲ་ཤིས་བུ་བུམ་ཡང་ཚས་མེ་སྦར་ཏེ། །སྦྱིན་བསྲེག་རྫོགས་བྱས་ལས་སྔགས་ནི། །རྩ་སྔགས་དག་ལ་འདི་སྦྱར་བསྐུལ། །ཤཱནྟིཾ། པུཥྚིཾ། པ་ཤཾ། མཱ་ར་ཡ། ལས་བཞིའི་འདོད་གསོལ་དང་བཅས་བསྲེག །ཞི་རྒྱས་དབང་དྲག་གང་བསམ་འགྲུབ། །ཡེ་ཤེས་སེམས་གཤེགས་དམ་ཚིག་བསྡུ། །རྗེས་སུ་ལས་བཞིའི་བྲོ་བཞི་བརྡུང་། །ཐལ་བ་རླུང་ཆུ་མནན་པ་སོགས། །སོ་སོའི་ལས་ཀྱི་དམིགས་དང་བཅས། །མེ་ཡིས་ལས་ཀུན་མྱུར་དུ་འགྲུབ། །ཅེས་བཀའ་སྩལ་ཏོ། །དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོ་ལས། ལས་བཞི་སྦྱིན་བསྲེག་ཡོངས་སུ་བསྟན་པའི་ལེའུ་སྟེ་ཉེར་དགུ་པའོ།། །།དེ་ནས་ཡང་འདུས་པའི་འཁོར་རྣམས་ཀྱིས་མགྲིན་གཅིག་ཏུ་སྟོན་པ་ཀུན་ཏུ་བཟང་པོ་དཔལ་ཆེ་མཆོག་ཧེ་རུ་ཀ་ལ་གསོལ་པ། །ཀྱེ་ཀྱེ་ཀྱེ། ཐམས་ཅད་སྟོན་པ་ཀུན་ཏུ་བཟང་། །ཐུགས་རྗེ་ཆེ་མཆོག་ཧེ་རུ་ཀ །ལས་རྣམས་རྗེས་བསྟན་དགྲ་བགེགས་གཟིར། །དཔལ་ཆེན་རོལ་པའི་བྲོ་རྣམས་གང་། །དེ་སྐད་གསོལ་པས་བཀའ་སྩལ་པ། །གཟིར་མནན་བྲོ་ཡི་ལས་སྦྱོར་ནི། །དགྲ་བགེགས་དམ་སྲི་གནན་གཟིར་ཏེ། །རྣལ་འབྱོར་དབང་ཕྱུག་འཁོར་དང་བཅས། །དཔལ་གྱི་ཆས་ཀྱིས་རབ་ཏུ་བརྒྱན། །ཡོངས་རྫོགས་ལྷ་ཡི་ང་རྒྱལ་བསྐྱེད། །ལག་པ་ལུ་གུ་རྒྱུད་དུ་སྦྲེལ། །རྐང་སྟབས་རྡོ་


DNG015_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་འགྲོས་སུ་བྱ། །དཔའ་བརྗིད་རྔམ་པའི་ཧཱུཾ་སྒྲ་སྒྲོག །གླུ་ཡིས་སྤྱན་དྲང་བྲོས་གཟིར་གནན། །ཕྲིན་ལས་རྣམ་བཞི་དམིགས་བསལ་བསྒྲུབ། །དང་པོ་གླུ་ཡིས་སྤྱན་དྲང་ཏེ། །ཧཱུཾ་ཞི་ཁྲོ་ཡོངས་རྫོགས་དཀྱིལ་འཁོར་དུ། །དཔལ་ཆེན་ཆེ་མཆོག་སྐུ་སྤྲུལ་ནས། །མཁའ་འགྲོའི་ཚོགས་དང་རོལ་པ་ནི། །ཐབས་ཤེས་གཉིས་སུ་མེད་པར་སྦྱོར། །བྱང་ཆུབ་སེམས་ཀྱི་འཕྲོ་འདུ་ལས། །ཁྲོ་བོ་ཁྲོ་མོའི་སྤྲིན་འཕྲོས་ནས། །གླུ་བྲོ་གར་གྱི་ཐུགས་དམ་སྟེ། །རྒྱུན་ཆད་མེད་པར་བརྟན་པར་བྱ། །བྲོ་འདི་འབར་བའི་ཕྱག་རྒྱ་སྟེ། །རྒྱལ་བ་སྟོང་དང་མཉམ་པར་སྦྱོར། །གླུ་ནི་ཚངས་པའི་དབྱངས་ཀྱིས་འདྲེན། །མ་དང་མཁའ་འགྲོའི་ཐུགས་དམ་བསྐུལ། །ཚིག་ནི་དོན་དམ་རྟོགས་པའི་ཚིག །ཆོས་སེམས་གཉིས་སུ་མེད་པར་རྟོགས། །འདི་ནི་གླུ་བྲོ་གར་གྱི་བརྡའ། །གར་ནི་ཁྱབ་གདལ་ཆེན་པོའི་གར། །ཕྱོགས་བཅུའི་ཞིང་ཁམས་ཁྱབ་པར་བྱེད། །ཕྱག་རྒྱ་བསྣོལ་བ་ལུ་གུ་རྒྱུད། །དུས་གསུམ་རྒྱལ་བ་ཞི་ཁྲོ་བསྐུལ། །ཁྲག་འཐུང་རོལ་པའི་དཀྱིལ་འཁོར་ནས། །ཆེ་མཆོག་ཡབ་ཡུམ་སྲས་དང་བཅས། །མཁའ་འགྲོ་འཁོར་བཅས་མ་ལུས་ཀུན། །སྔོན་གྱི་ཐུགས་དམ་ཇི་བཞིན་དུ། །གླུ་བྲོ་གར་ལ་གཤེགས་སུ་གསོལ། །ཧཱུཾ་ཧཱུཾ་ཧཱུཾ་བཛྲ་མ་ཧཱ་ཀྲོ་དྷ་སརྦ་ཨཱ་བེ་ཤ་ཡ་པྲ་བེ་ཤ་ཡ་ཛཿཧཱུཾ་བཾ་ཧོཿ། དེ་ནས་བྲོ་བསྐོར་གཟིར་ཅིང་བརྡུང་། །ཧཱུཾ་ཞི་ཁྲོ་ཡོངས་རྫོགས་དཀྱིལ་འཁོར་འདིར། །ཁྲག་འཐུང་རོལ་པའི་བྲོ་གཅིག་བརྡུང་། །ཕྱོགས་བཅུ་ནམ་མཁའི་ཁམས་ཀུན་ནས། །ཁྲོ་བོ་ཁྲོ་མོའི་བྲོ་བརྡུངས་པས། །ལ་ལ་ཐབས་དང་ཤེས་རབ་བྲོ། །ལ་ལ་རྡོ་རྗེ་པདྨའི་བྲོ། །ལ་ལ་དབང་པོ་ཡུལ་གྱི་བྲོ། །ལ་ལ་འཇིག་རྟེན་དབང་སྡུད་བྲོ། །ལ་ལ་འདུལ་སྦྱོང་རྟགས་ཀྱི་བྲོ། །ལ་ལ་དྲེགས་པ་འདུལ་སྦྱོང་བྲོ། །ལ་ལ་མོས་པ་རྒྱན་གྱི་བྲོ། །ལ་ལ་ལོངས་སྤྱོད་དཔལ་གྱི་བྲོ། །ལ་ལ་སྤོར་བྱེད་གནས་ཀྱི་བྲོ། །ལ་ལ་སྡུད་བྱེད་ཐབས་ཀྱི་བྲོ། །བྲོ་ལ་རྣམ་གྲངས་བསམ་མི་ཁྱབ། །གླུ་ལ་ཡོན་ཏན་བརྗོད་མི་ལང་། །ཚིག་ལ་མན་ངག་སྣ་ཚོགས་གསལ། །བྲོ་འདི་ཕྲིན་ལས་རྒྱ་མཚོའི་བྲོ། །


DNG015_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

གླུ་འདི་ལྟ་བ་རྒྱ་མཚོའི་གླུ། །ཚིག་འདི་འདུ་འབྲལ་མེད་པའི་ཚིག །བྲོ་ཡི་མིང་ནི་སྟམ་བྷ་ནན། །གླུ་ཡི་མིང་ནི་པཱ་ཤ་ཧཱུཾ། །ཚིག་གི་མིང་ནི་ཨངྐུ་ཤ །རྒྱལ་བ་ཀུན་དང་མཉམ་པར་སྦྱོར། །ཀུན་གྱི་ཐུགས་དམ་ཆེན་པོ་ཡིན། །ཧྲཱྀཿཧྲཱྀཿཧྲཱྀཿཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། ཧཱུཾ་གསང་བ་ཡུམ་གྱི་མཁའ་དབྱིངས་སུ། །བདེ་ཆེན་རོལ་པའི་བྲོ་གཅིག་བརྡུང་། །སྣ་ལ་པདྨ་རོལ་པའི་བྲོ། །ཆགས་པ་མེད་པའི་ཚུལ་གྱིས་བརྡུང་། །དེ་ནས་ཤེས་རབ་ཐབས་ཀྱི་བྲོ། །བྷ་གའི་དཀྱིལ་དུ་དགྲ་བགེགས་བརྡུང་། །དེ་ནས་དབང་པོ་ཡུལ་གྱི་བྲོ། །ལྷ་མོ་བརྒྱད་དང་ཐབས་ཅིག་རོལ། །དེ་ནས་རྡོ་རྗེ་པདྨའི་བྲོ། །ཕྱག་རྒྱ་ཆེན་པོར་རྒྱས་འདེབས་སོ། །དེ་ནས་གདུལ་བྱ་དྲག་པོའི་བྲོ། །ཁྲག་འཐུང་རྒྱལ་པོའི་འཁོར་ལ་བརྡུང་། །དེ་ནས་མོས་པ་རྐྱེན་གྱི་བྲོ། །མ་སྲིང་རྒྱ་མཚོའི་འཁོར་ལ་བརྡུང་། །དེ་ནས་འདུལ་བྱེད་ཐབས་ཀྱི་བྲོ། །ཕྱོགས་བཅུའི་རྣལ་འབྱོར་མ་ལུས་སྡུད། །དེ་ནས་སྤོར་བ་གནས་ཀྱི་བྲོ། །རྒྱུད་དྲུག་རྣམ་ཤེས་དབྱིངས་སུ་སྡུད། །ཐབས་དང་ཤེས་རབ་ལྡན་བྱས་ནས། །གླུ་བྲོ་དམ་ཚིག་རྒྱལ་པོ་ཡིན། །བརྟན་པས་བདུད་བཞི་འདུལ་བའི་བྲོ། །བྲོ་འདི་བར་ཆད་མེད་པར་བརྡུང་། །ལྟ་བ་དྲན་པར་བྱ་བའི་ཕྱིར། །གླུ་ནི་འདུ་འབྲལ་མེད་པར་བླང་། །དཀྱིལ་འཁོར་རང་ལ་གསལ་བའི་ཕྱིར། །ཚིག་ནི་སྙིང་པོ་འཛབ་ཏུ་བཟླས། །ཡེ་ཤེས་དཔལ་གྱི་བྲོ་ར་ཚུགས། །བདུད་བགེགས་བར་ཆད་མིང་ཡང་མེད། །ཨ་ལ་ལ་ཧོ་དགྱེས་པ་ཆེ། །ཧཱུཾ་ཧཱུཾ་ཧཱུཾ། ཧཱུཾ་ཆེ་མཆོག་འཁོར་བཅས་རོལ་པའི་བྲོ། །དགྲ་བགེགས་དམ་སྲིའི་སྲོག་ལ་བརྡུང་། །བཛྲ་ཧེ་རུ་རོལ་པའི་བྲོ། །དགྲ་བགེགས་དམ་སྲིའི་སྙིང་ལ་བརྡུང་། །གཤིན་རྗེ་གཤེད་པོ་རོལ་པའི་བྲོ། །དགྲ་བགེགས་དམ་སྲིའི་ཀླད་པར་བརྡུང་། །རྟ་མགྲིན་རྒྱལ་པོ་རོལ་པའི་བྲོ། །དགྲ་བགེགས་དམ་སྲིའི་ལྕེ་ལ་བརྡུང་། །རྡོ་རྗེ་གཞོན་ནུ་རོལ་པའི་བྲོ། །དགྲ་བགེགས་དམ་སྲིའི་ལྟེ་བར་བརྡུང་། །བླ་མེད་ཧེ་རུ་རོལ་པའི་བྲོ། །དགྲ་བགེགས་དམ་སྲིའི་གསང་བར་བརྡུང་། །རིག་འཛིན་ཐོད་རྩལ་རོལ་


DNG015_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བྲོ། །དགྲ་བགེགས་དམ་སྲིའི་སྤྱི་བོར་བརྡུང་། །དྲེགས་པ་ཀུན་འདུལ་རོལ་པའི་བྲོ། །དགྲ་བགེགས་དམ་སྲིའི་བརླ་གཡས་བརྡུང་། །སྟོབས་ལྡན་ནག་པོ་རོལ་པའི་བྲོ། །དགྲ་བགེགས་དམ་སྲིའི་བརླ་གཡོན་བརྡུང་། །ཞི་ཁྲོ་བཀའ་བརྒྱད་རོལ་པའི་བྲོ། །གཡས་སུ་བསྐོར་ཏེ་དགྲ་ལ་བརྡུང་། །གཡོན་དུ་བསྐོར་ཏེ་བགེགས་ལ་བརྡུང་། །གཡས་གཡོན་ཐབས་དང་ཤེས་རབ་བྲོ། །རུ་དྲ་དམ་སྲི་ཐལ་བར་རློག །ཧཱུཾ་སྟམ་བྷ་རཀྴ་དགྲ་བགེགས་ནན། །ཕྲིན་ལས་རྣམ་བཞི་བསྒྲུབ་པའི་བྲོ། །བྲོ་བཅའ་ཕྲིན་ལས་དབྱིབས་སུ་བཅའ། །ཧཱུཾ་སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྫོགས་པའི་དཔལ། །གཏི་མུག་བདེ་གཤེགས་འཁོར་དང་བཅས། །དེ་བཞིན་རིགས་མཆོག་མ་ལུས་ཀྱིས། །འཇིག་རྟེན་ཁམས་འདི་རབ་འབྱམས་ན། །ཤིན་ཏུ་རྨོངས་པའི་སེམས་ཅན་ཀུན། །ཞི་བའི་ཐུགས་རྗེ་ཆེན་པོ་ཡིས། །ཞི་བར་མ་གྱུར་གང་ཡང་མེད། །ཞི་མཛད་ལྷ་ལ་ཕྱག་འཚལ་ལོ། །ནད་གདོན་རྣམ་རྟོག་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། །ཧཱུཾ་སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྫོགས་པའི་དཔལ། །ང་རྒྱལ་བདེ་གཤེགས་འཁོར་དང་བཅས། །རིན་ཆེན་རིགས་མཆོག་མ་ལུས་ཀྱིས། །འཇིག་རྟེན་ཁམས་ནི་རབ་འབྱམས་ན། །ཤིན་ཏུ་དབུལ་བའི་སེམས་ཅན་ཀུན། །ཚེ་དབང་ལོངས་སྤྱོད་རྒྱས་པར་མཛད། །རྒྱས་པར་མ་གྱུར་གང་ཡང་མེད། །རྒྱས་མཛད་ལྷ་ལ་ཕྱག་འཚལ་བསྟོད། །ཚེ་དང་བསོད་ནམས་པུཥྚིཾ་ཀུ་རུ་སྭཱ་ཧཱ། །ཧཱུཾ་སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྫོགས་པའི་དཔལ། །འདོད་ཆགས་བདེ་གཤེགས་འཁོར་དང་བཅས། །པདྨའི་རིགས་མཆོག་མ་ལུས་ཀྱིས། །འཇིག་རྟེན་ཁམས་ནི་རབ་འབྱམས་ན། །ཤིན་ཏུ་ཆགས་པའི་སེམས་ཅན་ཀུན། །ཐམས་ཅད་དབང་དུ་སྡུད་པར་མཛད། །དབང་དུ་མ་གྱུར་གང་ཡང་མེད། །དབང་མཛད་ལྷ་ལ་ཕྱག་འཚལ་བསྟོད། །ལྷ་འདྲེ་མི་གསུམ་བ་ཤང་ཀུ་རུ་སྭཱ་ཧཱ། ཧཱུཾ་སངས་རྒྱས་ཀུན་གྱི་


DNG015_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྫོགས་པའི་དཔལ། །ཞེ་སྡང་བདེ་གཤེགས་འཁོར་དང་བཅས། །རྡོ་རྗེ་རིགས་མཆོག་མ་ལུས་ཀྱིས། །འཇིག་རྟེན་ཁམས་ནི་རབ་འབྱམས་ན། །ཤིན་ཏུ་གདུག་པའི་སེམས་ཅན་ཀུན། །རྡུལ་དུ་མ་བརླགས་གང་ཡང་མེད། །བརླག་མཛད་ལྷ་ལ་ཕྱག་འཚལ་ལོ། །དགྲ་བགེགས་གནོད་བྱེད་མཱ་ར་ཡ་ཧཱུཾ་ཕཊ། དེ་ལྟར་བྲོ་ཡི་ལས་རྫོགས་ནས། །ནད་སོས་སྨྱོ་ཐུལ་དམ་སྲི་ནོན། །བར་ཆོད་ཀུན་གྱིས་ཚུགས་མི་འགྱུར། །ཞེས་བཀའ་སྩལ་ཏོ། །དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོ་ལས། གཟིར་མནན་གླུ་བྲོ་ཡོངས་རྫོགས་ཀྱི་ལེའུ་སྟེ་སུམ་ཅུ་པའོ།། །།དེ་ནས་ཡང་འདུས་པའི་འཁོར་རྣམས་ཀྱིས་མགྲིན་གཅིག་ཏུ་སྟོན་པ་ཀུན་ཏུ་བཟང་པོ་དཔལ་ཆེ་མཆོག་ཧེ་རུ་ཀ་ལ་གསོལ་པ། ཀྱེ་ཀྱེ་ཀྱེ། ཐམས་ཅད་སྟོན་པ་ཀུན་ཏུ་བཟང་། །ཐུགས་རྗེ་ཆེ་མཆོག་ཧེ་རུ་ཀ །སངས་རྒྱས་བསྟན་པ་མཐར་བསྐྱང་ཕྱིར། །མངག་པ་ཕོ་ཉ་ཡོངས་རྫོགས་གང་། །དེ་སྐད་གསོལ་པས་བཀའ་སྩལ་པ། །མདོར་ན་དཔལ་གྱི་མངར་འདུས་པའི། །ལྷ་སྲིན་དམ་ཅན་བསམ་ཡས་ཀྱང་། །བཀྲ་ཤིས་དམ་ལྡན་མཐུ་ཆེ་བའི། །སྔགས་བདག་དེད་དཔོན་སུམ་ཅུ་ཡིན། །ཕོ་ཉ་ཡོངས་རྫོགས་འདི་བསྒྲུབ་ན། །དབེན་པའི་གནས་སུ་སྒྲུབ་རྫས་བསག །དཀྱིལ་འཁོར་མདའ་གང་གྲུ་བཞི་ཡི། །དབུས་སུ་ཁྲུ་གང་གྲུ་གསུམ་བྲུ། །རོ་རས་སམ་ནི་དུག་ཤོག་ལ། །འཁོར་ལོ་སུམ་ཅུ་རྩིབས་ལྡན་བྲི། །དབུས་སུ་དམིགས་པའི་ལིངྒ་བཅའ། །རྩིབས་ལ་སྲོག་སྔགས་སུམ་ཅུ་པོ། །ཐོད་ངན་ཁ་སྦྱོར་ནང་དུ་བྲུབ། །ཕོ་ཉ་མཆོད་རྟེན་རྟེན་གཏོར་དུ། །རི་རབ་བཤོས་བུ་སུམ་ཅུས་བསྐོར། །ཨ་མྲྀ་ཏ་དང་ཕུད་ཀྱིས་བྲན། །སྔགས་ལ་བ་ལིཾ་ཏ་ཁཱ་ཧི་ཞེས། །རྟགས་བྱུང་བསྔོ་ཞིང་གྲུབ་དུས་བཏང་། །ཡོངས་རྫོགས་བསྙེན་པའི་དྲག་སྔགས་ལ། །ཕོ་ཉའི་དྲག་སྔགས་འདི་བཏགས་བཟླས། །ཉུང་དཀར་ལྕགས་ཕྱེའི་ཐུན་ལ་བསྡིམ། །མ་ཧཱ་དེ་ཝ། ཨུ་མ་དེ་ཝ། ཡ་མ་རཱ་ཛ། ཡ་མ་དུན་ཏིང་། མ་མ་རུ་ལུ། ཨེ་ཀ་ཛ་


DNG015_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

ཏཱི། དུ་ཕྲག །དུན་ཏིང་། རཱ་ཛ་གིང་ཀ་ར། བཛྲ་སཱ་དྷུ་ཏྲི། རཱ་ཧཱུ་ལ། རཀྴ། ར་ར། ཡཀྵ། ཡག་མོ། མ་ཧཱ་ཀཱ་ལ། རཱུ་དྲ། མུན་མུན། ཏིརྟི་ཀ །དེ་བ། ཨ་སེ་ལ། ཏིཀྵྞ་འདྲེ་རུམ། ཨ་བྷི་ཤུ། ཏྲི་པ་ཤ་ལི། ཧཾ་ཤཾ་ཏྲི། བྱི་ནཱ་ཡ་ཀ །དྷ་ཀི་ནི་ནཾ། ནག་པོ་ཏི་པ་ཙ། ནཱ་ག །ཀྲོ་དྷི་ཤྭ་རཱི་ཕུཿ། སརྦ་དུཥྚཱཾ་ཧྲཱིཾ་ཧྲཱིཾ། ཛཿཛཿ། ཉམས་རྟགས་རྟ་པ་མི་རེངས་སོགས། །དམག་ཁྲོམ་འདུ་ན་སྤུ་གྲི་གདགས། །སྡེ་དཔོན་རེ་རེའི་སྔགས་གཞུག་ཏུ། །དགྲ་བོའི་སྲོག་ལ་བྷྱོཿནྲྀ་མཱ་ར་ཡ་རྦད། བདག་ཉིད་ཡོངས་རྫོགས་ལྷར་གསལ་ནས། །སྡེ་དཔོན་རང་རང་ཆ་ལུགས་ཅན། །རབ་འཇིགས་ལག་ཆ་སྣ་ཚོགས་ཐོགས། །དགྲ་བོ་འགུགས་གསོད་ཤ་ཁྲག་རོལ། །གྲོག་ཚང་འབུས་སྙིགས་ལྟ་བུར་བསམ། །དུས་དྲུག་ཐུན་བྲབ་བརྣག་པ་བསྐྱེད། །སྐབས་སུ་མཆོད་ཅིང་ལས་ལ་རྦད། །དེ་ཡི་ཉམས་རྟགས་ཕོ་ཉ་ཡིས། །དགྲ་བོ་དངོས་ཁྲིད་གསོད་འཛིན་དང་། །བྲག་གཤག་ཤིང་གཅོད་སྙིང་སྟོན་འབྱུང་། །དེ་ཚེ་དབུས་ཀྱི་ལིངྒ་དབྱུང་། །ཕུར་པ་གདབ་ཅིང་བསྲེག་མནན་འཕང་། །དེ་ཡིས་བསྟན་པའི་རུ་དྲ་སྒྲོལ། །གཏོར་ཚོགས་མདོས་ཀྱི་གཏང་རག་གཏང་། །རྟག་ཏུ་མཆོད་ན་ཕྱི་བཞིན་འབྲང་། །དེ་ཕྱིར་དྲེགས་པའི་བདག་པོར་འགྱུར། །ཞི་ཁྲོ་བཀའ་བརྒྱད་ཐམས་ཅད་ཀྱི། །ཕོ་ཉ་ཡོངས་རྫོགས་འདི་ཉིད་དོ། །ཞེས་བཀའ་སྩལ་ཏོ། །དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོ་ལས། དམ་ཅན་ཕོ་ཉ་ཡོངས་རྫོགས་ཀྱི་ལེའུ་སྟེ་སོ་གཅིག་པའོ།། །།དེ་ནས་ཡང་འདུས་པའི་འཁོར་རྣམས་ཀྱིས་མགྲིན་གཅིག་ཏུ་སྟོན་པ་ཀུན་ཏུ་བཟང་པོ་དཔལ་ཆེ་མཆོག་ཧེ་རུ་ཀ་ལ་གསོལ་པ། ཀྱེ་ཀྱེ་ཀྱེ། ཐམས་ཅད་སྟོན་པ་ཀུན་ཏུ་བཟང་། །ཐུགས་རྗེ་ཆེ་མཆོག་ཧེ་རུ་ཀ །སྒྲུབ་པའི་ཡོ་བྱད་ཕུན་ཚོགས་ཕྱིར། །འདོད་ཡོན་ནོར་སྒྲུབ་ཡོངས་རྫོགས་གང་། །དེ་སྐད་གསོལ་པས་བཀའ་སྩལ་པ། །དེད་དཔོན་ནོར་བདག་གནོད་སྦྱིན་ཡིན། །གནོད་སྦྱིན་བྱེ་བྲག་བསམ་ཡས་ཀྱང་། །ཉེར་བསྡུས་ཕོ་དགུ་མོ་དགུ་ཡིན། །གཙོ་བོ་ཛམ་ལ་གཅིག་པུར་འདུས། །བསྒྲུབ་ལུགས་སྤྱི་ཆིངས་སྙིང་ཁོལ་ལས། །སྤྱི་ཆིངས་


DNG015_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་སྦྱིན་སྲོག་འཁོར་ཏེ། །མཐིང་ཤོག་དག་ལ་རཏྣ་ལྔས། །པད་འཁོར་སྦྲག་མ་འདབ་བརྒྱད་བྲི། །མུ་ཁྱུད་ལྔས་བསྐོར་ལྟེ་དབུས་སུ། །ཧཱུཾ་ཛཾ་བ་ཤཾ་ཧྲཱིཾ། སྔགས་འཆང་ཆེ་གེ་མོ་ལ་པུ་ཎྱ་སརྦ་སིདྡྷི་སྡུས། དེའི་ཕྱི་ལྟེ་བའི་མུ་ཁྱུད་བར། །ཛཾ་དགུ་བཾ་དགུ་སྤེལ་མར་བསྐོར། །ཙཀྲ་རྩིབས་ཀྱི་ནང་བརྒྱད་དུ། །ཨོཾ་ཛམྦྷ་ལ་ཛ་ལེནྡྲཱ་ཡ་སྭཱ་ཧཱ།རྩིབས་མཆན་པདྨ་འདབ་བརྒྱད་ལ། །ཨོཾ་བ་སུ་དྷཱ་རི་ཎཱི་སྭཱ་ཧཱ། མུ་ཁྱུད་ནང་མ་ཡཀྵ་བརྒྱད། །སིདྡྷི་ཧཱུཾ་དང་སྤེལ་བར་བྲི། །དེ་ཡི་ཕྱི་རིམ་ལས་མཁན་སྲོག་སྔགས་བྲི། །ཨོཾ་ཏྲིའུ་ཏྲིའུ་མྱུར་ཤོག་ཡ་ཏྲི་དྲུང་དྲུང་ཏྲི་ཨཱ་ཡུཿཔུཎྱ་སིདྡྷི་ས་མ་ཡ་ཧཱུཾ་ཨཱཿ།དེའི་ཕྱི་རིན་ཆེན་ཟུར་བརྒྱད་བྲི། །དེའི་ཕྱི་ལྕགས་ཀྱུ་ཁ་སྤྲད་བརྒྱད། །བར་དུ་འདོད་དོན་མིང་སྤེལ་བྲི། །ལེགས་བྲིས་གུར་གུམ་དྲི་བཟངས་བྱུག །ཨ་རུ་རྨ་མེད་གསེར་མདོག་ལ། །གསེར་གྱི་ཛཾ་བཾ་ཏྲི་བྲིས་ཏེ། །དེ་ཉིད་འཁོར་ལོའི་དབུས་སུ་ནི། །དར་ལྔས་གྲིལ་ཏེ་དཀར་གསུམ་དང་། །མངར་གསུམ་འབྲུ་སྣ་ལྔར་བཅས་པ། །ཟངས་མའི་གའུ་འཚམས་པོར་གཞུག །ཡོངས་རྫོགས་རྩ་བའི་སྙིང་པོ་ལས། །ཨོཾ་ཛཾ་བྷ་ལ་ཛ་ལེནྡྲཱ་ཡ་སྭཱ་ཧཱ། ཨོཾ་བ་སུ་དྷཱ་རི་ཎཱི་སྭཱ་ཧཱ། སརྦ་སིདྡྷི་ཧཱུཾ་ཨཿ། དེ་བཏགས་སྟོང་བཟླས་རབ་གནས་བྱ། །དེ་ཉིད་བཅངས་པས་གནོད་སྦྱིན་རྣམས། །འདུས་ནས་ནོར་གྱི་ཆར་པ་འབེབས། །དེ་ནས་གནོད་སྦྱིན་ཐམས་ཅད་ཀྱི། །ནོར་གྱི་ལས་མཁན་སྙིང་ཁོལ་བསྒྲུབ། །གཡའ་མཚམས་དབེན་པར་མཎྜལ་གྲུ་བཞི་ཡི། །སྟེང་དུ་སྲིན་བྱའི་ཤས་བརྒྱན་པའི། །རྟག་གཏོར་གཅིག་བཤམས་རས་དཀར་ལ། །བྱིས་པའི་གཟུགས་ལེགས་རྒྱན་ཅན་བྲི། །མདའ་བཟང་བྱ་རྒོད་གཅིག་ལ་གདགས། །གཞན་ཡང་རས་དཀར་གཙང་མའི་ནང་། །ཕ་ཝང་ལོང་བུ་ཤེལ་བྱི་རུ། །གསེར་སྦྲམ་དྲིལ་ཏེ་རྟེན་དུ་གཟུག །རང་ཉིད་ལྷར་གསལ་ཞག་གསུམ་དུ། །སྲོག་གི་སྙིང་པོ་འདིས་དགུག་བྱ། །ཨོཾ་ཏྲིའུ་ཏྲིའུ་མྱུར་ཤོག །ཡ་ཏི་དྲུང་དྲུང་ཏྲི། མི་ཚིག་སྤངས་ཏེ་བཟླས་བརྩོན་ན། །དང་པོ་ལྟས་འཁྲུགས་དེ་རྗེས་དགའ། །ཐ་མ་བྱིས་པ་མང་པོ་འཁོར། །དེ་ཚེ་


DNG015_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་འགུགས་ཤམ་བུ་གདགས། །སིདྡྷི་སིདྡྷི་ས་ཝ་ཡ་ཧཱུཾ། དངོས་སུ་ཅི་འདོད་ནོར་རྣམས་སྟེར། །མིག་མཐོང་འདོད་ན་སྔགས་འདི་བཟླས། །ཙཀྵུ་ཙཀྵུ་ཕྱེ་སྭཱ་ཧཱ། དེ་ཡིས་མངོན་ཤེས་འཇིག་རྟེན་སྟོན། །དབང་བསོད་འདོད་ན་སྔགས་འདི་གདགས། །སརྦ་བ་ཤཾ་ཀུ་རུ་སྭཱ་ཧཱ། དེ་ཡང་སྤགས་སྒྲུབ་འདི་ཁོ་ན། །རྒྱུན་ཏུ་བསྒྲུབས་པས་བསམ་ཚད་འགྲུབ། །སིདྡྷི་ཙཀྵུ་བ་ཤཾ་ཀུ་རུ་ས་མ་ཡ་སྭཱ་ཧཱ། དངོས་གྲུབ་མྱུར་འབྱུང་རྒྱུན་དུ་བཟླས། །ཞག་གསུམ་རྗེས་ལ་ཟས་གཏོར་སྦྱིན། །གཏེར་རྙེད་འབྲུ་ཆར་འབབ་པ་དང་། །བྱིས་པ་ཕྱག་འཚལ་ལོ་ཐོག་བརྔའ། །བཟང་རྟགས་དེ་ཡིན་ཁོ་ཁྲོས་ན། །མི་ནག་མཛེ་ཕོ་རྩོད་རྒོལ་ཅིང་། །རྒྱན་གཏོར་སྤྲང་པོ་ནོར་འདོད་འོང་། །དགོངས་པ་བསད་ཅིང་ཉམས་པ་བཤགས། །གཏོར་མ་གཏང་ཞིང་དབང་དུ་བསྡུ། །ཚེ་དབང་བུ་ནོར་བདག་པོར་འགྱུར། །ཞེས་བཀའ་སྩལ་ཏོ། །དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོ་ལས། གནོད་སྦྱིན་ཡོངས་རྫོགས་ནོར་སྒྲུབ་ཀྱི་ལེའུ་སྟེ་སོ་གཉིས་པའོ།། །།དེ་ནས་ཡང་འདུས་པའི་འཁོར་རྣམས་ཀྱིས་མགྲིན་གཅིག་ཏུ་སྟོན་པ་ཀུན་ཏུ་བཟང་པོ་དཔལ་ཆེ་མཆོག་ཧེ་རུ་ཀ་ལ་གསོལ་པ། ཀྱེ་ཀྱེ་ཀྱེ། ཐམས་ཅད་སྟོན་པ་ཀུན་ཏུ་བཟང་། །ཐུགས་རྗེ་ཆེ་མཆོག་ཧེ་རུ་ཀ །ལས་ཅན་ཀུན་ལ་ཕན་བྱའི་ཕྱིར། །ཐུན་མོང་ཁ་སྐོང་རིམ་པ་གང་། །དེ་སྐད་གསོལ་པས་བཀའ་སྩལ་པ། །ཐུན་མོང་ལས་རིམ་བསམ་ཡས་ཀྱང་། །ཁ་སྐོང་ལས་རིམ་མདོར་བསྟན་བཤད། །བསོད་ནམས་ཚོགས་གསོག་ཡོངས་རྫོགས་ཐབས། །མཆོད་དང་ཆུ་སྦྱིན་ཆུ་གཏོར་དང་། །ལྷ་ཁྲུས་མཎྜལ་གསོལ་འདེབས་བྱ། །གཏོར་མ་ཆུ་སྦྱིན་བཟའ་ཚོགས་བཟའ། །འགྲོ་འཆག་ཉལ་འདུག་རྟེན་ལ་བསྐོར། །ཉམས་པ་གསོ་ཞིང་ཚ་ཚ་གདབ། །སྐྱབས་ཆོས་ཟང་ཟིང་གསུམ་སྦྱིན་ཞིང་། །ནད་གདོན་བར་གཅོད་གཏོར་མས་བཟློག །འགྲོ་བའི་ཟས་སྐྱེད་ཆར་རྒྱུན་དབབ། །དཀོན་མཆོག་སྐུ་གསུམ་རྩ་གསུམ་ལ། །སྐྱབས་འགྲོ་བྱང་ཆུབ་སེམས་གཉིས་བསྐྱེད། །མཆོད་ཕྱིར་


DNG015_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

མཎྜལ་རྟེན་གསུམ་དགོད། །མཆོད་བཤམ་མཚམས་བཅད་བྱིན་གྱིས་བརླབ། །དངོས་ནི་ཡུལ་བསྐྱེད་ཡེ་ཤེས་བསྡིམ། །བཞུགས་གསོལ་ཕྱག་སོགས་རིམ་གྱིས་མཆོད། །འཇིག་རྟེན་ལྷ་རྫས་ཇི་སྙེད་སོགས། །ཀུན་བཟང་བློས་སྤྲུལ་དག་པས་མཉེས། །སྒྲིབ་བྱང་དངོས་གྲུབ་གནང་བསམ་བསྟོད། །བཤགས་དང་ཆོས་འཁོར་ཡི་རང་བསྐུལ། །བཞུགས་གསོལ་དམ་བཅའ་བསྔོ་ཞིང་སྨོན། །དོན་བསྐུལ་བསྐང་བཤགས་བཟོད་པར་གསོལ། །བཀྲ་ཤིས་སྨོན་ལམ་བཅས་པ་དང་། །གཤེགས་བསྡུ་དམིགས་མེད་རྒྱས་གདབ་བྱ། །ཚོགས་རྫོགས་བྱང་ཆུབ་ཉེ་བའི་རྒྱུ། །དེ་དག་སྔགས་རིམ་འདི་དག་སྟེ། །ཨོཾ་སརྦ་དྷརྨཱཿསྭ་བྷཱ་ཝ་བི་ཤུད་དྷོ྅ཧཾ། ཨོཾ་བཛྲ་ཡཀྴ་ཧཱུཾ། ཡཀྵ་རཀྵ་ཧཱུཾ་ཧཱུཾ། ཨོཾ་ཨཱཿཧཱུཾ། བཛྲ་པུཥ྇་ཧཱུཾ། བཛྲ་དྷཱུ་པེ་ཧཱུཾ། བཛྲ་ཨཱ་ལོ་ཀེ་ཧཱུཾ། བཛྲ་གནྡྷེ་ཧཱུཾ། བཛྲ་ནེ་བི་དྱཻ་ཧཱུཾ། བཛྲ་ཨཱ་ཧ་ར་ཧཱུཾ། ཞེས་བྱུང་། བཛྲ་ཤཔྟ་ཧཱུཾ། ཨོཾ་བྷྲཱུཾ་པདྨ་ཀ་མ་ལ་ཡ་མཎྜ་ལ་ཧཱུཾ། ཨོཾ་ན་མོ་བུཌྜྷ་ཡ། ན་མོ་དྷརྨཱ་ཡ། ན་མཿསངྒྷཱ་ཡ་ཧཱུཾ། ཨེ་ཧྱེ་ཧི་བྷ་ག་ཝཱན། ཛཿཧཱུཾ་བཾ་ཧོཿ། ས་མ་ཡ་སྟྭཾ། ཨོཾ་སརྦ་ཏ་ཐཱ་ག་ཏ། པྲ་བ་ར་སཏྐ་ར་པྲ་ཏཱིཙྪ་སྭཱ་ཧཱ། ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཧཱུཾ། སྔགས་ལ་རྐྱེན་སྦྱར་དབྱངས་རིམ་པས་མཆོད། བཛྲ་མུ། མཆོད་སྦྱིན་གཏོར་མའི་རིམ་པ་ནི། །གནས་གཙང་མཆོད་གཏོར་ཆ་གསུམ་བཤམ། །སྦྱང་སྤེལ་བསྐྱུར་ཐོབ་བྱིན་གྱིས་བརླབ། །ཞེ་སྡང་རྡོ་རྗེས་བསྐྲད་བསྡུ་བྱ། །དང་པོ་གཙང་རིགས་བདུན་ཅུ་གཉིས། །བསྐྱེད་འགུགས་རང་སྔགས་ཕྱག་རྒྱ་ཡིས། །དབབ་ཅིང་སྤྱན་དྲང་མཆོད་བསྟོད་བྱ། །དངོས་གྲུབ་བླང་ཞིང་ལས་ལ་བསྐུལ། །ཨོཾ་ཨཱཿཧཱུཾ་བྷྲཱུཾ། ཨོཾ་པྲེ་ཏ་ཡཀྴ་ཨ་ས་པ་ཨི་ཨ་ཡ་བ་ཡ་ག །བི་ནཱ་ཡ་ཀ་སྭཱ་ཧཱ། དེ་དེ་དེ། དེ་དེ་དེ་དེ་དེ། ཕུཿཕུཿཕུཿཕུཿཕུཿཕུཿཕུཿཕུཿ། རཱ་རཱ་རཱ་རཱ་རཱ་རཱ་རཱ་རཱ། ཡ་ཡ་ཡ་ཡ་ཡ་ཡ་ཡ་ཡ། སྔགས་ལ་རྐྱེན་སྦྱར་དང་པོས་མཆོད། །བར་བར་རྒྱུད་ལྔ་རིགས་དྲུག་སྤྱི། །སྔགས་དང་ཕྱག་རྒྱས་སྤྱན་དྲང་མཆོད། །ཨ་ནྲྀ་སུ་ཏྲི་པྲེ་དུ་བཛྲ་ཨཱ་གཙྪ་ཧཱུཾ་ཧཱུཾ་ཛཿཛཿ། སྔགས་


DNG015_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཚིག་སྦྱར་བར་དུ་མཆོད། །ཐ་མ་སྟོང་ཕྲག་བརྒྱད་བཅུའི་བགེགས། །ཆགས་འཇལ་ཤ་འཁོན་སྦྱོང་རྫས་བརླབས། །དེ་ཝ་ནཱ་ག །ཡཀྵ། གནྡྷརྦ། བྷཱུ་ཏ་ཏ་ནི་རི་ཏི། ག་རུ་ཌ། ཀིནྣ་ར། མ་ཧོ་ར་ག །པྲེ་ཏ་ཀ །མ་ནུ་ཥྱ། ཨ་མ་ནུ་ཥྱ། ས་པཱ་རི་ཝཱ་རེ་བྷྱཿསྭཱ་ཧཱ། སྔགས་བརྒྱ་ཚིག་གིས་སྤྱན་དྲང་མཆོད། །ཆོས་བཤད་བདེན་བདར་བཀའ་བསྒོ་ཞིང་། །བསྐྲད་བསྲུང་དེ་ཡི་ཐོབ་ཚུལ་ལོ། །ཆུ་ཡི་གཏོར་མས་མཆོད་པའི་ཐབས། །གང་ཟག་གནས་དུས་ཡུལ་རྒྱུ་རྐྱེན། །རཏྣའི་སྣོད་བཞིར་ཆུ་གཙང་སྦྱར། །ལྔ་ཚན་ལྔ་རྫས་མེ་ཏོག་གདབ། །སྐད་ཅིག་ལྷར་བསྐྱེད་ལུས་བསྲུང་བྱ། །བདུན་པོ་ཚངས་པའི་གནས་བཞི་བསྒོམ། །བྷྲཱུཾ་ལས་གནས་བསྐྱེད་དེ་དབུས་སུ། །སྟོང་ཉིད་ས་བོན་ཕྱག་མཚན་ལས། །སྔགས་བརྗོད་ཏིང་འཛིན་དམ་ཚིག་བསྐྱེད། །ཡེ་ཤེས་མདུན་དགུག་མཆོད་བསྟོད་བསྙེན། །པད་སྡོང་འཁོར་ལོ་རིམ་བཞི་ལ། །སྲི་ཞུ་ཡོན་ཏན་སྙིང་རྗེ་ཆགས། །མགྲོན་བཞི་དགུག་ལ་གྲལ་རིམས་དགོད། །སྔགས་རྒྱས་སྦྱང་སྤེལ་མོས་པར་བསྒྱུར། །སྤྱོད་དབང་ཐོབ་མཉེས་དབང་དུ་བསྡུ། །ལས་བཅོལ་མིང་གི་བསྔོ་བ་བྱ། །དོན་བརྗོད་བདེན་བདར་ཆོས་གསུམ་སྦྱིན། །འཕགས་ཚོགས་གཤེགས་གསོལ་མགྲོན་གསུམ་དགྱེས། །དེ་རྗེས་སྣང་སྲིད་འཁོར་འདས་ཆོས། །བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་ལ། །བཟང་ངན་རྟོག་ཚོགས་མཆོད་རྫས་སྤྲས། །འཛིན་བྲལ་གཏོར་ཆེན་ཡོངས་ལ་ཁྱབ། །ཆོས་དབྱིངས་སྐྱེ་མེད་རང་རྒྱས་གདབ། །དེ་དག་སྔགས་རིམ་འདི་ལྟ་སྟེ། །ཨོཾ་སྭ་བྷཱ་ཝ་བི་ཤུདྡྷེ། སརྦ་དྷརྨཱཿསྭ་བྷཱ་ཝ་བི་ཤུདྡྷོ྅ཧཾ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ། བི་ཤྭ་མུ་ཁེ་བྷྱཿསརྦ་ཏརྔྷེ་ཨུཏྒ་ཏེ་ཧི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ། ཨོཾ་སམྦྷ་ར་སམྦྷ་ར་ཧཱུཾ། ཨོཾ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ། ན་མཿས་མནྟ་སྤ་ར་ཎ། རསྨི་བྷ་བ་ས་མ་ཡ་མ་ཧཱ་མ་ཎི། དུ་རུ་དུ་རུ་ཧྲྀ་ད་ཡ། ཛ་ལ་ནི་ཧཱུཾ་ཕཊ། ན་མཿས་མནྟ་བུཌྜྷ་ནཱཾ། གྲ་ཧེ་ཤྭ་རི་པྲ་བྷཉྫ་ཏི། མ་ཧཱ་ས་མ་ཡ་སྭཱ་ཧཱ། སྔགས་


DNG015_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཚིག་དང་ཕྱག་རྒྱས་བརྒྱན། །བྱང་ཆུབ་སེམས་ཆེན་སྤྱོད་ལམ་བྱ། །གཉིས་རྫོགས་བྱང་ཆུབ་འགྲུབ་པའི་རྒྱུའོ། །རྣལ་འབྱོར་ལྡང་ཚེ་རིམ་པ་གསུམ། །ལུས་ལྷ་ངག་སྔགས་སེམས་ཉིད་ནི། །སྤྲོས་བྲལ་སྣང་སྲིད་སྨིག་རྒྱུར་བལྟ། །ཁྲུས་གསུམ་ཆུ་གཙང་དྲི་ཆུ་དང་། །སེམས་ཉིད་དག་བྱ་ཁོ་ན་ཡིན། །མཎྜལ་ཕྱི་ནང་གསང་བ་སྟེ། །རིན་ཆེན་མཎྜལ་དྲི་གཙང་བྱུག །མེ་ཏོག་རི་རབ་གླིང་བཅས་དགྲམ། །རིན་ཆེན་བདུན་གཏེར་ཉི་ཟླས་བརྒྱན། །ཡང་ན་ཞིང་ཆེན་ཁྲག་བྱུགས་ལ། །དབང་པོ་རྣམ་ལྔའི་ཚོམ་བུ་དགྲམ། །ནང་གི་མཆོད་སྤྲིན་གཏིབས་ལ་དབུལ། །མཐའ་བྲལ་རང་སེམས་རྟོག་ཚོགས་དགྲམ། །རྣམ་དག་རང་གྲོལ་གསང་མཆོད་དབུལ། །གསོལ་འདེབས་གསུམ་གྱིས་ཉམས་སྤེལ་བ། །སྤྱི་གཙུག་བླ་མ་རྡོ་རྗེ་ཆོས། །རིག་འཛིན་ཚོགས་བསྐོར་བྱིན་ཆེན་ལ། །ལུས་ཀྱིས་ཕྱག་སྦྱར་ངག་དབྱངས་སུ། །འབྲུ་གསུམ་སྙིང་པོས་གསོལ་བ་གདབ། །རང་རིག་བླ་མ་ཆོས་སྐུར་བསྐྱང་། །རྒྱུན་གཏོར་གཙང་མ་ཅི་འབྱོར་ལ། །འབྲུ་གསུམ་སྔགས་ཀྱིས་སྤེལ་སྦྱངས་བསྒྱུར། །ཕྱི་ལྟར་ལྷ་རྫས་ནང་འདོད་ཡོན། །གསང་བ་འཁོར་འདས་ཞེན་རྟོག་བྲལ། །རྩ་བ་གསུམ་སྩོགས་སྲི་ཞུའི་མགྲོན། །ཡོན་ཏན་སྙིང་རྗེ་ལན་ཆགས་མཆོད། །ཆོས་སྦྱིན་དམིགས་མེད་རྒྱས་གདབ་བྱ། །ཆུ་སྦྱིན་བུམ་ནང་ཆུ་ཨར་བསམ། །འབྲུ་གསུམ་ཉེར་གཅིག་བརྗོད་སྦྲེངས་པས། །བདུད་རྩིས་ཡི་དྭགས་ཀུན་ཚིམ་བསམ། །གཏོར་བས་རིགས་དྲུག་སྡུག་བསྔལ་གྲོལ། །བཟའ་ཚོགས་རང་ཉིད་ལྷར་གསལ་གདབ། །གནས་གསུམ་འབྲུ་གསུམ་རྩ་གསུམ་དངོས། །འོད་ཀྱིས་བག་ཆགས་སྦྱང་སྤེལ་བསྒྱུར། །བདག་མཆོད་ཀུན་མཉེས་ཚོགས་འཁོར་ཆེ། །འགྲོ་ན་ཡེ་ཤེས་མཁའ་ལ་འགྲོ། །འཆག་ཚད་བདུད་རྩིར་བྱིན་བརླབ་སྦྱིན། །ཉལ་ཚད་མི་རྟོག་ཆོས་དབྱིངས་ཉལ། །འདུག་ཚད་རྣལ་འབྱོར་གསུམ་ལྡན་འདུག །བསྐོར་བ་ཡོངས་རྫོགས་རྟེན་མཆོག་ལ། །འགྲོ་ཀུན་འཁོར་རྒྱུན་གཅད་ཕྱིར་བསྐོར། །ཡེ་ཤེས་འཁོར་ལོ་རྒྱུན་མི་འཆད། །


DNG015_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

ཉམ་གསོ་མཚན་དོན་ཕྱག་འཚལ་ཞིང་། །ཡི་གེ་གསུམ་གྱི་འཕྲོ་འདུ་བྱ། །རྣམ་དག་ཡེ་ཤེས་ཉི་མས་སྦྱངས། །ཚ་ཚ་ཕྱི་ལྟར་འབྱུང་བ་དང་། །ནང་ཟས་གསང་བར་སེམས་ལ་གདབ། །སྐྱབས་སྦྱིན་ཉེན་འཇིགས་ཀུན་ལ་བསྐྱབ། །ཆོས་སྦྱིན་གདུལ་བྱའི་བློ་མཐུན་བཤད། །ཟང་ཟིང་སྡུག་ཕོངས་རེ་བ་བསྐང་། །ནད་གདོན་ཀུན་གྱི་གཉེན་པོར་ནི། །སྐུ་གསུང་ཐུགས་ཀྱི་སྙིང་པོས་གཞོམ། །ཨོཾ་གྱིས་ཕོ་གདོན་མཁྲིས་ཚད་འཇོམས། །ཨཱཿཡིས་མོ་གདོན་གྲང་བད་སེལ། །ཧཱུཾ་གིས་ཀླུ་གདོན་རླུང་འདུས་སེལ། །བར་ཆོད་ཀུན་སེལ་གཏོར་བཟློག་ནི། །དཀྱིལ་འཁོར་ཁྲག་བྱུག་ཨེ་ཁྲམ་སྟེང་། །གཏོར་ཆེན་ཁྲག་ཟོར་རྩང་བཅས་དགུ། །རྩེ་ལ་སྟོབས་ཆེན་བརྒྱད་སྤྲུལ་གཟུགས། །སྦྱོར་དངོས་ལས་ཀྱིས་གཞུང་བསྲངས་ལ། །དཔལ་དགུའི་སྙིང་པོ་ཤམ་བུར་བཅས། །སོ་ལྔའི་དྲག་སྔགས་ཕུར་བཙུག་བཟླ། །སྤྱི་དང་སྒོས་བསྐུལ་བྷྱོ་བཟློག་བཅས། །ཕུར་ཐུན་ཚོམ་བུ་བསྐུལ་ཅིང་བཟློག །དུས་མིན་འཆི་དང་ཟོར་ལྟས་ལྟས་ངན་ཡང་བཟློག །ལོ་ཏོག་སྨིན་ཅིང་རྫོགས་བྱེད་པ། །ཆར་པ་འབེབས་ན་ཀླུ་ཡོད་སར། །མཎྜལ་ལེགས་བྱས་ཀླུ་མཆོད་བྱ། །རྗེས་སུ་ཀླུ་སྨན་བག་ཕྱི་སྦྱར། །རིལ་བུ་སྒོར་འདྲ་ཟངས་གཞོང་གང་། །རིལ་བུ་རེ་ལ་སྔགས་སྟོང་སྟོང་། །བཟླས་ཏེ་ཆུ་མིག་ཁྱབ་པར་གཞུག །ཨོཾ་ནཱ་ག་ཕུཿ། པྲ་ཏེ་པྲ་དེ་ཡང་བཛྲ་དུན་ཏེ། མི་ལི་མི་ལི་སྭཱ་ཧཱ། ཆར་ཕོབ་ཡ། ཨོཾ་ནཱ་ག་ཤུ་ལི་ནི་སྭཱ་ཧཱ། ཆར་ཕོབ། མང་དུ་བཟླས་པས་གདོན་མི་ཟ། །དཀར་ན་གཟིར་ཏེ་དབབ་པར་བྱ། །ཡོངས་སུ་རྫོགས་པའི་བསྙེན་ཕུར་ལ། །རྩ་སྔགས་ཤམ་བུར་འདི་བཅས་བཟླ། །ན་མོ་བུདྡྷཱ་ཡ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ནཱ་ག་དུ་ཙདྨཾ་ཙནྡྷེ། མི་ལི་མི་ལི། ནཱ་ག་དུ་ཧཱུཾ་ཕཊ། ཆར་ཕོབ་ཡ་བྷྱོ། ཁྲི་ཚོ་གཅིག་སྔགས་ཆུ་དམིགས་གཟིར། །ཆར་པ་ཆེན་པོ་གདོན་མི་ཟ། །ཞེས་བཀའ་སྩལ་ཏོ། །དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོ་ལས། ཡོངས་རྫོགས་ཐུན་མོང་ཁ་སྐོང་བའི་རིམ་པ་སྟེ་སོ་གསུམ་པའོ།། །།དེ་ནས་ཡང་འདུས་པའི་འཁོར་རྣམས་ཀྱིས་མགྲིན་གཅིག་ཏུ་སྟོན་པ་ཀུན་ཏུ་བཟང་པོ་དཔལ་ཆེ་མཆོག་ཧེ་རུ་ཀ་ལ་གསོལ་པ། ཀྱེ་ཀྱེ་ཀྱེ།


DNG015_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་སྟོན་པ་ཀུན་ཏུ་བཟང་། །ཐུགས་རྗེ་ཆེ་མཆོག་ཧེ་རུ་ཀ །ཐུན་མོང་ལས་ཁྱད་ལས་བརྒྱད་དང་། །སེར་བ་ཤྭ་དང་ཆར་ངན་གྱིས། །ལོ་ཐོག་མ་རུངས་བསྲུངས་ཐབས་གང་། །དེ་སྐད་གསོལ་པས་བཀའ་སྩལ་པ། །ཐུན་མོང་ཉིད་ལས་ཁྱད་པར་བརྒྱད། །རིག་བྱེད་སྐྱེ་བདུན་དེ་ཉིད་དང་། །གི་ཧང་གུར་གུམ་ཀི་ན་ར། །རྒྱ་ཚྭ་པི་ལིང་ཚེར་རྒོད་ཟྭ། །ག་པུར་དང་སྦྱར་སྔགས་འདིས་བསྡིམ། །ཨོཾ་ཨཱཿཧཱུཾ། སརྦ་སིདྡྷི་སཾ་གྲ་ཡང་སངྒྷ་ཧཱུཾ། ཁྲི་བཟླས་རི་ལུས་ལས་ཀུན་བྱེད། །རྒྱལ་རིགས་སྐྱེ་བདུན་སྙིང་རྐང་མར། །ར་མོ་ཤགས་ཀྱིས་ཡང་བཅུད་སྦྱོར། །ཨོཾ་ཨོཾ་ཨོཾ་ཡང་ཨོཾ་ཨཱཾ་ཨཱ་ཏུཏྟཱ་རེ་སྭཱ་ཧཱ། འབུམ་བཟླས་ཟོས་ན་མཁའ་ལ་འཕུར། །རྗེ་རིགས་དེ་ཉིད་རྟ་ཤར་སྦྱར། །བྱ་རྒོད་ཚིལ་ལ་གསང་སྔགས་ཁྲི། །ཨོཾ་ཨཱཿཧཱུཾ། གྲྀཌྜྷ་མུ་ཏ་རྦད་ཡཾ། རྐང་མཐིལ་བྱུགས་པས་ས་རྣམས་གཅོད། །ཉ་ཕྱིས་རྒྱ་སྤོས་རུས་སྦལ་སྙིང་། །སྦྲུལ་མགོ་ཐོག་ལྕགས་བཅུད་ལ་སྦྱར། །ཨོཾ་ཨཱཿཧཱུཾ་བག་ཤི་ཏ་ཀི་ལ་དྷ་ར་ཡ། འབུམ་བརྗོད་ལོངས་སྤྱོད་གཏེར་རྣམས་རྙེད། །འདྲེ་མཐོང་ཀུ་ཀུ་དཀར་མོའི་སྙིང་། །འུག་སྲིན་མིག་སྦྱར་ཁྱེའུ་སྐྱེས་ཞོས། །ལེགས་སྦྱངས་སྔགས་འདིས་མིག་ལ་བྱུག །ཨོཾ་ཨཱཿཧཱུཾ། ཨུ་ལཱུ་ཙཀྵུ་ཛྙཱ་ན་ཐོལ། ཁྲི་སྟོང་གིས་བསྒྲུབ་མངོན་ཤེས་འཆར། །ལྟིང་ཡང་ལྡིང་ནག་ཁྱི་སྙིང་སོག་ཐིལ་དང་། །ཁྭ་ཏའི་སྒྲོ་དང་ཡུངས་སུར་ཡང་ཀར་སྦྱར། །ཨོཾ་ཨཱཿཧཱུཾ། མུཾ་ཁྲཾ་མུཾ་ཁྲིལ་ཧྲལ་ཤུ་ཡང་ཧི་ཤུ། བདུན་འབུམ་གྱིས་བསྒྲུབ་གསེར་དུ་དྲིལ། །ལྕེ་རྩར་བཅངས་ན་སྒྲིབ་ཤིང་ཆེ། །ཐར་ནུ་ལྕགས་ཕྱི་སེར་ཚུར་དང་། །སྦྱར་རྩའི་དངུལ་ཆུ་མུ་ཟིར་སྦྱར། །ཨོཾ་ཨཱཿཧཱུཾ། སོ་ན་ར་ག་སརྦ་ལེ། སྟོང་ཚོ་གསུམ་གྱིས་བསྒྲུབ་སྟེ་བསྲེག །ལྕགས་སམ་ཟངས་ཉིད་གསེར་དུ་འགྱུར། །ཀུ་ཀུ་དཀར་མོ་སྣ་དམར་ལ། །ཁྱི་གུ་དེ་འདྲ་སྐྱེས་པའི་ཞོ། །རྡོ་རིགས་གསུམ་དང་མཚེ་ཆུ་དང་། །ཅོང་ཞི་བྲག་ཞུན་ར་ཤག་བཅུད། །སྙོམས་སྦྱར་གསེར་གྱི་བུམ་པར་བསྒྲུབ། །ཨོཾ་ཨཱཿཧཱུཾ་ཨ་མི་དེ་ཝ་བཛྲ་ཨཱ་ཡུ་ཥེ་ཧཱུཾ་བྷྲཱུཾ། ཟླ་དྲུག་སྔགས་ཟོས་དྲུག་བརྒྱ་ཐུབ། །དེ་ལྟར་ལས་བརྒྱད་གང་བསྒྲུབས་ཀྱང་། །རྣལ་འབྱོར་རྡོ་རྗེ་སེམས་དཔར་བསྒོམ། །ཐབས་


DNG015_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རྫས་ལྡན་མ་ལུས་འགྲུབ། །སེར་བ་གང་བསྲུང་ཡུལ་དེ་ཡི། །ལྷ་སྲིན་ཡུལ་ལྷ་ཐམས་ཅད་ལ། །མཆོད་བསྟོད་ཕུད་གཏོར་གསོལ་ཁ་བྱ། །སེང་ལྡེང་ཕུར་པ་བཅུ་དག་ལ། །རྩ་སྔགས་བརྒྱ་བསྡིམ་ལས་སྔགས་ནི། །རེ་ལ་སྟོང་བསྡིམ་གུ་གུལ་བདུག །ཨཱོཾ་བཛྲ་དུན་ཏེ་མི་ལི་མི་ལི། ཕྱེ་ཤག་ཕྱེ་ཤག་སྭཱ་ཧཱ། མཐོ་བཅུ་ཕུར་པར་བཅས་ཏེ་དགྲམ། །རབ་གནས་བྱིན་བརླབ་མཆོད་པ་བྱ། །སེར་སྤྲིན་འདུས་ན་ཡོངས་རྫོགས་བསྒོམ། །སྔགས་བཟླས་ཕུས་གདབ་མཛུབ་རིས་བྱ། །སེར་བས་ཚུགས་པར་མི་འགྱུར་རོ། །ཆར་ངན་དང་ནི་གཞུང་ཆུ་ཡི། །གནོད་པ་སེལ་ན་སེང་ལྡེང་གིས། །ཕུར་པ་སོར་བརྒྱད་ལྔ་གསུམ་ལ། །རྩ་སྔགས་སྟོང་བསྙེན་ལས་སྔགས་འདི། །ཁྲིའམ་འབུམ་བསྡིམ་ཕྱོགས་སུ་བསྡིམ། །ན་མ་བྷུད་དྷཱ་ཡ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ནཱ་ག་དུ་ཙནྡྷེ། མི་ལི་མི་ལི། ནཱ་ག་ནི་སྭཱ་ཧཱ། ནཱ་ག་མ་ལ་ཤིག་པྲ་ཕྲག་ཡང་དུ། ནཱ་ག་མ་ལ་ཤིག་སྭཱ་ཧཱ། ཁ་ཆར་གཅོད་ཅིང་ཆུ་འགྱུར་བཟློག །ཤྭ་ལོག་བཟློག་ན་ཟངས་ལྕགས་ལ། །འབྲུག་ཕོ་འབྲུག་མོ་ཁ་སྦྱར་ལ། །སྔགས་གཞུག་གོང་བཞིན་བཟླས་བསྡིམས་ནས། །ཆུ་སྣར་སྦས་པས་ངེས་པར་བཟློག །ཅེས་བཀའ་སྩལ་ཏོ། །དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོ་ལས། ཁྱད་པར་གྱི་ལས་ཆེན་བརྒྱད་བསྒྲུབ་ཅིང་། ཤྭ་སེར་ཆུ་དམག་ཡོངས་རྫོགས་ཟློག་ཐབས་ཀྱི་ལེའུ་སྟེ་སོ་བཞི་པའོ།། །།དེ་ནས་ཡང་འདུས་པའི་འཁོར་རྣམས་ཀྱིས་མགྲིན་གཅིག་ཏུ་སྟོན་པ་ཀུན་ཏུ་བཟང་པོ་དཔལ་ཆེ་མཆོག་ཧེ་རུ་ཀ་ལ་གསོལ་པ། ཀྱེ་ཀྱེ་ཀྱེ། ཐམས་ཅད་སྟོན་པ་ཀུན་ཏུ་བཟང་། །ཐུགས་རྗེ་ཆེ་མཆོག་ཧེ་རུ་ཀ །ཚེ་འདས་རིགས་དྲུག་ནས་དྲང་ཕྱིར། །བདུན་ཚིགས་འདྲེན་པ་ཡོངས་རྫོགས་གང་། །དེ་སྐད་ཅེས་གསོལ་བཀའ་སྩལ་པ། །ཚེ་འདས་ངན་སོང་གནས་སྦྱང་ཕྱིར། །དཀྱིལ་འཁོར་མཆོད་རྫས་བུམ་པ་སྩོགས། །གསང་སྒྲུབ་ཆེན་པོའི་སྐབས་བཞིན་ཏེ། །དཀྱིལ་འཁོར་ལྷོ་ངོས་རིགས་དྲུག་གི། །མཎྜལ་དབང་སྟེགས་བཅས་པ་དང་། །ལྷ་བཤོས་གཏོར་མ་དྲུག་དྲུག་བཤམ། །རྟེན་ནམ་མཚན་བྱང་དྲི་རྟེན་


DNG015_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

དགོད། །བསྐྱེད་རྫོགས་གཞུང་བསྲང་འཛབ་རྫོགས་ནས། །ཚེ་འདས་དགུག་ཅིང་གཤེད་དང་དབྲལ། །རིགས་དྲུག་ལས་བྱང་གནས་ནས་དྲང་། །ཁྲུས་བྱ་ལན་ཆགས་གཏོར་མ་གཏང་། །མི་རྟག་ཆོས་བཤད་དབང་བསྐུར་བྱ། །འཁོར་བའི་འདྲེལ་བཅད་ལམ་ཡང་བསྟན། །རྒྱས་གདབ་དགེ་བའི་རྩ་བ་བསྔོ། །མཚན་བྱང་བསྲེགས་ལ་ཚ་ཚ་གདབ། །དཀྱིལ་འཁོར་བསྡུས་ལ་རྫོགས་རིམ་བསྒོམ། །ཞེས་བཀའ་སྩལ་ཏོ། །དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོ་ལས། བདུན་ཚིགས་འདྲེན་ཐབས་ཡོངས་རྫོགས་ཀྱི་ལེའུ་སྟེ་སོ་ལྔ་པའོ།། །།དེ་ནས་ཡང་འདུས་པའི་འཁོར་རྣམས་ཀྱིས་མགྲིན་གཅིག་ཏུ་སྟོན་པ་ཀུན་ཏུ་བཟང་པོ་དཔལ་ཆེ་མཆོག་ཧེ་རུ་ཀ་ལ་གསོལ་པ། ཀྱེ་ཀྱེ་ཀྱེ། ཐམས་ཅད་སྟོན་པ་ཀུན་ཏུ་བཟང་། །ཐུགས་རྗེ་ཆེ་མཆོག་ཧེ་རུ་ཀ །དཔྱང་ཆད་འབྱུང་འདུས་ཞིག་པའི་རོ། །བག་ཆགས་སྦྱང་ཕྱིར་བསྲེག་ཐབས་གང་། །དེ་སྐད་ཅེས་གསོལ་བཀའ་སྩལ་པ། །རོ་བསྲེག་སྦྱོང་གི་རིམ་པ་ནི། །ས་བདག་ཀླུ་གཉན་མེད་པའི་ཕྱོགས། །མཎྜལ་མདའ་གང་འདོམ་གང་བཤམ། །འདོམ་གང་ནང་དུ་དཀྱིལ་འཁོར་བཞེང་། །ཕྱི་ཟུར་གྲྭ་བཞིར་ཀ་བས་བཏེག །ཐོག་ཕུབ་སྟེང་དུ་བསྲེག་ཁང་ནི། །མདའ་གང་གྲུ་བཞི་གསེང་དུ་བྱ། །དེ་ནས་ཕྲིན་ལས་རྣམ་བཞི་ཡི། །ཐབ་ཁུང་སྟེང་ནང་གྲུ་གསུམ་ལ། །དེ་སྟེང་ཟླ་གམ་གྲུ་བཞི་ཟླུམ། །ཤིང་རྣམས་རིམ་པ་དེ་བཞིན་བརྩིག །དེ་ནས་རོ་དེ་ཁྲུས་བྱས་ལ། །དགུག་དང་གཤེད་དབྲལ་རིགས་དྲུག་དྲང་། །བསྲེག་ཁང་རོ་གཞུག་གདུགས་གསུམ་དབུབ། །ཟུར་བཞིར་འཕན་བཞི་ཕྱོགས་བཞིར་དར། །རོལ་མོའི་བྱེ་བྲག་ཀུན་གྱིས་མཆོད། །རོ་ཡི་སྙིང་གར་འཁོར་ལོ་ནི། །པདྨ་ཚོན་སྤེལ་བརྒྱ་ལྡན་ལ། །དབུས་སུ་ཡོངས་རྫོགས་རྩ་སྔགས་དྲི། །པད་འདབ་རྩིབས་ལ་ཡིག་བརྒྱ་དགོད། །འཁོར་ལོའི་ལྟེ་བར་གཟུངས་ཐག་གདགས། །ཏིང་འཛིན་སེམས་དཔའ་སུམ་བརྩེགས་བསྒོམ། །རྩ་སྔགས་ཡིག་བརྒྱར་བཅས་བཟླས་ཤིང་། །སྤྲོ་བསྡུ་སྒོ་གསུམ་སྒྲིབ་པ་སྦྱང་། །རོ་ཡི་སྙིང་ནང་འཁོར་


DNG015_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ནི། །དེ་བཞིན་བསྒོམས་ཏེ་ལྟེ་བ་ཡི། །དཔའ་བོ་རིགས་ལྔའི་འབྲུ་ལྔ་ལ། །མེ་ལྕེ་བརྒྱ་འབར་གཟུང་འཛིན་གྱི། །བག་ཆགས་རྟོག་སྒྲིབ་སྦྱང་བར་བསམ། །མེ་ཉིད་མེ་ལྷ་ཡོངས་རྫོགས་ཀྱི། །ལྷ་རུ་བསམས་ཏེ་མཆོད་པའི་ཚོགས། །ཕྱི་ནང་ཀུན་གྱིས་མཆོད་པ་བྱ། །མེ་སྤར་བསྲེག་རྫས་ཉུང་དཀར་དང་། །ཏིལ་དང་ཤུག་ཏི་ཞུན་མར་ལ། །རྩ་སྔགས་ཡིག་བརྒྱ་སྟོང་སྔགས་ཏེ། །ཨོཾ་སྭ་བྷཱ་ཝ་ཨགྣ་ཡེ། མ་མ་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། མ་མ་སརྦ་ཀརྨ་ཨཱ་ཝ་ར་ན་བི་ཤུདྡྷེ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། །དགང་བླུག་དག་གིས་རིམ་པར་མཆོད། །ལས་བཞི་རྫོགས་ནས་བསྡུ་བྱ་ཞིང་། །སྨོན་ལམ་གདབ་ཅིང་དགེ་བ་བསྔོ། །ཞེས་བཀའ་སྩལ་ཏོ། །དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོ་ལས། རོ་བསྲེག་གཉེན་པོ་ཡང་བསྙེན་པ་ཡོངས་རྫོགས་ཀྱི་ལེའུ་སྟེ་སོ་དྲུག་པའོ།། །།དེ་ནས་ཡང་འདུས་པའི་འཁོར་རྣམས་ཀྱིས་མགྲིན་གཅིག་ཏུ་སྟོན་པ་ཀུན་ཏུ་བཟང་པོ་དཔལ་ཆེ་མཆོག་ཧེ་རུ་ཀ་ལ་གསོལ་པ། ཀྱེ་ཀྱེ་ཀྱེ། ཐམས་ཅད་སྟོན་པ་ཀུན་ཏུ་བཟང་། །ཐུགས་རྗེ་ཆེ་མཆོག་ཧེ་རུ་ཀ །ཐབས་ལྡན་ཡུན་གྱི་རྟེན་གྱུར་པ། །ཚ་ཚ་གདབ་ཐབས་རིམ་པ་གང་། །ཞེས་གསོལ་སྟོན་པས་བཀའ་སྩལ་པ། །དེ་ནས་ཚ་ཚ་གདབ་པ་ནི། །སྦྱོར་དངོས་རྗེས་ཀྱི་ཆོ་གས་ཏེ། །སྦྱོར་བ་སྐྱབས་འགྲོ་སེམས་སྐྱེད་ནས། །དངོས་གཞི་ལྷ་ཡི་རྣལ་འབྱོར་པས། །སྨིན་པའི་ས་བརྐོས་སྤོས་ཆུས་སྦྱང་། །ཨོཾ་ཨ་ས་མེ། ཏྲི་ས་མེ། མ་ཧཱ་ས་མེ་སྭཱ་ཧཱ། འབི་འབི་སྣུམ་ལྡན་ཆོས་ཀྱི་སྐུ། །དྷརྨ་ཀཱ་ཡ་ཨཱ། བརྐོས་ཕོར་ཟུང་འཇུག་ལོངས་སྤྱོད་རྫོགས། །ཨོཾ་ཤོ་དྷ་ནི་སརྦ་པཱ་པཾ། བི་ཤོ་དྷ་ནེ། ཤུདྡྷེ་བི་ཤུདྡྷེ་སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤུདྡྷེ་སྭཱ་ཧཱ། དེ་ནས་རྩ་སྔགས་བརྗོད་ཅིང་གདབ། །ཚ་ཚ་སྤྲུལ་སྐུ་འགྲོ་དོན་མཛད། །ཨོཾ་ཀ་ནི་ཀཱ་ཡ་སྭཱ་ཧཱ། ཏིཥྛ་ལྷན་ཞེས་བཞུགས་སུ་གསོལ། །ཕྱི་ནི་གཞལ་ཡས་ནང་ཡོངས་རྫོགས། །ལྷ་ཚོགས་འགྲོ་བ་འདུལ་བར་བསམ། །འབྱུང་བཞི་གཞན་ལ་དེ་བཞིན་གདབ། །དེས་ནི་སྐུ་གསུམ་ལྷུན་གྲུབ་སྟེ། །མ་གྲུབ་བར་དུ་འཁོར་ལོ་བསྒྱུར། །ཆོས་


DNG015_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོང་རྒྱལ་ཆེན་ཉིད་དུ་འགྱུར། །ཞི་རྒྱས་དབང་དྲག་ལས་བསྒྲུབ་ན། །ཞི་བའི་བརྐོས་ཕོར་ཟླུམ་པོ་ཐོགས། །རྩ་བའི་སྔགས་དང་འདི་སྦྲེལ་བཟླས། །ཨོཾ་བཛྲ་ཀ་ནི་ཀ་ཆེ་གེ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་གདབ་ནད་གདོན་རྣམ་རྟོག་ཞི། །རྒྱས་པའི་བརྐོས་ཕོར་གྲུ་བཞི་ཐོགས། །རྩ་བའི་སྔགས་ལ་འདི་སྦྲེལ་བཟླས། །སྭཱ་རཏྣ་ཀ་ནི་ཀ་ཆེ་གེ་མོ་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཞེས་གདབ་ཚེ་དབང་འབྱོར་དྲུག་རྒྱས། །དབང་གི་བརྐོས་ཕོར་ཟླ་གམ་ཐོགས། །རྩ་བའི་སྔགས་ལ་འདི་སྦྲེལ་བཟླས། །ཨཱ་པདྨ་ཀ་ནི་ཀ་ཆེ་གེ་མོ་བ་ཤཾ་ཀུ་རུ་སྭཱ་ཧཱ། ཞེས་གདབ་ཁམས་གསུམ་དབང་དུ་སྡུད། །དྲག་པོའི་བརྐོས་ཕོར་ཟུར་གསུམ་ཐོགས། །རྩ་བའི་སྔགས་ལ་འདི་སྦྲེལ་བཟླས། །ཧཱ་ཀརྨ་ཀ་ནི་ཀ་ཆེ་གེ་མོ་མཱ་ར་ཡ་ཕཊ། བདུད་དང་དགྲ་བགེགས་ཀུན་ཚར་གཅོད། །དེ་ལྟར་རྣམ་བཞིའི་ཚ་ཚ་ལ། །སྲོག་ཤིང་ཡ་སྙིང་མེ་ཏོག་དབུལ། །ཡོངས་རྫོགས་ལྷ་དང་གཞལ་ཡས་ཁང་། །དཀར་སེར་དམར་ལྗང་འོད་ཟེར་གྱིས། །གང་འདུལ་ཞི་རྒྱས་དབང་དྲག་གི། །ཕྲིན་ལས་ཐམས་ཅད་འགྲུབ་པར་བསམ། །གལ་ཏེ་ཚེ་འདས་དོན་བྱེད་ན། །རུས་པའི་ཕྱེ་མ་འཇིམ་པར་སྦྱར། །གདབ་ཐབས་གསོན་དང་མཐུན་པ་ལ། །གདབ་པའི་དམིགས་པ་འདི་དག་སྦྱར། །ཨོཾ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲཱ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨ་པ་རཾ་པཱ་ར་ཎི་མེ་སྭཱ་ཧཱ། ངན་སོང་གནས་དྲངས་བརྐོས་ཕོར་བསྡིམ། །ཆོས་དབྱིངས་རྒྱས་གདབ་རྒྱལ་སྲས་སུ། །རང་ཤར་འགྲོ་དོན་བྱེད་པར་བསམ། །ན་རག་ངན་སོང་དོང་སྤྲུག་འགྱུར། །དེ་ནས་ཚ་ཚ་གང་ཡིན་པར། །རབ་གནས་དམ་ཚིག་མཆོད་བསྟོད་ལ། །ཡེ་ཤེས་སྤྱན་དྲང་མཆོད་རྟེན་བསྡིམ། །རྟེན་འདྲེལ་སྙིང་པོ་བརྒྱ་རྩ་བརྒྱད། །ནས་ལ་སྔགས་ཏེ་རབ་ཏུ་བསྡིམ། །ཕྱག་འཚལ་ཕྱི་ནང་མཆོད་པ་འབུལ། །ཡུན་གྱི་རྟེན་དུ་གསོལ་བ་གདབ། །བཀྲ་ཤིས་བསྔོ་བ་སྨོན་ལམ་བྱ། །དོན་ལྡན་རྟེན་མཆོག་འདི་ལ་འབད། །


DNG015_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་མཆོག་གི་འབྲས་བུ་ཐོབ། །ཅེས་བཀའ་སྩལ་ཏོ། །དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོ་ལས། ཚ་ཚ་རྟེན་གསུམ་ཡོངས་རྫོགས་ཀྱི་ལེའུ་སྟེ་སོ་བདུན་པའོ།། །།དེ་ནས་ཡང་འདུས་པའི་འཁོར་རྣམས་ཀྱིས་མགྲིན་གཅིག་ཏུ་སྟོན་པ་ཀུན་ཏུ་བཟང་པོ་དཔལ་ཆེ་མཆོག་ཧེ་རུ་ཀ་ལ་གསོལ་པ། ཀྱེ་ཀྱེ་ཀྱེ། ཐམས་ཅད་སྟོན་པ་ཀུན་ཏུ་བཟང་། །ཐུགས་རྗེ་ཆེ་མཆོག་ཧེ་རུ་ཀ །དམ་ཉམས་ལོག་ལྟ་ཚར་གཅད་ཕྱིར། །བསད་མནན་རླུང་འཁོར་རྣམ་གསུམ་གང་། །དེ་སྐད་ཅེས་གསོལ་བཀའ་སྩལ་པ། །ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །སངས་རྒྱས་བསྟན་ལ་སྐུ་དགྲ་དར། །དེ་ཚེ་ལོག་ལྟ་ཚར་གཅོད་པའི། །བསད་པ་སྲོག་གི་ལས་སྦྱོར་ནི། །དཀྱིལ་འཁོར་མདའ་གང་གྲུ་བཞིའི་དབུས། །ཁྲུ་གང་གྲུ་གསུམ་འབྲུབ་ཁུང་ནང་། །དགྲ་བོ་དུ་ཡོད་ལིངྒ་ནི། །ནལ་བུ་རྐྱལ་པའི་ནང་དུ་བྲུབ། །ལྟེ་བར་འབྲི་རུ་གཡས་པ་གཟུག །ལྕགས་ཕུར་བརྒྱད་ཀྱིས་ཐ་མ་བསྐོར། །སྐྱེ་ཚེ་ཤང་ཚེ་ཐུན་གྱི་རྫས། །འབྲི་རུ་ནང་བླུགས་སྔགས་ཀྱིས་བྲབ། །ནལ་བུའི་ལྟེ་བར་མི་རྐང་གཟུད། །ནང་ནས་ཐུན་སྔགས་བཅས་པས་བྲབ། །ཞག་གྲངས་བདུན་གསུམ་ཉེར་གཅིག་ཏུ། །སྤུ་གྲི་ངར་མའི་སྔགས་རྒོད་འདིས། །མ་ཡེངས་སེལ་མེད་ཐོག་ལྟར་འཕངས། །མཱ་ར་ཡ་ཐུན་བྷྱོ། ཨ་སྔགས་འདི་རྣམས་དཔེ་འདྲ་མིན་མང་པྲ་སིབ་པྲེ། ཨི་ནད་ཕུ་ནི། ཨི་ས་ཏྲ་བོ་རི། ཁིན་ན་ཁིན་ན། ཨ་བུད་ཏི་སད་ཏ་སད་ཏ། ཁྲིད་ཏ་ཁྲིད་ཏ།དྲག་སྔགས་བདུན་པ་དེ་བཟླས་པས། །དགྲ་བོ་དངོས་ཉམས་ཁྲིད་ནས་གསོད། །གསོད་མཁན་ང་ཡི་གདན་འོག་གི། །མུ་སྟེགས་རབ་འཇིགས་ཁོ་ན་སྟེ། །བསད་པའི་མཐར་ཐུག་དེ་ཁོ་ན། །དགྲ་བགེགས་མནན་པའི་ལས་སྦྱོར་ནི། །དྲག་པོའི་སྦྱིན་བསྲེག་ཐལ་བ་དང་། །དགྲ་བོའི་ཟག་རྫས་དུག་ཆུས་སྦྲུས། །དགྲ་བགེགས་གཟུགས་བྱས་རྒྱབ་སྤྲད་ལ། །འགུགས་འདྲེན་བྱས་ལ་རེ་བས་གྲིལ། །སྙིང་གར་དུག་གི་ཕུར་པ་གདབ། །མནན་སྔགས་ཁྲིའམ་སྟོང་གིས་བྲུབས། །རྒྱ་ལམ་མཆོད་རྟེན་ཐེམ་འོག་ཏུ། །སྤྱི་ཚེར་བཅུགས་ལ་ཚ་ཚས་མནན། །དགྲ་བགེགས་ལྕགས་ཁང་སྒོ་


DNG015_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

མེད་བྲུབ། །དེ་ཉིད་ཆུ་སྲིན་གྲེ་བར་བརྫང་། །རི་རབ་འོག་ཏུ་མནན་པར་བསམས། །ཡོངས་རྫོགས་རྩ་སྔགས་ཤམ་བུ་རུ། །ཨོཾ་ལཾ་ཧཱུཾ་ལཾ་དགྲ་བགེགས་གནོད་བྱེད་ཆེ་གེ་མོ་ཀཱ་ཡ་བཱཀ་ཙིཏྟ་སྟམ་བྷ་ཡ་ནན། ཞེས་བཟླས་ཕྲིན་ལས་བྲོ་བཞིས་མནན། །བསྐལ་པའི་མཐར་ཡང་ལྡང་མི་སྲིད། །སྟོབས་ལྡན་རླུང་གི་ལས་སྦྱོར་ནི། །ཡ་ཐ་རྡོ་རྗེ་སེམས་དཔའ་ནས། །མ་ཐ་ཐེའུ་བྲང་ཡན་ཆོད་པོ། །བསྙེན་བསྒྲུབ་ལས་སྦྱོར་སྟོབས་བསྐྱེད་ནི། །བཟླས་བརྗོད་རླུང་ལ་བཅོལ་བས་འགྲུབ། །གང་ཟག་གནས་དུས་ཕུན་ཚོགས་ནས། །གྲུབ་ཐོབ་བསྙེན་རྫོགས་པགས་པ་ལ། །འཁོར་ལོ་རྩིབས་བཞི་མུ་ཁྱུད་ནི། །བདུན་དང་བཅས་པས་བྲི་བར་བྱ། །རྩིབས་བཞི་དབུས་ལྔར་ཕྱག་མཚན་ལ། །རིགས་ལྔ་ཡབ་ཡུམ་ས་བོན་སྔགས། །མིང་རུས་འདོད་གསོལ་བསྐོར་བར་བྲི། །ཨོཾ་ལཱཾ་ཧཱུཾ་མཱུཾ་སྭཱ་མཱཾ་ཨཱཾ་བྞུ ་ཧ་ཏྲཱཾ། མུ་ཁྱུད་དང་པོར་དབྱངས་ཡིག་སྟེ། །གཉིས་པ་གསལ་བྱེད་སྔགས་རྟེན་འདྲེལ། །ཀུན་གྱི་ཤམ་བུར་འདོད་གསོལ་གདགས། །གསུམ་པ་ཡོངས་རྫོགས་རྩ་བའི་སྔགས། །བཞི་པ་ཕན་ཡོན་ཆེ་སྔགས་དགོད། །ལྔ་པ་དམ་ཅན་ཡེ་ཤེས་པ། །དྲུག་པ་བཀའ་སྲུང་འཇིག་རྟེན་པ། །རྩ་སྔགས་ཤམ་བུར་ཕྲིན་ལས་བཞི། །གང་བྱེད་བསྒྲུབ་ཅིང་དམོད་པ་བྲི། །བདུན་པ་མཚོན་ཆ་ལྔ་ཡི་གུར། །སེང་ལྡེང་ཕུར་པའི་སྲོག་ཤིང་ལ། །དཔལ་ཟུང་བཞི་ལ་སྒྲོ་གཟུག་སྟེ། །རླུང་ལྷ་ཤ་ཞོན་དར་ཐོགས་བྲི། །རླུང་ཁང་གྲུ་བཞི་རླུང་སྒོ་ཅན། །གཡས་བསྐོར་གཡོན་བསྐོར་གང་བྱེད་ཀྱང་། །སྔགས་རྣམས་བཀླག་ཕྱོགས་འཁོར་བར་བྱ། །དབང་སྡུད་རྒྱས་བྱེད་གཡོན་དུ་བསྐོར། །བསད་བཟློག་ཞི་བ་ཕྱི་བསྐོར་ཤེས། །དེ་ལ་ཡོངས་རྫོགས་ལྷ་ཚོགས་བསྡིམ། །གཞུང་བསྲང་ཚོགས་འཁོར་རབ་གནས་བྱ། །སྐབས་སྐབས་ཀུན་ཏུ་མངའ་གསོལ་ནས། །གང་བསྒྲུབ་སྟོབས་ལྡན་རླུང་གིས་བསྒྲུབ། །འདི་ལས་རྒྱས་འབྲིང་ཅི་བདེ་བར། །ཡོངས་སུ་རྫོགས་དང་བྱེ་བྲག་ལ། །གསང་སྔགས་


DNG015_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

གང་བསྒྲུབ་འདི་སྐབས་སྦྱར། །རླུང་སྩོགས་འབྱུང་བཞིའི་ལས་བཅོལ་འགྲུབ། །དཔེར་ན་ནོར་བུ་རིན་ཆེན་འདྲ། །འདི་ནི་གསང་བའི་འཁྲུལ་འཁོར་ཡིན། །ཞེས་བཀའ་སྩལ་ཏོ། །དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོ་ལས། བསད་མནན་རླུང་འཁོར་ཡོངས་རྫོགས་ཀྱི་ལེའུ་སྟེ་སོ་བརྒྱད་པའོ།། །།དེ་ནས་ཡང་འདུས་པའི་འཁོར་རྣམས་ཀྱིས་མགྲིན་གཅིག་ཏུ་སྟོན་པ་ཀུན་ཏུ་བཟང་པོ་དཔལ་ཆེ་མཆོག་ཧེ་རུ་ཀ་ལ་གསོལ་པ། ཀྱེ་ཀྱེ་ཀྱེ། ཐམས་ཅད་སྟོན་པ་ཀུན་ཏུ་བཟང་། །ཐུགས་རྗེ་ཆེ་མཆོག་ཧེ་རུ་ཀ །འཇིག་རྟེན་ཡེ་ཤེས་གང་བསྒྲུབས་ཀྱང་། །སྲོག་གཟེར་ཁ་བསྒྱུར་རིམ་པ་གང་། །དེ་སྐད་ཅེས་གསོལ་བཀའ་སྩལ་པ། །ཡེ་ཤེས་འཇིག་རྟེན་གང་བསྒྲུབས་ཀྱང་། །སྲོག་སྡོམ་གཟེར་བཞིས་མ་ཐེབས་ན། །ནམ་ཡང་དོན་མེད་ཡུག་པས་ཀྱང་། །དྲང་དོན་རྫུན་གྱི་འཁྲུལ་འཁོར་ཡིན། །ཡོངས་རྫོགས་དཔལ་གྱི་སྲོག་འཕྲོག་ཐབས། །གཅིག་ཤེས་པས་ནི་ཀུན་སྲོག་ཐོབ། །དཔེར་ན་སྒྲ་གཅན་འཛིན་གྱི་ཁས། །ནམ་མཁའི་ཉི་མ་གཅིག་ཟིན་པས། །ཆུ་བྲན་སྟོང་གི་ཉི་མ་ཀུན། །མ་བཟུང་བར་ཡང་སྟོང་སྲོག་ཐོབ། །དེ་ཕྱིར་སྲོག་གི་གཟེར་བཞི་གཅེས། །དབེན་པའི་གནས་སུ་མཎྜལ་བཤམ། །དབུས་སུ་མཚན་ལྡན་ཀ་པཱ་ལར། །དཔལ་ཆེན་སྐུ་གཅིག་གསལ་བར་དགོད། །བསྐྱེད་རྫོགས་གཞུང་བསྲང་འཛབ་རྫོགས་རྗེས། །མི་རྟོག་བྱ་བྲལ་སོ་མར་གནས། །དེ་ནས་དཔལ་གྱི་སྲོག་འཕྲོག་ཐབས། །ཏིང་འཛིན་གཟེར་དང་སྙིང་པོའི་གཟེར། །དགོངས་པའི་གཟེར་དང་འཕྲོ་འདུའི་གཟེར། །ཏིང་འཛིན་གཟེར་ནི་ཐོད་སྐུ་ལ། །རྩེ་གཅིག་སེམས་གཟུང་ཡོངས་མི་བྱ། །ཡུལ་གསུམ་གྱད་དུ་གྱུར་པ་དང་། །དཔལ་ལྡན་ཧེ་རུ་དངོས་དང་མཇལ། །བཟློག་པ་ཧེ་རུ་ཀས་མི་སྤྱོད། །ཏིང་འཛིན་མི་འགྱུར་གཟེར་མེད་ན། །སྐུ་ནི་ནམས་ཀྱང་མཐོང་མི་འགྱུར། །སྙིང་པོ་སྔགས་གཟེར་ཡོངས་རྫོགས་ཀྱི། །གཙོ་བོའི་སྔགས་དག་སེལ་མེད་བཟླས། །ཐུགས་སྲོག་ཧཱུཾ་ལ་རྩ་སྔགས་བསྐོར། །གསལ་བའི་འཕྲོ་འདུས་


DNG015_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་སྔགས་བགྲང་། །དེ་ཚེ་དཔལ་བྱོན་ལུང་ཡང་སྟོན། །ནུས་པའི་རྩལ་རྫོགས་ལྷ་རྣམས་འཁོར། །སྲོག་སྙིང་བསྙེན་རྫོགས་གཟེར་མེད་ན། །ལྷ་དང་དམ་ཅན་འཁོར་མི་སྲིད། །དགོངས་པའི་གཟེར་ནི་ཞི་ཁྲོའི་ལྷ། །ཡོངས་རྫོགས་དཔལ་ཆེན་རང་སེམས་ལས། །གུད་ན་མེད་ཅིང་རུ་དྲ་ཡང་། །ལོགས་ན་མེད་དོ་རང་གི་སེམས། །སེམས་ཉིད་སྟོང་པ་ཆོས་ཀྱི་སྐུ། །གསལ་ལ་མ་འགགས་ལོངས་སྤྱོད་རྫོགས། །སྣ་ཚོགས་རང་ཤར་སྤྲུལ་པའི་སྐུ། །སྣང་བ་ཡབ་ལ་སྟོང་པ་ཡུམ། །སྣང་སྟོང་དབྱེར་མེད་ཡེ་ཤེས་སྐུ། །འགྱུ་དྲན་རྣམ་རྟོག་བསམ་ཡས་ཀྱང་། །ཡོངས་སུ་རྫོགས་པ་དཔལ་གྱི་འཁོར། །བསམ་གྱིས་མི་ཁྱབ་ཡེ་སངས་རྒྱས། །རང་བཞིན་ཉིད་ལས་གཡོས་པ་མེད། །དགོངས་པ་མི་འགྱུར་གཟེར་མེད་ན། །དཔལ་ཆེན་གྲུབ་ཀྱང་ཐུན་མོང་ལས། །མཆོག་མི་འགྲུབ་ཅིང་རུ་དྲར་གོལ། །འཕྲོ་འདུའི་གཟེར་ནི་དམིགས་པ་ཡི། །བསྒྱུར་ཁ་ཤེས་ན་འདོད་དགུར་འགྱུར། །ཏིང་ངེ་འཛིན་གྱི་འཕྲོ་འདུ་ཡིས། །སེམས་ཀྱི་ནུས་པ་རྩལ་རྫོགས་ཏེ། །གང་ལྟར་བསམ་པ་དེ་ལྟར་སྣང་། །སྔགས་དང་ཕྱག་རྒྱའི་བྱིན་རླབས་མཐུས། །ཞི་རྒྱས་དབང་དྲག་མངོན་སྤྱོད་སོགས། །ཕན་གནོད་ལས་ཀ་གང་ཡང་འགྲུབ། །དཔེར་ན་ནོར་བུ་གཅིག་ཉིད་ལ། །གསོལ་མཆོད་རྐྱེན་གྱིས་བྱེ་བྲག་ཏུ། །ཇི་ལྟར་འདོད་པ་སོ་སོར་བསྐང་། །འཕྲོ་འདུ་སྣ་ཚོགས་གཟེར་མེད་ན། །དམིགས་གཏད་གཅིག་ལ་དོན་མི་འགྲུབ། །འཕྲོ་འདུའི་ལས་ཁ་བསྒྱུར་ཤེས་ན། །ཐེའུ་རང་ཐ་ཆུང་གཅིག་གིས་ཀྱང་། །ཕྲིན་ལས་ཐོགས་མེད་ལས་ཀུན་འགྲུབ། །ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ཡིན། །ཁ་བསྒྱུར་གནད་ཀྱི་མན་ངག་འདི། །ཡོངས་རྫོགས་དཔལ་ཆེན་ཧེ་རུ་ནས། །འགོང་པོ་གྲོང་རྒྱུག་ཡན་ཆད་པོའི། །ཡེ་ཤེས་འཇིག་རྟེན་གང་ན་ཡང་། །གཅིག་ལ་བསྙེན་རྫོགས་གྲུབ་ཐོབ་ན། །ལས་ཀྱི་ཁ་བསྒྱུར་གང་ཡང་འགྲུབ། །དཔེར་ན་ལྕགས་རྡོ་ངར་བཏུལ་ན། །གོ་ཁྲབ་མཚོན་ཆ་ཅིར་བསྒྱུར་ཉན། །རྡོ་མ་ཐུལ་བ་ལྕགས་ཡིན་ཀྱང་། །མ་བསྒྱུར་དངོས་


DNG015_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བཟོ་མི་བཏུབ། །དེ་ཕྱིར་ལྷ་འདྲེ་གཅིག་བསྒྲུབ་ན། །ཁ་སྒྱུར་གང་ལ་ཞུགས་ཀྱང་གྲུབ། །དང་པོ་ཚེ་སྲིང་ཁ་སྒྱུར་ནི། །ཡེ་ཤེས་འཇིག་རྟེན་གང་ཡང་རུང་། །དེ་ཡི་བསྙེན་བསྒྲུབ་ཡོངས་རྫོགས་ནས། །དེ་ཉིད་གཞུང་བསྲང་མཐུན་རྫས་བཤམ། །ཁྱད་པར་བྷནྡྷ་མཚན་ལྡན་དུ། །ཚེ་ཆང་ཚེ་མར་རི་ལུ་བླུག །ཁ་ནི་ཚེ་ཟན་ཟླུམ་པོས་བཅད། །དེ་ལ་གཟུངས་ཐག་བཏགས་བྱས་ལ། །ཡོངས་རྫོགས་རྩ་བའི་སྔགས་དེ་ལ། །ཚེ་ཡི་ཡང་སྙིང་འདི་སྦྲེལ་བཟླས། །ཨཱ་ཡུཿཕ་ལ་སིདྡྷི་ཧཱུཾ་ཨ། རྟགས་ནི་ཁོལ་དང་ལུད་པ་འབྱུང་། །དེ་ལྟར་བྱུང་ན་ཚེ་བསྡིམ་ལ། །ཚེ་འབྲང་ཟ་ཞིང་ཚེ་ཆང་བཏུང་། །དེ་ཡིས་ཚེ་བསྲིང་འཆི་བསླུར་འགྱུར། །རྨོངས་པོ་སྲིད་སྤེལ་ཁ་སྒྱུར་ནི། །ཡེ་ཤེས་འཇིག་རྟེན་གང་ཡང་རུང་། །དེ་ཡི་བསྙེན་བསྒྲུབ་ཡོངས་རྫོགས་ནས། །འདི་ཉིད་གཞུང་བསྲང་མཐུན་རྫས་བཤམ། །ཁྱད་པར་སྲིན་རྡོ་ཁབ་ལེན་དང་། །བུད་མེད་མངལ་ཁྲག་བྱེ་རུ་དང་། །དེ་རྣམས་ལེ་བརྒན་དར་དུ་གྲིལ། །སྲོག་སྙིང་རྩ་བའི་སྔགས་དེ་དང་། །སྲིད་སྤེལ་ཡང་སྙིང་འདི་སྦྲེལ་བཟླས། །པུ་ཏྲ་ཨཱ་ཡུཿཕ་ལ་སིདྡྷི་ཧཱུཾ། ར་ལུག་གང་ཤིའི་གཏའ་བུ་གཞུག །མཆོད་བསྟོད་གསོལ་ལ་རབ་བརྩོན་བྱ། །བུད་མེད་ལྔ་བཅུ་ལོན་གྱུར་ཀྱང་། །བུ་ཚ་རྙེད་ཅིང་འཕེལ་བར་འགྱུར། །དབུལ་སེལ་ནོར་བསྒྲུབ་ཁ་སྒྱུར་ནི། །ཡེ་ཤེས་འཇིག་རྟེན་གང་ཡང་རུང་། །དེ་ཡི་བསྙེན་བསྒྲུབ་ཡོངས་རྫོགས་ནས། །དེ་ཉིད་གཞུང་བསྲང་མཐུན་རྫས་བཤམ། །ཁྱད་པར་རིན་ཆེན་གའུ་རུ། །གསེར་དངུལ་ཟངས་ལྕགས་སྣ་ལྔ་བླུག །ནོར་ལྷར་གྱུར་ཚད་གཟུངས་སྔགས་བྲུབ། །སྲོག་སྙིང་རྩ་བའི་སྔགས་དེ་ལ། །ནོར་སྒྲུབ་ཡང་སྙིང་འདི་སྦྲེལ་བཟླས། །རཏྣ་ཕ་ལ་སིདྡྷི་བྷྲཱུཾ་ནན་ཁ་དྷི་པུཥྚིཾ་སིདྡྷི་ཧཱུཾ། ཟས་ནོར་གང་འདོད་གསོལ་བ་གདབ། །ལོངས་སྤྱོད་ཕུན་སུམ་ཚོགས་པར་འགྱུར། །མིག་མཐོང་མངོན་ཤེས་ཁ་སྒྱུར་ནི། །ཡེ་ཤེས་འཇིག་རྟེན་གང་ཡང་རུང་། །དེ་ཡི་བསྙེན་བསྒྲུབ་ཡོངས་རྫོགས་ནས། །དེ་ཉིད་གཞུང་བསྲང་མཐུན་རྫས་བཤམ། །ཁྱད་པར་


DNG015_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

འུག་པ་སྨུག་པོའི་མིག །བྱི་ལའི་མིག་དང་ལུང་ཐང་དང་། །དེ་རྣམས་ར་དཀར་འོ་མས་སྦྲུ། །སྲོག་སྙིང་རྩ་བའི་སྔགས་དེ་དང་། །རྣོ་མཐོང་རྩ་བའི་སྔགས་སྦྲེལ་བཟླས། །ཨོཾ་མ་དྷ་མ་དྷ་ལ། ཙཀྵུ་ཙཀྵུ་པྲ་བེ་ཤ་ཕཊ། རྫས་དེ་མིག་ལ་བྱུགས་པ་ན། །སྲིད་པ་གསུམ་ཡང་མཐོང་བར་འགྱུར། །འབྱུང་པོ་འདུལ་བྱེད་ཁ་སྒྱུར་ནི། །ཡེ་ཤེས་འཇིག་རྟེན་གང་ཡང་རུང་། །དེ་ཡི་བསྙེན་བསྒྲུབ་ཡོངས་རྫོགས་ནས། །དེ་ཉིད་གཞུང་བསྲང་མཐུན་རྫས་བཤམ། །ཁྱད་པར་གཏོར་ཚོགས་བཟང་པོ་བཤམ། །སྲོག་སྙིང་རྩ་བའི་སྔགས་དེ་ལ། །འདྲེ་འདུལ་སྔགས་འདི་སྦྲེལ་ལ་བཟླས། །འབྱུང་པོ་འདུལ་བྱེད་ཤ་ཏྲུཾ་ཙུ་ལུ་ཙུ་ལུ་ཕཊ་ཕཊ། ཆོས་སྐྱོང་བསྐུལ་ཞིང་དཔང་ཡང་གཟུག །ཕུར་ཐུན་སྔགས་ཀྱིས་བྲབ་པ་ན། །གནོད་བྱེད་སྐད་ངན་ཙེར་ཙེར་འོང་། །མནའ་བསྒག་འགགས་བསྡམ་རྗེས་གཅོད་བྱ། །འདྲེ་གདོན་ཐམས་ཅད་བྱེར་བར་འགྱུར། །སེར་བ་སྲུང་བའི་ཁ་སྒྱུར་ནི། །ཡེ་ཤེས་འཇིག་རྟེན་གང་ཡང་རུང་། །དེ་ཡི་བསྙེན་བསྒྲུབ་ཡོངས་རྫོགས་ནས། །དེ་ཉིད་གཞུང་བསྲང་མཐུན་རྫས་བཤམ། །ཁྱད་པར་ཟས་གཏོར་ཕྱིར་མཆོད་དེ། །བདེན་པ་བསྒོ་རྗེས་མཐོ་སྐོར་བྱ། །དེ་ནས་སེར་རྐང་ནམ་ཤར་ཚེ། །བདག་ཉིད་ཡོངས་རྫོགས་དཔལ་ཆེན་བསྐྱེད། །དྲེགས་པ་ཐམས་ཅད་བཀའ་ཉན་བསམ། །སྲོག་སྙིང་རྩ་བའི་སྔགས་དེ་ལ། །སེར་སྲུང་ཡང་སྙིང་འདི་སྦྲེལ་བཟླས། །ཡོ་ཡོང་གེ་ཡང་གེར་སད། རཾ་རཾ་སད།ཕུར་འུར་འུར་ཡང་ཕུར་སད། ཐལ་ཆེན་ཉུང་དཀར་དག་ལ་བསྔགས། །གདོང་དུ་གཏོར་ན་བཟློག་པར་འགྱུར། །དཀོར་ནོར་སྲུང་བའི་ཁ་སྒྱུར་ནི། །ཡེ་ཤེས་འཇིག་རྟེན་གང་ཡང་རུང་། །དེ་ཡི་བསྙེན་བསྒྲུབ་ཡོངས་རྫོགས་ནས། །དེ་ཉིད་གཞུང་བསྲང་མཐུན་རྫས་བཤམ། །ཁྱད་པར་ནོར་རྫས་ཡུལ་ཁམས་རྣམས། །མིང་གཟུགས་ལྷ་ཡི་རྟེན་ལ་བཅིང་། །ཁོ་ལ་ནོར་རྫས་བསྲུང་མ་བཅོལ། །སྲོག་སྙིང་རྩ་བའི་སྔགས་དེ་ལ། །ནོར་སྲུང་སྔགས་འདི་སྦྲེལ་ལ་བཟླས། །ཏྲིག་ཏྲཾ་པཾ་ཙིནྡྷ་ཡཱ། རཏྣ་ར་སྡི་ནོར་སྲུངས་ཤིག །དེ་བྱས་ནོར་དེ་གཞན་ཁྱེར་ན། །ནོར་ཕྱིར་ཆོ་འཕྲུལ་སྣ་ཚོགས་འདྲེང་། །སྐབས་སྐབས་གསོལ་ཀ་བཅོལ་གཏད་བྱ། །རང་གིས་སྟོང་ཚེ་ཞུ་


DNG015_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བྱ། །མི་དང་ནོར་འཕེལ་གོད་བསྲུང་འགྱུར། །སྦྱོར་བ་ནག་པོའི་ཁ་སྒྱུར་ནི། །ཡེ་ཤེས་འཇིག་རྟེན་གང་ཡང་རུང་། །དེ་ཡི་བསྙེན་བསྒྲུབ་ཡོངས་རྫོགས་ནས། །འདི་ཉིད་གཞུང་བསྲང་མཐུན་རྫས་བཤམ། །ཁྱད་པར་སྔགས་འདིས་རྒྱུན་ཏུ་བསྲུང་། །ཡང་སྙིང་རྩ་བའི་རྒྱུན་རྗེས་ལ། །དུག་འཇོམས་གསང་སྔགས་འདི་བརྒྱ་བཟླས། །ཨོཾ་བྷི་ཤ་གྷོ་ལིར་མི་ཡ་ཨུ་པེ་སྭཱ་ཧཱ།ཡང་ན་ཉེར་རེ་ནང་རེ་བཟླས། །དེས་ནི་བདག་སྲུང་རྒྱལ་པོར་འགྱུར། །འོན་ཏེ་བྱུང་ཟིན་གཞན་བསྲུང་ན། །སྔགས་འདི་ཆུ་ལ་མང་བཟླས་བླུད། །ཨོཾ་ཧ་སིང་ཧ་སིང་། ཀ་ལི་ཧ་སིང་། ཀ་མར་ཏྲི་ཡེ་སྭཱ་ཧཱ། གང་ལ་དོགས་པའི་ཟས་ཀུན་ལ། །སྔགས་འདི་སྦྲེལ་གདབ་དུག་འཇོམས་ངེས། །མཚོན་ཆ་སྲུང་བའི་ཁ་སྒྱུར་ནི། །ཡེ་ཤེས་འཇིག་རྟེན་གང་ཡང་རུང་། །དེ་ཡི་བསྙེན་བསྒྲུབ་ཡོངས་རྫོགས་ནས། །དེ་ཉིད་གཞུང་བསྲང་མཐུན་རྫས་བཤམ། །ཁྱད་པར་སྔགས་འདི་བཏགས་པས་བསྲུང་། །ཡང་སྙིང་རྒྱུན་བསྙེན་སྤྱི་གཙུག་གདགས། །མཚོན་ཁ་སྙོལ་བྱེད་ཡི་གེ་ཁྲོམ། །མཐིང་ཤོག་དག་ལ་གསེར་གྱིས་བྲིས། །དར་སྣ་ལྔས་གྲིལ་རབ་གནས་བྱ། །དེ་འདྲ་གསུམ་བྱས་སྤྱི་གཙུག་དང་། །མགྲིན་པ་སྙིང་གར་གདགས་པར་བྱ། །ཨོཾ་རྣོ་སོད་བཟློག་ཆུམ་དྲིལ་སྭཱ་ཧཱ། །ས་ལ་ཉེར་གཅིག་སྔགས་བྱས་ཏེ། །ནམ་དགོས་དུས་སུ་གཏོར་བས་གྲུབ། །ངག་གནོན་སྒྲོལ་བའི་ཁ་སྒྱུར་ནི། །ཡེ་ཤེས་འཇིག་རྟེན་གང་ཡང་རུང་། །དེ་ཡི་བསྙེན་བསྒྲུབ་ཡོངས་རྫོགས་ནས། །དེ་ཉིད་གཞུང་བསྲང་མཐུན་རྫས་བཤམ། །ཁྱད་པར་མཚན་ལྡན་ཐོད་པའི་ནང་། །ཆང་དང་ཨ་མྲྀ་ཏ་སྦྱར་ཏེ། །སྲོག་སྙིང་རྩ་བའི་སྔགས་དེ་ལ། །ངག་འགྲོལ་སྔགས་འདི་སྦྲེལ་ལ་བཟླས། །ཨ་ཤིག་ཤིག་ཕྱུང་ཕྱུང་ཁྲོལ་ཁྲོལ་སྭཱ་ཧཱ། བརྒྱ་དང་རྩ་བརྒྱད་རྫོགས་པ་དང་། །དེ་ཉིད་བདུད་རྩི་ལྕེ་རྡོ་རྗེར། །བསམས་ཏེ་ཐིགས་པ་ལན་གསུམ་གཞག །དེ་ཡང་སྤྱི་གཙུག་མགྲིན་པ་དང་། །སྙིང་ག་རྣམས་སུ་གསུམ་གསུམ་གཞག །སྒོ་གསུམ་བཅིངས་པ་ཀུན་གྲོལ་བསམ། །མནན་གཏད་ངག་མནན་ཀུན་གྲོལ་འགྱུར། །པྲ་ཕབ་པ་ཡི་ཁ་སྒྱུར་ནི། །ཡེ་ཤེས་འཇིག་རྟེན་གང་ཡང་རུང་། །དེ་ལ་བསྙེན་བསྒྲུབ་ཡོངས་


DNG015_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་ནས། །དེ་ཡི་གཞུང་བསྲང་མཐུན་རྫས་བཤམ། །ཁྱད་པར་འཕྱིང་དཀར་རས་དཀར་སྟེང་། །ནས་ཀྱི་གཡུང་དྲུང་བྲིས་བྱས་ནས། །པྲ་རྟེན་ཁྱེའུ་བུ་མོར་རུང་། །ཡུལ་ཆོས་མ་གོས་གཙང་མ་བཞག །སྲོག་སྙིང་རྩ་བའི་སྔགས་དེ་ལ། །པྲ་དབབ་སྔགས་འདི་སྦྲེལ་ལ་བཟླས། །མུ་ཤྲི་ཀུ་ཤྲི་པྲ་མ་དན་ཏི་བྷ་ག་སིདྡྷི་གྷར་ཁུག །ངའི་བུ་མོ་དགར་ཆུག་ཁོའི་བུ་མོ་སྨྱོར་ཆུག །ནས་ལ་བསྔགས་ཏེ་པྲ་རྟེན་གཟིར། །ལེགས་ཉེས་གང་དྲིས་སྨྲ་བར་འགྱུར། །མཛེ་ནད་གསོ་བའི་ཁ་སྒྱུར་ནི། །ཡེ་ཤེས་འཇིག་རྟེན་གང་ཡང་རུང་། །དེ་ཡི་བསྙེན་བསྒྲུབ་ཡོངས་རྫོགས་ནས། །དེ་ཉིད་གཞུང་བསྲང་མཐུན་རྫས་བཤམ། །ཆོས་སྐྱོང་བསྐང་ཞིང་ཕྲིན་ལས་བཅོལ། །འབྲུབ་ཁུང་ནང་དུ་སྦལ་པའི་གཟུགས། །གང་གནོད་ས་ལ་བྱས་ཏེ་གཞུག །ལུས་པོ་ཚོན་སྐུད་དྲ་བར་གཞུག །སུག་བཞི་ཕུར་པས་སྟོད་ལ་གཟིར། །སྲོག་སྙིང་རྩ་བའི་སྔགས་ཉིད་དང་། །སྡེ་བརྒྱད་གནད་སྔགས་འདི་ཡིས་གཟིར། །ནཱ་ག་རཱ་ཛ་ས་མ་ཡ་སྙིང་ལ་ཁྲག་དུ་རྨུགས།དམ་ཛ་ཛ། ནཱ་ག་རཀྴ་རཀྴ་མཱ་ར་ཡ་རྦད་རྦད། ཞག་གྲངས་ཉེར་གཅིག་ཐུན་གྱིས་བྲབ། །སྦལ་པ་སྐད་ངན་ཙེར་ཙེར་ཡོང་། །མཛེ་ནད་མི་བཟད་སོས་པར་འགྱུར། །དགྲ་བོ་གསོད་པའི་ཁ་སྒྱུར་ནི། །ཡེ་ཤེས་འཇིག་རྟེན་གང་ཡང་རུང་། །དེ་ཡི་བསྙེན་བསྒྲུབ་ཡོངས་རྫོགས་ནས། །འདི་ཉིད་གཞུང་བསྲང་མཐུན་རྫས་བཤམ། །ཁྱད་པར་ཉུང་དཀར་ཉུང་ནག་དང་། །ཟངས་ལྕགས་རྡོ་ཡི་ཕྱེ་མ་དང་། །སྲོག་སྙིང་རྩ་བའི་སྔགས་དེ་དང་། །གསོད་པའི་སྔགས་རྒོད་འདི་སྦྲེལ་བཟླས། །ཆེ་གེ་མོ་ཤ་ཏྲུཾ་ཨ་མུ་ཀཾ། སྲོག་རྩ་དམར་པོ་ཧུར་ཐུམ་མཱ་ར་ཡ་རྦད་རྦད། མདོར་ན་ལས་ཀུན་རྩེ་གཅིག་སྟེ། །འདི་ཡང་ཞག་གྲངས་ཉེར་གཅིག་བསྒྲུབ། །དགྲ་སྲོག་མྱུར་དུ་འཆད་པར་འགྱུར། །སེར་བ་འབེབས་པའི་ཁ་སྒྱུར་ནི། །ཡེ་ཤེས་འཇིག་རྟེན་གང་ཡང་རུང་། །དེ་ཡི་བསྙེན་བསྒྲུབ་ཡོངས་རྫོགས་ནས། །དེ་ཉིད་གཞུང་བསྲང་མཐུན་རྫས་བཤམ། །ཁྱད་པར་ཉུང་དཀར་གུ་གུལ་དང་། །ཁྲག་སྣ་ཚོགས་ཚད་གཙོད་ཁྲག་ལ། །སྲོག་སྙིང་རྩ་བའི་སྔགས་དེ་ལ། །སེར་བའི་ཡང་སྙིང་འདི་སྦྲེལ་བཟླས། །ཁྲོམ་ཁྲོམ་ཧྲིལ་ཧྲིལ་ཤར་ཤར་ཕོབ་ཕོབ། གནམ་མི་མཐོང་བར་ཉེར་གཅིག་


DNG015_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ། །ཐེབས་དུས་ཐུན་དེ་དགྲ་ཡུལ་གཏོར། །སྐྱིན་ཐང་ཁྲག་ཏུ་འབབ་པར་འགྱུར། །གནམ་ལྕགས་ཐོག་འབེབས་ཁ་སྒྱུར་ནི། །ཡེ་ཤེས་འཇིག་རྟེན་གང་ཡང་རུང་། །དེ་ཡི་བསྙེན་བསྒྲུབ་ཡོངས་རྫོགས་ནས། །དེ་ཉིད་གཞུང་བསྲང་མཐུན་རྫས་བཤམ། །ཁྱད་པར་གསེར་དངུལ་ཐིག་པོ་དང་། །ཐོག་མདེ་ཉུང་དཀར་ཐུན་ལ་བྱ། །སྲོག་སྙིང་རྩ་བའི་སྔགས་དེ་དང་། །ཐོག་གི་དྲག་སྔགས་འདི་སྦྲེལ་བཟླས། །རཾ་རཾ་ཧྲིལ་ཧྲིལ་ཕྲོམ་ཕྲོམ་ཤར་ཤར་ཕོབ་ཕོབ།ཉེར་གཅིག་བསྒྲུབས་ཏེ་ཐུན་རྒོད་ནི། །དགྲ་བོའི་ཁང་པ་དག་ལ་གཏོར། །དགྲ་བོ་ཐོག་གིས་མགོ་འགས་འགྱུར། །གཏད་ཁྲམ་གཞུག་པའི་ཁ་སྒྱུར་ནི། །ཡེ་ཤེས་འཇིག་རྟེན་གང་ཡང་རུང་། །དེ་ཡི་བསྙེན་བསྒྲུབ་ཡོངས་རྫོགས་ནས། །དེ་ཉིད་གཞུང་བསྲང་མཐུན་རྫས་བཤམ། །ཁྱད་པར་གྲོ་ག་ཤོག་ཤོག་ལ། །ལིངྒ་མིང་རུས་ལྡན་བྲིས་ལ། །ཐ་མ་སྦྲུལ་ནག་འཁྱིལ་པས་བསྐོར། །ཞི་བ་རྭ་འམ་སྦལ་པར་གཞུག །དྲག་པོ་མཛེ་ཐོད་རྐང་དུ་བྲུབ། །སྲོག་སྙིང་རྩ་བའི་སྔགས་དེ་དང་། །ཀླུ་ཡི་དྲག་སྔགས་འདི་སྦྲེལ་བཟླས། །ནཱ་ག་རཱ་ཛ་ས་མ་ཡ་ཁུག །སྤྲིག་སྤྲིག་ནྲྀ་ཛ། ནཱ་ག་ཤིག་སྲོག་རྩ་ཆོད་ས་མ་ཡ། དྲག་ལས་མཛོད། སྐྱེ་ཚེ་ཤང་ཚེ་ལ་བསྔགས་བྲབ། །ལས་ལ་སྦྱར་བའི་ཐལ་བར་བཅས། །ལ་ཆས་ཁ་བསྡམ་གཏིང་རྡོ་གདགས། །བྱང་བལྟས་ཆུ་མིག་སྔོ་མཚམས་གཏད། །དགྲ་བོ་མཛེ་འབྲས་ལྷོག་ཤིར་འགྱུར། །ལྟས་ངན་ཆོ་འཕྲུལ་ཁ་སྒྱུར་ནི། །ཡེ་ཤེས་འཇིག་རྟེན་གང་ཡང་རུང་། །དེ་ཡི་བསྙེན་བསྒྲུབ་ཡོངས་རྫོགས་ནས། །དེ་ཉིད་གཞུང་བསྲང་མཐུན་རྫས་བཤམ། །ཁྱད་པར་ཝ་སྤྱང་དོམ་དྲེད་དང་། །འུག་པ་སྲིན་བྱ་ཁྭ་ཏ་དང་། །ལྟས་ངན་སྙིང་ཁྲག་སྣ་ཚོགས་དང་། །ཉུང་དཀར་ཉུང་ནག་ཐུན་རྫས་ལ། །སྲོག་སྙིང་རྩ་བའི་སྔགས་དེ་དང་། །ལྟས་ངན་སྔགས་འདི་སྦྲེལ་ལ་བཟླས། །ལི་ཕྲིམ་རཾ་ཀར་རྨ་རི། ཤེའུ་རེའུ། ཧེ་དུན་རྩ་ཕོབ། ཁྱུང་རྩ་ཧེ་ཕཊ། གང་འདོད་སྔོན་དུ་རང་ལ་འོང་། །རྫས་རྣམས་ཕྱོགས་སམ་ཁང་པར་བསྐྱལ། །ལྟས་ངན་ཆོ་འཕྲུལ་འབྱུང་བར་འགྱུར། །ངན་ཐབས་སེལ་ནག་ཁ་སྒྱུར་ནི། །ཡེ་ཤེས་འཇིག་རྟེན་གང་ཡང་རུང་། །དེ་ཡི་


DNG015_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་བསྒྲུབ་ཡོངས་རྫོགས་ནས། །དེ་ཉིད་གཞུང་བསྲང་མཐུན་རྫས་བཤམ། །ཁྱད་པར་ཁྱི་ཕག་སྤྱང་ཐོད་དང་། །ཤ་ཟན་བྱ་ཡི་མཆུ་སྡེར་དང་། །རབས་ཆད་ནག་པོའི་ཐོད་པ་ལ། །དྲག་པོའི་མིང་རུས་ཡུལ་མཁར་དང་། །ནོར་རྫས་ཆེ་བྲན་ཐམས་ཅད་བྲུབ། །སྲོག་སྙིང་རྩ་བའི་སྔགས་དེ་ལ། །སེལ་སྔགས་འཕུང་བྱེད་འདི་སྦྲེལ་བཟླས། །ཙཀྲ་རཀྵ་ཚལ་པ་ཀྱི་ཁྱེར།རྩད་ཆོད་དྲུང་ཕྱུང་རྨང་ནས་ཤིག །སྟེ་ཤོག་ཡ། རྫས་རྣམས་དྲིལ་ཏེ་དགྲ་བོ་ཡི། །ཁང་ས་ཞིང་ས་དུར་སར་སྦ། །མཁར་འགྱེལ་ཞིང་སྐམ་དུར་རྣམས་འཁྲུག །དགྲ་རྣམས་ཕུང་ཞིང་བརླག་པར་འགྱུར། །སེང་གེ་ཁ་འཐབ་ཁ་སྒྱུར་ནི། །ཡེ་ཤེས་འཇིག་རྟེན་གང་ཡང་རུང་། །དེ་ཡི་བསྙེན་བསྒྲུབ་ཡོངས་རྫོགས་ནས། །དེ་ཉིད་གཞུང་བསྲང་མཐུན་རྫས་བཤམ། །ཁྱད་པར་འདག་པའི་སེང་གེ་གཉིས། །ཁོང་སྟོང་བྱས་ལ་སོ་བཏང་ལ། །གཅིག་དཀར་གཅིག་ནག་སོ་སོར་ཕྱུག །དཀར་པོའི་ནང་དུ་རང་བསྟེན་པའི། །ལྷ་དང་སྲུང་མའི་མིང་གཟུགས་རྣམས། །དཔའ་བརྗིད་དམག་འདྲེན་ཚུལ་དུ་བྲུབ། །སྲོག་སྔགས་བསྙེན་བསྒྲུབ་ལས་དྲིལ་གཞུག །ནག་པོའི་ནང་དུ་ཁོ་ཡི་ནི། །ལྷ་སྲུང་སྔགས་མིང་གཟུགས་བཅས་བྲིས། །སྡེ་བརྒྱད་དག་གི་མིང་བྱང་བྲི། །དེ་གཉིས་ཁ་འཐབ་བར་དུ་ནི། །བན་དྷི་ཁོ་ཡི་ལིངྒ་གཞུག །སྲོག་སྙིང་རྩ་བའི་སྔགས་དེ་ལ། །སེང་གེ་ཁ་འཐབ་རྒྱལ་སྔགས་བཟླས། །ནྲྀ་མཱ་ར་ཡ་ནི་ནྲྀ་ཧུར་ཐུམ། བན་དྷི་ལ་རྦད་ཁ་ཐམ། ཆེ་གེ་མོའི་སྲོག་སྙིང་དམར་པོ་ཧུར་ཐུམ་ཛ་མཱ་ར་ཡ་རྦད། ཟངས་ལྕགས་ཉུང་དཀར་ཉུང་ནག་ལ། །བསྔགས་ཤིང་ལིངྒ་དེ་ལ་བརྡེག །ཟླ་དྲུག་ལོན་ཚེ་དེ་འཆི་འགྱུར། །རྦོད་གཏོང་ཟློག་པའི་ཁ་སྒྱུར་ནི། །ཡེ་ཤེས་འཇིག་རྟེན་གང་ཡང་རུང་། །དེ་ཡི་བསྙེན་བསྒྲུབ་ཡོངས་རྫོགས་ནས། །དེ་ཉིད་གཞུང་བསྲང་མཐུན་རྫས་བཤམ། །ཁྱད་པར་ཁོ་ཡི་རྐང་རྗེས་དང་། །དྲི་མ་དག་ལ་ལིངྒ་བྱ། །མིང་རུས་བྲིས་ལ་སྙིང་གར་གླན། །མཆོག་ཕུར་སོར་བརྒྱད་སྙིང་གར་གདབ། །རང་


DNG015_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

གི་མལ་འོག་གྲུ་གསུམ་ནང་། །ཉ་བོ་དུག་ཁྲག་བྱུགས་ལ་བཞག །དོང་ཁ་རྒྱ་གྲམ་གཡམ་པས་བཅད། །དེ་སྟེང་རང་ཉིད་ལྷར་གསལ་འདུག །སྲོག་སྙིང་རྩ་བའི་སྔགས་དེ་ལ། །རྦོད་གཏོང་ཟློག་སྔགས་འདི་སྦྲེལ་བཟླས། །པ་ར་ཙཀྲ་ཧྲཱྀཿཤྟྲཱི་ཨ་པ་ན་ཡ། ཆེ་གེ་མོའི་རྦོད་ཟོར་སརྦ་བཟློག་བཟློག་ཡ་ཡ། བརྒྱ་རྩ་བརྒྱད་བཟླས་ལ་གཅིག་ཐུབ། །སྟོང་རྩ་བརྒྱད་ཀྱིས་དེ་ཐུབ་འགྱུར། །ཁྲི་ཚོ་གཅིག་གིས་རྟག་ཏུ་ཐུབ། །སྦོད་གཏོང་ཐམས་ཅད་དེས་བཟློག་འགྱུར། །མུ་སྟེགས་ངག་གནོན་ཁ་སྒྱུར་ནི། །ཡེ་ཤེས་འཇིག་རྟེན་གང་ཡང་རུང་། །དེ་ཡི་བསྙེན་བསྒྲུབ་ཡོངས་རྫོགས་ནས། །དེ་ཉིད་གཞུང་བསྲང་མཐུན་རྫས་བཤམ། །ཁྱད་པར་ཁོ་ཡི་ཆུ་རྗེས་ས། །ཆུ་ལ་འབོགས་པའི་རྗེས་ས་ལ། །ཁོ་ཡི་གཟུགས་ནི་ཁ་བདེ་བྱ། །ཤོག་ཤོག་ལྕེ་དཔྱད་ཨོག་མར་དྲང་། །བཙན་དུག་མུ་ཟི་ཚུར་ནག་བྱུག །རྡོ་རྗེ་རྒྱ་གྲམ་བྲིས་ནས་ནི། །དཀྱིལ་དུ་མཆོག་ཕུར་སོར་བཞི་གདབ། །རང་གི་རོ་སྟོད་འོག་དག་ཏུ། །གྲུ་གསུམ་དོང་གི་ནང་དུ་གནན། །ལྕགས་ཀྱི་ཕ་བོང་རི་རབ་ཀྱིས། །ཁོ་ཡི་ལྕེ་མནན་འགྱུར་མེད་བསམ། །སྲོག་སྙིང་རྩ་བའི་སྔགས་དེ་ལ། །ཨ་བཱག་རྦད། ཙིཏྟ་སྟམ་བྷ་ཡ་ནན། ངག་ལྡིབ་ལྡིབ་ངག་ནན། ཉེན་རེ་ནུབ་ཀྱི་རིགས་ལ་བཟླས། །དེ་ནས་ཇག་འཆིང་ཁ་སྒྱུར་ནི། །ཡེ་ཤེས་འཇིག་རྟེན་གང་ཡང་རུང་། །དེ་ཡི་བསྙེན་བསྒྲུབ་ཡོངས་རྫོགས་ནས། །དེ་ཉིད་གཞུང་བསྲང་མཐུན་རྫས་བཤམ། །ཁྱད་པར་སྤྲེའུའི་སོ་དང་ཁྲག །མི་ཁྲག་ཉུང་དཀར་གུ་གུལ་ནག །སྐྱེས་པ་གྲིར་ཤིའི་ཁྲག་རྣམས་ལས། །སྲོག་སྙིང་རྩ་བའི་སྔགས་དེ་དང་། །མི་རྒོད་ཇག་འཆིང་སྔགས་སྦྲེལ་བཟླས། །དར་དུ་ཧར་དུ་རྦད། གྷུ་པ་ཧ་དུ་ཤིག །ཙག་ཙག་ཆིངས་ཆིངས། ཁྲི་ཕྲག་ཐེམས་ནས་མགུལ་ཁུག་བཅང་། །དགྲ་བྱུང་ཚེ་ན་ཐུན་གཏོར་ན། །བརྒྱལ་བ་དང་ནི་རེངས་པར་འགྱུར། །དམ་སྲི་གནོན་པའི་ཁ་སྒྱུར་ནི། །ཡེ་ཤེས་འཇིག་རྟེན་གང་ཡང་རུང་། །དེ་ཡི་བསྙེན་བསྒྲུབ་ཡོངས་རྫོགས་ནས། །དེ་ཉིད་གཞུང་


DNG015_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

བསྲང་མཐུན་རྫས་བཤམ། །ཁྱད་པར་དམ་སྲི་མོ་ཡི་གཟུགས། །ལིངྒ་མིང་རུས་ལྡན་བྲིས་ནས། །རབས་ཆད་ཐོད་པའི་ཨག་ཙེར་བྲུབ། །སྲོག་སྙིང་རྩ་བའི་སྔགས་དེ་དང་། །དམ་སྲི་མནན་པའི་སྔགས་འདི་སྦྲེལ། །དགྲ་བགེགས་དམ་སྲི་ནྲྀ་ཏྲི་རྦད་ཐུམ། དྷ་ར་ཡ་དྷ་ར་ཡ། མཱ་ར་ཡ་མཱ་ར་ཡ་ནན། མཆོད་རྟེན་རྙིང་པའི་འོག་ཏུ་མནན། །དམ་སྲིའི་བར་ཆོད་རྒྱུན་ཆོད་འགྱུར། །ཞེས་བཀའ་སྩལ་ཏོ། །དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོ་ལས། སྲོག་སེར་ཁ་སྒྱུར་ཡོངས་རྫོགས་སུ་བསྟན་པའི་ལེའུ་སྟེ་སོ་དགུ་པའོ།། །།དེ་ནས་ཡང་འདུས་པའི་འཁོར་རྣམས་ཀྱིས་མགྲིན་གཅིག་ཏུ་སྟོན་པ་ཀུན་ཏུ་བཟང་པོ་ཆེ་མཆོག་ཧེ་རུ་ཀ་ལ་གསོལ་པ། ཀྱེ་ཀྱེ་ཀྱེ། ཐམས་ཅད་སྟོན་པ་ཀུན་ཏུ་བཟང་། །ཐུགས་རྗེ་ཆེ་མཆོག་ཧེ་རུ་ཀ །བསྒྲུབ་རྟེན་འབྱུང་འདུས་སྒྱུ་ལུས་འདི། །འཆི་བ་བརྟག་བསླུ་འཕོ་འཇུག་གང་། །དེ་སྐད་ཅེས་གསོལ་བཀའ་སྩལ་པ། །རྣལ་འབྱོར་འཆི་བའི་ལྟས་བརྟག་པ། །ཕྱི་ནང་གསང་བ་དེ་ཉིད་དེ། །ཟླ་བ་གང་རུང་ཉ་ཡི་ནུབ། །སྤྲིན་མེད་དང་དུས་སྔ་དགོང་དུས། །གཅེར་བུར་ནུབ་ཏུ་ཁ་བལྟས་ཏེ། །གྲིབ་མའི་སྙིང་གར་མིག་ཡིད་གཟུང་། །མིག་སྦྲུད་དུས་ན་མཁའ་ལ་བལྟ། །རང་གི་གྲིབ་འདྲ་མི་ཡི་གཟུགས། །སྔོ་སྐྱ་རྐང་ལག་མ་ཉམས་འཆར། །དེ་ནི་གནས་ལུགས་འཆི་བརྟགས་མེད། །དེ་ཡི་འཆར་འགྱུར་རྟགས་མང་ཡང་། །གཟུགས་དེ་རོ་ཐུམ་འདྲ་བ་འམ། །མགོ་བོ་ཆད་དམ་མགོ་གཞུག་ལོག །ལོ་གཅིག་ཟླ་དྲུག་ནང་དུ་འཆི། །འཕྲེད་ལ་བསྟན་ན་ཆག་སྒོ་ཡོད། །རྨི་ལམ་བརྟག་པ་ཐུར་འགྲོ་ཞིང་། །བག་མ་བླངས་སམ་བག་མར་འགྲོ། །ཡུལ་མཁར་འགྱེལ་ལམ་གཤིན་དང་འགྲོགས། །སྐྱས་ནག་སྒོ་གནོན་སྨེ་ཅན་འབེབས། །མདོར་ན་ངན་སེམས་ཀུན་རྨིས་ན། །སད་རྗེས་སྙིང་མི་དགའ་ན་འཆི། །སྤྲེའུ་འམ་ནི་བོང་བུ་ཞོན། །མི་དཀར་ཁྲིད་དེ་ཤར་ལྷོ་རུ། །ཕྱིན་ནས་མ་ལོག་རྨིས་ན་འཆི། །ངན་པ་རྨིས་འཕྲོ་བཟང་རྨིས་ཐུབ། །གཟུགས་དང་དབང་པོ་སྐད་


DNG015_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་དོག །རྐྱེན་མེད་སྔར་བས་ཉམས་འགྱུར་དང་། །དྲི་ལོག་དྲི་མི་ཚོར་ཡང་རུང་། །མེ་མར་ཤི་དྲི་མི་ཚོར་འཆི། །མིག་བཙིར་འོད་མེད་རྣ་འབྲུག་མེད། །སྤྱི་བོའི་ཚ་འགྲིབ་ཞག་བདུན་ཡོལ། །སྲིན་ལག་ས་ནས་ཐེགས་ན་འཆི། །རྐྱེན་མེད་གློ་བུར་དུག་ལྔ་རགས། །ཆོས་བརྒྱད་ལྷག་པར་སྲེད་པ་དང་། །གར་བསྡད་སུ་དང་འགྲོགས་སྐྱོ་ཞིང་། །སྔར་དང་སྤྱོད་ལམ་གོ་ལོག་ངན། །དགེ་སྦྱོར་གང་ལ་བློ་མི་འཇུག །གཉིད་ཆེ་གཉིད་ཆུང་གོ་ལོག་དང་། །བསོད་ནམས་ལྷག་པར་སྐྱེ་འབྲི་རུང་། །བླ་མ་མཆེད་ལ་སྣང་ལོག་འཆི། །མདོར་ན་སྔར་གྱི་གནས་ལུགས་ལ། །སེམས་ཉིད་ལས་སུ་མི་རུང་འཆི། །དུས་མིན་འཆི་བའི་སླུ་ཐབས་བཤད། །མཎྜལ་སྟེང་དུ་རུས་སྦལ་དགོད། །འབྲུ་སྣའི་ཕྱེ་ལ་རང་མཉམ་གླུད། །དོན་སྙིང་དབང་པོ་གླུད་རྫས་བརྒྱན། །ཕོ་ཤིང་མོ་ཤིང་རང་དང་སྦྱར། །ལོ་གྲངས་ཁྲམ་བཏབ་སྒྱུར་དམོད་བྲི། །མདའ་དཀར་བཅས་ཏེ་གཡས་གཡོན་གཟུག །ལོ་གྲངས་གླུད་དང་ཤ་མར་ཟན། །འདོད་ཡོན་ཟས་རྣམས་ཡོངས་བསྐོར་ཏེ། །འདབ་བརྒྱད་རུས་སྦལ་དལ་དབུས་གཞག །གཞན་ཡང་མཐུན་པའི་གཏོ་ཡས་བསག །རང་ཉིད་གཤིན་རྗེར་རབ་གསལ་བས། །སྔགས་དང་ཕྱག་རྒྱས་སྤེལ་སྦྱངས་བསྒྱུར། །འབྱུང་བའི་ནད་གདོན་ཀུན་འདུལ་བའི། །ཞི་བྱེད་འཆི་སླུའི་སྔགས་འདི་བཟླས། །ཨོཾ་མ་ཧཱ་ཀ་ལི་མོ་ཏ་ཡེ་སྭཱ་ཧཱ། ཨོཾ་མ་མ་རཾ་རཾ་ཡེ་སྭཱ་ཧཱ། ཨོཾ་མ་མ་ཁཾ་ཁཾ་ཡཾ་སལ་ཡེར་པ་སྭཱ་ཧཱ། ཨོཾ་སུ་སུ་མ་མ་ཏང་ཏང་ཡེ་སྭཱ་ཧཱ། ཨོཾ་མ་མ་ཀར་ཀར་ཡེ་སྭཱ་ཧཱ།ཨོཾ་མ་མ་སྔོ་ཏ་སྔོ་ཏ་ཡེ་སྭཱ་ཧཱ། ཁ་ཞུ་ཁ་ཞུ་སྭཱ་ཧཱ། ཤི་མ་ག་ལ་སྭཱ་ཧཱ། ཨོཾ་ཨ་རཾ་ཨ་ཏྲཾ་སྭཱ་ཧཱ། ཨ་ཏེ་ན་མ་མ་ཧཱ་གྲ་ཧ་ཧ་ན་མ་བྷྱོ། ན་ཏི་ཕུ་ན་སྭཱ་ཧཱ། ཨོཾ་ཏྲཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བྱི་ཤ་མ་ཡེ་སྭཱ་ཧཱ། ཨོཾ་དྲུ་མུ་དྲུ་མུ་སྭཱ་ཧཱ། ཨོཾ་འཛི་མི་འཛི་མི་མུ་སི་བག་ཤམ་སཾ་རྦད་ཏོ་མ་ཧཱ་མ་ཧཱ་ཡག་ཤ །བྷོ་དྷི་བར་ཤང་། ཡཾ་ཀི་རོ་ཀི་རོ་ཧཱུཾ་ཕཊ།ཨོཾ་ས་མ་ཡ་ཡེ་མེ་ཡ་ཡི་དུ་པེ། དུ་པེ་མི་སྡི་སྟ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཨ་


DNG015_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

ན་རུ་ཤམ་པ་འདུས་སརྦ་ཨ་ཡ་ཤ །གྷ་ཚ་གྷ་ཚ་ཕཊ། ཨ་ཀ་ནི་ནི་ཀ་ནི། ཨ་བྱི་ལམ་དྷ་ལི་མ་དྷ་ལི་ཡེ་སྭཱ་ཧཱ། བརྒྱའམ་སྟོང་དུ་བཟླས་ནས་ཀྱང་། །ལྷ་སྲིན་ཀུན་ལ་མིང་གིས་མཆོད། །རང་གི་ལོ་སྤར་དུས་ཀེག་ལ། །འདྲེ་ལྔ་སྡོད་པའི་ཕྱོགས་སུ་བསྐྱལ། །དེ་ལྟར་བྱས་ན་ཚེ་ཟད་ཀྱང་། །ལོ་གསུམ་ཤོལ་གྱིས་ཐེབས་པ་ཡིན། །དུས་མིན་འཆི་བསླུ་སྨོས་ཅི་དགོས། །ལུས་སྟག་གོ་ལོག་ཐམས་ཅད་བཟློག །དེས་ཀྱང་དཀའ་ན་སླུ་ཐབས་ནི། །བླ་མ་ཁྱད་པར་བཤེས་གཉེན་ལ། །ལོ་གྲངས་ཙམ་གྱི་ཡོན་དབུལ་ཞིང་། །ལོ་གྲངས་བཀའ་ལ་འདོན་ཀློག་བྱ། །ལོ་གྲངས་གཙུག་ལག་ཁང་ཡང་མཆོད། །གསང་སྒྲུབ་ཆེན་པོའི་དབང་རྫོགས་ཞུ། །ཚོགས་འཁོར་མང་ལ་གྲངས་མེད་གཏང་། །ཚེ་སྒྲུབ་བཅུད་ལེན་སྐབས་བཞིན་བྱ། །དེ་རྣམས་ཀུན་གྱིས་བཟློག་དཀའ་ན། །འཁོར་གསུམ་ཡོངས་དག་སྤོང་ཐག་བྱ། །དབེན་པར་མཚམས་བསྡམ་བག་ཀློད་ལ། །བལྟ་བསྒོམ་འཆི་མེད་སྙིང་པོ་བསྐྱང་། །འཆི་བསླུའི་རྒྱལ་པོར་དེ་འགྱུར་ངེས། །གལ་ཏེ་སླུ་ཐབས་ཀུན་རྡུགས་ནས། །དུས་ལ་བབ་ན་འཕོ་འཇུག་ནི། །མཚན་མེད་མཚན་བཅས་གཉིས་ཡིན་ཏེ། །མཚན་མེད་རྣལ་འབྱོར་བློ་རབ་ཀྱིས། །འཆི་འཕོ་ཀུན་བརྟགས་འཇིག་རྟེན་ཆོས། །རང་བྱུང་ཡེ་ཤེས་འཆི་མེད་ལ། །འཆི་འཕོའི་རྣམ་རྟོག་རང་སར་གྲོལ། །དེ་ཉིད་རྟོགས་ཚེ་འཕོས་པ་ཡིན། །དེ་ལས་མི་འདའ་གྲོང་འཇུག་ཡིན། །མཚན་བཅས་རྣལ་འབྱོར་བློ་འབྲིང་མཐས། །དབེན་པར་མཎྜལ་གཙང་མའི་དབུས། །ཡི་དམ་སྐུ་གསར་བྲིས་ལ་བཞག །རང་ཉིད་ལྷར་གསལ་རླུང་བསྒོམས་པས། །ཧཱུཾ་མཐིང་སྣ་རླུང་གཡས་ནས་དྲང་། །བྲིས་སྐུའི་ཐུགས་ཀའི་ཧཱུཾ་ལ་ཐིམ། །ཡང་ཡང་སྦྱངས་རྗེས་གསལ་དུས་ན། །དེ་ཉིད་ལ་འཕོས་ས་བཅུ་ཡི། །བྱང་སེམས་སུ་འགྱུར་རང་བྱུང་དོན། །ཡེ་ཤེས་ངོ་ཤེས་ས་ནོན་འགྱུར། །དེ་ཡང་དཀའ་ན་མཎྜལ་དབུལ། །མཚན་ལྡན་དུམ་གཅིག་ཐོད་པའི་ནང་། །བཻ་ཌཱུར་ཧཱུཾ་མཐིང་བྲིས་


DNG015_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཀྱང་། །སྔར་བཞིན་རླུང་འབྱིན་རིག་ཧཱུཾ་བསྡིམ། །དེ་འགྲུབ་བརྟན་ན་གྲོང་འཇུག་སྟེ། །རིགས་བཟང་རིག་གསལ་ན་གཞོན་ལ། །ནད་ངན་གྲི་ལྔར་མ་ཤི་བའི། །ཞག་གསུམ་ཚུན་ཆད་ཤི་རོ་བླང་། །དྲི་བཟངས་ཀྱིས་བཀྲུས་བརྒྱན་རྣམས་གདགས། །དཀྱིལ་འཁོར་དབུས་བཞག་ཚོགས་གཏོར་བྱ། །བགེགས་བསྐྲད་གསོལ་གདབ་འདུན་པ་གཞུག །ཉམས་ཅན་མཆེད་ཀྱིས་རོ་དེ་གཟུང་། །སྣ་རྩེ་མཛོད་སྤུར་ཧཱུཾ་རེ་བྲིས། །རང་རིག་ཧཱུཾ་ཞེས་ཧཱུཾ་དེ་ཉིད། །མཛོད་སྤུའི་ཧཱུཾ་ལ་ཡང་ཡང་བསྡིམ། །དེ་བརྟན་སྣ་རྩེའི་ཧཱུཾ་ལ་བསྡིམ། །རོ་ལ་དྲོད་དང་མདངས་ཀྱང་འབྱུང་། །དེ་ནས་རོ་དང་ཁ་སྦྱར་ཏེ། །རང་རིག་ཧཱུཾ་དང་རླུང་དུ་བཅས། །སྣ་བུག་གཡས་ནས་རྩལ་བསྐྱེད་དེ། །རོ་ཡི་སྣ་བུག་གཡོན་ནང་བརྒྱུད། །རོ་ཡི་སྙིང་གར་ཧཱུཾ་དུ་གནས། །ཡང་ཡང་བསྡིམ་ཞིང་བརྟན་པར་བྱ། །དེ་ནས་རོ་འགུལ་ལྡང་ཞིང་སྨྲ། །གྲོགས་དེས་བུར་ཆུ་མངར་གྱིས་གསོ། །ཞག་གྲངས་ཉེར་གཅིག་བརྟས་སུ་གཞུག །དེ་ནས་བག་ཆགས་མཁྱེན་པ་དྲན། །སྔར་དང་འདྲ་བར་གྱུར་པའི་ཚེ། །སྔ་མའི་ཕུང་པོ་བསྲེག་སྦྱངས་ཏེ། །ཚ་ཚ་མཆོད་རྟེན་བཞེང་བར་བྱ། །ཁྱད་པར་བར་དོ་གྲོང་འཇུག་ལྔ། །རང་བཞིན་ངོ་ལྟོས་ཏིང་ངེ་གནས། །རྨི་ལམ་མཚམས་སྦྱར་སྐྱེ་འཆིར་བཟླ། །སྲིད་པ་བར་དོར་ལས་འཕྲོ་འཐུད། །ཅེས་བཀའ་སྩལ་ཏོ། །) དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོ་ལས། འཆི་བརྟག་འཆི་བསླུ་འཕོ་བ་གྲོང་འཇུག་ཡོངས་རྫོགས་སུ་བསྟན་པའི་ལེའུ་སྟེ་བཞི་བཅུ་པའོ།། །།དེ་ནས་འདུས་པའི་འཁོར་རྣམས་ཀྱིས་མགྲིན་གཅིག་ཏུ་སྟོན་པ་ཀུན་ཏུ་བཟང་པོ་ཆེ་མཆོག་ཧེ་རུ་ཀ་ལ་གསོལ་པ། ཀྱེ་ཀྱེ་ཀྱེ། ཐམས་ཅད་སྟོན་པ་ཀུན་ཏུ་བཟང་། །ཐུགས་རྗེ་ཆེ་མཆོག་ཧེ་རུ་ཀ །རྒྱུད་ཆེན་དགོངས་འདྲེལ་བསྟན་འཚལ་ན། །བཅོམ་ལྡན་འདས་དང་བདེ་གཤེགས་གསང་། །ཐམས་ཅད་ཀྱིས་ནི་སྐུ་གསུང་ཐུགས། །གསང་བ་ཡེ་ཤེས་སྙིང་པོ་དང་། །ཐམས་ཅད་ཡོངས་རྫོགས་བསྡུས་དོན་གང་། །


DNG015_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསོལ་སྟོན་པས་བཀའ་སྩལ་པ། །བདུད་རྣམས་ཀུན་འཇོམས་ཡོན་ཏན་ལྡན། །བདེ་བར་གཤེགས་པའི་ཚུལ་བརྗོད་ན། །གཟུང་འཛིན་ཉོན་མོངས་མི་གནས་བདེ། །འབྲས་བུ་སར་གཤེགས་བདེ་བར་གཤེགས། །ཐམས་ཅད་ཀུན་ཁྱབ་སྐྱེ་འགག་མེད། །གཉིས་མེད་སྐུ་གསུང་ཐུགས་ཡིན་ཏེ། །གབ་སྦས་ངེས་གསང་དེས་ཤེས་ཤིང་། །མུ་བཞི་མཉམ་གྲོལ་སྙིང་པོའི་དོན། །སྤྲོས་དང་སྤྲོས་མེད་དོན་ཐམས་ཅད། །རྒྱུད་འདིར་ཡོངས་རྫོགས་འདུས་པའི་དོན། །ཇི་སྙེད་པ་ཡི་བདེ་བར་གཤེགས། །རང་རིག་སེམས་ཀྱི་རྒྱུད་ལ་རྫོགས། །དེ་ཕྱིར་ཡོངས་སུ་རྫོགས་ཞེས་བྱ། །ཞེས་གསུངས་འཁོར་གྱིས་ཡང་གསོལ་པ། །དཔལ་དང་གསང་བ་འདུས་པ་གང་། །རྒྱུད་དང་ཆེན་པོ་ཇི་ལྟ་བུ། །ཞེས་གསོལ་སྟོན་པས་བཀའ་སྩལ་པ། །མཐར་ཐུག་གནས་སྐབས་ཐམས་ཅད་དུ། །བདེ་འབྲས་རང་ཤར་དོན་བྱེད་དཔལ། །ཐུགས་ཀྱི་དགོངས་པ་གབ་པས་གསང་། །དོན་གྱི་སྙིང་པོ་འདུས་པས་འདུས། །ཕུན་སུམ་ཚོགས་པའི་ཕྱིར་ན་རྒྱུད། །དེ་ལས་འཕགས་པ་གཞན་མེད་ཆེ། །ཞེས་གསུངས་འཁོར་གྱིས་ཡང་གསོལ་པ། །ངོ་མཚར་ཕུན་ཚོགས་རྒྱུད་མཆོག་གི། །ངོ་བོ་གང་ཡིན་ངེས་ཚིག་ཅི། །དབྱེ་བ་མཐུན་དཔེ་ལྡང་ཚད་དང་། །དགོས་ཆེད་དང་སྦྱར་མཚན་འདོགས་གང་། །ཞེས་གསོལ་སྟོན་པས་བཀའ་སྩལ་པ། །ངོ་བོ་རང་རིག་ཡེ་ཤེས་ཏེ། །མ་བཅོས་མ་བསྒྱུར་བསླད་པ་མེད། །སྐྱེ་འགག་རྟག་ཆད་འགྲོ་དང་འོང་། །ཡོད་མེད་མཐའ་བྲལ་དབྱེར་མེད་པའོ། །ངེས་ཚིག་འདྲེལ་ཅིང་མ་ཚང་མེད། །དཀྲུགས་དང་ཡོངས་རྫོགས་ཕུན་སུམ་ཚོགས། །དབྱེ་བ་ཚིག་རྒྱུད་དོན་རྒྱུད་དོ། །མཐུན་དཔེའ་རིན་ཆེན་དྲ་བ་འདྲ། །ལྡང་ཚད་གླེང་སྩོགས་དངོས་པོ་བཅུ། །བསྟན་རིམ་བལྟ་བསྒོམ་སྤྱོད་འབྲས་དང་། །བསྙེན་དང་བསྒྲུབ་ཆེན་དབང་དམ་ཚིག །མཐའ་རྒྱས་མན་ངག་ལ་སོགས་པ། །གླེང་གཞི་ནས་བཟུང་རྒྱུད་གཏད་པར། །དབུ་ཞབས་


DNG015_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་རྫོགས་པར་བསྟན། །དགོས་ཆེད་དང་སྦྱར་མཚན་དོན་ནི། །བདུད་བཅོམ་དཔལ་ལྡན་སྐྱོན་གྲོལ་བས། །བཅོམ་ལྡན་གྲོལ་རྒྱུད་ཅེས་ཀྱང་བྱ། །ལམ་བདེ་འབྲས་བུའི་སར་གཤེགས་པས། །བདེ་གཤེགས་འདུས་པའི་རྒྱུད་དུ་གསུངས། །སྣང་སྟོང་གཉིས་མེད་གཉིས་སྣང་སྟོན། །སྐུ་གསུང་ཐུགས་ཀྱི་རྒྱུད་ཅེས་བྱ། །གབ་སྦས་སྤྲོས་བྲལ་དོན་གསལ་བས། །སྤྲོས་བྲལ་དོན་གསལ་རྒྱུད་ཅེས་བྱ། །རྒྱལ་བ་ཞི་ཁྲོ་ཡོངས་རྫོགས་པས། །ཡོངས་རྫོགས་ཆེན་པོའི་རྒྱུད་དུ་གསུངས། །དཔལ་ཆེན་ཀུན་གྱི་གསང་འདུས་པས། །དཔལ་ཆེན་གསང་འདུས་རྒྱུད་ཅེས་བྱ། །མ་རིག་མུན་པའི་ཚོགས་འཇོམས་པས། །ཉི་ཟླ་ཁ་སྦྱོར་རྒྱུད་དུ་གསུངས། །རིགས་དྲུག་འཁོར་བ་དོང་སྤྲུགས་པས། །འཁོར་བ་དོང་སྤྲུགས་རྒྱུད་ཅེས་བྱ། །སངས་རྒྱས་ཀུན་གྱི་དགོངས་འདུས་པས། །དགོངས་པ་འདུས་པའི་རྒྱུད་དུ་གསུངས། །བསྙེན་བསྒྲུབ་ཕྲིན་ལས་ཡོངས་རྫོགས་པས། །ཕྲིན་ལས་ཡོངས་རྫོགས་རྒྱུད་ཅེས་བྱ། །གཞི་ལམ་འབྲས་བུའི་གསང་རྫོགས་པས། །གསང་བ་ཡོངས་རྫོགས་རྒྱུད་དུ་ཟུང་། །ཞེས་བཀའ་སྩལ་ཏོ། །དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོ་ལས། རྒྱུད་ཀྱི་དགོས་འདྲེལ་མཚན་ཡོངས་རྫོགས་སུ་བསྟན་པའི་ལེའུ་སྟེ་ཞེ་གཅིག་པའོ།། །།དེ་ནས་ཡང་འདུས་པའི་འཁོར་རྣམས་མགྲིན་གཅིག་ཏུ། རབ་ཏུ་སྤྲོ་བའི་སེམས་ཀྱིས་སྟོན་པ་ཀུན་ཏུ་བཟང་པོ་ཆེ་མཆོག་ཧེ་རུ་ཀ་ལ་རྡོ་རྗེ་གླུ་ཡིས་བསྟོད་པ་ནི། ཧཱུཾ་ཧཱུཾ་ཧཱུཾ། ཧ་ཧ་ཧ། ཧོ་ཧོ་ཧོ། ཀྱེ་ཀྱེ་ཀྱེ། ཨེ་མ་ཧོ་ཧཱུཾ། བཅོམ་ལྡན་དཔལ་ཆེན་ཆེ་མཆོག་མི་བཟད་ཧེ་རུ་ཀ །ཆོས་སྐུ་སྐྱེ་མེད་དབྱིངས་ནས་བཞེངས་ནས་ཀྱང་། །གཟུགས་སྐུ་རབ་འཇིགས་ཆ་ལུགས་གཏུམ་རྔམ་ཁྲོ་བོར་སྟོན། །སངས་རྒྱས་ཀུན་འདུས་ཡོན་ཏན་དབང་ཕྱུག་བདུད་འདུལ་རྒྱལ། །གསང་བའི་ཡུམ་མཆོག་ཁྲོ་མོ་གནམ་ཞལ་བདེ་ཆེན་སྦྱོར་བའི་ཡུམ། །དུས་གསུམ་བདེར་གཤེགས་རྒྱལ་བ་མ་ལུས་ཀུན་འདུས་བསྐྱེད་མཛད་མ། །གཉིས་མེད་མཉམ་སྦྱོར་


DNG015_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་སྣ་ཚོགས་འགྲོ་བ་འདུལ། །ཆེ་མཆོག་ཡབ་ཡུམ་རོལ་པའི་སྐུ་ལ་ཕྱག་འཚལ་བསྟོད། །ཧཱུཾ་ཆེ་མཆོག་སྐུ་ནི་གཤིན་རྗེ་གཤེད། །ཆེ་མཆོག་གསུང་ནི་རྟ་མགྲིན་དབང་། །ཆེ་མཆོག་ཐུགས་ནི་དཔལ་རྡོ་རྗེ། །ཆེ་མཆོག་ཡོན་ཏན་ཡོངས་རྫོགས་ཉིད། །ཆེ་མཆོག་ཕྲིན་ལས་ཀི་ལ་ཡཱ། །ཆེ་མཆོག་རྦོད་གཏོང་མ་མོའི་གཙོ། །ཆེ་མཆོག་རིག་འཛིན་ཐོད་པ་རྩལ། །ཆེ་མཆོག་ཕོ་ཉ་དྲེགས་པའི་གཙོ། །ཆེ་མཆོག་དམོད་པ་སྔགས་བདག་གཙོ། །ཆེ་མཆོག་སྤྲུལ་པ་སྲས་མཆོག་ཚོགས། །ཆེ་མཆོག་བཀའ་སྡོད་དམ་ཅན་མ། །ཡོངས་རྫོགས་དཔལ་ཆེན་འཁོར་བཅས་རྣམས། །ཡེ་ནས་རང་དང་གཉིས་མེད་ཕྱིར། །གཉིས་མེད་གུས་པས་ཕྱག་འཚལ་བསྟོད། །ཅེས་མངོན་པར་བསྟོད་དོ། །དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོ་ལས། སྟོན་པ་ཀུན་ཏུ་བཟང་པོ་ཆེ་མཆོག་ཧེ་རུ་ཀ་ལ་ཡོངས་རྫོགས་སུ་བསྟོད་པའི་ལེའུ་སྟེ་ཞེ་གཉིས་པའོ།། །།དེ་ནས་འདུས་པའི་འཁོར་རྣམས་ལ། སྟོན་པ་ཀུན་ཏུ་བཟང་པོ་ཆེ་མཆོག་ཧེ་རུ་ཀ་རབ་ཏུ་དགྱེས་ནས། རྡོ་རྗེ་ཟིལ་གནོན་བདེ་གཤེགས་འདུས་པའི་གླུ་བྲོ་གསུངས་པ། ཧཱུཾ་ང་ནི་ཆེ་མཆོག་ཧེ་རུ་ཀ །ཞི་ཁྲོ་བདེ་གཤེགས་ཡོངས་རྫོགས་སྐུ། །རྡོ་རྗེའི་གླུ་གཅིག་གནམ་ནས་ལེན། །སྟེང་གི་ལྷ་རྣམས་ཟིལ་གྱིས་གནོན། །རྡོ་རྗེའི་གླུ་གཅིག་ས་ནས་ལེན། །ཀླུ་གཉན་ས་བདག་ཟིལ་གྱིས་གནོན། །རྡོ་རྗེའི་གླུ་གཅིག་ཕྱོགས་བཅུར་སྒྲོགས། །ཕྱོགས་སྐྱོང་དྲེགས་པ་ཞབས་འོག་གཟིར། །རྡོ་རྗེའི་གླུ་སྐད་ཙེར་རེ་རེ། །ཧཱུཾ་གི་འབྲུག་སྒྲ་ལྡི་རི་རི། །ཕཊ་ཀྱིས་གནམ་ལྕགས་ཚལ་ལེ་ཚལ། །དྲག་པོའི་བཤུག་གླུས་ཁམས་གསུམ་གཡོ། །ཤངས་ཀྱི་ཧཱུཾ་སྒྲས་སྲིད་གསུམ་སྒྲོལ། །སྙན་ནས་འབྲུག་སྒྲས་སྟོང་གསུམ་འགེངས། །ལྗགས་ལས་གློག་འགྱུ་བར་སྣང་ཁྱབ། །སྤྱན་ནས་ཆུ་བྱུང་སྟོང་གསུམ་འཁྲུ། །ཞལ་ནས་མཆེ་གཙིགས་བདུད་བཞི་སྒྲོལ། །གླུ་བྲོ་འཁོར་གསུམ་ཆེམས་སེ་ཆེམ། །གླུ་བྲོ་འཁོར་གཅིག་དང་པོ་ཡིས། །གཟུགས་མེད་མུ་བཞི་ཟིལ་གྱིས་གནོན། །


DNG015_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

གླུ་བྲོ་འཁོར་གཉིས་བར་པ་ཡིས། །གཟུགས་ཁམས་བཅུ་བདུན་ཟིལ་གྱིས་གནོན། །གླུ་བྲོ་འཁོར་གསུམ་ཐ་མ་ཡིས། །འདོད་ཁམས་ཉི་ཤུ་ཟིལ་གྱིས་གནོན། །རྡོ་རྗེ་ཟིལ་གནོན་གླུ་བྲོ་ཡིས། །ལྷ་སྲིན་སྡེ་བརྒྱད་དབང་དུ་སྡུད། །དྲེགས་པའི་ཚོགས་རྣམས་འབུབ་ཅིང་རྒྱལ། །རྡོ་རྗེའི་འགྲོས་སྟབས་ཆེམས་སེ་ཆེམ། །ཁྲོ་བོའི་གར་སྟབས་ལོག་གེ་ལོག །བྲོ་ནི་དྲེགས་པ་བདུད་འདུལ་བྲོ། །གླུ་ནི་ཁམས་གསུམ་དབང་སྡུད་གླུ། །ཚིག་ནི་དོན་དམ་མཚོན་པའི་ཚིག །ཞབས་གཡས་ཐབས་ཀྱི་བྲོ་བརྡུངས་པས། །ཁྲོ་བོའི་ཚོགས་རྣམས་དབང་དུ་སྡུད། །ཞབས་གཡོན་ཤེས་རབ་བྲོ་བརྡུངས་པས། །ཁྲོ་མོའི་ཚོགས་རྣམས་དབང་དུ་སྡུད། །གཡས་གཡོན་ཐབས་ཤེས་བྲོ་བརྡུངས་པས། །བདུད་ནི་ཕྱེ་མར་འཐག་པའི་བྲོ། །དགྲ་ནི་དུམ་བུར་གཏུབ་པའི་བྲོ། །དམ་སྲི་ཐལ་བར་རློག་པའི་བྲོ། །ཧཱུཾ་ཧཱུཾ་ཧཱུཾ། ཞེས་ལོག་ལྟའི་དྲེགས་པ་ཟིལ་གྱིས་གནོན་ཅིང་། ཚར་བཅད་དེ་གསང་བའི་བདག་པོ་ལ་སོགས་པའི་འདུས་པའི་འཁོར་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་ཧོ་འདུས་པའི་འཁོར་ཚོགས་ཉོན། །རྡོ་རྗེ་འཛིན་པ་ཚུར་ཉོན་ཅིག །དགོས་འདོད་རེ་སྐོང་ཡིད་བཞིན་གྱི། །རིན་ཆེན་ལྟ་བུའི་རྒྱུད་ཆེན་མཆོག །དཔལ་ཆེན་གསང་བ་འདུས་པའི་རྒྱུད། །སྙིང་ནོར་ཡིན་ནོ་མིག་འབྲས་ཡིན། །ཐེག་པ་ཡོངས་རྫོགས་རྩ་རྒྱུད་འདི། །གཏམས་སོ་གཏད་དོ་ཐུབ་པར་ཆོངས། །དམ་ཉམས་རྣམས་ལ་ཤོར་སྲིད་དོ། །གཡོ་སྒྱུ་ཅན་ལ་ཤོར་སྲིད་དོ། །སྣོད་མེད་རྣམས་ལ་ཤོར་སྲིད་དོ། །བསྟན་པའི་སྙིང་འདི་ཐུབ་པར་སྲུངས། །ཞེས་བཀའ་སྩལ་ཏོ། །དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོ་ལས། རྒྱུད་དོན་ཡོངས་རྫོགས་འཁོར་ལ་གཏད་པའི་ལེའུ་སྟེ་ཞེ་གསུམ་པའོ།། །།བཅོམ་ལྡན་འདས་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གསང་བ་ཡེ་ཤེས་ཀྱི་སྙིང་པོ་ཐམས་ཅད་ཡོངས་སུ་རྫོགས་ཤིང་འདུས་པ། དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ། ཨུ་རྒྱན་གྱི་མཁན་པོ་པདྨ་སཾ་བྷ་ཝས་སྒྲ་རང་འགྱུར་དུ་བསྒྱུར་བ་རྫོགས་སྷོ། །བར་འདིར་ཟླ་གསང་ནག་པོ་ངན་སྔགས་ཐམས་ཅད་རྩ་བའི་རྒྱུད་འཛུད།

དཔལ་ཟླ་གསང་ནག་པོའི་རྒྱུད།


DNG015_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་གསང་ནག་པོ་དྲེགས་པ་ཚར་གཅོད། རྒྱ་གར་སྐད་དུ། ཤྲཱི་ཙནྡྲ་གུ་ཧྱ་ཀཱ་ལ་ཏནྟྲ། བོད་སྐད་དུ། དཔལ་ཟླ་གསང་ནག་པོའི་རྒྱུད། འཇམ་དཔལ་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན།འཇམ་དཔལ་གཤིན་རྗེའི་གཤེད་པོ་ལྷ་མཆོག་ཡ་མཱནྟ་ཀ །ལྷོ་ཕྱོགས་གཤིན་རྗེའི་གནས་དུར་ཁྲོད་ཆེན་པོ་གཏུམ་དྲག་ཚལ་ཞེས་བྱ་བ་ན། རྒྱ་ཁྱོན་དཔག་ཏུ་མེད་པ། རྨང་གསེར་དུ་སྣང་བ། ལོགས་གཡུ་རུ་སྣང་བ། རྩེ་མོ་གནམ་ལྕགས་ཨུར་མོ་རུ་སྣང་བ། འཁོར་ལོ་གཏམས་པའི་བད་བཏགས་པ། འཁོར་ལོ་དང་གནམ་ལྕགས་ཀྱི་འོད་ཕྱོགས་བཞིར་འཕྲོ་བ། འོད་དང་འོད་ཟེར་རབ་ཏུ་འཁྲུགས་པ། མཆོག་ཆེན་དང་རྐང་ཆེན་མཆོག་ཕྲ་མོའི་དྲལ་གཏང་བ། བམ་ཆེན་གྱི་ཀ་བ་ལ་ཆུ་སྲིན་གྱི་ཀ་ཞུ་ཅན། འཁོར་ལོ་འབར་བའི་ཀ་གདན་ཅན། གནམ་ལྕགས་ཐོག་གི་ཚ་ཚ་འཕྲོ་བ། ཐོད་པ་བརྩེགས་པའི་འབུར་ཕྱུང་བ། ཞིང་ཆེན་པོའི་བླ་རེ་དང་། ཆུ་སྲིན་གྱི་རྒྱལ་མཚན་དང་། འཕན་གདུགས་དང་། དཔལ་དར་ཕྱོགས་བཞིར་བཀྲམ་པ། ཙིཏྟ་དམར་པོ་སྤྲིན་དུ་གཏིབས་པ། རྩེ་ན་མེ་རི་སྣ་ཚོགས་པས་བརྒྱན་པ། ཀེང་རུས་ཀྱི་དུར་ཁྲོད་དང་། གནམ་ལྕགས་ཀྱི་ཁང་བཟངས་དང་།འཁོར་ལོའི་གཞལ་ཡས་དང་། རོ་མྱགས་ཀྱི་དུར་ཁྲོད་ལ་སོགས་པ་དུར་ཁྲོད་ཀྱི་གནས་སྟོང་ཡོད་པ། ཉི་མ་མེ་ཤེལ་དང་། ཟླ་བ་ཆུ་ཤེལ་དང་། སྐར་མ་ཕྲ་མེན་གྱི་མཐོངས་ཡོད་པ། གཟའ་སྐར་མང་པོས་བརྒྱན་པ། མཚོ་ཆེན་པོའི་རླབས་དང་། རླུང་ནག་གི་གྲིབ་སོ་དང་། ཀེང་རུས་ཀྱི་རི་རབ་དང་། མེ་རིའི་རླབས་ཡོད་པ། མཐའ་ལྕགས་རི་ནག་པོས་བསྐོར་བ་དེ་ལྟ་བུའི་གནས་དེ་ན། དུར་ཁྲོད་ཀྱི་རོ་བམ་པ་མང་པོ་བརྩེགས་པ། མི་གཙང་བས་ཡོངས་སུ་གང་བ་རྣམ་པ་རོ་རུལ་བ་དང་། བྱེད་རུལ་དང་། བམ་པ་དང་། རྣམ་པར་རུལ་པ་དམར་བ། རྣམ་པར་བམ་པ་དང་། རོ་རེངས་པ་དང་། རྣམ་པར་རེངས་པ་དང་། ཀེང་རུས་ཕྱེད་པ་དང་། རུས་པ་དྲུལ་བ་དང་། འཁུམས་པ་དང་། རྣམ་པར་འཁུམས་པ་དང་། ལངས་པ་དང་། གན་པ་དང་། བུབ་པ་དང་། འགྱེལ་བ་དང་། དུར་ཁྲོད་ཀྱི་རོ་ལ་འདྲལ་བ་དང་། གཤོག་


DNG015_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། གཏུབ་ཅིང་འཚེད་པ་དང་། རོ་ལ་ལོངས་སྤྱོད་ཆེར་སྤྱོད་པ་དང་། དུར་ཁྲོད་ཀྱི་བཙས་པ་མནམ་པ་དང་། ཁྲག་དང་། རྣག་དང་། ཆུ་སེར་འཛག་པ་དང་། མི་གཙང་བ་འཛག་པ་དང་། དེ་ལྟ་བུའི་གནས་དེ་ན་སྟག་དང་། གཟིག་དང་། དོམ་དང་། དྲེད་དང་། བྱ་རོག་དང་། ཀང་ཀ་མཆུ་རིང་དང་། བྱན་ལག་གཤོག་རྡེབས་དང་། སྤྱང་ཀི་རྫི་རྣོན་དང་། ཅེ་སྤྱང་རོ་རྔམ་ཁྲ་དང་འུག་པ་དང་། །ལིང་དུ་ཁྲ་དང་སྲིན་བུ་ཀ་ཀ་རི། །དེ་ལ་སོགས་པ་ཤ་ཟ་ཁྲག་འཐུང་དང་། །རུས་པ་འཆའ་དང་ལྡག་མྱོང་བྱེད་པ་དང་། །བལྟ་དང་དགོད་དང་ངུ་དང་ཆོ་ངེས་འདེབས། །ཀུ་ཅོ་འདོན་ཞིང་མཆོང་རྒལ་བྱེད་པ་དང་། །དྲག་པོའི་རྐན་རྡེབས་ལྟས་ངན་སྐད་སྒྲོགས་དང་། །གཟུགས་མི་སྡུག་དང་འཛུམ་པའི་མདངས་སྟོན་དང་། །འཁོར་ལོའི་བྲོ་བརྡུང་ལྕགས་ཀྱི་མདའ་འཕེན་དང་། །བཤུགས་པའི་གླུ་ལེན་མི་མགོའི་དུང་འབུད་དང་། །དར་ནག་གཡབ་འདོར་རང་ལ་རང་ཁྲོ་དང་། །ཤ་ཟ་ཁྲག་འཐུང་དྲག་པོའི་རྐན་རྡེབས་དང་། །བརྡ་དང་གར་བསྒྱུར་རྡོ་རྗེའི་ཐོག་འཕེན་དང་། །གཏི་མུག་ཤ་ཡི་དུར་ཁྲོད་རི་ལྟར་སྤུངས་པ་དང་། །འདོད་ཆགས་རཀྟའི་དུར་ཁྲོད་རྦ་ཀློང་འཁྱིལ་པ་དང་། །རབ་ཏུ་འཇིགས་ཤིང་སྐྱི་གཡའི་གནས་དེ་ན། །འཇམ་དཔལ་ལྷ་མཆོག་ཡ་མཱནྟ་ཀ་ནི། །ཕྱོགས་བཅུ་དུས་གསུམ་བདེ་གཤེགས་འཁོར་རྣམས་དང་། །ཕྱོགས་སྐྱོང་གཤིན་རྗེ་ཡབ་ཡུམ་འཁོར་རྣམས་དང་། །འཇིག་རྟེན་རླག་བྱེད་གཤིན་རྗེ་གཤེད་བཞི་དང་། །སྟོང་གསུམ་མུན་པར་གཏོང་བར་ཕོ་བདུད་མོ་བདུད་དང་། །འཇིག་རྟེན་མེས་བསྲེག་བཙན་པོ་བཙན་མོ་དང་། །སྨྱོ་འབོག་གཏོང་བར་བྱེད་པའི་གིང་གི་འཁོར་ཚོགས་དང་། །དྲག་པོ་གནམ་ལྕགས་འབེབས་པ་ལྷ་དང་སྨན་གྱི་འཁོར། །ཆུ་འཁྱགས་ཁྲག་ཏུ་འབེབས་པ་ཁྱབ་འཇུག་གཟའ་ཡི་འཁོར་དང་། །མཛེ་ནད་ཛྭ་ལ་གདུག་པ་ཀླུ་ཡི་འཁོར་དང་། །སྲོག་གཅོད་སྤུ་གྲི་ཐོགས་པ་གནོད་སྦྱིན་འཁོར་ཚོགས་དང་། །ཡམས་དང་ནད་གཏོང་མ་མོའི་འཁོར་ཚོགས་དང་། །གཞན་ཡང་དྲི་ཟའི་རྒྱལ་པོ་ཁ་ཐུན་རཀྴ་ལ་སོགས་དྲི་ཟའི་འཁོར་སྡེ་དང་། །ཤན་པ་ནག་པོ་ལ་སོགས་གཤིན་རྗེའི་འཁོར་སྡེ་དང་། །ནཱ་ག་ཛ་ལ་


DNG015_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་ཀླུ་ཡི་འཁོར་སྡེ་དང་། །ཡཀྴ་མགོ་དགུ་ལ་སོགས་གནོད་སྦྱིན་འཁོར་སྡེ་དང་། །སྟོང་གསུམ་ཀུན་ཉུལ་སྲིད་པ་ཁྲམ་འདེབས་ལ་སོགས་མ་མོའི་འཁོར་སྡེ་དང་། །ཧ་ནུ་བག་ཤ་ལ་སོགས་བདུད་ཀྱི་འཁོར་སྡེ་དང་། །ཤུ་བོ་སྲོག་ལེན་ལ་སོགས་བཙན་གྱི་འཁོར་སྡེ་དང་། །དཀར་པོ་སྙིང་འབྱིན་ལ་སོགས་སྲོག་བདག་འཁོར་སྡེ་དང་། །གཞན་ཡང་ལྷ་སྲིན་སྡེ་བརྒྱད་རང་རང་འཁོར་ན་ཡང་། །ནད་གཏོང་ཁྲམ་འདེབས་བསམ་གྱིས་མི་ཁྱབ་དང་། །གཞན་ཡང་འདོད་པའི་བུ་མོའི་ཚོགས་རྣམས་ལ། །རྒྱལ་མོ་དང་ནི་རྒྱལ་མོའི་ཡང་རྒྱལ་མོ། །བློན་མོ་དང་ནི་ཡང་བློན་མོ། །བྲན་མོ་དང་ནི་གཡོག་མོའི་ཚོགས། །དེ་དག་ལ་སོགས་འཁོར་ན་ཡང་། །འདུ་བ་རྣམ་བཞིའི་ནད་བདག་མོ། །བཞི་བརྒྱ་རྩ་བཞིའི་ནད་གཏོང་ཚོགས། །བསམ་གྱིས་མི་ཁྱབ་ཐབས་ཅིག་བཞུགས། །བེ་ཏཱ་ལཱི་དང་རལ་གཅིག་གཉིས། །གཡས་ནས་འཁྲིལ་ཏེ་གཉིས་མེད་བཞུགས། །གཡོན་ནས་མདུན་གྱིས་བལྟས་ཏེ་བཞུགས། །གཞན་ཡང་གཤིན་རྗེའི་འཁོར་ཚོགས་འདི་ལྟ་སྟེ། །ཡ་མ་རཱ་ཛ་འཆི་བདག་དམར་པོ་དང་། །ཀོང་ཙེ་བྲག་གྱོན་ཨ་བ་གླང་མགོ་དང་། །ཡ་བ་ཏི་དང་མིག་དམར་དང་། །མིག་དམར་ཧེ་ལང་ལྷ་མཆོག་དང་། །ཆོས་ཀྱི་རྒྱལ་པོ་རལ་པ་ཚར་དགུ་དང་། །ཐོད་དབྱུག་ལ་སོགས་འཁོར་དང་བཅས། །ཨེ་ཀ་ཛ་ཏི་བེ་ཏཱ་ལཱི། །མི་སྲིན་ནག་མོ་མགོ་འཕྱངས་དང་། །བྲག་སྲིན་ནག་མོ་མགོ་འཕྱངས་དང་། །ས་བདག་ནག་མོ་མགོ་འཕྱངས་དང་། །མི་བཟད་བདུད་མོ་མགོ་འཕྱངས་དང་། །མཚན་མོ་ནག་མོ་མགོ་འཕྱངས་དང་། །བྱིན་ལིང་ནག་མོ་མགོ་འཕྱངས་དང་། །བདུད་མོ་ནག་མོ་མགོ་འཕྱངས་དང་། །ས་སྲིན་ནག་མོ་མགོ་འཕྱངས་དང་། །ཀླུ་སྲིན་ནག་མོ་མགོ་འཕྱངས་དང་། །ལྷ་མོ་ནག་མོ་མགོ་འཕྱངས་དང་། །དེ་ལྟར་ཡུམ་ཡང་ཐབས་ཅིག་གོ། །ཡབ་ཡུམ་འཁོར་ཡང་འདི་ལྟ་སྟེ། །ཡ་མ་རཱ་ཛ་འཁོར་རྣམས་དག །བདུད་ཀྱི་རྒྱལ་པོ་དྲེགས་ཅན་གསུས་པོ་ཆེ་དང་། །གཤིན་རྗེ་དམར་པོའི་འཁོར་དག་ན། །སྲོག་བདུད་མཆེད་གཉིས་གནས་པ་ནི། །


DNG015_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་བདག་གནོད་སྦྱིན་དམར་པོ་དང་། །བདུད་ཀྱི་རྒྱལ་པོ་སྟག་དགུ་སྤྱན་གཅིག་དང་། །གཞན་ཡང་ཀོང་ཙེ་བྲག་འཇོམས་འཁོར་དག་ན། །བདུད་ཀྱི་རྒྱལ་པོ་སྟག་ཐབས་གནས། །ཨ་བ་གླང་མགོའི་འཁོར་དག་ན། །བདུད་ཀྱི་རྒྱལ་པོ་ཨུ་འབི་གནས། །ལྕོགས་པ་མགོ་དགུའི་འཁོར་དག་ན། །བདུད་ཀྱི་རྒྱལ་པོ་གུར་བདུད་དང་། །བདུད་ཀྱི་རྒྱལ་པོ་འཇུག་མེད་གནས། །ཡ་བ་ཏི་ཡི་འཁོར་དག་ན། །བདུད་ཀྱི་རྒྱལ་པོ་བེའུ་ལོག་ནག་པོ་དང་། །བདུད་ཀྱི་རྒྱལ་པོ་ནག་པོ་སྤྱི་རིང་གནས། །ཏེལ་པའི་འཁོར་དག་ན་བདུད་ཀྱི་རྒྱལ་པོ་གླིང་བཞི་ཕུང་བྱེད་གནས། ཕྱ་སངས་ཀྱི་འཁོར་དག་ན་བདུད་ཀྱི་རྒྱལ་པོ་ཕྱ་བདུད་དཀར་པོ་དང་། །བདུད་ཀྱི་རྒྱལ་པོ་ཕྱ་བདུད་དམར་པོ་དང་། །བདུད་ཀྱི་རྒྱལ་པོ་ཕྱ་བདུད་ལྗང་ནག་དང་། །བདུད་ཀྱི་རྒྱལ་པོ་ཕྱ་བདུད་ནག་པོ་དང་། །བདུད་ཀྱི་རྒྱལ་པོ་ཕྱ་བདུད་སྔོན་པོ་དང་། །བདུད་ཀྱི་རྒྱལ་པོ་ཕྱ་བདུད་ཕུང་བྱེད་འུག་པའི་མགོ་ཅན་དང་། བདུད་ཁ་ཏོང་མེ་འབར་དང་། བདུད་མི་ལག་སྤྲེའུའི་མགོ་ཅན་དང་། བདུད་རྔམ་ཆེན་མི་ལག་དུང་གི་རྣ་ཆ་གནས། རལ་པ་ཚར་དགུའི་འཁོར་ན་བསེའི་སྐྱེས་བུ་གདུག་པ་ཅན་གནས། སྟག་མགོ་ཅན་གྱི་འཁོར་ན་ཀླུ་བདུད་ནག་པོ་སྦྲུལ་གྱི་རྒྱུ་མ་ཅན་དང་། གྲི་ཐོགས་གིང་གི་ཕོ་ཉ་བཅུ་དང་ཐབས་ཅིག་ཏུ་བཞུགས་སོ། །དེའི་ཚེ་མཐུ་སྟོབས་ཀྱི་བདག་པོ་དཔལ་ཕྱག་ན་རྡོ་རྗེ་ཡང་མདུན་གྱིས་བལྟས་ཏེ་བཀའ་ནོད་པའི་ཚུལ་དུ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས་ཁམས་གསུམ་དབང་དུ་བསྡུས་སྲིད་གསུམ་ཟིལ་གྱིས་མནན། སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་ཐམས་ཅད་མུན་ནག་ཏུ་གཏིབས་ཏེ། ཐུགས་ཡེ་ཤེས་ཀྱི་རྩེ་ལས་འཁོར་ལོའི་ཚོགས་དང་གནམ་ལྕགས་ཀྱི་གཟེར་དང་། ལྕགས་ཀྱུ་དང་ཞགས་པའི་ཚོགས་དང་། ལྕགས་སྒྲོག་གི་ཚོགས་དང་། དྲིལ་བུའི་ཚོགས་བསམ་གྱིས་མི་ཁྱབ་པ་འཕྲོས་ཏེ། ཧཱུཾ་ཧཱུཾ་དང་ཕཊ་ཕཊ་དང་ཧ་ལ་ཧ་ལ་དང་། ཛཿཧཱུཾ་བཾ་ཧོཿ། ཨེ་ཨཱ་ར་ལི་ཧྲིཾ་ཧྲིཾ་ཛཿཞེས་འབྲུག་སྟོང་གིས་སྒྲ་དུས་གཅིག་ཏུ་ལྡིར་བ་ཙམ་གྱི་སྒྲ་བསྒྲགས་ནས་དབང་དུ་བསྡུས་པས་རང་གི་འཁོར་རྣམས་ཀྱང་དྲེད། རབ་ཏུ་དྲེད། ཀུན་ཏུ་རབ་ཏུ་དྲེད། འདར་རབ་ཏུ་འདར། ཀུན་ཏུ་རབ་


DNG015_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་འདར། སྔངས་རབ་ཏུ་སྔངས། ཀུན་ཏུ་རབ་ཏུ་སྔངས་ནས་ཐམས་ཅད་བདེ་བ་ལ་བཀོད་དོ། །འཇམ་དཔལ་ཟླ་གསང་ནག་པོའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་སྐབས་དང་པོའོ།། །།དེའི་ཚེ་དེའི་དུས་ན་བཅོམ་ལྡན་འདས་ལ་མཐུ་སྟོབས་ཀྱི་བདག་པོ་ལ་སོགས་ཏེ། གདུག་པ་ཅན་གྱི་འཁོར་རྣམས་ཀྱིས་མགྲིན་གཅིག་ཏུ་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ་འཇིགས་བྱེད་ཆེན་པོ་ལགས། །བདག་ཅག་གདུག་བྱེད་འཁོར་རྣམས་ཀུན། །སྣང་སྲིད་འཇིག་རྟེན་ཁམས་འདི་རུ། །སྟོང་གསུམ་མུན་པར་གཏོང་བ་དང་། །འཇིག་རྟེན་ཁམས་ཀུན་བསྲེག་པ་དང་། །ལོག་རྟོག་འཇོམས་དང་གནམ་ལྕགས་ལྕེ། །སྨྱོ་འབོག་ཡམས་ནད་སྲོག་གཅོད་དང་། །མཛེ་རིགས་གཏོང་བའི་ལས་འདི་དག །བདག་ཅག་རྣམས་ཀྱི་རང་ལས་ལགས། །དཔའ་བོ་ཆེན་པོས་ཅི་ལ་བཀྱོན། །ཐུགས་རྗེས་དྲེད་ཡང་མི་མངའ་འམ། །དཔའ་བོ་ཆེན་པོ་ཁྱོད་ཉིད་ནི། །ཐུགས་རྗེ་བྱམས་པའི་མངའ་བདག་ན། །འདི་ལྟའི་ཆོ་འཕྲུལ་ཅི་ལ་སྟོན། །གདུག་པའི་གསུང་སྒྲ་ཅི་ལ་སྒྲོག །ཐུགས་རྗེའི་སྤྲུལ་པ་ཅི་ལ་འགྱེད། །འཇིགས་བྱེད་ཆེན་པོས་བདག་ཅག་ལ། །བཀའ་འབབ་མི་འཚལ་འབངས་སུ་མཆི། །འབངས་ལ་ནན་ཏན་མ་ཆུང་ཞིག །ཅེས་བརྗོད་དེ།སོ་སོར་རང་རང་གི་སྙིང་པོ་འདི་ཕུལ་ལོ། །ཨོཾ་ཨ་ཀྲོ་ཏི་ཀ་ཡ་མཱནྟ་ཀ་ཡ་མ་རཱ་ཛ་ཛྭ་ལ་རཾ་པ་ཡ་ཧཱུཾ། ནི་ཀྲོ་དྷཱི་ཤྭ་རཱི་ཛྭ་ལ་རཾ་ཧཱུཾ། ཡ་ཏྲ་ཏྲག་ཤ་ཛྭ་ལ་རཾ་པ་ཡ་ཧཱུཾ། ར་རག་མོ་ཀྲོ་དྷཱི་ཤྭ་རཱི་ཛྭ་ལ་ནི་ཧཱུཾ། ཨོཾ་ཨ་རཀྴ་ཛྭ་ལ་རཾ་པ་ཡ་ཧཱུཾ། རག་མོ་ཀྲོ་དྷཱི་ཤྭ་རཱི་ཛྭ་ལ་རཾ་ནི་ཧཱུཾ། ཨོཾ་ཏྲ་ཏྲག་པོ་ཛྭ་ལ་རཾ་པ་ཡ་ཧཱུཾ་ཕཊ། ཙིཏྟ་ཀྲོ་ཏོ་ལ་ཀྲོ་དྷཱི་ཤྭ་རཱི་ཛྭ་ལ་རཾ་པ་ཡ་ཧཱུཾ། ཨོཾ་རཀ་ཤ་ག་མ་ཡ་སྙིང་རྩ་ར་ཡ་ཛྭ་ལ་རཾ་ཧཱུཾ། ཨོཾ་ནཾ་ར་ཙ་རུ་ཙ་ཀྲོ་དྷཱི་ཤྭ་རཱི་ཏི་ནི་ཛྭ་ལ་རཾ། ཨོཾ་ཏྲ་ཏྲག་ཤ་རག་པོ་ཛྭ་ལ་རཾ་པ་ཡ་ཧཱུཾ། ཨོཾ་ཤྲཱི་ཛྭ་ལ་རཾ་པ་ཀྲོ་དྷཱི་ཤྭ་རཱི་ཛ་ཧཱུཾ། ཨོཾ་ཏྲ་ཏྲག་ཤ་ནི་ཛྭ་ལ་རཾ་པ་ཡ་ཧཱུཾ། ཨོཾ་ཏྲ་ཏྲག་མོ་རཀྴ་ཀྲོ་དྷཱི་ཤྭ་རཱི་ཧཱུཾ། ཨོཾ་མཉྫུ་ཤྲཱི་ནག་པོ་ཏྲག་ཏྲ་ཤ་ནི་ཡ་ཧཱུཾ། སྔགས་སོར་བཞག ། ཨོཾ་ནག་མོ་རཀྴ་ཀྲོ་དྷཱི་ཤྭ་རཱི་ནི་ཧཱུཾ། ཨོཾ་མཉྫུ་ཤྲཱི་བཛྲ་མ་རོ་ཏྲག་ཤ་ཛྭ་ལ་རཾ་པ་ཡ་ཧཱུཾ། ཨོཾ་ནཱ་ག་ཀྲོ་དྷཱི་ཤྭ་རཱི་ཛྭ་ལ་རཾ་


DNG015_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡ་ཧཱུཾ། ཞེས་ཕྱོགས་སྐྱོང་གི་གཤིན་རྗེ་རྣམས་ཀྱིས་ཕུལ་ལོ། །རུ་ཏྲ་པ་ཏྲ་མུ་ཁྲག་ཛ་ར་ཁྲག་ཙ་པ་ཏི་ཡར་པ་དུན་ཧབ་སྭཱ་ཧཱ། ས་མ་ཡ་ཨཱ་བེ་ཤ །རུ་ཙ་རཀྴ་ཚལ་པ་ཨ་ནྲྀ་ཏྲི་མཱ་ར་ཨཾ་ཀུ་ཤ་ཛ་ཛ། ཨོཾ་བི་ཤ་ལ་དུ་རུ་མ་ཤི་ཁ་ཛ་ལ་ཨ་ཏ་སྭཱ་ཧཱ། ཧྲི་ཤག་རུ་རག་རཾ་ནཱ་གེ་ཙིཏྟ་ཏྲཾ་མ་མ་ཡོང་ཟ་འགྲཾ་ཧ་ཧ་ག་ཤ་ལ་ཛཿཛཿ། མ་སྙིང་ཁ་རག་སྙིང་ཁ་རག་མ་མ་རག་ཤ །མ་མ་རག་མོ་ཐུན་ཐུན། སྙིང་ལ་ཐུན་ཛ་ཛ། སྙིང་ལ་ཛ། རུ་ལུ་རུ་ལུ་ཛ་ཛ། རཱ་ཛཱ་ས་མ་ཡ་ཛ་ཧཱུཾ་ཧཱུཾ་ཛ། ར་ལི་པྲ་མ་ནི་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཏྲི་ཏྲི་རཱ་ཛ་ཙ་པ་ལ་ཨ་ཤུག་མེ་ཛ་ཛ། བྷ་ཧུ་ཡག་ཤ་པུ་རོ་ཙོ་ཏོང་ཧཱུ་ར་མ་ཏྲིག་བེ་ཚིལ་མ་ཁུག་ཡག་ཤ་ཐང་མ་ཐང་མེ་ཡ་ཛ་ཛ། ཨོཾ་ནཱ་ག་ར་ཛཱ་མ་ཧཱ་ཀཱ་ལཱ་ཏི་པ་ཙ་ས་ཁ་ས་ཁ་ཤ་རུ་ཧཱུཾ་ཛ་ཛ། ནཱ་ག་རཱ་ཛ་ཛཿཛཿ།དེ་དག་ལ་སོགས་འཇིག་རྟེན་ཁམས་དག་ན། །གནས་པའི་ལྷ་དང་ལྷ་མ་ཡིན། །ནམ་མཁའ་ལྡིང་དང་དྲི་ཟ་དང་། །མིའམ་ཅི་དང་ལྟོ་འཕྱེའི་རིགས། །གནོད་སྦྱིན་སྲིན་པོ་ཡི་དྭགས་དང་། །ཤ་ཟ་འབྱུང་པོ་གྲུལ་བུམ་དང་། །སྲུལ་པོ་དང་ནི་ལུས་སྲུལ་པོ། །སྐེམ་བྱེད་དང་ནི་འཇིགས་བྱེད་དང་། །སྨྱོ་བྱེད་དང་ནི་གྲིབ་གནོན་དང་། །གནོན་པོ་དང་ནི་ནམ་གྲུ་དང་། །དེ་དག་ལ་སོགས་འཁོར་ན་ཡང་། །ཤ་ཟ་ཁྲག་འཐུང་བསམ་མི་ཁྱབ། །བཀའ་ཉན་ཟེར་ཞིང་སྲོག་སྙིང་ཕུལ། །གནས་པའི་འཁོར་རྣམས་མགྲིན་གཅིག་ཏུ། །ཐལ་མོ་སྦྱར་ནས་གུས་ཕུལ་བ། །དུར་ཁྲོད་མེ་ཏོག་སྣ་ཚོགས་ནི། །སྲིན་པོ་རོ་དང་རོ་ཆུང་དང་། །མི་རོ་དང་ནི་རྟ་རོ་དང་། །རོ་ཕྱེད་གཞོགས་ནི་ཕྱེད་པ་དང་། །རོ་ཡི་ཕྲེང་བ་རོ་བརྩེགས་དང་། །བམ་དང་རུལ་དང་རུལ་པ་བྲུལ། །བྷནྡ་དེ་བཞིན་སྒལ་ཚིགས་དང་། །དབང་པོ་རྐང་དང་རྒྱུ་མ་དང་། །ཤ་ཁྲག་ལ་སོགས་ཚིལ་བུ་དང་། །གོ་རོ་ཙ་ན་ལ་སོགས་ཏེ། །གཞན་ཡང་རོ་ཡི་རྣམ་པ་ནི། །ཕྱེ་བྱེ་བ་ཡང་མ་ལ་སོགས་ཆར་དུ་ཕབ། །ལྷན་ཅིག་འདུག་ནས་འདི་སྐད་བརྗོད། །ཧེ་ཧེ་དཔའ་བོ་འཇིགས་བྱེད་གདོང་། །བདག་ཅག་རྣམས་ཀྱི་སྲོག་ཏིག་སྟེ། །དཔའ་བོ་ལྷ་རྗེས་བཞེས་སུ་གསོལ། །བདག་ཅག་རྣམས་ཀྱི་རང་ལས་དང་། །འཚལ་སྐལ་འདུལ་སྐལ་གང་ལགས་པ། །དཔའ་བོ་ལྷ་རྗེས་བཞེས་སུ་གསོལ། །ཞེས་གསོལ་ཏོ། །དེ་ནས་


DNG015_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཧཱུཾ་ཧཱུཾ། ང་ནི་དུས་གསུམ་རྣམ་པ་རུ། །ཐམས་ཅད་མ་ལུས་འདུལ་བའི་བདག །ང་ཡིས་བཀའ་རྣམས་ཁྱོད་ཀྱིས་ཉོན། །སེམས་ཅན་ཡོངས་ལ་འཚེ་མ་བྱེད། །ཁྱེད་ཅག་རྣམས་ཀྱི་རང་ལས་ནི། །སངས་རྒྱས་བསྟན་པ་འཇིག་པ་དང་། །ཆོས་འཁོར་འཇོམས་པའི་རཱུ་ཏྲ་རྣམས། །ཁྱེད་ཀྱི་འདུལ་སྐལ་ཟས་སྐལ་གྱིས། །ཞེས་བཀའ་སྩལ་ཏོ། །བཀའ་བཞིན་ཉན་པར་ཞལ་གྱིས་བཞེས་ཏེ། རང་དམ་རང་གིས་བཅས་སོ། །དེའི་ཚེ་དེའི་དུས་ན་མཐུ་སྟོབས་ཀྱི་བདག་པོ་དཔལ་ཕྱག་ན་རྡོ་རྗེ་གདན་ལས་བཞེངས་ཏེ། དམ་ཚིག་རྡོ་རྗེ་རྩེ་དགུ་ཐུགས་ཀར་བཟུང་སྟེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་འདི་སྐད་ཅེས་གསོལ་ཏོ། །ལེགས་སོ་ལེགས་སོ་སྟོན་པའི་འཁོར། །དེ་ལྟར་དུས་གསུམ་ཐམས་ཅད་དུ། །སེམས་ཅན་རྣམས་ལ་གནོད་པ་དང་། །འཇིག་རྟེན་ཁམས་སུ་སྦྱོར་ངན་མ་བཏང་བར། །སྟོན་པའི་འཁོར་དུ་འདུས་ནས་ཀྱང་། །རང་རང་ཚུལ་བཞིན་བསྒྲུབ་པ་དང་། །ལས་ཐབས་བྱ་བ་གང་ཡིན་པ། །ད་ལྟ་ཉིད་དུ་དབུལ་བར་གྱིས། །ཞེས་གསོལ་ཏེ་རང་གི་གནས་སུ་འཁོད་པར་གྱུར་ཏོ། །དེ་ནས་དྲེགས་པ་ཅན་གྱི་འཁོར་རྣམས་ཀྱིས། །ཨེ་མ་འཇིགས་བྱེད་ཆེན་པོ་ལགས། །བདག་ཅག་རང་རང་བསྒྲུབ་པ་དང་། །ལས་དང་བྱ་ཐབས་ཐམས་ཅད་བྱང་། །བྱམས་མགོན་ཆེན་པོ་ཉིད་ལ་འབུལ། །དཔལ་ཆེན་པོ་ཡིས་བཞེས་སུ་གསོལ། །ཞེས་གསོལ་པ་དང་། བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོ་དགྱེས་པ་ཆེན་པོར་གྱུར་ཏེ། ཞལ་འཛུམ་པ་མཛད་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །བཀའ་ཡི་ཕྱོགས་སྐྱོང་གཤིན་རྗེ་དང་། །གདུག་བྱེད་ལྷ་སྲིན་ཕོ་མོ་རྣམས། །ཉོན་ཅིག་ཁྱོད་རྣམས་གུས་པར་ཉོན། །ངས་གསུངས་པ་ལ་སེམས་ཐུད་ཅིག །ད་ལྟ་དུས་གསུམ་ཐམས་ཅད་དུ། །སེམས་ཅན་རྣམས་ལ་གནོད་པ་དང་། །འཇིག་རྟེན་ཁམས་སུ་སྦྱོར་ངན་མ་བཏང་བར། །ང་ཡི་དམ་ལས་མ་འདའ་ཞིག །འོན་ཏང་སེམས་ཅན་ཐམས་ཅད་ཀྱང་། །བདེ་


DNG015_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཁྱེད་ཀྱང་བདེ་བར་འགྱུར། །ཁྱེད་ཀྱི་ཟས་སྐལ་ལས་ཐབས་ཀྱང་། །ལྔ་བརྒྱའི་ཐ་མ་བྱུང་བ་དང་། །སངས་རྒྱས་བསྟན་པ་མི་གནས་ཤིང་། །ཆོས་ཉིད་བདེན་པས་མི་འདུལ་ཏེ། །བསྟན་པ་ཐམས་ཅད་ནུབ་པ་དང་། །ལས་ངན་མཚམས་མེད་བྱེད་པ་དང་། །ཟས་ངན་ལྕི་བ་ཟ་བ་དང་། །གོས་ངན་དུག་ཧྲུལ་གྱོན་པ་དང་། །མ་གཤིན་བསྟན་པ་བྱུང་བ་དང་། །མུ་སྟེགས་བསྟན་པ་དར་བའི་ཚེ། །ཁྱེད་ཀྱི་ཟས་སྐལ་ཐམས་ཅད་ཀྱང་། །དུས་དེར་འབྱུང་བར་ངས་བཤད་ཀྱི། །ང་ཡི་དམ་ལས་མ་འདའ་ཞིག །ཅེས་བཀའ་སྩལ་ཏོ། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས།) གླེང་བསླང་བའི་སྐབས་ཏེ་གཉིས་པའོ།། །།དེ་ནས་ཕྱོགས་སྐྱོང་གི་གཤིན་རྗེ་རྣམས་ཀྱིས་ཐམས་ཅད་ཞི་བར་བྱེད་པའི་ཆེད་དུ། བཅོམ་ལྡན་འདས་ལ་ཕྲིན་ལས་ཞི་བའི་སྒྲུབ་ཐབས་འདི་ཕུལ་ལོ། །རབ་ཏུ་དཀར་བའི་ཡུལ་དག་ལ། །མགུ་བའི་སེམས་དང་ལྡན་བྱས་ཏེ། །དད་པས་མགུ་བའི་ལས་བྱ་ཞེས། །གཤིན་རྗེ་གཤེད་པོ་ཉིད་ལ་ཕུལ། །གཤིན་རྗེ་གཤེད་པོས་བཀའ་སྩལ་པ། །ཉོན་ཅིག་ཟུང་ཞིག་རྡོ་རྗེ་འཛིན། །ཐམས་ཅད་ཞི་བར་བྱ་ཕྱིར་དུ། །ས་གཞི་གནས་དང་རི་བྲག་དཀར། །ཟླུམ་པོ་ཉམས་དགའ་བཀྲ་ཤིས་གནས། །ཞི་བའི་ལས་ཀྱི་དཀྱིལ་འཁོར་ནི། །ཟླུམ་པོ་དཀར་བའི་དཀྱིལ་འཁོར་བྲིས། །ལྟེ་བར་བཅས་པའི་རྩིབས་བརྒྱད་ལ། །མཁས་པས་བསྒྲིམ་སྟེ་བྲི་བར་བྱ། །དཀར་དང་ལྡན་པའི་ཟླ་གམ་ལ། །གཅིག་དང་གསུམ་ནས་མགོ་བཙུགས་ནས། །ཁམས་གསུམ་རབ་ཏུ་མགུ་བའི་ཕྱིར། །ཉམས་སུ་ལེན་པར་བྱས་ལ་བསྒྲུབ། །དབུས་སུ་ཡེ་ཤེས་བདག་པོ་ལ། །ཤར་དུ་ནག་འཇོམས་ཆེན་པོ་སྟེ། །ལྷོ་རུ་ཡ་བ་ཏི་ཞེས་བྱ། །ནུབ་ཏུ་ཁྲོ་བོ་རྨིག་པ་ལ། །བྱང་དུ་བདུད་འཇོམས་དགོད་པར་བྱ། །ཤར་ལྷོ་ལྷོ་ནུབ་ནུབ་བྱང་དང་། །བྱང་ཤར་མཚམས་སུ་དགོད་པ་ནི། །གླང་མགོ་ཀོང་ཙེ་གཅོད་སྦྱོང་རྗེ། །ལས་གྲུབ་བརྒྱད་དེ་གོ་རིམ་བཞིན། །སྟེང་འོག་དམར་པོ་ནག་འཇོམས་གཉིས། །ཡབ་ཡུམ་གཉིས་མེད་བྲིས་ཏེ་དགོད། །ཟླ་གམ་གསུམ་ལ་མ་མོ་གསུམ། །སྒོ་བཞིར་སྒོ་སྲུང་མ་རྣམས་བྲི། །དེ་ནི་ཡུམ་དང་བཅས་པ་རྣམས། །


DNG015_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོ་བོ་ཡབ་དང་སྐུ་མཐུན་པའོ། །སེམས་དཔའི་འདུག་སྟངས་གནས་བྱས་ལ། །སྒེག་མོ་གཡོན་དུ་བརྟེན་བྱས་ལ། །སྔགས་གཡོག་མཛེས་པ་ཚོགས་པར་བྱས། །མགུ་བའི་ཕྲིན་ལས་བརྩམ་པར་བྱས། །སྐེ་ཚེ་ཐལ་བ་རུས་པ་ལ། །ཛམ་བྷ་ལ་ཡི་གཟུགས་ལྟ་བུར། །བྱས་པའི་སྙིང་གར་བྲི་བ་ནི། །ཨ་མ་ས་ལ་སིདྡྷི་འམ། །གང་འདོད་པ་ཡི་ཡི་གེ་དེ། །ཕཊ་དང་སྭཱ་ཧཱ་མདའ་ལྟར་བྱ། །མིང་བྱང་གང་ལྟར་བྲིས་བྱས་ལ། །གང་ལྟར་འཚམས་པ་བཞིན་དུ་གཞག །དེ་ལ་འདི་ཡང་རབ་ཏུ་བརྗོད། །ཨོཾ་ཨ་ཀྲོ་བཛྲ་ཤཱན་ཏི་ནཱ་ག་བཛྲ་སྭཱ་ཧཱ། ཨོཾ་ཨ་ཀྲོ་ཏེ་ཀ་ཤཱན་ཏིང་བ་ལ་ཙུཾ་ཞེས་བརྗོད་ནས། སྙིང་གར་བརྒྱབ་ན་ཐམས་ཅད་མགུ་ནས་དད་པའི་སེམས་ཀྱིས་ཞི་བར་གྱུར་ཏོ། །དེས་ནི་ཞི་བའི་ལས་བྱས་ཟིན་ནས་ཕྱོགས་བཅུའི་གདུག་པ་ཞི་བར་བྱས་ཏེ། བདག་ལ་མི་དགའ་བ་མེད་ན་ལས་འགྲུབ་པ་ཡིན་ནོ། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། ཐམས་ཅད་ཞི་བར་བསྒྲུབ་པའི་སྐབས་ཏེ་གསུམ་པའོ།། །།དེ་ནས་ཕྱོགས་སྐྱོང་གི་གཤིན་རྗེ་རྣམས་ཀྱི་ཕྲིན་ལས་རྒྱས་པའི་སྒྲུབ་ཐབས་འདི། ཐམས་ཅད་རྒྱས་པར་བྱ་བའི་ཆེད་དུ། བཅོམ་ལྡན་འདས་འཇིགས་བྱེད་གཤིན་རྗེའི་གཤེད་ཆེན་པོ་ལ་ཕྲིན་ལས་རྒྱས་པའི་སྒྲུབ་ཐབས་ཕུལ། རབ་ཏུ་སེར་ཞིང་གསེར་ལས་གྲུབ། །བཙོ་མ་འདྲ་བའི་དབྱིབས་ཅན་ལ། །དཔལ་རྒྱས་སེམས་དང་ལྡན་བྱས་ལ། །རྒྱས་པར་བྱ་བའི་སེམས་ཀྱིས་སུ། །རྒྱས་པའི་སྒྲུབ་ཐབས་བཤད་པར་མཛོད། །ཅེས་པ་གཤིན་རྗེ་གཤེད་ལ་ཕུལ། །གཤིན་རྗེ་གཤེད་པོས་བཀའ་སྩལ་པ། །ཉོན་ཅིག་ཟུང་ཞིག་རྡོ་རྗེ་འཛིན། །ཐམས་ཅད་རྒྱས་པར་བྱ་ཕྱིར་དུ། །ས་གཞི་གནས་དང་རི་རབ་སེར། །གྲུ་བཞི་ཁོད་སྙོམས་བཙོ་མ་འདྲ། །རྒྱས་པར་བྱ་བའི་སེམས་ཀྱིས་སུ། །དཀྱིལ་འཁོར་གྲུ་བཞི་པ་ཡི་ཚུལ། །ལྡོང་རོས་ཆག་ཆག་བཏབ་བྱས་ཏེ། །རྣལ་འབྱོར་དམ་པ་བློ་ལྡན་པས། །ཐིག་ནི་གདབ་པར་རབ་ཏུ་བརྩམ། །གསེར་ལས་གྲུབ་པའི་ཐིག་སྐུད་ལ། །དཔལ་དང་གཟི་མདངས་བསོད་ནམས་ཚོགས། །འཕེལ་ཞིང་རྒྱས་པའི་སེམས་དང་ཆས། །སློབ་མ་དམ་པ་ལས་གྲུབ་པར། །བསམས་


DNG015_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཐིག་ནི་གདབ་པར་བྱ། །ཕོ་བྲང་གསེར་ལ་རྩེ་མོ་གཡུ། །རྡོ་རྗེའི་བརྩིག་པ་གསེར་ལས་གྲུབ། །གྲུ་ཆད་སྒོ་སྣམས་ལྕགས་ལས་གྲུབ། །རྣལ་འབྱོར་སྔགས་པ་བློ་ལྡན་པས། །ཐིག་བཞི་རེ་ཆ་བརྒྱད་དུ་འགྱུར། །མཐའ་ནས་ཐིག་གདབ་མན་ངག་ཅན། །དེ་ལ་སོགས་པ་བསམ་པར་བྱ། །རིན་ཆེན་སྐྱིལ་ཀྲུང་འདུག་བྱས་ལ། །རིན་ཆེན་རིགས་ཀྱི་ངོས་སུ་བལྟ། །དབུས་སུ་གསང་སྔགས་བདག་པོ་སྟེ། །ཕྱོགས་ཕྱོགས་སྒོ་བ་དམ་པ་རྣམས། །སྔ་མ་བཞིན་དུ་བསྒོམས་ནས་ཀྱང་། །རང་སྔགས་སྐྱེས་བུས་དེ་བསྐྱེད་དོ། །ཨོཾ་ཨ་ཀྲོ་ཏེ་ཀ་པུཥྚིཾ་ཕ་ལ་ནི་ཧཱུཾ། ཨོཾ་ཨ་ཀྲོ་ཏེ་ཀ་པུཥྚིཾ་ཏི་བ་ཏ་ན་སྟྭཾ། ཞེས་པས་བདག་པོ་ཡབ་ཡུམ་ལ། །འཁོར་བཅས་འབྲུ་རེ་བ་ལས་བསམ། །རང་རང་བསྐྱེད་པ་དམ་པ་སྟེ། །སྔགས་དང་ལྡན་པར་ཏིང་འཛིན་བསམ། །གཞུག་དང་བརྟན་དང་མཆོད་པ་དང་། །ཕྱག་བྱེད་པ་ལ་སོགས་པ་ཡི། །ལས་ཀྱི་བྱ་བ་མ་ལུས་པ། །ཐམས་ཅད་མ་ལུས་ཚང་བར་བྱ། །བསྐྱེད་དང་གྲུབ་པའི་འབྲས་བུ་ནི། །རྒྱས་པར་བསྙེན་ཏེ་ཐག་མི་རིང་། །རང་གྲུབ་འབྲས་བུ་དེ་ལགས་སོ། །ཕྱོགས་དུས་ཀུན་ནས་གཤེགས་པ་ཡིས། །དངོས་གྲུབ་དམ་པ་རབ་སྟེར་ཞེས། །འདྲེན་པ་དཔའ་བོས་ཡང་དག་བཤད། །དེ་ནས་གཞན་ཡང་རབ་བཤད་པ། །དཀྱིལ་འཁོར་སྔ་མ་བཞིན་བྱས་ལ། །ས་ཞག་གསེར་ལས་གྲུབ་པ་ལས། །གཟུགས་ནི་དམ་པ་རབ་ཏུ་བྱ། །ཕྱིར་རྒན་གན་རྐྱལ་མནན་བྱས་ནས། །ཧཱུཾ་པུཥྚིཾ་ཨཱ་ཡུ་ཥེ་སྭཱ་ཧཱ། སྙིང་གར་བྲིས་ནས་བརྗོད་བྱ་བ། །སྙིང་པོ་སྔགས་ཀྱི་དམ་པ་སྟེ། །བླ་མེད་དམ་པས་རབ་ཏུ་བཤད། །ཨོཾ་བཛྲ་པུཥྚིཾ་ཨཱ་ཡུཿཕ་ལ་བ་ཤཾ་ཤྲཱི་པུཥྚིཾ་སྭཱ་ཧཱ། བརྗོད་ན་ཐམས་ཅད་རྒྱས་པར་འགྱུར་རོ། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། ཐམས་ཅད་རྒྱས་པར་བྱ་བའི་སྐབས་ཏེ་བཞི་པའོ།། །།དེ་ནས་ཡང་ཕྱོགས་སྐྱོང་གི་གཤིན་རྗེ་རྣམས་ཀྱིས། ཕྲིན་ལས་དབང་གི་སྒྲུབ་ཐབས་འདི། འཇིགས་བྱེད་གཤིན་རྗེའི་གཤེད་པོ་ལ་ཕུལ་ལོ། །རབ་ཏུ་དམར་ཞིང་ཟངས་ལས་གྲུབ། །ཟངས་ལས་འདྲེལ་བའི་ཡུལ་དག་ལ། །རང་དབང་མེད་པར་དབང་བསྡུས་ནས། །འདུ་བའི་སེམས་དང་ལྡན་བྱས་ཏེ། །དབང་གི་དཀྱིལ་འཁོར་བཤད་པར་མཛོད། །ཅེས་པ་གཤིན་རྗེ་གཤེད་ལ་ཕུལ། །


DNG015_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་རྗེ་གཤེད་པོས་བཀའ་སྩལ་པ། །ཉོན་ཅིག་ཟུང་ཞིག་རྡོ་རྗེ་འཛིན། །ཐམས་ཅད་དབང་དུ་བསྡུ་ཕྱིར་དུ། །ཟངས་སམ་དམར་པོའི་ས་དག་ལ། །དཀྱིལ་འཁོར་སྔ་མ་གོང་དང་འདྲ། །ལེགས་པར་ཁོད་སྙོམས་ཟིན་པ་དང་། །ཐིག་ནི་རབ་ཏུ་གདབ་པར་བྱ། །ལྟེ་བ་ཅན་ལ་རྩིབས་བརྒྱད་ལ། །ཀུན་ཏུ་ཟླ་གམ་དབང་གིས་མཛེས། །ལྟེ་དབུས་གཞུ་བདུངས་བྲིས་བྱས་ནས། །དེ་སྟེང་བདག་པོ་དམ་པ་གཞག །ཐམས་ཅད་མ་ལུས་མཆོག་ཏུ་དགུག །ཅི་ལ་བྱ་ཡང་ཐོགས་ཆགས་མེད། །ཞེས་ནི་ཡང་དག་བླ་མེད་དེས། །བཤད་པར་བྱས་ཏེ་རབ་ཏུ་བསྟན། །གཞན་ཡང་རབ་ཏུ་བཤད་བྱ་བ། །སེམས་ཀྱི་དཀྱིལ་འཁོར་དམ་པ་དེ། །བླ་མེད་ཡང་དག་ངེས་པའི་ལམ། །སངས་རྒྱས་བྱང་ཆུབ་ལ་སོགས་རྣམས། །གཞུང་ལས་འབྱུང་བའི་ཚིག་དོན་རྣམས། །མ་ནོར་གསུངས་པའི་བཀའ་བཞིན་དུ། །བསྒྲུབ་ན་འགྲུབ་པར་བཤད་པའོ། །དེ་དག་དགུག་པར་འགྱུར་བས་ན། །ཕལ་པ་གཞན་ལྟ་སྨོས་ཅི་དགོས། །སྡུད་དང་འདྲེན་པ་བྱང་ཆུབ་ལམ། །འདི་དག་གོ་འཕང་ཐོབ་བྱའི་ཕྱིར། །ཉུང་དཀར་རྐང་རྗེས་སའམ་གཞན། །ཁྲག་གསུམ་ཐལ་ཆེན་བསྲེས་བྱས་ལ། །ག་བུའི་ནང་དུ་བླུགས་བྱས་ལ། །ག་བུ་གཉིས་ནི་ཁ་སྦྱར་ལ། །སྐུད་པ་དམར་པོ་ཟངས་ལ་སོགས། །བཅིངས་ནས་བསྡམས་ཏེ་དམ་དཀྲིས་ནས། །དཀྱིལ་འཁོར་གྱི་ནི་ཐོག་ཏུ་གཞག །ཉུང་དཀར་ཟངས་ནི་བསྲེས་བྱས་ཏེ། །དུད་པས་ག་བུ་དེ་ལ་བདུག །དེ་ལ་བདུག་པར་གྱུར་པ་དང་། །བཟླས་པའི་སྙིང་པོ་བརྗོད་བྱ་ཞིང་། །ལན་གྲངས་ཁྲི་ཚར་དུ་མ་རུ། །བརྗོད་ན་སངས་རྒྱས་ལ་སོགས་རྣམས། །འགུགས་པར་གྱུར་ན་ཕལ་པ་གཞན། །སྨོས་ཅི་དགོས་ཏེ་ངེས་པར་འགུགས། །ཨོཾ་བཛྲ་ཨ་ཀྲོ་མཉྫུ་ཤྲཱི་བ་ཤཾ་མ་ཧོ་སརྦ་ཏི་ལ་བྷྲཱུཾ། ལན་གྲངས་མང་དུ་བརྗོད་བྱས་ན། །ཇི་ལྟར་བསམ་པ་ཐམས་ཅད་འགུགས། །རྒྱ་ཤུག་བཀྲུས་པའི་ཁུ་བ་དང་། །མི་ཡི་ལག་པའི་ཁུ་བ་གཉིས། །སྔ་མ་བཞིན་དུ་དགུག་བྱས་ན། །འགུགས་པར་གྱུར་ཞེས་དཔའ་བོས་བཤད། །ཡང་ན་རང་གི་ལག་ཀྱང་རུང་། །ཞེས་གསུངས་པས་ཐམས་ཅད་མ་ལུས་པར་དབང་དུ་འདུས་པས་དཔེར་ན་ཕྱོགས་


DNG015_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ཐམས་ཅད་ནས། མཚོ་ལ་སྦྲང་མ་འདུ་བ་ལྟར་འདུས་ཏེ་བདག་གི་དབང་དུ་གང་ལ་བྱ་བ་དེ་དབང་དུ་འགྱུར་རོ། །ཞེས་པ་གཤིན་རྗེ་གཤེད་པོས་གསུངས་སོ། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། ཐམས་ཅད་དབང་དུ་བྱ་བའི་སྐབས་ཏེ་ལྔ་པའོ།། །།དེ་ནས་ཡང་ཕྱོགས་སྐྱོང་གི་གཤིན་རྗེ་གཤེད་རྣམས་ཀྱིས་ཕྲིན་ལས་དྲག་པོའི་བསྒྲུབ་པ་འདི་བཞིན་གཤིན་རྗེ་གཤེད་ལ་ཕུལ་ལོ། །རབ་ཏུ་གནག་ཅིང་གནམ་ལྕགས་འདྲ། །མོན་ནག་སོག་པོ་ཁྲོས་པའམ། །སྲིན་མོའི་མདུང་རྩེ་གཤིབས་པ་འདྲ། །ཁྲོ་བོ་ཆེན་པོའི་ཚུལ་ཅན་གྱིས། །གདུག་པའི་སེམས་དང་ལྡན་བྱས་ཏེ། །དྲག་པོའི་དཀྱིལ་འཁོར་བཤད་པར་མཛོད། །ཅེས་པ་གཤིན་རྗེ་གཤེད་ལ་ཕུལ། །གཤིན་རྗེ་གཤེད་པོས་བཀའ་སྩལ་པ། །ཉོན་ཅིག་ཟུང་ཞིག་རྡོ་རྗེ་འཛིན། །ཕྱོགས་སྐྱོང་གཤིན་རྗེ་མ་ལུས་ཀུན། །ཁྲོ་བོའི་ཚོགས་སུ་འདུལ་མཛད་དེ། །རང་བཞིན་མཐུ་ཆེན་འདི་བརྗོད་དོ། །འབྱུང་མེད་ཡེ་ཤེས་དཀྱིལ་འཁོར་ནི། །དཀྱིལ་འཁོར་སྔ་མ་བཞིན་བྱས་ཏེ། །བདག་ཉིད་ཁྲོ་བོ་ཆེན་པོ་སྟེ། །ཡུམ་ཡང་དེ་བཞིན་དེ་ཡི་འོད། །ཡབ་ཡུམ་གཉིས་མེད་བྱིན་རླབས་ལས། །ཐམས་ཅད་ཤེས་རབ་འཕྲོ་འདུ་ལས། །ཐིག་སྐུད་རྒྱུས་པ་དག་ལས་བྱས། །དེ་ནི་ལས་ཀྱི་ཐིག་ཅེས་བགྱི། །ཐིག་བཞི་བཏབ་པས་ལེའུ་ཚེ་དགུ། །འཁོར་ལོ་རྩིབས་བཞི་མུ་ཁྱུད་བཅས། །ཀུན་ཏུ་གྲུ་བཞི་གྲུ་ཆད་ཅན། །གྲུ་ཆད་རྒྱན་ལྡན་དུར་ཁྲོད་རྒྱན། །མཛེས་པར་བྲིས་ཏེ་གཞན་དུ་མིན། །བསྟེན་པའི་ལྷ་སྟེ་སྔ་མ་བཞིན། །བསྐྱེད་པའི་སྔགས་འདི་བརྗོད་བྱས་པས། །བདག་དང་འདྲ་བར་བསྐྱེད་པར་བྱ། །ཨོཾ་ཨ་ཀྲོ་ཏེ་ཀ་ཧཱུཾ་ཨ་བཛྲ་བེ་ཏཱ་ལཱི་རག་ཤ་མན། བྷྱོ་བྷྱོ་བྷྱོཿ། བྷྱོ་བྷྱོ་བྷྱོཿ། བྷྱོ་བྷྱོ་བྷྱོཿ། བྷྱོ་བྷྱོ་བྷྱོཿ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོཿ། ཛཿཧཱུཾ་བཾ་ཧོཿ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོཿ། ཞེས་བརྗོད་པ་ཙམ་གྱིས་འཇིག་རྟེན་གྱི་ཁམས་འདི་དག་གཡོས་སོ། །རབ་ཏུ་ཀུན་ཏུ་གཡོས་སོ། །རབ་ཏུ་ཀུན་ཏུ་ལྡེག་གོ། །རབ་ཏུ་ཀུན་ཏུ་འུར་ཆེམ་མོ། །དབུས་མཐོ་ན་མཐའ་དམའ། མཐའ་མཐོ་ན་དབུས་དམའ། འཇིག་རྟེན་གྱི་ཁམས་འདི་དག་རབ་ཏུ་གཡོས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་


