cover

རྙིང་མ་རྒྱུད་འབུམ་པོད་བཅུ་དྲུག་པ། མ༽

སྡེ་དགེའི་ཤིང་པར་རྙིང་མ་རྒྱུད་འབུམ།

རྩོམ་མཁན།

Nitartha international

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

དཔལ་ཟླ་གསང་ནག་པོའི་རྒྱུད།


DNG016_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་གསང་མེ་ལྕེ་ཕྲེང་བ། རྒྱ་གར་སྐད་དུ། ཤྲཱི་ཙནྡྲཱ་གུ་ཧྱ་ཀཱ་ལ་ཏནྟྲ། བོད་སྐད་དུ། དཔལ་ཟླ་གསང་ནག་པོའི་རྒྱུད། དཔལ་འཇིགས་བྱེད་ཀྱི་རྒྱལ་པོ་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བདག་ཉིད། འཇིགས་བྱེད་ཀྱི་རྒྱལ་པོ་ཆེན་པོ་ཆེ་བ་ཀུན་གྱི་བདག་ཉིད། ཟབ་མོའི་གསུང་བརྗོད་དུ་མེད་པའི་སྒྲ་སྐད་སྣ་ཚོགས་སུ་གསུང་བ། དྲན་རྟོག་ཐམས་ཅད་ཡེ་ནས་ལྷུན་གྱིས་གྲུབ་པའི་དགོངས་པ་ལས་མི་གཡེང་བའི་སར། རྡོ་རྗེའི་ངང་ཚུལ་བསྟན་པའི་བདག་ཉིད་ཀྱིས། སྣང་བའི་ངང་མ་བཅོས་པའི་སྟོབས་དང་ལྡན་པའི་དབྱིངས་ནས། ཐམས་ཅད་གསལ་བའི་འོད་ཀྱི་ཉི་མ་ལྟ་བུའི་དཀྱིལ་འཁོར་གྱིས། སྲིད་པའི་བག་ཆགས་མ་ལུས་པ་བསྲེག་པར་མཛད་པའི་འོད་ཅིར་ཡང་སྣང་བ་སྟེ། འོག་མིན་གྱི་གནས་དབུས་མཐའ་མེད་པའི་གཞལ་ཡས་ཁང་ཡེ་ཤེས་རིན་པོ་ཆེ་དུར་ཁྲོད་ཀྱི་རྒྱུ་


DNG016_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱུང་བ། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་དུར་ཁྲོད་དུ་གདལ་བ་ཆེན་པོའི་དཀྱིལ་འཁོར་གྱི་རང་བཞིན། ཁྲག་གི་རྒྱ་མཚོ་རྦ་ཀློང་འཁྲུགས་པའི་ཀློང་ནས། ཀེང་རུས་ཆེན་པོའི་རི་རབ་ཀྱི་སྟེང་དུ། རྡོ་རྗེ་མེ་དཔུང་ཀློང་དུ་འཁྱིལ་པའི་སྟེང་འོག་རྡོ་རྗེ་རྒྱ་གྲམ་མིག་མང་རིས་སུ་བྲིས་པས་གཏམས་པ། ཕྱོགས་བཞིའི་ངོས་བཞི་ཐོད་པ་སྐམ་རློན་གྱི་རྒྱ་གྲམ་དུ་བརྩིགས་པ། རྩེ་མོ་གནམ་ལྕགས་ཨུ་རྨོ་རུ་སྣང་བ། འཁོར་ལོ་གཏམས་པའི་བད་གཏམས་པ། འཁོར་ལོ་དང་གནམ་ལྕགས་ཀྱི་འོད་ཕྱོགས་བཅུར་འཕྲོ་བ། འོད་དང་འོད་ཟེར་རབ་ཏུ་འཁྲུགས་པ། མཆོག་ཆེན་དང་རྐང་ཆེན་དང་། མཆོག་ཕྲ་མོའི་གྲལ་གཏམས་པ། བམ་ཆེན་པོའི་ཀ་བ་ལ་ཆུ་སྲིན་གྱི་ཀ་ཞུ་ཅན། འཁོར་ལོ་འབར་བའི་ཀ་གདན་ཅན། ཞིང་ཆེན་བསྣོལ་མ་རིས་ཀྱི་གདུང་། རུ་དྲ་ཆེན་པོ་བསྒྲལ་བའི་རྩིབ་ཕྱམ་བཏང་བ། ཨུར་མོའི་ཚ་ཚ་འཕྲོ་བ། དུང་ཆེན་ཁྲི་འབུམ་སར་འཁྱིལ་པ། ཞིང་ཆེན་གྱི་བླ་རེས་སྤྲིན་ལྟ་བུར་བཀླུབས་པ། ཆུ་སྲིན་གྱི་མགོས་གཏམས་པ་ན། འཇིགས་བྱེད་ཀྱི་རྒྱལ་པོ་ཡ་མཱནྟ་ཀ །ཧེ་རུ་ཀའི་རྒྱན་ཐུན་མོང་མ་ཡིན་པའི་མཚན་དང་དཔེ་བྱད་དུ་ལྡན་པ་དེ། སྦྱོར་སྒྲོལ་གྱི་ཡུམ་དང་གཉིས་མེད་འདྲེལ་བའི་ཚུལ་གྱིས་བཞུགས་སོ། །


DNG016_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་སྤྲུལ་པའི་གཤེད་བཞི་ལ་སྩོགས་ཏེ། གཤིན་རྗེའི་འཁོར་ཚོགས་ཉིད་ལས་མི་གཞན་པ་དང་། ཉིད་ལས་གཞན་པའི་རིག་པ་ཁྱད་པར་ཅན་དང་། སྨོན་ལམ་གྱི་མོས་པའི་སྐལ་བ་ཅན་ལ་སྩོགས་པ། དཔག་གིས་མི་ལང་བ་ཏིལ་གྱི་གང་བུ་བཞིན་དུ་བཞུགས་སོ། །དེ་ནས་འཇིགས་བྱེད་ཁྲག་འཐུང་གི་རྒྱལ་པོ་ཡ་མཱནྟ་ཀ་དེས། སྒྱུ་མ་ལ་དབང་སྒྱུར་བའི་ཏིང་ངེ་འཛིན་དང་། ཆོས་ཉིད་སྒྱུ་མ་ལ་དབང་སྒྱུར་བའི་ཏིང་ངེ་འཛིན་དང་། གོ་འཕང་ཆེན་པོ་ལ་སྦྱོར་བའི་ཐབས་ཀྱི་ཏིང་ངེ་འཛིན་དང་། བྱང་ཆུབ་ཀྱི་སེམས་གཉིས་སུ་མེད་པའི་ཏིང་ངེ་འཛིན་དང་། བྱམས་པ་ཆེན་པོའི་ཏིང་ངེ་འཛིན་དང་། སྙིང་རྗེ་ཆེན་པོའི་ཏིང་ངེ་འཛིན་དང་། རྫུ་འཕྲུལ་ཆེན་པོའི་ཏིང་ངེ་འཛིན་དང་། རྗེས་སུ་སྟོན་པའི་ཆོ་འཕྲུལ་དང་ལྡན་པའི་ཏིང་ངེ་འཛིན་དང་། ཐུགས་རྗེས་ཞེ་སྡང་སྒྲོལ་བའི་ཏིང་ངེ་འཛིན་དང་། ཤེས་རབ་ཀྱིས་འདོད་ཆགས་སྒྲོལ་བའི་ཏིང་ངེ་འཛིན་དང་། ཡེ་ཤེས་ཀྱིས་གཏི་མུག་སྒྲོལ་བའི་ཏིང་ངེ་འཛིན་དང་། ཡོན་ཏན་གྱིས་ང་རྒྱལ་སྒྲོལ་བའི་ཏིང་ངེ་འཛིན་དང་། འབད་པ་མེད་པའི་ཆོ་འཕྲུལ་གྱིས་ཕྲག་དོག་འཇོམས་པའི་ཏིང་ངེ་འཛིན་དང་། ཐུབ་པས་བདུད་རྣམས་འཇོམས་པའི་ཏིང་ངེ་འཛིན་དང་། དེ་རྣམས་ལ་སྙོམས་པར་ཞུགས་སོ། །དེ་ཡི་འཛིན་རྟོག་དབང་གིས་ནི། །འཇིག་རྟེན་གསུམ་པོ་རིམ་གྱིས་ཆགས། །འགྲོ་དྲུག་སེམས་ཅན་མ་ལུས་ལ། །དྲེགས་པས་རིམ་པར་དབང་བསྒྱུར་བ། །བསམ་པ་ལོག་པའི་བར་ཆད་བདུད། །ང་རྒྱལ་ཁེངས་པའི་གཤིན་རྗེ་དང་། །ཞེ་སྡང་མྱོས་པའི་སྲིན་པོ་དང་། །དུག་གསུམ་རྒྱས་པའི་རྒྱལ་པོ་དང་། །ཕྲག་དོག་འདོད་ཆགས་མ་མོ་སོགས། །ཁམས་གསུམ་མ་ལུས་རིམ་གྱིས་བསྡུས། །ང་རྒྱལ་དྲེགས་པའི་གཟུགས་འཆང་བ། །གཟུགས་ཕུང་ཆེ་ལ་རྡོས་པ་རགས། །ང་རོ་ཆེ་ཞིང་གཏི་མུག་ཅན། །ལག་ན་མཚོན་ཆ་སྣ་ཚོགས་ཐོགས། །བྱམས་དང་སྙིང་རྗེའི་ལམ་དང་བྲལ། །ཆེ་བཙན་རྟག་པར་འཛིན་པའི་མཐུས། །ལོག་པའི་ལམ་དང་གོལ་བའི་སར། །ཕྱིན་ཅི་ལོག་ལ་ཡིད་ཆེས་པས། །ལས་སུ་མཚན་མའི་ཆོས་ལ་སྤྱོད། །སྲིད་པའི་ས་བོན་རྩུབ་མོས་འཕངས། །དམྱལ་


DNG016_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྡུག་བསྔལ་ཉམས་སུ་མྱོང་། །བསྐལ་པ་བཅུ་རུ་མྱོང་བའོ། །གལ་ཏེ་དེ་ལས་ཐར་ནས་ཀྱང་། །ཡི་དྭགས་མོ་དང་མཁའ་འགྲོ་ལ། །བསྐལ་པ་དྲུག་ཏུ་གནས་པའོ། །གལ་ཏེ་དེ་ལས་ཐར་ནས་ཀྱང་། །སླར་ཡང་སྲིན་པོའི་ལུས་བླངས་ནས། །གོང་མ་བཞིན་དུ་འཁོར་བར་གྱུར། །དེ་ཡི་འཁོར་ཡང་སྲིན་མོ་དང་། །མ་མོ་དང་ནི་མཁའ་འགྲོ་དང་། །ཤིན་ཏུ་གཏུམ་པའི་འཁོར་དང་བཅས། །གསོད་པ་འབའ་ཞིག་གྲིམས་པ་དང་། །ཤ་དང་ཁྲག་དང་སྲོག་ལ་སྤྱོད། །ངེས་པའི་ལུང་དང་མ་ལྡན་པས། །ཀུན་ཀྱང་ལོག་པའི་ལམ་དུ་གྱུར། །སྤྲུལ་སྐུ་ལ་སོགས་སངས་རྒྱས་ཀྱིས། །འདུལ་བའི་ལས་སུ་མ་གྱུར་ཏེ། །སླར་ཡང་ཁེངས་པས་ལྡོག་པར་བྱེད། །དེ་ནས་འཁོར་གྱི་དངོས་པོ་རྣམས་ཀྱིས། ཕྱོགས་བཅུ་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་དགྱེས་པ་ཆེན་པོ་རྔམས་པ་ཉིད་ལ་བརྡས་བསྐུལ་ཏེ། ཨེ་མ་ཧོ། ཕྱོགས་བཅུ་དུས་གསུམ་རྫོགས་པ་ཡི། །ཡེ་ཤེས་འདུས་པའི་ཕྲིན་ལས་མཆོག །ཡེ་ཤེས་ཕྲིན་ལས་རྨད་པོ་ཆེ། །སྤྲོས་ལ་མངོན་པར་འཆེལ་བ་ཡིས། །ང་རྒྱལ་དྲེགས་པའི་གདུག་པ་ཅན། །གདུལ་བྱ་སྨིན་པར་མཛད་དུ་གསོལ། །ཞེས་ཞུས་སོ། །དེ་ནས་འཇིགས་བྱེད་ཆེན་པོས་བཀའ་སྩལ་པ། བདུད་དང་སྲིན་པོ་གཤིན་རྗེ་སོགས། །ང་རྒྱལ་དྲེགས་པས་བཅིངས་ནས་ནི། །ཤིན་ཏུ་གདུག་ཅིང་གཏུམ་བྱེད་པས། །དེ་ལ་ཞི་བས་ཕན་མི་འགྱུར། །ཤེས་རབ་ཐབས་དང་ལྡན་བྱས་ནས། །ཁྲོ་བར་དེ་བཞིན་གཤེགས་པས་མཛད། །སངས་རྒྱས་ཐུགས་རྗེ་ཁྲོས་པ་ཡིས། །ཁམས་གསུམ་མ་ལུས་ཐམས་ཅད་ཀུན། །སྐད་ཅིག་ཡུད་ལ་བརླག་འགྱུར་ན། །འཇིག་རྟེན་གསུམ་པོ་སྨོས་ཅི་དགོས། །དེ་ནས་འཇིགས་བྱེད་ཆེན་པོ་དེས། །ལས་ངན་པའི་སྲིན་པོ་ལ་སོགས་པ་ཀུན། ཉོན་མོངས་པའི་བག་ཆགས་སྦྱང་བ་དང་། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་བདེ་བ་ལ་གཞག་པའི་ཕྱིར། ཐུགས་རྗེ་ཆེན་པོའི་ཡེ་ཤེས་སྐྱེས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རྔམ་པ་ཆེན་པོ་ཡེ་ཤེས་ཀྱིས་རྒྱལ་པོ་དེ་


DNG016_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་འཇིགས་བྱེད་ཆེན་པོའི་རྒྱལ་པོ། རོལ་པ་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཆོས་ཀྱི་དབྱིངས་སྐྱེ་བ་མེད་པའི་དབྱིངས་ནས་ཉིད་ཀྱི་གསང་བའི་བདག་མོ་ཁྲོས་པའི་རྒྱལ་མོ་རོ་ལངས་མ་མངོན་དུ་ཕྱུང་སྟེ། ཧ་ཧ་ཞེས་པའི་གཟི་མདངས་ཀྱིས། བྷ་ག་གྲུ་གསུམ་དུ་རྒྱས་པར་མཛད། གཉིས་སུ་མེད་པའི་དགྱེས་པ་ཆེན་པོ་ལ་ཐིམས་ནས། གསང་བ་བྱང་ཆུབ་ཀྱི་སེམས་ཀྱི་སྤྲིན་ལས། ཧཱུཾ་ཧཱུཾ་ཧཱུཾ་བྷྲཱུཾ་བི་ཤྭ་བི་ཤུད་དྷི། ཀྲོ་དྷ་བཛྲ་ཛྭ་ལཱ་ཡ་མཎྜ་ལ་ཕཊ་ཕཊ། ཧ་ལ་ཧ་ལ། ཧཱུཾ་ཧཱུཾ་ཧཱུཾ། ཞེས་བརྗོད་པས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་དུ། དུར་ཁྲོད་བརྡལ་བ་ཆེན་པོའི་རང་བཞིན། ཁྲག་གི་རྒྱ་མཚོ་རྦ་རླབས་འཁྲུགས་པའི་ཀློང་ནས། ཀེང་རུས་ཆེན་པོའི་རི་རབ་ཀྱི་སྟེང་དུ་རྡོ་རྗེ་མེ་དཔུང་ཆེན་པོ་ཀློང་དུ་འཁྱིལ་པའི་དབུས་ན། ཕྱོགས་བཞི་ངོས་བཞི་ཐོད་པ་སྐམ་རློན་རྒྱ་གྲམ་དུ་བརྩིགས་པ། འོག་རྡོ་རྗེ་རྒྱ་གྲམ་མིག་མང་རིས་སུ་གཏམས་པ། ཡེ་ཤེས་ཀྱི་རྡོ་རྗེ་རྒྱ་གྲམ་འོད་འཕྲོ་བ། འཁྲུགས་པ། འབར་བ། ཁམས་གསུམ་ཐམས་ཅད་ཁྱབ་གདལ་བ། དབུས་གྲུ་གསུམ་ཟླ་གམ་གསུམ་དང་ལྡན་པ། མུ་ཁྱུད་ཐོད་པ་དང་རྡོ་རྗེ་རྒྱ་གྲམ་བསྣོལ་མར་བསྐོར་བ། ཕྱི་རིམ་འཁོར་ལོ་རྩིབས་བཞི་པ། དེའི་ཕྱི་རིམ་འཁོར་ལོ་རྩིབས་བརྒྱད་པ། རྡོ་རྗེའི་ར་བས་བསྐོར་བ། མུ་ཁྱུད་ཟླུམ་པོས་བསྐོར་བ། ཕྱི་རིམ་མུ་ཁྱུད་ཟླུམ་པོ་ཐོད་རློན་གྱིས་བསྐོར་བ། གྲུ་ཆད་ཀྱི་མཚོ་ལ་རོ་སྣ་ཚོགས་འཕྱོ་བ། འབྱམས་པ། སྣམ་བུས་མཛེས་པ། སྒོ་བཞི་རྟ་བབས་དང་ལྡན་པ། རྒྱན་གྱི་ཚོགས་ཀྱིས་བསྐོར་བ། ཕྱི་དང་ནང་མེད་པ། ཀུན་ཏུ་ཡང་ནང་དུ་གྱུར་པ། ཁམས་གསུམ་པ་ཐམས་ཅད་རྡོ་རྗེ་ར་བའི་བརྩིག་པ་འཆོར་བ་མེད་པའི་གཞལ་ཡས་ཁང་ན། ཁྲོ་བོ་དང་། ཁྲོ་མོ་རོལ་པའི་རྒྱན། སྟོང་གི་འཇིག་རྟེན་གྱི་རྡུལ་ཕྲ་མོ་སྙེད་འཐོན་པར་གྱུར་ཏེ། དེས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་འུར་འུར་དང་། ཆེམ་ཆེམ། ཤིག་ཤིག །གཏོར་གཏོར། གཏོགས་ཤིག་དང་། ཆོམས་ཤིག །སོད་ཅིག །དྲོལ་ཅིག །སྦྱོངས་ཤིག་པས། འཇིག་


DNG016_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ན་དབང་ཆེ་བ་དང་། དཔའ་བརྟུལ་ཆེ་ཞིང་། བརྟུལ་ཞུགས་ཅན་རྣམས་བརྒྱལ་རབ་ཏུ་བརྒྱལ་བར་གྱུར་ཏོ། །དེ་ནས་འཇིགས་བྱེད་རྒྱལ་པོ་ཡ་མཱནྟ་ཀ་དུར་ཁྲོད་ཆེན་པོར་དགྱེས་ནས། ཁྲག་གི་རྒྱ་མཚོའི་དཀྱིལ་ན། ཀེང་རུས་ཆེན་པོའི་རི་རབ་ཀྱི་སྟེང་ན། རྡོ་རྗེ་མེ་དཔུང་འབར་བའི་ཀློང་དཀྱིལ་ན། རྡོ་རྗེ་ཡེ་ཤེས་ཀྱི་འཁོར་ལོ་འབར་བའི་དབུས་ན། ཉིད་ཀྱི་གསང་བའི་ཡུམ། རོ་ལངས་མ་དང་འདུ་འབྲལ་མེད་པ་ལས་གཉིས་སུ་མེད་པའི་དབྱིངས་ནས་འདི་ཕྱུང་ངོ་། །ཧཱུཾ་བཛྲ་ཡ་མ་ནན། དུ་ཏྲི་ནན། སཱུརྱ་ཙནྡྲ་པདྨ་མཎྜ་ལ། དེ་ཝ་ཏིཥྛ་ནན། ཞེས་བརྗོད་པས། འཁོར་ལོ་ཕོ་བྲང་ལྟེ་བ་ལ། གཤིན་རྗེ་བྱི་ཆིངས་སུ་བསྣོལ་བའི་སྟེང་དུ། སེམས་ཅན་ཆེན་པོ་ལྔ་དྲུག་གླིངས་སུ་གཞུག་མ་བསྣོལ་ལོ། །དེ་སྟེང་གསལ་བྱེད་གཉིས་གོས་པ་མེད་པ་གསུམ་གནས་པའོ། །ཞིང་རྐྱང་བདུན་ཡང་དེ་ནི་ཤེས། དེ་ནས་འཇིགས་བྱེད་རྒྱལ་པོ་ཡ་མཱནྟ་ཀ་ཆོ་འཕྲུལ་ཆེན་པོ་དཔག་པ་དང་ཚད་མེད་པ། འགག་པ་མེད་པར་རང་འཆར་བས། དྲེགས་པ་ཐམས་ཅད་དུས་གཅིག་ཏུ་བཏུལ་བ་ནི། བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོ་དེས། སྐུ་མཐིང་ནག་ཅིར་ཡང་མི་འགྱུར་བ་རྡོ་རྗེའི་ལྗགས་ཀྱི་གསུང་འབྲུག་སྟོང་གི་སྒྲ་བསྒྲགས་པས། སྟོང་གསུམ་གྱི་སྟོང་ཆེན་པོ་ཐམས་ཅད་དུས་གཅིག་ཏུ་འཇིག་པ། ཐུགས་ཡེ་ཤེས་ཀྱི་མེས་སྣང་སྲིད་བུད་ཤིང་གི་ཚུལ་དུ་དུས་གཅིག་ཏུ་བསྲེགས་པས་སྟེང་འོག་མེད་པར་དུས་གཅིག་ཏུ་སྐྱི་བུང་བྱེད་པ། དབུ་དགུ་དང་། ཕྱག་བཅོ་བརྒྱད། ཞབས་རྣམ་པ་བརྒྱད་དུ་གཏམས་པ། ཕྱག་ན་མཚོན་ཆ་སྣ་ཚོགས་བསྣམས་ཤིང་། དུར་ཁྲོད་ཀྱི་རྒྱན་གྱིས་བརྒྱན་པ། སྤྱན་འབར་བ་ཉི་ཤུ་རྩ་བདུན་མངའ་ཞིང་། རིགས་ལྔས་དབུ་བརྒྱན་པ། རྡོ་རྗེ་མཐིང་ནག་གི་བ་སྤུས་འཇིག་རྟེན་གྱི་ཁམས་གཡོགས་པར་བཀབ་པ། ཡུམ་རོ་ལངས་ཁྲོས་པའི་རྒྱལ་མོ་དང་གཉིས་སུ་མེད་པར་བཞུགས་སོ། །ཤར་ཕྱོགས་ཀྱི་ཟླ་གམ་ལ་སྒྲོལ་བྱེད་ཨེ་ཀ་ཛཱ་ཊི་བཞུགས་སོ། །མདུན་གྱི་ཟླ་གམ་ལ། སྲས་མཆོག་ཡ་མ་རཱ་ཙ་བཞུགས་སོ། །འཁོར་ལོའི་རྩིབས་བཞི་ལ་གཤེད་བཞི་སྟེ།


DNG016_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་ཕྱོགས་ཀྱི་འཁོར་ལོའི་རྩིབས་སུ་གཤེད་པོ་ཡ་མ་རཱ་ཙ་སྟེ། སྐུ་མདོག་སྔོ་ནག་འཇིགས་པའི་གཟུགས། །ཞལ་གཅིག་པ་ལ་ཕྱག་གཉིས་ཏེ། །གཡས་པ་གཤིན་རྗེའི་ཞིང་དབྱུག་ཐོགས། །གཡོན་ན་མཚོན་ཆེན་འཁོར་ལོའོ། །གསུམ་ཡང་ཕྱག་མཚན་དེ་བཞིན་ཤེས། །ལྷོ་རུ་མྱོས་བྱེད་འབར་བ་སྟེ། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་སེར་ནག་གོ། །ནུབ་ཏུ་ཨཱརྱ་མ་རུ་ཙེ། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར་ནག་གོ། །བྱང་དུ་རལ་པ་ཚར་དགུ་སྟེ། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་ལྗང་ནག་གོ། །དཀྱིལ་འཁོར་ཀུན་ཀྱང་གསལ་བར་སྣང་བ་ལས། དེ་ནས་དྲེགས་པ་ཆེན་པོ་རྣམས། གདུག་པའི་སེམས་ཀྱིས་གཏུམ་པའི་རྫུ་འཕྲུལ་ཆེན་པོ་སྣ་ཚོགས་སྟོན་པས། མགྲིན་གཅིག་ཏུ་གདུག་པའི་ང་རོས་དྲེགས་པའི་ཚིག་ཏུ་སྨྲ་བ། ཐོང་ཐོང་སྙིང་རྗེའི་བདག་པོ་ཅི་བྱེད་ཟེར་ཞིང་། ཁེངས་པའི་སེམས་ཀྱིས་རྔམ་མོ། །དེ་ནས་འཇིགས་བྱེད་ཀྱི་རྒྱལ་པོས། སྐུའི་གཟི་བརྗིད་ཆེ་བའི་གཟི་མདངས་ཕྱུང་སྟེ། ཐུགས་རྗེ་ཆེན་པོས་འདུལ་བའི་ཐབས། གསང་སྔགས་རྔམ་པའི་གདངས་སྐད་ཆེན་པོ་འདི་བཏོན་ཏོ། །ཧཱུཾ་ཧཱུཾ་ཧཱུཾ། ཧ་ཧ་ཧ། ཡ་མ་ཡཀྴ་ཁཱ་ཧི་ཁཱ་ཧི། ཞེས་པས་གདུག་པའི་ཚོགས་དེ་དག་གི་སྙིང་དང་། དབང་པོ་ཀུན་ཕྱུང་། བ་སུ་ཏ་ཀུན་དྲངས་ནས། སྣ་ལམ་ཀུན་བཅད་གཏུབས། མཱཾ་ས་ཟོས། རཀྟ་འཐུངས། ཀེང་རུས་འཆོས་སོ། །དེ་ནས་འཇིགས་བྱེད་ཀྱི་རྒྱལ་པོས་ཨཱ་བེ་ཤ་ཀ །ཧཱུཾ་ཧཱུཾ་ཧཱུཾ། བྷྱོ་ཨཱ་ར་ལི་ཛཿཛཿཞེས་བརྗོད་པས། འཁོར་འདས་ཐམས་ཅད་ཡེ་ཤེས་གཅིག་གི་ངང་དུ་ཆུབ་པོ། །དེ་ནས་དྲེགས་པ་ཆེན་པོ་རྣམས་ཀྱི་མཛེས་མ། སྲིང་མོ་ཆེན་མོ་མིང་སྲིང་མ་དང་། ཚངས་མ་དང་། འཁྲུག་མོ་དང་། དབང་མོ་དང་། འཇུག་སྲེད་མོ་ལ་སོགས་ཏེ། བྲན་དང་ཡང་བྲན་གཡོག་དང་ཡང་གཡོག །འཁོར་ཞིང་གི་རྡུལ་སྙེད་ཀྱང་འདུས་སོ། །དེ་ནས་འཇིགས་བྱེད་ཀྱི་རྒྱལ་པོ་ཡ་མཱནྟ་ཀ་དེས། གསང་བའི་ཡེ་ཤེས་ཀྱི་ཏིང་ངེ་འཛིན་མཛད་དེ། ཡ་མ་ཡཀྴ་པྲ་བ་ཏ། ཨོཾ་ཨཱཿཧཱུཾ། སྔགས་རྣམས་སོར་བཞག་བཛྲ་བྷ་ག་པྲ་བེ་ཤ་ཧཱུཾ། ཨོཾ་ཨ་ལ་ལ་ཧོ་ཞེས་བརྗོད་པས། མ་མོ་ཐམས་ཅད་ཀྱི་སེམས་མོས་པས་


DNG016_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

འདུན་ཏེ་གསང་བའི་པདྨ་རྒྱས་པར་གྱུར་ཏོ། །དེ་ནས་འཇིགས་བྱེད་ཆེན་པོའི་སྐུ་ལ། རང་དབང་མེད་པར་དབུས་སུ་བརྒྱད་འཁྲིལ། ཐ་མར་ལྔ་ལྔ་འཁྲིལ། རང་རང་གི་ངོ་ལ་ཁྲག་འཐུང་ཉིད་དང་འཁྲིལ་བར་སྣང་ངོ་། །དེ་ནས་མ་མོ་རྣམས་ལ་གསང་བའི་དབང་དང་ཡེ་ཤེས་ཆེན་པོ་རང་བསྒྱེལ་གྱི་དབང་བསྐུར་རོ། །དེ་ནས་ཕཊ་ཕཊ་སྒྲ་བཞིས་དཀྱིལ་འཁོར་གྱི་སྒོ་བ་ཡང་ཕྱིར་འཐོན་ནས། འབར་བའི་དཀྱིལ་འཁོར་ཞལ་ཕྱིར་བལྟས་ནས། བགྲད་དེ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་ཀྱི་རྒྱལ་པོ་ཡ་མཱནྟ་ཀ་དེ། ཐུགས་རྗེ་ཆེན་པོ་བདུད་རྩི་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་ཡེ་ཤེས་ཆེན་པོའི་ཁྱད་པར་ལས་འདི་དག་ཕྱུང་ངོ་། །ཨོཾ་ཡ་མ་ཧཱུཾ། ཨོཾ་བཛྲ་ཨ་མྲྀ་ཏ་མ་ཧཱ་ཨ་མྲྀ་ཏ་མ་ཧཱ་ཀྲོ་དྷ་མ་ཧཱ་ཀྲོ་དྷཱི། ཡ་མ་ཧཱུཾ་ཕཊ། ཅེས་གསུངས་པས། དྲེགས་པ་ཆེན་པོའི་ཚོགས་དེ་དག་ཁྲག་འཐུང་ཆེན་པོའི་སྣམས་ནས་འཐོན་ཏེ་དྲན་པ་སླར་རྙེད་དོ། །དེ་ནས་དེའི་དུས་སུ་འཇིག་རྟེན་གྱི་དྲེགས་པ་ཅན་ཐམས་ཅད་དུས་གཅིག་ཏུ་བཏུལ་བར་མཐོང་སྟེ། ཤིན་ཏུ་ཞུམ་ཞིང་དྲེད་ནས། མགྲིན་གཅིག་ཏུ་སྨྲས་པ། འབངས་སུ་མཆི། འབངས་སུ་ནན་ཏན་མི་བགྱིད་ན། །མགོ་འགས་སྙིང་ཡང་ཚིག་པ་དང་། །རུལ་མྱགས་འཚིག་ནས་བརླག་པ་དང་། །དམྱལ་བར་ལྷུངས་ནས་འབོད་པར་ཤོག །ཅེས་ཁས་བླངས་ནས་འདི་སྐད་ཅེས་གླེངས་སོ། །འདུས་པའི་འཁོར་ཚོགས་འདི་ལྟ་སྟེ། །ཕྱོགས་བཅུ་དུས་གསུམ་འཁོར་རྣམས་དང་། །ཕྱོགས་སྐྱོང་གཤིན་རྗེ་ཡབ་ཡུམ་འཁོར་རྣམས་དང་། །འཇིག་རྟེན་རླག་བྱེད་འཁོར་རྣམས་གཤེད་བཞི་དང་། །སྟོང་གསུམ་མུན་པར་གཏིབས་པའི་བདུད་ཕོ་བདུད་མོ་དང་། །འཇིག་རྟེན་མེས་བསྲེགས་བཙན་པོ་བཙན་མོ་དང་། །སྨྱོ་འབོག་གཏོང་བར་བྱེད་པའི་གིང་གི་འཁོར་ཚོགས་དང་། །དྲག་པོ་གནམ་ལྕགས་ལྷ་དང་སྨན་གྱི་འཁོར། །ཆུ་འཁྱགས་རབ་ཏུ་འབེབས་པ་ཁྱབ་འཇུག་གཟའ་འཁོར་དང་། །མཛེ་ནད་གདུག་པ་གཏོང་བ་ཀླུ་འཁོར་དང་། །སྲོག་གཅོད་སྤུ་གྲི་ཐོགས་པ་གནོད་སྦྱིན་འཁོར་ཚོགས་དང་། །ཡམས་དང་ནད་གཏོང་མ་མོའི་འཁོར་ཚོགས་དང་། །གཞན་


DNG016_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དྲི་ཟའི་རྒྱལ་པོ་ཁ་ཐུན་རཀྴ་ལ་སོགས་དྲི་ཟའི་ཤན་པ་ནག་པོའི་ཚོགས་འཁོར་སྡེ་དང་། ཤན་པ་ནག་པོའི་ཚོགས་གཤིན་རྗེའི་འཁོར་སྡེ་དང་། ནཱ་ག་ཛྭ་ལའི་ཚོགས་ཀླུའི་འཁོར་སྡེ་དང་། ཡཀྴ་མགོ་དགུའི་ཚོགས་གནོད་སྦྱིན་འཁོར་སྡེ་ལ་སོགས་དང་། སྟོང་གསུམ་ཀུན་ཉུལ་སྲིད་པའི་ཁྲམ་འདེབས་ལ་སོགས་མ་མོའི་འཁོར་ཚོགས་དང་། ཧ་ནུ་བ་ག་ཤ་ལ་སོགས་བདུད་ཀྱི་འཁོར་སྡེ་དང་། ཤུ་བོ་སྲོག་ལེན་ལ་སོགས་བཙན་གྱི་འཁོར་སྡེ་དང་། དཀར་པོ་སྙིང་འབྱིན་ལ་སོགས་སྲོག་བདག་འཁོར་རྣམས་དང་། གཞན་ཡང་ལྷ་སྲིན་སྡེ་བརྒྱད་རང་རང་འཁོར་ན་ཡང་ནད་གཏོང་ཁྲམ་འདེབས་བསམ་གྱིས་མི་ཁྱབ་དང་། གཞན་ཡང་འདོད་པའི་བུ་མོའི་ཚོགས་རྣམས་ལ། རྒྱལ་མོ་དང་ཡང་རྒྱལ་མོ་དང་། བློན་མོ་དང་ཡང་བློན་མོ་དང་། བྲན་མོ་དང་ནི་གཡོག་མོའི་ཚོགས་དེ་དག་ལ་སོགས་འཁོར་ནའང་། འདུ་བ་རྣམ་བཞིའི་ནད་བདག་མོ། །བཞི་བརྒྱ་རྩ་བཞིའི་ནད་གཏོང་ཚོགས། །བཞི་བརྒྱ་རྩ་བཞིའི་ནད་བདག་ཚོགས། །བསམ་གྱིས་མི་ཁྱབ་པ་བཞུགས་སོ། །བེ་ཏཱ་ལཱི་དང་རལ་གཅིག་གཉིས། །གཡས་ནས་འཁྲིལ་ཏེ་གཉིས་མེད་བཞུགས། །གཡོན་ནས་མདུན་གྱིས་བལྟས་ཏེ་བཞུགས་སོ། །གཞན་ཡང་གཤིན་རྗེའི་འཁོར་ཚོགས་འདི་ལྟ་སྟེ། །ཡ་མ་རཱ་ཙ་འཆི་བདག་དམར་པོ་དང་། །ཀོང་རྩེ་བྲག་གྱོན་ཨ་བ་གླང་མགོ་དང་། །ཡ་བ་ཏི་དང་མིག་དམར་དམིགས་པ་ཏེལ་པ་ལྷ་མཆོག་དང་། །ཆོས་ཀྱི་རྒྱལ་པོ་རལ་པ་ཚར་དགུ་དང་། །ཐོད་དབྱུག་ལ་སོགས་འཁོར་དང་ལྷན་ཅིག་ཏུ། །ཨེ་ཀ་ཙ་ཏི་པེ་ཏ་ལཱི། །མི་སྲིང་ནག་མོ་མགོ་འཕྱངས་དང་། །བྲག་སྲིན་ནག་མོ་མགོ་འཕྱངས་དང་། །ས་བདག་ནག་མོ་མགོ་འཕྱངས་དང་། །མི་བཟད་ནག་མོ་མགོ་འཕྱངས་དང་། །བཙན་མོ་ནག་མོ་མགོ་འཕྱངས་དང་། །བྱི་མོ་ནག་མོ་མགོ་འཕྱངས་དང་། །བདུད་མོ་ནག་མོ་རེ་མ་ཏི། །ས་སྲིན་ནག་མོ་མགོ་འཕྱངས་དང་། །ཀླུ་སྲིན་ནག་མོ་མགོ་འཕྱངས་དང་། །ལྷ་མོ་ནག་མོའི་མགོ་འཕྱངས་དང་། །དེ་ལྟར་ཡུམ་དང་ཐབས་ཅིག་སྟེ། །ཡབ་ཡུམ་འཁོར་ཡང་འདི་ལྟ་སྟེ། །ཡ་མ་རཱ་ཙའི་འཁོར་དག་ན། །བདུད་ཀྱི་རྒྱལ་


DNG016_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དྲེགས་ཅན་གསུས་པོ་ཆེ། །གཤིན་རྗེ་དམར་པོའི་འཁོར་དག་ན། །སྲོག་བདག་མཆེད་གསུམ་གནས་པ་ནི། །སྲོག་བདག་སྙིང་འབྱིན་བཙན་འགོང་དམར་པོ་དང་། །བདུད་ཀྱི་རྒྱལ་པོ་སྟག་གུ་སྤྱན་གཅིག་དང་། །ཀོང་རྩེ་བྲག་གྱོན་འཁོར་དག་ན། །བདུད་ཀྱི་རྒྱལ་པོ་སྟག་ཐབས་གནས། །ཨ་བ་གླང་མགོའི་འཁོར་དག་ན། །བདུད་ཀྱི་རྒྱལ་པོ་ཨུ་བི་ར། །ལྕོགས་པ་མགོ་དགུའི་འཁོར་དག་ན། །བདུད་ཀྱི་རྒྱལ་པོ་གུར་བདུད་དང་། །བདུད་ཀྱི་རྒྱལ་པོ་ནག་པོ་འཛུམ་མེད་དང་། །ཡ་བ་ཏིའི་འཁོར་དག་ན། །བདུད་ཀྱི་རྒྱལ་པོ་བེའུ་ལོག་ནག་པོ་དང་། །བདུད་ཀྱི་རྒྱལ་པོ་ནག་པོ་སྤྱི་རིང་གནས། །གཤིན་རྗེ་ཏེལ་པའི་འཁོར་དག་ན། །བདུད་ཀྱི་རྒྱལ་པོ་གླིང་བཞི་ཕུང་བྱེད་དང་། །གཤིན་རྗེ་ཕྱ་སངས་འཁོར་དག་ན། །བདུད་ཀྱི་རྒྱལ་པོ་ཕྱ་བདུད་དཀར་པོ་དང་། །བདུད་ཀྱི་རྒྱལ་པོ་ཕྱ་བདུད་དམར་པོ་དང་། །བདུད་ཀྱི་རྒྱལ་པོ་ཕྱ་བདུད་ལྗང་ནག་དང་། །བདུད་ཀྱི་རྒྱལ་པོ་ཕྱ་བདུད་སྔོན་པོ་དང་། །བདུད་ཀྱི་རྒྱལ་པོ་ཕུང་བྱེད་འུག་པའི་མགོ་ཅན་དང་། །བདུད་ཁ་ཊྭཱཾ་མེ་འབར་དང་། བདུད་མི་ལག་སྤྲེལ་མགོ་དང་། བདུད་རྔམ་ཆེན་དུང་གི་རྣ་བ་ཅན་དང་། རལ་པ་ཚར་དགུའི་འཁོར་དག་ན། །བསེའི་སྐྱེས་བུ་གདུག་པ་ཅན། །སྟག་མགོ་ཅན་གྱི་འཁོར་དག་ན། །ཀླུ་བདུད་སྦྲུལ་གྱི་རྒྱུ་མ་ཅན། །གྲི་ཐོགས་གིང་གི་ཕོ་ཉ་བཅུ་ལ་སོགས། །མ་ལུས་འདུས་པ་ཐམས་ཅད་ཀྱིས། །བདག་ཅག་རྣམས་ཀྱི་མཆིས་བྲང་དང་། །མ་དང་སྲིང་མོ་བུ་མོ་རྣམས། །ཡུད་ཙམ་གྱིས་ནི་འདིར་འོང་ན། །དཀྱིལ་འཁོར་ཆེན་པོར་བཞེས་སུ་གསོལ། །འཇིགས་བྱེད་ཆེན་པོས་བཞེས་སུ་གསོལ། །བདག་ཅག་འཁོར་ཚོགས་ཐམས་ཅད་ཀྱིས། །འབར་བའི་དཀྱིལ་འཁོར་ཆེན་པོ་འདི། །མིང་ཙམ་འཛིན་པར་སུས་བགྱིད་པ། །ནོར་བུ་རིན་ཆེན་འབར་བ་ལྟར། །དེ་ཡི་དགོས་པ་རྫོགས་པར་བགྱིའོ། །ཞེས་དམོད་བཙུགས་ནས། དེའི་མཆིས་བྲང་ཐམས་ཅད་ཡུད་ཙམ་གྱིས་འོངས་ནས། ལས་ཀྱི་དངོས་གྲུབ་སྩོལ་བ་ལས། དེ་ནས་འཇིགས་བྱེད་ཀྱི་རྒྱལ་པོས་གསང་བའི་མིང་བཏགས་ལག་ཏུ་རྡོ་རྗེ་བྱིན་


DNG016_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

ནས། བྲན་དང་ཕོ་ཉར་དབང་བསྐུར་རོ། །དེའི་ཚེ་མཐུ་སྟོབས་ཀྱི་བདག་པོ་ཡ་མ་ལག་ན་རྡོ་རྗེ་ཡང་། མདུན་གྱིས་བལྟས་ཏེ་བཀའ་ནོད་པའི་ཚུལ་དུ་བཞུགས་སོ། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་འཇིགས་བྱེད་ཀྱི་རྒྱལ་པོ་ཁྲག་འཐུང་ཡ་མཱནྟ་ཀ་དེས། ཐུགས་རྗེ་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་ཁྲོ་མོ་ཆེན་མོ་རོ་ལངས་པེ་ཏཱ་ནག་མོས། ཁྲག་གི་རལ་པ་བསིགས། རང་གི་པདྨ་ལས་ཁྲག་གི་རྒྱ་མཚོ་བསྐྱིལ་ཏེ། འཇིགས་བྱེད་ཁྲག་འཐུང་གི་རྒྱལ་པོ་ཉིད་ལ་མཆོད་ཅིང་། འདི་སྐད་ཅེས་གླེངས་སོ། །ཨེ་མའོ། ཕྱོགས་བཅུ་དུས་གསུམ་རྫོགས་པ་ཡི། །འཇིགས་བྱེད་ཆེན་པོ་རོལ་པའི་སྐུ། །ཡེ་ཤེས་འདུས་པའི་ཕྲིན་ལས་མཆོག །ཡེ་ཤེས་ཕྲིན་ལས་རྨད་པོ་ཆེ། །ཞེས་བརྗོད་དོ། །དེ་ནས་འཇིགས་བྱེད་ཀྱི་རྒྱལ་པོ་ཡ་མཱནྟ་ཀ་དེས་བཀའ་སྩལ་པ། ཡེ་ནས་མ་སྐྱེས་གཤིན་རྗེ་ནག་པོའི་ཚོགས། །གཉིས་མེད་ཡེ་ཤེས་འདུས་པའི་གཤིན་རྗེའི་གཤེད། །ཀུན་གྱི་ཡེ་ཤེས་དམ་པ་འདུས་པ་ཡིན། །ཐུགས་རྗེ་ཆེན་པོས་འགྲོ་བའི་དོན་མཛད་པ། །འཁོར་བའི་ཉེས་སྐྱོན་ཐམས་ཅད་ཚར་གཅོད་པ། །དུས་གསུམ་འདུལ་བའི་དཔལ་ལྡན་གར་གྱི་བདག །འདུས་པའི་ཚོགས་འདི་སེམས་ལྔ་ལྡན་པར་གྱིས། །ཞེས་བཀའ་སྩལ་པ་དང་། དེ་ནས་ཡང་གསང་བའི་བདག་པོ་ཡ་མ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །ཨེ་མའོ་འཇིགས་བྱེད་ཆེན་པོ་ལགས། །རྣལ་འབྱོར་ཅན་ལ་གནས་ཕྱིར་དང་། །འདུལ་བྱེད་གཉིས་ཀྱི་དོན་གྱི་ཕྱིར། །སྣ་ཚོགས་བརྒྱ་ཕྲག་བརྒྱད་ཀྱི་དོན། །དམན་པ་རྣམས་ལ་བཤད་དུ་གསོལ། །ཞེས་གསོལ་ཏོ། །དེ་ནས་འཇིགས་བྱེད་ཆེན་པོ་གཤིན་རྗེ་ཁྲག་འཐུང་གི་རྒྱལ་པོས་འདི་སྐད་ཅེས་བཀའ་སྩལ་ཏོ། །རང་བྱུང་ཡེ་ཤེས་བདེ་ཆེན་ལས། །ཁྱད་པར་ཡེ་ཤེས་བཞི་རུ་ཤར། །ཆུ་ཟླའི་ཚུལ་དུ་ལས་རྣམས་འཆར། །བདེ་བ་ཆེན་པོ་གསལ་བར་གྱིས་ཤིག །ཅེས་བཀའ་སྩལ་ཏོ། །འཁོར་གྱི་དང་པོས་ཞུས་པ། ཨེ་མའོ་འཇིགས་བྱེད་ཆེན་པོ་ལགས། །རང་བྱུང་ཡེ་ཤེས་བདེ་ཆེན་


DNG016_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

པོ། །ཆོས་རྣམས་ཀུན་གྱི་ངོ་བོ་དེ། །ཤེས་བྱའི་ཡུལ་དུ་ཇི་ལྟར་འགྱུར། །དེ་ལས་ཐབས་སྦྱོར་ལས་རྣམས་ཇི་ལྟར་བྱུང་། །བྱུང་ནས་གྲུབ་པ་ཇི་ལྟར་འགྱུར། །ཞེས་ཞུས་སོ། །འཇིགས་བྱེད་ཆེན་པོས་བཀའ་སྩལ་པ། །སྣང་སྲིད་ཡེ་ནས་མྱ་ངན་འདས། །སྤྲོས་བྲལ་མི་འགྱུར་གདོད་ནས་དག །དག་པ་ཉིད་ན་ཐམས་ཅད་གསལ། །ཤེས་བྱ་ཤེས་བྱེད་ངང་གིས་སྟོང་། །ཆུ་ཟླའི་དཀྱིལ་འཁོར་བཞིན་དུ་གསལ། །འདི་ནི་ཡིད་བཞིན་རིན་པོ་ཆེ། །ཐམས་ཅད་རེ་བ་རྫོགས་བྱེད་པའོ། །ཨེ་མའོ་རྟོགས་པར་རབ་དཀའ་བ། །སངས་རྒྱས་ཀྱིས་ཀྱང་མི་མཁྱེན་ན། །གདོད་ནས་རྣམ་དག་ཆོས་ཀྱི་དབྱིངས། །འགྲོ་ཀུན་ཡོངས་ལ་ཨ་ཅང་ཆེས། །དེ་ནས་གསང་བའི་བདག་པོ་ངོ་མཚར་དུ་གྱུར་ནས། ཡང་འདི་སྐད་ཅེས་གསོལ་ཏོ། །བདག་ཅག་འདུས་པའི་འཁོར་ཚོགས་རྣམས། །མ་རིག་གཉིས་ཀྱིས་བསྒྲིབས་པར་གྱུར། །རྣམ་པར་ཕྱེ་སྟེ་དོན་རྒྱས་པར། །དཔའ་བོ་ཆེན་པོས་བཤད་དུ་གསོལ། །ཡེ་ཤེས་གསལ་བར་བཤད་དུ་གསོལ། །བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས་བཀའ་སྩལ་པ། འདི་ནི་ཤིན་ཏུ་ཟབ་པའོ། །བརྟག་པ་བྲལ་བའོ། །ཐུན་མོང་མ་ཡིན་པར་རིག་པར་བྱའོ། །སྐལ་ལྡན་རྣམས་ལ་རྒྱས་པར་བཤད་ཀྱིས་ཉོན་ཅིག །འདི་ལྟ་སྟེ། ཆོས་ཐམས་ཅད་སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་བ་འདི་ནི། གཏན་ཚིགས་གསུམ་གསུམ་སྟེ། ཡེ་ནས་ཟུག་རྔུ་མེད་པའི་འཇམ་པའི་ངང་དང་། ཡེ་ནས་ཡིན་པའི་རང་བཞིན་དང་། གཉིས་སུ་མེད་པའི་བདག་ཉིད་ཆེན་པོའོ། །དེ་ལྟ་བུའི་དོན་དེ་ནི་རྣམ་པ་ཅིར་ཡང་གསལ་བའོ། །མཚན་ཉིད་ཐམས་ཅད་དང་བྲལ་བའོ། །རང་བཞིན་ཀུན་གྱི་དངོས་གཞི་སྟེ། ཡིད་བཞིན་གྱི་ནོར་བུ་ལྟར་སྣང་བའོ། །འདི་ནི་བདེ་བ་ཆེན་པོ་ཞེས་བྱ་སྟེ། རྟོག་པའི་ཡུལ་དང་བྲལ་བའོ། །འདི་ནི་རྒྱུ་རྐྱེན་དང་བྲལ་བ་སྟེ། རང་བྱུང་ཡེ་ཤེས་སོ། །ཐམས་ཅད་སེམས་སུ་མཉམ་པ་སྟེ། མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཐམས་ཅད་མེ་ལོང་གི་གཟུགས་བརྙན་ལྟར་གསལ་བ་སྟེ། མེ་ལོང་ལྟ་བུའི་ཡེ་ཤེས་སོ། །འདི་ནི་མཚན་ཉིད་ཀྱིས་མ་འདྲེས་པར་གསལ་ཏེ། སོ་སོར་རྟོག་པའི་ཡེ་ཤེས་སོ། །དེ་


DNG016_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བས་ན་གང་ཡང་བླང་དོར་མེད་པའོ། །ཡེངས་པ་མེད་པའི་དོན་དུ་གསལ་བར་བྱའོ། །ངང་གིས་གནས་པར་བྱའོ། །དེ་ལྟ་བུའི་དོན་དེ་ལས་ཐམས་ཅད་འབྱུང་བར་སྨྲ་ཏེ། དེ་ནི་ནོར་བུ་རིན་ཆེན་ལྟ་བུའོ། །ས་གཞི་ཆེན་པོ་ལྟ་བུའོ། །གླང་པོ་ཆེ་ལྟ་བུའོ། །འབྱུང་བ་རླུང་ལྟ་བུའོ། །མེ་ལྟ་བུའོ། །མཚོན་ཆེན་འཁོར་ལོ་ལྟ་བུའོ། །རལ་གྲི་ལྟ་བུའོ། །སྨན་སྡོང་དང་། བུམ་པ་ལྟ་བུའོ། །དབང་ཕྱུག་ཆེན་པོ་ལྟ་བུའོ། །འདི་ནི་འཁོར་བ་དང་། མྱ་ངན་ལས་འདས་པ་ཐམས་ཅད་ཀྱི་བྱེད་པ་པོར་རྒྱལ་བ་ཉིད་ཀྱིས་གསུངས་སོ། །འདི་ནི་མཆོག་ཡིན་ཏེ། བལྟ་བ་འདི་ལ་གང་གནས་པའི་སྐྱེས་བུའམ། རྣལ་འབྱོར་དེ་ནི་སྐལ་བ་བཟང་བ་ཡིན་ཏོ། །འདི་ནི་ལས་ཀྱི་རིམ་པ་བརྒྱ་ཕྲག་བརྒྱད། །རྩ་བ་གཉིས་སུ་འདུས་པའི་དོན། །སྦྱོར་བ་ཉིས་བརྒྱ་སྟོང་བཅུ་དྲུག །དཀའ་བ་མེད་པར་ལེན་པར་གསུངས། །ཐེ་ཚོམ་མེད་པར་སེམས་ཀྱིས་སུ། །དེ་བས་འདི་ལ་ནན་ཏན་བྱ། །ཞེས་གསུངས་པས། འཁོར་འདུས་པ་ཐམས་ཅད་ཐེ་ཚོམ་དང་བྲལ་ནས། ཡིད་བློས་ཐག་ཆོད་དེ་ཆོས་ཉིད་བློས་སེམས་སོ། །དེ་ནས་མདངས་ཕྱུང་སྟེ། ཨེ་མའོ། འཁོར་བ་ཉིད་ན་མྱ་ངན་འདས། །རྒྱུ་མེད་འབྲས་བུ་དག་པའི་དོན། །སྲིད་པ་མྱ་ངན་གཉིས་འདས་པ། །བདག་ཅག་གྲོལ་བར་དེར་གྱུར་ཏོ། །ཞེས་གསོལ་ནས་དད་པས་འདུན་ཏོ། །རྒྱུད་ཀྱི་རྒྱལ་པོ་དཔལ་ཟླ་གསང་ནག་པོ་མེ་ལྕེ་ཕྲེང་བའི་རྒྱུད་ལས། གླེང་བསླང་བ་དང་། གསལ་བྱེད་ལྟ་བ་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་འཇིགས་བྱེད་ཀྱི་རྒྱལ་པོ་གཤིན་རྗེའི་གཤེད་ཀྱིས་ཕྲིན་ལས་སྣ་ཚོགས་རོལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེའི་ཚེ་དེའི་དུས་ན་མཐུ་སྟོབས་ཀྱི་བདག་པོ་ཡ་མ་ལག་ན་རྡོ་རྗེ་ལ་སོགས་ཏེ། གདུག་པ་ཅན་གྱི་འཁོར་ཚོགས་རྣམས་ཀྱིས་མོས་པའི་དབང་གིས་མགྲིན་གཅིག་ཏུ་ཐལ་མོ་སྦྱར་ནས། བཅོམ་ལྡན་འདས་གཤིན་རྗེའི་གཤེད་ལ་འདི་སྐད་ཅེས་གསོལ་ཏོ། །ཨེ་མའོ་འཇིགས་བྱེད་ཆེན་པོ་ལགས། །བདག་ཅག་འཁོར་ཚོགས་མ་ལུས་ཀུན། །སྣང་སྲིད་འཇིག་རྟེན་ཁམས་འདི་རུ། །སྟོང་གསུམ་མུན་པར་གཏོང་དང་འཇིག་རྟེན་མེས་


DNG016_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

བསྲེག་དང་། །འཇིག་རྟེན་ལོ་ཏོག་འཇོམས་པ་དང་། །གནམ་ལྕགས་ལྕེ་ཡང་འབེབས་པར་བྱེད། །སྨྱོ་འབོག་ཡམས་ནད་གཏོང་དང་སྲོག་གཅོད་གང་ཡང་བྱེད། །མཛེ་རིམས་མི་བཟད་གཏོང་བའི་ནད་བདག་སྣ་ཚོགས་མང་པོ་དག །དཔའ་བོ་ཆེན་པོའི་འཁོར་དུ་འདུས་པ་ཀུན། །ཡེ་ཤེས་ཆེན་པོ་ཁྱོད་ཀྱིས་བསལ་བར་མཛད། །ཡེ་ཤེས་ཆེན་པོའི་སྒྲོན་མས་གསལ་བར་མཛད་པར་བྱོས། །བདག་ཅག་འཁོར་ཚོགས་ཐམས་ཅད་ཀྱིས། །བསྟན་པ་རྒྱ་མཚོ་བསྲུང་བར་དམ་བཅས་པས། །བདག་ཅག་འཁོར་ཚོགས་ཐམས་ཅད་ཀྱི། །སྲོག་ཏིག་རྩ་བའི་དམ་པ་འདི། །འཇིགས་བྱེད་ཆེན་པོ་བཞེས་སུ་གསོལ། །དཀྱིལ་འཁོར་ཆེན་པོ་བཤད་དུ་གསོལ། །ཞེས་ཞུས་ཤིང་གླེངས་སོ། །དེ་ནས་སྡེ་བརྒྱད་སོ་སོ་རང་རང་གི་སྲོག་གི་སྙིང་པོ་ཕུལ་ཏེ། འཇིགས་བྱེད་ཆེན་པོས་བདག་ཉིད་ཀྱི་དཀྱིལ་འཁོར་ཆེན་པོ་བསྐྱེད་དེ། རྔམས་པའི་མདངས་ཀྱིས་སེང་གེའི་ལྟ་སྟངས་ཀྱིས་བཞུགས་སོ། །དེ་ལ་དང་པོར་ལས་ཀྱི་གཤེད་བཞིས། རྒྱུ་མ་ནོར་བ་རྩ་བའི་སྔགས་ཕུལ་ཏེ། ཡཱ་ཡཱ་ཡཱ་ཡཱ་ས་མ་སྟྭཾ། ཞེས་པའོ། །མ་མ་རག་མོ་ཏྲག་ཤ་མུ་ཏྲ་ཁ་མུན་ཏྲ། སྙིང་ཁ་རག་མ་རག་མོ་རག་མོ། སརྦ་རག་མོ་ཏི་ཀུ་མ་ཛ་ཛཱ་ཁ་ལ་མ་ཏི་མ་བྷྱོ་བྷྱོ་ས་མ་ཡ་སྟྭཾ། ཡ་མ་རཱ་ཙ་ཛྭ་ལ་རཾ། ནྲྀ་ཀྲོ་དྷཱི་ཤྭ་རཱི་ཛྭ་ལ་རཾ། ཡ་ཏྲ་ཏྲ་ག་རཀྴ་ཛྭ་ལ་རཾ་ཧཱུཾ། ར་རག་མོ་ཀྲོ་དྷཱི་ཤྭ་རཱི་ཛྭ་ལ་ནི་ཧཱུཾ། ཨོཾ་རཀ་ཤ་ཛྭ་ལ་རཾ་བ་ཡ་ཧཱུཾ། ཤ་ཏྲ་མོ་ཀྲོ་དྷཱི་ཤྭ་རཱི་ཛྭ་ལ་རཾ་བ་ཧཱུཾ། ཨོཾ་ཏྲི་ནག་པོ་ཛྭ་ལ་རཾ་བ་ཧཱུཾ། ཙིཏྟ་རོ་ལ་ཛྭ་ལ་རཾ་བ་ཧཱུཾ། ཨོཾ་རཀྴ་ཡཀྴ་མ་སྙིང་རྩ་ཛྭ་ལ་རཾ་བ་ཧཱུཾ། ཨཱོཾ་ནི་ཙི་ར་ཙུ་རུ་ཀྲོ་དྷཱི་ཤྭ་རཱི་ཛྭ་ལ་ནི་ཧཱུཾ། ཨོཾ་རཀྴ་ནི་ཛྭ་ལ་རཾ་བ་ཡ་ཧཱུཾ། ཨོཾ་ཏྲ་མོ་རག་ཤ་ཀྲོ་དྷཱི་ཤྭ་རཱི་ཧཱུཾ། ཨོཾ་མཉྫུ་ཤྲཱི་ནག་པོ་ཏྲ་ཏྲག་པོ་ཏྲ་རཀྴ་ནི་ཡ་ཧཱུཾ། ཨོཾ་ནག་མོ་རག་ཤ་ཀྲོ་དྷཱི་ཤྭ་རཱི་ནི་ཧཱུཾ། ཨོཾ་མཉྫུ་ཤྲཱི་བཛྲ་མ་རོ་ཏྲ་རགྴ་ཛྭ་ལ་རཾ་བ་ཡ་ཧཱུཾ། ནཱ་ག་ཤ་ཏྲི་ཤྲཱི་རི་ཛྭ་ལ་རཾ་བ་ཡ་ཧཱུཾ། ཕྱོགས་སྐྱོང་གཤིན་རྗེ་རྣམས་ཀྱིས་ཕུལ་ལོ། །དུ་ཏྲ་ས་ཏྲ་མུ་ཁྲག་བཱར་ཁྲག་ཙ་དེ་ཕོར་བ་དུན་ཧ་བ་སྭཱ་ཧཱ། ས་མ་ཡ་ཨ་བི་ཤུ་ར་ཙ་ག་ཤ་ཚལ་པ་ཡ་ནི་ཏྲི། མ་ར་ཡཱ་ཨངྐུ་ཤ་ཛ་ཛཱ། ཨོཾ་བི་ཤ་ལ་དུ་རུ་མ་ནི་ཤི་ག་ཛ་ལ་ཡ་ཏ་སྭཱ་ཧཱ། ཨོཾ་ཏྲི་ཤ་ག་དུ་རུ་རག་རཾ་ན་གེ་ཙིཏྟ་ཏྲཾ་


DNG016_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

མ་མ་ཡཾ་ཟ་འགྲམ་ཧྲི། ཧི་ཡོ་གི་ཤ་ལ་ཛ་ཛཱ། མ་མ་སྙིང་ཁ་རག །སྙིང་ཁ་རག །མ་མ་རཀྴ། མ་མ་རཀྴ། རག་མོ་ཐུན་ཐུན་སྙིང་ལ་ཐུན་ཛ་ཛ། སྙིང་ལ་ཐུན་ཛ་ཛ། སྙིང་ལ་ཛ་ཛ། རུ་ལུ་རུ་ལུ་ཛ། རཱ་ཙ་ས་མ་ཡ་ཛཿཧཱུཾ་ཛ་ར་ལི་པྲི་མ་ནི་ཧཱུཾ་ཕཊ། ཕཊ་སྭཱ་ཧཱ། ཏྲི་ཏྲི་ར་ཙ་ཙ་པ་ལ་ཨ་ཤུག་མེ་སྭཱ་ཧཱ། བ་ཧུ་ཡཀྴ་བུ་རོ་ཙ་ཏོར་རཱ་ཧུ་ལ་མ་ཏྲིག་པ་ཚིལ་མ་ཁུག་ཡཀྴ་ཐང་ཐང་མ་ཡ་སྭཱ་ཧཱ། ནཱ་ག་རཱ་ཙ་མ་ཧཱ་ཀཱ་ལ་ཏོ་པ་ཙ་ས་ཁ་པ་ཁ་ཤ་རུ་ཧཱུཾ་ཡ་ཧཱུཾ་ཛ་ཛ། ནཱ་ག་རཱ་ཙ་ཛ་ཛ། ཨོཾ་མ་ཧཱ་ས་མ་ཡ་ཛ་ཛ། ཨོཾ་ད་རཀྴ་མ་སྙིང་ཁ་རག་ཛ་ཛ། ཨོཾ་རཀ་མོ་རཀ་མོ་རཀྴ་སྙིང་ཁ་རག་ཛ་ཛ། ཨོཾ་རག་མོ་རཀྴ་ཛ་ཛ། དེ་དག་ལ་སོགས་ཏེ། འཇིག་རྟེན་གྱི་ཁམས་ན་དབང་བསྒྱུར་སྡེ་བརྒྱད་དང་། ལྷ་དང་ཀླུ་དང་གནོད་སྦྱིན་དང་། །དྲི་ཟ་ལྷ་མིན་ནམ་མཁའ་ལྡིང་། །མི་འམ་ཅི་དང་ལྟོ་འཕྱེ་ཆེན་པོ་དང་། །ཤ་ཟ་འབྱུང་པོ་གྲུལ་བུམ་དང་། །སྲུལ་པོ་དང་ནི་ལུས་སྲུལ་པོ། །སྐེམ་བྱེད་དང་ནི་བརྗེད་བྱེད་དང་། །སྨྱོ་བྱེད་དང་ནི་གྲིབ་གནོན་དང་། །གནོན་པོ་དང་ནི་ནམ་གྲུ་དང་། །དེ་དག་ལ་སོགས་ཏེ་སྲོག་གཅོད་བདུད་དང་། རུས་འཆའ་སྲིན་པོ་དང་། རྨུགས་པ་རྨུ་དང་། སྨྱོ་འབོག་རྒྱལ་པོ་དང་། ཁྲག་འཐུང་མ་མོའི་ཚོགས་དང་། གཟེར་ཐབས་བཙན་གྱི་ཚོགས་དང་། སྲོག་གཅོད་གིང་གི་ཚོགས་བསམ་གྱིས་མི་ཁྱབ་པས་བཀའ་ཉན་ཟེར་ཞིང་སྲོག་སྙིང་ཕུལ་ལོ། །དེ་ནས་ཡང་འཇིགས་བྱེད་ཆེན་པོ་གཤེད་པོ་དེས། ཞལ་འབར་བའི་ཚུལ་གྱིས་ཡེ་ཤེས་རོལ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་ཕྱི་ནང་གསང་བའི་མཆོད་པས་མཆོད་དེ་འདི་སྐད་ཅེས་གསོལ་ཏོ། །ཁྲག་འཐུང་ཆེན་པོ་འཇིགས་པའི་སྐུ། །དམ་པ་རྣམས་ལ་ཕན་བྱའི་ཕྱིར། །ཞིང་བཅུ་སྲེག་པའི་ཉི་མའི་ཚུལ། །དུག་གསུམ་གཅོད་པའི་འཁོར་ལོ་འདི། །འཇིགས་བྱེད་ཆེན་པོས་བཤད་དུ་གསོལ། །ཞེས་ཞུས་སོ། །འཇིགས་བྱེད་ཆེན་པོས་བཀའ་སྩལ་པ། །ཉོན་ཅིག་ཟུང་ཞིག་རྡོ་རྗེ་འཛིན་པ་འདུས་པའི་ཚོགས། །འཇམ་དཔལ་ཐུགས་ཀྱི་སྙིང་པོ་འདི། །སྟོང་པའི་ཡེ་ཤེས་དབུས་ཉིད་དངོས། །གསལ་བའི་ཡེ་ཤེས་བཞི་ལྡན་ཏེ། །ཁམས་


DNG016_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་སྲེག་པའི་ཉི་མ་ཡིན། །དུག་གསུམ་གཅོད་པའི་འཁོར་ལོ་འདི། །དེ་ཉིད་དོན་དུ་རྗེས་འགྲུབ་པས། །འཇམ་དཔལ་ཐུགས་ཀྱི་འོད་ཟེར་འདི། །སྤྲུལ་པ་རང་བྱུང་དངོས་ཤར་བ། །དུས་གསུམ་རྒྱལ་བའི་བཀའ་བརྒྱུད་པའི། །སྙིང་པོ་ཐིག་པའི་འཁྲུལ་མིག་འདི། །བརྒྱད་སྤངས་བཅུ་ཐུབ་གསུམ་རིག་ཅིང་། །སྙིང་པོ་ལྡན་པས་མངོན་མིན་པ། །ངང་གིས་འཇམ་ལ་རྒྱ་ཆེ་ཞིང་། །ཁམས་གསུམ་རྨི་ལམ་ལྟར་ཤེས་པ། །བསྟན་པ་སྤྱི་ཡི་བློ་སྲེད་ཅན། །བླ་མེད་བདུད་རྩི་རྗེས་བསྒྲུབ་པའི། །དཀོན་མཆོག་རྒྱལ་མཚན་ལྟར་བྱེད་པ། །དེ་འདྲའི་བུ་ལ་མ་གཏོགས་པ། །ཁ་བློ་མིང་ཙམ་བརྗོད་པ་མེད། །ཅེས་བཀའ་སྩལ་ཏོ། །དེ་ནས་འཇིགས་བྱེད་ཆེན་པོས་བཀའ་སྩལ་པ། ནག་པོ་གཤེད་ཀྱི་གནས་རྣམས་ནི། །ཟུར་བརྒྱད་མུ་ཁྱུད་ཆུན་འཁོར་ཅན། །ངམ་རིའི་བྲག་དང་སྲིན་བྲག་རྡོ་རྗེ་འདྲ། །དགུ་འདུས་རྩེ་དང་ཆུ་མདོ་གླིང་། །ཤིན་ཏུ་དབེན་པའི་དུར་ཁྲོད་དམ། །དེ་སོགས་བདེ་བའི་གནས་བཙལ་ཏེ། །གཞུང་དང་མཐུན་པའི་གནས་དག་ཏུ། །གནས་དང་འཁོར་ལོ་བརྩམ་པར་བྱ། །ས་ཆོག་མཚམས་བཅད་སྡིག་སྦྱངས་ལ། །ཆག་ཆག་ཐིག་གདབ་འོག་མ་ཡི། །དཀྱིལ་འཁོར་མཐིང་ནག་གྲུ་གསུམ་ལ། །ཟླ་གམ་གསུམ་དང་ལྡན་པར་བྲི། །ཐོད་ཕྲེང་དང་ནི་མེ་རི་འབར། །ཞེས་བཀའ་སྩལ་ཏོ། །ཡང་ན་ཆ་མཉམ་ཐིག་བཞི་རྒྱ་གྲམ་གདབ། །ལེའུ་ཙེ་དགུ་ལྡན་མུ་ཁྱུད་འཁོར་ལོ་བསྐོར། །མུ་ཁྱུད་འགྲམ་བཞི་ལྡན་པ་ལ། །འཁོར་ལོ་རྩིབས་ནི་བཅུ་དྲུག་ལྡན། །ཕྱི་རིམ་བར་ཁྱམས་སྒོ་ཁྱུད་བཅས། །བར་ཁྱམས་དུར་ཁྲོད་བཞི་དང་ལྡན། །ཕྱི་རིམ་ཡི་དྭགས་གཟུགས་བརྙན་དགོད། །གཞན་གྱི་འདོད་པས་དེ་ཡང་བསྟན། །ཞེས་བཀའ་སྩལ་ཏོ། །གཅོད་པ་སྔགས་ཀྱི་འཁོར་ལོ་ནི། །དབུས་ན་གྲུ་གསུམ་རྩིབས་བཞི་ལ། །འཁྲུལ་སྔགས་དྲག་པོ་ལྔ་དང་ལྡན། །ཕྱི་རིམ་བཅུ་གཉིས་འཁོར་ལོ་ལ། །འཁྲུལ་མིག་དྲག་པོ་བཅུ་གཉིས་པ། །དེ་དག་རྗེས་སུ་དགོད་པར་བྱ། །ཕྱི་རིམ་བཅུ་དྲུག་འཁོར་ལོ་ལ། །སྐུ་གསུང་ཐུགས་ཀྱི་སྙིང་པོ་སྟེ། །དགོད་པ་གནམ་ཐུས་ལྟོ་སྦྱར་དགོད། །ཡང་ལོགས་འཁོར་ལོ་རྩིབས་བཞི་ལ། །གཅོད་ཅིང་མནན་


DNG016_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དྲག་སྔགས་དགོད། །འཁོར་ལོ་རྩིབས་ཆེན་སུམ་ཅུ་དྲུག །སྔགས་ནི་མེ་དབལ་འཁོར་ལོ་མཚོན། །འཁོར་ལོ་མེ་དབལ་མཚོན་ཆེན་གྱིས། །ཞིང་བཅུ་མ་ལུས་གཏན་ནས་བསྲེག །ཅེས་བཀའ་སྩལ་ཏོ། །དེ་ནས་དེར་ལྷ་དགོད་པ་བསྟན་པའི་ཕྱིར། འཇིགས་བྱེད་ཆེན་པོས་བཀའ་སྩལ་པ། །འཇིགས་བྱེད་རྒྱལ་པོ་གཤིན་རྗེའི་གཤེད། །སྐུ་ཡི་གཟུགས་བརྙན་བཞུགས་སུ་གསོལ། །གཡས་སུ་སྒེག་མོ་རལ་གཅིག་མ། །གཡོན་དུ་ཟ་བྱེད་བེ་ཏཱ་ལཱི། །གཡས་གཡོན་གཉིས་ཀྱི་ཟླ་གམ་ལ། །སྐུ་ཡི་གཟུགས་བརྙན་བཞུགས་སུ་གསོལ། །ཡང་ན་སྙིང་པོ་བྲི་བར་བྱ། །བྱང་གི་ཕྱོགས་ཀྱི་ཟླ་གམ་སྟེང་། །སྙིང་པོ་འཇིགས་བྱེད་ཡ་མ་རཱ་ཙ་ཡི། །སྐུར་བསྒོམ་མཆོག་ཕུར་སོར་གསུམ་གཟུག །ཅེས་བཀའ་སྩལ་ཏོ། །ཡང་གསང་བ་མོས་པའི་དབང་གིས་དགོད་པ་ནི། མཐར་མཛད་ཡབ་ཡུམ་དབུས་སུ་དགོད། །སྲོག་གི་གཤེད་པོ་ཡབ་ཡུམ་བཞི། །མུ་ཁྱུད་དང་པོར་དགོད་པར་བྱ། །གཉིས་ལ་ཕྱོགས་བཅུའི་ཡབ་ཡུམ་སྟེ། །བར་ཆོད་གཤེད་ཀྱི་བདུད་རྣམས་ཀྱང་། །གོང་ནས་འདུས་པའི་ཚུལ་དུ་བྱ། །སྒོ་ཡི་འཁོར་ལོར་བསྟན་མ་ཡང་སྟམ་མ་དགོད། །དེ་ནི་གནས་ཀྱི་འཁོར་ལོ་ལས། །བརྟེན་པའི་ལྷ་ཡི་འཁོར་ལོ་བསྟན། །ཡེ་ཤེས་བྱིན་བརླབ་སྟོབས་ལྡན་བྱ། །རྗེས་སུ་མཐུན་པའི་ཆོ་གར་ལྡན། །སྐད་ཅིག་སྔགས་དང་འོད་ལ་གསལ། །དེ་ནི་གནས་གཞིའི་འཁོར་ལོའོ། །ཞེས་གསུངས་སོ། །དེ་ལ་རྐྱེན་གྱི་ཡན་ལག་བཞི། །གཞུང་དང་མཐུན་པའི་བདེ་གནས་སུ། །རྟེན་རྫས་གཉིས་དང་མཐུན་རྫས་དང་། །མཆོད་རྫས་ལིངྒའི་རྫས་ལ་སོགས། །བརྣག་པ་ཐུན་གྱི་རྫས་རྣམས་བསོག །ཅེས་གསུངས་སོ། །དེ་ནས་ཡང་འཁོར་གྱི་དང་པོས་འདི་སྐད་ཅེས་ཞུས་སོ། །འཁོར་ལོ་མཚོན་ཆེན་འབར་བ་ཡི། །རྒྱུ་དང་རྐྱེན་གྱི་ཚོན་དང་ནི། །སྲད་བུ་རབ་གནས་གང་ལགས་པ། །དཔའ་བོ་ཆེན་པོས་བཤད་དུ་གསོལ། །འཇིགས་བྱེད་ཆེན་པོས་བཀའ་སྩལ་པ། །ཉོན་ཅིག་ཟུང་ཞིག་རྡོ་རྗེ་འཛིན། །དུར་ཁྲོད་གནས་སུ་དཔའ་བོ་ཡིས། །ཀ་ལི་ཀ་པ་མ་གཏོགས་པ། །གོས་སུ་བཅད་པའི་རྒྱུ་བླངས་ལ། །ཐོད་པས་སྙིང་པོ་བཅུད་སྡུད་བྱ། །དེ་ལ་གཅོད་པའི་འཁོར་ལོ་བྲི། །དུར་ཁྲོད་གོས་ལ་བམ་


DNG016_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་གྱི། །སྨེ་བ་ལྔ་ཡིས་ཐང་པ་བྱ། །ནི་རང་སུ་ཡི་ཐལ་བ་ཡིས། །ཐ་མར་རྐྱང་ཐང་རྒྱ་བཅད་དེ། །མཆོག་ཕྲན་རྐང་གིས་ཕར་བྱས་ལ། །བམ་ཆེན་དོན་གྱི་ཁྲག་རྣམས་ཀྱིས། །རྗེས་སུ་མཐུན་པའི་འཁོར་ལོ་བྲི། །ཞེས་གསུངས་སོ། །བམ་ཆེན་ཤ་ཤ་རོ་དུ་ཧ། །ཐག་པས་སྲད་བུ་ལེགས་བྱས་ཏེ། །སྙོམས་པས་ཚད་ལྡན་ཐིག་གདབ་བྱ། །ནི་རང་སུ་དང་མཱང་སར་སྦྱར། །ཚོན་གསུམ་ཁ་དོག་བྱེད་པར་འགྱུར། །རུས་པ་དུ་བས་བསྡུས་པ་ནི། །འགྱུར་བ་མེད་པའི་ཚོན་དུ་བྱ། །འདུས་པའི་ཚོན་ནི་རཀྟའོ། །ཡེ་ཤེས་བྱིན་རླབས་ལྡན་པའི་ཕྱིར། །ངེས་པར་དང་དུ་བླང་བར་བྱ། །ཞེས་གསུངས་སོ། །དེ་ནས་ཡང་གསུངས་པ། ཕྱག་རྒྱ་གསལ་བའི་རྣལ་འབྱོར་པས། །མེ་འབར་སྔགས་ཀྱི་འོད་ཟེར་གྱིས། །འཇིགས་བྱེད་ཡ་མའི་ཞིང་ཁམས་ནས། །འབར་བ་དུག་གི་དུམ་བུ་བསྡུས། །མེ་འབར་ནག་པོའི་འབྲུ་ལ་བསྡུ། །སྣ་ཚོགས་དུག་གི་ཁུ་བ་ཡིས། །འཁོར་ལོ་རྣམས་ལ་ངར་བླུད་བྱ། །མྱོས་པའི་རྫས་ལ་དེ་བཞིན་ནོ། །ཞེས་གསུངས་སོ། །བཀའ་སྩལ་པ། དེ་ནས་ཏིང་འཛིན་རྣམ་གསུམ་གྱིས། །ཁྲོ་བོའི་རྒྱལ་པོ་གཤིན་རྗེའི་གཤེད། །སྙིང་པོ་སྔགས་ཀྱིས་ཡབ་ཡུམ་བསྐྱེད། །རང་བཞིན་གནས་ནས་སྤྱན་དྲངས་ནས། །གཉིས་སུ་མེད་པར་བསྡིམ་པར་བྱ། །མཆོད་ཅིང་བསྟོད་པ་ཕུལ་ནས་ནི། །ཇི་ལྟར་འདོད་པའི་ཕྲིན་ལས་བཅོལ། །ཉི་ཤུ་གསུམ་དང་དྲུག་ཏུ་ནི། །བཞི་པའི་བར་དུ་བསྙེན་པ་བྱ། །ཐོ་རངས་དགོངས་ཁ་གཏོར་མ་གཏང་། །ཞེས་གསུངས་སོ། །ལྷོ་ཕྱོགས་ཁ་བལྟས་མདུན་དུ་ནི། །གྲུ་གསུམ་རྩེ་མོ་ལྷོར་བསྟན་ལ། །ཟབས་དང་གྱེན་དུ་ཕྱེད་དུ་བཤད། །ཐོད་པ་བཅུག་སྟེ་སྔགས་ཀྱིས་བྲབ། །ཐེ་ཚོམ་མེད་པར་ལས་རྣམས་འགྲུབ། །ཅེས་གསུངས་སོ། །འཇིགས་བྱེད་ཆེན་པོས་བཀའ་སྩལ་པ། །དེ་ལྟར་དཀྱིལ་འཁོར་བཤམས་ནས་ནི། །སྔགས་པས་ཆས་གོས་ནག་པོ་གོན། །ཁྲོ་བོའི་སྔགས་ཀྱིས་མཚམས་བཅད་དེ། །ལྷོ་ཡི་ཕྱོགས་སུ་ཁ་བལྟས་ནས། །ཏིང་འཛིན་རྣམ་གསུམ་རིམ་གྱིས་བསྒོམ། །ཁྲག་འཐུང་དཀྱིལ་འཁོར་རིམ་བཞིན་བསྐྱེད། །སྤྱན་དྲང་མཆོད་པ་ལ་སོགས་བྱ། །གཏོར་མ་བཏང་ལ་དཀྱིལ་འཁོར་བསྡུ། །ཞེས་གསུངས་སོ། །རྒྱུད་ཀྱི་རྒྱལ་པོ་ཟླ་གསང་ནག་པོ་ལས། གནས་གཞིའི་འཁོར་ལོ་དང་། དྲག་པོ་གནད་ཀྱི་འཁོར་ལོ་མདོར་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་འཇིགས་བྱེད་ཀྱི་རྒྱལ་པོ་གཤིན་


DNG016_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་གཤེད་པོ་དེས། འབར་བ་འོད་ཟེར་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འཁོར་གྱི་དང་པོ་ལ་བོས་ནས། འདི་སྐད་ཅེས་བཀའ་སྩལ་ཏོ། །ཉོན་ཅིག་ཟུང་ཞིག་རྡོ་རྗེ་འཛིན། །འདུས་པའི་འཁོར་ཚོགས་ང་ལ་ཉོན། །འོད་ཟེར་འཕྲོ་བའི་གསང་སྔགས་འདི། །ཐུན་མོང་མ་ཡིན་གསང་སྔགས་ཏེ། །འགྱུར་བ་མེད་པས་ནག་པོའོ། །གཉིས་ཀ་གྲུབ་པས་ཚད་མར་བཤད། །ཕྲེང་བའི་སྦྱོར་བ་བསྟན་པ་ནི། །འདི་དག་ཉིད་དེ་རིམ་པ་ལས། །འདི་སྐད་ཅེས་ནི་བཀའ་སྩལ་ཏོ། །གཉིས་འཛིན་ཐུན་མོང་མཆོག་ཡིན་ཏེ། །ཁ་གནོན་ཕྲེང་བ་སྦྱོར་བ་གསུམ། །དམ་པར་སྦྱོར་བ་འདི་དག་སྟེ། །ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷན་ཛ་ཧཱུཾ་ཕཊ། ཨོཾ་ཨ་ཀྲོ་ཏེ་ཀ་ཀཱ་ལ་པ་བ་ག་ན་ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། ཨོཾ་ཧྲཱྀཿ ཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། ཨོཾ་ས་མ་ཡ་མཉྫུ་ཤྲཱི་ཡ་མཱནྟ་ཀ །ཡ་མ་རཱ་ཙ་ས་དོ་ཀྵེ་ཡ། མ་མ་ཨེ་ཀ་ཛཱ་ཏི་ཛ་ཛ་ཛ། མ་མ་རག་མོ་ར་ཏྲག་ཤ་ཁ་མུན་ཏྲ་སྙིང་ཁ་རག །མ་མ་ར་རག་མོ། སརྦ་རག་མོ་ཏེ་ཀུཾ་ཛ་ཛ་ཛ། ཁ་ལ་མ་ཏི་ཡ་མ་བྷྱོ་བྷྱོ། ཨོཾ་ཡ་མ་རཱ་ཛ་ས་དོ་མེ་ཡ་ཧཱུཾ་ཕཊ། ཨོཾ་ཡ་མེ་དོ་རུ་ཎ་ཡོ་ད་ཡ་ཧཱུཾ་ཕཊ། ཨོཾ་ཡ་ཀྵེ་ཡ་ཧཱུཾ་ཕཊ། ཨོཾ་ཡ་ཀྵེ་ཡ་ཙྪ་ནི་རཱ་མ་ཡ་ཧཱུཾ་ཕཊ། ས་མ་ཡ་ཡཾ་ཡཾ་བག་ཀ་ཡཾ། ཡ་བ་ཙིཏྟ་རཏྣ། ཀརྨ་སིད་དྷི་ཧཱུཾ། བཛྲ་ཨཾ་གུ་ཤ་ཛ་ཛ། ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཡཱ་ཡཱ་མཱ་མཱ་ས་མ་ཡ་བྷྱོ་བྷྱོ། ཡ་མ་ལོན་ཙིཏྟ་མ་མ་བྷྱོ་ཨ་མུ་ཀ་སྙིང་རག་མ་མ་བྷྱོ་བྷྱོ། ཨོཾ་ཡ་མ་རཱ་ཛ་ས་དོ་མེ་ཡ། མ་རཱ་ཛ་ས་དོ་མེ་ཡ། ཨོཾ་རཱ་ཛ་ས་དོ་མེ་ཡ། ཨོཾ་ཛ་ས་དོ་མེ་ཡ་མ་རཱ། ཨོཾ་ས་དོ་མེ་ཡ་མ་རཱ་ཛ། ཨོཾ་དོ་མ་ཡ་མ་རཱ་ཛ་ས། ཨོཾ་མེ་ཡ་མ་རཱ་ཛ་ས་དོ། ཨོཾ་ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཨོཾ་མེ་དོ་རུ་ཎ་ཡོ་ད་ཡ། ཨོཾ་དོ་རུ་ཎ་ཡོ་ད་ཡ་མེ། ཨོཾ་རུ་ཎ་ཡོ་ད་ཡ་མེ་དོ། ཨོཾ་ཎ་ཡོ་ད་ཡ་མེ་དོ་རུ། ཨོཾ་ཡོ་ད་ཡ་མེ་དོ་རུ་ཎ། ཨོཾ་ད་ཡ་མེ་དོ་རུ་ཎ་ཡོ། ཡ་ད་ཡོ་ནི་ར་ཡ་ཀྵེ། ཨོཾ་ད་ཡོ་ནི་ར་ཡ་ཀྵེ་ཡ། ཨོཾ་ཡོ་ནི་ར་ཡ་ཀྵེ་ཡ་ད། ཨོཾ་ནི་ར་ཡ་ཀྵེ་ཡ་ད་ཡོ། ཨོཾ་ར་ཡ་ཀྵེ་ཡ་ད་ཡོ་ནི། ཨོཾ་ར་ཡ་ཀྵེ་ཡ་ད་ཡོ་ནི་རི། ཨོཾ་ཡ་ཀྵེ་ཡ་ད་ཡོ་ནི་ར། ཨོཾ་ཀྵེ་ཡ་ད་ཡོ་ནི་ར་ཡ། ཨོཾ་ཡ་ཀྵེ་ཡ་ཙྪ་ནི་རཱ་མ་ཡ། ཨོཾ་ཀྵེ་ཡ་ཙྪ་ནི་རཱ་མ་ར་ཡ། ཨོཾ་ཡ་ཙྪ་ནི་རཱ་མ་ཡ་ཀྵེ། ཨོཾ་ཙྪ་ནི་


DNG016_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

རཱ་མ་ཡ་ཀྵེ་ཡ། ཨོཾ་ནི་རཱ་མ་ཡ་ཀྵེ་ཡ་ཙྪ། ཨོཾ་རཱ་མ་ཡ་ཀྵེ་ཡ་ཙྪ་ནི། ཨོཾ་མ་ཡ་ཀྵེ་ཡ་ཙྪ་ནི་རཱ། ཨོཾ་ཡ་མེ་ད་ཀྵེ་རཱ་ཛ་ས་དོ་རུ་ཎ་ཡོ་ནི་ར་ཡ་ཙྪ་ནི་ཧཱུཾ་ཕཊ། ཨོཾ་ཡ་ད་ཀྵེ་མ་མེ་དོ་རུ་ཎ་ཡོ་ནི་ར་ཡ་ཙྪ་ནི་རཱ་ཛ་ས་ཧཱུཾ་ཕཊ། ཨོཾ་ཡ་ཀྵེ་མ་མེ་ཡོ་ནི་ར་ཡ་ཙྪ་ནི་རཱ་ཛ་ས་དོ་ཧཱུཾ་ཕཊ། ཨོཾ་ཡ་ཀྵེ་མ་མེ་ད་ཡ་ཙྪ་ནི་རཱ་ཛ་ས་དོ་རུ་ཎ་ཡོ་ནི་ཧཱུཾ་ཕཊ། ཨོཾ་ཡ་མ་མེ་ད་ཀྵེ་ཡ་མ་ས་མ་ཡ་ཀཱ་ཡ་བཛྲ་ཧཱུཾ་ཛ་ཛ། ཨོཾ་རཱ་ཛ་ས་དོ་ཡ་མ་ས་མ་ཡ་ཀཱ་ཡ་བཛྲ་ཧཱུཾ་ཛ་ཛ། ཨོཾ་རུ་ཎ་ཡོ་ནི་ཧཱུཾ་ཡ་མ་ས་མ་ཡ་ཀཱ་ཡ་བཛྲ་ཧཱུཾ་ཛ་ཛ། ཨོཾ་ར་ཙ་ཡ་ནི་ཧཱུཾ་ཡ་མ་ས་མ་ཡ་ཀཱ་ཡ་བཛྲ་ཧཱུཾ་ཛ་ཛ། ཞེས་གསུངས་ཏེ། བཀའ་སྩལ་པ་དང་། དེ་ནི་ཚད་མའི་ཡེ་ཤེས་མཆོག །ཀུན་གྱི་བདག་པོར་གྱུར་པས་ཁ་གནོན་ཏོ། །ཐམས་ཅད་དབང་དུ་བསྡུས་པས་ཐུན་མོང་བསྙེན་པའི་མཆོག །སྒྲ་དབྱངས་འབྱོར་པས་རབ་རྐྱེན་ན། །སྣ་ཚོགས་དོན་ཅན་འགྲུབ་པར་ཐེ་ཚོམ་མེད། །གཏུབ་དང་དཀྲུག་དང་བསྡེབ་པ་ཡིས། །དོན་གཉིས་བསྟན་ཏེ་བརྗོད་ལས་འདས། །ཞེས་གསུངས་སོ། །དེ་ནས་ཡང་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །གོང་དུ་གསུངས་པའི་དོན་དེ་མཆོག །མཚོན་ཆེན་འཁོར་ལོ་ལྟ་བུ་འམ། །ཡིད་བཞིན་བུམ་པ་བདུད་རྩི་ལྟ་བུ་རུ། །འཇིགས་བྱེད་ཆེན་པོས་བཀའ་སྩལ་ཏེ། །འདུས་པའི་ཚོགས་ལ་བཤད་དུ་གསོལ། །ཞེས་ཞུས་སོ། །འཇིགས་བྱེད་ཆེན་པོས་བཀའ་སྩལ་པ། །ཉོན་ཅིག་ཟུང་ཞིག་རྡོ་རྗེ་འཛིན། །སྔགས་ཀྱི་ཕྲེང་བའི་འོད་ཟེར་ནི། །ཐམས་ཅད་གཅོད་པ་འཁོར་ལོ་ཡིན། །ཅིར་ཡང་གྲུབ་པས་ཡིད་བཞིན་མཛོད། །འཚོ་བར་བྱེད་པས་བདུད་རྩི་སྟེ། །སྤུ་གྲི་ལྟ་བུའི་མཚོན་གྱི་དོན། །བཤད་ཀྱིས་འདུས་པའི་ཚོགས་རྣམས་ཉན་པར་བྱོས། །ཞེས་བཀའ་སྩལ་ཏོ། །ངམ་རིང་སྲིན་བྲག་ཁྲག་གི་མཆི་རིས་ཅན། །སྐྱེ་བོ་མེད་པའི་ནགས་ཚལ་དུ། །བར་ཆད་རྣམ་གསུམ་བྲལ་བའི་རྫས་བསགས་ལ། །སེང་གེ་ལྟ་བུའི་འདུ་ཤེས་ཀྱིས། །གཅིག་པུར་གནས་ཏེ་བཟླས་པ་ཡི། །མེ་ལྕེའི་ཕྲེང་བ་ལྟ་བུའོ། །ཡ་མ་རཱ་ཛ་ས་དོ་མེ་ཡ་དགྲ་བོ་ཨ་མུ་ཀཾ་པྲ་མ་ཡ་ཧཱུཾ་ཕཊ། མ་རཱ་ཛ་ས་དོ་མེ་དོ་ཡ་ཨ་མུ་ཀཾ་པྲ་མ་ཡ་ཧཱུཾ་ཕཊ། རཱ་ཛ་ས་དོ་མེ་ཡ་མ་ཨ་མུ་ཀཾ་པྲ་མ་ཡ་ཧཱུཾ་ཕཊ། ཛ་ས་དོ་མེ་ཡ་མ་རཱ་ཨ་མུ་ཀཾ་པྲ་མ་ཡ་ཧཱུཾ་ཕཊ། ས་དོ་མེ་ཡ་མ་རཱ་ཛ་ཨ་མུ་ཀཾ་པྲ་མ་ཡ་ཧཱུཾ་ཕཊ། དོ་མེ་ཡ་མ་རཱ་ཛ་ས་ཨ་མུ་ཀཾ་


DNG016_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

པྲ་མ་ཡ་ཧཱུཾ་ཕཊ། མེ་ཡ་མ་རཱ་ཛ་ས་དོ། ཨ་མུ་ཀཾ་པྲ་མ་ཡ་ཧཱུཾ་ཕཊ། ཡ་མེ་དོ་རུ་ཎ་ཡོ་ད་ཨ་མུ་ཀཾ་མུར་ཙ་ཡ་ཧཱུཾ་ཕཊ། མེ་དོ་རུ་ཎ་ཡོ་ད་ཡ་ཨ་མུ་ཀཾ་མུར་ཙ་ཡ་ཧཱུཾ་ཕཊ། དོ་རུ་ཎ་ཡོ་ད་ཡ་མེ་ཨ་མུ་ཀཾ་མུར་ཙ་ཡ་ཧཱུཾ་ཕཊ། རུ་ཎ་ཡོ་ད་ཡ་མ་དོ་ཨ་མུ་ཀཾ་མུར་ཙ་ཡ་ཧཱུཾ་ཕཊ། ཎ་ཡོ་ད་ཡ་མེ་དོ་རུ་ཨ་མུ་ཀཾ་མུར་ཙ་ཡ་ཧཱུཾ་ཕཊ། ཡོ་ཏ་ཡ་མེ་དོ་རུ་ཎ་ཨ་མུ་ཀཾ་མུར་ཙ་ཡ་ཧཱུཾ་ཕཊ། ད་ཡ་མེ་དོ་རུ་ཎ་ཡོ་ཨ་མུ་ཀཾ་མུར་ཙ་ཡ་ཧཱུཾ་ཕཊ། ཡ་ད་ཡོ་ནི་ར་ཡ་ཀྵེ་ཨ་མུ་ཀཾ་རཀྟ་ཙ་ར་ཧཱུཾ་ཕཊ། ད་ཡོ་ནི་ར་ཡ་ཀྵེ་ཡ་ཨ་མུ་ཀཾ་རཀྟ་ཙ་ར་ཧཱུཾ་ཕཊ། ཡོ་ནི་ར་ཡ་ཀྵེ་ཡ་ད་ཨ་མུ་ཀཾ་རཀྟ་ཙ་ར་ཧཱུཾ་ཕཊ། ནི་ར་ཡ་ཀྵེ་ཡ་ད་ཡོ་ཨ་མུ་ཀཾ་རཀྟ་ཙ་ར་ཧཱུཾ་ཕཊ། ར་ཡ་ཀྵེ་ཡ་ད་ཡོ་ནི་ཨ་མུ་ཀཾ་རཀྟ་ཙ་ར་ཧཱུཾ་ཕཊ། ཡ་ཀྵེ་ཡ་ད་ཡོ་ནི་ར་ཨ་མུ་ཀཾ་རཀྟ་ཙ་ར་ཧཱུཾ་ཕཊ། ཀྵེ་ཡ་ད་ཡོ་ནི་ར་ཡ་ཨ་མུ་ཀཾ་རཀྟ་ཙ་ར་ཧཱུཾ་ཕཊ། ཡ་ཀྵེ་ཡ་ཙྪ་ནི་རཱ་མ་ཨ་མུ་ཀཾ་མཱ་ར་ཡ་ཧཱུཾ་ཕཊ། ཀྵེ་ཡ་ཙྪ་ནི་རཱ་མ་ཡ་ཨ་མུ་ཀཾ་མཱ་ར་ཡ་ཧཱུཾ་ཕཊ། ཡ་ཙྪ་ནི་རཱ་མ་ཡ་ཀྵེ་ཨ་མུ་ཀཾ་མཱ་ར་ཡ་ཧཱུཾ་ཕཊ། ཙྪ་ནི་རཱ་མ་ཡ་ཀྵེ་ཡ་ཨ་མུ་ཀཾ་མཱ་ར་ཡ་ཧཱུཾ་ཕཊ། ནི་རཱ་མ་ཡ་ཀྵེ་ཡ་ཙྪ་ཨ་མུ་ཀཾ་མཱ་ར་ཡ་ཧཱུཾ་ཕཊ། རཱ་མ་ཡ་ཀྵེ་ཡ་ཙྪ་ནི་ཨ་མུ་ཀཾ་མཱ་ར་ཡ་ཧཱུཾ་ཕཊ། མ་ཡ་ཀྵེ་ཡ་ཙྪ་ནི་རཱ་ཨ་མུ་ཀཾ་མཱ་ར་ཡ་ཧཱུཾ་ཕཊ། ཡ་མ་རཱ་ནི་ཙྪ་ཡ་ཀྵེ་ཨ་མུ་ཀཾ་པྲ་མ་ཡ་ཧཱུཾ་ཕཊ། མ་རཱ་ནི་ཙྪ་ཡ་ཀྵེ་ཡ་ཨ་མུ་ཀཾ་པྲ་མ་ཡ་ཧཱུཾ་ཕཊ། རཱ་ནི་ཙྪ་ཡ་ཀྵེ་ཡ་མ་ཨ་མུ་ཀཾ་པྲ་མ་ཡ་ཧཱུཾ་ཕཊ། ནི་ཙྪ་ཡ་ཀྵེ་ཡ་མ་རཱ་ཨ་མུ་ཀཾ་པྲ་མ་ཡ་ཧཱུཾ་ཕཊ། ཙྪ་ཡ་ཀྵ་ཡ་མ་རཱ་ནི་ཨ་མུ་ཀཾ་པྲ་མ་ཡ་ཧཱུཾ་ཕཊ། ཡ་ཀྵེ་ཡ་མ་རཱ་ནི་ཙྪ་ཨ་མུ་ཀཾ་པྲ་མ་ཡ་ཧཱུཾ་ཕཊ། ཀྵེ་ཡ་མ་རཱ་ནི་ཙྪ་ཡ་ཨ་མུ་ཀཾ་པྲ་མ་ཡ་ཧཱུཾ་ཕཊ། ཡ་ཀྵེ་ཡ་ར་ནི་ཡོ་ད་ཨ་མུ་ཀཾ་རཀྟ་ཙ་ར་ཡ་ཧཱུཾ་ཕཊ། ཀྵེ་ཡ་ར་ནི་ཡོ་ད་ཡ་ཨ་མུ་ཀཾ་རཀྟ་ཙ་ར་ཡ་ཧཱུཾ་ཕཊ། ཡ་ར་ནི་ཡོ་ད་ཡཀྵེ་ཨ་མུ་ཀཾ་རཀྟ་ཙ་ར་ཡ་ཧཱུཾ་ཕཊ། ར་ནི་ཡོ་ད་ཡ་ཀྵེ་ཡ་ཨ་མུ་ཀཾ་རཀྟ་ཙ་ར་ཡ་ཧཱུཾ་ཕཊ། ནི་ཡོ་ད་ཡ་ཀྵེ་ཡ་ར་ཨ་མུ་ཀཾ་རཀྟ་ཙ་ར་ཡ་ཧཱུཾ་ཕཊ། ཡོ་ད་ཡ་ཀྵེ་ཡ་ར་ནི་ཨ་མུ་ཀཾ་རཀྟ་ཙ་ར་ཡ་ཧཱུཾ་ཕཊ། ད་ཡ་ཀྵེ་ཡ་ར་ནི་ཡོ་ཨ་མུ་ཀཾ་རཀྟ་ཙ་ར་ཡ་ཧཱུཾ་ཕཊ། ཡ་ད་ཡོ་ཎ་རུ་ཎོ་མེ་ཨ་མུ་ཀཾ་མུར་ཙ་ཡ་ཧཱུཾ་ཕཊ། ད་ཡོ་ད་རུ་དོ་མེ་ཡ་ཨ་མུ་ཀཾ་མུར་ཙ་ཡ་ཧཱུཾ་ཕཊ། ཡོ་ཎ་རུ་དོ་མེ་ཡ་ད་ཨ་མུ་ཀཾ་མུར་ཙ་ཡ་ཧཱུཾ་ཕཊ། ཎ་རུ་དོ་མེ་ཡ་ད་ཡོ་ཨ་མུ་ཀཾ་མུར་ཙ་ཡ་ཧཱུཾ་ཕཊ། རུ་དོ་མེ་ཡ་ད་ཡོ་ཎ་ཨ་མུ་ཀཾ་མུར་ཙ་ཡ་ཧཱུཾ་ཕཊ། དོ་མེ་ཡ་


DNG016_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

ད་ཡོ་ཎ་རུ་ཨ་མུ་ཀཾ་མུར་ཙ་ཡ་ཧཱུཾ་ཕཊ། མེ་ཡ་ད་ཡོ་ཎ་རུ་དོ་ཨ་མུ་ཀཾ་མུར་ཙ་ཡ་ཧཱུཾ་ཕཊ། ཡ་མེ་དོ་ས་ཛ་རཱ་མ་ཨ་མུ་ཀཾ་མཱ་ར་ཡ་ཧཱུཾ་ཕཊ། མེ་དོ་ས་ཛ་རཱ་མ་ར་ཡ་ཨ་མུ་ཀཾ་མཱ་ར་ཡ་ཧཱུཾ་ཕཊ། དོ་ས་ཛ་རཱ་མ་ཡ་མེ་ཨ་མུ་ཀཾ་མཱ་ར་ཡ་ཧཱུཾ་ཕཊ། ས་ཛ་རཱ་མ་ཡ་མེ་དོ་ཨ་མུ་ཀཾ་མཱ་ར་ཡ་ཧཱུཾ་ཕཊ། ཛ་རཱ་མ་ཡ་མེ་དོ་ས་ཨ་མུ་ཀཾ་མཱ་ར་ཡ་ཧཱུཾ་ཕཊ། རཱ་མ་ཡ་མེ་དོ་ས་ཛ་རཱ་ཨ་མུ་ཀཾ་མཱ་ར་ཡ་ཧཱུཾ་ཕཊ། མ་ཡ་མེ་དོ་ས་ཛ་རཱ་ཨ་མུ་ཀཾ་མཱ་ར་ཡ་ཧཱུཾ་ཕཊ། ཕྱི་ནང་དགུ་ཡང་གསུམ་གྱི་དོན། །ཡེ་ཤེས་འོད་ཟེར་འགུགས་པའི་མཆོག །ཨེ་མའོ། ཡ་མ་རཱ་ཛ་ས་དོ་མེ་ཡ་ཨ་མུ་ཀཾ་པྲ་མ་ཡ་ཧཱུཾ་ཕཊ། ཡ་མ་ར་ནི་ཙྪ་ཡ་ཀྵེ་ཡ་ཨ་མུ་ཀཾ་པྲ་མ་ཡ་ཧཱུཾ་ཕཊ། ཡ་མེ་དོ་རུ་ཎ་ཡོ་ད་ཡ་ཨ་མུ་ཀཾ་མུར་ཙ་ཡ་ཧཱུཾ་ཕཊ། ཡ་མེ་དོ་ས་ཛ་རཱ་མ་ཡ་ཨ་མུ་ཀཾ་མུར་ཙ་ཡ་ཧཱུཾ་ཕཊ། ཡ་ད་ཡོ་ནི་ར་ཡ་ཀྵེ་ཡ་ཨ་མུ་ཀཾ་ཡ་ཧཱུཾ་ཕཊ། ཡ་ད་ཡོ་ཎ་རུ་དོ་མེ་ཡ་ཨ་མུ་ཀཾ་རཀྟ་ཙ་ར་ཡ་ཧཱུཾ་ཕཊ། ཡ་ཀྵེ་ཡ་ཙྪ་ནི་རཱ་མ་ཡ་ཨ་མུ་ཀཾ་མཱ་ར་ཡ་ཧཱུཾ་ཕཊ། ཡ་ཀྵེ་ཡ་ར་ནི་ཡོ་ད་ཡ་ཨ་མུ་ཀཾ་མཱ་ར་ཡ་ཧཱུཾ་ཕཊ། སྔགས་ཀྱི་འོད་ཟེར་ཕྱི་ནང་གསུམ། །གསང་བ་ཨོཾ་ལ་དོན་དང་མཚུངས། །བསྣུན་པས་བ་ལམ་ཀ་ཞེས་བྱ། །ཡ་མ་མེ་ད་རཱ་ཛ་ས་དོ་རུ་ཎ་ཡོ་ནི་ར་ཡ་ཙྪ་ནི། ཨ་མུ་ཀཾ་པྲ་མ་ཡ་ཧཱུཾ་ཕཊ། ཡ་མེ་ད་ཀྵེ་མ་དོ་རུ་ཎ་ཡོ་ནི་ར་ཡ་ཙྪ་ནི་རཱ་ཛ་ས་ཨ་མུ་ཀཾ་རཀྟ་ཙ་ར་ནི་ཧཱུཾ་ཕཊ། ཡ་ད་ཆེ་མ་མེ་ཡོ་ནི་ར་ཡ་ཙྪ་ནི་རཱ་ཛ་ས་དོ་རུ་ཎ་ཨ་མུ་ཀཾ་མུར་ཙ་ཡ་ཧཱུཾ་ཕཊ། ཡ་ཀྵེ་མ་མེ་ད་ཡ་ཙྪ་ནི་རཱ་ཛ་ས་དོ་རུ་ཎ་ཡོ་ནི་ར་ཨ་མུ་ཀཾ་མཱ་ར་ཡ་ཧཱུཾ་ཕཊ། ཡ་མ་ཀྵེ་ད་མེ་ར་ནི་ཙྪ་ཡ་ར་ནི་ཡོ་ཎ་རུ་དོ་ས་ཛ་ཨ་མུ་ཀཾ་པྲ་མ་ཡ་ཧཱུཾ་ཕཊ། ཡ་ཀྵེ་ད་མེ་མ་ཡ་ར་ནི་ཡོ་ཎ་རུ་དོ་ས་ཛ་རཱ་ནི་ཙྪ། ཨ་མུ་ཀཾ་རཀྵ་ཙ་ར་ཧཱུཾ་ཕཊ། ཡ་ད་མེ་མ་ཀྵེ་ཡོ་ཎ་རུ་དོ་ས་ཛ་རཱ་ནི་ཙྪ་ཡ་ར་ནི་ཨ་མུ་ཀཾ་མུར་ཙ་ཡ་ཧཱུཾ་ཕཊ། ཡ་མེ་མ་ཀྵེ་ད་ཏོ་ས་ཛ་རཱ་ནི་ཙྪ་ཡ་ར་ནི་ཡོ་ཎ་རུ་ཨ་མུ་ཀཾ་མཱ་ར་ཡ་ཧཱུཾ་ཕཊ། མེ་ལྕེ་ཕྲེང་བའི་རལ་གྲི་ཡིས། །རྒྱུད་གཅིག་ཤེས་པ་ཀ་སི་པར། །རྒྱུད་གཉིས་ཤེས་པར་ཐེ་ཚོམ་མེད། །པྲ་བེ་ཤ་ཞེས་གསུངས་སོ། །ཡ་མ་མེ་ད་ཀྵེ་ཡ་ཨ་མུ་ཀཾ་པྲ་མ་ཡ་ཨུ་ཙ་ཊ་ཡ་ཧཱུཾ་ཕཊ། འདི་རྣམས་ཨུཙྪ་ཏ་ཡ་ཡིན་ནམ། ཡ་མེ་ད་ཀྵེ་མ་ཡ་ཨ་མུ་ཀཾ་མུར་ཙ་ཡ་ཨུ་ཙ་ཊ་ཡ་ཧཱུཾ་ཕཊ། ཡ་ད་ཀྵེ་མ་མེ་ཡ་ཨ་མུ་ཀཾ་རཀྟ་ཙ་ར་ཡ་ཨུ་ཙ་ཊ་ཡ་ཧཱུཾ་ཕཊ། ཡ་ཀྵེ་མ་མེ་ད་ཡ་ཨ་མུ་ཀཾ་མཱ་ར་ཡ་ཨུ་ཙ་ཊ་ཡ་ཧཱུཾ་ཕཊ། ཡ་མ་ཀྵེ་ཏ་མེ་ཡ་ཨ་མུ་ཀཾ་པྲ་མ་ཡ་ཨུ་ཙ་ཊ་ཡ་ཧཱུཾ་


DNG016_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

ཕཊ། ཡ་ཀྵེ་ཏ་མེ་མ་ཡ་ཨ་མུ་ཀཾ་མུར་ཙ་ཡ་ཨུ་ཙ་ཊ་ཡ་ཧཱུཾ་ཕཊ། ཡ་ཏ་མེ་མ་ཀྵེ་ཡ་ཨ་མུ་ཀཾ་རཀྟ་ཙ་ར་ཡ་ཨུ་ཙ་ཊ་ཡ་ཧཱུཾ་ཕཊ། ཡ་ཀྵེ་མ་མེ་ད་ཡ་ཨ་མུ་ཀཾ་མཱ་ར་ཡ་ཨུ་ཙ་ཊ་ཡ་ཧཱུཾ་ཕཊ། གཤེད་བཞི་ཐུགས་ཀྱི་ཕྲེང་བ་ཡིས། །ཕྱག་ན་རྡོ་རྗེ་དངངས་སྐྲག་ན། །སྲོག་ཆགས་གཞན་ལྟ་སྨོས་ཅི་དགོས། །ཞེས་བཀའ་སྩལ་ཏོ། །ཨ་ཧོ། ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཨ་མུ་ཀཾ་པྲ་མ་ཡ་ཧཱུཾ་ཕཊ། ཡ་མ་རཱ་ཛ་ཨ་མུ་ཀཾ་པྲ་མ་ཡ་ཧཱུཾ་ཕཊ། ས་དོ་མེ་ཡ་ཨ་མུ་ཀཾ་པྲ་མ་ཡ་ཧཱུཾ་ཕཊ། ཡ་མེ་དོ་རུ་ཨ་མུ་ཀཾ་པྲ་མ་ཡ་ཧཱུཾ་ཕཊ། ཎ་ཡོ་ད་ཡ་ཨ་མུ་ཀཾ་པྲ་མ་ཡ་ཧཱུཾ་ཕཊ། ཡ་ད་ཡོ་ནི་ཨ་མུ་ཀཾ་པྲ་མ་ཡ་ཧཱུཾ་ཕཊ། ར་ཡ་ཀྵེ་ཡ་ཨ་མུ་ཀཾ་པྲ་མ་ཡ་ཧཱུཾ་ཕཊ། ཡ་ཀྵེ་ཡཙྪ་ཨ་མུ་ཀཾ་པྲ་མ་ཡ་ཧཱུཾ་ཕཊ། ནི་རཱ་མ་ཡ་ཨ་མུ་ཀཾ་པྲ་མ་ཡ་ཧཱུཾ་ཕཊ། ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཨ་མུ་ཀཾ་མུར་ཙ་ཡ་ཧཱུཾ་ཕཊ། ཡ་མེ་དོ་རུ་ཨ་མུ་ཀཾ་མུར་ཙ་ཡ་ཧཱུཾ་ཕཊ། ཎ་ཡོ་ད་ཡ་ཨ་མུ་ཀཾ་མུར་ཙ་ཡ་ཧཱུཾ་ཕཊ། ཡ་ད་ཡོ་ནི་ཨ་མུ་ཀཾ་མུར་ཙ་ཡ་ཧཱུཾ་ཕཊ། ར་ཡ་ཀྵེ་ཡ་ཨ་མུ་ཀཾ་མུར་ཙ་ཡ་ཧཱུཾ་ཕཊ། ཡ་ཀྵེ་ཡ་ཙྪ་ཨ་མུ་ཀཾ་མུར་ཙ་ཡ་ཧཱུཾ་ཕཊ། ནི་རཱ་མ་ཡ་ཨ་མུ་ཀཾ་མུར་ཙ་ཡ་ཧཱུཾ་ཕཊ། ཡ་མ་རཱ་ཛ་ཨ་མུ་ཀཾ་མུར་ཙ་ཡ་ཧཱུཾ་ཕཊ། ས་དོ་མེ་ཡ་ཨ་མུ་ཀཾ་མུར་ཙ་ཡ་ཧཱུཾ་ཕཊ། ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཨ་མུ་ཀཾ་རཀྟ་ཙ་ར་ཧཱུཾ་ཕཊ། ཡ་ད་ཡོ་ནི་ཨ་མུ་ཀཾ་རཀྟ་ཙ་ར་ཧཱུཾ་ཕཊ། ར་ཡ་ཀྵེ་ཡ་ཨ་མུ་ཀཾ་རཀྟ་ཙ་ར་ཧཱུཾ་ཕཊ། ཡ་ཀྵེ་ཡ་ཙྪ་ཨ་མུ་ཀཾ་རཀྟ་ཙ་ར་ཧཱུཾ་ཕཊ། ནི་རཱ་མ་ཡ་ཨ་མུ་ཀཾ་རཀྟ་ཙ་ར་ཧཱུཾ་ཕཊ། ཡ་མ་རཱ་ཛ་ཨ་མུ་ཀཾ་རཀྟ་ཙ་ར་ཧཱུཾ་ཕཊ། ས་དོ་མེ་ཡ་ཨ་མུ་ཀཾ་རཀྟ་ཙ་ར་ཧཱུཾ་ཕཊ། ཡ་མེ་དོ་རུ་ཨ་མུ་ཀཾ་རཀྟ་ཙ་ར་ཧཱུཾ་ཕཊ། ཎ་ཡོ་ད་ཡ་ཨ་མུ་ཀཾ་རཀྟ་ཙ་ར་ཧཱུཾ་ཕཊ། ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཨ་མུ་ཀཾ་མཱ་ར་ཡ་ཧཱུཾ་ཕཊ། ཡ་ཀྵེ་ཡ་ཙྪ་ཨ་མུ་ཀཾ་མཱ་ར་ཡ་ཧཱུཾ་ཕཊ། ནི་རཱ་མ་ཡ་ཨ་མུ་ཀཾ་མཱ་ར་ཡ་ཧཱུཾ་ཕཊ། ཡ་མ་རཱ་ཛ་ཨ་མུ་ཀཾ་མཱ་ར་ཡ་ཧཱུཾ་ཕཊ། ས་དོ་མེ་ཡ་ཨ་མུ་ཀཾ་མཱ་ར་ཡ་ཧཱུཾ་ཕཊ། ཡ་མེ་དོ་རུ་ཨ་མུ་ཀཾ་མཱ་ར་ཡ་ཧཱུཾ་ཕཊ། ཎ་ཡོ་ད་ཡ་ཨ་མུ་ཀཾ་མཱ་ར་ཡ་ཧཱུཾ་ཕཊ། ཡ་ད་ཡོ་ནི་ཨ་མུ་ཀཾ་མཱ་ར་ཡ་ཧཱུཾ་ཕཊ། ར་ཡ་ཀྵེ་ཡ་ཨ་མུ་ཀཾ་མཱ་ར་ཡ་ཧཱུཾ་ཕཊ། ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་དགྲ་བོ་ཨ་མུ་ཀཾ་པྲ་མཱ་ར་ཡ་ཧཱུཾ་ཕཊ། ཡ་མ་རཱ་ནི་ཨ་མུ་ཀཾ་པྲ་མ་ཡ་ཧཱུཾ་ཕཊ། ཙ་ཡ་ཀྵེ་ཡ་ཨ་མུ་ཀཾ་པྲ་མ་


DNG016_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་ཧཱུཾ་ཕཊ། ཡ་ཀྵེ་ཡ་ར་ཨ་མུ་ཀཾ་པྲ་མ་ཡ་ཧཱུཾ་ཕཊ། ནི་ཡོ་ད་ཡ་ཨ་མུ་ཀཾ་པྲ་མ་ཡ་ཧཱུཾ་ཕཊ། ཡ་ད་ཡོ་ཎི་ཨ་མུ་ཀཾ་པྲ་མ་ཡ་ཧཱུཾ་ཕཊ། རུ་དོ་མེ་ཡ་ཨ་མུ་ཀཾ་པྲ་མ་ཡ་ཧཱུཾ་ཕཊ། ཡ་མེ་དོ་ས་ཨ་མུ་ཀཾ་པྲ་མ་ཡ་ཧཱུཾ་ཕཊ། ཛ་རཱ་མ་ཡ་ཨ་མུ་ཀཾ་པྲ་མ་ཡ་ཧཱུཾ་ཕཊ། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཨ་མུ་ཀཾ་མུར་ཙ་ཡ་ཧཱུཾ་ཕཊ། ཡ་ཀྵེ་ཡ་ར་ཨ་མུ་ཀཾ་མུར་ཙ་ཡ་ཧཱུཾ་ཕཊ། ནི་ཡོ་ད་ཡ་ཨ་མུ་ཀཾ་མུར་ཙ་ཡ་ཧཱུཾ་ཕཊ། ཡ་ཏ་ཡོ་ཎ་ཨ་མུ་ཀཾ་མུར་ཙ་ཡ་ཧཱུཾ་ཕཊ། རུ་དོ་མེ་ཡ་ཨ་མུ་ཀཾ་མུར་ཙ་ཡ་ཧཱུཾ་ཕཊ། ཡ་མེ་དོ་ས་ཨ་མུ་ཀཾ་མུར་ཙ་ཡ་ཧཱུཾ་ཕཊ། ཛ་རཱ་མ་ཡ་ཨ་མུ་ཀཾ་མུར་ཙ་ཡ་ཧཱུཾ་ཕཊ། ཡ་མ་ར་ནི་ཨ་མུ་ཀཾ་མུར་ཙ་ཡ་ཧཱུཾ་ཕཊ། ཙྪ་ཡཀྵེ་ཡ་ཨ་མུ་ཀཾ་མུར་ཙ་ཡ་ཧཱུཾ་ཕཊ། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཨ་མུ་ཀཾ་རཀྟ་ཙ་ར་ཧཱུཾ་ཕཊ། ཡ་ད་ཡོ་ཎ་ཨ་མུ་ཀཾ་རཀྟ་ཙ་ར་ཧཱུཾ་ཕཊ། རུ་དོ་མེ་ཡ་ཨ་མུ་ཀཾ་རཀྟ་ཙ་ར་ཧཱུཾ་ཕཊ། ཡ་མེ་དོ་ས་ཨ་མུ་ཀཾ་རཀྟ་ཙ་ར་ཧཱུཾ་ཕཊ། ཛ་རཱ་མ་ཡ་ཨ་མུ་ཀཾ་རཀྟ་ཙ་ར་ཧཱུཾ་ཕཊ། ཡ་མ་ར་ན་ཨ་མུ་ཀཾ་རཀྟ་ཙ་ར་ཧཱུཾ་ཕཊ། ཙ་ཡ་ཀྵེ་ཡ་ཨ་མུ་ཀཾ་རཀྟ་ཙ་ར་ཧཱུཾ་ཕཊ། ཡ་ཀྵེ་ཡ་ར་ཨ་མུ་ཀཾ་རཀྟ་ཙ་ར་ཧཱུཾ་ཕཊ། ནི་ཡོ་ད་ཡ་ཨ་མུ་ཀཾ་རཀྟ་ཙ་ར་ཧཱུཾ་ཕཊ། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཨ་མུ་ཀཾ་མཱ་ར་ཡ་ཧཱུཾ་ཕཊ། ཡ་མེ་དོ་ས་ཨ་མུ་ཀཾ་མཱ་ར་ཡ་ཧཱུཾ་ཕཊ། ཛ་རཱ་མ་ཡ་ཨ་མུ་ཀཾ་མཱ་ར་ཡ་ཧཱུཾ་ཕཊ། ཡ་མ་རཱ་ནི་ཨ་མུ་ཀཾ་མཱ་ར་ཡ་ཧཱུཾ་ཕཊ། ཙྪ་ཡ་ཀྵེ་ཡ་ཨ་མུ་ཀཾ་མཱ་ར་ཡ་ཧཱུཾ་ཕཊ། ཡ་ཀྵེ་ཡ་ར་ཨ་མུ་ཀཾ་མཱ་ར་ཡ་ཧཱུཾ་ཕཊ། ནི་ཡོ་ད་ཡ་ཨ་མུ་ཀཾ་མཱ་ར་ཡ་ཧཱུཾ་ཕཊ། ཡ་ད་ཡོ་ཎ་ཨ་མུ་ཀཾ་མཱ་ར་ཡ་ཧཱུཾ་ཕཊ། རུ་དོ་མེ་ཡ་ཨ་མུ་ཀཾ་མཱ་ར་ཡ་ཧཱུཾ་ཕཊ། དེ་ནི་སྔགས་ཀྱི་རྒྱལ་པོའི་ཐོག །ཕྱག་ན་རྡོ་རྗེའི་ཐུགས་ཀྱང་རྨོངས་པར་ནུས། །དུག་གསུམ་འཁྲུལ་པའི་སེམས་ལ་སྨོས་ཅི་དགོས། །ཞེས་བཀའ་སྩལ་ཏོ། །འདི་ནས་ཕཊ་ཕཊ་བར་དཔྱད་དགོས། ཡ་མ་ཏཀྵེ་མེ་ཡ་ཏོ། ཡོ་ར་ན་ཙ་ས་ར་ཙ་ནི་ཙ་རུ་ས་མ་ཡ་ཨ་མུ་ཀཾ་པྲ་མ་ཡ་ཧཱུཾ་ཕཊ། ཡ་མེ་ཀྵེ་མ་ཏ་ར་ཡོ་ཡ་ཏོ། ར་ན་ནི་ཙ་རུ་ཙ་ས་མ་ཡ་ཨ་མུ་ཀཾ་མུར་ཙ་ཡ་ཧཱུཾ་ཕཊ། ཡ་ཏ་མ་མེ་ཀྵེ་ཏོ་ཡ་ར་ཡོ་ནི་ན་ཙ་ཏུ་ས་མ་ཡ་ཨ་མུ་ཀཾ་རཀྟ་ཙ་ར་ཧཱུཾ་ཕཊ། ཡ་ཀྵེ་མེ་ཏ་མ་ཡོ་ར་ཡ་ཏོ་ཡ་ཡོ་ར་ནི་ཙ་ན་ན་ས་ར་ཙ་རུ། ས་མ་ཡ་ཨ་མུ་ཀཾ་མཱ་ར་ཡ་ཧཱུཾ་ཕཊ། ཡ་མ་ཏ་མེ་ཀྵེ་ཏོ་ཡ་ཡོ་ར་ན་ནི། ཙ་ར་ས་རུ་ཙ་ས་མ་ཡ་


DNG016_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་མུ་ཀཾ་པྲ་མ་ཡ་ཧཱུཾ་ཕཊ། ཡ་ཀྵེ་མེ་བ་ཏ་ར་ཡོ་ཏོ་ཡ་ས་ཙ་ཏུ་ནི། ན་ཙ་ནི་ས་མ་ཡ་དགྲ་བོ་ཨ་མུ་ཀཾ་མུར་ཙ་ཡ་ཧཱུཾ་ཕཊ། ཡ་ཏ་མ་ཀྵེ་མེ་ཡ་དོ་ར་ཡོ་ན། ས་ཙ་ན་ཙ་ནི་ས་ར་ཙ་རུ། ས་མ་ཡ་དགྲ་བོ་ཨ་མུ་ཀཾ་རཀྟ་ཙ་ར་ཧཱུཾ་ཕཊ། ཡ་མེ་ཀྵེ་ཏ་མ་ཡོ་ར་ཡ་ཏོ་ར་ས་ཙ་རུ་ནི་ས་མ་ཡ་དགྲ་བོ་ཨ་མུ་ཀཾ་མཱ་ར་ཡ་ཧཱུཾ་ཕཊ་ཕཊ། ཨོཾ་ཧྲཱྀཿ ཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཕཊ། ཐུགས་ཀྱི་སྙིང་པོ་ཧྲཱྀཿནི་སྡུད་པའི་མཆོག །ཤྟྲཱིཿནི་མི་ལྡོག་མཆོག་ཡིན་ཏེ། །ཀུན་གྱི་ནང་དུ་ང་ཡིས་རབ་ཏུ་བསྔགས། །བསྡུས་ཤིང་མི་ལྡོག་པ་ནི་ཀ་ལི་སྟེ། །འབིགས་ཤིང་གཅོད་པས་འཁོར་ལོ་ཡིན། །ཞེས་བཀའ་སྩལ་ཏོ། །ཡེ་ཤེས་རང་འབར་གསལ་ཞིང་ལས་ཀྱི་མཐུ་ཡིས་བསྒྲུབ། །དྲག་པོ་རྒོད་དུ་གྱུར་པའི་དྲག་སྔགས་བདུན། །བཏུ་ཞིང་སྡེབས་པས་ལས་ཀུན་བྱེད། །བཀུག་ཅིང་སྤུ་གྲི་བཏགས་ཏེ་བསྣུན་པ་ཡིས། །གང་ལའང་ཐོགས་རྡུག་མེད་པ་ཐོག་དང་མཚུངས། །རྣོ་བའི་མཆོག་ཏུ་གྱུར་པས་སྤུ་གྲིའོ། །དྲག་པོའི་གཙོ་བོར་གྱུར་པས་ལས་ཀྱི་རྒྱལ་པོར་བཤད། །འདི་ནི་ང་ཡི་དུས་སུ་རབ་ཏུ་དགྱེས་པར་བཤད། །གསོ་དང་བསད་དང་འཕམ་དང་རྒྱལ། །དགུག་དང་གཏད་དང་བཅིང་དང་དགྲོལ། །དབབ་དང་གཅོད་དང་བསྲུང་དང་བསྐྱིལ། །སྣ་ཚོགས་དོན་ཆེན་འབྱིན་པར་བྱེད། །དཀོན་མཆོག་རྒྱལ་མཚན་ལྟར་བྱེད་ཅིང་། །དྷརྨ་ཡུན་དུ་གནས་པར་འགྱུར། །ཞེས་བཀའ་སྩལ་ཏོ། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། དྲག་པོ་སྔགས་རྒོད་འཇིག་རྟེན་རླག་བྱེད་ཀྱི་ལེའུ་སྟེ་བཞི་པའོ།། །།དེ་ནས་འཇིགས་བྱེད་ཁྲག་འཐུང་གི་རྒྱལ་པོ་གཤེད་པོ་དེས། གསལ་བྱེད་འདྲ་པ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འཁོར་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཡེ་ཤེས་རྡོ་རྗེ་གསོར་བའི་ལག་ན་རྡོ་རྗེ་ཁྱོད། །མི་འགྱུར་ལས་སུ་གྲུབ་པ་ཡིན། །དག་བྱེད་ཆད་དང་ལྷག་པ་མེད་པའི་དོན། །བདག་གཞན་དོན་སྡིག་དུ་མ་བྱེད་དགེ་ཡང་། །དམ་པར་བཤད་པར་ངས་བྱ་ཡིས། །མ་ལུས་འདུས་པས་མཉན་པར་བྱོས། །ཚད་མ་སྔགས་ཀྱི་རིམ་པ་ནི། །སྐུ་གསུང་ཐུགས་ཀྱི་ཕྲེང་བ་སྟེ། །དོན་དེ་ཇི་ལྟར་གསལ་བྱ་ན། །སྒྲ་ནི་འཇུག་པའི་རྒྱུ་


DNG016_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ། །དབྱངས་ནི་སྦྱོར་བའི་རྐྱེན་ཡིན་ཏེ། །ཉེ་བར་བསྟན་པ་འདི་ལྟ་སྟེ། །ཡེ་ཤེས་ལྔ་ཡི་བདག་ཉིད་སྟེ། །ཡོན་ཏན་རྫོགས་པའི་ཡི་གེ་གཞག །དེ་འོག་དབྱངས་ཀྱི་དང་པོ་གཞག །དེ་འོག་སྒྲ་ཡི་དང་པོ་ལ། །སྒྲ་ཡི་དྲུག་པའི་གཉིས་པས་འོག་ནས་སྤྲས། །དབྱངས་ཀྱི་བཅུ་གསུམ་པ་ཡིས་སྟེང་ནས་བརྒྱན། །སྒྲ་ཡི་བཞི་པའི་དང་པོ་གཞག །དབྱངས་ཀྱི་བཅུ་གཅིག་པ་ཡིས་སྟེང་ནས་བརྒྱན། །དེ་རྗེས་སྒྲ་ཡི་དང་པོ་གཞག །དེ་འོག་སྒྲ་ཡི་དྲུག་པའི་དང་པོ་ལ། །དེ་རྗེས་སྒྲ་ཡི་ལྔ་པའི་ཐ་མ་གཞག །དེ་ལ་དབྱངས་ཡིག་གཉིས་པས་བརྒྱན། །དེ་རྗེས་སྒྲ་ཡི་བཞི་པའི་ལྔ་པ་ལ། །སྒྲ་ཡི་བཞི་པའི་དང་པོས་འོག་ཏུ་སྤྲས། །དེ་འོག་སྒྲ་ཡི་དང་པོ་སྟེ། །དེ་འོག་སྒྲ་ཡི་བདུན་པའི་བཞི་པ་སྟེ། །དེ་རྗེས་སྒྲ་ཡི་བཞི་པའི་ཐ་མའོ། །སྒྲ་ཡི་ལྔ་པའི་ཐ་མའོ། །དེ་འོག་སྒྲ་ཡི་བཞི་པའི་གཉིས་པ་གཞག །དེ་རྗེས་སྒྲ་ཡི་ལྔ་པའི་བཞི་པ་གཞག །དེ་ལ་སྒྲ་ཡི་གཉིས་པའི་ཐ་མ་བརྟེན། །དེ་འོག་སྒྲ་ཡི་གཉིས་པའི་གསུམ་པ་གཞག །དེ་རྗེས་སྒྲ་ཡི་བདུན་པའི་བཞི་པ་ལ། །དབྱངས་ཀྱི་ལྔ་པས་འོག་ནས་བཏེགས། །སྒྲ་ཡི་ལྔ་པའི་ཐ་མས་སྟེང་ནས་ཏེ། །དེ་རྗེས་ལྔ་པའི་གཉིས་པའོ། །གསུམ་པའི་དང་པོས་ཉེ་བར་བརྟེན། །དེ་ནི་སྐུ་ཡི་འཁོར་ལོའི་བཅུད། །ཕྲེང་བ་སྟོབས་ཀྱི་ཚད་མའོ། །གཞན་ཡང་ཐུགས་ཀྱི་སྦྱོར་བའི་ཕྲེང་བ་ནི། །བདུད་འཇོམས་བདེན་པ་དབུ་རུ་གཞག །དྲུག་པའི་གསུམ་པ་ཀློང་ནས་དེ། །ཨུཥྨའི་ཐ་མ་མགོ་ལ་གཞག །དྲུག་པའི་གཉིས་པ་འོག་ཏུ་སྦྱར། །དབྱངས་ཀྱི་བཞི་པ་མགོ་ནས་བཀུག །རིན་པོ་ཆེ་ཡི་ཕྲ་ཡིས་གཅད། །དེ་འོག་ཨུཥྨའི་གཉིས་པ་ལ། །གསུམ་པའི་དང་པོ་སྦྱར་བྱས་ཏེ། །དེ་ལ་དྲུག་པའི་གཉིས་པ་བརྒྱན། །དབྱངས་ཀྱི་བརྒྱད་པས་སྟེང་ནས་བརྒྱན། །རིན་པོ་ཆེ་ཡི་ཕྲ་ཡིས་གཅད། །དེ་འོག་ལྔ་པའི་གསུམ་པ་ལ། །དབྱངས་ཀྱི་གསུམ་པས་སྟེང་ནས་བརྒྱན། །དེ་འོག་སྒྲ་ཡི་དང་པོ་ལ། །དྲུག་པའི་གཉིས་པས་འོག་ནས་བརྒྱན། །དབྱངས་ཀྱི་བརྒྱད་པས་སྟེང་ནས་བརྒྱན། །སྒྲ་ཡི་བཞི་པའི་དང་པོ་བསྟན། །དེ་ལ་དབྱངས་ཡིག་གཉིས་པར་