DNG015_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་བདག་ཉིད་དེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རབ་ཏུ་གསུང་གི་གསང་སྔགས་གསུངས་པས་བདག་ཅག་སྤྲོ་ལགས་སོ། །འཇིག་རྟེན་དུ་མཐུ་ཆེན་འདི་ལྟ་བུ་ལ་བདག་ཞུ་བ་ལགས་སོ། །དེ་ནས་བཅོམ་ལྡན་འདས་རང་བཞིན་ཁྲོ་བར་མཛད་པ་དེ་ལ།བདག་མངོན་དུ་སེམས་ཅན་ཐམས་ཅད་ཀྱི་དོན་རབ་ཏུ་ཡང་ཞུ་བར་འཚལ་ལགས་སོ། །བཅོམ་ལྡན་འདས་ཁྲོ་བོ་ཆེན་པོས་འདུལ་བར་མཛད་པ་དེས་འདི་སྐད་ཅེས་གསུངས་སོ། །ཨོཾ་ཤྲཱི་པ་ར་ཡཀྵ་གྷུ་ཧྱ་སརྦ་ཏ་ཀི་བཛྲ་ཀཱ་ལ་རཱུ་པ་མཱ་ར་ཡ་ཕཊ་ཅེས་གསུངས་པས་འཇིག་རྟེན་ན་དབང་ཆེ་བ་དང་། མཐུ་ཆེ་བ་ལ་སོགས་པ་བཏུལ་ནས་འདི་སྐད་ཅེས་གསུངས་སོ། །ཕྱོགས་བཅུའི་འཇིག་རྟེན་གང་ནས་ཀྱང་། །གསུང་དུ་མེད་པའི་ཆོས་ཉིད་ལ། །རང་སེམས་འཕྲོ་འདུར་གྱུར་པ་ལས། །ཕྱོགས་བཅུར་གསུངས་པ་དེ་དག་ཡིན། །ཞེས་གསུངས་སོ། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། དྲག་པོའི་སྒྲུབ་ཐབས་ཏེ་ཐམས་ཅད་བཏུལ་ནས་ཆོ་འཕྲུལ་བསྟན་པའི་སྐབས་ཏེ་དྲུག་པའོ།། །།དེ་ནས་ནན་ཏན་བསྐྱེད་བྱས་ཏེ། འཇིག་རྟེན་གཤེད་པོས་དྲག་པོའི་ཚམ་རྔམས་བཤད་པར་བྱ། འཇིག་རྟེན་བཅུད་ཀྱི་གདུག་པ་ཀུན། །ཚམ་རྔམས་གློག་ལྟར་འགྱུ་བ་ལས། །ངོ་མཚར་ཡ་མཚན་བསྒྲག་པར་བྱ། །ཨེ་མའོ་ཡབ་ཡུམ་གཉིས་མེད་རོལ་པའི་མཁའ་དཀྱིལ་ནས། །ཕྱོགས་བཅུར་འཕྲོ་བ་བྱང་ཆུབ་སེམས། །རིགས་ཀྱི་ཡབ་དང་དེ་བཞིན་བཙུན་མོ་ནི། །རྟག་པར་བསྒོམ་སྟེ་དེ་བཞིན་ཤེས་པར་བྱ། །རྫས་དང་ཕྱག་རྒྱ་སྔགས་དང་བཅུད་རྣམས་ནི། །གཟུགས་དང་འདོད་པའི་འབྲས་བུ་གང་འདོད་འགྲུབ་པར་རོལ། །མི་དགེ་བཅུ་དང་ལྡན་པ་ཡིས། །རྣམ་པར་འདྲེན་པ་དེས་བྱས་ཏེ། །སྔགས་དང་ཕྱག་རྒྱ་རྫས་རྣམས་དང་། །ག་བུ་པདྨ་དམ་པ་དང་། །ཁམ་ས་པ་ཡི་འཇིམ་པ་ནི། །ཁྲག་སྣ་གསུམ་དང་གི་ཝང་ངོ་། །དེ་དག་ཕྲིན་ལས་མཆོག་ཡིན་ཏེ། །འགྲུབ་པར་འགྱུར་བར་གདོན་མི་ཟ། །བླ་མེད་དཔའ་བོས་ཡང་དག་གསུངས། །ཕྱོགས་བཅུའི་གདུག་པ་མ་ལུས་ཀུན། །འདུལ་བར་འགྱུར་ཏེ་ཐེ་ཚོམ་མེད། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། དྲག་པོའི་སྐབས་ཏེ་


DNG015_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས་འདི་སྐད་ཅེས་གསུངས་སོ། །འགལ་བ་ཆམ་ལ་འབེབས་འདོད་ན། །དུར་ཁྲོད་ལུང་དང་མཐུན་པའི་གནས། །དགོན་པ་ལྟ་བུར་སོང་ནས་ནི། །ཐོག་མར་བསོད་ནམས་ཚོགས་ཀྱང་བསག །ཕྱིར་བཤགས་འབུལ་ལ་སོགས་པ་གདོན། །ཚ་ཚ་ཉེ་འདོན་ལ་སོགས་བྱ། །ཡེ་ཤེས་སེམས་དཔའ་བསྒོམ་པར་བྱ། །བཱ་གཱི་ཤྭ་རི་འབྲུ་དྲུག་འདོན། །འཇམ་དཔལ་མཚན་ནི་ཡང་དག་པ། །རྟག་ཏུ་གདོན་པར་དམ་ཡང་བཅའ། །གྲུབ་པའི་ཉི་མ་གང་ཡིན་ལ། །བསོད་ནམས་ཚོགས་ནི་ཅི་ནུས་བསག །དེ་ནས་དྲག་པོ་བྱེད་འདོད་ན། །ཐ་ཆུང་བཞི་ཡི་མར་ངོ་ལ། །མཎྜལ་གཙང་མ་དྲིས་བྱུགས་ལ། །དཀའ་ཐུབ་དྲག་པོའི་སྡོམ་པ་བྱས། །ཀུ་ཤའི་སྟན་ལ་འདུག་ནས་ནི། །མགོ་བོ་རྨ་བྱ་བཞིན་དུ་དགུག །རུ་རཀྴ་ཡི་ཕྲེང་བ་བགྲང་། །མགོན་པོ་ཉིད་ལ་གུས་བྱས་ཏེ། །སྔོན་དུ་འགྲོ་བའི་བསྙེན་པ་ནི། །ཡི་གེ་བཅུ་བདུན་ནུས་ཐང་གིས། །དྲུག་འབུམ་དག་ཏུ་བཟླས་པ་བྱ། །དེ་ནི་བསྙེན་པ་དང་པོ་ཡིན། །ཕྱིས་ནི་རི་རབ་རྩེ་མོ་ལ། །གསུམ་འབུམ་དག་ཏུ་བཟླས་པ་བྱ། །དེ་ནི་བསྙེན་པ་གཉིས་པ་ཡིན། །དེ་ནས་དཀྱིལ་འཁོར་གཙང་མའི་སྟེང་། །ཁྲིའུ་འམ་དཀྱིལ་འཁོར་གཙང་མའི་སྟེང་། །འཇམ་དཔལ་སྐུ་གཟུགས་རི་མོ་འམ། །གཞུག་པའི་སྤྱན་སྔར་ཉིས་འབུམ་བཟླས། །དེ་ནི་བསྙེན་པ་གསུམ་པ་སྟེ། །བྱེ་བ་གཅིག་འབུམ་ཐོན་པ་དང་། །མེ་ཏོག་ལ་སོགས་མཆོད་པ་བྱ། །ཕྱི་དང་ནང་གི་མཆོད་པས་མཆོད། །བསྟོད་པ་ལ་སོགས་ཅི་རིགས་བྱ། །བསྙེན་པ་རྫོགས་ནས་རྟགས་རྣམས་འབྱུང་། །འཇམ་དཔལ་སྐུ་ཡི་ཞལ་འཛུམ་མམ། །རྟགས་ནི་བཟང་པོ་འབྱུང་བ་ནི། །དངོས་གྲུབ་ལ་སོགས་བླང་བར་བྱ། །དེ་ནས་དྲག་པོའི་སྦྱོར་ལ་འཇུག །དུར་ཁྲོད་མ་ལ་ཡར་སོང་ལ། །མི་སྐྲ་རོ་ཚིལ་རབ་བླངས་ཏེ། །ཁྲག་ཆེན་དག་ཏུ་སྤང་པར་བྱ། །ཁྲག་སྣ་ཚོགས་ཀྱི་ཁུ་བས་བཀྲུ། །བཙིར་ལ་ཐལ་ཆེན་ས་དཀར་གྱིས། །མདོག་བསྒྱུར་ཕུར་བཞིས་བརྒྱང་ལ་བསྐམ། །ཟླ་བ་ནག་པོའི་ཚེས་དྲུག་ནས། །བརྩམས་ཏེ་ཕྱི་གཏོར་ལ་སོགས་གཏོང་། །མཐོ་གཟུག་དཔང་གཟུག་གསེར་སྐྱེམས་གཏོང་། །སྲིད་པའི་ལྷ་འདྲེ་སྡེ་བརྒྱད་ལ། །


DNG015_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་བདར་རྒྱབ་བརྟེན་མ་བྱེད་བསྒོ། །ཁྲམ་དམར་བཏབ་ལ་ཁྲག་ནག་ལ། །གཤིན་རྗེའི་དྲག་སྔགས་དག་དང་བསྒྲག །ཤོ་རྡེའུ་དཀར་ནག་བརྡེག་པར་བྱའོ། །བསྙེན་པའི་སྙིང་པོ་ཧྲཱྀཿཤྟྲཱིཿབཟླས། །ཟླ་བ་ནག་པོའི་ཚེས་དྲུག་ནི། །ཉི་ཤུ་གཅིག་ལ་དབུ་བཙུག་ནས། །ཉི་ཤུ་དྲུག་ནི་ཚུན་ཆད་དུ། །ནུས་ཐང་སུ་ནི་བཟླས་པ་བྱ། །ཨོཾ་ཧྲཱྀཿཤྟྲཱིཿབི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ། ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ། ཉིན་ཕྱེད་ཚུན་ཆོད་བཟླས་པ་བྱ། །མཆོད་དང་བསྟོད་པ་ལ་སོགས་བྱ། །བརྒྱངས་པའི་རས་ཆེན་བླངས་ནས་སུ། །གཞན་མེད་སོལ་བ་ཐལ་བ་གཉིས། །ཀ་ན་ཀ་ཡི་ཁུ་བ་དང་། །པྲ་རྩི་སོགས་དང་དུག་སྣ་ཚོགས། །ཏིལ་དང་ཉུང་དཀར་མར་ཁུ་དང་། །རང་གི་སྲིན་ལག་ཁྲག་སྣ་ནི། །རྙེད་ན་ཕྱི་ས་ར་ཁྲག་དང་། །སྐེ་ཚེ་ས་དཀར་ཙནྡན་དང་། །རྒྱ་སྐྱེགས་ལྡོང་རོས་ཡུང་བས་བྲིས། །མཱ་ར་གཤིན་རྗེའི་ལྟོ་བར་བཅུག །དབང་ནི་ཆུང་མའི་སྙིང་གར་བྱ། །ཞི་བ་ཙནྡྲའི་དབུས་སུ་བྱ། །རྒྱས་པར་འདོད་ན་གླང་པོས་སོ། །བདེ་འདོད་རྟ་དང་མ་ཧེའི་འཕོངས། །བསྐྲད་འདོད་རྔ་མོའི་འཕོངས་སུ་བསྐྱོན། །ལྐུགས་པ་ལུག་གི་ཁོག་པར་བྱ། །གནན་པ་རི་རབ་འོག་ཏུ་བྱ། །སོ་སོའི་རྫས་དང་ལས་རྣམས་ནི། །རིག་པ་ཅན་གྱིས་ཤེས་པར་བྱ། །གཤིན་རྗེ་ཟླ་གསང་ནག་པོ་འདི། །ཟླ་བ་གསང་བར་སྔགས་པ་ཡིན། །ཕྲིན་ལས་བྱ་བའི་རིམ་པ་ནི། །གསང་བའི་ལས་སུ་ཤེས་པར་བྱ། །འཁོར་ལོ་བཅའ་བའི་རིམ་པ་ནི། །བརྒྱངས་པའི་རས་ལ་དུག་བྱུགས་ལ། །མ་ད་ལྡུམ་བུ་ཐང་ཕྲོམ་དང་། །ཁ་ཤོག་དུག་སྣ་ཚོགས་རྣམས་ལ། །རང་གི་སྲིན་ལག་ཁྲག་དང་སྦྱར། །སྣག་ཚ་བྱས་ལ་བྲི་བར་བྱ། །རྨྱུག་གུ་བྱ་རོག་འུག་པའི་སྒྲོ། །མི་གྲིར་ཤི་བའི་སྐྲ་ལ་ཡང་། །པིར་ལ་སོགས་པ་བྱ་བར་གསུངས། །སྒྲོ་རྩ་སྐུད་པ་སྔོ་དམར་བཅིང་། །འཁོར་ལོ་བྲི་བའི་རིམ་པ་ཡང་། །གསང་བའི་ལས་སུ་ཤེས་པར་བྱ། །འཁོར་ལོ་བྲི་ནས་སྨོན་ལམ་གདབ། །རང་གི་ཨ་མྲྀ་ཏ་ལ་སོགས། །མཆོད་ཅིང་བསྟོད་པ་ལ་སོགས་བྱ། །བདག་ཉིད་ཡ་མཱནྟ་ཀར་བསྒོམ། །སྐུ་མདོག་སྟང་ཟིལ་ནག་པོའམ། །ཆུ་རླབས་ནག་པོའི་སྤྲིན་དང་འདྲ། །ཁམ་ནག་རལ་


DNG015_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

པ་གྱེན་དུ་བརྫེས། །སྨ་ར་ཁམ་ལ་སྨིན་མ་སེར། །གློག་འགྱུ་སྨིན་མ་ཞལ་བགྲད་པ། །ལྗགས་འགྲིལ་ཚེམས་གཙིགས་གསུས་ཁྱིམ་ཆེ། །ལུས་དང་ཡན་ལག་ནཱ་གས་དཀྲིས། །རོ་ཉེ་ཁ་ནས་འཛག་འཛབ་ཀྱང་ཀྱང་ཟློས། །གདུག་པའི་མཚོན་ཆ་སྣ་ཚོགས་འཛིན། །དེ་ལྟ་བུ་རུ་བདག་ཉིད་བསྒོམ། །མཁས་པས་རང་གི་རིག་པས་དཔྱད། །ཐོད་པ་འོག་མ་ཁྲི་སྟེང་ངམ། །ཟ་མ་ཏོག་གི་ཁྲི་སྟེང་གཞག །སྟེང་མའི་ཐོད་པ་རྨྱུག་མ་ལ། །སྔོན་དམར་བརྒྱངས་ལ་ཡས་མན་གདབ། །ཉི་ཤུ་བདུན་གྱི་སྔ་དྲོ་ལ། །ཉི་མ་རི་རབ་རྩེར་ཤར་ནས། །སྟག་ལྤགས་བགོ་ཞིང་བགྲོད་དཀར་འགྲོ། །རུ་རཀྴ་ཡི་ཕྲེང་བ་བགྲང་། །དབྱུག་ཏོ་ཐོགས་ལ་སྡིགས་མཛུབ་བསྒྲེང་། །ཕྱག་ཀྱང་མི་འཚལ་ལམ་མི་བཟུར། །ཕྲད་ན་གང་ཡིན་བརླག་པར་བྱེད། །སྨྲ་བཅད་བྱས་ཏེ་ཁྲི་ཁྲི་བཟླས། །རྣལ་འབྱོར་ནང་ལ་གཏམ་ཟེར་ན། །ལག་གི་བརྡ་ཡིས་གདབ་པར་བྱ། །སྐོམ་དང་ཟས་ནི་འདོད་པའི་ཕྱིར། །ལག་གི་བརྡ་ཡིས་བླང་བར་བྱ། །སྨྲས་ན་རྣལ་འབྱོར་རང་དོན་ཟད། །དེ་ཡི་ཕྱིར་ན་ལག་བརྡའ་བྱ། །དེ་ཡི་ཚེ་ན་འདི་ཡང་གདོན། །ཡཱ་མ་ར་ཙ་ས་དོ་མེ་ཡ་ཆེ་གེ་མོ་པྲ་མ་ཡ་ཧཱུཾ་ཕཊ། དེ་ནས་དམར་ཐག་ཆད་བར་དུ། །ཁྲི་ཁྲི་བཟླས་པ་བྱ་བ་ཡིན། །དམར་ཐག་ཆད་ནས་སྔགས་གཞུག་བཅད། །ཕུར་བུ་གདབ་དང་ཉུང་དཀར་བརྡེག །ཕོ་ཉ་བཅོལ་བསྐུལ་དྲག་ཏུ་བྱ། །མ་ཉེས་དཔང་བཙུག་ཆོ་ངེས་གདབ། །ཉིན་གཉིས་པ་ལ་འདི་ཡང་གདོན། །ཡ་མེ་དོ་རུ་ཎ་ཡོ་ད་ཡ་ཆེ་གེ་མོ་རཀྟ་ཙ་ར་ཧཱུཾ་ཕཊ། དམར་ཐག་ཆད་ནས་སྔགས་གཞུག་གཅད། །ལས་ཀྱི་རིམ་པ་གོང་དང་འདྲ། །ཉིན་གསུམ་པོ་ལ་འདི་ཡང་གདོན། །ཡ་ཏ་ཡོ་ནི་ར་ཡཀྵེ་ཡ་ཆེ་གེ་མོ་མུར་ཙ་ཡ་ཧཱུཾ་ཕཊ། དམར་ཐག་ཆད་ནས་སྔགས་གཞུག་གཅད། །ལས་ཀྱི་རིམ་པ་གོང་དང་འདྲ། །ཉིན་བཞི་པ་ལ་འདི་ཡང་འདོན། །ཡཀྵེ་ཡཙྪ་ནི་རཱ་མ་ཡ་ཆེ་གེ་མོ་ཞིག་མཱ་ར་ཡ་ཧཱུཾ་ཕཊ། དུས་ནི་འབྲུག་དང་འཚུབས་མས་གདབ། །གདགས་ཡིག་ཉི་ཤུ་རྩ་ལྔ་ནི། །མནན་པའི་འཁོར་ལོར་གཞུག་པར་བྱ། །མནན་པའི་གཟུགས་ནི་རི་རབ་བྲི། །ཐོད་པ་རབས་ཆད་ནག་པོ་འམ། །ངག་དིག་གླེན་པ་བཀྲ་མི་ཤིས། །ནང་དུ་བཅུག་ལ་རེ་བར་གྲིལ། །


DNG015_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཁང་ཐེམ་པའི་འོག་དག་གམ། །རོ་ཁང་དུར་ཁྲོད་དག་ཏུ་གནན། །གཏད་པ་གཤིན་རྗེ་ཉིད་ལ་སྟེ། །དོང་ནི་རལ་པ་ཚར་དགུའོ། །རྒྱ་མཚོ་ཆེན་པོའི་འོག་ཏུ་གནན། །གནན་པའི་ལྷ་ནི་རལ་པ་ཚར་དགུ་སྟེ། །ཆུ་ནག་འདྲ་བའི་གཟུགས་ཆེན་ལ། །མ་ཧེ་ནག་པོ་དག་ལ་བསྐྱོན། །གཤིན་རྗེའི་དབྱུག་པ་ནག་པོ་ཐོགས། །དེ་ལྟ་བུ་ཡི་དངོས་པོ་ལ། །བདག་གིས་རལ་གྲིའི་ཕྱག་རྒྱ་བཅས། །ས་གཞི་ཆེན་པོ་གཤེགས་ནས་ནི། །གཤིན་རྗེ་ཡི་ནི་ལག་ཏུ་གཏད། །རི་རབ་ཆེན་པོ་ཉིད་ཀྱིས་མནན། །དོན་ཡོད་གྲུབ་པའི་ཕོ་བྲང་གདབ། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། དྲག་པོ་བཅའ་གཞིའི་སྐབས་ཏེ་བརྒྱད་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས་འདི་སྐད་ཅེས་བཀའ་སྩལ་ཏོ། །དྲག་པོའི་ལས་དག་བྱེད་འདོད་པས། །ཡིད་འོང་མཐུན་པའི་གནས་ལམ་དུ། །རྣལ་འབྱོར་མོས་དང་དད་པ་ཡིས། །བླ་མ་མཉེས་བྱས་དབང་དག་མནོས། །ལུང་དང་མན་ངག་ཐོབ་ནས་ཀྱང་། །བརྩོན་འགྲུས་ཆེན་པོས་མྱུར་དུ་བསྒྲུབ། །གནས་དང་གཟུངས་མ་དག་དང་ནི། །ལྟ་སྤྱོད་ལྡན་པ་དག་གིས་ཀྱང་། །འཁོར་ལོའི་རྒྱུ་དང་སྣག་ཚའི་རྒྱུ། །རྨྱུག་གུའི་རྒྱུ་དང་དུས་ཕྱོགས་དང་། །མཁས་པས་ཟླ་གསང་རྒྱུད་ནས་བཤད། །དྲག་པོ་ས་ཡི་མཎྜལ་ཡང་། །བསྐྲད་དང་གཟུང་དང་བསླང་བ་སོགས། །མཁས་པས་ཟླ་གསང་རྒྱུད་ལས་སོ། །དྲག་པོའི་དཀྱིལ་འཁོར་བྲི་བ་ཡང་། །ཐིག་གཡོག་མཚན་ལྡན་གཟུངས་མ་ལ། །བ་སུ་ཏ་ཡི་ཐིག་དང་ཐལ་ཆེན་ཚོན་རྒྱུ་དང་། །རྒྱུ་དང་མན་ངག་ཤེས་པས་བྱ། །ཤར་ནུབ་ལྷོ་དང་ཕྱོགས་དང་མཚམས། །ཕྱོགས་ཆ་རིག་པས་བལྟ་བར་བྱ། །སྟེགས་བུ་འདོམ་གང་གྲུ་བཞི་ལ། །ཆག་ཆག་གསུམ་དང་སྐྱང་ནུལ་ཡང་། །ཟླ་གསང་རྒྱུད་ལས་ཤེས་པར་བྱ། །བྱིན་རློབས་གནམ་ས་ཐིག་བཏབ་པ། །ཟླ་གསང་ལས་ལས་ཤེས་པར་བྱ། །ཐིག་ནི་བརྒྱད་ཀྱི་ཆ་རུ་བྱ། །ཐིག་སྐོར་བཞི་དང་ལྡན་པ་ལ། །ཐིག་སྐོར་གསུམ་ལ་ཐིག་གསུམ་གདབ། །ལེའུ་ཙེ་དག་ནི་དགུ་རུ་འགྱུར། །ཕྱི་རོལ་ཐིག་སྐོར་རྡོ་རྗེའི་རྭ། །ཐིག་སྐོར་གཉིས་པ་དག་ལ་ནི། །བཅུ་གཉིས་རྩིབས་དང་


DNG015_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པར་བྱ། །ཡ་མ་མེ་ད་ཀྵེ་ཞེས་བྱ། །ཕྱོགས་བཞི་དབུས་ཀྱི་ལེའུ་ཙེ། །དྲག་པོ་སྔགས་ཀྱི་ཡི་གེ་དགོད། །བཅུ་གཉིས་རྩིབས་དང་ལྡན་པ་ལ། །རཱ་ཛ་ས་དོ་བཞི་དག་དགོད། །རུ་ཎ་ཡོ་ནི་དག་དང་ཡང་། །ར་ཡ་ཙ་ནི་ཞེས་པ་ནི། །འཁོར་ལོའི་རྩིབས་ལ་དགོད་པར་བྱ། །ཐིག་སྐོར་གསུམ་པ་དག་ལ་ནི། །བཅུ་དྲུག་རྩིབས་དང་ལྡན་པ་ལ། །ཧྲཱྀཿཤྟྲཱིཿའི་སྔགས་ཀྱི་ཡི་གེ་དག །བསྒྲུབ་བྱའི་མིང་དང་སྤེལ་ལ་དགོད། །རྡོ་རྗེ་རྭ་བའི་ཕྱི་རོལ་དུ། །སྒོ་དང་སྒོ་ཁྱུད་ལྡན་པ་བྱ། །དབུས་ནི་དྲག་པོ་གྲུ་གསུམ་གནག །ལིང་ཙེ་བཞི་ནི་ཕྱོགས་དང་སྦྱར། །ས་སྟོང་མཛེས་པའི་ཚོན་དུ་གཏང་། །བཅུ་གཉིས་དྲག་པོ་བཅུ་དྲུག་རྒྱས། །རྡོ་རྗེ་ལྕགས་ལ་གྲུ་ཆད་ལྗང་། །མཐའ་མ་ལྕགས་རི་སྒོ་ནི་ཕྱོགས་དང་སྦྱར། །གཤིན་རྗེ་ལྷ་ནི་ལྷོ་ཤར་བྱང་། །བུ་དོན་ལྷོ་ཡི་ཕྱོགས་སུ་དགྲམ། །ཤ་ཁྲག་རྫས་དང་མེ་ཏོག་སྔོ། །ལྷོ་ཡི་ཕྱོགས་ནས་དབུལ་བར་བྱ། །དྲག་པོ་རྫས་ཀྱི་ག་བུ་དེ། །མངའ་གསོལ་དབང་བསྐུར་བྱས་ནས་ཀྱང་། །དཀྱིལ་འཁོར་སྟེང་དུ་བཞུགས་སུ་གསོལ། །འཁོར་ལོ་བཅུ་གཉིས་རྩེ་ལ་ཡང་། །ཕུར་པ་བཅུ་གཉིས་རིམ་གྱིས་སོ། །འཁོར་ལོ་བཅུ་དྲུག་རྩེ་མོ་ལ། །ཀེ་སེང་བཅུ་དྲུག་ཕུར་པ་དགོད། །སྒོ་བཞི་བསེ་མོའི་ཕུར་པ་བཞི། །ཉི་ཤུ་རྩ་བརྒྱད་རྩང་ལ་ཡང་། །དབང་ཕྱུག་མངའ་གསོལ་བར་ཁྱམས་ལའོ། །བསྒྲུབ་བྱའི་དམ་རྫས་གཏོར་མ་ཡང་། །བསྒྲུབ་བྱའི་ལྷ་སྟེ་དཔལ་ལ་གཅིག །བསྙེན་པའི་ལྷ་སྟེ་ཡ་མཱནྟ་ཀར་གཅིག །ལས་སུ་གཉེར་བའི་ལྷ་སྟེ་ཉི་མ་བཞི་པ་ལ་གཅིག །ཕྲིན་ལས་གཉེར་བའི་ལྷ་སྟེ་གྲི་ཐོགས་གིང་དང་ཁྲམ་ཐོགས་བདུད་ལ་གཅིག །མ་མོའི་ཚོགས་ལ་གཅིག་ཀྱང་དབུལ། །ཞི་ཁྲོའི་ལྷ་ལ་ལས་གཞུང་བསྲང་། །དེ་ནས་འཆི་བདག་ལས་གཞུང་བསྲང་། །ཞེས་པ་གཤིན་རྗེ་གཤེད་པོས་བཤད། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། དཀྱིལ་འཁོར་གྱི་བཅའ་གཞིའི་ལེའུ་སྟེ་དགུ་པའོ།། །།དེ་ནས་མཐུ་སྟོབས་ཀྱི་བདག་པོ་དཔལ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་ཞུས་སོ། །ཧེ་ཧེ་དཔའ་བོ་འཇམ་པའི་མགོན། །ཕྱོགས་སྐྱོང་འདུལ་བའི་གཤེད་པོ་སྟེ། །དཔའ་བོའི་འཁོར་དུ་འདུས་པ་རྣམས། །ཚུལ་བཞིན་བསྒྲུབ་པའི་དོན་བཤད་ཀྱང་། །ཕྲིན་ལས་


DNG015_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་བསྲང་ཇི་ལྟར་བསྲང་། །ཏིང་འཛིན་རྣམ་གསུམ་ཇི་ལྟར་བསྐྱེད། །སྤྱན་དྲང་བཞུགས་མཆོད་ཇི་ལྟར་བགྱི། །འཇམ་དཔལ་མགོན་ལས་བདག་མཉན་འཚལ། །དཔའ་བོ་ཆེན་པོས་བཀའ་སྩོལ་ཅིག །དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས་ཕྲིན་ལས་ཀྱི་ལེའུ་འདི་ཆེད་དུ་བརྗོད་དོ། །དམར་ནག་བྲག་གམ་སོག་པོ་ཁྲོས་པ་འདྲ། །མི་རོ་མང་པོ་ཡོད་ཅིང་རྐང་གཅིག་ཤིང་གི་རྩར། །གཅན་གཟན་མང་པོ་འགྲུལ་ཞིང་འདབ་ཆགས་མང་པོ་འདུ། །ལྷ་འདྲེ་མང་པོ་ཚོགས་སར་དྲག་པོའི་གནས་བཙལ་ཏེ། །མཆོད་པ་བཤམས་ལ་དཀོན་མཆོག་གསུམ་པོ་སྤྱན་དྲངས་ལ། །མཉེས་པར་བྱ་ཕྱིར་མཆོད་པ་རྣམ་ལྔ་འབུལ། །ས་བདག་ས་སྲིན་མང་པོ་སྤྱན་དྲངས་ལ། །གཏོར་མ་ཆང་ཕུད་མཆོད་རྫས་བྱིན་བརླབས་ཏེ། །བསྔོས་ལ་ས་སློང་ཚིག་ཀྱང་བརྗོད། །ང་རྒྱལ་རྡོ་རྗེ་ཁྲོ་བོ་ཡིས། །རྡོ་རྗེ་འགྲོས་ཀྱིས་ས་བསྐོར་ཏེ། །ས་བསླང་ས་གཞི་སྦྱང་བ་ནི། །བདག་ཉིད་ཁྲོ་བོར་གྱུར་པའི་ཐུགས་ཀ་ནས། །རཾ་ལས་ཡེ་ཤེས་མེ་ཡིས་དངོས་མཚན་ཀུན་བསྲེགས་ཏེ། །ཡཾ་ལས་རླུང་གིས་གཏོར་ནས་ཁཾ་ལས་ཆུ་ཡིས་བཀྲུས། །དོན་དམ་སྟོང་པའི་ངང་དུ་བསྒོམ། །དེ་ནས་ཀུན་རྫོབ་མཚམས་བཅད་དེ། །དཀྱིལ་འཁོར་རྒྱ་བཅད་དབུས་སུ་བསྐོར་བར་བྱ། །རིན་ཆེན་སྣ་ལྔ་ལྡན་པའི་ཆང་ཕུད་སྦ། །ཕུང་ཤུལ་ས་བླངས་མི་རྟའི་ཁྲག་གིས་ལྗིབ། །ས་སྦྱངས་གྲུབ་ནས་དུར་ཁྲོད་ཆག་ཆག་གདབ། །རྡོ་རྗེ་དྲི་ཆུ་རཀྟ་དང་། །དུག་ལ་སོགས་པའི་ཆག་ཆག་རབ་ཏུ་གདབ། །དེ་ནས་ཐིག་གདབ་ཐིག་གི་རྒྱུ་བསྟན་པ། །ཞིང་གི་རྒྱུ་མ་ཡུགས་མོའི་སྐྲ། །གྲི་བོ་ལོག་ནོན་རོ་ཤ་ཁ་རལ་སྐྲས། །ཐིག་སྐུད་བྱས་ལ་བྱིན་བརླབ་ཐིག་ཀྱང་གདབ། །ཤར་དང་ནུབ་དང་དེ་བཞིན་བྱང་། །དེ་བཞིན་བྱང་ཤར་མཚམས་སུ་བྱའོ། །ཤར་ལྷོ་ནུབ་བྱང་ལྷོ་ནུབ་དང་། །དེ་བཞིན་བྱང་ཤར་མཚམས་སུའོ། །དབུས་ཀྱི་ཤར་ནུབ་དབུས་ཀྱི་ལྷོ་དང་བྱང་། །སྣམ་བུ་བརྒྱད་ལ་གཉིས་གཉིས་བཅུ་དྲུག་དག་ཏུ་བཤད། །མཐའ་ཐིག་ལ་སོགས་བྲི་བའི་ལས་སུ་ཤེས། །དང་པོ་དུར་ཁྲོད་རས་བརྒྱངས་ཏེ། །འཁོར་ལོ་བྲི་བ་མན་ངག་ལས་སུ་ཤེས། །མཱ་ར་ཡ་ཡི་


DNG015_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་བཅས་ལ། །དྲི་ཆེན་དྲི་ཆུ་རྐང་རྗེས་ས། །ངར་སྣབས་གོས་ཀྱི་དུམ་བུ་ལ། །ནང་དུ་ཚེར་མ་རུས་པས་དགང་། །མིང་རུས་མགོ་དང་སྙིང་གར་གཞུག །ལུས་ལ་དུག་ཆུ་ཚ་བ་གསུམ་གྱིས་བྱུག །སྐུད་པ་སྔོན་དམར་བྱད་སྔགས་བཟླས། །སྐུད་པ་ནག་པོ་དག་གིས་སྐེ་ནས་གདགས། །དེ་ནས་ཐོད་པ་མཚན་ངན་ཞིག་བཙལ་ཏེ། །ལུས་ཀྱི་ངོས་ལ་ཡབ་བྲི་སྤྱི་བོའི་ངོས་ལ་ཡུམ། །དེ་བཞིན་གཟུགས་དེ་འཁོར་ལོའི་བར་དུ་གཞུག །འཁོར་ལོ་ཐོད་པའི་ནང་དུ་གཞུག །མི་ལྤགས་ཕྲེང་བས་རྒྱ་གྲམ་བཅིང་། །དེ་ནས་ཕུར་པ་བཅུ་གཅིག་ལ། །གུ་གུལ་དུད་པས་རབ་ཏུ་བདུག །ཡུངས་ཀར་རྒྱལ་པོ་དག་ཀྱང་བརྡེག །གྲུ་གསུམ་དབྱིངས་ནས་ཁྲོ་བོ་ཆེན་པོར་བསྐྱེད། །སྤྱན་དྲང་བཞུགས་སུ་གསོལ་ཏེ་རང་རང་གདན་ལ་དགོད། །ཤར་དུ་ཀོང་ཙེ་བྲག་གྱོན་དྲི་ཟ་འདུལ། །ལྷོ་ཕྱོགས་འཆི་བདག་ཡ་བ་ཏི། །ནུབ་ཏུ་ཀླུ་བདག་རྨིག་པ་འདུལ། །བྱང་དུ་ལྷ་མཆོག་གནོད་སྦྱིན་འདུལ། །ཤར་ལྷོར་གླང་མགོ་མེ་ལྷ་འདུལ། །ལྷོ་ནུབ་མིག་དམར་སྲིན་པོ་འདུལ། །ནུབ་བྱང་ཏེལ་པ་རླུང་ལྷ་འདུལ། །བྱང་ཤར་ལས་གྲུབ་དབང་ལྡན་འདུལ། །སྟེང་དུ་ནག་འཇོམས་ཚངས་པ་འདུལ། །འོག་ཏུ་དམར་པོ་ས་བདག་འདུལ། །དེ་དག་གཤིན་རྗེའི་ཡུམ་རྣམས་ཀྱང་། །ཕུར་པ་རང་རང་གྲིབ་ལ་གནས། །ཀུ་མ་ད་རི་བདུད་འདུལ་ཤར། །ཀྵུ་མ་ད་རི་བཙན་འདུལ་ལྷོ། །ཀང་ཀ་ད་རི་གཟའ་འདུལ་ནུབ། །ཙ་མུན་ད་རི་ཀླུ་འདུལ་བྱང་། །ཕུར་པ་བཞི་ཡང་སྒོ་བཞི་ལའོ། །གཤིན་རྗེའི་བྲིས་སྐུ་ལྷོ་རུ་དགྲམ། །ཐོད་པ་འཁོར་ལོ་བཅས་པ་སྟེ། །གྲུ་གསུམ་ཕུབ་སྟེ་སྟེང་དུ་བཞག །གཡང་གཞི་འཕན་ལ་སོགས་པས་བརྒྱན། །ཤ་ཆེན་ཚིལ་ཆེན་ཀེང་རུས་དང་། །ཁྲག་ཆེན་ལ་སོགས་ཅི་མང་སྦྱར། །སྐེ་ཐག་གཤིན་རྗེའི་ཕུར་ལ་གདབ། །གཏོར་མ་ལ་སོགས་གོང་བཞིན་གཞག །ཉུང་དཀར་སྐེ་ཚེ་དུག་ཁྲག་རྣམས། །གཡས་གཡོན་དག་ཏུ་གཞག་པར་བྱ། །མཆོད་པ་ལྔ་དང་གཏོར་མ་གསུམ། །ཆང་ཕུད་ལ་སོགས་བཤམས་ནས་ཀྱང་། །དཀོན་མཆོག་གསུམ་པོ་སྤྱན་དྲངས་ལ། །མཆོད་དང་སྡིག་པ་བཤགས་པ་བྱ། །དེ་ནས་ཆོས་ཀྱི་སྲུང་མ་


DNG015_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས། །ལྷ་མགོན་ཀླུ་མགོན་ལ་སོགས་དང་། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་། །འགྲོ་བ་དྲུག་རྣམས་ལ་སོགས་པར། །གཏོར་མ་བསྔོས་ལ་བདེན་པ་བདར། །འདི་ཡི་གྲོགས་མ་བྱེད་པར་བསྒོ། །དཀྱིལ་འཁོར་བསྐོར་ཞིང་དཔང་ཡང་གཟུག །མཐའ་མ་རྡོ་རྗེའི་འགྲོས་ཀྱིས་བསྐོར། །བགེགས་རྣམས་བསྐྲད་ལ་མཚམས་རྣམས་གཅད། །དེ་ནས་ལྷོ་རུ་ཁ་ཡང་བལྟ། །དེ་བཞིན་ཉིད་དང་ཀུན་ཏུ་སྣང་། །རྒྱུ་དང་ཏིང་འཛིན་རྣམ་གསུམ་བསྒོམ། །ཨེ་ཡང་ར་སུཾ་ཀེཾ་རཾ་བྷྲཱུཾ་ལས། གཞལ་ཡས་གདན་བཅས་གསལ་བར་བསྒོམ། །དེ་ནང་ལྷ་རྣམས་གསལ་བར་བསྒོམ། །དབུས་ཀྱི་མ་ཧེའི་གདན་ཐོག་ཏུ། །མཐིང་ནག་འབར་བའི་ཧཱུཾ་གཅིག་བསྒོམ། །དེ་ལས་འོད་ཟེར་འཕྲོས་འདུས་པས། །ཕྱག་མཚན་རྡོ་རྗེ་གཅིག་ཏུ་གྱུར། །དེ་ལས་འོད་ཟེར་འཕྲོས་འདུས་པས། །རྡོ་རྗེ་མཐིང་ནག་འོད་དུ་གྱུར། །ཨཱོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཀ་ལ་རཱུ་པ་བཛྲ་ཀྲོ་དྷ་ཧཱུཾ་ཕཊ། ཅེས་བརྗོད་པས། འོད་ལས་ཡ་མཱནྟ་ཀར་གྱུར། །ཞལ་གསུམ་ཕྱག་དྲུག་མཐིང་ནག་ལ། །གཡས་དཀར་གཡོན་དམར་དབུས་མཐིང་ཞལ། །རལ་པའི་རྩེ་ལས་མེ་འབར་བའི། །རལ་པའི་སྐེད་ནས་ཁྲག་འཛག་པའི། །རལ་པའི་རྩེ་ནས་རྒྱ་མཚོ་འཁྲུགས། །སྡིགས་མཛུབ་རྒྱུ་ཞགས་ལྕགས་ཀྱུ་གཡས། །དུང་དམར་མདུང་ཐུང་གསལ་ཞིང་གཡོན། །ཞབས་བཞི་བརྐྱང་བསྐུམ་མ་ཧེ་བརྫིས། །དུར་ཁྲོད་རྒྱན་གྱིས་རབ་ཏུ་བརྒྱན། །ཀླད་པར་ཨོཾ་བསམ་མགྲིན་པར་ཨཱཾཿ། །ཙིཏྟའི་ནང་དུ་ཧཱུཾ་གཅིག་བསམ། །ཡེ་ཤེས་ལྔ་རུ་བྱིན་བརླབས་ཏེ། །ཨཱོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀྲོ་དྷ་ཛྙཱ་ན་པཉྩ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས་ཏེ། ཨཱོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀ་ཙིཏྟ་ཨཱདྨ་ཀོ྅ཧཾ། ཁྲོ་བོའི་ང་རྒྱལ་བསྐྱེད་པ་ལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཡ་མཱནྟ་ཀ་མ་ཧཱ་ཀྲོ་དྷ་ཧཱུཾ། དེ་ནས་ཧཱུཾ་ཞེས་རབ་བརྗོད་པས། །ཁྲོ་བོའི་ཐུགས་ཀར་ཧཱུཾ་བཏོན་ཏེ། །གཡོན་ཕྱོགས་ཞིང་གི་གདན་སྟེང་དུ། །ཧཱུཾ་དེ་འཕྲོས་ཤིང་གནས་པ་ལས། །ཨོཾ་ཨཱཿཧཱུཾ་བེ་ཏཱ་ལཱི་རཀྴ་མན། །བརྗོད་པས་ཧཱུཾ་ཉིད་ཡུམ་དུ་གྱུར། །ཁྲམ་བམ་གཡས་ལ་བྷནྡ་གཡོན། །སྐུ་མདོག་ནག་མོ་གསལ་བར་བསྐྱེད། །


DNG015_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་ཀྱི་གསང་བའི་རྡོ་རྗེ་སྟེ། །ཨོཾ་ལས་ནོར་བུ་བུ་གར་ཕཊ། །དེ་ནས་ཡུམ་གྱི་གསང་གནས་སུ། །བཾ་ལས་པདྨ་འདབ་མ་བརྒྱད། །ཨེ་ལས་ནང་དུ་གྲུ་གསུམ་སྟེ། །འདི་སྐད་བརྗོད་ལ་གསང་སྒོ་དབྱེ། །པདྨ་གུ་ཧྱ་པྲ་ཝེ་ཤ་ཕཊ། ཅེས་བརྗོད་གསང་སྒོ་ཕྱེ་བ་ཡིས། །ཡབ་ཡུམ་རོལ་པ་མཛད་པ་དང་། །ལྷག་པའི་བྱང་ཆུབ་སེམས་ཉིད་དེ། །རྡོ་རྗེའི་ལམ་ནས་རབ་བྱུང་སྟེ། །ཡུམ་གྱི་མཁའ་ལ་འཕྲོས་པ་དང་། །དེ་ལ་ཧཱུཾ་ཞེས་བརྗོད་པ་ཡིས། །བྱང་སེམས་ཧཱུཾ་བསྒྲིལ་བཅུར་གྱུར་ཏེ། །མཁའ་ལས་བཏོན་ནས་འཁོར་ལོ་ཡི། །རྩིབས་ཀྱི་སྟེང་དུ་གདན་སྟེང་དུ། །ཧཱུཾ་ཧཱུཾ་བསྒྲིལ་མ་རེ་རེ་བསམ། །འཁོར་ལོ་ཤར་གྱི་རྩིབས་གདན་ལ། །ཧཱུཾ་ཧཱུཾ་བསྒྲིལ་མ་དེ་ཉིད་ལས། །ཨོཾ་ཡ་མན་བཛྲ་ཀྲོ་དྷ་ཧཱུཾ།ཨོཾ་ཡ་མན་བཛྲ་ཀྲོ་དྷཱི་ཧཱུཾ། བརྗོད་པས་ཧཱུཾ་ལས་ཁྲོ་བོའི་སྐུ། །ཀོང་རྩེ་བྲག་གྱོན་ཁམ་རྒྱ་མ། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་གནག །དུར་ཁྲོད་རྒྱན་དང་ལྡན་པ་སྟེ། །གཡོན་པ་བྷན་དམར་ཡུམ་ལ་འཁྱུད། །གཡས་པ་གདུག་པའི་མཚོན་ཆ་འཛིན། །ཡུམ་ཡང་གཡས་ཀྱི་ཡབ་ལ་འཁྱུད། །གཡོན་པ་དུང་དམར་ཡབ་ལ་སྟོབ། །དུར་ཁྲོད་རྒྱན་རྣམས་ཡབ་དང་མཐུན། །རྩ་བའི་སྔགས་དེ་བརྗོད་ནས་ཀྱང་། །ཕྱོགས་སྐྱོང་ཡབ་ཡུམ་ཀུན་ཀྱང་བསྐྱེད། །རྒྱན་དང་ཆ་ལུགས་ཕྱག་མཚན་རྣམས། །གོང་བཞིན་ཐམས་ཅད་གསལ་བར་བསྐྱེད། །གཡས་ཀྱི་ཧཱུཾ་ལས་ཡབ་ཏུ་བསྐྱེད། །གཡོན་གྱི་ཧཱུཾ་ལས་ཡུམ་དུ་བསྐྱེད། །རོ་ཀ་མ་དུན་བྷྱོཿ། ཙ་མུ་ཏི་དུན་བྷྱོཿ། ནམ་གྲུ་མ་དུན་བྷྱོཿ། བྷྱོ་ལས་དུར་ཁྲོད་མ་མོ་གསུམ། །ཟླ་གམ་གསུམ་ལ་བསྐྱེད་པར་བྱ། །སྒོ་བཞིར་རྡོ་རྗེ་བསེ་མོ་བཞི། །ཀུ་ལ་དྷ་རི་ཤར་དུ་བསྐྱེད། །ཀྵུ་ལ་དྷ་རི་ལྷོ་རུ་བསྐྱེད། །ཀང་ཀ་དྷ་རི་ནུབ་ཏུ་བསྐྱེད། །ཙ་མུན་དྷ་རི་བྱང་དུ་བསྐྱེད། །ཀེའུ་སེང་དབང་ཕྱུག་གིང་དང་བདུད། །མན་ངག་ལས་སུ་ཤེས་པར་བཤད། །སྤྱན་དྲང་ཕྱག་འཚལ་བཞུགས་མཆོད་འབུལ། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། དྲག་པོའི་ཕྲིན་ལས་ཀྱི་སྐབས་ཏེ་བཅུ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས་དྲག་པོ་འཁོར་ལོའི་


DNG015_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་འདི་གསུངས་སོ། །དུར་ཁྲོད་རོ་རས་རྙིང་པ་འམ། །གྲི་བོར་ཤི་བའི་རོ་ཤུན་ལ། །མི་ཚིག་ལ་སོགས་མི་སྨྲ་བར། །སྐེ་ཚེ་ལན་ཚྭ་ཉུང་ནག་མར། །དུག་དང་ནིམ་པའི་ལོ་མ་དང་། །ཀ་ན་ཀ་ཡི་ཁུ་བ་དང་། །རོ་བསྲེགས་པ་ཡི་སོལ་བ་དང་། །རང་ངམ་ཕལ་གྱི་མཛུབ་མོའི་ཁྲག །དེ་རྣམས་སྦྱར་ལ་སྣག་ཚ་བྱའོ། །བྱ་རོག་ཧུ་ལུའི་སྒྲོ་རྩ་ལ། །འཁོར་ལོ་བྲི་བའི་རྨྱུག་གུ་བྱ། །འཁོར་ལོ་རྩིབས་ཅན་གཉིས་བྲིས་ཏེ། །སྲིད་གསུམ་སེམས་ཅན་ཐམས་ཅད་ཀུན། །གཤིན་རྗེའི་ལྟོ་ན་ཡོད་རྟགས་སུ། །འཁོར་ལོ་རིམ་པ་གསུམ་དུ་བྲི། །དབུས་སུ་རེའུ་མིག་དགུ་པར་བྱ། །ཕྱི་རིམ་རྩིབས་ནི་བཅུ་གཉིས་བྲི། །ཐ་མ་དག་ལ་བཅུ་དྲུག་བྱ། །ཡབ་ཡུམ་འཁོར་ལོ་དག་ལ་བསྐྱོན། །འཁོར་ལོའི་ནང་དུ་སྔགས་བྲི་བ། །རེའུ་ཆ་དགུ་དང་བཅུ་གཉིས་ལ། །ཉི་མ་བཞི་ཡི་གཤེད་བཞི་བྲི། །བཅུ་དྲུག་ཧྲཱྀ་ཤྟྲཱིཿདཾ་དཾ་དཾ་འདི་མེད་པ་ཡང་དཾ་དམ་ཚིག་སྔགས། །ཕྱི་རིམ་ཀ་ཁ་བཞི་བཅུ་གཉིས། །ཡང་རིམ་དབྱངས་ཡིག་བཅུ་དྲུག་བྲི། །དེ་ཡི་ཕྱི་མར་ཡང་རིམ་ལ། །ཛཿཧཱུཾ་བཾ་ཧོཿབྲི་བར་བྱ། །ཡི་གེ་རེ་ག་རེ་མིག་ཏུ། །དེ་ཡང་ཕོ་ཡི་འཁོར་ལོ་ན། །ཡི་གེའི་ཁ་རྣམས་ཕྱིར་ལ་བསྟན། །མོ་ཡིག་རྣམས་ནི་ནང་དུ་བསྟན། །ཡ་དང་་མཉམ་མ་དང་། །རཱ་དང་་མཉམ་ཛ་དང་། །ས་དང་་མཉམ་དོ་དང་ཌོ། །མེ་དང་་མཉམ་ཡ་དང་། །ཡ་དང་་མཉམ་མེ་དང་། །དོ་དང་ཌོ་མཉམ་རུ་དང་། །ཎ་དང་ན་མཉམ་ཡོ་དང་། །ད་དང་ཌ་མཉམ་ཡ་དང་། །ཡ་དང་་མཉམ་ད་དང་ཌ། །ཡོ་དང་་མཉམ་ནི་དང་ཎྀ། །རླ་དང་་མཉམ་ཡ་དང་། །ཀྵེ་དང་་མཉམ་ཡ་དང་། །ཡ་དང་་མཉམ་ཀྵེ་དང་། །ཡ་དང་་མཉམ་ཙྪ་དང་། །ནི་དང་ཎི་མཉམ་ར་དང་ར། །མ་དང་་མཉམ་ཡ་དང་། །གཡས་སྐོར་གཡོན་སྐོར་ཕོ་མོ་གཉིས། །མ་ནོར་མ་ལོག་བྲི་བ་གཅེས། །དམ་ཚིག་ཡི་གེ་དགོད་པ་ཡང་། །ཨོཾ་དང་་མཉམ་ཧྲཱྀ་དང་། །ཤྟྲཱིཿདང་་མཉམ་བི་དང་བྀ། །ཀྲི་དང་་མཉམ་ཏཱ་དང་ཊཱ། །ན་དང་ཎ་མཉམ་ན་དང་ཎ། །ཆེ་དང་ཆ་མཉམ་གེ་དང་། །མོ་དང་་མཉམ་ཧཱུཾ་དང་། །


DNG015_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ་དང་་མཉམ་ཕཊ་དང་ཏ ། །སྭཱ་དང་་མཉམ་ཧཱ་དང་། །དམ་ཚིག་ཡི་གེ་དགོད་པར་ཡང་། །ཀ་ཁ་དབྱངས་ཡིག་ལ་སོགས་ཏེ། །ཡི་གེ་རྣམས་ཀྱི་དགོད་ཕྱོགས་སོ། །གཉིས་ཀ་རྣལ་མར་བྲིས་གྱུར་ན། །ཡབ་ཡུམ་ཆོ་རོལ་སོང་གྱུར་ཏེ། །འཁོར་ལོ་ལོག་ནས་རྣལ་འབྱོར་ཕུང་། །དེ་ལ་དགུག་དང་གནན་དང་མྱོས། །བསྐྲད་དང་མྱོས་འབྲོས་ལ་སོགས་པ། །ཟླ་གསང་ལས་ལས་ཤེས་པར་བྱ། །དེ་ལྟར་འཁོར་ལོ་བྲི་བ་དང་། །རབས་ཆད་ཕོ་མོའི་ཐོད་པ་དང་། །འཁོར་ལོ་གོང་མ་ལྟར་བྲིས་ལ། །དེ་ཡི་བར་དུ་བཅུག་བྱས་ལ། །ཚོན་སྐུད་ནག་པོས་ཕྱོགས་བཞིར་བཅིངས། །གཞན་ཡང་ཞི་རྒྱས་ལས་བྱེད་ན། །ཁམ་སའི་གབ་ཙེར་གོང་བཞིན་གཞུག །སོ་སོའི་རིགས་ཀྱི་གཟུངས་ཐག་གདགས། །དེ་ཡིས་གང་ཡང་གདོན་མི་ཟ། །ལས་རྣམས་འགྲུབ་ཅེས་གཤེད་པོས་གསུངས། །དཔལ་གཤིན་རྗེ་ཟླ་གསང་ནག་པོའི་རྒྱུད་ལས། འཁོར་ལོ་བཅའ་གཞིའི་སྐབས་ཏེ་བཅུ་གཅིག་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས་འདི་སྐད་ཅེས་གསུངས་སོ། །དང་པོར་ཏིང་འཛིན་རྣམ་གསུམ་གྱིས། །ལས་ཀྱི་བྱ་བ་གཞན་ཟིན་ནས། །ཏིང་ངེ་འཛིན་ལ་རབ་འཇུག་པ། །ངས་གསུངས་པ་ལ་སེམས་ཐུད་ཅིག །ཧཱུཾ།ལོག་རྟོག་གཟུང་འཛིན་འཁྲུལ་པའི་ཆོས་ཉིད་དེ། །སེམས་ཀྱིས་བརྟགས་པས་ཅིར་ཡང་མི་སྣང་སྟེ། །མི་གཡོ་མི་བསམ་ཆོས་ཀྱི་དབྱིངས་ཉིད་ངང་། །རིག་པ་སྤྲོས་བྲལ་མི་རྟོག་བསྒོམ། །ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཧཱུཾ།དབྱིངས་ཉིད་ནམ་མཁའ་སྟོང་པའི་རང་བཞིན་ལས། །རང་སེམས་མཾ་ལས་ཉི་མའི་དཀྱིལ་འཁོར་ཏེ། །འོད་ཀྱི་ཐིག་ལེ་ཉི་མའི་དཀྱིལ་འཁོར་བསམ། །མ་སཱུརྱ་མཎྜ་ལ་ཧཱུཾ། ཧཱུཾ། ཉི་མའི་དཀྱིལ་འཁོར་འོད་ཀྱི་དཀྱིལ་འཁོར་ཏེ། །ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་རབ་འབར་བ། །བརྟན་ཅིང་མི་གཡོ་རྡོ་རྗེ་འབར་བར་བསྒོམ། །བཛྲ་ཞེས་འཕྲོས་འདུས་པ་ལས། །རྡོ་རྗེའི་གུར་དང་ས་གཞི་བསྒོམ། །ཧཱུཾ། འཇིག་རྟེན་ཁམས་གསུམ་མ་ལུས་ཀུན། །རཾ་ཡཾ་ཁཾ་གིས་བསྲེག་སྦྱངས་


DNG015_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །ཡེ་ཤེས་འབར་བ་ལྔ་ནི་རིམ་གྱིས་བསྒོམ། །ཨེ་ཡཾ་རཾ་བཾ་སུཾ་ཀེཾ་ཨེ། །ནམ་མཁའ་སྟོང་པའི་རང་བཞིན་ལ། །བརྟན་པ་རླུང་གི་དཀྱིལ་འཁོར་བསྒོམ། །དེ་སྟེང་རཾ་ལས་གྲུ་གསུམ་མེ། །བཾ་ལས་བདུད་རྩི་ངོ་བོ་ལས། །སྨིན་པ་ས་ཡི་དཀྱིལ་འཁོར་བསམ། །ཀེང་རུས་རི་རབ་སྟེང་དག་ཏུ། །ཡེ་ཤེས་འབར་བའི་གཞལ་ཡས་བསྒོམ། །བྷྲཱུཾ་ལས་ཡེ་ཤེས་འབར་བའི་གཞལ་ཡས་མཆོག །གྲུ་བཞི་སྒོ་བཞི་རྟ་བབས་བཅས། །དཀྱིལ་འཁོར་ཚུལ་དུ་གཞལ་ཡས་བསྒོམ། །བྷྲཱུཾ་ཛྙཱ་ན་ཙཀྲ་བྷྲཱུཾ། གཞལ་ཡས་དབུས་སུ་ཉི་ཟླའི་སྟེང་། །ཆུ་སྐྱེས་སྟེང་དུ་སེམས་ཉིད་དྷཱིཿ། །འཕྲོ་འདུས་རལ་གྲི་དྷཱིས་མཚན་པ། །འོད་ཞུ་འཇམ་དཔལ་རྡོ་རྗེར་བསྒོམ། །ཨོཾ་ཨ་ར་པ་ཙ་ན་དྷཱིཿ། འཇམ་པའི་རྡོ་རྗེ་གཞོན་ཚུལ་ཟུར་ཕུད་ཅན། །སྐུ་ནི་གསེར་མདོག་ཞི་བའི་ཆ་ལུགས་འཆང་། །ཞལ་གཅིག་ཕྱག་གཉིས་ཤེས་རབ་རལ་གྲི་གཡས། །གཞོན་ནུ་སྐུ་སྤྲུལ་ཕྱག་གཡོན་ཨུཏྤལ་ཏེ། །མི་འགྱུར་ཤེས་རབ་པོ་ཏིས་མཚན་པར་བསྒོམ། །སྙིང་དཀྱིལ་ཉི་མའི་དཀྱིལ་འཁོར་དྷཱིཿལས་ནི། །འོད་འཕྲོས་ཕྱོགས་བཅུའི་བདེ་གཤེགས་སྤྱན་དྲངས་ནས། །ཉི་མ་ལ་ཞུགས་མགོན་པོ་ཉིད་དང་ནི། །བདེ་གཤེགས་སྤྱན་དྲངས་འོད་ཀྱི་གོང་བུར་བསམ། །འོད་ཕུང་དེ་ཉིད་ཁ་དོག་ནག་པོའི་ཧཱུཾ། །འཕྲོ་འདུའི་ཚུལ་གྱིས་རྡོ་རྗེ་རྩེ་ལྔ་གནག །ཤིན་ཏུ་འབར་ཞིང་བརྟན་པ་ཉིད་དུ་བསྒོམ། །བཛྲ་དེ་ལས་འོད་ཟེར་རབ་འཕྲོས་པས། །རྡོ་རྗེ་ཕྲ་མོའི་འཕྲོ་འདུ་ལས། །ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད། །དབུ་གསུམ་ཕྱག་དྲུག་འཇིགས་པའི་གཟུགས། །གྱད་ཀྱི་འདོར་ཐབས་ཡི་དྭགས་གནོན། །ཏྲི་ཤཱུལ་རལ་གྲི་དབྱུག་དགྲ་སྟྭ། །འབྱིན་པའི་ཕྱིར་ན་ཕྱག་བརྒྱད་པ། །ལྕགས་ཀྱུའི་མཚོན་ཆ་ཕྱག་ན་བསྣམས། །ཐོད་པ་ཤག་ཏི་ཏོ་མ་ར། །སྡིགས་དང་ཞགས་པ་གཡོན་པ་སྟེ། །ལས་ལ་གསང་བའི་ཡུམ་གཉིས་ཀྱང་། །གཡས་གཡོན་གཉིས་སུ་བསམ་པ་ཡང་། །ལུས་དང་གྲིབ་མའི་ཚུལ་དུ་བསྒོམ། །ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧཱུཾ། བེ་ཏཱ་ལཱི་ཡཀྴ་རཀྴ་ཧཱུཾ་ཧཱུཾ། པདྨ་རྡོ་རྗེ་བྱིན་བརླབ་པ། །ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ། །


DNG015_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

བཾ་ལས་པདྨར་བྱིན་བརླབས་ནས། །བརྡའ་ཡིས་བསྐུལ་པ་ཚུལ་བཞིན་བྱ། །ས་མ་ཡ་ཧོཿ། ས་མ་ཡ་སྟྭཾ། ར་ཧོ་ཧཾ། རཱ་ག་ཡཱ་མི། ་ཧཱུཾ། ་ཧཱུཾ། ་ཧཱུཾ། ་ཧཱུཾ། ་ཧཱུཾ། ་ཧཱུཾ། ཡབ་ཡུམ་མཁའ་ལ་ཧཱུཾ་བཅུ་གཉིས། །གཤིན་རྗེ་བཅུ་གཉིས་གསལ་བའི་རྩ། །འཁོར་རྣམས་བསམ་པའི་དབང་གིས་བསྐྱེད། །སྤྱན་དྲང་བཞུགས་མཆོད་ཚུལ་བཞིན་བྱ། །གཤིན་རྗེ་གཤེད་པོས་གསུངས་པའི་དོན། །དཔལ་གཤིན་རྗེ་ཟླ་གསང་ནག་པོའི་རྒྱུད་ལས། བསྒོམ་ཁོག་གི་སྐབས་ཏེ་བཅུ་གཉིས་པའོ།། །།དེ་ནས་ཡང་མཐུ་སྟོབས་ཀྱི་བདག་པོས་འདི་སྐད་ཅེས་ཞུས་སོ། །གཤིན་རྗེ་གཤེད་པོས་གསུངས་པའི་དོན། །བདག་སྡུད་འདི་ཡི་དོན་ཤོད་ཅིག །བསོད་ནམས་ཚོགས་ཀྱི་ཡན་ལག་བཤད་པ་དང་། །བསྙེན་པ་དང་ནི་ཉེར་བསྙེན་པོ། །དངོས་གྲུབ་ལེན་དང་བསྒྲུབ་པ་དང་། །འཆི་བདག་བདུད་དང་གཤིན་རྗེའི་བསྙེན་པ་དང་། །བསད་པ་ལས་ཀྱི་བསྙེན་པ་གང་ལ་བགྱི། །གཤིན་རྗེ་གཤེད་པོས་བཀའ་སྩོལ་ཅིག །གཤིན་རྗེ་གཤེད་པོས་བཀའ་སྩལ་པ། །ཉོན་ཅིག་ལག་ན་རྡོ་རྗེ་འཛིན། །འཆི་བདག་རྣམས་ཀྱི་བཤད་བྱ་བ། །ངས་གསུངས་པ་ལ་སེམས་ཐུད་ཅིག །དང་པོར་ཡིད་འཐད་གནས་བཙལ་ནས། །ཚ་ཚྭ་ཉེའུ་འདོན་འབུམ་ལ་སོགས། །བསོད་ནམས་དག་པའི་ཚོགས་བསག་པ། །ཚད་མེད་བཞི་དང་ཡན་ལག་ལྔ། །བདུན་གྱིས་ཀུན་རྫོབ་སེམས་བསྐྱེད་ལ། །དོན་དམ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ། །རྣམ་པར་མི་རྟོག་ངང་དུ་ཅི་རིགས་བསྒོམ། །དེ་ལྟར་མ་རྟོགས་རྣམས་ལ་སྙིང་རྗེ་བསྐྱེད། །ཏིང་འཛིན་གཉིས་ཀྱིས་རང་རྒྱུད་དག་སྦྱངས་ནས། །རིག་པའི་ཡེ་ཤེས་ཡི་གེ་མུཾ་དུ་གསལ། །སྤྲོ་བསྡུས་འཇམ་དཔལ་སེམས་དཔའི་སྐུར་བསྐྱེད་དེ། །གོང་མ་ལྟ་བུའི་ལས་དག་བྱ་བ་ནི། །བསོད་ནམས་ཚོགས་ཀྱི་ལས་དག་གོ། །རྡོ་རྗེ་སེམས་དཔས་རབ་ཏུ་སེམས་ལ་ཞོག །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། བསོད་ནམས་ཚོགས་ཀྱི་ཡན་ལག་གི་སྐབས་ཏེ་བཅུ་གསུམ་པའོ།། །།དེ་ནས་འཇམ་དཔལ་གཤིན་རྗེས་འདི་སྐད་བརྗོད་དོ། །ཡིད་འཐད་མཚན་ལྡན་གནས་དག་ཏུ། །གོང་གི་བསོད་ནམས་ཚོགས་ལ་གནས་པ་ཡང་། །ཕྱི་ནང་


DNG015_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བདག་གི་མཚམས་བཅད་ནས། །ཞི་ཁྲོ་ལ་སོགས་བསྐང་བཤགས་དག་པར་བྱ། །དེ་ནས་ཏིང་འཛིན་རྣམ་གསུམ་སྤྲོ་བསྡུ་ཡིས། །བདག་ཉིད་གཤིན་རྗེའི་གཤེད་ཀྱི་སྐུར་བསྐྱེད་ལ། །གཡོན་དུ་ཡུམ་བསྐྱེད་མདུན་དུ་སྲས་མཆོག་བསྐྱེད། །གཡས་སུ་ཡུམ་བསྐྱེད་ལ་སོགས་རབ་བྱས་ཏེ། །སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ་པ་དང་། །ཡེ་ཤེས་ཆེན་པོ་ལྔ་རུ་དབང་བསྐུར་ནས། །ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་སྤྱན་དྲང་དང་། །མཆོད་བསྟོད་ལ་སོགས་རྫོགས་པ་དང་། །བདག་ཐུགས་ཕྱག་རྒྱ་བཞི་ལས་མཆོད་པའི་ལྷ་མོ་བཞི། །སྤྲོས་ཏེ་སྤྱན་དྲངས་ཕྱག་འཚལ་གཞུག་པ་དང་། །མཆོད་པ་ལ་སོགས་ལྷ་མོ་བཞིས་བྱས་ཏེ། །བཟླས་བརྗོད་བསྙེན་པའི་འཛབ་གྲངས་དབུལ་བ་ནི། །རང་རིག་ཡེ་ཤེས་གནས་སུ་དག་པའི་རྟགས། །སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་། །བཅུད་ཀྱི་འཇིག་རྟེན་ལྷ་ཡི་འཁོར། །དབྱིངས་ཉིད་གཏིང་མཐའ་མེད་པ་ལས། །སྐྱེ་འགྲོ་གཟུགས་སུ་སྣང་བ་ལས། །གཤེད་པོ་ཡབ་དང་ཡུམ་དུ་མ་གྱུར་གང་ཡང་མེད། །དཔེར་ན་ཏིལ་འབྲུ་མར་གྱིས་གང་བ་བཞིན། །བདག་ཉིད་ཙིཏྟའི་གཞལ་ཡས་ཁང་། །རིན་ཆེན་གུར་ཕུབ་འདྲ་བ་རུ། །བདག་ཉིད་ཟླ་བའི་མཎྜལ་བསམ། །རིག་པའི་ཡེ་ཤེས་ཡོངས་སུ་གྲུབ་པའི་རྟགས། །ཡེ་ཤེས་སེམས་དཔའ་ཚོན་གང་གསལ་བར་བསྒོམ། །ཐུགས་ཀར་རྡོ་རྗེ་རྩེ་ལྔ་བསམ། །དེ་ཡི་བུམ་པ་དག་ལ་ཡང་། །སྔགས་ཀྱི་ས་བོན་ཡི་གེ་ཧཱུཾ། །དེ་མཐའ་བཅུ་བདུན་བསྐོར་བར་བསྒོམ། །ལྷ་རྣམས་ཐུགས་ཀར་དེ་བཞིན་ཅི་འདྲར་བསྒོམ། །དེ་ནས་བདག་ཉིད་ཐུགས་ཀ་ནས། །སྔགས་བཟླས་ལྗགས་སྟེང་སྔགས་འཕྲོས་པས། །འདོམ་གང་ཕ་རོལ་ཕྱིན་ཚད་དུ། །སྐུ་རྣམས་ཕྲ་མོར་གྱུར་ནས་ཀྱང་། །དེ་དག་ཞལ་ནས་གསང་སྔགས་བཟླས་པ་ལས། །འོད་ཟེར་མཆོད་པའི་ལྷ་དང་ལྷ་མོར་གྱུར། །ཕར་འཕྲོས་འཕགས་པ་རྣམས་ལ་འོད་ཟེར་ཕོག །སྐུ་གསུང་ཐུགས་ཉིད་མཉེས་པའི་མཆོད་པ་འབུལ། །འོད་ཟེར་དེ་དག་བདག་ལ་ཚུར་འདུས་པས། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་བདག་ལ་ཐིམ་པར་བསམ། །དེ་ལྟར་བསྙེན་པ་དྲུག་འབུམ་བྱས་པ་ནི། །སྔོན་དུ་


DNG015_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བའི་བསྙེན་པ་སྟེ། །ལག་ན་རྡོ་རྗེས་རབ་ཏུ་ཟུང་། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། ལྷ་ཡི་བསྙེན་པ་བགྱི་བའི་སྐབས་ཏེ་བཅུ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས་འདི་སྐད་ཅེས་གསུངས་སོ། །ཡིད་འཐད་མཚན་ལྡན་གནས་དག་ཏུ། །མཎྜལ་ཆག་ཆག་ལེགས་བཏབ་ལ། །མེ་ཏོག་བྲིས་སྐུ་ལ་སོགས་བཀོད་ནས་ཀྱང་། །གོང་མ་ལྟ་བུའི་བསྙེན་པ་གསུམ་འབུམ་བཟླས་པ་ནི། །ཉེ་བའི་བསྙེན་པ་ཡིན་ཞེས་གཤེད་པོས་བཤད། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། ཉེ་བའི་བསྙེན་པའི་སྐབས་ཏེ་བཅོ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོས་འདི་སྐད་ཅེས་གསུངས་སོ། །ཡིད་འཐད་མཚན་ལྡན་གནས་དག་ཏུ། །གོང་མའི་ལས་རྣམས་མཐར་ཕྱུང་སྟེ། །ཉེ་བསྙེན་ལས་ལ་གནས་ནས་ཀྱང་། །དེས་ནི་རྟགས་བཟང་མཐོང་བར་འགྱུར། །གྲུབ་པའི་རྟགས་ནི་བྱུང་བ་དང་། །ཁྱད་པར་དངོས་གྲུབ་རྫས་བསགས་ཏེ། །དམར་སེར་བ་ཡི་འོ་མ་དང་། །མར་དང་སྦྲང་རྩི་སྦྱར་བ་དང་། །དངོས་གྲུབ་རྫས་རྣམས་བཀོད་ནས་ཀྱང་། །བདག་གི་ཐུགས་ལས་འོད་ཟེར་ཕར་འཕྲོས་པས། །བདེ་བར་གཤེགས་པ་རྣམས་ཀྱི་ཐུགས་དམ་བསྐུལ། །བྲིས་སྐུ་དངོས་གྲུབ་རྫས་ལ་ཐིམ་བསམས་ཤིང་། །འབུམ་ཕྲག་གཅིག་གི་བཟླས་པ་བྱའོ། །གཡལ་དང་སྦྲིད་པ་བརྐྱང་བསྐུམ་གཉིད་ཀྱང་སྤང་། །དེ་བཞིན་སྤངས་པས་ཅི་བསམ་འགྲུབ་ཅེས་བཤད། །དཔའ་ཟླ་གསང་ནག་པོའི་རྒྱུད་ལས། བསྒྲུབ་པ་ཆེན་པོའི་སྐབས་ཏེ་བཅུ་དྲུག་པའོ།། །།དེ་ནས་ཡང་གཤིན་རྗེ་གཤེད་པོས་འདི་སྐད་ཅེས་གསུངས་སོ། །ཉོན་ཅིག་ཟུང་ཞིག་རྡོ་རྗེ་འཛིན། །ངས་གསུངས་པ་ལ་སེམས་ཐུད་ཅིག །ཡིད་འཐད་མཚན་ལྡན་གནས་དག་ཏུ། །འབུམ་ཕྲག་གཅིག་གི་བསྙེན་པ་ཡང་། །སྔ་མའི་ལས་སུ་བྱ་བར་གསུངས། །བདག་ཉིད་གཤེད་པོའི་མཐུ་ལྡན་པས། །མདུན་གྱི་རི་རབ་བསམ་པ་དང་། །དེ་བཞིན་གཤེགས་པའང་བསམ་བྱས་ཏེ། །བདག་གི་ཐུགས་ཀར་ཡི་གེ་ཡ། །ནག་པོ་མེ་འདྲ་འོད་འབར་


DNG015_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

བསམ། །དེ་མཐར་བཟླས་པའི་ཡིག་འབྲུས་བསྐོར་བསམ་ལ། །དེ་བཞིན་བདག་གི་ཐུགས་ཀ་ནས། །སྔགས་ནི་རབ་ཏུ་བཟླས་པ་ལས། །འོད་འཕྲོས་ལས་ཀྱི་གཤིན་རྗེ་ལ། །དེ་ཡི་འོད་ཟེར་ཕོག་གྱུར་པས། །ཐུགས་དམ་བསྐུལ་ནས་དར་ཅིག་ཀྱང་། །འདུག་པའི་དབང་མེད་འོང་བར་འགྱུར། །གཤེད་པོའི་བཀའ་ཉན་གསུང་སྡོད་བསམ། །ལས་ལ་སྦྱོར་བའི་བསྙེན་པ་སྟེ། །འཆི་བདག་ལས་ཀྱི་གཤིན་རྗེ་རྣམས། །གནས་སུ་གཏོང་བ་གཤེད་པོས་བཤད། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། འཆི་བདག་བདུད་དང་གཤིན་རྗེའི་བསྙེན་པའི་སྐབས་ཏེ་བཅུ་བདུན་པའོ།། །།དེ་ནས་ཡང་འདི་སྐད་ཅེས་གསུངས་སོ། །ཉོན་ཅིག་ཟུང་ཞིག་རྡོ་རྗེ་འཛིན། །ངས་གསུངས་པ་ལ་ཐེ་ཚོམ་མེད། །གསད་པ་ལས་ཀྱི་བསྙེན་པ་ནི། །ཡིད་འཐད་མཚན་ལྡན་གནས་དག་ཏུ། །གོང་གི་ལས་ལ་གནས་བྱས་ཏེ། །དེ་ཡང་འཆི་བདག་བསྙེན་པ་ནི། །སུམ་ཅུ་རྩ་གཉིས་དྲིལ་བ་བཟླ་ཞེས་བཤད། །ལས་ལ་སྦྱོར་ཀའི་དུས་དེ་རུ། །སྣ་ལ་རོ་ཚས་རས་བཙལ་ཏེ། །མས་ཡར་བགྲང་བའི་ཚེས་བརྒྱད་དམ། །ཉི་ཤུ་གཉིས་ཀྱི་ནུབ་མོ་ནི། །དུར་ཁྲོད་གླིང་ནས་རས་བླངས་ལ། །སྨེ་ཁྲག་གསུམ་དུ་བཅུག་བྱས་ལ། །འཆི་བདག་གཤིན་རྗེ་དེ་ལ་བསྡིམ། །ཡབ་ཡུམ་ལས་ལ་སྦྱོར་ཀ་ཡི། །སྔགས་འདི་ཉིད་ཀྱང་རབ་ཏུ་བཟླས། །ཨོཾ་ས་མ་ཡ་མཉྫུ་ཤྲཱི། ཨ་ཀྲོ་ཏེ་ཀ་ཀཱ་ལ་རཱུ་པ་ཧཱུཾ་ཕཊ། ཅེས་བཟླས་ལ། ཉི་ཤུ་དྲུག་གི་སྔ་དྲོ་ལ། །རོ་རས་བཀྲུ་དང་བརྒྱད་སྤྱད་བྱ། །ཉི་ཕྱེད་མན་ཆད་སྣག་ཚ་མཉེ། །དབང་དུ་བསྡུ་བའི་སྔགས་འདི་བཟླས། །ཨོཾ་དུ་མནྟ་ཀ་ར་ཧཱུཾ་ཧཱུཾ་ཕཊ་ཕཊ། ཅེས་བརྗོད། སྣག་ཚ་མཉེ་བའི་ལས་ཟིན་ནས། །དེ་བཞིན་དགོང་ཀ་འཁོར་ལོ་བྲི། །བྲི་བ་ཟིན་ནས་ལྷར་ཕྱག་འཚལ། །བཀའ་བདེན་པ་འགྲུབ་པར་གྱུར་ཅིག་ཅེས་བྱ། །ཡང་ན་དུར་ཁྲོད་རས་མེད་ན། །ཐོད་པ་དག་ལ་འཁོར་ལོ་བྲི། །ཨག་ཙེའི་ངོས་སུ་འཆི་བདག་གཟུགས་བྲིས་ལ། །གཟུགས་ཀྱི་སྙིང་གར་མིང་བྱང་བྲིས། །དགྲ་ཡི་མིང་རུས་ཐོད་པར་གཞུག །འཁོར་ལོ་དབུས་ཀྱི་ཡ་ལས་ཀྱང་། །འཆི་བདག་གཤེད་པོའི་སྐུ་རུ་བསྐྱེད། །ཕྱོགས་ཀྱི་ཡ་


DNG015_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

མ་མེ་དེ་ཀྵེ། །བཞི་ལས་གཤེད་བཞིའི་སྐུར་བསྐྱེད་པས། །བདག་གི་མདུན་དུ་རི་རབ་ལས། །གསེར་གྱི་རི་བདུན་བཅས་པ་བསམ། །བདག་ཉིད་གཤིན་རྗེ་གཤེད་པོ་ཡི། །རྣལ་འབྱོར་ཆ་བྱད་ལྡན་བྱས་ལ། །ལག་པ་གཡས་པའི་མཐེ་བོང་ཡང་། །ཆང་པར་བཅུག་ལ་བེ་ཅོན་བསམ། །རི་རབ་བདག་གི་སྤྱིར་བརྡེག་སྟེ། །རི་རབ་རྒྱ་གྲམ་གས་པར་བསམ། །དེ་བཞིན་སྔགས་འདི་རབ་ཏུ་བརྗོད། །ཨོཾ་ན་མོ་བུཌྜྷ་དྷརྨ་སང་གྷེ་བྷྱཿ སརྦ་ཏ་ཐཱ་ག་ཏ་ཀྲོ་དྷ་བི་ཛཱ་ཡ་ཨགྣི་ཛྭ་ལ་ནི་ཛི་ཧྭ་པྲེ་ཏ་ཤི་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཅེས་བརྗོད་པས། རི་རབ་རྒྱ་གྲམ་གཤག་བསམ་ཞིང་། །གནས་ཀྱི་གཤིན་རྗེ་འགུགས་བསམ་ཞིང་། །ཐུགས་ཀའི་ཡི་གེ་ཡ་ནག་པོ། །ཐ་མ་དབང་སྡུད་སྔགས་ཀྱིས་བསྐོར་བ་ལས། །འོད་ཟེར་འཕྲོས་པས་འོག་ཕྱོགས་སུ། །འཆི་བདག་གཤིན་རྗེ་གཙོ་བོ་འཁོར། །འབུམ་ཕྲག་བཅས་ལ་འོད་ཕོག་པས། །རང་དབང་མེད་པར་དེ་བཀུག་ནས། །དེ་ལ་ཤ་ཁྲག་སྣ་ཚོགས་ཀྱིས། །གཏོར་མ་རྫས་ཀྱིས་མཆོད་པར་བྱ། །བྷནྡ་འབྲུབ་ཁུང་ནང་བཅུག་ལ། །དབང་དུ་བསྡུ་བའི་སྔགས་བཟླས་ལ། །བདག་ལས་འཕྲོས་པའི་གཤེད་པོ་དང་། །གྲངས་མེད་འཕྲོས་པས་འཆི་བདག་ཚོགས། །རང་དབང་མེད་པར་བཀུག་བྱས་ཏེ། །ཐོད་པའི་ནང་དུ་བཅུག་པ་ལ། །ཞབས་གཡས་རྡོ་རྗེའི་ཕུར་པ་ཡིས། །གཟིར་བས་སྐད་ངན་འོ་དོད་འབོད། །རང་དབང་མེད་པར་དབང་དུ་བསྡུས། །བཀའ་ཉན་ཅི་གསུངས་བརྗོད་པར་བསྒོམ། །སྐྱ་རེངས་དང་པོ་ཤར་བ་ལ། །འཆི་བདག་གཤིན་རྗེ་འཁོར་བཅས་ལ། །གཏོར་མ་བྱིན་ཏེ་གཤིན་རྗེ་ཉིད། །ཕོ་ཉར་བཀྱེ་ལ་དགྲ་བོ་དགུག །ལྷ་དང་དབྲལ་ལ་སོགས་པ་བྱ། །ཉི་མ་རྩེ་ལ་ཤར་བ་དང་། །བྷནྡ་དཀྱིལ་འཁོར་གྲུ་གསུམ་སྟེང་དུ་བཞག །དེ་བཞིན་བསད་པའི་སྔགས་བཟླས་ཏེ། །བདག་ཉིད་ཐུགས་ཀར་ཡི་གེ་ཡ། །སྔོ་ནག་གནག་ལ་འཚེར་བ་བསམ། །ཐ་མ་དྲག་སྔགས་འབྲུ་བདུན་པ། །མེ་ལྕེ་འབར་བ་འདྲ་བ་བསམ། །གསད་པ་ལས་ཀྱི་སྔགས་འདི་བཟླས། །ཨོཾ་ཧྲཱྀཿཥྚྲཱྀཿབི་ཀྲྀ་ཏཱ་ན་ན་ཆེ་གེ་མོ་ཤ་ཏྲུཾ་ནཱ་ཤ་ཡ་ཧཱུཾ་ཕཊ། ཡ་མ་རཱ་ཛ་ས་དོ་མེ་ཡ་ཆེ་གེ་མོ་ཨ་མུ་ཀཾ་པྲ་མ་ཡ་ཧཱུཾ་ཕཊ། ཅེས་བརྗོད་པས། འོད་ཟེར་བདག་ལ་ཕོག་གྱུར་པས། །རང་དབང་མེད་པར་བསྐུལ་གྱུར་ནས། །


DNG015_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

གཤེད་པོ་ཡ་མ་རཱ་ཛ་བསྐུལ། །དེ་ཡིས་ཕྱོགས་སྐྱོང་གཤིན་རྗེ་བསྐུལ། །དེ་ཡིས་མ་མོ་མཁའ་འགྲོ་དང་། །རྡོ་རྗེ་གིང་ཕོ་གིང་མོ་དང་། །བདུད་ལ་སོགས་པ་དབང་མེད་བསྐུལ། །དེ་བཞིན་གཟས་པོ་དངོས་བཀུག་ནས། །ཐོད་པར་བཅུག་སྟེ་གནས་པ་ལས། །གསད་པ་ལས་ཀྱི་སྔགས་བཟླས་པས། །སྟར་ཚན་རྩི་སྦུར་མི་ཆགས་བཞིན། །གང་ལ་བྱ་བ་བརླག་པར་བསམ། །དགོང་གི་དམར་ཐག་ཆད་པ་དང་། །གཤེད་ཆེན་ཡ་མ་རཱ་ཛ་ལ། །ཤ་ཁྲག་སྣ་ཚོགས་གཏོར་མ་བཤམས། །བེ་ཅོན་ཕྱག་རྒྱ་བཅས་ནས་ཀྱང་། །གནག་པའི་སྤྱི་བོར་དེ་བརྒྱབ་པས། །ཚངས་པའི་རྩ་བཅད་མགོ་འཁོར་བསམ། །ཉི་ཤར་རྩེ་ནས་ལས་བརྩམས་ཏེ། །བདག་ཉིད་ཐུགས་ཀར་ཡི་གེ་ཡ། །འབྲུ་བདུན་མེ་རི་འབར་བར་བསྐོར། །གསད་པ་ལས་ཀྱི་སྔགས་འདི་བཟླས། །ཨོཾ་ཧྲཱྀཿཤྟྲཱིཿབི་ཀྲྀ་ཏཱ་ན་ན་ཆེ་གེ་མོ་ཤ་ཏྲུཾ་ནཱ་ཤ་ཡ་ཧཱུཾ་ཕཊ། ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཆེ་གེ་མོ་ཨ་མུ་ཀཾ་མུར་ཙ་ཡ་ཧཱུཾ་ཕཊ། ཅེས་བརྗོད་པས། འོད་ཟེར་བདག་ལ་ཕོག་གྱུར་པས། །རང་དབང་མེད་པར་བསྐུལ་ནས་ཀྱང་། །དེ་ཡིས་མྱོས་བྱེད་འབར་བ་བསྐུལ། །དེ་ཡིས་ཕྱོགས་སྐྱོང་གཤིན་རྗེ་བསྐུལ། །དེ་བཞིན་མ་མོ་མཁའ་འགྲོ་དང་། །གིང་བདུད་འདུག་པའི་དབང་མེད་བསྐུལ། །དེ་བཞིན་དམིགས་པའི་དངོས་བཀུག་ནས། །འདུག་པའི་དབང་མེད་ཐོད་པར་བཅུག །གསད་པ་ལས་ཀྱི་སྔགས་བཟླས་པས། །སྟར་ཚན་རྩི་སྦུར་མི་ཆགས་བཞིན། །གང་ལ་བྱ་བ་བརླག་པར་བསམ། །དེ་བཞིན་དམར་ཐག་ཆད་པ་དང་། །གཤེད་པོ་མྱོས་བྱེད་འབར་བ་ལ། །མཉེས་པའི་ཤ་ཁྲག་གཏོར་མ་སྦྱིན། །གཤེད་ལ་བཅོལ་བསྐུལ་དྲག་ཏུ་བྱ། །ཕྱག་རྒྱ་གོང་བཞིན་བཅས་ནས་ཀྱང་། །བེ་ཅོན་ལྟེ་བར་བརྒྱབ་པས་ནི། །ལུས་བརྒྱལ་ཡིད་འཁྲུགས་འཆི་བར་བསམ། །བདག་གི་ཐུགས་ཀའི་ཡ་ནག་པོ། །དྲག་སྔགས་བདུན་གྱིས་བསྐོར་བ་ལ། །གསད་པ་ལས་ཀྱི་སྔགས་བཟླས་ཏེ། །ཨོཾ་ཧྲཱྀཿཥྚྲཱྀཿབི་ཀྲྀ་ཏཱ་ན་ན་ཤ་ཏྲུཾ་ནཱ་ཤ་ཡ་ཧཱུཾ་ཕཊ། ཡ་ད་ཡོ་ནི་ར་ཡ་ཀྵེ་ཡ་ཆེ་གེ་མོ་ཨ་མུ་ཀཾ་རཀྟ་ཙ་ར་ཡ་ཧཱུཾ་ཕཊ། འོད་ཟེར་བདག་ལ་ཕོག་གྱུར་པས། །རང་དབང་མེད་པར་བསྐུལ་ནས་ཀྱང་། །གཤེད་ཆེན་ཨཱརྱ་མ་རུ་བསྐུལ། །དེ་ཡིས་


DNG015_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་སྐྱོང་གཤིན་རྗེ་བསྐུལ། །དེ་བཞིན་མ་མོ་མཁའ་འགྲོ་དང་། །གིང་དང་གིང་མོ་བདུད་ལ་སོགས། །འདུག་པའི་དབང་མེད་བསྐུལ་བར་བསམ། །དེ་ཡི་གཟས་པ་པོ་བཀུག་ནས། །དབང་མེད་ཐོད་པར་བཅུག་པར་བསམ། །གསད་པ་ལས་ཀྱི་སྔགས་བཟླས་པས། །སྟར་ཚན་རྩི་སྦུར་མི་ཆགས་བཞིན། །གང་ལ་བྱ་བ་བརླག་པར་བསམ། །དེ་བཞིན་དམར་ཐག་ཆད་པ་དང་། །གཤེད་ཆེན་ཨཱརྱ་མ་རུ་ལ། །ཤ་ཁྲག་མཉེས་པའི་མཆོད་པ་འབུལ། །བེ་ཅོན་མགྲིན་པར་བརྒྱབ་པ་ཡི། །ཁྲག་ཙར་ལྷུག་གིས་སོང་བར་བསམ། །བདག་གི་ཐུགས་ཀར་ཡི་གེ་ཡ། །དྲག་སྔགས་འབྲུ་བདུན་བསྐོར་བ་ལ། །གསད་པ་ལས་ཀྱི་སྔགས་བཟླས་ཏེ། །ཨོཾ་ཧྲཱྀཿཤྟྲཱིཿབི་ཀྲྀ་ཏཱ་ན་ན་ཤ་ཏྲུཾ་ནཱ་ཤ་ཡ་ཧཱུཾ་ཕཊ། ཡ་ཀྵེ་ཡཙྪ་ནི་རཱ་མ་ཡ། ཆེ་གེ་མོ་ཨ་མུ་ཀཾ་མཱ་ར་ཡ་ཧཱུཾ་ཕཊ། ཅེས་བརྗོད་པས། འོད་ཟེར་བདག་ལ་ཕོག་གྱུར་པས། །རང་དབང་མེད་པར་བསྐུལ་ནས་ཀྱང་། །དེ་ཡིས་རལ་པ་ཚར་དགུ་བསྐུལ། །དེ་ཡིས་ཕྱོགས་སྐྱོང་གཤིན་རྗེ་བསྐུལ། །དེ་བཞིན་མ་མོ་མཁའ་འགྲོ་དང་། །གིང་ཕོ་གིང་མོ་བདུད་ལ་སོགས། །འདུག་པའི་དབང་མེད་བསྐུལ་བར་བསམ། །གཟས་པ་བཀུག་ནས་ཐོད་པར་བཅུག །དེ་བཞིན་གསང་བའི་སྔགས་བཟླས་པས། །སྟར་ཚན་རྩི་སྦུར་མི་ཆགས་བཞིན། །གང་ལ་བྱ་བ་བརླག་པར་བསམ། །དགོང་ཀའི་དམར་ཐག་ཆད་པ་དང་། །གཤེད་ཆེན་རལ་པ་ཚར་དགུ་ལ། །ཤ་ཁྲག་སྣ་ཚོགས་གཏོར་མ་སྦྱིན། །དྲག་པོའི་ཕྲིན་ལས་བཅོལ་བསྐུལ་བྱ། །དེ་བཞིན་བེ་ཅོན་ཕྱག་རྒྱ་ཡིས། །སྙིང་གར་བརྒྱབ་པས་སྲོག་བཅད་ནས། །དབུགས་ཀུན་ཕྱི་ལ་ཕྱུང་བར་བསམ། །གསད་པ་མཱ་རའི་མན་ངག་འདི། །གཤིན་རྗེ་གཤེད་པོ་བདག་གིས་ཀྱང་། །ཐུགས་ཀྱི་སྒྲོམ་བུ་ཁ་ཕྱེ་ནས། །རྡོ་རྗེ་འཛིན་པ་ཁྱོད་ལ་བྱོས། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། གསད་པ་ལས་ཀྱི་བསྙེན་པའི་སྐབས་ཏེ་བཅྭོ་བརྒྱད་པའོ།། །།དེ་ནས་མཐུ་སྟོབས་ཀྱི་བདག་པོ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །ཧེ་ཧེ་དཔའ་བོ་ཆེན་པོ་འཇིགས་བྱེད་གཤེད། །དྲག་པོ་གསང་བའི་འཁོར་ལོ་ལ། །སྐྱོད་པའི་རྟ་དང་འབེབས་


DNG015_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྔགས། །སྡེབས་པའི་གྲོགས་དང་རྣོ་བའི་རྫས། །དེ་བཞིའི་རྐྱེན་དང་མ་ལྡན་ན། །འདམ་ལ་བཏབ་པའི་ཕུར་པའམ། །ཁྲི་མུན་ནང་ནས་གཡུ་འཚོལ་འདྲ། །མཐུ་སྟོབས་བདག་པོས་འདི་སྐད་གསོལ། །སྐྱོད་པའི་རྟ་ནི་གང་ལ་བགྱི། །འདེབས་པའི་སྔགས་ནི་གང་ལ་བགྱི། །སྡེབས་པའི་གྲོགས་ནི་གང་ལ་བགྱི། །རྣོ་བའི་ངར་ནི་གང་ལ་བགྱི། །ཡབ་ཅིག་འཇམ་དཔལ་བཀའ་སྩོལ་ཅིག །གཤིན་རྗེ་གཤེད་པོས་འདི་སྐད་བརྗོད། །ཉོན་ཅིག་ཟུང་ཞིག་རྡོ་རྗེ་འཛིན། །དྲག་པོ་གསང་བའི་འཁོར་ལོ་ལ། །སྐྱོད་པའི་རྟ་དང་མི་ལྡན་ན། །རླུང་ནག་འཚུབས་མ་འཕྱོས་པ་འདྲ། །འདེབས་པའི་སྔགས་དང་མི་ལྡན་ན། །ནམ་མཁའ་སྤྲིན་གྱིས་འགགས་པ་འདྲ། །སྡེབས་པའི་གྲོགས་དང་མ་ལྡན་ན། །དཔའ་བོ་གཏིང་གནོན་མེད་པ་འདྲ། །རྣོ་བའི་ངར་དང་མི་ལྡན་ན། །མཚོན་ཆ་རྩེ་མོ་རྟུལ་བ་འདྲ། །དེ་བཞིན་གྲོགས་རྣམས་ངས་བཤད་ཀྱི། །ལག་ན་རྡོ་རྗེས་རབ་ཏུ་ཟུང་། །བཀའ་དང་གཞུང་བཞིན་མ་ནོར་བའི། །བསྲུང་བའི་སྡོམ་པ་མ་ཉམས་པར། །རྫས་དང་ལག་ཆ་ལྡན་པ་དང་། །བསམ་ལྡན་བཟླས་བརྗོད་སྲན་ཚུགས་ཤིང་། །དམ་ཚིག་བསྲུང་ཞིང་དྲག་ཤུལ་སྤྱོད། །ལྟ་སྤྱོད་བསྒྲུབ་པ་ལྡན་པ་ཡི། །དཔའ་རྟུལ་ཅན་གྱི་རྣལ་འབྱོར་པས། །བསྟན་པ་གཉེན་པོ་བསྲུང་དོན་དུ། །དགོན་པ་ཆེན་པོ་གནས་མལ་དེར། །བྱ་བྱེད་ཟང་ཟིང་འདུ་ལོང་སྤང་། །འཚོ་བའི་ཡོ་བྱད་དཔགས་ཏེ་བསྟར། །བྱ་བ་ཐམས་ཅད་ཟིན་ནས་ནི། །བདེ་བའི་སྟན་ལ་འདུག་ནས་ནི། །བསྐྱེད་དང་རྫོགས་པའི་རིམ་པ་དེ། །ཏིང་འཛིན་གསལ་དང་བརྟན་པ་ཡི། །ལྷ་ཡི་རྣལ་འབྱོར་རྩེ་གཅིག་བྱ། །ཐུན་མོང་དམ་ཚིག་བསྲུང་ཞིང་བསྒྲུབ། །ཁྱད་པར་དམ་ཚིག་སྤྱོད་ཅིང་དོར། །བསྙེན་བསྒྲུབ་ཕྲིན་ལས་གཞུང་བཞིན་བྱ། །ཚང་ཞིང་རྫོགས་པའི་གྲངས་བསྙེན་ལ། །འཁོར་ཞིང་ཕྱིན་པ་དུས་བསྙེན་ཡིན། །མཐོང་ངམ་ཐོས་སམ་ཉམས་སུ་ལེན། །མཚན་མའི་བསྙེན་པ་རྫོགས་པ་དང་། །ཞི་རྒྱས་གཉིས་ཀྱི་འཁོར་ལོས་མཆོད། །དབང་དྲག་གཉིས་ཀྱི་འཁོར་ལོས་མནན། །ཞི་རྒྱས་གཉིས་ཀྱི་བསྲུང་ཕན་གདགས། །དབང་དྲག་གཉིས་ཀྱིས་བསྒྲལ་བར་བྱ། །


DNG015_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་གཞན་ཡང་ཅི་རིགས་པར། །དབྱེ་བསྐྲད་དགུག་སོགས་གཞུང་བཞིན་བྱ། །གང་འདོད་ལས་དེ་བསྒྲུབ་བྱས་ན། །འཁོར་ལོའི་རྒྱུ་དང་སྣག་ཚ་དང་། །ཕྱོགས་དང་བསམ་སྦྱོར་རིམ་པ་དང་། །ཁ་དོག་སོ་སོའི་མཐུན་རྫས་ནི། །རིམ་པ་ཅན་གྱི་དེ་ཤེས་བྱ། །དེ་ལ་འཁོར་ལོ་ཞེས་གྲགས་པ། །ངོ་བོ་ངེས་ཚིག་རྣམ་གྲངས་སོ། །ངོ་བོ་སྤྱི་ཡི་མཚན་ཉིད་ནི། །རྣམ་པ་གཞན་དུ་འགྱུར་ཞིང་འགྲོ། །སོ་སོ་རང་གི་མཚན་ཉིད་ནི། །གང་ལ་བཏབ་པ་དེ་ལྟར་སྣང་། །ངེས་པའི་ཚིག་ཀྱང་དེ་བཞིན་ཏེ། །རྣམ་པར་འགྱུར་ཞིང་འགྲོ་བ་དང་། །མི་འཁོར་འཁོར་ཞིང་འགྲོ་བ་དང་། །ལྟེ་བ་འཁོར་ཤིང་རྩེ་མོས་གཅོད། །དེ་ལ་གྲངས་ནི་མཐའ་ཡས་ཏེ། །མདོར་ན་རྣམ་པ་གསུམ་དུ་ཤེས། །ཐུགས་རྗེ་སྤྲུལ་པའི་འཁོར་ལོ་དང་། །ལས་དང་སྲིད་པའི་འཁོར་ལོ་དང་། །འཇིག་རྟེན་ཕན་གནོད་བྱེད་པ་ཡི། །བྱ་བ་བསྒྲུབ་པའི་འཁོར་ལོའོ། །དཔེར་ན་མོ་འཕང་མགལ་མེ་དང་། །གློག་དང་སྒྲ་ལྡན་འཁོར་ལོ་དང་། །ཤིང་རྟ་ཟོ་ཆུའི་འཁོར་ལོ་སོགས། །ལས་དང་འབྲས་བུའི་མཚན་ཉིད་ནི། །ཐུགས་རྗེ་སྤྲུལ་པའི་འཁོར་ལོས་ནི། །ཉོན་མོངས་གཅོད་ཅིང་སྡུག་བསྔལ་འཇོམས། །བསྒྲུབ་དང་བསྒྲུབ་པར་བྱ་བ་ཡི། །སེམས་བསྐྱེད་པ་དང་རྒྱུད་དགྲོལ་ཞིང་། །ཡེ་ཤེས་སེམས་མཚོན་རྣམ་གྲོལ་བྱེད། །དེ་ལས་རྣམ་པ་གཞན་དུ་ཡང་། །ཞི་དང་རྒྱས་དང་སྲུང་བ་དང་། །དགུག་དང་དབང་དུ་བྱ་བ་དང་། །དབྱེ་བསྐྲད་དགུག་དང་སྨྱོ་འབོག་དང་། །གསད་དང་གནན་པ་ལ་སོགས་པ། །དེ་ཡི་རྐྱེན་དང་རྩོལ་བ་དང་། །དུས་དང་ལས་ཐབས་བྱེད་པ་ཡི། །འཕེན་ཞིང་བསྐྱོད་པ་ནུས་པ་ཡི། །འཁོར་ཞིང་གཅོད་ཅིང་འབིགས་པ་དང་། །བསྣུར་དང་འཁྲུལ་ཞིང་སྡུད་པ་དང་། །གཟིར་ཞིང་གནན་ཞིང་འབིགས་པ་དང་། །བརྡེག་ཅིང་རྣམ་པར་འཇོམས་པར་བྱེད། །ལས་དང་སྲིད་པའི་འཁོར་ལོ་ནི། །ལས་ཀྱི་འཕེན་པས་སྲིད་པར་འཁོར། །ཕྱི་ནང་རྟེན་འདྲེལ་འཇིག་རྟེན་བསྐྱེད། །ཉོན་མོངས་ལས་དང་སྡུག་བསྔལ་གྱི། །རྣམ་པ་གསུམ་དང་འཁོར་ཞིང་འགྲོ། །འདས་དང་ད་ལྟར་གནས་པ་དང་། །འབྱུང་དང་མ་འོངས་ཕྱིས་འབྱུང་དང་། །སྐད་ཀྱི་འབྱུང་བའི་རྒྱུན་གྱིས་ན། །སྐད་ཅིག་མ་ཡི་རྒྱུན་གྱིས་འཁོར། །དེ་བཞིན་ཕྱི་


DNG015_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་དོན་རྣམས་ཀྱང་། །དབྱར་དགུན་སྟོན་དཔྱིད་ཟླ་བ་ལོས། །བསྐལ་པ་དུ་མ་འཁོར་ཞིང་འགྲོ། །ངོ་བོ་ངེས་ཚིག་རྣམ་གྲངས་སུ། །འཁོར་ལོའི་རང་བཞིན་བསྟན་པ་ཡིན། །བདེ་གཤེགས་བཀའ་ལ་གནོད་པ་ལ། །འཆི་བདག་འཁོར་ལོ་ནག་པོ་བྱ། །ཡི་དྭགས་གྲོང་ཁྱེར་བཅོམ་བྱས་ལ། །སྣེལ་གྲིའི་མུ་སུའི་མགོ་ཐོད་བླངས། །ཡི་དྭགས་གོས་ལ་ཁྲམ་བྲིས་ཏེ། །དབྱིབས་ནི་ཟླ་བ་ལྟ་བུ་སྟེ། །ཀུན་ནས་ཡོངས་སུ་ཟླུམ་པ་སྟེ། །རིམ་པ་གསུམ་ལྡན་ལེའུ་ཚེ་དགུ། །བཅུ་གཉིས་བཅུ་དྲུག་རྩིབས་བཅས་ཏེ། །ལེའུ་ཙེ་དགུ་དང་བཅུ་གཉིས་ལ། །བཅུ་བདུན་ལ་སོགས་སྔགས་ཀྱིས་མཛེས། །འདི་ལྟ་བུ་ཡི་འཁོར་ལོ་ནི། །ཕྱིན་ཅི་ལོག་གི་བཅིངས་པ་ཡི། །ལོག་པའི་ཤེས་པ་ལྡན་པ་དེས། །རྒྱུ་མཐུན་མཚན་མའི་འཁོར་ལོ་ལ། །མན་ངག་ཅན་གྱི་རྣལ་འབྱོར་པས། །ཁ་ནས་དྲག་པོའི་སྔགས་བཟླས་ཏེ། །ཆོས་ཀྱི་རྒྱལ་པོ་ལ་སོགས་པའི། །ལས་ཀྱི་ཤན་པའི་གོ་བཀྲམ་སྟེ། །ལྕགས་ཀྱུ་ཤག་ཏི་ཏོ་མ་ར། །ཁ་ཊྭཱཾ་བེར་ཀ་ལ་སོགས་པས། །བརྡེག་ཅིང་འཇོམས་པར་བྱེད་པ་ནི། །འཇབ་ཅིང་རྒྱུག་ཅིང་འདེད་པ་དང་། །འཛིན་ཅིང་གསོད་པར་བསམ་པ་ཡིས། །གང་ལ་བྱ་བའི་རྣམ་ཤེས་དེ། །ལོག་པའི་སྟབས་ཀྱིས་གནས་སུ་མཐོང་། །ཁྲོ་བདག་གཤིན་རྗེ་གཤེད་པོ་རུ། །བདག་ཉིད་བསམ་པའི་རྣལ་འབྱོར་གྱིས། །མཚན་མའི་མིང་རུས་བཅས་པ་ལ། །སྐེ་ཚེ་དུག་དང་ཉུང་ནག་དང་། །ཐལ་ཆེན་གུ་གུལ་ཉུང་དཀར་གྱིས། །བྲབ་དང་གཟིར་དང་དབབ་པ་དང་། །དགུག་ཅིང་རྡོ་རྗེའི་མཚོན་གྱིས་གདབ། །སྔོན་དམར་བྱད་དུ་གཞུག་བྱས་ལ། །གའུ་ཁ་སྦྱར་ནང་དུ་གཞུག །སྨྲ་བཅད་ཞི་ཁྲོའི་སྔགས་བཟླས་པའི། །དྲག་པོའི་སྔགས་ཀྱིས་ཕོག་འགྱུར་ན། །གང་ལ་དམིགས་པའི་བསྒྲུབ་བྱ་དེ། །མགོ་འཁོར་བ་དང་ཁྲག་སྐྱུགས་པ། །མྱོས་པར་མཱ་ར་གདོན་མི་ཟ། །དྲག་པོའི་ལས་རྣམས་རྫོགས་པ་དང་། །མཚན་མ་མིང་རུས་བཅས་པ་རྣམས། །ཐོད་པ་ནག་པོར་རྒྱས་བཏབ་ལ། །སྨེ་བས་བཀྲུས་པས་ཚན་ཆུས་བྱུག །མུ་ས་ལ་ཡི་གཡོགས་ཤིང་གཏུམས། །ཁ་


DNG015_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

རལ་མ་ཡི་ཞབས་མས་གྲིལ། །ཡི་དྭགས་གྲོང་ངམ་སྨེ་བཙོག་ཁྱིམ། །མཆོད་རྟེན་འོག་གམ་ལྷ་ཁང་སྒོ། །རྒྱ་མཚོའི་འགྲམ་མམ་ལུང་མདོ་དུ། །རྡོ་ལ་རི་རབ་གཟུགས་བྲིས་ལ། །སྟེང་དུ་ལཾ་དང་དྷྲི་ཡིས་མནན། །གཤིན་རྗེའི་ལག་ཏུ་གཏད་ཁྲམ་བྱ། །ཐུན་ཁ་བརྒྱད་ཀྱང་བརྡབ་པར་བྱ། །སྦོས་པ་དུག་ཐུན་ལྐུགས་པ་ཁ། །ཉི་མ་དང་པོའི་ཐུན་གྱིས་མནན། །གཟེར་བ་མདའ་ཐུན་བརླ་ལ་གཟེར། །ཉི་མ་གཉིས་པའི་ཐུན་གྱིས་བྲབ། །ལྐུགས་པ་ཁྲག་ཐུན་མྱོས་པ་ཕུར། །ཉི་མ་གསུམ་པའི་ཐུན་གྱིས་བྲབ། །གསང་བ་ཉུང་ནག་ས་ཡི་ཚོན། །ཉི་མ་བཞི་པའི་ཐུན་གྱིས་མནན། །མཚན་ངན་ཐོད་པ་ཁྲག་གིས་བྱུག །ཁྲག་སྣ་དུག་སྣ་སྦྱར་བྱས་ནས། །ཤན་དམར་དུག་སྐྱོགས་དུག་ཐུན་བཟླས། །གླེན་ལྐུགས་ཐོད་པའི་ཁ་ཐུན་ཏེ། །ལྕགས་མདའ་ལྕགས་གཞུ་མདའ་ཐུན་བཟླས། །གྲི་པོའི་ཐོད་པར་མཚོན་བརྡར་བའོ། །མཁྲིས་ནད་ཐོད་པར་ས་སེར་གསེར། །གླ་བ་གསེར་ཐུན་སྔགས་ཀྱིས་སོ། །སྨྱོ་བའི་ཐོད་པ་ཁྲག་ཐུན་དང་། །སྨྱོས་པ་ཕུར་ཐུན་བཟླས་པ་བྱ། །རབས་ཆད་ཐོད་པ་ཉུང་ཐུན་དང་། །ས་ཚོན་ཐུན་དུ་ཤེས་པར་བྱ། །ཆུ་ཤེལ་སྒྲོན་མ་རླབས་པོ་ཆེ། །ལྐུགས་པ་མོན་མོའི་ལག་གཡབས་ཀྱི། །སྲིད་པའི་དམག་དཔུང་ར་མདའ་བཟློག །ཡ་མ་རཱ་ཛའི་གཡབ་ཀྱིས་གཡབ། །གསུར་དང་སྨེ་བའི་དུད་པས་བདུག །གཅེར་བུ་སྤྱི་གཙུག་ངུ་འབོད་བྱ། །མི་མཐུན་གཉེན་པོའི་ཕྱོགས་དག་ཏུ། །གཟིར་གནོན་དྲག་པོའི་མངོན་སྤྱོད་བྱ། །དྲག་པོའི་ཐུན་སྔགས་ཁ་ནས་བཟླས། །ཞུང་ཐུན་ཡ་རྦད་ན་ཐུན་ཡ་རྦད་ཕུང་བུ་ཡང་ཐུན་ཡ། ཁྲག་ཐུན་ཡ་རྦད། དང་པོ་དང་ལོ་ལོ་ཀྱི་གྱེ།སྲོག་ལ་ཡཾ་ཡཾ་སྙིང་ལ་ཐུན། ཁ་བརྒྱད་ཐུན་ཡང་བརྡེག་པར་བྱ། །ལྷ་སྲིན་སྡེ་བརྒྱད་ལ་སོགས་པའི། །སྲིད་པའི་དམག་དཔུང་ཕབ་ནས་ནི། །དྲང་སྲོང་དམོད་པའི་སྔགས་ཟོར་དང་། །སྣ་ཚོགས་སྔགས་ཀྱི་སྦྱོར་བ་དང་། །ལྷ་ཡི་རྣལ་འབྱོར་ལྡན་པས་བྱ། །ཁྲུ་གང་གྲུ་བཞི་ཟབས་ཡོད་པར། །ག་བུ་རྫས་ཀྱི་སྦྱོར་བ་དེ། །འབྱུང་པོའི་གཏོར་མ་གཤིན་རྗེ་ལ། །བྱིན་ལ་ལག་ཏུ་གཏད་ཁྲམ་བྱ། །རང་གི་ཡི་དམ་བསྒོམ་བྱ་ཞིང་། །བྱིན་གྱིས་བརླབས་པའི་གཏོར་མ་ནི། །


DNG015_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

ས་སྲོས་ཚེ་ན་ལྷོ་ཕྱོགས་གཏང་། །སྒྲོལ་བའི་དྲག་སྔགས་བརྣག་པའི་ལུང་། །བསྟན་པ་བསྲུང་བ་གནན་པའི་གཏེར། །ཕྲིན་ལས་དྲག་པོ་སྔགས་ཀྱི་མཚོན། །འཁོར་ལོ་ཐུན་སྡེབས་སྒྲོལ་བའི་འཕྱོང་། །རྡོ་རྗེ་སེམས་དཔའ་གཟུངས་ཤིང་ཆོངས། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། འཁོར་ལོ་ཐུན་སྡེབས་ཀྱི་སྐབས་ཏེ་བཅུ་དགུ་པའོ།། །།དེ་ནས་གཤིན་རྗེ་གཤེད་པོས་འདི་སྐད་བརྗོད། །བསྟན་པ་སྲུང་བ་བརྣག་པའི་ལུང་། །ཐུགས་ཀྱི་མན་ངག་སྔགས་ཟོར་མཆོག །སྒྲོལ་བའི་ཕྲིན་ལས་སྦྱོར་ཐབས་སུ། །འཁོར་ལོ་བྱད་སྡེབས་མན་ངག་འཕྱོང་། །བཀའ་ཡི་བསྟན་པ་བསྲུང་བའི་ཕྱིར། །རང་སེམས་དག་པའི་རྣལ་འབྱོར་པས། །སྙིང་རྗེ་དག་ཏུ་སྲོག་ལྟར་བརྟེན། །བྱམས་དགའ་བཏང་སྙོམས་དེ་བཞིན་དུའོ། །མདོ་སོགས་འདོན་ཞིང་བསམ་གཏན་བྱ། །རྒྱུན་གྱི་ཡི་དམ་རྩེ་གཅིག་པས། །བླ་མ་དག་ལ་རྟག་ཏུ་བཀུར། །དེས་ཀྱང་དཀྱིལ་འཁོར་ཚུལ་བཞིན་གཞུག །ཐེག་ཆེན་དམ་ཚིག་སྡོམ་པ་བཤད། །རང་གི་སྔགས་དང་ཕྱག་རྒྱ་བསྟེན། །སྒྲུབ་ཐབས་མན་ངག་ལེགས་པར་བླང་། །དེ་ནས་མཆོད་པ་ཆོ་ག་བཞིན། །ཉིན་རེ་དག་ཏུ་བྱས་ནས་ཀྱང་། །སྐུ་གཟུགས་དག་ཀྱང་འབད་དེ་བྱ། །བདེ་བའི་སྟན་ལ་ལུས་སེམས་གཞག །སུམ་འབུམ་མི་སྐྱོའི་བར་དུ་བཟླས། །དེ་འོག་རི་རྩེར་གནས་བྱས་ལ། །རླུང་ཟ་ཞིང་ནི་བཟླས་པ་བྱ། །འབུམ་བཅུའི་མཐའ་རུ་ཕྲིན་ལས་བརྩམས། །ནམ་མཁའི་སྒྲོན་མ་མར་དུས་ཚེ། །ཡི་དྭགས་གྲོང་བཅོམ་ཤི་གོས་ལ། །ཡི་དྭགས་འཁོར་ལོ་གདུག་པ་ཡི། །འཁོར་ལོ་གདུག་པའི་ལྟེ་བ་ལ། །རེའུ་མིག་དགུ་ཡི་མཚམས་བོར་ཏེ། །བཅུ་གཉིས་འཁོར་ལོ་གདུག་པའི་ནང་། །བཅུ་བདུན་ལ་སོགས་གསང་སྔགས་དང་། །ཟླུམ་པོས་བསྐོར་བའི་ཕྱི་རིམ་ན། །ཧྲཱྀཿཤྟྲཱིཿམིང་ཡིག་དབྱངས་ཚོགས་རྣམས། །དུར་ཁྲོད་སོལ་བ་དུག་སོལ་གྱིས། །སྲིན་མཐེབ་གུང་མཛུབ་སྦྱར་བ་ཡིས། །ཁྲུ་གང་གོས་གཉིས་རས་མཆོག་ལ། །གདུག་པའི་ཡི་གེ་གཡས་གཡོན་བཟློག །དེ་ནང་ཆུད་པའི་སྐྱེས་བུ་གཉིས། །ཞལ་བགྲད་སྤྱན་བཟློག་འཁོར་ལོ་འཛིན། །ཕྱག་ཞབས་མགུར་ཆུ་རོ་ཉེས་བརྒྱན། །མི་སྨྲ་


DNG015_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོ་བསྡམས་ཏེ་བྲི། །གཉིས་སྦྱར་རྒྱབ་ལ་རོ་ཉེ་ཡིས། །བསྡམས་པའི་ཚུལ་དུ་མཁས་པས་བྲི། །གདུག་པས་བཟུང་ཞིང་ཐོད་ནང་དུ། །གདུག་པ་ཟུང་གཅིག་ཐོད་ནང་དུ། །ཡང་འདུག ། དྲིལ་བྱས་སྔོན་དམར་བྱད་ཀྱིས་བསྡམས། །གདུག་པའི་ཐོད་ནག་ལྟོས་འགྲོ་བྲི། །མངར་དང་ཀླུ་སྨན་རྩི་མཆོག་གིས། །མཆོད་ཅིང་སྣལ་ལ་མགུ་བར་བྱ། །གདུག་པས་བཟུང་ཞིང་ཐོད་པར་གཞུག །སྔོན་དམར་བྱད་ཐག་བཞིས་བཏབ་ལ། །བཟུང་སྟེ་ཉིན་མཚན་མ་ནོར་བཟླས། །ཁ་ནས་དྲག་པོའི་སྔགས་བཟླས་པས། །རྡོ་རྗེ་རླུང་ལྕེ་སྦྱར་བ་ལས། །སྔོན་དམར་གདུག་པའི་རོ་ཉེའི་ཚོགས། །དུར་ཁྲོད་སོལ་བས་དུག་སོགས་སྦྱར། །ལྕགས་སམ་འུག་པའི་སྒྲོ་རྩ་ཡིས། །གསང་བའི་སྔགས་དང་མིང་རུས་བྲི། །དུག་ཅན་ནད་ཀྱི་བསྒྲུབ་བྱ་ལ། །དུག་ལྕེ་ནག་པོས་བསྡམས་པར་བསམ། །འཆི་བདག་བཤན་པའི་ཡི་དྭགས་ཚོགས། །གཏུམ་པོ་དུག་གི་ཁ་རླངས་ཅན། །ཆོས་ཀྱི་རྒྱལ་པོ་ལ་སོགས་པས། །འཛབ་ཅིང་སྒུགས་ཤིང་བཟུང་ནས་ནི། །གཤིན་རྗེ་གདུག་པའི་ཁང་པ་རུ། །དབང་མེད་ལས་ཀྱི་འཇུག་པར་བསམ། །ཧྲཱྀཿཤྟྲཱིཿགདུག་པའི་སྔགས་ཀྱི་མཐར། །ཧཱུཾ་དང་མིང་སྤེལ་ཨཱ་ཀར་ཥ། །ཛ་གཉིས་དགུག་པའི་གསང་སྔགས་བཟླས། །སྐེ་ཚེ་དུག་ཉུང་སྔགས་ཀྱིས་བྲབ། །ཟླ་བ་ནག་པོའི་མར་དུས་ཚེ། །འཁོར་ལོ་རྩིབས་བཞི་གྲུ་གསུམ་སྟེ། །ལྕགས་ཁྲི་ནག་པོའི་སྟེང་དག་ཏུ། །ཡི་དྭགས་གདུག་པའི་ག་བུ་གཞག །ཡ་སོགས་གདུག་པའི་གསང་སྔགས་རྣམས། །ཞི་ཁྲོ་རྫོགས་ནས་ག་བུ་དེ། །རྫ་མཁན་ས་ལ་ག་བུ་རྒྱུ། །གདུག་པའི་ག་བུ་ཤང་བའི་ཚད། །གཉིས་བྱས་ནང་དུ་རོ་ཉེ་གཉིས། །ཕྱི་ནང་གཉིས་སུ་འབུར་དུ་བྱ། །ག་བུ་དག་ལ་འཁྲིལ་བའི་ཚུལ། །མེ་ཡི་སྨིན་མ་ག་བུ་གནག །གདུག་པའི་ཐོད་ནག་ག་བུར་གཞུག །སྔོན་དམར་གཉིས་ཀྱི་ཐི་གུས་བསྡམས། །ཤར་ནུབ་ལྷོ་བྱང་ཕྱོགས་མཚམས་སུ། །གདུག་པ་གནས་པའི་ཡུལ་དག་ལ། །སྒོ་བལྟས་ཁྱིམ་ནས་འདོམ་གང་དུ། །རྡོ་ལ་འཇིག་རྟེན་གཟུགས་བྲིས་ལ། །ས་སྒོ་ཕྱེ་ལ་ཁྱིམ་བདག་རྦད། །མཐུན་པའི་རྫས་སྦྱིན་མགུ་བར་བྱ། །ག་བུ་གདུག་པའི་སྦྱོར་བ་དེ། །ལེགས་སྦས་སྟེང་ནས་འཇིག་རྟེན་གཞུག །གང་ལ་བྱ་བའི་དུས་དང་ལོ། །གཉེན་པོ་གང་ཤིས་


DNG015_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་པས་དཔྱད། །ཟླ་བ་ནག་པོའི་མར་དུས་ཚེ། །དྲང་སྲོང་རྒྱུ་བའི་ས་ཕྱོགས་སུ། །བྱད་སྟེམས་འཁོར་ལོའི་བཙན་དུག་སྤྱོ། །ཁྱབ་འཇུག་མཆོད་ཅིང་ཁྱིམ་བདག་རྦད། །གཅེར་བུ་སྤྱི་ཚུགས་འོ་དོད་འབོད། །མ་ཉེས་དཔང་གཟུག་རུ་དུང་འབུད། །མི་མཐུན་གཉེན་པོའི་ཕྱོགས་དག་ཏུ། །བསོ་ཤིང་མཆོད་ཅིང་གཏད་ཁྲམ་བྱ། །ཁྱབ་འཇུག་གདུག་པའི་དམོད་པ་བོར། །ཡི་དྭགས་གདུག་པའི་སྨོན་ལམ་གདབ། །ནཱ་ག་གདུག་པའི་དམོད་བཅོལ་བྱ། །རང་ཉིད་ལྷ་ཡི་ང་རྒྱལ་གྱིས། །དཀར་པོ་རྡོ་རྗེ་རྒྱ་བསམ་ལ། །ས་སྒོ་བཅད་ལ་རྒྱ་ཡིས་མནན། །སྡོམ་ལ་གནས་པའི་རྣལ་འབྱོར་པས། །གཡེང་བ་མེད་པའི་ཏིང་འཛིན་གྱིས། །ཕྲིན་ལས་རྫོགས་དང་གསང་སྔགས་བཟླས། །བསྒྲུབ་བྱའི་གཟུགས་ཕུང་མ་ཞིག་པར། །གདུག་པ་སྦྲུལ་གྱི་སེམས་འདྲ་བས། །མ་ཞིག་བར་དུ་གཏང་མི་བྱ། །ཞིག་སྟེ་མངོན་དུ་གྱུར་པ་དང་། །སྤར་ཞིང་གཡོ་བའི་ཆོ་ག་བྱ། །བསྐྱེད་དང་སྤྱན་དྲང་མཆོད་བསྐུལ་རྣམས། །བསྒོམ་རྒྱུད་མཛེས་ཐུན་ནང་དུའོ། །བླ་མའི་གདམས་ངག་དམ་པ་ཡང་། །ཡིད་ལ་ནན་ཏན་གཞག་པར་བྱ། །བྱང་ཆུབ་སེམས་ཉིད་སེམས་ལ་བཞག །དམ་ཚིག་བསྲུང་སྡོམ་མི་ཉམས་བསྲུང་། །བཀའ་ལ་བཤད་པ་རྗེས་མཐུན་པར། །རྫས་དང་ལག་ཆ་མཐུན་བསྡེབས་ཤིང་། །རྟག་ཏུ་དུར་ཁྲོད་དགོན་པར་དགའ། །དུས་དང་ལོ་ཚིགས་དམ་བཅས་པ། །མི་འདའ་གཞུང་ལྟར་བྱེད་པ་སྟེ། །མཚན་མ་མཐོང་དང་བཟླས་པ་རྫོགས། །རྒྱུན་གྱི་ཡི་དམ་ཆེ་བ་སྟེ། །དེ་ལྟ་བུ་ཡི་རྣལ་འབྱོར་པ། །བདེན་པ་གྲུབ་པའི་ནུས་པ་ཡོད། །ཤེས་རབ་སྙིང་རྗེ་རབ་ལྡན་པའི། །དབང་ཐོབ་དམ་ཚིག་སྲོག་ལྟར་བསྟེན། །མི་འཇིགས་དཔའ་བོ་བརྟུལ་ཞུགས་ཅན། །མན་ངག་ཡོད་པའི་རྣལ་འབྱོར་པས། །རང་དོན་ཕྲན་ཚེགས་མ་ཡིན་པའི། །དཀོན་མཆོག་དབུ་འཕང་སྨོད་པ་དང་། །བསྟན་ལ་ཞེ་སྡང་གནོད་བྱེད་པ། །བཀའ་གསང་སྟོན་པས་བཤད་པ་ཡི། །དྲག་པོའི་མངོན་སྤྱོད་ཟབ་མོའི་ལུང་། །གཤིན་རྗེ་གཤེད་པོ་


DNG015_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གིས་ཀྱང་། །ཐུགས་ཀྱི་སྒྲོམ་ནས་བཏོན་པ་འདི། །འཁོར་ལོ་བྱད་སྟེམས་བརྣག་པའི་ལུང་། །མན་ངག་ཅན་གྱིས་དེ་ཤེས་བྱ། །ལས་ཀྱི་བྱ་བ་ཐུན་ཚགས་རྣམས། །མན་ངག་དོན་གྱིས་ཤེས་པར་བྱ། །ཅུང་ཟད་མི་མཐུན་མཆོད་བསྟོད་རྣམས། །ཟླ་གསང་ནག་པོའི་རྒྱུད་དག་ལས། །གསང་བ་མཛེས་ཐུན་གཞུང་ལྟར་བྱ། །དེ་ལ་མཆོད་པ་གསུངས་པ་ནི། །མཆོད་པ་ཆེན་པོ་འདོད་ཆགས་ཆེ། །དཀྱིལ་འཁོར་ཆེན་པོ་ཡངས་པ་ཡིན། །ཚིགས་བཅད་བཅུ་དྲུག་ཐ་མ་ལ། །འཇམ་དཔལ་དཔལ་དང་ལྡན་པའི་མཆོག །འགྲོ་ལ་ཕན་པའི་གཙོ་ཆེན་གྱིས། །སྨན་པར་དགོངས་ཏེ་བཞེས་སུ་གསོལ། །ཚིག་གཉིས་བཏགས་ལ་དབུལ་བར་བྱ། །བསྟོད་པ་ལ་སོགས་བྱེད་པ་ན། །དེ་བཞིན་རྩ་བ་མཚན་བརྗོད་ལས། །འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །རྫོགས་པའི་སངས་རྒྱས་ཨ་ལས་བྱུང་། །བདུད་སོགས་ཀུན་གྱིས་བསྟོད་བྱས་མཐར། །མཚན་གྱི་སྔགས་བརྗོད་བསྟོད་ཆེན་བྱ། །སྔགས་མཆོག་མངའ་བདག་རིག་སྔགས་རྒྱལ། །ཞེས་པ་ནས། མ་རིག་སྒོ་ངའི་སྦུབས་འབྱེད་པ། །སྲིད་པའི་དྲ་བ་འཇོམས་པ་པོ། །ཞེས་བསྟོད་པ་ཚིག་རྐང་དྲུག་པ་དང་། དྲུག་ཅུ་རྩ་བཞིས་བསྟོད་པ་འབུལ། །ཡང་ན་འདུད་པ་ཉི་ཤུ་ནས། །མཚན་སྔགས་བརྗོད་ལ་བསྟོད་ཆུང་བྱ། །ཡང་ན་མཛེས་ཐུན་གཞུང་བཞིན་བྱ། །བསྐལ་པ་སྦྲུལ་ནག་འཁྱིལ་ཅེས་གཏད། །འཁོར་ལོ་བྱད་སྟེམས་གསད་ཐབས་འདི། །དཀོན་མཆོག་གནོད་ཅིང་བསྟན་པ་འཇིག །མངོན་སྤྱོད་ཐུགས་རྗེས་བསྒྲལ་བའི་ཕྱིར། །མི་ཚིག་ཐ་སྙད་ཙམ་དུ་བརྗོད་མི་བྱ། །ཆུ་སྲིན་མགྲིན་པར་རིན་ཆེན་ཆུད་པ་ལྟར། །ཁོང་དུ་སྦས་ཏེ་ཡོངས་སུ་བསྒྲག་པ་མིན། །གཤིན་རྗེ་གཤེད་པོའི་ཐུགས་ཀྱི་ཡོང་བཅུད་འདི། །ཕྱག་ན་རྡོ་རྗེས་རབ་ཏུ་གཟུང་ཞིང་ཉོན། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། ཚོན་གྱི་གྲུ་གུ་སྔོན་དམར་བྱད་སྟེམས་ཀྱི་སྐབས་ཏེ་ཉི་ཤུ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོས་འདི་སྐད་ཅེས་གསུངས་སོ། །ལས་ཀྱི་བྱ་བ་གཞན་ཟིན་ནས། །དྲག་པོའི་འཁོར་ལོ་མནན་པ་འདི། །ལག་ན་རྡོ་རྗེས་


DNG015_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་ཟུང་། །ཅན་གྱི་དང་ཆས་ཀྱིས། ཡང་སྣང་། ཤིན་ཏུ་དགོན་པའི་གནས་ཉིད་དུ། །དུར་ཁྲོད་གླིང་ནས་རས་བླངས་ཏེ། །འཁོར་ལོ་རིམ་པ་ཚུལ་བཞིན་དུ། །མཱ་ར་ཡ་ཡི་ལིངྒ་ཉིད། །ཇི་བཞིན་འདོད་པའི་དབྱིབས་སུ་བཅའ། །གོང་མའི་བསྙེན་པ་རྫོགས་པ་དང་། །འཁོར་ལོ་ཐབས་ཀྱི་དམ་རྫས་དེ། །མཆོད་རྟེན་འོག་ཏུ་གནན་པར་བྱ། །བདག་ཉིད་གཤེད་པོར་བསྒོམ་བྱས་ལ། །མཆོད་རྟེན་དེ་ཉིད་ངོ་བོ་ཡང་། །རི་རབ་གླིང་བཞི་ཆས་བར་བསྒོམ། །རི་རབ་ལྟོ་ན་བཞུགས་པ་སྟེ། །སྒྲོལ་བའི་ཡུམ་དང་སྦྱོར་བའི་ཡུམ། །ཤར་དང་ནུབ་ཏུ་གནས་པར་བ། །བྱང་ན་སྲས་མཆོག་གནས་པར་བསྒོམ། །དེ་བཞིན་རབ་ཏུ་མནན་ཅིང་གཟིར། །རི་རབ་ཟུར་བཞིར་ལཾ་སེར་བཞི། །དེ་ལས་གླིང་ཕྲན་བཅུ་གཉིས་བསམ། །རི་རབ་འོག་ཏུ་གཟས་པ་པོ། །གཤིན་རྗེ་རལ་པ་ཚར་དགུ་ཡིས། །ལྕགས་ཐག་སྔོན་པོས་བཅིངས་པ་དེ། །བམ་རིལ་མནན་ནས་ལྕགས་ཕུར་ལ། །དཔག་བསམ་ཤིང་ཙམ་བཏགས་པ་སྟེ། །སྒྲ་སྒྲོགས་ཁ་ནས་ཁྲག་སྐྱུགས་གན་བུབ་ཅིང་། །མིག་རྩ་རིག་རིག་འོ་དོད་འབོད། །ཅི་མཛད་ཐོང་ཞིག་ཟེར་ཞིང་མནན་པར་བསམ། །འཁོར་ལོ་བྲི་བའི་དུས་སུ་ཡང་། །དམིགས་པའི་མིང་དག་གཞུག་པ་ནི། །འཁོར་ལོ་ཉིད་ལ་མི་ཤོང་ཞིང་། །མི་བཏུབ་པ་རྣམས་གུད་དུ་བྲི། །དེ་དག་བྲིས་ཏེ་གདགས་པར་བྱ། །གནས་དང་ཐབས་ནི་འདི་ཡིན་ཏེ། །ཡ་ལ་སོགས་པའི་ཡི་གེ་ལྔ། །གྲ་བཞི་ཧཱུཾ་ཕཊ་བར་མཚམས་བཞི། །རྩིབས་ཀྱི་རེའུ་ཆ་བཅུ་གཉིས་དང་། །མཐའ་བསྐོར་མིང་བྲིས་ལེའུ་ཙེ་བརྒྱད། །དེ་དག་ཉི་ཤུ་རྩ་དགུ་ལ། །གུད་དུ་མིང་གི་མཇུག་ཏུ་ཡང་། །མཱ་ར་ཡ་ཞེས་བྲིས་པའི་འཁོར་ལོ་གཉིས། །ཁ་སྦྱར་བ་ཡི་ནང་དུ་གཞུག །འཁོར་ལོ་སྐུད་པས་སྦྲེལ་ལ་བཞག །ངན་སྔགས་བཟླས་པའི་དུས་སུ་ཡང་། །བཞི་པའི་ངན་སྔགས་ཁྲི་ཕྲག་འདོན། །དེ་དག་བཏོན་པའི་རྗེས་ལ་ཡང་། །ཡི་གེ་བཅུ་པ་ནུས་ཚད་བཟླས། །དེ་ཚེ་མཆོད་པ་འབུལ་བ་དང་། །དེ་ཚེ་གཏོར་མ་གཏོང་བ་དང་། །ཡེ་ཤེས་ལྷ་ལ་ཐུགས་དམ་བསྐུལ། །ལས་ཀྱི་གཤིན་རྗེ་མ་མོ་རྣམས། །རཀྟ་གསོལ་ཞིང་དགུག་པའི་ཕྲིན་ལས་བྱ། །འཁོར་ལོ་སྐྱེད་པའི་


DNG015_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

དུས་སུ་ཡང་། །གཤིན་རྗེ་དག་ལ་གཏད་པ་ནི། །རྫས་ཀྱི་མཆོད་པ་བཤམ་པ་དང་། །བདག་ཉིད་གཤེད་པོར་བསྒོམ་པ་དང་། །འཆི་བདག་དགོངས་སུ་གསོལ་བ་དང་། །རང་གི་ལས་ཀྱི་ལྟང་བརྩི་དང་། །བསྒྲུབ་བྱའི་ཆད་པ་བརྩི་བ་དང་། །གཤིན་རྗེ་རྒྱལ་པོ་སྤྱན་དྲངས་ནས། །དམ་ཚིག་ཕྱག་རྒྱ་རབ་བསྟན་ཅིང་། །དམ་ཚིག་སྙིང་པོ་རབ་ཏུ་བཟླས། །དེ་བཞིན་དམ་ལ་མི་འདའ་དང་། །དམ་རྫས་མཆོད་པས་མཉེས་བྱེད་དང་། །ལས་ཀྱི་ཕྱག་རྒྱ་བཅའ་བ་དང་། །དམ་ཚིག་བསྐུལ་ཏེ་ལས་ཀྱི་གཉེར་གཏད་དང་། །མནས་བསྒགས་རྣམས་ཀྱིས་གཏད་པའི་ལས་རྫོགས་ཏེ། །འཁོར་ལོ་སྦ་བའི་དུས་སུ་ཡང་། །གཤིན་རྗེ་དག་ལ་གཏད་པ་ནི། །དྲང་སྲོང་དམོད་པའི་སྨོན་ལམ་གདབ་པར་བྱ། །དེ་ལ་མནན་རྫས་བསག་པ་ནི། །མི་ཁྲག་ར་ཁྲག་དུག་ལ་སོགས། །ཕོ་རོག་འུག་པ་པུ་ཤུད་སྒྲོ། །སྲིན་བྱའི་སྙིང་དང་འུག་པའི་མིག །བཙོང་དང་ལ་ཕུག་སྐེ་ཚེ་དང་། །གཡེར་མ་བྲ་བོ་སྒ་དང་ནས། །དེ་ལ་སྔགས་ཏེ་མནན་པའོ། །སྤྱིར་ན་གནན་པའི་ལས་བྱས་ན། །གཤེད་པོའི་དགོངས་པས་གནན་པ་དང་། །ཕྱག་རྒྱའི་སྟོབས་ཀྱིས་གནན་པ་དང་། །གཏད་ཁྲམ་བཅུ་གཉིས་ཆོ་གས་མནན་པ་དང་། །ཡ་སྟགས་གདུག་པས་མནན་པ་དང་། །དེ་དག་རྫས་ཀྱིས་གནན་པའོ། །དྲག་པོའི་སྔགས་ཀྱིས་གནན་པ་དང་། །སྨོན་ལམ་གདབ་ཅིང་གནན་པ་དང་། །དྲང་སྲོང་དམོད་པས་གནན་པའོ། །འདི་ནས་ལྷོ་ཡི་ཕྱོགས་རོལ་ན། །དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཕ་རོལ་ན། །ཐོད་པ་ལྕགས་ཀྱི་གྲོང་ཁྱེར་ན། །ཡི་དྭགས་ཀུན་གྱི་སྡེ་དཔོན་པོ། །མ་མོ་ཀུན་གྱི་ཚོགས་རྗེ་མོ། །གསོན་གཤིན་གཉིས་ཀྱི་ཟམ་ཁ་པ། །གསོན་པོ་སྐོས་ལ་འདེབས་པ་པོ། །ཤི་བ་རྣམས་ཀྱི་གཤིན་བུ་རྗེ། །དགེ་བ་ཅན་གྱི་ལྟང་འཛིན་ལ། །སྡིག་པ་ཅན་གྱི་ཆད་པ་མཁན། །ལེགས་ཉེས་ཆོས་བཞིན་གཅོད་པ་ཡིས། །ཆོས་རྒྱལ་གཤིན་རྗེ་ཞེས་བྱ་བ། །མངོན་ཤེས་རྫུ་འཕྲུལ་མཐུར་ལྡན་པས། །འཁོར་བཅས་ཁྱེད་ལ་གཏད་པར་བྱ། །དེ་དག་རབ་ཏུ་མནན་གྱུར་ན། །དེ་ཡི་ཆོ་ག་འདིར་མ་བཤད། །ལག་ན་རྡོ་རྗེས་རབ་ཏུ་ཟུང་། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། འཁོར་ལོ་


DNG015_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

མནན་པའི་སྐབས་ཏེ་རྩ་གཅིག་པའོ།། །།དེ་ནས་བཅོམ་ལྡན་གཤིན་རྗེའི་གཤེད་པོས་འདི་སྐད་ཅེས་བརྗོད་དོ། །བདག་དོན་མ་ཡིན་གཞན་དོན་ནམ། །དཀོན་མཆོག་བླ་མའི་དོན་ཆེད་དུ། །རཱུ་ཏྲ་གདུག་པ་ཚར་གཅད་ན། །སྔགས་ཀྱི་དངོས་གྲུབ་ཐོབ་ནས་འགྲུབ། །དཔེར་ན་དཔའ་བོ་སྐྱེས་བུ་ཡིས། །གཡུལ་ངོ་བཟློག་པར་འདོད་པ་ཡིས། །གོ་དང་མཚོན་ལ་ནན་ཏན་བསྐྱེད། །དེས་ནི་གཡུལ་རྣམས་བཟློག་པར་འགྱུར། །གོ་མཚོན་མགར་ལ་རག་ལས་ཕྱིར། །དཔའ་བོས་མགར་ལ་བརྟེན་པར་བྱ། །མགར་གྱིས་རྡོ་ལ་ལྕགས་སུ་བཞུ། །ལྕགས་ལ་གོ་དང་མཚོན་ཆ་བརྡུང་། །དེ་ནས་འཐར་ལ་ནན་ཏན་བསྐྱེད། །ཏིལ་མར་ངར་ཡང་ཡིད་འཐད་བླུད། །དེ་ནས་བརྡེག་ཐབས་ཤེས་པར་བྱ། །དེ་བཞིན་རྣལ་འབྱོར་ཆེན་པོས་ཀྱང་། །ཐོག་མར་བླ་མ་མཉེས་བྱའི་ཕྱིར། །རབ་ཏུ་གཅེས་དང་ཡིད་འཐད་དབུལ། །གནང་བར་དཀའ་བའི་དབང་ཡང་མནོས། །མན་ངག་གནང་ནས་རྨྱུར་ལ་བསྒྲུབ། །སྙིང་པོ་དོན་ཐབས་ལྷར་ཤེས་བྱ། །དྲུག་འབུམ་གསུམ་འབུམ་གཅིག་འབུམ་དང་། །གཞན་ཡང་འབུམ་གཅིག་ཤེས་པར་བྱ། །དེ་ནས་མཁས་པས་ཕྲིན་ལས་བྱ། །དུས་དང་ཕྱོགས་ནི་མཁས་པས་བརྟག །ཁྲི་ཁྲི་བར་དུ་སྤྱི་རྒྱུག་བྱ། །ཕྲིན་ལས་དག་ལ་རྣམ་པ་གསུམ། །འཁོར་ལོ་སྦྱིན་བསྲེག་གནན་པའོ། །དང་པོ་འཁོར་ལོའི་ལས་བྱས་ནས། །དེ་ནས་གནན་པའི་ལས་ཤེས་བྱ། །ཐ་མར་མེ་ཡི་ལས་བྱ་སྟེ། །མེ་ལྷ་བསྙེན་པས་ལས་རྣམས་འགྲུབ། །དང་པོར་བསྙེན་པ་རྫོགས་ནས་ཀྱང་། །འཁོར་ལོ་བསྐོར་བའི་ལས་བྱས་ནས། །གཞུང་ལས་འབྱུང་བའི་འཁོར་ལོ་ཡི། །གནན་པའི་ལས་ཐབས་བྱས་ནས་ནི། །ཧོམ་དང་བསྲེག་པའི་ལས་བཤམ་པ། །ཐབ་ཁུང་གྲུ་གསུམ་བརྩེག་པ་ལ། །རྡོ་རྗེ་རྒྱ་གྲམ་ནག་པོ་བྲི། །གཟས་པའི་ལིངྒ་གཞག་པར་བྱ། །དེ་ནས་ཧོམ་ཤིང་ཚེར་མ་ཅན། །བམ་པོ་བསྒྲེང་དང་གྲུ་གསུམ་བརྩིག །དུག་ཆུ་ཁྲག་གིས་བྱུག་པར་བྱ། །གཞན་ཡང་རཀྟའི་ཨརྒྷཾ་དང་། །སྨན་ཕུང་ཏིལ་དམར་འབྲུ་བཤོས་དང་། །མཚེ་ཐུན་ལྕགས་ཕྱེ་ཟངས་ཕྱེ་དང་། །རྡོ་ཕྱེ་དུག་ཆུ་འབྲུ་ནག་པོ། །


DNG015_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་ཆེན་རུས་པ་གཏུབ་པ་དང་། །དེ་དག་ལ་སོགས་མདུན་དུ་གཞག །གོས་ནག་གྱོན་ཞིང་ཐོད་ནག་བཅིང་། །རཀྴའི་ཕྲེང་བ་སེ་རལ་ཁ། །དཔྲལ་བར་མེ་ལོང་ཞིང་གི་སྟན། །རུས་སྦལ་འདུག་སྟངས་ལྷོ་ཕྱོགས་བལྟ། །ལྕགས་སམ་མི་རྐང་གཟར་བུ་ཐོགས། །དྲི་ཆེན་དྲི་ཆུ་གོས་དུམ་གྱིས། །ས་ལ་དམིགས་པའི་གཟུགས་བྱས་ལ། །སྙིང་གར་མིང་དང་རུས་བཅས་གཞུག །གཞན་ཡང་མིང་ཡིག་མང་པོ་དང་། །མི་བསད་མཚོན་གྱིས་ལིངྒ་གཏུབ། །དུམ་བུ་རེ་དང་མིང་བྱང་རེ། །ཤ་ཆེན་གཏུབ་པ་རེ་སྦག་ལ། །དྲག་པོའི་སྔགས་ཀྱིས་ཁྲོས་ལ་བརྡེག །ཏིང་ངེ་འཛིན་གྱི་རིམ་པ་ནི། །ཏིང་འཛིན་རྣམ་གསུམ་ཚིག་བཤད་དང་། །བཅས་པའི་ཕྲིན་ལས་གཞུང་བསྲང་བྱ། །ཨོཾ་སྭ་བྷཱ་ཝ་ཤུཌྜྷཿསརྦ་དྷརྨ་སྭ་བྷཱ་བ་བི་ཤུདྡྷོ྅ཧཾ། ཆོས་རྣམས་སྟོང་པའི་རང་བཞིན་སྦྱང་། །དེ་ཡི་ངང་ནས་ང་རྒྱལ་ལྷ། །ཡ་མཱནྟ་ཀ་གསལ་བསྒོམས་ཏེ། །ཞལ་དྲུག་ཕྱག་ཀྱང་བཅུ་གཉིས་ཏེ། །རྒྱན་དང་ཆ་ལུགས་གསལ་བར་བསྒོམ། །ཐབ་ཁུང་ཨེ་ལས་འབར་བའི་གཞལ་ཡས་ཁང་། །དྲག་པོ་འབར་བའི་གནས་སུ་གསལ་བར་བསྒོམ། །ཡུགས་ས་རྡོ་ནག་ཤིང་ནག་གཙུབས་པའི་མེ། །རླུང་གཡབ་ནག་པོས་གཡབ་པ་འམ། །དྲག་པོ་སྔགས་ཀྱིས་རབ་ཏུ་སྦར། །མེ་ཡི་ནང་དུ་རཾ་ནག་མེ་ཡི་ལྷ། །རྒྱན་དང་ཆ་ལུགས་ནག་པོ་གསལ་བར་བསྒོམ། །ཏིང་ངེ་འཛིན་གྱི་འཕྲོ་འདུས་གནས་ནས་ཀྱང་། །འོད་ཟེར་ལྕགས་ཀྱུས་ཡེ་ཤེས་མེ་ལྷ་དེ། །སྤྱན་དྲངས་གཉིས་སུ་མེད་པར་བཞུགས་པར་བསམ། །མེ་ཡི་ལྷ་ཉིད་སྔགས་འདིས་སྤྱན་དྲངས་ཏེ། །ཨོཾ་ཨགྣི་ཧ་བྱ་ཛཿ།ཨགྣི་ཀ་བྱ་ཛཿ། ཛཿཧཱུཾ་བཾ་ཧོཿ། སྐུ་མདོག་ནག་པོ་ར་སྐྱེས་ཁམ་པ་ཞོན། །ར་ལ་འཇའ་ཚོན་སྣ་ལྔ་འཁྱིལ། །ཞིང་གི་ཡ་མགལ་སྔ་རུ་ལ། །ཞིང་གི་མ་མགལ་ཕྱི་རུ་ལ། །ཞིང་གི་པགས་པས་སྒ་གཡོགས་བགྱིས། །སྦྲུལ་ནག་གིས་ནི་གོང་རྨེད་བགྱིས། །ཕྱག་ན་དྲིལ་བུ་བགྲང་ཕྲེང་བསྣམས། །དབུ་ལ་མེ་ཡི་ཐོད་བཅིངས་ཤིང་། །མེ་དཔུང་འབར་བའི་ཀློང་ན་བཞུགས། །ཤར་ལྷོ་མཚམས་ནས་གཉིས་སུ་མེད་པར་བཞུགས། །དེ་ནས་ཡང་ཨོཾ་པྲ་མོ་ཧ། པྲ་མོ་ཧ། ཞེས་པས་མེ་ཡི་མདུན་རྒྱབ་སྟ་ཟུར་བཞིར། པྲ་མོ་ཧ་སྤྱན་གསུམ་ཕྱག་བཞི་པ།


DNG015_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་དང་པོ་ན་ཆུ་སྲིན་རྒྱལ་མཚན་བསྣམས་པ། གཡས་བར་མ་ན་ཡེ་ཤེས་ཀྱི་མེ་མགལ་བསྣམས་པ། གཡོན་དང་པོ་ན་མེ་དར་བསྣམས་པ། ཐ་མ་གཉིས་གཉིས་དྲིལ་བུ་བསྣམས་པར་བསྒོམ། བསྐུལ་ཞིང་ཕྲིན་ལས་བཅོལ། བསྲེག་རྫས་དབུལ། ཨགྣེ་དམར་སེར་མེ་ཡི་ལྷ། །ཞེས་པས་བསྟོད། དཔལ་ཟླ་གསང་ནག་པོའི་རྒྱུད་ལས། འཁོར་ལོ་ཧོམ་སྦྲེལ་གྱི་སྐབས་ཏེ་རྩ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་གཤིན་རྗེ་གཤེད་པོས་འདི་སྐད་བརྗོད་དོ། །ཨེ་མ་ཧོ་ལག་ན་རྡོ་རྗེ་འཛིན་པ་ཁྱོད། །དུས་ངན་ཐ་མ་བྱུང་བའི་ཚེ། །དཀོན་མཆོག་དབུ་འཕང་སྨོད་པའི་དུས། །བསྟན་པ་གཉེན་པོ་འཇིག་པ་ལ། །སྔགས་ཀྱི་ཡང་སྙིང་འཁྲུལ་འཁོར་བཤད། །སྣོད་དང་ལྡན་ལ་བསྟན་གྱུར་ན། །འཛམ་གླིང་ཉི་མ་ཤར་བ་འདྲ། །སྣོད་མིན་ཀུན་ལ་བསྟན་གྱུར་ན། །དུས་མིན་པར་ནི་སྲོག་ཟད་སྐེམས། །སྔགས་ལ་བྱེ་བྲག་མང་བཞུགས་ཀྱང་། །རྩ་བའི་སྙིང་པོ་ལྔར་འདུས་ཏེ། །སྐུ་གསུང་ཐུགས་ཀྱི་སྙིང་པོ་དང་། །ཡོན་ཏན་ཕྲིན་ལས་ལྔ་རུ་འདུས། །བཞི་ནི་ཉེ་བར་བསྙེན་པ་དང་། །བསྒྲུབ་དང་ལས་ལ་སྦྱོར་ལ་འཇུག །རྒྱུན་དུ་གྲངས་ཤིང་ལས་ལ་སྦྱོར། །ལས་ལ་སྦྱོར་ཀར་འབུམ་ཕྲག་རོལ། །གྲངས་ཏེ་རྩ་གཉིས་པ་རུ་བཤད། །ཐ་མ་ཕྲིན་ལས་སྙིང་པོ་ནི། །ལས་ལ་སྦྱོར་བའི་སྔགས་ཀྱང་གདབ། །ཐུགས་ཀྱི་ཡང་ཐུགས་ཉི་མ་བཞི། །ཕྱི་ནང་གསང་བ་གསུམ་དུ་གསུངས། །དེ་ལ་གསུམ་གསུམ་དགུ་རུ་བཤད། །ཕྱི་ཡི་ཉི་མ་བཞི་པ་ལ། །ཡི་གེ་འབྲུ་བརྒྱད་གཡོན་དུ་བསྐོར། །ཕྱི་ཡི་ནང་ནི་བཞི་སྙིང་དྲིལ་ལ་བསྐོར། །ཕྱི་ཡི་གསང་བར་བསྐོར་བ་ནི། །བཞི་སྙིང་དྲིལ་ལ་གཡས་སུ་བསྐོར། །ནང་ལ་གསུམ་དུ་དབྱེ་བ་ནི། །ཕྱི་ཡི་དུས་སུ་བསྐོར་བ་ནི། །ཨ་ཀྲོ་ཏེ་ཀ་བཅུ་བདུན་པའོ། །ནང་གི་ནང་དུ་བསྐོར་བ་ནི། །ཡ་མ་མེ་པ་བཅུ་བདུན་པ། །གཡོན་དུ་བསྐོར་ཏེ་བཟླས་པའོ། །ནང་གི་གསང་བར་བསྐོར་བ་ནི། །ཡ་མ་མེ་ད་ཀྵེ་ལ་སོགས། །ཡིག་འབྲུ་བཅུ་བདུན་གཡས་སུ་བསྐོར། །གསང་བའི་གསུམ་དུ་ཕྱེ་བ་ལས། །ཕྱི་ཡི་དུས་སུ་བསྐོར་བ་ནི། །བསྒྲུབ་


DNG015_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དྲག་སྔགས་བཅུ་བདུན་པ། །གཡོན་དུ་བསྐོར་ཏེ་བགྲང་བའོ། །གསང་བའི་ནང་དུ་བསྐོར་བ་ནི། །གསང་བའི་དྲག་སྔགས་བཅུ་བདུན་པ། །གཡས་སུ་བདུན་བསྐོར་བགྲང་བའོ། །གསང་བའི་གསང་བར་གྲངས་པ་ནི། །རྩ་བ་དམ་ཚིག་ཡང་སྙིང་ནི། །ལས་ལ་སྦྱོར་བའི་དུས་སུ་ཡང་། །གཞི་སྙིང་དྲིལ་ལ་ནུབ་མོ་བཟླས། །ཨཱོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ །ཨ་མུ་ཀ །ཡ་མ་རཱ་ཛ། ཨ་མུ་ཀ །ས་དོ་མེ་ཡ། ཨ་མུ་ཀ །ཡ་མེ་དོ་རུ། ཨ་མུ་ཀ །ན་ཡོ་ད་ཡ། ཨ་མུ་ཀ །ཡ་ད་ཡོ་ནི། ཨ་མུ་ཀ །ར་ཡ་ཀྵེ་ཡ། ཨ་མུ་ཀ །ཡཀྵ་ཡཙྪ། ཨ་མུ་ཀ །ནི་རཱ་མ་ཡ། ཨ་མུ་ཀ །ཨོཾ་ཧྲཱྀཿཤྚྲྀཿབི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ། ས་མ་ཡ། ཧྲཱྀཿ ཿས་མ་ཡ། རཀྴ་བཛྲ་ས་མ་ཡ། ས་མ་ཡ། ཨོཾ་ཨ་དྷྲི་མ་ཨེ་སྡི་ཨོཾ་ཨ་ཧྲཱྀཿས་ཡེ་། ཨོཾ་ཝཱ་གཱི་ཤྭ་རི་མུཾ། རྩ་བ་ཉི་མ་ཤར་ལྟར་གྲངས། །ཨག་ཡིན་ནམ་ཨ་བྱ་རྒོད་གཟན་ལ་བཅུམ་ལྟར་གྲངས། །དམ་ཚིག་ཡི་གེ་བཅུ་དྲུག་ལ། །ཧྲཱྀཿཤྟྲཱིཿལ་སོགས་སྔགས་རྣམས་ནི། །བཙོན་བུ་ལྕགས་སུ་བཅུག་ལྟར་གྲངས། །བསྒྲུབ་པའི་གཞི་རྩ་དམ་ཚིག་སྔགས། །གཞི་སྙིང་གཅིག་ཏུ་དྲིལ་བ་དང་། །དབྱངས་ཀྱི་ཡི་གེ་ལི་ལིའི་ཚེ། །སྐྱེས་བུ་གོ་མཚོན་བསྟར་ལྟར་དྲངས། །ཉི་མ་བཞི་པ་གཡོན་དུ་ཉིན་བདུན་བསྐོར། །ནུབ་དྲིལ་སྔགས་སུ་ཨ་མུ་ཀ །ལྕགས་ཀྱི་གཟེར་བུ་བཏབ་ལྟར་གྲངས། །ཨ་མུ་ཀ་ཡི་ཚོ་དགུ་པ། །གསེར་གྱི་ཐོག་ཆེན་བརྒྱབ་ལྟར་གྲངས། །གཡས་སུ་བསྐོར་དང་ཀ་པ་ཡེ། །སྤུ་གྲི་སོ་འདེབས་བཞིན་དུ་གྲངས། །གདགས་པ་སོ་སོའི་སྒོ་ཡི་སྔགས། །ཉིན་གྱི་ལས་སུ་དྲག་སྔགས་གྲངས། །ནུབ་མོ་དྲིལ་སྔགས་ཀ་པ་ཡེ། །མཚན་རྟགས་སྦྱར་ལ་རབ་ཏུ་བསྒྲུབ། །དེ་དག་དོན་རྣམས་མན་ངག་སྦྱར། །ཨ་ཀྲོ་ཏེ་ཀ་རྒྱུན་གྱི་སྔགས། །དེ་དག་བསྒྲུབ་པའི་དུས་སུ་ཡང་། །མི་ལུས་ཕྲ་མེན་མགོ་ཅན་རབ། །སྤུན་དང་བྲན་ཁོལ་ཕ་མ་དང་། །མཆོད་རྟེན་ཆེན་པོར་སྟོན་པ་དང་། །མེ་ཆེན་རྟག་ཏུ་འབར་བ་དང་། །རྒྱ་མཚོ་དག་ལ་མི་ནུབ་རྣམས། །དེ་དག་མ་བྱུང་བར་དུ་གྲངས། །བསྒྲུབ་པའི་མཚན་རྟགས་བྱུང་བ་དང་། །སྦྱོར་ཀ་ཉི་མ་བཞི་ལ་འཇུག །ཁུག་པའི་མཚན་


DNG015_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་བྱུང་བ་དང་། །གཡས་སྐོར་གསད་པའི་དྲག་སྔགས་དང་། །ནུབ་དྲིལ་དྲག་སྔགས་ལས་ལ་འཇུག །རྩ་བའི་ལྷ་རྣམས་མ་གྲུབ་པར། །ཕྲིན་ལས་སྔས་ཀྱང་ཆུད་ཟོས་པས། །ལྷ་གྲུབ་ནས་ནི་ལས་དག་བྱ། །ཁུགས་ནས་དེ་དག་གཡས་བསྐོར་བྱ། །དེ་ལྟར་བྱས་ན་གདོན་མི་ཟ། །གཤིན་རྗེ་གཤེད་པོས་གསུངས་པའི་དོན། །མ་ཁུགས་བར་དུ་གཡས་བསྐོར་ན། །ལྷ་རྣམས་དྲེད་ནས་ལས་མི་འགྲུབ། །ཁུགས་ནས་གཡས་སྐོར་བྱེད་དུས་སུ། །གཡོན་བསྐོར་བྱས་ན་སྔགས་ལོག་ནས། །རྣལ་འབྱོར་འཁོར་དུ་རྐྱེན་དུ་འགྱུར། །རོ་ལངས་དྲག་པོའི་སྔགས་སྔས་ན། །ལས་འདི་གང་གི་སྔགས་འཁྲུགས་ན། །ཡང་འདུག ། སྔགས་པ་རང་ཉིད་འཆི་བར་བཤད། །ས་མ་ཡ་དག་མ་བསྲུངས་ན། །ཚེ་སྲོག་བར་ཆད་དག་ཏུ་འགྱུར། །དབང་དུ་མ་འདུས་རྩེག་ལོག་ཚེ། །དབྱངས་ཀྱི་ཡི་གེ་བཟླས་པར་བྱ། །ཏིང་འཛིན་ཞེན་ན་སླར་ཚུར་གནོད། །ཆོས་ཉིད་དག་ལ་རྒྱབ་ཀྱང་གཏད། །མ་ཁུགས་པ་ལ་ཁུགས་དྲག་ན། །དྲེད་ནས་རབ་ཏུ་འགྲོ་བར་འགྱུར། །ལྡོག་འདྲ་དམ་ཚིག་ཁུགས་ཆུད་ན། །རོ་ཁུགས་ཆེན་པོ་བྱ་བར་གསུངས། །གཤིན་རྗེ་གཤེད་པོས་འདི་སྐད་གསུངས། །སྔགས་བདུན་འགྱུར་སྔགས་དག་གི་ཚད་མ་ནི། །བདག་གི་ཚད་མ་དག་ནི་ཏིང་ངེ་འཛིན། །ཡེང་ཡེང་སེང་སེང་བྱེད་ན་ཡེ་མི་འགྲུབ། །མྱོས་ཤིང་གཉིད་ཆེ་འཐིབས་པ་ན། །སྒྲིབ་པས་ཕོག་པས་བཤགས་པ་བྱ། །སྙིང་འཕྱོ་མི་དགའ་སྔགས་ནོར་དང་། །འབྲུ་ཆད་མ་ཚང་པ་རུ་བཤད། །ཚིག་ཚིག་གསལ་ན་ཐེབ་པ་ཡིན། །དགའ་ཞིང་གསལ་ན་འགྲུབ་པ་ཡིན། །དགྲ་བོའི་ཚད་མ་བཀའ་སྩལ་པ། །མི་གོ་མི་གསལ་བྱིང་བ་ནི། །རྒྱབ་བརྟེན་ཡོད་པས་མྱུར་མི་འགྲུབ། །བདག་པས་ཁོ་དག་ཟོར་མཐོ་ན། །བརྒྱབ་པས་མ་མོར་བསྐང་བཟློག་བྱ། །གཡག་རུ་བྱུང་ནས་གསད་ན་ལོ་རུ་འགོར། །ཏིང་འཛིན་གསལ་ཞིང་དངོས་བྱུང་ན། །ལོ་ཕྱེད་ཚུན་ཆོད་འགྲུབ་པར་བཤད། །ཏིང་འཛིན་གསལ་ཞིང་འཚིག་བྱེད་ན། །ཟླ་བ་ཚུན་ཆད་འཆི་བར་བཤད། །དེ་ནི་མི་འགྱུར་བ་ཡི་རྟགས། །ཕྱི་མ་རྣམས་ནི་ཡིད་མི་བརྟན། །གཡོན་གྱི་དྲིལ་སྔགས་དམ་ཚིག་ཡང་སྙིང་ལས། །སྔགས་འདི་དྲིལ་ལ་བྱ་བར་བཤད། །རྩ་བ་ཡང་སྙིང་དྲུག་པོ་དང་། །


DNG015_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུ་དགུ་པོ་ན་སྐུ་བསྐྱེད་དང་། །དེ་དག་ཉེ་བར་བསྙེན་པའོ། །སྲོག་གི་རྩ་བ་མཇུག་སྡུད་དོ། །ཡང་སྙིང་བསྒྲུབ་དང་ལས་བསྒྲུབ་པའོ། །དབྱངས་དང་དམ་ཚིག་དེ་ཁོ་ཉིད། །ལས་དེ་གང་བྱེད་མཇུག་ལ་གདགས། །སྨྱོ་འབོག་ལྐུགས་པ་ལྷོག་པ་དང་། །ཕོ་ལྷོག་གླང་འཐབ་གཟེར་ནད་དང་། །ཁྲག་སྐྱུག་རིམས་ནད་མཛེ་ཤུ་དང་། །ལྟས་ངན་ཆོ་འཕྲུལ་ཐོག་སེར་དང་། །གསོ་བསད་དབབ་བཅད་གང་བྱེད་ཀྱང་། །རྩ་བ་དམ་ཚིག་ཡང་སྙིང་དང་། །དབྱངས་ཀྱི་ཡང་སྙིང་མཇུག་དག་ལ། །སོ་སོའི་སྲོག་གི་སྙིང་པོ་དང་། །ལས་གང་བྱེད་པའི་སྔགས་དག་ནི། །འབྲུ་རེ་བཏགས་པས་འགྲུབ་པར་བཤད། །ཕྱི་ནས་བསྙེན་པ་རྫོགས་པ་ན། །ཉམས་སུ་ལོན་དང་གསང་རྒྱབ་དང་། །སུ་ཡང་རུང་སྟེ་ཐེ་ཚོམ་མེད། །བཟླས་པ་ལས་སུ་རུང་བ་དང་། །བརྡབས་ཤིང་སྤྲུགས་པས་འགྲུབ་པར་བཤད། །ཅེས་པ་གཤེད་པོས་རབ་ཏུ་བཤད། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། སྔགས་ཀྱི་ཡང་སྙིང་འཁྲུལ་འཁོར་གྱི་སྐབས་ཏེ་རྩ་གསུམ་པའོ།། །།དེ་ནས་བསད་པ་ལས་ཀྱི་ཡང་སྙིང་འདི་གསུངས་སོ། །བསྒྲུབ་པའི་དཀྱིལ་འཁོར་བྲི་བ་ཡང་། །འཁོར་ལོ་བཞི་ལ་བེ་ཅོན་བཞི། །འཁོར་ལོ་བརྒྱད་ལ་རལ་གྲི་བརྒྱད། །གོང་རས་རྡོ་རྗེ་བེ་ཅོན་དང་། །རལ་གྲི་ལ་སོགས་དགོད་པར་བྱ། །རྡོ་རྗེ་དག་གི་རྩེ་མོ་ལ། །མཱ་ར་ཡ་ཡི་མིང་དང་རུས། །གྲུ་གསུམ་ནང་དུ་ལིངྒ་གཞག །ཟླ་གམ་གསུམ་ལ་རྫས་གཞག་པ། །ནག་པོ་དག་ལ་དུག་ཐུན་གཞག །དམར་པོ་དག་ལ་ཁྲག་ཐུན་གཞག །སེར་པོ་དག་ལ་ཉུང་ཐུན་གཞག །འཁོར་ལོ་དེ་དག་ཁ་དོག་ཀྱང་། །གྲིར་ཤིའི་ཁྲག་གིས་དམར་པོར་བྱུག །མེད་ན་རང་ཀར་གཉའ་ནག་གི། །ཁྲག་གིས་དམར་པོར་བྱུག་པར་བྱའོ། །ཡང་ན་ར་རོག་གླང་རོག་གམ། །ཁྱི་ནག་སྙིང་དཀར་ཁྲག་གིས་བྱ། །གསད་པ་ལས་ཀྱི་སྔགས་འདི་བཟླས། །ཨོཾ་ཤྲི་ཡ་མཱནྟ་ཀ །ཡ་མ་རཱ་ཛ་ས་དོ་མེ་ཡ། ཡ་མེ་དོ་རུ་ཎ་ཡོ་ད་ཡ།ཡ་ད་ཡོ་ནི། ར་ཡ་ཀྵེ་ཡ། ཡ་ཀྵེ་ཡཙྪ་ནི་རཱ་མ་ཡ། དགྲ་བོའི་ཙིཏྟ་ལ་མཱ་ར་ཡ་ཧཱུཾ་ཕཊ། ཨོཾ་ཤྲི་མཉྫུ་ཡ་མ་རཱ་ཛ་ཛ། ཡ་མཱནྟ་ཀ་ཨེ་ཀ་ཛ་ཏི་ཛ་ཛ། ཙིཏྟ་ཁར་རྦད་རྦད།


DNG015_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཤཾ་དུ་ཙིཏྟ་གུག་ལི་རྦད་རྦད། དགྲ་བོ་ནྲྀ་ཛ་ཛ། ཨོཾ་ཤྲི་མཉྫུ་ཡ་མ་རཱ་ཛ་བེ་ཏཱ་ལཱི་ཀྲོ་དྷཱི་ཤྭ་རཱི། སྙིང་ཁ་རག་ས་མ་ཡ་ཐུམ་རིལ་རྦད། ཡ་མ་རཱ་ཛ་ས་དོ་མེ་ཡ་ཁྲག་ལ་དོ་རུ་མེ་ཡ། དགྲ་བོའི་ཀླད་པ་ལ་ཧ་རེ་ཧོ་རེ་བམ་རིལ་རྦད། ཡ་མ་རཱ་ཛ་ས་དོ་མེ་ཡ། ཡ་མེ་དོ་རུ་ཀྵ་ཡ། སྙིང་གོ་ཆོད་ཤ་ཆེ་གེ་མོ་གློ་སྙིང་རྩ་ལ་མཱ་ར་ཡ་རྦད། དོ་རུ་མེ་ཡ་ཅེས་བརྡེག་གོ། །གསད་པ་ལས་ཀྱི་ཡང་སྙིང་ནི། ཡ་ད་མེ་ཡིས་གསད་དོ། །གཤིན་རྗེའི་བྱ་ཙ་ཡེ། སིངྷ་ཡེ། ཧྲི་ཏ་ཡེ། མ་མོའི། ཙིཏྟ་ཡ། བྱ་ཙ་ཡ། ཧ་ལ་ཡེ། ཡི་གེ་འབྲུ་དགུ་གསད་པའི་ངན་སྔགས་འདི། །ཡང་སྙིང་གསང་བ་ནམ་མཁའི་ཐོག་དང་འདྲ། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས།) ཡང་སྙིང་གསང་བའི་སྐབས་ཏེ་རྩ་བཞི་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས་འདི་སྐད་གསུངས་སོ། །ཨ་ཨཱ། ཨི་ཨཱིཾ། ཨུ་ཨཱུ། ཨེ་ཨཻ། རྀ་རཱྀ། ལྀ་ལཱྀ། ཨོ་ཨཽ། ཨཾ་ཨཿ། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ། སྔགས་ཀྱི་འཁྲུལ་འཁོར་མན་ངག་ལ། །ཕྱི་ནང་གསང་བ་གསུམ་དུ་བཤད། །དེ་ལ་གསུམ་གསུམ་དགུ་རུ་བཤད། །ཕྱི་ཡི་ཕྱི་ལྟར་གྲངས་པ་ནི། །ཉི་མ་དང་པོ་དག་ལ་ཡང་། །ཡ་མ་རཱ་ཛ་ས་དོ་མེ་ཡ། ཨ་མུ་ཀཾ་པྲ་མ་ཡ་ནྲྀ་ཤ་ཀུ་རུ་ཧཱུཾ་ཕཊ། ཉི་མ་གཉིས་པ་དག་ལ་ཡང་། །ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཨ་མུ་ཀཾ་རཀྟ་ཙ་ར་ཡ་ཧཱུཾ་ཕཊ། ཉི་མ་གསུམ་པ་དག་ལ་ཡང་། །ཡ་ད་ཡོ་ནི་ར་ཡ་ཀྵེ་ཡ། ཨ་མུ་ཀཾ །མུ་ར་ཙ་ཡ་ཧཱུཾ་ཕཊ། ཉི་མ་བཞི་པ་དག་ལ་ཡང་། །ཡ་ཀྵེ་ཡ་ཙྪ་ནི་རཱ་མ་ཡ། ཨ་མུ་ཀཾ་མཱ་ར་ཡ་ཧཱུཾ་ཕཊ། དེ་དག་ལས་ཀྱི་མཐའ་སྡུད་ནི། །ཨཱོཾ་མཉྫུ་ཤྲཱི་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཀ་ལ་རུ་པ་ནྲྀ་ཤ་ཀུ་རུ་ནི་ཧཱུཾ་ཕཊ། ཅེས་བཟླས་ཏེ། ལས་ཀྱི་མཐའ་སྡུད་ཉི་མ་བཞི་པའི་ཁ་སྐོང་ངོ་། །ཕྱི་ཡི་ནང་དུ་གྲངས་པ་ནི། །ཡ་མ་ར་ཛཱ་ས་དོ་མེ་ཡ། ཡ་མེ་དོ་རུ། ཎ་ཡོ་ད་ཡ། ཡ་ད་ཡོ་ནི། ར་ཡ་ཀྵེ་ཡ།ཡ་ཀྵེ་ཡ་ཙྪ་ནི་རཱ་མ་ཡ། གཞི་སྙིང་དྲིལ་ལ་གཡོན་དུ་དྲང་། །ཕྱི་ཡི་གསང་


DNG015_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

བར་གྲངས་པ་ནི། །ཡ་མ་ར་ནི་ཙ་ཡ་ཀྵེ་ཡ། ཡ་ཀྵེ་ཡ་ཙྪ་ནི་ཡོ་ཏ་ཡ། ཡ་ཡོ་ནི་རུ་དོ་མེ་ཡ། ཡ་མེ་དོས་ཛ་རཱ་མ་ཡེ། ཞི་སྙིང་དྲིལ་ལ་གཡས་སུ་བསྐོར། །ནང་གི་ཕྱི་ལྟར་གྲངས་པ་ནི། །རྩ་བ་མི་འགྱུར་སྙིང་པོ་སྟེ། །སྔོན་དུ་འགྲོ་བའི་བསྙེན་པ་ནི། །ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷན་ཛ་ཧཱུཾ་ཕཊ། ནང་གི་ནང་དུ་གྲངས་པ་ནི། །ཉེ་བར་བསྒྲུབ་པ་ཞེས་ཀྱང་བྱ། །ལས་ལ་སྦྱོར་བའི་སྙིང་པོ་ཁྲི་ཡང་བཟླས། །ཡ་མ་མེ་ད་ཀྵེ་ར་ཙ་ས་དོ་རུ་ཎ་ཡོ་ནི་ར་ཡ་ཙྪ་ནི། ནང་གི་གསང་བར་དྲངས་པ་ནི། །འཕྱེ་བོའི་འགྲོས་ཞེས་བྱ་བ་དང་། །གསང་བའི་ཕྲིན་ལས་གསད་པ་ལ། །ཡ་མ་ཀྵེ་ད་མེ་རཱ་ནི་ཙྪ་ཡ་ར་ནི་ཡོ་ཎ་རུ་དོས་ཛ་ཞེས་གཡས་སྐོར་དུ་གྲངས་སོ། །གསང་བའི་ཕྱི་ལྟར་གྲངས་པ་ནི། །བསྒྲུབ་པའི་དྲག་སྔགས་འབྲུ་བདུན་པ། །གཡོན་དུ་འབྲུ་བདུན་གྲངས་པར་བྱ། །ཉི་མ་དང་པོ་དག་ལ་ཡང་། །ཡ་མ་རཱ་ཛ་ས་དོ་མེ། །མ་རཱ་ཛ་ས་དོ་མེ་ཡ། །རཱ་ཛ་ས་དོ་མེ་ཡ་མ། །ཛ་ས་དོ་མེ་ཡ་མ་རཱ། །ས་དོ་མེ་ཡ་མ་རཱ་ཛ། །ཏོ་མེ་ཡ་མ་རཱ་ཛ་ས། །མེ་ཡ་མ་རཱ་ཛ་ས་དོ། །ཉི་མ་དང་པོར་ཁྲི་ཁྲི་བཟླས། །ཉི་མ་གཉིས་པ་དག་ལ་ཡང་། །ཡ་མེ་དོ་རུ་ཎ་ཡོ་ད། །མེ་དོ་རུ་ཎ་ཡོ་ད་ཡ། །དོ་རུ་ཎ་ཡ་ད་ཡ་མེ། །རུ་ཎ་ཡོ་ད་ཡ་མེ་དོ། །ཎ་ཡོ་ད་ཡ་མེ་དོ་རུ། །ཡོ་ད་ཡ་མེ་དོ་རུ་ཎ། །ད་ཡ་མེ་དོ་རུ་ཎ་ཡོ། །ཉི་མ་གཉིས་པར་ཁྲི་ཁྲི་བཟླས། །ཉི་མ་གསུམ་པ་དག་ལ་ཡང་། །ཡ་ད་ཡོ་ནི་ར་ཡ་ཀྵེ། །ད་རོ་ནི་ཡ་ཡ་ཀྵེ་ཡ། །ཡོ་ནི་ར་ཡ་ཀྵེ་ཡ་ད། །ནི་ར་ཡ་ཀྵེ་ཡ་ད་ཡོ། །ར་ཡ་ཀྵེ་ཡ་ད་ཡོ་ནི། །ཡ་ཀྵེ་ཡ་ད་ཡོ་ནི་ར། །ཀྵེ་ཡ་ད་ཡོ་ནི་ར་ཡ། །ཉི་མ་གསུམ་པར་ཁྲི་ཁྲི་བཟླས། །ཉི་མ་བཞི་པ་དག་ལ་ཡང་། །ཡ་ཀྵེ་ཡ་ཙྪ་ནི་རཱ་མ། །ཀྵེ་ཡ་ཙྪ་ནི་རཱ་མ་ཡ། །ཡ་ཙྪ་ནི་རཱ་མ་ཡ་ཀྵེ། །ཙྪ་ནི་རཱ་མ་ཡ་ཀྵེ་ཡ། །ནི་རཱ་མ་ཡ་ཀྵེ་ཡ་ཙྪ། །རཱ་མ་ཡ་ཀྵེ་ཡ་ཙྪ་ནི། །མ་ཡ་ཀྵེ་ཡ་ཙྪ་ནི་རཱ། །ཉི་མ་བཞི་པར་ཁྲི་ཁྲི་བཟླས། །གཡོན་དུ་མགོ་གཅོད་དེ་བཞིན་བསྐོར། །དང་པོའི་ནུབ་མོར་གྲངས་པ་ནི། །ཡ་མ་མེ་ད་ཀྵེ་ཧྲཱྀཿཤྟྲཱིཿཨ་མུ་ཀཾ་ཆེ་གེ་མོ་པྲ་མ་ཡ་རྦད་ཡ། ནུབ་གཉིས་པ་ལ་གྲངས་པ་ནི། །རཱ་ཛ་ས་དོ་ཧྲཱྀཿཤྟྲཱིཿཨ་མུ་ཀཾ་ཆེ་གེ་མོ་རཀྟ་ཙ་ར་ཡ་རྦད་ཡ། ནུབ་གསུམ་པ་ལ་


DNG015_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་པ་ནི། །རུ་ཎ་ཡ་ནི་ཧྲཱྀཿཤྟྲཱིཿཨ་མུ་ཀཾ་ཆེ་གེ་མོ་མུར་ཙ་ཡ་རྦད་ཡ། ནུབ་བཞི་པ་ལ་གྲངས་པ་ནི། །རཱ་ཡ་ཙྪ་ནི་ཧྲཱྀཿཤྟྲཱིཿཨ་མུ་ཀཾ་ཆེ་གེ་མོ་མཱ་ར་ཡ་རྦད་ཡ། གསང་བའི་གསང་བར་གྲངས་པ་ནི། །གསོད་པའི་དྲག་སྔགས་བདུན་པ་སྟེ། །གཡས་སུ་བདུན་སྐོར་གྲངས་པར་བྱ། །ཡ་མ་རཱ་ནི་ཙྪ་ཡ་ཀྵེ། །མ་རཱ་ནི་ཙྪ་ཡ་ཀྵེ་ཡ། །རཱ་ནི་ཙྪ་ཡ་ཀྵེ་ཡ་མ། །ནི་ཙ་ཡ་ཀྵེ་ཡ་མ་རཱ། །ཙྪ་ཡ་ཀྵེ་ཡ་མ་རཱ་ནི། །ཡ་ཀྵེ་ཡ་མ་རཱ་ནི་ཙྪ། །ཀྵེ་ཡ་མ་རཱ་ནི་ཙྪ་ཡ། །ཉི་མ་གཉིས་པ་མན་ཆད་ལ། །གཡས་སུ་བསྐོར་བས་སྟེང་ཡང་གཅོད། །གསང་བའི་གསང་བར་གྲངས་པ་ནི། །ནུབ་ནི་དང་པོར་གྲངས་པར་བྱ། །ཡ་མ་ཀྵེ་ད་མེ་ཧྲཱྀཿཤྟྲཱིཿཀ་པ་ཡེ་དགྲ་བོ་པྲ་མ་ཡ་རྦད་ཡ། ནུབ་གཉིས་པ་ལ་གྲངས་པ་ནི། །རཱ་ནི་ཙ་ཡ་ཧྲཱྀཿཤྟྲཱིཿཀ་པ་ཡེ། དགྲ་བོ་རཀྟ་ཙར་ཡ་རྦད་ཡ། ནུབ་གསུམ་པ་ལ་གྲངས་པ་ནི། །རཱ་ནི་ཡོ་ནི་ཧྲཱྀཿཤྟྲཱིཿཀ་པ་ཡེ། དགྲ་བོ་མུར་ཙ་ཡ་རྦད་ཡ། ནུབ་བཞི་པ་ལ་གྲངས་པ་ནི། །རུ་དོས་ཛ་ཧྲཱྀཿཤྟྲཱིཿཀ་པ་ཡེ། དགྲ་བོ་མཱ་ར་ཡ་རྦད་ཡ། རྩ་བའི་དམ་ཚིག་ཡང་སྙིང་ལས་ལ་སྦྱོར། །གཞི་སྙིང་གཅིག་ཏུ་དྲིལ་བ་ནི། །གསང་བའི་གསང་བར་གྲངས་པ་ནི། །དྲག་པོ་གནམ་ཐུས་ཞེས་ཀྱང་བྱ། །དུས་དང་ཚེས་དང་ལས་ཟད་དང་། །བསོད་ནམས་ཟད་དང་སྐལ་བ་ཟད། །ཡི་གེ་ཟད་ཅེས་བྱ་བའོ། །དེ་ལྟར་བྱས་ན་སུ་ན་སུ། །ག་ན་གང་ལ་བྱས་ཀྱང་རུང་། །རུ་ཁུགས་ཆེན་པོ་ཞེས་ཀྱང་བྱ། །དྲག་པོ་སྟག་མཆོངས་ཞེས་ཀྱང་བྱ། །བྱ་རོག་ཁུ་འཕྲིགས་ཞེས་ཀྱང་བྱ། །ཉི་མ་བཞི་པའི་ལས་ལ་འཇུག །ཉི་མ་དང་པོ་དག་ལ་ཡང་། །ཚངས་པའི་མགོ་བཅད་བསྐོར་བའི་ཕྱིར། །སྔགས་དང་བེ་ཅོན་ཕྱག་རྒྱ་བཅའ། །ཉི་མ་གཉིས་པ་དག་ལ་ཡང་། །ཁ་ནས་ཁྲག་སྐྱུགས་གཞུག་པའི་ཕྱིར། །སྔགས་དང་ལུས་བྲལ་ཕྱག་རྒྱ་བཅའ། །ཉི་མ་གསུམ་པ་དག་ལ་ཡང་། །ཙིཏྟ་གཟེར་དུ་གཞུག་པའི་ཕྱིར། །སྔགས་དང་སྙིང་གཤག་ཕྱག་རྒྱ་བཅའ། །ཉི་མ་བཞི་པ་དག་ལ་ཡང་། །གཟུགས་ཕུང་བརླག་པར་བྱ་བའི་ཕྱིར། །མཱ་ར་ཡ་ཉིད་གདོན་མི་ཟ། །སྔགས་དང་འཁོར་ལོའི་ཕྱག་རྒྱ་བཅའ། །རང་རང་དྲག་པོའི་སྔགས་རྒོད་ལ། །


DNG015_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

དད་པ་དག་ལ་ལྷ་བསྙེན་པ། །སྐུ་གསུང་ཐུགས་ཀྱི་བསྙེན་པས་བསྙེན། །ཁུགས་པའི་རྟགས་རྣམས་བྱུང་བ་དང་། །གཟས་པ་དགུག་པའི་ལས་བྱས་ཏེ། །ཉི་མ་དང་པོ་དག་ལ་ཡང་། །ཡ་མ་རཱ་ཛ་ས་དོ་མེ་ཡ། ཆེ་གེ་མོ་ནི་ཨཱ་ཀཪྵ་ཡ་ཧཱུཾ་ཛ། ཉི་མ་གཉིས་པ་དག་ལ་ཡང་། །ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཆེ་གེ་མོ་ཨཱ་ཡུརྫྙཱ་ན་ཨཱ་ཀཪྵ་ཡ་ཧཱུཾ་ཛ། ཉི་མ་གསུམ་པ་དག་ལ་ཡང་། །ཡ་ད་ཡོ་ནི་ར་ཡ་ཀྵེ་ཡ། ཆེ་གེ་མོ་ཏྲི་ཡང་ནྲྀ་མ་ཨཱ་ཀཪྵ་ཡ་ཧཱུཾ་ཛཱ། ཉི་མ་བཞི་པ་དག་ལ་ཡང་། །ཡ་ཀྵ་ཡ་ཙྪ་ནི་རཱ་མ་ཡ། ཆེ་གེ་མོ་རཱུ་པ་སྐནྡྷ་ཨཱ་ཀཪྵ་ཡ་ཧཱུཾ་ཛ། དེ་ནས་དབྱེ་བའི་ལས་བྱ་སྟེ། །ཉི་མ་དང་པོ་དག་ལ་ཡང་། །སྲོག་ལྷ་དག་དང་དབྱེ་བར་བྱ། །བྱ་རོག་འུག་པའི་གུང་རུ་ལ། །མཱ་ར་ཡ་ཡི་མིང་རུས་བསྐྱོན། །གུ་གུལ་དུད་པས་བདུག་བྱ་ཞིང་། །ཡ་མ་རཱ་ཛ་ས་དོ་མེ་ཡ་དེ་བ་ཤག་སྲོག་གི་ལྷ་དང་ཕྱེས་ཤིག །གཉིས་པ་དག་ལ་ཕོ་ལྷ་དང་། །གསུམ་པ་དག་ལ་ཡུལ་ལྷ་དང་། །བཞི་པ་དག་ལ་དགྲ་ལྷ་དང་། །ལྷ་རྣམས་དག་ལ་ཕྱ་ཞེས་བྱའོ། །ཕྱི་ནང་གསང་བའི་སྔགས་ཀྱིས་ཀྱང་། །ཉུང་དཀར་དག་ལ་སྔགས་ཤིང་བརྡེག །ཡ་མཱནྟ་ཀ་གསལ་བསྒོམས་ལ། །ཕུར་བུ་དག་གིས་བརྡེག་པར་བྱ། །ཨཱོཾ་ནྲྀ་མཱ་ར་ཡ་དུ་ཡ་མ་སྙིང་ཡ་མ་ཁྲག་ཚལ་པ། བཾ་རིལ་དུམ་བུ་དུམ་བུ་གཤིན་རྗེ་ནག་པོ་དེ་བ་ཀུཾ་ཁུག་དགྲ་བོ་མཱ་ར་ཡ་ཛ། ཨོཾ་ནྲྀ་མ་ར་ནི་ཧྲི་ད་ཡ་ན་ཏ་ཀི་རཱ་ཙ་བེ་ཏཱ་ལཱི་ཀྲོ་དྷཱི་ཤྭ་རཱི་སྙིང་མགོ་ཆོད། རྩ་ལ་ཞེན་ཁྲག་ལ་མགོ་ཆོད། ཁྲག་ལ་ཀཱི་ལི་ཀཱི་ལ་ཡ་བཾ་རིལ་རྦད། ཡ་མ་རཱ་ཛ་ས་དོ་མེ་དུན་བྷྱོ། ཡ་མེ་དོ་རུ་མེ་ཡ།ཡ་ད་ཡོ་ནི། སྙིང་ལ་ཀྵེ་ཡ་མེ། བཾ་རིལ་རྦད། རབ་ཏུ་ཁྲོས་ཏེ་ཕུར་པ་བརྡེག །གང་ལ་བྱ་བ་ཐོགས་མེད་ཀྱིས། །མཐུ་སྟོབས་བདག་པོས་རབ་ཏུ་ཟུང་། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། འཁྲུལ་འཁོར་མན་ངག་གི་སྐབས་ཏེ་རྩ་ལྔ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་མཐུ་སྟོབས་ཀྱི་བདག་པོ་དཔལ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་ཆེད་དུ་བརྗོད་དོ། །ཉོན་ཅིག་ཟུང་ཞིག་རྡོ་རྗེ་འཛིན་པ་ཁྱེད། །ཐུགས་ཀྱི་སྙིང་པོ་ཀ་བཞི་


DNG015_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

གདུང་བརྒྱད་འདིས། །མ་ནོར་བཟླས་ན་ཅི་ཡང་འགྲུབ་པར་ངེས། །ཡ་མ་རཱ་ཛའི་སྙིང་པོ་ཀ་བ་གཅིག་པ་ནི། ཡ་མ་རཱ་ཛ་ས་དོ་མེ་ཡ།མྱོས་བྱེད་འབར་བའི་སྙིང་པོ་ཀ་བ་གཉིས་པ་ལ། ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཨཱརྱ་མ་རུའི་སྙིང་པོ་ཀ་བ་གསུམ་པ་ལ། ཡ་ད་ཡོ་ནི་ར་ཡ་ཀྵེ་ཡ། རལ་པ་ཚར་དགུའི་སྙིང་པོ་ཀ་བ་བཞི་པ་ལ། ཡ་ཀྵེ་ཡ་ཙྪ་ནི་རཱ་མ་ཡ། དེ་ནི་འདེགས་པའི་ཀ་བ་བཞི་པ་སྟེ། །ཚངས་པའི་མགོ་དང་མགྲིན་པ་དང་། །ལུས་དང་ལྟོ་བ་བཞི་ནས་འདེགས། །ཡང་ན་ཡན་ལག་བཞི་ནས་འཇོམས། །གདུང་བརྒྱད་རླག་བྱེད་འཇོམས་པའི་ལས། །རྩ་ཆེན་བརྒྱད་དང་རྣམ་ཤེས་བརྒྱད། །དེ་དག་རིམ་གྱིས་འཇོམས་པར་བྱེད། །ཡ་མ་རཱ་ཛ་ས་དོ་མེ་ཡ། ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཡ་ད་ཡོ་ནི་ར་ཡ་ཀྵེ་ཡ། ཡ་ཀྵེ་ཡ་ཙྪ་ནི་རཱ་མ་ཡ། ཞེས་པ་ཀ་བཞི་གདུང་བརྒྱད་དོ། །གདུང་རེ་ལ་ཡང་ཀ་ཆེན་བཞི། །རྩ་རླུང་བཞི་དང་རྩ་ཆེན་བཞི། །ཀ་བཞི་རྩ་རླུང་བཞི་ཡང་འཇོམས། །གདུང་བརྒྱད་རྩ་ཆེན་བརྒྱད་ཀྱང་འཇོམས། །ཡ་མཱནྟ་ཀ །ཡ་མ་རཱ་ཛ། ས་དོ་མེ་ཡ། ཡ་མེ་དོ་རུ། ཎ་ཡོ་ད་ཡ། ཡ་ད་ཡོ་ནི། ར་ཡ་ཀྵེ་ཡ། ཡ་ཀྵེ་ཡ་ཙྪ། ནི་རཱ་མ་ཡ། ཡ་ལ་སོགས་པ་བཅུ་གཉིས་ནི། །ཡ་མཱནྟ་ཀ་ཡབ་ཡུམ་གཉིས། །ཕྱོགས་སྐྱོང་བཅུ་ཡི་སྙིང་པོ་ཡིན། །ཕྱི་མ་ལྷ་གཞན་སྙིང་པོ་སྟེ། །ཡིག་འབྲུ་སུམ་ཅུ་རྩ་གཉིས་ནི། །འཕྲུལ་གྱི་ཡིག་འབྲུ་སུམ་ཅུ་གཉིས། །ཡ་སྩོགས་བརྒྱད་པ་ཞེས་ཀྱང་གྲགས། །ཚོགས་བརྒྱད་འཇོམས་པའི་ཕུང་སྲི་སྟེ། །ཡེ་ཤེས་ལྷ་ཡི་སྙིང་པོ་དང་། །འཇིགས་བྱེད་ལྷ་སྲིན་ཀུན་གྱི་སྙིང་པོ་སྟེ། །ཤིན་ཏུ་གསང་བར་གཤེད་པོས་བཤད། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། ཀ་བཞི་གདུང་བརྒྱད་ཀྱི་སྐབས་ཏེ་རྩ་དྲུག་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས། ཐུགས་གསང་བ་འབྲུ་ཤག་གྲོང་ཁྱེར་འདི་གསུངས་སོ། །ཡ། མ། རཱ། ཛ། ས། དོ། མེ། ཡ། ཡ། མེ། དོ། རུ། ཎ། ཡོ། ད། ཡ། ཡ། ད། ཡོ། ནི། ར། ཡ། ཀྵེ། ཡ། ཡ། ཀྵེ། ཡ། ཙྪ། ནི། རཱ། མ། ཡ།


DNG015_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

ཡ། མ། རཱ། ཛ། ས། དོ། མེ། ཡ། ཡ། མེ། དོ། རུ། ཎ། ཡོ། ད། ཡ། ཡ། ད། ཡོ། ནི། ར། ཡ། ཀྵེ། ཡ། ཡ། ཀྵེ། ཡ། ཙྪ། ནི། རཱ། མ། ཡ། ཡ། མ། རཱ། ཛ། ས། དོ། མེ། ཡ། ཡ། མེ། དོ། རུ། ཎ། ཡོ། ད། ཡ། ཡ། ད། ཡོ། ནི། ར། ཡ། ཀྵེ། ཡ། ཡ། ཀྵེ། ཡ། ཙྪ། ནི། རཱ། མ། ཡ། ཡི་གེ་གཤིན་རྗེའི་འབྲུ་ཤག་སྟེ། །ཡི་གེ་གཤིན་རྗེའི་འབྲུ་ཤག་ཡིན། །རྡོ་རྗེ་འཛིན་པས་རབ་ཏུ་ཟུང་། །འཇམ་དཔལ་ཟླ་གསང་ནག་པོའི་རྒྱུད་ལས། འབྲུ་ཤག་གྲོང་ཁྱེར་གྱི་སྐབས་ཏེ་རྩ་བདུན་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས་འདི་སྐད་ཅེས་གསུངས་སོ། །ཉོན་ཅིག་ཟུང་ཞིག་རྡོ་རྗེ་འཛིན། །ངས་གསུངས་པ་ལ་སེམས་ཐུད་ཅིག །ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །བསྟན་པ་འཛིན་སྐྱོང་བསྲུང་དང་གསུམ། །བསྟན་པ་བཤིགས་པའི་དགྲ་དེ་ལ། །དྲག་པོ་ལས་ཀྱི་མཐར་བྱ་བ། །དུས་ནི་རང་བྱུང་དགྲ་ལ་བྱ། །དུས་དང་ཁམས་དང་གྱུར་པ་དང་། །རང་བྱུང་དོན་དེ་བཞི་རུ་འདོད། །དེ་ལ་བསྐུལ་བ་རྣམ་བཞི་བྱ། །རྫས་དང་སྔགས་དང་ཏིང་འཛིན་དང་། །བསྐུལ་བའི་དོན་དེ་བཞི་རུ་འདོད། །དེ་ཡི་སྔོན་དུ་བསྙེན་བསྒྲུབ་བྱ། །བསྙེན་བསྒྲུབ་སོང་ནས་བསྐུལ་བ་ནི། །འཁོར་ལོ་དང་ནི་ལིངྒ་དང་། །ཉི་མ་དང་ནི་གཤིན་རྗེ་དང་། །གསང་སྔགས་དང་ནི་ཏིང་འཛིན་དག་དང་དྲུག །འཁོར་ལོ་ལ་ཡང་རྣམ་གསུམ་སྟེ། །ཕྱི་ནང་གསང་བ་གསུམ་དུ་འདུས། །འཁོར་ལོ་དེ་དག་རེ་རེ་ལ། །བྲི་དང་སྒྲ་དང་ལས་དང་ནི། །རང་གི་ངོ་བོ་དག་དང་ལྔའོ། །དེ་བཞིན་ལིངྒ་དག་ལ་གསུམ། །ཕྱི་ནང་གསང་བ་གསུམ་དུ་འདུས། །ལིངྒ་དེ་དག་རེ་རེ་ལ། །རྒྱུ་དང་བཅའ་དང་སྒྲ་དང་ལས། །རང་གི་ངོ་བོ་དག་དང་ལྔའོ། །དེ་བཞིན་སྔགས་ལ་རྣམ་གསུམ་སྟེ། །ཕྱི་ནང་གསང་བ་གསུམ་དུ་འདུས། །དེ་བཞིན་དྲག་སྔགས་རེ་རེ་ལ། །རྒྱུ་དང་བཏུ་དང་ལས་སྔགས་དང་། །བཟླས་དང་ང་རོ་སྒྲ་དང་ལས། །ཉི་མ་ལ་ཡང་རྣམ་གསུམ་སྟེ། །ཕྱི་ནང་གསང་བ་གསུམ་དུ་འདུས། །ཉི་མ་དེ་དག་རེ་རེ་ལ། །རང་གི་ངོ་བོ་རྒྱུ་དང་གནས། །སྒྲ་དང་ལས་དེ་རྣམ་པ་ལྔའོ། །གཤིན་རྗེ་ལ་ཡང་རྣམ་གསུམ་སྟེ། །ཕྱི་ནང་གསང་བ་གསུམ་དུ་འདུས། །གཤིན་རྗེ་


DNG015_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་རེ་རེ་ལ། །རང་གི་ངོ་བོ་རྒྱུ་དང་སྒྲ། །གནས་དང་ལས་ཏེ་ལྔ་རུ་བསྟན། །གཤིན་རྗེ་དེ་དག་གནས་པས་ན། །གཤིན་རྗེའི་གྲོང་ཁྱེར་ཞེས་ཀྱང་བྱ། །གྲོང་ཁྱེར་དེ་རུ་སེམས་ཅན་ཀུན། །ཁྲིད་དང་དགུག་དང་གནས་པས་ན། །སྲིད་པ་གསུམ་གྱི་གནས་ས་ཡིན། །ཏིང་ངེ་འཛིན་ལ་རྣམ་གསུམ་སྟེ། །ཕྱི་ནང་གསང་བ་གསུམ་དུ་འདུས། །གསུམ་པོ་དེ་དག་རེ་རེ་ལ། །བྱིན་བརླབ་བཟླས་པ་ཏིང་འཛིན་དང་། །ངོ་བོ་རྒྱུ་དང་ལས་དང་སྒྲ། །དེ་དག་རྣམ་པ་དྲུག་ཏུ་འདོད། །ཕོ་དང་མོ་ཡི་མཚན་ཉིད་ཀྱང་། །གཡས་དང་གཡོན་གྱི་བྱེ་བྲག་གིས། །འགྲོ་བའི་ཆོས་བཞིན་གཅོད་པར་བྱེད། །དྲག་པོའི་ངན་སྔགས་ཕུང་བྱེད་འདི། །གཤིན་རྗེ་གཤེད་པོས་རབ་ཏུ་བསྔགས། །རྡོ་རྗེ་འཛིན་པས་རབ་ཏུ་ཟུང་། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། ནག་པོ་གསལ་བྱེད་སྒྲོན་མའི་སྐབས་ཏེ་རྩ་བརྒྱད་པའོ།། །།གཤིན་རྗེ་གཤེད་ཀྱིས་གསུངས་པའི་དོན། །ཉོན་ཅིག་ཟུང་ཞིག་རྡོ་རྗེ་འཛིན། །གསང་བར་བརྒྱུད་དུ་བརྣག་པའི་ལུང་། །དོན་གཉིས་དག་ཏུ་ཤེས་པར་བྱ། །བསྙེན་བསྒྲུབ་དང་ནི་ཕྲིན་ལས་སོ། །བསྙེན་པ་ལ་ཡང་རྣམ་གཉིས་ཏེ། །སྔོན་དུ་འགྲོ་བའི་ཆོ་ག་སྟེ། །བསོད་ནམས་བསག་པར་བསྟན་པ་དང་། །བསྙེན་པ་དངོས་ཉིད་བསྟན་པའོ། །ཐབས་དང་དགོས་པ་རྣམ་གཉིས་ཀྱིས། །བསོད་ནམས་བསགས་པའི་ཆོ་གར་འདོད། །ངོ་བོ་དབྱེ་བ་ངེས་པའི་ཚིག །དགོས་ཆེད་རྣམ་པ་བཞི་ཡིན་ནོ། །བསྙེན་པའི་དབྱེ་བ་བསྟན་པ་ཡིན། །བསྒྲུབ་པ་ལ་ཡང་བཅུ་གཉིས་ཏེ། །གནས་དང་བརྟུལ་ཞུགས་མཚན་མ་གཞག །མཆོད་རྫས་གཞག་དང་དངོས་གྲུབ་རྟེན། །དམ་ཚིག་ཏིང་འཛིན་འཕྲོ་འདུ་དང་། །གྲུབ་པའི་རྟགས་དང་བླང་བའི་ཐབས། །བར་དུ་གཅོད་པའི་བགེགས་དང་ནི། །སྒྲུབ་པའི་དུས་དང་སྤོགས་པའི་ཐབས། །སྤོགས་པ་ཆེན་པོའི་ཆོ་ག་སྟེ། །དྲག་ཤུལ་ཏིང་འཛིན་བཅུ་གཉིས་ཀྱིས། །དངོས་གྲུབ་བླང་བའི་ཆོ་གར་འདོད། །ཕྲིན་ལས་དག་ལ་རྣམ་གསུམ་སྟེ། །འཁོར་ལོ་བསྐོར་དང་


DNG015_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

གནན་བསྲེག་པའོ། །དུས་དང་གང་ཟག་བསྐོར་བའི་གནས། །ངོ་བོ་དབྱེ་བ་ངེས་པའི་ཚིག །འཁོར་ལོ་རྒྱུ་རྐྱེན་མཐུན་པའི་དཔེ། །སྒྲུབ་བྱེད་གྲོགས་དང་མ་གྲུབ་སྐྱོན། །གྲུབ་པའི་ཐབས་དང་སྤོགས་པའི་ཐབས། །དབྱེ་བ་བཅུ་གསུམ་ཆ་ཡི་ངག །ཅེས་གཤིན་རྗེ་གཤེད་པོས་རབ་ཏུ་བརྗོད། དཔལ་ཟླ་གསང་ནག་པོའི་རྒྱུད་ལས། ལས་ཀྱི་མདོ་བྱང་གི་སྐབས་ཏེ་རྩ་དགུ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོས་འདི་སྐད་ཅེས་གསུངས་སོ། །དུས་ཚོད་མཚོན་ཆ་རྣོན་པོ་ལ། །རྡོ་རྗེ་སློབ་དཔོན་སྐུ་དགྲ་སོགས། །ཐེ་ཚོམ་མེད་པར་བསྒྲལ་བས་འགྲུབ། །ཕག་སྦྲུལ་སྟོན་དཔྱིད་ར་བ་ལ། །བྱི་བ་རྟ་ནི་སྟོན་དཔྱིད་འབྲིང་། །སྟོན་དཔྱིད་ཐ་ཆུང་གླང་ལུག་ལའོ། །སྟག་སྤྲེལ་དབྱར་དགུན་ར་བར་ཤིས། །དབྱར་དགུན་འབྲིང་པོ་བྱ་ཡོས་ལའོ། །ཁྱི་འབྲུག་དབྱར་དགུན་ཐ་མར་འགྲུབ། །དེ་ནི་ལོ་གཤེད་ཟླ་བའི་ཀེག །ཁྱད་པར་ཉི་མའི་གཤེད་གཉིས་ཏེ། །དབྱར་རླུང་འཇུག་ཅིང་དགུན་རླུང་འབྱུང་། །དེ་ཡི་དུས་སུ་གསད་པ་ཤིས། །ཞག་གི་གཤེད་དུ་གྱུར་པ་ཡང་། །ར་བ་བཞི་ལ་བཅུ་བཞི་ཤིས། །འབྲིང་པོ་བཞི་ཡི་བཅོ་ལྔ་ལ། །ཐ་ཆུང་བཞི་ཡི་བཅུ་དྲུག་གོ། །ཚེས་བཞི་བརྒྱད་དང་བཅུ་གཅིག་དང་། །བཅོ་ལྔ་བཅོ་བརྒྱད་ཉི་ཤུ་གཉིས། །ཉི་ཤུ་ལྔ་དང་ཉི་ཤུ་དགུ། །དུས་ནི་སྲོད་དང་སྔ་དྲོ་དང་། །འཇིང་དང་ནམ་གུང་གུང་ཆུང་དང་། །ཉི་མྱུར་སྐྱ་རེངས་ཤར་བ་དང་། །ཉིན་མཚན་ཞག་གི་གོ་རིམ་བཞིན། །དེ་ཕྱིར་མ་གཤིན་འཚོལ་ཕྱིར་རྒྱུ། །བཙལ་ནས་གསད་པའི་དུས་བསྟན་པ། །དཔྱིད་ར་ཚེས་བདུན་དག་ལ་ཤིས། །འབྲིང་པོ་བཅུ་བདུན་དག་ལ་ཤིས། །ཐ་ཆུང་ཉི་ཤུ་བདུན་ལ་ཤིས། །དབྱར་ར་ཚེས་བརྒྱད་འབྲིང་པོ་ནི། །བཅོ་བརྒྱད་ཐ་ཆུང་ཉི་ཤུ་བརྒྱད། །སྟོན་ར་ཚེས་དགུ་འབྲིང་པོ་ནི། །བཅུ་དགུ་ཐ་ཆུང་ཉི་ཤུ་དགུ། །དགུན་ཟླ་གསུམ་ཡང་དེ་བཞིན་ཏེ། །དུས་སུ་གསད་པའི་ལས་ལ་འཇུག །ས་ཡི་ཁམས་ས་དཔྱིད་ཟླ་གསུམ། །ཤིང་གི་དབྱར་ཟླ་སྟོན་ཟླ་མེ། །དགུན་ནི་ལྕགས་ཁམས་འཆི་བའི་དུས། །དེ་དུས་ཞག་གཤེད་བརྒྱུ་བར་བྱ། །ར་བ་བཞི་ནི་རྟ་ལ་དང་ཡང་གཅོད། །ར་ཆུང་ཡང་ཐ་ཆུང་དུས་སུ་འབྲིང་བཞི་སྟེ། །


DNG015_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་ཆུང་ཁྲ་ལ་བརྡེག་པར་བྱ། །དགུན་གསུམ་སྐར་མ་གསུམ་འཆར་ཏེ། །སྐར་མའི་གཤེད་ཀྱི་དུས་སུ་ནི། །སྦྱོར་བ་ཐམས་ཅད་རབ་ན་ཡང་། །ཁྲག་ཐུན་ལ་སོགས་ཟོར་རྣམས་ཤིས། །ལོ་ཟླ་ཞག་གི་དུས་བསྟན་ནས། །དུས་ཚོད་རྣོན་པོ་བསྟན་པར་བྱ། །སེམས་ཅན་ཡིད་ནི་གཉིད་ལོག་པས། །དེ་དུས་རྒྱུ་ཞིང་འཁྱམ་པའི་ཚེ། །ཀུན་ཀྱང་རྣམ་རྟོག་ལས་བྱུང་བས། །སྦྱོར་བའི་སྟོབས་བསྐྱེད་གསད་པར་ཤིས། །ཤ་བ་སྲོད་དང་ནམ་ཕྱེད་ན། །ལུག་དང་གཉན་གྱི་བླ་ཡང་རྒྱུ། །ཕག་པ་ཐོ་རངས་བྱ་ཉིད་ནི། །ཉི་མ་ཟེར་ལ་རྒྱུ་བར་བཤད། །ར་བླ་ཉི་མ་ནུབ་ཀ་སྟེ། །བྱ་བླ་ཉི་མ་ཟེར་ལ་རྒྱུ། །གཡག་དང་གླང་བླ་སྲོད་ལ་རྒྱུ། །རྟ་བླ་ཉི་མ་གུང་ལ་རྒྱུ། །དེ་དག་དགུག་ཅིང་གསད་པར་ཤིས། །ཐུན་མོང་བསྒྲལ་བའི་ཐབས་སུ་གསུངས། །དངོས་པོ་གཅིག་ཀྱང་འགྱུར་བའི་ཚེ། །འགྱུར་བའི་བླ་དང་སྦྱར་ཏེ་བྱའོ། །ཁམས་ཀྱི་གཤེད་དུ་བསྟན་པ་ནི། །སྒྲུབ་པ་པོ་དང་ལོ་ཟླ་དང་། །དུས་ཚོད་ཀྱིས་ནི་གསོད་པར་བྱེད། །ཀེག་ནི་གཤེད་པོ་གླང་དང་ལུག །ལོ་དགྲ་བྱ་དང་སྤྲེལ་ཉིད་དེ། །དགུན་ཟླ་དབྱར་ཟླ་ཐ་ཆུང་གཉིས། །དུས་ཚོད་ཉིན་ཕྱེད་ནམ་ཕྱེད་ཡོལ། །ཧ་ལ་སྨན་གྱིས་གསོད་འགྱུར་ན། །བསྒྲུབ་པའི་སྦྱོར་བས་སྨོས་ཅི་དགོས། །ཁྱི་འབྲུག་ཇི་ཡི་གཤེད་པོ་སྟེ། །ཕག་དང་བྱི་བ་ལོ་དགྲ་ཉིད། །མི་མཐུན་བདུན་ཟུར་ཐེ་ཚོམ་མེད། །ཟླ་གཤེད་སྟོན་དཔྱིད་ཐ་ཆུང་སྟེ། །ཟླ་བའི་བདུན་ཟུར་རྡོ་རྗེས་གཅོད། །ཐོ་རངས་སྲོད་ལ་གསོད་པར་བྱེད། །བསམ་ངན་ཙམ་གྱིས་འགྲུབ་འགྱུར་ན། །སྦྱོར་བས་བདུན་རྒྱུད་ཐེ་ཚོམ་མེད། །གུང་ལ་ཁྱི་འབྲུག་ཤིང་ཁམས་པ། །ཤིང་དང་ཁ་དོག་འདྲ་བ་སྟེ། །གསོད་པའི་ལས་ལ་ཐེ་ཚོམ་མེད། །སྟག་དང་ཡོས་བུ་དར་བ་དགྲ། །བདུན་ཟུར་གཤེད་དུ་གྱུར་པ་སྟེ། །ཚངས་པའི་མེ་བཞིན་གསོད་པར་བྱེད། །ཟླ་གཤེད་སྲོག་དང་མི་མཐུན་པའི། །བདུན་ཟུར་གསོད་དེ་ཐེ་ཚོམ་མེད། །དུས་ཚོད་ནམ་ཕྱེད་དུས་ལ་ཤིས། །ཤང་གི་ཁམས་ཏེ་གཤེད་ཆེན་པོ། །ཤང་གི་གཤེད་དང་འུ་ཡི་ཚིག་ཐོག་མ་ཆད། འདུས་པ་ས་ཡི་ཁམས་ལ་གཅོད། །ལོ་དགྲ་གླང་ལུག་གཉིས་ཀྱིས་ཏེ། །མི་མཐུན་བདུན་ཟུར་ཤིན་ཏུ་འཇོམས། །དུས་ཚོད་མཚན་མ་རང་སར་ཤིས། །དེ་ནས་མཐུན་འཕྲོད་བཤད་པ་ནི། །


DNG015_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་ཞིང་འགྲུབ་པར་བྱ་བའི་ལས། །བདུད་རྒྱལ་ཉི་མ་བདུན་པོ་ལ། །དྲག་སྔགས་ཚོགས་ཀྱིས་ཆམ་ལ་དབབ། །ཉི་མ་གྲུ་སོགས་དྲེ་རུ་འབྱོར། །བི་རྫི་བྱ་གཞུག་ཟླ་བར་འབྱོར། །མིག་དམར་ཁྲུམས་སྨད་ལ་རོ་སྨན། །གཟའ་ལྷག་སྒྲོག་དང་སྨིན་དྲུག་འཛོམ། །ཕུར་བུ་རྒྱལ་སྟོད་རྒྱལ་སྨད་མཐུན། །པ་སངས་བྱ་གཞུག་རྟ་ཆུང་ཉིད། །སྤེན་པ་ས་རི་ས་ག་སྟེ། །དེ་ལྟར་མཐུན་སྦྱོར་དུས་སུ་ནི། །ངན་པའི་ལས་ཀྱང་འབྱུང་འགྱུར་བས། །དེ་ཕྱིར་བཟང་པོའི་ལས་ལ་འཇུག །བདུད་ཀྱི་ཉི་མ་བཤད་པ་ནི། །ཉི་མ་ལག་སོར་བྱ་སྐྱོར་གསུམ་ཆ་སྤྱད་ཀྱང་། །ཟླ་བ་རྒྱལ་སྨད་དྲེ་རུ་གསོད། །མིག་དམར་དྲེ་དང་སྒྲོག་གིས་ཏེ། །གཟའ་ལྷག་དབྱུག་པ་ཉིད་ཀྱིས་འཇིག །ཕུར་བུ་མགོ་རུ་འབྱོར་བས་འཇིག །པ་སངས་ཝ་དང་ལག་སོར་གསུམ། །སྤེན་པ་བྱ་མ་བདུད་ཀྱི་ཉི། །བཟང་པོའི་ལས་ཀྱིས་གསོད་འགྱུར་ན། །ངན་པའི་ལས་ཀྱིས་སྨོས་ཅི་དགོས། །མི་འཕྲོད་བདུན་དུ་བཤད་པ་ནི། །ཉི་མ་ཁྲུམས་སྨད་ཟླ་བ་དང་། །ས་ག་མི་འཕྲོད་མིག་དམར་དང་། །ལག་ཏུ་མི་འཕྲོད་གཟའ་ལྷག་དང་། །གྲུ་སོག་མི་འཕྲོད་ཕུར་བུ་སྒྲོག །པ་ཝ་སངས་དང་དྲེ་མི་འཕྲོད། །སྤེན་པ་དང་ནི་ཁྲུམས་སྟོད་དང་། །དེ་ལྟའི་མི་འཕྲོད་བདུན་པོ་ལ། །ཕན་གདགས་ལས་ནི་གཅིག་མི་འགྲུབ། །ཉི་མ་དང་ནི་ས་ག་འཇིག །ཟླ་བ་དང་ནི་བི་རྫི་སྟེ། །མིག་དམར་སྒྲོག་ཏུ་འཇིག་པར་བསྟན། །གཟའ་ལྷག་བྱའུ་འཇིག་པ་སྟེ། །ཕུར་བུ་ལ་ནི་བེའུ་རྫི་འཇིག །པ་ཝ་སངས་ལ་བྱ་གཞུག་འཇིག །སྤེན་པ་ལ་ནི་བྱ་མ་འཇིག །མི་འཕྲོད་བདུན་དང་འཇིག་པ་བདུན། །བདུད་ཀྱི་ཉི་མར་གསད་པ་ཤིས། །འཚོ་བྱེད་ཡུལ་ལྷས་སྐྱོབ་པ་ནི། །གཡག་དཀར་མི་དཀར་ཚུལ་གྱིས་འགེགས། །བུད་མེད་རྟུག་པ་བསྲེག་ནས་ཀྱང་། །འཆི་བདག་རྣམས་ཀྱི་བླ་རྐུན་བཟླས། །ཞང་བློན་བཟང་པོ་ལྟ་བུ་ནི། །ཕོ་ལྷས་འགེག་པས་དེ་དུས་སུ། །གླང་རོག་རྭ་བསྲེག་གོང་བཞིན་བྱ། །ཁྲ་འམ་སྤྱང་ཀི་ལྟ་བུས་སྐྱོབ། །དགྲ་བླ་ཡིན་ཏེ་གསུར་ཆེན་བཏང་། །ཁྱི་ལུད་བསྲེག་པས་འབྲོས་པར་བྱེད། །བུད་མེད་ཤ་བ་ལྟ་བུ་ནི། །མ་ལྷ་མ་སྨན་འགོ་བ་སྟེ། །ར་དང་རྟ་སྤངས་ཏིལ་ནག་བསྲེག །ཏིང་འཛིན་མི་གསལ་


DNG015_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

བྱིང་རྨུགས་ན། །ཕོ་ལྷས་འགེག་པ་ཡིན་པར་བརྗོད། །ཏིལ་ནག་ཉུང་ནག་གུ་གུལ་ནི། །སྦྱར་མས་བསྲེག་ན་འབྲོས་པར་བྱེད། །མ་འཕྲོད་དབྱེ་བའི་ཐབས་བསྟན་པ། །བྱ་རོག་འུག་པའི་གུང་རུ་ལ། །གྲོ་གར་ཨ་དང་ཤོག་ཤོག་ནྲྀ། །གོ་རིམ་བཞིན་དུ་གླན་པར་བྱ། །ཡུགས་ས་མོ་ཡི་རྐང་དྲེག་དང་། །འབོག་དང་གླང་རོག་ར་ཁྲག་སོགས། །སྨེ་བའི་དུད་པས་དུས་གསུམ་བདུག །འདི་ནི་དབྱེ་བའི་མཆོག་ཏུ་གསུངས། །ནག་པོ་གསལ་བྱེད་སྒྲོན་མ་ལས། །བྱ་ཐབས་ཉམས་ལེན་ཉིང་ཁུ་འདི། །རང་བྱུང་དགྲ་ལ་བྱ་བའི་དུས་སུ་གསུངས། དཔལ་ཟླ་གསང་ནག་པོའི་རྒྱུད་ལས། བྱ་ཐབས་ཉམས་ལེན་ཉིང་ཁུའི་སྐབས་ཏེ་སུམ་ཅུ་པའོ།། །།དེ་ནས་འཇམ་དབྱངས་ཁྲོ་བོས་ཕྱོགས་སྐྱོང་གཤིན་རྗེ་ལས་ལ་སྐུལ་བ་འདི་གསུངས་སོ། །བསྟན་པ་བསྲུང་བར་ཞལ་བཞེས་པའི། །ཡབ་ཡུམ་གཉིས་མེད་ཐུགས་ཀྱི་སྲས། །སྟེང་ཕྱོགས་གཤིན་རྗེ་ནག་འཇོམས་ནི། །ནག་པོ་གཡས་ན་དགྲ་སྟྭ་བསྣམས། །ཆིབས་སུ་ལྐུགས་པ་ལུག་ལ་ཆིབས། །ཁྲོ་མོ་སྲིན་མོ་མགོ་འཕྱང་མ། །ནག་མོ་ཆེན་མོ་རལ་པ་ཅན། །གཡས་པ་ཐབས་ཀྱི་གཙོ་ལ་འཁྱུད། །གཡོན་པ་དུང་དམར་གཙོ་ལ་སྟོབ། །ཡབ་གཅིག་འཇམ་དཔལ་བཀའ་བྱུང་གིས། །དམ་རྫས་གཏོར་མ་འདི་འབུལ་ན། །བསྟན་པ་འཇིག་པའི་གཤེད་མ་མཛོད། །བདུད་པོ་བཅུ་ཡིས་ཁྲམ་ལ་ཐོབ། །གིང་ཆེན་བཅོ་བརྒྱད་ལས་ལ་སྐུལ། །འཆི་བདག་འཁོར་ལོའི་ལག་ཏུ་གཏོད། །དུས་ལ་བབ་པོ་ས་མ་ཡ། །དམ་ལས་མ་འདའ་ཕྲིན་ལས་མཛོད། །ཡབ་ཡུམ་གཉིས་མེད་ཐུགས་ཀྱི་སྲས། །སྟེང་ཕྱོགས་གཤིན་རྗེ་ཕྱ་སངས་ནི། །དཀར་པོ་ལག་ན་བུམ་པ་ཐོགས། །ཆིབས་སུ་བན་གླང་དཀར་པོ་ཆིབས། །ཁྲོ་མོ་ཁམ་རྒྱ་མཐུ་མོ་ཆེ། །ནག་མོ་མགོ་འཕྱངས་རལ་པ་ཅན། །གཡས་པ་ཐབས་ཀྱིས་གཙོ་ལ་འཁྱུད། །གཡོན་པ་དུང་དམར་གཙོ་ལ་སྟོབ། །ཡབ་གཅིག་འཇམ་དཔལ་བཀའ་བྱུང་གིས། །དམ་


DNG015_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་གཏོར་མ་འདི་འབུལ་ན། །བསྟན་པ་འཇིག་པའི་གཤེད་མ་མཛོད། །བདུད་པོ་བཅུ་ཡིས་ཁྲམ་ལ་ཐོབ། །གིང་ཆེན་བཅོ་བརྒྱད་ལས་ལ་སྐུལ། །འཆི་བདག་འཁོར་ལོའི་ལག་ཏུ་གཏོད། །དུས་ལ་བབ་པོ་ས་མ་ཡ། །དམ་ལས་མ་འདའ་ཕྲིན་ལས་མཛོད། །ཡབ་ཡུམ་གཉིས་མེད་ཐུགས་ཀྱི་སྲས། །ཤར་ཕྱོགས་ཀོང་ཙེ་བྲག་གྱོན་ནི། །དཀར་པོ་ཚེ་སྲོག་བུམ་པ་བསྣམས། །ཆིབས་སུ་དྲི་ཟ་སྒེག་པ་བཅིབས། །བྲག་སྲིན་ནག་མོ་མགོ་འཕྱངས་མ། །ཁྲོ་མོ་དཀར་མོ་རལ་པ་ཅན། །གཡས་པ་ཐབས་ཀྱི་གཙོ་ལ་འཁྱུད། །གཡོན་པ་དུང་ཁྲག་གཙོ་ལ་སྟོབ། །ཡབ་གཅིག་འཇམ་དཔལ་བཀའ་བྱུང་གིས། །དམ་རྫས་གཏོར་མ་འདི་འབུལ་ན། །བསྟན་པ་འཇིག་པའི་གཤེད་མ་མཛོད། །བདུད་པོ་བཅུ་ཡིས་ཁྲམ་ལ་ཐོབ། །གིང་ཆེན་བཅོ་བརྒྱད་ལས་ལ་སྐུལ། །འཆི་བདག་འཁོར་ལོའི་ལག་ཏུ་གཏོད། །དུས་ལ་བབ་པོ་ས་མ་ཡ། །དམ་ལས་མ་འདའ་ཕྲིན་ལས་མཛོད། །ཡབ་ཡུམ་གཉིས་མེད་ཐུགས་ཀྱི་སྲས། །ཤར་ལྷོ་ཨ་བ་གླང་མགོ་ཅན། །སྨུག་ནག་ཏྲི་ཤཱུལ་རྩ་གསུམ་ཐོགས། །ཆིབས་སུ་འགུགས་བྱེད་དྲེའུ་ལ་ཆིབས། །མི་བཟད་བདུད་མོ་མགོ་འཕྱངས་མ། །ཁྲོ་མོ་སྨུག་ནག་རལ་པ་ཅན། །གཡས་པ་ཐབས་ཀྱི་གཙོ་ལ་འཁྱུད། །གཡོན་པ་དུང་ཁྲག་གཙོ་ལ་སྟོབ། །ཡབ་གཅིག་འཇམ་དཔལ་བཀའ་བྱུང་གིས། །དམ་རྫས་གཏོར་མ་འདི་འབུལ་ན། །བསྟན་པ་འཇིག་པའི་གཤེད་མ་མཛོད། །བདུད་པོ་བཅུ་ཡིས་ཁྲམ་ལ་ཐོབ། །གིང་ཆེན་བཅོ་བརྒྱད་ལས་ལ་སྐུལ། །འཆི་བདག་འཁོར་ལོའི་ལག་ཏུ་གཏོད། །དུས་ལ་བབ་པོ་ས་མ་ཡ། །དམ་ལས་མ་འདའ་ཕྲིན་ལས་མཛོད། །ཡབ་ཡུམ་གཉིས་མེད་ཐུགས་ཀྱི་སྲས། །ལྷོ་ཕྱོགས་གཤིན་རྗེ་ཡ་བ་ཏི། །སྔོ་ནག་གསོད་བྱེད་དགྲ་སྟྭ་བསྣམས། །ཆིབས་སུ་གཤིན་རྗེ་སྒེག་པ་ཆིབས། །མཚན་མོ་ནག་མོ་མགོ་འཕྱངས་མ། །ཁྲོ་མོ་དྲེད་ཀྱི་ཨབ་ཤམ་ཅན། །གཡས་པ་ཐབས་ཀྱི་གཙོ་ལ་འཁྱུད། །གཡོན་པ་དུང་དམར་གཙོ་ལ་སྟོབ། །ཡབ་གཅིག་འཇམ་དཔལ་བཀའ་བྱུང་གིས། །


DNG015_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

དམ་རྫས་གཏོར་མ་འདི་འབུལ་ན། །བསྟན་པ་འཇིག་པའི་གཤེད་མ་མཛོད། །བདུད་པོ་བཅུ་ཡིས་ཁྲམ་ལ་ཐོབ། །གིང་ཆེན་བཅོ་བརྒྱད་ལས་ལ་སྐུལ། །འཆི་བདག་འཁོར་ལོའི་ལག་ཏུ་གཏོད། །དུས་ལ་བབ་པོ་ས་མ་ཡ། །དམ་ལས་མ་འདའ་ཕྲིན་ལས་མཛོད། །ཡབ་ཡུམ་གཉིས་མེད་ཐུགས་ཀྱི་སྲས། །ལྷོ་ནུབ་གཤིན་རྗེ་མིག་དམར་ནི། །དམར་པོ་གཅོད་བྱེད་རལ་གྲི་བསྣམས། །ཆིབས་སུ་སྨྱོ་བྱེད་ཤ་བ་ཆིབས། །བྱི་ལིང་ཆེན་མོ་མགོ་འཕྱངས་མ། །ཁྲོ་མོ་དམར་མོ་རལ་པ་ཅན། །གཡས་པ་ཐབས་ཀྱི་གཙོ་ལ་འཁྱུད། །གཡོན་པ་དུང་ཁྲག་གཙོ་ལ་སྟོབ། །ཡབ་གཅིག་འཇམ་དཔལ་བཀའ་བྱུང་གིས། །དམ་རྫས་གཏོར་མ་འདི་འབུལ་ན། །བསྟན་པ་འཇིག་པའི་གཤེད་མ་མཛོད། །བདུད་པོ་བཅུ་ཡིས་ཁྲམ་ལ་ཐོབ། །གིང་ཆེན་བཅོ་བརྒྱད་ལས་ལ་སྐུལ། །འཆི་བདག་འཁོར་ལོའི་ལག་ཏུ་གཏོད། །དུས་ལ་བབ་པོ་ས་མ་ཡ། །དམ་ལས་མ་འདའ་ཕྲིན་ལས་མཛོད། །ཡབ་ཡུམ་གཉིས་མེད་ཐུགས་ཀྱི་སྲས། །ནུབ་ཕྱོགས་གཤིན་རྗེ་རྨིག་པ་ནི། །སྨུག་ནག་དབང་སྡུད་ཞགས་པ་ཐོགས། །ཆིབས་སུ་ཀླུ་བརྒྱད་སྒེག་པ་ཆིབས། །བདུད་མོ་ཆེན་མོ་མགོ་འཕྱངས་མ། །ཁྲོ་མོ་སྨུག་ནག་རལ་པ་ཅན། །གཡས་པ་ཐབས་ཀྱི་གཙོ་ལ་འཁྱུད། །གཡོན་པ་དུང་ཁྲག་གཙོ་ལ་སྟོབ། །ཡབ་གཅིག་འཇམ་དཔལ་བཀའ་བྱུང་གིས། །དམ་རྫས་གཏོར་མ་འདི་འབུལ་ན། །བསྟན་པ་འཇིག་པའི་གཤེད་མ་མཛོད། །བདུད་པོ་བཅུ་ཡིས་ཁྲམ་ལ་ཐོབ། །གིང་ཆེན་བཅོ་བརྒྱད་ལས་ལ་སྐུལ། །འཆི་བདག་འཁོར་ལོའི་ལག་ཏུ་གཏོད། །དུས་ལ་བབ་པོ་ས་མ་ཡ། །དམ་ལས་མ་འདའ་ཕྲིན་ལས་མཛོད། །ཡབ་ཡུམ་གཉིས་མེད་ཐུགས་ཀྱི་སྲས། །ནུབ་བྱང་གཤིན་རྗེ་ཏེལ་པ་ནི། །ནག་པོ་འབྱེད་པའི་དབྱུག་ཏོ་བསྣམས། །ཆིབས་སུ་རྟ་ནག་མ་ཧེ་ཆིབས། །གཟའ་སྲིང་ནག་མོ་མགོ་འཕྱངས་མ། །ཁྲོ་མོ་ནག་མོ་རལ་པ་ཅན། །གཡས་པ་ཐབས་ཀྱི་གཙོ་ལ་འཁྱུད། །གཡོན་པ་དུང་ཁྲག་གཙོ་ལ་སྟོབ། །


DNG015_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་གཅིག་འཇམ་དཔལ་བཀའ་བྱུང་གིས། །དམ་རྫས་གཏོར་མ་འདི་འབུལ་ན། །བསྟན་པ་འཇིག་པའི་གཤེད་མ་མཛོད། །བདུད་པོ་བཅུ་ཡིས་ཁྲམ་ལ་ཐོབ། །གིང་ཆེན་བཅོ་བརྒྱད་ལས་ལ་སྐུལ། །འཆི་བདག་འཁོར་ལོའི་ལག་ཏུ་གཏོད། །དུས་ལ་བབ་པོ་ས་མ་ཡ། །དམ་ལས་མ་འདའ་ཕྲིན་ལས་མཛོད། །ཡབ་ཡུམ་གཉིས་མེད་ཐུགས་ཀྱི་སྲས། །བྱང་ཕྱོགས་གཤིན་རྗེ་ལྷ་མཆོག་ནི། །སེར་པོ་བུམ་པ་རྒྱ་གྲམ་བསྣམས། །ཆིབས་སུ་རྒྱས་པའི་རྟ་ལ་ཆིབས། །ཀླུ་སྲིན་ནག་མོ་མགོ་འཕྱངས་མ། །ཁྲོ་མོ་སེར་ནག་རལ་པ་ཅན། །གཡས་པ་ཐབས་ཀྱི་གཙོ་ལ་འཁྱུད། །གཡོན་པ་དུང་ཁྲག་གཙོ་ལ་སྟོབ། །ཡབ་གཅིག་འཇམ་དཔལ་བཀའ་བྱུང་གིས། །དམ་རྫས་གཏོར་མ་འདི་འབུལ་ན། །བསྟན་པ་འཇིག་པའི་གཤེད་མ་མཛོད། །བདུད་པོ་བཅུ་ཡིས་ཁྲམ་ལ་ཐོབ། །གིང་ཆེན་བཅོ་བརྒྱད་ལས་ལ་སྐུལ། །འཆི་བདག་འཁོར་ལོའི་ལག་ཏུ་གཏོད། །དུས་ལ་བབ་པོ་ས་མ་ཡ། །དམ་ལས་མ་འདའ་ཕྲིན་ལས་མཛོད། །ཡབ་ཡུམ་གཉིས་མེད་ཐུགས་ཀྱི་སྲས། །བྱང་ཤར་ཆོས་ཀྱི་རྒྱལ་པོ་ནི། །དམར་པོ་ཐོད་པ་མདའ་གཞུ་བསྣམས། །ཆིབས་སུ་སྐྲོད་བྱེད་རྔ་མོ་ཆིབས། །ནམ་གྲུ་ཆེན་མོ་མགོ་འཕྱངས་མ། །ཁྲོ་མོ་དམར་མོ་རལ་པ་ཅན། །གཡས་པ་ཐབས་ཀྱི་གཙོ་ལ་འཁྱུད། །གཡོན་པ་དུང་ཁྲག་གཙོ་ལ་སྟོབ། །ཡབ་གཅིག་འཇམ་དཔལ་བཀའ་བྱུང་གིས། །དམ་རྫས་གཏོར་མ་འདི་ལོངས་ལ། །བསྟན་པ་འཇིག་པའི་གཤེད་མ་མཛོད། །བདུད་པོ་བཅུ་ཡིས་ཁྲམ་ལ་ཐོབ། །གིང་ཆེན་བཅོ་བརྒྱད་ལས་ལ་སྐུལ། །འཆི་བདག་འཁོར་ལོའི་ལག་ཏུ་གཏོད། །དུས་ལ་བབ་པོ་ས་མ་ཡ། །དམ་ལས་མ་འདའ་ཕྲིན་ལས་མཛོད། །ཡབ་ཡུམ་གཉིས་མེད་ཐུགས་ཀྱི་སྲས། །འོག་ཕྱོགས་རལ་པ་ཚར་དགུ་ནི། །སྨུག་ནག་ལྕགས་ཀྱུ་རི་རབ་བསྣམས། །ཆིབས་སུ་མ་ཧེ་སྔོ་ནག་ཆིབས། །ལྷ་མོ་ནག་མོ་མགོ་འཕྱངས་མ། །ཁྲོ་མོ་སྨུག་ནག་རལ་པ་ཅན། །གཡས་པ་ཐབས་ཀྱི་གཙོ་ལ་འཁྱུད། །གཡོན་པ་དུང་དམར་གཙོ་ལ་སྟོབ། །ཡབ་གཅིག་འཇམ་དཔལ་བཀའ་བྱུང་གིས། །དམ་རྫས་གཏོར་མ་


DNG015_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལོངས་ལ། །བསྟན་པ་འཇིག་པའི་གཤེད་མ་མཛོད། །བདུད་པོ་བཅུ་ཡིས་ཁྲམ་ལ་ཐོབ། །གིང་ཆེན་བཅོ་བརྒྱད་ལས་ལ་སྐུལ། །འཆི་བདག་འཁོར་ལོའི་ལག་ཏུ་གཏོད། །དུས་ལ་བབ་པོ་ས་མ་ཡ། །དམ་ལས་མ་འདའ་ཕྲིན་ལས་མཛོད། །ཡབ་ཡུམ་གཉིས་མེད་ཐུགས་ཀྱི་སྲས། །འོག་ཕྱོགས་གཤིན་རྗེ་ཐོད་དབྱུག་ནི། །ནག་པོ་ལག་ན་ཐོ་བ་བསྣམས། །ཆིབས་སུ་ས་བདག་སྒེག་པ་ཆིབས། །ས་བདག་སྟོང་ཁྱབ་མགོ་འཕྱངས་མ། །ཁྲོ་མོ་ནག་མོ་རལ་པ་ཅན། །གཡས་པ་ཐབས་ཀྱི་གཙོ་ལ་འཁྱུད། །གཡོན་པ་དུང་དམར་གཙོ་ལ་སྟོབ། །ཡབ་གཅིག་འཇམ་དཔལ་བཀའ་བྱུང་གིས། །དམ་རྫས་གཏོར་མ་འདི་ལོངས་ལ། །བསྟན་པ་འཇིག་པའི་གཤེད་མ་མཛོད། །བདུད་པོ་བཅུ་ཡིས་ཁྲམ་ལ་ཐོབ། །གིང་ཆེན་བཅོ་བརྒྱད་ལས་ལ་སྐུལ། །འཆི་བདག་འཁོར་ལོའི་ལག་ཏུ་གཏོད། །དུས་ལ་བབ་པོ་ས་མ་ཡ། །དམ་ལས་མ་འདའ་ཕྲིན་ལས་མཛོད། །ཅེས་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས་འཁོར་རྣམས་ལས་ལ་བསྐུལ་ཏེ། སོ་སོའི་གཤེད་བསྐོས་སོ། །འཇམ་དཔལ་ཟླ་གསང་ནག་པོའི་རྒྱུད་ལས། ཕྱོགས་སྐྱོང་གི་གཤེད་བསྐོ་བའི་སྐབས་ཏེ་སོ་གཅིག་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས། ཉིན་བཞིའི་ལྷའི་གིང་བཞི་ལ་ཕྲིན་ལས་བཅོལ་བ་འདི་གསུངས་སོ། །རཱ་ཛ་ཧ་ལ་འཁོར་ལོའི་ལྷ། །འཁོར་ལོ་ནག་པོ་མཱ་རའི་བདུད། །དུག་གི་མཚོན་ཆ་སྔགས་ཀྱི་ཐེམ། །རྫས་ཀྱི་སྦྱོར་བ་ཐབས་ཀྱི་ངག །བསྙེན་པ་བྱ་བ་གསང་བའི་ཐབས། །ཧྲཱྀཿཤྟྲཱིཿསྦྱོར་ཀ་མ་ཡི་ངག །འཁོར་ལོ་བསྐོར་བ་མན་ངག་གཏེར། །ཟླ་གསང་ནག་པོ་གཅེས་པའི་གྲོགས། །བར་བར་སྤྱི་རྒྱུད་ཐབས་ཀྱིས་ཕུལ། །དམར་ནག་ཁྲམ་བདག་མན་ངག་ཐབས། །གཤེད་པོ་བདུད་ཀྱི་མན་ངག་གཏེར། །ལས་གྲུབ་གནན་པ་རང་གི་སྙིང་། །དྲང་སྲོང་དམོད་པ་ཕྱོགས་མེད་གྲོགས། །དེ་བཞིན་སྤྱི་རྒྱུད་ཐབས་ཀྱི་ཕུལ། །ཆོས་ཀྱི་རྒྱལ་པོ་ལ་སོགས་པ། །ཉིན་བཞི་ལྷ་ཡི་གིང་བཞི་བསྐུལ། །ཧཱུཾ། ཉི་མ་དང་པོའི་རྩིས་བྱེད་གིང་། །


DNG015_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

པྲ་མ་རཱ་ཛ་སྲིན་པོ་སྟེ། །བར་སྣང་ཁམས་ལ་ཡིད་ཀྱིས་རྒྱུ། །གསང་བར་དབང་བསྐུར་གིང་གི་བདག །སྟག་ཞུ་སྟག་རལ་སྐུ་ལ་མནབ། །ཕྱག་ན་ཤོ་རྡེལ་རྩིས་བྱེད་གིང་། །བདག་གིས་མ་ཉེས་འདི་ཡིས་ཉེས། །ཤོ་རྡེལ་ནག་པོའི་རྩིས་སུ་ཆུག །སྲོག་ཆོད་སྙིང་ཕྱུང་སྨྱོ་འབོག་ཐོངས། །གཏད་དོ་མ་བཏང་ཤོ་ར་རེ། །ཉི་མ་གཉིས་པའི་རྩིས་བྱེད་གིང་། །ཡ་མ་རཱ་ཛ་གཤིན་རྗེའི་གིང་། །ཞལ་བགྲད་མཆེ་གཙིགས་ཁ་དོག་ནག །ཐོད་སྦྲུལ་གཡང་གཞི་སྐུ་ལ་གསོལ། །བ་ཆུ་སྦྲུལ་ཡང་གླང་ནག་པོ་ཆིབས་སུ་ཆིབས། །ཕྱག་ན་ཤོ་རྡེལ་རྩིས་བྱེད་གིང་། །བདག་གིས་མ་ཉེས་འདི་ཡིས་ཉེས། །ཤོ་རྡེལ་ནག་པོའི་རྩིས་སུ་ཆུག །སྲོག་ཆོད་སྙིང་ཕྱུང་སྨྱོ་འབོག་ཐོངས། །གཏད་དོ་མ་བཏང་ཤོ་ར་རེ། །ཉི་མ་གསུམ་པའི་རྩིས་བྱེད་གིང་། །ད་ཤ་གྲཱི་བ་བདུད་ཀྱི་གིང་། །ནག་པོ་ཤ་ཟན་ཤ་ཞུ་ཅན། །ནག་པོ་སྙིང་དཀར་ཆིབས་སུ་ཆིབས། །མི་ཤ་ཟ་ཞིང་སྙིང་ཁྲག་འཐུང་། །དུག་མདའ་འཕེན་ཞིང་མི་ཤ་ཟ། །རྟ་ནག་ཞོན་པ་འབུམ་ཁྲིར་བཅས། །ཕྱག་ན་དཀར་ནག་རྩིས་བྱེད་གིང་། །བདག་གིས་མ་ཉེས་ཁོ་ཡིས་ཉེས། །ཤོ་རྡེལ་དཀར་ནག་རྩིས་སུ་ཆུག །སྲོག་ཆོད་སྙིང་ཕྱུང་སྨྱོ་འབོག་ཐོངས། །གཏད་དོ་མ་བཏང་ཤོ་ར་རེ། །ཉི་མ་བཞི་པའི་རྩིས་བྱེད་གིང་། །ཡཀྴ་རཱ་ཛ་གནོད་སྦྱིན་གིང་། །ཞོན་པ་གཟའ་རྟ་ནག་པོ་ཞོན། །ཟབ་སླག་ནག་པོ་སྐུ་ལ་གསོལ། །བདུད་ཞགས་ནག་པོ་དགྲ་ལ་འདེབས། །དབུ་ལ་དོམ་ཞུ་ནག་པོ་གསོལ། །ཕྱག་ན་དཀར་ནག་རྩིས་བྱེད་གིང་། །བདག་གིས་མ་ཉེས་ཁོ་ཡིས་ཉེས། །ཤོ་རྡེལ་ནག་པོ་རྩིས་སུ་ཆུག །སྲོག་ཆོད་སྙིང་ཕྱུང་སྨྱོ་འབོག་ཐོངས། །གཏད་དོ་མ་བཏང་ཤོ་ར་རེ། །བདུད་ཏྲི་རྦད་ཐུམ་རི་ལི་ལི། །ཡ་ཏྲི་རྦད་ཐུཾ་རི་ལི་ལི། །དྷ་ཤ་གྲཱི་བ་རྦད་ཐུཾ་རི་ལི་ལི། །ཡཀྴ་རྦད་ཐུཾ་རི་ལི་ལི། །ཞེས་ནི་རབ་ཏུ་ཤོ་རྡེལ་བགྲང་ངོ་། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། ཉིན་བཞི་ལྷའི་གིང་བཞི་ལ་ཕྲིན་ལས་བཅོལ་བའི་སྐབས་ཏེ་སོ་གཉིས་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ལ་འཇིགས་བྱེད་ཆེན་པོ་ལ་འདུས་པའི་འཁོར་རྣམས་ཀྱིས་ཤིན་ཏུ་དགྱེས་པའི་ཡི་རང་ནས། མགྲིན་གཅིག་ཏུ་འདུག་སྟེ་འདི་སྐད་ཅེས་བརྗོད་དོ། །ཧཱུཾ་གཏུམ་ཆེན་རབ་འབར་


DNG015_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་རྗེ་འཇོམས་མཛད་ལྷ། །ཉི་མ་འབུམ་ལས་ལྷག་པའི་འོད་ལྡན་ཁྱོད། །ཕྱག་མཚན་མང་པོ་བསྐལ་པའི་མེ་ལྟར་འབར། །རབ་འབར་གཤིན་རྗེ་འཇོམས་ལ་ཕྱག་འཚལ་བསྟོད། །རྡོ་རྗེའི་སྐུ་ལ་ཀླུ་དབང་རབ་བརྒྱན་ཅིང་། །གཅན་གཟན་གདུག་པའི་པགས་རློན་ན་བཟར་གསོལ། །མི་མགོ་ཐོད་རློན་ཕྲེང་བས་སྐུ་ལ་བརྒྱན། །བརྐྱང་བསྐུམ་ཚུལ་གྱིས་གཤིན་རྗེ་ཞབས་ཀྱིས་གནོན། །མི་བཟད་ཁྲོ་བོའི་རྒྱལ་པོ་གདོང་དྲུག་ཧཱུཾ་སྒྲ་ཅན། །ཕཊ་ཀྱིས་ཁམས་གསུམ་སྔངས་མཛད་ཞལ་དྲུག་གདངས། །ཤ་ཟའི་མགོ་བཅད་དབུ་ཡི་ཐོད་དུ་བཅིངས། །སྤྱན་བཟློག་ཙམ་གྱིས་བདུད་ཀྱི་སེར་ཆེན་འབེབས། །ལྗགས་འགྲིལ་ཚེམས་ཀྱི་རྩེ་ནས་རྡོ་རྗེ་ཐོག་ཆེན་རབ་འབེབས་ཤིང་། །འཁོར་གྱི་མ་མོ་རྣམས་ནི་འདར་ཞིང་འདུད། །དེ་བས་ལྷ་ཀླུ་གནོད་སྦྱིན་གཞན་ལྟ་སྨོས་ཅི་དགོས། །རྐན་སྒྲ་གཏོགས་པས་ལྷ་ཆེན་ཁྱབ་འཇུག་ཀྱང་། །བུབ་འགྱེལ་བཅས་པས་ཁྲག་སྐྱུག་ཉིད་ལ་འདུད། །སྟོང་ཁམས་མིད་པར་བྱེད་པའི་ཞལ་དུར་ཁྲོད་ཡིན་ནམ་གདངས་ཤིང་། །ཁྲོ་གཏུམ་ཚམ་རྔམས་ཆེན་པོ་བསྟན་པས་ཀྱང་། །ཚངས་པའི་འཁོར་རྣམས་རྔུལ་གྱི་ཐིགས་འཛག་ཅིང་། །ནད་གཏོང་སྲིན་མོའི་ཚོགས་རྣམས་འདར་ཞིང་འདུད། །རྒྱུ་ཕྲེང་ཁྲག་དང་བཅས་པའི་ཞགས་ཐོགས་ནས། །ཕྱག་ན་ཏྲི་ཤཱུལ་མི་མགོ་རབ་བསྣམས་ཤིང་། །དངོས་གྲུབ་མཆོག་གི་ཀླད་ཁྲག་ཞལ་དུ་གསོལ། །ཁྱུང་དང་འུག་པ་ལྟ་བུའི་ཁྲ་བསྣམས་ཤིང་། །དམ་ལས་ལྡོག་པ་དག་ལ་གཏོང་བར་བྱེད། །གནོད་སྦྱིན་མི་སྲུན་ཕྲེང་བས་སྐུ་ལ་བརྒྱན། །རྡོ་རྗེ་བརྗིད་པའི་སྟངས་སྟབས་གར་བྱས་པས། །དུར་ཁྲོད་ཆེན་པོར་མཚན་མོར་རབ་རྒྱུ་བའི། །རོ་ལངས་མགོ་བཅད་སོ་ཡིས་ཆེམ་ཆེམ་བཟའ། །ངོ་མཐོང་ཙམ་གྱིས་དམའ་འབབ་ཞབས་ལ་གཏུག །ཡོན་ཏན་བྱེ་བས་བརྒྱན་པའི་ལྷ་ཁྱོད་ལ། །བལྟ་བས་བཟོད་པར་དཀའ་ཡང་བདག་འདུད་ན། །གདུག་པའི་སེམས་ཀྱིས་བདག་དང་བདག་གི་འཁོར་དུ་གཏོགས་པ་ལ། །གནོད་པར་བྱེད་པའི་མི་དང་མི་མིན་འབྱུང་པོའི་ཚོགས། །ཟུང་ཞིག་ནོན་ཅིག་སྒྲོལ་མཛོད་གཤིན་རྗེ་གཤེད། །ཡུན་གྱི་ལྷར་ཡང་ཁྱོད་ལ་གསོལ་འདེབས་ན། །རི་རབ་གསེར་གྱི་ངོས་ལ་བྱ་གནས་པ། །བྱ་ཡི་རང་བཞིན་བོར་ནས་གསེར་དུ་


DNG015_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་། །ཐམས་ཅད་ཁྱེད་ཀྱི་སྐུར་ནི་བདག་བསྒོམ་པས། །བདག་གི་རང་བཞིན་བོར་ནས་ཁྲོ་བོར་གསལ། །ལྷ་མཆོག་ཁྱོད་ལ་ཡི་དམ་སུས་བརྟེན་པ། །མི་ཡི་ཐ་མལ་རྣམས་ཀྱང་མཆོག་ཏུ་གྱུར། །དེ་བས་འདི་དང་ཕ་རོལ་གཉིས་ཀ་རུ། །སྲོག་གི་ཕྱིར་ཡང་ལྷ་ཁྱོད་མི་གཏང་ན། །བྱམས་པའི་ཞལ་བཟང་བདག་ལ་བསྟན་པ་དང་། །ཐུགས་རྗེའི་སྤྱན་གྱིས་བདག་ལ་གཟིགས་སུ་གསོལ། །ཁྱེད་ལྟར་བདག་གྱུར་དེ་ཕྱིར་བསྟོད་ཕྱག་འཚལ། །ཡུན་རིང་གོང་ནས་ལྷ་ཁྱོད་བདག་བསྒྲུབས་ན། །ཁྱེད་ཀྱིས་དངོས་གྲུབ་དམ་པ་བདག་ལ་སྩོལ། །ཀཱ་ལ་རཱུ་པ་ཆེ་གེ་མོ་བྷ་ག་ཧྲཱྀཿཤྟྲཱིཿན་ཧཱུཾ་ཕཊ། གང་དག་གཤིན་རྗེ་གཤེད་པོ་ཡིས། །དེ་ལས་བེ་ཅོན་ཕྱག་རྒྱར་གསལ། །འདི་ནི་ཕྱག་རྒྱའི་སྲོག་མཆོག་པས། །ཡང་དག་བསྟན་པ་ཡང་དག་གསལ། །ཕྱག་རྒྱ་བཅིངས་པར་གྱུར་པ་འདི། །ཁྲོ་བོའི་སྙིང་པོར་བསྲེགས་པར་བྱེད། །མཚོན་ཆ་མ་ལུས་པ་ཡི་གཙོ། །བདུད་དང་དགྲ་བགེགས་ཞི་བར་བྱེད། །ན་མོ་བུཌྜྷ་དྷརྨ་སང་གྷེ་བྷྱཿ། ཨོཾ་སརྦ་ཏ་ཐཱ་ག་ཏོ་ཏི་བྱི་ཛཱ་ཡ།ཨག་ནེ་ཛྭ་ལ་ནི་ཧྲཱྀཿཤྟྲཱིཿཧཱུཾ་ཕཊ། ཅེས་འཁོར་རྣམས་ཀྱིས་རབ་ཏུ་བསྟོད་དོ། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། གཏུམ་ཆེན་ལ་བསྟོད་པའི་སྐབས་ཏེ་སོ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོ་ལ་འཁོར་རྣམས་ཀྱིས་རང་རང་གི་དགྱེས་པའི་བསྟོད་པ་ཕུལ་ནས་མཐུ་སྟོབས་ཀྱི་བདག་པོ་དཔལ་ཕྱག་ན་རྡོ་རྗེ་དང་། སྟོང་གསུམ་མུན་པར་གཏོང་བ་རྣམས་ཀྱིས་མགྲིན་གཅིག་ཏུ་ཐལ་མོ་སྦྱར་ཏེ་འདི་སྐད་ཅེས་གསོལ་ཏོ། །ཧེ་ཧེ་དཔའ་བོ་ཡབ་གཅིག་མཆོག །འཇིགས་བྱེད་ཆེན་པོ་གཤིན་རྗེ་གཤེད། །དཔའ་བོའི་འཁོར་དུ་འདུས་འཁོར་འདུད། །གཤེད་པོས་བསྐོས་པའི་བཀའ་རྣམས་ཉན། །བདག་ཅག་འཁོར་གྱི་བདུད་པོ་རྣམས། །ཕྱིན་ཅི་ལོག་རྣམས་འདུལ་སླད་དུ། །ཚུལ་བཞིན་བསྒྲུབ་ན་ཇི་ལྟར་བསྒྲུབ། །རྫས་དང་ཡོ་བྱད་གང་ལ་བརྟེན། །ལས་ལ་གཏད་ན་ཇི་ལྟར་གཏད། །ལོག་པའི་སྦྱོར་བ་ཅི་ལྟར་བྱ། །འཇིགས་བྱེད་ཆེན་པོས་བཀའ་སྩོལ་འདུད། །དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས། ཤིན་ཏུ་རྔམ་པའི་སྒྲ་འབྲུག་སྟོང་ལྡིར་བ་ཙམ་དུས་གཅིག་ལ་བསྒྲགས་ནས།


DNG015_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་ཀྱི་ཚོགས་ཐམས་ཅད་དབང་དུ་བསྡུས་ཟིལ་གྱིས་མནན་ནས། འདི་སྐད་ཅེས་བརྗོད་དོ། །ཉོན་ཅིག་ཟུང་ཞིག་རྡོ་རྗེ་འཛིན། །ནག་པོ་བདུད་ཀྱི་ཚོགས་རྣམས་ཀུན། །ཕྱིན་ཅི་ལོག་རྣམས་གདུལ་སླད་དུ། །བྱ་བའི་ལས་དང་བསྒྲུབ་པ་དང་། །བསྟེན་པའི་ཐབས་དང་བསྐུལ་བའི་ཐབས། །མི་མཐུན་སྦྱོར་བས་གསོད་འདོད་ན། །ངས་བཤད་པ་ལ་སེམས་ཐུད་ཅིག །ཅེས་བརྗོད་དོ། །དེ་ནས་བཅོམ་ལྡན་གཤེད་ཆེན་པོས། །ཕྲིན་ལས་མྱུར་དུ་བྱ་བའི་ཕྱིར། །བདུད་ཀྱི་སྒྲུབ་ཐབས་འདི་གསུངས་སོ། །ཐོག་མར་དང་བའི་དད་པ་རབ་ཏུ་གཅེས། །བཀའ་ཡི་གནས་སམ་དགའ་བའི་གནས་དག་ཏུ། །དབང་ཐོབ་བྱ་ཕྱིར་བླ་མ་མཉེས་བྱ་ཞིང་། །དཀྱིལ་འཁོར་བྲིས་ནས་དམ་ཚིག་དབང་དག་ནོད། །དགོས་པ་བསྒྲུབ་ཕྱིར་མན་ངག་ཐོབ་པར་བྱ། །མན་ངག་ཐོབ་ནས་བསྙེན་བསྒྲུབ་མཐའ་རུ་དབྱུང་། །བསྙེན་པ་བྱ་ཕྱིར་མཐུན་རྫས་འབད་དེ་བསག །ལུང་གི་གནས་སུ་ས་ཡི་དཀྱིལ་འཁོར་བྱ། །འདོམ་གང་གྲུ་བཞི་དུག་ཁྲག་ཆག་ཆག་གདབ། །འཁོར་ལོ་རྩིབས་བརྒྱད་གྲུ་གསུམ་ཟླ་གམ་གསུམ། །གྲུ་ཆད་སྒོ་བཞི་ལྕགས་རི་ལུགས་བཞིན་བྱ། །ཐོད་པའི་ཕྲེང་བ་རྡོ་རྗེ་ར་བ་གུར། །བསྐལ་པའི་མེ་རི་སྨུག་ནག་རླུང་འཚུབས་ལྡང་། །གྲུ་གསུམ་དབུས་སུ་གཤིན་རྗེ་གཤེད་པོ་སྟེ། །ཟླ་གམ་གསུམ་ལ་ཡུམ་གཉིས་སྲས་དང་གསུམ། །སེང་ལྡེང་ལ་སོགས་མཆོག་གི་ཕུར་པ་དགོད། །ཡབ་ཡུམ་མངའ་གསོལ་དབང་བསྐུར་བྱིན་བརླབ་པོ། །ལྕགས་ཕུར་ལ་སོགས་མཆོག་གི་ཕུར་པ་བཅུ། །ཁྲམ་ཐོག་བདུད་པོ་བཅུ་རུ་མངའ་གསོལ་ལ། །འཁོར་ལོ་རྩིབས་བརྒྱད་དག་ལ་དགོད་པར་བྱ། །དར་ནག་ཅོད་པན་རིམ་གྱིས་དབང་བསྐུར་གདགས། །སྟེང་དུ་འབར་བ་ཡ་ཆེན་ཏེ། །ཤར་དུ་རོལ་པོ་རལ་ཅན་ནོ། །ལྷོ་རུ་ཁྲམ་བདག་སྲོག་བདུད་སྟེ། །ཟླ་བདུད་ཡོར་པོ་ཞགས་ཅན་ནུབ། །བྱང་དུ་སྲོག་བདུད་སྟ་རེ་ཅན། །ཤར་ལྷོ་ཁྲམ་བདག་ཐོག་པོ་རྫ། །ལྷོ་ནུབ་བར་བཙན་གྲི་བོ་རྗེ། །ནུབ་བྱང་སེ་འཛིན་སྡིངས་པ་རྗེ། །བྱང་ཤར་རོ་ལངས་ནག་པོ་རྗེ། །འོག་ཏུ་འབར་བ་ནག་པོ་རྗེ། །སྒོ་བཞིར་བཀའ་ཉན་གིང་ཆེན་བཞི། །རྩང་བཞི་དག་ལ་དབང་བསྐུར་དགོད། །མཐུན་


DNG015_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྫས་དང་མཆོད་རྫས་དང་། །མི་ཤ་རྟ་ཤའི་གཏོར་མ་རུ། །རུས་པ་སྣ་ཚོགས་བརྒྱན་བྱས་ལ། །གཤེད་པོ་ཡབ་ཡུམ་སྲས་ལ་གཞག །བྱ་ནག་རྟ་ནག་ལུག་ནག་སྙིང་། །ཁྱི་ནག་ཕག་པ་རོག་པོའི་སྙིང་། །གཡག་ནག་གླང་དང་ར་རྒོད་སྙིང་། །ཤ་དང་ཁྲག་དང་རུས་པ་དང་། །མི་ཤས་བརྒྱན་ལ་ཟངས་བུ་གང་། །བདུད་པོ་བཅུ་ལ་དགོད་པར་བྱ། །ཤ་སྣ་ཁྲག་སྣའི་གཏོར་མ་ལ། །སྤྱན་གཟིགས་དཀོར་ཆས་བརྒྱན་པ་བཞི། །སྒོ་བཞིར་གིང་ཆེན་བཞི་ལ་གཞག །སྨན་དང་རཀྟར་སྦྱར་བ་ཡིས། །སྣང་སྲིད་སྲོག་ལ་བདུད་དབང་བསྐུར། །མི་གསུར་རྟ་གསུར་རྒྱུན་དུ་གཏང་། །རྒྱལ་མཚན་ཆེན་པོ་བཞི་ཡང་གཟུག །དར་ནག་གུར་ཕུབ་ཁྱི་ནག་གཡང་བཞི་བརྡབ། །ལུག་ནག་འབེན་བཅའ་ར་རོག་དམིགས་པའི་རྟེན། །སྐྱེར་པ་སྟག་པ་ལ་སོགས་དག་པ་ཡང་། །མགོ་མཇུག་མ་ནོར་བཞོགས་ལ་ཁྲམ་ཤིང་བྱ། །དྲག་པོའི་སྔགས་བཟླས་རིམ་པར་ཁྲམ་ལ་གདབ། །ཡི་དྭགས་གོས་ལ་འཁོར་ལོ་བྲིས་བྱས་ཏེ། །དུག་དང་ཐོད་པ་མཁས་པས་བྲི་བར་བྱ། །གཟི་བརྗིད་འཕགས་པ་འཇམ་དཔལ་ཡབ་ཡུམ་དང་། །བཀའ་ཉན་ཉི་མ་བཞི་པའི་ལྷ་བསྒྲུབ་མཆོད། །ཁྲམ་ཐོགས་བདུད་རྣམས་ལས་ལ་བསྐུལ་ཕྱིར་རྦད། །ཐོད་པ་མཚན་ངན་ར་རོག་ཁྲག་བླུགས་ལ། །རང་སྲོག་མིང་བྲིས་ཐོད་པའི་ནང་དུའོ། །དཔྲལ་བར་མཐོངས་བཞག་རེ་བས་གྲིལ་བྱས་ལ། །ཁྲམ་གྱིས་དཀྲུག་ཅིང་ཁྲམ་སྔགས་བཟླས་པར་བྱ། །ཨོཾ་དགྲ་བོ་ནི་ཙི་དུམ་མུག །ཁྲམ་ཐོར་ཐ་ཆེ་གེ་མོ་མཱ་ར་ཡ་གུག་ལིང་སྭཱ་ཧཱ། ཞེས་བཟླས་ཤིང་ཁྲམ་གྱིས་སྐབས་སུ་དཀྲུག་དགུག་ཀྱང་། ཏིང་འཛིན་རྣམ་གསུམ་གསལ་བསྒོམ་ལ། །དབང་ཆེན་འབྱུང་བ་རིམ་བརྩེགས་ལ། །བྷྲཱུྃ་ལས་འབར་བའི་གཞལ་ཡས་ཁང་། །འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་ལྡན། །གྲུ་ཆད་བར་ཁྱམས་མུ་ཁྱུད་ལྡན། །ཤར་ཕྱོགས་རུས་པའི་གཞལ་ཡས་ཁང་། །ལྷོ་ཕྱོགས་མེ་ཡི་གཞལ་ཡས་ཁང་། །ནུབ་ཕྱོགས་ཁྲག་གི་གཞལ་ཡས་ཁང་། །བྱང་ཕྱོགས་དབུགས་ཀྱི་གཞལ་ཡས་ཁང་། །དབུས་སུ་ཡ་མ་ཆེན་པོ་སྟེ། །གཤིན་རྗེ་མ་ཧེ་བསྣོལ་བའི་གདན། །ཧཱུཾ་ལས་གཤེད་པོའི་སྐུར་གྱུར་


DNG015_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། །སྟང་ཟིལ་མདོག་འདྲ་གནག་ལ་འཚེར། །སྟག་ལྤགས་གིང་ཆེན་སྦྲུལ་ནག་ཆུན་པོ་དང་། །ཐོད་པ་ལ་སོགས་དུར་ཁྲོད་རྒྱན་གྱིས་བརྒྱན། །ཞལ་དྲུག་བཅུ་གཉིས་ཕྱག་དང་ལྡན་པར་བསྒོམ། །གཡས་གཡོན་ཡུམ་དང་མདུན་དུ་སྲས་མཆོག་སྟེ། །རྒྱན་དང་ཆ་ལུགས་ཕྱག་མཚན་གསལ་བར་བསྒོམ། །འཁོར་ལོ་རྩིབས་བརྒྱད་སྟེང་དུ་ནྲྀ་བསམ་སྟེ། །ནྲྀ་ལས་དགྲ་བགེགས་བསྣོལ་བའི་གདན་དུ་བསམ། །དེ་སྟེང་ཡ་བཅུ་གདན་སྟེང་འོད་དང་ཟེར་འཕྲོ་བ། །སྤྲོ་བསྡུས་ཡ་ལས་ཁྲམ་ཐོགས་བདུད་པོ་བཅུ། །སྟེང་གི་བདུད་པོ་འབར་བ་ཡ་ཆེན་ནི། །གཡུ་འབྲུག་ཞོན་པ་གློག་གི་ཞགས་ཐོགས་བསྒོམ། །ཤར་གྱི་བདུད་པོ་རོལ་པོ་རལ་པ་ཅན། །རྔ་མོ་ཞོན་ནས་རལ་གྲི་ཐོགས་པ་བསྐྱེད། །ལྷོ་ཕྱོགས་ཁྲམ་བདག་སྲོག་བདུད་མཆེ་བ་ཅན། །བདུད་ཤ་ཞོན་ནས་ཞགས་པ་ཐོགས་པ་བསྐྱེད། །ནུབ་ཏུ་ཟླ་བདུད་ཡོར་པོ་ཞགས་པ་ཅན། །འབྲོང་བུ་ཞོན་ནས་གནམ་ལྕགས་ཕུར་ཐོགས་བསྐྱེད། །བྱང་དུ་སྲོག་བདུད་གསེར་གྱི་སྟྭ་རེ་ཅན། །ཁྱུང་ཆེན་ཞོན་ནས་སྟྭ་རེ་ཐོགས་པ་བསྐྱེད། །ཤར་ལྷོར་ཁྲམ་བདག་གནམ་བཙན་ཐོག་པོ་རྗེ། །རྟ་ལ་ཞོན་ནས་གནམ་ལྕགས་འཕེན་པ་བསྐྱེད། །ལྷོ་ནུབ་ཁྲམ་བདག་བར་བཙན་རི་བོ་རྗེ། །རླུང་ལྷ་ཞོན་ནས་རླུང་ནག་གཡབ་འདེབས་བསྐྱེད། །ནུབ་བྱང་ཁྲམ་བདག་སེ་འཛིན་སྡིངས་པ་རྗེ། །ཕག་པ་རྟར་ཞོན་ཁྲམ་ཤིང་ཐོགས་པ་བསྐྱེད། །བྱང་ཤར་ཁྲམ་བདག་རོ་ལངས་ནག་པོ་རྗེ། །ཆུ་གླང་ཞོན་ནས་སྟྭ་རེ་ཐོགས་པ་བསྐྱེད། །འོག་ཕྱོགས་ནག་པོ་ཡབ་རྗེ་ཁྲག་འཐུང་ནི། །སྟག་དམར་ཞོན་ནས་སྦྲུལ་དམར་ཞགས་ཐོགས་བསྐྱེད། །རེ་རེའི་འཁོར་ན་བདུད་ཀྱང་བསམ་ཡས་ཏེ། །རང་བཞིན་གནས་ནས་འཁོར་བཅས་སྤྱན་དྲངས་པས། །གྲུབ་པའི་གནས་སུ་དེ་འདྲ་བྱོན་པར་བསམ། །སྒོ་བཞིར་ཉིན་བཞི་ལྷ་ཡི་གིང་བཞི་ཡང་། །བཀའ་ཉན་བྱེད་པའི་འགུགས་བྱེད་ཛ་ལས་བསྐྱེད། །དེ་ལྟར་བསྐྱེད་པའི་བདུད་པོ་དེ་རྣམས་ཀྱིས། །བསྟན་པ་བཤིག་ཅིང་སྐུ་ལ་བསྡོ་བ་རྣམས། །ཞགས་པས་བཅིངས་ཤིང་ལ་ལས་ཁྲམ་ལ་འདེབས། །ལ་ལས་མཚོན་


DNG015_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས་ལ་ལས་ཐུན་དུ་འཛུད། །གན་བུབ་རྔུལ་ནག་འཐིབ་ཅིང་ཁྲག་ཏུ་སྐྱུགས། །མིག་རྩ་རིབ་རིབ་འོ་དོད་ཙེར་ཙེར་འབོད། །ཅི་མཛད་ཐོང་ཐོང་ཟེར་ཞིང་གསོད་པར་བསྒོམ། །ཏིང་ངེ་འཛིན་གྱིས་དེ་ལྟར་གསལ་བསྐྱེད་ལ། །དྲག་སྔགས་འདི་བཟླས་བདུད་རྣམས་མྱུར་བར་བསྐུལ། །རུ་ཏྲ་པ་ཏྲ་མུ་ཁྲག་ཙ་ར་པ་ཏེ་ཕོར་བ་དུན་ཧབ་སྭཱ་ཧཱ།ཁྲིའམ་འབུམ་ན་བདུད་རྣམས་མངོན་དུ་བྱོན། །མོན་དང་བཙུན་པ་སྐད་རིགས་མི་མཐུན་པ། །ལྡབ་ལྡིབ་སྨྲ་ཞིང་ལས་ལ་མངོན་དུ་བྱོན། །གཏུམ་ཆེན་བསྟོད་ལ་བདུད་རྣམས་ལས་ལ་བསྐུལ། །ཧཱུཾ། བསྐལ་པ་སྙིགས་མའི་ལྔ་བརྒྱ་ལ། །ཁྲོ་རྒྱལ་གཤིན་རྗེའི་སྤྱན་སྔར་དམ་བཅས་པ། །མི་བཟད་ཆེན་པོ་སྲོག་བདག་ཀུན་འདུལ་བྱེད། །འཇམ་དཔལ་གཤིན་རྗེས་དམར་གྱི་ཨརྒྷ་དང་། །བདུད་རྩི་དམར་གྱི་དམ་རྫས་དམ་པ་འདི། །ཁྲམ་ཐོགས་བདུད་ལ་བྱིན་ནས་དབང་བསྐུར་བས། །བདུད་འཁོར་ཡོངས་ཀྱིས་སངས་རྒྱས་བསྟན་པ་བསྲུང་། །ལུས་ཀྱི་དམ་ཚིག་ཨ་ར་ཡཾ། །ངག་གི་དམ་ཚིག་ནི་ར་ཡཾ། །དམ་ལས་མ་འདའ་ཕྲིན་ལས་མཛོད། །སྟེང་ཕྱོགས་བདུད་ཀྱི་གཞལ་ཡས་ནས། །འབར་བ་ཡ་ཆེན་བླ་མེད་ནི། །གཡུ་འབྲུག་སྔོན་པོའི་རྟ་ལ་ཞོན། །ལག་ན་གློག་དམར་ཐོག་ཞགས་ཐོགས། །སྡང་བར་བྱེད་པའི་དགྲ་ལ་ཡ། །སྐྱེས་པ་དར་མ་ཁྲིད་ལ་ཤོག །སྐྱེས་བུ་མི་ཡི་སྙིང་ལ་ཡ། །བདུད་ཀྱི་ཁྲམ་ཁྲམ་ཁྲམ་ལ་ཐོབ། །ཨོཾ་སྙིང་ཁྲག་ཙིཏྟ་རྦད། དུག་མུག་ཁྲམ་ཏོར་ཏ་རྦད། ཆེ་གེ་མོ་མཱ་ར་ཡ་ཁུག་འདི་རྣམས་ལ་གུག་ཀྱང་འདུག་ལིང་སྭཱ་ཧཱ། ཞེས་བརྗོད་ཅིང་ཁྲམ་ལ་རིམ་གྱིས་གདབ། རཀྟ་སྦྲེངས་ཤིང་བདུད་རྣམས་ལས་ལ་རྦད། །མུན་ནག་འཐིབས་པའི་གཞལ་ཡས་ནས། །ནག་པོ་ཡབ་རྗེ་ཁྲག་འཐུང་ནི། །སྟག་ཆེན་དམར་པོའི་རྟ་ལ་ཞོན། །ལག་ན་སྦྲུལ་དམར་ཞགས་པ་ཐོགས། །སྡང་བར་བྱེད་པའི་དགྲ་ལ་ཡ། །སྐྱེས་པ་དར་མ་ཁྲིད་ལ་ཤོག །སྐྱེས་བུ་མི་ཡི་སྙིང་ལ་ཡ། །བདུད་ཀྱི་ཁྲམ་ཁྲམ་ཁྲམ་ལ་ཐོབ། །ཨོཾ་སྙིང་ཁྲག་ཙིཏྟ་རྦད། དུག་མུག་ཁྲམ་ཏོར་ཏ་རྦད། ཆེ་གེ་མོ་མཱ་ར་ཡ་ཁུག་ལིང་སྭཱ་ཧཱ། ཤར་ཕྱོགས་རུས་པའི་གཞལ་ཡས་ནས། །ཤར་བདུད་རོལ་པོ་རལ་པ་


DNG015_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། །ཕུང་སྲི་རྔ་མོ་གློག་འགྱུ་ཞོན། །ལག་ན་གནམ་ལྕགས་རལ་གྲི་བསྣམས། །སྡང་བར་བྱེད་པའི་དགྲ་ལ་ཡ། །སྐྱེས་པ་དར་མ་ཁྲིད་ལ་ཤོག །སྐྱེས་བུ་མི་ཡི་སྙིང་ལ་ཡ། །བདུད་ཀྱི་ཁྲམ་ཁྲམ་ཁྲམ་ལ་ཐོབ། །ཨོཾ་སྙིང་ཁྲག་ཙིཏྟ་རྦད། དུག་མུག་ཁྲམ་ཏོར་ཏ་རྦད། ཆེ་གེ་མོ་མཱ་ར་ཡ་ཁུག་ལིང་སྭཱ་ཧཱ། ལྷོ་ཕྱོགས་མེ་ཡི་གཞལ་ཡས་ནས། །ཁྲམ་བདག་སྲོག་བདུད་མཆེ་བ་ཅན། །བདུད་ཤ་ནག་པོ་རུ་བཅུ་ཆིབས། །ལག་ན་འཛིན་བྱེད་ཞགས་པ་བསྣམས། །སྡང་བར་བྱེད་པའི་དགྲ་ལ་ཡ། །སྐྱེས་པ་དར་མ་ཁྲིད་ལ་ཤོག །སྐྱེས་བུ་མི་ཡི་སྙིང་ལ་ཡ། །བདུད་ཀྱི་ཁྲམ་ཁྲམ་ཁྲམ་ལ་ཐོབ། །ཨོཾ་སྙིང་ཁྲག་ཙིཏྟ་རྦད། དུག་མུག་ཁྲམ་ཏོར་ཏ་རྦད། ཆེ་གེ་མོ་མཱ་ར་ཡ་ཁུག་ལིང་སྭཱ་ཧཱ།ནུབ་ཕྱོགས་ཁྲག་གི་གཞལ་ཡས་ནས། །ཟླ་བདུད་ཡོར་པོ་ཞགས་པ་ཅན། །འབྲོང་བུ་ནག་པོ་རྟ་རུ་ཞོན། །ལག་ན་གནམ་ལྕགས་ཕུར་བུ་འདེབས། །སྡང་བར་བྱེད་པའི་དགྲ་ལ་ཡ། །སྐྱེས་པ་དར་མ་ཁྲིད་ལ་ཤོག །སྐྱེས་བུ་མི་ཡི་སྙིང་ལ་ཡ། །བདུད་ཀྱི་ཁྲམ་ཁྲམ་ཁྲམ་ལ་ཐོབ། །ཨོཾ་སྙིང་ཁྲག་ཙིཏྟ་རྦད། དུག་མུག་ཁྲ་མ་ཏོར་ཏ་རྦད། ཆེ་གེ་མོ་མཱ་ར་ཡ་ཁུག་ལིང་སྭཱ་ཧཱ། བྱང་ཕྱོགས་དབུགས་ཀྱི་གཞལ་ཡས་ནས། །སྲོག་བདུད་གསེར་གྱི་སྟྭ་རེ་ཅན། །ཆིབས་སུ་ཁྱུང་ཆེན་དར་མ་ཆིབས། །ལག་ན་གསེར་གྱི་སྟྭ་རེ་བསྣམས། །སྡང་བར་བྱེད་པའི་དགྲ་ལ་ཡ། །སྐྱེས་བུ་དར་མ་ཁྲིད་ལ་ཤོག །སྐྱེས་བུ་མི་ཡི་སྙིང་ལ་ཡ། །བདུད་ཀྱི་ཁྲམ་ཁྲམ་ཁྲམ་ལ་ཐོབ། །ཨོཾ་སྙིང་ཁྲག་ཙིཏྟ་རྦད། དུག་མུག་ཁྲམ་ཏོར་ཏ་རྦད། ཆེ་གེ་མོ་མཱ་ར་ཡ་ཁུག་ལིང་སྭཱ་ཧཱ། ཁྲམ་བདག་གནམ་བཙན་ཐོག་པོ་རྗེ། །ཆིབས་སུ་བདུད་ཀྱི་རྟ་ལ་ཆིབས། །སྐུ་ལས་གནམ་ལྕགས་ཐོག་འཕེན་པ། །སྐུ་ལས་འོད་ཟེར་འཕྲོ་བ་འཁྲུགས། །ཆེད་འགའ་སྤྲུལ་པའི་ཚོགས། །འབྲུག་སེར་ཆེམས་སེ་ཆེམ། །གློག་དམར་ལྗིབས་སེ་ལྗིབ། །སྡང་བར་བྱེད་པའི་དགྲ་ལ་ཡ། །སྐྱེས་པ་དར་མ་ཁྲིད་ལ་ཤོག །སྐྱེས་བུ་མི་ཡི་སྙིང་ལ་ཡ། །བདུད་ཀྱི་ཁྲམ་ཁྲམ་ཁྲམ་ལ་ཐོབ། །ཨོཾ་སྙིང་ཁྲག་ཙིཏྟ་རྦད། དུག་མུག་ཁྲམ་ཏོར་ཏ་རྦད། ཆེ་གེ་མོ་མཱ་ར་ཡ་ཁུག་ལིང་སྭཱ་ཧཱ།


DNG015_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲམ་བདག་བར་བཙན་གྲི་བོ་རྗེ། །ཆིབས་སུ་རླུང་ཤའི་རྟ་ལ་ཆིབས། །ཕྱག་ན་རླུང་ནག་གཡབ་ཀྱིས་འདེབས། །སྟོང་ཁམས་མ་ལུས་རླུང་ལ་བསྐུར། །ཆེད་འགའ་སྤྲུལ་པའི་ཚེ། །གྲང་རྔབས་རྟ་རུ་ཞོན། །སྐྱིབ་སེར་བུན་ནེ་བུན། །སྡང་བར་བྱེད་པའི་དགྲ་ལ་ཡ། །སྐྱེས་པ་དར་མ་ཁྲིད་ལ་ཤོག །སྐྱེས་བུ་མི་ཡི་སྙིང་ལ་ཡ། །བདུད་ཀྱི་ཁྲམ་ཁྲམ་ཁྲམ་ལ་ཐོབ། །ཁྲམ་སྔགས་བཟླས་ཤིང་རཀྟ་སྦྲེང་། །ཁྲམ་བདག་སེ་འཛིན་སྡིངས་པ་རྗེ། །ཆིབས་སུ་དུང་ཕག་རྟ་རུ་ཆིབས། །འཁོར་དུ་བསེ་མེ་རེག་བསེ་རེག་འདྲ་མིན་ཡང་དྲེགས་འཁོར་དང་བཅས། །ལག་ན་ཁྲམ་ནག་ཁྲམ་ཤིང་ཐོགས། །སྡང་བར་བྱེད་པའི་དགྲ་ལ་ཡ། །སྐྱེས་པ་དར་མ་ཁྲིད་ལ་ཤོག །སྐྱེས་བུ་མི་ཡི་སྙིང་ལ་ཡ། །བདུད་ཀྱི་ཁྲམ་ཁྲམ་ཁྲམ་ལ་ཐོབ། །ཁྲམ་སྔགས་བཟླས་ཤིང་རཀྟ་སྦྲེང་། །ཁྲམ་བདག་རོ་ལངས་ནག་པོ་རྗེ། །ཆུ་གླང་ནག་པོའི་རྟ་རུ་ཞོན། །ལག་ན་གནམ་ལྕགས་སྟྭ་རེ་ཐོགས། །སྡང་བར་བྱེད་པའི་དགྲ་ལ་ཡ། །སྐྱེས་པ་དར་མ་ཁྲིད་ལ་ཤོག །སྐྱེས་བུ་མི་ཡི་སྙིང་ལ་ཡ། །བདུད་ཀྱི་ཁྲམ་ཁྲམ་ཁྲམ་ལ་ཐོབ། །ཨོཾ་སྙིང་ཁྲག་ཙིཏྟ་རྦད། དུག་མུག་ཁྲག་ཏོར་ཏ་རྦད། ཆེ་གེ་མོ་མཱ་ར་ཡ་ཁུག་ལིང་སྭཱ་ཧཱ། གཤིན་རྗེ་ནག་པོའི་དུས་ལ་བབ། །འབར་བ་ནག་པོའི་དུས་ལ་བབ། །ཤ་ཟ་ནག་པོའི་དུས་ལ་བབ། །ནག་པོ་རྐྱ་གསུམ་དུས་ལ་བབ། །རོལ་པོ་རྐྱ་གསུམ་དུས་ལ་བབ། །སྤྱང་སྔོན་འབར་བའི་དུས་ལ་བབ། །རྒྱ་བོ་མིག་བཞིའི་དུས་ལ་བབ། །ཅེས་པས་རྦད་ཅིང་ཁྲམ་ལ་གདབ། །རཀྟ་སྦྲེངས་ཤིང་ཕྲིན་ལས་བཅོལ། །ཉུང་དཀར་ཉུང་ནག་དུག་ཁྲག་ལ། །དྲག་སྔགས་འདི་ཡིས་བརྡེག་པར་བྱ། །རུ་ཙ་པ་ཙ་ཐུན་ཁྲག །ཤྲི་ཁྲི་མ་མ་རོ་ཐུན་ཁྲག །མི་ཤ་རོ་ལ་ཐུན་ཁྲག །ཁྲག་ཏོ་རཱ་ཛ་ཐུན་ཁྲག །སྟོང་སྐེ་ཀུ་བ་ཐུན་ཁྲག །མ་ཀུས་ར་ཐུན་ཁྲག །ཆེ་གེ་མོ་མཱ་ར་ཡ་ཐུན་ཁྲག །ཅེས་ནི་རབ་ཏུ་ཁྲོས་པས་བརྡེག །གཏད་པའི་ལས་སུ་བྱ་བ་ཡང་། །ཁྲམ་དང་འཁོར་ལོ་ཐོད་པར་བྲུབ། །ཆུ་མིག་ནུབ་ཏུ་བསྟན་པར་གཏད། །གཏོར་མ་བཏང་ཞིང་སྨོན་ལམ་གདབ། །བསད་པ་ཉིན་བཞིའི་གིང་བཞི་སྟེ། །འཕང་བ་དུག་ཁྲག་ཐུན་ཁྲག་འཕང་། །བསྲེག་པ་ཁྲམ་ཤིང་ཐོད་པ་སྟེ། །ཚེར་མ་ཅན་གྱིས་ཤིང་


DNG015_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

བཏུས་ལ། །གྲོག་པོ་ཕུག་རྡུག་ཕྱིན་ལ་བསྲེག །མནན་པ་འཁོར་ལོ་ཆུ་མིག་མགོར། །ནག་པོ་ཀླུ་ཡི་ལག་ཏུ་གཏད། །གདབ་པ་རང་རང་ཕུར་པས་སོ། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། སྟོང་གསུམ་མུན་པར་གཏོང་བའི་བདུད་ཕྱི་ལྟར་བསྒྲུབ་པའི་སྐབས་ཏེ་སོ་བཞི་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས། སྟོང་གསུམ་མུན་པར་གཏོང་བ་བདུད་ནང་ལྟར་བསྒྲུབ་པ་འདི་གསུངས་སོ། །དང་པོ་དང་བའི་དད་པ་རབ་ཏུ་བསྐྱེད། །བཀའ་ཡི་གནས་སམ་དགའ་བའི་གནས་དག་ཏུ། །ས་བདག་ལྷ་ཀླུ་ཞི་བར་རབ་བྱས་ཏེ། །དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། །མཐིང་ནག་གྲུ་གསུམ་ཟླ་གམ་གསུམ་གྱིས་བསྐོར། །འཁོར་ལོ་རྩིབས་བརྒྱད་གྲུ་ཆད་སྒོ་བཞིར་ལྡན། །མཐིང་ནག་དབུས་སུ་ཡ་མཱནྟ་ཀ་དགོད། །ཟླ་གམ་གསུམ་ལ་ཡུམ་གཉིས་སྲས་དང་གསུམ། །འཁོར་ལོ་བརྒྱད་ལ་བདུད་ཀྱི་རྒྱལ་པོ་བརྒྱད། །བར་ཁྱམས་དམར་པོ་བདུད་ཀྱི་ལྕམ་མོ་བརྒྱད། །སྒོ་བཞིར་བདུད་ཀྱི་ཡང་ཁོལ་བཞི། །ལྷོ་ནུབ་མཚམས་སུ་གྲིར་ཤིའི་གཡང་གཞི་གཟུག །ནུབ་བྱང་མཚམས་སུ་སྤྱང་ཀིའི་གཡང་གཞི་གཟུག །བྱང་ཤར་མཚམས་སུ་བྱ་རྒོད་གཡང་གཞི་གཟུག །ཤར་ལྷོ་མཚམས་སུ་ལུག་ནག་གཡང་གཞི་གཟུག །དབུས་སུ་ཁྱི་ནག་དར་ནག་ཞིང་གི་གུར། །ཕྱི་རིམ་བོང་རྒྱ་ནག་པོ་དག་གིས་བསྐོར། །ལྷ་རྣམས་གྲངས་དང་མཉམ་པའི་ཕུར་པ་དགོད། །དབུས་སུ་ཡབ་ཡུམ་གཏོར་མ་གཞག་བྱ་བ། །བསེ་གབ་མོན་ཐོད་འཁར་གཞོང་ལ་སོགས་སུ། །མི་ཤ་རྟ་ཤའི་གཏོར་མ་བཤམས། །ལྷོ་ནུབ་མཚམས་སུ་རྗེ་རིགས་ཐོད་པ་རུ། །མི་ཡི་སྙིང་ཁྲག་བསྲེས་པའི་གཏོར་མ་བཞག །ནུབ་བྱང་རྟ་སྙིང་རྟ་ཁྲག་བསྲེས་པ་གང་། །ཤར་དུ་སྦྲེལ་གྱི་སྙིང་དང་ཕག་ཁྲག་བསྲེས་ལ་བཞག །བདག་ཉིད་མཐིང་ནག་བེར་གོན་ཏེ། །སྲོག་གི་སྙིང་པོ་རྒྱུན་དུ་དྲངས། །ཨོཾ་ཤ་ར་ན་ཤ་ར་ཏྲི། བ་ར་ན་ཤ་རུ་དུ་མ། སྟུམ་བུ་ཤ་ཏྲི་ན། མི་ར་ཏན་ཏུ་ཏ་ར་ན། ཨ་པ་ཙ་ར་ཙག་ཙུ་རུ་ཤ །མུ་ར་ཏོ་ཤ །མུ་ར་ཏོ་ཤ །ཨ་ཡ་བ་དུག་སུ་རུ་ན། ཧེ་ཧེ་


DNG015_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ཛ། ཡོ་རུ་མ་ར་ན་ཤ་དུ་རུ། མཱ་ར་ཡ་ཧཱུཾ། བབ་བྱི་ཡ་ཧཱུཾ། ཡ་བ་ཡ་དེ་ལ་བ་ར་དེ་ལ་བ་ར་ད། བདུད་ཀྱི་སྙིང་པོ་དེ་རྣམས་དང་། །ལྕམ་དྲལ་འཁོར་བཅས་དྲིལ་བ་ནི། །ཨོཾ་ཧྲ་ནོ་མོ་ཧི་བྷྱོ་ལི། མ་ཁུ་རི་བུམ། རུམ་བུ་ནུ། ཏྲ་ཏྲ་ཏྲ་དུ་རུ་དུ་རུ་ཏྲ་ཛ་ཛ་ཧཱུཾ་ཛ། སྟོང་ངམ་བྱེ་བ་ས་ཡར་བཟླས། །སྟོང་གསུམ་མུན་པར་གཏོང་བྱེད་ན། །མུན་པའི་དུས་སུ་དུག་ཁྲག་ལ། །ཉི་མ་གསད་པའི་དྲག་སྔགས་བཟླས། །རང་སྔགས་མཇུག་ཏུ་མུན་གཏིབས་བརྗོད། །སྟོང་གསུམ་བདུད་ཀྱི་ལྕམ་དྲལ་གྱིས། །སྐད་ཅིག་ཙམ་ལ་གཡོ་འགུལ་གཏོང་། །ལས་ལ་སྦྱར་ཏེ་གསོད་འདོད་ན། །རབས་ཆད་ནག་པོའི་ཐོད་པ་རུ། །དུག་དང་ཀླད་ཁྲག་སྦྱར་བ་ཡིས། །གཏུམ་ཁྲོ་བསྟོད་ལ་བདུད་རྣམས་རྦད། །ཧཱུཾ། ནམ་མཁའ་ཡངས་པའི་ཀློང་ཡངས་ནས། །ཡང་རྗེ་ཤན་པ་དབུ་གསུམ་ཕྱག་དྲུག་པ། །གནས་འདིར་མུན་གཏིབས་དམ་ལ་ཤོག །མུན་པ་གཏིབས་པའི་ཀློང་དཀྱིལ་ནས། །ཡབ་ཞེར་ནག་པོ་འབྲུག་ཐོག་སྐུ། །གནས་འདིར་མུན་གཏིབས་དམ་ལ་ཤོག །ཤར་ཕྱོགས་རུས་པའི་ཞིང་ཁམས་ནས། །ཤར་བདུད་རོལ་པོ་རལ་པ་ཅན། །ཞེ་སྡང་མུན་གཏིབས་དམ་ལ་ཤོག །ལྷོ་ཕྱོགས་མེ་ཡི་ཞིང་ཁམས་ནས། །སྲོག་བདུད་སྔོན་པོ་མཆེ་བ་ཅན། །སྲོག་ལ་མུན་གཏིབས་དམ་ལ་ཤོག །ནུབ་ཕྱོགས་ཁྲག་གི་ཞིང་ཁམས་ནས། །བླ་བདུད་ཡོར་པོ་ཞགས་པ་ཅན། །བླ་ལ་མུན་གཏིབས་དམ་ལ་ཤོག །བྱང་ཕྱོགས་རླུང་གི་ཞིང་ཁམས་ནས། །སྲོག་བདུད་སེར་པོ་སྟྭ་གྲི་ཅན། །སྲོག་ལ་མུན་གཏིབས་དམ་ལ་ཤོག །ཚེ་བདུད་སྐྱིན་གྱི་རལ་པ་ཅན། །ཚེ་ལ་བར་གཅོད་དམ་ལ་ཤོག །སྲོག་ཏ་སྲིད་པ་འཁྲིག་པ་ཡང་ཁྲིས་པ་སེམས་ཀྱི་བདུད། །ཡིད་ལ་མུན་གཏིབས་དམ་ལ་ཤོག །དཀར་མོ་འབར་མ་སྤྱན་གཅིག་མ། །སྔོན་མོ་ཏི་ར་སྲིན་མོ་ཏ་རི་ཡང་མ་མོ་འཁོལ། །དམར་མོ་གཡུ་གཙུག་ཀླུ་གཉན་འཁོལ། །ནག་མོ་དྲེད་མགོ་མ་ཡམས་འཁོལ། །སེར་མོ་རླུང་གཤོག་དབང་ལྡན་འཁོལ། །དཀར་ལྗང་འུག་མགོ་དྲི་ཟ་འཁོལ། །སྔོ་ནག་སྲེག་བྱེད་ཡ་མ་འཁོལ། །དམར་མོ་སྒེག་མོ་སྲིན་མོ་འཁོལ། །སྔོ་སྐྱ་ཞགས་ཐོགས་རླུང་


DNG015_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་འཁོལ། །དགྲ་བོའི་རྣམ་ཤེས་བརྒྱད་ལ་མུན་ནག་གཏིབས། །ཧ་ན་ཧ་ན་སྡི་ཏ་སྡི་ཏ། རུ་ཏྲ་མ་མ། ས་མ་ཡ་ཧཱུཾ། ཁ་ཏྲ་ཛ། མི་ཏྲི་ཛ། ཤོན་ཏྲི་ཛ། ཡག་ཤ་ཛ། མ་ཏྲི་ཛ། ད་ཏྲི་ཛ། ཤ་ཏྲི་ཛ། ད་ཏྲི་པྲ་ཏྲི་ཛ། ཛ་བྱིན་ཛ། ཀར་མ་ཛ། ཧ་དུ་ཛ། ལི་ཤ་ཛ། ཡཀྴ་ཛ། པུ་ལི་ཛ། ཁོ་དར་ཛ། ཛ་ཧཱུཾ་རྦུད། རྦུད་ཁ་ཤེད་རྦུད། ཕ་ནི་རྦུད། སོ་ལ་ཀུན་ན་རྦད། དུ་དུ་རྦུད། ཁལ་ཁུ་རྦུད། ཤེད་ཙིཏྟ་གོང་ཆོད། ཁ་ལ་རུ་ག་ཏིག་མུར་རྟ་རྦད་རྦུད་སྭཱ་ཧཱ། ཐ་ཐ་ནད་ཀུཾ་ཐུམ་རི་ལི་ལི་ཁ་ལེ་ཁ་ཤག་ཐུམ། ཀ་ནན་ཧ་ར་རྦད་ཆུམས་ཁུག་རིལ། ཀུག་རྨ་མ་ཁྲག་རིལ་སྲོག་རྩ་རྦུད་རིལ། དེ་དག་གསད་ཅིང་གཟིར་བ་དང་། །གནན་ཞིང་འཕང་དང་བསྲེག་ཅིང་གཏད། །འཁོར་ལོ་བྲི་བྱ་ཡི་གེ་དགོད། །) དབྱེ་དང་དགུག་དང་བསྡིམ་པའི་ལས། །མན་ངག་བཞིན་དུ་བྱས་གྱུར་ན། །ཐེ་ཚོམ་མེད་པར་བརླག་པར་བྱེད། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། བདུད་ནང་ལྟར་བསྒྲུབ་པའི་སྐབས་ཏེ་སོ་ལྔ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས། བདུད་གསང་བར་བསྒྲུབ་པའི་ཚུལ་གསུངས་སོ། །ཐོག་མར་དད་པ་རབ་ཏུ་བསྐྱེད། །བསོད་ནམས་ཚོགས་ཀྱིས་ཡན་ལག་བསག །ནག་པོ་བྲག་གི་རྩར་ཕྱིན་ལ། །ལྷོར་བལྟས་རྩ་ནས་ཆུ་འབབ་ཏུ། །གུར་ནག་ནང་དུ་ས་བླངས་ལ། །སྟེགས་བུ་འདོམ་གང་གྲུ་བཞི་བརྩིགས། །མི་ཁྲག་རྟ་ཁྲག་ཁྱི་ཁྲག་དང་། །རྒྱ་སོལ་བསྲེས་ལ་ཆག་ཆག་གདབ། །དབུས་སུ་གྲུ་གསུམ་མཁྱིད་གང་བྲུ། །ཟླ་གམ་དམར་པོ་ཐོད་ཕྲེང་དཀར། །གྲུ་ཆད་ལྗང་ནག་སྒོ་བཞི་སེར། །བདུད་པོ་ཧ་ནུ་བག་ཤ་ཁ། །དར་ལ་གཟུགས་བྲིས་དབུས་སུ་དགོད། །ལྕགས་སམ་མཆོག་གི་ཕུར་པ་ལ། །གཤེད་པོར་བྱིན་བརླབ་དབུས་སུ་དགོད། །དཔལ་དར་ནག་པོ་ལྕེ་བཞི་ལ། །ཕྱོགས་བཞིར་བདུད་བཞིའི་གཟུགས་བྲིས་དགྲམ། །ཤར་དུ་ཧེ་ལེ་ཁྱབ་པ་དགོད། །ལྷོ་རུ་ནག་པོ་བཀྲག་མེད་དགོད། །ནུབ་ཏུ་སོ་འདར་འཁྲིག་པ་དགོད། །སེ་མོ་རྩ་སྐོམ་རལ་པ་སྤྱི་ཆིང་ཡང་བྱང་དུ་དགོད། །དྲི་ཟ་ཁྱུང་བཙུན་ཤར་དུ་དགོད། །ཕག་སྐར་ཉ་རིང་ལྷོ་རུ་དགོད། །ངང་ཟན་རང་གཟའ་འཕན་སྐར་ཡང་


DNG015_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

ཕད་སྐར་ནུབ་ཏུ་དགོད། །ན་བུན་སྨུག་པོ་བྱང་དུ་དགོད། །བཀའ་འཁོར་སྐྱོང་བའི་གནོད་སྦྱིན་བདུད། །ཕྱག་བརྙན་བཅུ་གསུམ་ཁྲག་གི་དོང་རལ་ཅན། །སྤྲུལ་པ་བཅུ་གསུམ་སྟག་དང་གཟིག་ཆས་ཅན། །མོན་བུ་བཅུ་གསུམ་བདུད་ཀྱི་རྟ་ནག་ཅན། །ཕོ་ཉ་བཅུ་གསུམ་སྟག་སེང་མཐོང་ག་ཅན། །ཕྱག་བརྙན་ནག་མོ་རེ་བའི་གོ་ལྕོག་ཅན། །སྤྲུལ་པ་མོ་རྣམས་སོལ་བའི་ལན་ཚར་ཅན། །མོན་མོ་བཅུ་གསུམ་ཞ་ནེའི་ལན་ཚར་ཅན། །ཕོ་ཉ་མོ་རྣམས་འགྲོན་བུའི་ཐོད་སྐབས་ཅན། །གྲུ་ཆད་ཁྱམས་དང་སྒོ་ལ་དགོད། །དེ་ལ་དམ་རྫས་བཤམས་པ་ནི། །རབས་ཆད་མོན་གྱི་ཐོད་པ་རུ། །བྲ་སྲན་གཏོར་མ་ཆ་གཅིག་ཏུ། །ལུག་ནག་སྤྱི་དཀར་བྱ་རོག་དང་། །རྟ་ནག་སྙིང་དཀར་གསུམ་གྱི་སྙིང་། །སྲོག་པ་རྩ་དང་མ་བྲལ་ནང་། །དགྲ་བོ་དུ་ཡོད་མིང་རུས་རྣམས། །གྲོ་ག་ཤིང་ཤུན་བྲིས་ལ་གཞུག །བྱ་རོག་གསོབ་དང་སྐྱུང་ཀའི་གསོབ། །བརྒྱད་སྟེ་ཤར་ནུབ་ཁ་བསྟན་བཞག །ཆང་ཕུད་ནང་དུ་གསེར་བརྡར་ལ། །དངུལ་སྐྱོགས་གང་ཡང་གཞག་པར་བྱ། །གཡབ་དང་ནག་པོས་གཡབ་ཚུལ་བྱ། །ལུག་ནག་ལྕགས་རུ་གསེར་མིག་ལ། །རེ་བའི་སྒྱེ་ནི་ཁལ་དུ་བཀལ། །གཡས་སུ་ཕོ་རྣམས་མིང་རུས་གཞུག །གཡོན་དུ་མོ་རྣམས་མིང་རུས་གཞུག །སྔོ་དམར་སྐུད་པས་གོང་རྨེད་བྱ། །ར་ལ་དར་ལྕེ་མཐིང་ནག་གདབ། །མིག་གཉིས་ནང་དུ་རིན་ཆེན་བརྡར། །དར་དཀར་ཡུག་གིས་མིག་གཉིས་དགབ། །དཀྱིལ་འཁོར་བྱང་ཤར་གྲ་རུ་དགོད། །དུར་ཁྲོད་རས་ལ་འཁོར་ལོ་བཅའ། །ཐོད་པ་དུག་ཁྲག་བསྲེས་ལ་དགང་། །གོས་ནག་གྱོན་ལ་ཐོད་ནག་བཅིངས། །བདུད་ཀྱི་གཡབ་དར་ལག་ཏུ་ཐོགས། །གཏུམ་ཆེན་བསྟོད་ལ་བདུད་རྣམས་རྦད། །དྲག་སྔགས་འདི་བཟླས་མངོན་དུ་འགྱུར། །ཧཱུཾ་ཕཊ་བ་ཧཱུཾ་ལེ་མ་པ་ཤ་སྟ་ཧ་སྟ་བ་བ་ལེ་རང་བ་མང་ཤ་པ་ར་ཡ་ཧཱུཾ་མ་ཧེ་པ་མང་ག་ལ་ཡ་ཧཱུཾ་ཕཊ། སུམ་འབུམ་བཟླས་ན་གང་ཡང་འགྲུབ། །དེ་བཞིན་བསྒྲུབ་ན་མངོན་དུ་འགྱུར། །དཔལ་འཇམ་དཔལ་ཟླ་གསང་ནག་པོའི་རྒྱུད་ལས། བདུད་གསང་བ་ལྟར་བསྒྲུབ་པའི་སྐབས་ཏེ་སོ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་གཤེད་པོས་འཇིག་རྟེན་གྱི་ཁམས་མེར་བསྲེག་


DNG015_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བཙན་ཕྱི་ལྟར་བསྒྲུབ་པ་འདི་གསུངས་སོ། །བྲག་དམར་རྩའམ་དུར་ཁྲོད་དུ། །ས་བདག་ཞི་བྱ་ཀླུ་གཏོར་གཏང་། །དཀྱིལ་འཁོར་འདོམ་གང་གྲུ་བཞི་པ། །ར་དམར་ཁྲག་གིས་ཆག་ཆག་གདབ། །དབུས་ཀྱི་ལྟེ་བ་དམར་པོ་ལ། །ཟླ་གམ་དམར་པོ་བརྒྱད་ཀྱིས་བསྐོར། །ལྕགས་རི་ནག་པོ་མེ་འོད་འབར། །ཟླ་གམ་རེ་ལ་མཱ་ར་ཡ། །ར་དམར་བསེ་འགྲམ་ཕྱི་རྟེན་བཅའ། །དབུས་སུ་བཤོས་བུ་གྲུ་གང་གཞག །ར་ཁྲག་དག་གིས་དམར་པོར་བྱུག །ཟ་འོག་དམར་པོ་མདའ་གང་གདགས། །ར་ལྤགས་དམར་པོ་མདའ་གང་ལ། །ཟེར་མོ་ལྡེམ་པའི་ཕོད་ཀྱིས་བརྒྱན། །དབུས་ཀྱི་ཟླ་གམ་སྟེང་དུ་གཞག །དེ་འཁོར་ཟླ་གམ་བརྒྱད་པོ་ལ། །བཤོས་ཆ་བརྒྱད་ལ་མདའ་དམར་བརྒྱད། །དར་དང་ར་ལྤགས་དམར་པོ་དང་། །ཟེར་མོའི་ཕོད་ཀྱི་བརྒྱན་པ་བརྒྱད། །ཕྱི་རིམ་ཟླ་གམ་བརྒྱད་ལ་དགོད། །གསེར་བརྡར་ཆང་ཕུད་བྱའོ་དགུ། །འབྲས་དང་ཏིལ་ནག་ལ་སོགས་པས། །ཟླ་གམ་དགུ་ལ་ཕུལ་དགུ་གཞག །དུར་ཁྲོད་རས་ལ་འཁོར་ལོ་ནི། །རྩིབས་བརྒྱད་པ་རུ་བྱ་བར་བཤད། །ཨོཾ་ལ་ལི་པྲ་མ་ནི་རི་ཙེ་ཐལ་བ་ནི། ཏྲི་ཉི་ཉི་ཤཾ་ཏྲི་མུ་ཏྲི་རི་ཏྲི་ཏྲི། རེ་ཏྲི་ཧཾ་ཤཾ་སྟཾ་སརྦ་ཀརྨ་སེ་བ་བེ་བ་སྭཱ་ཧཱ། འདི་ནི་དབང་དང་དྲག་པོའི་སྔགས། །དགུག་དང་རྦད་པའི་སྔགས་འདི་བརྗོད། །སྲོག་ལ་ལི་པྲ་མ་ནི་བཾ་རིལ་དགྲ་བོ་ནྲྀ་ཛ། སྲོག་རྩེ་ཐལ་བ་ནྲྀ། བཾ་རི་ལི་ལི་དགྲ་བོ་ནྲྀ་ཛ། ཀྲོ་དྷི་ཀོ་ཡ་བཾ་རི་ལི་ལི་དགྲ་བོ་ནྲྀ་ཛ། ཀྲོ་དྷཱི་ཀཱི་ལ་ཡ་ཤ་ལ་བཾ་རི་ལི་ལི་དགྲ་བོ་ནྲྀ་ཛ། ཨོཾ་ཏྲི་གམ་ཤམ་མཱ་ར་ཡ་བཾ་རི་ལི་ལི་དགྲ་བོ་ནྲྀ་ཛ། མུ་ཏྲི་མཱ་ར་ཡ་བཾ་རི་ལི་ལི་དགྲ་བོ་ནྲྀ་ཛ། རེ་ཏྲི་མཱ་ར་ཡ་བཾ་རི་ལི་ལི་དགྲ་བོ་མཱ་ར་ཡ་ནྲྀ་ཛ། ཧཾ་ཤཾ་སྟཾ་བུ་མཱ་ར་ཡ་བཾ་རི་ལི་ལི་དགྲ་བོ་ནྲྀ་ཛ། རང་གསང་དཔོན་གཡོག་དགུའི་སྙིང་པོ་བརྗོད་པར་བྱའོ། །སྲོག་ལ་ལི་པྲ་མ་ནི་དམེ་ཉམས་དགྲ་བོའི་སྙིང་ལ་ཛ་ཛ་ཛཿ། སྲོག་ལ་མཱ་ར་ཡ་ནྲྀ་དམ་ཉམས་དགྲ་བོའི་སྲོག་ལ་ཛ་ཛ་ཛཿ། སྲོག་ཀྲོ་དྷཱི་ཀཱི་ལ་ཡ་མཱ་ར་ཡ་དགྲ་བོའི་སྙིང་ལ་ཛ་ཛ་ཛཿ། སྲོག་ཀྲོ་དྷི་ཤོ་ལ་ཡ་ཡ་མཱ་ར་ཡ་དགྲ་བོའི་སྙིང་ལ་ཛ་ཛ་ཛཿ། སྲོག་ཀཾ་ཏི་ཀཾ་ཤཾ་མཱ་ར་ཡ་དམ་ཉམས་དགྲ་བོའི་སྙིང་ལ་ཛ་ཛ་ཛཿ། སྲོག་གི་ཤཾ་ཏྲི་མཱ་ར་ཡ་དམ་ཉམས་དགྲ་བོའི་སྙིང་ལ་ཛ་ཛ་ཛཿ། སྲོག་མུ་ཏྲི་རེའུ་ཏྲི་དམ་


DNG015_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་དགྲ་བོའི་སྙིང་ལ་ཛ་ཛ་ཛཿ། དམིགས་པའི་གཟུགས་ལ་སྔགས་ཀྱིས་བརྡེག །གཤིན་རྗེ་བསྟོད་ལ་བཙན་རྣམས་རྦད། །ཧཱུཾ། འཛམ་གླིང་འདུས་པའི་དཀྱིལ་འཁོར་ནས། །མེ་འོད་འབར་བའི་ཞིང་ཁམས་ནས། །མི་རིང་དམར་པོ་མཐུ་རྩལ་ཅན། །དབུ་ལ་སྐྲ་མེད་བསྐལ་པའི་མེ་དཔུང་འབར། །འཇིག་རྟེན་ཁམས་ཀུན་མེ་ཡིས་བསྲེག །སྨིན་མ་ལྕགས་ཀྱུ་འཁྲིལ་བ་འདྲ། །སྤྱན་རྩ་དམར་པོ་དམ་ཉམས་དགྲ་ལ་བཟློག །སྐུ་ལ་ལེ་བརྒན་དམར་པོའི་འཇོལ་བེར་གསོལ། །གཡས་ནས་བཙན་གྱི་རྒྱུ་ཞགས་དགྲ་ལ་འདེབས། །གཡོན་ན་ཧུ་ལུའི་ལྟས་ངན་དགྲ་ལ་འབེབས། །ཞབས་ལ་ལྕགས་ལྷམ་ཡུ་ཐུང་གསོལ། །སྦྲུལ་ནག་སྟོང་གི་ཆུན་བསྐོར་ཅན། །སྦྲུལ་ནག་གཞིབས་པའི་སྐུ་རེགས་བཅིངས། །སྐར་ཆེན་དམར་པོའི་ཚར་ཚར་ཅན། །བཞུགས་ནི་གླིང་བཞི་ཁྱབ་པར་བཞུགས། །ནམ་གྱི་གུང་ལ་རྒྱུ་ཙ་ན། །བྲག་གི་ཝ་མོ་ཁ་ནག་ཆིབས། །ཉི་མའི་ཟེར་ལ་རྒྱུ་ཙ་ན། །ཆིབས་སུ་ལྟས་ངན་གླ་བ་ཆིབས། །ཉི་མའི་གུང་ལ་རྒྱུ་ཙ་ན། །ཆིབས་སུ་བྲ་བོ་རྟིང་དཀར་ཆིབས། །དམ་རྫས་གཏོར་མ་འདི་ལོངས་ལ། །ཡབ་གཅིག་འཇམ་དཔལ་བཀའ་བྱུང་གིས། །འཁོར་གྱི་བཙན་རྣམས་ལས་ལ་བསྐུལ། །འཇིག་རྟེན་ཁམས་སུ་མེ་ཡི་བསྐལ་པ་ཐོངས། །དགྲ་བོའི་རྣམ་ཤེས་བརྒྱད་པོ་ཐལ་བར་རློགས། །སྐྱེས་བུ་ཆེན་པོ་དགྲ་ལ་ཡ། །རང་གསང་མཆེད་དགུ་དགྲ་ལ་ཡ། །བཙན་གྱི་ཞགས་པ་ད་སྡོགས་ལ། །ཐ་རམ་དགྲ་ལ་ད་ཐོབ་ཅིག །ཁྲག་སྐྱུག་གཟེར་ཐབས་ཕུར་གྱིས་ཐོབ། །ཅེས་ཕྲིན་ལས་བཅོལ་ཙ་ར་ཁམ་རོག་རྟེན་དུ་བཅའ། ལོ་དང་ཟླ་བར་བརླག་པར་འགྱུར་རོ། །བེའུ་རྫི་ཝ་དང་རྟ་ཆུང་དང་། །ལག་སོར་རྣམས་ལ་གོང་བཞིན་བསྐུལ། །ཆང་ཕུད་གཏོང་ཞིང་ལས་གཉེར་གཏད། །རྟགས་ཕྱིན་པ་དང་གཏང་རག་གཏང་། །གསོབ་དང་བཤོས་ཆ་དབུལ་བར་བྱ། །གཤིན་རྗེ་ཟླ་གསང་ནག་པོའི་རྒྱུད་ལས། འཇིག་རྟེན་ཁམས་ཀུན་མེས་བསྲེག་པའི་


DNG015_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

བཙན་གྱི་ཟླ་གསང་ཕྱི་ལྟར་བསྒྲུབ་པའི་སྐབས་ཏེ་སོ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས། བཙན་ནང་ལྟར་སྒྲུབ་པ་འདི་གསུངས་སོ། །གོང་གསུམ་ཁ་འམ་བྲག་དམར་རྩ། །དུར་ཁྲོད་ནགས་ཚལ་འཐུག་པོ་རུ། །དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། །དུག་དང་ཁྲག་གིས་ཆག་ཆག་གདབ། །དབུས་སུ་གྲུ་གསུམ་ཐུར་དུ་བརྐོ། །མུ་སུ་ར་ཡི་ཐོད་པ་རུ། །རྡོ་སོལ་སྤྲ་བ་རས་ལ་སོགས། །ཏིལ་མར་བསྲེས་ཏེ་གཞག་པར་བྱ། །དེ་ལ་ཟླ་གམ་གསུམ་གྱིས་བསྐོར། །ཕྱི་རིམ་འཛམ་བུའི་གླིང་བཞི་བྲིས། །ལྕགས་རི་ལ་སོགས་མེ་འོད་བྲིས། །དབུས་སུ་ཡ་མ་གཤེད་པོ་སྟེ། །ཟླ་གམ་གསུམ་ལ་ཡུམ་སྲས་དགོད། །ཟླ་གམ་སྟེང་དུ་བཙན་གྱི་རྒྱལ། །རྡོ་རྗེ་རེག་བྱ་གསེར་མིག་དགོད། །ལྷོ་རུ་རྡོ་རྗེ་གྲགས་མཆོག་དགོད། །ནུབ་ཏུ་རྡོ་རྗེ་མགྱོགས་བྱེད་རྩལ། །བྱང་དུ་རྡོ་རྗེ་ཤུ་བོ་འབར། །ཡབ་ཡུམ་རྫས་སུ་བཤམས་པ་ཡང་། །མི་ཤ་རྟ་ཤའི་གཏོར་མ་དང་། །སྙིང་ཆེན་གཅིག་ལ་བརྟེན་ཏེ་བསྒྲུབ། །ཕྱོགས་བཞིར་གཏོར་མ་བཞི་བྱས་ལ། །ཤུ་བོ་མཆེད་བཞིའི་རྫས་སུ་དགོད། །ར་དམར་སྙིང་དང་བྱ་སེའི་སྙིང་། །རྟ་མཚལ་སྙིང་ལ་བཙན་རྣམས་བརྟེན། །བྱ་རྒོད་མདའ་ལ་ལེ་བརྒན་དར། །ལག་ཏུ་ཐོགས་ལ་རྟག་ཏུ་གཡབ། །གྲི་བོའི་ཐོད་པར་ཐ་རམ་བཅའ། །རྟག་ཏུ་ར་གསུར་རྒྱུན་ཏུ་གཏང་། །གསེར་སྐྱེམས་ལ་སོགས་གསེར་སྦྱར་བས། །རྟག་ཏུ་བཙན་ལ་མཆོད་པ་བྱ། །སྤྱུགས་པའི་གླུ་བླང་རྦ་གླིང་འབུད། །རྟག་ཏུ་ཉུང་དཀར་ཉུང་ནག་ལ། །སྔགས་བཟླས་གྲུ་གསུམ་ཐོད་པར་གསིབ། །རྣམ་གསུམ་ཏིང་འཛིན་བཙན་རྣམས་བསྐྱེད། །ཨ་བི་ཤུ་ས་མ་ཡ་རཱ་ཛ་བེ་ནི་ཨ་ན་ཎ་སྟ་ཏྲི་ཤལ་རྦད་ཛྷ་ར་ག་ཏིང་སན་དྷ་ར་ཤུ་ན་ཙིཏྟ་བྷསྨི་ཀུ་ཀུ་ཛ་ཛ། ཁྲི་འམ་འབུམ་དུ་བཟླས་གྱུར་ན། །སྐུ་ཡང་དངོས་སུ་སྟོན་པར་འགྱུར། །གཞན་ཡང་རྟ་མེད་སྲབ་སྒྲ་དང་། །མི་མེད་སྤྱུགས་པ་དི་རེ་འོང་། །དེ་བཞིན་ལས་ལ་སྦྱོར་བར་བྱ། །


DNG015_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

གཤེད་པོ་བསྐུལ་ལ་བཙན་རྣམས་རྦད། །འཇིག་རྟེན་མེ་ཡིས་བསྲེག་འདོད་ན། །རྡོ་སོལ་རྫས་སྦྱར་དམ་རྫས་ལ། །རྩ་བའི་སྔགས་ལ་རཾ་རཾ་སྦྱར། །དེ་ཡི་སྔགས་རྣམས་རབ་ཏུ་བཟླས། །ཟླ་གསང་བུ་ལ་ཤེས་བྱ་ཞིང་། །གསད་པའི་ལས་ཀྱང་གོང་དང་འདྲ། །གཙོ་རུ་རང་གི་དམ་ཚིག་བསྲུང་། །ཏིང་ངེ་འཛིན་གྱི་སྤྱོད་ལམ་བྱ། །ཡེངས་ན་གང་ཡང་མི་འགྲུབ་སྟེ། །རྟག་ཏུ་མི་དང་ཉེ་མི་བྱ། །ཐ་རམ་བཅས་པའི་ཐོད་པ་དེ། །གོང་གསུམ་བཙན་གྱི་འདུ་ས་འམ། །བྲག་བཙན་ཀླུ་བཙན་ཡོད་སར་སྦ། །གང་ལ་བྱ་བ་འཇོམས་པར་འགྱུར། །འཇམ་དཔལ་གཤིན་རྗེ་ཟླ་གསང་ནག་པོའི་རྒྱུད་ལས། འཇིག་རྟེན་གྱི་ཁམས་མེས་བསྲེག་པ་བཙན་གྱི་ཟླ་གསང་ནང་ལྟར་བསྒྲུབ་པའི་སྐབས་ཏེ་སོ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས་བཙན་གསང་བ་ལྟར་བསྒྲུབ་པ་འདི་གསུངས་སོ། །དགོན་པ་དུར་ཁྲོད་ལྟ་བུ་རུ། །དཀྱིལ་འཁོར་མཐིང་ནག་གྲུ་གསུམ་བརྩིགས། །དབུས་སུ་རབས་ཆད་ཐོད་པ་རུ། །ཁྲག་སོགས་དུག་སོགས་རྡོ་སོལ་དང་། །དུར་ཁྲོད་རས་དང་ཏིལ་གྱི་མར། །ར་དམར་སྙིང་དང་ར་ཁྲག་བླུགས། །མིང་དང་རུས་བྲིས་ཐོད་པར་གཞུག །བསེ་ཕོར་ཟངས་གཞོང་གཏོར་མས་དགང་། །དྲུང་གཞག་སྲོག་སྙིང་ཚད་དུ་གྲངས། །ཨོཾ་དེ་བ་ཏྲི་མང་གན་ཛ་མུ་ས་མུ་ས་མཱ་ར་ན་ཡ་མཱ་ར་ན་ཡ། དགྲ་བོ་ཆེ་གེ་མོའི་སྲོག་དྲེང་དྲེང་ཐུམ་བྷྱོ་ཛ་ཛ། འདི་ནི་རབ་ཏུ་མི་བསྒྲུ་ཡང་འགྲུང་སྔགས། །ཐོད་པའི་ནང་དུ་འབུམ་དུ་བཟླས། །ཐོད་པ་ནགས་རྫོང་འཐུག་པོ་འམ། །རི་ལ་སྦས་ན་རི་མེས་ཚིག །ཁྱད་པར་རྒྱ་མཚོ་ལྟ་བུ་འམ། །ཆུ་མིག་སྦས་ན་ཆུ་ཡང་ཁོལ། །དགྲ་ཡི་གདུང་གསེབ་སྦས་གྱུར་ན། །ཁྱིམ་དང་ཁང་པ་འཇིག་པར་འགྱུར། །དེ་ནས་སྔགས་དེ་ཉིད་འོ་ཟུའི་སྡོང་པོ་ལ། ལན་སྟོང་དུ་བཟླས་ནས་བྱིན་ན་སྨྱོ་བར་འགྱུར་རོ། །དྷ་དུ་རའི་ལོ་མ་དང་ཤ་པྲ་པ་དེ་དང་། ཀ་ཀ་རི་ལ་བཟླས་ནས་བྱིན་ན་མཛེར་འགྱུར་རོ། །བེའུ་བེ་དང་ཀ་ནི་ལ་བཟླས་ནས་བྱིན་ན། སྐྲངས་འབུར་ནད་ཀྱིས་འཆི་བར་བཤད། །ཟའི་འབྲས་ལ་བཟླས་ནས་ཕྱོགས་སུ་གཏོར་ན། སྦྲུལ་ཆེན་པོ་ཁང་པའི་


DNG015_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

ནང་དུ་འོང་བར་འགྱུར་རོ། །རྡོ་སོལ་ལ་བཟླས་ནས་བྷན་དྷའི་ནང་དུ་ཆང་དུད་སྦྱར་ནས་རྩ་གསེབ་བམ་ཤིང་གསེབ་ཏུ་སྦས་ན་ཡུལ་ཁམས་འཚིག་པར་འགྱུར་རོ། །རྡོ་སོལ་ལ་བཟླས་ཏེ་ཆང་གྲལ་དུ་གྲོགས་པོའི་ཆང་ལ་བཏབ་ན་མེར་རང་གིས་འགྲོ་བར་འགྱུར་རོ། །བསེ་ཞོ་དང་བཙན་དུག་སྦྱར་ལ་བཏབ་ནས་དགྲའི་ལུས་སམ་ཤ་ལ་རེག་པའི་གོས་ལ་བསྐུས་ན་ལྷོག་པ་དཀར་པོས་འཆི་བར་འགྱུར་རོ། །འཇམ་དཔལ་ཟླ་གསང་ནག་པོའི་རྒྱུད་ལས། འཇིག་རྟེན་མེས་སྲེག་བཙན་གྱི་ཟླ་གསང་གསང་བ་ལྟར་བསྒྲུབ་པའི་སྐབས་ཏེ་སོ་དགུ་པའོ།། །།དེ་ནས་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོས། ཆུ་འཁྱགས་དྲག་ཏུ་དབབ་པ་ཁྱབ་འཇུག་གཟའི་དྲག་སྔགས་འདི་གསུངས་ཏེ། གཟའ་ཕྱི་ལྟར་བསྒྲུབ་པའི་ཐབས་བཤད་པ། ཐོག་མར་དད་པ་རབ་ཏུ་བསྐྱེད། །རི་གསུམ་རྩེ་འམ་དུར་ཁྲོད་དུ། །དབང་ཐོབ་བྱ་ཕྱིར་བླ་མ་མཉེས་བྱ་ཞིང་། །དཀྱིལ་འཁོར་བྲིས་ནས་དམ་ཚིག་དབང་དག་ནོད། །དགོས་པ་བསྒྲུབ་ཕྱིར་མན་ངག་ཐོབ་པར་བྱ། །མན་ངག་ཐོབ་ནས་བསྙེན་བསྒྲུབ་མཐའ་རུ་དབྱུང་། །བསྙེན་པ་བྱ་ཞིང་མཐུན་རྫས་འབད་དེ་བསག །ཁྱབ་འཇུག་ལས་ཀྱི་གོ་རིམ་ནི། །གཞན་དང་མཐུན་པར་ཆོ་ག་དང་། །མཆོད་དང་གཟུ་དཔང་གསོལ་བ་གདབ། །གཏོར་མ་ལ་སོགས་ཆོ་ག་བྱ། །དབབ་གསད་ལས་ཀྱི་གོ་རིམ་ནི། །ཚེས་གྲངས་ཕྱོགས་དང་དུས་ཚོད་དང་། །སྤྲུལ་པ་ཡན་ལག་འཇུག་པའོ། །གོ་རིམ་བཞིན་དུ་སོ་སོར་སྦྱར། །བཞི་ལ་ནུབ་ནས་ཤར་དུ་སྲོད། །མ་མོར་སྤྲུལ་ཏེ་རྐང་པ་གཡས། །བརྒྱད་ལ་ཤར་ལྷོ་མཚམས་ནས་སུ། །ཉི་མ་དྲོས་ཏེ་ནུབ་བྱང་དུ། །དགྲ་ལྷའི་རྒྱལ་མོར་མཇུག་མ་སྤྲུལ། །བཅུ་གཅིག་འཇིང་ལ་བྱང་ནས་ལྷོ། །བདུད་དུ་སྤྲུལ་ཏེ་ལག་པ་གཉིས། །བཅོ་ལྔ་ནམ་ཕྱེད་ལྷོ་ནུབ་ནས། །བྱང་ཤར་མཚམས་སུ་རྒྱུ་བ་སྟེ། །སྲིན་པོར་སྤྲུལ་ཏེ་མགོ་བོ་རྒྱུ། །བཅོ་བརྒྱད་ནམ་ཡོལ་ཤར་ནས་ནུབ། །དམུ་རུ་སྤྲུལ་ནས་དཔུང་མགོ་གཡོན། །ཉི་ཤུ་གཉིས་ལ་ཉི་མ་མྱུར། །ནུབ་བྱང་མཚམས་ནས་ཤར་ལྷོ་རུ། །གཤིན་རྗེར་སྤྲུལ་ནས་ལག་པ་གཡོན། །ཉི་ཤུ་ལྔ་ལ་ལྷོ་ནས་བྱང་། །


DNG015_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱ་རེངས་ཆས་ཏེ་དཔུང་མགོ་མིག །ཀླུ་བཙན་གདོན་དུ་སྤྲུལ་ཏེ་རྒྱུ། །ཉི་ཤུ་དགུ་སྟེ་མྱུར་ཆུང་ན། །བྱང་ཤར་མཚམས་ནས་ལྷོ་ནུབ་ཏུ། །གཟའ་བདུད་ཆེན་པོར་སྤྲུལ་ཏེ་རྒྱུ། །དེ་ཡི་དབབ་གསད་སྦྱོར་བ་ནི། །ཕྱོགས་ཀྱི་གདོན་སྤྲུལ་རེ་རེ་ལ། །གསད་པའི་སྦྱོར་བ་སོ་སོར་བྱ། །གདོན་སྤྲུལ་སོ་སོར་རྒྱུ་བ་སྟེ། །མ་མོར་སྤྲུལ་པའི་གཟུགས་བརྙན་ནི། །ནག་མོ་ཆེན་མོ་རལ་པ་ཅན། །འཇིགས་པའི་རྒྱན་ཆ་མང་པོ་དང་། །ལག་ན་ཐོད་ཁྲག་འཐོར་ཞིང་རྒྱུ། །རླུང་དྲག་ཐོག་དང་རྫི་ཁ་རྒྱུ། །རྒྱལ་མོ་སྔོ་སྐྱ་ཀ་དར་ཐོགས། །སྔོ་སྐྱ་ཞོན་ཏེ་འཇིགས་པའི་གཟུགས། །སྒྲ་དང་སེར་བ་མཚན་མོའོ། །སྤྲུལ་པ་བདུན་ནི་མདོག་ནག་པོ། །ལག་ན་གྲི་ནག་ཞགས་པ་ཐོགས། །རྟ་ནག་ཞོན་ཏེ་གདོན་དང་བཅས། །བཙན་ཐབས་དྲག་པོའི་ནད་རྣམས་དང་། །དུས་མེད་མཚན་མ་མང་དུ་འབྱུང་། །འཇིགས་པའི་སྲིན་པོ་སྔོ་ནག་ལ། །མིག་རྩ་དམར་ལ་སྡང་མིག་བགྲད། །མཆེ་བ་གཙིགས་ཏེ་ཟ་བའི་ཚུལ། །མདའ་གཞུ་ཐོགས་ཏེ་གདོན་དང་རྒྱུ། །རླུང་ནག་འཚུབས་མར་བཅས་ཏེ་འོང་། །སྤྲུལ་པ་དམུ་སྟེ་ཐོག་སེར་འབེབས། །དམར་པོ་ཁྲག་གི་ཐིག་ལེ་ཅན། །བ་གླང་ཞོན་ཏེ་འཇིགས་པའི་གཟུགས། །མཚན་མ་ཐོབ་དང་སྤྲིན་ནག་འཁྲུགས། །ཀླུ་གདོན་དྲག་པོར་སྤྲུལ་པ་ནི། །སྦྲུལ་ནག་ཆེན་པོ་འཇིགས་པའི་གཟུགས། །འཁྱིལ་པའི་ཚུལ་གྱིས་རྒྱུག་ཅིང་འཕྲོ། །ཆུ་དྲག་གློག་དང་ཆས་པའོ། །ནག་པོ་ཆེན་པོ་འཁོར་ལོ་ཐོགས། །གདོན་གྱི་གཙོ་བོར་སྤྲུལ་ཏེ་འོང་། །རྒྱུ་བའི་དུས་དང་མཚུངས་ངེས་ན། །མཚན་མ་མྱུར་དུ་ཕུང་བར་འགྱུར། །དེ་ལ་དབང་གསང་སྦྱོར་བ་བརྒྱད། །ངེས་པར་རྒྱུ་བའི་དུས་སུ་བྱ། །དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། །གྲུ་བཞིའི་དཀྱིལ་འཁོར་དབུས་སུ་ནི། །འཁོར་ལོ་རྩིབས་བརྒྱད་དབུས་སུ་ཨེ། །ཕྱོགས་མཚམས་བརྒྱད་ལ་ཨེ་བརྒྱད་བཀོད། །ཨེ་དགུ་ནག་པོའི་འཁོར་ལོ་བསྐོར། །འཁོར་ལོའི་རྩིབས་ལ་སྤྲུལ་པ་བརྒྱད། །བསྐྱེད་ལ་དབབ་གསད་སྦྱོར་བ་བྲི། །དབུས་སུ་གཤེད་པོ་ཡབ་ཡུམ་སྟེ། །ཁཱ་ཧིར་བཅས་པས་གཏོར་མ་སྦྱིན། །ཕྱོགས་མཚམས་བརྒྱད་ཀྱི་སྤྲུལ་པ་ལ། །སོ་སོའི་ལས་ཀྱི་བྱ་བ་བརྩམ། །དགུག་དང་བརྡེག་དང་བསྟབ་པའི་ལས། །འགྲོགས་པའི་ཏུལ་ཏེ་གདོང་ཚུགས་


DNG015_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

མིན། །བསྲེག་དང་མཆོད་པ་ལ་སོགས་པ། །ཕྱོགས་མཚམས་བརྒྱད་ནས་དྲངས་ཏེ་དབུལ། །ཕྱོགས་མཚམས་བརྒྱད་དུ་གསད་པ་སྟེ། །དབུས་ཀྱི་ཨེ་ལ་བསྲེག་པའོ། །སྤྲུལ་པའི་མགོ་བོ་རྒྱུ་བའི་ཚེ། །བརྣག་པའི་དཔྲལ་བའི་དབྱིངས་སུ་གདབ། །རྐང་པ་གཡས་གཡོན་རྒྱུ་བ་ནི། །བོལ་གོང་གཡས་གཡོན་གཉིས་སུ་གདབ། །སྤྲུལ་པ་ཡན་ལག་གོ་རིམ་བཞིན། །གདབ་པའི་ལས་ཀྱང་དེ་བཞིན་གདབ། །ཚེར་མ་ཅན་གྱི་ཤིང་ལ་བསྲེག །རྒྱུ་བའི་དུས་སུ་མཚུངས་ངེས་ན། །ཕུང་བར་འགྱུར་ཏེ་གདོན་མི་ཟ། །གདོན་དང་ཕྱེ་མ་རྣམ་པ་གཉིས། །གདོན་གྱི་རྫས་ལ་ནུས་པ་ཡོད། །ཕྱེ་མ་གདོན་གྱི་བྱ་བ་དེ། །ཟླ་གསང་ནག་པོའི་རྒྱུད་ལས་གསུངས། །གཟའ་བདུད་རྒྱུ་བའི་དུས་ངེས་ན། །རྗེས་དང་དྲི་མའི་འདག་པ་ལ། །གོས་དུམ་དྲི་མ་རྙིང་བ་དང་། །གདུག་པའི་གཟུགས་བརྙན་བཞི་བྱས་ཏེ། །རྣམ་གྲངས་ནད་དུ་གསད་བྱ་ན། །གོང་མའི་རྫས་དང་ཚ་བ་གསུམ། །བསྲེས་ཏེ་གཟུགས་བརྙན་བྱ་བར་གསུངས། །མྱུར་དུ་གསད་པའི་སྦྱོར་བ་ནི། །གོང་མའི་སྟེང་དུ་ཧ་ལས་བྱ། །གོང་མ་བཞི་ལ་ལྕགས་ཕྱེ་དང་། །ཁྲག་གི་སྦྱོར་བས་གྲི་ཉིད་དུ། །ཏིལ་དང་སྐེ་ཚེ་ཉུང་ནག་དང་། །ཁྲག་སྣ་ཟི་ར་གུ་གུལ་དང་། །གོང་གི་རྫས་ཀྱིས་མ་ངེས་བསད། །དུར་ཁྲོད་རས་སམ་ཤིང་ཤུན་ལ། །སྐྱང་ནུལ་བྱས་ཏེ་སྨུག་ནག་གམ། །ཡང་ན་སོ་ནག་དམར་པོར་བྱ། །དེ་ལ་བརྣག་པའི་སྦྱོར་བ་བྱའོ། །མྱུར་དུ་དབབ་པའི་ལས་བྱ་ན། །དམ་སྲི་ཡུལ་གྱི་ཆུ་སོགས་བསག །ཡུགས་ས་མོའམ་རབས་ཆད་ཐོད། །ཡང་ན་མཛེ་ཅན་ཐོད་པ་རུ། །མི་ཁྲག་ཁྱི་ཁྲག་ར་ཁྲག་དང་། །མངལ་ཁྲག་ལ་སོགས་དམེ་ཁྲག་སོགས། །བ་དཀར་འོ་མ་མཛོ་དང་རའི། །འོ་མ་ལ་སོགས་སྦྱར་བ་བྱ། །སྔོ་སྣ་དུག་སྣ་གུ་གུལ་སྦྱར། །གང་འབེབས་ཆུ་མིག་ཀླུ་ཡོད་སར། །བསྲེགས་སམ་བསྐོལ་ན་ཀླུ་རྣམས་དང་། །དུས་ཚོད་གཟའ་ཡིས་གདོང་ཐུག་ན། །ཆུ་འཁྱགས་ཁྲག་ཏུ་འོང་བར་ངེས། །མ་ཧཱ་ཙནྡྷ་རཀྴ་ཏྲི་ཐ་ནི་མ་རྦ་ཡ། ཆེ་གེ་མོ་ལ་ཏྲི་བྷྱོ། ཞེས་པ་ནི་


DNG015_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པ་སྲིན་པོའི་གདོན་གྱིས་དབབ་ཅིང་གསད་པའོ། །ནཱ་ག་རཱ་ཛ་བེ་ནི་ནི་ཨ་ནན་སྟ། ནཱ་ག་རཱ་ཛ་ར་ཤ་ཏིང་སན་དྷ་ར་ཀྵུ་ན། ཙིཏྟ། བཱ་སྨི་ཀུ་རུ། ཀླུའི་གདོན་གྱིས་དབབ་ཅིང་གསད་པའོ། །རྨུ་ཏྲི་ཙདྷ་དུཾ་དུཾ་བུཾ་བུཾ་ཁ་ལ་རཀྴ་ཐུམ་རི་ལི་ལི། ཁ་ཤག་བ་མ་རཀ་སྟྭམ་ཐུམ་རི་ལི་ལི། དམུ་བདུད་སྤྲུལ་པས་དབབ་ཅིང་གསད་པའོ། །མ་མ་ས་མ་ཡ་མ་ཏྲག་ཤ་མ་ཏྲ་འགའ་ནས་ཁ་ཡ་ཀུ་རུ་ཏེ་ཙོ་པཱ་ལ་ཡ་ཨ། ཡུ་ཤྭ་ཧ་ར་དྷ་ར། ཨུ་མ་མ་དམ་ནི་ཤ་ཏྲུ་ནཱ་ག་ཡ་ནི་ཛ་ཛཿ། མ་མོའི་གདོན་གྱིས་དབབ་གསད་པའོ། །ཏྲི་དཀར་མོ་ཏྲི་དུལ་དུལ་སྙིང་ཁྲག་ལ་རིལ་རིལ། ཆོམ་ཆོམ་ཙ་ལ་ཐུན་ཤིག་མཱ་ར་ན་ཛ། རྒྱལ་མོ་སྔོ་སྐྱས་དབབ་གསད་པའོ། །ཡ་མ་ཙན་དྷ་དྷི་ཏ་ཛ་ལ་ཙཀྲ་དྷ་ད་ན་ཤ་ཡ་དགྲ་བོ་ནྲྀ་མཱ་ར་ཡ་སོད་སོད་ཆོམ་ཆོམ་ཤིག་ཤིག །གཤིན་རྗེའི་གདོན་གྱིས་དབབ་གསད་པའོ། །མ་ཧཱ་བི་དྷི་བ་ཏྲ་བིཥྞུ་ཙནྡྷ་ཏུ་བ་ནི་རཱ་ཧུ་ལ་དགྲ་བོའི་ཙིཏྟ་ལ། ཤུན་ཙ་ཏོ་ཁཱ་ཧི། ཧེ་ཀ་ལི་མ་ཧཱ་ཙན་དྷ་མཱ་ར་ཡ་ནྲྀ་ཁུག་ཁུག་ཛ་ཛ། གཟའ་བདུད་ཆེན་པོས་དབབ་གསད་པའོ། །བདུད་ཏྲི་ནི་རི་ཏྲ་པ་ན་ཏྲི་ཡ། མ་ཏྲི་ཏྲི་ཡ་བྷོ། ཁཾ་ཁཾ་སོ་བཾ་རྦད།སྲོག་རྩ་ཐུན་ཆེ་གེ་མོ་ནྲྀ་ནྲྀ་ཛཿ། ཅེས་བཟླས་གར་དམིགས་ཐོགས་པ་མེད། །གཏུམ་ཆེན་ཉིད་ལ་རབ་བསྟོད་ཅིང་། །གཟའ་བདུད་ཆེན་པོ་རབ་ཏུ་རྦད། །ཧཱུཾ། རི་རབ་ཕྱོགས་བཞི་མཚམས་བརྒྱད་ནས། །ལྷ་སྲིན་སྡེ་བརྒྱད་བསྐུལ་རེ་རན། །ཁྱབ་འཇུག་ཆེན་པོ་སྐུ་བཞེངས་ཤིག །གཏུམ་པོ་ཆེན་པོ་བསྐྱོད་ཙ་ན། །གཟའ་བདུད་འཇུག་ཅིང་ཀི་ཀང་འབེབས། །དེ་ཡིས་ཀི་ཀང་འབེབས་བྱེད་ན། །གཟའ་བདུད་ཆེན་པོ་མི་སྲུན་པ། །ཁྱབ་འཇུག་ཆེན་པོ་ཀུན་ཏུ་རྒྱུག །འཇིགས་བྱེད་རོག་ཏི་སྤྲུལ་པའི་ལུས། །ལུས་པོ་གཅིག་ལ་མགོ་བོ་དགུ། །མགོ་ལུས་མེད་པར་མིག་གིས་ཁེངས། །རོ་སྟོད་མི་ལ་རོ་སྨད་སྦྲུལ། །ལུས་ནི་བརྗིད་པའི་དུད་ཁ་ལ། །ལག་ན་ཆུ་སྲིན་ཞགས་པ་ཐོགས། །ཕ་ནི་སྲིན་ལ་མ་ནི་ཀླུ། །ཀླུ་སྲིན་ཚོགས་པའི་མཐུ་བོ་ཆེ། །ལྷོ་ནུབ་མཚམས་ནས་སྐུ་བཞེངས་ནས། །ཟླ་བའི་རྗེས་གཅོད་ཤར་དུ་རྒྱུག །ཉི་མའི་རྗེས་གཅོད་ནུབ་ཏུ་རྒྱུག །ཉིན་མོ་རྒྱུ་ཞིང་མཚན་མོ་འཇོམས། །བར་


DNG015_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་ཁམས་ནས་རྒྱུ་ཙ་ན། །འཇིག་རྟེན་ཁམས་ཀུན་སྒྲོལ་བར་མཛད། །ལོ་ཉེས་འཁྲུག་པ་ཡམས་ནད་གཏོང་། །ཉི་མ་ཟླ་བ་ལྟོ་རུ་ཟ། །རྒྱ་མཚོའི་གཏིང་ན་གནས་པའི་ཚེ། །ཀླུ་རྣམས་ཀུན་ཀྱང་འཁྲུག་ཅེས་སློང་། །ཐོག་སེར་ས་གཡོས་ཀི་ཀང་འབེབས། །འཇིགས་བྱེད་ཆེན་པོ་མི་སྲུན་པ། །མིང་བརྒྱ་པ་ལ་མཚན་སྟོང་པོ། །དུས་ཚོད་ཚེས་གྲངས་ཀུན་གྱི་བདག །ལྷ་སྲིན་ཀུན་གྱི་ནང་དབྱེན་བྱེད། །ལྷ་སྲིན་སྡེ་བརྒྱད་དམག་དཔོན་བྱེད། །འབྱུང་བ་ལྔ་ཡི་བདུད་ཆེན་པོ། །མཚན་ནི་རྣམ་པ་དགུ་རུ་གྲགས། །སྟེང་འོག་ཕྱོགས་འཚམས་ཐམས་ཅད་ནས། །ཀུན་ནས་རྒྱུག་ཅིང་ཀི་ཀང་འབེབས། །ལྷོ་ནུབ་མཚམས་ནས་བསྐྱོད་པའི་ཚེ། །སྲིན་པོ་རཀྴ་བི་ཏྲི་པ། །ཀི་ཀང་པ་ཏ་ཆེན་པོ་བྱ། །སྲིན་པོའི་ཀི་ཀང་ཆེན་པོ་འབེབས། །ཤར་ལྷོ་མཚམས་ནས་བསྐྱོད་པའི་ཚེ། །དྲང་སྲོང་ཆེན་པོ་རཱ་ཧུ་ལ། །དྲང་སྲོང་གི་ནི་ཀི་ཀང་འབེབས། །ཀི་ཀང་བདག་ཉིད་ཅན་ཞེས་བྱ། །བྱང་ཤར་མཚམས་ནས་བསྐྱོད་པའི་ཚེ། །འཇིགས་བྱེད་ཆེན་པོ་སྒྲ་གཅན་འཛིན། །བྱི་ན་ཡ་ག་ཕོ་ཉར་འགྱེད། །ཀི་ཀང་འབེབས་པའི་ལས་ལ་བརྩོན། །ནུབ་བྱང་མཚམས་ནས་བསྐྱོད་ཙ་ན། །དུ་བ་མཇུག་རིངས་ཆེན་པོ་བྱ། །འཇིག་རྟེན་ཁམས་ན་མཐུ་བོ་ཆེ། །འཇིག་རྟེན་གཡོ་འགུལ་བྱེད་པའི་བདག །ལྷོ་ཡི་ཕྱོགས་ནས་བསྐྱོད་པའི་ཚེ། །ཁྱབ་འཇུག་ཆེན་པོ་བྱ་བ་སྟེ། །དུས་ཚོད་ཚེས་གྲངས་ཀུན་ཏུ་རྒྱུག །སྤྲུལ་པའི་སྐུ་ནི་ཀི་ཀང་འབེབས། །ཤར་གྱི་ཕྱོགས་ནས་བསྐྱོད་པའི་ཚེ། །དམུ་བདུད་ཆེན་པོ་ཧ་ལི་ཀ །བྱི་ནུ་ར་ཙའི་ཀི་ཀང་འབེབས། །དམུ་ཡི་ཀི་ཀང་འབེབས་པར་བྱེད། །བྱང་གི་ཕྱོགས་ནས་བསྐྱོད་པའི་ཚེ། །བདུད་པོ་རོག་ཏི་འབར་བའི་གཟུགས། །བདུད་ཀྱི་ཀི་ཀང་འབར་བ་འབེབས། །ཀི་ཀང་འབར་བ་ཙ་ར་ཀ །ནུབ་ཀྱི་ཕྱོགས་ནས་བསྐྱོད་པའི་ཚེ། །སྲིད་པའི་མ་མོ་རྣམས་དང་རོལ། །མ་མོའི་ཀི་ཀང་ཀུན་གྱི་བདག །ལྗང་སྔོན་ཆེན་པོའི་ཀི་ཀང་འབེབས། །ལྷོ་ནུབ་མཚམས་ནས་བསྐྱོད་ཙ་ན། །རོག་ཏི་བྱ་རོག་མགོ་བརྩེགས་ཏེ། །སྐར་ཆེན་འབར་བའི་འོད་


DNG015_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ། །སྔོན་དུ་སུ་ཕྲད་ཁྱུར་མིད་ཟ། །ཁྱོད་ནི་ཁྲོ་ཆེན་སྤྲུལ་པ་སྟེ། །ལྷོ་ནུབ་མཚམས་ནས་སྐུ་བསྐྱོད་ནས། །ལྷ་སྲིན་སྡེ་བརྒྱད་དམག་དཔོན་བྱེད། །ནུབ་ནས་ཤར་དུ་བསྐྱོད་ཙ་ན། །སྲིད་པའི་མ་མོའི་དམག་དཔོན་བྱེད། །ནད་ངན་ཀི་ཀང་དབབ་པའི་དུས་ལ་བབས། །ཤར་ལྷོ་མཚམས་ནས་བསྐྱོད་ཙ་ན། །དགྲ་ལྷའི་རྒྱལ་མོ་དམག་དཔོན་བྱེད། །ཐོག་དང་བུ་ཡུག་ཀི་ཀང་ནི། །དམ་སྲི་གདུག་པའི་སྙིང་ལ་འབེབས། །བྱང་ནས་ལྷོ་རུ་བསྐྱོད་ཙ་ན། །བདུད་དམག་ཀུན་གྱི་དམག་དཔོན་བྱེད། །བདུད་ཀྱི་ཀི་ཀང་ཧུར་ཐུམ་འབེབས། །བདུད་ཀྱི་ཀི་ཀང་དགྲ་ལ་ཡ། །བྱང་ཤར་མཚམས་ནས་བསྐྱོད་ཙ་ན། །སྲིན་པོ་འབུམ་གྱི་དམག་དཔོན་བྱེད། །སྲིན་པོའི་ཀི་ཀང་དགྲ་ལ་ཡ། །གྲི་ཐབས་སྣ་ཚོགས་ཀི་ཀང་ཡ། །ཤར་ནས་ནུབ་ཏུ་བསྐྱོད་ཙ་ན། །དམུ་བདུད་ཡོངས་ཀྱི་དམག་དཔོན་བྱེད། །དམུ་རྡོ་འབེབས་པའི་ལས་བྱེད་ཅིང་། །གར་རྦད་དམུ་ཡི་ཀི་ཀང་གཏོང་། །ནུབ་བྱང་མཚམས་ནས་བསྐྱོད་ཙ་ན། །གཤིན་རྗེ་ཡོངས་ཀྱི་དམག་དཔོན་བྱེད། །སྐྱེ་འགྲོ་ཡོངས་ཀྱི་བླ་ཚེ་སྡུད། །གཤིན་རྗེའི་ཀི་ཀང་དབང་མེད་འབེབས། །ལྷོ་ནས་བྱང་དུ་བསྐྱོད་པའི་ཚེ། །ཀླུ་བཙན་ཀུན་གྱི་དམག་དཔོན་བྱེད། །ཐོག་དང་སེར་བའི་སྣ་འདྲེན་ཅིང་། །ཐོག་སེར་མཛེ་ནད་ཀི་ཀང་འབེབས། །ནུབ་བྱང་མཚམས་ནས་བསྐྱོད་ཙ་ན། །གཏིབ་གྲིར་གསོད་པའི་ཀི་ཀང་འབེབས། །མདུན་དུ་གང་བྱུང་ཁྱུར་མིད་བྱེད། །ཀི་ཀང་སྣ་ཚོགས་འབེབས་པའི་བདག །ཀི་ཀང་སྣ་ཚོགས་དགྲ་ལ་ཡ། །ཞེས་བརྗོད་ཅིང་རཀྟ་སྦྲེང་ཕྲིན་ལས་བཅོལ། གསད་ན་བླ་ཕུར་གཟུགས་ལ་བརྡེག །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཤི་ཀྲི་བི་ཏྲི་ཀཱི་ལི་ཀཱི་ལ་ཡ། ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ། མུ་ལུ་མུ་ལུ། ཀུ་རུ་ཀུ་རུ། ཐུམ་བུ་ཐུམ་བུ། བ་ར་ཏ་ཐུམ་རུ་ཐུམ་རུ་པ་ར་པ་ཤཱུ་དན་ཏ་པ་ར་པ་ཏ་ཡ། རུ་ཏི་རུ་ཏི་ཤ་ས་ཡཱ། ཤན་ཏི་ཀུ་ལ་ཏྲི་ཛ། ཞེས་ནི་གསད་པའི་ལས་སྦྱོར་བྱ། །ཆུ་འཁྱགས་དྲག་ཏུ་འབེབས་འདོད་ན། །སྔགས་ཀྱི་མན་ངག་ཞག་གཅིག་བྱ། །ཨོཾ་མེ་ཁ་ཁ་ཐུན་ཁ་ཐུན། རཾ་ཡཾ་རཾ་ཡཾ། ན་པུ་ཏ་ན་ཎ་ཁ་ལེ་ར་ཐུན་ར་ཐུན་ཏུ། ཞེས་པའི་སྔགས་བཟླས་ཁྲོ་ཚུལ་བསྟན། །མིག་བཟློག་ཁ་བསྒྲད་


DNG015_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

མིག་སྤྲིན་ལས། །ཁྲག་སྤྲིན་དམར་པོས་འཁྲིགས་ཤིང་འདྲིལ་བར་བསམ། །རྫས་རྣམས་གཏོར་ཞིང་ལུས་སྤྲུགས་པས། །སེར་བ་དྲག་ཏུ་འོང་བར་འགྱུར། །གནམ་ས་རི་བྲག་ཀུན་ཏུ་ཡང་། །འབའ་རི་ཤ་ཡས་གདོན་མི་ཟ། །འཇམ་དཔལ་གཤིན་རྗེ་ཟླ་གསང་ནག་པོའི་རྒྱུད་ལས།ཆུ་འཁྱགས་སེར་བ་དབབ་པ་ཁྱབ་འཇུག་གཟའི་དྲག་སྔགས་སྐབས་ཏེ་བཞི་བཅུ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས། ཆུ་འཁྱགས་དྲག་ཏུ་དབབ་པའི་ཕྱིར། །རོག་ཏི་གཟའ་ཡི་ནང་བསྒྲུབ་གསུངས། །དུར་ཁྲོད་ལ་སོགས་དགོན་པ་རུ། །དཀྱིལ་འཁོར་གྲུ་གསུམ་སྦྲག་མ་བྱ། །གྲུ་གསུམ་སྦྲག་མའི་ནང་རོལ་དུ། །སྣེལ་གྲིའི་ཐོད་པ་འོག་ཏུ་གཞག །མངལ་ཁྲག་ལ་སོགས་ཁྲག་སྣ་ཚོགས། །དུག་དང་སྔ་སྔོ་དཀར་གསུམ་བླུག །རབས་ཆད་ཐོད་པས་སྟེང་ནས་དགབ། །གྲུ་གསུམ་ནང་དུ་གཞག་པར་བྱ། །བསྙེན་པ་བྱ་བའི་ཐབས་དག་ལ། །ལྷ་བསྙེན་སུམ་སྟོང་བྱས་ནས་ནི། །ཚེས་བཞི་བཅོ་ལྔ་བརྒྱད་དུས་ལ། །གཟའ་ཆེན་ཉིད་ཀྱི་སྙིང་པོ་བཟླས། །སྟོང་རྫོགས་ཐུན་ལ་ཉུང་གིས་བྲབ། །ཨོཾ་བྱ་ཤ་མེ་ཀེ་དུ་རུ་མ་ཤི་རི་ཁ་ར་ཛྭ་ལ་ཨ་ཀ་ཏ་སྭཱ་ཧཱ། སྟོང་རྫོགས་ཐུན་ཁྲག་དག་ལ་བསྡིམ།ཨོཾ་ཛ་པ་ཏི་རཱ་ཧུ་མ་ཧཱ་ཀྲོ་དྷ་ཤ་ར་ན་ཧཱུཾ་ཕཊ། སྔགས་ལ་སྟོང་ངམ་ཁྲི་རུ་བཟླས། །བཟླས་པ་རྫོགས་ནས་ཉུང་གིས་བྲབ། །ཉི་ཤུ་དགུའམ་ཚེས་གཅིག་ལ། །བསྙེན་པ་རྫོགས་ནས་ས་གཙང་སྦ། །ཐུན་གཅིག་གནས་སུ་རྟེན་ཏུ་བཅའ། །མིས་མ་འཕྲིགས་པར་གསང་སྔགས་བཟླས། །ཨོཾ་ཀྲོ་དྷི་ཏྲ་ལོ་གློ་བུར་སྐྱི་འདང་ཕོབ།ཏྲག་རཀྴ་སྙིང་ཁ་རག་བྷྱོ། ཁྲག་མ་མུ་ཤ་མ་བྷྱོ། ཀུ་ལི་ན་མ་བྷྱོ། ཙན་དྷ་རཀྴ་མ་བྷྱོ། བཙན་བདུད་ཁྲོལ་ཁྲོལ་བྷྱོ། གནམ་མཐོངས་ཕྱེ། ལྕགས་སྒྲོག་ཁྲོལ།མི་རེང་སོད། རྐྱང་རྗེ་རྐྱང་མོ་ཙུ་རུ་ཙུ་རུ་ཧཱུཾ་ཕཊ། དེ་ནས་ཟོར་སྔགས་མཛུབ་བསྟན་ལ། །ཡུལ་གྱི་ཕྱོགས་སུ་བཟླས་པ་བྱ། །རི་བོའི་རྩེར་སོང་ཐབ་ཟོར་འཕང་། །ཆུ་སྐྱེས་ཟླ་བ་ཚེས་བཞི་ནས། །ཉི་ཤུ་དགུ་མཐར་བསྙེན་རྫོགས་ནས། །ཆུ་འཁྱུས་ཟླ་བ་ཀུན་ཏུ་དབབ། །


DNG015_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་ལས་རྣམས་བྱས་གྱུར་ན། །ཆུ་འཁྱགས་ཁྲག་ཏུ་འབབ་གྱུར་ཏེ། །སྐྱི་འདང་རི་རྣམས་ཉིལ་བར་བྱེད། །འཇམ་དཔལ་གཤིན་རྗེ་ཟླ་གསང་ནག་པོའི་རྒྱུད་ལས། ཆུ་འཁྱགས་ཁྲག་ཏུ་དབབ་པའི་ཟླ་གསང་ནང་བསྒྲུབ་ཀྱི་སྐབས་ཏེ་ཞེ་གཅིག་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །འགལ་བ་ཆམ་ལ་དབབ་སླད་དུ། །ཁྱབ་འཇུག་གཟའ་ཡི་གསང་བསྒྲུབ་གསུངས། །སྒྲ་གཅན་ཆེན་པོ་ཉི་ཟླའི་གཉེན། །དྲག་པོ་ཆེན་པོ་རཱ་ཧུ་ལ། །ཁྲག་ཏུ་དབབ་པའི་ལས་འདི་ཡིན། །དུར་ཁྲོད་ལ་སོགས་གནས་དག་ཏུ། །མཎྜལ་ཆག་ཆག་ཐིག་གདབ་བྲི། །དབུས་སུ་གྲུ་གསུམ་བརྩེགས་མ་བྲི། །མུ་ཁྱུད་ཟླུམ་པོ་ཐོད་ཕྲེང་ཅན། །སྒོ་བཞི་རིགས་དང་མཐུན་པར་བྲི། །སྦྲུལ་སྔོན་དག་གི་ཤུན་པ་ལ། །རྫས་ཀྱི་ཕུད་བླུགས་མིང་རུས་གཞུག །འཁྱིལ་པའི་ཚུལ་གྱིས་གའུར་གཞག །གྲུ་གསུམ་དབུས་སུ་བཞག་ལ་བསྒྲུབ། །དཀར་ཐབ་དམར་ཐབ་སྔོ་ཐབ་གསུམ། །གྲུ་གསུམ་རྒྱབ་མ་དག་ལ་གཞག །ཤ་རུལ་ཁྲག་རུལ་བཙོས་དང་རྗེན། །ར་མཆིན་སྒྲུབ་སྨན་གུ་གུལ་ནག །ལ་ཕུག་ཏིལ་སྒོག་ཕ་ལྟར་ཕ་ལུས་ཀྱང་མོས། །སྣེལ་གྲིའི་ཐོད་པར་བླུགས་ལ་གཞག །དཀར་གསུམ་ཀླུ་སྨན་མངར་གསུམ་དང་། །གུ་གུལ་དཀར་པོ་འབྲས་ཆེན་རྣམས། །མ་ལྟར་མོས་པས་འཁར་གཞོང་བླུགས། །མཐུན་རྫས་བསྡུས་ལ་ཐོད་པར་གཞག །ཙ་ར་རོག་པོའི་རྭ་ལ་ནི། །སྔགས་བྲིས་སྟེང་དུ་མིང་བྱང་གདགས། །ལྷ་སྲིན་སྡེ་བརྒྱད་མཆོད་རྫས་དགྲམ། །ཐུན་རྫས་ཐོད་ཕྲེང་སྟེང་དུ་གཞག །རང་ཉིད་གཤིན་རྗེ་གཤེད་པོ་སྟེ། །ཡི་དམ་བཅས་པ་རྫོགས་པ་དང་། །སྲོག་སྙིང་འདི་ནི་ནུས་ཐང་བརྗོད། །ཨོཾ་བི་ཤ་ལ་དུ་རུ་མ་ཤི་ཁ་ཛྭ་ལ་ཨ་ཏ་སྭཱ་ཧཱ། སྟོང་རྫོགས་ཐུན་ལ་མཆོད་པ་བྱ། །ཧཱུཾ། འཇིགས་བྱེད་ཆེན་པོ་རཱ་ཧུ་ལ། །སྐུ་མདོག་དུད་ཁ་མིག་གིས་ཁེངས། །གཤིན་རྗེ་གཤེད་པོའི་ཞབས་དྲུང་དུ། །རྒྱལ་བའི་བསྟན་བསྲུང་ཁས་བླངས་པ། །དུས་འདིར་འདའ་བར་མ་བྱེད་པར། །དམ་རྫས་གཏོར་མ་འདི་ལོངས་ལ། །དམ་ཉམས་སྲོག་རྩ་གཅད་པ་དང་། །


DNG015_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་དུ་ལོ་ནད་སེར་བ་ཕོབ། །ཧབ་པ་ཤ་མི་ཀི་དུ་རུ་མ་ཤི་ཀི་ཛྭ་ལ་ཏི་ཨ་ཙི་ཏི་སྭཱ་ཧཱ། དུས་ཚོད་བརྒྱད་ལ་གཏོར་མ་སྦྱིན། །བསྙེན་ཅིང་བསྒྲུབ་པའི་མཚན་མ་རྣམས། །གཞུང་མཐུན་ཉམས་སུ་ལོན་པ་དང་། །དྲག་པོ་ཐུན་གྱི་རྫས་ཀྱང་བླང་། །གཟུའི་ནང་དུ་སྔགས་འདིས་བྲབ། །ཨོཾ་མུ་ཀ་ཡེ་ཀ་པ་ཡེ་ཨ་པ་ཡེ་ཧྲཱྀཿཤྟྲཱིཿབི་ཀྲི་ན་ཏེ་ཡུལ་འདིའི་ལོ་ཐོག་ལ། ཙ་པ་ཏྲི་རཱ་ཧུ་ལ་མ་ཧཱ་ཀྲོ་དྷ་ཀ་པ་ཏ།ཤར་ཤར་རོ་ཤལ་ཏེ་ཧཱུཾ་ཕཊ། ཐིག་ནིག་གཅིག་མེད་གཉིས་ཏྲག །བརྒྱད་བཅད་དུད་ཕྲོམ་གནམ་མཐོངས་ཕྱེ། །ལྕགས་སྒྲོག་ཁྲོལ། མི་རེང་སོད། རྐྱང་རྗེ་རྐྱང་མོ་ཙུ་རུ་ཧཱུཾ་ཕཊ། སྟོང་ངམ་ཁྲི་ཐོན་རྫས་ཀྱིས་བྲབ། །དེ་ནས་ལྷ་སྲིན་སྤྲུལ་པ་བརྒྱད། །སྔགས་ཀྱིས་གོང་གི་མཆན་དུ་བྲབ། །ཏྲག་རཀྨོ་ཧྲིལ་ཤག་རྦད། སེར་འདྲིལ་ཤར་རྦད། དེ་ནི་མ་མོའི་དྲག་སྔགས་སོ། །ཨོཾ་ཨ་ས་ལེ་མ་བྷྱོ། རུ་ལུ་རུ་ལུ་མ་མ་ཏྲག་རཀྴ་ཧྲིལ་ཧྲིལ་ཤར་བྷྱོ། དགྲ་བླའི་རྒྱལ་མོའི་དྲག་སྔགས་སོ། །ཨོཾ་པ་ཤ་མི་ཀི་རཱ་ཧུ་ལ་ཧཱུཾ། ཤག་ཤར་ཤར་ཧྲིལ་བྷྱོ། དེ་ནི་བདུད་ཀྱི་དྲག་སྔགས་སོ། །ཨོཾ་སེར་ཁྲག་ལ་མུ་ཤ་གཏུབ་སྭཱ་ཧཱ། དེ་ནི་སྲིན་པོའི་དྲག་སྔགས་སོ། །ཨོཾ་རཾ་ཏྲཾ་ཐུཾ་ཤག་རིལ་རཾ་ཤར་བྷྱོ། དེ་ནི་དམུའི་དྲག་སྔགས་སོ། །ཨོཾ་ཡ་མ་རཱ་ཛ་རཾ་ཧྲི་ལ་ཤར་རཾ་རཾ། དེ་ནི་གཤིན་རྗེའི་དྲག་སྔགས་སོ། །ཨོཾ་ནཱ་ག་ཧྲིལ་སེན་ཤག་སད་དུན་ས་མ་ཡ་ཧྲིལ་བྷྱོ། དེ་ནི་ཀླུ་བཙན་གྱི་དྲག་སྔགས་སོ། །ཡ་མ་སྙིང་ཡ་མ་ཁྲག །རཱ་ཧུལ་ཧྲིལ་ཧྲིལ་ཤག་ཤག་སེན་སེན་ཡ་ཡ་བྷྱོ་བྷྱོ་རཾ་རཾ་ཧྲིལ་ཧྲིལ། དེ་ནི་བགེགས་ཀྱི་དྲག་སྔགས་སོ། །ཟླ་གཅིག་དུས་བརྒྱད་ཕྱོགས་ནས་བརྡེག །ལིངྒ་བསྣུར་ཞིང་ཐུན་རྫས་བརྡེག །གཏུམ་ཆེན་བསྟོད་ལ་གཟའ་མཆོག་རྦད། །བླ་ཕུར་ལིངྒ་དག་ལ་བརྡེག །ཚེས་གྲངས་ཐེམས་ནས་གྲུབ་རྟགས་འབྱུང་། །རྫས་དང་ཐུན་ཟོར་སྔགས་དང་མིང་། །དབུས་ཀྱི་རབས་ཆད་ཐོད་པར་བླུགས། །ས་གཟེར་ཡུལ་དབུས་ལ་སོགས་སུ། །སྐྱ་རེངས་གཟེར་དུ་བཏབ་ལ་བཞག །དེ་ནས་ཐུན་གྱི་ཟོར་བྱ་སྟེ། །དམ་རྫས་མཎྜལ་གོང་བཞིན་བྱ། །དམ་སྲི་ཡུལ་


DNG015_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཆུ་སོགས་བསགས། །ལྷ་བསྙེན་བསྒྲུབ་སྔགས་ཕྱེད་དུ་སྟེ། །ཕྱེད་ནི་མན་ཆད་སྔགས་འདི་བཟླས། །ཨོཾ་མུ་ཀ་ཡེ་ཀ་པ་ཡེ་ཨ་བ་ཡེ་ཧྲཱྀཿ ཿབི་ཀྲིན་ཏེ་ཡུལ་འདིའི་ལོ་ཐོག་ལ་དུད་ཕྲོམ། ཀར་ཕྲོམ། ཤུ་ཏི་ཕྲོམ། ཡུག་ཏི་སྨིན། ཤར་ཤར་དྲག་ཏུ་ཕོབ། ཛྭ་ལ་ཏི་རཱ་ཧུ་ལ། ཨ་ཀྲོ་ཏེ་ཀ་ཕོབ། ཤར་ཤར་ཏ་ཕོབ་ཧཱུཾ་ཕཊ། ཙ་ར་མུ་ཡེ། ཨག་ནེ་རག་མོ་ཀོ་ར་ཏེ་སྭཱ་ཧཱ། རྐྱང་རྗེ་རྐྱང་མོ་ཙུ་རུ་ཙུ་རུ་ཧཱུཾ་ཕཊ། ཧོ་ཧོ་ཕྲོམ་མུ་ར་མུ་ར་ཤ་རུ་རུ་ཕྲོམ། གོང་གི་ཐིག་ནིག་བཏགས་ནས་ཀྱང་། །དེ་ལ་ཤམ་བུ་འདི་ཡང་གདགས། །མ་མོ་སིང་ག་ཡེ། མ་མོ་བྱ་ཙ་ཡེ། མ་མོ་ཙིཏྟ་ཡེ། མ་མོ་སྲོག་ཙ་ཡེ། དགྲ་བོའི་ལོ་ཐོག་སྣར་མོ་ལ་མཱ་ར་ཡ་ཧཱུཾ་ཕཊ། སྙིང་པོ་སྔགས་ཀྱི་བར་བར་དུ། །མཆོད་ཅིང་གཏོར་མ་དབུལ་བར་བྱ། །ར་བསྒྲལ་ཐབས་ཀྱིས་ཐུགས་དམ་བསྐང་། །ཐོན་ནས་གནམ་གཟེར་རི་ལ་བྱ། །དཀར་ཐབ་དམར་ཐབ་སྔོ་ཐབ་གསུམ། །གཅིག་ཏུ་དྲིལ་ལ་བཞི་རུ་བྱ། །དམར་རིང་ཟོར་ནི་ཕྱོགས་སུ་འཕངས། །གོང་གི་སྔགས་བཟླས་མཛུབ་རིས་བྱ། །ཉི་ཤུ་དགུ་ལ་འཇོམས་པར་འགྱུར། །ཡང་ན་ཆུ་སྐྱེས་རྫོགས་པ་ལ། །ཁྱབ་འཇུག་གཏོར་མ་རྟག་ཏུ་བཏང་། །བླ་ཕུར་བཏབ་ལ་གསད་ལས་བྱ། །བར་བར་ལྷ་ལྔ་དབྱེ་བར་བྱ། །དེ་ལྟར་བྱས་ན་རབ་འབྲིང་གི། །གནམ་ལྕགས་ལྕེ་དང་དམུ་རྡོ་དང་། །ཆུ་འཁྱགས་ཁྲག་ཏུ་དབབ་པར་བྱེད། །དེ་ལ་འདི་ཡི་ལས་ནི་དུས་གང་ཡང་རུང་བར་ཡང་། ཁྲག་དང་གུ་གུལ་དང་ལྕགས་ཟངས་ཀྱི་ཕྱེ་མ་རྣམས་ལ་བསྔགས་ལ་ཡུལ་གང་ཡང་རུང་བ་དེའི་ལྷ་རྟེན་ནམ་ཆུ་མིག་ཏུ་སྦས་ན། ཡུལ་དེ་རླུང་གིས་ཁྱེར་ཏེ་འགྲོ་བར་འགྱུར་རོ། །ཡང་རྫས་དེ་རྣམས་ལ་བཟླས་ཏེ་རི་ལུ་བྱས་ནས་དགྲའི་ཁང་ཐོག་ཏུ་བསྐྱུར་ན། ཁང་པ་རྡིབ་པར་འགྱུར་རོ། །ཡང་དེ་རྣམས་ལ་བརྗོད་ནས་ཆུ་མིག་ཁ་བྱང་དུ་བལྟས་པར་སྦས་ནས་གང་ལྟར་དྲངས་པས་ཤྭ་སེར་འོང་ངོ་། །སྲིན་རྡོ་དང་འཁར་བ་ཆག་པ་ལ་བཟླས་ནས་ཁྱབ་འཇུག་རྒྱུ་བའི་དུས་སུ་བྲག་ཁ་བྱང་དུ་བལྟས་པར་སྦས་ན། ཐོག་དྲག་པོ་འབེབས་པར་འགྱུར་རོ། །འབྲུ་སྣ་ཚོགས་པ་དང་། འབྲུག་གི་རུས་པ་དང་ཆུ་སྲིན་གྱི་སྡེར་མོ་ལ་བཟླས་ནས་འོག་ཏུ་


DNG015_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

སྦས་ནས་ཕྱོགས་སུ་གཏོར་ན། སེར་བ་དྲག་ཏུ་འབེབས་པར་འགྱུར་རོ། །ཀ་ཀ་ན་སེ་དང་། ཁྱི་ནག་པོའི་མཆེ་བ་ལ་སྔགས་ནས་དགྲ་ཕྱོགས་སུ་གཏོར་ན་སྐྲང་ནད་དུ་འགྱུར། དེ་ལ་སོགས་ཏེ་ལས་ཐམས་ཅད་འགྲུབ་པར་འགྱུར་རོ། །སེར་བ་བཟློག་པ་དང་ཤྭ་བཟློག་པ་ཡང་དེ་དང་འདྲ་སྟེ། ཉུང་དཀར་ལ་སྔགས་ནས་གཏོར་ན་བཟློག་པར་འགྱུར། །མང་མ་ག་ཏའི་ཕྱེ་མ་ལ་ཡང་ག་ཡ་ཏི་ལ་བརྗོད་ནས་གཏོར་ན་ཐོག་བཟློག་པར་འགྱུར་རོ། །གཤིན་རྗེ་ཟླ་གསང་ནག་པོའི་རྒྱུད་ལས། ཆུ་འཁྱགས་ཁྲག་ཏུ་དབབ་པ་གཟའི་དྲག་སྔགས་གསང་བསྒྲུབ་ཀྱི་སྐབས་ཏེ་བཞི་བཅུ་ཞེ་གཉིས་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོ་གཤིན་རྗེ་གཤེད་པོས། འཇིག་རྟེན་ཁམས་སུ་ཐོག་དབབ་པའི་ཕྱིར་ལྷ་དབང་ཕྱུག་ཆེན་པོ་ཕྱི་ལྟར་བསྒྲུབ་པ་འདི་གསུངས་སོ། །ལྷོར་བལྟས་བྲག་ཆེན་སེང་གེ་མཆོངས་པ་འདྲ། །ཡང་ན་ཨ་ཡ་ཡང་དམར་ལོ་མ་འདྲ་བའམ། །དུར་ཁྲོད་ལ་སོགས་དགོན་པའི་གནས་དག་ཏུ། །རྣལ་འབྱོར་གོམས་པས་ཡོ་བྱད་ལྡན་བྱས་ཏེ། །འཕགས་པ་ལ་སོགས་མཆོད་ཅིང་གཏོར་མ་གཏོང་། །དྲ་ཕྱིང་གཙང་མ་མདའ་གང་གྲུ་བཞི་ལ། །མཚལ་ལམ་ལྡོང་རོས་དག་གིས་ཐིག་བཏབ་སྟེ། །ལེའུ་ཚེ་དགུ་པ་དག་གི་ཚད་དུ་བྱ། །དབུས་སུ་ག་པུར་དག་གི་ཆུས་བཀྲུས་ལ། །དར་རམ་རས་སམ་དཀར་ལ་འཇམ་པ་ལ། །ལྷ་ཆེན་དབང་ཕྱུག་དག་གི་གཟུགས་བྲིས་ཏེ། །རྨྱུག་མ་གཙང་མ་དག་ལ་དགོད་པར་བྱ། །སྟེང་ནས་དམར་པོ་དར་གྱི་གདུགས་ཀྱིས་དགབ། །དེ་ཡི་མཚམས་བཞིར་ལྗང་གུའི་འཕན་བཞི་གཟུག །ཕྱོགས་བཞིའི་ལེའུ་ཚེ་བཞི་པོ་དག་ལ་ཡང་། །ལྷ་ཡི་བློན་པོ་བཞི་ཡི་གཟུགས་བྲིས་དགོད། །ཤར་དུ་དྲི་ཟའི་ལྷ་ཉིད་དགོད་པར་བྱ། །ལྷོ་རུ་གཤིན་རྗེ་ནུབ་ཏུ་ཀླུ་གདོན་ལྷ། །བྱང་དུ་གནོད་སྦྱིན་ལྷ་སྟེ་བཞི་པོ་དགོད། །དེ་ཡི་ཕྱི་རིམ་མེ་ཏོག་སྣ་ཚོགས་བསྐོར། །མཆོད་པ་ལྔ་དང་གཏོར་མ་གཅིག །ནང་དུ་རྟ་ཚིལ་ཁྲག་དང་སྙིང་ཡང་སྩལ། །སྙིང་གི་སྲོག་རྩར་དམིགས་པའི་མིང་རུས་བྲི། །ཁྲེའུ་ཅུ་ཙེ་དག་ལ་དགྲ་གཟུགས་བྱ། །སྙིང་གར་ཐིག་ལེའི་དཀྱིལ་དུ་མིང་


DNG015_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

རུས་གཟུག །སྐེ་ནས་སྔོན་དམར་སྐུད་པས་གདགས་བྱས་ཏེ། །ལག་པ་གཡས་ཀྱི་སྲིན་ལག་རྩེ་ལ་དགལ། །ཆས་གོས་ལྗང་ནག་མགོ་ལ་ཐོད་ནག་བཅིང་། །དུར་ཁྲོད་རས་སམ་བྲམ་ཟེའི་པགས་པ་ལ། །ལྡོང་རོས་ཆུ་རྩས་ཁ་དོག་སེར་པོར་བསྒྱུར། །དུག་དང་ཁྲག་གིས་འཁོར་ལ་རྩིབས་བརྒྱད་བྲི། །འཁོར་ལོའི་རྩིབས་ལ་གཤིན་རྗེའི་སྙིང་པོ་བྲི། །དབུས་ཀྱི་ལྟེ་བར་ལྷ་ཆེན་སྙིང་པོ་དགོད། །ཕྱི་རིམ་ཐོག་གི་དབབ་སྔགས་དག་གིས་བསྐོར། །འཁོར་ལོ་མངའ་གསོལ་དབང་བསྐུར་སྨོན་ལམ་གདབ། །བྲམ་ཟེ་ལ་སོགས་མཛེ་ཅན་ཐོད་པར་གཞུག །དེ་ཡི་ནང་དུ་གསེར་དང་ལྕགས་ཟངས་དང་། །དངུལ་དང་སྙིང་སྣ་ཁྲག་སྣ་མང་བླུགས་ཏེ། །ལེའུ་ཙེའི་དབུས་སུ་མན་འཛིའི་ཁ་ལ་གཞག །ཏིང་འཛིན་རྣམ་གསུམ་རིམ་གྱིས་ཚུལ་བཞིན་བསྐྱེད། །དབང་ཆེན་རིམ་བརྩེགས་སྟེང་དུ་བྷྲཱུཾ་གཅིག་བསམ། །བྷྲཱུཾ་ལས་འབར་བའི་ལྷ་ཡི་གཞལ་མེད་ཁང་། །ཕྱི་དང་ནང་མེད་ཀུན་ཏུ་གསལ་བར་བསྐྱེད། །དབུས་སུ་མ་ཧེ་བམ་ཆེན་བསྣོལ་བ་ལ། །ཉི་ཟླ་འཁོར་ལོ་རབ་ཏུ་འབར་བའི་སྟེང་། །ཡ་ལས་འཇམ་དཔལ་གཤེད་པོ་འབར་བའི་སྐུ། །ཞལ་དྲུག་ཕྱག་ཀྱང་བཅུ་གཉིས་གསལ་བར་བསྐྱེད། །དེ་ཡི་འཁོར་ན་ལྷ་ཡི་ཚོགས་གནས་ཏེ། །མ་ཧཱ་དེ་བ་ཧཱུཾ་ཞེས་བརྗོད་པ་ཡིས། །དབུས་སུ་ལྷ་ཆེན་མ་ཧཱ་དེ་བ་ཡང་། །སྐུ་མདོག་ནག་པོ་སྤྱན་གསུམ་མཆེ་བ་ཅན། །རྩེ་གསུམ་འབར་བ་ཁྱུང་གི་རྒྱལ་མཚན་གཡས། །ཞགས་པ་བེ་ཅོན་རྡོ་རྗེ་གཡོན་པ་ན། །སྨིན་མཚམས་གློག་འགྱུ་བསྐལ་པའི་ཐིག་འབེབས་བསྒོམ། །འཁོར་གྱི་ལྷ་ཡང་རྟ་ཞོན་ཐོག་འབེབས་པའོ། །དེ་བཞིན་ཏིང་ངེ་འཛིན་གྱིས་གསལ་བསྒོམས་ལ། །གཤིན་རྗེ་གཤེད་པོས་ལུས་བསྲུང་དབང་དུ་བསྡུ། །ཧཱུཾ། ལས་རྣམས་རིམ་གྱིས་བགྲོད་པའི་ཡང་རྩེ་ནས། །སྨོན་ལམ་དབང་གིས་བསྟན་པ་འཕེལ་མཛད་ཅིང་། །མ་ཧཱ་དེ་བ་ལྷ་ཆེན་དབང་ཕྱུག་གཙོ། །བསྟན་པ་བཤིགས་པའི་དགྲ་རྣམས་བསྒྲལ་བ་དང་། །སངས་རྒྱས་བསྟན་བསྲུང་དཀོན་མཆོག་བསྟོད་


DNG015_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར། །འཁོར་བཅས་མ་ལུས་གཤེགས་སུ་གསོལ། །ཨོཾ་པྲ་མ་ན་རག་ཤ་ཨེ་ཧྱེ་ཧི་ཛཿཧཱུཾ་བཾ་ཧོཿ། དགའ་ཞིང་གུས་པའི་ཐལ་སྦྱར་པུས་བཙུགས་ནས། །ལྷ་མཆོག་ཁྱེད་ཀྱི་ཡོན་ཏན་རབ་བརྗོད་ཅིང་། །ཙམ་པ་ཀ་དང་པདྨས་རབ་གཏོར་ནས། །དེང་འདིར་བསྟོད་དེ་ཁྱེད་ལ་ཕྱག་འཚལ་ལོ། །ཁྱོད་ཀྱི་ཐུགས་ནི་ནམ་མཁའི་དཀྱིལ་འདྲ་ཞིང་། །འོད་ཟེར་ཆ་ལས་འགྲོ་བའི་དོན་མཛད་པ། །ཐོགས་མེད་མཁའ་ལྡིང་ངང་པའི་གདན་སྟེངས་སུ། །བརྟན་པར་བཞུགས་ནས་བདག་ལ་དངོས་གྲུབ་སྩོལ། །འཁོར་གྱི་ལྷ་ཆེན་མི་བཟད་ཐོག་འབེབས་བཞི། །ཤུགས་ཀྱི་ཐོགས་མེད་རྟ་མཆོག་གདན་ལ་བཞུགས། །མ་ཧཱ་དེ་ཝ་པྲ་མ་ན་ཙར་ཞི་ས་མ་ཡ་ཏིཥྛ་ལྡན། ལྷ་ཡུལ་གཙང་མ་དག་ལ་རབ་བཤམས་ཏེ། །བྲམ་ཟེ་མཚན་ལྡན་ཆགས་པས་རབ་ཏུ་མཆོད། །འབྲས་དང་ཀུ་ཤར་བཅས་པའི་ཡོན་ཆབ་དང་། །ག་པུར་གུར་གུམ་གླ་རྩི་ཅེ་པོག་སོགས། །ཏིལ་མར་བསུང་ཅན་རབ་གསལ་མར་མེའི་མཆོག །དུ་རུ་ཀ་ལ་སོགས་པ་དེ་ཡི་ཆུ། །ལག་སན་མར་དང་བཅས་པའི་བུ་རམ་བཤོས། །དུང་དང་བྱེ་རུ་ཟངས་དང་ཀྲ་ཤེལ་དང་། །རྔ་ཏིང་རྫ་རྔ་མུན་ཛ་ཏི་མི་ལི། །ཆ་ལང་པི་ཝང་ཏམ་བུ་རྒྱུད་གཅིག་པ། །གླུ་གར་རྩེད་འཇོ་རོལ་མོ་དག་ལ་སོགས། །བདེ་བའི་ཡོ་བྱད་ཐམས་ཅད་མ་ལུས་ཀུན། །མཆོད་པར་འབུལ་ལོ་ཐུགས་རྗེས་བཞེས་སུ་གསོལ། །ཨོཾ་སརྦ་པཱུ་ཛ་པུཥ྇་དྷཱུ་པེ་ཨཱ་ལོ་ཀེ་གན་དྷི་བ་ལིཾ་པཱུ་ཛ་ཧོཿ། སྐུ་མདོག་ནག་པོ་སྤྱན་གསུམ་མཆེ་བ་གཙིགས། །དྲང་སྲོང་ཆ་ལུགས་པདྨའི་ཕྲེང་བས་བརྒྱན། །ཞལ་བཞི་གླིང་བཞི་ཡོངས་ལ་ཁྱབ་པར་གཟིགས། །སྙན་པའི་དྲིལ་སྒྲ་གསུང་གི་གདངས་སྐད་ཅན། །དབང་ཕྱུག་ཆེན་པོ་ཁྱེད་ལ་ཕྱག་འཚལ་བསྟོད། །འཁོར་གྱི་ལྷ་ཡི་བློན་པོ་བཞི། །རྟ་ལ་ཞོན་ནས་རལ་གྲི་བསྐོར། །ཐོག་སེར་འབེབས་པའི་ལས་ལ་བརྩོན། །ཁྱོད་ལ་བདག་ཅག་བསྟོད་ཕྱག་འཚལ། །སྔགས་འདིས་ལྷ་རྣམས་རབ་ཏུ་བསྙེན། །ཨོཾ་མ་ཧཱ་དེ་ཝ་ཏཾ་ཛ་ཏི་ཛ་ལཾ་པྲ་མ་ན་པྲ་མ་ན་རཀྴ་ཀང་ཀང་ལ་ཡང་ཧཱུཾ།


DNG015_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བ་རཱ་ཙ་ཛ་མ་ཧཱ་ནི་དགྲ་བོ་ཆེ་གེ་མོ་ནི་ཐུམ་ཐུམ་རྦད། ཤག་ལེ་ན་ས་ན་སེན་སེན་ཡང་ཛཿཛཿཧཱུཾ་ཧཱུཾ།དེ་སྐད་བསྟོད་ལ་བསྙེན་པ་བགྱི། །རང་གིས་མ་ཉེས་དཔང་ཡང་གཟུག །ཉེས་བྱས་བྲིས་སྐུའི་མདུན་དུ་བཤགས། །འོ་དོད་འབོད་ཅིང་གཡབ་འདོར་བྱ། །གཤེད་པོ་བསྟོད་ལ་ལྷ་རྣམས་བསྲུང་། །གཡས་ནས་བསྐོར་ཞིང་ཐུགས་དམ་བསྐུལ། །འདོད་ཁམས་ཉི་ཤུའི་ཡང་རྩེ་ནས། །གཟུགས་ཁམས་ལྷ་ཡི་དགའ་ཚལ་ནས། །ཕོ་བྲང་བདེ་བའི་གཞལ་ཡས་ནས། །ཆོས་ཀྱི་རྒྱལ་མཚན་དབང་བསྐུར་བའི། །ལྷ་ཆེན་དབང་ཕྱུག་ཆེན་པོ་ནི། །སྐུ་ནི་དམར་སེར་འབར་བ་ལ། །ཚད་མེད་དབུ་བཞི་གླིང་བཞི་འཇོམས། །གཡས་ཀྱིས་པདྨ་སྐྱོན་དང་བྲལ། །ཐ་མས་བགྲང་ཕྲེང་རིག་སྔགས་སྤེལ། །གཡོན་གྱི་གུནྡྷེས་དགོས་འདོད་སྐོང་། །ཐ་མ་བླུག་སྣོད་དགྲ་བགེགས་སྦྱོང་། །དད་པས་བསམ་པར་ཡུད་ཀྱིས་ཕྱིན། །པདྨ་སེར་པོས་བརྒྱན་བྱས་ནས། །རས་ཀྱི་ཁ་ཚར་མགུལ་རྒྱན་ཅན། །ཐུགས་དམ་དྲག་ཏུ་བསྐུལ་བྱས་ནས། །ལོག་པའི་དགྲ་བགེགས་འཇོམས་པའི་ཚེ། །སྐུ་ནི་སྔོ་ནག་ཆེན་པོ་ལ། །ཞལ་གྱི་མཆེ་བ་གདངས་པ་ཡིས། །དགྲ་བོ་བདུན་རྒྱུད་རྩད་ནས་གཅོད། །སྨིན་མཚམས་གློག་འགྱུ་ཐོག་ཆེན་འབེབས། །ཐལ་མོ་བརྡབ་པས་ཐོག་ཆེན་འབེབས། །མཛུབ་མོ་བསྐུལ་བས་གླིང་བཞི་འཁྲུག །ལྗགས་བརྐྱང་སྲིད་པ་གཡོ་བར་མཛད། །དཀོན་མཆོག་གསུམ་གྱི་སྐུ་དགྲ་འདི། །ཐོག་ཆེན་འབར་བས་ལྔ་ཕུང་ཤིག །ཚེ་སྲོག་ཆོད་ལ་བདུན་རྒྱུད་ཆོད། །འཁོར་གྱི་བློན་བཞི་ལས་ལ་བསྐུལ། །བར་སྣང་ཐོག་ཆེན་འབྲུལ་དུ་ཆུག །དབང་པོ་རྣམ་ལྔ་ཁ་ལོང་ཁ། །བུ་སྨད་འཁོར་གཡོག་ནོར་ཕྱུགས་ལ། །གསེར་ཐོག་ལྕགས་ཐོག་ཙ་ལ་ལ། །འཁོར་ལོའི་བྲོ་བརྡུང་འུ་རུ་རུ། །ཟངས་ཐོག་འཁར་ཐོག་རམས་སེ་རམ། །མེ་འོད་གློག་དམར་ཁྱུགས་སེ་ཁྱུག །འཁོར་རྣམས་ཤུགས་ཆེན་རྟ་ཞོན་ཅིང་། །རལ་གྲི་མེ་འོད་ཀླད་ལ་བསྐོར། །ཀི་ཀང་གཤེད་བཞིའི་ལས་ལ་འགྱེད། །རལ་གྲི་བསྐོར་བའི་འོད་འཕྲོས་པས། །ཐོག་ཆེན་སྣ་ཚོགས་སྐར་ལྟར་འཁྲུགས། །ཉམས་པའི་དགྲ་ལ་ཐོག་མདའ་ཡཱ། །སྐད་ཅིག་ཙམ་ལ་ཕུང་བར་གྱིས། །ཞེས་རྟ་སྙིང་བསྟབ་


DNG015_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་རཀྟ་སྦྲེང་། །རྟགས་སུ་འབྲུག་དང་སེར་བ་དང་། །གློག་དང་ཐོག་དང་ཤྭ་བུད་འོང་། །གྲུབ་པའི་རྟགས་བྱུང་ཐོག་གཏའ་གཞུག །མཁར་རྨང་ལྷ་རྟེན་ཆུ་མིག་གམ། །མཆོད་རྟེན་ལྷ་ཁང་འགྲམ་འོག་ཏུ། །ལྷག་པར་དགྲ་ཡི་གྲོ་གའམ། །ཉལ་བའི་སྔས་སམ་སྟན་འོག་ཏུ། །འཁོར་ལོ་བཅས་པའི་ཐོད་པ་སྦ། །དྲག་སྔགས་འདི་བཟླས་ཐོད་པར་གསིབ། །ཨོཾ་ས་མ་དུ་ར་བུ་རཀྴ་པྲ་མ་ཎ། མ་ཧཱ་དེ་ཝ་དགྲ་ཡི་ཡུལ་ཁམས་སུ། །རོ་ཁ་དུ་ཁ་བ་ཧཱུཾ་ཕྲ་བ་སྭཱ་ཧཱ། ཞེས་པ་ནི་ཐོད་པའི་ནང་དུ་བཟླས། །གཏོར་མ་གཏང་ཞིང་སྨོན་ལམ་གདབ། །བྲིས་སྐུ་དག་ལ་རྟེན་བཅས་ལ། །དྲ་ཕྱིང་མཎྜལ་དག་ལ་དྲིལ། །རྟག་ཏུ་ལྷ་རྣམས་མཆོད་གྱུར་ན། །ཡིད་ལ་ཅི་བསམ་འགྲུབ་པར་འགྱུར། །གཤིན་རྗེ་ཟླ་གསང་ནག་པོའི་རྒྱུད་ལས། འཇིག་རྟེན་དུ་ཐོག་དབབ་པ་ལྷའི་ཟླ་གསང་སྐབས་ཏེ་ཞེ་གསུམ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོ་གཤིན་རྗེ་གཤེད་པོས་འགལ་བྱེད་ཆམ་ལ་དབབ་པའི་སླད་དུ། ཐོག་འབེབས་ལྷ་ཡི་ནང་བསྒྲུབ་གསུངས། །སྲིད་པར་མ་སྲིད་མགར་གྱིས་མ་བརྡུངས་མཚོན། །ཡེ་སྲིད་བྱང་ཆུབ་སེམས་ཀྱི་དཔལ་ངར་ཅན། །རླུང་གིས་མ་བླུད་གཤེགས་པའི་ངར། །ཡེ་བླུད་ཆེན་པོའི་མཚོན་དཔལ་ངར་ཅན་དེས། །འབྱུང་བ་གཞན་གྱིས་མི་བརྫི་མི་ཚུགས་ཤིང་། །ཉིད་ཀྱིས་གང་ལ་ཐོགས་ཆགས་མེད་པར་འཇོམས། །དེ་ཉིད་བསྒྲུབ་ཕྱིར་དུར་ཁྲོད་ལ་སོགས་སུ། །དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། །དབུས་སུ་གྲུ་གསུམ་ཨེ་བརྩིགས་ཏེ། །འཁོར་ལོ་བཞི་དང་རོལ་མཚོ་བདུན། །གསེར་རིའི་དབུས་སུ་ཡ་མཱནྟ་ཀ་སྟེ། །སྟེང་དུ་ལྷ་ཆེན་དབང་ཕྱུག་ཡབ་ཡུམ་དགོད་པར་བྱ། །འཁོར་ལོ་བཞི་ལ་ལྷ་ཡི་བློན་པོ་བཞི། །ཁྲག་ཞག་མར་ཁུ་ཆང་དང་སྦྲང་རྩི་འོ་མ་དང་། །རྒྱ་མཚོའི་ཆུ་ལ་སོགས་པའི་མཚོ་བདུན་ནོ། །ལྷ་ཆེན་ལྔ་ལ་ཕུར་པ་ལྔ་དགོད་དེ། །དངུལ་གྱི་ཕུར་པ་སོར་བརྒྱད་ཤར་དུ་དགོད། །དྲི་ཟ་ལྷ་ཡི་བློན་


DNG015_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

པོར་མངའ་ཡང་གསོལ། །གསེར་གྱི་ཕུར་པ་ལྷོ་ཡི་རྩིབས་ལ་དགོད། །གཤིན་རྗེ་ལྷ་ཡི་བློན་པོར་མངའ་ཡང་གསོལ། །ཟངས་ཀྱི་ཕུར་པ་ནུབ་ཀྱི་རྩིབས་ལ་དགོད། །ཀླུ་དབང་ལྷ་ཡི་བློན་པོར་མངའ་ཡང་གསོལ། །ལྕགས་ཀྱི་ཕུར་པ་བྱང་གི་རྩིབས་ལ་དགོད། །གནོད་སྦྱིན་ལྷ་ཡི་བློན་པོར་མངའ་ཡང་གསོལ། །འཁར་བའི་ཕུར་པ་དབུས་ཀྱི་ཨེ་ལ་འགོད། །དབང་ཕྱུག་ཆེན་པོ་མ་ཧཱ་དེ་བར་མངའ་ཡང་གསོལ། །གྲོ་ག་ཤིང་ཤུན་རས་སམ་དར་དཀར་ལ། །ལྷ་རྣམས་རང་རང་རྩ་བའི་སྙིང་པོ་དང་། །དབབ་པའི་སྔགས་དང་དམིགས་པའི་ཡུལ་མིང་བྲི། །སྔོན་དམར་སྐུད་པས་ཕུར་པའི་མགུལ་དུ་གདགས། །རབས་ཆད་ནག་པོའི་ཐོད་པ་ཁ་སྦྱར་ལ། །ཐོད་པའི་ཕྱི་ནང་མེད་པར་ཁྲག་གིས་བྱུག །སྟེང་གི་ཐོད་པ་ཡབ་ཏུ་མངའ་ཡང་གསོལ། །འོག་གི་ཐོད་པ་ཡུམ་དུ་མངའ་ཡང་གསོལ། །ཐོད་པ་སྟེང་མར་ཡབ་ཀྱི་སྐུ་ཡང་བྲི། །ཐོད་པ་འོག་མར་ཡུམ་གྱི་སྐུ་ཡང་བྲི། །ཐོད་པའི་རྩིབས་རིམ་དམིགས་པའི་མིང་རུས་བྲི། །དཔྲལ་བར་རུས་བྲི་ཁ་རུ་མིང་ཡང་བྲི། །སྙིང་གར་ནྲྀ་བྲི་འདོམས་སུ་བླ་དྭགས་བྲི། །དེ་ཡི་ཐ་མར་ལྟོ་སྦྱར་ཛ་ཡིས་བསྐོར། །གྲོ་ག་ཤིང་ཤུན་ཞིང་གི་པགས་པ་ལ། །དགྲ་བོའི་གཟུགས་བྲིས་དབང་ཕྱུག་ཡུམ་ལ་གླན། །འཁར་བའི་ཕུར་པ་ཐོད་པའི་ནང་དུ་གཞག །གྲོ་ག་ཤོག་ཤོག་ཤིང་གི་ལོ་མ་ལ། །ལྷ་ཆེན་ཚོགས་བདག་དབང་ཕྱུག་ཆེན་པོ་ཁྱོད། །ཁྱེད་ཀྱི་བཙུན་མོ་མཱ་ར་ཡ་འདིས་སྦྱར། །འཁོར་གྱི་ལྷ་རྣམས་མྱུར་དུ་བསྐུལ་མཛོད་ལ། །འདི་ལ་དྲག་པོའི་ཐོག་ཆེན་ཕོབ་ཅེས་བྲི། །ཕུར་པ་དེ་ཡི་མགུལ་དུ་གདགས་པར་བྱའོ། །ཐོད་པའི་ནང་དུ་དམེ་ཁྲག་སྐམ་པོ་དང་། །གསེར་ཕྱེ་ཟངས་ཕྱེ་ལྕགས་ཕྱེ་འཁར་ཕྱེ་དང་། །དངུལ་དང་ཐོག་ལྕགས་ཐོག་གྲིར་ཤི་བ་ཡི། །སྙིང་དང་རུས་པ་ཤ་ཡང་སྩལ། །ཐོད་པ་ཁ་སྦྱར་མི་ཡི་རྒྱུ་མས་བཅིངས། །སྒྱེད་གསུམ་ཁ་ལ་གྲུ་གསུམ་སྟེང་དུ་བཞག །ཆུ་སྐྱེས་མེ་ཏོག་སྣ་ཚོགས་དང་། །རིན་ཆེན་སྣ་ལྔ་སྨན་རྣམས་དང་། །འདོད་པའི་ལོངས་སྤྱོད་ཟས་རྣམས་དང་། །རྒུན་ཆང་སྦྲང་དང་


DNG015_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་ཆང་དང་། །འབྲུ་ཆང་དང་ནི་ཨ་སུ་ཤ །དེ་དག་མཆོད་པའི་རྫས་སུ་དགྲམ། །སྣ་ཚོགས་སྙིང་དང་ཁྲག་ཏུ་སྦྱར། །བུ་རམ་འབྲས་ཀྱི་གཏོར་མ་བཞི། །ལྷ་ཡི་བློན་པོ་བཞི་ལ་དགོད། །ལིངྒ་ཇི་ལྟར་འདོད་པའི་དབྱིབས། །གཟུགས་མིང་བྱས་པ་མདུན་དུ་བཞག །སྔགས་ཀྱིས་བྲབ་ཅིང་གསད་ལས་བྱ། །ཏིང་འཛིན་གཞལ་ཡས་གདན་དང་བཅས་པ་བསྐྱེད། །ཡ་མཱནྟ་ཀ་གསལ་བར་བསྒོམ། །གདན་དུ་ཡི་དྭགས་གདིང་བར་བྱ། །དབང་ཕྱུག་ཆེན་པོ་གསལ་བསྒོམས་ཏེ། །འཁོར་གྱི་ལྷ་བཞིས་བསྐོར་བར་བསམ། །ཨོཾ་མ་ཧཱ་དེ་བ་ཀཱ་ལ་ཧཱུཾ། ཞེས་བརྗོད་དབང་ཕྱུག་ཆེན་པོ་ཡང་། །ནག་པོ་ཆེན་པོ་མཆེ་བ་རབ་ཏུ་གཙིགས། །ཕྱག་མཚན་རྩེ་གསུམ་ཁྱུང་གི་རྒྱལ་མཚན་གཡས། །ཞགས་པས་འདྲེན་ཚུལ་བེ་ཅོན་རྡེག་ཚུལ་གཡོན། །ཆིབས་སུ་འབྲུག་རྟ་སྔོན་པོ་ཆིབས། །གསེར་གྱི་རལ་གྲི་འབར་བ་ཀླད་ལ་བསྐོར། །གནམ་ལྕགས་འབར་བའི་ཤང་ལང་གློ་ལ་བཏགས། །དེ་འདྲ་རབ་ཏུ་གསལ་བསྒོམ་བྱ། །ཤར་ཕྱོགས་ལྷ་ཡི་ཕྱག་ན་དངུལ་གྱི་གཞུ་བདུངས་ཤིང་། །དངུལ་གྱི་མདའ་ལྟོང་དངུལ་གྱི་འཁོར་ལོ་བསྐོར། །འབྲུག་རྟ་ཞོན་ནས་ཀི་ཀང་འཕྲལ་ལ་འཇུག །དངུལ་གྱི་ཐོག་འབེབས་སེར་བའི་སྐྱི་འདང་གཏོང་། །ལྷོ་ནས་གསེར་གྱི་ཐོག་ཆེན་གོང་བཞིན་འབེབས། །ནུབ་ནས་ཟངས་ཐོག་བྱང་ནས་ལྕགས་ཐོག་འབེབས། །དེ་འདྲ་གང་ལ་བསྒོམས་ལ་ཡེངས་པར་མི་བྱའོ། །ཧཱུཾ། རྣམ་སྣང་མཛད་ཉིད་མི་གཡོ་གཙུག་ཏོར་བརྟན། །བྱང་ཆུབ་ཆེན་པོ་མཆོག་གི་ཕྱག་རྒྱ་ནི། །བདུད་འདུལ་ཆེན་པོའི་སྐུ་རུ་སྤྲུལ་པའི་རྒྱ། །བྱང་ཤར་མཚམས་ནས་ཤིན་ཏུ་སྐུ་བདེ་བསྟན། །མེ་ལྕེ་བར་སྣང་སྤྲིན་གཏིབས་དཀྱིལ་འཁོར་ནས། །སྐུ་སྟོད་སྔོ་ནག་མི་བཟད་འབར་བའི་འོད་ཕུང་ཅན། །ཤིན་ཏུ་ཁྲོ་བརྗིད་དབང་ཕྱུག་གཏུམ་བག་ཆེ། །ཐུགས་རྗེ་སྤྲིན་ལྟར་གཏིབས་ཤིང་ནམ་མཁའ་གང་བར་ཁྱབ། །གཟིར་གནོན་སྟབས་ཀྱིས་དྲེགས་པ་


DNG015_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

གཟིར་ཞིང་གནོན། །བདུད་པོ་ནག་པོ་སྤྱན་གསུམ་མཆེ་བ་ཅན། །བསྟན་པ་འཇིག་པའི་སྲོག་ལ་སྤྱན་འདྲེན་ན། །དབང་ཕྱུག་ལྷ་ཆེན་འཁོར་བཅས་གཤེགས་སུ་གསོལ། །དབང་ཕྱུག་ཆེན་པོ་གནས་ནས་བསྐྱོད་ཙ་ན། །རྩེ་གསུམ་འབར་བ་ཁྱུང་གི་རྒྱལ་མཚན་ཕྱར་ཏེ་གཤེགས། །ཞགས་པས་འདྲེན་ཅིང་བེ་ཅོན་སྙིང་ལ་བརྡེག །ནག་པོ་སྤྱན་གསུམ་སྡང་མིག་བཟློག་པའི་བདུད། །དབུ་སྐྲ་འབར་བ་པྲོག་གཟེར་རལ་པ་ཅན། །སྐུ་ལུས་མོན་པ་སྤྱན་གསུམ་སེར་བ་འདྲིལ། །རྣོ་དབལ་མཆེ་བ་ཟླ་ཚེས་གྱེན་དུ་འཁྱིལ། །སྤྱན་མིག་བཟློག་པས་སྐྱི་འདང་རྨ་འདང་འབེབས། །ཤངས་ནས་རླུང་ནི་འཐོར་འབུད་བུ་ཡུག་འཁྲུགས། །མདུང་དང་གྲི་རྐང་སྐུ་ཡི་རྟེན་དུ་བཅས། །སྤྱན་མིག་མི་མཐུན་ལས་ཀྱི་ཟླ་བ་འདྲིལ་བ་ལྟར། །འོད་ཟེར་མེ་ལྟར་འབར་ཞིང་གཤེགས་སུ་གསོལ། །ཨེ་ཧྱེ་ཧི་མ་ཧཱ་ཀཱ་ལ་མ་ཧཱ་ཀཱ་ལ་ཏྲི་ཛ་ཀ་རུ་ཎི་ཀ་དྲྀ་ཤྱ་ཧོཿ། ས་མ་ཡ་སྟྭམ། ཛཿཧཱུཾ་བཾ་ཧོཿ། ཧཱུཾ། ལྷ་ཆེན་དབང་ཕྱུག་འཁོར་བའི་གཡུལ་བཟློག་པ། །སྤྲུལ་པའི་རླབས་ཆེན་ལྷ་ཡི་དམག་དཔུང་སྡུད། །དབང་ཕྱུག་ལེགས་ལྡན་ནག་པོའི་འཁོར་གྱིས་བསྐོར། །དབང་ཕྱུག་ལྷ་ཆེན་སྐུ་ལ་ཕྱག་འཚལ་ལོ། །དབང་ཕྱུག་བསོད་ནམས་གཟི་བྱིན་འཕགས་ལ་ཕྱག་འཚལ་ལོ། །སྟོན་པས་ལུང་བསྟན་འཕགས་ལ་ཕྱག་འཚལ་ལོ། །དབང་ཕྱུག་ཉི་ཟླའི་འོད་ལྟར་ཞལ་གསལ་ཞིང་། །མ་རིག་སྒྲིབ་པ་མ་ལུས་སེལ་མཛད་པའི། །འཁོར་བཅས་ལྷ་ཡི་ཚོགས་ལ་ཕྱག་འཚལ་ལོ། །མེ་ཏོག་ཕྲེང་ལ་སོགས་པ་དང་། །རིན་ཆེན་དབྱིག་དང་སྒོག་བཙོང་དང་། །ལ་ཕུག་ལ་སོགས་ཀུན་དང་ནི། །འབྲས་བུ་ཡིད་བཞིན་སྣ་ཚོགས་ཟས། །ཕྱོགས་བཅུ་ཆུ་སྐྱེས་དང་ནི་ལོངས་སྤྱོད་རྒྱན། །རིས་སུ་མ་ཆད་མཆོད་པའི་ལོངས་སྤྱོད་དབུལ། །དཀྱིལ་འཁོར་མཛེས་པའི་རྒྱན་གྱིས་བརྒྱན། །ཞལ་ཟས་བདུད་རྩི་ཛ་གད་སྨན་གྱིས་མཆོད། །ཨེ་ཧྱེ་ཧི་མ་ཧཱ་ཀ་རུ་ཎི་པ་ཏི་མ་ཧཱ་རཀྴ་དུ་པ་ཁ་ཁ་ཁཱ་ཧི། པྲ་ཏཱིཙྪ། མ་ཧཱ་པེ་ཏཱ་ལཱི་ཁ་ཁ་ཁཱ་ཧི།


DNG015_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ། དབང་ཕྱུག་ཆེན་པོ་འཁོར་བཅས་ལ། །མཆོད་སྤྲིན་ལ་སོགས་སྣ་ཚོགས་དང་། །རྫས་དང་ཡོ་བྱད་དཔག་མི་ལང་། །བླ་མེད་དད་པས་མཆོད་འབུལ་བསྟོད། །བསྐལ་པའི་མེ་དཔུང་འབར་བའི་འོད། །གདུག་པ་རིལ་མིད་མཛད་པའི་ཁྲོ་གཉེར་ཅན། །དུག་གསུམ་རྩད་གཅོད་མཆེ་བ་གཙིགས་པ་པོ། །ཡེ་ཤེས་སྤྱན་གསུམ་ཉི་ཟླའི་གའུ་ལ། །སྟོན་པའི་བཀའ་བརྒྱུད་བླ་མེད་ལུང་བསྟན་དཔལ། །དམ་ཚིག་ཆོས་ཀྱི་འཁོར་ལོ་རྣམ་སྣང་མཛད། །བླ་རེ་ཅོད་པན་བརྗིད་པས་བཅིངས་པ་ན། །ངེས་པར་སྟོན་པ་བཅུ་ཡི་བདག་པོ་འཕགས། །རྟག་ཏུ་དུར་ཁྲོད་འབར་བའི་གནས་ན་བཞུགས། །དུར་ཁྲོད་གནས་ན་མ་མོའི་ཚོགས་ཀྱིས་བསྐོར། །ནད་གཏོང་ཤྲཱིའི་ཚོགས་རྣམས་ཀུན་མཆོད་ནས། །བསྟན་པ་བཤིགས་པའི་མདངས་འཕྲོག་ཐལ་བའི་རྡུལ་དུ་རློག །སྟོབས་ཆེན་གླང་པོའི་པགས་པ་གོས་སུ་གྱོན། །ལྷ་ཀླུ་གཉན་གྱི་གྲོང་ཁྱེར་ཐམས་ཅད་དུ། །ལྷ་ཆེན་བདུད་དཔུང་ཆེ་བཙན་གསུམ་པ་ནས། །ལོག་འདྲེན་དགྲ་བགེགས་གཟིར་གདུལ་གནོན་པའོ། །དཔའ་བོ་ཆེན་པོ་སྟག་གི་པགས་པས་མཚན། །འཁོར་དུ་ལྷ་ཡི་བློན་པོ་བཞི་ཡིས་བསྐོར། །ཕྱོགས་རྣམས་ཕྱོགས་ཆ་ཀུན་ཏུ་རྣམ་གྲངས་ལ། །སྨོན་ལམ་ཁྱད་པར་མང་པོའི་མཐུས་སྦྱངས་ལ། །སྒྱུ་མ་ལྟ་བུར་རྣམ་པར་ཐར་པས་རོལ། །ཕན་མཛད་དམག་དཔོན་ཁྱོད་ལ་ཡང་། །སྡུག་བསྔལ་ཚ་བས་གདུངས་པའི་སེམས་ཅན་ལ། །དྲག་པོའི་ཐོག་ཆེན་ལུ་གུ་རྒྱུད་དུ་འབེབས། །ལྷ་ཆེན་དབང་ཕྱུག་ཁྱོད་ལ་བདག་འདུད་སྐྱབས་སུ་མཆི། །སྔགས་འདིས་ལྷ་རྣམས་སྲོག་ཀྱང་བཟུང་། །ཨོཾ་ཨ་ཧཱ་དེ་བ་ཀཱ་ལ་ཀ་སྡི་ཛ་རེ་སྡེ་རི་ཨི་ན་ཧྲཱྀ་སེ་བན་ཛ་ནཱ་ག་རུ་རུ་ཏེ་པེ་ཀན་ཕུ་པེ་ཧེ་སེ་རྦེད་དེ་བུ་པེ་ན་དེ་བ་ཏེ་ན་མཱ་ར་ཡ། ཁྲི་ཚོ་རེ་ཞིང་བསྐུལ་བསྐྱེད་བསྟོད། །འོད་དང་སྒྲ་དང་དྲི་ཞིམ་དང་། །འབྲུག་དང་གློག་དང་ཐོག་དང་ཤྭ། །དེ་རྣམས་འགྲུབ་པའི་རྟགས་སུ་སྟེ། །དབང་དུ་བསྡུ་ཞིང་ཕྲིན་ལས་བཅོལ། །ཐོག་རྗེ་ཐོག་བདག་བསྐུལ་ཞིང་རྦད། །གནམ་ལྕགས་ཐོག་ཆེན་འབེབས་


DNG015_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལྷ། །ཆིབས་སུ་འབྲུག་རྟ་སྔོན་པོ་ཆིབས། །རོལ་དུ་ཁྱུང་དང་སེང་གེ་ཁྲིད། །ཁ་རླངས་སྤྲིན་དང་ན་བུན་གཏིབས། །ཤངས་ནས་བུ་ཡུག་ཁུ་འཕང་འདྲིལ། །ལྕགས་ཀྱི་སེར་ཆེན་ལྗིབས་སེ་ལྗིབ། །ཤེལ་གྱི་ཁུ་འཕང་རི་ལི་ལི། །གསེར་ཐོག་ལྕགས་ཐོག་ཆེམས་སེ་ཆེམ། །གནམ་ལྕགས་རལ་གྲི་ཀླད་ལ་བསྐོར། །གསེར་གྱི་ཤང་ལང་གློག་ཆེན་འཁྱུག །འཁོར་གྱི་ལྷ་ཆེན་ཐོག་འབེབས་ཏེ། །ཤར་ཕྱོགས་དྲི་ཟའི་ཞིང་ཁམས་ནས། །དྲི་ཟ་ལྷ་ཡི་བློན་པོ་ཡང་། །དངུལ་གྱི་གཞུ་བདུངས་མདའ་ལྟོང་སྟེ། །ལག་ན་དངུལ་གྱི་ཐོག་ཆེན་འབེབས། །དངུལ་གྱི་ཐོག་ཆེན་འུ་རུ་རུ། །ཀི་ཀང་ཕོ་མོ་ཁྲལ་ལ་འཛུད། །ཐོག་སེར་སྐྱི་འདང་གློ་བུར་འབེབས། །དེ་བཞིན་ཕྱོགས་ཀྱི་བློན་བཞི་བསྐུལ། །ཐོག་གི་དབབ་སྔགས་ཐོད་པར་བསྡིམ། །འུར་ཆོམ་རྦད་ནལ་རཾ་ཤར་ཤར་བྷྱོ་ཛ་རཀྴ་ཙིཏྟ་མཱ་ར་ཡ་སྙིང་ལིང་རྦུད། ཙིཏྟ་བམ་རིལ་ཁ་རག་ཚལ་པ་བམ། རཀྴ་ཡཀྴ་ཙིཏྟ་རྦད་སུ་ཛ། འུར་ཆོམ་རྦད་ནལ། རཾ་ཤད་ཤད། རག་ཤ་ནག་པོ་སྲོག་ལ་ཆུམ་ཆུམ་བོབ་བོབ།ནལ་ཤིག་མཱ་ར་ཡ། དེ་ནི་ལྕགས་ཐོག་དབབ་པོ། འུར་ཆོམ་རྦད་ནལ་རཾ་རཾ་ཤད་ཤད་དེ་བ་སྲོག་ལ་ཆུམ་ཆུམ། རྦད་རྦད་འུར་རྦད་ནལ་ཤིག་མཱ་ར་ཡ། དེ་ནི་གསེར་ཐོག་དབབ་པའོ། །འུར་འུར་ཆོམ་ཆོམ་ཤིག་ཤིག །མཱ་ར་ཡ་རིལ་རིལ་ཁ་ལ་རྦད་པུ་ཛཿ། མ་ཧཱ་རཱ་ཛ་ཁ་ལ་རཀྴ་ཙིག་ཙིག་ཙིག་ཙིག་ཧྲིལ་ཧྲིལ་བོབ་ཡ།དེས་ནི་ཟངས་ཐོག་དབབ་པའོ། །དེ་བཞིན་ཐོད་པ་ཁ་སྦྱར་ཏེ། །དམིགས་པའི་ཡུལ་གྱི་དབུས་སུ་སྦ། །ལྕགས་ཕུར་མཁར་གྱི་རྨང་དུ་སྦ། །ཟངས་ཕུར་ཡུལ་ལྷའི་རྟེན་སར་སྦ། །དེ་བཞིན་སྦས་ནས་བབ་གྱུར་ན། །སྦས་པའི་རྟེན་སར་དུས་སུ་འབེབས། །དེ་ལ་ཐེ་ཚོམ་བག་མི་བྱ། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས།) ཐོག་དབབ་པའི་ལྷའི་ཟླ་གསང་གི་སྐབས་ཏེ་ཞེ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོས་བསྟན་པ་གཉན་པོ་བསྲུང་བའི་ཕྱིར། ཐོག་དབབ་ལྷའི་གསང་བསྒྲུབ་གསུངས་པ། རྨ་བྱ་དག་གི་རྒྱལ་མཚན་ལ། །དམིགས་པའི་མིང་རུས་འོག་ཏུ་


DNG015_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

གཞུག །རྨྱུག་རྒོད་རྩང་སོར་བཞི་བཞོག་ལ། །ལིངྒ་དག་གི་སྐེ་རུ་གདགས། །ཕྱིང་དཀར་གཙང་མ་གྲུ་བཞི་གཅིག །སྟེགས་བུའི་སྟེང་དུ་བཏིང་ནས་ཀྱང་། །ནས་སྔོན་ཕུལ་གང་ཤར་དུ་སྤུང་། །ནུབ་ཏུ་ཏིལ་ནག་ཕུལ་གང་སྤུང་། །དཀྱིལ་དུ་རྒྱལ་མཚན་གཟུག་པར་བྱ། །ཉིན་མོ་སྔགས་བཟླས་ནས་ཀྱིས་བྲབ། །ནུབ་མོ་སྔགས་བཟས་ཏིལ་གྱིས་བྲབ། །སྔགས་རྫོགས་རི་གསུམ་རྩེར་སོང་ལ། །ཨེ་བརྐོས་མིང་རུས་ནང་དུ་གཞུག །རྩང་དང་མཉམ་པའི་ཁུང་བརྐོས་ལ། །དགྲ་ལ་རྩེ་བསྟན་རེས་མོས་གཞུག །དབང་ཕྱུག་ཆེན་པོར་ལས་བཅོལ་ལ། །འོ་དོད་བོས་ཏེ་གསད་ཅིང་གནན། །མྱུར་དུ་ཐོག་ཆེན་འབེབས་འདོད་ན། །རྣམ་པར་སྨིན་པས་ཤི་བའི་མགོར། །ཧ་ལ་བ་ལ་ཏ་ཀ་དང་། །དེ་བཞིན་སྣ་ཚོགས་ཉུང་དཀར་ནག །ཞིང་ཆེན་པགས་པ་མཚན་ངན་ལ། །ཡུལ་གྱི་མིང་དང་བརྣག་པའི་མིང་། །དེ་བཞིན་བྲིས་ཏེ་དེར་བཅུག་ལ། །སྤྱན་དྲང་བཞུགས་མཆོད་བསྡིམ་པར་བྱ། །དྲག་སྔགས་འདི་དག་རབ་ཏུ་བཟླས། །མ་ཧཱ་ཙཎྜ་རཀྴ་བེ་ཤ་ཨ་ན་ཡ་ཕོབ། ཧ་ར་ཙཎྜ་མ་ཧཱ་ཙཎྜ་ཡཀྴ་བཀྴ་ཕོབ། རཀྴ་མ་ཧཱ་ཡཀྴ་བྷྱོ། ཤར་ཤེལ་ཧལ་ཧལ་དན་དྷ་དྲ་ཙེ་ཕོབ། པྲ་ཙེ་པྲ་ཙེ་ཧ་རི་ཧ་རི་ཛ་རུ་ཏི་བྷྱོ་བྷྱོ་བྷྱོ། རཱ་ག་རཀྟ་ཙཎྜ་མ་ཧཱ་ཤག་ཏི་ནན། དྷ་ར་ཙཎ་ཌ་པ་ཙ་པ་ཙ་ཧ་ལ་ཧ་ལ་ད་ར་ད་ར་ཕཊ། རཀྟ་ཙན་ཏི་མ་ཧཱ་ཡཀྴ་ཏི་བྷྱོ་བྷྱོ་བྷྱོ། བཛྲ་ཙི་ར་བཛྲ་བྷེ་ཝ་ཧ་ན་ཧ་ན་བྷྱོ། གར་འདོད་གནས་ཀྱི་ཡུལ་ལྷའི་རྟེན། །བདུན་འབུམ་བཟླས་བྱ་ཁྲུ་གང་གནན། །དུས་མིན་ཐོག་ཆེན་འབེབས་པར་ངེས། །དུང་དང་ཨ་རུ་དང་ནི་ལི་ག་དུར་རྣམས་ལ་སྔགས་ཏེ་དགྲ་ཕྱོགས་སུ་གཏོར་ན་མཛེར་འགྱུར་རོ། །བག་ཟན་ལ་སེམས་ཅན་གྱི་གཟུགས་ཅི་འདོད་པ་བྱས་ལ་ཁྲག་གིས་བྱུག་ནས་ཁང་པའི་ཐོག་ཏུ་བཞག་ན། སེམས་ཅན་དེ་ཉིད་མང་པོར་བྱས་ནས་ཁང་པའམ་ཞིང་གསེབ་ཏུ་སྐད་ངན་འདོན་ཅིང་འོང་ངོ་། །སྨན་འབྲི་རྟ་ས་འཛིན་དང་། གི་ཝང་ལ་སྔགས་ནས་རྫ་མར་བླུགས་ན་གྲུ་བུ་གྲུམ་བུ་དང་གྲུལ་བུམ་འདྲ་མིན་མང་དང་སྲིན་བུར་འགྱུར་རོ། །ཕྲུ་བར་བླུགས་ན་ཚོད་མ་བྲ་མར་འགྱུར་རོ། །ཚོན་རྩི་ལྔ་


DNG015_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྔགས་ནས་ཁྱིམ་དུ་བཞག་ན་བྱི་བས་ཁྱིམ་དང་ཞིང་ལྡུམ་ར་ལ་ཟ་མི་ནུས་སོ། །མུ་ཏིག་ལ་སྔགས་ནས་མིད་ན་བུད་མེད་ལ་བུ་མང་པོ་འོང་བར་འགྱུར་རོ། །སྨྱག་ཤད་ལ་སྔགས་ནས་དབང་ཕྱུག་ཆེན་པོ་ལ་མཆོད་ནས་ཕྱུགས་འགབ་ཉུང་བའི་སྐེར་བཏགས་ན་འགབ་འཕེལ་བར་འགྱུར་རོ། །རྨ་བྱའི་རྒྱལ་མཚན་ལ་སྔགས་ནས་རྟག་ཏུ་ལུས་ལ་བཅངས་ན་མཛེ་འཚོ་བར་འགྱུར་རོ། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། འཇིག་རྟེན་ཁམས་སུ་ཐོག་དབབ་པ་ལྷའི་ཟླ་གསང་སྐབས་ཏེ་ཞེ་ལྔ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོས་འདི་སྐད་ཅེས་གསུངས་སོ། །བསྟན་པ་གཉན་པོ་བསྲུང་བ་དང་། །འགལ་བ་ཆམ་ལ་དབབ་པའི་ཕྱིར། །ནང་ངན་བདག་མོ་མ་མོའི་ཟླ་གསང་གསུངས། །དུར་ཁྲོད་ལ་སོགས་དགོན་པའི་གནས་ཉིད་དུ། །ས་བདག་མཉེས་བྱ་མ་ཉེས་མཁྱེན་པ་གསོལ། །ཕུང་བའི་ཤུལ་ནས་ས་བླངས་དཀྱིལ་འཁོར་བརྩིག །མངལ་ཁྲག་རིམས་ཁྲག་ལ་སོགས་ཆག་ཆག་གདབ། །དུག་གིས་དཔལ་བསྐྱེད་སྨན་གྱིས་དྲི་ཡང་དབྱུང་། །དབུས་སུ་གྲུ་གསུམ་བརྩེགས་མ་གཏོང་དུ་བྱ། །ཟླ་གམ་དམར་པོ་འཁོར་ལོ་རྩིབས་བཞིར་ལྡན། །མུ་ཁྱུད་ཟླུམ་པོ་ཐོད་པའི་ཕྲེང་བས་བསྐོར། །གྲུ་ཆད་བར་ཁྱམས་སྒོ་བཞི་རིགས་དང་སྦྱར། །གྲུ་གསུམ་རྩེ་དྲུག་དཔལ་གྱི་ཞལ་དྲུག་བྲི། །དབུས་སུ་འཇམ་དཔལ་ཡབ་ཡུམ་སྲས་བཅས་དགོད། །འཁོར་ལོ་བཞི་ལ་ཕུང་བྱེད་མ་བཞི་དགོད། །ཟླ་གམ་གསུམ་ལ་ནག་མོ་ཕུང་གསུམ་དགོད། །གྲུ་ཆད་བཞི་ལ་སྲིང་མོ་གདོང་མོ་བཞི། །རྩིབས་མཆན་བཞི་ལ་ཤན་པ་མ་བཞི་དགོད། །བར་ཁྱམས་དག་ལ་ས་བདག་མོ་བཞི་དགོད། །ལྕགས་རི་ནག་པོ་དབང་ཕྱུག་ཉི་ཤུ་རྩ་བརྒྱད་དགོད། །དེ་ལྟར་ལྷ་རེ་ཕུར་པའི་སྙིང་པོ་རེ། །དབུས་སུ་ཐོད་པ་ནག་པོའི་ནང་དག་ཏུ། །དགྲ་བོའི་མིང་རུས་གཟུགས་དང་བཅས་པ་གཞུག །འཇམ་དཔལ་ཡབ་ཡུམ་སྲས་ཀྱི་གདན་དུ་བཏིང་། །གྲུ་གསུམ་རྩེ་མོར་རབས་ཆད་ཐོད་པ་གསུམ། །གཅིག་ཏུ་མི་རྟ་ར་དང་ཁྱི་མི་ཁྲག །རིམས་ཁྲག་ལ་སོགས་


DNG015_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་རྩ་བརྒྱད་དུ་སྦྱར། །བཙན་དུག་ལ་སོགས་བརྒྱ་རྩ་བརྒྱད་དུ་སྦྱར། །ཐོད་པ་གཅིག་ཏུ་ཡུངས་ཀར་ཉུང་ནག་དང་། །སྐེ་ཚེ་ལན་ཚྭ་ཐལ་ཆེན་ཁྲག་སྐམ་སྦྱར། །ཐོད་པ་གཅིག་ཏུ་ཟངས་ཕྱེ་ལྕགས་ཕྱེ་དང་། །རྡོ་ཕྱེ་ལ་སོགས་མང་དུ་སྦྱར་ལ་གཞག །དུག་ཁྲག་ཐོད་པ་བལ་ཚོན་སྣ་ལྔས་བཅད། །གྲི་མོར་ཤི་བའི་པགས་པའི་སྟེང་དུ་ཡང་། །ར་ཁྲག་དུག་སྦྱར་གྲུ་བཞི་ཐིག་ཀྱང་གདབ། །གོང་བཞིན་འཁོར་ལོ་རྩིབས་བཞིའི་ཕོ་བྲང་བཅས། །གོང་བཞིན་བཀོད་ལྟར་རང་རང་སྙིང་པོ་དགོད། །མཐོ་དོ་སོར་བཞིའི་རྩང་གི་རྩེ་ལ་བརྒྱང་། །དཀྱིལ་འཁོར་དབུས་སུ་གུར་དུ་ཕུབ་ལ་གཞག །གཏོར་མ་ཤ་ཆེན་ཡོད་པ་བསེ་གབ་གང་། །ཡ་མཱནྟ་ཀ་གཤིན་རྗེ་ཉིད་ལ་དབུལ། །གཡས་སུ་སྣེལ་གྲི་མོ་ཡི་ཐོད་པ་དུམ་བུ་ལྔ་པ་རུ། །སྒྲོལ་བའི་བདག་མོ་ཨེ་ཀ་ཙ་ཏི་ལ། །ཤེས་རབ་མཚལ་དང་སྣེལ་གྲིའི་སྙིང་ལ་བརྟེན། །གཡོན་དུ་སྦྱོར་བདག་ནག་མོ་རེ་ཏི་ལ། །ཡུགས་མོའི་ཐོད་པར་མི་དབང་ཤ་ཁྲག་དང་། །སྨན་དང་སྙིང་དང་ཁྲག་ཏུ་སྦྱར་ལ་གཞག །ཟླ་གམ་གསུམ་ལ་ནག་མོ་ཕུང་གསུམ་ལ། །སྐྱེས་པ་དར་མ་གྲིར་ཤིའི་བྷནྡ་རུ། །གླང་ནག་སྙིང་དང་པདྨ་རཀྟ་དང་། །སྦྲུལ་ནག་སྙིང་དང་འུག་པའི་མིག་འབྲས་དང་། །ཕག་རོག་སྙིང་དང་བུད་མེད་ཀླད་ཁྲག་གཞག །འཁོར་ལོ་བཞི་ལ་ཕུང་བྱེད་མ་བཞི་ལ། །གཞོང་པ་གྲུ་གསུམ་ནང་དུ་ཡང་། །ཁྲག་སྣ་གསུམ་དང་སྟག་སེང་གླང་། །ས་བདག་རྒྱལ་པོའི་སྙིང་བཞི་གཞག །རྩིབས་མཆན་བཞི་རུ་ཤན་པ་མ་བཞི་ལ། །མཛོ་མོའི་ཐོད་པའི་ནང་དག་ཏུ། །སྙིང་དང་ཁྲག་གི་གཏོར་མ་གཞག །གྲུ་ཆད་གདོང་མོ་བཞི་ཡི་དམ་རྫས་སུ། །ཡུགས་ས་མོ་ཡི་ལྡན་ཕོར་དུ། །སྟག་དོམ་བན་གླང་མི་སྙིང་དང་། །རང་རང་ཁྲག་ཏུ་སྦྱར་ལ་གཞག །བར་ཁྱམས་བསེ་མོ་བཞི་ལ་ཡང་། །བ་མེན་རྭའམ་དུང་ཕོར་དུ། །མར་ཁུ་སྦྲང་རྩི་ལོ་མ་དང་། །ཁྲག་སྣ་མང་པོ་སྦྱར་ཏེ་གཞག །དེ་ནི་བསྒྲུབ་པའི་དམ་རྫས་སོ། །དེ་ནས་དཀྱིལ་འཁོར་བྱང་ཤར་དུ། །སྨན་ཕུད་རཀྟས་སྦྲུས་པ་ལ། །མཆོད་རྟེན་མཐོ་


DNG015_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

གང་གྲུ་བཞི་པ། །དུར་སོལ་ནག་པོས་བསྐུས་ལ་གཞག །དེ་བཞིན་ལས་ཀུན་ཟིན་པ་དང་། །དུག་ཁྲག་མིང་རུས་བཅས་པ་རྣམས། །མཆོད་རྟེན་བུམ་པའི་ནང་དུ་སྩལ། །ལྔ་ཕྱག་བྱ་ཞིང་སྔགས་ཀྱང་བཟླས། །མཆོད་རྟེན་མ་མོ་བརྣག་པ་གསུམ། །ཆུ་མིག་ཉ་ལྕིབས་ཅན་དུ་སྦ། །མ་ཉེས་དཔང་གཟུག་མཁྱེན་པར་གསོལ། །གཏོར་མ་གཏོང་བའི་དུས་ཚོད་ནི། །ནང་པར་སྐྱ་རེངས་ཤར་བ་དང་། །དགོང་གི་དམར་ཐག་ཆད་པ་ལ། །མ་མོའི་གཏོར་མ་རིམ་པར་གཏང་། །དེ་བཞིན་ཉིད་དང་ཀུན་ཏུ་སྣང་། །སྣང་ལ་རང་བཞིན་མེད་པ་ཡི། །ཆུ་ཟླའི་དཀྱིལ་འཁོར་བཞིན་དུ་བསྒོམ། །དེ་བཞིན་རྒྱུ་ཡི་ཏིང་ངེ་འཛིན། །མཐིང་ནག་ཧཱུཾ་གཅིག་གསལ་བར་བསྒོམ། །སྤྲོ་བསྡུས་བདེ་གཤེགས་ཐུགས་དམ་བསྐུལ། །འགྲོ་བའི་དོན་བྱས་སླར་འདུས་པས། །གསེར་གྱི་རྡོ་རྗེ་རྩེ་ལྔར་གྱུར། །ཡ་མཱནྟ་ཀ་བཛྲ་མ་ཧཱ་ཀྲོ་དྷ་ཞེས་བརྗོད་པས། གཏུམ་ཆེན་ཡ་མཱནྟ་ཀར་གྱུར། །དབུ་དྲུག་ཕྱག་ཀྱང་བཅུ་གཉིས་པ། །རྒྱན་དང་ཆ་ལུགས་གསལ་བར་བསྒོམ། །གཡས་སུ་ཀྵ་ལས་སྒྲོལ་བདག་མོ། །ཨེ་ཀ་ཛ་ཏི་གསལ་བར་བསྒོམ། །གཡོན་དུ་མ་ལས་སྦྱོར་བདག་མོ། །ནག་མོ་རེ་མ་ཏི་རུ་བསྒོམ། །ཡབ་ཡུམ་སྦྱོར་བའི་བྱང་སེམས་ལས། །ལྷག་པར་ཡི་གེ་མ་གསུམ་འཕྲོས། །སྟོང་གསུམ་མས་ཁྱབ་འགྲོ་དོན་བྱས། །སླར་འདུས་ཟླ་གམ་གསུམ་ལ་བབས། །ཡིག་འབྲུ་གསུམ་གྱིས་དབང་བསྐུར་ཏེ། །ནག་མོ་ཕུང་གསུམ་གསལ་བར་བསྒོམ། །འཁོར་ལོ་བཞི་ལ་ཕུང་བྱེད་བཞི། །རྩིབས་མཆན་བཞི་ལ་ཤན་པ་བཞི། །གྲུ་ཆད་བཞི་ལ་གདོང་མོ་བཞི། །བར་ཁྱམས་བཞི་ལ་བསེ་མོ་བཞི། །ལྕགས་རི་ལ་ཡང་དབང་ཕྱུག་མ། །སྐུ་མདོག་ཆ་ལུགས་གསལ་བར་བསྒོམ། །དེ་བཞིན་བསྒོམས་པའི་མ་རྣམས་ལ། །སྤྱན་དྲང་ཕྱག་འཚལ་བཞུགས་མཆོད་དབུལ། །དགྱེས་བསྟོད་བཅོལ་བསྐུལ་ཕྲིན་ལས་བཅོལ། །ཐ་མ་ལས་ཀྱི་སྦྱོར་བས་གསད། །ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཀཱ་ལ་རུ་པ་ཧཱུཾ་ཕཊ།ཨོཾ་ས་མ་ཡ་ཤྲཱི་མཉྫུ་ཡ་མ་རཱ་ཛ་མ་མ་ཨེ་ཀ་ཙ་ཏི་ཛ་ཛ། ཏྲག་རཀྴ་ཁ་མུན་ཏྲ་མུ་རུ་མུ་རུ་ཧཱུཾ་བྷྱོཿ། རག་མོ་ཏེ་ཀེ་


DNG015_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

ཙ་ཚ་ཁ་ལ་བྷྱོ་རུ་ལུ་རུ་ལུ་མ་ཏི་བྷྱོཿ། རུ་རུ་རོ་རུ་ཙ་བ་ལ་ཨ་ཤུག་མེ་ཛ་ཛ། དུ་ནི་དུ་ན་ཏིང་དུ་ཡ་ཡ་ཛ་ཛ། དུ་རུ་ཛ་ལ་ཧ་ན་ཛ་ཛ། དུ་མ་ར་ཧེ་དེ་ཛ་ཛ། རུས་སྙིང་ཁྲག་ཁ་ལ་རཀྴ་རྦད་ཐུཾ་རི་ལི་ལི། ནྲྀ་ཤ་ཀུ་རུ་རཀྟ་ཁ་རཾ་ནི། ཀུ་ནི་ཀུ་རུ་ཀུ་རུ་ཁཾ་རཾ་རྦད་ཐུཾ་རི་ལི་ལི། སྙིང་ལ་རཀྴ་ནི་ཤ་སྡི་སྟ་རྦད་ན་ཐུཾ་རི་ལི་ལི། ཏྲག་རཀྴ་མུ་ཏྲ་སྙིང་ཁ་རག་མ་བྷྱོ། ཨོཾ་རུ་རུ་རོ་རུ་ཙ་པ་ལ་ཨ་ཤུག་མེ་བྷྱོ། མ་རཀྨོ་རཀྨོ་སྙིང་རྩ་ལ་བྷྱོ། རག་མོ་དགྲ་སྙིང་ཁ་རག་བྷྱོ། རག་མོ་ཙན་མོ་བྷྱོ། ཁྲག་ལ་མུ་ཤ་མ་བྷྱོ། ཀུ་མ་དྷ་རི་བྷྱོ། ཀྵུ་ལ་དྷ་རི་བྷྱོ། ཙ་མུན་དྷ་རི་བྷྱོ། ཀཾ་ཀ་དྷ་རི་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ། དེ་རྣམས་སྲོག་གི་སྙིང་པོ་སྟེ། །ཉུང་དཀར་ཉུང་ནག་སྐེ་ཚེ་དང་། །རྡོ་ཕྱེ་ལྕགས་ཕྱེའི་རྫས་རྣམས་ཀྱིས། །སྟོང་སྟོང་བཟླས་ཤིང་ཐུན་ལ་བསྡིམ། །དེ་བཞིན་གྲུབ་པའི་རྟགས་རྣམས་འོང་། །མེ་དང་སྒྲ་དང་དུ་བ་དང་། །རྫས་དང་འོད་དང་སྐད་འདོན་དང་། །རྨི་ལམ་རྟགས་དང་ཉམས་སུ་སྟོན། །གང་ཚེ་རྟགས་ཀྱི་དྲོད་ཚད་གཟུང་། །གང་ཉེ་དག་ལ་གཏོར་མ་གཏང་། །ལས་དང་རྦད་སྔགས་སྲོག་བཞིན་སྦྱར། །ཡ་མཱནྟ་ཀ །ཡ་མ་རཱ་ཛ་མ་མ་ཨེ་ཀ་ཙ་ཏི་ནྲྀ་ཛ་བྷྱོ། རུ་རུ་རོ་རུ་ཙ་པ་ལ་ཨ་ཤུག་མེ་བྷྱོ། དུ་ནི་དུན་ཏིང་དུ་ལ་ཡ་བྷྱོ། མ་རུ་ཏྲག་རཀྴ་མ་མ་བྷྱོ། མ་མ་རུ་རུ་རག་མོ་བྷྱོ། སྙིང་ཁ་རཀྴ་ཏི་སྟ་མ་བྷྱོ། རག་མོ་མ་མོ་ཁོང་གི་སྙིང་ལ་ཡ་བྷྱོ། རག་མོ་ཙ་བ། ཁྲག་ལ་མུ་ཤ་སྙིང་ཙ་རོ་རུ་ཙ་པ་ལ་མ་བྷྱོ། སྙིང་ཤིག་དམར་མོ་དུན་བྷྱོ། སྙིང་རྩ་ལ་དམར་མོ་དུན་བྷྱོ། སྙིང་ཁྲག་ལ་དམར་མོ་དུན་བྷྱོ། ཙིཏྟ་ཕྱུང་དམར་མོ་དུན་བྷྱོ།དེ་ནི་མ་མོའི་རྦད་སྔགས་ཏེ། །རང་རང་གྲུབ་པའི་རྟགས་དང་སྦྱར། །དེ་ནས་གསད་པའི་ལས་བྱ་ན། །རང་རང་གྲུབ་པའི་རྟགས་དང་སྦྱར། །མ་མོས་གསོད་པའི་ཐུན་སྔགས་དང་། །རང་རང་རིམས་ནད་དབབ་པའི་ཐབས། །གཤིན་རྗེ་གཤེད་པོས་དབང་བསྡུས་ལ། །ཨེ་ཀ་ཙ་ཏིས་རྒྱུ་གཟེར་དབབ། །གོང་གི་རྫས་བླངས་སྔགས་འདིས་བརྡེག །ཏྲག་རཀྴ་ཁ་མུན་ཏྲམ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། རག་མོ་ཏེ་ཀུམ་ཙ་ཙ་ཁ་ལ་མ་ཏིང་བྷྱོཿ། རུ་ལུ་རུ་ལུ་མ་ཏི་བྷྱོ། རཀྴ་ཐུན་བྷྱོ་ཛ་ཛ།ཤི་རི་ཐུན། མངས་ཐུན། དྷ་རུ་ལ་ཐུན། བྷི་མ་རུ་


DNG015_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

ཙེ་དགྲ་བོ་ལ་ཐུན་བྷྱོ།ཕཊ་ཕཊ། རུ་རུ་བི་མ་རུ་ཙེ་ཁ་ཐི་མ་མོ་ནག་མོ་རྩལ་ཡཾ། སྲོག་ལ་ཐུན་སྙིང་ལ་ཐིབས། གོང་གི་དྲག་པོའི་རྫས་བླངས་ལ། །ཨེ་ཀ་ཛ་ཏིས་མཛེ་ནད་གཏོང་། །ཏྲག་རཀྴ་ཁ་འདར་ཁ་འདར་སོ་ཆུམ་སོ་ཆུམ། ན་ག་རྭ་ཛ་མག་མུག་སྡོམ། བཾ་རི་ལི་ལི། བཾ་རི་ལི་ལི། དགྲ་བོ་མཱ་ར་ཡ་ཛ་ཛ། དེ་བཞིན་དྲག་པོའི་རྫས་བླངས་ལ། །རེ་མ་ཏི་ཡིས་ནད་ངན་དབབ། །མྱོག་མྱོག་ཤིག་ཤིག །ཙིཏྟ་བཾ་ཤིག་ཤིག །ཙིཏྟ་བཾ། མྱོག་མུག་ཏི་རི་རྒྱོབ། ཙིཏྟ་བཾ་ཕྱུང་། ཆོད་ཅིག །ཐུམས་ཤིག །ལོང་ལོང་ཐུཾ་ལོང་། ཡེར་ཡེར། མེར་མེར་སོད། རུ་རུ་ཤི་ཏྲཾ་ཏྲི་མ་རུ་སོད་སོད།སྲོག་ཐུམ་མུག་སོད། མར་དུ་རྦད་ཡ་སོད། ཁ་རུག་ཤ་ཤ་མ་སོད། སྲོག་ཐུཾ་ནྲྀ་ནི་རྦད་སོད། ནྲྀ་ནི་ཡ་ཙ་ཐུཾ་སོད། གང་གྲུབ་རྟགས་དང་སྦྱར་ཏེ་གསད། །དེ་ནས་ཐུན་དང་འཁོར་ལོ་དེ། །མཆོད་རྟེན་བུམ་པར་སྩལ་བར་བྱ། །ཆུ་མིག་ནང་གནན་དཔང་ཡང་གཟུག །ཡབ་ཡུམ་འོག་གི་གཟུགས་མིང་ལ། །རང་རང་ཕུར་པའི་སྔགས་ཀྱིས་གསད། །དཀྱིལ་འཁོར་འབྲུབ་ཁུང་ནང་དུ་གནན། །སྙིང་ལ་རྟེན་བཅའ་གཏོར་མ་གཏང་། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། ནད་ངན་དབབ་པ་མ་མོའི་ཟླ་གསང་སྐབས་ཏེ་ཞེ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོས་འགལ་བ་ཆམ་ལ་དབབ་སླད་དུ། མ་མོ་སྟོང་གི་ལས་མཁན་མ། །ནག་མོ་མི་ཕམ་སྲིད་གསུམ་མགོན། །དཔལ་ལྡན་ནག་མོ་རེ་མ་ཏི། །ནད་ཀྱི་བདག་མོའི་ཟླ་གསང་གསུངས། །དང་པོར་མཆོད་དང་སྡིག་བཤགས་སོགས། །རིམ་པ་ཇི་བཞིན་སྟོང་མཐར་བསྒོམ། །འབྱུང་བ་རིམ་ལྔའི་གཞལ་ཡས་བསྐྱེད། །སེམས་ཀྱི་རང་བཞིན་གཤེད་པོ་སྟེ། །སྙིང་ལས་འཕྲོས་ཏེ་སྤྱན་དྲངས་ཏེ། །སྦྱངས་སྦར་རྟོགས་པས་གཏོར་མ་བརླབ། །སྲོག་གི་སྙིང་པོ་དབུལ་བར་བྱ། །རཀྟའི་རྒྱ་མཚོ་དེ་ཡིས་བརླབ། །བར་དུ་སྐུལ་ཚིག་གང་རུང་བསྐུལ། །དེ་ནས་བསྒྲུབ་པར་བྱ་བ་ནི། །དཀྱིལ་འཁོར་མཐིང་ནག་གྲུ་གསུམ་ལ། །ཟླ་གམ་དམར་པོ་གསུམ་གྱིས་བསྐོར། །གྲུ་ཆད་བར་ཁྱམས་སྒོ་བཞིར་ལྡན། །ཤིན་ཏུ་དྲག་པོའི་