DNG016_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན། །དེ་འོག་བཞི་པའི་ཐ་མ་གཞག །བཞི་པའི་ཐ་མ་ཉེ་བར་སྦྱར། །དེ་རྗེས་བསྡུས་པའི་སྙིང་པོ་གསུམ། །སྐྲོད་པའི་ཡི་གེ་ནག་པོ་གསུམ། །འདི་ནི་ཀུན་གྱི་འཁོར་ལོ་བཅུད། །སྡུད་པའི་ཡི་གེའི་ཕྲེང་བའོ། །གཞན་ཡང་གསུང་གི་ཕྲེང་བ་ཅན། །ཕྲེང་བ་བསྡུས་ནས་བརྗོད་པ་ཉིད། །འཁོར་ལོ་གསུང་མཆོག་ཕྲེང་བ་སྟེ། །དེ་ནི་ང་ཡི་བཤད་པ་འདི། །འབྲུ་དགུ་སྐུ་ཡི་བཤད་པ་བཞིན། །དེ་རྗེས་སྒྲ་ཡི་དང་པོ་སྟེ། །དྲུག་པའི་ཐ་མ་ཉེ་བར་བརྟེན། །དེ་རྗེས་ལྔ་པའི་གསུམ་པ་དང་། །སྒྲ་ཡི་དང་པོའི་གསུམ་པ་སྦྱོར། །སྒྲ་ཡི་དྲུག་པའི་གསུམ་པ་ལ། །དབྱངས་ཀྱི་ལྔ་པས་འོག་ནས་བརྒྱན། །སྒྲ་ཡི་ལྔ་པའི་དང་པོ་གཞག །དེ་འོག་བཞི་པའི་ཐ་མ་ལ། །དབྱངས་ཀྱི་གསུམ་པས་སྟེང་ནས་བརྒྱན། །དེ་རྗེས་བསྡུ་བའི་སྙིང་པོ་གསུམ། །སྐྲོད་པའི་ཡི་གེ་ནག་པོ་གསུམ། །གསུང་གི་ཡི་གེའི་ཕྲེང་བའོ། །སྐུ་གསུང་ཐུགས་ཀྱི་ཕྲེང་བ་འདི། །བདུད་ཀྱི་འཁོར་ལོའི་ཐིག་ལེའོ། །དེ་ནི་དངོས་གཞིའི་གཅིག་པའོ། །ཡོན་ཏན་སྡུད་ཅིང་དཔའ་བོ་འཇོམས། །བྱ་བ་རྣམས་ཀྱིས་སྔོན་དུ་འགྲོ་བའོ། །ཐུན་མོང་བསྙེན་པ་བསྙེན་པའི་མཆོག་ཡིན་ནོ། །རྟགས་དང་མཚན་མ་དེ་ལྡན་བྱའོ། །ཞེས་གསུངས་སོ། །དེ་ནས་ཉེ་བར་བསྙེན་པ་བསྟན་པའི་ཕྱིར། འདི་སྐད་ཅེས་འཁོར་རྣམས་ལ་གསུངས་སོ། །ཉོན་ཅིག་ཟུང་ཞིག་རྡོ་རྗེ་འཛིན། །འདུས་པའི་ཚོགས་དང་བཅས་པ་ཉོན། །ཉེ་བར་བསྙེན་པའི་བཟླས་པའི་ཚུལ། །ལྕེ་ཡི་ལྡན་པས་སྡོག་ཅིང་འདྲེལ། །སེམས་ཀྱི་དབང་པོས་བསྐུལ་ཞིང་དབང་། །དམིགས་པའི་དོན་ཀུན་ཕྱག་རྒྱར་རྫོགས། །ཡོན་ཏན་ཀུན་འདུས་དེ་ཡིས་བསྐྱེད། །ཅེས་གསུངས་སོ། །དེ་ཉིད་བརྗོད་པ་འདི་ཡིན་ནོ། །ཡོན་ཏན་ལྔ་ལྡན་སྙིང་པོ་གཞག །དེ་འོག་དྲུག་པའི་དང་པོ་གཞག །དེ་རྗེས་ལྔ་པའི་ཐ་མ་སྟེ། །དེ་རྗེས་དྲུག་པའི་གཉིས་པ་ལ། །དེ་ལ་དབྱངས་ཀྱི་གཉིས་པའོ། །དེ་འོག་གཉིས་པའི་གསུམ་པ་གཞག །དེ་ནས་བདུན་པའི་གསུམ་པ་སྟེ། །དེ་འོག་བཞི་པའི་གསུམ་པ་གཞག །བཅུ་གསུམ་པ་ཡིས་སྟེང་ནས་བརྒྱན། །དེ་འོག་ལྔ་པའི་ཐ་མ་གཞག །བཅུ་གཅིག་པ་ཡིས་


DNG016_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་ནས་བརྒྱན། །དེ་འོག་དྲུག་པའི་དང་པོ་གཞག །དེ་ནས་བསྡུ་བའི་ཡི་གེ་སྟེ། །འཕེན་པའི་ཡི་གེ་རྗེས་མ་འོ། །དེ་ནས་གཉིས་པའི་ཕྲེང་བ་བསྟན་པ་ནི། །སྒྲ་ཡི་དྲུག་པའི་དང་པོར་གཞག །དེ་རྗེས་ལྔ་པའི་ཐ་མར་ཏེ། །བཅུ་གཅིག་པ་ཡིས་སྟེང་ནས་བརྒྱན། །དེ་འོག་བཞི་པའི་གསུམ་པ་ཡིན། །བཅུ་གསུམ་པ་ཡིས་སྟེང་ནས་བརྒྱན། །དེ་འོག་དྲུག་པའི་གཉིས་པ་གཞག །དབྱངས་ཀྱི་ལྔ་པས་འོག་ནས་སྤྲས། །དེ་ལ་གསུམ་པའི་ཐ་མ་གཞག །དྲུག་པའི་དང་པོ་དེ་ཡི་འོག །བཅུ་གསུམ་པ་ཡིས་སྟེང་ནས་སོ། །དེ་ལ་བཞི་པའི་གསུམ་པོ་གཞག །དེ་རྗེས་དྲུག་པའི་དང་པོའོ། །སྡུད་དང་འཕེན་པ་གོང་གིས་ཤེས། །དེ་ནི་གསུམ་པའི་ཕྲེང་བ་ནི། །རྫོགས་རྗེས་གྲུབ་པའི་དང་པོའོ། །དེ་ནས་བཞི་པའི་གསུམ་པ་གཞག །དེ་ནས་དྲུག་པའི་དང་པོ་ལ། །བཅུ་གསུམ་པ་ཡིས་སྟེང་ནས་བརྒྱན། །དེ་འོག་བཞི་པའི་ཐ་མ་ལ། །དབྱངས་ཀྱི་གསུམ་པས་སྟེང་ནས་བརྒྱན། །དེ་འོག་དྲུག་པའི་གཉིས་པ་གཞག །དེ་ནས་དྲུག་པའི་དང་པོ་སྟེ། །དེ་རྗེས་སྒྲ་ཡི་དང་པོར་གཞག །བདུན་པའི་གཉིས་པས་འོག་ནས་བསྟན། །བཅུ་གཅིག་པ་ཡིས་སྟེང་ནས་བརྒྱན། །དེ་འོག་དྲུག་པའི་དང་པོ་གཞག །བསྡུ་བའི་ཕྲེང་བ་གོང་དང་མཐུན། །འཕྲུལ་གྱི་ཕྲེང་བའི་བཞི་པ་ནི། །སྒྲ་ཡི་དྲུག་པའི་དང་པོ་སྟེ། །དེ་རྗེས་སྒྲ་ཡི་དང་པོ་གཞག །བདུན་པའི་གཉིས་པས་འོག་ནས་བརྟེན། །བཅུ་གཅིག་པ་ཡིས་སྟེང་ནས་བརྒྱན། །དེ་འོག་དྲུག་པའི་དང་པོར་གཞག །དེ་རྗེས་གཉིས་པའི་དང་པོའོ། །གཉིས་པའི་གཉིས་པས་འོག་ནས་བརྟེན། །དེ་འོག་བཞི་པའི་ཐ་མར་གཞག །དབྱངས་ཀྱི་གསུམ་པས་སྟེང་ནས་བརྒྱན། །དེ་འོག་དྲུག་པའི་གཉིས་པ་གཞག །དེ་རྗེས་ལྔ་པའི་ཐ་མར་གཞག །དེ་རྗེས་དྲུག་པའི་དང་པོའོ། །དེ་ནས་བསྡུས་པའི་ཡི་གེ་དང་། །ཀ་ལི་སྐྲོད་པའི་ཡི་གེ་ནི། །གོང་དུ་བསྟན་པ་བཞིན་དུ་ཤེས། །ཞེས་གསུངས་སོ། །དེ་ནས་ཡོན་ཏན་དོན་བསྟན་པས། །སྔགས་ཀྱི་ཕྲེང་བ་སུམ་ཅུ་གཉིས། །སྡུད་དང་དཀྲུག་དང་བསྡེབ་


DNG016_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

དང་བསྟན། །སྐབས་དང་སྦྱར་ཞིང་བསྣུན་པས་འགྲུབ། །ལས་ཀྱི་སྦྱོར་བས་དུ་མར་བཤད། །སུམ་ཅུ་གཉིས་ཀྱི་ཕྲེང་བ་འདི། །རྩ་བ་ཡིན་ཏེ་ཐམས་ཅད་བསྐྱེད། །སྙིང་པོར་གྱུར་པ་ཐམས་ཅད་འདུས། །ཨུར་མོ་ལྟ་བུ་རྡུག་པ་མེད། །ཅེས་གསུངས་སོ། །མཚན་མ་གསུམ་གྱིས་དགུག་པ་ཡང་། །དེ་བཞིན་སོ་སོ་གཞུག་ཏུ་སྦྱར། །དྲིལ་གཏོར་ཉིན་མཚན་གཉིས་ཀྱིས་དབྱེ། །ཐོག་མར་བསྡུ་བའི་སྙིང་པོ་ཧཱུཾ། །དེ་འོག་ཨུཥྨའི་འདི་ནས་སྭཱ་ཧཱ་བར་དཔྱད་དགོས་གསུམ་པ་སྟེ། །དེ་རྗེས་ལྔ་པའི་ཐ་མར་གཞག །དྲུག་པའི་དང་པོ་ཉེ་བ་སྟེ། །དེ་འོག་ལྔ་པའི་ཐ་མར་གཞག །དེ་རྗེས་དྲུག་པའི་དང་པོ་སྦྱིན། །དེར་ཀྱང་དྲུག་པའི་དང་པོ་སྟེ། །དེ་འོག་ལྔ་པའི་ཐ་མ་སྦྱིན། །དེ་རྗེས་གཉིས་པའི་དང་པོ་ལ། །དབྱངས་ཀྱི་གསུམ་པས་སྟེང་ནས་བརྒྱན། །དེ་འོག་བཞི་པའི་དང་པོ་སྦྱིན། །དེ་རྗེས་ལྔ་པའི་གསུམ་པ་སྟེ། །གཉིས་པའི་གསུམ་པ་ཉེར་སྦྱར་ལ། །དབྱངས་ཀྱི་ལྔ་པས་འོག་ནས་བརྒྱན། །དེ་རྗེས་བདུན་པའི་གཉིས་པ་སྟེ། །དེ་འོག་གཉིས་པའི་བཞི་པ་གཉིས། །དེ་གཉིས་ཉེ་བར་བསྟན་པ་ནི། །མཚན་མ་གསུམ་གྱིས་འགུགས་པའི་མཆོག །ཧཱུཾ་དང་ཕཊ་དང་སྭཱ་ཧཱ་རྣམས། །སྐབས་ཀྱི་ཡང་དག་ལས་སུ་བཤད། །ཐུན་མོང་མཆོག་གི་དངོས་གྲུབ་འབྱུང་། །དགུག་པ་ཀུན་གྱི་རྗེས་སུ་འཇུག །ཅེས་གསུངས་སོ། །དེ་ནས་ཡང་གསང་བའི་བདག་པོ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །རྩ་བའི་དོན་ལ་ལོ་མ་མཚོན། །རིན་ཆེན་མེ་དང་འདྲ་བ་ཡི། །བཅུ་བདུན་སྔགས་ཀྱི་ཕྲེང་བ་ཡི། །འཁོར་ལོ་རལ་གྲི་ལྟ་བུ་ཡི། །སྤུ་གྲིའི་མཚོན་ཆེན་བཤད་དུ་གསོལ། །ཞེས་གླེངས་སོ། །དེ་ནས་ཡང་འཇིགས་བྱེད་ཆེན་པོས་གསུངས་པ། ཉོན་ཅིག་ཟུང་ཞིག་རྡོ་རྗེ་འཛིན། །འདུས་པའི་ཚོགས་དང་བཅས་པ་ཉོན། །ཐམས་ཅད་བསྐྱེད་པས་རྩ་བ་སྟེ། །ཐམས་ཅད་སངས་པས་རྩ་བ་ས། །ཡོན་ཏན་འདུས་པས་སྙིང་པོ་མཆོག །ལས་བྱེད་གཅོད་པའི་སྤུ་གྲིའོ། །ཡ་མ་མེ་ད་ཀྵེ། རཱ་ཛ་ས་དོ། རུ་ཎ་ཡོ་ནི། ར་ཡ་ཙྪ་ནི། ཨ་མུ་ཀཾ། པྲ་མ་ཡ། ནྲྀ་ཤ་ཀུ་རུ་ནི། རཀྟ་ཙ་ར་ཡ། མུར་ཙ་ཡ། མཱ་ར་ཡ་ཕཊ། ཅེས་གསུངས་པས། འཇིག་རྟེན་དྲུག་གཡོས།


DNG016_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་གཡོས། ཀུན་ཏུ་གཡོས། འདར་རབ་ཏུ་འདར། ཀུན་ཏུ་རབ་ཏུ་འདར་བར་གྱུར་ཏོ། །འཁོར་རྣམས་ཀྱི་ལས་ཀྱི་རིམ་པ་མཐའ་དང་བཅས་པ་དེ་ཉིད་དུ་སོན་པར་གྱུར་ཏོ། །ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །སངས་རྒྱས་ཀུན་གྱི་བདག་ཉིད་ཅན། །འཇིགས་བྱེད་ཆེན་པོ་དགོངས་སུ་གསོལ། །གདུལ་བྱ་སྨིན་པར་མཛད་སླད་དུ། །སྐུ་གསུང་ཡོན་ཏན་ཕྲིན་ལས་ཐུགས། །རྩ་བའི་ཕྲེང་བ་བསྟན་དུ་གསོལ། །ཞེས་ཞུས་སོ། །འཇིགས་བྱེད་ཆེན་པོས་བཀའ་སྩལ་པ། །ཉོན་ཅིག་ཟུང་ཞིག་རྡོ་རྗེ་འཛིན། །ངས་གསུངས་པ་ལ་སེམས་ཐུད་ཅིག །སངས་རྒྱས་ཀུན་གྱི་བདག་ཉིད་ཆེ། །རྒྱལ་བ་ཀུན་གྱིས་བྱིན་གྱིས་བརླབས། །དབང་བསྐུར་གནང་བ་ཐོབ་པས་སོ། །ཨོཾ་ཨ་ཀྲོ་ཏེ་ཀ །ཡ་མཱནྟ་ཀ་ཀཱ་ཡ་བཱག་རུ་པ་ནི་ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། ཨོཾ་ཧྲཱྀཿ ཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ། ས་མ་ཡ། ས་མ་མ་མཉྩ་ཤྲཱི། ཡ་མཱནྟ་ཀ་ཡ་མ་རཱ་ཛ་མ་མ་ཨེ་ཀ་ཛཱ་ཀ་ཏི། ཙཀྲ་ཏྲག་རག་ཤ་སྙིང་ཁ་རག་མོ་བྷྱོ་བྷྱོ། རཀ་མོ་ཏི་ཀུཾ་ཙ་ཚ་ཁ་ལ་མ་ཧི་བྷྱོ། ཡ་མ་ལོན་ཙིན་ཏ་མ་མ་བྷྱོ། ས་མ་ཡ་ཏྭཾ་ཛ་ཛ། ཨོཾ་ས་མ་ཡ་མཉྫུ་ཤྲཱི། ཡ་མཱནྟ་ཀ་ཡ་མ་རཱ་ཛ། རུ་ཡོ་ཀྵེ་ཡ་མ་མ་ཡ། ཨེ་ཀ་ཛ་ཏི་ཛ་ཛ་ཛ། མ་མ་རག་མོ་རག་མོ། ཏྲག་རག་ཤ་མུ་ཏྲ་ཁ་མུ་ཏྲ། རག་མོ་རག་མོ། སརྦ་རག་མོ་ཏི་ཀུཾ། ཛ་ཛ། ཁ་ལམ་ཏི་ཡ་མེ་བྷྱོ། མ་ལུས་འདུས་པའི་སྙིང་པོ་སྟེ། །རྩ་བའི་དོན་དུ་ཤེས་པར་བྱ། །ཞེས་བཀའ་སྩལ་ཏོ། །དེ་ནས་འཁོར་རྣམས་དང་བའི་སེམས་ཀྱིས་འདུན་ཏོ། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། མདོར་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་འཇིགས་བྱེད་ཀྱི་རྒྱལ་པོ་གཤེད་པོ་དེས། དབང་བསྐུར་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འཁོར་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཁོར་བ་དང་ནི་མྱ་ངན་འདས། །ཡོན་ཏན་ཕུན་སུམ་ཚོགས་པ་ང་ལ་རྫོགས། །གསང་བའི་ཡེ་ཤེས་དོན་ཀྱང་ང་ལ་རྫོགས། །དྲག་པོ་འདུལ་བྱེད་ཆོས་ཀུན་ང་ལ་རྫོགས། །ཞེས་བཀའ་སྩལ་ཏོ། །དེ་ནས་


DNG016_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་ན་རྡོ་རྗེ་ལ་སོགས་པའི་འཁོར་རྣམས་ཀྱིས། དབང་གི་དོན་གནང་བར་རིག་ནས། འཁོར་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་མོས་པའི་སེམས་ཀྱིས། འདི་སྐད་ཅེས་གསོལ་ཏོ། །བདག་ཅག་འདུས་པའི་འཁོར་ཚོགས་ཀྱིས། །ཡེ་ནས་ཐོབ་པའི་དོན་མ་རིག །དཔའ་བོ་ལྷ་རྗེས་བཤད་དུ་གསོལ། །ཞེས་གླེངས་སོ། །ཉོན་ཅིག་ཟུང་ཞིག་འདུས་པའི་ཚོགས། །འདི་ནི་ཤེས་པར་དཀའ་བའོ། །ཞེས་བཀའ་སྩལ་ཏོ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡི། །སུམ་ཅུ་རྩ་གཉིས་མཚན་ལྟ་བུ། །རང་ལ་གནས་པའི་དོན་བསྟན་ན། །སྐྱོན་ཡོན་སྣོད་དང་སློབ་དཔོན་དང་། །རྣམ་གྲངས་རིམ་པའི་དོན་བསྟན་པའོ། །དབང་བསྐུར་གནང་བ་མ་ཐོབ་པར། །གང་ཞིག་སྔགས་ལ་འཇུག་བྱེད་ཅིང་། །ཉན་ཅིང་སྒྲུབ་པར་བྱེད་པ་རྣམས། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །དབང་མ་ཐོབ་པའི་གང་ཟག་ནི། །གཞན་གྱི་ཡོན་ཏན་གང་མངའ་ཡང་། །འཁོར་ལོ་སྲོག་ཤིང་མེད་པ་འདྲ། །དེ་བས་དབང་རྣམས་རིམ་པས་ནོས། །འཇམ་དཔལ་ང་ཡི་བཀའ་ལ་ཉོན། །ཞེས་གསུངས་སོ། །དེ་ནས་ཡང་གསུངས་པ། དབང་བསྐུར་གནང་བ་ཐོབ་གྱུར་ཅིང་། །རིམ་པ་ཡན་ལག་རྫོགས་པ་ཡིས། །ལས་རྣམས་མ་ལུས་འགྲུབ་པར་འགྱུར། །ཞེས་དཔའ་བོས་བཀའ་སྩལ་ཏོ། །ཇི་ལྟ་བུ་ལ་ཞུ་བ་བསྟན་པ་ནི། །ཤེས་རབ་ཡངས་པས་ཆོས་རྣམས་སྟོན། །བལྟ་བ་ཡངས་པས་ཕྱོགས་དང་བྲལ། །སྤྱོད་པ་མ་འགགས་ཐབས་སུ་སྦྱོར། །བསྒོམ་པ་སྲན་ཆེ་འགྱུར་བ་མེད། །དམ་ཚིག་གང་ཡང་མ་ཉམས་པ། །དེ་ནི་དབང་ནོད་སློབ་དཔོན་ནོ། །སློབ་མའི་མཚན་ཉིད་བསྟན་པ་ནི། །རང་བཞིན་བཟང་བས་ནམ་མཁའ་འདྲ། །སྤྱོད་པ་བཟང་བས་ས་གཞི་འདྲ། །དམ་ཚིག་འཇིགས་པའི་མཁར་ལྟར་བསྲུང་། །བལྟ་བ་བཅོས་པ་མེད་པར་འཆར། །སྐུ་གསུང་ཐུགས་ཀྱི་སྲས་བྱེད་པ། །སེར་སྣ་མེད་པའི་ཡོན་གྱིས་བསླུ། །འཁུ་ལྡོག་མེད་པའི་རྣལ་འབྱོར་པ། །དེ་ལ་དབང་རྣམས་རྫོགས་པར་བསྐུར། །ཞེས་གསུངས་སོ། །དེ་ལ་རྣམ་གྲངས་རིམ་པ་ནི། །གནས་དང་དཀྱིལ་འཁོར་


DNG016_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་དང་། །ལས་ཀྱི་རིམ་པ་དབང་གི་གྲངས། །དེ་ལ་གནས་ཀྱི་ཚུལ་བསྟན་པ། །ཟླ་གམ་འཁྱིལ་པ་ཁྲག་གི་མཆི་རིས་ཅན། །བཞི་མདོ་ཁང་སྟོང་སྡུད་པའི་མཆོག །དེ་རུ་དཀྱིལ་འཁོར་བསྟན་པ་ནི། །དང་པོ་ས་གཞི་སྦྱང་བྱས་ནས། །དོན་དང་ལྡན་པའི་མཎྜལ་ཆག་ཆག་བྱ། །དང་པོ་ཚིག་འདི་བརྗོད་པར་བྱ། །ཧཱུཾ་མ་ཆགས་སྐྱེ་བ་མེད་པ་ཡི། །ཆགས་མེད་ཡུམ་གྱི་གཞལ་ཡས་ནས། །ཐབས་ཀྱི་འཕྲོ་འདུས་ཡེ་ཤེས་རོལ། །ཐབས་དང་ཤེས་རབ་འདྲེལ་པ་ཡི། །གཉིས་མེད་སྦྱོར་བའི་མཁའ་དབྱིངས་ནས། །བྱང་ཆུབ་སེམས་སུ་དབང་བསྐུར་ཕྱིར། །དབང་གི་མཎྜལ་བརྩིག་པར་བྱའོ། །ཞེས་ལན་གསུམ་དག་ཏུ་བརྗོད་པར་བྱའོ། །ཨོཾ་བཛྲ་ཨ་མྲྀ་ཏ་མཎྜ་ལ་ཧཱུཾ། མཎྜལ་འདོམ་གང་གྲུ་བཞི་ལ། །བ་སུ་ཏ་ཡིས་ཐིག་གིས་གདབ། །དེ་ནས་དཀྱིལ་འཁོར་བྲི་བར་བྱ། །ཐིག་བཞི་བཏབ་པའི་ལེའུ་ཚེ་དགུ། །ཟླ་གམ་དག་གིས་མཛེས་པར་བྱ། །སྒོ་ལྡན་རྒྱན་རྣམས་ཀུན་གྱིས་བརྒྱན། །གསེར་དངུལ་ཟངས་ལྕགས་མཚན་མ་གདིང་། །རིན་པོ་ཆེ་ཡི་བུམ་པ་ལ། །སྣ་ཚོགས་གོས་ཀྱིས་ཡང་དག་དཀྲིས། །མེ་ཏོག་འབྲས་བུ་རྣམས་ཀྱིས་བརྒྱན། །བདུད་རྩི་ལྔས་གང་བྱང་ཆུབ་སེམས། །སྨན་ལྔ་དྲི་ལྔ་རིན་ཆེན་ལྔ། །འབྲུ་ལྔ་ལྡན་པའི་བུམ་པ་ནི། །ལྷ་ཡི་གྲངས་དང་ལྡན་པ་དགོད། །བྱིན་གྱིས་བརླབས་ལ་དབང་བསྐུར་བྱའོ། །དེ་ལ་གནས་པའི་རིམ་པ་ནི། །གཤེད་པོ་ཡབ་ཡུམ་རིམ་གྱིས་ཚུལ་བཞིན་དགོད། །སྐུ་མདོག་དམར་ནག་རྒྱན་རྣམས་རྫོགས་པར་བཀོད། །ཅེས་གསུངས་སོ། །དེ་ལ་ལས་ཀྱི་རིམ་པ་ནི། །དཀྱིལ་འཁོར་ལྷ་རྣམས་མ་ལུས་བསྐྱེད། །སྙན་གསན་དབབ་དང་སྤྱན་དྲང་བརྟེན་པར་བཞུགས། །ཕྱག་འཚལ་བ་དང་མཆོད་ཅིང་བསྟོད། །འཛབ་བཟླས་བསྙེན་བསྒྲུབ་རྫོགས་པར་བྱ། །དེ་ནས་བུ་རྣམས་ཁྲུས་བྱས་ཏེ། །ཕྱག་འཚལ་གསོལ་བཏབ་རིམ་པར་རྫོགས། །བུམ་པ་དབུ་རྒྱན་ཅོད་པན་དང་། །རྡོ་རྗེ་དྲིལ་བུ་མིང་དང་ནི། །བརྟུལ་ཞུགས་མཐར་ཐུག་སྦྱིན་པར་བྱ། །རྣམ་གྲངས་རིམ་པ་ལྔ་ཡིས་རྫོགས་པར་བཤད། །དེ་ལ་རྡོ་རྗེ་སློབ་


DNG016_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་དབང་དང་འབར་བ་གིང་། །རྒྱན་ཆས་རྟགས་དང་བྱང་ཆུབ་སེམས། །དེ་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །སྔོན་དུ་བྱ་བའི་ལས་ཟིན་ནས། །རིམ་པ་རྫོགས་པར་བསྐུར་བར་བྱ། །ཞེས་གསུངས་སོ། །དེ་ནས་རྡོ་རྗེ་སློབ་དཔོན་དུ་དབང་བསྐུར་བ་ནི། ཧཱུཾ་དུས་གསུམ་བདེ་གཤེགས་མ་ལུས་མཁའ་ལ་འདྲེན། །ཤེས་པ་མཐོང་རྫོགས་ཡོན་ཏན་ལྷུན་གྱིས་གྲུབ། །སྡུག་བསྔལ་སྐྱོབ་མཛད་མ་རིག་འདྲེན་བྱེད་ཅིང་། །ཆོས་ཉིད་དོན་སྟོན་ཁ་ལོ་སྒྱུར་བྱེད་ཅིང་། །བུཌྜྷའི་གདུང་འཚོབ་རྡོ་རྗེ་སློབ་དཔོན་མཆོག །གང་ཞིག་མངོན་དུ་ལྷུན་གྱིས་གྲུབ་པའི་དབང་། །དབང་མཆོག་མ་ལུས་ཁྱོད་ཀྱིས་ཐོབ་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱུཾ་གུ་རུ་གུ་ཧྱེ་ཤྭ་ར་བཛྲ་སྭ་བྷཱ་བ་ཨཱདྨ་ཀོ྅ཧཾ། དེ་ནས་ཕྱག་རྒྱ་ཆེན་པོའི་དབང་བསྐུར་བ། །ཧཱུཾ་ཐུགས་རྗེའི་ཐབས་མཁས་རང་བྱུང་ཧེ་རུ་ཀ །ཁམས་གསུམ་དབང་བསྒྱུར་རང་བྱུང་བཅོམ་ལྡན་འདས། །ཁམས་གསུམ་གདུག་པ་བསྲེག་མཛད་འབར་བའི་ལྷ། །ཆེ་བའི་ཆེ་མཆོག་དབང་ཕྱུག་ཆེན་པོའི་སྐུ། །རྟོག་པ་ཐུགས་རྗེ་འབར་བའི་དཀྱིལ་འཁོར་ལ། །ཡེ་ཤེས་མེ་འབར་གསལ་བའི་འོད་འབར་ཏེ། །ཁྲོ་ཚོགས་འབར་བའི་དབང་མཆོག་རབ་འབར་བ། །ཡེ་ཤེས་མེ་འབར་འབར་བ་ཆེན་པོའི་དབང་། །གདུག་པ་ཟིལ་གནོན་མ་རིག་བསྲེག་མཛད་ཅིང་། །སྡུག་བསྔལ་རྒྱ་མཚོ་བསྐལ་པའི་མེས་བསྲེག་པ། །ཀུན་ལ་ཡ་མ་མེ་འབར་ཆེན་པོའི་དབང་། །རིགས་ཀྱི་བུ་མཆོག་དབང་མཆོག་ཐོབ་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཛྭ་ལ་མཎྜ་ལ་མ་ཧེ་ཤྭ་ར་བཛྲ་ཨཱདྨ་ཀོ྅ཧཾ། དེ་ནས་ཁམས་གསུམ་སྒྲོལ་བའི་གིང་གི་དབང་བསྐུར་ཏེ། །ཡེ་ཤེས་དྲེགས་པས་ཐམས་ཅད་སྒྲོལ་བའི་གིང་། །ཆེ་བའི་རྒྱལ་པོ་ཀུན་གྱི་བདག །ཐམས་ཅད་ཀུན་ཏུ་འབར་བའི་མཚན། །ཡེ་ཤེས་གཤེད་བཞི་ཁམས་གསུམ་སྒྲོལ་བའི་གིང་། །ཞིང་བཅུ་སྲེག་པའི་ཉི་མ་སྟེ། །དབང་མཆོག་འདི་ཡིས་དབང་བསྐུར་བས། །ཁམས་གསུམ་མ་ལུས་ཐལ་བར་རློག །དེ་འདྲའི་དབང་མཆོག་ཐོབ་པར་ཤོག །ཨོཾ་ཡ་མ་བྷ་དྷ་བཱ་ཡ་ཧཱུཾ། ཨ་བྷི་ཥིཉྩ་ཨ། དེ་ནས་རྒྱན་ཆས་རྟགས་ཀྱི་དབང་བསྐུར་ཏེ། །དང་པོ་ཐོད་རློན་ཕྲེང་བ་ཐོགས་ལ་འདི་སྐད་


DNG016_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །ཧཱུཾ་དུང་ཆེན་ཁོང་སེང་དབང་པོ་ལྔ་དང་ལྡན། །སྐུ་གསུམ་ཚུལ་འཆང་སྐམ་རློན་ར་རིའི་ཚུལ། །འཁོར་བ་གནས་སྡུད་ཐབས་ཀྱི་ཕྲེང་བས་བརྒྱན། །ཁམས་གསུམ་དབང་ཕྱུག་ཐོད་ཕྲེང་དབང་བསྐུར་བས། །སྐུ་གསུང་ཐུགས་ཀྱི་དབང་མཆོག་ཐོབ་པར་ཤོག །ཨོཾ་པདྨ་བྷནྡྷ་ཀ་པཱ་ལ་ཧ་ཧ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། དེ་ནས་སྦྲུལ་གྱི་ཆུན་པོས་དབང་བསྐུར་བ་འདི་སྐད་དོ། །ཐོད་སྦྲུལ་མཉེན་ལྕུག་འཇིགས་བྱེད་རྒྱན་དུ་ཆེ། །སྦྲུལ་ནག་སྟོང་གིས་བརྒྱན་པའི་རྔོམ་བརྗིད་ནི། །སྐུ་མཆོག་ཕྱིར་ཡང་སྐུ་ཡི་གནས་ལྔར་འཁྲིལ། །དུག་ལྔ་མ་སྤངས་དབང་གི་རྟགས་སུ་བསྟན། །མཉེན་ལྕུག་འཁྲིལ་ལྡེམ་ཞེ་སྡང་དྲག་པོ་འཇོམས། །རྫུ་འཕྲུལ་ཤུགས་ཀྱིས་ཀླུ་རྒྱལ་དབང་དུ་སྡུད། །གཏི་མུག་དབང་འདུལ་དབང་ཕྱུག་ཡིན་པའི་ཕྱིར། །སྦྲུལ་ནག་སྟོང་གི་ཆུན་པོས་དབང་བསྐུར་བས། །ཞེ་སྡང་དྲག་པོ་འབར་བའི་གནས་དག་ནས། །ཐབས་མཁས་རྒྱལ་བ་མཉེས་པའི་དབང་ཐོབ་ཤོག །ཨོཾ་བཛྲ་ནཱ་ག་རཱ་ཛ་ཧཱུཾ། རུ་ལུ་རུ་ལུ་ཧཱུཾ། ཨ་བྷི་ཥིཉྩ་ཨ། དེ་ནས་ཞིང་གི་གཡང་གཞིས་དབང་བསྐུར་བ། །ཧཱུཾ་ཞིང་ལྤགས་རྟག་ཏུ་གསོལ་ཞིང་དུར་ཁྲོད་བདག །གཡང་གཞི་ཚེ་བདུག་སྐུད་པ་སྐེད་ལ་བཅིངས། །འཁོར་བ་མ་སྤངས་གནས་སུ་དག་པ་ཡི། །དུར་ཁྲོད་ཚོགས་ཀྱི་བདག་པོ་ཡིན་པའི་ཕྱིར། །ཞིང་ཆེན་གཡང་གཞིས་ཁྱོད་ལ་དབང་བསྐུར་བས། །ཞིང་ཆེན་རློན་པས་ཐབས་ལ་མཁས་པ་ཡིས། །འཁོར་བའི་གནས་ལས་ཡོངས་སུ་རྒྱལ་བར་ཤོག །བཾ་སྨིག་ཏ་ཁཱ་ཧི་ཨ་བྷི་ཥིཉྩ་ཧཱུཾ། དེ་ནས་སྟག་ལྤགས་ཀྱིས་དབང་བསྐུར་བ། ཧཱུཾ་ཞེ་སྡང་དྲག་པོ་སྟག་གི་ཤམ་ཐབས་ཅན། །སྟག་ལྤགས་ཤམ་ཐབས་དཔའ་དང་ལྡན་པ་ཡི། །གདུག་ཆོམ་མདོམས་སུ་བསྣོལ་བས་ཕྱི་ནང་གསང་བར་གཅིག །ཕྲག་དོག་གནས་འཇོམས་སྟག་ལྤགས་དབང་བསྐུར་བས། །ཞེ་སྡང་གནས་འཇོམས་ཕྲག་དོག་ཀུན་རྒྱལ་བའི། །དབང་མཆོག་དམ་པ་གནས་འདིར་ཐོབ་པར་ཤོག །ཨོཾ་བཛྲ་བྱཱ་གྷྲི་མ་སུ་ཏ་ཧཱུཾ་ཨ་བྷི་ཥིཉྩ་ཧཱུཾ། དེ་ནས་གླང་པོ་ཆེའི་ཀོ་རློན་གྱིས་དབང་བསྐུར་བ། ཧཱུཾ་གླང་ཆེན་ཀོ་རློན་བརྗིད་དུ་ཆེ་བ་ནི། །གཏི་མུག་མ་སྤངས་གནས་སུ་དག་པའི་རྒྱན། །ན་བཟའ་རྒྱན་གྱི་སྐུ་ལ་མངའ་གསོལ་ཞིང་། །ཐབས་ཀྱི་ཀོ་རློན་


DNG016_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་གྱི་དམ་པ་ཡིས། །གང་ལ་དམིགས་པའི་གནས་མཆོག་འདིར་བསྐུར་བས། །སྟོབས་ཀྱི་རྒྱལ་པོའི་དབང་མཆོག་ཐོབ་པར་ཤོག །ཨོཾ་མུ་ཧ་ད་ར་པྲ་ཤ་ཏ་ཧཱུཾ། ཨ་བྷི་ཥིཉྩ་ཨ། དེ་ནས་བསྐལ་པའི་མེ་རིས་དབང་བསྐུར་བ། ཧཱུཾ་འབར་བ་འཕྲོ་བའི་ཡེ་ཤེས་ཐུགས་རྗེ་ལྡན། །གདུག་པའི་ཚོགས་འཇོམས་ཉོན་མོངས་དུག་བསྲེག་པ། །ཡེ་ཤེས་གསལ་བས་ཕྱོགས་བཅུའི་མུན་ནག་སེལ། །བསྐལ་པའི་མེ་དཔུང་འབར་བས་དབང་བསྐུར་བས། །བར་ཆོད་བགེགས་ཀྱིས་རྟོག་པས་མི་ཚུགས་ཤིང་། །མཚན་མ་འཇོམས་པའི་དབང་མཆོག་ཐོབ་པར་ཤོག །ཨོཾ་བཛྲ་ཛྭ་ལ་རཾ་ཧཱུཾ། ཨ་བྷི་ཥིཉྩ་ཨ། དེ་ནས་འཁོར་ལོ་སོགས་ཕྱག་མཚན་གྱི་དབང་བསྐུར་བ་ནི། ཧཱུཾ་བདུད་དཔུང་གཡུལ་ལས་རྒྱལ་བའི་རྟགས་ཀྱི་ཕྱག་མཚན་དེ། །གདུག་པ་འདུལ་ཕྱིར་མཚོན་ཆ་སྣ་ཚོགས་བསྣམས། །འཁོར་ལོ་རལ་གྲི་ཐོ་བ་དང་། །ཐོད་པ་སྡིགས་མཛུབ་ཕུར་པ་སོགས། །གདུག་པའི་མཚོན་ཆ་སྣ་ཚོགས་ཀྱིས། །དཔའ་བོ་བདུད་ལས་ཀུན་ཏུ་རྒྱལ་བ་དང་། །ཚམ་རྔམས་རྟགས་ཀྱིས་དྲག་ཤུལ་འདུལ་བ་དང་། །ཉོན་མོངས་ཚར་གཅོད་གདུག་པ་ཀུན་འདུལ་བའི། །ཁམས་གསུམ་དྲེགས་པ་ཀུན་ལས་རྒྱལ་བ་ཡི། །དབང་མཆོག་དམ་པ་ངེས་པ་ཐོབ་པར་ཤོག །ཨོཾ་བཛྲ་ཙཀྲ་ཁཌྒ། ཀ་པཱ་ལ། ཛེ་རུ་ཀཱི་ལ་ཡ་ཧཱུཾ། ཨ་བྷི་ཥིཉྩ་ཨ། ཞག་གི་ཚོམ་བུས་དབང་བསྐུར་བ། །ཧེ་རུ་ཀ་ཡི་གནས་བཅུ་དང་། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །ཞིང་ཆེན་གསར་རྙིང་ཏི་རར་བཅས། །དམར་གྱི་ཨརྒྷཾ་རྒྱ་མཚོར་བསྐྱིལ། །ཞག་གི་ཚོམ་བུས་མཚོན་པ་ཡིས། །འདི་ཡང་སྔོན་གྱི་དམ་ཚིག་ལ། །འདི་ཡང་རྟགས་ཀྱི་ཕྱག་རྒྱ་སྟེ། །ཆོས་ཉིད་ཞག་གིས་བརྒྱན་པ་ཡི། །ཞག་གི་ཚོམ་བུས་དབང་བསྐུར་བས། །ཆོས་ཀྱི་དབྱིངས་སུ་རྒྱལ་བ་དང་། །གདུག་པ་ཐམས་ཅད་འདུལ་བ་དང་། །ཆེ་བའི་ཡོན་ཏན་རྒྱས་པ་ཡི། །ཆོས་ཉིད་ཞག་གི་དབང་ནི་ཐོབ་པར་ཤོག །ཨོཾ་མ་ཧཱ་ཏཾ་བ་ཀ་བནྡྷ། ཨ་ལ་ལ་ཧོ། དེ་ནས་ཁྲག་གི་ཐིག་ལེས་དབང་བསྐུར་བ། ཧེ་རུ་ཀ་ཡི་གནས་བཅུ་དང་། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །དཔལ་ཆེན་འཁོར་བཅས་སྤྱན་


DNG016_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས་ཏེ། །ཞིང་ཆེན་གསར་རྙིང་ཏི་རར་བཅས། །དམར་གྱི་ཨརྒྷཾ་རྒྱ་མཚོར་བསྐྱིལ། །ཁྲག་གི་ཐིག་ལེ་མཚན་མ་འདི། །འདི་ཡང་སྔོན་གྱི་དམ་ཚིག་སྟེ། །འདི་ཡང་རྟགས་ཀྱི་ཕྱག་རྒྱ་སྟེ། །འདོད་ཆགས་གནས་སུ་དག་པ་ཡི། །ཁྲག་གི་ཐིག་ལེས་དབང་བསྐུར་བས། །གཏུམ་ཁྲོ་དྲག་པོ་འཇོམས་པ་དང་། །ང་རྒྱལ་དྲེགས་སེམས་འདུལ་བ་དང་། །དབང་མཆོག་དམ་པ་ཐོབ་པར་ཤོག །ཨོཾ་རཀྟ་ཏི་ལ་ཀ་ཧཱུཾ། དེ་ནས་ཐལ་ཆེན་གྱི་མཚན་མས་དབང་བསྐུར་ཏེ། ཧེ་རུ་ཀ་ཡི་གནས་བཅུ་དང་། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །དཔལ་ཆེན་འཁོར་བཅས་སྤྱན་དྲངས་ཏེ། །ཞིང་ཆེན་གསར་རྙིང་ཏི་རར་བཅས། །དམར་གྱི་ཨརྒྷཾ་མཚོ་ལྟར་བསྐྱིལ། །ཐལ་བའི་མཚན་མས་བརྒྱན་པ་ནི། །འདི་ཡང་སྔོན་གྱི་དམ་ཚིག་ལ། །འདི་ཡང་རྟགས་ཀྱི་ཕྱག་རྒྱ་སྟེ། །གདུག་པ་མ་ལུས་རབ་འདུལ་བ། །སྣང་བ་ཉིད་ལས་ཐིག་ལེའི་ངང་ལ་འདུས། །ལྷུན་རྫོགས་མཐར་ཕྱིན་ཡོན་ཏན་རྒྱས་པའི་དབང་ཐོབ་ཤོག །ཨོཾ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། དཔལ་ཟླ་གསང་ནག་པོའི་རྒྱུད་ལས། འབྲས་བུ་མངོན་དུ་གྱུར་པའི་དབང་གི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཡང་གཤིན་རྗེ་གཤེད་ཀྱི་རྒྱལ་པོ་གཤེད་པོས། གདུལ་བྱའི་ཆེད་དུ་སྤྱན་དྲང་བ་འདི་གསུངས་སོ། །དབུས་ཀྱི་ཁྲོ་བོ་ཆེན་པོ་ནི། །རྒྱལ་བ་རིགས་ལྔས་དབུ་བརྒྱན་ཅིང་། །ཡེ་ཤེས་སེམས་དང་སྐུ་གསུང་ཐུགས། །དཀྱིལ་འཁོར་ལྷ་ཚོགས་ཀུན་གྱིས་བྱིན་གྱིས་རློབས། །ཆོས་སྐུའི་ཐུགས་རྗེ་ཆེན་པོས་ཀུན་ཁྱབ་ཀྱང་། །མ་རྟོགས་ཐུགས་རྗེས་བསྒྲལ་བའི་ཕྱིར། །མཉམ་པའི་ངང་ལས་སྐུ་བཞེངས་གཤེགས་སུ་གསོལ། །ཨོཾ་ཤྲཱི་མཉྫུ་ས་མ་ཡ་སྟྭཾ། ཧཱུཾ་གཏི་མུག་མུན་ལྟར་གཏིབས་པའི་དཀྱིལ་འཁོར་ནས། །བཅོམ་ལྡན་གཤིན་རྗེའི་གཤེད་པོ་སྤྱན་འདྲེན་ན། །འཁོར་གྱི་གཤིན་རྗེ་མ་ལུས་འདུལ་བ་དང་། །འགྲོ་དྲུག་གཏི་མུག་མ་ལུས་གཞོམ་ཕྱིར་གནས་འདིར་སྤྱོན། །འདོད་ཆགས་ཆུ་ལྟར་འཁྲུགས་པའི་དཀྱིལ་འཁོར་ནས། །རོ་ལངས་ཐལ་མདོག་འཁོར་བཅས་སྤྱན་འདྲེན་ན། །འཁོར་གྱི་དུར་ཁྲོད་མ་མོ་འདུལ་བ་དང་། །འགྲོ་བའི་


DNG016_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཆགས་གཞོམ་ཕྱིར་གནས་འདིར་སྤྱོན། །ཞེ་སྡང་མེ་ལྟར་འབར་བའི་དཀྱིལ་འཁོར་ནས། །ཁྲོ་མོ་ཨེ་ཀ་ཙ་ཏི་སྤྱན་འདྲེན་ན། །འཁོར་གྱི་སྲིད་གསུམ་མ་མོ་འདུལ་བ་དང་། །འགྲོ་བའི་ཞེ་སྡང་གཞོམ་ཕྱིར་གནས་འདིར་སྤྱོན། །ང་རྒྱལ་རི་ལྟར་བསྙིལ་བའི་དཀྱིལ་འཁོར་ནས། །སྲས་མཆོག་ཡ་མ་རཱ་ཛ་སྤྱན་འདྲེན་ན། །འཁོར་གྱི་གིང་བདུད་མང་པོ་འདུལ་བ་དང་། །འགྲོ་བའི་ང་རྒྱལ་འདུལ་ཕྱིར་གནས་འདིར་སྤྱོན། །ཕྲག་དོག་རླུང་ལྟར་འཚུབས་པའི་དཀྱིལ་འཁོར་ནས། །ཁྲོ་བོ་མཐར་བྱེད་གཤེད་ཆེན་གཤིན་རྗེའི་ཚོགས། །གིང་བདུད་མ་མོ་མཁའ་འགྲོ་ཕོ་ཉའི་ཚོགས། །གདུག་པའི་དགྲ་བོ་མ་ལུས་འདུལ་བ་དང་། །འགྲོ་བའི་ཕྲག་དོག་གཞོམ་ཕྱིར་གནས་འདིར་སྤྱོན། །ཨོཾ་ཨེ་ཧྱེ་ཧི་བྷ་ག་ཝཱན། ཨ་ཀྲོ་ཏེ་ཡ་མཱནྟ་ཀ །ཨཱ་གཙྪ་ཡ་ཛཿཧཱུཾ་བཾ་ཧོཿ། དཔལ་ཟླ་གསང་ནག་པོའི་རྒྱུད་ལས། ཡབ་ཡུམ་སྤྱན་དྲངས་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཡང་འཇིགས་བྱེད་ཆེན་པོས་གདུལ་བྱའི་དོན་དུ་མཆོད་ཅིང་བསྟོད་པ་འདི་ཆེད་དུ་གསུངས་སོ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཤྲཱི་ཡ་མཱནྟ་ཀ་དེ་བ་མཎྜ་ལ་སརྦྦ་མ་དེ། སརྦ་པཱུ་ཛ་མེ་གྷ་ཁཱ་ཧི། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཤྲཱི་ཡ་མཱནྟ་ཀ་དེ་ཝ་མཎྜ་ལ་སརྦ་མ་དེ། བཛྲ་པུཥ྇་སརྦ་པཱུ་ཛ་མེ་གྷ་ཁཱ་ཧི། བཛྲ་དྷཱུ་པེ་སརྦ་པཱུ་ཛ་མེ་གྷ་ཁཱ་ཧི། བཛྲ་ནི་ཝི་དྱཱ་སརྦ་པཱུ་ཛ་མེ་གྷ་ཁཱ་ཧི། བཛྲ་གཱིརྟི་སརྦ་པཱུ་ཛ་མེ་གྷ་ཁཱ་ཧི། བཛྲ་གནྡྷ་ག་ད་སརྦ་པཱུ་ཛ་མེ་གྷ་ཁཱ་ཧི། གཏི་མུག་ཚུལ་གྱིས་གཏི་མུག་འཇོམས་མཛད་པ། །གཏི་མུག་ཆེན་པོ་གཤིན་རྗེའི་གཤེད་པོའི་སྐུ། །བདེ་གཤེགས་རྒྱལ་བའི་སྐུ་རྣམས་འདུས་པའི་བདག །འགྲོ་བའི་ལུས་ཀྱི་བག་ཆགས་རྒྱུད་སྦྱངས་ཤིང་། །མི་རྟོག་ཆོས་དབྱིངས་ཡེ་ཤེས་སྐུར་སྣང་བ། །འཇིགས་བྱེད་གཤིན་རྗེའི་གཤེད་ལ་ཕྱག་འཚལ་བསྟོད། །འདོད་ཆགས་ཚུལ་གྱིས་འདོད་ཆགས་འཇོམས་མཛད་པ། །འདོད་ཆགས་ཆེན་མོ་རོ་ལངས་ནག་མོའི་སྐུ། །བདེ་གཤེགས་རྒྱལ་བའི་གསུང་རྣམས་འདུས་པའི་བདག །ཡིད་ཀྱི་རྣམ་ཤེས་བག་ཆགས་རྒྱུད་སྦྱངས་ནས། །སོ་སོར་རྟོག་པའི་ཡེ་ཤེས་སྐུར་སྣང་བ། །རོ་ལངས་ཁྲོ་མོའི་སྐུ་ལ་ཕྱག་འཚལ་བསྟོད། །


DNG016_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་སྡང་ཚུལ་གྱིས་ཞེ་སྡང་འཇོམས་མཛད་ཅིང་། །ཞེ་སྡང་ཆེན་མོ་ཨེ་ཀ་ཛ་ཏིའི་སྐུ། །བདེ་གཤེགས་རྒྱལ་བའི་ཐུགས་རྣམས་འདུས་པའི་བདག །འགྲོ་བའི་ཀུན་གཞིའི་བག་ཆགས་རྒྱུད་སྦྱངས་ཤིང་། །མེ་ལོང་ལྟ་བུའི་ཡེ་ཤེས་སྐུར་སྣང་བ། །ཨེ་ཀ་ཛ་ཏིའི་སྐུ་ལ་ཕྱག་འཚལ་བསྟོད། །ང་རྒྱལ་ཚུལ་གྱིས་ང་རྒྱལ་འཇོམས་མཛད་ཅིང་། །ང་རྒྱལ་ཆེན་པོ་ཡ་མ་རཱ་ཛའི་སྐུ། །བདེ་གཤེགས་རྒྱལ་བའི་ཡོན་ཏན་ཀུན་འདུས་བདག །ཉོན་མོངས་ཡིད་ཀྱི་བག་ཆགས་རྒྱུད་སྦྱངས་ཤིང་། །མཉམ་པ་ཉིད་ཀྱི་ཡེ་ཤེས་སྐུར་སྣང་བ། །ཐུགས་ཀྱི་སྲས་མཆོག་སྐུ་ལ་ཕྱག་འཚལ་བསྟོད། །ཕྲག་དོག་ཚུལ་གྱིས་ཕྲག་དོག་འཇོམས་མཛད་པ། །ཕྲག་དོག་ཆེན་པོ་དམ་ཅན་རྒྱ་མཚོའི་ཚོགས། །བདེ་གཤེགས་རྒྱལ་བའི་ཕྲིན་ལས་རྫོགས་མཛད་ཅིང་། །སྒོ་ལྔའི་རྣམ་ཤེས་བག་ཆགས་རྒྱུད་སྦྱངས་ཤིང་། །བྱ་བ་གྲུབ་པའི་ཡེ་ཤེས་སྐུར་སྣང་བ། །མཐར་བྱེད་ཁྲོ་བོ་གཤིན་རྗེའི་ཚོགས་རྣམས་དང་། །གིང་བདུད་མ་མོ་གཤིན་རྗེའི་ཕོ་ཉ་ལ། །ཕྲིན་ལས་བཅོལ་ཞིང་དམ་ཚིག་བསྐུལ་ཕྱིར་བསྟོད། །ཨེ་ཧྱེ་ཧི་བྷ་ག་ཝཱན་ཨ་ལ་ལ་ཧོ། དཔལ་ཟླ་གསང་ནག་པོའི་རྒྱུད་ལས། མཆོད་བསྟོད་ཀྱི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་འཇིགས་བྱེད་ཀྱི་རྒྱལ་པོ་ཁྲག་འཐུང་ཆེན་པོ་དེས། བརྟན་པར་བཞུགས་ཤིང་ཕྱག་བཙལ་བ་འདི་དགོས་ཆེད་ཀྱི་ཕྱིར་གསུངས་སོ། །ཧཱུཾ་གཤིན་རྗེའི་གཤེད་པོ་ཡབ་ཡུམ་སྲས་དང་འཁོར་དུ་བཅས། །ཐུགས་རྗེས་ཡེ་ཤེས་གཤེགས་བཞུགས་མི་མངའ་ཡང་། །ལོག་རྟོག་སེམས་ཅན་སྲིད་པ་སྒྲོལ་བ་དང་། །རྣལ་འབྱོར་བསྒྲུབ་པའི་འབྲས་བུ་མཐར་དབྱུང་ཕྱིར། །གཟུགས་བརྙན་བསྐྱེད་པའི་དཀྱིལ་འཁོར་དམ་པ་འདིར། །འཁོར་བཅས་མི་གཡོ་བརྟན་པར་བཞུགས་སུ་གསོལ། །ཤྲཱི་ཡ་མཱནྟ་ཀ །མ་ཧཱ་མཎྜ་ལ་སརྦྦ་དེ་ཝ་མཎྜ་ལ་ཏིཥྛ་བཛྲ། ཧཱུཾ་ཆོས་ཉིད་མཉམ་པའི་ངང་ལས་མ་གཡོས་ཀྱང་། །གདུག་པ་འདུལ་ཕྱིར་ཁྲོ་རྒྱལ་སྐུར་སྤྲུལ་པ། །འཇིགས་བྱེད་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ། །འཇིགས་བྱེད་སྐུ་ལ་མཉེས་མཆོད་དབུལ་ལགས་ན། །རོ་ལངས་ཁྲོ་མོ་ཐམས་ཅད་བསྐྱེད་པའི་ཡུམ། །འགྲོ་བའི་འདོད་ཆགས་འཇོམས་ལ་ཕྱག་འཚལ་ལོ། །


DNG016_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

གདུག་པའི་དགྲ་བགེགས་མ་ལུས་འདུལ་མཛད་མ། །སྒེག་མོ་རལ་གཅིག་གུ་ཧྱ་གསང་བའི་ཡུམ། །འགྲོ་བའི་ཞེ་སྡང་འཇོམས་ལ་ཕྱག་འཚལ་ལོ། །ཡབ་ཡུམ་གཉིས་མེད་ཐུགས་ལས་སྤྲུལ་པའི་སྲས། །ཡ་མ་རཱ་ཛ་གིང་བདུད་ཀུན་གྱི་གཙོ། །འགྲོ་བའི་ང་རྒྱལ་འཇོམས་ལ་ཕྱག་འཚལ་ལོ། །བཅོམ་ལྡན་གཤིན་རྗེའི་གཤེད་པོའི་སྤྱན་ལམ་དུ། །བདུད་འདུལ་བསྟན་པ་བསྲུང་བར་ཞལ་བཞེས་པ། །གིང་བདུད་གཤིན་རྗེ་མ་མོ་མཁའ་འགྲོ་ལ། །རྣལ་འབྱོར་བདག་ཅག་རེ་བའི་སེམས་ཀྱིས་འདུད། །ཨ་ཏི་བུ་ཧོ་པྲ་ཏཱིཙྪ་ཧོ། དཔལ་ཟླ་གསང་ནག་པོའི་རྒྱུད་ལས། བརྟན་པར་བཞུགས་ཤིང་ཕྱག་འཚལ་བའི་ལེའུ་སྟེ་དགུ་པའོ།། །།དེ་ནས་འཇིགས་བྱེད་ཀྱི་རྒྱལ་པོ་ཁྲག་འཐུང་ཆེན་པོ་དེས། རྣལ་འབྱོར་དམ་པ་རྣམས་ཀྱི་ཆེད་དུ། ཚོགས་ཀྱི་མཆོད་པ་འདི་གསུངས་སོ། །སྔོན་དུ་བྱ་བའི་ལས་བྱས་ནས། །ཚོགས་གཉིས་རྒྱུན་དུ་བསག་པ་དང་། །དངོས་གྲུབ་བླང་དང་ལས་འཆོལ་ཕྱིར། །ཚོགས་ཀྱི་མཆོད་པ་དུས་བཞིར་དབུལ། །ཞེས་བཀའ་སྩལ་ཏོ། །བྱིན་རླབས་ཧཱུཾ་ཕཊ་ལྡན་བྱས་ནས། །རྣལ་འབྱོར་བརྟན་པས་ཚོགས་གཉིས་བསག །ཞེས་ཀྱང་གསུངས་སོ། །ཧཱུཾ་མཆོད་པའི་ཕྱག་རྒྱ་ཆེན་པོ་འདི། །སེམས་ཀྱིས་ཡིད་བཞིན་སྤྲིན་ཚོགས་ཀྱིས། །ཕྱོགས་བཅུ་ཐམས་ཅད་སངས་རྒྱས་ཞིང་། །མཉམ་སྦྱོར་དགྱེས་པའི་མཆོད་པས་ཐིམ། །ཧཱུཾ་ནམ་མཁའི་མཐས་ཀླས་འཇིག་རྟེན་ན། །གཟུགས་སུ་སྣང་བ་ཇི་སྙེད་ཀུན། །སྐུ་མཆོག་ཕྱག་རྒྱ་ཆེན་པོ་སྟེ། །གཤིན་རྗེའི་གཤེད་པོ་འཁོར་བཅས་ལ། །མཚོན་བྱེད་གཟུགས་ཀྱི་མཆོད་པ་འབུལ། །སྐུ་མཆོག་ཕྱག་རྒྱས་མཉེས་གྱུར་ཅིག །ཧཱུཾ་ནམ་མཁའི་མཐའ་ཀླས་འཇིག་རྟེན་ན། །སྒྲ་རུ་སྣང་བ་ཇི་སྙེད་ཀུན། །གསུང་མཆོག་ཕྱག་རྒྱ་ཆེན་པོ་སྟེ། །རོ་ལངས་ཁྲོ་མོ་འཁོར་བཅས་ལ། །སྔགས་ཚིག་སྒྲ་ཡི་མཆོད་པ་འབུལ། །གསུང་མཆོག་དམ་པ་མཉེས་གྱུར་ཅིག །ཧཱུཾ་ནམ་མཁའི་མཐའ་ཀླས་འཇིག་རྟེན་ན། །སེམས་ཅན་ཀུན་གྱི་རྣམ་རྟོག་ཀུན། །ཏིང་འཛིན་འབུམ་ཕྲག་མཐའ་ཡས་ཏེ། །སྒེག་མོ་རལ་གཅིག་འཁོར་བཅས་ལ། །


DNG016_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་གཅིག་ཐུགས་ཀྱི་མཆོད་པ་འབུལ། །ཐུགས་མཆོག་དམ་པ་མཉེས་གྱུར་ཅིག །ཧཱུཾ་ནམ་མཁའི་མཐའ་ཀླས་འཇིག་རྟེན་ན། །ཕན་གནོད་གནས་དམིགས་འགྲོ་འོང་ཀུན། །དེ་བཞིན་གཤེགས་པའི་བྱིན་བརླབས་ཏེ། །ཡ་མ་རཱ་ཛ་འཁོར་བཅས་ལ། །ཡོན་ཏན་འཕྲུལ་གྱི་མཆོད་པ་འབུལ། །ཡོན་ཏན་མཆོད་པས་མཉེས་གྱུར་ཅིག །ཧཱུཾ་ནམ་མཁའི་མཐས་ཀླས་འཇིག་རྟེན་ན། །དགེ་དང་མི་དགེའི་ལས་རྣམས་ཀུན། །དེ་བཞིན་གཤེགས་པའི་མཛད་སྤྱོད་དེ། །སྤྲུལ་པའི་དམ་ཅན་འཁོར་བཅས་ལ། །སྐྱོན་བྲལ་ཚོགས་ཀྱི་མཆོད་པ་འབུལ། །ཚོགས་ཀྱི་མཆོད་པས་མཉེས་གྱུར་ཅིག །གཞན་ཡང་ཧཱུཾ་ཕཊ་སྦྱོར་བའི་བྱིན་རླབས་ཀྱིས། །འདོད་པའི་ཡོན་ཏན་ལྔས་ཀྱང་མཆོད་པར་བྱའོ། །གཞན་ཡང་གདུལ་བྱ་བཀུག་བསྡིམ་ལ། །རྫོགས་ནས་ཕུང་པོ་དུག་གསུམ་མཆོད་པར་འབུལ། །སྒྲོལ་སྦྱོར་མཆོད་པ་ཀུན་ཀྱང་ཐིམ། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། མཆོད་པ་ཚོགས་བསགས་པ་དང་། གདུལ་བྱ་དུག་གསུམ་གྱི་ལས་ཀྱི་ལེའུ་སྟེ་བཅུ་པའོ།། །།དེ་ནས་ཡང་འཇིགས་བྱེད་ཀྱི་རྒྱལ་པོ་ཡ་མཱནྟ་ཀ་དེས། ཕྱག་རྒྱའི་དཀྱིལ་འཁོར་འདི་བཀའ་སྩལ་ཏོ། །འཇིགས་བྱེད་ཆེན་པོ་ཀུན་གྱི་གཙོ། །དབུས་ཀྱི་གཙོ་བོའི་ཕྱག་རྒྱ་ནི། །ཞལ་གསུམ་ཕྱག་དྲུག་སྐུ་མདོག་མཐིང་། །གཡས་དཀར་གཡོན་དམར་དབུས་མཐིང་ཞལ། །གཡས་པ་གསུམ་ན་བསྣམས་པ་ནི། །འཁོར་ལོ་རལ་གྲི་ཐོ་བ་བསྣམས། །གཡོན་པ་གསུམ་ན་བསྣམས་པ་ནི། །ཐོད་པ་སྡིགས་མཛུབ་ཕུར་པ་བསྣམས། །སྐུ་ལ་འཁྲིལ་པའི་ཡུམ་ཆེན་ནི། །གཡས་ན་ཨེ་ཀ་ཛ་ཏི་མ། །གཡོན་ན་ནག་པོ་བེ་ཏཱ་ལཱི། །གཡས་གཡོན་གཉིས་ནི་གཙོ་ལ་འཁྱུད། །གཉིས་ནི་རཀྟ་སྟོབ་པར་བྱེད། །ཡབ་ཡུམ་གཉིས་སུ་མེད་པ་རྣམས། །ཕྱག་རྒྱ་གར་གྱི་མཆོད་པ་བཞེས། །ཡ་མ་རཱ་ཛའི་ཕྱག་རྒྱ་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང་། །གཡས་པ་མ་ཏྲཾ་རོ་དབྱུག་འཕྱར། །གཡོན་ན་སྲིད་པའི་འཁོར་ལོ་བསྐོར། །མྱོས་བྱེད་འབར་བའི་ཕྱག་རྒྱ་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་སེར། །གཡས་


DNG016_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

ན་མ་ཏྲཾ་རོ་དབྱུག་འཕྱར། །གཡོན་ན་སྲིད་པའི་འཁོར་ལོ་བསྐོར། །ཨཱརྱ་མ་རུའི་ཕྱག་རྒྱ་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར། །གཡས་པ་མ་ཏྲཾ་རོ་དབྱུག་འཕྱར། །གཡོན་ན་སྲིད་པའི་འཁོར་ལོ་བསྐོར། །རལ་པ་ཚར་དགུའི་ཕྱག་རྒྱ་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་ལྗང་། །གཡས་པ་མ་ཏྲཾ་རོ་དབྱུག་ཐོགས། །གཡོན་ན་སྲིད་པའི་འཁོར་ལོ་བསྐོར། །ཁྲོ་མོ་ཡུམ་རྣམས་ཕྱག་རྒྱ་ནི། །སྐུ་མདོག་སོ་སོའི་གཙོ་དང་མཐུན། །གཡས་པ་རྣམས་ནི་གཙོ་ལ་འཁྱུད། །གཡོན་པས་རཀྟ་སྟོབ་པར་བྱེད། །ཡབ་ཡུམ་གཉིས་སུ་མེད་པར་ནི། །ཕྱག་རྒྱ་གར་གྱི་མཆོད་པ་བཞེས། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། ཕྱག་རྒྱ་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་འཇིགས་བྱེད་ཆེན་པོས་ལྷ་རྣམས་ཀྱི་ཐུགས་དམ་བསྐུལ་བ་འདི་གསུངས་སོ། །ཕྱག་རྒྱ་ཆེན་པོ་གསལ་བ་ཡི། །ང་རྒྱལ་དབང་དུ་འདུས་པས་བརྗོད། །ཧཱུཾ་བཅོམ་ལྡན་དཔལ་ཆེན་ཁྲོ་རྒྱལ་གཤིན་རྗེའི་གཤེད། །ཆོས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང་། །གདུག་པ་འདུལ་ཕྱིར་ཁྲོ་རྒྱལ་སྐུར་སྤྲུལ་པ། །དབུ་གསུམ་ཕྱག་དྲུག་ཞབས་བཞི་བརྐྱང་བསྐུམ་བཞུགས། །རྣམ་ཐར་གསུམ་ལྡན་ཞལ་གྱིས་སྲིད་གསུམ་གསོལ། །ཡེ་ཤེས་མཆེ་བ་གཙིགས་པས་དགྲ་བགེགས་སྒྲོལ། །སྨ་ར་ཨག་ཚོམ་སེར་ནག་གྱེན་དུ་འཕྱོ། །སྙན་ནས་འབྲུག་སྒྲོགས་ཤངས་ནས་འཚུབས་མ་ལྡང་། །བདུད་ཀྱི་ཚོགས་རྣམས་དབང་སྡུད་ལས་ལ་འགྱེད། །ཡེ་ཤེས་དགུ་ལྡན་སྤྱན་དགུས་ས་དགུ་གནོན། །ཧཱུཾ་ཕཊ་རུ་ལུ་དྲག་པོའི་སྒྲ་ངར་གྱིས། །མ་མོ་མཁའ་འགྲོ་དབང་སྡུད་ལས་ལ་འགྱེད། །ཕ་རོལ་ཕྱིན་དྲུག་རྫོགས་མཛད་ཕྱག་མཚན་དྲུག །རྒྱུད་དྲུག་གནས་ཀྱི་དགྲ་བགེགས་ལོག་ལྟ་སྒྲོལ། །ཚད་མེད་བཞི་ལྡན་ཞབས་ཀྱིས་དྲེགས་པ་གནོན། །སྲིན་པོ་གཤིན་རྗེ་དབང་གི་ལས་ལ་བསྐུལ། །སྟག་དང་གླང་ཆེན་ཞེ་སྡང་སྦྲུལ་གྱིས་བརྒྱན། །ཐོད་ཕྲེང་ཐལ་ཆེན་ཁྲག་གིས་ཚོམ་བུ་བྲིས། །རྣམ་ཐར་བརྒྱད་ལྡན་དཔལ་གྱི་ཆས་བརྒྱད་གསོལ། །སྒྲོལ་གིང་ཕོ་མོ་མང་པོ་ལས་ལ་བསྐུལ། །ཡོན་ཏན་དཔག་མེད་བརྒྱན་པའི་ལྷ་


DNG016_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གིས། །དྲེགས་པའི་ཚོགས་འདྲལ་བསྒྲལ་བའི་ཞིང་བཅུ་ལ། །མངོན་སྤྱོད་རྟགས་ཀྱི་ཕྲིན་ལས་མྱུར་དུ་མཛོད། །ཡེ་ཤེས་ཐུགས་རྗེས་ལས་མཛད་བསམ་པ་སྒྲུབས། །ཧཱུཾ་ཆགས་གཞི་ཆེན་མོ་ཁྲག་གི་མངའ་བདག་མོ། །གཡོན་གྱི་ཁྲོ་མོ་རོ་ལངས་ཐལ་མདོག་མ། །ཟ་བྱེད་ནག་མོ་བཛྲ་བེ་ཏཱ་ལཱི། །མིག་གསུམ་འཇིགས་པའི་ཁ་ཡང་གདངས། །དུག་སྦྲུལ་གོས་གྱོན་གཡས་ན་ཏྲི་ལ་ཐོགས། །གཡོན་ན་ཐོད་དམར་གཙོ་ལ་འདུད་པའི་ཚུལ། །ནག་མོ་ཆེན་མོ་བོས་པའི་ཚེ། །ནག་མོ་ཁྱོད་ཀྱི་མཚན་ཉིད་ནི། །ཞིང་ལྤགས་གྱོན་ཞིང་ཐོད་ཕྲེང་བརྒྱན། །ཆིབས་སུ་རླུང་ནག་སེར་བུ་བཅིབས། །ཟས་སུ་མི་ཤ་རློན་པ་ཟ། །སྐོམ་དུ་མི་ཁྲག་དྲོན་མོ་འཐུང་། །དམ་ཉམས་རྣམས་ཀྱི་སྙིང་འབྱིན་མ། །ཤ་ཟ་ཁྲག་འཐུང་རལ་པ་སྤྲུག་ཅིང་སྤྱོན། །དམ་རྫས་དམར་གྱི་གཏོར་མ་འདི་བཞེས་ལ། །བདག་གི་དགྲ་བགེགས་ཁུག་ལ་མྱུར་དུ་སྒྲོལ། །ཞེ་སྡང་ཆེན་མོ་རུས་པའི་མངའ་བདག་མོ། །གཡས་ཀྱི་ཡུམ་བསྐྱེད་ཨེ་ཀ་ཛ་ཏི་མ། །སྒེག་མོ་རལ་གཅིག་གཤིན་རྗེ་ཀུན་གྱི་ཡུམ། །ལྷ་དང་ལྷ་མིན་གཡུལ་ཟློག་མཐུ་མོ་ཆེ། །གསང་བའི་ཡུམ་གཅིག་ཕྲིན་ལས་བཞི་ཡི་བདག །གཤིན་རྗེའི་ཡུམ་ཆེན་བདུད་ཀྱི་ལྕམ། །སྐུ་མདོག་མཐིང་ནག་འབར་བ་ལ། །རལ་པའི་ཟར་བུ་གཡས་ནས་གཡོན་དུ་འཁྱིལ། །གསེར་གཡུ་མུ་ཏིག་རིན་ཆེན་བཻ་ཌཱུརྱ། །བྱད་མདངས་གཡུ་ཡི་རལ་པས་རྒྱན་དུ་བྱས། །གཡས་ན་སྤུ་གྲི་གཡོན་ན་ཁྲམ་བམ་བསྣམས། །སྲིད་པ་གསུམ་གྱི་བྱོལ་བཟློག་ཁྱོད་ཀྱིས་མཛད། །སྤྱན་ནས་མེ་འབར་ཞལ་ནས་ཁྲག་ཀྱང་འཛག །ཐལ་ཆེན་ཁྲག་དང་ཞག་གི་ཚོམ་བུ་བྲིས། །གསང་མཚན་དམར་གྱི་ཐིག་ལེས་བརྒྱན་པ་སྟེ། །ཁྱོད་ནི་མི་ནད་ཕྱུགས་ནད་ཀུན་གྱི་བདག །ཆིབས་སུ་དྲེའུ་རྟ་རྐང་གསུམ་བསྐྱོད་ནས་ནི། །དུར་ཁྲོད་ཀུན་ཏུ་རྒྱུ་བའི་མཐུ་མོ་ཆེ། །མ་མོའི་གཙོ་མོ་དཔག་ཚད་བརྒྱད་ཁྲིར་རྒྱུག །སྔགས་འཆང་རྣལ་འབྱོར་ཆེན་མོ་དམ་ཅན་མ། །བདག་གི་དགྲ་བགེགས་ཁུག་ལ་མྱུར་དུ་སྒྲོལ། །ཧཱུཾ་ང་རྒྱལ་ཁྲོ་བོ་བྱང་ཆུབ་སེམས་ཀྱི་བདག །ཡབ་ཡུམ་གཉིས་མེད་ཐུགས་ལས་སྤྲུལ་པའི་སྲས། །ཡ་མ་རཱ་ཛ་ཁྱེའུ་ཆུང་སྔོན་


DNG016_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་སྐུ། །མཐིང་ནག་མེ་དཔུང་འབར་བའི་ཀློང་ན་བཞུགས། །དུར་ཁྲོད་གནས་ཀྱི་མ་སྲིན་དབང་དུ་སྡུད། །སྐུ་མདོག་ནག་པོ་དུག་ཆེན་འཁྱིལ་པ་འདྲ། །ཆུ་ནག་རླབས་བཞིན་འོད་ཕུང་ནག་པོར་འཕྲོ། །མ་ཧེ་གླང་རྒོད་ཆིབས་ཤིང་འོད་ཕུང་འབར། །ལས་ཀྱི་གཤིན་རྗེ་རྣམས་ཀྱི་ཁ་ལོ་བསྒྱུར། །འཁོར་ལོ་རལ་གྲི་བེ་ཅོན་སྡིགས་མཛུབ་ཞགས། །ཕྱག་ན་བསྣམས་ཤིང་གིང་བདུད་ལས་ལ་གཏོང་། །མཆེ་བ་དཀར་པོ་གཙིགས་ཤིང་དགྲ་བགེགས་སྒྲོལ། །ཧཱུཾ་ཕཊ་སྒྲ་སྒྲོགས་མ་མོ་འབངས་སུ་འཁོལ། །མི་ཤ་རྟ་ཤ་མ་ཡིན་གཞན་གྱི་ཤ་མི་ཟ། །མི་ཁྲག་རྟ་ཁྲག་མ་ཡིན་གཞན་གྱི་ཁྲག་མི་འཐུང་། །ཐུགས་ཀྱི་སྲས་མཆོག་ཡ་མ་རཱ་ཛ་ཁྱོད། །འགྲོ་བ་མི་ཡི་བདུད་དུ་ཁྱོད་ཉིད་ལྡང་། །རྨད་དུ་བྱུང་བའི་མཆོད་པ་འདི་བཞེས་ལ། །བདག་གིས་བཅོལ་བའི་ལས་འདི་བསྒྲུབ་པར་མཛོད། །ཧཱུཾ་ཤར་ལྷོ་མཚམས་ནས་དགྲ་དང་བགེགས་འགུགས་པ། །གཤེད་ཆེན་ཡ་མ་རཱ་ཛ་གཤིན་རྗེ་ཁྱོད། །སྐུ་མདོག་མཐིང་ནག་དབུ་སྐྲ་སྤྱི་བོར་བཅིངས། །གཅེར་བུ་སྦྲུལ་དང་ཐོད་པའི་ཕྲེང་བས་བརྒྱན། །དྲེད་མོ་ལག་རྡེབས་བཅིབས་ནས་བཅོལ་བར་མཛད། །མཐིང་ནག་ཚོགས་ཀྱི་མ་མོ་བྲན་དུ་འཁོལ། །ཉི་མ་དང་པོའི་གཤེད་མཛད་གཤིན་རྗེ་ཁྱོད། །རྨད་དུ་བྱུང་བའི་མཆོད་པ་འདི་བཞེས་ལ། །ཡིད་ལ་བརྣགས་པའི་དགྲ་བོ་ལས་ངན་འདི། །ཚངས་པའི་རྩ་ཆོད་མགོ་བོ་འཁོར་དུ་ཆུག །ལྷོ་ནུབ་མཚམས་ནས་དགྲ་བགེགས་འགུགས་མཛད་པ། །གཤེད་ཆེན་མྱོས་བྱེད་འབར་བ་གཤིན་རྗེ་ཁྱོད། །སྐུ་མདོག་སེར་ནག་རལ་པ་མུན་ལྟར་གཏིབས། །གཅེར་བུ་སྦྲུལ་དང་ཐོད་པའི་ཕྲེང་བས་བརྒྱན། །དོམ་བུ་སྙིང་དཀར་ཆིབས་ནས་བཅོལ་བར་མཛད། །ཕྱག་གཉིས་བེ་ཅོན་འཁོར་ལོ་འབར་བ་བསྣམས། །སེར་ནག་ཚོགས་ཀྱི་མ་མོ་བྲན་དུ་འཁོལ། །ཉི་མ་གཉིས་པའི་གཤེད་མཛད་གཤིན་རྗེ་ཁྱོད། །རྨད་དུ་བྱུང་བའི་མཆོད་པ་འདི་བཞེས་ལ། །ཡིད་ལ་བརྣགས་པའི་དགྲ་བོ་དམ་ཉམས་འདི། །ལྟེ་བའི་རྩ་ཆོད་ལུས་སེམས་བརྒྱལ་དུ་ཆུག །ཧཱུཾ་ནུབ་བྱང་མཚམས་ནས་དགྲ་དང་བགེགས་འགུགས་པ། །ཨཱརྱ་མ་རུ་དགྲ་དང་བགེགས་ཀྱི་གཤེད། །སྐུ་མདོག་དམར་


DNG016_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

ནག་རལ་པ་ཐོར་ཚུགས་བཅིངས། །གཅེར་བུ་སྦྲུལ་དང་ཐོད་པའི་ཕྲེང་བས་བརྒྱན། །དྲེའུ་རྟ་ཆིབས་སུ་བཅིབས་ནས་བཅོལ་བར་མཛད། །ཕྱག་གཉིས་བེ་ཅོན་འཁོར་ལོས་དགྲ་བགེགས་སྒྲོལ། །དམར་ནག་ཚོགས་ཀྱི་མ་མོ་བྲན་དུ་འཁོལ། །ཉི་མ་གསུམ་པའི་གཤེད་མཛད་གཤིན་རྗེ་ཁྱོད། །རྨད་དུ་བྱུང་བའི་གཏོར་མ་འདི་བཞེས་ལ། །ཡིད་ལ་བརྣགས་པའི་དགྲ་བགེགས་བསྒྲལ་དུ་གསོལ། །མགྲིན་པའི་རྩ་ཆེན་ཆོད་ལ་ཁྲག་ཏུ་སྐྱུག་ཏུ་ཆུག །ཧཱུཾ་བྱང་ཤར་མཚམས་ནས་དགྲ་དང་བགེགས་འགུགས་པ། །རལ་པ་ཚར་དགུ་དགྲ་དང་བགེགས་ཀྱི་གཤེད། །སྐུ་མདོག་ལྗང་ནག་རལ་པ་དགུ་རུ་གཡེངས། །གཅེར་བུ་སྦྲུལ་དང་ཐོད་པའི་ཕྲེང་བས་བརྒྱན། །རྔ་མོ་གདོང་སེར་ཆིབས་ནས་ཕྲིན་ལས་མཛད། །ཕྱག་གཉིས་བེ་ཅོན་སྲིད་པའི་འཁོར་ལོ་བསྣམས། །ལྗང་ནག་ཚོགས་ཀྱི་མ་མོ་བྲན་དུ་འཁོལ། །ཉི་མ་བཞི་པའི་གཤེད་མཛད་གཤིན་རྗེ་ཁྱོད། །རྨད་དུ་བྱུང་བའི་གཏོར་མ་འདི་བཞེས་ལ། །ཡིད་ལ་བརྣགས་པའི་དགྲ་བགེགས་སྒྲོལ་བར་མཛོད། །སྙིང་གི་རྩ་ཆོད་སྲོག་དབུགས་ཕྲོལ་ལ་སྒྲོལ། ཡ་མ་རཱ་ཛ་དུན་ཏིང་ཁ་ལ་ཡ། དགྲ་བོའི་སྙིང་ལ་བྷྱོ་བྷྱོ། མྱོས་བྱེད་འབར་བ་དུན་ཏིང་ཁ་ལ་ཡ་དགྲ་བོའི་སྙིང་ལ་བྷྱོ་བྷྱོ། ཨཱརྱ་མ་རུ་དུན་ཏིང་ཁ་ལ་ཡ་དགྲ་བོའི་སྙིང་ལ་བྷྱོ་བྷྱོ། རལ་པ་ཚར་དགུ་དུན་ཏིང་ཁ་ལ་ཡ་དགྲ་བོའི་སྙིང་ལ་བྷྱོ་བྷྱོ། དཔལ་ཟླ་གསང་ནག་པོའི་རྒྱུད་ལས། ཡབ་ཡུམ་ལ་ཕྲིན་ལས་བཅོལ་བའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་ཡང་འཇིགས་བྱེད་ཁྲག་འཐུང་གི་རྒྱལ་པོ་ཡ་མཱནྟ་ཀས། འདི་སྐད་ཅེས་བཀའ་སྩལ་ཏོ། །རྣལ་འབྱོར་ཅན་ལ་ཕན་བྱའི་ཕྱིར། །ལས་ཀྱི་བྱ་བ་སྣ་ཚོགས་གསུངས། །གླང་པོ་དག་གི་རྒྱབ་ལ་ནི། །ཕྱི་རྒན་གན་རྐྱལ་ཨ་མུ་ཀཾ། །དེ་སྟེང་ཡ་མ་རཱ་ཛའི་གཟུགས། །གཟིར་བའི་ཚུལ་དུ་བསྐྱོན་པར་བྱ། །སྔགས་ཀྱི་བཟླས་པ་བྱ་བ་ནི། །རི་རྒྱལ་རྦབ་ལྟར་དྲག་སྔགས་བཟླས། །ལས་ཀུན་དེ་ཡིས་ཤེས་པར་བྱ། །ཨཱོཾ་བཛྲ་ན་མ་བན་ད་ཧ་ས་ད་པྲ་བྷནྟ་རི་ཧཱུཾ་ཧཱུཾ་ཕཊ་ཕཊ། ཡ་མཱནྟ་ཀ་བཛྲ་ཡ་མ་རཱ་ཛ་ཆེ་


DNG016_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

གེ་མོའི་ཙིཏྟ་ལ་བྷྱོ། དུན་བྷྱོ་གོ་རུ་མ་མ་དུན་བྷྱོ། མེ་ཡེ་མ་མ་དུན་བྷྱོ། ཛ་ཛ། ཁྲག་ཤམ་རྦད་རྦད། ཨ་མུ་ཀཾ་མཱ་ར་ཡ་ཕཊ། རྩེ་གཅིག་པའི་སེམས་ཀྱིས་བྱའོ། །རྫུ་འཕྲུལ་རྟ་ཡི་ཐོག་ཏུ་བྱ་བ་ནི། །ལིངྒ་གོང་དུ་བསྟན་པ་བཞིན། །དེ་ཡི་སྟེང་དུ་དགོད་པ་ནི། །ཡུམ་ནི་ཀྲོ་དྷཱི་མགྲིན་སྔོན་མོ། །བདུན་ནམ་དགུ་རུ་བཟླས་པ་ནི། །ཨོཾ་ཡ་མཱནྟ་ཀ་ཀྲོ་དྷཱི་བ་ར་ག་པུ་ཡ་ཏཾ་ཏཾ། ཆེ་གེ་མོ་བེ་ཏཱ་ལཱི་དུན་བྷྱོ། མ་མ་མ་ཏི་མ་བྷྱོ། སྲོག་རྩ་ལ་བྷྱོ། རྩེ་གཅིག་ཡེངས་པ་མེད་པས་བྱའོ། །ལྐུགས་པ་ར་དང་ལུག་གི་རྒྱབ་ཏུ་བྱ་བ་ནི། །ལོག་འདྲེན་མཐར་བྱེད་ཡབ་ཡུམ་གཉིས། །གཟིར་བ་ར་དང་ལུག་གི་སྟེང་། །དྲག་སྔགས་འགྱུར་མེད་བཟླས་པ་ནི། །ཨོཾ་བཛྲ་བུ་ཧུ་ལ་མང་ག་ལ་བི་ཏ། ཕྱི་མ་སི་བར་ན་ཧ་དུན་བྷྱོ། ས་མ་རཀྟ་ཁཱ་ཧི། ཆེ་གེ་མོ་ལ་ཐུམ་རིལ་རྦད་རྦད། སྲིན་མོ་བྱི་ལའི་རྒྱབ་ཏུ་བྱ་བ་ནི། །དམྱལ་བ་མཐར་བྱེད་ཡབ་ཡུམ་གཉིས། །ལིངྒ་བཟླས་པ་སྔ་མ་བཞིན། །ཨོཾ་བཛྲ་ན་རག་མ་ཨ་ཨུ་མ་ལ་བྷྱོ། མ་ཏི་པ་ཏ་ཙུ་རུ་བྷྱོ། ན་རག་མ་ཏི་དགྲ་བོའི་སྙིང་ལ་བྷྱོ། རྔ་མོ་མ་ཧེའི་ཐོག་ཏུ་བྱ་བ་ནི། །བྱོལ་སོང་མཐར་བྱེད་གཤིན་རྗེ་ཡབ་ཡུམ་གཉིས། །གཟུངས་དང་བཟླས་པ་གོང་མ་བཞིན། །ཨོཾ་བཛྲ་སྭ་ཏ་ན་ཀར་མ་ཏ་ཏ་ཊ་པྲ་ཆེ་གེ་མོ་བྷྱོ། གཡག་དང་སྤྱང་ཀིའི་རྒྱབ་ཏུ་བྱ་བ་ནི། །གནོད་སྦྱིན་མཐར་བྱེད་ཡབ་ཡུམ་གཉིས། །གཟུངས་དང་བཟླས་པ་གོང་བཞིན་བྱ། །ཨོཾ་བཛྲ་པྲ་ཁྲ། བཛྲ་ཆེ་གེ་མོ་ལ་བྷྱོ་བྷྱོ། ཨ་མུ་ཀཾ་ཐུཾ་རིལ་རྦད། ཁྲ་དང་འུག་པའི་རྒྱབ་ཏུ་བྱ་བ་ནི། །སྲིན་པོ་མཐར་བྱེད་ཡབ་ཡུམ་གཉིས། །གཟུངས་དང་བཟླས་པ་གོང་མ་བཞིན། །ཨོཾ་བཛྲ་ན་ག་ཏ་ཆེ་གེ་མོ་མྱགས་མྱགས་ཐུཾ་རིལ་རྦད། རི་བོང་ཡན་ལག་རྒྱབ་ཏུ་བྱ་བ་ནི། །ཀླུ་རྣམས་མཐར་བྱེད་ཡབ་ཡུམ་གཉིས། །གཟུངས་དང་བཟླས་པ་སྔ་མ་བཞིན། །ཨོཾ་བཛྲ་ནཱ་ག་ཏ་ཆེ་གེ་མོ་མྱགས་མྱགས་ཐུཾ་རིལ་རྦད། རི་མོ་བྱན་ལག་རྒྱབ་ཏུ་བྱ་བ་ནི། །སྲིན་མོ་མཐར་བྱེད་ཡབ་ཡུམ་གཉིས། །གཟུངས་དང་བཟླས་པ་སྔ་མ་བཞིན། །ཨོཾ་བཛྲ་མ་ཏི་པ་ཙ་ཧཱུཾ་བྷྱོ་བྷྱོ་ཆེ་གེ་མོ་ལ་བྷྱོ། སྦྲུལ་དང་བྱི་ལའི་རྒྱབ་ཏུ་བྱ་བ་ནི། །དམ་སྲི་མཐར་བྱེད་ཡབ་ཡུམ་གཉིས། །གཟུངས་དང་བཟླས་པ་སྔ་མ་བཞིན། །


DNG016_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་བཛྲ་ཧཱུཾ་ཧཱུཾ་ཛ་ཛ་ཆེ་གེ་མོ་མ་མུ་ཏི་ཧྲི་རྦད། མཐར་བྱེད་ཆེན་པོའི་ལས་དེ་ནི། །བསླུ་མེད་གནད་ཟིན་ལྟ་བུའོ། །བདག་ཉིད་ཕྱག་རྒྱར་གསལ་བ་ཡིས། །རྟེན་རྫས་མཐུན་རྫས་མཆོད་པའི་རྫས། །བརྣག་པ་ཐུན་གྱི་རྫས་ལ་སོགས། །ལེགས་པར་བསོགས་ཏེ་ལས་རྣམས་བྱ། །ཐེ་ཚོམ་མེད་པའི་སེམས་ཀྱིས་སུ། །མ་ལུས་གྲུབ་པའི་དོན་དུ་བཤད། །ཅེས་གཤེད་པོས་གསུངས་སོ། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། མཐར་བྱེད་ཀྱི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་ཕྱོགས་སྐྱོང་གི་གཤིན་རྗེ་རྣམས་ཀྱིས་ཐམས་ཅད་ཞི་བར་བྱེད་པའི་ཆེད་དུ། བཅོམ་ལྡན་འདས་ལ་ཕྲིན་ལས་ཞི་བའི་སྒྲུབ་ཐབས་འདི་ཕུལ་ལོ། །རབ་ཏུ་དཀར་བའི་ཡུལ་དག་ལ། །མགུ་བའི་སེམས་དང་ལྡན་བྱས་ཏེ། །དད་པས་མགུ་བའི་ལས་བྱ་ཞེས། །གཤིན་རྗེ་གཤེད་པོ་ཉིད་ལ་ཕུལ། །གཤིན་རྗེ་གཤེད་པོས་བཀའ་སྩལ་པ། །ཉོན་ཅིག་ཟུང་ཞིག་རྡོ་རྗེ་འཛིན། །ཐམས་ཅད་ཞི་བར་བྱ་ཕྱིར་དུ། །ས་གཞི་གནས་དང་རི་བྲག་དཀར། །ཟླུམ་པོ་ཉམས་དགའ་བཀྲ་ཤིས་གནས། །ཞི་བའི་ལས་ཀྱི་དཀྱིལ་འཁོར་ནི། །ཟླུམ་པོ་དཀར་བའི་དཀྱིལ་འཁོར་བྲིས། །ལྟེ་བར་བཅས་པའི་རྩིབས་བརྒྱད་ལ། །མཁས་པས་བསྒྲིམ་སྟེ་བྲི་བར་བྱ། །དཀར་དང་ལྡན་པའི་ཟླ་གམ་ལ། །གཅིག་དང་གསུམ་ནས་མགོ་བཙུགས་ནས། །ཁམས་གསུམ་རབ་ཏུ་མགུ་བའི་ཕྱིར། །ཉམས་སུ་ལེན་པར་བྱས་ལ་བསྒྲུབ། །དབུས་སུ་ཡེ་ཤེས་བདག་པོ་ལ། །ཤར་དུ་ནག་འཇོམས་ཆེན་པོ་སྟེ། །ལྷོ་རུ་ཡ་བ་ཏི་ཞེས་བྱ། །ནུབ་ཏུ་ཁྲོ་བོ་རྨིག་པ་ལ། །བྱང་དུ་བདུད་འཇོམས་དགོད་པར་བྱ། །ཤར་ལྷོ་ལྷོ་ནུབ་ནུབ་བྱང་དང་། །བྱང་ཤར་མཚམས་སུ་དགོད་པ་ནི། །གླང་མགོ་ཀོང་ཙེ་གཅོད་སྦྱོང་རྗེ། །ལས་གྲུབ་བརྒྱད་དེ་གོ་རིམ་བཞིན། །སྟེང་འོག་དམར་པོ་ནག་འཇོམས་གཉིས། །ཡབ་ཡུབ་གཉིས་མེད་བྲིས་ཏེ་དགོད། །ཟླ་གམ་གསུམ་ལ་མ་མོ་གསུམ། །སྒོ་བཞིར་སྒོ་སྲུང་མ་རྣམས་བྲི། །དེ་ནི་ཡུམ་དང་བཅས་པ་རྣམས། །ཁྲོ་བོ་ཡབ་དང་སྐུ་མཐུན་པའོ། །སེམས་དཔའི་འདུག་སྟངས་གནས་


DNG016_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ལ། །སྒེག་མོ་གཡོན་དུ་བརྟེན་བྱས་ལ། །སྔགས་གཡོག་མཛེས་པ་ཚོགས་པར་བྱས། །མགུ་བའི་ཕྲིན་ལས་བརྩམ་པར་བྱས། །སྐེ་ཚེ་ཐལ་བ་རུས་པ་ལ། །ཛམ་བྷ་ལ་ཡི་གཟུགས་ལྟ་བུར། །བྱས་པའི་སྙིང་གར་བྲི་བ་ནི། །ཨ་མ་ས་ལ་སིདྡྷི་འམ། །གང་འདོད་པ་ཡི་ཡི་གེ་དེ། །ཕཊ་དང་སྭཱ་ཧཱ་མདའ་ལྟར་བྱ། །མིང་བྱང་གོང་ལྟར་བྲིས་བྱས་ལ། །གོང་ལྟར་འཚམས་པ་བཞིན་དུ་གཞག །དེ་ལ་འདི་ཡང་རབ་ཏུ་བརྗོད། །ཨོཾ་ཨ་ཀྲོ་བཛྲ་ཤཱན་ཏི་ནཱ་ག་བཛྲ་སྭཱ་ཧཱ། ཨོཾ་ཨ་ཀྲོ་ཏེ་ཀ་ཤཱནྟིཾ་བ་ལ་ཅུཾ་ཞེས་བརྗོད་ནས། སྙིང་གར་བརྒྱབ་ན་ཐམས་ཅད་མགུ་ནས་དད་པའི་སེམས་ཀྱིས་ཞི་བར་གྱུར་ཏོ། །དེས་ནི་ཞི་བའི་ལས་བྱས་ཟིན་ནས་ཕྱོགས་བཅུའི་གདུག་པ་ཞི་བར་བྱས་ཏེ། བདག་ལ་མི་དགའ་བ་མེད་ན་ལས་འགྲུབ་པ་ཡིན་ནོ། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། ཐམས་ཅད་ཞི་བར་བསྒྲུབ་པའི་སྐབས་ཏེ་ལེའུ་བཅུ་བཞི་པའོ།། །།དེ་ནས་ཕྱོགས་སྐྱོང་གི་གཤིན་རྗེ་རྣམས་ཀྱི་ཕྲིན་ལས་རྒྱས་པའི་སྒྲུབ་ཐབས་འདི། ཐམས་ཅད་རྒྱས་པར་བྱ་བའི་ཆེད་དུ། བཅོམ་ལྡན་འདས་འཇིགས་བྱེད་གཤིན་རྗེའི་གཤེད་ཆེན་པོ་ལ་ཕྲིན་ལས་རྒྱས་པའི་སྒྲུབ་ཐབས་ཕུལ་བ། རབ་ཏུ་སེར་ཞིང་གསེར་ལས་གྲུབ། །བཙོ་མ་འདྲ་བའི་དབྱིབས་ཅན་ལ། །དཔལ་རྒྱས་སེམས་དང་ལྡན་བྱས་ལ། །རྒྱས་པར་བྱ་བའི་སེམས་ཀྱིས་སུ། །རྒྱས་པའི་སྒྲུབ་ཐབས་བཤད་པར་མཛོད། །ཅེས་པ་གཤིན་རྗེ་གཤེད་ལ་ཕུལ། །གཤིན་རྗེ་གཤེད་པོས་བཀའ་སྩལ་པ། །ཉོན་ཅིག་ཟུང་ཞིག་རྡོ་རྗེ་འཛིན། །ཐམས་ཅད་རྒྱས་པར་བྱ་ཕྱིར་དུ། །ས་གཞི་གནས་དང་རི་རབ་སེར། །གྲུ་བཞི་ཁོད་སྙོམས་བཙོ་མ་འདྲ། །རྒྱས་པར་བྱ་བའི་སེམས་ཀྱིས་སུ། །དཀྱིལ་འཁོར་གྲུ་བཞི་པ་ཡི་ཚུལ། །ལྡོང་རོས་ཆག་ཆག་བཏབ་བྱས་ཏེ། །རྣལ་འབྱོར་དམ་པ་བློ་ལྡན་པས། །ཐིག་ནི་གདབ་པར་རབ་ཏུ་བརྩམ། །གསེར་ལས་གྲུབ་པའི་ཐིག་སྐུད་ལ། །དཔལ་དང་གཟི་མདངས་བསོད་ནམས་ཚོགས། །འཕེལ་ཞིང་རྒྱས་པའི་སེམས་དང་ཆས། །སློབ་མ་དམ་པ་ལས་གྲུབ་པར། །བསམས་ལ་ཐིག་ནི་གདབ་པར་བྱ། །ཕོ་བྲང་གསེར་ལ་རྩེ་མོ་གཡུ། །རྡོ་རྗེའི་བརྩིག་པ་གསེར་ལས་གྲུབ། །གྲུ་ཆད་སྒོ་


DNG016_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

སྣམས་ལྕགས་ལས་གྲུབ། །རྣལ་འབྱོར་སྔགས་པ་བློ་ལྡན་པས། །ཐིག་བཞི་རེ་ཆ་བརྒྱད་དུ་འགྱུར། །མཐའ་ནས་ཐིག་གདབ་མན་ངག་ཅན། །དེ་ལ་སོགས་པ་བསམ་པར་བྱ། །རིན་ཆེན་སྐྱིལ་ཀྲུང་འདུག་བྱས་ལ། །རིན་ཆེན་རིགས་ཀྱི་ངོས་སུ་བལྟ། །དབུས་སུ་གསང་སྔགས་བདག་པོ་སྟེ། །ཕྱོགས་ཕྱོགས་སྒོ་བ་དམ་པ་རྣམས། །སྔ་མ་བཞིན་དུ་བསྒོམས་ནས་ཀྱང་། །རང་སྔགས་སྐྱེས་བུས་དེ་བསྐྱེད་དོ། །ཨོཾ་ཨ་ཀྲོ་ཏེ་ཀ་པུཥྚིཾ་ཕ་ལ་ནི་ཧཱུཾ། ཨོཾ་ཨ་ཀྲོ་ཏེ་ཀ་པུཥྚིཾ་ཏི་བ་ཏ་ན་སྟྭཾ། ཞེས་པས་བདག་པོ་ཡབ་ཡུམ་ལ། །འཁོར་བཅས་འབྲུ་རེ་པ་ལས་བསམ། །རང་རང་བསྐྱེད་པ་དམ་པ་སྟེ། །སྔགས་དང་ལྡན་པར་ཏིང་འཛིན་བསམ། །གཞུག་དང་བརྟན་དང་མཆོད་པ་དང་། །ཕྱག་བྱེད་པ་ལ་སོགས་པ་ཡི། །ལས་ཀྱི་བྱ་བ་མ་ལུས་པ། །ཐམས་ཅད་མ་ལུས་ཚང་བར་བྱ། །བསྐྱེད་དང་གྲུབ་པའི་འབྲས་བུ་ནི། །རྒྱས་པར་བསྙེན་ཏེ་ཐག་མི་རིང་། །རང་གྲུབ་འབྲས་བུ་དེ་ལགས་སོ། །ཕྱོགས་དུས་ཀུན་ནས་གཤེགས་པ་ཡིས། །དངོས་གྲུབ་དམ་པ་རབ་སྟེ་ཤེས། །འདྲེན་པ་དཔའ་བོས་ཡང་དག་བཤད། །དེ་ནས་གཞན་ཡང་རབ་བཤད་པ། །དཀྱིལ་འཁོར་སྔ་མ་བཞིན་བྱས་ལ། །ས་ཞག་གསེར་ལས་གྲུབ་པ་ལས། །གཟུགས་ནི་དམ་པ་རབ་ཏུ་བྱ། །ཕྱིར་རྒན་གན་རྐྱལ་གནན་བྱས་ནས། །ཧཱུཾ་པུཥྚིཾ་ཨཱ་ཡུ་ཥེ་སྭཱ་ཧཱ། སྙིང་གར་བྲིས་ནས་བརྗོད་བྱ་བ། །སྙིང་པོ་སྔགས་ཀྱི་དམ་པ་སྟེ། །བླ་མེད་དམ་པས་རབ་ཏུ་བཤད། །ཨོཾ་བཛྲ་པུཥྚིཾ་ཨཱ་ཡུཿཕ་ལ་བ་ཤཾ་ཤྲཱི་པུཥྚིཾ་སྭཱ་ཧཱ། བརྗོད་ན་ཐམས་ཅད་རྒྱས་པར་འགྱུར་རོ། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། ཐམས་ཅད་རྒྱས་པར་བྱ་བའི་སྐབས་ཏེ་ལེའུ་བཅོ་ལྔ་པའོ།། །།དེ་ནས་ཡང་ཕྱོགས་སྐྱོང་གི་གཤིན་རྗེ་རྣམས་ཀྱིས། ཕྲིན་ལས་དབང་གི་སྒྲུབ་ཐབས་འདི། འཇིགས་བྱེད་གཤིན་རྗེའི་གཤེད་པོ་ལ་ཕུལ་ལོ། །རབ་ཏུ་དམར་ཞིང་ཟངས་ལས་གྲུབ། །ཟངས་ལས་འདྲེལ་པའི་ཡུལ་དག་ལ། །རང་དབང་མེད་པར་དབང་བསྡུས་ནས། །འདུ་བའི་སེམས་དང་ལྡན་བྱས་ཏེ། །དབང་གི་དཀྱིལ་འཁོར་བཤད་པར་མཛོད། །ཅེས་པ་གཤིན་རྗེ་གཤེད་ལ་ཕུལ། །གཤིན་རྗེ་གཤེད་པོས་བཀའ་སྩལ་པ། །


DNG016_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་ཅིག་ཟུང་ཞིག་རྡོ་རྗེ་འཛིན། །ཐམས་ཅད་དབང་དུ་བསྡུ་ཕྱིར་དུ། །ཟངས་སམ་དམར་པོའི་ས་དག་ལ། །དཀྱིལ་འཁོར་སྔ་མ་གོང་དང་འདྲ། །ལེགས་པར་ཁོད་སྙོམས་ཟིན་པ་དང་། །ཐིག་ནི་རབ་ཏུ་གདབ་པར་བྱ། །ལྟེ་བ་ཅན་ལ་རྩིབས་བརྒྱད་ལ། །ཀུན་ཏུ་ཟླ་གམ་དབང་གིས་མཛེས། །ལྟེ་དབུས་གཞུ་བདུངས་བྲིས་བྱས་ནས། །དེ་སྟེང་བདག་པོ་དམ་པ་གཞག །ཐམས་ཅད་མ་ལུས་མཆོག་ཏུ་དགུག །ཅི་ལ་བྱ་ཡང་ཐོགས་ཆགས་མེད། །ཅེས་ནི་ཡང་དག་བླ་མེད་དེས། །བཤད་པར་བྱས་ཏེ་རབ་ཏུ་བསྟན། །གཞན་ཡང་རབ་ཏུ་བཤད་བྱ་བ། །སེམས་ཀྱི་དཀྱིལ་འཁོར་དམ་པ་དེ། །བླ་མེད་ཡང་དག་ངེས་པའི་ལམ། །སངས་རྒྱས་བྱང་ཆུབ་ལ་སོགས་རྣམས། །གཞུང་ལས་འབྱུང་བའི་ཚིག་དོན་རྣམས། །མ་ནོར་གསུངས་པའི་བཀའ་བཞིན་དུ། །བསྒྲུབ་ན་འགྲུབ་པར་བཤད་པའོ། །དེ་དག་དགུག་པར་འགྱུར་བས་ན། །ཕལ་པ་གཞན་ལྟ་སྨོས་ཅི་དགོས། །སྡུད་དང་འདྲེན་པ་བྱང་ཆུབ་ལམ། །འདི་དག་གོ་འཕང་ཐོབ་བྱའི་ཕྱིར། །ཉུང་དཀར་རྐང་རྗེས་སའམ་གཞན། །ཁྲག་གསུམ་ཐལ་ཆེན་བསྲེས་བྱས་ལ། །ག་བུའི་ནང་དུ་བླུགས་བྱས་ལ། །ག་བུ་གཉིས་ནི་ཁ་སྦྱར་ལ། །སྐུད་པ་དམར་པོ་ཟངས་ལ་སོགས། །བཅིངས་ནས་བསྡམས་ཏེ་དམ་དཀྲིས་ནས། །དཀྱིལ་འཁོར་གྱི་ནི་ཐོག་ཏུ་བཞག །ཉུང་དཀར་ཟངས་ནི་བསྲེས་བྱས་ཏེ། །དུད་པས་ག་བུ་དེ་ལ་བདུག །དེ་ལ་བདུགས་པར་གྱུར་པ་དང་། །བཟླས་པའི་སྙིང་པོ་བརྗོད་བྱ་ཞིང་། །ལན་གྲངས་ཁྲི་ཚར་དུ་མ་རུ། །བརྗོད་ན་སངས་རྒྱས་ལ་སོགས་རྣམས། །འགུགས་པར་གྱུར་ན་ཕལ་པ་གཞན། །སྨོས་ཅི་དགོས་ཏེ་ངེས་པར་འདུག །ཨོཾ་བཛྲ་ཨ་ཀྲོ་མཉྫུ་ཤྲཱི་བ་ཤཾ་མ་ཧོ་སརྦ་ཏི་ལ་བྷྲཱུཾ། ལན་གྲངས་མང་དུ་བརྗོད་བྱས་ན། །ཇི་ལྟར་བསམ་པ་ཐམས་ཅད་འགུགས། །རྒྱ་ཤུག་བཀྲུས་པའི་ཁུ་བ་དང་། །མི་ཡི་ལག་པའི་ཁུ་བ་གཉིས། །སྔ་མ་བཞིན་དུ་དགུག་བྱས་ན། །འགུགས་པར་གྱུར་ཞེས་དཔའ་བོས་བཤད། །ཡང་ན་རང་གི་ལག་ཀྱང་རུང་། །ཞེས་གསུངས་པས་ཐམས་ཅད་མ་ལུས་པར་དབང་དུ་འདུས་པས་དཔེར་ན་ཕྱོགས་ཕྱོགས་ཐམས་ཅད་ནས། མཚོ་ལ་སྦྲང་མ་འདུ་བ་ལྟར་འདུས་ཏེ་བདག་གི་དབང་དུ་གང་ལ་བྱ་བ་དེ་དབང་དུ་འགྱུར་རོ། །ཞེས་པ་


DNG016_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་རྗེ་གཤེད་པོས་གསུངས་སོ། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། ཐམས་ཅད་དབང་དུ་བྱ་བའི་སྐབས་ཏེ་ལེའུ་བཅུ་དྲུག་པའོ།། །།དེ་ནས་ཡང་ཕྱོགས་སྐྱོང་གི་གཤིན་རྗེ་གཤེད་རྣམས་ཀྱིས་ཕྲིན་ལས་དྲག་པོའི་བསྒྲུབ་པ་འདི་བཞིན་གཤིན་རྗེ་གཤེད་ལ་ཕུལ་ལོ། །རབ་ཏུ་གནག་ཅིང་གནམ་ལྕགས་འདྲ། །མོན་ནག་སོག་པོ་ཁྲོས་པ་འམ། །སྲིན་མོའི་མདུང་རྩེ་གཤིབས་པ་འདྲ། །ཁྲོ་བོ་ཆེན་པོའི་ཚུལ་ཅན་གྱིས། །གདུག་པའི་སེམས་དང་ལྡན་བྱས་ཏེ། །དྲག་པོའི་དཀྱིལ་འཁོར་བཤད་པར་མཛོད། །ཅེས་པ་གཤིན་རྗེ་གཤེད་ལ་ཕུལ། །གཤིན་རྗེ་གཤེད་པོས་བཀའ་སྩལ་པ། །ཉོན་ཅིག་ཟུང་ཞིག་རྡོ་རྗེ་འཛིན། །ཕྱོགས་སྐྱོང་གཤིན་རྗེ་མ་ལུས་ཀུན། །ཁྲོ་བོའི་ཚོགས་སུ་འདུལ་མཛད་དེ། །རང་བཞིན་མཐུ་ཆེན་འདི་བརྗོད་དོ། །འགྱུར་མེད་ཡེ་ཤེས་དཀྱིལ་འཁོར་ནི། །དཀྱིལ་འཁོར་སྔ་མ་བཞིན་བྱས་ཏེ། །བདག་ཉིད་ཁྲོ་བོ་ཆེན་པོ་སྟེ། །ཡུམ་ཡང་དེ་བཞིན་དེ་ཡི་འོད། །ཡབ་ཡུམ་གཉིས་མེད་བྱིན་རླབས་ལས། །ཐམས་ཅད་ཤེས་རབ་འཕྲོ་འདུ་ལས། །ཐིག་སྐུད་རྒྱུས་པ་དག་ལས་བྱས། །དེ་ནི་ལས་ཀྱི་ཐིག་ཅེས་བགྱི། །ཐིག་བཞི་བཏབ་པས་ལེའུ་ཚེ་དགུ། །འཁོར་ལོ་རྩིབས་བཞི་མུ་ཁྱུད་བཅས། །ཀུན་ཏུ་གྲུ་བཞི་གྲུ་ཆད་ཅན། །གྲུ་ཆད་རྒྱན་ལྡན་དུར་ཁྲོད་རྒྱན། །མཛེས་པར་བྲིས་ཏེ་གཞན་དུ་མིན། །བསྟན་པའི་ལྷ་སྟེ་སྔ་མ་བཞིན། །བསྐྱེད་པའི་སྔགས་འདི་བརྗོད་བྱས་པས། །བདག་དང་འདྲ་བར་བསྐྱེད་པར་བྱ། །ཨོཾ་ཨ་ཀྲོ་ཏེ་ཀ་ཧཱུཾ་ཨ་བཛྲ་བེ་ཏཱ་ལཱི་རག་ཤ་མན། བྷྱོ་བྷྱོ་བྷྱོཿ། བྷྱོ་བྷྱོ་བྷྱོཿ། བྷྱོ་བྷྱོ་བྷྱོཿ། བྷྱོ་བྷྱོ་བྷྱོཿ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོཿ། ཛཿཧཱུཾ་བཾ་ཧོཿ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོཿ། ཞེས་བརྗོད་པ་ཙམ་གྱིས་འཇིག་རྟེན་གྱི་ཁམས་འདི་དག་གཡོས་སོ། །རབ་ཏུ་ཀུན་ཏུ་གཡོས་སོ། །རབ་ཏུ་ཀུན་ཏུ་ལྡེག་གོ། །རབ་ཏུ་ཀུན་ཏུ་འུར་ཆེམ་མོ། །དབུས་མཐོ་ན་མཐའ་དམའ། མཐའ་མཐོ་ན་དབུས་དམའ། འཇིག་རྟེན་གྱི་ཁམས་འདི་དག་རབ་ཏུ་གཡོས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེའི་བདག་ཉིད་དེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རབ་ཏུ་གསུང་གི་གསང་སྔགས་གསུངས་པས་བདག་ཅག་སྤྲོ་ལགས་སོ། །འཇིག་རྟེན་དུ་མཐུ་ཆེན་འདི་ལྟ་བུ་ལ་བདག་ཞུ་བ་ལགས་


DNG016_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དེ་ནས་བཅོམ་ལྡན་འདས་རང་བཞིན་ཁྲོ་བར་མཛད་པ་དེ་ལ། བདག་མངོན་དུ་སེམས་ཅན་ཐམས་ཅད་ཀྱི་དོན་རབ་ཏུ་ཡང་ཞུ་བར་འཚལ་ལགས་སོ། །བཅོམ་ལྡན་འདས་ཁྲོ་བོ་ཆེན་པོས་འདུལ་བར་མཛད་པ་དེས་འདི་སྐད་ཅེས་གསུངས་སོ། །ཨོཾ་ཤྲཱི་བ་ར་ཡཀྵ་གྷུ་ཧྱ་སརྦ་ཏ་ཀི་བཛྲ་ཀཱ་ལ་རཱུ་པ་མཱ་ར་ཡ་ཕཊ་ཞེས་གསུངས་པས་འཇིག་རྟེན་ན་དབང་ཆེ་བ་དང་། མཐུ་ཆེ་བ་ལ་སོགས་པ་བཏུལ་ནས་འདི་སྐད་ཅེས་གསུངས་སོ། །ཕྱོགས་བཅུའི་འཇིག་རྟེན་གང་ནས་ཀྱང་། །གསུང་དུ་མེད་པའི་ཆོས་ཉིད་ལ། །རང་སེམས་འཕྲོ་འདུར་གྱུར་པ་ལས། །ཕྱོགས་བཅུར་གསུང་བ་དེ་དག་ཡིན། །ཞེས་གསུངས་སོ། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། དྲག་པོའི་སྒྲུབ་ཐབས་ཏེ་ཐམས་ཅད་བཏུལ་ནས་ཆོ་འཕྲུལ་བསྟན་པའི་སྐབས་ཏེ་ལེའུ་བཅུ་བདུན་པའོ།། །།དེ་ནས་ནན་ཏན་བསྐྱེད་བྱས་ཏེ། །འཇིག་རྟེན་གཤེད་པོས་དྲག་པོའི་ཚམ་རྔམས་བཤད་པར་བྱ། །འཇིག་རྟེན་བཅུད་ཀྱི་གདུག་པ་ཀུན། །ཚམ་རྔམས་གློག་ལྟར་འགྱུ་བ་ལས། །ངོ་མཚར་ཡ་མཚན་བསྒྲག་པར་བྱ། །ཨེ་མའོ་ཡབ་ཡུམ་གཉིས་མེད་རོལ་པའི་མཁའ་དཀྱིལ་ནས། །ཕྱོགས་བཅུར་འཕྲོ་བ་བྱང་ཆུབ་སེམས། །རིགས་ཀྱི་ཡབ་དང་དེ་བཞིན་བཙུན་མོ་ནི། །རྟག་པར་བསྒོམ་སྟེ་དེ་བཞིན་ཤེས་པར་བྱ། །རྫས་དང་ཕྱག་རྒྱ་སྔགས་དང་བཅས་རྣམས་ནི། །གཟུགས་དང་འདོད་པའི་འབྲས་བུ་གང་འདོད་འགྲུབ་པར་རོལ། །མི་དགེ་བཅུ་དང་ལྡན་པ་ཡིས། །རྣམ་པར་འདྲེན་པ་དེས་བྱས་ཏེ། །སྔགས་དང་ཕྱག་རྒྱ་རྫས་རྣམས་དང་། །ག་བུ་པདྨ་དམ་པ་དང་། །ཁམ་ས་པ་ཡི་འཇིམ་པ་ནི། །ཁྲག་སྣ་གསུམ་དང་གི་ཝང་ངོ་། །དེ་དག་ཕྲིན་ལས་མཆོག་ཡིན་ཏེ། །འགྲུབ་པར་འགྱུར་བར་གདོན་མི་ཟ། །བླ་མེད་དཔའ་བོས་ཡང་དག་གསུངས། །ཕྱོགས་བཅུའི་གདུག་པ་མ་ལུས་ཀུན། །འདུལ་བར་འགྱུར་ཏེ་ཐེ་ཚོམ་མེད། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། དྲག་པོའི་སྐབས་ཏེ་ལེའུ་བཅོ་བརྒྱད་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས་འདི་སྐད་ཅེས་གསུངས་སོ། །འགལ་བ་ཆམ་ལ་འབེབས་འདོད་ན། །དུར་ཁྲོད་ལུང་དང་མཐུན་པའི་གནས། །


DNG016_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

དགོན་པ་ལྟ་བུར་སོང་ནས་ནི། །ཐོག་མར་བསོད་ནམས་ཚོགས་ཀྱང་བསག །ཕྱི་བཤགས་འབུམ་ལ་སོགས་པ་གདོན། །ཚྭ་ཚྭ་ཉེ་འདོན་ལ་སོགས་བྱ། །ཡེ་ཤེས་སེམས་དཔའ་བསྒོམ་པར་བྱ། །བཱ་གཱི་ཤྭ་རི་འབྲུ་དྲུག་འདོན། །འཇམ་དཔལ་མཚན་ནི་ཡང་དག་པ། །རྟག་ཏུ་གདོན་པར་དམ་ཡང་བཅའ། །གྲུབ་པའི་ཉི་མ་གང་ཡིན་ལ། །བསོད་ནམས་ཚོགས་ནི་ཅི་ནུས་བསག །དེ་ནས་དྲག་པོ་བྱེད་འདོད་ན། །ཐ་ཆུང་བཞི་ཡི་མར་ངོ་ལ། །མཎྜལ་གཙང་མ་དྲིས་བྱུགས་ལ། །དཀའ་ཐུབ་དྲག་པོའི་སྡོམ་པ་བྱས། །ཀུ་ཤའི་སྟན་ལ་འདུག་ནས་ནི། །མགོ་བོ་རྨ་བྱ་བཞིན་དུ་དགུག །རུ་རཀྴ་ཡི་ཕྲེང་བ་བགྲང་། །མགོན་པོ་ཉིད་ལ་གུས་བྱས་ཏེ། །སྔོན་དུ་འགྲོ་བའི་བསྙེན་པ་ནི། །ཡི་གེ་བཅུ་བདུན་ནུས་ཐང་གིས། །དྲུག་འབུམ་དག་ཏུ་བཟླས་པ་བྱ། །དེ་ནི་བསྙེན་པ་དང་པོ་ཡིན། །ཕྱིས་ནི་རི་རབ་རྩེ་མོ་ལ། །གསུམ་འབུམ་དག་ཏུ་བཟླས་པ་བྱ། །དེ་ནི་བསྙེན་པ་གཉིས་པ་ཡིན། །དེ་ནས་དཀྱིལ་འཁོར་གཙང་མའི་སྟེང་། །ཁྲིའུ་འམ་དཀྱིལ་འཁོར་གཙང་མའི་སྟེང་། །འཇམ་དཔལ་སྐུ་གཟུགས་རི་མོ་འམ། །བཞུགས་པའི་སྤྱན་སྔར་ཉིས་འབུམ་བཟླས། །དེ་ནི་བསྙེན་པ་གསུམ་པ་སྟེ། །བྱེ་བ་གཅིག་འབུམ་ཐོན་པ་དང་། །མེ་ཏོག་ལ་སོགས་མཆོད་པ་བྱ། །ཕྱི་དང་ནང་གི་མཆོད་པས་མཆོད། །བསྟོད་པ་ལ་སོགས་ཅི་རིགས་བྱ། །བསྙེན་པ་རྫོགས་ནས་རྟགས་རྣམས་འབྱུང་། །འཇམ་དཔལ་སྐུ་ཡི་ཞལ་འཛུམ་མམ། །རྟགས་ནི་བཟང་པོ་འབྱུང་བ་ནི། །དངོས་གྲུབ་ལ་སོགས་བླང་བར་བྱ། །དེ་ནས་དྲག་པོའི་སྦྱོར་ལ་འཇུག །དུར་ཁྲོད་མ་ལ་ཡར་སོང་ལ། །མི་སྐྲ་རོ་ཚིལ་རབ་བླངས་ཏེ། །ཁྲག་ཆེན་དག་ཏུ་སྦང་བར་བྱ། །ཁྲག་སྣ་ཚོགས་ཀྱི་ཁུ་བས་བཀྲུ། །བཙིར་ལ་ཐལ་ཆེན་ས་དཀར་གྱིས། །མདོག་བསྒྱུར་ཕུར་བཞིས་བརྒྱང་ལ་བསྐམ། །ཟླ་བ་ནག་པོའི་ཚེས་དྲུག་ནས། །བརྩམས་ཏེ་ཕྱི་གཏོར་ལ་སོགས་གཏང་། །མཐོ་གཟུག་དཔང་གཟུག་གསེར་སྐྱེམས་གཏང་། །སྲིད་པའི་ལྷ་འདྲེ་སྡེ་བརྒྱད་ལ། །བདེན་བདར་རྒྱབ་བརྟེན་མ་བྱེད་བསྒོ། །ཁྲམ་དམར་བཏབ་ལ་ཁྲག་ནག་ལ། །


DNG016_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་རྗེའི་དྲག་སྔགས་དག་དང་བསྒྲག །ཤྭ་རྡེའུ་དཀར་ནག་བརྡེག་པར་བྱའོ། །བསྙེན་པའི་སྙིང་པོ་ཧྲཱྀཿཤྟྲཱིཿབཟླས། །ཟླ་བ་ནག་པོའི་ཚེས་དྲུག་ནི། །ཉི་ཤུ་གཅིག་ལ་དབུ་བཙུག་ནས། །ཉི་ཤུ་དྲུག་ནི་ཚུན་ཆོད་དུ། །ནུས་ཐང་དུ་ནི་བཟླས་པ་བྱ། །ཨོཾ་ཧྲཱྀཿ ཿབི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ། ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ། ཉིན་ཕྱེད་ཚུན་ཆོད་བཟླས་པ་བྱ། །མཆོད་དང་བསྟོད་པ་ལ་སོགས་བྱ། །བརྒྱངས་པའི་རས་ཆེན་བླང་ནས་སུ། །གཞན་མེད་སོལ་བ་ཐལ་བ་གཉིས། །ཀ་ན་ཀ་ཡི་ཁུ་བ་དང་། །སྤྲ་རྩི་སོགས་དང་དུག་སྣ་ཚོགས། །ཏིལ་དང་ཉུང་དཀར་མར་ཁུ་དང་། །རང་གི་སྲིན་ལག་ཁྲག་སྣ་ནི། །རྙེད་ན་ཕྱི་ས་ར་ཁྲག་དང་། །སྐེ་ཚེ་ས་དཀར་ཙནྡན་དང་། །རྒྱ་སྐྱེགས་ལྡོང་རོས་ཡུང་བས་བྲིས། །མཱ་ར་གཤིན་རྗེའི་ལྟོ་བར་བཅུག །དབང་ནི་ཆུང་མའི་སྙིང་གར་བྱ། །ཞི་བ་ཙནྡྲའི་དབུས་སུ་བྱ། །རྒྱས་པར་འདོད་ན་གླང་པོས་སོ། །དབྱེ་འདོད་རྟ་དང་མ་ཧེའི་འཕོངས། །བསྐྲད་འདོད་རྔ་མོའི་འཕོངས་སུ་བསྐྱོན། །ལྐུགས་པ་ལུག་གི་ཁོག་པར་བྱ། །གནན་པ་རི་རབ་འོག་ཏུ་བྱ། །སོ་སོའི་རྫས་དང་ལས་རྣམས་ནི། །རིག་པ་ཅན་གྱིས་ཤེས་པར་བྱ། །གཤིན་རྗེ་ཟླ་གསང་ནག་པོ་འདི། །ཟླ་བ་གསང་བར་སྔགས་པ་ཡིན། །ཕྲིན་ལས་བྱ་བའི་རིམ་པ་ནི། །གསང་བའི་ལས་སུ་ཤེས་པར་བྱ། །འཁོར་ལོ་བཅའ་བའི་རིམ་པ་ནི། །བརྒྱངས་པའི་རས་ལ་དུག་བྱུགས་ལ། །ཡ་ད་ལྡུམ་བུ་ཐང་ཕྲོམ་དང་། །ཁ་ཤོག་དུག་སྣ་ཚོགས་རྣམས་ལ། །རང་གི་སྲིན་ལག་ཁྲག་དང་སྦྱར། །སྣག་ཚ་བྱས་ལ་བྲི་བར་བྱ། །རྨྱུ་གུ་བྱ་རོག་འུག་པའི་སྒྲོ། །མི་གྲིར་ཤི་བའི་སྐྲ་ལ་ཡང་། །པིར་ལ་སོགས་པ་བྱ་བར་གསུངས། །སྒྲོ་རྩ་སྐུད་པ་སྔོ་དམར་བཅིང་། །འཁོར་ལོ་བྲི་བའི་རིམ་པ་ཡང་། །གསང་བའི་ལས་སུ་ཤེས་པར་བྱ། །འཁོར་ལོ་བྲིས་ནས་སྨོན་ལམ་གདབ། །རང་གི་ཨ་མྲྀ་ཏ་ལ་སོགས། །མཆོད་ཅིང་བསྟོད་པ་ལ་སོགས་བྱ། །བདག་ཉིད་ཡ་མཱནྟ་ཀར་བསྒོམ། །སྐུ་མདོག་སྟང་ཟིལ་ནག་པོ་འམ། །ཆུ་རླབས་ནག་པོའི་སྤྲིན་དང་འདྲ། །ཁམ་ནག་རལ་པ་གྱེན་དུ་བརྫེས། །སྨ་ར་ཁམ་ལ་སྨིན་མ་སེར། །གློག་འགྱུ་སྨིན་མ་ཞལ་བགྲད་པ། །ལྗགས་འདྲིལ་ཚེམས་གཙིགས་གསུས་ཁྱིམ་ཆེ། །ལུས་དང་ཡན་ལག་


DNG016_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

ནཱ་གས་དཀྲིས། །རོ་ཉེ་ཁ་ནས་འཛེག་ཀྱང་འཛབ་ཀྱང་ཟློས། །གདུག་པའི་མཚོན་ཆ་སྣ་ཚོགས་འཛིན། །དེ་ལྟ་བུ་རུ་བདག་ཉིད་བསྒོམ། །མཁས་པས་རང་གི་རིག་པས་དཔྱད། །ཐོད་པ་འོག་མ་ཁྲི་སྟེང་ངམ། །ཟ་མ་ཏོག་གི་ཁྲི་སྟེང་གཞག །སྟེང་མའི་ཐོད་པ་རྨྱུག་མ་ལ། །སྔོན་དམར་བརྒྱངས་ལ་ཡས་མན་དགབ། །ཉི་ཤུ་བདུན་གྱི་སྔ་དྲོ་ལ། །ཉི་མ་རི་རབ་རྩེར་ཤར་ནས། །སྟག་ལྤགས་བགོ་ཞིང་བགྲོད་དཀར་འགྲོ། །རུ་རཀྴ་ཡི་ཕྲེང་བ་བགྲང་། །དབྱུག་ཏོ་ཐོགས་ལ་སྡིགས་མཛུབ་བསྒྲེང་། །ཕྱག་ཀྱང་མི་འཚལ་ལམ་མི་བཟུར། །ཕྲད་ན་གང་ཡིན་བརླག་པར་བྱེད། །སྨྲ་བཅད་བྱས་ཏེ་ཁྲི་ཁྲི་བཟླས། །རྣལ་འབྱོར་ནང་ལ་གཏམ་ཟེར་ན། །ལག་གི་བརྡ་ཡིས་གདབ་པར་བྱ། །སྐོམ་དང་ཟས་ནི་འདོད་པའི་ཕྱིར། །ལག་གི་བརྡ་ཡིས་བླང་བར་བྱ། །སྨྲས་ན་རྣལ་འབྱོར་རང་དོན་ཟད། །དེ་ཡི་ཕྱིར་ན་ལག་བརྡའ་བྱ། །དེ་ཡི་ཚེ་ན་འདི་ཡང་གདོན། །ཡ་མ་རཱ་ཛ་ས་དོ་མེ་ཡ་ཆེ་གེ་མོའི་པྲ་མ་ཡ་ཧཱུཾ་ཕཊ། དེ་ནས་དམར་ཐག་ཆད་བར་དུ། །ཁྲི་ཁྲི་བཟླས་པ་བྱ་བ་ཡིན། །དམར་ཐག་ཆད་ནས་སྔགས་གཞུག་གཅད། །ཕུར་བུ་གདབ་དང་ཉུང་དཀར་བརྡེག །ཕོ་ཉ་བཅོལ་བསྐུལ་དྲག་ཏུ་བྱ། །མ་ཉེས་དཔང་བཙུག་ཆོ་ངེས་གདབ། །ཉིན་གཉིས་པ་ལ་འདི་ཡང་གདོན། །ཡ་མེ་དོ་རུ་ཎ་ཡོ་ད་ཡ་ཆེ་གེ་མོ་རཀྟ་ཙ་ར་ཧཱུཾ་ཕཊ། དམར་ཐག་ཆད་ནས་སྔགས་གཞུག་གཅད། །ལས་ཀྱི་རིམ་པ་གོང་དང་འདྲ། །ཉིན་གསུམ་པོ་ལ་འདི་ཡང་གདོན། །ཡ་ད་ཡོ་ནི་ར་ཡ་ཀྵེ་ཡ་ཆེ་གེ་མོ་མུར་ཙ་ཡ་ཧཱུཾ་ཕཊ། དམར་ཐག་ཆད་ནས་སྔགས་གཞུག་གཅད། །ལས་ཀྱི་རིམ་པ་གོང་དང་འདྲ། །ཉིན་བཞི་པ་ལ་འདི་ཡང་གདོན། །ཡ་ཀྵེ་ཡ་ཙྪ་ནི་རཱ་མ་ཡ་ཆེ་གེ་མོ་ཞིག་མཱ་ར་ཡ་ཧཱུཾ་ཕཊ། དུས་ནི་འབྲུག་དང་འཚུབས་མས་གདབ། །གདབ་ཡིག་ཉི་ཤུ་རྩ་ལྔ་ནི། །མནན་པའི་འཁོར་ལོར་གཞུག་པར་བྱ། །མནན་པའི་གཟུགས་ནི་རི་རབ་བྲི། །ཐོད་པ་རབས་ཆད་ནག་པོ་འམ། །ངག་དིག་གླེན་པ་བཀྲ་མི་ཤིས། །ནང་དུ་བཅུག་ལ་རེ་བར་གྲིལ། །ལྷ་ཁང་ཐེམ་པའི་འོག་དག་གམ། །རོ་ཁང་དུར་ཁྲོད་དག་ཏུ་གནན། །གཏད་པ་གཤིན་རྗེ་ཉིད་ལ་སྟེ། །དོང་ནི་རལ་པ་ཚར་


DNG016_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

དགུའོ། །རྒྱ་མཚོ་ཆེན་པོའི་འོག་ཏུ་གནན། །གནན་པའི་ལྷ་ནི་རལ་པ་ཚར་དགུ་སྟེ། །ཆུ་ནག་འདྲ་བའི་གཟུགས་ཆེན་ལ། །མ་ཧེ་ནག་པོ་དག་ལ་བསྐྱོན། །གཤིན་རྗེའི་དབྱུག་པ་ནག་པོ་ཐོགས། །དེ་ལྟ་བུ་ཡི་དངོས་པོ་ལ། །བདག་གིས་རལ་གྲིའི་ཕྱག་རྒྱ་བཅས། །ས་གཞི་ཆེན་པོ་གཤགས་ནས་ནི། །གཤིན་རྗེ་ཡི་ནི་ལག་ཏུ་གཏད། །རི་རབ་ཆེན་པོ་ཉིད་ཀྱིས་མནན། །དོན་ཡོད་གྲུབ་པའི་ཕོ་བྲང་གདབ། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། དྲག་པོ་བཅའ་གཞིའི་སྐབས་ཏེ་ལེའུ་བཅུ་དགུ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས་འདི་སྐད་ཅེས་བཀའ་སྩལ་ཏོ། །དྲག་པོའི་ལས་དག་བྱེད་འདོད་པས། །ཡིད་འོང་མཐུན་པའི་གནས་ལམ་དུ། །རྣལ་འབྱོར་མོས་དང་དད་པ་ཡིས། །བླ་མ་མཉེས་བྱས་དབང་དག་མནོས། །ལུང་དང་མན་ངག་ཐོབ་ནས་ཀྱང་། །བརྩོན་འགྲུས་ཆེན་པོས་མྱུར་དུ་བསྒྲུབ། །གནས་དང་གཟུངས་མ་དག་དང་ནི། །ལྟ་སྤྱོད་ལྡན་པ་དག་གིས་ཀྱང་། །འཁོར་ལོའི་རྒྱུ་དང་སྣག་ཚའི་རྒྱུ། །རྨྱུ་གུའི་རྒྱུ་དང་དུས་ཕྱོགས་དང་། །མཁས་པས་ཟླ་གསང་རྒྱུད་ནས་བཤད། །དྲག་པོ་ས་ཡི་མཎྜལ་ཡང་། །བསྐྲད་དང་བཟུང་དང་བསླང་བ་སོགས། །མཁས་པས་ཟླ་གསང་རྒྱུད་ལས་སོ། །དྲག་པོའི་དཀྱིལ་འཁོར་བྲི་བ་ཡང་། །ཐིག་གཡོག་མཚན་ལྡན་གཟུངས་མ་ལ། །བ་སུ་ཏ་ཡི་ཐིག་དང་ཐལ་ཆེན་ཚོན་རྒྱུ་དང་། །རྒྱུད་དང་མན་ངག་ཤེས་པས་བྱ། །ཤར་ནུབ་ལྷོ་དང་ཕྱོགས་དང་མཚམས། །ཕྱོགས་ཆ་རིག་པས་བལྟ་བར་བྱ། །སྟེགས་བུ་འདོམ་གང་གྲུ་བཞི་ལ། །ཆག་ཆག་གསུམ་དང་སྐྱང་ནུལ་ཡང་། །ཟླ་གསང་རྒྱུད་ལས་ཤེས་པར་བྱ། །བྱིན་རློབ་གནམ་ས་ཐིག་བཏབ་པ། །ཟླ་གསང་ལས་ལས་ཤེས་པར་བྱ། །ཐིག་ནི་བརྒྱད་ཀྱི་ཆ་རུ་བྱ། །ཐིག་སྐོར་བཞི་དང་ལྡན་པ་ལ། །ཐིག་སྐོར་གསུམ་ལ་ཐིག་གསུམ་གདབ། །ལེའུ་ཚེ་དག་ནི་དགུ་རུ་འགྱུར། །ཕྱི་རོལ་ཐིག་སྐོར་རྡོ་རྗེའི་རྭ། །ཐིག་སྐོར་གཉིས་པ་དག་ལ་ནི། །བཅུ་གཉིས་རྩིབས་དང་ལྡན་པར་བྱ། །ཡ་མ་མེ་ད་ཀྵེ་ཞེས་བྱ། །ཕྱོགས་བཞི་དབུས་ཀྱི་ལེའུ་ཚེ། །དྲག་པོ་སྔགས་ཀྱི་ཡི་གེ་


DNG016_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

དགོད། །བཅུ་གཉིས་རྩིབས་དང་ལྡན་པ་ལ། །རཱ་ཛ་ས་དོ་བཞི་དག་དགོད། །རུ་ཎ་ཡོ་ནི་དག་དང་ཡང་། །ར་ཡ་ཙ་ནི་ཞེས་པ་ནི། །འཁོར་ལོའི་རྩིབས་ལ་དགོད་པར་བྱ། །ཐིག་སྐོར་གསུམ་པ་དག་ལ་ནི། །བཅུ་དྲུག་རྩིབས་དང་ལྡན་པ་ལ། །ཧྲཱྀཿཤྟྲཱིཿའི་སྔགས་ཀྱི་ཡི་གེ་དག །བསྒྲུབ་བྱའི་མིང་དང་སྤེལ་ལ་དགོད། །རྡོ་རྗེ་རྭ་བའི་ཕྱི་རོལ་དུ། །སྒོ་དང་སྒོ་ཁྱུད་ལྡན་པ་བྱ། །དབུས་ནི་དྲག་པོ་གྲུ་གསུམ་གནག །ལིང་ཙེ་བཞི་ནི་ཕྱོགས་དང་སྦྱར། །ས་སྟོང་མཛེས་པའི་ཚོན་དུ་གཏང་། །བཅུ་གཉིས་དྲག་པོ་བཅུ་དྲུག་རྒྱས། །རྡོ་རྗེ་ལྕགས་ལ་གྲུ་ཆད་ལྗང་། །མཐའ་མ་ལྕགས་རི་སྒོ་ནི་ཕྱོགས་དང་སྦྱར། །གཤིན་རྗེ་ལྷ་ནི་ལྷོ་ཤར་བྱང་། །བུ་དོན་ལྷོ་ཡི་ཕྱོགས་སུ་དགྲམ། །ཤ་ཁྲག་རྫས་དང་མེ་ཏོག་སྔོ། །ལྷོ་ཡི་ཕྱོགས་ནས་དབུལ་བར་བྱ། །དྲག་པོ་རྫས་ཀྱི་ག་བུ་དེ། །མངའ་གསོལ་དབང་བསྐུར་བྱས་ནས་ཀྱང་། །དཀྱིལ་འཁོར་སྟེང་དུ་བཞུགས་སུ་གསོལ། །འཁོར་ལོ་བཅུ་གཉིས་རྩེ་ལ་ཡང་། །ཕུར་པ་བཅུ་གཉིས་རིམ་གྱིས་སོ། །འཁོར་ལོ་བཅུ་དྲུག་རྩེ་མོ་ལ། །ཀེ་སིང་བཅུ་དྲུག་ཕུར་པ་དགོད། །སྒོ་བཞི་སྲེ་མོའི་ཕུར་པ་བཞི། །ཉི་ཤུ་རྩ་བརྒྱད་རྩང་ལ་ཡང་། །དབང་ཕྱུག་མངའ་གསོལ་བར་ཁྱམས་ལའོ། །བསྒྲུབ་བྱའི་དམ་རྫས་གཏོར་མ་ཡང་། །བསྒྲུབ་བྱའི་ལྷ་སྟེ་དཔལ་ལ་གཅིག །བསྙེན་པའི་ལྷ་སྟེ་ཡ་མཱནྟ་ཀར་གཅིག །ལས་སུ་གཉེར་བའི་ལྷ་སྟེ་ཉི་མ་བཞི་པ་ལ་གཅིག །ཕྲིན་ལས་གཉེར་བའི་ལྷ་སྟེ་གྲི་ཐོགས་གིང་དང་ཁྲམ་ཐོགས་བདུད་ལ་གཅིག །མ་མོའི་ཚོགས་ལ་གཅིག་ཀྱང་དབུལ། །ཞི་ཁྲོའི་ལྷ་ལ་ལས་གཞུང་བསྲང་། །དེ་ནས་འཆི་བདག་ལས་གཞུང་བསྲང་། །ཞེས་པ་གཤིན་རྗེ་གཤེད་པོས་བཤད། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། དཀྱིལ་འཁོར་གྱི་བཅའ་གཞིའི་ལེའུ་སྟེ་ཉི་ཤུ་པའོ།། །།དེ་ནས་མཐུ་སྟོབས་ཀྱི་བདག་པོ་དཔལ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་ཞུས་སོ། །ཧེ་ཧེ་དཔའ་བོ་འཇམ་པའི་མགོན། །ཕྱོགས་སྐྱོང་འདུལ་བའི་གཤེད་པོ་སྟེ། །དཔའ་བོའི་འཁོར་དུ་འདུས་པ་རྣམས། །ཚུལ་བཞིན་བསྒྲུབ་པའི་དོན་བཤད་ཀྱང་། །


DNG016_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲིན་ལས་གཞུང་སྲང་ཇི་ལྟར་བསྲང་། །ཏིང་འཛིན་རྣམ་གསུམ་ཇི་ལྟར་བསྐྱེད། །སྤྱན་དྲང་བཞུགས་མཆོད་ཇི་ལྟར་བགྱི། །འཇམ་དཔལ་མགོན་ལས་བདག་མཉན་འཚལ། །དཔའ་བོ་ཆེན་པོས་བཀའ་སྩོལ་ཅིག །དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས་ཕྲིན་ལས་ཀྱི་ལེའུ་འདི་ཆེད་དུ་བརྗོད་དོ། །དམར་ནག་བྲག་གམ་སོག་པོ་ཁྲོས་པ་འདྲ། །མི་རོ་མང་པོ་ཡོད་ཅིང་རྐང་གཅིག་ཤིང་གི་རྩར། །གཅན་གཟན་མང་པོ་འགྲུལ་ཞིང་འདབ་ཆགས་མང་པོ་འདུ། །ལྷ་འདྲེ་མང་པོ་ཚོགས་པར་དྲག་པོའི་གནས་བཙལ་ཏེ། །མཆོད་པ་བཤམས་ལ་དཀོན་མཆོག་གསུམ་པོ་སྤྱན་དྲངས་ལ། །མཉེས་པར་བྱ་ཕྱིར་མཆོད་པ་རྣམ་ལྔ་འབུལ། །ས་བདག་ས་སྲིན་མང་པོ་སྤྱན་དྲངས་ལ། །གཏོར་མ་ཆང་ཕུད་མཆོད་རྫས་བྱིན་བརླབས་ཏེ། །བསྔོས་ལ་ས་སློང་ཚིག་ཀྱང་བརྗོད། །ང་རྒྱལ་རྡོ་རྗེ་ཁྲོ་བོ་ཡིས། །རྡོ་རྗེའི་འགྲོས་ཀྱིས་ས་བསྐོར་ཏེ། །ས་བསླང་ས་གཞི་སྦྱང་བ་ནི། །བདག་ཉིད་ཁྲོ་བོར་གྱུར་པའི་ཐུགས་ཀ་ནས། །རཾ་ལས་ཡེ་ཤེས་མེ་ཡིས་དངོས་མཚན་ཀུན་བསྲེགས་ཏེ། །ཡཾ་ལས་རླུང་གིས་གཏོར་ནས་ཁཾ་ལས་ཆུ་ཡིས་བཀྲུས། །དོན་དམ་སྟོང་པའི་ངང་དུ་བསྒོམ། །དེ་ནས་ཀུན་རྫོབ་མཚམས་བཅད་དེ། །དཀྱིལ་འཁོར་རྒྱ་བཅད་དབུས་སུ་བསྐོར་བར་བྱ། །རིན་ཆེན་སྣ་ལྔ་ལྡན་པའི་ཆང་ཕུད་སྦ། །ཕུད་ཤུལ་ས་བླངས་མི་རྟའི་ཁྲག་གིས་ལྗིབ། །ས་སྦྱངས་གྲུབ་ནས་དུར་ཁྲོད་ཆག་ཆག་གདབ། །རྡོ་རྗེ་དྲི་ཆུ་རཀྟ་དང་། །དུག་ལ་སོགས་པའི་ཆག་ཆག་རབ་ཏུ་གདབ། །དེ་ནས་ཐིག་གདབ་ཐིག་གི་རྒྱུ་བསྟན་པ། །ཞིང་གི་རྒྱུ་མ་ཡུགས་མོའི་སྐྲ། །གྲི་བོ་ལོག་ནོན་རོ་ཤ་ཁ་རལ་སྐྲས། །ཐིག་སྐུད་བྱས་ལ་བྱིན་བརླབ་ཐིག་ཀྱང་གདབ། །ཤར་དང་ནུབ་དང་དེ་བཞིན་བྱང་། །དེ་བཞིན་བྱང་ཤར་མཚམས་སུ་བྱའོ། །ཤར་ལྷོ་ནུབ་བྱང་ལྷོ་ནུབ་དང་། །དེ་བཞིན་བྱང་ཤར་མཚམས་སུའོ། །དབུས་ཀྱི་ཤར་ནུབ་དབུས་ཀྱི་ལྷོ་དང་བྱང་། །སྣམ་བུ་བརྒྱད་ལ་གཉིས་གཉིས་བཅུ་དྲུག་དག་ཏུ་བཤད། །མཐའ་ཐིག་ལ་སོགས་བྲི་བའི་ལས་སུ་ཤེས། །དང་པོ་དུར་ཁྲོད་རས་བརྒྱངས་ཏེ། །འཁོར་ལོ་བྲི་བ་མན་ངག་ལས་སུ་ཤེས། །མཱ་ར་ཡ་ཡི་གཟུགས་བཅས་


DNG016_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །དྲི་ཆེན་དྲི་ཆུ་རྐང་རྗེས་ས། །ངར་སྣབས་གོས་ཀྱི་དུམ་བུ་ལ། །ནང་དུ་ཚེར་མ་རུས་པས་དགང་། །མིང་རུས་མགོ་དང་སྙིང་གར་གཞུག །ལུས་ལ་དུག་ཆུ་ཚ་བ་གསུམ་གྱིས་བྱུག །སྐུད་པ་སྔོན་དམར་བྱད་སྔགས་བཟླས། །སྐུད་པ་ནག་པོ་དག་གིས་སྐེ་ནས་གདབས། །དེ་ནས་ཐོད་པ་མཚན་ངན་ཞིག་བཙལ་ཏེ། །ལུས་ཀྱི་ངོས་ལ་ཡབ་བྲི་སྤྱི་བོའི་ངོས་ལ་ཡུམ། །དེ་བཞིན་གཟུགས་དེ་འཁོར་ལོའི་བར་དུ་གཞུག །འཁོར་ལོ་ཐོད་པའི་ནང་དུ་གཞུག །མི་ལྤགས་ཕྲེང་བས་རྒྱ་གྲམ་བཅིང་། །དེ་ནས་ཕུར་པ་བཅུ་གཅིག་ལ། །གུ་གུལ་དུད་པས་རབ་ཏུ་བདུག །ཡུངས་ཀར་རྒྱལ་པོ་དག་ཀྱང་བརྡེག །གྲུ་གསུམ་དབྱིངས་ནས་ཁྲོ་བོ་ཆེན་པོར་བསྐྱེད། །སྤྱན་དྲང་བཞུགས་སུ་གསོལ་ཏེ་རང་རང་གདན་ལ་དགོད། །ཤར་དུ་ཀོང་ཙེ་བྲག་གྱོན་དྲི་ཟ་འདུལ། །ལྷོ་ཕྱོགས་འཆི་བདག་ཡ་བ་ཏི། །ནུབ་ཏུ་ཀླུ་བདག་རྨིག་པ་འདུལ། །བྱང་དུ་ལྷ་མཆོག་གནོད་སྦྱིན་འདུལ། །ཤར་ལྷོར་གླང་མགོ་མེ་ལྷ་འདུལ། །ལྷོ་ནུབ་མིག་དམར་སྲིན་པོ་འདུལ། །ནུབ་བྱང་ཏེལ་པ་རླུང་ལྷ་འདུལ། །བྱང་ཤར་ལས་གྲུབ་དབང་ལྡན་འདུལ། །སྟེང་དུ་ནག་འཇོམས་ཚངས་པ་འདུལ། །འོག་ཏུ་དམར་པོ་ས་བདག་འདུལ། །དེ་དག་གཤིན་རྗེའི་ཡུམ་རྣམས་ཀྱང་། །ཕུར་པ་རང་རང་གྲིབ་ལ་གནས། །ཀུ་མ་ད་རི་བདུད་འདུལ་ཤར། །ཀྵུ་མ་ད་རི་བཙན་འདུལ་ལྷོ། །ཀང་ཀ་ད་རི་གཟའ་འདུལ་ནུབ། །ཙ་མུན་ད་རི་ཀླུ་འདུལ་བྱང་། །ཕུར་པ་བཞི་ཡང་སྒོ་བཞི་ལའོ། །གཤིན་རྗེའི་བྲིས་སྐུ་ལྷོ་རུ་དགྲམ། །ཐོད་པ་འཁོར་ལོ་བཅས་པ་སྟེ། །གྲུ་གསུམ་ཕུབ་སྟེ་སྟེང་དུ་གཞག །གཡང་གཞི་འཕན་ལ་སོགས་པས་བརྒྱན། །ཤ་ཆེན་ཚིལ་ཆེན་ཀེང་རུས་དང་། །ཁྲག་ཆེན་ལ་སོགས་ཅི་མང་སྦྱར། །སྐེ་ཐག་གཤིན་རྗེའི་ཕུར་ལ་གདགས། །གཏོར་མ་ལ་སོགས་གོང་བཞིན་གཞག །ཉུང་དཀར་སྐེ་ཚེ་དུག་ཁྲག་རྣམས། །གཡས་གཡོན་དག་ཏུ་གཞག་པར་བྱ། །མཆོད་པ་ལྔ་དང་གཏོར་མ་གསུམ། །ཆང་ཕུད་ལ་སོགས་བཤམས་ནས་ཀྱང་། །དཀོན་མཆོག་གསུམ་པོ་སྤྱན་དྲངས་ལ། །མཆོད་དང་སྡིག་པ་བཤགས་


DNG016_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

པ་བྱ། །དེ་ནས་ཆོས་ཀྱི་སྲུང་མ་རྣམས། །ལྷ་མགོན་ཀླུ་མགོན་ལ་སོགས་དང་། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་། །འགྲོ་བ་དྲུག་རྣམས་ལ་སོགས་པར། །གཏོར་མ་བསྔོས་ལ་བདེན་པ་བདར། །འདི་ཡི་གྲོགས་མ་བྱེད་པར་བསྒོ། །དཀྱིལ་འཁོར་བསྐོར་ཞིང་དཔང་ཡང་གཟུག །མཐའ་མ་རྡོ་རྗེའི་འགྲོས་ཀྱིས་བསྐོར། །བགེགས་རྣམས་བསྐྲད་ལ་མཚམས་རྣམས་གཅད། །དེ་ནས་ལྷོ་རུ་ཁ་ཡང་བལྟ། །དེ་བཞིན་ཉིད་དང་ཀུན་ཏུ་སྣང་། །རྒྱུ་དང་ཏིང་འཛིན་རྣམ་གསུམ་བསྒོམ། །ཨེ་ཡཾ་ར་སུཾ་ཀེཾ་རཾ་བྷྲུྃ་ལས། གཞལ་ཡས་གདན་བཅས་གསལ་བར་བསྒོམ། །དེ་ནང་ལྷ་རྣམས་གསལ་བར་བསྒོམ། །དབུས་ཀྱི་མ་ཧེའི་གདན་ཐོག་ཏུ། །མཐིང་ནག་འབར་བའི་ཧཱུཾ་གཅིག་བསྒོམ། །དེ་ལས་འོད་ཟེར་འཕྲོས་འདུས་པས། །ཕྱག་མཚན་རྡོ་རྗེ་གཅིག་ཏུ་གྱུར། །དེ་ལས་འོད་ཟེར་འཕྲོས་འདུས་པས། །རྡོ་རྗེ་མཐིང་ནག་འོད་དུ་གྱུར། །ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཀཱ་ལ་རཱུ་པ་བཛྲ་ཀྲོ་དྷ་ཧཱུཾ་ཕཊ། ཅེས་བརྗོད་པས། འོད་ལས་ཡ་མཱནྟ་ཀར་གྱུར། །ཞལ་གསུམ་ཕྱག་དྲུག་མཐིང་ནག་ལ། །གཡས་དཀར་གཡོན་དམར་དབུས་མཐིང་ཞལ། །རལ་པའི་རྩེ་ལས་མེ་འབར་བའི། །རལ་པའི་སྐེད་ནས་ཁྲག་འཛག་པའི། །རལ་པའི་རྩེ་ནས་རྒྱ་མཚོ་འཁྲུགས། །སྡིགས་མཛུབ་རྒྱུ་ཞགས་ལྕགས་ཀྱུ་གཡས། །དུང་དམར་མདུང་ཐུང་གསལ་ཤིང་གཡོན། །ཞབས་བཞི་བརྐྱང་བསྐུམ་མ་ཧེ་བརྫིས། །དུར་ཁྲོད་རྒྱན་གྱིས་རབ་ཏུ་བརྒྱན། །ཀླད་པར་ཨོཾ་བསམ་མགྲིན་པར་ཨཱཾཿ། །ཙིཏྟའི་ནང་དུ་ཧཱུཾ་གཅིག་བསམ། །ཡེ་ཤེས་ལྔ་རུ་བྱིན་བརླབས་ཏེ། །ཨཱོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀྲོ་དྷ་ཛྙཱ་ན་པཉྩ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀ་ཙིཏྟ་ཨཱདྨ་ཀོ྅ཧཾ། ཁྲོ་བོའི་ང་རྒྱལ་བསྐྱེད་པ་ལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཡ་མཱནྟ་ཀ་མ་ཧཱ་ཀྲོ་དྷཱ་ཧཱུཾ། དེ་ནས་ཧཱུཾ་ཞེས་རབ་བརྗོད་པས། །ཁྲོ་བོའི་ཐུགས་ཀར་ཧཱུཾ་བཏོན་ཏེ། །གཡོན་ཕྱོགས་ཞིང་གི་གདན་སྟེངས་སུ། །ཧཱུཾ་དེ་འཕྲོས་ཤིང་གནས་པ་ལས། །ཨོཾ་ཨཱཿཧཱུཾ་བེ་ཏཱ་ལཱི་རཀྴ་མན། བརྗོད་པས་ཧཱུཾ་ཉིད་ཡུམ་དུ་གྱུར། །ཁྲམ་བམ་གཡས་


DNG016_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བྷནྡྷ་གཡོན། །སྐུ་མདོག་ནག་མོ་གསལ་བར་བསྐྱེད། །ཡབ་ཀྱི་གསང་བའི་རྡོ་རྗེ་སྟེ། །ཨོཾ་ལས་ནོར་བུ་བུ་གར་ཕཊ། །དེ་ནས་ཡུམ་གྱི་གསང་གནས་སུ། །པཾ་ལས་པདྨ་འདབ་མ་བརྒྱད། །ཨེ་ལས་ནང་དུ་གྲུ་གསུམ་སྟེ། །འདི་སྐད་བརྗོད་ལ་གསང་སྒོ་དབྱེ། །པདྨ་གུ་ཧྱ་པྲ་ཝེ་ཤ་ཕཊ། ཅེས་བརྗོད་གསང་སྒོ་ཕྱེ་བ་ཡིས། །ཡབ་ཡུམ་རོལ་པར་མཛད་པ་དང་། །ལྷག་པའི་བྱང་ཆུབ་སེམས་ཉིད་དེ། །རྡོ་རྗེའི་ལམ་ནས་རབ་བྱུང་སྟེ། །ཡུམ་གྱི་མཁའ་ལ་འཕྲོས་པ་དང་། །དེ་ལ་ཧཱུཾ་ཞེས་བརྗོད་པ་ཡིས། །བྱང་སེམས་ཧཱུཾ་བསྒྲིལ་བཅུར་གྱུར་ཏེ། །མཁའ་ལས་བཏོན་ནས་འཁོར་ལོ་ཡི། །རྩིབས་ཀྱི་སྟེང་དུ་གདན་སྟེང་དུ། །ཧཱུཾ་ཧཱུཾ་བསྒྲིལ་མ་རེ་རེ་བསམ། །འཁོར་ལོ་ཤར་གྱི་རྩིབས་གདན་ལ། །ཧཱུཾ་ཧཱུཾ་བསྒྲིལ་མ་དེ་ཉིད་ལས། །ཨོཾ་ཡ་མན་བཛྲ་ཀྲོ་དྷ་ཧཱུཾ། ཨོཾ་ཡ་མན་བཛྲ་ཀྲོ་དྷཱི་། བརྗོད་པས་ཧཱུཾ་ལས་ཁྲོ་བོའི་སྐུ། །ཀོང་ཙེ་བྲག་གྱོན་ཁམ་རྒྱ་མ། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་གནག །དུར་ཁྲོད་རྒྱན་དང་ལྡན་པ་སྟེ། །གཡོན་པ་བྷན་དམར་ཡུམ་ལ་འཁྱུད། །གཡས་པ་གདུག་པའི་མཚོན་ཆ་འཛིན། །ཡུམ་ཡང་གཡས་ཀྱིས་ཡབ་ལ་འཁྱུད། །གཡོན་པ་དུང་དམར་ཡབ་ལ་སྟོབ། །དུར་ཁྲོད་རྒྱན་རྣམས་ཡབ་དང་མཐུན། །རྩ་བའི་སྔགས་དེ་བརྗོད་ནས་ཀྱང་། །ཕྱོགས་སྐྱོང་ཡབ་ཡུམ་ཀུན་ཀྱང་བསྐྱེད། །རྒྱན་དང་ཆ་ལུགས་ཕྱག་མཚན་རྣམས། །གོང་བཞིན་ཐམས་ཅད་གསལ་བར་བསྐྱེད། །གཡས་ཀྱི་ཧཱུཾ་ལས་ཡབ་ཏུ་བསྐྱེད། །གཡོན་གྱི་ཧཱུཾ་ལས་ཡུམ་དུ་བསྐྱེད། །རོ་ཀ་མ་དུན་བྷྱོ། ཙ་མུ་ཏི་དུན་བྷྱོ། ནམ་གྲུ་མ་དུན་བྷྱོ། བྷྱོ་ལས་དུར་ཁྲོད་མ་མོ་གསུམ། །ཟླ་གམ་གསུམ་ལ་བསྐྱེད་པར་བྱ། །སྒོ་བཞིར་རྡོ་རྗེ་བསེ་མོ་བཞི། །ཀུ་ལ་དྷ་རི་ཤར་དུ་བསྐྱེད། །ཀྵུ་ལ་དྷ་རི་ལྷོ་རུ་བསྐྱེད། །ཀང་ཀ་དྷ་རི་ནུབ་ཏུ་བསྐྱེད། །ཙ་མུན་དྷ་རི་བྱང་དུ་བསྐྱེད། །ཀེའུ་སིང་དབང་ཕྱུག་གིང་དང་བདུད། །མན་ངག་ལས་སུ་ཤེས་པར་བཤད། །སྤྱན་དྲང་ཕྱག་འཚལ་བཞུགས་མཆོད་འབུལ། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། དྲག་པོའི་ཕྲིན་ལས་ཀྱི་སྐབས་ཏེ་ལེའུ་ཉེར་གཅིག་པའོ།། །།དེ་ནས་ཡང་བཅོམ་


DNG016_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་འཇིགས་བྱེད་ཆེན་པོས་དྲག་པོ་འཁོར་ལོའི་སྐབས་འདི་གསུངས་སོ། །དུར་ཁྲོད་རོ་རས་རྙིང་པ་འམ། །གྲི་བོར་ཤི་བའི་རོ་ཤུན་ལ། །མི་ཚིག་ལ་སོགས་མི་སྨྲ་བར། །སྐེ་ཚེ་ལན་ཚྭ་ཉུང་ནག་མར། །དུག་དང་ནིམ་པའི་ལོ་མ་དང་། །ཀ་ན་ཀ་ཡི་ཁུ་བ་དང་། །རོ་བསྲེག་པ་ཡི་སོལ་བ་དང་། །རང་ངམ་ཕལ་གྱི་མཛུབ་མོའི་ཁྲག །དེ་རྣམས་སྦྱར་ལ་སྣག་ཚ་བྱའོ། །བྱ་རོག་ཧུ་ལུའི་སྒྲོ་རྩ་ལ། །འཁོར་ལོ་བྲི་བའི་རྨྱུ་གུ་བྱ། །འཁོར་ལོ་རྩིབས་ཅན་གཉིས་བྲིས་ཏེ། །སྲིད་གསུམ་སེམས་ཅན་ཐམས་ཅད་ཀུན། །གཤིན་རྗེའི་ལྟོ་ན་ཡོད་རྟགས་སུ། །འཁོར་ལོ་རིམ་པ་གསུམ་དུ་བྲི། །དབུས་སུ་རེའུ་མིག་དགུ་པར་བྱ། །ཕྱི་རིམ་རྩིབས་ནི་བཅུ་གཉིས་བྲི། །ཐ་མ་དག་ལ་བཅུ་དྲུག་བྱ། །ཡབ་ཡུམ་འཁོར་ལོ་དག་ལ་བསྐྱོན། །འཁོར་ལོའི་ནང་དུ་སྔགས་བྲི་བ། །རེའུ་ཆ་དགུ་དང་བཅུ་གཉིས་ལ། །ཉི་མ་བཞི་ཡི་གཤེད་བཞི་བྲི། །བཅུ་དྲུག་ཧྲཱྀཿཤྟྲཱིཿདཾ་དཾ་དཾ་དཾ་འདི་མེད་པ་མང་དམ་ཚིག་སྔགས། །ཕྱི་རིམ་ཀ་ཁ་བཞི་བཅུ་གཉིས། །ཡང་རིམ་དབྱངས་ཡིག་བཅུ་དྲུག་བྲི། །དེ་ཡི་ཕྱི་མར་ཡང་རིམ་ལ། །ཛཿཧཱུཾ་བཾ་ཧོཿབྲི་བར་བྱ། །ཡི་གེ་རེ་ག་རེའུ་མིག་ཏུ། །དེ་ཡང་ཕོ་ཡི་འཁོར་ལོ་ནི། །ཡི་གེའི་ཁ་རྣམས་ཕྱིར་ལ་བསྟན། །མོ་ཡིག་རྣམས་ནི་ནང་དུ་བསྟན། །ཡ་དང་མཉམ་མ་དང་། །རཱ་དང་མཉམ་ཛ་དང་། །ས་དང་མཉམ་དོ་དང་ཌོ། །མེ་དང་མཉམ་ཡ་དང་། །ཡ་དང་མཉམ་མེ་དང་། །དོ་དང་ཌོ་མཉམ་རུ་དང་། །ཎ་དང་ན་མཉམ་ཡོ་དང་། །ད་དང་ཌ་མཉམ་ཡ་དང་། །ཡ་དང་མཉམ་ད་དང་ཌ། །ཡོ་དང་མཉམ་ནི་དང་ཎྀ། །ར་དང་ར་མཉམ་ཡ་དང་། །ཀྵེ་དང་མཉམ་ཡ་དང་། །ཡ་དང་མཉམ་ཀྵེ་དང་། །ཡ་དང་མཉམ་ཙྪ་དང་། །ནི་དང་ཎྀ་མཉམ་ར་དང་ར། །མ་དང་མཉམ་ཡ་དང་། །གཡས་སྐོར་གཡོན་སྐོར་ཕོ་མོ་གཉིས། །མ་ནོར་མ་ལོག་བྲི་བ་གཅེས། །དམ་ཚིག་ཡི་གེ་དགོད་པ་ཡང་། །ཨོཾ་དང་མཉམ་ཧྲཱྀ་དང་། །ཤྟྲཱིཿདང་ཿམཉམ་བི་དང་བྀ། །ཀྲྀ་དང་མཉམ་ཏཱ་དང་ཊཱ། །ན་དང་ཎ་མཉམ་ན་དང་ཎ། །ཆེ་དང་མཉམ་གེ་དང་། །མོ་དང་མཉམ་ཧཱུཾ་དང་། །ཧཱུཾ་དང་མཉམ་ཕཊ་དང་ཏ ། །སྭཱ་དང་མཉམ་ཧཱ་དང་། །


DNG016_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་ཡི་གེ་དགོད་པར་ཡང་། །ཀ་ཁ་དབྱངས་ཡིག་ལ་སོགས་ཏེ། །ཡི་གེ་རྣམས་ཀྱི་དགོད་ཕྱོགས་སོ། །གཉིས་ཀ་རྣལ་མར་བྲིས་གྱུར་ན། །ཡབ་ཡུམ་ཆོ་རོལ་སོང་གྱུར་ཏེ། །འཁོར་ལོ་ལོག་ནས་རྣལ་འབྱོར་ཕུང་། །དེ་ལ་དགུག་དང་གནན་དང་མྱོས། །བསྐྲད་དང་མྱོས་འབྲོས་ལ་སོགས་པ། །ཟླ་གསང་ལས་ལས་ཤེས་པར་བྱ། །དེ་ལྟར་འཁོར་ལོ་བྲི་བ་དང་། །རབས་ཆད་ཕོ་མོའི་ཐོད་པ་དང་། །འཁོར་ལོ་གོང་མ་ལྟར་བྲིས་ལ། །དེ་ཡི་བར་དུ་བཅུག་བྱས་ལ། །ཚོན་སྐུད་ནག་པོས་ཕྱོགས་བཞིར་བཅིངས། །གཞན་ཡང་ཞི་རྒྱས་ལས་བྱེད་ན། །ཁམ་སའི་གབ་ཙེར་གོང་བཞིན་གཞུག །སོ་སོའི་རིགས་ཀྱི་གཟུངས་ཐག་གདགས། །དེ་ཡིས་གང་ཡང་གདོན་མི་ཟ། །ལས་རྣམས་འགྲུབ་ཅེས་གཤེད་པོས་གསུངས། །དཔལ་གཤིན་རྗེ་ཟླ་གསང་ནག་པོའི་རྒྱུད་ལས། འཁོར་ལོ་བཅའ་གཞིའི་སྐབས་ཏེ་ལེའུ་ཉེར་གཉིས་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས་འདི་སྐད་ཅེས་གསུངས་སོ། །དང་པོར་ཏིང་འཛིན་རྣམ་གསུམ་གྱིས། །ལས་ཀྱི་བྱ་བ་གཞན་ཟིན་ནས། །ཏིང་ངེ་འཛིན་ལ་རབ་འཇུག་པ། །ངས་གསུངས་པ་ལ་སེམས་ཐུད་ཅིག །ཧཱུཾ། ལོག་རྟོག་གཟུང་འཛིན་འཁྲུལ་པའི་ཆོས་ཉིད་དེ། །སེམས་ཀྱིས་བརྟགས་པས་ཅིར་ཡང་མི་སྣང་སྟེ། །མི་གཡོ་མི་བསམ་ཆོས་ཀྱི་དབྱིངས་ཉིད་དང་། །རིག་པ་སྤྲོས་བྲལ་མི་རྟོག་བསྒོམ། །ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཧཱུཾ། དབྱིངས་ཉིད་ནམ་མཁའ་སྟོང་པའི་རང་བཞིན་ལས། །རང་སེམས་མཾ་ལས་ཉི་མའི་དཀྱིལ་འཁོར་ཏེ། །འོད་ཀྱི་ཐིག་ལེ་ཉི་མའི་དཀྱིལ་འཁོར་བསམ། །མ་སཱུརྱ་མཎྜ་ལ་ཧཱུཾ། ཧཱུཾ། ཉི་མའི་དཀྱིལ་འཁོར་འོད་ཀྱི་དཀྱིལ་འཁོར་ཏེ། །ཧཱུཾ་ལས་རྡོ་རྗེ་རྩེ་ལཱ་རབ་འབར་བ། །བརྟན་ཅིང་མི་གཡོ་རྡོ་རྗེ་འབར་བར་བསྒོམ། །བཛྲ་ཞེས་འཕྲོས་འདུས་པ་ལས། །རྡོ་རྗེའི་གུར་དང་ས་གཞི་བསྒོམ། །ཧཱུཾ། འཇིག་རྟེན་ཁམས་གསུམ་མ་ལུས་ཀུན། །རཾ་ཡཾ་ཁཾ་གིས་བསྲེག་སྦྱངས་ནས། །ཡེ་ཤེས་འབར་བ་ལྔ་ནི་རིམ་གྱིས་བསྒོམ། །ཨེ་ཡཾ་རཾ་བཾ་


DNG016_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

སུཾ་ཀེཾ་ཨེ། །ནམ་མཁའ་སྟོང་པའི་རང་བཞིན་ལ། །བརྟན་པ་རླུང་གི་དཀྱིལ་འཁོར་བསྒོམ། །དེ་སྟེང་རཾ་ལས་གྲུ་གསུམ་མེ། །བཾ་ལས་བདུད་རྩི་ངོ་བོ་ལས། །སྨིན་པ་ས་ཡི་དཀྱིལ་འཁོར་བསམ། །ཀེང་རུས་རི་རབ་སྟེང་དག་ཏུ། །ཡེ་ཤེས་འབར་བའི་གཞལ་ཡས་བསྒོམ། །བྷྲཱུཾ་ལས་ཡེ་ཤེས་འབར་བའི་གཞལ་ཡས་མཆོག །གྲུ་བཞི་སྒོ་བཞི་རྟ་བབས་བཅས། །དཀྱིལ་འཁོར་ཚུལ་དུ་གཞལ་ཡས་བསྒོམ། །བྷྲཱུཾ་ཛྙཱ་ན་ཙཀྲ་བྷྲཱུཾ། གཞལ་ཡས་དབུས་སུ་ཉི་ཟླའི་སྟེང་། །ཆུ་སྐྱེས་སྟེང་དུ་སེམས་ཉིད་དྷཱིཿ། །འཕྲོ་འདུས་རལ་གྲི་དྷཱིཿས་མཚན་པ། །འོད་ཞུ་འཇམ་དཔལ་རྡོ་རྗེར་བསྒོམ། །ཨོཾ་ཨ་ར་པ་ཙ་ན་དྷཱིཿ། འཇམ་པའི་རྡོ་རྗེ་གཞོན་ཚུལ་ཟུར་ཕུད་ཅན། །སྐུ་ནི་གསེར་མདོག་ཞི་བའི་ཆ་ལུགས་འཆང་། །ཞལ་གཅིག་ཕྱག་གཉིས་ཤེས་རབ་རལ་གྲི་གཡས། །གཞོན་ནུའི་སྐུར་སྤྲུལ་ཕྱག་གཡོན་ཨུཏྤལ་ཏེ། །མི་འགྱུར་ཤེས་རབ་པོ་ཏིས་མཚན་པར་བསྒོམ། །སྙིང་དཀྱིལ་ཉི་མའི་དཀྱིལ་འཁོར་དྷཱི་ལས་ནི། །འོད་འཕྲོས་ཕྱོགས་བཅུའི་བདེ་གཤེགས་སྤྱན་དྲངས་ནས། །ཉི་མ་ལ་ཞུགས་མགོན་པོ་ཉིད་དང་ནི། །བདེ་གཤེགས་སྤྱན་དྲངས་འོད་ཀྱི་གོང་བུར་བསམ། །འོད་དཔུང་དེ་ཉིད་ཁ་དོག་ནག་པོའི་ཧཱུཾ། །འཕྲོ་འདུའི་ཚུལ་གྱིས་རྡོ་རྗེ་རྩེ་ལྔ་གནག །ཤིན་ཏུ་འབར་ཞིང་བརྟན་པ་ཉིད་དུ་བསྒོམ། །བཛྲ་དེ་ལས་འོད་ཟེར་རབ་འཕྲོས་པས། །རྡོ་རྗེ་ཕྲ་མོའི་འཕྲོ་འདུ་ལས། །ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད། །དབུ་གསུམ་ཕྱག་དྲུག་འཇིགས་པའི་གཟུགས། །གྱད་ཀྱི་འདོར་ཐབས་ཡི་དྭགས་གནོན། །ཏྲི་ཤཱུལ་རལ་གྲི་དབྱུག་དགྲ་སྟྭ། །འབྱིན་པའི་ཕྱིར་ན་ཕྱག་བརྒྱད་པ། །ལྕགས་ཀྱུའི་མཚོན་ཆ་ཕྱག་ན་བསྣམས། །ཐོད་པ་ཤག་ཏི་ཏོ་མ་ར། །སྡིགས་དང་ཞགས་པ་གཡོན་པ་སྟེ། །ལས་ལ་གསང་བའི་ཡུམ་གཉིས་ཀྱང་། །གཡས་གཡོན་གཉིས་སུ་བསམ་པ་ཡང་། །ལུས་དང་གྲིབ་མའི་ཚུལ་དུ་བསྒོམ། །ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧཱུཾ། བེ་ཏཱ་ལཱི་ཡཀྴ་རཀྴ་ཧཱུཾ་ཧཱུཾ། པདྨ་རྡོ་རྗེ་བྱིན་བརླབ་པ། །ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ། །པཾ་ལས་པདྨར་བྱིན་


DNG016_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

བརླབས་ནས། །བརྡ་ཡིས་བསྐུལ་བ་ཚུལ་བཞིན་བྱ། །ས་མ་ཡ་ཧོཿ། ས་མ་ཡ་སྟྭཾ། ར་ཧོ་ཧཾ། རཱ་ག་ཡཱ་མི། ་ཧཱུཾ། ་ཧཱུཾ། ་ཧཱུཾ། ་ཧཱུཾ། ་ཧཱུཾ། ་ཧཱུཾ། ཡབ་ཡུམ་མཁའ་ལ་ཧཱུཾ་བཅུ་གཉིས། །གཤིན་རྗེ་བཅུ་གཉིས་གསལ་བའི་རྩ། །འཁོར་རྣམས་བསམ་པའི་དབང་གིས་བསྐྱེད། །སྤྱན་དྲང་བཞུགས་མཆོད་ཚུལ་བཞིན་བྱ། །གཤིན་རྗེ་གཤེད་པོས་གསུངས་པའི་དོན། །དཔལ་གཤིན་རྗེ་ཟླ་གསང་ནག་པོའི་རྒྱུད་ལས། བསྒོམ་ཁོག་གི་སྐབས་ཏེ་ལེའུ་ཉེར་གསུམ་པའོ།། །།དེ་ནས་ཡང་མཐུ་སྟོབས་ཀྱི་བདག་པོས་འདི་སྐད་ཅེས་ཞུས་སོ། །གཤིན་རྗེ་གཤེད་པོས་གསུངས་པའི་དོན། །བདག་སྡུད་འདི་ཡི་དོན་ཤོད་ཅིག །བསོད་ནམས་ཚོགས་ཀྱི་ཡན་ལག་བཤད་པ་དང་། །བསྙེན་པ་དང་ནི་ཉེར་བསྙེན་པོ། །དངོས་གྲུབ་ལེན་དང་བསྒྲུབ་པ་དང་། །འཆི་བདག་བདུད་དང་གཤིན་རྗེའི་བསྙེན་པ་དང་། །གསད་པ་ལས་ཀྱི་བསྙེན་པ་གང་ལ་བགྱི། །གཤིན་རྗེ་གཤེད་པོས་བཀའ་སྩོལ་ཅིག །གཤིན་རྗེ་གཤེད་པོས་བཀའ་སྩལ་པ། །ཉོན་ཅིག་ལག་ན་རྡོ་རྗེ་འཛིན། །འཆི་བདག་རྣམས་ཀྱི་བཤད་བྱ་བ། །ངས་གསུངས་པ་ལ་སེམས་ཐུད་ཅིག །དང་པོར་ཡིད་འཐད་གནས་བཙལ་ནས། །ཚ་ཚ་ཉེའུ་འདོན་འབུམ་ལ་སོགས། །བསོད་ནམས་དག་པའི་ཚོགས་བསག་པ། །ཚད་མེད་བཞི་དང་ཡན་ལག་ལྔ། །བདུན་གྱིས་ཀུན་རྫོབ་སེམས་བསྐྱེད་ལ། །དོན་དམ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ། །རྣམ་པར་མི་རྟོག་ངང་དུ་ཅི་རིགས་བསྒོམ། །དེ་ལྟར་མ་རྟོགས་རྣམས་ལ་སྙིང་རྗེ་བསྐྱེད། །ཏིང་འཛིན་གཉིས་ཀྱིས་རང་རྒྱུད་དག་སྦྱངས་ནས། །རིག་པའི་ཡེ་ཤེས་ཡི་གེ་མུཾ་དུ་གསལ། །སྤྲོ་བསྡུས་འཇམ་དཔལ་སེམས་དཔའི་སྐུར་བསྐྱེད་དེ། །གོང་མ་ལྟ་བུའི་ལས་དག་བྱ་བ་ནི། །བསོད་ནམས་ཚོགས་ཀྱི་ལས་དག་གོ། །རྡོ་རྗེ་སེམས་དཔས་རབ་ཏུ་སེམས་ལ་ཞོག །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། བསོད་ནམས་ཚོགས་ཀྱི་ཡན་ལག་གི་སྐབས་ཏེ་ལེའུ་ཉེར་བཞི་པའོ།། །།དེ་ནས་འཇམ་དཔལ་གཤིན་རྗེས་འདི་སྐད་བརྗོད་དོ། །ཡིད་


DNG016_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

འཐད་མཚན་ལྡན་གནས་དག་ཏུ། །གོང་གི་བསོད་ནམས་ཚོགས་ལ་གནས་པ་ཡང་། །ཕྱི་ནང་གསང་བ་དག་གི་མཚམས་བཅད་ནས། །ཞི་ཁྲོ་ལ་སོགས་བསྐང་བཤགས་དག་པར་བྱ། །དེ་ནས་ཏིང་འཛིན་རྣམ་གསུམ་སྤྲོ་བསྡུ་ཡིས། །བདག་ཉིད་གཤིན་རྗེའི་གཤེད་ཀྱི་སྐུར་བསྐྱེད་ལ། །གཡོན་དུ་ཡུམ་བསྐྱེད་མདུན་དུ་སྲས་མཆོག་བསྐྱེད། །གཡས་སུ་ཡུམ་བསྐྱེད་ལ་སོགས་རབ་བྱས་ཏེ། །སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས་པ་དང་། །ཡེ་ཤེས་ཆེན་པོ་ལྔ་རུ་དབང་བསྐུར་ནས། །ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་སྤྱན་དྲངས་དང་། །མཆོད་བསྟོད་ལ་སོགས་རྫོགས་པ་དང་། །བདག་ཐུགས་ཕྱག་རྒྱ་བཞི་ལས་མཆོད་པའི་ལྷ་མོ་བཞི། །སྤྲོས་ཏེ་སྤྱན་དྲངས་ཕྱག་འཚལ་བཞུགས་པ་དང་། །མཆོད་པ་ལ་སོགས་ལྷ་མོ་བཞིས་བྱས་ཏེ། །བཟླས་བརྗོད་བསྙེན་པའི་འཛབ་གྲངས་དབུལ་བ་ནི། །རང་རིག་ཡེ་ཤེས་གནས་སུ་དག་པའི་རྟགས། །སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་། །བཅུད་ཀྱི་འཇིག་རྟེན་ལྷ་ཡི་འཁོར། །དབྱིངས་ཉིད་གཏིང་མཐའ་མེད་པ་ལས། །སྐྱེ་འགྲོ་གཟུགས་སུ་སྣང་བ་ལས། །གཤེད་པོ་ཡབ་དང་ཡུམ་དུ་མ་གྱུར་གང་ཡང་མེད། །དཔེར་ན་ཏིལ་འབྲུ་མར་གྱིས་གང་བ་བཞིན། །བདག་ཉིད་ཙིཏྟའི་གཞལ་ཡས་ཁང་། །རིན་ཆེན་གུར་ཕུབ་འདྲ་བ་རུ། །བདག་ཉིད་ཟླ་བའི་མཎྜལ་བསམ། །རིག་པའི་ཡེ་ཤེས་ཡོངས་སུ་གྲུབ་པའི་རྟགས། །ཡེ་ཤེས་སེམས་དཔའ་ཚོན་གང་གསལ་བར་བསྒོམ། །ཐུགས་ཀར་རྡོ་རྗེ་རྩེ་ལྔ་བསམ། །དེ་ཡི་བུམ་པ་དག་ལ་ཡང་། །སྔགས་ཀྱི་ས་བོན་ཡི་གེ་ཧཱུཾ། །དེ་མཐའ་བཅུ་བདུན་བསྐོར་བར་བསྒོམ། །ལྷ་རྣམས་ཐུགས་ཀར་དེ་བཞིན་ཅི་འདྲར་བསྒོམ། །དེ་ནས་བདག་ཉིད་ཐུགས་ཀ་ནས། །སྔགས་བཟླས་ལྗགས་སྟེང་སྔགས་འཕྲོས་པས། །འདོམ་གང་ཕ་རོལ་ཕྱིར་ཚད་དུ། །སྐུ་རྣམས་ཕྲ་མོར་གྱུར་ནས་ཀྱང་། །དེ་དག་ཞལ་ནས་གསང་སྔགས་བཟླས་པ་ལས། །འོད་ཟེར་མཆོད་པའི་ལྷ་དང་ལྷ་མོར་གྱུར། །ཕར་འཕྲོས་འཕགས་པ་རྣམས་ལ་འོད་ཟེར་ཕོག །སྐུ་གསུང་ཐུགས་ཉིད་མཉེས་པའི་མཆོད་པ་ཕུལ། །འོད་ཟེར་དེ་དག་བདག་ལ་ཚུར་འདུས་པས། །


DNG016_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་གསུང་ཐུགས་ཀྱི་བྱིན་རླབས་བདག་ལ་ཐིམ་པར་བསམ། །དེ་ལྟར་བསྙེན་པ་དྲུག་འབུམ་བྱས་པ་ནི། །སྔོན་དུ་འགྲོ་བའི་བསྙེན་པ་སྟེ། །ལག་ན་རྡོ་རྗེས་རབ་ཏུ་ཟུང་། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། ལྷ་ཡི་བསྙེན་པ་བགྱི་བའི་སྐབས་ཏེ་ལེའུ་ཉེར་ལྔ་པའོ།། །། དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས་འདི་སྐད་ཅེས་གསུངས་སོ། །ཡིད་འཐད་མཚན་ལྡན་གནས་དག་ཏུ། །མཎྜལ་ཆག་ཆག་ལེགས་བཏབ་ལ། །མེ་ཏོག་བྲིས་སྐུ་ལ་སོགས་བཀོད་ནས་ཀྱང་། །གོང་མ་ལྟ་བུའི་བསྙེན་པ་གསུམ་འབུམ་བཟླས་པ་ནི། །ཉེ་བའི་བསྙེན་པ་ཡིན་ཞེས་གཤེད་པོས་བཤད། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། ཉེ་བའི་བསྙེན་པའི་སྐབས་ཏེ་ལེའུ་ཉེར་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོས་འདི་སྐད་ཅེས་གསུངས་སོ། །ཡིད་འཐད་མཚན་ལྡན་གནས་དག་ཏུ། །གོང་མའི་ལས་རྣམས་མཐར་ཕྱུང་སྟེ། །ཉེ་བསྙེན་ལས་ལ་གནས་ནས་ཀྱང་། །དེས་ནི་རྟགས་བཟང་མཐོང་བར་འགྱུར། །གྲུབ་པའི་རྟགས་ནི་བྱུང་བ་དང་། །ཁྱད་པར་དངོས་གྲུབ་རྫས་བསགས་ཏེ། །དམར་སེར་བ་ཡི་འོ་མ་དང་། །མར་དང་སྦྲང་རྩི་སྦྱར་བ་དང་། །དངོས་གྲུབ་རྫས་རྣམས་བཀོད་ནས་ཀྱང་། །བདག་གི་ཐུགས་ལས་འོད་ཟེར་ཕར་འཕྲོས་པས། །བདེ་བར་གཤེགས་པ་རྣམས་ཀྱི་ཐུགས་དམ་བསྐུལ། །བྲིས་སྐུ་དངོས་གྲུབ་རྫས་ལ་ཐིམ་བསམས་ཤིང་། །འབུམ་ཕྲག་གཅིག་གི་བཟླས་པ་བྱའོ། །གཡལ་དང་སྦྲིད་པ་བརྐྱང་བསྐུམ་གཉིད་ཀྱང་སྤང་། །དེ་བཞིན་སྤངས་པས་ཅི་བསམ་འགྲུབ་ཅེས་བཤད། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། བསྒྲུབ་པ་ཆེན་པོའི་སྐབས་ཏེ་ལེའུ་ཉེར་བདུན་པའོ།། །།དེ་ནས་ཡང་གཤིན་རྗེ་གཤེད་པོས་འདི་སྐད་ཅེས་གསུངས་སོ། །ཉོན་ཅིག་ཟུང་ཞིག་རྡོ་རྗེ་འཛིན། །ངས་གསུངས་པ་ལ་སེམས་ཐུད་ཅིག །ཡིད་འཐད་མཚན་ལྡན་གནས་དག་ཏུ། །འབུམ་ཕྲག་གཅིག་གི་བསྙེན་པ་ཡང་། །སྔ་མའི་ལས་སུ་བྱ་བར་གསུངས། །བདག་ཉིད་གཤེད་པོའི་མཐུ་ལྡན་པས། །མདུན་གྱི་རི་རབ་བསམ་པ་དང་། །


DNG016_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་པའང་བསམ་བྱས་ཏེ། །བདག་གི་ཐུགས་ཀར་ཡི་གེ་ཡ། །ནག་པོ་མེ་འདྲ་འོད་འབར་བསམ། །དེ་མཐར་བཟླས་པའི་ཡིག་འབྲུས་བསྐོར་བསམ་ལ། །དེ་བཞིན་བདག་གི་ཐུགས་ཀ་ནས། །སྔགས་ནི་རབ་ཏུ་བཟླས་པ་ལས། །འོད་འཕྲོས་ལས་ཀྱི་གཤིན་རྗེ་ལ། །དེ་ཡི་འོད་ཟེར་ཕོག་གྱུར་པས། །ཐུགས་དམ་བསྐུལ་ནས་དར་ཅིག་ཀྱང་། །འདུག་པའི་དབང་མེད་འོང་བར་འགྱུར། །གཤེད་པོའི་བཀའ་ཉན་གསུང་སྡོད་བསམ། །ལས་ལ་སྦྱོར་བའི་བསྙེན་པ་སྟེ། །འཆི་བདག་ལས་ཀྱི་གཤིན་རྗེ་རྣམས། །གནས་སུ་གཏོང་བ་གཤེད་པོས་བཤད། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། འཆི་བདག་བདུད་དང་གཤིན་རྗེའི་བསྙེན་པའི་སྐབས་ཏེ་ལེའུ་ཉེར་བརྒྱད་པའོ།། །།དེ་ནས་ཡང་འདི་སྐད་ཅེས་གསུངས་སོ། །ཉོན་ཅིག་ཟུང་ཞིག་རྡོ་རྗེ་འཛིན། །ངས་གསུངས་པ་ལ་ཐེ་ཚོམ་མེད། །གསད་པ་ལས་ཀྱི་བསྙེན་པ་ནི། །ཡིད་འཐད་མཚན་ལྡན་གནས་དག་ཏུ། །གོང་གི་ལས་ལ་གནས་བྱས་ཏེ། །དེ་ཡང་འཆི་བདག་བསྙེན་པ་ནི། །སུམ་ཅུ་རྩ་གཉིས་དྲིལ་ལ་བཟླ་ཞེས་བཤད། །ལས་ལ་སྦྱོར་ཀའི་དུས་དེ་རུ། །སྣ་ལ་རོ་ཚས་རས་བཙལ་ཏེ། །མས་ཡར་བགྲང་བའི་ཚེས་བརྒྱད་དམ། །ཉི་ཤུ་གཉིས་ཀྱི་ནུབ་མོ་ནི། །དུར་ཁྲོད་གླིང་ནས་རས་བླངས་ལ། །སྨེ་ཁྲག་གསུམ་དུ་བཅུག་བྱས་ལ། །འཆི་བདག་གཤིན་རྗེ་དེ་ལ་བསྡིམ། །ཡབ་ཡུམ་ལས་ལ་སྦྱོར་ཀ་ཡི། །སྔགས་འདི་ཉིད་ཀྱང་རབ་ཏུ་བཟླས། །ཨོཾ་ས་མ་ཡ་མཉྫུ་ཤྲཱི། ཨ་ཀྲོ་ཏེ་ཀ་ཀཱ་ལ་རཱུ་པ་ཧཱུཾ་ཕཊ། ཅེས་བཟླས་ལ། ཉི་ཤུ་དྲུག་གི་སྔ་དྲོ་ལ། །རོ་རས་བཀྲུ་དང་བརྒྱང་སྤྱད་བྱ། །ཉི་ཕྱེད་མན་ཆད་སྣག་ཚ་མཉེ། །དབང་དུ་བསྡུ་བའི་སྔགས་འདི་བཟླས། །ཨོཾ་དུ་མནྟ་ཀ་ར་ཧཱུཾ་ཧཱུཾ་ཕཊ་ཕཊ། ཅེས་བརྗོད། སྣག་ཚ་མཉེ་བའི་ལས་ཟིན་ནས། །དེ་བཞིན་དགོངས་ཀ་འཁོར་ལོ་བྲི། །བྲི་བ་ཟིན་ནས་ལྷར་ཕྱག་འཚལ། །བཀའ་བདེན་པ་འགྲུབ་པར་གྱུར་ཅིག་ཅེས་བྱ། །ཡང་ན་དུར་ཁྲོད་རས་མེད་ན། །ཐོད་པ་དག་ལ་འཁོར་ལོ་བྲི། །ཨག་ཙེའི་ངོས་སུ་འཆི་བདག་གཟུགས་བྲིས་ལ། །གཟུགས་ཀྱི་སྙིང་གར་མིང་བྱང་བྲིས། །དགྲ་ཡི་མིང་རུས་ཐོད་པར་གཞུག །


DNG016_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་དབུས་ཀྱི་ཡ་ལས་ཀྱང་། །འཆི་བདག་གཤེད་པོའི་སྐུ་རུ་བསྐྱེད། །ཕྱོགས་ཀྱི་ཡ་མེ་མེ་དེ་ཀྵེ། །བཞི་ལས་གཤེད་བཞིའི་སྐུར་བསྐྱེད་པས། །བདག་གི་མདུན་དུ་རི་རབ་ལས། །གསེར་གྱི་རི་བདུན་བཅས་པ་བསམ། །བདག་ཉིད་གཤིན་རྗེ་གཤེད་པོ་ཡི། །རྣལ་འབྱོར་ཆ་བྱད་ལྡན་བྱས་ལ། །ལག་པ་གཡས་པའི་མཐེ་བོང་ཡང་། །ཆང་པར་བཅུག་ལ་བེ་ཅོན་བསམ། །རི་རབ་བདག་གི་སྤྱིར་བརྡེག་སྟེ། །རི་རབ་རྒྱ་གྲམ་གས་པར་བསམ། །དེ་བཞིན་སྔགས་འདི་རབ་ཏུ་བརྗོད། །ཨོཾ་ན་མོ་བུཌྜྷ་དྷརྨ་སང་གྷེ་བྷྱཿ། སརྦ་ཏ་ཐཱ་ག་ཏ་ཀྲོ་དྷ་བི་ཛྭ་ཡ་ཨགྣི་ཛྭ་ལ་ནི་ཛི་ཧྭ་པྲེ་ཏ་ཤི་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཅེས་བརྗོད་པས། རི་རབ་རྒྱ་གྲམ་གཤག་བསམ་ཞིང་། །གནས་ཀྱི་གཤིན་རྗེ་འགུགས་བསམ་ཞིང་། །ཐུགས་ཀའི་ཡི་གེ་ཡ་ནག་པོ། །ཐ་མ་དབང་སྡུད་སྔགས་ཀྱིས་བསྐོར་བ་ལས། །འོད་ཟེར་འཕྲོས་པས་འོག་ཕྱོགས་སུ། །འཆི་བདག་གཤིན་རྗེ་གཙོ་བོ་འཁོར། །འབུམ་ཕྲག་བཅས་ལ་འོད་ཕོག་པས། །རང་དབང་མེད་པར་དེ་བཀུག་ནས། །དེ་ལ་ཤ་ཁྲག་སྣ་ཚོགས་ཀྱིས། །གཏོར་མ་རྫས་ཀྱིས་མཆོད་པར་བྱ། །བྷནྡ་འབྲུབ་ཁུང་ནང་བཅུག་ལ། །དབང་དུ་བསྡུ་བའི་སྔགས་བཟླས་ལ། །བདག་ལས་འཕྲོས་པའི་གཤེད་པོ་དག །གྲངས་མེད་འཕྲོས་པས་འཆི་བདག་ཚོགས། །རང་དབང་མེད་པར་བཀུག་བྱས་ཏེ། །ཐོད་པའི་ནང་དུ་བཅུག་པ་ལ། །ཞབས་གཡས་རྡོ་རྗེའི་ཕུར་པ་ཡིས། །གཟིར་བས་སྐད་ངན་འོ་དོད་འབོད། །རང་དབང་མེད་པར་དབང་དུ་བསྡུས། །བཀའ་ཉན་ཅི་གསུང་བརྗོད་པར་བསྒོམ། །སྐྱ་རིངས་དང་པོ་ཤར་བ་ལ། །འཆི་བདག་གཤིན་རྗེ་འཁོར་བཅས་ལ། །གཏོར་མ་བྱིན་ཏེ་གཤིན་རྗེ་ཉིད། །ཕོ་ཉར་བཀྱེ་ལ་དགྲ་བོ་དགུག །ལྷ་དང་དབྲལ་ལ་སོགས་པ་བྱ། །ཉི་མ་རྩེ་ལ་ཤར་བ་དང་། །བྷནྡ་དཀྱིལ་འཁོར་གྲུ་གསུམ་སྟེང་དུ་གཞག །དེ་བཞིན་བསད་པའི་སྔགས་བཟླས་ཏེ། །བདག་ཉིད་ཐུགས་ཀར་ཡི་གེ་ཡ། །སྔོ་ནག་གནག་ལ་འཚེར་བ་བསམ། །ཐ་མ་དྲག་སྔགས་འབྲུ་བདུན་པ། །མེ་ལྕེ་འབར་བ་འདྲ་བ་བསམ། །གསད་པ་ལས་ཀྱི་སྔགས་འདི་བཟླས། །ཨོཾ་ཧྲཱྀཿཤྟྲཱིཿབི་ཀྲྀ་ཏཱ་ན་ན་ཆེ་གེ་མོ་ཤ་ཏྲུཾ་ནཱ་ཤ་ཡ་ཧཱུཾ་ཕཊ།


DNG016_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་མ་རཱ་ཛ་ས་དོ་མེ་ཡ་ཆེ་གེ་མོ་ཨ་མུ་ཀཾ་པྲ་མ་ཡ་ཧཱུཾ་ཕཊ། ཅེས་བརྗོད་པས། འོད་ཟེར་བདག་ལ་ཕོག་གྱུར་པས། །རང་དབང་མེད་པར་བསྐུལ་གྱུར་ནས། །གཤེད་པོ་ཡ་མ་རཱ་ཛ་བསྐུལ། །དེ་ཡིས་ཕྱོགས་སྐྱོང་གཤིན་རྗེ་བསྐུལ། །དེ་ཡིས་མ་མོ་མཁའ་འགྲོ་དང་། །རྡོ་རྗེ་གིང་ཕོ་གིང་མོ་དང་། །བདུད་ལ་སོགས་པ་དབང་མེད་བསྐུལ། །དེ་བཞིན་གཟས་པོ་དངོས་བཀུག་ནས། །ཐོད་པར་བཅུག་སྟེ་གནས་པ་ལས། །གསད་པ་ལས་ཀྱི་སྔགས་བཟླས་པས། །སྟར་ཚན་རྩི་སྦུར་མི་ཆགས་བཞིན། །གང་ལ་བྱ་བ་བརླག་པར་བསམ། །དགོངས་ཀྱི་དམར་ཐག་ཆད་པ་དང་། །གཤེད་ཆེན་ཡ་མ་རཱ་ཛ་ལ། །ཤ་ཁྲག་སྣ་ཚོགས་གཏོར་མ་བཤམ། །བེ་ཅོན་ཕྱག་རྒྱ་བཅས་ནས་ཀྱང་། །གནག་པའི་སྤྱི་བོར་དེ་བརྒྱབ་པས། །ཚངས་པའི་རྩ་བཅད་མགོ་འཁོར་བསམ། །ཉི་ཤར་རྩེ་ནས་ལས་བརྩམས་ཏེ། །བདག་ཉིད་ཐུགས་ཀར་ཡི་གེ་ཡ། །འབྲུ་བདུན་མེ་རི་འབར་བར་བསྐོར། །གསད་པ་ལས་ཀྱི་སྔགས་འདི་བཟླས། །ཨོཾ་ཧྲཱྀཿཤྟྲཱིཿབི་ཀྲྀ་ཏཱ་ན་ན་ཆེ་གེ་མོ་ཤ་ཏྲུཾ་ནཱ་ཤ་ཡ་ཧཱུཾ་ཕཊ། ཡ་མེ་དོ་རུ་ཎ་ཡོ་ད་ཡ་ཆེ་གེ་མོ་ཨ་མུ་ཀཾ་མུར་ཙ་ཡ་ཧཱུཾ་ཕཊ། ཅེས་བརྗོད་པས། འོད་ཟེར་བདག་ལ་ཕོག་གྱུར་པས། །རང་དབང་མེད་པར་བསྐུལ་ནས་ཀྱང་། །དེ་ཡིས་མྱོས་བྱེད་འབར་བ་བསྐུལ། །དེ་ཡིས་ཕྱོགས་སྐྱོང་གཤིན་རྗེ་བསྐུལ། །དེ་བཞིན་མ་མོ་མཁའ་འགྲོ་དང་། །གིང་བདུད་འདུག་པའི་དབང་མེད་བསྐུལ། །དེ་བཞིན་དམིགས་པའི་དངོས་བཀུག་ནས། །འདུག་པའི་དབང་མེད་ཐོད་པར་བཅུག །གསད་པ་ལས་ཀྱི་སྔགས་བཟླས་པས། །སྟར་ཚན་རྩི་སྦུར་མི་ཆགས་བཞིན། །གང་ལ་བྱ་བ་བརླག་པར་བསམ། །དེ་བཞིན་དམར་ཐག་ཆད་པ་དང་། །གཤེད་པོ་མྱོས་བྱེད་འབར་བ་ལ། །མཉེས་པའི་ཤ་ཁྲག་གཏོར་མ་སྦྱིན། །གཤེད་ལ་བཅོལ་བསྐུལ་དྲག་ཏུ་བྱ། །ཕྱག་རྒྱ་གོང་བཞིན་བཅས་ནས་ཀྱང་། །བེ་ཅོན་ལྟེ་བར་བརྒྱབ་པས་ནི། །ལུས་བརྒྱལ་ཡིད་འཁྲུགས་འཆི་བར་བསམ། །བདག་གི་ཐུགས་ཀའི་ཡ་ནག་པོ། །དྲག་སྔགས་བདུན་གྱིས་བསྐོར་བ་ལ། །གསད་པ་ལས་ཀྱི་སྔགས་བཟླས་ཏེ། །ཨོཾ་ཧྲཱྀཿཤྟྲཱིཿབི་ཀྲྀ་ཏཱ་ན་ན་ཤ་ཏྲུཾ་ནཱ་ཤ་ཡ་ཧཱུཾ་ཕཊ། ཡ་ད་ཡོ་ནི་ར་ཡ་ཀྵེ་ཡ་ཆེ་གེ་མོ་ཨ་


DNG016_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

མུ་ཀཾ་རཀྟ་ཙ་ར་ཡ་ཧཱུཾ་ཕཊ། འོད་ཟེར་བདག་ལ་ཕོག་གྱུར་པས། །རང་དབང་མེད་པར་བསྐུལ་ནས་ཀྱང་། །གཤེད་ཆེན་ཨཱརྱ་མ་རུ་བསྐུལ། །དེ་ཡིས་ཕྱོགས་སྐྱོང་གཤིན་རྗེ་བསྐུལ། །དེ་བཞིན་མ་མོ་མཁའ་འགྲོ་དང་། །གིང་དང་གིང་མོ་བདུད་ལ་སོགས། །འདུག་པའི་དབང་མེད་བསྐུལ་བར་བསམ། །དེ་ཡི་གཟས་པ་པོ་བཀུག་ནས། །དབང་མེད་ཐོད་པར་བཅུག་པར་བསམ། །གསད་པ་ལས་ཀྱི་སྔགས་བཟླས་པས། །སྟར་ཚན་རྩི་སྦུར་མི་ཆགས་བཞིན། །གང་ལ་བྱ་བ་བརླག་པར་བསམ། །དེ་བཞིན་དམར་ཐག་ཆད་པ་དང་། །གཤེད་ཆེན་ཨཱརྱ་མ་རུ་ལ། །ཤ་ཁྲག་མཉེས་པའི་མཆོད་པ་དབུལ། །བེ་ཅོན་མགྲིན་པར་བརྒྱབ་པ་ཡི། །ཁྲག་ཙར་ལྷུག་གིས་སོང་བར་བསམ། །བདག་གི་ཐུགས་ཀར་ཡི་གེ་ཡ། །དྲག་སྔགས་འབྲུ་བདུན་བསྐོར་བ་ལ། །གསད་པ་ལས་ཀྱི་སྔགས་བཟླས་ཏེ། །ཨོཾ་ཧྲཱྀཿཤྟྲཱིཿབི་ཀྲྀ་ཏཱ་ན་ན་ཤ་ཏྲུཾ་ནཱ་ཤ་ཡ་ཧཱུཾ་ཕཊ། ཡ་ཀྵེ་ཡ་ཙྪ་ནི་རཱ་མ་ཡ། ཆེ་གེ་མོ་ཨ་མུ་ཀཾ་མཱ་ར་ཡ་ཧཱུཾ་ཕཊ། ཅེས་བརྗོད་པས། འོད་ཟེར་བདག་ལ་ཕོག་གྱུར་པས། །རང་དབང་མེད་པར་བསྐུལ་ནས་ཀྱང་། །དེ་ཡིས་རལ་པ་ཚར་དགུ་བསྐུལ། །དེ་ཡིས་ཕྱོགས་སྐྱོང་གཤིན་རྗེ་བསྐུལ། །དེ་བཞིན་མ་མོ་མཁའ་འགྲོ་དང་། །གིང་ཕོ་གིང་མོ་བདུད་ལ་སོགས། །འདུག་པའི་དབང་མེད་བསྐུལ་བར་བསམ། །གཟས་པ་བཀུག་ནས་ཐོད་པར་བཅུག །དེ་བཞིན་བསད་པའི་སྔགས་བཟླས་པས། །སྟར་ཚན་རྩི་སྦུར་མི་ཆགས་བཞིན། །གང་ལ་བྱ་བ་བརླག་པར་བསམ། །དགོངས་ཀའི་དམར་ཐག་ཆད་པ་དང་། །གཤེད་ཆེན་རལ་པ་ཚར་དགུ་ལ། །ཤ་ཁྲག་སྣ་ཚོགས་གཏོར་མ་སྦྱིན། །དྲག་པོའི་ཕྲིན་ལས་བཅོལ་བསྐུལ་བྱ། །དེ་བཞིན་བེ་ཅོན་ཕྱག་རྒྱ་ཡིས། །སྙིང་ཁར་བརྒྱབ་པས་སྲོག་བཅད་ནས། །དབུགས་ཀུན་ཕྱི་ལ་ཕྱུང་བར་བསམ། །གསད་པ་མཱ་རའི་མན་ངག་འདི། །གཤིན་རྗེ་གཤེད་པོ་བདག་གིས་ཀྱང་། །ཐུགས་ཀྱི་སྒྲོམ་བུ་ཁ་ཕྱེ་ནས། །རྡོ་རྗེ་འཛིན་པ་ཁྱོད་ལ་བྱོས། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། གསད་པ་ལས་ཀྱི་བསྙེན་པའི་སྐབས་ཏེ་ལེའུ་ཉེར་དགུ་པའོ།། །།དེ་ནས་གསང་


DNG016_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བདག་པོ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །ཡབ་ཀྱི་སྐུ་ལ་འཁྲིལ་ཞིང་ཁམས་གསུམ་སྒྲོལ་མཛད་ཚོགས། །འཇིག་རྟེན་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན། །བདུད་མོ་མི་བཟད་ཚོགས་ཀྱི་ལས་རྣམས་བཤད་དུ་གསོལ། །ཞེས་བརྗོད་དོ། །འཇིགས་བྱེད་ཆེན་པོས་བཀའ་སྩལ་པ། ལས་ཀྱི་སྲིན་མོའི་ཚོགས་ཀྱིས་སུ་ཁྲག་ཀ་ལ་པ། །འདི་ནི་ངེས་པར་བསྟན་གྱིས་ཉན་པར་བྱོས། །ཞེས་བཀའ་སྩལ་ཏོ། །ཐིག་གདབ་རྒྱ་གྲམ་ལེའུ་བཅོ་བརྒྱད་བཅུ་གཅིག །བདུད་མོའི་གྲོང་ཁྱེར་བཅུ་དྲུག་དང་། །བདུད་དང་དཀྲུག་དང་སྡེབས་པའི་ཡན་ལག་ཚར། །འདི་ནི་ཡུན་དུ་ལས་དེ་རྡུག་པ་མེད། །མུ་ཁྱུད་གསུམ་གྱི་སྔགས་ཀྱི་སྦྱོར་བ་ཀུན་གྱིས་འགྱུར། །ཡབ་ཀྱི་སྔགས་དང་སྤུ་གྲིའི་སྦྱོར་བས་དུས་དང་ཀུན་ཏུ་སྦྱར། །འཁྲུགས་བྱེད་སྦྱོར་བའི་སྔགས་ནི་འདི་ལྟ་སྟེ། རག་མོ་ཨེ་ཀ་ཛཱ་ཏི་དུམ་ཤི་དུན་མ་ཏྲག་ཤཾ་བེ་ཏཱ་ལཱི་སྙིང་རོ་ཤན་རཾ་ཐུན་ཛ་སྙིང་ཁ་རག་ཧྲི་ཤི་པུ་རག་ཀྵེ་རེ་ཏྲ་ཡཾ་ཨུད། ཙིཏྟ་རག་ཏ་ཧཱུཾ། འདི་ནི་སྦྱོར་བའི་ལས་ཆེན་ཏེ། །བརྒྱ་རྩ་བཞི་ཡིས་ལས་གྲུབ་པའོ། །དྲག་པོ་སྤུ་གྲིའི་སྦྱོར་བ་ནི། །ཨུ་རྨོ་ལྟ་བུར་དོན་བསྟན་པ། །མ་མར་ཐུན་གཟེར་བྷྱོ་རུ་ལུ་རྦད། ཡ་མ་དེ་མ་བྷྱོ་མ་བྷྱོ་རུ་ལུ་རྦད། ཁ་རག་དེ་མ་བྷྱོ་རུ་ལུ་བྷྱོ་རྦད། དི་ཤི་དེ་མ་བྷྱོ་རུ་ལུ་རྦད། པུ་ཏྲ་དེ་མ་བྷྱོ་རུ་ལུ་རྦད། རག་ཤ་དེ་མ་བྷྱོ་རུ་ལུ་རྦད། དེ་བ་ད་ར་ལ་དེ་མ་བྷྱོ་རུ་ལུ་རྦད། པ་ཏྲ་མུག་བྷྱོ་རུ་ལུ་རྦད། ཙིཏྟ་དེ་མ་བྷྱོ་རུ་ལུ་རྦད། དེ་ནི་མུ་ལའི་སྦྱོར་བ་སྟེ། མདོ་རུ་བསྡུས་ནས་བཤད་པ་ཡིན། །ཞེས་བཀའ་སྩལ་པས་འཁོར་རྣམས་མོས་པས་འདུན་པར་གྱུར་ཏོ། །དེ་ནས་གཞན་ཡང་བཤད་བྱ་བ། །ཧེ་ཧེ། དཔའ་བོ་ཆེན་པོ་འཇིགས་བྱེད་གཤེད། །དྲག་པོ་གསང་བའི་འཁོར་ལོ་ལ། །སྐྱོད་པའི་རྟ་དང་འདེབས་པའི་སྔགས། །སྡེབ་པའི་གྲོགས་དང་རྣོ་བའི་རྫས། །དེ་བཞིའི་རྐྱེན་དང་མ་ལྡན་ན། །འདམ་ལ་བཏབ་པའི་ཕུར་པ་འམ། །ཁྲི་མུན་ནང་ནས་གཡུ་འཚོལ་འདྲ། །མཐུ་སྟོབས་བདག་པོས་འདི་སྐད་གསོལ། །སྐྱོད་པའི་རྟ་ནི་གང་ལ་བགྱི། །འདེབས་པའི་སྔགས་ནི་གང་ལ་བགྱི། །སྡེབ་པའི་གྲོགས་ནི་གང་ལ་བགྱི། །རྣོ་བའི་ངར་ནི་གང་ལ་བགྱི། །ཡབ་ཅིག་འཇམ་དཔལ་བཀའ་སྩོལ་ཅིག །གཤིན་རྗེ་གཤེད་པོས་འདི་སྐད་


DNG016_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད། །ཉོན་ཅིག་ཟུང་ཞིག་རྡོ་རྗེ་འཛིན། །དྲག་པོ་གསང་བའི་འཁོར་ལོ་ལ། །སྐྱོད་པའི་རྟ་དང་མི་ལྡན་ན། །རླུང་ནག་འཚུབས་མ་འཕྱོས་པ་འདྲ། །འདེབས་པའི་སྔགས་དང་མི་ལྡན་ན། །ནམ་མཁའ་སྤྲིན་གྱིས་འགགས་པ་འདྲ། །སྡེབ་པའི་གྲོགས་དང་མི་ལྡན་ན། །དཔའ་བོ་གཏིང་གནོན་མེད་པ་འདྲ། །རྣོ་བའི་ངར་དང་མི་ལྡན་ན། །མཚོན་ཆ་རྩེ་མོ་རྟུལ་བ་འདྲ། །དེ་བཞིན་གྲོགས་རྣམས་ངས་བཤད་ཀྱི། །ལག་ན་རྡོ་རྗེས་རབ་ཏུ་ཟུང་། །བཀའ་དང་གཞུང་བཞིན་མ་ནོར་བའི། །བསྲུང་བའི་སྡོམ་པ་མ་ཉམས་པར། །རྫས་དང་ལག་ཆ་ལྡན་པ་དང་། །བསམ་ལྡན་བཟླས་བརྗོད་སྲན་ཚུགས་ཤིང་། །དམ་ཚིག་བསྲུང་ཞིང་དྲག་ཤུལ་སྤྱོད། །ལྟ་སྤྱོད་བསྒྲུབ་པ་ལྡན་པ་ཡི། །དཔའ་རྟུལ་ཅན་གྱི་རྣལ་འབྱོར་པས། །བསྟན་པ་གཉེན་པོ་བསྲུང་དོན་དུ། །དགོན་པ་ཆེན་པོ་གནས་མལ་དེར། །བྱ་བྱེད་ཟང་ཟིང་འདུ་ལོང་སྤང་། །འཚེ་བའི་ཡོ་བྱད་དཔགས་ཏེ་བསྟར། །བྱ་བ་ཐམས་ཅད་ཟིན་ནས་ནི། །བདེ་བའི་སྟན་ལ་འདུག་ནས་ནི། །བསྐྱེད་དང་རྫོགས་པའི་རིམ་པ་དེ། །ཏིང་འཛིན་གསལ་དང་བརྟན་པ་ཡི། །ལྷ་ཡི་རྣལ་འབྱོར་རྩེ་གཅིག་བྱ། །ཐུན་མོང་དམ་ཚིག་བསྲུང་ཞིང་བསྒྲུབ། །ཁྱད་པར་དམ་ཚིག་སྤྱོད་ཅིང་དོར། །བསྙེན་བསྒྲུབ་ཕྲིན་ལས་གཞུང་བཞིན་བྱ། །ཚང་ཞིང་རྫོགས་པའི་གྲངས་བསྙེན་ལ། །འཁོར་ཞིང་ཕྱིན་པ་དུས་བསྙེན་ཡིན། །མཐོང་ངམ་ཐོས་སམ་ཉམས་སུ་ལེན། །མཚན་མའི་བསྙེན་པ་རྫོགས་པ་དང་། །ཞི་རྒྱས་གཉིས་ཀྱི་འཁོར་ལོས་མཆོད། །དབང་དྲག་གཉིས་ཀྱི་འཁོར་ལོས་མནན། །ཞི་རྒྱས་གཉིས་ཀྱི་བསྲུང་ཕན་གདགས། །དབང་དྲག་གཉིས་ཀྱིས་བསྒྲལ་བར་བྱ། །འཁོར་ལོ་གཞན་ཡང་ཅི་རིགས་པར། །དབྱེ་བསྐྲད་དགུག་སོགས་གཞུང་བཞིན་བྱ། །གང་འདོད་ལས་དེ་བསྒྲུབ་བྱས་ན། །འཁོར་ལོའི་རྒྱུ་དང་སྣག་ཚ་དང་། །ཕྱོགས་དང་བསམ་སྦྱོར་རིམ་པ་དང་། །ཁ་དོག་སོ་སོའི་མཐུན་རྫས་ནི། །རིམ་པ་ཅན་གྱི་དེ་ཤེས་བྱ། །དེ་ལ་འཁོར་ལོ་ཞེས་གྲགས་པ། །ངོ་བོ་ངེས་ཚིག་རྣམ་གྲངས་སོ། །ངོ་བོ་སྤྱི་ཡི་མཚན་ཉིད་ནི། །རྣམ་པ་གཞན་དུ་འགྱུར་ཞིང་འགྲོ། །སོ་སོ་རང་གི་མཚན་ཉིད་ནི། །


DNG016_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

གང་ལ་བཏབ་པ་དེ་ལྟར་སྣང་། །ངེས་པའི་ཚིག་ཀྱང་དེ་བཞིན་ཏེ། །རྣམ་པར་འགྱུར་ཞིང་འགྲོ་བ་དང་། །མི་འཁོར་འཁོར་ཞིང་འགྲོ་བ་དང་། །ལྟེ་བ་འཁོར་ཞིང་རྩེ་མོས་གཅོད། །དེ་ལ་གྲངས་ནི་མཐའ་ཡས་ཏེ། །མདོར་ན་རྣམ་པ་གསུམ་དུ་ཤེས། །ཐུགས་རྗེ་སྤྲུལ་པའི་འཁོར་ལོ་དང་། །ལས་དང་སྲིད་པའི་འཁོར་ལོ་དང་། །འཇིག་རྟེན་ཕན་གནོད་བྱེད་པ་ཡི། །བྱ་བ་བསྒྲུབ་པའི་འཁོར་ལོའོ། །དཔེར་ན་མོ་འཕང་མགལ་མེ་དང་། །གློག་དང་སྒྲ་ལྡན་འཁོར་ལོ་དང་། །ཤིང་རྟ་ཟོ་ཆུའི་འཁོར་ལོ་སོགས། །ལས་དང་འབྲས་བུའི་མཚན་ཉིད་ནི། །ཐུགས་རྗེ་སྤྲུལ་པའི་འཁོར་ལོས་ནི། །ཉོན་མོངས་གཅོད་ཅིང་སྡུག་བསྔལ་འཇོམས། །བསྒྲུབ་དང་བསྒྲུབ་པར་བྱ་བ་ཡི། །སེམས་བསྐྱེད་པ་དང་རྒྱུད་དགྲོལ་ཞིང་། །ཡེ་ཤེས་སེམས་མཚོན་རྣམ་གྲོལ་བྱེད། །དེ་ལས་རྣམ་པ་གཞན་དུ་ཡང་། །ཞི་དང་རྒྱས་དང་སྲུང་བ་དང་། །དགུག་དང་དབང་དུ་བྱ་བ་དང་། །དབྱེ་བསྐྲད་དགུག་དང་སྨྱོ་འབོག་དང་། །གསད་དང་མནན་པ་ལ་སོགས་པ། །དེ་ཡི་རྐྱེན་དང་རྩོལ་བ་དང་། །དུས་དང་ལས་ཐབས་བྱེད་པ་ཡི། །འཕེན་ཞིང་བསྐྱོད་པ་ནུས་པ་ཡི། །འཁོར་ཞིང་གཅོད་ཅིང་འབིགས་པ་དང་། །བསྣུར་དང་འཁྲུལ་ཞིང་སྡུད་པ་དང་། །གཟིར་ཞིང་གནན་ཅིང་འབིགས་པ་དང་། །བརྡེག་ཅིང་རྣམ་པར་འཇོམས་པར་བྱེད། །ལས་དང་སྲིད་པའི་འཁོར་ལོ་ནི། །ལས་ཀྱི་འཕེན་པས་སྲིད་པར་འཁོར། །ཕྱི་ནང་རྟེན་འདྲེལ་འཇིག་རྟེན་བསྐྱེད། །ཉོན་མོངས་ལས་དང་སྡུག་བསྔལ་གྱི། །རྣམ་པ་གསུམ་དང་འཁོར་ཤིང་འགྲོ། །འདས་དང་ད་ལྟར་གནས་པ་དང་། །འབྱུང་དང་མ་འོངས་ཕྱིས་འབྱུང་དང་། །སྐད་ཀྱི་འབྱུང་བའི་རྒྱུན་གྱིས་ན། །སྐད་ཅིག་མ་ཡི་རྒྱུན་གྱིས་འཁོར། །དེ་བཞིན་ཕྱི་རོལ་དོན་རྣམས་ཀྱང་། །དབྱར་དགུན་སྟོན་དཔྱིད་ཟླ་བ་ལོས། །བསྐལ་པ་དུ་མ་འཁོར་ཤིང་འགྲོ། །ངོ་བོ་ངེས་ཚིག་རྣམ་གྲངས་སུ། །འཁོར་ལོའི་རང་བཞིན་བསྟན་པ་ཡིན། །བདེ་གཤེགས་བཀའ་ལ་གནོད་པ་ལ། །འཆི་བདག་འཁོར་ལོ་ནག་པོ་བྱ། །ཡི་དྭགས་གྲོང་ཁྱེར་བཅོམ་བྱས་ལ། །སྣེལ་གྲི་མུ་སུའི་མགོ་ཐོད་བླངས། །ཡི་དྭགས་གོས་ལ་ཁྲམ་


DNG016_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

བྲིས་ཏེ། །དབྱིབས་ནི་ཟླ་བ་ལྟ་བུ་སྟེ། །ཀུན་ནས་ཡོངས་སུ་ཟླུམ་པ་སྟེ། །རིམ་པ་གསུམ་ལྡན་ལེའུ་ཙེ་དགུ། །བཅུ་གཉིས་བཅུ་དྲུག་རྩིབས་བཅས་ཏེ། །ལེའུ་ཙེ་དགུ་དང་བཅུ་གཉིས་ལ། །བཅུ་བདུན་ལ་སོགས་སྔགས་ཀྱིས་མཛེས། །འདི་ལྟ་བུ་ཡི་འཁོར་ལོ་ནི། །ཕྱིན་ཅི་ལོག་གི་བཅིངས་པ་ཡི། །ལོག་པའི་ཤེས་པ་ལྡན་པ་དེས། །རྒྱུ་མཐུན་མཚན་མའི་འཁོར་ལོ་ལ། །མན་ངག་ཅན་གྱི་རྣལ་འབྱོར་པས། །ཁ་ནས་དྲག་པོའི་སྔགས་བཟླས་ཏེ། །ཆོས་ཀྱི་རྒྱལ་པོ་ལ་སོགས་པའི། །ལས་ཀྱི་ཤན་པའི་གོ་བཀྲམ་སྟེ། །ལྕགས་ཀྱུ་ཤག་ཏི་ཏོ་མ་ར། །ཁ་ཊྭཱཾ་བེར་ཀ་ལ་སོགས་པས། །བརྡེག་ཅིང་འཇོམས་པར་བྱེད་པ་ནི། །འཇབ་ཅིང་རྒྱུག་ཅིང་འདེད་པ་དང་། །འཛིན་ཅིང་གསོད་པར་བསམ་པ་ཡིས། །གང་ལ་བྱ་བའི་རྣམ་ཤེས་དེ། །ལོག་པའི་སྟབས་ཀྱིས་གནས་སུ་མཐོང་། །ཁྲོ་བདག་གཤིན་རྗེ་གཤེད་པོ་རུ། །བདག་ཉིད་བསམ་པའི་རྣལ་འབྱོར་གྱིས། །མཚན་མའི་མིང་རུས་བཅས་པ་ལ། །སྐེ་ཚེ་དུག་དང་ཉུང་ནག་དང་། །ཐལ་ཆེན་གུ་གུལ་ཉུང་དཀར་གྱིས། །བྲབ་དང་གཟིར་དང་དབབ་པ་དང་། །དགུག་ཅིང་རྡོ་རྗེའི་མཚོན་གྱིས་གདབ། །སྔོན་དམར་བྱད་དུ་གཞུག་བྱས་ལ། །གའུ་ཁ་སྦྱར་ནང་དུ་གཞུག །སྨྲ་བཅད་ཞི་ཁྲོའི་སྔགས་བཟླས་པའི། །དྲག་པོའི་སྔགས་ཀྱིས་ཕོག་འགྱུར་ན། །གང་ལ་དམིགས་པའི་བསྒྲུབ་བྱ་སྟེ། །མགོ་འཁོར་བ་དང་ཁྲག་སྐྱུགས་པ། །མྱོས་པར་མཱ་ར་གདོན་མི་ཟ། །དྲག་པོའི་ལས་རྣམས་རྫོགས་པ་དང་། །མཚན་མ་མིང་རུས་བཅས་པ་རྣམས། །ཐོད་པ་ནག་པོར་རྒྱས་བཏབ་ལ། །སྨེ་བས་བཀྲུས་པས་ཚན་ཆུས་བྱུག །མུ་ས་ལ་ཡི་གཡོགས་ཤིང་གཏུམ། །ཁ་རལ་མ་ཡི་ཞབས་མས་གྲིལ། །ཡི་དྭགས་གྲོང་ངམ་སྨེ་བཙོག་ཁྱིམ། །མཆོད་རྟེན་འོག་གམ་ལྷ་ཁང་སྒོ། །རྒྱ་མཚོའི་འགྲམ་མམ་ལུང་མདོ་རུ། །རྡོ་ལ་རི་རབ་གཟུགས་བྲིས་ལ། །སྟེང་དུ་ལཾ་དང་དྷྲི་དྲི་ཡང་ཡིས་མནན། །གཤིན་རྗེའི་ལག་ཏུ་གཏད་ཁྲམ་བྱ། །ཐུན་ཁ་བརྒྱད་ཀྱང་བརྡེག་པར་བྱ། །སྦོས་པ་དུག་ཐུན་ལྐུགས་པ་ཁ། །ཉི་མ་དང་པོའི་ཐུན་གྱིས་མནན། །གཟེར་བ་མདའ་ཐུན་བརླ་ལ་གཟེར། །ཉི་མ་གཉིས་པའི་


DNG016_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་གྱིས་བྲབ། །ལྐུགས་པ་ཁྲག་ཐུན་མྱོས་པ་ཕུར། །བཟླས་པའི་ཚེ་དང་བཀླག་པའི་ཚེ། འདྲ་མིན་འདུག །ཉི་མ་གསུམ་པའི་ཐུན་གྱིས་བྲབ། །གསང་བ་ཉུང་ནག་ས་ཡི་ཚོན། །ཉི་མ་བཞི་པའི་ཐུན་གྱིས་མནན། །མཚན་ངན་ཐོད་པ་ཁྲག་གིས་བྱུག །ཁྲག་སྣ་དུག་སྣ་སྦྱར་བྱས་ནས། །ཤན་མར་དུག་སྐྱོག་དུག་ཐུན་བཟླས། །གླེན་ལྐུགས་ཐོད་པའི་ཁ་ཐུན་ཏེ། །ལྕགས་མདའ་ལྕགས་གཞུ་མདའ་ཐུན་བཟླས། །གྲི་བོའི་ཐོད་པར་མཚོན་བརྡར་བའོ། །མཁྲིས་ནད་ཐོད་པར་ས་སེར་གསེར། །གླ་བ་གསེར་ཐུན་སྔགས་ཀྱིས་སོ། །སྨྱོ་བའི་ཐོད་པ་ཁྲག་ཐུན་དང་། །སྨྱོས་པ་ཕུར་ཐུན་བཟླས་པ་བྱ། །རབས་ཆད་ཐོད་པ་ཉུང་ཐུན་དང་། །ས་ཚོན་ཐུན་དུ་ཤེས་པར་བྱ། །ཆུ་ཤེལ་སྒྲོན་མ་རླབས་པོ་ཆེ། །ལྐུགས་པ་མོན་མོའི་ལག་གཡས་ཀྱི། །སྲིད་པའི་དམག་དཔུང་ར་མདའ་བཟློག །ཡ་མ་རཱ་ཛའི་གཡབ་ཀྱིས་གཡབ། །གསུར་དང་སྨེ་བའི་དུད་པས་བདུག །གཅེར་བུ་སྤྱི་ཚུགས་ངུ་འབོད་བྱ། །མི་མཐུན་གཉེན་པོའི་ཕྱོགས་དག་ཏུ། །གཟིར་གནོན་དྲག་པོའི་མངོན་སྤྱོད་བྱ། །དྲག་པོའི་ཐུན་སྔགས་ཁ་ནས་བཟླས། །ཞུང་ཐུན་ཡ་རྦད་ན་ཐུན་ཡ་རྦད་ཕུད་ཐུན་ཡ་རྦད། ཁྲག་ཐུན་ཡ་རྦད། གང་པོ་དང་ལོ་ལོ་ཀྱི་གྱེ། སྲོག་ལ་ཡཾ་ཡཾ་སྙིང་ལ་ཐུན། ཁ་བརྒྱད་ཐུན་ཡང་བརྡེག་པར་བྱ། །ལྷ་སྲིན་སྡེ་བརྒྱད་ལ་སོགས་པའི། །སྲིད་པའི་དམག་དཔུང་ཕབ་ནས་ནི། །དྲང་སྲོང་དམོད་པའི་སྔགས་ཟོར་དང་། །སྣ་ཚོགས་སྔགས་ཀྱི་སྦྱོར་བ་དང་། །ལྷ་ཡི་རྣལ་འབྱོར་ལྡན་པས་བྱ། །ཁྲུ་གང་གྲུ་བཞི་ཟབས་ཡོད་པར། །གའུ་རྫས་ཀྱི་སྦྱོར་བ་དེ། །འབྱུང་པོའི་གཏོར་མ་གཤིན་རྗེ་ལ། །བྱིན་ལ་ལག་ཏུ་གཏད་ཁྲམ་བྱ། །རང་གི་ཡི་དམ་བསྒོམ་བྱ་ཞིང་། །བྱིན་གྱིས་བརླབས་པའི་གཏོར་མ་ནི། །ས་སྲོས་ཚེ་ན་ལྷོ་ཕྱོགས་གཏང་། །སྒྲོལ་བའི་དྲག་སྔགས་བརྣག་པའི་ལུང་། །བསྟན་པ་བསྲུང་བ་གནན་པའི་གཏེར། །ཕྲིན་ལས་དྲག་པོ་སྔགས་ཀྱི་མཚོན། །འཁོར་ལོ་ཐུན་སྡེབས་སྒྲོལ་བའི་འཕྱོང་། །རྡོ་རྗེ་སེམས་དཔའ་གཟུངས་ཤིང་ཆོངས། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། འཁོར་ལོ་ཐུན་སྡེབས་ཀྱི་སྐབས་ཏེ་ལེའུ་སུམ་ཅུ་པའོ།། །།དེ་ནས་གཤིན་རྗེ་གཤེད་པོས་འདི་སྐད་བརྗོད། །བསྟན་པ་སྲུང་བ་བརྣག་པའི་ལུང་། །ཐུགས་


DNG016_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་མན་ངག་སྔགས་ཟོར་མཆོག །སྒྲོལ་བའི་ཕྲིན་ལས་སྦྱོར་ཐབས་སུ། །འཁོར་ལོ་བྱད་སྡེབས་མན་ངག་འཕྱོང་། །བཀའ་ཡི་བསྟན་པ་བསྲུང་བའི་ཕྱིར། །རང་སེམས་དག་པའི་རྣལ་འབྱོར་པས། །སྙིང་རྗེ་རྟག་ཏུ་སྲོག་ལྟར་བརྟེན། །བྱམས་དགའ་བཏང་སྙོམས་དེ་བཞིན་དུ། །མདོ་སོགས་འདོན་ཞིང་བསམ་གཏན་བྱ། །རྒྱུན་གྱི་ཡི་དམ་རྩེ་གཅིག་པས། །བླ་མ་དག་ལ་རྟག་ཏུ་བཀུར། །དེས་ཀྱང་དཀྱིལ་འཁོར་ཚུལ་བཞིན་གཞུག །ཐེག་ཆེན་དམ་ཚིག་སྡོམ་པ་བཤད། །རང་གི་སྔགས་དང་ཕྱག་རྒྱ་དང་། །སྒྲུབ་ཐབས་མན་ངག་ལེགས་པར་བླང་། །དེ་ནས་མཆོད་པ་ཆོ་ག་བཞིན། །ཉིན་རེ་དག་ཏུ་བྱས་ནས་ཀྱང་། །སྐུ་གཟུགས་དག་ཀྱང་འབད་དེ་བྱ། །བདེ་བའི་སྟན་ལ་ལུས་སེམས་གཞག །སུམ་འབུམ་མི་སྐྱོའི་བར་དུ་བཟླས། །དེ་འོག་རི་རྩེར་གནས་བྱས་ལ། །རླུང་ཟ་ཞིང་ནི་བཟླས་པ་བྱ། །འབུམ་བཅུའི་མཐའ་རུ་ཕྲིན་ལས་བརྩམས། །ནམ་མཁའི་སྒྲོན་མ་མར་དུས་ཚེ། །ཡི་དྭགས་གྲོང་བཅོམ་ཤི་གོས་ལ། །ཡི་དྭགས་འཁོར་ལོ་གདུག་པ་ཡི། །འཁོར་ལོ་གདུག་པའི་ལྟེ་བ་ལ། །རེའུ་མིག་དགུ་ཡི་མཚམས་བོར་ཏེ། །བཅུ་གཉིས་འཁོར་ལོ་གདུག་པའི་ནང་། །བཅུ་བདུན་ལ་སོགས་གསང་སྔགས་དང་། །ཟླུམ་པོས་བསྐོར་བའི་ཕྱི་རིམ་ན། །ཧྲཱྀཿཤྟྲཱིཿམིང་ཡིག་དབྱངས་ཚོགས་རྣམས། །དུར་ཁྲོད་སོལ་བ་དུག་སོལ་གྱིས། །སྲིན་མཐེབ་གུང་མཛུབ་སྦྱར་བ་ཡིས། །ཁྲུ་གང་གོས་གཉིས་རས་མཆོག་ལ། །གདུག་པའི་ཡི་གེ་གཡས་གཡོན་བཟློག །དེ་ནང་ཆུད་པའི་སྐྱེས་བུ་གཉིས། །ཞལ་བགྲད་སྤྱན་བཟློག་འཁོར་ལོ་འཛིན། །ཕྱག་ཞབས་མགུར་ཆུ་རོ་ཉེས་བརྒྱན། །མི་སྨྲ་དབང་པོ་བསྡམས་ཏེ་བྲི། །གཉིས་སྦྱར་རྒྱབ་ལ་རོ་ཉེ་ཡིས། །བསྡམས་པའི་ཚུལ་དུ་མཁས་པས་བྲི། །གདུག་པ་གྲུབ་གཅིག་ཐོད་ནང་དུ། །ཡང་འདུག །གདུག་པས་བཟུང་ཞིང་ཐོད་ནང་དུ། །དྲིལ་བྱས་སྔོན་དམར་བྱད་ཀྱིས་བསྡམས། །གདུག་པའི་ཐོད་ནག་ལྟོས་འགྲོ་བྲི། །མངར་དང་ཀླུ་སྨན་རྩི་མཆོག་གིས། །མཆོད་ཅིང་སྦལ་ལ་མགུ་བར་བྱ། །གདུག་པས་བཟུང་ཞིང་ཐོད་པར་གཞུག །སྔོན་དམར་བྱད་ཐག་བཞིས་བཏབ་ལ། །བཟུང་སྟེ་ཉིན་མཚན་མ་ནོར་བཟླས། །ཁ་ནས་དྲག་པོའི་སྔགས་བཟླས་པས། །རྡོ་རྗེ་རླུང་ལྕེ་


DNG016_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་བ་ལས། །སྔོན་དམར་གདུག་པའི་རོ་ཉེའི་ཚོགས། །དུར་ཁྲོད་སོལ་བས་དུག་སོགས་སྦྱར། །ལྕགས་སམ་འུག་པའི་སྒྲོ་རྩ་ཡིས། །གསང་བའི་སྔགས་དང་མིང་རུས་བྲི། །དུག་ཅན་ནད་ཀྱིས་བསྒྲུབ་བྱ་ལ། །དུག་ལྕེ་ནག་པོས་བསྡམས་པར་བསམ། །འཆི་བདག་བཤན་པའི་ཡི་དྭགས་ཚོགས། །གཏུམ་པོ་དུག་གི་ཁ་རླངས་ཅན། །ཆོས་ཀྱི་རྒྱལ་པོ་ལ་སོགས་པས། །འཇབ་ཅིང་སྒུགས་ཤིང་བཟུང་ནས་ནི། །གཤིན་རྗེ་གདུག་པའི་ཁང་པ་རུ། །དབང་མེད་ལས་ཀྱིས་འཇུག་པར་བསམ། །ཧྲཱྀཿཤྟྲཱིཿགདུག་པའི་སྔགས་ཀྱི་མཐར། །ཧཱུཾ་དང་མིང་སྤེལ་ཨཱ་ཀར་ཥ། །ཛ་གཉིས་དགུག་པའི་གསང་སྔགས་བཟླས། །སྐེ་ཚེ་དུག་ཉུང་སྔགས་ཀྱིས་བྲབ། །ཟླ་བ་ནག་པོའི་མར་དུས་ཚེ། །འཁོར་ལོ་རྩིབས་བཞི་གྲུ་གསུམ་སྟེ། །ལྕགས་ཁྲི་ནག་པོའི་སྟེང་དག་ཏུ། །ཡི་དྭགས་གདུག་པའི་ག་བུ་བཞག །ཡ་སོགས་གདུག་པའི་གསང་སྔགས་རྣམས། །ཞི་ཁྲོ་རྫོགས་ནས་ག་བུ་དེ། །རྫ་མཁན་ས་ལ་ག་བུ་རྒྱུ། །གདུག་པའི་ག་བུ་ཤོང་བའི་ཚེ། །གཉིས་བྱས་ནང་དུ་རོ་ཉེ་གཉིས། །ཕྱི་ནང་གཉིས་སུ་འབུར་དུ་བྱ། །ག་བུ་དག་ལ་འཁྲིལ་བའི་ཚུལ། །མེ་ཡི་སྨིན་མ་ག་བུ་གནག །གདུག་པའི་ཐོད་ནག་ག་བུར་གཞུག །སྔོན་དམར་གཉིས་ཀྱི་ཐེ་གུས་བསྡམས། །ཤར་ནུབ་ལྷོ་བྱང་ཕྱོགས་མཚམས་སུ། །གདུག་པ་གནས་པའི་ཡུལ་དག་ལ། །སྒོ་བལྟས་ཁྱིམ་ནས་འདོམ་གང་དུ། །རྡོ་ལ་འཇིག་རྟེན་གཟུགས་བྲིས་ལ། །ས་སྒོ་ཕྱེ་ལ་ཁྱིམ་བདག་རྦད། །མཐུན་པའི་རྫས་བྱིན་མགུ་བར་བྱ། །ག་བུ་གདུག་པའི་སྦྱོར་བ་དེ། །ལེགས་སྦས་སྟེང་ནས་འཇིག་རྟེན་གཞུག །གང་ལ་བྱ་བའི་དུས་དང་ལོ། །གཉེན་པོ་གང་ཤིས་མཁས་པས་དཔྱད། །ཟླ་བ་ནག་པོའི་མར་དུས་ཚེ། །དྲང་སྲོང་རྒྱུ་བའི་ས་ཕྱོགས་སུ། །བྱད་སྟེམས་འཁོར་ལོའི་བཙན་དུག་སྤྱོ། །ཁྱབ་འཇུག་མཆོད་ཅིང་ཁྱིམ་བདག་རྦད། །གཅེར་བུ་སྤྱི་ཙུག་འོ་དོད་འབོད། །མ་ཉེས་དཔང་གཟུག་རུ་དུང་འདུད། །མི་མཐུན་གཉེན་པོའི་ཕྱོགས་དག་ཏུ། །བོས་ཤིང་མཆོད་ཅིང་གཏད་ཁྲམ་བྱ། །ཁྱབ་འཇུག་གདུག་པའི་དམོད་པ་བོར། །ཡི་དྭགས་གདུག་པའི་སྨོན་ལམ་གདབ། །ནཱ་ག་གདུག་པའི་དམོད་


DNG016_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

བཅོལ་བྱ། །རང་ཉིད་ལྷ་ཡི་ང་རྒྱལ་གྱིས། །དཀར་པོ་རྡོ་རྗེ་རྒྱ་བསམ་ལ། །ས་སྒོ་བཅད་ལ་རྒྱ་ཡིས་མནན། །སྡོམ་ལ་གནས་པའི་རྣལ་འབྱོར་པས། །གཡེང་བ་མེད་པའི་ཏིང་འཛིན་གྱིས། །ཕྲིན་ལས་རྫོགས་དང་གསང་སྔགས་བཟླས། །བསྒྲུབ་བྱའི་གཟུགས་ཕུང་མ་ཞིག་པར། །གདུག་པ་སྦྲུལ་གྱི་སེམས་འདྲ་བས། །མ་ཞིག་བར་དུ་གཏང་མི་བྱ། །ཞིག་སྟེ་མངོན་དུ་གྱུར་པ་དང་། །སྤར་ཞིང་གཡོ་བའི་ཆོ་ག་བྱ། །བསྐྱེད་དང་སྤྱན་དྲང་མཆོད་བསྐུལ་རྣམས། །བསྒོམ་རྒྱུད་མཛེས་ཐུན་ནང་དུའོ། །བླ་མའི་གདམས་ངག་དམ་པ་ཡང་། །ཡིད་ལ་ནན་ཏན་གཞག་པར་བྱ། །བྱང་ཆུབ་སེམས་ཉིད་སེམས་ལ་གཞག །དམ་ཚིག་བསྲུང་སྡོམ་མི་ཉམས་བསྲུང་། །བཀའ་ལ་བཤད་པ་རྗེས་མཐུན་པར། །རྫས་དང་ལག་ཆ་མཐུན་བསྡེབས་ཤིང་། །རྟག་ཏུ་དུར་ཁྲོད་དགོན་པར་དགའ། །དུས་དང་ལོ་ཚིགས་དམ་བཅས་པ། །མི་འདའ་གཞུང་ལྟར་བྱེད་པ་སྟེ། །མཚན་མ་མཐོང་དང་བཟླས་པ་རྫོགས། །རྒྱུན་གྱི་ཡི་དམ་ཆེ་བ་སྟེ། །དེ་ལྟ་བུ་ཡི་རྣལ་འབྱོར་པ། །བདེན་པ་གྲུབ་པའི་ནུས་པ་ཡོད། །ཤེས་རབ་སྙིང་རྗེ་རབ་ལྡན་པའི། །དབང་ཐོབ་དམ་ཚིག་སྲོག་ལྟར་བསྟེན། །མི་འཇིགས་དཔའ་བོ་བརྟུལ་ཞུགས་ཅན། །མན་ངག་ཡོད་པའི་རྣལ་འབྱོར་པས། །རང་དོན་ཕྲན་ཚེགས་མ་ཡིན་པའི། །དཀོན་མཆོག་དབུ་འཕང་སྨོད་པ་དང་། །བསྟན་ལ་ཞེ་སྡང་གནོད་བྱེད་པ། །བཀའ་གསང་སྟོན་པས་བཤད་པ་ཡི། །དྲག་པོའི་མངོན་སྤྱོད་ཟབ་མོའི་ལུང་། །གཤིན་རྗེ་གཤེད་པོ་བདག་གིས་ཀྱང་། །ཐུགས་ཀྱི་སྒྲོམ་ནས་བཏོན་པ་འདི། །འཁོར་ལོ་བྱད་སྟེམས་བརྣག་པའི་ལུང་། །མན་ངག་ཅན་གྱི་དེ་ཤེས་བྱ། །ལས་ཀྱི་བྱ་བ་ཐུན་ཚགས་རྣམས། །མན་ངག་དོན་གྱིས་ཤེས་པར་བྱ། །ཅུང་ཟད་མི་མཐུན་མཆོད་བསྟོད་རྣམས། །ཟླ་གསང་ནག་པོའི་རྒྱུད་དག་ལས། །གསང་བ་མཛེས་ཐུན་གཞུང་ལྟར་བྱ། །དེ་ལ་མཆོད་པ་གསུངས་པ་ནི། །མཆོད་པ་ཆེན་པོ་འདོད་ཆགས་ཆེ། །དཀྱིལ་འཁོར་ཆེན་པོ་ཡངས་པ་ཡིན། །ཚིགས་བཅད་བཅུ་དྲུག་ཐ་མ་ལ། །འཇམ་དཔལ་དཔལ་དང་ལྡན་པའི་མཆོག །འགྲོ་ལ་ཕན་པའི་གཙོ་ཆེན་གྱིས། །སྨན་པར་དགོངས་ཏེ་བཞེས་


DNG016_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གསོལ། །ཚིག་གཉིས་བཏག་ལ་དབུལ་བར་བྱ། །བསྟོད་པ་ལ་སོགས་བྱེད་པ་ན། །དེ་བཞིན་རྩ་བ་མཚན་བརྗོད་ལས། །འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །རྫོགས་པའི་སངས་རྒྱས་ཨ་ལས་བྱུང་། །འདུད་སོགས་ཀུན་གྱིས་བསྟོད་བྱས་མཐར། །མཚན་གྱི་སྔགས་བརྗོད་བསྟོད་ཆེན་བྱ། །སྔགས་མཆོག་མངའ་བདག་རིག་སྔགས་རྒྱལ། །ཞེས་པ་ནས། མ་རིག་སྒོ་ངའི་སྦུབས་འབྱེད་པ། །སྲིད་པའི་དྲ་བ་འཇོམས་པ་པོ། །ཞེས་བསྟོད་པ་ཚིག་རྐང་དྲུག་པ་དང་། དྲུག་ཅུ་རྩ་བཞིས་བསྟོད་པ་དབུལ། །ཡང་ན་འདུད་པ་ཉི་ཤུ་ནས། །མཚན་སྔགས་བརྗོད་ལ་བསྟོད་ཆུང་བྱ། །ཡང་ན་མཛེས་ཐུན་གཞུང་བཞིན་བྱ། །བསྐལ་པ་སྦྲུལ་ནག་ཁྱིལ་ཅེས་གཏད། །འཁོར་ལོ་བྱད་སྟེམས་གསད་ཐབས་འདི། །དཀོན་མཆོག་གནོད་ཅིང་བསྟན་པ་འཇིག །མངོན་སྤྱོད་ཐུགས་རྗེས་བསྒྲལ་བའི་ཕྱིར། །མི་ཚིག་ཐ་སྙད་ཙམ་དུ་བརྗོད་མི་བྱ། །ཆུ་སྲིན་མགྲིན་པར་རིན་ཆེན་ཆུད་པ་ལྟར། །ཁོང་དུ་སྦས་ཏེ་ཡོངས་སུ་བསྒྲགས་པ་མིན། །གཤིན་རྗེ་གཤེད་པོའི་ཐུགས་ཀྱི་ཡང་བཅུད་འདི། །ཕྱག་ན་རྡོ་རྗེས་རབ་ཏུ་གཟུང་ཞིང་ཉོན། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། ཚོན་གྱི་གྲུ་གུ་སྔོན་དམར་བྱད་སྟེམས་ཀྱི་སྐབས་ཏེ་ལེའུ་སོ་གཅིག་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོས་འདི་སྐད་ཅེས་གསུངས་སོ། །ལས་ཀྱི་བྱ་བ་གཞན་ཟིན་ནས། །དྲག་པོའི་འཁོར་ལོ་མནན་པ་འདི། །ལག་ན་རྡོ་རྗེས་རབ་ཏུ་ཟུང་། །ཤིན་ཏུ་དགོན་པའི་གནས་ཉིད་དུ། །དུར་ཁྲོད་གླིང་ནས་རས་བླངས་ཏེ། །འཁོར་ལོ་རིམ་པ་ཚུལ་བཞིན་དུ། །མཱ་ར་ཡ་ཡི་ལིངྒ་ཉིད། །ཇི་བཞིན་འདོད་པའི་དབྱིབས་སུ་བཅའ། །གོང་མའི་བསྙེན་པ་རྫོགས་པ་དང་། །འཁོར་ལོ་ཐབས་ཅན་གྱི་དང་ཆོས་ཀྱི་ཡང་། སྣང་ཀྱི་དམ་རྫས་དེ། །མཆོད་རྟེན་འོག་ཏུ་གནན་པར་བྱ། །བདག་ཉིད་གཤེད་པོར་བསྒོམ་བྱས་ལ། །མཆོད་རྟེན་དེ་ཉིད་ངོ་བོ་ཡང་། །རི་རབ་གླིང་བཞི་ཆས་པར་བསྒོམ། །རི་རབ་ལྷོ་ན་བཞུགས་པ་སྟེ། །སྒྲོལ་བའི་ཡུམ་དང་སྦྱོར་བའི་ཡུམ། །ཤར་དང་ནུབ་ཏུ་གནས་པར་བསམ། །བྱང་ན་སྲས་མཆོག་གནས་པར་བསྒོམ། །དེ་བཞིན་རབ་ཏུ་མནན་ཅིང་གཟིར། །


DNG016_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

རི་རབ་ཟུར་བཞིར་ལཾ་སེར་བཞི། །དེ་ལས་གླིང་ཕྲན་བཅུ་གཉིས་བསམ། །རི་རབ་འོག་ཏུ་གཟས་པ་པོ། །གཤིན་རྗེ་རལ་པ་ཚར་དགུ་ཡིས། །ལྕགས་ཐག་སྔོན་པོས་བཅིངས་པ་དེ། །བམ་རིལ་མནན་ནས་ལྕགས་ཕུར་ལ། །དཔག་བསམ་ཤིང་ཙམ་བཏགས་པ་སྟེ། །སྒྲ་སྒྲོགས་ཁ་ནས་ཁྲག་སྐྱུགས་གན་བུབ་ཅིང་། །མིག་རྩ་རིག་རིག་འོ་དོད་འབོད། །ཅི་མཛད་ཐོང་ཞིག་ཟེར་ཞིང་མནན་པར་བསམ། །འཁོར་ལོ་བྲི་བའི་དུས་སུ་ཡང་། །དམིགས་པའི་མིང་དག་གཞུག་པ་ནི། །འཁོར་ལོ་ཉིད་ལ་མི་ཤོང་ཞིང་། །མི་བཏུབ་པ་རྣམས་གུད་དུ་བྲི། །དེ་དག་བྲིས་ཏེ་གདགས་པར་བྱ། །གནས་དང་ཐབས་ནི་འདི་ཡིན་ཏེ། །ཡ་ལ་སོགས་པའི་ཡི་གེ་ལྔ། །གྲ་བཞི་ཧཱུཾ་ཕཊ་བར་མཚམས་བཞི། །རྩིབས་ཀྱི་རེའུ་ཆ་བཅུ་གཉིས་དང་། །མཐའ་བསྐོར་མིང་རུས་ལེའུ་ཙེ་བརྒྱད། །དེ་དག་ཉི་ཤུ་རྩ་དགུ་ལ། །གུད་དུ་མིང་གི་མཇུག་ཏུ་ཡང་། །མཱ་ར་ཡ་ཞེས་བྲིས་པའི་འཁོར་ལོ་གཉིས། །ཁ་སྦྱར་བ་ཡི་ནང་དུ་གཞུག །འཁོར་ལོ་སྐུད་པས་སྦྲེལ་ལ་བཞག །ངན་སྔགས་བཟླས་པའི་དུས་སུ་ཡང་། །བཞི་པའི་ངན་སྔགས་ཁྲི་ཕྲག་འདོན། །དེ་དག་བཏོན་པའི་རྗེས་ལ་ཡང་། །ཡི་གེ་བཅུ་པ་ནུས་ཚད་བཟླས། །དེ་ཚེ་མཆོད་པ་འབུལ་བ་དང་། །དེ་ཚེ་གཏོར་མ་གཏོང་བ་དང་། །ཡེ་ཤེས་ལྷ་ལ་ཐུགས་དམ་བསྐུལ། །ལས་ཀྱི་གཤིན་རྗེ་མ་མོ་རྣམས། །རཀྟ་གསོལ་ཞིང་དགུག་པའི་ཕྲིན་ལས་བྱ། །འཁོར་ལོ་སྦེད་པའི་དུས་སུ་ཡང་། །གཤིན་རྗེ་དག་ལ་གཏད་པ་ནི། །རྫས་ཀྱི་མཆོད་པ་བཤམས་པ་དང་། །བདག་ཉིད་གཤེད་པོར་བསྒོམ་པ་དང་། །འཆི་བདག་དགོངས་སུ་གསོལ་བ་དང་། །རང་གི་ལས་ཀྱི་ལྟང་བརྩི་དང་། །བསྒྲུབ་བྱའི་ཆད་པ་བརྩི་བ་དང་། །གཤིན་རྗེའི་རྒྱལ་པོ་སྤྱན་དྲངས་ནས། །དམ་ཚིག་ཕྱག་རྒྱ་རབ་བསྟན་ཅིང་། །དམ་ཚིག་སྙིང་པོ་རབ་ཏུ་བཟླས། །དེ་བཞིན་དམ་ལས་མི་འདའ་དང་། །དམ་རྫས་མཆོད་པས་མཉེས་བྱེད་དང་། །ལས་ཀྱི་ཕྱག་རྒྱ་བཅའ་བ་དང་། །དམ་ཚིག་བསྐུལ་ཏེ་ལས་ཀྱི་གཉེར་གཏད་དང་། །མནས་བསྒགས་རྣམས་ཀྱིས་གཏད་པའི་ལས་རྫོགས་ཏེ། །འཁོར་ལོ་སྦ་བའི་དུས་སུ་ཡང་། །


DNG016_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་རྗེ་དག་ལ་གཏད་པ་ནི། །དྲང་སྲོང་དམོད་པའི་སྨོན་ལམ་གདབ་པར་བྱ། །དེ་ལ་མནན་རྫས་བསག་པ་ནི། །མི་ཁྲག་ར་ཁྲག་དུག་ལ་སོགས། །ཕོ་རོག་འུག་པ་པུ་ཤུད་སྒྲོ། །སྲིན་བྱའི་སྙིང་དང་འུག་པའི་མིག །བཙོང་དང་ལ་ཕུག་སྐེ་ཚེ་དང་། །གཡེར་མ་བྲ་འོ་སྒ་དང་ནས། །དེ་ལ་སྔགས་ཏེ་གནན་པའོ། །སྤྱིར་ན་གནན་པའི་ལས་བྱས་ན། །གཤེད་པའི་དགོངས་པས་གནན་པ་དང་། །ཕྱག་རྒྱའི་སྟོབས་ཀྱིས་གནན་པ་དང་། །གཏད་ཁྲམ་བཅུ་གཉིས་ཆོ་གས་གནན་པ་དང་། །ཡ་སྟགས་གདུག་པས་གནན་པ་དང་། །དེ་དག་རྫས་ཀྱིས་གནན་པའོ། །དྲག་པོའི་སྔགས་ཀྱིས་གནན་པ་དང་། །སྨོན་ལམ་གདབ་ཅིང་གནན་པ་དང་། །དྲང་སྲོང་དམོད་པས་གནན་པའོ། །འདི་ནས་ལྷོ་ཡི་ཕྱོགས་རོལ་ན། །དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཕ་རོལ་ན། །ཐོད་པ་ལྕགས་ཀྱི་གྲོང་ཁྱེར་ན། །ཡི་དྭགས་ཀུན་གྱི་སྡེ་དཔོན་པོ། །མ་མོ་ཀུན་གྱི་ཚོགས་རྗེ་མོ། །གསོན་གཤིན་གཉིས་ཀྱི་ཟམ་ཁ་བ། །གསོན་པོ་སྐོས་ལ་འདེབས་པ་པོ། །ཤི་བ་རྣམས་ཀྱི་གཤིན་བུ་རྗེ། །དགེ་བ་ཅན་གྱི་ལྟང་འཛིན་ལ། །སྡིག་པ་ཅན་གྱི་ཆད་པ་མཁན། །ལེགས་ཉེས་ཆོས་བཞིན་གཅོད་པ་ཡི། །ཆོས་རྒྱལ་གཤིན་རྗེ་ཞེས་བྱ་བ། །མངོན་ཤེས་རྫུ་འཕྲུལ་མཐུ་ལྡན་པས། །འཁོར་བཅས་ཁྱེད་ལ་གཏད་པར་བྱ། །དེ་དག་རབ་ཏུ་མནན་གྱུར་ན། །དེ་ཡི་ཆོ་ག་འདིར་མ་བཤད། །ལག་ན་རྡོ་རྗེས་རབ་ཏུ་ཟུང་། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། འཁོར་ལོ་མནན་པའི་སྐབས་ཏེ་ལེའུ་སོ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་གཤིན་རྗེའི་གཤེད་པོས་འདི་སྐད་ཅེས་བརྗོད་དོ། །བདག་དོན་མ་ཡིན་གཞན་དོན་ནམ། །དཀོན་མཆོག་བླ་མའི་དོན་ཆེད་དུ། །རཱུ་ཏྲ་གདུག་པ་ཚར་བཅད་ན། །སྔགས་ཀྱི་དངོས་གྲུབ་ཐོབ་ནས་འགྲུབ། །དཔེར་ན་དཔའ་བོ་སྐྱེས་བུ་ཡིས། །གཡུལ་ངོ་བཟློག་པར་འདོད་པ་ཡིས། །གོ་དང་མཚོན་ལ་ནན་ཏན་བསྐྱེད། །དེས་ནི་གཡུལ་རྣམས་བཟློག་པར་འགྱུར། །གོ་མཚོན་མགར་ལ་རག་ལས་ཕྱིར། །དཔའ་བོས་མགར་ལ་བརྟེན་པར་བྱ། །མགར་གྱིས་རྡོ་ལ་ལྕགས་སུ་བཞུ། །ལྕགས་ལ་གོ་དང་མཚོན་ཆ་བརྡུང་། །དེ་ནས་འཐར་ལ་ནན་


DNG016_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་བསྐྱེད། །ཏིལ་མར་ངར་ཡང་ཡིད་འཐད་བླུད། །དེ་ནས་བརྡེག་ཐབས་ཤེས་པར་བྱ། །དེ་བཞིན་རྣལ་འབྱོར་ཆེན་པོས་ཀྱང་། །ཐོག་མར་བླ་མ་མཉེས་བྱའི་ཕྱིར། །རབ་ཏུ་གཅེས་དང་ཡིད་འཐད་དབུལ། །གནང་བར་དཀའ་བའི་དབང་ཡང་མནོས། །མན་ངག་གནད་ནས་རྨྱུར་ལ་བསྒྲུབ། །སྙིང་པོ་དོན་ཐབས་ལྟར་ཤེས་བྱ། །དྲུག་འབུམ་སུམ་འབུམ་གཅིག་འབུམ་དང་། །གཞན་ཡང་འབུམ་གཅིག་ཤེས་པར་བྱ། །དེ་ནས་མཁས་པས་ཕྲིན་ལས་བྱ། །དུས་དང་ཕྱོགས་ནི་མཁས་པས་བརྟག །ཁྲི་ཁྲི་བར་དུ་སྤྱི་རྒྱུག་བྱ། །ཕྲིན་ལས་དག་ལ་རྣམ་པ་གསུམ། །འཁོར་ལོ་སྦྱིན་བསྲེག་མནན་པའོ། །དང་པོ་འཁོར་ལོའི་ལས་བྱས་ནས། །དེ་ནས་གནན་པའི་ལས་ཤེས་བྱ། །ཐ་མར་མེ་ཡི་ལས་བྱ་སྟེ། །མེ་ལྷ་བསྙེན་པས་ལས་རྣམས་འགྲུབ། །དང་པོར་བསྙེན་པ་རྫོགས་ནས་ཀྱང་། །འཁོར་ལོ་བསྐོར་བའི་ལས་བྱས་ནས། །གཞུང་ལས་འབྱུང་བའི་འཁོར་ལོ་ཡི། །གནན་པའི་ལས་ཐབས་བྱས་ནས་ནི། །ཧོམ་དང་བསྲེག་པའི་ལས་བཤམ་པ། །ཐབ་ཁུང་གྲུ་གསུམ་བརྩིག་པ་ལ། །རྡོ་རྗེ་རྒྱ་གྲམ་ནག་པོ་བྲི། །གཟས་པའི་ལིངྒ་གཞག་པར་བྱ། །དེ་ནས་ཧོམ་ཤིང་ཚེར་མ་ཅན། །བམ་པོ་བསྒྲེང་དང་གྲུ་གསུམ་བརྩིག །དུག་ཆུ་ཁྲག་གིས་བྱུག་པར་བྱ། །གཞན་ཡང་རཀྟའི་ཨརྒྷཾ་དང་། །སྨན་ཕུད་ཏིལ་དམར་འབྲུ་བཤོས་དང་། །མཚེ་ཐུན་ལྕགས་ཕྱེ་ཟངས་ཕྱེ་དང་། །རྡོ་ཕྱེ་དུག་ཆུ་འབྲུ་ནག་པོ། །ཤ་ཆེན་རུས་པ་གཏུབ་པ་དང་། །དེ་དག་ལ་སོགས་མདུན་དུ་གཞག །གོས་ནག་གྱོན་ཞིང་ཐོད་ནག་བཅིང་། །རཀྴའི་ཕྲེང་བ་སེ་རལ་ཁ། །དཔྲལ་བར་མེ་ལོང་ཞིང་གི་སྟན། །རུས་སྦལ་འདུག་སྟངས་ལྷོ་ཕྱོགས་བལྟ། །ལྕགས་སམ་མི་རྐང་གཟར་བུ་ཐོགས། །དྲི་ཆེན་དྲི་ཆུ་གོས་དུམ་གྱིས། །ས་ལ་དམིགས་པའི་གཟུགས་བྱས་ལ། །སྙིང་གར་མིང་དང་རུས་བཅས་གཞུག །གཞན་ཡང་མིང་ཡིག་མང་པོ་དང་། །མི་བསད་མཚོན་གྱིས་ལིངྒ་གཏུབ། །དུམ་བུ་རེ་དང་མིང་བྱང་རེ། །ཤ་ཆེན་གཏུབ་པ་རེ་སྦག་ལ། །དྲག་པོའི་སྔགས་ཀྱིས་ཁྲོས་ལ་བརྡེག །ཏིང་ངེ་འཛིན་གྱི་རིམ་པ་ནི། །ཏིང་འཛིན་རྣམ་