DNG015_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

སྣོད་ནང་དུ། །ཙིཏྟ་དང་ནི་རཀྟ་དང་། །བཙན་དུག་རྣམས་ནི་བླུག་པར་བྱ། །ནལ་བུའི་ཤ་དང་ཤེས་རབ་མཚལ། །ནལ་བུའི་བྷནྡ་ནང་དུ་བླུགས། །ནལ་བུའི་སྙིང་ལ་རྟག་ཏུ་བོད། །བྱ་ནག་ལུག་ནག་རྟེན་དུ་བཅའ། །ནལ་བུའི་གསོབ་ལ་བསྟོས་ལ་ཡང་རྨ་བྱའི་མདོངས། །དར་ནག་འཕུར་ལྕེ་བཏགས་ཏེ་བཟུང་། །གཏོར་མ་སྤྱན་གཟིགས་ལྡན་པས་བསྐང་། །འབོད་པ་རྦད་པ་བསད་པའི་སྔགས། །ཉུང་དཀར་ཉུང་ནག་རྫས་རྣམས་ལ། །འདུན་འབུམ་གྲངས་ནི་ཚང་གྱུར་ན། །རིམས་ནད་སྣ་ཚོགས་ཆར་བཞིན་འབེབས། །ལྷ་མོ་སྲོག་གི་ཡང་ཏིག་འདི། །སྙིང་ནས་འདྲེན་པའི་མཆོག་ཡིན་ནོ། །མ་མ་ཏྲག་རཀྴ་སྙིང་ཁ་རག་ཙིཏྟ་སྲོག་དུང་དུང་ཛ་ཛ་ཧཱུཾ་ཕཊ། མ་མོ་རྦད་པའི་དགུ་ཏིག་འདི། །སྙིང་ནས་འདྲེན་པའི་མཆོག་ཡིན་ནོ། །མ་རཀ་མོ་ཐུམ་རིལ་སྙིང་རྩ་འདུས།སྲོག་ཕྲིག་ཕྲིག་ཤཾ་ཤཾ་ཁྱེར་བྷྱོ། སྙིང་ཁྲག་རྩ་སྲོག་དྲེང་དྲེང་རྦད་རྦད། ཨོཾ་ཛྭ་ལ་ཛྭ་ལ་ཧཱུཾ་ཕཊ། མ་སྲོག་རུག་རུག་ཁྲག་ལ་སྙིང་རྦུད། མ་སྲོག་ཐུན་སྙིང་ལ་མ་བྷྱོ།མཱ་ར་ཡ་ནི་ཕཊ། ཁ་ཐུཾ་ནི་ཛ་ཛ། མ་མོ་གསད་ཏིག་ནག་མོ་འདི། །རིམས་ནད་ཁྲག་སྐྱུགས་ནད་ཀྱིས་གསོད། །མ་མོ་རང་གི་སྙིང་ཁྲག་གིས་ཐུཾ་རིལ་རྦད། ཐང་མུ་ལེ་ཐང་མུ་ལེ་ཆེ་གེ་མོའི་ཙིཏྟ་ལ་རྦད་རྦད། ཙ་ཐང་ཙ་ཐང་ཆེ་གེ་མོའི་ཙིཏྟ་ལ་རྦད་རྦད། མུཾ་སྣི་མུཾ་སྣི་ཆེ་གེ་མོའི་ཙིཏྟ་ལ་རྦད་ནན་ནན། རག་མོ་ནི་རག་མོ་ནི་ཁ་ལོང་ཙིཏྟ་རྦད། དུག་སྣི་དུག་སྣི་ཁ་ལོང་ཙིཏྟ་རྦད། ཀྱི་ཁ་ལོ་ཀྱི་ཁ་ལོ་ཙིཏྟ་རྦད་རྦད། སྭ་ཙ་ཏི་ཙ་ཏི་ཡང་སྡི་སྭ་སྡི་ཙིཏྟ་རྦད་རྦད། ནྲྀ་སྡི་ནྲྀ་སྡི་ཙིཏྟ་མུག་མུག་ཐུཾ་ཐུཾ་སུབ་སུབ་ཏི་སྟ་རྦད་རྦད། ཁ་འདར་ཡེད་ཡེད་ཐུཾ་ཐུཾ་རྦད་རྦད་སེ་ཁ་ལོ་མུ་ཁ་ལོ་རྦད་རྦད་སྭཱ་ཧཱ། བདག་ཉིད་གཤིན་རྗེ་གཤེད་པོར་རབ་བསྒོམ་སྟེ། །བདག་ཉིད་གཤེད་པོའི་ཐུགས་ལས་མ་འཕྲོས་ཏེ། །ཡི་གེ་མཐིང་ནག་མ་ཡིས་སྟོང་གསུམ་གང་། །ཕར་འཕྲོས་བདེ་གཤེགས་རྣམས་ཀྱི་ཐུགས་དམ་བསྐུལ། །སླར་འདུས་སེམས་དཔའི་མ་ལ་ཐིམ་པར་བྱས། །དེ་འཕྲོས་མཎྜལ་མ་ལ་ལྷན་གྱིས་འབབ། །ཡིག་འབྲུ་གསུམ་གྱིས་དབང་བསྐུར་བྱིན་བརླབས་ནས། །


DNG015_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལས་ལྷ་མོ་ཉིད་ཀྱིས་སྐུར་གྱུར་ཏེ། །སྐུ་མདོག་ནག་མོ་ཤིན་ཏུ་གཏུམ་པ་ལ། །ཤིན་ཏུ་སྒེག་པ་ཞལ་གཅིག་ཕྱག་བཞི་པ། །རལ་གྲི་བྷནྡ་དམར་འཁྱིལ་གཡས་རིམ་བཞིན། །ཤཀྟི་ཏྲི་ཤཱུལ་མགུལ་ནས་དར་དཔྱངས་གཡོན། །རལ་གཅིག་སྦྲེང་བའི་ལན་བུ་གཡོན་དུ་འཁྱིལ། །སྐྲ་སྐེད་སྦྲུལ་ལ་ཐོད་པའི་ཕྲེང་ཐོད་ཅན། །རྣ་ལྟག་མེ་ཏོག་དར་ནག་ཅོད་པན་འཕུར། །སྙན་གཡས་སྦྲུལ་གྱི་གདེངས་ཀ་ཡི། །མགུལ་ནས་སིལ་སྙན་འཁྲོལ་བ་ལ། །སྙན་ཆ་གཡོན་པ་སེང་གེ་འཕྱོ། །ཐོད་པ་སྐམ་རློན་དོ་ཤལ་བྱས། །བོང་བུ་གྭ་པའི་ཆིབས་ལ་ཞོན། །གཞན་ཡང་ཆེ་བའི་རྒྱན་དང་གདུག་པའི་རྒྱན། །སྟོང་གིས་བརྒྱན་པ་གསལ་བར་བསྒོམ། །ཏིང་འཛིན་སེམས་དཔའི་སྐུ་ལས་འོད་ཟེར་ནི། །ལྕགས་ཀྱུ་འབར་བའི་འོད་ཟེར་ཕར་འཕྲོས་ཏེ། །བདག་ཉིད་ཆེན་མོའི་སྲོག་ནས་རབ་བསྐུལ་ཏེ། །སྲིད་པའི་མ་མོས་སྟོང་གསུམ་ཁེངས་པར་བྱས། །གཤིན་རྗེའི་ཚོགས་ཀྱང་དེ་བཞིན་ཏེ། །སྲོག་ལ་རྔམ་པ་ཀུན་གྱིས་བསྐོར་བར་བསམས། །དེ་ལྟ་བུ་ནི་ཡང་ནས་ཡང་དུ་སྟེ། །དེ་ལྟར་ཐིབ་ཐིབ་ཡོད་སྙམ་ཆོ་འཕྲུལ་འབྱུང་། །དེ་ལྟ་བུ་ཡི་བར་དུ་བསྒོམ་པར་བྱ། །ཡེངས་པར་གྱུར་ན་ཅིས་ཀྱང་མི་འགྲུབ་པོ། །གཙོ་མོ་ལ་སོགས་སྲིད་པའི་མ་མོ་ཡིས། །གང་ལ་བྱ་བའི་སྙིང་ནས་རབ་བཟུང་སྟེ། །སྐྲ་གྲོལ་མིག་རྩ་རིག་རིག་འོ་དོད་ཙེ་རེ་རེ། །གན་བུབ་བསྒྱེལ་ཞིང་ཁ་ནས་ཁྲག་སྐྱུགས་འབྱུང་། །ཅི་མཛད་འོན་ཏང་ཟེར་ཞིང་དབུགས་དང་བྲལ་ལ་ཁད། །ཐུན་ཁུང་ནང་དུ་རབ་ཏུ་འཇུག་པར་བསམ། །དེ་ལྟར་བསྒོམ་ལ་གཤེད་པོས་དབང་དུ་བསྡུ། །མཉེས་པའི་ཚུལ་གྱིས་བསྟོད་པ་འདི་སྐད་དབུལ། །དཔལ་ལྡན་ནག་མོ་མི་ཕམ་སྲིད་གསུམ་མགོན། །བདག་དོན་རྣམ་ཐར་གསུམ་ལ་ཐུགས་གཞོལ་ཡང་། །སྙིང་རྗེའི་དབང་གིས་རྗེས་ལ་ཐོབ་པ་ཡི། །ཤེས་རབ་སྣ་ཚོགས་དག་གིས་འགྲོ་དོན་མཛད། །ལྷ་མོ་སྐུ་མདོག་ནག་མོ་ཆར་སྤྲིན་མདོག །མཚན་མོ་ནག་མོ་ཤིན་ཏུ་གཏུམ་པའི་སྐུ། །ཤིན་ཏུ་སྒེག་ཅིང་ཀེང་རུས་ལུས་འཆང་མ། །ཞལ་གཅིག་ཕྱག་བཞི་ཞབས་གཉིས་རབ་ཏུ་བརྗིད། །རལ་པ་གཅིག་སྦྲེང་ལན་བུ་གཡོན་དུ་འཁྱིལ། །སྐྲ་སྐེད་སྦྲུལ་ལ་ཐོད་པའི་ཕྲེང་ཐོད་


DNG015_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། །རྣ་ལྟག་མེ་ཏོག་དར་ནག་ཅོད་པན་འཕུར། །ཁྲག་གི་ཆང་གིས་ར་རོ་སྤྱན་གསུམ་དམར། །མི་རོ་རེངས་པ་ཁར་བཅུག་མཆེ་བ་བཞི། །རྣམ་པར་གཙིགས་ནས་ཤིན་ཏུ་ཁྲག་ལ་དགྱེས། །སྙན་གཡས་སྦྲུལ་གྱི་མགུལ་ནས་དྲིལ་གསིལ་ཞིང་། །གདུག་པ་བཏུལ་ནས་ཚངས་པའི་སྒྲ་སྒྲོགས་མ། །སྙན་ཆ་གཡོན་པ་སེང་གེ་རལ་པ་དམར། །དཔའ་མོ་སེང་གེ་སྒྲ་སྒྲོགས་མ། །ཕྱག་བཞི་གཡས་ཀྱི་དང་པོ་རལ་གྲི་བསྣམས། །འོག་མ་ཐོད་པ་བྷནྡ་དམར་བསྐྱིལ་འཛིན། །གཡོན་གྱི་དང་པོ་མཚོན་ཆ་ཤཀྟི་བསྣམས། །འོག་མ་ཏྲི་ཤཱུལ་མགུལ་ན་དར་ནག་འཕྱངས། །ཤཀྟི་རལ་གྲི་མཚོན་ཆས་བཅད་པ་ཡི། །ལྷ་མ་ཡིན་ལ་སོགས་པའི་ཐོད་པས་དོ་ཤལ་བྱས། །གླང་པོ་ཆེ་ཡི་སྟོད་གཡོགས་གོས་སུ་མཛེས། །སྨད་ནི་བན་གླང་ཀོ་བས་དཀྲིས་པ་ལ། །ཕྱེད་ནི་རེ་ལྡེ་སྔོན་པོའི་ཤམ་བུ་ཅན། །ཀླུ་ཡི་དབང་པོ་བཞི་ཡིས་སྐེད་བཅིངས་ཅན། །ཞབས་གཉིས་ལྕགས་སྒྲོག་དག་གིས་མཛེས་པར་བརྒྱན། །ཁྲག་ཞག་ཐིག་ལེ་མང་པོས་ཚོམ་བུར་བྲིས། །བོང་གྭ་ཞོན་ནས་མཚན་མོ་དུར་ཁྲོད་རྒྱུ། །བོང་བུའི་རྨིག་པ་གློག་གི་ཤུགས་འཆང་མ། །ཁམས་གསུམ་སྐད་ཅིག་ཙམ་གྱིས་འཁོར་བར་བྱེད། །སྐད་ནི་དུང་དང་འབྲུག་གི་སྒྲ་སྒྲོགས་ཤིང་། །མ་མོ་མཁའ་འགྲོ་ཤ་ཟ་དབང་དུ་སྡུད། །ལྷོ་ཕྱོགས་གཤིན་རྗེའི་ཕོ་བྲང་རྟག་ཏུ་གནས། །དམ་པའི་ས་ནས་གཟུགས་སྐུ་གཉིས་གཟིགས་མ། །ཏིང་འཛིན་དབང་ཐོབ་གཟུགས་ཁམས་གནས་སུ་བྱོན། །ཚངས་པའི་རྒྱལ་པོ་སོགས་ཀྱིས་ཕྱག་བྱས་མ། །གཞན་འཕྲུལ་དབང་བྱེད་ཡ་ཐར་བྱོན་པའི་ཚེ། །དབང་ཕྱུག་ཆེན་པོའི་སྐུ་ལ་དགྱེས་འཁྲིལ་བ། །སུམ་ཅུ་རྩ་གསུམ་ཚལ་བཞིར་བྱོན་པའི་ཚེ། །ལྷ་རྣམས་དབུགས་ཕྱུང་བརྒྱ་བྱིན་ཕྱག་བྱས་མ། །ལྷ་མ་ཡིན་རྣམས་ཕུང་བར་བྱེད་པའི་ཚེ། །ལྷ་མིན་རྒྱལ་པོ་ཀུན་གྱིས་ཕྱག་བྱས་མ། །སྐུ་མདོག་རི་རབ་ཆེ་དང་འགྲན་པའི་ཚེ། །ལྟེ་བའི་ཐད་ཀའི་ཕྱོགས་ནས་ཉི་ཟླ་འཆར། །རྒྱལ་ཆེན་ཕྱོགས་སྐྱོང་ལྷ་ཡིས་ཕྱག་བྱས་མ། །རྒྱ་མཚོའི་གཏིང་ནས་མེ་འབར་མཚོ་སྐེམ་མ། །ས་འོག་དབང་པོ་ཀུན་གྱིས་ཕྱག་བྱས་མ། །ལྷ་མོ་ཁྱོད་ཀྱི་ཆོ་འཕྲུལ་སྐུར་བསྟན་པས། །བདུད་དང་གཤིན་རྗེའི་རྒྱལ་པོ་


DNG015_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

འདར་ཞིང་འདུད། །མ་མོ་མཁའ་འགྲོ་ཤ་ཟ་སྔངས་ཤིང་བརྒྱལ། །ཙིཏྟ་རིན་ཆེན་གུར་ཕུབ་གཞལ་ཡས་ན། །ཉི་ཟླ་བརྩེགས་པའི་དཀྱིལ་འཁོར་ག་བུར་འབར། །ཕྱོགས་བཅུའི་འཇིག་རྟེན་དྲུག་གི་བཅུད་བསྡུས་ནས། །ཉི་མའི་དཀྱིལ་འཁོར་དག་ལ་ཐིམ་མཛད་མ། །དུག་གི་རླངས་པས་ནག་པོའི་ཕྱོགས་རྣམས་ཀྱི། །བཞི་བརྒྱ་རྩ་བཞིའི་ནད་ནི་ཁོང་ན་བསླངས། །དེ་ཕྱིར་ནད་ཀྱི་བདག་མོ་དམ་ལ་འདུ། །ཕྱོགས་བཅུའི་འཇིག་རྟེན་བདུད་རྩིའི་བཅུད་བསྡུས་ནས། །ཟླ་བའི་དཀྱིལ་འཁོར་དག་ལ་ཐིམ་མཛད་མ། །བདུད་རྩི་བསླངས་པས་དཀར་པོའི་ཕྱོགས་རྣམས་ཀྱི། །བཞི་བརྒྱ་རྩ་བཞིའི་ནད་ནི་རྩད་ནས་གཅོད། །དེ་ཕྱིར་བདུད་རྩི་སྨན་གྱི་རྒྱལ་མོ་དམ་ལ་འདུ། །གང་ཞིག་ཁྱོད་ལ་དད་ན་མ་བས་བྱམས། །དེ་ཕྱིར་མ་གཅིག་ནད་འཇོམས་སྨན་གྱི་གཙོ། །ལྷ་མོ་ཁྱོད་ལ་རྟག་ཏུ་བདག་གིས་བསྟོད། །རྒྱལ་བ་ཤཱཀྱ་ཐུབ་པའི་སྤྱན་སྔ་རུ། །དུས་འདིར་བདག་གིས་དམ་བཅས་ཇི་སྲིད་དུ། །དཀར་པོའི་ཕྱོགས་ཀྱི་ནད་དང་སྡུག་བསྔལ་སོགས། །ཞི་བར་བྱེད་ཅིང་ཚེ་དང་ལོངས་སྤྱོད་སྡུད། །ནག་པོའི་ཚོགས་ནི་དགུག་ཅིང་དབང་དུ་སྡུད། །སྨྱོ་འབོག་ལྐུགས་པའི་ལས་འདི་མྱུར་དུ་བགྱི། །བསྟན་པ་བསྲུང་ཕྱིར་མྱུར་དུ་གྲུབ་པར་བགྱི། །འདི་ལས་འདས་ན་རྒྱལ་བའི་བཀའ་བསླུས་པས། །དུས་གསུམ་རྒྱལ་བའི་རྡོ་རྗེས་མགོ་དང་སྙིང་འགེམས་ཤོག །དེ་སྐད་རྒྱལ་བའི་སྤྱན་སྔར་དམ་བཅས་པའི། །དམ་བཅས་བཞིན་དུ་ཕྲིན་ལས་མྱུར་དུ་གྱིས། །རྣལ་འབྱོར་བདག་དང་བདག་གི་འཁོར་རྣམས་ལ། །ཁྱེད་ཀྱི་ཞལ་ནས་བདུད་རྩིའི་ཆར་ཕོབ་ལ། །ནད་སོགས་སྡུག་བསྔལ་ཚོགས་ནི་ཞི་བར་མཛོད། །ཚེ་དང་བསོད་ནམས་ལོངས་སྤྱོད་འཕེལ་བར་མཛོད། །ཟང་ཟིང་ལོངས་སྤྱོད་འབྲུ་ཡི་ཕུང་པོ་དང་། །རིན་ཆེན་རྐང་འགྲོས་ཕྱུགས་རྣམས་འཕེལ་བར་མཛོད། །བླ་མ་སྨོད་ཅིང་དཀོན་མཆོག་དབུ་འཕང་སྨོད། །བདག་ལ་དགེ་བའི་བར་ཆད་བྱེད་པའི་དགྲ། །ཁྱོད་ཀྱིས་ཁོང་ནས་དུག་གི་རླུང་བུས་ལ། །འདུ་བ་རྣམ་བཞིའི་ནད་ནི་འདུ་རུ་ཆུག །བག་གཞི་ས་ལ་ལྷུང་ནས་རྡེབས་སུ་ཆུག །དོན་སྙིང་རྣམ་


DNG015_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་ཁོང་ནས་ཁྲག་སྐྱུགས་ཆུག །ལས་ངན་འཁོར་ཚོགས་ཆོ་ངེས་བརྡུང་དུ་ཆུག །མཁའ་ལྡིང་རྒྱལ་པོའི་ཚོགས་ཀྱིས་ལྟས་ངན་ཕོབ། །དམ་བཅས་བཞིན་དུ་ཕྲིན་ལས་མྱུར་དུ་གྲུབ་པར་མཛོད། །ཅེས་བསྟོད་ཅིང་ཕྲིན་ལས་བཅོལ་གྱུར་ན། །གང་འདོད་རིམས་ནད་ཕྱོགས་སུ་འབེབས། །མ་མོས་སྲོག་བསྡུས་ཏེ་གསད་པར་བྱའོ། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། ཡམས་ནད་ཀྱི་བདག་མོ་མ་མོའི་ཟླ་གསང་གི་སྐབས་ཏེ་ཞེ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོས་འདི་སྐད་གསུངས་སོ། །འགལ་བ་ཆམ་ལ་འབེབས་འདོད་པས། །ནད་ངན་སྣ་ཚོགས་དབབ་པ་ལ། །མ་མོ་གསང་བསྒྲུབ་ཟླ་གསང་གསུངས། །ཟླ་གསང་ནག་པོའི་རྒྱུད་དག་ལ། །ཐབས་ཀྱི་སྦྱོར་བ་མང་ཡོད་ཀྱང་། །བསྡུ་ན་རྣམ་པ་བཞི་རུ་འདུས། །བླ་མེད་བསྒྲུབ་མཐུ་རང་བྱུང་སྟེ། །འཇིག་རྟེན་བསྒྲུབ་པ་དོན་གྱི་མཐུ། །རྟེན་འདྲེལ་སྒྱུ་མའི་སྦྱོར་བ་བཞིན། །རྫས་ཀྱི་ནུས་པ་དག་ལས་འབྱུང་། །གདོན་དང་རྫས་སུ་བཅས་པ་ལས། །རྣམ་གྲངས་མ་ངེས་ཁྱད་པར་མང་། །རྣམ་པ་གཉིས་ནི་གསལ་བྱ་སྟེ། །རྫས་དང་གདོན་དུ་བཅས་པས་བསྟན། །མྱུར་དུ་གསད་པའི་སྦྱོར་བ་ནི། །གང་ཡང་འདི་ལས་ཡོད་མ་ཡིན། །མ་མོ་ནག་སྨུག་དཀར་མོ་དང་། །དམར་མོ་ཚོགས་ཀྱི་ནང་དག་ནས། །རིམས་ནད་གཏང་བ་མང་ཡོད་ཀྱང་། །ཀུན་གྱི་ཕྱག་བརྙན་རེ་མ་ཏི། །འདི་དག་བསྒྲུབ་སྟེ་ལས་སྦྱར་ན། །རིམས་ནད་གང་འདོད་སྟོང་གསུམ་འགེངས། །འདི་ཡི་ལས་ནི་འདི་ལྟར་བྱ། །རྒྱུ་གཟེར་དག་གིས་ཤི་བའི་ཁྲག །བཙན་དུག་ཐར་ནུ་བསྲེས་ནས་ཀྱང་། །བསེ་ཞོ་དག་དང་མར་དུ་སྦྱར། །སྔགས་འདིས་བཏབ་སྟེ་ལྟོར་ཡང་གཏང་། །རུ་རུ་ཤི་ཏྲི་ཀྲི་མ་དུ་སོད་སྲོག་ཐུཾ་མུགས་སོད། མ་རག་རུ་རྦད་ཡ་སོད། ནི་ཡ་ནི་ཡ་ཙ་ཐུན་སོད། ཤ་རྦུད་སྙིང་ཕྱུང་། སྙིང་རྒྱུད་སྲོག་ཆོད། སྲོག་ཐུན་དབུགས་ལོངས། མ་མ་ཐུམ་ཐུམ་སོད་སོད། ཅེས་འབུམ་འབུམ་བཟླས་ཏེ་ལྟོར་གཏང་ན། རྒྱུ་གཟེར་ཁྲག་ཏུ་བཤལ་ཏེ་འཆི། དེ་ནས་ཡང་བསེ་ཞོ་དང་བཙན་དུག་


DNG015_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྔགས་འདི་བཟླས། རུ་རུ་ཏི་རྦད་ཡ། བ་ཡ་དུ་དུ་རྦད་ཡ། སྡྱ ་སྡྱ ་ནི་མ་ཙ་རྦད་ཡ། ཤག་པ་དུ་དུ་ཡ་ཆེམས་ཆེམས་རྦད་ཡ། རྦད་པུ་ཤག་རྦད་ཡ། རག་ཐུམ་མུགས་རྦད་ཡ། རུ་རུ་ར་པ་ནི་དུ་མ་མ་ཏི་རྦད་ཡ། ཞེས་འབུམ་བཟླས་ཏེ་ལུས་ལ་རེག་པའི་གོས་ལ་བསྐུས་ན་ལྷོག་པ་དཀར་པོས་འཆི་བར་འགྱུར་རོ། །དེ་ནས་ཡང་བསེ་ཞོ་དང་བཙན་དུག་དང་བྱང་བ་ཆ་ཚོང་དང་མཛེ་ཁྲག་དང་མཛེ་བོའི་ཤུ་བ་ཀུན་སྦྱར་ལ་མར་དང་དྲི་མ་བསྲེས། ད་དུ་མ་ཤ་ཁུག །དུ་ཤ་མ་མ་བཾ་གོལ་དུ། དུ་ཏྲི་མ་མ་སྙིང་ཕྱུང་། ས་མ་ཡ་མ་མ་སྲོག་ཆོད། དུ་ཤག་དུ་ཡ་མ་མ་ཏི་རུ་མ་ཏི་ཡ། ཤ་ཤ་མ་མ་རྦད་པུ་ཡ་ཡ། ནྲྀ་ནྲྀ་བྷྱོ་བྷྱོ་སོད་སོད། མ་རུ་ཡ་མ་རུ་ཡ་ཚལ་པ་རྦད་ཡེད་ཡེད་ཤ་ཐུཾ་ཤ་ཐུཾ་རྦད། ཙ་དུར་མ་མ་དུ་རྦད། ཤ་ཐུཾ་ཡ་ཡ་བྷྱོ། ཤ་ཤ་ཙ་ཐུཾ་མ་ཡ་བྷྱོ། ཞེས་ཁྲིའམ་འབུམ་དུ་བཟླས། ཤ་ལ་རེག་པའི་གོས་ལ་བསྐུས་ན་མཛེ་དང་ཕོལ་འབྲས་ཀྱིས་འཆི་བར་འགྱུར་རོ། །མཛེ་ཁྲག་ཆང་དང་སྦྱར་ནས་ལྟོར་བཏང་ན་སྙིང་ལ་བབས་ཏེ་རུས་མཛེ་དང་མཛེ་ནད་འཐོར་བས་འཆི་བར་འགྱུར་རོ། །དེ་ནས་ཡང་དུག་རྫས་དང་རིམས་ཁྲག་སྣ་ཚོགས་སྦྱར་ནས་གོང་གི་སྔགས་རྣམས་དྲག་ཏུ་བཟླས་ཏེ། ཡུལ་ཁམས་ཀྱི་ལྷ་རྟེན་ནམ། ཆུ་མིག་ཀླུ་བཙན་ཡོད་ངེས་པའི་སའམ། བྲག་ཀླུ་བཙན་ཡོད་པའི་སར་གཏོར་ན་རིམས་ནད་སྣ་ཚོགས་ན་བུན་བཞིན་གཏིབས་ནས་འོང་བ་དང་། ཐོག་མེར་འོང་བ་དང་། སེར་བ་དྲག་ཏུ་འབེབས་པར་འགྱུར་རོ། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། ནད་ངན་སྣ་ཚོགས་གཏང་བའི་སྐབས་ཏེ་ཞེ་བརྒྱད་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོས་འགལ་བ་ཆམ་ལ་དབབ་པའི་ཕྱིར། སྨྱོ་འབོག་གིང་གི་ཟླ་གསང་གསུངས། །དབང་དང་དམ་ཚིག་ལྡན་པ་ཡིས། །བླ་མ་མཉེས་པའི་རིམ་གྲོ་བྱ། །ལྟ་བ་ཡངས་ཤིང་སྤྱོད་ལམ་གོམས། །སློབ་དཔོན་མཉེས་པའི་ཐུགས་གཟུང་ནས། །མན་ངག་ཐུགས་ལ་ཕུར་ཏེ་བསྒྲུབ། །རི་གསུམ་རྩེའམ་བྲག་དཀར་རམ། །ལྷ་ཁང་དུར་ཁྲོད་སྦེའུ་དང་། །ཡང་ན་བྲག་ཕུག་ཤར་བལྟས་སུ། །རྩ་ན་བྲག་ཡོད་རྩི་ཤིང་སྐྱེས། །ཤར་དུ་ཁ་བལྟས་ཟུར་གསུམ་འདྲ། །རྒྱབ་རི་མཆད་པ་སེང་གེ་སྤུངས། །དེ་རུ་གནས་


DNG015_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

བཙལ་ས་ཆོག་བྱ། །ས་བདག་ལྷ་ཀླུ་ཞི་བའི་ཕྱིར། །གསེར་སྐྱེམས་བཏང་ལ་བདེན་པ་བདར། །འདི་སྐད་བརྗོད་ལ་བསྒོམ་པར་བྱ། །བདག་མིང་འདི་ཞེས་རྣལ་འབྱོར་པས། །ཕྱོགས་འདིར་སྒྲོལ་བའི་གིང་ཆེན་པོ། །སྲོག་བདག་དཀར་པོ་སྙིང་འབྱིན་ཞེས། །རྣལ་འབྱོར་རྣམས་ཀྱི་དགྲ་བླ་ཆེ། །རིག་འཛིན་སྲོག་ཤིང་འདི་བསྒྲུབ་པས། །དེང་འདིར་ས་བདག་ལྷ་ཀླུ་རྣམས། །གནས་གཞན་དག་ཏུ་འཕོ་བར་གྱིས། །ས་གཞི་འདི་ཡང་བཀྲ་ཤིས་མཛོད། །མ་ཉེས་དཔང་གཟུག་ཡུས་ཀ་གསོལ། །དེ་ནས་སྟེགས་བུ་བརྩིག་པ་ཡང་། །དྲ་ཕྱིང་རས་སམ་དར་བཏིང་ལ། །ནས་འབྲས་འབྲུ་ཡི་གཅལ་ཡང་དགྲམ། །ག་བུར་ཛ་ཏི་ཕ་ལ་དང་། །རྒྱ་སྤོས་ལ་སོགས་དྲི་སྤོས་དགྲམ། །ཡོལ་བ་བླ་རེ་འཕན་གདུགས་དྲེས། །སྲོག་བདག་དཀར་པོ་སྙིང་འབྱིན་ནི། །རས་ལ་བྲིས་སམ་ལུགས་སྐུ་གཅིག །ཤར་ནས་ནུབ་ཏུ་གཟིགས་པ་གཞག །འབྲས་ལ་སོགས་པའི་བཤོས་ཆ་ལ། །ལྷ་བཤོས་རི་རབ་ཚུལ་འདྲ་བྱ། །དེ་ཡི་ཕྱོགས་བཞིར་མར་ཁུས་བྱུག །དབུས་སུ་རྨྱུག་མ་ཚིགས་གསུམ་ལ། །བྱ་རྒོད་ལྡེམ་ཕོད་ཟ་འོག་དང་། །བསེ་དང་གསེར་དང་བྱི་རུ་དང་། །པགས་བླུད་དཀར་པོས་བརྒྱན་པ་གཟུག །གཞན་ཡང་ཤ་དང་ཉ་ཤ་དང་། །ཐུད་ཁྲུམ་ལ་སོགས་སྤྱན་གཟིགས་ཀྱིས། །དེ་ཡི་མཐའ་མ་བསྐོར་ཏེ་དགྲམ། །སྤོས་དང་མེ་ཏོག་མར་མེ་དང་། །རྔ་གླིང་པི་ཝང་དུང་ལ་སོགས། །སྐུ་གཟུགས་དེ་ཡི་མཐའ་མར་བཞག །ཙནྡན་དཀར་པོའི་ཆུ་ལ་སོགས། །དུང་ཕོར་འཁར་ཕོར་བཀང་བ་གཉིས། །སྐུ་གཟུགས་དེ་ཡི་ཐ་མར་དགྲམ། །ཉུང་དཀར་ཉུང་ནག་སྐེ་ཚེ་ཡང་། །དྲག་པོ་སྔགས་ཀྱི་མཚོན་དུ་གཞག །གཞན་ཡང་སྒོང་ང་སྣ་ཚོགས་དང་། །ཁུར་བའི་རྣམ་གྲངས་མང་པོ་ནང་། །སྒོག་པ་སྨན་དང་དྲི་སྤོས་རྣམས། །བྲིས་སྐུ་དེ་ཡི་མཐའ་མར་དགྲམ། །གཤིན་རྗེ་གཤེད་པོའི་སྐུར་བསྒོམ་ལ། །སྙིང་པོ་བརྒྱ་རྩ་བརྒྱད་དུ་གདོན། །ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུཾ་ཕཊ། ཨོཾ་ཀཱ་ལ་རཱུ་པ་ཧཱུཾ་ཕཊ། ཨོཾ་ཧྲཱྀཿཤྟྲཱི་བི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ། བདག་ལ་བྱིན་བརླབ་ལུས་བསྲུང་བྱ། །དེ་ནས་དབང་དུ་གྱུར་པ་དང་། །


DNG015_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་བཅུན་པའི་ལས་བྱའོ། །སྤྱན་དྲང་ཕྱག་འཚལ་བཞུགས་སུ་གསོལ། །ཕྱག་ཆབ་གསོལ་དང་གདན་སྐྱེམས་དྲང་། །མཆོད་པ་འབུལ་ཞིང་བསྟོད་པ་བགྱི། །འཛབ་བཟླས་དམ་ཚིག་དྲག་ཏུ་བསྲེ། །རྒྱལ་པོའི་སྲོག་སྙིང་འདི་སྐད་བརྗོད། །ཨོཾ་ཤྲཱི་མཉྫུ་ཡ་མ་རཱ་ཛ་མ་མ་ཨེ་ཀ་ཛ་ཏི་ནྲི་ཛ་ཛ། ཏྲི་ཙ་པ་ལ་ཨ་ཤུག་མེ་སྭཱ་ཧཱ། ཤེས་ནི་ཁྲི་འབུམ་གྲངས་བསྙེན་བྱ། །རྫས་ཀྱིས་མཆོད་ཅིང་རྟག་ཏུ་བཟླས། །གྲུབ་ནས་སྔགས་འདིས་རབ་ཏུ་རྦད། །ཧ་ལི་ཧུ་ལི་བཾ་རིལ་ནྲྀ་ཛ། ལ་ལི་བྲ་མ་ནི། རི་རྩེ་ཐལ་བ་ནི། ཀྲོ་ཏི་ཀོ་ལ་ཡ།ཀྲོ་ཏི་ཀོ་ལ་ཤ །ཤམ་ཏྲི་ཤ་མུ་ཏྲི། མུ་རི་རེ་ཏྲི། ཏྲི་རཾ་ཏྲི། ཧཾ་ཤག་ཧཾ་ཤག་རུ། ཆེ་གེ་མོ་ཙིཏྟ་ལ་ཛ། དེ་བཞིན་རྒྱལ་པོ་དྲག་ཏུ་རྦད། །གལ་ཏེ་ལས་བྱེད་མ་བཏུབ་ན། །རྒྱལ་པོ་ཤི་ས་འདི་ཡིས་བསྟན། །མ་ར་ན་པྲ་མ་ར་ཙ་ཙི་ཏ་པ་ལི་ཨ་ལི་ས་མ་ཡ་ཨཾ་ཀུ་ཤ་ཛ་ཛ། ཕྱག་རྒྱ་བཞི་ཡིས་གཟུགས་བཅིངས་ཏེ། །སྔགས་ནི་བརྒྱ་རྩ་བརྒྱད་དུ་བརྗོད། །རྒྱལ་པོ་རང་ལ་དབང་མེད་པར། །རྔུལ་ནག་ཁྲག་ཏུ་འཛག་ཅིང་འོང་། །དེ་བཞིན་གསད་པའི་ལས་ཐབས་ཀྱང་། །སྨྱོ་འབོག་ཤི་བའི་ལྡན་ཕོར་དུ། །དེ་ཉིད་རང་གི་སྙིང་ཁྲག་དང་། །དུག་སྣ་གསུམ་དང་མི་ཁྲག་དང་། །བརྣག་པའི་མིང་རུས་བྲིས་ཏེ་གཞུག །དུར་ཁྲོད་རོ་རས་རྙིང་པ་ལ། །གསོད་པའི་འཁོར་ལོ་བཅའ་བར་གསུངས། །དང་པོ་ཉི་མ་བཞི་པའི་སྔགས། །དེ་ཡི་ཕྱི་རིམ་རྒྱལ་པོའི་དྲག་སྔགས་བྲི། །ཡང་རིམ་ཀླུ་ཡི་དྲག་སྔགས་བྲི། །ཐོད་པ་དྲིལ་ལ་རྒྱ་གྲམ་བཅིང་། །ཉིན་བཞིན་ལྷ་ཡི་གིང་བཞི་བསྐུལ། །སྐབས་སུ་གིང་ཆེན་བཅོ་བརྒྱད་བསྐུལ། །ཉི་མ་བཞི་པའི་ལས་ཀྱང་བྱ། །ཨོཾ་མ་ཧཱ་རཱ་ཛ་ཐུན་བྷྱོ་བྷྱོ། དགྲ་བོའི་སྲོག་ལ་ཐིབས། མུག་མ་ར་ན་ཐུན། དགྲ་བོའི་སྙིང་ཤག །ཚལ་པ་དུམ། དགྲ་བོའི་བཀྲག་ལ་སེན། རླག་ཛ་རུ་ཐིབས་ཆུག །དགྲ་བོའི་ཁྲག་ལ་འཇིབ། བྷི་བ་བྷི་བ་དུན་ཛ། མཱཾ་ས་ལ་ཛ། སྙིང་ཏ་སྙིང་ལ་དུན།ཁྲག་ཏ་ཁྲག་ལ་ཐུན་བྷྱོ་ཐུན་བྷྱོ་མུགས། ཉུང་དཀར་ཉུང་ནག་སྐེ་ཚེ་ལ། །དྲག་ཏུ་སྔགས་ལ་བརྡེག་པར་བྱ། །དཀར་པོ་གཅིག་གིས་ཐུགས་དམ་བསྐང་། །རྟགས་ཀྱང་འདི་བཞིན་སྟོན་པར་ངེས། །ཉི་ཟླ་འཆར་དང་ལྡེར་


DNG015_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

སོ་དང་། །འབག་ཏུ་རྨིས་ན་ཐ་མར་བཤད། །བཙད་པོ་ཞང་བློན་དགེ་བཤེས་སམ། །དམག་དཔོན་རྨིས་ན་འབྲིང་དུ་བཤད། །རྒྱལ་པོ་ཉིད་མཐོང་ཉམས་སུ་སྟོན། །དེ་ལྟར་བྱུང་ན་རབ་ཏུ་བཤད། །བསྐང་བཤགས་བྱ་ཞིང་དངོས་གྲུབ་བླང་། །དམ་ཚིག་བསྲེ་ཞིང་ཕྲིན་ལས་བཅོལ། །དེ་ནས་འཁོར་ལོ་ཐོད་པར་བཅའ། །ཤར་དུ་ཁ་བལྟས་ཆུ་མིག་ངོར། །རྒྱལ་རིགས་སྦྱོར་བ་བྱས་གྱུར་ན། །སྨྱོ་འབོག་མཛེ་དང་ལྷོག་པས་འཆི། །ཐུན་དུ་འཕངས་ན་མཛེ་རིགས་འོང་། །མཁར་རྨང་གནན་ན་གནམ་ལྕགས་འབབ། །འཇམ་དཔལ་ཟླ་གསང་ནག་པོའི་རྒྱུད་ལས། རྒྱལ་པོ་ཕྱི་ལྟར་སྒྲུབ་པ་སྨྱོ་འབོག་གི་སྐབས་ཏེ་ཞེ་དགུ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོས་རྒྱལ་པོ་ནང་དུ་བསྒྲུབས་ཏེ་སྨྱོ་འབོག་གཏོང་བ་འདི་གསུངས་སོ། །ཐོག་མར་བླ་མ་མཉེས་བྱས་ཤིང་། །སྒྲིབ་པ་སྦྱོང་ཞིང་དམ་ཚིག་བསྲུང་། །མཚན་ལྡན་དགོན་པའི་གནས་ཉིད་དུ། །ལྟ་བ་རྒྱ་བསྐྱེད་འཇམ་དཔལ་བསྙེན། །བླ་མ་མཉེས་པའི་རིམ་གྲོ་བྱ། །དཀྱིལ་འཁོར་བརྩིག་དང་ཆག་ཆག་གདབ། །དེ་ནས་དཀྱིལ་འཁོར་བྲི་བ་ནི། །ཐིག་བཞི་བཏབ་ལ་ལེའུ་ཚེ་དགུ། །དབུས་ཀྱི་ལེའུ་ཚེ་དཀར་པོ་ལ། །ཤར་སེར་ལྷོ་སྔོ་ནུབ་དམར་བྱང་ནི་ལྗང་། །མཚམས་བཞི་སྨུག་ནག་སྒོ་དང་བཅས། །དབུས་སུ་གྲུ་གསུམ་རེ་རེ་བྲི། །དེ་ནས་ཙནྡན་དཀར་པོ་འམ། །རྒྱ་ཤུག་དཀར་པོའི་ཕུར་པ་དགུ། །སྲོག་བདག་དགུ་རུ་མངའ་གསོལ་ལ། །དར་དཀར་སྲོག་སྙིང་བྲིས་ཏེ་གདགས། །འདི་སྐད་བརྗོད་ལ་དགོད་པར་བྱའོ། །ཧཱུཾ། དབུས་ཕྱོགས་ཤེལ་རི་ཤེལ་གྱི་ཁང་པ་ནས། །ཁམས་གསུམ་སྲོག་ལ་མངའ་མཛད་པ། །སྲོག་བདག་ནག་པོ་རལ་པ་ཅན། །བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ། །བསམ་པ་བསྒྲུབ་ཕྱིར་གཤེགས་ནས་ཀྱང་། །ཕོ་བྲང་དབུས་ཀྱི་ལེའུ་ཚེ་ལ། །དགྲ་བགེགས་བསྣོལ་བའི་གདན་སྟེངས་སུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །གིང་ཀ་ར་ས་མ་ཡ་ཏིཥྛ་ལྷན། ཞེས་དབུས་སུ་དགོད་དོ། །རྒྱལ་རིགས་སྲོག་ལ་མངའ་མཛད་པ། །སྲོག་བདག་རྒྱལ་པོ་ཁུ་ལེ་ཤོད། །དཀྱིལ་འཁོར་ཤར་གྱི་ལེའུ་ཚེ་ལ། །དགྱེས་ཤིང་བརྟན་པར་


DNG015_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་སུ་གསོལ། །བྲམ་ཟེའི་སྲོག་ལ་མངའ་མཛད་པ། །རྒྱལ་པོ་ཆེན་པོ་ཨག་གེ་ཡང་། །ལྷོ་ཕྱོགས་དཀྱིལ་འཁོར་ལེའུ་ཚེ་ལ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །རྗེས་རིགས་སྲོག་ལ་མངའ་མཛད་པའི། །རྒྱལ་པོ་ཆེན་པོ་ཨུག་གེ་ཡང་། །དེ་བཞིན་ནུབ་ཀྱི་ཕྱོགས་སུ་དགོད། །དམངས་རིགས་སྲོག་ལ་མངའ་མཛད་པ། །རྒྱལ་པོ་ཆེན་པོ་བྲམ་ཟེ་ཡང་། །དེ་བཞིན་བྱང་གི་ཕྱོགས་སུ་དགོད། །བུད་མེད་སྲོག་ལ་མངའ་མཛད་པ། །རྒྱལ་པོ་ཆེན་པོ་ཤང་ཟེ་ཡང་། །དཀྱིལ་འཁོར་ཤར་ལྷོའི་ལེའུ་ཚེར་དགོད། །བྱིས་པའི་སྲོག་ལ་མངའ་མཛད་པའི། །རྒྱལ་པོ་ཆེན་པོ་ད་ཁོད་ཀྱང་། །དཀྱིལ་འཁོར་ལྷོ་ནུབ་ལེའུ་ཚེར་དགོད། །མི་ནག་སྲོག་ལ་མངའ་མཛད་པ། །རྒྱལ་པོ་ཆེན་པོ་ནི་ཁོད་ཀྱང་། །ནུབ་བྱང་དཀྱིལ་འཁོར་ལེའུ་ཚེར་དགོད། །བྱོལ་སོང་སྲོག་ལ་མངའ་མཛད་པ། །རྒྱལ་པོ་ཆེན་པོ་ཉི་ཟླ་ཡང་། །བྱང་ཤར་དཀྱིལ་འཁོར་ལེའུ་ཚེར་དགོད། །དེ་ནས་མཆོག་གི་ཕུར་པ་བཞི། །ཉིན་བཞིའི་གིང་བཞིར་མངའ་གསོལ་ལ། །རིས་མཐུན་དར་གྱི་ཅོད་པན་གདགས། །ཕྲིན་ལས་བཅོལ་ཕྱིར་སྒོ་བཞིར་གདབ། །དར་སྐུད་གསུམ་དྲིལ་མཐའ་མ་བསྐོར། །བླ་རྒྱན་ལོགས་རྒྱན་ཅི་མང་དགྲམ། །དར་དཀར་གུར་ཕུབ་ཟ་འོག་གདན་ཡང་བཏིང་། །དེ་ནས་དབུས་ཀྱི་སྲོག་བདག་ལ། །གཙང་ཕྱེ་དྲེ་གང་ལྷ་བཤོས་ལ། །རི་རབ་ཚུལ་འདྲ་ཞིག་བྱས་ལ། །དབུས་སུ་རྨྱུག་མ་ཚིགས་དགུ་ལ། །མཚལ་གྱི་མཁར་ཐབས་ཉ་མིག་བྲི། །རྩེ་ལ་བྱ་རྒོད་རྒྱལ་མཚན་དང་། །དར་དཀར་གདུགས་གཅིག་སྟེང་ནས་དགབ། །དངུལ་གྱི་གཡེར་ཁ་གཡག་རྔ་ཕོན། །ལྤགས་བུ་དཀར་པོའི་བླུད་བུ་གདགས། །ཐ་མའི་ཚིགས་ལ་མིང་རུས་གདགས། །གཞན་ཡང་རྨྱུག་མ་ཚིགས་གསུམ་བརྒྱད། །མཚལ་དང་ལྡོང་རོས་སྒོ་སྤྲད་ལ། །མཁར་ཐབས་བྲིས་ལ་རྩེ་ཁ་སྤྲད། །ལྕེ་ལ་དར་ལྕེ་རེ་ཡང་གདགས། །བར་བར་ར་དཀར་བླུད་བུ་དང་། །དུང་དང་ཟངས་དང་རིན་པོ་ཆེ། །བྱུ་རུ་མགྲོན་བུ་ས་གསེར་གདགས། །ཐ་མའི་ཚིགས་ལ་མིང་རུས་གདགས། །ལྕང་མ་མཐོ་རེ་བ་བཞི་ལ། །མཚལ་ལམ་རམས་ཀྱིས་གཡུང་དྲུང་བྲིས། །


DNG015_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་རེ་རལ་ལྤགས་མིང་རུས་རེ། །དེ་བཞིན་བཏགས་ལ་སྒོ་བཞིར་གཞག །གཞན་ཡང་ཐུད་དང་ཉ་ཤ་དང་། །བུ་རམ་གཏོར་མ་འབྲས་ཆན་དང་། །ཟ་འོག་དར་དང་བགས་དཀར་དང་། །རིན་ཆེན་བསྩལ་ལ་ཕྱོགས་བཞིར་གཞག །གཅིག་ནི་དབུས་སུ་གཞག་པར་བྱ། །ཉ་ཕྱིས་དུང་ཕོར་འཁར་གཞོང་དུ། །གསེར་དང་ཆང་ཕུད་སྦྱར་བ་ལྔ། །ཕྱོགས་བཞི་དབུས་དང་ལྔ་རུ་གཞག །གཅིག་ཏུ་མཚེ་དང་ཉུང་ནག་དང་། །ཆང་ཕུད་གངས་ཆུ་ཆུ་མིག་ཆུ། །དེ་གསུམ་གཅིག་ཏུ་བསྲེས་ལ་གཞག །དྲག་སྔགས་རྒྱུན་དང་བཟླས་པའི་ཕྱིར། །བདག་ཉིད་ཤར་བལྟས་སྔོན་དུ་གཞག །གཞན་ཡང་སྤོས་དང་མེ་ཏོག་དང་། །མར་མེ་དྲི་ཆབ་རྔ་གླིང་དང་། །མཆོད་པའི་ཡོ་བྱད་ཕྱོགས་བཞིར་དགྲམ། །ར་ལུག་དཀར་པོ་གང་ཡོད་པ། །ར་དང་ཟེ་བ་དམར་པོར་བྱུག །སྐེ་རུ་དར་དཀར་ཁུག་མ་རུ། །མཚེ་ཉུང་ཀླུ་སྨན་སྣ་ཚོགས་དང་། །དགྲ་ཡི་མིང་བྱང་བཅུག་ལ་གདགས། །ནུབ་ཏུ་དར་འཕན་དཀར་པོ་ལ། །འཕན་ལྕེ་སེར་པོ་བཏགས་པ་གཅིག །རྒྱལ་པོའི་གཟུགས་བྲིས་མདུང་ལ་གདགས། །རྩེ་ལ་སྙིང་གཅིག་བཀལ་ལ་གཟུག །གཤིན་རྗེ་གཤེད་པོར་མངའ་གསོལ་ལ། །སྔགས་བཟླས་བསྟོད་པ་མང་དུ་བྱ། །བེར་གྱོན་ཐོད་བཅིང་རྔ་ཡང་བརྡུང་། །སྙན་གསན་དབབ་དང་སྤྱན་དྲང་དང་། །ཕྱག་འཚལ་བཞུགས་དང་མཆོད་པ་དབུལ། །བསྟོད་པ་དབུལ་ཞིང་སྨོན་ལམ་གདབ། །ཐུགས་དམ་བསྐང་ཞིང་ཕྲིན་ལས་བཅོལ། །སྲོག་སྙིང་འདི་ནི་རྟག་ཏུ་དྲངས། །ཨོཾ་ཏྲི་སྟུ་ཏི་བྱ་འགྱུར་ར་ཀ་ལ་མཱ་ར་མཱ་ར་ཡ་སྭཱ་ཧཱ། དེ་ནི་སྲོག་བདག་རང་གི་སྙིང་པོའོ། །འདི་ནི་འཁོར་སྲོག་བདག་གི་སྙིང་པོའོ། །ཨོཾ་ཁུ་ལེ་མ་ཧཱ་པེ་རཾ་སྭཱ་ཧཱ། ཨོཾ་ཨག་གེ་རུ་རྟ་སྭཱ་ཧཱ། ཨོཾ་ཨུག་གེ་ཤ་མ་ལེ་སྭཱ་ཧཱ། ཨོཾ་དྲང་ཟི་རྟ་བ་སྭཱ་ཧཱ། ཨོཾ་ཤང་ཟེ་ཤང་ཀ་ར་སྭཱ་ཧཱ། ཨོཾ་ད་ཁོད་བི་སི་ཡང་སྭཱ་ཧཱ།ཨོཾ་ནི་ཁོད་བ་ར་ཧི་ཏེ་སྭཱ་ཧཱ། ཨོཾ་སཱུརྻ་ཙནྡྲ་མ་ཏ་ཁུ་ལེ་སྭཱ་ཧཱ། དེ་རྣམས་སྲོག་གི་སྙིང་པོའོ། །མི་ཚིག་གཡལ་དང་སྦྲིད་པ་སྤང་། །སྐྱ་རེངས་ཤར་ནས་འཁོར་རྣམས་བསྐུལ། །གྲུབ་པའི་རྟགས་རྣམས་སྟོན་པར་ངེས། །རབ་འབྲིང་ཐ་མ་གསུམ་དུ་འོང་། །རབ་ལ་སྐུ་ནི་དངོས་སུ་སྟོན། །


DNG015_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

འབྲིང་ལ་འོད་དང་སྒྲ་རུ་སྟོན། །ཐ་མ་ཆད་དེ་ལ་དབང་བསྐུར་དམ་བསྲེ་བྱ། །རྦད་སྔགས་བགྲངས་ཤིང་ཕྲིན་ལས་བཅོལ། །ཨཱོཾ་མ་ཧཱ་པྲ་མ་ན་རཀྴ་རཀྟ་ཙ་ར་མུན་ཏྲ་མ་ཧཱ་ཤི་དེ་ཙོ་ཀ་ཙ་ལ་བིང་བིང་དགྲ་བོ་མཱ་ར་ཡ་ཧབ་ཧབ། དེ་ནི་རྒྱལ་པོ་འཁོར་དང་བཅས་པ་རྣམས་ལས་ལ་རྦད་པའོ། །དེ་ནས་རྟ་དཀར་པོའི་ཐོད་པའི་ནང་བརྣག་པའི་མིང་རུས་བཅུག་ལ།རྟ་ཐོད་ཟ་འོག་དག་གིས་གྲིལ། །དམ་སྲི་སྨྱོ་རུ་གཞུག་པའི་ཕྱིར། །ཁྲག་སྐམ་གུ་གུལ་སྦྱར་བ་དང་། །མཚེ་ཉུང་གོ་རོ་ཙ་ན་ལ། །སྨྱོ་འབོག་གཏང་བའི་སྔགས་འདི་བཟླས། །ཨོཾ་མཱ་མ་མ་རང་ག་ཐུན་བྷྱོ། མ་ཧཱ་རཱ་ཛ་ཐུན་བྷྱོ་བྷྱོ། མ་ཧཱ་བ་བྷ་བྷ་མ་ཧཱ་དེ་བ་མ་ཧཱ་རུ་ཏྲ་བྷྱོ་བྷྱོ། ཨོཾ་ཏྲོ་ཏ་ཡ་ཏྲོ་ཏ་ཡ། ཏྲ་ཏ་ཡ་ཏྲ་ཏ་ཡ། ཀྵུ་ལྷ་ཀྵུ་ལྷ་གིང་ཀ་ར་གིང་ཀ་ར། གིང་ཛྭ་ལ་གིང་ཛྭ་ལ། ཡཀྴ་གྲྀ་བ། ཡཀྴ་གྲྀ་བ།དྷ་ཤ་གྲཱི་ཝ་དྷ་ཤ་གྲཱི་ཝ། པུ་ཏྲ་དཀར་པོ་བྷྱོ་བྷྱོ། དེ་ནི་སྲོག་བདག་འཁོར་གྱི་སྨྱོ་འབོག་ཏུ་བསྔགས་སོ། །དེ་ནས་བརྣག་པའི་མིང་རུས་ལ། །རང་རང་རྩ་བའི་སྔགས་བརྗོད་ཅིང་། །ཕུར་པ་རྣམས་ཀྱིས་རིམ་པས་གདབ། །གཙོ་བོའི་ཕུར་པ་སྙིང་ལ་གདབ། །ཁུ་ལེ་ཤོད་ཀྱི་གསང་བར་གདབ། །རྒྱལ་པོ་ཨག་གེ་ལག་པ་གཡས། །རྒྱལ་པོ་ཨུག་གེ་དཔུང་པར་གདབ། །རྒྱལ་པོ་དྲང་ཟེའི་ལག་པ་གཡོན། །ཤང་ཟེའི་རྐང་པ་གཡས་སུ་གདབ། །ད་ཁོད་དཔུང་མགོ་གཡས་སུ་གདབ། །ནི་ཁོད་དཔུང་མགོ་གཡོན་ལ་གདབ། །ཉི་ཟླས་རྐང་པ་གཡོན་ལ་གདབ། །གསད་པ་ཉི་མ་བཞི་པ་སྟེ། །ཉིན་བཞི་ལྷ་ཡི་གིང་བཞི་བྱ། །དེ་ནས་ཏེ་ལི་ཐོད་པ་རུ། །ལིངྒའི་ཐེད་ཤུལ་མཐུན་རྫས་སྩལ། །ལྷ་ཁང་རྣམས་ལ་བཏགས་གྱུར་ན། །སྨྱོ་འབོག་ཁྲག་སྐྱུགས་མཱ་ར་ཡ། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། སྨྱོ་འབོག་གི་ཟླ་གསང་ལས་རྒྱལ་པོ་ནང་ལྟར་བསྒྲུབ་པའི་སྐབས་ཏེ་ལྔ་བཅུ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོས་རྒྱལ་པོ་གསང་བར་སྒྲུབ་པའི་ཐབས་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་འདི་གསུངས་སོ། །རྣལ་འབྱོར་ཡོན་ཏན་ལྡན་པ་དེས། །བླ་མ་མཉེས་པ་རབ་བྱས་ཏེ། །མགོ་ནི་རྨ་བྱ་བཞིན་དུ་དགུག །དམ་ཚིག་ཆེན་པོ་སྲོག་བཞིན་བསྲུང་། །གཞན་


DNG015_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

དོན་མ་ཡིན་རང་དོན་དུ། །དུར་ཁྲོད་ས་ཕུག་དགོན་པར་འགྲོ། །ཕྱི་བཤགས་སྡིག་སྦྱངས་བསོད་ནམས་བསག །མ་ཉེས་དཔང་གཟུག་གླུད་གཏོར་གཏང་། །དཀྱིལ་འཁོར་བརྩིག་ལ་ཆག་ཆག་གདབ། །ཐིག་གདབ་དཀྱིལ་འཁོར་ཆོ་ག་བྱ། །དཀྱིལ་འཁོར་མཐིང་ནག་གྲུ་གསུམ་བྲི། །འཁོར་ལོ་རྩིབས་བཞི་ཐོད་ཕྲེང་བཅས། །གྲུ་ཆད་སྒོ་བཞི་ལྡན་པ་ལ། །དུར་ཁྲོད་རྒྱན་དང་ལྡན་པ་ལ། །གྲུ་གསུམ་མེ་འོད་འབར་བ་བྲི། །སྒོ་བཞིར་གྲུ་གསུམ་རེ་རེ་བྲི། །དེ་ནས་མཆོག་གི་ཕུར་པ་དགུ། །སྲོག་བདག་དགུ་ཡི་སྔགས་བྲིས་ལ། །དབུས་སུ་དཀར་པོ་སྙིང་འབྱིན་དགོད། །རྒྱན་དང་ཆ་ལུགས་གསལ་བར་བསྐྱེད། །ཤར་ཕྱོགས་རྩིབས་ལ་ཁུ་ལེ་དགོད། །ལྷོ་ཡི་རྩིབས་ལ་ཨག་གེ་དགོད། །ནུབ་ཀྱི་རྩིབས་ལ་ཨུག་གེ་དགོད། །བྱང་གི་རྩིབས་ལ་དྲང་ཟེ་དགོད། །ཤང་ཟེ་ཤར་ལ་ད་ཁོད་ལྷོ། །ནི་ཁོད་ནུབ་ལ་ཉི་ཟླ་བྱང་། །དེ་ལྟར་སྒོ་བཞིར་དགོད་པར་བྱ། །འཁར་གཞོང་དུང་ཕོར་བསེ་གབ་ཏུ། །སྙིང་སྣ་ཚོགས་ཀྱི་གཏོར་མ་བཤམ། །ལུག་དཀར་སྙིང་སྲོག་མ་བྲལ་བ། །སྲོག་རྩའི་ནང་དུ་མིང་རུས་གཞུག །སྙིང་རྩེ་གྱེན་དུ་བསྟན་ལ་གཞག །དར་དཀར་ཚིལ་གྱིས་ཁ་བཅད་ལ། །དབུས་སུ་སྲོག་བདག་ཉིད་ལ་གཞག །ཤར་དུ་ཁྲག་སྣའི་གཏོར་མ་གཞག །ལྷོ་རུ་ཤ་སྣའི་གཏོར་མ་གཞག །ནུབ་ཏུ་རུས་པའི་གཏོར་མ་གཞག །བྱང་དུ་མཁལ་མའི་གཏོར་མ་གཞག །དེ་ནས་སྒོ་བཞིའི་གཏོར་མ་ཡང་། །ཤར་སྒོར་མཆིན་པ་སྣ་ཚོགས་གཞག །ལྷོ་སྒོར་ཤ་ཆེན་འབྲུ་སྣ་གཞག །ནུབ་སྒོར་མཆེར་པ་སྣ་ཚོགས་གཞག །བྱང་སྒོར་ཚིལ་བུ་སྣ་ཚོགས་གཞག །གཏོར་མ་དེ་དག་ནང་དུ་ཡང་། །བཤོས་བུ་མཁྱིད་རེ་བཙུགས་ལ་གཞག །དེ་ལ་རྨྱུག་རྒོད་རེ་ལ་ཡང་། །ཕོད་དཀར་པགས་བུ་དཀར་པོ་དང་། །མིང་བྱང་རེ་ཡང་བཏགས་ལ་གཞག །ཕྱོགས་མ་ནོར་བར་གཞག་པ་ཡང་། །མན་འཛིལ་སྟེང་དུ་གཞག་པར་བྱ། །ཤར་དུ་ལུག་དཀར་ལྷོ་རུ་ར། །ནུབ་ཏུ་བྱ་དཀར་བྱང་དུ་ཁྱི། །བག་ཟན་གཟུགས་བྱས་དཀར་པོར་བསྒྱུར། །


DNG015_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་དངོས་སུ་ཡོད་ན་རབ། །མེད་ན་གང་རུང་གཅིག་གི་སྐེར། །མིང་རུས་བྲིས་ཏེ་གདགས་པར་བྱ། །དཀྱིལ་འཁོར་ལྷོ་ནུབ་འབྲུབ་ཁུང་དུ། །དམ་སྲིའི་གཟུགས་དང་མིང་རུས་གཞུག །ཤ་ཁྲག་སྣ་ཚོགས་གཏོར་མ་ལ། །ཚིལ་ཆེན་ཞལ་ཁེབས་ཡོད་པ་ལ། །རཀྟའི་གསང་ནན་ཆས་པ་གཅིག །དཀྱིལ་འཁོར་བྱང་ཤར་མཚམས་སུ་གཞག །ཏིང་འཛིན་རྣམ་གསུམ་གསལ་བར་བསྒོམ། །གཞལ་ཡས་གདན་བཅས་སྤྱན་དྲང་བསྐྱེད། །བདག་ཉིད་གཤེད་པོར་གསལ་བསྒོམ་ལ། །རྒྱལ་པོ་འཁོར་བཅས་གསལ་བར་བསྒོམས། །སྤྱན་དྲང་བཞུགས་མཆོད་ཚུལ་བཞིན་བྱ། །རྟག་ཏུ་སྙིང་པོ་འདི་ཡང་བཟླས། །ཨོཾ་འབར་ཤ་མ་ཧཱ་རཱ་ཛ་སྭཱ་ཧཱ། ཨོཾ་ཁུ་ལེ་མ་ཧཱ་བེ་རམ་སྭཱ་ཧཱ། ཨཱོཾ་ཨག་གེ་རུ་རྟ་སྭཱ་ཧཱ། ཨོཾ་ཨུག་གེ་མ་ལེ་སྭཱ་ཧཱ། ཨོཾ་དྲང་ཟེ་བ་བྷཱ་སྭཱ་ཧཱ། ཨོཾ་ཤང་ཟེ་ཤང་ཀ་རམ་སྭཱ་ཧཱ། ཨོཾ་ད་ཁོད་པི་པི་ཕ་ར་སྭཱ་ཧཱ། ཨོཾ་ནི་ཁོད་བ་ར་ཧི་ཏི་སྭཱ་ཧཱ། ཨོཾ་སཱུརྱ་ཙནྡྲ་མ་ཧཱ་ཁུ་ལེ་སྭཱ་ཧཱ། དེ་ནི་རྩ་བའི་དྲག་སྔགས་ཏེ། །གྲུབ་རྟགས་སྐུ་ཡང་དངོས་སུ་སྟོན། །མེ་དང་འོད་དང་སྒྲ་ཡང་སྟོན། །སྒྲ་དང་བྱི་ལ་སེང་གེ་འབག །དགེ་བཤེས་བཙད་པོ་ལྟ་བུ་དང་། །དམག་དཔོན་ལྟ་བུར་སྟོན་པར་ངེས། །རྒྱལ་པོ་དྲག་ཏུ་སྔགས་འདིས་རྦད། །ཨོཾ་མ་ཧཱ་དྲ་མ་རཀྴ་རཀྟ་ཙ་ར་མུ་ཏྲ་མ་ཧཱ་ནི་ཏེ་ཙོ་ཀ་ཙ་ལ་བིང་བིང་དགྲ་བོ་མཱ་ར་ཡ་ཧབ་ཧབ། འཁོར་བཅས་ལས་ལ་གཏང་བའོ། །ལྷ་དང་དབྱེ་བ་དྲག་པོའི་སྔགས་འདིས་དབྲལ། །མ་ཧཱ་ས་མ་ཡ་རཀྴ་མ་ཧཱ་རཱ་ཛ་ཐུན་ཐུན་ཕྲོལ་ཕྲོལ། དེ་ནས་བསྒྲུབ་པ་ཐོན་ནས་ཀྱང་། །གསད་པའི་ཕུར་པས་གདབ་པ་ནི། །དབུས་ནས་ཕྱུང་ལ་འདི་སྐད་དོ། །ཧཱུཾ། ཁྲོ་བདག་ཆེན་པོ་སྙིང་འབྱིན་གྱིས། །དཔའ་བོ་ཆེན་པོར་དབང་བསྐུར་བས། །དགྲ་སྙིང་དཀར་ནག་མཚམས་སུ་གདབ། །བཏབ་ནས་མྱུར་དུ་བརླག་གྱུར་ཅིག །ཀཱི་ལི་ཀཱི་ལ་ཡ་ཙིཏྟ་མུགས། དཀར་པོ་སྙིང་འབྱིན་ལྷན་ལྷན། ཧཱུཾ། ཁྲོ་བདག་ཆེན་པོ་ཁུ་ལེ་ཤོད། །གསོད་པའི་ཕུར་པར་བྱིན་བརླབས་ཏེ། །ཕྲག་ཁྱིམ་གཡས་དང་གཡོན་དུ་གདབ། །བཏབ་པས་ཁྲག་སྐམ་མྱུར་དུ་གསོད། །བཛྲ་མུ་ཏི་ཙ་ཤ་


DNG015_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

རཀྟ་རྔུབས་ལྷན། ཧཱུཾ།ཁྲོ་བདག་སྲོག་བདག་ཨག་གེ་ཡང་། །འགུགས་པའི་བདག་པོར་མངའ་གསོལ་ནས། །ནུ་མ་གཡས་དང་གཡོན་དུ་གདབ། །བཏབ་པས་མཁྲིས་པ་ཀྵ་ཡས་སོད། །ཙི་ལི་ཙི་ལི་མ་ས་མ་ཐིབས་ཐིབས། །ཧཱུཾ། ཁྲོ་བདག་སྒྲོལ་གིང་ཨུག་གེ་ཡང་། །རྣོ་བའི་དབལ་དུ་བྱིན་བརླབས་ནས། །སྤྱི་བོའི་གཙུག་ཏུ་བཏབ་པས་ཀྱང་། །ཀླད་གཟེར་མགོ་དང་འདར་བུས་སོད། །མས་བུ་ཏ་ཚལ་པ་ཚལ་པ་ཀ་རུ་ཧཱུཾ་ཧཱུཾ། ཧཱུཾ། ཁྲོ་བདག་ཤན་པ་དྲང་ཟེ་ཡང་། །འདེབས་པའི་དབལ་དུ་བྱིན་བརླབས་ནས། །མཁལ་ཁུང་གཉིས་སུ་གདབ་པར་བྱ། །བཏབ་པས་ཆུ་འགག་སྐེད་ནད་སོད། །བི་མ་ལ་བི་ཁུ་ཡ་བིམ་ནད་ཤད་ཕཊ་ཛ། ཧཱུཾ། ཁྲོ་བདག་སྲོག་གཅོད་ཤང་ཟེ་ཡང་། །ཟུར་གསུམ་རྩེ་མོར་བྱིན་བརླབས་ཏེ། །མཆིན་པ་ཕོ་གདུང་རྩ་ལ་གདབ། །བཏབ་པས་མཆིན་ནད་ཁྲག་གིས་སོད། །མ་ས་ལ་ཁུམ་ཏ་ར་ལ་ཚང་པུ་རེར་དགྲ་བོ་མཱ་ར་ཡ་ཛ། ཧཱུཾ། ཁྲོ་བདག་གསོད་དགའ་ད་ཁོད་ཀྱང་། །ཐོགས་མེད་འདེབས་པར་དབང་བསྐུར་ནས། །ཤ་མཚན་རྨེན་བུའི་དཀྱིལ་དུ་གདབ། །བཏབ་པས་སྦོས་ནད་གྲུམ་བུས་སོད། །ཁ་ལ་རུ་ཙེ་ཁ་མལ་ཤ་ཕུ་ཕཊ་ཛ། ཧཱུཾ།དགྲ་བླའི་རྒྱལ་པོ་ནི་ཁོད་ཀྱང་། །རྩེ་གསུམ་ངར་ཅན་རབ་འབྱིན་བསྐྱེད། །མཆེར་པའི་དབུས་སུ་བཏབ་ནས་ཀྱང་། །མཆེར་ནད་ལྐུགས་ནད་སྨྱོ་འབོག་ཐོང་། །མེ་ཁ་ཁ་རུ་ཙེ་བག་ཤ་རུ་ཏྲ་རག་མེ་མུ་རུ་མུ་རུ་ཕཊ་ཛ། ཧཱུཾ། གསང་བའི་སྲོག་བདག་ཉི་ཟླ་ཡང་། །ཕུར་པའི་ལྷ་རུ་དབང་བསྐུར་ནས། །རྐང་པའི་མཐིལ་དུ་གདབ་པར་བྱ། །ཞ་གྲུམ་སྒུར་ནད་འཐེང་གྲུམ་གཏོང་། །འབའ་ལུ་བ་ག་ཏེ་རག་ཤ་ཁ་ཁྲག་རྔུབས་རྔུབས། ཕུར་སྔགས་བཏབ་ནས་ཐུན་སྔགས་བྲབ། །ཨཱོཾ་མཱ་མ་མཱ་ར་ཡ་ཐུན་བྷྱོ། མ་ར་ར་ཙ་ཐུན་བྷྱོ་བྷྱོ་མ་ཧཱ་བ་བ་མ་ཧཱ་དེ་བ་མ་ཧཱ་རུ་ཏྲ་བྷྱོ་བྷྱོ།ཐུན་གྱིས་བརྒྱབ་སྟེ་བརླག་པར་འགྱུར། །ལིངྒ་གཏུབས་ལ་གཏོར་མར་སྩལ། །རི་གསུམ་རྩེ་ལ་ཡས་སྟགས་བསྐྱལ། །རྒྱལ་པོ་བསྲུང་བའི་སྔགས་ནི། ཨོཾ་ཁ་དུ་ཤེ་ཤ་ཤ་པྲ་ལམ་མ་རུ་ཏྲ། ཁྲ་ཁ་ཁྲ་ཁ། སྲོག་བདག་འཁོར་དང་བཅས་ལས་ནོར་སྒྲུབ་པའི་སྔགས་ལ།


DNG015_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཛ་མ་བེ་ལེ་ཤེ་བ་ལ་གོ་མེས་སྲུཾ་སྲུཾ་ཏྲུཾ་ཏྲུཾ་སྭཱ་ཧཱ། རྒྱལ་པོ་འཁོར་དང་བཅས་པས་བྱེས་སུ་གར་འགྲོ་ཡང་དགྲ་བགེགས་མི་འབྱུང་བ་ནི། ཨོཾ་ནས་ནེ་ནས་ནེ་ཧཾ་ཤི་ཀ་ར་ཀ་ར་མ་ར་མ་ར་རུ་ལུ་རུ་ལུ་ཕཊ་ཕཊ་བྷོ་བྷོ། རྒྱལ་པོས་གལ་ཏེ་བདག་གམ་གཞན་ལ་འཚེ་བར་གྱུར་ན། དེ་བཟློག་པའི་སྔགས་ལ། པུ་མ་ཧཱ་རཱ་ཛ་བ་ཤན་ཞིལ་ཞིལ་ཤཱ་ན་ཏིང་སྭཱ་ཧཱ། མ་ཧཱ་རཱ་ཛཱ་ཤན་ཏིང་སྭཱ་ཧཱ། རྒྱལ་པོ་འཁོར་དང་བཅས་པས་རིགས་རྒྱུད་འཕྲོག་པ་དང་། རབས་བཅད་པའི་སྔགས་ལ།ཨོཾ་མ་ཧཱ་ཀ་ལ་གངས་དྲེ་མོ་བདུད་རྣམས་རྔམ་རྔམ་སྭཱ་ཧཱ། རྒྱལ་པོས་ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་དང་ཐོབ་ཤོར་གཏོང་བའི་སྔགས་ལ། ཨོཾ་མ་ཡ་རཾ། ཡཾ་བེར་སྲོག་རྩལ་ཁ་ས་ཁ་ས་མེ་རུ་མེ་རུ་སྭཱ་ཧཱ། རྒྱལ་པོས་སེར་བ་འབེབས་པའི་སྔགས་ལ།ཨོཾ་ཕྲ་ཏ་ཕྲེ་ཤ་ཐོར་བྷྱོ། ནལ་ཆེམ་ཆེམ་བྷྱོ། ཧཱུར་ཙལ་བྷྱོ། ཁ་ཤར་རྟ་བེ་ཤར་ཤར། ནལ་ཆེམ་ཆེམ་བྷྱོ། རྒྱལ་པོས་ལྟས་ངན་འབེབས་པའི་སྔགས་ལ། ཨོཾ་ཤར་གིང་རམ་ཤག །རྒྱུག་རྒྱུག །རམ་རྒྱུག །སྲོག་ལ་རྒྱུག །ཤ་ཤ་དགྲ་བོའི་སྙིང་ལ་ཤ །འབྲུ་ཏིལ་རམ་ཁྱེར་སོད་སྲོག །རྒྱལ་པོས་ཡ་ཆ་སྟབ་བསྣོལ་གཏོང་བའི་སྔགས་ལ། ཨོཾ་མ་ཧཱ་བྲག་ཤིང་ཁ་མེ་རུ་ཁལ་ཨ་ཙི་མ་ཤ་དགྲ་བོ་ཕྲོལ་ཕྲོལ་ཤིག་བྷྱོ། ཞེས་སྔགས་ཀྱི་དོན་བསྟན་ལས་རྣམས་འགྲུབ། །གང་ལ་བྱ་ཡང་ཐོགས་པ་མེད། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། རྒྱལ་པོ་གསང་བར་བསྒྲུབ་པའི་སྨྱོ་འབོག་གི་སྐབས་ཏེ་ང་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོས། འགལ་བ་ཆམ་ལ་དབབ་སླད་དུ། །གནོད་སྦྱིན་གདུག་པའི་ཟླ་གསང་གསུངས་པ། དད་པ་གསུམ་ལྡན་རྣལ་འབྱོར་པས། །དམ་ཚིག་རང་གི་སྲོག་བཞིན་བསྲུང་། །བླ་མ་མཉེས་པའི་རིམ་གྲོ་བྱ། །དུར་ཁྲོད་ནགས་ཚལ་དགོན་པར་འགྲོ། །ཕྱི་བཤགས་འབུམ་ལ་སོགས་པ་འདོན། །བསོད་ནམས་ཚོགས་ཀྱི་ཡན་ལག་བསག །མ་ཉེས་དཔང་གཟུག་གླུད་གཏོར་གཏང་། །གནོད་སྦྱིན་འདི་ཉིད་བསྒྲུབ་པར་བྱ། །ལྕང་ལོ་ཅན་གྱི་ཕོ་བྲང་ན། །ལས་གྲུབ་རིགས་ཀྱི་ཞིང་ཁམས་ནས། །གནོད་སྦྱིན་བྱེ་བ་ས་


DNG015_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་གནས། །དེ་དག་ནང་ནས་དྲེགས་པའི་སྐུ། །མཐུ་སྟོབས་ལྡན་པའི་གང་བཟང་བསྒྲུབ། །དཀྱིལ་འཁོར་དབུས་ཀྱི་ཁྲི་བརྩེགས་ལ། །སྟེང་དུ་གནོད་སྦྱིན་སྐུ་གཟུགས་བཞག །ཙནྡན་རིགས་ལས་འབུར་དུ་བརྐོས། །ཆུ་ཞེང་གབ་པ་གེལ་གེལ་པོ། །སྐུ་མདོག་སྔོན་པོ་གཟི་ལྡན་པ། །དབུ་སྐྲ་ལྕང་ལོ་རིན་ཆེན་བརྒྱན། །ཨུཏྤལ་སྔོན་པོའི་ཕྲེང་བས་མཛེས། །གཡས་ན་ཤིང་ཏོག་དམར་པོ་བསྣམས། །གཡོན་ན་མི་ལྤགས་རྒྱལ་མཚན་བསྣམས། །གཟས་པའི་གཟུགས་བྱས་སྙིང་གར་གཞུག །དེ་ཡི་དབུས་སུ་དོང་གྲུ་གསུམ། །རྩེ་མོ་བྱང་དུ་བལྟས་པ་ལ། །ནང་དུ་ཁྲག་དང་སོལ་བས་བྱུག །ཏིལ་གྱི་ཕྱེ་ལ་དགྲ་ཡི་གཟུགས། །མི་ཁྲག་བླ་དྭགས་བྲིས་ལ་གཞུག །ཞབས་མས་དྲིལ་ལ་ཚོན་སྐུད་བཅིངས། །གྲུ་གསུམ་བྲུས་པའི་ནང་དུ་གཞུག །མཐའ་མ་རྩང་གིས་བསྐོར་ཏེ་གཞག །གཟུགས་ཀྱི་སྐེ་ནས་སྔོ་དམར་གདགས། །སྣེ་གཅིག་སྐུ་ཡི་ཞབས་ལ་གདགས། །སྔགས་པའི་མདུན་དུ་དམ་རྫས་དགྲམ། །ལ་ཕུག་རུས་ཕྱེ་སྐེ་ཚེ་ལ། །དེ་བཞིན་གཏོར་མ་བྱས་ཏེ་གཞག །ཉུང་ནག་ལན་ཚྭ་དུག་ཏུ་སྦྱར། །གཟུགས་ལ་བྲབ་ཅིང་ངན་སྔགས་བཟླས། །མ་ཉེས་དཔང་གཟུག་འོ་དོད་འབོད། །དེ་བཞིན་རིམ་པས་ལས་རྣམས་བྱ། །དུར་ཁྲོད་རས་ལ་འཁོར་ལོ་ནི། །དུག་ཁྲག་སྦྱར་བས་བྲི་བར་བྱ། །རིམ་པ་བཞིན་དུ་དྲག་སྔགས་དགོད། །སྤྱན་དྲང་བཞུགས་མཆོད་བསྟོད་པ་བྱ། །ཕྲིན་ལས་བཅོལ་ཞིང་གནད་ནས་བསྐུལ། །ལྷ་དང་ཕྲལ་ཞིང་རྫས་ཀྱིས་བདུག །དྲག་སྔགས་བཟླས་ཤིང་འཁོར་ལོ་གཞུག །བསད་པ་ལས་ཀྱི་སྦྱོར་ལ་འཇུག །མནན་བསྲེག་འཕང་བ་གསུམ་ལ་གཏད། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། སྲོག་གཅོད་སྤུ་གྲི་གནོད་སྦྱིན་གྱི་ཟླ་གསང་ལས། གང་བ་བཟང་པོ་ཕྱི་ལྟར་བསྒྲུབ་པའི་སྐབས་ཏེ་ང་གཉིས་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོས་གང་བ་བཟང་པོ་ནང་དུ་བསྒྲུབ་པ་འདི་གསུངས་སོ། །དཀྱིལ་འཁོར་མཐིང་ནག་གྲུ་གསུམ་ལ། །ཟླ་གམ་གསུམ་གྱིས་བསྐོར་བ་བྲི། །དམར་སྨུག་མེ་རི་ར་བས་བསྐོར། །དབུས་སུ་


DNG015_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

གཤེད་པོ་ཡབ་ཡུམ་སྟེ། །མདུན་དུ་གང་བ་བཟང་པོ་དགོད། །མཚན་ལྡན་ཐོད་པ་དུམ་གསུམ་དུ། །ལ་ཕུག་རུས་པའི་ཕྱེ་མ་དང་། །སྙིང་སྣ་ཁྲག་སྣ་སྦྱར་ལ་གཞག །དབུས་ཀྱི་གྲུ་གསུམ་མཐུར་དུ་བསྐོར། །ནང་དུ་རབས་ཆད་ཐོད་པ་གཞུག །ཉུང་ནག་ཉུང་དཀར་ལན་ཚྭ་དང་། །དུག་དང་སྨེ་ཁྲག་སྦྱར་བས་དགང་། །དམིགས་པའི་མིང་རུས་ཇི་བཞིན་བྱས། །ཐོད་པའི་ནང་དུ་གཞུག་པར་བྱ། །དུར་ཁྲོད་གྲོང་ཁྱེར་བཅོམ་ནས་ཀྱང་། །མཚན་མའི་རས་བླངས་སྐྱང་ནུལ་བྱ། །ལྡོང་རོས་ཆུ་རྩ་སེར་པོས་བྱུང་། །དུག་ཁྲག་སྦྱར་ནས་འཁོར་ལོ་བྲི། །དེ་བཞིན་ཡི་གེ་དགོད་བྱས་ལ། །ཐུན་གྱི་ཐོད་པ་ཁ་ཡང་བཅད། །དེ་ནས་རིམ་པས་ལས་རྣམས་བྱ། །ཧཱུཾ། གསང་བ་ཐུགས་ཀྱི་དཀྱིལ་འཁོར་འདིར། །གྲུབ་པའི་གནོད་སྦྱིན་ཆེན་པོ་སྤྱན་འདྲེན་ན། །བྱེ་བ་ས་ཡའི་འཁོར་དང་རབ་ཆས་ཏེ། །སངས་རྒྱས་བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ། །ཨེ་ཧྱེ་ཧི་རཀྴ་བ་སྣ་བ་པི་ས་མ་ཡ་ཧོ་ཧ། གསེར་ལྟར་རབ་ཏུ་བསྟན་པའི་རི་ངོས་ལ། །རྨ་བྱ་རབ་གནས་གསེར་དུ་སྣང་བ་ལྟར། །བདག་གིས་ཁྱོད་བསྒྲུབ་ཁྱོད་ཀྱི་རང་བཞིན་འགྲུབ། །གྲུབ་པའི་དབང་པོ་ཁྱོད་ལ་ཕྱག་འཚལ་ལོ། །བརྟན་པར་བཞུགས་ཤིག་གནོད་སྦྱིན་མཆོག །རིན་ཆེན་གཅལ་བཀྲམ་ས་གཞི་ལ། །བཻ་ཌཱུརྱ་དང་མན་ཤེལ་དང་། །ཁྲི་ཆེན་དཔངས་ལ་བརྟན་པར་བཞུགས། །ས་མ་ཡ་ཏིཥྛ་ལྷན་སྟྭམ། གསེར་དང་བཅས་པའི་སྐྱེམས་ཕུད་མ་ཉམས་པ། །དུང་ཆེན་སྣོད་དུ་སྦྱར་ནས་མཆོད་པར་འབུལ། །དར་གྱི་ལྷབ་ལྷུབ་གླུ་གར་རོལ་མོ་བཅས། །བསམ་པ་དག་པས་སྦྱར་ནས་མཆོད་པར་དབུལ། །དྲིལ་བུ་སྒྲ་སྙན་སྤོས་དང་དྲི། །མར་མེ་བཤོས་དང་གཏོར་མ་ཁྲག །མོས་པས་འབུལ་ལོ་བཞེས་སུ་གསོལ། །ཨོཾ་ར་ར་སོ་པ་བའུ་པཱུ་ཙཀྲ་མ་པཱུ་ཙ་ཧོ་ཧ།དེ་ནས་གསང་སྔགས་རབ་བཟླས་ལ། །ཨོཾ་བ་ཧཱུ་རི་རྟ་ཛ། མ་གྷ་ལ་བག་ཤ་ཛ།ར་ཏྲ་མ་རུ་རུ་ཛ། སྙིང་ལ་ཤར་ཤར་རུ་ཛ། སྲོག་ལ་དྲེང་དྲེང་ཐུཾ་ཛ། གནོད་སྦྱིན་སྐུ་དང་འོད་དང་སྒྲ། །ས་གཡོས་ཐོག་དང་ཆར་ཆེན་འོང་། །གོང་གི་རྫས་ཀྱིས་རབ་ཏུ་བརྡེག །ཐུགས་དམ་བསྐུལ་ཏེ་ཕྲིན་ལས་བཅོལ། །དུས་དྲུག་སྔགས་འདི་གཟུགས་ལ་བརྡེག །ཨོཾ་


DNG015_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

ཛ་ལཾ་མ་ཧཱ་ཛ་ལཾ། རཀྴ་རཀྴ། སྡི་བུ་སྟུ་ད་དེ་པ་ལཾ་བག་ཤ་སྭཱ་ཧཱ། འདི་ནི་སྔགས་ཀྱི་རྒྱལ་པོ་སྟེ། །ཐམས་ཅད་གྲུབ་པའི་སྔགས་ཞེས་བརྗོད། །འཁོར་ལོ་བཅས་ཀྱི་དམ་རྫས་དེ། །བྱང་བལྟས་ཆུ་མིག་དོགས་སྦས་ན། །ཁྲག་སྐྱུགས་འཆི་བར་ཐེ་ཚོམ་མེད། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། སྲོག་གཅོད་སྤུ་གྲི་གནོད་སྦྱིན་གྱི་ཟླ་གསང་གང་བ་བཟང་པོ་ནང་དུ་བསྒྲུབ་པའི་སྐབས་ཏེ་ང་གསུམ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོས་གང་བ་བཟང་པོ་གསང་བར་བསྒྲུབ་པ་འདི་གསུངས་སོ། །དམ་ཚིག་དབང་སྒོ་ཐུབ་པའི་བུས། །བླ་མ་མཉེས་ཕྱིར་ཡིད་འཐད་དབུལ། །མི་དོན་མ་ཡིན་རང་དོན་དུ། །བསྒྲུབ་པ་གོང་བཞིན་ཚུལ་བཤམས་ཏེ། །དེ་རྟིང་མན་ངག་འདི་བཞིན་བྱ། །ཨ་ཀ་རུ་དང་དུ་རུ་ཀ །ལུག་མིག་ཀཪྴ་པ་ན་ལེ། །སྔགས་ནི་འདི་དག་རབ་ཏུ་བརྗོད། །ཨོཾ་ཛྭ་ལ་མ་ཧཱ་ཛྭ་ལ། ཡག་ཤ་བག་ཤ་སོ་བུ་སྡུད་དེ་པ་ལམ། བག་ཤ་སྭཱ་ཧཱ། འདི་ནི་སྔགས་ཀྱི་རྒྱལ་པོ་སྟེ། །སྔོན་དུ་བསྙེན་པ་སུམ་འབུམ་བྱ། །ལུས་བསྲུང་སྦྱོར་བ་འདི་བཞིན་བྱ། །དཔུང་པ་དག་ལ་བཏགས་གྱུར་ན། །ནད་རྣམས་ཐམས་ཅད་བྱང་བར་འགྱུར། །དེ་ནས་གསད་པའི་སྦྱོར་བ་ནི། །ཀར་ནི་ཀ་དང་བལ་བུ་དང་། །འུ་སུ་རྡོ་དྲེག་ཤ་ཀ་ར། །ངང་པའི་སྒྲོ་ལ་བསྐུས་ནས་ཀྱང་། །གཟུགས་ལ་དུས་དྲུག་མཆོད་བྱས་ཏེ། །ཕྱག་བྱས་བཟླས་པ་བྱས་གྱུར་ན། །ལོངས་སྤྱོད་དཔག་མེད་ཐོབ་པར་འགྱུར། །ཁྲག་དང་ཉུང་རྒོད་རྟ་མཆིན་དང་། །བ་ལང་དག་ལ་བཟླས་བྱིན་ན། །རྟ་བོང་ལ་སོགས་མིག་ཟླུམ་རྣམས། །འཆི་འམ་ཡང་ན་སྨྱོ་བར་འགྱུར། །ཙིཏྟ་རུས་པ་གྱོ་མོག་གསུམ། །སྔགས་འདི་བཟླས་ནས་བྱིན་གྱུར་ན། །ཨོཾ་བྷ་ཧཱུ་རི་རི་ཛ། མ་གྷ་ལ་བག་ཤ་ཛ། ར་ཏ་མ་རུ་རུ་ཛ། སྙིང་ལ་ཤར་ཤར་རུ་ཛ། སྲོག་ལ་དྲེང་དྲེང་ཐུཾ་ཛ། གླང་ཆེན་བ་ལང་བྱིན་གྱུར་ན། །གླང་ཆེན་བ་གླང་འཆི་བར་འགྱུར། །བསེ་དང་ཀ་ཀ་རུ་ལ་ཡང་། །སྔགས་རེ་བཟླས་ཏེ་བྱིན་གྱུར་ན། །ལུག་ལ་བྱིན་ན་འཆི་བར་འགྱུར། །བྷི་ལི་ཀ་དང་ཨ་མར་དང་། །རུ་རམ་བུ་རམ་ཡང་སྦྱར་ཏེ་རི་ལུ་བྱ། །ཟླ་བ་གཟས་ཟིན་དུས་སུ་བྱ། །ལིངྒ་བྱས་ཏེ་བསྡུམས་བྱས་ནས། །ཆུ་མིག་ནང་དུ་ཐོད་པར་གནན། །མཛེ་དང་ཤུ་བས་འཛིན་པར་འགྱུར། །


DNG015_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

བསེ་ཞོ་བཙན་དུག་སྦྱར་ནས་ཀྱང་། །གསང་སྔགས་གོང་མ་བཟླས་བྱས་ནས། །ཤ་ལ་རེག་པའི་གོས་ལ་བསྐུ། །ལྷོག་པ་དཀར་པོས་འཆི་བར་ངེས། །ཡང་ན་སྐྲངས་ནས་འཆི་བར་འགྱུར། །ཡང་ན་ཞ་གྲུམ་འགྲོ་མ་ནུས། །དང་པོར་ཁས་བླངས་བཞིན་དུ་བྱ། །ཐག་པ་སྤྱང་ཀིའི་མཆེ་བ་དང་། །ཝ་ཡི་རིལ་མ་སྤྱང་རྟུག་པར། །ཉི་མ་གུང་ངམ་ནམ་ཕྱེད་ན། །སུམ་འབུམ་བཟླས་ཏེ་དོན་པོ་ཡི། །མཁར་ལ་རྒྱབ་ན་འཇིག་ཅིང་འགས། །དེ་ནས་ཐོག་ཆེན་འབེབས་འདོད་ན། །སྲིན་རྡོ་གདུང་ཆེན་ཤ་རི་རམ། །དེ་རྣམས་ཐོད་པ་དུམ་གསུམ་དུ། །ཡུགས་སའི་ཁྲག་ལ་སྦྱར་ལ་སྩལ། །གོང་གི་སྔགས་བཟླས་ལྷ་རྟེན་སྦ། །གདོན་མི་ཟ་བར་ཐོག་འབེབས་འགྱུར། །འཇམ་དཔལ་ཟླ་གསང་ནག་པོའི་རྒྱུད་ལས། སྲོག་གཅོད་སྤུ་གྲི་གནོད་སྦྱིན་གྱི་ཟླ་གསང་ལས་གང་བ་བཟང་པོ་གསང་བ་ལྟར་བསྒྲུབ་པའི་སྐབས་ཏེ་ང་བཞི་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོས། འགལ་བ་ཆམ་ལ་དབབ་སླད་དུ། །གདུག་པ་ཀླུ་ཡི་ཟླ་གསང་གསུངས། །ནུབ་ཕྱོགས་ཕོ་བྲང་རྒྱ་མཚོའི་ཆུ། །ངོ་མཚར་ཆུ་བོ་བཞི་འབབས་པ། །རབ་ཏུ་མི་སྲུན་ཀླུ་ཡི་གནས། །དེ་ཉིད་དྲེགས་པ་འདུལ་བའི་ཕྱིར། །བཅོམ་ལྡན་གཤིན་རྗེ་གཤེད་པོ་ཡིས། །ལག་ན་རྡོ་རྗེར་སྐུ་སྤྲུལ་ཏེ། །ལག་ན་རྡོ་རྗེ་ཐུགས་ཁྲོས་ཏེ། །གསེར་མིག་འབར་བའི་ང་རྒྱལ་གྱིས། །གདུག་པའི་ཀླུ་རྣམས་དྲེད་འགྱུར་ཏེ། །རབ་ཏུ་མི་སྲུན་ཀླུ་རྣམས་ཀྱིས། །རབ་ཏུ་འཛེར་ཏེ་འདི་སྐད་སྨྲས། །ཀྱེ་མའོ་རྡོ་རྗེ་གཟུགས་མཛེས་པ། །རབ་ཏུ་རྔམས་པའི་རྡོ་རྗེའི་སོ། །ལྕགས་མཆུ་འབར་བ་རབ་ཏུ་བརྗིད། །གསེར་མིག་འབར་བ་རབ་ཏུ་བགྲད། །མགོ་ལ་ཡིད་བཞིན་ནོར་བུས་བརྒྱན། །ཤེས་རབ་ཐབས་ལྡན་གཤོག་པ་བརྐྱང་། །ཐབས་ལྡན་སྡེར་མོ་རྣམ་པར་གདེངས། །ཀྱེ་མའོ་སྐུ་སྟོད་མཆོག་གི་གཡང་གཞིས་བརྒྱན། །སྐུ་སྨད་སྦྲུལ་གྱི་ཆུན་པོས་བརྒྱན། །ཐོད་པ་ཚར་གསུམ་སེ་རལ་ཁ། །རྩལ་འཕགས་ཁྱད་པར་དེ་བཞིན་མཐོང་། །བདག་ཅག་རྣམས་ཀྱི་དམ་ཚིག་ལྷ། །དྲག་པོའི་ཆ་བྱད་ཟླ་ལས་རྒྱལ། །དྲག་པོ་ཆེན་པོ་བཀའ་བཞིན་བགྱིད། །ཞེས་འཛེར་ཞིང་འཐོན་ནས་དམ་ཚིག་སྨྲས་ཏེ་སྐུ་ལ་འཁྲིལ་


DNG015_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

ལོ། །ནཱ་དུ་ཏྲ་ས་ན་དྷྲི་པ་ལ་དུ་བ་ནི་གར་སི་ཏི་སྭཱ་ཧཱ། དེ་ནས་གསེར་མིག་འབར་བ་ཡིས། །ང་རྒྱལ་ཆེན་པོ་བསྟན་ཏེ། དབང་དུ་བསྡུ་ཕྱིར་དམ་ཚིག་ཕྱག་རྒྱ་བསྟན། །དང་པོ་གཉིས་ནི་ནང་དུ་བསྣོལ། །ཟླ་རྣམས་རབ་ཏུ་རྐྱོང་པ་སྟེ། །ཁྲོས་པའི་ང་རྒྱལ་འདི་བརྗོད་དོ། །ཏ་ཀི་ཛ་དེ་བྱི་ཛཿདེ་ཧཱུ་ཡ་ཧཱུ་ཡ། ཧུ་ལུ་ཧུ་ལུ་པུ་རུ་ཏེ་པུ་རུ་སྭཱ་ཧཱ། ཞེས་བརྗོད་ནས་ཆེ་བ་རྒྱུན་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་རིགས་བཞིའི་ཀླུ་རྣམས་ལ། །རབ་ཏུ་ཆེ་བ་བསྟན་པའི་ཕྱིར། །ཉིད་ཀྱི་གཞལ་ཡས་ཁང་ཆེན་པོ། །རབ་ཏུ་བརྗིད་པ་འདི་ཉིད་དུ། བྱོལ་སོང་རིགས་བཞི་དང་ཐབས་ཅིག་ཏུ་འདུག་པའི་གནས་འདི་ལྟ་སྟེ། རྒྱ་མཚོ་ཆེན་པོའི་དབུས་གནས་འབར། །རི་རབ་མཆོད་རྟེན་གཟུགས་འདྲ་ལ། །བུམ་པ་ཡིད་བཞིན་ལྕང་ལོས་བརྒྱན། །སྦྲུལ་གཉིས་དར་འཕྱང་ལྟ་བུས་མཛེས། །རིགས་བཞིའི་རྒྱན་གྱིས་རབ་ཏུ་བཀླུབས། །སྒོ་བཞི་ཀ་བརྒྱད་རབ་ཏུ་ལྡན། །དེ་འོག་སུམ་གཉིས་རབ་ཏུ་མཛེས། །བྱོལ་སོང་ལོངས་སྤྱོད་རབ་ཏུ་ལྡན། །དེ་ཉིད་བུམ་པའི་ཁོང་སེང་ན། །གསེར་མིག་འབར་བ་དང་ཐབས་ཅིག་ཏུ་བཞུགས་པ་འདི་ལྟ་སྟེ། གཟི་བརྗིད་མཐའ་ཡས་དུང་སྐྱོང་དང་། །གང་པོ་ནོར་ལྡན་ལ་སོགས་དང་། །དགའ་བོ་འཇོག་པོ་མ་དྲོས་དང་། །རིགས་བཞིའི་གཙོ་བོ་ཀླུ་བརྒྱད་དེ། །སྐུ་ལ་འཁྲིལ་ཏེ་རབ་ཏུ་གནས། །གྱད་ནོར་མེད་ལ་སོགས་པའི་རྒྱན། །དར་དཔྱང་མ་དང་པདྨའི་རྒྱན། །གཟི་བརྗིད་མ་དང་དུང་ཅན་མ། །ཀླུ་མོ་རིགས་བཞི་ལ་སོགས་པ་དང་ཐབས་ཅིག་ཏུ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོས་གཉེན་པོ་སྒྲུབ་པ་འདི་གསུངས་སོ། །དགོན་པ་དུར་ཁྲོད་མཚོ་གླིང་ངམ། །ཆུ་མིག་ནགས་ན་གནས་པའི་བར། །དཀྱིལ་འཁོར་ཆ་མཉམ་ཡིད་འོང་ལ། །དྲི་སྤོས་སྨན་གྱིས་ཆག་ཆག་གདབ། །འཁོར་ལོ་རྩིབས་བཞི་མུ་ཁྱུད་ལྡན། །སྒོ་བཞི་རིགས་དང་ལྡན་པ་བྲི། །དབུས་སུ་ལག་ན་རྡོ་རྗེ་སྟེ། །འཁོར་ལོ་བཞི་ལ་བྱ་ཁྱུང་བཞི། །གྲུ་ཆད་མཆོད་པའི་བུམ་པ་


DNG015_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

བཞི། །སྨན་ལྔ་སྤོས་ལྔ་རིན་ཆེན་ལྔ། །འབྲུ་ལྔ་མེ་ཏོག་ལྔ་ལ་སོགས། །བཅུ་གཉིས་ལྔ་ཉིད་བྱིན་གྱིས་བརླབ། །སྒོ་ལ་མཆོད་པའི་གཏོར་མ་བཞི། །བྷ་མ་ཧ་སྡི་བཅས་པ་ཡི། །སོར་མོ་ལྔ་ཡི་ཚངས་པའི་རྗེས། །མཁའ་ལྡིང་མཆོད་པའི་རྫས་སུ་གཞག །དེ་ནས་ཏིང་འཛིན་རིམ་པ་ནི། །དང་པོ་སྟོང་པའི་བྱང་ཆུབ་སེམས། །གཉིས་པ་སྙིང་རྗེ་འབྱུང་བ་དང་། །གསུམ་པ་རྒྱུ་ཡི་རྣམ་པ་ལས། །བཾ་གྱི་ས་བོན་ལས་བྱུང་བའི། །རྒྱ་མཚོ་ཆེན་པོའི་དབུས་སུ་ནི། །ལཾ་ལས་རི་རབ་རིན་ཆེན་བསྐྱེད། །དེ་སྟེང་བྷྲཱུཾ་ལས་ག་རུ་ཌ། །རྡོ་རྗེ་གཤོག་པའི་བྱིན་རླབས་ལས། །བྱ་ཁྱུང་རྒྱལ་པོ་བཞི་བྱུང་བས། །དཀར་དང་དམར་དང་སེར་དང་ལྗང་། །འཁོར་ལོ་རྩིབས་བཞིའི་སྟེང་དུ་བསྒོམ། །ཤར་ཕྱོགས་འཁོར་ལོའི་རྩིབས་སྟེང་དུ། །ཡེ་ཤེས་མཁའ་ལྡིང་སྟོབས་པོ་ཆེ། །སྐུ་མདོག་དཀར་མཛེས་འོད་འབར་ལ། །དབུ་གསུམ་རྡོ་རྗེའི་མཆུ་ཁྲ་ལ། །རིང་ལ་དམར་ཞིང་སྤྱན་ཡང་དམར། །ཞལ་གདངས་རལ་པ་སྤྲུགས་པའི་ཚུལ། །ཡེ་ཤེས་གཤོག་གདེངས་སྐུ་ཡང་ཤིན་ཏུ་གཡོ། །སྐུ་དང་ཡན་ལག་རིན་ཆེན་བཻ་ཌཱུར་བརྒྱན། །ཕྱག་དྲུག་གཡས་ཀྱི་དང་པོ་འཁོར་ལོ་ཕྱར། །བར་པ་ལྕགས་ཀྱུ་ཐ་མ་ཐལ་མོ་སྦྱར། །གཡོན་གྱི་དང་པོས་རིན་ཆེན་ཟུར་བརྒྱད་བསྣམས། །བར་པ་ཞགས་པ་ཐ་མ་ཐལ་མོ་སྦྱར། །ནུབ་ཕྱོགས་འཁོར་ལོའི་རྩིབས་སྟེངས་སུ། །ཡེ་ཤེས་མཁའ་ལྡིང་རྒྱལ་པོ་གཟི་བརྗིད་འོད་པོ་ཆེ། །དབུ་གསུམ་མདོག་དམར་རལ་པ་ལྕང་ལོར་འཁྱིལ། །ཞལ་གདངས་ཡེ་ཤེས་གཤོག་པ་ཆེན་པོ་གདེངས། །སྐུ་དང་ཡེ་ཤེས་ཡན་ལག་མེ་ཆེན་འབར། །ཕྱག་དྲུག་གཡས་ཀྱི་དང་པོ་རྡོ་རྗེ་རྩེ་ལྔ་པ། །བར་མ་ལྕགས་ཀྱུ་ཐ་མ་རིན་པོ་ཆེ། །གཡོན་གྱི་དང་པོ་རྡོ་རྗེ་པདྨ་འཕྱར། །བར་མ་ཞགས་པ་ཐ་མ་དབྱུག་ཏོ་བསྣམས། །ལྷོ་ཕྱོགས་འཁོར་ལོའི་རྩིབས་སྟེངས་སུ། །ཡེ་ཤེས་མཁའ་ལྡིང་རྒྱལ་པོ་མི་མགོ་ཅན། །དབུ་གསུམ་མདོག་སེར་རལ་པ་གྱེན་དུ་འཁྱིལ། །ཡན་ལག་རིན་ཆེན་སྐུ་ལས་མེ་ཆེན་འབར། །ཡེ་ཤེས་གཤོག་པ་རྒྱ་ཆེན་བརྐྱང་བསྐུམ་མཛད། །


DNG015_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་དྲུག་གཡས་ཀྱི་དང་པོ་རིན་ཆེན་འབར། །བར་མ་ལྕགས་ཀྱུ་ཐ་མ་དཔག་བསམ་ཤིང་། །གཡོན་གྱི་དང་པོ་ཡེ་ཤེས་རལ་གྲི་འཕྱར། །བར་མ་ཞགས་པ་ཐ་མ་གཤོག་ཚུལ་བརྐྱང་། །བྱང་ཕྱོགས་འཁོར་ལོའི་རྩིབས་སྟེང་དུ། །ཡེ་ཤེས་མཁའ་ལྡིང་རླུང་གི་ཤུགས། །དབུ་གསུམ་མདོག་ལྗང་རལ་པ་འཁྱིལ། །སྒྲ་སྐད་སྣ་ཚོགས་བཞད་ཅིང་སྨིན་མ་བསྐྱོད། །ཡན་ལག་རིན་ཆེན་བརྒྱན་པས་སྐུ་འབར་བ། །ཕྱག་དྲུག་གཡས་ཀྱི་དང་པོ་རལ་གྲི་ཕྱར། །བར་མ་ལྕགས་ཀྱུ་ཐ་མ་ཤིང་ཐོག་པཱི་ཛ་པཱུར། །གཡོན་གྱི་དང་པོ་འཁོར་ལོ་འབར་བ་བསྣམས། །བར་མ་ཞགས་པ་ཐ་མ་གཤོག་ཚུལ་བརྐྱང་། །དེ་རྣམས་རྩ་བའི་སྙིང་པོ་བྷྲཱུཾ་ལས་བསྐྱེད། །དེ་བཞིན་སྤྱན་དྲང་བཞུགས་གསོལ་ཕྱག་བྱ་དང་། །མཆོད་དང་བསྟོད་དང་བཟླས་པ་ཚུལ་བཞིན་བྱ། །བ་ལིཾ་ལ་སོགས་བྱེད་པ་དང་། །བྷ་མ་ཧ་སྡི་བཅིངས་པ་ཡིས། །སོར་མོ་ལྔ་ཡིས་བཅངས་པའི་རྗེས། །ཟན་ཆང་དཀར་གསུམ་འབྲུ་དང་སྨན་གྱིས་མཆོད། །ཨོཾ་རཱ་ཛ་མ་ཧཱ་ག་རུ་ཌ། ཧཱུཾ་བ་ལིཾ་པཱུ་ཙ་བ་ལིཾ་ཏ་ཁཱ་ཧི། ཞེས་དབུལ་བར་བྱའོ། །དེ་ནས་སྔགས་འདི་རྒྱུན་དུ་བཟླས། །ཨོད་ཀཾ་ཨོད་ཀཾ་ཁྱུང་ཀ་ར་ཁྱུང་ཀ་ར། ཤ་མ་ར་དབྱིག་དུ། ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་ཧཱུཾ་ཕཊ། སྔགས་དེ་རྩ་བ་རྒྱུན་དུ་དྲངས། །མཁའ་ལྡིང་གསོ་བའི་ལས་བྱེད་ན། །བདག་གམ་གཞན་ལ་གདུག་པས་འཇིགས། །ག་རུ་རྒྱལ་པོ་མཆོད་འདོད་པས། །གནས་སམ་ཁང་པའི་སྒོ་ངོས་ཏེ། །སྣུམ་པའི་སའམ་བག་ཟན་ལ། །ག་རུ་ཌ་ཡི་གཟུགས་བཅས་ཏེ། །བ་ལིཾ་ལ་སོགས་པཱུ་ཙ་དང་། །བྷ་མ་ཧ་སྡི་བཅིངས་པ་ཡི། །སོར་མོ་ལྔ་ཡི་པཱུ་ཙ་དེས། །ག་རུ་ཌ་ཉིད་ལ་ནི་དབུལ། །སྙིང་པོ་ལྔ་པོ་གང་ཡང་རུང་། །གཅིག་གིས་སྣ་དྲངས་བརྗོད་རྟིང་ལ། །ག་རུ་ཌ་གཉིས་བརྗོད་ནས་ཀྱང་། །དེ་རྟིང་པཱུ་ཛ་རབ་ཏུ་བརྗོད། །ཐོག་མར་ཨོཾ་དང་སྭཱ་ཧཱས་དབུལ། །འདི་ལྟར་གཞུང་བཞིན་བྱས་ནས་ནི། །ཀ་ལ་ཤ་ཏས་ཟིན་པ་ལ། །གྲོལ་བར་འགྱུར་བ་ཐེ་ཚོམ་མེད། །


DNG015_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་གཉེན་པོ་རིགས་བཞི་ལ། །མཉེས་པའི་བསྟོད་པ་འདི་ཡང་གསུངས། །ཧཱུཾ། རིག་སྔགས་བདག་པོ་མཐུ་སྟོབས་བདག་པོའི་སྐུ། །ཨེ་མའོ་ཕྱག་གི་མཐིལ་ན་རྡོ་རྗེ་འབར་འདྲ་བས། །ཞལ་ནས་གསུང་སྐད་བཏོན་པས་ཁམས་གསུམ་དབང་དུ་སྡུད། །སྟོང་གསུམ་དྲག་ཏུ་གཡོས་པས་ཀླུ་ཆེན་ཕོ་མོ་འདུལ། །མཁའ་ལྡིང་རྒྱལ་པོ་འཇིགས་བྱེད་ག་རུ་ཌ། །ལྕགས་ཀྱུ་འདབ་གཤོག་ཆེན་པོ་བརྒྱང་བས་ནི། །གསེར་གྱི་འོད་འཕྲོ་རླུང་སྒྲ་དྲག་པོ་ཡིས། །རྒྱ་མཚོ་ཆེན་པོར་ཀུན་ཏུ་བརྡབས་པ་ཡིས། །ཀླུ་རྒྱལ་འཁོར་དང་བཅས་པ་ཟིལ་གྱིས་གནོན། །འཇིགས་བྱེད་གསེར་གྱི་སྤྱན་རྣོན་ཆེན་པོས་ནི། །ཚངས་པ་ཆེན་པོའི་ཡུལ་ས་རྩེ་ནས་གནོན། །གལ་ཏེ་ཀླུ་རྣམས་དམ་ལས་འདས་གྱུར་ན། །རྒྱ་མཚོའི་སྙིང་པོ་རྒྱ་མཚོའི་ལྦུ་བ་ལ། །གཤོག་པ་ཆེན་པོ་རྒྱ་མཚོར་བྱས་ནས་ནི། །ཀླུ་རྣམས་ཐམས་ཅད་དབང་དུ་བསྡུས་ནས་ནི། །མེ་ཡི་སྙིང་པོ་འབར་བས་བསྲེག་བྱས་ཏེ། །ལུས་ནི་རུལ་མྱགས་དྲི་ནི་ང་བར་འགྱུར། །ནད་ཀྱི་རྣམ་གྲངས་མང་པོས་འདེབས་པ་དང་། །ལུས་ལ་ནད་ངན་ཤ་བཀྲ་འབྱུང་བར་འགྱུར། །ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུཾ་ཕཊ། ཧཱུཾ། ནམ་མཁའ་ལྡིང་གི་རྒྱལ་པོ་ཚངས་པའི་བྱ། །གསེར་འདབ་བྱ་ཁྱུང་ག་རུ་ཌ། །དྲང་སྲོང་འཁོར་གྱི་སྟོབས་པོ་ཆེ། །རིགས་གསུམ་མགོན་པོ་རྡོ་རྗེ་རྒྱལ། །མངའ་རིས་འཁོར་དུ་ཀླུ་ཡིས་བསྐོར། །རྡོ་རྗེ་རྣོན་པོ་སྤུ་གྲིའི་སོ་གཉིས་གཙིགས། །གསེར་གྱི་སྤྱན་གཉིས་ཁྲོ་གཉེར་ཅན། །ཐབས་ལྡན་རྡོ་རྗེའི་རྭ་གཉིས་བརྗིད། །ཡིད་བཞིན་ནོར་བུ་གཙུག་ན་འབར། །ལྕགས་ཀྱི་མཆུ་ཆེན་རྣོ་དབལ་གྱིས། །རབ་ཏུ་གདུག་པའི་ཀླུ་རྣམས་སྤྱི་ནས་འདྲེན། །རྡོ་རྗེའི་སྡེར་གཤོག་བརྐྱངས་པའི་རླུང་མོ་ཆེས། །ཀླུ་རྒྱལ་གདུག་པ་དབང་དུ་སྡུད་པར་མཛད། །ཅེས་བསྟོད་དེ་དབང་དུ་བསྡུའོ། །དཔལ་གཤིན་རྗེ་ཟླ་གསང་ནག་པོའི་རྒྱུད་ལས། གདུག་པ་ཀླུ་བསྒྲུབ་ཀྱི་ཟླ་གསང་གི་སྐབས་ཏེ་ང་ལྔ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོས་གདུག་པ་ཀླུ་བསྒྲུབ་འདི་ཡང་གསུངས།


DNG015_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ་འགྲམ་ཆུ་མིག་ཤིང་གཅིག་རྐང་། །ནགས་རྫོངས་མཐུག་པོ་དུར་ཁྲོད་དུ། །མཎྜལ་ཆ་མཉམ་ཡིད་འོང་ལ། །བ་ལས་བྱུང་བའི་རྣམ་པ་ལྔ། །ཕྱོགས་བཞི་དབུས་དང་ལྔ་ལ་བྱུག །དེ་ཉིད་བྱིན་གྱིས་བརླབ་པའི་ཕྱིར། །ཧཱུཾ་ས་མ་ཡ་ཨོཾ་གྱི་སྔགས། །བྱ་བ་བྱེད་པས་བྱིན་གྱིས་བརླབ། །བདག་ཉིད་ཆེན་པོར་རབ་བརྟགས་ཏེ། །ཐམས་ཅད་གྲུབ་པར་བྱ་བའི་ཕྱིར། །བདག་ཉིད་སྤྱི་བོར་ས་དམིགས་ཏེ། །བདག་པོ་བཞི་ཡིས་དབང་བསྐུར་རོ། །རྡོ་རྗེའི་སྦུ་གུར་མ་བསམས་ཏེ། །གཡུ་བྱེའུ་སྔོན་མོས་དབང་བསྐུར་རོ། །ཏྲི་དང་ཡ་བ་སམ་དྲེགས་པས་དབང་བསྐུར་བྱའོ། །སྙིང་གར་ཧཱུཾ་བསྐྱེད་བདག་དབང་བསྐུར། །ལྟེ་བར་ཨོཾ་ཡིག་གཉེན་པོར་རོ། །དེ་ནས་ཐིག་དང་རི་མོ་བྲི། །པདྨ་འདབ་བརྒྱད་མུ་ཁྱུད་ལྡན། །གྲུ་ཆད་སྒོ་རྣམས་དེ་བཞིན་བྲི། །ལྟེ་བ་མཐིང་ག་པདྨ་དཀར། །མུ་ཁྱུད་དམར་པོ་གྲུ་ཆད་ལྗང་། །སྒོ་རྣམས་སེར་པོ་སྒོ་འབུར་རིགས། །དེ་བཞིན་ཚོན་རྣམས་དགྱེ་བར་བྱ། །དབུས་སུ་གཉེན་པོ་དགོད་པར་བྱ། །པདྨ་བརྒྱད་ལ་ཀླུ་ཆེན་བརྒྱད། །རང་རང་རྩ་བའི་སྔགས་ཀྱང་བྲི། །རྩིབས་མཆན་དེ་མི་བྲི་བར་བྱ། །གྲུ་ཆད་བཞི་ལ་ཀླུ་མོ་བཞི། །ན་བ་ཕུ་ན་གྲུ་ཆད་ལ། །སྒོ་འབུར་ཧ་ས་ཏྲཾ་ག་རྣམས། །ཤར་ནས་བསྐོར་ཏེ་རིམ་པར་དགོད། །ཅེས་རྒྱུན་དུ་བཟླས་པའི་ཡི་གེ་དགུ་པོ་འདི་གསུངས་སོ། །ཧཱུཾ་ན་ག་རཱ་ཛ་ས་མ་ཡ་ཆེ་གེ་མོ་ཞིག་ཙིཏྟ་ཛྭ་ལ་ཞེས་བསྒྲུབ་པར་བྱའོ། །ཞག་དགུ་བར་དུ་ཁྲུས་བྱས་ཏེ། །ཟས་རྣམས་ལྔ་ནི་སྤང་བར་བྱ། །དེ་ནས་གྲུབ་པའི་རྟགས་རྣམས་ནི། །དངོས་སུ་ལོངས་སྤྱོད་ཚོགས་རྣམས་འབྱུང་། །བར་ནི་བས་ལྡག་ཐོར་བ་འབྱུང་། །དེ་ཉིད་མངོན་དུ་གྱུར་ཚེའོ། །རིག་པའི་ཤམ་དུ་གདགས་པར་བྱ། །སྨི་ཏི་གི་ཏི་ལས་ལ་གཟུང་། །ཅེས་དོན་ཐམས་ཅད་གྲུབ་པར་བྱ་བའི་ཕྱིར། དབང་བསྐུར་བར་བྱ་བ་འདི་གསུངས་སོ། །དར་དཀར་གཞི་མ་བཏིངས་ནས་ནི། །པདྨ་འདབ་བཞི་བྲི་བར་བྱ། །དཀར་པོ་ལ་སོགས་མུ་ཁྱུད་ལྡན། །དབུས་སུ་དམ་ཚིག་ས་ཧ་དགོད། །དེ་ནས་ཡིད་འོང་བུམ་པ་ལ། །བདུན་པ་དགུ་པའི་རི་མོ་བྲི། །དགེ་བསྙེན་གཉིས་པོར་རབ་ཏུ་དམིགས། །ཁ་དོག་ཚང་བའི་རས་ཀྱིས་བཅིངས། །རྨ་བྱ་འོམ་བུ་བྲ་མ་དང་། །དྲག་པོའི་རྫས་ལ་བདུག་པར་བྱ། །རས་ལ་སོགས་པའི་གཟུངས་ཐག་གདགས། །སྡེར་གཤོག་ཕྱག་རྒྱ་སྙིང་གར་བསྟན། །སྨན་ལྔ་སྤོས་ལྔ་རིན་ཆེན་ལྔ། །འབྲུ་ལྔ་མེ་ཏོག་ལྔ་ལ་སོགས། །བཅུ་གཉིས་ལྔ་ཉིད་བྱིན་གྱིས་བརླབ། །


DNG015_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱོཾ་ཨཱཿཧཱུཾ་ནཱ་ག་ཡུ་ཡུ། ནཱ་ག་ཡུ་རུ་ཛྭ་ལ་ནི། ནཱ་ག་ས་མ་ཡ་སྭཱ་ཧཱ། དམིགས་པའི་ཡན་ལག་གསུམ་པའི་རྒྱུ། །ཡི་གེ་རྩ་གཅིག་སྤྲུལ་པར་བཤད། །ཧཱུཾ་སྐྱེས་བདག་པོ་གཉིས་ནས་སྤྲུལ། །ཡན་ལག་ཡི་གེ་རྩ་གཅིག་ལས། །འོད་ཟེར་སྣ་ཚོགས་བདུད་རྩིར་སྤྲུལ། །ཡི་གེ་དམིགས་པའི་གནས་ལྔ་རུ། །བདུད་རྩི་བུམ་པ་བརྟན་པར་བྱ། །མཁའ་ལྡིང་རྒྱལ་པོ་དེ་ཉིད་བསམ། །དེ་ཉིད་གཙང་མའི་རས་ཀྱིས་དཀྲིས། །གུར་གུམ་སྨན་ནམ་ཆུས་བསྲེས་བཀྲུ། །དེ་བཞིན་མ་སྨིན་ཟས་རྣམས་བཟའ། །ཞེས་པའི་སྐད་ཅེས་གསུངས་སོ། །ཀྱེ་མའོ་རྡོ་རྗེ་འཛིན་པའི་བདག །བདག་གི་དམ་ཚིག་མངོན་དགའ་བས། །དམ་ཚིག་དཀྱིལ་འཁོར་འདིར་འཇུག་ན། །ཁྱོད་ཀྱི་དམ་ཚིག་གཙོ་ལགས་ཀྱི། །ལོངས་སྤྱོད་ཀླུ་ཡི་ཕོ་བྲང་ནས། །རིགས་པའི་རྒྱལ་པོས་དབང་བསྐུར་ཅིག །ཅེས་གསོལ་ཏོ། །ཉོན་ཅིག་སྐལ་ལྡན་རིགས་ཀྱི་བུ། །ལོངས་སྤྱོད་ཀླུ་ཡི་རིགས་ཀྱིས་འགྲུབ། །ཕོ་བྲང་ཡིད་འོང་མངོན་དགའ་ནས། །རབ་ཏུ་གདུག་པའི་ཀླུ་རྣམས་ལ། །ཡིད་བཞིན་རིན་ཆེན་རབ་གནས་པས། །དེ་རིང་ཁྱོད་ཀྱིས་བཅང་བར་གྱིས། །ཞེས་དབང་བསྐུར་བྱའོ། །དེ་ནས་ཡང་བར་ཆད་བསལ་བའི་ཕྱིར། །རྨ་བྱས་བརྡེག་ཅིང་གུ་གུལ་བདུག །ཅེས་གསུངས་སོ། །སྙིང་པོ་རིགས་བཞི་དབུ་རྒྱན་དང་། །དར་གྱི་ཅོད་པན་མེ་ཏོག་ཕྲེང་། །ལོངས་སྤྱོད་ཚོགས་ཀྱི་ཞལ་ཟས་དང་། །རྟེན་གྱི་བུམ་པས་དབང་བསྐུར་བྱའོ། །དེ་ནས་དམ་ཚིག་རྟེན་འདྲེལ་གྱི་སྙིང་པོ་འདི་སྦྱིན་པར་བྱའོ། །རིགས་ལྡན་ཐོགས་མེད་རྒྱུག་པ་ཡི། །སྔགས་ལྡན་སྔགས་ཀྱི་བདག་པོ་ཁྱོད། །དེ་རིང་དམ་ཚིག་འདི་ཟུང་ལ། །ཡིད་བཞིན་རིན་ཆེན་གཏེར་བཞིན་ཆོངས། །ནམ་མཁའི་དངོས་པོ་མི་གནས་ལ། །སྣ་ཚོགས་འོད་ཀྱི་གཞའ་འབྱུང་ཞིང་། །སྣང་མེད་སྤྲུལ་པའི་ངོ་བོ་ལས། །རྣམ་ཤེས་ལྡན་པའི་ཐོགས་མེད་ནི། །རྣམ་ཤེས་སྐུ་ཡི་ངོ་བོ་ལས། །ཡི་གེ་ཕྲེང་བ་ཉིད་དུ་བཀོད། །ནཱ་ག་ལི་ལི་ཏྲི་ཡ་པ་ཏྲི་སྣི་ར། ཟོར་ཏྲི། ཏྲི་ཡ་ཀུ་རུ་པ་ཏྲི་ཡཾ། ཧེ་ཧེ་ཧཱུཾ་ཧཱུཾ་བྷྱོ་ཛ། ཞེས་རྟེན་འདྲེལ་གྱི་སྙིང་པོས་ཡོངས་སུ་རྫོགས་པར་བྱའོ། །དེ་བསྒྲུབ་བར་དུ་ཀླུ་ལས་གང་མི་བྱ། །དེ་ཡི་སྦྱོར་བ་ཡོངས་སུ་རྫོགས་པ་དང་། །ཀླུ་ཡི་སྦྱོར་བ་ཚང་བར་བསག་པར་བྱ། །འདི་ནི་དང་པོར་སྔོན་དུ་རབ་ཏུ་གཅེས། །དེ་ནས་ཀླུ་ཡི་སྦྱོར་བ་འདི་གསུངས་སོ། །ནཱ་ག་གནས་ཤིང་གར་ན་གནས་པའི་ས། །དེ་ཡི་དྲུང་ནས་འཇམ་པའི་ས་བླངས་ལ། །ས་མཉེན་སྤྱིན་པོ་དག་དང་མཉམ་བསྲེས་ལ། །ཀླུ་ཡི་རཱ་ཛ་དེ་ཡི་གཟུགས་བྱས་ལ། །ལུས་བཅུ་


DNG015_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

མགོ་གཅིག་སྦྲུལ་མགོ་བདུན་གྱིས་བརྒྱན། །གཡས་ན་རིན་ཆེན་འབར་བའི་བུམ་པ་ཐོགས། །ཁ་དོག་མཐིང་ག་ལུས་ཀྱིས་ཆུ་སྲིན་མནན། །ཕོ་ཡི་ཡི་གེ་འདི་ནི་འདི་ཡི་རྒྱུ་ཡིན་ཏེ། །ནཱ་ག་རཱ་ཛ་སུ་ཀི་ནི་སྟྭམ་ཞེས་དེ་བཞིན་བསྐྱེད་ལ། ནཱ་ག་རཱ་ཛ་བ་སུ་གི་ནི་ཛ་ཛ། ཞེས་བཀུག་ལ། དེ་ལྟར་གསལ་ནས་ཉི་ཤུ་པ་ཉིད་རྟག་པར་བཟླས། །ཇི་ལྟར་ནུས་བཞིན་དུ་མང་བཟླས་ཏེ། དེ་ལྟར་བཟླས་ཚེ་གཟུགས་དེ་ག་བུར་གཞུག །གཞན་གྱིས་མི་མཐོང་རང་གི་སྤྱོད་ཡུལ་ཉིད། །རྟགས་དང་མཚན་མ་རང་རང་གཟུགས་སུ་འབྱུང་། །བཟླས་པས་སྐྱོ་ན་མཆོད་པ་དབུལ་བར་བྱ། །ནཱ་ག་རཱ་ཛའི་གཟུགས་ལ་ཐིམ་པར་བསམ། །དེ་ནས་གཏད་པའི་ལས་བྱེད་འདོད་ན། །བདག་ཉིད་མཐུ་སྟོབས་བདག་པོར་བསམ་བྱས་ལ། །ཐུགས་ཀར་མཁའ་ལྡིང་རཱ་ཛ་གསལ་བྱས་ཏེ། །ཆུ་གཏོར་མངར་དང་ལྡན་པ་སྦྱིན་བྱས་ལ། །སེང་ལྡེང་ཕུར་པ་བདག་འདྲ་བསམ། །དེ་ཡི་གསང་སྔགས་ཉིད་ཀྱི་བྱིན་གྱིས་བརླབ། །བདག་གིས་དེ་ཉིད་དྲིལ་ཞིང་ནཱ་གར་བསྡིག །ཀ་ལ་རཱུ་པ་ཙག་ཚག་དམ་དམ། བརྒྱའམ་སྟོང་དུ་བཟླས་པ་བྱས་ནས་ནི། །གསང་སྔགས་འདི་ཡིས་གཏད་པར་བྱ་བར་གསུངས། །ཨཱོཾ་ནཱ་ག་རཱ་ཛ་ཛཿཧཱུཾ་བཾ་ཧོཿ། ཆེ་གེ་མོ་ཨཱ་ཀཪྴ་ཡ་ཨཱ་ཀཪྴ་ཡ་ཧཱུཾ། ཙིན་ཡང་ཙིན་ཡང་། ལེན་ཡང་ལེན་ཡང་། ནཱ་ག་ཆིངས་ནཱ་ག་ཆིངས། ནཱ་ག་སྡོམ་ནཱ་ག་སྡོམ། དེ་སྐད་ཅེས་ནི་ལན་གཉིས་བརྗོད། །མི་འདི་བདུན་རྒྱུད་རྩ་བ་ཆོད། །ཅེས་བསྒོ། འདི་སྐད་ཅེས་གནད་ལ་བོར། གདུག་པ་ཀླུ་ཡིས་དགྲ་འདི་མ་བསད་ན། །ཕྱག་ན་རྡོ་རྗེ་རང་གི་མགོ་འགེམས་སོ། །ཁོང་ནས་སྙིང་ཁྲག་འཛག་པར་བྱེད། །དེ་སྐད་ཅེས་བརྗོད་གནད་ལ་བོར། །དེ་ནས་གནན་པའི་སྔགས་འདི་གསུངས། །མཛེ་ཐོད་དམ་ཕ་མེས་ཀྱི་ཐོད་པ་རུ། །མིང་དང་རུས་བཅུག་སྔོ་དམར་སྐུད་པས་བཅིངས། །བུད་མེད་ཞབས་མས་གཏུམས་ལ་ཁྱིམ་གྱི་གཏིང་དུ་སྦ། །ནུབ་སྒོར་ཁ་བལྟས་ཁྱིམ་གྱི་བདག་པོ་ལ། །བ་དམར་གླང་དམར་འབྲི་ཡི་རྭ་ཅོའི་ནང་། །མིང་རུས་འཆི་རྐྱེན་གང་འདོད་བྲིས་པ་དེ། །ལྟོ་ཕྱེ་སྦལ་ལྕོང་ལྟོ་རུ་བཅུག་ནས་ནི། །ཧཱུཾ་གིས་མཐའ་སྐོར་བ་ནི་ཚིག་མི་བྱ། །ཀུན་ལ་གང་འདོད་འཆི་རྐྱེན་བྲིས་ཏེ་སྦ། །ཨོཾ་ལཾ་སུཾ་ལཾ་བྲ་ཏི་སྣ་ནན་ཏི་སྟེ་ཏི་སྟ། ཨོཾ་ཆེ་གེ་མོ་ཡཾ་ནན། སྟམ་བ་ནན། མཱ་ར་ནཾ། ཨོཾ་ནཾ་ནཾ་ཏི་ཁས་བྱེའུ་ཆར་ཁས།ནན་ཏི་ཁས། པྲ་ནན། པྲ་ཁས། ནཱ་ག་པུ་ཀ །ནཱ་ག་པུ་ཀ ནཱ་ག་ལཾ་ནཱ་ག་ལཾ་སྭཱ་ཧཱ། བདག་ལ་མི་ཚུགས་


DNG015_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་ཕྱིར་གང་མི་སྨོས། །གནོན་པའི་རྐང་པ་རྡོ་རྗེ་རྒྱ་གྲམ་བསམ། །ས་བརྐོ་རང་གི་གྲིབ་མ་རབ་ཏུ་སྤང་། །མ་ཉེས་དཔང་གཟུག་ལྷ་སྲིན་དབང་དུ་བསྡུ། །དེ་ལྟར་བྱས་ན་ལས་རྣམས་ངེས་པར་འགྲུབ། །དཔལ་གཤིན་རྗེ་ཟླ་གསང་ནག་པོའི་རྒྱུད་ལས། གདུག་པ་ཀླུ་ནང་ལྟར་བསྒྲུབ་པའི་སྐབས་ཏེ་ང་དྲུག་པའོ།། །།དེ་ནས་ཀླུའི་དྲག་སྔགས་དགོད་པའི་སྔགས་འདི་གསུངས། ནཱ་ག་རཱ་ཛ་བ་སུ་ཀི་ནི་སྟམ། ནཱ་ག་རཱ་ཛ་བ་སུ་ཀི་ནི་ཛ་ཛ། ནཱ་ག་ནི་ནཱ་ག་ནི་ཛ་ཛ་ཛ། ཡུ་ཡུ་ཡུ་དམ་པ་ནི། དུམ་པ་ནི་ཡུ། ནཱ་ག་རཱ་ཛ་བ་སུ་ཀི་ཨ་མྲྀ་ཏ་སརྦ་ས་མ་ཡ། ནཱ་ག་རཱ་ཛ་བི་ཙོ་ཀ་ལི། ནཱ་ག་རཱ་ཛ་རཏྣ་ནཱ་ག་ཡུ། ནཱ་ག་པུ་ཀ་ཧཱུཾ་ཛ་ཧཱུཾ་ཛ། ཨོཾ་ཆེ་གེ་མོ་ཛ་ཛ་ཛ། ཆེ་གེ་མོ་ས་མ་ཡ་ཛ་ཛ། ཧཱུཾ་ནཱ་ག་ཧཱུཾ། ཨོཾ་ནཱ་ག་རཱ་ཛ་བ་སུ་ཀི་ཛ་ཛ། ཨ་ཨ་དད་ནན། ཨོཾ་ནཱ་ག་རཱ་ཛ་ཛཿཧཱུཾ་བཾ་ཧོཿ། ཆེ་གེ་མོ་ཨཱ་ཀཪྴ་ཡ་ཨཱ་ཀཪྵ་ཡ་ཧཱུཾ་ཙིན་ཡང་ཙིན་ཡང་། ལེན་ཡང་ལེན་ཡང་། ནཱ་ག་ཆིངས་ནཱ་ག་ཆིངས། ནཱ་ག་སྡོམས། ནཱ་ག་སྡོམས། ནཱ་ག་པུ་ཀ །ནཱ་ག་པུ་ཀ །ཧཱུཾ་ཛ་ཧཱུཾ་ཛ། ཆེ་གེ་མོ་མཱ་ར་ཡ་ཛ་ཛ་ཧཱུཾ་ཕཊ། ནཱ་ག་རཱ་ཛ་བ་སུ་ཀི། ཛ་ཛ་དགྲ་བོ་མཱ་ར་ཡ་ཛ་ཛ་ཧཱུཾ་ཕཊ།ཨོཾ་ལ་པུ་ཡཾ་པྲ་ཏི་སྟ་ནན། སྡི་ཏ་སྡི་ཏ། ཨོཾ་ཆེ་གེ་མོ་ཡཾ་ནན། སྟམ་བྷ་ནན།མཱ་ར་ཡ་ནན། ཨོཾ་ནཾ་ནཾ། ཏི་ཁས། བྱེའུ་ཆར་ཁས། ནན་ཏི་ཁས། བྲ་ནན། པྲ་ཁས། ནཱ་ག་པུ་ཀ །ནཱ་ག་པུ་ཀ །ནཱ་ག་ལཾ། ནཱ་ག་ལཾ་སྭཱ་ཧཱ། ནཱ་ག་རཱ་ཛ་ནན། ནཱ་ག་ཀུ་མ་ར་བྷྱོ་ནན། ནཱ་ག་ཀུ་མ་ར་བྷྱོ། དེ་བཞིན་སྔགས་རྣམས་རྫོགས་གྱུར་ན། མཛེ་ནད་ཛྭ་ལ་མཱ་ར་ཡའོ། །འཇམ་དཔལ་ཟླ་གསང་ནག་པོའི་རྒྱུད་ལས། མཛེ་ནད་ཛྭ་ལ་ཀླུའི་ཟླ་གསང་གི་སྐབས་ཏེ་ང་བདུན་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོས་འདི་སྐད་ཅེས་གསུངས་སོ། །རྒྱུད་ཀྱི་རྒྱལ་པོ་ཟླ་གསང་ནག་པོ་འདི། དུས་ཕྱི་མའི་རྣལ་འབྱོར་པ་གང་ཞིག་བསྒྲུབ་པའི་ལས་བྱེད་ན་ཡང་དམ་ཚིག་ལས་མི་འདའ་ལ་འཁོར་ཁྲོ་བོ་དང་ཁྲོ་མོ་དང་། གིང་དང་བདུད་མ་མོ་ལ་སོགས་པས་ཀྱང་ངའི་དམ་ཚིག་འདི་རྗེས་སུ་བསྒྲུབ་པར་མཛད་པས་དུས་ཐ་མ་ལ་གསང་སྔགས་ཆོས་འདི་རྣལ་འབྱོར་པའི་སྐུ་ལ་བསྡོ་བ་རྣམས་ལ། དམ་ཚིག་གི་དབང་གིས་གྲོགས་བྱ་བར་ཞལ་གྱིས་བཞེས་སོ། །དེ་ནས་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོ་དང་། གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་དང་། རྒྱུད་ཀྱི་རྒྱལ་པོ་ཟླ་གསང་ནག་པོ་དང་བཅས་པ་འདི་བསྟན་པ་ཐམས་ཅད་བསྲུང་བའི་མེ་ལོང་ཡིན་པར་རིག་ནས། ཕྱོགས་
སྐྱོང་གཤིན་རྗེ་ཡབ་ཡུམ་དང་། བདུད་དང་། བཙན་དང་། གིང་དང་། ལྷ་དང་། ཀླུ་དང་། སྨན་དང་། གཟའ་དང་། གནོད་སྦྱིན་དང་། མ་མོ་ལ་སོགས་པ་འདུས་པ་ཕལ་མོ་ཆེ་རྣམས་ཀྱིས་ཤིན་ཏུ་ངམ་ཞིང་ངོ་མཚར་སྐྱེས་ནས་བསྟོད་པ། ཨེ་མའོ་ཉེས་བཅོམ་ལེགས་ལྡན་མཚན་བཞི་མཐའ་ལས་འདས། །བདུད་དང་གཤིན་རྗེ་ལ་སོགས་ཀུན་གྱི་གཤེད། །རཱུ་ཏྲ་གདུག་པའི་ཚོགས་རྣམས་འཇོམས་མཛད་པ། །ཐུགས་རྗེས་སྒྲོལ་མཛད་ཁྱེད་ལ་ཕྱག་འཚལ་བསྟོད། །ཤེས་རབ་ཆེན་པོ་ནམ་མཁའི་ཉི་མར་གསལ། །བྱང་ཆུབ་སེམས་ཀྱི་འོད་ཟེར་དབྱིངས་སུ་འཆར། །དཔའ་བརྟུལ་མྱུར་བའི་ཤུགས་ཀྱིས་དྲེགས་པ་སྒྲོལ། །བདུད་འདུལ་དཔའ་བོ་ཁྱོད་ལ་ཕྱག་འཚལ་བསྟོད། །རིན་ཆེན་གཏེར་ལྟར་འདོད་པ་ཀུན་སྐོང་ཞིང་། །བདེ་གཤེགས་ལུང་དང་གཏན་ཚིགས་ཀུན་གྱི་མཛོད། །འཇིགས་བྱེད་རྒྱལ་པོ་ཟླ་གསང་ནག་པོའི་རྒྱུད། །དྲེགས་པ་ཚར་གཅོད་རྒྱུད་ལ་བདག་ཅག་འདུད། །ཅེས་བསྟོད་ནས་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ངང་ལ་བསྡུས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རྒྱུད་འཇམ་དཔལ་ཟླ་གསང་ནག་པོའི་རྒྱུད་ལས། འཁོར་གྱིས་བསྟོད་པའི་སྐབས་ཏེ་ལྔ་བཅུ་ང་བརྒྱད་པའོ།། །།འཇམ་དཔལ་ཟླ་གསང་ནག་པོའི་རྒྱུད་རྫོགས་སོ།། །།སློབ་དཔོན་བ་སུ་དྷ་ར་དང་། གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱིས་བསྒྱུར་བའོ།། །།

དཔལ་ཟླ་གསང་ནག་པོ་རྩ་བའི་རྒྱུད།


DNG015_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། གུ་ཧྱ་ཙནྡྲ་ཤྲཱི་ཀཱ་ལ་ཨ་པྲ་ཧ་རི་ཀཱ་ལ་ཏནྟྲ།བོད་སྐད་དུ། དཔལ་ཟླ་གསང་ནག་པོ་རྩ་བའི་རྒྱུད། བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེའི་གཤེད་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེའི་གཤེད་པོ་ལྷ་མཆོག་ཡ་མཱནྟཀ །ལྷོ་ཕྱོགས་གཤིན་རྗེའི་གནས། དུར་ཁྲོད་ཆེན་པོ་གཏུམ་དྲག་ཚལ་ཞེས་བྱ་བ་ན། རྒྱ་ཁྱོན་དཔག་ཏུ་མེད་པ།


DNG015_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

རྨང་གསེར་དུ་སྣང་བ་ལོགས་གཡུ་རུ་སྣང་བ། རྩེ་མོ་གནམ་ལྕགས་དུར་མོ་སྣང་བ། འཁོར་ལོས་གཏམས་པའི་པད་བཏགས་པ། འཁོར་ལོ་དང་གནམ་ལྕགས་ཀྱི་འོད་ཕྱོགས་བཞིར་འཕྲོ་བ། འོད་ཟེར་རབ་ཏུ་འཁྲིགས་པ་ཡེ་ཤེས་དང་། ལས་ཀྱི་མེ་ཆེན་པོ་རབ་ཏུ་འབར་བས།མཆོག་ཆེན་དང་རྐང་ཆེན་དང་འཕྲོག་མོའི་དྲ་བ་བཏང་བ། བམ་ཆེན་པོའི་ཀ་བ་ལ་ཆུ་སྲིན་གྱི་ཀ་ཞུ་ཅན། འཁོར་ལོ་འབར་བའི་ཀ་གདན་ཅན། ཐོད་པ་བརྩེགས་པའི་ལོགས་གློ་འབུར་ཕྱུང་བ། ཞིང་ཆེན་པོའི་བླ་རེ་དང་། ཆུ་སྲིན་གྱི་རྒྱལ་མཚན་དང་འཕན་གདུགས་དང་། དཔལ་དར་ཕྱོགས་བཞིར་བཀྲམ་པ།ཙིཏྟ་མང་པོ་སྤྲིན་ལྟར་གཏིབས་པ། རྩེ་ནས་ཞག་འཛག་པ། རྩ་བ་ནས་ཁྲག་ཁོལ་བ། ལོགས་ནས་ཁྲག་གི་ཞམ་ཆུ་འབབ་པ། བསྐལ་པའི་མེ་རི་སྣ་ཚོགས་པས་བརྒྱན་པ། ཀེང་རུས་ཀྱི་དུར་ཁྲོད་དང་། གནམ་ལྕགས་ཀྱི་ཁང་བཟང་དང་། འཁོར་ལོའི་གཞལ་ཡས་དང་། རོ་མྱགས་ཀྱི་དུར་ཁྲོད་ལ་སོགས་པ།དུར་ཁྲོད་ཀྱི་གནས་སྟོང་ཡོད་པ། ཉི་མ་མེ་ཤེལ་དང་ཟླ་བ་ཆུ་ཤེལ་དང་། སྐར་མ་ཕྲ་མེན་གྱི་མདངས་ཡོད་པ། གཟའ་སྐར་མང་པོས་བརྒྱན་པ། མཚོན་ཆེན་གྱི་རླབས་དང་། རླུང་ནག་གི་གྲིབ་སོ་དང་། ཀེང་རུས་ཀྱི་རི་རབ་དང་། མེ་རིའི་རླབས་ཡོད་པ། མཐའ་ལྕགས་རི་ནག་པོས་བསྐོར་བ། དེ་ལྟ་བུའི་གནས་དེ་ན།དུར་ཁྲོད་ཀྱི་རོ་བམས་པ་མང་པོ་བརྩེགས་པ་ལ། མི་གཙང་བས་ཡོངས་སུ་གང་བ། མནན་པ། རོ་རུལ་བ་དང་། ཕྱེད་རུལ་བ་དང་། བམས་པ་དང་། རྣམ་པར་རུལ་བ་དང་། རྣམ་པར་དམར་བ་དང་། རྣམ་པར་བམས་པ་དང་། རོ་རེངས་པ་དང་། རྣམ་པར་རེངས་པ་དང་། ཀེང་རུས་ཕྱད་པ་དང་། རུས་པ་བྲུལ་བ་དང་། ཁྲུམ་པ་དང་། རྣམ་པར་ཁྲུམ་པ་དང་། ལངས་པ་དང་།གནང་དང་། ཐུབ་པ་དང་། འགྱེལ་བ་དང་། དུར་ཁྲོད་ཀྱི་རོ་ལ་འདྲད་པ་དང་། གཤོག་པ་དང་། གཏུབ་ཅིང་འཚོད་པ་དང་། རོ་ལ་ལོངས་སྤྱོད་པ་དང་། དུར་ཁྲོད་ཀྱི་རྩས་ཡོངས་སུ་མནན་


DNG015_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། ཁྲག་དང་རྣག་དང་། ཆུ་སེར་འཛག་པ་དང་། མི་གཙང་བ་འཛག་པ་དང་། དེ་ལྟ་བུའི་གནས་དེ་ན།སྟག་དང་གཟིག་དང་། དོམ་དང་དྲེད་དང་། བྱ་རོག་དང་། ཀང་ཀ་མཆུ་རིངས་དང་། བྱན་ལག་གཤོག་རྡེབས་སྤྱང་ཀི་རྫི་རྣོན་དང་། ཅེ་སྤྱང་རོ་རྔམས་ཁྲ་དང་འུག་པ་དང་། ལིན་དུ་ཁ་དང་། སྲིན་བུ་ཀ་ཀ་རུ་དང་། དེ་དག་ལ་སོགས་པ་ཤ་ཟ་ཁྲག་འཐུང་བ་དང་། རུས་པ་འཆའ་བ་དང་། ལྡག་ཉོག་བྱེད་པ་དང་། བལྟ་དང་རྒོད་དང་ངུ་དང་སྨྲེ་སྔགས་འདོན་པ་དང་། ཁུ་ཆོ་འཆང་དང་འདེད་དང་རྒོལ་བ་དང་། དྲག་པོ་རྐང་རྡེབ་ལྟས་ངན་སྐད་སྒྲོག་པ་དང་།གཟུགས་མི་སྡུག་དང་འཛུམ་པའི་མདངས་འདོན་དང་། འཁོར་ལོའི་བྲོ་བརྡུང་ལྕགས་ཀྱི་མདའ་འཕེན་པ་དང་། སྦྱུགས་པའི་གླུ་ལེན་མི་རྐང་དུང་འབུད་དང་།དར་གྱི་གཡབ་འདོར་རང་རང་ལ་ཁྲོ་དང་། ཤ་ཟ་ཁྲག་འཐུང་དྲག་པོ་རྐན་རྡེབས་དང་། བརྡའ་དང་གར་བསྒྱུར་རྡོ་རྗེ་ཐོག་འཕེན་དང་། གཏི་མུག་མང་པོའི་དུར་ཁྲོད་རི་ལྟར་སྤུངས་པ་དང་། འདོད་ཆགས་རཀྟའི་རྦ་ཀློང་འཁྱིལ་པ་དང་།ཞེ་སྡང་རུས་པའི་དུར་ཁྲོད་མཁར་དུ་བརྩིགས་པ་དང་། རབ་ཏུ་འཇིགས་ཤིང་སྐྱི་གཡའ་བའི་གནས་དེ་ན། མ་ཧེ་དང་། གླང་པོ་ཆེ་དང་། གཤིན་རྗེ་འབུམ་མནན་པའི་ཁྲི་ལ་ཉི་ཟླའི་དཀྱིལ་འཁོར་བརྩེགས་པའི་སྟེང་ན། འཇམ་དཔལ་ལྷ་མཆོག་ཡ་མཱནྟ་ཀ་ཉིད། ཡུམ་དང་གཉིས་མེད་བརྐྱང་བསྐུམ་ཚུལ་དུ་བཞུགས་སོ། །གཞན་ཡང་ཁྱད་པར་འཁོར་དུ་བསྟན་པ་གཞོན་ནུ་བདེ་མཆོག་དང་། གཞོན་ནུ་བདེ་བའི་སྙིང་པོ་དང་། གཞོན་ནུ་མང་རྩེ་དང་། གཞོན་ནུ་བདེ་བའི་འབྱུང་གནས་ལ་སོགས་པ་དང་། ཕྱོགས་བཅུ་དུས་གསུམ་བདེ་གཤེགས་འཁོར་དང་བཅས། །ཕྱོགས་སྐྱོང་གཤིན་རྗེ་ཡབ་ཡུམ་འཁོར་རྣམས་དང་། །འཇིག་རྟེན་རླག་བྱེད་གཤིན་རྗེ་གཤེད་བཞི་དང་། །གཞན་ཡང་ལང་ཀ་ཕྱོགས་སྐྱོང་མཐུ་ཆེན་རྣམས། །སྲིད་གསུམ་མུན་པར་གཏོང་བའི་བདུད་ཕོ་བདུད་མོ་དང་། །འཇིག་རྟེན་མེས་བསྲེག་བཙན་ཕོ་བཙན་མོ་དང་། །སྨྱོ་འབོག་གཏོང་བར་བྱེད་


DNG015_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གིང་གི་འཁོར་ཚོགས་དང་། །དྲག་པོ་གནམ་ལྕགས་འབེབས་པ་ལྷ་དང་སྨན་གྱི་འཁོར། །ཆུ་འཁྱགས་ཁྲག་ཏུ་འབེབས་པ་གཟའ་འཁོར་དང་། །སྲོག་བདག་སྤུ་གྲི་ཐོགས་པའི་གནོད་སྦྱིན་འཁོར་ཚོགས་དང་། །མཛེ་ནད་ཛྭ་ལ་གདུག་པ་ཀླུ་ཡི་འཁོར་ཚོགས་དང་། །ཡམས་དང་ནད་གཏོང་མ་མོའི་འཁོར་ཚོགས་དང་། །ལོ་ཀ་རླག་པར་བྱེད་པ་རོ་ལངས་ཕོ་མོའི་འཁོར་ཚོགས་དང་། །གཞན་ཡང་དྲི་ཟའི་རྒྱལ་པོ་ཁ་ཐུན་རཀྴ་ལ་སོགས་དྲི་ཟ་འཁོར་སྡེ་དང་། །བཤན་པ་ནག་པོ་ལ་སོགས་གཤིན་རྗེའི་འཁོར་སྡེ་དང་། །ནཱ་ག་རཱ་ཛ་ལ་སོགས་ཀླུའི་འཁོར་སྡེ་དང་། །ཡཀྴ་མགོ་དགུ་ལ་སོགས་གནོད་སྦྱིན་འཁོར་སྡེ་དང་། །སྟོང་གསུམ་ཀུན་ཉུལ་སྲིད་པ་ཁྲམ་འདེབས་ལ་སོགས་མ་མོའི་འཁོར་སྡེ་དང་། །ཧ་ནུ་པ་ཤ་ལ་སོགས་བདུད་ཀྱི་འཁོར་སྡེ་དང་། །ཤུ་བ་སྲོག་ལེན་ལ་སོགས་བཙན་གྱི་འཁོར་སྡེ་དང་། །དཀར་པོ་སྙིང་འབྱིན་ལ་སོགས་སྲོག་བདག་འཁོར་སྡེ་དང་། །གཞན་ཡང་ལྷ་སྲིན་སྡེ་བརྒྱད་རང་རང་འཁོར་མང་ཡང་། །ནད་གཏོང་ཁྲམ་འདེབས་བསམ་གྱིས་མི་ཁྱབ་དང་། །གཞན་ཡང་འདོད་པའི་བུ་མོའི་ཚོགས་རྣམས་དང་། །རྒྱལ་མོ་དང་ནི་ཡང་རྒྱལ་མོ། །བློན་མོ་དང་ནི་ཡང་བློན་མོ། །བྲན་མོ་དང་ནི་གཡོག་མོའི་ཚོགས། །དེ་དག་ལ་སོགས་འཁོར་ན་ཡང་། །འདུ་བ་རྣམ་བཞིའི་ནད་བདག་མོ། །བཞི་བརྒྱ་རྩ་བཞིའི་ནད་གཏོང་ཚོགས། །བསམ་གྱིས་མི་ཁྱབ་ཐབས་ཅིག་བཞུགས། །བེ་ཏཱ་ལི་དང་རལ་གཅིག་གཉིས། །གཡས་ནས་འཁྲིལ་ཏེ་གཉིས་མེད་བཞུགས། །གཡོན་ནས་མདུན་གྱིས་བལྟས་ཏེ་བཞུགས། །གཞན་ཡང་གཤིན་རྗེའི་འཁོར་ཚོགས་འདི་ལྟ་སྟེ། །འཁོར་བར་བྱེད་པའི་ཡ་མ་རཱ་ཛ་དང་། །ཡིད་འཁྲུག་བྱེད་པའི་མྱོས་བྱེད་འབར་བ་དང་། །ཁྲག་སྐྱུག་བྱེད་པའི་འཆི་བདག་མ་རུ་ཙེ། །ཐམས་ཅད་འཇོམས་བྱེད་རལ་པ་ཚར་དགུ་དང་། །ཀོང་ཙེ་བྲག་གྱོན་ཨ་བ་གླང་མགོ་དང་། །ཡ་བ་ཏི་དང་མིག་དམར་དང་། །རྨིག་པ་ལྷ་མཆོག་ཏེལ་པ་དང་། །ཆོས་ཀྱི་རྒྱལ་པོ་ནག་འཇོམས་དང་། །ཕྱ་སངས་དང་ནི་དམར་པོ་དང་། །ཐོད་


DNG015_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

དབྱུག་ལ་སོགས་བཀའ་ཉན་རྣམས། །བཅུ་དང་བཅུ་གཉིས་འཁོར་གྱིས་བསྐོར། །ཨེ་ཀ་ཙ་ཏི་པེ་ཏཱ་ལི། །རོ་ལངས་ནག་མོ་མགོ་འཕྱང་དང་། །མི་སྲིན་ནག་མོ་མགོ་འཕྱང་དང་། །བདུད་མོ་ནག་མོ་རེ་མ་ཏི། །བྲག་སྲིན་ནག་མོ་མགོ་འཕྱང་དང་། །ས་བདག་ནག་མོ་མགོ་འཕྱང་དང་། །མི་བཟད་བདུད་མོ་མགོ་འཕྱང་དང་། །བཙན་མོ་ནག་མོ་མགོ་འཕྱང་དང་། །བྱི་ལོང་ནག་མོ་མགོ་འཕྱང་དང་། །བདུད་མོ་ནག་མོ་རེ་མ་ཏི། །ས་བདག་ནག་མོ་མགོ་འཕྱང་དང་། །ས་སྲིན་ནག་མོ་མགོ་འཕྱང་དང་། །ཀླུ་སྲིན་ནག་མོ་མགོ་འཕྱང་དང་། །ལྷ་མོ་ནག་མོ་མགོ་འཕྱང་དང་། །དེ་ལྟར་ཡུམ་དང་ཐབས་ཅིག་གོ། །ཡབ་ཡུམ་འཁོར་ཡང་འདི་ལྟ་སྟེ། །ཡ་མཱ་རཱ་ཛའི་འཁོར་དག་ན། །བདུད་ཀྱི་རྒྱལ་པོ་དྲེགས་པ་གསུས་པོ་ཆེ། །གཤིན་རྗེ་དམར་པོའི་འཁོར་དག་ན། །སྲོག་བདུད་མཆེད་གསུམ་གནས་པ་ནི། །སྲོག་བདག་སྙིང་འབྱིན་བཙན་འགོང་དམར་པོ་དང་། །བདུད་ཀྱི་རྒྱལ་པོ་ལག་ཏུ་སྤྱན་གཅིག་དང་། །གཞན་ཡང་ཀོང་ཙེ་བྲག་གྱོན་འཁོར་དག་ན། །བདུད་ཀྱི་རྒྱལ་པོ་སྟག་ཐབས་གནས། །ཨ་བ་གླང་མགོའི་འཁོར་དག་ན། །བདུད་ཀྱི་རྒྱལ་པོ་ཨུ་བི་ར། །ལྕོགས་པོ་མགོ་དགུ་དག་གི་འཁོར་དག་ན། །བདུད་ཀྱི་རྒྱལ་པོ་གུར་བདུད་དང་། །བདུད་ཀྱི་རྒྱལ་པོ་འཛུམ་མེད་དང་། །ཡ་བ་ཏི་ཡི་འཁོར་དག་ན། །བདུད་ཀྱི་རྒྱལ་པོ་བེ་ལེན་ནག་པོ་དང་། །བདུད་ཀྱི་རྒྱལ་པོ་ནག་པོ་ལྕེ་རིང་དང་། །ཏེལ་པ་དག་གི་འཁོར་དག་ན། །བདུད་ཀྱི་རྒྱལ་པོ་གླིང་བཞི་ཕུང་བྱེད་དང་། །ཕྱ་སངས་དག་གི་འཁོར་དག་ན། །བདུད་ཀྱི་རྒྱལ་པོ་ཕྱ་བདུད་དཀར་པོ་དང་། །བདུད་ཀྱི་རྒྱལ་པོ་ཕྱ་བདུད་ལྗང་ནག་དང་། །བདུད་ཀྱི་རྒྱལ་པོ་ཕྱ་བདུད་ནག་པོ་དང་། །བདུད་ཀྱི་རྒྱལ་པོ་ཕྱ་བདུད་སྔོན་པོ་དང་། །བདུད་ཀྱི་རྒྱལ་པོ་ཕྱ་བདུད་ཕུང་བྱེད་འུག་པའི་མགོ་ཅན་དང་། །བདུད་ཁ་སྟོང་མེ་འབར་བ་དང་། བདུད་མི་ལག་སྤྲེའུའི་མགོ་ཅན་དང་། བདུད་རྔམ་ཆེན་དུང་གི་རྣ་ཆ་ཅན་དང་། རལ་པ་ཚར་དགུའི་འཁོར་དག་


DNG015_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

ན། བསེའི་སྐྱེས་བུ་གདུག་པ་ཅན་དང་། སྟག་མགོ་ཅན་གྱི་འཁོར་དག་ན། ཀླུ་བདུད་ནག་པོ་སྦྲུལ་གྱི་རྒྱུ་མ་ཅན་དང་། གྲི་ཐོགས་གིང་གི་ཕོ་ཉ་མོ་བཅུ་དང་། ཐབས་ཅིག་ཏུ་བཞུགས་སོ། །དེའི་ཚེ་འཁོར་སྡུད་པའི་གཙོ་བོ་དཔལ་ཕྱག་ན་རྡོ་རྗེ་ཡང་མདུན་གྱིས་བལྟས་ཏེ། བཀའ་ནོད་པའི་ཚུལ་དུ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེའི་གཤེད་པོ་ཉིད། འཇམ་དཔལ་ཐུགས་ཀྱི་གསང་རྒྱུད་རྩ་བ་ཆེན་པོ་འཆད་པར་བཞེས་པའི་ཕྱིར། ཐམས་ཅད་སྐྲག་བྱེད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཞུགས་པས་འཁོར་གྱི་དཀྱིལ་འཁོར་དེ་དག་དང་། གཞན་ཡང་འཇིག་རྟེན་ན་དབང་ཆེ་བ་དང་། མཐུ་སྟོབས་ཆེ་བའི་དབང་ཕྱུག་ཆེན་པོ་ལ་སོགས་པ། ལྷ་མ་སྲིན་གྲངས་མེད་པ་ཇི་སྙེད་པ་ཐམས་ཅད་འདར་ཞིང་ཞུམ་ནས་སྤ་བཀོང་ངོ་། །དེའི་ཁམས་གསུམ་དབང་དུ་བསྡུས། སྲིད་གསུམ་ཟིལ་གྱིས་མནན། སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན། མུན་ནག་གཏིབས་ཏེ། ཐུགས་ཡེ་ཤེས་ཀྱི་ཉི་ཟེར་གྱི་རྩེ་ལ། འཁོར་ལོའི་ཚོགས་དང་། གནམ་ལྕགས་ཀྱི་གཟེར་དང་། ལྕགས་ཀྱུ་དང་ཞགས་པའི་ཚོགས་དང་། ལྕགས་སྒྲོག་གི་ཚོགས་དང་། དྲིལ་བུའི་ཚོགས་བསམ་གྱིས་མི་ཁྱབ་པ་འཕྲོས་ཏེ། ཧཱུཾ་ཧཱུཾ་དང་།ཧ་ལ་ཧ་ལ་དང་། ཧུ་ལུ་ཧུ་ལུ་དང་། ཛཿཧཱུཾ་བཾ་ཧོཿ། ཨེ་ར་ལི་ཧྲིང་ཧྲིང་ཞེས་འབྲུག་སྟོང་གི་སྒྲ་ལྡིར་བ་ཙམ་གྱི་སྒྲ་བསྒྲགས་ནས། དབང་དུ་བསྡུས་ནས།གདུག་པ་ཅན་གྱི་འཁོར་རྣམས་དྲེད། རབ་ཏུ་དྲེད་ཀུན་ཏུ་དྲེད། འདར་ཀུན་ཏུ་རབ་ཏུ་འདར། སྔངས་ཀུན་ཏུ་རབ་ཏུ་སྔངས། ཐམས་ཅད་ཀྱང་ངག་གི་སྒྲ་བཅོམ། ལུས་ཡན་ལག་བསྐུམས། སེམས་ཞུམ་པས་གཙོ་བོ་ལ་སྐྱབས་སུ་དོང་ནས། ཐམས་ཅད་ཀྱང་བདེ་བ་ལ་བཀོད་དོ། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། གླེང་གཞིའི་བྱུང་ཁུངས་ཀྱི་ལེའུ་སྟེ་དང་པོའོ།། །།དེའི་ཚེ་དེའི་དུས་ན་བཅོམ་ལྡན་འདས་ལ། མཐུ་སྟོབས་ཀྱི་བདག་པོ་ལག་ན་རྡོ་རྗེས་བསྡུས་ནས། གདུག་པ་ཅན་གྱི་འཁོར་རྣམས་ཀྱི་


DNG015_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

ངག་མཐུན་པར་མགྲིན་གཅིག་ཏུ་ཐལ་མོ་སྦྱར་ནས། བཅོམ་ལྡན་འདས་གཤིན་རྗེའི་གཤེད་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ་འཇིགས་བྱེད་ཚོགས་ཀྱི་གཙོ། །བདག་ཅག་གདུག་བྱེད་འཁོར་རྣམས་ཀུན། །སྣང་སྲིད་འཇིག་རྟེན་ཁམས་འདི་རུ། །སྟོང་གསུམ་མུན་པར་གཏོང་བ་དང་། །འཇིག་རྟེན་ཁམས་ཀུན་བསྲེག་པ་དང་། །ལོ་ཏོག་འཇོམས་དང་གནམ་ལྕགས་ལྕེ། །སྨྱོ་འབོག་ཉམས་དང་སྲོག་གཅོད་དང་། །མཛེ་རིམས་གཏོང་བའི་ལས་འདི་དག །བདག་ཅག་རྣམས་ཀྱི་ལས་སྐལ་ལགས། །དཔའ་བོ་ཆེན་པོ་ཅི་ལ་བསྐྱོན། །ཐུགས་རྗེའི་རྒྱན་ཡང་མི་མངའ་འམ། །དཔའ་བོ་ཆེན་པོ་ཁྱོད་ཉིད་ནི། །ཐུགས་རྗེ་བྱམས་པའི་མངའ་བདག་ན། །འདི་ལྟའི་ཆོ་འཕྲུལ་ག་ལ་སྟོན། །གདུག་པའི་གསུང་སྒྲ་ཅི་ལ་སྒྲོགས། །ཐུགས་ཀྱི་སྤྲུལ་པ་ཅི་ལ་འགྱེད། །འཇིགས་བྱེད་ཆེན་པོས་བདག་ཅག་ལ། །ལས་དང་ཟས་སྐལ་ཅི་རིགས་གསོལ། །ཞེས་གསོལ་ཏོ། །སོ་སོ་རང་རང་གི་སྙིང་པོ་འདི་ཕུལ་ལོ། །ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མ་རཱ་ཙ་ཛྭ་ལ་རཾ་པ་ཡེ་ཧཱུཾ། ནི་ཀྲོ་དྷཱི་ཤྭ་རཱི་ཛྭ་ལ་རཾ། ཡ་ཏྲག་ཤ་ཛྭ་ལ་རཾ་པ་ཡ་ཧཱུཾ། ར་རག་མོ་ཀྲོ་དྷཱི་ཤྭ་རཱི་ཛ་ལ་ནི་ཧཱུཾ། ཨོཾ་རག་ཤ་ཛྭ་ལ་རཾ་པ་ཡ་ཧཱུཾ།ནག་མོ་ཀྲོ་དྷཱི་ཤྭ་རཱི་ཛྭ་ལ་རཾ་པ་ཡ་ཧཱུཾ། ཨོཾ་ཏྲ་ཏྲག་མོ་ཛྭ་ལ་རཾ་པ་ཡ་ཧཱུཾ། ཙིཏྟ་རོ་ལ་ཀྲོ་དྷཱི་ཤྭ་རཱི་ཛྭ་ལ་རཾ་པ་ལ་ཧཱུཾ། ཨོཾ་རག་ཤ་ཡ་མ་སྙིང་ཙ་ར་ཡ་ཛྭ་ལ་རཾ་པ་ཡ་ཧཱུཾ།ཨོཾ་ནི་ཙ་ར་ཙ་རུ་ཙ་ར་ཀྲོ་དྷཱི་ཤྭ་རཱི་ཏི་ནི་ཛྭ་ལ་རཾ། ཨོཾ་ཏྲ་ཏྲག་ཤ་རག་མོ་ཛྭ་ལ་རཾ་པ་ཡ་ཧཱུཾ། ཨོཾ་ཤྲཱི་ཛྭ་ལ་རཾ་པ་ཀྲོ་དྷཱི་ཤྭ་རཱི་ནི་ཛ་ཧཱུཾ། ཨོཾ་ཏྲ་ཏྲག་ཤ་ནི་ཛྭ་ལ་རཾ་པ་ཡ་ཧཱུཾ། ཨོཾ་ཏྲ་ཏྲག་མོ་རག་ཤ་ཀྲོ་དྷཱི་ཤྭ་རི་ཧཱུཾ། ཨོཾ་མཉྫུ་ཤྲཱི་ནག་པོ་ཏྲ་ཏྲག་ཤ་ནི་ཡ་ཧཱུཾ། ཨོཾ་ནག་མོ་རག་ཤ་ཀྲོ་དྷཱི་ཤྭ་རཱི་ཡ་ཧཱུཾ། ཨོཾ་མཉྫུ་ཤྲཱི་བཛྲ་མ་རོ་ཏྲ་ཏྲག་ཤ་ཛྭ་ལ་རཾ་པ་ཡ་ཧཱུཾ། ཨོཾ་ནཱ་ག་ཀྲོ་དྷཱི་ཤྭ་རི་ཛྭ་ལ་རཾ་པ་ཡེ་ཧཱུཾ། ཞེས་ཕྱོགས་སྐྱོང་གི་གཤིན་རྗེ་རྣམས་ཀྱིས་ཕུལ་ལོ། །ཨོཾ་མ་མ་ཨེ་ཀ་ཙ་ཏི་ཏྲག་རག་ཤ་པེ་ཏ་ལི་རཀྟ་མན་ཛ་ཛ་ཧཱུཾ། རག་མོ་གུ་མ་མར་དུན་དུ་བྷཾ་བཛྲ་མ་བྷྱོ་ཛ། ཁ་རག་དྷཱི་ང་ཤྲཱི་དྷི་མ་བྷྱོ་ཛ། ཞེས་རོ་ལངས་ནག་མོ་དར་དམར་མོའི་ཚོགས་ཀྱིས་ཕུལ་ལོ། །


DNG015_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

རུ་ཏྲ་པ་ཏྲ་མུ་ཁྲག་ཛ་ར་ཁྲག་ཙ་པ་ཧེ་བོར་བ་དུན་ཧ་བ་སྭཱ་ཧཱ། ས་མ་ཡཱ་ཨ་གྷཱི་ཤུ་རཱ་ཙ་ཏྲག་ཤ་ཚལ་པ་ཨ་ནི་ཏྲཱི་མཱ་ར་ཡ་ཨཾ་གུ་ཤ་ཛ་ཛ། ཨོཾ་བཱི་ཤ་མ་དུ་རུ་མ་ཤི་ཁ་ཛ་ལ་ཛ་ལ་ཨ་སྭཱ་ཧཱ། ཧྲི་ཤ་དུ་རག་རཾ་ནག་ར་ཙི་ཏ་ཏྲཾ་མ་མ་ཡཾ་ཟ་འགྲམ་དྷི་ཧི་ཡོ་ཀི་ཤི་ལ་ཛ་ཛ། མ་མ་སྙིང་ཁ་རག་སྙིང་ཁ་རག །མ་མ་རག་ཤ །མ་མ་རག་ཤ །རག་མོ་ཐུན་ཐུན་སྙིང་ལ་ཐུན།ཛ་ཛ་སྙིང་ལ་ཛ། རུ་ལུ་རུ་ལུ་ཛཱ་ཛཱ། རཱ་ཙ་ས་མ་ཡ་ཧཱུཾ་ཛ་ཧཱུཾ་ཛ་ཛ། ར་ལི་པྲ་མ་ནི་ཧཱུཾ་ཧཱུཾ། ཕཊ་ཕཊ། སྭཱ་ཧཱ། ཏྲི་ཏྲི་རཱ་ཙ་ཙ་པ་ལ་ཨ་ཤུག་མེ་ཛ་ཛ། བྷ་བུ་ཡག་ཤ་མ་སུ། རོ་ཙོ་ཏོར་ར་རུ་ན་མ་ཏྲིག་བེ་ཚིལ་མ་ཁུག་ཤ་ཐང་མེ་ཡ་ཛཱ། ཨོཾ་ནཱ་ག་རཱ་ཙ་མ་ཧཱ་ཀཱ་ལ་ཏི་པ་ཙ་ས། ཁ་ས་ཁ་ཤ་རུ་ཧཱུཾ་ས་ཧཱུཾ་ཛ་ཛ་ནཱ་ག་རཱ་ཙ་ཛཱ་ཛཱ།དེ་དག་ལ་སོགས་པ་གཤིན་རྗེའི་ཁམས་ན་གནས་པའི་ལྷ་དང་ལྷ་མ་ཡིན། ནམ་མཁའ་ལྡིང་དང་དྲི་ཟ་དང་། །མི་འམ་ཅི་དང་ལྟོ་འཕྱེའི་རིགས། །གནོད་སྦྱིན་སྲིན་པོ་ཡི་དྭགས་དང་། །ཤ་ཟ་འབྱུང་པོ་གྲུལ་བུམ་དང་། །སྲུལ་པོ་དང་ནི་ལུས་སྲུལ་པོ། །སྐེམ་བྱེད་དང་ནི་བརྗེད་བྱེད་དང་། །སྨྱོ་བྱེད་དང་ནི་གྲིབ་གནོན་དང་། །གནོན་པོ་དང་ནི་ནམ་གྲུ་དང་། །དེ་དག་ལ་སོགས་འཁོར་ན་ཡང་། །ཤ་ཟ་ཁྲག་འཐུང་བསམ་མི་ཁྱབ། །བཀའ་ཉན་ཟེར་ཞིང་སྲོག་སྙིང་འབུལ། །གནས་པའི་འཁོར་རྣམས་མགྲིན་གཅིག་ཏུ། །ཐལ་མོ་སྦྱར་ནས་གུས་ཕུལ་བ། །དུར་ཁྲོད་མེ་ཏོག་སྣ་ཚོགས་ནི། །སྲིན་པོ་རོ་དང་རོ་ཆུང་དང་། །མི་རོ་དང་ནི་རྟ་རོ་དང་། །རོ་ཕྱེད་པ་དང་གཞོགས་ཕྱེད་དང་། །རོ་ཡི་འཕྲེང་བ་རོ་བརྩེགས་དང་། །བམ་དང་རུལ་དང་བྲུལ་བ་དང་། །བྷན་དྷ་དང་ནི་སྒལ་ཚིགས་དང་། །དབང་པོ་རྐང་དང་རྒྱུ་མ་དང་། །ཤ་ཁྲག་ལ་སོགས་ཚིལ་བུ་དང་། །གོ་རོ་ཙ་ན་ལ་སོགས་ཏེ། །གཞན་ཡང་རོ་ཡི་རྣམ་པ་ནི། །བྱེ་བ་ལ་སོགས་ཆར་དུ་ཕབ། །ལྷན་ཅིག་འདུག་ནས་འདི་སྐད་བརྗོད། །ཧ་ཧ་དཔའ་བོ་འཇིགས་བྱེད་གདོང་། །བདག་ཅག་རྣམས་ཀྱི་སྲོག་ཏིག་སྟེ། །དཔའ་བོ་ཆེན་པོས་བཞེས་སུ་གསོལ། །བདག་ཅག་རྣམས་ཀྱི་ལས་སྐལ་དང་། །འཚལ་སྐལ་འདུལ་སྐལ་གང་ལགས་པ། །དཔའ་བོ་ཆེན་པོས་བཤད་དུ་


DNG015_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། །ཞེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོས་འདི་སྐད་ཅེས་གསོལ། ཧཱུཾ་ང་ནི་དུས་གསུམ་རྣམ་པ་རུ། །ཐམས་ཅད་མ་ལུས་འདུལ་བའི་བདག །ང་ཡི་བཀའ་རྣམས་ཁྱོད་ཀྱིས་ཉོན། །སེམས་ཅན་ཡོངས་ལ་འཚེ་མ་བྱེད། །ཁྱེད་ཅག་རྣམས་ཀྱི་རང་ལས་ནི། །སངས་རྒྱས་བསྟན་པ་བཤིག་པ་དང་། །ཆོས་འཁོར་བཤིག་པའི་རཱུ་ཏྲ་རྣམས། །ཁྱོད་ཀྱི་འདུལ་བའི་ཟས་སྐལ་གྱིས། །ཞེས་བཀའ་སྩལ་ཏོ། །འཁོར་རྣམས་ཀྱིས་བཀའ་བཞིན་ཉན་པར་ཁས་བླངས་ཏེ། རང་དམ་རང་གིས་བཅས་སོ། །དེའི་ཚེ་དེའི་དུས་ན་མཐུ་སྟོབས་ཀྱི་བདག་པོ་དཔལ་ཕྱག་ན་རྡོ་རྗེ་གདན་ལས་བཞེངས་ཏེ། དམ་ཚིག་རྡོ་རྗེ་རྩེ་དགུ་ཐུགས་ཀར་བཟུང་སྟེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། འདི་སྐད་ཅེས་གསོལ་ཏོ། །ལེགས་སོ་ལེགས་སོ་སྟོན་པའི་གཙོ། །དེ་ལྟར་དུས་གསུམ་ཐམས་ཅད་དུ། །སེམས་ཅན་རྣམས་ལ་འཚེ་བ་དང་། །འཇིག་རྟེན་ཁམས་སུ་སྦྱོར་ངན་མ་གཏོང་བར། །སྟོན་པའི་འཁོར་དུ་འདུས་ནས་ཀྱང་། །རང་རང་ཚུལ་བཞིན་བསྒྲུབ་པ་དང་། །ལས་ཐབས་བྱ་བ་གང་ཡིན་པ། །ད་ལྟ་ཉིད་དུ་འབུལ་བར་གྱིས། །ཞེས་གསུངས་ཏེ་རང་གི་གནས་སུ་འཁོད་པར་གྱུར་ཏོ། །དེ་ནས་དྲེགས་པ་ཅན་གྱི་འཁོར་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ་འཇིགས་བྱེད་ཆེན་པོ་ལགས། །བདག་ཅག་རང་རང་བསྒྲུབ་པ་དང་། །ལས་དང་བྱ་བ་ཐམས་ཅད་ཀྱང་། །བྱམས་མགོན་ཆེན་པོ་ཉིད་ལ་འབུལ། །དཔའ་བོ་ཆེན་པོས་བཞེས་སུ་གསོལ། །ཞེས་ཆེད་དུ་གླེངས་པ་དང་། བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོ་དགྱེས་པ་ཆེན་པོར་གྱུར་ཏེ། ཞལ་འཛུམ་པ་དང་བཅས་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །བཀའ་ཡི་ཕྱོགས་སྐྱོང་གཤིན་རྗེ་དང་། །གདུག་བྱེད་ལྷ་སྲིན་ཕོ་མོ་རྣམས། །ཉོན་ཅིག་ཁྱོད་རྣམས་གུས་པར་ཉོན། །ངས་གསུངས་པ་ལ་སེམས་ཐུད་ཅིག །དེ་ལྟར་དུས་གསུམ་ཐམས་ཅད་དུ། །སེམས་ཅན་རྣམས་ལ་གནོད་པ་དང་། །སྦྱོར་བ་ངན་པ་མ་གཏོང་བར། །ང་ཡི་དམ་ལས་མ་འདའ་ཞིག །འོན་ཀྱང་སེམས་ཅན་


DNG015_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དང་། །བདེ་བ་ཉིད་དེ་ཞི་བར་འགྱུར། །ཁྱེད་ཀྱི་ལས་སྐལ་ཟས་སྐལ་དང་། །ལྔ་བརྒྱ་ཐ་མ་བྱུང་བ་ན། །སངས་རྒྱས་བསྟན་པ་མི་གནས་ཤིང་། །ཆོས་ཉིད་བདེན་པས་མི་འདུལ་ཏེ། །བསྟན་པ་ཐམས་ཅད་ནུབ་པ་དང་། །ལས་ངན་མཚམས་མེད་བྱེད་པ་དང་། །ཟས་ངན་ལྕི་བ་ཟ་བ་དང་། །གོས་ངན་དུག་ཧྲུལ་གོན་པ་དང་། །མ་གཤིན་བསྟན་པ་འབྱུང་བ་དང་། །མུ་སྟེགས་བསྟན་པ་དར་བའི་ཚེ། །ཁྱོད་ཀྱི་ལས་སྐལ་ཟས་སྐལ་ཀྱང་། །དུས་དེར་འབྱུང་བར་ངས་བཤད་ཀྱིས། །ང་ཡི་དམ་ལས་མ་འདའ་ཞིག །ཅེས་གསུངས་སོ། །དཔལ་ཟླ་གསང་ནག་པོ་རྩ་བའི་རྒྱུད་ལས། གླེང་བསླང་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་གཤིན་རྗེའི་གཤེད་པོས་འཁོར་རྣམས་ལ་བཀའ་བསྒོ་སྟེ། དགོངས་པ་ཞི་བ་ལ་བཞུགས་སོ། །དེ་ནས་ཕྱོགས་སྐྱོང་གཤིན་རྗེ་རྣམས་ཀྱིས་ཐམས་ཅད་ཞི་བར་བྱ་བའི་ཆེད་དུ་བཅོམ་ལྡན་འདས་ཀྱིས་ཕྲིན་ལས་ཞི་བར་བྱ་བའི་སྒྲུབ་ཐབས་འདི་གསུངས་སོ། །ཆར་དངོས་མི་ལ་གསང་བ་ཀུན་ཞི་ནས། །རིག་པ་གསུམ་ལྡན་གབ་པ་དགུ་ཡི་གནས། །སྦྱོར་བ་གསུམ་གྱི་ཡང་དག་བསྡུས་ནས་འཕེན། །བླ་མེད་མཆོག་ལ་དོན་གཉིས་བསྡུས་ནས་འཕེན། །ནམ་མཁའི་རིན་ཆེན་འབར་བྱེད་ཅིང་། །འདི་ལ་འཇིག་རྟེན་དངོས་གྲུབ་མཆོག །མ་ལུས་བསྡུས་པའི་སྙིང་པོའི་དོན། །སྟོང་ཕྲག་བདུན་དང་བརྒྱ་ཕྲག་ལྔ། །དེ་དོན་སྙིང་པོ་མཆོག་གྱུར་པ། །ལོ་གྲངས་བདུན་ཅུ་རྩ་བཞིའི་དོན། །ལས་ཀྱི་རིམ་པ་བརྒྱ་ཕྲག་བརྒྱད། །སྦྱོར་བ་ཉིས་བརྒྱ་སྟོང་བཅུ་དྲུག །མ་ལུས་འབྱུང་བའི་རྩ་བ་དེ། །འཁྲུལ་མིག་དྲག་པོའི་འཁྲུལ་འཁོར་འདི། །འདི་ནི་བདེ་དང་སྨིན་པའི་དོན། །ཡུན་དུ་རིན་ཆེན་མི་ཡལ་ཏེ། །ཤ་མ་ཏ་ཡི་འཇིག་རྟེན་དུ། །གཟེར་ཆེན་བཅུ་བཏབ་འཁོར་ལོའི་རྩིབས། །བཅུ་དྲུག་བཞི་དང་ལྡན་པ་ཡི། །མཚོན་ཆེན་འཁོར་ལོ་བསྐོར་བ་བཞིན། །འབིགས་དང་གཅོད་ལ་སོགས་པའི་ལས། །སྲུང་དང་སྐྱོབ་པ་ཀུན་བྱེད་སྟེ། །དེ་བཞིན་འཁྲུལ་མིག་བཅུ་བདུན་པ། །འཁྲུལ་གྱི་འཁོར་ལོ་གསང་ཆེན་ཐབས། །ཅི་འདོད་དོན་རྣམས་གྲུབ་བྱེད་པའོ། །དང་པོ་ཞི་


DNG015_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱ་བའི་ཕྱིར། །སྒྲུབ་ཐབས་འདི་ནི་རབ་ཏུ་བཤད། །རབ་ཏུ་དཀར་བའི་ཡུལ་དག་ལ། །མགུ་བའི་སེམས་དང་ལྡན་བྱས་ཏེ། །དང་བས་མགུ་བའི་ལས་བྱ་ཞེས། །གཤིན་རྗེའི་གཤེད་པོ་ཉིད་ལ་འབུལ། །གཤིན་རྗེའི་གཤེད་པོས་འདི་སྐད་གསུངས། །ལག་ན་རྡོ་རྗེས་རབ་ཏུ་ཟུང་། །ཐམས་ཅད་ཞི་བར་བྱ་ཕྱིར་དུ། །ས་གཞི་གནས་དང་རི་རབ་མཁར། །ཟླུམ་ལ་ཉམས་དགའ་བཀྲ་ཤིས་གནས། །ཞི་བའི་ལས་ཀྱི་དཀྱིལ་འཁོར་ནི། །ཟླུམ་པོ་དཀར་བའི་དཀྱིལ་འཁོར་བྲི། །ལྟེ་བར་བཅས་པའི་རྩིབས་དག་ལ། །མཁས་པས་བསྒྲིམས་ཏེ་བྲི་བར་བྱ། །དཀར་དང་ལྡན་པའི་ཟླ་བ་ལ། །གཅིག་དང་གསུམ་ནས་མགོ་བཙུགས་ཏེ། །ཁམས་གསུམ་དུ་ཡང་མགུ་བྱའི་ཕྱིར། །ཉམས་སུ་ལོན་པར་བྱས་ལ་བསྒྲུབ། །དབུས་སུ་ཡེ་ཤེས་བདག་པོ་ལ། །ཤར་དུ་དུག་འཇོམས་ཆེན་པོ་སྟེ། །ལྷོ་རུ་ཡ་བ་ཏི་ཞེས་བྱ། །ནུབ་ཏུ་ཁྲོ་བོ་དམིགས་པ་ལ། །བྱང་དུ་བདུད་འཇོམས་དགོད་པར་བྱ། །ཤར་ལྷོ་ལྷོ་དང་ནུབ་བྱང་དང་། །བྱང་ཤར་མཚམས་སུ་དགོད་པ་ནི། །གླང་མགོ་ཀོང་ཙེ་སྤྱོད་སྤྱོད་རྗེ། །ལས་གྲུབ་བརྒྱད་དེ་གོ་རིམ་བཞིན། །སྟེང་འོག་དམར་པོ་ནག་འཇོམས་གཉིས། །ཡབ་ཡུམ་གཉིས་མེད་འཁྲིལ་ཏེ་དགོད། །ཟླ་གམ་གསུམ་ལ་མ་མོ་གསུམ། །སྒོ་བཞིར་སྒོ་ཡི་བསྲུང་མ་བྲི། །དེ་ཡི་ཡུམ་དང་བཅས་པ་རྣམས། །ཁྲོ་བོ་ཡབ་དང་སྐུ་མཐུན་པའོ། །སེམས་དཔའི་འདུག་སྟངས་གནས་བྱས་ལ། །སྔགས་གཡོག་མཛེས་པར་ཚོགས་བྱས་ཏེ། །དགུག་པའི་ཕྲིན་ལས་བརྩམས་པར་བྱ། །དེ་ཚེ་ཐལ་བ་རུས་པ་ལ། །འཇིམས་པ་ལ་ནི་གཟུགས་ལྟ་བུར། །བྱས་པ་སྙིང་གར་བྲི་བ་ནི། །ཨ་མ་བ་སི་ཏིའམ། །གང་འདོད་པ་ཡི་ཡི་གེ་དེ། །ཕཊ་དང་སྭཱ་ཧཱ་ས་མཐའ་ལྟར། །མིང་བྱང་གོང་ལྟར་བྱས་པ་ལ། །གོང་ལྟར་འཚམས་པ་བཞིན་དུ་བཞག །དེ་ལ་ཡིད་ཡང་རབ་ཏུ་བརྗོད། །ཨོཾ་ཨ་ཀྲོ་བ་ཤ་ཤཱནྟི་ནཱ་ག་བཛྲ་སྭཱ་ཧཱ།ཨོཾ་ཨ་ཀྲོ་ཏེ་ཀ་ཤཱནྟི་ད་བ་ལ་བྷཱུཾ། ཞེས་བརྗོད་ནས་སྙིང་གར་བརྒྱབ་ན་ཐབས་ཀྱིས་མགུ་ནས། དང་བའི་


DNG015_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱིས་ཞི་བར་འགྱུར་རོ། །དེ་ནས་ཞི་བའི་ལས་བྱས་ནས། ཕྱོགས་བཅུའི་གདུག་པ་ཞི་བར་བྱས་ཏེ། བདག་ལ་མི་དགའ་བ་མེད་ན་ལས་ཡིན་ནོ། །དཔལ་ཟླ་གསང་ནག་པོ་རྩ་བའི་རྒྱུད་ཆེན་པོ་ལས། ཐམས་ཅད་ཞི་བར་བསྒྲུབ་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཕྱོགས་སྐྱོང་གི་གཤིན་རྗེ་རྣམས་ཀྱིས། ཕྲིན་ལས་རྒྱས་པའི་བསྒྲུབ་པ་འདི། ཐམས་ཅད་རྒྱས་པར་བྱ་བའི་ཆེད་དུ། བཅོམ་ལྡན་འདས་གཤིན་རྗེའི་གཤེད་པོ་ལ། ཕྲིན་ལས་རྒྱས་པའི་སྒྲུབས་ཐབས་ཕུལ་བ། རབ་ཏུ་སེར་ཞིང་གསེར་ལས་གྲུབ། །བཙོ་མ་འདྲ་བའི་དབྱིབས་ཅན་ལ། །དཔལ་རྒྱས་སེམས་དང་ལྡན་བྱས་ཏེ། །རྒྱས་པར་བྱ་བའི་སེམས་ཀྱིས་སུ། །རྒྱས་པའི་སྒྲུབ་ཐབས་བཤད་པར་མཛོད། །ཅེས་པ་གཤིན་རྗེའི་གཤེད་ལ་ཕུལ། །གཤིན་རྗེའི་གཤེད་པོས་འདི་སྐད་གསུངས། །ཉོན་ཅིག་ཟུང་ཞིག་རྡོ་རྗེའི་མཚན། །ཐམས་ཅད་རྒྱས་པར་བྱ་ཕྱིར་དུ། །ས་གཞི་གནས་དང་རི་རབ་སེར། །གྲུ་བཞི་ཁོད་སྙོམས་བཙོ་མ་འདྲ། །རྒྱས་པར་བྱ་བའི་སེམས་ཀྱིས་སུ། །དཀྱིལ་འཁོར་གྲུ་བཞི་པ་ཡི་ཚུལ། །ལྡོང་རོས་ཆག་ཆག་གདབ་བྱས་ཏེ། །རྣལ་འབྱོར་དམ་པ་བློ་ལྡན་པས། །ཐིག་ནི་གདབ་པར་རབ་ཏུ་བརྩམ། །གསེར་ལས་གྲུབ་པའི་ཐིག་སྐུད་ལ། །དཔལ་ཟླ་གཟི་མདངས་བསོད་ནམས་ཚོགས། །འཕེལ་ཞིང་རྒྱས་པའི་སེམས་དང་བཅས། །སློབ་མ་དམ་པ་ལས་གྲུབ་པར། །བསམ་ལ་ཐིག་ནི་གདབ་པར་བྱ། །ཕོ་བྲང་གསེར་ལ་རྩེ་མོ་གཡུ། །རྡོ་རྗེའི་རྩིག་པ་གསེར་ལས་གྲུབ། །གྲུ་ཆད་སྒོ་རྣམས་ལྕགས་ལས་གྲུབ། །རྣལ་འབྱོར་སྔགས་པ་བློ་ལྡན་པས། །ཐིག་བཞི་བཞི་ཆ་བརྒྱད་དུ་གྱུར། །མཐའ་ནས་ཐིག་གདབ་མན་ངག་ཅན། །དེ་ལ་སོགས་པ་བརྩམ་པར་བྱ། །རིན་ཆེན་སྐྱིལ་ཀྲུང་འདུག་བྱས་ལ། །རིན་ཆེན་རིགས་ཀྱི་ངོས་སུ་བལྟ། །དབུས་སུ་གསང་སྔགས་བདག་པོ་སྟེ། །ཕྱོགས་ཕྱོགས་སྒོ་བ་དམ་པ་རྣམས། །སྔ་མ་བཞིན་དུ་བསྒོམས་ནས་ཀྱང་། །རང་སྔགས་སྐྱེས་བུས་དེ་བསྐྱེད་དེ། །ཨོཾ་ཨ་ཀྲོ་ཏེ་ཀ་པུཥྚིཾ་པཱ་ལ་ནཱ་ཧཱུཾ། ཨོཾ་ཨ་ཀྲོ་པུཥྚིཾ་ཏི་བ་ཏ་ན་སྟྭཾ། ཞེས་པ་བདག་པོ་ཡབ་


DNG015_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་ལ། །འཁོར་བཅས་འབྲུ་རེ་བ་ལས་བསམ། །རང་རང་བསྐྱེད་པ་དམ་པ་དེ། །སྔགས་དང་ལྡན་པས་ཏིང་འཛིན་བསམ། །གཞུག་དང་བརྟེན་དང་མཆོད་པ་དང་། །ཕྱག་རྒྱ་བྱེད་པ་ལ་སོགས་པའི། །ལས་ཀྱི་བྱ་བ་མ་ལུས་པ། །ཐམས་ཅད་མ་ལུས་ཚང་བར་བྱ། །བསྐྱེད་དང་བསྒྲུབ་པའི་འབྲས་བུར་ནི། །རྒྱས་པ་བསྙེན་ཏེ་ཐག་མི་རིང་། །རང་རང་བསྒྲུབ་འབྲས་དེ་ལ་སོགས། །ཕྱོགས་དུས་ཀུན་ནས་གཤེགས་པ་ཡིས། །དངོས་གྲུབ་དམ་པ་རབ་སྟེར་ཞེས། །འདྲེན་པ་དཔའ་བོས་ཡང་དག་བཤད། །དེ་ནས་གཞན་ཡང་རབ་བཤད་པ། །དཀྱིལ་འཁོར་སྔ་མ་བཞིན་བྱས་ལ། །ས་ཞག་གསེར་ལས་གྲུབ་པ་ལས། །གཟུགས་ནི་དམ་པ་རབ་ཏུ་བྱ། །ཕྱིར་གན་གན་རྐྱལ་བཞག་བྱས་ནས། །ནྲྀ་ཧཱུཾ་པུཥྚིཾ་ཨཱ་ཡུ་ཚེ་སྭཱ་ཧཱ། སྙིང་གར་བྲིས་ནས་བརྗོད་བྱ་བ། །སྙིང་པོ་སྔགས་ཀྱི་དམ་པ་སྟེ། །བླ་མེད་དམ་པ་རབ་ཏུ་བཤད། །ཨོཾ་བཛྲ་པུཥྚིཾ་ཨཱ་ཡུ་པ་ཤང་ཤིང་པུཥྚིཾ་སྭཱ་ཧཱ། ཞེས་བརྗོད་ནས་ཐམས་ཅད་རྒྱས་པར་གྱུར་ཏོ། །དཔལ་ཟླ་གསང་ནག་པོ་རྩ་བའི་རྒྱུད་ཆེན་པོ་ལས། ཐམས་ཅད་རྒྱས་པར་བྱ་བའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཡང་ཕྱོགས་སྐྱོང་གཤིན་རྗེ་རྣམས་ཀྱིས། ཕྲིན་ལས་དབང་གི་སྒྲུབ་ཐབས་འདི། །འཇིགས་བྱེད་གཤིན་རྗེའི་གཤེད་ལ་ཕུལ། །རབ་ཏུ་དམར་ཞིང་ཟངས་ལས་གྲུབ། །ཟངས་ལས་འདྲེལ་བའི་ཡུལ་དག་ལ། །རང་དབང་མེད་པར་དབང་བསྡུས་ནས། །འདུས་པའི་སེམས་དང་ལྡན་བྱས་ཏེ། །དབང་གི་དཀྱིལ་འཁོར་བཤད་པར་མཛོད། །ཅེས་པ་གཤིན་རྗེའི་གཤེད་ལ་ཕུལ། །གཤིན་རྗེའི་གཤེད་པོས་བཀའ་སྩལ་པ། །ལག་ན་རྡོ་རྗེ་རབ་ཏུ་ཉོན། །ཐམས་ཅད་དབང་དུ་བསྡུ་ཕྱིར་དུ། །ཟངས་སམ་དམར་པོའི་ས་དག་ལ། །དཀྱིལ་འཁོར་སྔ་མ་དག་དང་འདྲ། །ལེགས་པར་ཁོད་སྙོམས་ཟིན་པ་དང་། །ཐིག་ནི་རབ་ཏུ་གདབ་པར་བྱ། །ལྟེ་བ་ཅན་ལ་རྩིབས་བརྒྱད་པ། །ཀུན་ཏུ་ཟླ་གམ་དབང་གིས་མཛེས། །ལྟེ་དབུས་གཞུ་བདུངས་བྲིས་བྱས་ལ། །དེ་སྟེངས་བདག་པོ་དམ་པ་བཞག །ཐམས་


DNG015_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་མ་ལུས་མཆོག་ཏུ་གྲུབ། །ཅི་ལ་བྱ་ཡང་ཐོགས་ཆགས་མེད། །ཞེས་ནི་ཡང་དག་བླ་མེད་འདིས། །བཤད་པར་བྱ་སྟེ་རབ་ཏུ་བཤད། །གཞན་ཡང་རབ་ཏུ་བཤད་བྱ་བ། །སེམས་ཀྱིས་དཀྱིལ་འཁོར་དམ་པ་སྟེ། །བླ་མེད་ཡང་དག་ངེས་པའི་ལམ། །སངས་རྒྱས་བྱང་ཆུབ་ལ་སོགས་རྣམས། །གཞུང་ལས་འབྱུང་བའི་ཚིག་དོན་རྣམས། །མ་ནོར་གསུངས་པ་ཇི་བཞིན་དུ། །བསྒྲུབས་ན་འགྲུབ་པར་བཤད་པའོ། །དེ་དག་འགུགས་པར་འགྱུར་བ་ན། །ཕལ་པ་གཞན་ལྟ་སྨོས་ཅི་དགོས། །བསྡུས་དང་འདྲེན་པ་བྱང་ཆུབ་ལམ། །འདི་དག་གོ་འཕང་ཐོབ་བྱའི་ཕྱིར། །ཉུང་དཀར་རྐང་རྗེས་ས་འམ་གཞན། །ཁྲག་གསུམ་ཐལ་ཆེན་བསྲེས་བྱས་ལ། །གའུའི་ནང་དུ་བསྲེས་བྱས་ནས། །གའུ་གཉིས་ནི་ཁ་སྦྱར་ལ། །སྐུད་པ་དམར་པོ་ཟངས་ལས་གྲུབ། །བཅིངས་ནས་བསྡམས་ཏེ་དམ་དཀྲིས་ནས། །དཀྱིལ་འཁོར་གྱི་ནི་ཐོག་ཏུ་བཞག །ཉུང་དཀར་ཟངས་གཉིས་བསྲེས་བྱས་ཏེ། །དུད་པས་གའུ་དེ་ལ་བདུག །དེ་ལ་བདུག་པར་གྱུར་པ་དང་། །བཟླས་པའི་སྙིང་པོ་བརྗོད་བྱ་ཞིང་། །ལན་གྲངས་ཁྲི་ཡི་ཚད་དུ་བྱ། །བརྗོད་ནས་སངས་རྒྱས་ལ་སོགས་རྣམས། །འགུགས་པར་འགྱུར་ན་ཕལ་པ་གཞན། །སྨོས་ཅི་དགོས་ཏེ་ངེས་པར་འགུགས། །ཨོཾ་བཛྲ་ཨ་ཀྲོ་མཉྫུ་ཤྲཱི་པ་ཤང་མ་ཧོ་སརྦ་ཏི་ལ་བྷྲུཾ། ལན་གྲངས་མང་དུ་བརྗོད་བྱས་ན། །ཇི་ལྟར་བསམ་པ་ཐམས་ཅད་འགྲུབ། །རྒྱ་ཤུག་བཀྲུས་པའི་ཁུ་བ་དང་། །མི་ཡི་ལག་པའི་ཁུ་བ་གཉིས། །སྔ་མ་བཞིན་དུ་འགུགས་བྱས་ན། །འགུགས་པར་འགྱུར་ཞེས་དཔའ་བོ་བཤད། །ཡང་ན་རང་གི་ལག་བརྒྱུད་དུའོ། །ཞེས་གསུངས་པས་ཐམས་ཅད་མ་ལུས་པར་དབང་དུ་འདུས། བདག་གིས་དབང་དུ་གང་ལ་བྱ་བ་དེར་འགྱུར་རོ། །ཞེས་གཤིན་རྗེའི་གཤེད་པོས་གསུངས་སོ། །དཔལ་གཤིན་རྗེ་ཟླ་གསང་ནག་པོ་རྩ་བའི་རྒྱུད་ཆེན་པོ་ལས། ཐམས་ཅད་དབང་དུ་བྱ་བའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་ཕྱོགས་སྐྱོང་གཤིན་རྗེ་རྣམས་ཀྱིས། ཕྲིན་ལས་དྲག་པོའི་སྒྲུབ་ཐབས་འདི། །འཇིགས་


DNG015_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་གཤིན་རྗེའི་གཤེད་ལ་ཕུལ། །རབ་ཏུ་གནག་ཅིང་གནམ་ལྕགས་འདྲ། །མོན་ནག་སོག་པོ་ཁྲོས་པ་འམ། །སྲིན་པོའི་མདུང་སོ་གཤིབས་པ་འདྲར། །ཁྲོ་བོ་ཆེན་པོའི་ཚུལ་ཆེན་གྱིས། །གདུག་པའི་སེམས་དང་ལྡན་བྱས་ཏེ། །དྲག་པོའི་དཀྱིལ་འཁོར་བཤད་པར་མཛོད། །ཅེས་བརྗོད་གཤིན་རྗེའི་གཤེད་ལ་ཕུལ། །གཤིན་རྗེའི་གཤེད་པོས་བཀའ་སྩལ་པ། །ཉོན་ཅིག་ལག་ན་རྡོ་རྗེ་ཁྱོད། །ཕྱོགས་སྐྱོང་གཤིན་རྗེ་མ་ལུས་ཀུན། །ཁྲོ་བོའི་ཚོགས་སུ་འདུ་མཛད་དེ། །རང་བཞིན་མཐུ་ཆེན་འདི་བརྗོད་དོ། །འབྱུང་མེད་ཡེ་ཤེས་དཀྱིལ་འཁོར་ནི། །དཀྱིལ་འཁོར་སྔ་མ་བཞིན་བྱས་ལ། །བདག་ཉིད་ཁྲོ་བོ་ཆེན་པོ་སྟེ། །ཡུམ་ཡང་དེ་བཞིན་དེ་ཡི་འོད། །ཡབ་ཡུམ་གཉིས་མེད་བྱིན་རླབས་ལས། །ཐབས་དང་ཤེས་རབ་འཕྲོ་འདུ་འབྱུང་། །ཐབས་དང་ཤེས་རབ་འཕྲོ་འདུ་ལས། །ཐིག་སྐུད་རྒྱུས་པ་ལྕགས་ལས་བྱས། །འདི་ནི་ལས་ཀྱི་ཐིག་ཅེས་བྱ། །ཐིག་བཞི་བཏབ་པས་ལིང་ཚེ་དགུ། །འཁོར་ལོ་རྩིབས་བཞི་མུ་ཁྱུད་བཅས། །ཀུན་ཏུ་སྒོ་བཞི་མུ་ཁྱུད་ལྡན། །གྲུ་ཆད་ལྡན་པའི་དུར་ཁྲོད་བརྒྱད། །མཛེས་པར་བྲིས་ཏེ་གཞན་དུ་མེད། །བརྟེན་པའི་ལྷ་དེ་སྔ་མ་བཞིན། །བསྐྱེད་པའི་སྔགས་འདི་བརྗོད་བྱས་པས། །བདག་དང་འདྲ་བར་བསྐྱེད་པར་བྱ། །ཨོཾ་ཨ་ཀྲོ་ཏེ་ཀ་ཧཱུཾ་ཨ། བཛྲ་པེ་ཏ་ལི་རག་ཤ་མན། བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། ཛཿཧཱུཾ་བཾ་ཧོཿ། བྷྱོ་བྷྱོ་བྷྱོ་བྷྱོ། ཞེས་བརྗོད་པ་ཙམ་གྱིས་འཇིག་རྟེན་གྱི་ཁམས་འདི་དག་ཀྱང་གཡོས་སོ། །ཀུན་ཏུ་རབ་ཏུ་གཡོས་སོ། །རབ་ཏུ་ཀུན་ཏུ་ལྡེག་གོ། །རབ་ཏུ་ཀུན་ཏུ་འུར་ཆེམ་མོ། །དབུས་མཐོ་ན་མཐའ་དམའ། མཐའ་མཐོ་ན་དབུས་དམའ། འཇིག་རྟེན་གྱི་ཁམས་འདི་དག་རབ་ཏུ་གཡོས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་གཤིན་རྗེ་གཤེད་པོ་ལ་འདི་སྐད་གསོལ་ཏོ། །བཅོམ་ལྡན་འདས་རབ་ཏུ་གསུང་གི་གསང་སྔགས་བསྟན་པས་བདག་ཅག་སྤྲོ་ལགས་སོ། །


DNG015_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་དུ་མཐུ་ཆེ་བ་འདི་དག་ཞུ་ལགས་སོ། །བཅོམ་ལྡན་འདས་རང་བཞིན་གྱིས་ཁྲོ་བར་མཛད་པ་དེ་དག་ལ་བདག་ཅག་མངོན་དུ་རབ་ཏུ་ཡང་ཞུ་བར་འཚལ་ལགས་སོ། །བཅོམ་ལྡན་འདས་ཁྲོ་བོ་ཆེན་པོས་འདུལ་བར་མཛད་པ་དེ། འདི་སྐད་ཅེས་གསུངས་སོ། །ཨོཾ་ཤྲཱི་བཛྲ་ཡག་ཤ་གུ་ཧྱ་སརྦ་ཊཱ་ཀི་བཛྲ་ཀཱ་ལ་རཱུ་པ་མཱ་ར་ཡ་ཕཊ། ཅེས་གསུངས་པས། འཇིག་རྟེན་ན་དབང་ཆེ་བ་དང་། མཐུ་ཆེ་བ་ལ་སོགས་བཏུལ་ནས། འདི་སྐད་ཅེས་གསུངས་སོ། །ཕྱོགས་བཅུའི་འཇིག་རྟེན་གང་གནས་ཀྱང་། །གསུང་དུ་མེད་པའི་ཆོས་ཉིད་ཀྱང་། །རང་སེམས་འཕྲོ་འདུར་གྱུར་པ་ལས། །ཕྱོགས་བཅུར་གསུངས་པ་དེ་དག་ཡིན། །ཞེས་གསུངས་སོ། །དཔལ་གཤིན་རྗེ་ཟླ་གསང་ནག་པོ་རྩ་བའི་རྒྱུད་ཆེན་པོ་ལས། དྲག་པོར་སྒྲུབ་པ་སྟེ་ཐམས་ཅད་འདུལ་བ་ནས་ཆོ་འཕྲུལ་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོས། ཡེ་ཤེས་བཞིའི་འཁོར་ལོ་མཉམ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་སྐད་ཅེས་གསུངས་སོ། །གནས་ཀྱི་དཀྱིལ་འཁོར་བཅའ་གཞི་སྟེ། །དཀྱིལ་འཁོར་གྲུ་བཞི་བཞི་ལྡན་བྱ། །བམ་ཆེན་ཤ་ཤ་ཤི་རོ་དུ་ཧ། །ཐག་པས་སྲད་བུ་ལེགས་བྱས་ཏེ། །སྙོམས་པའི་ཚད་ལྡན་ཐིག་གདབ་བྱ། །ལས་དང་ཡེ་ཤེས་རིམ་པ་གཉིས། །བྱིན་བརླབས་སྟོབས་དང་ལྡན་པར་བྱ། །ནི་རང་སུ་ཡི་ཐལ་བ་དང་། །མེང་ས་མུ་ཏྲེད་སྦྱར་བ་ཡིས། །ཚོན་གསུམ་ཁ་དོག་ཕྱེད་པར་འགྱུར། །རུས་པ་དུ་བས་བདུག་པ་ནི། །ནག་པོ་ཚོན་དུ་དགྱེ་བར་བྱ། །རཀྟ་ཏྲི་མར་སྦྱངས་པས་ནི། །ཚོན་སྣ་འདུས་པའི་མཆོག་ཅེས་བྱ། །ཡེ་ཤེས་བྱིན་བརླབ་ལྡན་བྱ་སྟེ། །གནས་ཀྱི་འཁོར་ལོ་བཅའ་བར་བྱ། །ཆ་མཉམ་ཐིག་བཞི་རྒྱ་གྲམ་གདབ། །ལེའུ་ཚེ་དགུ་ལྡན་མུ་ཁྱུད་བསྐོར། །མུ་ཁྱུད་འགྲམ་བཞི་ལྡན་པ་ལ། །འཁོར་ལོ་རྩིབས་ནི་བཅུ་གཉིས་ལྡན། །ཕྱི་རིམ་བར་ཁྱམས་མུ་ཁྱུད་ལྡན། །བར་ཁྱམས་དུར་ཁྲོད་བཞི་དང་ལྡན། །ཕྱི་རིམ་ཡི་དྭགས་གཟུགས་ཅན་དགོད། །གཞན་གྱི་འོང་བ་དེ་ཡང་བསྟན། །དེ་ལ་གནས་པའི་རིམ་པ་ནི། །གཤེད་མཛད་གཙོ་བོ་ཡབ་ཡུམ་དང་། །སྲོག་གི་ཀཱི་དྷཱ་ཡབ་ཡུམ་རིམ། །མུ་ཁྱུད་དང་པོར་དགོད་པར་བྱ། །གཉིས་པའི་འཁོར་ལོའི་རིམ་པ་ལ། །ཕྱོགས་བཅུ་ཡབ་ཡུམ་བཅས་པར་དགོད། །


DNG015_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

བར་འོད་གཤེད་ཀྱི་བདུད་རྣམས་དང་། །གྲོང་ནས་འདུས་པའི་ཚུལ་དུ་བྱ། །མུ་ཁྱུད་སྒོ་ཡི་འཁོར་ལོ་ལ། །ཡ་མ་བརྟན་མ་ལ་སོགས་དགོད། །རྟེན་གཞི་གནས་ཀྱི་འཁོར་ལོ་ལ། །བརྟེན་པ་ལྷ་ཡི་འཁོར་ལོ་བསྟེན། །ཡང་ན་བསྙེན་པའི་རིམ་པ་ནི། །གཟུགས་བརྙན་འཁོར་ལོ་མ་ཡིན་ཏེ། །གང་ཡིན་ལུས་ཀྱི་འཁོར་ལོ་ལ། །སྙིང་གི་བར་ནི་གཤེད་བདུད་བཞི། །འདུས་པ་གསུམ་ལ་ཡབ་ཡུམ་སྟེ། །ཕྱི་རོལ་རྩ་བརྒྱད་འདྲེལ་ཆེན་བཞི། །སྡུད་མགོ་བཞི་དང་ལྡན་པ་ལ། །སོ་སོའི་སྒོ་རུ་ཡི་གེ་དགོད། །དུར་ཁྲོད་བརྒྱད་དང་མཚོ་གླིང་བཞི། །དམིགས་པ་རྣམ་པ་སྙེད་ལྡན་ནས། །བདག་གཞན་དོན་དུ་མཆོག་འགྱུར་ལ། །འཁོར་ལོ་དམ་པར་འདི་གཟུང་བྱ། །ཡེ་ཤེས་བྱིན་བརླབ་སྟོབས་ལྡན་བྱ། །རྗེས་སུ་མཐུན་པའི་ཆོ་གར་ལྡན། །སྐད་ཅིག་སྔགས་དང་འོད་ལས་གསལ། །དེ་ནི་གནས་གཞིའི་འཁོར་ལོའོ། །ཞེས་གསུངས་སོ། །དཔལ་གཤིན་རྗེ་ཟླ་གསང་ནག་པོ་རྩ་བའི་རྒྱུད་ཆེན་པོ་ལས། གནས་གཞིའི་དཀྱིལ་འཁོར་གཉིས་བསྟན་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་གཤིན་རྗེའི་གཤེད་པོས། རྩ་བའི་དྲག་པོ་འཁྲུལ་འཁོར་བཅའ་བའི་ཐབས་འདི་གསུངས་སོ། །གཞན་ཡང་འཁོར་ལོ་རྫས་རྣམས་ནི། །དུར་ཁྲོད་གནས་སུ་དཔའ་བོ་ཡིས། །ཀཱ་ལ་ཀ་པ་མ་ནི་ཏོག །གོས་སུ་བཅས་པའི་རྒྱུ་བླངས་ལ། །ཐོད་པའི་སྙིང་པོ་བཅུད་བསྡུས་བྱ། །དེ་ལ་གཅོད་པའི་འཁོར་ལོ་བྲི། །དུར་ཁྲོད་རས་ལ་བམ་ཆེན་གྱི། །སྨེ་བ་ལྔ་ཡི་ཐང་བ་བྱ། །ནི་སུ་ཏ་ཡི་ཐལ་བ་ཡིས། །ཐ་མར་རྒྱ་ཐང་རྐྱ་བཅས་ཏེ། །མཆོག་ཕྲན་རྐང་གིས་པིར་བྱས་ལ། །བམ་ཆེན་དོན་གྱི་ཁྲག་རྣམས་ཀྱིས། །རྗེས་སུ་མཐུན་པའི་འཁོར་ལོ་བྲི། །མ་ཉམས་ཐིག་བཞི་རྒྱ་གྲམ་གདབ། །ལེའུ་ཚེ་དགུ་ལྡན་མུ་ཁྱུད་བསྐོར། །གཞན་ཡང་གོང་བཞིན་ཤེས་པར་བྱ། །གཅོད་པ་སྔགས་ཀྱི་འཁོར་ལོ་ནི། །དབུས་ན་གྲུ་གསུམ་རྩིབས་བཞི་ལ། །འཁྲུལ་སྔགས་དྲག་པོ་ལྔ་དང་ལྡན། །ཕྱི་རིམ་བཅུ་གཉིས་འཁོར་ལོ་


DNG015_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །འཁྲུལ་མིག་དྲག་པོ་བཅུ་གཉིས་ལ། །དེ་དག་རྗེས་སུ་དགོད་པར་བྱ། །ཕྱི་རིམ་བཅུ་དྲུག་འཁོར་ལོ་ལ། །སྐུ་གསུང་ཐུགས་ཀྱི་སྙིང་པོ་སྟེ། །དགོད་པའི་གནས་མཐུན་ལྟོ་སྦྱོར་དགོད། །ཡང་ལོགས་འཁོར་ལོ་རྩིབས་བཞི་ལ། །གཅོད་ཅིང་གནོན་པའི་དྲག་སྔགས་དགོད། །འཁོར་ལོ་རྩིབས་ཆེན་སུམ་ཅུ་དྲུག །སྔགས་ནི་མེ་དབལ་འཁོར་ལོ་མཚོན། །འཁོར་ལོ་མེ་དབལ་མཚོན་ཆེན་གྱིས། །ཞིང་བཅུ་མ་ལུས་གཏན་ནས་བསྲེག །གཅོད་པས་འཁོར་ལོ་མེ་དབལ་ཏེ། །བསྲེགས་པས་གཅོད་པའི་འཁོར་ལོ་ཡིན། །འཇམ་དཔལ་ཐུགས་ཀྱི་སྙིང་པོ་འདི། །སྟོང་པའི་ཡེ་ཤེས་དབུས་ཉིད་དངོས། །གསལ་བའི་ཡེ་ཤེས་བཞི་ལྡན་ཏེ། །ཁམས་གསུམ་བསྲེག་པའི་ཉི་མ་ཡིན། །དུག་གསུམ་གཅོད་པའི་འཁོར་ལོའོ། །ཞེས་གསུངས་སོ། །དཔལ་གཤིན་རྗེ་ཟླ་གསང་ནག་པོ་རྩ་བའི་རྒྱུད་ཆེན་པོ་ལས།གཤིན་རྗེ་གཅོད་པ་སྔགས་ཀྱི་འཁོར་ལོ་དང་། ལུས་སྲོག་འབྱེད་པའི་འཁོར་ལོ་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཡང་གསང་སྔགས་ཀྱི་འཁོར་ལོ་དོན་ཡོད་པར་བྱ་བའི་ཕྱིར། བྱིན་གྱིས་བརླབས་པའི་ཐབས་འདི་གསུངས་སོ། །ཉོན་ཅིག་ཟུང་ཞིག་རྡོ་རྗེ་འཛིན། །ཕོ་དང་མོ་ཡིས་ཕྱེ་བ་དང་། །གཅོད་བྱེད་མཚོན་གྱི་འཁོར་ལོ་ལ། །དེ་ལ་སྟོབས་ཀྱི་འཁོར་ལོ་འཇུག །མེ་དབལ་སྔགས་ཀྱི་འོད་ཟེར་གྱིས། །འཇོམས་བྱེད་ཡ་མའི་ཞིང་ཁམས་ན། །འཇོམས་བྱེད་དྲག་པོའི་ཞེ་སྡང་མཆོག །འབར་བ་དུག་གི་དུམ་བུར་བསྡུས། །མེ་འབར་ནག་པོའི་འབྲུ་ལ་བསྡིམས། །དབུས་ནས་མཚམས་ཀྱི་འབྲུབ་གནས་སུ། །འདོད་པའི་དྲི་མ་བསྡུ་བྱས་ཏེ། །རྗེས་སུ་མཐུན་པའི་རྣམ་པར་འཇུག །བསྒྲལ་བའི་གནས་རྣམས་ཀུན་བསྡུས་ཏེ། །མ་ལུས་ཀུན་གྱི་སྡིག་པའི་སྒོ། །ཉེ་བར་གྱུར་པའི་ཡན་ལག་ཡིན། །སྣ་ཚོགས་དུག་གི་ཁུ་བ་ཡིས། །འཁོར་ལོ་རྣམས་ལ་ངར་བླུད་བྱ། །མྱོས་པའི་རྫས་ལ་སོགས་པ་དགྲམ། །འདིར་ནི་དེ་ལྟར་འདུས་པ་ཡིས། །གནག་པའི་ཀུན་གྱི་སྙིང་པོ་མཆོག །བསྒྲུབ་དང་བསྙེན་པའི་སྐབས་རྣམས་སུ། །རང་སྔགས་འདྲེན་པའི་སྙིང་པོ་དང་། །དྲག་པོ་ལས་ཀྱི་


DNG015_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་རྣམས་དགོད། །རྩ་སྒོ་སྦུབས་དང་བཅས་པ་རུ། །མེ་དང་ཆུ་ཡི་སྙིང་པོ་བཞག །འདི་ནི་མཆོག་གི་འཁོར་ལོ་ཡིན། །ཡང་ན་འཁོར་ལོ་མ་ལུས་པ། །གཤིན་རྗེ་ཉིད་ཀྱི་འཁོར་ལོ་བྱ། །བསྟན་པ་འབྱུང་བ་ལྔ་ཡིས་ཏེ། །འཕེན་པ་སྦྱོར་བའི་རིམ་པ་འཕེན། །སེམས་ཀྱི་དྲི་མ་རྟོག་པ་སྤོང་། །ཡང་ན་རིམ་པ་འདི་ལྟར་བྱ། །ཚོགས་པའི་ཏིང་འཛིན་རྒྱུ་ཡི་སེམས། །སྦྱོར་བ་གཅིག་གིས་མ་ལུས་བྱེད། །དེ་དག་འཁོར་ལོའི་རིམ་པའོ། །ཞེས་གསུངས་སོ། །དཔལ་གཤིན་རྗེ་ཟླ་གསང་ནག་པོ་རྩ་བའི་རྒྱུད་ལས། གཅོད་པའི་འཁོར་ལོ་བྱིན་གྱིས་བརླབ་པ་དང་། མོས་པའི་འཁོར་ལོ་བསྟན་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་གཤིན་རྗེའི་གཤེད་པོ་ཡིས། །སེམས་ཅན་གནས་ལ་གྲུབ་པ་ཡིན། །རང་བཞིན་ནུས་མཐུ་ལྡན་པའི་ཕྱིར། །རྟེན་གནས་ཐ་དད་བཤད་པར་བྱ། །བསྒྲུབ་པའི་འཁོར་ལོའི་བྱེ་བྲག་ནི། །དབང་བྱེད་ལས་དང་མཐུན་པ་སྟེ། །རིམ་པ་བཞི་དང་ལྡན་པ་ཡིས། །བཀོད་པའི་འཁོར་ལོ་ཉིད་དུ་སྟེ། །གསང་བ་གཤིན་རྗེ་ཉིད་ལ་ཡིན། །དབང་ནི་བཙུན་མོའི་ལྟོ་རུའོ། །རྒྱས་པ་ནོར་ལྷའི་གཟུགས་སུ་བྱ། །ཞི་བ་ཟླ་བའི་དཀྱིལ་འཁོར་དེ། །དབྱེ་བ་རྟ་དང་མ་ཧེ་གཉིས། །གསད་པ་རྔ་མོའི་རྒྱབ་ཏུའོ། །ལྐུགས་པ་ལུག་གི་རྒྱབ་ཏུ་སྟེ། །འབོག་པ་ཤ་བའི་རྒྱབ་ཏུ་བྱས། །སྨྱོ་བ་སྤྲེའུའི་རྒྱབ་ཏུ་ཡིན། །སྨྱོས་པ་སྲོག་དང་བྲལ་བའི་ལས། །རེངས་པ་གན་པའི་ཤིང་ལ་བྱ། །གཟིར་བ་སྟོབས་ཀྱི་བདག་པོས་བྱ། །མནན་པ་ལས་ཀྱི་བདག་པོ་སྟེ། །དབང་པོ་གཞོམ་ལ་ཆུ་སྲིན་ཏེ། །གང་ཡིན་དབང་པོ་ལེགས་བསྒྲོས་དབུགས། །ཡི་དྭགས་ལུས་ཀྱི་ལོངས་སྤྱོད་གཞོམ། །ལོ་ཏོག་གཞོམ་ལ་ལྟོ་འཕྱེའི་གཟུགས། །ཁམས་གསུམ་གཞོམ་ལ་མ་མོའི་གཟུགས། །ཀུན་ཀྱང་གཅོད་པས་འཁོར་ལོར་བྱ། །ས་དང་ཆུ་དང་མེ་དང་རླུང་། །ནམ་མཁའི་དབྱིངས་ཀྱི་ཁོངས་སུ་གཞུག །ཅི་རིགས་ལས་ཀྱི་བྱ་བ་ཡིས། །དེ་ལ་སོགས་པ་འཁོར་ལོའི་རིམ། །བརྒྱ་དང་སུམ་ཅུ་རྩ་གཉིས་བསྟན། །དེ་དག་རིམ་པ་བསྡུས་པ་སྟེ། །བརྒྱད་དང་རྩ་གསུམ་ལ་སོགས་ཏེ། །བརྒྱ་ཕྲག་ལྔ་དང་སྟོང་