DNG016_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཚིག་བཤད་དང་། །བཅས་པའི་ཕྲིན་ལས་གཞུང་བསྲང་བྱ། །ཨོཾ་སྭ་བྷཱ་ཝ་ཤུཌྜྷཿསརྦ་དྷརྨ་སྭ་བྷཱ་བ་བི་ཤུདྡྷོ྅ཧཾ། ཆོས་རྣམས་སྟོང་པའི་རང་བཞིན་སྦྱང་། །དེ་ཡི་ངང་ལས་ང་རྒྱལ་ལྷ། །ཡ་མཱནྟ་ཀ་གསལ་བསྒོམས་ཏེ། །ཞལ་དྲུག་ཕྱག་ཀྱང་བཅུ་གཉིས་ཏེ། །རྒྱན་དང་ཆ་ལུགས་གསལ་བར་བསྒོམ། །ཐབ་ཁུང་ཨེ་ལས་འབར་བའི་གཞལ་ཡས་ཁང་། །དྲག་པོ་འབར་བའི་གནས་སུ་གསལ་བར་བསྒོམ། །ཡུགས་ས་རྡོ་ནག་ཤིང་ནག་གཙུབས་པའི་མེ། །རླུང་གཡབ་ནག་པོས་གཡབ་པ་འམ། །དྲག་པོ་སྔགས་ཀྱི་རབ་ཏུ་སྦར། །མེ་ཡི་ནང་དུ་རཾ་ནག་མེ་ཡི་ལྷ། །རྒྱན་དང་ཆ་ལུགས་ནག་པོ་གསལ་བར་བསྒོམ། །ཏིང་ངེ་འཛིན་གྱི་འཕྲོ་འདུས་གནས་ནས་ཀྱང་། །འོད་ཟེར་ལྕགས་ཀྱུས་ཡེ་ཤེས་མེ་ལྷ་དེ། །སྤྱན་དྲངས་གཉིས་སུ་མེད་པར་བཞུགས་པར་བསམ། །མེ་ཡི་ལྷ་ཉིད་སྔགས་འདིས་སྤྱན་དྲངས་ཏེ། །ཨོཾ་ཨགྣེ་ཧ་བྱ་ཛཿ། ཨགྣེ་ཀ་བྱ་ཛཿ། ཛཿཧཱུཾ་བཾ་ཧོཿ། སྐུ་མདོག་ནག་པོ་ར་སྐྱེས་ཁམ་པ་ཞོན། །རྭ་ལ་འཇའ་ཚོན་སྣ་ལྔ་འཁྱིལ། །ཞིང་གི་ཡ་མགལ་སྔ་རུ་ལ། །ཞིང་གི་མ་མགལ་ཕྱི་རུ་ལ། །ཞིང་གི་པགས་པས་སྒ་གཡོགས་བགྱིས། །སྦྲུལ་ནག་གིས་ནི་གོང་རྨེད་བགྱིས། །ཕྱག་ན་དྲིལ་བུ་བགྲང་ཕྲེང་བསྣམས། །དབུ་ལ་མེ་ཡི་ཐོད་བཅིངས་ཤིང་། །མེ་དཔུང་འབར་བའི་ཀློང་ན་བཞུགས། །ཤར་ལྷོ་མཚམས་ནས་གཉིས་སུ་མེད་པར་བཞུགས། །དེ་ནས་ཡང་། ཨོཾ་པྲ་མོ་ཧ། པྲ་མོ་ཧ། ཞེས་པས་མེ་ཡི་མདུན་རྒྱབ་སྟ་ཟུར་བཞི། །པྲ་མོ་ཧ་སྤྱན་གསུམ་ཕྱག་བཞི་པ། གཡས་དང་པོ་ན་ཆུ་སྲིན་རྒྱལ་མཚན་བསྣམས་པ། གཡས་བར་མ་ན་ཡེ་ཤེས་ཀྱི་མེ་མགལ་བསྣམས་པ། གཡོན་དང་པོ་ན་མེ་དར་བསྣམས་པ། ཐ་མ་གཉིས་གཉིས་དྲིལ་བུ་བསྣམས་པར་བསྒོམ། བསྐུལ་ཞིང་ཕྲིན་ལས་བཅོལ། བསྲེག་རྫས་དབུལ། ཨགྣེ་དམར་སེར་མེ་ཡི་ལྷ། ཞེས་པས་བསྟོད། དཔལ་ཟླ་གསང་ནག་པོའི་རྒྱུད་ལས། འཁོར་ལོ་ཧོམ་སྦྲེལ་གྱི་སྐབས་ཏེ་ལེའུ་སོ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་གཤིན་རྗེ་གཤེད་པོས་འདི་སྐད་བརྗོད་དོ། །ཨེ་མ་ཧོ། ལག་ན་རྡོ་རྗེ་འཛིན་པ་ཁྱོད། །དུས་ངན་ཐ་མ་


DNG016_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བའི་ཚེ། །དཀོན་མཆོག་དབུ་འཕང་སྨོད་པའི་དུས། །བསྟན་པ་གཉེན་པོ་འཇིག་པ་ལ། །སྔགས་ཀྱི་ཡང་སྙིང་འཁྲུལ་འཁོར་བཤད། །སྣོད་དང་ལྡན་ལ་བསྟན་གྱུར་ན། །འཛམ་གླིང་ཉི་མ་ཤར་བ་འདྲ། །སྣོད་མིན་ཀུན་ལ་བསྟན་གྱུར་ན། །དུས་མིན་བར་ནི་སྲོག་ཟད་སྐེམས། །སྔགས་ལ་བྱེ་བྲག་མང་བཞུགས་ཀྱང་། །རྩ་བའི་སྙིང་པོ་ལྔར་འདུས་ཏེ། །སྐུ་གསུང་ཐུགས་ཀྱི་སྙིང་པོ་དང་། །ཡོན་ཏན་ཕྲིན་ལས་ལྔ་རུ་འདུས། །བཞི་ནི་ཉེ་བར་བསྙེན་པ་དང་། །བསྒྲུབ་དང་ལས་ལ་སྦྱོར་ལ་འཇུག །རྒྱུན་དུ་གྲངས་ཤིང་ལས་ལ་སྦྱོར། །ལས་ལ་སྦྱོར་ཀར་འབུམ་ཕྲག་རེའོ། །གྲངས་ཏེ་རྩ་གཉིས་པ་རུ་བཤད། །ཐ་མ་ཕྲིན་ལས་སྙིང་པོ་ནི། །ལས་ལ་སྦྱོར་བའི་སྔགས་ཀྱང་གདབ། །ཐུགས་ཀྱི་ཡང་ཐུགས་ཉི་མ་བཞི། །ཕྱི་ནང་གསང་བ་གསུམ་དུ་གསུངས། །དེ་ལ་གསུམ་གསུམ་དགུ་རུ་བཤད། །ཕྱི་ཡི་ཉི་མ་བཞི་པ་ལ། །ཡི་གེ་འབྲུ་བརྒྱད་གཡོན་དུ་བསྐོར། །ཕྱི་ཡི་ནང་ནི་བཞི་སྙིང་དྲིལ་ལ་བསྐོར། །ཕྱི་ཡི་གསང་བར་བསྐོར་བ་ནི། །བཞི་སྙིང་དྲིལ་ལ་གཡས་སུ་བསྐོར། །ནང་ལ་གསུམ་དུ་དབྱེ་བ་ནི། །ཕྱི་ཡི་དུས་སུ་བསྐོར་བ་ནི། །ཨ་ཀྲོ་ཏེ་ཀ་བཅུ་བདུན་པའོ། །ནང་གི་ནང་དུ་བསྐོར་བ་ནི། །ཡ་མ་མེ་ད་བཅུ་བདུན་པ། །གཡོན་དུ་བསྐོར་ཏེ་བཟླས་པའོ། །ནང་གི་གསང་བར་བསྐོར་བ་ནི། །ཡ་མ་མེ་ད་ཀྵེ་ལ་སོགས། །ཡིག་འབྲུ་བཅུ་བདུན་གཡས་སུ་བསྐོར། །གསང་བའི་གསུམ་དུ་ཕྱེ་བ་ལས། །ཕྱི་ཡི་དུས་སུ་བསྐོར་བ་ནི། །བསྒྲུབ་པའི་དྲག་སྔགས་བཅུ་བདུན་པ། །གཡོན་དུ་བསྐོར་ཏེ་བགྲང་བའོ། །གསང་བའི་ནང་དུ་བསྐོར་བ་ནི། །གསང་བའི་དྲག་སྔགས་བཅུ་བདུན་པ། །གཡས་སུ་བདུན་བསྐོར་བགྲང་བའོ། །གསང་བའི་གསང་བར་གྲངས་པ་ནི། །རྩ་བ་དམ་ཚིག་ཡང་སྙིང་ནི། །ལས་ལ་སྦྱོར་བའི་དུས་སུ་ཡང་། །གཞི་སྙིང་དྲིལ་ལ་ནུབ་མོ་བཟླས། །ཨཱོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཨ་མུ་ཀ །ཡ་མ་རཱ་ཛ། ཨ་མུ་ཀ །ས་དོ་མེ་ཡ་ཨ་མུ་ཀ །ཡ་མེ་དོ་རུ། ཨ་མུ་ཀ །ཎ་ཡོ་ད་ཡ། ཨ་མུ་ཀ །ཡ་ད་ཡོ་ནི། ཨ་མུ་ཀ །ར་ཡ་ཀྵེ་ཡ། ཨ་མུ་ཀ །ཡ་ཀྵེ་ཡ་ཙྪ། ཨ་མུ་ཀ །ནི་རཱ་མ་ཡ།


DNG016_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་མུ་ཀ །ཨོཾ་ཧྲཱྀཿཤྟྲཱིཿབི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ། ས་མ་ཡ། ཧྲཱྀཿཤྟྲཱིཿས་མ་ཡ། རཀྴ་བཛྲ་ས་མ་ཡ། ས་མ་ཡ། ཨོཾ་ཨ་དྷྲི་མ་ཨེ་སྡི། ཨོཾ་ཨགྲཱིཿམ་ཡེ་སྡི་ཡང་འདུག །ཨོཾ་ཝཱ་གཱི་ཤྭ་རི་མུཾ། རྩ་བ་ཉི་མ་ཤར་ལྟར་གྲངས། །ཨ་ཨ་ཀྲོ་ཡིན་ནམ་བྱ་རྒོད་གཟན་ལ་བཅུམ་ལྟར་གྲངས། །དམ་ཚིག་ཡི་གེ་བཅུ་དྲུག་ལ། །ཧྲཱྀཿཤྟྲཱིཿལ་སོགས་སྔགས་རྣམས་ནི། །བཙོན་བུ་ལྕགས་སུ་བཅུག་ལྟར་གྲངས། །བསྒྲུབ་པའི་གཞི་རྩ་དམ་ཚིག་སྔགས། །གཞི་སྙིང་གཅིག་ཏུ་དྲིལ་བ་དང་། །དབྱངས་ཀྱི་ཡི་གེ་ལྀ་ལཱྀ་ཡང་ལི་ལིའི་ཚོ། །སྐྱེས་བུ་གོ་མཚོན་བསྟར་ལྟར་གྲངས། །ཉི་མ་བཞི་པ་གཡོན་དུ་ཉིན་བདུན་བསྐོར། །ནུབ་དྲིལ་སྔགས་སུ་ཨ་མུ་ཀ །ལྕགས་ཀྱི་གཟེར་བུ་བཏབ་ལྟར་གྲངས། །ཨ་མུ་ཀ་ཡི་ཚོ་དགུ་པ། །གསེར་གྱི་ཐོག་ཆེན་བརྒྱབ་ལྟར་གྲངས། །གཡས་སུ་བསྐོར་དང་ཀ་པ་ཡེ། །སྤུ་གྲི་སོ་འདེབས་བཞིན་དུ་གྲངས། །གདགས་པ་སོ་སོའི་སྒོ་ཡི་སྔགས། །ཉིན་གྱི་ལས་སུ་དྲག་སྔགས་གྲངས། །ནུབ་མོ་དྲིལ་སྔགས་ཀ་པ་ཡེ། །མཚན་རྟགས་སྦྱར་ལ་རབ་ཏུ་བསྒྲུབ། །དེ་དག་དོན་རྣམས་མན་ངག་སྦྱར། །ཨ་ཀྲོ་ཏེ་ཀ་རྒྱུན་གྱི་སྔགས། །དེ་དག་བསྒྲུབ་པའི་དུས་སུ་ཡང་། །མི་ལུས་ཕྲ་མེན་མགོ་ཅན་རབ། །སྤུན་དང་བྲན་ཁོལ་ཕ་མ་དང་། །མཆོད་རྟེན་ཆེན་པོར་སྟོན་པ་དང་། །མེ་ཆེན་རྟག་ཏུ་འབར་བ་དང་། །རྒྱ་མཚོ་དག་ལ་མི་ནུབ་རྣམས། །དེ་དག་མ་བྱུང་བར་དུ་གྲངས། །བསྒྲུབ་པའི་མཚན་རྟགས་བྱུང་བ་དང་། །སྦྱོར་ཀ་ཉི་མ་བཞི་ལ་འཇུག །ཁུག་པའི་མཚན་རྟགས་བྱུང་བ་དང་། །གཡས་སྐོར་གསད་པའི་དྲག་སྔགས་དང་། །ནུབ་དྲིལ་དྲག་སྔགས་ལས་ལ་འཇུག །རྩ་བའི་ལྷ་རྣམས་མ་གྲུབ་པར། །ཕྲིན་ལས་སྔགས་ཀྱང་ཆུད་ཟོས་པས། །ལྷ་གྲུབ་ནས་ནི་ལས་དག་བྱ། །ཁུགས་ནས་དེ་དག་གཡས་བསྐོར་བྱ། །དེ་ལྟར་བྱས་ནས་གདོན་མི་ཟ། །གཤིན་རྗེ་གཤེད་པོས་གསུངས་པའི་དོན། །མ་ཁུགས་པར་དུ་གཡས་བསྐོར་ན། །ལྷ་རྣམས་དྲེད་ནས་ལས་མི་འགྲུབ། །ཁུགས་ནས་གཡས་སྐོར་བྱེད་དུས་སུ། །གཡོན་བསྐོར་བྱས་ནས་སྔགས་ལོག་ནས། །རྣལ་འབྱོར་འཁོར་དུ་རྐྱེན་དུ་འགྱུར། །རོ་ལངས་དྲག་པོའི་སྔགས་སྔས་ན། །ལས་འདི་གང་གི་སྔགས་འཁྲུགས་ན། །ཡང་འདུག །སྔགས་པ་རང་ཉིད་འཆི་བར་བཤད། །ས་མ་ཡ་དག་མ་


DNG016_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

བསྲུངས་ན། །ཚེ་སྲོག་བར་ཆད་དག་ཏུ་འགྱུར། །དབང་དུ་མ་འདུས་རྩེག་ལོག་ཚེ། །དབྱངས་ཀྱི་ཡི་གེ་བཟླས་པར་བྱ། །ཏིང་འཛིན་ཞེན་ན་སླར་ཚུར་གནོད། །ཆོས་ཉིད་དག་ལ་རྒྱབ་ཀྱང་གཏད། །མ་ཁུགས་པ་ལ་ཁུགས་དྲག་ན། །དྲེད་ནས་རབ་ཏུ་འགྲོ་བར་འགྱུར། །ལྡོག་འདྲ་དམ་ཚིག་ཁུགས་ཆུང་ན། །རོ་ཁུགས་ཆེན་པོ་བྱ་བར་གསུངས། །གཤིན་རྗེ་གཤེད་པོས་འདི་སྐད་གསུངས། །སྔགས་བདུན་འགྱུར་སྔགས་དག་གི་ཚད་མ་ནི། །བདག་གི་ཚད་མ་དག་ནི་ཏིང་ངེ་འཛིན། །ཡེང་ཡེང་སེང་སེང་བྱེད་ན་ཡེ་མི་འགྲུབ། །མྱོས་ཤིང་གཉིད་ཆེ་འཐིབས་པ་ན། །སྒྲིབ་པས་ཕོག་པས་བཤགས་པ་བྱ། །སྙིང་འཕྱོ་མི་དགའ་སྔགས་ནོར་དང་། །འབྲུ་ཆད་མ་ཚང་བ་རུ་བཤད། །ཚིག་ཚིག་གསལ་ན་ཐེབ་པ་ཡིན། །དགའ་ཞིང་གསལ་ན་འགྲུབ་པ་ཡིན། །དགྲ་བོའི་ཚད་མ་བཀའ་སྩལ་པ། །མི་གོ་མི་གསལ་བྱིང་བ་ནི། །རྒྱབ་བརྟེན་ཡོད་པས་མྱུར་མི་འགྲུབ། །བདག་པས་ཁོ་དག་ཟོར་མ་ཐོན། །བརྒྱབ་པས་མ་མོར་བསྐང་བཟློག་བྱ། །གཡག་རུ་བྱུང་ནས་གསད་ན་ལོ་རུ་འགོར། །ཏིང་འཛིན་གསལ་ཞིང་དངོས་བྱུང་ན། །ལོ་ཕྱེད་ཚུན་ཆོད་འགྲུབ་པར་བཤད། །ཏིང་འཛིན་གསལ་ཞིང་འཚིག་བྱེད་ན། །ཟླ་བ་ཚུན་ཆོད་འཆི་བར་བཤད། །དེ་ནི་མི་འགྱུར་བ་ཡི་རྟགས། །ཕྱི་མ་རྣམས་ནི་ཡིད་མི་བརྟན། །གཡོན་གྱི་དྲིལ་སྔགས་དམ་ཚིག་ཡང་སྙིང་ལས། །སྔགས་འདི་དྲིལ་ལ་བྱ་བར་བཤད། །རྩ་བ་ཡང་སྙིང་དྲུག་པོ་དང་། །འབྲུ་དགུ་པོ་ནི་སྐུ་བསྐྱེད་དང་། །དེ་དག་ཉེ་བར་བསྙེན་པའོ། །སྲོག་གི་རྩ་བ་མཇུག་སྡུད་དོ། །ཡང་སྙིང་བསྒྲུབ་དང་ལས་བསྒྲུབ་པའོ། །དབྱངས་དང་དམ་ཚིག་དེ་ཁོ་ཉིད། །ལས་དེ་གང་བྱེད་མཇུག་ལ་གདགས། །སྨྱོ་འབོག་ལྐུགས་པ་ལྷོག་པ་དང་། །ཕོ་ལོག་གླང་འཐབ་གཟེར་ནད་དང་། །ཁྲག་སྐྱུག་རིམས་ནད་མཛེ་ཤུ་དང་། །ལྟས་ངན་ཆོ་འཕྲུལ་ཐོག་སེར་དང་། །གསོ་བསད་དབབ་བཅད་གང་བྱེད་ཀྱང་། །རྩ་བ་དམ་ཚིག་ཡང་སྙིང་དང་། །དབྱངས་ཀྱི་ཡང་སྙིང་མཇུག་དག་ལ། །སོ་སོའི་སྲོག་གི་སྙིང་པོ་དང་། །ལས་གང་བྱེད་པའི་སྔགས་དག་ནི། །


DNG016_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུ་རེ་བཏགས་པས་འགྲུབ་པར་བཤད། །ཕྱི་ནས་བསྙེན་པ་རྫོགས་པ་ན། །ཉམས་སུ་ལོན་དང་གསང་རྒྱབ་དང་། །སུ་ཡང་རུང་སྟེ་ཐེ་ཚོམ་མེད། །བཟླས་པ་ལས་སུ་རུང་བ་དང་། །བརྡབས་ཤིང་སྤྲུགས་པས་འགྲུབ་པར་བཤད། །ཅེས་པ་གཤེད་པོས་རབ་ཏུ་བཤད། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། སྔགས་ཀྱི་ཡང་སྙིང་འཁྲུལ་འཁོར་གྱི་སྐབས་ཏེ་ལེའུ་སོ་བཞི་པའོ།། །།དེ་ནས་གསད་པ་ལས་ཀྱི་ཡང་སྙིང་འདི་གསུངས་སོ། །བསྒྲུབ་པའི་དཀྱིལ་འཁོར་དྲི་བ་ཡང་། །འཁོར་ལོ་བཞི་ལ་བེ་ཅོན་བཞི། །འཁོར་ལོ་བརྒྱད་ལ་རལ་གྲི་བརྒྱད། །གོང་རས་རྡོ་རྗེ་བེ་ཅོན་དང་། །རལ་གྲི་ལ་སོགས་དགོད་པར་བྱ། །རྡོ་རྗེ་དག་གི་རྩེ་མོ་ལ། །མཱ་ར་ཡ་ཡི་མིང་དང་རུས། །གྲུ་གསུམ་ནང་དུ་ལིངྒ་གཞག །ཟླ་གམ་གསུམ་ལ་རྫས་གཞག་པ། །ནག་པོ་དག་ལ་དུག་ཐུན་གཞག །དམར་པོ་དག་ལ་ཁྲག་ཐུན་གཞག །སེར་པོ་དག་ལ་ཉུང་ཐུན་གཞག །འཁོར་ལོ་དེ་དག་ཁ་དོག་ཀྱང་། །གྲིར་ཤིའི་ཁྲག་གིས་དམར་པོར་བྱུག །མེད་ན་ར་དཀར་གཉའ་ནག་གི། །ཁྲག་གིས་དམར་པོར་བྱུག་པར་བྱའོ། །ཡང་ན་ར་རོག་གླང་རོག་གམ། །ཁྱི་ནག་སྙིང་དཀར་ཁྲག་གིས་བྱ། །གསད་པ་ལས་ཀྱི་སྔགས་འདི་བཟླས། །ཨོཾ་ཤྲཱི་ཡ་མཱནྟ་ཀ །ཡ་མ་རཱ་ཛ་ས་དོ་མེ་ཡ། ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཡ་ད་ཡོ་ནི་ར་ཡ་ཀྵེ་ཡ། ཡ་ཀྵེ་ཡ་ཙྪ་ནི་རཱ་མ་ཡ། དགྲ་བོའི་ཙིཏྟ་ལ་མཱ་ར་ཡ་ཧཱུཾ་ཕཊ། ཨོཾ་ཤྲཱི་མཉྫུ་ཡ་མ་རཱ་ཛ་ཛ། ཡ་མཱནྟ་ཀ་ཨེ་ཀ་ཛ་ཏི་ཛ་ཛ། ཙིཏྟ་ཁར་རྦད་རྦད། བ་ཤཾ་དུ་ཙིཏྟ་གུ་ག་ལི་རྦད་རྦད། དགྲ་བོ་ནྲྀ་ཛ་ཛ། ཨོཾ་ཤྲཱི་མཉྫུ་ཡ་མ་རཱ་ཛ་བི་ཏཱ་ལཱི་ཀྲོ་དྷཱི་ཤྭ་རི། སྙིང་ཁ་རག་ས་མ་ཡ་ཐུམ་རིལ་རྦད། ཡ་མ་རཱ་ཛ་ས་དོ་མེ་ཡ་ཁྲག་ལ་དོ་རུ་མེ་ཡ། དགྲ་བོའི་ཀླད་པ་ལ་ཧ་རེ་ཧོ་རེ་བཾ་རིལ་རྦད། ཡ་མ་རཱ་ཛ་ས་དོ་མེ་ཡ། ཡ་མེ་དོ་རུ་ཀྵ་ཡ། སྙིང་གོ་ཆོད་ཤ་ཆེ་གེ་མོ་གློ་སྙིང་རྩ་ལ་མཱ་ར་ཡ་རྦད། དོ་རུ་མེ་ཡ་ཅེས་བརྡེག་གོ། །གསད་པ་ལས་ཀྱི་ཡང་སྙིང་ནི། ཡ་ཏ་མེ་ཡིས་གསད་དོ། །གཤིན་རྗེའི་བྱ་ཙ་ཡེ། སིངྷ་ཡེ། ཧྲི་ཏ་ཡེ། མ་མོའི། ཙིཏྟ་ཡ། བྱ་ཙ་ཡ། ཧ་ལ་ཡེ། ཡི་གེ་


DNG016_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུ་དགུ་གསད་པའི་ངན་སྔགས་འདི། །ཡང་སྙིང་གསང་བ་ནམ་མཁའི་ཐོག་དང་འདྲ། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། ཡང་སྙིང་གསད་པའི་སྐབས་ཏེ་ལེའུ་སོ་ལྔ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས་འདི་སྐད་གསུངས་སོ། །ཨ་ཨཱ། ཨི་ཨཱིཾ། ཨུ་ཨཱུ། ཨེ་ཨཻ། རྀ་རཱྀ། ལྀ་ལཱྀ། ཨོ་ཨཽ། ཨཾ་ཨ། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ། སྔགས་ཀྱི་འཁྲུལ་འཁོར་མན་ངག་ལ། །ཕྱི་ནང་གསང་བ་གསུམ་དུ་བཤད། །དེ་ལ་གསུམ་གསུམ་དགུ་རུ་བཤད། །ཕྱི་ཡི་ཕྱི་ལྟར་གྲངས་པ་ནི། །ཉི་མ་དང་པོ་དག་ལ་ཡང་། ཡ་མ་རཱ་ཛ་ས་དོ་མེ་ཡ། ཨ་མུ་ཀཾ་པྲ་མ་ཡ་ནྲྀ་ཤ་ཀུ་རུ་ཧཱུཾ་ཕཊ། ཉི་མ་གཉིས་པ་དག་ལ་ཡང་། །ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཨ་མུ་ཀཾ་རཀྟ་ཙ་ར་ཡ་ཧཱུཾ་ཕཊ། ཉི་མ་གསུམ་པ་དག་ལ་ཡང་། །ཡ་ད་ཡོ་ནི་ར་ཡ་ཀྵེ་ཡ། ཨ་མུ་ཀཾ་མུར་ཙ་ཡ་ཧཱུཾ་ཕཊ། ཉི་མ་བཞི་པ་དག་ལ་ཡང་། ཡ་ཀྵེ་ཡ་ཙྪ་ནི་རཱ་མ་ཡ། ཨ་མུ་ཀཾ་མ་ར་ཡ་ཧཱུཾ་ཕཊ། དེ་དག་ལས་ཀྱི་མཐའ་སྡུད་ནི། །ཨོཾ་མཉྫུ་ཤྲཱི་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཀ་ལ་རུ་པ། ནྲྀ་ཤ་ཀུ་རུ་ནི་ཧཱུཾ་ཕཊ། ཅེས་བཟླས་ཏེ། ལས་ཀྱི་མཐའ་སྡུད་ཉི་མ་བཞི་པའི་ཁ་སྐོང་ངོ་། །ཕྱི་ཡི་ནང་དུ་གྲངས་པ་ནི། ཡ་མ་རཱ་ཛ་ས་དོ་མེ་ཡ། ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཡ་ད་ཡོ་ནི་ར་ཡཀྵེ་ཡ། ཡ་ཀྵེ་ཡ་ཙྪ་ནི་རཱ་མ་ཡ། གཞི་སྙིང་དྲིལ་ལ་གཡོན་དུ་དྲང་། །ཕྱི་ཡི་གསང་བར་གྲངས་པ་ནི། །ཡ་མ་ར་ནི་ཙ་ཡ་ཀྵེ་ཡ། ཡ་ཀྵེ་ཡ་ཙྪ་ནི་ཡོ་ཏ་ཡ། ཡ་ད་ཡོ་ནི་རུ་དོ་མེ་ཡ། ཡ་མེ་དོ་ས་ཛ་རཱ་མ་ཡ། གཞི་སྙིང་དྲིལ་ལ་གཡས་སུ་བསྐོར། །ནང་གི་ཕྱི་ལྟར་གྲངས་པ་ནི། །རྩ་བ་མི་འགྱུར་སྙིང་པོ་སྟེ། །སྔོན་དུ་འགྲོ་བའི་བསྙེན་པ་ནི། །ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷན་ཛ་ཧཱུཾ་ཕཊ། ནང་གི་ནང་དུ་དྲང་བ་ནི། །ཉེ་བར་བསྒྲུབ་པ་ཞེས་ཀྱང་བྱ། །ལས་ལ་སྦྱོར་བའི་སྙིང་པོ་ཁྲི་ཡང་བཟླས། །ཡ་མ་མེ་དཀྵེ་ར་ཙ་ས་དོ་རུ་ཎ་ཡོ་ནི་ར་ཡ་ཙྪ་ནི། ནང་གི་གསང་བར་དྲང་བ་ནི། །འཕྱེ་བོའི་འགྲོས་ཞེས་བྱ་བ་དང་། །གསང་


DNG016_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྲིན་ལས་གསད་པ་ལ། །ཡ་མ་ཀྵེ་ད་མེ་རཱ་ནི་ཙྪ་ཡར་ནི་ཡོ་ཎ་རུ་དོ་ས་ཛ། ཞེས་གཡས་སྐོར་དུ་གྲངས་སོ། །གསང་བའི་ཕྱི་ལྟར་གྲངས་པ་ནི། །བསྒྲུབ་པའི་དྲག་སྔགས་འབྲུ་བདུན་པ། །གཡོན་དུ་འབྲུ་བདུན་གྲངས་པར་བྱ། །ཉི་མ་དང་པོ་དག་ལ་ཡང་། །ཡ་མ་རཱ་ཛ་ས་དོ་མེ། །མ་རཱ་ཛ་ས་དོ་མེ་ཡ། །རཱ་ཛ་ས་དོ་མེ་ཡ་མ། །ཛ་ས་དོ་མེ་ཡ་མ་རཱ། །ས་དོ་མེ་ཡ་མ་རཱ་ཛ། །ཏོ་མེ་ཡ་མ་རཱ་ཛ་ས། །མེ་ཡ་མ་རཱ་ཛ་ས་དོ། །ཉི་མ་དང་པོར་ཁྲི་ཁྲི་བཟླས། །ཉི་མ་གཉིས་པ་དག་ལ་ཡང་། །ཡ་མེ་དོ་རུ་ཎ་ཡོ་ད། །མེ་དོ་རུ་ཎ་ཡོ་ད་ཡ། །དོ་རུ་ཎ་ཡ་ད་ཡ་མེ། །རུ་ཎ་ཡོ་ད་ཡ་མེ་དོ། །ཎ་ཡོ་ད་ཡ་མེ་དོ་རུ། །ཡོ་ད་ཡ་མེ་དོ་རུ་ཎ། །ད་ཡ་མེ་དོ་རུ་ཎ་ཡོ། །ཉི་མ་གཉིས་པར་ཁྲི་ཁྲི་བཟླས། །ཉི་མ་གསུམ་པ་དག་ལ་ཡང་། །ཡ་ད་ཡོ་ནི་ར་ཡ་ཀྵེ། །ད་རོ་ནི་ཡ་ཡ་ཀྵེ་ཡ། །ཡོ་ནི་ར་ཡ་ཀྵེ་ཡ་ད། །ནི་ར་ཡ་ཀྵེ་ཡ་ད་ཡོ། །ར་ཡ་ཀྵེ་ཡ་ད་ཡོ་ནི། །ཡ་ཀྵེ་ཡ་ད་ཡོ་ནི་ར། །ཀྵེ་ཡ་ད་ཡོ་ནི་ར་ཡ། །ཉི་མ་གསུམ་པར་ཁྲི་ཁྲི་བཟླས། །ཉི་མ་བཞི་པ་དག་ལ་ཡང་། །ཡ་ཀྵེ་ཡ་ཙྪ་ནི་རཱ་མ། །ཀྵེ་ཡ་ཙྪ་ནི་རཱ་མ་ཡ། །ཡ་ཙྪ་ནི་ར་མ་ཡ་ཀྵེ། །ཙྪ་ནི་རཱ་མ་ཡ་ཀྵེ་ཡ། །ནི་རཱ་མ་ཡ་ཀྵེ་ཡ་ཙྪ། །རཱ་མ་ཡ་ཀྵེ་ཡ་ཙྪ་ནི། །མ་ཡ་ཀྵེ་ཡ་ཙྪ་ནི་རཱ། །ཉི་མ་བཞི་པར་ཁྲི་ཁྲི་བཟླས། །གཡོན་དུ་མགོ་གཅོད་དེ་བཞིན་བསྐོར། །དང་པོའི་ནུབ་མོར་གྲངས་པ་ནི། །ཡ་མ་མེ་ད་ཀྵེ་ཧྲཱྀཿཤྟྲཱིཿཨ་མུ་ཀཾ་ཆེ་གེ་མོ་པྲ་མ་ཡ་རྦད་ཡ། ནུབ་གཉིས་པ་ལ་གྲངས་པ་ནི། །རཱ་ཛ་ས་དོ་ཧྲཱྀཿཤྟྲཱིཿཨ་མུ་ཀཾ་ཆེ་གེ་མོ་རཀྟ་ཙར་ཡ་རྦད་ཡ། ནུབ་གསུམ་པ་ལ་གྲངས་པ་ནི། །རུ་ཎ་ཡོ་ནི་ཧྲཱྀཿཤྟྲཱིཿཨ་མུ་ཀཾ་ཆེ་གེ་མོ་མུར་ཙ་ཡ་རྦད་ཡ། ནུབ་བཞི་པ་ལ་གྲངས་པ་ནི། །རཱ་ཛ་ཡཙྪ་ནི་ཧྲཱྀཿཤྟྲཱིཿཨ་མུ་ཀཾ་ཆེ་གེ་མོ་མཱ་ར་ཡ་རྦད་ཡ། གསང་བའི་གསང་བར་གྲངས་པ་ནི། །གསོད་པའི་དྲག་སྔགས་བདུན་པ་སྟེ། །གཡས་སུ་བདུན་སྐོར་གྲངས་པར་བྱ། །ཡ་མ་རཱ་ནི་ཙྪ་ཡ་ཀྵེ། །མ་རཱ་ནི་ཙྪ་ཡ་ཀྵེ་ཡ། །རཱ་ནི་ཙྪ་ཡ་ཀྵེ་ཡ་མ། །ནི་ཙྪ་ཡ་ཀྵེ་ཡ་མ་རཱ། །ཙྪ་ཡ་ཀྵེ་ཡ་མ་རཱ་ནི། །ཡ་ཀྵེ་ཡ་མ་རཱ་ནི་ཙྪ། །ཀྵེ་ཡ་མ་རཱ་ནི་ཙྪ་ཡ། །ཉི་མ་གཉིས་པ་མན་ཆད་ལ། །གཡས་སུ་བསྐོར་བས་སྟེང་ཡང་གཅོད། །གསང་བའི་གསང་བར་གྲངས་པ་ནི། །ནུབ་ནི་དང་པོར་གྲངས་པར་བྱ། །ཡ་མ་ཀྵེ་ད་མེ་ཧྲཱྀཿཤྟྲཱིཿཀ་ས་ཡེ་དགྲ་བོ་པྲ་མ་


DNG016_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་རྦད་ཡ། ནུབ་གཉིས་པ་ལ་གྲངས་པ་ནི། །རཱ་ནི་ཙྪ་ཡ་ཧྲཱྀཿཤྟྲཱིཿཀ་ས་ཡེ་དགྲ་བོ་རཀྟ་ཙ་ར་ཡ་རྦད་ཡ། ནུབ་གསུམ་པ་ལ་གྲངས་པ་ནི། །རཱ་ནི་ཡོ་ནི་ཧྲཱྀཿཤྟྲཱིཿཀ་ས་ཡེ་དགྲ་བོ་མུར་ཙ་ཡ་རྦད་ཡ། ནུབ་བཞི་པ་ལ་གྲངས་པ་ནི། །རུ་དོ་ས་ཛ་ཧྲཱྀཿཤྟྲཱིཿཀ་ས་ཡ། དགྲ་བོ་མཱ་ར་ཡ་རྦད་ཡ། རྩ་བའི་དམ་ཚིག་ཡང་སྙིང་ལས་ལ་སྦྱོར། །བཞི་སྙིང་གཅིག་ཏུ་དྲིལ་བ་ནི། །གསང་བའི་གསང་བར་གྲངས་པ་ནི། །དྲག་པོ་གནམ་ཐུས་ཞེས་ཀྱང་བྱ། །དུས་དང་ཚེས་དང་ལས་ཟད་དང་། །བསོད་ནམས་ཟད་དང་སྐལ་བ་ཟད། །ཡི་གེ་ཟད་ཅེས་བྱ་བའོ། །དེ་ལྟར་བྱས་ན་སུ་ན་སུ། །ག་ན་གང་ལ་བྱས་ཀྱང་རུང་། །རུ་ཁུགས་ཆེན་པོ་ཞེས་ཀྱང་བྱ། །དྲག་པོ་སྟག་མཆོངས་ཞེས་ཀྱང་བྱ། །བྱ་རོག་ཁུ་འཕྲིག་ཅེས་ཀྱང་བྱ། །ཉི་མ་བཞི་པའི་ལས་ལ་འཇུག །ཉི་མ་དང་པོ་དག་ལ་ཡང་། །ཚངས་པའི་མགོ་བཅད་བསྐོར་བའི་ཕྱིར། །སྔགས་དང་བེ་ཅོན་ཕྱག་རྒྱ་བཅའ། །ཉི་མ་གཉིས་པ་དག་ལ་ཡང་། །ཁ་ནས་ཁྲག་སྐྱུགས་གཞུག་པའི་ཕྱིར། །སྔགས་དང་ལུས་དྲལ་ཕྱག་རྒྱ་བཅའ། །ཉི་མ་གསུམ་པ་དག་ལ་ཡང་། །ཙིཏྟ་གཟེར་དུ་གཞུག་པའི་ཕྱིར། །སྔགས་དང་སྙིང་གཤག་ཕྱག་རྒྱ་བཅའ། །ཉི་མ་བཞི་པ་དག་ལ་ཡང་། །གཟུགས་ཕུང་བརླག་པར་བྱ་བའི་ཕྱིར། །མཱ་ར་ཡ་ཉིད་གདོན་མི་ཟ། །སྔགས་དང་འཁོར་ལོའི་ཕྱག་རྒྱ་བཅའ། །དང་པོའི་ཡང་རང་རང་དྲག་པོའི་སྔགས་རྒོད་ལ། །དང་པོ་དག་ལ་ལྷ་བསྙེན་པ། །སྐུ་གསུང་ཐུགས་ཀྱི་བསྙེན་པས་བསྙེན། །ཁུགས་པའི་རྟགས་རྣམས་བྱུང་བ་དང་། །གཟས་པ་དགུག་པའི་ལས་བྱས་ཏེ། །ཉི་མ་དང་པོ་དག་ལ་ཡང་། །ཡ་མཱ་རཱ་ཛ་ས་དོ་མེ་ཡ། ཆེ་གེ་མོ་ནི་ཨཱ་ཀཪྵ་ཡ་ཧཱུཾ་ཛ། ཉི་མ་གཉིས་པ་དག་ལ་ཡང་། །ཡ་མེ་དོ་རུ་ཎ་ཡོ་ད་ཡ་ཆེ་གེ་མོ་ཨཱ་ཡུརྫྙཱན་ཨཱ་ཀཪྴ་ཡ་ཧཱུཾ་ཛ། ཉི་མ་གསུམ་པ་དག་ལ་ཡང་། །ཡ་ད་ཡོ་ནི་ར་ཡ་ཀྵེ་ཡ་ཆེ་གེ་མོ་ཏྲི་ཡཾ་ནྲྀ་མ་ཨཱ་ཀཪྴ་ཡ་ཧཱུཾ་ཛ། ཉི་མ་བཞི་པ་དག་ལ་ཡང་། །ཡ་ཀྵེ་ཡ་ཙྪ་ནི་རཱ་མ་ཡ་ཆེ་གེ་མོ་རཱུ་པ་སྐནྡྷ་ཨཱ་ཀཪྵ་ཡ་ཧཱུཾ་ཛ། དེ་ནས་དབྱེ་བའི་ལས་བྱ་སྟེ། །ཉི་མ་དང་པོ་དག་ལ་ཡང་། །སྲོག་ལྷ་དག་དང་དབྱེ་བར་བྱ། །བྱ་རོག་འུག་པའི་གུང་རུ་ལ། །མཱ་ར་ཡ་ཡི་མིང་


DNG016_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

རུས་བསྐྱོན། །གུ་གུལ་དུད་པས་བདུག་བྱ་ཞིང་། །ཡ་མ་རཱ་ཛ་ས་དོ་མེ་ཡ་དེ་བཤག་སྲོག་གི་ལྷ་དང་ད་ཕྱེས་ཤིག །གཉིས་པ་དག་ལ་ཕོ་ལྷ་དང་། །གསུམ་པ་དག་ལ་ཡུལ་ལྷ་དང་། །བཞི་པ་དག་ལ་དགྲ་ལྷ་དང་། །ལྷ་རྣམས་དག་ལ་ཕྱེ་ཞེས་བྱའོ། །ཕྱི་ནང་གསང་བའི་སྔགས་ཀྱིས་ཀྱང་། །ཉུང་དཀར་དག་ལ་བསྔགས་ཤིང་བརྡེག །ཡ་མཱནྟ་ཀ་གསལ་བསྒོམས་ལ། །ཕུར་བུ་དག་གིས་བརྡེག་པར་བྱ། །ཨཱོཾ་ནྲྀ་མཱ་ར་ཡ་དུ་ཡ་མ་སྙིང་ཡ་མ་ཁྲག་ཚལ་པ། བམ་རིལ་དུམ་བུ་དུམ་བུ་གཤིན་རྗེ་ནག་པོ་དེ་བ་ཀུཾ་ཁུག་དགྲ་བོ་མཱ་ར་ཡ་ཛ། ཨོཾ་ནྲྀ་མ་ར་ནི་ཧྲི་ད་ཡ་ན་ཏ་ཀི་རཱ་ཙ་བེ་ཏཱ་ལཱི་ཀྲོ་དྷཱི་ཤྭ་རི་སྙིང་མགོ་ཆོད། རྩ་ལ་ཞེན་ཁྲག་ལ་མགོ་ཆོད། ཁྲག་ལ་ཀཱི་ལི་ཀཱི་ལ་ཡ་བམ་རིལ་རྦད། ཡ་མ་རཱ་ཛ་ས་དོ་མེ་དུན་བྷྱོ། ཡ་མེ་དོ་རུ་མེ་ཡ། ཡ་ད་ཡོ་ནི་སྙིང་ལ་ཀྵེ་ཡ་མེ་བམ་རིལ་རྦད། རབ་ཏུ་ཁྲོས་ཏེ་ཕུར་པ་བརྡེགས། །གང་ལ་བྱ་བ་ཐོགས་མེད་ཀྱིས། །མཐུ་སྟོབས་བདག་པོས་རབ་ཏུ་ཟུང་། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། འཁྲུལ་འཁོར་མན་ངག་གི་སྐབས་ཏེ་ལེའུ་སོ་དྲུག་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་མཐུ་སྟོབས་ཀྱི་བདག་པོ་དཔལ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་ཆེད་དུ་བརྗོད་དོ། །ཉོན་ཅིག་ཟུང་ཞིག་རྡོ་རྗེ་འཛིན་པ་ཁྱོད། །ཐུགས་ཀྱི་སྙིང་པོ་ཀ་བཞི་གདུང་བརྒྱད་འདིས། །མ་ནོར་བཟླས་ན་ཅི་ཡང་འགྲུབ་པར་ངེས། །ཡ་མ་རཱ་ཛའི་སྙིང་པོ་ཀ་བ་གཅིག་པ་ནི། །ཡ་མ་རཱ་ཛ་ས་དོ་མེ་ཡ། མྱོས་བྱེད་འབར་བའི་སྙིང་པོ་ཀ་བ་གཉིས་པ་ལ། །ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཨཱརྱ་མ་རུའི་སྙིང་པོ་ཀ་བ་གསུམ་པ་ལ། །ཡ་ཏ་ཡོ་ནི་ར་ཡ་ཀྵེ་ཡ། རལ་པ་ཚར་དགུའི་སྙིང་པོ་ཀ་བ་བཞི་པ་ལ། །ཡ་ཀྵེ་ཡ་ཙྪ་ནི་རཱ་མ་ཡ། དེ་ནི་འདེགས་པའི་ཀ་པ་བཞི་པ་སྟེ། །ཚངས་པའི་མགོ་དང་མགྲིན་པ་དང་། །ལུས་དང་ལྟོ་བ་བཞི་ནས་འདེགས། །ཡང་ན་ཡན་ལག་བཞི་ནས་འཇོམས། །གདུང་བརྒྱད་རླག་བྱེད་འཇོམས་པའི་ལས། །རྩ་ཆེན་བརྒྱད་དང་རྣམ་ཤེས་བརྒྱད། །དེ་དག་རིམ་གྱིས་འཇོམས་པར་བྱེད། །ཡ་མ་རཱ་ཛ་ས་དོ་མེ་ཡ། ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཡ་ད་ཡོ་ནི་ར་ཡ་ཀྵེ་ཡ། ཡ་ཀྵེ་ཡ་ཙྪ་ནི་རཱ་མ་ཡ། ཞེས་པ་ཀ་


DNG016_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་གདུང་བརྒྱད་དོ། །གདུང་རེ་ལ་ཡང་ཀ་ཆེན་བཞི། །རྩ་རླུང་བཞི་དང་རྩ་ཆེན་བཞི། །ཀ་བཞི་རྩ་རླུང་བཞི་ཡང་འཇོམས། །གདུང་བརྒྱད་རྩ་ཆེན་བརྒྱད་ཀྱང་འཇོམས། །ཡ་མཱནྟ་ཀ །ཡ་མ་རཱ་ཛ་ས་དོ་མེ་ཡ། ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཡ་ད་ཡོ་ནི་ར་ཡ་ཀྵེ་ཡ། ཡ་ཀྵེ་ཡ་ཙྪ་ནི་རཱ་མ་ཡ། ཡ་ལ་སོགས་པ་བཅུ་གཉིས་ནི། །ཡ་མཱནྟ་ཀ་ཡབ་ཡུམ་གཉིས། །ཕྱོགས་སྐྱོང་བཅུ་ཡི་སྙིང་པོ་ཡིན། །ཕྱི་མ་ལྷ་གཞན་སྙིང་པོ་སྟེ། །ཡིག་འབྲུ་སུམ་ཅུ་རྩ་གཉིས་ནི། །འཕྲུལ་གྱི་ཡིག་འབྲུ་སུམ་ཅུ་གཉིས། །ཡ་སྩོགས་བརྒྱད་པ་ཞེས་ཀྱང་གྲགས། །ཚོགས་བརྒྱད་འཇོམས་པའི་ཕུང་སྲི་སྟེ། །ཡེ་ཤེས་ལྷ་ཡི་སྙིང་པོ་དང་། །འཇིགས་བྱེད་ལྷ་སྲིན་ཀུན་གྱི་སྙིང་པོ་སྟེ། །ཤིན་ཏུ་གསང་བར་གཤེད་པོས་བཤད། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། ཀ་བཞི་གདུང་བརྒྱད་ཀྱི་སྐབས་ཏེ་ལེའུ་སོ་བདུན་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས། ཐུགས་གསང་བ་འབྲུ་ཤག་གྲོང་ཁྱེར་འདི་གསུངས་སོ། །ཡ། མ། རཱ། ཛ། ས། དོ། མེ། ཡ། ཡ། མེ། དོ། རུ། ཎ། ཡོ། ད། ཡ། ཡ། ད། ཡོ། ནི། ར། ཡ། ཀྵེ། ཡ། ཡ། ཀྵེ། ཡ། ཙྪ། ནི། རཱ། མ། ཡ། ཡ། མ། རཱ། ཛ། ས། དོ། མེ། ཡ། ཡ། མེ། དོ། རུ། ཎ། ཡོ། ད། ཡ། ཡ། ད། ཡོ། ནི། ར། ཡ། ཀྵེ། ཡ། ཡ། ཀྵེ། ཡ། ཙྪ། ནི། རཱ། མ། ཡ། ཡ། མ། རཱ། ཛ། ས། དོ། མེ། ཡ། ཡ། མེ། དོ། རུ། ཎ། ཡོ། ད། ཡ། ཡ། ད། ཡོ། ནི། ར། ཡ། ཀྵེ། ཡ། ཡ། ཀྵེ། ཡ། ཙྪ། ནི། རཱ། མ། ཡ། ཡི་གེ་གཤིན་རྗེའི་འབྲུ་ཤག་སྟེ། །ཡི་གེ་གཤིན་རྗེའི་འབྲུ་ཤག་ཡིན། །རྡོ་རྗེ་འཛིན་པས་རབ་ཏུ་ཟུང་། །འཇམ་དཔལ་ཟླ་གསང་ནག་པོའི་རྒྱུད་ལས། འབྲུ་ཤག་གྲོང་ཁྱེར་གྱི་སྐབས་ཏེ་ལེའུ་སོ་བརྒྱད་པའོ།། །།དེ་ནས་ཡང་འཇིགས་བྱེད་ཆེན་པོ་ཁྲག་འཐུང་གི་རྒྱལ་པོ་གཤིན་རྗེའི་གཤེད་པོ་དེས། འཁོར་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །སྙིགས་མ་ལྔ་ལ་བརྟེན་པའི་དུས། །ང་ཡི་བསྟན་པ་འབྱུང་བ་ཡིན། །ཟས་དང་གནས་དང་གོས་ལ་སོགས། །ཕྱིན་ཅི་ལོག་ལ་སྤྱོད་པའི་ཚེ། །


DNG016_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

ང་ཡི་བསྟན་པ་འབྱུང་བས་ན། །ཨུར་མོ་ལྟ་བུར་ཐུག་པ་མེད། །དྲག་པོ་གནད་ལ་འབེབས་པའི་ཐུན། །མེ་དང་ཆུ་ཕྲད་ལྟ་བུའི་འཁོར་ལོའི་དོན། །བསྡེབས་པས་འགྲུབ་པར་ཐེ་ཚོམ་མེད། །ཡ་མ་ལག་ན་རྡོ་རྗེ་འདུས་པའི་འཁོར་ཚོགས་ཉོན། །འགྱུར་མེད་སེམས་ཀྱིས་བརྟན་པར་ཟུང་། །དཀོན་མཆོག་རྒྱལ་མཚན་ལྟ་བུར་ཚུགས། །ཞེས་གསུངས་སོ། །མེ་ལྕེ་ཕྲེང་བ་ལྟ་བུར་བཀའ་སྩལ་ཏོ། །ཨོཾ་ནི་མ་ར་ནི་མ་ར་དུ། ཡ་མ་སྙིང་། ཡ་མ་ཁྲག །ཚལ་པ་བཾ་རིལ། དཾ་པ་དུམ་བུ་ཧཱུཾ་ཕཊ། ཡ་མ་རཱ་ཛ་ས་དོ་མེ་ཡ། བབས་སོ་ཤ་སྙིང་བབས། ཡ་མ་རཱ་ཛ་སྙིང་ལ་འཁྲུག །ཐུམ་རིལ་རྦད། ཡ་མ་རཱ་ཛ་ས་དོ་མེ་ཡ། ཡ་མ་རཱ་ཛ་སྙིང་དོ་མེ་ཡ། ཡ་མ་རཱ་ཛ་སྙིང་དོ་རུ་མེ་བཾ་རིལ་རྦད། མ་ར་སྙིང་ལ་ཁུག །རོ་ཤ་སྙིང་བཾ་རིལ་རྦད། ཡ་མ་རཱ་ཛ་ཙ་ཁྲག་ཐིབས་རྦད། ཡ་མ་རཱ་ཛ་ཙ་མུག་ཐིབས་རྦད། ཡ་མ་རཱ་ཛ་ཙ་སུབ་རལ་རྦད། ཡ་མ་རཱ་ཛ་ཙ་གླིང་དུ་ཡ་རྦད། ཡ་མ་རཱ་ཛ་ཙ་མྱངས་བྱིང་མ་ཡ་འུབ་ཐུལ་སྙིང་མགོ་ཆོད། ཁ་ལ་ཟོ་ཚལ་པ་སྙིང་ཙ་རོ་བཾ་རིལ་རྦད། ཡ་མ་རཱ་ཛ་ཧྲཱྀཿཤྟྲཱིཿཡ་མཱནྟ་ཀྲྀཏ་སྙིང་ཁྲག་བཾ་རིལ་རྦད། ཡ་མ་རཱ་ཛ་གློང་ལ་ཙ་རོ་བཾ་རིལ་རྦད། ཡ་མ་རཱ་ཛ་གློ་རྩ་མཆིན་རྩ་རུལ། རྒྱུ་རྩ་ཁ་སྙིང་རྩ་པྲ་མ་ཡཱ། ཨོཾ་བྷི་ན་ཧཱུཾ། སྡིར་ཧཱུཾ་ཕཊ། ཧྲི་ཀྲི་ན་ཧཱུཾ་ཕཊ། ཨོཾ་ཀ་ཀ་ཏ་ཡ་ཧ་བྷན་ཀྲོ་མན་ཙ་ཏེ་ཏ་མ་ཧཱུཾ་ཕཊ། ཨོཾ་ཧྲཱྀཿཤྟྲཱིཿཔྲ་མ་མུར་ཙ་རཀྟ་ཙ་ར་མཱ་ར་ཡ། ནི་ཤ་ཀུ་རུ་ནི་ཨ་མཱུ་ཀ་རྦད་ཡ་ཧཱུཾ་ཕཊ། ཨོཾ་པྲ་མུར་རག་ཙ་ར་མ་མ་ཙ་ཏ་ར་ཡ་ནི་ཤ་ཀུ་རུ་ཧཱུཾ་ཕཊ། ཨ་མུ་ཀ་རྦད་ཡ་ཧཱུཾ་ཕཊ། ཨོཾ་པྲ་ཙ་ཙ་ར་མུ་རྟ་མ་མ་རཀྟ་ཡ་ནི་ཤ་ཀུ་རུ་ནི་ཨ་མུ་ཀ་རྦད་ཡ་ཧཱུཾ་ཕཊ། ཨོཾ་པྲ་མུར་ཙ་མ་ཏ་ཙ་ར་ཙ་ཡ་ནི་ཤ་ཀུ་རུ་ནི་ཨ་མུ་ཀ་རྦད་ཡ་ཧཱུཾ་ཕཊ། ཨོཾ་པྲ་ཏ་མ་ཙ་ཙ་མ་རག་མུར་ཡ་ནི་ཤ་ཀུ་རུ་ནི་ཨ་མུ་ཀ་རྦད་ཡ་ཧཱུཾ་ཕཊ། ཨ་མུ་ཧྲཱྀཿཤྟྲཱིཿཔྲ་མ་ཡ་ནི་ཤ་ཀུ་རུ་ནི་ཨ་མུ་ཀ་རྦད་ཡ་ཧཱུཾ་ཕཊ། ཨོཾ་ཧྲཱྀཿཤྟྲཱིཿཨ་མུ་ཀ་མ་ར་ཙ་ཡ་ནི་


DNG016_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་ཀུ་རུ་ནི་ཨ་མུ་ཀ་རྦད་ཡ་ཧཱུཾ་ཕཊ། ཨོཾ་ཧྲཱྀཿཤྟྲཱིཿཨ་མུ་ཀ་རཀྟ་ཙ་ར་ཡ་ནི་རུ་ཤ་ཀུ་ནི་ཨ་མུ་ཀ་རྦད་ཡ་ཧཱུཾ་ཕཊ། ཨོཾ་ཧྲཱྀཿཤྟྲཱིཿཨ་མུ་ཀ་མཱ་ར་ཡ་ནི་ཤ་ཀུ་རུ་ཤ་ཀུ་རུ་ནི་ཨ་མུ་ཀ་རྦད་ཡ་ཧཱུཾ་ཕཊ། ཨོཾ་ཧྲཱྀཿཤྟྲཱིཿཨ་མུ་ཀ་མཱ་ར་ཙ་རཀྟ་མ་ར་ཡ་ཧཱུཾ་ཕཊ། རཱ་ཛ་ས་དོ་མེ་ཡ། དོ་རུ་ཎ་ཡོ་ད་ཡ། ཡོ་ནི་ར་ཡ་ཀྵེ་ཡ། ཡ་ཙྪ་ནི་རཱ་མ་ཡ། ཙ་ཡ་དོ་མེ་ཡ། རུ་ཎ་ཡོ་ད་ན། ནི་ར་ཡ་ཀྵེ་ཡ་ཙ་ནི་རཱ་མ་ཡ། ས་དོ་མེ་ཡ། ཎ་ཡོ་ད་ཡ། ར་ཡ་ཀྵེ་ཡ། ནི་རཱ་མ་ཡ། ར་མ་ཡ་དོ་མེ་ཡ། ཡ་ད་ཡ། ཡ་ཀྵེ་ཡ། དཔལ་ཟླ་གསང་ནག་པོའི་རྒྱུད་ལས། གསང་བ་ཐུན་སྔགས་ཀྱི་ལེའུ་སྟེ་སོ་དགུ་པའོ།། །།དེ་ནས་འཇིགས་བྱེད་ཀྱི་རྒྱལ་པོ་གཤིན་རྗེའི་གཤེད་པོ་དེས། མཚོན་ཆ་འབར་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་དང་། ཡུམ་རོ་ལངས་ཐལ་མདོག་མས། ཐུགས་ཀའི་ཡི་གེ་ལས་རེ་མ་ཏི་གསུམ་བཏོན་ནས་སྤྲོས། གསུམ་གྱི་བྱེ་བྲག་ལས། རཀྟའི་རྦ་ཀློང་དང་། ཀེང་རུས་ཀྱི་རི་རབ་དང་། ཞིང་གི་སྣམ་བུ་རྒྱུ་བས། སྟོང་གསུམ་གྱི་སྟོང་གང་བར་སྤྲུལ་ཏེ། བསྐོར་བ་ལན་དུ་མ་བྱས་ནས་མཆོད་པ་ཕུལ་ལོ། །བསྟན་པ་ཡུན་དུ་གནས་པ་ལ་དམིགས་ཏེ། རལ་པ་གསིགས་རྡོ་རྗེ་གསོར་ནས་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ། འཇིགས་བྱེད་ཆེན་པོ་ལགས། བསྟན་པ་ཡུན་དུ་གནས་པ་དང་། །རྣལ་འབྱོར་ཅན་ལ་ཕན་བྱའི་ཕྱིར། །རྒོད་ཀྱི་དྲག་སྔགས་བཤད་དུ་གསོལ། །ཞེས་ཞུས་སོ། །དཀོན་མཆོག་རྒྱལ་མཚན་ལྟ་བྱའི་ཕྱིར། །དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི། །ཐུགས་ལ་དྲིལ་བའི་རྒོད་ཀྱི་སྔགས། །བཤད་པར་བྱ་བའི་ཉན་པར་བྱོས། །ཨ་ཧོ། ཨོཾ་ནི་མ་ར་ནི་མ་ར་དུ། རྩ་ལ་པྲ་མ་ནན། མཱ་ར་ཡ་ཛ་ཛ། ཆེ་གེ་མོ་རྩ་ལ་ཁུག །སྙིང་ལ་ནན། གློ་རྩ་ལ་ཁུག །གློ་རྩ་ལ་རྦད། ཐུཾ་རི་ལི་ལི་ལི་རྦད། ཨོཾ་ནི་མ་ར་ནི། རྩ་ལ་ཙན་ཏྲ་ནག་པོ་སྟེ། ཀུན་བཾ་རིལ་


DNG016_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

རྦད། ཨོཾ་ནི་མ་ར་ནི་མ་ར་དུ། རྒྱུ་ཙ་ཙ་སྙིང་རྩ་ནན། ཁུག་བཾ་རིལ་རྦད། ཙ་ཙ་ནན། ཙ་ལ། ཁུག་ཁྲག་རྩ་རྦད། ཧར་ཕན་ནན། ཐུཾ་རིལ་རྦད། ནག་པོ་དེ་ཀུན་ཛ་ཐུན་བྷྱོ། རུ་ལུ་རུ་ལུ། མ་ཙ་པ་ལ་ཏྲག་མོ་ཏྲག་ཤ །ཀྲོ་ཤྭ་རཱི་སྙིང་ལ། སྙིང་ལ་དུན་བྷྱོ། རྩ་ལ་ཕྲཾ་ནན། དགྲ་བོ་མཱ་ར་ཡ་ཛ་ཛ། འདི་ནི་ཞེ་སྡང་ཀུན་གྱི་བཅུད། །ཕྱག་རྒྱའི་ཏིང་ངེ་འཛིན་གསལ་བསྒོམ་ཞིང་། །ལིངྒ་ཚུལ་དང་ལྡན་བྱས་ལ། །ནག་པོའི་གྲོགས་ཀྱིས་ཐེབས་པར་གདབ། །འདི་ནི་ལྐུགས་ཤིང་བསད་པའི་མཆོག །ཅེས་གསུངས་སོ། །འཇིགས་བྱེད་རྒྱལ་པོས་ཡང་གསུངས་པ། དྲིལ་བ་རྒོད་ཀྱི་སྔགས་ཁྲག་གཟེར་ནག་པོ་ནི། མཚན་མར་བཅས་པའི་ལིངྒ་གསལ་བྱས་ལ། །ཕྱག་རྒྱ་བསྟན་པའི་སེམས་ཀྱིས་བྱོས། །མཚན་མ་ལ་གདབ། ཨོཾ་ནི་མ་ར་ནི་མ་ར་དུ། ཁྲག་ལ་ཁུག །སྙིང་རྩ་རྟོགས། སྙིང་ཁྲག་ཚལ་པ་བཾ་རིལ་རྦད། ཁྲག་ཉག་ཤག་ཤ །སྙིང་ལ་ཁུག །ཐུཾ་རིལ་རྦད། ཁྲག་ཐིག །རག་ཤ་བཾ་རིལ་རྦད། ཁྲག་མགོ་མྱོགས། ཐུཾ་རིལ་རྦད། ཁྲག་མུགས་ཤིང་། ཁྲག་སྙིང་ལ་བེར་ཧཾ། མུགས་ནན། ཐུཾ་རིལ་རྦད། ཨོཾ་ནི་མ་ར་ནི། ཁྲག་ཤ་རོལ། ཁུག་ཐུཾ་རིལ་རྦད། ཁྲག་རོ་ཙ་ལ་བཾ་རིལ་རྦད། དགྲ་བོ་མཱ་ར་ཡ་ཛ། ཨོཾ་ནི་མ་ར། ནི་མ་ར་དུ། ཁྲག་རྩ་བཾ། ཁྲག་ལ་ཁུག །ཁྲག་ལ་དུ་ཡ། མེ་བཾ་རིལ་རྦད། ཁྲག་མགོ་ལྡིབ། ཐུཾ་རིལ་རྦད། ནག་པོ་སྙིང་ལ། ཡག་ཤ་བཾ་རིལ་རྦད། མཆིན་རྩ་མྱོགས། རྩ་ལ་ཆུམ་ཆུམ། ཐུམ་རིལ་རྦད། རྩ་རྩ། ནན་ནན། རྩ་ལ་མ་གྲཾབས་ནན། བཾ་རིལ་རྦད། ནག་པོ་སྙིང་ཡ་ཤ་བཾ་རིལ་རྦད། ནག་པོ་དེ་ཀུན་སྙིང་ལ་ཁ་ལོང་ཁའི། ནག་པོ་ཀུན་སྙིང་ཁམ་ཁའི། ནག་པོ་ཤ་པ་ནི། རྩ་བཾ་རིལ་རྦད། ནག་པོ་ཧ་ར་ལཾ་རིལ་རྦད། ནག་པོ་སྙིང་མགོ་ཆོད། ཁ་ལ་ཟོ་སྙིང་


DNG016_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

མགོ་རྩ་ལ་རོད་པའི་དགྲ་བོ་སྙིང་ལ་ཛ་ཛ། དགྲ་བོ་སྙིང་ལ་ཧ་རེ་ཧོ་རེ་བཾ་རིལ་རྦད། ཧུ་ཡ་ཧུ་ཡ་སྙིང་འདུ་རར་གློ་རྩ་བཾ་རིལ་རྦད། ཡང་ན་སྨྱོ་ཞིང་ལྐུགས་སུ་ཆུགས། །ཡང་ན་མྱོས་ཤིང་འབོགས་སུ་གཞུག །ཡང་ན་རྩ་ལ་དགུ་རྒྱུད་ཆོད། །ཡང་ན་དོན་སྙིང་ཐལ་བར་རློག །ཡང་ན་མཛེ་དང་འབྲུམ་བུ་ཐོང་། །ཨོཾ་ཤྲཱི་མཉྫུན་ཀྲི་སྣ་ཡ་མ། དགྲ་བོའི་སྙིང་ལ་གུར་གུར་བཾ་རིལ་རྦད། ཧར་ཐུཾ་ཧར་ཐུཾ་བཾ་རིལ་རྦད། པྲ་ཧ་ར་པྲ་ཧ་ར་བཾ་རིལ་རྦད་རྦད། རྨོ་དུ་རྨོ་དུ་བཾ་རིལ་རྦད། ཧུ་ར་ཤུ་ཧུ་རུ་ཤ་བཾ་ད་ལི་རྦད། ཏྲག་ཀ་རི་ཀ་བཾ་བཾ་རིལ་རྦད། ཀ་རྦད། ཧ་ར་ཙ་ར་ནན། ཧ་ར་ཙ་ར་ནན། པྲ་ཧུར་བཾ་རིལ་རྦད། ཀྲ་ཡ་ཧ་ཀྲ་ཡ་ཧ། སྣ་དུ་ལུ་སྣེའུ་ཙུར་ཏ་ཙུར་ཏ་བཾ་རིལ་རྦད། སྨེ་ཤ་སྨེ་ཤ་ཀྲ་ཤུ་སྨེ་ཤ་ཀ་ཤུ་ཚུར་ཏཾ་ཚུར་ཏཾ། འགུ་ར་གུ་བཾ་རིལ་རྦད། ཙ་དུ་ར་ཙ་དུ་ར། སླེ་ཤེ་བཾ་རིལ་རྦད། ཨོཾ་ཡ་ཀྵེ་ཡ་ཧཱུཾ་ཕཊ། ཨོཾ་མཱ་ར་ཡ་ཧཱུཾ་ཕཊ། ཨོཾ་ཙ་མ་ཙ་ཡ་ཧཱུཾ་ཕཊ། ཨོཾ་ཡ་མ་ར་ཡ་ཧཱུཾ་ཕཊ། ཨོཾ་ཡ་ར་ཡ་ཧཱུཾ་ཕཊ། ཨོཾ་ཡ་ཡ་མ་ར་ཧཱུཾ་ཕཊ། ཨོཾ་ཡ་ར་ནི་ཙ་ཀྵེ་ཡ་ར་ནི་ཏ། ཡོ་ན་རུ་མེ་དོ་ས་ཙ་མ་ཧཱུཾ་ཕཊ། ཡ་མ་མེ་ད་ཀྵེ་ཙ་ནི་ཡ་ཧཱུཾ་ཕཊ། ཡ་མེ་ད་ཀྵེ་མ་རུ་ན་ཡོ་ཧཱུཾ་ཕཊ། ཡ་ད་ཀྵེ་མ་མེ་ནི་ར་ཡ་ཧཱུཾ་ཕཊ། ཡ་ཀྵེ་མ་མེ་ད་ས་ཙ་ས་དོ་ཧཱུཾ་ཕཊ། ཨོཾ་ཡ་ཀྵེ་མ་མེ་ད་ནི་ར་ཡ་ཧཱུཾ་ཕཊ། ཨོཾ་ཡ་ཀྵེ་ཡ་ཙ་ནི་ར་ཙ་ནི་རཱ་ཛ་ས་དོ་མེ་ཡ་ཧཱུཾ་ཕཊ། ཨོཾ་ཡ་མེ་དོ་རུ་ནི་ར་ཡ་ཀྵེ་ཡ་ཧཱུཾ་ཕཊ། ཨོཾ་ཡ་མ་རཱ་ཛ་ས་དོ་རུ་ཎ་ཡོ་ད་ཡ་ཧཱུཾ་ཕཊ། ཨོཾ་ཡ་ད་ཡོ་ནི་ར་ཡ་ཙ་ནི་ར་མ་ཡ་ཧཱུཾ་ཕཊ། ཨོཾ་མ་ཏ་ཀྲོ་ན་ཏེ་ཡ་ཀ་ཏ་བ་ན་མཉྫུ་ཏ་ཀ་ཧཱུཾ་ཕཊ། ཨོཾ་ཏེ་མ་ཧ་ཏ་ཧཱུཾ། ཀྲོ་ཏང་ཀ་མ་ཙ་མ་ཙ། ཨ་ཀ་ཏན་ཛ་ཛ་ཧཱུཾ་ཕཊ། ཨོཾ་ཏེ་ཏ་ལ་པ་ཧཱུཾ་ཕཊ། ཀཱ་ཡ་བཱ་ག་ནི་ཧཱུཾ་ཕཊ། ཀྲོ་མ་ཀ་རུ་ཧཱུཾ་ཕཊ། སྲོག་ལ་དེ་བར་སྙིང་རྩ་རྦད། ཆེ་གེ་མོ་ཙ་ཤོ་ཤ་ཁུག །སྙིང་རྩ་རོ་ཚལ་པ་བཾ་རིལ་རྦད། ཡ་མ་རཱ་ཛ་སྙིང་ལ་སོད་པ་རཀྴ་བཾ་རིལ་རྦད། ཨ་འགུ་ཤ་སྙིང་ཁུག །མཆིན་རྩ་རྦད། ཀས་པ་ཀས་རྩ་ལ་


DNG016_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

ཤོས། རྩ་རོ་ལ་ཡ་ག་ཡོས། རོ་ལ་རྩ་མ་བཾ་རིལ་རྦད། ཁྲག་ལ་རྩ་སྙིང་ལ་ཤོས་བཾ་རིལ་རྦད། དགྲ་བོ་མཱ་ར་ཡ་བཾ་རིལ་རྦད། ཡ་མ་རཱ་ཛ་ས་དོ་མེ་ཡ། ཡ་མ་རཱ་ཛ་སྙིང་དོ་རུ་མེ་ཡེ་ཡ། ཡ་ད་ཡོ་ནི་སྙིང་ལ་དོ་རུ་མེ་ཡ། བཾ་རིལ་རྦད། ཡག་ཤ་ཡ་ཨ་ཀེཾ་ཨ་ཀཾ་ཀཾ་ཨ་ཀཾ། སྙིང་ལ་རྩ་རོ་མེ་བཾ་རིལ་རྦད། ཡ་མ་རཱ་ཛ་ཐུན་ཙ་ལ་རོད་པ་ཁུག །ཐུཾ་རིལ་རྦད། སྙིང་ལ་རྒ་ཤ་མེ་བཾ་རིལ་རྦད། ཡ་མ་རཱ་ཛ་ཙཀྲ་སྙིང་ལ་ཙ་ཙ། ནན་ནན། སྲོགས་སྲོགས། མུགས་མུགས། དགྲ་བོ་ཁྲག་ཐུཾ་རིལ་རྦད། ཨོཾ་ཧྲཱྀཿཤྟྲཱིཿཡ་ཡ་མཱནྟ་ཀ །ཤྲི་མཉྫུ་ཨ་ཀྲོ་མཉྫུ་ཡེ། བེ་ཏ་ལི་ཆེ་གེ་མོ་རོ་ལ་ཙིཏྟ་སྙིང་ལ་རོག་པ། རྩ་ལ་རོག་པ་ལ་ཁུག །ཀྲོ་དྷཱི་ཤྭ་རཱི་བེ་ཏ་ལི་ཁྲག་ཁུག །བཾ་རིལ་རྦད། ཡ་མ་རཱ་ཛ་སྲོག་རྩ་ལ་བཾ། ཨེ་མཉྫུ་སྙིང་ཁུག །སྲོག་ལ་རྒལ་པ་དེ་བཾ་རིལ་རྦད། ནི་མཱ་ར་ཡ་འདོད་པ་མཱ་ར་ཡ། འདོད་པ་མཱ་ར་ཡ་ཏ་ཧཱུཾ་ཛ་ཛ། ཨོཾ་ཤྲཱི་མཉྫུ་ཡ་མ་རཱ་ཛ། བེ་ཏ་ལི་ཀྲོ་དྷཱི་ཤྭ་རཱི་སྙིང་ཁ་རག །ས་མ་ཡ་ཐུཾ་རིལ་རྦད། ཡ་མ་རཱ་ཛ་ས་དོ་མེ་ཡ། ཁྲག་ལ་ས་དོ་མེ་ཡ་ཁྲག་ལ་ས་དོ་རུ་མེ་ཡ། ཀླད་པ་ལ་ཧ་རེ་ཧོ་རེ་བཾ་རིལ་རྦད། ཨོཾ་ཀཱི་ལི་ཀཱི་ལ་ཡ། ཁྲག་ཐིགས་བཾ་རིལ་རྦད། སུབས་ཐིབས་རྦད། སུབས་རིལ་རྦད། བི་དུ་ཡ་རྦད། བ་ཤཾ་དུ་རྦད། ཁྲག་ཤ་དུ་ཡ་རྦད། ཁྲད་ཀྲ་ཁྲད་ཀྲ་བི་རིལ་རྦད། ཙིཏྟ་རོ་ལ་ཤིནྟ། སྙིང་ལ་ཙ་ཙ་ནན། གཤིན་རྗེ་ཕོ་ཉ་སྙིང་རག །གློ་སྙིང་ལ་ཁུག །དགྲ་བོ་མཱ་ར་ཡ་བཾ་རིལ་རྦད། བདུད་པྲ་མ་ཡ། བདུད་པྲ་མ་ཡ་བདུད་སྙིང་མགོ་ཆོད། དུ་རུ་དུ་རུ། ཧ་རྟི་ཧ་རྟི། དགྲ་བོའི་སྙིང་ལ་ཛ་ཛ། ནག་པོ་ཙ་ཏི་ཡ་དགྲ་སྙིང་རྩ་ལ་བཾ་རིལ་རྦད། ནཱ་ག་ཀྲོ་དྷཱི་ཤྭ་རཱི་སྙིང་ལ་ཙ་བ་ལ། ཏྲག་ཏྲག་མ་ཏྲག་ཤི་དགྲ་ལ་ཐུཾ་བྷྱོ་བྷྱོ། ནག་མོ་དེ་ཀུན་ཀྲོ་དྷཱི་ཤྭ་རཱི་སྙིང་ཁྲག་ཐུཾ་རིལ་བྷྱོ། ཏྲ་ཏྲ་རག་མོ་རུ་ལུ་ཙ་པ་ཡ། སྲོག་ཤ་ཀྲོ་དྷཱི་ཤྭ་རཱི་ཐུཾ་རིལ་རྦད། ཨོཾ་ན་མོ་ནི་རག་ཤ་མོ་ཁྲག་ལོང་ཁ།


DNG016_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་ལ་ཧུར་ཐུཾ། པ་ཤིག་ཐུཾ་རིལ་རྦད། སྙིང་ཁྲག་ཞོས་མཆིན་རྩ་ཆོད། རྒྱུ་ཁྲིག་སྙོགས་ཡ། སྙིང་ལ་མེ་བཾ་རིལ་རྦད། ཁྲག་མགོ་ཆོད། ཁྲག་ལ་ཤིག་ཐུཾ་རིལ་རྦད། མཱ་ར་ཡ་ཛ་ཛ། འཇིགས་བྱེད་ཆེན་པོས་ཡང་གསུངས་པ། །ཀུན་གྱི་ནུས་པ་དྲིལ་བ་མཆོག །འབའ་ས་རྟ་ཀ་བསྙོད་པ་བཞིན། །ཐེ་ཚོམ་མེད་པར་བཟླས་པར་བྱ། །བདག་ཉིད་ཕྱག་རྒྱ་གསལ་བ་ལ། །ལག་མཐིལ་དུག་གི་འཁོར་ལོ་བྲི། །ལིངྒ་གོང་གིས་བཤད་བཞིན་ཤེས། །བྱ་ཕུར་སྔོན་པོས་གདབ་པར་བྱ། །ནི་མ་ར་ནི་མ་ར་དུ། ཡ་མ་སྙིང་མགོ་ཆོད། ཁྲ་ཕྲཾ་སྙིང་ལ་རུག་པ་ཤག་དགྲ་བོ་མཱ་ར་ཡ་ཛ། བཛྲ་ཀཱི་ལི་ཀཱི་ལ་ཨཱ་ཛ། སྙིང་ལ་ཕྲཾ་ནན་སོད། སརྦ་དུ་རུ་ཀ་བཾ་རིལ་རྦད། བཛྲ་ཀཱི་ལི་ཀཱི་ལ་ཡ། ཁྲག་ཤཾ་དུར་རྦད། ཁྲག་ལ་སོ་གོ་རང་ག་ཤམ། བཾ་རིལ་རྦད། ཙ་ལ་ཧ་ར་ནན། ཁུག་ཐུཾ་རིལ་རྦད། ཁྲག་ཤཾ་ཤོས་ཐུཾ་རིལ་རྦད། རྨུགས་པ་ཙ་ཐུཾ་རིལ་རྦད། སུ་ར་གེ་སྙིང་ལ། ཁུག་ཐུཾ་རིལ་རྦད། གླིང་ཤི་དུ་ཐུཾ་རིལ་རྦད། བྱི་མ་ཡབ་ཤི་ཐུཾ་རིལ་རྦད། ཨོཾ་ན་མི་ར་ནི་མ་ར་དུ། ཡ་མ་དུ་སྙིང་ལ་ཤིག །གློ་བཾ། དགྲ་བོ་མཱ་ར་ཡ་ཛ་ཛ། ཨོཾ་ན་མི་ར་ཎི་མ་ར་དུ། ཁྲག་མགོ་ཆོད་སྙིང་རྩ་ཆོད། སྙིང་རྩ་སྲ་ལ་ནན། དགྲ་བོ་མཱ་ར་ཡ་ཐུཾ་རིལ་རྦད། འཇིགས་བྱེད་ཆེན་པོས་གསུངས་པའི་དོན། །བདག་ཉིད་ཕྱག་རྒྱར་གསལ་བ་ནི། །ལག་པ་གཡས་གཡོན་ཉི་ཟླའི་དཀྱིལ་འཁོར་བསྒོམ། །ཚེར་མ་ཅན་གྱི་ཕུར་པ་ལ། །ལིངྒ་གོང་དུ་བསྟན་པས་ཤེས། །རི་རྒྱལ་རྦབ་བཞིན་བཟླས་པར་བྱ། །ཨོཾ་ནི་མ་ར་ནི་མ་ར་དུ། ཡ་མ་དུ་ཡ་མ་སྙིང་། དུ་མ་མ་སྙིང་། ཡ་མ་ཁྲག་ཚལ་པ་དམ་པ་དུམ་བུ། བཾ་རིལ་ཀཱི་ལི་ཀི་ལ་ཡ། སརྦ་བིག་ནན། དགྲ་བོ་མཱ་ར་ཡ་སྙིང་རྩ་ཚལ་པ། སུ་རུ་སུ་རུ། དགྲ་བོ་མཱ་ར་ཡ་ཛ། བཛྲ་ཀཱི་ལི་ཀི་ལ་ཡ་སྙིང་ལ་རུག་པ་ཤག །དགྲ་བོ་མཱ་ར་ཡ་བཾ་རིལ་རྦད། ཨོཾ་བཛྲ་


DNG016_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

ཀཱི་ལི་ཀི་ལ་ཡ་རོ་ལ་རྩ་ཐུཾ། དགྲ་བོ་མཱ་ར་ཡ་ཐུཾ་རིལ་རྦད། བཛྲ་ཀཱི་ལི་ཀཱི་ལ་ཡ་སྙིང་ལ་མེ་ར་ཡ། རཀྴ་རཀྴ་ཐུཾ་རིལ་རྦད། གཤིན་རྗེ་ནག་པོ་ཛ་ཛ། དགྲ་བོ་མཱ་ར་ཡ་ཐུཾ་རིལ་རྦད། གཤིན་རྗེ་ནག་པོ་སྙིང་ལ་ཙ་ཙ་ནན་ནན། སྲོག་རྩ་ལ་བཾ་རིལ་རྦད། ནག་པོ་དེ་ཀུན་གློ་རྩ་ལ་ནན། ཁུག་རྩ་ལ་ནན། ཁུག་ཁུག །ཐུཾ་རིལ་མཱ་ར་ཡ་ཛ། བཛྲ་ཀཱི་ལི་ཀཱི་ལ་ཡ། གཤིན་རྗེ་ནག་པོ་དེ་ཀུན་རྩ་རོ་བཾ་རིལ་རྦད། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། སྙིང་ལ་ནག་པོ་རགྴ་ནག་པོ་དེ་ཀུན་སྙིང་ལ་འབོགས་འབོགས་ཤིག་ཤིག །ཆུམ་ཆུམ་ཐུཾ་རིལ་ལི་ལི། མཱ་ར་ཡ་ཛ་ནག་པོ་རགྴ་འུབ་ཤ་འུབ་ཤ །ཐུཾ་རིལ་ལི་ལི་མཱ་ར་ཡ་རྦད། ཏྲག་མོ་དམར་ཤཾ་ཀུན་ལྡན། དགྲ་སྙིང་ལ་པདྨ་ད་ར་ཏྲི། ནག་པོ་རེ་མ་ཏི་ཛ་ཛ། ཡེད་དེ་ཡེད་དེ། སུབ་སུབ། སུ་རུ་སུ་རུ། ཀྲོ་དྷཱི་ཤྭ་རཱི་སྙིང་ལ་རག་སྲིན་པོ་རགྴ་སྙིང་ལ་ཁ་ལོ་ཁ། ནག་པོ་ཀུན་སྙིང་ལ་བཾ་རིལ་རྦད། ཏྲ་ནག་པོ་བེ་ཏ་ལི། ཨེ་ནན་བཛྲ་ཀྲོ་དྷཱི་ཤྭ་རཱི། སྙིང་ལ་རོད་པ་རྩ་བཾ་རིལ་རྦད། དགྲ་བོ་མཱ་ར་ཡ་ཛ་ཛ། ཨ་ཧོ། འཇིགས་བྱེད་ཆེན་པོས་འདི་སྐད་གསུངས་སོ། །ཉོན་ཅིག་ཟུང་ཞིག་རྡོ་རྗེ་འཛིན། །ངས་གསུངས་པ་ལ་རྩེ་གཅིག་ཉོན། །མ་ལྟར་དྲིལ་བ་རྒོད་ཀྱི་དྲག་པོའི་སྔགས། །འདི་ནི་མཱ་ར་ཡ་ཡི་སྨིན་མའི་མཆོག །བདག་ཉིད་ཕྱག་རྒྱ་ཆེན་པོར་གསལ་བ་ལས། །གཡས་གཡོན་ཉི་ཟླའི་དཀྱིལ་འཁོར་ཤེས། །ནག་པོ་གདུག་པའི་ཕུར་པ་ལ། །རཀྟས་བྱུགས་ལ་ཕུར་པ་ལ། །གདབ་པ་གསུམ་དུ་ཐེབས་པར་གདབ། །ཨོཾ་ནི་མ་ར་ནི། ཡ་མ་དུ་ཡ་མ་སྙིང་། ཡ་མ་ཁྲག་ཚལ་པ་བཾ་རིལ། དུམ་བུ་དུམ་བཾ་རིལ་ཧཱུཾ་ཕཊ། བཛྲ་ཀཱི་ལི་ཀཱི་ལ་ཡ། ནག་པོ་ཏི་པ་ཙག་ཤ་ནན། ཁུག་རོལ་བཾ། དགྲ་བོ་མཱ་ར་ཡ་ཛ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ནག་པོ་རྩི་པ་སྙིང་ལ་ཐོད་པ་བཛྲ། ཤག་ཤག་ནན། ཁུག་ཐུཾ་རིལ་རྦད། ཨོཾ་ཤྲཱི་མཉྫུ་ཙནྟྲ་རག་ཤཱ་རོ་ལ་ཁུག་ཐུཾ་རིལ་རྦད། ནག་པོ་དེ་ཀུན་སྙིང་ལ་ཁུག་ཐུཾ་རིལ་རྦད། ཨོཾ་ཤྲཱི་མཉྫུ་ནག་པོ་དེ་ཤྭ་ར་


DNG016_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

བཾ་རིལ་རྦད། ཨོཾ་མཉྫུ་ནག་པོ་ཏྲ་རགྴ་རོལ་བཾ། དགྲ་བོ་མཱ་ར་ཡ་ཛ་ཛ། ནག་པོ་དེ་ཀུན་སྙིང་ཙ་ལ་ཙ་པ་ལ་དུན་བྷྱོ། ཨོཾ་ཤྲི་མཉྫུ་ནག་པོ་ཀྲག་ཤ་ཧ་ར། བཾ་རིལ་རྦད། ཨོཾ་ཤྲཱི་ཨ་ཀྲོ་དེ་བ། ཨཱརྱ་ཡ་མཱནྟ་ཀ་སྙིང་ལ་རགྴ། དྲག་པོ་རོལ། ཁྲག་འཐུང་དགྲ་བོ་མཱ་ར་ཡ་ཐུཾ་རིལ་རྦད། ཨོཾ་ནཱ་ག་རགྴ་ཀྲོ་དྷཱི་ཤྭ་རཱི། སྙིང་ལ་ཁུག་ཐུཾ་རིལ་རྦད། ནག་པོ་ཀུན་ཏུ་སྙིང་ལ་ཐུཾ་རིལ་རྦད། རོ་ལངས་ཁྲག་འཐུང་སྙིང་མགོ་མཆོད། རྩ་ལ་པཾ། དགྲ་བོ་མཱ་ར་ཡ་ཐུཾ་རིལ་རྦད། གོང་དུ་བྱ་བའི་ལས་ཟིན་ནས། །གདུག་པ་ལྡན་པའི་སེམས་ཀྱིས་བྱའོ། །དེ་ནི་མི་ལྡོག་ཨུར་མོའི་ལས། །ཞེས་གསུངས་སོ། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། ངན་སྔགས་རྒོད་ཀྱི་ལེའུ་སྟེ་བཞི་བཅུ་པའོ།། །།དེ་ནས་འཇིགས་བྱེད་ཆེན་པོས་འདའ་བ་མེད་པའི་དམ་ཚིག་འདི་བཀའ་སྩལ་ཏོ། །ཉོན་ཅིག་ཟུང་ཞིག་རྡོ་རྗེ་འཛིན། །སྙིང་པོའི་དོན་འདི་མི་སྤང་ཞིང་། །རྡོ་རྗེ་སློབ་དཔོན་ཡི་དམ་ལྷ་ལྟར་བཀུར། །སྔགས་དང་ཕྱག་རྒྱ་མི་འདའ་ལ་སོགས་དཔེ་བརྒྱད་ཤེས། །རྣལ་འབྱོར་ཅན་ལ་མོས་པའི་སེམས། །ཐུགས་ལ་བརྣགས་པས་གནོད་མེད་དབྱུང་མི་བྱ། །འདི་ནི་རྩ་བ་ལྔ་རྣམས་སོ། །ཁྱད་པར་རིམ་པ་བསྟན་པ་ནི། །བདག་ཉིད་ཕྱག་རྒྱ་བསྟན་བྱ་ཞིང་། །ལམ་མི་གཟུར་ཞིང་ཕྱག་མི་བྱ། །གཏམ་མི་སྨྲ་བར་སྡིགས་མཛུབ་འཕྱར། །ཆས་བརྒྱད་བརྒྱན་ལ་བགྲོད་དཀར་འགྲོ། །དེ་ལ་སོགས་ཏེ་དུ་མར་བཤད། །མི་འདའ་བསྲུང་བས་དམ་ཚིག་སྟེ། །འདི་ནི་མཆོག་གི་དོན་དུ་བཤད། །དཔའ་བོ་ཆེན་པོས་བཤད་པའི་དོན། །འདུས་པའི་ཚོགས་ཀྱིས་འདའ་མ་བྱེད། །ཅེས་བཀའ་སྩལ་ཏོ། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། དམ་ཚིག་མདོར་བསྟན་པའི་ལེའུ་སྟེ་ཞེ་གཅིག་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས་འདི་སྐད་ཅེས་གསུངས་སོ། །ཉོན་ཅིག་ཟུང་ཞིག་རྡོ་རྗེ་འཛིན། །ངས་གསུངས་པ་ལ་སེམས་ཐུད་ཅིག །ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །བསྟན་པ་འཛིན་སྐྱོང་བསྲུང་དང་གསུམ། །བསྟན་པ་བཤིགས་པའི་དགྲ་དེ་ལ། །དྲག་པོ་


DNG016_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱི་མཐར་བྱ་བ། །དུས་ནི་རང་བྱུང་དགྲ་ལ་བྱ། །དུས་དང་ཁམས་དང་གྱུར་པ་དང་། །རང་བྱུང་དོན་དེ་བཞི་རུ་འདོད། །དེ་ལ་བསྐུལ་བ་རྣམ་བཞི་བྱ། །རྫས་དང་སྔགས་དང་ཏིང་འཛིན་དང་། །བསྐུལ་བའི་དོན་དེ་བཞི་རུ་འདོད། །དེ་ཡི་སྔོན་དུ་བསྙེན་བསྒྲུབ་བྱ། །བསྙེན་བསྒྲུབ་སོང་ནས་བསྐུལ་བ་ནི། །འཁོར་ལོ་དང་ནི་ལིངྒ་དང་། །ཉི་མ་དང་ནི་གཤིན་རྗེ་དང་། །གསང་སྔགས་དང་ནི་ཏིང་འཛིན་དག་དང་དྲུག །འཁོར་ལོ་ལ་ཡང་རྣམ་གསུམ་སྟེ། །ཕྱི་ནང་གསང་བ་གསུམ་དུ་འདུས། །འཁོར་ལོ་དེ་དག་རེ་རེ་ལ། །བྲི་དང་སྒྲ་དང་ལས་དང་ནི། །རང་གི་ངོ་བོ་དག་དང་ལྔའོ། །དེ་བཞིན་ལིངྒ་དག་ལ་གསུམ། །ཕྱི་ནང་གསང་བ་གསུམ་དུ་འདུས། །ལིངྒ་དེ་དག་རེ་རེ་ལ། །རྒྱུ་དང་བཅའ་དང་སྒྲ་དང་ལས། །རང་གི་ངོ་བོ་དག་དང་ལྔའོ། །དེ་བཞིན་སྔགས་ལ་རྣམ་གསུམ་སྟེ། །ཕྱི་ནང་གསང་བ་གསུམ་དུ་འདུས། །དེ་བཞིན་དྲག་སྔགས་རེ་རེ་ལ། །རྒྱུ་དང་བཏུ་དང་ལས་སྔགས་དང་། །བཟླས་དང་ང་རོ་སྒྲ་དང་ལས། །ཉི་མ་ལ་ཡང་རྣམ་གསུམ་སྟེ། །ཕྱི་ནང་གསང་བ་གསུམ་དུ་འདུས། །ཉི་མ་དེ་དག་རེ་རེ་ལ། །རང་གི་ངོ་བོ་རྒྱུ་དང་གནས། །སྒྲ་དང་ལས་དེ་རྣམ་པ་ལྔའོ། །གཤིན་རྗེ་ལ་ཡང་རྣམ་གསུམ་སྟེ། །ཕྱི་ནང་གསང་བ་གསུམ་དུ་འདུས། །གཤིན་རྗེ་དེ་དག་རེ་རེ་ལ། །རང་གི་ངོ་བོ་རྒྱུ་དང་སྒྲ། །གནས་དང་ལས་ཏེ་ལྔ་རུ་བསྟན། །གཤིན་རྗེ་དེ་དག་གནས་པས་ན། །གཤིན་རྗེའི་གྲོང་ཁྱེར་ཞེས་ཀྱང་བྱ། །གྲོང་ཁྱེར་དེ་རུ་སེམས་ཅན་ཀུན། །ཁྲིད་དང་དགུག་དང་གནས་པས་ན། །སྲིད་པ་གསུམ་གྱི་གནས་ས་ཡིན། །ཏིང་ངེ་འཛིན་ལ་རྣམ་གསུམ་སྟེ། །ཕྱི་ནང་གསང་བ་གསུམ་དུ་འདུས། །གསུམ་པོ་དེ་དག་རེ་རེ་ལ། །བྱིན་བརླབ་བཟླས་པ་ཏིང་འཛིན་དང་། །ངོ་བོ་རྒྱུ་དང་ལས་དང་སྒྲ། །དེ་དག་རྣམ་པ་དྲུག་ཏུ་འདོད། །ཕོ་དང་མོ་ཡི་མཚན་ཉིད་ཀྱང་། །གཡས་དང་གཡོན་གྱི་བྱེ་བྲག་གིས། །འགྲོ་བའི་ཆོས་བཞིན་གཅོད་པར་བྱེད། །དྲག་པོའི་ངན་སྔགས་ཕུང་བྱེད་འདི། །གཤིན་རྗེ་གཤེད་པོས་རབ་ཏུ་བསྔགས། །རྡོ་རྗེ་འཛིན་པས་རབ་ཏུ་ཟུང་། །དཔལ་ཟླ་གསང་ནག་


DNG016_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་རྒྱུད་ལས། ནག་པོ་གསལ་བྱེད་སྒྲོན་མའི་སྐབས་ཏེ་ལེའུ་ཞེ་གཉིས་པའོ།། །།གཤིན་རྗེ་གཤེད་ཀྱིས་གསུངས་པའི་དོན། །ཉོན་ཅིག་ཟུང་ཞིག་རྡོ་རྗེ་འཛིན། །གསང་བར་བརྒྱུད་དེ་བརྣག་པའི་ལུང་། །དོན་གཉིས་དག་ཏུ་ཤེས་པར་བྱ། །བསྙེན་བསྒྲུབ་དང་ནི་ཕྲིན་ལས་སོ། །བསྙེན་པ་ལ་ཡང་རྣམ་གཉིས་ཏེ། །སྔོན་དུ་འགྲོ་བའི་ཆོ་ག་སྟེ། །བསོད་ནམས་བསག་པར་བསྟན་པ་དང་། །བསྙེན་པ་དངོས་ཉིད་བསྟན་པའོ། །ཐབས་དང་དགོས་པ་རྣམ་གཉིས་ཀྱིས། །བསོད་ནམས་བསག་པའི་ཆོ་གར་འདོད། །ངོ་བོ་དབྱེ་བ་ངེས་པའི་ཚིག །དགོས་ཆེད་རྣམ་པ་བཞི་ཡིན་ནོ། །བསྙེན་པའི་དབྱེ་བ་བསྟན་པ་ཡིན། །བསྒྲུབ་པ་ལ་ཡང་བཅུ་གཉིས་ཏེ། །གནས་དང་བརྟུལ་ཞུགས་མཚན་མ་གཞག །མཆོད་རྫས་གཞག་དང་དངོས་གྲུབ་རྟེན། །དམ་ཚིག་ཏིང་འཛིན་འཕྲོ་འདུ་དང་། །གྲུབ་པའི་རྟགས་དང་བླང་བའི་ཐབས། །བར་དུ་གཅོད་པའི་བགེགས་དང་ནི། །སྒྲུབ་པའི་དུས་དང་སྤོགས་པའི་ཐབས། །སྤོགས་པ་ཆེན་པོའི་ཆོ་ག་སྟེ། །དྲག་ཤུལ་ཏིང་འཛིན་བཅུ་གཉིས་ཀྱིས། །དངོས་གྲུབ་བླང་བའི་ཆོ་གར་འདོད། །ཕྲིན་ལས་དག་ལ་རྣམ་གསུམ་ཏེ། །འཁོར་ལོ་བསྐོར་དང་མནན་བསྲེག་པའོ། །དུས་དང་གང་ཟག་བསྐོར་བའི་གནས། །ངོ་བོ་དབྱེ་བ་ངེས་པའི་ཚིག །འཁོར་ལོ་རྒྱུ་རྐྱེན་མཐུན་པའི་དཔེ། །སྒྲུབ་བྱེད་གྲོགས་དང་མ་གྲུབ་སྐྱོན། །གྲུབ་པའི་ཐབས་དང་སྤོགས་པའི་ཐབས། །དབྱེ་བ་བཅུ་གསུམ་མ་ཡི་ངག །ཅེས་གཤིན་རྗེ་གཤེད་པོས་རབ་ཏུ་བརྗོད། དཔལ་ཟླ་གསང་ནག་པོའི་རྒྱུད་ལས། ལས་ཀྱི་མདོ་བྱང་གི་སྐབས་ཏེ་ལེའུ་ཞེ་གསུམ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོས་འདི་སྐད་ཅེས་གསུངས་སོ། །དུས་ཚོད་མཚོན་ཆ་རྣོན་པོ་ལ། །རྡོ་རྗེ་སློབ་དཔོན་སྐུ་དགྲ་སོགས། །ཐེ་ཚོམ་མེད་པར་བསྒྲལ་བས་འགྲུབ། །ཕག་སྦྲུལ་སྟོན་དཔྱིད་ར་བ་ལ། །བྱི་བ་རྟ་ནི་སྟོན་དཔྱིད་འབྲིང་། །སྟོན་དཔྱིད་ཐ་ཆུང་གླང་ལུག་ལའོ། །སྟག་སྤྲེའུ་དབྱར་དགུན་ར་བར་ཤེས། །དབྱར་དགུན་འབྲིང་པོ་བྱ་ཡོས་


DNG016_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

ལའོ། །ཁྱི་འབྲུག་དབྱར་དགུན་ཐ་མར་འགྲུབ། །དེ་ནི་ལོ་གཤེད་ཟླ་བའི་ཀེག །ཁྱད་པར་ཉི་མའི་གཤེད་གཉིས་ཏེ། །དབྱར་རླུང་འཇུག་ཅིང་དགུན་རླུང་འབྱུང་། །དེ་ཡི་དུས་སུ་གསད་པ་ཤིས། །ཞག་གི་གཤེད་དུ་གྱུར་པ་ཡང་། །ར་བ་བཞི་ལ་བཅུ་བཞི་ཤིས། །འབྲིང་པོ་བཞི་ཡི་བཅོ་ལྔ་ལ། །ཐ་ཆུང་བཞི་ཡི་བཅུ་དྲུག་གོ། །ཚེས་བཞི་བརྒྱད་དང་བཅུ་གཅིག་དང་། །བཅོ་ལྔ་བཅོ་བརྒྱད་ཉི་ཤུ་གཉིས། །ཉི་ཤུ་ལྔ་དང་ཉི་ཤུ་དགུ། །དུས་ནི་སྲོད་དང་སྔ་དྲོ་དང་། །འཇིང་དང་ནམ་གུང་གུང་ཆུང་དང་། །ཉི་མྱུར་སྐྱ་རེངས་ཤར་བ་དང་། །ཉིན་མཚན་ཞག་གི་གོ་རིམ་བཞིན། །དེ་ཕྱིར་མ་གཤིན་འཚོལ་ཕྱིར་རྒྱུ། །བཙལ་ནས་གསོད་པའི་དུས་བསྟན་པ། །དཔྱིད་ར་ཚེས་བདུན་དག་ལ་ཤིས། །འབྲིང་པོ་བཅུ་བདུན་དག་ལ་ཤིས། །ཐ་ཆུང་ཉི་ཤུ་བདུན་ལ་ཤིས། །དབྱར་ར་ཚེས་བརྒྱད་འབྲིང་པོ་ནི། །བཅོ་བརྒྱད་ཐ་ཆུང་ཉི་ཤུ་བརྒྱད། །སྟོན་ར་ཚེས་དགུ་འབྲིང་པོ་ནི། །བཅུ་དགུ་ཐ་ཆུང་ཉི་ཤུ་དགུ། །དགུན་ཟླ་གསུམ་ཡང་དེ་བཞིན་ཏེ། །དུས་སུ་གསད་པའི་ལས་ལ་འཇུག །ས་ཡི་ཁམས་ས་དཔྱིད་ཟླ་གསུམ། །ཤིང་གི་དབྱར་ཟླ་སྟོན་ཟླ་མེ། །དགུན་ནི་ལྕགས་ཁམས་འཆི་བའི་དུས། །དེ་དུས་ཞག་གཤེད་བཏུ་བར་བྱ། །ར་བ་བཞི་ནི་རྟ་དར་ཡང་ལ་གཅོད། །ཐ་དར་ཆུང་ཡང་ཆུང་དུས་སུ་འབྲིང་བཞི་སྟེ། །ཐ་ཆུང་ཁྲ་ལ་བརྡེག་པར་བྱ། །དགུན་གསུམ་སྐར་མ་གསུམ་འཆར་ཏེ། །སྐར་མའི་གཤེད་ཀྱི་དུས་སུ་ནི། །སྦྱོར་བ་ཐམས་ཅད་རབ་ན་ཡང་། །ཁྲག་ཐུན་ལ་སོགས་ཟོར་རྣམས་ཤིས། །ལོ་ཟླ་ཞག་གི་དུས་བསྟན་ནས། །དུས་ཚོད་རྣོན་པོ་བསྟན་པར་བྱ། །སེམས་ཅན་ཡིད་ནི་གཉིད་ལོག་པས། །དེ་དུས་རྒྱུ་ཞིང་འཁྱམས་པའི་ཚེ། །ཀུན་ཀྱང་རྣམ་རྟོག་ལས་བྱུང་བས། །སྦྱོར་བའི་སྟོབས་བསྐྱེད་བསད་པར་ཤིས། །ཤ་བ་སྲོད་དང་ནམ་ཕྱེད་ན། །ལུག་དང་གཉན་གྱི་བླ་ཡང་རྒྱུ། །ཕག་པ་ཐོ་རངས་བྱ་ཉིད་ནི། །ཉི་མ་ཟེར་ལ་རྒྱུ་བར་བཤད། །ར་བླ་ཉི་མ་ནུབ་ཀ་སྟེ། །བྱ་བླ་ཉི་མ་ཟེར་ལ་རྒྱུ། །གཡག་དང་གླང་བླ་སྲོད་ལ་རྒྱུ། །རྟ་བླ་ཉི་མ་གུང་ལ་རྒྱུ། །དེ་དག་དགུག་ཅིང་བསད་པར་ཤིས། །ཐུན་མོང་བསྒྲལ་བའི་ཐབས་སུ་གསུངས། །དངོས་པོ་གཅིག་


DNG016_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་འགྱུར་བའི་ཚེ། །འགྱུར་བའི་བླ་དང་སྦྱར་ཏེ་བྱའོ། །ཁམས་ཀྱི་གཤེད་དུ་བསྟན་པ་ནི། །སྒྲུབ་པ་པོ་དང་ལོ་ཟླ་དང་། །དུས་ཚོད་ཀྱིས་ནི་གསོད་པར་བྱེད། །ཀེག་ནི་གཤེད་པོ་གླང་དང་ལུག །ལོ་དགྲ་བྱ་དང་སྤྲེལ་ཉིད་དེ། །དགུན་ཟླ་དབྱར་ཟླ་ཐ་ཆུང་གཉིས། །དུས་ཚོད་ཉིན་ཕྱེད་ནམ་ཕྱེད་ཡོལ། །ཧ་ལ་སྨན་གྱིས་གསོད་འགྱུར་ན། །བསྒྲུབ་པའི་སྦྱོར་བས་སྨོས་ཅི་དགོས། །ཁྱི་འབྲུག་ཇི་ཡི་གཤེད་པོ་སྟེ། །ཕག་དང་བྱི་བ་ལོ་དགྲ་ཉིད། །མི་མཐུན་བདུན་ཟུར་ཐེ་ཚོམ་མེད། །ཟླ་གཤེད་སྟོན་དཔྱིད་ཐ་ཆུང་སྟེ། །ཟླ་བའི་བདུན་ཟུར་རྡོ་རྗེས་གཅོད། །ཐོ་རངས་སྲོད་ལ་གསོད་པར་བྱེད། །བསམ་ངན་ཙམ་གྱིས་འགྲུབ་འགྱུར་ན། །སྦྱོར་བས་བདུན་རྒྱུད་ཐེ་ཚོམ་མེད། །གུང་ལ་ཁྱི་འབྲུག་ཤིང་ཁམས་པ། །ཤིང་དང་ཁ་དོག་འདྲ་བ་སྟེ། །གསོད་པའི་ལས་ལ་ཐེ་ཚོམ་མེད། །སྟག་དང་ཡོས་བུ་དར་བ་དགྲ། །བདུན་ཟུར་གཤེད་དུ་གྱུར་པ་སྟེ། །ཚངས་པའི་མེ་བཞིན་གསོད་པར་བྱེད། །ཟླ་གཤེད་སྲོག་དང་མི་མཐུན་པའི། །བདུན་ཟུར་གསོད་དེ་ཐེ་ཚོམ་མེད། །དུས་ཚོད་ནམ་ཕྱེད་དུས་ལ་ཤིས། །ཤིང་གི་ཁམས་ཏེ་གཤེད་ཆེན་པོ། །ཤིང་གི་གཤེད་དང་འུ་སེ་ཚིག་ཐོག་མ་ཆད། འདུས་པ་ས་ཡི་ཁམས་ལ་གཅོད། །ལོ་དགྲ་གླང་ལུག་གཉིས་ཀྱིས་ཏེ། །མི་མཐུན་བདུན་ཟུར་ཤིན་ཏུ་འཇོམས། །དུས་ཚོད་མཚན་མ་རང་སར་ཤིས། །དེ་ནས་མཐུན་འཕྲོད་བཤད་པ་ནི། །བཟང་ཞིང་འགྲུབ་པར་བྱ་བའི་ལས། །བདུད་རྒྱལ་ཉི་མ་བདུན་པོ་ལ། །དྲག་སྔགས་ཚོགས་ཀྱིས་ཆམ་ལ་དབབ། །ཉི་མ་གྲུ་སོགས་དྲེ་རུ་འབྱོར། །བི་རྫི་བྱ་གཞུག་ཟླ་བར་འབྱོར། །མིག་དམར་ཁྲུམས་སྨད་ལ་རོ་སྨན། །གཟའ་ལྷག་སྒྲོག་དང་སྨིན་དྲུག་འཛོམ། །ཕུར་བུ་རྒྱལ་སྟོད་རྒྱལ་སྨད་མཐུན། །པ་སངས་བྱ་གཞུག་རྟ་ཆུང་ཉིད། །སྤེན་པ་ས་རི་ས་ག་སྟེ། །དེ་ལྟར་མཐུན་སྦྱོར་དུས་སུ་ནི། །ངན་པའི་ལས་ཀྱང་འབྱུང་འགྱུར་བས། །དེ་ཕྱིར་བཟང་པོའི་ལས་ལ་འཇུག །བདུད་ཀྱི་ཉི་མ་བཤད་པ་ནི། །ཉི་མ་ལག་སོར་བྱ་ཆ་སྐྱེད་ཀྱང་སྐྱོར་གསུམ། །ཟླ་བ་རྒྱལ་སྨད་དྲེ་རུ་གསོད། །མིག་དམར་དྲེ་དང་སྒྲོག་གིས་ཏེ། །གཟའ་ལྷག་དབྱུག་པ་ཉིད་ཀྱིས་འཇིག །ཕུར་བུ་མགོ་


DNG016_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

རུ་འབྱོར་བས་འཇིག །པ་སངས་ཝ་དང་ལག་སོར་གསུམ། །སྤེན་པ་བྱ་མ་བདུད་ཀྱི་ཉི། །བཟང་པོའི་ལས་ཀྱིས་གསད་འགྱུར་ན། །ངན་པའི་ལས་ཀྱིས་སྨོས་ཅི་དགོས། །མི་འཕྲོད་བདུན་དུ་བཤད་པ་ནི། །ཉི་མ་ཁྲུམས་སྨད་ཟླ་བ་དང་། །ས་ག་མི་འཕྲོད་མིག་དམར་དང་། །ལག་ཏུ་མི་འཕྲོད་གཟའ་ལྷག་དང་། །གྲུ་སོགས་མི་འཕྲོད་ཕུར་བུ་སྒྲོག །པ་ཝ་སངས་དང་དྲེ་མི་འཕྲོད། །སྤེན་པ་དང་ནི་ཁྲུམས་སྟོད་དང་། །དེ་ལྟའི་མི་འཕྲོད་བདུན་པོ་ལ། །ཕན་གདགས་ལས་ནི་གཅིག་མི་འགྲུབ། །ཉི་མ་དང་ནི་ས་ག་འཇིག །ཟླ་བ་དང་ནི་བི་རྫི་སྟེ། །མིག་དམར་སྒྲོག་ཏུ་འཇིག་པར་བསྟན། །གཟའ་ལྷག་བྱེའུ་འཇིག་པ་སྟེ། །ཕུར་བུ་ལ་ནི་བེའུ་རྫི་འཇིག །པ་ཝ་སངས་ལ་བྱ་གཞུག་འཇིག །སྤེན་པ་ལ་ནི་བྱ་མ་འཇིག །མི་འཕྲོད་བདུན་དང་འཇིག་པ་བདུན། །བདུད་ཀྱི་ཉི་མར་གསད་པ་ཤིས། །འཚོ་བྱེད་ཡུལ་ལྷས་སྐྱོབ་པ་ནི། །གཡག་དཀར་མི་དཀར་ཚུལ་གྱིས་འགེག །བུད་མེད་རྟུག་པ་བསྲེག་ནས་ཀྱང་། །འཆི་བདག་རྣམས་ཀྱི་བླ་རྐུན་བཟླས། །ཞང་བློན་བཟང་པོ་ལྟ་བུ་ནི། །ཕོ་ལྷས་འགེག་པས་དེ་དུས་སུ། །གླང་རོག་རྭ་བསྲེག་གོང་བཞིན་བྱ། །ཁྲ་འམ་སྤྱང་ཀི་ལྟ་བུས་སྐྱོབ། །དགྲ་བླ་ཡིན་ཏེ་གསུར་ཆེན་བཏང་། །ཁྱི་ལུད་བསྲེག་པས་འབྲོས་པར་བྱེད། །བུད་མེད་ཤ་བ་ལྟ་བུ་ནི། །མ་ལྷ་མ་སྨན་འགོ་བ་སྟེ། །ར་དང་རྟ་སྦངས་ཏིལ་ནག་བསྲེག །ཏིང་འཛིན་མི་གསལ་བྱིང་རྨུགས་ན། །ཕོ་ལྷས་འགེག་པ་ཡིན་པར་བརྗོད། །ཏིལ་ནག་ཉུང་ནག་གུ་གུལ་ནི། །སྦྱར་མས་བསྲེག་ན་འབྲོས་པར་བྱེད། །མི་འཕྲོད་དབྱེ་བའི་ཐབས་བསྟན་པ། །བྱ་རོག་འུག་པའི་གུང་རུ་ལ། །གྲོ་གར་ཨ་དང་ཤོག་ཤོག་ནྲྀ། །གོ་རིམ་བཞིན་དུ་གླན་པར་བྱ། །ཡུགས་ས་མོ་ཡི་རྐང་དྲེག་དང་། །འབོག་དང་གླང་རོག་ར་ཁྲག་སོགས། །སྨེ་བའི་དུད་པས་དུས་གསུམ་བདུག །འདི་ནི་དབྱེ་བའི་མཆོག་ཏུ་གསུངས། །ནག་པོ་གསལ་བྱེད་སྒྲོན་མ་ལས། །བྱ་ཐབས་ཉམས་ལེན་ཉིང་ཁུ་འདི། །རང་བྱུང་


DNG016_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་ལ་བྱ་བའི་དུས་སུ་གསུངས། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། བྱ་ཐབས་ཉམས་ལེན་ཉིང་ཁུའི་སྐབས་ཏེ་ལེའུ་ཞེ་བཞི་པའོ།། །།དེ་ནས་འཇམ་དབྱངས་ཁྲོ་བོས་ཕྱོགས་སྐྱོང་གཤིན་རྗེ་ལས་ལ་སྐུལ་བ་འདི་གསུངས་སོ། །བསྟན་པ་བསྲུང་བར་ཞལ་བཞེས་པའི། །ཡབ་ཡུམ་གཉིས་མེད་ཐུགས་ཀྱི་སྲས། །སྟེང་ཕྱོགས་གཤིན་རྗེ་ནག་འཇོམས་ནི། །ནག་པོ་གཡས་ན་དགྲ་སྟྭ་བསྣམས། །ཆིབས་སུ་ལྐུགས་པ་ལུག་ལ་ཆིབས། །ཁྲོ་མོ་སྲིན་མོ་མགོ་འཕྱང་མ། །ནག་མོ་ཆེན་མོ་རལ་པ་ཅན། །གཡས་པ་ཐབས་ཀྱི་གཙོ་ལ་འཁྱུད། །གཡོན་པ་དུང་དམར་གཙོ་ལ་སྟོབ། །ཡབ་གཅིག་འཇམ་དཔལ་བཀའ་བྱུང་གིས། །དམ་རྫས་གཏོར་མ་འདི་འབུལ་ན། །བསྟན་པ་འཇིག་པའི་གཤེད་མ་མཛོད། །བདུད་པོ་བཅུ་ཡིས་ཁྲམ་ལ་ཐོབ། །གིང་ཆེན་བཅོ་བརྒྱད་ལས་ལ་སྐུལ། །འཆི་བདག་འཁོར་ལོའི་ལག་ཏུ་གཏོད། །དུས་ལ་བབ་པོ་ས་མ་ཡ། །དམ་ལས་མ་འདའ་ཕྲིན་ལས་མཛོད། །ཡབ་ཡུམ་གཉིས་མེད་ཐུགས་ཀྱི་སྲས། །སྟེང་ཕྱོགས་གཤིན་རྗེ་ཕྱ་སངས་ནི། །དཀར་པོ་ལག་ན་བུམ་པ་ཐོགས། །ཆིབས་སུ་བན་གླང་དཀར་པོ་ཆིབས། །ཁྲོ་མོ་ཁམ་རྒྱ་མཐུ་མོ་ཆེ། །ནག་མོ་མགོ་འཕྱངས་རལ་པ་ཅན། །གཡས་པ་ཐབས་ཀྱིས་གཙོ་ལ་འཁྱུད། །གཡོན་པ་དུང་དམར་གཙོ་ལ་སྟོབ། །ཡབ་གཅིག་འཇམ་དཔལ་བཀའ་བྱུང་གིས། །དམ་རྫས་གཏོར་མ་འདི་འབུལ་ན། །བསྟན་པ་འཇིག་པའི་གཤེད་མ་མཛོད། །བདུད་པོ་བཅུ་ཡིས་ཁྲམ་ལ་ཐོབ། །གིང་ཆེན་བཅོ་བརྒྱད་ལས་ལ་སྐུལ། །འཆི་བདག་འཁོར་ལོའི་ལག་ཏུ་གཏོད། །དུས་ལ་བབ་པོ་ས་མ་ཡ། །དམ་ལས་མ་འདའ་ཕྲིན་ལས་མཛོད། །ཡབ་ཡུམ་གཉིས་མེད་ཐུགས་ཀྱི་སྲས། །ཤར་ཕྱོགས་ཀོང་ཙེ་བྲག་གྱོན་ནི། །དཀར་པོ་ཚེ་སྲོག་བུམ་པ་བསྣམས། །ཆིབས་སུ་དྲི་ཟ་སྒེག་པ་བཅིབས། །བྲག་སྲིན་ནག་མོ་མགོ་འཕྱངས་མ། །ཁྲོ་མོ་དཀར་མོ་རལ་པ་ཅན། །གཡས་པ་ཐབས་ཀྱི་གཙོ་ལ་འཁྱུད། །གཡོན་པ་དུང་ཁྲག་གཙོ་ལ་སྟོབ། །ཡབ་གཅིག་


DNG016_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་བཀའ་བྱུང་གིས། །དམ་རྫས་གཏོར་མ་འདི་འབུལ་ན། །བསྟན་པ་འཇིག་པའི་གཤེད་མ་མཛོད། །བདུད་པོ་བཅུ་ཡིས་ཁྲམ་ལ་ཐོབ། །གིང་ཆེན་བཅོ་བརྒྱད་ལས་ལ་སྐུལ། །འཆི་བདག་འཁོར་ལོའི་ལག་ཏུ་གཏོད། །དུས་ལ་བབ་པོ་ས་མ་ཡ། །དམ་ལས་མ་འདའ་ཕྲིན་ལས་མཛོད། །ཡབ་ཡུམ་གཉིས་མེད་ཐུགས་ཀྱི་སྲས། །ཤར་ལྷོ་ཨ་བ་གླང་མགོ་ཅན། །སྨུག་ནག་ཏྲི་ཤུལ་རྩེ་གསུམ་ཐོགས། །ཆིབས་སུ་འགུགས་བྱེད་དྲེའུ་ལ་ཆིབས། །མི་བཟད་བདུད་མོ་མགོ་འཕྱངས་མ། །ཁྲོ་མོ་སྨུག་ནག་རལ་པ་ཅན། །གཡས་པ་ཐབས་ཀྱི་གཙོ་ལ་འཁྱུད། །གཡོན་པ་དུང་ཁྲག་གཙོ་ལ་སྟོབ། །ཡབ་གཅིག་འཇམ་དཔལ་བཀའ་བྱུང་གིས། །དམ་རྫས་གཏོར་མ་འདི་འབུལ་ན། །བསྟན་པ་འཇིག་པའི་གཤེད་མ་མཛོད། །བདུད་པོ་བཅུ་ཡིས་ཁྲམ་ལ་ཐོབ། །གིང་ཆེན་བཅོ་བརྒྱད་ལས་ལ་སྐུལ། །འཆི་བདག་འཁོར་ལོའི་ལག་ཏུ་གཏོད། །དུས་ལ་བབ་པོ་ས་མ་ཡ། །དམ་ལས་མ་འདའ་ཕྲིན་ལས་མཛོད། །ཡབ་ཡུམ་གཉིས་མེད་ཐུགས་ཀྱི་སྲས། །ལྷོ་ཕྱོགས་གཤིན་རྗེ་ཡ་བ་ཏི། །སྔོ་ནག་གསོད་བྱེད་དགྲ་སྟྭ་བསྣམས། །ཆིབས་སུ་གཤིན་རྗེ་སྒེག་པ་ཆིབས། །མཚན་མོ་ནག་མོ་མགོ་འཕྱངས་མ། །ཁྲོ་མོ་དྲེད་ཀྱི་ཨབ་ཤམ་ཅན། །གཡས་པ་ཐབས་ཀྱི་གཙོ་ལ་འཁྱུད། །གཡོན་པ་དུང་དམར་གཙོ་ལ་སྟོབ། །ཡབ་གཅིག་འཇམ་དཔལ་བཀའ་བྱུང་གིས། །དམ་རྫས་གཏོར་མ་འདི་འབུལ་ན། །བསྟན་པ་འཇིག་པའི་གཤེད་མ་མཛོད། །བདུད་པོ་བཅུ་ཡིས་ཁྲམ་ལ་ཐོབ། །གིང་ཆེན་བཅོ་བརྒྱད་ལས་ལ་སྐུལ། །འཆི་བདག་འཁོར་ལོའི་ལག་ཏུ་གཏོད། །དུས་ལ་བབ་པོ་ས་མ་ཡ། །དམ་ལས་མ་འདའ་ཕྲིན་ལས་མཛོད། །ཡབ་ཡུམ་གཉིས་མེད་ཐུགས་ཀྱི་སྲས། །ལྷོ་ནུབ་གཤིན་རྗེ་མིག་དམར་ནི། །དམར་པོ་གཅོད་བྱེད་རལ་གྲི་བསྣམས། །ཆིབས་སུ་སྨྱོ་བྱེད་ཤ་བ་ཆིབས། །བྱི་ལིང་ཆེན་མོ་མགོ་འཕྱང་མ། །ཁྲོ་མོ་དམར་མོ་རལ་པ་ཅན། །གཡས་པ་ཐབས་ཀྱི་གཙོ་ལ་འཁྱུད། །གཡོན་པ་དུང་ཁྲག་གཙོ་ལ་སྟོབ། །ཡབ་


DNG016_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་འཇམ་དཔལ་བཀའ་བྱུང་གིས། །དམ་རྫས་གཏོར་མ་འདི་འབུལ་ན། །བསྟན་པ་འཇིག་པའི་གཤེད་མ་མཛོད། །བདུད་པོ་བཅུ་ཡིས་ཁྲམ་ལ་ཐོབ། །གིང་ཆེན་བཅོ་བརྒྱད་ལས་ལ་སྐུལ། །འཆི་བདག་འཁོར་ལོའི་ལག་ཏུ་གཏོད། །དུས་ལ་བབ་པོ་ས་མ་ཡ། །དམ་ལས་མ་འདའ་ཕྲིན་ལས་མཛོད། །ཡབ་ཡུམ་གཉིས་མེད་ཐུགས་ཀྱི་སྲས། །ནུབ་ཕྱོགས་གཤིན་རྗེ་རྨིག་པ་ནི། །སྨུག་ནག་དབང་སྡུད་ཞགས་པ་ཐོགས། །ཆིབས་སུ་ཀླུ་བརྒྱད་སྒེག་པ་ཆིབས། །བདུད་མོ་ཆེན་མོ་མགོ་འཕྱངས་མ། །ཁྲོ་མོ་སྨུག་ནག་རལ་པ་ཅན། །གཡས་པ་ཐབས་ཀྱི་གཙོ་ལ་འཁྱུད། །གཡོན་པ་དུང་ཁྲག་གཙོ་ལ་སྟོབ། །ཡབ་གཅིག་འཇམ་དཔལ་བཀའ་བྱུང་གིས། །དམ་རྫས་གཏོར་མ་འདི་འབུལ་ན། །བསྟན་པ་འཇིག་པའི་གཤེད་མ་མཛོད། །བདུད་པོ་བཅུ་ཡིས་ཁྲམ་ལ་ཐོབ། །གིང་ཆེན་བཅོ་བརྒྱད་ལས་ལ་སྐུལ། །འཆི་བདག་འཁོར་ལོའི་ལག་ཏུ་གཏོད། །དུས་ལ་བབ་པོ་ས་མ་ཡ། །དམ་ལས་མ་འདའ་ཕྲིན་ལས་མཛོད། །ཡབ་ཡུམ་གཉིས་མེད་ཐུགས་ཀྱི་སྲས། །ནུབ་བྱང་གཤིན་རྗེ་ཏེལ་པ་ནི། །ནག་པོ་འབྱེད་པའི་དབྱུག་ཏོ་བསྣམས། །ཆིབས་སུ་རྟ་ནག་མ་ཧེ་ཆིབས། །གཟའ་སྲིན་ནག་མོ་མགོ་འཕྱངས་མ། །ཁྲོ་མོ་ནག་མོ་རལ་པ་ཅན། །གཡས་པ་ཐབས་ཀྱི་གཙོ་ལ་འཁྱུད། །གཡོན་པ་དུང་ཁྲག་གཙོ་ལ་སྟོབ། །ཡབ་གཅིག་འཇམ་དཔལ་བཀའ་བྱུང་གིས། །དམ་རྫས་གཏོར་མ་འདི་འབུལ་ན། །བསྟན་པ་འཇིག་པའི་གཤེད་མ་མཛོད། །བདུད་པོ་བཅུ་ཡིས་ཁྲམ་ལ་ཐོབ། །གིང་ཆེན་བཅོ་བརྒྱད་ལས་ལ་སྐུལ། །འཆི་བདག་འཁོར་ལོའི་ལག་ཏུ་གཏོད། །དུས་ལ་བབ་པོ་ས་མ་ཡ། །དམ་ལས་མ་འདའ་ཕྲིན་ལས་མཛོད། །ཡབ་ཡུམ་གཉིས་མེད་ཐུགས་ཀྱི་སྲས། །བྱང་ཕྱོགས་གཤིན་རྗེ་ལྷ་མཆོག་ནི། །སེར་པོ་བུམ་པ་རྒྱ་གྲམ་བསྣམས། །ཆིབས་སུ་རྒྱས་པའི་རྟ་ལ་ཆིབས། །ཀླུ་སྲིན་ནག་མོ་མགོ་འཕྱངས་མ། །ཁྲོ་མོ་སེར་ནག་རལ་པ་ཅན། །གཡས་


DNG016_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐབས་ཀྱི་གཙོ་ལ་འཁྱུད། །གཡོན་པ་དུང་ཁྲག་གཙོ་ལ་སྟོབ། །ཡབ་གཅིག་འཇམ་དཔལ་བཀའ་བྱུང་གིས། །དམ་རྫས་གཏོར་མ་འདི་འབུལ་ན། །བསྟན་པ་འཇིག་པའི་གཤེད་མ་མཛོད། །བདུད་པོ་བཅུ་ཡིས་ཁྲམ་ལ་ཐོབ། །གིང་ཆེན་བཅོ་བརྒྱད་ལས་ལ་སྐུལ། །འཆི་བདག་འཁོར་ལོའི་ལག་ཏུ་གཏོད། །དུས་ལ་བབ་པོ་ས་མ་ཡ། །དམ་ལས་མ་འདའ་ཕྲིན་ལས་མཛོད། །ཡབ་ཡུམ་གཉིས་མེད་ཐུགས་ཀྱི་སྲས། །བྱང་ཤར་ཆོས་ཀྱི་རྒྱལ་པོ་ནི། །དམར་པོ་ཐོད་པ་མདའ་གཞུ་བསྣམས། །ཆིབས་སུ་སྐྲོད་བྱེད་རྔ་མོ་ཆིབས། །ནམ་གྲུ་ཆེན་མོ་མགོ་འཕྱངས་མ། །ཁྲོ་མོ་དམར་མོ་རལ་པ་ཅན། །གཡས་པ་ཐབས་ཀྱི་གཙོ་ལ་འཁྱུད། །གཡོན་པ་དུང་ཁྲག་གཙོ་ལ་སྟོབ། །ཡབ་གཅིག་འཇམ་དཔལ་བཀའ་བྱུང་གིས། །དམ་རྫས་གཏོར་མ་འདི་ལོངས་ལ། །བསྟན་པ་འཇིག་པའི་གཤེད་མ་མཛོད། །བདུད་པོ་བཅུ་ཡིས་ཁྲམ་ལ་ཐོབ། །གིང་ཆེན་བཅོ་བརྒྱད་ལས་ལ་སྐུལ། །འཆི་བདག་འཁོར་ལོའི་ལག་ཏུ་གཏོད། །དུས་ལ་བབ་པོ་ས་མ་ཡ། །དམ་ལས་མ་འདའ་ཕྲིན་ལས་མཛོད། །ཡབ་ཡུམ་གཉིས་མེད་ཐུགས་ཀྱི་སྲས། །འོག་ཕྱོགས་རལ་པ་ཚར་དགུ་ནི། །སྨུག་ནག་ལྕགས་ཀྱུ་རི་རབ་བསྣམས། །ཆིབས་སུ་མ་ཧེ་སྔོ་ནག་ཆིབས། །ལྷ་མོ་ནག་མོ་མགོ་འཕྱངས་མ། །ཁྲོ་མོ་སྨུག་ནག་རལ་པ་ཅན། །གཡས་པ་ཐབས་ཀྱི་གཙོ་ལ་འཁྱུད། །གཡོན་པ་དུང་དམར་གཙོ་ལ་སྟོབ། །ཡབ་གཅིག་འཇམ་དཔལ་བཀའ་བྱུང་གིས། །དམ་རྫས་གཏོར་མ་འདི་ལོངས་ལ། །བསྟན་པ་འཇིག་པའི་གཤེད་མ་མཛོད། །བདུད་པོ་བཅུ་ཡིས་ཁྲམ་ལ་ཐོབ། །གིང་ཆེན་བཅོ་བརྒྱད་ལས་ལ་སྐུལ། །འཆི་བདག་འཁོར་ལོའི་ལག་ཏུ་གཏོད། །དུས་ལ་བབ་པོ་ས་མ་ཡ། །དམ་ལས་མ་འདའ་ཕྲིན་ལས་མཛོད། །ཡབ་ཡུམ་གཉིས་མེད་ཐུགས་ཀྱི་སྲས། །འོག་ཕྱོགས་གཤིན་རྗེ་ཐོད་དབྱུག་ནི། །ནག་པོ་ལག་ན་ཐོ་བ་བསྣམས། །ཆིབས་སུ་ས་བདག་སྒེག་པ་ཆིབས། །ས་བདག་སྟོང་ཁྱབ་མགོ་འཕྱངས་མ། །ཁྲོ་མོ་ནག་མོ་རལ་


DNG016_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཅན། །གཡས་པ་ཐབས་ཀྱི་གཙོ་ལ་འཁྱུད། །གཡོན་པ་དུང་དམར་གཙོ་ལ་སྟོབ། །ཡབ་གཅིག་འཇམ་དཔལ་བཀའ་བྱུང་གིས། །དམ་རྫས་གཏོར་མ་འདི་ལོངས་ལ། །བསྟན་པ་འཇིག་པའི་གཤེད་མ་མཛོད། །བདུད་པོ་བཅུ་ཡིས་ཁྲམ་ལ་ཐོབ། །གིང་ཆེན་བཅོ་བརྒྱད་ལས་ལ་སྐུལ། །འཆི་བདག་འཁོར་ལོའི་ལག་ཏུ་གཏོད། །དུས་ལ་བབ་པོ་ས་མ་ཡ། །དམ་ལས་མ་འདའ་ཕྲིན་ལས་མཛོད། །ཅེས་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས་འཁོར་རྣམས་ལས་ལ་བསྐུལ་ཏེ། སོ་སོའི་གཤེད་བསྐོས་སོ། །འཇམ་དཔལ་ཟླ་གསང་ནག་པོའི་རྒྱུད་ལས། ཕྱོགས་སྐྱོང་གི་གཤེད་བསྐོ་བའི་སྐབས་ཏེ་ལེའུ་ཞེ་ལྔ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས། ཉིན་བཞིའི་ལྷའི་གིང་བཞི་ལ་ཕྲིན་ལས་བཅོལ་བ་འདི་གསུངས་སོ། །རཱ་ཛ་ཧ་ལ་འཁོར་ལོའི་ལྷ། །འཁོར་ལོ་ནག་པོ་མཱ་རའི་བདུད། །དུག་གི་མཚོན་ཆ་སྔགས་ཀྱི་ཐེམ། །རྫས་ཀྱི་སྦྱོར་བ་ཐབས་ཀྱི་ངག །བསྙེན་པ་བྱ་བ་གསང་བའི་ཐབས། །ཧྲཱྀཿཤྟྲཱིཿསྦྱོར་ཀ་མ་ཡི་ངག །འཁོར་ལོ་བསྐོར་བ་མན་ངག་གཏེར། །ཟླ་གསང་ནག་པོ་གཅེས་པའི་གྲོགས། །བར་བར་སྤྱི་རྒྱུད་ཐབས་ཀྱིས་ཕུལ། །དམར་ནག་ཁྲམ་བདག་མན་ངག་ཐབས། །གཤེད་པོ་བདུད་ཀྱི་མན་ངག་གཏེར། །ལས་གྲུབ་གནན་པ་རང་གི་སྙིང་། །དྲང་སྲོང་དམོད་པ་ཕྱོགས་མེད་གྲོགས། །དེ་བཞིན་སྤྱི་རྒྱུད་ཐབས་ཀྱི་ཕུལ། །ཆོས་ཀྱི་རྒྱལ་པོ་ལ་སོགས་པ། །ཉིན་བཞི་ལྷ་ཡི་གིང་བཞི་བསྐུལ། །ཧཱུཾ། ཉི་མ་དང་པོའི་རྩིས་བྱེད་གིང་། །པྲ་མ་རཱ་ཛ་སྲིན་པོ་སྟེ། །བར་སྣང་ཁམས་ལ་ཡིད་ཀྱིས་རྒྱུ། །གསང་བར་དབང་བསྐུར་གིང་གི་བདག །སྟག་ཞུ་སྟག་རལ་སྐུ་ལ་མནབ། །ཕྱག་ན་ཤྭོ་རྡེལ་རྩིས་བྱེད་གིང་། །བདག་གིས་མ་ཉེས་འདི་ཡིས་ཉེས། །ཤོ་རྡེལ་ནག་པོའི་རྩིས་སུ་ཆུག །སྲོག་ཆོད་སྙིང་ཕྱུང་སྨྱོ་འབོག་ཐོངས། །གཏད་དོ་མ་བཏང་ཤོར་ར་རེ། །ཉི་མ་གཉིས་པའི་རྩིས་བྱེད་གིང་། །ཡ་མ་རཱ་ཛ་གཤིན་རྗེའི་གིང་། །ཞལ་བགྲད་མཆེ་