DNG015_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་དྲུག །རིམ་པ་རྣམ་གྲངས་སྦྱོར་བ་དག །འཁོར་ལོ་དེ་དག་ཉིད་དག་ཏུ། །ཅི་རིགས་པར་ནི་བསྡུས་ནས་གསུངས། །འཁོར་ལོའི་བྱེ་བྲག་གཉིས་སུ་བསྟན། །ཞེས་གསུངས།དཔལ་གཤིན་རྗེ་ཟླ་གསང་ནག་པོ་རྩ་བའི་རྒྱུད་ལས། འཁོར་ལོའི་དབྱེ་བ་རྒྱས་པར་བསྟན་པའི་ལེའུ་སྟེ་བཅུ་པའོ།། །།ལག་ན་རྡོ་རྗེ་ཁྱོད་ཉོན་ཅིག །བསྙེན་སྒྲུབ་ལས་ཀྱི་རིམ་པ་འདི། །རྣལ་འབྱོར་ཅན་ལ་གནས་བྱའི་ཕྱིར། །མན་ངག་ཕྲེང་བ་བཞིན་དུ་བཤད། །རྣལ་འབྱོར་བདེ་བ་ཐོབ་པ་ཡིས། །འཇུག་པའི་རིམ་པ་བརྩམ་པར་བྱ། །སྔགས་ཀྱི་ཚད་མ་ཐོབ་པ་ཡིས། །ཟླ་བའི་ཚད་མ་ཤེས་གྱུར་ནས། །རྟགས་དང་དུས་ཀྱི་སྦྱོར་བ་ཡིས། །བསྙེན་དང་ཉེ་བསྙེན་སྒྲུབ་པ་དང་། །སྒྲུབ་པ་ཆེན་པོ་བཞིས་སྒྲུབ་སྟེ། །བསྙེན་པ་སྤྱོད་ལམ་ཐམས་ཅད་དུ། །སྐུ་གསུང་ཐུགས་ཀྱི་འཁོར་ལོ་ཡིས། །ཡན་ལག་མ་ཉམས་བདེ་བར་བཟླས། །ཕྱག་རྒྱ་བསྟེན་དང་དམིགས་པ་ཐོབ། །བདེ་བའི་ཡེ་ཤེས་རྙེད་པ་ཡིན། །ཉེ་བར་བསྙེན་པའི་རིམ་པ་ནི། །མ་ལུས་འདུས་པའི་ཡི་གེ་བཅུ། །བདུན་དང་བཅས་པའི་ཕྲེང་བ་ནི། །དྲིལ་བས་གཤེད་བཞིའི་ཕྲེང་བ་སྟེ། །ཇི་ལྟར་གསུངས་པའི་ཕྲེང་བ་ཉིད། །མཐའ་རྟེན་སྐབས་ཀྱིས་བྱེད་པ་ཡིན། །ཉིན་དང་མཚན་གྱི་བྱེ་བྲག་གིས། །སོ་སོར་བསྒྲིལ་ནས་བཟླས་པ་ཡིན། །དེ་བཞིན་བཞི་སྙིང་དྲིལ་བ་ཡིས། །འཁྱིལ་པ་སྦྲུལ་གྱི་འགྲོས་ཐབས་ཅན། །རུས་སྦལ་འགྲོས་དང་བཅས་པ་དང་། །ཡ་ཡི་མཐའ་རྟེན་བཅས་པ་ཉིད། །དེ་བཞིན་ཉེ་བར་བྱས་པ་ཡིན། །སྒྲུབ་པ་ལས་ལ་སྦྱར་བ་ནི། །སྐུ་ཡི་ཕྲེང་བ་ཟློག་པ་ཡིས། །ལྷ་རྣམས་ཉེ་བར་གཟིར་བྱས་ཏེ། །བསྙེན་པ་དང་ནི་ཉེ་བསྙེན་པའི། །སྔགས་ཀྱི་ཕྲེང་བ་འདི་ཉིད་ལ། །ལས་ཟད་པ་ཡི་སྦྱོར་དང་བཅས། །མཐའ་རྟེན་རིམ་གྱིས་བསྒྱུར་བྱས་ཏེ། །གང་ཡིན་རིམ་པའི་ལས་བསྒྲུབ་སྟེ། །འཕུར་འགྲོ་མགོ་མངས་བདུན་པ་ཉིད། །ལས་ལ་སྦྱོར་བ་དམ་པ་ཡིན། །གྲིམ་དང་སོ་སོ་ཕྱེ་བ་ནི། །སྔ་མ་དེ་བཞིན་ཤེས་པར་བྱ། །ཉིན་དང་མཚན་གྱིས་ཕྱེ་བ་ནི། །དེ་བཞིན་འདོད་པའི་བསྒྲུབ་བྱ་ཉིད། །ཉེ་བར་


DNG015_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་བསྒྲུབ་བྱ་སྟེ། །གང་ཡིན་སྲུང་བ་དབྱེ་བྱས་ལ། །རྟགས་དང་ལྡན་པར་དགུག་པར་བྱ། །ཉེ་བར་གནས་སུ་བཅིངས་ནས་ནི། །སྒྲུབ་པ་ཆེན་པོ་བརྩམ་པར་བྱ། །ཐོག་མར་བསྙེན་དང་ཉེ་བསྙེན་པའོ། །སྒྲུབ་པ་ལ་སོགས་སྔགས་ཉིད་ལ། །སྤུ་གྲི་འཁོར་ལོ་ལ་སོགས་པའི། །མཐའ་རྟེན་ཉེ་བར་གྱུར་ནས་ནི། །གང་ཡིན་བྱ་བའི་ལས་རྣམས་བསྒྲུབ། །སྟག་མོ་ཁ་འཐབ་ལ་སོགས་དང་། །སེང་གེ་མཆེ་སྦྱོར་ལ་སོགས་པས། །གསད་པ་མཆོག་གི་སྦྱོར་བ་ཡིན། །ལས་རིམ་ངེས་པའི་ཚད་མར་བཤད། །ཅེས་གསུངས་སོ། །དཔལ་གཤིན་རྗེ་ཟླ་གསང་ནག་པོ་རྩ་བའི་རྒྱུད་ལས། བསྙེན་སྒྲུབ་ཀྱི་རིམ་པར་ཕྱེ་བའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་ཡང་གཤིན་རྗེའི་གཤེད་ཀྱིས་དྲག་པོའི་ལས་འདི་གསུངས་སོ། །དེ་ནས་ནན་ཏན་བསྐྱེད་བྱས་ཏེ། །འཇིག་རྟེན་གཤེད་པོས་འདུལ་བ་ཡིས། །དྲག་པོའི་ཚམ་རྔམས་བཤད་པར་བྱ། །འཇིག་རྟེན་བཅུད་ཀྱི་གདུག་པ་ཀུན། །ཚམ་རྔམས་གློག་ལྟར་འགྱུར་བ་ལས། །ངོ་མཚར་ཡ་མཚན་བསྒྲག་པར་བྱ། །ཨེ་མ་ཧོ། ཡབ་ཡུམ་གཉིས་མེད་རོལ་པའི་མཁའ་དཀྱིལ་ནས། །ཕྱོགས་བཅུར་འཕྲོ་བས་བྱང་ཆུབ་སེམས། །རིགས་ཀྱི་ཡབ་དང་དེ་བཞིན་བཙུན་མོ་ནི། །རྟག་པར་བསྒོམ་སྟེ་དེ་བཞིན་གཤེགས་པར་བྱ། །རྫས་དང་ཕྱག་རྒྱ་སྔགས་དང་བཅས་རྣམས་ནི། །གཟུགས་དང་འདོད་པའི་འབྲས་བུ་གང་ཐོབ་གྲུབ་པའོ། །མི་དགེ་བཅུ་དང་ལྡན་པའི་རྣམ་པར་འདྲེན་པ་དེ་བྱ་སྟེ། །སྔགས་དང་ཕྱག་རྒྱ་རྫས་རྣམས་དང་། །གའུ་པདྨ་དམ་པ་དང་། །ཁམ་ས་རྫ་ཡི་འཇིམ་པ་ནི། །ཁྲག་སྣ་གསུམ་དང་འགི་ཝང་ངོ་། །དེ་དག་ཕྲིན་ལས་མཆོག་ཡིན་ནོ། །འགྲུབ་པར་འགྱུར་བར་གདོན་མི་ཟའོ། །བླ་མེད་དཔའ་བོས་ཡང་དག་གསུངས། །ཕྱོགས་བཅུའི་གདུག་པ་མ་ལུས་ཀུན། །འདུལ་བར་གྱུར་པ་ཐེ་ཚོམ་མེད། །དཔལ་ཟླ་གསང་ནག་པོ་རྩ་བའི་རྒྱུད་ལས། གའུ་དྲག་པོའི་ལས་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས་འདི་སྐད་ཅེས་གསུངས་སོ། །


DNG015_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

འགལ་བ་ཆམ་ལ་འབེབས་འདོད་ན། །དུར་ཁྲོད་ལུང་དང་མཐུན་པའི་གནས། །དགོན་པ་ལྟ་བུར་སོང་ནས་ནི། །ཐོག་མར་བསོད་ནམས་ཚོགས་ཀྱང་བསག །ཕྱི་བཤགས་འབུམ་ལ་སོགས་པ་གདོན། །ཚ་ཚ་ཉེ་འདོན་ལ་སོགས་བྱ། །ཡེ་ཤེས་སེམས་དང་གོམས་པར་བསྒོམ། །ཝཱ་གཱི་ཤྭ་རི་འབྲུ་དྲུག་འདོན། །ཞི་ཁྲོའི་མཆོག་ཏུ་གྱུར་པའི་སྐུ། །འཇམ་དཔལ་མཚན་ཡང་བརྗོད་པ་འདོན། །གྲུབ་པའི་ཉི་མ་གང་ཡིན་ལ། །བསོད་ནམས་ཚོགས་ནི་ཅི་ནུས་བསག །དེ་ནས་དྲག་པོ་བྱེད་འདོད་ན། །ཐ་ཆུང་བཞི་ཡི་མར་ངོ་ལ། །མཎྜལ་གཙང་མའི་དྲིས་བྱུགས་ཏེ། །དཀའ་ཐུབ་དྲག་པོས་བསྡམ་པར་བྱ། །ཀུ་ཤའི་སྟན་ལ་འདུག་ནས་ནི། །མགོ་བོ་རྨ་བྱ་བཞིན་དུ་དགུག །རུ་རཀྴ་ཡི་ཕྲེང་བ་བགྲང་། །མགོན་པོ་ཉིད་ལ་གུས་བྱས་ཏེ། །སྔོན་དུ་འགྲོ་བའི་བསྙེན་པས་ནི། །ཡི་གེ་བཅུ་བདུན་ནུས་ཐང་གིས། །དྲུག་འབུམ་དག་ཏུ་བཟླས་པ་བྱ། །དེ་ནི་བསྙེན་པ་དང་པོ་ཡིན། །ཕྱིས་ནི་རི་རབ་རྩེ་མོ་ལ། །སུམ་འབུམ་དག་ཏུ་བཟླས་པ་བྱ། །དེ་ནི་བསྙེན་པ་གཉིས་པ་ཡིན། །དེ་ནས་དཀྱིལ་འཁོར་གཙང་མའི་སྟེང་། །ཁྲིའུ་འམ་དཀྱིལ་འཁོར་སྟེང་དུ་ནི། །འཇམ་དཔལ་སྐུ་གཟུགས་རི་མོ་འམ། །བཞུགས་པའི་སྤྱན་སྔར་ཉིས་འབུམ་བཟླས། །དེ་ནི་བསྙེན་པ་གསུམ་པ་སྟེ། །བྱེ་བ་གཅིག་འབུམ་ཐོན་པ་དང་། །མེ་ཏོག་ལ་སོགས་མཆོད་པ་བྱ། །ཕྱི་དང་ནང་གི་མཆོད་པས་མཆོད། །བསྟོད་པ་ལ་སོགས་ཅི་རིགས་བྱ། །བསྙེན་པ་རྫོགས་ནས་རྟགས་རྣམས་འབྱུང་། །འཇམ་དཔལ་སྐུ་ནི་ཞལ་འཛུམ་མམ། །རྟགས་ནི་བཟང་པོ་བྱུང་བ་ནི། །དངོས་གྲུབ་ལ་སོགས་བླང་བར་བྱ། །དེ་ནས་དྲག་པོའི་ལས་ལ་འཇུག །དུར་ཁྲོད་ས་ལ་ཡང་སོང་ལ། །མི་སྨྲ་རོ་ཚས་རས་བླངས་ཏེ། །ཁྲག་ཆེན་དག་ཏུ་སྤང་བར་བྱ། །ཁྲག་སྣ་ཚོགས་ཀྱིས་ཁུ་བས་བཀྲུ། །བཙིར་ལ་ཐལ་ཆེན་ས་དཀར་གྱིས། །མདོག་བསྒྱུར་ཕུར་བཞིས་བརྒྱངས་ལ་བསྐམ། །ཟླ་བ་ནག་པོའི་ཚེས་དྲུག་ནས། །བརྩམས་ཏེ་ཕྱི་ཡི་གཏོར་ཚོགས་གཏང་། །ཐོ་དང་དཔང་གཟུག་གསེར་སྐྱེམས་གཏང་། །སྲིད་པའི་ལྷ་སྲིན་སྡེ་བརྒྱད་ལ། །


DNG015_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་བདར་རྒྱབ་བརྟེན་མ་བྱེད་བསྒོ། །ཁྲག་དམར་བཏབ་ལ་ཁྲམ་ནག་ལ། །གཤིན་རྗེའི་དྲག་སྔགས་དག་དང་སྦྲག །ཤོ་རྡེའུ་དཀར་ནག་བརྡེག་པར་བྱ། །བསྙེན་པའི་སྙིང་པོ་ཧྲཱྀཿཥྚྲཱྀཿབཟླས། །ཟླ་བ་ནག་པོའི་ཚེས་དྲུག་གམ། །ཉི་ཤུ་གཅིག་ལ་དབུ་བཙུགས་ལ། །ཉི་ཤུ་དྲུག་ནི་ཚུན་ཆད་དུ། །ནུས་ཐང་དག་ཏུ་བཟླས་པར་བྱ། །ཨོཾ་ཧྲཱྀཿཥྚཱིཿཝི་ཀྲྀ་ཏ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ། ཉི་ཕྱེད་ཚུན་ཆད་བཟླས་པར་བྱ། །མཆོད་དང་བསྟོད་པ་ལ་སོགས་བྱ། །བརྒྱངས་པའི་རས་དེ་བླངས་ནས་སུ། །གཞན་མེད་སོལ་བ་ཐལ་བ་གཉིས། །ཀ་ན་ཡ་ཡི་ཁུ་བ་དང་། །སྤྲ་ཙི་པོག་དང་དུག་སྣ་ཚོགས། །ཏིལ་དང་ཉུང་དཀར་མར་ཁུ་དང་། །རང་གི་སྲིན་ལག་ཁྲག་དང་ནི། །རྙེད་ན་ཕྱི་ས་ར་ཁྲག་དང་། །སྐྱེ་ཚེ་ས་དཀར་ཙནྡན་དང་། །རྒྱ་སྐྱེགས་ལྡོང་རོས་ཡུང་བས་བྲི། །མ་ར་གཤིན་རྗེའི་ལྟོ་བར་གཞུག །དབང་ནི་ཆུང་མའི་སྙིང་གར་གཞུག །ཞི་བ་ཟླ་བའི་དབུས་སུ་གཞུག །རྒྱས་པ་འདོད་ན་གླང་ལའོ། །དབྱེ་འདོད་རྟ་དང་མ་ཧེའི་འཕོངས། །བསྐྲད་འདོད་རྔ་མོའི་འཕོངས་སུ་བསྐྱོན། །ལྐུགས་པ་ལུག་གི་ཁོག་པར་བྱ། །མནན་པ་རི་རབ་འོག་ཏུ་བྱ། །སོ་སོའི་རྫས་དང་ལས་རྣམས་ནི། །རིག་པ་ཅན་གྱིས་ཤེས་བྱས་ལ། །ལས་བཅུ་རིམ་པ་སོ་སོར་དབྱེའོ། །གཤིན་རྗེ་ཟླ་གསང་ནག་པོ་འདི། །ཟླ་ལ་གསང་བར་བསྔགས་པ་ཡིན། །ཕྲིན་ལས་བྱ་བའི་རིམ་པ་ནི། །གསང་བའི་ལས་སུ་ཤེས་པར་བྱ། །འཁོར་ལོ་བཅའ་བའི་རིམ་པ་ནི། །བརྒྱངས་པའི་རས་ལ་དུག་བྱུགས་ལ། །མདོ་ལ་ལྡུམ་བུ་ཐང་ཕྲོམ་དང་། །ཁོ་ཤོག་དུག་སྣ་ཚོགས་རྣམས་ལ། །རང་གི་སྲིན་ལག་ཁྲག་དང་སྦྱར། །སྣག་ཚ་བྱས་ལ་བྲི་བར་བྱ། །རྨྱུག་གུ་ཕོ་རོག་འུག་པའི་སྒྲོ། །མི་གྲིར་ཤི་བའི་རྐང་ལ་ཡང་། །པིར་ལ་སོགས་པ་བྱ་བར་བཤད། །སྒྲོ་རྩར་སྐུད་པ་སྔོ་དམར་བཅིང་། །འཁོར་ལོ་བྲི་བའི་རིམ་པ་འང་། །སྔར་བཤད་ལས་རྣམས་ཤེས་པར་བྱ། །འཁོར་ལོ་བྲིས་ནས་སྨོན་ལམ་གདབ། །རང་གི་ཨ་མྲྀ་ཏ་ལ་སོགས། །མཆོད་ཅིང་བསྟོད་པ་ལ་སོགས་བྱ། །བདག་


DNG015_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཡ་མཱནྟ་ཀར་བསྒོམ། །སྐུ་མདོག་སྟང་ཟིལ་ནག་པོ་འམ། །ཆུ་གླང་ནག་པོའི་སྤྲིན་དང་འདྲ། །ཁམ་ནག་རལ་པ་གྱེན་དུ་བརྫེས། །སྨ་ར་ཁམ་པ་སྨིན་མ་སེར། །གློག་འགྱུ་སྨིན་མ་ཞལ་བགྲད་པ། །ལྗགས་འདྲིལ་ཚེམས་གཙིགས་གསུས་ཁྱིམ་ཆེ། །ལུས་དང་ཡན་ལག་ནཱ་གས་དཀྲིས། །རོ་ཉེ་ཁ་ནས་འཛབ་ཀྱང་ཟློས། །གདུག་པའི་མཚོན་ཆ་སྣ་ཚོགས་འཛིན། །དེ་ལྟ་བུར་ནི་བདག་ཉིད་བསྒོམ། །མཁས་པས་རང་གི་རིག་པ་ཡི། །ཐོད་པ་འོག་མ་ཁྲི་སྟེངས་སམ། །ཟ་མ་ཏོག་གི་སྟེང་དུ་གཞག །སྟེང་གི་ཐོད་པ་རྨྱུག་མ་ལ། །སྔོན་དམར་བརྒྱངས་ལ་ཡས་མར་གདབ། །ཉི་ཤུ་བདུན་གྱི་སྔ་དྲོ་ལ། །ཉི་མ་རི་རབ་རྩེ་ཤར་ལ། །སྟག་ལྤགས་བགོ་ཞིང་བགྲོད་དཀར་འགྲོ། །རུ་རག་ཤ་ཡི་ཕྲེང་བ་བགྲང་། །དབྱུག་ཐོ་ཐོགས་ལ་སྡིགས་མཛུབ་བསྒྲེང་། །ཕྱག་ཀྱང་མི་འཚལ་ལམ་མི་གཟུར། །ཕྲད་པ་གང་ཞིག་རླག་པར་བྱེད། །སྨྲ་བཅད་བྱས་ལ་ཁྲི་ཁྲི་བཟླས། །རྣལ་འབྱོར་གང་ལ་གཏམ་ཟེར་ན། །ལག་གི་བརྡའ་ཡིས་གོ་བར་བྱ། །སྐོམ་དང་བཟའ་བ་འདོད་པའི་ཚེ། །ལག་གི་བརྡའ་ཡིས་བླང་བར་བྱ། །སྨྲས་ན་རྣལ་འབྱོར་རང་དོན་ཟད། །དེ་ཡི་ཕྱིར་ན་ལག་བརྡའ་བྱ། །དེ་ཡི་ཚེ་ན་འདི་ཡང་འདོན། །ཡ་མཱ་ར་ཛ་ས་དོ་མེ་ཡ། ཆེ་གེ་མོ་པྲ་མ་ཡ་ཧཱུཾ་ཕཊ་ཕཊ། དེ་ནས་དམར་ཐག་ཆད་པ་རུ། །ཁྲི་ཁྲི་བཟླས་པར་བྱ་བ་ཡིན། །དམར་ཐག་ཆད་ནས་སྔགས་མཇུག་གཅད། །ཕུར་བུས་གདབ་དང་ཉུང་དཀར་བརྡེག །ཕོ་ཉ་བཅོལ་བསྐུལ་མང་དུ་བྱ། །མ་ཉེས་དཔང་གཟུག་ཆོ་ངེས་གདབ། །ཉིན་གཉིས་པ་ལ་འདི་ཡང་གདོན། །ཡ་མེ་ཏོ་རུ་ན་ཡོ་ཏ་ཡ། ཆེ་གེ་མོ་རག་ཏ་ཙ་ར་ཡ་ཧཱུཾ་ཕཊ། དམར་ཐག་ཆད་ནས་སྔགས་མཇུག་གཅད། །ལས་ཀྱི་རིམ་པ་སྔ་མ་བཞིན། །གསུམ་པ་དག་ལ་འདི་ཡང་གདོན། །ཡ་ཏ་ཡོ་ནི་ར་ཡཀྵེ་ཡ་ཆེ་གེ་མོ་མ་རཀྟ་ཙ་ར་ཡ་ཧཱུཾ་ཕཊ། དམར་ཐག་ཆད་ནས་སྔགས་མཇུག་གཅད། །ལས་ཀྱི་རིམ་པ་གོང་དང་འདྲ། །ཉིན་བཞི་པ་ལ་འདི་ཡང་གདོན། །ཡཀྵེ་ཡ་ཙ་ནི་ར་མ་ཡ། ཆེ་གེ་མོ་མཱ་ར་ཡ་ཕཊ། དུས་ནི་འབྲུག་སྒྲ་ཚུགས་མས་གདབ། །གདགས་ཡིག་ཉི་ཤུ་རྩ་ལྔ་ནི། །


DNG015_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

མནན་པའི་འཁོར་ལོར་གཞུག་པར་བྱ། །མནན་པའི་གཟུགས་ནི་རི་རབ་བྲི། །ཐོད་པ་རབས་ཆད་ནག་པོ་འམ། །ངག་དིག་གླེན་པ་བཀྲ་མི་ཤིས། །ནང་དུ་བཅུག་ལ་རེ་བས་གྲིལ། །ལྷ་ཁང་ཐེམ་པའི་འོག་དག་གམ། །རོ་ཁང་དུར་ཁྲོད་དག་ཏུ་གནན། །གཏད་པ་གཤིན་རྗེ་ཉིད་ལ་སྟེ། །དངོས་ནི་རལ་པ་ཚར་དགུའོ། །རྒྱ་མཚོ་ཆེན་པོའི་འོག་དག་ན། །མནན་པའི་ལྷ་ནི་ཚར་དགུ་སྟེ། །ཆུ་ནག་འདྲ་བའི་གཟུགས་ཆེན་ལ། །མ་ཧེ་ནག་པོ་དག་ལ་བསྐྱོན། །གཤིན་རྗེའི་དབྱུག་པ་ནག་པོ་ཐོགས། །དེ་ལྟ་བུ་ཡི་དངོས་པོ་ལ། །བདག་གིས་རལ་གྲིའི་ཕྱག་རྒྱ་བཅས། །ས་གཞི་ཆེན་པོ་གཤགས་ནས་ནི། །གཤིན་རྗེའི་རྒྱལ་པོའི་ལག་ཏུ་གཏད། །རི་རབ་ཆེན་པོ་ཉིད་ཀྱིས་གནན། །དོན་ཡོད་གྲུབ་པའི་ཕོ་བྲང་གདབ། །ཅེས་གསུངས་སོ། །དཔལ་གཤིན་རྗེ་ཟླ་གསང་ནག་པོ་རྩ་བའི་རྒྱུད་ལས། ཡང་གསང་དྲག་པོའི་བཅའ་གཞིའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་ཡང་གཤིན་རྗེའི་གཤེད་པོས་རྩ་བའི་འཁྲུལ་འཁོར་བྱེད་པ་འདི་གསུངས་སོ། །གཞན་ཡང་གསང་བ་བཤད་བྱ་བ། །འཁྲུལ་མིག་བཅུ་བདུན་འཁྲུལ་འཁོར་ནི། །མུ་ཁྱུད་བཞི་ལྡན་ལ་སོགས་རིམ། །གསང་བའི་གནས་གཞི་བསྟན་པ་ཡིན། །དང་པོར་འཁྲུལ་མིག་འཁྲུལ་འཁོར་ནི། །མུ་ཁྱུད་རྗེས་སུ་མཐུན་པ་སྟེ། །མུ་ཁྱུད་ནང་མའི་བསྐོར་མིན་པར། །ཐད་ཀར་བཙལ་ཏེ་བལྟ་བྱས་ནས། །སླར་ཡང་བལྟ་བའི་ཚད་དུ་སྟེ། །བར་དང་ལྡན་པའི་ཐིག་བཞི་སྟེ། །སྙོམས་པར་རྒྱ་གྲམ་གཉིས་སུ་གདབ། །དབུས་ཀྱི་རེ་མིག་ཚད་དེ་ཡིས། །ཕྱི་རིམ་རྗེས་སུ་མཐུན་པར་བསྐོར། །མུ་ཁྱུད་གསུམ་ལྡན་འཁོར་ལོ་དེ། །སྒྲུབ་པའི་འཁོར་ལོའི་ལུས་ཡིན་ཏེ། །དེ་ལ་ལུས་བཅས་ཡན་ལ་གདོན། །གསོད་དང་བསྲུང་དང་དབྱེ་ལ་སོགས། །འཇོམས་བྱེད་དགུ་ཡི་འཁོར་ལོ་བཅའ། །མུ་ཁྱུད་དང་པོ་བཀོད་པས་ནི། །གནད་ཀྱི་རེ་མིག་བརྒྱད་ཡིན་ཏེ། །དབུས་ཀྱི་མིག་དང་རེ་མིག་དགུ། །གཉིས་པ་འཁྲུལ་མིག་བཅུ་གཉིས་པ། །གྲྭ་བཞིར་ལེའུ་ཚེ་གཉིས་གཉིས་དྲངས། །དེ་བཞིན་མུ་ཁྱུད་གསུམ་པར་ནི། །ལེའུ་གསུམ་དྲངས་ལྷག་པར་བཞི། །བཅུ་དྲུག་ཉིད་དུ་འགྱུར་བ་ཡིན། །མུ་ཁྱུད་བཞི་ལ་


DNG015_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་བཞིན་ཏེ། །ཕྱོགས་བཞི་ལེའུ་ཚེ་གཉིས་གཉིས་དྲངས། །ལྷག་པར་བཞི་སྟེ་ཉི་ཤུར་འགྱུར། །དེ་ལྟར་དེ་དག་རིམ་པ་ཡིས། །མུ་ཁྱུད་བཞི་ཡི་རིམ་པ་ནི། །སྤུ་གྲི་འཁོར་ལོ་ཞེས་བྱ་སྟེ། །སྤུ་གྲི་འཁོར་ལོ་འདབ་མ་བཞི། །གཅོད་པ་རྣོ་བའི་ངར་བཅས་ནས། །བྱིན་གྱིས་བརླབས་ཀྱིས་སྦྱར་བར་བྱ། །གཅོད་བྱེད་ལས་ཀྱིས་རྗེས་སུ་འཇུག །གསུམ་པ་དབང་སྡུད་འཁྲུལ་འཁོར་ནི། །རྡོ་རྗེ་ཁ་གནོན་ཞེས་བྱ་སྟེ། །ཡོན་ཏན་སྡུད་ཅིང་ངེས་པར་གཅོད། །ཁ་གནོན་རྡོ་རྗེ་དབང་སྡུད་ཡིན། །དེ་ལྟར་གཉིས་པའི་མུ་ཁྱུད་ནི། །སྤྱི་གཅོད་མེ་དབལ་འཁོར་ལོ་ནི། །འདི་ཡི་དོན་དང་དོན་འདྲེལ་ལས། །སྦྱོར་བའི་ལས་རྣམས་འདེབས་པས་འགྲུབ། །མཱུ་ལ་གནད་ཀྱི་འཁོར་ལོ་ནི། །རྩ་བ་འདུས་པའི་ལོ་མ་ཅན། །ཡན་ལག་རྒྱས་པའི་སྙིང་པོ་ཡིན། །གནད་དགུ་མི་ནད་འཇོམས་དུས་མིན། །དང་པོ་འཁྲུལ་མིག་བརྒྱད་ཡིན་ཏེ། །གཉིས་པ་གསུམ་པ་བཞི་པ་རྣམས། །བཞི་བཞི་ལྷག་པའི་འཁྲུལ་མིག་སྟེ། །འཁྲུལ་མིག་ལྔ་བཅུ་རྩ་གསུམ་ནི། །མ་ལུས་གཅིག་ཏུ་དྲིལ་བའོ། །འཁྲུལ་འཁོར་དྲག་པོའི་འབྲུ་ཐུས་ཡིན། །དེ་ལ་དྲག་པོར་སྦྱར་བ་ནི། །སོ་སོའི་ལས་དང་མཐུན་རྫས་དང་། །རིག་པའི་སྟོབས་ལྡན་རྒྱལ་པོ་ཡིས། །གཅིག་ཏུ་སྦྱར་ཞིང་དྲིལ་ངར་བླུད། །བཀའ་ཡི་སྟོབས་ལྡན་རིག་པ་དེས། །ལས་རྣམས་མ་ལུས་འགྲུབ་པར་བྱེད། །དྲག་པོ་གནས་པའི་འཁྲུལ་འཁོར་དེར། །འཁྲུལ་གྱི་ཡི་གེ་དྲག་པོའི་འབྲུ། །མཐུན་པའི་གནས་སུ་དགོད་པ་ཡང་། །རྩ་བ་གནད་ཀྱི་འཁྲུལ་མིག་ལ། །དབུས་སུ་དྲུག་པའི་དང་པོ་སྟེ། །རྡོ་རྗེ་ལྔ་པའི་ཐ་མ་ཡིན། །རིན་ཆེན་ཕྱོགས་སུ་དེ་ཉིད་ལ། །བཅུ་གཉིས་པ་ཡིས་སྟེང་ནས་བརྒྱན། །པདྨར་བཞི་པའི་དང་པོ་གཞག །རལ་གྲིར་སྒྲ་ཡི་དང་པོ་ལ། །ཨུ་ཤ་གཉིས་པ་འོག་ནས་སྦྱར། །དྲུག་པའི་གསུམ་པས་མགོ་ནས་གདགས། །དབྱངས་ཀྱི་བཅུ་པའི་ཡི་གེ་ནི། །ཉེ་བར་སྦྱར་བས་སྟེངས་ནས་བརྒྱན། །དེ་ནི་གནད་ཀྱི་འཁོར་ལོ་ཡིན། །གཉིས་པ་འཁྲུལ་གྱི་འཁྲུལ་མིག་ནི། །བཅུ་གཉིས་ཉེ་བར་གཞག་པ་སྟེ། །ལྔ་པའི་ཐ་མ་ཉེ་བར་གནས། །རྡོ་རྗེའི་རེ་མིག་དེ་ཉིད་ལ། །དྲུག་


DNG015_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གསུམ་པ་གཞག་པར་བྱ། །དེ་ལ་དབྱངས་ཀྱི་གཉིས་པ་རུ། །བཞི་པའི་ཐ་མ་ཉེར་བཞག་སྟེ། །དབྱངས་ཀྱི་གསུམ་པས་སྟེང་ནས་བརྒྱན། །གསུམ་པ་གཉིས་པའི་དང་པོ་བཞག །དེ་བཞིན་བཞི་པར་དྲུག་པ་ཡི། །དང་པོ་བཞག་སྟེ་ལྔ་པར་ནི། །དྲུག་པའི་གནས་སུ་བཞི་པ་ཡི། །ཐ་མ་རྗེས་སུ་གཞག་པར་བྱ། །སྟེང་ནས་དབྱངས་ཀྱི་གསུམ་པས་བརྒྱན། །དེ་འོག་བདུན་པའི་གནས་ཉིད་དུ། །དྲུག་པའི་དང་པོ་ཉིད་བཞག་སྟེ། །བཅུ་གསུམ་པ་ཡིས་སྟེང་ནས་བརྒྱན། །དེ་རྗེས་རྒྱས་པའི་གནས་སུ་ནི། །བཞི་པའི་ཐ་མ་གཞག་པར་བྱ། །དེ་རྗེས་དགུ་པའི་རེ་མིག་ལ། །དྲུག་པའི་གསུམ་པ་ཉེར་བཞག་སྟེ། །དབྱངས་ཀྱི་ལྔ་པས་མགོ་ནས་བརྒྱན། །དེ་འོག་བཅུ་པའི་རེ་མིག་ལ། །དེ་རུ་བཞི་པའི་དང་པོ་སྟེ། །བཅུ་གསུམ་པ་ཡིས་སྟེང་ནས་བརྒྱན། །དེ་རྗེས་བཅུ་གཅིག་པ་ལ་ནི། །སྒྲ་ཡི་བདུན་པ་གསུམ་པ་བཞག །དེ་འོག་བཅུ་གཉིས་འཐིམ་ལ་ནི། །གཉིས་པའི་དང་པོ་གཞག་པར་བྱ། །དེ་ནི་འཁྲུལ་གྱི་འཁྲུལ་མིག་ཡིན། །གསུམ་པ་ཁ་གནོན་འཁོར་ལོ་ནི། །དཔའ་ཕྱོགས་འཁྲུལ་མིག་དེ་ཉིད་ལ། །དབྱངས་ཀྱི་དང་པོ་ཉེ་བར་བཟུང་། །དེ་རྗེས་དེ་བཞིན་གཉིས་པ་ལ། །སྒྲ་ཡི་བདུན་པ་ཐ་མ་བཞག །དེ་འོག་སྒྲ་ཡི་དང་པོ་ལ། །དྲུག་པའི་གསུམ་པ་མགོ་ནས་གདགས། །བཅུ་གསུམ་པ་ཡིས་སྟེང་ནས་བརྒྱན། །དེ་འོག་བཞི་པའི་ཐ་མ་སྟེ། །དེ་རྗེས་བཞི་པའི་དང་པོ་ལ། །བཅུ་གཅིག་པ་ཡིས་སྟེང་ནས་བརྒྱན། །དེ་འོག་ལྔ་པའི་ཐ་མ་ཉིད། །དེ་རྗེས་སྒྲ་ཡི་དང་པོ་སྟེ། །དེ་འོག་བཞི་པའི་དང་པོ་ཡིན། །དེ་ནས་དྲུག་པའི་དང་པོ་སྟེ། །དེ་རྗེས་ལྔ་པའི་བཞི་པ་དང་། །བཞི་པའི་ཐ་མ་ཉེ་བར་བཞག །དེ་འོག་ལྔ་པའི་ཐ་མ་སྟེ། །དེ་འོག་ལེ་ཚེ་དེ་ལ་ནི། །གཉིས་པའི་བཞི་པ་གཞག་པར་བྱ། །དེ་འོག་རེ་མིག་དེ་ལ་ནི། །བཞི་པའི་དང་པོ་གཞག་པར་བྱ། །དེ་རྗེས་དེ་ལ་བསྡུས་པ་ཡི། །སྙིང་པོ་དེ་རུ་དགོད་པར་བྱ། །དེར་རྗེས་ལེའུ་ཚེ་ཉིད་ལ་ཡང་། །སྒྲ་ཡི་དང་པོར་གཞག་པར་བྱ། །དེ་འོག་ཐ་མ་དེ་ལ་ནི། །ལྔ་པའི་གཉིས་པ་ཉེར་


DNG015_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་སྟེ། །དེ་དང་གསུམ་པའི་དང་པོར་སྦྱར། །དེ་བཞིན་ཐུགས་གསུམ་རིམ་པ་ཡིས། །མཐའ་ནས་དབུས་སུ་ལྟོ་སྦྱར་དགོད། །དེ་ནི་དབང་སྡུད་འཁོར་ལོ་ཡིན། །ཕྱི་རིམ་འཁྲུལ་མིག་ཉི་ཤུ་ནི། །སྤུ་གྲི་འཁོར་ལོ་ཞེས་བྱ་སྟེ། །སོ་དང་ལྐུགས་དང་གཅུན་སོགས་བཞི། །མ་ལུས་བྱེད་པའི་རྡོ་རྗེ་ཡིན། །དེ་དག་རིམ་པར་དགོད་པ་ནི། །རྡོ་རྗེ་ཕྱོགས་ཀྱི་དང་པོ་ནས། །རིམ་པ་སྔར་བཞིན་རྗེས་མཐུན་བསྐོར། །ཕྱོགས་ཀྱི་དང་པོར་དྲུག་པ་ཡིས། །དྲུག་པའི་གསུམ་པ་དང་པོ་སྟེ། །དེ་ལ་བདུན་པའི་མཐའ་མར་སྦྱར། །དབྱངས་ཀྱི་གསུམ་པས་སྟེང་ནས་བརྒྱན། །དེ་ཉིད་ཐོག་མར་གཞག་པར་བྱ། །དེ་འོག་བདུན་པའི་གསུམ་པ་ལ། །གསུམ་པའི་དང་པོ་འོག་ནས་སྦྱར། །དེ་ལ་བདུན་པའི་དང་པོ་གདགས། །དབྱངས་ཀྱི་གསུམ་པས་སྟེང་ནས་བརྒྱན། །དེ་འོག་གསུམ་པའི་རེ་མིག་ལ། །ལྔ་པའི་དང་པོ་དེ་ཉིད་ལ། །དྲུག་པའི་གསུམ་པས་འོག་ནས་གདགས། །དེ་ཉིད་དེ་ལ་གཞག་པར་བྱ། །དེ་རྗེས་ལྔ་པའི་ཐ་མ་བཞག །དེ་འོག་ལྔ་པའི་ཐ་མ་ལ། །དབྱངས་ཡིག་དྲུག་པས་མགོ་ནས་གདགས། །དྲུག་པའི་གསུམ་པ་ཉེ་བར་སྦྱར། །དེ་དགོད་དེ་རྗེས་དྲུག་པ་ལ། །གཉིས་པའི་དང་པོ་དགོད་པར་བྱ། །དེ་འོག་དྲུག་པའི་གསུམ་པ་དང་། །སྒྲ་ཡི་དང་པོའི་གསུམ་པ་སྦྱར། །དེ་དགོད་དེ་འོག་བརྒྱད་པ་ལ། །སྒྲ་ཡི་གསུམ་པའི་དང་པོ་དགོད། །དེ་འོག་དགུ་པའི་རེ་མིག་ལ། །སྒྲ་ཡི་གཉིས་པའི་དང་པོ་དགོད། །དེ་འོག་བཅུ་པའི་དྲུག་པ་ཡིས། །གསུམ་པ་དེ་ལ་དགོད་པར་བྱ། །དེ་རྗེས་ལྔ་པའི་ཐ་མ་དགོད། །དེ་འོག་དྲུག་པའི་ཐ་མ་བཞག །དེ་འོག་རེ་མིག་བཅུ་གསུམ་པར། །དྲུག་པའི་དང་པོ་དགོད་པར་བྱ། །དེ་འོག་བཅུ་བཞི་པ་ལ་ནི། །བཞི་པའི་ཐ་མ་དགོད་པ་སྟེ། །དབྱངས་ཀྱི་གསུམ་པས་སྟེང་ནས་བརྒྱན། །དེ་ལ་དེ་ཉིད་དགོད་པར་བྱ། །དེ་རྗེས་རེའུ་མིག་དེ་ཉིད་ལ། །སྒྲ་ཡི་བདུན་པའི་གཉིས་པ་དགོད། །དེ་འོག་རེ་མིག་བཅུ་དྲུག་པར། །སྒྲ་ཡི་དང་པོའི་དང་པོ་ལ། །དབྱངས་ཡིག་ལྔ་པས་འོག་ནས་བརྒྱན། །དེ་


DNG015_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དེ་ཉིད་གཞག་པར་བྱ། །དེ་འོག་བཅུ་བདུན་པ་ལ་ནི། །སྒྲ་ཡི་དྲུག་པའི་གསུམ་པ་ལ། །དབྱངས་ཡིག་ལྔ་པས་འོག་ནས་བརྒྱན། །དེ་ལ་དེ་ཉིད་དགོད་པར་བྱ། །དེ་འོག་བཅོ་བརྒྱད་པ་ལ་ནི། །དེ་ལ་བཞི་པའི་ཐ་མ་བཞག །དབྱངས་ཀྱི་གསུམ་པས་སྟེང་ནས་བརྒྱན། །དེ་ལ་བཀོད་དེ་བཅུ་དགུ་ཡང་། །སྒྲ་ཡི་དྲུག་པའི་གསུམ་པ་ལ། །འོག་ཏུ་སྒྲ་ཡི་ལྔ་པ་ཡི། །གསུམ་པ་དེ་ལ་སྦྱར་བར་བྱ། །དེ་ལ་སྒྲ་ཡི་བཞི་པ་ཡི། །གསུམ་པ་ཉེ་བར་སྦྱར་བར་བྱེད། །དེ་ཉིད་དེ་ལ་དགོད་པ་ནི། །ཐ་མ་ཉི་ཤུ་པ་ལ་ནི། །སྒྲ་ཡི་དྲུག་པའི་དང་པོ་དགོད། །དེ་དག་སྤུ་གྲི་འཁོར་ལོ་སྟེ། །འབྲུ་རྣམས་རིམ་པར་བཀོད་པ་ཡི། །སྦྱོར་བ་འདི་དག་བཤད་པ་ཡིན། །འདི་ནི་བྱ་བར་ཀུན་ལྡན་ཏེ། །རིན་ཆེན་ཡི་གེ་གསེར་གྱི་འབྲུ། །སྦྱར་བས་དྲག་པོ་རྒོད་ཀྱི་མིང་། །དྲིལ་བས་ངར་བླུད་ཨུ་རྨོའི་ཐོག །རྡེབས་པས་རྒྱལ་པོའི་ལས་ཐབས་བསྒྲུབ། །ཅེས་གསུངས་སོ། །དཔལ་གཤིན་རྗེ་ཟླ་གསང་ནག་པོ་རྩ་བའི་རྒྱུད་ལས། རྩ་བའི་འཁྲུལ་འཁོར་ཆེན་པོ་བཀོད་པའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །གཤིན་རྗེའི་གཤེད་པོ་ཉིད་ཀྱིས་གསུངས། །རྣལ་འབྱོར་ལས་སུ་རུང་རྣམས་ཀྱི། །རྟགས་ཀྱི་རིམ་པ་བསྟན་པ་ནི། །དང་པོ་བསྙེན་པའི་གྲུབ་རྟགས་ནི། །བདག་ཉིད་ཕྱག་རྒྱ་འབར་བ་དང་། །ཆོས་སྐུའི་འོད་ཟེར་གསལ་བ་དང་། །རང་སེམས་མི་གཡོའི་ཉམས་དང་ལྡན། །འོད་འབར་སྐུ་ནི་མཐོང་བ་དང་། །ཁམས་གསུམ་བདག་པོ་མ་ལུས་པ། །ཕྱག་འཚལ་བསྐོར་ཞིང་མཆོད་པའོ། །བདག་གིས་འཇིག་རྟེན་དབང་བསྡུས་དང་། །ཁམས་གསུམ་བྷྱོ་ཟློག་བྱེད་པ་དང་། །གཅན་གཟན་བདག་སྒོ་སྲུང་བ་དང་། །ཉི་ཟླ་ཚིག་ཏུ་འཆང་བ་དང་། །མི་བྱིང་ཆུ་ལ་འགྲོ་བ་དང་། །མཚོན་ཆ་ཟས་སུ་ཟ་བ་དང་། །མེ་ཡི་འཁོར་ལོ་བསྐྱོད་པ་དང་། །རྒྱ་མཚོ་ཆེན་པོ་བསྐྱིལ་བ་དང་། །རྒྱལ་བློན་ཕ་མ་སློབ་དཔོན་དང་། །ཁྱི་དང་གཅན་གཟན་མང་པོ་དང་། །བྱམས་པ་སེམས་ཅན་རིགས་མི་མཐུན། །


DNG015_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་མངགས་པའི་ཕོ་ཉའི་འཁོར། །གཞན་ནི་ཇི་སྐད་བསྟན་པ་ཡིན། །རང་རང་ཆ་བྱད་འཛིན་པ་ཡིས། །ཇི་བཞིན་དེ་ཉིད་གཟུགས་སྟོན་པ། །དངོས་དང་སྤྲུལ་པའི་ཕོ་ཉ་སྟེ། །བསྙེན་པ་ཉེ་བར་བསྙེན་པ་ཡི། །སྦྱོར་བ་ལས་ཀྱིས་བྱེད་པའི་རྟགས། །གཞན་ཡང་གོ་ཆས་ལུས་བརྒྱན་པ། །དམག་དཔོན་བྱེད་དང་དགྲ་ཁུགས་དང་། །མཚོན་ཆ་ལག་ན་འབར་བ་དང་། །གྲུ་དང་གླང་པོ་ཞོན་པ་དང་། །གདུགས་དང་རྒྱལ་མཚན་སྒྲ་སྒྲོགས་དང་། །རིན་ཆེན་འདོགས་དང་རྡོ་རྗེ་གསོར། །པདྨའི་ཐོག་ན་འདུག་པ་དང་། །སྒྲུབ་པ་མཆོག་ལ་སྦྱར་བར་བྱ། །གཞན་ཡང་མཆོག་ཏུ་གང་ཡིན་ལས། །རྗེས་སུ་མཐུན་པར་བསྐུལ་བ་དང་། །ཉམས་སྟོབས་ལྡན་ཞིང་དབང་པོ་གསལ། །གཟུགས་དང་སྒྲ་ལ་སོགས་པ་ཡི། །སྔ་ན་མེད་པའི་རྣམ་པ་སྣང་། །ཉོན་མོངས་ཤེས་པའི་ཡུལ་ལས་འབར། །རང་དབང་མེད་པའི་འཚོག་ཅིང་བརྡེག །འདོད་པའི་ཡུལ་ལ་ཤིན་ཏུ་འཚིག །སྔགས་རྣམས་གསལ་ལ་འབར་ཞིང་འདྲིལ། །མི་གཡོ་དེ་བཞིན་མ་ལུས་འཇོམས། །ལྕེ་ལྐོག་ཚ་ལ་གཡའ་བ་དང་། །དཔྲལ་བའི་དཀྱིལ་ནས་ཁ་ཡི་གཙང་། །འབྲུམ་བུ་ཕྲ་མོས་ཁེངས་པ་དང་། །བདེ་བའི་དམ་པ་སྙིང་ལ་ལྡང་། །རྣལ་འབྱོར་འགྲུབ་པའི་ཚད་མ་ཡིན། །དེ་དག་བཟློག་ན་གཞན་དུ་འགྱུར། །བདུད་དང་འཚེ་བའི་བར་ཆོད་ལ། །བཟློག་དང་སྦོག་དང་བསྲུང་བ་བྱ། །བསྙེན་པའི་སྦྱོར་བ་ཉི་མ་བཞི། །དེ་བཞིན་གཉིས་དང་གསུམ་པ་དང་། །སྦྱོར་བ་ཉི་མ་བཞི་ཡིས་འགྲུབ། །སྒྲུབ་པ་ཆེན་པོའང་དེ་བཞིན་ཏེ། །རྣལ་འབྱོར་བློ་ཡི་རིམ་པ་ཡིས། །སྦྱོར་བའི་ཉི་མ་གཅིག་དང་བཞི། །སྦྱོར་བ་གཞན་ལའང་འཇུག་འགྱུར་ཏེ། །དུས་མཚམས་རྟགས་ལ་ལས་ཀྱི་བྱ། །གྲངས་ཀྱི་སྦྱོར་བས་མ་ངེས་འགྱུར། །སྦྱོར་བའི་ལས་ནི་ཚད་མས་འགྲུབ། །ཚད་མ་གཉིས་གསུམ་ཉེ་ལྡན་པས། །མི་འགྱུར་ནག་པོའི་ལས་སུ་གསུངས། །དེ་དག་གསུངས་པའི་རིམ་པ་ཡིས། །སྦྱོར་བ་དང་བྲལ་ལྡན་པའོ། །དམིགས་པ་གནས་ནས་དགུག་པ་ལ། །རྒོད་


DNG015_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

དམ་འདྲེལ་བ་གཞན་གྱུར་ན། །སྦྱོར་བ་བཞི་ཡིས་དགུག་པ་ཡིན། །དམིགས་པ་བདེན་ན་མྱུར་དུ་འགྲུབ། །གླང་ཆེན་དྲུག་དང་སྤྲུལ་པ་བཅུ། །ཡང་སྤྲུལ་ལ་སོགས་གྲངས་མེད་དེ། །ལོ་ཡི་དགྲ་དང་དུས་ཀྱི་དགྲ། །ཟ་མའི་དགྲ་དང་ཚེས་ཀྱིས་དགྲ། །གང་དང་ལྡན་པར་འདྲེལ་བའི་རྟགས། །ཤེས་པའི་རྟགས་ཀྱིས་ཚད་གཟུང་བྱ། །རིམ་པ་ངེས་པའི་ཚད་མ་དང་། །དྲག་པོ་སྔགས་ཀྱི་ཚད་མ་དང་། །རྣལ་འབྱོར་བརྟན་པའི་ཚད་མ་དང་། །ཟས་དང་ཁུགས་པའི་ཚད་མ་དང་། །སྦྱོར་བ་ངེས་པའི་ཚད་མའོ། །ལག་ན་རྡོ་རྗེས་རབ་ཏུ་ཟུང་། །དཔལ་གཤིན་རྗེ་ཟླ་གསང་ནག་པོ་རྩ་བའི་རྒྱུད་ལས། ཉམས་སུ་བླང་བའི་ཚད་མ་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་གཤིན་རྗེའི་གཤེད་ཀྱིས། སྒྲུབ་པའི་ཐབས་ཀྱི་རིམ་པ་འདི། །ལག་ན་རྡོ་རྗེ་ལ་བཤད་པ། །འཁོར་ལོ་སྦྱར་བའི་འབྲུ་སྡེབས་པ། །སྒྲུབ་པ་ལས་ཀྱི་བསྙེན་པ་འདི། །ཨ་ཏི་རུ་ནའི་སྲན་གནས་བཞིན། །ཤྲཱི་མཱ་ཛཱ་འདྲེལ་བསྡེབས་པས། །མགོ་གཅིག་ནག་པོ་དབུས་ནས་བཟུང་། །གོ་རིམ་བཞིན་དུ་ཕྱོགས་མཐུན་པར། །མུ་ཁྱུད་གཉིས་ལ་ཐུག་པ་སྟེ། །མུ་ཁྱུད་གསུམ་པ་ལ་སོགས་པ། །གནས་སྐབས་བཞིན་དུ་བརྗོད་པ་ཡིན། །རྣལ་མར་རྗེས་སུ་བསྐོར་ནས་ནི། །རེའུ་མིག་བདུན་པའི་འབྲུ་སྡེབས་པ། །དབུས་སུ་གཤིན་རྗེའི་སྐུ་གཟུགས་ཏེ། །འཁོར་ལོའི་ཚུལ་དུ་བསྐོར་ནས་ནི། །དབུས་ནས་ཐ་མ་བདུན་པའི་བར། །ཡོན་ཏན་རྫོགས་པ་རྒྱལ་པོའི་འབྲུ། །དེ་ཡི་མགོར་ཡང་དེ་བཞག་ལ། །རིམ་གྱིས་བགྲངས་ཏེ་དྲག་སྔགས་བདུན། །སྟོབས་བདུད་འཇུག་པའི་ཡི་གེ་ལ། །འགུགས་པ་གསུམ་གྱིས་བསྡེབས་བྱས་ནས། །ཕྲེང་སྔགས་བདུན་དུ་སྦྱར་བ་ནི། །མྱོས་བྱེད་རྒྱལ་པོ་གཤིན་རྗེའི་གཤེད། །འགུགས་ཤིང་ལས་ལ་སྦྱོར་བར་བྱེད། །ཨུ་ལི་ཀ་དང་


DNG015_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ་བ་ཡིན། །ཇི་སྐད་བཤད་པ་དེ་བཞིན་དུ། །ཕྱོགས་བཞི་ཀུན་ཏུ་སྦྱར་བ་ནི། །དྲག་སྔགས་བཅུ་གཉིས་བརྒྱད་ཡིན་ཏེ། །རྗེས་སུ་མཐུན་པའི་རྒྱན་སྔགས་ཀྱིས། །ཉེ་བར་སྦྱར་ནས་ལས་ཀུན་བྱེད། །ཤྟི་ཀ་ཤྲི་བན་ཙའི་འགྲོས་ཀྱང་དེ་བཞིན་སྡེབས་པ་སྟེ། །ལས་ཀུན་ཉེ་བར་རྫོགས་བྱེད་ཡིན། །གཞན་ཡང་འཁྲུལ་མིག་བཅུ་བདུན་ལས། །མི་འགྱུར་ལ་སོགས་འབྲུ་སྦྱར་ལ། །འཁྱིལ་པ་སྦྲུལ་གྱི་འདུག་སྟངས་ཀྱིས། །དེ་ཚེ་པ་ཏོའི་རིམ་པར་བསྡེབ། །དང་པོ་མུ་ཁྱུད་ནང་མ་ཡིན། །འབྲུ་རྣམས་རིམ་པར་བསྡེབ་པ་ནི། །དབུས་ཀྱི་འཁོར་ལོ་གློའུ་སྒོ། །དབུས་ནས་ཕྱོགས་མཐུན་སྔགས་བཞིན་བྱ། །རྣམ་པར་བསྐོར་ཏེ་ཀྵེ་ལ་ཐུག །དེ་ནས་སྦྲུལ་གྱི་སྔགས་བཞིན་འཕྲོ། །བཟུང་སྟེ་མུ་ཁྱུད་གཉིས་པ་ལ། །དེ་བཞིན་བསྐོར་ཏེ་རྫོགས་པ་ནི། །ཡི་གེ་བཅུ་བདུན་འཁོར་ལོ་གཅིག །སྔགས་ཀྱི་སྦྱོར་བ་གསང་བ་སྟེ། །མ་ཀ་མན་འདྲའི་སྦྱོར་བ་ཡིན། །ཉེ་བས་སྦྱང་ནས་འཕྲལ་བྱས་ནས། །རྫོགས་པར་ལས་རྣམས་བཞི་བསྒྲུབ་ན། །དབུས་ནས་རིམ་པར་སྦྱར་བཞིན་དུ། །དེ་བཞིན་ཡིག་འབྲུ་བཞི་བཞིར་བསྡེབ། །དུས་མཚམས་སྦྱོར་བ་ཤེས་པ་ཡིན། །དེ་ཡི་སྦྱོར་བ་འདི་ལྟ་སྟེ། །དབུས་ཀྱི་དྲག་པོའི་འབྲུ་རྣམས་ནི། །འཁྱིལ་པ་སྦྲུལ་གྱི་སྔགས་བཞིན་བསྡེབ། །དེ་བཞིན་འཕྲོས་ནས་རིམ་བཞིན་དུ། །བཞི་བཞི་མཐུན་པར་དེ་བཞིན་དུ། །མགོ་དང་མཐའ་རྟེན་སྔ་མ་བཞིན། །གང་བྱེད་ལས་ཀྱི་རྗེས་སུ་སྦྱར། །ལུས་དང་ཡན་ལག་ཀུན་བསྒྲུབ་པའོ། །དེ་འོག་ཆུ་སྲིན་ཏ་པ་ལའི། །འགྲོས་ཀྱིས་ཉེ་བར་སྡེབས་གྱུར་ན། །སྐབས་ཀྱི་སྦྱོར་བའི་ལས་ཀུན་བྱེད། །འཁྱིལ་པ་སྦྲུལ་གྱི་འདུག་སྟངས་བཞིན། །སྦྱར་བ་རིན་ཆེན་སྔགས་དེ་གཉིས། །བཅུ་བདུན་སྔགས་ཀྱི་སྦྱོར་བ་ཡིས། །ལས་དང་མཐུན་དང་འདྲེན་པ་གཅིག །མཚན་ཉིད་འཇོམས་པར་རྒྱུད་དང་བསྐོལ། །མཆོག་ཏུ་བསྒྲགས་ཤིང་དམིགས་འཇུག་པའོ། །སྒྲུབ་པ་ཆེན་པོའི་སྦྱོར་བ་ལ། །འཕེན་པའི་ཡན་ལག་ལྔ་ཉིད་ལྡན། །འཕེན་པ་གཅིག་གི་སྦྱོར་བ་སྟེ། །


DNG015_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་པོ་སྟོབས་ཀྱི་ཡན་ལག་ཡིན། །བཅུ་དང་གསུམ་གཉིས་ཡན་ལག་གཅིག །དྲག་པོ་འཕེན་པའི་དྲིལ་སྒྲོགས་གསུམ། །བར་ཆོད་སྤྲུལ་པའི་མཚོན་ཆ་ཡིས། །འཕེན་པ་དབུགས་ཀྱི་སྦྱོར་བ་སྟེ། །འཕངས་པས་ཙཀྲ་མ་ཧཱ་རཱ་ཙའི་ཐོག །རྒྱུ་བ་ནག་པོའི་ལྔ་ཡི་གཟེར། །འཕྲོག་པ་བྲལ་དང་སྡུག་པར་བྱེད། །དེ་ཅི་བག་ཚ་སྦྱོར་བ་ནི། །ལས་ལ་ཉེ་བར་འཇོག་བྱེད་པའི། །སྒྲུབ་པའི་བསྙེན་པ་དེ་ཉིད་ཀྱང་། །ཐོག་མར་རིམ་གྱིས་གསང་ལ་སྦྱར། །རྗེས་སུ་བརྡའ་དང་ལྡན་པ་ལ། །འཁྲིལ་པ་སྦྲུལ་གྱི་སྦྱར་ཐབས་ཀྱིས། །ཡན་ལག་བཅུ་བདུན་འཁོར་ལོ་གཅིག །དེ་ཉིད་སྦྱོར་བ་དང་པོ་ཡིན། །དེ་ཉིད་དབུས་ཀྱི་སྦྱོར་བ་ཡིས། །ཏ་ར་ལ་ཡི་འགྲོས་བཞིན་ཏེ། །འཁོར་ལོ་ཕྱི་རིམ་རེ་མིག་ལ། །ཕྲེང་བ་རིམ་པ་ཇི་བཞིན་ཏེ། །སྔ་མ་ཇི་བཞིན་དེ་ཉིད་ལ། །ཐད་ཀའི་ཕྱི་རོལ་རེའུ་མིག་ཉིད། །གསུམ་གསུམ་དོར་ཞིང་འབྲུ་སྦྱར་ནས། །ལྷག་མ་དེ་བཞིན་རྗེས་སུ་སྦྱར། །སྤུ་གྲི་འཁོར་ལོ་ལ་སོགས་པ། །སྐབས་ཀྱིས་སྦྱར་ན་མ་ལུས་འགྲུབ། །གསད་པ་མཆོག་གི་སྦྱོར་བ་ཡིན། །དྲག་པོ་བརྒྱད་དམ་བཅུ་པ་ཡི། །འཁོར་ལོ་ལས་མཐའི་རིམ་པ་ཡིས། །གནས་ཀྱིས་གྲོང་ཁྱེར་ཆེན་པོ་རུ། །གཏད་དང་གནན་པ་རིམ་བཞིན་བྱའོ། །ཞེས་གསུངས་སོ། །དཔལ་གཤིན་རྗེ་ཟླ་གསང་ནག་པོ་རྩ་བའི་རྒྱུད་ཆེན་པོ་ལས། དྲག་པོ་འཁོར་ལོ་སྒྲུབ་པའི་རིམ་པ་ཐུགས་ཀྱི་ཙཀྲ་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་གཤིན་རྗེའི་གཤེད་པོ་ཡིས། །འཁོར་ལོ་མཆོག་གི་ལས་འདི་རྣམས་གསུངས་སོ། །འཕྲུལ་མིག་ཨཀྴའི་མཱུ་ལ་རྣམས། །འཁོར་ལོ་སྦྱོར་བའི་རིམ་པ་གཉིས། །ཕྱོགས་ཀྱི་དང་པོ་ནས་བཟུང་སྟེ། །རིམ་པ་རྣལ་མའི་རྗེས་སུ་བསྐོར། །དབུས་ཀྱི་འབྲུ་གཅིག་ཐོག་མར་སྦྱར། །རྗེས་སུ་ཕྱི་རོལ་གསུམ་གསུམ་སྦྱར། །རྡོ་རྗེས་ནམ་མཁར་རེ་ཏྲི་དུས། །རེག་བྱ་ལུས་དང་རྣ་བ་ལྕེ། །སྒྲ་དང་ཆུ་སྣ་མིག་ཏུ་སྦྱར། །དེ་དག་དེ་བཞིན་རིམ་སྦྱར་ལ། །ཡ་མ་ཀ་


DNG015_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སུ་སི་སྡི། །བྷེ་ཧ་རོ་ཡི་སྦྱོར་བ་ཡིན། །རིམ་པ་གཞན་ཡང་བཤད་བྱ་བ། །དབུས་ཀྱི་འབྲུ་ལྔ་རིམ་སྦྱར་བས། །མཚམས་ཀྱི་གཉིས་པ་དེ་རྗེས་སྦྱར། །ལས་ཀྱི་བྱེ་བྲག་སྦྱོར་བཞི་ཡིས། །ལས་རྣམས་དེ་བཞིན་བྱེད་པ་ཡིན། །དེ་ཡི་བྱེ་བྲག་ཉེར་བསྟན་པ། །རླུང་དང་ས་དང་སྒྲ་རེག་བྱ། །ནམ་མཁའི་ཡིད་གཟུགས་དང་པོ་ཡང་། །ཐ་མ་ཉིད་ལ་སྦྱར་བ་སྟེ། །དེ་དག་རིམ་བཞིན་སྦྱར་བས་ནི། །དེ་ནི་བདག་དབང་སྡི་པི་སྟེ། །རིམ་པ་ཡན་ལག་གཞུང་བཞིན་ནོ། །གཞན་ཡང་རིམ་པ་བསྡེབ་བྱ་བ། །རླུང་སྒྲ་རེག་བྱ་ནམ་མཁའ་ལས། །མེ་དང་ལྟ་བྱེད་ཉིད་སྦྱོར་ཏེ། །ཀུན་གྱི་ཐ་མར་དེ་བཞིན་རླུང་། །རིམ་པས་རྗེས་སུ་བསྡེབ་པར་བྱ། །དེ་ནི་རྒྱལ་པོ་བློན་པོ་སོགས། །ནག་པོ་གདུག་པའི་སེམས་ལྡན་ཀུན། །བདག་གི་དབང་དུ་མ་གྱུར་ན། །མཐའ་འཁོབ་འཕར་མའི་ཡུལ་དུ་བསྐྲད། །དེ་བཞིན་རིམ་པ་གཞན་ཡང་ནི། །རླུང་དང་རེག་བྱ་ནམ་མཁའ་ས། །སྒྲ་དང་ལྕེ་དང་དེ་བཞིན་སྣ། །རིམ་པ་དེ་བཞིན་སྦྱར་བ་ནི། །དེས་ནི་མྱོས་དང་འབོག་པར་བྱེད། །རིམ་པའི་ཆོ་ག་ལྡན་པ་ཡིས། །རྣམ་པ་གཞན་ཡང་བྱེད་པ་ཡིན། །གཞན་ཡང་དབྱེ་བའི་སྦྱོར་བ་ནི། །བྷི་ཀ་ཡ་ཕྲེང་འབྱེད་པ་སྟེ། །འདི་ཡི་སྦྱོར་བ་ཡང་དག་ནི། །རླུང་དང་ནམ་མཁའ་ས་སྒྲ་དང་། །རེག་བྱ་དུས་དང་དྲི་རྣམས་ཏེ། །ཐོག་མའི་རླུང་ནི་མཐར་ཡང་སྟེ། །རིམ་པ་དེ་བཞིན་སྦྱར་བར་བྱ། །སྡང་བའི་གནོད་པ་མ་ལུས་པ། །མི་མཐུན་རིགས་སུ་འབྱེད་པ་སྟེ། །ལས་ཀྱི་དབྱེ་བ་མ་ལུས་བྱེད། །རང་ལ་རང་ཡང་འཇོམས་བྱེད་ཅིང་། །རིགས་གཅིག་རྒྱུད་ཀྱང་འབྱེད་པར་བྱེད། །དེ་དག་རིམ་པའི་སྦྱོར་བ་ནི། །ཤ་ཟ་མགོ་བཞི་དེ་ལྕེ་གཉིས། །སྦྲུལ་ཆེན་གདུག་པའི་འཁོར་ལོ་ཡིས། །ཡན་ལག་དྲག་པོའི་སྦྱོར་བ་བྱེད། །མཆོག་གི་ལས་ལ་སྦྱོར་བ་ཡིན། །གཞན་ཡང་ཡན་ལག་བརྗོད་པ་ནི། །ཧ་ནུ་གནོན་པའི་བེ་ག་ཏ། །འཁྲུལ་པར་བྱེད་པའི་འཁོར་ལོ་བཞི། །ལས་དང་བྱེད་པའི་སྦྱོར་བ་ནི། །འདི་ལྟར་


DNG015_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

གོ་རིམ་བཞིན་དུ་བསྡེབ། །གཟིར་དང་ལྐུགས་དང་སྨྱོ་བ་དང་། །རེངས་པ་ལ་སོགས་བྱ་བ་བཞི། །སྦྱོར་བ་འདི་ཡིས་བྱེད་པ་སྟེ། །རླུང་དང་ནམ་མཁའ་རོ་ཡི་གཟུགས། །མེ་དང་ལྟ་བྱེད་སྣ་དང་ཆུ། །སྒྲ་དང་དེ་བཞིན་ཐོག་མའི་རླུང་། །རིམ་པ་ཇི་བཞིན་ཉིད་སྦྱར་བ། །དང་པོ་ལས་སུ་བདེ་བ་ཡིན། །དེ་བཞིན་རླུང་སྒྲ་ཆུ་དང་ལྕེ། །རྣ་བ་ལུས་དང་དུས་དང་དྲི། །རོ་དང་ནམ་མཁའ་དེ་བཞིན་རླུང་། །དེ་དག་ཇི་བཞིན་རིམ་པར་བྱ། །དེ་བཞིན་གཉིས་པའི་སྦྱོར་བ་ཡིན། །གསུམ་པའི་སྦྱོར་བ་འདི་ལྟ་སྟེ། །རླུང་དང་ས་མེ་ལྟ་བྱེད་སྣ། །མཆུ་དང་ལྕེ་དང་རྣ་བ་ལུས། །རེག་བྱ་རླུང་ནི་ཐོག་མཐའ་མེད། །དེས་ནི་སྦྱོར་བ་གཞན་ཡང་བྱེད། །དེ་བཞིན་རིམ་པ་ཐ་མ་ནི། །རླུང་དང་རེག་བྱ་དུས་དུས་དང་། །དྲི་དང་རོ་དང་ཡིད་གཟུགས་མེད། །དེ་བཞིན་ཐོག་མ་བར་མཐའ་སྦྱར། །གཡོ་བ་མེད་ཅིང་རེངས་པར་བྱེད། །རིམ་པ་དེ་བཞིན་ལས་རྣམས་ནི། །བྱ་བ་སོ་སོར་སྒྲུབ་པར་བྱེད། །རྐྱེན་དང་སྦྱོར་བ་གཞན་ལ་འཇུག །སྦྱོར་བ་མཆོག་གི་དམ་པ་ཡིན། །དེ་བཟློག་པ་ཡི་བྱ་བ་ཡིས། །མི་རྒྱུ་གཡོ་བ་མེད་པ་དང་། །འཇུག་བྱེད་ལྡོག་པ་མེད་པའི་ལས། །མཆོག་ཏུ་གསང་བ་བཞི་ཡིན་ནོ། །རྣལ་འབྱོར་བདེ་བ་གནས་པས་བྱ། །ཡང་ན་གལ་ཏེ་བདེ་མིན་འཆིང་། །སྡུག་བསྔལ་སྣ་ཚོགས་འགྲུབ་པར་འགྱུར། །དེ་བས་ཤིན་ཏུ་ཐབས་བསྟན་བྱ། །སྟོབས་མེད་ལམ་གྱིས་གཉི་ག་འཆིང་། །འཆིང་མེད་གྲོལ་བའི་སྟོབས་ཀྱིས་བྱའོ། ། དཔལ་གཤིན་རྗེ་ཟླ་གསང་ནག་པོ་རྩ་བའི་རྒྱུད་ལས། ལས་ཚོགས་བསྡུས་པའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་གཤིན་རྗེའི་གཤེད་ཀྱིས། འཁྲུལ་འཁོར་གྱི་མཚོན་ཆ་མེ་ལྕེ་ལྟ་བུའི་རིམ་པ་འདི་གསུངས་སོ། །སྤུ་གྲི་གཅོད་བྱེད་འཁོར་ལོ་ནི། །གཅོད་ཅིང་སྲེག་པས་སྐེམ་པ་ལ། །ཐིམ་ཞིང་གནོན་པས་ས་གཞི་བཞིན། །སྡུད་ཅིང་འཇོམས་པས་ཀུ་བེ་ཧྭ། །འདི་ནི་ཆུ་སྲིན་སེར་མོ་བཞིན། །ཟིན་པས་གཏོང་


DNG015_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

པར་མི་བྱེད་པས། །དྲག་པོ་མེ་ཡི་སྦྱོར་བ་ཡིན། །དེ་ཡི་རིམ་པ་འདི་ལྟ་སྟེ། །ཕྱི་རིམ་སྦྱོར་བའི་འཁོར་ལོ་ཉིད། །བརྒྱད་གཉིས་དང་ལྡན་པ་ཡི་འབྲུ། །རྡོ་རྗེ་ཕྱོགས་ཀྱི་དང་པོ་ནས། །རྣལ་མའི་ཚུལ་བཞིན་རྗེས་མཐུན་བསྐོར། །ཕྱོགས་ཀྱི་དང་པོ་ནས་བཟུང་སྟེ། །དེ་ཉིད་མཐར་ཐུག་རིམ་པ་ཡིས། །མ་ལུས་དྲིལ་བའི་ཕྲེང་བ་གཅིག །ཨ་མུ་ཀ་ཡི་མིང་བཅས་པ། །འབྲས་བུ་གཞོམ་དང་ལོངས་སྤྱོད་གཞོམ། །གཞོམ་པའི་ལས་རྣམས་ཀུན་ལ་ཤིས། །དེ་བཞིན་ཕྱོགས་ཀྱི་དང་པོ་གཉིས། །རིམ་པ་ཀུན་ལ་མགོ་དྲངས་ཏེ། །ཨང་གའི་སྤུ་དང་འདྲ་བ་ཡིན། །དེ་འོག་གསུམ་པ་ལ་སོགས་པའི། །རེ་མིག་བཅུ་ཡི་འབྲུ་བཅུ་མིང་། །འཁོར་ལོ་འདབ་མའི་སོང་ནས་ལྐུག །བཙུན་དང་བརྒྱན་དང་སྔགས་དང་འདྲ། །སྐབས་ཀྱི་འགྱུར་ཞིང་འཕེན་པ་དང་། །དེ་རྗེས་རིམ་པའི་འབྲུ་བརྒྱད་ནི། །འཁོར་ལོ་འབར་བའི་མཆུ་དང་འདྲ། །དེ་ནི་ཀུན་གྱིའང་མཇུག་ལ་གདགས། །རིམ་པ་དེ་ལྟར་དེ་ཉིད་དུ། །ཀུན་གྱི་མཇུག་ལ་སྦྱར་བར་བྱ། །དེ་དག་རིམ་པ་འདི་ཡིན་ཏེ། །ཐོག་མར་འབྲུ་གཉིས་དེ་རྗེས་ལ། །གསུམ་པ་ལྔ་པ་བདུན་པ་རྣམས། །རིམ་པར་སྦྱར་ཞིང་དེ་བཞིན་བསྡེབ། །འབྲུ་བཅུའི་བར་དུ་རྫོགས་སྦྱར་བ། །དབང་པོ་ལྔ་ནི་འཇོམས་བྱེད་དེ། །མཆོག་ཏུ་སྐྱེས་པ་ཕོ་མོ་ཡིས། །དབང་པོ་གཉིས་པོ་འཇོམས་པར་བྱེད། །སའུ་ཏ་རུ་འགྱུར་བ་ཡིན། །དེ་བཞིན་རིམ་པ་གཉིས་གཉིས་དོར། །བཞི་པའི་རིམ་པར་སྦྱར་བྱ་སྟེ། །འབྲུ་བཅུ་མ་ལུས་དྲིལ་བ་ནི། །ཆ་འབྱེད་སྦྱོར་བ་མ་ལུས་པའི། །འབྱེད་དང་འཁྲུག་པ་རྣམ་དག་འབྱེད། །དེ་བཞིན་ཕྱོགས་ཀྱི་དང་པོ་ནས། །གཟུང་སྟེ་གཉིས་དོར་འབྲུ་བཅུའི་རིམ། །གསུམ་གསུམ་དོར་ན་རིམ་བསྡེབ་དང་། །དེ་བཞིན་བཞི་བཞི་དོར་བྱས་ཏེ། །དེ་ལྟར་རྫོགས་པར་བསྡེབ་པ་ནི། །བསྐྲད་དང་སྨྱོ་འབོག་རིམ་པ་སྟེ། །དྲག་པོའི་ཡན་ལག་གཉིས་བསྡུས་ཤིང་། །དེ་དག་ཡན་ལག་བརྗོད་པ་རྣམས། །དྲག་པོ་སྤོགས་པའི་ཡན་ལག་ལ། །རིམ་པས་དེ་བཞིན་བརྗོད་


DNG015_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ། །ཧ་ལ་ནག་པོ་རྩ་བའི་རི། །ཀོ་བ་སྦྱོར་བ་ཇི་བཞིན་དུ། །བག་དང་ལྡན་པར་བྱ་བར་བཤད། །གསད་པ་ཉིད་ལ་གདགས་པ་ཡིན། །མཆོག་གི་རིམ་པ་འདི་དག་སྟེ། །ཕྱོགས་ཀྱི་དང་པོ་འབྲུ་གཉིས་དང་། །དེ་བཞིན་གསུམ་པ་བཞི་པ་དང་། །རིམ་བསྡེབ་དེ་བླང་དེ་དོར་བྱ། །ཐ་མའི་འབྲུ་བརྒྱད་རིམ་པ་ཡིས། །རྗེས་སུ་ཉེ་བར་སྦྱར་བ་སྟེ། །དེ་དག་རིམ་པར་སྦྱར་བ་གཅིག །དེ་ནི་དང་པོའི་ཉི་མ་ཡིན། །དེ་བཞིན་ཐོག་མའི་འབྲུ་གཉིས་དང་། །གཉིས་དོར་ལྔ་པའི་དྲུག་པ་གཉིས། །དེ་རྗེས་ཐ་མའི་འབྲུ་དགུ་གདགས། །དེ་ནི་སྦྱོར་བ་གཉིས་པ་ཡིན། །དེ་ལྟར་ཐོག་མའི་འབྲུ་གཉིས་དང་། །བདུན་བརྒྱད་དགུ་པའི་བཅུ་པའི་རིམ། །ཐ་མའི་འབྲུ་བརྒྱད་བསྡེབ་པ་ཡིན། །དེ་དག་སྦྱོར་བ་གསུམ་པ་ཡིན། །ཐོག་མའི་འབྲུ་གཉིས་དེ་རྗེས་སུ། །ཐོག་མའི་འབྲུ་བཅུ་རིམ་སྦྱར་ལ། །སྦྱོར་བའི་རིམ་པ་བཞི་པ་སྟེ། །གསད་པ་ཉིད་ལ་བརྗོད་པ་ཡིན། །དུས་མཚམས་སྦྱོར་བ་བཞི་དང་ལྡན། །རྣོ་བ་སྤུ་གྲིའི་སོ་བཞིན་ཏེ། །གཅོད་པ་མཚོན་ཆེན་འཁོར་ལོ་ལྟར། །གང་ཡིན་དེ་ཉིད་དེ་བྲལ་འགྱུར། །གང་དང་ལྡན་ན་དེ་ཐོགས་མིན། །འདི་དག་སྦྱོར་བ་བསྔགས་པའོ། །གཞན་ཡང་རིམ་པའི་དབྱེ་བ་ནི། །ཐོག་མའི་འབྲུ་གཉིས་བཞི་པ་དང་། །དྲུག་པ་བདུན་དང་བརྒྱད་པ་སྟེ། །བཅུ་དང་བཅུ་གཅིག་བཅུ་གཉིས་ཏེ། །དེ་བཞིན་བཅུ་གསུམ་པར་སྡེབ་པ། །ཐབས་སྟོན་སྐབས་དང་ལྡན་པར་སྦྱར། །དགུ་པའི་ལས་ལ་འཇུག་པའོ། །དེ་དག་སྤུ་གྲིའི་འཁོར་ལོ་སྟེ། །འབིགས་དང་གཅོད་པར་བྱེད་པ་ཡི། །རྡོ་རྗེ་འཁོར་ལོའི་སྤུ་གྲི་ཡིན། །དེ་དག་རྣལ་མའི་སྦྱོར་བ་ཡིན། །སྒྲུབ་པའི་སྐབས་སུ་སྦྱོར་བར་བྱའོ། །དཔལ་གཤིན་རྗེ་ཟླ་གསང་ནག་པོ་རྩ་བའི་རྒྱུད་ལས། གཅོད་བྱེད་སྤུ་གྲི་ལས་སྣ་ཚོགས་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།


DNG015_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བཅོམ་ལྡན་འདས་གཤིན་རྗེའི་གཤེད་ཀྱིས་འཁྲུལ་འཁོར་སྔགས་ཀྱི་བཏུས་ཐབས་ཤེས་རབ་གཉིས་སུ་མེད་པ་འདི་གསུངས་སོ། །ཐབས་དང་ཤེས་རབ་བྱེ་བྲག་གིས། །སྒྲ་དང་དབྱངས་ཀྱི་སྦྱོར་བ་ལས། །དྲག་པོ་སྔགས་ཀྱི་འབྲུ་བཏུས་ཀྱིས། །བྱ་བ་མ་ལུས་སྒྲུབ་པར་བྱེད། །སྒྲ་ནི་འཇུག་པའི་རྒྱུ་ཡིན་ཏེ། །དབྱངས་ནི་སྦྱོར་བའི་རྐྱེན་དུ་བཤད། །དེ་ནི་ཉེ་བར་བསྟན་པ་སྟེ། །འཇིག་རྟེན་འདས་དང་མ་འདས་པའི། །རིག་པ་གཉིས་འཛིན་སྦྱོར་བའོ། །རྫོགས་ལྡན་སྦྱོར་བ་ཐམས་ཅད་དེ། །ཡོན་ཏན་རྫོགས་པའི་ཡི་གེ་བཞག །དེ་འོག་དབྱངས་ཡིག་དང་པོ་སྟེ། །དེ་རྗེས་སྒྲ་ཡི་དང་པོ་ལ། །སུ་མུ་ནི་ཡི་གསུམ་པ་ཡིས། །དེ་ཡི་འོག་ནས་ཉེ་བར་སྦྱར། །དབྱངས་བཅུ་གཉིས་པས་སྟེང་ནས་བརྒྱན། །དེ་འོག་བཞི་པའི་དང་པོ་ལ། །དབྱངས་བཅུ་གཅིག་པས་སྟེང་ནས་བརྒྱན། །སྒྲ་ཡི་དང་པོ་ཉེ་བར་བཞག །སྒྲ་ཡི་དྲུག་པའི་དང་པོ་སྟེ། །དེ་འོག་ལྔ་པའི་ཐ་མ་བཞག །ཉེ་བར་བཞི་པའི་དང་པོ་སྟེ། །དེ་རྗེས་སྒྲ་ཡི་དང་པོ་བཞག །བདུན་པའི་ཨུ་ཤའི་དང་པོ་སྟེ། །དེ་འོག་བཞི་པའི་ཐ་མ་བཞག །ལྔ་པའི་ཐ་མ་ཉེ་བར་ཏེ། །བཞི་པའི་དང་པོ་མཐུན་པར་གདགས། །ལྔ་པའི་གསུམ་པ་ཉེ་བར་ཏེ། །བཞི་པའི་ཐ་མ་དེ་ལ་སྦྱར། །དེ་རྗེས་གཉིས་པའི་ཡི་གེ་བཞག །བསྡུ་བའི་ཡི་གེ་སྦྱར་བ་ཡིན། །བདུན་པ་ཨུ་ཤའི་ཐ་མ་ལ། །དབྱངས་ཀྱི་དྲུག་པས་འོག་ནས་བརྒྱན། །སྒྲ་ཡི་བདུན་པས་སྟེང་ནས་ཏེ། །ལྔ་པའི་ཐ་མ་དེ་རྗེས་བརྒྱན། །དེ་འོག་ལྔ་པའི་གཉིས་པ་ལ། །གསུམ་པའི་དང་པོ་ཉེ་བར་སྦྱར། །འདི་ནི་སྐུ་ཡི་འཁོར་ལོའི་བཅུད། །ཕྲེང་བ་བསྡུས་པའི་མཆོག་ཡིན་ནོ། །གཞན་ཡང་ཐུགས་ཀྱི་འཁོར་ལོ་ནི། །བདུད་འཇོམས་བདེན་པ་དབུ་རུ་བཞག །དྲུག་པའི་གསུམ་པ་ཀླད་ནས་ཏེ། །ཨུ་ཤའི་ཐ་མས་འོག་ནས་བརྒྱན། །དེ་འོག་ལྔ་པའི་བཞི་པ་ལ། །དབྱངས་ཀྱི་གཉིས་པ་འོག་ནས་གདགས། །


DNG015_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་ཀྱི་གསུམ་པས་སྟེང་ནས་བརྒྱན། །དེ་འོག་ཨུ་ཤའི་དང་པོ་ལ། །གསུམ་པའི་དང་པོ་སྦྱར་བ་སྟེ། །དེ་ལ་དྲུག་པའི་གསུམ་པས་བརྒྱན། །དབྱངས་ཀྱི་གསུམ་པས་སྟེང་ནས་བརྒྱན། །དེ་འོག་ལྔ་པའི་བཞི་པ་ལ། །དབྱངས་ཀྱི་གསུམ་པས་སྟེང་ནས་བརྒྱན། །དེ་འོག་སྒྲ་ཡི་དང་པོ་ལ། །དྲུག་པའི་གསུམ་པས་འོག་ནས་བརྒྱན། །དབྱངས་ཀྱི་གསུམ་པས་སྟེང་ནས་བརྒྱན། །སྒྲ་ཡི་བཞི་པའི་དང་པོས་བརྟེན། །དེ་འོག་གསུམ་པའི་ཐ་མ་ལ། །བཞི་པའི་ཐ་མས་ཉེ་བར་སྦྱར། །དེ་རྗེས་བསྡུ་བའི་སྙིང་པོ་གསུམ། །སྒྲ་ཡི་དང་པོ་གསུམ་པར་སྦྱར། །སྒྲ་ཡི་དྲུག་པའི་གསུམ་པ་ལ། །དབྱངས་ཀྱི་ལྔ་པས་འོག་ནས་བརྒྱན། །སྒྲ་ཡི་ལྔ་པའི་དང་པོ་བཞག །དེ་འོག་བཞི་པའི་ཐ་མ་ལ། །དབྱངས་ཡིག་གསུམ་པས་སྟེང་ནས་བརྒྱན། །དེ་རྗེས་བསྡུས་པའི་སྙིང་པོ་གསུམ། །བསྐྲད་པའི་ཡི་གེ་ནག་པོ་གསུམ། །གསུང་གི་ཡི་གེ་ཕྲེང་བའོ། །སྐུ་གསུང་ཐུགས་ཀྱི་ཕྲེང་བ་འདི། །བཅུད་ཀྱི་འཁོར་ལོའི་ཡི་གེའོ། །མཚན་མ་གསུམ་གྱིས་དགུག་པ་ནི། །ཐོག་མར་བསྡུ་བའི་སྙིང་པོ་ཧཱུཾ། །དེ་འོག་ཨུ་ཤའི་གསུམ་པ་སྟེ། །དེ་རྗེས་ལྔ་པའི་ཐ་མ་བཞག །དྲུག་པའི་དང་པོ་ཉེ་བར་ཏེ། །དེ་འོག་ལྔ་པའི་ཐ་མ་བཞག །དེ་རྗེས་དྲུག་པའི་དང་པོ་བཞིན། །དེ་ཡང་དྲུག་པའི་དང་པོ་དེ། །དེ་འོག་ལྔ་པའི་ཐ་མ་བཞིན། །དེ་འོག་ལྔ་པའི་གསུམ་པ་ལ། །ཉེ་བར་དང་པོའི་གསུམ་པ་བཞག །དེ་འོག་དང་པོའི་དང་པོ་བཞག །དེ་ནས་དྲུག་པའི་དང་པོ་ལ། །དེ་རྗེས་གཉིས་པའི་དང་པོ་ལ། །དབྱངས་ཀྱི་གསུམ་པས་སྟེང་ནས་བརྒྱན། །དེ་འོག་དང་པོའི་དང་པོ་ལ། །དེ་ནས་དྲུག་པའི་གསུམ་པ་ལ། །གསུམ་པའི་གསུམ་པས་ཉེ་བར་བཞག །དེ་རྗེས་གསུམ་པའི་ལྔ་པ་ལ། །དབྱངས་ཀྱི་གསུམ་པས་སྟེང་ནས་བརྒྱན། །དེ་འོག་དང་པོའི་དང་པོ་ལ། །དྲུག་པའི་གསུམ་པ་ཉེ་བར་བཞག །དེ་རྗེས་ལྔ་པའི་ཐ་མ་སྟེ། །དེ་ནས་ཨུ་ཤའི་གསུམ་པ་ལ། །དབྱངས་ཀྱི་གསུམ་པས་སྟེང་ནས་བརྒྱན། །དེ་རྗེས་བཞི་པའི་དང་པོ་ལ། །


DNG015_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་ཀྱི་གསུམ་པས་སྟེང་ནས་བརྒྱན། །དེ་རྗེས་བསྡུས་པའི་སྙིང་པོ་ཧཱུཾ། །དེ་རྗེས་ལྔ་པའི་གསུམ་པ་སྟེ། །གཉིས་པའི་གསུམ་པ་ཉེར་སྦྱར་བ། །དྲུག་པའི་གསུམ་པ་འོག་ནས་གདགས། །དབྱངས་ཀྱི་དང་པོ་རྗེས་སུ་བསྡུས། །དང་པོ་བཞི་པའི་ཉེར་བཞག་ལ། །དབྱངས་ཀྱི་ལྔ་པས་འོག་ནས་བརྒྱན། །དེ་རྗེས་བདུན་པའི་གཉིས་པ་སྟེ། །དེ་འོག་གཉིས་པའི་བཞི་པ་གཉིས། །དེ་ཡི་ཉེ་བར་བསྟན་པ་ནི། །མཚན་མ་གསུམ་གྱིས་དགུག་པའི་མཆོག །ཧཱུཾ་དང་ཕཊ་དང་སྭཱ་ཧཱ་རྣམས། །སྐབས་ཀྱི་ཡང་དག་ལས་སུ་བཤད། །ཐུན་མོང་མཆོག་གི་དངོས་གྲུབ་འབྱུང་། །དགུག་པ་ཀུན་གྱིས་རྗེས་སུ་འཇུག །གཞན་ཡང་ཉེ་བར་བསྙེན་པ་ནི། །ཡབ་ཡུམ་གཙོ་བོ་ཀུན་འདུས་པའི། །གཅིག་ཏུ་དྲིལ་བའི་སྙིང་པོ་སྟེ། །དེ་ཉིད་རྗེས་སུ་རྒྱས་བཏབ་པའི། །བྱ་བ་ཀུན་གྱི་སྔོན་འགྲོ་སྟེ། །མ་དྷ་ཨི་དུ་སྲིན་ཏྲ་ཏ། །ཐིག་ལེ་གཅིག་པོའི་སྙིང་པོ་སྟེ། །ཡོན་ཏན་འདྲེན་པའི་ཐོག་མར་བཞག །དེ་ནས་བདུན་པའི་གསུམ་པ་བཞག །དེ་འོག་ལྔ་པའི་ཐ་མ་བཞག །དྲུག་པའི་དང་པོ་རྗེས་སུ་སྟེ། །ལྔ་པའི་ཐ་མ་ཉེ་བར་བཞག །བཞི་པའི་ཐ་མ་ཉེ་བར་གདགས། །དེ་འོག་གཉིས་པའི་བཞི་པ་ལ། །དབྱངས་ཀྱི་ལྔ་པས་འོག་ནས་བརྒྱན། །སྒྲ་ཡི་བདུན་པའི་དང་པོ་ལ། །དྲུག་པའི་གསུམ་པས་འོག་ནས་བརྒྱན། །དབྱངས་ཀྱི་གསུམ་པས་སྟེང་ནས་བརྒྱན། །དེ་འོག་དྲུག་པའི་གསུམ་པ་ལ། །དབྱངས་ཀྱི་གསུམ་པས་སྟེང་ནས་བརྒྱན། །དེ་རྗེས་དྲུག་པའི་དང་པོ་བཞག །དེ་འོག་ལྔ་པའི་ཐ་མ་སྟེ། །དེ་ནས་བཞི་པའི་ཐ་མ་ཡིན། །དེ་རྗེས་བཞི་པའི་དང་པོ་བཞག །དེ་འོག་སྒྲ་ཡི་དང་པོ་སྟེ། །དེ་རྗེས་དྲུག་པའི་དང་པོ་སྟེ། །ལྔ་པའི་ཐ་མ་ཉེ་བར་བཞག །དྲུག་པའི་གསུམ་པ་རྗེས་སུ་སྟེ། །གཉིས་པའི་དང་པོ་ཉེ་བར་བཞག །དེ་འོག་དྲུག་པའི་གསུམ་པ་ལ། །དབྱངས་ཀྱི་ལྔ་པས་འོག་ནས་བརྒྱན། །དེ་རྗེས་དྲུག་པའི་དང་པོ་ལ། །དབྱངས་ཡིག་བཅུ་གསུམ་པ་ཡིས་བརྒྱན། །དེ་འོག་སྒྲ་ཡི་དང་པོ་འོག་ནས་སྦྱར། །སྟེང་ནས་


DNG015_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་ཀྱི་བཅུ་གཉིས་པས། །ཉེ་བར་བསྙེན་པའི་ཡི་གེ་ཀྵེ། །རྗེས་སུ་དྲུག་པའི་དང་པོ་བཞག །ལྔ་པའི་ཐ་མ་ཉེར་བཞག་སྟེ། །དེ་འོག་དེ་ཉིད་བསྟན་པ་ལས། །དབྱངས་ཀྱི་དང་པོ་ཉེར་བཞག་ནས། །དབྱངས་ཀྱི་བཅུ་གཅིག་པ་ཡིས་བརྒྱན། །སྒྲ་ཡི་དང་པོ་ཉེར་བཞག་སྟེ། །གཉིས་པའི་གསུམ་པ་དེ་འོག་བཞག །བཞི་པའི་དང་པོ་བཞག་པ་ལ། །དབྱངས་ཀྱི་གསུམ་པས་སྟེང་ནས་བརྒྱན། །གཉིས་པའི་བཞི་པ་གཉིས་བཞག་པའོ། །དེ་འོག་ལྔ་པའི་ཐ་མ་ཉིད། །ཉེ་བར་རྗེས་སུ་གཞག་བྱ་སྟེ། །དེ་འོག་དྲུག་པའི་གསུམ་པ་ལ། །སྒྲ་ཡི་དང་པོ་གསུམ་པ་དང་། །ཉེ་བར་སྦྱར་ཏེ་ལྔ་པ་ཡི། །ཐ་མ་དེ་འོག་ཉེར་བཞག་ལ། །བཅུ་གསུམ་པ་ཡི་དབྱངས་ཡིག་གིས། །སྟེང་ནས་བརྒྱན་པའི་སྦྱར་བའི་མིང་། །དེ་ནི་གཉིས་སུ་བསྣན་པ་སྟེ། །དེ་རྗེས་བཞི་པའི་དང་པོ་ལ། །དྲུག་པའི་གསུམ་པས་འོག་ནས་བརྒྱན། །སྒྲ་ཡི་དང་པོ་གསུམ་པ་སྦྱར། །དེ་འོག་དྲུག་པའི་གསུམ་པ་དང་། །སྒྲ་ཡིག་དང་པོའི་གསུམ་པས་སྦྱར། །དེ་འོག་བདུན་པའི་དང་པོ་ལ། །ཨུ་ཤའི་ཐ་མས་འོག་ནས་བརྒྱན། །དེ་འོག་ལྔ་པའི་ཐ་མ་ལ། །དབྱངས་ཀྱི་ཐ་མས་འོག་ནས་བརྒྱན། །དེ་རྗེས་བཞི་པའི་དང་པོ་ལ། །དྲུག་པའི་གསུམ་པས་འོག་ནས་སྦྱར། །དེ་རྗེས་སྒྲ་ཡི་དང་པོ་ཡིས། །གཉིས་པ་ཉེ་བར་བཞག་པའོ། །དེ་འོག་ལྔ་པའི་ཐ་མལ། །དབྱངས་ཀྱི་ལྔ་པས་འོག་ནས་བརྒྱན། །དེ་རྗེས་བཞི་པའི་དང་པོ་ལ། །དྲུག་པའི་གསུམ་པས་འོག་ནས་སྦྱར། །དེ་འོག་ཨུ་ཤའི་གསུམ་པ་ལ། །གཉིས་པའི་ཐ་མས་འོག་ནས་སྦྱར། །དབྱངས་ཀྱི་གསུམ་པས་སྟེང་ནས་བརྒྱན། །སྒྲ་ཡིག་དང་པོ་ཐ་མར་སྦྱར། །དེ་འོག་སྒྲ་ཡིག་དང་པོ་ཡིས། །གཉིས་པ་ཉེ་བར་བཞག་པའོ། །དེ་འོག་དྲུག་པའི་གསུམ་པ་དང་། །སྒྲ་ཡིག་དང་པོའི་གསུམ་པར་སྦྱར། །དེ་འོག་ལྔ་པའི་ཐ་མ་གཉིས། །དེ་འོག་དྲུག་པའི་གསུམ་པ་དང་། །དེ་འོག་སྒྲ་ཡི་གསུམ་པར་སྦྱར། །དེ་འོག་ལྔ་པའི་ཐ་མ་ལ། །དབྱངས་བཅུ་གསུམ་པས་སྟེང་ནས་བརྒྱན། །དེ་ཡི་མིང་ནི་


DNG015_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་བསྣན་ཏེ། །དེ་འོག་ཨུ་ཤའི་གསུམ་པ་དང་། །དྲུག་པའི་གསུམ་པ་ཉེ་བར་སྦྱར། །དབྱངས་ཀྱི་ལྔ་པས་འོག་ནས་བརྒྱན། །དེ་འོག་ལྔ་པའི་བཞི་པ་བཞག །དེ་རྗེས་དྲུག་པའི་གསུམ་པ་བཞག །སྒྲ་ཡིག་དང་པོའི་གསུམ་པར་སྦྱར། །དེ་རྗེས་ལྔ་པའི་ཐ་མ་བཞག །དབྱངས་ཡིག་བཅུ་གསུམ་པ་ཡིས་ནི། །སྟེང་ནས་བརྒྱན་པའི་མིང་དེ་ཡིན། །དེ་འོག་བཞི་པའི་དང་པོ་ལ། །དབྱངས་ཀྱི་གསུམ་པས་སྟེང་ནས་བརྒྱན། །དེ་རྗེས་སྒྲ་ཡི་དང་པོ་ལ། །དབྱངས་ཀྱི་ལྔ་པས་འོག་ནས་བརྒྱན། །ལྔ་པའི་ཐ་མ་ཉེ་བར་སྦྱར། །གཉིས་པའི་བཞི་པ་གཉིས་བཞག་སྟེ། །དེ་ཡི་རྗེས་སུ་བསྟན་པ་ནི། །སྒྲ་ཡིག་དང་པོའི་གཉིས་པ་སྟེ། །དེ་འོག་དྲུག་པའི་ཐ་མ་བཞག །དེ་འོག་ལྔ་པའི་ཐ་མའོ། །དེ་རྗེས་བཞི་པའི་དང་པོ་ལ། །དབྱངས་ཀྱི་གསུམ་པས་སྟེང་ནས་བརྒྱན། །དེ་འོག་དྲུག་པའི་དང་པོ་སྟེ། །དེ་འོག་ལྔ་པའི་ཐ་མ་བཞག །དེ་རྗེས་ལྔ་པའི་བཞི་པ་ལ། །བྷྱ་མ་ཧ་ཡིས་བརྒྱན་པར་བྱ། །དེ་ནི་གཉིས་བསྣན་ཉེ་བར་བཞག །འདི་ནི་མཁའ་འགྲོ་ཡི་དྭགས་རྗེ། །ཕོ་མོ་འདུས་པའི་སྙིང་པོ་སྟེ། །སྤྱི་འདུས་གཅིག་ཏུ་འདྲིལ་བ་ཡིན། །དེ་ནི་དོན་གྱི་སྐབས་སུ་སྦྱར། །བསྙེན་པ་དག་གི་སྐབས་སུ་ནི། །མཚན་མ་གསུམ་གྱིས་དགུག་པར་སྦྱར། །གཞན་ཡང་དེ་བཞིན་རྗེས་འཇུག་སྟེ། །གང་ཡིན་ལས་ལ་སྦྱར་བ་ནི། །རྗེས་སུ་མཐུན་པ་འདི་བྱིན་སྦྱར། །སྒྲ་ཡི་དྲུག་པའི་དང་པོ་གཉིས། །ལྔ་པའི་ཐ་མ་གཉིས་བཞག་སྟེ། །དེ་འོག་དྲུག་པའི་དང་པོ་ལ། །ལྔ་པའི་ཐ་མ་ཉེ་བར་བཞག །དེ་འོག་ལྔ་པའི་བཞི་པ་ལ། །བྷྱ་མ་ཧ་ཡིས་བརྒྱན་པ་སྟེ། །དེ་ནི་གཉིས་བཞག་ཉེ་བ་རུ། །དྲུག་པའི་དང་པོ་གཉིས་བཞག་སྟེ། །དྲུག་པའི་ཐ་མ་ཉེར་བཞག་ལ། །དབྱངས་ཡིག་བཅུ་གསུམ་པ་ཡིས་ནི། །སྟེང་ནས་ཉེ་བར་བརྒྱན་པ་སྟེ། །བཞི་པའི་ཐ་མ་ཉེར་སྦྱོར་ཏེ། །དེ་འོག་གཉིས་པའི་དང་པོ་ལ། །དབྱངས་ཡིག་གསུམ་པས་སྟེང་ནས་བརྒྱན། །བཞི་པའི་ཐ་མ་ཉེ་བར་སྦྱར། །དེ་འོག་བཞི་པའི་ཐ་མ་གཉིས། །སྦྱར་བ་ཉེ་བར་


DNG015_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

གཞག་པར་བྱ། །དེ་འོག་ལྔ་པའི་ཐ་མ་དང་། །དྲུག་པའི་ཐ་མ་ཉེ་བར་སྦྱར། །གང་འདོད་མིང་དེ་སྤེལ་བྱས་ནས། །བྷྱ་ཧཾ་ཁ་ལྟོ་སྤྲད་པ་སྟེ། །ཡི་གེ་གཉིས་ནི་གསུམ་བཞག་པའོ། །དེ་འོག་ཨུ་ཤའི་གསུམ་པ་ལ། །གཉིས་པའི་གསུམ་པས་འོག་ནས་སྦྱར། །དབྱངས་ཡིག་གསུམ་པས་སྟེང་ནས་བརྒྱན། །སྒྲ་ཡིག་དང་པོའི་ཐ་མ་སྦྱར། །དེ་འོག་གཉིས་པའི་དང་པོ་བཞག །དེ་རྗེས་དྲུག་པའི་གསུམ་པ་དང་། །སྒྲ་ཡི་དང་པོ་གསུམ་པར་སྦྱར། །དེ་འོག་ལྔ་པའི་ཐ་མ་ལ། །བཅུ་གསུམ་པ་ཡིས་སྟེང་ནས་བརྒྱན། །དེ་འོག་ལྔ་པའི་ཐ་མ་གཉིས། །དེ་རྗེས་སྐྲོད་པའི་ཡི་གེ་གཉིས། །བསྟན་པ་རྗེས་སུ་མཐུན་པར་བྱ། །དགུག་དང་གསོད་པ་ལ་སོགས་ཏེ། །འཇུག་པ་ཀུན་གྱི་སྔོན་འགྲོ་བས། །རྗེས་སུ་མཐུན་པའི་དེ་བཞིན་བསྡེབ། །ཐབས་དང་ཤེས་རབ་གཉིས་མེད་པའི། །ཕྱག་ན་རྡོ་རྗེའི་འཁྲུལ་འཁོར་འདི། །དྲག་སྔགས་སྤུ་གྲིའི་སོ་དང་འདྲ། །དུས་དང་སྐབས་དང་ལས་ཀྱིས་དབྱེ། །ཞེས་གསུངས་སོ། །དཔལ་གཤིན་རྗེ་ཟླ་གསང་ནག་པོ་རྩ་བའི་རྒྱུད་ཆེན་པོ་ལས།) དྲག་སྔགས་བཏུ་བ་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་གཤིན་རྗེའི་གཤེད་ཆེན་པོས། །ཤིན་ཏུ་དྲག་ཏུ་ཁྲོས་ནས་ཀྱང་། །མཚོན་ཆ་འཁྲུག་པའི་འཁོར་ལོ་འདི། །ཕྱག་ན་རྡོ་རྗེས་རབ་ཏུ་ཟུང་། །འཁྲུལ་མིག་དྲག་པོ་བཅུ་བདུན་པས། །རིན་ཆེན་རྒྱལ་པོ་གསེར་གྱི་འབྲུ། །སྦྱོར་བ་དྲག་པོ་ཐབས་ཀྱི་བསྡེབ། །དྲིལ་བས་འཁོར་ལོ་མཚོན་ཆེན་ཚུལ། །བརྒྱབ་པས་ཡང་ཏོག་བདུད་ཀྱི་སྟོབས། །རིན་ཆེན་སྟོབས་ཀྱི་ངར་བླུད་པ། །སུ་ཅིས་གང་ཡང་འཇོམས་པར་བྱེད། །དྲག་པོ་ངར་བླུད་སྟོབས་ཀྱི་འབྲུ། །སྟག་མོ་མཆོང་བའི་སྟབས་ཚུལ་གྱིས། །སྡེབ་པའི་སྦྱོར་བ་འདི་དག་སྟེ། །སེང་གེ་


DNG015_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་འཐབ་མཆེ་སྦྱར་བའམ། །རྣལ་འབྱོར་དམེ་འཐབ་བསད་པའི་ལས། །དྲག་པོའི་འཐུ་འཐུས་འཁོར་ལོའི་སྔགས། །ཆུ་སྲིན་རྒྱལ་མཚན་བརྡབས་པ་བཞིན། །བཟུང་ཞིང་བརྒྱབ་པས་འཆོར་མི་བྱེད། །དྲག་པོའི་རྡོ་རྗེ་ནང་དམེའི་སྔགས། །བསྐོར་བའི་འཁོར་ལོ་དེ་བཞིན་ཏེ། །ཕྱོགས་ནས་ཕྱོགས་དེ་ཕྱོགས་བཞིར་དྲིལ། །མཚམས་ནས་མཚམས་ཏེ་ཐམས་ཅད་མཚམས། །རིགས་ཀྱི་དེ་བཞིན་བསྐོར་བ་སྟེ། །ཐོག་མར་དབུས་ནས་ཐིག་དྲངས་ཏེ། །རླུང་དང་མེ་རུ་ཉེ་བར་སྦྱར། །དེ་ནས་ཐད་ཀར་ཕྱོགས་གཅིག་སྟེ། །འཇོམས་བྱེད་རྡོ་རྗེ་ལྕགས་སུ་སྦྱར། །དེ་ནས་རིམ་པར་གཡོན་ཕྱོགས་ཏེ། །རིན་ཆེན་པ་ཡི་ཡི་གེ་བཟུང་། །དེ་ནས་དེ་བཞིན་ཕྱོགས་སུ་སྟེ། །སྤོར་མ་མེ་ཡི་གསལ་བྱེད་བླངས། །དེ་ནས་ཐད་ཀའི་ཕྱི་རིམ་ཕྱོགས། །ལས་ཀྱི་སྤྲོད་པའི་རླུང་དུ་སྦྱར། །དེ་ནས་ཐད་ཀའི་ཕྱོགས་ཕྱོགས་ཏེ། །ལས་ཀྱི་སྡུད་པའི་ཡི་གེ་སླང་། །དེ་བཞིན་རིམ་པས་གཡོན་ཕྱོགས་ཀྱིས། །ལྡེག་པའི་སྙིང་པོ་ཡི་གེ་སྦྱར། །དེ་ནས་དེ་བཞིན་ཕྱོགས་སུ་སྟེ། །ཡ་མ་ལས་ཀྱི་སྙིང་པོ་བླངས། །དེ་བཞིན་ཐད་ཀའི་མཚམས་སུ་སྟེ། །སྡུད་པ་ནག་པོའི་སྙིང་པོར་སྦྱར། །དེ་ནས་དེ་བཞིན་ཐད་ལོགས་ལས། །ཧོ་བན་སྲོག་ཡིག་ལས་གཉིས་བཟུང་། །དེ་འོག་དེ་བཞིན་རིམ་པ་ལས། །ཐོ་ལ་ལས་ཀྱི་སྙིང་པོ་བཟུང་། །རིམ་པས་དེ་བཞིན་ཕྱོགས་འགྲོ་ལས། །རྩ་བ་སྡུད་པའི་ཡིག་འབྲུར་སྦྱར། །དེ་འོག་དེ་བཞིན་ཐད་ལོགས་ལས། །གན་ཚིག་ལྟ་བཞིན་ཡིག་འབྲུར་སྦྱར། །དེ་ནས་ནག་པོའི་སྙིང་པོ་ཉིད། །རྒྱལ་མཚན་གཟུག་པའི་ཡི་གེ་གཟུང་། །དེ་འོག་ཀུན་པོ་ན་སྐུལ་བའི། །འཛིན་པ་ཡོད་པའི་ཡི་གེ་སླང་། །དེ་རྗེས་དེ་བཞིན་ཚུལ་ཅན་ལས། །ཧོ་ལན་དྲུག་པའི་སྙིང་པོ་སྤྱད། །དེ་ནི་སྦྱོར་བ་དང་པོ་ཡིན། །གཉིས་པ་ཉེ་བར་སྦྱོར་བ་དང་། །གསུམ་པ་གནད་


DNG015_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྦྱོར་བ་དང་། །རྫོགས་པ་བཞི་ཡི་སྦྱོར་བ་ནི། །འཕན་སྡུད་འཁོར་ཕྱོགས་དེ་བཞིན་ཏེ། །དེ་ཉིད་རྗེས་སུ་འཇུག་བྱ་སྟེ། །དབུས་སུ་རྟ་དཔལ་འགྲོ་སྟབས་ཀྱིས། །མགོ་གཅིག་རིམ་གྱིས་འཕན་པས་སྦྱར། །རྡོ་རྗེ་གསང་བ་ཀུན་པོའི་སྔགས། །དྲག་པོའི་སྦྱོར་བའི་རིམ་པ་ཡིན། །སྟག་གི་མཆོང་བའི་སྦྱོར་ཐབས་ཉིད། །རིམ་གཉིས་གཞན་ཡང་མཆོག་ཉིད་དེ། །གསང་བའི་རྡོ་རྗེ་སྔགས་ཀྱི་ཚིག །གསང་བའི་རྩ་རྒྱུད་བཅུད་ལེན་པ། །ཐར་པའི་ཐར་པ་མ་ལུས་འཇོམས། །བཀའ་ཡི་གསང་བའི་འཁོར་ལོ་འབྲུ། །ནག་པོ་འབྲུ་ཐུས་བདུད་ཀྱི་ཚིག །དྲག་པོ་བསྡུས་པ་རྒོད་ཀྱི་མིང་། །ཡན་ལག་ལྡན་པས་མ་ལུས་བསྐྱེད། །འབི་སའི་མཐུག་པོ་ཁོང་དྲག་པས། །འདི་ཡི་སྦྱོར་བ་སྔར་བཞིན་ཏེ། །དབུས་ནས་ཐིག་དྲངས་ཕྱོགས་དང་ཕྱོགས། །མཚམས་སོགས་པ་ལ་སོགས་པ་རྣམས། །སྔ་མ་ཇི་བཞིན་རྗེས་འཇུག་སྟེ། །ཐད་ལོགས་སྟག་གི་འཕྱངས་པར་འདྲིལ། །དེ་ཉིད་རིམ་པ་གཞན་དུ་ན། །ཕྱིར་ལ་དེ་བཞིན་བསྐོར་བྱས་ཏེ། །འཁོར་ལོའི་ཕྲེང་བ་གཡས་སུ་དྲིལ། །དེ་ཉིད་རིམ་པ་འདི་དག་སྟེ། །བྷྱ་རན་པཱ་བྷི་བྷྱཾ་ཡ་ཀ །ཕྲ་བ་ཏི་དང་ནི་ཨཱཀྴ་དང་། །ཥྭྀ ་ནི་དང་ནི་དྷཱ་ཥྭྀ ་ན་ཏྲ། །གྛི ་ནི་ཏ་དང་ཨག་ནེར་སྦྱར། །དེ་བཞིན་བྷུ་རཱ་དྷ་རུ་དང་། །ཨྟཾ ཀྴུ་དང་ནི་གྷན་དྷ་ནི། །རིམ་གྱིས་ཛུ་ཧ་རི་པ་སྟེ། །དེ་བཞིན་ཀྲཱ་མཱ་ནཱས་ཧྲར་སྦྱར། །དེ་ནས་བ ནྣྀཾ ཏཱ་མཱ་ཧ་བྷུ་སྟེ། །དེ་དག་དེ་བཞིན་རིམ་སྦྱར་ཏེ། །རྡོ་རྗེ་སྲིན་པོའི་སྦྱོར་བ་ཡིན། །དེ་བཞིན་གཞན་མའི་སྦྱོར་བ་ཡང་། །རིན་ཆེན་གསེར་གྱི་ཡིག་འབྲུ་ལམ། །རྡོ་རྗེ་སྲིན་པོའི་འཁོར་ལོ་བསྐོར། །དྲག་པོ་རྒོད་ཀྱི་ཡིག་འབྲུ་བཏུ། །མཐུན་པའི་ལྟོ་སྦྱོར་ཚིག་གི་ལམ། །དྲག་པོའི་སྦྱོར་བས་གནད་དགུ་བྱེད། །རིམ་པ་སྔ་མ་དེ་བཞིན་ནོ། །གཡས་ལོགས་ལྟ་ལམ་ནག་པོའི་འཕྲོས། །ནག་པོ་འབྲུ་གཅིག་


DNG015_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་འགྲོ་སྟེ། །དབུས་ཀྱི་འབྲུ་བཞི་རིམ་པ་ཡིས། །འབུར་འགྲོ་མགོ་མངས་སྟོབས་ཀྱིས་བསྡེབ། །དྲག་སྔགས་བདུན་པའི་འཁོར་ལོ་ཡང་། །གཉིས་གཉིས་དག་ཏུ་ཤེས་པར་བྱ། །ཉི་མའི་གྲངས་དང་དེ་བཞིན་སྦྱར། །གནད་གཞི་སྒོ་ལྔ་གཞོམ་པའི་ཕྱིར། །འབྲུ་ལྔ་འབྲུ་བཞི་སྦྱར་བར་བྱ། །རྩ་གསུམ་གནས་དང་རྟེན་བཞི་གསུམ། །འཇོམས་བྱེད་དྲག་པོའི་ཡིག་འབྲུ་གསུམ། །བདེ་བྱེད་ཚངས་པའི་གནས་ནས་གདོན། །དང་པོའི་ལས་ལ་ཤིས་པ་སྟེ། །ཕྱོགས་བཞི་མཐའ་ནས་དབུས་སུ་སྦྱར། །དྲག་པོ་དགུ་ཡིས་གནན་པར་བྱ། །ཞེས་གསུངས་སོ། །དཔལ་གཤིན་རྗེ་ཟླ་གསང་ནག་པོ་རྩ་བའི་རྒྱུད་ལས། དྲག་པོ་རྡོ་རྗེ་དམེ་འཐབ་ཀྱི་ལེའུ་སྟེ་ཉི་ཤུ་པའོ།། །།དེ་ནས་བཅོམ་ལྡན་འདས་གཤིན་རྗེའི་གཤེད་ཀྱིས། ཁྲག་འཐུང་ཁྲོས་པའི་དཀྱིལ་འཁོར་འདི་གསུངས་སོ། །ཉོན་ཅིག་རྡོ་རྗེ་འཛིན་པ་ཁྱོད། །ལས་རྣམས་བཟློག་པའི་དཀྱིལ་འཁོར་དེ། །གཤེད་པོ་ཉིད་ཀྱང་འདུ་བར་འགྱུར། །ལྷ་དབང་གཞན་ལྟ་སྨོས་ཅི་དགོས། །བདག་ཉིད་ཀུན་བདག་དེ་བཞིན་གཤེགས། །མ་ལུས་འདུས་པའི་ཁྲོ་གཉེར་ཅན། །འདུས་པ་བཞི་ཡི་སྦྱོར་བ་ཅན། །འདུས་པ་ཐིག་ལེ་ཡིད་ཀྱིས་གཟུང་། །ལྷུན་པོ་རི་རབ་ལྟར་བརྟན་བརྗིད། །འཕྲོས་པ་ཡིད་ཀྱི་ཀུན་ཟློག་ནས། །ལུས་ལ་ཡེ་ཤེས་འཁོར་ལོ་བཅས། །གཏུམ་རྔམ་འབར་བའི་རྡོ་རྗེར་འགྱུར། །ཀུན་འདུས་རིན་ཆེན་སྙིང་གི་སྒོ། །ལོངས་སྤྱོད་མགྲིན་པའི་བདེ་གནས་ལས། །བདེ་ཆེན་རིན་ཆེན་རྒྱ་བདུད་ཨོཾ། །སྐྱེད་བྱེད་རྩ་དགུའི་གསང་གནས་སུ། །ཉི་མའི་དཀྱིལ་འཁོར་བདེ་གནས་ལྔ། །ཁྲག་འཐུང་ཡབ་ཡུམ་གཟི་བརྗིད་འབར། །སྤྱི་བོ་གསེར་གྱི་སྒོ་གཉིས་དང་། །དགུ་མདུད་འདུས་པའི་ཁུང་བུ་དང་། །ཐུགས་ཀ་ལག་པ་གཡས་གཡོན་དང་། །གསང་སྒོ་གཉིས་དང་གཡས་གཡོན་གཉིས། །ཉི་མའི་དཀྱིལ་འཁོར་འབར་བཅས་པའི། །ཁྲོ་རྒྱལ་ཀུན་གྱི་ཐིག་ལེར་བཅས། །དབུ་


DNG015_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཁྲག་འཐུང་དབུ་རྒྱན་ལྔ། །ཉི་མའི་དཀྱིལ་འཁོར་ཉིད་ངར་ལྡན། །ཉི་མའི་དཀྱིལ་འཁོར་བཅུ་གཉིས་གཅིག །ཁྲོ་རྒྱལ་ཀུན་གྱི་བདག་ཉིད་རྗེ། །གཤིན་རྗེ་མཁའ་འགྲོ་དག་གི་བདག །འདས་དང་མ་འདས་ཀུན་གྱི་ཡབ། །ཁྲོ་ཆུང་སྤྲུལ་པ་གསེར་ལྟར་འཁྲུག །ཚངས་པ་ཀུན་ཁྱབ་ཉི་མ་ཅན། །སྟོང་གསུམ་གང་བའི་འཁོར་ལོ་འབར། །ཕྱག་རྒྱ་ཆེན་པོའི་སེམས་དང་ལྡན། །ཐུན་མོང་སེམས་དཔའ་ཁྱད་པར་ཅན། །སྔར་བཞིན་དྲག་པོས་འཕང་བར་བྱ། །ལས་རྣམས་ཐེ་ཚོམ་མེད་པར་འགྲུབ། །སྤྱི་གཅོད་མེ་དབལ་འཁོར་ལོ་དང་། །མཱུ་ལ་གནས་ཀྱི་འཁོར་ལོ་གཉིས། །དེ་བཞིན་རྣལ་མའི་སྦྱོར་བ་རྣམས། །མ་ལུས་རིམ་པར་བཟློག་པར་བྱ། །འཁོར་ལོ་ཕྱིར་ལ་བསྐོར་ནས་ནི། །རིན་ཆེན་སྔགས་ཀྱི་གནད་དགུ་བསྡེབ། །སྦྱོར་བ་སྔགས་ཀྱི་རིམ་བཟློག་ཅིང་། །ཕྲེང་བ་སྔགས་ཀྱི་རིམ་བཟློག་ནས། །ཐུགས་ཀྱི་འཁོར་ལོའི་སྙིང་པོ་རྣམས། །རིམ་པ་ཇི་བཞིན་བཟློག་པ་སྟེ། །གནས་གསུམ་བཟློག་པའི་སྦྱོར་བ་ཡིན། །སྔགས་ཀྱི་དཔལ་དང་འབར་བའི་འོད། །ཕྱོགས་དང་མཐུན་པར་རྡེག་བྱེད་དེ། །གང་ནས་ཐོན་ནས་འོག་མས་གཅོད། །འཁོར་ལོ་འབར་ན་སྔགས་ཀྱི་གནད། །གང་ཡིན་ཇི་བཞིན་རིམ་པ་ལས། །གཅིག་དོར་གཉིས་དག་གསུམ་དེ་བཞིན། །རིམ་པ་བཞིན་ལ་འཇུག་མེད་པས། །འཕོ་ཞིང་གཡོ་བ་མེད་པའི་གནད། །སྦྱོར་ཞིང་སྦྱོར་བ་རྐྱང་པ་དང་། །རྣལ་མར་ཁུག་པར་མ་གྱུར་ཞིང་། །སྦྱོར་བའི་རིམ་པ་ལས་ཀྱི་གནོད། །མཐར་དང་ཐོག་མར་མ་ཡིན་ཞིང་། །སྟོབས་རྫོགས་བྷནྡྷ་དང་ལྡན་ལ། །སྐབས་འཛིན་ཆུ་འཛིན་རྡོ་རྗེའི་གནད། །འདུས་པ་ཡེ་ཤེས་ཐིག་ལེར་ལྡན། །སྟོབས་ལྡན་རྒྱུ་བ་མེད་པར་གསལ། །རིན་ཆེན་ཡིག་འབྲུ་སྙིང་པོར་ལྡན། །མ་ལུས་ལས་དང་མཐུན་པར་སྦྱར། །སྟོབས་ལྡན་ནག་པོ་འབྲུ་གཅིག་བཞིན། །རིགས་འདུས་གཅོད་པའི་ངར་ལྡན་པ། །སྙིང་པོ་རྡོ་རྗེ་གསོར་བའི་གནད། །དེ་ཉིད་ངེས་པ་འཇུག་བྱེད་པའི། །མི་འགྱུར་ལས་ཀྱི་རྡོ་རྗེའི་གནད། །དེ་བཞིན་རིམ་པ་ཀུན་ལྡན་ནས། །དྲག་པོ་སྤོགས་པའི་ཆོ་ག་སྟེ། །དང་པོ་རླུང་ས་མེ་དང་གཟུགས། །རྣམ་ཤེས་རོ་དང་ནམ་མཁའ་དྲི། །འཇུག་གི་ཡན་ལག་རིམ་པ་བཞིན། །


DNG015_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་དང་བཅས་ནས་དབུས་སུ་སྦྱར། །རིམ་པ་དང་པོའི་སྦྱོར་བ་སྟེ། །དེ་བཞིན་གཞན་ཡང་རྗེས་འཇུག་སྟེ། །རླུང་དང་ནམ་མཁའ་རོ་དང་དྲི། །དུས་མཚམས་ལོ་དང་རེག་བྱ་དང་། །ཡན་ལག་སྐབས་ཀྱིས་དེ་བཞིན་སྦྱར། །གསུམ་པ་རླུང་དང་རེག་བྱ་ལུས། །རྣ་བ་ལྕེ་དང་ཆུ་སྒྲར་སྦྱར། །བཞི་པའང་འདི་ལྟར་དེ་བཞིན་ཏེ། །རླུང་དང་སྒྲ་དང་ཆུ་དང་ནི། །སྣ་དང་མིག་མེ་ས་རུ་བསྡེབ། །ཡན་ལག་ལྷག་མ་སྔ་མ་བཞིན། །སྐབས་དང་རྗེས་སུ་མཐུན་པར་སྦྱར། །འདི་དག་སྦྱོར་བ་གསང་བ་སྟེ། །སྦལ་མགོ་ཁྲག་མིག་ལུས་སྲིན་པོའི། །བུ་མོ་ཀུན་འགྲོ་ཆུ་སྲིན་མོའི། །འགྲོས་ཀྱི་སྦྱོར་བས་འདི་དག་བསྟན། །དེ་ཉིད་ག ནྷཱ ་ག ནྷཱ ་ཤྲི་པ འི། །འགྲོས་ཀྱི་དེ་བཞིན་རིམ་བཟློག་པས། །དྲག་པོའི་དྲག་སྔགས་བདུན་པ་སྟེ། །ལས་ཀྱི་སྦྱོར་བའི་གཅོད་བྱེད་པའི། །འཁྱིལ་པའི་འབུར་འགྲོ་འབྲུ་དེད་ཡིན། །དེ་བཞིན་འཁྱིལ་པ་སྦྲུལ་སྔགས་དང་། །ཆུ་སྲིན་ཀ་ཧི་ལ་ཡི་འགྲོས། །རིམ་ནས་རིམ་གྱིས་དྲིལ་བྱས་ཏེ། །སྤོགས་པ་དྲག་པོའི་རོ་ཁུགས་ཡིན། །དྲག་སྔགས་བཅུ་བདུན་དྲིལ་ཕྲེང་གཅིག །རྒྱུ་བ་མེད་པའི་ལས་སུ་བྱེད། །དེ་ཡི་སྦྱོར་བ་འདི་དག་སྟེ། །རླུང་དང་ནམ་མཁའ་རེག་བྱ་དང་། །སྒྲ་དང་མེ་གཟུགས་རྣམ་ཤེས་རོ། །དེ་བཞིན་དྲི་དང་དུས་མཚམས་ལུས། །རྣ་བ་ལྕེ་དང་ཆུ་སྣ་མིག །དྲག་པོའི་འཁོར་ལོའི་གནས་འགུགས་ཡིན། །སྤོབས་པའི་སྦྱོར་བའི་དུས་མཚམས་བཞི། །དྲིལ་བས་དྲག་པོའི་ཁུངས་ཆེན་ཏེ། །དེ་དག་ཟློག་པ་དྲག་པོའི་སྔགས། །འབུར་འགྲོ་མགོ་མངས་འབྲུ་དེད་པའི། །དྲག་སྔགས་བཞི་དང་ལྔ་པ་ཡིས། །སྦྱོར་བ་མ་ལུས་རྫོགས་བྱས་ཏེ། །སྐབས་ཀྱི་ལས་ཀྱི་བྱེད་པར་སྦྱར། །སེང་གེ་མཆེ་སྦྱར་སྟག་མོའི་འགྲོས། །སྟོབས་ཆེན་དྲག་པོའི་སྦྱོར་ཚུལ་ཅན། །འབྲུ་ཐུས་རྡོ་རྗེའི་དམེ་ཡི་སྔགས། །སྤོགས་པའི་སྐབས་སུའང་དྲག་པོར་སྦྱར། །དྲག་པོའི་སྔགས་ཀྱི་འཁོར་ལོ་ཉིད། །སྐབས་དང་འཇུག་གི་ཡན་ལག་དང་། །སྦྱོར་བའི་བྱེ་བྲག་ཕྲ་རགས་ཀྱི། །གསུམ་དང་བཞི་དང་ལྔ་དང་དྲུག །བདུན་དང་དགུ་དང་བཅུ་དང་གཅིག །རྩ་གཅིག་བཅུ་བདུན་ལ་སོགས་པ། །འཕེན་པ་དྲག་སྔགས་དུ་མ་སྦྱར། །སྦྱོར་བས་ཕྱེ་ན་


DNG015_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་ཏུ་མེད། །ལས་ཀྱི་རྒྱལ་པོའི་འཁྲུལ་འཁོར་ཡིན། །གཟེགས་མ་ཁ་གནོན་སྟོབས་དཔག་མེད། །མཆོག་གི་སྦྱོར་བ་བཅུ་གཉིས་སོ། །རིམ་པ་སྣ་ཚོགས་འབྲུབ་པར་བྱེད། །མནན་པ་རྡོ་རྗེ་ལྕགས་ཀྱིས་ཏེ། །འཁོར་ལོ་གཞུང་དང་ལྡན་པ་ལ། །དྲག་པོ་འབྲུ་གཅིག་འཁོར་ལོའི་ཚུལ། །འབྲུ་བཞིར་ཁྱུང་གི་འབྱུང་བ་སྟེ། །ལྕགས་ཆེན་འབར་བའི་དབལ་ཉིད་ཀྱིས། །ཁྱབ་བདག་ཡེ་ཤེས་མེ་གཟུགས་ཅན། །སྒྱུར་བ་སྟོབས་ཆེན་བདག་པོའི་ཚུལ། །དགུ་བསྐོར་དྲག་པོའི་འཁྲུལ་འཁོར་གྱིས། །འོད་འཕྲོ་འབར་བས་ཁྱབ་པ་ཡིས། །སྤྱི་རྡེག་སྟོབས་ཀྱིས་གནན་པ་བྱ། །ཞེས་གསུངས་སོ། །དཔལ་གཤིན་རྗེ་ཟླ་གསང་ནག་པོ་རྩ་བའི་རྒྱུད་ལས། མ་གྲུབ་ན་སྤོགས་པ་ཐམས་ཅད་ཀྱི་རིམ་པ་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས། འདི་སྐད་ཅེས་བཀའ་སྩལ་ཏོ། །དྲག་པོའི་ལས་དག་བྱེད་འདོད་པས། །ཡིད་དང་མཐུན་པའི་གནས་མལ་དུ། །རྣལ་འབྱོར་མོས་དང་དད་པ་ཡིས། །བླ་མ་མཉེས་བྱས་དབང་དག་ནོད། །ལུང་དང་མན་ངག་ནོད་ནས་ཀྱང་། །བརྩོན་འགྲུས་ཆེན་པོས་མྱུར་དུ་འགྲུབ། །གནད་དང་གཟེགས་མ་དག་དང་ནི། །ལྟ་སྤྱོད་ལྡན་པ་དག་གིས་ཀྱང་། །འཁོར་ལོའི་རྒྱུ་དང་སྣག་ཚའི་རྒྱུ། །རྨྱུག་གུའི་རྒྱུ་དང་དུས་དང་ཕྱོགས། །མཁས་པས་སྔར་བཞིན་ཤེས་པར་བྱ། །དྲག་པོ་ས་ཡི་དཀྱིལ་འཁོར་ཡང་། །བརྟག་དང་གཟུང་དང་བསླང་ལ་སོགས། །ཅི་རིགས་པ་ནི་བྱ་བར་བཤད། །དྲག་པོའི་དཀྱིལ་འཁོར་བྲི་བ་ཡང་། །ཐིག་གཡོག་མཚན་ལྡན་གཟུངས་མ་ལ། །བ་སུའི་ཐིག་དང་ཐལ་ཆེན་ཚོན། །རྒྱུ་དང་མན་ངག་ཤེས་པར་བྱ། །ཤར་ནུབ་ལྷོ་བྱང་ཕྱོགས་དང་མཚམས། །ཕྱོགས་ཆ་རིག་པས་བལྟ་བར་བྱ། །སྟེགས་བུ་འདོམ་གང་གྲུ་བཞི་ལ། །ཆག་ཆག་གསུམ་དང་བརྐྱང་ནུལ་བྱ། །བྱིན་བརླབ་རྣམས་དང་ཐིག་གདབ་པ། །རྣལ་འབྱོར་མན་ངག་ལྡན་པས་བྱ། །ཐིག་ནི་བརྒྱད་ཀྱི་ཆ་རུ་བྱ། །ཐིག་བསྐོར་བཞི་དང་ལྡན་པ་ལ། །ཐིག་བསྐོར་གསུམ་ལ་ཐིག་གསུམ་གདབ། །ལེའུ་ཚེ་དག་ནི་དགུ་རུ་འགྱུར། །ཕྱི་རོལ་ཐིག་བསྐོར་རྡོ་རྗེའི་རྭ། །ཐིག་བསྐོར་གཉིས་པོ་དག་ལ་ནི། །བཅུ་


DNG015_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་རྩིབས་དང་ལྡན་པར་བྱ། །ཡ་མ་མེ་ཏ་ཀྵེ་ཞེས་པ། །ཕྱོགས་བཞི་དབུས་ཀྱི་ལེའུ་ཚེ་ལ། །དྲག་པོ་སྔགས་ཀྱི་ཡི་གེ་དགོད། །བཅུ་གཉིས་རྩིབས་དང་ལྡན་པ་ལ། །རཱ་ཙ་ས་ཏོ་བཞི་དག་དགོད། །རུ་ན་ཡོ་ནི་དག་དང་ཡང་། །རྻ་ཙ་ནི་ཞེས་པ་ནི། །འཁོར་ལོའི་རྩིབས་ལ་དགོད་པར་བྱ། །ཐིག་བསྐོར་གསུམ་པ་དག་ལ་ནི། །བཅུ་དྲུག་རྩིབས་དང་ལྡན་པ་ལ། །ཧྲཱྀཿཤྟྲཱིཿསྔགས་ཀྱི་ཡི་གེ་དག །བསྒྲུབ་བྱའི་མིང་དང་སྤེལ་ལ་དགོད། །རྡོ་རྗེ་ར་བའི་ཕྱི་རོལ་དུ། །སྒོ་དང་སྒོ་ཁྱུད་ལྡན་པར་བྱ། །དབུས་ནས་དྲག་པོའི་གྲུ་གསུམ་གནག །ལིང་ཚེ་བཞི་ནི་ཕྱོགས་དང་སྦྱར། །ས་སྟོང་ཚོན་གྱིས་མཛེས་པས་བྱ། །བཅུ་གཉིས་དྲག་པོའི་བཅུ་དྲུག་རྒྱས། །རྡོ་རྗེ་ལྕགས་ལ་གྲུ་ཆད་ལྗང་། །ལྕགས་རི་སྒོ་རྣམས་ཕྱོགས་དང་སྦྱར། །གཤིན་རྗེ་ལྷོ་ཤར་བྱང་ནུབ་ལ། །བུ་དོན་ལྷོ་ཡི་ཕྱོགས་སུ་དགྲམ། །ཤ་ཁྲག་རྫས་དང་མེ་ཏོག་སྔོ། །ལྷོ་ཡི་ཕྱོགས་ནས་དབུལ་བར་བྱ། །དྲག་པོའི་རྫས་ཀྱི་གའུ་ལ། །མངའ་གསོལ་དབང་བསྐུར་བྱས་ནས་ཀྱང་། །དཀྱིལ་འཁོར་སྟེང་དུ་བཞུགས་སུ་གསོལ། །འཁོར་ལོ་བཅུ་གཉིས་རྩེ་ལ་འང་། །ཕུར་པ་བཅུ་གཉིས་རིམ་གྱིས་སོ། །འཁོར་ལོ་བཅུ་དྲུག་རྩེ་མོ་ལ། །ཀེའུ་སིང་བཅུ་དྲུག་ཕུར་པ་དགོད། །ཕྱོགས་བཞིར་བསེ་མོའི་ཕུར་པ་དགོད། །ཉི་ཤུ་རྩ་བརྒྱད་རྩང་ལའང་། །དབང་ཕྱུག་ལ་སོགས་ཁྱམས་ལའོ། །བསྒྲུབ་བྱའི་དམ་རྫས་གཏོར་མ་གཏང་། །བསྙེན་པའི་ལྷ་དེ་དཔལ་ལ་གཅིག །བསྙེན་པའི་ལྷ་དེ་ཡ་མཱནྟ་ཀ་ལ། །ཆ་གཅིག་བཤམ་སྟེ་ལུས་སུ་གཉེར་བའི་ལྷ། །ཉི་བཞི་གཤེད་ལ་ཆ་གཅིག་དབུལ། །ཕྲིན་ལས་གཉེར་བའི་ལྷ་དེ་གྲི་ཐོགས་གིང་། །ཁྲམ་ཐོགས་བདུད་དང་ཉིད་ལ་གཅིག །མ་མོའི་ཚོགས་ལ་གཅིག་ཀྱང་དབུལ། །ཞི་ཁྲོའི་ལྷ་ཚོགས་ལས་གཞུང་བསྲང་། །ཞེས་ནི་གཤིན་རྗེའི་གཤེད་པོས་བཤད། །དཔལ་གཤིན་རྗེ་ཟླ་གསང་ནག་པོ་རྩ་བའི་རྒྱུད་ལས། དཀྱིལ་འཁོར་བཅའ་གཞིའི་ལེའུ་སྟེ་ཉི་ཤུ་གཉིས་པའོ།། །།དེ་ནས་མཐུ་སྟོབས་ཀྱི་བདག་པོ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །ཧེ་ཧེ་


DNG015_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་བོ་འཇམ་པའི་མགོན། །ཕྱོགས་སྐྱོང་འདུལ་བའི་གཤེད་པོ་སྟེ། །དཔའ་བོའི་འཁོར་དུ་གཏོགས་པ་རྣམས། །ཚུལ་བཞིན་བཤད་པའི་དོན་རྣམས་ལ། །ཕྲིན་ལས་གཞུང་བསྲང་ཇི་ལྟར་བསྲང་། །ཏིང་འཛིན་རྣམ་གསུམ་ཇི་ལྟར་བསྐྱེད། །སྤྱན་དྲང་བཞུགས་མཆོད་ཇི་ལྟར་བགྱི། །འཇམ་པའི་མགོན་ལ་བདག་ཉན་འཚལ། །དཔའ་བོ་ཆེན་པོས་བཀའ་སྩོལ་ཅིག །དེ་ནས་བཅོམ་ལྡན་འདས་གཤིན་རྗེའི་གཤེད་ཆེན་པོས། ཕྲིན་ལས་ཀྱི་ལེའུ་འདི་ཁྱད་དུ་གསུངས་སོ། །དམར་ནག་བྲག་གམ་སོག་པོ་ཁྲོས་པ་འདྲ། །མི་རོ་མང་པོ་ཡོད་ཅིང་རྐང་གཅིག་ཤིང་གི་རྩར། །གཅན་གཟན་མང་པོ་འདུ་ཞིང་འདབ་ཆགས་མང་པོ་འདུས། །ལྷ་འདྲེ་མང་པོ་ཚོགས་སར་དྲག་པོའི་གནས་བཙལ་ཏེ། །མཆོད་གཏོར་བཤམས་པས་དཀོན་མཆོག་གསུམ་སྤྱན་དྲངས། །མཉེས་པར་བྱ་ཕྱིར་མཆོད་པ་ལྔ་ཡང་འབུལ། །ས་བདག་ས་འཛིན་ལྷ་མོ་སྤྱན་དྲངས་ལ། །གཏོར་མ་ཆང་ཕུད་མཆོད་རྫས་བྱིན་བརླབས་སྟེ། །བསྔོས་ནས་ས་བླང་ཚིག་ཀྱང་བརྗོད་པར་བྱ། །ང་རྒྱལ་ཁྲོ་བོ་རྡོ་རྗེའི་འགྲོས་ཀྱིས་བསྐོར། །ས་བླང་ས་གཞི་སྦྱང་བ་ནི། །བདག་ཉིད་ཁྲོ་བོར་གྱུར་པའི་ཐུགས་ཀ་ནས། །རཾ་ལས་ཡེ་ཤེས་མེ་ཡིས་དངོས་མཚན་ཀུན་བསྲེགས་ཏེ། །ཡཾ་ལས་རླུང་གིས་གཏོར་ནས་ཁཾ་ལས་ཆུ་ཡིས་བཀྲུས། །དོན་དམ་ངོ་བོ་སྟོང་པའི་ངང་དུ་བསྒོམ། །ཀུན་རྫོབ་ཁྲོ་བོས་མཚམས་བཅད་དེ། །དཀྱིལ་འཁོར་རྒྱ་ཆེ་དབུས་སུ་བསྐོར་བ་བྱ། །རིན་ཆེན་སྣ་ལྔ་ལྡན་པའི་ཆད་ཕུད་སྦ། །ཕུང་ཤུལ་ས་བླང་མི་རྟའི་ཁྲག་གིས་བརྩིགས། །ས་སྦྱངས་ནུབ་ནས་དུར་ཁྲོད་ཆག་ཆག་གདབ། །རྡོ་རྗེ་དྲི་ཆེན་དྲི་ཆུ་རཀྟ་དང་། །དུག་ལ་སོགས་པའི་ཆག་ཆག་རབ་ཏུ་གདབ། །དེ་ནས་ཐིག་ལ་ཐིག་གི་རྒྱུ་བསྟན་པ། །སྙིང་གི་རྒྱུ་མ་ཡུགས་ས་མོ་ཡི་སྐྲ། །དྲི་བོ་ལོག་གནོན་རི་ཤ་ཁ་དར་སྤྲད། །ཐིག་སྐུད་བྱས་ལ་བྱིན་བརླབ་ཐིག་ཀྱང་གདབ། །ཤར་དང་ལྷོ་དང་ནུབ་དང་དེ་བཞིན་བྱང་། །ཤར་ལྷོ་ནུབ་བྱང་ལྷོ་ནུབ་ནས། །དེ་བཞིན་བྱང་ཤར་མཚམས་སུའོ། །དབུས་ཀྱི་ཤར་


DNG015_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

ནུབ་དབུས་ཀྱི་ལྷོ་དང་བྱང་། །སྣམ་བུ་བརྒྱད་ལ་གཉིས་གཉིས་བཅུ་དྲུག་དག་ཏུ་བཤད། །མཐའ་ཐིག་ལ་སོགས་དྲི་བ་ལས་སུ་ཤེས། །དང་པོ་དུར་ཁྲོད་རས་བརྒྱངས་ཏེ། །འཁོར་ལོ་ཚུལ་བཞིན་བྲིས་ནས་ནི། །མཱ་ར་ཡ་ཡི་གཟུགས་བཅའ་བ། །དྲི་ཆེན་དྲི་ཆུ་རྐང་རྗེས་དང་། །ངར་སྣབས་གོས་ཀྱི་དུམ་བུ་ལ། །ནང་དུ་ཚེར་མ་རུས་པས་གང་། །མིང་རུས་མགོ་དང་སྙིང་གར་གཞུག །ལུས་ལ་དུག་ཆུ་ཚ་བ་གསུམ་གྱིས་བྱུགས། །སྐུ་དང་སྔོན་དམར་བྱད་བཅུག་བྱད་སྔགས་བཟླས། །སྐུད་པ་ནག་པོས་སྐེ་ལ་གདགས། །དེ་ནས་ཐོད་པ་མཚན་ངན་གཅིག་བཤམས་ཏེ། །ལུས་ཀྱི་ངོས་སུ་ཡབ་བྲི་སྤྱི་བོའི་ངོས་སུ་ཡུམ་བྲི། །དེ་བཞིན་གཟུགས་དེ་འཁོར་ལོའི་བར་དུ་གཞུག །འཁོར་ལོ་དྲིལ་ལ་ཐོད་པའི་ནང་དུ་གཞུག །མི་ལྤགས་ཕྲེང་བས་རྒྱ་གྲམ་བྲི། །དེ་ནས་ཕུར་པ་བཅུ་གཅིག་ལ། །གུ་གུལ་དུད་པས་རབ་ཏུ་བདུག །ཉུང་དཀར་རྒྱལ་པོ་དག་ཀྱང་བརྡེག །གྲུ་གསུམ་དབྱིངས་ནས་ཁྲོ་བོ་ཆེན་པོ་བསྐྱེད། །སྤྱན་དྲང་བཞུགས་སུ་གསོལ་ཏེ་རང་རང་གདན་ལ་དགོད། །ཤར་དུ་ཀོང་ཙེ་བྲག་གྱོན་དྲི་ཟ་འདུལ། །ལྷོ་ཕྱོགས་འཆི་བདག་ཡ་བ་ཏེ། །ནུབ་ཏུ་སྨྲིག་པ་ཀླུ་བདག་འདུལ། །བྱང་དུ་ལྷ་མཆོག་གནོད་སྦྱིན་འདུལ། །ཤར་ལྷོ་གླང་མགོ་མེ་ལྷ་འདུལ། །ལྷོ་ནུབ་མིག་དམར་སྲིན་པོ་འདུལ། །ནུབ་བྱང་ཏེལ་པ་རླུང་ལྷ་འདུལ། །བྱང་ཤར་ལས་གྲུབ་དབང་ལྡན་འདུལ། །སྟེང་དུ་ནག་འཇོམས་ཚངས་པ་འདུལ། །འོག་ཏུ་དམར་པོ་ས་བདག་འདུལ། །དེ་དག་གཤིན་རྗེའི་ཡུམ་རྣམས་ཀྱང་། །ཕུར་པ་རང་རང་དྲིལ་ལ་གནས། །ཀུན་མ་ད་རི་བདུད་འདུལ་ཤར། །ཤུ་ལ་ད་རི་བཙན་འདུལ་ལྷོ། །ཀང་ཀ་ད་རི་གཟའ་འདུལ་ནུབ། །ཙ་མུན་ད་རི་ཀླུ་འདུལ་བྱང་། །ཕུར་པ་བཞི་ཡང་སྒོ་བཞི་ལའོ། །གཤིན་རྗེའི་བྲིས་སྐུ་ལྷོ་རུ་དགྲམ། །ཐོད་པའི་འཁོར་ལོ་བཅས་པ་སྟེ། །གྲུ་གསུམ་འབུར་གསུམ་སྟེང་དུ་བཞག །གཡས་གཞི་འཕན་ལ་སོགས་པས་བརྒྱན། །ཤ་ཆེན་ཚིལ་ཆེན་ཀེང་རུས་དང་། །ཁྲག་ཆེན་ལ་


DNG015_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཅི་མང་སྦྱར། །སྐྱེ་གནས་གཤེད་པོའི་ཕུར་ལ་གདགས། །གཏོར་མ་ལ་སོགས་གོང་བཞིན་བཞག །ཉུང་དཀར་སྐྱེ་ཚེ་དུག་ཁྲག་རྣམས། །གཡས་གཡོན་དག་ཏུ་གཞག་པར་བྱ། །མཆོད་པ་ལྔ་དང་གཏོར་མ་གསུམ། །ཆང་ཕུད་ལ་སོགས་བཤམས་ནས་ཀྱང་། །དཀོན་མཆོག་གསུམ་ནི་སྤྱན་དྲངས་ལ། །མཆོད་དང་སྡིག་པ་བཤགས་པར་བྱ། །དེ་ནས་ཆོས་ཀྱི་སྲུང་མ་རྣམས། །ལྷ་མགོན་ཀླུ་མགོན་ལ་སོགས་དང་། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་། །འགྲོ་བ་རིགས་དྲུག་ལ་སོགས་ལ། །གཏོར་མ་བསྔོས་ལ་བདེན་པ་བདར། །མི་འདིའི་གྲོགས་མ་བྱེད་པར་བསྒོ། །དཀྱིལ་འཁོར་བསྐོར་ཞིང་དབང་ཡང་གཟུག །མཐའ་མ་རྡོ་རྗེའི་འགྲོས་ཀྱིས་བསྐོར། །བགེགས་རྣམས་བསྐྲད་ལ་མཚམས་ཀྱང་བཅད། །དེ་ནས་ལྷོ་ངོས་ཁ་ཡང་བལྟ། །དེ་བཞིན་ཉིད་དང་ཀུན་ཏུ་སྣང་། །རྒྱུ་དང་ཏིང་འཛིན་རྣམ་གསུམ་བསྒོམ། །ཨེ་ཡཾ་ར་ཀེཾ་རཾ་བྷྲུཾ། གཞལ་ཡས་གདན་བཅས་གསལ་བར་བསྒོམ། །དེ་ནས་ལྷ་རྣམས་གསལ་བསྒོམས་ལ། །དབུས་ཀྱི་མ་ཧེའི་གདན་ཐོག་ཏུ། །མཐིང་ནག་འབར་བའི་ཧཱུཾ་གཅིག་བསྒོམ། །དེ་ལས་འོད་ཟེར་འཕྲོས་འདུས་པས། །ཕྱག་མཚན་རྡོ་རྗེ་གཅིག་ཏུ་གྱུར། །དེ་ལས་འོད་ཟེར་འཕྲོས་འདུས་པས། །རྡོ་རྗེ་མཐིང་ནག་འོད་དུ་གྱུར། །ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཀཱ་ལ་རཱུ་པ་བཛྲ་ཀྲོ་ཏ་ཧཱུཾ་ཕཊ་ཅེས་བརྗོད་ལ། འོད་ལས་ཡ་མཱནྟ་ཀར་གྱུར། །ཞལ་གསུམ་ཕྱག་དྲུག་མཐིང་ནག་ལ། །གཡས་དཀར་གཡོན་དམར་དབུས་མཐིང་ནག །རལ་པའི་རྩེ་ལས་མེ་འབར་བ། །རལ་པའི་སྐེད་ནས་ཞག་འཛག་པ། །རལ་པའི་རྩ་ནས་ཁྲག་མཚོ་འཁྲུག །སྡིག་འཛུབ་རྒྱུ་ཞགས་ལྕགས་ཀྱུ་གཡས། །དུང་དམར་མདུང་ཐུང་གསལ་ཤིང་གཡོན། །ཞབས་བཞི་བརྐྱང་བསྐུམ་མ་ཧེ་བརྫིས། །དུར་ཁྲོད་རྒྱན་གྱིས་རབ་ཏུ་བརྒྱན། །ཀླད་པར་ཨོཾ་བསམ་མགྲིན་པར་ཨཱཿ། །ཙིཏྟའི་ནང་དུ་ཧཱུཾ་ཡང་བསམ། །ཡེ་ཤེས་ལྔ་རུ་བྱིན་བརླབས་ཏེ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀྲོ་དྷ་ཛྙཱ་ན་པཉྩ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། སྐུ་གསུང་ཐུགས་


DNG015_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བྱིན་བརླབས་ཏེ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཱ་ཀ་ཙིཏྟ་ཨཱདྨ་ཀོ྅ཧཾ། ཁྲོ་བོའི་ང་རྒྱལ་བསྐྱེད་པ་ལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཡ་མཱནྟ་ཀ་མ་ཧཱ་ཀྲོ་ཏ་ཧཱུཾ། དེ་ནས་ཧཱུཾ་ཞེས་རབ་བརྗོད་པས། །ཁྲོ་བོའི་ཐུགས་ཀར་ཧཱུཾ་བཏོན་ཏེ། །གཡོན་ཕྱོགས་ཞིང་གི་གདན་སྟེངས་སུ། །ཧཱུཾ་དེ་འཕྲོས་ཤིང་གནས་པ་ལ། །ཨོཾ་ཨཱཿཧཱུཾ་པེ་ཏ་ལི་རག་ཤ་ནན། བརྗོད་པས་ཧཱུཾ་ཉིད་ཡུམ་དུ་གྱུར། །ཁྲམ་བམ་གཡས་ལ་བྷནྡྷ་གཡོན། །སྐུ་མདོག་ནག་མོ་གསལ་བར་བསྐྱེད། །ཡབ་ཀྱི་གསང་བའི་རྡོ་རྗེ་སྟེ། །ཨོཾ་ལས་ནོར་བུ་བུ་གར་ཕཊ། །དེ་ནས་ཡུམ་གྱི་གསང་གནས་སུ། །བཾ་ལས་པདྨ་འདབ་མ་བརྒྱད། །ཨེ་ལས་ནང་དུ་གྲུ་གསུམ་སྟེ། །འདི་སྐད་བརྗོད་ལ་གསང་སྒོ་དབྱེ། །པདྨ་གུ་ཧྱ་པྲ་བེ་ཤ་ཕཊ། །ཅེས་བརྗོད་གསང་སྒོ་དབྱེ་བ་ཡིས། །ཡབ་ཡུམ་རོལ་པ་མཛད་པ་དང་། །ལྷག་པའི་བྱང་ཆུབ་སེམས་དེ་ཉིད། །རྡོ་རྗེའི་ལམ་ནས་རབ་བྱུང་སྟེ། །ཡུམ་གྱི་མཁའ་ལ་འཕྲོས་པ་དང་། །དེ་ལ་ཧཱུཾ་ཞེས་བརྗོད་པ་ཡིས། །བྱང་སེམས་ཧཱུཾ་བསྒྲིལ་བཅུར་གྱུར་ཏེ། །མཁའ་ལ་བཏོན་ནས་འཁོར་ལོ་ཡི། །རྩིབས་དང་སྟེང་དང་གདན་ཐོག་ཏུ། །ཧཱུཾ་ཧཱུཾ་བསྒྲིལ་མ་རེ་རེ་བསམ། །འཁོར་ལོ་ཤར་གྱི་རྩིབས་ལ་གནས། །ཧཱུཾ་ཧཱུཾ་བསྒྲིལ་མ་དེ་གཉིས་ལས། །ཨོཾ་ཡ་མཱནྟ་ཀ་བཛྲ་ཀྲོ་ཏ་ཧཱུཾ། བརྗོད་པས་ཧཱུཾ་ལས་ཁྲོ་བོའི་སྐུར། །ཀོང་ཙེ་བྲག་གྱོན་ཁམ་རྒྱ་མ། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་ནག །དུར་ཁྲོད་རྒྱན་དང་ལྡན་པ་སྟེ། །གཡོན་པ་བྷན་དམར་ཡུམ་ལ་འཁྱུད། །གཡས་པ་གདུག་པའི་མཚོན་ཆ་འཛིན། །ཡུམ་གྱི་གཡས་ཀྱིས་ཡབ་ལ་འཁྱུད། །གཡོན་པ་དུང་དམར་ཡབ་ལ་སྟོབ། །དུར་ཁྲོད་རྒྱན་རྣམས་ཡབ་དང་མཐུན། །རྩ་བའི་སྔགས་དེ་བརྗོད་ནས་ཀྱང་། །ཕྱོགས་སྐྱོང་ཡབ་ཡུམ་ཀུན་ཀྱང་བསྐྱེད། །རྒྱན་དང་ཆ་ལུགས་ཕྱག་མཚན་རྣམས། །གོང་བཞིན་ཐམས་ཅད་གསལ་བར་བསྐྱེད། །གཡས་ཀྱི་ཧཱུཾ་ལས་ཡབ་ཏུ་བསྐྱེད། །གཡོན་གྱི་ཧཱུཾ་ལས་ཡུམ་དུ་བསྐྱེད། །ཙ་མུནྟི་དུན་བྷྱོ། རོ་ཁ་མ་དུན་བྷྱོ། ནམ་གྲུམ་དུན་བྷྱོ། བྷྱོ་ལས་དུར་ཁྲོད་མ་མོ་གསུམ། །ཟླ་གམ་གསུམ་ལ་བསྐྱེད་པར་བྱ། །


DNG015_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་བཞིར་རྡོ་རྗེ་སྲིན་མོ་བཞི། །ཀུན་ལ་ད་རི་ཤར་དུ་བསྐྱེད། །ཀྴུ་ལ་ད་རི་ལྷོ་རུ་བསྐྱེད། །ཀང་ཀ་ད་རི་ནུབ་ཏུ་བསྐྱེད། །ཙ་མུན་ད་རི་བྱང་དུ་བསྐྱེད། །ཀེའུ་སེང་དབང་ཕྱུག་གིང་དང་བདུད། །གྲུ་ཆད་ཁྱམས་དང་ལྕགས་རིའོ། །སྤྱན་དྲང་ཕྱག་འཚལ་བཞུགས་མཆོད་འབུལ། །མན་ངག་ལས་སུ་ཤེས་པར་བྱ། །དཔལ་གཤིན་རྗེ་ཟླ་གསང་ནག་པོ་རྩ་བའི་རྒྱུད་ལས། དྲག་པོ་ཕྲིན་ལས་ཀྱི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས་དྲག་པོ་འཁོར་ལོའི་སྐབས་འདི་གསུངས་སོ། །དུར་ཁྲོད་རོ་རས་རྙིང་པ་འམ། །གྲི་བོར་ཤི་བའི་རོ་ཤུན་ལ། །མི་ཚིག་ལ་སོགས་མི་སྨྲ་བར། །སྐེ་ཚེ་ལན་ཚྭ་ཉུང་ནག་མར། །དུག་དང་ནིམ་པའི་ཤིང་ལོ་དང་། །ཀ་ན་ཡ་ཡི་ཁུ་བ་དང་། །རོ་བསྲེགས་པ་ཡི་སོལ་བ་དང་། །རང་ངམ་བམ་གྱི་མཛུབ་མོའི་ཁྲག །དེ་རྣམས་སྦྱར་ལ་སྣག་ཚ་བྱའོ། །བྱ་རོག་འུག་པའི་སྒྲོ་རྩ་ལ། །འཁོར་ལོ་བྲི་བའི་རྨྱུག་གུ་བྱའོ། །འཁོར་ལོ་རྩིབས་ཆེན་གཉིས་བྲིས་ཏེ། །སྲིད་གསུམ་སེམས་ཅན་ཐམས་ཅད་ཀུན། །གཤིན་རྗེའི་ལྟོ་ན་ཡོད་རྟགས་སུ། །འཁོར་ལོ་རིམ་པ་གསུམ་དུ་བྱའོ། །དབུས་སུ་རེ་མིག་དགུ་པར་བྱ། །ཕྱི་རིམ་རྩིབས་ནི་བཅུ་གཉིས་བྱ། །ཐ་མ་དག་ལ་བཅུ་དྲུག་བྱ། །ཡབ་ཡུམ་འཁོར་ལོ་དག་ལ་བསྐྱོན། །འཁོར་ལོ་ནང་དུ་སྔགས་དགོད་པ། །རེའུ་ཆ་དགུ་དང་བཅུ་གཉིས་ལ། །ཉི་མ་བཞི་པའི་གཤེད་བཞི་བྲི། །བཅུ་དྲུག་ཧྲཱྀཿཤྟྲཱིར་དམ་ཚིག་སྔགས། །ཕྱི་རིམ་ཀྵ་ལི་བཞི་བཅུ་གཉིས། །ཡང་རིམ་དབྱངས་ཡིག་བཅུ་དྲུག་བྲི། །དེ་ཡི་ཕྱི་མ་ཡང་རིམ་ལ། །ཛཿཧཱུཾ་བཾ་ཧོཿབྲི་བར་བྱ། །ཡི་གེ་རེ་ཀ་རེ་མིག་ཏུ། །དེ་ཡང་ཕོ་ཡི་འཁོར་ལོ་ནི། །ཡི་གེ་ཁ་རྣམས་ཕྱིར་ལ་བསྟན། །མོ་ཡིག་རྣམས་ནི་ནང་དུ་བལྟས། །ཡ་དང་ཡ་མཉམ་མ་དང་མ། །ར་དང་ར་མཉམ་ཙ་དང་ཙ། །ས་དང་ས་མཉམ་ཏོ་དང་ཏོ། །མེ་དང་མེ་མཉམ་ཡ་དང་ཡ། །ཡ་དང་ཡ་མཉམ་མེ་དང་མེ། །ཏོ་དང་ཏོ་མཉམ་རུ་དང་རུ། །ན་དང་ན་མཉམ་ཡོ་དང་ཡོ། །ཏ་དང་ཏ་མཉམ་ཡ་དང་ཡ། །ཡ་དང་ཡ་མཉམ་ཏ་དང་ཏ། །ཡོ་དང་ཡོ་མཉམ་ནི་དང་ནི། །ར་དང་ར་མཉམ་ཡ་དང་ཡ། །ཀྵེ་དང་ཀྵེ་མཉམ་


DNG015_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་དང་ཡ། །ཡ་དང་ཡ་མཉམ་ཙ་དང་ཙ། །ནི་དང་ནི་མཉམ་ར་དང་ར། །མ་དང་མ་མཉམ་ཡ་དང་ཡ། །གཡས་བསྐོར་གཡོན་བསྐོར་ཕོ་མོ་གཉིས། །མ་ནོར་མ་ལོག་བྲི་བ་གཅེས། །དམ་ཚིག་ཡི་གེ་དགོད་པ་དང་། །ཨོཾ་དང་ཨོཾ་མཉམ་ཧྲཱྀཿདང་ཧྲཱྀཿ། །ཤྟྲཱིཿདང་ཤྟྲཱིཿམཉམ་པི་དང་པི། །ཀྲྀ་དང་ཀྲྀ་མཉམ་ཏཱ་དང་ཏཱ། །ན་དང་ན་མཉམ་ན་དང་ན། །ཆེ་དང་ཆེ་མཉམ་གེ་དང་གེ། །མོ་དང་མོ་མཉམ་ཧཱུཾ་དང་ཧཱུཾ། །ཧཱུཾ་དང་ཧཱུཾ་མཉམ་ཕཊ་དང་ཕཊ། །སྭཱ་དང་སྭཱ་མཉམ་ཧཱ་དང་ཧཱ། །དམ་ཚིག་ཡི་གེ་མ་ནོར་དགོད་པ་གཅེས། །ཀ་ཁ་དབྱངས་ཡིག་ལ་སོགས་ཏེ། །ཡི་གེ་རྣམས་ཀྱི་དགོད་ཕྱོགས་སོ། །གཉིས་གཉིས་མཐུན་པར་བྲིས་གྱུར་ན། །ཡབ་ཡུམ་ཚེ་རོལ་གྱུར་ནས་ཀྱང་། །འཁོར་ལོ་ལོག་ན་རྣལ་འབྱོར་ཕུང་། །དེ་དག་དགུག་དང་མནན་དང་མྱོས། །བསྐྲད་དང་སྨྱོ་འབོག་ལ་སོགས་པ། །རིམ་པ་བཞིན་དུ་ཤེས་པར་བྱ། །དེ་ལྟར་འཁོར་ལོ་བྲི་བ་དང་། །རབས་ཆད་ཕོ་མོའི་ཐོད་པ་དང་། །འཁོར་ལོ་གོང་མ་ལྟར་བྲིས་ལ། །དེ་ཡི་བར་དུ་གཞུག་པར་བྱ། །ཚོན་སྐུད་ནག་པོ་ཕྱོགས་བཞིར་བཅིངས། །གཞན་ཡང་ཞི་རྒྱས་ལས་བྱེད་ན། །ཁམ་སའི་གབ་ཚེར་དེ་ཉིད་གཞུག །སོ་སོའི་རིགས་ཀྱི་གཟུངས་ཐག་གདགས། །དེ་ཡིས་གང་བྱས་གདོན་མི་ཟ། །ལས་རྣམས་འགྲུབ་ཅེས་གཤེད་པོས་བཤད། །ཅེས་གསུངས་སོ། །དཔལ་གཤིན་རྗེ་ཟླ་གསང་ནག་པོ་རྩ་བའི་རྒྱུད་ལས། འཁོར་ལོ་བཅའ་བའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པའོ།། །།དེ་ནས་འཇམ་དཔལ་ཁྲོ་བོ་ཡིས། །གསང་བ་ཡང་དག་བཤད་པར་བྱ། །ལས་ཀྱི་མཐའ་བརྟུལ་ཤེས་བྱ་འདི། །ཉོན་ཅིག་ཟུང་ཞིག་རྡོ་རྗེ་འཛིན། །ངས་བཤད་པ་ལ་སེམས་ཐུད་ཅིག །བསད་པ་ལས་ཀྱི་བསྙེན་པ་ནི། །ཡིད་འཐད་མཚན་ལྡན་གནས་དག་ཏུ། །གོང་གི་ལས་རྣམས་རྫོགས་བྱས་ཏེ། །དེ་ཡང་འཆི་བདག་བསྙེན་པ་ནི། །སུམ་ཅུ་རྩ་གཉིས་དྲིལ་ལ་བཟླས། །ལས་ལ་སྦྱོར་བའི་དུས་དེ་རུ། །སྣ་ལ་རོ་ཚས་རས་བཙལ་ཏེ། །མས་ཡར་བགྲང་


DNG015_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཚེས་བརྒྱད་དེ། །ཉི་ཤུ་གཉིས་ཀྱི་ནུབ་མོ་ནི། །དུར་ཁྲོད་གླིང་ནས་རས་བླངས་ལ། །དམེ་ཁྲག་གསུམ་དུ་བྱུགས་བྱས་ལ། །འཆི་བདག་གཤིན་རྗེ་དེ་ལ་བསྡིམ། །ཡབ་ཡུམ་ལས་ལ་སྦྱོར་བ་ཡིས། །སྔགས་འདི་ཉིད་ཀྱང་རབ་ཏུ་བཟླས། །ཨོཾ་ས་མ་མཉྫུ་ཨ་ཀྲོ་ཏེ་ཀ་ཀཱ་ལ་རཱུ་པ་ཧཱུྃ་ཕཊ། ཉི་ཤུ་དྲུག་གི་སྔ་དྲོ་ལ། །རོ་རས་བཀྲུ་དང་བརྒྱང་སྦྱང་བྱ། །ཉིན་ཕྱེད་མན་ཆད་སྣག་ཚ་མཉེ། །དབང་དུ་བསྡུ་བའི་སྔགས་འདི་བཟླས། །ཨོཾ་དུ་ཡ་ཡ་མཱནྟ་ཀ་ར་ཧཱུྃ་ཧཱུྃ་ཕཊ་ཕཊ། སྣག་ཚ་མཉེ་བའི་ལས་ཟིན་ནས། །དེ་ཡི་དགོངས་ཁ་འཁོར་ལོ་བྲི། །བྲི་བ་ཟིན་ནས་ལྷ་ཕྱག་འཚལ། །བཀའ་བདེན་འགྲུབ་པར་གྱུར་ཞེས་བྱ། །ཡང་ན་དུར་ཁྲོད་རས་མེད་ན། །ཐོད་པ་དག་ལ་འཁོར་ལོ་བྲི། །ཨག་རྩེའི་ངོས་སུ་འཆི་བདག་གཟུགས། །གཟུགས་ཀྱི་སྙིང་གར་མིང་བྱང་བྲི། །དགྲ་ཡི་མིང་རུས་ཐོད་པར་གཞུག །འཁོར་ལོ་དབུས་ཀྱི་ཡ་ལས་ཀྱང་། །འཆི་བདག་གཤེད་པོའི་སྐུ་རུ་བསྐྱེད། །ཕྱོགས་ཀྱི་ཡ་མེ་ཏ་ཀྵེ་བཞི། །བཞི་ལས་གཤེད་བཞིའི་སྐུ་བསྐྱེད་པས། །བདག་གི་མདུན་དུ་རི་རབ་ལས། །གསེར་གྱི་རི་བདུན་བཅས་པར་བསམ། །བདག་ཉིད་གཤིན་རྗེའི་གཤེད་པོ་ཡིས། །རྣལ་འབྱོར་ཆ་བྱད་ལྡན་བྱས་ལ། །ལག་པ་གཡས་ཀྱི་མཐེ་བོང་ལས། །ཆང་པར་བཅུག་ལ་བེ་ཅོན་བསམ། །རི་རབ་དག་གི་སྤྱི་རྡེག་སྟེང་། །རི་རབ་རྒྱ་གྲམ་གསལ་བར་བསྒོམ། །དེ་བཞིན་སྔགས་འདི་རབ་ཏུ་བརྗོད། །ཨོཾ་ན་མོ་བུདྡྷཱ་ཡ། དྷརྨཱ་སང་གྷཱ་བྷྱ་སརྦ་ཏ་ཐཱ་ག་ཏ་ཀྲོ་དྷ་བི་ཛ་ཡ་ཨག་ནི་ཛྭ་ལ་ཏི། ཛཱ་ཧྭ་པྲེ་ཏ་ཤྲཱི་ཡང་ཧཱུྃ་ཧཱུྃ་ཕཊ་ཕཊ། ཅེས་པས་རི་རབ་རྒྱ་གྲམ་གཤེགས། །གནས་ཀྱི་གཤིན་རྗེ་དགུག་བསམ་ཞིང་། །ཐུགས་ཀའི་ཡི་གེ་ཡ་ནག་པོ། །ཐ་མ་དབང་བསྡུའི་སྔགས་ཀྱིས་བསྐོར། །འོད་ཟེར་འཕྲོས་པའི་འོག་ཕྱོགས་སུ། །འཆི་བདག་གཤིན་རྗེའི་གཙོ་བོ་འཁོར། །འབུམ་ཕྲག་བཅས་པའི་འོད་ཕོག་པས། །རང་དབང་མེད་པར་དེས་བཀུག་ནས། །དེ་ལ་ཤ་ཁྲག་སྣ་


DNG015_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཀྱི། །གཏོར་མ་རྫས་ཀྱིས་མཆོད་པར་བྱ། །བནྡྷ་འབྲུབ་ཁུང་ནང་བཅུག་ལ། །དབང་དུ་བསྡུ་བའི་སྔགས་བཟླས་ཏེ། །བདག་ལས་འཕྲོས་པའི་གཤེད་པོ་ལ། །གྲངས་མེད་འཕྲོས་པས་གཤེད་པོའི་ཚོགས། །རང་དབང་མེད་པར་བཀུག་བྱས་ཏེ། །ཐོད་པའི་ནང་དུ་བཀུག་བསྡིམ་ལ། །ཞབས་གཡས་རྡོ་རྗེ་ཕུར་པ་ཡིས། །གཟིར་བས་སྐད་ངན་འོ་དོད་འབོད། །རང་དབང་མེད་པར་དབང་དུ་སྡུད། །བཀའ་ཉན་ཅི་གསུང་སྡོད་པར་བསྒོམ། །སྐྱ་རེངས་དང་པོ་ཤར་བ་ན། །འཆི་བདག་གཤིན་རྗེ་འཁོར་བཅས་ལ། །གཏོར་མ་བྱིན་ཏེ་གཤིན་རྗེ་ཉིད། །ཕོ་ཉར་བཀྱེ་ལ་དགྲ་བོ་དགུག །ལྷ་དང་ཕྲལ་བ་ལ་སོགས་བྱ། །ཉི་མ་རྩེ་རུ་ཤར་བ་དང་། །བནྡྷ་དཀྱིལ་འཁོར་སྟེང་དུ་བཞག །དེ་བཞིན་བསད་པའི་སྔགས་བཟླས་ཏེ། །བདག་ཉིད་ཐུགས་ཀར་ཡི་གེ་ལ། །སྔོ་ནག་གསལ་ལ་འཚེར་བ་བསམ། །ཐ་མ་དྲག་སྔགས་འབྲུ་བདུན་པ། །མེ་ལྕེ་འབར་འདྲས་བསྐོར་བར་བསམ། །གསད་པ་ལས་ཀྱི་སྔགས་འདི་བཟླས། །ཨོཾ་ཧྲཱྀཿ ཿཝི་ཀྲི་ཏཱ་ན་ན་ཆེ་གེ་མོ་ཤ་ཏྲུཾ་ནཱ་ཤ་ཡ་ཧཱུྃ་ཕཊ། ཡ་མ་རཱ་ཛ་ས་ཏོ་མེ་ཡ་ཆེ་གེ་མོ་ཨ་མུ་ཀཾ་པྲ་མ་ཡ་ཧཱུཾ་ཕཊ། དེ་ནས་དྲག་ཏུ་བརྗོད་པ་ལས། །འོད་ཟེར་བདག་ལ་ཕོག་གྱུར་པས། །རང་དབང་མེད་པར་བསྐུལ་གྱུར་ནས། །གཤེད་པོ་ཡ་མ་རཱ་ཙ་བསྐུལ། །དེས་ནི་ཕྱོགས་སྐྱོང་གཤིན་རྗེ་བསྐུལ། །དེ་ཡིས་མ་མོ་མཁའ་འགྲོ་དང་། །རྡོ་རྗེ་གིང་དང་གིང་མོ་དང་། །བདུད་ལ་སོགས་པ་དབང་མེད་བསྐུལ། །དེ་བཞིན་གཟས་པ་དངོས་བཀུག་ནས། །ཐོད་པར་བཅུག་སྟེ་གནས་པ་ལས། །བསད་པ་ལས་ཀྱི་སྔགས་བཟླས་པས། །གཏར་ཚན་རྩི་སྦུར་མི་ཆགས་བཞིན། །གང་ལ་བྱ་བ་བརླག་པར་བསམ། །དགོངས་ཀྱི་དམར་ཐག་ཆད་པ་དང་། །གཤེད་ཆེན་ཡ་མཱ་རཱ་ཛ་ལ། །ཤ་ཁྲག་སྣ་ཚོགས་གཏོར་མ་བཤམ། །བེ་ཅོན་ཕྱག་རྒྱ་བཅས་ནས་ཀྱང་། །བརྣག་པའི་སྤྱི་བོར་དེ་བསྟན་པས། །ཚངས་པའི་རྩ་བཅད་མགོ་འཁོར་བསམ། །ཉི་ཤར་རྩེ་ནས་ལས་བརྩམ་སྟེ། །


DNG015_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་ཐུགས་ཀའི་ཡི་གེ་ཡ། །འབྲུ་བདུན་མེ་འབར་འདྲི་བར་བསྐོར། །བསད་པ་ལས་ཀྱི་སྔགས་འདི་བཟླས། །ཨོཾ་ཧྲཱྀཿཤྟྲཱིཿཝི་ཀྲྀ་ཏཱ་ན་ན་ཆེ་གེ་མོ་ཤ་ཏྲུཾ་ནཱ་ཤ་ཡ་ཧཱུཾ་ཕཊ། ཡ་མེ་ཏོ་རུ་ཎ་ཡོ་ཏ་ཡ། ཆེ་གེ་མོ་ཨ་མུ་ཀཾ་མུ་ར་ཙ་ཡ་ཧཱུྃ་ཕཊ། དེ་སྐད་དྲག་ཏུ་བརྗོད་པ་ཡིས། །འོད་ཟེར་བདག་ལ་ཕོག་གྱུར་པས། །རང་དབང་མེད་པར་བསྐུལ་ནས་ཀྱང་། །དེ་ཡིས་མྱོས་བྱེད་འབར་བ་བསྐུལ། །དེ་ཡིས་ཕྱོགས་སྐྱོང་གཤིན་རྗེ་བསྐུལ། །དེ་བཞིན་མ་མོ་མཁའ་འགྲོ་དང་། །གིང་བདུད་གདུག་པ་དབང་བྱེད་བསྐུལ། །དེ་བཞིན་དམིགས་བྱ་དངོས་བཀུག་ནས། །འདུག་པའི་དབང་མེད་ཐོད་པར་བཅུག །བསད་པ་ལས་ཀྱི་སྔགས་བཟླས་པས། །གཏར་ཚན་རྩི་སྦུར་མི་ཆགས་བཞིན། །གང་ལ་བྱ་བ་བརླག་པར་བསམ། །དེ་བཞིན་དམར་ཐག་ཆད་པ་དང་། །གཤེད་ཆེན་མྱོས་བྱེད་འབར་བ་ལ། །ཤ་ཁྲག་མཉེས་པའི་མཆོད་པ་དབུལ། །དེ་ལ་བཅོལ་བསྐུལ་དྲག་ཏུ་བྱ། །ཕྱག་རྒྱ་གོང་བཞིན་བཅས་ནས་ཀྱང་། །བེ་ཅོན་ལྟོ་བར་བརྒྱབ་པས་ནི། །ལུས་བརྒྱལ་ཡིད་དཀྲུགས་འཆི་བར་བསམ། །བདག་གི་ཐུགས་ཀའི་ཡ་ནག་པོ། །དྲག་སྔགས་བདུན་གྱིས་བསྐོར་བ་ལ། །བསད་པ་ལས་ཀྱི་སྔགས་བཟླས་ཏེ། །ཨོཾ་ཧྲཱྀཿཤྟྲཱིཿཝི་ཀྲྀ་ཏཱ་ན་ར་ཤ་ཡ་ཧཱུྃ་ཕཊ། ཡ་ཏ་ཡོ་ནི་ར་ཡ་ཀྵེ་ཡ། ཨ་མུ་ཀཾ་རཀྟ་ཙ་ར་ཡ་ཧཱུྃ་ཕཊ། དེ་སྐད་དྲག་ཏུ་བརྗོད་པ་ཡིས། །འོད་ཟེར་བདག་ལ་ཕོག་གྱུར་པས། །རང་དབང་མེད་པར་བསྐུལ་ནས་ཀྱང་། །གཤེད་ཆེན་ཨཱརྱ་མེ་རུ་བསྐུལ། །དེ་ཡིས་ཕྱོགས་སྐྱོང་གཤིན་རྗེ་བསྐུལ། །དེ་བཞིན་མ་མོ་མཁའ་འགྲོ་དང་། །གིང་དང་གིང་མོ་བདུད་ལ་སོགས། །འདུག་པའི་དབང་མེད་བསྐུལ་བར་བསམ། །དེ་ཡིས་གཟས་པ་དངོས་བཀུག་ནས། །དབང་མེད་ཐོད་པར་བཅུག་པར་བསམ། །བསད་པ་ལས་ཀྱི་སྔགས་བཟླས་པས། །གཏར་ཚན་རྩི་སྦུར་མི་ཆགས་བཞིན། །གང་ལ་བྱ་བ་བརླག་པར་བསམ། །དེ་བཞིན་དམར་ཐག་ཆད་པ་དང་། །གཤེད་ཆེན་ཨཱརྱ་མེ་རུ་ལ། །ཤ་ཁྲག་མཉེས་པའི་མཆོད་པ་དབུལ། །བེ་ཅོན་མགྲིན་པར་བརྒྱབ་པས་ནི། །ཁ་


DNG015_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཁྲག་སྐྱུག་མངོན་དུ་བསམ། །བདག་གི་ཐུགས་ཀའི་ཡི་གེ་ལས། །དྲག་སྔགས་བདུན་འབྲུ་བསྐོར་བ་ལ། །བསད་པ་ལས་ཀྱི་སྔགས་བཟླས་ཏེ། །ཨོཾ་ཧྲཱྀཿཤྟྲཱིཿཝི་ཀྲྀ་ཏཱ་ན་ན་ཤ་ཏྲི་ནཱ་ཤ་ཏྲི་ཧཱུྃ་ཕཊ། ཡཀྵ་ཡ་ཙ་ནི་ར་མ་ཡ། ཆེ་གེ་མོ་ཨ་མུ་ཀཾ་མཱ་ར་ཡ་ཧཱུྃ་ཕཊ། དེ་སྐད་དྲག་ཏུ་བརྗོད་པ་ཡིས། །འོད་ཟེར་བདག་ལ་རབ་ཕོག་ནས། །རང་དབང་མེད་པར་བསྐུལ་ནས་ཀྱང་། །གཤེད་ཆེན་རལ་པ་ཚར་དགུ་བསྐུལ། །དེ་ཡིས་ཕྱོགས་སྐྱོང་གཤིན་རྗེ་བསྐུལ། །དེ་ཡིས་མ་མོ་མཁའ་འགྲོ་དང་། །གིང་ཕོ་གིང་མོ་བདུད་ལ་སོགས། །འདུག་པའི་དབང་མེད་བསྐུལ་བར་བསམ། །གཟས་པ་བཀུག་ནས་ཐོད་པར་བཅུག །དེ་བཞིན་བསད་པའི་སྔགས་བཟླས་ཏེ། །གཏར་ཚན་རྩི་སྦུར་མི་ཆགས་བཞིན། །གང་ལ་བྱ་བ་བརླག་པར་བསམ། །དགོངས་ཀྱི་དམར་ཐག་ཆད་པ་དང་། །གཤེད་ཆེན་རལ་པ་ཚར་དགུ་ལ། །ཤ་ཁྲག་སྣ་ཚོགས་གཏོར་མ་བྱིན། །དྲག་པོའི་ཕྲིན་ལས་བཅོལ་བསྐུལ་བྱ། །དེ་བཞིན་བེ་ཅོན་ཕྱག་རྒྱ་བཅིངས། །སྙིང་གར་བརྒྱབ་པས་སྲོག་བཅད་ནས། །དབུགས་ཀུན་ཕྱི་རོལ་བྱུང་བར་བསམ། །གསང་སྔགས་བསད་པའི་མན་ངག་ཡིན། །གཤིན་རྗེའི་གཤེད་པོ་ང་ཉིད་ཀྱིས། །ཐུགས་ཀྱི་སྒྲོམ་བུ་ཁ་ཕྱེ་ནས། །ཞེ་སྡང་སྔོན་དུ་ཕྱུང་བ་འདི། །ལག་ན་རྡོ་རྗེ་ཁྱོད་ལ་བྱོས། །ཞེས་གསུངས་སོ། །དཔལ་གཤིན་རྗེ་ཟླ་གསང་ནག་པོ་རྩ་བའི་རྒྱུད་ལས། གསད་པ་ལས་ཀྱི་བསྙེན་པའི་ལེའུ་སྟེ་ཉི་ཤུ་རྩ་ལྔ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་དྲག་པོས་འདི་སྐད་ཅེས་ཆེད་དུ་གསུངས་སོ། །དང་པོ་ཏིང་ངེ་འཛིན་རྣམས་ཀྱིས། །ལས་ཀྱི་བྱ་བ་གཞན་ཟིན་ནས། །ཏིང་ངེ་འཛིན་ལ་རབ་འཇུག་པ། །ངས་བཤད་པ་ལ་སེམས་ཐུད་ཅིག །ཧཱུྃ་ལོག་རྟོག་གཟུང་འཛིན་འཁྲུལ་པའི་ཆོས་ཉིད་དེ། །སེམས་ཀྱིས་བརྟགས་པས་ཅིར་ཡང་མི་སྣང་ལ། །མི་གཡོ་མི་བསམ་ཆོས་ཀྱི་དབྱིངས་ཉིད་ངང་། །རིག་པ་སྤྲོས་བྲལ་མི་རྟོག་པ་རུ་བསྒོམ། །ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། དབྱིངས་ཉིད་ནམ་མཁའ་སྟོང་པའི་རང་བཞིན་ལས། །


DNG015_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

རང་སེམས་མ་ལས་ཉི་མའི་དཀྱིལ་འཁོར་ཏེ། །འོད་ཀྱི་ཐིག་ལེ་ཉི་མའི་དཀྱིལ་འཁོར་བསམ། །མ་སཱུརྱ་མཎྜ་ལ་ཧཱུཾ།ཧཱུྃ་ཉི་མའི་འོད་ཀྱི་དཀྱིལ་འཁོར་སྟེང་། །ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་རབ་འབར་བ། །བརྟན་ཞིང་མི་གཡོ་རྡོ་རྗེ་འབར་བའི་ཨོཾ། །བཛྲ་ཞེས་འཕྲོས་འདུས་པ་ལས། །རྡོ་རྗེའི་གུར་དང་ས་གཞིར་བསྒོམ། །ཧཱུྃ་འཇིག་རྟེན་ཁམས་རྣམས་མ་ལུས་ཀུན། །རཾ་ཡཾ་ཁཾ་གིས་བསྲེགས་སྦྱངས་ནས། །ཡེ་ཤེས་འབྱུང་ལྔ་རིམ་གྱིས་བསྒོམ། །ཨེ་ཡཾ་རཾ་བཾ་སུ་ཀེཾ། ཨེ་ནམ་མཁའ་སྟོང་པའི་རང་བཞིན་ལ། །བརྟན་པ་རླུང་གི་དཀྱིལ་འཁོར་བསྒོམ། །དེ་སྟེང་རཾ་ལས་གྲུ་གསུམ་མེ། །བཾ་ལས་བདུད་རྩིའི་ངོ་བོ་ལས། །སྨིན་པ་ས་ཡི་དཀྱིལ་འཁོར་བསམ། །ཀེང་རུས་རི་རབ་སྟེང་དག་ཏུ། །ཡེ་ཤེས་འབྱུང་བའི་གཞལ་ཡས་བསྒོམ། །བྷྲཱུཾ། ཡེ་ཤེས་འབར་བའི་གཞལ་ཡས་ཁང་། །གྲུ་བཞི་སྒོ་བཞི་རྟ་བབས་དང་། །དཀྱིལ་འཁོར་ཚུལ་དུ་གཞལ་ཡས་བསྒོམ། །བྷྲཱུཾ་ཛྙཱ་ན་ཙཀྲ་བྷཱུྃ། གཞལ་ཡས་དབུས་སུ་ཉི་ཟླའི་སྟེང་། །ཆུ་སྐྱེས་སྟེང་དུ་སེམས་ཉིད་དྷཱི། །འཕྲོས་འདུས་རལ་གྲི་དྷཱིས་མཚན་པ། །འོད་ཞུ་འཇམ་པའི་རྡོ་རྗེར་བསྒོམ། །ཨོཾ་ཨ་ར་པ་ཙ་ན་དྷཱི། འཇམ་དཔལ་རྡོ་རྗེ་ཟུར་ཕུད་ཅན། །སྐུ་གསེར་མདོག་ལ་ཞི་བའི་ཆ་ལུགས་འཆང་། །ཞལ་གཅིག་ཕྱག་གཉིས་ཤེས་རབ་རལ་གྲི་འཆང་། །གཞོན་ནུ་སྐུ་སྤྲུལ་ཕྱག་གཡོན་ཨུཏྤལ་ཏེ། །མི་འགྱུར་ཤེས་རབ་པོ་ཏིས་མཚན་པར་བསྒོམ། །སྙིང་དཀྱིལ་ཉི་མའི་དཀྱིལ་འཁོར་དེ་ལས་ནི། །འོད་འཕྲོས་ཕྱོགས་བཅུའི་བདེ་གཤེགས་སྤྱན་དྲངས་ནས། །ཉི་མ་ལ་ཞུགས་མགོན་པོ་ཉིད། །བདེ་གཤེགས་སྤྱན་དྲང་འོད་ཀྱི་གོང་བུར་བསམ། །འོད་ཕུང་དེ་ཉིད་ཁ་དོག་ནག་པོ་ཧཱུྃ། །འཕྲོ་འདུའི་ཚུལ་གྱིས་རྡོ་རྗེ་རྩེ་ལྔ་མནན། །ཤིན་ཏུ་བརྟན་པ་ཉིད་དུ་བསྒོམ། །བཛྲ་དེ་ལས་འོད་ཟེར་རབ་འཕྲོས་པས། །རྡོ་རྗེ་ཕྲ་མོའི་འཕྲོ་འདུ་ལས། །ཁྲོ་བོའི་རྒྱལ་པོ་གཤིན་རྗེའི་གཤེད། །དབུ་གསུམ་ཕྱག་དྲུག་འཇིགས་པའི་གཟུགས། །གྱད་ཀྱི་དོར་སྟབས་ཡི་དྭགས་གནོན། །ཏྲི་


DNG015_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

ཤུལ་རལ་གྲི་དབྱུག་དགྲ་སྟྭ། །སྦྱིན་པའི་ཕྱིར་ནི་ཕྱག་བརྐྱང་བ། །ལྕགས་ཀྱུའི་མཚོན་ཆ་གཡས་ན་བསྣམས། །ཐོད་པ་ཤག་ཏི་ཏོ་མ་ར། །སྡིག་དང་ཞགས་པ་གཡོན་པ་སྟེ། །ལས་ལ་གསང་བའི་ཡུམ་གཉིས་ཀྱང་། །ལུས་དང་གྲིབ་མའི་ཚུལ་དུ་བསྒོམ། །ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧཱུྃ་པེ་ཏ་ལི་རག་ཤ་རག་ཤ་ཧཱུྃ་ཧཱུྃ། པདྨ་རྡོ་རྗེ་བྱིན་བརླབས་ལ། །ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ། །པཾ་ལས་པདྨོར་བྱིན་བརླབས་ནས། །འདི་ཡིས་བསྐུལ་མ་ཚུལ་བཞིན་བྱ། །ས་མ་ཡཱ་ཧོ། ས་མ་ཡཱ་སྟྭཾ། རཱ་ཧོ་ཧཾ། རཱ་ག་ཡཱ་མི། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུྃ། ཡབ་ཡུམ་མཁའ་ལ་ཧཱུཾ་བཅུ་གཉིས། །གཤིན་རྗེ་བཅུ་གཉིས་གསལ་བའི་རྩ། །འཁོར་རྣམས་བསམ་པའི་དབང་གིས་བསྐྱེད། །སྤྱན་དྲང་བཞུགས་མཆོད་ཚུལ་བཞིན་བྱ། །གཤིན་རྗེའི་གཤེད་པོས་གསུངས་པ་ཡིས། །ལྷ་བསྒྲུབ་ལས་རིམ་དེ་བཞིན་དོན་བསྡུས་པ། །ལག་ན་རྡོ་རྗེས་རབ་ཏུ་ཟུང་། །ཞེས་གསུངས་སོ། །དཔལ་གཤིན་རྗེ་ཟླ་གསང་ནག་པོའི་རྩ་བའི་རྒྱུད་ལས། སྒོམ་ཁོག་རྩ་བའི་ལེའུ་སྟེ་ཉི་ཤུ་རྩ་དྲུག་པའོ།། །།དེ་ནས་ཡང་མཐུ་སྟོབས་ཀྱི་དབང་པོ་ལག་ན་རྡོ་རྗེས་འདི་སྐད་ཅེས་ཞུས་སོ། །གཤིན་རྗེའི་གཤེད་ཀྱིས་གསུངས་པའི་དོན། །བདག་སྡུད་འདི་ཡི་དོན་ཤོད་ཅིག །བསོད་ནམས་ཚོགས་ཀྱི་ཡན་ལག་དང་། །བསྙེན་པ་དང་ནི་ཉེ་བསྙེན་པ། །དངོས་གྲུབ་ལེན་དང་བསྒྲུབ་པ་དང་། །འཆི་བདག་བདུད་དང་གཤིན་རྗེའི་བསྙེན་པ་དང་། །བསད་པའི་ལས་ཀྱི་བསྙེན་པ་གང་ལ་བགྱི། །གཤིན་རྗེའི་གཤེད་པོས་བཀའ་སྩོལ་ཅིག །གཤིན་རྗེའི་གཤེད་པོས་བཀའ་སྩལ་པ། །ཉོན་ཅིག་ལག་ན་རྡོ་རྗེ་འཛིན། །འཆི་བདག་རྣམས་ཀྱི་བཤད་བྱ་བ། །དེ་ཡི་དོན་འདི་ཡང་དག་ཟུང་། །དང་པོར་ཡིད་འཐད་གནས་བཙལ་བར། །ཚ་ཚ་ཉེ་འདོན་འབུམ་ལ་སོགས། །བསོད་ནམས་དག་པའི་ཚོགས་གསོག་པ། །ཚད་མེད་བཞི་དང་ཡན་ལག་ལྔ། །བདུན་གྱིས་ཀུན་རྫོབ་སེམས་བསྐྱེད་པ། །དོན་དམ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ། །


DNG015_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་མི་རྟོག་ངང་དུ་ཅི་རིགས་བསྒོམ། །དེ་ལྟར་མ་རྟོགས་འགྲོ་ལ་སྙིང་རྗེ་བསྐྱེད། །ཏིང་འཛིན་གཉིས་ཀྱིས་རང་རྒྱུད་དོན། །རིག་པའི་ཡེ་ཤེས་ཡི་གེ་མཱུཾ་དུ་གསལ། །སྤྲོས་བསྡུས་འཇམ་དཔལ་སེམས་དཔའི་སྐུར་བསྐྱེད་དེ། །གོང་ལྟར་ལས་རྣམས་ཡོངས་སུ་རྫོགས་པས་ནི། །བསོད་ནམས་ཚོགས་ཀྱི་ལས་དེ་དང་པོའོ། །དེ་ལས་ཡེ་ཤེས་ལྷ་བསྙེན་ནི། །ཡང་དག་པར་ནི་བསྡུས་ནས་བཤད། །ཡིད་འཐད་མཚན་ལྡན་གནས་དག་ཏུ། །གོང་དུ་བསོད་ནམས་ཚོགས་ལ་གནས་ནས་ནི། །ཕྱི་ནང་གསང་བའི་མཚམས་ནི་བཅད་ནས་ཀྱང་། །ཞི་ཁྲོ་ལ་སོགས་བསྐང་བཤགས་དག་པར་བྱ། །དེ་ནས་ཏིང་འཛིན་རྣམ་གསུམ་སྤྲོ་བསྡུ་ཡིས། །བདག་ཉིད་གཤིན་རྗེའི་གཤེད་ཀྱི་སྐུར་བསྐྱེད་ལ། །གཡོན་དུ་ཡུམ་བསྐྱེད་མདུན་དུ་སྲས་མཆོག་བསྐྱེད། །གཡས་སུ་སྒྲོལ་ཡུམ་ལ་སོགས་རབ་བསྐྱེད་ལ། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་། །ཡེ་ཤེས་ཆེན་པོ་ལྔ་རུ་དབང་བསྐུར་ནས། །ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་སྤྱན་དྲང་དང་། །མཆོད་བསྟོད་ལ་སོགས་རིམ་པར་རྫོགས་པ་དང་། །བདག་ཐུགས་ཕྱག་རྒྱ་བཞི་ལས་མཆོད་པའི་ལྷ་མོ་བཞི། །སྤྲོས་ཏེ་ཕྱག་འཚལ་སྤྱན་དྲང་བཞུགས་པ་དང་། །མཆོད་པ་ལ་སོགས་ལྷ་མོ་བཞིས་བྱས་ཏེ། །བཟླས་བརྗོད་བསྙེན་པའི་འཛབ་གྲངས་དབུལ་བ་ནི། །རང་རིག་ཡེ་ཤེས་གནས་སུ་དག་པའི་རྟགས། །སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་། །བཅུད་ཀྱི་སེམས་ཅན་གཤིན་རྗེའི་འཁོར། །དབྱིངས་ཉིད་གཏིང་མཐའ་མེད་པ་ལས། །སྐྱེ་འགྲོའི་གཟུགས་སུ་སྣང་བ་རྣམས། །གཤིན་རྗེའི་གཤེད་པོ་ཡབ་ཡུམ་དུ། །མ་གྱུར་པ་ནི་གང་ཡང་མེད། །དཔེར་ན་ཏིལ་འབྲུ་མར་གང་བཞིན། །བདག་ཉིད་ཙིཏྟའི་གཞལ་ཡས་ཁང་། །རིན་ཆེན་གུར་ཕུབ་འདྲ་བ་རུ། །བདག་ཉིད་ཉི་ཟླའི་དཀྱིལ་འཁོར་ལ། །རིག་པའི་ཡེ་ཤེས་ཡོངས་སུ་གྲུབ་པའི་རྟགས། །ཡེ་ཤེས་སེམས་དཔའ་ཚོན་གང་གསལ་བར་བསྒོམ། །ཐུགས་ཀར་རྡོ་རྗེ་རྩེ་ལྔ་བསམ། །དེ་ཡི་བུམ་པ་གདན་ལ་ནི། །སྔགས་ཀྱི་ས་བོན་ཡི་གེ་ཧཱུཾ། །དེ་མཐའ་


DNG015_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་བདུན་བསྐོར་བར་བསྒོམ། །ལྷ་རྣམས་ཐུགས་ཀར་དེ་བཞིན་ཅི་འདྲར་བསྒོམ། །དེ་ནས་བདག་ཉིད་ཐུགས་ཀ་ནས། །སྔགས་བཟླས་ལྗགས་ལས་འོད་འཕྲོས་པས། །འདོམ་གང་ཕ་རོལ་ཕྱིན་ཆད་དུ། །སྐུ་རྣམས་ཕྲ་མོར་གྱུར་ནས་ཀྱང་། །དེ་དག་ཞལ་ནས་གསང་སྔགས་ཟློས་པ་ལས། །འོད་ཟེར་མཆོད་པའི་ལྷ་དང་ལྷ་མོར་གྱུར། །ཕར་འཕྲོས་འཕགས་པ་རྣམས་ལ་ཕོག་པ་ཡིས། །སྐུ་གསུང་ཐུགས་ཉིད་མཉེས་པའི་མཆོད་པ་འབུལ། །འོད་ཟེར་དེ་དག་བདག་ལ་ཚུར་འདུས་པས། །སྐུ་གསུང་ཐུགས་ཀྱི་བྱིན་བརླབས་བདག་ལ་འདུས་པར་བསམ། །དེ་འདྲ་བསྙེན་པ་དྲུག་འབུམ་བྱས་པ་ནི། །སྔོན་དུ་འགྲོ་བའི་བསྙེན་པའི་རིམ་པའོ། །དེ་རྗེས་ཉེ་བསྙེན་བཤད་བྱ་བ། །གནས་ལ་སོགས་པ་སྔོན་དུ་བསྟན་པ་བཞིན། །མཎྜལ་ཆག་ཆག་ལེགས་བཏབ་ལ། །མེ་ཏོག་བྲིས་སྐུ་ལ་སོགས་བསྟོད་ནས་ཀྱང་། །གོང་མ་ལྟ་བུར་བསྙེན་པ་སུམ་འབུམ་བྱས་པ་ནི། །ཉེ་བའི་བསྙེན་པ་ཞེས་ནི་དཔའ་བོས་བཤད། །གཞན་ཡང་ཡང་དག་བཤད་བྱ་བ། །གནས་སོགས་བསྙེན་པ་དག་དང་མཐུན། །སྔོན་དུ་བྱ་བ་མཐར་རྫོགས་ནས། །ཉེ་བསྙེན་ལས་ལ་གནས་ནས་ཀྱང་། །དེས་ནི་རྟགས་བཟང་མཐོང་བར་འགྱུར། །གྲུབ་པའི་རྟགས་རྣམས་བྱུང་བ་དང་། །ཁྱད་པར་དངོས་གྲུབ་རྫས་བསགས་ཏེ། །དམར་སེར་བ་ཡི་འོ་མ་དང་། །མར་དང་སྦྲང་རྩི་སྦྱར་བ་དང་། །དངོས་གྲུབ་རྫས་རྣམས་བཀོད་ནས་ཀྱང་། །བདག་གི་ཐུགས་ལས་འོད་འཕྲོས་པས། །བདེ་གཤེགས་རྣམས་ཀྱི་ཐུགས་དམ་རྒྱུད་ཀྱང་བསྐུལ། །བྲིས་སྐུ་དངོས་གྲུབ་རྫས་ལ་ཐིམ་བསམ་ཞིང་། །འབུམ་ཕྲག་གཅིག་གིས་བཟླས་པ་བྱ་བར་བསྟན། །གླལ་དང་སྦྲིད་པ་བརྐྱང་བསྐུམ་གཉིད་ཀྱང་སྤང་། །བརྩོན་འགྲུས་དྲག་ན་བསམ་པ་བཞིན་དུ་འགྲུབ། །དེ་ནས་གཞན་ཡང་བཤད་བྱ་བ། །ཡིད་འཐད་མཚན་ལྡན་གནས་དག་ཏུ། །འཆི་བདག་བདུད་བསྒྲུབ་བསྙེན་པ་ཡང་། །ཡ་མའི་གནས་སུ་བྱ་བར་གསུངས། །འབུམ་ཕྲག་གཅིག་གི་བསྙེན་པ་ནི། །བདག་ཉིད་གཤེད་པོའི་མཐུ་ལྡན་པས། །མདུན་གྱི་རི་རབ་ཆེན་པོ་ཡང་། །


DNG015_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་པའི་ཐུགས་སྦྱར་ཏེ། །བདག་གི་ཐུགས་ཀའི་ཡི་གེ་ལས། །ནག་པོ་མེ་འདྲ་འོད་ཟེར་བསམ། །དེ་ལ་བཟླས་པའི་ཡིག་འབྲུས་བསྐོར། །དེ་བཞིན་བདག་གི་ཐུགས་ཀ་ནས། །སྔགས་ནི་རབ་ཏུ་བཟླས་བསམ་པས། །འོད་འཕྲོས་ལས་ཀྱི་གཤིན་རྗེ་ལ། །གཤེད་པོའི་འོད་ཀྱི་ཕོག་གྱུར་པས། །ཐུགས་དམ་བསྐུལ་ནས་སྐད་ཅིག་ཀྱང་། །འདུག་པའི་དབང་མེད་འོང་བར་འགྱུར། །བདག་གི་བཀའ་ཉན་གསུང་སྡོད་བསམ། །ལས་ལ་སྦྱོར་བའི་བསྙེན་པ་སྟེ། །འཆི་བདག་ལས་ཀྱི་གཤིན་རྗེ་རྣམས། །གནས་སུ་གཏོང་བར་གཤེད་པོས་བཤད། །ཅེས་གསུངས་སོ། །དཔལ་གཤིན་རྗེ་ཟླ་གསང་ནག་པོ་རྩ་བའི་རྒྱུད་ལས། ལྷ་བསྒྲུབ་བདུད་བསྒྲུབ་ཀྱི་རིམ་པ་བསྙེན་སྒྲུབ་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་བདུན་པའོ།། །།དེ་ནས་ཡང་མཐུ་སྟོབས་ཀྱི་བདག་པོ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །ཧེ་ཧེ་དཔའ་བོ་འཇིགས་བྱེད་གཙོ། །དྲག་པོ་བསད་པའི་འཁོར་ལོ་ལ། །བསྐྱོན་པའི་རྟ་དང་འདེབས་པའི་སྔགས། །སྡེབས་པའི་གྲོགས་དང་རྣོ་བའི་རྫས། །དེ་བཞིན་རྐྱེན་དང་མ་ལྡན་ན། །འབྲས་དང་ལྡོག་དང་འཁྱམས་པར་འགྱུར། །སྡེབས་པའི་གྲོགས་ནི་གང་ལ་བྱ། །ཡབ་ཅིག་འཇམ་དཔལ་བཀའ་སྩོལ་ཅིག །གཤིན་རྗེའི་གཤེད་པོས་འདི་སྐད་གསུངས། །ལག་ན་རྡོ་རྗེ་རབ་ཏུ་ཉོན། །དྲག་པོ་བསད་པའི་འཁོར་ལོ་ལ། །བསྐྱོན་པའི་རྟ་དང་མ་ལྡན་ན། །རླུང་ནག་འཚུབས་མས་འཕྱངས་དང་འདྲ། །འབྲལ་དང་དེ་ནི་འཁྱམས་པར་འགྱུར། །བརྡེག་པའི་རྫས་དང་མ་ལྡན་ན། །ནམ་མཁའ་སྤྲིན་གྱིས་ཁེབས་པ་འདྲ། །དྲག་པོའི་འཁོར་ལོ་ལྟོ་བྲལ་འགྱུར། །སྡེབས་པའི་གྲོགས་དང་མ་ལྡན་ན། །དཔའ་བོ་རྟིང་ནོན་མེད་པ་འདྲ། །འཁོར་ལོ་རང་ལ་ལྡོག་པར་འགྱུར། །དེ་བཞིན་གྲོགས་རྣམས་ངས་བཤད་ཀྱི། །ལག་ན་རྡོ་རྗེས་རབ་ཏུ་ཟུང་། །བཀའ་དང་གཞུང་བཞིན་མ་ཉམས་པའི། །བསྲུང་བའི་སྡོམ་པ་མ་ཉམས་པར། །རྫས་དང་ལག་ཆར་ལྡན་པ་དང་། །བསམ་གཏན་འཛབ་ཟློས་བསྲན་ཚུགས་ཤིང་། །དམ་ཚིག་བསྲུང་ཞིང་དྲག་ཤུལ་སྤྱོད། །ལྟ་སྤྱོད་


DNG015_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པ་ལྡན་པ་ཡིས། །དབང་བརྟུལ་ཅན་གྱི་རྣལ་འབྱོར་པས། །བསྟན་པ་གཉན་པོ་བསྲུང་དོན་དུ། །མགོན་པོ་ཆེན་པོའི་གནས་མལ་དེར། །བྱ་བྱེད་ཟང་ཟིང་འདུ་བྱེད་སྤངས། །ཚོགས་པའི་ཡོ་བྱད་བསགས་ཏེ་ལྟར། །བྱ་བ་ཐམས་ཅད་བསྟན་ནས་ནི། །བདེ་བའི་སྟན་ལ་འདུག་བྱས་ལ། །བསྐྱེད་དང་རྫོགས་པའི་རིམ་པ་སྟེ། །ཏིང་འཛིན་གསལ་ལ་བརྟན་པས་ནི། །ལྷ་ཡི་རྣལ་འབྱོར་རྩེ་གཅིག་བྱ། །ཐུན་མོང་དམ་ཚིག་བསྲུང་ཞིང་སྒྲུབ། །ཁྱད་པར་དམ་ཚིག་སྤྱད་ཅིང་དོར། །བསྙེན་སྒྲུབ་ཕྲིན་ལས་གཞུང་བཞིན་བྱ། །ཚད་ཉིད་རྫོགས་པའི་གྲངས་བསྙེན་ལ། །འཁོར་ཞིང་ཕྱིན་པ་དུས་བསྙེན་ཡིན། །མཐོང་ངམ་ཐོས་སམ་ཉམས་སུ་ལེན། །མཚན་མའི་བསྙེན་པ་རྫོགས་པ་དང་། །ཞི་རྒྱས་གཉིས་ཀྱི་འཁོར་ལོ་མཆོད། །དབང་དྲག་གཉིས་ཀྱི་འཁོར་ལོ་མནན། །ཞི་རྒྱས་བསྲུང་ཕན་གདགས་པ་ཡིན། །དབང་དྲག་གཉིས་ཀྱིས་བསྒྲལ་བར་བྱ། །འཁོར་ལོ་གཞན་ཡང་ཅི་རིགས་པར། །དབྱེ་བསྐྲད་དགུག་སོགས་གཞུང་བཞིན་བྱ། །གང་འདོད་ལས་དེ་བསྒྲུབ་བྱ་ན། །ཕྱོགས་དང་བསམ་སྦྱོར་རིམ་པ་དང་། །ཁ་དོག་སོ་སོའི་མཐུན་རྫས་ནི། །རིག་པ་ཅན་གྱིས་ཤེས་པར་བྱ། །དེ་ལ་འཁོར་ལོ་ཞེས་གྲགས་པ། །ངོ་བོ་ངེས་ཚིག་རྣམ་གྲངས་སོ། །ངོ་བོ་སྤྱི་ཡི་མཚན་ཉིད་ནི། །རྣམ་པ་གཞན་དུ་འགྱུར་ཞིང་འགྲོ། །སོ་སོ་རང་གི་མཚན་ཉིད་ནི། །གང་ལ་བཏགས་པ་དེ་ལྟར་སྣང་། །ངེས་པའི་ཚིག་ཀྱང་དེ་བཞིན་ཏེ། །རྣམ་པར་འགྱུར་ཞིང་འགྲོ་བ་དང་། །མི་འཁོར་འཁོར་ཞིང་འགྲོ་བ་དང་། །ལྟེ་བ་འཁོར་ཞིང་རྩེ་མོ་གཅོད། །དེ་ལ་གྲངས་ནི་མཐའ་ཡས་ཏེ། །མདོར་ན་རྣམ་པ་གསུམ་དུ་ཤེས། །ཐུགས་རྗེས་སྤྲུལ་པའི་འཁོར་ལོ་དང་། །ལས་དང་སྲིད་པའི་འཁོར་ལོ་དང་། །འཇིག་རྟེན་ཕན་གནོད་བྱེད་པ་ཡིས། །བྱ་བ་གྲུབ་པའི་འཁོར་ལོའོ། །དཔེ་ནི་མོ་འཕང་མགལ་མེ་དང་། །གློག་དང་སྒྲ་ལྡན་འཁོར་ལོ་དང་། །ཤིང་རྟ་ཟོ་ཆུ་འཁོར་ལོ་དང་། །ཆུ་དང་མཚོན་གྱི་འཁོར་ལོར་འདོད། །ལས་དང་འབྲས་བུའི་མཚན་ཉིད་ནི། །


DNG015_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེས་སྤྲུལ་པའི་འཁོར་ལོས་ནི། །ཉོན་མོངས་འཇིག་ཅིང་སྡུག་བསྔལ་འཇོམས། །བསྒྲུབ་དང་སྒྲུབ་པར་བྱེད་པ་ཡིས། །སེམས་ཅན་ཀུན་གྱི་རྒྱུད་འགྲོ་བའི། །ཡེ་ཤེས་སེམས་མཚོན་རྣམ་གྲོལ་བྱེད། །དེ་ལས་རྣམ་པ་གཞན་དུའང་། །ཞི་དང་རྒྱས་དང་བསྲུང་བ་དང་། །དགུག་དང་དབང་དུ་བྱ་བ་དང་། །དབྱེ་སྐྲོད་མྱོས་དང་སྨྱོ་འབོག་དང་། །བསད་དང་མནན་པ་ལ་སོགས་བྱེད། །དེ་ཡི་རྐྱེན་དང་རྩོལ་བ་དང་། །དུས་དང་ལས་ཐབས་བྱེད་པ་ཡིན། །མནན་ཅིང་བསྐྱོད་པའི་ནུས་པ་ཡིན། །འཁོར་ཅིང་གཅོད་ཅིང་འབིགས་པ་དང་། །གཅུ་ཞིང་འཕྲུལ་ཞིང་སྡུད་པ་དང་། །གཟིར་ཅིང་མནན་ཅིང་འབིགས་པ་དང་། །བརྡེག་ཅིང་རྣམ་པར་འཇོམས་པར་བྱེད། །ལས་དང་སྲིད་པའི་འཁོར་ལོ་ནི། །ལས་ཀྱི་འཕེན་པས་སྲིད་པར་འཁོར། །ཕྱི་ནང་རྟེན་འདྲེལ་འཇིག་རྟེན་བསྐྱེད། །ཉོན་མོངས་ལས་དང་སྡུག་བསྔལ་གྱིས། །རྣམ་པ་གཞན་དུ་འཁོར་ཞིང་འགྲོ། །འདས་དང་ད་ལྟར་གནས་པ་དང་། །འབྱུང་དང་མ་འོངས་ཕྱིས་འབྱུང་དང་། །སྐད་ཅིག་འབྱུང་བའི་རྒྱུན་གྱིས་ནི། །སྐད་ཅིག་མ་ཡི་རྒྱུན་གྱིས་འཁོར། །དེ་བཞིན་ཕྱི་རོལ་དོན་རྣམས་ཀྱང་། །དབྱར་དགུན་སྟོན་དཔྱིད་ཟླ་བ་ལས། །བསྐལ་པ་མང་པོ་འཁོར་ཞིང་འགྲོ། །ངོ་བོ་ངེས་ཚིག་རྣམ་གྲངས་སུ། །འཁོར་ལོའི་རང་བཞིན་བསྟན་པ་ཡིན། །བདེ་གཤེགས་བཀའ་ལ་གནོད་པ་ལ། །འཆི་བདག་འཁོར་ལོ་ནག་པོས་བྱ། །ཡི་དྭགས་གྲོང་ཁྱེར་བཅོམ་བྱས་ལ། །སྣེལ་གྲི་སུ་མའི་མགོ་ཐོད་བླང་། །ཡི་དྭགས་གོས་ལ་ཁྲམ་བྲིས་ཏེ། །དབྱིབས་ནི་ཟླ་བ་ལྟ་བུ་ལ། །ཀུན་ནས་ཡོངས་སུ་ཟླུམ་པ་སྟེ། །རིམ་པ་གསུམ་ལྡན་ལེའུ་ཚེ་དགུ། །བཅུ་གཉིས་བཅུ་དྲུག་རྩིབས་བཅས་ཏེ། །ལེའུ་ཚེ་དགུ་དང་བཅུ་གཉིས་ལ། །བཅུ་བདུན་ཡ་ཚོགས་སྔགས་ཀྱིས་མཛེས། །འདི་ལྟ་བུ་ཡི་འཁོར་ལོ་ནི། །ཕྱིན་ཅི་ལོག་གིས་བཅིངས་པ་ཡིས། །ལོག་པའི་ཤེས་པ་ལྡན་པ་དེས། །རྒྱུ་མཐུན་མཚན་མའི་འཁོར་ལོ་ལ། །མན་ངག་ཅན་གྱི་རྣལ་འབྱོར་པས། །དྲག་པོའི་གསང་སྔགས་བར་མི་གཅད། །ཆོས་ཀྱི་རྒྱལ་པོ་ལ་སོགས་


DNG015_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །ལས་ཀྱི་བཤན་པའི་མགོ་བཀྲམ་སྟེ། །ལྕགས་ཀྱུ་ཤག་ཏི་ཏོ་མ་ར། །ཁ་ཊྭཱཾ་བེར་ཀ་ལ་སོགས་པས། །བརྡེག་ཅིང་འཇོམས་པར་བྱེད་པས་ནི། །འཇབ་ཅིང་རྒྱུག་ཅིང་འདེད་པ་དང་། །འཛིན་ཅིང་གསོད་པར་བསམ་པ་ཡིས། །གང་ལ་བྱ་བའི་རྣམ་ཤེས་ཏེ། །ལོག་པའི་སྟོབས་ཀྱི་གནས་སུ་མཐོང་། །ཁྲོ་བདག་གཤིན་རྗེའི་གཤེད་པོ་རུ། །བདག་ཉིད་བསམ་པའི་རྣལ་འབྱོར་གྱིས། །མཚན་མ་མིང་དུ་བཅས་པ་ལ། །སྐེ་ཚེ་དུག་དང་ཉུང་ནག་དང་། །ཐལ་ཁྲག་གུ་གུལ་ཉུང་དཀར་གྱིས། །བྲབ་དང་གཟིར་དང་དབབ་པ་དང་། །དགུག་ཅིང་རྡོ་རྗེའི་མཚོན་གྱིས་གདབ། །སྔོན་དམར་བྱད་དུ་བཅུག་པ་དེ། །གའུ་ཁ་སྦྱར་ནང་དུ་གཞུག །སྨྲ་བཅད་ཞི་ཁྲོའི་སྔགས་བཟླས་པའི། །དྲག་པོའི་སྔགས་ཀྱིས་འཕོས་གྱུར་ན། །གང་ལ་དམིགས་པ་བསྒྲུབ་བྱ་སྟེ། །མགོ་འཁོར་བ་དང་ཁྲག་སྐྱུག་དང་། །མྱོས་པས་མཱ་ར་ཡ་གདོན་མི་ཟ། །དྲག་པོའི་ལས་རྣམས་རྫོགས་པ་དང་། །མཚན་མ་མིང་རུས་བཅས་པ་རྣམས། །ཐོད་པ་ནག་པོར་རྒྱས་བཏབ་ལ། །དམེ་བས་བཅུས་པའི་མཚན་བཅུས་བྱུག །མ་ལ་ལ་ཡིས་གཡོག་ཅིང་གཏུམ། །ཁ་རལ་མ་ཡི་ཞབས་མས་གྲིལ། །ཡི་དྭགས་གྲོང་ངམ་དམེ་བརྩེགས་ཁྱིམ། །མཆོད་རྟེན་དྲུང་ངམ་ལྷ་ཁང་སྒོ། །རྒྱ་མཚོའི་འགྲམ་མམ་ལུང་མདོ་རུ། །རྡོ་ལ་རི་རབ་གཟུགས་བྲིས་ལ། །སྟེང་དུ་ལཾ་དང་དྷཱི་གཉིས་མནན། །གཤིན་རྗེའི་ལག་ཏུ་གཏད་ཁྲམ་བྱ། །ཐུན་ཁ་བརྒྱད་ཀྱང་བརྡེག་པར་བྱ། །སྤོས་དང་དུག་ཐུན་ལྐུགས་པ་ཁ། །ཉི་མ་དང་པོ་ཐུན་གྱིས་མནན། །གཟེར་བ་མདའ་ཐུན་ཀླད་པ་གཟེར། །ཉི་མ་གཉིས་པའི་ཐུན་གྱིས་བྲབ། །སྐྱུག་པ་ཁྲག་ཐུན་མོས་པ་ཕུར། །ཉི་མ་གསུམ་པའི་ཐུན་གྱིས་བྲབ། །གསང་བའི་ཉུང་ནག་ས་ཡི་ཚོན། །ཉི་མ་བཞི་པའི་སྔགས་ཀྱིས་མནན། །མཚན་ལྡན་ཐོད་པ་ཁྲག་གིས་བྱུག །ཁྲག་སྣ་དུག་སྣ་སྦྱར་བྱས་ལ། །ཤན་དམར་དུག་སྐྱོགས་དུག་ཐུན་བཟླས། །གླེན་ལྐུགས་ཐོད་པ་ཁ་ཐུན་དེ། །ལྕགས་མདའ་ལྕགས་གཞུ་མདའ་ཐུན་བཟླས། །


DNG015_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

གྲི་བོའི་ཐོད་པ་མཚན་བདར་བའོ། །མཁྲིས་ནད་ཐོད་པས་ས་གཟེར་སེར། །བླ་བ་གཟེར་ཐུན་ཐུན་སྔགས་སོ། །སྨྱོ་བའི་ཐོད་པ་ཁྲག་ཐུན་དང་། །མྱོས་པ་ཕུར་ཐུན་བཟླས་པར་བྱ། །རབས་ཆད་ཐོད་པ་ཉུང་ནག་ཐུན། །ས་ཚོན་ཐུན་དུ་ཤེས་པར་བྱ། །ཆུ་ཤེལ་སྒྲོན་མ་བླངས་པའི་ཚེ། །དབྱུག་པ་མོན་མོའི་གཡས་ལག་གིས། །སྲིད་པའི་དམག་དཔུང་ར་མདའ་རློག །ཙ་མ་མའི་གཡབ་ཀྱིས་གཡབ། །གསུར་དང་མེ་དམ་པའི་དུད་པ་བཏང་། །གཅེར་བུ་སྤྱིའུ་ཚུགས་ངུ་འབོད་བྱ། །མི་མཐུན་གཉེན་པོ་ཕྱོགས་དག་ཏུ། །གཟིར་མནན་དྲག་པོའི་མངོན་སྤྱོད་བྱ། །དྲག་པོའི་ཐུན་སྔགས་ཁ་ནས་བཟླས། །ཞང་ཐུན་རྦད་ཡ། ན་ཐུན་རྦད་ཡ། གུང་ཐུན་རྦད་ཡ། སྲོག་ལ་ཡཾ་ཡཾ། སྙིང་ལ་ཐུན་ཡ། ཁ་བརྒྱད་ཐུན་ཡང་བརྡེག་པར་བྱའོ། །ལྷ་སྲིན་སྡེ་བརྒྱད་ལ་སོགས་པའི། །སྲིད་པའི་དམག་དཔུང་ཕབ་ནས་ནི། །དྲང་སྲོང་དམོད་པའི་སྔགས་ཟོར་དང་། །སྣ་ཚོགས་སྔགས་ཀྱི་སྦྱོར་བ་དང་། །ལྷ་ཡི་རྣལ་འབྱོར་ལྡན་པས་བྱ། །ཁྲུ་གང་གྲུ་བཞིའི་ཟབས་ཡོད་པར། །གའུ་རྫས་ཀྱི་སྦྱོར་བ་དང་། །འབྱུང་པོའི་གཏོར་མ་གཤིན་རྗེ་ལ། །བྱིན་ལ་ལག་ཏུ་གཏད་ཁྲམ་བྱ། །རང་གི་ཡི་དམ་བསྒོམ་བྱ་ཞིང་། །བྱིན་གྱིས་བརླབས་པའི་གཏོར་མ་ནི། །ས་སྲོས་ཚེ་ན་ལྷོ་ཕྱོགས་གཏང་། །སྒྲོལ་བའི་དྲག་སྔགས་བརྣག་པའི་ལུང་། །བསྟན་པ་བསྲུང་བ་གནོད་པའི་གཏེར། །ཕྲིན་ལས་དྲག་པོའི་སྔགས་ཀྱི་མཚོན། །འཁོར་ལོ་ཐུན་རྡེབས་བསྒྲལ་བའི་བཅུད། །ལག་ན་རྡོ་རྗེས་ཟུང་ཞིག་ཆོངས། །ཞེས་གསུངས་སོ། །དཔལ་གཤིན་རྗེ་ཟླ་གསང་ནག་པོ་རྩ་བའི་རྒྱུད་ཆེན་པོ་ལས། འཁོར་ལོ་ཐུན་རྡེབས་མན་ངག་གི་ལེའུ་སྟེ་ཉི་ཤུ་རྩ་བརྒྱད་པའོ།། །།དེ་ནས་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །བསྟན་པ་བསྲུང་དང་བརྣག་པའི་ལུང་། །ཐུགས་ཀྱི་མན་ངག་སྔགས་གཟེར་མཆོག །སྒྲོལ་བའི་ཕྲིན་ལས་སྦྱོར་བའི་དུག །འཁོར་ལོ་བྱད་སྡེབས་མན་ངག་འཕྱོང་། །བཀའ་ཡི་བསྟན་པ་བསྲུང་བའི་ཕྱིར། །རང་སེམས་


DNG015_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

དག་པའི་རྣལ་འབྱོར་པས། །སྙིང་རྗེ་རྟག་ཏུ་སྲོག་ལྟར་བསྟན། །བྱམས་དགའ་བཏང་སྙོམས་དེ་བཞིན་དུའོ། །མདོ་སོགས་འདོན་པའི་བསམ་གཏན་བྱ། །རྒྱུན་གྱི་ཡི་དམ་རྩེ་གཅིག་པས། །བླ་མ་དག་ལ་རྟག་ཏུ་བཀུར། །དེས་ཀྱང་དཀྱིལ་འཁོར་ཚུལ་བཞིན་འཇུག །ཐེག་ཆེན་དམ་ཚིག་སྡོམ་པ་བཤད། །རང་གི་སྔགས་དང་ཕྱག་རྒྱ་བསྟན། །སྒྲུབ་ཐབས་མན་ངག་ལེགས་པར་བླང་། །དེ་ནས་མཆོད་པའི་ཆོ་ག་བཞིན། །ཉིན་རེ་རྟག་ཏུ་བྱས་ནས་ཀྱང་། །སྐུ་གཟུགས་མེད་ཀྱང་འབད་དེ་བྱ། །བདེ་བའི་སྟན་ལ་ལུས་སེམས་གཞག །སུམ་འབུམ་མི་སྐྱོའི་བར་དུ་བཟླས། །དེ་འོག་རི་རྩེ་གནས་བྱས་ལ། །རླུང་ཟས་ཟ་ཞིང་བཟླས་པ་བྱ། །འབུམ་བཅུའི་མཐའ་རུ་བྱེ་བ་བརྩམས། །ནམ་མཁའི་སྒྲོན་མར་གསལ་དུས་ཚེ། །ཡི་དྭགས་གྲོང་བཅོམ་ཤིང་སོལ་ལ། །ཡི་དྭགས་འཁོར་ལོ་གདུག་པ་ཡིས། །འཁོར་ལོ་གདུག་པའི་ལྟེ་བ་ལ། །རེ་མིག་དགུ་པའི་མཚམས་བོར་ཏེ། །བཅུ་གཉིས་འཁོར་ལོ་གདུག་པའི་ནང་། །བཅུ་བདུན་ཡ་སོགས་གསང་སྔགས་དང་། །ཟླུམ་པོར་བསྐོར་བའི་ཕྱི་རོལ་ན། །ཧྲཱྀཿཤྟྲཱིཿམིང་ཡིག་སྔགས་ཚོགས་རྣམས། །དུར་ཁྲོད་སོལ་བ་དུག་སོགས་ཀྱིས། །སྲིན་མཐེབ་གུང་མཛུབ་ཕྱག་རྒྱ་ཡིས། །ཁྲུ་གང་གོས་གཉིས་རས་མཆོག་ལ། །གདུག་པའི་ཡི་གེ་གཡས་གཡོན་གདགས། །དེ་ནང་ཚུད་པའི་སྐྱེས་བུ་གཉིས། །ཞལ་བགྲད་སྤྱན་བཟློག་འཁོར་ལོ་འཛིན། །ཕྱག་ཞབས་མགུར་ཆུ་རོ་ཉེས་བརྒྱན། །མི་སྨྲ་དབང་པོ་བསྡམས་ཏེ་བྲི། །གཉིས་སྦྱར་རྒྱབ་ལ་རོ་ཉེ་གཉིས། །བསྡམས་པའི་ཚུལ་དུ་མཁས་པས་བྲི། །གདུག་པ་གཟུང་ཞིང་ཐོད་ནང་དུ། །དྲིལ་བྱས་སྔོན་དམར་བྱད་ཀྱིས་བསྡམས། །གདུག་པའི་ཐོད་ནང་ལྟོ་འགྲོ་བྲི། །མངར་དང་ཀླུ་སྨན་རྩི་མཆོག་གི། །མཆོད་ཅིང་རྦད་ལ་མགུ་བར་བྱ། །གདུག་པས་གཟུང་ཞིང་ཐོད་པར་གཞུག །སྔོན་དམར་བྱད་ཐག་བཞིས་གདགས་པ། །གཟུངས་དེ་ཉིན་མཚན་མ་ནོར་བཟླས། །ཁ་ནས་དྲག་པོའི་སྔགས་བཟླས་པས། །རྡོ་


DNG015_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་རླུང་ལྕེའི་སྦྱོར་བ་ལས། །སྔོན་དམར་གདུག་པ་རོ་ཉེའི་ཚོགས། །དུར་ཁྲོད་སོལ་བ་དུག་སོགས་སྦྱར། །ལྕགས་སམ་འུག་པའི་སྒྲོ་རྩ་ཡིས། །གསང་བའི་སྔགས་དང་མིང་རུས་བྲི། །དུག་ཅན་ནད་ཀྱིས་བསྒྲུབ་བྱ་ལ། །དུག་ལྕེ་ནག་པོས་ལྡག་པར་བསམ། །འཆི་བདག་བཤན་པ་ཡི་དྭགས་ཚོགས། །དུར་ཁྲོད་སོལ་བ་དུག་ཚོགས་སྦྱར། །གདུག་པ་དུག་གི་ཁ་རླངས་ཅན། །ཆོས་ཀྱི་རྒྱལ་པོ་ལ་སོགས་པས། །འཇབ་ཅིང་བསྒྲུབ་བྱ་བཟུང་ནས་ནི། །གཤིན་རྗེ་གདུག་པའི་ཁང་པ་རུ། །དབང་མེད་ལས་ཀྱིས་འཇུག་པར་བསམ། །ཧྲཱྀཿཤྟྲཱིཿགདུག་པའི་སྔགས་ཀྱི་མཐར། །ཧཱུཾ་དང་མིང་སྤེལ་ཨཱ་ཀཪྵ། །ཛ་གཉིས་འགུགས་པའི་གསང་སྔགས་བཟླས། །སྐེ་ཚེ་དུག་ཉུང་སྔགས་ཀྱིས་བྲིས། །ཟླ་བ་ནག་པོའི་མ་རུ་ཚེས། །འཁོར་ལོ་རྩིབས་བཞི་གྲུ་གསུམ་སྟེ། །ལྕགས་རི་ནག་པོའི་སྟེང་དག་ཏུ། །ཡི་དྭགས་གདུག་པའི་གའུ་བཞག །ཡ་ཚོགས་གདུག་པའི་གསང་སྔགས་བཟླས། །ཞི་ཁྲོ་རྫོགས་ནས་གའུ་སྟེ། །རྫ་མཁན་ས་ལ་གའུ་རྒྱུ། །གདུག་པའི་གའུ་ཤོང་བའི་ཚད། །གཉིས་བྱས་ནང་དུ་རོ་ཉེ་གཉིས། །ཕྱི་ནང་གཉིས་སུ་འབུར་དུ་བྱ། །གའུ་དག་ལ་འཁྲིལ་བའི་ཚུལ། །མི་ཡི་སྨིན་མ་གའུ་གནག །གདུག་པའི་ཐོད་ནག་གའུར་གཞུག །སྔོན་དམར་གཉིས་ཀྱི་ཐི་གུས་བསྡམས། །ཤར་ལྷོ་ནུབ་བྱང་ཕྱོགས་མཚམས་བྲི། །གདུག་པ་གནས་པའི་ཡུལ་ཕྱིན་ནས། །སྒོ་ལྟར་ཁྱིམ་ནས་འདོམ་གང་དུ། །རྡོ་ལ་འཇིག་རྟེན་གཟུགས་བྲིས་པ། །ས་སྒོ་ཕྱེ་ལ་ཁྱིམ་བདག་འབོད། །མཐུན་པའི་རྫས་བྱིན་མགུ་བར་བྱ། །གའུ་གདུག་པའི་སྦྱོར་བ་དེ། །ལེགས་སྦས་སྟེང་ནས་འཇིག་རྟེན་བཞག །གང་ལ་བྱ་བའི་རུས་དང་ལོ། །གཉེན་པོ་གང་གིས་མཁས་པར་སྤྱད། །ཟླ་བ་ནག་པོ་མ་རུ་ཚེས། །དྲང་སྲོང་རྒྱུ་བའི་ཕྱོགས་དག་ཏུ། །བྱད་སྟེམས་འཁོར་ལོའི་བཙན་དུག་བཙོ། །ཁྱབ་འཇུག་མཆོད་ཅིང་ཁྱིམ་བདག་རྦད། །གཅེར་བུ་སྤྱི་ཚུགས་འོ་དོད་འབོད། །མ་


DNG015_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་དཔང་གཟུག་རུ་དུང་བུད། །མི་མཐུན་གཉེན་པོའི་ཕྱོགས་དག་ཏུ། །བོས་ཤིང་མཆོད་ཅིང་གཏད་ཁྲམ་བྱ། །ཁྱབ་འཇུག་གདུག་པའི་དམོད་པ་བོར། །ཡི་དྭགས་གདུག་པའི་སྨོན་ལམ་གདབ། །ནཱ་ག་གདུག་པའི་དམོད་བཅོལ་བྱ། །རང་ཉིད་ལྷ་ཡི་ང་རྒྱལ་གྱིས། །དཀར་པོ་རྡོ་རྗེ་རྒྱལ་བསམ་སྟེ། །ས་སྒོ་བཅད་ལ་རྒྱ་ཡིས་མནན། །སྡོམ་ལ་གནས་པའི་རྣལ་འབྱོར་པས། །གཡེང་བ་མེད་པའི་ཏིང་འཛིན་གྱིས། །ཕྲིན་ལས་རྫོགས་ཀྱང་གསང་སྔགས་བཟླས། །བསྒྲུབ་བྱའི་གཟུགས་ཕུང་མ་ཞིག་བར། །གདུག་པ་སྦྲུལ་གྱི་སེམས་འདྲ་བས། །མ་ཞིག་བར་དུ་གཏང་མི་བྱ། །ཞིག་སྟེ་མངོན་དུ་གྱུར་པ་དང་། །སྤར་ཞིང་གསོ་བའི་ཆོ་ག་བྱ། །བསྐྱེད་དང་སྤྱན་དྲང་མཆོད་བསྐུལ་རྣམས། །དྲག་པོ་ཀླུ་ཡི་གཟུགས་བཞི་བྱ། །བླ་མའི་གདམས་ངག་དམ་པ་ཡང་། །སྙིང་ལ་བརྣག་སྟེ་གནན་པར་བྱ། །བྱང་ཆུབ་སེམས་གཉིས་སེམས་ལ་བཞག །དམ་ཚིག་བསྲུང་མཚམས་མི་ཉམས་བསྲུངས། །བཀའ་ཡི་ཆད་པ་རྗེས་མཐུན་པར། །རྫས་དང་ལག་ཆ་མཐུན་སྡེབ་ཅིང་། །རྟག་ཏུ་དུར་ཁྲོད་དགོན་པར་དགའ། །དུས་དང་ལོ་ཚིགས་དམ་བཅས་པའི། །མི་འདའ་གཞུང་ལྟར་བྱེད་པ་སྟེ། །མཚན་མ་མཐོང་དང་བཟླས་པ་རྫོགས། །རྒྱུན་གྱི་ཡི་དམ་རྩ་བ་སྟེ། །དེ་ལྟ་བུ་ཡི་རྣལ་འབྱོར་ལ། །བདེན་པ་བསྒྲུབ་པ་ནུས་པ་ཡོད། །ཤེས་རབ་སྙིང་རྗེ་ལྡན་པ་ཡིས། །དབང་ཐོབ་དམ་ཚིག་སྲོག་ལྟར་བརྟན། །མི་འཇིགས་དཔའ་བོ་བརྟུལ་ཞུགས་ཅན། །མན་ངག་ལྡན་པའི་རྣལ་འབྱོར་པས། །རང་དོན་ཕྲ་མོ་མ་ཡིན་པའི། །དཀོན་མཆོག་དབུ་འཕང་སྨོད་པ་དང་། །བསྟན་ལ་ཞེ་སྡང་གནོད་བྱེད་པ། །བཀའ་གསང་སྟོན་པས་བཤད་པ་ཡི། །དྲག་པོ་མངོན་སྤྱོད་ཟབ་མོའི་ལུང་། །སངས་རྒྱས་ཁྲོས་པས་ཞེ་སྡང་གི། །བཅུད་དུ་བསྡུས་ནས་བཤད་པ་འདི། །འཁོར་ལོ་བྱད་སྟེམས་བརྣག་པའི་དོན། །བསྟན་པ་གཉན་པོ་མི་བསྲུང་ན། །མན་ངག་ཅན་གྱིས་དེར་ཤེས་བྱ། །ལས་ཀྱི་བྱ་བ་མཐུན་ཚོགས་རྣམས། །


DNG015_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

གདམས་ངག་བཞིན་དུ་མཁས་པས་བཤད། །མཆོད་བསྟོད་ལ་སོགས་རིམ་པ་ཡང་། །འཇམ་དབྱངས་ཁྲོ་བོས་གསུངས་པའི་དོན། །འདིར་ནི་དྲག་པོ་ཉིད་དུ་བརྗོད། །འཁོར་ལོ་བྱད་སྟེམས་གསང་ཐབས་ནི། །དཀོན་མཆོག་སྨོད་ཅིང་བསྟན་པ་བཤིག །མངོན་སྤྱོད་ཐུགས་རྗེས་བསྒྲལ་བའི་ཕྱིར། །མིང་ཚིག་ཐ་སྙད་ཙམ་དུ་བརྗོད་མི་བྱ། །ཆུ་སྲིན་གྲེ་བར་རིན་ཆེན་ཚུད་པ་བཞིན། །ཁོང་དུ་བརྣགས་ཏེ་ཡོངས་སུ་བསྒྲག་པར་བྱ་བ་མིན། །གཤིན་རྗེའི་གཤེད་པོའི་ཐུགས་ཀྱི་ཡང་བཅུད་འདི། །ལག་ན་རྡོ་རྗེས་ཉོན་ལ་རབ་ཏུ་ཟུང་། །ཞེས་གསུངས་སོ། །དཔལ་གཤིན་རྗེ་ཟླ་གསང་ནག་པོ་རྩ་བའི་རྒྱུད་ལས། ཚོན་གྱི་རྡེའུ་སྔོ་དམར་འཁོར་ལོ་བྱད་སྟེམས་ཀྱི་ལེའུ་སྟེ་ཉི་ཤུ་རྩ་དགུ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་གཤིན་རྗེ་གཤེད་ཀྱིས་འཁོར་ལོ་གནན་པའི་ཐབས་འདི་གསུངས་སོ། །སྒྲུབ་པ་ཆེན་པོ་ཡོངས་རྫོགས་ནས། །དྲག་པོ་འཁོར་ལོ་མནན་པ་འདི། །ལག་ན་རྡོ་རྗེས་རབ་ཏུ་ཟུང་། །ཤིན་ཏུ་དགོན་པའི་གནས་ཉིད་དུ། །དུར་ཁྲོད་གླིང་ནས་རས་བླངས་ཏེ། །འཁོར་ལོའི་རིམ་པ་ཚུལ་བཞིན་བྲི། །མཱ་ར་ཡ་ཡི་ལིངྒ་ཉིད། །ཇི་བཞིན་འདོད་པའི་དབྱིངས་སུ་བཅའ། །གོང་མའི་བསྙེན་པ་རྫོགས་པ་དང་། །འཁོར་ལོ་བཅས་ཀྱི་དམ་རྫས་དེ། །མཆོད་རྟེན་འོག་ཏུ་གནན་པ་བྱ། །བདག་ཉིད་ཡ་མཱནྟ་ཀ་གཉིས། །མཆོད་རྟེན་དེ་ཉིད་ངོ་བོ་ཡང་། །རི་རབ་གླིང་བཞི་ཆས་པར་བསྒོམ། །རི་རབ་ལྷོ་ན་བཞུགས་པའི་ཚེ། །སྦྱོར་བའི་ཡུམ་དང་སྒྲོལ་བའི་ཡུམ། །ཤར་དང་ནུབ་ནས་གནས་པར་བསྒོམ། །བྱང་ནས་སྲས་མཆོག་གནས་པ་སྟེ། །དེ་བཞིན་རབ་ཏུ་གནན་ཅིང་གཟིར། །རི་རབ་ཟུར་བཞིར་ལཾ་སེར་བཞིར། །དེ་ལ་གླིང་ཕྲན་བཅུ་གཉིས་བསམ། །རི་རབ་འོག་ཏུ་གཟས་པ་ནི། །གཤིན་རྗེ་རལ་པ་ཚར་དགུ་ཡིས། །ལྕགས་ཐག་སྔོན་པོས་བཅིངས་པ་དེ། །བམ་རིམ་མནན་ནས་ལྕགས་ཕུར་ལ། །དཔག་བསམ་ཤིང་བརྩམས་བཏགས་པ་སྟེ། །ལྕགས་སྒྲོག་ནག་པོས་བཅིངས་


DNG015_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ནི། །ཁ་ནས་ཁྲག་སྐྱུག་རྐན་འབུད་ཅིང་། །མིག་རྩ་རིག་རིག་འོ་དོད་ཙེ་རེ་རེ། །ཅི་མཛད་འོན་ཐོང་ཟེར་ཞིང་མནན་པར་བསྒོམ། །འཁོར་ལོ་བྲི་བའི་དུས་སུ་ཡང་། །དམིགས་བྱའི་མིང་དག་འཇུག་པ་ནི། །རྩིབས་ལ་འཁོར་ལོའི་བར་དུ་ནི། །གཅོད་པའི་ཚུལ་དུ་གཞུག་པར་བྱ། །གཞན་ཡང་གདགས་ཡིག་བཏགས་ལ་གཞུག །གནས་དང་ཐབས་ནི་འདི་ལྟར་བྱ། །ཡ་ལ་སོགས་པའི་ཡི་གེ་ལྔ། །གྲྭ་བཞིར་ཧཱུཾ་ཕཊ་བར་མཚམས་བཞིར། །རྩིབས་ཀྱི་རེའུ་རིམ་ཆ་བཅུ་གཉིས་དང་། །མཐའ་བསྐོར་མིང་བྲིས་ལིང་ཚེ་བརྒྱད། །དེ་དག་ཉི་ཤུ་རྩ་དགུ་ལ། །གུང་དུ་མིང་གི་མཇུག་ལ་ཡང་། །སྤུ་གྲི་བྲིས་པའི་འཁོར་ལོ་གཉིས། །ཁ་སྦྱར་བ་ཡི་བར་དུ་གཞུག །འཁོར་ལོ་སྔགས་ནི་ཀ་བ་སྟེ། །མཚན་རྟགས་སྦྱར་ལ་རབ་ཏུ་བསྒྲུབ། །དེ་དག་དོན་རྣམས་དག་ཏུ་སྦྱར། །ཨ་ཀྲོ་ཏེ་ཀ་རྒྱུན་གྱི་སྔགས། །དེ་དག་བསྒྲུབ་པའི་དུས་སུ་ཡང་། །མི་ལུས་ཕྲ་མེན་མགོ་བོ་ཅན། །སྤུན་དང་བྲན་འཁོར་ཕ་མ་དང་། །མཆོད་རྟེན་ཆེན་པོར་བརྟེན་པ་དང་། །མེ་ཆེན་རྟག་ཏུ་འབར་བ་དང་། །རྒྱ་མཚོ་དག་ལ་མི་ནུབ་དང་། །དེ་དག་མ་བྱུང་བར་དུ་བགྲང་། །གྲུབ་པའི་མཚན་རྟགས་བྱུང་བ་དང་། །སྦྱོར་བ་ཉི་མ་བཞི་ལ་འཇུག །ཁུགས་པའི་མཚན་རྟགས་བྱུང་བ་དང་། །གཡས་བསྐོར་བསད་པའི་དྲག་སྔགས་དང་། །ནུབ་དྲིལ་དྲག་སྔགས་བསད་ལ་འཇུག །རྩ་བའི་ལྷ་རྣམས་མ་གྲུབ་པར། །ཕྲིན་ལས་སྔགས་ཀྱང་ཆུད་ཟོས་པས། །ལྷ་གྲུབ་གྲུབ་ནས་ལས་ཀྱང་བྱ། །ཁུགས་ནས་དེ་དག་གཡས་བསྐོར་བྱ། །དེ་ལྟར་བྱས་ན་གདོན་མི་ཟ། །གཤིན་རྗེའི་གཤེད་པོས་གསུངས་པའི་དོན། །མ་ཁུགས་བར་དུ་གཡས་བསྐོར་ན། །སྐྲག་ནས་དོམ་དྲེད་ལས་མི་འགྲུབ། །ཁུགས་ནས་གཡས་བསྐོར་བྱེད་དུས་སུ། །གཡོན་བསྐོར་བྱས་ན་སྔགས་ལོག་ནས། །རྣལ་འབྱོར་འཁོར་དུ་རྐྱེན་དུ་འགྱུར། །རོ་ལངས་དག་གི་སྔགས་བཟླས་ནས། །སྔགས་པ་རང་ཉིད་འཆི་བར་བཤད། །ས་མ་ཡ་དག་པར་མ་བསྲུངས་ན། །ཚེ་


DNG015_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་བར་ཆད་དག་ཏུ་འགྱུར། །དབང་དུ་མ་འདུས་ལྡོག་ལོག་ཆེ། །དབྱངས་ཀྱི་ཡི་གེ་བཟླས་པར་བྱ། །ཏིང་འཛིན་ཁུར་ན་སླར་ཚུར་དགོད། །ཆོས་ཉིད་དག་ལ་རྒྱབ་ཀྱང་གཏད། །མ་ཁུགས་པ་ལ་ཁུགས་དྲངས་ན། །དྲེད་ནས་འགྲོ་བར་རབ་ཏུ་བཤད། །ལྡོག་འདྲ་དམ་ཚིག་ཁུགས་མཚུངས་ན། །རུ་ཁུགས་ཆེན་པོ་བྱ་བར་གསུངས། །སྔགས་བདུན་འགྱུར་སྔགས་ཚད་དག་ལ། །རྣལ་འབྱོར་ཏིང་འཛིན་ཚད་མ་ནི། །ཏིང་འཛིན་ཡེང་ཡེང་བྱེད་པ་དང་། །སེང་སེང་བྱེད་ན་ཡེ་མི་འགྲུབ། །མྱོས་ཤིང་གཉིད་ཆེ་འཐིབས་པ་དང་། །སྒྲིབ་པས་ཕོག་པ་བཤགས་པར་བྱ། །སྙིང་འཕྱོ་མི་དགའ་སྔགས་ནོར་ན། །འབྲུ་ཚང་མ་ཚང་བ་རུ་བཤད། །ཚིག་ཚིག་གསལ་ན་འཐེམས་པ་ཡིན། །དགའ་ཞིང་ཐེག་ན་འགྲུབ་པ་ཡིན། །བསྒྲུབ་བྱ་དག་གི་ཚད་ལ་ནི། །མི་གསལ་བྱིང་བར་གྱུར་ན་ནི། །རྒྱབ་རྟེན་ཡོད་པས་མྱུར་མི་འགྲུབ། །བདག་པས་ལོ་ཀ་དྲག་པ་ན། །བརྒྱ་བས་ལ་མར་བསྐང་བཟློག་བྱ། །གཡག་དུ་བྱུང་ནས་བསད་ནས་འགྲོ། །ཏིང་འཛིན་གསལ་ཞིང་དངོས་གྲུབ་ན། །ལོ་ཕྱེད་ཚུན་ཆད་འགྲུབ་པར་བྱེད། །ཏིང་འཛིན་གསལ་ཅིང་ཚིག་འབྱེད་ན། །ཟླ་བ་ཚུན་ཆད་འཆི་བར་བཤད། །དེ་ནི་མི་འགྱུར་བ་ཡི་རྟགས། །ཕྱི་མ་འགྱུར་བས་ཡིད་མི་བརྟན། །གཡོན་དྲལ་དམ་ཚིག་ཡང་སྙིང་ལས། །སྔགས་འདི་དྲིལ་ལ་བྱ་བར་བཤད། །རྩ་བ་ཡང་སྙིང་དྲུག་པོ་དང་། །འབྲུ་དགུ་པོ་ནི་ཀུན་སྐྱེད་དང་། །དེ་དག་ཉེ་བར་བསྙེན་པའོ། །སྲོག་གི་རྩ་བ་མཇུག་སྡུད་དོ། །ཡང་སྙིང་བསྒྲུབ་དང་ལས་བསྒྲུབ་པའོ། །དབྱངས་དང་དམ་ཚིག་དེ་ཁོ་ན། །ལས་དེ་གང་བྱེད་མཇུག་ལ་གདགས། །སྨྱོ་འབོག་ལྷོག་པ་ལྐུགས་པ་དང་། །ཕོ་ལྷོག་གླང་ཐབས་གཟེར་ནད་དང་། །ཁྲག་སྐྱུགས་རིམས་ནད་མཛེ་ཤུ་དང་། །ལྟས་ངན་ཆོ་འཕྲུལ་ཐོག་སེར་དང་། །གསོ་གསད་དབབ་གཅད་གང་བྱེད་ཀྱང་། །རྩ་བའི་དམ་ཚིག་ཡང་སྙིང་དང་། །དབུས་ཀྱི་ཡང་སྙིང་མཇུག་དག་ལ། །


DNG015_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོའི་སྲོག་གི་སྙིང་པོ་དང་། །ལས་གང་བྱེད་པའི་ས་དག་ནི། །འབྲུ་རེ་བཏགས་པས་འགྲུབ་པར་བཤད། །ཕྱི་ནས་བསྙེན་པ་རྫོགས་ནས་ཀྱང་། །ཉམས་སུ་ལོན་དང་གསང་རྒྱབ་ནང་། །སུ་ཡང་རུང་སྟེ་ཐེ་ཚོམ་མེད། །བཟླས་པ་ལས་སུ་རུང་བ་དང་། །བརྡེག་ཅིང་སྤྲུག་པས་འགྲུབ་པར་བཤད། །ཅེས་ནི་གཤེད་པོས་རབ་ཏུ་བཤད། །ཅེས་གསུངས་སོ། །དཔལ་གཤིན་རྗེ་ཟླ་གསང་ནག་པོ་རྩ་བའི་རྒྱུད་ཆེན་པོ་ལས། སྔགས་ཀྱི་ཡང་སྙིང་འཁྲུལ་འཁོར་གྱི་ལེའུ་སྟེ་སུམ་ཅུ་པའོ།། །།དེ་ནས་ཡང་བསད་པ་ལས་ཀྱི་ཡང་སྙིང་འདི་གསུངས་སོ། །སྒྲུབ་པའི་དཀྱིལ་འཁོར་བྲི་བ་ཡང་། །འཁོར་ལོ་བཞི་ལ་བེ་ཅོན་བཞི། །འཁོར་ལོ་བརྒྱད་ལ་རལ་གྲི་བརྒྱད། །གོང་རས་རྡོ་རྗེ་བེ་ཅོན་དང་། །རལ་གྲི་ལ་སོགས་དགོད་པར་བྱ། །རྡོ་རྗེ་དག་གི་རྩེ་མོ་ལ། །མཱ་ར་ཡ་ཡི་མིང་དང་རུས། །གྲུ་གསུམ་ནང་དུ་ལིངྒ་བཞག །ཟླ་གམ་གསུམ་ལ་རྫས་བཞག་པ། །ནག་པོ་དག་ལ་དུག་ཐུན་བཞག །དམར་པོ་དག་ལ་ཁྲག་ཐུན་བཞག །སེར་པོ་དག་ལ་ཉུང་ཐུན་བཞག །འཁོར་ལོ་དེ་དག་ཁ་དོག་ཀྱང་། །གྲིར་ཤི་ཁྲག་གིས་དམར་པོར་བྱུག །མེད་ན་ར་དཀར་གཉའ་ནག་གི། །ཁྲག་གིས་དམར་པོར་བྱུག་པར་བྱ། །ཡང་ན་ར་རོག་གླང་རོག་གམ། །ཁྱི་ནག་སྙིང་དཀར་ཁྲག་གིས་བྱ། །བསད་པ་ལས་ཀྱི་སྔགས་འདི་བཟླས། །ཨོཾ་ཤྲཱི་ཡ་མཱནྟ་ཀ་ཛ། ཡ་མ་རཱ་ཙ་ས་ཏོ་མེ་ཡ། ཡ་མེ་ཏོ་རུ་ཎ་ཡོ་ཏ་ཡ། ཡ་ཏ་ཡོ་ནི་ར་ཡ་ཀྵེ་ཡ། ཡ་ཀྵེ་ཡ་ཙ་ནི་ར་མ་ཡ། དགྲ་བོའི་ཙིཏྟ་ལ་མཱ་ར་ཡ་ཧཱུྃ་ཕཊ། ཨོཾ་ཤྲཱི་མཉྫུ་ཡ་མ་རཱ་ཛ། ཡ་མཱནྟ་ཀ་ཨེ་ཀ་ཛ་ཏི་ཛ། ཙིཏྟ་ཁ་ར་རྦད་རྦད། གཤམ་དུ་ཙིཏྟ་གུག་ལིང་རྦད། དགྲ་བོ་ནྲྀ་ཛ། ཨོཾ་ཤྲཱི་མཉྫུ་ཡ་མ་རཱ་ཛ། པེ་ཏ་ཨོཾ་ཀྲོ་དྷཱི་ཤྭ་རཱི། སྙིང་ཁ་རག་ས་མ་ཡ་ཐུཾ་རིལ་རྦད། ཡ་མ་རཱ་ཛ་ས་ཏོ་མེ་ཡ། ཁྲག་ལ་ཏོ་རུ་མེ་ཡ། དགྲ་བོའི་ཀླད་པ་ལ་ཡ། ཧ་ཧོ་ཧོ་རེ་བཾ་རིལ་རྦད། ཡ་མ་རཱ་ཙ་ས་ཏོ་མེ་ཡ་མཱན་ཏོ་རུ་ཀྵ་ཡ། སྙིང་མགོ་ཆོད་ཤ་ཆེ་གེ་མོ། གློ་སྙིང་ཙིཏྟ་


DNG015_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

མཱ་ར་ཡ་རྦད།ཏོ་རུ་མེ་ཡ། ཞེས་ནི་དྲག་པོར་བརྡེག་པར་བྱ། །བསད་པ་ལས་ཀྱི་ཡང་སྙིང་འདི། །ཡ་ཏ་མེ་ཡིས་བསད་པའོ། །གཤིན་རྗེ་བྱ་ཙ་ཡེ། སིང་ག་ཡེ། སྲི་ཏ་ཡ་མ་མོ་ཙིཏྟ་ཡ། བྱི་ཙི་ཏ་ཡེ། ཧ་ལ་ཡེ། ཡི་གེ་འབྲུ་དགུ་བསད་པའི་ངན་སྔགས་འདི། །ཡང་སྙིང་གསང་བ་ནམ་མཁའི་ཐོག་དང་འདྲ། །ཞེས་གསུངས་སོ། །དཔལ་གཤིན་རྗེ་ཟླ་གསང་ནག་པོ་རྩ་བའི་རྒྱུད་ལས། ཡང་སྙིང་བསད་པའི་ལེའུ་སྟེ་སོ་གཅིག་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས་འདི་སྐད་ཅེས་གསུངས་སོ། །ཨ་ཨཱ། ཨི་ཨཱིཾ། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ། སྔགས་ཀྱི་འཁྲུལ་འཁོར་མན་ངག་ལ། །ཕྱི་ནང་གསང་བ་གསུམ་དུ་བཤད། །དེ་ལ་གསུམ་གསུམ་དགུ་རུ་འགྱུར། །ཕྱི་ཡི་ཕྱི་ལྟར་དྲང་བ་ནི། །ཉི་མ་དང་པོ་དག་ལ་འང་། །ཡ་མ་རཱ་ཙ་ས་ཏོ་མེ་ཡ། ཨ་མུ་ཀཾ་པྲ་མ་ནི་ཤ་ཀུ་རུ་ནི་ཧཱུཾ་ཕཊ། ཉི་མ་གཉིས་པ་དག་ལ་ཡང་། །ཡ་མེ་ཏོ་རུ་ན་ཡོ་ཏ་ཡ། ཨ་མུ་ཀཾ་རགྴ་ཙ་ར་ཡ་ཧཱུཾ་ཕཊ། ཉི་མ་གསུམ་པ་དག་ལ་ཡང་། །ཡ་ཏ་ཡོ་ནི་ར་ཡ་ཀྵེ་ཡ་ཨ་མུ་ཀཾ་མུ་ཛ་ཡ་ཧཱུཾ་ཕཊ། ཉི་མ་བཞི་པ་དག་ལ་ཡང་། །ཡ་ཀྵེ་ཡ་ཙ་ནི་ར་མ་ཡ། ཨ་མུ་ཀཾ་མཱ་ར་ཡ་ཧཱུཾ་ཕཊ། དེ་དག་ལས་ཀྱི་མཐའ་སྡུད་ནི། །ཨོཾ་མཉྫུ་ཤྲཱི་ཨ་ཀྲོ་ཏེ་ཀ །ཡ་མཱནྟ་ཀ །ཀཱ་ལ་རཱུ་པ། ནྲྀ་ཤ་ཀུ་རུ་ནི་ཧཱུཾ་ཕཊ། ཅེས་བཟླས་ཏེ་ལས་ཀྱི་མཐའ་སྡུད་ཀྱི་ཉི་མ་བཞི་པའི་ཁ་བསྐངས་སོ། །ནང་གི་ཕྱི་རུ་བགྲང་བ་ནི། །ཡ་མ་རཱ་ཙ་ས་ཏོ་མེ་ཡ། ཡ་མེ་ཏོ་རུ་ན་ཡོ་ཏ་ཡ། ཡ་ཏ་ཡོ་ནི་ར་ཡ་ཀྵེ་ཡ། ཡ་ཀྵེ་ཡ་ཙ་ནི་ར་མ་ཡ། བཞི་སྙིང་དྲིལ་ལ་གཡོན་དུ་དྲང་། །ཕྱི་ཡི་གསང་བ་དྲང་བ་ནི། །ཡ་མ་རཱ་ནི་ཙ་ཡ་ཀྵེ་ཡ། ཡ་ཀྵེ་ཡ་ཙ་ནི་ཡོ་ཏ་ཡ། ཡ་ཏ་ཡོ་ན་རུ་ཏོ། མེ་ཡ། ཡ་མེ་ཏོ་ས་ཙ་ར་མ་ཡ། བཞི་སྙིང་དྲིལ་ལ་གཡས་སུ་བསྐོར། །ནང་གི་ཕྱི་ལྟར་དྲང་བ་ནི། །རྩ་བ་མི་


DNG015_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་སྙིང་པོ་སྟེ། །སྔོན་དུ་འགྲོ་བའི་བསྙེན་པ་ཡིན། །ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷནྡ་ཧཱུཾ་ཕཊ། ནང་གི་ནང་དུ་དྲང་བ་ནི། །ཉེ་བར་བསྒྲུབ་པ་ཞེས་ཀྱང་བྱ། །ལས་ཁའི་བསྙེན་པ་ཁྲི་ཡང་བཟླས། །ཡ་མ་མེ་ཏ་ཀྵེ་ར་ཀྵེ་ར་ཙ་ས་ཏོ། རུ་ན་ཡོ་ནི། ར་ཡ་ཙ་ནི། ནང་གི་གསང་བར་དྲང་བ་ནི། །འཕྱེ་བོ་འགྲོས་ཤེས་བྱ་བ་དང་། །གསང་བའི་ཕྲིན་ལས་བསད་པ་བཞིར། །ཡ་མ་ཀྵེ་ཏ་མེ། ར་ནི་ཡོ་ན། རུ་ཏོ་ས་ཙ། ཞེས་པ་གཡས་བསྐོར་དྲང་བའོ། །གསང་བའི་ཕྱི་ལྟར་དྲང་བ་ནི། །སྒྲུབ་པའི་དྲག་སྔགས་འབྲུ་བདུན་པ། །གཡོན་དུ་བདུན་བསྐོར་དྲང་བར་བྱ། །ཉི་མ་དང་པོ་དག་ལ་འང་། །ཡ་མ་རཱ་ཛ་ས་ཏོ་མེ་ཡ། ར་ཙ་ས་ཏོ་མེ་ཡ་མ། ཙ་ས་ཏོ་མེ་ཡ་མ། ཙ་ས་ཏོ་མེ་ཡ་མ་རཱ་ཙ། ཏོ་མེ་ཡ་མ་རཱ་ཙ་ས་ཏོ། ཉི་མ་དང་པོ་ཁྲི་ཁྲི་བཟླས། །ཉི་མ་གཉིས་པ་མན་ཆད་ལ། །གཡོན་དུ་འོག་གཅོད་གོང་བཞིན་བསྐོར། །དང་པོ་ནུབ་མོ་དྲང་བ་ནི། །ཡ་མ་མེ་ཏ་ཀྵེ། ཧྲཱྀཿཤྟྲཱིཿཨ་མུ་ཀ་ཆེ་གེ་མོ་པྲ་མོ་ཡ་རྦད་ཡ། ནུབ་གཉིས་པ་ལས་དྲང་བ་ནི། །རཱ་ཙ་ས་ཏོ། ཧཱུཾཿཤྟྲཱིཿཨ་མུ་ཀ་ཆེ་གེ་མོ་ར་གཱ་ཏ་ཙ་ཡ་རྦད་ཡ། ནུབ་གསུམ་པ་ལ་ནི། རུ་ན་ཡོ་ནི། ཧྲཱྀཿཤྟྲཱིཿཨ་མུ་ཀ་ཆེ་གེ་མོ་མུ་རྩ་ཡ་རྦད་ཡ། ནུབ་བཞི་པ་ལ་དྲང་བ་ནི། །ར་ཡ་ཙ་ནི་ཧྲཱྀཿཤྟྲཱིཿཨ་མུ་ཀཾ་ཆེ་གེ་མོ་མཱ་ར་ཡ་རྦད་ཡ། གསང་བའི་ནང་དུ་དྲང་བ་ནི། །བསད་པའི་དྲག་སྔགས་བདུན་པ་སྟེ། །གཡས་སུ་བདུན་བསྐོར་དྲང་བྱ་བ། །ཡ་ར་ནི་ཙ་ཡ་ཀྵེ་ཡ། ར་ནི་ཙ་ཡ་ཀྵེ་ཡ་མ། ནི་ཙ་ར་ཡ་ཀྵེ་ཡ་མ་མ་ར། ཙ་ཡ་ཀྵེ་ཡ་མ་ར་ནི། ཡ་ཀྵེ་ཡ་མ་ཛ་ཙ་ནི་ཙ། ཀྵེ་ཡ་མ་ཛ་ནི་ཙ་ཡ། ཉི་མ་གཉིས་པ་མན་ཆད་བཤད། །གཡས་སུ་དྲང་སྟེ་སྟེང་ཡང་གཅོད། །གསང་བའི་གསང་བར་དྲང་བ་ནི། །ནུབ་དང་པོ་ལ་དྲང་བར་བྱ། །ཡ་མ་ཀྵེ་ཏ་མེ་ཧྲཱྀཿཤྟྲཱིཿཀ་པ་ཡེ།དགྲ་བོ་པྲ་མ་ཡ་རྦད་ཡ། ནུབ་གཉིས་པ་ལ་དྲང་བ་ནི། །ར་ནི་ཙ་ཡ་ཧྲཱྀཿཤྟྲཱིཿཀ་པ་ཡེ། དགྲ་བོ་རཀྟ་ཙ་ཡ། རྦད་ཡ། ནུབ་གསུམ་པ་ལ་དྲང་བ་ནི། །ར་ནི་


DNG015_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

ཡོ་ན་ཧྲཱྀཿཤྟྲཱིཿཀ་པ་ཡེ། དགྲ་བོ་མུར་ཙ་ཡ་རྦད། ནུབ་བཞི་པ་ལ་དྲང་བ་ནི། །རུ་ཏོ་ས་ཙ་ཧྲཱྀཿཤྟྲཱིཿཀ་པ་ཡེ། དགྲ་བོ་མཱ་ར་ཡ་རྦད། ཙ་དམ་ཡ་སྙིང་ལས་ལ་སྦྱོར། །བཞི་སྙིང་གཅིག་ཏུ་དྲིལ་བ་ནི། །གསང་བའི་གསང་བའོ། །དྲག་པོའི་གནམ་འཐུས་ཞེས་ཀྱང་བྱ། །དུས་དང་ཚེ་དང་ལས་ཟད་དང་། །བསོད་ནམས་ཟད་ནི་སྐལ་བ་ཟད། །ཡི་གེ་ཟད་པ་ཞེས་བྱའོ། །དེ་ལྟར་བྱས་ན་སུ་ནས་སུ། །གང་ན་གང་ལ་བྱས་ཀྱང་འགྲུབ། །རུ་ཁུགས་ཆེན་པོ་ཞེས་ཀྱང་བྱ། །དྲག་པོ་སྟག་མཆོང་ཞེས་ཀྱང་བྱ། །བྱ་རོག་འཁུ་འཕྲིགས་ཞེས་ཀྱང་བྱ། །ཉི་མ་བཞི་པའི་ལས་ལ་འཇུག །ཉི་མ་དང་པོ་དག་ལ་འང་། །ཚངས་པའི་རྩ་གཅད་མགོ་འཁོར་ཕྱིར། །སྔགས་དང་བེ་ཅོན་ཕྱག་རྒྱ་བཅའ། །ཉི་མ་གཉིས་པ་དག་ལ་འང་། །ཁ་ནས་ཁྲག་སྐྱུག་གཞུག་པའི་ཕྱིར། །སྔགས་དང་ལུས་དྲལ་ཕྱག་རྒྱ་བཅའ། །ཉི་མ་གསུམ་པ་དག་ལ་འང་། །ཙིཏྟ་གཟེར་དུ་གཞུག་པའི་ཕྱིར། །སྔགས་དང་སྙིང་གཤག་ཕྱག་རྒྱ་བཅའ། །ཉི་མ་བཞི་པ་དག་ལ་འང་། །གཟུགས་ཕུང་བརླག་པར་བྱ་བའི་ཕྱིར། །མཱ་ར་ཡ་ཉིད་གདོན་མི་ཟ། །སྔགས་དང་འཁོར་ལོའི་ཕྱག་རྒྱ་བཅའ། །རང་རང་དྲག་པོའི་དྲག་སྔགས་འདོན། །དེ་ནི་གཡུ་ཡི་སྤྱང་མོའོ། །དང་པོ་དག་ལ་ལྷ་བསྙེན་པ། །སྐུ་གསུང་ཐུགས་ཀྱི་སྙིང་པོས་བསྙེན། །ཁུགས་པའི་རྟགས་དག་བྱུང་བ་དང་། །གཟས་པ་དགུག་པའི་ལས་བྱ་སྟེ། །ཉི་མ་དང་པོ་དག་ལ་འང་། །ཡ་མ་རཱ་ཛ་ས་ཏོ་མེ་ཡ། ཆེ་གེ་མོ་ཨཱ་ཀཪྵ་ཡ་ཧཱུཾ་ཕཊ། ཉི་མ་གཉིས་པ་དག་ལ་འང་། །ཆེ་གེ་མོ་ཨཱ་ཡུཛྙཱ་ན་ཨཱ་ཀཪྵ་ཡ་ཧཱུཾ་ཛ། ཉི་མ་གསུམ་པ་དག་ལ་འང་། །ཆེ་གེ་མོ་ཏི་ཡ་ནྲྀར་ཨ་ཀཪྵ་ཡ་ཧཱུཾ་ཛ། །ཉི་མ་བཞི་པ་དག་ལ་འང་། །ཆེ་གེ་མོ་རཱུ་པ་སྐན་དྷ་ཨཱ་ཀཪྵ་ཡ་ཧཱུཾ་ཕཊ། དེ་ནས་དབྱེ་བའི་ལས་བྱ་སྟེ། །ཉི་མ་དང་པོ་དག་ལ་འང་། །སྲོག་ལྷ་དག་དང་དབྱེ་བར་བྱ། །བྱ་རོག་འུག་པའི་གུང་རུ་ལ། །མཱ་ར་ཡ་ཡི་མིང་རུས་བསྐྱོན། །གུ་གུལ་དུད་པས་


DNG015_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

བདུག་བྱ་ཞིང་། །ཡ་མ་རཱ་ཙ་ས་ཏོ་མེ་ཡང་སྟེ། བཤག་སྲོག་གི་ལྷ་དང་ཕྱེས་ཤིག །གཉིས་པ་དག་ལ་ཕོ་ལྷ་དང་། །གསུམ་པ་དག་ལ་ཡུལ་ལྷ་དང་། །བཞི་པ་དག་ལ་དགྲ་ལྷ་དང་། །ལྷ་རྣམས་དག་དང་ཕྱེ་ཞེས་བྱའོ། །ཕྱི་ནང་གསང་བའི་སྔགས་ཀྱིས་ཀྱང་། །ཉུང་དཀར་དག་ལ་བསྔགས་ཤིང་བརྡེག །ཡ་མཱནྟ་ཀ་གསལ་བསྒོམས་ལ། །ཕུར་བུ་དག་གིས་བརྡེག་པར་བྱ། །ཨོཾ་ནི་མ་ར་ཡ་དུ། ཡ་མ་སྙིང་ཡ་མ་ཁྲག །ཚལ་པ་བཾ་རིལ། དུམ་བུ་དུམ་བུ།གཤིན་རྗེ་ནག་པོ་དེ་ཀུན་ཁུག་དགྲ་བོ་མཱ་ར་ཡ་ཛ། ཨོཾ་ནི་མ་ར་ནྲྀ། དྷི་ཏ་ཡ་ན།ཏ་ཀི་ར་ཙ། བེ་ཏ་ལི་ཀྲོ་དྷཱི་ཤྭ་རཱི་སྙིང་མགོ་ཆོད། རྩ་ལ་ཞོན། ཁྲག་མགོ་ཆོད། ཁྲག་ལ་ཀཱི་ལི་ཀཱི་ལ་ཡ། བཾ་རིལ་རྦད། དུམ་བུ་དུམ་བུ། གཤིན་རྗེ་ནག་པོ་དེ་ཀུན་ཁུག །དགྲ་བོ་མཱ་ར་ཡ་ཛ། ཨོཾ་ནི་མཱ་ར་ཡ་ནྲྀ། དྷི་ཏ་ཡ་ན། ཏ་ཀོ་ར་ཙ། བེ་ཏ་ལི། ཀྲོ་ཏཱི་ཤྭ་རཱི་སྙིང་མགོ་ཆོད། རྩ་ལ་ཞོན། ཁྲག་མགོ་ཆོད་ཁྲག་ལ་ཀཱི་ལི་ཀཱི་ལ་ཡ་བཾ་རིལ་རྦད། ཡ་མ་རཱ་ཙ་ས་ཏོ་མེ་དུན་བྷྱོ། ཡ་མ་རཱ་ཛ་སྙིང་ཏོ་མེ་དུན་བྷྱོ། ཡ་མེ་ཏོ་རུ་མེ་ཡ། ཡ་ཏ་ཡོ་ནི། སྙིང་ལ་ཤ་ཡ་མེ། རབ་ཏུ་ཁྲོས་ཏེ་ཕུར་བུས་བརྡེག །གང་ལ་ཐོགས་པ་མེད་ཅེས་བྱ། །མཐུ་སྟོབས་བདག་པོས་རབ་ཏུ་ཟུང་། །ཞེས་གསུངས་སོ། །དཔལ་གཤིན་རྗེ་ཟླ་གསང་ནག་པོ་རྩ་བའི་རྒྱུད་ལས། འཁྲུལ་འཁོར་མན་ངག་གི་ལེའུ་སྟེ་སོ་གཉིས་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས། ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་གསུངས་སོ། །ཉོན་ཅིག་ཟུང་ཞིག་རྡོ་རྗེ་འཛིན་པ་ཁྱོད། །ཐུགས་ཀྱི་སྙིང་པོ་ཀ་བཞི་གདུང་བརྒྱད་འདི། །མ་ནོར་བཟླས་ན་ཅི་ཡང་འགྲུབ་པར་ངེས། །ཡ་མ་རཱ་ཛའི་སྙིང་པོ་ཀ་བ་གཅིག་པོ་འདི། །ཡ་མ་རཱ་ཛ་ས་ཏོ་མེ་ཡ། མྱོས་བྱེད་འབར་བའི་སྙིང་པོ་ཀ་བ་གཉིས་པ་ལ། །ཡ་མེ་ཏོ་རུ་ན་ཡོ་ཏ་ཡ། ཨཱརྱ་དམར་པོའི་སྙིང་པོ་ཀ་བ་གསུམ་པ་ལ། །ཡ་ཏ་ཡོ་ནི་ར་ཡ་ཀྵེ་ཡ། རལ་པ་ཚར་དགུའི་སྙིང་པོ་ཀ་བ་བཞི་པ་ལ། །ཡ་ཀྵེ་ཡ་ཙ་ནི་ར་མ་ཡ། འདི་ནི་འདེབས་པའི་ཀ་བཞི་སྟེ། །ཚངས་པའི་མགོ་


DNG015_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

དང་མགྲིན་པ་དང་། །སྙིང་དང་ལྟེ་བ་བཞི་ནས་འདེགས། །ཡང་ན་ཡན་ལག་བཞི་ནས་འཇོམས། །གདུང་བརྒྱད་རླག་བྱེད་འཇོམས་པའི་ལས། །རྩ་ཆེན་བརྒྱད་དང་རྣམ་ཤེས་བརྒྱད། །དེ་དག་རིམ་གྱིས་འཇོམས་པར་བྱེད། །ཡ་མ་རཱ་ཛ། ས་ཏོ་མེ་ཡ། ཡ་མེ་ཏོ་རུ། ན་ཡོ་ཏ་ཡ། ཡ་ཏ་ཡོ་ནི། ར་ཡ་ཀྵེ་ཡ། ཡ་ཀྵེ་ཡ་ཙ། ནི་ར་མ་ཡ། ཞེས་ཀ་བ་བཞི། གདུང་བརྒྱད་དོ། །གདུང་རེ་ལ་ཡང་ཀ་ཆེན་བཞི། །རྩ་ལུང་བཞི་དང་རྩ་ཆེན་བཞི། །ཀ་བཞིས་རྩ་ལུང་བཞི་ཡང་འཇོམས། །གདུང་བརྒྱད་རྩ་ཆེན་བརྒྱད་ཀྱང་འཇོམས། །ཡ་མཱནྟ་ཀ་ཡ་རཱ་ཛ། ས་ཏོ་མེ་ཡ། ཡ་མེ་ཏོ། རུ་ན་ཡོ་ཏ་ཡ། ཡ་ཏ་ཡོ་ནི། ར་ཡ་ཀྵེ་ཡ། ཡ་ཀྵེ་ཡ་ཙ་ནི། ར་མ་ཡ་ལ་སོགས་བཅུ་གཉིས་ནི། ཡ་མཱནྟ་ཀ་ཡབ་ཡུམ་གཉིས། །ཕྱོགས་སྐྱོང་བཅུ་ཡི་སྙིང་པོ་ཡིན། །ཕྱི་མ་ལྷ་གཞན་སྙིང་པོ་སྟེ། །ཡིག་འབྲུ་སུམ་ཅུ་རྩ་གཉིས་ནི། །འཕྲུལ་གྱི་ཡིག་འབྲུ་སུམ་ཅུ་གཉིས། །ཡ་ཚོགས་བརྒྱད་པ་ཞེས་ཀྱང་གྲགས། །ཚོགས་བརྒྱད་འཇོམས་པའི་ཕུང་སྲི་སྟེ། །ཡེ་ཤེས་ལྷ་ཡི་སྙིང་པོ་དང་། །འཇིག་རྟེན་ལྷ་སྲིན་གཉིས་པོ་སྟེ། །ཤིན་ཏུ་གསང་བར་གཤེད་པོས་བཤད། །ཅེས་གསུངས་སོ། །དཔལ་གཤིན་རྗེ་ཟླ་གསང་ནག་པོ་རྩ་བའི་རྒྱུད་ལས། ཐུགས་ཀྱི་ཀ་བཞི་དང་གདུང་བརྒྱད་བསྟན་པའི་ལེའུ་སྟེ་སོ་གསུམ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོ་རྩ་བའི་རྒྱུད་ལས། ཐུགས་གསང་བ་ནས་འབྲུ་ཤག་གྲོང་ཁྱེར་འདི་གསུངས་སོ། །ཡ་མ་རཱ་ཛ། ས་ཏོ། མེ་ཡ། ཡ། མེ། ཏོ། རུ། ན། ཡོ། ཏ་ཡ། ཡ། ཏ་ཡོ་ནི་ར་ཡ་ཀྵེ། ཡ། ཡ། ཀྵེ། ཡ། ཙ། ནི། ར། མ། ཡ། ཡ། མ། རཱ། ཛ། ས། ཏོ། མེ། ཡ། ཡ། མེ། ཏོ། རུ། ན། ཡོ། ཏ་ཡ། ཡ། ཏ་ཡོ་ནི། ར། ཡ། ཀྵེ། ཡ། ཡ། ཀྵེ། ཡ་ཙ་ནི་ར། མ། ཡ། ཡི་གེ་གཤིན་རྗེའི་འབྲུ་ཤག་སྟེ། །གཤིན་རྗེའི་ཡི་གེ་འབྲུ་ཤག་ཡིན། །ལག་ན་རྡོ་རྗེ་ཁྱོད་ཀྱིས་ཟུང་། །ཞེས་གསུངས་སོ། །དཔལ་གཤིན་རྗེ་ཟླ་གསང་ནག་པོ་རྩ་བའི་རྒྱུད་ལས། འབྲུ་ཤག་གི་གྲོང་ཁྱེར་བསྟན་པའི་ལེའུ་སྟེ་སོ་


DNG015_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པའོ།། །།དེ་ནས་ཡང་འཇིགས་བྱེད་ཆེན་པོས་འདི་སྐད་ཅེས་གསུངས་སོ། །ཉོན་ཅིག་ཟུང་ཞིག་རྡོ་རྗེ་འཛིན། །ངས་བཤད་པ་ལ་སེམས་ཐུད་ཅིག །ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །བསྟན་པ་འཛིན་སྐྱོང་བསྲུང་དང་གསུམ། །བསྟན་པ་འཇིག་པའི་དགྲ་དེ་ལ། །དྲག་པོ་ལས་ཀྱིས་མཐའ་བྱ་ན། །དུས་ནི་རང་བྱུང་དགྲ་ལ་བྱ། །དུས་དང་ཁམས་དང་གྱུར་པ་དང་། །རང་བྱུང་དོན་དེ་བཞི་རུ་འདོད། །དེ་ལ་བསྐུལ་བ་རྣམ་བཞི་བྱ། །རྫས་དང་སྔགས་དང་ཏིང་འཛིན་དང་། །བསྐུལ་བའི་དོན་དང་བཞི་རུ་འདོད། །དེ་ཡི་སྔོན་དུ་བསྙེན་བསྒྲུབ་བྱ། །བསྙེན་བསྒྲུབ་སོང་ནས་བསྐུལ་བ་ནི། །འཁོར་ལོ་ནང་གི་ལིངྒ་དང་། །ཉི་མ་དང་ནི་གཤིན་རྗེ་དང་། །གསང་སྔགས་ཏིང་འཛིན་དག་དང་དྲུག །འཁོར་ལོ་ཡང་ནི་རྣམ་གསུམ་སྟེ། །ཕྱི་ནང་གསང་བ་གསུམ་དུ་འདུས། །འཁོར་ལོ་དེ་དག་རེ་རེ་ལ། །བྲི་དང་སྒྲ་དང་ལས་དང་ནི། །རང་གི་ངོ་བོ་དག་དང་ལྡན། །དེ་བཞིན་ལིངྒ་དག་ལ་གསུམ། །ཕྱི་ནང་གསང་བ་གསུམ་དུ་འདུས། །ལིངྒ་དེ་དག་རེ་རེ་ལ། །རྒྱུ་དང་བཅའ་དང་སྒྲ་དང་ལས། །རང་གི་ངོ་བོ་དག་ལྔའོ། །དེ་བཞིན་སྔགས་ལ་རྣམ་གསུམ་སྟེ། །ཕྱི་ནང་གསང་བ་གསུམ་དུ་འདུས། །དེ་བཞིན་དྲག་སྔགས་རེ་རེ་ལ། །རྒྱུ་དང་སྡུ་དང་ལས་སྔགས་དང་། །བཟླས་དང་ངོ་བོ་སྒྲ་དང་ལས། །ཉི་མ་ལ་ཡང་གསུམ་དུ་སྟེ། །ཕྱི་ནང་གསང་བ་གསུམ་དུ་འདུས། །ཉི་མ་དེ་དག་རེ་རེ་ལ། །རང་གི་ངོ་བོ་རྒྱུ་དང་གནས། །སྒྲ་དང་ལས་དེ་རྣམ་ལྔའོ། །གཤིན་རྗེ་ལ་ཡང་རྣམ་གསུམ་སྟེ། །ཕྱི་ནང་གསང་བ་གསུམ་དུ་འདུས། །གཤིན་རྗེ་དེ་དག་རེ་རེར་ཡང་། །རང་གི་ངོ་བོ་རྒྱུ་དང་སྒྲ། །གནས་དང་ལས་དེ་ལྔ་རུ་བསྟན། །གཤིན་རྗེ་དེ་དག་གནས་པས་ན། །གཤིན་རྗེའི་གྲོང་ཁྱེར་ཞེས་ཀྱང་བྱ། །གྲོང་ཁྱེར་དེ་རུ་སེམས་ཅན་ཀུན། །ཁྲིད་དང་འགུགས་དང་གནས་པས་ན། །སྲིད་པ་གསུམ་གྱི་འཇུག་ལེན་ཡིན། །ཏིང་འཛིན་ལ་ཡང་རྣམ་གསུམ་སྟེ། །ཕྱི་ནང་གསང་བ་གསུམ་དུ་འདུས། །


DNG015_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པོ་དེ་དག་རེ་རེ་ལའང་། །བྱིན་གྱིས་བརླབས་པའི་ཏིང་འཛིན་དང་། །ངོ་བོ་རྒྱུ་དང་ལས་དང་སྒྲ། །དེ་དག་རྣམ་པ་དྲུག་ཏུ་འདོད། །ཕོ་དང་མོ་ཡི་མཚན་ཉིད་ཀྱང་། །གཡས་དང་གཡོན་གྱི་བྱེ་བྲག་གིས། །འགྲོ་བའི་ཆོས་བཞིན་གཅོད་པར་བྱེད། །དྲག་པོའི་ངན་སྔགས་ཕུང་བྱེད་འདི། །གཤིན་རྗེའི་གཤེད་པོས་རབ་ཏུ་བསྔགས། །ཞེས་གསུངས་སོ། །དཔལ་གཤིན་རྗེ་ཟླ་གསང་ནག་པོ་རྩ་བའི་རྒྱུད་ཆེན་པོ་ལས། ནག་པོ་གསལ་བྱེད་སྒྲོན་མའི་ལེའུ་སྟེ་སོ་ལྔ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས། ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་གསུངས་སོ། །ཉོན་ཅིག་ཟུང་ཞིག་རྡོ་རྗེ་འཛིན། །བཀའ་ཡི་ཡང་གསལ་འཁོར་ལོ་འདི། །དྲག་པོའི་ལས་རྣམས་ཀུན་འདུས་ཏེ། །སངས་རྒྱས་ཀུན་གྱི་སྟོབས་བསྡུས་པ། །ཉི་མའི་འཁོར་ལོ་དག་དང་འདྲེལ། །སྦྱོར་བའི་རིམ་པའང་དུ་མང་བརྗོད། །དེ་ཡི་རིམ་པ་བཤད་བྱ་བ། །གན་ལོག་རྩིགས་པའི་སྦྱོར་བ་ནི། །འཁྲུལ་འཁོར་ལྟོ་ཀུན་རིམ་པ་ཡིན། །བརྒྱད་གཉིས་དེ་བཞིན་གཅིག་ཡིན་ཏེ། །སྦྱོར་བའི་བྱེ་བྲག་ལས་ཀྱིས་འབྱེད། །ཕན་ཚུན་གནས་ཀྱི་ལྟོ་འཁྲུགས་ཉིད། །ཡབ་ཡུམ་གཉིས་སུ་འདུས་པ་སྟེ། །ལས་ཀྱི་མཆོག་ཏུ་འཕེན་པར་བྱེད། །འདི་ནི་མི་བཟད་དྲག་པོའི་ལས། །ཀིའུ་ཀང་ཤ་ཟའི་འཁོར་ལོ་འམ། །བདུད་ནག་འབུམ་གྱི་འཁོར་ལོ་ནི། །ཧ་ལ་ནག་པོའི་སྦྲུལ་འཛིན་བཞིན། །སྟོབས་དང་ལྡན་པའི་རྒྱལ་པོ་ཡིས། །སེང་གེའི་འདུ་ཤེས་ཉེར་བཞག་སྟེ། །བག་དང་ལྡན་པས་སྦྱོར་བར་བྱ། །བདུད་བསྒྱུར་རིག་པའི་ཕོ་བྲང་ལས། །བཀའ་ཡི་འཁོར་ལོ་སྟོབས་ཆེན་གྱིས། །ཕོ་མོ་བདུད་ཀྱི་གནས་འཁྲུགས་པ། །མ་ལུས་ལས་ཆེན་འགྲུབ་བྱེད་སྟེ། །སྦྱོར་བ་ཀུན་གྱི་རྒྱལ་པོ་ཡིན། །འདི་དག་ལྡན་པའི་རྣལ་འབྱོར་པས། །རོ་ལངས་ནག་མོའི་ལྟོ་དཀྲུག་པ། །བདུད་སྡེ་མ་ལུས་འདུལ་བའི་མཆོག །ལས་རྣམས་ཀུན་གྱི་རྩ་བ་སྟེ། །དེ་


DNG015_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་སྦྱོར་བ་བསྟན་པ་ནི། །འཁྲུལ་འཁོར་རིམ་པ་འདི་ལྟ་སྟེ། །སུམ་གཉིས་ཕན་ཚུན་ཆ་མཉམ་ཐིག །རྒྱ་གྲམ་ཉིད་དུ་ལེགས་བཏབ་སྟེ། །རུ་ཐིག་གཉིས་ཏེ་རེ་མིག་ཀྱང་། །ཐིག་མདུད་རྒྱ་གྲམ་གསུམ་གསུམ་འགྲོས། །དེ་ལྟར་སྦྱར་བ་གསལ་བྱེད་པའི། །ཆ་སྙོམས་བརྒྱད་ཐིག་ལྡན་པ་ལ། །ཆ་སྙོམས་མུ་ཁྱུད་རིམ་པ་བཞིན། །རེ་མིག་འཁོར་ལོ་ཆ་མཉམ་བྱ། །འཁོར་ལོ་རིམ་པ་ཕྲེང་བ་སྟེ། །ནང་མའི་ཆ་དོར་རིམ་གསུམ་མཉམ། །དབུས་སུ་དྲག་པོ་འཁོར་ལོ་བརྒྱད། །ལྟེ་བ་གྲུ་གསུམ་མུ་ཁྱུད་བཅས། །རེ་མིག་འཁོར་ལོ་བདུན་ཅུ་གསུམ། །དེ་ནི་གཅོད་བྱེད་འཁོར་ལོ་སྟེ། །གནས་ཀྱི་འཁོར་ལོར་དེ་ཤེས་བྱ། །དེ་ལ་དགོད་པའི་རིམ་པ་ཡིས། །ལྟེ་བ་དྲག་པོ་འབྲུ་གཅིག་སྟེ། །འཕེན་བྱེད་ཀུན་གྱི་སྦྱོར་བའི་རྟེན། །ཕྱི་རིམ་མུ་ཁྱུད་བརྒྱད་དང་ལྡན། །འཁོར་ལོའི་སྦྱོར་ཆེན་འབྱེད་པའི་སྔགས། །རྩ་བའི་ས་བོན་ཡི་གེ་གཉིས། །འཁོར་ལོ་འཕེན་པའི་འབྲུ་དྲུག་བརྒྱད། །རྒྱས་པར་ཀུན་ལ་དེ་བཞིན་ཏེ། །འཕེན་པ་སྤྱི་དང་ཡན་ལག་ལྡན། །རིམ་པར་རྗེས་སུ་མཐུན་པར་དགོད། །འཕེན་པ་དྲུག་པོའི་འཁོར་ལོ་ཡིན། །ཕྱི་རིམ་འཁོར་ལོ་དེ་བཞིན་ནི། །མཱུ་ལ་སྤུ་གྲིའི་འཁོར་ལོ་སྟེ། །རྩ་བའི་ཡིག་འབྲུར་སྔར་བཞིན་ལས། །ཡབ་ཡུམ་རྗེས་སུ་མཐུན་པར་དགོད། །སྤུ་གྲིའི་འདབ་མ་སྔར་བཞིན་ཏེ། །འཕེན་པ་མཐུན་པའི་ཕྱོགས་རྗེས་སུ། །འཕྲེང་བ་སྦྱོར་བ་བཞིན་དུ་དགོད། །མེ་དབལ་འཁོར་ལོ་སྔར་བཞིན་ལས། །བཟློག་ལ་འབྲུ་རྣམས་དགོད་པར་བྱ། །མཚམས་བཞིར་རེ་མིག་དེ་བཞིན་དུ། །ཡབ་ཡུམ་བདུད་ཀྱི་སྦྱོར་བའི་མིང་། །དེ་བཞིན་རིམ་པར་དགོད་པ་ཡང་། །མཚམས་ཀྱི་དང་པོ་ཉེར་གཟུང་སྟེ། །དེ་ཉིད་རྡོ་རྗེ་རལ་གྲིའི་མཚམས། །དེ་ལས་ས་ཡི་ཡི་གེ་གཟུང་། །པདྨ་རལ་གྲིའི་མཚམས་སུ་འང་། །དེ་ཉིད་དེ་ལ་དགོད་བྱ་སྟེ། །པདྨ་རིན་ཆེན་མཚམས་སུ་འང་། །རྗེས་སུ་མཐུན་པའི་ཡི་གེ་ལ། །དོན་གཉིས་ལྡན་པས་སྟེང་ནས་བརྒྱན། །དེ་ཉིད་དེ་ལ་དགོད་པར་བྱ། །རྡོ་རྗེ་རིན་ཆེན་མཚམས་སུ་ནི། །


DNG015_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་པ་ལས་ཀྱི་ཡི་གེ་དང་། །མེ་ཡི་ཡི་གེ་ཉིད་དང་སྦྱོར། །དེ་ཉིད་དེ་ལ་དགོད་པར་བྱ། །མེ་དབལ་མིང་གི་འཁོར་ལོ་ཡིན། །ཕྱི་རིམ་སྲིན་པོ་བདུད་བྱེད་པའི། །འཁྲུག་བྱེད་ཙིཏྟའི་འཁོར་ལོ་སྟེ། །རྡོ་རྗེ་ཕྱོགས་ཀྱི་དང་པོ་ནས། །རྣལ་མ་བཟློག་པའི་རིམ་པས་བསྐོར། །དེ་ཉིད་སྦྱོར་བ་འདི་དག་སྟེ། །དང་པོར་སུ་ཡིན་བག་ཏ་ནི། །གཉིས་པར་ཀ་མ་ས་ཏི་ར། །གསུམ་པར་ཀོའུ་མ་ཡ་ཏི། །བཞི་པར་ཕུ་ལ་ཏི་ཀ་ནི། །ལྔ་པར་ཡ་གཱུ་ཙནྡྷ་མ། །དྲུག་པར་དྲུ་ག་ཚེ་རྐི་སྟེ། །བདུན་པར་རྫ་ཤྴ་ཡ་ཀ་ནི། །བརྒྱད་པར་ཤ་ཏྲུན་ནིར་པ་ནི། །དགུ་པར་ཙྟ་ཧཱ་་ཏ། །བཅུ་པར་ཤཾ་ཀྲ་ཏི་ཀྲམ་ནི། །བཅུ་གཅིག་རཱ་བ་གས་བཛྲ་སྟེ། །བཅུ་གཉིས་ཡ་མ་སྡི་ཕྲ་མ། །བཅུ་གསུམ་དྷ་དྷུ་ཏ་ཀྐི་ནཾ། །བཅུ་བཞིར་སར་བྷི་ཙ་ཏ་པ། །བཅོ་ལྔ་ཨ་འ པྲོཾ ་ཌུྃ ་ཀྲཾ་མཾ། །བཅུ་དྲུག་པྲ་ཤྟ་ཡ་མ་སྟེ། །དབང་གིས་ཡེ་ཤེས་ལས་གྲུབ་ཅིང་། །ཐར་པར་སྨིན་པའི་ལས་གྲུབ་མི། །ལྔ་ཕྲག་གཉིས་དང་དེ་བཞིན་གཉིས། །སྦྱོར་བའི་ཡན་ལག་མ་ལུས་འགྲུབ། །ཡེ་ཤེས་མཁའ་འགྲོ་གཤིན་རྗེའི་བདུད། །བདུད་མོ་གཤིན་རྗེ་ཡི་དྭགས་རྗེ། །སྙིང་པོ་སྦྱོར་བ་ལྔ་དང་བཅས། །འབོད་པ་གསུམ་གྱི་མིང་ཅན་དེ། །སྙིང་པོ་ཐུགས་ཀྱི་ཡིག་འབྲུ་སྟེ། །བརྒྱད་གཉིས་ལྡན་པའི་དྲངས་དོན་ཅན། །ཁྲོ་རྒྱལ་ཡེ་ནས་ཁྲོ་མོ་བཅུ། །བདུད་འདུལ་ཕོ་ཉའི་ཚོགས་དང་བཅས། །སྦྱར་བའི་སྟོབས་ཀྱིས་སྣ་ཚོགས་བྱེད། །དེ་བཞིན་ཕྱི་རིམ་འཁོར་ལོ་ཡང་། །ཕྱོགས་དང་བསྐོར་ཕྱོགས་དེ་བཞིན་ཏེ། །ཡི་གེ་སྙིང་པོ་ཐུགས་ཀྱི་ལས། །ཡོན་ཏན་ལས་དང་སྐུ་འཁོར་སྡུད། །འདུས་པས་སྦྱོར་བའི་འཕེན་སྟབས་ཡིན། །དེ་ཡི་རིམ་པ་དགོད་པ་ནི། །དེ་བཞིན་དང་པོར་བ་ལན་ཐ། །གཉིས་པར་ག་གོན་ད་ཡིན་ལ། །གསུམ་པར་རཏྣ་དྷ་པ་སྟེ། །བཞི་པར་གོ་སི་ན་ཡིན་ནོ། །ལྔ་པར་དེ་བཞིན་པ་བཞག་པ། །དྲུག་པར་ཀི་ལི་ལི་བ་ཡིན། །བདུན་པར་བ་ཧ་བ་བཞག་སྟེ། །བརྒྱད་པར་བྷུ་ལ་བ་ཡིན་ནོ། །དགུ་པར་རག་མོ་མ་དགོད་སྟེ། །བཅུ་པར་ཏིང་ནག་དྲག་པོའི་ས། །བཅུ་གཅིག་སོ་མིན་ཝ་ཡིན་ཏེ། །


DNG015_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་གཉིས་དུར་ལན་ར་དགོད་དོ། །བཅུ་གསུམ་དམ་པའི་ལ་དགོད་དེ། །བཅུ་བཞི་མུ་ལ་ཤ་ཡིན་ནོ། །བཅོ་ལྔ་པེ་ཏོ་ཤ་དགོད་དོ། །བཅུ་དྲུག་ཡ་ཤོ་ས་བཞག་གོ། །འདི་ནི་སྲིན་པོ་དཔུང་འགྲོའི་ཚོགས། །སྦྱོར་བ་གཤེད་ཀྱི་འཁོར་ལོ་ཡིན། །ཕྱི་རིམ་རིམ་པའང་དེ་བཞིན་ཏེ། །ཕྱོགས་དང་འཁོར་ལོ་རྗེས་འཇུག་ལས། །རིམ་པ་འདི་ཡིས་ཕྱེ་བ་ཡིན། །དེ་ཉིད་སྦྱོར་བ་དེ་དག་སྟེ། །དེ་བཞིན་རྗེས་མཐུན་ཕྱོགས་སུ་ནི། །ཁྱབ་ཧོ་ཨ་ནི་གཞག་པར་བྱ། །གཉིས་པར་སྤུ་གྲི་རིང་པོ་ཨཱ། །གསུམ་པར་ཨ་ཨེ་ཨི་བཞག་ལ། །བཞི་པར་ནུབ་ནི་རིང་པོ་ཨཱིཾ། །ལྔ་པར་པྲ་མ་ཉག་པའི་ཨུ། །དྲུག་པར་མུག་རྩ་རིང་པོ་ཨཱུ། །བདུན་པར་མོག་ཏི་ཀ་ཀ་རི། །བརྒྱད་པར་མ་ས་རིང་པོ་རཱི། །དགུ་པར་ཤི་ལ་མུ་ཀྲིན་ལི། །བཅུ་པར་སུ་པ་ཀཾ་ནི་ལཱི། །བཅུ་གཅིག་ཉ་གྲོ་དུ་ལི་ཨེ། །བཅུ་གཉིས་སོ་ཡ་བ་ར་ཨཻ། །བཅུ་གསུམ་དྷ་དྷི་རུ་སོ་ཨོཾ། །བཅུ་བཞི་སོ་མ་ཐོ་ལེ་ཨཽ། །བཅོ་ལྔ་དུ་ལྷ་བག་ཀུ་ཨཾ། །བཅུ་དྲུག་མ་གྷ་དུ་རི་ཨཿ། །འདི་དག་སྦྱོར་བ་དམ་པ་སྟེ། །འདུས་པའི་འཁོར་ལོ་བརྩེགས་པ་ཡིས། །འཇོམས་པས་ཡཀྴ་ཡ་མའི་ཀློང་། །སུ་ཕྲད་རྒྱ་མདུད་འཁོར་ལོ་ཡི། །བདུད་ཕོ་བདུད་མོ་ལྟོ་དཀྲུག་པ། །འཇོམས་པར་བྱེད་པའི་མཆོག་ཡིན་ཏེ། །སྙིང་པོའི་མིང་དང་བརྡ་ཡིས་མཆོག །རྡོ་རྗེ་འཛིན་པས་རབ་ཏུ་ཟུང་། །ཞེས་གསུངས་སོ། །དཔལ་གཤིན་རྗེ་ཟླ་གསང་ནག་པོ་རྩ་བའི་རྒྱུད་ལས། རོ་ལངས་ལྟོ་འགུགས་ཀྱི་རྩ་བའི་འཁོར་ལོ་བཅུ་པ་ལས། ཐིག་གདབ་པ་དང་གསང་བའི་བརྡ་དགོད་པའི་ལེའུ་སྟེ་སོ་དྲུག་པའོ།། །།དེ་ནས་འཇམ་དཔལ་གཤིན་རྗེའི་གཤེད། །ཤིན་ཏུ་དྲག་ཏུ་ཁྲོས་ནས་ཀྱང་། །འཁྲུལ་འཁོར་གནད་ལ་དབབ་པའི་ཕྱིར། །དྲག་པོ་དགོད་པ་འདི་གསུངས་སོ། །མིང་གི་ཁྱད་པར་འདྲེལ་པ་ཡི། །རེ་རེའང་སྟོང་ཕྲག་དུ་མར་བཅས། །རང་སྲོག་འདྲེན་པའི་སྙིང་པོའོ། །དགོད་པའི་རིམ་པ་བསྟན་པ་ནི། །འཁོར་ལོའི་རིམ་པ་བཅུ་གཉིས་གཉིས། །དེ་ལས་བཞི་པ་ལ་སོགས་པའང་། །སྙིང་པོ་བརྡ་དང་


DNG015_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

མིང་གིས་སྦྱར། །འདི་དག་དོན་གཅིག་ཐ་དད་སྒྲ། །མ་ཡིན་སྦྱོར་བ་གཅིག་པའི་རྒྱུད། །རིམ་བཞིན་གསུམ་གསུམ་དོན་གཅིག་པས། །རྗེས་སུ་མཐུན་པའི་སྦྱོར་བས་བསྡེབ། །དེ་བཞིན་ཐོག་མར་འདི་དག་སྟེ། །ཀ་དང་སུརྦ་ནི་ཀི་དུམ། །དེ་བཞིན་རིམ་པར་དོན་གཅིག་ལྡན། །གཞན་ལའང་དེ་བཞིན་ཤེས་པར་བྱ། །སྙིང་པོ་ཐ་མ་དགོད་པར་གཟུང་། །དེ་བཞིན་མ་ལུས་རིམ་པར་སྦྱར། །ཁ་དང་ཀར་མ་སི་ཏི་ཌུྃ ། །ག་དང་ཀྲོ་མཱ་ཡ་ཏཱ་དུན། །གྷ་དང་ཕུལ་དི་ག་ནི་མན། །ང་དང་ཡ་ཀྲ་ཙན་བྷེ་ག །ཙ་དང་དུ་ག་ཚེ་ཏི་རག །ཚ་དང་པྲ་ཀྵ་ཡ་་ཤྴ། །ཛ་དང་ཤ་ཏྲུཾ་ནེར་བྷ་བེ། །ཛྷ་དང་ཙི་ཧི་ཛ་ཧི་ཏིཏ། ཉ་ཤཾ་ཀ་ལི་ལ། ཊ་དང་རཱ་ག་བཛྲ་རག །ཋ་དང་མ་ཏི་ཡ་མ་མོ། །ཌ་དང་དུ་ཏ་ཀི་ཨ། །ཌྷ་དང་སར་བི་ཙི་ཏ་ཀ །ཎ་དང་ཨ་གྷུ་ཤི་ཀྲི་ཛ། །ཏ་དང་པྲ་མ་ཡ་མ་ཏི། །འདི་དག་ནི་ཞི་བའི་རིམ་པ། །དྲག་པོ་སྐུ་ཡི་རིམ་པ་སྟེ། །ཕྲེང་བ་སྦྱོར་བས་རིམ་བཞིན་དགོད། །དེ་བཞིན་ཕྱི་རིམ་རྗེས་མཐུན་ལས། །ཐ་དད་པ་ལན་དད་དང་སྙིང་། །གཉིས་པར་ད་དང་ག་གོན་རོ། །གསུམ་པར་དྷ་དང་རཏྣ་ཤིན། །བཞི་པར་ན་དང་གོ་བི་ཙེ། །ལྔ་པར་པ་དང་ཏེ་པིན་ཏེ། །དྲུག་པར་ཕ་དང་ཀི་ལི་རག །བདུན་པར་བ་དང་བེ་ཧ་ཏ། །བརྒྱད་པར་བྷ་དང་བྷུ་ལ་རྒྱུ། །དགུ་པར་མ་དང་རག་མ་མཱ། །བཅུ་པར་ཡ་དང་ཏིང་གན་ཙ། །བཅུ་གཅིག་ཝ་དང་སུ་ལོན་རླུང་། །བཅུ་གཉིས་ར་དང་ཧུར་ལོན་མུ། །བཅུ་གསུམ་ལ་དང་དོམ་པའི་ཙི། །བཅུ་བཞི་ས་དང་མུ་ལི་རོ། །བཅོ་ལྔ་ཤ་དང་བེན་ཏོ་ཤན། །བཅུ་དྲུག་ཥ་དང་ཡཱ་གྲྭ་མཱ། །དེ་དག་སྔར་བཞིན་རིམ་པར་དགོད། །ཐ་མ་དེ་བཞིན་རྗེས་སུ་འཇུག །དང་པོ་གནས་དང་ཕྱོགས་བསྐོར་རྣམས། །དེ་བཞིན་ཕྱོགས་མཐུན་བསྡེབ་བྱ་སྟེ། །ཕྱོགས་དང་མཐུན་པའི་ལེའུ་ཚེ་ལ། །ཨ་དང་ཁྱབ་ཧོ་རོ་གཟུང་སྟེ། །གཉིས་པར་ཨཱ་དང་སུ་ཀྲི་ཐུམ། །གསུམ་པར་ཨི་དང་ཨ་གེ་ཟེར། །བཞི་པར་ཨི་དང་ནུབ་ན་ཛྲ། །ལྔ་པར་ཨུ་དང་མ་ཉག་སྙིང་། །དྲུག་པར་ཨུ་


DNG015_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

དང་མུག་ཙ་ཁ། །བདུན་པར་ར་མོག་ཏི་ག་རག །བརྒྱད་པར་རཱི་མ་ག་ས་དྷི། །དགུ་པར་ལི་ཤི་ལ་མུ་ཤི། །བཅུ་པར་ལཱི་སུ་པར་གོ་པྟུ། །བཅུ་གཅིག་ཨེ་དང་ཉ་གྲོ་རག །དེ་འོག་ཨཻ་སོ་ཡ་ར་ཤཱ། །དེ་རྗེས་ཨོ་དང་བརྡེ་རུ་དྷི། །དེ་འོག་ཨཽ་དང་སམ་ཙི་ལ་ལི་ཧཱུཾ། །བཅོ་ལྔར་ཨོཾ་དང་དུ་མ་ཙ་ཀ་ཀུཾ་། །བཅུ་དྲུག་ཨཿཨུད་ཡ་ཡུད། །འདི་ནི་གསང་བའི་སྦྱོར་བ་སྟེ། །ཐབས་ཆེན་གཉན་གྱི་མཚོན་ཆེན་ཡིན། །རེ་མིག་འཁོར་ལོའི་རིམ་པ་ལ། །བརྡ་ཡི་སྙིང་པོ་གསང་བའི་མིང་། །དོན་ཅིག་རྣམ་གྲངས་སྦྱོར་བ་ཡིས། །ཐ་དད་དོགས་པའི་དོན་གསང་སྟེ། །སྦྱོར་བ་ཐ་དད་དང་པོ་བསྡེབ། །རྒྱུ་རྐྱེན་འཕྲེང་བའི་འཁོར་ལོ་བྱ། །སྐབས་ཀྱི་དབང་བསྐུར་འོད་ཟེར་དབབ། །འབར་བའི་སྦྱོར་བའི་མིང་ཡིན་ཏེ། །རྡོ་རྗེ་བཀྲ་ཤིས་དབང་བསྐུར་ནས། །དྲག་བཟློག་གྱེན་གྱི་ལམ་དུ་བཙུད། །འཇོག་པོ་བདེ་ལམ་རྒྱན་བསྐྱེད་པའོ། །ཐ་མ་སྙིང་པོ་ངང་གིས་འདྲེན། །ཐ་དད་མ་ཡིན་སྦྱར་བའི་འབྲུ། །འཁོར་ལོའི་རིམ་པར་དགོད་པར་བྱ། །དེ་ཡི་ཡོན་ཏན་ཡན་ལག་ཅན། །གསང་བ་དགོད་པའི་རིམ་པར་བཤད། །ཅེས་གསུངས་སོ། །དཔལ་གཤིན་རྗེ་ཟླ་གསང་ནག་པོ་རྩ་བའི་རྒྱུད་ལས། བདུད་མོའི་སྙིང་པོ་སྦྱར་བ་དང་དགོད་པའི་ལེའུ་སྟེ་སོ་བདུན་པའོ།། །།དེ་ནས་གཞན་ཡང་རབ་བཤད་པ། །འཐོར་བ་བསྡུ་བའི་རིམ་པ་དང་། །ལས་ཀྱི་མདོ་བྱང་ཆེན་པོ་འདི། །རྣལ་འབྱོར་ཅན་ལ་གནས་བྱའི་ཕྱིར། །ལག་ན་རྡོ་རྗེས་རབ་ཏུ་ཟུང་། །ལས་ཀྱི་རིམ་པའི་རྡོ་རྗེ་ནི། །སྦྱོར་བ་བཞི་ཡི་ཡན་ལག་ཅན། །གཟིགས་པ་བཞི་ཡི་དོན་ཆེན་བསྒྲུབ། །འགྲོ་སྟོབས་བརྒྱད་ཀྱིས་ཡང་དག་སྦྱོར། །བཅུ་གཉིས་ཚུལ་གྱིས་ལས་བྱེད་སྟེ། །ལས་ནི་སྣ་ཚོགས་སྦྱོར་བར་བྱེད། །པདྨ་རིན་ཆེན་སོ་མ་བཏང་། །ཉི་མ་ཆུ་རླུང་རྡོ་རྗེ་དང་། །ལྕགས་བདུད་རྡོ་དང་པེ་ཐག་ཏ། །རླུང་གི་ཚེ་ན་ལིངྒ་འཕངས། །སུ་མེན་ལྟ་ཡི་ཁུ་བ་བཞིན། །ལས་ཀྱི་འདྲེན་པའི་དོན་བྱེད་དེ། །དེ་བཞིན་རི་བོ་ལྕབ་ཆེན་དང་། །གསེར་གྱི་དགུ་ཐོག་བརྒྱབ་པ་དང་། །མཚོན་ཆ་འཁོར་


DNG015_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་རྒྱལ་པོ་བཞིན། །ལས་དང་འདོད་པའི་བྱེ་བྲག་དབྱེ། །བཅུ་གཉིས་ལས་ལ་སོགས་པ་ནི། །རྣམ་གྲངས་བཞི་ལ་སོགས་པ་དབྱེ། །ལས་ནི་བརྒྱད་བརྒྱ་ལ་སོགས་ཏེ། །འཁོར་ལོའི་བྱེ་བྲག་དཔག་ཏུ་མེད། །སྦྱོར་བ་ཉིས་བརྒྱ་སྟོང་བཅུ་དྲུག །བསྡོམས་པས་བཅུ་དྲུག་སྟོང་ཕྲག་གཅིག །ཡན་ལག་བཅུ་གཉིས་རྩ་བ་བཞི། །སྦྱོར་བ་དྲག་པོ་སྔོན་གྱི་ལས། །འཕེན་པ་གཅིག་གིས་བྱས་པ་སྟེ། །ཞེས་གསུངས་སོ། །དཔལ་གཤིན་རྗེ་ཟླ་གསང་ནག་པོ་རྩ་བའི་རྒྱུད་ལས། ལས་ཀྱི་མདོ་བྱང་ཆེན་པོ་བསྟན་པའི་ལེའུ་སྟེ་སོ་བརྒྱད་པའོ།། །།དེ་ནས་གསང་བ་བཤད་པ་ནི། །མདོར་བསྡུས་པ་དེ་རྒྱས་པར་མིན། །འཁྲུག་པ་དམར་ཐག་འཁོར་ལོ་འདི། །ལག་ན་རྡོ་རྗེས་རབ་ཏུ་ཟུང་། །དེ་དག་ཕན་ཚུན་ཐུན་སྦྱར་བ། །ཡོན་ཏན་བསྐྱེད་དང་ལས་ཀུན་རྫོགས། །དེ་ཡི་སྦྱོར་བ་འདི་དག་སྟེ། །ཐོག་མར་སྦྱོར་བ་དང་པོ་ནི། །རྩ་བའི་ས་བོན་ཡི་གེ་གཉིས། །མེ་དབལ་མིང་གི་འཁོར་ལོ་ལ། །རིག་པ་མིང་གི་ཡི་གེ་བཞི། །བསྡུས་པས་སྦྱོར་བ་བདུད་མོའི་མིང་། །རྣལ་མར་བསྐོར་བའི་ཕྱོགས་ཀྱི་སྦྱར། །མཆོག་གི་ཡི་གེ་འབྲུ་ལྔ་ལྡན། །ཀུན་གྱི་ཐོག་མར་སྦྱར་བྱ་སྟེ། །ཕྱིར་ལ་དབུལ་ནས་བསྐོར་བྱས་ནས། །མེ་དབལ་ཡབ་ཀྱི་འཁོར་ལོ་བཞིན། །རྣལ་མ་ལྡོག་པའི་རིམ་པ་བཞིན། །མིང་གི་མཇུག་ལ་བཏགས་བྱས་ལ། །རྗེས་སུ་མཐུན་པའི་བཞི་སྦྱར་ན། །བྱེད་པ་ཀུན་གྱི་སྙིང་པོའི་མཆོག །སྦྱོར་བ་ཀུན་གྱི་རྩ་བ་ཡིན། །མཐའ་རྟེན་ལས་ཀྱི་སྐབས་ཀྱིས་འཇུག །ལས་རྣམས་ཀུན་ལ་ཐོགས་མེད་འགྲོ། །དེ་བཞིན་ཤི་ཀྴི་ཤྲི་པན་ཙའི། །འགྲོས་ཀྱི་འབྲུ་འདེད་བདུན་པའི་སྔགས། །རྗེས་སུ་མཐུན་པ་དེ་བཞིན་ཏེ། །འཁྲིལ་བ་སྦྲུལ་དང་རུས་སྦལ་དང་། །ཆུ་སྲིན་ཀ་ཧི་ལ་ཡི་འགྲོས། །འབུར་མགོ་མགོ་མངས་འགྲོས་ཉིད་དུ། །འབྲུ་འདེད་སྟག་མོ་ཁ་སྦྱོར་བའི། །བཞི་དང་ལྔ་སོགས་དྲག་པོའི་སྔགས། །ཀུན་གྱི་སྦྱོར་བའང་དེ་བཞིན་ཏེ། །ཐོག་མར་དེ་


DNG015_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དྲུག་པའི་མིང་། །དྲངས་ཏེ་དེ་བཞིན་ཀུན་ལ་སྦྱར། །མཐའ་རྟེན་མཇུག་གི་སྔགས་ཉིད་ནི། །དྲག་པོའི་མཱ་ར་ཡ་ཉིད་ལ། །སྤུ་གྲི་འཁོར་ལོ་འདབ་མ་བཞི། །བཀོད་པའི་ཕྲེང་བ་སྦྱོར་བ་བཞིན། །བསྡེབས་ནས་འཕེན་པའི་འབྲུ་བརྒྱད་ཀྱི། །ཡི་གེ་ལྔ་བཞིན་བཟློག་བསྐོར་ནས། །སྦྱོར་བ་གསོད་པ་མ་ལུས་པ། །འཇུག་པ་ངེས་པར་གདགས་པ་ཡིན། །དབུས་ཀྱི་སྦྱོར་བ་རྒྱང་བ་སྟེ། །དྲག་པོ་གནས་ཀྱི་འཕེན་པ་ཡིན། །ཕྱི་རིམ་བཞི་པའི་རིམ་པ་ནི། །བདུད་མོ་གཤིན་རྗེའི་སྦྱོར་བ་སྟེ། །ཁྲོ་བོ་རྣམས་ཀྱི་མིང་ཡང་ཡིན། །དེ་ཡི་སྦྱོར་བ་དཔག་མེད་ལས། །མཁའ་འགྲོ་དྲག་མོའི་སྦྱོར་བ་སྟེ། །གནད་ལོག་དྲག་པོའི་རིམ་པ་ཡིན། །རེངས་དང་འགུགས་པ་མ་ལུས་བྱེད། །ལས་གསང་གཉིས་དང་ཀུན་རྫོགས་ཡིན། །དེ་ཡི་རིམ་པ་འདི་དག་སྟེ། །ཏ་བྷི་ཏ་ཡི་འགྲོས་སྟངས་ཀྱིས། །འཁོར་ལོའི་ཕྲེང་བ་དྲིལ་བ་ཡིན། །དེ་བཞིན་ཕྱོགས་ཀྱི་དང་པོ་ནས། །རེ་མིག་བརྒྱད་ཉིད་དེ་བཞིན་གཅིག །རིམ་པར་འཁོར་ལོའི་ཕྲེང་བར་ནི། །མུ་ཁྱུད་ལྟ་བུར་དྲིལ་བ་ཡིན། །ཐོག་མར་དབུས་ནས་བདུད་ཀྱི་སྔགས། །འབྲུ་དྲུག་མིང་གིས་དེ་བཞིན་དྲང་། །མཐའ་རྟེན་གདགས་པ་སྔར་བཞིན་ཏེ། །དྲག་པོའི་ལས་ལ་སྤུ་གྲི་དང་། །འཕེན་པའི་འབྲུ་བརྒྱད་རིམ་པར་སྦྱར། །ཕྱི་རིམ་ལྔ་པའང་དེ་བཞིན་ཏེ། །མུ་ཁྱུད་ཕྲེང་བའང་རིམ་པ་གཅིག །ཏ་པི་ཏ་ཡི་འགྲོས་ཀྱིས་ཏེ། །གོ་རིམ་ཕྲེང་བ་རིམ་པར་བསྡེབ། །རིམ་པ་དེ་བཞིན་ཀུན་ལའང་། །མགོ་དང་མཇུག་མ་སྔ་མ་བཞིན། །མཆོག་ཏུ་གསོད་ལ་སྦྱོར་བ་སྟེ། །རིག་པས་བསྡུས་པའི་ཡེ་ཤེས་ལྔ། །ལྟེ་རྩིབས་སྦྱོར་བས་འཁོར་ལོ་གཅིག །ཡན་ལག་ལྔ་བསྡུས་འདུས་ཕུང་ལས། །མཁའ་འགྲོ་བཅུ་དང་དྲུག་འདུས་པའི། །དྲུག་པོའི་ཡི་གེ་འབྲུ་དྲུག་ཅུ། །འདུས་པས་མཚོན་ཁ་མེ་ལྕེ་གཉིས། །དྲིལ་བས་སྔགས་ཀྱི་ཕྲེང་བ་གཅིག །བརྗོད་པས་ངེས་པར་མི་འཇོག་གཅོད། །ཕྱི་རིམ་དྲུག་པའང་དེ་བཞིན་ཏེ། །བསྐོར་དང་ཕྱོགས་དང་དེ་མཐུན་


DNG015_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

ལས། །རིམ་པ་དེ་བཞིན་བསྐོར་བྱ་སྟེ། །སྔ་མ་ཇི་བཞིན་དྲིལ་བར་བྱ། །དེ་ནི་མཆོག་ཏུ་གསང་བ་སྟེ། །སྨྱོ་དང་འབོག་དང་དལ་ཁས་འདེབས། །དྲག་པོ་ལས་ཀྱི་ཡི་གེ་འབྲུ། །དྲུག་པོའི་ཡོན་ཏན་གཟེར་ལས་བསྡུས། །འཕེན་བྱེད་སྦྱོར་བ་བག་བཅས་ཀྱིས། །འཕངས་ན་རིམ་པ་མ་ལུས་བྱེད། །མགོ་དང་མཇུག་དང་སྔ་མ་བཞིན། །དེ་བཞིན་རིམ་པས་ཤེས་པར་བྱ། །དྲག་པོའི་སྦྱོར་བ་རྐྱང་པ་འདི། །མཁའ་འགྲོ་འབར་བ་དབྱིངས་སྡུས་མ། །སྙིང་པོའི་དམ་དང་དྲག་པོའི་སྙིང་། །ཡོན་ཏན་ལས་ཀྱི་རིམ་དང་གསུམ། །གཅིག་གི་གཅིག་ནས་དྲིལ་བ་སྟེ། །དམ་པའི་སྦྱོར་བ་དམ་པ་ཡིན། །རྩ་བའི་འཁོར་ལོ་གཉིས་ལས་ནི། །ཕྱེ་བའི་འཁོར་ལོ་འབུམ་ཕྲག་ཡས། །གསང་བའི་ལས་སྦྱོར་ཇི་སྙེད་པ། །འདི་ཉིད་དུ་ནི་འདུས་པར་བསྟན། །ལག་ན་རྡོ་རྗེས་རབ་ཏུ་ཟུང་། །ཞེས་གསུངས་སོ། །དཔལ་གཤིན་རྗེ་ཟླ་གསང་ནག་པོ་རྩ་བའི་རྒྱུད་ལས། ཕོ་མོ་ལྟོ་དཀྲུགས་སོགས་པའི་ལེའུ་སྟེ་སོ་དགུ་པའོ།། །།དེ་ནས་ཡང་གཤིན་རྗེའི་གཤེད་པོ་ཡིས། །འགལ་བ་ཆམ་ལ་དབབ་པའི་ཕྱིར། །མཁའ་འགྲོ་གནད་ལ་དབབ་པའི་ཐབས། །སྔགས་ཀྱི་འཁོར་ལོ་དམ་པ་འདི། །ལག་ན་རྡོ་རྗེས་རབ་ཏུ་ཟུང་། །དུར་ཁྲོད་ཆེན་པོ་ལ་སོགས་འབར་བ་ཡི། །བཀྲ་ཤིས་སྟོབས་དང་ཡོན་ཏན་ལྡན་པའི་གནས་རྣམས་སུ། །རྐྱེན་རྣམས་ཚོགས་རྣལ་ལས་རྣམས་རྫོགས་བྱ་བ། །དང་པོ་རྒྱུན་བཟླས་གཉིས་པ་སྦྱར་བྱ་ཞིང་། །གསུམ་པས་དྲིལ་བ་བཞི་པས་ཡུལ། །འདི་ནི་ཡན་ལག་རྫོགས་པར་བྱེད་པ་སྟེ། །ཆོས་རྣམས་རྒྱལ་ཞིང་བླ་མ་བདེ་བ་དེ་འགྱུར་ན། །ལས་ནི་ཡོངས་སུ་དག་པར་བྱ་བ་སྟེ། །མི་ནུས་བཙས་སུ་ང་ཡིས་བཤད་པ་ཡིན། །རིག་པའི་དོན་སྟོབས་གཏེར་གྱི་སེམས་ལྡན་ན། །རྟག་ཏུ་བ་ཏ་ར་ཏའི་ར་ཏ་ག་ཟོས་ཀྱང་། །དེ་ནི་དབང་ཕྱུག་ཉིད་འགྱུར་གཞན་དུ་མིན། །དེ་ཡི་སྦྱོར་བ་བསམ་པ་ཉེར་བསྟན་པ། །ལྷོ་དག་གིས་གུལ་དུ་དོན་མ་ཡིན་པའི། །ཤ་ཁྲག་འབྲུ་སྣ་འབྲས་བུ་མང་པོ་སོགས། །


DNG015_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་སོགས་དེ་རྫས་ནི་སུམ་ལྡན་བྱ། །སྐུ་གསུང་ཐུགས་ཀྱིས་འཁོར་ལོ་རྒྱས་ལྡན་པ། །རས་སམ་ཤིང་ཤུན་དག་ལ་མིང་བྲིས་ནས། །དེ་ལ་ཡང་དག་བསྙེན་ནས་བརྟེན་རྫས་ནི། །ལས་ཀྱི་མཐུན་པའི་གཉེར་རྫས་རབ་སྦྱར་ནས། །སྟག་གམ་སྤྲེའུ་འམ་སྐར་མ་འདོད་ཉིད་དམ། །ཁྭ་ཏ་གླང་དང་ཆུ་སྲིན་ཁྱི་དང་སྦྲུལ། །དེ་དག་རྣམས་ཀྱིས་དྭངས་མའི་ལིངྒ་སྦྱང་། །ཕྱེ་ལ་མཆོད་རྫས་འདོད་པའི་ལེའུ་བྱ། །ཐོད་པ་ནག་པོར་སྔགས་ཀྱི་འཁོར་ལོ་དགོད། །བསྲུང་བའི་འཁོར་ལོ་ལུས་སམ་གཞན་ཡང་བྱ། །སྔོན་དུ་འགྲོ་བའི་ཡན་ལག་བྱ་བ་རྫོགས་པར་སྒྱུར། །དྲག་པོ་བསད་པ་ལ་སོགས་ཉེར་བསྒྲུབ་པ། །སཱུ་པ་མྷུ་ཁྲི་ཏེ་པཱ་ནཱ་ལའི་རྫས། །རིན་ཆེན་སྣ་ལྔ་འབྲུག་གི་རུས་པ་སྟེ། །གང་འདོད་བསྒྲུབ་པའི་རྫས་ནི་ཚོགས་པར་བྱ། །ཐོད་ཆེན་གང་ལ་འདོད་པའི་རྫས་དེ་ལྔ་ཀར་བྱ། །ཐོད་པ་ནག་པོར་བཅུག་སྟེ་ཏ་ལོག་རྫས་རྣམས་ནི། །ས་གཉིས་ཡུ་བ་མེད་པའི་རྩེ་མོ་གཉིས། །ནིམ་བསྲེས་སོལ་སྦྲུས་གཡས་ཐོག་མ་བླུགས་པ། །སྔགས་ཀྱིས་འཁོར་ལོར་བཅུག་སྟེ་གང་འདོད་ས་རུ་མནན། །དྲག་པོའི་ལས་ནི་སྨྱོས་དང་བསད་ལ་སོགས། །སྦྲུལ་གྱི་ལུས་སམ་དུར་བྱའི་ཐོད་པར་ཏེ། །འདུ་བའི་ནད་ལ་བསད་པར་ཤིས་པ་ཡིན། །དེ་རྗེས་མཐུན་པའི་ཡན་ལག་རྫོགས་པར་བྱའོ། །ཐབས་ཀྱི་སྟོབས་ཀྱི་འདྲེལ་པའི་རིམ་པ་ནི། །འདི་དག་བསྡེབས་ཏེ་དམུ་ཐག་དངུལ་ལྕགས་འདྲ། །བྱ་བའི་ལས་གྲུབ་རིམ་སྦྱར་གདོན་མི་ཟ། །འཇིགས་བྱེད་ཆོ་འཕྲུལ་སྟོན་པའི་ཕུང་བྱེད་བཞི། །འཇུག་ཅིང་ལས་རྣམས་རྫོགས་པའི་དོན་བྱེད་པས། །དབུས་ཀྱི་ཨོཾ་ནི་ཀུན་འགྲོ་ལོག་པ་མེད། །ཕྱོགས་བཅུ་ལས་ཀྱི་སྔགས་དེ་དང་པོར་མིན། །དབུས་ནས་གཤིན་རྗེའི་ཕྱོགས་འགྲོ་གཡས་བསྐོར་གྱིས། །ཛ་ལ་ཐུག་པའི་བར་ནི་མཁའ་འགྲོ་མ་རྣམས་ཀྱི། །སྤྱི་སྲོག་ཡིན་ཏེ་ཀུན་གྱི་ཐོག་མར་སྦྱར། །ཟློག་པས་ལས་སྦྱོར་ཀུན་དང་སྦྱོར་བས་ན། །ས་བོན་ཆུ་གཉིས་བྷྱོའི་ཀླུང་དུའང་སྦྱར། །མུ་ཁྱུད་ཕྱི་རིམ་མ་བདུད་ལས་ཀྱི་ཕྲེང་། །ཕྱི་རིམ་འཁོར་ལོ་ཤར་ཕྱོགས་རྩིབས་ལ་ནི། །རྡོ་རྗེ་


DNG015_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་གསུང་བའི་སྲོག་སྙིང་ནི། །དབུས་ནས་ནུབ་ཏུ་དེ་བཞིན་གཡས་བསྐོར་ནས། །དབུས་ནས་རྩིབས་བརྒྱད་རིམ་པར་བསྡེབ་པ་ནི། །སྐུ་གསུང་ཡོན་ཏན་མ་ལུས་བསྡུས་པ་ཡིས། །གསང་བ་སྲོག་གི་ཕྲེང་བའི་སྦྱོར་བ་སྟེ། །དབུས་ཀྱི་འཁོར་ལོའི་དབུས་ནས་དེ་བཞིན་དུ། །རིམ་པ་འཁོར་ལོའི་སྙིང་པོ་བདུན་སྦྱར་བྱ། །ཀླད་དུ་སྦྱར་ཏེ་ལྷག་མ་ཐ་མར་ཡིན། །དེ་ནི་རྒྱུན་བཟླས་མཆོག་ཏུ་འདྲེན་པ་སྟེ། །གཤིན་རྗེའི་ཕྱོགས་ཀྱི་འཁོར་ལོའི་རིམ་པ་ནི། །དེ་བཞིན་སྔ་མའི་ཚུལ་གྱིས་སྦྱོར་བ་སྟེ། །དབུས་དང་བྱང་དང་དེ་བཞིན་གཡས་བསྐོར་ཡིན། །ཐོག་མ་ཐ་མ་དེ་བཞིན་ཇི་བཞིན་སྦྱར། །རྡོ་རྗེ་ཨུ་ཚུས་སྲོག་གི་ཐག་པ་ཡིན། །དེ་བཞིན་གསུམ་པའི་འཁོར་ལོའི་རིམ་པ་ནི། །གོང་མ་བཞིན་དེ་དབུས་ནས་ཤར་དུ་སྦྱར། །དེ་བཞིན་རིམ་པས་གཡས་སུ་བསྐོར་བ་སྟེ། །ལྷག་མ་སྔར་བཞིན་རྡོ་རྗེ་སྲིན་པོ་ཡིན། །གནོད་སྦྱིན་ཕྱོགས་ཀྱི་འཁོར་ལོའི་རིམ་པ་ནི། །གོང་མ་བཞིན་ཏེ་དབུས་ནས་ལྷོ་རུ་སྦྱར། །དེ་བཞིན་རིམ་པས་གཡས་སུ་བསྐོར་བ་ནི། །ཐ་མ་ཐོག་མའང་གོང་མ་བཞིན་སྦྱར་ཏེ། །མ་ལུས་འདུས་པའི་སྙིང་པོ་མཆོག་ཡིན་ཏེ། །ཉེ་བར་བསྒྲུབ་པའི་གསང་བ་ནས་ཞེས་བྱ། །ཨུན་མན་སྦྱོར་བ་རྫོགས་ཏེ་ལས་མཆོག་ཡིན། །ཕྲེང་ཐག་ཆད་ལ་སོགས་པའི་ལས་བྱས་ནས། །འཁོར་ལོ་མ་ལུས་རིམ་པར་གཡོན་སྦྱར་བས། །དབུས་ནས་སྔར་བཞིན་རིམ་པར་བསྡེབ་པ་སྟེ། །དྲག་པོའི་སྦྱོར་བ་གསང་བའི་ཨུ་དྷི་ཅན། །ཤིན་ཏུ་གསང་སྟེ་བདག་ཉིད་གཞན་དབང་བསྒྱུར། །གལ་ཏེ་རྩོམ་ན་བདེ་གཤེགས་ཀུན་འདིར་འདུས། །བརྟན་པའི་བློ་ཐོབ་དམིགས་པའི་དོན་རྙེད་ནས། །ཚུལ་བཞིན་བསྒྲུབ་ན་འཇིག་རྟེན་དབང་དུ་འགྱུར། །སྦྱོར་བ་གཞན་ཡང་རིམ་པར་རྟེན་སྦྱར་ཏེ། །ཕྱི་རིམ་འཁོར་ལོ་རྣམས་ལ་སྦྱར་བྱ་ཞིང་། །ཀུན་གྱི་ལྟེ་བ་དབུས་ཀྱི་ཕྱོགས་དང་སྟེ། །གཉིས་གཉིས་དོར་གྱི་ཕྱི་ནས་རིམ་པ་ཡིས། །གཡས་ནས་བསྐོར་ཏེ་ཡང་དག་སྦྱར་བ་ཉིད། །དབུས་ཀྱི་འཁོར་ལོ་གཉིས་པ་གསུམ་པ་ཡི། །ཆུ་ཡི་ས་བོན་གཉིས་དོར་སྔར་བཞིན་སྦྱར། །


DNG015_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་མ་ཐ་མ་སྔར་བཞིན་སྦྱར་བྱས་ལ། །འདི་ནི་ཕྱི་ཡི་སྦྱིན་པ་བསྟན་པ་སྟེ། །དང་པོ་སྔགས་ཀྱི་ཕྲེང་བ་རྣལ་མ་ཡིན། །གསུང་གི་གསུམ་པ་ཉེ་བར་འཇུག་བྱེད་པ། །སྦྱོར་བ་ལས་ལ་འཇུག་པའི་བྱེད་པ་སྟེ། །གནོད་སྦྱིན་ཕྱོགས་ཀྱི་འཁོར་ལོ་གཡས་བསྐོར་གྱི། །ཐ་མའི་འཁོར་ལོ་གཟུང་སྟེ་དེ་དང་དེར་འདྲེལ་བ། །བརྒྱ་བྱིན་ཨི་ལམ་མཚམས་ཀྱི་དབུས་ཕྱོགས་གཟུང་། །དེ་ནས་དེ་ཉིད་དབུས་ཕྱོགས་འཁོར་ལོའི་བསྡེབ། །དེ་ནས་རིམ་པས་གཤིན་རྗེའི་འཁོར་ལོ་ལ། །ལྟེ་བར་དབུས་ཕྱོགས་དང་པོ་གཉིས་བཟུང་སྟེ། །ཕི་ལཾ་ཕྱོགས་ཀྱི་འཁོར་ལོ་ལྟེ་བར་སྦྱར། །དེ་ལོག་གནོད་སྦྱིན་འཁོར་ལོ་ཡང་གཟུང་སྟེ། །ཨི་ལཾ་མཚམས་དང་དེ་འོག་གཉིས་པར་སྦྱར། །དེ་རྗེས་ཕྱི་རོལ་ཨི་ལཾ་མཚམས་དང་ལྡན། །དེ་ནས་དེ་བཞིན་ཨ་འོག་མཚམས་སུ་སྦྱར། །དེ་ནས་རིམ་པར་ཏི་ལཾ་མཚམས་འཇུག་སྟེ། །དེ་འོག་སྐུ་བྱིན་མཚམས་སུ་ཉེ་བར་སྦྱར། །མགོ་མཇུག་དང་པོ་སྔ་མ་དང་སྦྱར་ཏེ། །ཐ་མའི་ཛ་བཞག་སྐབས་ཀྱིས་ལས་ཀུན་སྦྱར། །ཡོན་ཏན་སྐུ་ཡིས་སྦྱོར་བའི་ལས་རྫོགས་ཏེ། །སྐབས་ཀྱི་སྦྱར་བས་མ་ལུས་དོན་འགྲུབ་འགྱུར། །གསང་བའི་མིང་ཡང་གསུངས་བཞིན་རབ་སྦྱར་བ། །ཨོཾ་འགུ་སི་དན་ལ་བྷྱོ། མ་མ་རཀྴ་བྷྱོ། ཁཾ་ལས་རྦད་ཤ་བྷྱོ། ཨུས་ཙ་སྨ་ཤ་བྷྱོ། ས་མ་ཡ་རཀྴ་ཤ་ཙགྴུ་ལོ་ལ་འུར་འུར་ཏུག་ཏུག་ཆེམ་ཆེམ་ཡཾ་ཡཾ་རྦད་དྲག་ཏུ་ཕོབ་ཕོབ་མ་མ་ཆོ་ཆོ། མིང་དང་སྦྱར་ནས་སྐབས་ཀྱི་འཇུག །སྙིང་པོ་ཉིད་དང་སྐབས་ཀྱིས་སྦྱར། །ལས་ལ་སྦྱར་བས་ཆོ་གའི་རིམ་པ་ཡིན། །མུ་ཁྱུད་ནང་ལ་ཐུགས་ཀྱི་ཕྲིན་ལས་ཏེ། །ཀི་ལཾ་མཚམས་ནས་རིམ་པར་བརྒྱ་བྱིན་ཕྱོགས། །སྦྱར་བས་ཨེ་ནས་མཚམས་སུ་ཉེ་བར་དྲིལ། །དེ་འོག་གཤིན་རྗེ་རིམ་པར་སྦྱོར་ཕྱོགས་ཏེ། །དེ་རྗེས་དབུས་ཀྱི་པྲ་ཀྱིན་མཚམས་སུ་བསྡེབ། །དེ་ནས་ལམ་གྱི་མཚམས་སུ་ཉེར་དྲིལ་བ། །དེ་ནས་ལྷ་ལམ་མཚམས་སུ་འགྲོ་བའི་ཕྱོགས་དང་བསྡེབ། །དེ་འོག་ཀུ་བིན་མཚམས་ཡིན་དབུས་ཀྱི་ཏ་ལ་སྦྱོར། །དེ་ནས་དེ་བཞིན་མེ་ལམ་མཚམས་སུ་དྲིལ། །དེ་ནས་དེ་བཞིན་


DNG015_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་སྦྱིན་མཆོག་བསྡེབ་ན། །དབུས་ཀྱི་སྐུ་བིན་མཚམས་ནས་མེ་ལམ་མཚམས་སུ་དྲིལ། །དེ་ནས་དེ་ཉིད་ཕྱོགས་བཞིན་གཡས་རིམ་སྦྱར། །དེ་བཞིན་དྲིལ་ཏེ་དབུས་ཀྱི་ཕྱི་རིམ་གྱི། །མཇུག་ནས་དངོས་གྲུབ་བསྐོར་བ་མགོ་དྲངས་པ། །འདི་ནི་མཆོག་སྟེ་སྦྱོར་བའི་ལས་ཀུན་བྱེད། །དེ་ནི་ལས་རྒྱལ་དངོས་གྲུབ་བསྒྲུབ་པའི་གཙོ། །གསང་བ་ཐུགས་ཀྱི་ཡང་བསྐོལ་རིམ་གཉིས་བསྡུས། །འདི་ནི་དོན་ཆེན་མཱུ་ལའི་སྙིང་བཞིན་དུ། །ཕྱིར་མི་འབྱུང་བར་འདོད་པའི་འཁོར་དུ་བཞག །རྩ་བ་སྦུབས་ཀྱི་འཁོར་ལོ་སྡུད་པ་ཡིན། །རང་རང་ཕྱོགས་མཚམས་བསྡེབ་བྱ་དབུས་སུ་ཡང་། །རུས་སྦལ་འགྲོས་ཀྱིས་སོ་སོར་སྦྱར་བ་ནི། །སྒོ་དགུའི་ཉེ་བར་དྲིལ་བ་ཞེས་བྱ་སྟེ། །ཨི་ལམ་མཚམས་ནི་ཀུན་ཏུའང་རིམ་གྱིས་སྦྱར། །དེ་བཞིན་རིམ་པས་སོ་སོར་སྦྱར་བར་བྱ། །དེ་བཞིན་བསད་དང་ཨོཾ་རྟོགས་ལས་རྣམས་ལ། །གཡལ་ཐོག་སྙིང་པོའི་གནས་སུ་གང་འདོད་དགོན། །དེ་བཞིན་རྗེས་སུ་བསྒྲུབས་པས་ལས་ཀུན་འགྲུབ། །འཁོར་ལོ་དེ་བཞིན་མུ་ཁྱུད་རིམ་པས་བསྡེབ། །དབུས་ཀྱི་མཚམས་བཞི་དོར་བྱས་ཕྱོགས་བཞི་ཡི། །རིམ་པས་ཕྱོགས་དྲིལ་འདོད་པའི་སྙིང་པོར་ལྡན། །འདི་ནི་ཐེག་ཆེན་རིགས་བདུན་འབེབས་པ་ཡིན། །སྐྱོར་བ་གཞན་ཡང་འདོད་པ་རྣམ་དག་གི །དོན་འགྲུབ་ཡང་དག་རྣམས་ནི་བཤད་བྱ་བ། །ཕྱི་རིམ་དེ་བཞིན་དང་པོའི་འཁོར་ལོ་ནས། །དང་པོའི་དབུས་ནི་ཀུན་གྱི་མགོ་ཡིན་ཏེ། །དྲངས་ནས་རྩེ་མོའི་འཁོར་ལོ་རིམ་པ་གསུམ། །གཡས་སུ་བསྐོར་ནས་རིམ་པས་བསྡེབ་བྱ་སྟེ། །གཤིན་རྗེ་པཾ་ལམ་ཕྱོགས་ཀྱང་དེ་བཞིན་དེ། །གནོད་སྦྱིན་ཕྱོགས་ཀྱང་དེ་བཞིན་ཉེར་བྱས་ལ། །གི་ལམ་མཚམས་ནི་རིམ་པས་ཉེར་སྦྱར་བྱ། །དབུས་ཀྱི་དེ་བཞིན་སྐབས་ཀྱི་སྦྱར་བྱས་ནས། །མཆོག་ཏུ་སྲོག་ལ་འཇོམས་ཡིན་ཁུགས་པའི་ལས། །དབུས་ཀྱི་འཁོར་ལོ་འབྲུ་རྣམས་སྐབས་ཀྱི་སྐབས་ཀྱི་སྔ་མ་བཞིན་དུ་སྦྱར། །ཕྱོགས་ཀྱི་དང་པོ་འཁོར་ལོ་དབུས་མ་ཡིན། །འབྲུ་རྣམས་བསྡེབ་སྟེ་རིམ་པས་སྔ་མ་བཞིན། །གཤིན་རྗེའི་ཕྱོགས་དང་


DNG015_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་རྗེས་མཐུན་ཏེ། །དབུས་ཀྱི་སྙིང་པོ་དང་པོར་སྦྱར་བ་བཞིན། །བརྗོད་ན་གང་འདོད་ཡུམ་དུ་འགྲུབ་འགྱུར་ཏེ། །གཟེར་ནད་ལྷོག་འཁྲུག་ནད་རྣམས་གཏོང་། །དེ་བཞིན་རིམ་པས་འཁོར་ལོ་དང་པོ་ཡིས། །དབུས་ཀྱི་འབྲུ་གཟུང་ཐ་མའི་འཁོར་ལོ་རྣམས། །རིམ་སྦྱར་ཕྱོགས་ཀུན་དེ་བཞིན་ཏེ། །གནོད་སྦྱིན་འཁོར་ལོ་རྩ་བར་གཉིས་གཟུང་སྟེ། །དབུས་ཀྱི་འཁོར་ལོ་སྔ་མ་བཞིན་སློངས་ནས། །གང་ཡིན་མིང་དང་སྙིང་པོ་བཅས་བསྐུལ་ཏེ། །ལས་ཀྱི་སྦྱོར་བ་སྔ་མ་བཞིན་བཅས་ནས། །ཡུལ་ཁམས་ཕོ་བྲང་བཅས་ཏེ་དབང་དུ་བསྒྱུར། །གཞན་ཡང་སྦག་དང་སྐྱོར་བ་རྣམས་བསྟན་པ། །བསྲུང་གསོ་ལས་འབྲེལ་ཀུན་ལ་ཤེས་པ་ཡིན། །འཁོར་ལོ་དང་པོའི་དབུས་དང་དབུས་ཕྱོགས་ཉིད། །དེ་བཞིན་པ་ཡི་ལམ་ཕྱོགས་དབུས་རིམ་གྱིས། །རྫོགས་པར་སྦྱོར་ཏེ་སླར་ཡང་དང་པོའི་པི་ལམ་མཚམས། །དེ་ནས་གཡས་སུ་རིམ་རྫོགས་བསྐོར་བ་ཡིས། །སྦྱོར་བ་ཤེས་པའི་ལམ་ནི་ཀུན་བྱེད་ཡིན། །དེ་བཞིན་གཤིན་རྗེའི་དབུས་ཀྱང་དབུས། །རིམ་པས་སྔར་གྱི་རྗེས་བཞིན་སྦྱར་བ་སྟེ། །གནོད་སྦྱིན་ཕྱོགས་སུའང་རིམ་པས་དབུས་བསྡེབ་དེ་བཞིན་ཏེ། །སླར་ཡང་གཤིན་རྗེ་སྔ་མ་བཞིན་བསྡེབ་པ། །འདི་ནི་གསང་བའི་ལས་ཀྱི་དེ་བཞིན་ཏེ། །དབང་དུ་བསྡུས་དང་རེངས་ལ་སོགས་པའི་ལས། །སྦྱར་བ་རེ་རེ་རྗེས་འཇུག་པས་སྦྱར་བས། །དེ་དག་ལས་ཀུན་རིམ་གྱིས་བྱེད་པ་ཡིན། །དབུས་ཀྱི་འཁོར་ལོའམ་སྐབས་ཀྱིས་རིམ་སྦྱར་བྱ། །དང་པོ་གནས་ཀྱི་འཁོར་ལོའི་རིམ་པ་ནི། །རྩིབས་བཞི་འཁོར་ལོ་མུ་ཁྱུད་རིམ་གཉིས་ལྡན། །དབུས་ཀྱི་ལྟེ་བའི་འཁོར་ལོ་རྩིབས་བཞི་ལ། །ཆ་མཉམ་ཐིག་བྲན་བཞི་བཞི་ལེའུ་ཚེ་དགུ། །དེ་དག་ཀུན་ཀྱང་རྩིབས་བརྒྱད་འཁོར་ལོར་བཅས། །མུ་ཁྱུད་ཐིག་བཞི་ཐ་མ་རེ་རིམ་བརྒྱད། །ཕྱོགས་བཞིར་གཉིས་གྲངས་བཅུ་གཉིས་འགྱུར། །དབུས་ཀྱི་ལྟེ་བའི་དབུས་སུ་གྲུ་བཞིར་བྱ། །མཐའ་མར་ལེའུ་ཚེ་བཞི་ཨོཾ་གནད་ཀྱི་ཡིག་འབྲུ་དགོད། །གསོད་པ་ལས་འབྱུང་བཞིའི་ཡི་གེ་འཁྲུག་བཅས་གཟུང་། །ཀི་ལམ་མཚམས་སུ་ཕཊ་ཏེ་མཱ་ར་ཡ། །དེ་རྣམས་རིམ་པར་གཡས་ནས་མཐུན་པར་དགོད། །གཡལ་ཐོག་ལས་ལ་ཀི་ལམ་མཚམས་སུ་འགྲོ། །དེ་བཞིན་ཤུ་ཏེ་དུད་དང་ཧ་རིམ་བཞིན། །རྗེས་སུ་


DNG015_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་རིམ་འདོད་པའི་སྙིང་པོ་ཡིན། །ཕྱོགས་བཞིར་ཐུམ་རིལ་ཉིག་དྲིལ་རྦད་རྣམས་ཏེ། །དེ་བཞིན་རིམ་པས་ལེའུ་ཚེ་བཞི་ལ་དགོད། །ཕྱི་རིམ་འཁོར་ལོའི་རྩིབས་བརྒྱད་ལ། །བརྒྱ་བྱིན་འཁོར་ལོ་ལྡེགས་པའི་བྷྱོ་བཟུང་སྟེ། །སྐུ་བམ་མཚམས་སུ་ཡི་གེ་ཛ་དགོད་ལ། །གཤིན་རྗེ་ལ་སོགས་འཁོར་ལོའི་རིམ་པ་ནི། །ཆུ་ཡི་སྙིང་པོ་གཉིས་ནི་སོ་སོར་དགོད། །དེ་འོག་མཚན་མའི་མིང་ཡིན་ར་ནང་ག །དེ་གཉིས་སྦྱོར་བ་གཅིག་ལ་དགོད་པར་བྱ། །དེ་འོག་འཛིན་ཡིག་མི་དགོད་རྩིབས་གཉིས་ལ། །རྗེས་སུ་མཐུན་པར་སྔ་མ་གཉིས་བཞིན་དགོད། །དེ་ནས་མུ་ཁྱུད་རེ་མིག་རིམ་པ་ལ། །ཤར་གྱི་དང་པོ་ཤ་ཡིན་གཉིས་པར་ནི། །མ་ཡིན་མཚམས་སུ་ཤ་སྟེ་ར་དང་འདུས་པར་སྦྱར། །དེ་བཞིན་གཤིན་རྗེར་རུ་དང་ཙ་ཡིན་ཏེ། །མཚམས་སུ་མེ་ཡི་སྙིང་པོ་བཞག་སྟེ་ཕྱོགས་སུ་ནི། །རྩ་དང་མུ་གཉིས་རིམ་དགོད་མཚམས་སུ་བཞག །ཤ་དང་ག་གཉིས་འདྲེལ་བར་སྦྱོར་བ་ཡིན། །ཕྱོགས་སུ་ཡི་གེ་དྲག་དང་མོ་དགོད་རིམ། །རིམ་དགོད་མཚམས་སུ་རི་དང་ལ་སྦྱོར་ཏེ། །འདྲེལ་པ་ཉིད་པའི་སྟོབས་ལྡན་བྱེད། །ཤར་གྱི་འཁོར་ལོ་རིམ་པར་དགོད་པ་ནི། །གཡོན་ནས་འཁོར་བར་བཀོད་དེ་གཡས་ནས་བསྡེབ་པ་དང་། །དབུས་ཀྱི་སྐུ་ཡི་འབྲུ་བཞག་རིམ་པར་ནི། །བི་ལཾ་རྩ་དགོད་གསུམ་པར་བདུན་གཞག་བྱ། །བཞི་ལྔ་དྲུག་པ་ལ་དང་མ་ཤ་རྣམས། །རིམ་པར་བདུན་དང་བརྒྱད་པར་མ་བཤད་གོང་། །བྱང་གི་འཁོར་ལོ་དེ་བཞིན་རྗེས་མཐུན་ཏེ། །དབུས་སུ་དྲལ་དགོད་གཉིས་པར་མོ་བཞག་སྟེ། །གསུམ་པར་ཁ་དགོད་བཞི་པར་ཁ་དགོད་བྱ། །ལྔ་པར་སྙིང་དགོད་དྲུག་པར་ཤིག་དགོད་བྱ། །བདུན་པར་དེ་བཞིན་བཟུང་སྟེ་བརྒྱད་པར་མོ། །དགུ་པར་དྲག་དགོད་དེ་བཞིན་གསུམ་པའི་འཁོར་ལོའི་རིམ་པ་ལ། །དགོད་རིམ་ལྔ་ལས་བཟློག་སྟེ་དབུས་སུ་ནི། །སྐུ་ཡི་ཡི་གེ་ཙམ་དགོད་གཉིས་པར་མོ་བཞག་སྟེ། །གསུམ་པར་དབུས་བཞིན་བཞི་པར་གཉིས་པ་བཞིན། །ལྔ་པར་སྡུད་པའི་ཡི་གེ་པྲ་དགོད་བྱ། །དྲུག་པར་རིང་པོའི་ལ་བཞག་བདུན་པར་མུ། །བརྒྱད་པར་ལས་ཡིག་ཤ་ནི་དགོད་བྱ་སྟེ། །དགུ་པར་དེ་བཞིན་རིང་པོ་ལ་དགོད་པར་བྱ། །འཁོར་ལོ་བཞི་པ་དེ་བཞིན་རྗེས་མཐུན་ཏེ། །དབུས་སུ་བསྐལ་པའི་ཡི་གེ་ར་བཞག་གཉིས་པར་དེ། །གསུམ་པར་སྡུད་པའི་ཡི་གེ་རེ་


DNG015_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

དགོད་བྱ། །བཞི་པར་གཉིས་པ་བཞིན་ཏེ་ལྔ་པར་སྦྱོར་བའི་རྩ། །དྲུག་པར་འཇུག་བྱེད་ལས་ཀྱི་ཡི་གེ་པ་བཞག་བྱ། །བདུན་པར་དེ་བཞིན་རིང་པོའི་མ་དགོད་བརྒྱད་པར་ནི། །འཇུག་པའི་ཡི་གེ་དུན་དྲག་ཁ་ནི་བཞག །དགུ་པར་ཆགས་པ་ལས་ཀྱི་ཡི་གེར་ཀ་དགོད་བྱ། །ཕྱི་རོལ་གྱི་ལམ་མཚམས་སུ་འཇུག་ལས་ཀྱི། །ཡི་གེར་ག་གཅིག་ཏུ་སྦྱར་བཞག་ཆགས་པའི། །གཡས་ནས་རིམ་པ་གཉིས་ཀྱིས་མཚམས་སུ་ནི། །བྱ་སྙིང་མུ་གྲི་ར་མཚན་འགུ་སི་སྟེ། །གཉིས་པའི་མཚམས་སུ་གནད་དུ་འཇུག་པའི། །སྙིང་པོ་དོན་མ་ཤག་ཅེས་བྱ་བ་བྲི། །བཞི་པའི་མཚམས་སུ་ཀ་པི་མུ་ཀའི་གནད་འཇུག་པའི། །རིང་པོར་སྡུད་པའི་མུ་ཤག་དགོད་པར་བྱ། །དེ་དག་དགོད་པའི་སྦྱོར་བས་ལས་ཀུན་བྱེད། །དེ་རིམ་སྦྱོར་བ་ཐབས་ཀྱིས་རྡོ་རྗེ་མཆོག །ཡེ་ཤེས་སྦྱོར་བཅས་ཀ་ཏོ་ལ་ནི་དབྱུག་འཛིན། །གཅོད་དང་རྟོག་འདྲལ་འབིགས་དང་བརྡུང་ལ་སོགས། །སྨྱོས་དང་སྐྲོད་ལ་སོགས་པའི་དོན་ཀུན། །ལས་ཀྱི་སྦྱོར་བ་ཉམས་ཤིང་རིག་སྔགས་ཉམས་གྱུར་ན། །འཆིང་དང་དུས་མེད་ཉམས་ཤིང་སྤྱོད་ཡུལ་བྲལ། །འདི་དང་ཡུན་དུ་སྐྱོན་དང་སྡུག་བསྔལ་ལྡན་པ་ཡིན། །འདོད་པའི་སྦྱོར་དང་མི་མཐུན་ཁ་ཟེར་སྣ་ཚོགས་པ། །བྲལ་ཞིང་རྟོགས་ལྡན་གཡོ་བའི་ངེས་བཅིངས་ཏེ། །མི་འདོད་སྣ་ཚོགས་སྡུག་བསྔལ་གཅིག་གིས་བྱེད། །མེའམ་འཁོར་ལོ་སྦྲུལ་བཞིན་སྦྱོར་བས་ཟིན་གྱུར་ན། །བྱ་བ་ཀུན་སྤྱོད་གཅོད་དང་བདུད་རྩི་མ་ལུས་འགྲུབ། །དེ་ལས་ལོག་ན་གཞན་དུ་འགྱུར་ཏེ་བདག་ཉིད་འཇིག །ཅེས་གསུངས་སོ། །དཔལ་གཤིན་རྗེ་ཟླ་གསང་ནག་པོ་རྩ་བའི་རྒྱུད་ལས། གནམ་ལྕགས་ཐོག་འབེབས་མེ་ལྕེ་འཕྲེང་བའི་ལེའུ་སྟེ་བཞི་བཅུ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་གཤིན་རྗེའི་གཤེད་ཀྱིས་གཟའ་མཆོག་སྒྲུབ་པའི་ཐབས་འདི་གསུངས་སོ། །དགོན་པའི་གནས་སམ་ཤིང་དྲུང་ངམ། །ནགས་འདབས་དབེན་ཞིང་ཉམས་དགའ་བར། །བྲག་དམར་ཤིན་ཏུ་ཉམ་ང་དང་། །དམར་ནག་རྒྱ་སྐྱེགས་མདོག་འདྲ་འམ། །ཆུ་གླིང་རབ་ཏུ་དབེན་པ་འམ། །འདུས་མདོ་སྡོང་པོ་རྐང་གཅིག་གམ། །བས་མཐའི་གྲོག་པོ་ཕུག་རྡུགས་སུ། །གཟའ་བདུད་རོག་ཏི་བསྒྲུབ་པར་ཤིས། །སྔོན་དུ་བྱ་བའི་ཆོ་ག་ནི། །ཚ་ཚ་མཆོད་རྟེན་གྲངས་མེད་གདབ། །


DNG015_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

མངའ་གསོལ་སྤང་སྐོང་གཏོར་དཀར་བཏང་། །སྣ་ཚོགས་གཏོར་མ་གསེར་སྐྱེམས་ཀྱིས། །ཕྱོགས་སྐྱོང་གཙུག་ལག་སྲུང་མ་དང་། །ལྷ་ཀླུ་ལ་སོགས་སྡེ་བརྒྱད་དང་། །ཁམས་གསུམ་འགྲོ་བ་རིགས་དྲུག་དང་། །མཱ་ར་ཡ་ཡི་ཡུལ་དང་ལྷ། །ཁོ་ལྷ་མཆེད་པའི་ལྷ་དགུ་དང་། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ལ། །བཅོལ་གཏམ་བྱ་ཞིང་མཆོད་སྦྱིན་སྩལ། །སྒྲིབ་པ་རྣམ་གཉིས་སྦྱང་བ་དང་། །བསོད་ནམས་ཚོགས་ཆེན་སྤེལ་བའི་ཕྱིར། །དང་དུ་བླངས་ཏེ་མཆོད་ཅིང་དགོང་། །རབ་ཏུ་རྒྱ་ཆེར་སྤེལ་བར་བྱ། །དཔང་གཟུག་ལ་སོགས་སྨྲེ་སྔགས་གདོན། །རིགས་ལྔའི་སངས་རྒྱས་མཉེས་བྱའི་ཕྱིར། །ཞི་ཁྲོའི་བསྙེན་བསྒྲུབ་ཞག་གསུམ་བྱ། །ཡ་མཱནྟ་ཀའི་ལྷ་བསྒྲུབ་ནི། །ལོ་ཟླ་ཙམ་དུ་ཡུན་བསྲིང་སྟེ། །བཟླས་པ་ཡིག་འབྲུ་བཅུ་བདུན་པའོ། །བདུན་འབུམ་བསྙེན་དུ་ཚང་བར་གདོན། །འདིས་ནི་གདོང་བཞི་འཁོར་བར་ངེས། །འདི་ཡི་བསྒྲུབ་པའི་དུས་སུ་ནི། །དང་པོར་ཏ་ཀ་ཡབ་ཡུམ་བསྐྱེད། །ཧཱུཾ་ཡ་ཧཱུཾ་ཡ་ཧཱུཾ་ཡ་ཞེས་བརྗོད་དེ། །དཀར་པོ་སྔོན་པོ་དམར་པོ་དང་། །ལྗང་གུར་སྣང་བའི་ཡ་བཞི་ལས། །སྥ་ར་ནི་ཡིས་སྤྲོས་པ་དང་། །འགྲོ་བ་ཡོངས་ཀྱི་དོན་བྱས་ཏེ། །རང་སྐལ་ཕྲིན་ལས་ཡོངས་རྫོགས་ནས། །གཙོ་བོ་ཡབ་ཡུམ་ཐུགས་དམ་བསྐུལ། །སཾ་ཧ་ར་ནས་སླར་བསྡུས་པས། །ཡིག་འབྲུ་ཐུགས་མཚན་དག་ཏུ་གྱུར། །དེ་བཞིན་མོ་ཤིང་བསྡུས་པ་ལས། །ཡ་མ་རཱ་ཙ་ས་ཏོ་མེ་ཡ། ཨེ་ཀ་ཙ་ཏི་ས་མ་ཡ་སྟྭཾ། ཧཱུཾ་ཡགྴ་ཛྭ་ལ་ནི་སྙིང་ཁྲག་ཡག་མོ་སྙིང་རྩ་ལ་ཏིཥྛ་ལྷན། སྔགས་ཀྱི་སྐུ་རྣམས་གསལ་བར་རྫོགས། །ཡ་མ་རཱ་ཙ་ཡབ་ཡུམ་ནི། །མཐུན་པར་སྐུ་མདོག་མཐིང་ནག་པོ། །ཡག་ཤ་ཛྭ་ལ་ཡབ་ཡུམ་ནི། །སྔོ་ནག་ཞལ་གཅིག་ཕྱག་གཉིས་པོ། །མ་རུ་ཙེ་ནི་ཡབ་ཡུམ་གཉིས། །དམར་ནག་ཞལ་གཅིག་ཕྱག་གཉིས་སོ། །རོག་ཏི་ནག་པོ་དུད་ཀ་སྟེ། །ལུས་པོ་གཅིག་ལ་མགོ་བོ་དགུ། །མགོ་ལུས་མེད་པར་མིག་གིས་ཁེངས། །ལག་ན་ཆུ་སྲིན་ཞགས་པ་ཐོགས། །ཡན་ལག་སྟོང་ཁམས་ཀུན་ཏུ་ཉུལ། །ཡེངས་མེད་རྟོག་པ་བརྟས་པ་རུ། །ཡིད་ཀྱིས་དམིགས་ཤིང་བལྟ་བྱས་ཏེ། །མཱ་ར་ཙ་ཤ་བཞི་པོ་ལས། །སྥ་ར་ན་ཡིས་སྤྲོས་པ་དང་། །རང་སྐལ་ཕྲིན་


DNG015_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རྫོགས་པ་དང་། །འབྱུང་བཞི་རྩད་བཅད་སླར་འདུས་ནས། །ཕྱག་མཚན་བཞི་ཡི་འཕྲོ་འདུ་ལས། །གདོང་མོ་བཞི་ཡི་སྐུར་བསྐྱེད་དེ། །རི་རབ་ཤར་ལྷོའི་གྲུ་མཚམས་སུ། །ཡི་གེ་མ་ལས་སྟག་སྲིན་མོ། །སྲིན་མོའི་གཟུགས་ལ་སྟག་མགོ་ཅན། །ཁ་ནས་འབྲུག་གི་སྒྲ་སྒྲོགས་ཤིང་། །ཕོ་ལོག་སྦོས་ནད་གཏོང་བར་བསྒོམ། །རི་རབ་ཀྱི་ནི་ལྷོ་ནུབ་ཏུ། །ཡི་གེ་ར་ལས་བམ་སྲིན་མོ། །སྲིན་མོ་སྨུག་ནག་དྲེད་མགོ་ཅན། །ཁ་ནས་གློག་གི་ཕྲེང་བ་རྒྱུ། །ཀླད་ནད་གཏོང་བའི་བདག་མོར་བསྒོམ། །རི་རབ་ནུབ་བྱང་གྲུ་མཚམས་སུ། །ཡི་གེ་ཙ་ལས་ཀོང་སྲིན་མོ། །སྲིན་མོ་དམར་ནག་བན་གླང་གདོང་། །སྣ་ནས་བུ་ཡུག་འཐོར་ཞིང་ནི། །ཁ་ནས་སེར་བ་འཕྲོ་བ་ལས། །གཟེར་ནད་གཏོང་བའི་བདག་མོར་བསྒོམ། །རི་རབ་གྲུ་མཚམས་བྱང་ཤར་དུ། །ཡི་གེ་ཤ་ལས་འབྲོག་སྲིན་མོ། །སྲིན་མོ་ལྗང་ནག་ཆུ་སྲིན་གདོང་། །ཁ་ནས་ཐོག་གི་ཕྲེང་འབེབས་ཤིང་། །ལྷོག་པ་གག་པའི་བདག་མོར་བསྒོམ། །ཡབ་ཡུམ་འཁོར་བཅས་དེ་དག་ཀུན། །སྲིན་པོ་སྲིན་མོའི་ཤ་གཟུགས་ཅན། །དུར་ཁྲོད་ཀྱི་ནི་ཆས་བརྒྱད་དང་། །ཆས་པར་འདྲིས་ཤིང་གསལ་བར་བསྒོམ། །དཀྱིལ་འཁོར་ལྷ་ཚོགས་སྤྱན་དྲངས་ཏེ། །ཧཱུཾ་ཆོས་དབྱིངས་མི་མངོན་དབྱིངས་ཉིད་ནས། །འཇམ་དཔལ་གཞོན་ནུར་སྐུ་སྤྲུལ་པ། །བསྟན་པ་རྒྱ་མཚོ་བསྲུང་མཛད་ལྷ། །འཁོར་དང་བཅས་པ་སྤྱན་འདྲེན་ན། །སྒྱུ་མའི་ཐབས་ཀྱི་རོལ་པས་གཤེགས། །ཨོཾ་བཛྲ་ས་མཱ་ཛ་ཧཱུཾ། ཧཱུཾ་གྲུ་གསུམ་མཐིང་ནག་འབར་ཀློང་དུ། །རྟ་རོ་འབུམ་ནི་གཅལ་དུ་བཀྲམ། །མི་རོ་འབུམ་བརྩེགས་གཞལ་ཡས་འདིར། །འཇམ་དཔལ་ཡབ་ཡུམ་འཁོར་བཅས་རྣམས། །ཐུགས་དམ་དབང་གིས་གཤེགས་སུ་གསོལ། །ཕྱོགས་བཞི་ནམ་མཁའི་དཀྱིལ་ཡངས་ནས། །སྟག་སྲིན་སྡེ་བཞི་འཁོར་བཅས་ཀུན། །བསྟན་པ་བསྲུང་ཕྱིར་སྤྱན་འདྲེན་གྱི། །ཐུགས་དམ་དབང་གིས་གཤེགས་སུ་གསོལ། །སྲིན་མོ་ཆེན་མོ་ཁྱོད་བཞི་ཡང་། །ནམ་མཁའི་དཀྱིལ་ནས་འབྲུག་སྒྲོགས་ཤིང་། །བར་སྣང་ཁམས་ནས་གློག་འགྱུ་མ། །རི་རབ་རྩེ་ནས་ཐོག་འབེབ་མ། །རི་རབ་གླིང་བཞིར་དབང་བསྒྱུར་མ། །འཇིག་རྟེན་ཁམས་སུ་རྩལ་འབྱིན་མ། །ཕོ་ལོག་ཀླད་ནད་གཟེར་ཐབས་དང་། །ཐོག་དང་


DNG015_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

སེར་བ་ལྷོག་པའི་བདག །འཇམ་དཔལ་གཤེད་པོའི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་བཞིན། །གདུང་བའི་ང་རོས་བདག་འབོད་ཀྱི། །དམར་གྱི་གཏོར་མ་དམ་ལ་འདུ། །ཧཱུཾ་སྔོན་གྱི་བསྐལ་པ་དང་པོ་ལ། །བསྟན་པ་བསྲུང་བར་ཞལ་འཆེས་མ། །སྦས་ཤིང་གསང་བའི་མ་མོ་རྣམས། །དགྲ་བོ་འདུལ་ཕྱིར་ད་ཚུར་སྤྱོན། །བསྟན་པ་བསྲུང་གི་ད་ཚུར་སྤྱོན། །སྐྱིན་ཐང་དབབ་ཀྱི་ད་ཚུར་སྤྱོན། །ཧཱུཾ་ཤར་ཕྱོགས་ནམ་མཁའི་དཀྱིལ་ཡངས་ནས། །ཤར་གྱི་སྟག་སྲིན་ཟོར་བ་གདོང་། །སྲིང་གཅིག་ཕོ་ལོག་བདག་མོ་ད་ཚུར་སྤྱོན། །ལྷོ་ཕྱོགས་ནམ་མཁའི་དཀྱིལ་ཡངས་ནས། །བམ་སྲིན་སྨུག་ནག་དྲེད་མོ་གདོང་། །སྲིང་གཅིག་གླང་ཐབས་བདག་མོ་ད་ཚུར་སྤྱོན། །ནུབ་ཕྱོགས་ནམ་མཁའི་དཀྱིལ་ཡངས་ནས། །ཀོང་སྲིན་དམར་ནག་བན་གླང་གདོང་། །སྲིང་གཅིག་སེར་འབེབས་ནག་མོ་ད་ཚུར་སྤྱོན། །བྱང་ཕྱོགས་ནམ་མཁའི་དཀྱིལ་ཡངས་ནས། །འབྲོག་སྲིན་ལྗང་ནག་ཆུ་སྲིན་གདོང་། །སྲིང་གཅིག་ལྷོག་རྒལ་བདག་མོ་ད་ཚུར་སྤྱོན། །ཧཱུཾ་ཁྲོ་རྒྱལ་གཤིན་རྗེ་ནག་པོ་ཡབ་ཡུམ་དང་། །སྲོག་གི་གཤེད་པོ་ཡབ་ཡུམ་མིང་སྲིང་བཅས། །བསྟན་པ་བསྲུང་བའི་ལྷ་མཆོག་འཁོར་བཅས་རྣམས། །གནས་འདིར་གཤེགས་ཤིང་བརྟན་པར་བཞུགས་སུ་གསོལ། །སྲིད་པ་གསུམ་ཡང་མངའ་བཞེས་པ། །བསྟན་པ་གཉན་པོ་བཤིག་པ་ཡི། །དགྲ་བོ་འདུལ་ཕྱིར་བརྟན་པར་བཞུགས། །ཐུགས་རྗེ་དཔལ་དང་ལྡན་པ་ཡིས། །ཐུགས་རྗེའི་བྱིན་བརླབས་ཆར་ལྟར་འབེབས། །དཔལ་ལྡན་ཡི་དམ་མཉམ་པའི་དབྱིངས། །འགྲོ་བ་ཡོངས་ཀྱི་གཏེར་གྱུར་པ། །ཁྱོད་ལ་གུས་པས་ཕྱག་འཚལ་ལོ། །ཐུགས་རྗེས་གཤེད་བཞིར་སྐུ་སྤྲུལ་པ། །བདུད་འདུལ་དབུ་བརྩེགས་སྲོག་གཤེད་བཞི། །ཤེས་རབ་ཡུམ་ཆེན་སྲོག་འདུལ་ཆེན་མོ་བཞི། །ཐབས་དང་ཤེས་རབ་ཟུང་ཉིད་དང་། །འདུ་འབྲལ་མེད་པའི་ངང་ལ་ཕྱག་འཚལ་ལོ། །ཁྲོ་


DNG015_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གཤེད་པོའི་བཀའ་ཉན་ཞིང་། །བསྟན་པ་རྒྱ་མཚོ་བསྲུང་མཛད་མ། །སྦས་ཤིང་གསང་བའི་མ་བཞི་ལ། །གདུང་བའི་ཡིད་ཀྱིས་ཕྱག་འཚལ་ལོ། །ཧཱུཾ་ཡབ་ཅིག་ལྷ་ཡི་རྒྱལ་པོ་གཤིན་རྗེའི་གཤེད། །ནག་པོ་རག་ཤ་གདུག་པ་འཇོམས་མཛད་ལྷ། །སྐུ་ཡི་ཆ་ལུགས་གཏུམ་རྔམ་འཇིགས་པར་སྟོན། །གཏུམ་རྔམ་དྲག་ཤུལ་ཅན་ལ་ཕྱག་འཚལ་ལོ། །ཧཱུཾ་ཐུགས་རྗེ་ཉི་ཟེར་ལྟ་བུ་སྤྲུལ་པའི་སྐུ། །སྲོག་གི་གཤེད་པོ་འཇིགས་བྱེད་བཞི། །སྲོག་ལེན་ཡུམ་ཆེན་བཞི་པོ་དང་། །གཉིས་སུ་མེད་པར་སྦྱོང་བའི་ལྷ། །མཁའ་དབྱིངས་གསང་བའི་གནས་ཆེན་དུ། །གདུག་པ་མ་ལུས་འདུལ་བའི་དཔལ། །སྲོག་གཤེད་སྲོག་ལེན་ཡབ་ཡུམ་དང་། །རྣལ་འབྱོར་བཞི་ལ་ཕྱག་འཚལ་ལོ། །གདུག་པ་མ་ལུས་འཇོམས་པ་ཡིས། །གདུག་པ་འདུལ་མཛད་དཀྱིལ་འཁོར་ཚོགས། །ལྷ་མཆོག་ཡ་མཱནྟ་ཀ་ཡིས། །དཀྱིལ་འཁོར་བཅས་པ་ཁྱེད་ཅག་གི། །མཛད་པ་མ་ལུས་བདག་གིས་གྱིས། །སངས་རྒྱས་བསྟན་པ་བདག་བསྲུངས་པས། །ཡ་མཱནྟ་ཀའི་དཀྱིལ་འཁོར་འདིར། །བདག་གི་བསམ་པ་བསྒྲུབ་པ་དང་། །བསྟན་པ་གཉན་པོ་བསྲུང་དུ་གསོལ། །གདུག་པ་མ་ལུས་འཇོམས་ཤིང་སྒྲོལ། །ཡ་མ་དམ་སྲི་ཆམ་ལ་འབེབས། །རྔམ་པའི་ཞལ་དུ་མཐུན་པའི་རྫས། །དམིགས་ཀྱིས་འབུལ་ལོ་བཞེས་སུ་གསོལ། །ཧཱུཾ་གདུག་པ་ཐུགས་རྗེས་སྒྲོལ་བ་ཡིས། །སྲོག་གི་གཤེད་པོ་ཡབ་ཡུམ་ལ། །མཉེས་པའི་མཆོད་པ་མཐུན་པའི་རྫས། །དམིགས་ཀྱིས་འབུལ་ལོ་བཞེས་སུ་གསོལ། །ཧཱུཾ་ཕྱོགས་བཅུ་ནམ་མཁའི་དཀྱིལ་ཡངས་ནས། །སྦས་ཤིང་གབ་པའི་གདོང་མོ་བཞི། །ནམ་མཁའི་དཀྱིལ་ནས་འབྲུག་སྒྲ་སྒྲོགས། །བར་སྣང་ཁམས་ནས་གློག་འགྱུ་མ། །རི་རབ་རྩེ་ནས་ཐོག་འབེབས་ཤིང་། །ཁྲག་གི་སེར་བ་ལྷོག་རྒལ་བདག །དམ་རྫས་མཆོད་པའི་བྱེ་བྲག་རྣམས། །དམིགས་ཀྱིས་འབུལ་ལོ་བཞེས་སུ་གསོལ། །གྲུ་གསུམ་མཐིང་ནག་འབར་བའི་


DNG015_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ། །རྟ་རོ་དག་ནི་རྩིག་པར་བརྩིགས། །མི་རོ་དག་ནི་གཅལ་དུ་བཀྲམ། །མི་རོ་རྟ་རོའི་ཁྲི་སྟེང་ན། །རི་རབ་བརྗིད་པའི་སྐུར་བཞེངས་པ། །ལྷ་མཆོག་ཡ་མཱནྟ་ཀ་ནི། །ཞལ་གཅིག་ཕྱག་གཉིས་མཐིང་ནག་ཞལ། །དབུ་སྐྲ་སྲིད་གསུམ་ཐོར་ཚུགས་བཅིངས། །སྨིན་མ་གློག་ཆེན་འགྱུ་བ་ཡིས། །གདུག་པ་ཐམས་ཅད་སྲེག་པར་མཛད། །སྤྱན་གསུམ་ཡེ་ཤེས་འོད་འཕྲོ་ཅན། །ཤངས་ནི་རི་རབ་ཕུར་བུར་བརྗིད། །ཞལ་ནས་ཧོམ་ཁུང་གདངས་པའི་ཞལ། །ལྗགས་ནི་ཧོམ་གཟར་རློམ་པའི་ཞལ། །མཆེ་བ་ཕུར་བུ་བསྣོལ་པའི་ཚེམས། །བ་སྤུ་རྩང་ཕུར་གཤིབས་པས་བལྟམས། །གཡས་པའི་ཕྱག་གིས་ས་གཞི་མནན། །གཡོན་གྱི་ཕྱག་གིས་ནམ་མཁའ་འདེགས། །ཞབས་ཀྱིས་དམྱལ་བའི་གཏན་པ་མནན། །གདུག་པ་མ་ལུས་འཇོམས་པར་མཛད། །ཐམས་ཅད་ཁྲོ་བོ་ཁྱོད་ཀྱི་སྐུ། །ཧཱུཾ་དེ་དང་གཉིས་མེད་སྦྱོར་བའི་ཡུམ། །པེ་ཏ་ཡཀྴ་མི་བཟད་སྐུ། །རྒྱན་དང་ཆ་ལུགས་གཙོ་དང་མཐུན། །རི་རབ་འཁོད་པའི་བདག་མོ་སྟེ། །སྤྱན་གསུམ་ནམ་མཁའི་ཐོད་གདེངས་ཅན། །རི་རབ་མཆོག་གི་ཐོར་ཚུགས་ལའོ། །སྤྱི་བོའི་གཙུག་ནས་འོད་ཟེར་འཕྲོ། །སྐྲ་མཚམས་སྤྲུལ་པའི་ཕོ་ཉ་འགྱེད། །དཔྲལ་བའི་དབྱིངས་ནས་འབྲུག་གི་སྒྲ་སྒྲོགས་ཤིང་། །སྨིན་མ་ནམ་མཁའི་གློག་ལྟར་འགྱུ། །ཤངས་ནས་བུ་ཡུགས་རྫི་བ་འཐུལ། །ཞལ་ནས་ནད་ཀྱི་རྐྱལ་པ་འབུད། །ཐུགས་ཀྱི་དཀྱིལ་ནས་གཟེར་ཆེན་འབེབས། །ཡཀྴ་ཛྭ་ལ་འབར་བ་ནི། །དམ་ཚིག་རཀྟ་ཧ་ལིང་ཀ །ཞལ་གཅིག་ཕྱག་གཉིས་གྲུ་གསུམ་ཞལ། །གཡས་པ་སྟྭ་རེའི་དབྱུག་པ་འཕྱར། །གཡོན་པ་རཀྟའི་རྒྱ་མཚོ་རློབས། །རྡོ་རྗེ་ཡཀྴ་མ་ཡིས་ནི། །སྐུ་ལ་དགྱེས་ཤིང་འཁྲིལ་བར་སྦྱོར། །བསྟན་པ་རྒྱ་མཚོ་སྲུང་མཛད་ལྷ། །ཀི་ཀང་རོག་ཏི་མི་བཟད་པ། །ལུས་པོ་གཅིག་ལ་མགོ་བོ་དགུ། །མགོ་གཅིག་སྲིན་པོའི་མགོ་བོ་སྟེ། །བ་ཏི་པ་ཏ་མགོ་བོས་ནི། །སྲིན་


DNG015_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་སེར་ཆེན་ཀི་ཀང་འབེབས། །མགོ་གཅིག་དྲང་སྲོང་རཱ་ཧུ་ལ། །སྐྱིན་ཐང་ཀི་ཀང་རྟག་ཏུ་འབེབས། །མགོ་གཅིག་འཇིགས་བྱེད་སྒྲ་གཅན་འཛིན། །སྲོག་གཤེད་ཀི་ཀང་རྟག་ཏུ་འབེབས། །མགོ་གཅིག་དུ་བ་མཇུག་རིངས་ཏེ། །འཇིག་རྟེན་བསྒུལ་གཡོའི་ཀི་ཀང་འབེབས། །མགོ་གཅིག་ཁྱབ་འཇུག་སྤྲུལ་པའི་སྐུ། །ལྷ་སྲིན་ཡོངས་ཀྱི་ཀི་ཀང་འབེབས། །མགོ་གཅིག་བི་ནུ་རཱ་ཙ་སྟེ། །གློ་བུར་འཁྲུགས་པའི་ཀི་ཀང་འབེབས། །མགོ་གཅིག་ཙ་ར་ཀ་ཡི་མགོས། །དྲག་པོ་ནད་ཀྱི་ཀི་ཀང་འབེབས། །མགོ་གཅིག་ལྗང་སྔོན་དྲག་པོ་སྟེ། །གྲི་ཐབས་སྣ་ཚོགས་ཀི་ཀང་འབེབས། །རོག་ཏི་བྱ་རོག་མགོ་བརྩེགས་དེས། །སད་དང་སེར་བ་བཙའ་དང་མུ་གེ་འབེབས། །ནད་ངན་སྣ་ཚོགས་ཀི་ཀང་འབེབས། །དམ་ཚིག་ཉམས་པའི་སྲོག་ཟན་པོ། །དམ་ལས་འདས་པ་ཆད་པས་ཆོད། །འབར་བའི་གདན་ལ་བཞུགས་ནས་ཀྱང་། །མཆོད་བཞེས་དམ་སྐོང་ཕྲིན་ལས་མཛོད། །བཀའ་ལས་འདའ་བའི་དམ་སྲི་ལ། །གློ་བུར་ཡེ་འདྲོག་ཀི་ཀང་ཕོབ། །སྲོག་པ་རྩ་ལ་ཆད་པ་ཕོབ། །རྒྱོབ་ཅིག་མཱ་ར་ཡ་ནི་ཛ། །སྲོག་ལ་ལོ་ནད་སེར་བ་ཕོབ། །ཤར་གྱི་སྟག་སྲིན་ཟོར་བ་གདོང་། །ཞལ་གཅིག་ཕྱག་གཉིས་སྨུག་ནག་ཞལ། །གཡས་ན་ནད་ཀྱི་རྐྱལ་པ་བསྣམས། །གཡོན་པས་འབྲུག་མོ་ཞིང་ཆུང་བསྙོད། །ཁ་ནས་ཐོག་གི་བུ་ཡུག་སྐྱུག །ལྷོ་ཡི་བམ་སྲིན་དྲེད་མོ་གདོང་། །ཞལ་གཅིག་ཕྱག་གཉིས་མཐིང་ནག་ཞལ། །གཡས་ན་ནད་ཀྱི་རྐྱལ་པ་བསྣམས། །གཡོན་ན་ཐོག་གི་འཕྲེང་བ་བསྣམས། །ཁ་ནས་ལྕགས་ཀྱི་སེར་བ་སྐྱུག །ནུབ་ཀྱི་ཀོང་སྲིན་བ་གླང་གདོང་། །ཞལ་གཅིག་ཕྱག་གཉིས་དམར་ནག་ཞལ། །གཡས་ན་ནད་ཀྱི་རྐྱལ་པ་བསྣམས། །གཡོན་ན་གློག་གི་ཕུར་བུ་འདྲིལ། །ཁ་ནས་ཁྲག་གི་སེར་བ་སྐྱུག །བྱང་གི་འབྲོག་སྲིན་ཆུ་སྲིན་གདོང་། །ཞལ་གཅིག་ཕྱག་གཉིས་ལྗང་ནག་ཞལ། །གཡས་ན་ནད་ཀྱི་རྐྱལ་པ་བསྣམས། །གཡོན་ན་སེར་བའི་རྐྱལ་པ་ཐོགས། །ཁ་ནས་སེར་བའི་བུ་ཡུག་འཐོར། །འཁོར་གྱི་མ་མོ་འབུམ་སྡེ་ཀུན། །ཞལ་གཅིག་ཕྱག་གཉིས་སྨུག་ནག་ཞལ། །


DNG015_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་ནས་ཐོག་གི་སེར་བ་འབེབས། །གཡོན་ནས་སེར་བའི་རྐྱལ་པ་བླུགས། །ཁ་ནས་སེར་བའི་བུ་ཡུག་འཐོར། །འབར་བའི་གདན་ལ་བཞེངས་ནས་ཀྱང་། །དྲག་པོའི་ཕྲིན་ལས་སྒྲུབ་པར་མཛོད། །དེ་སྐད་བརྗོད་ལ་ཕྲིན་ལས་བཅོལ། །བསྐུལ་པ་ལས་ཀྱི་ཕྲིན་ལས་ཀྱང་། །དྲག་པོའི་ཐུན་སྔགས་དག་དང་སྦྱར། །དེས་ནི་དམིགས་པ་གང་ཡང་འགྲུབ། །ཅེས་གསུངས་སོ། །དཔལ་གཤིན་རྗེ་ཟླ་གསང་ནག་པོ་རྩ་བའི་རྒྱུད་ལས། རག་ཤ་འབར་བ་ཁྲོས་པ་གཟའ་མཆོག་མིང་སྲིང་བསྒྲུབ་པའི་ལེའུ་སྟེ་ཞེ་གཅིག་པའོ།། །།དེ་ནས་ཡང་འཇམ་དཔལ་གཤིན་རྗེ་ནག་པོས། འཁོར་གྱི་དཀྱིལ་འཁོར་རྣམས་ལ་སྔགས་ཀྱི་སྦྱོར་བ་འདི་བཀའ་སྩལ་ཏོ། །ཨ་ཨ་ཧཱུཾ་ཧཱུཾ། ར་ཀེང་བྷྲུཾ། བི་ཤྭ་བི་ཤུདྡྷེ། ཛྙཱ་ན་བྷན་དྷ་ཙཀྲ། ཨོཾ་ཧཱུཾ་ནྲྀ་མཱ་ར་དུ་ཡ་མ་དུ། ཡ་མ་སྙིང་། ཡ་མ་ཁྲག །ཡ་མ་བྷན་དྷ། ཚལ་པ་ཚལ་པ། དུམ་བུ་དུམ་བུ་ནི། མཱ་ར་ཡ་ནི་ཧཱུཾ་ཕཊ། ཧཱུཾ་ཡ་ཧཱུཾ་ཡ་ཧཱུཾ་ཡ་ཧཱུཾ། མ་བྷྱོ་མ་བྷྱོ་མ་བྷྱོ་མ་བྷྱོ་མ་བྷྱོ། མཱ་ར་ཙ་ཤང་སྤ་ར་ན་ཕཊ། སཾ་ཧ་ར་ན་ཧཱུཾ། ཡ་མཱན་དེ་བ་མཉྫུ་ཤྲི་ཀུ་མཱ་ར་ཡ་ཧཱུཾ། བཻ་ཏ་ཡི་ཡགྴ་མོ་ཧཱུཾ། ཡཱ་མཱ་རཱ་ཙ་ས་ཏོ་མེ་ཡ་ཨེ་ཀ་ཛ་ཏི་ས་མ་ཡ་སྟྭཾ། ཡགྴ་ཛྭ་ལ་ནི་སྙིང་ཁྲག །ཡག་མོ་སྙིང་རྩ་ལ་ཏིཥྠ་ལྷན། ཡ་ཏོ་ཡོ་ནི་ར་ཡ་ཀྵེ་ཡ། རཀྨོ་རཀྨོ་སྙིང་ཙ་ཤ་མ་བྷྱོ། རཀྨོ་རཀྨོ་ཧཱུཾ་ཙབ་ཙབ་སྙིང་ཁ་ར་བྷྱོ། རཀྨོ་རཀྨོ་ཏྲག་མོ་ཤིག་ཤིག་ཁ་རག་མ་བྷྱོ། རཀྨོ་རཀྨོ། རུ་རུ་རོ་རུ། ཙ་པཱ་ལ་མ་བྷྱོ། མ་མ་ཡོ་ཀི་རུ་ལུ་རུ་ལུ། རཀྨོ་རཀྨོ་ཚབ་མོ་ཚབ་མོ་ཁྲག་ལ་མུ་ཤ་མ་བྷྱོ། ཨོཾ་ཨེ་ཧྱེ་ཧི་བྷ་ག་ཝཱན་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཡ་མ་རཱ་ཙ། མ་མོ་ནག་མོ་ཀྲོ་ཏཱི་ཤྭ་རཱི་སརྦ་རཀྨོ་རཀྨོ་སརྦ་ཨེ་ཨ་ར་ལི་ཧྲིཾ་ཧྲིཾ། ཨཱ་གཙྪ།ཨཱ་གཙྪ། ཨོཾ་ཨ་ཀྲོ་ཏེ་ཀ །ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུཾ་ཕཊ། པེ་ཏ་ལི་རགྴ་རགྴ་ས་མ་ཡ་སྟྭཾ། ཡ་མ་ཡ་སརྦ་མ་བྱི། ས་མ་ཡ་སརྦ་མ་བྱི། ས་མ་ཡཱ་བཛྲ་ཏིཥྠ་ལྷན། རཀྨོ་ཡག་མོ་རུ་རུ་རོ་རུ་ཙབ་མོ་ས་མ་ཡཱ་ཏིཥྛ་ལྷན། ར་སྙིང་ཙང་ཤ་མོ་བྷྱོ། ཧཱུཾ་ཙབ་ཙབ་སྙིང་ཁ་རག་མ་བྷྱོ། རཀྨོ་ཙ་མོ་ཁྲག་མ་ཤ་མ་བྷྱོ། རཀྨོ་རུ་རུ་རོ་རུ་ཙབ་ལ་མ་མ་བྷྱོ།


DNG015_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

ས་མ་ཡ་ཏིཥྛ་བཛྲ་ལྷན། ན་མོ་བུདྡྷཱ་ཡ། ན་མཿསངྒྷ་བྷྱེཿསརྦ་ཏ་ཐཱ་ག་ཏ་མཉྫུ་ཤྲཱི་ཀུ་མཱ་ར་བྷནྡྷཱ་ནཱཾ་ཀ་མོ་རི་མི། ཨ་ཏི་བུ་ཧོ་པྲ་ཏི་བུ་ཧོ། ཨོཾ་ཨེ་ཨ་ར་ལི་ཡ་མཱནྟ་ཀ །ཡ་མ་རཱ་ཙ་མ་མ་སརྦ་སྙིང་རྩ་ཤ་མ། ཚབ་ཚབ་སྙིང་ཁ་ར་མ་ཡ། རཀྨོ་ཤིག་ཤིག །ཁ་རག་ལ། རུ་རུ་རོ་རུ་ཙ་བ་ལ་མ་མ། ཚབ་མོ་ཁྲག་ལ་མུ་ཤ་ཡ། སརྦ་པཱུ་ཙ་ཙ་པི་ས་ར་པི་ས་ར་ཁ་ཁཱ་རཾ་ཁ་རཾ་ཁཱ་ཧི་ཧོ། ཧཱུཾ་ཡ་མ་རཱ་ཙ་ས་ཏོ་མེ་ཡ། ཡ་མེ་ཏོ་རུ་ན་ཡོ་ཏ་ཡ། ཡ་ཏ་ཡོ་ནི་ར་ཡ་ཀྵེ་ཡ། ཡ་ཀྵེ་ཡ་ཙ་ནི་ར་མ་ཡ། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧཱུཾ། དགྲ་བགེགས་ནྲྀ་ཏྲི་མཱ་ར་ཡ་ཧཱུཾ་ཛ། ཧ་ལ་ཧ་ལ་ར་ལ་ར་ལ་རི་ལི་རི་ལི། བབ་བབ་ཤུ་ཤུ་ཤར་ཤར་ཐུག་ཐུག་དགྲ་ལ་ཕྲོམ། ཀེ་ཏ་ཀེ་ཏ་སྭཱ་ཧཱ། ཨོཾ་ན་མ་ཨ་ཀ་ཧ་ར་ཙ་ན་མ་ཧཱ་ཀ་ནུ། ན་མ་ཁེ་ཤེ་ཙ་ཉེ་ནུ་སྭཱ་ཧཱ། ཨོཾ་ཡ་མཱནྟ་ཀ །ཤྲཱི་ཡ་མཱནྟ་ཀ་ཀི་ཙི་ཧཱུཾ། མ་མ་ཉ་ཁ་ཁཱ་རཾ་ཁ་ཉག་ཁེ་ཏེ་རྩེ། ཡ་ཏོ་ཙ་ཀོ་དུ་དགྲ་བོ་ནཱ་ར་གན། མུག་ཉེལ་ཁ་ཚལ། ཡ་མཱནྟ་ཏོ་བུ་མ་ཁེ་ཤེ་ཤྲཱི་ཡ་མཱནྟ་ཀ་ཙ་མུ་ཉ་མུ་མུ་ཉ་མུ་ཀྲུ་མ་ཕྲུ་ཉུ་དུ་ཤ་དགྲ་བོ་མཱ་ར་ཡ་ན། ས་གི་ཙ་ཏ་ཤུ་ལུ་ཤུ་ལུ། པུ་ཤུ་ལ་པུ་ཤུ་ལ། མུ་ལི་ཤུ་ཤུ་ཏི་ཏི་ཙི་རི་ཏི། ཧཱུཾ་ཡ་ཧཱུཾ་ཡ་རོ་ཏི་སྭཱ་ཧཱ། པྲོཾ་མུ་ཤ་པྲོཾ། ཡ་མ་ཤོ་ཤ་ཕཊ། ཨོཾ་ནཱ་ག་ཤ་ཤུ་ནཱ་ག་ལེ་ལེ། སུ་བཛྲ་ཡགྴ་ཧ་ཏེ་བཛྲ་རཀྴ་པྲོཾ། མ་མ་རཾ་རིལ། ཙ་མུན་ཤ་ཀ་དུད་པྲོཾ། ཡ་མཱནྟ་ཀ་ཨ་ཀ་ར་དུ་རུ་དུ་རུ་པྲོཾ་ཛ་ཛ། རུ་མུ་ནི་ཨ་ག་ནེ་ར་ཏ་གེ་སྭཱ་ཧཱ། ཀྱང་རྗེ་ཀྱང་མོ་ཙུ་རུ་ཙུ་རུ་ཕཊ། པྲོཾ་མུ་ཤ་པྲོཾ། ཨོཾ་པ་ཤ་མི་ཀི་དུ་རུ་མ་ཤིག་ཀི་ཛྭ་ལ་རག་ཤང་སྙིང་ལན་རྦད་ཐུམ། རཾ་རཾ་དུན་ཤག་ཧྲིལ་བྷྱོ། ནཱ་ག་རཱ་ཙ་ཧྲིལ་ཤར་ཤར་ཤག་བཛྲ་སཱ་དུ་ས་མ་ཡཱ། ཏྲག་རཀྨོ་ཧྲིལ་ཧྲིལ་རྦད་སེར་ཧྲིལ་ཤར་བྷྱོ། ཨ་པ་ལེ་མ་བྷྱོ། རུ་ལུ་རུ་ལུ་མ་ཏྲག་ཤ་ཧྲིལ་ཧྲིལ་ཤར་བྷྱོ། ཨོཾ་པ་ཤ་མི་ཀི་རཱ་ཧུ་ལ་ཤར་ཤར་ཧྲིལ་བྷྱོ། ཨོཾ་སེན་སེན་ཁྲག་ལ་མུ་ཤ་རྔུབས་སྭཱ་ཧཱ། ཨོཾ་རཾ་རཾ་དུན་ཤག་ཧྲི་ལ་ཤར་བྷྱོ། ཨོཾ་ཡ་མ་རཱ་ཛ་ཡཾ་ཡཾ་ཧྲིལ་ཤར་རཾ་རཾ། ཨོཾ་ནཱ་ག་ཧྲིལ་སེལ་ཤག་སད་དུ་ན་ས་མ་ཡཱ་ཧྲིལ་བྷྱོ།ཨོཾ་ཡ་མ་སྙིང་ཡ་མ་ཁྲག་རཱ་ཧུ་ལ་ཧྲིལ་ཧྲིལ་ཤག་ཤག་སེན་ཡ་བྷྱོ། ཧྲིལ་ཨོཾ་བཛྲ་ཁྲག་ཏིག་སྣ་བ་རྦད། ཨོཾ་བཛྲ་ཙཀྲ་རུ་ཀི་ཏ་ར་རྦད། ཨོཾ་བཛྲ་པ་ཤང་ཀྲཾ་དང་ཉིད་ཡ་བཛྲ་ཧཱུཾ་ཕཊ།


DNG015_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་བཛྲ་རི་ཤ་པ་རུ་ཀ་ར་ཁྲག་པ་ར་རྦད། ཨོཾ་ཀ་རུ་ཎ་ཙིཏྟ་རྦད་སྙིང་ཁྲག་རྦད། ཐུཾ་རི་ལི་ལི། ཨོཾ་འབུགས་ཏི་མ་ན་ཙི་ར་མུགས། འབུགས་ཏི་ས་མན་ཏ་ཆོད། ད་ར་ཆོད། ད་ར་རྨུགས། ད་ར་ཁུམས། ད་ར་ཆོད། ཨོཾ་བཛྲ་ནི་དགྲ་བོ་ནྲྀ་ནན། ཏྲཾ་ཏ་ཏ་རག་རྦད། ཨོཾ་བཛྲ་ར་རྦད། པ་ཤམ་པ་ཁྲག་ཏི་རྦད། ཁཾ་རི་ལ་རྦད། བཛྲ་མུག་ཏིག་ད་ར་ཡ་ཏི་བ་རྦད། ཨོཾ་རཀྵ་ནི་ཏིབ། པྲ་ཏི་ཛྙཱ་ན་ད་ར་ཐིབས། བཛྲ་སུ་བས་རིལ་རྦད། བཛྲ་ད་ར་ལིབ། ཨོཾ་བཛྲ་ད་ར་ལིབ། ཨོཾ་བཛྲ་སྙིང་མགོ་ཆོད། ཁ་ལ་ཟ་མུ་ཏ་ཏཾ་ཏིང་། བུ་ན་ཏཾ་ཏིང་། ད་ར་ན་རྦད་ནན། དགྲ་བོ་ནན། ཨོཾ་ཀྲོ་ཏི་བཾ་རྩེ་ར་ཙ་རྦད། ཨོཾ་ཧོ་ཏེ། བག་ཙ་ཧཱུཾ། ཡ་མ་རཱ་ཙ་ས་ཏོ་མོ་ཡ་ཧཱུཾ་ཕཊ། ཨོཾ་ཤྲཱི་མཉྫུ་བཛྲ་ཀྲོ་ཏི་བ་ཏ་ཙཀྲ་ཨོཾ་ཧཱུཾ་བཛྲ་སཏྭ་ཧཱུཾ། ཏྲི་ཕུར་བུ་ཧཱུཾ། བཛྲ་ཀཱི་ལི་ཀི་ལ་ཡ་སརྦ་དུཥྚ་ན་མཱ་ར་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཡ་ཧྲིལ་ཧྲིལ་བྷྱོ་རཾ་ཤར། ཡ་མ་སྙིང་ཡ་མ་ཁྲག །རཱ་ཧུ་ལ་ཧྲིལ་ཧྲིལ།ཤག་ཤག་མཱ་ར་ཡ་ཛཱ། ཨོཾ་ནི་ཏྲི་པྲ་བེ་ཤག །པ་ར་མནྟ་བེ་ཏ་ཤེ་ཏེ་ཤ་ཡ་ཧཱུཾ་ཕཊ། པཱ་ར་མུ་ཏྲ་བེ་ཏེ་ཤ་ཡ་ཧཱུཾ་ཕཊ། དུན་ཏྲི་ཏིག་སྣ་ས་མ་ཡ་སྟྭཾ། འགུ་སི་དན་མ་མ་བྷྱོ། ཨུ་ཙུ་སྨ་ཤ་དགྲ་ལ་བྷྱོ། ཁམ་པ་རྦད་ཤག་དགྲ་ལ་བྷྱོ། ཡ་མ་སྙིང་ཡ་མ་ཁྲག །ཡ་མ་དུ། ཡ་མ་འདུས། ཡ་མ་རཱ་ཛ་འདུས་འདུས། ཡ་མ་རཱ་ཛ་འདུས་འདུས། ཡ་མ་ར་ཡ་སྙིང་ལ་སེན་འདར་སྲོག་སམ། ཆུམས་ཆུམས། སྙིང་རྦད། སུམ་རིལ་རྣམ་ཤེས་རྦད་བུཾ། ཨོཾ་བཛྲ་ཡ་མཱནྟ་ཀ་ཡ། བཛྲ་ཡ་མ་རཱ་ཛ་ཡ། བཛྲ་ཏིག་སྣ་ཡ། བཛྲ་ཁ་ཐཾ། ཁ་ཐཾ་ཡ། བཛྲ་ཤན་མུ་རུ་ཡ། བཛྲ་ཞུ་ཞུ་ཡ། བཛྲ་ཏི་ཤ་མེ་ཁ་ཡ། བཛྲ་མད་བྲ་བ་ཡ། བཛྲ་བོང་བོང་ཡ། བཛྲ་རོ་ཀྲི་ཡ། བཛྲ་མ་ཞུ་ཞུ་ཡ། བཛྲ་ར་ཏི་ཡ། ནུ་ཧ་ན་ཏྲི་ཙ་ཡ་ཏྲི་ལཾ་དུ་ཡ། རུང་ལཾ་དུ་ཡ། པཾ་སུ་ལཾ་ཨ་ནན་ཏ་ནན། ཏི་ལི་མ་ཏི་མོ་ཏི་ནི་མུ་ཙཾ་ལ་ས་མ་ཡ་སྭཱ་ཧཱ། ཨོཾ་བི་ཤ་མི་ཀི། དུ་རུ་མ་ནི་ཀེ་ཛྭ་ལ་ཏི་ཨ་ཙེ་ཏེ་སྭཱ་ཧཱ། ཙ་བ་ཏི་རཱ་ཧུ་ལ་ཨ་ཀ་སྭཱ་ཧཱ། པྲོཾ་


DNG015_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

ར་ཤ་ར་ཤ་ལ་ལྟ་ཧཱུཾ་ཕཊ། ཅེས་བཅོམ་ལྡན་འདས་ཀྱི་དྲག་པོ་གསུང་གི་དཀྱིལ་འཁོར་གྱིས། ཞིང་བཅུ་མ་ལུས་འདུལ་བར་གྱུར་ཏོ། །དཔལ་གཤིན་རྗེ་ཟླ་གསང་ནག་པོ་རྩ་བའི་རྒྱུད་ལས། རཀྴ་འབར་བ་གཟའ་མཆོག་གི་སྔགས་རིམ་གྱི་ལེའུ་སྟེ་ཞེ་གཉིས་པའོ།། །།དེ་ནས་མགོན་པོ་གཤེད་ཆེན་གྱིས། །སྐྱིན་ཐང་ལས་ཀྱི་རིམ་པ་དང་། །བསྙེན་བསྒྲུབ་ཐུས་ཀ་མདོར་བསྡུས་པ། །ལག་ན་རྡོ་རྗེ་ཁྱོད་ཀྱིས་ཟུང་། །འདིར་ནི་གཟའ་མཆོག་བསྒྲུབ་པའི་ཕྱིར། །ལས་ཀྱི་རིམ་པ་འདི་རྣམས་བཤད། །གཟའ་མཆོག་རོག་ཏི་སྒྲུབ་པ་དང་། །སྲིང་མོ་བཞི་ཡི་སྒྲུབ་ཐབས་དང་། །འདི་དག་བསྒྲུབ་པའི་རྫས་དག་དང་། །དམག་བསྐོས་ཀི་ཀང་འབེབས་ལུགས་དང་། །རྒྱུ་བའི་དུས་དང་ཚེས་གྲངས་དང་། །འཇུག་ཅིང་གདོན་པའི་དུས་ཚོད་དང་། །གྲུབ་པའི་རྟགས་དང་མཚན་མ་དང་། །ཐུགས་རྗེའི་ལས་ཀྱི་བཟླས་པ་དང་། །བསྙེན་ཅིང་བསྒྲུབ་པའི་བཟླས་པ་དང་། །བསྙེན་པ་དང་ནི་ཉེ་བསྙེན་དང་། །བསྒྲུབ་པ་དང་ནི་བསྒྲུབ་ཆེན་དང་། །བསྙེན་ཅིང་བསྒྲུབ་པའི་དམ་རྫས་དང་། །ལས་ལ་སྦྱར་བའི་ཚེས་གྲངས་དང་། །བསྐུལ་ཚིག་རྣམས་ཀྱི་བྱེ་བྲག་དང་། །ཕུར་བུ་ལས་ཀྱི་བྱེ་བྲག་དང་། །འཇུག་གཅོད་ལས་ཀྱིས་གནན་ཐབས་དང་། །སྐྱིན་ཐང་ལས་ཀྱིས་ཐུས་ཀ་དང་། །རྣམ་གྲངས་བཅུ་བདུན་ལས་ཀྱི་སྦྱོར། །དེ་ནས་གཞན་ཡང་བཤད་བྱ་བ། །ཁྱབ་འཇུག་ཆེན་པོ་རཱ་ཧུ་ལ། །འདི་བསྒྲུབ་པ་ཡི་དམ་རྫས་ནི། །ཤིང་སྔོན་དག་གི་ཤུན་པ་ལ། །དམ་སྲིའི་མིང་དང་རུས་བྲིས་ཏེ། །བསེ་གབ་ཁ་སྦྱར་ནང་དུའོ། །དཀར་གསུམ་མངར་གསུམ་ཀླུ་སྨན་དང་། །ལ་སྨན་རྩི་སྨན་སྣ་ཚོགས་དང་། །དྲི་ཡི་རྒྱལ་པོ་ག་པུར་དང་། །སྦྱར་ཏེ་བསེ་གབ་ནང་དུ་སྩལ། །དེ་ནས་བནྡྷའི་ཐོད་ཕོར་དུ། །ཤ་སྣ་རྣམ་པ་སྣ་ཚོགས་དང་། །སྐྱེ་ཚེ་ཤང་ཚེ་ཉུང་ནག་ཏིལ། །ཐལ་ཆེན་གསུར་དང་ཁྲག་ཆེན་རྣམས། །བ་ཡི་འོ་མར་སྦྱར་ལ་སྩལ། །ཁྲག་སྣ་ཚོགས་པའི་དམར་ཐབ་དང་། །དཀར་ཐབ་


DNG015_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

སྔོ་ཐབ་ཚང་བར་བཤམ། །གཞན་ཡང་གུ་གུལ་ནག་པོ་དང་། །འབྲས་དང་ཚན་དང་གྲུ་སྨན་སྦྱར། །ཙ་ར་རོག་པོའི་འགལ་ཁ་ལ། །རོ་ལ་རོག་ཏི་ནག་པོ་བྲི། །སྐེ་རུ་རྟེན་དང་མིང་རུས་གདགས། །དམིགས་པ་དེ་ལ་བཅས་པ་དང་། །དེ་ཡི་དྲུང་དུ་བཞག་པ་ནི། །ཡུགས་ས་མོ་ཡི་ཀླད་ཕོར་དུ། །གདོང་མོ་བཞི་ཡི་དམ་རྫས་དང་། །དཔལ་ཟླ་གསང་ནག་པོ་རྩ་བའི་རྒྱུད།སྟག་དོམ་བ་གླང་ཉ་ཡི་སྙིང་། །ཁྲག་རུལ་ཤ་རུལ་ར་མཆིན་དང་། །ཤ་སྣ་གྲངས་མེད་མཛོ་ཞོ་དང་། །ཁྲག་སྣ་དག་དང་སྦྱར་ནས་ཀྱང་། །ཀླད་ཕོར་ནང་དུ་སྩལ་བར་བྱའོ། །གུ་གུལ་ནག་པོ་ཚིལ་ཆེན་དང་། །རྒྱ་ཚིལ་དག་དང་བསྲེག་ཕྱིར་བཤམ། །དཔལ་གྱི་གཏོར་མ་ཤ་ཆེན་ཅན། །ཕུད་དང་བཅས་པ་བཤམ་པར་བྱའོ། །དེ་ནས་བདུད་པོ་རོག་ཏི་དེའི། །ལུས་པོ་དུམ་བུ་རེ་རེ་ལ། །ལྷ་སྲིན་སྡེ་བརྒྱད་རེ་རེ་བྱུང་། །གྱུར་ཏེ་དུས་ཚེས་ཚེས་གྲངས་དང་། །ཉིན་མཚན་དག་ཏུ་འཁོར་མོར་རྒྱུ། །ཚེས་གྲངས་དག་ལ་དབང་བྱེད་དེ། །ཀི་ཀང་འབེབས་ལུགས་རིམ་པ་ཡིས། །བསྐུལ་བའི་རིམ་པ་ཚུལ་བཞིན་བྱའོ། །རོག་ཏི་ནག་པོ་བསྒྲུབ་པ་ཡིས། །གྲུ་བཞི་པ་ཡི་སྟེགས་བུ་ལ། །དབུས་སུ་ཨེ་ནི་གྲུ་གསུམ་གྱི། །ཟུར་དུ་གཟུག་པའི་སྒྱེད་རྡོ་ནི། །ཤར་དུ་ཁ་བལྟས་ལུང་པ་ནས། །སྒྱེད་རྡོ་དཀར་པོ་བཙལ་བྱས་ལ། །ཤར་ལྷོའི་རྩེ་ལ་གཟུག་པར་བྱ། །ནུབ་ཏུ་བལྟས་པའི་ལུང་མདོ་ནས། །སྒྱེད་རྡོ་གྲོ་བོ་བཙལ་བྱས་ལ། །ལྷོ་ནུབ་རྩེ་ལ་གཟུག་པར་བྱ། །བྱང་དུ་བལྟས་པའི་ལུང་མདོ་ནས། །སྒྱེད་རྡོ་དམར་པོ་བཙལ་བྱས་ལ། །བྱང་གི་རྩེ་ལ་གཟུག་པར་བྱ། །བཙུགས་ལ་གཤིན་རྗེ་རྣམ་གསུམ་པོའི། །སྤྱན་དྲང་བསྡིམ་མཆོད་དབང་བསྐུར་ལ། །དེ་ཡི་སྟེང་དུ་བསྒྲུབ་པའི་རྫས། །ཟངས་སམ་ཐོད་པ་མཚན་ངན་དུ། །ཁྲག་སྣ་སྙིང་སྣ་མང་པོ་དང་། །དཀར་ཐབ་དམར་ཐབ་ར་མཆིན་དང་། །བ་དམར་ར་དཀར་འོ་མ་དང་། །དམེ་ཁྲག་རྣམ་པ་གསུམ་པོ་དང་། །ཆུ་བདུད་ཆད་པའི་ས་དག་ནི། །ས་རྡོ་དྲུས་དང་


DNG015_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

གོང་བུ་དང་། །སྔ་སྔོ་ཕལ་དག་ཅི་འབྱོར་བཙལ། །མཱ་ར་ཡ་ཡི་ལིངྒ་དང་། །ཡུལ་གྱི་ཕུ་ཆུ་རྫིང་པ་དང་། །ཡུལ་གྱི་མིང་བྱང་བྲིས་ལ་བསྩལ། །གཟེད་མོའི་བསྣོལ་མོའི་ཐོད་པས་སོ། །རྟ་དང་མཛོ་ཡི་ཐོད་པ་ལ། །པདྨ་བསྒྲུབ་སྟེ་མནན་ན་འགྲུབ། །ལིངྒ་དང་བཅས་ཐོད་པ་དང་། །དེ་དང་དེ་རྣམས་བསྒྲུབ་ཅིང་དྲངས། །ཧཱུཾ་ཁྲོ་ཆེན་ཡ་མ་རཱ་ཛ་ནི། །ཡ་མ་དམ་སྲི་དགྲ་བོའི་གཤེད། །བསྟན་པ་རྒྱ་མཚོ་བསྲུངས་པའི་ལྷ། །གྲུ་གསུམ་རྩེ་ལ་གཤེགས་སུ་གསོལ། །སྲོག་བདུད་དམར་པོ་བདུད་ཀྱི་བུ། །གཤིན་རྗེའི་རྒྱལ་པོ་མ་རུ་ཙེ། །བསྟན་པ་རྒྱ་མཚོ་སྲུང་མཛད་ལྷ། །གྲུ་གསུམ་རྩེ་ལ་གཤེགས་སུ་གསོལ། །རཱ་ཙ་ནག་པོ་བདུད་ཀྱི་རྗེ། །བདུད་དང་གཤིན་རྗེ་མ་མོ་ཡི། །ཚོགས་ལ་དབང་བསྒྱུར་དགྲ་ཡི་གཤེད། །གཤིན་རྗེའི་རྒྱལ་པོ་ནག་འཇོམས་རྗེ། །བསྟན་པ་རྒྱ་མཚོ་སྲུང་མཛད་ལྷ། །གྲུ་གསུམ་རྩེ་ལ་གཤེགས་སུ་གསོལ། །དེ་ནས་ཐོད་པར་དྲངས་ཏེ་བསྐྱོན། །བསྟན་པ་རྒྱ་མཚོ་སྲུང་མཛད་ཕྱིར། །བསྟན་པ་བཤིག་པ་འགུགས་མཛད་ལྷ། །ཡ་མ་རཱ་ཛའི་དུས་ལ་བབ། །མ་རུ་ཙེ་ཡི་དུས་ལ་བབ། །གཤིན་རྗེ་ནག་པོའི་དུས་ལ་བབ། །སྤྲུལ་པའི་མངའ་དབང་གཤིན་རྗེ་རྣམས། །ལིངྒ་དང་བཅས་ཐོད་པ་འདྲེན། །བསྟན་པ་བཤིག་པ་ཀུན་དྲངས་ནས། །དམིགས་པའི་རྟེན་ལ་བསྡིམས་བྱས་ཏེ། །གཤིན་རྗེ་རྣམ་གསུམ་ཕྱག་ཏུ་གཏད། །མི་ཐར་གཤིན་རྗེའི་ལག་ཏུ་བསྐྱལ། །རི་བོ་གསུམ་གྱི་རྩེ་ལ་བསྐྱལ། །སྡུག་བསྔལ་མང་པོ་ཡ་རེ་ང་། །ཀི་ཀང་མང་པོས་སྲོག་བཅད་ནས། །གདོང་མོ་བཞི་ཡིས་རྔམ་ཟས་བྱས། །རཱ་ཧུ་ལ་ཡིས་ཁྱུར་མིད་བྱས། །གཤིན་རྗེ་རྣམས་ཀྱི་ལྟོ་རུ་ཕྱིན། །ལྷག་མ་ལུས་པ་མེད་པར་ནི། །གཤིན་རྗེ་རྣམས་ཀྱིས་བཞེས་སུ་གསོལ། །ཐོད་པ་ལིངྒ་ལ་སོགས་པའི། །དམིགས་པའི་རྟེན་ཀུན་དྲངས་བྱས་ལ། །སྒྱེད་པུ་གསུམ་ལ་བསྐྱོན་པར་བྱའོ། །མདའ་གང་ངམ་ནི་གྲུ་བཞི་པའི། །


DNG015_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

སྟེགས་བུའི་དབུས་སུ་གྲུ་གསུམ་ཨེ། །གོང་དུ་བསྟན་པ་ལྟ་བུའོ། །ཕྱོགས་བཞིར་འཁོར་ལོ་རྩིབས་བཞི་པ། །མུ་ཁྱུད་མེ་རི་གྲུ་ཆད་དང་། །སྒོ་བཞིར་བཅས་པ་བྲི་བར་བྱ། །ཨེ་ཡི་དབུས་སུ་ཧཱུཾ་ཡ་རྣམས། །རྩིབས་བཞིར་མ་ར་ཙ་ཤ་དགོད། །ཞིང་ཆེན་གྱི་ནི་གཡང་གཞི་དང་། །ཁྱི་ནག་པོ་ཡི་གཡང་གཞི་དང་། །གླང་དམར་གྱི་ནི་གཡང་གཞི་དང་། །རྟ་ནག་པོའི་གཡང་གཞི་དང་། །མི་འམ་ཅི་སོགས་གཡས་པ་བཤམ། །དམེ་ཁྲག་ཞལ་བུ་བཞི་ཡང་བཤམ། །དེ་ནས་ཐུན་རྫས་གཡང་གཞིའོ། །དྲག་པོར་བསྐུལ་བའི་རིམ་པ་རྣམས། །ལས་ལ་སྦྱོར་ཁའི་དུས་སུ་ཤིས། །མ་མོ་དབང་དུ་བསྡུ་བ་དང་། །གསང་བའི་རྫས་ཀྱི་བསྐང་བའང་བྱ། །ཐུན་དམར་བསྒྲུབ་པའི་གོང་དུའང་། །ལྷ་དང་དབྲལ་བའི་རིམ་པ་བྱ། །མཱ་ར་ཡ་ཡི་ཡུལ་ཕྱོགས་སུ། །རིམས་ནད་སྣ་ཚོགས་གཏང་བའི་ཕྱིར། །སྔོན་དུ་བཤད་པའི་རྫས་རྣམས་ཀྱིས། །ནང་དུ་དུག་སྣ་སྣ་ཚོགས་བླུགས། །བསྒྲུབ་སྟེ་མཁར་དང་ཡུལ་ལ་བརྡེག །གཟའ་བདུད་རྒྱུ་བའི་དུས་ཚོད་དུ། །རླུང་དང་ཤྭ་སེར་བྱུང་བ་ལའོ། །གདོན་མི་ཟ་བར་ཡམས་ནད་འོང་། །ཕོ་ལོག་བལ་ནད་གླང་ཐབས་འོང་། །ཕྱུགས་ལ་འཕོག་ན་ལྷོག་རྒོལ་དང་། །ཕྱུགས་ནད་སྣ་ཚོགས་འབྱུང་བར་ངེས། །རྡོ་རྗེ་འཛིན་པས་རབ་ཏུ་ཟུང་། །ཞེས་གསུངས་སོ། །དཔལ་གཤིན་རྗེ་ཟླ་གསང་ནག་པོ་རྩ་བའི་རྒྱུད་ལས། གཟའ་མཆོག་བསྒྲུབ་པའི་ལས་ཀྱི་རིམ་པ་དང་། ཐུན་གྱི་ཐུས་ཀ་གཅེས་པ་བསྡུས་པའི་ལེའུ་སྟེ་ཞེ་གསུམ་པའོ།། །།དེ་ནས་གཤིན་རྗེའི་གཤེད་པོ་ཡིས། །འགལ་བ་ཆམ་ལ་དབབ་པའི་ཕྱིར། །སྐྱིན་ཐང་ལས་ཀྱི་རིམ་པ་འདི། །ཡང་དག་བསྡུས་ཏེ་བཤད་པར་བྱ། །ལག་ན་རྡོ་རྗེས་རབ་ཏུ་ཟུང་། །བསྟན་པ་སྲུང་བྱེད་ཡུལ་ཕྱོགས་སུ། །ལོ་ཏོག་སྨིན་འཇོམས་གཞོམ་བྱའི་ཕྱིར། །ར་རོག་དང་ནི་ཁྱི་རྒྱ་ཡིས། །ཁྲག་སྣ་བསྲེས་པ་གྲོད་པ་གང་། །མཱ་ར་ཡ་ཡི་ཡུལ་


DNG015_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ཀྱི། །ལྷ་རྟེན་རྣམས་ནི་ཆུ་མིག་ཁར། །དུག་ཤིང་དག་དང་ཉུང་ནག་ནི། །རྩི་ཤིང་དག་ལ་མེ་བཏང་ལ། །རྣལ་འབྱོར་དམ་ཅན་བདག་ཉིད་ནི། །གཤིན་རྗེ་བ་ནི་ཡ་ག་སྟེ། །གཙུག་ན་མེ་འབར་སྐུར་བསྒོམས་ལ། །དུད་ཀ་དབུ་གཉིས་ཕྱག་བཞི་པ། །གཡས་པ་དུད་ཀ་ནག་པོའོ། །གཡས་པ་རྡོ་རྗེ་པྲེ་ལེ་ཅན། །གཡོན་པ་བྷན་དྷ་རྒྱུ་ཞགས་ཅན། །སྤྱན་ནས་ཁྲག་གི་སེར་བ་འབབ། །སྨིན་མཚམས་ཁྲོ་གཉེར་གློག་ཏུ་འགྱུ། །རྐན་སྒྲ་བརྡེབས་པས་འབྲུག་ཆེན་སྒྲོགས། །དུར་ཁྲོད་སྣ་ཚོགས་རྒྱན་གྱིས་བརྒྱན། །དེ་འདྲའི་སྐུ་རུ་བདག་བསྒོམ་སྟེ། །མདུན་དུ་མཎྜལ་ཆག་ཆག་གདབ། །ས་དཀར་རས་ནི་བག་ཕྱེ་ཡིས། །གནམ་ཐེའུ་ཡི་ནི་གཟུགས་བྲིས་ལ། །ཉི་མའི་རྩེ་ལ་བདག་ཉིད་ཀྱང་། །ཤར་དུ་ཁ་བལྟས་གནམ་ཐེའུ་འང་། །མགོ་བོ་ཤར་དུ་བསྟན་པ་བཞག །སྙིང་ག་རུ་ནི་ནྲྀ་བཛྲ། །བྱ་བ་ལེགས་པར་བྲིས་ལ་བཞག །སྙིང་གར་ཉུང་ནག་ཤིང་བུ་འམ། །ཡང་ན་དུག་ཤིང་གདུག་པ་ལ། །རྒྱ་ཚིལ་གུ་གུལ་ལ་སོགས་བསྲེག །གྲོད་པའི་ཁྲག་ལ་སྦྱིན་བྱ། །ཨོཾ་བི་ནཱ་ཡ་ཀ་ཡུང་ནག་ཁྲག་ཤིང་མ་ཐུག་སྭཱ་ཧཱ། ཀུ་ཧི་གུ་ཧི་ཁ་ལི་ཀུ་ཧི་ཛ་དུ་ཏྲེ་ནན་གཟེར་ཁུ་ཤིང་པུ་ལེ་སུ་ཧི། མི་ཤི་ཁྲ་ནན་སི་ནི་པུ་ཧི་ཀ་ཧ་ཁུ་ནན་པུ་ཏྲི་ཀྲིང་མི་ཏྲཾ་རཾ་སྭཱ་ཧཱ། ཞེས་པ་བཟླས་ཏེ། མེ་བཏང་། ལིངྒ་ཁྲག་བླུག་སྦྱིན་བསྲེག་བྱ། །ཏིང་འཛིན་སྔགས་བཟླས་འོད་ཟེར་འཕྲོས། །སྐྱེ་འགྲོ་ཐམས་ཅད་གཤིན་རྗེར་གྱུར། །གནམ་ཐེའུའི་སྙིང་གར་གཟེར་བསམ་སྟེ། །ཁ་ནས་སེར་བ་འབེབས་པར་བསྒོམ། །གྲོད་པའི་ཁྲག་ལྷག་ཁབ་ཀྱིས་གཙགས། །འདོད་པའི་ཞིང་གསེབ་ཀུན་ཏུ་འདྲུད། །ཁྲག་འཛག་རྗེས་སུ་སེར་བ་འབེབས། །ཚིགས་ཁྲིད་བྱ་བའི་རིམ་པར་བཤད། །དེ་ནས་གཞན་ཡང་བཤད་བྱ་བ། །ལྷོ་ཕྱོགས་གཤིན་རྗེ་ཡ་བ་ཏིས། །ལོ་ནད་སྐྱིན་ཐང་དབབ་པ་ལ། །ཉུང་དཀར་དང་ནི་ཏིལ་ནག་དང་། །ར་དུག་རེ་ལྕག་སྤྱང་ཚེར་དང་། །ཁྲག་ཆེན་དུར་ཁྲོད་སོལ་བ་དང་། །ཡུགས་ས་མོ་ཡི་དོར་མ་དང་། །བདུད་རྩི་དང་སྦྱར་དཔའ་བྱེད་དུ། །གོང་གི་རྫས་རྣམས་དེ་རུ་བླུགས། །ཡུལ་


DNG015_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཡིན་པའི་ལྷ་རྟེན་ནམ། །ཆུ་མིག་གི་ནི་ནང་དུ་སྦ། །རྫས་ཀྱིས་བུམ་པ་མ་ཕྱུང་བར། །ཐོག་དང་སེར་བ་དུས་མེད་དབབ། །ཡང་ན་གདུག་པའི་དྲི་ང་དང་། །བྲ་མ་གླང་མའི་མེ་ལ་ནི། །ལྷ་རྟེན་དྲུང་དུ་བསྲེག་པར་བྱའོ། །ཐལ་བའི་ས་བོན་སྔོ་གསེབ་ཏུ། །ཀུན་ཏུ་ཁྱབ་པར་གཏོར་ཞིང་བཟླས། །སྔགས་ལ་ནན་ཏན་རབ་ཏུ་བསྐྱེད། །རྫས་རྣམས་སྦེད་ཀྱང་དྲག་ཏུ་བཟླས། །ཨོཾ་བཛྲ་ས་མ་ཡ་ཤ་ཤ་ཕཊ་ཕཊ། ཧུ་ལུ་ཧུ་ལུ་བན་ད་ཐུཾ་རི་ལི་རི་ལི་ཤ་པ་ཀ་ཊ་ལ་མ་ནུ་བ་བ་ནི་སྭཱ་ཧཱ། འབུམ་ཕྲག་བདུན་དུ་བཟླས་པར་བྱ། །ཆུ་མིག་ནང་དུ་སྦ་བ་ནི། །ཁྲོས་ནས་ཐོག་ཆེན་རང་ལ་འོང་། །ནཱ་ག་གེ་སར་ནཱ་ག་བུས་པ་དང་། །འདམ་བུ་རྩ་བ་དབང་པོ་ལག་པ་དང་། །ཤུ་དག་ལ་སོགས་ཀླུ་སྨན་སྣ་ཚོགས་དང་། །དཀར་གསུམ་མངར་གསུམ་གཏོར་མར་རིན་ཆེན་བརྡར། །དར་སྣ་ལྔ་ཡིས་སྟེང་ནས་ལྷབ་ལྷུབ་བྱ། །བདེན་པ་འདར་ཞིང་མཆོད་པས་མཉེས་པར་བྱ། །ལྷ་ཀླུ་དག་ལ་དཔང་གཟུག་བཅོལ་གཏམ་བྱའོ། །ཐོག་ལས་བསྲུང་ཕྱིར་སྔགས་འདི་དྲག་ཏུ་བཟླས། །ནཱ་ག་མུ་ཏི་ས་མ་ཡ་ཨ་ཨ་ཨ། དེ་ནས་ཐོག་ལས་རྡོ་རྗེ་གུར་གྱིས་བསྲུང་། །རྣལ་འབྱོར་དེ་ལ་ཐོག་གིས་མི་ཚུགས་སོ། །ཐོག་སེར་དབབ་སྔགས་འདི་ཡང་རྒྱུན་ཏུ་བཟླས། །ཡ་བ་ཏི་ཡི་ཐོག་སེར་དབབ་ཐབས་ཏེ། །འདི་ལ་དྲག་པོའི་བཙན་ཐོག་མཆོག་ཏུ་གསུངས། །གཤིན་རྗེ་རལ་པ་ཚར་དགུས་ལས་བྱས་ཏེ། །ཐོག་དང་སེར་བ་དབབ་ལུགས་ནི། །བདག་གི་གཤིན་རྗེ་རལ་པ་ཚར་དགུ་ཡི། །ཆ་ལུགས་ནག་པོ་རལ་པ་ཚར་དགུ་དག །གྱེན་ལ་བརྫེས་ཏེ་དགྲ་སྟྭ་ལྕགས་ཀྱུ་དང་། །ཞགས་པ་ཐོ་བ་ཐོགས་པར་བསྒོམས་ནས་ནི། །ཉུང་དཀར་རྒྱལ་པོ་ཁྲག་ཆེན་འོ་མ་དང་། །ལན་ཚྭ་དག་ལ་བསྔགས་ཏེ་སྔོ་ལ་གཏོར། །སྔགས་ལ་ནན་ཏན་བསྐྱེད་ལ་གྲངས་མེད་བཟླས། །པི་པི་ཤར་ཛ་ལ་ཛ་ལ་ཕུག་ཕུབ་མུན་ཞེས། །ཐབས་སྣ་གསུམ་བྱས་རྫས་དང་ཐལ་འཇིམ་དང་། །ལོ་ལ་གཏོར་ཞིང་ཡུལ་དེར་གནན་པར་བྱ། །དེ་ནས་དྲག་པོར་ཡིད་འདོད་ཕེབས་པ་དང་། །སེར་བ་དེ་ཉིད་བཅང་བར་འདོད་པ་ཡང་། །དཀར་གསུམ་དག་དང་མངར་གསུམ་དང་། །འབྲུ་སྣ་སྤོས་དང་གུ་གུལ་དཀར་པོ་དང་། །ཐབ་ཏུ་སྩལ་


DNG015_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་སྔགས་འདིས་གཅད་པར་བྱ། །རལ་པ་ཚར་དགུ་ལས་ཆེན་སྔགས་འདིས་གཅད། །དུཾ་དུཾ་ཞི་ཞི་པི་ཏ་ལི་ཞེས་བརྗོད་དོ། །དེས་ནི་ཇི་ལྟར་འདོད་པའི་ལས་རྣམས་བྱེད། །གཤིན་རྗེ་མེ་རུ་ཙེ་ཡི་ལས་བྱ་སྟེ། །ལོ་ནད་སེར་བ་འབེབས་ན་འདི་ལྟར་བྱ། །བདག་ཉིད་གཤིན་རྗེ་མ་རུ་ཙེ། །སྐུ་མདོག་དམར་ནག་ཆེན་པོ་ལ། །ཞལ་གཅིག་ཕྱག་ཀྱང་གཉིས་པ་སྟེ། །ཞིང་དབྱུག་འཁོར་ལོ་འབར་བ་ཅན། །དུར་ཁྲོད་རྒྱན་གྱིས་བརྒྱན་པར་བསྒོམ། །ཐོག་བསྲེག་ནད་ཀྱི་ལས་བུ་ཡིས། །ལྕི་བ་དང་ནི་སྐྱེས་བུ་དང་། །དུར་ཁྲོད་ཀྱི་ནི་ཐལ་བ་དང་། །གྲངས་མེད་པ་རུ་སྔགས་འདི་བཟླས། །ཏ་ཀི་ཛ་ཏི་ཀི་ཛ། ཧུ་ཡ་ཧུ་ཡ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཁྱི་དང་ར་དང་བུད་མེད་ཀྱི། །མངལ་ཁྲག་དང་ནི་སྔོ་སྣ་དང་། །མཛོ་མོའི་འོ་མ་དང་བསྲེས་ཏེ། །མ་ཐང་ཕུར་པ་རང་ཐབ་བྱ། །ཡང་ན་རྫ་སོ་མ་བཏང་ལ། །སྔགས་བྲིས་སྣོད་དཀྱིལ་ཐབ་སྦུབ་སྟེ། །ཐོད་པའི་དཀྱིལ་དུ་ཕྲུ་བ་མནན། །མ་རུ་ཙེ་ཡི་དབབ་ལུགས་ཏེ། །འདི་ཡང་ལས་ཀྱི་མཆོག་ཏུ་བཤད། །ཡ་མ་རཱ་ཙའི་ལས་བྱས་ཏེ། །ཐོག་དང་སེར་བའི་དབབ་ལུགས་ནི། །བདག་ཉིད་ཡ་མ་རཱ་ཙ་སྟེ། །སྨུག་ནག་ཞལ་གཅིག་ཕྱག་གཉིས་པ། །གཡས་པ་རྡོ་རྗེ་སྤུ་གྲི་ལ། །གཡོན་པ་ཐོག་གི་ཕྲེང་བ་ཅན། །དེ་འདྲའི་སྐུ་རུ་བདག་བསྒོམས་ཏེ། །ཆུ་མིག་དང་ནི་ལྷ་རྟེན་དུ། །བྲ་མའི་ཧོམ་ཤིང་ཁྲུ་གང་བྱ། །ལུག་ཤ་ཉ་ཤ་ལ་ཕུག་དང་། །རོ་ལྡང་བ་གླ་ལན་ཚྭ་དང་། །མ་བདུད་དང་ནི་གུ་གུལ་དང་། །རྒྱ་ཚིལ་སྐམ་པོ་དག་བཤམས་ཏེ། །ཁྲག་སྣ་དག་དང་ཁྲག་ཆེན་དུ། །སྦྱར་ཏེ་གའུ་ཁེངས་པ་དེར། །རྫས་རྣམས་བདུག་ཅིང་ཧོམ་དུ་སྐྱུར། །སྔགས་འདི་དག་ཏུ་བཟླས་པར་བྱ། །ནཱ་ག་ནཱ་ག་ན་ཀ་ལ་ཀ་ལ་ཕཊ་ཕཊ། སྔོ་སྣ་རྣམས་ཀྱི་ཐབ་རླངས་དང་། །རྫས་རྣམས་སྲེག་པའི་རླངས་པ་ཉིད། །སྤྲིན་དུ་ཆགས་པ་རླུང་གིས་གཏོར། །སྤྲིན་ནག་འཐོར་ཞིང་འཁྲུགས་པ་དང་། །ཀླུ་ནག་གེལ་པ་མགོ་ལྔ་ཡིས། །ཁ་ནས་ཁྲག་གི་སེར་བ་དག །གཞུང་དང་བཅས་ཏེ་དབབ་པར་བྱེད། །


DNG015_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

ཉུང་དཀར་དང་ནི་ཟངས་དྲེག་དང་། །མཱ་ར་ཡ་ཡི་ཡུལ་ཕྱོགས་ཀྱི། །མ་མིག་གཉེན་པོའི་ཆུ་གསུམ་ལ། །སྔགས་ཏེ་བཟླས་ལ་སྨན་དུ་གཏོར། །གཅེར་བུར་ཕྱུང་སྟེ་ར་ཁྱི་ཡི། །ཁྲག་གིས་ངོ་གདོང་བྱུག་ནས་ནི། །བྲང་བརྡུང་འོ་དོད་ངུད་མོས་བརྡབ། །དེས་ནི་སེར་བ་ངེས་པར་འབེབས། །ཡ་མ་རཱ་ཙའི་དབབ་ལུགས་སོ། །མྱོས་བྱེད་འབར་བའི་དབབ་ཐབས་ནི། །གཤིན་རྗེ་མྱོས་བྱེད་འབར་བ་ནི། །སེར་ནག་ཞལ་གཅིག་ཕྱག་གཉིས་པ། །ཆིབས་སུ་གཤེད་པོ་འབྲུག་ལ་བཅིབས། །ཕྱག་གཉིས་གློག་གི་ཕུར་བུ་འདྲིལ། །ཞལ་ནས་ཁྲག་གི་སེར་བ་འབེབས། །དེ་ལྟར་བདག་ཉིད་བསྒོམས་ནས་ནི། །སོ་མ་བཏང་བའི་རྫ་ནང་དུ། །ཁྱི་དང་ཕག་གི་འོ་མ་དང་། །སྔོ་སྣ་ཚོགས་པ་བསྡུས་ནས་ཀྱང་། །ར་རོག་ཁྲག་དང་དེ་བསྲེས་ལ། །རྒྱ་ཚིལ་གྱིས་ནི་མེ་བཏང་ལ། །རི་གསུམ་རྩེ་རུ་དེ་བསྐོལ་ལ། །གཤིན་རྗེའི་དྲག་སྔགས་བཟླས་ཏེ་དབུལ། །དྲག་པོའི་སྔགས་འདི་བཟླས་པར་བྱ། །ཨོཾ་ཏ་ཀི་ཛ་ཧི་བྱི་ཙ་ཧི་བྱི་ཙ་ཧི་ཧ་ཡ་ཧཱུཾ་ཕཊ། གནོད་སྦྱིན་གང་གིས་མི་བཟློག་སྟེ། །མྱོས་བྱེད་འབར་བའི་དབབ་ལུགས་སོ། །བྲག་གྱོན་ཀོང་རྗེའི་གཤིན་རྗེ་ཡིས། །དམོད་བཙུགས་དྲག་པོས་དབབ་ཐབས་ནི། །བདག་ཉིད་ཡ་མ་རཱ་ཙ་སྟེ། །སྐུ་མདོག་ནག་པོ་འབར་བ་ལ། །ལུས་ལ་བྲག་ནག་གོས་སུ་གྱོན། །ལག་ན་ལྕགས་ཀྱི་འཁོར་ལོ་བསྐོར། །དེ་འདྲའི་སྐུ་རུ་བདག་བསྒོམ་སྟེ། །རྟ་ནག་ར་རོག་ཁྱི་ནག་གི། །ཁྲག་སྣ་གསུམ་བསྲེས་གྲོད་པ་གང་། །ཁྱེར་ཏེ་དམོད་བཙུགས་འདུག་ནས་སུ། །ལྕེ་ཤིང་གི་ནི་ཧོམ་བྱས་ཏེ། །སྔགས་དེ་བཟླས་ཤིང་ལྕེ་ཤིང་གི། །ཧོམ་དུ་ཁྲག་སྣ་གསུམ་པོ་སྦྲེང་། །ཨོཾ་གུ་ཛི་ཁུ་ཀྲ་ཙི་ཁྲུག །ཤར་ཤུ་ཤར་ཤུ་ཡ་བ་ཤ །ཡ་ཏུ་ན་མི་ཙ་ཁ་ན་ཧེ་དུ་ཉགས། །སྔགས་དེ་བཟླས་ཤིང་ར་རོག་གི། །ལྤགས་རློན་བརྡབ་ཅིང་འོ་དོད་འབོད། །ར་ལྤགས་རས་སོང་ཁས་ཕུག་བསྲེག །གདོན་མི་ཟ་བར་ཕེབས་པར་ངེས། །བྲག་གྱོན་གཤིན་རྗེའི་དབབ་ལུགས་སོ། །ཧཱུཾ་ཆེན་ཡ་མཱནྟ་


DNG015_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་ཡིས། །གླིང་བཞི་ཕུང་བྱེད་གཞི་བསྒྲུབ་སྟེ། །སེལ་བའི་སེར་བ་དབབ་ཐབས་ནི། །ཆུ་མིག་ཀླུ་ཡོད་ངེས་པའི་སར། །ར་ཁྱི་རྒྱ་བོའི་ཁྲག་དང་ནི། །ར་ཡི་འོ་མར་སྦྱར་བྱས་ནས། །རབས་ཆད་ནག་པོའི་ཐོད་པ་རུ། །བླུགས་ཏེ་ཐག་པ་མཁར་ནག་གི། །བཀྱིགས་ནས་བཏགས་ཏེ་བཟུང་བས་ནི། །བདག་ཉིད་ཡ་མཱནྟ་ཀར་བསྐྱེད། །སྤྱན་དྲང་བསྡིམ་སྟེ་མཆོད་ནས་ནི། །བསྙེན་པ་ཐོན་དང་སྔགས་བཟླས་ནས། །དེ་ནས་མ་མོའི་སྔགས་འབུམ་བཟླས། །ཛ་ཛ་མེ་ཧེ་དྷ་དྷ། ས་མ་ཡ་སྙིང་ཁ་རག་ནག་མོ་ཏྲི་ས་མ་ཡ་དུས་ཏྲི་རཀྨོ་ཡ་མ་རཀྨོ་ཡ་མ་བྷྱོ། བསྐུལ་ཚིག་འདི་ཡང་བརྗོད་དེ་བསྐུལ། །གླིང་བཞི་མ་མོ་ནང་འཁྲུག་བྱེད། །ཉིང་ཤ་ཉིང་གིས་ཟ་མོ་བྷྱོ། །ཧཱུཾ་གླིང་བཞི་མ་མོ་ཆེན་མོ་ནི། །ཤིན་ཏུ་མི་བཟད་སྡིག་མོ་ཆེ། །སྲིན་མོ་ཁྲོས་མ་འཇིགས་པའི་གཟུགས། །རྡོ་རྗེ་ལྷ་མོ་དམ་ཚིག་མ། །རལ་པ་ཕྱེད་ཀྱིས་གནམ་ཁེབས་མ། །རལ་པའི་ཟར་བུས་སྐར་འབྲུལ་མ། །ཁྲག་དང་ཞག་གི་ཐིག་ལེས་བརྒྱན། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །རྟག་ཏུ་བཤུག་པའི་གླུ་ལེན་མ། །ལག་ན་བདུད་ཀྱི་ཁྲམ་བམ་ཐོགས། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །ནམ་མཁའི་ཁམས་ཀྱི་གློག་མ་སྤྲིན། །སྲིད་པ་གསུམ་གྱི་ཆུ་འབེབས་མ། །ཆུ་ཡི་སྐྱིན་ཐང་དབབ་པའི་དུས་ལ་བབ། །ཨོཾ་རཀྴ་མ་རུ་མ་རུ་མ་རུ་སྤྲུགས་ཤ་དགྲ་ལྡིབས། ནི་ཤ་ཀུ་རུ་ཁ་རམ་སོ་ཏི་ཀུ་ཤ་ཤ་ཧཱུཾ་ཧཱུཾ་ཕཊ་ཕཊ།སོ་ཏི་ཀུ་ཤ་ཤ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཟངས་བུ་མགོ་ལ་བཀལ་ཏེ་སྔགས་རྣམས་དྲག་ཏུ་བཟླས། ཐོད་པའི་རྫས་སུ་བཟླས། གཤེད་ཆེན་ཡ་མཱནྟ་ཀའི་དབབ་ལུགས་སོ། །དྲག་པོ་བཙན་ཐབས་རིམ་པ་བརྒྱད། །ལག་ན་རྡོ་རྗེས་རབ་ཏུ་ཟུང་། །ཞེས་གསུངས་སོ། །དཔལ་གཤིན་རྗེ་ཟླ་གསང་ནག་པོ་རྩ་བའི་རྒྱུད་ཆེན་པོ་ལས། དམག་དཔོན་བརྒྱད་ཀྱི་ཐོག་སེར་སྐྱིན་ཐང་དབབ་པའི་ལེའུ་སྟེ་ཞེ་བཞི་པའོ།། །།དེ་ནས་ཡ་མཱནྟ་ཀ་ཡི། །ཐོག་ཟོར་ཐུན་གྱི་དུས་སུ་ཡང་། །ཕྲིན་ལས་མྱུར་བར་བྱ་བའི་ཕྱིར། །དྲག་པོའི་བསྐུལ་པ་འདི་གསུངས་སོ། །ཧཱུཾ་ཤར་གྱི་སྟག་སྲིན་ཟོར་བ་གདོང་། །ན་བཟའ་སྟག་གི་ཤུན་ཆེན་གསོལ། །བསེ་ཡི་རལ་པ་ཤ་ར་ར། །ཞལ་ནས་འབྲུག་གི་སྒྲ་སྒྲོགས་མ། །གཡས་ན་བསེ་ཡི་ཕུར་པ་འདྲིལ། །གཡོན་ན་ཁྲག་ཟོར་དམར་པོ་འཕེན། །དམ་ཉམས་དགྲ་ལ་ཕོ་ལྷོག་ཐོང་། །