DNG016_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

གཙིགས་ཁ་དོག་ནག །ཐོད་སྦྲུལ་གཡང་གཞི་སྐུ་ལ་གསོལ། །ཆུ་སྦྲུལ་ཡང་བ་གླང་ནག་པོ་ཆིབས་སུ་ཆིབས། །ཕྱག་ན་ཤོ་རྡེལ་རྩིས་བྱེད་གིང་། །བདག་གིས་མ་ཉེས་འདི་ཡིས་ཉེས། །ཤོ་རྡེལ་ནག་པོའི་རྩིས་སུ་ཆུག །སྲོག་ཆོད་སྙིང་ཕྱུང་སྨྱོ་འབོག་ཐོངས། །གཏད་དོ་མ་བཏང་ཤོར་ར་རེ། །ཉི་མ་གསུམ་པའི་རྩིས་བྱེད་གིང་། །ད་ཤ་གྲཱི་བ་བདུད་ཀྱི་གིང་། །ནག་པོ་ཤ་ཟན་ཤ་ཞུ་ཅན། །ནག་པོ་སྙིང་དཀར་ཆིབས་སུ་ཆིབས། །མི་ཤ་ཟ་ཞིང་སྙིང་ཁྲག་འཐུང་། །དུག་མདའ་འཕེན་ཞིང་མི་ཤ་ཟ། །རྟ་ནག་ཞོན་པ་འབུམ་ཁྲིར་བཅས། །ཕྱག་ན་དཀར་ནག་རྩིས་བྱེད་གིང་། །བདག་གིས་མ་ཉེས་ཁོ་ཡིས་ཉེས། །ཤོ་རྡེལ་དཀར་ནག་རྩིས་སུ་ཆུག །སྲོག་གཅོད་སྙིང་ཕྱུང་སྨྱོ་འབོག་ཐོངས། །གཏད་དོ་མ་བཏང་ཤོར་ར་རེ། །ཉི་མ་བཞི་པའི་རྩིས་བྱེད་གིང་། །ཡཀྴ་རཱ་ཛ་གནོད་བྱེད་གིང་། །ཞོན་པ་གཟའ་རྟ་ནག་པོ་ཞོན། །ཟབ་སླག་ནག་པོ་སྐུ་ལ་གསོལ། །བདུད་ཞགས་ནག་པོ་དགྲ་ལ་འདེབས། །དབུ་ལ་དོམ་ཞུ་ནག་པོ་གསོལ། །ཕྱག་ན་དཀར་ནག་རྩིས་བྱེད་གིང་། །བདག་གིས་མ་ཉེས་ཁོ་ཡིས་ཉེས། །ཤོ་རྡེལ་ནག་པོའི་རྩིས་སུ་ཆུག །སྲོག་ཆོད་སྙིང་ཕྱུང་སྨྱོ་འབོག་ཐོངས། །གཏོད་དོ་མ་བཏང་ཤོར་ར་རེ། །བདུད་ཏྲི་རྦད་ཐུམ་རི་ལི་ལི། ཡ་ཏྲི་རྦད་ཐུམ་རི་ལི་ལི། དྷ་ཤ་གྲཱི་བ་རྦད་ཐུམ་རི་ལི་ལི། ཡཀྴ་རྦད་ཐུམ་རི་ལི་ལི། ཞེས་ནི་རབ་ཏུ་ཤྭ་རྡེལ་བགྲང་ངོ་། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། ཉིན་བཞི་ལྷའི་གིང་བཞི་ལ་ཕྲིན་ལས་བཅོལ་བའི་སྐབས་ཏེ་ལེའུ་ཞེ་དྲུག་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོ་ལ་འདུས་པའི་འཁོར་རྣམས་ཀྱིས་ཤིན་ཏུ་དགྱེས་པའི་ཡི་རངས་ནས། མགྲིན་གཅིག་ཏུ་འདུག་སྟེ་འདི་སྐད་ཅེས་བརྗོད་དོ། །ཧཱུཾ། གཏུམ་ཆེན་རབ་འབར་གཤིན་རྗེ་འཇོམས་མཛད་ལྷ། །ཉི་མ་འབུམ་ལས་ལྷག་པའི་འོད་ལྡན་ཁྱོད། །ཕྱག་མཚན་མང་པོ་བསྐལ་པའི་མེ་ལྟར་འབར། །རབ་འབར་གཤིན་རྗེ་འཇོམས་ལ་ཕྱག་འཚལ་བསྟོད། །རྡོ་རྗེའི་སྐུ་ལ་ཀླུ་དབང་རབ་བརྒྱན་ཅིང་། །གཅན་གཟན་གདུག་པའི་པགས་


DNG016_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

རློན་ན་བཟར་གསོལ། །མི་མགོ་ཐོད་རློན་ཕྲེང་བས་སྐུ་ལ་བརྒྱན། །བརྐྱང་བསྐུམ་ཚུལ་གྱིས་གཤིན་རྗེ་ཞབས་ཀྱིས་གནོན། །མི་བཟད་ཁྲོ་བོའི་རྒྱལ་པོ་གདོང་དྲུག་ཧཱུཾ་སྒྲ་ཅན། །ཕཊ་ཀྱིས་ཁམས་གསུམ་སྔངས་མཛད་ཞལ་དྲུག་གདངས། །ཤ་ཟའི་མགོ་བཅད་དབུ་ཡི་ཐོད་དུ་བཅིངས། །སྤྱན་བཟློག་ཙམ་གྱིས་བདུད་ཀྱི་སེར་ཆེན་འབེབས། །ལྗགས་འགྲིལ་ཚེམས་ཀྱི་རྩེ་ནས་རྡོ་རྗེའི་ཐོག་ཆེན་རབ་འབེབས་ཤིང་། །འཁོར་གྱི་མ་མོ་རྣམས་ནི་འདར་ཞིང་འདུད། །དེ་བས་ལྷ་ཀླུ་གནོད་སྦྱིན་གཞན་ལྟ་སྨོས་ཅི་དགོས། །རྐན་སྒྲ་གཏོགས་པས་ལྷ་ཆེན་ཁྱབ་འཇུག་ཀྱང་། །བུབ་འགྱེལ་བཅས་པས་ཁྲག་སྐྱུག་ཉིད་ལ་འདུད། །སྟོང་ཁམས་མིད་པར་བྱེད་པའི་ཞལ་གདངས་ཤིང་། །ཁྲོ་གཏུམ་ཚོམ་རྔམས་ཆེན་པོ་བསྟན་པས་ཀྱང་། །ཚངས་པའི་འཁོར་རྣམས་རྔུལ་གྱི་ཐིགས་འཛག་ཅིང་། །ནད་གཏོང་སྲིན་མོའི་ཚོགས་རྣམས་འདར་ཞིང་འདུད། །རྒྱུ་ཕྲེང་ཁྲག་དང་བཅས་པའི་ཞགས་ཐོགས་ནས། །ཕྱག་ན་ཏྲི་ཤཱུལ་མི་མགོ་རབ་བསྣམས་ཤིང་། །དངོས་གྲུབ་མཆོག་གི་ཀླད་ཁྲག་ཞལ་དུ་གསོལ། །ཁྱུང་དང་འུག་པ་ལྟ་བུའི་ཁྲ་བསྣམས་ཤིང་། །དམ་ལས་ལྡོག་པར་དག་ལ་གཏོང་བར་བྱེད། །གནོད་སྦྱིན་མི་སྲུན་ཕྲེང་བས་སྐུ་ལ་བརྒྱན། །རྡོ་རྗེ་བརྗིད་པའི་སྟངས་སྟབས་གར་བྱས་པས། །དུར་ཁྲོད་ཆེན་པོར་མཚན་མོར་རབ་རྒྱུ་བའི། །རོ་ལངས་མགོ་བཅད་སོ་ཡིས་ཆེམ་ཆེམ་བཟའ། །ངོ་མཐོང་ཙམ་གྱིས་དམའ་འབབ་ཞབས་ལ་གཏུག །ཡོན་ཏན་བྱེ་བས་བརྒྱན་པའི་ལྷ་ཁྱོད་ལ། །བལྟ་བས་བཟོད་པར་དཀའ་ཡང་བདག་འདུད་ན། །གདུག་པའི་སེམས་ཀྱིས་བདག་དང་བདག་གི་འཁོར་དུ་གཏོགས་པ་ལ། །གནོད་པར་བྱེད་པའི་མི་དང་མི་མིན་འབྱུང་པོའི་ཚོགས། །ཟུང་ཞིག་ནོན་ཅིག་སྒྲོལ་མཛོད་གཤིན་རྗེ་གཤེད། །ཡུན་གྱི་ལྷར་ཡང་ཁྱོད་ལ་གསོལ་འདེབས་ན། །རི་རབ་གསེར་གྱི་ངོས་ལ་བྱ་གནས་པ། །བྱ་ཡི་རང་བཞིན་བོར་ནས་གསེར་དུ་སྣང་། །ཐམས་ཅད་ཁྱེད་ཀྱི་སྐུར་ནི་བདག་བསྒོམ་པས། །བདག་གི་རང་བཞིན་བོར་ནས་ཁྲོ་བོར་གསལ། །ལྷ་


DNG016_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཁྱོད་ལ་ཡི་དམ་སུས་བརྟེན་པ། །མི་ཡི་ཐ་མལ་རྣམས་ཀྱང་མཆོག་ཏུ་གྱུར། །དེ་བས་འདི་དང་ཕ་རོལ་གཉིས་ཀ་རུ། །སྲོག་གི་ཕྱིར་ཡང་ལྷ་ཁྱོད་མི་གཏོང་ན། །བྱམས་པའི་ཞལ་བཟང་བདག་ལ་བསྟན་པ་དང་། །ཐུགས་རྗེའི་སྤྱན་གྱིས་བདག་ལ་གཟིགས་སུ་གསོལ། །ཁྱེད་ལྟར་བདག་གྱུར་དེ་ཕྱིར་བསྟོད་ཕྱག་འཚལ། །ཡུན་རིང་གོང་ནས་ལྷ་ཁྱོད་བདག་བསྒྲུབ་ན། །ཁྱོད་ཀྱིས་དངོས་གྲུབ་དམ་པ་བདག་ལ་སྩོལ། །ཀཱ་ལ་རཱུ་པ་ཆེ་གེ་མོ་བྷ་ག་ཧྲཱྀཿཤྟྲཱིཿན་ཧཱུཾ་ཕཊ། གང་དག་གཤིན་རྗེ་གཤེད་པོ་ཡིས། །དེ་ལས་བེ་ཅོན་ཕྱག་རྒྱར་གསལ། །འདི་ནི་ཕྱག་རྒྱའི་སྲོག་མཆོག་པས། །ཡང་དག་བསྟན་པ་ཡང་དག་གསལ། །ཕྱག་རྒྱ་བཅིངས་པར་གྱུར་པ་འདི། །ཁྲོ་བའི་སྙིང་པོར་སྔགས་པར་བྱེད། །མཚོན་ཆ་མ་ལུས་པ་ཡི་གཙོ། །བདུད་དང་དགྲ་བགེགས་ཞི་བར་བྱེད། །ན་མོ་བྷུཌྜྷ་དྷརྨ་སང་གྷེ་བྷྱཿ། ཨོཾ་སརྦ་ཏ་ཐཱ་ག་ཏོ་ཏི་བྱི་ཛཱ་ཡ། ཨག་ནེ་ཛྭ་ལ་ནི་ཧྲཱྀཿཤྟྲཱིཿཧཱུཾ་ཕཊ། ཅེས་འཁོར་རྣམས་ཀྱིས་རབ་ཏུ་བསྟོད་དོ། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། གཏུམ་ཆེན་ལ་བསྟོད་པའི་སྐབས་ཏེ་ལེའུ་ཞེ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོ་ལ་འཁོར་རྣམས་ཀྱིས་རང་རང་གི་དགྱེས་པའི་བསྟོད་པ་ཕུལ་ནས་མཐུ་སྟོབས་ཀྱི་བདག་པོ་དཔལ་ཕྱག་ན་རྡོ་རྗེ་དང་། སྟོང་གསུམ་མུན་པར་གཏོང་བ་རྣམས་ཀྱིས་མགྲིན་གཅིག་ཏུ་ཐལ་མོ་སྦྱར་ཏེ་འདི་སྐད་ཅེས་གསོལ་ཏོ། །ཧེ་ཧེ་དཔའ་བོ་ཡབ་གཅིག་མཆོག །འཇིགས་བྱེད་ཆེན་པོ་གཤིན་རྗེ་གཤེད། །དཔའ་བོའི་འཁོར་དུ་འདུས་འཁོར་བདུད། །གཤེད་པོས་བསྐོས་པའི་བཀའ་རྣམས་ཉན། །བདག་ཅག་འཁོར་གྱི་བདུད་པོ་རྣམས། །ཕྱིན་ཅི་ལོག་རྣམས་འདུལ་སླད་དུ། །ཚུལ་བཞིན་བསྒྲུབ་ན་ཇི་ལྟར་བསྒྲུབ། །རྫས་དང་ཡོ་བྱད་གང་ལ་བརྟེན། །ལས་ལ་གཏང་ན་ཇི་ལྟར་གཏང་། །ལོག་པའི་སྦྱོར་བ་ཇི་ལྟར་བྱ། །འཇིགས་བྱེད་ཆེན་པོས་བཀའ་སྩལ་འདུད། །དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས། ཤིན་ཏུ་རྔམ་པའི་སྒྲ་འབྲུག་སྟོང་ལྡིར་བ་ཙམ་དུས་གཅིག་ལ་བསྒྲགས་


DNG016_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

ནས། བདུད་ཀྱི་ཚོགས་ཐམས་ཅད་དབང་དུ་བསྡུས་ཟིལ་གྱིས་མནན་ནས། འདི་སྐད་ཅེས་བརྗོད་དོ། །ཉོན་ཅིག་ཟུང་ཞིག་རྡོ་རྗེ་འཛིན། །ནག་པོ་བདུད་ཀྱི་ཚོགས་རྣམས་ཀུན། །ཕྱིན་ཅི་ལོག་རྣམས་གདུལ་སླད་དུ། །བྱ་བའི་ལས་དང་བསྒྲུབ་པ་དང་། །བསྟེན་པའི་ཐབས་དང་བསྐུལ་བའི་ཐབས། །མི་མཐུན་སྦྱོར་བས་གསོད་འདོད་ན། །ངས་བཤད་པ་ལ་སེམས་ཐུད་ཅིག །ཅེས་བརྗོད་དོ། །དེ་ནས་བཅོམ་ལྡན་གཤེད་ཆེན་པོས། །ཕྲིན་ལས་མྱུར་དུ་བྱ་བའི་ཕྱིར། །བདུད་ཀྱི་སྒྲུབ་ཐབས་འདི་གསུངས་སོ། །ཐོག་མར་དང་བའི་དད་པ་རབ་ཏུ་གཅེས། །བཀའ་ཡི་གནས་སམ་དགའ་བའི་གནས་དག་ཏུ། །དབང་ཐོབ་བྱ་ཕྱིར་བླ་མ་མཉེས་བྱ་ཞིང་། །དཀྱིལ་འཁོར་བྲིས་ནས་དམ་ཚིག་དབང་དག་ནོད། །དགོས་པ་བསྒྲུབ་ཕྱིར་མན་ངག་ཐོབ་པར་བྱ། །མན་ངག་ཐོབ་ནས་བསྙེན་བསྒྲུབ་མཐའ་རུ་དབྱུང་། །བསྙེན་པ་བྱ་ཕྱིར་མཐུན་རྫས་འབད་དེ་བསག །ལུང་གི་གནས་སུ་ས་ཡི་དཀྱིལ་འཁོར་བྱ། །འདོམ་གང་གྲུ་བཞི་དུག་ཁྲག་ཆག་ཆག་གདབ། །འཁོར་ལོ་རྩིབས་བརྒྱད་གྲུ་གསུམ་ཟླ་གམ་གསུམ། །གྲུ་ཆད་སྒོ་བཞི་ལྕགས་རི་ལུགས་རྙིང་རྒྱུད། མ ༡༦དཔལ་ཟླ་གསང་ནག་པོའི་རྒྱུད། (བཞིན་བྱ། །ཐོད་པའི་ཕྲེང་བ་རྡོ་རྗེ་ར་བ་གུར། །བསྐལ་པའི་མེ་རི་སྨུག་ནག་རླུང་འཚུབས་ལྡང་། །གྲུ་གསུམ་དབུས་སུ་གཤིན་རྗེ་གཤེད་པོ་སྟེ། །ཟླ་གམ་གསུམ་ལ་ཡུམ་གཉིས་སྲས་དང་གསུམ། །སེང་ལྡེང་ལ་སོགས་མཆོག་གི་ཕུར་པ་དགོད། །ཡབ་ཡུམ་མངའ་གསོལ་དབང་བསྐུར་བྱིན་བརླབ་པའོ། །ལྕགས་ཕུར་ལ་སོགས་མཆོག་གི་ཕུར་པ་བཅུ། །ཁྲམ་ཐོགས་བདུད་པོ་བཅུ་རུ་མངའ་གསོལ་ལ། །འཁོར་ལོ་རྩིབས་བརྒྱད་དག་ལ་དགོད་པར་བྱ། །དར་ནག་ཅོད་པན་རིམ་གྱིས་དབང་བསྐུར་གདགས། །སྟེང་དུ་འབར་བ་ཡ་ཆེན་ཏེ། །ཤར་དུ་རོལ་པོ་རལ་ཅན་ནོ། །ལྷོ་རུ་ཁྲམ་བདག་སྲོག་བདུད་སྟེ། །ཟླ་བདུད་ཡོར་པོ་ཞགས་ཅན་ནུབ། །བྱང་དུ་སྲོག་བདུད་སྟྭ་རེ་ཅན། །ཤར་ལྷོ་ཁྲམ་བདག་ཐོག་པོ་རྗེ། །ལྷོ་ནུབ་བར་བཙན་གྲི་པོ་རྗེ། །ནུབ་བྱང་སེ་འཛིན་སྡིངས་པ་རྗེ། །བྱང་ཤར་རོ་ལངས་ནག་པོ་རྗེ། །འོག་ཏུ་འབར་བ་ནག་


DNG016_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

པོ་རྗེ། །སྒོ་བཞིར་བཀའ་ཉན་གིང་ཆེན་བཞི། །རྩང་བཞི་དག་ལ་དབང་བསྐུར་དགོད། །མཐུན་པའི་རྫས་དང་མཆོད་རྫས་དང་། །མི་ཤ་རྟ་ཤའི་གཏོར་མ་རུ། །རུས་པ་སྣ་ཚོགས་བརྒྱན་བྱས་ལ། །གཤེད་པོ་ཡབ་ཡུམ་སྲས་ལ་གཞག །བྱ་ནག་རྟ་ནག་ལུག་ནག་སྙིང་། །ཁྱི་ནག་ཕག་པ་རོག་པོའི་སྙིང་། །གཡག་ནག་གླང་དང་ར་རྒོད་སྙིང་། །ཤ་དང་ཁྲག་དང་རུས་པ་དང་། །མི་ཤས་བརྒྱན་ལ་ཟངས་བུ་གང་། །བདུད་པོ་བཅུ་ལ་དགོད་པར་བྱ། །ཤ་སྣ་ཁྲག་སྣའི་གཏོར་མ་ལ། །སྤྱན་གཟིགས་དཀོར་ཆས་བརྒྱན་པ་བཞི། །སྒོ་བཞིར་གིང་ཆེན་བཞི་ལ་གཞག །སྨན་དང་རཀྟར་སྦྱར་བ་ཡིས། །སྣང་སྲིད་སྲོག་ལ་བདུད་དབང་བསྐུར། །མི་གསུར་རྟ་གསུར་རྒྱུན་དུ་གཏང་། །རྒྱལ་མཚན་ཆེན་པོ་བཞི་ཡང་གཟུག །དར་ནག་གུར་ཕུབ་ཁྱི་ནག་གཡང་གཞི་བརྡབ། །ལུག་ནག་འབེན་བཅའ་ར་རོག་དམིགས་པའི་རྟེན། །སྐྱེར་པ་སྟག་པ་ལ་སོགས་དག་ལ་ཡང་། །མགོ་མཇུག་མ་ནོར་བཞོགས་ལ་ཁྲམ་ཤིང་བྱ། །དྲག་པོའི་སྔགས་བཟླས་རིམ་པར་ཁྲམ་ལ་གདབ། །ཡི་དྭགས་གོས་ལ་འཁོར་ལོ་བྲིས་བྱས་ཏེ། །དུག་དང་ཐོད་པ་མཁས་པས་བྲི་བར་བྱ། །གཟི་བརྗིད་འཕགས་པ་འཇམ་དཔལ་ཡབ་ཡུམ་དང་། །བཀའ་ཉན་ཉི་མ་བཞི་པའི་ལྷ་བསྒྲུབ་མཆོད། །ཁྲམ་ཐོགས་བདུད་རྣམས་ལས་ལ་བསྐུལ་ཕྱིར་རྦད། །ཐོད་པ་མཚན་ངན་ར་རོག་ཁྲག་བླུགས་ལ། །རང་སྲོག་མིང་བྲིས་ཐོད་པའི་ནང་དུའོ། །དཔྲལ་བར་མཐོངས་བཞག་རེ་བར་གྲིལ་བྱས་ལ། །ཁྲམ་གྱིས་དཀྲུག་ཅིང་ཁྲམ་སྔགས་བཟླས་པར་བྱ། །ཨོཾ་དགྲ་བོ་ནི་ཙི་དུམ་མུག །ཁྲམ་ཐོར་ཐ་ཆེ་གེ་མོ་མཱ་ར་ཡ་གུག་ལིང་སྭཱ་ཧཱ། ཞེས་བཟླས་ཤིང་ཁྲམ་གྱིས་སྐབས་སུ་དཀྲུག །དགུག་ཀྱང་ཏིང་འཛིན་རྣམ་གསུམ་གསལ་བསྒོམ་ལ། །དབང་ཆེན་འབྱུང་བ་རིམ་བརྩེགས་ལ། །བྷྲཱུཾ་ལས་འབར་བའི་གཞལ་ཡས་ཁང་། །འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་ལྡན། །གྲུ་ཆད་བར་ཁྱམས་མུ་ཁྱུད་ལྡན། །ཤར་ཕྱོགས་རུས་པའི་གཞལ་ཡས་ཁང་། །ལྷོ་ཕྱོགས་མེ་ཡི་གཞལ་ཡས་ཁང་། །ནུབ་ཕྱོགས་ཁྲག་གི་གཞལ་ཡས་ཁང་། །


DNG016_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཕྱོགས་དབུགས་ཀྱི་གཞལ་ཡས་ཁང་། །དབུས་སུ་ཡ་མ་ཆེན་པོ་སྟེ། །གཤིན་རྗེ་མ་ཧེ་བསྣོལ་བའི་གདན། །ཧཱུཾ་ལས་གཤེད་པོའི་སྐུར་གྱུར་ཏེ། །སྟང་ཟིལ་མདོག་འདྲ་གནག་ལ་འཚེར། །སྟག་ལྤགས་གླང་ཆེན་སྦྲུལ་ནག་ཆུན་པོ་དང་། །ཐོད་པ་ལ་སོགས་དུར་ཁྲོད་རྒྱན་གྱིས་བརྒྱན། །ཞལ་དྲུག་བཅུ་གཉིས་ཕྱག་དང་ལྡན་པར་བསྒོམ། །གཡས་གཡོན་ཡུམ་དང་མདུན་དུ་སྲས་མཆོག་སྟེ། །རྒྱན་དང་ཆ་ལུགས་ཕྱག་མཚན་གསལ་བར་བསྒོམ། །འཁོར་ལོ་རྩིབས་བརྒྱད་སྟེང་དུ་ནྲྀ་བསམ་སྟེ། །ནྲྀ་ལས་དགྲ་བགེགས་བསྣོལ་བའི་གདན་དུ་བསམ། །དེ་སྟེང་ཡ་བཅུ་གདན་སྟེངས་འོད་དང་ཟེར་འཕྲོ་བ། །སྤྲོ་བསྡུས་ཡ་ལས་ཁྲམ་ཐོགས་བདུད་པོ་བཅུ། །སྟེང་གི་བདུད་པོ་འབར་བ་ཡ་ཆེན་ནི། །གཡུ་འབྲུག་ཞོན་པ་གློག་གི་ཞགས་ཐོགས་བསྒོམ། །ཤར་གྱི་བདུད་པོ་རོལ་པོ་རལ་པ་ཅན། །རྔ་མོ་ཞོན་ནས་རལ་གྲི་ཐོགས་པ་བསྐྱེད། །ལྷོ་ཕྱོགས་ཁྲམ་བདག་སྲོག་བདུད་མཆེ་བ་ཅན། །བདུད་ཤ་ཞོན་ནས་ཞགས་པ་ཐོགས་པ་བསྐྱེད། །ནུབ་ཏུ་ཟླ་བདུད་ཡོར་པོ་ཞགས་པ་ཅན། །འབྲོང་བུ་ཞོན་ནས་གནམ་ལྕགས་ཕུར་ཐོགས་བསྐྱེད། །བྱང་དུ་སྲོག་བདུད་གསེར་གྱི་སྟྭ་རེ་ཅན། །ཁྱུང་ཆེན་ཞོན་ནས་སྟྭ་རེ་ཐོགས་པ་བསྐྱེད། །ཤར་ལྷོར་ཁྲམ་བདག་གནམ་བཙན་ཐོག་པོ་རྗེ། །རྟ་ལ་ཞོན་ནས་གནམ་ལྕགས་འཕེན་པ་བསྐྱེད། །ལྷོ་ནུབ་ཁྲམ་བདག་བར་བཙན་རི་བོ་རྗེ། །རླུང་ལྷ་ཞོན་ནས་རླུང་ནག་གཡབ་འདེབས་བསྐྱེད། །ནུབ་བྱང་ཁྲམ་བདག་སེ་འཛིན་སྡིང་བ་རྗེ། །ཕག་པ་རྟར་ཞོན་ཁྲམ་ཤིང་ཐོགས་པ་བསྐྱེད། །བྱང་ཤར་ཁྲམ་བདག་རོ་ལངས་ནག་པོ་རྗེ། །ཆུ་གླང་ཞོན་ནས་སྟྭ་རེ་ཐོགས་པ་བསྐྱེད། །འོག་ཕྱོགས་ནག་པོ་ཡབ་རྗེ་ཁྲག་འཐུང་ནི། །སྟག་དམར་ཞོན་ནས་སྦྲུལ་དམར་ཞགས་ཐོགས་བསྐྱེད། །རེ་རེའི་འཁོར་ན་བདུད་ཀྱང་བསམ་ཡས་ཏེ། །རང་བཞིན་གནས་ནས་འཁོར་བཅས་སྤྱན་དྲངས་པས། །གྲུབ་པའི་གནས་སུ་དེ་འདྲ་བྱོན་པར་བསམ། །སྒོ་བཞིར་ཉིན་བཞིར་ལྷ་ཡི་གིང་བཞི་ཡང་། །


DNG016_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་ཉན་བྱེད་པའི་འགུགས་བྱེད་ཛ་ལས་བསྐྱེད། །དེ་ལྟར་བསྐྱེད་པའི་བདུད་པོ་དེ་རྣམས་ཀྱིས། །བསྟན་པ་བཤིག་ཅིང་སྐུ་ལ་བསྡོ་བ་རྣམས། །ཞགས་པས་བཅིངས་ཤིང་ལ་ལས་ཁྲམ་ལ་འདེབས། །ལ་ལས་མཚོན་འདེབས་ལ་ལས་ཐུན་དུ་འཛུད། །གན་བུབ་རྔུལ་ནག་འཐིབ་ཅིང་ཁྲག་ཏུ་སྐྱུག །མིག་རྩ་རིབ་རིབ་འོ་དོད་ཙེར་ཙེར་འབོད། །ཅི་མཛད་ཐོང་ཐོང་ཟེར་ཞིང་གསོད་པར་བསྒོམ། །ཏིང་ངེ་འཛིན་གྱིས་དེ་ལྟར་གསལ་བསྐྱེད་ལ། །དྲག་སྔགས་འདི་བཟླས་བདུད་རྣམས་མྱུར་བར་བསྐུལ། །རུ་ཏྲ་པ་ཏྲ་མུ་ཁྲག་ཙ་ར་པ་ཏེ་ཕོར་བ་དུན་ཧ་བ་སྭཱ་ཧཱ། ཁྲི་འམ་འབུམ་ན་བདུད་རྣམས་མངོན་དུ་བྱོན། །མོན་དང་བཙུན་པ་སྐད་རིགས་མི་མཐུན་པ། །ལྡབ་ལྡིབ་སྨྲ་ཞིང་ལས་ལ་མངོན་དུ་བྱོན། །གཏུམ་ཆེན་བསྟོད་ལ་བདུད་རྣམས་ལས་ལ་བསྐུལ། །ཧཱུཾ། བསྐལ་པ་སྙིགས་མའི་ལྔ་བརྒྱ་ལ། །ཁྲོ་རྒྱལ་གཤིན་རྗེའི་སྤྱན་སྔར་དམ་བཅས་པ། །མི་བཟད་ཆེན་པོ་སྲོག་བདག་ཀུན་འདུལ་བྱེད། །འཇམ་དཔལ་གཤིན་རྗེས་དམར་གྱི་ཨརྒྷ་དང་། །བདུད་རྩི་དམར་གྱི་དམ་རྫས་དམ་པ་འདི། །ཁྲམ་ཐོགས་བདུད་ལ་བྱིན་ནས་དབང་བསྐུར་བས། །བདུད་འཁོར་ཡོངས་ཀྱིས་སངས་རྒྱས་བསྟན་པ་བསྲུང་། །ལུས་ཀྱི་དམ་ཚིག་ཨ་ར་ཡཾ། །ངག་གི་དམ་ཚིག་ནི་ར་ཡཾ། །དམ་ལས་མ་འདའ་ཕྲིན་ལས་མཛོད། །སྟེང་ཕྱོགས་བདུད་ཀྱི་གཞལ་ཡས་ནས། །འབར་བ་ཡ་ཆེན་བླ་མེད་ནི། །གཡུ་འབྲུག་སྔོན་པོའི་རྟ་ལ་ཞོན། །ལག་ན་གློག་དམར་ཐོག་ཞགས་ཐོགས། །སྡང་བར་བྱེད་པའི་དགྲ་ལ་ཡ། །སྐྱེས་པ་དར་མ་ཁྲིད་ལ་ཤོག །སྐྱེས་བུ་མི་ཡི་སྙིང་ལ་ཡ། །བདུད་ཀྱི་ཁྲམ་ཁྲམ་ཁྲམ་ལ་ཐོབ། །ཨོཾ་སྙིང་ཁྲག་ཙིཏྟ་རྦད། དུག་མུག་ཁྲམ་ཏོར་ཏ་རྦད། ཆེ་གེ་མོ་མཱ་ར་ཡ་ཁུག་ལིང་སྭཱ་ཧཱ། ཞེས་བརྗོད་ཅིང་ཁྲམ་ལ་རིམ་གྱིས་གདབ། རཀྟ་སྦྲེངས་ཤིང་བདུད་རྣམས་ལས་ལ་རྦད། །མུན་ནག་འཐིབས་པའི་གཞལ་ཡས་ནས། །ནག་པོ་ཡབ་རྗེ་ཁྲག་འཐུང་ནི། །སྟག་ཆེན་དམར་པོའི་རྟ་ལ་ཞོན། །ལག་ན་སྦྲུལ་དམར་ཞགས་པ་ཐོགས། །འདི་རྣམས་ལ་གུག་ཀྱང་འདུག །སྡང་བར་བྱེད་པའི་དགྲ་ལ་ཡ། །སྐྱེས་པ་དར་མ་ཁྲིད་


DNG016_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཤོག །སྐྱེས་བུ་མི་ཡི་སྙིང་ལ་ཡ། །བདུད་ཀྱི་ཁྲམ་ཁྲམ་ཁྲམ་ལ་ཐོབ། །ཨོཾ་སྙིང་ཁྲག་ཙིཏྟ་རྦད། དུག་མུགས་ཁྲམ་ཏོར་ཏ་རྦད། ཆེ་གེ་མོ་མཱ་ར་ཡ་ཁུག་ལིང་སྭཱ་ཧཱ། ཤར་ཕྱོགས་རུས་པའི་གཞལ་ཡས་ནས། །ཤར་བདུད་རོལ་པོ་རལ་པ་ཅན། །ཕུང་སྲི་རྔ་མོ་གློག་འགྱུ་ཞོན། །ལག་ན་གནམ་ལྕགས་རལ་གྲི་བསྣམས། །སྡང་བར་བྱེད་པའི་དགྲ་ལ་ཡ། །སྐྱེས་པ་དར་མ་ཁྲིད་ལ་ཤོག །སྐྱེས་བུ་མི་ཡི་སྙིང་ལ་ཡ། །བདུད་ཀྱི་ཁྲམ་ཁྲམ་ཁྲམ་ལ་ཐོབ། །ཨོཾ་སྙིང་ཁྲག་ཙིཏྟ་རྦད། དུག་མུག་ཁྲམ་ཏོར་ཏ་རྦད། ཆེ་གེ་མོ་མ་ར་ཡ་ཁུག་ལིང་སྭཱ་ཧཱ། ལྷོ་ཕྱོགས་མེ་ཡི་གཞལ་ཡས་ནས། །ཁྲམ་བདག་སྲོག་བདུད་མཆེ་བ་ཅན། །བདུད་ཤ་ནག་པོ་རུ་བཅུ་ཆིབས། །ལག་ན་འཛིན་བྱེད་ཞགས་པ་བསྣམས། །སྡང་བར་བྱེད་པའི་དགྲ་ལ་ཡ། །སྐྱེས་པ་དར་མ་ཁྲིད་ལ་ཤོག །སྐྱེས་བུ་མི་ཡི་སྙིང་ལ་ཡ། །བདུད་ཀྱི་ཁྲམ་ཁྲམ་ཁྲམ་ལ་ཐོབ། །ཨོཾ་སྙིང་ཁྲག་ཙིཏྟ་རྦད། དུག་མུག་ཁྲམ་ཏོར་ཏ་རྦད། ཆེ་གེ་མོ་མཱ་ར་ཡ་ཁུག་ལིང་སྭཱ་ཧཱ། ནུབ་ཕྱོགས་ཁྲག་གི་གཞལ་ཡས་ནས། །ཟླ་བདུད་ཡོར་པོ་ཞགས་པ་ཅན། །འབྲང་བུ་ནག་པོ་རྟ་རུ་ཞོན། །ལག་ན་གནམ་ལྕགས་ཕུར་བུ་འདེབས། །སྡང་བར་བྱེད་པའི་དགྲ་ལ་ཡ། །སྐྱེས་པ་དར་མ་ཁྲིད་ལ་ཤོག །སྐྱེས་བུ་མི་ཡི་སྙིང་ལ་ཡ། །བདུད་ཀྱི་ཁྲམ་ཁྲམ་ཁྲམ་ལ་ཐོབ། །ཨོཾ་སྙིང་ཁྲག་ཙིཏྟ་རྦད། དུག་མུག་ཁྲམ་ཏོར་ཏ་རྦད། ཆེ་གེ་མོ་མཱ་ར་ཡ་ཁུག་ལིང་སྭཱ་ཧཱ། བྱང་ཕྱོགས་དབུགས་ཀྱི་གཞལ་ཡས་ནས། །སྲོག་བདུད་གསེར་གྱི་སྟྭ་རེ་ཅན། །ཆིབས་སུ་ཁྱུང་ཆེན་དར་མ་ཆིབས། །ལག་ན་གསེར་གྱི་སྟྭ་རེ་བསྣམས། །སྡང་བར་བྱེད་པའི་དགྲ་ལ་ཡ། །སྐྱེས་པ་དར་མ་ཁྲིད་ལ་ཤོག །སྐྱེས་བུ་མི་ཡི་སྙིང་ལ་ཡ། །བདུད་ཀྱི་ཁྲམ་ཁྲམ་ཁྲམ་ལ་ཐོབ། །ཨོཾ་སྙིང་ཁྲག་ཙིཏྟ་རྦད། དུག་མུག་ཁྲམ་ཏོར་ཏ་རྦད། ཆེ་གེ་མོ་མཱ་ར་ཡ་ཁུག་ལིང་སྭཱ་ཧཱ། ཁྲམ་བདག་གནམ་བཙན་ཐོག་པོ་རྗེ། །ཆིབས་སུ་བདུད་ཀྱི་རྟ་ལ་ཆིབས། །སྐུ་ལས་གནམ་ལྕགས་ཐོག་འཕེན་པ། །སྐུ་ལས་འོད་ཟེར་འཕྲོ་བ་


DNG016_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུགས། །ཆེད་འགའ་སྤྲུལ་པའི་ཚེ། །འབྲུག་སེར་ཆེམས་སེ་ཆེམ། །གློག་དམར་ལྗིབས་སེ་ལྗིབ། །སྡང་བར་བྱེད་པའི་དགྲ་ལ་ཡ། །སྐྱེས་པ་དར་མ་ཁྲིད་ལ་ཤོག །སྐྱེས་བུ་མི་ཡི་སྙིང་ལ་ཡ། །བདུད་ཀྱི་ཁྲམ་ཁྲམ་ཁྲམ་ལ་ཐོབ། །ཨོཾ་སྙིང་ཁྲག་ཙིཏྟ་རྦད། དུག་མུག་ཁྲམ་ཏོར་ཏ་རྦད། ཆེ་གེ་མོ་མཱ་ར་ཡ་ཁུག་ལིང་སྭཱ་ཧཱ། ཁྲམ་བདག་བར་བཙན་གྲི་བོ་རྗེ། །ཆིབས་སུ་རླུང་ཤའི་རྟ་ལ་བཅིབས། །ཕྱག་ན་རླུང་ནག་གཡབ་ཀྱིས་འདེབས། །སྟོང་ཁམས་མ་ལུས་རླུང་ལ་བསྐུར། །ཆེད་འགའ་སྤྲུལ་པའི་ཚེ། །གྲང་རྔབས་རྟ་རུ་ཞོན། །སྐྱི་བསེར་བུན་ནེ་བུན། །སྡང་བར་བྱེད་པའི་དགྲ་ལ་ཡ། །སྐྱེས་པ་དར་མ་ཁྲིད་ལ་ཤོག །སྐྱེས་བུ་མི་ཡི་སྙིང་ལ་ཡ། །བདུད་ཀྱི་ཁྲམ་ཁྲམ་ཁྲམ་ལ་ཐོབ། །ཁྲམ་སྔགས་བཟླས་ཤིང་རཀྟ་སྦྲེང་། །ཁྲམ་བདག་སེ་འཛིན་སྡིང་བ་རྗེ། །ཆིབས་སུ་དུར་ཕག་རྟ་རུ་བཅིབས། །འཁོར་དུ་བསེ་སེ་རེག་བསེ་རེག །འདྲ་མིན་མང་དྲེགས་འཁོར་དང་བཅས། །ལག་ན་ཁྲམ་ནག་ཁྲམ་ཤིང་ཐོགས། །སྡང་བར་བྱེད་པའི་དགྲ་ལ་ཡ། །སྐྱེས་པ་དར་མ་ཁྲིད་ལ་ཤོག །སྐྱེས་བུ་མི་ཡི་སྙིང་ལ་ཡ། །བདུད་ཀྱི་ཁྲམ་ཁྲམ་ཁྲམ་ལ་ཐོབ། །ཁྲམ་སྔགས་བཟླས་ཤིང་རཀྟ་སྦྲེང་། །ཁྲམ་བདག་རོ་ལངས་ནག་པོ་རྗེ། །ཆུ་གླང་ནག་པོའི་རྟ་རུ་ཞོན། །ལག་ན་གནམ་ལྕགས་སྟྭ་རེ་ཐོགས། །སྡང་བར་བྱེད་པའི་དགྲ་ལ་ཡ། །སྐྱེས་པ་དར་མ་ཁྲིད་ལ་ཤོག །སྐྱེས་བུ་མི་ཡི་སྙིང་ལ་ཡ། །བདུད་ཀྱི་ཁྲམ་ཁྲམ་ཁྲམ་ལ་ཐོབ། །ཨོཾ་སྙིང་ཁྲག་ཙིཏྟ་རྦད། དུག་མུག་ཁྲམ་ཏོར་ཏ་རྦད། ཆེ་གེ་མོ་མཱ་ར་ཡ་ཁུག་ལིང་སྭཱ་ཧཱ། གཤིན་རྗེ་ནག་པོའི་དུས་ལ་བབ། །འབར་བ་ནག་པོའི་དུས་ལ་བབ། །ཤ་ཟ་ནག་པོའི་དུས་ལ་བབ། །ནག་པོ་རྐྱ་གསུམ་དུས་ལ་བབ། །རོལ་པོ་རྐྱ་གསུམ་དུས་ལ་བབ། །སྤྱང་སྔོན་འབར་བའི་དུས་ལ་བབ། །རྒྱ་བོ་མིག་བཞིའི་དུས་ལ་བབ། །ཅེས་པས་རྦད་ཅིང་ཁྲམ་ལ་གདབ། །རཀྟ་སྦྲེངས་ཤིང་ཕྲིན་ལས་བཅོལ། །ཉུང་དཀར་ཉུང་ནག་དུག་ཁྲག་ལ། །དྲག་སྔགས་འདི་ཡིས་བརྡེག་པར་བྱ། །རུ་ཙ་བ་ཙ་ཐུན་ཁྲག །ཤྲི་ཁྲི་མ་མ་རོ་ཐུན་ཁྲག །མི་ཤ་རོལ་ཐུན་ཁྲག །ཁྲག་ཏོ་རཱ་ཛ་ཐུན་ཁྲག །སྟོད་སྐ་ཀུ་པ་ཐུན་ཁྲག་


DNG016_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཀུ་སར་ཐུན་ཁྲག །ཆེ་གེ་མོ་མཱ་ར་ཡ་ཐུན་ཁྲག །ཅེས་ནི་རབ་ཏུ་ཁྲོས་པས་བརྡེག །གཏད་པའི་ལས་སུ་བྱ་བ་ཡང་། །ཁྲམ་དང་འཁོར་ལོ་ཐོད་པར་བྲུབ། །ཆུ་མིག་ནུབ་ཏུ་བསྟན་པར་གཏད། །གཏོར་མ་གཏང་ཞིང་སྨོན་ལམ་གདབ། །བསད་པ་ཉིན་བཞིའི་གིང་བཞི་སྟེ། །འཕང་བ་དུག་ཁྲག་ཐུན་ཁྲག་འཕང་། །བསྲེག་པ་ཁྲམ་ཤིང་ཐོད་པ་སྟེ། །ཚེར་མ་ཅན་གྱི་ཤིང་བཏུས་ལ། །གྲོག་པོ་ཕུག་རྡུག་ཕྱིན་ལ་བསྲེག །མནན་པ་འཁོར་ལོ་ཆུ་མིག་མགོར། །ནག་པོ་ཀླུ་ཡི་ལག་ཏུ་གཏད། །གདབ་པ་རང་རང་ཕུར་པས་སོ། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། སྟོང་གསུམ་མུན་པར་གཏོང་བའི་བདུད་ཕྱི་ལྟར་བསྒྲུབ་པའི་སྐབས་ཏེ་ལེའུ་ཞེ་བརྒྱད་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས། སྟོང་གསུམ་མུན་པར་གཏོང་བ་བདུད་ནང་ལྟར་བསྒྲུབ་པ་འདི་གསུངས་སོ། །དང་པོ་དང་བའི་དད་པ་རབ་ཏུ་བསྐྱེད། །བཀའ་ཡི་གནས་སམ་དགའ་བའི་གནས་དག་ཏུ། །ས་བདག་ལྷ་ཀླུ་ཞི་བར་རབ་བྱས་ཏེ། །དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། །མཐིང་ནག་གྲུ་གསུམ་ཟླ་གམ་གསུམ་གྱིས་བསྐོར། །འཁོར་ལོ་རྩིབས་བརྒྱད་གྲུ་ཆད་སྒོ་བཞིར་ལྡན། །མཐིང་ནག་དབུས་སུ་ཡ་མཱནྟ་ཀ་དགོད། །ཟླ་གམ་གསུམ་ལ་ཡུམ་གཉིས་སྲས་དང་གསུམ། །འཁོར་ལོ་བརྒྱད་ལ་བདུད་ཀྱི་རྒྱལ་པོ་བརྒྱད། །བར་ཁྱམས་དམར་པོ་བདུད་ཀྱི་ལྕམ་མོ་བརྒྱད། །སྒོ་བཞིར་བདུད་ཀྱི་ཡང་ཁོལ་བཞི། །ལྷོ་ནུབ་མཚམས་སུ་གྲིར་ཤིའི་གཡང་གཞི་གཟུག །ནུབ་བྱང་མཚམས་སུ་སྤྱང་ཀིའི་གཡང་གཞི་གཟུག །བྱང་ཤར་མཚམས་སུ་བྱ་རྒོད་གཡང་གཞི་གཟུག །ཤར་ལྷོ་མཚམས་སུ་ལུག་ནག་གཡང་གཞི་གཟུག །དབུས་སུ་ཁྱི་ནག་དར་ནག་ཞིང་གི་གུར། །ཕྱི་རིམ་བོང་རྒྱ་ནག་པོ་དག་གིས་བསྐོར། །ལྷ་རྣམས་གྲངས་དང་མཉམ་པའི་ཕུར་པ་དགོད། །དབུས་སུ་ཡབ་ཡུམ་གཏོར་མ་གཞག་བྱ་བ། །བསེ་གབ་མོན་ཐོད་འཁར་གཞོང་ལ་སོགས་སུ། །མི་ཤ་རྟ་ཤའི་གཏོར་མ་བཤམས། །ལྷོ་ནུབ་མཚམས་སུ་རྗེ་རིགས་ཐོད་པ་རུ། །མི་ཡི་སྙིང་ཁྲག་བསྲེས་པའི་གཏོར་མ་


DNG016_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

གཞག །ནུབ་བྱང་རྟ་སྙིང་རྟ་ཁྲག་བསྲེས་པ་གང་། །ཤར་དུ་སྦྲེལ་གྱི་སྙིང་དང་ཕག་ཁྲག་བསྲེས་ལ་གཞག །བདག་ཉིད་མཐིང་ནག་བེར་གོན་ཏེ། །སྲོག་གི་སྙིང་པོ་རྒྱུན་དུ་དྲངས། །ཨོཾ་ཤ་ར་ན་ཤ་ར་ཏྲི། ཁ་ར་ན་ཤ་རུ་དུ་མ། སྟུམ་བུ་ཤ་ཏྲི་ན། མི་ར་ཏན་ཏུ་ཏ་ར་ན་ཨ་པ་ཙ་ར་ཙ་ག་ཙུ་རུ་ཤ་མུར་ཏོ་ཤ །མུ་ར་ཏོ་ཤ །ཨ་ཡ་བ་དུག་པུ་རུ་ན། ཧེ་ཧེ་ཡ་ན་ཛ། ཡོ་རུ་མ་ར་ན་ཤ་དུ་རུ། མཱ་ར་ཡ་ཧཱུཾ། བ་བ་བྱི་ཡ་ཧཱུཾ། ཡ་བ་ཡ་དེ་ལ་བ་ར་དེ་ལ་བ་ར་ད། བདུད་ཀྱི་སྙིང་པོ་དེ་རྣམས་དང་། །ལྕམ་དྲལ་འཁོར་བཅས་དྲིལ་བ་ནི། །ཨོཾ་ཧྲ་ནོ་མོ་ཧི་བྷྱོ་ལི། མ་ཁུ་རི་བུམ། རུམ་བུ་ནུ། ཏྲ་ཏྲ་ཏྲ་དུ་རུ་དུ་རུ་ཏྲ་ཛ་ཛ་ཧཱུཾ་ཛ། སྟོང་ངམ་བྱེ་བ་ས་ཡར་བཟླས། །སྟོང་གསུམ་མུན་པར་གཏོང་བྱེད་ན། །མུན་པའི་དུས་སུ་དུག་ཁྲག་ལ། །ཉི་མ་གསད་པའི་དྲག་སྔགས་བཟླས། །རང་སྔགས་མཇུག་ཏུ་མུན་གཏིབས་བརྗོད། །སྟོང་གསུམ་བདུད་ཀྱི་ལྕམ་དྲལ་གྱིས། །སྐད་ཅིག་ཙམ་ལ་གཡོ་འགུལ་གཏོང་། །ལས་ལ་སྦྱར་ཏེ་གསོད་འདོད་ན། །རབས་ཆད་ནག་པོའི་ཐོད་པ་རུ། །དུག་དང་ཀླད་ཁྲག་སྦྱར་བ་ཡིས། །གཏུམ་ཁྲོ་བསྟོད་ལ་བདུད་རྣམས་རྦད། །ཧཱུཾ། ནམ་མཁའ་ཡངས་པའི་ཀློང་ཡངས་ནས། །ཡབ་རྗེ་ཤན་པ་དབུ་གསུམ་ཕྱག་དྲུག་པ། །གནས་འདིར་མུན་གཏིབས་དམ་ལ་ཤོག །མུན་པ་གཏིབས་པའི་ཀློང་དཀྱིལ་ནས། །ཡ་བཞེར་ནག་པོ་འབྲུག་ཐོག་སྐུ། །གནས་འདིར་མུན་གཏིབས་དམ་ལ་ཤོག །ཤར་ཕྱོགས་རུས་པའི་ཞིང་ཁམས་ནས། །ཤར་བདུད་རོལ་པོ་རལ་པ་ཅན། །ཞེ་སྡང་མུན་གཏིབས་དམ་ལ་ཤོག །ལྷོ་ཕྱོགས་མེ་ཡི་ཞིང་ཁམས་ནས། །སྲོག་བདུད་སྔོན་པོ་མཆེ་བ་ཅན། །སྲོག་ལ་མུན་གཏིབས་དམ་ལ་ཤོག །ནུབ་ཕྱོགས་ཁྲག་གི་ཞིང་ཁམས་ནས། །བླ་བདུད་ཡོར་པོ་ཞགས་པ་ཅན། །བླ་ལ་མུན་གཏིབས་དམ་ལ་ཤོག །བྱང་ཕྱོགས་རླུང་གི་ཞིང་ཁམས་ནས། །སྲོག་བདུད་སེར་པོ་སྟྭ་གྲི་ཅན། །སྲོག་ལ་མུན་གཏིབས་དམ་ལ་ཤོག །ཚེ་བདུད་སྐྱིན་གྱི་རལ་པ་ཅན། །ཚེ་ལ་བར་གཅོད་དམ་ལ་ཤོག །སྲོག་ཏ་སྲོད་པ་འཁྲིབ་པ་ཡང་ཁྲིས་པ་སེམས་ཀྱི་བདུད། །ཡིད་ལ་


DNG016_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

མུན་གཏིབས་དམ་ལ་ཤོག །དཀར་མོ་འབར་མ་སྤྱན་གཅིག་མ། །སྔོན་མོ་ཏི་ར་མ་མོ་འཁོལ། །དམར་མོ་གཡུ་གཙུག་ཀླུ་གཉན་འཁོལ། །ནག་མོ་དྲེད་མགོ་མ་ཡམས་འཁོལ། །སེར་མོ་རླུང་གཤོག་དབང་ལྡན་འཁོལ། །དཀར་ལྗང་འུག་མགོ་དྲི་ཟ་འཁོལ། །སྔོ་ནག་སྲེག་བྱེད་ཡ་མ་འཁོལ། །དམར་མོ་སྒེག་མོ་སྲིན་མོ་འཁོལ། །སྔོ་སྐྱ་ཞགས་ཐོགས་རླུང་ལྷ་འཁོལ། །དགྲ་བོའི་རྣམ་ཤེས་བརྒྱད་ལ་མུན་ནག་གཏིབས། །ཧ་ན་ཧ་ན་སྡི་ཏ་སྡི་ཏ། རུ་ཏྲ་མ་མ། ས་མ་ཡ་ཧཱུཾ། ཁ་ཏྲ་ཛ། མི་ཏྲི་ཛ། ཤོ་ན་ཏྲི་ཛ། ཡག་ཤ་ཛ། མ་ཏྲི་ཛ། ད་ཏྲི་ཛ། ཤ་ཏྲི་ཛ། ད་ཏྲི་པྲ་ཏྲི་ཛ། ཛ་བྱིན་ཛ། ཀར་མ་ཛ། ཧ་དུ་ཛ། ལི་ཤ་ཛ། ཡཀྴ་ཛ། སུ་མི་ཛ། ཁོ་དར་ཛ། ཛ་ཧཱུཾ་རྦུད། རྦུད་ཁ་ཤེད་རྦུད། ཕ་ནི་རྦུད། པོ་ལ་ཀུན་ན་རྦད། དུ་དུ་རྦུད། ཁ་ལ་ཁུ་རྦུད། ཤེད་ཙིཏྟ་གོང་ཆོད། ཁ་ལ་ཏུག་ཏིག་མུར་རྟ་རྦད་རྦུད་སྭཱ་ཧཱ། ཟ་ཟ་ནད་ཀུཾ་ཐུམ་རི་ལི་ལི་ཁ་ལེ་ཁ་ཤག་ཐུམ། ཀ་ནན་ཧ་ར་རྦད་ཆུམས་ཁུག་རིལ། ཀུག་རྨམ་ཁྲག་རིལ་སྲོག་རྩ་རྦུད་རིལ། དེ་དག་གསད་ཅིང་གཟིར་བ་དང་། །གནན་ཞིང་འཕང་དང་བསྲེག་ཅིང་གཏད། །འཁོར་ལོ་བྲི་བྱ་ཡི་གེ་དགོད། །དབྱེ་དང་དགུག་དང་བསྡིམ་པའི་ལས། །མན་ངག་བཞིན་དུ་བྱས་གྱུར་ན། །ཐེ་ཚོམ་མེད་པར་བརླག་པར་བྱེད། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། བདུད་ནང་ལྟར་བསྒྲུབ་པའི་སྐབས་ཏེ་ལེའུ་ཞེ་དགུ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས་བདུད་གསང་བར་བསྒྲུབ་པའི་ཚུལ་གསུངས་སོ། །ཐོག་མར་དད་པས་རབ་ཏུ་བསྐྱེད། །བསོད་ནམས་ཚོགས་ཀྱི་ཡན་ལག་བསགས། །ནག་པོ་བྲག་གི་རྩར་ཕྱིན་ལ། །ལྷོར་བལྟས་རྩ་ནས་ཆུ་འབབ་ཏུ། །གུར་ནག་ནང་དུ་ས་བླངས་ལ། །སྟེགས་བུ་འདོམ་གང་གྲུ་བཞི་བརྩིག །མི་ཁྲག་རྟ་ཁྲག་ཁྱི་ཁྲག་དང་། །རྒྱ་སོལ་བསྲེས་ལ་ཆག་ཆག་གདབ། །དབུས་སུ་གྲུ་གསུམ་མཁྱིད་གང་བྲུ། །ཟླ་གམ་དམར་པོ་ཐོད་ཕྲེང་དཀར། །གྲུ་ཆད་ལྗང་ནག་སྒོ་བཞི་སེར། །བདུད་པོ་ཧ་ནུ་བག་ཤ་


DNG016_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ཁ། །དར་ལ་གཟུགས་བྲིས་དབུས་སུ་དགོད། །ལྕགས་སམ་མཆོག་གི་ཕུར་པ་ལ། །གཤེད་པོར་བྱིན་བརླབས་དབུས་སུ་དགོད། །དཔལ་དར་ནག་པོ་ལྕེ་བཞི་ལ། །ཕྱོགས་བཞིར་བདུད་བཞིའི་གཟུགས་བྲིས་དགྲམ། །ཤར་དུ་ཧེ་ལེ་ཁྱབ་པ་དགོད། །ལྷོ་རུ་ནག་པོ་བཀྲག་མེད་དགོད། །ནུབ་ཏུ་སོ་འདར་འཁྲིག་པ་དགོད། །སེ་མོ་རྩ་རལ་པ་སྤྱི་ཆིང་ཡང་སྐེམ་བྱང་དུ་དགོད། །དྲི་ཟ་ཁྱུང་བཙུན་ཤར་དུ་དགོད། །ཕག་སྐར་ཉ་རེང་ལྷོ་རུ་དགོད། །ངང་ཟན་ཕང་སྐར་རང་གཟའ་འཕན་སྐར་ཡང་ནུབ་ཏུ་དགོད། །ན་བུན་སྨུག་པོ་བྱང་དུ་དགོད། །བཀའ་འཁོར་སྐྱོང་བའི་གནོད་སྦྱིན་བདུད། །ཕྱག་བརྙན་བཅུ་གསུམ་ཁྲག་གི་དོང་རལ་ཅན། །སྤྲུལ་པ་བཅུ་གསུམ་སྟག་དང་གཟིགས་ཆས་ཅན། །མོན་བུ་བཅུ་གསུམ་བདུད་ཀྱི་རྟ་ནག་ཅན། །ཕོ་ཉ་བཅུ་གསུམ་སྟག་སེང་མཐོང་ག་ཅན། །ཕྱག་བརྙན་ནག་མོ་རེ་བའི་གོ་ལྕོག་ཅན། །སྤྲུལ་པ་མོ་རྣམས་སོལ་བའི་ལན་ཚར་ཅན། །མོན་མོ་བཅུ་གསུམ་ཞ་ནེའི་ལན་ཚར་ཅན། །ཕོ་ཉ་མོ་རྣམས་མགྲོན་བུའི་ཐོད་སྐབས་ཅན། །གྲུ་ཆད་ཁྱམས་དང་སྒོ་ལ་དགོད། །དེ་ལ་དམ་རྫས་བཤམ་པ་ནི། །རབས་ཆད་མོན་གྱི་ཐོད་པ་རུ། །བྲ་སྲན་གཏོར་མ་ཆ་གཅིག་ཏུ། །ལུག་ནག་སྤྱི་དཀར་བྱ་རོག་དང་། །རྟ་ནག་སྙིང་དཀར་གསུམ་གྱི་སྙིང་། །སྲོག་པ་རྩ་དང་མ་བྲལ་ནང་། །དགྲ་བོ་དུ་ཡོད་མིང་རུས་རྣམས། །གྲོ་ག་ཤིང་ཤུན་བྲིས་ལ་གཞུག །བྱ་རོག་གསོབ་དང་སྤྱང་ཀའི་གསོབ། །བརྒྱང་སྟེ་ཤར་ནུབ་ཁ་བསྟན་གཞག །ཆང་ཕུད་ནང་དུ་གསེར་བརྡར་ལ། །དངུལ་སྐྱོགས་གང་ཡང་གཞག་པར་བྱ། །གཡབ་དར་ནག་པོས་གཡབ་ཚུལ་བྱ། །ལུག་ནག་ལྕགས་རུ་གསེར་མིག་ལ། །རེ་བའི་སྒྱེ་ནི་ཁལ་དུ་བཀལ། །གཡས་སུ་ཕོ་རྣམས་མིང་རུས་གཞུག །གཡོན་དུ་མོ་རྣམས་མིང་རུས་གཞུག །སྔོ་དམར་སྐུད་པས་གོང་རྨེད་བྱ། །ར་ལ་དར་ལྕེ་མཐིང་ནག་གདབ། །མིག་གཉིས་ནང་དུ་རིན་ཆེན་བརྡར། །དར་དཀར་ཡུག་གིས་མིག་གཉིས་དགབ། །དཀྱིལ་འཁོར་བྱང་ཤར་གྲ་རུ་དགོད། །དུར་ཁྲོད་རས་ལ་འཁོར་ལོ་བཅའ། །ཐོད་པ་དུག་ཁྲག་བསྲེས་ལ་དགང་། །གོས་


DNG016_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

ནག་གྱོན་ལ་ཐོད་ནག་བཅིངས། །བདུད་ཀྱི་གཡབ་དར་ལག་ཏུ་ཐོགས། །གཏུམ་ཆེན་བསྟོད་ལ་བདུད་རྣམས་རྦད། །དྲག་སྔགས་འདི་བཟླས་མངོན་དུ་འགྱུར། །ཧཱུཾ་ཕཊ་བ་ཧཱུཾ་ལེ་མ་ས་ཤ་སྟ་ཧ་སྟ་བ་བ་ལེ་རང་བ་མང་ཤ་ས་ར་ཡ་ཧཱུཾ་མ་ཧེ་ས་མང་ག་ལ་ཡ་ཧཱུཾ་ཕཊ། གསུམ་འབུམ་བཟླས་ན་གང་ཡང་འགྲུབ། །དེ་བཞིན་བསྒྲུབ་ན་མངོན་དུ་འགྱུར། །དཔལ་འཇམ་དཔལ་ཟླ་གསང་ནག་པོའི་རྒྱུད་ལས། བདུད་གསང་བ་ལྟར་བསྒྲུབ་པའི་སྐབས་ཏེ་ལེའུ་ལྔ་བཅུ་པའོ།། །།དེ་ནས་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོས་འཇིག་རྟེན་གྱི་ཁམས་མེར་བསྲེག་པའི་བཙན་ཕྱི་ལྟར་བསྒྲུབ་པ་འདི་གསུངས་སོ། །བྲག་དམར་རྩ་འམ་དུར་ཁྲོད་དུ། །ས་བདག་ཞི་བྱང་ཀླུ་གཏོར་གཏང་། །དཀྱིལ་འཁོར་འདོམ་གང་གྲུ་བཞི་པ། །ར་དམར་ཁྲག་གིས་ཆག་ཆག་གདབ། །དབུས་ཀྱི་ལྟེ་བ་དམར་པོ་ལ། །ཟླ་གམ་དམར་པོ་བརྒྱད་ཀྱིས་བསྐོར། །ལྕགས་རི་ནག་པོ་མེ་འོད་འབར། །ཟླ་གམ་རེ་ལ་མཱ་ར་ཡ། །ར་དམར་བསེ་འགྲམ་ཕྱི་རྟེན་བཅའ། །དབུས་སུ་བཤོས་བུ་གྲུ་གང་གཞག །ར་ཁྲག་དག་གིས་དམར་པོར་བྱུག །ཟ་འོག་དམར་པོ་མདའ་གང་གདགས། །ར་ལྤགས་དམར་པོ་མདའ་གང་ལ། །ཟེར་མོ་ལྡེམ་པའི་ཕོད་ཀྱིས་བརྒྱན། །དབུས་ཀྱི་ཟླ་གམ་སྟེང་དུ་གཞག །དེ་འཁོར་ཟླ་གམ་བརྒྱད་པོ་ལ། །བཤོས་ཆ་བརྒྱད་ལ་མདའ་དམར་བརྒྱད། །དར་དང་ར་ལྤགས་དམར་པོ་དང་། །ཟེར་མོའི་ཕོད་ཀྱིས་བརྒྱན་པ་བརྒྱད། །ཕྱི་རིམ་ཟླ་གམ་བརྒྱད་ལ་དགོད། །གསེར་བརྡར་ཆང་ཕུད་བྱའོ་དགུ། །འབྲས་དང་ཏིལ་ནག་ལ་སོགས་པས། །ཟླ་གམ་དགུ་ལ་ཕུལ་དགུ་གཞག །དུར་ཁྲོད་རས་ལ་འཁོར་ལོ་ནི། །རྩིབས་བརྒྱད་པ་རུ་བྱ་བར་བཤད། །ཨོཾ་ལ་ལི་བྲ་མ་ནི་རེ་རྩེ་ཐལ་བ་ནི། ཏྲི་ཉི་ཉི་ཤཾ་ཏྲི་མུ་ཏྲི་རི་ཏྲི་ཏྲི། རེ་ཏྲི་ཧི་ཤཾ་སྟཾ་སརྦ་ཀརྨ་སེ་བ་བེ་བ་སྭཱ་ཧཱ། འདི་ནི་དབང་དང་དྲག་པོའི་སྔགས། །དགུག་དང་རྦད་པའི་སྔགས་འདི་བརྗོད། །སྲོག་ལ་ལི་བྲ་མ་ནི་བམ་རིལ་དགྲ་བོ་ནྲྀ་ཛ། སྲོག་རྩེ་ཐལ་བ་ནྲྀ། བམ་རི་ལི་ལི་དགྲ་བོ་ནྲྀ་ཛ། ཀྲོ་དྷཱི་ཀོ་ཡ་བམ་རི་ལི་ལི་དགྲ་བོ་ནྲྀ་ཛ། ཀྲོ་དྷཱི་ཀཱི་ལ་ཡ་ཤ་ལ་བཾ་


DNG016_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

རི་ལི་ལི་དགྲ་བོ་ནྲྀ་ཛ། ཨོཾ་ཧྲི་གཾ། ཤཾ་མཱ་ར་ཡ་བ་མ་རི་ལི་ལི་དགྲ་བོ་ནྲྀ་ཛ། མུ་ཏྲི་མཱ་ར་ཡ་བམ་རི་ལི་ལི་དགྲ་བོ་ནྲྀ་ཛ། རེ་ཏྲི་མཱ་ར་ཡ་བམ་རི་ལི་ལི་དགྲ་བོ་མཱ་ར་ཡ་ནྲྀ་ཛ། ཧཾ་ཤཾ་སྟཾ་བུ་མཱ་ར་ཡ་བམ་རི་ལི་ལི་དགྲ་བོ་ནྲྀ་ཛ། རང་གསང་དཔོན་གཡོག་དགུའི་སྙིང་པོ་བརྗོད་པར་བྱའོ། །སྲོག་ལ་ལི་པྲ་མ་ནི་དམ་ཉམས་དགྲ་བོའི་སྙིང་ལ་ཛ་ཛ་ཛ། སྲོག་ལ་མཱ་ར་ཡ་ནྲྀ་དམ་ཉམས་དགྲ་བོའི་སྲོག་ལ་ཛ་ཛ་ཛ། སྲོག་ཀྲོ་དྷཱི་ཀཱི་ལ་ཡ་མཱ་ར་ཡ་དགྲ་བོའི་སྙིང་ལ་ཛ་ཛ་ཛ། སྲོག་ཀྲོ་དྷཱི་ཤོ་ལ་ཡ་ཡ་མཱ་ར་ཡ་དགྲ་བོའི་སྙིང་ལ་ཛ་ཛ་ཛ། སྲོག་ཀཾ་ཏི་ཀཾ་ཤཾ་མཱ་ར་ཡ་དམ་ཉམས་དགྲ་བོའི་སྙིང་ལ་ཛ་ཛ་ཛ། སྲོག་གི་ཤཾ་ཏྲི་མཱ་ར་ཡ་དམ་ཉམས་དགྲ་བོའི་སྙིང་ལ་ཛ་ཛ་ཛ། སྲོག་མུ་ཏྲི་རེའུ་ཏྲི་དམ་ཉམས་དགྲ་བོའི་སྙིང་ལ་ཛ་ཛ་ཛ། དམིགས་པའི་གཟུགས་ལ་སྔགས་ཀྱིས་བརྡེག །གཤིན་རྗེ་བསྟོད་ལ་བཙན་རྣམས་རྦད། །ཧཱུཾ། འཛམ་གླིང་འདུས་པའི་དཀྱིལ་འཁོར་ནས། །མེ་འོད་འབར་བའི་ཞིང་ཁམས་ནས། །མི་རིང་དམར་པོ་མཐུ་རྩལ་ཅན། །དབུ་ལ་སྐྲ་མེད་བསྐལ་པའི་མེ་དཔུང་འབར། །འཇིག་རྟེན་ཁམས་ཀུན་མེ་ཡིས་བསྲེག །སྨིན་མ་ལྕགས་ཀྱུ་འཁྲིལ་བ་འདྲ། །སྤྱན་རྩ་དམར་པོ་དམ་ཉམས་དགྲ་ལ་བཟློག །སྐུ་ལ་ལེ་བརྒན་དམར་པོའི་འཇོལ་བེར་གསོལ། །གཡས་ནས་བཙན་གྱི་རྒྱུ་ཞགས་དགྲ་ལ་འདེབས། །གཡོན་ནས་ཧུ་ལུའི་ལྟས་ངན་དགྲ་ལ་འབེབས། །ཞབས་ལ་ལྕགས་ལྷམ་ཡུ་ཐུང་གསོལ། །སྦྲུལ་ནག་སྟོང་གི་ཆུན་བསྐོར་ཅན། །སྦྲུལ་ནག་གཞིབས་པའི་སྐུ་རེགས་བཅིངས། །སྐར་ཆེན་དམར་པོའི་ཚར་ཚར་ཅན། །བཞུགས་ནི་གླིང་བཞི་ཁྱབ་པར་བཞུགས། །ནམ་གྱི་གུང་ལ་རྒྱུ་ཙ་ན། །བྲག་གི་ཝ་མོ་ཁ་ནག་ཆིབས། །ཉི་མའི་ཟེར་ལ་རྒྱུ་ཙ་ན། །ཆིབས་སུ་ལྟས་ངན་གླ་བ་ཆིབས། །ཉི་མའི་གུང་ལ་རྒྱུ་ཙ་ན། །ཆིབས་སུ་བྲ་བོ་རྟིང་དཀར་ཆིབས། །དམ་རྫས་གཏོར་མ་འདི་ལོངས་ལ། །ཡབ་གཅིག་འཇམ་དཔལ་བཀའ་བྱུང་གིས། །འཁོར་གྱི་བཙན་རྣམས་ལས་ལ་བསྐུལ། །འཇིག་རྟེན་ཁམས་སུ་མེ་ཡི་བསྐལ་པ་ཐོངས། །


DNG016_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བོའི་རྣམ་ཤེས་བརྒྱད་པོ་ཐལ་བར་རློགས། །སྐྱེས་བུ་ཆེན་པོ་དགྲ་ལ་ཡ། །རང་གསང་མཆེད་དགུ་དགྲ་ལ་ཡ། །བཙན་གྱི་ཞགས་པ་ད་སྡོགས་ལ། །ཐ་རམ་དགྲ་ལ་ད་ཐོབ་ཅིག །ཁྲག་སྐྱུག་གཟེར་ཐབས་ཕུར་གྱིས་ཐོབ། །ཅེས་ཕྲིན་ལས་བཅོལ། ཙ་ར་ཁམ་རོག་རྟེན་དུ་བཅའ། །ལོ་དང་ཟླ་བར་བརླག་པར་འགྱུར་རོ། །བེའུ་རྫི་ཝ་དང་རྟ་ཆུང་དང་། །ལག་སོར་རྣམས་ལ་གོང་བཞིན་བསྐུལ། །ཆང་ཕུད་གཏོང་ཞིང་ལས་གཉེར་གཏད། །རྟགས་ཕྱིན་པ་དང་གཏང་རག་གཏང་། །གསོབ་དང་བཤོས་ཆ་དབུལ་བར་བྱ། །གཤིན་རྗེ་ཟླ་གསང་ནག་པོའི་རྒྱུད་ལས། འཇིག་རྟེན་ཁམས་ཀུན་མེས་བསྲེགས་པའི་བཙན་གྱི་ཟླ་གསང་ཕྱི་ལྟར་བསྒྲུབ་པའི་སྐབས་ཏེ་ལེའུ་ང་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས། བཙན་ནང་ལྟར་བསྒྲུབ་པ་འདི་གསུངས་སོ། །གོང་གསུམ་ཁ་འམ་བྲག་དམར་རྩ། །དུར་ཁྲོད་ནགས་ཚལ་མཐུག་པོ་རུ། །དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། །དུག་དང་ཁྲག་གིས་ཆག་ཆག་གདབ། །དབུས་སུ་གྲུ་གསུམ་ཐུར་དུ་བརྐོ། །མུ་སུ་ར་ཡི་ཐོད་པ་རུ། །རྡོ་སོལ་སྤྲ་བ་རས་ལ་སོགས། །ཏིལ་མར་བསྲེས་ཏེ་གཞག་པར་བྱ། །དེ་ལ་ཟླ་གམ་གསུམ་གྱིས་བསྐོར། །ཕྱི་རིམ་འཛམ་བུའི་གླིང་བཞི་བྲིས། །ལྕགས་རི་ལ་སོགས་མེ་འོད་བྲིས། །དབུས་སུ་ཡ་མ་གཤེད་པོ་སྟེ། །ཟླ་གམ་གསུམ་ལ་ཡུམ་སྲས་དགོད། །ཟླ་གམ་སྟེང་དུ་བཙན་གྱི་རྒྱལ། །རྡོ་རྗེ་རེག་བྱ་གསེར་མིག་དགོད། །ལྷོ་རུ་རྡོ་རྗེ་གྲགས་མཆོག་དགོད། །ནུབ་ཏུ་རྡོ་རྗེ་མགྱོགས་བྱེད་རྩལ། །བྱང་དུ་རྡོ་རྗེ་ཤུ་བོ་འབར། །ཡབ་ཡུམ་རྫས་སུ་བཤམས་པ་ཡང་། །མི་ཤ་རྟ་ཤའི་གཏོར་མ་དང་། །སྙིང་ཆེན་གཅིག་ལ་བརྟེན་ཏེ་བསྒྲུབ། །ཕྱོགས་བཞིར་གཏོར་མ་བཞི་བྱས་ལ། །ཤུ་བོ་མཆེད་བཞིའི་རྫས་སུ་དགོད། །ར་དམར་སྙིང་དང་བྱ་སེའི་སྙིང་། །རྟ་འཚལ་སྙིང་ལ་བཙན་རྣམས་བརྟེན། །བྱ་རྒོད་མདའ་ལ་ལེབ་བརྒན་དར། །ལག་ཏུ་


DNG016_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

ཐོགས་ལ་རྟག་ཏུ་གཡབ། །གྲི་བོའི་ཐོད་པར་ཐ་རམ་བཅའ། །རྟག་ཏུ་ར་གསུར་རྒྱུན་དུ་གཏང་། །གསེར་སྐྱེམས་ལ་སོགས་གསེར་སྦྱར་བས། །རྟག་ཏུ་བཙན་ལ་མཆོད་པ་བྱ། །སྤྱུགས་པའི་གླུ་བླང་རྦ་གླིང་འབུད། །རྟག་ཏུ་ཉུང་དཀར་ཉུང་ནག་ལ། །སྔགས་བཟླས་གྲུ་གསུམ་ཐོད་པར་གསིབ། །རྣམ་གསུམ་ཏིང་འཛིན་བཙན་རྣམས་བསྐྱེད། །ཨ་བི་ཤུ་ས་མ་ཡ་རཱ་ཛ་པེ་ནི་ཨ་ན་ཎ་སྟ་ཏྲི་ཤལ་རྦད་ཛྷ་ར་ག་ཏིང་བན་དྷ་ར་ཤུ་ན་ཙིཏྟ་བྷསྨི་ཀུ་ཀུ་ཛ་ཛ། ཁྲི་འམ་འབུམ་དུ་བཟླས་གྱུར་ན། །སྐུ་ཡང་དངོས་སུ་སྟོན་པར་འགྱུར། །གཞན་ཡང་རྟ་མེད་སྲབ་སྒྲ་དང་། །མི་མེད་སྤྱུགས་པ་དི་རེ་འོང་། །དེ་བཞིན་ལས་ལ་སྦྱོར་བར་བྱ། །གཤེད་པོ་བསྐུལ་ལ་བཙན་རྣམས་རྦད། །འཇིག་རྟེན་མེ་ཡིས་བསྲེག་འདོད་ན། །རྡོ་སོལ་རྫས་སྦྱར་དམ་རྫས་ལ། །རྩ་བའི་སྔགས་ལ་རཾ་རཾ་སྦྱར། །དེ་ཡི་སྔགས་རྣམས་རབ་ཏུ་བཟླས། །ཟླ་གསང་བུ་ལ་ཤེས་བྱ་ཞིང་། །གསད་པའི་ལས་ཀྱང་གོང་དང་འདྲ། །གཙོ་རུ་རང་གི་དམ་ཚིག་བསྲུང་། །ཏིང་ངེ་འཛིན་གྱི་སྤྱོད་ལམ་བྱ། །ཡེངས་ན་གང་ཡང་མི་འགྲུབ་སྟེ། །རྟག་ཏུ་མི་དང་ཉེ་མི་བྱ། །ཐ་རམ་བཅས་པའི་ཐོད་པ་དེ། །གོང་གསུམ་བཙན་གྱི་འདུ་ས་འམ། །བྲག་བཙན་ཀླུ་བཙན་ཡོད་སར་སྦ། །གང་ལ་བྱ་བ་འཇོམས་པར་འགྱུར། །འཇམ་དཔལ་གཤིན་རྗེ་ཟླ་གསང་ནག་པོའི་རྒྱུད་ལས། འཇིག་རྟེན་གྱི་ཁམས་མེས་བསྲེག་པ་བཙན་གྱི་ཟླ་གསང་ནང་ལྟར་བསྒྲུབ་པའི་སྐབས་ཏེ་ལེའུ་ང་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས་བཙན་གསང་བ་ལྟར་བསྒྲུབ་པ་འདི་གསུངས་སོ། །དགོན་པ་དུར་ཁྲོད་ལྟ་བུ་རུ། །དཀྱིལ་འཁོར་མཐིང་ནག་གྲུ་གསུམ་བརྩིག །དབུས་སུ་རབས་ཆད་ཐོད་པ་རུ། །ཁྲག་སོགས་དུག་སོགས་རྡོ་སོལ་དང་། །དུར་ཁྲོད་རས་དང་ཏིལ་གྱི་མར། །ར་དམར་སྙིང་དང་ར་ཁྲག་བླུགས། །མིང་དང་རུས་བྲིས་ཐོད་པར་གཞུག །བསེ་ཕོར་ཟངས་གཞོང་གཏོར་མས་དགང་། །དྲུང་གཞག་སྲོག་སྙིང་ཚད་དུ་གྲངས། །ཨོཾ་དེ་བ་ཏྲི་


DNG016_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

མང་གན་ཛ་མུ་ས་མུ་ས་མཱ་ར་ན་ཡ་མཱ་ར་ན་ཡ་དགྲ་བོ་ཆེ་གེ་མོའི་སྲོག་དྲེང་དྲེང་ཐུམ་བྷྱོ་ཛ་ཛ། འདི་ནི་རབ་ཏུ་མི་འགྲུང་བསྒུང་ཡང་སྔགས། །ཐོད་པའི་ནང་དུ་འབུམ་དུ་བཟླས། །ཐོད་པ་ནགས་རྫོང་འཐུག་པོ་འམ། །རི་ལ་སྦས་ན་རི་མེས་ཚིག །ཁྱད་པར་རྒྱ་མཚོ་ལྟ་བུ་འམ། །ཆུ་མིག་སྦས་ན་ཆུ་ཡང་ཁོལ། །དགྲ་ཡི་གདུང་གསེབ་སྦས་གྱུར་ན། །ཁྱིམ་དང་ཁང་པ་འཇིག་པར་འགྱུར། །དེ་ནས་སྔགས་དེ་ཉིད་འོ་ཟུའི་སྡོང་པོ་ལ། ལན་སྟོང་དུ་བཟླས་ནས་བྱིན་ན་སྨྱོ་བར་འགྱུར་རོ། །དྷ་དུ་རའི་ལོ་མ་དང་ཤ་པྲ་པ་དེ་དང་། ཀ་ཀ་རི་ལ་བཟླས་ནས་བྱིན་ན་མཛེར་འགྱུར་རོ། །བེའུ་བེ་དང་ཀ་ནེ་ལ་བཟླས་ནས་བྱིན་ན། སྐྲངས་འབུར་ནད་ཀྱིས་འཆི་བར་བཤད། ཛ་ཡི་འབྲས་ལ་བཟླས་ནས་ཕྱོགས་སུ་གཏོར་ན། སྦྲུལ་ཆེན་པོ་ཁང་པའི་ནང་དུ་འོང་བར་འགྱུར་རོ། །རྡོ་སོལ་ལ་བཟླས་ནས་བྷན་དྷའི་ནང་དུ་ཆང་དང་སྦྱར་ནས་རྩྭ་གསེབ་བམ་ཤིང་གསེབ་ཏུ་སྦས་ན་ཡུལ་ཁམས་འཚིག་པར་འགྱུར་རོ། །རྡོ་སོལ་ལ་བཟླས་ཏེ་ཆང་གྲལ་དུ་གྲོགས་པོའི་ཆང་ལ་བཏབ་ན་མེར་རང་གིས་འགྲོ་བར་འགྱུར་རོ། །བསེ་ཞོ་དང་བཙན་དུག་སྦྱར་ལ་བཏབ་ནས་དགྲའི་ལུས་སམ་ཤ་ལ་རེག་པའི་གོས་ལ་བསྐུས་ན་ལྷོག་པ་དཀར་པོས་འཆི་བར་འགྱུར་རོ། །འཇམ་དཔལ་ཟླ་གསང་ནག་པོའི་རྒྱུད་ལས། འཇིག་རྟེན་མེས་བསྲེག་བཙན་གྱི་ཟླ་གསང་གསང་བ་ལྟར་བསྒྲུབ་པའི་སྐབས་ཏེ་ལེའུ་ང་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོས། ཆུ་འཁྱགས་ཁྲག་ཏུ་དབབ་པ་ཁྱབ་འཇུག་གཟའི་དྲག་སྔགས་འདི་གསུངས་ཏེ། གཟའ་ཕྱི་ལྟར་བསྒྲུབ་པའི་ཐབས་བཤད་པ། ཐོག་མར་དད་པ་རབ་ཏུ་བསྐྱེད། །རི་གསུམ་རྩེ་འམ་དུར་ཁྲོད་དུ། །དབང་ཐོབ་བྱ་ཕྱིར་བླ་མ་མཉེས་བྱ་ཞིང་། །དཀྱིལ་འཁོར་བྲིས་ནས་དམ་ཚིག་དབང་དག་ནོད། །དགོས་པ་བསྒྲུབ་ཕྱིར་མན་ངག་ཐོབ་པར་བྱ། །མན་ངག་ཐོབ་ནས་བསྙེན་བསྒྲུབ་མཐའ་རུ་དབྱུང་། །བསྙེན་པ་བྱ་ཞིང་མཐུན་རྫས་འབད་དེ་བསག །ཁྱབ་འཇུག་ལས་ཀྱི་གོ་རིམ་ནི། །གཞན་དང་མཐུན་པར་ཆོ་ག་


DNG016_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །མཆོད་དང་གཟུ་དཔང་གསོལ་བ་གདབ། །གཏོར་མ་ལ་སོགས་ཆོ་ག་བྱ། །དབབ་གསད་ལས་ཀྱི་གོ་རིམ་ནི། །ཚེས་གྲངས་ཕྱོགས་དང་དུས་ཚོད་དང་། །སྤྲུལ་པ་ཡན་ལག་འཇུག་པའོ། །གོ་རིམ་བཞིན་དུ་སོ་སོར་སྦྱར། །བཞི་ལ་ནུབ་ནས་ཤར་དུ་སྲོད། །མ་མོར་སྤྲུལ་ཏེ་རྐང་པ་གཡས། །བརྒྱད་ལ་ཤར་ལྷོ་མཚམས་ནས་སུ། །ཉི་མ་དྲོས་ཏེ་ནུབ་བྱང་དུ། །དགྲ་ལྷའི་རྒྱལ་མོར་མཇུག་མ་སྤྲུལ། །བཅུ་གཅིག་འཇིང་ལ་བྱང་ནས་ལྷོར། །བདུད་དུ་སྤྲུལ་ཏེ་ལག་པ་གཉིས། །བཅོ་ལྔ་ནམ་ཕྱེད་ལྷོ་ནུབ་ནས། །བྱང་ཤར་མཚམས་སུ་རྒྱུ་བ་སྟེ། །སྲིན་པོར་སྤྲུལ་ཏེ་མགོ་བོ་རྒྱུ། །བཅོ་བརྒྱད་ནམ་ཡོལ་ཤར་ནས་ནུབ། །དམུ་རུ་སྤྲུལ་ནས་དཔུང་མགོ་གཡོན། །ཉི་ཤུ་གཉིས་ལ་ཉི་མ་མྱུར། །ནུབ་བྱང་མཚམས་ནས་ཤར་ལྷོ་རུ། །གཤིན་རྗེར་སྤྲུལ་ནས་ལག་པ་གཡོན། །ཉི་ཤུ་ལྔ་ལ་ལྷོ་ནས་བྱང་། །སྐྱ་རེངས་ཆས་ཏེ་དཔུང་མགོ་མིག །ཀླུ་བཙན་གདོན་དུ་སྤྲུལ་ཏེ་རྒྱུ། །ཉི་ཤུ་དགུ་སྟེ་མྱུར་ཆུང་ན། །བྱང་ཤར་མཚམས་ནས་ལྷོ་ནུབ་ཏུ། །གཟའ་བདུད་ཆེན་པོར་སྤྲུལ་ཏེ་རྒྱུ། །དེ་ཡི་དབབ་གསད་སྦྱོར་བ་ནི། །ཕྱོགས་ཀྱི་གདོན་སྤྲུལ་རེ་རེ་ལ། །གསད་པའི་སྦྱོར་བ་སོ་སོར་བྱ། །གདོན་སྤྲུལ་སོ་སོར་རྒྱུ་བ་སྟེ། །མ་མོར་སྤྲུལ་པའི་གཟུགས་བརྙན་ནི། །ནག་མོ་ཆེན་མོ་རལ་པ་ཅན། །འཇིགས་པའི་རྒྱན་ཆ་མང་པོ་དང་། །ལག་ན་ཐོད་ཁྲག་འཐོར་ཞིང་རྒྱུ། །རླུང་དྲག་ཐོག་དང་རྫི་ཁ་རྒྱུ། །རྒྱལ་མོ་སྔོ་སྐྱ་ཀ་དར་ཐོགས། །སྔོ་སྐྱ་ཞོན་ཏེ་འཇིགས་པའི་གཟུགས། །སྒྲ་དང་སེར་བ་མཚན་མོའོ། །སྤྲུལ་པ་བདུད་ནི་མདོག་ནག་པོ། །ལག་ན་གྲི་ནག་ཞགས་པ་ཐོགས། །རྟ་ནག་ཞོན་ཏེ་གདོན་དང་བཅས། །བཙན་ཐབས་དྲག་པོའི་ནད་རྣམས་དང་། །དུས་མེད་མཚན་མ་མང་དུ་འབྱུང་། །འཇིགས་པའི་སྲིན་པོ་སྔོ་ནག་ལ། །མིག་རྩ་དམར་ལ་སྡང་མིག་བགྲད། །མཆེ་བ་གཙིགས་ཏེ་ཟ་བའི་ཚུལ། །མདའ་གཞུ་ཐོགས་ཏེ་གདོན་དང་རྒྱུ། །རླུང་ནག་འཚུབས་མར་བཅས་ཏེ་འོང་། །སྤྲུལ་པ་དམུ་སྟེ་ཐོག་སེར་འབེབས། །དམར་པོ་ཁྲག་གི་ཐིག་ལེ་ཅན། །བ་གླང་ཞོན་ཏེ་


DNG016_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་པའི་གཟུགས། །མཚན་མ་ཐོབ་དང་སྤྲིན་ནག་འཁྲུགས། །ཀླུ་གདོན་དྲག་པོར་སྤྲུལ་པ་ནི། །སྦྲུལ་ནག་ཆེན་པོ་འཇིགས་པའི་གཟུགས། །འཁྱིལ་པའི་ཚུལ་གྱིས་རྒྱུག་ཅིང་འཕྲོ། །ཆུ་དྲག་གློག་དང་ཆས་པའོ། །ནག་པོ་ཆེན་པོ་འཁོར་ལོ་ཐོགས། །གདོན་གྱི་གཙོ་བོར་སྤྲུལ་ཏེ་འོང་། །རྒྱུ་བའི་དུས་དང་མཚུངས་ངེས་ན། །མཚན་མ་མྱུར་དུ་ཕུང་བར་འགྱུར། །དེ་ལ་དབབ་གསད་སྦྱོར་བ་བརྒྱད། །ངེས་པར་རྒྱུ་བའི་དུས་སུ་བྱ། །དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། །གྲུ་བཞིའི་དཀྱིལ་འཁོར་དབུས་སུ་ནི། །འཁོར་ལོ་རྩིབས་བརྒྱད་དབུས་སུ་ཨེ། །ཕྱོགས་མཚམས་བརྒྱད་ལ་ཨེ་བརྒྱད་བཀོད། །ཨེ་དགུ་ནག་པོའི་འཁོར་ལོ་བསྐོར། །འཁོར་ལོའི་རྩིབས་ལ་སྤྲུལ་པ་བརྒྱད། །བསྐྱེད་ལ་དབབ་གསང་སྦྱོར་བ་བྲི། །དབུས་སུ་གཤེད་པོ་ཡབ་ཡུམ་སྟེ། །ཁཱ་ཧིར་བཅས་པས་གཏོར་མ་སྦྱིན། །ཕྱོགས་མཚམས་བརྒྱད་ཀྱི་སྤྲུལ་པ་ལ། །སོ་སོའི་ལས་ཀྱི་བྱ་བ་བརྩམ། །དགུག་དང་བརྡེག་དང་བསྟབ་པའི་ལས། །འགྲོགས་པའི་ཚུལ་ཏེ་གདོང་ཚུགས་མིན། །བསྲེག་དང་མཆོད་པ་ལ་སོགས་པ། །ཕྱོགས་མཚམས་བརྒྱད་ནས་དྲངས་ཏེ་དབུལ། །ཕྱོགས་མཚམས་བརྒྱད་དུ་གསད་པ་སྟེ། །དབུས་ཀྱི་ཨེ་ལ་བསྲེག་པའོ། །སྤྲུལ་པའི་མགོ་བོ་རྒྱུ་བའི་ཚེ། །བརྣག་པའི་དཔྲལ་བའི་དབྱིངས་སུ་གདབ། །རྐང་པ་གཡས་གཡོན་རྒྱུ་བ་ནི། །བོལ་གོང་གཡས་གཡོན་གཉིས་སུ་གདབ། །སྤྲུལ་པ་ཡན་ལག་གོ་རིམ་བཞིན། །གདབ་པའི་ལས་ཀྱང་དེ་བཞིན་གདབ། །ཚེར་མ་ཅན་གྱི་ཤིང་ལ་བསྲེག །རྒྱུ་བའི་དུས་སུ་མཚུངས་ངེས་ན། །ཕུང་བར་འགྱུར་ཏེ་གདོན་མི་ཟ། །གདོན་དང་ཕྱེ་མ་རྣམ་པ་གཉིས། །གདོན་གྱི་རྫས་ལ་ནུས་པ་ཡོད། །ཕྱེ་མ་གདོན་གྱི་བྱ་བ་དེ། །ཟླ་གསང་ནག་པོའི་རྒྱུད་ལས་གསུངས། །གཟའ་བདུད་རྒྱུ་བའི་དུས་ངེས་ན། །རྗེས་དང་དྲི་མིའི་འདག་པ་ལ། །གོས་དུམ་དྲི་མ་རྙིང་པ་དང་། །གདུག་པའི་གཟུགས་བརྙན་བཞི་བྱས་ཏེ། །རྣམ་གྲངས་ནང་དུ་གསད་བྱ་ན། །གོང་མའི་རྫས་དང་ཚ་བ་གསུམ། །བསྲེས་ཏེ་གཟུགས་བརྙན་བྱ་བར་གསུངས། །མྱུར་


DNG016_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གསད་པའི་སྦྱོར་བ་ནི། །གོང་མའི་སྟེང་དུ་ཧ་ལས་བྱ། །གོང་མ་བཞི་ལ་ལྕགས་ཕྱེ་དང་། །ཁྲག་གི་སྦྱོར་བས་དྲི་ཉིད་དུ། །ཏིལ་དང་སྐེ་ཚེ་ཉུང་ནག་དང་། །ཁྲག་སྣ་ཟི་ར་གུ་གུལ་དང་། །གོང་གི་རྫས་ཀྱིས་མ་ངེས་གསད། །དུར་ཁྲོད་རས་སམ་ཤིང་ཤུན་ལ། །སྐྱང་ནུལ་བྱས་ཏེ་སྨུག་ནག་གམ། །ཡང་ན་སྔོ་ནག་དམར་པོར་བྱ། །དེ་ལ་བརྣག་པའི་སྦྱོར་བ་བྱའོ། །མྱུར་དུ་དབབ་པའི་ལས་བྱ་ན། །དམ་སྲི་ཡུལ་གྱི་ཆུ་སོགས་བསག །ཡུགས་ས་མོ་འམ་རབས་ཆད་ཐོད། །ཡང་ན་མཛེ་ཅན་ཐོད་པ་རུ། །མི་ཁྲག་ཁྱི་ཁྲག་ར་ཁྲག་དང་། །མངལ་ཁྲག་ལ་སོགས་དམེ་ཁྲག་སོགས། །བ་དཀར་འོ་མ་མཛོ་དང་རའི། །འོ་མ་ལ་སོགས་སྦྱར་བར་བྱ། །སྔོ་སྣ་དུག་སྣ་གུ་གུལ་སྦྱར། །གང་འབེབས་ཆུ་མིག་ཀླུ་ཡོད་སར། །བསྲེགས་སམ་བསྐོལ་ན་ཀླུ་རྣམས་དང་། །དུས་ཚོད་གཟའ་ཡི་གདོང་ཐུག་ན། །ཆུ་འཁྱགས་ཁྲག་ཏུ་འོང་བར་ངེས། །མ་ཧཱ་ཙནྡྷ་རཀྴ་ཏྲི་ཐ་ནི་མ་ཐ་ཡ། ཆེ་གེ་མོ་ལ་ཏྲི་བྷྱོ། ཞེས་པ་ནི་སྤྲུལ་པ་སྲིན་པོའི་གདོན་གྱིས་དབབ་ཅིང་གསད་པའོ། །ནཱ་ག་རཱ་ཛ་བེ་ནི་ནི་ཨ་ནན་སྟ། ནཱ་ག་རཱ་ཛ་ར་ཤ་ཏིང་བན་དྷ་རཀྵུན། ཙིཏྟ། བཱསྨི་ཀུ་རུ། ཀླུའི་གདོན་གྱིས་དབབ་ཅིང་གསད་པའོ། །རྨུཏྲི་ཙ་དྷ་དུཾ་དུཾ་བུཾ་བུཾ་ཁ་ལ་རཀྴ་ཐུམ་རི་ལི་ལི། ཁ་ཤག་བམ་རཀ་སྟྭམ་ཐུམ་རི་ལི་ལི། དམུ་བདུད་སྤྲུལ་པས་དབབ་ཅིང་གསད་པའོ། །མ་མ་ས་མ་ཡ་མ་ཏྲག་ཤ་མ་ཏྲ་འགའ་ན་ས་ཁ་ཡ་ཀུ་རུ་ཏེ་ཙོ་པཱ་ལ་ཡ་ཨ། ཡུ་ཤྭ་ཧ་ར་དྷ་ར། ཨུ་མ་མ་ད་མ་ནི་ཤ་ཏྲུཾ་ནཱ་ཤ་ཡ་ནི་ཛ་ཛཿ། མ་མོའི་གདོན་གྱིས་དབབ་གསད་པའོ། །ཏྲི་དཀར་མོ་ཏྲི་དུལ་དུལ་སྙིང་ཁྲག་ལ་རིལ་རིལ། ཆོམ་ཆོམ་རྩ་ལ་ཐུན་ཤིག་མཱ་ར་ན་ཛ། རྒྱལ་མོ་སྔོ་སྐྱས་དབབ་གསད་པའོ། །ཡ་མ་ཙན་དྷ་དྷི་ཏ་ཛ་ལ་ཙཀྲ་དྷ་ར་ན་ཤ་ཡ་དགྲ་བོ་ནྲྀ་མཱ་ར་ཡ་སོད་སོད་ཆོམ་ཆོམ་ཤིག་ཤིག །གཤིན་རྗེའི་གདོན་གྱིས་དབབ་གསད་པའོ། །མ་ཧཱ་བི་དྷི་བ་ཏྲ་བིཥྞུ་ཙནྡྷ་དུ་བ་ནི་རཱ་ཧཱུ་ལ་དགྲ་བོའི་ཙིཏྟ་ལ། ཤུན་ཙ་ཏོ་ཁ་ཧི། ཧེ་ཀ་ལི་མ་ཧཱ་ཙན་དྷ་མཱ་ར་ཡ་ནྲྀ་ཁུག་ཁུག་ཛ་ཛ། གཟའ་བདུད་ཆེན་པོས་དབབ་གསད་པའོ། །བདུད་ཏྲི་ནི་རི་ཏྲ་པ་ན་ཏྲི་ཡ། མ་ཏྲི་ཏྲི་ཡ་བྷྱོ། ཁཾ་ཁཾ་སོ་བཾ་


DNG016_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

རྦད། སྲོག་རྩ་ཐུན་ཆེ་གེ་མོ་ནྲྀ་ནྲྀ་ཛཿ། ཅེས་བཟླས་གང་དམིགས་ཐོགས་པ་མེད། །གཏུམ་ཆེན་ཉིད་ལ་རབ་བསྟོད་ཅིང་། །གཟའ་བདུད་ཆེན་པོ་རབ་ཏུ་རྦད། །ཧཱུཾ་རི་རབ་ཕྱོགས་བཞི་མཚམས་བརྒྱད་ནས། །ལྷ་སྲིན་སྡེ་བརྒྱད་བསྐུལ་རེ་རན། །ཁྱབ་འཇུག་ཆེན་པོ་སྐུ་བཞེངས་ཤིག །གཏུམ་པོ་ཆེན་པོ་བསྐྱོད་ཙ་ན། །གཟའ་བདུད་འཇུག་ཅིང་ཀི་ཀང་འབེབས། །དེ་ཡིས་ཀི་ཀང་འབེབས་བྱེད་ན། །གཟའ་བདུད་ཆེན་པོ་མི་སྲུན་པ། །ཁྱབ་འཇུག་ཆེན་པོ་ཀུན་ཏུ་རྒྱུག །འཇིགས་བྱེད་རོག་ཏི་སྤྲུལ་པའི་ལུས། །ལུས་པོ་གཅིག་ལ་མགོ་བོ་དགུ། །མགོ་ལུས་མེད་པར་མིག་གིས་ཁེངས། །རོ་སྟོད་མི་ལ་རོ་སྨད་སྦྲུལ། །ལུས་ནི་བརྗིད་པའི་དུད་ཀ་ལ། །ལག་ན་ཆུ་སྲིན་ཞགས་པ་ཐོགས། །ཕ་ནི་སྲིན་ལ་མ་ནི་ཀླུ། །ཀླུ་སྲིན་ཚོགས་པའི་མཐུ་བོ་ཆེ། །ལྷོ་ནུབ་མཚམས་ནས་སྐུ་བཞེངས་ནས། །ཟླ་བའི་རྗེས་གཅོད་ཤར་དུ་རྒྱུག །ཉི་མའི་རྗེས་གཅོད་ནུབ་ཏུ་རྒྱུག །ཉིན་མོ་རྒྱུ་ཞིང་མཚན་མོ་འཇོམས། །བར་སྣང་ཁམས་ནས་རྒྱུ་ཙ་ན། །འཇིག་རྟེན་ཁམས་ཀུན་སྒྲོལ་བར་མཛད། །ལོ་ཉེས་འཁྲུག་པ་ཡམས་ནད་གཏོང་། །ཉི་མ་ཟླ་བ་ལྟོ་རུ་ཟ། །རྒྱ་མཚོའི་གཏིང་ནས་གནས་པའི་ཚེ། །ཀླུ་རྣམས་ཀུན་ཀྱང་འཁྲུག་ཅིང་སློང་། །ཐོག་སེར་ས་གཡོས་ཀི་ཀང་འབེབས། །འཇིགས་བྱེད་ཆེན་པོ་མི་སྲུན་པ། །མིང་བརྒྱ་པ་ལ་མཚན་སྟོང་པོ། །དུས་ཚོད་ཚེས་གྲངས་ཀུན་གྱི་བདག །ལྷ་འདྲེ་ཀུན་གྱི་ནང་དབྱེན་བྱེད། །ལྷ་སྲིན་སྡེ་བརྒྱད་དམག་དཔོན་བྱེད། །འབྱུང་བ་ལྔ་ཡི་བདུད་ཆེན་པོ། །མཚན་ནི་རྣམ་པ་དགུ་རུ་གྲགས། །སྟེང་འོག་ཕྱོགས་མཚམས་ཐམས་ཅད་ནས། །ཀུན་ནས་རྒྱུག་ཅིང་ཀི་ཀང་འབེབས། །ལྷོ་ནུབ་མཚམས་ནས་བསྐྱོད་པའི་ཚེ། །སྲིན་པོ་རཀྴ་བི་ཏྲི་པ། །ཀི་ཀང་པ་ཏ་ཆེན་པོ་བྱ། །སྲིན་པོའི་ཀི་ཀང་ཆེན་པོ་འབེབས། །ཤར་ལྷོ་མཚམས་ནས་བསྐྱོད་པའི་ཚེ། །དྲང་སྲོང་ཆེན་པོ་རཱ་ཧུ་ལ། །དྲང་སྲོང་གི་ནི་ཀི་ཀང་འབེབས། །ཀི་ཀང་བདག་ཉིད་ཅན་ཞེས་བྱ། །བྱང་ཤར་མཚམས་ནས་བསྐྱོད་པའི་ཚེ། །འཇིགས་བྱེད་ཆེན་པོ་སྒྲ་གཅན་འཛིན། །བྱི་ན་ཡ་ག་


DNG016_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

ཕོ་ཉར་འགྱེད། །ཀི་ཀང་འབེབས་པའི་ལས་ལ་བརྩོན། །ནུབ་བྱང་མཚམས་ནས་བསྐྱོད་ཙ་ན། །དུ་བ་མཇུག་རིང་ཆེན་པོ་བྱ། །འཇིག་རྟེན་ཁམས་ན་མཐུ་བོ་ཆེ། །འཇིག་རྟེན་གཡོ་འགུལ་བྱེད་པའི་བདག །ལྷོ་ཡི་ཕྱོགས་ནས་བསྐྱོད་པའི་ཚེ། །ཁྱབ་འཇུག་ཆེན་པོ་བྱ་བ་སྟེ། །དུས་ཚོད་ཚེས་གྲངས་ཀུན་ཏུ་རྒྱུག །སྤྲུལ་པའི་སྐུ་ནི་ཀི་ཀང་འབེབས། །ཤར་གྱི་ཕྱོགས་ནས་བསྐྱོད་པའི་ཚེ། །དམུ་བདུད་ཆེན་པོ་ཧ་ལི་ཀ །བྱི་ནུ་ར་ཙའི་ཀིང་ཀང་འབེབས། །དམུ་ཡི་ཀི་ཀང་འབེབས་པར་བྱེད། །བྱང་གི་ཕྱོགས་ནས་བསྐྱོད་པའི་ཚེ། །བདུད་པོ་རོག་ཏི་འབར་བའི་གཟུགས། །བདུད་ཀྱི་ཀི་ཀང་འབར་བ་འབེབས། །ཀི་ཀང་འབར་བ་ཙ་ར་ཀ །ནུབ་ཀྱི་ཕྱོགས་ནས་བསྐྱོད་པའི་ཚེ། །སྲིད་པའི་མ་མོ་རྣམས་དང་རོལ། །མ་མོའི་ཀི་ཀང་ཀུན་གྱི་བདག །ལྗང་སྔོན་ཆེན་པོའི་ཀིང་ཀང་འབེབས། །ལྷོ་ནུབ་མཚམས་ནས་བསྐྱོད་ཙ་ན། །རོག་ཏི་བྱ་རོག་མགོ་བརྩེགས་ཏེ། །སྐར་ཆེན་འབར་བའི་འོད་ཆེན་པོ། །སྔོན་དུ་སུ་ཕྲད་ཁྱུར་མིད་ཟ། །ཁྱོད་ནི་ཁྲོ་ཆེན་སྤྲུལ་པ་སྟེ། །ལྷོ་ནུབ་མཚམས་ནས་སྐུ་བསྐྱོད་ནས། །ལྷ་སྲིན་སྡེ་བརྒྱད་དམག་དཔོན་བྱེད། །ནུབ་ནས་ཤར་དུ་བསྐྱོད་ཙ་ན། །སྲིད་པའི་མ་མོའི་དམག་དཔོན་བྱེད། །ནད་ངན་ཀི་ཀང་དབབ་པའི་དུས་ལ་བབས། །ཤར་ལྷོ་མཚམས་ནས་བསྐྱོད་ཙ་ན། །དགྲ་ལྷའི་རྒྱལ་པོ་དམག་དཔོན་བྱེད། །ཐོག་དང་བུ་ཡུག་ཀི་ཀང་ནི། །དམ་སྲི་གདུག་པའི་སྙིང་ལ་འབེབས། །བྱང་ནས་ལྷོ་རུ་བསྐྱོད་ཙ་ན། །བདུད་དམག་ཀུན་གྱི་དམག་དཔོན་བྱེད། །བདུད་ཀྱི་ཀི་ཀང་ཧུར་ཐུམ་འབེབས། །བདུད་ཀྱི་ཀི་ཀང་དགྲ་ལ་ཡ། །བྱང་ཤར་མཚམས་ནས་བསྐྱོད་ཙ་ན། །སྲིན་པོ་འབུམ་གྱི་དམག་དཔོན་བྱེད། །སྲིན་པོའི་ཀི་ཀང་དགྲ་ལ་ཡ། །གྲི་ཐབས་སྣ་ཚོགས་ཀི་ཀང་ཡ། །ཤར་ནས་ནུབ་ཏུ་བསྐྱོད་ཙ་ན། །དམུ་བདུད་ཡོངས་ཀྱི་དམག་དཔོན་བྱེད། །དམུ་རྡོ་འབེབས་པའི་ལས་བྱེད་ཅིང་། །གར་རྦད་དམུ་ཡི་ཀི་ཀང་གཏོང་། །ནུབ་བྱང་མཚམས་ནས་བསྐྱོད་ཙ་ན། །གཤིན་རྗེ་ཡོངས་ཀྱི་དམག་དཔོན་བྱེད། །སྐྱེ་འགྲོ་ཡོངས་ཀྱི་བླ་ཚེ་སྡུད། །གཤིན་རྗེའི་ཀི་ཀང་


DNG016_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

དབང་མེད་འབེབས། །ལྷོ་ནས་བྱང་དུ་བསྐྱོད་པའི་ཚེ། །ཀླུ་བཙན་ཀུན་གྱི་དམག་དཔོན་བྱེད། །ཐོག་དང་སེར་བའི་སྣ་འདྲེན་ཅིང་། །ཐོག་སེར་མཛེ་ནད་ཀི་ཀང་འབེབས། །ནུབ་བྱང་མཚམས་ནས་བསྐྱོད་ཙ་ན། །གཏིབ་གྲིར་གསོད་པའི་ཀི་ཀང་འབེབས། །མདུན་དུ་གང་བྱུང་ཁྱུར་མིད་བྱེད། །ཀི་ཀང་སྣ་ཚོགས་འབེབས་པའི་བདག །ཀི་ཀང་སྣ་ཚོགས་དགྲ་ལ་ཡ། །ཞེས་བརྗོད་ཅིང་རཀྟ་སྦྲེང་ཕྲིན་ལས་བཅོལ། གསད་ན་བླ་ཕུར་གཟུགས་ལ་བརྡེག །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཤི་ཀྲི་བི་ཏྲི་ཀཱི་ལི་ཀཱི་ལ་ཡ་ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ། མུ་ལུ་མུ་ལུ། ཀུ་རུ་ཀུ་རུ། ཐུམ་བུ་ཐུམ་བུ། བར་ཏ་ཐུམ་རུ་ཐུམ་རུ་པར་པ་ཤུད་ན་ཏ་བར་པ་ཏ་ཡ། རུ་ཏི་རུ་ཏི་ཤ་ས་ཡཱ། ཤན་ཏི་ཀུ་ལ་ཏྲི་ཛ། ཞེས་ནི་གསད་པའི་ལས་སྦྱོར་བྱ། །ཆུ་འཁྱགས་ཁྲག་ཏུ་འབེབས་འདོད་ན། །སྔགས་ཀྱི་མན་ངག་ཞག་གཅིག་བྱ། །ཨོཾ་མེ་ཁ་ཁ་ཐུན་ཁ་ཐུན། རཾ་ཡཾ་རཾ་ཡཾ། ན་པུཏ་ན་ཎ་ཁ་ལེར་ཐུན་ར་ཐུན་ཏུ། ཞེས་པའི་སྔགས་བཟླས་ཁྲོ་ཚུལ་བསྟན། །མིག་བཟློག་ཁ་བགྲད་མིག་སྤྲིན་ལས། །ཁྲག་སྤྲིན་དམར་པོས་འཁྲིགས་ཤིང་འགྲིལ་བར་བསམ། །རྫས་རྣམས་གཏོར་ཞིང་ལུས་སྤྲུགས་པས། །སེར་བ་ཁྲག་ཏུ་འོང་བར་འགྱུར། །གནམ་ས་རི་བྲག་ཀུན་ཏུ་ཡང་། །འབའ་རི་ཤ་ཡས་གདོན་མི་ཟ། །འཇམ་དཔལ་གཤིན་རྗེ་ཟླ་གསང་ནག་པོའི་རྒྱུད་ལས། ཆུ་འཁྱགས་སེར་བ་དབབ་པ་ཁྱབ་འཇུག་གཟའ་ཡི་དྲག་སྔགས་སྐབས་ཏེ་ལེའུ་ང་བཞི་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས། ཆུ་འཁྱགས་ཁྲག་ཏུ་དབབ་པའི་ཕྱིར། །རོག་ཏི་གཟའ་ཡི་ནང་བསྒྲུབ་གསུངས། །དུར་ཁྲོད་ལ་སོགས་དགོན་པ་རུ། །དཀྱིལ་འཁོར་གྲུ་གསུམ་སྦྲག་མ་བྱ། །གྲུ་གསུམ་སྦྲག་མའི་ནང་རོལ་དུ། །སྣེལ་གྲིའི་ཐོད་པ་འོག་ཏུ་གཞག །མངལ་ཁྲག་ལ་སོགས་ཁྲག་སྣ་ཚོགས། །དུག་དང་སྔ་སྔོ་དཀར་གསུམ་བླུག །རབས་ཆད་ཐོད་པས་སྟེང་ནས་དགབ། །གྲུ་གསུམ་ནང་དུ་གཞག་པར་བྱ། །བསྙེན་པ་བྱ་བའི་ཐབས་དག་ལ། །ལྷ་བསྙེན་སུམ་སྟོང་བྱས་ནས་ནི། །ཚེས་བཞི་བཅོ་ལྔ་བརྒྱད་དུས་ལ། །


DNG016_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

གཟའ་ཆེན་ཉིད་ཀྱི་སྙིང་པོ་བཟླས། །སྟོང་རྫོགས་ཐུན་ལ་ཉུང་གིས་བྲབ། །ཨོཾ་བྱ་ཤ་མེ་ཀེ་དུ་རུ་མ་ཤི་རི་ཁ་ར་ཛྭ་ལ་ཨ་ཀ་ཏ་སྭཱ་ཧཱ། སྟོང་རྫོགས་ཐུན་ཁྲག་ལ་བསྡིམ། ཨོཾ་ཛ་པ་ཏི་རཱ་ཧུ་མ་ཧཱ་ཀྲོ་དྷ་ཤྭ་ར་ན་ཧཱུཾ་ཕཊ། སྔགས་ལ་སྟོང་ངམ་ཁྲི་རུ་བཟླས། །བཟླས་པ་རྫོགས་ནས་ཉུང་གིས་བྲབ། །ཉི་ཤུ་དགུ་འམ་ཚེས་གཅིག་ལ། །བསྙེན་པ་རྫོགས་ནས་ས་བཙང་སྦ། །ཐུན་གཅིག་གནས་སུ་རྟེན་དུ་བཅའ། །མིས་མ་འཕྲིགས་པར་གསང་སྔགས་བཟླས། །ཨོཾ་ཀྲོ་དྷཱི་ཏྲ་ལོ་གློ་བུར་སྐྱི་འདང་ཕོབ། ཏྲག་རཀྴ་སྙིང་ཁ་རག་བྷྱོ། ཁྲག་མ་མུ་ཤ་མ་བྷྱོ། ཀུ་ལི་ན་མ་བྷྱོ། ཙན་དྷ་རཀྴ་མ་བྷྱོ། བཙན་བདུད་ཁྲོལ་ཁྲོལ་བྷྱོ། གནམ་མཐོངས་ཕྱེ། ལྕགས་སྒྲོག་ཁྲོལ། མི་རེང་སོད། རྐྱང་རྗེ་རྐྱང་མོ་ཙུ་རུ་ཙུ་རུ་ཧཱུཾ་ཕཊ། དེ་ནས་ཟོར་སྔགས་མཛུབ་བསྟན་ལ། །ཡུལ་གྱི་ཕྱོགས་སུ་བཟླས་པ་བྱ། །རི་བོའི་རྩེར་སོང་ཐབ་ཟོར་འཕང་། །ཆུ་སྐྱེས་ཟླ་བ་ཚེས་བཞི་ནས། །ཉི་ཤུ་དགུ་མཐར་བསྙེན་རྫོགས་ནས། །ཆུ་འཁྱགས་ཟླ་བ་ཀུན་ཏུ་དབབ། །དེ་ལྟར་ལས་རྣམས་བྱས་གྱུར་ན། །ཆུ་འཁྱགས་ཁྲག་ཏུ་འབབས་གྱུར་ཏེ། །སྐྱི་འདང་རི་རྣམས་ཉིལ་བར་བྱེད། །འཇམ་དཔལ་གཤིན་རྗེ་ཟླ་གསང་ནག་པོའི་རྒྱུད་ལས། ཆུ་འཁྱགས་ཁྲག་ཏུ་དབབ་པའི་ཟླ་གསང་ནང་བསྒྲུབ་ཀྱི་སྐབས་ཏེ་ལེའུ་ང་ལྔ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །འགལ་བ་ཆོམ་ལ་དབབ་སླད་དུ། །ཁྱབ་འཇུག་གཟའ་ཡི་གསང་བསྒྲུབ་གསུངས། །སྒྲ་གཅན་ཆེན་པོ་ཉི་ཟླའི་གཉེན། །དྲག་པོ་ཆེན་པོ་རཱ་ཧུ་ལ། །ཁྲག་ཏུ་དབབ་པའི་ལས་འདི་ཡིན། །དུར་ཁྲོད་ལ་སོགས་གནས་དག་ཏུ། །མཎྜལ་ཆག་ཆག་ཐིག་གདབ་བྲི། །དབུས་སུ་གྲུ་གསུམ་བརྩེགས་མ་བྲི། །མུ་ཁྱུད་ཟླུམ་པོ་ཐོད་ཕྲེང་ཅན། །སྒོ་བཞི་རིགས་དང་མཐུན་པར་བྲི། །སྦྲུལ་སྔོན་དག་གི་ཤུན་པ་ལ། །རྫས་ཀྱི་ཕུད་བླུགས་མིང་རུས་གཞུག །ཁྱིལ་བའི་ཚུལ་གྱིས་ག་འུར་གཞག །གྲུ་གསུམ་དབུས་སུ་བཞག་ལ་བསྒྲུབ། །


DNG016_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་ཐབ་དམར་ཐབ་སྔོ་ཐབ་གསུམ། །གྲུ་གསུམ་རྒྱབ་མ་དག་ལ་གཞག །ཤ་རུལ་ཁྲག་རུལ་བཙོས་དང་རྗེན། །ར་མཆིན་སྒྲུབ་སྨན་གུ་གུལ་ནག །ལ་ཕུག་ཏིལ་སྒོག་ཕ་ལྟར་ཕ་ལུས་ཀྱང་མོས། །སྣེལ་གྲིའི་ཐོད་པར་བླུགས་ལ་གཞག །དཀར་གསུམ་ཀླུ་སྨན་མངར་གསུམ་དང་། །གུ་གུལ་དཀར་པོ་འབྲས་ཆན་རྣམས། །མ་ལྟར་མོས་པས་འཁར་གཞོང་བླུགས། །མཐུན་རྫས་བསྡུས་ལ་ཐོད་པར་གཞག །ཙ་ར་རོག་པོའི་རྭ་ལ་ནི། །སྔགས་བྲིས་སྟེང་དུ་མིང་བྱང་གདགས། །ལྷ་སྲིན་སྡེ་བརྒྱད་མཆོད་རྫས་དགྲམ། །ཐུན་རྫས་ཐོད་ཕྲེང་སྟེང་དུ་གཞག །རང་ཉིད་གཤིན་རྗེ་གཤེད་པོ་སྟེ། །ཡི་དམ་བཅས་པ་རྫོགས་པ་དང་། །སྲོག་སྙིང་འདི་ནི་ནུས་ཐང་བརྗོད། །ཨོཾ་བི་ཤ་ལ་དུ་རུ་མ་ཤི་ཁ་ཛྭ་ལ་ཨ་ཏ་སྭཱ་ཧཱ། སྟོང་རྫོགས་ཐུན་ལ་མཆོད་པ་བྱ། །ཧཱུཾ་འཇིགས་བྱེད་ཆེན་པོ་རཱ་ཧུ་ལ། །སྐུ་མདོག་དུད་ཁ་མིག་གིས་ཁེངས། །གཤིན་རྗེ་གཤེད་པོའི་ཞབས་དྲུང་དུ། །རྒྱལ་བའི་བསྟན་བསྲུང་ཁས་བླངས་པ། །དུས་འདིར་འདའ་བར་མ་བྱེད་པར། །དམ་རྫས་གཏོར་མ་འདི་ལོངས་ལ། །དམ་ཉམས་སྲོག་རྩ་གཅད་པ་དང་། །ཡུལ་དུ་ལོ་ནད་སེར་བ་ཕོབ། །ཧབ་པ་ཤ་མི་ཀི་དུ་རུ་མ་ཤི་ཀི་ཛྭ་ལ་ཏི་ཨ་ཙི་ཏི་སྭཱ་ཧཱ། དུས་ཚོད་བརྒྱད་ལ་གཏོར་མ་སྦྱིན། །བསྙེན་ཅིང་བསྒྲུབ་པའི་མཚན་མ་རྣམས། །གཞུང་མཐུན་ཉམས་སུ་ལོན་པ་དང་། །དྲག་པོ་ཐུན་གྱི་རྫས་ཀྱང་བླང་། །ག་བུའི་ནང་དུ་སྔགས་འདིས་བྲབ། །ཨོཾ་མུ་ཀ་ཡེ་ཀ་པ་ཡེ་ཨ་པ་ཡེ་ཧྲཱྀཿཤྟྲཱིཿབི་ཀྲི་ན་ཏེ་ཡུལ་འདིའི་ལོ་ཐོག་ལ། ཙ་པ་ཧྲི་རཱ་ཧུ་ལ་མ་ཧཱ་ཀྲོ་དྷ་ཀ་པ་ཏ། ཤར་ཤར་རོ་ཤ་ལ་ཏེ་ཧཱུཾ་ཕཊ། ཐིག་ནིག་གཅིག་མེད་གཉིས་ཏྲག །བརྒྱད་བཅད་དུད་ཕྲོམ་གནམ་མཐོངས་ཕྱེ། ལྕགས་སྒྲོག་ཁྲོལ། མི་རེང་སོད། རྐྱང་རྗེ་རྐྱང་མོ་ཙུ་རུ་ཙུ་རུ་ཧཱུཾ་ཕཊ། སྟོང་ངམ་ཁྲི་ཐོན་རྫས་ཀྱིས་བྲབ། །དེ་ནས་ལྷ་སྲིན་སྤྲུལ་པ་བརྒྱད། །སྔགས་ཀྱིས་གང་གི་མཆན་དུ་བྲབ། །ཏྲག་རཀྨོ་ཧྲིལ་ཤག་རྦད། སེར་འདྲིལ་ཤར་རྦད། དེ་ནི་མ་མོའི་དྲག་སྔགས་སོ། །ཨོཾ་ཨ་ས་ལེ་མ་བྷྱོ། རུ་ལུ་རུ་ལུ་མ་མ་ཏྲག་རཀྴ་ཧྲིལ་


DNG016_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

ཧྲིལ་ཤར་བྷྱོ། དགྲ་བླའི་རྒྱལ་མོའི་དྲག་སྔགས་སོ། །ཨོཾ་བ་ཤ་མི་ཀི་རཱ་ཧུ་ལ་ཧཱུཾ། ཤག་ཤར་ཤར་ཧྲིལ་བྷྱོ། དེ་ནི་བདུད་ཀྱི་དྲག་སྔགས་སོ། །ཨོཾ་སེར་ཁྲག་ལ་མུ་ཤ་གཏུབ་སྭཱ་ཧཱ། དེ་ནི་སྲིན་པོའི་དྲག་སྔགས་སོ། །ཨོཾ་རམ་ཏྲཾ་ཐུཾ་ཤག་རི་ལ་མ་ཤར་བྷྱོ། དེ་ནི་དམུའི་དྲག་སྔགས་སོ། །ཨོཾ་ཡ་མ་རཱ་ཛ་ར་མ་ཧྲིལ་ཤར་རམ་རམ། དེ་ནི་གཤིན་རྗེའི་དྲག་སྔགས་སོ། །ཨོཾ་ནཱ་ག་ཧྲིལ་སེན་ཤག་སད་དུན་ས་མ་ཡ་ཧྲིལ་བྷྱོ། དེ་ནི་ཀླུ་བཙན་གྱི་དྲག་སྔགས་སོ། །ཡ་མ་སྙིང་ཡ་མ་ཁྲག །རཱ་ཧུ་ལ་ཧྲིལ་ཧྲིལ་ཤག་ཤག་སེན་སེན་ཡ་ཡ་བྷྱོ་བྷྱོ་ར་མ་ར་མ་ཧྲིལ་ཧྲིལ། དེ་ནི་བགེགས་ཀྱི་དྲག་སྔགས་སོ། །ཟླ་གཅིག་དུས་བརྒྱད་ཕྱོགས་ནས་བརྡེག །ལིངྒ་བསྣུར་ཞིང་ཐུན་རྫས་བརྡེག །གཏུམ་ཆེན་བསྟོད་ལ་གཟའ་མཆོག་རྦད། །བླ་ཕུར་ལིངྒ་དག་ལ་བརྡེག །ཚེས་གྲངས་ཐེམས་ནས་གྲུབ་རྟགས་འབྱུང་། །རྫས་དང་ཐུན་ཟོར་སྔགས་དང་མིང་། །དབུས་ཀྱི་རབས་ཆད་ཐོད་པར་བླུགས། །ས་གཟེར་ཡུལ་དབུས་ལ་སོགས་སུ། །སྐྱ་རེངས་གཟེར་དུ་བཏབ་ལ་གཞག །དེ་ནས་ཐུན་གྱི་ཟོར་བྱ་སྟེ། །དམ་རྫས་མཎྜལ་གོང་བཞིན་བྱ། །དམ་སྲི་ཡུལ་གྱི་ཆུ་སོགས་བསགས། །ལྷ་བསྙེན་བསྒྲུབ་སྔགས་ཕྱེད་དུ་སྟེ། །ཕྱེད་ནི་མན་ཆད་སྔགས་འདི་བཟླས། །ཨོཾ་མུ་ཀ་ཡེ་ཀ་པ་ཡེ་ཨ་པ་ཡེ་ཧྲཱྀཿཤྟྲཱིཿབི་ཀྲིན་ཏེ་ཡུལ་འདིའི་ལོ་ཐོག་ལ་དུད་ཕྲོམ། ཀར་ཕྲོམ། ཤུ་ཏི་ཕྲོམ། ཡུག་ཏི་སྨིན། ཤར་ཤར་དྲག་ཏུ་ཕོབ། ཛྭ་ལ་ཏི་རཱ་ཧུ་ལ། ཨ་ཀྲོ་ཏེ་ཀ་ཕོབ། ཤར་ཤར་ཏ་ཕོབ་ཧཱུཾ་ཕཊ། ཙ་ར་མུ་ལེ། ཨག་ནེ་རག་མོ་ཀོ་ར་ཏེ་སྭཱ་ཧཱ། རྐྱང་རྗེ་རྐྱང་མོ་ཙུ་རུ་ཙུ་རུ་ཧཱུཾ་ཕཊ། ཧོ་ཧོ་ཕྲོམ་མུ་ར་མུ་ར་ཤ་རུ་རུ་ཕྲོམ། གང་གི་ཐིག་ནིག་བཏགས་ནས་ཀྱང་། །དེ་ལ་ཤམ་བུ་འདི་ཡང་གདགས། །མ་མོ་སིང་ག་ཡེ། མ་མོ་བྱ་ཙ་ཡེ། མ་མོ་ཙིཏྟ་ཡེ། མ་མོ་སྲོག་ཙ་ཡེ། དགྲ་བོའི་ལོ་ཐོག་སྣར་མོ་ལ་མཱ་ར་ཡ་ཧཱུཾ་ཕཊ། སྙིང་པོ་སྔགས་ཀྱི་བར་བར་དུ། །མཆོད་ཅིང་གཏོར་མ་དབུལ་བར་བྱ། །ར་བསྒྲལ་ཐབས་ཀྱིས་ཐུགས་དམ་བསྐང་། །ཐོན་ནས་གནམ་གཟེར་རི་ལ་བྱ། །དཀར་ཐབ་དམར་ཐབ་སྔོ་


DNG016_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ཐབ་གསུམ། །གཅིག་ཏུ་དྲིལ་ལ་བཞི་རུ་བྱ། །དམར་རིང་ཟོར་ནི་ཕྱོགས་སུ་འཕངས། །གོང་གི་སྔགས་བཟླས་མཛུབ་རིས་བྱ། །ཉི་ཤུ་དགུ་ལ་འཇོམས་པར་འགྱུར། །ཡང་ན་ཆུ་སྐྱེས་རྫོགས་པ་ལ། །ཁྱབ་འཇུག་གཏོར་མ་རྟག་ཏུ་གཏང་། །བ་ཕུར་བཏབ་ལ་གསད་ལས་བྱ། །བར་བར་ལྷ་ལྔ་དབྱེ་བར་བྱ། །དེ་ལྟར་བྱས་ན་རབ་འབྲིང་གི། །གནམ་ལྕགས་ལྕེ་དང་དམུ་རྡོ་དང་། །ཆུ་འཁྱགས་ཁྲག་ཏུ་དབབ་པར་བྱ། །དེ་ལ་འདིའི་ལས་ནི་དུས་གང་ཡང་རུང་བར་ཡང་། ཁྲག་དང་གུ་གུལ་དང་ལྕགས་ཟངས་ཀྱི་ཕྱེ་མ་རྣམས་ལ་སྔགས་ལ་ཡུལ་གང་ཡང་རུང་བ་དེའི་ལྷ་རྟེན་ནམ་ཆུ་མིག་ཏུ་སྦས་ན། ཡུལ་དེ་རླུང་གིས་ཁྱེར་ཏེ་འགྲོ་བར་འགྱུར་རོ། །ཡང་རྫས་དེ་རྣམས་ལ་བཟླས་ཏེ་རི་ལུ་བྱས་ནས་དགྲའི་ཁང་ཐོག་ཏུ་བསྐྱུར་ན། ཁང་པ་རྡིབ་པར་འགྱུར་རོ། །ཡང་དེ་རྣམས་ལ་བརྗོད་ནས་ཆུ་མིག་ཁ་བྱང་དུ་བལྟས་པར་སྦས་ནས་གང་ལྟར་དྲངས་པས་ཤྭ་སེར་འོང་ངོ་། །སྲིན་རྡོ་དང་འཁར་བ་ཆག་པ་ལ་བཟླས་ནས་ཁྱབ་འཇུག་རྒྱུ་བའི་དུས་སུ་བྲག་ཁ་བྱང་དུ་བལྟས་པར་སྦས་ན། ཐོག་དྲག་པོ་འབེབས་པར་འགྱུར་རོ། །འབྲུ་སྣ་ཚོགས་པ་དང་། འབྲུག་གི་རུས་པ་དང་ཆུ་སྲིན་གྱི་སྡེར་མོ་ལ་བཟླས་ནས་འོག་ཏུ་སྦས་ནས་ཕྱོགས་སུ་གཏོར་ན། སེར་བ་ཁྲག་ཏུ་འབེབས་པར་འགྱུར་རོ། །ཀ་ཀ་ན་སེ་དང་། ཁྱི་ནག་པོའི་མཆེ་བ་ལ་སྔགས་ནས་དགྲ་ཕྱོགས་སུ་གཏོར་ན་སྐྲང་ནད་དུ་འགྱུར། དེ་ལ་སོགས་ཏེ་ལས་ཐམས་ཅད་འགྲུབ་པར་འགྱུར་རོ། །སེར་བ་བཟློག་པ་དང་། ཤྭ་བཟློག་པ་ཡང་དེ་དང་འདྲ་སྟེ། ཉུང་དཀར་ལ་སྔགས་ནས་གཏོར་ན་བཟློག་པར་འགྱུར། མང་ག་ཡ་ཏི་མ་ག་ཏའི་བྱེ་མ་ལ་ཡང་ལ་བརྗོད་ནས་གཏོར་ན་ཐོག་བཟློག་པར་འགྱུར་རོ། །གཤིན་རྗེ་ཟླ་གསང་ནག་པོའི་རྒྱུད་ལས། ཆུ་འཁྱགས་ཁྲག་ཏུ་དབབ་པ་གཟའི་དྲག་སྔགས་གསང་བསྒྲུབ་ཀྱི་སྐབས་ཏེ་ལེའུ་ང་དྲུག་པའོ།། །།ཡང་དེ་ནས་འཇིགས་བྱེད་ཀྱི་རྒྱལ་པོ་ཁྲག་འཐུང་ཆེན་པོ་ཡ་མཱནྟ་ཀ་ལ་ངན་སྔགས་ཀྱི་བདག་མོ་བཞིས་ཕྱི་ནང་གསང་བ་གསུམ་གྱི་མཆོད་པས་མཆོད་དེ། བསྐོར་བ་ལན་དུ་མས་བསྐོར་ཏེ། བརྐྱང་