DNG015_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་དང་གློག་གི་སྣ་ཡང་འདྲེན། །དམ་ཉམས་དགྲ་བོའི་ཡུལ་ཕྱོགས་སུ། །རི་རབ་ཤར་ནས་སེར་བ་ཕོབ། །ཨོཾ་ཧ་ར་དང་ཡང་ཕོབ། མུ་ཁ་མ་རཀྴ་ཧཱུཾ་ཧཱུཾ། ཧཱུཾ་ལྷོ་ཡི་བམ་སྲིན་དྲེད་མོ་གདོང་། །ན་བཟའ་དྲེད་ཀྱི་ཤུན་ཆེན་གསོལ། །མཐིང་གི་རལ་པ་ཤ་ར་ར། །ཞལ་ནས་གློག་གི་འོད་འགྱུ་མ། །གཡས་ན་གནམ་ལྕགས་སྟ་རེ་བསྣམས། །གཡོན་ན་ཁྲག་ཟོར་དམར་པོ་འཕེན། །དམ་ཉམས་དགྲ་ལ་གཟེར་ཐབས་ཐོང་། །ཐོག་དང་སེར་བའི་སྣ་ཡང་འདྲེན། །དམ་ཉམས་དགྲ་ཡི་ཡུལ་ཕྱོགས་སུ། །རི་རབ་ལྷོ་ནས་སེར་བ་ཕོབ། །ཨོཾ་ད་ར་མུ་ཡུམ་ཁ་རཀྴ་བྷྱོ་ཧཱུཾ་ཧཱུཾ། ཧཱུཾ་ནུབ་ཀྱི་ཀོང་སྲིན་བ་གླང་གདོང་། །ན་བཟའ་བ་གླང་ཤུན་ཆེན་གསོལ། །ཟངས་ཀྱི་རལ་པ་ཤ་ར་ར། །ཞལ་ནས་གནམ་ལྕགས་ཐོག་འབེབས་མ། །གཡས་ན་ཟངས་གྲི་རྣོན་པོ་བསྣམས། །གཡོན་ན་ཁྲག་ཟོར་དམར་པོ་འཕེན། །དམ་ཉམས་དགྲ་ལ་གླང་ཐབས་ཐོང་། །ཐོག་དང་སེར་བའི་སྣ་ཡང་འདྲེན། །དམ་ཉམས་དགྲ་བོའི་ཡུལ་ཕྱོགས་སུ། །རི་རབ་ནུབ་ནས་སེར་བ་ཕོབ། །ཨོཾ་མ་རཀྴ་དུ་ཁ་ཙ་ཡ་ཁ་ཧཱུཾ་ཧཱུཾ།ཧཱུཾ་བྱང་གི་འབྲོག་སྲིན་ཆུ་སྲིན་གདོང་། །ན་བཟའ་ཆུ་སྲིན་གཡང་གཞི་གསོལ། །ལྕགས་ཀྱི་རལ་པ་ཤ་ར་ར། །ཁ་ནས་ཁྲག་གི་སེར་བ་འབེབས། །གཡས་ན་རྡོ་རྗེ་བེ་ཅོན་ཐོགས། །གཡོན་ན་ཁྲག་ཟོར་དམར་པོ་འཕེན། །དམ་ཉམས་དགྲ་ལ་ལྷོག་རྒོལ་ཐོང་། །ཐོག་དང་སེར་བའི་སྣ་ཡང་འདྲེན། །དམ་ཉམས་དགྲ་བོའི་ཡུལ་ཕྱོགས་སུ། །རི་རབ་བྱང་ནས་སེར་བ་ཕོབ། །ཨོཾ་ཙ་ཏུ་མ་ཤ་སྟ་ཡ་ཁ་རག་བྷྱོ་བྷྱོ་ཧཱུཾ་ཧཱུཾ། དེ་ནས་ཡང་ནི་གཤེད་པོ་ཡིས། །ལས་ཀྱི་བསྐུལ་པ་འདི་གསུངས་སོ། །ཧཱུཾ་ཤར་གྱི་སྟག་སྲིན་ཟོར་བ་གདོང་། །ལུས་པོ་གཅིག་ལ་མགོ་བོ་དགུ། །ཕྱག་ན་ཐོག་དང་སེར་བ་བསྣམས། །ཞབས་ནི་གནམ་ལྕགས་ཕུར་བུ་རྐང་། །ལྗགས་ཀྱིས་གློག་གི་ཕྲེང་བ་འགྱུ། །མཆིལ་མ་ཐལ་བའི་སེར་བ་འབེབས། །ཁ་རླངས་དམར་པོ་གློག་ལྟར་འགྱུ། །ཐལ་མོ་བརྡབས་པས་འབྲུག་ཆེན་སྒྲོགས། །ཤར་གྱི་སྟག་སྲིན་དགྲ་ཡི་གཤེད། །དམ་ཉམས་དགྲ་བོའི་སྙིང་ནས་དྲོངས། །སྐྱུ་རླིབས་རྦད་བུ་ནན། ལྷོ་ཡི་བམ་


DNG015_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

སྲིན་དྲེད་མོ་གདོང་། །སྐུ་མདོག་སྔོ་སྐྱ་ཐལ་མདོག་མ། །དབུ་ལྔ་མ་ལ་ཕྱག་བཅུར་གདེངས། །དཀར་སྔོ་དམར་ལྗང་ནག་པོའི་དབུ། །ཁ་ནས་གློག་གི་ཕྲེང་བ་འགྱུ། །མཆིལ་མ་ཐལ་བ་སེར་ཆེན་འབེབས། །གཡས་ཀྱི་ཕྱག་ལྔས་མི་སྙིང་འབྱིན། །གཡོན་གྱི་ཕྱག་ན་སྙིང་འདྲེན་ལྕགས་ཀྱུ་ཐོགས། །ཐལ་མོ་བརྡབས་པས་འབྲུག་ཆེན་སྒྲོགས། །སྐྲ་ནི་མ་མོའི་རལ་པ་ཅན། །མཆོག་གི་རལ་ནག་ཉི་ལི་ལི། །རལ་ནག་སྙིགས་པའི་ནང་ཤེད་ནས། །བསེ་ཡི་མ་མོ་བདུན་འབུམ་འབྱུང་། །འཇིག་རྟེན་ཁམས་ཀུན་སྐྲག་ཅིང་གཡོ། །ཡ་མ་དམ་སྲིའི་ཤ་རུས་ལ། །ཆེམ་ཆེམ་ནལ་ནལ་དགྲ་ལ་བྷྱོ། །ཨོཾ་གྷི་ཏ་ཡ་མ་ཏ་མཱ་ར་ཡ་རྦད་བུ་ནན། ནུབ་ཀྱི་ཀོང་སྲིན་བ་གླང་གདོང་། །སྐུ་མདོག་དམར་མོ་ཆེན་མོ་ལ། །བསེ་ཡི་རལ་པ་ཤ་ར་ར། །རལ་པ་བསེ་འོད་འབར་བ་ལས། །བསེ་ཡི་སྤྱང་མོ་ཉི་ལི་ལི། །རྐན་སྐྲ་བརྡབས་པས་འབྲུག་ཆེན་སྒྲོགས། །ལྗགས་ནས་གློག་གི་འཕྲེང་བ་འགྱུ། །ཕྱག་ན་ཐོག་གི་རྒྱལ་མཚན་བསྣམས། །མཆིལ་མ་ཐལ་བས་སེར་ཆེར་འབེབས། །གསོད་བྱེད་ཆེན་མོ་བསེ་གདོང་མ། །མནའ་ཟན་དམ་ཉམས་བཀའ་གཅོག་པོ། །ཡ་མ་དམ་སྲིའི་སྙིང་ལ་བྷྱོ། །ཡ་དང་དགྲ་ལ་ཛ་པ་ཏི། རྦད་བུ་ནན། བྱང་གི་འབྲོག་སྲིན་ཆུ་སྲིན་གདོང་། །སྐུ་མདོག་སྔོ་མཐིང་ཆེན་མོ་ལ། །ལྕགས་ཀྱི་རལ་པ་ཤ་ར་ར། །རལ་པ་ལྕགས་འོད་འབར་བ་ལས། །ལྕགས་ཀྱི་སྤྱང་མོ་ཉི་ལི་ལི། །ལྕགས་ཀྱི་མཚོ་རླབས་གློག་འགྱུ་ཞིང་། །རྐན་སྒྲ་བརྡེབས་པས་འབྲུག་ཆེན་སྒྲོགས། །ཞལ་ནས་ཁྲག་གི་སེར་བ་འབེབས། །ཁ་རླངས་ཐོག་གི་བུ་ཡུག་འཐུལ། །ཕྱག་ན་རྡོ་རྗེ་བེ་ཅོན་བསྣམས། །དམ་ཚིག་ཉམས་པའི་སྙིང་འདྲེན་མ། །དགྲ་སྙིང་ཟ་ཞིང་དགྲ་ཁྲག་འཐུང་། །དོན་སྙིང་དཀར་ནག་མཚམས་ནས་ཟ། །ཡ་མ་དམ་སྲིའི་སྙིང་ལ་བྷྱོ། །མཱ་ར་ཡ་ནི་རྦད་དུན་ནན། །དྲག་པོ་ཐུན་ཟོར་དུས་སུ་ནི། །ལས་འདི་བསྐུལ་བར་རབ་ཏུ་གཅེས། །ཞེས་གསུངས་སོ། །དཔལ་གཤིན་རྗེ་ཟླ་གསང་ནག་པོ་རྩ་བའི་རྒྱུད་ལས། གཟའ་མཆོག་མིང་སྲིང་གི་ཐུན་གྱི་བསྐུལ་བ་ལས་ཀྱི་ལེའུ་སྟེ་ཞེ་ལྔ་པའོ།། །།


DNG015_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཡང་དག་བཤད་པར་བྱ། །ཕུར་བུ་ལས་ཀྱི་བྱེ་བྲག་འདི། །གནམ་ལྕགས་དང་ནི་ཁྲོ་ཆུ་དང་། །སྤྲེའུ་ཐུན་གྱི་མཚོན་ཆ་དང་། །མི་ཕྱུགས་བསད་པའི་མཚོན་དུམ་དང་། །རྣོ་མཉེན་ངར་དང་བཅས་པ་དང་། །ལྕགས་སྣ་ལྔ་པོ་དེ་དག་ལ། །མགར་བ་སྤྲོ་ཐུང་གསོད་ལ་དགའ། །མགོ་དང་ཕུར་བུ་འཕྲད་དུས་སུ། །ཕུར་པ་འདི་ནི་བརྡུང་བར་ཤིས། །སོར་གྱི་ཚིགས་ནི་བཅོ་བརྒྱད་དམ། །ཡང་ན་སོར་ཚིགས་བཅུ་གཉིས་ཚད་དུ་བྱ། །ཡང་ན་སོར་བརྒྱད་ཚད་དུ་སྟེ། །ཡང་ན་སོར་གསུམ་སོར་ལྔ་ཚད། །ལས་གང་བྱ་བའི་དབྱིངས་དག་ནི། །མགོ་ཡི་སོར་གཅིག་ཚད་དུ་བྱ། །སྐེད་པ་སོར་གཅིག་དེ་བཞིན་ཏེ། །སྟོད་ནི་ཟུར་བརྒྱད་དག་ཏུ་བྱ། །སྨད་ནི་ཟུར་གསུམ་དཔལ་དུ་བྱ། །སེང་ལྡེང་ལ་སོགས་གདུག་པའི་ཤིང་། །ཚེར་མ་རྣོ་བ་གང་དག་དང་། །སྔར་བཞིན་དག་ཏུ་ཕུར་བྱའོ། །གདབ་ཀར་བྱིན་གྱིས་བརླབ་པ་ནི། །དང་པོར་ཆོས་ཀྱི་སྐུ་རུ་དམིགས། །དེ་ནས་ལོངས་སྤྱོད་རྫོགས་སྐུར་བརླབ། །སྤྲུལ་སྐུར་བྱིན་གྱིས་བརླབ་པ་ནི། །ཕུར་བུ་རོག་ཏི་ནག་པོར་དམིགས། །ཡེ་ཤེས་རོག་ཏི་ནག་པོ་བསྡིམ། །བཟླས་པའི་ཡི་གེ་འདུ་ཏི་ཡིས། །བསྙེན་པའི་ཚད་དུ་ཕྱིན་པ་སྟེ། །གདབ་པའི་དུས་སུ་འདི་ལྟར་དམིགས། །བདག་ཉིད་རོག་ཏི་ནག་པོར་བསམ། །རོག་ཏི་ནག་པོ་ཀི་ཀང་བདག །བྱ་རོག་མགོ་བོ་སུམ་བརྩེགས་ཅན། །དེ་ཡི་ལག་མཐིལ་གཡས་པར་ནི། །ཡ་མ་རཱ་ཙ་གསལ་བར་བསམ། །ལག་པ་གཡོན་པའི་མཐིལ་ལ་ནི། །ཨེ་ཀ་ཛཱ་ཏི་གསལ་བར་བསྒོམ། །གཡས་མཐེབ་ཡཀྴ་ཛྭ་ལ་འབར། །གཡོན་མཐེབ་རྡོ་རྗེ་ཡཀྴ་མོ། །མཛུབ་གཡས་པ་ཏྲི་པ་ཀྲ་མ། །གུང་གཡས་རཱ་ཧུ་ལ་རུ་བསྒོམ། །སྲིན་ལག་གཡས་པ་སྒྲ་གཅན་འཛིན། །མཐེའུ་ཆུང་གཡས་པར་བསམ་པ་ནི། །ཀི་ཀང་དུ་བ་མཇུག་རིངས་སོ། །མཛུབ་མོ་གཡོན་ལ་ཁྱབ་འཇུག་བསྒོམ། །གུང་མོ་གཡོན་གྱི་བི་ནུ་ནི། །ར་ཙ་གསལ་བ་ཉིད་དུ་བསྒོམ། །སྲིན་ལག་གཡོན་པར་ར་ཙ་ཀ །མཐེའུ་ཆུང་གཡོན་པ་ལྗང་སྔོན་པོ། །མཐེབ་སྲིན་གཡས་ལ་སྟག་སྲིན་ཏེ། །མཐེབ་སྲིན་གཡོན་ལ་དྲེད་མོ་གདོང་། །མཛུབ་སྙིང་གཡས་


DNG015_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བན་ལང་གདོང་། །མཛུབ་སྙིང་གཡོན་ལ་ཆུ་སྲིན་གདོང་། །དེ་ལྟར་འདྲིས་གསལ་གོམས་པ་དང་། །ཕུར་བུ་རོག་ཏི་ནག་པོར་བསམ། །དབལ་ལ་རཱ་ཧུ་ལ་ཉིད་དེ། །གསལ་བར་བསྒོམ་སྟེ་དྲིལ་དྲིལ་ལ། །འདེབས་པའི་ཚུལ་བསྟན་ཙམ་གྱིས་ཀྱང་། །སྲིད་པ་གསུམ་ཡང་སྐད་ངན་འདོན། །དམིགས་རྟེན་གང་ཡིན་དམིགས་སྔགས་འདོན། །ལིངྒའི་གཞུག་ཚུལ་གསལ་བ་ལ། །རབ་ཏུ་དྲིལ་ཏེ་སྲོག་དབྲག་གདབ། །གློ་དང་སྙིང་གི་དཀར་ནག་ནི། །མཚམས་ནས་ཐལ་གྱི་བྱུང་བ་ཡིས། །ཤེས་པ་བརླགས་ཏེ་བག་བཞི་ཉམས། །བཀྲག་དང་གཟི་མདངས་ཕུར་བུས་བསྡུས། །རོག་ཏི་ནག་པོ་འཁོར་བཅས་ཀྱིས། །དབང་པོ་གནས་ཡུལ་བཅས་པ་དང་། །ཤ་ཁྲག་རུས་པ་ལྤགས་ལ་སོགས། །རྔམས་ཤིང་བསྟོད་དེ་བཅད་ཅིང་ཟ། །སྲོག་གཤེད་ཕོ་མོས་སྲོག་གསད་ཅིང་། །སྲིན་པོ་སྲིན་མོའི་སྤྲུལ་པ་རྣམས། །ལ་ལ་ཡིས་ནི་དབུགས་ལ་རྔུབས། །ལ་ལ་ཡིས་ནི་ཁྲག་ལ་འཇིབས། །ལ་ལ་ཡིས་ནི་རྩ་ནས་འདྲེན། །ལ་ལས་གློ་སྙིང་ནང་རོལ་འདྲེན། །ལ་ལས་ཀླད་ཁྲག་འཁྲུག་ཅིང་ཟ། །ཀི་ཀང་ཕབ་ནས་གསད་པ་ལ། །རྗེས་ཤུལ་མེད་པར་ཟ་བྱེད་ཅིང་། །མཱ་ར་ཡ་ཡི་ཡུལ་དག་ཏུ། །སེར་བ་སྣ་ཚོགས་ཆར་ལྟར་འབེབས། །ཐོག་གི་སེར་བ་སྒོང་ལྟར་འདྲིལ། །ཕོ་ལོག་གླང་ཐབས་གཟེར་ཐབས་དང་། །ལྷོག་རྒལ་བམ་ནག་ལ་སོགས་པ། །ཀི་ཀང་སྣ་ཚོགས་དུས་མེད་འབེབས། །ལྷ་དང་ཕྱེ་ལ་ཕུར་བས་གདབ། །ཐུན་དམར་ཟོར་གྱི་ལས་རྣམས་འགྲུབ། །ཐུགས་དམ་བསྐང་བ་རྣམ་གཉིས་བྱ། །དེ་ནས་མཇུག་གཅོད་གནན་ཐབས་བྱ། །ཞེས་གསུངས་སོ། །དཔལ་གཤིན་རྗེ་ཟླ་གསང་ནག་པོ་རྩ་བའི་རྒྱུད་ལས། གཟའ་མཆོག་གི་ཕུར་པ་བསྒྲུབ་པ་དང་། ལས་རིམ་བསྡུས་པའི་ལེའུ་སྟེ་ཞེ་དྲུག་པའོ།། །།གཤིན་རྗེའི་གཤེད་ཀྱིས་གསུངས་པའི་དོན། །ལག་ན་རྡོ་རྗེས་རབ་ཏུ་ཉོན། །གསང་བ་རྒྱུད་ཆེན་བརྣག་པའི་ལུང་། །དོན་གཉིས་དག་ཏུ་ཤེས་པར་བྱ། །བསྙེན་བསྒྲུབ་དང་ནི་ཕྲིན་ལས་སོ། །བསྙེན་པ་ལ་ཡང་རྣམ་གཉིས་སོ། །སྔོན་དུ་འགྲོ་བའི་ཆོ་ག་སྟེ། །བསོད་ནམས་


DNG015_Page_0758
[མ་དཔེ་གཟིགས་ན་འདིར་གནོན།]

བསག་པར་བསྟན་པ་དང་། །བསྙེན་པ་དངོས་ཉིད་བསྟན་པའོ། །ཐབས་དང་དགོད་པ་རྣམ་གཉིས་ཀྱིས། །བསོད་ནམས་བསག་པའི་ཆོ་གར་འདོད། །ངོ་བོ་དབྱེ་བ་ངེས་པའི་ཚིག །དགོས་ཆེད་རྣམ་པ་བཞི་ཡིན་ཏེ། །བསྙེན་པའི་དབྱེ་བ་བསྟན་པ་ཡིན། །སྒྲུབ་པ་ལ་ཡང་བཅུ་གཉིས་ཏེ། །གནས་དང་བརྟུལ་ཞུགས་མཚན་མ་བཞག །མཆོད་རྫས་བཞག་དང་དངོས་གྲུབ་རྟེན། །དམ་ཚིག་ཏིང་འཛིན་འཕྲོ་འདུ་དང་། །གྲུབ་པའི་རྟགས་དང་བླང་བའི་ཐབས། །བར་དུ་གཅོད་པའི་བགེགས་དང་ནི། །གྲུབ་པའི་རྟགས་དང་སྤོགས་པའི་ཐབས། །སྤོགས་པ་ཆེན་པོའི་ཆོ་ག་སྟེ། །དྲག་ཤུལ་ཏིང་འཛིན་བཅུ་གཉིས་ཀྱིས། །དངོས་གྲུབ་བླང་བའི་ཆོ་གར་འདོད། །ཕྲིན་ལས་དག་ལ་རྣམ་གསུམ་སྟེ། །འཁོར་ལོ་བསྐོར་ཏེ་མནན་བསྲེག་གོ། །དུས་དང་གང་ཟག་བསྐོར་བའི་གནས། །ངོ་བོ་དབྱེ་བ་ངེས་པའི་ཚིག །འཁོར་ལོ་རྒྱུ་རྐྱེན་མཐུན་པའི་དཔེ། །གྲུབ་བྱེད་གྲོགས་དང་མ་གྲུབ་སྐྱོན། །གྲུབ་པའི་རྟགས་དང་མ་གྲུབ་སྤོགས། །དབྱེ་བ་བཅུ་གསུམ་རབ་ཏུ་གཅེས། །ཞེས་གཤིན་རྗེའི་གཤེད་པོས་རབ་ཏུ་གསུངས་སོ། །དཔལ་གཤིན་རྗེ་ཟླ་གསང་ནག་པོ་རྩ་བའི་རྒྱུད་ལས། ལས་ཀྱི་མདོ་བྱང་བསྟན་པའི་ལེའུ་སྟེ་ཞེ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་གཤིན་རྗེའི་གཤེད་པོས་འདི་སྐད་ཅེས་གསུངས་སོ། །དུས་ཚོད་མཚོན་ཆ་རྣོན་པོ་ལ། །རྡོ་རྗེ་སློབ་དཔོན་སྐུ་དགྲ་སོགས། །ཐེ་ཚོམ་མེད་པར་བསྒྲལ་བས་འགྲུབ། །ཐག་སྦྲུལ་སྟོན་དཔྱིད་ར་བ་ལ། །བྱི་བ་རྟ་ནི་སྟོན་དཔྱིད་འབྲིང་། །སྟོན་དཔྱིད་ཐ་ཆུང་གླང་ལུག་ལ། །སྟག་སྤྲེལ་དབྱར་དགུན་ར་བར་ཤིས། །དབྱར་དགུན་འབྲིང་པོ་བྱ་ཡོས་ལ། །ཁྱི་འབྲུག་དབྱར་དགུན་ཐ་མར་འགྲུབ། །དེ་ནི་ལོ་ཀག་ཟླ་བའི་གཤེད། །ཁྱད་པར་ཉི་མའི་གཤེད་གཉིས་ཏེ། །དབྱར་རླུང་འཇུག་ཅིང་དགུན་རླུང་འབྱུང་། །དེ་ཡི་དུས་སུ་གསད་པར་ཤིས། །ཞག་གི་གཤེད་དུ་གྱུར་པ་ཡང་། །ར་བ་བཞི་ལ་བཅུ་བཞི་ཤིས། །འབྲིང་པོ་བཞི་ཡི་བཅོ་ལྔ་ལ། །ཐ་ཆུང་བཞི་ཡི་བཅུ་དྲུག་གོ། །ཚེས་བཞི་བརྒྱད་དང་བཅུ་གཅིག་དང་། །བཅོ་ལྔ་བཅོ་བརྒྱད་ཉི་ཤུ་གཉིས། །


DNG015_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་ཤུ་ལྔ་དང་ཉི་ཤུ་དགུ། །དུས་ནི་སྲོད་དང་སྔ་དྲོ་དང་། །འཇིང་དང་ནམ་གུང་ནམ་ཆུང་དང་། །ཉི་ཤར་སྐྱ་རེངས་ཤར་བ་དང་། །ཉིན་མཚན་ཞག་ནི་གོ་རིམ་བཞིན། །དེ་ཕྱིར་མ་གཤིན་ཆེར་ཕྱིན་རྒྱུ། །བཙལ་ནས་གསོད་པའི་དུས་བསྟན་པ། །དཔྱིད་ར་ཚེས་བདུན་དག་ལ་ཤིས། །ཐ་ཆུང་ཉི་ཤུ་བདུན་པ་ཤིས། །དབྱར་ཟླ་ཚེས་བརྒྱད་འབྲིང་པོ་ནི། །བཅོ་བརྒྱད་ཐ་ཆུང་ཉི་ཤུ་བརྒྱད། །སྟོན་ཟླ་ཚེས་དགུའམ་འབྲིང་པོ་ནི། །བཅུ་དགུ་ཐ་ཆུང་ཉི་ཤུ་དགུ། །དགུན་ཟླ་གསུམ་ལ་དེ་བཞིན་ཏེ། །དུས་སུ་གསང་བའི་ལས་ལ་འཇུག །ས་ཡི་ལས་ལ་དཔྱིད་ཟླ་གསུམ། །ཤིང་གི་དབྱར་ཟླ་སྟོན་ནི་མེ། །དགུན་ནི་ལྕགས་ཁམས་འཆི་བའི་དུས། །དེ་དུས་ཞག་གཤེད་བཏུང་བར་བྱ། །ར་བ་བཞི་ནི་རྟ་ལ་བཅོད། །རྟ་ཆུང་དུས་སུ་འབྲིང་བཞི་སྟེ། །ཐ་ཆུང་ཁྲ་ལ་བརྡེག་པར་བྱ། །དགུན་གསུམ་སྐར་མ་གསུམ་འཆར་ཏེ། །སྐར་མའི་གཤེད་ཀྱི་དུས་སུ་ནི། །སྦྱར་ཐབས་ཐམས་ཅད་རབ་ན་ཡང་། །ཁྲག་འཐུང་ལ་སོགས་ཟོར་རྣམས་ཤིས། །ལོ་ཟླ་ཞག་གིས་དུས་བསྟན་ནས། །དུས་ཚོད་རྣོན་པོ་བརྟན་པར་བྱ། །སེམས་ཅན་ཡིད་ནི་གཉིད་ལོག་པས། །དེ་དུས་རྒྱུ་ཞིང་འཁྱམས་པའི་ཚེ། །ཀུན་ཀྱང་རྣམ་རྟོག་ལས་བྱུང་བས། །སྦྱོར་བ་རྟོག་བསྐྱེད་གསད་པར་ཤིས། །ཤ་བ་སྲོད་དང་ནམ་ཕྱེད་ན། །ལུག་དང་གཉན་གྱི་བླ་ཡང་རྒྱུ། །ཕག་པ་ཐོ་རངས་བྱ་ཉིད་ནི། །ཉི་མའི་ཟེར་ལ་རྒྱུ་བར་བཤད། །ར་བླ་ཉི་མ་ནུབ་ཀར་ཏེ། །བྱ་བླ་ཉི་མ་ཟེར་ལ་རྒྱུ། །གཡག་དང་གླང་ལ་སྲོད་ལ་རྒྱུ། །རྟ་ལ་ཉི་མ་གུང་ལ་རྒྱུ། །དེ་དུས་དགུག་ཅིང་གསད་པར་ཤིས། །ཐུན་མོང་བསྒྲལ་བའི་ཐབས་སུ་གསུངས། །དངོས་པོ་ཅིར་ཡང་འགྱུར་བའི་ཚེ། །འགྱུར་བའི་བླ་དང་སྦྱར་བར་བྱའོ། །ཁམས་ཀྱི་གཤེད་དུ་བསྟན་པ་ནི། །སྒྲུབ་པ་པོ་དང་ལོ་ཟླ་དང་། །དུས་ཚོད་ཀྱིས་ནི་གསོད་པར་བྱེད། །ཀིང་ནི་གཤེད་པོ་ལུག་དང་གླང་། །ལོ་དགྲ་བྱ་དང་སྤྲེའུ་ཉིད། །དགུན་ཟླ་དབྱར་ཟླ་ཐ་ཆུང་ཉིད། །དུས་ཚོད་ཕྱེད་ཡོལ་ཉི་མ་ཕྱེད། །ཧ་ལས་སྨན་ནི་གསོད་འགྱུར་ན། །བསྒྲུབ་པའི་སྦྱོར་བ་སྨོས་ཅི་དགོས། །ཁྱི་འབྲུག་བྱ་ཡི་གཤེད་པོ་སྟེ། །ཕག་དང་བྱི་བ་ལོ་


DNG015_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་ཉིད། །མི་མཐུན་བདུན་ཟུར་ཐེ་ཚོམ་མེད། །ཟླ་གཤེད་སྟོན་ཟླ་ཐ་ཆུང་སྟེ། །ཟླ་བ་བདུན་ཟུར་རྡོ་རྗེས་གཅོད། །ཐོ་རངས་སྲོད་ལ་བསྲོས་པར་བྱེད། །བསམས་པ་ཙམ་གྱིས་འགྲུབ་འགྱུར་ན། །སྦྱོར་བ་བདུན་རྒྱུད་ཐེ་ཚོམ་མེད། །གུང་ལ་ཁྱི་འབྲུག་ཤིང་ཁམས་པ། །ཤིང་དང་ཁ་དོག་འདྲ་བ་སྟེ། །གསོད་པའི་ལས་ལ་ཐེ་ཚོམ་མེད། །སྟག་དང་ཡོངས་སུ་དར་བའི་དགྲ། །བདུན་ཟུར་གཤེད་དུ་གྱུར་པ་སྟེ། །ཚ་བའི་མེ་བཞིན་གསོད་པར་བྱེད། །ཟླ་གཤེད་སྲོག་དང་མི་མཐུན་པའི། །བདུན་ཟུར་གསོད་དེ་ཐེ་ཚོམ་མེད། །དུས་ཚོད་ནམ་ཕྱེད་དུས་ལ་ཤིས། །ཀུན་གྱི་ཁམས་ཀྱི་གཤེད་ཆེན་པོ། །ལུས་པོ་ལྔ་ཡི་ཁམས་ལས་གསོད། །ལོ་དགྲ་གླང་ལུག་གཉིས་ཀྱིས་གསོད། །མི་མཐུན་བདུན་ཟུར་ཤིན་ཏུ་འཇོམས། །དུས་ཚོད་མཚན་མོ་རངས་པར་ཤིས། །དེ་ནས་མཐུན་འཕྲོད་བཤད་པ་ནི། །བཟང་ཞིང་གྲུབ་པར་བྱ་བ་ལས། །བདུད་ཀྱི་ཉི་མ་བདུན་པོ་ལ། །དྲག་སྔགས་ཚོགས་ཀྱིས་ཆམ་ལ་དབབ། །ཉི་མ་གྲུ་སོགས་དྲེ་རུ་འབྱོར། །དྲེ་རུ་བྱ་འཇུག་ཟླ་བར་འབྱོར། །མིག་དམར་ཁྲུམས་སྨད་ལ་རོ་སྨན། །གཟའ་ལྷག་སྒྲོག་དང་སྨིན་དྲུག་མཐུན། །ཕུར་བུ་རྒྱལ་སྟོད་རྒྱལ་སྨད་འཇེབས། །པ་སངས་ཁྱབ་འཇུག་རྟ་ཆུང་ཉིད། །སྤེན་པ་ས་ག་ས་རི་སྟེ། །དེ་ལྟར་མཐུན་སྦྱོར་དུས་སུ་ནི། །ངན་པའི་ལས་ནི་འབྱུང་འགྱུར་བས། །དེ་ཕྱིར་བཟང་པོའི་ལས་སུ་འགྱུར། །བདུད་ཀྱི་ཉི་མ་བཤད་པ་ནི། །ཉི་མ་ལག་སོར་ཆ་རྒོད་གསུམ། །ཟླ་བ་རྒྱལ་སྨད་དྲེ་རུ་གསོད། །མིག་དམར་དྲེ་དང་སྒྲོག་གིས་ཏེ། །གཟའ་ལྷག་དབྱུག་པ་གཉིས་ཀྱིས་འཇིགས། །ཕུར་བུ་མགོ་རུ་འབྱོར་བར་འཇིགས། །པ་སངས་ཝ་དང་ལག་སོར་གསུམ། །སྤེན་པ་བྱ་མ་བདུད་ཀྱི་ཉིན། །བཟང་པོ་ལས་ཀྱིས་གསོད་གྱུར་ན། །ངན་པའི་ལས་ཀྱིས་སྨོས་ཅི་དགོས། །མི་འཕྲོད་བདུན་དུ་བཤད་པ་ནི། །ཉི་མ་ཁྲུམས་སྨད་ཟླ་བ་དང་། །ས་ག་མི་འཕྲོད་མིག་དམར་དང་། །ལག་ཏུ་མི་འཕྲོད་གཟའ་ལྷག་དང་། །གྲུ་སོགས་མི་འཕྲོད་ཕུར་བུ་སྒྲོག །པ་བ་སངས་དང་དྲེ་མི་འཕྲོད། །དེ་ལྟར་མི་འཕྲོད་བདུན་པོ་ལ། །


DNG015_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་གདགས་ལས་ནི་གཅིག་མི་འགྲུབ། །ཉི་མ་དང་ནི་ས་ག་འཇིག །ཟླ་བ་དང་ནི་ས་རི་སྟེ། །མིག་དམར་སྒྲོག་ཏུ་འཇིག་པར་བསྟན། །གཟའ་ལྷག་བྱའུ་འཇིག་པ་སྟེ། །ཕུར་བུ་ལ་ཡང་བི་རྫི་འཇིག །པ་བ་སངས་ལ་བྱ་གཞུག་འཇིག །སྤེན་པ་ལ་ནི་བྱ་མ་འཇིག །མི་འཕྲོད་བདུན་དང་འཇིག་པ་བདུན། །བདུད་ཀྱི་ཉི་མར་གསད་པར་ཤིས། །འཚོ་བྱེད་ཡུལ་ལྷ་སྐྱོབ་པ་ནི། །གཡག་དང་མི་དཀར་ཚུལ་གྱིས་འགེགས། །བུད་མེད་དྲི་ཆེན་བསྲེག་ནས་ཀྱང་། །འཆི་བདག་རྣམས་ཀྱི་བཀའ་ཀུན་བཟླས། །ཞང་བློན་བཟང་པོ་ལྟ་བུས་ནི། །ཕོ་ལྷས་འགེགས་པ་དེ་དུས་སུ། །གླང་རོག་རྭ་བསྲེག་སྔར་བཞིན་བྱ། །ཁྲ་དང་སྤྱང་ཁུ་ལྟ་བུས་སྐྱོབ། །དགྲ་ལྷ་ཡིན་ཏེ་གསུར་ཆེན་གཏང་། །རྒྱ་ཚིལ་བསྲེག་པས་འབྲོས་པར་བྱེད། །བུད་མེད་ཤ་བ་ལྟ་བུས་ནི། །མ་ལྷ་མ་སྨན་འགོ་བ་སྟེ། །ར་དང་རྟ་སྦངས་ཏིལ་ནག་བསྲེག །ཏིང་འཛིན་མི་གསལ་བྱིང་རྨུགས་ན། །ཕོ་ལྷས་འགེགས་པ་ཡིན་པར་བརྗོད། །ཏིལ་ནག་ཉུང་ནག་གུ་གུལ་ནི། །སྦྱར་མ་བསྲེགས་ན་འབྲོས་པར་བྱེད། །མི་འཕྲོད་དབྱེ་བའི་ཐབས་བསྟན་པ། །བྱ་རོག་འུག་པའི་གུང་རུ་ལ། །གྲོགས་གང་ཨ་དང་ཤག་ཤག་བྲི། །གོ་རིམ་བཞིན་དུ་བྲི་བར་བྱའོ། །ཡུགས་ས་མོ་ཡི་རྐང་དྲེག་དང་། །འབོག་དང་གླང་རོག་ར་ཁྲག་སོགས། །དམ་པའི་དུད་པས་དུས་གསུམ་བདུག །འདི་ནི་དབྱེ་བའི་མཆོག་ཏུ་གསུངས། །ནག་པོ་གསལ་བྱེད་སྒྲོན་མའི་དོན། །བྱ་ཐབས་ཉམས་ལེན་ཉིང་ཁུ་འདི། །དུས་ནི་རང་བྱུང་དགྲ་ལ་གསུངས། །ཞེས་གསུངས་སོ། །དཔལ་གཤིན་རྗེ་ཟླ་གསང་ནག་པོ་རྩ་བའི་རྒྱུད་ལས། བྱ་ཐབས་ཉམས་ལེན་ཉིང་ཁུའི་ལེའུ་སྟེ་ཞེ་བརྒྱད་པའོ།། །།དེ་ནས་འཇམ་དབྱངས་ཁྲོ་བོ་ཡིས། །མཚན་ནི་གཤིན་རྗེའི་གཤེད་པོས་བྱ། །བསྟན་པ་བསྲུང་བར་ཞལ་གྱིས་བཞེས། །ཡབ་ཡུམ་གཉིས་མེད་ཐུགས་ཀྱི་སྲས། །སྟེང་ཕྱོགས་གཤིན་རྗེ་ནག་འཇོམས་ནི། །ནག་པོ་གཡས་ན་དགྲ་སྟྭ་བསྣམས། །ཆིབ་ནི་ལྐུགས་པ་ལུག་ལ་ཆིབས། །ཁྲོ་མོ་སྲིན་མོ་མགོ་འཕྱང་མ། །ནག་མོ་ཆེན་མོ་རལ་པ་ཅན། །གཡས་པ་


DNG015_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ཀྱི་གཙོ་ལ་འཁྱུད། །གཡོན་པ་དུང་དམར་གཙོ་ལ་སྟོབ། །ཡབ་ཅིག་འཇམ་དཔལ་བཀའ་བྱུང་གིས། །དམ་རྫས་གཏོར་མ་འདི་ལོང་ལ། །བསྟན་པ་བཤིག་པའི་གཤེད་མ་མཛོད། །བདུད་ཕོ་བཅུ་ཡི་ཁྲམ་ལ་ཐོབ། །གིང་ཆེན་བཅོ་བརྒྱད་ལས་ལ་བསྐུལ། །འཆི་བདག་འཁོར་ལོའི་ལག་ཏུ་གཏོད། །དུས་ལ་བབ་པོ་ས་མ་ཡ། །དམ་ལས་མ་འདའ་ཕྲིན་ལས་མཛོད། །ཡབ་ཡུམ་གཉིས་མེད་ཐུགས་ཀྱི་སྲས། །སྟེང་ཕྱོགས་གཤིན་རྗེ་ཕྱ་སངས་ནི། །དཀར་པོ་ལག་ན་བུམ་པ་ཐོགས། །ཆིབས་སུ་ཉི་ཟླའི་ཟེར་ལ་ཆིབས། །ཁྲོ་བོ་ཁམ་རྒྱ་མཐུ་བོ་ཆེ། །ནག་མོ་མགོ་འཕྱང་རལ་པ་ཅན། །གཡས་པ་ཐབས་ཀྱི་གཙོ་ལ་འཁྱུད། །གཡོན་པ་དུང་དམར་གཙོ་ལ་སྟོབ། །ཡབ་ཅིག་འཇམ་དཔལ་བཀའ་བྱུང་གིས། །དམ་རྫས་གཏོར་མ་འདི་ལོང་ལ། །བསྟན་པ་བཤིག་པའི་གཤེད་མ་མཛོད། །བདུད་ཕོ་བཅུ་ཡིས་ཁྲམ་ལ་ཐོབ། །གིང་ཆེན་བཅོ་བརྒྱད་ལས་ལ་བསྐུལ། །འཆི་བདག་འཁོར་ལོའི་ལག་ཏུ་གཏོད། །དུས་ལ་བབ་པོ་ས་མ་ཡ། །དམ་ལས་མ་འདའ་ཕྲིན་ལས་མཛོད། །ཡབ་ཡུམ་གཉིས་མེད་ཐུགས་ཀྱི་སྲས། །ཤར་ཕྱོགས་ཀོང་ཙེ་བྲག་གྱོན་ནི། །དཀར་པོ་ཚེ་སྲོག་བུམ་པ་བསྣམས། །ཆིབས་སུ་དྲི་ཟ་བགེགས་པ་ཆིབས། །བྲག་སྲིན་ཆེན་མོ་མགོ་འཕྱང་མ། །ཁྲོ་མོ་དཀར་མོ་རལ་པ་ཅན། །གཡས་པ་ཐབས་ཀྱི་གཙོ་ལ་འཁྱུད། །གཡོན་པ་དུང་དམར་གཙོ་ལ་སྟོབ། །ཡབ་ཅིག་འཇམ་དཔལ་བཀའ་བྱུང་གིས། །དམ་རྫས་གཏོར་མ་འདི་ལོང་ལ། །བསྟན་པ་བཤིག་པའི་གཤེད་མ་མཛོད། །བདུད་པོ་བཅུ་ཡིས་ཁྲམ་ལ་ཐོབ། །གིང་ཆེན་བཅོ་བརྒྱད་ལས་ལ་བསྐུལ། །འཆི་བདག་འཁོར་ལོའི་ལག་ཏུ་གཏོད། །དུས་ལ་བབ་པོ་ས་མ་ཡ། །དམ་ལས་མ་འདའ་ཕྲིན་ལས་མཛོད། །ཡབ་ཡུམ་གཉིས་མེད་ཐུགས་ཀྱི་སྲས། །ཤར་ལྷོ་ཨ་བ་གླང་མགོ་ཅན། །སྨུག་ནག་ཏྲི་ལ་རྩེ་གསུམ་བསྣམས། །ཆིབས་སུ་འགུགས་བྱེད་དྲེའུ་ཆིབས། །མི་བཟད་བདུད་མོ་མགོ་འཕྱང་མ། །ཁྲོ་མོ་སྨུག་ནག་རལ་པ་ཅན། །གཡས་པ་ཐབས་ཀྱི་གཙོ་ལ་འཁྱུད། །གཡོན་པ་དུང་དམར་གཙོ་ལ་སྟོབ། །ཡབ་ཅིག་འཇམ་དཔལ་བཀའ་བྱུང་གིས། །དམ་རྫས་གཏོར་མ་


DNG015_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལོང་ལ། །བསྟན་པ་བཤིག་པའི་གཤེད་མ་མཛོད། །བདུད་པོ་བཅུ་ཡིས་ཁྲམ་ལ་ཐོབ། །གིང་ཆེན་བཅོ་བརྒྱད་ལས་ལ་བསྐུལ། །འཆི་བདག་འཁོར་ལོའི་ལག་ཏུ་གཏོད། །དུས་ལ་བབ་པོ་ས་མ་ཡ། །དམ་ལས་མ་འདའ་ཕྲིན་ལས་མཛོད། །ཡབ་ཡུམ་གཉིས་མེད་ཐུགས་ཀྱི་སྲས། །ལྷོ་ཕྱོགས་གཤིན་རྗེ་ཡ་བ་ཏི། །སྔོ་ནག་གསོད་བྱེད་དགྲ་སྟྭ་བསྣམས། །ཆིབས་སུ་གཤིན་རྗེ་བགེགས་པ་ཆིབས། །བཙན་མོ་ནག་མོ་མགོ་འཕྱང་མ། །ཁྲོ་མོ་དྲེད་ཀྱི་ཡབ་ཤམ་ཅན། །གཡས་པ་ཐབས་ཀྱི་གཙོ་ལ་འཁྱུད། །གཡོན་པ་དུང་དམར་གཙོ་ལ་སྟོབ། །ཡབ་ཅིག་འཇམ་དཔལ་བཀའ་བྱུང་གིས། །དམ་རྫས་གཏོར་མ་འདི་ལོང་ལ། །བསྟན་པ་བཤིག་པའི་གཤེད་མ་མཛོད། །བདུད་ཕོ་བཅུ་ཡིས་ཁྲམ་ལ་ཐོབ། །གིང་ཆེན་བཅོ་བརྒྱད་ལས་ལ་བསྐུལ། །འཆི་བདག་འཁོར་ལོའི་ལག་ཏུ་གཏོད། །དུས་ལ་བབ་པོ་ས་མ་ཡ། །དམ་ལས་མ་འདའ་ཕྲིན་ལས་མཛོད། །ཡབ་ཡུམ་གཉིས་མེད་ཐུགས་ཀྱི་སྲས། །ལྷོ་ནུབ་གཤིན་རྗེ་མིག་དམར་ནི། །དམར་པོ་གཅོད་བྱེད་རལ་གྲི་བསྣམས། །ཆིབས་སུ་སྨྱོ་བྱེད་ཤ་བ་ཆིབས། །བྱི་ལིང་ཆེན་མོ་མགོ་འཕྱང་མ། །ཁྲོ་མོ་དམར་མོ་རལ་པ་ཅན། །གཡས་པ་ཐབས་ཀྱི་གཙོ་ལ་འཁྱུད། །གཡོན་པ་དུང་ཁྲག་གཙོ་ལ་སྟོབ། །ཡབ་ཅིག་འཇམ་དཔལ་བཀའ་བྱུང་གིས། །དམ་རྫས་གཏོར་མ་འདི་ལོང་ལ། །བསྟན་པ་བཤིག་པའི་གཤེད་མ་མཛོད། །བདུད་པོ་བཅུ་ཡིས་ཁྲམ་ལ་ཐོབ། །གིང་ཆེན་བཅོ་བརྒྱད་ལས་ལ་བསྐུལ། །འཆི་བདག་འཁོར་ལོའི་ལག་ཏུ་གཏོད། །དུས་ལ་བབ་པོ་ས་མ་ཡ། །དམ་ལས་མ་འདའ་ཕྲིན་ལས་མཛོད། །ཡབ་ཡུམ་གཉིས་མེད་ཐུགས་ཀྱི་སྲས། །ནུབ་ཕྱོགས་གཤིན་རྗེ་སྨིག་པ་ནི། །སྨུག་ནག་དབང་སྡུད་ཞགས་པ་ཐོགས། །ཆིབས་སུ་ཀླུ་རྒྱལ་བགེགས་པ་ཆིབས། །བདུད་མོ་ཆེན་མོ་མགོ་འཕྱང་མ། །ཁྲོ་མོ་སྨུག་ནག་རལ་པ་ཅན། །གཡས་པ་ཐབས་ཀྱི་གཙོ་ལ་འཁྱུད། །གཡོན་པ་དུང་དམར་གཙོ་ལ་སྟོབ། །ཡབ་ཅིག་འཇམ་དཔལ་བཀའ་བྱུང་གིས། །དམ་རྫས་གཏོར་མ་འདི་ལོང་ལ། །བསྟན་པ་བཤིག་པའི་གཤེད་མ་མཛོད། །བདུད་པོ་བཅུ་ཡིས་ཁྲམ་ལ་ཐོབ། །


DNG015_Page_0764
[མ་དཔེ་གཟིགས་ན་འདིར་གནོན།]

གིང་ཆེན་བཅོ་བརྒྱད་ལས་ལ་བསྐུལ། །འཆི་བདག་འཁོར་ལོའི་ལག་ཏུ་གཏོད། །དུས་ལ་བབ་པོ་ས་མ་ཡ། །དམ་ལས་མ་འདའ་ཕྲིན་ལས་མཛོད། །ཡབ་ཡུམ་གཉིས་མེད་ཐུགས་ཀྱི་སྲས། །ནུབ་བྱང་གཤིན་རྗེ་ཏེལ་པ་ནི། །ནག་པོ་འབྱེད་པའི་དབྱུག་ཐོ་བསྣམས། །ཆིབས་སུ་རྟ་དང་མ་ཧེ་ཆིབས། །གཟའ་སྲིན་ནག་མོ་མགོ་འཕྱང་མ། །ཁྲོ་མོ་ནག་མོ་རལ་པ་ཅན། །གཡས་པ་ཐབས་ཀྱི་གཙོ་ལ་འཁྱུད། །གཡོན་པ་དུང་དམར་གཙོ་ལ་སྟོབ། །ཡབ་ཅིག་འཇམ་དཔལ་བཀའ་བྱུང་གིས། །དམ་ལས་མ་འདའ་གཏོར་མ་ལོང་། །བསྟན་པ་བཤིག་པའི་གཤེད་མ་མཛོད། །བདུད་པོ་བཅུ་ཡིས་ཁྲམ་ལ་ཐོབ། །གིང་ཆེན་བཅོ་བརྒྱད་ལས་ལ་བསྐུལ། །འཆི་བདག་འཁོར་ལོའི་ལག་ཏུ་གཏོད། །དུས་ལ་བབ་པོ་ས་མ་ཡ། །དམ་ལས་མ་འདའ་ཕྲིན་ལས་མཛོད། །ཡབ་ཡུམ་གཉིས་མེད་ཐུགས་ཀྱི་སྲས། །བྱང་ཕྱོགས་གཤིན་རྗེ་ལྷ་མཆོག་ནི། །སེར་པོ་བུམ་པ་རྒྱ་གྲམ་བསྣམས། །ཆིབས་སུ་རྒྱས་པ་རྟ་ལ་ཆིབས། །ཀླུ་སྲིན་ཆེན་མོ་མགོ་འཕྱང་མ། །ཁྲོ་མོ་སེར་ནག་རལ་པ་ཅན། །གཡས་པ་ཐབས་ཀྱི་གཙོ་ལ་འཁྱུད། །གཡོན་པ་དུང་དམར་གཙོ་ལ་སྟོབ། །ཡབ་ཅིག་འཇམ་དཔལ་བཀའ་བྱུང་གིས། །དམ་རྫས་གཏོར་མ་འདི་ལོང་ལ། །བསྟན་པ་བཤིག་པའི་གཤེད་མ་མཛོད། །བདུད་པོ་བཅུ་ཡིས་ཁྲམ་ལ་ཐོབ། །གིང་ཆེན་བཅོ་བརྒྱད་ལས་ལ་བསྐུལ། །འཆི་བདག་འཁོར་ལོའི་ལག་ཏུ་གཏོད། །དུས་ལ་བབ་པོ་ས་མ་ཡ། །དམ་ལས་མ་འདའ་ཕྲིན་ལས་མཛོད། །ཡབ་ཡུམ་གཉིས་མེད་ཐུགས་ཀྱི་སྲས། །བྱང་ཤར་ཆོས་ཀྱི་རྒྱལ་པོ་ནི། །དམར་པོ་ཐོད་པ་མདའ་གཞུ་བསྣམས། །ཆིབས་སུ་སྐྲོད་བྱེད་རྔ་མོ་ཆིབས། །ནམ་གྲུ་ཆེན་མོ་མགོ་འཕྱང་མ། །ཁྲོ་མོ་དམར་མོ་རལ་པ་ཅན། །གཡས་པ་ཐབས་ཀྱི་གཙོ་ལ་འཁྱུད། །གཡོན་པ་དུང་དམར་གཙོ་ལ་སྟོབ། །ཡབ་ཅིག་འཇམ་དཔལ་བཀའ་བྱུང་གིས། །དམ་རྫས་གཏོར་མ་འདི་ལོང་ལ། །བསྟན་པ་བཤིག་པའི་གཤེད་མ་མཛོད། །བདུད་པོ་བཅུ་ཡིས་ཁྲམ་ལ་ཐོབ། །གིང་ཆེན་


DNG015_Page_0765
[མ་དཔེ་གཟིགས་ན་འདིར་གནོན།]

བཅོ་བརྒྱད་ལས་ལ་བསྐུལ། །འཆི་བདག་འཁོར་ལོའི་ལག་ཏུ་གཏོད། །དུས་ལ་བབ་པོ་ས་མ་ཡ། །དམ་ལས་མ་འདའ་ཕྲིན་ལས་མཛོད། །ཡབ་ཡུམ་གཉིས་མེད་ཐུགས་ཀྱི་སྲས། །འོག་ཕྱོགས་རལ་པ་ཚར་དགུ་ནི། །སྨུག་ནག་ལྕགས་ཀྱུ་རི་རབ་བསྣམས། །ཆིབས་སུ་མ་ཧེ་སྔོ་ནག་ཆིབས། །ལྷ་མོ་ནག་མོ་མགོ་འཕྱང་མ། །ཁྲོ་མོ་སྨུག་ནག་རལ་པ་ཅན། །གཡས་པ་ཐབས་ཀྱི་གཙོ་ལ་འཁྱུད། །གཡོན་པ་དུང་དམར་གཙོ་ལ་སྟོབ། །ཡབ་ཅིག་འཇམ་དཔལ་བཀའ་བྱུང་གིས། །དམ་ལས་མ་འདའ་གཏོར་མ་ལོང་། །བསྟན་པ་བཤིག་པའི་གཤེད་མ་མཛོད། །བདུད་པོ་བཅུ་ཡིས་ཁྲམ་ལ་ཐོབ། །གིང་ཆེན་བཅོ་བརྒྱད་ལས་ལ་བསྐུལ། །འཆི་བདག་འཁོར་ལོའི་ལག་ཏུ་གཏོད། །དུས་ལ་བབ་པོ་ས་མ་ཡ། །དམ་ལས་མ་འདའ་ཕྲིན་ལས་མཛོད། །ཡབ་ཡུམ་གཉིས་མེད་ཐུགས་ཀྱི་སྲས། །འོག་ཕྱོགས་གཤིན་རྗེ་ཐོད་དབྱུག་ནི། །ནག་པོ་ཕྱག་ན་ཐོད་པ་བསྣམས། །ཆིབས་སུ་ས་བདག་བགེགས་པ་ཆིབས། །ས་བདག་སྟོང་ཁྱབ་མགོ་འཕྱང་མ། །ཁྲོ་མོ་ནག་མོ་རལ་པ་ཅན། །གཡས་པ་ཐབས་ཀྱི་ཡབ་ལ་འཁྱུད། །གཡོན་པ་དུང་དམར་གཙོ་ལ་སྟོབ། །ཡབ་ཅིག་འཇམ་དཔལ་བཀའ་བྱུང་གིས། །དམ་རྫས་གཏོར་མ་འདི་ལོང་ལ། །བསྟན་པ་བཤིག་པའི་གཤེད་མ་མཛོད། །བདུད་པོ་བཅུ་ཡིས་ཁྲམ་ལ་ཐོབ། །གིང་ཆེན་བཅོ་བརྒྱད་ལས་ལ་བསྐུལ། །འཆི་བདག་འཁོར་ལོའི་ལག་ཏུ་གཏོད། །དུས་ལ་བབ་པོ་ས་མ་ཡ། །དམ་ལས་མ་འདའ་ཕྲིན་ལས་མཛོད། །ཅེས་བཅོམ་ལྡན་འདས་འཇིགས་བྱེད་ཀྱི་རྒྱལ་པོས་འཁོར་རྣམས་ལ་བསྐུལ་ཏེ། སོ་སོའི་གཤེད་བསྒོས་སོ། །དཔལ་གཤིན་རྗེ་ཟླ་གསང་ནག་པོ་རྩ་བའི་རྒྱུད་ལས། ཕྱོགས་སྐྱོང་གི་གཤེད་བསྒོ་བའི་ལེའུ་སྟེ་ཞེ་དགུ་པའོ།། །།དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོ་དེས། ཉིན་བཞི་ལྷ་ཡི་གིང་བཞི་ལ། །ཕྲིན་ལས་བཅོལ་བ་འདི་གསུངས་སོ། །རཱ་ཙ་ཧ་ལ་འཁོར་ལོའི་ལྷ། །འཁོར་ལོའི་ནག་པོ་མཱ་ར་བདུད། །དུག་གི་མཚོན་ཆ་སྔགས་ཀྱི་ཐེམས། །རྫས་ཀྱི་སྦྱོར་བ་ཐབས་ཀྱི་དང་། །བསྙེན་པ་དབྱེ་བ་གསང་བའི་ཐབས། །


DNG015_Page_0766
[མ་དཔེ་གཟིགས་ན་འདིར་གནོན།]

ཧྲཱྀཿཤྟྲཱིཿསྦྱོར་བ་བླ་མའི་ངག །འཁོར་ལོ་བསྐོར་བ་མན་ངག་གཏེར། །ཟླ་བ་ནག་པོ་གཅེས་པའི་གྲོགས། །བར་བར་སྤྱི་རྒྱུག་ཐབས་ཀྱི་ཕུལ། །དམར་ནག་ཁྲག་དམར་མན་ངག་ཐབས། །གཤེད་བདུད་གིང་རྦད་མན་ངག་གཏེར། །ལས་བསྒྲུབ་མནན་པ་རང་གི་སྙིང་། །དྲང་སྲོང་དམོད་པ་སྤོག་བྱེད་གྲོགས། །དེ་བཞིན་སྤྱི་རྒྱུག་གཅིག་ལ་ནི། །ཆོས་ཀྱི་རྒྱལ་པོ་ལ་སོགས་པའི། །ཉིན་བཞི་ལྷ་ཡི་གིང་བཞི་བསྐུལ། །ཉི་མ་དང་པོའི་རྩིས་བྱེད་གིང་། །པྲ་མ་ར་ཙ་སྲིན་པོ་སྟེ། །བར་སྣང་ཁམས་ལ་ཡིད་ཀྱི་རྒྱུ། །གསང་བས་དབང་བསྐུར་སྒྲོལ་ཞིང་བདག །སྟག་ཞུ་སྟག་རལ་སྐུ་ལ་བསྣམས། །ཕྱག་ན་ཤོ་རྡེའི་རྩིས་བྱེད་གིང་། །བདག་གི་མ་ཉེས་འདི་ཡིས་ཉེས། །ཤོ་རྡེ་ནག་པོའི་རྩིས་སུ་ཆུག །སྲོག་གཅོད་སྙིང་ཕྱུང་སྐྱོ་འབོག་ཐོང་། །གཏད་དོ་མ་བཏང་ཤོར་ར་རེ། །ཉི་མ་གཉིས་པ་རྩིས་བྱེད་གིང་། །ཡ་མ་རཱ་ཙ་གཤིན་རྗེའི་གིང་། །ཞལ་བགྲད་མཆེ་གཙིགས་ཁ་དོག་གནག །ཐོད་སྦྲུལ་གཡང་གཞི་སྐུ་ལ་གསོལ། །ཆུ་གླང་ནག་པོ་ཆིབས་སུ་ཆིབས། །ཕྱག་ན་ཤོ་རྡེའི་རྩིས་བྱེད་གིང་། །བདག་གིས་མ་ཉེས་འདི་ཡིས་ཉེས། །ཤོ་རྡེ་ནག་པོའི་རྩིས་སུ་ཆུག །སྲོག་ཆོད་སྙིང་ཕྱུང་སྨྱོ་འབོག་ཐོང་། །གཏད་དོ་མ་བཏང་ཤོར་ར་རེ། །ཉི་མ་གསུམ་པའི་རྩིས་བྱེད་གིང་། །འདའ་ཤ་གྲི་བ་བདུད་ཀྱི་གིང་། །ནག་པོ་ཤ་ཟན་ཤ་ཞུ་ཅན། །ནག་པོ་སྙིང་གར་ཆིབས་སུ་ཆིབས། །མི་ཤ་ཟ་ཞིང་མི་ཁྲག་འཐུང་། །དུག་མདའ་འཕེན་ཞིང་མི་ཤ་ཟ། །རྟ་ནག་ཞོན་པ་འབུམ་ཁྲིར་བཅས། །སྲོག་ཆོད་སྙིང་ཕྱུང་སྨྱོ་འབོག་ཐོང་། །ཤ་ཟ་ཁྲག་འཐུང་དགྲ་ལ་རོལ། །ཁཾ་ཁཾ་དུན་དུན་དགྲ་ལ་དུན། །འུར་འུར་ཆེམ་ཆེམ་དགྲ་ལ་ཆེམ། །ལག་ན་དཀར་ནག་རྩིས་བྱེད་གིང་། །བདག་གིས་མ་ཉེས་ཁོ་ཡིས་ཉེས། །ཤོ་རྡེ་ནག་པོའི་རྩིས་སུ་ཆུག །སྲོག་ཆོད་སྙིང་ཕྱུང་སྨྱོ་འབོག་ཐོང་། །གཏད་དོ་མ་བཏང་ཤོར་ར་རེ། །ཉི་མ་བཞི་པའི་རྩིས་བྱེད་གིང་། །ཡ་མ་ར་ཙ་གནོད་སྦྱིན་གིང་། །ཞོན་པ་གཟའ་རྟ་ནག་པོ་ཞོན། །ཟབ་


DNG015_Page_0767
[མ་དཔེ་གཟིགས་ན་འདིར་གནོན།]

སླག་ཁྲ་བོ་སྐུ་ལ་གསོལ། །བདུད་ཞགས་ནག་པོ་དགྲ་ལ་འཕེན། །དབུ་ལ་དོམ་ཞུ་ནག་པོ་གསོལ། །ལག་ན་དཀར་ནག་རྩིས་བྱེད་གིང་། །བདག་གིས་མ་ཉེས་ཁོ་ཡིས་ཉེས། །ཤོ་རྡེ་ནག་པོའི་རྩིས་སུ་ཆུག །སྲོག་ཆོད་སྙིང་ཕྱུང་སྨྱོ་འབོག་ཐོང་། །གཏད་དོ་མ་བཏང་ཤོར་ར་རེ། །བདུད་ཀྱི་རྦད་ཐུཾ་རི་ལི་ལི། །འདའ་ཤ་གྲི་བ་རྦད་ཐུཾ་རི་ལི་ལི། །ཡགྴ་གྲི་བ་རྦད་ཐུམ་རི་ལི་ལི། །དེ་སྐད་ཅེས་ནི་དྲག་ཏུ་བརྗོད། །ཉེས་པ་དང་བཅས་ཤོ་རྡེ་བགྲང་། །རང་བཤགས་དང་ནི་བསྲུང་བ་བྱ། །ཞེས་གསུངས་སོ། །དཔལ་གཤིན་རྗེ་ཟླ་གསང་ནག་པོ་རྩ་བའི་རྒྱུད་ལས། ཉི་མ་བཞིའི་ལྷའི་གིང་བཞི་ལ་ཕྲིན་ལས་བཅོལ་བའི་ལེའུ་སྟེ་ལྔ་བཅུ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་འཇིགས་བྱེད་ཀྱི་རྒྱལ་པོ་ལ། འདུས་པའི་འཁོར་རྣམས་ཀྱིས། ཤིན་ཏུ་དགྱེས་པས་ཡི་རངས་ནས་འདུད་སྟེ་འདི་སྐད་ཅེས་བསྟོད་དོ། །ཧཱུཾ་གཏུམ་ཆེན་རབ་འབར་གཤིན་རྗེ་འཇོམས་བྱེད་པ། །ཉི་མ་འབུམ་པས་ལྷག་པའི་འོད་ལྡན་ཁྱོད། །ཕྱག་མཚན་མང་པོ་བསྐལ་པའི་མེ་ལྟར་འབར། །རབ་བརྗིད་གཤིན་རྗེའི་གཤེད་ལ་ཕྱག་འཚལ་བསྟོད། །རྡོ་རྗེའི་སྐུ་ལ་ཀླུ་དབང་རབ་བརྒྱན་ཅིང་། །གཅན་གཟན་གདུག་པའི་ལྤགས་རློན་ན་བཟའ་གསོལ། །མི་མགོ་ཐོད་རློན་སྐུ་ཡིས་རྒྱན་དུ་བྱས། །བརྐྱང་བསྐུམ་ཚུལ་གྱིས་གཤིན་རྗེ་ཞབས་ཀྱིས་མནན། །མི་བཟད་ཁྲོ་བོའི་རྒྱལ་པོ་གདོང་དྲུག་ཧཱུཾ་སྒྲ་ཅན། །ཕཊ་ཀྱིས་ཁམས་གསུམ་སྔངས་མཛད་ཞལ་དྲུག་གདངས། །ཤ་ཟའི་མགོ་བཅད་དབུ་ཡི་ཐོད་དུ་བཅིངས། །སྤྱན་ཟློག་ཙམ་གྱིས་བདུད་ཀྱི་སེར་ཆེན་འབེབས། །ལྗགས་འདྲིལ་ཚེམས་ཀྱི་རྩེ་ནས་རྡོ་རྗེའི་ཐོག་འབེབས་ཤིང་། །འཁོར་གྱི་མ་མོ་རྣམས་ནི་འདར་ཞིང་འདུད། །དེ་བས་ལྷ་ཀླུ་གནོད་སྦྱིན་གཞན་ལྟ་སྨོས་ཅི་དགོས། །རྐན་སྒྲ་གཏོག་པས་ལྷ་ཆེན་ཁྱབ་འཇུག་ཀྱང་། །བུབ་འགྱེལ་བཅས་པས་ཁྲག་འཐུང་ཉིད་ལ་འདུད། །སྟོང་ཁམས་མིད་པར་བཅས་པའི་ཞལ་གདངས་ཅན། །ཁྲོ་གཏུམ་ཚམ་རྔམས་ཆེན་པོ་བསྟན་པས་ཀྱང་། །ཚངས་པ་


DNG015_Page_0768
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བཅས་རྔུལ་གྱི་ཐིགས་འཛག་ཅིང་། །ནད་གཏོང་སྲིན་མོའི་ཚོགས་ཀྱང་འདར་ཞིང་འདུད། །རྒྱུ་ཕྲེང་ཁྲག་དང་བཅས་པའི་ཞལ་ཐོགས་ཤིང་། །ཕྱག་ན་ཏྲི་ཤུལ་མི་མགོ་རབ་བསྣམས་ཤིང་། །དངོས་གྲུབ་མཆོག་གི་ཀླད་ཁྲག་ཞལ་དུ་གསོལ། །ཁྱུང་དང་འུག་པ་ལྟ་བུའི་ཁྲ་བསྣམས་ཤིང་། །དམ་ལས་ལྡོག་པ་རྣམས་ལ་གཏོང་བར་བྱེད། །གནོད་སྦྱིན་མི་བགྲུངས་ཕྲེང་བས་སྐུ་ལ་བརྒྱན། །རྡོ་རྗེ་བརྗིད་པའི་སྟངས་སྟབས་གར་བྱས་པས། །དུར་ཁྲོད་ཆེན་པོར་མཚན་མོར་རབ་རྒྱུ་ཞིང་། །རོ་ལས་མགོ་བཅད་སོ་ཡིས་ཆེམ་ཆེམ་ཟ། །ངོ་མཐོང་ཙམ་གྱིས་སྨ་འབབ་ཞབས་ལ་གཏུགས། །ཡོན་ཏན་བྱེ་བས་བརྒྱན་པའི་ལྷ་ཁྱོད་ལ། །དེ་ནས་བཟོད་པར་དཀའ་ཡང་བདག་འདུད་ན། །གདུག་པའི་སེམས་ཀྱིས་བདག་གིས་འཁོར་དུ་གཏོགས་པ་ལ། །གནོད་པར་བྱེད་པའི་མི་དང་མི་མིན་འབྱུང་པོའི་ཚོགས། །ཟུང་ཞིག་ནོན་ཅིག་སྒྲོལ་མཛད་གཤིན་རྗེའི་གཤེད། །ཡུན་གྱི་ལྷར་ཡང་ཁྱོད་ལ་གསོལ་འདེབས་ན། །རི་རབ་གསེར་གྱི་ངོས་ལ་བྱ་གནས་པ། །བྱ་ཡི་རང་བཞིན་བོར་ནས་གསེར་དུ་སྣང་། །ཐམས་ཅད་ཆོས་ཀྱི་སྐུ་ནི་བདག་བསྒོམས་པས། །བདག་གིས་རང་བཞིན་བོར་ནས་ཁྲོ་བོར་གསལ། །ལྷ་མཆོག་ཁྱོད་ལ་ཡི་དམ་སུ་བསྟེན་པ། །མི་ཡི་ཐ་མ་རྣམས་ཀྱང་མཆོག་ཏུ་འགྱུར། །དེ་བས་འདི་དང་ཕ་རོལ་གཉིས་ཀ་རུ། །སྲོག་གི་ཕྱིར་ཡང་ལྷ་མཆོག་མི་གཏོང་ན། །བྱམས་པའི་ཞལ་བཟང་བདག་ལ་བསྟན་པ་དང་། །ཐུགས་རྗེའི་སྤྱན་གྱིས་བདག་ལ་གཟིགས་སུ་གསོལ། །ཁྱེད་ལྟར་བདག་གྱུར་དེ་ལྟར་ཕྱག་ཀྱང་འཚལ། །ཡུན་རིང་གོང་ནས་ལྷ་མཆོག་བདག་བསྒྲུབས་ན། །ཁྱོད་ཀྱི་དངོས་གྲུབ་དམ་པ་བདག་ལ་སྩོལ། །ཀཱ་ལ་རཱུ་པ་ཆེ་གེ་མོ་སྟ་ག་ཧྲཱྀཿ ཿན་ཧཱུཾ་ཕཊ། གང་དག་གཤིན་རྗེའི་གཤེད་པོ་ཡིས། །དེ་བས་བེ་ཅོན་ཕྱག་རྒྱར་གསལ། །འདི་ནི་ཕྱག་རྒྱའི་ཚོགས་མཆོད་པས། །ཡང་དག་བསྟན་པས་ཡང་དག་གསལ། །ཕྱག་རྒྱ་བཅིངས་པར་གྱུར་པ་འདིས། །ཁྲོ་བོའི་སྙིང་པོར་སྔར་འབར་བྱེད། །མཚོན་ཆ་མ་ལུས་པ་ཡི་གཙོ། །བདུད་དང་དགྲ་བགེགས་ཞི་བར་བྱེད། །ཨོཾ་ན་མོ་


DNG015_Page_0769
[མ་དཔེ་གཟིགས་ན་འདིར་གནོན།]

བུད་དྷཱ་ཡ། དྷརྨ་སང་གྷེ་བྷྱཿ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀྲོ་དྷ་བི་ཛ་མ་ཨ་ག་ནི་ར་ཛྭ་ལ་ནི། ཤྲཱི་ཧཱུཾ་ཕཊ། ཞེས་འཁོར་རྣམས་ཀྱིས་རབ་ཏུ་བསྟོད་དོ། །དཔལ་གཤིན་རྗེ་ཟླ་གསང་ནག་པོ་རྩ་བའི་རྒྱུད་ལས། གཏུམ་ཆེན་ལ་བསྟོད་པའི་ལེའུ་སྟེ་ང་གཅིག་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་གཤིན་རྗེའི་གཤེད་པོས། འགལ་བ་ཆམ་ལ་དབབ་པའི་སླད་དུ། གདུག་པ་ཀླུའི་གསང་སྔགས་འདི་གསུངས་སོ། །ནུབ་ཕྱོགས་ཕོ་བྲང་རྒྱ་མཚོའི་ཆུ། །ངོ་མཚར་ཆུ་བོ་བཞི་འབབ་པ། །རབ་ཏུ་མི་བགྲུངས་ཀླུ་ཡི་གནས། །དེ་ཉིད་དྲེགས་པ་འདུལ་བའི་ཕྱིར། །བཅོམ་ལྡན་གཤིན་རྗེའི་གཤེད་པོ་ཡིས། །ལག་ན་རྡོ་རྗེར་སྐུ་སྤྲུལ་ཏེ། །ཕྱག་ན་རྡོ་རྗེས་ཐུགས་ཁྲོས་པ། །གསེར་མིག་འབར་བའི་ང་རྒྱལ་གྱིས། །གདུག་པའི་ཀླུ་རྣམས་དྲེད་པར་འགྱུར། །རབ་ཏུ་མི་བགྲུངས་ཀླུ་རྣམས་ཀྱིས། །རབ་ཏུ་འཇིགས་ཏེ་འདི་སྐད་སྨྲས། །ཀྱེ་མ་རྡོ་རྗེ་གཟུགས་མཛེས་པ། །རབ་ཏུ་རྔམ་པའི་རྡོ་རྗེ་ཡིས། །ལྕགས་མཆུ་འབར་བ་རབ་ཏུ་བརྗིད། །གསེར་མིག་འབར་བ་རབ་ཏུ་བགྲད། །མགོ་ལ་ཡིད་བཞིན་ནོར་བུས་བརྒྱན། །ཤེས་རབ་ཐབས་ལྡན་གཤོག་པས་བརྒྱན། །ཐབས་ལྡན་སྡེར་མོས་རབ་ཏུ་གདེངས། །ཀྱེ་མ་སྐུ་མདོག་གཡང་གཞི་ཅན། །སྐུ་སྨད་སྦྲུལ་གྱི་ཆུན་པོས་བརྒྱན། །ཐོད་པ་ཚར་གསུམ་སེ་རལ་ཁ། །རྩལ་འཕགས་ཁྱད་པར་དེ་བཞིན་མཐོང་། །བདག་ཅག་རྣམས་ཀྱི་ཡི་དམ་ལྷ། །དྲག་པོའི་ཆ་བྱད་ཟླ་རྒྱས་ལ། །དྲག་པོ་ཆེན་པོ་བཀའ་བཞིན་བགྱིད། །དེ་སྐད་ཟེར་ཞིང་འཐོན་ནས་ནི། །དམ་ཚིག་འདི་སྨྲས་སྐུ་ལ་འཁྲིལ། །ནཱ་ག་རུ་ཏྲ་ས་ན་ཧྲཱྀ་ལ་ལ་དུས་ནི། གར་སང་ཏི་སྭཱ་ཧཱ། དེ་ནས་གསེར་མིག་འབར་བ་ཡིས། །ང་རྒྱལ་ཆེན་པོ་འདི་བསྟན་ཏེ། །དབང་དུ་བསྡུ་ཕྱིར་དམ་ཚིག་རྒྱ། །དང་པོ་གཉིས་ནི་ནང་དུ་བསྟན། །གཞན་རྣམས་དབང་དུ་བརྒྱངས་པ་སྟེ། །ཁྲོས་པའི་ཚིག་ནི་འདི་བརྗོད་དོ། །ཏ་ཀི་ཛ་དེ་བྱི་ཛ་དེ། ཧཱུཾ་ཡ་ཧཱུཾ་ཡ། ཧཱུ་ལུ་ཧཱུ་ལུ། བུ་རུ་བུ་རུ་ཏེ་སྭཱ་ཧཱ། ཞེས་གསུངས་སོ། །ཆེ་བ་རྒྱུན་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་རིགས་བཞིའི་ཀླུ་རྣམས་ལ་རབ་ཏུ་


DNG015_Page_0770
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་བ་བསྟན་པའི་ཕྱིར། ཉིད་ཀྱི་གཞལ་ཡས་ཁང་ཆེན་པོ། །རབ་ཏུ་བརྗིད་པ་འདི་ཉིད་དུ། །བྱོལ་སོང་རིགས་བཞིའི་འཁོར་རྣམས་དང་། །ཐབས་ཅིག་འདུག་ནས་འདི་ལྟ་སྟེ། །རྒྱ་མཚོ་ཆེན་པོའི་དབུས་ན་འབར། །རི་རབ་མཆོད་རྟེན་གཟུགས་འདྲ་ལ། །བུམ་པ་ཡིད་བཞིན་ཤིང་ལོས་བརྒྱན། །སྦྲུལ་གཉིས་དར་དཔྱངས་ལྟ་བུས་མཛེས། །རིགས་བཞི་རྒྱན་གྱིས་རབ་ཏུ་བཀླུབས། །སྒོ་བཞིའི་ཀ་བ་ཡང་དག་ལྡན། །དེ་འོག་སྦྲུལ་གཉིས་རབ་ཏུ་མཛེས། །བྱོལ་སོང་ལོངས་སྤྱོད་དག་དང་ལྡན། །དེ་ཉིད་བུམ་པའི་ཁོང་སེང་ནས། །གསེར་མིག་འབར་དང་ཐབས་ཅིག་ཏུ། །བཞུགས་པའི་ཚུལ་ཡང་འདི་ལྟ་སྟེ། །གཟི་བརྗིད་མཐའ་ཡས་དུང་སྐྱོང་དང་། །གང་བོ་ནོར་ལྡན་ལ་སོགས་ཏེ། །དགའ་བོ་འཇོག་པོ་མ་དྲོས་དང་། །རིགས་བཞི་ཀླུ་ཡི་གཙོ་བརྒྱད་བསྐུལ། །སྐུ་ལ་འཁྲིལ་ཏེ་རབ་ཏུ་གནས། །གྱ་ནོམ་ནོར་མིན་ལ་སོགས་སྤྲུལ་པ་བརྒྱད། །དར་དཔྱངས་མ་དང་པདྨ་ཅན། །གཟི་བརྗིད་མ་དང་སྤྲུལ་པ་མ། །ཀླུ་མོ་རིགས་བཞི་ལ་སོགས་པ་དང་ཐབས་གཅིག་ཏུ་བཞུགས་སོ། །དེ་ནས་ཡང་བཅོམ་ལྡན་འདས་གཤིན་རྗེའི་གཤེད་པོས་གཉེན་པོ་བསྒྲུབ་པ་འདི་གསུངས་སོ། །དགོན་པ་དུར་ཁྲོད་མཚོ་གླིང་ངམ། །ཆུ་གླིང་ནཱ་ག་གནས་པའི་སར། །དཀྱིལ་འཁོར་ཆ་མཉམ་ཡིད་འོང་ལ། །དྲི་སྤོས་སྨན་གྱིས་ཆག་ཆག་གདབ། །འཁོར་ལོ་རྩིབས་བཞི་མུ་ཁྱུད་ལྡན། །སྒོ་བཞི་རིགས་དང་ལྡན་པ་བྲི། །དབུས་སུ་ལག་ན་རྡོ་རྗེ་སྟེ། །འཁོར་ལོ་བཞི་ལ་བྱ་ཁྱུང་བཞི། །གྲུ་ཆད་མཆོད་པའི་བུམ་པ་བཞི། །སྨན་ལྔ་སྤོས་ལྔ་རིན་ཆེན་ལྔ། །འབྲུ་ལྔ་མེ་ཏོག་ལྔ་ལ་སོགས། །བཅུ་གཉིས་ལྔ་ཉིད་བྱིན་གྱིས་བརླབ། །སྒོ་བཞིར་མཆོད་པའི་གཏོར་མ་བཞི། །འབའ་མ་ཧ་སྟས་བཅངས་པ་ཡིས། །སོར་མོ་ལྔ་ཡི་པན་ཙའི་རྗེ། །མཁའ་ལྡིང་མཆོད་པའི་རྫས་སུ་བཞག །དེ་ནས་ཏིང་འཛིན་རིམ་པ་ནི། །དང་པོ་སྟོང་པའི་བྱང་ཆུབ་སེམས། །གཉིས་པ་སྙིང་རྗེ་འབྱུང་བ་སྟེ། །གསུམ་པ་ཧཱུཾ་རྒྱུའི་རྣམ་པ་ལས། །བཾ་གྱི་ས་བོན་


DNG015_Page_0771
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱུང་བའི། །རྒྱ་མཚོ་ཆེན་པོའི་དབུས་སུ་ནི། །ལ་ལས་རིན་ཆེན་རི་རབ་བསྐྱེད། །དེ་སྟེངས་ས་ཁམས་ག་རུ་ཎ། །རྡོ་རྗེ་གཤོག་པའི་བྱིན་རླབས་ལས། །བྱ་ཁྱུང་རྒྱལ་པོ་བཞི་བྱུང་བས། །དཀར་དང་དམར་དང་སེར་དང་ལྗང་། །འཁོར་ལོ་རྩིབས་བཞིའི་སྟེང་དུ་བསྒོམ། །ཤར་ཕྱོགས་འཁོར་ལོའི་རྩིབས་སྟེངས་སུ། །ཡེ་ཤེས་མཁའ་ལྡིང་སྟོབས་པོ་ཆེ། །སྐུ་མདོག་དཀར་སེར་འོད་འབར་བ། །དབུ་གསུམ་རྡོ་རྗེ་མཆུ་ཕྲ་བ། །རིང་ལ་དམར་ཞིང་སྤྱན་ཡང་དམར། །ཞལ་གདངས་རལ་པ་སྤྲུགས་པའི་ཚུལ། །ཡེ་ཤེས་གཤོག་གདེངས་སྐུ་དངངས་ཤིན་ཏུ་གཡོ། །སྐུ་དང་ཡན་ལག་རིན་ཆེན་བཻ་ཌཱུར་རྒྱན། །ཕྱག་དྲུག་གཡས་ཀྱི་དང་པོ་འཁོར་ལོ་འབར། །བར་མ་ལྕགས་ཀྱུ་ཐ་མ་ཐལ་མོ་སྦྱར། །གཡོན་གྱི་དང་པོ་རིན་ཆེན་ཟུར་བརྒྱད་བསྣམས། །བར་མ་ཞགས་པ་ཐ་མ་ཐལ་མོ་སྦྱར། །ནུབ་ཕྱོགས་འཁོར་ལོའི་རྩིབས་སྟེངས་སུ། །ཡེ་ཤེས་མཁའ་ལྡིང་རྒྱལ་པོ་གཟི་བརྗིད་འོད། །དབུ་གསུམ་མདོག་དམར་རལ་པ་ལྕང་ལོར་འཁྱིལ། །ཞལ་གདངས་ཡེ་ཤེས་གཤོག་པ་ཆེན་པོ་གདེངས། །སྐུ་དང་ཡན་ལག་ཡེ་ཤེས་མེ་ཆེན་འབར། །ཕྱག་གཡས་དང་པོ་རྡོ་རྗེ་རྩེ་ལྔ་བསྣམས། །བར་མ་ལྕགས་ཀྱུ་ཐ་མ་རིན་པོ་ཆེ། །གཡོན་པ་དང་པོ་རྡོ་རྗེ་པདྨ་འབར། །བར་མ་ཞགས་པ་ཐ་མ་དབྱུག་ཏོ་འཕྱར། །ལྷོ་ཕྱོགས་འཁོར་ལོའི་རྩིབས་སྟེངས་སུ། །ཡེ་ཤེས་མཁའ་ལྡིང་ཆེན་པོ་མེ་ཆེན་འབར། །དབུ་གསུམ་མདོག་སེར་རལ་པ་གྱེན་དུ་འཁྱིལ། །ཡན་ལག་རིན་ཆེན་སྐུ་ལ་མེ་ཆེན་འབར། །ཡེ་ཤེས་གཤོག་པ་རྒྱ་ཆེན་བརྐྱང་བསྐུམ་མཛད། །ཕྱག་དྲུག་གཡས་ཀྱི་དང་པོ་རིན་ཆེན་འབར། །བར་མ་ལྕགས་ཀྱུ་ཐ་མ་དཔག་བསམ་ཤིང་། །གཡོན་གྱི་དང་པོ་ཡེ་ཤེས་རལ་གྲི་འཕྱར། །བར་མ་ཞགས་པ་ཐ་མ་གཤོག་ཚུལ་བརྐྱངས། །བྱང་ཕྱོགས་འཁོར་ལོའི་རྩིབས་སྟེངས་སུ། །ཡེ་ཤེས་མཁའ་ལྡིང་རྒྱལ་པོ་རླུང་གི་ཤུགས། །དབུ་གསུམ་མདོག་ལྗང་རལ་པ་གྱེན་དུ་བརྫེས། །སྒྲ་སྐད་སྣ་ཚོགས་བཞད་ཅིང་སྨིན་མ་བསྐྱོད། །ཡན་ལག་རིན་ཆེན་བརྒྱན་


DNG015_Page_0772
[མ་དཔེ་གཟིགས་ན་འདིར་གནོན།]

པས་སྐུ་འབར་བ། །ཕྱག་དྲུག་གཡས་ཀྱི་དང་པོ་རལ་གྲི་འབར། །བར་མ་ལྕགས་ཀྱུ་ཐ་མ་ཤིང་ཐོག་བི་ཛ་བུར། །གཡོན་གྱི་དང་པོ་འཁོར་ལོ་འབར་བ་བསྣམས། །བར་མ་ཞགས་པ་ཐ་མ་གཤོག་ཚུལ་བརྐྱངས། །དེ་རྣམས་རྩ་བའི་སྙིང་པོ་ཁྲོམ་ལས་བསྐྱེད། །དེ་བཞིན་སྤྱན་དྲངས་བཞུགས་སུ་གསོལ། །ཕྱོགས་དང་མཆོད་དང་བསྟོད་དང་བཟླས་པ་ཚུལ་བཞིན་བྱ། །བ་ལིན་ལ་སོགས་བྱེད་པ་དང་། །འབའ་མ་ཧ་སྟས་བཅངས་པ་ཡིན། །སོར་མོ་ལྔ་ཡིས་བཅངས་པའི་རྗེས། །ཟན་ཆངས་དཀར་གསུམ་འབྲུ་དང་སྨན་གྱིས་མཆོད། །ཨོཾ་རཱ་ཙ་ར་མ་མ་ཧཱ་ག་རུ་ཌ། ཧཱུཾ་ཧཱུཾ་ཕ་ལིན་པཱུ་ཙ་བྷཱ་ཏ་ཁཱ་ཧི། ཞེས་པས་པཱུ་ཙ་དབུལ་བར་བྱའོ། །དེ་ནས་རྒྱུན་དུ་སྔགས་འདི་བཟླས། །ཨོཾ་ཀཾ་ཡོད་ཀཾ། ཁྱུང་ཀ་ར་ཁྱུང་ཀ་ར། ཤ་མ་རང་དབྱིག་དུ།ཤ་མ་རང་དབྱིག་དུ། བཛྲ་མ་ཧཱ་ཀྲོ་དྷ་ཧཱུཾ་ཕཊ། གསང་སྔགས་རྩ་བ་རྒྱུན་དུ་གྲངས། །མཁའ་ལྡིང་གསང་བའི་ལས་བྱེད་ན། །བདག་གམ་གཞན་ལ་གདུག་པས་འཇིགས། །ག་རུ་རྒྱལ་པོ་མཆོད་འདོད་པས། །གནས་ཁང་པ་ཡི་སྒོ་ངོས་སུ། །སྡུམ་པའི་ས་འམ་བག་ཟན་ལ། །ག་རུའི་གཟུགས་བྱས་རྟེན་བཅས་ཏེ། །བ་ལིང་ལ་སོགས་པཱུ་ཛ་དང་། །འབའ་མ་ཧ་སྟས་བཅངས་པ་ཡིས། །སོར་མོ་ལྔ་ཡིས་པཱུ་ཙ་རྫས། །ག་རུ་རཱ་ཛ་ཉིད་ལ་དབུལ། །སྙིང་པོ་ལྔ་པོ་གང་ཡང་རུང་། །གཅིག་གིས་སྣ་དྲངས་བརྗོད་རྗེས་ལ། །མཉེས་པའི་བསྟོད་པ་འདི་ཡང་འབུལ། །ག་རུ་ཊ་ཉིད་བརྗོད་ནས་ཀྱང་། །དེ་རྗེས་པཱུ་ཙ་རབ་ཏུ་བརྗོད། །ཐོག་མར་ཨོཾ་དང་སྭཱ་ཧཱས་དབུལ། །འདི་ལྟར་གཞུང་བཞིན་བྱས་ནས་ནི། །ཀ་ལ་ཤ་ཏ་ཟིན་པ་ལས། །གྲོལ་བར་འགྱུར་བ་ཐེ་ཚོམ་མེད། །དེ་ནས་གཉན་པོ་རིགས་བཞི་ལ། །མཉེས་པའི་བསྟོད་པ་འདི་ཡང་འབུལ། །ཧཱུཾ་རིག་སྔགས་མཐུ་སྟོབས་བདག་པོའི་སྐུ། །ཨེ་མ་ཧོ་ཕྱག་མཐིལ་དཀྱིལ་ན་རྡོ་རྗེ་འབར་བ་འདྲ། །ཞལ་ནས་གསུང་སྐད་བཏོན་པས་སྟོང་གསུམ་དབང་དུ་སྡུད། །ཁམས་གསུམ་དྲག་ཏུ་གཡོས་པས་ཀླུ་ཆེན་ཕོ་མོ་བཏུལ། །མཁའ་ལྡིང་རྒྱལ་པོ་འཇིགས་པ་ག་རུ་ཎ། །ལྕགས་


DNG015_Page_0773
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱུ་འདབ་གཤོག་བརྐྱངས་པ་ཡིས། །གསེར་གྱི་འོད་འཕྲོས་རླུང་སྒྲ་དྲག་པོ་ཡིས། །གསེར་བྱ་ཆེན་པོར་ཀུན་ཏུ་བརྡལ་བ་ཡིས། །ཀླུ་རྒྱལ་འཁོར་དང་བཅས་པ་ཟིལ་གྱིས་གནོན། །འཇིགས་བྱེད་གསེར་གྱི་སྤྱན་ནོན་ཆེན་པོས་ནི། །ཚངས་པ་ཆེན་པོའི་འདུལ་ས་རྩེ་ནས་གནོན། །གལ་ཏེ་ཀླུ་རྣམས་དམ་ལས་འདའ་གྱུར་ན། །རྒྱ་མཚོའི་སྙིང་པོ་རྒྱ་མཚོ་ལྦུ་བ་ནི། །གཤོག་པ་ཆེན་པོ་རྒྱ་མཚོར་བྱབས་ནས་ནི། །ཀླུ་རྣམས་ཐམས་ཅད་དབང་དུ་བསྡུས་ནས་ཀྱང་། །མེ་ཡི་སྙིང་པོ་འབར་བས་བསྲེག་བྱས་ཏེ། །ལུས་ནི་རུལ་མྱགས་དྲི་ནི་ང་བར་འགྱུར། །ནད་ཀྱི་སྣ་དྲངས་རྣམ་པ་མང་པོར་བཏབ་པ་ཡང་། །ལུས་ལ་ནད་ཀྱང་ཤ་བཀྲར་འབྱུང་བར་འགྱུར། །ག་རུ་ཊ་ཙ་ལེ་ཙ་ལེ་ཧཱུཾ་ཕཊ། ཧཱུཾ་མཁའ་ལྡིང་རྒྱལ་པོ་ཚངས་པའི་བྱ། །གསེར་འདབ་བྱ་ཁྱུང་ག་རུ་ཌ། །དྲང་སྲོང་འཁོར་ནི་སྟོབས་པོ་ཆེ། །རིགས་གསུམ་མགོན་པོ་རྡོ་རྗེ་རྒྱལ། །དམངས་རིགས་ཀླུ་ཡི་འཁོར་གྱིས་བསྐོར། །རྡོ་རྗེ་རྣོན་པོ་སྤུ་གྲི་སོ་གཉིས་བརྩེགས། །གསེར་གྱི་སྤྱན་གཉིས་ཁྲོ་གཉེར་ཅན། །ཐབས་ལྡན་རྡོ་རྗེ་རྭ་གཉིས་བརྗོད། །ཡིད་བཞིན་ནོར་བུ་གཙུག་ན་འབར། །ལྕགས་ཀྱི་མཆུ་ཅན་རྣོ་དབལ་གྱིས། །རབ་ཏུ་གདུག་པའི་ཀླུ་རྣམས་ཟ། །རྡོ་རྗེ་སྡེར་གཤོག་བརྐྱངས་པས་རླུང་མོ་ཆེ། །ཀླུ་རྒྱལ་གདུག་པ་དབང་དུ་སྡུད། །ཅེས་བསྟོད་དེ་དབང་དུ་བསྡུ་བར་བྱའོ། །དེ་ནས་ཡང་བཅོམ་ལྡན་འདས་གཤིན་རྗེའི་གཤེད་པོས། གདུག་པ་ཀླུ་རྒྱལ་བསྒྲུབ་པ་འདི་གསུངས་སོ། །མཚོ་འགྲམ་ཆུ་མིག་རྐང་གཅིག་ཤིང་། །ནགས་ལྗོངས་སྟུག་པོའི་དུར་ཁྲོད་དུ། །མནྜལ་ཆ་མཉམ་ཡིད་འོང་ལ། །དེ་ལས་བྱུང་བའི་རྣམ་པ་ལྔ། །ཕྱོགས་བཞི་དབུས་དང་ལྔ་ལ་བྱུག །དེ་ཉིད་བྱིན་གྱིས་བརླབས་པའི་ཕྱིར། །ཧཱུཾ་ས་མ་ཡ་ཨོཾ་གྱི་སྔགས། །བྱ་བ་བྱེད་པའི་བྱིན་གྱིས་བརླབས། །བདག་ཉིད་ཆེན་པོར་རབ་བརྟགས་ནས། །ཐམས་ཅད་གྲུབ་པར་བྱ་བའི་ཕྱིར། །བདག་ཉིད་སྤྱི་བོར་སྔགས་དམིགས་ལ། །བདག་པོ་བཞི་ཡིས་དབང་བསྐུར་རོ། །རྡོ་རྗེ་ལྦུ་གུར་མ་བསམས་ལ། །གཡུ་བྱེད་སྔོན་མོས་དབང་བསྐུར་རོ། །ཏི་ཏར་ཡ་བསམ་དྲེགས་པས་དབང་བསྐུར་བྱ། །སྙིང་གར་ཧཱུཾ་བསྐྱེད་བདག་


DNG015_Page_0774
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར། །ལྟེ་བར་ཨོཾ་ཡིག་གཉེན་པོ་རུའོ། །དེ་ནས་ཐིག་གདབ་རི་མོ་བྲི། །པདྨ་འདབ་བརྒྱད་མུ་ཁྱུད་ལྡན། །གྲུ་ཆད་སྒོ་རྣམས་དེ་བཞིན་བྲི། །ལྟེ་བ་མཐིང་ནག་པདྨ་དཀར། །མུ་ཁྱུད་དམར་པོ་གྲུ་ཆད་ལྗང་། །སྒོ་རྣམས་སེར་པོ་སྒོ་འབུར་རིགས། །དེ་བཞིན་ཚོན་རྣམས་དགྱེ་བར་བྱ། །དབུས་སུ་གཉེན་པོ་དགོད་པར་བྱ། །པདྨ་བརྒྱད་ལ་ཀླུ་ཆེན་བརྒྱད། །རང་རང་རྩ་བའི་སྔགས་ཀྱང་བྲི། །རྩིབས་མཆན་དེ་མིང་བྲི་བར་བྱ། །གྲུ་ཆད་བཞི་ལ་ཀླུ་མོ་བཞི། །ན་ས་འཕྲུ་བ་གྲུ་ཆད་ལ། །སྒོ་འབུར་ཧ་ས་ཏྲ་ག་དགོད། །ཤར་ནས་བསྐོར་ཏེ་རིམ་པས་དགོད། །ཅེས་རྒྱུན་དུ་བཟླས་པའི་ཡི་གེ་དགུ་པ་འདི་གསུངས་སོ། །ཧཱུཾ་ནཱ་ག་རཱ་ཙ་ས་མ་ཡ། ཆེ་གེ་མོ་ཞིག་ཙི་ཏ་ཛྭ་ལ་ཡ། བསྒྲུབ་པར་བྱའོ། །ཞག་དགུ་པར་ཁྲུས་བྱས་ཏེ། ཟས་ལྔ་དག་ནི་སྤང་བར་བྱ། །དེ་ནས་གྲུབ་པའི་རྟགས་རྣམས་ནི། །དངོས་སུ་ལོངས་སྤྱོད་ཚོགས་རྣམས་འབྱུང་། །རབ་ནི་བས་ལྡག་ཐོར་པར་འབྱུང་། །དེ་ཉིད་སྔོན་དུ་གྱུར་ཚེའོ། །རིགས་མའི་ཤམ་བུ་གདགས་པར་བྱ། །སྨི་ཏ་མགུ་ཏིས་ལས་ལ་གཟུད། །དེ་ནས་དོན་ཐམས་ཅད་གྲུབ་པར་བྱ་བའི་ཕྱིར། དབང་བསྐུར་བ་ཞེས་བྱ་བ་འདི་གསུངས་སོ། །དར་དཀར་གཞི་ལ་བཏིང་ནས་ནི། །པདྨ་འདབ་བཞི་བྲི་བར་བྱ། །དཀར་པོ་ལ་སོགས་མུ་ཁྱུད་ལྡན། །དབུས་སུ་དམ་ཚིག་པ་ནི་དགོད། །དེ་ནས་ཡིད་འོང་བུམ་པ་ལ། །བདུན་པ་དགུ་པའི་རི་མོ་བྲི། །དགེ་བ་གཉིས་པོ་རབ་ཏུ་དམིགས། །ཁ་དོག་ཚངས་པའི་རས་ཀྱིས་བཅིངས། །དྲག་པོའི་རྫས་ལ་བདུག་པར་བྱ། །རས་ལ་སོགས་པའི་གཟུངས་ཐག་གདགས། །སྡེར་གཤོག་ཕྱག་རྒྱས་སྙིང་གར་བསྟན། །སྨན་ལྔ་སྤོས་ལྔ་རིན་ཆེན་ལྔ། །འབྲུ་ལྔ་རིན་ཆེན་ལྔ་ལ་སོགས། །བཅུ་གཉིས་ལྔ་ཉིད་བྱིན་གྱིས་བརླབ། །ཨོཾ་ཨཱཿཧཱུཾ་ནཱ་ག་ཕུ་ཡུ་ཡུ། ནཱ་ག་སྤུ་རུ་ཛ་ལ་ནཱི་ནཱ་ག་ས་མ་ཡ་སྭཱ་ཧཱ། དམིགས་པའི་ཡན་ལག་གསུམ་པའི་རྒྱུ། །ཡི་གེ་རྩ་གཅིག་སྤྲུལ་པར་ཤར། །ཧཱུཾ་བསྐྱེད་པ་བདག་ཉིད་ནས་སྤྲུལ་ནས། །ཡན་ལག་གི་རྩེ་གཅིག་ལ། །


DNG015_Page_0775
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་སྣ་ཚོགས་བདུད་རྩིར་སྤྲུལ། །ཡི་གེ་དམིགས་པའི་གནས་ལྔ་རུ། །བདུད་རྩི་བུམ་པ་བསྟན་པར་བྱ། །མཁའ་ལྡིང་རྒྱལ་པོ་དེ་ཉིད་བསམ། །དེ་ཉིད་གཙང་མའི་རས་ཀྱིས་དཀྲི། །གུར་གུམ་སྨན་ནམ་ཆུས་བསྲེས་བཀྲུས། །དེ་བཞིན་མ་སྨད་ཟས་རྣམས་བཟའ། །ཡང་ནི་འདི་སྐད་ཅེས་གསུངས་སོ། །ཀྱེ་མ་རྡོ་རྗེ་འཛིན་པའི་བདག །བདག་ནི་དམ་ཚིག་མངོན་དགའ་བས། །དམ་ཚིག་དཀྱིལ་འཁོར་འདིར་འཇུག་ན། །ཁྱོད་ཉིད་དམ་ཚིག་གཙོ་ལགས་ཀྱི། །ལོངས་སྤྱོད་སྐུ་ཡི་ཕོ་བྲང་ནས། །རིགས་མའི་རྒྱལ་མོ་དབང་བསྐུར་ཅིག །ཅེས་པས་གསོལ་དེ་དེ་ཉིད་འཁོད། །ཉོན་ཅིག་སྐལ་ལྡན་རིགས་ཀྱི་གཙོ། །ལོངས་སྤྱོད་སྐུ་ཡི་རིགས་རྣམས་ཀྱི། །ཕོ་བྲང་ཡིད་འོང་ཉམས་དགའ་བ། །རབ་ཏུ་གདུག་པའི་ཀླུ་རྣམས་ལ། །ཡིད་བཞིན་རིན་ཆེན་རབ་གནས་པ། །དེ་རིང་ཁྱོད་ཀྱིས་བཅང་བར་བགྱི། །ཞེས་དབང་བསྐུར་བར་བྱའོ། །དེ་ནས་བར་ཆད་བསལ་ཕྱིར། རྨ་བྱས་བསྡིགས་ཤིང་གུ་གུལ་གྱི། །དུད་པས་བདུག་ཅེས་རབ་ཏུ་བཤད། །གཉེན་པོ་རིགས་བཞི་དབུ་རྒྱན་དང་། །དར་གྱི་ཅོད་པན་མེ་ཏོག་ཕྲེང་། །ལོངས་སྤྱོད་ཚོགས་ཀྱི་ཞལ་ཟས་དང་། །རྟེན་གྱི་བུམ་པས་དབང་བསྐུར་བྱའོ། །དེ་ནས་དམ་ཚིག་རྟེན་འདྲེལ་གྱི་སྙིང་པོ་འདི་སྦྱིན་པར་བྱའོ། །རིགས་ལྡན་ཐོགས་མེད་རྒྱུ་བ་ཡི། །སྐལ་ལྡན་སྔགས་ཀྱི་བདག་པོ་ཁྱོད། །དེ་རིང་དམ་ཚིག་འདི་ཉིད་ཟུང་། །ཡིད་བཞིན་རིན་ཆེན་གཏེར་ལྡན་འཆོངས། །ནམ་མཁའི་དངོས་པོ་མི་གནས་ལ། །སྣ་ཚོགས་འོད་ཀྱི་འཇའ་བྱུང་ཚུལ། །སྣང་བྱེད་སྤྲུལ་སྐུའི་ངོ་བོ་ལས། །རྣམ་ཤེས་ལྡན་པའི་ཐོགས་མེད་ནི། །རྣམ་ཤེས་རྒྱུ་ཡི་ངོ་བོ་ལས། །ཡི་གེའི་ཕྲེང་བ་ཉིད་དུ་བཀོད། །ནཱ་ག་ལི་ལི་ཀྲ་ཡང་། ས་ཏྲི་སྣི་ར། ཟ་རོ་ཏྲི་ཏྲི་ར་མགོ་རུ་པ་ཏྲི་ཡ། ཧེ་ཧེ་ཧཱུཾ་ཧཱུཾ་བྷྱོ་ཛཿ། ཞེས་རྟེན་འདྲེལ་གྱི་སྙིང་པོ་ཡོངས་སུ་རྫོགས་པར་བྱས་པས་སོ། །དེ་གྲུབ་བར་དུ་ཀླུ་ལས་གང་མི་བྱ། །དེ་ཡི་སྦྱོར་བ་ཡོངས་སུ་རྫོགས་པ་དང་། །ཀླུའི་སྦྱོར་བ་ཚང་བར་བསག་པར་བྱའོ། །འདི་ནི་


DNG015_Page_0776
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་རྒྱུན་དུ་རབ་ཏུ་གཅེས། །ཀླུའི་སྦྱོར་བ་འདི་གསུངས་སོ། །ནཱ་ག་གནས་ཤིང་ནཱ་ག་གནས་པའི་སར། །དེ་ཡི་དྲུང་ནས་འཇམ་པའི་ས་བླངས་ལ། །ས་གཉེན་སྤྱིན་པོ་དག་དང་རབ་བསྲེས་ནས། །ཀླུ་ཡི་རྒྱལ་པོ་དེ་ཡི་གཟུགས་བྱས་ཏེ། །ལུས་བཅུས་མགོ་གཅིག་སྦྲུལ་མགོ་བདུན་གྱིས་བརྒྱན། །གཡས་ན་རིན་ཆེན་འབར་བའི་བུམ་པ་ཐོགས། །ཁ་དོག་མཐིང་ག་ལུས་ཀྱི་ཆུ་སྲིན་མནན། །ཨོཾ་གྱིས་ཡི་གེ་འདི་ནི་དེའི་རྒྱུ་ཡིན་ཏེ། ནཱ་ག་བ་སུ་ཏྲི་ནི་སྟྭཾ། དེ་ནས་གསལ་བསྐྱེད་སྔགས་འདིས་དགུག་པར་བྱའོ། །ནཱ་ག་རཱ་ཛ་བ་སུ་ཀི་ནི་ཛ་ཛ། དེ་ལྟར་གསལ་ན་ཉི་ཤུ་པ་ཉིད་རྟག་ཏུ་བཟླས། །ཇི་ལྟར་ནུས་པ་བཞིན་དུ་རབ་བཟླས་ཏེ། །དེ་ལྟར་བཟླས་ཏེ་གཟུགས་དེ་པར་བུར་གཞུག །གཞན་གྱིས་མི་མཐོང་རང་གི་སྤྱོད་ཡུལ་ཡིན། །རྟགས་དང་མཚན་མ་རང་རང་གཟུགས་སུ་འབྱུང་། །བཟླས་པས་སྐྱོ་ན་མཆོད་པ་དབུལ་བར་བྱ། །ནཱ་ག་རཱ་ཙའི་གཟུགས་ལ་ཐིམ་པར་བསམ། །དེ་ནས་གཏད་པའི་ལས་རྣམས་བྱེད་འདོད་ན། །བདག་ཉིད་མཐུ་སྟོབས་བདག་པོར་བསམ་བྱས་ལ། །ཐུགས་ཀར་མཁའ་ལྡིང་རྒྱལ་པོ་བསམ་བྱས་ཏེ། །ཆུ་གཏོར་མངར་དང་ལྡན་པ་བྱིན་ནས་ནི། །སེང་ལྡེང་ཕུར་པ་བདག་དང་འདྲ་བར་བསམ། །དེ་ཡི་གསང་སྔགས་གཉིས་ཀྱིས་བྱིན་གྱིས་བརླབ། །བདག་ཉིད་དེ་ཉིད་དྲིལ་ཞིང་ནཱ་ག་བསྡིག །ཀཱ་ལ་རཱུ་པ་ཆག་ཆག་དམ་དམ་ནི། །བརྒྱ་འམ་སྟོང་དུ་བཟླས་པ་བྱས་ནས་ནི། །གསང་སྔགས་འདི་ཡིས་གཏད་པར་བྱ་བར་གསུངས། །ཨོཾ་ནཱ་ག་རཱ་ཙ་ཛཿཧཱུཾ་བཾ་ཧོཿ། ཆེ་གེ་མོ་ཨཱ་ཀར་ཥཱ་ཡ། ཨ་ཀར་ཥཱ་ཡ། ཧཱུཾ་ཙི་ན་ཡང་ཙི་ན་ཡང་། ལེན་ཡང་ལེན་ཡང་། ནཱ་ག་ཆིངས་ནཱ་ག་ཆིངས། ནཱ་ག་སྡོམས་ནཱ་ག་སྡོམས།དེ་སྐད་ཅེས་ནི་རབ་ཏུ་ལན་གཉིས་བརྗོད། །མི་འདིའི་བདུན་བརྒྱུད་རྩད་ནས་ཆོད་ཅེས་བསྒོ། །འདི་སྐད་ཅེས་ནི་གནད་ལ་བོར། །གདུག་པ་ཀླུ་ཡིས་དགྲ་འདི་མ་བསད་ན། །ཕྱག་ན་རྡོ་རྗེས་རང་གི་མགོ་བོ་འགེམས། །ཁོང་ནས་སྙིང་ཁྲག་དྲོན་མོ་འཇིག་པར་བྱེད། །དེ་སྐད་


DNG015_Page_0777
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་ལ་གནད་ལ་བོར། །དེ་ནས་མནན་པའི་སྔགས་འདི་གསུངས། །མཛེ་ཐོད་དམར་པོ་ཕ་མེས་ཐོད་པ་རུ། །མིང་དང་རུས་བཅུག་སྐུད་པ་སྔོ་དམར་དཀྲི། །བུད་མེད་ཞབས་མས་གཏུམས་ལ་ཁྱིམ་གྱི་གཏིང་དུ་སྦ། །ནུབ་སྒོར་ཁ་བལྟས་ཁྱིམ་གྱིས་བདག་པོ་ལ། །བ་དམར་གླང་དམར་བྲིས་པའི་ཅོ་ཏོ་ལ། །མིང་དུས་འཆི་རྐྱེན་གང་འདོད་བྲིས་པ་དེ། །ལྟོ་འཕྱེ་སྦལ་ལྕོང་ལྟོ་རུ་བཅུག་ནས་ནི། །ཧཱུཾ་གིས་མཐའ་སྐོར་བ་ནི་ཚིག་མིང་བྱ། །ཀུན་ལ་དེ་ཡི་གང་འཆི་རྐྱེན་བྲིས་ཏེ། །ཨོཾ་ལཾ་སུཾ་ལམ་པྲ་ཏི་ཏ་ནན། ཏིཥྛ་ཏིཥྛ། ཨོཾ་ཆེ་གེ་མོ་ལཾ་ནན། སྟྭམ་བྷ་ནན། མཱ་ར་ནན། ཨོཾ་ནན་ནན། ཏི་ཁས། བྱེའུ་ཆར་ཁ་ནན་ཏི་ཁས། སྲ་ནན་སྲ་ཁས། ནཱ་ག་སུ་ཀ་ནཱ་ག་སུ་ཀ །ནཱ་ག་ལ་མ་ནཱ་ག་ལི་མ་སྭཱ་ཧཱ། བདག་ལ་མི་ཚུགས་བྱ་ཕྱིར་གང་མི་སྨོས། །མནན་པའི་རྐང་པ་རྡོ་རྗེ་རྒྱ་གྲམ་བསམ། །ས་བརྐོ་རང་གིས་གྲིབ་མ་རབ་ཏུ་སྤང་། །མ་ཉེས་དཔང་གཟུག་ཀླུ་བསེན་དབང་དུ་བསྡུ། །དེ་ལྟར་བྱས་ན་ངེས་པར་ལས་རྣམས་འགྲུབ། །དེ་ནས་ཀླུའི་དྲག་སྔགས་རྒོད་པ་འདི་གསུངས་སོ། །ནཱ་ག་རཱ་ཛ་བ་སུ་ཀི་ནི་སྟྭཾ།ནཱ་ག་རཱ་ཛ་བ་སུ་ཀི་ནི་ཛ་ཛ། ནཱ་ག་ནཱི་ནཱ་ག་ནི་ཛ་ཛ་ཛཱ། ཡུ་ཡུ་ཡུ། དུམ་པ་ནི་དུམ་པ་ནི། ནཱ་ག་རཱ་ཛ་བ་སུ་ཀི་ཨ་སྨྲི་སརྦ་ས་མ་ཡ། ནཱ་ག་རཱ་ཛ་བྱི་ཆགས་ལི།ནཱ་ག་རཱ་ཛ་ཨ་ད་རཏྣ་ནཱ་ག་སུ་ཀ་ནཱ་ག་སུ་ཀ་ཧཱུཾ་ཛ་ཧཱུཾ་ཛ། ཆེ་གེ་མོ་ས་མ་ཡ་ཛ།ཧཱུཾ་ནཱ་ག་ཧཱུཾ། ཨོཾ་ནཱ་ག་རཱ་ཛ་བ་སུ་ཀི་ནི། ཛ་ཛ། ཨ་ཨ་དད་ནན། ཨོཾ་ནཱ་ག་ར་ཛ། ཛཿཧཱུཾ་བཾ་ཧོཿ། ཆེ་གེ་མོ་ཨ་ཀཪྵ་ཡ་ཨ་ཀཪྵ་ཡ་ཧཱུཾ། ཙིན་ཡང་ཙིན་ཡང་། ལེན་ཡང་ལེན་ཡང་། ནཱ་ག་ཆིངས་ནཱ་ག་ཆིངས། ནཱ་ག་སྡོམས། ནཱ་ག་སྡོམས། ནཱ་ག་སུ་ཀ་ནཱ་ག་སུ་ཀ །ཧཱུཾ་ཛ་ཧཱུཾ་ཛ། ཆེ་གེ་མོ་མཱ་ར་ཡ། ཛ་ཛ་ཡ་ཧཱུཾ་ཕཊ། ནཱ་ག་རཱ་ཛ་བ་སུ་ཏི་ནི། ཛ་དགྲ་བོ་མཱ་ར་ཡ་ཛ་ཛ་ཧཱུཾ་ཕཊ། ཨོཾ་ལཾ་སུཾ་ལཾ། པྲ་ཏི་སྟ་ནན། ཏི་སྡི་ཏི་སྡི་ནན། ཨོཾ་ཆེ་གེ་མོ་ལཾ་ནན། སྟྭཾ་བྷ་ནན། མཱ་ར་ནན། ཨོཾ་ནམ་ནམ་ཏི་ཁས། བྱིའུ་ཆར་ཁས། ན་ཏི་ཁས། པྲ་ནན་པྲ་ཁས། ནཱ་ག་སུ་ཀ་ནཱ་ག་ལཾ་ནཱ་ག་ལཾ་སྭཱ་ཧཱ། ནཱ་ག་རཱ་ཛ་ནན། ན་ག་ཀུ་མཱ་ར་ཡ་བྷྱོ། དེ་བཞིན་སྔགས་རྣམས་ཚང་བ་དང་། །


DNG015_Page_0778
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱི་འཁོར་ལོ་རྫོགས་པ་དང་། །མཚན་མ་རྟགས་དང་ལྡན་པ་ཡིས། །མཛེ་ནད་ཛྭ་ལས་མཱ་ར་ཡའོ། །ཞེས་ལག་ན་རྡོ་རྗེས་རབ་ཏུ་གསུངས་སོ། །དཔལ་གཤིན་རྗེ་ཟླ་གསང་ནག་པོ་རྩ་བའི་རྒྱུད་ལས། གདུག་པ་ཀླུའི་ཟླ་གསང་མཛེ་ནད་ཛྭ་ལའི་ལེའུ་སྟེ་ལྔ་བཅུ་གཉིས་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོ་ལ། འདུས་པའི་འཁོར་རྣམས་ཀྱིས། ཤིན་ཏུ་དགའ་བ་ཡི་རངས་ནས། རང་རང་དགའ་བའི་བསྟོད་པ་ཕུལ་ནས་མཐུ་སྟོབས་ཀྱི་བདག་པོ་ལག་ན་རྡོ་རྗེ་དང་། སྟོང་གསུམ་མུན་པར་གཏོང་བའི་བདུད་པོ་ཕོ་མོ་རྣམས་མགྲིན་གཅིག་ཏུ་ཐལ་མོ་སྦྱར་ཏེ་འདི་སྐད་ཅེས་གསོལ་ཏོ། །ཧེ་ཧེ་དཔའ་བོ་ཆེན་པོ་ཡབ་ཅིག་མཆོག །འཇིགས་བྱེད་ཆེན་པོ་གཤིན་རྗེའི་གཤེད། །དཔའ་བོ་འཁོར་ལོ་བདུད་འཁོར་བདུད། །གཤེད་པོས་བསྒོ་བའི་བཀའ་རྣམས་ཉན། །བདག་ཅག་འཁོར་གྱི་བདུད་པོ་རྣམས། །ཕྱིན་ཅི་ལོག་རྣམས་འདུལ་སླད་དུ། །ཚུལ་བཞིན་བསྒྲུབ་ན་ཇི་ལྟར་བསྒྲུབ། །རྫས་དང་ཡོ་བྱད་གང་ལ་རྟེན། །ལས་ལ་གཏང་ན་ཇི་ལྟར་གཏང་། །འཇིགས་བྱེད་ཆེན་པོས་བཀའ་སྩལ་ཉན། །དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས།ཤིན་ཏུ་རྔམ་པའི་སྒྲ་འབྲུག་སྟོང་ལྡིར་བ་ཙམ་དུ་དུས་གཅིག་ཏུ་བསྒྲགས་ནས། བདུད་ཀྱི་ཚོགས་ཐམས་ཅད་དབང་དུ་བསྡུས། ཟིལ་གྱིས་མནན་ནས་འདི་སྐད་ཅེས་གསུངས་སོ། །ཉོན་ཅིག་ཟུང་ཞིག་རྡོ་རྗེ་འཛིན། །ནག་པོ་བདུད་ཀྱི་ཚོགས་རྣམས་ཀུན། །ཕྱིན་ཅི་ལོག་རྣམས་འདུལ་སླད་དུ། །བྱ་བའི་ལས་དེ་བསྒྲུབ་པ་དང་། །རྟེན་པའི་རྫས་དང་བསྐུལ་བའི་ཐབས། །མི་མཐུན་སྦྱོར་བ་གསོད་འདོད་ན། །ངས་བཤད་པ་ལ་སེམས་མཐུད་ཅིག །ཅེས་བཀའ་སྩལ་ཏོ། །དེ་ནས་བཅོམ་ལྡན་གཤེད་ཆེན་པོས། འཕྲིན་ལས་མྱུར་ཕྱིར་བདུད་ཀྱི་སྒྲུབ་ཐབས་འདི་ཉིད་གསུངས་སོ། །ཐོག་མར་དང་པོ་དད་པ་རབ་ཏུ་གཅེས། །བཀའ་ཡི་གནས་སམ་དགའ་བའི་གནས་དག་ཏུ། །དབང་ཐོབ་བྱ་ཕྱིར་བླ་མ་མཉེས་བྱ་ཞིང་། །དཀྱིལ་འཁོར་བྲིས་ནས་དམ་ཚིག་དབང་རྣམས་ནོད། །དགོས་པ་བསྒྲུབ་


DNG015_Page_0779
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་མན་ངག་འཐོབ་པར་བྱ། །མན་ངག་ཐོབ་ནས་བསྙེན་བསྒྲུབ་མཐའ་རུ་དབྱུང་། །བསྙེན་པ་བྱ་ཕྱིར་ཐུན་རྫས་འབད་དེ་བསག །ལས་ཀྱི་གནས་སུ་དཀྱིལ་འཁོར་བྱ། །འདོམ་གང་གྲུ་བཞི་དུག་ཁྲག་ཆག་ཆག་གདབ། །འཁོར་ལོ་རྩིབས་བརྒྱད་གྲུ་གསུམ་ཟླ་གམ་གསུམ། །གྲུ་ཆད་སྒོ་བཞི་ལྕགས་རི་ལུགས་བཞིན་བྱ། །ཐོད་པའི་ཕྲེང་བ་རྡོ་རྗེ་ར་བ་གུར། །བསྐལ་པའི་མེ་རི་སྨུག་ནག་རླུང་ཚུབ་ལྡན། །གྲུ་གསུམ་གཤིན་རྗེའི་གཤེད་པོ་སྟེ། །ཟླ་གམ་གསུམ་ལ་ཡབ་ཡུམ་སྲས་དང་གསུམ། །སེང་ལྡེང་ལ་སོགས་མཆོག་གི་ཕུར་པ་དགོད། །ཡབ་ཡུམ་མངའ་གསོལ་དབང་བསྐུར་བྱིན་གྱིས་བརླབ་པའོ། །ལྕགས་ཕུར་ལ་སོགས་མཆོག་གི་ཕུར་པ་བཅུ། །ཁྲམ་ཐོགས་བདུད་པོ་བཅུ་རུ་མངའ་གསོལ་ལ། །འཁོར་ལོའི་རྩིབས་བརྒྱད་དག་ལ་དགོད་པར་བྱ། །དར་ནག་ཅོད་པན་རིམ་གྱིས་དབང་བསྐུར་གདགས། །སྟེང་དུ་འབར་བ་ཡ་ཆེན་ཏེ། །ཤར་དུ་རོལ་པོ་རལ་པ་ཅན། །ལྷོ་རུ་ཁྲམ་བདག་སྲོག་བདུད་སྟེ། །ཟླ་བདུད་ཡོར་པོ་ཞགས་ཅན་ནུབ། །བྱང་དུ་སྲོག་བདུད་སྟ་རེ་ཅན། །ཤར་ལྷོ་ཁྲམ་བདག་ཐོད་པོ་ཆེ། །ལྷོ་ནུབ་བར་བཙན་རི་བོ་རྗེ། །ནུབ་བྱང་སེང་འཛིན་སྡིག་དང་རྗེ། །བྱང་ཤར་འབར་བ་ནག་པོ་རྗེ། །སྒོ་བཞིར་བཀའ་ཉན་གིང་ཆེན་བཞི། །རྩང་བཞི་དག་ལས་དབང་བསྐུར་དགོད། །མཐུན་པའི་རྫས་དང་མཆོད་པའི་རྫས། །མི་ཤ་རྟ་ཤའི་གཏོར་མ་ལ། །རུས་པའི་སྣ་ཚོགས་བརྒྱན་བྱས་ནས། །གཤེད་པོ་ཡབ་ཡུམ་སྲས་ལ་བཞག །བྱ་ནག་རྟ་ནག་ལུག་ནག་སྙིང་། །ཁྱི་ནག་ཕག་པ་རོག་པོའི་སྙིང་། །གཡག་དང་གླང་དང་ར་རྒོད་སྙིང་། །ཤ་དང་ཁྲག་དང་རུས་པ་དང་། །མི་ཤས་བརྒྱན་པ་ཟངས་བུ་གང་། །བདུད་པོ་བཅུ་པོར་དགོད་པར་བྱ། །ཤ་སྣ་ཁྲག་སྣའི་གཏར་མ་ལ། །སྤྱན་གཟིགས་དཀར་ཆས་བརྒྱན་པ་བཞི། །སྒོ་བཞིའི་གིང་ཆེན་བཞི་ལ་བཞག །སྨན་དང་རཀྟ་སྦྱར་བ་ཡིས། །སྣང་སྲིད་སྲོག་ལ་བདུད་དབང་བསྐུར། །མི་གསུར་རྟ་གསུར་རྒྱུན་དུ་གཏང་། །རྒྱལ་མཚན་ཆེན་པོ་བཞི་ཡང་གཟུགས། །དར་ནག་གུར་ཕུབ་ཁྱི་ནག་གཡང་གཞི་གདགས། །ལུག་ནག་


DNG015_Page_0780
[མ་དཔེ་གཟིགས་ན་འདིར་གནོན།]

འབེམ་བཅའ་ར་རོག་དམིགས་པའི་རྟེན། །སྐྱེར་པ་ལ་སོགས་སྟག་པ་དག་ལ་ཡང་། །མགོ་མཇུག་མ་ནོར་གཞོགས་ལ་ཁྲམ་ཤིང་བྱ། །དྲག་པོའི་སྔགས་བཟླས་རིམ་པས་ཁྲམ་ལ་གདབ། །ཡི་དྭགས་གོས་ལ་འཁོར་ལོ་བྲི་བྱ་སྟེ། །དུག་དང་ཐོད་པ་མཁས་པས་བྲི་བར་བྱ། །གཟི་བརྗིད་འཕགས་པ་འཇམ་དཔལ་ཡབ་ཡུམ་དང་། །བཀའ་ཉན་ཉིན་བཞིའི་ལྷ་བསྒྲུབ་མཆོད། །ཁྲམ་ཐོགས་བདུད་རྣམས་ལས་ལ་བསྐུལ་ཕྱིར་རྦད། །ཐོད་མཚན་ངན་པར་ར་རོག་ཁྲག་བླུགས་ལ། །ར་སོག་བྲིས་པ་ཐོད་པའི་ནང་དུའོ། །དཔལ་འབར་ངོས་བཞག་རེ་བས་གྲིལ་བྱས་ལ། །ཁྲག་གིས་བླུགས་ཤིང་ཁྲམ་སྔགས་བཟླས་པར་བྱ། །ཨོཾ་དགྲ་ནྲྀ་ཙིཏྟ་ཐུན་མུགས། ཁྲམ་གཏོར་ཆེ་གེ་མོ་མཱ་ར་ཡ། གུག་ལིང་རྦད་སྭཱ་ཧཱ། བཟླས་ཤིང་ཁྲམ་གྱིས་སྐབས་སུ་བཀུག །ཏིང་འཛིན་རྣམ་གསུམ་གསལ་བསྒོམ་ལ། །དབང་ཆེན་འབྱུང་བ་རིམ་བརྩེགས་ཏེ། །བྷྲཱུཾ་ལས་འབར་བའི་གཞལ་ཡས་ཁང་། །འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་ལྡན། །གྲུ་ཆད་བར་ཁྱམས་སྒོ་ཁྱུད་ལྡན། །ཤར་ཕྱོགས་རུས་པའི་གཞལ་ཡས་ཁང་། །ལྷོ་ཕྱོགས་མེ་ཡི་གཞལ་ཡས་ཁང་། །ནུབ་ཕྱོགས་ཁྲག་གི་གཞལ་ཡས་ཁང་། །བྱང་ཕྱོགས་དབུགས་ཀྱི་གཞལ་ཡས་ཁང་། །དབུས་སུ་ཡ་མ་ཆེན་པོ་སྟེ། །གཤིན་རྗེ་མ་ཧེ་བསྣོལ་བའི་གདན། །ཧཱུཾ་ལས་གཤེད་པོའི་སྐུར་གྱུར་ཏེ། །སྟང་ཟིལ་མདོག་འདྲ་གནག་ལ་འཚེར། །སྟག་ལྤགས་གླང་ཆེན་སྦྲུལ་ནག་ཆུན་པོ་དང་། །ཐོད་པ་ལ་སོགས་དུར་ཁྲོད་རྒྱན་གྱིས་བརྒྱན། །ཞལ་དྲུག་བཅུ་གཉིས་ཕྱག་རྒྱར་ལྡན་པར་བསྒོམ། །གཡས་གཡོན་ཡུམ་དང་མདུན་དུ་སྲས་མཆོག་སྟེ། །རྒྱན་དང་ཆ་ལུགས་ཕྱག་མཚན་གསལ་བར་བསྒོམ། །འཁོར་ལོ་རྩིབས་བརྒྱད་སྟེང་དུ་ནྲྀ་བསམ་སྟེ། །ནྲྀ་ལས་དགྲ་བགེགས་བསྣོལ་བའི་གདན་དུ་བསམ། །དེ་སྟེང་ཡ་བཅུ་འོད་ཟེར་འཕྲོས་པ་ལས། །འཕྲོ་འདུས་ཡ་ལས་བདུད་པོ་བཅུ། །སྟེང་གི་བདུད་པོ་འབར་བ་ཡ་ཆེན་ནི། །གཡུ་འབྲུག་ཞོན་པ་གློག་གི་ཞགས་ཐོགས་བསྒོམ། །ཤར་གྱི་བདུད་པོ་རོལ་པོ་རལ་པ་ཅན། །


DNG015_Page_0781
[མ་དཔེ་གཟིགས་ན་འདིར་གནོན།]

རྔ་མོ་ཞོན་ནས་རལ་གྲི་ཐོགས་པ་བསྐྱེད། །ལྷོ་ཕྱོགས་ཁྲམ་བདག་སྲོག་བདུད་མཆེ་བ་ཅན། །བདུད་ཤ་ཞོན་ནས་ཞགས་པ་ཐོགས་པ་བསྐྱེད། །ནུབ་ཏུ་ཟླ་བདུད་ཡོར་པོ་ཞགས་པ་ཅན། །འབྲོང་བུ་ཞོན་ནས་ལྕགས་ཕུར་ཞགས་པ་ཐོགས་པ་བསྐྱེད། །བྱང་དུ་སྲོག་བདུད་གསེར་གྱི་སྟ་རེ་ཅན། །ཁྱུང་ཆེན་ཞོན་ནས་སྟ་རེ་ཐོགས་པ་བསྐྱེད། །ཤར་ལྷོ་ཁྲམ་བདག་གནམ་བཙན་ཐོག་པོ་རྗེ། །རྟ་ལ་ཞོན་ནས་གནམ་ལྕགས་ཐོག་འབེབས་བསྐྱེད། །ལྷོ་ནུབ་ཁྲམ་བདག་བར་བཙན་རི་ཡི་རྗེ། །རླུང་ཤ་ཞོན་ནས་རླུང་ནག་གཡབ་འདེབས་བསྐྱེད། །ནུབ་བྱང་ཁྲམ་བདག་སེང་འཛིན་ལྡིང་ངང་རྗེ། །ཕག་པ་རྟར་ཞོན་ཁྲམ་ཤིང་ཐོགས་པ་བསྐྱེད། །བྱང་ཤར་ཁྲམ་བདག་རོ་ལངས་ནག་པོ་རྗེ། །ཆུ་གླང་ཞོན་ནས་སྟ་རེ་ཐོགས་པ་བསྐྱེད། །འོག་ཕྱོགས་ནག་པོ་ཡབ་རྗེ་ཁྲག་འཐུང་ནི། །རྟ་དམར་ཞོན་ནས་སྦྲུལ་དམར་ཐོགས་པ་བསྐྱེད། །རེ་རེའི་འཁོར་ན་བདུག་དང་བསམ་ཡས་ཏེ། །རང་བཞིན་གནས་ནས་འཁོར་བཅས་སྤྱན་དྲངས་པས། །སྒྲུབ་པའི་གནས་སུ་དེ་ལྟར་བྱོན་པར་བསམ། །སྒོ་བཞིར་ཉིན་བཞི་ལྷ་ཡི་གིང་བཞི་ཡང་། །བཀའ་ཉན་བྱེད་ཅིང་འགུགས་འདྲེན་ཛ་ལས་བསྐྱེད། །དེ་ལྟར་བསྐྱེད་པའི་བདུད་པོ་དེ་རྣམས་ཀྱིས། །བསྟན་པ་བཤིག་ཅིང་སྐུ་ལ་བསྡོ་བ་རྣམས། །ཞགས་པས་འཆིངས་ཤིང་ལ་ལས་ཁྲམ་ལ་འདེབས། །ལ་ལས་མཚོན་འདེབས་ལ་ལས་ཐུན་དུ་འཇུག །གན་བུབ་རྔུལ་ནག་འཐོག་ཅིང་ཁྲག་ཏུ་སྐྱུག །མིག་རྩ་རིག་རིག་འོ་དོད་ཙེར་ཙེར་འབོད། །ཅི་ཙམ་འོན་ཐོང་ཟེར་ཞིང་གསོད་པར་བསྒོམ། །ཏིང་ངེ་འཛིན་གྱིས་དེ་ལྟར་གསལ་བསྐྱེད་ལ། །དྲག་སྔགས་འདི་བཟླས་བདུད་རྣམས་མྱུར་བར་བསྒྲུབ། །རུ་ཁྲ་པ་ཀྲ་མུ་ཁྲག་ཙ་ར་ཁྲག །ཙ་པ་དེ་ཕོར་ས་དུ་ན་ཧ་བ་སྭཱ་ཧཱ། ཁྲི་འམ་འབུམ་ན་བདུད་རྣམས་མངོན་དུ་འོང་། །མོན་དང་བཙད་པོ་སྐད་རིགས་མི་གཅིག་པ། །ལྡབ་ལྡིབ་སྨྲས་ཤིང་ལས་ལ་མངོན་དུ་བྱོན། །གཏུམ་ཆེན་བསྟོད་ལ་བདུད་རྣམས་ལས་ལ་བསྐུལ། །ཧཱུཾ་བསྐལ་པ་སྙིགས་མའི་ལྔ་བརྒྱ་ལ། །ཁྲོ་རྒྱལ་གཤིན་རྗེའི་སྤྱན་སྔར་ཁས་བླངས་པ། །མི་བཟད་


DNG015_Page_0782
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་སྲོག་བདག་ཀུན་འདུལ་བྱེད། །འཇམ་དཔལ་གཤིན་རྗེས་དམར་གྱི་ཨརྒྷཾ་དང་། །བདུད་རྩི་དམར་གྱི་དམ་རྫས་དམ་པ་འདི། །ཁྲམ་ཐོགས་བདུད་ལ་བྱིན་ནས་དབང་བསྐུར་བས། །བདུད་འཁོར་ཡོངས་ཀྱིས་བདེ་གཤེགས་བསྟན་པ་བསྲུངས། །ལུས་ཀྱི་དམ་ཚིག་ཨ་ར་ཡམ། །ངག་གི་དམ་ཚིག་དི་ར་ཡམ། །དམ་ལས་མི་འདའ་ཕྲིན་ལས་མཛོད། །སྟེང་ཕྱོགས་བདུད་ཀྱི་ཞིང་ཁམས་ནས། །འབར་བ་ཡ་ཆེན་བླ་མེད་ནི། །གཡུ་འབྲུག་སྔོན་མོའི་རྟ་ལ་ཞོན། །ལག་ན་གློག་དམར་ཐོད་ཞགས་ཐོགས། །སྡང་བར་བྱེད་པའི་དགྲ་ལ་ཡ། །སྐྱེས་པ་དར་མ་ཁྲིད་ལ་ཤོག །སྐྱེས་བུ་མི་ཡི་སྙིང་ལ་ཡ། །བདུད་ཀྱི་ཁྲམ་བམ་ཁྲམ་ལ་ཐོབ། །ཨོཾ་སྙིང་ཁྲག་རག་ཙིཏྟ་རྦད། དུན་རྨུགས་ཁྲམ་ཏོར་ཏ་རྦད། ཆེ་གེ་མོ་མཱ་ར་ཡ་གུག་ལིང་སྭཱ་ཧཱ། ཞེས་པས་བརྗོད་ཅིང་ཁྲམ་ལ་རིམ་པར་གདབ། །རཀྟ་སྦྲེངས་ཤིང་བདུད་རྣམས་ལས་ལ་རྦད། །མུན་ནག་འཁྱིལ་པའི་ཞིང་ཁམས་ནས། །ནག་པོ་ཡབ་རྗེ་ཁྲག་འཐུང་ནི། །སྟག་ཆེན་དམར་པོའི་རྟ་ལ་ཞོན། །ལག་ན་སྦྲུལ་དམར་ཞགས་པ་ཐོགས། །སྡང་བར་བྱེད་པའི་དགྲ་ལ་ཡ། །སྐྱེས་པ་དར་མ་ཁྲིད་ལ་ཤོག །སྐྱེས་པ་དར་མའི་སྙིང་ལ་ཡ། །བདུད་ཀྱི་ཁྲམ་བམ་ཁྲམ་ལ་ཐོབ། །ཨོཾ་སྙིང་ཙིཏྟ་རྦད། དུན་རྨུགས་ཁྲམ་ཏོར་ཡ་རྦད། ཆེ་གེ་མོ་མཱ་ར་ཡ་གུག་ལིང་སྭཱ་ཧཱ། ཤར་ཕྱོགས་རུས་པའི་ཞིང་ཁམས་ནས། །ཤར་བདུད་རོལ་པོ་རལ་པ་ཅན། །ཕུང་སྲི་རྔ་མོ་གློག་འགྱུ་ཞོན། །ལག་ན་གནམ་ལྕགས་རལ་གྲི་རྣམས། །སྡང་བར་བྱེད་པའི་དགྲ་ལ་ཡ། །སྐྱེས་པ་དར་མ་ཁྲིད་ལ་ཤོག །སྐྱེས་བུ་མི་ཡི་སྙིང་ལ་ཡ། །བདུད་ཀྱི་ཁྲམ་བམ་ཁྲམ་ལ་ཐོབ། །ཨོཾ་སྙིང་ཁྲག་ཙིཏྟ་རྦད། དུན་རྨུགས་ཁྲཾ་ཏོར་ཏ་རྦད། ཆེ་གེ་མོ་མཱ་ར་ཡ་གུག་ལིང་སྭཱ་ཧཱ། ལྷོ་ཕྱོགས་མེ་ཡི་ཞིང་ཁམས་ནས། །ཁྲམ་བདག་སྲོག་བདུད་མཆེ་བ་ཅན། །བདུད་ཤ་ནག་པོ་རུ་བཅུ་བཅིབས། །ལག་ན་འཛིན་བྱེད་ཞགས་པ་བསྣམས། །སྡང་བར་བྱེད་པའི་དགྲ་ལ་ཡ། །སྐྱེས་པ་དར་མ་ཁྲིད་ལ་ཤོག །སྐྱེས་བུ་མི་ཡི་སྙིང་ལ་ཡ། །བདུད་ཀྱི་


DNG015_Page_0783
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲམ་བམ་ཁྲམ་ལ་ཐོབ། །ཨོཾ་སྙིང་ཁྲག་ཙིཏྟ་རྦད། དུན་རྨུགས་ཁྲམ་གཏོར་ཏ་རྦད། ཆེ་གེ་མོ་མཱ་ར་ཡ་གུག་ལིང་སྭཱ་ཧཱ། ནུབ་ཕྱོགས་ཁྲག་གི་ཞིང་ཁམས་ནས། །ཟླ་བདུད་ཡོར་པོ་ཞགས་པ་ཅན། །འབྲོང་བུ་ནག་པོ་རྟ་རུ་ཞོན། །ལག་ན་གནམ་ལྕགས་ཕུར་པ་འདེབས། །སྡང་བར་བྱེད་པའི་དགྲ་ལ་ཡ། །སྐྱེས་པ་དར་མ་ཁྲིད་ལ་ཤོག །སྐྱེས་བུ་མི་ཡི་སྙིང་ལ་ཡ། །བདུད་ཀྱི་ཁྲམ་བམ་ཁྲམ་ལ་ཐོབ། །ཨོཾ་སྙིང་ཁྲག་ཙིཏྟ་རྦད། དུན་རྨུགས་ཁྲམ་ཏོར་ཏ་རྦད། ཆེ་གེ་མོ་མཱ་ར་ཡ་གུག་ལིང་སྭཱ་ཧཱ། བྱང་ཕྱོགས་དབུགས་ཀྱི་གཞལ་ཡས་ནས། །སྲོག་བདུད་གསེར་གྱི་སྟ་རེ་ཅན། །ཆིབས་སུ་ཁྱུང་ཆེན་རྟ་ལ་ཆིབས། །ལག་ན་གསེར་གྱི་སྟ་རེ་ཐོགས། །སྡང་བར་བྱེད་པའི་དགྲ་ལ་ཡ། །སྐྱེས་པ་དར་མ་ཁྲིད་ལ་ཤོག །སྐྱེས་བུ་མི་ཡི་སྙིང་ལ་ཡ། །བདུད་ཀྱི་ཁྲམ་བམ་ཁྲམ་ལ་ཐོབ། །ཨོཾ་སྙིང་ཙིཏྟ་རྦད། དུན་རྨུགས་ཁྲམ་ཏོར་ཏ་རྦད། ཆེ་གེ་མོ་མཱ་ར་ཡ་གུག་ལིང་སྭཱ་ཧཱ། ཁྲམ་བདག་གནམ་ལྕགས་ཐོག་པོ་རྗེ། །ཆིབས་སུ་བདུད་ཀྱི་རྟ་ལ་ཆིབས། །སྐལ་ལྡན་གནམ་ལྕགས་ཐོག་འཕེན་པ། །སྐལ་ལྡན་གནམ་ལྕགས་འོད་ཟེར་འཕྲོ། །ཆེད་འགའ་སྤྲུལ་པའི་ཚེ། །འབྲུག་ལྡིར་ཆེམས་སེ་ཆེམ། །གློག་ཡར་ལྗིབས་སེ་ལྗིབ། །སྡང་བར་བྱེད་པའི་དགྲ་ལ་ཡ། །སྐྱེས་པ་དར་མ་ཁྲིད་ལ་ཤོག །སྐྱེས་བུ་མི་ཡི་སྙིང་ལ་ཡ། །བདུད་ཀྱི་ཁྲམ་བམ་ཁྲམ་ལ་ཐོབ། །ཁྲམ་སྔགས་བཟླས་ཤིང་རཀྟ་སྦྲེང་། །ཁྲམ་བདག་བར་བཙན་རི་བོ་རྗེ། །ཆིབས་སུ་རླུང་ཤའི་རྟ་ལ་ཆིབས། །ཕྱག་ན་རླུང་ནག་གཡབ་ཀྱིས་འདེབས། །སྟོང་ཁམས་རླུང་ལ་བསྐུར་བ་ཡིན། །ཆེད་འགའ་སྤྲུལ་པའི་ཚེ། །གྲངས་རྔམ་རྟ་རུ་ཞོན། །སྐྱེམ་སེར་འབེན་ནེ་འབེན། །སྡང་བར་བྱེད་པའི་དགྲ་ལ་ཡ། །སྐྱེས་པ་དར་མ་ཁྲིད་ལ་ཤོག །སྐྱེས་བུ་མི་ཡི་སྙིང་ལ་ཡ། །བདུད་ཀྱི་ཁྲམ་བམ་ཁྲམ་ལ་ཐོབ། །ཁྲམ་སྔགས་བཟླས་ཤིང་རཀྟ་སྦྲེང་། །ཁྲམ་བདག་སེ་འཛིན་སྡིགས་དང་རྗེ། །ཆིབས་སུ་དུར་ཕག་རྟ་རུ་ཞོན། །འཁོར་དུ་བསེ་རག་འཁོར་དང་བཅས། །ལག་ན་ཁྲམ་ནག་ཁྲམ་ཤིང་ཐོགས། །སྡང་བར་བྱེད་པའི་དགྲ་ལ་ཡ། །སྐྱེས་པ་དར་མ་ཁྲིད་ལ་ཤོག །སྐྱེས་བུ་མི་ཡི་སྙིང་ལ་ཡ། །བདུད་ཀྱི་ཁྲམ་བམ་ཁྲམ་ལ་ཐོབ། །ཁྲམ་སྔགས་བཟླས་ཤིང་རཀྟ་སྦྲེང་། །ཁྲམ་བདག་རོ་ལངས་ནག་པོ་རྗེ། །ཆུ་གླང་སྔོན་པོ་རྟ་རུ་ཞོན། །ལག་ན་གནམ་ལྕགས་སྟ་རེ་ཐོགས། །སྡང་བར་བྱེད་


DNG015_Page_0784
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དགྲ་ལ་ཡ། །སྐྱེས་པ་དར་མ་ཁྲིད་ལ་ཤོག །སྐྱེས་བུ་མི་ཡི་སྙིང་ལ་ཡ། །བདུད་ཀྱི་ཁྲམ་བམ་ཁྲམ་ལ་ཐོབ། །ཨོཾ་སྙིང་ཁྲག་ཙིཏྟ་རྦད། དུན་རྨུགས་ཁྲམ་ཏོར་ཏ་རྦད། ཆེ་གེ་མོ་མཱ་ར་ཡ་གུག་ལིང་སྭཱ་ཧཱ། གཤིན་རྗེ་ནག་པོའི་དུས་ལ་བབ། །འབར་བ་ནག་པོའི་དུས་ལ་བབ། །ཤ་ཟ་ནག་པོའི་དུས་ལ་བབ། །ནག་པོ་རྐྱ་གསུམ་དུས་ལ་བབ། །རོལ་པོ་རྐྱ་གསུམ་དུས་ལ་བབ། །སྤྱང་སྔོན་འབར་མའི་དུས་ལ་བབ། །རྒྱ་བོ་མིག་བཞིའི་དུས་ལ་བབ། །ཅེས་པས་རྦད་ཅིང་ཁྲམ་ལ་གདབ། །རཀྟ་སྦྲེངས་ཤིང་ཕྲིན་ལས་བཅོལ། །ཉུང་དཀར་ཉུང་ནག་དུག་ཁྲག་ལ། །དྲག་སྔགས་འདི་ཡིས་བརྡེག་པར་བྱ། །རུ་དྲ་ཚལ་པ་ཐུན་ཁྲག །ཤྲི་ཀྲི་མ་མོ་རོ་ཐུན་ཁྲག་ལ་ཁ་ལ་ཡ་ཆུ་ཐུན་ཁྲག་མི་ཤ་རོལ་ཐུན་ཁྲག །ཁྲམ་ཏོར་ཙ་ར་ཐུན་ཁྲག །སྟོང་སྙ་ཀུ་པ་ཐུན་ཁྲག །མ་ཀུ་པ་ར་ཐུན་ཁྲག །ཆེ་གེ་མོ་མཱ་ར་ཡ་ཐུན་ཁྲག །ཅེས་ནི་རབ་ཏུ་ཁྲོས་པར་བརྡེག །གཏང་བའི་ལས་སུ་བྱ་བ་ཡང་། །ཁྲམ་དང་འཁོར་ལོ་ཐོད་པར་བླུག །ཆུ་མིག་ནུབ་ཏུ་བལྟས་པར་གཏད། །གཏོར་མ་གཏོང་ཞིང་སྨོན་ལམ་གདབ། །བསད་པ་ཉིན་བཞིའི་གིང་བཞི་སྟེ། །འཕང་བ་དུག་ཐུན་ཐུན་དུ་འཕང་། །སྲེག་པ་ཁྲམ་ཤིང་ཐོད་པ་སྟེ། །ཚེར་མ་ཅན་གྱི་ཤིང་བཏུས་ལ། །གྲོག་པོ་ཕུག་རྡུགས་ཕྱིན་ལ་བསྲེག །མནན་པའི་འཁོར་ལོ་ཆུ་མིག་མགོར། །ནག་པོ་ཀླུ་ཡི་ལག་ཏུ་གཏད། །གདབ་པ་རང་རང་ཕུར་པས་གདབ། །དེས་ནི་བརྣག་པ་མཐར་ཕྱིན་འགྱུར། །ཞེས་གསུངས་སོ། །འཇམ་དཔལ་གཤིན་རྗེ་ཟླ་གསང་ནག་པོ་རྩ་བའི་རྒྱུད་ལས། བདུད་ཀྱི་ཟླ་གསང་སྟོང་གསུམ་མུན་པར་གཏོང་བ། བདུད་ཕྱི་ལྟར་བསྒྲུབ་པའི་ལེའུ་སྟེ་ང་གསུམ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་འཇིགས་


DNG015_Page_0785
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཆེན་པོས། སྟོང་གསུམ་མུན་པར་གཏོང་བའི་བདུད་ནང་ལྟར་བསྒྲུབ་པ་འདི་གསུངས་སོ། །དང་པོར་དང་བའི་དད་པ་རབ་ཏུ་བསྐྱེད། །བཀའ་ཡི་གནས་སམ་དགའ་བའི་གནས་དག་ཏུ། །ས་བདག་ལྷ་ཀླུ་ཞི་བར་རབ་བྱས་ཏེ། །དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། །མཐིང་ནག་ཟླ་གམ་གསུམ་གྱིས་བསྐོར། །འཁོར་ལོ་རྩིབས་བརྒྱད་གྲུ་ཆད་སྒོ་བཞི་ལྡན། །མཐིང་ནག་དབུས་སུ་ཡ་མ་གཤེད་པོ་དགོད། །ཟླ་གམ་གསུམ་ལ་ཡུམ་གཉིས་སྲས་དང་གསུམ། །འཁོར་ལོ་བརྒྱད་ལ་བདུད་ཀྱི་རྒྱལ་པོ་བརྒྱད། །བར་ཁྱམས་དམར་པོ་བདུད་ཀྱི་ལྕམ་མོ་བརྒྱད། །སྒོ་བཞིར་བདུད་ཀྱི་ཡང་ཁོལ་བཞིས། །ལྷོ་ནུབ་མཚམས་སུ་གྲིར་ཤི་གཡང་གཞི་གཟུག །ནུབ་བྱང་མཚམས་སུ་སྤྱང་ཀིའི་གཡང་གཞི་གཟུག །བྱང་ཤར་མཚམས་སུ་བྱ་རྒོད་གཡང་གཞི་གཟུག །ཤར་ལྷོ་མཚམས་སུ་ལུག་ནག་གཡང་གཞི་གཟུག །དབུས་སུ་ཁྱི་ནག་དར་ནག་ཞིང་གི་གུར། །ཕྱི་རིམ་དོག་པ་ནག་པོའི་རྒྱ་ཡིས་བསྐོར། །ལྷ་རྣམས་གྲངས་དང་མཉམ་པའི་ཕུར་པ་དགོད། །དབུས་སུ་ཡབ་ཡུམ་གཏོར་མ་བཞག །བསེ་གབ་མོན་ཐོད་འཁར་གཞོང་དུ། །མི་ཤ་རྟ་ཤའི་གཏོར་མ་བཤམ། །ལྷོ་ནུབ་མཚམས་སུ་རྗེ་རིགས་ཐོད་པ་རུ། །མི་ཡི་སྙིང་ཁྲག་བསྲེས་པའི་གཏོར་མ་བཤམ། །ནུབ་བྱང་སྟག་སྙིང་སྦྱར་བ་གང་། །ཤར་དུ་སྤྲེའུའི་སྙིང་ཁྲག་བསྲེས་པ་བཞག །བདག་ཉིད་མཐིང་ནག་བེར་ཆེན་གོན། །སྲོག་གི་སྙིང་པོ་རྒྱུན་དུ་གྲངས། །ཨོཾ་ཤ་ར་ན། ཤ་རི་ན། ཁ་ར་ན། ཁ་ར་ན། མ་ཤོར་ར་ན། རུཾ་བུ་ཤང་དྲིན། མ་རི་ཏན་དུ་ཏ་རན།ཨ་བ་ཙག་ར་ཙུ་རུ་ཤ །མུ་ར་ཏོ་ཤ །མུ་ར་ཏོ་ཤ །ཨརྱ་བ་དུག་སུར་ན། ཧེ་ཧེ་ཡ་ན་ཛ་ཡ་རུ། མཱ་ར་ཡ་ཧཱུཾ་ཨ་པ་ཡ་ཏེལ་བ་དར། བདུད་ཀྱི་སྙིང་པོ་དེ་རྣམས་བགྲང་། །ལྕམ་དྲལ་འཁོར་བཅས་དྲིལ་བ་ནི། །ཨོཾ་ཧ་ནོ་མོ་ཧོ་འབི་ལི་མ་ཁུ་རི་བུམ་རུཾ་པུ་ནུ་ཏྲཾ་ཏྲ་དུ་རུ་དུ་རུ་ཏྲ་ཛ་ཛ་ཧཱུཾ་ཛ། སྟོང་ངམ་བྱེ་བ་ས་ཡར་བཟླས། །སྟོང་གསུམ་མུན་པར་གཏོང་བྱེད་ན། །མུན་པའི་དུམ་བུ་དུག་ཁྲག་ལ། །ཉི་མ་བསད་པའི་དྲག་སྔགས་བཟླས། །རང་སྔགས་མཇུག་ཏུ་མུན་འཐིབས་བརྗོད། །སྟོང་གསུམ་བདུད་ཀྱི་དྲག་རྩལ་གྱིས། །


DNG015_Page_0786
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཅིག་ཙམ་ལ་གཡོ་འགུལ་གཏོང་། །ལས་ལ་སྦྱར་ཏེ་གསོད་འདོད་ན། །རབས་ཆད་ནག་པོའི་ཐོད་པ་རུ། །དུག་དང་ཀླད་ཁྲག་སྦྱར་བ་ཡིས། །གཏུམ་ཁྲོ་བསྟོད་ལ་བདུད་རྣམས་རྦད། །ཧཱུཾ་ནམ་མཁའ་ཡངས་པའི་མཁའ་ཀློང་ནས། །ཡང་རྗེ་གཤིན་རྗེ་བཤན་པ་དབུ་གསུམ་ཕྱག་དྲུག་པ། །གནས་འདིར་མུན་འཐིབས་དམ་ལ་ཤོག །མུན་པ་འཐིབས་པའི་ཀློང་དཀྱིལ་ནས། །ཡ་ཞེར་ནག་པོ་འབྲུག་སྟོན་སྐུ། །གནས་འདིར་མུན་འཐིབས་དམ་ལ་ཤོག །ཤར་ཕྱོགས་རུས་པའི་ཞིང་ཁམས་ནས། །ཤར་བདུད་རོལ་པོ་རལ་པ་ཅན། །ཞེ་སྡང་མུན་འཐིབས་དམ་ལ་ཤོག །ལྷོ་ཕྱོགས་མེ་ཡི་ཞིང་ཁམས་ནས། །སྲོག་བདུད་སྔོན་པོ་རལ་པ་ཅན། །སྲོག་ལ་མུན་འཐིབས་དམ་ལ་ཤོག །ནུབ་ཕྱོགས་ཁྲག་གི་ཞིང་ཁམས་ནས། །ཟླ་བདུད་ཡོར་པོ་ཞགས་པ་ཅན། །བླ་ལ་མུན་འཐིབས་དམ་ལ་ཤོག །བྱང་ཕྱོགས་རླུང་གི་ཞིང་ཁམས་ནས། །སྲོག་བདུད་སེར་པོ་སྟ་རེ་ཅན། །སྲོག་ལ་མུན་འཐིབས་དམ་ལ་ཤོག །ཚེ་བདུད་སྐྱིན་ཐང་རལ་པ་ཅན། །ཚེ་ལ་བར་ཆོད་དམ་ལ་ཤོག །སྲོ་ཏྲ་འཁྲིགས་པ་སེམས་ཀྱི་བདུད། །ཡིད་ལ་མུན་འཐིབས་དམ་ལ་ཤོག །དཀར་མོ་འབར་མ་སྤྱན་གཅིག་མ། །སྔོན་མོ་སྟག་རི་བསེན་མོ་འཁོལ། །དམར་མོ་གཡུ་ཀླུ་གཉན་མོ་འཁོལ། །ནག་མོ་དྲེད་མོ་མ་ཡམས་འཁོལ། །སེར་མོ་རླུང་གཤོག་དབང་ལྡན་འཁོལ། །དཀར་ལྗང་འུག་མགོ་དྲི་ཟ་འཁོལ། །སྔོ་ནག་སྲེག་བྱེད་གཤིན་རྗེ་འཁོལ། །དམར་མོ་སྒེག་མ་སྲིན་མོ་འཁོལ། །སྔོ་སྐྱ་ཞལ་ཐོགས་རླུང་ལྷ་འཁོལ། །དགྲ་བོའི་རྣམ་ཤེས་བརྒྱད་ལ་མུན་ལྟར་གཏིབས། །ཧ་ན་ཧ་ན། སྡི་ཏ་སྡི་ཏ། རུ་དྲ་མ་མ་ས་མ་ཡ་ཧཱུཾ་ཁ་ཏྲི་ཛ། མ་ཏྲི་ཛ། ཤོན་ཏྲཱི་ཛ། ཡཀྴ་ཛ། མ་ཏྲི་ཛ། ད་ཏྲི་ཛ། ཤ་ཏྲི་ཛ། ད་ཏྲི་བྲ་ཏྲི་ཛ། ཛ་བྱིན་ཛ་ཀར་མ་ཛ། ཧ་ནུ་ཛ། ལི་ཤ་ཛ། ཡཀྴ་ཛ། པུ་ལི་ཛ། ཁོ་དར་ཛ། ཛ་ཧཱུཾ་རྦུད་པོ་ལ་ཀུ་ནས་རྦུད། དུ་དུ་རྦུད། ཁ་ལ་ཁུ་རྦད། ཤེད་ཚེ་ཏ་གོང་ཆོད། ཁ་ལ་རུག་ཏི་མུ་ཧ་རྦུད་སྭཱ་ཧཱ།


DNG015_Page_0787
[མ་དཔེ་གཟིགས་ན་འདིར་གནོན།]

ཟ་ཟ་ནད་སྐུམ་ཐུམ་རི་ལི་ལི། ཁེ་ལེ་ཁ་ལེ་ཤག་ཐུམ་ཀ་ནན། ཧ་ར་རྦད། ཆུམ་ཁུག་རིལ་སྲོག་ཙ་རྦུད་རིལ། དེ་དག་གསད་ཅིང་གཟིར་བ་དང་། །གནན་ཅིང་འཕངས་དང་བསྲེག་ཅིང་གཏད། །འཁོར་ལོ་བྲི་བྱ་ཡི་གེ་དགོད། །དབྱེ་དང་དགུག་དང་བསྡིམ་པའི་ལས། །མན་ངག་འདི་བཞིན་བྱས་གྱུར་ན། །ཐེ་ཚོམ་མེད་པར་རླག་པར་བྱེད། །ཅེས་གསུངས་སོ། །དཔལ་གཤིན་རྗེ་ཟླ་གསང་ནག་པོ་རྩ་བའི་རྒྱུད་ལས། བདུད་ནང་ལྟར་བསྒྲུབ་པའི་ལེའུ་སྟེ་ང་བཞི་པའོ།། །།དེ་ནས་ཡང་འཇིགས་བྱེད་ཆེན་པོས་བདུད་གསང་བ་ལྟར་བསྒྲུབ་པ་འདི་གསུངས་སོ། །ཐོག་མར་བྱ་བ་སྔོན་སོང་ནས། །ནག་པོ་བྲག་གི་རྩར་ཕྱིན་ལ། །ལྷོར་བལྟས་རྩ་ན་ཆུ་འབབ་ཏུ། །གུར་ནག་ནང་དུ་ས་བླངས་ཏེ། །སྟེགས་བུ་འདོམ་གང་གྲུ་བཞི་བརྩིག །མི་ཁྲག་རྟ་ཁྲག་ཁྱི་ཁྲག་དང་། །རྒྱ་སོལ་བསྲེགས་ལ་ཆག་ཆག་གདབ། །དབུས་སུ་གྲུ་གསུམ་མཁྱིད་གང་བྲུ། །ཟླ་གམ་དམར་པོ་ཐོད་ཕྲེང་དཀར། །གྲུ་ཆད་ལྗང་ནག་སྒོ་བཞི་སེར། །བདུད་པོ་ཧ་ནུ་སྟག་ཤ་ཁ། །དར་ལ་གཟུགས་བྲིས་དབུས་སུ་དགོད། །ལྕགས་སམ་མཆོག་གི་ཕུར་པ་ལ། །གཤེད་པོར་བྱིན་བརླབས་དབུས་སུ་དགོད། །ཡ་དར་ནག་པོ་ལྕེ་བཞི་ལ། །ཕྱོགས་བཞིར་བདུད་བཞིའི་གཟུགས་བྲིས་དགྲམ། །ཤར་དུ་ཁུ་ལེ་ཁྱབ་པ་དགོད། །ལྷོ་རུ་ནག་པོ་བཀྲག་མེད་དགོད། །ནུབ་ཏུ་སོ་འདར་འཁྲིག་པ་དགོད། །སོར་མོའི་རྩ་སྐམས་བྱང་དུ་དགོད། །དྲི་ཟ་ཁུང་བཙུན་ཤར་དུ་དགོད། །ཕ་དཀར་སྟ་རེ་ས་ཏོ་ལྷོ་རུ་དགོད། །ངན་ཟ་འཕེན་དཀར་ནུབ་ཏུ་དགོད། །ན་བུན་རྨུགས་མ་བྱང་དུ་དགོད། །བཀའ་འཁོར་སྐྱོང་བའི་གནོད་སྦྱིན་བདུད། །ཕྱག་བརྙན་བཅུ་གསུམ་ཁྲག་གི་གདོང་རལ་ཅན། །སྤྲུལ་པ་བཅུ་གསུམ་སྟག་དང་གཟིག་ཆས་ཅན། །མོན་བུ་བཅུ་བདུན་བདུད་ཀྱི་རྟ་ནག་ཅན། །ཕོ་ཉ་བཅུ་གསུམ་སྟག་སེང་ཐང་ག་ཅན། །ཕྱག་བརྙན་མ་རྣམས་རེ་བའི་གོ་ཅོག་ཅན། །སྤྲུལ་པ་མ་མོ་སོལ་བའི་ལན་ཚར་ཅན། །མོན་མོ་བཅུ་གསུམ་ཞ་ཉེའི་རྒྱང་ལང་ཅན། །ཕོ་ཉ་མོ་རྣམས་མགྲོན་བུའི་ཐང་ག་ཅན། །གྲུ་ཆད་ཁྱམས་དང་


DNG015_Page_0788
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་ལ་རིམ་པས་དགོད། །དེ་ལ་དམ་རྫས་བཤམ་པ་ནི། །རབས་ཆད་མོན་གྱི་ཐོད་པ་རུ། །བྲ་ཟན་གཏོར་མ་ཆ་གཅིག་རུང་། །ལུག་ནག་ཁྱི་དཀར་བྱ་རོག་དང་། །རྟ་ནག་སྙིང་དཀར་གསུམ་གྱི་སྙིང་། །སྲོག་པ་རྩ་དང་མ་བྲལ་ནང་། །དགྲ་བོ་དུ་ཡོད་མིང་རུས་རྣམས། །གྲོ་གའམ་ཤིང་ཤུན་བྲིས་ལ་གཞུག །བྱ་རོག་གསོབ་དང་སྐྱུད་ཁའི་གསོབ། །བརྒྱངས་ཏེ་ཤར་ནུབ་ཁ་བསྟན་བཞག །ཆང་ཕུད་ནང་དུ་གསེར་བརྡར་ལ། །དངུལ་སྐྱོགས་གང་ཡང་གཞག་པར་བྱ། །གཡབ་དར་ནག་པོས་གཡབ་ཚུལ་བྱ། །ལུག་ནག་ལྕགས་རུ་གསེར་མིག་ལ། །རེ་བའི་སྒྱེ་ནག་ཁལ་དུ་བཀལ། །གཡས་སུ་ཕོ་རྣམས་མིང་རུས་གཞུག །གཡོན་དུ་མོ་རྣམས་མིང་རུས་གཞུག །སྔོ་དམར་སྐུད་པས་གོང་རྨེད་བྱ། །རྭ་ལ་དར་ལྕེ་མཐིང་ནག་གདགས། །མིག་གཉིས་ནང་དུ་རིན་ཆེན་བརྡར། །དར་དཀར་ཡུག་གིས་མིག་གཉིས་གདབ། །དཀྱིལ་འཁོར་བྱང་ཤར་གྲྭ་རུ་གཟུག །དུར་ཁྲོད་རས་ལ་འཁོར་ལོ་བཅའ། །ཐོད་པར་དུག་ཁྲག་བསྲེས་ཏེ་དགང་། །གོས་ནག་གོན་ལ་ཐོད་ནག་བཅིངས། །བདུད་ཀྱི་གཡབ་དར་ལག་ཏུ་ཐོགས། །གཏུམ་ཆེན་བསྟོད་ལ་བདུད་རྣམས་རྦད། །དྲག་སྔགས་འདི་བཟླས་མངོན་དུ་གྱུར། །ཧཱུཾ་ཕཊ་པ་ཧཱུཾ་ལ་མ་ས་ཤ་སྟ་ཧ་སྟ་བ་བ་བེ་ར་པ་མ་ཤ་ས་ར་ཡ་ཧཱུཾ། མ་ཧེ་མང་ག་ལ་ཡ་ཧཱུཾ་ཕཊ། སུམ་འབུམ་བཟླས་ན་གང་ཡང་འགྲུབ། །དེ་བཞིན་འགྲུབ་ན་མངོན་དུ་འགྱུར། །ཡང་ན་སྦྱོར་བ་རྫོགས་པར་བྱ། །སངས་རྒྱས་བསྟན་པ་འཇིག་ནའོ། །ཞེས་གསུངས་སོ། །དཔལ་གཤིན་རྗེ་ཟླ་གསང་ནག་པོ་རྩ་བའི་རྒྱུད་ལས། བདུད་ཀྱི་ཟླ་གསང་གསང་བར་བསྟན་པའི་ལེའུ་སྟེ་ང་ལྔ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་འཇམ་དཔལ་འཇིགས་བྱེད་ཆེན་པོས་འཇིག་རྟེན་གྱི་ཁམས་མེས་བསྲེག་པའི་བཙན་ཕྱི་ལྟར་བསྒྲུབ་པ་འདི་གསུངས་སོ། །བྲག་དམར་རྩའམ་དུར་ཁྲོད་དུ། །ས་བདག་ཞི་བྱ་ཀླུ་གཏོར་གཏང་། །དཀྱིལ་འཁོར་གྲུ་བཞི་འདོམ་གང་ལ། །ར་དམར་ཁྲག་གིས་ཆག་ཆག་གདབ། །དབུས་ཀྱི་ལྟེ་བ་དམར་པོ་ལ། །ཟླ་


DNG015_Page_0789
[མ་དཔེ་གཟིགས་ན་འདིར་གནོན།]

གམ་དམར་པོ་བརྒྱད་ཀྱིས་བསྐོར། །ལྕགས་རི་ནག་པོ་མེ་འོད་འབར། །ཟླ་གམ་རེ་ལ་མཱ་ར་ཡ། །ར་དམར་བསེ་དགྲམ་ཕྱི་རྟེན་བཅའ། །དབུས་སུ་བཤོས་ཆ་ཁྲུ་གང་བཞག །ར་དམར་ཁྲག་གིས་དམར་པོར་བྱུག །ཟ་འོག་དམར་པོ་མདའ་གང་གདགས། །ར་ལྤགས་དམར་པོ་མདའ་གང་གདགས། །ཟེར་མོ་ལྡེམ་པའི་ཕོད་ཀྱིས་བརྒྱན། །དབུས་ཀྱི་ཟླ་གམ་སྟེང་དུ་བཞག །དེ་འཁོར་ཟླ་གམ་བརྒྱད་པོ་ལ། །བཤོས་ཆ་བརྒྱད་ལ་མདའ་དམར་བརྒྱད། །དར་དང་ར་ལྤགས་དམར་པོ་དང་། །ཟེར་མོའི་ཕོད་ཀྱིས་བརྒྱན་པ་བརྒྱད། །ཕྱི་རོལ་ཟླ་གམ་བརྒྱད་ལ་དགོད། །གསེར་བརྡར་ཆང་ཕུད་བྱ་ཕོ་དགུ། །འབྲས་དང་ཏིལ་ནག་ལ་སོགས་པ། །ཟླ་གམ་དགུ་ལ་ཕུལ་དགུ་བཞག །དུར་ཁྲོད་རས་ལ་འཁོར་ལོ་ནི། །རྩིབས་བརྒྱད་པ་རུ་བྱ་བར་བཤད། །ཨོཾ་ལ་ལི་བྲ་མ་ནི། རི་རྩེ་ཐལ་བ་ནི། ཏྲི་ཀི་ཀི་ཀི་ཤི་ཏྲི་མུ་ཏྲི་རེ་ཧྲི་ཧྲི། ཏེ་ཏྲི་ཧཾ་ཤཾ་ཏཾ་སརྦ་ཀརྨ་བེ་བ།བེ་བ་སྭཱ་ཧཱ། འདི་ནི་རབ་ཏུ་དྲག་པོའི་སྔགས། །དགུག་དང་རྦད་པའི་སྔགས་འདི་བརྗོད། །སྲོག་ལ་ལི་ཕྲ་མ་ནི་བཾ་རིལ། དགྲ་བོ་ནྲྀ་ཛ། ཀྲོ་ཏི་ག་ཡེ། བཾ་རི་ལི་ལི། དགྲ་བོ་ནྲྀ་ཛ། ཀྲོ་ཏི་ཀོ་ཡ། ཤ་བཾ་རི་ལི་ལི། དགྲ་བོ་ནྲྀ་ཛ། རབ་དབང་དཔོན་གཡོག་དགུ་པ་ཡི། །སྙིང་པོ་བརྗོད་ཅིང་སྲོག་ནས་དྲངས། །སྲོག་ལ་ལི་པྲ་མ་ཏི། དམ་ཉམས་དགྲ་བོའི་སྙིང་ལ་ཛ་ཛ། སྲོག་གི་ཏིང་ག་ལ་ཡ་ཤ་མཱ་ར་ཡ། དགྲ་བོའི་སྙིང་ལ་ཛ་ཛ་ཛ། སྲོག་གམ་ཏི་ཀམ། ཀྵ་མ་མཱ་ར་ཡ། དམ་ཉམས་དགྲ་བོའི་སྙིང་ལ་ཛ་ཛ་ཛ། སྲོག་མུ་ཏི་རཾ་ཏྲི་དམ་ཉམས་དགྲ་བོའི་སྙིང་ལ་ཛ་ཛ་ཛ། དམིགས་པའི་གཟུགས་ལ་སྔགས་ཀྱིས་བརྡེག །གཤིན་རྗེ་བསྟོད་ལ་བཙན་རྣམས་རྦད། །ཧཱུཾ་འཛམ་གླིང་འདུས་པའི་དཀྱིལ་འཁོར་ནས། །མེ་འོད་དམ་པའི་ཞིང་ཁམས་ནས། །མི་རེངས་དམར་པོ་མདུང་ཙམ་གཅིག །དབུ་ལ་སྐྲ་མེད་བསྐལ་པའི་མེ་དཔུང་འབར། །འཇིག་རྟེན་ཁམས་ཀུན་མེ་ཡིས་བསྲེག །སྨིན་མ་ལྕགས་ཀྱུ་འཁྱིལ་པ་འདྲ། །སྤྱན་རྩ་དམར་པོས་དམ་ཉམས་དགྲ་བོ་ཟློག །སྐུ་ལ་ལེ་


DNG015_Page_0790
[མ་དཔེ་གཟིགས་ན་འདིར་གནོན།]

བརྒན་དམར་པོའི་འཇོལ་བེར་གསོལ། །གཡས་པ་བཙན་གྱི་རྒྱུ་ཞགས་འདེབས། །གཡོན་ན་ཧུ་ལུའི་ལྟས་ངན་འདེབས། །ཞབས་ལ་ལྕགས་མ་ཡུ་ཐུང་གསོལ། །སྦྲུལ་ནག་སྟོང་གི་ཆུན་འཁོར་ཅན། །སྦྲུལ་དམར་འཇིགས་པའི་སྐེ་རགས་ཅན། །སྐར་ཆེན་མང་པོའི་ཚ་ཚ་འཕྲོ། །བཞུགས་ནི་བར་སྣང་ཁྱབ་པར་བཞུགས། །ནམ་གྱི་གུང་ལ་རྒྱུ་ཙམ་ན། །བྲག་གི་ཝ་མོ་ཁ་ནག་བཅིབས། །ཉི་མའི་ཟེར་ལ་ཆས་ཙ་ན། །ཆིབས་སུ་ལྟས་ངན་གླ་བ་བཅིབས། །ཉི་མའི་ཕྲེང་ལ་ཆས་ཙ་ན། །ཆིབས་སུ་བྲ་བོ་རྟིང་དཀར་བཅིབས། །དམ་རྫས་གཏོར་མ་འདི་ལོང་ལ། །ཡབ་ཅིག་འཇམ་དཔལ་བཀའ་བྱུང་གིས། །འཁོར་གྱི་བཙན་རྣམས་ལས་ལ་བསྐུལ། །འཇིག་རྟེན་ཁམས་སུ་མེ་ཡི་བསྐལ་པ་ཕོབ། །དགྲ་བོའི་རྣམ་ཤེས་བརྒྱད་པོ་ཐལ་བར་རློག །སྐྱེས་བུ་ཆེན་པོ་དགྲ་ལ་ཡ། །རབ་གསང་མཆེད་དགུ་དགྲ་ལ་ཡ། །བཙན་གྱི་ཞགས་པ་ད་སྡོམས་ཤིག །ཐ་རམ་དགྲ་ལ་ད་ཕོབ་ཅིག །ཁྲག་སྐྱུག་གཟེར་ཐེབས་པུར་གྱིས་ཐོབ། །དེ་སྐད་ཅེས་ནི་ལས་བཅོལ་ན། །ལོ་དང་ཟླ་བས་བརླག་འགྱུར་རོ། །བཙན་ར་ཁམ་རོག་རྟེན་དུ་བཅའ། །བེའུ་ཝ་དང་རྟ་ཆུང་དང་། །ལག་སོར་རྣམས་ལ་གོང་བཞིན་བསྐུལ། །ཆང་ཕུད་གཏང་ཞིང་ལས་གཉེར་གཏད། །རྟགས་ཕྱིན་པ་དང་གཏང་རག་གཏང་། །གསོབ་དང་བཤོས་ཆ་དབུལ་བར་བྱའོ། །ཞེས་གསུངས་སོ། །དཔལ་གཤིན་རྗེ་ཟླ་གསང་ནག་པོ་རྩ་བའི་རྒྱུད་ལས། འཇིག་རྟེན་མེས་སྲེག་པར་བྱེད་པ་བཙན་གྱི་ཟླ་གསང་གི་ལེའུ་སྟེ་ང་དྲུག་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས། བཙན་ནང་ལྟར་བསྒྲུབ་པ་འདི་གསུངས་སོ། །གོང་གསུམ་ཁ་འམ་བྲག་དམར་རྩར། །དུར་ཁྲོད་ནགས་རྫོང་འཐུག་པོ་རུ། །དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། །དུག་དང་ཆང་གིས་ཆག་ཆག་གདབ། །དབུས་སུ་གྲུ་གསུམ་ཐུར་དུ་བརྐོ། །མུ་སུ་ར་ཡི་ཐོད་པ་རུ། །རྡོ་སོལ་སུ་བ་རས་ལ་སོགས། །ཏིལ་མལ་བསྲེས་ཏེ་གཞག་པར་བྱ། །དེ་ལ་


DNG015_Page_0791
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་གམ་གསུམ་གྱིས་བསྐོར། །ལྕགས་རི་ལ་སོགས་མེ་འོད་བྲི། །དབུས་སུ་ཡ་མ་གཤིན་རྗེ་དགོད། །ཟླ་གམ་གསུམ་ལ་ཡུམ་སྲས་དགོད། །ཟླ་གམ་སྟེང་དུ་བཙན་རྒྱལ་པོ། །རྡོ་རྗེ་རེག་བྱ་གསེར་མིག་དགོད། །ལྷོ་རུ་རྡོ་རྗེ་དྲག་མཆོག་དགོད། །ནུབ་ཏུ་རྡོ་རྗེ་མགྱོགས་བྱེད་རྩལ། །བྱང་དུ་རྡོ་རྗེ་གཞོང་པོ་འབར། །ཡབ་ཡུམ་སྲས་སུ་བཤམས་པ་ཡང་། །མི་ཤ་རྟ་ཤའི་གཏོར་མ་དང་། །སྙིང་ཆེན་ཅིག་ལ་རྟེན་ཏེ་བསྒྲུབ། །ཕྱོགས་བཞིར་གཏོར་མ་བཞི་བྱས་ལ། །བཞུ་བོ་མཆེད་བཞིའི་རྫས་སུ་དགོད། །ར་དམར་སྙིང་དང་བྱ་སེ་དང་། །རྟ་འཚལ་སྙིང་ལ་བཙན་རྣམས་རྟེན། །བྱ་རྒོད་མདའ་དང་ལེ་བརྒན་དང་། །ལག་ཏུ་ཐོགས་ལ་རྟག་ཏུ་གཡབ། །གྲི་བོ་ཐོད་པར་ཐ་རམས་བཅའ། །རྟག་ཏུ་ར་གསུར་རྒྱུན་དུ་གཏང་། །གསེར་སྐྱེམས་ལ་སོགས་གསེར་བརྡར་ལ། །རྟག་ཏུ་བཙན་ལ་མཆོད་པར་བྱའོ། །གདུག་པའི་གླུ་བླང་སྣ་གླིང་བུད། །རྟག་ཏུ་ཉུང་དཀར་ཉུང་ནག་ལ། །སྔགས་བཟླས་གྲུ་གསུམ་ཐོད་པར་བསྡིམ། །རྣམ་གསུམ་ཏིང་འཛིན་བཙན་རྣམས་བསྐྱེད། །ཨ་བི་ཤུ་ས་མ་ཡ་རཱ་ཛ་བཾ་ནི། །ཨ་ནན་ཏྲི་ཤམ་རྦད། ཛ་ར་ཤནྟིཾ་སན་འདར་གླུན། རྩི་ན་བི་མ། ཀུ་རུ་ཛ་ཛ། ཁྲིའམ་འབུམ་དུ་བཟླས་གྱུར་ན། །སྐུ་ཡང་དངོས་སུ་སྟོན་པར་འགྱུར། །གཞན་ཡང་རྟ་མེད་སྲབ་སྒྲ་དང་། །མི་མེད་བཤུད་པ་དིར་དིར་འོང་། །དེ་བཞིན་ལས་ལ་སྦྱར་བར་བྱ། །གཤེད་པོ་བསྐུལ་ལ་བཙན་རྣམས་རྦད། །འཇིག་རྟེན་མེ་ཡིས་བསྲེག་འདོད་ན། །རྡོ་སོལ་རྫས་སྦྱར་དམ་རྫས་ལ། །རྩ་བའི་སྔགས་ལ་རཾ་རཾ་སྦྱར། །དེ་ཡིས་རྫས་སྦྱོར་རབ་ཏུ་གཅེས། །དཀོན་མཆོག་མཉེས་ཕྱིར་བླ་མ་བསྟེན། །གསད་པའི་ལས་ཀྱང་གོང་དང་འདྲ། །གཙོ་རུ་རང་གི་དམ་ཚིག་བསྲུང་། །ཏིང་ངེ་འཛིན་གྱི་སྤྱོད་ལམ་བྱ། །གཡེལ་ན་གང་ཡང་མི་འགྲུབ་སྟེ། །རྟག་ཏུ་མི་དང་གཉེར་མི་བྱ། །ཐ་རབས་བཅད་པའི་ཐོད་པ་དེ། །གོང་གསུམ་བཙན་གྱི་འདུས་སའམ། །བྲག་བཙན་ཀླུ་བཙན་ཡོད་སར་སྦ། །གང་ལ་བྱ་བ་ཐོགས་མེད་འཇོམས། །ཞེས་གསུངས་


DNG015_Page_0792
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དཔལ་གཤིན་རྗེ་ཟླ་གསང་ནག་པོ་རྩ་བའི་རྒྱུད་ལས། འཇིག་རྟེན་གྱི་ཁམས་མེས་བསྲེག་པ་བཙན་གྱི་ཟླ་གསང་གི་ལེའུ་སྟེ་ང་བདུན་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས། བཙན་གསང་བར་བསྒྲུབ་པ་འདི་གསུངས་སོ། །དགོན་པ་དུར་ཁྲོད་ལྟ་བུ་རུ། །དཀྱིལ་འཁོར་མཐིང་ནག་གྲུ་གསུམ་བརྩིག །དབུས་སུ་རབས་ཆད་ཐོད་པ་རུ། །ཁྲག་སོགས་དུག་སོགས་རྡོ་སོལ་དང་། །དུར་ཁྲོད་རས་དང་ཏིལ་གྱི་མར། །ར་དམར་སྙིང་དང་ར་ཁྲག་བླུག །མིང་དང་རུས་བྲིས་ཐོད་པར་གཞུག །བསེ་ཕོར་ཟངས་གཞོང་གཏོར་མས་དགང་། །རང་སྔགས་སྲོག་སྙིང་ཚད་དུ་གྲངས། །ཨོཾ་དེ་བ་ཏྲི་མ་ག་ན་ཛ་མུས་མ་ར་ན་ཡ་མ་ར་ན་ཡ། དགྲ་བོ་ཆེ་གེ་མོ་སྲོག་དྲེང་དྲེང་། ཐུམ་བྷྱོ་ཛ་ཛ། འདི་ནི་རབ་ཏུ་མི་བགྲུངས་སྔགས། །ཐོད་པའི་ནང་དུ་འབུམ་དུ་བཟླས། །ཐོད་པ་ནགས་ལྗོངས་སྟུག་པོ་འམ། །རི་ལ་སྦས་ན་རི་མེས་ཚིག །ཁྱད་པར་རྒྱ་མཚོ་ལྟ་བུ་འམ། །ཆུ་མིག་སྦས་ན་ཆུ་ཡང་ཁོལ། །དགྲ་ཡི་གདུང་གསེབ་སྦས་གྱུར་ན། །ཁྱིམ་མམ་ཁང་པ་འཇིག་པར་འགྱུར། །དེ་ནས་སྔགས་དེ་ཟུའི་སྡོང་པོ་ལ། ལན་སྟོང་དུ་བཟླས་ན། དེ་སྨྱོ་བར་འགྱུར་རོ། །ད་རུའི་ལོ་མ་དང་། ཤ་སྣ་བ་བེ་དང་། ཀང་ཀ་རི་ལ་བཟླས་ནས་བྱིན་ན་མཛེར་འགྱུར་རོ། །བེའུ་བེ་དང་ཀར་སྣ་ལ་བཟླས་ནས་བྱིན་ན། སྐྲངས་འབུར་གྱི་ནད་ཀྱིས་འཆི་བར་འགྱུར།ཛ་ཡི་འབྲས་ལ་བཟླས་ནས་ཕྱོགས་སུ་གཏོར་ན་སྦྲུལ་ཆེན་པོ་ཁང་པའི་ནང་དུ་འོང་བར་འགྱུར་རོ། །རྡོ་སོལ་ལ་བཟླས་ནས་བནྡྷའི་ནང་དུ་ཆང་དང་སྦྱར་ནས་རྩྭ་གསེབ་བམ། ཤིང་གསེབ་དུ་སྦས་ན་ཡུལ་འཚིག་པར་འགྱུར་རོ། །རྡོ་སོལ་ལ་བཟླས་ཏེ་ཆང་དང་སྦྱར་ལ་བཞག་ནས་བྱིན་ན་མི་རེངས་ཀྱི་འགྲོ་བར་འགྱུར་རོ། །རྡོ་སོལ་ཞོ་དང་བཙན་དུག་སྦྱར་མས་བཏབ་ནས། དགྲའི་ལུས་སམ་ཤ་ལ་རེག་གམ་གོས་ལ་བསྐུས་ན་ལྷོག་པ་དཀར་པོས་འཆི་བར་འགྱུར་རོ། །དཔལ་གཤིན་རྗེ་ཟླ་གསང་ནག་པོ་རྩ་བའི་རྒྱུད་ལས། འཇིག་རྟེན་གྱི་ཁམས་མེས་བསྲེག་པ་བཙན་གྱི་ཟླ་གསང་གི་ལེའུ་སྟེ་


DNG015_Page_0793
[མ་དཔེ་གཟིགས་ན་འདིར་གནོན།]

ང་བརྒྱད་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་གཤིན་རྗེའི་གཤེད་པོས། ཆུ་འཁྱགས་དྲག་ཏུ་དབབ་པ་ཁྱབ་འཇུག་གཟའི་ཟླ་གསང་འདི་གསུངས་སོ། །གཟའ་ཕྱི་ལྟར་བསྒྲུབ་པའི་ཐབས་བཤད་པ། །ཐོག་མར་དད་པ་རབ་ཏུ་བསྐྱེད། །རི་གསུམ་རྩེ་འམ་དུར་ཁྲོད་དུ། །དབང་ཐོབ་བྱ་ཕྱིར་བླ་མ་མཉེས་པར་བྱ། །དཀྱིལ་འཁོར་བྲིས་ནས་དམ་ཚིག་དབང་དག་ནོད། །དགོས་པ་བསྒྲུབ་ཕྱིར་མན་ངག་ཐོབ་པར་བྱ། །མན་ངག་ཐོབ་ནས་བསྙེན་བསྒྲུབ་མཐའ་རུ་དབྱུང་། །གཉེན་པོ་བྱ་ཕྱིར་མཐུན་རྫས་བསག །ཁྱབ་འཇུག་ལས་ཀྱི་གོ་རིམ་བཞིན། །གཞན་ཡང་མཐུན་པའི་ཆོ་ག་བྱ། །མཆོད་དང་གཟུ་དཔང་གསོལ་བ་གདབ། །གཏོར་མ་ལ་སོགས་ཆོ་ག་བྱ། །དབབ་གསད་ལས་ཀྱི་གོ་རིམ་ནི། །ཚེས་གྲངས་ཕྱོགས་དང་དུས་ཚོད་དང་། །སྤྲུལ་པའི་ཡན་ལག་འཇུག་པའོ། །གོ་རིམ་བཞིན་དུ་སོ་སོར་སྦྱར། །བཞི་ལ་ནུབ་ནས་ཤར་དུ་སྤྱོད། །མ་མོར་སྤྲུལ་ཏེ་རྐང་པ་གཡས། །བརྒྱད་ལ་ཤར་ལྷོ་མཚམས་ནས་སུ། །ཉི་མ་དྲོས་ཏེ་ནུབ་བྱང་དུ། །དགྲ་ལྷའི་རྒྱལ་པོའི་མཇུག་མར་སྤྲུལ། །བཅུ་གཅིག་འཇིང་ལ་བྱང་ནས་ལྷོར། །བདུད་དུ་སྤྲུལ་ཏེ་ལག་པ་གཉིས། །བཅོ་ལྔ་ནམ་ཕྱེད་ལྷོ་ནུབ་ནས། །བྱང་ཤར་མཚམས་སུ་རྒྱུ་བ་སྟེ། །སྲིན་པོར་སྤྲུལ་ནས་མགོ་བོ་འགྲོ། །བཅོ་བརྒྱད་ནམ་ཡོལ་ཤར་ནས་ནུབ། །དམུའི་སྤྲུལ་པ་དཔུང་མགོ་བོ་གཡོན། །ཉི་ཤུ་གཉིས་ལ་ཉི་མ་ཉུག །ནུབ་བྱང་མཚམས་ནས་ཤར་ལྷོར་རྒྱུ། །གཤིན་རྗེར་སྤྲུལ་ཏེ་ལག་པ་གཡོན། །ཉི་ཤུ་ལྔ་ལ་ལྷོ་ནས་བྱང་། །སྐྱ་རེངས་ཤར་ཏེ་དཔུང་མགོ་མིག །ཀླུ་བཙན་གདོན་དུ་སྤྲུལ་ཏེ་འགྲོ། །ཉི་ཤུ་དགུ་སྟེ་མྱུར་ཆུང་ན། །བྱང་ཤར་མཚམས་ནས་ལྷོ་ནུབ་ཏུ། །གཟའ་བདུད་ཆེན་པོར་སྤྲུལ་ཏེ་འགྲོ། །དེ་ཡི་དབང་སྐོར་སྦྱོར་བ་ནི། །ཕྱོགས་ཀྱི་གདོན་སྤྲུལ་རེ་རེ་ལས། །བསད་པའི་སྦྱོར་བ་སོ་སོར་བྱ། །གདོན་སྤྲུལ་སོ་སོར་རྒྱུ་བ་སྟེ། །མ་མོར་སྤྲུལ་པའི་གཟུགས་བརྙན་ནི། །ནག་མོ་ཆེན་མོ་རལ་པ་ཅན། །འཇིགས་པའི་རྒྱན་ཆ་མང་པོ་དང་། །ལག་ན་ཐོད་ཁྲག་འཐོར་ཞིང་རྒྱུ། །རླུང་ནག་ཐོག་དང་སེར་བ་རྒྱུ། །


DNG015_Page_0794
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་སྔོ་སྐྱ་ཀ་ཏར་ཐོགས། །སྔོ་སྐྱ་ཞོན་ཏེ་འཇིགས་པའི་གཟུགས། །སྒྲ་དང་སེར་བ་མཚན་མ་འོང་། །སྤྲུལ་པ་བདུད་ནག་མདོག་ནག་པོ། །ལག་ན་བདུད་ནག་ཞགས་པ་ཐོག །རྟ་ནག་ཞོན་ཏེ་གདོན་དང་བཅས། །བཙན་ཐབས་དྲག་པོའི་ནད་རྣམས་དང་། །དུས་མིན་མ་མོ་མང་དུ་འབྱུང་། །འཇིགས་པ་སྲིན་པོ་སོ་ནག་དང་། །མིག་རྩ་དམར་ལ་སྡང་མིག་བགྲད། །མཆེ་བ་གཙིགས་ཏེ་ཟ་བའི་ཚུལ། །མདའ་ཞུགས་པ་ཡི་གདོན་དང་བཅས། །རླུང་ནག་འཚུབ་མར་བཅས་ཏེ་འོང་། །སྤྲུལ་པ་མུ་སྟེགས་དགྲ་སྟྭ་ཐོགས། །དམར་པོ་ཁྲག་གི་ཐིག་ལེ་ཅན། །བ་ལང་ཞོན་ཏེ་འཇིགས་པའི་གཟུགས། །མཚན་མ་ཐོགས་དང་སྤྲིན་ནག་འཁྲུགས། །ཀླུ་གདོན་དྲག་པོའི་སྤྲུལ་པ་ནི། །སྦྲུལ་ནག་ཆེན་པོ་འཇིགས་པའི་གཟུགས། །འཁྱིལ་པའི་ཚུལ་གྱིས་རྒྱུག་ཅིང་འགྲོ། །ཆུ་དྲག་གློག་དང་ཆར་པ་འོང་། །ནག་པོ་ཆེན་པོ་འཁོར་ལོ་ཐོགས། །གདོན་གྱི་གཙོ་བོར་སྤྲུལ་ཏེ་རྒྱུག །རྒྱུ་བའི་དུས་དང་མཚུངས་ངེས་ན། །མཚན་མ་མྱུར་དུ་འགྲུབ་པར་འགྱུར། །དེས་ན་དབབ་གསད་སྦྱོར་བ་བརྒྱད། །ངེས་པར་རྒྱུ་བའི་དུས་སུ་བྱ། །དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། །གྲུ་བཞི་དཀྱིལ་འཁོར་དབུས་སུ་ནི། །འཁོར་ལོ་རྩིབས་བརྒྱད་དབུས་སུ་ཨེ། །ཕྱོགས་མཚམས་བརྒྱད་ལ་ཨེ་བརྒྱད་བསྐོར། །ཨེ་དགུ་ནག་པོ་འཁོར་ལོ་བསྐོར། །འཁོར་ལོའི་རྩིབས་ལ་སྤྲུལ་པ་བརྒྱད། །བསྐྱེད་ལ་དབབ་གསད་སྦྱོར་བ་བྱ། །དབུས་སུ་གཤེད་པོ་ཡབ་ཡུམ་སྟེ། །ཁཱ་ཧི་བཅས་པའི་གཏོར་མ་བཞིན། །ཕྱོགས་མཚམས་བརྒྱད་ཀྱི་སྤྲུལ་པ་ལ། །སོ་སོ་ལས་ཀྱི་བྱ་བ་བརྩམ། །དགུག་དང་འདྲེན་དང་སྟོབ་པའི་ལས། །འགྲོགས་པའི་ཚུལ་དེ་གདོང་དུ་མིན། །བསྲེག་དང་མཆོད་པ་ལ་སོགས་པ། །ཕྱོགས་ནས་དྲངས་ཏེ་ཞལ་དུ་དབུལ། །ཕྱོགས་མཚམས་བརྒྱད་དུ་བསད་པ་སྟེ། །དབུས་ཀྱི་ཨེ་ལ་བསྲེག་པའོ། །སྤྲུལ་པའི་མགོ་བོ་རྒྱུ་བའི་ཚེ། །གནག་པའི་དཔྲལ་བའི་དབྱིངས་སུ་གདབ། །རྐང་པ་གཡས་གཡོན་རྒྱུ་བ་ན། །བོལ་གང་གཡས་གཡོན་གཉིས་སུ་གདབ། །སྤྲུལ་པའི་ཡན་ལག་གོ་


DNG015_Page_0795
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་བཞིན། །བསད་པའི་ལས་ཀྱང་དེ་བཞིན་གདབ། །ཚེར་མ་ཅན་གྱི་ཤིང་ལ་བསྲེག །རྒྱུ་བའི་དུས་དང་མཚུངས་ངེས་ན། །ཕུང་བར་འགྱུར་ཏེ་གདོན་མི་ཟ། །གཤིན་རྗེའི་གཤེད་ཀྱིས་རབ་ཏུ་བཤད། །གདོན་དང་ཕྱེ་མ་རྣམ་པ་གཉིས། །གདོན་གྱི་རྫས་ལ་ནུས་པ་ཡོད། །ཕྱེ་མ་གདོན་གྱི་བྱ་བ་མིན། །ལག་ན་རྡོ་རྗེ་གསང་བའི་ཚིག །གཟའ་བདུད་རྒྱུ་བའི་དུས་དེ་ན། །རྗེས་དང་དྲི་མའི་འདག་པ་དང་། །གོས་དུམ་ལོ་མ་རྙིང་པ་ལ། །གདུག་པའི་གཟུགས་བརྙན་བཞི་བྱས་ཏེ། །རྣམ་གྲངས་གནད་དུ་བསད་བྱས་ནས། །གོང་མའི་རྫས་དང་ཚ་བ་གསུམ། །བསྲེས་ཏེ་གཟུགས་བརྙན་བྱ་བར་གསུངས། །མྱུར་དུ་བསད་པའི་སྦྱོར་བ་ནི། །གོང་མའི་སྟེང་དུ་ཧ་ལས་བྱ། །གོང་མ་བཞི་ལ་ལྕགས་ཕྱེ་དང་། །ཁྲག་གི་སྦྱོར་བས་དྲི་ཉིད་དུ། །ཏིལ་དང་སྐེ་ཚེ་ཉུང་ནག་དང་། །ཁྲག་དང་ཟི་ར་གུ་གུལ་དང་། །གོང་གི་རྫས་ཀྱིས་མ་ངེས་བསད། །དུར་ཁྲོད་རས་སམ་ཤིང་ཤུན་ལ། །བརྐྱང་ནུལ་བྱས་ཏེ་སྨུག་ནག་བྱ། །ཡང་ན་དམར་པོ་ཉིད་དུ་བྱ། །དེ་ལ་གནས་པའི་སྦྱོར་བའོ། །མྱུར་དུ་དབབ་པའི་ལས་བྱ་ན། །དམ་སྲི་ཡུལ་གྱི་ཆུ་སོགས་བསག །ཡུགས་ས་མོ་འམ་རབས་ཆད་ཐོད། །ཡང་ན་མཛེ་ཅན་ཐོད་པ་རུ། །ར་ཁྲག་ཁྱི་ཁྲག་མི་ཁྲག་དང་། །མངལ་ཁྲག་ལ་སོགས་དམེ་ཁྲག་སོགས། །བ་དཀར་འོ་མ་མཛེ་དང་ར། །འོ་མ་སོགས་དང་སྦྱར་བར་བྱ། །སྔོ་སྣ་དུག་དང་གུ་གུལ་སྦྱར། །གར་འབེབས་ཆུ་མིག་ཀླུ་ཡོད་སར། །བསྲེགས་སམ་བཀོལ་ན་ཀླུ་རྣམས་དང་། །དུས་ཚོད་བཟུང་བའི་གདོང་བཙུགས་ནས། །ཆུ་འཁྱགས་ཁྲག་ཏུ་འོང་བར་ངེས། །མ་ཧ་ཙཎྜ་རཀྵ་ཏྲི་ཐི་ཏྲ་མ་ཡ་ཐཱ། ཆེ་གེ་མོ་ལ་བྱ་ཏི་བྷྱོ། ཞེས་པ་ནི་སྤྲུལ་པ་སྲིན་པོའི་གདོན་གྱིས་གསད་ཅིང་དབབ་པའོ། །ནཱ་ག་རཱ་ཛ་བེ་ནི་ཎི་ཨ་ན་ཎ་སྟ། ནཱ་ག་ཛ་ར་ན་ཏིང་། སན་དྷ་ར་ར་ཀུན་ཙིཏྟ་བྷསྨི་ཀུ་རུ། ཀླུའི་གདོན་གྱིས་དབབ་གསད་པའོ། །རྨུ་ཏྲི་ཙ་ན་དྷ་དུཾ་བུཾ་བུཾ། བ་ལ་རཀྴ་ཐུམ་རི་ལི་ལི། བ་ཤ་བཾ་རག་སྟམ་ཐུམ་རི་ལི་ལི། དམུ་བདུད་སྤྲུལ་པས་དབབ་གསད་པའོ། །མ་མ་ས་མ་ཡ། མ་ཏྲག་རཀྴ་མ་ཏྲི་ག་ནས་ཁ་ཡ་ཀུ་རུ། ཙེ་ཙེ་འབའ་ལ་ཡ། ཨ་ཡུ་ཤྚ་ད་ར་ད་ར།


DNG015_Page_0796
[མ་དཔེ་གཟིགས་ན་འདིར་གནོན།]

ཨུན་མ་དཾ་ནི། ཤ་ཏྲུཾ་ནི་ཤ་ནི་ཛ་ཛ། མ་མོའི་གདོན་གྱིས་གསད་དབབ་པའོ། །ཧྲི་དཀར་མོ་ཧྲི་དུལ་དུལ་སྙིང་ཁ་རག་ལ་རིལ་རིལ། ཆོམ་ཆོམ་རྩ་ལ་ཐུན་ཤིག་མཱ་ར་ཡ་ཛྲ། རྒྱལ་པོ་སྔོ་སྐྱས་དབབ་གསད་པའོ། །ལམ་ཙན་དྷ་དྷི་ཧ་ཛྭ་ལ་ཙ་ཁྲ་ད་ར་ན་ཤ་ཡ། དགྲ་བོ་ནྲྀ་དུ་མ་ར་ན་སོད་སོད་ཆོམ་ཆོམ་ཤིག །གཤིན་རྗེའི་གདོན་གྱིས་དབབ་གསད་པའོ། །མ་ཧཱ་ནི་ཧྲི་ས་བྷྱོ་སྣ་ཅན་དྷ་རུ་བི་ནི། རཱ་ཧུ་ལ་དགྲ་བོ་ཙིཏྟ་ལ་འབུན་ཛ་ཧོ་ཁའི་ཧེ་ཀ་ལི་མ་ཧཱ་ཙན་དྷ་མཱ་ར་ནྲྀ་ཁུག་ཛ་ཛ། གཟའ་བདུད་ཆེན་པོས་དབབ་གསད་པའོ། །བདུད་ཏྲི་ནི་ར་ཏྲི་སན་ཏྲི་ཡ། མ་ཏྲི་ཡ་བྷྱོ། ཁཾ་ཁཾ་སོ་བྷཾ་རྦད། སྲོག་རྩ་ཐུན་ཆེ་གེ་མོ་ཛ་ནི་ཛ། ཞེས་པས་གར་དམིགས་ཐོགས་པ་མེད། །གཏུམ་ཆེན་ཉིད་ལ་རབ་བསྟོད་ཅིང་། །གཟའ་བདུད་ཆེན་པོ་རབ་ཏུ་རྦད། །ཧཱུཾ་རི་རབ་ཕྱོགས་བཞི་མཚམས་བརྒྱད་ནི། །ལྷ་སྲིན་སྡེ་བརྒྱད་བསྐུལ་རེ་རན། །ཁྱབ་འཇུག་ཆེན་པོ་སྐུ་བཞེངས་ཤིག །གཏུམ་པོ་ཆེན་པོ་བསྐྱོད་ཙམ་ན། །གཟའ་བདུད་ངན་པོ་ཀི་ཀང་འབེབས། །དེ་ཡིས་ཀི་ཀང་འབེབས་བྱེད་པས། །གཟའ་བདུད་ཆེན་པོ་མི་བསྲུན་པ། །ཁྱབ་འཇུག་ཆེན་པོ་ཀུན་ཏུ་རྒྱུག །འཇིགས་བྱེད་རོག་ཏི་སྤྲུལ་པའི་ལས། །ལུས་པོ་གཅིག་ལ་མགོ་བོ་དགུ། །མགོ་ལུས་མེད་པར་མིག་གིས་ཁེངས། །རོ་སྟོད་མི་ལ་རོ་སྨད་སྦྲུལ། །ལུས་ནི་བརྗིད་པའི་དུད་ཀ་ལ། །ལག་ན་ཆུ་སྲིན་ཞགས་པ་ཐོགས། །ཕ་ནི་སྲིན་པོ་མ་ནི་ཀླུ། །ཀླུ་སྲིན་ཚོགས་པའི་མཐུ་བོ་ཆེ། །ལྷོ་ནུབ་མཚམས་ནས་སྐུ་བཞེངས་ནས། །ཟླ་བའི་རྗེས་གཅོད་ཤར་དུ་རྒྱུག །ཉིན་མོ་རྒྱུ་ཞིང་མཚན་མོ་འཇོམས། །བར་སྣང་ཁམས་ནས་རྒྱུ་བའི་ཚེ། །འཇིག་རྟེན་ཁམས་ཀུན་སྒྲོལ་བར་མཛད། །ལོ་ཉེས་འཁྲུག་པ་ཡམས་ནད་གཏོང་། །ཉི་མ་ཟླ་བ་ལྟོ་རུ་ཟ། །རྒྱ་མཚོའི་གཏིང་ན་གནས་པའི་ཚེ། །ཀླུ་རྣམས་ཀུན་ཡང་འཁྲུག་ཅིང་སློང་། །ཐོག་སེར་ས་གཡོས་ཀི་ཀང་འབེབས། །འཇིགས་བྱེད་ཆེན་པོ་མི་བགྲུངས་པ། །མིག་བརྒྱ་པོ་ལ་ཁ་སྡོང་པོ། །དུས་ཚོད་ཚེས་གྲངས་ཀུན་གྱི་བདག །ལྷ་འདྲེ་ཀུན་གྱི་ནད་ཡན་བྱེད། །ལྷ་


DNG015_Page_0797
[མ་དཔེ་གཟིགས་ན་འདིར་གནོན།]

སྲིན་སྡེ་བརྒྱད་དམག་དཔོན་བྱེད། །འབྱུང་བ་ལྔ་ཡི་བདུད་ཆེན་པོ། །མཚན་ནི་རྣམ་པ་དགུ་རུ་འདོད། །སྟེང་འོག་ཕྱོགས་མཚམས་ཐམས་ཅད་ནས། །ཀུན་ནས་རྒྱུ་ཞིང་ཀི་ཀང་འབེབས། །ལྷོ་ནུབ་མཚམས་ནས་བསྐྱོད་པའི་ཚེ། །སྲིན་པོ་རཀྴ་པི་ཏིས་བྱ། །ཀི་ཀང་པ་ཏ་ཆེན་པོས་བྱ། །སྲིད་པའི་ཀི་ཀང་ཆེན་པོ་འབེབས། །ཤར་ལྷོ་མཚམས་ནས་སྤྱོད་པའི་ཚེ། །དྲང་སྲོང་ཆེན་པོ་རཱ་ཧུ་ལ། །དྲང་སྲོང་གིས་ནི་ཀི་ཀང་མཆོག །ཀི་ཀང་བདག་ཉིད་ཅན་ཞེས་བྱ། །བྱང་ཤར་མཚམས་ནས་བསྐྱོད་ཙམ་ན། །འཇིགས་བྱེད་ར་ཙ་སྒྲ་གཅན་འཛིན། །བི་ན་ཡ་ག་ཕོ་ཉར་འགྱེད། །ཀི་ཀང་འབེབས་པའི་ལས་ལ་བརྩོན། །ནུབ་བྱང་མཚམས་ནས་བསྐྱོད་ཙ་ན། །དུ་བ་འཇུག་རིངས་ཆེན་པོ་སྟེ། །འཇིག་རྟེན་ཁམས་ན་མཐུ་བོ་ཆེ། །འཇིག་རྟེན་གཡོ་འགུལ་བྱེད་པའི་བདག །ལྷོ་ཡི་ཕྱོགས་ནས་བསྐྱོད་པའི་ཚེ། །ཁྱབ་འཇུག་ཆེན་པོ་བྱ་བ་སྟེ། །དུས་ཚོད་ཚེས་གྲངས་ཀུན་ཏུ་རྒྱུག །སྤྲུལ་པའི་སྐུ་ནི་ཀི་ཀང་འབེབས། །ཤར་གྱི་ཕྱོགས་ནས་བསྐྱོད་པའི་ཚེ། །དམུ་བདུད་ཆེན་པོ་ཧ་ལི་ཀ །བིཥྞུ་རཱ་ཙའི་ཀི་ཀང་བརྒྱད། །དམུ་ཡི་ཀི་ཀང་འབེབས་པར་བྱེད། །བྱང་གི་ཕྱོགས་ནས་བསྐྱོད་པའི་ཚེ། །བདུད་པོ་རོག་ཏི་འབར་བའི་གཟུགས། །བདུད་ཀྱི་ཀི་ཀང་འབར་བ་འབེབས། །ཀི་ཀང་འབར་བ་ར་ཙ་ཀ །ནུབ་ཀྱི་ཕྱོགས་ནས་བསྐྱོད་ཙམ་ན། །སྲིད་པའི་མ་མོ་རྣམས་དང་རོལ། །མ་མོའི་ཀི་ཀང་ཀུན་གྱི་བདག །ལྗང་སྔོན་ཆེན་པོ་ཀི་ཀང་འབེབས། །ལྷོ་ནུབ་མཚམས་ནས་བསྐྱོད་ཙམ་ན། །རོག་ཏི་བྱ་རོག་མགོ་བརྩེགས་ཏེ། །བསྐལ་ཆེན་འབར་བའི་འོད་ཆེན་པོ། །སྔུན་དུ་ཞུམ་མེད་སུ་ཕྲད་ཟ། །ཁྱོད་ནི་ཁྲོ་ཆེན་སྤྲུལ་པ་སྟེ། །ལྷོ་ནུབ་མཚམས་ནས་སྐུ་བསྐྱོད་ནས། །ལྷ་སྲིན་སྡེ་བརྒྱད་དམག་དཔོན་བྱེད། །ནུབ་ནས་ཤར་དུ་བསྐྱོད་ཙམ་ན། །སྲིད་པའི་མ་མོའི་དམག་དཔོན་བྱེད། །ནད་ངན་ཀི་ཀང་དབབ་པའི་དུས་ལ་བབ། །ཤར་ལྷོ་མཚམས་ནས་བསྐྱོད་ཙམ་ན། །བདུད་དམག་ཀུན་གྱི་དམག་དཔོན་བྱེད། །བདུད་དམག་ཀི་ཀང་ཧུར་


DNG015_Page_0798
[མ་དཔེ་གཟིགས་ན་འདིར་གནོན།]

ཐུམ་འབེབས། །བདུད་ཀྱི་ཀི་ཀང་དགྲ་ལ་ཡ། །བྱང་ཤར་མཚམས་ནས་བསྐྱོད་ཙམ་ན། །སྲིན་པོ་འབུམ་གྱི་དམག་དཔོན་བྱེད། །སྲིན་པོའི་ཀི་ཀང་དགྲ་ལ་ཡ། །གྲི་ཐབས་སྣ་ཚོགས་ཀི་ཀང་ཡ། །ཤར་ནས་ནུབ་ཏུ་བསྐྱོད་ཙམ་ན། །དམུ་བདུད་ཡོངས་ཀྱི་དམག་དཔོན་བྱེད། །དམུ་རྡོ་འབེབས་པའི་ལས་བྱེད་ཅིང་། །གར་རྦད་དམུ་ཡི་ཀི་ཀང་འབེབས། །བྱང་ཤར་མཚམས་ནས་བསྐྱོད་ཙམ་ན། །གཤིན་རྗེ་ཡོངས་ཀྱི་དམག་དཔོན་བྱེད། །སྐྱེ་འགྲོ་ཡོངས་ཀྱི་བླ་ཚེ་སྡུད། །གཤིན་རྗེའི་ཀི་ཀང་དབང་མེད་འབེབས། །ལྷོ་ནས་བྱང་དུ་བསྐྱོད་པའི་ཚེ། །ཀླུ་བཙན་ཀུན་གྱི་དམག་དཔོན་བྱེད། །ཐོག་དང་སེར་བའི་སྣ་འདྲེན་ཞིང་། །ཐོག་སེར་ཀི་ཀང་མཛེ་ནད་གཏོང་། །ནུབ་བྱང་མཚམས་ནས་བསྐྱོད་ཙམ་ན། །གཏིབས་གྲིར་གསོད་པའི་ཀི་ཀང་འབེབས། །མདུན་དུ་གང་བྱུང་ཁྱུར་མིད་བྱེད། །ཀི་ཀང་སྣ་ཚོགས་འབེབས་པའི་བདག །ཀི་ཀང་སྣ་ཚོགས་དགྲ་ལ་ཡ། །ཞེས་པས་རྦད་ཅིང་རཀྟ་སྦྲེང་། །བསད་ན་བླ་ཕུར་གཟུགས་ལ་བརྡེག །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཤ་ཏྲི་ཤ་ཏྲི། ཀཱི་ལི་ཀི་ལ་ཡ། ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ། མུ་ལུ་མུ་ལུ། ཀུ་རུ་ཀུ་རུ། ཐུཾ་བུ་ཐུཾ་བུ། བ་ར་ཏ་ཐུཾ་རུ་ཐུཾ་རུ།པ་ར་བ་ཤུ་དན་དྷ་པ་ར་ཏ་ཡ། རོ་ཏི་རོ་ཏི། ཤོ་པ་ར་ཡ། ཤན་ཏྲི་ཀུ་ལ་ཏྲི་ཛ། ཅེས་ནི་བསད་པའི་ལས་སྦྱོར་བྱ། །ཆུ་འཁྱགས་ཁྲག་ཏུ་འབེབས་བྱེད་ན། །སྔགས་ཀྱི་མན་ངག་ཞག་གཅིག་བྱ། །ཨོཾ་མེ་གྷ་ཁ་ཐུན་ཁ་ཐུན། རཾ་ཡཾ་རཾ་ཡཾ། ན་སུ་ཏ་ན་ན་ག་སྟེ། ར་ཐུན་ར་ཐུན་རུ། ཨོཾ་ཨ་ཏྲ་ག་ཁའི་ལི་ཤར་མ་ཀུག་ཧྲིལ།པྲོཾ། ཁ་དོག་ཇི་ལྟར་འདོད་པ་ལྟར། །མཐའ་བསྒྱུར་ལས་ཀྱི་སྔགས་ཀྱིས་བྱ། །དབྱིབས་དང་གང་འདོད་སྦྱོར་བ་ནི། །ཇི་ལྟར་ཁས་བླངས་བཞིན་དུ་བྱ། །ཨོཾ་འགུར་པི་ཙ་མུ་རུ་རིལ། ག་མ་སྐྱེ་པྲོཾ། འདོད་པར་ལས་བཞིའི་དབྱིབས་སུ་བྱའོ། །རིགས་མི་མཐུན་པའི་སྤེལ་བ་ནི། །དྲག་སྔགས་འདིས་ནི་འདོད་པར་འགྱུར། །ཨོཾ་བི་ཏྲི་རྒྱ་མ་རཀྐ་ཀཾ་ཧྲི་ཀ་ལ་ལི་ཨུར་བའི་ནུད་པ་ཧཱུཾ་ཕཊ། ཅེས་པའི་སྔགས་བཟླས་ཁྲོ་ཚུལ་བསྟན། །མིག་ལྡོག་ཁ་བགྲད་


DNG015_Page_0799
[མ་དཔེ་གཟིགས་ན་འདིར་གནོན།]

མིག་སྤྲིན་ལས། །ཁྲག་སྲིན་དམར་པོ་འདྲིལ་བར་བསམ། །རྫས་རྣམས་འཐོར་ཞིང་སྔགས་སྤྲུལ་ལས། །སེར་བ་ཁྲག་ཏུ་འོང་བར་བསམ། །གནས་རི་ས་བྲག་གང་དུ་འོང་། །བྷ་རི་ཤ་ཡ་གདོན་མི་ཟ། །ཞེས་གསུངས་སོ། །དཔལ་གཤིན་རྗེ་ཟླ་གསང་ནག་པོ་རྩ་བའི་རྒྱུད་ལས། ཆུ་འཁྱགས་ཁྲག་ཏུ་དབབ་པ། ཁྱབ་འཇུག་གཟའི་ཟླ་གསང་གི་ལེའུ་སྟེ་ང་དགུ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོ་དེས། ཆུ་འཁྱགས་ཁྲག་ཏུ་དབབ་པའི་ཕྱིར། རོག་ཏི་ནག་པོའི་ནང་བསྒྲུབ་འདི་གསུངས་སོ། །དུར་ཁྲོད་ས་ལ་སོགས་པ་རུ། །དཀྱིལ་འཁོར་གྲུ་གསུམ་སྦྲགས་མར་བྱ། །གྲུ་གསུམ་སྦྲགས་མའི་ནང་རོལ་ཏུ། །སྣེལ་གྲིའི་ཐོད་པ་འོག་ཏུ་གཞག །མངལ་ཁྲག་ལ་སོགས་ཁྲག་སྣ་ཚོགས། །དུག་དང་སྔ་སྔོ་དཀར་གསུམ་བླུག །རབས་ཆད་ཐོད་པ་ཐོག་ནས་དགབ། །གྲུ་གསུམ་ནང་དུ་གཞག་པར་བྱ། །བསྙེན་པ་བྱ་བའི་ཐབས་དག་ལ། །ལྷ་བསྙེན་སུམ་སྟོང་བྱས་ནས་ནི། །ཚེས་བཞི་བཅོ་ལྔ་བརྒྱད་དུས་ལ། །གཟའ་ཆེན་ཉིད་ཀྱི་སྙིང་པོ་བཟླས། །སྟོང་རྫོགས་ཐུན་ལ་ཉུང་དཀར་བྲབ། །ཨོཾ་བྱ་ཤ་མི་ཀི་དུ་རུ་མ་ཤྲི་ཁ་ཏ་ཛ་ལ་ཨ་ཏ་སྭཱ་ཧཱ། སྟོང་རྫོགས་ཐུན་ཁྲག་དག་ལ་བསྡིམ། །ཨོཾ་ཙ་པ་ཏི་རཱ་ཧུ་ལ་མ་ཧཱ་ཀྲོ་དྷ་ཀ་ཕ་བ་ཏ་ཤར་ཤལ་ཤར་ཧཱུཾ་ཕཊ། སྔགས་ལ་སྟོང་ངམ་ཁྲི་རུ་བསྡིམ། །བཟླས་པ་རྫོགས་ནས་ཉུང་གིས་བྲབ། །ཉི་ཤུ་དགུ་འམ་ཚེས་གཅིག་ལ། །བསྙེན་པ་རྫོགས་ནས་ས་གཙང་སྦ། །ཐུན་གཅིག་གནས་སུ་རྟེན་དུ་བཅའ། །མིས་མ་ཚོར་བར་གསང་སྔགས་བཟླས། །ཨོཾ་ཏྲི་ཏྲི་ཏྲི་ལོ་ལ་གློ་བུར།སྐྱིན་ཐང་ཕོབ། ཏྲག་རཀྴ་སྙིང་ཁ་རག་བྷྱོ། ཁྲག་ལ་མུ་ཤ་མ་བྷྱོ། འགུ་སི་དན་མ་བྷྱོ། ཙན་དྷ་རཀྴ་མ་བྷྱོ། བཙན་བདུད་ཁྲོལ་ཁྲོལ་བྷྱོ། ནམ་མཐོངས་ཕྱེ།ལྕགས་སྒྲོག་ཁྲོལ། མི་རེངས་སོད། རྐྱང་རྗེ་རྐྱང་མོ་ཙུ་རུ་ཙུ་རུ་ཧཱུཾ་ཕཊ། དེ་ནས་ཟེར་སྔགས་མཛུབ་བསྟན་ལ། །ཡུལ་གྱི་ཕྱོགས་སུ་བཟླས་པ་བྱ། །རིའི་རྩེར་སོང་ལ་ཐུན་ཟོར་འཕང་། །ཆུ་སྐྱེས་ཟླ་བ་ཚེས་བཞི་ལ། །ཉི་ཤུ་དགུ་མཐར་བསྙེན་རྫོགས་ནས། །


DNG015_Page_0800
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་འཁྱགས་ཟླ་བ་ཀུན་ཏུ་དབབ། །དེ་ལྟར་ལས་རྣམས་བྱས་གྱུར་ན། །ཆུ་འཁྱགས་ཁྲག་ཏུ་འབབ་འགྱུར་ཏེ། །སྐྱིན་ཐང་རི་རབ་བསྙིལ་བར་ངེས། །དཔལ་གཤིན་རྗེ་ཟླ་གསང་ནག་པོ་རྩ་བའི་རྒྱུད་ཆེན་པོ་ལས། ཆུ་འཁྱགས་ཁྲག་ཏུ་དབབ་པ་ཁྱབ་འཇུག་གཟའི་ཟླ་གསང་གི་ལེའུ་སྟེ་དྲུག་ཅུ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས་འདི་སྐད་ཅེས་གསུངས་སོ། །འགལ་བ་ཆམ་ལ་དབབ་པའི་ཕྱིར། །ཁྱབ་འཇུག་གཟའ་ཡི་གསང་བསྒྲུབ་གསུངས། །སྒྲ་གཅན་ཆེན་པོ་ཉི་ཟླའི་གཉེན། །དྲག་པོ་ཆེན་པོ་རཱ་ཧུ་ལ། །ཁྲག་ཏུ་དབབ་པའི་ལས་འདི་ཡིན། །དུར་ཁྲོད་ལ་སོགས་གནས་དག་ཏུ། །མཎྜལ་ཆག་ཆག་ཐིག་གདབ་བྲི། །དབུས་སུ་གྲུ་གསུམ་བརྩེགས་མ་ལ། །མུ་ཁྱུད་ཟླུམ་པོ་ཐོད་ཕྲེང་བཏང་། །སྒོ་བཞི་རིགས་དང་མཐུན་པར་བྲི། །སྦྲུལ་སྔོ་ནག་གི་ཤུན་པ་ལ། །རྫས་ཀྱི་ཕུད་བླུག་མིང་རུས་གཞུག །འཁྱིལ་པའི་ཚུལ་དུ་ག་འུར་གཞུག །གྲུ་གསུམ་དབུས་སུ་བཞག་ལ་བསྒྲུབ། །དཀར་ཐབ་དམར་ཐབ་སྔོ་ཐབ་གསུམ། །གྲུ་གསུམ་རྒྱབ་མ་དག་ལ་བཞག །ཤ་རུས་ཁྲག་རུལ་བཙོས་དང་རྗེན། །ར་མཆིན་གྲུབ་སྨན་གུ་གུལ་བཞག །ལ་ཕུག་ཏིལ་སྒོག་ཕ་ལྟར་སྨོས། །སྣེལ་གྲིའི་ཐོད་པར་བླུགས་ལ་བཞག །དཀར་གསུམ་མངར་གསུམ་ཀླུ་སྨན་དང་། །གུ་གུལ་ནག་པོ་འབྲས་ཆན་རྣམས། །མ་ལྟར་སྨོས་པས་འཁར་གཞོང་བླུག །མཐུན་རྫས་བསྡུས་ལ་ཐོད་པར་བསག །ཙ་ར་རོག་པོའི་རྭ་ལ་ནི། །སྔགས་བྲིས་ཀེ་རུ་མིང་བྱང་བྲིས། །ལྷ་སྲིན་སྡེ་བརྒྱད་མཆོད་རྫས་དགྲམ། །ཐུན་རྫས་ཐོད་འཕྲེང་སྟེང་དུ་བཞག །རང་ཉིད་གཤིན་རྗེའི་གཤེད་པོ་རྗེ། །ཡི་དམ་བཅས་པ་རྫོགས་པ་དང་། །སྲོག་སྙིང་འདི་ནི་ནུས་ཐང་བརྗོད། །ཨོཾ་ཨ་བི་ཤ་ལ་དུ་རུ་མ་ཤི་ཁ་ཛ་ལ་ཨ་ཏ་སྭཱ་ཧཱ། སྟོང་རྫོགས་ཐུན་ལ་མཆོད་པ་བྱ། །ཧཱུཾ་འཇིགས་བྱེད་ཆེན་པོ་རཱ་ཧུ་ལ། །སྐུ་མདོག་དུད་ཁ་འཇིགས་བྱེད་ཁེངས། །གཤིན་རྗེ་གཤེད་པོའི་ཞབས་དྲུང་དུ། །རྒྱལ་བར་བསྟན་བསྲུང་ཁས་


DNG015_Page_0801
[མ་དཔེ་གཟིགས་ན་འདིར་གནོན།]