DNG016_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་ཏུ་བཙལ་ནས། འདི་སྐད་ཅེས་གསོལ་ཏོ། །བདག་ཅག་རྣམས་ཀྱིས་ཁས་བླངས་པའི། །གཡལ་ཐོག་ནག་པོའི་ལས་འདི་དག །སྙིང་པོའི་མཆོག་ཏུ་གྱུར་པ་དང་། །ཡང་ཞུན་ལྟ་བུར་དྲིལ་བའི་དོན། །དཔའ་བོ་ལྷ་རྗེས་བཤད་དུ་གསོལ། །ཞེས་ཞུས་སོ། །དེ་ནས་འཇིགས་བྱེད་ཆེན་པོས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཉོན་ཅིག་རྡོ་རྗེ་འཛིན་པ་དང་། །མཁའ་འགྲོ་རཀྴ་གདོང་བཞི་ཉོན། །དཀོན་མཆོག་རྒྱལ་མཚན་ལྟར་བྱེད་ཅིང་། །རྣལ་འབྱོར་ཅན་ལ་ཕན་བྱའི་ཕྱིར། །འཕྲུལ་གྱི་སྐྱིན་ཐང་འཁོར་ལོ་དང་། །དྲག་པོ་སྔགས་ཀྱི་རིམ་པ་འདི། །བཤད་ནས་བསྟན་པ་ཡུན་དུ་སྲུངས། །ཞེས་བཀའ་སྩལ་ཏོ། །དེ་ནས་འཁོར་རྣམས་འདུན་པར་གྱུར་ཏོ། །ཨོཾ་མ་མ་རག་མོ་སྙིང་ཤ་ལ་བྷྱོ། མ་མ་རག་མོ་རག་མོ། རུ་རུ་རོ་རུ་ཙ་པ་ལ། དགྲ་བོ་སྙིང་ཁ་རག་མ་བྷྱོ། མ་མ་རག་མོ་རག་མོ་ཏྲག་མོ་ཏྲག་མོ་ཤིག་ཤིག་སྙིང་ཁར་བྷྱོ། མ་མ་རག་མོ་ཙ་བ་མོ་ཁྲ་ལ་མུ་ཤམ་བྷྱོ། རགྴ་སྙིང་རྩ་རུ་རུ་ཙ་བ། སྙིང་ཁ་རག་འགུ་སི་ནན་མ་ཤག་མུ་ཤག་མ་མ་བྷྱོ། ཐིག་ནིག་ཙུ་རུ་ཙུ་རུ་ཕཊ། ཧ་ཕྲོམ་མུ་ཤ་རུ་རུ་པྲོཾ་དུད་པྲོཾ་ཀར་པྲོཾ་ཤུ་ཏི་པྲོཾ། ཡ་མ་སྙིང་མ་མ་ཁྲག་རག་མོ་ཡག་མོ་རུ་རུ་ཙབ་མོ་རག་མོ་ས་མ་ཡ་ཏིཥྛ་ལྷན། ཡ་མ་སྙིང་ཡ་མ་ཁྲག །རཱ་ཧུ་ལ་པ་ཤ་མུ་གེ། ཏི་དུ་མཱ་ར་ཡ་ཤ་ན་ཛ་ལ་ཏི་ཨ་ཙི་ཏི་སྭཱ་ཧཱ། ཧཱུཾ་ཛ་ཛ། ཡ་མ་སྙིང་ཡ་མ་ཁྲག་རཱ་ཧུ་ལ་ཧྲིལ་ཧྲིལ་ཤག་ཤག་སེན་སེན་ས་མ་ཡ་བྷྱོ། ཧྲིལ་པྲོཾ་ཕཊ། ཡ་མ་སྙིང་ཡ་མ་ཁྲག་ཀེ་ཏ་ཀེ་ཏ་དྲག་པོ་ཕོབ་ཕོབ། རག་མོ་རག་མོ་མ་མ་ཨོཾ་ཀེ་ཏ་ཀེ་ཏ་ནཱ་ག་ཀེ་ན་ཙེ་ལུས་ཧྲིལ་པྲོཾ་ཤར་བྷྱོ། ཕྲབ་ཙེ་ཕྲབ་ཙེ་དན་ཏ་ཕབ་ཕབ་ཙེ་ལ་རག་ཧྲིལ་བྷྱོ་བྷྱོ། མ་མ་རིལ་ཤ་ཏ་ཏྲག་རུ་ཙ་ཤུ་ཏི་པྲོཾ་ཙ་མུ་ཤུ་དུད་པྲོཾ་ས་མ་ཡ་ཨ་ཀར་དུ་རུ་པྲོཾ་ཕཊ། དེ་ནས་སྡེ་བརྒྱད་ཀྱིས་ཉེ་བའི་གྲོགས་བྱ་བ་བསྟན་པའི་ཕྱིར་ཡང་གསུངས་པ། ནཱ་ག་ཤ་ཤ་ནཱ་ག་ལེ་དུམ་པ་ལེ། སུ་བཛྲ་ཡཀྴ་ག་ཏེ་བཛྲ་བཛྲ་ཡཀྴ་པྲོཾ། ཡ་མཱནྟ་ཀ་པྲོཾ་རུ་ཏི་ཏྲཾ་བྷྱོ། ན་ར་སི་ཡ་པྲོཾ་རུ་ཏྲི་ཏྲཾ་བྷྱོ། མ་ཧཱ་དེ་བ་པྲོཾ་རུ་ཏི་ཏྲཾ་བྷྱོ། རཀྴ་ཕྲོ་རུ་ཏི་ཏྲཾ་བྷྱོ། ཡཀྴ་པྲོཾ་རུ་ཏི་ཏྲཾ་བྷྱོ། བཛྲ་སཱ་དྷུ་ཨ་ཏྲི་སེམས་པ་པྲོཾ་རུ་ཏི་ཏྲཾ་བྷྱོ། ཏྲག་རགྴ་ཁ་མུན་


DNG016_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

ཏྲ་པྲོཾ་རུ་ཏི་ཏྲཾ་བྷྱོ། སུ་བཛྲ་ཡཀྴ་ག་ཏི་པྲོཾ་རུ་ཏི་ཏྲཾ་བྷྱོ། འགུ་སི་ད་ན་མ་ཨ་ཙུ་སྨ་ཤ །མ་མ་རག་མ་ཁམ་ཁས་རཀྴ་མ་པྲོཾ་པྲོཾ་པྲོཾ། རཀྴ་རཀྴ་ཙག་ཤུ་ཙག་ཤུ་དམ་ཉམས་ལོ་ལ་འུར་འུར་ཆེམ་ཆེམ་ཡཾ་ཡཾ་རྦད་རྦད་ཆེ་གེ་མོ་ལ་བྷྱོ་བྷྱོ། ཨོཾ་ཏྲག་རག་མོ་རིལ་ཤག་རྦད། སེན་ཧྲིལ་ཤར་ཤག་ཨ་ས་ལེ་མ་བྷྱོ། རུ་ལུ་རུ་ལུ་མ་མ་ཏྲག་ཤག་ཤད་ཧྲིལ་ཤར་ཤར་བྷྱོ། པ་ཤང་མི་ཀི་རཱ་ཧུ་ལ་ཧཱུཾ་ཤག་ཤག་ཧྲིལ་ཧྲིལ་བྷྱོ། ཨོཾ་མ་སེན་དམ་སེན་ཁྲག་ལ་མ་ཤ་རུབས་རུབས། ཨོཾ་རཾ་ལཾ་ཤག་ཧྲིལ་རཾ་ཤར་ཤར་བྷྱོ། ཨོཾ་ཡ་མ་ར་ཙ་ཡཾ་རཾ་ཧྲིལ་ཤར་ཤར་རཾ། ཤར་ཤར་རཾ་ནཱ་ག་ཧྲིལ་ཧྲིལ་སེན་ཤག །ས་ཏུ་ས་མ་ཡ་ཧྲིལ་བྷྱོ། ཨོཾ་ཡ་མ་སྙིང་ཡ་མ་རག་མོ་ཡག་མོ། ཏྲག་རཀྴ་མོ་ཁྲག་ལ་མུ་ཤ་བྷྱོ། རུ་ལུ་རུ་ལུ་རྔུབས་རྔུབས་ཨ་ས་མེ་ཕྲ་མེ་ཤ་པ་ཤ་མེ་གེ་དུད་མཱ་ར་ཡ་ཤི་ཛྭ་ལ་ཏི་གེ་ཨ་ཙི་ཏ་རཱ་ཧུ་ལ་ཧཱུཾ་ཛ་ཛ། ཨོཾ་འགུད་བྷི་སོ་ལུ་རུ་ཧྲིལ་ཡག་མ་སྐྱ་ཕཾ་ཙ་རུ་ད་རི་ཧཱུཾ་ཕཊ། ཨོཾ་ཡ་མ་ཏྲག་ཁ་དོ་ལི་ཤར་མ་ད་དུག་ཀྱུགས་ཧྲིལ་པྲོཾ་ད་སུ་ད་རི་ཧཱུཾ་ཕཊ། བིརྱ་མ་རག་འདའ་གཾ་ག་ཀ་ལི་ཨུར་ཕ་ནུད་པ་ར་ཏ་སྭཱ་ཧཱ། ཧ་བཾ་ཧྲིལ་ཤར་ཐུཾ་ཧྲིལ། ཉོག་འདྲིལ་པྲོཾ་ཆེ་གེ་མོའི་ལོ་ཐོག་འུར་འུར་ཆེམ་ཆེམ་རྦད་ཡཾ་ཡཾ། པྲོཾ་ཕོབ་ཕོབ་དྲག་སེར་ཕོབ་བྷྱོ། ཧཱུཾ་ཡཀྴ་དེ་བ་ར་ཙ་སྭཱ་ཧཱ། ཧཾ་ཀྲ་ཤྭ་ན་ག་གུར་སྭཱ་ཧཱ། ཧཱུཾ་ཧཱུཾ་མ་ར་ཙ་ཧཱུཾ། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུཾ། ཨོཾ་པེ་ཏཱ་ལི་རཀྴ་ཡཀྴ་མན་སྭཱ་ཧཱ། རིན་ཆེན་སྔགས་ཀྱི་ཕྲེང་བ་ནི། །རྩ་བ་བསྐྱེད་དང་བཟླས་པའི་དོན། །བཀྲུ་དང་དཀྲུགས་དང་བརྡེག་པ་ཡིས། །གསད་གསོད་དབབ་བསྲུང་དོན་རྣམས་ནི། །ཐེ་ཚོམ་མེད་པར་ལེན་པར་གསུངས། །ཞེས་བཀའ་སྩལ་ཏོ། །དེ་ནས་ཡང་འཇིགས་བྱེད་ཆེན་པོ་ཁྲག་འཐུང་གི་རྒྱལ་པོས་འདི་སྐད་ཅེས་བཀའ་སྩལ་ཏོ། །རྫས་དང་ལས་རིམ་འཕེན་པ་ཡི། །ཏིང་འཛིན་རྣལ་འབྱོར་ཅན་གྱི་དོན་དུ་བཤད། །ཅེས་གསུངས་སོ། །དམ་རི་སྲིན་བྲག་ཁྲག་གི་མཆི་རིས་ཅན། །ཡང་ན་སེང་གེ་མཆོང་བ་ལྟ་བུའོ། །ཡང་གསུངས་པ། འཁོར་ལོའི་ཡི་གེའི་གའུ་འམ། །བསྙེན་པ་ལས་ཀྱི་བཅའ་གཞི་ཉིད། །ཡན་ལག་རྫོགས་ནས་


DNG016_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པའི་དཀྱིལ་དུ་གཞག །རྫས་བསྟན་པའི་ཕྱིར་བཀའ་སྩལ་པ། ཏིང་འཛིན་སྟོབས་སུ་འགྱུར་བའི་ཕྱིར། །རྟེན་རྫས་སྐུ་གཟུགས་ལེགས་པར་བཤམ། །སྙིང་པོ་སྔགས་དང་མཚན་མ་གཞག །མཐུན་པའི་རྫས་བསྐྱེད་བསྐོར་ཏེ་གཞག །རྟགས་དང་ལྡན་པར་བསྙེན་པ་བྱ། །ཞེས་བཀའ་སྩལ་ཏོ། །མོན་ནམ་གཅན་གཟན་རབས་ཆད་ཐོད་པ་རུ། །སྟག་དོམ་བ་གླང་ཉ་ཡི་སྙིང་། །སེང་གེ་ཁྲ་དང་བྱ་རོག་ཕ་ཝང་དང་། །ན་བྱི་མ་ལ་ཡང་རྣམས་ཀུན་གྱི་དྭངས་མ་ལྔ། །ཐོད་པའི་ནང་དུ་མཐུན་རྫས་བསོག །ཅེས་གསུངས་སོ། །དེ་ནས་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །འབྲུ་སྣ་ཁྲག་སྣ་ཚོགས་པ་ལ། །གཏོར་མ་སྨན་དང་ཆང་གིས་སྦྱངས་ཏེ་རྒྱས་པར་བཤམ། །ཞེས་གསུངས་སོ། །ཀ་རོ་ལྷ་བཤོས་ཟུར་གསུམ་ལ། །གྲོ་ནི་རྒྱས་པའི་རིམ་པར་ཤེས། །འབྲས་དམར་ཟླ་གམ་རིལ་དམར་ཟླུམ། །ཞེས་གསུངས་སོ། །སྟག་དང་གླང་དང་སེང་གེ་དོམ། །བག་ཕྱེ་རུ་ཙེ་ལ་སོགས་གཟུགས་བྱས་ལ། །རང་རང་ཤ་ཁྲག་རྫོགས་བྱས་མཆོད། །ཅེས་གསུངས་སོ། །གཞན་ཡང་གཡལ་ཐོག་ཆུ་ལ་དགྲ་ཡུལ་རྡོ་གསུམ་རྫིང་། །ཡུལ་ལྷ་གཏན་གྱི་ས་ཡི་རྟེན་བྱས་ཏེ། །ཇི་ལྟར་འདོད་པའི་དབྱིངས་དང་ཁ་དོག་བསྒྱུར། །དེ་ནས་ཐུན་གྱི་ཐོད་པར་གཞུག །སྡི་པྲོཾ་བྱོལ་ཐོག་སྦྱོར་བ་ནི། །མེ་ལྕེ་ལྟ་བུའི་རིམ་པ་སྟེ། །དབྱིབས་དང་ཁ་དོག་རིམ་པ་ནི། །འདོད་པའི་ཁ་དོག་ཇི་ལྟ་བར། །ནི་རཾ་སུ་ཡི་ཐལ་བར་བསྒྱུར། །ནག་པོའི་ཁ་དོག་རྗེས་སུ་བྱ། །མཐུན་པའི་ག་འུར་རྒྱ་ཡིས་གདབ། །ཅེས་གསུངས་སོ། །དེ་ནས་ཡང་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །རིམ་པ་ལས་ཀྱི་གཞུང་བསྒྲུབ་པ། །འཇིགས་བྱེད་ཆེན་པོས་བཤད་དུ་གསོལ། །འཇིགས་བྱེད་ཆེན་པོས་བཀའ་སྩལ་པ། །དང་པོ་རྒྱུན་ལ་གཉིས་པར་སྦྱར། །གསུམ་པས་དྲིལ་ལ་བཞི་པས་ཡུལ་དུ་བསྐྱལ། །སྐུ་གསུང་ཐུགས་ཀྱི་བསྙེན་པ་ནི། །རིམ་པ་བཞིན་དུ་མ་ནོར་བཟླས། །སོ་སོའི་རྟགས་ལྡན་ལས་ལ་སྦྱར་བར་བྱ། །རྟགས་གསུམ་ལྡན་པས་ཡུལ་དུ་བསྐྱལ་བྱའོ། །དེ་ལ་ལས་ཀྱི་


DNG016_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ནི། །ཁྱབ་འཇུག་རྒྱུ་བའི་དུས་སུ་སྟེ། །རྟག་ཏུ་རྒྱུ་དང་དུས་སུ་རྒྱུ། །ཁྱད་པར་རྣམ་པ་གཉིས་སུ་བསྟན། །དུས་སུ་རྒྱུ་བ་རྣམ་པ་བརྒྱད། །རྟག་ཏུ་རྒྱུ་བའི་རིམ་པ་ནི། །ཙནྡྲ་བཅུ་གཉིས་མཚན་མ་ནི། །ཡར་ལ་ཚེས་ལ་མར་ལ་བྲི། །ཚེས་གཅིག་སྔ་དྲོ་བྱང་ནས་ལྷོ། །གཉིས་པ་ཉི་མ་ནུབ་ནས་བྱང་ནུབ་བྱང་ནས་ཤར་ལྷོ། གསུམ་ལ་ཉིན་ཕྱེད་ནུབ་ནས་ཤར། བཞི་ལ་ལྷོ་ནུབ་ནས་ནུབ་བྱང་། ལྔ་ལ་ཉི་མ་ཕྱེད་ཡོལ་ལ་ལྷོ་ནས་བྱང་། དྲུག་ལ་ཐོ་རངས་ལྷོ་ཤར་ནས་ནུབ་བྱང་། བདུན་ལ་ནམ་ཕྱེད་ཤར་ནས་ནུབ། བརྒྱད་ལ་ཉི་མ་རྨྱུར་ལ་བྱང་ཤར་ནས་ལྷོ་ནུབ། དགུ་ལ་སྐྱ་རེངས་ཤར་ནས་བྱང་ནས་ལྷོར། བཅུ་ལ་ཉི་མ་ཕྱེད་ནས་ལྷོ་ནས་བྱང་། བཅུ་གཅིག་ཉི་མ་ནུབ་ལ་ནུབ་ནས་ཤར་དུ། བཅུ་གཉིས་ཐོ་རངས་ལྷོ་ནུབ་ནས་བྱང་ཤར་དུ། བཅུ་གསུམ་ནམ་གྱི་འཇིང་ལྷོ་ནས་བྱང་དུ། བཅུ་བཞི་ནམ་ཕྱེད་ལྷོ་ཤར་ནས་ནུབ་བྱང་དུ། བཅོ་ལྔ་ཉི་ཕྱེད་ཤར་ནས་ནུབ་ཏུ། མར་གྱི་གཅིག་ནས་བསྟན་པ་ནི། གཅིག་ལ་ཉི་མ་དྲོས་ནས་བྱང་ཤར་ནས་ལྷོ། གཉིས་ལ་ཉི་མ་ཤར་ནས་བྱང་ནས་ལྷོ། གསུམ་ལ་སྐྱ་རེངས་ཤར་ནས་ནུབ་བྱང་ནས་ཤར་ལྷོ། བཞི་ལ་ནམ་ཕྱེད་ནས་ནུབ་ནས་ཤར་དུ། ལྔ་ལ་ཉི་མ་དྲོས་ནས་ལྷོ་ནུབ་ནས་བྱང་ཤར་དུ། དྲུག་ལ་ནམ་ཕྱེད་ནས་ལྷོ་ནས་བྱང་དུ། བདུན་ལ་ཉི་མྱུར་ལྷོ་ཤར་ནས་ནུབ་བྱང་དུ། བརྒྱད་ལ་ཐོ་རངས་ཤར་ནས་ནུབ་ཏུ། དགུ་ལ་ཉི་ཕྱེད་བྱང་ཤར་ནས་ལྷོ་ནུབ་ཏུ། བཅུ་ལ་ཉི་ཕྱེད་བྱང་ནས་ནུབ་ཏུ་རྒྱུ། བཅུ་གཅིག་ཉི་ནུབ་ནུབ་བྱང་ནས་ཤར་ལྷོར། བཅུ་གཉིས་སྲོད་ལ་ནུབ་ནས་ཤར་དུ་རྒྱུ། བཅུ་གསུམ་ཉི་ཕྱེད་ལྷོ་ནུབ་ནུབ་ནས་བྱང་ཤར་དུ། བཅུ་བཞི་སྐྱ་རེངས་ཤར་ནས་ལྷོ་ནས་བྱང་དུ་རྒྱུ། བཅོ་ལྔ་ནམ་ཕྱེད་ཡོལ་ནས་ལྷོ་ཤར་ནས་ནུབ་བྱང་དུ་རྒྱུ། རྟག་ཏུ་རྒྱུ་བའི་རིམ་པ་སྟེ། །འདི་ནི་ཕུང་བྱེད་གཟའ་ཡི་ལས། །ཞེས་གསུངས་སོ། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། གནམ་ལྕགས་ཐོག་འབེབས་ཀྱི་སྐབས་


DNG016_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་ལེའུ་ང་བདུན་པའོ།། །།དེ་ནས་ཡང་གསང་བའི་བདག་པོ་ཡ་མ་ལག་ན་རྡོ་རྗེས། འཇིགས་བྱེད་ཆེན་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །དུས་གསུམ་ཁྱེད་ཀྱི་བསྟན་པ་ལ། །ཨུ་རྨོ་རྒོད་ཀྱི་དྲག་པོའི་སྔགས། །གསད་གསོ་དབབ་བཅད་རྒོད་ཀྱི་དོན། །འཇིགས་བྱེད་ཆེན་པོས་བཤད་དུ་གསོལ། །ཞེས་གླེངས་སོ། །འཇིགས་བྱེད་ཆེན་པོས་བཀའ་སྩལ་པ། །ཉོན་ཅིག་ཟུང་ཞིག་རྡོ་རྗེ་འཛིན། །ངས་གསུངས་པ་ལ་སེམས་ཐུད་ཅིག །དུར་ཁྲོད་གསར་རྙིང་རོ་ཡི་གནས། །རྒྱ་མཚོའི་གླིང་དང་བྲག་ནག་ཁྲག་གི་མཆི་རིས་ཅན། །སྲིན་མོ་རལ་པ་བསིགས་པ་འདྲ། །མཁའ་འགྲོ་ཁྱབ་འཇུག་གནས་ཡིན་ཏེ། །སྔོན་དུ་བྱ་བའི་ལས་ཟིན་ནས། །མཐིང་ནག་གྲུ་གསུམ་དཀྱིལ་འཁོར་ལ། །ཟླ་གམ་གསུམ་ལ་ལྷ་གསུམ་སྟེ། །དབུས་སུ་འཇིགས་བྱེད་ཆེན་པོའོ། །གཡས་སུ་སྒྲོལ་བྱེད་གཡོན་དུ་སྦྱོར་བ་ཡུམ། །མདུན་དུ་ཡ་མ་རཱ་ཛའོ། །མདུན་དུ་ཡབ་ཡུམ་རྟེན་རྫས་དགོད། །ཤ་ཁྲག་སྣ་ཚོགས་གཏོར་མ་ལ། །རཀྟ་སྣ་ཚོགས་བན་དྷར་བསྐྱིལ། །མོན་ནམ་རབས་ཆད་ཐོད་པ་རུ། །ར་རོག་སྙིང་དང་བདུད་རྩི་ལྔ། །ཤ་རུས་ཉ་རུལ་ཉ་ཡི་སྙིང་། །ཁྲག་སྣ་ཚོགས་པའི་མཆོད་པ་བཤམ། །མཐིང་ནག་དར་གྱིས་ཁ་གཅད་དོ། །སྣེལ་གྲིའི་ཐོད་པ་ལྕང་ལོ་ཅན། །གྲུ་གསུམ་རྩིད་མགོ་རྩ་ལྔ་ལོན་པའི་ཁྲག །ལུག་ནག་སྙིང་དང་ནེའུ་ལེ་སུ་ཏྲའི་སྙིང་། །བྱ་ནག་སྙིང་དང་དྭངས་མ་ཀུན་ཀྱང་གཞུག །གཞན་ཡང་ཤ་ཁྲག་སྣ་ཚོགས་སྦྱར། །ཞིང་ལྤགས་ཁ་བཅད་མཆོད་པའི་རྫས་སུ་གཞག །ནག་པོ་མོན་གྱི་ཐོད་པ་རུ། །ར་དམར་ཤ་ཁྲག་དྭངས་མ་ལྔ། །སྣ་ཚོགས་ཤ་ཁྲག་མཆོད་པ་བཤམ། །རྒྱ་ཕོར་དམར་པོ་རྩི་ལྡན་དུ། །འོ་མ་སྦྲང་རྩི་མངར་གསུམ་དང་། །བདུད་རྩི་ལྔ་དང་སྨན་ལྔ་དང་། །ཞུན་མར་བསྲེས་ལ་མཆོད་པའོ། །གསད་པ་ཐུན་གྱི་རྫས་རྣམས་ནི། །ལྕགས་ཕྱེ་ཟངས་ཕྱེ་རྡོ་ཕྱེ་དང་། །ཉུང་ནག་བསྲེས་པ་དྲག་པོའི་ཐུན། །སྐེ་ཚེ་ཁྲག་སྐམ་ཉུང་དཀར་གསོད་པའི་ཐུན། །རྩང་དང་


DNG016_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

ཉུང་ནག་ཁྲག་སྐམ་དྲག་པོའི་ཐུན། །སྐུར་བསྐྱེད་དྲག་པོའི་ཕུར་པ་ནི། །སྐྱེར་ལྡན་མོན་པའི་ཕུར་པ་བྱ། །སེང་ལྡེང་བལ་མོའི་སྐུ་རུ་བསྐྱེད། །མཆོག་གི་ཕུར་པ་མོན་མོའོ། །རབ་གནས་ནུས་པ་ལྡན་པས་བྱ། །ལིངྒ་བཅའ་བའི་རིམ་པ་ནི། །དྲི་མ་གསུམ་དང་ས་གསུམ་ལ། །ཆུ་གསུམ་དྲི་ངས་སྦྲུ་བར་བྱ། །མཚན་ཉིད་ལྡན་པའི་གཟུགས་བྱས་ལ། །འབྲུབ་ཁུང་ནང་དུ་གན་རྐྱལ་གཞག །ཡུགས་ས་མོའམ་བམ་གྱི་སྐྲ་བཀལ་ལ། །སྔོན་དམར་གསུམ་ལས་ཕྱིན་ཀ་བཀལ། །ཞིང་གི་རྒྱུས་པའི་སྐུད་པ་གསུམ། །ལྟེ་བ་སྙིང་ག་སྐེ་ནས་གདགས། །ཕུར་པ་གསུམ་ལ་བརྟོད་ལ་གཞག །དམིགས་པའི་རྟེན་དུ་ར་རོག་བཅའ། །སྐེ་རུ་གཟས་པའི་མིང་བྱང་གདགས། །རྟགས་བྱུང་ལས་རྣམས་རྫོགས་པར་བྱ། །མནན་ས་དྲུག་ཏུ་ངེས་པར་མནན། །རི་རབ་རྒྱ་གྲམ་སྟེང་གནས་ཏེ། །དོན་ཡོད་གྲུབ་པའི་ཕོ་བྲང་བཅའ། །ཞེས་གསུངས་སོ། །དེ་ནས་ཡང་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །ཨེ་མའོ་འཇིགས་བྱེད་ཆེན་པོ་ལགས། །བསྟན་པ་ཡུན་དུ་གནས་བྱའི་ཕྱིར། །དྲག་པོའི་དཔལ་ཐོག་བཤད་དུ་གསོལ། །ཞེས་གསུངས་སོ། །དེ་ནས་བཀའ་སྩལ་པ། དྲག་པོའི་ལས་ཀྱི་གནད་བྱ་ན། །མོན་ནམ་རབས་ཆད་ཐོད་པ་རུ། །མཆོད་པའི་རྫས་རྣམས་ཀུན་བསྡུས་ཏེ། །སྔགས་རྣམས་རྫོགས་པར་ཐོད་པར་བྲི། །འདོད་པའི་དཀྱིལ་འཁོར་ཕོ་བྲང་བཅའ། །ཐོད་པའི་ནང་དུ་དཔལ་ཐོག་གཟུགས། །ཇི་ལྟར་འདོད་པ་བཞིན་དུ་བཅའ། །མོན་མོའི་ཕུར་པས་ཕོ་བྲང་བཟུང་། །སྐྱེར་པའི་ཕུར་པས་ཡུལ་ལྷ་གཟིར། །སེང་ལྡེང་ཕུར་པས་བར་གཟེར་བྱ། །བསྙེན་སྔགས་ཐུན་སྔགས་བྲིས་ལ་གདགས། །ཟོར་དང་མེ་ཆུ་འབེབས་པའི་དུས། །ཞེས་གསུངས་སོ། །དེ་ནས་ཡང་འཇིགས་བྱེད་ཀྱི་རྒྱལ་པོས་འདི་སྐད་ཅེས་གསུངས་སོ། །ཉོན་ཅིག་རྡོ་རྗེ་འཛིན་པ་ཁྱོད། །ངས་གསུངས་པ་ལ་སེམས་ཐུད་ཅིག །དྲག་པོ་སྔགས་ཀྱི་ཕྲེང་བ་ནི། །མེ་ལྕེ་ལྟ་བུར་རབ་ཏུ་བསྟན། །བི་སྣུམ་མ་སུ་རི་ཙེ་ཏོར། རཱ་ཧུ་ལ་ཏྲིག་ཙི་ཤུ་ཚིལ་མ་ཁུག་ར་ག་ར་ཏི་ཐང་ཐང་ཧཱུཾ། ཨ་ཀྲོ་ཏེ་ཀ་ཧི།


DNG016_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

ཧ་ཤ་རུ་མ་མ་ཟང་ཀ་ལ་ཕཊ། རྦད་ཛཱ་ཛཱ། ཨོཾ་ཨ་ཀྲོ་ནི་པ་ལ་བ་ཤ་རུ་སི་ཀཱ་ལ་ཤག་སུ་བ་ཏི་རྦད་ཕཊ། ནན་བཟློག་བཟློག་བྷྱོ་བྷྱོ། དང་ཤ་པ་ལ་ཨ་ཀྲོ་རུ་ལུ་རྦད། པུ་ཐུམ་རིལ་ཧ་ཧ་མ་གྲང་ཀྲིང་དུད་པྲོཾ་རྦད་རྦད། ཚ་བ་ནི་རཱ་ཧུ་ལ་ཕོབ་ཕོབ། ཁྲོད་ཏི་ཀྲོ་ལ་ཤ་ར་ཙ་ཐལ་མ་ནི། ཧུ་རུ་ཧུ་རུ། མ་མ་རཾ་རིལ་རིལ་ཕོབ། གཤེ་རག་ཤེ་ལྟ་ནཱ་ག་པྲོཾ། དུལ་ནལ་དུལ་ནལ་ཆེམ་ཆེམ་ཕོབ། ཏ་ཀི་ཙ་ཏི་ས་ནི་ཕོབ་ཕོབ། བི་ཀི་ནི། ཁུ་ལི་མཱ་ར་ཡ་རྦད་ཐུཾ་རིལ། ཡ་བ་སྨི་ཀུ་བ་ཤེན་རྦད་གུག་རིལ་ཐུམས་རྦད་བུ་ཤག །སུ་ཏི་ན་བེ་ཚིལ་མ་སུ་ཀྲི་རྦད་ཉོངས་ཐུམས་རིལ་རྦད། ཧེ་བ་ཏི་ས་ཀང་ཧར་ཏིང་ཤེད་ཟ་སོ་ན་མ་ལས་ལ་ཐུན་རྦད། ཧྲི་ཤག་རུ་ཏྲག་རམ་ནི་ཀེཾ་ཀྲེ་མ་མ་ཡྃ་ཟ་འགྲམ་ཧ་ཧེ་ཡོ་ཀི་ཤེ་ལ་ཛ་ཛ། འདི་ནི་ཡེ་ཤེས་རྡོ་རྗེ་སྟེ། །རྡོ་རྗེ་ཕ་ལམ་ལྟ་བུར་རྡུག་པ་མེད། །སེམས་དཔའ་རྡོ་རྗེ་ཁྱོད་ཀྱིས་གཟུང་བར་བྱའོ། །ཞེས་བཀའ་སྩལ་ཏོ། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། དྲག་པོ་ལས་རྒོད་ཀྱི་སྐབས་ཏེ་ལེའུ་ང་བརྒྱད་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོ་གཤིན་རྗེ་གཤེད་པོས། འཇིག་རྟེན་ཁམས་སུ་ཐོག་དབབ་པའི་ཕྱིར་ལྷ་དབང་ཕྱུག་ཆེན་པོ་ཕྱི་ལྟར་བསྒྲུབ་པ་འདི་གསུངས་སོ། །ལྷོར་བལྟས་བྲག་ཆེན་སེང་གེ་མཆོངས་པ་འདྲ། །ཡང་ན་ཨ་ཡ་ཡང་དམར་ལོ་མ་འདྲ་བ་འམ། །དུར་ཁྲོད་ལ་སོགས་དགོན་པའི་གནས་དག་ཏུ། །རྣལ་འབྱོར་གོམས་པས་ཡོ་བྱད་ལྡན་བྱས་ཏེ། །འཕགས་པ་ལ་སོགས་མཆོད་ཅིང་གཏོར་མ་གཏང་། །དྲ་ཕྱིང་གཙང་མ་མདའ་གང་གྲུ་བཞི་ལ། །མཚལ་ལམ་ལྡོང་རོས་དག་གིས་ཐིག་བཏབ་སྟེ། །ལེའུ་ཙེ་དགུ་པ་དག་གི་ཚད་དུ་བྱ། །དབུས་སུ་ག་པུར་དག་གིས་ཆུས་བཀྲུས་ལ། །དར་མར་རས་སམ་དཀར་ལ་འཇམ་པ་ལ། །ལྷ་ཆེན་དབང་ཕྱུག་དག་གི་གཟུགས་བྲིས་ཏེ། །རྨྱུག་མ་གཙང་མ་དག་ལ་དགོད་པར་བྱ། །སྟེང་ནས་དམར་པོ་དར་གྱི་གདུགས་ཀྱིས་དགབ། །དེ་ཡི་མཚམས་བཞིར་ལྗང་གུའི་འཕན་བཞི་གཟུག །ཕྱོགས་བཞིའི་ལེའུ་ཚེ་བཞི་པོ་དག་ལ་ཡང་། །ལྷ་ཡི་བློན་པོ་བཞི་ཡི་གཟུགས་བྲིས་དགོད། །ཤར་དུ་དྲི་ཟའི་


DNG016_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཉིད་དགོད་པར་བྱ། །ལྷོ་རུ་གཤིན་རྗེ་ནུབ་ཏུ་ཀླུ་གདོན་ལྷ། །བྱང་དུ་གནོད་སྦྱིན་ལྷ་སྟེ་བཞི་པོ་དགོད། །དེ་ཡི་ཕྱི་རིམ་མེ་ཏོག་སྣ་ཚོགས་བསྐོར། །མཆོད་པ་ལྔ་དང་གཏོར་མ་གཅིག །ནང་དུ་རྟ་ཚིལ་ཁྲག་དང་སྙིང་ཡང་སྩལ། །སྙིང་གི་སྲོག་རྩར་དམིགས་པའི་མིང་རུས་བྲི། །ཁྲེའུ་ཅུ་ཙེ་དག་ལ་དགྲ་གཟུགས་བྱ། །སྙིང་གར་ཐིག་ལེའི་དཀྱིལ་དུ་མིང་རུས་གཟུག །སྐེ་ནས་སྔོན་དམར་སྐུད་པས་གདགས་བྱས་ཏེ། །ལག་པ་གཡས་ཀྱི་སྲིན་ལག་རྩེ་ལ་དགལ། །ཆས་གོས་ལྗང་ནག་མགོ་ལ་ཐོད་ནག་བཅིང་། །དུར་ཁྲོད་རས་སམ་བྲམ་ཟེའི་པགས་པ་ལ། །ལྡོང་རོས་ཆུ་རྩས་ཁ་དོག་སེར་པོར་བསྒྱུར། །དུག་དང་ཁྲག་གིས་འཁོར་ལོ་རྩིབས་བརྒྱད་བྲི། །འཁོར་ལོའི་རྩིབས་ལ་གཤིན་རྗེའི་སྙིང་པོ་བྲི། །དབུས་ཀྱི་ལྟེ་བར་ལྷ་ཆེན་སྙིང་པོ་དགོད། །ཕྱི་རིམ་ཐོག་གི་དབབ་སྔགས་དག་གིས་བསྐོར། །འཁོར་ལོ་མངའ་གསོལ་དབང་བསྐུར་སྨོན་ལམ་གདབ། །བྲམ་ཟེ་ལ་སོགས་མཛེ་ཅན་ཐོད་པར་གཞུག །དེ་ཡི་ནང་དུ་གསེར་དང་ལྕགས་ཟངས་དང་། །དངུལ་དང་སྙིང་སྣ་ཁྲག་སྣ་མང་བླུགས་ཏེ། །ལེའུ་ཙེའི་དབུས་སུ་མན་འཇིའི་ཁ་ལ་བཞག །ཏིང་འཛིན་རྣམ་གསུམ་རིམ་གྱིས་ཚུལ་བཞིན་བསྐྱེད། །དབང་ཆེན་རིམ་བརྩེགས་སྟེང་དུ་བྷྲཱུཾ་གཅིག་བསམ། །བྷྲཱུཾ་ལས་འབར་བའི་ལྷ་ཡི་གཞལ་མེད་ཁང་། །ཕྱི་དང་ནང་མེད་ཀུན་ཏུ་གསལ་བར་བསྐྱེད། །དབུས་སུ་མ་ཧེ་བམ་ཆེན་བསྣོལ་བ་ལ། །ཉི་ཟླ་འཁོར་ལོ་རབ་ཏུ་འབར་བའི་སྟེང་། །ཡ་ལས་འཇམ་དཔལ་གཤེད་པོ་འབར་བའི་སྐུ། །ཞལ་དྲུག་ཕྱག་ཀྱང་བཅུ་གཉིས་གསལ་བར་བསྐྱེད། །དེ་ཡི་འཁོར་ན་ལྷ་ཡི་ཚོགས་གནས་ཏེ། །མ་ཧཱ་དེ་བ་ཧཱུཾ་ཞེས་བརྗོད་པ་ཡིས། །དབུས་སུ་ལྷ་ཆེན་མ་ཧཱ་དེ་བ་ཡང་། །སྐུ་མདོག་ནག་པོ་སྤྱན་གསུམ་མཆེ་བ་ཅན། །རྩེ་གསུམ་འབར་བ་ཁྱུང་གི་རྒྱལ་མཚན་གཡས། །ཞགས་པ་བེ་ཅོན་རྡོ་རྗེ་གཡོན་པ་ན། །སྨིན་མཚམས་གློག་འགྱུ་བསྐལ་པའི་ཐོག་འབེབས་བསྒོམ། །འཁོར་གྱི་ལྷ་ཡང་རྟ་ཞོན་ཐོག་འབེབས་པའོ། །དེ་བཞིན་ཏིང་ངེ་འཛིན་གྱིས་གསལ་བསྒོམ་ལ། །གཤིན་རྗེ་གཤེད་པོས་


DNG016_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་བསྲུང་དབང་དུ་བསྡུ། །ཧཱུཾ། ལས་རྣམས་རིམ་གྱིས་བགྲོད་པའི་ཡང་རྩེ་ནས། །སྨོན་ལམ་དབང་གིས་བསྟན་པ་འཕེལ་མཛད་ཅིང་། །མ་ཧཱ་དེ་བ་ལྷ་ཆེན་དབང་ཕྱུག་གཙོ། །བསྟན་པ་བཤིགས་པའི་དགྲ་རྣམས་བསྒྲལ་བ་དང་། །སངས་རྒྱས་བསྟན་བསྲུང་དཀོན་མཆོག་བསྟོད་པའི་ཕྱིར། །འཁོར་བཅས་མ་ལུས་གཤེགས་སུ་གསོལ། །ཨོཾ་པྲ་མན་རག་ཤ་ཨེ་ཧྱ་ཧི་ཛཿཧཱུཾ་བཾ་ཧོཿ། དགའ་ཞིང་གུས་པའི་ཐལ་སྦྱར་པུས་བཙུགས་ནས། །ལྷ་མཆོག་ཁྱེད་ཀྱི་ཡོན་ཏན་རབ་བརྗོད་ཅིང་། །ཙམ་པ་ཀ་དང་པདྨས་རབ་གཏོར་ནས། །དེང་འདིར་བསྟོད་དེ་ཁྱེད་ལ་ཕྱག་འཚལ་ལོ། །ཁྱེད་ཀྱི་ཐུགས་ནི་ནམ་མཁའི་དཀྱིལ་འདྲ་ཞིང་། །འོད་ཟེར་ཆ་ལས་འགྲོ་བའི་དོན་མཛད་པ། །ཐོགས་མེད་མཁའ་ལྡིང་ངང་པའི་གདན་སྟེངས་སུ། །བརྟན་པར་བཞུགས་ནས་བདག་ལ་དངོས་གྲུབ་གསོལ། །འཁོར་གྱི་ལྷ་ཆེན་མི་བཟད་ཐོག་འབེབས་བཞི། །ཤུགས་ཀྱི་ཐོགས་མེད་རྟ་མཆོག་གདན་ལ་བཞུགས། །མ་ཧཱ་དེ་ཝ་པྲ་མ་ན་ཙར་ཞི་ས་མ་ཡ་ཏིཥྠ་ལྷན། ལྷ་ཡུལ་གཙང་མ་དག་ལ་རབ་བཤམས་ཏེ། །བྲམ་ཟེ་མཚན་ལྡན་ཆགས་པས་རབ་ཏུ་མཆོད། །འབྲས་དང་ཀུ་ཤར་བཅས་པའི་ཡོན་ཆབ་དང་། །ག་པུར་གུར་གུམ་གླ་རྩི་ཅེ་པོག་སོགས། །ཏིལ་མར་བསུང་ཅན་རབ་གསལ་མར་མེའི་མཆོག །དུ་རུ་ཀ་ལ་སོགས་པ་དྲི་ཡི་ཆུ། །ལག་པན་མར་དང་བཅས་པའི་བུ་རམ་བཤོས། །དུང་དང་བྱེ་རུ་ཟངས་དང་ཀྲ་ཤེལ་དང་། །རྔ་ཏིང་རྫ་རྔ་མུན་ཛ་ཏི་མི་ལི། །ཆ་ལང་པི་ཝང་ཏམ་བུ་རྒྱུད་གཅིག་པ། །གླུ་གར་རྩེད་འཇོ་རོལ་མོ་དག་ལ་སོགས། །བདེ་བའི་ཡོ་བྱད་ཐམས་ཅད་མ་ལུས་ཀུན། །མཆོད་པར་འབུལ་ལོ་ཐུགས་རྗེས་བཞེས་སུ་གསོལ། །ཨོཾ་སརྦ་པཱུ་ཛ་པུཥ྇་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་བ་ལིཾ་པཱུ་ཛ་ཧོཿ། སྐུ་མདོག་ནག་པོ་སྤྱན་གསུམ་མཆེ་བ་གཙིགས། །དྲང་སྲོང་ཆ་ལུགས་པདྨའི་ཕྲེང་བས་བརྒྱན། །ཞལ་བཞི་གླིང་བཞི་ཡོངས་ལ་ཁྱབ་པར་གཟིགས། །སྙན་པའི་དྲིལ་སྒྲ་གསུང་གི་གདངས་སྐད་ཅན། །དབང་ཕྱུག་ཆེན་པོ་ཁྱེད་ལ་ཕྱག་འཚལ་བསྟོད། །འཁོར་གྱི་ལྷ་ཡི་བློན་པོ་བཞི། །རྟ་ལ་ཞོན་ནས་རལ་གྲི་བསྐོར། །ཐོག་སེར་


DNG016_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

འབེབས་པའི་ལས་ལ་བརྩོན། །ཁྱོད་ལ་བདག་ཅག་བསྟོད་ཕྱག་འཚལ། །སྔགས་འདིས་ལྷ་རྣམས་རབ་ཏུ་བསྙེན། །ཨོཾ་མ་ཧཱ་དེ་ཝ་ཏི་ཛ་ཏི་ཛ་ལཾ་པྲ་མན་པྲ་མན་རཀྴ་ཀང་ཀང་ལ་ཡང་ཧཱུཾ། དེ་བ་རཱ་ཙ་ཛ་མ་ཧཱ་ནི་དགྲ་བོ་ཆེ་གེ་མོ་ནི་ཐུམ་ཐུམ་རྦད། ཤག་ལེན་པ་སེན་སེན་ཡང་ན་ཛཿཛཿཧཱུཾ་ཧཱུཾ། དེ་སྐད་བསྟོད་ལ་བསྙེན་པ་བགྱི། །རང་གིས་མ་ཉེས་དཔང་ཡང་གཟུག །ཉེས་བྱས་བྲིས་སྐུའི་མདུན་དུ་བཤགས། །འོ་དོད་འབོད་ཅིང་གཡབ་འདོར་བྱ། །གཤེད་པོ་བསྟོད་ལ་ལྷ་རྣམས་བསྐུལ། །གཡས་ནས་བསྐོར་ཞིང་ཐུགས་དམ་བསྐུལ། །འདོད་ཁམས་ཉི་ཤུའི་ཡང་རྩེ་ནས། །གཟུགས་ཁམས་ལྷ་ཡི་དགའ་ཚལ་ནས། །ཕོ་བྲང་བདེ་བའི་གཞལ་ཡས་ནས། །ཆོས་ཀྱི་རྒྱལ་མཚན་དབང་བསྐུར་བའི། །ལྷ་ཆེན་དབང་ཕྱུག་ཆེན་པོ་ནི། །སྐུ་ནི་དམར་སེར་འབར་བ་ལ། །ཚད་མེད་དབུ་བཞི་གླིང་བཞི་འཇོམས། །གཡས་ཀྱིས་པདྨ་སྐྱོན་དང་བྲལ། །ཐ་མས་བགྲང་ཕྲེང་རིག་སྔགས་སྤེལ། །གཡོན་གྱི་གུནྡྷེས་དགོས་འདོད་སྐོང་། །ཐ་མ་རླུང་ཡང་བླུག་སྣོད་དགྲ་བགེགས་སྦྱོང་། །ངང་པས་བསམ་པར་ཡུད་ཀྱིས་ཕྱིན། །པདྨ་སེར་པོས་བརྒྱན་བྱས་ནས། །རས་ཀྱི་ཁ་ཚར་མགུལ་རྒྱན་ཅན། །ཐུགས་དམ་དྲག་ཏུ་བསྐུལ་བྱས་ནས། །ལོག་པའི་དགྲ་བགེགས་འཇོམས་པའི་ཚེ། །སྐུ་ནི་སྔོ་ནག་ཆེན་པོ་ལ། །ཞལ་གྱི་མཆེ་བ་གདངས་པ་ཡིས། །དགྲ་བོ་བདུན་རྒྱུད་རྩད་ནས་གཅོད། །སྨིན་མཚམས་གློག་འགྱུ་ཐོག་ཆེན་འབེབས། །ཐལ་མོ་བརྡབ་པས་ཐོག་ཆེན་འབེབས། །མཛུབ་མོ་བསྐུལ་བས་གླིང་བཞི་འཁྲུགས། །ལྗགས་བརྐྱང་སྲིད་པ་གཡོ་བར་མཛད། །དཀོན་མཆོག་གསུམ་གྱི་སྐུ་དགྲ་འདི། །ཐོག་ཆེན་འབར་བས་ལྔ་ཕུང་ཤིག །ཚེ་སྲོག་ཆོད་ལ་བདུན་རྒྱུད་ཆོད། །འཁོར་གྱི་བློན་བཞི་ལས་ལ་བསྐུལ། །བར་སྣང་ཐོག་ཆེན་འབྲུལ་དུ་ཆུག །དབང་པོ་རྣམ་ལྔ་ཁ་ལོང་ཁ། །བུ་སྨད་འཁོར་གཡོག་ནོར་ཕྱུགས་ལ། །གསེར་ཐོག་ལྕགས་ཐོག་ཙ་ལ་ལ། །འཁོར་ལོའི་བྲོ་བརྡུང་འུ་རུ་རུ། །ཟངས་ཐོག་འཁར་ཐོག་རམས་སེ་རམ། །མེ་འོད་གློག་དམར་ཁྱུགས་སེ་ཁྱུག །འཁོར་རྣམས་ཤུགས་ཆེན་རྟ་ཞོན་ཅིང་། །


DNG016_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

རལ་གྲི་མེ་འོད་ཀླད་ལ་བསྐོར། །ཀི་ཀང་གཤེད་བཞིའི་ལས་ལ་འགྱེད། །རལ་གྲི་བསྐོར་བའི་འོད་འཕྲོས་པས། །ཐོག་ཆེན་སྣ་ཚོགས་སྐར་ལྟར་འཁྲུགས། །ཉམས་པའི་དགྲ་ལ་ཐོག་མདའ་ཡཱ། །སྐད་ཅིག་ཙམ་ལ་ཕུང་བར་གྱིས། །ཞེས་རྟ་སྙིང་བསྟབ་ཅིང་རཀྟ་སྦྲེང་། །རྟགས་སུ་འབྲུག་དང་སེར་བ་དང་། །གློག་དང་ཐོག་དང་ཤྭ་བུད་འོང་། །གྲུབ་པའི་རྟགས་བྱུང་ཐོག་གཏའ་གཞུག །མཁར་རྨང་ལྷ་རྟེན་ཆུ་མིག་གམ། །མཆོད་རྟེན་ལྷ་ཁང་འགྲམ་འོག་ཏུ། །ལྷག་པར་དགྲ་ཡི་གྲོ་ག་འམ། །ཉལ་བའི་སྔས་སམ་སྟན་འོག་ཏུ། །འཁོར་ལོ་བཅས་པའི་ཐོད་པ་སྦ། །དྲག་སྔགས་འདི་བཟླས་ཐོད་པར་གསིབ། །ཨོཾ་ས་མ་དུར་བུ་རཀྴ་པྲ་མ་ཎ། མ་ཧཱ་དེ་ཝ་དགྲ་ཡི་ཡུལ་ཁམས་སུ། རོ་ཁ་དུ་ཁབ་ཧཱུཾ་ཕྲ་བ་སྭཱ་ཧཱ། ཞེས་པ་ནི་ཐོད་པའི་ནང་དུ་བཟླས། གཏོར་མ་གཏོང་ཞིང་སྨོན་ལམ་གདབ། །བྲིས་སྐུ་དག་ལ་རྟེན་བཅས་ལ། །དྲ་ཕྱིང་མཎྜལ་དག་ལ་དྲིལ། །རྟག་ཏུ་ལྷ་རྣམས་མཆོད་གྱུར་ན། །ཡིད་ལ་ཅི་བསམ་འགྲུབ་པར་འགྱུར། །གཤིན་རྗེ་ཟླ་གསང་ནག་པོའི་རྒྱུད་ལས། འཇིག་རྟེན་དུ་ཐོག་དབབ་པ་ལྷའི་ཟླ་གསང་སྐབས་ཏེ་ལེའུ་ང་དགུ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོ་གཤིན་རྗེ་གཤེད་པོས་འགལ་བྱེད་ཆམ་ལ་དབབ་པའི་སླད་དུ། ཐོག་འབེབས་ལྷ་ཡི་ནང་བསྒྲུབ་གསུངས། །སྲིད་པར་མ་སྲིད་མགར་གྱིས་མ་བརྡུངས་མཚོན། །ཡེ་སྲིད་བྱང་ཆུབ་སེམས་ཀྱི་དབལ་ངར་ཅན། །རླུང་གིས་མ་བླུད་གཤགས་པའི་ངར། །ཡེ་བླུད་ཆེན་པོའི་མཚོན་དབལ་ངར་ཅན་དེས། །འབྱུང་བ་གཞན་གྱིས་མི་བརྫི་མི་ཚུགས་ཤིང་། །ཉིད་ཀྱིས་གང་ལ་ཐོགས་ཆག་མེད་པར་འཇོམས། །དེ་ཉིད་བསྒྲུབ་ཕྱིར་དུར་ཁྲོད་ལ་སོགས་སུ། །དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། །དབུས་སུ་གྲུ་གསུམ་ཨེ་བརྩིགས་ཏེ། །འཁོར་ལོ་བཞི་དང་རོལ་མཚོ་བདུན། །གསེར་རིའི་དབུས་སུ་ཡ་མཱནྟ་ཀ་སྟེ། །སྟེང་དུ་ལྷ་ཆེན་དབང་ཕྱུག་ཡབ་ཡུམ་དགོད་པར་བྱ། །འཁོར་ལོ་བཞི་ལ་ལྷ་ཡི་བློན་པོ་བཞི། །ཁྲག་ཞག་མར་ཁུ་ཆང་དང་སྦྲང་རྩི་འོ་མ་དང་། །རྒྱ་མཚོའི་ཆུ་ལ་སོགས་པའི་


DNG016_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ་བདུན་ནོ། །ལྷ་ཆེན་ལྔ་ལ་ཕུར་པ་ལྔ་དགོད་དེ། །དངུལ་གྱི་ཕུར་པ་སོར་བརྒྱད་ཤར་དུ་དགོད། །དྲི་ཟ་ལྷ་ཡི་བློན་པོར་མངའ་ཡང་གསོལ། །གསེར་གྱི་ཕུར་པ་ལྷོ་ཡི་རྩིབས་ལ་དགོད། །གཤིན་རྗེ་ལྷ་ཡི་བློན་པོར་མངའ་ཡང་གསོལ། །ཟངས་ཀྱི་ཕུར་པ་ནུབ་ཀྱི་རྩིབས་ལ་དགོད། །ཀླུ་དབང་ལྷ་ཡི་བློན་པོར་མངའ་ཡང་གསོལ། །ལྕགས་ཀྱི་ཕུར་པ་བྱང་གི་རྩིབས་ལ་དགོད། །གནོད་སྦྱིན་ལྷ་ཡི་བློན་པོར་མངའ་ཡང་གསོལ། །འཁར་བའི་ཕུར་པ་དབུས་ཀྱི་ཨེ་ལ་དགོད། །དབང་ཕྱུག་ཆེན་པོ་མ་ཧཱ་དེ་བར་མངའ་ཡང་གསོལ། །གྲོ་ག་ཤིང་ཤུན་རས་སམ་དར་དཀར་ལ། །ལྷ་རྣམས་རང་རང་རྩ་བའི་སྙིང་པོ་དང་། །དབབ་པའི་སྔགས་དང་དམིགས་པའི་ཡུལ་མིང་བྲི། །སྔོན་དམར་སྐུད་པས་ཕུར་པའི་མགུལ་དུ་གདགས། །རབས་ཆད་ནག་པོའི་ཐོད་པ་ཁ་སྦྱར་ལ། །ཐོད་པའི་ཕྱི་ནང་མེད་པར་ཁྲག་གིས་བྱུག །སྟེང་གི་ཐོད་པ་ཡབ་ཏུ་མངའ་ཡང་གསོལ། །འོག་གི་ཐོད་པ་ཡུམ་དུ་མངའ་ཡང་གསོལ། །ཐོད་པ་སྟེང་མར་ཡབ་ཀྱི་སྐུ་ཡང་བྲི། །ཐོད་པ་འོག་མར་ཡུམ་གྱི་སྐུ་ཡང་བྲི། །ཐོད་པའི་རྩིབས་རིམ་དམིགས་པའི་མིང་རུས་བྲི། །དཔྲལ་བར་རུས་བྲི་ཁ་རུ་མིང་ཡང་བྲི། །སྙིང་གར་ནྲྀ་བྲི་འདོམས་སུ་བླ་དྭགས་བྲི། །དེ་ཡི་ཐ་མར་ལྟོ་སྦྱར་ཛ་ཡིས་བསྐོར། །གྲོ་ག་ཤིང་ཤུན་ཞིང་གི་པགས་པ་ལ། །དགྲ་བོའི་གཟུགས་བྲིས་དབང་ཕྱུག་ཡུམ་ལ་གླན། །འཁར་བའི་ཕུར་པ་ཐོད་པའི་ནང་དུ་གཞག །གྲོ་ག་ཤོག་ཤོག་ཤིང་གི་ལོ་མ་ལ། །ལྷ་ཆེན་ཚོགས་བདག་དབང་ཕྱུག་ཆེན་པོ་ཁྱོད། །ཁྱོད་ཀྱི་བཙུན་མོ་མཱ་ར་ཡ་འདིས་སྦྱར། །འཁོར་གྱི་ལྷ་རྣམས་མྱུར་དུ་བསྐུལ་མཛོད་ལ། །འདི་ལ་དྲག་པོའི་ཐོག་ཆེན་ཕོབ་ཅེས་བྲི། །ཕུར་པ་དེ་ཡི་མགུལ་དུ་གདགས་པར་བྱའོ། །ཐོད་པའི་ནང་དུ་དམེ་ཁྲག་སྐམ་པོ་དང་། །གསེར་ཕྱེ་ཟངས་ཕྱེ་ལྕགས་ཕྱེ་འཁར་ཕྱེ་དང་། །དངུལ་དང་ཐོག་ལྕགས་ཐོག་གྲིར་ཤི་བ་ཡི། །སྙིང་དང་རུས་པ་ཤ་ཡང་སྩལ། །ཐོད་པ་ཁ་སྦྱར་མི་ཡི་རྒྱུ་མས་བཅིངས། །སྒྱེད་གསུམ་ཁ་ལ་གྲུ་གསུམ་སྟེང་དུ་གཞག །ཆུ་སྐྱེས་མེ་ཏོག་སྣ་ཚོགས་


DNG016_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །རིན་ཆེན་སྣ་ལྔ་སྨན་རྣམས་དང་། །འདོད་པའི་ལོངས་སྤྱོད་ཟས་རྣམས་དང་། །རྒུན་ཆང་སྦྲང་དང་འབྲས་ཆང་དང་། །འབྲུ་ཆང་དང་ནི་ཨ་སུ་ཤ །དེ་དག་མཆོད་པའི་རྫས་སུ་དགྲམ། །སྣ་ཚོགས་སྙིང་དང་ཁྲག་ཏུ་སྦྱར། །བུ་རམ་འབྲས་ཀྱི་གཏོར་མ་བཞི། །ལྷ་ཡི་བློན་པོ་བཞི་ལ་དགོད། །ལིངྒ་ཇི་ལྟར་འདོད་པའི་དབྱིབས། །གཟུགས་མིང་བྱས་པ་མདུན་དུ་གཞག །སྔགས་ཀྱིས་བྲབ་ཅིང་གསད་ལས་བྱ། །ཏིང་འཛིན་གཞལ་ཡས་གདན་དང་བཅས་པ་བསྐྱེད། །ཡ་མཱནྟ་ཀ་གསལ་བར་བསྒོམ། །གདན་དུ་ཡི་དྭགས་གདིང་བར་བྱ། །དབང་ཕྱུག་ཆེན་པོ་གསལ་བསྒོམས་ཏེ། །འཁོར་གྱི་ལྷ་བཞིས་བསྐོར་བར་བསམ། །ཨོཾ་མ་ཧཱ་དེ་བ་ཀཱ་ལ་ཧཱུཾ། ཞེས་བརྗོད་དབང་ཕྱུག་ཆེན་པོ་ཡང་། །ནག་པོ་ཆེན་པོ་མཆེ་བ་རབ་ཏུ་གཙིགས། །ཕྱག་མཚན་རྩེ་གསུམ་ཁྱུང་གི་རྒྱལ་མཚན་གཡས། །ཞགས་པས་འདྲེན་ཚུལ་བེ་ཅོན་རྡེག་ཚུལ་གཡོན། །ཆིབས་སུ་འབྲུག་རྟ་སྔོན་པོ་ཆིབས། །གསེར་གྱི་རལ་གྲི་འབར་བ་ཀླད་ལ་བསྐོར། །གནམ་ལྕགས་འབར་བའི་ཤང་ལང་གློ་ལ་བཏགས། །དེ་འདྲ་རབ་ཏུ་གསལ་བསྒོམ་བྱ། །ཤར་ཕྱོགས་ལྷ་ཡི་ཕྱག་ན་དངུལ་གྱི་གཞུ་བདུངས་ཤིང་། །དངུལ་གྱི་མདའ་ལྟོང་དངུལ་གྱི་འཁོར་ལོ་བསྐོར། །འབྲུག་རྟ་ཞོན་ནས་ཀི་ཀང་འཕྲལ་ལ་འཇུག །དངུལ་གྱི་ཐོག་འབེབས་སེར་བའི་སྐྱིན་འདང་གཏོང་། །ལྷོ་ནས་གསེར་གྱི་ཐོག་ཆེན་གོང་བཞིན་འབེབས། །ནུབ་ནས་ཟངས་ཐོག་བྱང་ནས་ལྕགས་ཐོག་འབེབས། །དེ་འདྲ་གང་ལ་བསྒོམས་ལ་ཡེངས་པར་མི་བྱའོ། །ཧཱུཾ། རྣམ་སྣང་མཛད་ཉིད་མི་གཡོ་གཙུག་ཏོར་བརྟན། །བྱང་ཆུབ་ཆེན་པོ་མཆོག་གི་ཕྱག་རྒྱ་ནི། །བདུད་འདུལ་ཆེན་པོའི་སྐུ་རུ་སྤྲུལ་པའི་རྒྱ། །བྱང་ཤར་མཚམས་ནས་ཤིན་ཏུ་སྐུ་བདེ་བསྟན། །མེ་ལྕེ་བར་སྣང་སྤྲིན་གཏིབས་དཀྱིལ་འཁོར་ནས། །སྐུ་སྟོད་སྔོ་ནག་མི་བཟད་འབར་བའི་འོད་ཕུང་ཅན། །ཤིན་ཏུ་ཁྲོ་བརྗིད་དབང་ཕྱུག་གཏུམ་བག་ཆེ། །ཐུགས་རྗེས་སྤྲིན་ལྟར་གཏིབས་ཤིང་ནམ་མཁའ་གང་བར་ཁྱབ། །གཟིར་གནོན་སྟབས་


DNG016_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་དྲེགས་པ་གཟིར་ཞིང་གནོན། །བདུད་པོ་ནག་པོ་སྤྱན་གསུམ་མཆེ་བ་ཅན། །བསྟན་པ་འཇིག་པའི་སྲོག་ལ་སྤྱན་འདྲེན་ན། །དབང་ཕྱུག་ལྷ་ཆེན་འཁོར་བཅས་གཤེགས་སུ་གསོལ། །དབང་ཕྱུག་ཆེན་པོ་གནས་ནས་སྐྱོད་ཙམ་ན། །རྩེ་གསུམ་འབར་བ་ཁྱུང་གི་རྒྱལ་མཚན་ཕྱར་ཏེ་གཤེགས། །ཞགས་པས་འདྲེན་ཅིང་བེ་ཅོན་སྙིང་ལ་བརྡེག །ནག་པོ་སྤྱན་གསུམ་སྡང་མིག་བཟློག་པའི་བདུད། །དབུ་སྐྲ་འབར་བ་པྲོག་གཟེར་རལ་པ་ཅན། །སྐུ་ལུས་མོན་པ་སྤྱན་གསུམ་སེར་བ་འདྲིལ། །རྣོ་དབལ་མཆེ་བ་ཟླ་ཚེས་གྱེན་དུ་འཁྱིལ། །སྤྱན་མིག་བཟློག་པས་སྐྱི་འདང་རྨ་འདང་འབེབས། །ཤངས་ནས་རླུང་ནི་འཐོར་འབུད་བུ་ཡུག་འཁྲུགས། །མདུང་དང་གྲི་རྐང་སྐུ་ཡི་རྟེན་དུ་བཅས། །སྤྱན་མིག་མི་མཐུན་ལས་ཀྱི་ཟླ་བ་འདྲིལ་བ་ལྟར། །འོད་ཟེར་མེ་ལྟར་འབར་ཞིང་གཤེགས་སུ་གསོལ། །ཨེ་ཧྱེ་ཧི་མ་ཧཱ་ཀཱ་ལ་ཏྲི་ཛ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོ། ས་མ་ཡ་སྟྭཾ། ཛཿཧཱུཾ་བཾ་ཧོཿ། ཧཱུཾ། ལྷ་ཆེན་དབང་ཕྱུག་འཁོར་བའི་གཡུལ་བཟློག་པ། །སྤྲུལ་པའི་རླབས་ཆེན་ལྷ་ཡི་དམག་དཔུང་སྡུད། །དབང་ཕྱུག་ལེགས་ལྡན་ནག་པོའི་འཁོར་གྱིས་བསྐོར། །དབང་ཕྱུག་ལྷ་ཆེན་སྐུ་ལ་ཕྱག་འཚལ་ལོ། །དབང་ཕྱུག་བསོད་ནམས་གཟི་བྱིན་འཕགས་ལ་ཕྱག་འཚལ་ལོ། །སྟོན་པས་ལུང་བསྟན་འཕགས་ལ་ཕྱག་འཚལ་ལོ། །དབང་ཕྱུག་ཉི་ཟླའི་འོད་ལྟར་ཞལ་གསལ་ཞིང་། །མ་རིག་སྒྲིབ་པ་མ་ལུས་སེལ་མཛད་པའི། །འཁོར་བཅས་ལྷ་ཡི་ཚོགས་ལ་ཕྱག་འཚལ་ལོ། །མེ་ཏོག་ཕྲེང་ལ་སོགས་པ་དང་། །རིན་ཆེན་དབྱིག་དང་སྒོག་བཙོང་དང་། །ལ་ཕུག་ལ་སོགས་ཀུན་དང་ནི། །འབྲས་བུ་ཡིད་བཞིན་སྣ་ཚོགས་ཟས། །ཕྱོགས་བཅུ་ཆུ་སྐྱེས་དང་ནི་ལོངས་སྤྱོད་རྒྱན། །རིས་སུ་མ་ཆད་མཆོད་པའི་ལོངས་སྤྱོད་དབུལ། །དཀྱིལ་འཁོར་མཛེས་པའི་རྒྱན་གྱིས་བརྒྱན། །ཞལ་ཟས་བདུད་རྩི་ཛ་གད་སྨན་གྱིས་མཆོད། །ཨེ་ཧྱེ་ཧི་མ་ཧཱ་ཀཱ་རུ་ཎི་པ་ཏི་མ་ཧཱ་རཀྴ་དུ་པ་ཁ་ཁ་ཁཱ་ཧི། པྲ་ཏཱིཙྪ། མ་ཧཱ་པེ་ཏཱ་ལཱི་ཁ་ཁ་ཁཱ་ཧི། ཧཱུཾ།


DNG016_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཕྱུག་ཆེན་པོ་འཁོར་བཅས་ལ། །མཆོད་སྤྲིན་ལ་སོགས་སྣ་ཚོགས་དང་། །རྫས་དང་ཡོ་བྱད་དཔག་མི་ལང་། །བླ་མེད་དད་པས་མཆོད་འབུལ་བསྟོད། །བསྐལ་པའི་མེ་དཔུང་འབར་བའི་འོད། །གདུག་པ་རིལ་མིད་མཛད་པའི་ཁྲོ་གཉེར་ཅན། །དུག་གསུམ་རྩད་གཅོད་མཆེ་བ་གཙིགས་པ་པོ། །ཡེ་ཤེས་སྤྱན་གསུམ་ཉི་ཟླའི་གའུ་ལ། །སྟོན་པའི་བཀའ་བརྒྱུད་བླ་མེད་ལུང་བསྟན་དཔལ། །དམ་ཚིག་ཆོས་ཀྱི་འཁོར་ལོ་རྣམ་སྣང་མཛད། །བླ་རེ་ཅོད་པན་བརྗིད་པས་བཅིངས་པ་ན། །ངེས་པར་སྟོན་པ་བཅུ་ཡི་བདག་པོས་འཕགས། །རྟག་ཏུ་དུར་ཁྲོད་འབར་བའི་གནས་ན་བཞུགས། །དུར་ཁྲོད་གནས་ན་མ་མོའི་ཚོགས་ཀྱིས་བསྐོར། །ནད་གཏོང་ཤྲཱིའི་ཚོགས་རྣམས་ཀུན་མཆོད་ནས། །བསྟན་པ་བཤིགས་པའི་མདངས་འཕྲོག་ཐལ་བའི་རྡུལ་དུ་རློག །སྟོབས་ཆེན་གླང་པོའི་པགས་པ་གོས་སུ་གྱོན། །ལྷ་ཀླུ་གཉན་གྱི་གྲོང་ཁྱེར་ཐམས་ཅད་དུ། །ལྷ་ཆེན་བདུད་དཔུང་ཆེ་བཙན་གསུམ་པ་ནས། །ལོག་འདྲེན་དགྲ་བགེགས་གཟིར་གདུལ་གནོན་པའོ། །དཔའ་བོ་ཆེན་པོ་སྟག་གི་པགས་པས་མཚན། །འཁོར་དུ་ལྷ་ཡི་བློན་པོ་བཞི་ཡིས་བསྐོར། །ཕྱོགས་རྣམས་ཕྱོགས་ཆ་ཀུན་ཏུ་རྣམ་གྲངས་ལ། །སྨོན་ལམ་ཁྱད་པར་མང་པོའི་མཐུས་སྦྱངས་ལ། །སྒྱུ་མ་ལྟ་བུར་རྣམ་པར་ཐར་པས་རོལ། །ཕན་མཛད་དམག་དཔོན་ཁྱོད་ལ་ཡང་། །སྡུག་བསྔལ་ཚ་བས་གདུངས་པའི་སེམས་ཅན་ལ། །དྲག་པོའི་ཐོག་ཆེན་ལུ་གུ་རྒྱུད་དུ་འབེབས། །ལྷ་ཆེན་དབང་ཕྱུག་ཁྱོད་ལ་བདག་འདུད་སྐྱབས་སུ་མཆི། །སྔགས་འདིས་ལྷ་རྣམས་སྲོག་ཀྱང་བཟུང་། །ཨོཾ་མ་ཧཱ་དེ་བ་ཀཱ་ལ་ཀ་སྡི་ཛ་རེ་སྡེ་རི་ཨིན་ཧྲཱྀ་སེ་བན་ཛ་ནཱ་ག་རུ་རུ་ཏེ་པེ་ཀན་ཕུ་པེ་ཧེ་སེ་རྦེད་དེ་བུ་སེན་དེ་བ་ཏེ་ན་མཱ་ར་ཡ། ཁྲི་ཚོ་རེ་ཞིང་བསྐུལ་བསྐྱེད་བསྟོད། །འོད་དང་སྒྲ་དང་དྲི་ཞིམ་དང་། །འབྲུག་དང་གློག་དང་ཐོག་དང་ཤྭ། །དེ་རྣམས་འགྲུབ་པའི་རྟགས་སུ་སྟེ། །དབང་དུ་བསྡུ་ཞིང་ཕྲིན་ལས་བཅོལ། །ཐོག་རྗེ་ཐོག་བདག་བསྐུལ་ཞིང་རྦད། །གནམ་ལྕགས་ཐོག་ཆེན་འབེབས་པའི་ལྷ། །ཆིབས་


DNG016_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

སུ་འབྲུག་རྟ་སྔོན་པོ་ཆིབས། །རོལ་དུ་ཁྱུང་དང་སེང་གེ་ཁྲིད། །ཁ་རླངས་སྤྲིན་དང་ན་བུན་གཏིབས། །ཤངས་ནས་བུ་ཡུག་ཁུ་འཕང་འདྲིལ། །ལྕགས་ཀྱི་སེར་ཆེན་ལྗིབས་སེ་ལྗིབ། །ཤེལ་གྱི་ཁུ་འཕང་རི་ལི་ལི། །གསེར་ཐོག་ལྕགས་ཐོག་ཆེམས་སེ་ཆེམ། །གནམ་ལྕགས་རལ་གྲི་ཀླད་ལ་བསྐོར། །གསེར་གྱི་ཤང་ལང་གློག་ཆེན་འཁྱུག །འཁོར་གྱི་ལྷ་ཆེན་ཐོག་འབེབས་ཏེ། །ཤར་ཕྱོགས་དྲི་ཟའི་ཞིང་ཁམས་ནས། །དྲི་ཟ་ལྷ་ཡི་བློན་པོ་ཡང་། །དངུལ་གྱི་གཞུ་བདུངས་མདའ་ལྟོང་སྟེ། །ལག་ན་དངུལ་གྱི་ཐོག་ཆེན་འབེབས། །དངུལ་གྱི་ཐོག་ཆེན་འུ་རུ་རུ། །ཀི་ཀང་ཕོ་མོ་ཁྲལ་ལ་འཛུད། །ཐོག་སེར་སྐྱི་འདང་གློ་བུར་འབེབས། །དེ་བཞིན་ཕྱོགས་ཀྱི་བློན་བཞི་བསྐུལ། །ཐོག་གི་དབབ་སྔགས་ཐོད་པར་བསྡིམ། །འུར་ཆོམ་རྦད་ནལ་རམ་ཤར་ཤར་བྷྱོ་ཛ་རཀྴ་ཙིཏྟ་མཱ་ར་ཡ་སྙིང་ལིང་རྦུད། ཙིཏྟ་བམ་རིལ་ཁ་རག་ཚལ་པ་བཾ། རཀྴ་ཡཀྴ་ཙིཏྟ་རྦད་སུ་ཛ། འུར་ཆོམ་རྦད་ན་ལ། རམ་ཤད་ཤད། རག་ཤ་ནག་པོ་སྲོག་ལ་ཆུམས་ཆུམས་བོབ་བོབ་ནལ་ཤིག་མཱ་ར་ཡ། དེ་ནི་ལྕགས་ཐོག་དབབ་པའོ། །འུར་ཆོམ་རྦད་ནལ་རཾ་རཾ་ཤད་ཤད་དེ་བ་སྲོག་ལ་ཆུམ་ཆུམ། རྦད་རྦད་འུར་རྦད་ནལ་ཤིག་མཱ་ར་ཡ། དེ་ནི་གསེར་ཐོག་དབབ་པའོ། །འུར་འུར་ཆོམ་ཆོམ་ཤིག་ཤིག །མཱ་ར་ཡ་རིལ་རིལ་ཁ་ལ་རྦད་པུ་ཛ། མ་ཧཱ་རཱ་ཛ་ཁ་ལ་རཀྴ་ཙིག་ཙིག་ཙིག་ཙིག་ཧྲིལ་ཧྲིལ་བོབ་ཡ། དེ་ནི་ཟངས་ཐོག་དབབ་པའོ། །དེ་བཞིན་ཐོད་པ་ཁ་སྦྱར་ཏེ། །དམིགས་པའི་ཡུལ་གྱི་དབུས་སུ་སྦ། །ལྕགས་ཕུར་མཁར་གྱི་རྨང་དུ་སྦ། །ཟངས་ཕུར་ཡུལ་ལྷའི་རྟེན་སར་སྦ། །དེ་བཞིན་སྦས་ནས་བབ་གྱུར་ན། །སྦས་པའི་རྟེན་སར་དུས་སུ་འབེབས། །དེ་ལ་ཐེ་ཚོམ་བག་མི་བྱ། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། ཐོག་དབབ་པའི་ལྷའི་ཟླ་གསང་གི་སྐབས་ཏེ་ལེའུ་དྲུག་ཅུ་པའོ།། །།དེ་ནས་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོས་བསྟན་པ་གཉེན་པོ་བསྲུང་བའི་ཕྱིར། ཐོག་དབབ་ལྷའི་གསང་བསྒྲུབ་གསུངས་པ།


DNG016_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

རྨ་བྱ་དག་གི་རྒྱལ་མཚན་ལ། །དམིགས་པའི་མིང་རུས་འོག་ཏུ་གཞུག །རྨྱུག་རྒོད་རྩང་སོར་བཞི་བཞོག་ལ། །ལིངྒ་དག་གི་ཀེ་རུ་གདགས། །ཕྱིང་དཀར་གཙང་མ་གྲུ་བཞི་གཅིག །སྟེགས་བུའི་སྟེང་དུ་བཏིང་ནས་ཀྱང་། །ནས་སྔོན་ཕུལ་གང་ཤར་དུ་སྤུང་། །ནུབ་ཏུ་ཏིལ་ནག་ཕུལ་གང་སྤུང་། །དཀྱིལ་དུ་རྒྱལ་མཚན་གཟུག་པར་བྱ། །ཉིན་མོ་སྔགས་བཟླས་ནས་ཀྱིས་བྲབ། །ནུབ་མོ་སྔགས་བཟླས་ཏིལ་གྱིས་བྲབ། །སྔགས་རྫོགས་རི་གསུམ་རྩེར་སོང་ལ། །ཨེ་བརྐོས་མིང་རུས་ནང་དུ་གཞུག །རྩང་དང་མཉམ་པའི་ཁུང་བརྐོས་ལ། །དགྲ་ལ་རྩེ་བསྟན་རེས་མོས་གཞུག །དབང་ཕྱུག་ཆེན་པོར་ལས་བཅོལ་ལ། །འོ་དོད་བོས་ཏེ་གསད་ཅིང་གནན། །མྱུར་དུ་ཐོག་ཆེན་འབེབས་འདོད་ན། །རྣམ་པར་སྨིན་པས་ཤི་བའི་མགོར། །ཧ་ལ་ཕ་ལ་ཏ་ཀ་དང་། །དེ་བཞིན་སྣ་ཚོགས་ཉུང་དཀར་ནག །ཞིང་ཆེན་པགས་པ་མཚན་ཕན་ལ། །ཡུལ་གྱི་མིང་དང་བརྣག་པའི་མིང་། །དེ་བཞིན་བྲིས་ཏེ་དེར་བཅུག་ལ། །སྤྱན་དྲང་བཞུགས་མཆོད་བསྡིམ་པར་བྱ། །དྲག་སྔགས་འདི་དག་རབ་ཏུ་བཟླས། །མ་ཧཱ་ཙཎྜ་རཀྴ་བེ་ཤ་ཨ་ན་ཡ་ཕོབ། ཧ་ར་ཙཎྜ་མ་ཧཱ་ཙཎྜ་ཡཀྴ་བཀྴ་ཕོབ། རཀྴ་མ་ཧཱ་ཡཀྴ་བྷྱོ། ཤར་ཤེལ་ཧལ་ཧལ་དན་དྷ་པྲ་ཙེ་ཕོབ། པྲ་ཙེ་པྲ་ཙེ་ཧ་རི་ཧ་རི་ཛ་ཏུ་ཏི་བྷྱོ་བྷྱོ་བྷྱོ། རཱ་ག་རཀྟ་ཙཎྜ་མ་ཧཱ་ཤག་ཏི་ནན། དྷ་ར་ཙཎྜ་ཎ་པ་ཙ་པ་ཙ་ཧ་ལ་ཧ་ལ་ད་ར་ད་ར་ཕཊ། རཀྟ་ཙན་ཏི་མ་ཧཱ་ཡཀྴ་ཏི་བྷྱོ་བྷྱོ་བྷྱོ། བཛྲ་ཙ་ར་བཛྲ་དྷི་ཝ་ཧ་ན་ཧ་ན་བྷྱོ། གར་འདོད་གནས་ཀྱི་ཡུལ་ལྷའི་རྟེན། །བདུན་འབུམ་བཟླས་བྱ་ཁྲུ་གང་གནན། །དུས་མིན་ཐོག་ཆེན་འབེབས་པར་ངེས། །དུང་དང་ཨ་རུ་དང་ནི་ལིག་དུར་རྣམས་ལ་སྔགས་ཏེ་དགྲ་ཕྱོགས་སུ་གཏོར་ན་མཛེར་འགྱུར་རོ། །བག་ཟན་ལ་སེམས་ཅན་གྱི་གཟུགས་ཅི་འདོད་པ་བྱས་ལ་ཁྲག་གིས་བྱུག་ནས་ཁང་པའི་ཐོག་ཏུ་གཞག་ན། སེམས་ཅན་དེ་ཉིད་མང་པོར་བྱས་ནས་ཁང་པའམ་ཞིང་གསེབ་ཏུ་སྐད་ངན་འདོན་ཅིང་འོང་ངོ་། །སྨན་འབྲི་ཏ་ས་འཛིན་དང་། གྷི་ཝང་ལ་སྔགས་ནས་རྫ་མར་བླུགས་ན་གྲུམ་གྲུལ་བུ་དང་གྲུལ་བུམ་འདྲ་མིན་མང་བུ་དང་སྲིན་བུར་འགྱུར་རོ། །ཕྲུ་བར་བླུགས་ན་


DNG016_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

ཚོང་མ་བྲ་མར་འགྱུར་རོ། །ཚོན་རྩི་ལྔ་ལ་སྔགས་ནས་ཁྱིམ་དུ་བཞག་ན་བྱི་བས་ཁྱིམ་དང་ཞིང་ལྡུམ་ར་ལ་ཟ་མི་ནུས་སོ། །མུ་ཏིག་ལ་སྔགས་ནས་མིད་ན་བུད་མེད་ལ་བུ་མང་པོ་འོང་བར་འགྱུར་རོ། །སྨྱག་ཤད་ལ་སྔགས་ནས་དབང་ཕྱུག་ཆེན་པོ་ལ་མཆོད་ནས་ཕྱུགས་འགབ་ཉུང་བའི་སྐེར་བཏགས་ན་འགབ་འཕེལ་བར་འགྱུར་རོ། །རྨ་བྱའི་རྒྱལ་མཚན་ལ་སྔགས་ནས་རྟག་ཏུ་ལུས་ལ་བཅངས་ན་མཛེ་འཚོ་བར་འགྱུར་རོ། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། འཇིག་རྟེན་ཁམས་སུ་ཐོག་དབབ་པ་ལྷའི་ཟླ་གསང་སྐབས་ཏེ་ལེའུ་རེ་གཅིག་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོས་འདི་སྐད་ཅེས་གསུངས་སོ། །བསྟན་པ་གཉེན་པོ་བསྲུང་བ་དང་། །འགལ་བ་ཆམ་ལ་དབབ་པའི་ཕྱིར། །ནད་ངན་བདག་མོ་མ་མོའི་ཟླ་གསང་གསུངས། །དུར་ཁྲོད་ལ་སོགས་དགོན་པའི་གནས་ཉིད་དུ། །ས་བདག་མཉེས་བྱ་མ་ཉེས་མཁྱེན་པ་གསོལ། །ཕུང་བའི་ཤུལ་ནས་ས་བླངས་དཀྱིལ་འཁོར་བརྩིགས། །མངལ་ཁྲག་རིམས་ཁྲག་ལ་སོགས་ཆག་ཆག་གདབ། །དུག་གིས་དབལ་བསྐྱེད་སྨན་གྱིས་དྲི་ཡང་དབྱུང་། །དབུས་སུ་གྲུ་གསུམ་བརྩེགས་མ་གཏིང་དུ་བྲུ། །ཟླ་གམ་དམར་པོ་འཁོར་ལོ་རྩིབས་བཞིར་ལྡན། །མུ་ཁྱུད་ཟླུམ་པོ་ཐོད་པའི་ཕྲེང་བས་བསྐོར། །གྲུ་ཆད་བར་ཁྱམས་སྒོ་བཞི་རིགས་དང་སྦྱར། །གྲུ་གསུམ་རྩེ་དྲུག་དཔལ་གྱི་ཞལ་དྲུག་བྲི། །དབུས་སུ་འཇམ་དཔལ་ཡབ་ཡུམ་སྲས་བཅས་དགོད། །འཁོར་ལོ་བཞི་ལ་ཕུང་བྱེད་མ་བཞི་དགོད། །ཟླ་གམ་གསུམ་ལ་ནག་མོ་ཕུང་གསུམ་དགོད། །གྲུ་ཆད་བཞི་ལ་སྲིན་མོ་གདོང་མོ་བཞི། །རྩིབས་མཆན་བཞི་ལ་ཤན་པ་མ་བཞི་དགོད། །བར་ཁྱམས་དག་ལ་ས་བདག་མོ་བཞི་དགོད། །ལྕགས་རི་ནག་པོ་དབང་ཕྱུག་ཉི་ཤུ་རྩ་བརྒྱད་དགོད། །དེ་ལྟར་ལྷ་རེ་ཕུར་པའི་སྙིང་པོ་རེ། །དབུས་སུ་ཐོད་པ་ནག་པོའི་ནང་དག་ཏུ། །དགྲ་བོའི་མིང་རུས་གཟུགས་དང་བཅས་པ་གཞུག །འཇམ་དཔལ་ཡབ་ཡུམ་སྲས་ཀྱི་གདན་དུ་བཏིང་། །གྲུ་གསུམ་རྩེ་མོར་རབས་ཆད་ཐོད་པ་གསུམ། །གཅིག་ཏུ་མི་རྟ་ར་དང་ཁྱི་


DNG016_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་ཁྲག །རིམས་ཁྲག་ལ་སོགས་བརྒྱ་རྩ་བརྒྱད་དུ་སྦྱར། །བཙན་དུག་ལ་སོགས་བརྒྱ་རྩ་བརྒྱད་དུ་སྦྱར། །ཐོད་པ་གཅིག་ཏུ་ཡུངས་ཀར་ཉུང་ནག་དང་། །སྐེ་ཚེ་ལན་ཚྭ་ཐལ་ཆེན་ཁྲག་སྐམ་སྦྱར། །ཐོད་པ་གཅིག་ཏུ་ཟངས་ཕྱེ་ལྕགས་ཕྱེ་དང་། །རྡོ་ཕྱེ་ལ་སོགས་མང་དུ་སྦྱར་ལ་གཞག །དུག་ཁྲག་ཐོད་པ་བལ་ཚོན་སྣ་ལྔས་བཅད། །གྲི་མོར་ཤི་བའི་པགས་པའི་སྟེང་དུ་ཡང་། །ར་ཁྲག་དུག་སྦྱར་གྲུ་བཞི་ཐིག་ཀྱང་གདབ། །གོང་བཞིན་འཁོར་ལོ་རྩིབས་བཞིའི་ཕོ་བྲང་བཅས། །གོང་བཞིན་བཀོད་ལྟར་རང་རང་སྙིང་པོ་དགོད། །མཐོ་དོ་སོར་བཞིའི་རྩང་གི་རྩེ་ལ་བརྒྱང་། །དཀྱིལ་འཁོར་དབུས་སུ་གུར་དུ་ཕུབ་ལ་གཞག །གཏོར་མ་ཤ་ཆེན་ཡོད་པ་བསེ་གབ་གང་། །ཡ་མཱནྟ་ཀ་གཤིན་རྗེ་ཉིད་ལ་དབུལ། །གཡས་སུ་སྣེལ་གྲི་མོ་ཡི་ཐོད་པ་དུམ་བུ་ལྔ་པ་རུ། །སྒྲོལ་བའི་བདག་མོ་ཨེ་ཀ་ཙ་ཏི་ལ། །ཤེས་རབ་མཚལ་དང་སྣེལ་གྲིའི་སྙིང་ལ་བརྟེན། །གཡོན་དུ་སྦྱོར་བདག་ནག་མོ་རེ་ཏི་ལ། །ཡུགས་མོའི་ཐོད་པར་མི་དབང་ཤ་ཁྲག་དང་། །སྨན་དང་སྙིང་དང་ཁྲག་ཏུ་སྦྱར་ལ་གཞག །ཟླ་གམ་གསུམ་ལ་ནག་མོ་ཕུང་གསུམ་ལ། །སྐྱེས་པ་དར་མ་གྲིར་ཤིའི་བྷནྡ་རུ། །གླང་ནག་སྙིང་དང་པདྨ་རཀྟ་དང་། །སྦྲུལ་ནག་སྙིང་དང་འུག་པའི་མིག་འབྲས་དང་། །ཕག་རོག་སྙིང་དང་བུད་མེད་ཀླད་ཁྲག་གཞག །འཁོར་ལོ་བཞི་ལ་ཕུང་བྱེད་མ་བཞི་ལ། །གཞོང་པ་གྲུ་གསུམ་ནང་དུ་ཡང་། །ཁྲག་སྣ་གསུམ་དང་སྟག་སེང་གླང་། །ས་བདག་རྒྱལ་པོའི་སྙིང་བཞི་གཞག །རྩིབས་མཆན་བཞི་རུ་ཤན་པ་མ་བཞི་ལ། །མཛེ་མོའི་ཐོད་པའི་ནང་དག་ཏུ། །སྙིང་དང་ཁྲག་གི་གཏོར་མ་གཞག །གྲུ་ཆད་གདོང་མོ་བཞི་ཡི་དམ་རྫས་སུ། །ཡུགས་ས་མོ་ཡི་ལྡན་ཕོར་དུ། །སྟག་དོམ་བན་གླང་གྲི་སྙིང་དང་། །རང་རང་ཁྲག་ཏུ་སྦྱར་ལ་གཞག །བར་ཁྱམས་བསེ་མོ་བཞི་ལ་ཡང་། །བ་མན་རྭ་འམ་དུང་ཕོར་དུ། །མར་ཁུ་སྦྲང་རྩི་འོ་མ་དང་། །ཁྲག་སྣ་མང་པོ་སྦྱར་ཏེ་གཞག །དེ་ནི་བསྒྲུབ་པའི་དམ་རྫས་སོ། །དེ་ནས་དཀྱིལ་འཁོར་བྱང་ཤར་དུ། །


DNG016_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

སྨན་ཕུད་རཀྟས་སྦྲུས་པ་ལ། །མཆོད་རྟེན་མཐོ་གང་གྲུ་བཞི་པ། །དུར་སོལ་ནག་པོས་བསྐུས་ལ་གཞག །དེ་བཞིན་ལས་ཀུན་ཟིན་པ་དང་། །དུག་ཁྲག་མིང་རུས་བཅས་པ་རྣམས། །མཆོད་རྟེན་བུམ་པའི་ནང་དུ་སྩལ། །ལྷ་ཕྱག་བྱ་ཞིང་སྔགས་ཀྱང་བཟླས། །མཆོད་རྟེན་མ་མོ་བརྣག་པ་གསུམ། །ཆུ་མིག་ཉ་ལྕིབས་ཅན་དུ་སྦ། །མ་ཉེས་དཔང་གཟུག་མཁྱེན་པར་གསོལ། །གཏོར་མ་བཏང་བའི་དུས་ཚོད་ནི། །ནང་པར་སྐྱ་རེངས་ཤར་བ་དང་། །དགོང་གི་དམར་ཐག་ཆད་པ་ལ། །མ་མོའི་གཏོར་མ་རིམ་པར་གཏང་། །དེ་བཞིན་ཉིད་དང་ཀུན་ཏུ་སྣང་། །སྣང་ལ་རང་བཞིན་མེད་པ་ཡི། །ཆུ་ཟླའི་དཀྱིལ་འཁོར་བཞིན་དུ་བསྒོམ། །དེ་བཞིན་རྒྱུ་ཡི་ཏིང་ངེ་འཛིན། །མཐིང་ནག་ཧཱུཾ་གཅིག་གསལ་བར་བསྒོམ། །སྤྲོ་བསྡུས་བདེ་གཤེགས་ཐུགས་དམ་བསྐུལ། །འགྲོ་བའི་དོན་བྱས་སླར་འདུས་པས། །གསེར་གྱི་རྡོ་རྗེ་རྩེ་ལྔར་གྱུར། །ཡ་མཱནྟ་ཀ་བཛྲ་མ་ཧཱ་ཀྲོ་དྷ་ཞེས་བརྗོད་པས། གཏུམ་ཆེན་ཡ་མཱནྟ་ཀར་གྱུར། །དབུ་དྲུག་ཕྱག་ཀྱང་བཅུ་གཉིས་པ། །རྒྱན་དང་ཆ་ལུགས་གསལ་བར་བསྒོམ། །གཡས་སུ་ཀྵ་ལས་སྒྲོལ་བདག་མོ། །ཨེ་ཀ་ཛ་ཏི་གསལ་བར་བསྒོམ། །གཡོན་དུ་མ་ལས་སྦྱོར་བདག་མོ། །ནག་མོ་རེ་མ་ཏི་རུ་བསྒོམ། །ཡབ་ཡུམ་སྦྱོར་བའི་བྱང་སེམས་ལས། །ལྷག་པར་ཡི་གེ་མ་གསུམ་འཕྲོས། །སྟོང་གསུམ་མས་ཁྱབ་འགྲོ་དོན་བྱས། །སླར་འདུས་ཟླ་གམ་གསུམ་ལ་བབས། །ཡིག་འབྲུ་གསུམ་གྱིས་དབང་བསྐུར་ཏེ། །ནག་མོ་ཕུང་གསུམ་གསལ་བར་བསྒོམ། །འཁོར་ལོ་བཞི་ལ་ཕུང་བྱེད་བཞི། །རྩིབས་མཆན་བཞི་ལ་ཤན་པ་བཞི། །གྲུ་ཆད་བཞི་ལ་གདོང་མོ་བཞི། །བར་ཁྱམས་བཞི་ལ་བསེ་མོ་བཞི། །ལྕགས་རི་ལ་ཡང་དབང་ཕྱུག་མ། །སྐུ་མདོག་ཆ་ལུགས་གསལ་བར་བསྒོམ། །དེ་བཞིན་བསྒོམས་པའི་མ་རྣམས་ལ། །སྤྱན་དྲངས་ཕྱག་འཚལ་བཞུགས་མཆོད་དབུལ། །དགྱེས་བསྟོད་བཅོལ་བསྐུལ་ཕྲིན་ལས་བཅོལ། །ཐ་མ་ལས་ཀྱི་སྦྱོར་བས་གསད། །ཨོཾ་ཨ་ཀྲོ་ཏེ་ཀ་ཡ་


DNG016_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

མཱནྟ་ཀ་ཀཱ་ལ་རཱུ་པ་ཧཱུཾ་ཕཊ། ཨོཾ་ས་མ་ཡ་ཤྲཱི་མཉྫུ་ཡ་མཱནྟ་ཀ་ཡ་མ་རཱ་ཛ་མ་མ་ཨེ་ཀ་ཙ་ཏི་ཛ་ཛ། ཏྲ་ག་རཀྴ་ཁ་མུན་ཏྲ་མུ་རུ་མུ་རུ་ཧཱུཾ་བྷྱོཿ། རག་མོ་ཏེ་ཀེ་ཙ་ཚ་ཁ་ལ་བྷྱོ་རུ་ལུ་རུ་ལུ་མ་ཏི་བྷྱོཿ། རུ་རུ་རོ་རུ་ཙ་པ་ལ་ཨ་ཤུག་མེ་ཛ་ཛ། དུ་ནི་དུན་ཏིང་དུ་ལ་ཡ་ཛ་ཛ། དུ་རུ་ཛ་ལ་ཧ་ན་ཛ་ཛ། དུ་མ་ར་ཧེ་དེ་ཛ་ཛ། རུས་སྙིང་ཁྲག་ཁ་ལ་རཀྴ་རྦད་ཐུཾ་རི་ལི་ལི། ནྲྀ་ཤ་ཀུ་རུ་རཀྟ་ཁ་རམ་ནི། ཀུ་ནི་ཀུ་རུ་ཀུ་རུ་ཁམ་རཾ་རྦད་ཐུཾ་རི་ལི་ལི། སྙིང་ལ་རཀྴ་ནི་ཤ་སྡི་སྟ་རྦད་ན་ཐུཾ་རི་ལི་ལི། ཏྲག་རཀྴ་མུ་ཏྲ་སྙིང་ཁ་རག་མ་བྷྱོཿ། ཨོཾ་རུ་རུ་རོ་རུ་ཙ་པ་ལ་ཨ་ཤུག་མེ་བྷྱོ། མ་རཀྨོ་རཀྨོ་སྙིང་རྩ་ལ་བྷྱོ། རག་མོ་དགྲ་སྙིང་ཁ་རག་བྷྱོ། རག་མོ་ཙན་མོ་བྷྱོ། ཁྲག་ལ་མུ་ཤ་མ་བྷྱོ། ཀུ་མ་དྷ་རི་བྷྱོ། ཀྵུ་ལ་དྷ་རི་བྷྱོ། ཙ་མུན་དྷ་རི་བྷྱོ། ཀཾ་ཀ་དྷ་རི་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ། དེ་རྣམས་སྲོག་གི་སྙིང་པོ་སྟེ། །ཉུང་དཀར་ཉུང་ནག་སྐེ་ཚེ་དང་། །རྡོ་ཕྱེ་ལྕགས་ཕྱེའི་རྫས་རྣམས་ཀྱིས། །སྟོང་སྟོང་བཟླས་ཤིང་ཐུན་ལ་བསྡིམ། །དེ་བཞིན་གྲུབ་པའི་རྟགས་རྣམས་འོང་། །མེ་དང་སྒྲ་དང་དུ་བ་དང་། །རྫས་དང་འོད་དང་སྐད་འདོན་དང་། །རྨི་ལམ་རྟགས་དང་ཉམས་སུ་སྟོན། །གང་ཚེ་རྟགས་ཀྱི་དྲོད་ཚད་གཟུང་། །གང་ཉེ་དག་ལ་གཏོར་མ་གཏང་། །ལས་དང་རྦད་སྔགས་སྲོག་བཞིན་སྦྱར། །ཡ་མཱནྟ་ཀ་ཡ་མ་རཱ་ཛ་མ་མ་ཨེ་ཀ་ཙ་ཏི་ནྲྀ་ཛ་བྷྱོ། རུ་རུ་རོ་རུ་ཙ་བ་ལ་ཨ་ཤུག་མེ་བྷྱོ། དུ་ནི་དུན་ཏིང་དུ་ལ་ཡ་བྷྱོ། མ་རུ་ཏྲག་རཀྴ་མ་མ་བྷྱོ། མ་མ་རུ་རུ་རག་མོ་བྷྱོ། སྙིང་ཁ་རཀྴ་ཏི་སྟ་མ་བྷྱོ། རག་མོ་མ་མོ་ཁོང་གི་སྙིང་ལ་ཡ་བྷྱོ། རག་མོ་ཙ་བ། ཁྲག་ལ་མུ་ཤ་སྙིང་ཙ་རོ་རུ་ཙ་པ་ལ་མ་བྷྱོ། སྙིང་ཤིག་དམར་མོ་དུན་བྷྱོ། སྙིང་ཙ་ལ་དམར་མོ་དུན་བྷྱོ། སྙིང་ཁྲག་ལ་དམར་མོ་དུན་བྷྱོ། ཙིཏྟ་ཕྱུང་དམར་མོ་དུན་བྷྱོ། དེ་ནི་མ་མོའི་རྦད་སྔགས་ཏེ། །རང་རང་གྲུབ་པའི་རྟགས་དང་སྦྱར། །དེ་ནས་གསད་པའི་ལས་བྱ་ན། །རང་རང་གྲུབ་པའི་རྟགས་དང་སྦྱར། །མ་མོས་གསོད་པའི་ཐུན་སྔགས་དང་། །རང་རང་རིམས་ནད་དབབ་པའི་ཐབས། །གཤིན་རྗེ་གཤེད་པོས་དབང་བསྡུས་ལ། །ཨེ་ཀ་ཙ་ཏིས་རྒྱུ་གཟེར་


DNG016_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

དབབ། །གོང་གི་རྫས་བླངས་སྔགས་འདིས་བརྡེག །ཏྲག་རཀྴ་ཁ་མུན་ཏྲ་མ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། རག་མོ་ཏེ་ཀུ་མ་ཙ་ཙ་ཁ་ལ་མ་ཏི་བྷྱོཿ། རུ་ལུ་རུ་ལུ་མ་ཏི་བྷྱོ། རཀྴ་ཐུན་བྷྱོ་ཛ་ཛ། ཤི་རི་ཐུན། མང་ས་ཐུན། དྷ་རུ་ལ་ཐུན། བི་མ་རུ་ཙེ་དགྲ་བོ་ལ་ཐུན་བྷྱོ། ཕཊ་ཕཊ། རུ་རུ་བི་མ་རུ་ཙེ་ཁ་ཐམ་མ་མོ་ནག་མོ་རྩ་ལ་ཡཾ། སྲོག་ལ་ཐུན་སྙིང་ལ་ཐིབས། གོང་གི་དྲག་པོའི་རྫས་བླངས་ལ། །ཨེ་ཀ་ཛ་ཏིས་མཛེ་ནད་གཏོང་། །ཏྲག་རཀྴ་ཁ་འདར་ཁ་འདར་སོ་ཆུམ་སོ་ཆུམ། ནཱ་ག་རཱ་ཛ་མ་ག་མུག་སྡོམ། བཾ་རི་ལི་ལི། བཾ་རི་ལི་ལི། དགྲ་བོ་མཱ་ར་ཡ་ཛ་ཛ། དེ་བཞིན་དྲག་པོའི་རྫས་བླངས་ལ། །རེ་མ་ཏི་ཡིས་ནད་ངན་དབབ། །མྱོག་མྱོག་ཤིག་ཤིག་ཙིཏྟ་བམ་ཤིག་ཤིག །ཙིཏྟ་བམ། མྱོག་མུག་ཏི་རི་རྒྱོབ། ཙིཏྟ་བམ་ཕྱུང་། ཆོད་ཅིག །ཐུམས་ཤིག །ལོང་ལོང་ཐུམ་ལོང་། ཡེར་ཡེར། མེར་མེར་སོད། རུ་རུ་ཤི་ཏྲི་ཀྲི་མ་རུ་སོད་སོད། སྲོག་ཐུམ་མུག་སོད། མར་དུ་རྦད་ཡ་སོད། ཁ་རུག་ཤ་ཤ་མ་སོད། སྲོག་ཐུཾ་ནྲྀ་ནི་རྦད་སོད། ནྲྀ་ནི་ཡ་ཙ་ཐུམ་སོད། གང་གྲུབ་རྟགས་དང་སྦྱར་ཏེ་གསད། །དེ་ནས་ཐུན་དང་འཁོར་ལོ་དེ། །མཆོད་རྟེན་བུམ་པར་སྩལ་བར་བྱ། །ཆུ་མིག་ནང་གནན་དཔང་ཡང་གཟུག །ཡབ་ཡུམ་འོག་གི་གཟུགས་མིང་ལ། །རང་རང་ཕུར་པའི་སྔགས་ཀྱིས་གསད། །དཀྱིལ་འཁོར་འབྲུབ་ཁུང་ནང་དུ་གནན། །སྙིང་ལ་རྟེན་བཅའ་གཏོར་མ་གཏང་། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། ནད་ངན་དབབ་པ་མ་མོའི་ཟླ་གསང་སྐབས་ཏེ་ལེའུ་རེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོས་འགལ་བ་ཆམ་ལ་དབབ་སླད་དུ། མ་མོ་སྟོང་གི་ལས་མཁན་མ། །ནག་མོ་མི་ཕམ་སྲིད་གསུམ་མགོན། །དཔལ་ལྡན་ནག་མོ་རེ་མ་ཏི། །ནད་ཀྱི་བདག་མོའི་ཟླ་གསང་གསུངས། །དང་པོར་མཆོད་དང་སྡིག་བཤགས་སོགས། །རིམ་པ་ཇི་བཞིན་སྟོང་མཐར་བསྒོམ། །འབྱུང་བ་རིམ་ལྔའི་གཞལ་ཡས་བསྐྱེད། །སེམས་ཀྱི་རང་བཞིན་གཤེད་པོ་སྟེ། །སྙིང་ལས་འཕྲོས་ཏེ་སྤྱན་དྲངས་ཏེ། །སྦྱངས་


DNG016_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

སྦར་རྟོགས་པས་གཏོར་མ་བརླབ། །སྲོག་གི་སྙིང་པོ་དབུལ་བར་བྱ། །རཀྟའི་རྒྱ་མཚོ་དེ་ཡིས་བརླབ། །བར་དུ་སྐུལ་ཚིག་གང་རུང་བསྐུལ། །དེ་ནས་བསྒྲུབ་པར་བྱ་བ་ནི། །དཀྱིལ་འཁོར་མཐིང་ནག་གྲུ་གསུམ་ལ། །ཟླ་གམ་དམར་པོ་གསུམ་གྱིས་བསྐོར། །གྲུ་ཆད་བར་ཁྱམས་སྒོ་བཞིར་ལྡན། །ཤིན་ཏུ་དྲག་པོའི་སྣོད་ནང་དུ། །ཙིཏྟ་དང་ནི་རཀྟ་དང་། །བཙན་དུག་རྣམས་ནི་བླུག་པར་བྱ། །ནལ་བུའི་ཤ་དང་ཤེས་རབ་མཚལ། །ནལ་བུའི་བྷནྡའི་ནང་དུ་བླུགས། །ནལ་བུའི་སྙིང་ལ་རྟག་ཏུ་བོད། །བྱ་ནག་ལུག་ནག་རྟེན་དུ་བཅའ། །ནལ་བུའི་གསོབ་གསལ་ཡང་ལ་རྨ་བྱའི་མདོངས། །དར་ནག་འཕུར་ལྕེ་བཏགས་ཏེ་བཟུང་། །གཏོར་མ་སྤྱན་གཟིགས་ལྡན་པས་བསྐང་། །འབོད་པ་རྦད་པ་གསད་པའི་སྔགས། །ཉུང་དཀར་ཉུང་ནག་རྫས་རྣམས་ལ། །བདུན་འབུམ་གྲངས་ནི་ཚང་གྱུར་ན། །རིམས་ནད་སྣ་ཚོགས་ཆར་བཞིན་འབེབས། །ལྷ་མོ་སྲོག་གི་ཡང་ཏིག་འདི། །སྙིང་ནས་འདྲེན་པའི་མཆོག་ཡིན་ནོ། །མ་མ་ཏྲག་རཀྴ་སྙིང་ཁ་རག་ཙིཏྟ་སྲོག་དུང་དུང་ཛ་ཛ་ཧཱུཾ་ཕཊ། མ་མོ་རྦད་པའི་དགུ་ཏིག་འདི། །སྙིང་ནས་འདྲེན་པའི་མཆོག་ཡིན་ནོ། །མ་རཀ་མོ་ཐུམ་རིལ་སྙིང་རྩ་འདུས། སྲོག་ཕྲིག་ཕྲིག་ཤམ་ཤམ་ཁྱེར་བྷྱོ། སྙིང་ཁྲག་རྩ་སྲོག་དྲེང་དྲེང་རྦད་རྦད། ཨོཾ་ཛྭ་ལ་ཛྭ་ལ་ཧཱུཾ་ཕཊ། མ་སྲོག་ཏུག་ཏུག་ཁྲག་ལ་སྙིང་རྦུད། མ་སྲོག་ཐུན་སྙིང་ལ་མ་བྷྱོ། མཱ་ར་ཡ་ནི་ཕཊ། ཁ་ཐུམ་ནི་ཛ་ཛ། མ་མོ་གསད་ཏིག་ནག་མོ་འདི། །རིམས་ནད་ཁྲག་སྐྱུགས་ནད་ཀྱིས་གསོད། །མ་མོ་རང་གི་སྙིང་ཁྲག་གིས་ཐུམ་རྦད། ཐང་མུ་ལེ་ཐང་མུ་ལེ་ཆེ་གེ་མོའི་ཙིཏྟ་ལ་རྦད་རྦད། ཙ་ཐང་ཙ་ཏི་ཙ་ཏི་ཡང་ཙ་ཐང་ཆེ་གེ་མོའི་ཙིཏྟ་ལ་རྦད་རྦད། མུཾ་སྣི་མུཾ་སྣི་ཆེ་གེ་མོའི་ཙིཏྟ་ལ་རྦད་ནན་ནན། རག་མོ་ནི་རག་མོ་ནི་ཁ་ལོང་ཙིཏྟ་རྦད། དུག་སྣི་དུག་སྣི་ཁ་ལ་ཛྭ་ཙིཏྟ་རྦད། ཀྱི་ཁ་ལོ་ཀྱི་ཁ་ལོ་ཙིཏྟ་རྦད་རྦད། སྭ་སྡི་སྭ་སྡི་ཙིཏྟ་རྦད་རྦད། ནྲྀ་སྡི་ནྲྀ་སྡི་ཙིཏྟ་མུག་མུག་ཐུཾ་ཐུཾ་སུབ་སུབ་ཏི་སྟ་རྦད་རྦད། ཁ་འདར་ཡེད་ཡེད་ཐུམ་ཐུམ་རྦད་རྦད་སེ་ཁ་ལོ་མུ་ཁ་ལོ་རྦད་རྦད་སྭཱ་ཧཱ། བདག་ཉིད་གཤིན་རྗེ་གཤེད་པོར་རབ་བསྒོམ་སྟེ། །


DNG016_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་གཤེད་པོའི་ཐུགས་ལས་མ་འཕྲོས་ཏེ། །ཡི་གེ་མཐིང་ནག་མ་ཡིས་སྟོང་གསུམ་གང་། །ཕར་འཕྲོས་བདེ་གཤེགས་རྣམས་ཀྱི་ཐུགས་དམ་བསྐུལ། །སླར་འདུས་སེམས་དཔའི་མ་ལ་ཐིམ་པར་བྱས། །དེ་འཕྲོས་མཎྜལ་མ་ལ་ལྷན་གྱིས་འབབ། །ཡིག་འབྲུ་གསུམ་གྱིས་དབང་བསྐུར་བྱིན་བརླབས་ནས། །མ་ལས་ལྷ་མོ་ཉིད་ཀྱིས་སྐུར་གྱུར་ཏེ། །སྐུ་མདོག་ནག་མོ་ཤིན་ཏུ་གཏུམ་པ་ལ། །ཤིན་ཏུ་སྒེག་པ་ཞལ་གཅིག་ཕྱག་བཞི་པ། །རལ་གྲི་བྷནྡ་དམར་འཁྱིལ་གཡས་རིམ་བཞིན། །ཤཀྟི་ཏྲི་ཤཱུལ་མགུལ་ནས་དར་དཔྱངས་གཡོན། །རལ་གཅིག་སྦྲེང་བའི་ལན་བུ་གཡོན་དུ་འཁྱིལ། །སྐྲ་སྐེད་སྦྲུལ་ལ་ཐོད་པའི་ཕྲེང་ཐོད་ཅན། །རྣ་ལྟག་མེ་ཏོག་དར་ནག་ཅོད་པན་འཕུར། །སྙན་གཡས་སྦྲུལ་གྱི་གདེངས་ཀ་ཡི། །མགུལ་ནས་སིལ་སྙན་འཁྲོལ་བ་ལ། །སྙན་ཆ་གཡོན་པ་སེང་གེ་འཕྱོ། །ཐོད་པ་སྐམ་རློན་དོ་ཤལ་བྱས། །བོང་བུ་གྭ་པའི་ཆིབ་ལ་ཞོན། །གཞན་ཡང་ཆེ་བའི་རྒྱན་དང་གདུག་པའི་རྒྱན། །སྟོང་གིས་བརྒྱན་པ་གསལ་བར་བསྒོམ། །ཏིང་འཛིན་སེམས་དཔའི་སྐུ་ལས་འོད་ཟེར་ནི། །ལྕགས་ཀྱུ་འབར་བའི་འོད་ཟེར་ཕར་འཕྲོས་ཏེ། །བདག་ཉིད་ཆེན་མོའི་སྲོག་ནས་རབ་བསྐུལ་ཏེ། །སྲིད་པའི་མ་མོས་སྟོང་གསུམ་ཁེངས་པར་བྱས། །གཤིན་རྗེའི་ཚོགས་ཀྱང་དེ་བཞིན་ཏེ། །སྲོག་ལ་རྔམ་པ་ཀུན་གྱིས་བསྐོར་བར་བསམ། །དེ་ལྟ་བུ་ནི་ཡང་ནས་ཡང་དུ་སྟེ། །དེ་ལྟར་ཐིབ་ཐིབ་ཡོད་སྙམ་ཆོ་འཕྲུལ་འབྱུང་། །དེ་ལྟ་བུ་ཡི་བར་དུ་བསྒོམ་པར་བྱ། །ཡེངས་པར་གྱུར་ན་ཅིས་ཀྱང་མི་འགྲུབ་བོ། །གཙོ་མོ་ལ་སོགས་སྲིད་པའི་མ་མོ་ཡིས། །གང་ལ་བྱ་བའི་སྙིང་ནས་རབ་བཟུང་སྟེ། །སྐྲ་གྲོལ་མིག་རྩ་རིག་རིག་འོ་དོད་ཙེ་རེ་རེ། །གན་བུབ་རྔུལ་ཞིང་ཁ་ནས་ཁྲག་སྐྱུགས་འབྱུང་། །ཅི་མཛད་འོན་ཏང་ཟེར་ཞིང་དབུགས་དང་བྲལ་ལ་ཁད། །ཐུན་ཁུང་ནང་དུ་རབ་ཏུ་འཇུག་པར་བསམ། །དེ་ལྟར་བསྒོམ་ལ་གཤེད་པོས་དབང་དུ་བསྡུ། །མཉེས་པའི་ཚུལ་གྱིས་བསྟོད་པ་འདི་སྐད་དབུལ། །དཔལ་ལྡན་ནག་མོ་མི་ཕམ་སྲིད་གསུམ་མགོན། །བདག་དོན་རྣམ་ཐར་གསུམ་ལ་ཐུགས་


DNG016_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

གཞོལ་ཡང་། །སྙིང་རྗེའི་དབང་གིས་རྗེས་ལ་ཐོབ་པ་ཡི། །ཤེས་རབ་སྣ་ཚོགས་དག་གིས་འགྲོ་དོན་མཛད། །ལྷ་མོ་སྐུ་མདོག་ནག་མོ་ཆར་སྤྲིན་མདོག །མཚན་མོ་ནག་མོ་ཤིན་ཏུ་གཏུམ་པའི་སྐུ། །ཤིན་ཏུ་སྒེག་ཅིང་ཀེང་རུས་ལུས་འཆང་མ། །ཞལ་གཅིག་ཕྱག་བཞི་ཞབས་གཉིས་རབ་ཏུ་བརྗིད། །རལ་པ་གཅིག་སྦྲེང་ལན་བུ་གཡོན་དུ་འཁྱིལ། །སྐྲ་སྐེད་སྦྲུལ་ལ་ཐོད་པའི་ཕྲེང་ཐོད་ཅན། །རྣ་ལྟག་མེ་ཏོག་དར་ནག་ཅོད་པན་འཕུར། །ཁྲག་གི་ཆང་གིས་ར་རོ་སྤྱན་གསུམ་དམར། །མི་རོ་རེངས་པ་ཁར་བཅུག་མཆེ་བ་བཞི། །རྣམ་པར་གཙིགས་ནས་ཤིན་ཏུ་ཁྲག་ལ་དགྱེས། །སྙན་གཡས་སྦྲུལ་གྱི་མགུལ་ནས་དྲིལ་གསིལ་ཞིང་། །གདུག་པ་བཏུལ་ནས་ཚངས་པའི་སྒྲ་སྒྲོགས་མ། །སྙན་ཆ་གཡོན་པ་སེང་གེ་རལ་པ་དམར། །དཔའ་མོ་སེང་གེ་སྒྲ་སྒྲོགས་མ། །ཕྱག་བཞི་གཡས་ཀྱི་དང་པོ་རལ་གྲི་བསྣམས། །འོག་མ་ཐོད་པ་བྷནྡྷ་དམར་བསྐྱིལ་འཛིན། །གཡོན་གྱི་དང་པོ་མཚོན་ཆ་ཤཀྟི་བསྣམས། །འོག་མ་ཏྲི་ཤཱུལ་མགུལ་ན་དར་ནག་འཕྱངས། །ཤག་ཏི་རལ་གྲི་མཚོན་ཆས་བཅད་པ་ཡི། །ལྷ་མ་ཡིན་ལ་སོགས་པའི་ཐོད་པས་དོ་ཤལ་བྱས། །གླང་པོ་ཆེ་ཡི་སྟོད་གཡོགས་གོས་སུ་མཛེས། །སྨད་ནི་བན་གླང་ཀོ་བས་དཀྲིས་པ་ལ། །ཕྱེད་ནི་རེ་ལྡེ་སྔོན་པོའི་ཤམ་བུ་ཅན། །ཀླུ་ཡི་དབང་པོ་བཞི་ཡིས་སྐེད་བཅིངས་ཅན། །ཞབས་གཉིས་ལྕགས་སྒྲོག་དག་གིས་མཛེས་པར་བརྒྱན། །ཁྲག་ཞགས་ཐིག་ལེ་མང་པོས་ཚོམ་བུར་བྲིས། །བོང་གྭ་ཞོན་ནས་མཚན་མོ་དུར་ཁྲོད་རྒྱུ། །བོང་བུའི་རྨིག་པ་གློག་གི་ཤུགས་འཆང་མ། །ཁམས་གསུམ་སྐད་ཅིག་ཙམ་གྱིས་འཁོར་བར་བྱེད། །སྐད་ནི་དུང་དང་འབྲུག་གི་སྒྲ་སྒྲོགས་ཤིང་། །མ་མོ་མཁའ་འགྲོ་ཤ་ཟ་དབང་དུ་སྡུད། །ལྷོ་ཕྱོགས་གཤིན་རྗེའི་ཕོ་བྲང་རྟག་ཏུ་གནས། །དམ་པའི་ས་ནས་གཟུགས་སྐུ་གཉིས་གཟིགས་མ། །ཏིང་འཛིན་དབང་ཐོབ་གཟུགས་ཁམས་གནས་སུ་བྱོན། །ཚངས་པའི་རྒྱལ་པོ་སོགས་ཀྱིས་ཕྱག་བྱས་མ། །གཞན་འཕྲུལ་དབང་བྱེད་ཡ་ཐར་བྱོན་པའི་ཚེ། །དབང་ཕྱུག་ཆེན་པོའི་སྐུ་ལ་དགྱེས་


DNG016_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲིལ་པ། །སུམ་ཅུ་རྩ་གསུམ་ཚར་བཞིར་བྱོན་པའི་ཚེ། །ལྷ་རྣམས་དབུགས་ཕྱུང་བརྒྱ་བྱིན་ཕྱག་བྱས་མ། །ལྷ་མ་ཡིན་རྣམས་ཕུང་བར་བྱེད་པའི་ཚེ། །ལྷ་མིན་རྒྱལ་པོ་ཀུན་གྱིས་ཕྱག་བྱས་མ། །སྐུ་མདོག་རི་རབ་ཆེ་དང་འགྲན་པའི་ཚེ། །ལྟེ་བའི་ཐད་ཀའི་ཕྱོགས་ནས་ཉི་ཟླ་འཆར། །རྒྱལ་ཆེན་ཕྱོགས་སྐྱོང་ལྷ་ཡིས་ཕྱག་བྱས་མ། །རྒྱ་མཚོའི་གཏིང་ནས་མེ་འབར་མཚོ་སྐེམ་མ། །ས་འོག་དབང་པོ་ཀུན་གྱིས་ཕྱག་བྱས་མ། །ལྷ་མོ་ཁྱོད་ཀྱི་ཆོ་འཕྲུལ་སྐུར་བསྟན་པས། །བདུད་དང་གཤིན་རྗེའི་རྒྱལ་པོ་འདར་ཞིང་ལུད། །མ་མོ་མཁའ་འགྲོ་ཤ་ཟ་སྔངས་ཤིང་བརྒྱལ། །ཙིཏྟ་རིན་ཆེན་གུར་ཕུབ་གཞལ་ཡས་ན། །ཉི་ཟླ་བརྩེགས་པའི་དཀྱིལ་འཁོར་ག་བུར་འབར། །ཕྱོགས་བཅུའི་འཇིག་རྟེན་དྲུག་གི་བཅུད་བསྡུས་ནས། །ཉི་མའི་དཀྱིལ་འཁོར་དག་ལ་ཐིམ་མཛད་མ། །དུག་གི་རླངས་པས་ནག་པོའི་ཕྱོགས་རྣམས་ཀྱི། །བཞི་བརྒྱ་རྩ་བཞིའི་ནད་ནི་ཁོང་ནས་བསླངས། །དེ་ཕྱིར་ནད་ཀྱི་བདག་མོ་དམ་ལ་འདུ། །ཕྱོགས་བཅུའི་འཇིག་རྟེན་བདུད་རྩིའི་བཅུད་བསྡུས་ནས། །ཟླ་བའི་དཀྱིལ་འཁོར་དག་ལ་ཐིམ་མཛད་མ། །བདུད་རྩི་བསླངས་པས་དཀར་པོའི་ཕྱོགས་རྣམས་ཀྱི། །བཞི་བརྒྱ་རྩ་བཞིའི་ནད་ནི་རྩད་ནས་གཅོད། །དེ་ཕྱིར་བདུད་རྩི་སྨན་གྱི་རྒྱལ་མོ་དམ་ལ་འདུ། །གང་ཞིག་ཁྱོད་ལ་དད་ན་མ་བས་བྱམས། །དེ་ཕྱིར་མ་གཅིག་ནད་འཇོམས་སྨན་གྱི་གཙོ། །ལྷ་མོ་ཁྱོད་ལ་རྟག་ཏུ་བདག་གིས་བསྟོད། །རྒྱལ་བ་ཤཱཀྱ་ཐུབ་པའི་སྤྱན་སྔ་རུ། །དུས་འདིར་བདག་གིས་དམ་བཅས་ཇི་སྲིད་དུ། །དཀར་པོའི་ཕྱོགས་ཀྱི་ནད་དང་སྡུག་བསྔལ་སོགས། །ཞི་བར་བྱེད་ཅིང་ཚེ་དང་ལོངས་སྤྱོད་སྡུད། །ནག་པོའི་ཚོགས་ནི་དགུག་ཅིང་དབང་དུ་སྡུད། །སྨྱོ་འབོག་ལྐུགས་པའི་ལས་འདི་མྱུར་དུ་བགྱི། །བསྟན་པ་བསྲུང་ཕྱིར་མྱུར་དུ་གྲུབ་པར་བགྱི། །འདི་ལས་འདས་ན་རྒྱལ་བའི་བཀའ་བསླུས་པས། །དུས་གསུམ་རྒྱལ་བའི་རྡོ་རྗེས་མགོ་དང་སྙིང་འགེམས་ཤོག །དེ་སྐད་རྒྱལ་བའི་སྤྱན་སྔར་དམ་བཅས་པའི། །དམ་བཅས་བཞིན་དུ་ཕྲིན་ལས་མྱུར་དུ་གྱིས། །རྣལ་འབྱོར་བདག་དང་བདག་


DNG016_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

གི་འཁོར་རྣམས་ལ། །ཁྱེད་ཀྱི་ཞལ་ནས་བདུད་རྩིའི་ཆར་ཕོབ་ལ། །ནད་སོགས་སྡུག་བསྔལ་ཚོགས་ནི་ཞི་བར་མཛོད། །ཚེ་དང་བསོད་ནམས་ལོངས་སྤྱོད་འཕེལ་བར་མཛོད། །ཟང་ཟིང་ལོངས་སྤྱོད་འབྲུ་ཡི་ཕུང་པོ་དང་། །རིན་ཆེན་རྐང་འགྲོས་ཕྱུགས་རྣམས་འཕེལ་བར་མཛོད། །བླ་མ་སྨོད་ཅིང་དཀོན་མཆོག་དབུ་འཕང་སྨོད། །བདག་ལ་དགེ་བའི་བར་ཆད་བྱེད་པའི་དགྲ། །ཁྱོད་ཀྱིས་ཁོང་ནས་དུག་གི་རླུང་བུས་ལ། །འདུ་བ་རྣམ་བཞིའི་ནད་ནི་འདུ་རུ་ཆུག །བག་བཞི་ས་ལ་ལྷུང་ནས་རྡེབས་སུ་ཆུག །དོན་སྙིང་རྣམ་ལྔ་ཁོང་ནས་ཁྲག་སྐྱུགས་ཆུག །ལས་ངན་འཁོར་ཚོགས་ཆོ་ངེས་བརྡུང་དུ་ཆུག །མཁའ་ལྡིང་རྒྱལ་པོའི་ཚོགས་ཀྱིས་ལྟས་ངན་ཕོབ། །དམ་བཅས་བཞིན་དུ་ཕྲིན་ལས་མྱུར་དུ་གྲུབ་པར་མཛོད། །ཅེས་བསྟོད་ཅིང་ཕྲིན་ལས་བཅོལ་གྱུར་ན། །གང་འདོད་རིམས་ནད་ཕྱོགས་སུ་འབེབས། །མ་མོས་སྲོག་བསྡུས་ཏེ་གསད་པར་བྱའོ། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། ཡམས་ནད་ཀྱི་བདག་མོ་མ་མོའི་ཟླ་གསང་གི་སྐབས་ཏེ་ལེའུ་རེ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོས་འདི་སྐད་གསུངས་སོ། །འགལ་བ་ཆམ་ལ་འབེབས་འདོད་པས། །ནད་ངན་སྣ་ཚོགས་དབབ་པ་ལ། །མ་མོ་གསང་བསྒྲུབ་ཟླ་གསང་གསུངས། །ཟླ་གསང་ནག་པོའི་རྒྱུད་དག་ལ། །ཐབས་ཀྱི་སྦྱོར་བ་མང་ཡོད་ཀྱང་། །བསྡུ་ན་རྣམ་པ་བཞི་རུ་འདུས། །བླ་མེད་བསྒྲུབ་མཐུ་རང་བྱུང་སྟེ། །འཇིག་རྟེན་བསྒྲུབ་པ་དོན་གྱི་མཐུ། །རྟེན་འདྲེལ་སྒྱུ་མའི་སྦྱོར་བ་བཞིན། །རྫས་ཀྱི་ནུས་པ་དག་ལས་འབྱུང་། །གདོན་དང་རྫས་སུ་བཅས་པ་ལས། །རྣམ་གྲངས་མ་ངེས་ཁྱད་པར་མང་། །རྣམ་པ་གཉིས་ནི་གསལ་བྱ་སྟེ། །རྫས་དང་གདོན་དུ་བཅས་པས་བསྟན། །མྱུར་དུ་གསད་པའི་སྦྱོར་བ་ནི། །གང་ཡང་འདི་ལས་ཡོད་མ་ཡིན། །མ་མོ་ནག་སྨུག་དཀར་མོ་དང་། །དམར་མོ་ཚོགས་ཀྱི་ནང་དག་ནས། །རིམས་ནད་གཏང་བ་མང་ཡོད་ཀྱང་། །ཀུན་གྱི་ཕྱག་བརྙན་རེ་མ་ཏི། །འདི་དག་བསྒྲུབ་སྟེ་ལས་སྦྱར་ན། །རིམས་ནད་གང་འདོད་སྟོང་གསུམ་འགེངས། །འདི་ཡི་


DNG016_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ནི་འདི་ལྟར་བྱ། །རྒྱུ་གཟེར་དག་གིས་ཤི་བའི་ཁྲག །བཙན་དུག་ཐར་ནུ་བསྲེས་ནས་ཀྱང་། །བསེ་ཞོ་དག་དང་མར་དུ་སྦྱར། །སྔགས་འདིས་བཏབ་ཏེ་ལྟོར་ཡང་གཏང་། །རུ་རུ་ཤི་ཏྲི་ཀྲི་མ་དུ་སོད་སྲོག་ཐུམ་མུག་སོད། མ་རག་རུ་རྦད་ཡ་སོད། ནི་ཡ་ནི་ཡ་ཙ་ཐུན་སོད། ཤ་རྦུད་སྙིང་ཕྱུང་། སྙིང་རྒྱུད་སྲོག་ཆོད། སྲོག་ཐུན་དབུགས་ལོངས། མ་མ་ཐུམ་ཐུམ་སོད་སོད། ཅེས་འབུམ་འབུམ་བཟླས་ཏེ་ལྟོར་གཏང་ན། རྒྱུ་གཟེར་ཁྲག་ཏུ་བཤལ་ཏེ་འཆི། དེ་ནས་ཡང་བསེ་ཞོ་དང་བཙན་དུག་ལ་སྔགས་འདི་བཟླས། རུ་རུ་ཏི་རྦད་ཡ། བ་ཡ་དུ་དུ་རྦད་ཡ། ཆུམ་ཆུམ་ནི་མ་ཙ་རྦད་ཡ། ཤག་པ་དུ་དུ་ཡ་ཆེམས་ཆེམས་རྦད་ཡ། རྦད་སུ་ཤག་རྦད་ཡ། རག་ཐུམ་མུགས་རྦད་ཡ། རུ་རུ་ར་བ་ནི་དུམ་མ་ཏི་རྦད་ཡ། ཞེས་འབུམ་བཟླས་ཏེ་ལུས་ལ་རེག་པའི་གོས་ལ་བསྐུས་ན་ལྷོག་པ་དཀར་པོས་འཆི་བར་འགྱུར་རོ། །དེ་ནས་ཡང་བསེ་ཞོ་དང་བཙན་དུག་དང་བྱང་བ་ཚ་ཚོང་དང་མཛེ་ཁྲག་དང་མཛེ་ཕོའི་ཤུ་བ་ཀུན་སྦྱར་ལ་མར་དང་དྲི་མ་བསྲེས། ད་དུ་མ་ཤ་ཁུག །དུ་ཤ་མ་མ་བམ་གོལ་དུ། དུ་ཏྲི་མ་མ་སྙིང་ཕྱུང་། ས་མ་ཡ་མ་མ་སྲོག་ཆོད། དུ་ཤག་དུ་ཡ་མ་མ་ཏི་རུ་མ་ཏི་ཡ། ཤ་ཤ་མ་མ་རྦད་སུ་ཡ་ཡ། ནྲྀ་ནྲྀ་བྷྱོ་བྷྱོ་སོད་སོད། མ་རུ་ཡ་མ་རུ་ཡ་ཚལ་པ་རྦད་ཡེད་ཡེད་ཤ་ཐུམ་ཤ་ཐུམ་རྦད། ཙ་དུར་མ་མ་དུ་རྦད། ཤ་ཐུམ་ཡ་ཡ་བྷྱོ། ཤ་ཤ་ཙ་ཐུཾ་མ་ཡ་བྷྱོ། ཞེས་ཁྲིའམ་འབུམ་དུ་བཟླས། ཤ་ལ་རེག་པའི་གོས་ལ་བསྐུས་ན་མཛེ་དང་ཕོལ་འབྲས་ཀྱིས་འཆི་བར་འགྱུར་རོ། །མཛེ་ཁྲག་ཆང་དང་སྦྱར་ནས་ལྟོར་བཏང་ན་སྙིང་ལ་བབས་ཏེ་རུས་མཛེ་དང་མཛེ་ནད་འཐོར་བས་འཆི་བར་འགྱུར་རོ། །དེ་ནས་ཡང་དུག་རྫས་དང་རིམས་ཁྲག་སྣ་ཚོགས་སྦྱར་ནས་གོང་གི་སྔགས་རྣམས་དྲག་ཏུ་བཟླས་ཏེ། ཡུལ་ཁམས་ཀྱི་ལྷ་རྟེན་ནམ། ཆུ་མིག་ཀླུ་བཙན་ཡོད་ངེས་པའི་སའམ། བྲག་ཀླུ་བཙན་ཡོད་པའི་སར་གཏོར་ན་རིམས་ནད་སྣ་ཚོགས་ན་བུན་བཞིན་གཏིབས་ནས་འོང་བ་དང་། ཐོག་མེར་འོང་བ་དང་། སེར་བ་དྲག་ཏུ་འབེབས་པར་འགྱུར་རོ། །དཔལ་


DNG016_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་གསང་ནག་པོའི་རྒྱུད་ལས། ནད་ངན་སྣ་ཚོགས་གཏང་བའི་སྐབས་ཏེ་ལེའུ་རེ་བཞི་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོས་འགལ་བ་ཆམ་ལ་དབབ་པའི་ཕྱིར། སྨྱོ་འབོག་གིང་གི་ཟླ་གསང་གསུངས། །དབང་དང་དམ་ཚིག་ལྡན་པ་ཡིས། །བླ་མ་མཉེས་པའི་རིམ་གྲོ་བྱ། །ལྟ་བ་ཡངས་ཤིང་སྤྱོད་ལམ་གོམས། །སློབ་དཔོན་མཉེས་པའི་ཐུགས་གཟུང་ནས། །མན་ངག་བླུགས་ལ་ཕུར་ཏེ་བསྒྲུབ། །རི་གསུམ་རྩེའམ་བྲག་དཀར་རམ། །ལྷ་ཁང་དུར་ཁྲོད་སྤེའུ་དང་། །ཡང་ན་བྲག་ཕུག་ཤར་བལྟས་སུ། །རྩ་ན་བྲག་ཡོད་རྩི་ཤིང་སྐྱེས། །ཤར་དུ་ཁ་བལྟས་ཟུར་གསུམ་འདྲ། །རྒྱབ་རིམ་ཆད་པ་སེང་གེ་སྤུངས། །དེ་རུ་གནས་བཙལ་ས་ཆོག་བྱ། །ས་བདག་ལྷ་ཀླུ་ཞི་བའི་ཕྱིར། །གསེར་སྐྱེམས་གཏང་ལ་བདེན་པ་བདར། །འདི་སྐད་བརྗོད་ལ་བསྒོ་བར་བྱ། །བདག་མིང་འདི་ཞེས་རྣལ་འབྱོར་པས། །ཕྱོགས་འདིར་སྒྲོལ་བའི་གིང་ཆེན་པོ། །སྲོག་བདག་དཀར་པོ་སྙིང་འབྱིན་ཞེས། །རྣལ་འབྱོར་རྣམས་ཀྱི་དགྲ་བླ་ཆེ། །རིག་འཛིན་སྲོག་ཤིང་འདི་བསྒྲུབ་པས། །དེང་འདིར་ས་བདག་ལྷ་ཀླུ་རྣམས། །གནས་གཞན་དག་ཏུ་འཕོ་བར་གྱིས། །ས་གཞི་འདི་ཡང་བཀྲ་ཤིས་མཛོད། །མ་ཉེས་དཔང་གཟུག་ཡུས་ཀ་གསོལ། །དེ་ནས་སྟེགས་བུ་བརྩིག་པ་ཡང་། །དྲ་ཕྱིང་རས་སམ་དར་བཏིང་ལ། །ནས་འབྲས་འབྲུ་ཡི་གཅལ་ཡང་དགྲམ། །ག་པུར་ཛཱ་ཏི་ཕ་ལ་དང་། །རྒྱ་སྤོས་ལ་སོགས་དྲི་སྤོས་དགྲམ། །ཡོལ་བ་བླ་རེ་འཕན་གདུགས་དྲེས། །སྲོག་བདག་དཀར་པོ་སྙིང་འབྱིན་ནི། །རས་ལ་བྲིས་སམ་ལུགས་སྐུ་གཅིག །ཤར་ནས་ནུབ་ཏུ་གཟིགས་པ་གཞག །འབྲས་ལ་སོགས་པའི་བཤོས་ཆ་ལ། །ལྷ་བཤོས་རི་རབ་ཚུལ་འདྲ་བྱ། །དེ་ཡི་ཕྱོགས་བཞིར་མར་ཁུས་བྱུག །དབུས་སུ་རྨྱུག་མ་ཚིགས་གསུམ་ལ། །བྱ་རྒོད་ལྡེམ་ཕོད་ཟ་འོག་དང་། །བསེ་དང་གསེར་དང་བྱི་རུ་དང་། །པགས་བླུད་དཀར་པོས་


DNG016_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱན་པ་གཟུག །གཞན་ཡང་ཤ་དང་ཉ་ཤ་དང་། །ཐུད་ཕྲུམ་ལ་སོགས་སྤྱན་གཟིགས་ཀྱིས། །དེ་ཡི་མཐའ་མ་བསྐོར་ཏེ་དགྲམ། །སྤོས་དང་མེ་ཏོག་མར་མེ་དང་། །རྔ་གླིང་པི་ཝང་དུང་ལ་སོགས། །སྐུ་གཟུགས་དེ་ཡི་མཐའ་མར་གཞག །ཙནྡན་དཀར་པོའི་ཆུ་ལ་སོགས། །དུང་ཕོར་འཁར་ཕོར་བཀང་བ་གཉིས། །སྐུ་གཟུགས་དེ་ཡི་མཐའ་མར་དགྲམ། །ཉུང་དཀར་ཉུང་ནག་སྐེ་ཚེ་ཡང་། །དྲག་པོ་སྔགས་ཀྱི་མཚོན་དུ་གཞག །གཞན་ཡང་སྒོ་ང་སྣ་ཚོགས་དང་། །ཁུར་བའི་རྣམ་གྲངས་མང་པོ་དང་། །སྒོག་པ་སྨན་དང་དྲི་སྤོས་རྣམས། །བྲིས་སྐུ་དེ་ཡི་མཐའ་མར་དགྲམ། །གཤིན་རྗེ་གཤེད་པོའི་སྐུར་བསྒོམ་ལ། །སྙིང་པོ་བརྒྱ་རྩ་བརྒྱད་དུ་གདོན། །ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུཾ་ཕཊ། ཨོཾ་ཀཱ་ལ་རཱུ་པ་ཧཱུཾ་ཕཊ། ཨོཾ་ཧྲཱྀཿཤྟྲཱིཿབི་ཀྲྀ་ཏ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ། བདག་ལ་བྱིན་བརླབ་ལུས་བསྲུང་བྱ། །དེ་ནས་དབང་དུ་གྱུར་པ་དང་། །རྒྱལ་པོ་བཅུན་པའི་ལས་བྱའོ། །སྤྱན་དྲང་ཕྱག་འཚལ་བཞུགས་སུ་གསོལ། །ཕྱག་ཆབ་གསོལ་དང་གདན་སྐྱེམས་དྲངས། །མཆོད་པ་འབུལ་ཞིང་བསྟོད་པ་བགྱི། །འཛབ་བཟླས་དམ་ཚིག་དྲག་ཏུ་བསྲེ། །རྒྱལ་པོའི་སྲོག་སྙིང་འདི་སྐད་བརྗོད། །ཨོཾ་ཤྲཱི་མཉྫུ་ཡ་མཱ་རཱ་ཛ་མ་མ་ཨེ་ཀ་ཛ་ཏི་ནྲྀ་ཛ་ཛ། ཏྲི་ཙ་པ་ལ་ཨ་ཤུག་མེ་སྭཱ་ཧཱ། ཞེས་ནི་ཁྲི་འབུམ་གྲངས་བསྙེན་བྱ། །རྫས་ཀྱིས་མཆོད་ཅིང་རྟག་ཏུ་བཟླས། །གྲུབ་ནས་སྔགས་འདིས་རབ་ཏུ་རྦད། །ཧ་ལི་ཧུ་ལི་བམ་རིལ་ནྲྀ་ཛ་ལ་ལི་པྲ་མ་ནི། རི་རྩེ་ཐལ་བ་ནི། ཀྲོ་ཏི་ཀོ་ལ་ཡ། ཀྲོ་ཏི་ཀོ་ལ་ཤ །ཤ་མ་ཏྲི་ཤ་མུ་ཏྲི། མུ་རི་ནི་རེ་ཏྲི། ཏྲ་རམ་ཏྲི། ཧཾ་ཤག་ཧཾ་ཤག་རུ། ཆེ་གེ་མོ་ཙིཏྟ་ལ་ཛ། དེ་བཞིན་རྒྱལ་པོ་དྲག་ཏུ་རྦད། །གལ་ཏེ་ལས་བྱེད་མ་བཏུབ་ན། །རྒྱལ་པོ་ཤི་ས་འདི་ཡིས་བསྟན། །མ་ར་ན་པྲ་མ་ར་ཙ་ཙི་ཏ་པ་ལེ་ཨ་ལི་ས་མ་ཡ་ཨཾ་གུ་ཤ་ཛ་ཛ། ཕྱག་རྒྱ་བཞི་ཡིས་གཟུགས་བཅིངས་ཏེ། །སྔགས་ནི་བརྒྱ་རྩ་བརྒྱད་དུ་བརྗོད། །རྒྱལ་པོ་རང་ལ་དབང་མེད་པར། །རྔུལ་ནག་ཁྲག་ཏུ་འཛག་ཅིང་འོང་། །


DNG016_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གསད་པའི་ལས་ཐབས་ཀྱང་། །སྨྱོ་འབོག་ཤི་བའི་ལྡན་ཕོར་དུ། །དེ་ཉིད་རང་གི་སྙིང་ཁྲག་དང་། །དུག་སྣ་གསུམ་དང་མི་ཁྲག་དང་། །བརྣག་པའི་མིང་རུས་བྲིས་ཏེ་གཞུག །དུར་ཁྲོད་རོ་རས་རྙིང་པ་ལ། །གསོད་པའི་འཁོར་ལོ་བཅའ་བར་གསུངས། །དང་པོ་ཉི་མ་བཞི་པའི་སྔགས། །དེ་ཡི་ཕྱི་རིམ་རྒྱལ་པོའི་དྲག་སྔགས་བྲི། །ཡང་རིམ་ཀླུ་ཡི་དྲག་སྔགས་བྲི། །ཐོད་པ་དྲིལ་ལ་རྒྱ་གྲམ་བཅིང་། །ཉིན་བཞི་ལྷ་ཡི་གིང་བཞི་བསྐུལ། །སྐབས་སུ་གིང་ཆེན་བཅོ་བརྒྱད་བསྐུལ། །ཉི་མ་བཞི་པའི་ལས་ཀྱང་བྱ། །ཨོཾ་མ་ཧཱ་རཱ་ཛ་ཐུན་བྷྱོ་བྷྱོ། དགྲ་བོའི་སྲོག་ལ་ཐིབས། མུག་མ་ར་ན་ཐུན། དགྲ་བོའི་སྙིང་ཤག །ཚལ་པ་དུམ། དགྲ་བོའི་བཀྲག་ལ་སན། རླག་ཛ་རུ་ཐིབས་ཆུག །དགྲ་བོའི་ཁྲག་ལ་འཇིབ། བྷི་བ་བྷི་བ་དུན་ཛ། མཱཾ་ས་ལ་ཛ། སྙིང་ཏཾ་སྙིང་ཏ་ལ་དུན། ཁྲག་ཏ་ཁྲག་ལ་ཐུན་བྷྱོ་ཐུན་བྷྱོ་མུག །ཉུང་དཀར་ཉུང་ནག་སྐེ་ཚེ་ལ། །དྲག་ཏུ་སྔགས་ལ་བརྡེག་པར་བྱ། །དཀར་པོ་གཅིག་གིས་ཐུགས་དམ་བསྐང་། །རྟགས་ཀྱང་འདི་བཞིན་སྟོན་པར་ངེས། །ཉི་ཟླ་འཆར་དང་ལྡེར་སོ་དང་། །འབག་ཏུ་རྨིས་ན་ཐ་མར་བཤད། །བཙད་པོ་ཞང་བློན་དགེ་བཤེས་སམ། །དམག་དཔོན་རྨིས་ན་འབྲིང་དུ་བཤད། །རྒྱལ་པོ་ཉིད་མཐོང་ཉམས་སུ་སྟོན། །དེ་ལྟར་བྱུང་ན་རབ་ཏུ་བཤད། །བསྐང་བཤགས་བྱ་ཞིང་དངོས་གྲུབ་བླང་། །དམ་ཚིག་བསྲེ་ཞིང་ཕྲིན་ལས་བཅོལ། །དེ་ནས་འཁོར་ལོ་ཐོད་པར་བཅའ། །ཤར་དུ་ཁ་བལྟས་ཆུ་མིག་ངོར། །རྒྱལ་རིགས་སྦྱོར་བ་བྱས་གྱུར་ན། །སྨྱོ་འབོག་མཛེ་དང་ལྷོག་པས་འཆི། །ཐུན་དུ་འཕངས་ན་མཛེ་རིགས་འོང་། །མཁར་རྨང་མནན་ན་གནམ་ལྕགས་འབབ། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། རྒྱལ་པོ་ཕྱི་ལྟར་སྒྲུབ་པ་སྨྱོ་འབོག་གི་སྐབས་ཏེ་ལེའུ་རེ་ལྔ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོས་རྒྱལ་པོ་ནང་དུ་བསྒྲུབས་ཏེ་སྨྱོ་འབོག་གཏོང་བ་འདི་གསུངས་སོ། །ཐོག་མར་བླ་མ་མཉེས་བྱས་ཤིང་། །སྒྲིབ་པ་སྦྱོང་ཞིང་དམ་ཚིག་


DNG016_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

བསྲུང་། །མཚན་ལྡན་དགོན་པའི་གནས་ཉིད་དུ། །བལྟ་བ་རྒྱ་བསྐྱེད་འཇམ་དཔལ་བསྙེན། །བླ་མ་མཉེས་པའི་རིམ་གྲོ་བྱ། །དཀྱིལ་འཁོར་བརྩིག་དང་ཆག་ཆག་གདབ། །དེ་ནས་དཀྱིལ་འཁོར་བྲི་བ་ནི། །ཐིག་བཞི་བཏབ་ལ་ལེའུ་ཚེ་དགུ། །དབུས་ཀྱི་ལེའུ་ཚེ་དཀར་པོ་ལ། །ཤར་སེར་ལྷོ་སྔོ་ནུབ་དམར་བྱང་ནི་ལྗང་། །མཚམས་བཞི་སྨུག་ནག་སྒོ་དང་བཅས། །དབུས་སུ་གྲུ་གསུམ་རེ་རེ་བྲི། །དེ་ནས་ཙནྡན་དཀར་པོ་འམ། །རྒྱ་ཤུག་དཀར་པོའི་ཕུར་པ་དགུ། །སྲོག་བདག་དགུ་རུ་མངའ་གསོལ་ལ། །དར་དཀར་སྲོག་སྙིང་བྲིས་ཏེ་གདགས། །འདི་སྐད་བརྗོད་ལ་དགོད་པར་བྱའོ། །ཧཱུཾ། དབུས་ཕྱོགས་ཤེལ་རི་ཤེལ་གྱི་ཁང་པ་ནས། །ཁམས་གསུམ་སྲོག་ལ་མངའ་མཛད་པ། །སྲོག་བདག་ནག་པོ་རལ་པ་ཅན། །བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ། །བསམ་པ་བསྒྲུབ་ཕྱིར་གཤེགས་ནས་ཀྱང་། །ཕོ་བྲང་དབུས་ཀྱི་ལེའུ་ཚེ་ལ། །དགྲ་བགེགས་བསྣོལ་བའི་གདན་སྟེངས་སུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །གིང་ཀ་ར་ས་མ་ཡ་ཏིཥྛ་ལྷན། ཞེས་དབུས་སུ་དགོད་དོ། །རྒྱལ་རིགས་སྲོག་ལ་མངའ་མཛད་པ། །སྲོག་བདག་རྒྱལ་པོ་ཁུ་ལེ་ཤོད། །དཀྱིལ་འཁོར་ཤར་གྱི་ལེའུ་ཚེ་ལ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །བྲམ་ཟེའི་སྲོག་ལ་མངའ་མཛད་པ། །རྒྱལ་པོ་ཆེན་པོ་ཨག་གེ་ཡང་། །ལྷོ་ཕྱོགས་དཀྱིལ་འཁོར་ལེའུ་ཚེ་ལ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །རྗེའུ་རིགས་སྲོག་ལ་མངའ་མཛད་པའི། །རྒྱལ་པོ་ཆེན་པོ་ཨུག་གེ་ཡང་། །དེ་བཞིན་ནུབ་ཀྱི་ཕྱོགས་སུ་དགོད། །དམངས་རིགས་སྲོག་ལ་མངའ་མཛད་པ། །རྒྱལ་པོ་ཆེན་པོ་བྲམ་ཟེ་ཡང་། །དེ་བཞིན་བྱང་གི་ཕྱོགས་སུ་དགོད། །བུད་མེད་སྲོག་ལ་མངའ་མཛད་པ། །རྒྱལ་པོ་ཆེན་པོ་ཤང་ཟེ་ཡང་། །དཀྱིལ་འཁོར་ཤར་ལྷོའི་ལིང་ཙེར་དགོད། །བྱིས་པའི་སྲོག་ལ་མངའ་མཛད་པའི། །རྒྱལ་པོ་ཆེན་པོ་ད་ཁོད་ཀྱང་། །དཀྱིལ་འཁོར་ལྷོ་ནུབ་ལིང་ཚེར་དགོད། །མི་ནག་


DNG016_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་ལ་མངའ་མཛད་པ། །རྒྱལ་པོ་ཆེན་པོ་ནི་ཁོད་ཀྱང་། །ནུབ་བྱང་དཀྱིལ་འཁོར་ལེའུ་ཚེར་དགོད། །བྱོལ་སོང་སྲོག་ལ་མངའ་མཛད་པ། །རྒྱལ་པོ་ཆེན་པོ་ཉི་ཟླ་ཡང་། །བྱང་ཤར་དཀྱིལ་འཁོར་ལིང་ཚེར་དགོད། །དེ་ནས་མཆོག་གི་ཕུར་པ་བཞི། །ཉིན་བཞིའི་གིང་བཞིར་མངའ་གསོལ་ལ། །རིས་མཐུན་དར་གྱི་ཅོད་པན་གདགས། །ཕྲིན་ལས་བཅོལ་ཕྱིར་སྒོ་བཞིར་གདབ། །དར་སྐུད་གསུམ་དྲིལ་མཐའ་མ་བསྐོར། །བླ་རྒྱན་ལོགས་རྒྱན་ཅི་མང་དགྲམ། །དར་དཀར་གུར་ཕུབ་ཟ་འོག་གདན་ཡང་བཏིང་། །དེ་ནས་དབུས་ཀྱི་སྲོག་བདག་ལ། །གསང་ཕྱེ་དྲེ་གང་ལྷ་བཤོས་ལ། །རི་རབ་ཚུལ་འདྲ་ཞིག་བྱས་ལ། །དབུས་སུ་རྨྱུག་མ་ཚིགས་དགུ་ལ། །མཚལ་གྱི་མཁར་ཐབས་ཉ་མིག་བྲི། །རྩེ་ལ་བྱ་རྒོད་རྒྱལ་མཚན་དང་། །དར་དཀར་གདུགས་གཅིག་སྟེང་ནས་དགབ། །དངུལ་གྱི་གཡེར་ཁ་གཡག་རྔ་ཕོན། །ལྤགས་བུ་དཀར་པོའི་བླུད་བུ་གདགས། །ཐ་མའི་ཚིགས་ལ་མིང་རུས་གདགས། །གཞན་ཡང་རྨྱུག་མ་ཚིགས་གསུམ་བརྒྱད། །མཚལ་དང་ལྡོང་རོས་སྒོ་སྤྲད་ལ། །མཁར་ཐབས་བྲིས་ལ་རྩེ་ཁ་སྤྲད། །ལྕེ་ལ་དར་ལྕེ་རེ་ཡང་གདགས། །བར་བར་ར་དཀར་བླུད་བུ་དང་། །དུང་དང་ཟངས་དང་རིན་པོ་ཆེ། །བྱུ་རུ་མགྲོན་བུ་ས་གསེར་གདགས། །ཐ་མའི་ཚིགས་ལ་མིང་རུས་གདགས། །ལྕང་མ་མཐོ་རེ་བ་བཞི་ལ། །མཚལ་ལམ་རམས་ཀྱིས་གཡུང་དྲུང་བྲིས། །ཐོད་རེ་རལ་ལྤགས་མིང་རུས་བྲི། །དེ་བཞིན་བཏགས་ལ་སྒོ་བཞིར་གཞག །གཞན་ཡང་ཐུད་དང་ཉ་ཤ་དང་། །བུ་རམ་གཏོར་མ་འབྲས་ཆན་དང་། །ཟ་འོག་དར་དང་པགས་དཀར་དང་། །རིན་ཆེན་རྩལ་ལ་ཕྱོགས་བཞིར་གཞག །གཅིག་ནི་དབུས་སུ་གཞག་པར་བྱ། །ཉ་ཕྱིས་དུང་སྲོག་དཀར་བ་ཡང་ཕོར་འཁར་གཞོང་དུ། །གསེར་དང་ཆང་ཕུད་སྦྱར་བ་ལྔ། །ཕྱོགས་བཞི་དབུས་དང་ལྔ་རུ་གཞག །གཅིག་ཏུ་མཚེ་དང་ཉུང་ནག་དང་། །ཆང་ཕུད་གངས་ཆུ་ཆུ་མིག་ཆུ། །དེ་གསུམ་གཅིག་ཏུ་བསྲེས་ལ་གཞག །དྲག་སྔགས་རྒྱུན་དུ་བཟླས་པའི་ཕྱིར། །བདག་


DNG016_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཤར་བལྟས་སྔོན་དུ་གཞག །གཞན་ཡང་སྤོས་དང་མེ་ཏོག་དང་། །མར་མེ་དྲི་ཆབ་རྔ་གླིང་དང་། །མཆོད་པའི་ཡོ་བྱད་ཕྱོགས་བཞིར་དགྲམ། །ར་ལུག་དཀར་པོ་གང་ཡོད་པ། །ར་དང་ཟེ་བ་དམར་པོར་བྱུག །སྐེ་རུ་དར་དཀར་ཁུག་མ་རུ། །མཚེ་ཉུང་ཀླུ་སྨན་སྣ་ཚོགས་དང་། །དགྲ་ཡི་མིང་བྱང་བཅུག་ལ་གདགས། །ནུབ་ཏུ་དར་འཕན་དཀར་པོ་ལ། །འཕན་ལྕེ་སེར་པོ་བཏགས་པ་གཅིག །རྒྱལ་པོའི་གཟུགས་བྲིས་མདུང་ལ་གདགས། །རྩེ་ལ་སྙིང་གཅིག་བཀལ་ལ་གཟུག །གཤིན་རྗེ་གཤེད་པོར་མངའ་གསོལ་ལ། །སྔགས་བཟླས་བསྟོད་པ་མང་དུ་བྱ། །བེར་གྱོན་ཐོད་བཅིང་རྔ་ཡང་བརྡུང་། །སྙན་གསན་དབབ་དང་སྤྱན་དྲང་དང་། །ཕྱག་འཚལ་བཞུགས་དང་མཆོད་པ་དབུལ། །བསྟོད་པ་དབུལ་ཞིང་སྨོན་ལམ་གདབ། །ཐུགས་དམ་བསྐང་ཞིང་ཕྲིན་ལས་བཅོལ། །སྲོག་སྙིང་འདི་ནི་རྟག་ཏུ་གྲངས། །ཨོཾ་ཏྲི་སྟུ་ཏི་བྱ་འགྱུར་ར་ཀ་ལ་མཱ་རཱ་མཱ་རཱ་ཡ་སྭཱ་ཧཱ། དེ་ནི་སྲོག་བདག་རང་གི་སྙིང་པོའོ། །འདི་ནི་འཁོར་སྲོག་བདག་གི་སྙིང་པོའོ། །ཨོཾ་ཁུ་ལེ་མ་ཧཱ་བེ་རཾ་སྭཱ་ཧཱ། ཨོཾ་ཨག་གེ་རུ་རྟ་སྭཱ་ཧཱ། ཨོཾ་ཨུག་གེ་ཤ་མ་ལེ་སྭཱ་ཧཱ། ཨོཾ་དྲང་ཟི་རྟ་བ་སྭཱ་ཧཱ། ཨོཾ་ཤང་ཟེ་ཤང་ཀ་ར་སྭཱ་ཧཱ། ཨོཾ་ད་ཁོད་པི་པི་ཡ་ར་སྭཱ་ཧཱ། ཨོཾ་ནི་ཁོད་བ་ར་ཧི་ཏེ་སྭཱ་ཧཱ། ཨོཾ་སཱུརྻ་ཙནྡྲ་མ་ཏ་ཁུ་ལེ་སྭཱ་ཧཱ། དེ་རྣམས་སྲོག་གི་སྙིང་པོའོ། །མི་ཚིག་གཡལ་དང་སྦྲིད་པ་སྤང་། །སྐྱ་རེངས་ཤར་ནས་འཁོར་རྣམས་བསྐུལ། །གྲུབ་པའི་རྟགས་རྣམས་སྟོན་པར་ངེས། །རབ་འབྲིང་ཐ་མ་གསུམ་དུ་འོང་། །རབ་ལ་སྐུ་ནི་དངོས་སུ་སྟོན། །འབྲིང་ལ་འོད་དང་སྒྲ་རུ་སྟོན། །ཐ་མ་ཆད་དེ་ལ་དབང་བསྐུར་དམ་བསྲེ་བྱ། །རྦད་སྔགས་གྲངས་ཤིང་ཕྲིན་ལས་བཅོལ། །ཨཱོཾ་མ་ཧཱ་པྲ་མ་ན་རཀྴ་རཀྟ་ཙར་མུན་ཏྲ་མ་ཧཱ་ཤི་དེ་ཙོ་ཀ་ཙ་ལ་བིང་བིང་དགྲ་བོ་མཱ་ར་ཡ་ཧབ་ཧབ། དེ་ནི་རྒྱལ་པོ་འཁོར་དང་བཅས་པ་རྣམས་ལས་ལ་རྦད་པའོ། །དེ་ནས་རྟ་དཀར་པོའི་ཐོད་པའི་ནང་བརྣག་པའི་མིང་རུས་བཅུག་ལ། རྟ་ཐོད་ཟ་འོག་དག་གིས་གྲིལ། །དམ་སྲི་སྨྱོ་རུ་གཞུག་པའི་ཕྱིར། །ཁྲག་སྐམ་གུ་གུལ་སྦྱར་བ་


DNG016_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །མཚེ་ཉུང་གོ་རོ་ཙ་ན་ལ། །སྨྱོ་འབོག་གཏང་བའི་སྔགས་འདི་བཟླས། །ཨོཾ་མཱ་མ་མ་རང་ག་ཐུན་བྷྱོ། མ་ཧཱ་རཱ་ཛ་ཐུན་བྷྱོ་བྷྱོ། མ་ཧཱ་བ་བྷ་བྷ་མ་ཧཱ་དེ་བ་མ་ཧཱ་རཱུ་ཏྲ་བྷྱོ་བྷྱོ། ཨོཾ་ཏྲོ་ཏ་ཡ་ཏྲོ་ཏ་ཡ། ཏྲ་ཏ་ཡ་ཏྲ་ཏ་ཡ། ཀྵུ་ལྷ་ཀྵུ་ལྷ་གིང་ཀ་ར་གིང་ཀ་ར། གིང་ཛྭ་ལ་གིང་ཛྭ་ལ། ཡགྴ་གྲྀ་བ། ཡགྴ་གྲྀ་བ། དྷ་ཤ་གྲཱི་ཝ་དྷ་ཤ་གྲཱི་ཝ། པུ་ཏྲ་དཀར་པོ་བྷྱོ་བྷྱོ། དེ་ནི་སྲོག་བདག་འཁོར་གྱི་སྨྱོ་འབོག་ཏུ་བསྔགས་སོ། །དེ་ནས་བརྣག་པའི་མིང་རུས་ལ། །རང་རང་རྩ་བའི་སྔགས་བརྗོད་ཅིང་། །ཕུར་པ་རྣམས་ཀྱིས་རིམ་པས་གདབ། །གཙོ་བོའི་ཕུར་པ་སྙིང་ལ་གདབ། །ཁུ་ལེ་ཤོད་ཀྱི་གསང་བར་གདབ། །རྒྱལ་པོ་ཨག་གེ་ལག་པ་གཡས། །རྒྱལ་པོ་ཨུག་གེ་དཔུང་པར་གདབ། །རྒྱལ་པོ་དྲང་ཟེའི་ལག་པ་གཡོན། །ཤང་ཟེའི་རྐང་པ་གཡས་སུ་གདབ། །ད་ཁོད་དཔུང་མགོ་གཡས་སུ་གདབ། །ནི་ཁོད་དཔུང་མགོ་གཡོན་ལ་གདབ། །ཉི་ཟླས་རྐང་པ་གཡོན་ལ་གདབ། །གསད་པ་ཉི་མ་བཞི་པ་སྟེ། །ཉིན་བཞི་ལྷ་ཡི་གིང་བཞི་བྱ། །དེ་ནས་རྟ་ཡི་ཐོད་པ་རུ། །ལིངྒའི་ཐེད་ཤུལ་མཐུན་རྫས་སྩལ། །ལྷ་ཁང་རྣམས་ལ་བཏགས་གྱུར་ན། །སྨྱོ་འབོག་ཁྲག་སྐྱུགས་མཱ་ར་ཡ། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། སྨྱོ་འབོག་གི་ཟླ་གསང་ལས་རྒྱལ་པོ་ནང་ལྟར་བསྒྲུབ་པའི་སྐབས་ཏེ་ལེའུ་རེ་དྲུག་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོས་རྒྱལ་པོ་གསང་བར་བསྒྲུབ་པའི་ཐབས་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་འདི་གསུངས་སོ། །རྣལ་འབྱོར་ཡོན་ཏན་ལྡན་པ་དེས། །བླ་མ་མཉེས་པ་རབ་བྱས་ཏེ། །མགོ་ནི་རྨ་བྱ་བཞིན་དུ་དགུག །དམ་ཚིག་ཆེན་པོ་སྲོག་བཞིན་བསྲུང་། །གཞན་དོན་མ་ཡིན་རང་དོན་དུ། །དུར་ཁྲོད་ས་ཕུག་དགོན་པར་འགྲོ། །ཕྱི་བཤགས་སྡིག་སྦྱངས་བསོད་ནམས་བསག །མ་ཉེས་དཔང་གཟུག་གླུད་གཏོར་གཏང་། །དཀྱིལ་འཁོར་བརྩིག་ལ་ཆག་ཆག་གདབ། །ཐིག་གདབ་དཀྱིལ་འཁོར་ཆོ་ག་བྱ། །དཀྱིལ་འཁོར་མཐིང་ནག་གྲུ་གསུམ་བྲི། །འཁོར་ལོ་རྩིབས་བཞི་ཐོད་ཕྲེང་བཅས། །


DNG016_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

གྲུ་ཆད་སྒོ་བཞི་ལྡན་པ་ལ། །དུར་ཁྲོད་རྒྱན་དང་ལྡན་པ་ལ། །གྲུ་གསུམ་མེ་འོད་འབར་བ་བྲི། །སྒོ་བཞིར་གྲུ་གསུམ་རེ་རེ་བྲི། །དེ་ནས་མཆོག་གི་ཕུར་པ་དགུ། །སྲོག་བདག་དགུ་ཡི་སྔགས་བྲིས་ལ། །དབུས་སུ་དཀར་པོ་སྙིང་འབྱིན་དགོད། །རྒྱན་དང་ཆ་ལུགས་གསལ་བར་བསྐྱེད། །ཤར་ཕྱོགས་རྩིབས་ལ་ཁུ་ལེ་དགོད། །ལྷོ་ཡི་རྩིབས་ལ་ཨག་གེ་དགོད། །ནུབ་ཀྱི་རྩིབས་ལ་ཨུག་གེ་དགོད། །བྱང་གི་རྩིབས་ལ་དྲང་ཟེ་དགོད། །ཤང་ཟེ་ཤར་ལ་ད་ཁོད་ལྷོ། །ནི་ཁོད་ནུབ་ལ་ཉི་ཟླ་བྱང་། །དེ་ལྟར་སྒོ་བཞིར་དགོད་པར་བྱ། །འཁར་གཞོང་དུང་ཕོར་བསེ་གབ་ཏུ། །སྙིང་སྣ་ཚོགས་ཀྱི་གཏོར་མ་བཤམ། །ལུག་དཀར་སྙིང་སྲོག་མ་བྲལ་བ། །སྲོག་རྩིའི་ནང་དུ་མིང་རུས་གཞུག །སྙིང་རྩེ་གྱེན་དུ་བསྟན་ལ་གཞག །དར་དཀར་ཚིལ་གྱིས་ཁ་བཅད་ལ། །དབུས་སུ་སྲོག་བདག་ཉིད་ལ་གཞག །ཤར་དུ་ཁྲག་སྣའི་གཏོར་མ་གཞག །ལྷོ་རུ་ཤ་སྣའི་གཏོར་མ་གཞག །ནུབ་ཏུ་རུས་པའི་གཏོར་མ་གཞག །བྱང་དུ་མཁལ་མའི་གཏོར་མ་གཞག །དེ་ནས་སྒོ་བཞིའི་གཏོར་མ་ཡང་། །ཤར་སྒོར་མཆིན་པ་སྣ་ཚོགས་གཞག །ལྷོ་སྒོར་ཤ་ཆེན་འབྲུ་སྣ་གཞག །ནུབ་སྒོར་མཆེར་པ་སྣ་ཚོགས་གཞག །བྱང་སྒོར་ཚིལ་བུ་སྣ་ཚོགས་གཞག །གཏོར་མ་དེ་དག་ནང་དུ་ཡང་། །བཤོས་བུ་མཁྱིད་རེ་བཙུགས་ལ་གཞག །དེ་ལ་རྨྱུག་རྒོད་རེ་ལ་ཡང་། །ཕོད་དཀར་པགས་བུ་དཀར་པོ་དང་། །མིང་བྱང་རེ་ཡང་བཏགས་ལ་གཞག །ཕྱོགས་མ་ནོར་བར་གཞག་པ་ཡང་། །མན་འཇིལ་སྟེང་དུ་གཞག་པར་བྱ། །ཤར་དུ་ལུག་དཀར་ལྷོ་རུ་ར། །ནུབ་ཏུ་བྱ་དཀར་བྱང་དུ་ཁྱི། །བག་ཟན་གཟུགས་བྱས་དཀར་པོར་བསྒྱུར། །སེམས་ཅན་དངོས་སུ་ཡོད་ན་རབ། །མེད་ན་གང་རུང་གཅིག་གི་སྐེར། །མིང་རུས་བྲིས་ཏེ་གདགས་པར་བྱ། །དཀྱིལ་འཁོར་ལྷོ་ནུབ་འབྲུབ་ཁུང་དུ། །དམ་སྲིའི་གཟུགས་དང་མིང་རུས་གཞུག །ཤ་ཁྲག་སྣ་ཚོགས་གཏོར་མ་ལ། །ཚིལ་ཆེན་ཞལ་ཁེབས་ཡོད་པ་ལ། །རཀྟའི་གསང་ནན་ཆས་པ་ཅིག །དཀྱིལ་


DNG016_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བྱང་ཤར་མཚམས་སུ་གཞག །ཏིང་འཛིན་རྣམ་གསུམ་གསལ་བར་བསྒོམ། །གཞལ་ཡས་གདན་བཅས་སྤྱན་དྲང་བསྐྱེད། །བདག་ཉིད་གཤེད་པོར་གསལ་བསྒོམ་ལ། །རྒྱལ་པོ་འཁོར་བཅས་གསལ་བར་བསྒོམ། །སྤྱན་དྲང་བཞུགས་མཆོད་ཚུལ་བཞིན་བྱ། །རྟག་ཏུ་སྙིང་པོ་འདི་ཡང་བཟླས། །ཨོཾ་འབར་ཤ་མ་ཧཱ་རཱ་ཛ་སྭཱ་ཧཱ། ཨོཾ་ཁུ་ལེ་མ་ཧཱ་བེར་མ་སྭཱ་ཧཱ། ཨོཾ་ཨག་གེ་རུ་རྟ་སྭཱ་ཧཱ། ཨ་ཨུག་གེ་མ་ལེ་སྭཱ་ཧཱ། ཨོཾ་དྲང་ཟེ་བ་བྷཱ་སྭཱ་ཧཱ། ཨོཾ་ཤང་ཟེ་ཤང་ཀ་ར་མ་སྭཱ་ཧཱ། ཨོཾ་ད་ཁོད་པི་པི་པ་ར་སྭཱ་ཧཱ། ཨོཾ་ནི་ཁོད་བ་ར་ཧི་ཏེ་སྭཱ་ཧཱ། ཨོཾ་སཱུརྱ་ཙནྡྲ་མ་ཧཱ་ཁུ་ལེ་སྭཱ་ཧཱ། དེ་ནི་རྩ་བའི་དྲག་སྔགས་ཏེ། །གྲུབ་རྟགས་སྐུ་ཡང་དངོས་སུ་སྟོན། །མེ་དང་འོད་དང་སྒྲ་ཡང་སྟོན། །སྤྲེལ་དང་བྱི་ལ་སེང་གེ་འབག །དགེ་བཤེས་བཙད་པོ་ལྟ་བུ་དང་། །དམག་དཔོན་ལྟ་བུར་སྟོན་པར་ངེས། །རྒྱལ་པོ་དྲག་ཏུ་སྔགས་འདིས་རྦད། །ཨོཾ་མ་ཧཱ་དྲ་མ་རཀྴ་རཀྟ་ཙ་ར་མུ་ཏྲ་མ་ཧཱ་ནི་ཏེ་ཙོ་ཀ་ཙ་ལ་བིང་བིང་དགྲ་བོ་མཱ་ར་ཡ་ཧབ་ཧབ། འཁོར་བཅས་ལས་ལ་གཏང་བའོ། །ལྷ་དང་དབྱེ་བ་དྲག་པོའི་སྔགས་འདིས་དབྲལ། །མ་ཧཱ་ས་མ་ཡ་རཀྴ་མ་ཧཱ་རཱ་ཛ་ཐུན་ཐུན་ཕྲོལ་ཕྲོལ། དེ་ནས་བསྒྲུབ་པ་ཐོན་ནས་ཀྱང་། །གསད་པའི་ཕུར་པས་གདབ་པ་ནི། །དབུས་ནས་ཕྱུང་ལ་འདི་སྐད་དོ། །ཧཱུཾ། ཁྲོ་བདག་ཆེན་པོ་སྙིང་འབྱིན་གྱིས། །དཔའ་བོ་ཆེན་པོར་དབང་བསྐུར་བས། །དགྲ་སྙིང་དཀར་ནག་མཚམས་སུ་གདབ། །བཏབ་ནས་མྱུར་དུ་བརླག་གྱུར་ཅིག །ཀཱི་ལི་ཀཱི་ལ་ཡ་ཙིཏྟ་མུགས། དཀར་པོ་སྙིང་འབྱིན་ལྷན་ལྷན། ཧཱུཾ། ཁྲོ་བདག་ཆེན་པོ་ཁུ་ལེ་ཤོག །གསོད་པའི་ཕུར་པར་བྱིན་བརླབས་ཏེ། །ཕྲག་ཁྱིམ་གཡས་དང་གཡོན་དུ་གདབ། །བཏབ་པས་ཁྲག་སྐམ་མྱུར་དུ་གསོད། །བཛྲ་མུ་ཏི་ཙ་ཤ་རཀྟ་རྔུབས་ལྷན། ཧཱུཾ། ཁྲོ་བདག་སྲོག་བདག་ཨག་གེ་ཡང་། །འགུགས་པའི་བདག་པོར་མངའ་གསོལ་ནས། །ནུ་མ་གཡས་དང་གཡོན་དུ་གདབ། །བཏབ་པས་མཁྲིས་པ་ཀྵ་ཡས་སོད། །ཙི་ལི་ཙི་ལི་མ་ས་མ་ཐིབས་ཐིབས། ཧཱུཾ། ཁྲོ་བདག་སྒྲོལ་གིང་ཨུག་གེ་ཡང་། །རྣོ་བའི་དབལ་དུ་


DNG016_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་བརླབས་ནས། །སྤྱི་བོའི་གཙུག་ཏུ་བཏབ་པས་ཀྱང་། །ཀླད་གཟེར་མགོ་དང་འདར་བུས་སོད། །མས་བུ་ཏ་ཚལ་བ་ཚལ་བ་ཀ་རུ་ཧཱུཾ་ཧཱུཾ། ཧཱུཾ། ཁྲོ་བདག་ཤན་པ་དྲང་ཟེ་ཡང་། །འདེབས་པའི་དཔལ་དུ་བྱིན་བརླབས་ནས། །མཁལ་ཁུང་གཉིས་སུ་གདབ་པར་བྱ། །བཏབ་པས་ཆུ་འགག་སྐེ་ནད་སོད། །བི་མ་ལ་བི་ཁུ་ཡ་བི་མ་ནད་ཤད་ཕཊ་ཛ། ཧཱུཾ། ཁྲོ་བདག་སྲོག་གཅོད་ཤང་ཟེ་ཡང་། །ཟུར་གསུམ་རྩེ་མོར་བྱིན་བརླབས་ཏེ། །མཆིན་པ་ཕོ་གདུང་རྩ་ལ་གདབ། །བཏབ་པས་མཆིན་ནད་ཁྲག་གིས་སོད། །མ་ས་ལ་ཁུམ་ཏ་ར་ལ་ཚང་པུ་རེ་ར་དགྲ་བོ་མཱ་ར་ཡ་ཛ། ཧཱུཾ། ཁྲོ་བདག་གསོད་དགའ་ད་ཁོད་ཀྱང་། །ཐོགས་མེད་འདེབས་པར་དབང་བསྐུར་ནས། །ཤ་མཚན་རྨེན་བུའི་དཀྱིལ་དུ་གདབ། །བཏབ་པས་སྦོས་ནད་གྲུམ་བུས་སོད། །ཁ་ལ་རུ་ཙེ་ཁ་མ་ལ་ཤ་ཕུ་ཕཊ་ཛ། ཧཱུཾ། དགྲ་བླའི་རྒྱལ་པོ་ནི་ཁོད་ཀྱང་། །རྩེ་གསུམ་ངར་ཅན་རབ་འབྱིན་བསྐྱེད། །མཆེར་པའི་དབུས་སུ་བཏབ་ནས་ཀྱང་། །མཆེར་ནད་ལྐུགས་ནད་སྨྱོ་འབོག་ཐོང་། །མེ་ཁ་ཁ་རུ་ཙེ་བག་ཤ་རུ་ཏྲ་རག་མེ་མུ་རུ་མུ་རུ་ཕཊ་ཛ། ཧཱུཾ། གསང་བའི་སྲོག་བདག་ཉི་ཟླ་ཡང་། །ཕུར་པའི་ལྷ་རུ་དབང་བསྐུར་ནས། །རྐང་པའི་མཐིལ་དུ་གདབ་པར་བྱ། །ཞ་གྲུམ་སྒུར་ནད་འཐེང་གྲུམ་གཏོང་། །འབའ་ལུ་བ་ག་ཏེ་རག་ཤ་ཁ་ཁྲག་རྔུབས་རྔུབས། ཕུར་སྔགས་བཏབ་ནས་ཐུན་སྔགས་བྲབ། །ཨོཾ་མཱ་མ་མཱ་ར་ཡ་ཐུན་བྷྱོ། མ་ར་ར་ཙ་ཐུན་བྷྱོ་བྷྱོ་མ་ཧཱ་བ་བ་མ་ཧཱ་དེ་བ་མ་ཧཱ་རཱུ་ཏྲ་བྷྱོ་བྷྱོ། ཐུན་གྱིས་བརྒྱབ་སྟེ་བརླག་པར་འགྱུར། །ལིངྒ་གཏུབས་ལ་གཏོར་མར་རྩལ། །རི་གསུམ་རྩེ་ལ་ཡས་སྟགས་བསྐྱལ། །རྒྱལ་པོ་བསྲུང་བའི་སྔགས་ནི། ཨོཾ་ཁ་དུ་ཤེ་ཤ་ཤ་པྲ་ལ་མ་མ་རཱུ་ཏྲ། ཁྲ་ཁ་ཁྲ་ཁ། སྲོག་བདག་འཁོར་དང་བཅས་ལས་ནོར་སྒྲུབ་པའི་སྔགས་ལ། ཨོཾ་ཛམ་བེ་ལེ་ཤེ་བ་ལ་གོ་མེ་ས་སྲུཾ་སྲུཾ་ཏྲུཾ་ཏྲུཾ་སྭཱ་ཧཱ། རྒྱལ་པོ་འཁོར་དང་བཅས་པས་བྱེས་སུ་གར་འགྲོ་ཡང་དགྲ་བགེགས་མི་འབྱུང་བ་ནི། ཨོཾ་ནས་ནེ་ནས་ནེ་ཧཾ་ཤི་ཀ་ར་ཀ་ར་མ་ར་མ་ར་རུ་ལུ་རུ་ལུ་ཕཊ་ཕཊ་བྷྱོ་བྷྱོ། རྒྱལ་པོས་


DNG016_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

གལ་ཏེ་བདག་གམ་གཞན་ལ་འཚེ་བར་གྱུར་ན། དེ་བཟློག་པའི་སྔགས་ལ། པུ་མ་ཧཱ་རཱ་ཛ་བ་ཤ་ན་ཞིལ་ཞིལ་ཤཱན་ཏིང་སྭཱ་ཧཱ། མ་ཧཱ་རཱ་ཛ་ཤཱན་ཏིང་སྭཱ་ཧཱ། རྒྱལ་པོ་འཁོར་དང་བཅས་པས་རིགས་བརྒྱུད་འཕྲོག་པ་དང་། རབས་བཅད་པའི་སྔགས་ལ། ཨོཾ་མ་ཧཱ་ཀ་ལ་གངས་དྲེ་མོ་བདུད་རྣམས་རྔམ་རྔམ་སྭཱ་ཧཱ། རྒྱལ་པོས་ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་དང་ཐོབ་ཤོར་གཏོང་བའི་སྔགས་ལ། ཨོཾ་མ་ཡ་རམ། ཡཾ་བེར་སྲོག་རྩ་ལ་ཁ་ས་ཁ་ས་མེ་རུ་མེ་རུ་སྭཱ་ཧཱ། རྒྱལ་པོས་སེར་བ་འབེབས་པའི་སྔགས་ལ། ཨོཾ་ཕྲ་ཏ་ཕྲེ་ཤ་ཐོར་བྷྱོ། ནལ་ཆེམ་ཆེམ་བྷྱོ། ཧཱུར་ཙལ་བྷྱོ། ཁ་ཤར་ཏྲ་བེ་ཤ་ར་ཤ་ར། ནལ་ཆེམ་ཆེམ་བྷྱོ། རྒྱལ་པོས་ལྟས་ངན་འབེབས་པའི་སྔགས་ལ། ཨོཾ་ཤར་ཤིང་མ་ཤག །རྒྱུག་རྒྱུག །རམ་རྒྱུག །སྲོག་ལ་རྒྱུག །ཤ་ཤ་དགྲ་བོའི་སྙིང་ལ་ཤ །འབྲུ་ཏིལ་རམ་ཁྱེར་སོད་སྲོག །རྒྱལ་པོས་ཡ་ཆ་སྟབ་བསྣོལ་གཏོང་བའི་སྔགས་ལ། ཨོཾ་མ་ཧཱ་པྲ་ག་ཤིང་ཁ་མེ་རུ་ཁལ་ཨ་ཙི་མ་ཤ་དགྲ་བོ་ཕྲོལ་ཕྲོལ་ཤིག་བྷྱོ། ཞེས་སྔགས་ཀྱི་དོན་བསྟན་ལས་རྣམས་འགྲུབ། གང་ལ་བྱ་ཡང་ཐོགས་པ་མེད། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། རྒྱལ་པོ་གསང་བར་བསྒྲུབ་པའི་སྨྱོ་འབོག་གི་སྐབས་ཏེ་ལེའུ་རེ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོས། འགལ་བ་ཆམ་ལ་དབབ་སླད་དུ། །གནོད་སྦྱིན་གདུག་པའི་ཟླ་གསང་གསུངས། །དད་པ་གསུམ་ལྡན་རྣལ་འབྱོར་པས། །དམ་ཚིག་རང་གི་སྲོག་བཞིན་བསྲུང་། །བླ་མ་མཉེས་པའི་རིམ་གྲོ་བྱ། །དུར་ཁྲོད་ནགས་ཚལ་དགོན་པར་འགྲོ། །ཕྱི་བཤགས་འབུམ་ལ་སོགས་པ་འདོན། །བསོད་ནམས་ཚོགས་ཀྱི་ཡན་ལག་བསག །མ་ཉེས་དཔང་གཟུག་གླུད་གཏོར་གཏང་། །གནོད་སྦྱིན་འདི་ཉིད་བསྒྲུབ་པར་བྱ། །ལྕང་ལོ་ཅན་གྱི་ཕོ་བྲང་ན། །ལས་གྲུབ་རིགས་ཀྱི་ཞིང་ཁམས་ནས། །གནོད་སྦྱིན་བྱེ་བ་ས་ཡ་གནས། །དེ་དག་ནང་ན་དྲེགས་པའི་སྐུ། །མཐུ་སྟོབས་ལྡན་པའི་གང་བཟང་བསྒྲུབ། །དཀྱིལ་འཁོར་དབུས་ཀྱི་ཁྲི་བརྩེགས་ལ། །སྟེང་དུ་གནོད་སྦྱིན་སྐུ་


DNG016_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་གཞག །ཙནྡན་རིགས་ལས་འབུར་དུ་བརྐོས། །ཆུ་ཞེང་གབ་པ་གེལ་གེལ་པོ། །སྐུ་མདོག་སྔོན་པོ་གཟི་ལྡན་པ། །དབུ་སྐྲ་ལྕང་ལོ་རིན་ཆེན་བརྒྱན། །ཨུཏྤལ་སྔོན་པོའི་ཕྲེང་བས་མཛེས། །གཡས་ན་ཤིང་ཏོག་དམར་པོ་བསྣམས། །གཡོན་ན་མི་ལྤགས་རྒྱལ་མཚན་བསྣམས། །གཟས་པའི་གཟུགས་བྱས་སྙིང་གར་གཞུག །དེ་ཡི་དབུས་སུ་དོང་གྲུ་གསུམ། །རྩེ་མོ་བྱང་དུ་བལྟས་པ་ལ། །ནང་དུ་ཁྲག་དང་སོལ་བས་བྱུག །ཏིལ་གྱི་ཕྱེ་ལ་དགྲ་ཡི་གཟུགས། །མི་ཁྲག་བླ་དྭགས་བྲིས་ལ་གཞུག །ཞབས་མས་གྲིལ་ལ་ཚོན་སྐུད་བཅིང་། །གྲུ་གསུམ་བྲུས་པའི་ནང་དུ་གཞུག །མཐའ་མ་རྩང་གིས་བསྐོར་ཏེ་གཞག །གཟུགས་ཀྱི་སྐེ་ནས་སྔོ་དམར་གདགས། །སྣ་གཅིག་སྐུ་ཡི་ཞབས་ལ་གདགས། །སྔགས་པའི་མདུན་དུ་དམ་རྫས་དགྲམ། །ལ་ཕུག་རུས་ཕྱེ་སྐེ་ཚེ་ལ། །དེ་བཞིན་གཏོར་མ་བྱས་ཏེ་གཞག །ཉུང་ནག་ལན་ཚྭ་དུག་ཏུ་སྦྱར། །གཟུགས་ལ་བྲབ་ཅིང་ངན་སྔགས་བཟླས། །མ་ཉེས་དཔང་གཟུག་འོ་དོད་འབོད། །དེ་བཞིན་རིམ་པས་ལས་རྣམས་བྱ། །དུར་ཁྲོད་རས་ལ་འཁོར་ལོ་ནི། །དུག་ཁྲག་སྦྱར་བས་བྲི་བར་བྱ། །རིམ་པ་བཞིན་དུ་དྲག་སྔགས་དགོད། །སྤྱན་དྲང་བཞུགས་མཆོད་བསྟོད་པ་བྱ། །ཕྲིན་ལས་བཅོལ་ཞིང་གནད་ནས་བསྐུལ། །ལྷ་དང་ཕྲལ་ཞིང་རྫས་ཀྱིས་བདུག །དྲག་སྔགས་བཟླས་ཤིང་འཁོར་ལོ་གཞུག །གསད་པ་ལས་ཀྱི་སྦྱོར་ལ་འཇུག །གནན་བསྲེག་འཕང་བ་གསུམ་ལ་གཏད། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། སྲོག་གཅོད་སྤུ་གྲི་གནོད་སྦྱིན་གྱི་ཟླ་གསང་ལས། གང་བ་བཟང་པོ་ཕྱི་ལྟར་བསྒྲུབ་པའི་སྐབས་ཏེ་ལེའུ་རེ་བརྒྱད་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོས་གང་བ་བཟང་པོ་ནང་དུ་བསྒྲུབ་པ་འདི་གསུངས་སོ། །དཀྱིལ་འཁོར་མཐིང་ནག་གྲུ་གསུམ་ལ། །ཟླ་གམ་གསུམ་གྱིས་བསྐོར་བ་བྲི། །དམར་སྨུག་མེ་རི་ར་བས་བསྐོར། །དབུས་སུ་གཤེད་པོ་ཡབ་ཡུམ་སྟེ། །མདུན་དུ་གང་བ་བཟང་པོ་དགོད། །མཚན་ལྡན་ཐོད་


DNG016_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

པ་དུམ་གསུམ་དུ། །ལ་ཕུག་རུས་པའི་ཕྱེ་མ་དང་། །སྙིང་སྣ་ཁྲག་སྣ་སྦྱར་ལ་གཞག །དབུས་ཀྱི་གྲུ་གསུམ་མཐུར་དུ་བསྐོར། །ནང་དུ་རབས་ཆད་ཐོད་པ་གཞུག །ཉུང་ནག་ཉུང་དཀར་ལན་ཚྭ་དང་། །དུག་དང་སྨེ་ཁྲག་སྦྱར་བས་དགང་། །དམིགས་པའི་མིང་རུས་ཇི་བཞིན་བྱས། །ཐོད་པའི་ནང་དུ་གཞུག་པར་བྱ། །དུར་ཁྲོད་གྲོང་ཁྱེར་བཅོམ་ནས་ཀྱང་། །མཚན་མའི་རས་བླངས་སྐྱང་ནུལ་བྱ། །ལྡོང་རོས་ཆུ་རྩ་སེར་པོས་བྱུག །དུག་ཁྲག་སྦྱར་ནས་འཁོར་ལོ་བྲི། །དེ་བཞིན་ཡི་གེ་དགོད་བྱས་ལ། །ཐུན་གྱི་ཐོད་པ་ཁ་ཡང་གཅད། །དེ་ནས་རིམ་པས་ལས་རྣམས་བྱ། །ཧཱུཾ། གསང་བ་ཐུགས་ཀྱི་དཀྱིལ་འཁོར་འདིར། །གྲུབ་པའི་གནོད་སྦྱིན་ཆེན་པོ་སྤྱན་འདྲེན་ན། །བྱེ་བ་ས་ཡའི་འཁོར་དང་རབ་ཆས་ཏེ། །སངས་རྒྱས་བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ། །ཨེ་ཧྱེ་ཧི་རཀྴ་བ་སྣ་བ་སི་ས་མ་ཡ་ཧོ་ཧ། གསེར་ལྟར་རབ་ཏུ་བརྟན་པའི་རི་ངོས་ལ། །རྨ་བྱ་རབ་གནས་གསེར་དུ་སྣང་བ་ལྟར། །བདག་གིས་ཁྱོད་བསྒྲུབ་ཁྱོད་ཀྱིས་རང་བཞིན་འགྲུབ། །གྲུབ་པའི་དབང་པོ་ཁྱོད་ལ་ཕྱག་འཚལ་ལོ། །བརྟན་པར་བཞུགས་ཤིག་གནོད་སྦྱིན་མཆོག །རིན་ཆེན་གཅལ་བཀྲམ་ས་གཞི་ལ། །བཻ་ཌཱུརྱ་དང་མན་ཤེལ་དང་། །ཁྲི་ཆེན་དཔངས་ལ་བརྟན་པར་བཞུགས། །ས་མ་ཡ་ཏིཥྛ་ལྷན་སྟྭཾ། གསེར་དང་བཅས་པའི་སྐྱེམས་ཕུད་མ་ཉམས་པ། །དུང་ཆེན་སྣོད་དུ་སྦྱར་ནས་མཆོད་པར་འབུལ། །དར་གྱི་ལྷབ་ལྷུབ་གླུ་གར་རོལ་མོ་བཅས། །བསམ་པ་དག་པས་སྦྱར་ནས་མཆོད་པ་དབུལ། །དྲིལ་བུ་སྒྲ་སྙན་སྤོས་དང་དྲི། །མར་མེ་བཤོས་དང་གཏོར་མ་ཁྲག །མོས་པས་འབུལ་ལོ་བཞེས་སུ་གསོལ། །ཨོཾ་ར་ར་སོ་བ་བའུ་པཱུ་ཙཀྲ་མ་པཱུ་ཙ་ཧོ་ཧ། དེ་ནས་གསང་སྔགས་རབ་བཟླས་ལ། །ཨོཾ་བ་ཧཱུ་རི་རྟ་ཛ། མ་གྷ་ལ་བག་ཤ་ཛ། ར་ཏྲ་མ་རུ་རུ་ཛ། སྙིང་ལ་ཤར་ཤར་རུ་ཛ། སྲོག་ལ་དྲེང་དྲེང་ཐུཾ་ཛ། གནོད་སྦྱིན་སྐུ་དང་འོད་དང་སྒྲ། །ས་གཡོས་ཐོག་དང་ཆར་ཆེན་འོང་། །གོང་གི་རྫས་ཀྱིས་རབ་ཏུ་བརྡེག །ཐུགས་དམ་བསྐུལ་ཏེ་ཕྲིན་ལས་བཅོལ། །དུས་དྲུག་སྔགས་འདི་གཟུགས་ལ་བརྡེག །


DNG016_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཛ་ལཾ་མ་ཧཱ་ཛ་ལམ། རཀྴ་བཀྴ། སྡི་བུ་སྟུད་དེ་ས་ལཾ་བག་ཤ་སྭཱ་ཧཱ། །འདི་ནི་སྔགས་ཀྱི་རྒྱལ་པོ་སྟེ། །ཐམས་ཅད་གྲུབ་པའི་སྔགས་ཞེས་བརྗོད། །འཁོར་ལོ་བཅས་ཀྱི་དམ་རྫས་ཏེ། །བྱང་བལྟས་ཆུ་མིག་ངོགས་སྦས་ན། །ཁྲག་སྐྱུགས་འཆི་བར་ཐེ་ཚོམ་མེད། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། སྲོག་གཅོད་སྤུ་གྲི་གནོད་སྦྱིན་གྱི་ཟླ་གསང་ལས། གང་བ་བཟང་པོ་ནང་ལྟར་བསྒྲུབ་པའི་སྐབས་ཏེ་ལེའུ་རེ་དགུ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོས་གང་བ་བཟང་པོ་གསང་བར་བསྒྲུབ་པ་འདི་གསུངས་སོ། །དམ་ཚིག་དབང་སྒོ་ཐུབ་པའི་བུས། །བླ་མ་མཉེས་ཕྱིར་ཡིད་འཐད་དབུལ། །མི་དོན་མ་ཡིན་རང་དོན་དུ། །བསྒྲུབ་པ་གོང་བཞིན་ཚུལ་བཤམས་ཏེ། །དེ་རྟིང་མན་ངག་འདི་བཞིན་བྱ། །ཨ་ཀ་རུ་དང་དུ་རུ་ཀ །ལུག་མིག་ཀཪྴ་པ་ན་ལེ། །སྔགས་ནི་འདི་དག་རབ་ཏུ་བརྗོད། །ཨོཾ་ཛྭ་ལ་མ་ཧཱ་ཛྭ་ལ། ཡག་ཤ་བག་ཤ་སོ་སུ་སྡུད་དེ་བ་ལམ། བག་ཤ་སྭཱ་ཧཱ། འདི་ནི་སྔགས་ཀྱི་རྒྱལ་པོ་སྟེ། །སྔོན་དུ་བསྙེན་པ་སུམ་འབུམ་བྱ། །ལུས་བསྲུང་སྦྱོར་བ་འདི་བཞིན་བྱ། །དཔུང་པ་དག་ལ་བཏགས་གྱུར་ན། །ནད་རྣམས་ཐམས་ཅད་བྱང་བར་འགྱུར། །དེ་ནས་གསད་པའི་སྦྱོར་བ་ནི། །ཀར་ནི་ཀ་དང་བ་ལུ་དང་། །བུ་སུ་རྡོ་དྲེག་ཤ་ཀ་ར། །ངང་པའི་སྒྲོ་ལ་བསྐུས་ནས་ཀྱང་། །གཟུགས་ལ་དུས་དྲུག་མཆོད་བྱས་ཏེ། །ཕྱག་བྱས་བཟླས་པ་བྱས་གྱུར་ན། །ལོངས་སྤྱོད་དཔག་མེད་ཐོབ་པར་འགྱུར། །ཁྲག་དང་ཉུང་རྒོད་རྟ་མཆིན་དང་། །བ་ལང་དག་ལ་བཟླས་བྱིན་ན། །རྟ་བོང་ལ་སོགས་རྨིག་ཟླུམ་རྣམས། །འཆི་འམ་ཡང་ན་སྨྱོ་བར་འགྱུར། །ཙིཏྟ་རུས་པ་གྱོ་མོག་གསུམ། །སྔགས་འདི་བཟླས་ནས་བྱིན་གྱུར་ན། །ཨོཾ་བྷ་ཧཱུ་རི་རི་ཛ། མ་གྷ་ལ་བག་ཤ་ཛ། ར་ཏ་མ་རུ་རུ་ཛ། སྙིང་ལ་ཤར་ཤར་རུ་ཛ། སོག་ལ་དྲེང་དྲེང་ཐུམ་ཛ། གླང་ཆེན་བ་ལང་བྱིན་གྱུར་ན། །གླང་ཆེན་བ་ལང་འཆི་བར་འགྱུར། །བསེ་དང་ཀ་ཀ་རུ་ལ་ཡང་། །སྔགས་དེ་བཟླས་ཏེ་བྱིན་གྱུར་ན། །ལུག་ལ་


DNG016_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་ན་འཆི་བར་འགྱུར། །བྷི་ལི་ཀ་དང་ཨ་མར་དང་། །བུ་རམ་ཡང་རུ་རམ་སྦྱར་ཏེ་རིལ་བུ་བྱ། །ཟླ་བ་གཟས་ཟིན་དུས་སུ་བྱ། །ལིངྒ་བྱས་ཏེ་གཏུམས་བྱས་ནས། །ཆུ་མིག་ནང་དུ་ཐོད་པར་གནན། །མཛེ་དང་ཤུ་བས་འཛིན་པར་འགྱུར། །བསེ་ཞོ་བཙན་དུག་སྦྱར་ནས་ཀྱང་། །གསང་སྔགས་གོང་མ་བཟླས་བྱས་ནས། །ཤ་ལ་རེག་པའི་གོས་ལ་བསྐུ། །ལྷོག་པ་དཀར་པོས་འཆི་བར་ངེས། །ཡང་ན་སྐྲངས་ནས་འཆི་བར་འགྱུར། །ཡང་ན་ཞ་གྲུམ་འགྲོ་མི་ནུས། །དང་པོར་ཁས་བླངས་བཞིན་དུ་བྱ། །ཕག་པ་སྤྱང་ཀིའི་མཆེ་བ་དང་། །ཝ་ཡི་རིལ་མ་སྤྱང་རྟུག་པར། །ཉི་མ་གུང་ངམ་ནམ་ཕྱེད་ན། །སུམ་འབུམ་བཟླས་ཏེ་དོན་པོ་ཡི། །མཁར་ལ་རྒྱབ་ན་འཇིག་ཅིང་འགས། །དེ་ནས་ཐོག་ཆེན་འབེབས་འདོད་ན། །སྲིན་རྡོ་གདུང་ཆེན་ཤ་རི་རམ། །དེ་རྣམས་ཐོད་པ་དུམ་གསུམ་དུ། །ཡུགས་སའི་ཁྲག་ལ་སྦྱར་ལ་སྩལ། །གོང་གི་སྔགས་བཟླས་ལྷ་རྟེན་སྦ། །གདོན་མི་ཟ་བར་ཐོག་འབེབས་འགྱུར། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། སྲོག་གཅོད་སྤུ་གྲི་གནོད་སྦྱིན་གྱི་ཟླ་གསང་ལས། གང་བ་བཟང་པོ་གསང་བ་ལྟར་བསྒྲུབ་པའི་སྐབས་ཏེ་ལེའུ་བདུན་ཅུ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོས། འགལ་བ་ཆམ་ལ་དབབ་སླད་དུ། །གདུག་པ་ཀླུ་ཡི་ཟླ་གསང་གསུངས། །ནུབ་ཕྱོགས་ཕོ་བྲང་རྒྱ་མཚོའི་ཆུ། །ངོ་མཚར་ཆུ་བོ་བཞི་འབབས་པ། །རབ་ཏུ་མི་སྲུན་ཀླུ་ཡི་གནས། །དེ་ཉིད་དྲེགས་པ་འདུལ་བའི་ཕྱིར། །བཅོམ་ལྡན་གཤིན་རྗེ་གཤེད་པོ་ཡིས། །ལག་ན་རྡོ་རྗེར་སྐུ་སྤྲུལ་ཏེ། །ལག་ན་རྡོ་རྗེ་ཐུགས་ཁྲོས་ཏེ། །གསེར་མིག་འབར་བའི་ང་རྒྱལ་གྱིས། །གདུག་པའི་ཀླུ་རྣམས་དྲེད་འགྱུར་ཏེ། །རབ་ཏུ་མི་སྲུན་ཀླུ་རྣམས་ཀྱིས། །རབ་ཏུ་འཛེར་ཏེ་འདི་སྐད་སྨྲས། །ཀྱེ་མའོ་རྡོ་རྗེ་གཟུགས་མཛེས་པ། །རབ་ཏུ་རྔམས་པའི་རྡོ་རྗེའི་སོ། །ལྕགས་མཆུ་འབར་བ་རབ་ཏུ་བརྗིད། །གསེར་མིག་འབར་བ་རབ་ཏུ་བགྲད། །མགོ་ལ་ཡིད་བཞིན་ནོར་བུས་བརྒྱན། །ཤེས་རབ་ཐབས་ལྡན་གཤོག་པ་བརྐྱང་། །ཐབས་ལྡན་སྡེར་མོ་རྣམ་པར་གདེངས། །ཀྱེ་མའོ།


DNG016_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་སྟོད་མཆོག་གི་གཡང་གཞིས་བརྒྱན། །སྐུ་སྨད་སྦྲུལ་གྱི་ཆུན་པོས་བརྒྱན། །ཐོད་པ་ཚར་གསུམ་སེ་རལ་ཁ། །རྩལ་འཕགས་ཁྱད་པར་དེ་བཞིན་མཐོང་། །བདག་ཅག་རྣམས་ཀྱི་དམ་ཚིག་ལྷ། །དྲག་པོའི་ཆ་བྱད་ཟླ་ལས་རྒྱལ། །དྲག་པོ་ཆེན་པོ་བཀའ་བཞིན་བགྱིད། །ཅེས་འཛེར་ཞིང་འཐོན་ནས་དམ་ཚིག་སྨྲས་ཏེ་སྐུ་ལ་འཁྲིལ་ལོ། །ནཱ་དུ་ཏྲ་ས་ན་དྷྲི་པ་ལ་དུ་ས་ནི་གར་སི་ཏི་སྭཱ་ཧཱ། དེ་ནས་གསེར་མིག་འབར་བ་ཡིས། ང་རྒྱལ་ཆེན་པོ་བསྟན་ཏེ། དབང་དུ་བསྡུ་ཕྱིར་དམ་ཚིག་ཕྱག་རྒྱ་བསྟན། །དང་པོ་གཉིས་ནི་ནང་དུ་བསྣོལ། །ཟླ་རྣམས་རབ་ཏུ་བརྐྱངས་པ་སྟེ། །ཁྲོས་པའི་ང་རྒྱལ་འདི་བརྗོད་དོ། །ཏ་ཀི་ཛ་དེ་བྱི་ཛཿདེ་ཧཱུ་ཡ་ཧཱུ་ཡ། ཧུ་ལུ་ཧུ་ལུ་པུ་རུ་ཏེ་པུ་རུ་སྭཱ་ཧཱ། ཞེས་བརྗོད་ནས་ཆེ་བ་རྒྱུན་གྱི་ཏིང་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་རིགས་བཞིའི་ཀླུ་རྣམས་ལ། །རབ་ཏུ་ཆེ་བ་བསྟན་པའི་ཕྱིར། །ཉིད་ཀྱི་གཞལ་ཡས་ཁང་ཆེན་པོ། །རབ་ཏུ་བརྗིད་པ་འདི་ཉིད་དུ། །བྱོལ་སོང་རིགས་བཞི་དང་ཐབས་ཅིག་ཏུ་འདུག་པའི་གནས་འདི་ལྟ་སྟེ། རྒྱ་མཚོ་ཆེན་པོའི་དབུས་གནས་འབར། །རི་རབ་མཆོད་རྟེན་གཟུགས་འདྲ་ལ། །བུམ་པ་ཡིད་བཞིན་ལྕང་ལོས་བརྒྱན། །སྦྲུལ་གཉིས་དར་འཕྱང་ལྟ་བུས་མཛེས། །རིགས་བཞིའི་རྒྱན་གྱིས་རབ་ཏུ་བཀླུབས། །སྒོ་བཞི་ཀ་བརྒྱད་རབ་ཏུ་ལྡན། །དེ་འོག་སུམ་གཉིས་རབ་ཏུ་མཛེས། །བྱོལ་སོང་ལོངས་སྤྱོད་རབ་ཏུ་ལྡན། །དེ་ཉིད་བུམ་པའི་ཁོང་སེང་ན། །གསེར་མིག་འབར་བ་དང་ཐབས་ཅིག་ཏུ་བཞུགས་པ་འདི་ལྟ་སྟེ། གཟི་བརྗིད་མཐའ་ཡས་དུང་སྐྱོང་དང་། །གང་བོ་ནོར་ལྡན་ལ་སོགས་དང་། །དགའ་བོ་འཇོག་པོ་མ་དྲོས་དང་། །རིགས་བཞིའི་གཙོ་བོ་ཀླུ་བརྒྱད་དེ། །སྐུ་ལ་འཁྲིལ་ཏེ་རབ་ཏུ་གནས། །གྱད་ནོར་མེད་ལ་སོགས་པའི་རྒྱན། །དར་དཔྱངས་མ་དང་པདྨའི་རྒྱན། །གཟི་བརྗིད་མ་དང་དུང་ཅན་མ། །ཀླུ་མོ་རིགས་བཞི་ལ་སོགས་པ་དང་ཐབས་ཅིག་ཏུ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོས་གཉེན་པོ་སྒྲུབ་པ་འདི་གསུངས་


DNG016_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དགོན་པ་དུར་ཁྲོད་མཚོ་གླིང་ངམ། །ཆུ་མིག་ནགས་ན་གནས་པའི་བར། །དཀྱིལ་འཁོར་ཆ་མཉམ་ཡིད་འོང་ལ། །དྲི་སྤོས་སྨན་གྱིས་ཆག་ཆག་གདབ། །འཁོར་ལོ་རྩིབས་བཞི་མུ་ཁྱུད་ལྡན། །སྒོ་བཞི་རིགས་དང་ལྡན་པ་བྲི། །དབུས་སུ་ལག་ན་རྡོ་རྗེ་སྟེ། །འཁོར་ལོ་བཞི་ལ་བྱ་ཁྱུང་བཞི། །གྲུ་ཆད་མཆོད་པའི་བུམ་པ་བཞི། །སྨན་ལྔ་སྤོས་ལྔ་རིན་ཆེན་ལྔ། །འབྲུ་ལྔ་མེ་ཏོག་ལྔ་ལ་སོགས། །བཅུ་གཉིས་ལྔ་ཉིད་བྱིན་གྱིས་བརླབ། །སྒོ་ལ་མཆོད་པའི་གཏོར་མ་བཞི། །བྷ་མ་ཧ་སྡི་བཅས་པ་ཡི། །སོར་མོ་ལྔ་ཡི་ཆངས་པའི་རྗེས། །མཁའ་ལྡིང་མཆོད་པའི་རྫས་སུ་གཞག །དེ་ནས་ཏིང་འཛིན་རིམ་པ་ནི། །དང་པོ་སྟོང་པའི་བྱང་ཆུབ་སེམས། །གཉིས་པ་སྙིང་རྗེ་འབྱུང་བ་དང་། །གསུམ་པ་རྒྱུ་ཡི་རྣམ་པ་ལས། །བཾ་གྱི་ས་བོན་ལས་བྱུང་བའི། །རྒྱ་མཚོ་ཆེན་པོའི་དབུས་སུ་ནི། །ལཾ་ལས་རི་རབ་རིན་ཆེན་བསྐྱེད། །དེ་སྟེང་ཁྲོམ་ལས་ག་རུ་ཌ། །རྡོ་རྗེ་གཤོག་པའི་བྱིན་རླབས་ལས། །བྱ་ཁྱུང་རྒྱལ་པོ་བཞི་བྱུང་བས། །དཀར་དང་དམར་དང་སེར་དང་ལྗང་། །འཁོར་ལོ་རྩིབས་བཞིའི་སྟེང་དུ་བསྒོམ། །ཤར་ཕྱོགས་འཁོར་ལོའི་རྩིབས་སྟེངས་སུ། །ཡེ་ཤེས་མཁའ་ལྡིང་སྟོབས་པོ་ཆེ། །སྐུ་མདོག་དཀར་མཛེས་འོད་འབར་ལ། །དབུ་གསུམ་རྡོ་རྗེའི་མཆུ་ཁྲ་ལ། །རིང་ལ་དམར་ཞིང་སྤྱན་ཡང་དམར། །ཞལ་གདངས་རལ་པ་སྤྲུགས་པའི་ཚུལ། །ཡེ་ཤེས་གཤོག་གདེངས་སྐུ་ཡང་ཤིན་ཏུ་གཡོ། །སྐུ་དང་ཡན་ལག་རིན་ཆེན་བཻ་ཌཱུར་བརྒྱན། །ཕྱག་དྲུག་གཡས་ཀྱི་དང་པོ་འཁོར་ལོ་ཕྱར། །བར་པ་ལྕགས་ཀྱུ་ཐ་མ་ཐལ་མོ་སྦྱར། །གཡོན་གྱི་དང་པོས་རིན་ཆེན་ཟུར་བརྒྱད་བསྣམས། །བར་པ་ཞགས་པ་ཐ་མ་ཐལ་མོ་སྦྱར། །ནུབ་ཕྱོགས་འཁོར་ལོའི་རྩིབས་སྟེངས་སུ། །ཡེ་ཤེས་མཁའ་ལྡིང་རྒྱལ་པོ་གཟི་བརྗིད་འོད་པོ་ཆེ། །དབུ་གསུམ་མདོག་དམར་རལ་པ་ལྕང་ལོར་འཁྱིལ། །ཞལ་གདངས་ཡེ་ཤེས་གཤོག་པ་ཆེན་པོ་གདེངས། །སྐུ་དང་ཡེ་ཤེས་ཡན་ལག་མེ་ཆེན་འབར། །ཕྱག་དྲུག་གཡས་ཀྱི་དང་པོ་རྡོ་རྗེ་རྩེ་ལྔ་པ། །བར་མ་ལྕགས་ཀྱུ་ཐ་མ་རིན་པོ་ཆེ། །གཡོན་གྱི་དང་པོ་རྡོ་རྗེ་པདྨ་ཕྱར། །བར་མ་ཞགས་པ་ཐ་མ་


DNG016_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

དབྱུག་ཏོ་བསྣམས། །ལྷོ་ཕྱོགས་འཁོར་ལོའི་རྩིབས་སྟེངས་སུ། །ཡེ་ཤེས་མཁའ་ལྡིང་རྒྱལ་པོ་མི་མགོ་ཅན། །དབུ་གསུམ་མདོག་སེར་རལ་པ་གྱེན་དུ་འཁྱིལ། །ཡན་ལག་རིན་ཆེན་སྐུ་ལས་མེ་ཆེན་འབར། །ཡེ་ཤེས་གཤོག་པ་རྒྱ་ཆེན་བརྐྱང་བསྐུམ་མཛད། །ཕྱག་དྲུག་གཡས་ཀྱི་དང་པོ་རིན་ཆེན་འབར། །བར་མ་ལྕགས་ཀྱུ་ཐ་མ་དཔག་བསམ་ཤིང་། །གཡོན་གྱི་དང་པོ་ཡེ་ཤེས་རལ་གྲི་འཕྱར། །བར་མ་ཞགས་པ་ཐ་མ་གཤོག་ཚུལ་བརྐྱང་། །བྱང་ཕྱོགས་འཁོར་ལོའི་རྩིབས་སྟེངས་སུ། །ཡེ་ཤེས་མཁའ་ལྡིང་རླུང་གི་ཤུགས། །དབུ་གསུམ་མདོག་ལྗང་རལ་པ་འཁྱིལ། །སྒྲ་སྐད་སྣ་ཚོགས་བཞད་ཅིང་སྨིན་མ་བསྐྱོད། །ཡན་ལག་རིན་ཆེན་བརྒྱན་པས་སྐུ་འབར་བ། །ཕྱག་དྲུག་གཡས་ཀྱི་དང་པོ་རལ་གྲི་ཕྱར། །བར་མ་ལྕགས་ཀྱུ་ཐ་མ་ཤིང་ཐོག་བཱི་ཛ་པཱུར། །གཡོན་གྱི་དང་པོ་འཁོར་ལོ་འབར་བ་བསྣམས། །བར་མ་ཞགས་པ་ཐ་མ་གཤོག་ཚུལ་བརྐྱང་། །དེ་རྣམས་རྩ་བའི་སྙིང་པོ་བྷྲཱུཾ་ལས་བསྐྱེད། །དེ་བཞིན་སྤྱན་དྲང་བཞུགས་གསོལ་ཕྱག་བྱ་དང་། །མཆོད་དང་བསྟོད་དང་བཟླས་པ་ཚུལ་བཞིན་བྱ། །བ་ལིཾ་ལ་སོགས་བྱེད་པ་དང་། །བྷ་མ་ཧ་སྡི་བཅིངས་པ་ཡིས། །སོར་མོ་ལྔ་ཡིས་བཅངས་པའི་རྗེས། །ཟན་ཆང་དཀར་གསུམ་འབྲུ་དང་སྨན་གྱིས་མཆོད། །ཨོཾ་རཱ་ཛ་མ་ཧཱ་ག་རུ་ཌ། ཧཱུཾ་བ་ལིཾ་པཱུ་ཙ་བ་ལིཾ་ཏ་ཁཱ་ཧི། ཞེས་དབུལ་བར་བྱའོ། །དེ་ནས་སྔགས་འདི་རྒྱུན་དུ་བཟླས། ཨོད་ཀཾ་ཨོད་ཀཾ་ཁྱུང་ཀར་ཁྱུང་ཀར། ཤ་མར་དབྱིག་དུ། ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་ཧཱུཾ་ཕཊ། སྔགས་དེ་རྩ་བ་རྒྱུན་དུ་གྲངས། །མཁའ་ལྡིང་གསོ་བའི་ལས་བྱེད་ན། །བདག་གམ་གཞན་ལ་གདུག་པས་འཇིགས། །ག་རུ་རྒྱལ་པོ་མཆོད་འདོད་པས། །གནས་སམ་ཁང་པའི་སྒོ་ངོས་ཏེ། །སྣུམ་པའི་ས་འམ་བག་ཟན་ལ། །ག་རུ་ཌ་ཡི་གཟུགས་བཅས་ཏེ། །བ་ལིཾ་ལ་སོགས་པཱུ་ཙ་དང་། །བྷ་མ་ཧ་སྡི་བཅིངས་པ་ཡི། །སོར་མོ་ལྔ་ཡི་པཱུ་ཙ་དེས། །ག་རུ་ཌ་ཉིད་ལ་ནི་དབུལ། །སྙིང་པོ་ལྔ་པོ་གང་ཡང་རུང་། །གཅིག་གིས་སྣ་དྲངས་བརྗོད་རྟིང་ལ། །ག་རུ་ཌ་གཉིས་བརྗོད་ནས་ཀྱང་། །དེ་རྟིང་པཱུ་ཛ་རབ་ཏུ་བརྗོད། །ཐོག་མར་ཨོཾ་དང་སྭཱ་ཧཱས་དབུལ། །འདི་ལྟར་གཞུང་བཞིན་བྱས་ནས་ནི། །ཀ་ལ་ཤ་ཏས་ཟིན་པ་ལ། །གྲོལ་བར་འགྱུར་བ་ཐེ་ཚོམ་མེད། །དེ་ནས་གཉེན་པོ་རིགས་བཞི་ལ། །


DNG016_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

མཉེས་པའི་བསྟོད་པ་འདི་ཡང་གསུངས། །ཧཱུཾ། རིག་སྔགས་བདག་པོ་མཐུ་སྟོབས་བདག་པོའི་སྐུ། །ཨེ་མའོ་ཕྱག་གི་མཐིལ་ན་རྡོ་རྗེ་འབར་འདྲ་བས། །ཞལ་ནས་གསུང་སྐད་བཏོན་པས་ཁམས་གསུམ་དབང་དུ་སྡུད། །སྟོང་གསུམ་དྲག་ཏུ་གཡོས་པས་ཀླུ་ཆེན་ཕོ་མོ་འདུལ། །མཁའ་ལྡིང་རྒྱལ་པོ་འཇིགས་བྱེད་ག་རུ་ཌ། །ལྕགས་ཀྱུ་འདབ་གཤོག་ཆེན་པོ་བརྐྱང་བས་ནི། །གསེར་གྱི་འོད་འཕྲོ་རླུང་སྒྲ་དྲག་པོ་ཡིས། །རྒྱ་མཚོ་ཆེན་པོར་ཀུན་ཏུ་བརྡབས་པ་ཡིས། །ཀླུ་རྒྱལ་འཁོར་དང་བཅས་པ་ཟིལ་གྱིས་གནོན། །འཇིགས་བྱེད་གསེར་གྱི་སྤྱན་རྣོན་ཆེན་པོས་ནི། །ཚངས་པ་ཆེན་པོའི་ཡུལ་ས་རྩེ་ནས་གནོན། །གལ་ཏེ་ཀླུ་རྣམས་དམ་ལས་འདས་གྱུར་ན། །རྒྱ་མཚོའི་སྙིང་པོ་རྒྱ་མཚོའི་ལྦུ་བ་ལ། །གཤོག་པ་ཆེན་པོ་རྒྱ་མཚོར་བྱས་ནས་ནི། །ཀླུ་རྣམས་ཐམས་ཅད་དབང་དུ་བསྡུས་ནས་ནི། །མེ་ཡི་སྙིང་པོ་འབར་བས་བསྲེག་བྱས་ཏེ། །ལུས་ནི་རུལ་མྱག་དྲི་ནི་ང་བར་འགྱུར། །ནད་ཀྱི་རྣམ་གྲངས་མང་པོས་འདེབས་པ་དང་། །ལུས་ལ་ནད་ངན་ཤ་བཀྲ་འབྱུང་བར་འགྱུར། །ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུཾ་ཕཊ། ཧཱུཾ། ནམ་མཁའ་ལྡིང་གི་རྒྱལ་པོ་ཚངས་པའི་བྱ། །གསེར་འདབ་བྱ་ཁྱུང་ག་རུ་ཌ། །དྲང་སྲོང་འཁོར་གྱི་སྟོབས་པོ་ཆེ། །རིགས་གསུམ་མགོན་པོ་རྡོ་རྗེ་རྒྱལ། །མངའ་རིས་འཁོར་དུ་ཀླུ་ཡིས་བསྐོར། །རྡོ་རྗེ་རྣོན་པོ་སྤུ་གྲིའི་སོ་གཉིས་གཙིགས། །གསེར་གྱི་སྤྱན་གཉིས་ཁྲོ་གཉེར་ཅན། །ཐབས་ལྡན་རྡོ་རྗེའི་ར་གཉིས་བརྗིད། །ཡིད་བཞིན་ནོར་བུ་གཙུག་ན་འབར། །ལྕགས་ཀྱི་མཆུ་ཆེན་རྣོ་དབལ་གྱིས། །རབ་ཏུ་གདུག་པའི་ཀླུ་རྣམས་སྤྱི་ནས་འདྲེན། །རྡོ་རྗེའི་སྡེར་གཤོག་བརྐྱངས་པའི་རླུང་མོ་ཆེས། །ཀླུ་རྒྱལ་གདུག་པ་དབང་དུ་སྡུད་པར་མཛད། །ཅེས་བསྟོད་དེ་དབང་དུ་བསྡུའོ། །དཔལ་གཤིན་རྗེ་ཟླ་གསང་ནག་པོའི་རྒྱུད་ལས། གདུག་པ་ཀླུ་བསྒྲུབ་ཀྱི་ཟླ་གསང་གི་སྐབས་ཏེ་ལེའུ་དོན་གཅིག་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོས་གདུག་པ་ཀླུ་སྒྲུབ་འདི་ཡང་གསུངས། མཚོ་འགྲམ་ཆུ་མིག་ཤིང་གཅིག་རྐང་། །ནགས་རྫོང་མཐུག་པོ་དུར་ཁྲོད་དུ། །མཎྜལ་ཆ་མཉམ་ཡིད་འོང་ལ། །བ་ལས་བྱུང་བའི་རྣམ་པ་ལྔ། །ཕྱོགས་བཞི་དབུས་དང་ལྔ་ལ་བྱུག །


DNG016_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་བྱིན་གྱིས་བརླབ་པའི་ཕྱིར། །ཧཱུཾ་ས་མ་ཡ་ཨོཾ་གྱི་སྔགས། །བྱ་བ་བྱེད་པས་བྱིན་གྱིས་བརླབ། །བདག་ཉིད་ཆེན་པོར་རབ་བརྟགས་ཏེ། །ཐམས་ཅད་གྲུབ་པར་བྱ་བའི་ཕྱིར། །བདག་ཉིད་སྤྱི་བོར་ས་དམིགས་ཏེ། །བདག་པོ་བཞི་ཡིས་དབང་བསྐུར་རོ། །རྡོ་རྗེའི་སྦུ་གུར་མ་བསམས་ཏེ། །གཡུ་བྱེའུ་སྔོན་མོས་དབང་བསྐུར་རོ། །ཏྲི་དང་ཡ་བསམ་དྲེགས་པས་དབང་བསྐུར་བྱའོ། །སྙིང་གར་ཧཱུཾ་བསྐྱེད་བདག་དབང་བསྐུར། །ལྟེ་བར་ཨོཾ་ཡིག་གཉེན་པོར་རོ། །དེ་ནས་ཐིག་དང་རི་མོ་བྲི། །པདྨ་འདབ་བརྒྱད་མུ་ཁྱུད་ལྡན། །གྲུ་ཆད་སྒོ་རྣམས་དེ་བཞིན་བྲི། །ལྟེ་བ་མཐིང་ཀ་པདྨ་དཀར། །མུ་ཁྱུད་དམར་པོ་གྲུ་ཆད་ལྗང་། །སྒོ་རྣམས་སེར་པོར་སྒོ་འབུར་རིགས། །དེ་བཞིན་ཚོན་རྣམས་དགྱེ་བར་བྱ། །དབུས་སུ་གཉེན་པོ་དགོད་པར་བྱ། །པདྨ་བརྒྱད་ལ་ཀླུ་ཆེན་བརྒྱད། །རང་རང་རྩ་བའི་སྔགས་ཀྱང་བྲི། །རྩིབས་མཆན་དེ་མིང་བྲི་བར་བྱ། །གྲུ་ཆད་བཞི་ལ་ཀླུ་མོ་བཞི། །ན་ས་ཕུ་ན་གྲུ་ཆད་ལ། །སྒོ་འབུར་ཧ་ས་ཏྲཾ་ག་རྣམས། །ཤར་ནས་བསྐོར་ཏེ་རིམ་པར་དགོད། །ཅེས་རྒྱུན་དུ་བཟླས་པའི་ཡི་གེ་དགུ་པོ་འདི་གསུངས་སོ། །ཧཱུཾ་ནཱ་ག་རཱ་ཛ་ས་མ་ཡ་ཆེ་གེ་མོ་ཞིག་ཙིཏྟ་ཛྭ་ལ་ཞེས་བསྒྲུབ་པར་བྱའོ། །ཞག་དགུ་བར་དུ་ཁྲུས་བྱས་ཏེ། །ཟས་རྣམས་ལྔ་ནི་སྤང་བར་བྱ། །དེ་ནས་གྲུབ་པའི་རྟགས་རྣམས་ནི། །དངོས་སུ་ལོངས་སྤྱོད་ཚོགས་རྣམས་འབྱུང་། །བར་ནི་བལ་ལྡག་ཐོར་པ་འབྱུང་། །དེ་ཉིད་མངོན་དུ་གྱུར་ཚེའོ། །རིག་པའི་ཤམ་བུ་གདགས་པར་བྱ། །སྨི་ཏི་གི་ཏི་ལས་ལ་གཟུད། །ཅེས་དོན་ཐམས་ཅད་གྲུབ་པར་བྱ་བའི་ཕྱིར། དབང་བསྐུར་བར་བྱ་བ་འདི་གསུངས་སོ། །དར་དཀར་གཞི་མ་བཏིངས་ནས་ནི། །པདྨ་འདབ་བཞི་བྲི་བར་བྱ། །དཀར་པོ་ལ་སོགས་མུ་ཁྱུད་ལྡན། །དབུས་སུ་དམ་ཚིག་ས་ས་བོན་ས་ན་འདྲ་མིན་འདུག་ཧ་དགོད། །དེ་ནས་ཡིད་འོང་བུམ་པ་ལ། །བདུན་པ་དགུ་པའི་རི་མོ་བྲི། །དགེ་བསྙེན་གཉིས་པོར་རབ་ཏུ་དམིགས། །ཁ་དོག་ཚང་བའི་རས་ཀྱིས་བཅིངས། །རྨ་བྱ་འོམ་བུ་བྲ་མ་དང་། །དྲག་པོའི་རྫས་ལ་བདུག་པར་བྱ། །རས་ལ་སོགས་པའི་གཟུངས་ཐག་གདགས། །སྡེར་གཤོག་ཕྱག་རྒྱ་སྙིང་གར་བསྟན། །སྨན་ལྔ་སྤོས་ལྔ་རིན་ཆེན་ལྔ། །འབྲུ་ལྔ་མེ་ཏོག་ལྔ་ལ་སོགས། །བཅུ་གཉིས་ལྔ་ཉིད་བྱིན་


DNG016_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བརླབ། །ཨོཾ་ཨཱཿཧཱུཾ་ནཱ་ག་ཡུ་ཡུ། ནཱ་ག་ཡུ་རུ་ཛྭ་ལ་ནི། ནཱ་ག་ས་མ་ཡ་སྭཱ་ཧཱ། དམིགས་པའི་ཡན་ལག་གསུམ་པའི་རྒྱུ། །ཡི་གེ་རྩ་གཅིག་སྤྲུལ་པར་བཤད། །ཧཱུཾ་སྐྱེས་བདག་པོ་གཉིས་ནས་སྤྲུལ། །ཡན་ལག་ཡི་གེ་རྩ་གཅིག་ལས། །འོད་ཟེར་སྣ་ཚོགས་བདུད་རྩིར་སྤྲུལ། །ཡི་གེ་དམིགས་པའི་གནས་ལྔ་རུ། །བདུད་རྩི་བུམ་པ་བརྟན་པར་བྱ། །མཁའ་ལྡིང་རྒྱལ་པོ་དེ་ཉིད་བསམ། །དེ་ཉིད་གཙང་མའི་རས་ཀྱིས་དཀྲིས། །གུར་གུམ་སྨན་ནམ་ཆུས་བསྲེས་བཀྲུ། །དེ་བཞིན་མ་སྨིན་ཟས་རྣམས་བཟའ། །ཞེས་འདི་སྐད་ཅེས་གསུངས་སོ། །ཀྱེ་མའོ་རྡོ་རྗེ་འཛིན་པའི་བདག །བདག་གི་དམ་ཚིག་མངོན་དགའ་བས། །དམ་ཚིག་དཀྱིལ་འཁོར་འདིར་འདུག་ན། །ཁྱོད་ཀྱི་དམ་ཚིག་གཙོ་ལགས་ཀྱི། །ལོངས་སྤྱོད་ཀླུ་ཡི་ཕོ་བྲང་ནས། །རིག་པའི་རྒྱལ་པོས་དབང་བསྐུར་ཅིག །ཅེས་གསོལ་ཏོ། །ཉོན་ཅིག་སྐལ་ལྡན་རིགས་ཀྱི་བུ། །ལོངས་སྤྱོད་ཀླུ་ཡི་རིགས་ཀྱིས་འགྲུབ། །ཕོ་བྲང་ཡིད་འོང་མངོན་དགའ་ནས། །རབ་ཏུ་གདུག་པའི་ཀླུ་རྣམས་ལ། །ཡིད་བཞིན་རིན་ཆེན་རབ་གནས་པས། །དེ་རིང་ཁྱོད་ཀྱིས་བཅང་བར་གྱིས། །ཞེས་དབང་བསྐུར་བྱའོ། །དེ་ནས་ཡང་བར་ཆད་བསལ་བའི་ཕྱིར། རྨ་བྱས་བརྡེག་ཅིང་གུ་གུལ་བདུག །ཅེས་གསུངས་སོ། །སྙིང་པོ་རིགས་བཞི་དབུ་རྒྱན་དང་། །དར་གྱི་ཅོད་པན་མེ་ཏོག་ཕྲེང་། །ལོངས་སྤྱོད་ཚོགས་ཀྱི་ཞལ་ཟས་དང་། །རྟེན་གྱི་བུམ་པས་དབང་བསྐུར་བྱའོ། །དེ་ནས་དམ་ཚིག་རྟེན་འདྲེལ་གྱི་སྙིང་པོ་འདི་སྦྱིན་པར་བྱའོ། །རིགས་ལྡན་ཐོགས་མེད་རྒྱུག་པ་ཡི། །སྔགས་ལྡན་སྔགས་ཀྱི་བདག་པོ་ཁྱོད། །དེ་རིང་དམ་ཚིག་འདི་ཟུང་ལ། །ཡིད་བཞིན་རིན་ཆེན་གཏེར་བཞིན་ཆོངས། །ནམ་མཁའི་དངོས་པོ་མི་གནས་ལ། །སྣ་ཚོགས་འོད་ཀྱི་གཞའ་འབྱུང་ཞིང་། །སྣང་མེད་སྤྲུལ་པའི་ངོ་བོ་ལས། །རྣམ་ཤེས་ལྡན་པའི་ཐོགས་མེད་ནི། །རྣམ་ཤེས་སྐུ་ཡི་ངོ་བོ་ལས། །ཡི་གེ་ཕྲེང་བ་ཉིད་དུ་བཀོད། །ནཱ་ག་ལི་ལི་ཏྲི་ཡ་པ་ཏྲི་སྣིར། ཟ་རོ་ཏྲི། ཏྲི་ཡ་ཀུ་རུ་པ་ཏྲི་ཡཾ། ཧེ་ཧེ་ཧཱུཾ་ཧཱུཾ་བྷྱོ་ཛ། ཞེས་རྟེན་འདྲེལ་གྱི་སྙིང་པོས་ཡོངས་སུ་རྫོགས་པར་བྱའོ། །དེ་བསྒྲུབ་བར་དུ་ཀླུ་ལས་གང་མི་བྱ། །དེ་ཡི་སྦྱོར་


DNG016_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡོངས་སུ་རྫོགས་པ་དང་། །ཀླུ་ཡི་སྦྱོར་བ་ཚང་བར་བསག་པར་བྱ། །འདི་ནི་དང་པོར་སྔོན་དུ་རབ་ཏུ་གཅེས། །དེ་ནས་ཀླུ་ཡི་སྦྱོར་བ་འདི་གསུངས་སོ། །ནཱ་ག་གནས་ཤིང་གང་ན་གནས་པའི་ས། །དེ་ཡི་དྲུང་ནས་འཇམ་པའི་ས་བླངས་ལ། །ས་མཉེན་སྤྱིན་པོ་དག་དང་མཉམ་བསྲེས་ལ། །ཀླུ་ཡི་རཱ་ཛ་དེ་ཡི་གཟུགས་བྱས་ལ། །ལུས་བཅུ་མགོ་གཅིག་སྦྲུལ་མགོ་བདུན་གྱིས་བརྒྱན། །གཡས་ན་རིན་ཆེན་འབར་བའི་བུམ་པ་ཐོགས། །ཁ་དོག་མཐིང་ག་ལུས་ཀྱིས་ཆུ་སྲིན་གནན། །ཕོ་ཡི་ཡི་གེ་འདི་ནི་འདི་ཡི་རྒྱུ་ཡིན་ཏེ། །ནཱ་ག་རཱ་ཛ་སུ་ཀི་ནི་སྟྭཾ་ཞེས་དེ་བཞིན་བསྐྱེད་ལ། ནཱ་ག་རཱ་ཛ་བ་སུ་གི་ནི་ཛ་ཛ། ཞེས་བཀུག་ལ། དེ་ལྟར་གསལ་ནས་ཉི་ཤུ་པ་ཉིད་རྟག་པར་བཟླས། ཇི་ལྟར་ནུས་བཞིན་དུ་མང་བཟླས་ཏེ། དེ་ལྟར་བཟླས་ཚེ་གཟུགས་དེ་ག་བུར་གཞུག །གཞན་གྱིས་མི་མཐོང་རང་གི་སྤྱོད་ཡུལ་ཉིད། །རྟགས་དང་མཚན་མ་རང་རང་གཟུགས་སུ་འབྱུང་། །བཟླས་པས་སྐྱོ་ན་མཆོད་པ་དབུལ་བར་བྱ། །ནཱ་ག་རཱ་ཛའི་གཟུགས་ལ་ཐིམ་པར་བསམ། །དེ་ནས་གཏད་པའི་ལས་དག་བྱེད་འདོད་ན། །བདག་ཉིད་མཐུ་སྟོབས་བདག་པོར་བསམ་བྱས་ལ། །ཐུགས་ཀར་མཁའ་ལྡིང་རཱ་ཛ་གསལ་བྱས་ཏེ། །ཆུ་གཏོར་མངར་དང་ལྡན་པ་སྦྱིན་བྱས་ལ། །སེང་ལྡེང་ཕུར་པ་བདག་དང་འདྲ་བར་བསམ། །དེ་ཡི་གསང་སྔགས་ཉིད་ཀྱི་བྱིན་གྱིས་བརླབ། །བདག་གིས་དེ་ཉིད་དྲིལ་ཞིང་ནཱ་གར་བསྡིག །ཀ་ལ་རཱུ་པ་ཙ་ག་ཚག་དོམ་དམ། །བརྒྱ་འམ་སྟོང་དུ་བཟླས་པ་བྱས་ནས་ནི། །གསང་སྔགས་འདི་ཡིས་གཏད་པར་བྱ་བར་གསུངས། །ཨོཾ་ནཱ་ག་རཱ་ཛ་ཛཿཧཱུཾ་བཾ་ཧོཿ། ཆེ་གེ་མོ་ཨཱ་ཀཪྴ་ཡ་ཨཱ་ཀཪྴ་ཡ་ཧཱུཾ། ཙིན་ཡང་ཙིན་ཡང་། ལེན་ཡང་ལེན་ཡང་། ནཱ་ག་ཆིངས་ནཱ་ག་ཆིངས། ནཱ་ག་སྡོམ་ནཱ་ག་སྡོམ། དེ་སྐད་ཅེས་ནི་ལན་གཉིས་བརྗོད། །མི་འདི་བདུན་རྒྱུད་རྩ་བ་ཆོད། །ཅེས་བསྒོ། འདི་སྐད་ཅེས་ནི་གནད་ལ་བོར། །གདུག་པ་ཀླུ་ཡིས་དགྲ་འདི་མ་བསད་ན། །ཕྱག་ན་རྡོ་རྗེ་རང་གི་མགོ་འགེམས་སོ། །ཁོང་ནས་སྙིང་ཁྲག་འཛག་པར་བྱེད། །དེ་སྐད་ཅེས་བརྗོད་གནད་ལ་བོར། །དེ་ནས་གནན་པའི་སྔགས་འདི་གསུངས། །མཛེ་ཐོད་དམ་ཕ་མེས་ཀྱི་ཐོད་པ་རུ། །མིང་དང་རུས་བཅུག་སྔོ་དམར་སྐུད་པས་བཅིངས། །བུད་མེད་ཞབས་མས་གཏུམས་ལ་ཁྱིམ་གྱི་གཏིང་དུ་སྦ། །ནུབ་སྒོར་


DNG016_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་བལྟས་ཁྱིམ་གྱི་བདག་པོ་ལ། །བ་དམར་གླང་དམར་འབྲི་ཡི་རྭ་ཅོའི་ནང་། །མིང་རུས་འཆི་རྐྱེན་གང་འདོད་དྲིས་པ་དེ། །ལྟོ་འཕྱེ་སྦལ་ལྕོང་ལྟོ་རུ་བཅུག་ནས་ནི། །ཧཱུཾ་གིས་མཐའ་སྐོར་བ་ནི་ཚིག་མི་བྱ། །ཀུན་ལ་གང་འདོད་འཆི་རྐྱེན་བྲིས་ཏེ་སྦ། །ཨོཾ་ལཾ་སུཾ་ལཾ་པྲ་ཏི་སྣ་ནན། ཏི་སྟ་ཏི་སྟ། ཨོཾ་ཆེ་གེ་མོ་ལཾ་ནན། སྟམ་པ་ནན། མཱ་ར་ནན། ཨོཾ་ནཾ་ནཾ་ཏི་ཁས་བྱེའུ་ཆར་ཁས། ནན་ཏི་ཁས། པྲ་ནན། པྲ་ཁས། ནཱ་ག་པུ་ཀ །ནཱ་ག་པུ་ཀ །ནཱ་ག་ལཾ་ནཱ་ག་ལཾ་སྭཱ་ཧཱ། བདག་ལ་མི་ཚུག་བྱ་ཕྱིར་གང་མི་སྨོས། །གནོན་པའི་རྐང་པ་རྡོ་རྗེ་རྒྱ་གྲམ་བསམ། །ས་བརྐོ་རང་གི་གྲིབ་མ་རབ་ཏུ་སྤང་། །མ་ཉེས་དཔང་གཟུག་ལྷ་སྲིན་དབང་དུ་བསྡུ། །དེ་ལྟར་བྱས་ན་ལས་རྣམས་ངེས་པར་འགྲུབ། །དཔལ་གཤིན་རྗེ་ཟླ་གསང་ནག་པོའི་རྒྱུད་ལས། གདུག་པ་ཀླུ་ནང་ལྟར་བསྒྲུབ་པའི་སྐབས་ཏེ་ལེའུ་དོན་གཉིས་པའོ།། །། དེ་ནས་ཀླུའི་དྲག་སྔགས་དགོད་པའི་སྔགས་འདི་གསུངས། ནཱ་ག་རཱ་ཛ་བ་སུ་ཀི་ནི་སྟོམ། ནཱ་ག་རཱ་ཛ་བ་སུ་ཀི་ནི་ཛ་ཛ། ནཱ་ག་ནི་ནཱ་ག་ནི་ཛ་ཛ་ཛ། ཡུ་ཡུ་ཡུ་དམ་པ་ནི། དུམ་པ་ནི་ཡུ། ནཱ་ག་རཱ་ཛ་བ་སུ་ཀི་ཨ་མྲྀ་ཏ་སརྦ་ས་མ་ཡ། ནཱ་ག་རཱ་ཛ་བི་ཙོ་ཀ་ལི་ནཱ་ག་རཱ་ཛ་རཏྣ་ནཱ་ག་ཡུ། ནཱ་ག་པུ་ཀ་ཧཱུཾ་ཛ་ཧཱུཾ་ཛ། ཨོཾ་ཆེ་གེ་མོ་ཛ་ཛ་ཛ། ཆེ་གེ་མོ་ས་མ་ཡ་ཛ་ཛ། ཧཱུཾ་ནཱ་ག་ཧཱུཾ། ཨོཾ་ནཱ་ག་རཱ་ཛ་བ་སུ་ཀི་ཛ་ཛ། ཨ་ཨ་དད་ནན། ཨོཾ་ནཱ་ག་རཱ་ཛ་ཛཿཧཱུཾ་བཾ་ཧོཿ། ཆེ་གེ་མོ་ཨཱ་ཀཪྴ་ཡ་ཨཱ་ཀཪྴ་ཡ་ཧཱུཾ་ཙིན་ཡང་ཙིན་ཡང་། ལེན་ཡང་ལེན་ཡང་། ནཱ་ག་ཆིངས་ནཱ་ག་ཆིངས། ནཱ་ག་སྡོམས། ནཱ་ག་སྡོམས། ནཱ་ག་པུ་ཀ་ནཱ་ག་པུ་ཀ །ཧཱུཾ་ཛ་ཧཱུཾ་ཛ། ཆེ་གེ་མོ་མཱ་ར་ཡ་ཛ་ཛ་ཧཱུཾ་ཕཊ། ནཱ་ག་རཱ་ཛ་བ་སུ་ཀི། ཛ་ཛ་དགྲ་བོ་མཱ་ར་ཡ་ཛ་ཛ་ཧཱུཾ་ཕཊ། ཨོཾ་ལ་པུ་ལཾ་པྲ་ཏི་སྟ་ནན། སྡི་སྟ་སྡི་ཏ། ཨོཾ་ཆེ་གེ་མོ་ལཾ་ནན། སྟམ་བྷ་ནན། མཱ་ར་ཡ་ནན། ཨོཾ་ནན་ནན། རི་ཁས། བྱེའུ་ཆར་ཁས། ནན་ཏི་ཁས། པྲ་ནན་པྲ་ཁས། ནཱ་ག་པུ་ཀ །ནཱ་ག་པུ་ཀ །ནཱ་ག་ལཾ། ནཱ་ག་ལཾ་སྭཱ་ཧཱ། ནཱ་ག་རཱ་ཛ་ནན། ནཱ་ག་ཀུ་མ་ར་བྷྱོ་ནན། ནཱ་ག་ཀུ་མཱ་ར་བྷྱོ། དེ་བཞིན་སྔགས་རྣམས་རྫོགས་གྱུར་ན། མཛེ་ནད་ཛྭ་ལ་མཱ་ར་ཡའོ། །འཇམ་དཔལ་ཟླ་གསང་ནག་པོའི་རྒྱུད་ལས། མཛེ་ནད་ཛྭ་ལ་ཀླུའི་ཟླ་གསང་གི་


DNG016_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་ཏེ་ལེའུ་དོན་གསུམ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོས་འདི་སྐད་ཅེས་གསུངས་སོ། །རྒྱུད་ཀྱི་རྒྱལ་པོ་ཟླ་གསང་ནག་པོ་འདི། །ཟས་ངན་གོས་ངན་དུས་ངན་གསུམ་གྱི་དུས་སུ་ངེས་འབྱུང་གིས། །འཁོར་དུ་གཏོགས་པའི་ལྷ་སྲིན་སྡེ་བརྒྱད་རྣམས། །རང་རང་དམ་ཚིག་མནོས་ཤིང་ཞལ་བཞེས་པ། །ང་ཡི་དམ་ཚིག་རྗེས་སུ་བསྲུང་བར་གྱིས། །ཀུན་ཀྱང་མནའ་དང་དམ་ལས་འདའ་མ་བྱེད། །གང་གིས་བསྟན་པའི་བསྟན་པ་རྒྱ་མཚོ་འདི། །ཀུན་ཀྱང་ང་ཡི་བཀའ་ལས་གཞན་མ་བྱེད། །ཅེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་གཤིན་རྗེའི་གཤེད་དང་། གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་དང་། རྒྱུད་ཀྱི་རྒྱལ་པོ་ཟླ་གསང་ནག་པོའི་རྒྱུད་དག །བསྟན་པ་ཐམས་ཅད་བསྲུང་བའི་མེ་ལོང་ཡིན་པར་རིག་ནས། ཕྱོགས་སྐྱོང་གཤིན་རྗེ་ཡབ་ཡུམ་ལ་སོགས་ཏེ། །སྡེ་བརྒྱད་ཀུན་གྱིས་འདི་སྐད་ཅེས་གསོལ་ཏོ། །ཀུན་གྱི་ཐུན་མོང་མ་ཡིན་པའི། །དཔའ་བོ་ཆེན་པོས་བཀའ་སྩལ་པའི། །མཚོན་ཆེན་འཁོར་ལོ་འབར་བ་འདི། །བསྟན་པ་ཡུན་གནས་རིན་ཆེན་སྲོག །རྣལ་འབྱོར་སྐལ་ལྡན་གཏེར་གྱི་མཆོག །གང་ཞིག་ལྡན་དང་མི་ལྡན་པ། །ཡིད་བཞིན་མཛོད་དང་བཀྲེན་དང་སྦྲེབས། །ལེགས་ཉེས་སོ་མཚམས་མཁར་བཞིན་ནོ། །བདག་ཅག་འདུས་པའི་འཁོར་ཚོགས་ཀྱིས། །སྤྱི་བོར་ལེན་ཅིང་སྙིང་ལ་དགོད། །ཅེས་གླེངས་ཏེ་དམ་བཅས་སོ། །དཔལ་ཟླ་གསང་ནག་པོའི་རྒྱུད་ལས། འཇིགས་བྱེད་ཆེན་པོས་གདམས་པ་དང་། འཁོར་རྣམས་རྗེས་སུ་ཡི་རང་ནས། དམ་བཅས་པའི་སྐབས་ཏེ་ལེའུ་དོན་བཞི་པའོ།། །། ཟླ་གསང་ནག་པོ་རྩ་བའི་རྒྱུད་ཆེན་པོ་རྫོགས་སོ།། །།ལོ་ཙཱ་བ་ཆེན་པོ་གསུམ་གྱིས་ལན་གྲངས་གསུམ་དུ་བཅོས་ཤིང་གཏན་ལ་ཕབ་པའོ། །ཟླ་ལ་གསང་བས་ཟླ་གསང་ནག་པོའོ། །སྲོག་ཆད་བམ་གྱི་ཁ་བཞིན་ཏེ། །རྩིས་བྱུགས་ཆུ་བྲག་གཉིས་ལ་བཞག །རྒྱུད་ཀྱི་རྒྱལ་


DNG016_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཟླ་གསང་ནག་པོ་འདི། དུས་ཕྱི་མའི་རྣལ་འབྱོར་པ་གང་ཞིག་བསྒྲུབ་པའི་ལས་བྱེད་ན་ཡང་དམ་ཚིག་ལས་མི་འདའ་ལ་འཁོར་ཁྲོ་བོ་དང་ཁྲོ་མོ་དང་། གིང་དང་བདུད་མ་མོ་ལ་སོགས་པས་ཀྱང་ངའི་དམ་ཚིག་འདི་རྗེས་སུ་བསྒྲུབ་པར་མཛད་པས་དུས་ཐ་མ་ལ་གསང་སྔགས་ཆོས་འདི་རྣལ་འབྱོར་པའི་སྐུ་ལ་བསྡོ་བ་རྣམས་ལ། དམ་ཚིག་གི་དབང་གིས་གྲོགས་བྱ་བར་ཞལ་གྱིས་བཞེས་སོ། །དེ་ནས་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོ་དང་། གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་དང་། རྒྱུད་ཀྱི་རྒྱལ་པོ་ཟླ་གསང་ནག་པོ་དང་བཅས་པ་འདི་བསྟན་པ་ཐམས་ཅད་བསྲུང་བའི་མེ་ལོང་ཡིན་པར་རིག་ནས། ཕྱོགས་སྐྱོང་གཤིན་རྗེ་ཡབ་ཡུམ་དང་། བདུད་དང་། བཙན་དང་། གིང་དང་། ལྷ་དང་། ཀླུ་དང་། སྨན་དང་། གཟའ་དང་། གནོད་སྦྱིན་དང་། མ་མོ་ལ་སོགས་པ་འདུས་པ་ཕལ་མོ་ཆེ་རྣམས་ཀྱིས་ཤིན་ཏུ་ངམ་ཞིང་ངོ་མཚར་སྐྱེས་ནས་བསྟོད་པ། ཨེ་མའོ་ཉེས་བཅོམ་ལེགས་ལྡན་མཚན་བཞི་མཐའ་ལས་འདས། །བདུད་དང་གཤིན་རྗེ་ལ་སོགས་ཀུན་གྱི་གཤེད། །རཱུ་ཏྲ་གདུག་པའི་ཚོགས་རྣམས་འཇོམས་མཛད་པ། །ཐུགས་རྗེས་སྒྲོལ་མཛད་ཁྱོད་ལ་ཕྱག་འཚལ་བསྟོད། །ཤེས་རབ་ཆེན་པོ་ནམ་མཁའི་ཉི་མར་གསལ། །བྱང་ཆུབ་སེམས་ཀྱི་འོད་ཟེར་དབྱིངས་སུ་འཆར། །དཔའ་བརྟུལ་མྱུར་བའི་ཤུགས་ཀྱིས་དྲེགས་པ་སྒྲོལ། །བདུད་འདུལ་དཔའ་བོ་ཁྱེད་ལ་ཕྱག་འཚལ་བསྟོད། །རིན་ཆེན་གཏེར་ལྟར་འདོད་པ་ཀུན་སྐོང་ཞིང་། །བདེ་གཤེགས་ལུང་དང་གཏན་ཚིགས་ཀུན་གྱི་མཛོད། །འཇིགས་བྱེད་རྒྱལ་པོ་ཟླ་གསང་ནག་པོའི་རྒྱུད། །དྲེགས་པ་ཚར་གཅོད་རྒྱུད་ལས་བདག་ཅག་འདུད། །ཅེས་བསྟོད་ནས་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ངང་ལ་བསྡུས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རྒྱུད་འཇམ་དཔལ་ཟླ་གསང་ནག་པོའི་རྒྱུད་ལས། འཁོར་གྱིས་བསྟོད་པའི་སྐབས་ཏེ་ལེའུ་དོན་ལྔ་པའོ།། །། འཇམ་དཔལ་ཟླ་གསང་ནག་པོའི་རྒྱུད་རྫོགས་སོ།། །། སློབ་དཔོན་བ་སུ་དྷ་ར་དང་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱིས་བསྒྱུར་བའོ།།

དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད།


DNG016_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཤྲི་ཙནྡྲ་གུ་ཧྱ་རུ་དྲ་མནྟྲ་ཀཱ་ལ་ཨཱ་གྷ་ཏུ་ཀ་ཀྵུ་ར་ཏནྟྲ། བོད་སྐད་དུ། དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད། དཔལ་ཁྲོ་མཆོག་ཡ་མཱནྟ་ཀ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ལྷོ་ཕྱོགས་གཤིན་རྗེའི་ཡུལ་རོ་མྱགས་ཆེན་པོའི་ཚལ་ན་དུར་ཁྲོད་ལྕགས་ཀྱི་ཁང་སྒྲོམ་འབར་བ། རྨང་གསེར་གྱི་གདན་ལ། ལོགས་ལྕགས་སུ་སྣང་བ། ཐོད་པའི་འབུར་ལ། རཀྟའི་ཆུ་རྒྱུན་དུ་འབབ་པ། རྩེ་མོ་འཁོར་ལོས་བསྡམས་པ་ལ་ཞག་འཛག་པ། ཁྲག་གི་རྒྱ་མཚོ་ཁོལ་ཞིང་འཁྲུགས་པ་གནམ་ལྕགས་ཐོག་གི་ཚ་ཚ་འཕྲོ་བ། རུས་སྦལ་གྱི་མ་ཐེམ་ལ། ཆུ་སྲིན་འབར་བའི་ཁྲིགས་གཏང་བ། རོ་ཉེ་ནག་པོས་སྐྱེས་བུ་བྱས་པ། བྱ་ཁྱུང་འབར་བས་ཡ་ཐེམ་བྱས་པ། ཞིང་ཆེན་པོའི་བླ་རེ་དང་། རོ་ཆེན་པོའི་རྒྱལ་མཚན་ཕྱར་ཏེ། འདི་ལྟ་བུའི་ཆུ་སྲིན་གྱི་རྒྱལ་མཚན་དང་། སྟག་གི་རྒྱལ་མཚན་དང་། སྤྱང་ཀིའི་རྒྱལ་མཚན་དང་། བྱ་རྒོད་ཀྱི་རྒྱལ་མཚན་དང་། དོམ་དང་དྲེད་ཀྱི་རྒྱལ་མཚན་དང་། སྤྲེའུའི་རྒྱལ་མཚན་དང་། སྦལ་ནག་གི་རྒྱལ་མཚན་ཏེ། དེ་དག་ལ་སོགས་པ་ཕྱར་བ། ཙིཏྟ་སྤྲིན་ལྟར་གཏིབས་པ་བྷནྡྷ་ལྕང་ལོ་མུན་ནག་པར་འཐིབས་པར། ཉི་མ་དང་། ཟླ་བ་དང་། སྐར་མ་དང་། གཟའ་དང་། གྲངས་སྔབས་དང་། སེར་བུ་དང་། རླུང་ནག་པོའི་དྲལ་གྲབ་ཏུ་བཏང་བ། བསེ་དང་མི་རོའི་ཀ་གདུང་འཁྲོལ་བ། དུར་ཁྲོད་ཀྱི་མེ་རི་འབར་བ། དེའི་གཏིང་དུ་གཏི་མུག་གི་མུན་པར་གཏིབས་པ། ཤར་ན་ཞེ་སྡང་གི་མེ་འབར་བ། ལྷོ་ན་ང་རྒྱལ་གྱི་བྲག་རི་གཏམས་པ། ནུབ་ན་འདོད་ཆགས་ཁྲག་གི་རྒྱ་མཚོ་འཁྲུགས་པ། བྱང་ན་ཕྲག་དོག་དུག་གི་རླུང་ནག་འཁྲིགས་པ། རྒྱུད་འདི་མ་ཕྱི་གཅིག་སོར་བཞག་ལས་དཔེར་བསྡུར་ས་མ་རྙེད། དུར་ཁྲོད་ཀྱི་རོ་རུལ་པ་དང་། སྔོས་པ་དང་། བམ་པ་དང་། ཚིགས་པ་དང་རུས་པ་འབྲུལ་བ་དང་། ཆད་པ་དང་། ལྷུ་དུམ་དང་། འཕལ་ཀ་དང་། བསྟ་དང་། གན་དང་། བུབ་དང་། འགྱེལ་བ་དང་། རེངས་པ་དང་། འཁུམས་པ་དང་། རོ་མ་འདྲ་བ་ཉག་ཉག་དང་།


DNG016_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ཁར་ཏག་ཏག་དང་། སེར་སེར་པོ་དང་། དེ་ལྟ་བུའི་དབུས་བསྐལ་པའི་མེ་དཔུང་འབར་བའི་ཀློང་ཡངས་ན། དཔལ་ཁྲོ་མཆོག་ཡ་མཱནྟ་ཀ །ཞི་བ་ཀུན་བཟང་མཉམ་པ་ཉིད་ཀྱི་སྐུ་ལས། ལས་ཀྱི་སྲིན་པོ་ཁྲོས་པའི་ཆ་བྱད། རྡོ་སྟང་ཟིལ་ནག་པོ་བཅག་པའམ། དབྱར་གྱི་སྤྲིན་ལྟ་བུའི་གདུག་པ་ཅན་འདུལ་བའི་ཆ་ལུགས་སུ་བཞུགས་སོ། །དེའི་ཚེ་མཐུ་སྟོབས་ཀྱི་བདག་པོ་དཔལ་ཕྱག་ན་རྡོ་རྗེ་ཡང་གནོད་སྦྱིན་དྲེགས་པའི་གཙོ་བོ་མཛད་དེ་མདུན་དུ་བཞུགས་སོ། །ཡེ་ཤེས་རྣམ་པ་བཞི་ལས། རིགས་བཞིའི་ཁྲོ་བོ་ནི་ཡ་མ་རཱ་ཛ་དང་། མྱོས་བྱེད་འབར་བ་དང་། མེ་རུ་ཙེ་ཕགས་པ་དང་། རལ་པ་ཚར་དགུའོ། །གཞན་ཡང་ཕྱོགས་བཅུ་ནས་ཁྲོ་བོ་ཆེན་པོ་བཅུ་དང་། ཕོ་ཉ་ཉི་ཁྲི་བཅས་པ་དང་། གཞན་ཡང་འདི་ལྟ་སྟེ། འཇིག་རྟེན་བརླག་པར་བྱེད་པ་གཤིན་རྗེ་ནག་པོ་དང་། སྲིད་པ་ཁྲམ་ལ་འདེབས་པའི་བདུད་པོ་ཕོ་མོ་དང་། གཟེར་ནད་ཁྲག་ཏུ་སྐྱུག་པའི་བཙན་ཕོ་མོ་དང་། སྨྱོ་འབོག་བརྒྱལ་ནད་གཏོང་བའི་གིང་ཕོ་མོ་དང་། སྲོག་གཅོད་སྤུ་གྲི་ཐོགས་པའི་གནོད་སྦྱིན་ཕོ་མོ་དང་། གནམ་ལྕགས་ཐོག་སེར་འབེབས་པའི་གཟའ་གདོང་ཕོ་མོ་དང་། མཛེ་ཤུ་ལྷོག་རྒོད་འབེབས་པའི་ཀླུ་བདུད་ཕོ་མོ་དང་། རིམས་ནད་དྲག་ཏུ་འབེབས་པའི་མ་མོའི་འཁོར་ཚོགས་དང་། དྲི་ཟ་ཁ་དུན་རཀྴ་ལ་སོགས་དང་། གཤིན་རྗེ་བཤན་པ་ནག་པོ་དང་། ཀླུའི་རྒྱལ་པོ་ནཱ་ག་རཱ་ཛ་དང་། གནོད་སྦྱིན་གྱི་རྒྱལ་པོ་ཡཀྴ་ནག་པོ་དང་། བདུད་ཀྱི་རྒྱལ་པོ་ཧ་ནུ་རཀྴ་དང་། བཙན་གྱི་རྒྱལ་པོ་ཤུ་བོ་སྲོག་ལེན་དང་། སྲོག་བདག་རྒྱལ་པོ་དཀར་པོ་སྙིང་འབྱིན་དང་། འཇིག་རྟེན་དྲེགས་པ་གཟའ་རྒོད་མིག་དམར་དང་། གནོད་སྦྱིན་ནག་པོ་མིག་གཅིག་དང་། བཤན་པ་པྲ་མ་རཱ་ཛ་དང་། སྲིན་པོ་ནག་མོ་ཁྲག་འཐུང་དང་། སྲོག་བདག་གནོད་སྦྱིན་གྱུ་རང་དང་། སྲིན་པོ་དྷ་ཤ་གྷྲི་བ་དང་། ཤེལ་གིང་རུ་ཀ་དཀར་པོ་དང་། བདུད་ནི་རྟག་དགུ་སྤྱན་གཅིག་དང་། ཀླུ་མོ་ཧ་བ་ཤ་བསེ་གདོང་མ་ལ་སོགས་ཏེ། ཤ་ཟ་ཁྲག་འཐུང་དང་། རུས་པ་འཆའ་བ་དང་།


DNG016_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

དབུགས་ནི་དུག་གི་མེ་ལྕེ་འབར་བ་དང་། ཁ་རླངས་དུག་གི་ཆུ་རུ་འབབས་པ་དང་། ལ་ལ་ངུ་། ལ་ལ་རྒོད། ལ་ལ་ཁྲོ། ལ་ལ་རྒོལ་དང་། འབོད་དང་ཆོ་ངེ་རྡུང་བ་དང་། །ཀུ་ཅོ་འདོན་དང་ཙིར་སྒྲ་འདོན། །དུར་ཁྲོད་བྱ་དང་ཀང་ཀ་དང་། །ལིང་དུ་ལ་སོགས་འཁོར་དང་བཅས། །ཧ་ལ་ཧ་ལ་ཞེས་པ་དང་། །ཀྱེ་ཧུད་ཀྱེ་ཧུད་ཅེས་པ་དང་། །ཀང་ཀང་ཀེང་ཀེང་ཟེར་བ་དང་། །ཧ་ཧུ་ཧ་ཧུ་ཟེར་བའོ། །དཔལ་ཟླ་གསང་དྲག་སྔགས་བཤན་པ་སྤུ་གྲིའི་རྒྱུད་ལས། གཞི་དང་འཁོར་བསྟན་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །ཧེ་ཧེ་ཁྲོ་བདག་དཔལ་འབར་རྗེ། །གདུག་པ་ཅན་རྣམས་ཚར་གཅོད་པ། །ལས་དང་བྱ་བ་བཀའ་སྩོལ་མཛོད། །ཅེས་ཞུས་པས། དཔལ་འབར་ཁྲོ་བདག་རྗེ་ཉིད་དེ། །ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། ཧྲཱྀཿམཉྫུ་ཡ་མ་རཱ་ཛ། ཧ་ལ་ཧ་ལ། ཛཿཧཱུཾ་བཾ་ཧོཿ། ཨེ་ཨཱ་ར་ལི་ཧྲཱིཾ་ཧྲཱིཾ། ཞེས་སྒྲ་བསྒྲགས་པས། རཀྟའི་རྒྱ་མཚོ་འཁྱོམ་འཁྲུགས་སོ། །རླུང་གི་དཀྱིལ་འཁོར་ཕྱོགས་བཅུར་ལྡེག་འཐོར་རོ། །ཀེང་རུས་རི་རབ་ཞིག་ཉིལ་ལོ། །སའི་མཎྜལ་ལྡེག་འཁྲུགས་སོ། །འཇིག་རྟེན་འཁོར་བ་སྟོངས་ལ་ཁད་དུ་གྱུར་ཏེ། དྲེགས་པ་ཅན་དེ་དག་ནི་རབ་ཏུ་ཆུམ་ཆུམ་དྲེད་དོ། །ཡེད་ཡེད་རབ་ཏུ་སྔངས་སོ། །རབ་ཏུ་འདར་རོ། །ཀྱི་ཧུད་ཀྱི་ཧུད་ཞེས་ངུའོ། །དེ་ནས་བཅོམ་ལྡན་འདས་ཁྲོ་མཆོག་ཡ་མཱནྟ་ཀ་དེས། དེ་ལྟར་ཁམས་གསུམ་དབང་དུ་བསྡུས་པས། །ཀྱེ་ཀྱེ་དཔའ་བོ་ཆེན་པོ་ལགས། །བདག་ཅག་འཁོར་དང་བཅས་པ་ནི། །དཔའ་བོ་ཁྱོད་ཀྱི་འབངས་སུ་མཆི། །ཞེས་པ་ལ། དཔའ་བོ་ཉིད་ཀྱིས་བཀའ་སྩལ་པ། །ཉོན་ཅིག་ཁྱེད་ཅག་ང་ཡི་བཀའ་ཉན་ན། །ཁྱེད་ཀྱི་སྲོག་གི་སྙིང་པོ་གང་། །ཞེས་པ་དང་། ཀྱེ་དཔའ་བོ་ཆེན་པོ་ལགས། བདག་ཅག་གི་ལས་ནི་སེམས་ཅན་ཡོངས་ལ་འཚེ་བས་དཔའ་བོས་མཁྱེན། སེམས་ཅན་ནི་བདག་ཅག་གི་ཟས་སྐལ་ལགས་ན། སྲོག་སྙིང་ནི་འབུལ་ན། བདག་ཅག་གི་ཟས་སྐལ་ནི་གང་། ལས་སྐལ་ནི་གང་ཞེས་ཞུས་པས།