བླངས་པས། །དུས་འདིར་འདའ་བར་མ་བྱེད་པར། །དམ་རྫས་མཆོད་པ་འདི་ལོང་ལ། །དམ་ཉམས་སྲོག་རྩ་གཅད་པ་དང་། །ཡུལ་དུ་ལོ་ནད་སེར་བ་ཕོབ། །ཧབ་པ་ཤ་མི་ཀི་དུ་རུམ་ཀི་དུ་རུ་མ་ཤི་བ་གི་ཛྭ་ལ་ཏི་ཨ་ཙིཏྟ་ཏི་སྭཱ་ཧཱ། དུས་ཚོད་བརྒྱད་ལ་གཏོར་མ་སྦྱིན། །བསྙེན་ཞིང་བསྒྲུབ་པའི་དུས་ཚོད་རྣམས། །གཞུང་མཐུན་ཉམས་སུ་ལེན་པ་དང་། །དྲག་པོ་ཐུན་གྱི་རྫས་ཀྱང་དགྲམ། །ག་འུའི་ནང་དུ་ཐུན་གྱིས་བྲབ། །ཨོཾ་མུ་ཀ་ཡེ་ཀ་པ་ཡེ་ཨ་པ་ཡེ།ཧྲཱྀཿཤྟྲཱིཿཝི་ཀྲི་ན་ཏ་ཡུལ་འདིའི་ལོ་ཏོག་ལ། ཛ་བ་ཏི་རཱ་ཧཱ་ལ། མ་ཧཱ་ཀྲོ་དྷ་ག་བབ་ཏ། ཤར་ཤར་ཏ་ཤལ་དེ་ཧཱུཾ་ཕཊ། ཐིག་ནི་ནག་ཅིས་མེ། གཉིས་མེད་ཏྲག་བརྒྱད་བཅད་དུ་པྲོཾ། ནམ་མཐོངས་ཕྱེ། ལྕགས་སྒྲོག་ཁྲོལ། མི་རེངས་སོད།རྐྱང་རྗེ་རྐྱང་མོ་ཙུ་རུ་ཧཱུཾ་ཕཊ། སྟོང་ཁྲི་ཐོན་ནས་རྫས་ཀྱིས་བྲབ། །དེ་ནས་ལྷ་སྲིན་སྤྲུལ་པ་བརྒྱད། །སྔགས་ཀྱི་གང་གི་མཚན་དུ་བྲབ། །ཏྲག་རག་མོ་ཧྲིལ་ཤག་རྦད། སེར་ཧྲིལ་ཤར་བྷྱོ། དེ་ནི་མ་མོའི་དྲག་སྔགས་སོ། །ཨཱ་ལེ་མེ་ལ་བྷྱོ། རུ་ལུ་རུ་ལུ་མ་མ་ཏྲག་རཀ་ཤ་ཧྲིལ་ཧྲིལ་ཤར་བྷྱོ། དགྲ་ལྷའི་རྒྱལ་མོའི་དྲག་སྔགས་སོ། །ཨཱ་ལ་མེ་ལ་བྷྱོ། ཨོཾ་པ་ཤ་མི་ཀེ་རཱ་ཧུ་ལ་ཧཱུཾ་ཤག་ཤར་ཤར་ཧྲིལ་བྷྱོ། དེ་ནི་བདུད་ཀྱི་དྲག་སྔགས་སོ། །ཨོཾ་སེར་ཁྲག་ལ་མུ་ཤག་ཏུ་བ་སྭཱ་ཧཱ། དེ་ནི་སྲིན་པོའི་དྲག་སྔགས་སོ། །ཨོཾ་རཾ་ཏྲཾ་ཐུན་ཤག་རིལ་རཾ་ཤར་བྷྱོ། དེ་ནི་དམུའི་དྲག་སྔགས་སོ། །ཨོཾ་ཡ་མ་སྙིང་ཡ་མ་ཁྲག་རཱ་ཧུ་ལ་ལ་ཧྲིལ་ཧྲིལ་ཤག་ཤག་སེན་སེན་ཡ་ཡ་བྷྱོ་བྷྱོ་རཾ་རཾ་ཧྲིལ་ཧྲིལ། དེ་ནི་བགེགས་ཀྱི་དྲག་སྔགས་སོ། །ཟླ་གཅིག་དུས་བརྒྱད་ཕྱོགས་ནས་བརྡེག །ལིངྒ་བསྣུར་ཞིང་ཐུན་རྫས་བརྡེག །གཏུམ་ཆེན་བསྟོད་ལ་གཟའ་མཆོག་རྦད། །བླ་ཕུར་ལིངྒ་དག་ལ་བརྡེག །ཚེས་གྲངས་ཐེམས་ནས་གྲུབ་རྟགས་འབྱུང་། །རྫས་དང་ཐུན་ཟོར་སྔགས་དང་མིང་། །དབུས་ཀྱི་རབས་ཆད་ཐོད་པར་བླུག །ས་སེར་ཡུལ་དབུས་ལ་སོགས་སུ། །སྐྱ་རེངས་གཟར་དུ་བཏབ་ལ་བཞག །ཡང་ན་རིམ་པ་གཞན་ཡང་སྟེ། །སྲིའུ་པྲོཾམ་གཡུལ་ཐོག་སྦྱོར་བ་ནི། །མེ་ལྕེ་ལྟ་བུའི་རིམ་པ་སྟེ། །ཁ་


DNG015_Page_0802
[མ་དཔེ་གཟིགས་ན་འདིར་གནོན།]

དོག་སྦྱར་བ་དབྱིབས་ཉིད་ནི། །འདོད་པའི་ཁྲག་དང་ཁ་དོག་ལྔ་ཡི་རིམ། །སོ་སོ་ཇི་ལྟར་བདག་ཉིད་འདོད་པ་བཞིན། །ནི་རང་སུ་ཡི་ཐལ་བར་བསྒྱུར་བྱ་སྟེ། །ནག་པོའི་ཁ་དོག་རྗེས་སུ་བྱ་བ་ནི། །དབྱིབས་ཀྱང་ཇི་ལྟར་དེ་བཞིན་བསྒྲུབ་བྱ་སྟེ། །ཐུན་པའི་གའུར་གློང་ཐང་རྒྱ་ཡིས་གདབ། །དེ་ཉིད་ས་སེར་ཆེན་པོར་དབུས་སུ་གསལ། །དེ་ནས་ཐུན་གྱིས་ཟོར་བྱས་ཏེ། །དམ་རྫས་མཎྜལ་གོང་བཞིན་བྱ། །དམ་སྲི་ཡུལ་གྱི་ཆུ་སོགས་བསགས། །ལྷ་གཉེན་བསྒྲུབ་སྔགས་ཕྱེད་དུ་སྟེ། །ཕྱེད་ནི་མན་ཆད་སྔགས་འདི་བཟླས། །ཨོཾ་མུ་ཁ་ཡེ་ཀ་པ་ཡེ། སྭཱ་པ་ཡེ། ཧྲཱྀཿཤྟྲཱིཿཝི་ཀྲི་དེ། ཡུལ་འདིའི་ལོ་ཐོག་ལ་དུད་ཕྲོམ། དཀར་ཕྲོམ།ཤུ་ཏི་པྲོཾ། ཡུག་ཏི་སྨི། ན་ཤ་ར་ཤ་ཏ་དྲག་ཏུ་ཕོབ། ཛ་པ་ཏི་རཱ་ཧུ་ལ། ཨ་ཀྲོ་ཏེ་ཀ་ཕོབ། ར་ཤར་ཤར་ཏ་ཧཱུཾ་ཕཊ། ཙ་མུ་ལེ། ཨགྣེ་རག་མོ་གོར་ཏེ་སྭཱ་ཧཱ།རྐྱང་མོ་རྐྱང་རྗེ་ཙུ་རུ་ཙུ་རུ་ཧཱུཾ་ཕཊ། ཧོ་ཧོ་པྲོཾ་མུ་ར་མུ་ར་ཤ་རུ་རུ་པྲོཾ། གང་གི་ཐིག་ནག་བརྟགས་ནས་ཀྱང་། །དེ་ལ་ཤམ་བུ་འདི་ཡིས་གདགས། །མ་མོ་སེང་ག་ཡེ། མ་མོ་བྱེ་ཚ་ཛ་ཡེ། མ་མོ་ཙིཏྟ་ཡེ། མ་མོ་སྲོག་ཙ་ཡེ། དགྲའི་ལོ་ཐོག་སྣར་བོ་ལ་མཱ་ར་ཡ་ཧཱུཾ་ཕཊ། སྙིང་པོ་སྔགས་ཀྱི་བར་བར་དུ། །མཆོད་ཅིང་གཏོར་མ་དབུལ་བར་བྱ། །ར་བསྒྲལ་ཐབ་ཀྱིས་ཐུགས་དམ་བསྐང་། །ཐོན་ནས་གནམ་གཟེར་རི་ལ་བྱེ། །དཀར་ཐབ་དམར་ཐབ་སྔོ་ཐབ་གསུམ། །གཅིག་ཏུ་དྲིལ་བས་བཞི་རུ་བྱ། །དམར་རེངས་ཟོར་ནི་ཕྱོགས་སུ་འཕངས། །གོང་གིས་སྔགས་བཟླས་མཛུབ་རིས་བྱ། །ཉི་ཤུ་དགུ་ལ་འཇོམས་པར་འགྱུར། །ཡང་ན་ཆུ་སྐྱེས་རྫོགས་པ་ལ། །ཁྱབ་འཇུག་གཏོར་མ་རྒྱུན་ཏུ་གཏང་། །བླ་ཕུར་བཏབ་ལ་བསད་ལས་བྱ། །བར་བར་ལྷ་དང་དབྱེ་བར་བྱ། །དེ་ལྟར་བྱས་ན་རབ་འབྲིང་གིས། །གནམ་ལྕགས་ལྕེ་དང་དམུ་རྡོ་དང་། །ཆུ་འཁྱགས་ཁྲག་ཏུ་དབབ་པར་བྱ། །དེ་ལ་འདི་ཡི་ལས་དག་ནི། །དུས་གང་ཡང་རུང་བ་དང་། ཁྲག་དང་གུ་གུལ། ལྕགས་ཟངས་ཀྱི་ཕྱེ་མ་རྣམས་ལ་སྔགས་ལ། ཡུལ་གང་ཡང་རུང་བའི་རི་རྟེན་ནམ་ཆུ་མིག་ཏུ་སྦས་ན། ཡུལ་དེ་སྐྱིན་ཐང་རླུང་གིས་ཁྱེར་ཏེ་འགྲོ་བར་འགྱུར། ཡང་ན་རྫས་དེ་རྣམས་


DNG015_Page_0803
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རིལ་བུ་བྱས་ལ། དེ་ལྟར་དགྲ་བོའི་ཁང་ཐོག་ཏུ་བསྐྱུར་ན་ཁང་པ་འཇིག་པར་འགྱུར་རོ། །ཡང་དེ་རྣམས་ལ་བརྗོད་ནས་ཆུ་མིག་ཁ་བྱང་དུ་བལྟ་བར་སྦས་ན། གོང་ལྟར་དྲངས་པར་ཤ་ཟ་ཟེར་འོང་ངོ་། །སྲིན་རྡོའི་ཁར་བ་ཆགས་པ་ལ་བཟླས་ནས་ཁྱབ་འཇུག་རྒྱུ་བའི་དུས་སུ་ཁ་བྱང་དུ་བལྟས་པར་སྦས་ན་ཐོག་དྲག་པོ་འབེབས་པར་འགྱུར་རོ། །འབྲུ་སྣ་ཚོགས་དང་། འབྲུག་གི་རུས་པ་དང་།ཆུ་སྲིན་གྱི་སྡེར་མོ་ལ་བཟླས་ཏེ་འོག་ཏུ་སྦས་ནས་ཕྱོགས་བཅུ་རུ་གཏོར་ན་སེར་བ་ཁྲག་ཏུ་འབབ་པར་འགྱུར་རོ། །ཀ་ན་ཀ་སོ་དང་ཁྱི་ནག་པོའི་མཆེ་བ་ལ་སྔགས་ནས་དགྲ་ཕྱོགས་སུ་གཏོར་ན་རྐང་ནད་དུ་འགྱུར་རོ། །དེ་ལ་སོགས་ཏེ་ལས་ཐམས་ཅད་འགྲུབ་པར་འགྱུར། སེར་བ་བཟློག་པ་དང་ཤྭ་བཟློག་པ་ཡང་དེ་དང་འདྲ་སྟེ། ཉུང་དཀར་ལ་བཟླས་ཏེ་གཏོར་ན་བཟློག་པར་འགྱུར་རོ། །མ་ག་ལ་ཡ་ཏི་ལ་བརྗོད་ནས་གཏོར་ན་བཟློག་པར་འགྱུར་རོ། །དཔལ་གཤིན་རྗེ་ཟླ་གསང་ནག་པོ་རྩ་བའི་རྒྱུད་ལས། ཆུ་འཁྱགས་ཁྲག་ཏུ་དབབ་པ་གཟའི་ཟླ་གསང་གི་ལེའུ་སྟེ་རེ་གཅིག་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོ་གཤིན་རྗེའི་གཤེད་པོས། འཇིག་རྟེན་གྱི་ཁམས་སུ་ཐོག་དབབ་པའི་ཕྱིར་ལྷ་ཆེན་དབང་ཕྱུག་ཆེན་པོ་ཕྱི་ལྟར་བསྒྲུབ་པ་འདི་གསུངས་སོ། །ལྷོར་བལྟ་བྲག་ཆེན་སེང་གེ་མཆོངས་པ་འདྲ། །ཡང་ན་དམར་མེ་འདྲ་བ་འམ། །དུར་ཁྲོད་ལ་སོགས་དགོན་པའི་གནས་དག་ཏུ། །རྣལ་འབྱོར་གོམས་པས་ཡོ་བྱད་ལྡན་བྱས་ཏེ། །འཕགས་པ་ལ་སོགས་མཆོད་ཅིང་གཏོར་མ་གཏང་། །གྲས་ཕྱིང་གཙང་མ་མདའ་གང་གྲུ་བཞི་ལ། །མཚལ་ལམ་ལྡོང་རོས་དག་གིས་ཐིག་གདབ་སྟེ། །ལེའུ་ཚེ་དགུ་པ་དག་གི་ཚད་དུ་བྱ། །དབུས་སུ་ག་པུར་དག་གི་ཆུ་བླུགས་ཏེ། །དར་རམ་རས་སམ་དཀར་འཇམ་ལ། །ལྷ་ཆེན་དབང་ཕྱུག་དག་གི་གཟུགས་བྲིས་ཏེ། །རྨྱུག་མ་གཙང་མ་དག་ལ་དགོད་པར་བྱ། །སྟེང་ནས་ལེ་བརྒན་དག་གི་གདུགས་ཀྱིས་དགབ། །དེ་ཡི་མཚམས་བཞིར་ལྗང་གུའི་འཕན་བཞི་གཟུག །ཕྱོགས་བཞིའི་ལེའུ་ཚེ་བཞི་པོ་དག་ལ་ཡང་། །ལྷ་ཡི་བློན་མོ་བཞི་ཡི་གཟུགས་བྲིས་དགོད། །ཤར་དུ་དྲི་ཟའི་ལྷ་ཉིད་དགོད་པར་བྱ། །ལྷོ་རུ་གཤིན་


DNG015_Page_0804
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ནུབ་ཏུ་ཀླུ། །བྱང་དུ་གནོད་སྦྱིན་ལྷ་སྟེ་བཞི་ཡང་དགོད། །དེ་ཡི་ཕྱི་རིམ་མེ་ཏོག་སྣ་ཚོགས་བསྐོར། །མཆོད་པ་ལྔ་དང་གཏོར་མ་གཅིག །ནང་དུ་རྟ་ཚིལ་ཁྲག་དང་སྙིང་ཡང་བསྩལ། །སྙིང་གི་སྲོག་རྩར་དམིགས་པའི་མིང་རུས་བྲི། །ཁྲེ་ཕྱེ་དག་ལ་དགྲ་གཟུགས་བྱ། །སྙིང་གར་ཐིག་ལེ་དཀྱིལ་དུ་མིང་རུས་གཟུགས། །སྐེ་ནས་སྔོ་དམར་སྐུད་པས་གདགས་པར་བྱ། །ལག་པ་གཡས་ཀྱི་སྲིན་ལག་རྩ་ལ་འགེལ། །ཆས་གོས་ལྗང་ནག་གོན་ལ་ཐོད་ནག་བཅིངས། །དུར་ཁྲོད་རས་སམ་བྲམ་ཟེའི་པགས་པ་ལ། །ལྡོང་རོས་ཆུ་རྩས་ཁ་དོག་སེར་པོར་སྒྱུར། །དུག་དང་ཁྲག་གིས་འཁོར་ལོ་རྩིབས་བརྒྱད་བྲིས། །འཁོར་ལོའི་རྩིབས་ལ་གཤིན་རྗེའི་སྙིང་པོ་དགོད། །དབུས་ཀྱི་ལྟེ་བར་ལྷ་ཆེན་པོ་ཡང་དགོད། །ཕྱི་རིམ་ཐོག་གི་དབབ་སྔགས་དག་གིས་བསྐོར། །འཁོར་ལོ་མངའ་གསོལ་སྨོན་ལམ་གདབ། །བྲམ་ཟེ་ལ་སོགས་མཛེ་ཅན་ཐོད་པར་གཞུག །དེ་ཡི་ནང་དུ་བསེ་དང་ལྕགས་ཟངས་དང་། །དངུལ་དང་སྙིང་སྣ་ཁྲག་སྣ་མང་བླུག་སྟེ། །ལེའུ་འབྲས་བུ་མནྫིའི་ཁ་ལ་གཞག །ཏིང་འཛིན་རྣམ་གསུམ་རིམ་གྱི་ཚུལ་བཞིན་བསྐྱེད། །དབང་ཆེན་རིམ་བརྩེགས་སྟེང་དུ་བྲུཾ་གཅིག་བསམ། །བྲུཾ་ལས་འབར་བ་ལྷ་ཡི་གཞལ་ཡས་ཁང་། །ཕྱི་དང་ནང་མེད་ཀུན་ཏུ་གསལ་བར་བསྐྱེད། །དབུས་སུ་མ་ཧེ་བམ་ཆེན་བསྣོལ་བ་ལ། །ཉི་ཟླ་འཁོར་ལོ་རབ་ཏུ་གསལ་བའི་སྟེང་། །ཡ་ལས་འཇམ་དཔལ་གཤེད་པོ་འབར་བའི་སྐུ། །ཞལ་དྲུག་ཕྱག་ཀྱང་བཅུ་གཉིས་གསལ་བར་བསྐྱེད། །དེ་ཡི་འཁོར་ན་གནས་པ་སྟེ། །མ་ཧཱ་དེ་བ་ཧཱུཾ་ཞེས་བརྗོད་པ་ཡིས། །དབུས་སུ་ལྷ་ཆེན་དབང་ཕྱུག་དེ་བ་ཡང་། །སྐུ་མདོག་ནག་པོ་སྤྱན་གསུམ་མཆེ་བ་ཅན། །རྩེ་གསུམ་འབར་བ་ཁྱུང་གི་རྒྱན་མཚན་གཡས། །ཞགས་པ་རྡོ་རྗེ་བེ་ཅོན་གཡོན་པ་ན། །སྨིན་མཚམས་གློག་འགྱུ་བསྐལ་པའི་ཐོག་འབེབས་སམ། །འཁོར་གྱི་ལྷ་ཡང་རྟ་ཞོན་ཐོག་འབེབས་པའོ། །དེ་བཞིན་ཏིང་ངེ་འཛིན་གྱིས་གསལ་བསྒོམས་ལ། །གཤིན་རྗེ་གཤེད་པོས་ལུས་འབྱུང་དབང་དུ་སྡུད། །ཧཱུཾ་ལྷ་གནས་རིམ་གྱིས་བགྲོད་པའི་ཡང་རྩེ་ནས། །སྨོན་ལམ་


DNG015_Page_0805
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གིས་བསྟན་པ་འཕེལ་མཛད་ཅིང་། །མ་ཧཱ་དེ་བ་ལྷ་ཆེན་དབང་ཕྱུག་གཙོ། །བསྟན་པ་བཤིག་པའི་དགྲ་རྣམས་བསྒྲལ་བ་དང་། །སངས་རྒྱས་བསྟན་བསྲུང་དཀོན་མཆོག་བསྟོད་པའི་ཕྱིར། །འཁོར་བཅས་མ་ལུས་སྤྱན་འདྲེན་གཤེགས་སུ་གསོལ། །ཨོཾ་བྲ་ཧྨ་ན་རཀྵ་ན་ཨེ་ཧྱེ་ཧི་ཛཿཧཱུཾ་བཾ་ཧོཿ།དགའ་ཞིང་གུས་པས་པུས་བཙུགས་ཐལ་སྦྱར་ནས། །ལྷ་མཆོག་ཁྱོད་ཀྱི་ཡོན་ཏན་རབ་བརྗོད་ཅིང་། །ཙམ་པ་ཀ་དང་པདྨ་རབ་གཏོར་ནས། །དེང་འདིར་བསྟོད་དེ་ཁྱོད་ལ་ཕྱག་ཀྱང་འཚལ། །ཁྱོད་ཀྱི་ཐུགས་ནི་ནམ་མཁའི་དཀྱིལ་འདྲ་ཞིང་། །འོད་ཟེར་ཆ་ལས་འགྲོ་བའི་དོན་མཛད་པ། །ཐོགས་མེད་མཁའ་ལྡིང་ནམ་མཁའི་གདན་སྟེངས་སུ། །བརྟན་པར་བཞུགས་ནས་བདག་ལ་དངོས་གྲུབ་སྩོལ། །འཁོར་གྱི་ལྷ་ཆེན་མི་བཟད་ཐོག་འབེབས་བཞི། །ཤུགས་ཀྱིས་ཐོགས་མེད་རྟ་མཆོག་གདན་ལ་བཞུགས། །མ་ཧཱ་དེ་བ་པྲ་མོ་ཧ་ཙ་ར་ནི་ས་མ་ཡ་ཏིཥྛ་ལྷན། ལྷ་ཡུལ་གཙང་མ་དག་ལས་རབ་བཤམས་ཏེ། །བྲམ་ཟེ་མཚན་ལྡན་ཆགས་པས་རབ་ཏུ་མཆོད། །འབྲས་དང་ཀུ་ཤར་བཅས་པའི་ཡོན་ཆབ་འདི། །ག་པུར་གུར་གུམ་གླ་རྩི་ལྕེ་པོག་སོགས། །ཏིལ་མར་གསུར་ཅན་རབ་གསལ་མར་མེའི་མཆོག །དུ་རུ་ཀ་ལ་སོགས་པའི་དྲི་ཡི་ཆུ། །ལག་པན་མར་དང་བཅས་པའི་བུ་རམ་བཤོས། །དུང་དུང་རུ་དང་ཟངས་དང་བཀྲ་ཤིས་དང་། །རྔ་རིངས་རྫ་རྔ་མུཉྩ་ཏ་མི་ལི། །ཆ་ལང་པི་ཝང་ཏམ་བུ་རྒྱུད་མངས་དང་། །གླུ་གར་རོལ་མོ་རྩེད་འཇོ་དག་ལ་སོགས། །བདེ་བའི་ཡོ་བྱད་ཐམས་ཅད་མ་ལུས་ཀུན། །མཆོད་པར་འབུལ་ལོ་ཐུགས་རྗེས་བཞེས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་པུཥ྇་དྷུ་པེ་ཨཱ་ལོ་ཀེ་གནྡྷེ་བ་ལིཾ་པཱུ་ཙ་ཧོ། སྐུ་མདོག་ནག་པོ་སྤྱན་གསུམ་མཆེ་བ་གཙིགས། །དྲང་སྲོང་ཆ་ལུགས་པདྨའི་ཕྲེང་བས་བརྒྱན། །ཞལ་བཞི་གླིང་བཞི་ཡོངས་ལ་ཁྱབ་པར་གཟིགས། །སྙན་པའི་དྲིལ་སྒྲ་གསུང་གི་ང་རོ་ཅན། །དབང་ཕྱུག་ཆེན་པོ་ཁྱོད་ལ་ཕྱག་འཚལ་ལོ། །འཁོར་གྱི་ལྷ་ནི་བློན་པོ་བཞི། །རྟ་ལ་བཞོན་པ་རལ་གྲི་བསྐོར། །ཐོག་སེར་འབེབས་པའི་ལས་ལ་བརྩོན། །ཁྱེད་ལ་བདག་བསྟོད་བདག་ཕྱག་


DNG015_Page_0806
[མ་དཔེ་གཟིགས་ན་འདིར་གནོན།]

འཚལ། །སྔགས་འདིས་ལྷ་རྣམས་རབ་ཏུ་བསྙེན། །ཨོཾ་མ་ཧཱ་དེ་བ་ཏི་བཛྲ་ལཾ་སྔ་མ་ན་རཀྵ་ཀངྈ་ལ་ཡ་ཧཱུཾ། དེ་བ་རཱ་ཛ་མ་ཧཱ་ནི་ཛ། དགྲ་བོ་ཆེ་གེ་མོ་ནི་ཐུམ་ཐུམ་རྦད། ཤ་སེན་སེན་ཛ་ཛ་ཧཱུཾ་ཧཱུཾ། ཁྲི་ཁྲི་སྟོང་སྟོང་བར་པ་བསྟོད། །དེ་སྐད་བརྗོད་ལ་བསྙེན་པར་བྱ། །རང་གིས་མ་ཉེས་དཔང་ཡང་གཟུག །ཉེས་བྱས་བྲིས་སྐུའི་མདུན་དུ་གླན། །འོ་དོད་འབོད་ཅིང་གཡབ་སྐོར་བྱ། །གཤེད་པོ་བསྟོད་ལ་ལྷ་རྣམས་བསྐུལ། །གཡས་ནས་སྐོར་ཞིང་ཐུགས་དམ་བསྐུལ། །འདོད་ཁམས་ཉི་ཤུའི་ཡང་རྩེ་ནས། །གཟུགས་ཁམས་ལྷ་ཡི་དགའ་ཚལ་ནས། །ཕོ་བྲང་དེ་བའི་གཞལ་ཡས་ནས། །ཆོས་ཀྱི་རྒྱལ་མཚན་དབང་བསྐུར་བའི། །ལྷ་ཆེན་དབང་ཕྱུག་ཆེན་པོ་ནི། །སྐུ་མདོག་དམར་སེར་འབར་བ་ལ། །ཚད་མེད་དབུ་བཞིས་གླིང་བཞི་འཇོམས། །གཡས་ཀྱི་པདྨ་སྐྱོན་དང་བྲལ། །ཐ་མ་བགྲང་འཕྲེང་རིག་སྔགས་སྤེལ། །གཡོན་གྱི་གུན་དྷིས་དགོས་འདོད་སྐོང་། །ཐ་མ་བླུགས་སྣོད་དགྲ་བགེགས་སྦྱོང་། །གང་གིས་བསམས་པར་ཡུད་ཀྱིས་ཕྱིན། །པདྨ་སེར་པོས་བརྒྱན་བྱས་ནས། །རས་ཀྱི་ཁ་ཚར་མགུལ་རྒྱན་ཅན། །ཐུགས་རྗེ་དྲག་ཏུ་བསྐུལ་བྱས་ནས། །ལོག་པའི་དགྲ་བགེགས་འཇོམས་པའི་ཚེ། །སྐུ་ནི་སྔོ་ནག་ཆེན་མོ་ལ། །ཞལ་གྱི་མཆེ་བ་གདེངས་པ་ཡིས། །དགྲ་བོ་བདུན་རྒྱུད་རྩད་ནས་གཅོད། །སྨིན་མཚམས་གློག་འགྱུ་ཐོག་ཆེན་འབེབས། །མཛུབ་མོ་བསྐུལ་བས་གླིང་བཞི་འཁྲུག །ལྗགས་ཀྱང་སྲིད་པ་གཡོ་བར་མཛད། །དཀོན་མཆོག་གསུམ་གྱི་སྐུ་དགྲ་འདི། །ཐོག་ཆེན་འབར་བས་ལྔ་ཕུང་བཤིག །ཚེ་སྲོག་ཆོད་ལ་བདུན་རྒྱུད་ཆོད། །འཁོར་གྱི་བློན་པོ་བཞི་ལ་བསྐུལ། །བར་སྣང་ཐོག་ཆེན་འཁྲུག་ཏུ་ཆུག །དབང་པོ་རྣམ་ལྔ་ཁ་ལོང་ཁའི། །བུ་སྨད་འཁོར་ཡུལ་མཁར་བཅས་ལ། །གསེར་ཐོག་ལྕགས་ཐོག་ཚལ་ཚལ་ལ། །འཁོར་ལོ་བྲོ་བརྡུང་འུ་རུ་རུ། །ཟངས་ཐོག་འཁར་ཐོག་རམས་སེ་རམ། །མེ་མདག་གློག་དམར་ཁྱུགས་སེ་ཁྱུག །འཁོར་རྣམས་ཤུགས་ཆེན་རྟ་ཞོན་ཅིང་། །རལ་གྲི་མེ་ལོང་ཀླད་ལ་བསྐོར། །ཀི་ཀང་གཤེད་བཞི་ཀླད་ལ་བསྐོར། །རལ་གྲི་བསྐོར་བའི་འོད་


DNG015_Page_0807
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོས་པས། །ཐོག་ཆེན་སྣ་ཚོགས་སྐར་ལྟར་འཁྲུགས། །ཉམས་པའི་དགྲ་ལ་ཐོག་མདའ་ཡ། །སྐད་ཅིག་ཙམ་ལ་ཕུང་བར་གྱིས། །རྟ་སྙིང་སྟོབ་ཅིང་རཀྟ་སྦྲེང་། །རྟག་ཏུ་འབྲུག་དང་སེར་བ་དང་། །གློག་དང་ཐོག་དང་ཤྭ་བུད་འོང་། །རྣམ་པའི་རྟགས་བྱུང་ཐོག་གཏའ་གཞུག །མཁར་དང་ལྷ་རྟེན་ཆུ་མིག་གམ། །མཆོད་རྟེན་ལྷ་ཁང་བྲག་འོག་ཏུ། །ལྷག་པར་དགྲ་ཡི་གོ་ཁ་འམ། །ཉལ་བའི་སྔས་སམ་མལ་འོག་ཏུ། །འཁོར་ལོ་བཅས་ཀྱིས་ཐོད་པ་སྦ། །དྲག་སྔགས་འདི་བཟླས་ཐོད་པར་བསྡིམས། །ཨོཾ་ཙ་ཏུར་མུ་ཁ་རཀྵ་པྲ་མ་ན་མ་ཧཱ་དེ་བ་དགྲ་བོའི་ཡུལ་ཁམས་སུ། རོ་ཁ་དུ་ཁ་པ་ཧཱུཾ་པྲ་མོ་སྭཱ་ཧཱ། ཞེས་ནི་ཐོད་པའི་ནང་དུ་བཟླས། །གཏོར་མ་གཏང་ཞིང་སྨོན་ལམ་གདབ། །བྲིས་སྐུ་དག་ལ་རྟེན་བཅས་ལ། །གྲྭ་ཕྱིང་མཎྜལ་དག་ལ་གྲིལ། །རྟག་ཏུ་ལྷ་རྣམས་མཆོད་གྱུར་ན། །ཡིད་ཀྱིས་ཅི་བསམས་འགྲུབ་པར་འགྱུར། །ཞེས་གསུངས་སོ། །དཔལ་གཤིན་རྗེ་ཟླ་གསང་ནག་པོ་རྩ་བའི་རྒྱུད་ལས། འཇིག་རྟེན་དུ་ཐོག་དབབ་པ་ལྷའི་ཟླ་གསང་གི་ལེའུ་སྟེ་རེ་གཉིས་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་འཇིགས་བྱེད་གཤིན་རྗེའི་གཤེད་པོས། འགལ་བ་ཆམ་ལ་དབབ་སླད་དུ། །ཐོག་དབབ་ལྷ་ཡི་ནང་བསྒྲུབ་གསུངས། །སྲིད་པའི་མགར་གྱིས་མ་བརྡུངས་མཚོན། །མི་སྲིད་བྱང་ཆུབ་སེམས་ཀྱི་དབལ་རང་མཚོན། །རླུང་གི་བཤམས་པའི་ངར་གྱི་མཚོན། །མེ་སྦུད་ཆེན་པོ་མཚོན་དབལ་ངར་ཅན་དེས། །འབྱུང་བ་གཞན་གྱིས་མི་ཚུགས་ཤིང་། །དེ་གཉིད་ངང་ལས་ཐོགས་ཆགས་མེད་པར་འཇོམས། །དེ་ཉིད་བསྒྲུབ་ཕྱིར་དུར་ཁྲོད་ལ་སོགས་སུ། །དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། །དབུས་སུ་གྲུ་གསུམ་ཨེ་བརྩིགས་ཏེ། །འཁོར་ལོ་བཞི་དང་རོལ་མཚོ་བདུན། །གསེར་རི་དབུས་སུ་ཡ་མཱནྟ་ཀ་སྟེ། །སྟེང་དུ་ལྷ་ཆེན་དབང་ཕྱུག་ཡབ་ཡུམ་དགོད། །འཁོར་ལོ་བཞི་ལ་ལྷ་ཡི་བློན་པོ་བཞི། །ཁྲག་ཞག་མར་ཁུ་ཆང་དང་འོ་མ་སྦྲང་རྩི་དང་། །རྒྱ་མཚོའི་ཆུ་ལ་སོགས་པ་མཚོ་བདུན་ནོ། །ལྷ་ཆེན་ལྔ་ལ་ཕུར་པ་ལྔ་དགོད་དེ། །དུང་གི་ཕུར་པ་སོར་བརྒྱད་ཤར་ལ་དགོད། །དྲི་ཟ་ལྷ་ཡི་བློན་པོར་མངའ་ཡང་གསོལ། །གསེར་གྱི་ཕུར་པ་ལྷོ་ཡི་རྩིབས་ལ་དགོད། །གཤིན་


DNG015_Page_0808
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ལྷ་ཡི་བློན་པོར་མངའ་ཡང་གསོལ། །ཟངས་ཀྱི་ཕུར་པ་ནུབ་ཀྱི་རྩིབས་ལ་དགོད། །ཀླུ་གདོན་ལྷ་ཡི་བློན་པོར་མངའ་ཡང་གསོལ། །ལྕགས་ཀྱི་ཕུར་པ་བྱང་གི་རྩིབས་ལ་དགོད། །གནོད་སྦྱིན་ལྷ་ཡི་བློན་པོར་མངའ་ཡང་གསོལ། །འཁར་བའི་ཕུར་པ་དབུས་ཀྱི་ཨེ་ལ་དགོད། །དབང་ཕྱུག་ཆེན་པོ་མ་ཧཱར་མངའ་ཡང་གསོལ། །གྲོ་ག་རས་སམ་ཤིན་ཤུན་དར་དཀར་ལ། །ལྷ་རྣམས་རྩ་བ་རང་རང་སྙིང་པོ་དང་། །དབབ་པའི་སྔགས་དང་དམིགས་བྱའི་ཡུལ་མིང་བྲི། །སྔོ་དམར་སྐུད་པས་དམིགས་པའི་མིང་རུས་མགུལ་དུ་གདགས། །རབས་ཆད་ནག་པོའི་ཐོད་པ་ཁ་སྦྱོར་ལ། །ཐོད་པའི་ཕྱི་ནང་མེད་པར་ཁྲག་གིས་བྱུག །སྟེང་གི་ཐོད་པ་ཡབ་ཏུ་མངའ་ཡང་གསོལ། །འོག་གི་ཐོད་པ་ཡུམ་དུ་མངའ་ཡང་གསོལ། །ཐོད་པ་སྟེང་མར་ཡབ་ཀྱི་སྐུ་ཡང་བྲི། །ཐོད་པ་འོག་མར་ཡུམ་གྱི་སྐུ་ཡང་བྲི། །ཐོད་པའི་རྩིབས་རིང་དམིགས་པའི་མིང་ཡང་བྲིས། །དཔྲལ་བར་རུས་བྲིས་ཁ་རུ་མིང་བྱང་བྲི། །སྙིང་གར་ནྲྀ་བྲིས་འདོམས་སུ་བླ་དྭགས་བྲིས། །དེ་ཡི་མཐའ་མར་ཁ་སྦྱར་ཛ་ཛས་བསྐོར། །གྲོ་ག་ཤིང་ཤུན་ཞིང་གི་པགས་པ་ལ། །དགྲ་གཟུགས་བྲིས་ལ་དབང་ཕྱུག་ཡུམ་ལ་བརྒྱན། །འཁར་བའི་ཕུར་པ་ཐོད་པའི་ནང་དུ་གཞུག །གྲོ་ག་ཤོག་བུ་ཤིང་གི་ལོ་མ་ལ། །ལྷ་ཆེན་ཚོགས་བདག་དབང་ཕྱུག་ཆེན་པོ་ཁྱོད། །ཁྱོད་ཀྱི་བཙུན་མོ་མཱ་ར་ཡ་འདིས་སྤྱད། །འཁོར་གྱི་ལྷ་རྣམས་མྱུར་དུ་བསྐུལ་མཛོད་ལས། །འདི་ལ་དབང་ཕྱུག་ཆེན་པོས་ཐོག་ཆེན་ཕོབ། །ཐོད་པ་དེ་ཡི་མགུལ་དུ་གདགས་པར་བྱའོ། །ཐོད་པའི་ནང་དུ་དམེ་ཁྲག་སྐམ་པོ་དང་། །གསེར་ཕྱེ་ཟངས་ཕྱེ་ལྕགས་ཕྱེ་འཁར་ཕྱེ་དང་། །དངུལ་དང་ཐོག་ལྕགས་ཐོག་གྲིར་ཤི་བ་ཡི། །སྙིང་དང་རུས་པ་ཤ་ཡང་སྩལ། །ཐོད་པ་ཁ་སྦྱར་མི་ཡི་རྒྱུས་པས་བཅིང་། །སྒྱེད་གསུམ་ཁ་ལ་ཆུ་གསུམ་སྟེང་དུ་བཞག །ཆུ་སྐྱེས་མེ་ཏོག་སྣ་ཚོགས་དང་། །འདོད་པའི་ལོངས་སྤྱོད་ཟས་རྣམས་དང་། །རྒུན་ཆང་སྦྲང་དང་འབྲས་ཆང་དང་། །གྲོ་ཆང་དང་ནི་ཨ་འབྲུ་ཤ །དེ་དག་མཆོད་པའི་རྫས་སུ་དགྲམ། །སྣ་ཚོགས་སྙིང་དང་ཁྲག་ཏུ་སྦྱར། །བུ་རམ་འབྲས་ཀྱི་གཏོར་མ་བཞི། །ལྷ་ཡི་བློན་པོ་བཞི་ཡང་དགོད། །


DNG015_Page_0809
[མ་དཔེ་གཟིགས་ན་འདིར་གནོན།]

ལིངྒ་ཇི་ལྟར་འདོད་པའི་དབྱིབས། །གཟུགས་མིང་བྱས་ལ་མདུན་དུ་བཞག །སྔགས་ཀྱིས་བྲབ་ཅིང་གསད་ལས་བྱ། །ཏིང་འཛིན་གདན་བཅས་གཞལ་ཡས་བསྐྱེད། །ཡ་མཱནྟ་ཀ་འཁྲུགས་པར་བསྒོམ། །གདན་དུ་ཡི་དྭགས་གདིང་བར་བྱ། །དབང་ཕྱུག་ཆེན་པོ་གསལ་བསྒོམས་ཏེ། །འཁོར་གྱི་ལྷ་བཞིས་བསྐོར་བར་བསམ། །ཨོཾ་མ་ཧཱ་དེ་བ་ཀ་ལ་ཧཱུཾ། ཞེས་བརྗོད་དབང་ཕྱུག་ཆེན་པོ་ཡང་། །ནག་པོ་སྤྱན་གསུམ་མཆེ་བ་རབ་ཏུ་གཙིགས། །ཕྱག་མཚན་རྩེ་གསུམ་ཁྱུང་གི་རྒྱལ་མཚན་གཡས། །ཞགས་པ་འདྲེན་ཚུལ་བེ་ཅོན་རྡེག་ཚུལ་གཡོན། །ཆིབས་སུ་འབྲུག་རྟ་སྔོན་པོ་ཆིབས། །གསེར་གྱི་རལ་གྲི་འབར་བ་ཀླད་ལ་བསྐོར། །གནམ་ལྕགས་འབར་བའི་རལ་གྲི་གློ་ལ་བཏགས། །དེ་འདྲ་རབ་ཏུ་གསལ་བར་བསྒོམ་པར་བྱ། །ཤར་ཕྱོགས་ལྷ་ཡི་ཕྱག་ན་དངུལ་གྱི་གཞུ་བདུངས་དངུལ་མདའ་ཕྱག་ན་བསྣམས། །དངུལ་གྱི་འཁོར་ལོ་བསྐོར་ཞིང་འབྲུག་རྟ་ཞོན་ནས་ཀི་ཀང་ཕྲག་ལ་བཅུག །རླུང་གི་ཐོག་འབེབས་སེར་བའི་སྐྱིན་ཐང་གཏོང་། །ལྷོ་ནས་གསེར་གྱི་ཐོག་ཆེན་གོང་བཞིན་འབེབས། །ནུབ་ནས་ཟངས་ཐོག་བྱང་ནས་ལྕགས་ཐོག་འབེབས། །དེ་འདྲ་གསལ་བསྒོམ་ཡེངས་པར་མི་བྱའོ། །ཧཱུཾ་རྣམ་སྣང་མཚན་ཉིད་མི་གཡོ་གཙུག་ཏོར་བསྟན། །བྱང་ཆུབ་ཆེན་པོ་མཆོག་གི་ཕྱག་རྒྱ་ནི། །བདུད་འདུལ་ཆེན་པོ་སྐུ་རུ་སྤྲུལ་པའི་རྒྱལ། །བྱང་ཤར་མཚམས་ནས་སྐུ་བདེ་ཤིན་ཏུ་བསྟན། །མེ་ལྕེ་བར་སྣང་སྤྲིན་གཏིབས་དཀྱིལ་འཁོར་ནས། །སྐུ་སྟོད་སྔོ་ནག་འབར་བའི་འོད་ཕུང་ཅན། །ཤིན་ཏུ་ཁྲོ་བརྗིད་དབང་ཕྱུག་གཏུམ་བག་ཆེ། །ཐུགས་རྗེ་སྤྲིན་ལྟར་གཏིབས་ནས་ནམ་མཁའ་གང་བར་ཁྱབ། །གཟིར་གནོན་སྟོབས་ཀྱི་དྲག་པོ་སྟབས་ཀྱིས་གནོན། །བདུད་པོ་ནག་པོ་སྤྱན་གསུམ་མཆེ་བ་ཅན། །བསྟན་པ་བཤིག་པའི་སྲོག་ལ་སྤྱན་འདྲེན་ན། །དབང་ཕྱུག་ལྷ་ཆེན་འཁོར་བཅས་གཤེགས་སུ་གསོལ། །དབང་ཕྱུག་ཆེན་པོ་གནས་ནས་བསྐྱོད་ཙམ་ན། །རྩེ་གསུམ་འབར་བ་ཁྱུང་གི་རྒྱལ་མཚན་འཕྱར་ཏེ་གཤེགས། །ཞགས་པས་འདྲེན་ཅིང་བེ་ཅོན་སྙིང་ལ་བརྡེག །ནག་པོ་སྤྱན་གསུམ་སྡང་མིག་བཟློག་པའི་བདུད། །དབུ་སྐྲ་འབར་


DNG015_Page_0810
[མ་དཔེ་གཟིགས་ན་འདིར་གནོན།]

བ་འཕྲོག་ཟེར་རལ་པ་ཅན། །སྐུ་ལུས་མུན་པ་སྤྱན་གསུམ་སེར་ལ་འདྲིལ། །རྣོ་དབལ་ཆེ་བ་ཟླ་ཚེས་གྱེན་དུ་འཁྱིལ། །སྤྱན་མིག་བཟློག་པས་དྲག་པོའི་སྐྱིན་ཐང་འབེབས། །ཤངས་ནས་རླུང་འཁོར་འབུད་པའི་བུ་ཡུག་འཁྲུགས། །མདུང་དང་གྲི་རྐང་སྐུ་ཡི་རྟེན་དུ་བཅས། །སྤྱན་མིག་མི་མཐུན་ལས་ཀྱི་ཟླ་འདྲིལ་ལྟར། །འོད་ཟེར་མེ་ལྟར་འབར་ཞིང་གཤེགས་སུ་གསོལ། །ཨེ་ཧྱེ་ཧི་མ་ཧཱ་ཀཱ་ལ་ཏྲི་ཛ། ཀ་རུ་ནི་ཀ་དྲི་ཤྱ་ཧ། ས་མ་ཡ་ཧཱུཾ་ས་མ་ཡ་སྟྭཾ། ཛཿཧཱུཾ་བཾ་ཧོཿ། ལྷ་ཆེན་དབང་ཕྱུག་འཁོར་བའི་གཡུལ་བཟློག་པ། །སྤྲུལ་པའི་རླབས་ཆེན་ལྷ་ཡི་དམག་དཔུང་སྡུད། །དབང་ཕྱུག་ལེགས་ལྡན་ནག་པོའི་འཁོར་གྱིས་བསྐོར། །མ་རིག་སྒྲིབ་པ་མ་ལུས་སེལ་མཛད་ཅིང་། །དབང་ཕྱུག་ལེགས་ལྡན་སྐུ་ལ་ཕྱག་འཚལ་ལོ། །དབང་ཕྱུག་བསོད་ནམས་གཟི་བརྗིད་འཕགས་ལ་ཕྱག་འཚལ་ལོ། །བསྟོད་པའི་ལུང་བསྟན་འཕགས་ལ་ཕྱག་འཚལ་ལོ། །དབང་ཕྱུག་ཉི་ཟླའི་འོད་ལྟར་ཞལ་གསལ་ཞིང་། །མ་རིག་སྒྲིབ་པ་མ་ལུས་སེལ་མཛད་ཅིང་། །འཁོར་བཅས་ལྷ་ཡི་ཚོགས་ལ་ཕྱག་འཚལ་ལོ། །མེ་ཏོག་ཕྲེང་བ་ལ་སོགས་དང་། །རིན་ཆེན་དབྱིག་དང་སྒོག་བཙོང་དང་། །ལ་ཕུག་ལ་སོགས་ཙན་དྷ་ལི། །འབྲས་བུ་ཡིད་བཞིན་སྣ་ཚོགས་ཟས། །ཕྱོགས་བཅུའི་ཆུ་སྐྱེས་དང་ནི་ལོངས་སྤྱོད་རྐྱེན། །མཆོད་པའི་ལོངས་སྤྱོད་འདི་འབུལ་ན། །དཀྱིལ་འཁོར་མཛེས་པའི་རྒྱན་གྱིས་བརྒྱན་པ་ཡི། །ཞལ་ཟས་བདུད་རྩི་ཛ་གད་སྨན་གྱིས་མཆོད། །ཨེ་ཧྱེ་ཧི་མ་ཧཱ་ཀཱ་རུ་ནི། པ་ཏི་མ་ཧཱ་རཀྵ།རུ་པ་ཁ་ཁ་ཁཱ་ཧི། པ་ཏི་ཛ། མ་ཧཱ་པེ་ཏ་ལི། ཁ་ཁ་ཁཱ་ཧི། ཧཱུཾ་དབང་ཕྱུག་ཆེན་པོ་འཁོར་བཅས་ལ། །མཆོད་སྦྱིན་ལ་སོགས་སྣ་ཚོགས་དང་། །རྫས་དང་ཡོ་བྱད་དཔག་མི་ལང་། །བླ་མེད་དད་པས་མཆོད་འབུལ་བསྟོད། །འོད་ཕུང་བསྐལ་པའི་མེ་དཔུང་འབར་བའི་འོད། །གདུག་པ་རིལ་མིད་མཛད་པའི་ཁྲོ་གཉེར་ཅན། །དུག་གསུམ་རྩད་གཅོད་མཆེ་བ་གཙིགས་པ་པོ། །ཡེ་ཤེས་སྤྱན་གསུམ་ཉི་ཟླ་བཞིན་དུ་འབར། །བསྟོད་པའི་བཀའ་རྒྱུད་བླ་མེད་ལུང་བསྟན་དཔལ། །དམ་ཚིག་ཆོས་ཀྱི་


DNG015_Page_0811
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་རྣམ་སྣང་མཛད། །བླ་རེ་ཆོད་པ་བརྗིད་པས་བཅིངས། །ངེས་པར་བསྟོད་པས་བཅུ་ཡི་བདག་པོ་འཕགས། །རྟག་ཏུ་དུར་ཁྲོད་འབར་བའི་གནས་ན་བཞུགས། །དུར་ཁྲོད་མ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར། །ནད་གཏོང་རཀྴའི་ཚོགས་རྣམས་ཀུན་མཆོད་ནས། །བསྟན་པ་འཇིག་པར་བྱེད་པའི་དགྲ་དང་བགེགས། །མདངས་རྣམས་འཕྲོག་ལ་ཐལ་བའི་རྡུལ་དུ་རློག །སྟོབས་ཆེན་གླང་པོའི་པགས་པ་གོས་སུ་གྱོན། །ལྷ་ཀླུ་གཉན་གྱི་གྲོང་ཁྱེར་ཐམས་ཅད་ཀུན། །ལྷ་ཆེན་བདུད་དཔུང་ཆེ་བཙན་གསུམ་པོས་ནི། །ལོག་འདྲེན་དགྲ་སྲི་གཟིར་དུག་གནོན་པའོ། །དཔའ་བོ་ཆེན་པོ་སྟག་གི་པགས་པ་ཐོགས། །འཁོར་དུ་ལྷ་ཡི་བློན་པོ་བཞི་ཡིས་བསྐོར། །ཕྱག་ནས་ཕྱོགས་ཆ་ཀུན་ཏུ་རྣམ་གྲངས་པ། །སྨོན་ལམ་ཁྱད་པར་མང་པོས་མཐུ་སྦྱར་ལ། །སྒྱུ་མ་ལྟ་བུའི་རྣམ་པར་ཐར་པས་རོལ། །ཕན་མཛད་དམག་དཔོན་འཁོར་བཅས་ཁྱོད་ལ་ཡང་། །སྡུག་བསྔལ་ཚ་བས་གདུངས་པའི་སེམས་ཅན་ལ། །དྲག་པོའི་ཐོག་ཆེན་ཕོབ་ལ་རྒྱུན་ཏུ་འབེབས། །ལྷ་ཆེན་དབང་ཕྱུག་ཁྱོད་ལ་བདག་འདུད་སྐྱབས་སུ་མཆི། །སྔགས་འདིས་ལྷ་རྣམས་སྲོག་ནས་གཟུང་། །ཨོཾ་མ་ཧཱ་དེ་བ་ཀ་ཀ་ཏི་ཛི་རི་སང་ནི། ཨི་ན་ཧྲི་སི་བནྫ་ན། ག་རུ་རུ་བེ་སེང་ཀེན་ཕུ། སེན་དྷི་ས་ན་ཨུ་ཏ་ཀེ་ན། ས་པ་དེ་དེ་བུ་ཡེ་ན། དེ་བ་དེ་ན་མ་ར་ཡ་རཾ། ཁྲི་ཚོ་རེ་རེ་བགྲང་ཞིང་སྐུ་བསྐྱེད་བསྟོད། །འོད་དང་སྒྲ་དང་དྲི་ཞིམ་དང་། །འབྲུག་དང་གློག་དང་ཐོག་དང་ཤྭ། །དེ་རྣམས་སྒྲུབ་པའི་རྟགས་སུ་སྟེ། །དབང་དུ་བསྡུ་ཞིང་ཕྲིན་ལས་བཅོལ། །ཐོག་རྗེ་ཐོག་བདག་བསྐུལ་ཞིང་བསྟོད། །གནམ་ལྕགས་ཐོག་ཆེན་འབེབས་པའི་ལྷ། །ཆིབས་སུ་འབྲུག་རྟ་སྔོན་པོ་ཆིབས། །རོལ་ཏུ་ཁྱུང་དང་སེང་གེ་ཁྲིད། །ཁ་རླངས་སྤྲིན་དང་ན་བུན་འཐིབས། །ཤངས་ནས་བུ་ཡུག་ཁུ་འཕང་འདྲིལ། །ལྕགས་ཀྱི་སེར་ཆེན་ཕྲམས་སེ་ཕྲམ། །ཤེལ་གྱི་ཁུ་འཕང་ཧྲིལ་ལི་ལི། །གསེར་ཐོག་ལྕགས་ཐོག་ཆེམས་སེ་ཆེམ། །གནམ་ལྕགས་རལ་གྲི་ཀླད་ལ་བསྐོར། །གསེར་གྱི་ཤ་རླང་གློག་ཆེན་འཁྱུག །འཁོར་གྱི་ལྷ་ཡང་ཐོག་ཆེན་འབེབས། །ཤར་ཕྱོགས་དྲི་ཟའི་ཞིང་ཁམས་ནས། །དྲི་ཟ་ལྷ་


DNG015_Page_0812
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་བློན་པོ་ཡང་། །དངུལ་གྱི་གཞུ་མདུང་མདའ་ཐོགས་ཏེ། །ལག་ནས་དངུལ་གྱི་ཐོག་ཆེན་འབེབས། །དངུལ་གྱི་ཐོག་ཆེན་འུ་རུ་རུ། །ཀི་ཀང་ཕོ་མོ་འཕྲལ་དུ་ལས་ལ་འཛུད། །ཐོག་སེར་སྐྱིན་ཐང་གློ་བུར་འབེབས། །དེ་བཞིན་ཕྱོགས་ཀྱི་བློན་བཞི་བསྐུལ། །ཐོག་གི་དབབ་སྔགས་ཐོད་པར་བསྡིམ། །ཨུར་ཆོམས་རྦད་ནལ་རཾ་ཤད་ཤད་བྷྱོ། ཛ་རཀྴ་བི་ཏ་མཱ་ར་ཡ་སྙིང་ལ་རྦད། ཙིཏྟ་བཾ་རིལ་ཁ་རག་ཚལ་པ་བཾ། རཀྴ་ཡགྴ་བི་ཏ་ཁ་ལ་རྦད། བུ་ཚ་འུར་ཆོམས། རྦད་ནལ་རམ་ཤད་ཤད་ནག་པོ་སྲོག་ལ་ཆོམས་ཆོམས། བོབས་བོབས། དེས་ནི་ལྕགས་ཐོག་དབབ་པའོ། །འུར་ཆོམས་རྦད། ནལ་རཾ་རཾ་ཤད་དེ་བ་ཡཀྴ་སྲོག་ལ་ཆུམས་ཆུམས་རྦད་རྦད་རི་ལི། འུར་རྦད་ནལ་ཤིག་མཱ་ར་ཡ། དེས་ནི་གསེར་ཐོག་དབབ་པའོ། །འུར་ཆོམས་ཤིག་ཤིག་མཱ་ར་ཡ་ནི་ནི། ཁ་ལ་རྦད་དུ་ཛ་ཛ། ནཱ་ག་དུ་མ་ཧཱ་ར་ཙ་ཁ་ལ་རཀྴ་ཙིག་ཙེག །ཙག་ཙག་ཧྲིལ་ཧྲིལ་ཕོབ་ཡ། དེ་ནི་ཟངས་དབབ་པའོ། །དེ་བཞིན་ཐོད་པ་ཁ་སྦྱར་ཏེ། །དམིགས་པའི་ཡུལ་གྱི་དབུས་སུ་སྦ། །ལྕགས་ཕུར་མཁར་གྱི་རྨང་དུ་སྦ། །ཟངས་ཕུར་ཡུལ་ལྷའི་རྟེན་སར་སྦ། །དངུལ་ཕུར་རྟ་ཡི་དྲེས་སུ་སྦ། །དེ་བཞིན་བྱས་ནས་ཕབ་གྱུར་ན། །སྦས་པའི་རྟེན་སར་དུས་སུ་འབེབས། །དེ་ལ་ཐེ་ཚོམ་བག་མི་བྱ། །ཞེས་གསུངས་སོ། །དཔལ་གཤིན་རྗེ་ཟླ་གསང་ནག་པོ་རྩ་བའི་རྒྱུད་ལས། ཐོག་དབབ་པ་ལྷའི་ཟླ་གསང་ནང་དུ་བསྒྲུབ་པའི་ལེའུ་སྟེ་རེ་གསུམ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་གཤིན་རྗེའི་གཤེད་པོས་འདི་སྐད་ཅེས་གསུངས་སོ། །བསྟན་པ་གཉན་པོ་བསྲུང་བའི་ཕྱིར། །ཐོག་དབབ་ལྷ་ཡི་གསང་བསྒྲུབ་གསུངས། །རྨ་བྱ་དག་གི་རྒྱལ་མཚན་ལ། །དམིགས་པའི་མིང་རུས་འོག་ཏུ་བཅུག །རྨྱུག་རྒོད་རྩང་ནི་བཞི་གཤགས་ལ། །ལིངྒ་དག་གི་སྐེ་རུ་གདབ། །ཕྱིང་དཀར་གཙང་མ་གྲུ་བཞི་གཅིག །སྟེགས་བུའི་སྟེང་དུ་བཏིང་ནས་ཀྱང་། །ནས་སྔོན་ཕུལ་གང་ཤར་དུ་སྤུངས། །དཀྱིལ་དུ་རྒྱལ་མཚན་གཟུག་པར་བྱ། །ཉིན་མོ་སྔགས་བཟླས་ནས་ཀྱིས་བྲབ། །ནུབ་མོ་སྔགས་བཟླས་ཏིལ་གྱིས་བྲབ། །སྔགས་རྫོགས་རི་གསུམ་རྩེར་


DNG015_Page_0813
[མ་དཔེ་གཟིགས་ན་འདིར་གནོན།]

སོང་ལ། །ཨེ་བརྐོས་མིང་རུས་ནང་དུ་གཞུག །རྩང་དང་མཉམ་པའི་ཁུང་བརྐོས་ལ། །དགྲ་ལ་རྩེ་བསྟན་རེ་མས་གཞུག །དབང་ཕྱུག་ཆེ་ལ་ལས་བཅོལ་ལོ། །འོ་དོད་བོས་ཤིང་བསད་ཅིང་མནན། །མྱུར་དུ་ཐོག་ཆེན་འབེབས་འདོད་ན། །རྣམ་པར་སྨིན་པས་ཤི་བའི་མགོར། །ཧ་ལ་པ་ལ་ཏ་ཀ་དང་། །དེ་བཞིན་སྣ་ཚོགས་ཉུང་དཀར་ནག །ཞིང་ཆེན་པགས་པ་མཚན་ངན་ལ། །ཡུལ་གྱི་མིང་དང་བརྣག་པའི་མིང་། །དེ་བཞིན་བྲིས་ཏེ་དེར་བཅུག་སྟེ། །སྤྱན་དྲང་བཞུགས་མཆོད་བསྡིམ་པར་བྱ། །དྲག་སྔགས་འདི་དག་རབ་ཏུ་བཟླས། །མ་ཧཱ་ཙན་དྷ་རགྴ་ཕེ་ཤེ་ཨན་ཡ་ཕོབ། ཧ་ར་ཙནྚ་ཧ་ར་མ་ཧ་ཙནྚ་ཧ་ར་ཡཀྴ་བགྴ་ཕོབ། རཀྴ་མ་ཡགྴ་བྷྱོ། ཤར་ཤེལ་ཧ་ལ་ཧ་ལ་དྷནྚ་པྲ་ཚེ་ཕོབ། པྲ་ཙེ་བ་ཙེ་ཧ་རི་ཧ་རི་ཛ་དུ་ཏི་བྷྱོ། རག་རགྟ་ཙནྡྷ་མ་ཧཱ་ཤར་ཏི་ནན་དྷ་ར་ཙན་དྷ་པ་ཙ་ཧ་ལ་ཧ་ལ་ད་ར་ད་ར་ཕཊ། རགྴ་ཙནྡྷ་དྷི་མ་ཧཱ་ཤཀྟི་བྷྱོ་བྷྱོ། བཛྲ་ར་ཙེ་རུ་བཛྲ་དེ་དེ་ར་ར་ཧ་ན་ཧ་ན་བྷྱོ། གང་འདོད་གནས་ཀྱི་ཡུལ་ལྷའི་རྟེན། །བདུན་འབུམ་བཟླས་བྱ་ཁྲུ་གང་གནན། །དུས་མེད་ཐོག་ཆེན་ངེས་པར་འབེབས། །དུང་དང་ཨ་ཀ་རུ་དང་ལི་ག་བུར་རྣམས་ལ་བསྔགས་ཏེ། དགྲ་བོའི་ཕྱོགས་སུ་གཏོར་ན་མཛེ་རུ་འགྱུར་རོ། །བག་ཟན་ལ་སེམས་ཅན་གྱི་གཟུགས་སྣ་ཚོགས་བྱས་ཏེ། ཁྲག་གིས་བྱུགས་ལ་ཁང་པའི་ཐོག་དུ་བཞག་ན། སེམས་ཅན་དེ་ཉིད་མང་པོར་འཕེལ་ནས་ཁང་པའམ་ཁང་གསེབ་ཏུ་སྐད་སྣ་ཚོགས་འདོན་ཞིང་འོང་ངོ་། །སྨན་འབྲི་ཏ་ས་འཛིན་དང་། འགི་ཝང་ལ་སྔགས་ནས་རྫ་མར་བླུགས་ན། གྲུམ་བུ་དང་སྲིན་བུར་འགྱུར་རོ། །ཕྲུ་བར་བླུགས་ན་ཚོད་མ་ཤ་མར་འགྱུར་རོ། །ཚོན་རྩི་ལྔ་ལ་སྔགས་ནས་ཁྱིམ་དུ་བཞག་ན། བྱི་བས་ཁྱིམ་དང་ཞིང་དང་ལྡུམ་རར་ཟ་མི་ནུས་སོ། །མུ་ཏིག་ལ་སྔགས་བཟླས་ནས་བུད་མེད་ལ་བྱིན་ན་བུ་ཡོང་བར་འགྱུར་རོ། །སྨག་ཤད་ལ་སྔགས་བཏབ་ནས་དབང་ཕྱུག་ཆེན་པོ་ལ་མཆོད་ནས། ཕྱུགས་འགབ་ཉུངས་པ་ལ་གཏད་ན་ཕྱུགས་འཕེལ་བར་འགྱུར་རོ། །རྨ་བྱའི་རྒྱལ་མཚན་ལ་བསྔགས་ནས། རྟག་ཏུ་ལུས་ལ་བཅངས་ན་ནད་མཛེ་འཚོ་བར་འགྱུར་རོ། །སྦྱོར་བའི་རིམ་པ་བསྡུས་པར་གསུངས་སོ། །


DNG015_Page_0814
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་གཤིན་རྗེ་ཟླ་གསང་ནག་པོ་རྩ་བའི་རྒྱུད་ལས། འཇིག་རྟེན་ཁམས་སུ་ཐོག་དབབ་པའི་ཟླ་གསང་ལྷ་གསང་བར་བསྒྲུབ་པའི་ལེའུ་སྟེ་རེ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་གཤིན་རྗེའི་གཤེད་པོས་ཐུགས་རིན་ཆེན་གའུ་ནས་འདི་གསུངས་སོ། །བསྟན་པ་གཉན་པོ་བསྲུང་བ་དང་། །འགལ་བྱེད་ཆམ་ལ་དབབ་པའི་ཕྱིར། །ནད་བདག་མ་མོའི་ཟླ་གསང་གསུངས། །དུར་ཁྲོད་ལ་སོགས་དགོན་པའི་གནས་ཉིད་དུ། །ས་བདག་མཉེས་བྱ་མ་ཉེས་དཔང་ཡང་གཟུག །ཕུང་བའི་ཤུལ་ནས་ས་བླང་དཀྱིལ་འཁོར་བརྩིག །མངལ་ཁྲག་ལ་སོགས་ཆག་ཆག་གདབ། །དུག་གིས་རྩལ་བསྐྱེད་སྨན་གྱི་དྲི་ཡང་བྱུག །དབུས་སུ་གྲུ་གསུམ་བརྩེགས་མ་གཏིང་དུ་བྲུ། །ཟླ་གམ་དམར་པོ་འཁོར་ལོ་རྩིབས་བཞི་ལྡན། །མུ་ཁྱུད་ཟླུམ་པོ་ཐོད་པའི་ཕྲེང་བས་བསྐོར། །གྲུ་ཆད་བར་ཁྱམས་སྒོ་བཞིའི་རིགས་དང་སྦྱར། །གྲུ་གསུམ་རྩེ་དྲུག་དཔལ་གྱི་ཞལ་ཡང་བྲི། །དབུས་སུ་འཇམ་དཔལ་ཡབ་ཡུམ་སྲས་བཅས་དགོད། །འཁོར་ལོ་བཞི་ལ་ཕུང་བྱེད་སྦས་པའི་མ་བཞི་དགོད། །ཟླ་གམ་གསུམ་ལ་ནག་མོ་ཕུང་གསུམ་དགོད། །གྲུ་ཆད་བཞི་ལ་སྲིན་མོ་གདོང་བཞི་དགོད། །རྩིབས་ཆེན་བཞི་ལ་བཤན་པ་མ་བཞི་དགོད་པར་བྱ། །བར་ཁྱམས་བཞི་ལ་ས་བདག་མ་བཞི་དགོད། །ལྕགས་རི་ནག་པོར་དབང་ཕྱུག་རྩ་བརྒྱད་དགོད། །དེ་ལྟར་ལྷ་རེ་ཕུར་པ་སྙིང་པོ་རེ། །དབུས་སུ་ཐོད་པ་ནག་པོའི་ནང་དག་ཏུ། །དགྲ་བོའི་མིང་རུས་གཟུགས་དང་བཅས་པ་དགོད། །འཇམ་དཔལ་ཡབ་ཡུམ་སྲས་ཀྱི་གདན་དུ་གདིང་། །གྲུ་གསུམ་རྩེ་མོར་རབས་ཆད་ཐོད་པ་གསུམ། །གཅིག་ཏུ་ར་ཁྱི་མི་དང་རྟ་ཡི་ཁྲག །རིམས་ཁྲག་ལ་སོགས་བརྒྱ་རྩ་བརྒྱད་དུ་སྦྱར། །བཙན་དུག་ལ་སོགས་བརྒྱ་རྩ་བརྒྱད་དུ་སྦྱར། །ཐོད་པ་གཅིག་དུ་ཉུང་དཀར་ཉུང་ནག་སྦྱར། །སྐེ་ཚེ་ལན་ཚྭ་ཐལ་ཆེན་མཉམ་པོར་སྦྱོར། །ཐོད་པ་གཅིག་ཏུ་ཟངས་ཕྱེ་ལྕགས་ཕྱེ་སྦྱར། །རྡོ་ཕྱེ་ལ་སོགས་མང་དུ་སྦྱར་ལ་བཞག །དུག་ཁྲག་ཐོད་པ་བལ་ཚོན་སྣ་ལྔས་བཅས། །གྲི་མོར་ཤི་བའི་པགས་པའི་སྟེང་དུ་ཡང་། །


DNG015_Page_0815
[མ་དཔེ་གཟིགས་ན་འདིར་གནོན།]

ར་ཁྲག་དུག་ཁྲག་སྦྱར་བ་གྲུ་བཞིར་ཐོག་ཀྱང་གདབ། །གོང་བཞིན་འཁོར་ལོ་རྩིབས་བཞི་ཕོ་བྲང་བཅས། །སྔར་བཞིན་བཀོད་ལ་རང་རང་སྙིང་པོ་དགོད། །མཐོ་དོ་སོར་བཞི་རྩང་གི་རྩེ་ལ་བརྒྱངས། །དཀྱིལ་འཁོར་དབུས་སུ་ཐོད་པ་བྲུབས་ལ་བཞག །གཏོམ་མ་ཤ་ཆེན་བཅས་པས་བསེག་པ་དགང་། །ཡ་མཱནྟ་ཀ་གཤིན་རྗེ་ཉིད་ལ་དབུལ། །གཡས་སུ་སྣེལ་གྲིའི་ཐོད་པ་དུམ་བུ་ལྔ་པ་རུ། །སྒྲོལ་བདག་ཆེན་པོ་ཨེ་ཀ་ཛ་ཏི་ལ། །ཤེས་རབ་མཚལ་དང་སྣེལ་གྲིའི་སྙིང་ལ་རྟེན། །གཡོན་དུ་སྦྱོར་བདག་ནག་མོ་རེ་ཏི་ལ། །ཡུགས་སའི་ཐོད་པར་མི་དབང་ཤ་ཁྲག་དང་། །སྨན་དང་ཤིང་དང་ཁྲག་ཏུ་སྦྱར་ལ་བཞག །ཟླ་གམ་གསུམ་དུ་ནག་མོ་ཕུང་གསུམ་ལ། །སྐྱེས་བུ་དར་མ་གྲིར་ཤིའི་ཐོད་པ་རུ། །གླང་ནག་སྙིང་དང་པདྨ་རཀྟ་དང་། །སྦྲུལ་ནག་སྙིང་དང་འུག་པའི་མིག་འབྲས་དང་། །ཕོ་རོག་སྙིང་དང་བུད་མེད་ཀླད་ཁྲག་བཞག །འཁོར་བཞིའི་བུད་མེད་བཞི་པོ་ལ། །གཞོང་པ་གྲུ་གསུམ་ནང་དུ་འང་། །ཁྲག་སྣ་གསུམ་དང་སྟག་སེང་གླང་། །ས་བདག་རྒྱལ་པོའི་སྙིང་བཞི་བཞག །རྩིབས་ཆེན་བཞི་ལ་བཤན་པ་མ་བཞི་ལ། །མཛེ་མོའི་ཐོད་པའི་ནང་དག་ཏུ། །སྙིང་དང་ཁྲག་གི་གཏོར་མ་བཞག །གྲུ་ཆད་གོང་གི་དམ་རྫས་སུ། །ཡུགས་ས་མོ་ཡི་གླད་ཕུར་དུ། །སྟག་དོམ་བན་གླང་གི་སྙིང་དང་། །རང་རང་ཁྲག་ཏུ་སྦྱར་ལ་བཞག །བར་ཁྱམས་བསེ་མོ་བཞི་ལ་ཡང་། །བ་མེན་རྭའམ་བསེ་ཕོར་དུ། །མར་ཁུ་སྦྲང་རྩི་འོ་མ་དང་། །ཁྲག་སྣ་མང་པོ་སྦྱར་ལ་བཞག །དེ་ནས་ལས་ཀུན་ཟིན་པ་དང་། །དེ་ནི་སྒྲུབ་པའི་དམ་རྫས་སོ། །དེ་ནས་དཀྱིལ་འཁོར་བྱང་ཤར་དུ། །སྨན་ཕུད་རཀྟས་སྦྲུས་པ་ལ། །མཆོད་རྟེན་མཐོ་གང་གྲུ་བཞི་པ། །དུར་ཁྲོད་རོ་སོལ་ནག་པོས་བསྐུས་ལ་བཞག །དུག་ཁྲག་མིང་རུས་བཅས་པ་རྣམས། །མཆོད་རྟེན་བུམ་པའི་ནང་དུ་སྩལ། །ལྷ་ཕྱག་བྱ་ཞིང་སྔགས་ཀྱང་བཟླས། །མཆོད་རྟེན་མ་མོ་རྣམ་པ་གསུམ། །ཆུ་མིག་ཉ་ལྕིབས་ཅན་དུ་སྦ། །མ་ཉེས་དཔང་གཟུག་མཁྱེན་པར་གསོལ། །གཏོར་མ་གཏང་ཞིང་དུས་ཚོད་དུ། །ནང་པར་སྐྱ་རེངས་ཤར་བ་དང་། །དགོངས་ཀྱང་དམར་ཐག་ཆད་པ་ལ། །མ་མོའི་གཏོར་མ་རིམ་པས་


DNG015_Page_0816
[མ་དཔེ་གཟིགས་ན་འདིར་གནོན།]

གཏང་། །དེ་བཞིན་ཉིད་དང་ཀུན་ཏུ་སྣང་། །སྣང་ལ་རང་བཞིན་མེད་པ་ཡིས། །ཆུ་ཟླའི་དཀྱིལ་འཁོར་བཞིན་དུ་བསྒོམ། །དེ་བཞིན་རྒྱུ་ཡི་ཏིང་འཛིན་ནི། །མཐིང་ནག་ཧཱུཾ་གཅིག་གསལ་བར་བསྒོམ། །སྤྲོ་བསྡུས་བདེ་གཤེགས་ཐུགས་དམ་བསྐུལ། །འགྲོ་བའི་དོན་བྱས་སླར་བསྡུས་པས། །གསེར་གྱི་རྡོ་རྗེ་རྩེ་ལྔར་གྱུར། །ཡ་མཱནྟ་ཀ་བཛྲ་ཀྲོ་དྷ། ཅེས་པ་ཡིད་དང་ངག་ལ་བརྗོད། །གཏུམ་ཆེན་ཡ་མཱནྟ་ཀར་གྱུར། །དབུ་དྲུག་ཕྱག་ཀྱང་བཅུ་གཉིས་ལ། །རྒྱན་དང་ཆ་ལུགས་གསལ་བར་བསྒོམ། །གཡས་སུ་ཀྵ་ལས་སྒྲོལ་བདག་མོ། །ཨེ་ཀ་ཛ་ཏི་གསལ་བར་བསྒོམ། །གཡོན་དུ་མ་ལས་སྦྱོར་བདག་མོ། །ནག་མོ་རེ་མ་ཏི་རུ་བསྒོམ། །ཡབ་ཡུམ་སྦྱོར་བའི་བྱང་སེམས་ལས། །ལྷག་པར་ཡི་གེ་མ་ལུས་འཕྲོས། །སྟོང་གསུམ་ཁམས་ཁྱབ་འགྲོ་དོན་བྱས། །སླར་བསྡུས་ཟླ་གམ་གསུམ་ལ་དབབ། །ཡིག་འབྲུ་གསུམ་གྱི་དབང་བསྐུར་ཏེ། །ནག་མོ་ཕུར་གསུམ་གསལ་བར་བསྒོམ། །འཁོར་ལོ་བཞི་ལ་ཕུང་བྱེད་བཞི། །རྩིབས་ཆེན་བཞི་ལ་བཤན་པ་བཞི། །གྲུ་ཆད་བཞི་ལ་གདོང་མོ་བཞི། །བར་ཁྱམས་བཞི་ལ་བསེ་མོ་བཞི། །ལྕགས་རི་ལ་ཡང་དབང་ཕྱུག་མ། །སྐུ་མདོག་ཆ་ལུགས་གསལ་བར་བསྒོམ། །དེ་བཞིན་བསྒོམ་པའི་མ་རྣམས་ལ། །སྤྱན་དྲང་བཞུགས་གསོལ་མཆོད་ཡོན་དབུལ། །དགྱེས་བསྟོད་བཅོལ་བསྐུལ་ཕྲིན་ལས་བཅོལ། །ཐ་མ་ལས་ཀྱི་སྦྱོར་བས་བསད། །ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཀཱ་ལ་རཱུ་པ་ཧཱུཾ་ཕཊ། ཨོཾ་ས་མ་ཡ་ཤྲཱི་མཉྫུ་ཡ་མཱནྟ་ཀ །ཡ་མ་རཱ་ཙ་མ་མ་ཨེ་ཀ་ཛཱ་ཏི། ཏྲག་རཀྴ་ཁ་མུན་ཏྲ། མུ་རུ་ལུ་རུ་ལུ་ཧཱུཾ། རཀ་མོ་ཏེ་ཀུཾ་ཛ་ཛ། ཁ་ལ་མ་ཧི་བྷྱོ་བྷྱོ། རུ་རུ་རོ་རུ། ཙ་པ་ལ་ཨག་ཤུ་མེ་ཛ་ཛ། དུ་ནི་དུ་ཏི་ཛ་ལ་ཡ་ཛ་ཛ། དུ་རུ་ཛ་ལ་ཧ་ན་ཛ་ཛ། དུ་རུ་མ་ར་ག་ཧ་བྷྱོ་ཛ། རུས་སྙིང་ཁ་ལ་རཀྴ་རྦད། ཐུམས་རི་ལི་ལི། ནི་ཤ་ཀུ་རུ་ར་ཁ་ཧེ་ནི། ཀུ་ནི་ཀུར་ཁ་རཾ་རྦད་ཐུཾ་རི་ལི་ལི། སྙིང་ཁ་ལ་རགྴ་ནི་ཤ་ཧཾ་སྟྭཾ་རྦད་ན་ཐུཾ་རི་ལི་ལི། ཏྲག་རགྴ་མུ་ཏྲ་སྙིང་ཁ་རག་མ་བྷྱོ། ཨོཾ་རུ་རུ་ཙ་བ་ལ་ཨག་ཤུ་མེ་བྷྱོ།མ་རག་མོ་རག་སྙིང་རྩ་ལ་བྷྱོ། རག་མོ་དགྲ་ཁ་རག་བྷྱོ། ཙབ་མོ་ཙབ་མོ་བྷྱོ།ཁྲག་ལ་མུ་ཤ་མ་བྷྱོ། ཀུ་མ་ད་རི་ཤུ་ལ་ད་རི། ཙ་མུན་ད་རི།


DNG015_Page_0817
[མ་དཔེ་གཟིགས་ན་འདིར་གནོན།]

ཀང་ཀང་རི།བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ།དེ་རྣམས་སྲོག་གི་སྙིང་པོ་དེ། །ཉུང་དཀར་ཉུང་ནག་སྐེ་ཚེ་དང་། །རྡོ་རྗེ་ལྕགས་ཕྱེའི་རྫས་རྣམས་ལ། །སྟོང་སྟོང་བཟླས་ལ་ཐུན་ལ་བསྡིམ། །དེ་བཞིན་གྲུབ་པའི་རྟགས་རྣམས་འོང་། །མེ་དང་སྒྲ་དང་དུ་བ་དང་། །རྗེས་དང་འོད་དང་སྐད་ངན་འདོན་པ་དང་། །རྨི་ལམ་རྟགས་དང་སྐད་ངན་འདོན། །གང་ཉེ་རྟགས་ཀྱི་དྲོད་ཚད་གཟུང་། །གང་ཉེ་དག་ལ་གཏོར་མ་གཏང་། །ལས་ལ་རྦད་སྔགས་གོང་བཞིན་སྦྱར། །ཡ་མཱནྟ་ཀ་ཡ་མཱ་རཱ་ཙ། མ་མ་ཨེ་ཀ་ཛཱ་ཏི་ནི་བྷྱོ། རུ་རུ་རོ་རུ་ཙ་པ་ལ་ཨག་ཤུ་མེ་བྷྱོ་བྷྱོ། དུ་ནེ་དུན་ཏིང་དུ་ལ་ཡ་བྷྱོ་བྷྱོ། མ་རུ་ཏྲག་རག་མོ་བྷྱོ།མ་མ་རུ་རུ་རག་མོ་བྷྱོ། སྙིང་ག་རགྴ་ཏི་ཏ་མ་བྷྱོ། རག་མོ་མ་མ་ཁོང་གི་སྙིང་ལ་ཡ་བྷྱོ། རག་མོ་ཙབ་ཁྲག་ལ་མུ་ཤ །སྙིང་ཙ་རུ་རུ་ཙ་པ་ལ་མ་མ་བྷྱོ། སྙིང་ཤ་ཏི་དམར་པོ་ཐུན་བྷྱོ། སྙིང་ཙ་ལ་དམར་པོ་ཐུན་བྷྱོ། ཤིང་ཁྲག་ལ་དམར་པོ་ཐུན་བྷྱོ། ཙིཏྟ་ཕྱུང་དམར་པོ་ཐུན་བྷྱོ། དེ་ནི་མ་མོ་རྦད་སྔགས་ཏེ། །རང་རང་གྲུབ་པའི་རྟགས་དང་སྦྱར། །དེ་ནས་གསད་པའི་ལས་བྱ་ན། །རང་རང་གྲུབ་རྟགས་སྲོག་བཞིན་སྦྱར། །མ་མོའི་བསད་པའི་ཐུན་སྔགས་དང་། །རང་རང་རིམས་ནད་དབབ་པའི་སྔགས། །གཤིན་རྗེའི་གཤེད་པོས་དབང་བསྡུས་ལ། །ཨེ་ཀ་ཛ་ཏིས་རྒྱུ་གསེར་གདབ། །གོང་གི་རྫས་ལ་སྔགས་འདི་བརྡེག །ཏྲག་རཀྴ་ཁ་མུན་དྲ།མ་ཏྲ་མ་མུན་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ་བྷྱོ། རག་མོ་ཏེ་ཀུ་མ་ཙ་ཙ་ཁ་ལ་མི་ཏི་བྷྱོ། རུ་ཡུ་རུ་ལུ་མ་ཏི་བྷྱོ། རཀྴ་ཐུན་བྷྱོ་བྷྱོ། ཛ་ཛ། ཤྲིར་ར་ཐུན། ས་མ་ཡ་ཐུན།དྷ་རུ་ལ་ཐུན། བི་མ་ལ་རུ་ཙ་དགྲ་བོ་ལ་ཐུན་བྷྱོ། ཕཊ་ཕཊ། དུ་རུ་བི་མ་རུ་ཙེ། ཁ་ཐམ་མ་མོ་ཙ་ལ་ཡ་མ། སྲོག་ལ་ཐུན། སྙིང་ལ་ཐིབས། གོང་གི་དྲག་པོའི་རྫས་བླངས་ལ། །ཨེ་ཀ་ཛ་ཏིས་མཛེ་ནད་གཏང་། །ཏྲག་རགྴ་ཁ་འདར། ཁ་འདར་སོ་ཆུམས་སོ་ཆུམས་ནཱ་ག་རཱ་ཛ་མག་མུག་སྲོག་བཾ་རི་ལི་ལི། དགྲ་བོ་མཱ་ར་ཡ་ཛ་ཛ། རེ་མ་ཏི་ཡིས་ནད་ངན་དབབ། །མྱོས་མྱོས་ཤིག་ཤིག་ཙིཏྟ་བཾ་རིལ་ཤིག །ཙིཏྟ་བཾ་མྱོས། མ་ཏི་རྒྱོབ། ཙིཏྟ་བཾ་ཕུང་། ཆོད་ཅིག་ཐུམས་ཤིག །ལོང་ལོང་ཐུམ་ཐུམ། ལོང་ཡེར་ལོང་ཡེར་སོད། རུ་རུ་ཤི་ཏི་ཀྲི། དུ་སོད་སོད་སྲོག་ལ་ཐུམ་


DNG015_Page_0818
[མ་དཔེ་གཟིགས་ན་འདིར་གནོན།]

ཐུམ་སོད། མ་རག་དུ་རྦད་དུ་ཡ་སོད། ཁ་རུག་ཁ་ཤ་མ་སོད། སྲོག་ཐུམས་ནི་རྦད་སོད། ནི་ནི་ཙ་ཡ་ཐུན་སོད། གང་གྲུབ་རྟགས་དང་སྦྱར་ཏེ་བསད། །དེ་ནས་ཐུན་དང་འཁོར་ལོ་དེ། །མཆོད་རྟེན་བུམ་པར་བསྩལ་བར་བྱ། །ཆུ་མིག་ནང་མནན་དཔང་ཡང་གཟུག །ཡབ་ཡུམ་འོག་གི་གཟུགས་མིང་ལ། །རང་རང་ཕུར་པ་སྔགས་ཀྱིས་བསད། །དཀྱིལ་འཁོར་འབྲུབ་ཁུང་ནང་དུ་མནན། །སྙིང་ལ་རྟེན་བཅས་གཏོར་མ་གཏང་། །ཞེས་བཤད་དོ། །དཔལ་གཤིན་རྗེ་ཟླ་གསང་ནག་པོ་རྩ་བའི་རྒྱུད་ལས། ངན་སྔགས་སྣ་ཚོགས་དབབ་པ་མ་མོའི་ཟླ་གསང་བསྟན་པའི་ལེའུ་སྟེ་རེ་ལྔ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་དཔལ་གཤིན་རྗེའི་གཤེད་པོས་འདི་སྐད་ཅེས་བཀའ་སྩལ་ཏོ། །འགལ་བ་ཆམ་ལ་དབབ་པའི་ཕྱི། །མ་མོ་སྟོང་གི་ལས་མཁན་མ། །ནག་མོ་མི་ཕམ་སྲིད་གསུམ་མགོན། །དཔལ་ལྡན་ནག་མོ་རེ་མ་ཏིས། །ནད་བདག་མོ་ཡི་ཟླ་གསང་གསུམ། །དང་པོར་ཆོས་དང་སྡིག་བཤགས་སོགས། །རིམ་པ་ཇི་བཞིན་སྟོང་ཐར་བསྒོམ། །འབྱུང་བ་རིམ་ལྔའི་གཞལ་ཡས་བསྐྱེད། །སེམས་ཀྱི་རང་བཞིན་གཤེད་པོ་སྟེ། །སྙིང་ལས་འཕྲོས་པས་སྤྱན་དྲངས་ཏེ། །སྦྱོར་རྩར་རྟོགས་པས་གཏོར་མ་བརླབ། །སྲོག་གི་སྙིང་པོས་དབུལ་བར་བྱ། །རཀྟ་རྒྱ་མཚོ་དེ་ཡིས་བརླབ། །བར་དུ་བསྐུལ་ཚིག་གང་རུང་བསྐུལ། །དེ་ནས་བསྒྲུབ་པར་བྱ་བ་ནི། །དཀྱིལ་འཁོར་མཐིང་ནག་གྲུ་གསུམ་ལ། །ཟླ་གམ་དམར་པོ་གསུམ་གྱིས་བསྐོར། །གྲུ་ཆད་བར་ཁྱམས་སྒོ་བཞིར་ལྡན། །ཤིན་ཏུ་དྲག་པོའི་སྣོད་ནང་དུ། །ཙིཏྟ་དང་ནི་རཀྟ་དང་། །བཙན་དུག་རྣམས་ནི་བླུག་པར་བྱའོ། །ནལ་བུའི་ཤ་དང་ཤེས་རབ་མཚལ། །ནལ་བུའི་བན་དྷའི་ནང་དུ་བླུག །ནལ་བུའི་སྙིང་ལ་རྟག་ཏུ་བོད། །བྱ་ནག་ལུག་ནག་རྟེན་དུ་བཅའ། །ནལ་བུའི་གསོབ་ལ་རྨ་བྱའི་མདོངས། །དར་ནག་འཕུར་ལྕེ་བཏགས་ཏེ་བཟུང་། །གཏོར་མ་སྤྱན་གཟིགས་ལྡན་པས་བསྐང་། །བོད་པ་རྦད་པ་གསད་པའི་སྔགས། །ཉུང་དཀར་ཉུང་ནག་རྫས་རྣམས་ལ། །བདུན་འབུམ་གྲངས་ནི་ཚང་གྱུར་ན། །རིམས་ནད་སྣ་ཚོགས་ཆར་བཞིན་འབེབས། །ལྷ་མོའི་སྲོག་སྙིང་ཡང་


DNG015_Page_0819
[མ་དཔེ་གཟིགས་ན་འདིར་གནོན།]

ཏིག་འདི། །སྙིང་ནས་འདྲེན་པའི་མཆོག་ཡིན་ནོ། །མ་མ་ཏྲག་རཀྴ་སྙིང་ཁ་རག་ཙིཏྟ་སྲོག་ལ་དུང་དུང་ཛ་ཛ་ཧཱུཾ།མ་མོ་རྦད་པའི་རྒྱུ་ཏིག་འདི། །སྙིང་ནས་འདྲེན་པའི་མཆོག་ཡིན་ནོ། །མ་རག་མོ་ཐུམ་སྲིལ་སྙིང་རྩ་འདུས། སྲོག་སྲོག་སྲོག་ཤཾ་ཤཾ་ཁྱེར་བྷྱོ། སྙིང་ཁ་རག་སྲོག་རྩ་དྲེང་དྲེང་རྦད་རྦད། །ཨོཾ་བཛྭཱ་ལ་བཛྭཱ་ལ་ཧཱུཾ་ཕཊ། མ་སྲོག་ཏུག་ཏུག་ཁྲམ་ལ་སྙིང་རྦད། མ་སྲོག་ཐུན། སྙིང་ལ་མ་མ་བྷྱོ། ས་མ་ཡ་རྦད། ཁ་ཐུན་ནི་ཛ་ཛ། མ་མོའི་གསང་ཐིག་ནག་མོ་འདིས། །རིམས་ནད་ཁྲག་སྐྱུག་ནད་ཀྱིས་གསོད། །མ་མ་རང་གི་སྙིང་ཁྲག་གི་ཐུཾ་ཐུཾ་རྦད། ཙ་ཐང་ཙ་ཐང་ཆེ་གེ་མོ་ཙིཏྟ་མ་རྦད་རྦད།ཐུམས་ཐུམས་སུབ་སུབ་ཏི་ཐ་རྦད་རྦད། ཁ་འདར་ཡེད་ཡེད་ཐུམས་ཐུམས་རྦད་རྦད་སེ་ལེ་མུ་ཁ་ལ་རྦད་རྦད་སྭཱ་ཧཱ། བདག་ཉིད་གཤིན་རྗེ་གཤེད་བསྒོམ་སྟེ། །གཤེད་པོའི་ཐུགས་ལས་མ་འཕྲོས་པས། །ཡི་གེ་མ་ཡིས་སྟོང་གསུམ་བཀང་། །ཕར་འཕྲོས་བདེ་གཤེགས་རྣམས་ཀྱི་ཐུགས་དམ་བསྐུལ། །སླར་འདུས་སེམས་དཔའི་ངང་དུ་མཐུན་པར་བྱས། །མར་འཕྲོས་དཀྱིལ་འཁོར་ལྷ་ལ་ལྷན་གྱིས་དབབ། །ཡིག་འབྲུ་གསུམ་གྱིས་བྱིན་བརླབ་དབང་བསྐུར་ནས། །མ་ལས་ལྷ་མོ་ཉིད་ཀྱི་སྐུ་གྱུར་ཏེ། །སྐུ་མདོག་ནག་མོ་ཤིན་ཏུ་གཏུམ་པ་ལ། །ཤིན་ཏུ་སྒེག་པ་ཞལ་གཅིག་ཕྱག་བཞི་མ། །རལ་གྲི་བན་དྷ་དམར་བསྐྱིལ་གཡས་རིམ་བཞིན། །ཤཀྟི་ཏྲི་ཤུལ་མགུལ་ནས་དར་དཔྱངས་གཡོན། །རལ་པ་གཅིག་ཏུ་བསྒྲེངས་པ་ལན་བུ་གཡོན་དུ་འཁྱིལ། །སྐྲ་སྐེད་སྦྲུལ་ལ་ཐོད་པའི་འཕྲེང་བས་བརྒྱན། །རྣ་ལྟག་མེ་ཏོག་ཅོད་པན་དར་ནག་འཕྱར། །སྙན་གཡས་སྦྲུལ་གྱི་གདེངས་ཀ་ཡོད། །མགུལ་ནས་སིལ་སྙན་འཁྲོལ་བས་སྙན་གཡོན་པ། །སེང་གེ་མགུལ་ནས་འཕྱོ་བ་ཐོད་རློན་དོ་ཤལ་བྱས། །བོང་བུ་གྭ་པ་ལ་ཞོན་གཞན་ཡང་ཆེ་བའི་རྒྱན། །གདུག་པའི་རྒྱན་རྣམས་སྟོང་གིས་བརྒྱན་པར་བསྒོམ། །ཏིང་འཛིན་སེམས་དཔའ་ཧཱུཾ་ལས་འོད་ཟེར་ནི། །ལྕགས་ཀྱུ་འབར་བའི་འོད་ཟེར་རབ་འཕྲོས་ཏེ། །བདག་ཉིད་ཆེན་མོའི་སྲོག་ནས་རབ་བསྐུལ་ལ། །སྲིད་པ་མ་མོས་སྟོང་གསུམ་ཁེངས་པར་བྱ། །གཤིན་རྗེའི་ཚོགས་ཀྱིས་ཀྱང་ནི་དེ་བཞིན་ནོ། །སྲོག་ལ་རྔམས་པ་ཀུན་གྱིས་བསྐོར་བར་བསམ། །དེ་


DNG015_Page_0820
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུ་ཡི་ཡང་ནས་ཡང་དུ་སྟེ། །ཇི་སྲིད་ཐིབ་ཐིབ་ཡིད་ལ་ཆོ་འཕྲུལ་འབྱུང་། །དེ་ལྟར་རབ་ཏུ་ཡིད་ཀྱིས་བསྒོམ་པར་བྱ། །ཡེངས་པར་གྱུར་ན་གཅིག་ཀྱང་མི་འགྲུབ་སྟེ། །གཙོ་བོ་ལ་སོགས་སྲིད་པའི་མ་མོ་ཡིས། །གང་ལ་བྱ་བའི་སྙིང་ནས་རབ་བཟུང་སྟེ། །སྒྲ་སྒྲོགས་མིག་རྩ་རིག་རིག་འོ་དོད་ཙེ་རེ་རེ། །གན་བུབ་རྔུལ་ཐིགས་ཁ་ནས་ཁྲག་ཏུ་སྐྱུག །ཅི་མཛད་འོ་དོད་ཟེར་ཅིང་དབུགས་དང་འབྲལ་ལ་ཁད། །ཐུན་གྱི་སྣོད་ནང་དུ་ནི་འཇུག་པར་དམིགས། །དེ་ལྟར་བསྒོམས་ལ་གཤེད་པོས་དབང་དུ་སྡུད། །མཉེས་པའི་ཚུལ་གྱིས་བསྟོད་པ་འདི་སྐད་དབུལ། །དཔལ་ལྡན་ནག་མོ་མི་ཕམ་སྲིད་གསུམ་མགོན། །བདག་དོན་བསྒྲུབ་ཕྱིར་རྣམ་ཐར་གསུམ་གཞོལ་ཡང་། །སྙིང་རྗེའི་དབང་གིས་རྗེས་ལ་ཐོབ་པ་ཡི། །ཤེས་རབ་སྣ་ཚོགས་ཐབས་ཀྱིས་འགྲོ་དོན་མཛད། །ལྷ་མོ་སྐུ་མདོག་ནག་མོ་ཆར་སྤྲིན་མདོག །མཆོག་མོ་ནག་མོ་ཤིན་ཏུ་གཏུམ་པའི་སྐུ། །ཤིན་ཏུ་སྐེམ་པའི་ཀེང་རུས་མཆེ་བ་མ། །ཞལ་གཅིག་ཕྱག་བཞི་ཞབས་གཉིས་རབ་ཏུ་བརྗིད། །རལ་པ་གཅིག་ཀྱང་ལན་བུ་གཡོན་དུ་འཁྱིལ། །སྐྲ་སྐེད་སྦྲུལ་ལ་ཐོད་པའི་ཕྲེང་བ་ཅན། །རྣ་ལྟག་མེ་ཏོག་དར་ནག་ཅོད་པན་ཅན། །ཁྲག་གི་ཆང་གིས་ར་རོ་སྤྱན་གསུམ་དམར། །མི་རོ་རེངས་པ་ཁར་བཅུག་མཆེ་བ་བཞི། །རྣམ་པར་གཙིགས་ནས་ཁྲག་ལ་ཤིན་ཏུ་དགྱེས། །སྙན་གཡས་སྦྲུལ་གྱི་མགུལ་ནས་དྲིལ་གསིལ་ཅིང་། །གདུག་པ་བཏུལ་ནས་ཚངས་པའི་སྒྲ་སྒྲོགས་མ། །སྙན་ཆ་གཡོན་པ་སེང་གེ་རལ་པ་ཅན། །དཔའ་བོ་ཁམས་གསུམ་སེང་གེའི་སྒྲ་སྒྲོགས་ནས། །ཕྱག་བཞི་གཡས་ཀྱི་དང་པོ་རལ་གྲི་བསྣམས། །འོག་མ་ཐོད་པ་བནྡྷ་དམར་བསྐྱིལ་འཛིན། །ཕྱག་གཡོན་དང་པོ་མཚོན་ཆ་ཤཀ་ཏི་བསྣམས། །འོག་མ་ཏྲི་ཤུལ་གཡོན་ནས་དར་དཔྱངས་བསྣམས། །ཤག་ཏི་རལ་གྲི་མཚོན་ཆ་ཕྱར་བ་ཡིས། །ལྷ་མ་ཡིན་གྱི་ཐོད་པས་དོ་ཤལ་བྱས། །གླང་པོ་ཆེ་ཡི་ཀོ་རློན་སྟོད་གཡོགས་མཛེས། །སྨད་ནས་བན་གླང་ཀོ་བས་དཀྲིས་པ་ལ། །ཕྱེད་ནི་རེ་ལྡེ་སེར་པོའི་ཤམ་བུ་ཅན། །ཀླུ་ཡི་


DNG015_Page_0821
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོ་བཞི་ཡི་སྐེད་ཆིངས་ཅན། །ཞབས་གཉིས་ལྕགས་སྒྲོག་དག་གི་མཛེས་པར་བརྒྱན། །ཁྲག་ཞག་ཐིག་ལེ་མང་པོས་མཚོན་ཆར་བྲིས། །བོང་བུ་དྲེའུ་ཞོན་མཚན་མོ་དུར་ཁྲོད་རྒྱུ། །སྐད་ནི་དུང་དང་འབྲུག་གི་སྒྲ་སྒྲོགས་ཤིང་། །མ་མོ་མཁའ་འགྲོ་ཤ་ཟ་དམ་ལ་སྡུད། །ལྷོ་ཕྱོགས་གཤིན་རྗེའི་ཕོ་བྲང་དག་ཏུ་གནས། །དམ་པའི་ས་ནས་གཟུགས་སྐུ་ལྡན་ཉིད་མ། །ཏིང་འཛིན་དབང་ཐོབ་གཟུགས་ཁམས་གནས་སུ་བྱོན་ཙམ་ན། །ཚངས་པའི་རྒྱལ་པོ་ལ་སོགས་ཕྱག་བྱས་མ། །གཞན་འཕྲུལ་དབང་བྱེད་གནས་སུ་བྱོན་པའི་ཚེ། །དབང་ཕྱུག་ཆེན་པོ་སྐུ་ལ་ཉེར་འཁྲིལ་མ། །སུམ་ཅུ་རྩ་གསུམ་ཚལ་བཞིར་བྱོན་པའི་ཚེ། །ལྷ་རྣམས་དབུགས་ཕྱུང་རྒྱལ་བཞིན་ཕྱག་བྱས་མ། །ལྷ་མ་ཡིན་རྣམས་ཕུང་བར་བྱས་པའི་ཚེ། །ལྷ་མིན་རྒྱལ་པོ་ཀུན་གྱི་ཕྱག་བྱས་མ། །སྐུ་མདོག་རི་རབ་ཆེ་ལས་སྒྲོལ་བའི་ཚེ། །ལྟེ་བའི་ཐད་ཀའི་ཕྱོགས་ནས་ཉི་མ་ཟླ་བ་འཆར། །བརྒྱ་བྱིན་ཕྱོགས་སྐྱོང་ལྷ་ཡི་ཕྱག་བྱས་མ། །རྒྱ་མཚོ་གཏིང་ནས་མེ་འབར་རྒྱ་མཚོ་སྐེམས་ནུས་མ། །ས་འོག་དབང་པོ་ཀུན་གྱིས་ཕྱག་བྱས་མ། །ལྷ་མོ་ཁྱོད་ཀྱི་ཆོ་འཕྲུལ་འདི་བསྟན་པས། །བདུད་དང་གཤིན་རྗེའི་རྒྱལ་པོ་འདར་ཞིང་འདུད། །མ་མོ་མཁའ་འགྲོ་ཤ་ཟ་རྔམ་ཞིང་དགོད། །ཙིཏྟ་རིན་ཆེན་གུར་ཕུབ་གཞལ་ཡས་ནས། །ཉི་ཟླ་བརྩེགས་པའི་དཀྱིལ་འཁོར་ག་འུར་འབར། །ཕྱོགས་བཅུའི་འཇིག་རྟེན་དུག་གི་བཅུད་བསྡུས་ནས། །ཉི་མའི་དཀྱིལ་འཁོར་དག་ལ་ཐིམ་མཛད་མ། །དུག་གི་རླངས་པ་ནག་པོའི་ཕྱོགས་རྣམས་ཀྱིས། །བཞི་བརྒྱ་རྩ་བཞིའི་ནད་ནི་ཁོང་ནས་སློང་། །དེ་ཕྱིར་ནད་ཀྱི་བདག་མོ་དམ་ལ་འདུ། །ཕྱོགས་བཅུའི་འཇིག་རྟེན་བདུད་རྩིའི་བཅུད་བསྡུས་ནས། །ཟླ་བའི་དཀྱིལ་འཁོར་དག་ལ་ཐིམ་མཛད་མ། །བདུད་རྩིའི་རླངས་པས་དཀར་པོའི་ཕྱོགས་རྣམས་ཀྱིས། །བཞི་བརྒྱ་རྩ་བཞིའི་ནད་རྣམས་རྩད་ནས་གཅོད། །བདུད་རྩི་སྨན་གྱི་རྒྱལ་པོ་དམ་ལ་འདུ། །གང་ཞིག་ཁྱེད་ལ་དད་ན་མ་བས་བྱམས། །དེ་ཕྱིར་ནད་ཀྱི་བདག་མོ་སྨན་གྱི་གཙོ། །ལྷ་མོ་ཁྱོད་ལ་བདག་ཉིད་རྟག་ཏུ་བསྟོད། །རྒྱལ་བ་ཤཱཀྱ་ཐུབ་


DNG015_Page_0822
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྤྱན་སྔ་རུ། །དུས་འདིར་བདག་གིས་འཁོར་བ་ཇི་སྲིད་དུ། །དཀར་པོའི་ཕྱོགས་ནི་ནད་དང་སྡུག་བསྔལ་ཚོགས། །ཞི་བར་བྱ་ཞིང་ཚེ་དང་ལོངས་སྤྱོད་སྤེལ། །ནག་པོའི་ཕྱོགས་ནས་ཚེ་དང་ལོངས་སྤྱོད་དབང་དུ་སྡུད། །སྨྱོ་འབོག་ལྐུགས་པའི་ལས་འདི་མ་ཐོགས་མྱུར་དུ་གྱིས། །བསྟན་པ་བསྲུང་ཕྱིར་མྱུར་དུ་འགྲུབ་པར་གྱིས། །འདི་ལས་འདས་ན་སངས་རྒྱས་རྒྱལ་བའི་སྐུ་བསླུས་པས། །དུས་གསུམ་རྒྱལ་བས་མགོ་དང་སྙིང་འགེམས་ཤོག །དེ་སྐད་རྒྱལ་བའི་སྤྱན་སྔར་ཁས་བླངས་དམ་བཅས་པའི། །དམ་བཅས་བཞིན་དུ་མྱུར་དུ་ཕྲིན་ལས་གྱིས། །རྣལ་འབྱོར་བདག་གི་འཁོར་རྣམས་ལ། །ཁྱོད་ཀྱི་ཞལ་ནས་བདུད་རྩིའི་ཆར་ཕོབ་ལ། །ནད་ཚོགས་སྡུག་བསྔལ་ཚོགས་ནི་ཞི་བར་མཛོད། །ཟང་ཟིང་ལོ་ཏོག་འབྲུ་ཡི་ཕུང་པོ་དང་། །རིན་ཆེན་རྐང་འགྲོས་ཕྱུགས་རྣམས་སྤེལ་བར་མཛོད། །བླ་མ་སྨོད་ཅིང་དཀོན་མཆོག་དབུ་འཕང་སྨོད། །བདག་ལ་དགེ་བའི་བར་ཆད་བྱེད་པའི་དགྲ། །ཁྱོད་ཀྱི་ཁོང་ནས་དུག་གི་རླངས་ཕྱུང་ལ། །འདུ་བ་རྣམ་བཞིའི་ནད་ནི་འདུ་རུ་ཆུག །བག་བཞི་ས་ལ་ལྷུང་ནས་རྡེབས་སུ་ཆུག །དོན་སྙིང་སྣ་ལྔ་ཁོང་ནས་ཁྲག་སྐྱུག་ཆུག །ལས་ངན་འཁོར་ཚོགས་ཆོ་ངེས་གདུངས་སུ་ཆུག །མཁའ་ལྡིང་རྒྱལ་པོའི་ཚོགས་ཀྱི་ལྟས་ངན་ཕོབ། །དམ་བཅའ་བཞིན་དུ་བཅོལ་བའི་ཕྲིན་ལས་མྱུར་དུ་མཛོད། །ཅེས་པས་བསྟོད་ཅིང་ཕྲིན་ལས་བཅོལ་གྱུར་ན། །གོང་འདོད་རིམས་ནད་ཕྱོགས་སུ་འབེབས། །མ་སྲོག་བསྡུས་ཏེ་གསད་པར་བྱའོ། །ཞེས་གསུངས་སོ། །དཔལ་གཤིན་རྗེ་ཟླ་གསང་ནག་པོ་རྩ་བའི་རྒྱུད་ལས། ཡམས་ཀྱི་བདག་མོ་མ་མོའི་ཟླ་གསང་བསྟན་པའི་ལེའུ་སྟེ་རེ་དྲུག་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་གཤིན་རྗེའི་གཤེད་པོས་འདི་སྐད་ཅེས་གསུངས་སོ། །འགལ་བ་ཆམ་ལ་དབབ་པའི་ཕྱིར། །ནད་ངན་སྣ་ཚོགས་དབབ་པའི་ཐབས། །མ་མོའི་གསང་སྒྲུབ་ཟླ་གསང་ཐིག་ལེ་འདི། །ཐབས་ཀྱི་སྦྱོར་བ་མང་མོད་ཀྱང་། །བསྡུ་ན་རྣམ་པ་བཞི་རུ་འདུས། །བླ་མེད་སྒྲུབ་མཐུ་རང་འབྱུང་སྟེ། །འཇིག་རྟེན་


DNG015_Page_0823
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་པ་དོན་གྱི་མཐུ། །རྟེན་འདྲེལ་སྒྲུབ་པའི་སྦྱོར་བ་ནི། །རྫས་ཀྱི་ནུས་པ་དག་ལས་བྱུང་། །གདོན་དང་རྫས་སུ་བཅས་པ་ལ། །རྣམ་གྲངས་མ་རྙེད་ཁྱད་པར་སྣང་། །རྣམ་པ་གཉིས་ནི་གསལ་བྱས་ཏེ། །རྫས་དང་གདོན་དུ་བཅས་པ་བསྟན། །མྱུར་དུ་གསད་པའི་སྦྱོར་བ་ནི། །གང་ལའང་འདི་ལས་ཡོད་མ་ཡིན། །མ་མོ་ནག་སྨུག་དཀར་མོ་དང་། །དམར་མོའི་ཚོགས་ཀྱི་ལས་དག་ལས། །རིམས་ནད་བཏང་བ་མང་མོད་ཀྱང་། །ཀུན་གྱི་ཕྱག་བརྙན་རེ་མ་ཏི། །འདི་དག་བསྒྲུབ་སྟེ་ནད་དབབ་ན། །རིམས་ནད་སྣ་ཚོགས་སྟོང་གསུམ་འགེངས། །དེ་ཡིས་ལས་ནི་འདི་ལྟར་བྱ། །རྒྱུ་གཟེར་གྱིས་ནི་ཤི་བའི་ཁྲག །བཙན་དུག་ཐར་ནུ་བསྲེས་ནས་ཀྱང་། །བསེ་ཞོ་དག་དང་མར་དུ་སྦྱར། །སྔགས་འདི་བཏབ་སྟེ་ལྟོར་ཡང་གཏང་། །རི་རི་ཤི་ཤི་ཏི་ཏི་ཀྲི་མ་རུ་སོད། སྲོག་ཐུན་མུག་སོད་མ་རག་དུ་རྦད་དུ། ཡ་སོད། བ་རུ་ཤྴ་མ་སོད། ཐང་སྲོག་ཐུན་ནི་རྦད་སོད། ནི་ཡ་ནི་མ་ཛ་དུ་སོད། ཤ་རྒྱུད་སྙིང་ཕྱུང་སོད། སྙིང་རྒྱུད་སྲོག་གཅོད། སྲོག་ཐུན་དབུགས་ལོང་མ་མ་ཐུན་ཐུན་སོད་སོད། ཅེས་འབུམ་བཟླས་ཏེ་དེ་ལྟོར་བཏང་ན་རྒྱུ་གཟེར་ཁྲག་ཏུ་བཤལ་ཏེ་འཆི་བར་འགྱུར་རོ། །དེ་ནས་ཡང་བསེ་ཞོ་དང་བཙན་དུག་ལ་སྔགས་འདི་བཟླས་ཏེ། རུ་རུ་ཏི་རྦད་ཡ། བ་ཡ་དུ་དུ་རྦད་ཡ། ཆུམས་ཆུམས་ནི་མ་ཙ་རྦད་ཡ། ཤག་པ་དུ་དུ་ཡ་རྦད་ཆེམ་ཆེམ་རྦད་ཡ། རྦད་པུ་རྦད་པུ་རུ་ཤན་རྦད་ཡ། རུ་རུ་ཏྲ་ཏྲི་རུ་མ་མ་ཏི་རྦད་ཡ། ཞེས་འབུམ་བཟླས་ཏེ། ལུས་ལ་རེག་པའི་གོས་ལ་བསྐུས་ན། ལྷོག་པ་སྐྲངས་པོས་འཆི་བར་འགྱུར་རོ། །དེ་ནས་ཡང་བསེ་ཞོ་དང་བཙན་དུག་ལ་བྱང་པ་ཚ་ཚོབ་དང་མཛེ་ཁྲག་དང་མཛེ་ཅན་གྱི་ཤུ་བ་ཀུན་སྦྱར་ལ། མར་དང་དྲི་མར་བསྲེས་ཏེ། ད་དུང་མ་ཤ་ཤ་ཁུག་དུ་ཤ་མ་མ་ཤ་བཾ་གྲོལ། དུ་ཏྲི་མ་མ་སྙིང་ཕྱུང་། སམ་ཡམ་མ་སྲོག་གཅོད། དུང་ཤག་རུ་ཡ་མ་མ་ཏུ་མ་ཏི་རུ་ཡ། ཤ་ཤ་མ་མ་རྦད་དུ་ཡ་ཡ། ནྲྀ་ནྲྀ་བྷྱོ་བྷྱོ་སོད་སོད། མ་རུ་མ་ལ་ར་ཡ། ཚལ་པ་རྦད། ཡེད་ཡེད། ཤ་ཐུན་ཤ་ཐུན་རྦད་ཙ་ཏུ་མ་ཏུར་རྦད། ཤ་ཐུན་མ་མ་བྷྱོ་བྷྱོ། ཤ་ཤ་ཙ་ཐུན་མ་མ་བྷྱོ་བྷྱོ། ཞེས་


DNG015_Page_0824
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིའམ་འབུམ་བཟླས་ཏེ། ཤ་ལ་རེག་པའི་གོས་ལ་བསྐུས་ན། མཛེ་དང་ཕོལ་འབྲས་ཀྱིས་འཆི་བར་འགྱུར་རོ། །མཛེ་ཁྲག་དུ་ཆང་དང་སྐྱུར་ནས་ལྟོར་བཏང་ན། སྙིང་ལ་བབ་སྟེ་རུས་མཛེ་དང་།མཛེ་ནད་འཁོར་བས་འཆི་བར་འགྱུར་རོ། །དེ་ནས་ཡང་དུག་རྫས་དང་རིམས་ཁྲག་སྣ་ཚོགས་སྦྱར་ནས། གོང་གི་སྔགས་རྣམས་དྲག་ཏུ་བཟླས་ཏེ། ཡུལ་མཁར་གྱི་ལྷ་རྟེན་ནམ། ཆུ་མིག་ཀླུ་བཙན་ཡོད་ངེས་པའམ། བྲག་ཀླུ་ཡོད་སར་གཏོར་ན། རིམས་ནད་སྣ་ཚོགས་ན་བུན་བཞིན་དུ་འཐིབས་ཏེ་འོང་བ་དང་། ཐོག་མེར་འོང་བ་དང་། སེར་བ་ཁྲག་ཏུ་འོང་བར་འགྱུར་རོ། །རབ་ཏུ་གསལ་བའི་སྦྱོར་བ་དྲག་པོའོ། །ཞེས་གསུངས་སོ། །དཔལ་གཤིན་རྗེ་ཟླ་གསང་ནག་པོ་རྩ་བའི་རྒྱུད་ལས། ནད་ངན་སྣ་ཚོགས་བཏང་བའི་མ་མོའི་ཟླ་གསང་གི་ལེའུ་སྟེ་རེ་བདུན་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་གཤིན་རྗེའི་གཤེད་པོས། འགལ་བ་ཆམ་ལ་དབབ་པའི་ཕྱིར། །སྨྱོ་འབོག་གཏང་བའི་ཟླ་གསང་འདི། །ཡང་དག་བློ་ཅན་རྣམས་ལ་བཤད། །དབང་དང་དམ་ཚིག་ལྡན་པ་ཡི། །བླ་མ་མཉེས་པའི་རིམ་གྲོ་བྱ། །ལྟ་བ་ཡངས་ཤིང་སྤྱོད་ལམ་གོམས། །སློབ་དཔོན་མཉེས་པའི་ཐུགས་བཟུང་ནས། །མན་ངག་ཐུགས་ལ་ཕུར་ཏེ་བསྒྲུབ། །རི་གསུམ་རྩེ་དང་བྲག་དཀར་དང་། །ལྷ་ཁང་དུར་ཁྲོད་བེའུ་འམ། །ཡང་ན་ཁ་ཕྱོགས་ཤར་བལྟས་སུ། །རྩ་བ་བྲག་ཡོད་རྩི་ཤིང་སྐྱེས། །ཤར་དུ་ཁ་བལྟས་ཟུར་གསུམ་འདྲ། །རྒྱབ་རི་མ་ཆད་སེང་སྤུངས་འདྲ། །དེ་རུ་ས་བཙལ་ས་ཆོག་བྱ། །ས་བདག་ལྷ་ཀླུ་ཞི་བའི་ཕྱིར། །གསེར་སྐྱེམས་གཏང་ལ་བདེན་པ་བདར། །བདག་མིང་འདི་ཞེས་རྣལ་འབྱོར་པ། །ཕྱོགས་འདིར་སྒྲོལ་བའི་གིང་ཆེན་པོ། །སྲོག་བདག་དཀར་པོ་སྙིང་འབྱིན་ཞེས། །རྣལ་འབྱོར་རྣམས་ཀྱི་དགྲ་བླ་སྟེ། །རིག་འཛིན་སྲོག་སྙིང་འདི་སྒྲུབ་པས། །དེ་བཞིན་ས་བདག་ཀླུ་གཉན་རྣམས། །དེ་བཞིན་གཞན་དུ་ཕོ་བར་བགྱིས། །ས་གཞི་འདི་ལ་བཀྲ་ཤིས་ཤོག །མ་ཉེས་དཔང་གཟུག་ཡུས་


DNG015_Page_0825
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་གསོལ། །དེ་ནས་སྟེགས་བུ་བརྩིགས་པ་ཡང་། །གྲ་ཕྱིང་རས་སམ་དར་བཏིང་ལ། །ནས་འབྲས་འབྲུ་ཡི་གཅལ་ཡང་དགྲམ། །ག་པུར་ཛཱ་ཏི་ཕ་ལ་དང་། །རྒྱ་སྤོས་ལ་སོགས་དྲི་སྤོས་དང་། །ཡོལ་དང་བླ་རེ་འཕན་གདུགས་དྲེས། །སྲོག་བདག་དཀར་པོ་སྙིང་འབྱིན་གྱི། །རས་ལ་བྲིས་པའི་སྐུ་གཟུགས་གཅིག །ཤར་ནས་ནུབ་ཏུ་གདགས་པར་བྱ། །འབྲས་ལ་སོགས་པའི་བཤོས་ཆ་ལ། །ལྷ་བཤོས་ཚུལ་གྱི་རི་རབ་བྱ། །དེ་ཡི་ཕྱོགས་བཞི་མར་ཁུས་བྱུག །དབུས་སུ་རྨྱུག་མ་ཚིགས་གསུམ་ལ། །བྱ་རྒོད་ལྡེམ་ཕོད་ཟ་འོག་དང་། །བསེ་དང་བྱེ་རུ་གསེར་དང་ནི། །ལྤགས་སྐུད་དཀར་པོས་བརྒྱན་པར་བྱས། །གཞན་ཡང་ཤ་རྒོད་ཉ་རྒོད་དང་། །ཐུང་ཕྲོམ་ལ་སོགས་སྤྱན་གཟིགས་དག །དེ་ཡི་ཐ་མ་བསྐོར་ཏེ་དགྲམ། །སྤོས་དང་མེ་ཏོག་མར་མེ་དང་། །རྫ་གླིང་པི་ཝང་ལ་སོགས་དང་། །སྐུ་གཟུགས་དེ་ཡི་མཐའ་མར་བཞག །ཙནྡན་དཀར་པོའི་ཆུ་ལ་སོགས། །དུང་སོགས་ཁ་ཕོར་བཀང་བ་གཉིས། །སྐུ་གཟུགས་དེ་ཡི་མཐའ་མར་བཞག །ཉུང་དཀར་ཉུང་ནག་སྐྱེ་ཚེ་ཡང་། །དྲག་པོ་སྔགས་ཀྱི་མཚོན་དུ་བཞག །གཞན་ཡང་སྒོ་ང་སྣ་ཚོགས་དང་། །ཁུར་བའི་རྣམ་གྲངས་མང་པོ་དང་། །སྒོག་པ་སྨན་དང་དྲི་སྤོས་རྣམས། །བྲིས་སྐུ་དེ་ཡི་མཐོ་ཕྱིར་དགྲམ། །གཤིན་རྗེའི་གཤེད་པོའི་སྐུར་བསྒོམས་ལ། །སྙིང་པོ་བརྒྱ་དང་རྩ་བརྒྱད་བརྗོད། །ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷན་ཛ་ཧཱུཾ་ཕཊ། ཨོཾ་ཀཱ་ལ་རཱུ་པ་ཧཱུཾ་ཕཊ། ཨོཾ་ཧྲཱྀཿཤྟྲཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ། བདག་ལ་བྱིན་བརླབ་ལུས་བསྲུང་བྱ། །དེ་ནས་དབང་དུ་བསྡུ་བ་དང་། །རྒྱལ་པོ་དགུག་པའི་ལས་ཀྱང་བྱ། །སྤྱན་དྲང་ཕྱག་འཚལ་བཞུགས་སུ་གསོལ། །ཕྱག་ཆབ་གསོལ་དང་གདན་སྐྱེམས་དྲངས། །མཆོད་པ་འབུལ་ཞིང་བསྟོད་པ་བགྱི། །འཛབ་བཟླས་དམ་ཚིག་དྲག་ཏུ་བསྲེ། །རྒྱལ་པོའི་སྲོག་སྙིང་དྲག་ཏུ་བརྗོད། །ཨོཾ་ཤྲཱི་མཉྫུ་ཡ་མ་རཱ་ཛ་མ་མ་ཨེ་ཀ་ཛ་ཏི་ནྲྀ་ཛ་ཛ་ཏྲི་ཙ་པ་ལ་ཨགྴུ་མེ་སྭཱ་ཧཱ། ཞེས་ནི་ཁྲིའམ་འབུམ་གྲངས་ཀྱི་བསྙེན་པ་བྱ། །རྫས་ཀྱི་མཆོད་ཅིང་རྟག་ཏུ་བཟླས། །གྲུབ་ནས་སྔགས་འདིས་དྲག་ཏུ་རྦད། །ཧི་ལི་ལི་ཧུ་


DNG015_Page_0826
[མ་དཔེ་གཟིགས་ན་འདིར་གནོན།]

ལི་བཾ་རིལ་ནྲྀ་ཛ། ལ་ལི་གྲམ་ནི། རི་རྩེ་ཐལ་བ་ནི། ཀྲོ་ཏི་ཀོ་ལ་ཤ་ཀྲོ་ཏི་ཀོ་ལ་ཡ། ཨ་ཏྲི་གཾ་ཤཾ་ཏྲི། མུ་ཏྲི་རི་ཏྲི་ཏྲི་རཾ་ཏྲ། ཧཾ་ཤག་ཧཾ་ཤག་དུ། ཆེ་གེ་མོའི་ཙིཏྟ་ལ་ཛ། དེ་བཞིན་རྒྱལ་པོ་དྲག་ཏུ་རྦད། །གལ་ཏེ་ལས་བྱེད་མ་བཏུབ་ན། །རྒྱལ་པོའི་ཤི་ས་འདི་ཡིས་བསྟན། །མ་ར་ན་པྲ་མ་ར་ཙ་ཙཾ་ཧབ་ལིང་ས་མ་ཡ། ཨ་ཤུ་ཛ་ཛ། ཕྱག་རྒྱ་བཞི་ཡིས་གཟུགས་བཅིངས་ཏེ། །སྔགས་ནི་བརྒྱ་དང་རྩ་བརྒྱད་བརྗོད། །རྒྱལ་པོ་རང་ལ་དབང་མེད་པར། །རྡུལ་དང་ཁྲག་ཏུ་འཛག་ཅིང་འོང་། །དེ་བཞིན་གསད་པའི་ལས་ཐབས་ཀྱང་། །སྨྱོ་འབོག་ཤི་བའི་ཀླད་ཕོར་དུ། །དེ་ཉིད་རང་གི་སྙིང་ཁྲག་དང་། །དུག་སྣ་དགུ་དང་དམེ་ཁྲག་སྦྱར། །བརྣག་པའི་མིང་རུས་བྲིས་ཏེ་གཞུག །དུར་ཁྲོད་རོ་རས་རྙིང་པ་ལ། །གསད་པའི་འཁོར་ལོ་བཅའ་བར་གསུངས། །དང་པོ་ཉི་མ་བཞི་ཡི་སྔགས། །ཕྱི་རིམ་རྒྱལ་པོའི་དྲག་སྔགས་བྲི། །ནང་རིམ་ཀླུ་ཡི་དྲག་སྔགས་བྲི། །ཐོད་པར་དྲིལ་ལ་རྒྱ་གྲམ་བཅིངས། །ཉིན་བཞི་ལྷ་ཡི་གིང་བཞི་བསྐུལ། །སྐབས་སུ་གིང་ཆེན་བཅོ་བརྒྱད་བསྐུལ། །ཉི་མ་བཞི་པའི་ལས་ཀྱང་བྱ། །ཨོཾ་མ་ཧཱ་རཱ་ཙ་ཐུན་བྷྱོ་བྷྱོ། དགྲ་བོའི་སྲོག་ཐིབས། མ་མ་ར་ཐུན་སྭ་ར་དང་། དགྲ་བོའི་སྙིང་ཤག་ཚལ་པ་དུན། དགྲ་བོའི་ཁྲག་ལ་སོན་ལ་བླག་ཛ་རུ་ཐིབས་དགྲ་བོའི་ཁྲག་ལ་འཇིབས། བི་བྷ་བི་བྷ་ཐུན་ཛ། མང་ས་ཤ་ལ་ཛ། སྙིང་ཙིཏྟ་སྙིང་ལ་ཐུན། རག་ཏ་ཁྲག་དུན་བྷྱོ། ཐུན་བྷྱོ་ཐུན་བྷྱོ། རྨུགས་རྨུགས། ཉུང་དཀར་ཉུང་ནག་སྐེ་ཚེ་ལ། །དྲག་ཏུ་བསྔགས་ལ་བརྡེག་པར་བྱ། །དཀར་པོ་གཅིག་གི་ཐུགས་དམ་བསྐང་། །རྟགས་ནི་འདི་བཞིན་འོང་བར་ངེས། །ཉི་ཟླ་འཆར་དང་ལྡེར་སོ་དང་། །འབག་ཏུ་རྨིས་ན་ཐ་མར་བཤད། །བཙད་པོ་ཞང་བློན་དགེ་བཤེས་སམ། །དམག་མི་རྨིས་ན་འབྲིང་དུ་བཤད། །རྒྱལ་པོ་ཉིད་མཐོང་ཉམས་སུ་བཤད། །དེ་ལྟར་བྱུང་ན་རབ་ཏུ་བཤད། །བསྐང་བཤགས་བྱ་ཞིང་དངོས་གྲུབ་བླང་། །དམ་ཚིག་བསྲེས་ཤིང་ཕྲིན་ལས་བཅོལ། །དེ་ནས་འཁོར་ལོ་ཐོད་པར་བཅའ། །ཤར་དུ་ཁ་བལྟས་ཆུ་མིག་མགོར། །


DNG015_Page_0827
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་རིགས་སྦྱར་བ་བྱས་གྱུར་ན། །སྨྱོ་འབོག་མཛེ་ནད་ལྷོག་པས་འཆི། །ཐུན་དུ་འཕངས་ན་མཛེ་རིམ་འོངས། །མཁར་རྨང་སྦས་ན་གནམ་ལྕགས་འབེབས། །ཞེས་གསུངས་སོ། །དཔལ་གཤིན་རྗེ་ཟླ་གསང་ནག་པོ་རྩ་བའི་རྒྱུད་ལས། རྒྱལ་པོ་ཕྱི་ལྟར་བསྒྲུབ་སྟེ། སྨྱོ་འབོག་བཏང་བའི་ལེའུ་སྟེ་རེ་བརྒྱད་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་གཤིན་རྗེའི་གཤེད་པོས། རྒྱལ་པོ་ནང་དུ་བསྒྲུབ་སྟེ་སྨྱོ་འབོག་གིས་གསོད་པ་འདི་གསུངས་སོ། །ཐོག་མར་བླ་མ་མཉེས་བྱས་ཏེ། །སྒྲིབ་པ་སྦྱང་ཞིང་དམ་ཚིག་བསྲུང་། །མཚན་ལྡན་དགོན་པའི་གནས་དག་ཏུ། །ལྟ་བ་རྒྱ་བསྐྱེད་འཇམ་དཔལ་བསྙེན། །སྔོན་ལ་མཉེས་པའི་རིམ་གྲོ་བྱ། །དཀྱིལ་འཁོར་རྩིག་དང་ཆག་ཆག་གདབ། །དེ་ནས་དཀྱིལ་འཁོར་བྲི་བ་ནི། །ཐིག་བཞི་བཏབ་པས་ལེའུ་ཚེ་དགུ། །དབུས་ཀྱི་ལེ་ཚེ་དཀར་པོ་ལ། །ཤར་སེར་ལྷོ་སྔོ་ནུབ་དམར་བྱང་ལྗང་། །མཚམས་བཞི་སྨུག་ནག་སྒོ་དང་བཅས། །དབུས་སུ་གྲུ་གསུམ་རེ་རེ་བྲི། །དེ་ནས་ཙནྡན་དཀར་པོ་འམ། །རྒྱ་ཤུག་དཀར་པོའི་ཕུར་པ་དགུ། །སྲོག་བདག་དགུ་རུ་མངའ་གསོལ་ལ། །དར་དཀར་སྲོག་སྙིང་བྲིས་ཏེ་གདགས། །འདི་སྐད་བརྗོད་ལ་དགོད་པར་བྱའོ། །ཧཱུཾ་དབུས་ཀྱི་ཤལ་རེ་ཤེལ་གྱི་ཁང་པ་ནས། །ཁམས་གསུམ་སྲོག་ལ་མངའ་མཛད་པ། །སྲོག་བདག་ནག་པོ་རལ་པ་ཅན། །བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ། །བསྟན་པ་བསྲུང་ཕྱིར་གཤེགས་ནས་ཀྱང་། །ཕོ་བྲང་དབུས་ཀྱི་ལིང་ཚེ་ལ། །དགྲ་བགེགས་བསྣོལ་བའི་གདན་སྟེངས་སུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །གིང་ཀ་ར་ས་མ་ཡ་ཏིཥྛ་ལྷན། །དེ་སྐད་བརྗོད་ལ་དབུས་སུ་དགོད། །རྒྱལ་རིགས་སྲོག་ལ་མངའ་མཛད་པ། །སྲོག་བདག་རྒྱལ་པོ་ཁུ་ལེ་ཤོད། །དཀྱིལ་འཁོར་ཤར་གྱི་ལིང་ཚེ་ལ། །བཞུགས་སུ་གསོལ་བ་སྔར་བཞིན་ནོ། །བྲམ་ཟེའི་རིགས་ལ་མངའ་མཛད་པ། །རྒྱལ་པོ་ཆེན་པོ་ཨག་ནི་ཡང་། །ལྷོ་ཕྱོགས་དཀྱིལ་འཁོར་ལིང་ཚེ་ལ། །རྗེའུ་རིགས་སྲོག་ལ་མངའ་མཛད་པ། །རྒྱལ་པོ་ཆེན་པོ་ཨུག་གེ་ཡང་། །དེ་བཞིན་ནུབ་ཀྱི་ཕྱོགས་ལ་དགོད། །དམངས་


DNG015_Page_0828
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་སྲོག་ལ་མངའ་མཛད་པ། །རྒྱལ་པོ་ཆེན་པོ་དྲང་སེ་ཡང་། །དེ་བཞིན་བྱང་གི་ཕྱོགས་ལ་དགོད། །བུད་མེད་སྲོག་ལ་མངའ་མཛད་པའི། །རྒྱལ་པོ་ཆེན་པོ་ཤང་སེ་ཡང་། །དཀྱིལ་འཁོར་ཤར་ལྷོའི་ལིང་ཚེ་ལ། །བྱིས་པའི་སྲོག་ལ་མངའ་མཛད་པ། །རྒྱལ་པོ་ཆེན་པོ་ད་ཁོད་ཀྱང་། །དཀྱིལ་འཁོར་ལྷོ་ནུབ་ལེ་ཚེ་ལ། །མི་ནག་སྲོག་ལ་མངའ་མཛད་པ། །རྒྱལ་པོ་ཆེན་པོ་ནི་ཁོད་ཀྱང་། །ནུབ་བྱང་དཀྱིལ་འཁོར་ལེ་ཚེར་འཁོད། །བྱོལ་སོང་སྲོག་ལ་མངའ་མཛད་པ། །རྒྱལ་པོ་ཆེན་པོ་ཉི་ཟླ་ཡང་། །བྱང་ཤར་དཀྱིལ་འཁོར་ལེ་ཚེར་འཁོད། །དེ་ནས་མཆོག་གི་ཕུར་པ་བཞི། །ཉིན་བཞི་གིང་བཞིར་མངའ་ཡང་གསོལ། །རིགས་མཐུན་དར་གྱི་ཅོད་པན་གདགས། །ཕྲིན་ལས་བཅོལ་ཕྱིར་སྒོ་བཞིར་གདབ། །དར་སྐུད་བསྒྲིལ་ལ་མཐའ་མར་བསྐོར། །བླ་རྒྱན་འོག་རྒྱན་ཅི་མང་དགྲམ། །དར་དཀར་གུར་དབུབ་ཟ་འོག་གདན་ཡང་བཏིང་། །དེ་ནས་དབུས་ཀྱི་སྲོག་བདག་ལ། །གསང་ཕྱེ་དྲེ་གང་ལྷ་བཤོས་ལ། །རི་རབ་ཚུལ་དུ་འདྲ་བྱས་ལ། །དབུས་སུ་རྨྱུག་མ་ཚིགས་དགུ་ལ། །མཚལ་གྱི་མཁར་ཐབས་ཉ་མིག་བྲི། །རྩེ་ལ་བྱ་རྒོད་རྒྱལ་མཚན་དང་། །དར་དཀར་གདུགས་གཅིག་སྟེང་ནས་དགབ། །དུང་གི་གཡེར་ཀ་གཡབ་རྔ་ཕོད། །ལྤགས་བུ་དཀར་པོའི་བླུད་བུ་གདགས། །ཐ་མའི་ཚིག་ལ་མིང་རུས་གདགས། །གཞན་ཡང་རྨྱུག་ཚིགས་གསུམ་བརྒྱངས་ལ། །མཚལ་དང་ལྡོང་རོས་སྒོ་སྤྲད་ལ། །མཁར་ཐབས་བྲིས་ལ་རྩེ་ཁ་སྤྲད། །རྩེ་ལ་དར་ལྕེ་རེ་ཡང་གདགས། །བར་བར་དར་དཀར་གླད་པོ་དང་། །དུང་དང་ཟངས་དང་རིན་པོ་ཆེ། །བྱི་རུ་མགྲོན་བུ་སོ་སོར་གདགས། །ཐ་མར་དགྲ་ཡི་མིང་རུས་གདགས། །ལྕང་མ་མཐོ་རེ་བ་བཞི་ལ། །མཚལ་ལམ་གཡུང་དྲུང་རིས་སུ་བྲི། །ཐོད་རེ་ར་ལྤགས་མིང་རུས་རེ། །དེ་བཞིན་བཏགས་པ་རིམ་པར་བཞག །གཞན་ཡང་ཕུད་དང་ཉ་ཤ་དང་། །བུ་རམ་འབྲས་ཆན་གཏོར་མ་ཡང་། །ཟ་འོག་དར་དང་ལྤགས་དཀར་དང་། །རིན་ཆེན་གསལ་


DNG015_Page_0829
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཕྱོགས་བཞིར་བཞག །གཅིག་ནི་དབུས་སུ་གཞག་པར་བྱ། །ཉ་ཕྱིས་དུང་ཕོར་འཁར་ཕོར་དུ། །གསེར་དང་ཆང་ཕུད་སྦྱར་ལ་བཞག །ཕྱོགས་བཞི་དབུས་དང་ལྔ་རུ་བཞག །གཅིག་ཏུ་མཚེ་དང་ཉུང་དཀར་དང་། །ཆུ་ཕུད་གངས་ཆུ་ཆུ་མིག་ཆུ། །དེ་གསུམ་དུ་ནི་བསྲེས་ལ་བཞག །དྲག་སྔགས་རྒྱུན་དུ་བཟླས་པའི་ཕྱིར། །བདག་ཉིད་ཤར་བལྟས་མདུན་དུ་བཞག །གཞན་ཡང་སྤོས་དང་མེ་ཏོག་དང་། །མར་མེ་དྲི་ཆབ་རྔ་གླིང་དང་། །མཆོད་པའི་ཡོ་བྱད་ཕྱོགས་བཞིར་དགྲམ། །ར་ལུག་དཀར་པོ་གང་ཡོད་པ། །རྭ་དང་ཟེ་བ་དམར་པོར་བྱུག །སྐེ་རུ་དར་དཀར་ཁུག་མ་རུ། །མཚེ་ཉུང་ཀླུ་སྨན་སྣ་ཚོགས་དང་། །དགྲ་ཡི་མིང་བྱང་བཅུག་ལ་གདགས། །ནུབ་ཏུ་དར་དཔྱངས་དཀར་པོ་ལ། །འཕན་ལྕེ་སེར་པོ་བཏགས་པ་གཅིག །རྒྱལ་པོའི་གཟུགས་བྲིས་མདུང་ལ་གདགས། །རྩེ་ལ་སྙིང་གཅིག་བཀལ་ལ་གཟུག །གཤིན་རྗེའི་གཤེད་པོར་གསལ་བསྒོམས་ལ། །སྔགས་བཟླས་བསྟོད་པ་མང་དུ་བྱ། །བེར་གྱོན་ཐོད་ཆེན་རྔ་ཡབ་བརྡུང་། །སྙན་གསན་དབབ་དང་སྤྱན་དྲང་དང་། །ཕྱག་འཚལ་བཞུགས་དང་མཆོད་པ་འབུལ། །བསྟོད་པ་དབུལ་ཞིང་སྨོན་ལམ་གདབ། །ཐུགས་དམ་བསྐུལ་ཞིང་ཕྲིན་ལས་བཅོལ། །སྲོག་སྙིང་འདི་ནི་རྟག་ཏུ་དྲངས། །ཨོཾ་ཧཱུཾ་ཧྲཱྀ་དུ་བྱ་ཁྱུང་ཀ་ར་མ་ར་མ་ར་ཡ་སྭཱ་ཧཱ། དེ་ནི་སྲོག་བདག་རང་གི་སྙིང་པོའོ། །འདི་ནི་འཁོར་གྱི་སྲོག་བདག་བརྒྱད་ཀྱི་སྙིང་པོའོ། །ཨོཾ་ཁུ་ལེ་མ་ཧཱ་བ་ར་མ་སྭཱ་ཧཱ།ཨོཾ་ཨ་ཀ་རུ་ཏཱ་སྭཱ་ཧཱ། ཨོཾ་མུག་ཤམ་ལེ་སྭཱ་ཧཱ། ཨོཾ་ཀྲོ་ཏི་བ་མེ་བྷ་སྭཱ་ཧཱ། ཨོཾ་ཤཾ་སེ་ཤཾ་ག་ར་སྭཱ་ཧཱ། ཨོཾ་ད་ཁོད་པི་པ་ས་ར་སྭཱ་ཧཱ། ཨོཾ་ནི་ཁོད་པ་ར་ཧི་དེ་སྭཱ་ཧཱ། ཨོཾ་སུརྱ་ཙནྡྲ་མ་ཧཱ་ཁུ་ལེ་སྭཱ་ཧཱ། དེ་རྣམས་སྙིང་གི་སྙིང་པོ་སྟེ། །མི་ཚིག་གཡལ་དང་སྦྲིད་པ་དང་། །སྔགས་ཀྱི་བར་ཆད་མེད་པར་བགྲང་། །སྐྱ་རེངས་ཤར་ནས་འཁོར་རྣམས་བསྐུལ། །བསྒྲུབ་པའི་རྟགས་རྣམས་སྟོན་པར་ངེས། །རབ་འབྲིང་ཐ་མ་གསུམ་དུའོ། །རབ་ལ་སྐུ་ཡང་མངོན་དུ་སྟོན། །འབྲིང་ལ་འོད་དང་སྒྲ་རུ་སྟོན། །ཐ་མ་རྨི་ལྟས་ལྟ་བུར་སྟོན། །དེ་ལ་དབང་


DNG015_Page_0830
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་དམ་བསྲེ་བྱ། །རྦད་སྔགས་བགྲང་ཞིང་ཕྲིན་ལས་བཅོལ། །ཨོཾ་མ་ཧཱ་པྲ་མ་ན། རཀྴ་རཀྟ་ཙ་ར་མུན་དྲ་མ་ཧཱ་ཤྲཱི་ཏེ་ཙོ་ཀ་ལི་བིང་དགྲ་བོ་མཱ་རཱ་ཡ་ཧ་བ་ཧ་བ། དེ་རྒྱལ་པོ་འཁོར་དང་བཅས་པ་རྣམས་ལས་ལ་རྦད་པའི་སྔགས་སོ། །དེ་ནས་རྟ་དཀར་ཐོད་པ་རུ། །བརྣག་པའི་མིང་རུས་གཟུགས་བཅུག་ལ། །རྟ་ཐོད་ཟ་འོག་དག་གིས་གྲིལ། །དམ་སྲི་སྨྱོ་རུ་གཞུག་པའི་ཕྱིར། །ཁྲག་སྐམ་གུ་གུལ་སྦྱར་མ་དང་། །མཚེ་ཉུང་གོ་རོ་ཙ་ན་ཡ། །སྨྱོ་འབོག་གཏོང་བའི་སྔགས་འདི་བཟླས། །ཨོཾ་མ་མ་རཀྟ་ཐུན་བྷྱོ། མ་ཧཱ་ར་ཙ་ཐུན་བྷྱོ། མཱ་ཧཱ་པ་ཝ། མ་ཧཱ་དེ་ཝ། མ་ཧཱ་རུ་ཏྲ་བྷྱོ་བྷྱོ། ཨོཾ་ཀྲོ་ཏ་ཡ་ཀྲོ་ཏ་ཡ། ཏྲ་ཏ་ཡ་ཏྲ་ཏ་ཡ། ཀླུ་ལ་ཀླུ་ལ། གིང་ཀ་ར་གིང་ཀ་ར། གིང་ཛྭ་ལ་གིང་ཛྭ་ལ། ཡགྴ་གྲི་བ། ད་ཤ་གྲི་བ། ད་ཤི་གྲི་བ། པུ་ཏྲ་དཀར་པོ་བྷྱོ་བྷྱོ། དེ་ནི་སྲོག་བདག་འཁོར་གྱི་སྨྱོ་འབོག་བཏང་བའི་སྔགས་སོ། །དེ་ནས་བརྣག་པའི་མིང་རུས་ལ། །རང་རང་རྩ་བའི་སྔགས་བརྗོད་ཅིང་། །ཕུར་པ་རྣམས་ཀྱིས་རིམ་པས་གདབ། །གཙོ་བོའི་ཕུར་པ་སྙིང་ལ་གདབ། །རྒྱལ་པོ་ཨག་ནི་ལག་པ་གཡས། །རྒྱལ་པོ་ཨུག་ནེས་དཔུང་བར་གདབ། །རྒྱལ་པོ་དྲང་སེས་ལག་པ་གཡོན། །ཤང་སེས་རྐང་པ་གཡས་ལ་གདབ། །ད་ཁོད་དཔུང་མགོ་གཡོན་ལ་གདབ། །ཉི་ཟླས་དཔུང་པ་གཡས་ལ་གདབ། །བསད་པ་ཉི་མ་བཞི་པ་སྟེ། །ཉིན་བཞི་ལྷ་ཡི་གིང་བཞིས་བྱ། །དེ་ནས་རྟ་ཡི་ཐོད་པ་རུ། །ལིངྒའི་མཐེབ་ཤུལ་ཐུན་རྫས་སྩལ། །ལྷ་ཁང་གནམ་ལ་བཏགས་གྱུར་ན། །སྨྱོ་འབོག་ཁྲག་ནད་མཱ་ར་ཡའོ། །ཞེས་གསུངས་སོ། །དཔལ་ཟླ་གསང་ནག་པོ་རྩ་བའི་རྒྱུད་ལས། རྒྱལ་པོ་ནང་དུ་བསྒྲུབ་སྟེ་སྨྱོ་འབོག་བཏང་བའི་ལེའུ་སྟེ་རེ་དགུ་པའོ།། །།དེ་ནས་བཅོམ་ལྡན་འདས་གཤིན་རྗེའི་གཤེད་པོས། རྒྱལ་པོ་གསང་བ་སྒྲུབ་པ་ཐམས་ཅད་ཀྱི་མཆོག་འདི་གསུངས་སོ། །རྣལ་འབྱོར་ཡོན་ཏན་ལྡན་པ་དེས། །བླ་མ་མཉེས་པར་རབ་བྱས་ཏེ། །མགོ་ནི་རྨ་བྱ་བཞིན་དུ་འགུགས། །དམ་ཚིག་ཆེན་པོ་སྲོག་བཞིན་བསྲུང་། །གཞན་


DNG015_Page_0831
[མ་དཔེ་གཟིགས་ན་འདིར་གནོན།]

དོན་མ་ཡིན་རང་དོན་དུ། །དུར་ཁྲོད་ས་ཕུག་དགོན་པར་འགྲོ། །ཕྱི་བཤགས་སྒྲིབ་སྦྱང་བསོད་ནམས་བསག །མ་ཉེས་དཔང་གཟུག་ཀླུ་གཏོར་བཏང་། །དཀྱིལ་འཁོར་བརྩིགས་ལ་ཆག་ཆག་བཏབ། །ཐིག་གདབ་དཀྱིལ་འཁོར་ཆོ་ག་བྱ། །དཀྱིལ་འཁོར་མཐིང་ནག་གྲུ་གསུམ་ལ། །འཁོར་ལོ་རྩིབས་བཞི་ཐོད་ཕྲེང་བཅས། །གྲུ་ཆད་སྒོ་བཞིར་ལྡན་པ་ལ། །དུར་ཁྲོད་བརྒྱད་དང་ལྡན་པར་བྱ། །གྲུ་གསུམ་མེ་འོད་འབར་བ་བྲི། །སྒོ་བཞིར་གྲུ་གསུམ་རེ་རེ་བྲི། །དེ་ནས་མཆོག་གི་ཕུར་པ་དགུ། །སྲོག་བདག་དགུ་ཡི་སྔགས་བྲིས་ལ། །དབུས་སུ་དཀར་པོའི་སྙིང་བཞི་དགོད། །རྒྱན་དང་ཆ་ལུགས་གསལ་བར་བསྐྱེད། །ཤར་ཕྱོགས་རྩིབས་ལ་ཁུ་ལེ་ཤོད། །ལྷོ་ཡི་རྩིབས་ལ་ཨག་ནི་དགོད། །ནུབ་ཀྱི་རྩིབས་ལ་ཨུག་ནེ་སྟེ། །བྱང་གི་རྩིབས་ལ་དྲང་སེ་དགོད། །ཤང་སེ་ཤར་ལ་ད་ཁོད་ལྷོ། །ནི་ཁོད་ནུབ་ལ་ཉི་ཟླ་བྱང་། །དེ་ལྟར་སྒོ་བཞི་དགོད་པར་བྱའོ། །འཁར་གཞོང་དུང་ཕོར་བསེ་གབ་ཏུ། །སྙིང་སྣ་ཚོགས་པའི་གཏོར་མ་དགྲམ། །ལུག་དཀར་སྙིང་སྲོག་མ་བྲལ་བ། །སྲོག་རྩའི་ནང་དུ་མིང་རུས་གཞུག །སྙིང་རྩེ་གྱེན་དུ་བསྟན་ལ་བཞག །དར་དཀར་ཚིལ་གྱིས་ཁ་བཅད་ལ། །དབུས་སུ་སྲོག་བདག་ཉིད་ལ་བཞག །ཤར་དུ་ཁྲག་སྣའི་གཏོར་མ་བཞག །ལྷོ་རུ་ཤ་སྣའི་གཏོར་མ་བཞག །ནུབ་ཏུ་རུས་པའི་གཏོར་མ་བཞག །བྱང་དུ་མཁལ་སྣའི་གཏོར་མ་བཞག །དེ་ནས་སྒོ་བཞི་གཏོར་མ་ཡང་། །ཤར་སྒོར་མཆིན་པ་སྣ་ཚོགས་བཞག །ལྷོ་སྒོར་ཤ་ཆེན་འབྲུ་སྣ་ཚོགས། །ནུབ་སྒོར་མཆེར་བ་སྣ་ཚོགས་བཞག །བྱང་དུ་ཚིལ་བུ་རྐང་སྣ་ཚོགས། །གཏོར་མ་དེ་དག་ནང་དུ་ཡང་། །བཤོས་བུ་མཁྱིད་གང་པར་བཙུགས་ལ་བཞག །དེ་ལ་རྨྱུག་རྒོད་རེ་རེ་ལ། །ཕོད་དཀར་ལྤགས་བུ་དཀར་པོ་དང་། །མིང་བྱང་བཏགས་པ་རེ་ཡང་གཟུག །ཕྱོགས་བཅུར་མངོན་པར་བཞག་པར་བྱ། །མི་འཇིགས་པ་ཡི་སྟེང་དུ་ཡང་། །ཤར་དུ་ལུག་དཀར་ལྷོ་རུ་བྱ། །ནུབ་ཏུ་ར་དཀར་བྱང་དུ་ཁྱི། །བག་ཟན་གཟུགས་བྱས་དཀར་པོར་བསྒྱུར། །སེམས་ཅན་དངོས་སུ་ཡོད་ན་རབ། །མེད་ན་གང་རུང་གཅིག་གིས་བསྐྱེད། །


DNG015_Page_0832
[མ་དཔེ་གཟིགས་ན་འདིར་གནོན།]

མིང་རུས་བྲིས་ཏེ་གདགས་པར་བྱ། །དཀྱིལ་འཁོར་ལྷོ་ནུབ་འབྲུབ་ཁུང་དུ། །དམ་སྲིའི་གཟུགས་དང་མིང་རུས་གཞུག །ཤ་ཁྲག་སྣ་ཚོགས་གཏོར་མ་ལ། །ཚིལ་ཆེན་ཞལ་ཁེབས་ཡོད་པ་ལ། །རཀྟའི་གསང་ནན་ཆས་པ་གཅིག །དཀྱིལ་འཁོར་བྱང་ཤར་མཚམས་སུ་བཞག །ཏིང་འཛིན་རྣམ་གསུམ་གསལ་བསྒོམས་ལ། །གཞལ་ཡས་རྟེན་བཅས་དཀྱིལ་འཁོར་བསྐྱེད། །བདག་ཉིད་གཤེད་པོར་གསལ་བསྒོམས་ལ། །རྒྱལ་པོ་འཁོར་བཅས་གསལ་བར་བསྒོམ། །སྤྱན་དྲང་བཞུགས་མཆོད་ཚུལ་བཞིན་བྱ། །རྟག་ཏུ་སྙིང་པོ་འདི་ཡང་བརྗོད། །ཨོཾ་བྲི་བར་ཤ་མ་ཧཱ་རཱ་ཙ་སྭཱ་ཧཱ། ཨོཾ་ཁུ་ལེ་མ་ཧཱ་བེ་རམ་སྭཱ་ཧཱ། ཨོཾ་ཨ་ཀ་རུཏྟ་སྭཱ་ཧཱ། ཨོཾ་ཡུག་ཤ་མ་ལེ་སྭཱ་ཧཱ། ཨོཾ་དྲང་སེ་བྷ་བ་སྭཱ་ཧཱ། ཨོཾ་ཤང་སེ་ཤར་ཀང་རཾ་སྭཱ་ཧཱ། ཨོཾ་ཨ་ད་ཁོད་པི་པི་སར་སྭཱ་ཧཱ། ཨོཾ་ནི་ཁོད་པ་རི་ཧ་ཏི་སྭཱ་ཧཱ། ཨོཾ་སཱུརྱ་ཙནྡྲ་མ་ཧཱ་ཁུ་ལེ་སྭཱ་ཧཱ།དེ་ནི་རྩ་བའི་དྲག་སྔགས་ཏེ། །གྲུབ་རྟགས་སྐུ་ཡང་ཡོངས་སུ་སྟོན། །སྤྲེའུ་བྱི་ལ་སེང་གེ་དང་། །དགེ་བཤེས་བཙད་པོ་ལྟ་བུ་དང་། །དམག་དཔོན་ལྟ་བུར་སྟོན་པར་ངེས། །རྒྱལ་པོ་རྟག་ཏུ་སྔགས་འདིས་རྦད། །མ་ཧཱ་བྲ་ན་རགྴ་རགྴ་ཏ་ཙ་ར་མ་ཧཱ་མུན་ཏྲ་མ་ཏྲ་ཤི་ཏེ་ཙོ་ཀ་ཙ་ལི་པིར་པིར་དགྲ་བོ་མཱ་ར་ཡ་ཧབ་ཧབ། འཁོར་བཅས་ལས་ལ་བཏང་བའོ། །ལྷ་དང་དྲག་པོའི་སྔགས་འདི་དབྲལ། །མ་ཧཱ་ས་མ་ཡ་རགྴ་མ་ཧ་ཧ་ར་ཙ་ཐུན་ཐུན་ཕྲོལ་ཕྲོལ། དེ་ནས་སྒྲུབ་པ་ཐོན་ནས་ཀྱང་། །བསད་པའི་ཕུར་པ་གདབ་པ་ནི། །དབུས་ནས་ཕྱུང་ལ་འདི་སྐད་བརྗོད། །ཧཱུཾ་ཁྲོ་བདག་ཆེན་པོ་སྙིང་འབྱིན་གྱིས། །དབང་པོའི་ཕུར་པས་དབང་བསྐུར་ནས། །དགྲ་སྙིང་དཀར་ནག་མཚམས་སུ་གདབ། །བཏབ་ནས་མྱུར་དུ་བརླག་གྱུར་ཅིག །ཀཱི་ལི་ཀི་ལ་ཡ་ཙིཏྟ་མུག །དཀར་པོ་སྙིང་འབྱིན་ཙིཏྟ་ལྷན་ལྷན། ཧཱུཾ་རྒྱལ་པོ་ཆེན་པོ་ཁུ་ལེ་ཤོད། །གསོད་པའི་ཕུར་པར་བྱིན་བརླབས་ཏེ། །ཁྲག་འབྱིན་གཡས་དང་གཡོན་དུ་གདབ། །བཏབ་པས་ཁྲག་སྐམས་མྱུར་དུ་སོད། །བཛྲ་མུག་ཏེ་ཙ་ཤ་རོག་ཏི་གཏུབས་པོ་རུ་གཏུབས་ལྷན། ཧཱུཾ་ཁྲོ་བདག་སྲོག་བདག་ཨག་ནེ་ཡང་། །འགུགས་པའི་བདག་པོར་མངའ་ཡང་གསོལ། །ནུ་མ་གཡས་དང་གཡོན་དུ་གདབ། །བཏབ་པས་


DNG015_Page_0833
[མ་དཔེ་གཟིགས་ན་འདིར་གནོན།]

མཁྲིས་པ་ཀྴ་ཡས་སོད། །ཙི་ལི་ཙི་ལི་མཱ་ངས་ལ་ཐིབས་ཐིབས། །ཧཱུཾ་ཁྲོ་བདག་སྒྲོལ་གིང་ཨུག་གེ་ཡང་། །རྣོན་པོ་དབལ་དུ་བྱིན་བརླབས་ནས། །སྤྱི་བོའི་གཙུག་ཏུ་བཏབ་ནས་ཀྱང་། །ཀླད་གཟེར་མགོ་ནད་དར་འབུས་སོད། །མ་ཤ་མུ་ཏ་ཚལ་པ་ཚལ་པ་ཀ་རུ་ཧཱུཾ་ཧཱུཾ། ཧཱུཾ་ཁྲོ་བདག་བཤན་པ་དྲང་སེ་ཡང་། །འབེབས་པའི་དབང་དུ་བྱིན་བསྐྱེད་ནས། །མཁལ་ཁུང་གཉིས་སུ་གདབ་པར་བྱ། །བཏབ་པས་ཆུ་འགགས་བསྐྱེད་ནས་གསོད། །བི་མ་ལ་བི་ཀུ་ཡ་མ་ཐིབས་ནས་ཤད་ཤད་ཕཊ་ཛ། ཧཱུཾ་ཁྲོ་བདག་གཤིན་རྗེ་ཤང་སེ་ཡང་། །ཟུར་གསུམ་རྩེ་མོར་བྱིན་ཕབ་སྟེ། །མཆིན་པ་བདུད་རྩི་རྩ་ལ་གདབ། །བཏབ་པས་མཆིན་ནད་ཁྲག་གིས་གསོད། །མཱཾ་སལ་ཁུམས་ར་ཙ་བུ་པེ་ར་དགྲ་བོ་ཕཊ་ཛ། ཧཱུཾ་ཁྲོ་བདག་གསོད་ཁ་ད་ཁོད་ཀྱིས། །ཐོགས་མེད་སྟོན་པས་དབང་བསྐུར་ནས། །ཤན་ཤན་རྨན་བུའི་དཀྱིལ་དུ་གདབ། །བཏབ་པས་སྦོས་ནད་གྲུམ་བུས་གསོད། །ཁ་ལ་རུ་རྩེ་ཁ་མ་ལ་ཤོན་བུ་ག་ཤག་བུ་ཕཊ་ཛ། ཧཱུཾ་དགྲ་ལྷའི་རྒྱལ་པོ་ནི་ཁོད་ཀྱང་། །རྩེ་གསུམ་ངར་ཅན་རབ་བྱིན་བསྐྱེད། །མཆེར་པའི་དབུས་སུ་བཏབ་པས་ཀྱང་། །མཆེར་ནད་ལྐུགས་དང་སྨྱོ་འབོག་ཐོང་། །མེ་ཁ་ཁ་རུ་ཙ་བག་ཤ་རུ་ཊ་རཀྨོ་མུ་རུ་མུ་རུ་ཕཊ་ཛ། ཧཱུཾ་གསང་བ་སྲོག་གི་ཉི་ཟླ་ཡང་། །ཕུར་པའི་ལྷ་རུ་དབང་བསྐུར་ནས། །རྐང་པའི་མཐིལ་དུ་གདབ་པར་བྱ། །ཞ་བྲུམ་སྒུར་ནས་འཐེང་གྲུམ་ཐོང་། །དུ་བེག་རེ་རཀྟ་མང་ས་ཁྲག་རྔུབས་རྦུབས། ཕུར་པས་བཏབ་ནས་ཐུན་སྔགས་བྲབ། །ཨོཾ་མ་མ་རག་ཁ་ཐུན་བྷྱོ། མ་ཧཱ་ཙ་ར་ཐུན་བྷྱོ་བྷྱོ། མ་ཧཱ་བ་མ་མ་ཧཱ་དེ་ཝ་མ་ཧཱ་རུ་ཀ་བྷྱོ་བྷྱོ། ཐུན་གྱིས་བརྒྱབ་སྟེ་བརླག་པར་བྱ། །ལིངྒ་གཏུབས་ལ་གཏོར་མར་བསྩལ། །རི་གསུམ་རྩེ་ལ་ཡས་སྟགས་བསྐྱལ། །རྒྱལ་པོས་སྲུང་བའི་སྔགས་ནི། ཨོཾ་ཁ་དུ་ཁ་ཤ་པྲ་ལ་མ་མ་རུ་ཏྲ་ཁ་ཁྲ་ཁ་ཁྲ་སྭཱ་ཧཱ། སྲོག་འཁར་དང་བཅས་པས་ནོར་བསྒྲུབ་པའི་སྔགས། ཨོཾ་ཛམྦ་ལེ་ལེ་ཤེ་པ་ལ་གོ་མེ་ས་སྲུཾ་སྲུཾ་ཏྲུཾ་ཏྲུཾ་སྭཱ་ཧཱ། རྒྱལ་པོ་འཁོར་དང་བཅས་པས་བྱེས་ཡུལ་གར་འགྲོ་ཡང་། དགྲ་བགེགས་མི་འབྱུང་བའི་སྔགས་ལ། ཨོཾ་ནས་ནེ་ནས་ནེ་ཧཾ་ཤི་ག་ར་ག་ར་མ་ར་མ་ར། རུ་ལུ་རུ་ལུ་


DNG015_Page_0834
[མ་དཔེ་གཟིགས་ན་འདིར་གནོན།]

ཕཊ་ཕཊ་བྷྱོ་བྷྱོ། རྒྱལ་པོས་བདག་གམ་གཞན་ལ་འཚེ་བར་གྱུར་ན། དེ་བཟློག་པའི་སྔགས་ལ། སུམ་པར་ཧ་ད་ཙ་ར་པ་ཤི་ཞིལ་ཞིལ་ཤཱིནྟཾ་སྭཱ་ཧཱ། མ་ཧཱ་རཱ་ཙ་ཤཱིནྟཾ་སྭཱ་ཧཱ། རྒྱལ་པོ་འཁོར་དང་བཅས་པས་རིགས་རྒྱུད་འཕྲོག་པ་དང་། རབས་བཅད་པའི་སྔགས་ལ། ཨོཾ་མ་ཧཱ་ཀཱ་ལ་གྲ་ས་དེ་མོ་བདུད་རྔམ་རྔམ་སྭཱ་ཧཱ། རྒྱལ་པོས་ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་དང་། ཐོབ་ཤོར་བཏང་བའི་སྔགས་ལ། ཨོཾ་ཡ་མ་རཾ་ཡཾ་བེ་ར་སྲོག་རྩ་ལ་ཁས་ཁས། མ་རུ་མ་རུ་སྭཱ་ཧཱ། རྒྱལ་པོས་སེར་བ་དབབ་པའི་སྔགས་ལ། ཨོཾ་དྲ་ར་བ་ཤང་ཐོར་བྷྱོ། ཧཱུཾ་ར་ཙ་ལ་བྷྱོ། ཁ་ཤ་ར་ཏྲ་བེ་ཤར་ཤར་ནལ་ཆེམ་ཆེམ་བྷྱོ།རྒྱལ་པོས་ལྟས་ངན་དབབ་པའི་སྔགས་ལ། ཨོཾ་ཧཱུཾ་ཤར་གིང་རཾ་ཤག་རྒྱུག་རྒྱུག་རཾ་རྒྱུག་སྲོག་ལ་རྒྱུག་ཤ་ཤ་དགྲ་བོའི་སྙིང་ལ་འབྲུལ་ཏེལ་རཾ་ཁྱེར་སོད་སྲོག །རྒྱལ་པོས་ཡ་ཆ་རྒྱབ་བསྣོལ་བཏང་བའི་སྔགས་ལ། ཨོཾ་མ་པྲག་ཤག་ཁ་མེ་ཁ་ར་ལ་མ་ཙ་མ་ཤ་དགྲ་བོ་ཕྲོལ་ཕྲོལ། ཤིག་ཤིག་བྷྱོ། ཞེས་སྔགས་ཀྱི་དོན་བསྟན་ལས་རྣམས་འགྲུབ། །གང་ལྟར་བྱས་ཀྱང་ཐོགས་པ་མེད། །ཅེས་གསུངས་སོ། །དཔལ་གཤིན་རྗེ་ཟླ་གསང་ནག་པོ་རྩ་བའི་རྒྱུད་ལས། རྒྱལ་པོ་གསང་བ་ལྟར་བསྒྲུབ་པ་སྟེ། སྨྱོ་འབོག་གཏང་བའི་ལེའུ་སྟེ་བདུན་ཅུ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོས། འགལ་བ་ཆམ་ལ་དབབ་སླད་དུ། །གནོད་སྦྱིན་གདུག་པའི་ཟླ་གསང་གསུངས། །དད་པ་གསུམ་ལྡན་རྣལ་འབྱོར་པས། །དམ་ཚིག་རང་གི་སྲོག་བཞིན་བསྲུང་། །བླ་མ་མཉེས་པའི་རིམ་གྲོ་བྱ། །དུར་ཁྲོད་ནགས་ཚལ་དགོན་པར་འགྲོ། །ཕྱི་བཤགས་འབུམ་ལ་སོགས་པ་གདོན། །བསོད་ནམས་ཚོགས་ཀྱི་ཡན་ལག་བསག །མ་ཉེས་དཔང་གཟུག་ཀླུ་གཏོར་གཏང་། །གནོད་སྦྱིན་འདི་ཉིད་བསྒྲུབ་པར་བྱ། །ལྕང་ལོ་ཅན་གྱི་ཕོ་བྲང་དུ། །ལས་སྒྲུབ་ལས་ཀྱི་ཞིང་ཁམས་ན། །གནོད་སྦྱིན་བྱེ་བ་ས་ཡ་གནས། །དེ་དག་ནང་ན་དྲེགས་པའི་སྐུ། །མཐུ་སྟོབས་ལྡན་པའི་གང་བཟང་བསྒྲུབ། །དཀྱིལ་འཁོར་དབུས་སུ་ཁྲི་བརྩིགས་ལ། །སྟེང་དུ་གནོད་སྦྱིན་སྐུ་


DNG015_Page_0835
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་བཞག །ཙནྡན་རིགས་ལ་འབུར་དུ་བརྐོ། །མཆུ་ཞེང་བག་ལ་གེལ་གེལ་པོ། །སྐུ་མདོག་སྔོན་པོ་གཟི་ལྡན་པ། །དབུ་སྐྲ་ལྕང་ལོ་རིན་ཆེན་བརྒྱན། །ཨུཏྤལ་སྔོན་པོའི་ཕྲེང་བ་འཛིན། །གཡས་ན་ཤིང་ཐོག་དམར་པོ་བསྣམས། །གཡོན་ན་མི་ལྤགས་རྒྱལ་མཚན་བསྣམས། །གཟས་པའི་གཟུགས་བཅས་སྙིང་གར་གཞུག །དེ་ཡི་དབུས་སུ་དོང་གྲུ་གསུམ། །རྩེ་མོ་བྱང་དུ་བལྟས་པ་ལ། །ནང་དུ་ཁྲག་དང་སོལ་བས་བྱུག །ཏིལ་གྱི་ཕྱེ་མར་དགྲ་བོའི་གཟུགས། །མི་ཁྲག་བླ་དྭགས་བྲིས་ལ་བཞག །ཞབས་མས་གྲིལ་ལ་ཚོན་སྐུད་བཅིངས། །གྲུ་གསུམ་བྲུས་པའི་ནང་དུ་གཞུག །ཐ་མར་རྩང་གི་བསྐོར་ཏེ་བཞག །གཟུགས་ཀྱི་སྐེ་ནས་སྔོན་དམར་གདགས། །སྣ་གཅིག་སྐུ་ཡི་ཞབས་ལ་གདགས། །སྔགས་པས་སྔོན་དུ་དམ་རྫས་དགྲམ། །ལ་ཕུག་རུས་ཕྱེ་སྐྱེ་ཚེ་ལ། །དེ་བཞིན་གཏོར་མ་བྱས་ཏེ་བཞག །ཉུང་དཀར་ལན་ཚྭ་དུག་ཏུ་སྦྱར། །གཟུགས་ལ་བྲབ་ཅིང་ལས་སྔགས་བཟླས། །མ་ཉེས་དཔང་གཟུག་འོ་དོད་འབོད། །དེ་བཞིན་རིམ་པས་ལས་རྣམས་བྱ། །དུར་ཁྲོད་རས་ལ་འཁོར་ལོ་བྲི། །དུག་ཁྲག་སྦྱར་མས་བྲི་བར་བྱ། །རིམ་པ་བཞིན་དུ་དྲག་སྔགས་དགོད། །སྤྱན་དྲང་བཞུགས་གསོལ་མཆོད་གཏོར་བྱ། །ཕྲིན་ལས་བཅོལ་ཞིང་གནད་རྣམས་བསྐུལ། །ལྷ་དང་དབྲལ་ཞིང་རྫས་ཀྱིས་བདུག །དྲག་སྔགས་བཟླས་ཤིང་འཁོར་ལོར་གཞུག །བསད་པ་ལས་ཀྱི་སྦྱོར་ལ་འཇུག །མནན་སྲེག་འཕངས་པ་གསུམ་ལ་གཏད། །ཅེས་གསུངས་སོ། །དཔལ་གཤིན་རྗེ་ཟླ་གསང་ནག་པོ་རྩ་བའི་རྒྱུད་ལས། སྲོག་གཅོད་སྤུ་གྲི་གནོད་སྦྱིན་གྱི་ཟླ་གསང་། གང་བ་བཟང་པོ་ཕྱི་ལྟར་བསྒྲུབ་པའི་ལེའུ་སྟེ་དོན་གཅིག་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་གཤིན་རྗེའི་གཤེད་པོས། གང་བ་བཟང་པོ་ནང་དུ་བསྒྲུབ་པ་འདི་གསུངས་སོ། །དཀྱིལ་འཁོར་མཐིང་ནག་གྲུ་གསུམ་ལ། །ཟླ་གམ་གསུམ་གྱིས་བསྐོར་བ་བྲིས། །དམར་སྨུག་མེ་རིའི་ར་བས་བསྐོར། །དབུས་སུ་གཤེད་པོ་ཡབ་ཡུམ་སྟེ། །མདུན་དུ་གང་བ་བཟང་པོ་དགོད། །མཚན་ལྡན་ཐོད་པ་དུམ་གསུམ་དུ། །ལ་ཕུག་རུས་པའི་ཕྱེ་མ་ལ། །སྙིང་སྣ་ཁྲག་སྣ་སྦྱར་ལ་བཞག །དབུས་ཀྱི་གྲུ་གསུམ་ཐུར་དུ་བརྐོ། །ནང་དུ་རབས་ཆད་ཐོད་པ་ལ། །


DNG015_Page_0836
[མ་དཔེ་གཟིགས་ན་འདིར་གནོན།]

ཉུང་ནག་མཚེ་དང་ལན་ཚྭ་དང་། །དུག་དང་དམེ་ཁྲག་སྦྱར་བས་དགང་། །དམིགས་པའི་མིང་རུས་ཇི་བཞིན་དབྱིབས། །བཅས་ལ་ཐོད་པའི་ནང་དུ་བསྩལ། །དུར་ཁྲོད་གྲོང་ཁྱེར་བཅོམ་ནས་ཀྱང་། །མཚན་མའི་རས་བླངས་བརྒྱང་བཏུལ་བྱ། །ལྡོང་རོས་ཆུ་རྩ་སེར་པོས་བྱུག །དུག་ཁྲག་སྦྱར་བས་འཁོར་ལོ་བྲི། །དེ་བཞིན་ཡི་གེ་བཀོད་བྱས་ལ། །ཕུད་ཀྱི་ཐོད་པ་ཁ་ཡང་བཅད། །དེ་ནས་རིམ་པས་ལས་རྣམས་བྱ། །ཧཱུཾ་གསང་བ་དམ་པ་ཐུགས་ཀྱི་དཀྱིལ་འཁོར་འདིར། །སྒྲུབ་པའི་གནོད་སྦྱིན་ཆེན་པོ་སྤྱན་འདྲེན་ན། །བྱེ་བ་ས་ཡའི་གཙོ་འཁོར་དང་བཅས་ཏེ། །སངས་རྒྱས་བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ། །ཨེ་ཧྱེ་ཧི་རཀྴ་པརྣ་པར་སི་ས་མ་ཡ་སྭཱ་ཧཱ། གསེར་ལྟར་སེར་བར་བསྟན་པའི་རི་ངོས་ནས། །རྨ་བྱ་རང་གནས་གསེར་དུ་གནས་པ་ལྟར། །བདག་གིས་ཁྱོད་བསྒྲུབ་ཁྱོད་ཀྱི་རང་བཞིན་སྒྲུབ། །གྲུབ་པའི་དབང་པོ་དེ་ལ་ཕྱག་འཚལ་ལོ། །བརྟན་པར་བཞུགས་ཤིག་གནོད་སྦྱིན་མཆོག །རིན་ཆེན་གཅལ་བཀྲམ་ས་གཞི་ལ། །བཻ་ཌཱུརྱ་མན་ཤེལ་དག་དང་། །ཁྲི་ཆེན་ཡངས་ལ་བརྟན་པར་བཞུགས། །ས་མ་ཡ་ཏིཥྛ་ལྷན་སྟྭཾ། གསེར་དང་བཅས་པའི་སྐྱེམས་ཕུད་མ་ཉམས་པ། །དུང་ཆེན་སྣོད་དུ་སྦྱར་ནས་མཆོད་པར་འབུལ། །དར་གྱི་ལྷབ་ལྷུབ་གླུ་གར་རོལ་མོར་བཅས། །བསམ་པ་དག་པས་སྦྱར་ནས་མཆོད་པར་འབུལ། །དྲིལ་བུ་སྒྲ་སྙན་ཡིད་འོང་སྤོས་དང་དྲི། །མར་མེ་བཤོས་དང་གཏོར་མ་ཁྲག །མོས་པས་འབུལ་ལོ་བཞེས་སུ་གསོལ། །ཨོཾ་ར་ར་པེ་པ་འུ་པཱུ་ཙ་ཀ་མ་སུ་ཙ་ཏོ་སྭཱ་ཧཱ། དེ་ནས་སྔགས་འདི་རབ་ཏུ་བཟླས་པས། ཨོཾ་རྦུ་ནི་ར་བཛྲ་མ་ག་ལ་བག་ཤ་ཛྲ། ར་རེ་མ་རུ་རུ་ཛ། སྙིང་ལ་ཤད་ཤད་དུ་ཛ།སྲོག་ལ་དྲེང་དུ་ཐུན་ཛ། གནོད་སྦྱིན་སྐུ་དང་འོད་དང་སྒྲ། །ས་གཡོས་ཐོག་དང་ཆར་ཆེན་འོང་། །གོང་གི་རྫས་ཀྱིས་དྲག་ཏུ་བརྡེག །ཐུགས་དམ་བསྐུལ་ཏེ་ཕྲིན་ལས་བཅོལ། །དུས་དྲུག་སྔགས་འདིས་གཟུགས་ལ་བརྡེག །ཨོཾ་ཛ་ལ་མ་མ་ཧཱ་ཛ་ལ། རགྴ་བགྴ་སི་དུ་བདུད་དེ་བ་ལཾ་བག་སྭཱ་ཧཱ། འདི་ནི་སྔགས་ཀྱི་རྒྱལ་པོ་སྟེ། །ཐམས་ཅད་སྒྲུབ་སྔགས་ཞེས་ཀྱང་བཤད། །འཁོར་ལོ་བཅས་ཀྱི་དམ་རྫས་དེ། །བྱང་བལྟས་ཆུ་མིག་སྔོར་


DNG015_Page_0837
[མ་དཔེ་གཟིགས་ན་འདིར་གནོན།]

སྦས་ན། །ཁྲག་སྐྱུག་འཆི་བར་ཐེ་ཚོམ་མེད། །ཅེས་གསུངས་སོ། །དཔལ་གཤིན་རྗེ་ཟླ་གསང་ནག་པོ་རྩ་བའི་རྒྱུད་ལས། སྲོག་གཅོད་སྤུ་གྲི་གནོད་སྦྱིན་གྱི་ཟླ་གསང་། གང་བ་བཟང་པོ་ནང་དུ་སྒྲུབ་པའི་ལེའུ་སྟེ་དོན་གཉིས་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་གཤིན་རྗེའི་གཤེད་པོས། གང་བ་བཟང་པོ་གསང་བ་ལྟར་བསྒྲུབ་པ་འདི་གསུངས་སོ། །དམ་ཚིག་གསང་སྒོ་ཐུབ་པའི་བུས། །བླ་མ་མཉེས་ཕྱིར་ཡིད་འཐད་དབུལ། །མི་དོན་མ་ཡིན་རང་དོན་དུ། །བསྒྲུབ་པ་གོང་བཞིན་ཚུལ་བཤམ་སྟེ། །དེ་ནས་མན་ངག་འདི་བཞིན་བྱ། །ཨ་ཀ་རུ་དང་དུ་རུ་ཀ །ལོ་མིག་ཀར་ཤ་བ་ནི་ལ། །སྔགས་ནི་འདི་དག་རབ་ཏུ་བཟླས། །ཨོཾ་ཛ་ལཾ་མ་ཧཱ་ཛ་ལཾ། ཡག་ཤ་བག་ཤ་སི་སུ་ལྷུད་མ་ལི་བག་ཤ་སྭཱ་ཧཱ། འདི་ནི་སྔགས་ཀྱི་རྒྱལ་པོ་སྟེ། །སྔོན་དུ་བསྙེན་པ་སུམ་འབུམ་བྱ། །ལུས་བསྲུང་སྦྱོར་བ་འདི་བཞིན་བྱ། །དཔུང་པ་གཡས་ལ་བཏགས་གྱུར་ན། །ནད་རྣམས་ཐམས་ཅད་བྱང་བར་འགྱུར་རོ། །དེ་ནས་བསད་པའི་སྦྱོར་བ་ནི། །ཀར་ནི་ཀ་དང་པར་པུ་དང་། །འུ་སུ་རྡོ་དྲེག་ཤ་རི་རཾ། །ངང་པའི་སྒྲོ་ལ་བསྐུས་ནས་ཀྱང་། །གཟུགས་དང་དུས་དྲུག་མཆོད་བྱས་ཏེ། །ཕྱག་བྱས་བཟླས་པ་བྱས་གྱུར་ན། །ལོངས་སྤྱོད་དཔག་མེད་ཐོབ་པར་འགྱུར། །ཁྲག་དེ་ཉུང་རྒོད་རྟ་མཆིན་ལ། །ལུང་ཐང་དག་ལ་བཟླས་བྱིན་ན། །རྟ་བོང་ལ་སོགས་རྨིག་ཟླུམ་རྣམས། །འཆི་འམ་ཡང་ན་སྨྱོ་བར་འགྱུར། །ཙིཏྟ་རུས་པ་གྱོ་མོ་གསུམ། །སྔགས་འདི་བཟླས་ནས་བྱིན་གྱུར་ན། །ཨོཾ་བཛྲ་ཧཱུཾ་ཏི་ཏ་ཛ། ར་ཏ་མ་རུ་ཛ། སྙིང་ལ་ཤད་ཤད། དུ་ཛ་སྲོག་ལ་དྲེང་དྲེང་ཐུན་ཛ། གླང་ཆེན་བ་གླང་འཆི་བར་འགྱུར། །བསེ་དང་ཀང་ཀ་ཀ་རུ་ལ། །སྔགས་དེ་བཟླས་ནས་བྱིན་གྱུར་ན། །ལུག་ལ་བྱིན་ན་འཆི་བར་འགྱུར། །བ་ལིང་ཀ་དང་ཨ་མར་དང་། །བུ་རམ་སྦྱར་ཏེ་རི་ལུ་བྱས། །ཟླ་བ་གཟས་ཟིན་དུས་སུ་བྱ། །ལིངྒ་བཅས་ཏེ་བསྐུལ་ནས་ཀྱང་། །ལྷོག་པ་དཀར་ནག་འཆི་བར་ངེས། །ཡང་ན་སྐྲངས་ནས་འཆི་བར་ངེས། །ཡང་ན་ཞ་གྲུམ་འགྲོ་མི་ནུས། །དང་པོ་ཁས་བླངས་བཞིན་དུ་བྱ། །ཕག་


DNG015_Page_0838
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྤྱང་ཀིའི་མཆེ་བ་དང་། །ཝ་ཡི་རིལ་མ་སྤྱང་དུག་ལ། །ཉི་མ་ཕྱེད་དམ་ནམ་ཕྱེད་ན། །སུམ་འབུམ་བཟླས་ཏེ་དོན་པོ་ཡི། །མཁར་ལ་བརྒྱབ་ན་འཇིག་ཅིང་འགས། །དེ་ནས་ཐོག་ཆེན་འབེབས་འདོད་ན། །གསེར་དངུལ་ཟངས་དང་འཁར་བ་དང་། །སྲིན་རྡོ་དུང་ཆེན་ཤ་རི་ར། །དེ་རྣམས་ཐོད་པ་དུམ་གསུམ་དུ། །ཡུགས་སའི་ཁྲག་ལ་སྦྱར་ལ་བསྩལ། །གོང་གི་སྔགས་བཟླས་ལྷ་རྟེན་སྦ། །གདོན་མི་ཟ་བར་ཐོག་འབེབས་འགྱུར། །ཞེས་གསུངས་སོ། །དཔལ་གཤིན་རྗེ་ཟླ་གསང་ནག་པོ་རྩ་བའི་རྒྱུད་ཆེན་པོ་ལས། སྲོག་གཅོད་སྤུ་གྲི་གནོད་སྦྱིན་གྱི་ཟླ་གསང་གང་བ་བཟང་པོ་གསང་བར་སྒྲུབ་པའི་ལེའུ་སྟེ་དོན་གསུམ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེའི་གཤེད་པོས། འདི་འཇུག་ཏུ་མི་ནུབ་པར་བསྟན་པ་རྒྱས་པ་དང་བསྲུང་བའི་ཕྱིར། གཏད་པ་དམ་པ་འདི་གསུངས་སོ། །རྒྱུད་ཀྱི་རྒྱལ་པོ་དཔལ་གཤིན་རྗེ་ཟླ་གསང་ནག་པོ་འདི། དུས་ཕྱི་མ་ལ་རྣལ་འབྱོར་པ་གང་ཞིག་སྒྲུབ་པའི་ལས་བྱེད་ན། ང་ཡང་དམ་ཚིག་ལས་མི་འདའ་ལ། འཁོར་ཁྲོ་བོ་དང་། ཁྲོ་མོ་དང་། གིང་དང་བདུད་དང་། མ་མོ་ལ་སོགས་པས་ཀྱང་། ངའི་དམ་ཚིག་རྗེས་སུ་བསྒྲུབ་པར་འཚལ་བས། དུས་ཐ་མ་གསང་སྔགས་ཀྱི་ཆོས་འདི། རྣལ་འབྱོར་པའི་སྐུ་ལ་བསྡོ་བ་རྣམས་བསྒྲལ་བ་ལ། དམ་ཚིག་དབང་གིས་གྲོགས་བྱ་བར། ཞལ་གྱིས་བཞེས་སོ། །དེ་ནས་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོས། གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་དང་། ཕྱོགས་སྐྱོང་གཤིན་རྗེ་ཡབ་ཡུམ་དང་བདུད་བཙན་དང་། གིང་དང་། ལྷ་དང་། སྨན་དང་། གཟའ་དང་། ཀླུ་དང་། གནོད་སྦྱིན་དང་། མ་མོ་ལ་སོགས་པ་འདུས་པའི་ཚོགས་རྣམས་ཀྱིས། རྒྱུད་ཀྱི་རྒྱལ་པོ་དཔལ་ཟླ་གསང་ནག་པོ་འདི། བསྟན་པ་ཐམས་ཅད་སྲུང་བའི་མེ་ལོང་ཡིན་པར་རིག་ནས། ཤིན་ཏུ་རྔམས་ཤིང་ངོ་མཚར་སྐྱེས་ནས་བསྟོད་པ། ཨེ་མ་ཧོ། ཉེས་བཅོམ་ལེགས་ལྡན་མཚན་ཞིའི་མཐའ་ལས་འདས། །བདུད་དང་གཤིན་རྗེ་ལ་སོགས་ཀུན་གྱི་གཤེད། །རཱུ་ཏྲ་གདུག་པའི་ཚོགས་རྣམས་ཀུན་འདུལ་བ། །ཐུགས་རྗེས་སྒྲོལ་མཛད་


DNG015_Page_0839
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ལ་ཕྱག་འཚལ་བསྟོད། །ཤེས་རབ་ཆེན་པོ་ནམ་མཁའི་ཉི་མར་གསལ། །བྱང་ཆུབ་སེམས་ཀྱི་འོད་ཟེར་དབྱིངས་སུ་འཆར། །དཔའ་བརྟུལ་མྱུར་བའི་ཤུགས་ཀྱིས་དྲེགས་པ་སྒྲོལ། །བདུད་འདུལ་དཔའ་བོ་ཁྱོད་ལ་ཕྱག་འཚལ་བསྟོད། །རིན་ཆེན་གཏེར་ལྟར་འདོད་པ་ཀུན་སྐོང་ཞིང་། །བདེ་གཤེགས་ལུང་དང་གཏན་ཚིགས་ཀུན་གྱི་མཛོད། །འཇིགས་བྱེད་རྒྱལ་པོ་ཟླ་གསང་ནག་པོའི་རྒྱུད། །དྲེགས་པ་ཚར་གཅོད་རྒྱུད་ལ་བདག་ཅག་འདུད། །ཞེས་བསྟོད་ནས་ཆོས་ཐམས་ཅད་དགོངས་པའི་ཆོས་ཉིད་དུ་གྱུར་ཏོ། །དྲག་པོའི་རྒྱུད་འདི་སྦ་བའི་ཐབས་སུ་གསུངས་པ་ནི། ཤོག་དྲིལ་དར་ཟབ་མེན་གྱིས་དྲིལ། །དེ་ནས་གཙང་མའི་རས་དག་གིས། །རབ་ཏུ་བསམ་ཞིང་གྲིལ་བར་བྱ། །དེ་ནས་ལྕགས་སམ་ཤིང་དག་གི། །སྒྲོམ་བུའི་ནང་དུ་དེ་བཅུག་ལ། །གཙང་རྡོ་མཉེན་འཇམ་ཕ་ཝང་ལ། །ཀུས་ཏྲས་དེ་ཕྲུ་སྒྲོམ་བུ་དེ་ནང་བཞུགས། །རྒྱ་མཚོའི་གཏིང་དུ་སྦ་བར་བྱ། །ཡང་ན་སྒྲོམ་བུ་དེ་ཉིད་ལ། །རྒྱུས་པའི་འཛོག་གིས་རབ་བསྡམས་ཏེ། །བྲག་དམར་བྲག་ཕུག་དགོན་པར་སྦ། །ལས་འཕྲོ་ཅན་དང་འཕྲད་པར་ངེས། །ཞེས་གསུངས་སོ། །ཕན་གདོན་ཐབས་ཀྱི་ལུང་གི་སྤྱི། སངས་རྒྱས་ཐམས་ཅད་ཀྱི་ཐུགས། ཞེ་སྡང་གི་བཅུད་ཕྱུང་བ། བསྟན་པ་བསྲུང་བའི་མན་ངག་ཐམས་ཅད་ཀྱི་རྩ་བའོ། །དཔལ་གཤིན་རྗེ་ཟླ་གསང་ནག་པོ་རྩ་བའི་རྒྱུད་ཆེན་པོ་ལས། འཁོར་གྱི་ཕུན་སུམ་ཚོགས་པའི་དོན་ལ་བསྟོད་པ་དང་། མན་ངག་སྦས་པའི་ཐབས་བསྟན་པའི་ལེའུ་སྟེ་དོན་བཞི་པའོ།། །།དཔལ་གཤིན་རྗེ་ཟླ་གསང་ནག་པོ། ངན་སྔགས་ཐམས་ཅད་ཀྱི་རྩ་བའི་རྒྱུད། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྫོགས་སྷོ།། །།འཇམ་དཔལ་བཤེས་གཉེན་གྱིས། ཚངས་པ་ཀླུ་གནོད་ཀྱི་བསེའི་ཀ་བ་ལ་སྦས་པ། ཛྙ་ན་གར་བྷས་རྙེད། ནམ་མཁའི་སྙིང་པོ་ལ་སིན་དྷུའི་ནགས་ཚལ་དུ་བགྱིད་དོ། །ཀུན་གྱི་ཐུན་མོང་མ་ཡིན་པས། སྲོག་ཆད་བམ་གྱི་ཁ་བཞིན་བསྡོམ་མོ། །འདི་ཡི་གནས་ནི་བྲག་དང་ཆུ་ལ་བཞག་གོ།། །།

འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་གསང་རྒྱུད།


DNG015_Page_0840
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་ཡ་མཱནྟ་ཀ །གུ་ཧྱ། མན་ཏྲ། ཏན་ཏྲ། བོད་སྐད་དུ། འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་གསང་རྒྱུད། ཆོས་དབྱིངས་རྣམ་དག་སྐྱེ་མེད་ལས། །སྐྱེ་བའི་ཚུལ་བསྟན་སྤྲུལ་པའི་སྐུ། །བཅོམ་ལྡན་ཆེ་བ་ལྷ་ཡི་དཔལ། །འཇིགས་བྱེད་ཆེན་པོ་བསམ་མི་ཁྱབ། །ཐམས་ཅད་སྐུར་སྣང་མ་ལུས་པ། །སྐུ་གསུང་ཐུགས་ལ་ཕྱག་འཚལ་ལོ། །ལས་རྒྱུད་ཕྲིན་ལས་སྔགས་སུ་བསྟན། །ཆོ་འཕྲུལ་སྐུར་བསྟན་བསམ་ལས་འདས། །འདུལ་སྟངས་བསམ་ལས་འདས་པའི་ཕྱིར། །དབུ་དགུ་ཕྱག་ཀྱང་བཅོ་བརྒྱད་སྟེ། །དབུ་ནི་ཉི་ཤུ་རྩ་གཅིག་དང་། །བརྒྱ་རྩ་གཅིག་དང་བྱེ་བའི་ལས། །དྲུག་དང་གཅིག་ཏུ་བསྟན་པ་ལ། །ཐ་དད་ངེས་པ་མེད་པར་བསྟན། །ལྷ་སྲིན་སྡེ་བརྒྱད་གདུལ་བྱའི་ཕྱིར། །བརྒྱད་དུ་བསྟན་པ་ངེས་པ་དང་། །འགྲོ་དྲུག་དོན་དུ་དྲུག་བསྟན་དང་། །སྐུ་གསུང་ཐུགས་དང་ལྡན་ཕྱིར་གསུམ། །ངེས་པ་དེ་བཞིན་གཞག་པའོ། །བགེགས་རིགས་མི་སྲུན་ཀུན་ལ་ལས་འཆོལ་བ། །གང་ཡང་འདྲ་ན་ཁྱད་པར་ཤིས་པ་ནི། །འཇམ་དཔལ་གཤིན་རྗེའི་བསམ་པ་བྱ། །ཀུན་བཟང་རྣམ་དག་མཁའ་ཀློང་ནས། །དུས་གསུམ་བདེ་གཤེགས་ཞི་ཁྲོ་སྤྲུལ། །ཀུན་གྱིས་དབང་བསྒྱུར་གཤིན་རྗེའི་གཤེད། །དབུ་དང་ཕྱག་ཞབས་གང་འཐད་པས། །མོས་པ་བྱ་བ་ཤིན་ཏུ་གཅེས། །གཤིན་རྗེའི་རྣལ་འབྱོར་བརྩོན་པ་ཡིས། །གང་ལ་ལས་ལ་ཐེ་ཚོམ་མེད། །དེ་ལ་འདི་རུ་སྨྲོས་པ་ལ། །ལ་ལ་གཞུང་དེ་ཡོད་པ་དང་། །གང་ཡང་འདྲ་བར་བྱའོ། །འདིར་སྨྲོས་རྩ་བའི་སྔགས་རྫས་གཉིས་དེ་ལ་ཐེ་ཚོམ་མི་བྱ་བའོ། །དམ་པའི་ལེའུ་སྟེ་གཅིག་པའོ།། །།ཨོཾ་ཡ་མཱན་ཏ་ཀ་ཧཱུཾ། ཀཱ་ལ་རཱུ་པ་ཧཱུཾ། ཨོཾ་ཧྲིཿཤྟྲཱིཿབི་ཀྲྀ་ཏ་ན་ཧཱུཾ། ཨོཾ་མཉྫུ་ཤྲཱི་


DNG015_Page_0841
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ། ཡ་མ་རཱ་ཛ་ཧཱུཾ། ཡི་གེ་དྲུག་ལྔ་སུམ་ཅུ་པ་རྩ་བའི་རྩ་བ་བསྐྱེད་པའོ། །དེ་ལ་ཡང་དག་བསྐྱེད་པའོ། །དེ་ཡི་དོན་རྟོགས་ཤེས་པའོ། །ཨོཾ་ཨོཾ། ཨོཾ་ཧཱུཾ། བྷན་ཛ་བྷྱོ་ཧཱུཾ། ཧཱུཾ་ཧཱུཾ་ཕཊ། རུ་བ་ན་ཧཱུཾ་ཕཊ། ཀྻཻ ་ཀྻཻ ་སྟཾ ་སྟཾ ་ཧཱུཾ་ཕཊ། ཡ་མན་ཧྱ་ཧཱུཾ་ཕཊ། སུ་ཏོ་ཧྱ་ཧཱུཾ་ཕཊ། སུ་ཏོ་ཧྱ་ཧཱུཾ་ཕཊ། ལྔ་ལྔར་བསྟན་པ་ཡང་། ཡང་ན་བ་སྟེ་ཡན་ལག་གི། །དང་པོ་དང་ནི་དེ་མཐའ་ལ། །ལས་སུ་བསྔགས་པ་དེ་ཁོ་ནའོ། །ཨོཾ་ཡ་མཱན་ཏ་ཀ་ཛཱ་ཛཱ། ཀཱ་ལ་རཱུ་པ་ཛཱ་ཛཱ། ཨོཾ་ཧྲིཿཤྟྲཱིཿབི་ཀྲྀ་ཛཱ་ཛཱ། ཨོཾ་མན་ཛུ་ཤྲཱི་ཛཱ་ཛཱ། ཨོཾ་ཡ་མ་རཱ་ཛ་ཛཱ་ཛཱ། དེ་དག་རྩ་བ་བགྲང་བའི་ངེས་པའོ། །དེ་ལས་ལན་ཅིག་སྟེ་ཀ་ཧ་ངེས་པའི་རྩ་བ་བསྟན་པ་ལ། དམིགས་པ་དེ་ཁོ་ན་དེ་ལན་ཅིག །གྷུ་ཡ་ཛྙཱ་ན་ཧཱུཾ། བི་དུ་ཡ་མ་ཛཱ་ཡ་ནན། ཨོཾ་མ་ཁ་ལེ་ཁ་ཐུན་མུག་ནན། ཨོཾ་ཡ་མ་ཁ་ཐུན་རཱ་ཛ། ཨོཾ་ཤྲཱི་ཨ་ཀྲོ་བྱ་ཙིར་ཛ་ཧཱུཾ། ཧཱུཾ་ཧུ་ཧེ་རོ་ཏེ་ཀཱ་ཡ་བཱཀ །ཙིཏྟ་ཛཿཧཱུཾ་བཾ་ཧོཿ། ཡན་ལག་ལྔའི་སྒོ་ནས་དེ་བཞིན་དུ། །དམིགས་པ་བཅས་ནས་བྱས་པ་དེ་ལྟའོ། །རྣམ་པ་ཀུན་ཏུ་དེ་བཞིན་བསམ་པ་ཁོ་ནའོ། །མནན་ནམ་གཟིར་བའི་མགོ་བསྟན་ཚོགས། །ལེའུ་སྟེ་གཉིས་པ་ཞེས་བྱའོ།། །།ཛཿཧཱུཾ་བཾ་ཧོཿ། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱན་ཏ་ཀ་ས་མ་ཡ་སྟྭཾ་ཛཿཧཱུཾ་བཾ་ཧོཿ། ཨོཾ་ས་མ་ཡ་མཉྫུ་ཤྲཱི། མུ་དྲ་ཡ་མཱན་ཏ་ཀ་པན་ཙི་ཏེ་དོ་ནི་ཧཱུཾ་ཛ། ཡ་མན་ཀྵ་ཡ་ཛཱ་ཛཱ།གུ་ཡ་ཨུ་ཏྲཾ་ཛཱ་ཛཱ། ལས་དེ་གོང་འོག་ཐམས་ཅད་ཀྱང་། །རིག་པ་བདེ་བ་འབའ་ཞིག་གིས། །དེ་བཞིན་བཅོལ་བའི་རྣམ་པ་དེས། །བཀའ་ལས་དེ་ལྟར་སྣང་བར་ཁོས། །ཡ་མ་རཱ་ཛ་ནི་ཛཱ་ཛཱ། ཞེས་པ་དེ་ཡིས་ཐམས་ཅད་དུ། །བརླག་མཛད་མ་ལུས་དེ་བཞིན་བཅོལ། །བདེ་བར་དེར་ནི་ངེས་པར་རིགས་མ་རུ། །ལུ་མ་ཧེ་མ་བྷྱོ་ཧཱུཾ་ཕཊ་སྭཱ་ཧཱ། །དེ་ནི་ངེས་པའི་མ་དེ་ཡང་། །འབྱུང་བ་ཇི་བཞིན་ལྟས་པ་དེས། །ཁམས་གསུམ་པ་ཙམ་


DNG015_Page_0842
[མ་དཔེ་གཟིགས་ན་འདིར་གནོན།]

རླག་པར་བྱེད། །དེ་ཁོ་མ་ནོར་ངོ་ཤེས་པའོ། །ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱན་ཏ་ཀ་ཀཱ་ལ་རཱུ་པ་ཡ་མཱན་ཏ་ཀ་ཧ་ན་མ་ཐ་བྷན་ཛ་ཧཱུཾ་ཕཊ། བསྐྱེད་པ་དག་དང་ལས་སྔགས་སྦྱར། །དེ་ནི་མ་ནོར་དམ་པ་ཡིན། །སྔགས་སུ་ལྡན་པ་དེ་ཀ་ཡིན། །ཨོཾ་ཨཿཧཱུཾ་བེ་ཏཱ་ལི་རཀྵ་ཡཀྵ་ཨུ་ཙུས་མ་ཀྲོ་དྷ་ཡ་བེ་ཏཱ་ལི་ཧཱུཾ་ཕཊ།འཇམ་དབྱངས་ཁྲོ་བོ་གསང་བའི་སྙིང་པོ་དང་ནི་དབྱིངས་ཡུམ་གྱི། མ་ནོར་དེ་ཡིན་པར་བསྔགས། དེ་ཡང་སྐབས་ཀྱི་རིམ་པར་ཤེས་བྱའོ། །ཨོཾ་མཉྫུ་ཤྲཱི་ཡ་མ་རཱ་ཛ་མ་མོ་ཨེ་ཀ་ཛ་ཊི་ཛཱ་ཛཱ། ཏྲག་རགྴ་སྙིང་ཁ་རགྴ་སྙིང་རག་མོ་བྷྱོ། རག་མོ་ཁ་ལི་བཾ་ཛཱ་བྷྱོ། ཁ་འགྲཾ་མ་ཡུ་ཟ་འགྲཾ། མ་བྷྱོ། རཱུ་དྲ་རྦད། ཏྲག་རཀྴ་རྦད། མ་མ་སྙིང་རྦད། ཁ་མུ་ན་རྦད། ཙིཏྟ་རྦད། མ་རཱ་ཡ་རྦད། བལ་ཕྱུར་བལ་ཕྱུར། མ་མ་ཐུཾ་མ་མ་ཐུཾ། རྦད་དུ་རྦད་དུ། རུ་ཐུམས་མ་ཡ། དུ་ཡཾ་ཙི་ཡཾ་རུ་ཐུཾ་རུ་ཐུཾ་ཡ་ན་རྦད། སྔགས་དང་སྙིང་པོ་གྲངས་མང་ཡང་། །གཟེར་སྔགས་པ་དག་ཨི་ས་ཡིན། །དེ་ན་མན་ངག་ཟིན་པར་བྱ། །དེ་ནི་ཡང་དག་དམ་པ་ཁ། །ལེའུ་སྟེ་གསུམ་པ་ཞེས་བྱའོ།། །།དེ་བྷྱི་ཐུམ་ས་ཏི་ཏ་ཧ་ཧ་ད་མད་མ་ས་མ་ཡ་གུ་གུ་ཐུམ་ཡ་མ་བཾ་རི་ལི་ལི་རྦད་རྦད་སོད་སོད། ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ །ཨུ་ཙུས་མ་ཀྲོ་དྷ་བེ་ཏཱ་ལི་མ་མ་ཀྲོ་ཏཱི་ཤྭ་རཱི་ར་ཀ་ཤ་ཡཀྵ་ཛ་ཛ། སྙིང་ཁ་རག་མོ་བྷྱོ། རག་མོ་སྙིང་ཙ་མོ་བྷྱོ། ཁྲག་ལ་མུ་ཤ་མོ་བྷྱོ། ནག་མོ་ཏིང་ཏང་ཁ་ལ་རག་མོ་བྷྱོ། དུམ་བུ་མ་རཱ་ཡ་དུམ་བུ། ཙིཏྟ་མཱ་ར་ཡ་དུམ་བུ་ཁྲག་དུ་ཁ་ཁ་ཐུམས་ཐུམས། མ་དུ་མ་ཙི་རུ་རུ་ཡ་ན་རྦད་རྦད།ཅེས་ཏེ་ཁྲག་ལ་བཟླས་པ་དེ་ཉིད་དོ། །ཟློས་པ་ཡེ་ཤེས་ཐུན་དུ་བྱས། །རྫས་དེ་རྒྱུད་དེ་ཀུན་ནས་གསལ། །རྨོངས་པར་མི་བྱ་ཁོང་ནག་པའོ། །ཨོཾ་ས་མ་ཡ།ཨཱརྱ་མཉྫུ་ཤྲཱི་མུ་དྲ་ཡ་མཱནྟ་ཀ་པ ་ཏེ་རོ་ནི་ཧཱུཾ་ཛ། ཨོཾ་ས་མ་ཡ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཏ་ཀ་ཡ་མ་རཱ་ཛ། མ་མ་ཨེ་ཀ་ཛཱ་ཊི་ཛཱ་ཛ། ཏྲག་རཀྴ་མུ་ཏྲ་སྙིང་ཁ་རག་མ་བྷྱོ་བྷྱོ། རག་མོ་ཏེ་ཀུ་མ་ཛཱ་ཛ། ཁ་ལ་མི་ཏི་བྷྱོ་བྷྱོ། ཡ་ཡ་ལོག་ཙིན་དན་མ་ལ་བྷྱོ་ཛ།) སྙིང་ཁ་རག་སྲོག་ལ་བྷྱོ་བྷྱོ། དེ་ལ་འདི་ཡི་གཞུང་དག་ཀྱང་། །ཀུན་ཀྱང་གཅེས་པ་ཡིན་མོད་ཀྱང་། །ཁྱད་པར་ལྷག་པ་འགའ་ལས་མེད། །དེ་ཡང་དབྱེ་བསལ་བྱ་བ་དཀའ། །ལེའུ་སྟེ་བཞི་པ་ཞེས་བྱའོ།། །།


DNG015_Page_0843
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཡ་མ་རཱ་ཛ་ས་ཏོ་མེ་བྷྱོ་རུ་ལུ་རུ་ལུ་ཧཱུཾ་ཕཊ། བཾ་རི་ལི་ལི་རྦད་ནན། ཨོཾ་དུབ་ནུར་དུབ་ནུར་ཚལ་པ་ཚལ་པ་ནན། ཨོཾ་ཏྲག་ཤག་སྙིང་གོང་ཤག་མེ་ཁ་ལ་མུ་ལ་ཙ་ཐུན་ནན། ཨོཾ་སྭ་ཏི་རུ་རུ་ར་ཙ་ཀྲོ་ཀྲ་ཙ་ར་ཙ་ར་ནན། མཱ་ར་ཡ་ནན། དེ་དགོས་པ་ལྷག་པའི་སྔགས། །ལྔ་འམ་བཞི་རུ་བཟླས་པ་ནི། །མཐུན་པའི་གྲོགས་སུ་འགྲོ་བ་ཡིན། །དེ་ཡང་འདིར་ཏེ་དྲག་པོའི་སྔགས། །ཨོཾ་ཨ་ཀྲོ་ཏེ་ཀ་མཉྫུ་ཤྲཱི་ཀ་ལ་རཱུ་པ་ཀྴ་ཡ་ནན། བཾ་རྦད་རུ་ལུ་ཧཱུཾ་ཛ། ལུ་ཚལ་པ་ཡི་ནི་ཏོ། ཤ་རུ་ནི་ནན། མཱ་ར་ཡ་ནན། ཨོཾ་ཡ་མཱནྟ་ཀེ་ཀྵཾ། ཨཱརྱ་ཨ་ཙ་ལ་ཀྵཾ། ཨོཾ་མ་དུ་ག་ཙ་ཙ་ཚལ་པ་ཚལ་པ་རྦད་རྦད་མ་དུབ་ཀྴྨྱཻ། ཡ་མ་ཡ་མན་ཀྴྨྱཻ། སྲོག་རྩ་ལ་མུག་ཏེ་རྦད། རྩ་རྩར་ཛ་རྦད། མ་ཨེ་ཁྲག་ལ་དུན་དུན་སྙིང་གཏུབ། སྲིན་པོའི་རུས་པ་ལ་ཆོམ་ཆོམ་ཚལ། གཤིན་རྗེའི་ཁྲག་ལ་ལྷན་ལྷན་ཐོབ། ཁྲཾ་ཁ་ཁྲཾ་རི་ལིའི་ནྲྀ་ཛ་རྦད།ཨོཾ་ཁྲག་ཐུན་མུག །ཨོཾ་མུག་ཡ་མུག་ཏི་སུབས། ཆོ་ཆོ་ཡཾ། བལ་ཧུབས་བལ་ཧུབས། བལ་ཡུ་སྙིང་གོང་རྩ་ཐུ་ནན། བལ་ཐུན་ནན། ཁྲག་ཐུན་ཁོང་ཁྲག་ལ་ཡ་ཡ། ཁྲག་ཐིག་ལ་ཕོབ། སྙིང་ཐིག་ལ་ཕོབ། རྩ་ཐིག་ལ་ཕོབ། སྲོག་ཐིག་ལ་ཕོབ། ཨོཾ་རག་མོ་ཤན་པ་མཱ་ར་ཡ་ནི་ཛ། མགོ་འཕྱང་མ་ཛཱ་ཛ། དུན་རྨུགས། བླ་རྩ་ལ་ཛཱ་ཛ། རྩ་པོ་མེ་ལ་དུན་རྨུགས། ནང་ཁྲོལ་སྨད་ལྔ་ལ་རྩ་བཾ། ཐུན་བཾ་ཐུམ་རི་ལི་ལི་རྦད་རྦད། མཐུན་པའི་རྫས་ནི་བསོག་པ་གཅེས། །མ་ནོར་སྔགས་བཟླས་ཤིན་ཏུ་གཅེས། །དགོས་པའི་མཐུན་འཕྲོད་ཚོགས་པ་ནི། །འབྲས་བུ་ཆུད་མ་གསན་པར་གྱིས། །ཨ་ལ་ཞེས་བརྗོད་ཡ་བྱར་གྱིས། །དམིགས་པའི་དགོངས་པ་སངས་པར་གྱིས། །ལེའུ་སྟེ་ལྔ་པ་ཞེས་བྱའོ།། །།ཐ་མའི་གསང་སྔགས་ཞེས་བྱ་བ། །ཡ་དང་མ་དང་ར་དང་ཛ། །ས་དང་ཏ་དང་མ་དང་ཡ། །ཡ་དང་མེ་དང་ཏོ་དང་རུ། །ན་དང་ཡོ་དང་ད་དང་ཡ། །ཡ་དང་ད་དང་ཡོ་དང་ནི། །ར་དང་ཡ་དང་ཀྵ་དང་ཡ། །ཡ་དང་ཀྵེ་དང་ཡ་དང་ཛ། །ནི་དང་ར་དང་མ་དང་ཡ། །རྩ་བའི་ཡི་གེ་འདི་རྣམས་ཀྱང་། །འཇམ་དབྱངས་དཔལ་གྱི་ཐུགས་ཡིན་ཟེར། །ད་ལྟ་མ་ཡིན་ལས་བྱེད་པའི། །གཤིན་རྗེའི་ངོ་བོ་ཡོ་རྟོགས་ཡིན། །དེ་ཡི་རྩ་བར་ལྟ་བར་


DNG015_Page_0844
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། །ཡང་ན་ལྷ་སྲིན་སྡེ་བརྒྱད་ཀྱི། །རྩ་བ་བསྡུས་པ་ཡིན་པར་བཞག །དེ་ཕྱིར་གསང་སྔགས་ངོ་ཤེས་བྱ། །དབུས་ན་ཡ་གནས་ཡི་དྭགས་ཆེན་པོའི། །ཕྱི་ན་བཅུ་དྲུག་གནས་པ་ནི། །ལྷ་སྲིན་སྡེ་བརྒྱད་ཡུམ་དང་བཅས། །དེ་ལ་བཅུ་དྲུག་དག་ཏུ་འདོད། །ཡང་ན་ལས་ཀྱི་གཤིན་རྗེ་བརྒྱད་དུ་འདོད། །དེ་ཡི་ཆུང་མ་བརྒྱད་དང་བཅུ་དྲུག་འདོད། །ཡང་ན་གིང་ཆེན་བརྒྱད་དང་ཆུང་མར་བཅས། །གང་ལྟར་བྱས་ཀྱང་དྲེགས་པ་བརྒྱད། །དེ་ཕྱིར་ལས་མཁན་ཞེས་སུ་གྲགས། །དེ་ལ་དབུས་ཀྱི་ཡི་དྭགས་ཆེན་པོ་ཡི། །ཕྱོགས་དང་མཚམས་སུ་ཕར་འཕྲོས་པས། །ཡ་ནས་ཡར་བསྐྱལ་ཡ་བརྒྱད་ལ། །འཇམ་དབྱངས་ཁྲོ་བོས་ཡ་བརྒྱད་མནན། །ཕར་ལ་བསྐུལ་ཞིང་ཚུར་ལ་བསྡུས། །ལྷ་དང་ཀླུ་དང་གནོད་སྦྱིན་ནོ། །དྲི་ཟ་ལྷ་མིན་ནམ་མཁའ་ལྡིང་། །མི་འམ་ཅི་དང་ལྟོ་འཕྱེའོ། །ཕྱི་ལྟར་བལྟས་ན་དེ་ལྟར་སྣང་བའོ། །སྲིན་པོ་མ་མོ་བདུད་དང་ནི། །གཤིན་རྗེ་རྒྱལ་འགོང་བཙན་དང་ནི། །ཀླུ་སྲིན་བགེགས་ཆེན་འབྱུང་པོ་བརྒྱད། །ནང་ལྟར་དེ་ཚུལ་གྲགས་པ་ཡིན། །ཆོས་ཀྱི་རྒྱལ་པོ་ཡ་བ་ཏི། །གླང་མགོ་ཏེལ་པ་ཕྱ་སངས་དང་། །རལ་པ་ཚར་དགུ་སྨིགས་པ་དང་། །མྱོས་བྱེད་འབར་བ་བརྒྱད་དུ་བསྟན། །བཛྲ་ཞིང་དང་བཛྲ་ས། །བཛྲ་ལྷུན་པོ་བཛྲ་སྦྱིན་པ་དང་། །བཛྲ་ཏྲི་འཛིན་བཛྲ་ཀུན་སྡུད་དང་། །བཛྲ་ཉེས་སེལ་བཛྲ་གནས་མེད་དོ། །གིང་དུ་གྲགས་པ་དེ་ཁོ་ན། །དེ་རྣམས་ལས་མཁན་ཡིན་པར་གཅིག །ཕར་ལ་ལས་བྱེད་གཤིན་རྗེ་ཕོ་མོ་ཡིན། །བསྒོ་བའི་ལས་བྱེད་དགུག་པའོ། །ཨ་མུ་ཀ་སྤྲ་མ་ཡ་ཧཱུཾ་མ་ར་ཤྲཱི་ཀྲ་མ་ནཱ་ཤ་ཡ་ཧཱུཾ་ཕཊ། ཨ་མུ་ཀཾ་རཀྟ་ཙ་ར་ཡ་ཧཱུཾ་མཱ་ར་ཡ་ཤྲཱི་ཏྲཾ་ནཱ་ཤ་ཡ་ཧཱུཾ་ཕཊ། ཨ་ཀ་མུར་ཙ་ཡ་ཧཱུཾ། མར་ཤྲཱི་ཀྲི་ནཱ་ཤ་ཡ་ཧཱུཾ་ཕཊ། ཨ་མུ་ཀཾ་མཱ་ར་ཡ་ཧཱུཾ།མ་ར་ཤྲཱི་ཀྵཾ། ནཱ་ཤ་ཡ་ཧཱུཾ་ཕཊ། ལས་རྣམས་མ་ལུས་བྱེད་པ་ཡང་། །མགོ་འཁོར་བྱེད་དང་ཁྲག་སྐྱུགས་བྱེད། །ཡིད་མྱོས་བརྒྱལ་དང་གསོད་པར་བྱེད། །མགོ་བོ་འཁོར་ཏེ་ལ་འུར་བསད། །ཁྲག་ཏུ་སྐྱུགས་ཏེ་ལ་འུར་བསད། །ཡིད་མྱོས་བྱས་ཏེ་ལ་འུར་བསད། །བསད་པ་


DNG015_Page_0845
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ཀྱིས་ལ་འུར་བསད། །ཉིན་བཞིས་གསད་པའི་ལས་དེ་བྱ། །ཡང་དེ་འདི་ལ་བཟླས་པར་བྱ། །ཨོཾ་ཧྲཱྀཿཥྚྲཱྀཿབི་ཀྲྀ་ཏཱ་ན་ན་ཙིཏྟ་ལ་རཀྟ་ཀ་སྤྲ་མ་ཡ་ཧཱུཾ་ཕཊ། ཨོཾ་ཤྲཱི་པྲི་ཏོ་མ་ན་ཙི་པ་མ་ཙ་ཏ་པ་ཙ་ཧ་ན་ཕ་རཀྟ་ཙ་ར་ཡ་ཧཱུཾ་ཕཊ། ཨོཾ་ཨནྡྷ་ནེ་ཏ་ན་བླ་ཨ་མོ་ཀ་ཙི་ཏ་ཏི་ཏ་ཡ་མུ་ར་ཙ་པ་ཧཱུཾ་ཕཊ། ཨོཾ་ཡ་མ་དྷི་བྷེ་པ་ཏ་དུམ་ཙ་ཏ་མཱ་ར་ཤྲཱི་ཡ་མཱ་ར་ཡ་ཧཱུཾ་ཕཊ། དེ་ཡང་བཞི་རུ་བཟླས་པས་ནུབ། ཧཱུཾ་ཡ་མ་རཱ་ཡ་ཧཱུཾ་ཕཊ། ཧཱུཾ་ཡ་མ་བེ་ཤ་མཱ་ར་ཡ་ཧཱུཾ་ཕཊ། ཧཱུཾ་ཡ་མ་སྙིང་ཏ་མཱ་ར་ཡ་ཕཊ། ཡ་ཡ་ཛ་ཛ་ཧཱུཾ་ཧཱུཾ། ལས་ཀྱི་གཟེར་དུ་བསྔགས་པ་ཡང་། །དེ་ལྟ་བུ་དག་བཟླས་པ་ཡང་། །དེ་ལྟར་འཁོར་ལོའི་སྔགས་ལས་གཞན་པ་མེད། །དེ་ལ་འདུས་པ་དེ་ལྟར་རྩ་བའི་འདུས་པ་ཡིན། །ཨོཾ་མཉྫུ་ཤྲཱི་ཡ་མཱན་ཏ་ཀ་ཨུ་ཙུས་མ་ཀྲོ་ཏ་པེ་ཏ་ལི། ཨོཾ་བི་ཀྲི་ཤྲཱི་རཀྴ་ཧཱུཾ་ཛཱ་ཛྷྱ། སྙིང་ཁ་རག་མོ་སྙིང་རྩ་རྩ་མ་བྷྱོ། ཁྲག་ལ་མུ་ཤ་མ་བྷྱོ། ནག་པོ་གཏིང་མཾ་མཾ་བྷྱོ། ནག་པོ་སྙིང་ཏ་ར་ལ་རག་མོ་བྷྱོ། དུམ་བུ་མ་ར་དུམ་ཙི་ཏ་ར་དུམ་བུ་ཁྲག་ཏུ་སྐྱུགས་ཁ་ཁ་ཐུན། ས་ཐུམས་མ་ཙི་ནུ་ནུན་ཡ་རྦད་རྦད། དེ་ལྟར་བེ་ཏཱ་ནག་མོ་ལ། །སྔགས་དེ་བཟླས་པས་བརྡེག་པ་ཡང་། །སྐབས་དང་སྦྱར་ཏེ་བཟླས་པར་བྱའོ། །དེ་ལྟར་མན་ངག་ཅན་གྱིས་ཤེས་པར་བྱ། །ཨོཾ་ཤྲཱི་མཉྫུ་བཛྲ་ཀྲོ་ཏ་དཱི་པ་ཏ་ཙཀྲ། ཨོཾ་བཛྲ་སྭཱ་ཧཱ་ཧཱུཾ་ཧྲཱྀ་ཕུར་ཕུ་ཕུར་ཕུ་ཧཱུཾ་ཕཊ།ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། སརྦ་བིགྷཱ་ནཱན་བཾ་ཧཱུཾ་ཧཱུཾ་ཤྲཱི་པ་ཙ་ཧཱུཾ་ཕཊ། འཇམ་དབྱངས་ནག་པོའི་བཅའ་གཞི་སྟེ། །ཁྲོ་བོའི་རྒྱལ་པོ་འདི་ཡིས་ནི། །ལས་རྣམས་མི་འགྲུབ་གཅིག་ཀྱང་མེད། །འདི་ལ་མོས་པའི་རྣལ་འབྱོར་པས། །བྱང་ཆུབ་འདི་དོན་གཉིས་ཀ་གྲུབ། །དེས་བསྟན་དྲུག་རིམ་གསལ་བས་སྣང་། །ནག་པོའི་སྔགས་རྣམས་ཤེས་པར་སྤྱོད། །ལེའུ་སྟེ་དྲུག་པའོ།། །།ཡང་དེ་འཇམ་དབྱངས་ནག་པོ་ཡི། །སྔགས་རྣམས་བསྟེན་པ་དེ་ལ་ནི། །འཁོར་རྣམས་མི་བསྲུན་གང་ཡིན་དང་། །ལས་རྣམས་ཇི་ལྟར་བྱ་བ་ནི། །བསལ་བ་དག་ཏུ་བསྟེན་པ་ཡིས། །དེ་ལ་འདི་ཡི་གནས་སྐབས་སུ། །གནས་དང་དུས་དང་མཎྜལ་


DNG015_Page_0846
[མ་དཔེ་གཟིགས་ན་འདིར་གནོན།]

རྫས། །དགོངས་པ་སྒྲུབ་དང་རྡེག་པ་ཡང་། །མཚན་མ་གྲོལ་དུས་མནན་པའོ། །དོན་བཅུ་ཚང་བར་བྱེད་དགོས་ཏེ། །རྒྱུད་གཞན་ཀུན་ནས་ཞིབ་པར་བསྟན། །འདིར་ནི་སྔགས་རྣམས་རྒྱུན་ཏུ་གསུངས། །ལེའུ་སྟེ་བདུན་པ་ཞེས་བྱའོ།། །།ལྷོ་ཕྱོགས་གཤིན་ཡུལ་དམེ་ནག་ཏུ། །འཇམ་དཔལ་ཁྲོས་པ་གཤིན་རྗེའི་གཤེད། །འཆི་བདག་བཤན་པའི་ཚོགས་རྣམས་ལ། །ཞེ་སྡང་རང་འདུལ་དྲག་སྔགས་རྒྱུད། །རྩོད་དུས་བསྟན་པ་མར་འགྲིབ་ལ། །འབྱུང་བ་ཡིན་གྱི་གཞན་དུ་མིན། །ཞལ་གསུམ་མཐིང་ནག་དྲག་པོའི་སྐུ། །རོ་ལངས་སྲས་མཆོག་ཡབ་ཡུམ་བཞི། །བསྒོམ་པ་ཡིན་གྱི་གཞན་དུ་མིན། །རྩ་གསུམ་རྩ་བཞི་བཅུ་གཅིག་དང་། །བཅུ་གཉིས་དགུ་དང་བདུན་དུ་བསྟན། །རྒྱུན་དུ་གཉིས་མེད་རེ་ཏི་སྟོང་། །འཇིག་རྟེན་ཕོ་མོའི་སྲོག་ཏུ་བསྟན། །བསྙེན་པ་དང་ནི་ཉེ་བའི་མཆོག །དམ་པ་ཡིན་ནམ་ཟེར་བའི་མཆོག །ཤེས་པ་ཉམས་སུ་བླངས་པའི་མཆོག །དཔལ་གཤིན་རྗེའི་གཤེད་པོས་གསུངས་པ། །གདུག་པ་གཏན་ནས་རླག་པ་ལ་འཁོར་རྣམས་ཡི་རངས་ཏེ་མངོན་པར་བསྟོད་དོ། །གསང་བ་སྔགས་ཀྱི་རྒྱུད་ལས་ཕྱི་མའི་ལེའུ་སྟེ་བརྒྱད་པའོ།། །།འཇམ་དཔལ་གསང་བའི་རྒྱུད་ཕྱི་མ་རྫོགས་སོ།། །།གནུབས་པདྨ་དབང་རྒྱལ་གྱིས་ཐུགས་ཀྱི་བརྣག་པའོ།། །།ཡ་མ་རཱ་ཛ་ཁྲོས་པའི་རྒྱུད་དོ།། །