DNG016_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀྱི་བསྟན་པ་འཇིག་པ་ཡིན་པས། ལས་སྐལ་དུ་དེ་ལ་གྱིས། ཟས་སུ་བདུད་རྩི་དང་གཏོར་མ་ལ་གྱིས། ཞེས་གསུངས་པ་དང་། ལྷ་སྲིན་དྲེགས་པ་ཅན་གྱིས་སྲོག་གི་སྙིང་པོ་ཕུལ་བ། ཡ་མ་མེ་ད་ཀྵེ། རཱ་ཛ་ས་དོ། རུ་ཎ་ཡོ་ནི། རཱ་ཡཙྪ་ནི། བདུད་པྲ་མ་ཡ་ཧར་ཏི་རྦད་དུ། ས་མ་ཡ་ཨ་ཏི་དུ་ཨར་མ་ར་ན་ཤུ་ལ་ཛ་ཛ། པ་ཤཾ་མི་ཀི་དུ་རུ་ཤིག །ཀེ་ཏ་ཀེ་ཏ་རཱ་ཧུ་ལ་སྭཱ་ཧཱ། ཏྲག་མོ་ཏྲག་རག་མ་མ་རུ་ལུ་མ་མ། ར་ཙ་གིང་ཤར་རམ་ཤག་རྒྱུག་རྒྱུག །རཱ་ཧུ་རཀྴ་ཧ་ར་ཧ་ར་རྦད། སུམ་ཏྲི་རག་རག་ཙ་དར་ཏྲི་ནཱ་ག་རཱ་ཙ་ཧར་པ་རྦད། ས་ནཱ་ག་རཱ་ཙ་ནི་ལ་རྒྱུག་དུམ་རྦད་དུ་རྦད། ཅེས་ཕུལ་ལོ། །དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། དྲེགས་པའི་སྲོག་སྙིང་ཕྲོགས་ཏེ་ལས་ལ་མངགས་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ལག་ན་རྡོ་རྗེ་ཉིད་སྟན་ལས་ལངས་ནས། འདི་སྐད་ཅེས་གསུངས་སོ། །ཀྱེ་ཀྱེ་དཔལ་འབར་ཁྲོ་བདག་རྗེ། །གདུག་བྱེད་དྲེགས་པ་འདི་དག་ནི། །སེམས་ཅན་ཡོངས་ལ་སྦྱོར་ངན་གཏོང་སྟེ་འཚེ་བས། དཔའ་བོ་ཉིད་ཀྱི་འཁོར་དུ་དེ་དག་འདུས་པ་ལེགས་སོ། །ད་བསྟན་པ་ལྔ་བརྒྱ་སྙིགས་མ་བྱུང་བའི་ཚེ། བུཌྜྷའི་བསྟན་པ་མི་གནས། ཆོས་ཉིད་བདེན་པས་མི་ཐུལ། གནས་ངན་འཛིན། གོས་ངན་གོན། ཟས་ངན་ཟ། མཚམས་མེད་པའི་ལས་བྱེད། གདོན་དྲག་པོ་ཁོང་ནས་འཁྲུགས། དེ་ལྟའི་དུས་འོང་བས། དྲེགས་པ་ནུས་པའི་མཐུ་དང་ལྡན་པ་འདི་དག་ནི། རང་རང་གི་སྒྲུབ་པའི་ཐབས་ཞུ་ཞེས་ཞུས་པས། ཡ་མཱནྟ་ཀ་ཉིད་ཞལ་འཛུམ་པ་མཛད་ནས། ཉོན་ཅིག་དེ་ལྟ་བུ་འབྱུང་བ་ལ། བསྟན་པ་སྲུང་བའི་དྲག་སྔགས་ཞུ་བ། ལག་ན་རྡོ་རྗེ་ཁྱོད་ལེགས་སོ། །ཞེས་གསུངས་སོ། །དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། གླེང་སློང་བའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་དེའི་ཚེ་དེའི་དུས་ན་ཡང་ལག་ན་རྡོ་རྗེས། ཀྱེ་མ་དཔལ་འབར་ཁྲོ་བདག་རྗེ། །འཇིག་རྟེན་དྲེགས་པ་འདི་དག་ནི། །གནས་


DNG016_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

ནི་གང་དུ་བྱ་བ་ལགས། །འཇུག་པའི་དུས་ཚིགས་ཉིད་གང་ལགས། །གཉེན་པོའི་ལྷ་ནི་གང་གིས་བྱ། །ཞེས་ཞུས་པས་བཀའ་སྩལ་པ། ལེགས་པར་ཉོན་ཅིག །གནས་ནི་དུར་ཁྲོད་ཆེན་པོ་ཀ་ཀ་ལི་ཚལ་ལམ། དུར་ཁྲོད་མ་ལ་ཡའམ། དྲང་སྲོང་གི་དགོན་པའམ། བྲག་ཁུང་གཏིང་རིང་ལྟ་བུ་འམ། །རི་འདུས་རྩེ་དང་སྐྱེད་མོས་ཚལ། །ཡིད་འོང་བཀྲ་ཤིས་ཉམས་དགའི་གནས། །དེ་དག་སྤྱི་ཡི་གནས་ཆེན་ཡིན། །ཁྱད་པར་གནས་ནི་འདི་ལྟར་རོ། །ཤིང་གཅིག་དྲི་ཟའི་གནས་ཀྱང་ཡིན། །བྲག་ནག་གཤིན་རྗེ་དག་གི་གནས། །ཆུ་མིག་ཀླུ་ཡི་གནས་སུ་བཤད། །ལྷ་ཁང་དབུ་རྩེ་རྒྱལ་པོ་ལ། །དུར་ཁྲོད་དག་ནི་མ་མོའི་གནས། །བྲག་ཆུ་འཐབ་པ་ཀླུ་སྲིན་གནས། །སོག་པོ་ཁྲོས་འདྲ་གནོད་སྦྱིན་གནས། །རལ་པ་གཡེངས་འདྲ་གཟའ་བདུད་གནས། །བྲག་དང་ཆུ་འཐབ་ཀླུ་སྲིན་གནས། །སེང་གེ་མཆོངས་འདྲ་སྲིན་པོའི་གནས། །གནས་ནི་ཞི་བར་བྱས་ལ་འཇུག །ཅེས་གསུངས་སོ། །དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། གནས་བཙལ་བའི་ལེའུ་སྟེ་བཞི་པའོ།། །།དེ་ནས་དུས་ནི་ར་བ་བཞི་ལ་ལྷའི་བསྙེན་པ་བྱ་བའི་དུས། འབྲིང་པོ་ལ་བསྒྲུབ་པ་བྱ་བའི་དུས། ཐ་ཆུང་བཞི་ལ་དྲག་པོའི་དུས། གདབ་པའི་དུས་ནི་ཉིན་གུང་ངོ་། །མནན་པ་ནི་ཚེས་གཅིག་གོ། །ཧོམ་གཏོང་བའི་དུས་ནི་ཉའོ། །ཟོར་འཕང་བའི་དུས་ནི་ཉི་ཤུ་དགུའོ། །བཟློག་པའི་དུས་ནི་ཉི་ཤུ་གཉིས་དག་གོ། །ཐོག་སེར་འབེབས་པའི་དུས་ནི་ཉི་ཤུ་དགུའོ། །དངོས་གྲུབ་བླང་བའི་དུས་ནི་ར་བའི་ཚེས་གསུམ་མོ། །དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། དུས་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེའི་ཚེ་དེའི་དུས་ན། དཔལ་འབར་གཤིན་རྗེ་ཁྲོ་བདག་རྗེས། གཉེན་པོའི་ལྷ་འདི་ཐོན་ཏོ། །རྣམ་པར་མི་རྟོག་དཀྱིལ་འཁོར་ནི། །ཐིག་ལེ་གདལ་ཁྱབ་མཁའ་ཀློང་ངོ་། །སྟོང་གསལ་འགག་མེད་སྐུ་གསུང་ཐུགས། །སྣང་ཚད་ལྷ་ཡི་ཕྱག་རྒྱ་ལ། །སྒྲ་རྣམས་ལྷ་ཡི་


DNG016_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་སྔགས་ཏེ། །དྲན་རྟོག་ཐུགས་ཀྱི་རྗེ་རུ་ཤར། །དེ་ནི་ལྟ་བ་གྱབ་ཀྱི་ལྷ། །གཉིས་སྣང་མེད་པའི་དཀྱིལ་འཁོར་རོ། །ལུས་ནི་སྣང་སྟོང་སྐུ་རུ་གསལ། །ངག་ནི་གྲག་སྟོང་མཚོན་ཆར་འཕྲོ། །སེམས་ཉིད་གསལ་སྟོང་ནམ་མཁར་འཕང་། །བདེ་བ་ཆེན་པོའི་ཆོས་ཉིད་ཡུལ། །མཁའ་ཀློང་རྣམ་པར་དག་པ་སྣོད། །རང་རིག་རང་ལ་ཤར་བ་བཅུད། །སྣོད་བཅུད་ལྷ་ཡི་དཀྱིལ་འཁོར་ནི། །ཆོས་ཉིད་མཉམ་ལས་མ་གཡོས་པར། །སྲིད་གསུམ་སྐད་ཅིག་དབང་དུ་འདུས། །ཞེས་གསུངས་སོ། །དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། རྟོགས་པ་ཡེ་ཤེས་ཀྱི་ལྷ་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་འཇམ་དཔལ་འཇིགས་བྱེད་དེས། །ཞི་བ་མཉམ་ཉིད་སྔོན་འགྲོ་བཤད། །རྣལ་འབྱོར་སྡིག་པ་བྱང་བའི་ཕྱིར། །ཚ་ཚ་གདབ་ཅིང་འབུམ་ཡང་འདོན། །ཉེའུ་འདོན་ཞིང་ལམ་འཕྲང་བསྟར། །ཚད་མེད་བཞི་པོ་བསྒོམ་པར་བྱ། །བདུན་པོ་རྣམ་པར་དག་པར་བྱ། །ཡང་ན་ཆོ་ག་དགུ་པས་བྱ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ལ། །ཐམས་ཅད་སྟོང་པ་ཉིད་དུ་བྱ། །སྟོང་པའི་ངང་ལས་བྷྲཱུཾ་ལས་ནི། །གཞལ་ཡས་ཁང་དུ་བསམ་པར་བྱ། །དེ་དབུས་པཾ་ལས་ཆུ་སྐྱེས་དབུས། །མ་ལས་ཉི་མའི་དབུས་ཉིད་དུ། །མུཾ་ལས་འཇམ་པའི་ངང་ཚུལ་ཅན། །ཆོས་ཀྱི་པུ་སྡི་རལ་གྲི་འཛིན། །སྐུ་མདོག་དམར་སེར་གུར་གུམ་འདྲ། །ཨོཾ་ཨ་ར་པ་ཙ་ན་དྷཱིཿ། གཞོན་ནུའི་སྤྲུལ་པ་ཨུཏྤལ་ཏེ། །སྙིང་གར་ཉི་མའི་དལ་ཉིད་ལས། །ཡི་གེ་དྷཱིཿལས་འོད་འཕྲོས་པས། །བུཌྜྷ་མཆོད་ནས་མ་ནུའི་སྒྲིབ་པ་སྦྱང་། །དེ་ལ་བསྟོད་དང་མཆོད་བྱས་ལ། །འཇམ་དཔལ་མཚན་ནི་ཡང་དག་བརྗོད། །ཝཱ་གཱི་ཤྭ་རི་འབྲུ་དྲུག་འདོན། །ཞེས་གསུངས་སོ། །དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། ཞི་བསྙེན་ལེའུ་སྟེ་བདུན་པའོ།། །།དེ་ནས་དཔལ་འབར་ཁྲོ་བདག་རྗེས། །འཇིགས་བྱེད་འབར་བའི་དཀྱིལ་འཁོར་བཤད། །དུར་ཁྲོད་རབ་ཏུ་འཇིགས་པ་རུ། །དུར་ཁྲོད་ས་ལ་མཎྜལ་བྱ། །


DNG016_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་གིས་ཆག་ཆག་བཏབ་ནས་ནི། །དབུས་སུ་གྲུ་གསུམ་མཐིང་ནག་ལ། །ཟླ་གམ་དམར་པོ་གསུམ་གྱིས་བསྐོར། །འཁོར་ལོ་བརྒྱད་དང་མུ་ཁྱུད་བཅས། །དབུས་སུ་ཁྲོ་མཆོག་རྒྱལ་པོ་དགོད། །ཟླ་གམ་དག་ལ་ཡུམ་སྲས་སོ། །འཁོར་ལོ་བརྒྱད་ལ་ཡ་མ་བརྒྱད། །དེ་བཞིན་སྐུ་གཟུགས་ལྷོ་རུ་གཞག །མཆོད་དང་བསྟོད་པ་དག་ཀྱང་བྱ། །དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། དཀྱིལ་འཁོར་བྲི་བའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་དཔལ་འབར་ཁྲོ་བདག་རྗེས། །ནང་གི་དཀྱིལ་འཁོར་བཤད་པར་བྱ། །དང་པོ་དེ་བཞིན་སེམས་ཉིད་སྟོང་པར་བསམ། །མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་སྭ་བྷ་ཝ་ཨཱདྨ་ཀོ྅ཧཾ། སྟོང་པའི་ངང་ལས་སྙིང་རྗེ་བྱང་ཆུབ་སེམས། །ཉི་མའི་འོད་ལྟར་ཀུན་ཏུ་ཁྱབ་པར་བསམ། །ཨོཾ་དྷརྨ་དྷཱ་ཏུ་ཙིཏྟ་པྲ་བ་སྥ་ར་ཎ་ཕཊ། རང་གི་སེམས་ཉིད་བསྡུས་པ་ཧཱུཾ་དུ་བསམ། །ཧཱུཾ་ཧཱུཾ་བཛྲ་ཙིཏྟ་ཧཱུཾ། ཧཱུཾ་ལས་དབང་ཆེན་འབྱུང་བ་རིམ་གྱིས་འཕྲོས། །འབྱུང་ལྔའི་སྟེང་ན་ཡི་གེ་བྷྲཱུཾ། །བྷྲཱུཾ་བི་ཤྭ་བི་ཤུདྡྷེ་བྷནྡ་ཛྙཱ་ན་ཙཀྲ་བྷྲཱུཾ། ཡེ་ཤེས་འབར་བའི་དུར་ཁྲོད་གཞལ་ཡས་ཁང་། །བྷནྡ་གསར་རྙིང་ལས་གྲུབ་དབུས། །ཡི་དྭགས་མ་ཧེ་བརྫིས་སྟེང་དུ། །ཡེ་ཤེས་ཧཱུཾ་ནི་གསལ་ཞིང་འཚེར། །དེ་ལས་འཕྲོ་འདུས་སྦྱོར་བ་ལས། །ཡི་གེ་འབྲུ་ནི་བཅུ་བདུན་ལས། །ནག་པོ་དུག་ཆེན་འཁྱིལ་པ་འདྲ། །ཞལ་གསུམ་ཕྱག་ནི་དྲུག་པ་སྟེ། །ཡི་དྭགས་སྟེང་ན་ཡུམ་དང་བཅས། །འཁོར་གྱི་གཤིན་རྗེ་རྣམས་ཀྱིས་བསྐོར་བར་བསྒོམ། །དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། སྒོམ་ཁོག་རྩ་བའི་ལེའུ་སྟེ་དགུ་པའོ།། །། དེ་ནས་དཔལ་འབར་ཁྲོ་བདག་རྗེས། །རང་བཞིན་དཀྱིལ་འཁོར་སྤྱན་དྲངས་པ། །ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཡ་མ་རཱ་ཛ་ས་མ་ཡ་སྟྭཾ། ཨོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། འཁོར་གྱི་གཤིན་རྗེ་ཕོ་མོ་སྤྱན་དྲངས་པ། ཨོཾ་ས་མ་ཡ་མཉྫུ་ཤྲཱི་མུ་དྲ་ཡ་མཱནྟ་ཀ་པཉྩ་དེ་རོ་ནི་ཧཱུཾ་ཛ། ཡ་མཱན་ཀྵ་ཡ་ཛ་ཛ། གུ་ཡཾ་ཨུ་ཀྲཾ་ཛ་ཛ། བཞུགས་སུ་གསོལ་པ།


DNG016_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱོཾ་ས་མ་ཡ་མཉྫུ་ཤྲཱི་མུ་དྲ་ཡ་མཱནྟ་ཀ་པཉྩ་དེ་རོ་ནི་ས་མ་ཡ་ཏིཥྛ་ལྷན། ཕྱག་བཙལ་བ། ཨ་ཏི་པཱུ་ཧོཿ། པྲ་ཏཱིཙྪ་ཧོཿ། མཆོད་པ་འབུལ་བ། ཨོཾ་ས་མ་ཡ་མཉྫུ་ཤྲཱི་ཨ་ཀྲོ་ཏེ་ཀ །ཨི་དན། དྷཱུ་པ། པུཥྤ། དཱི་པ། གནྡྷེ། བ་ལིཾ་ཏ་པཱུ་ཛ་མེ་གྷ་ཧཱུཾ། མ་ཧཱ་མཱཾ་ས། མ་ཧཱ་རཀྟ། མ་ཧཱ་ཀེཾ་ནི་རི་ཏི། མ་ཧཱ་ཨརྒྷཾ་པྲ་ཏཱིཙྪ། ཁ་ཁ་ཁཱ་ཧི་ཁཱ་ཧི། དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། མཆོད་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་བསྟོད་དང་ཕྲིན་ལས་བཅོལ། །ཧཱུཾ་གཏུམ་ཆེན་རབ་འབར་གཤིན་རྗེ་འཇོམས་མཛད་ལྷ། །ཉི་མ་འབུམ་ལས་ལྷག་པའི་འོད་སྟོང་འགྱེད། །གདུག་བྱེད་མཚོན་ཆ་བསྐལ་པའི་མེ་ལྟར་འབར། །འཇིགས་བྱེད་ཡ་མ་རཱ་ཛའི་སྐུ་ལ་ཕྱག་འཚལ་བསྟོད། །རྡོ་རྗེའི་སྐུ་ལ་ཀླུ་དབང་རབ་བརྒྱན་ཅིང་། །གཅན་གཟན་གདུག་པའི་པགས་རློན་ན་བཟར་གསོལ། །ཤ་ཟ་འུག་པའི་ཚོགས་དབུས་ཐོད་དུ་བཅིངས། །ཤ་ཟ་ལྟ་བུའི་ཁྲོ་རྒྱལ་རབ་འཇིགས་པ། །ཁྲོ་རྒྱལ་ཞལ་གསུམ་ཕྱག་དྲུག་ཧཱུཾ་སྒྲ་ཅན། །ཧཱུཾ་སྒྲ་བསྒྲགས་པས་ཁམས་གསུམ་དབང་དུ་སྡུད། །ཕཊ་ཀྱི་སྒྲ་བསྒྲགས་མ་མོ་དབང་དུ་སྡུད། །དུང་ཆེན་རཀྟས་བཀང་བ་འདི་གསོལ་ལ། །བདག་གི་བཅོལ་བའི་ལས་རྣམས་བསྒྲུབ་པར་མཛོད། །དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། གཙོ་བོ་ལ་བསྟོད་དེ་ཕྲིན་ལས་བཅོལ་བའི་ལེའུ་སྟེ་བཅུ་གཅིག་པའོ།། །། དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །གདུལ་དཀའ་འདུལ་བའི་དྲག་པོ་དེས། །བདེ་ཆེན་ཡང་ལ་འདི་སྐད་ཞུས། །ཧེ་ཧེ་དཔའ་བོ་ཆེན་པོ་འཇིགས་བྱེད་ལགས། །ལྷ་རྣམས་རྩ་བ་མི་འགྱུར་བའི། །སྲོག་གི་སྙིང་པོ་གང་གང་ལགས། །བསྙེན་དང་བསྒྲུབ་པར་བྱ་བ་གང་། །དྲག་པོའི་ལས་ནི་ཇི་ལྟར་བྱ། །ཞེས་ཞུས་པས། ལེགས་པར་ཉོན་ལ་ཡིད་ལ་ཟུང་། །སྔགས་ཀྱི་ཡི་གེ་བཅུ་བདུན་པོ། །ང་ཡི་སྙིང་པོ་ཡིད་ལ་ཕྱུང་། །ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུཾ་ཕཊ། ཡེ་ཤེས་ལྔ་ལྡན་བྱང་ཆུབ་སེམས། །སྐྱེ་བ་མེད་ལས་ཁྲོ་ཚུལ་འཆང་། །རི་རབ་བསྙིལ་ལ་རྒྱ་


DNG016_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ་སྐེམ། །འཁོར་བ་དོང་ནས་སྤྲུག་པ་དང་། །མ་རིག་མུན་པ་གསལ་བར་མཛད། །སྔོན་དུ་བྱེ་བ་ཆིག་འབུམ་མམ། །རྟག་པར་རྒྱུན་དུ་འདི་གྲངས་པས། །སྐུ་ཡི་དངོས་གྲུབ་ཚད་དཔག་མེད། །དེ་ནས་འཇམ་དཔལ་གཞོན་ནུར་འགྱུར། །དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། སྙིང་པོ་སྔགས་ཀྱི་ལེའུ་སྟེ་བཅུ་གཉིས་པའོ།། །། དེ་ནས་བདེ་ཆེན་དཔའ་བོ་དེས། །དྲག་པོ་བསྙེན་བསྒྲུབ་སྔགས་བསྟན་པའི། །བསྙེན་པའི་བསྙེན་པ་འདི་ཉིད་དོ། །ཨོཾ་ཤྲཱི་ཡ་མཱནྟ་ཀ་ཧཱུཾ། ཡ་མ་རཱ་ཛ་ས་དོ་མེ་ཡ། ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཡ་ད་ཡོ་ནི་ར་ཡ་ཀྵེ་ཡ། ཡ་ཀྵེ་ཡ་ཙྪ། ནི་རཱ་མ་ཡ། བསྒྲུབ་པའི་བསྙེན་པ་དེ་ཉིད་ཡིན། །ལྷ་སྲིན་རང་སོ་དབང་དུ་འདུས། །ཁྲོས་ན་ལྷ་ཡང་བརླག་པར་བྱེད། །འདི་ཉིད་རྒྱུན་དུ་བཟླས་གྱུར་ན། །མཐུ་དང་རྫུ་འཕྲུལ་ཕུན་སུམ་ཚོགས། །ཞེས་གསུངས་སོ། །དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། སྒྲུབ་སྔགས་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་ལས་ཀྱི་སྦྱོར་བ་བཤད། །དུར་ཁྲོད་རོ་རས་ཁྲུ་གང་ལ། །དུག་དང་ཁྲག་ཏུ་རབ་སྦགས་ཏེ། །མི་སྨྲ་དྲག་པོའི་སྔགས་བཟླས་ཤིང་། །ལས་ཀྱི་ཡ་མ་དེ་ལ་བསྡིམ། །ནོ་ལུ་དག་གིས་དག་པར་བཀྲུ། །དེ་ནས་ཕུར་བཞིར་རབ་ཏུ་བརྒྱང་། །ས་དཀར་བྲག་ཆུས་རབ་ཏུ་གདུལ། །དེ་ནས་འཁོར་ལོ་བྲི་བ་དག །འཁོར་ལོ་རིམ་པ་གསུམ་དུ་བྱ། །དབུས་སུ་ཐིག་གསུམ་བཞི་པས་དགུ། །ཕྱི་རིམ་དག་ལ་ཐིག་བཞི་མནན། །དེས་ནི་ལེའུ་ཚེ་བཅུ་གཉིས་སོ། །དེ་ཡི་ཕྱི་རིམ་ཐིག་བཞི་མནན། །དེ་ནི་ལེའུ་ཚེ་བཅུ་དྲུག་གོ། །དེ་ཡི་ཕྱི་རིམ་ཐིག་བཞི་མནན། །དེ་ཡང་དགོད་པ་འདི་ལྟ་སྟེ། །ཡ་མ་མེ་ཏཀྵེ། དབུས་དང་ཕྱོགས་བཞིར་བྲི་བར་བྱ། །ར་ཙ་ས་དོ། རུ་ནི་ཡོ་ནི། ར་ཡ་ཙ་ན། ལེའུ་བཅུ་གཉིས་དག་ལ་བྲི། །དེ་ཡི་ཕྱི་རིམ་བཅུ་དྲུག་ལ། །ཐུགས་ཀྱི་སྙིང་པོ་བཅུ་པ་དང་། །གཟས་པའི་མིང་རུས་སྤེལ་ལ་བྲི། །གཅིག་དང་འདྲ་བ་ཕྱིན་ཀ་


DNG016_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ལོག །སྟེང་ན་ཕོ་ཡི་འཁོར་ལོ་བྲི། །བེ་ཅོན་བཞི་ལས་བརྒྱང་ལ་བཞག །ཅེས་གསུངས་སོ། །དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། འཁོར་ལོ་བྲི་བའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་ཡང་དག་ངེས་གསུངས་པ། །འཁོར་ལོ་བྲི་བ་ཟིན་པ་དང་། །བདག་གི་མདུན་དུ་འཁོར་ལོ་དགྲམ། །ཡ་ཞེས་པས་ནི་གཤིན་རྗེར་བསྐྱེད། །དེ་ལ་སྤྱན་དབྱེའི་ཆོ་ག་བྱ། །ས་བསྒོ་དྲལ་ལ་སྤྱན་དྲང་ངོ་། །དེ་ནས་བསྡིམ་སྟེ་དབང་དུ་བསྡུ། །ཡ་མཱནྟ་ཀ་ཀྲྀ་ཏ་ཙཀྵུ་པྲ་བེ་ཤ །ཡ་མ་རཱ་ཛ་བྷི་ཧང་པྲ་བེ་ཤ་ཡ་མ་རཱ་ཛ་ཧ་ཧ་པྲ་བེ་ཤག །ཡ་མ་རཱ་ཛ་ཏི་ལོ་པྲ་བེ་ཤག །ཡ་མ་རཱ་ཛ་སྲི་ཡང་སྲུངས་སྲུངས་ཡ་མ་རཱ་ཛ་བཛྲ་གུ་ཡཾ་ལང་ལང་། ཡ་མ་རཱ་ཛ་མུ་ཡ་བསིལ་བསིལ། དེ་ནས་འདི་སྐད་བརྗོད་པར་བྱ། །ཡ་མ་མེ་དཀྵེ། རཱ་ཙ་ས་དོ། རུ་ཎ་ཡོ་ནི། རཱ་ཡ་ཙ་ནི། ཛཿཧཱུཾ་བཾ་ཧོཿ། ཨཱ་གཙྪ་ཡ། ཧཱུཾ་ཛ། དེ་ནས་བསྡིམ་ལ་དབང་དུ་བསྡུ་བའི་ཕྱིར། །ཡ་མཱནྟ་ཀ་གསལ་བསྒོམས་ལ། །ཨ་ཀྲོ་ཡི་གེ་བཅུ་བདུན་དང་། །སྔགས་སྙིང་གཅིག་ཏུ་དྲིལ་ལ་དྲངས། །དེ་ནས་མཆོད་པ་འདི་ལྟར་དབུལ། །ཨོཾ་ཧཱུཾ་ཧྲཱྀཿཤྟྲཱིཿཀཱ་ལ་བནྡྷ་ཧ་ན་ཨོཾ་ཧཱུཾ་ཧྲཱྀཿཤྟྲཱིཿཁུང་ཁ་ཧྲཱྀ། ཨོཾ་ཧཱུཾ་ཀ་ར་ལང་བནྡྷ་ཧ། ཨོཾ་ཧཱུཾ་དཾ་བི་ཤ་ཀ་ར། ཨོཾ་ཧཱུཾ་བཛྲ་ཛི་སྭཱ་ཧཱ། ཨོཾ་ཧཱུཾ་ཁ་ཀ་ཁ་ཀ །དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། འཁོར་ལོ་རབ་ཏུ་གནས་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་ཁྲོ་བདག་འཇིགས་བྱེད་དེས། །དྲག་པོའི་འཁོར་ལོ་བསྐོར་བར་བཤད། །ཉི་ཤུ་བདུན་གྱི་ནམ་ལངས་ནས། །ཉི་མ་རི་ལ་བབས་པའི་ཚེ། །ཡ་མ་རཱ་ཛ་ས་དོ་མེ་ཡ། ཆེ་གེ་མོ་ཞིག །ཨ་མུ་ཀཾ། པྲ་མ་ཡ་ཧཱུཾ་ཕཊ། རྩེ་ནས་དམར་ཐག་བར་དུ་ཁྲི། །ཉུང་དཀར་བྲབ་ཅིང་དྲག་སྔགས་བརྡེག །དམིགས་པས་མགོ་ཡང་འཁོར་བར་བསམ། །ཉི་མ་གཉིས་པ་དག་ལ་ནི། །ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཆེ་གེ་མོ་ཞིག་ཨ་མུ་ཀཾ་རཀྟ་ཙ་ར་ཡ་ཧཱུཾ་ཕཊ། དམིགས་པ་ཁྲག་ཏུ་སྐྱུགས་པར་བསམ། །ཉི་མ་གསུམ་པ་འདི་ཉིད་དོ། །ཡ་ད་ཡོ་ནི་ར་ཡ་ཀྵེ་ཡ།


DNG016_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་གེ་མོ་ཞིག་ཨ་མུ་ཀཾ་མུ་ར་ཙ་ཡ་ཧཱུཾ་ཕཊ། དམིགས་པ་ལུས་ཀྱང་བརྒྱལ་བར་བསམ། །ཉི་མ་བཞི་པ་འདི་ཉིད་དོ། །ཡཀྵེ་ཡཙྪ་ནི་རཱ་མ་ཡ། ཆེ་གེ་མོ་ཞིག་ཨ་མུ་ཀཾ་མཱ་ར་ཡ་ཧཱུཾ་ཕཊ། དམིགས་པ་སྲོག་དང་བྲལ་བར་བཤད། །ཉི་མ་ནུབ་ནས་སྔགས་མཇུག་བཅད། །དུས་ནི་འབྲུག་སྒྲ་འཚུབས་མས་གདབ། །བདག་ཡིད་མནན་པའི་འཁོར་ལོར་གཞུག །དུར་ཁྲོད་དག་ཏུ་མནན་ཅིང་གཏད། །དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། དྲག་པོའི་འཁོར་ལོ་བསྐོར་བའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་འཆི་བདག་གཤེད་པོ་བསྐུལ། །ཧཱུཾ་འདི་ནས་ལྷོ་ཡི་ཕྱོགས་དག་ནས། །རི་རབ་དག་གི་རྨང་དག་ནས། །དཔག་ཚད་བརྒྱད་ཁྲི་མར་འདས་ན། །ལྕགས་ཀྱི་ཁང་སྒྲོམ་སྒོ་མེད་ན། །ཡིད་ཀྱིས་རྒྱུ་བའི་སྒོ་ཅན་ན། །ཕྱོགས་ཕྱོགས་མི་རོས་གཏམས་པའི་གནས། །ཁྲག་གི་རྒྱ་མཚོ་འཁྲུགས་པའི་གནས། །གནམ་ལྕགས་ཁྲོ་ཆུ་ཁོལ་མའི་གནས། །རོ་མྱགས་ཆེན་པོའི་གནས་ཤེད་ནས། །ཡི་དྭགས་བདག་པོ་གཤིན་རྗེའི་གཤེད། །ནག་པོ་རཀྴ་གློག་ཕྲེང་ཅན། །སྲིད་པ་ལྟོ་ན་འཕྱོ་ཞིང་འགལ་བྱེད་ཞགས་པས་འདེབས། །ཡུམ་ནི་བདུད་ཀྱི་རྒྱལ་མོ་དུག་ཧྲུལ་ཅན། །ལས་ཀྱི་རླུང་དམར་ཞོན་ནས་སྟོང་ཁམས་ནད་ཀྱིས་འགེངས། །བེ་ཅོན་འཁོར་ལོ་བསྐོར་ཞིང་འགལ་བྱེད་རྩད་ནས་གཅོད། །ཐུགས་དམ་རྗེས་སུ་དྲངས་ཤིང་དམར་ཆེན་ཁྲག་ལ་གཤེགས། །བདུད་ཕོ་ནག་པོ་བྱེ་བ་དགུ་རིང་དུན་ཏིང་ཁ་ལ་ཡ། དགྲ་བོའི་སྲོག་ལ་བྷྱོ་བྷྱོ། དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། བདུད་བྱེ་བ་དགུ་རིང་ཡབ་ཡུམ་བསྐུལ་བའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་གཤེད་པོ་བཞི་དག་བསྐུལ། །ཧཱུཾ་དེ་ཡི་ཕྱི་རིམ་ལྕགས་རི་བཞི་ལ་ནི། །གཤེད་ཀྱི་བློན་པོ་གཤིན་རྗེ་ཡབ་ཡུམ་བཞི། །ཡ་མ་རཱ་ཛ་སྲིན་མོ་ཤ་ཟ་མ། །མྱོས་བྱེད་འབར་བ་སྲིན་མོ་སྟོབས་ཆེན་མ། །ཨཱརྱ་མ་རུ་སྲིན་མོ་སེང་གེ་མ། །རལ་པ་ཚར་


DNG016_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་སྲིན་མོ་འབར་བ་རྣམས། །བསྟན་པ་གཉན་པོ་བསྲུང་བའི་རྫུ་འཕྲུལ་ཅན། །དམ་ཚིག་རྗེས་སུ་དྲན་ཞིང་དམར་ཆེན་ཁྲག་ལ་གཤེགས། །དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། གཤེད་པོ་སྤྱན་དྲངས་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།དེ་ནས་ཕྱོགས་སྐྱོང་བཅུ་དག་བསྐུལ། །ཧཱུཾ་དེ་ཡི་ཕྱི་རིམ་ལྕགས་མཁར་བཅུ་གཉིས་ན། །ལས་ཀྱི་གཤིན་རྗེ་རྡོ་རྗེ་བྲན་གྱི་ཚོགས། །བདུད་འཇོམས་དམར་པོ་ཀོང་ཙེ་བྲག་འཇོམས་དང་། །མིག་དམར་མགོ་དགུ་ལྷ་མཆོག་དུད་ཁ་ཀ །ཨ་བ་གླང་མགོ་ཏེལ་པ་ཡ་བ་ཏི། །སྟག་མགོ་ནག་པོ་ཕྱ་སངས་ཆོས་ཀྱི་རྒྱལ་པོ་རྣམས། །གཤིན་རྗེའི་གཟུགས་སྟོན་དབྱུག་ཏོ་ཞགས་པ་འབེབས། །སྐྱེ་འགྲོ་དབང་སྡུད་སྲིད་གསུམ་ཁྲམ་ལ་འདེབས། །ལས་ཀྱི་སྲིན་མོ་གཤིན་རྗེའི་ཆུང་མ་རྣམས། །སྲིན་མོ་ནག་མོ་སྲིན་མོ་འཕྱངས་མ་དང་། །སྲིན་མོ་ལག་བརྒྱ་སྲིན་མོ་སེར་མོ་དང་། །སྲིན་མོ་ཞགས་པ་སྲིན་མོ་མིག་བརྒྱ་མ། །སྲིན་མོ་དམར་མོ་སྲིན་མོ་འབྲུག་སྒྲོགས་མ། །སྲིན་མོ་དབུགས་འཕྲོག་སྲིན་མོ་ནད་གཏོང་མ། །སྲིན་མོ་ཁྲག་འཐུང་སྲིན་མོ་སྦྱིན་སྲེག་མ། །འཇིག་རྟེན་འགྲོ་ལ་ནད་ཀྱི་ཚོགས་གཏོང་ཞིང་། །སྐྱེ་འགྲོའི་སྲོག་ལེན་ཤ་ཁྲག་མདངས་ཟ་མ། །སྣ་ཚོགས་གཟུགས་ཀྱིས་གནོད་པ་སྣ་ཚོགས་བྱེད། །དུས་ཀྱི་ཞགས་པས་དམ་ཉམས་སྙིང་ནས་འདྲེན། །དམ་ཚིག་རྗེས་སུ་དྲན་ཞིང་དམར་ཆེན་ཁྲག་ལ་གཤེགས། །དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། ཕྱོགས་སྐྱོང་བ་སྤྱན་དྲངས་ཤིང་བསྐུལ་བའི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་ཕྱག་རྒྱ་བཅས་ལ་ཡང་། །སྙིང་པོ་འདི་དག་བརྗོད་པར་བྱ། །ཡ་མ་མེ་ད་ཀྵེ། རཱ་ཛ་ས་དོ། རུ་ཎ་ཡོ་ནི། རཱ་ཡཙྪ་ནི། ཛ་མ་ཏི་ཧཱུཾ་ཛཿ། ཨཱ་ར་ལི་ཧོ། ས་མ་ཡ་སྟྭཾ། དེ་ནས་བཞུགས་སུ་གསོལ་བ་འདིའོ། །ཡ་མ་མེ་ད་ཀྵེ། རཱ་ཛ་ས་དོ། རུ་ཎ་ཡོ་ནི། རཱ་ཡཙྪ་ནི། ས་མ་ཡ་མ་ནུ་སྨ་ར་ཨ་དྷི་ཏིཥྛ་ས་མ་ཡ། དེ་ནས་སྔགས་འདིས་དབང་དུ་བསྡུ། ཨོཾ་ཧྲཱྀཿཤྟྲཱིཿབི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ། མ་ཧཱ་བི་ནཱ་ཡ་ཀ་


DNG016_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

ཛཱི་བི་ཏ། ཨནྟ་ཀ་ར། སརྦ་དུཥྚཱན་སྟྭཾ་བྷ་ཡ་ཧཱུཾ་ཕཊ། དེ་ནས་དམ་ཚིག་སྔགས་འདིས་བསྲེ། བཻ་བྷ་སྭ་ར་ཡ་མཱ་ཡ། ས་མ་ཡ་ཐཱ། དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། ལེའུ་ཉི་ཤུ་པའོ།། །།དེ་ནས་མཆོད་པ་འདི་ལྟར་བྱ། །ཧཱུཾ་གྲུབ་པའི་གཤིན་རྗེ་འདུས་པའི་ཚོགས། །ཕྱུགས་ཆེན་ཁྲག་ལ་ཞབས་བསིལ་ཏེ། །དམར་ཆེན་ཁྲག་ལ་ས་མ་ཡ། །མཐུན་པའི་དམ་རྫས་འདི་ལ་རོལ། །ཡ་མ་མེ་ད་ཀྵེ། རཱ་ཛ་ས་དོ། རུ་ཎ་ཡོ་ནི། རཱ་ཡཙྪ་ནི། བཻ་བྷ་སྭ་ཏ་ཛ་མ་ཏི། མ་ཧཱ་རཀྟ་པྲ་ཏཱིཙྪ་ཧོཿ། ཕྱུགས་ཆེན་ཁྲག་ལ་ཞབས་བསིལ་ཏེ། །དམར་ཆེན་ཁྲག་ལ་ས་མ་ཡ། །མཐུན་པའི་དམ་རྫས་འདི་ལ་རོལ། །ཡ་མ་མེ་ད་ཀྵེ། རཱ་ཛ་ས་དོ་རུ་ཎ་ཡོ་ནི། རཱ་ཡཙྪ་ནི། བཻ་བྷ་སྭ་ཏ་ཛ་མ་ཏི། སརྦ་བུཌྜྷ་ས་པཱ་རི་ཝཱ་ར། མ་ཧཱ་རཀྟ་པྲ་ཏཱིཙྪ་ཧོ། ཕྱུགས་ཆེན་ཤ་དང་རྐང་དང་ཁྲག །ལྷ་བ་རུས་པ་བདུད་རྩི་འབར། །དབང་པོ་ཚིམས་བྱེད་འདོད་ཡོན་ལྔ། །མཆོད་ཡོན་བདུད་རྩི་ཏིང་འཛིན་གྱིས། །གྲུབ་པ་གཤིན་རྗེའི་ཚོགས་རྣམས་རོལ། །ཧ་ཧ་ཧི་ཧི་ཁཱ་ཧི་ཁཱ་ཧི། མ་ཧཱ་མཱཾ་ས་ཁ་རཾ་ཁཱ་ཧི། མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། མ་ཧཱ་ཀེང་ནི་རི་ཏི་ཁ་རཾ་ཁཱ་ཧི། མ་ཧཱ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། མཆོད་པའི་ལེའུ་སྟེ་ཉེར་གཅིག་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །འཇིག་རྟེན་སྲོག་ལེན་གཤིན་རྗེ་རྦད། །ཧཱུཾ་འདི་ནས་བྱང་ཕྱོགས་རི་རབ་ཆེན་པོའི་རྨང་། །དཔག་ཚད་བརྒྱད་ཁྲི་མར་འདས་ནས། །ཐོད་པ་ལྕགས་ཀྱི་མཁར་ནང་ན། །མི་རོས་གཏམས་པའི་གནས་ཆེན་ན། །མ་མོ་ཀུན་གྱི་ཚོགས་རྗེ་བོ། །ཡི་དྭགས་ཀུན་གྱི་སྡེ་དཔོན་པོ། །ལྕགས་མཁར་བཅུ་བདུན་མངའ་བདག་པོ། །བདུད་ཕོ་མི་ཟན་སྐྱེ་འགྲོའི་བདུད། །བྱེ་བ་དགུ་རིངས་སུས་མི་བཟློག །མེ་ལྕེ་གློག་གི་ཕྲེང་བས་བརྒྱན། །གཅེར་བུ་སྦྲུལ་དང་ཐོད་པས་བརྒྱན། །ཡིད་ལ་བརྣགས་པའི་དགྲ་བོ་འདི། །ཞགས་པས་ཐོབ་ལ་ཁྲིད་ལ་ཤོག །ཁྲམ་ལ་ཐོབ་ལ་སྟོང་ལ་རྒྱུས། །བེ་ཅོན་རྒྱོབ་ལ་འཁོར་ལོ་བསྐོར། །ཁྱོད་ཀྱི་ཟས་


DNG016_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

སྐལ་འདི་ཡིན་གྱི། །ཤ་རུས་ཁྲག་ལ་ལོངས་སྤྱོད་གྱིས། །དེ་ཡི་ཐུགས་དམ་རྒྱུད་སྐུལ་མ། །གཏུམ་མོ་དུག་ཧྲུལ་གོས་གྱོན་ལ། །བདུད་མོ་ནག་མོ་སྐྱེ་འགྲོའི་བདུད། །སྣ་ཚོགས་ནད་ཀྱི་མངའ་བདག་མོ། །ཤ་ཁྲག་སྲོག་དབུགས་བདག་མོ་ཁྱོད། །གྲུབ་པའི་གནས་ནས་འདིར་གཤེགས་ལ། །བདུད་རྩི་བྱང་ཆུབ་སེམས་དང་དམར་ཆེན་ས་མ་ཡ། །དམ་རྫས་མཆོད་པ་བཞེས་ནས་ཀྱང་། །གཤིན་རྗེ་གདུག་པ་ཕོ་མོ་ཁྱེད། །བསྟན་པ་འཇིག་པའི་འགལ་བྱེད་དགྲ་བོ་འདི། །ཁུག་ནས་སྨྱོ་འབོག་རྣམ་ཤེས་བརྒྱལ་བ་དང་། །དུས་ཀྱི་ཞགས་པས་དྲངས་ཤིང་བསྒྲལ་དུ་གསོལ། །ནག་པོ་རཀྴ་དགྲ་བོའི་སྙིང་ལ་བྷྱོ་བྷྱོ། །དེ་ནས་ཡང་གཤེད་ཆེན་པོ་རྣམས་བསྐུལ་བ། །ཧཱུཾ་གྲུབ་པའི་གནས་ནས་དགྲ་བོའི་གཤེད་མ་བཞི། །ཡ་མ་རཱ་ཛ་མྱོས་བྱེད་འབར་བ་དང་། །ཨཱརྱ་མ་རུ་རལ་པ་ཚར་དགུ་བཞི། །སྲིན་མོ་ཤ་ཟ་སྲིན་མོ་སྟོབས་ཅན་དང་། །སྲིན་མོ་སེང་གེ་སྲིན་མོ་འབར་མ་བཞི། །ཕྱོགས་བཞིའི་ཐོད་མཁར་བཞི་ནས་འདིར་གཤེགས་ཏེ། །བདུད་རྩི་བྱང་ཆུབ་སེམས་དང་དམར་ཆེན་ས་མ་ཡ། །དམ་ཚིག་རྫས་ཀྱི་མཆོད་པ་བཞེས་ནས་ཀྱང་། །བསྟན་པ་འཇིག་པའི་འགལ་བྱེད་དགྲ་བོ་འདི། །མགོ་འཁོར་ཡིད་འཁྲུག་ཁྲག་ཏུ་སྐྱུག་པ་དང་། །རྣམ་ཤེས་གཟིར་ཏེ་མྱུར་དུ་བསྒྲལ་བ་དང་། །ཡན་ལག་འབྲུམ་བུ་དྲག་པོས་གཟིར་བ་དང་། །ལྷོག་རྒལ་ཕོ་ལྷོག་གླང་ཐབས་མྱུར་དུ་ཐོང་། །དུས་ཀྱི་ཞགས་པས་སྲོག་དབུགས་ཕྲོལ། །གཤེད་ཆེན་ཡབ་ཡུམ་སྲོག་ལས་གྲུབ་པའི་ཚོགས། །འཇིག་རྟེན་ཕུང་བྱེད་གཤིན་རྗེ་ཕོ་མོ་རྣམས། །དུས་ཀྱི་ཞགས་པ་ནད་རྣམས་སྣ་ཚོགས་བདག །གཤིན་རྗེ་བདུད་འཇོམས་གཤིན་རྗེ་དམར་པོ་དང་། །ཀོང་ཙེ་བྲག་འཇོམས་ཡ་མ་རཱ་ཛའི་སྲས། །གྲུབ་པའི་ཀློང་ནས་འདིར་གཤེགས་ས་མ་ཡ། །བདུད་རྩི་བྱང་ཆུབ་སེམས་དང་དམར་ཆེན་མཱང་ས་དང་། །དམ་ཚིག་རྫས་ཀྱི་མཆོད་པ་བཞེས་ནས་ཀྱང་། །བསྟན་པ་འཇིག་པའི་འགལ་བྱེད་དགྲ་བོ་འདི། །གཟེར་ནད་ཚ་བའི་ནད་དང་ཁྲག་སྐྱུག་གིས། །མྱུར་དུ་གཟིར་ཏེ་དུས་ཀྱི་ཞགས་པས་དྲངས། །གཤིན་རྗེ་མིག་


DNG016_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

དམར་ལྕོག་པ་མགོ་དགུ་དང་། །ལྷ་མཆོག་དུང་ཀ་མྱོས་བྱེད་འབར་བའི་སྲས། །གྲུབ་པའི་ཀློང་ནས་འདིར་གཤེགས་ས་མ་ཡ། །བདུད་རྩི་བྱང་ཆུབ་སེམས་དང་དམར་ཆེན་མཱང་ས་དང་། །དམ་ཚིག་རྫས་ཀྱི་མཆོད་པ་བཞེས་ནས་ཀྱང་། །བསྟན་པ་འཇིག་པའི་འགལ་བྱེད་དགྲ་བོ་འདི། །ཆོ་འཕྲུལ་འབྲུམ་ནག་མཁྲིས་པ་གཤའ་ཡ་ཡིས། །མྱུར་དུ་གཟིར་ཏེ་དུས་ཀྱི་ཞགས་པས་དྲོངས། །གཤིན་རྗེ་ཨ་བ་གླང་མགོ་ཡ་བ་ཏི། །གཤིན་རྗེ་རལ་པ་མ་རུ་ཙེ་ཡི་སྲས། །གྲུབ་པའི་ཀློང་ནས་འདིར་གཤེགས་ས་མ་ཡ། །བདུད་རྩི་བྱང་ཆུབ་སེམས་དང་དམར་ཆེན་མཱཾ་ས་དང་། །དམ་ཚིག་རྫས་ཀྱི་མཆོད་པ་བཞེས་ནས་ཀྱང་། །བསྟན་པ་འཇིག་པའི་འགལ་བྱེད་དགྲ་བོ་འདི། །མཛེ་ནད་གློ་གཟེར་སྐྱ་རྦབ་དང་། །ཤུ་བ་འགྱེལ་ནད་དག་གིས་ནི། །མྱུར་དུ་གཟིར་ཏེ་དུས་ཀྱི་ཞགས་པས་དྲངས། །གཤིན་རྗེ་སྟག་མགོ་ནག་པོ་ཕྱ་སངས་དང་། །ལས་ཀྱི་རྒྱལ་པོ་རལ་པ་ཚར་དགུའི་སྲས། །གྲུབ་པའི་ཀློང་ནས་འདིར་གཤེགས་ས་མ་ཡ། །བདུད་རྩི་བྱང་ཆུབ་སེམས་དང་དམར་ཆེན་མཱཾ་ས་དང་། །དམ་ཚིག་རྫས་ཀྱི་མཆོད་པ་བཞེས་ནས་ཀྱང་། །བསྟན་པ་འཇིག་པའི་འགལ་བྱེད་དགྲ་བོ་འདི། །སྐྲངས་འབུར་རིམས་ནད་གཞོགས་སྐམ་གྱིས། །མྱུར་དུ་གཟིར་ཏེ་དུས་ཀྱི་ཞགས་པས་དྲོངས། །འཇིག་རྟེན་ལས་ཀྱི་གཤིན་རྗེ་ཁྱེད་རྣམས་ཀྱིས། །བཅོམ་ལྡན་གཤིན་རྗེ་གཤེད་པོའི་ཞབས་དྲུང་དུ། །དམ་ཚིག་ཚུལ་བཞིན་མནས་བོར་ལ། །ཁས་བླངས་འགྲུབ་པར་མ་བསྒྲུབས་ནས། །དཔལ་གྱི་དམ་ལས་འགལ་བ་ན། །མགོ་དང་ལུས་སྙིང་རུལ་བར་འགྱུར། །དམ་ལས་མ་འདའ་ཕྲིན་ལས་མཛོད། །ནད་གཏོང་སྲིན་མོའི་ཚོགས་རྣམས་ས་མ་ཡ། །སྲིན་མོ་ནག་མོ་སྲིན་མོ་ལག་བརྒྱ་མ། །སྲིན་མོ་མགོ་འཕྱང་སྲིན་མོ་སེར་མོ་དང་། །སྲིན་མོ་ཞགས་པ་མ་དང་སྲིན་མོ་མིག་བརྒྱ་མ། །སྲིན་མོ་དམར་མོ་སྲིན་མོ་འབྲུག་སྒྲོགས་མ། །སྲིན་མོ་དབུགས་འཕྲོག་སྲིན་མོ་ནད་གཏོང་མ། །སྲིན་མོ་ཁྲག་འཐུང་སྲིན་མོ་སྲེད་བྱེད་མ། །གྲུབ་པའི་ཀློང་ནས་འདིར་གཤེགས་


DNG016_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

ས་མ་ཡ། །བདུད་རྩི་བྱང་ཆུབ་སེམས་དང་དམར་ཆེན་མཱཾ་ས་དང་། །དམ་ཚིག་རྫས་ཀྱི་མཆོད་པ་བཞེས་ནས་ཀྱང་། །བསྟན་པ་འཇིག་པའི་འགལ་བྱེད་དགྲ་བོ་འདི། །དུས་ཀྱི་ཞགས་པས་དྲངས་ལ་མྱུར་དུ་སྒྲོལ། །དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། གདུག་བྱེད་གཤིན་རྗེ་ལ་ཕྲིན་ལས་བཅོལ་བའི་ལེའུ་སྟེ་ཉེར་གཉིས་པའོ།། །།དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །གདུལ་དཀའ་འདུལ་བའི་བདག་པོ་དེས། །བདེ་ཆེན་ཡབ་ལ་འདི་སྐད་ཞུས། །ཧེ་ཧེ་དཔལ་འབར་ཁྲོ་བོ་རྗེ། །ཕྱི་ནང་སྲོག་གཤེད་འདི་དག་ལ། །ཉི་མ་བཞི་པས་ལས་གང་འགྲུབ། །ཕྱི་ནང་གཤིན་རྗེའི་གཙོ་བོ་གང་། །ཞེས་ཞུས་པས། ལེགས་པར་ཉོན་ལ་ཡིད་ལ་ཟུང་། །ཉི་མ་བཞི་པའི་ལས་བྱས་པས། །ཕྲིན་ལས་སརྦ་རྫོགས་པ་ཡིན། །ཕྱི་ནང་སྲོག་གཤེད་བཞི་པོ་ལས། །ལས་ཀྱི་གཤིན་རྗེ་བཅུ་གཉིས་ཡིན། །སྤྲུལ་པའི་གཤིན་རྗེ་ལས་བྱེད་ནི། །ཕོ་གཤེད་སུམ་བརྒྱ་དྲུག་ཅུ་དང་། །མོ་གཤེད་སུམ་བརྒྱ་དྲུག་ཅུ་ལ། །གཤིན་རྗེ་བདུན་བརྒྱ་ཉི་ཤུ་ཡོད། །ཉི་མ་བཞི་ཡི་ལས་བྱས་ལ། །ཕྲིན་ལས་བརྒྱ་དང་རྩ་གཅིག་འགྲུབ། །ནད་ནི་བཞི་བརྒྱ་རྩ་བཞི་གཏང་། །ཞེས་གསུངས་སོ། །དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། གཤིན་རྗེའི་རྣམ་གྲངས་བསྟན་པའི་ལེའུ་སྟེ་ཉེར་གསུམ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ཕྱི་ཡི་སྲོག་གཤེད་འདི་བཞི་ཡིན། །གཤིན་རྗེ་ཡ་མ་རཱ་ཛ་ནི། །སྲིད་པ་གསུམ་གྱི་རྩེ་ན་གནས། །གསོན་གཤིན་གཉིས་ཀྱི་ཟམ་ཁ་ན། །གཤེད་པོ་མྱོས་བྱེད་འབར་བ་གནས། །བྲག་ནག་སྤུངས་པའི་རི་བོར་ནི། །གཤེད་པོ་ཨཱརྻ་མ་རུ་གནས། །རྒྱ་མཚོ་འཁྱིལ་པའི་དབུས་གནས་ན། །གཤེད་པོ་རལ་པ་ཚར་དགུ་གནས། །དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། ཕྱིའི་གཤེད་བཞི་བསྟན་པའི་ལེའུ་སྟེ་ཉེར་བཞི་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །སྤྱི་བོ་ཚངས་པའི་བུ་ག་ན། །མེ་ཡི་དབང་པོའི་དྲོད་འཕྲོག་


DNG016_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

གནས། །མིད་པ་གྲེ་བའི་རྒྱ་ལམ་ན། །ཁྲག་གི་སྡིག་པ་ཁྲག་འཐུང་གནས། །ལུས་ཀྱི་གཞི་རྟེན་ལྟེ་བ་ན། །རླུང་གི་སྡོམ་ནག་དབུགས་འཕྲོག་གནས། །ཙིཏྟ་སྲོག་གི་གའུ་ན། །དུག་གི་མི་བོ་སྲོག་གཅོད་གནས། །དེ་དག་རང་རྒྱུད་གཤེད་ཆེན་ཏེ། །ནང་གི་གཤེད་ཆེན་བཞི་ཡིན་ཏེ། །ཁམས་གསུམ་སེམས་ཅན་སྲོག་ལེན་ཡིན། །དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། ནང་གི་གཤེད་བཞི་བསྟན་པའི་ལེའུ་སྟེ་ཉེར་ལྔ་པའོ།། །།དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །གདུལ་དཀའ་འདུལ་བའི་བདག་པོ་དེས། །བདེ་མཆོག་ཡབ་ལ་འདི་སྐད་ཞུས། །ཧེ་ཧེ་ཁྲོ་བདག་གཤིན་རྗེའི་གཤེད། །དེ་ལྟར་བྱས་པའི་རྣལ་འབྱོར་པས། །ལས་རྣམས་མྱུར་དུ་བསྒྲུབ་པའི་ཕྱིར། །འཇིག་རྟེན་དྲེགས་པ་ཇི་ལྟར་བསྒྲུབ། །ཅེས་ཞུས་པས། སྟོན་པས་བཀའ་སྩལ་པ། ཀྱེ་ཀྱེ་གསང་བའི་བདག་པོ་ཡིད་ལ་ཟུང་། །རྣོ་ལ་ངར་དུ་འདོགས་པ་ཡི། །དྲེགས་པའི་སྒྲུབ་ཐབས་ཞུས་པ་ལེགས། །འཇིག་རྟེན་དྲེགས་པ་སྡེ་མང་ལ། །བདེ་གཤེགས་བཀའ་ལ་བཏགས་པ་ཡི། །བསྟན་སྲུང་ཆོས་སྐྱོང་སྡེ་བརྒྱད་ཡིན། །དེ་དག་མྱུར་དུ་བསྒྲུབ་པའི་ཕྱིར། །བསྒྲུབ་པ་བརྩམ་དང་སྲོག་རྟེན་བཅའ། །དམོད་པ་གདབ་པའི་ལས་བཤད་ཀྱི། །གསང་བའི་བདག་པོས་ཡིད་ལ་ཟུང་། །ཞེས་གསུངས་སོ། །དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། དྲེགས་པ་ལྷ་རུ་བསྒྲུབ་པར་མགོ་སྨོས་པའི་ལེའུ་སྟེ་ཉེར་དྲུག་པའོ།། །།དེ་ནས་འཇམ་དཔལ་ཁྲོ་བོ་ཡིས། །ཁྲམ་བདག་བདུད་ཀྱི་བསྒྲུབ་པ་འདི་གསུངས་སོ། །ཡིད་འོང་གནས་སུ་བསྒྲུབ་པ་བརྩམ། །མཎྜལ་འདོམ་གང་གྲུ་བཞི་ལ། །དུག་དང་ཁྲག་གིས་ཆག་ཆག་གདབ། །དབུས་སུ་གྲུ་གསུམ་ཟླ་གམ་གསུམ། །འཁོར་ལོ་རྩིབས་བརྒྱད་གྲུ་ཆད་སྒོ། །ཐོད་པའི་ཕྲེང་བ་རྡོ་རྗེའི་གུར། །མེ་རླུང་མུན་ནག་འདྲ་བས་བརྒྱན། །ལྕགས་དང་སེང་ལྡེང་ཕུར་པ་ལ། །དབུས་


DNG016_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཟླ་གམ་གསུམ་པོ་ལ། །ཡབ་ཡུམ་སྲས་གསུམ་དགོད་པར་བྱ། །འཁོར་ལོ་རྩིབས་བརྒྱད་དག་ལ་ནི། །ལྕགས་ཀྱི་ཕུར་པ་བཅུ་དག་ལ། །དར་ནག་ཅོད་པན་རེ་བཏགས་ལ། །ཡང་རྗེ་དག་དང་རོལ་པོ་དང་། །ཁྲམ་བདག་གཟའ་བདུད་སློག་བདུད་དང་། །ཐེག་པ་རྗེ་དང་རི་བོ་རྗེ། །སེ་འཛིན་རོ་ལངས་ནག་པོ་དང་། །འབར་བ་ནག་པོ་ལ་སོགས་དགོད། །མཐུན་པའི་རྫས་སུ་འདི་དག་དགོད། །མི་རྟ་ཤ་ཡི་གཏོར་མ་ལ། །སྣ་ཚོགས་ཤ་རུས་བརྒྱན་པ་དག །གཙོ་བོ་ཡབ་ཡུམ་གསུམ་ལ་དབུལ། །བྱ་ནག་རྟ་ནག་ལུག་ནག་དང་། །ཁྱི་ནག་ཕག་པ་རོག་པོ་དང་། །གཡག་དང་གླང་དང་ར་རོག་གི། །སྙིང་དང་ཤ་ཁྲག་རུས་པ་དང་། །མི་ཤས་བརྒྱན་ནས་ཟངས་གཞོང་དགང་། །བདུད་པོ་བཅུ་ལ་གཏང་ཞིང་བཅའ། །ཤ་སྣ་ཁྲག་སྣ་དཀོར་ཆ་དང་། །སྤྱན་གཟིགས་གཏོར་མ་གིང་ཆེན་བཞི་ལ་དགོད། །སྨན་ཁྲག་སྦྲེངས་ཤིང་མི་གསུར་གཏང་། །རྒྱལ་མཚན་འཕྱར་ཞིང་དར་ནག་གུར་ཆེན་ཕུབ། །ཁྱི་འམ་དོམ་གྱི་གཡང་གཞི་དགབ། །ལུག་ནག་གཏར་གཞུག་ར་ལ་དམིགས་རྟེན་བཅས། །གདུག་པའི་ཤིང་ལ་ཁྲམ་ཤིང་བཅའ། །དྲག་སྔགས་བྲི་དང་བཟླས་པ་བྱ། །ཡི་དྭགས་གོས་ལ་ལིངྒ་བྲིས་པ་ལ། །ཁྲམ་ལ་གདབ་ཅིང་བསད་པའི་ལས་ལ་འཇུག །ཁྲམ་དང་འཁོར་ལོ་ཐོད་པ་དག་ཏུ་བྲུབ། །ཆུ་མིག་དག་ཏུ་གཏད་དེ་སྨོན་ལམ་བཏབ། །ཐུན་ནི་དགྲ་ཡི་ཁང་པ་དག་ལ་བརྡེག །ཚེར་མ་ཅན་གྱི་ཤིང་ལ་སྦྱིན་བསྲེག་བྱ། །དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། བདུད་ཕོ་རྣམས་བསྒྲུབ་པའི་ལེའུ་སྟེ་ཉེར་བདུན་པའོ།། །།དེ་ནས་ཡང་ནི་བཤད་བྱ་བ། །ཏིང་འཛིན་རྣམ་གསུམ་འཕྲོ་འདུ་ལས། །དབང་ཆེན་འབྱུང་བ་རིམ་བརྩེགས་ཏེ། །བྷཱུཾ་ལས་འབར་བའི་ཐོད་པ་གཞལ་ཡས་ཁང་། །མུན་ནག་གཏིབས་པའི་དབུས་དག་ཏུ། །ཁྲོ་རྒྱལ་ཡབ་ཡུམ་གསལ་བར་བསྒོམ། །ཤར་དུ་རུས་པའི་གཞལ་ཡས་སུ། །ཤར་བདུད་རྔ་ཞོན་རལ་གྲི་ཐོགས་པ་བསྐྱེད། །ལྷོ་རུ་མེ་ཡི་གཞལ་ཡས་སུ། །ཁྲམ་བདག་ཞགས་


DNG016_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

ཐོགས་ཤ་ནག་ཞོན་པ་བསྐྱེད། །ནུབ་ཏུ་ཁྲག་གི་གཞལ་ཡས་སུ། །གཟའ་བདུད་འབྲོང་ལ་ཞོན་ཏེ་ལྕགས་ཀྱུ་ཐོགས་པ་བསྐྱེད། །བྱང་ཕྱོགས་དབུགས་ཀྱི་གཞལ་ཡས་སུ། །སྲོག་བདུད་ཁྱུང་ལ་ཞོན་པ་སྟ་རེ་ཐོགས་པ་བསྐྱེད། །ཤར་ལྷོར་ཁྲམ་བདག་རྟ་ནག་ཞོན་ནས་ཐོག་ཆེན་འབེབས་པ་བསྐྱེད། །ལྷོ་ནུབ་རི་བོ་རླུང་ཤ་ཞོན་ནས་གཡབ་མོ་འདོར་བ་བསྐྱེད། །ནུབ་བྱང་སེ་འཛིན་ཕག་ཞོན་ཁྲམ་ཤིང་ཐོགས་པ་བསྐྱེད། །བྱང་ཤར་རོ་ལངས་ཆུ་གླང་ཞོན་ནས་སྟྭ་རེ་ཐོགས་པ་བསྐྱེད། །སྟེང་དུ་ཡང་རྗེ་འབྲུག་ལ་ཞོན་ཏེ་གློག་ཞགས་ཐོགས་པ་བསྐྱེད། །འོག་ཏུ་ཁྲག་འཐུང་སྟག་དམར་ཞོན་ཏེ་སྦྲུལ་ཞགས་འདེབས་པ་བསྐྱེད། །རེ་རེའི་འཁོར་ལ་བདུད་ཚོགས་བསམ་འདས་ཏེ། །སྐད་ཅིག་གྲུབ་པའི་གནས་ནས་བྱོན་ཏེ་བཞུགས་པར་བསམ། །དགྲ་བོ་ཉིད་ཡང་མདུན་དུ་གསལ་བར་བསམ་སྟེ། ཧཱུཾ་རུ་ཏྲ་པ་ཏྲ་མུ་ཁྲག་ཙ་ར་ཁྲག་ཙ། པ་ཏེ་ཕོར་པ་དུད་ཏ་པ་ཏ་སྭཱ་ཧཱ། ཞེས་རྒྱུན་དུ་བགྲང་ངོ་། །ཁྲིའམ་འབུམ་ཐོན་ཙམ་ན། མོན་པ་བཙུན་པ་སྐད་མི་མཐུན་པ། ལྡབ་ལྡིབ་སྨྲ་ཞིང་ལས་ལ་འོང་། དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། ཏིང་ངེ་འཛིན་དང་རྒྱུད་སྔགས་ཀྱི་ལེའུ་སྟེ་ཉེར་བརྒྱད་པའོ།། །། དེ་ནས་དྲག་པོའི་ཐུན་ཉིད་ནི། །ཉུང་དཀར་ཉུང་ནག་དུག་ཁྲག་ལ། །དྲག་པོའི་སྔགས་འདི་བསྡིམ་ལ་བརྡེག །ཧཱུཾ་རུ་ཏྲ་ཙ་པ་ཐུན་ཁྲག །ཤྲི་ཀྲི་ན་མ་ར་རོ་ལ་ཐུན་ཁྲག །ཁལ་ལ་ཡ་ཆུ་ཐུན་ཁྲག །མི་ཤ་རོ་ལ་ཐུན་ཁྲག །ཁྲམ་རོ་ར་ཙ་ཐུན་ཁྲག །སྟོང་ཀ་ཀུ་པ་ཐུན་ཁྲག །མ་ཀུ་བ་ར་ཐུན་ཁྲག །ཆེ་གེ་མོ་མཱ་ར་ཡ་ཐུན་ཁྲག །ཅེས་བསྡིམས་ལ། དགྲ་བོའི་གཟུགས་དང་ཁང་པ་ལ་བརྡེག །བར་བར་དུ་ཁྲམ་སྔགས་འདི་དག་བཟླས། ཨོཾ་སྙིང་ཁྲག་ཙིཏྟ་རྦད། དུན་རྨུགས་ཁྲག་གཏོར་རྦད། ཆེ་གེ་མོ་མཱ་ར་ཡ་གུག་ལིང་རྦད་སྭཱ་ཧཱ། ཁྲམ་ལ་གདབ་པའི་རིམ་པ་བྱ། །གཤིན་རྗེ་བདུད་པོ་བཅུ་ཡང་བསྐུལ། །དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། དྲག་སྔགས་ཀྱི་ལེའུ་སྟེ་ཉེར་དགུ་པའོ།། །།


DNG016_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བདུད་རྣམས་བསྐུལ་བ་འདིའོ། །ཧཱུཾ་མུན་ནག་གཏིབས་པའི་དཀྱིལ་འཁོར་ནས། །སོལ་ནག་འཚུབས་པའི་གཞལ་ཡས་ནས། །ཁྲོ་རྒྱལ་ཡབ་ཡུམ་གསལ་བར་བསྒོམ། །ཟླ་གསང་དྲེགས་པ་ཚར་གཅོད་ནང་ཡོད་འདུག་སྟོང་གསུམ་མུན་པར་གཏོང་བ་ནི། །མུན་པའི་བདུད་པོ་ཆེན་པོ་བཅུ། །མུན་པའི་མུན་ནག་བར་མ་བིར། །མུན་པའི་གློག་ཞགས་ཁེངས་སེ་ཁེང་། །མུན་པའི་མོན་དུག་ཚུབས་སེ་ཚུབ། །མུན་པའི་རླུང་ནག་ཕྱོགས་བཅུར་འཐོར། །མུན་པའི་བདུད་ནག་ཆེན་པོ་བཅུ། །མི་རོ་དམར་པོའི་རྒྱལ་མཚན་ཕྱར། །མི་ལྤགས་དམར་པོའི་བ་དན་ཕྱར། །མི་མགོ་དམར་པོ་དུང་དུ་འབུད། །མི་མགོའི་ཕྲེང་བ་ཁྲ་ལ་ལ། །མི་དང་རྟ་མིན་ཤ་མི་ཟ། །མི་དང་རྟ་མིན་ཁྲག་མི་འཐུང་། །སྡང་བའི་དགྲ་ལ་མུན་པའི་འཁོར་ལོ་བསྐོར། །དེ་ནས་བསྐལ་པ་སྙིགས་མའི་ལྔ་བརྒྱ་ལ་ཞེས་པ་གཏོང་། དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། ཕོ་ཉའི་ལེའུ་སྟེ་སུམ་ཅུ་པའོ།། །།དེ་ནས་བཅོམ་ལྡན་འདས་ཉིད་ཀྱིས། བདུད་ལྕམ་དྲལ་ཉི་ཤུའི་བསྒྲུབ་པ་འདི་གསུངས་སོ། །ཡིད་འོང་གནས་སུ་ས་བཟུང་ལ། །དཀྱིལ་འཁོར་འདོམ་གང་གྲུ་བཞིར་བྱ། །མཐིང་ནག་གྲུ་གསུམ་ཟླ་གམ་གསུམ། །འཁོར་ལོ་རྩིབས་བརྒྱད་དག་ཏུ་བྱ། །གྲུ་གསུམ་ཉིད་ལ་གཤེད་པོ་དགོད། །ཟླ་གམ་ཡུམ་སྲས་གསུམ་པོ་དགོད། །འཁོར་ལོ་རྩིབས་བརྒྱད་བདུད་པོ་བརྒྱད། །བར་ཁྱམས་དམར་པོ་བདུད་ཀྱི་ལྕམ། །སྒོ་བཞིར་བདུད་ཀྱི་ཡང་ཁོལ་བཞི། །ལྷོ་ནུབ་མཚམས་སུ་གྲི་བོའི་གཡང་གཞི་གཟུག །ནུབ་བྱང་སྤྱང་ཀིའི་རྒྱལ་མཚན་གཟུག །བྱ་རྒོད་དག་དང་ལུག་ནག་དང་། །གཡང་གཞི་བྱང་ཤར་ཤར་ལྷོར་གཟུག །དར་ནག་དག་གིས་གུར་ཆེན་དབུབ། །བོད་རྒྱ་ནག་པོས་མཐའ་མ་བསྐོར། །དབུས་སུ་གཤིན་རྗེའི་གཏོར་མ་བཞག །བསེ་གབ་མོན་ཐོད་འཁར་ཕོར་དུ། །མི་ཤ་རྟ་ཤའི་གཏོར་མ་བྱ། །ཤར་དུ་སྤྲེའུའི་སྙིང་ཁྲག་བསྲེས་ལ་བཞག །ལྷོ་ནུབ་མཚམས་སུ་རྗེ་རིགས་མགོར། །མི་སྙིང་ཁྲག་གི་གཏོར་མ་བཞག །ནུབ་ཏུ་རྟ་ཁྲག་རྟ་སྙིང་སྦྱར། །དམ་སྲིའི་


DNG016_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

ལིངྒ་ཐོད་ནང་བཞག །དྲག་ཏུ་དེ་ལ་བརྡེག་པར་བྱ། །དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། ཕུང་པོའི་བདུད་ལྕམ་དྲལ་བསྒྲུབ་པའི་ལེའུ་སྟེ་སོ་གཅིག་པའོ།། །། དེ་ནས་ཡང་དག་བཤད་བྱ་བ། །སྲོག་གི་སྙིང་པོ་འདི་དག་བཟླས། །ཨོཾ་ཤ་ར་ན་ཤ་ར་ཏི། ཁ་ར་ན་ཁ་རུ་རུ། མ་ཤེ་རེ་ན་དུར་བུ་ཤར་ཏྲི་ན། མི་ར་ཏྲ་ན། ཏྲ་ན་ར་ན། ཨཱ་བ་ཙག་ཙ་རུ་རུ་ཤ །མུ་རུ་ཏི། ཤ་མུ་ར་ཏི་ཤ །ཨ་ཡ་བ་མུག །པུ་རུན། ཧ་ཧེ་ཡེ། ན་ཛ་ཡ་དུ་མར་ན་ཧཱུཾ། ཨ་བ་ཡ་ཏེ། བ་ལ་ད་ར། ཞེས་དྲངས་སོ། །དེ་ནས་བདུད་འཁོར་དང་བཅས་པ་བསྒྲུབ་པ་འདིས་བྱའོ། །ཨོཾ་ཧྲ་ནོ་མོ་ཧོ་བྷི་ལི་མ། ཁུ་རི་བྲུཾ། རུཾ་བུ་ནུ། ཏྲ་ཏྲ་དུ་རུ་དུ་རུ། རུ་ཏྲ་རུ་ཏྲ་ཛ་ཛ་ཧཱུཾ། སྟོང་ངམ་འབུམ་དུ་བཟླས་པར་བྱ། །རབས་ཆད་ཐོད་པར་ཁྲག་སྦྱར་ལ། །བདུད་རྣམས་རྦད་ཅིང་ལིངྒ་དག་ལ་བརྡེག །དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། སྲོག་སྙིང་དྲང་བའི་ལེའུ་སྟེ་སོ་གཉིས་པའོ།། །།དེ་ནས་བདུད་རྣམས་དྲག་ཏུ་བསྐུལ། །ཧཱུཾ་བསྐལ་པ་མུན་ནག་འཁྱིལ་པའི་མཁའ་ཀློང་ན། །ཡང་རྗེ་བཤན་པ་དབུ་གསུམ་ཕྱག་དྲུག་པ། །གནས་འདིར་མུན་པར་གཏིབས་ལ་ཤོག །མུན་པ་གཏིབས་པའི་ཀློང་དཀྱིལ་ནས། །ཡ་གཤེར་ནག་པོ་འབྲུག་ཏོག་མུན་པར་གཏིབས་ལ་ཤོག །ཤར་ཕྱོགས་མུན་ནག་ས་ཡི་དཀྱིལ་འཁོར་ནས། །ཤར་བདུད་ཞེ་སྡང་མུན་ནག་གཏིབས་ལ་ཤོག །ལྷོ་ཕྱོགས་མུན་ནག་མེ་ཡི་དཀྱིལ་འཁོར་ནས། །སྲོག་བདག་སྲོག་ལ་མུན་ནག་གཏིབས་ལ་ཤོག །ནུབ་ཕྱོགས་མུན་ནག་ཁྲག་གི་དཀྱིལ་འཁོར་ནས། །གཟའ་བདུད་བླ་ལ་མུན་གཏིབས་དམ་ལ་ཤོག །བྱང་ཕྱོགས་མུན་ནག་རླུང་གི་གཞལ་ཡས་ནས། །སྲོག་བདུད་སྲོག་ལ་མུན་གཏིབས་དམ་ལ་ཤོག །ཚེ་བདུད་སྐྱིན་དཀར་རལ་པ་ཅན། །ཚེ་ལ་བར་གཅོད་བྱེད་ཅིང་དམ་ལ་ཤོག །སྲོག་བདག་མཁྲིས་པས་ཡིད་ལ་མུན་གཏིབས་དམ་ལ་ཤོག །དཀར་མོ་འབར་མ་སྤྱན་གཅིག་མ། །སྔོན་


DNG016_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ཏི་རས་སྲིན་མོ་འཁོལ། །དམར་མོ་གཡུ་གཙུག་ཀླུ་གཉན་འཁོལ། །ནག་མོ་དྲེད་མགོ་མ་ཡམ་འཁོལ། །སོར་མོ་རླུང་གཤོག་ཀླུ་གཉན་འཁོལ། །དཀར་ལྗང་འུག་མགོ་དྲི་ཟ་འཁོལ། །སྔོ་ནག་སྲེག་བྱེད་ཡ་བདུད་འཁོལ། །དམར་མོ་སྒེག་མོ་སྲིན་མོ་འཁོལ། །སྔོ་སྐྱ་ཞགས་ཐོགས་རླུང་ལྷ་འཁོལ། །དགྲ་བོའི་རྣམ་ཤེས་བརྒྱད་ལ་མུན་ནག་གཏིབས། །ཞེས་བསྐུལ་ལོ། །དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། བདུད་ལྕམ་དྲལ་བསྐུལ་བའི་ལེའུ་སྟེ་སོ་གསུམ་པའོ།། །།དེ་ནས་ཕྲིན་ལས་རྗེ་བདག་ལ། དྲག་སྔགས་འདིས་མྱོས་པ་དང་། གཟིར་བ་དང་། གསད་པ་གནན་པའོ། །བདུད་པྲ་མ་ཡ། ཧ་ན་ཧ་ན། ཏིཥྛ་ཏིཥྛ། རུ་ཏྲ་མ་མ་ས་མ་ཡ་ཧཱུཾ། ཁ་ཏྲི་ཛ། མི་ཏྲི་ཛ། ཤོན་ཏྲི་ཛ། ཡཀྴ་ཛ། མི་ཏྲི་ཛ། ད་ཏྲི་ཛ། ཤ་ཏྲི་ཛ། ད་ཏྲི་པྲ་ཏི་ཛ། ཧ་ན་དུ་ཛ། མི་ཤ་ཛ། ཡཀྴ་ཛ། པུ་མི་ཛ། ཁོ་དར་ཛ། ཛ་ཧཱུཾ་རྦུད་རྦུད། ཁར་ནི་རྦུད། སོ་ལ་ཀུན་ན་རྦུད། དུ་དུ་རྦུད། ཁ་ལ་ཁུ་རྦུད། ཤིན་ཙི་ར་གོང་ཆོད། ཁ་ལ་མུ་ཏི་མུག་སྭཱ་ཧཱ། ཟ་ཟ་ནད་ཀུན་ཐུན། རི་ལི་ལི། ཁ་ལེ་ཁ་ཤག་ཐུན། མ་ཐུན་ཁ་ནན་ཧ་ར་རྦད་ཆུམས་ཁུག །རི་ལ་གུ་གུ་བཾ་ཁྲག །རི་རྩ་རྦད་རི་ལ། ཞེས་ལིངྒ་ལ་བརྡེག་ཅིང་ཐོད་ཁྲག་དང་ཉུང་དཀར་བྲབས་ཏེ། རི་མོན་ནག་འདྲ་བར་མནན། དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། བདུད་ཀྱི་དྲག་སྔགས་ཀྱི་ལེའུ་སྟེ་སོ་བཞི་པའོ།། །།དེ་ནས་བཅོམ་ལྡན་དེ་ཉིད་ཀྱིས། བདུད་ཧ་ནུ་བཀྴ་རུ་ཏྲ་སུས་མི་བཟློག་གི་བསྒྲུབ་པ་འདི་གསུངས་སོ། །བྲག་ནག་པོ་བདུད་ཤིང་སྐྱེས་ས་རུ་ཕྱིན་ལ། འབབ་ཆུའི་འགྲམ་ནས་ས་བླང་ལ། སྟེགས་བུ་འདོམ་གང་གྲུ་བཞི་བྱས་ལ། མི་རྟ་ཁྱིའི་ཁྲག་དང་རྒྱ་སོལ་གྱིས་ཆག་ཆག་གདབ་པའོ། །དབུས་སུ་ཁྱུད་ཁང་བྲུའོ། །ཟླ་གམ་དམར་པོའི་ཁྲུལ་བུ་གཏང་ངོ་། །གྲུ་ཆད་ལྗང་གུར་བྱའོ། །བདུད་ཧ་ནུ་བཀྴའི་འདྲ་འབག་ནག་པོ་ལག་ན་ཁྲམ་ཤིང་ནག་པོ་ཐོགས་པ་དགྲམ་མོ། །ཤོག་བུ་ལ་བདུད་བཞིའི་གཟུགས་བྲིས་ཏེ། དར་ནག་གི་ཤམ་ཐབས་ལ་ཕྱོགས་བཞིར་


DNG016_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

དགྲམ་མོ། །ཤར་དུ་ཧེ་ལེ་ཁྱབ་པ། ལྷོར་ནག་པོ་བཀྲག་མེད། ནུབ་ཏུ་སོ་འདར་འཁྲིག་པ། བྱང་དུ་རལ་པ་སྤྱི་ཆིང་། ཤར་ལྷོ་དྲི་ཟ་ཁྱུང་བཙུན། ལྷོ་ནུབ་ཕག་སྐར་ཉ་རིངས། ནུབ་བྱང་རང་གཟའ་འཕན་སྐད། བྱང་ཤར་དུ་ན་བུན་སྨུག་མོའོ། །དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། བདུད་ཧ་ནུ་བཀྴའི་རྩ་བའི་ལྷ་དགུ་བསྟན་པའི་ལེའུ་སྟེ་སོ་ལྔ་པའོ།། །།དེ་ནས་སྤྲུལ་པའི་བདུད་ནི། བཀའ་འཁོར་སྐྱོང་བ་གནོད་སྦྱིན་བདུད། །ཕྱག་བརྙན་བཅུ་གསུམ་ཁྲག་གི་དང་རལ་ཅན། །སྤྲུལ་པ་བཅུ་གསུམ་སྟག་ཆས་གཟིག་ཆས་དང་། །མོན་བུ་བཅུ་གསུམ་བདུད་ཀྱི་རྟ་ནག་ཅན། །ཕོ་ཉ་བཅུ་གསུམ་སྟག་སེང་མཐོང་ཀ་ཅན། །ཕྱག་བརྙན་ནག་མོ་རེ་བའི་གོ་ལྕོག་ཅན། །སྤྲུལ་པ་མ་བདུད་སོལ་བའི་ལན་ཚར་ཅན་དང་། མོན་མོ་བཅུ་གསུམ་ཞ་ཉེའི་རྒྱ་ལོང་ཅན་དང་། ཕོ་ཉ་མོ་རྣམས་མགྲོན་བུའི་ཐོང་སྐབས་ཅན་དང་། ནང་གིའོ། །ཕྱི་མ་སོག་པོ་ནག་པོ་ཁྲག་མིག་ཅན་དང་། གནོད་སྦྱིན་ནག་པོ་བསེའི་རལ་པ་ཅན་དང་། ཀླུ་བདུད་ནག་པོ་སྦྲུལ་གྱི་རྒྱུ་ཅན་དང་། གཤིན་རྗེ་ནག་པོ་ལྕགས་ཀྱི་རལ་པ་ཅན་དང་། མེ་རེག་ནག་པོ་དུང་གི་རྣ་ཆ་ཅན་དང་། བཤན་པ་དམར་སེར་སྤྲེའུའི་མགོ་ཅན་དང་། ལྗང་ནག་རྔམ་པ་མེའི་ཁ་རླངས་ཅན་དང་། དེ་དག་ནི་སྤྲུལ་པའོ། །དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། སྤྲུལ་པའི་བདུད་བསྟན་པའི་ལེའུ་སྟེ་སོ་དྲུག་པའོ།། །། དེ་ནས་ཡང་བདུད་དེ་རྣམས་ལ་རབས་ཆད་དམ་མོན་ཐོད་དུ། བྲ་སྲན་གྱི་གཏོར་མར། ལུག་ནག་སྤྱི་དཀར་བྱ་རོག །རྟ་ནག་པོ་རྟིང་དཀར་དང་གསུམ་གྱི་སྙིང་སྲོག་པ་རྩ་དང་མ་བྲལ་བ་རུ། དགྲ་བོ་དུ་ཡོད་པའི་མིང་རུས་གྲོ་ག་ལ་བྲིས་ལ་གཞུག །ཤར་དང་ནུབ་ཏུ་བྱ་རོག་དང་། སྐྱུང་ཀའི་རྒྱལ་མཚན་རེ་ཕྱར་ལ་བཞག །ཕུད་དང་གསེར་བརྡར་བའི་གསེར་སྐྱེམས་དངུལ་སྐྱོགས་སུ་སྟེགས་ལ་བཞག་གོ། །གཞན་ཡང་དར་ནག་པོའི་གུར་ཕུབ། གཡབ་མོས་གཡབ་པོ། དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། བདུད་


DNG016_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ཧ་ནུ་ལ་དམ་རྫས་བསྟན་པའི་ལེའུ་སྟེ་སོ་བདུན་པའོ།། །།དེ་ནས་དམིགས་རྟེན་བཅའ་སྟེ། ལུག་ནག་པོ་རྭ་གནག་པ་མིག་སེར་བ་གཅིག་ལ། རེ་བའི་སྒྱེའུ་ཁལ་དུ་དགལ། གཡས་སུ་ཕོ་རྣམས་ཀྱི་བྱང་བུ་གདགས། གཡོན་དུ་མོ་རྣམས་ཀྱི་བྱང་བུ་གདགས། སྐུད་པ་སྔོ་དམར་གྱིས་གོང་རྨེད་བྱ། རྭ་ལ་དར་མཐིང་ནག་གདགས། མིག་ལ་རིན་ཆེན་བརྡར། རས་ཡུག་གཅིག་གིས་མིག་དགབ། དཀྱིལ་འཁོར་བྱང་ཤར་དུ་གདགས། དུར་ཁྲོད་རས་ལ་འཁོར་ལོ་བཅའ། བདག་ཉིད་གོས་ནག་པོ་གྱོན་ལ། དར་མཐིང་ནག་གིས་གཡབ་ཅིང་སྔགས་འདི་དྲང་ངོ་། །ཧཱུཾ་ཕཊ་པ་ཧཱུཾ་ཨེ་མ་པ་ཤ་སྟ་ཕེ་བ་བེ་རང་ས་མ་ར་ཤ་ཟ་ར་ཡ་ཧཱུཾ། མ་ཧེ་མ་ས་རག་ལ་ཡ་ཧཱུཾ་ཕཊ། ཅེས་སུམ་འབུམ་བཟླས་པས་བདུད་གྲུབ་སྟེ་ལུག་གུམ་མོ། །གུམ་པ་དང་། རཱུ་ཏྲ་ནག་པོ་མཱ་ར་ཡ་བྱས་ལ། ལུག་གི་མགོར་མིང་བྱང་བྲུབ་ལ་གནན་པར་བྱའོ། །དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། དགྲ་བོ་བསད་པ་བདུད་ཧ་ནུ་བཀྴ་སུས་མི་བཟློག་པའི་ལེའུ་སྟེ་སོ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་ཉིད་ཀྱིས་འཇིག་རྟེན་པའི་དྲེགས་པ་ཅན་བཙན་གདུག་པ་བསྒྲུབ་པའི་དྲག་སྔགས་འདི་གསུངས་སོ། །དུར་ཁྲོད་བྲག་དམར་པོ་སེང་གེ་འདྲ་བའམ། བྲག་དམར་རམ་མེ་བར། འཇིག་རྟེན་དྲེགས་པ་བཙན་བསྒྲུབ་པར་བྱ་སྟེ། དཀྱིལ་འཁོར་འདོམ་གང་བ་གཅིག་ལ། ར་དམར་པོའི་ཁྲག་གིས་ཆག་ཆག་གདབ་བོ། །དབུས་ལྟེ་བ་དམར་པོ་ལ་ཟླ་གམ་བརྒྱད་ཀྱིས་བསྐོར་རོ། །ལྕགས་རི་དམར་པོ་ལ་མེ་དམར་པོ་བྲིའོ། །དབུས་སུ་ཤོག་གུ་གྲུ་གསུམ་པ་གཅིག་ར་ཁྲག་གིས་བྱུག་ལ་བཞག་གོ། །དབུས་སུ་ཟ་འོག་མདའ་དར་དང་། ར་ལྤགས་དམར་པོ་མདའ་གང་གདགས། ཟེ་མོའི་ཕོད་ཀྱིས་བརྒྱན་ལ་དབུས་སུ་གཟུག་གོ། །ཟླ་གམ་ལ་ཡང་ར་ལྤགས་དམར་པོ་དང་། དར་དང་ཟེ་མོའི་ཕོད་གཟུག་གོ། །ཆང་ཕུད་ལ་གསེར་བརྡར་ལ་བྱ་བོ་དགུ་གཞག་གོ། །འབྲུ་སྣ་ནས་འབྲས་གྲོ་ཏིལ་ཕུལ་རེ་བ་དགུ་གཞག་གོ། །ར་དམར་པོ་གསེ་འགྲམ་ལྟར་གཞག་གོ། །དཔལ་དྲག་སྔགས་ཟླ་


DNG016_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། སྲོག་བདག་བཙན་ཕྱུག་འཕན་དར་བསྒྲུབ་པའི་ལེའུ་སྟེ་སོ་དགུ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བཙན་དྲག་པོའི་སྔགས་འདི་དག་གསུངས་སོ། །བསྙེན་པ་རྒྱུན་དུ་འདི་དག་གོ། །ཨོཾ་ལ་ལི་པྲ་མ་ནི། རི་ཙེ་ཐལ་བ་ནི། ཏི་གི་ཏྲི་ཤཾ་ཀི། ཤཾ་ཏྲི་མུ་ཏི་རེའུ་ཏྲི་རེ་ཏྲི་ཧཾ། ཤན་རྣམ་སརྦ་ཀརྨ་བེ་བ་བེ་བ་སྭཱ་ཧཱ། དེ་དག་རྫོགས་པར་གྱུར་པ་དང་། དགུག་དང་རྦད་སྔགས་འདི་དག་གོ། །སྲོག་ལ་ལི་པྲ་མོ་ནི་བཾ་དགྲ་བོ་ནྲྀ་ཛཿ། སྲོག་རེ་ཙེ་ཐལ་བ་ནྲྀ། བཾ་རི་ལི་ལི་དགྲ་བོ་ནྲྀ་ཛཿ། ཀྲོ་ཏི་ཀེ་ལ་ཡ་བཾ་རི་ལི་ལི་དགྲ་བོ་ནྲྀ་ཛཿ། ཀྲོ་དྷི་ཀཱི་ལ་ཡ་ཤ་ལ་བཾ་རི་ལི་ལི་དགྲ་བོ་ནྲྀ་ཛཿ། ཨོཾ་ཏྲི་ཀཾ་ཤཾ་མཱ་ར་ཡ་བཾ་རི་ལི་ལི་དགྲ་བོ་ནྲྀ་ཛཿ། མུ་ཏྲི་མཱ་ར་ཡ་བཾ་རི་ལི་ལི་དགྲ་བོ་ནྲྀ་ཛཿ། རེ་ཏི་མཱ་ར་ཡ་བཾ་རི་ལི་ལི་དགྲ་བོ་མཱ་ར་ཡ་ནྲྀ་ཛཿ། ཧཾ་ཤི་སྟཾ་དུ་མཱ་ར་ཡ་བཾ་རི་ལི་ལི་དགྲ་བོ་མཱ་ར་ཡ་ནྲྀ་ཛཿ། བསད་པ་སྲོག་ལས་དྲངས་པ་འདིའོ། །སྲོག་ལ་ལ་པྲ་མ་ནི་དམ་ཉམས་དགྲ་བོའི་སྙིང་ལ་ཛཿཛཿ། སྲོག་རི་ཙེ་ཐལ་བ་ནི་དམ་ཉམས་དགྲ་བོའི་སྙིང་ལ་ཛཿཛཿ། སྲོག་ཀྲོ་ཏིང་ཀཱ་ལ་མཱ་ར་ཡ་དགྲ་བོའི་སྙིང་ལ་ཛཿཛཿ། སྲོག་ཀྲོ་ཏིང་ཀཱ་ལ་ཤ་མཱ་ར་ཡ་དགྲ་བོའི་སྙིང་ལ་ཛཿཛཿ། སྲོག་ཀྲཾ་ཤི་ཀཾ་མཱ་ར་ཡ་དམ་ཉམས་དགྲ་བོའི་སྙིང་ལ་ཛཿཛཿ། སྲོག་གི་ཤཾ་ཏྲི་མཱ་ར་ཡ་དམ་ཉམས་དགྲ་བོའི་སྙིང་ལ་ཛཿཛཿ། སྲོག་མུ་ཏྲི་རི་ཀྲི་རཾ་ཏྲི་དམ་ཉམས་དགྲ་བོའི་སྙིང་ལ་ཛཿཛཿ། སྲོག་ཏི་རེ་ནི་མཱ་ར་ཡ་དམ་ཉམས་དགྲ་བོའི་སྙིང་ལ་ཛཿཛཿ། སྲོག་དམ་ཤཾ་སྟ་མཱ་ར་ཡ་དམ་ཉམས་དགྲ་བོའི་སྙིང་ལ་ཛཿཛཿ། དགྲ་བོའི་གཟུགས་བྱས་ལ་དེ་ལ་བརྡེག་གོ། །དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། བཙན་ཁྲག་སྐྱུགས་པའི་དྲག་སྔགས་ཀྱི་ལེའུ་སྟེ་བཞི་བཅུ་པའོ།། །།དེ་ནས་གཤིན་རྗེ་དྲག་ཏུ་བསྐུལ་བའི་རྗེས་ལ། བཙན་འདི་དག་རྦད་དོ། །ཧཱུཾ་འཛམ་གླིང་འདུས་པའི་དཀྱིལ་འཁོར་ནས། །མེ་འོད་འབར་བའི་ཞིང་ཁམས་ནས། །སྟོང་གསུམ་མེ་ཡི་གཞལ་ཡས་ནས། །མི་རིང་དམར་པོ་མདུང་ཙམ་གཅིག །དབུ་སྐྲ་མེ་དབལ་མེ་དཔུང་འབར། །


DNG016_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་ཁམས་ཀུན་མེ་ཡིས་བསྲེག །སྨིན་མ་ལྕགས་ཀྱུ་འཁྱིལ་པ་འདྲ། །སྤྱན་རྩ་དམར་པོ་དམ་ཉམས་དགྲ་ལ་བཟློག །སྐུ་ལ་ལེ་བརྒན་དམར་པོའི་འཇོལ་བེར་གསོལ། །གཡས་ན་བཙན་གྱི་རྒྱུ་ཞགས་དགྲ་ལ་འདེབས། །གཡོན་པ་བྲག་བྱ་འུག་པའི་ལྟས་ངན་འབེབས། །ཞབས་ལ་ལྕགས་མ་ཡུ་ཐུང་གསོལ། །སྦྲུལ་ནག་སྟོང་གི་ཆུན་འཁོར་ཅན། །སྦྲུལ་ནག་སྟོང་གཤིབས་སྐུ་རེགས་བཅིངས། །སྐར་ཆེན་མང་པོའི་ཚར་ཚར་ཅན། །བཞུགས་ནི་གླིང་བཞི་ཁྱབ་པར་བཞུགས། །ནམ་གྱི་གུང་ལ་རྒྱུག་ཙམ་ན། །བྲག་གི་ཝ་མོ་ཁ་ནག་བཅིབས། །ཉི་མའི་ཟེར་ལ་རྒྱུག་ཙམ་ན། །ཆིབས་སུ་ལྟས་ངན་གླ་བ་བཅིབས། །ཉི་མའི་གུང་ལ་རྒྱུག་ཙམ་ན། །ཆིབས་སུ་བྲ་བོ་རྟིང་དཀར་བཅིབས། །དམ་རྫས་གཏོར་མ་འདི་ལོངས་ལ། །ཡབ་གཅིག་འཇམ་དཔལ་བཀའ་བྱུང་གིས། །བཙན་གྱི་འཁོར་རྣམས་ལས་ལ་བསྐུལ། །འཇིག་རྟེན་ཁམས་སུ་མེ་ཡི་བསྐལ་པ་ཐོང་། །དགྲ་བོའི་རྣམ་ཤེས་ཐལ་བར་སྲེགས། །སྐྱེས་བུ་ཆེན་པོ་དགྲ་ལ་ཡ། །རང་གསང་མཆེད་དགུ་དགྲ་ལ་ཡ། །བཙན་ཞགས་དམར་པོ་དགྲ་ལ་ཐོབ། །ཐ་རམ་དགྲ་ལ་ད་ཐོབ་ཅིག །ཁྲག་སྐྱུགས་གཟེར་ཐབས་དགྲ་ལ་ཡ། །བྱས་ལ་ཕུད་གཏོར་རྦོད་གཏོང་བྱའོ། །དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། བཙན་བསྐུལ་བའི་ལེའུ་སྟེ་ཞེ་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་ཉིད་ཀྱིས་འབྱུང་བའི་བཙན་སྲོག་ལེན་ཁྲག་སྐྱུག་བསྒྲུབ་པ་འདི་གསུངས་སོ། །གོང་གསུམ་ཁ་འམ་བྲག་དམར་རྩར། །དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། །དུག་དང་ཁྲག་གིས་ཆག་ཆག་གདབ། །དབུས་སུ་གྲུ་གསུམ་ཐུར་དུ་བརྐོ། །ཟླ་གམ་དམར་པོ་གསུམ་གྱིས་བསྐོར། །ཕྱི་རིམ་འཛམ་བུ་གླིང་བཞི་བྲི། །ལྕགས་རི་དག་ལ་མེ་འོད་བྲི། །དབུས་སུ་གཤེད་པོ་ཉིད་དགོད་དོ། །ཟླ་གམ་གསུམ་ལ་ཡུམ་སྲས་དགོད། །ཤར་དུ་ས་བཙན་རྡོ་རྗེ་རེག་བྱ་གསེར་མིག་དགོད། །ལྷོ་རུ་མེ་བཙན་རྡོ་རྗེ་གྲགས་མཆོག་དགོད། །ནུབ་ཏུ་ཆུ་བཙན་རྡོ་རྗེ་མགྱོགས་བྱེད་རྩ་ལ་དགོད། །བྱང་དུ་རླུང་བཙན་


DNG016_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཤུ་བོ་དགོད། །མི་ཤ་རྟ་ཤའི་གཏོར་མ་ཡབ་ཡུམ་ལ་དགོད་དེ། བཙན་བཞི་ལ་གཏོར་མ་བཞི་དགོད་དོ། །ར་དམར་པོའི་སྙིང་དང་། བྱ་སེ་བོ་དང་། རྟ་མཚལ་ལུའི་སྙིང་རྣམས་དགོད་དོ། །མདའ་བྱ་རྒོད་མ་ལ་དར་དམར་པོ་བཏགས་ལ། རྟག་ཏུ་གཡབ་བོ། །མུ་སུ་རའི་ཐོད་པར་རྡོ་སོལ་སྤྲ་བ་མུ་ཟི་དང་། ཏིལ་མར་དག་ནི་གཞག་པར་བྱའོ། །གྲི་བོའི་ཐོད་པར་བཙན་གྱི་ཐ་རམ་བཅས། རྟག་ཏུ་ར་གསུར་རྒྱུན་མི་གཅད། །གསེར་སྐྱེམས་ལ་སོགས་གཞག་པར་བྱའོ། །རྟག་ཏུ་བཙན་ལ་མཆོད་པ་ན། །བཙན་ཕྱུག་འཕན་དར་ནད་ལས་ཐར། །སྤྱུག་པའི་གླུ་བླང་གླིང་བུ་འབུད། །དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། འབྱུང་བའི་བཙན་དྲག་པོ་བསྒྲུབ་པའི་ལེའུ་སྟེ་ཞེ་གཉིས་པའོ།། །།དེ་ནས་དྲག་སྔགས་འདི་དག་བཟླས། །ཉུང་དཀར་ལ་སོགས་རྫས་རྣམས་ལ། །ཐོད་པར་སིབ་ཅིང་འདི་དག་དྲངས། །ཨ་བེ་ཤུ་ས་མ་ཡ། ར་ཙ་ཙེ་ནི། ཨ་ན་ན་ཏ་ཏྲི་ཤཾ་རྦད། ཛ་ར་ཤ་ཏི་པ་ན། དྷ་ར་ཀྲོ་ཙི་ཏ་མརྨ་ཀུ་རུ་ཛ་ཛ། ཁྲི་འམ་འབུམ་དུ་བཟླས་གྱུར་ན། །སྐུ་ཡང་མངོན་དུ་སྟོན་པར་འགྱུར། །རྟ་མེད་པའི་སྲབ་སྒྲ་དང་། མི་མེད་པའི་སྤྱུག་སྒྲ་དི་རེ་འོང་། འཇིག་རྟེན་མེ་ཡིས་བསྲེག་འདོད་ན། རྡོ་སོལ་མུ་ཟི་ཏིལ་སྦྱར་ལ། ཐོད་པའི་ནང་དུ་རླུང་ཆེན་པོ་བྱུང་ཙམ་ན། རླུང་ལ་གཏོར་ན། འཇིག་རྟེན་མེས་བསྲེག་པར་འགྱུར་རོ། །རཾ་རཾ་རཾ་རཾ་ཞེས་པའི་ལྕམ་དྲལ་སྔགས་ལ་གདགས་སོ། །དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། སྲོག་སྙིང་དྲངས་པའི་ལེའུ་སྟེ་ཞེ་གསུམ་པའོ།། །།དེ་ནས་བཙན་རྣམས་བསྐུལ་པ་ནི། ཧཱུཾ་བསྐལ་པའི་མེ་འབར་ཀློང་དཀྱིལ་ནས། །བསེ་ཡི་མི་རིང་དམར་པོ་ལ། །དབུ་ལ་མེ་འབར་ཡ་ལ་ལ། །མེ་ཡི་ཞགས་པ་དམར་པོ་ཐོགས། །མེ་རྟ་དམར་པོ་ཞོན་ཅིང་རྒྱུག །དགྲ་བོའི་ལུས་ལ་མེ་ཐོངས་ཤིག །ཁྲག་གི་རྦ་ཀློང་འཁྱིལ་པ་ནས། །ཁྲག་བཙན་དམར་པོ་འཇིགས་པའི་གཟུགས། །ལག་ན་ཁྲག་གི་ཞགས་པ་ཐོགས། །ལུས་ལ་ཁྲག་གི་ཆར་པ་ཕོབ། །བསྐལ་པའི་རླུང་ནག་འཁྱིལ་པ་ནས། །བྲག་བཙན་དམར་པོ་འཇིགས་པའི་གཟུགས། །ལག་


DNG016_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཁྲག་གི་ཞགས་པ་ཐོགས། །ལུས་ལ་ཁྲག་གི་ཆར་པ་ཕོབ། །བསྐལ་པའི་རླུང་ནག་འཁྱིལ་པ་ནས། །རླུང་བཙན་ཤུ་བོ་སྲོག་ལེན་པོ། །ཉམས་པའི་བླ་དང་སྲོག་ལ་བྷྱོ། །གནམ་བཙན་དཀར་པོ་ཐོག་འབེབས་དགྲ་ལ་བྷྱོ། །མེ་བཙན་དྲོད་འཕྲོག་དགྲ་ལ་བྷྱོ། །ཆུ་བཙན་ཁྲག་འཐུང་དགྲ་ལ་བྷྱོ། །ས་བཙན་སྲོག་ལེན་དགྲ་ལ་བྷྱོ། །རླུང་བཙན་དབུགས་ལེན་དགྲ་ལ་བྷྱོ། །རྦོད་གཏོང་དྲག་པོ་བྱའོ། །གོང་གི་ཐ་རམ་བཅས་པ་དེ། གོང་གསུམ་བཙན་རྒྱུ་སར་གནན་ནོ། །དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། བཙན་ལས་ལ་རྦད་པའི་ལེའུ་སྟེ་ཞེ་བཞི་པའོ།། །།དེ་ནས་བཅོམ་ལྡན་དེ་ཉིད་ཀྱིས། བཙན་གསང་ཐུན་ཤུ་བོ་རཀྴ་སྲོག་ལ་ཆད་པ་འབེབས་པའི་སྒྲུབ་ཐབས་འདི་གསུངས་སོ། །དགོན་པ་དག་གམ་དུར་ཁྲོད་དབེན་པ་རུ། །དཀྱིལ་འཁོར་མཐིང་ནག་གྲུ་གསུམ་བརྩིག །དབུས་སུ་རབས་ཆད་ཐོད་པ་རུ། །ཁྲག་དང་དུག་དང་རྡོ་སོལ་དང་། །དུར་ཁྲོད་ས་དང་ཏིལ་གྱི་མར། །ར་དམར་སྙིང་ཁྲག་ར་ཁྲག་བླུག །མིང་རུས་བྲིས་ལ་ཐོད་པར་བླུག །བསེ་ཕོར་ཟངས་གཞོང་གཏོར་མས་དགང་། །སྲོག་གི་སྙིང་པོ་འདི་དག་ནི། །ཨོཾ་དེ་བ་ཏྲི་མན་གན་ཛ། མུ་ས་མུ་ས་མཱ་ར་ཡ་ན། དགྲ་བོ་ཆེ་གེའི་སྲོག་དྲེང་དྲེང་ཐུཾ་བྷྱོ་ཛ་ཛཿ། འདི་དག་རབ་ཏུ་ཟབ་པའོ། །ཤིན་ཏུ་གསང་ཞིང་ལིངྒ་ཕུར་པས་བརྡུང་། །དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། དྲག་པོ་ཤུ་བོ་སྲོག་གཅོད་ཀྱི་ལེའུ་སྟེ་ཞེ་ལྔ་པའོ།། །། དེ་ནས་བཅོམ་ལྡན་འདས་ཉིད་ཀྱིས་དྲག་པོའི་ལས་ཁ་འདི་གསུངས་སོ། །བཙན་གྱི་དྲག་སྔགས་བཟླས་པ་དེ། །རི་ལ་སྦས་ན་རི་མེས་ཚིག་པར་འགྱུར། རྒྱ་མཚོའམ་ཆུ་མིག་ཏུ་སྦས་ན་ཆུ་སྐམ། དགྲ་བོའི་ཁང་པ་ལ་སྦས་ན་ཁྱིམ་འཚིག་གོ། །སྔགས་དེ་ཉིད་འུ་ཟུ་ལ་བཟླས་པ་སྟོང་བྱས་ཏེ་བྱིན་ན་སྨྱོ་འབོག་གོ། །ཛའི་འབྲས་ལ་བཟླས་ཏེ་གཏོར་ན་སྦྲུལ་མི་ཟན་ཁྱིམ་དུ་འོང་ངོ་། །དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། བཙན་གྱི་ལས་ཁ་བསྟན་པའི་ལེའུ་སྟེ་ཞེ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཆུ་འཁྱགས་ཁྲག་ཏུ་དབབ་པ་དང་། སྲོག་ལ་ཆད་པ་དབབ་པའི་ཕྱིར། ཁྱབ་འཇུག་གཟའི་སྒྲུབ་ཐབས་དག་གསུངས་སོ། །


DNG016_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་དང་མཐུན་པའི་གནས་བཟུང་ལ། །ས་ཆོག་ལ་སོགས་གཏོར་མ་གཏང་། །ཚེས་གྲངས་དུས་ཚོད་འདི་ལྟ་སྟེ། །རྒྱུ་དང་འཇུག་དང་གནས་པ་དང་། །སླར་ལ་བཟློག་པའི་དུས་ཤེས་བྱ། །མ་མོ་དགྲ་ལྷའི་རྒྱལ་མོ་དང་། །བདུད་དང་སྲིན་མོ་རྨུ་དག་དང་། །གཤིན་རྗེ་དག་དང་ཀླུ་བཙན་དང་། །བགེགས་ཀྱི་བསྡོང་ཟླ་ཤེས་པར་བྱ། །དུས་ཆེན་བརྒྱད་ལ་རྟགས་ཆེན་བརྒྱད་དག་གཟུང་། །དེ་ནས་དྲག་པོའི་ལས་ལ་འཇུག །མཎྜལ་འདོམ་གང་གྲུ་བཞི་ལ། །འཁོར་ལོ་རྩིབས་བརྒྱད་དབུས་སུ་ཨེ། །ཕྱོགས་མཚམས་བརྒྱད་ལ་ཨེ་བརྒྱད་དོ། །དབུས་སུ་གཤེད་པོ་ཡབ་ཡུམ་མོ། །ཤ་ཁྲག་གཏོར་མ་བཅས་ཤིང་གཏོང་། །འཁོར་ལོ་དག་ལ་སྤྲུལ་པ་སྟེ། །སོ་སོའི་སྒྲུབ་རྫས་བསག་པར་བྱ། །གཟའ་བདུད་རྒྱུ་བའི་དུས་བཟུང་ལ། །བསད་པ་དག་གི་ལས་བྱས་ཏེ། །དབུས་སུ་ཨེ་ལ་བསྲེག་པའོ། །སྤྲུལ་པའི་མགོ་བོ་རྒྱུ་བའི་ཚེ། །བརྣག་པའི་དཔྲལ་བར་གདབ་པར་བྱ། །རྐང་པ་རྒྱུ་ན་བོལ་ལ་གདབ། །ལག་པ་རྒྱུ་ན་ལག་པ་སྟེ། །དེ་བཞིན་བཏབ་ལ་ཧམ་ལ་བསྲེག །ཚེར་མ་ཅན་གྱི་ཤིང་བུ་ལ། །རྒྱུ་བའི་དུས་སུ་བསྲེག་པར་བྱ། །གཟའ་བདུད་རྒྱུ་བའི་དུས་ངེས་ན། །རྗེས་དང་དྲི་མ་འདག་པ་དང་། །གོས་དུམ་ལོ་མ་རྙིང་པ་ལ། །གདུག་པའི་གཟུགས་བརྙན་བཞི་བྱས་ཏེ། །ཧོམ་ལ་བསྲེག་ན་བརླག་པར་འགྱུར། །དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། གཟའི་སྲོག་བསྒྲུབ་པའི་ལེའུ་སྟེ་ཞེ་བདུན་པའོ།། །།དེ་ནས་ཡང་ནི་བཤད་བྱ་བ། །དགྲ་བོ་མྱུར་དུ་བསད་པ་ལ། །བདུད་རྩི་ལྔ་ཡིས་ལིངྒ་བཅའ། །དེ་ལ་ཚ་བ་གསུམ་དུ་སྦྱར། །དུག་གི་ཧོམ་ལ་བསྲེག་པ་ནི། །ལྕགས་ཕྱེ་ཁྲག་དང་ཏིལ་ནག་དང་། །ཁྲག་སྣ་གུ་གུལ་ཟི་ར་དང་། །དུར་ཁྲོད་རུས་པ་བསྲེག་པས་ཕུང་། །དཔལ་དྲག་སྔགས་ཟླ་གསང་བཤན་པ་སྤུ་གྲིའི་རྒྱུད་ལས། ཧོམ་གྱི་བསད་པའི་ལེའུ་སྟེ་ཞེ་བརྒྱད་པའོ།། །།དེ་ནས་མྱུར་དུ་སེར་བ་འབབ་ན། ཡུགས་ས་མོ་འམ་རབས་ཆད་དམ། །མཛེ་ཕོའི་ཐོད་པ་དག་ཏུ་ཡང་། །དམ་གྲི་ཡུལ་གྱི་ཆུ་རྔོས་དང་། །ར་ཁྲག་ཁྱི་ཁྲག་མི་ཁྲག་དང་། །བ་དཀར་འོ་མ་མཛོ་དང་རའི། །འོ་མ་ལ་སོགས་སྦྱར་བྱས་ལ། །སྔོ་དང་རམ་བུ་གུ་གུལ་


DNG016_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར། །གར་འབེབས་གཉན་སར་ཐབ་བླུག་སྟེ། །དུས་ཚོད་གཟའ་ཡི་གདོང་གཟུགས་ནས། །ཆུ་འཁྱགས་ཁྲག་ཏུ་དབབ་པར་བྱེད། །དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། ཆུ་འཁྱགས་མྱུར་དུ་དབབ་པའི་ལེའུ་སྟེ་ཞེ་དགུ་པའོ།། །། དེ་ནས་དྲག་སྔགས་བཤད་བྱ་བ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཤི་ཏྲི་ཤི་ཏྲི་ཀཱི་ལི་ཀཱི་ལ་ཡ། ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ། མུ་ལུ་མུ་ལུ། ཀུ་ལུ་ཀུ་ལུ། ཐུམ་བུ་ཐུམ། བ་ར་ད་མ། ཐུམ་བུ་རུ་ཐུམ་བུ་རུ། པ་ར་ཏ་ཤུ་ཏན། ད་ར་ལ་ར་ཡ། རོ་ཏྲི་རོ་ཏྲི། ཤོ་སར་ཡ། ཤན་ཀུ་ཏ་ཏྲི་ཛ། ཞེས་པ་ནི་བསད་པའི་སྔགས་སོ། །ཨོཾ་མེ་ཁ་ཐུན་ཁ་ཐུན། རཾ་ཡཾ་རཾ་ཡཾ། ན་པུ་ཏ་ན། ན་གེ་ཡེ། ར་ཐུན་ར་ཐུན། དེས་ནི་སེར་བ་འབེབས་པ་ཡིན། དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། དྲག་སྔགས་ཀྱི་ལེའུ་སྟེ་ལྔ་བཅུ་པའོ།། །།དེ་ནས་བཅོམ་ལྡན་འདས་ཉིད་ཀྱིས་ཆུ་འཁྱགས་ཁྲག་སེར་གྱི་ལས་འདི་གསུངས་སོ། །དུར་ཁྲོད་ཆེན་པོའི་གནས་སུ་དཀྱིལ་འཁོར་གྲུ་གསུམ་བསྒྲག་མར་བྱའོ། །དེའི་ནང་དུ་སྣེལ་གྲི་མོའི་ཐོད་པ་གཞག་གོ། །མངལ་ཁྲག་ལ་སོགས་པའི་ཁྲག་དང་། དུག་དང་། སྔོ་ཁུ་དང་། དཀར་གསུམ་ལ་སོགས་པ་བླུགས་ལ། རབས་ཆད་ནག་པོའི་ཐོད་པས་དགབ་བོ། །སྲོག་གི་སྙིང་པོ་འདི་བསྒྲུབ་པོ། །ཨོཾ་བེ་ཤ་མེ་ཀ་དུ་རུ་མ་ཤི་གེ་ཛ་ལ་ཏེ་ཨ་ཏ་སྭཱ་ཧཱ། སྟོང་རྫོགས་ཐུན་ཁྲག་ལ་བསྡིམ། ཨོཾ་པ་ས་ཏི་རཱ་ཧུ་ལ་མ་ཧཱ་ཀྲོ་ཏ་ཕོབ་ཏ། ཤར་ཤལ་ཏ་ཤར་ཧཱུཾ་ཕཊ། དེ་ནི་སྒྲུབ་པའི་དྲག་སྔགས་སོ། །དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། ཆུ་འཁྱགས་སྒྲུབ་པའི་ལེའུ་སྟེ་ང་གཅིག་པའོ།། །།དེ་ནས་ཉི་ཤུ་དགུ་དག་ལ། བསྙེན་རྫོགས་གཟིར་རྦད་བྱས་ལ། དྲག་པོའི་སྔགས་འདི་དག་གོ། །ཨོཾ་ཀི་ཏྲི་ཏྲ་ལོ། གློ་བུར་སྐྱིན་ཐང་ཕོབ། ཏྲག་རཀྴ་སྙིང་ཁ་རག་མ་བྷྱོ། ཁྲག་ལ་མུ་ཤཾ་བྷྱོ། ཀུ་བི་ནན་བྷྱོ། ཙནྡྷ་རཀྴྨྱཻ་བྷྱོ། བཙན་བདུད་ཁྲོལ་ཁྲོལ་བྷྱོ། གནམ་མཐོངས་ཕྱེ། ལྕགས་སྒྲོག་ཁྲོལ། མི་རིང་སོད། རྐྱང་རྗེ་རྐྱང་མོ་ཙུ་རུ་ཙུ་རུ་ཧཱུཾ་ཕཊ། དེ་ཡིས་ལོ་ཐོག་འཇོམས་པར་བྱེད། དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས།


DNG016_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་འཁྱགས་དབབ་པའི་ལེའུ་སྟེ་ང་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་གནམ་ལྕགས་དང་ཆུ་འཁྱགས་དབབ་པའི་ཕྱིར། ཁྱབ་འཇུག་གི་དྲག་སྔགས་འདི་གསུངས་སོ། །དུར་ཁྲོད་རབ་ཏུ་འཇིགས་པ་རུ། མཎྜལ་ཆག་ཆག་བཏབ་ལ། དབུས་སུ་གྲུ་གསུམ་བརྩིགས་ལ། མུ་ཁྱུད་ཟླུམ་པོ་ལ་ཐོད་ཕྲེང་གིས་བསྐོར་རོ། །སྦྲུལ་སྔོན་པོའི་ཤུན་པར་རྫས་བླུགས་ལ། ག་འུར་གཞུག་གོ། །དེ་གྲུ་གསུམ་གྱི་དབུས་སུ་གཞག་ལ། ཟླ་གམ་གཅིག་ལ་དཀར་ཐབ་དང་། སྔོ་ཐབ་དང་དམར་ཐབ་གསུམ་གཞག་གོ། །ཟླ་གམ་གཅིག་ལ་ཤ་རུལ་ཁྲག་རུལ་རྗེན་པ། བཙོས་པ། ར་ས་ཅིན། ཨ་མྲྀ་ཏ། གུ་གུལ་ནག་པོ། ལ་ཕུག་ཏིལ། སྒོག་སྐྱ་གཞག་གོ། །ཟླ་གམ་གཅིག་ལ། འབྲས་ཆན་དཀར་གསུམ་མངར་གསུམ་གུ་གུལ་དཀར་པོ་གཞག་གོ། །ར་རོག་པོ་རྟེན་དུ་གཟུག་གོ། །དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། རོག་ཏི་གསང་བསྒྲུབ་ཀྱི་ལེའུ་སྟེ་ང་གསུམ་པའོ།། །།དེ་ནས་ཡང་སྔགས་དྲང་བར་བསྟན་ཏེ། ཨོཾ་བི་ཤ་ལ་དུ་རུ། མ་ཤི་ཁ་ཛ་ལ། ཨ་ཏ་སྭཱ་ཧཱ། ཞེས་རྒྱུན་དུ་དྲང་ངོ་། །དེ་ནས་བསྒྲུབ་པའི་དྲག་སྔགས་ནི། ཨོཾ་མུ་ཀ་ཡེ། ཀ་པ་ཡེ། ཨ་པ་ཡེ། ཧྲཱྀཿཤྟྲཱིཿབི་ཀྲི་ན་ཏེ། ཡུལ་འདིའི་ལོ་ཐོག་ལ་ཙ་པ་ཏི་རཱ་ཧུ་ལ། མ་ཧཱ་ཀྲོ་དྷ་ཤར་རལ་སྟ་ཧཱུཾ་ཕཊ། ཐིག་ནིག །གཅིག་མེད། གཉིས་དྲག །བརྒྱད་བཅད། དུད་པྲོཾ། གནམ་མཐོངས་ཕྱེ། ལྕགས་སྒྲོག་ཁྲོལ། མི་རིང་སོད། རྐྱང་རྗེ་རྐྱང་མོ་ཙུ་རུ་ཙུ་རུ་ཧཱུཾ་ཕཊ། སྟོང་བཟླས་ལ་ཐུན་ལ་བྲབ། སེང་ལྡེང་ཕུར་པ་ལ་བཟླས་ལ་གཏར་གཞུག །དེ་ནས་གོང་གི་རྫས་དེ་དག་ལ། དབབ་སྔགས་འདིས་དབབ་པོ། །ཨོཾ་མུ་ཀ་ཡེ། ཀ་པ་ཡེ། ཨ་པ་ཡེ། ཧྲི་སྡི་ཡེ་ཏྲི། ཡུལ་ཆེ་གེ་མོའི་ལོ་ཐོག་ལ་དུག་པྲོཾ། ཀར་ཕྲོམ། ཤུ་ཏི་ཕྲོམ། མུག་ཏི་སྨིན། ཤར་ཤར་དྲག་ཏུ་ཕོབ། ཙ་པ་ཏི་རཱ་ཧུ་ལ། ཨ་ཀྲོ་ཏེ་ཀ་ཕོབ་ཏ། ཤར་ཤ་ཏ་ཧཱུཾ་ཕཊ། ཙ་རུ་ཙ་རུ། ཨག་ནེ། རག་མོ་ཀྲོར་ཏེ་སྭཱ་ཧཱ། རྐྱང་རྗེ་རྐྱང་མོ་ཙུ་རུ་ཙུ་རུ་ཕཊ། ཧོ་ཧོ་པྲོཾ། མུ་ར་མུ་ར། ཤ་རུ་པྲོཾ། ཐིག་ནིག་


DNG016_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་མེད་ཅིག་བྲག །བརྒྱད་བཅད། དུར་ཕྲོམ། གནམ་མཐོངས་ཕྱེ། ལྕགས་སྒྲོག་ཁྲོལ། མི་རེང་སོད། རྐྱང་རྗེ་རྐྱང་མོ་ཙུ་རུ་ཙུ་རུ་ཕཊ། མ་མོ་བྱ་རྩ་ཡེ། མ་མོའི་སྲོག་རྩ་ཡེ། དགྲ་བོའི་ལོ་ཐོག་སྣར་མོ་ལ་མཱ་ར་ཡ་ཧཱུཾ་ཕཊ། ཞེས་འཕང་ཐབས་བླུད་དོ། །དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། གཟའ་རྒོད་གསང་བའི་ལེའུ་སྟེ་ང་བཞི་པའོ།། །། དེ་ནས་ཁྱབ་འཇུག་འདིས་བསྐུལ་ལོ། །ཧཱུཾ་ཁྱབ་འཇུག་ཆེན་པོ་ཀུན་ཏུ་རྒྱུག །འཇིགས་བྱེད་ཆེན་པོ་རཱ་ཧུ་ལ། །སྲིན་གྱི་བུ་ལ་ཀླུ་ཡི་ཚ། །དྲེགས་པ་ཚོགས་པའི་ཕུང་བྱེད་བུ། །སྐུ་མདོག་དུད་ཀ་མིག་གིས་ཁེངས། །རོ་སྟོད་མི་ལ་རོ་སྨད་སྦྲུལ། །དུས་ཚོད་ཚེས་གྲངས་ཀུན་གྱི་བདག །ནམ་མཁའ་རླུང་ནག་དཀྱིལ་ན་བཞུགས། །འཇིག་རྟེན་ལྷ་སྲིན་དབང་དུ་སྡུད། །འཇིག་རྟེན་འཁྲུག་ཅིང་ཐོག་སེར་འབེབས། །ཉི་མ་ཟླ་བ་ཁྱུར་མིད་བྱེད། །ལོ་ཉེས་རིམས་ནད་འཁྲུག་པ་གཏོང་། །ས་འོག་རྒྱ་མཚོའི་གཏིང་ན་བཞུགས། །ཀླུ་རྣམས་མ་ལུས་ཡུལ་ཡང་འབྱིན། །འཇིག་རྟེན་ས་ཡང་དྲུག་ཏུ་གཡོ། །སད་དང་མུ་གེ་བཙའ་ཡང་འབེབས། །གཤིན་རྗེ་གཤེད་པོའི་ཞབས་དྲུང་དུ། །ཁས་བླངས་དམ་བཅས་མ་འདའ་བར། །བདག་གི་ཕྲིན་ལས་བསྒྲུབ་པར་མཛོད། །ཅེས་བསྐུལ་ལོ། །དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། རཱ་ཧུ་ལ་སྒྲུབ་པའི་ལེའུ་སྟེ་ང་ལྔ་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས། ལྷ་དབང་ཕྱུག་ཆེན་པོ་བསྒྲུབ་ལ་ཐོག་དབབ་པ་འདི་གསུངས་སོ། །བྲག་ནག་སེང་གེ་མཆོངས་པ་འདྲ་བའི་རྩར་ཕྱིན་ལ། གྲ་ཕྱིང་གཙང་མ་གཅིག་ལ་ལྡོང་རོས་ཀྱིས་ཐིག་བཞི་བཏབ་ལ་ལིང་ཙེ་དགུར་བྱའོ། །དབུས་སུ་དབང་ཕྱུག་ཆེན་པོའི་ཙ་ཀ་ལི་གཟུག །དར་དམར་པོས་དགབ་པོ། །ཕྱོགས་བཞིའི་ཤར་དུ་དྲི་ཟ་ཐོག་འབེབས། ལྷོ་རུ་གཤིན་རྗེ་ཐོག་འབེབས། ནུབ་ཏུ་ཀླུ་ཐོག་འབེབས། བྱང་དུ་གནོད་སྦྱིན་ཐོག་འབེབས་དགོད་དོ། །ལིངྒ་བཅས་ལ་སྐུད་པ་བཏགས་ལ་གདགས། ཐོག་དབབ་པའི་ཙཀྲ་དུར་ཁྲོད་རས་ལ་བྲི། ལྷ་ཆེན་པོ་ལ་མཆོད་པ་རྣམ་པ་ལྔ་ཕུལ། འཁོར་ལོ་ཐོད་པར་བཅུག་ལ།


DNG016_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་ཕྱེ་ཟངས་ཕྱེ་ལྕགས་ཁྲག་དང་བསྲེས་ལ་ཐོད་པར་བླུགས་ལ་གཞག་གོ། །དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། ལྷ་ཐོག་འབེབས་བསྒྲུབ་པའི་ལེའུ་སྟེ་ང་དྲུག་པའོ།། །།དེ་ནས་ཡང་ཏིང་ངེ་འཛིན་རྣམ་པ་གསུམ་ལས། མ་ཧཱ་དེ་ཝ་ཧཱུཾ། ཞེས་པས། མ་ཧཱ་དེ་བ་མདོག་ནག་པ། སྤྱན་གསུམ་པ། གཡས་ཁ་ཊྭཱཾ་རྩེ་གསུམ་པ་དང་། ཁྱུང་གི་རྒྱལ་མཚན་ཕྱར་བ། གཡོན་ཞགས་པ་དང་བེ་ཅོན་བསྣམས་པ་བསྐྱེད་ལ། ཕྱོགས་བཞིར་ལྷ་ཆེན་པོ་བཞི་རྟ་ལ་ཞོན་ཏེ། ཐོག་གི་བུ་ཡུག་འབེབས་པར་བསམ་མོ། །ཨོཾ་པྲཧྨ་ཎ་རཀྴ་ཨེ་ཧྱེ་ཧི་ཛཿཧཱུཾ་བཾ་ཧོཿ། ཞེས་སྤྱན་དྲངས་སོ། །མ་ཧཱ་དེ་ཝ་པྲ་མོ་ཧ་ར་ཙ་བཞིར་ས་མ་ཡ་ཏིཥྛ་ལྷན། ཞེས་བཞུགས་སུ་གསོལ། མཆོད་པ་འབུལ་ལོ། །དེ་ནས་སྔགས་འདི་དག་དྲང་ངོ་། །ཨོཾ་མ་ཧཱ་དེ་ཝ་ཏི་ཛ་ཏི་ཛལླ་པྲཧྨ་ཎ་རཀྵ་ཀ་ར་ཀ་ར་མ་ཡང་ཧཱུཾ། དེབ་ར་ཙ་ཙ་ལ་མ་ཧ་ནི་ཛ། དགྲ་བོ་ཆེ་གེ་མོ་འདི་ཐུམ་ཐུམ། རྦད་རྦད་སེན་སེན་ཛ་ཧཱུཾ། ཁྲི་སྟོང་དུ་དྲང་ངོ་། །དེ་ནས་འཁོར་ལོ་དེ་དགྲའི་ཁང་འགྲམ་དུ་སྦས་ཏེ། ཨོཾ་ཙ་དུར་མུ་ཁ་ཤག་ཤ་བར་མ་ན། མ་ཧཱ་དེ་ཝ་དགྲ་བོའི་ཡུལ་ཁམས་སུ་རོ་ཁ་འདུས་ཁ་བ་ཧཱུཾ་བྲ་བ་ཧཱུཾ་ཕཊ། ཞེས་བཟླས་ན་འབབ་པར་ངེས་སོ། །དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། ཐོག་དབབ་པའི་ལེའུ་སྟེ་ང་བདུན་པའོ།། །།དེ་ནས་ཡང་ལྷ་རྒོད་ཀྱི་ཐོག་དབབ་པ་འདི་གསུངས་སོ། །དུར་ཁྲོད་རབ་ཏུ་འཇིགས་པར་མཎྜལ་འཁོར་ལོ་རྩིབས་བཞི་བྱས་ཏེ། རོ་སྤུངས་པ་དང་ཁྲག་མཚོ་བྲིའོ། །དེའི་ལྷ་དགོད་པ་གོང་མ་དང་འདྲ་བར་བྱས་ལ། ཐོད་པ་ཁ་སྦྱོར་དུག་ཁྲག་བྱུག་ལ། སྟེང་མ་ཡབ་འོག་མ་ཡུམ་དུ་མངའ་གསོལ་ལ། གྲོ་ག་ལ་མིང་རུས་བྲིས་ལ། སྐུད་པས་བཏགས་ལ་བར་དུ་གཞུག་གོ། །དེ་ནས་བསྐྱེད། སྤྱན་དྲང་། བསྡིམ། པཱུ་ཛ་འདུལ་ལོ། །དེ་ནས་འདིས་ལྷ་ཆེན་པོ་ཉིད་གནད་ལ་བོར་ཞིང་བསྒྲུབ་བོ། །ཨོཾ་མ་ཧཱ་དེ་ཝ་ཀ་ལ་ཀ་ཏེ། ཛ་ཏེ་པ་ནི། ཨི་ནི་པྲི་སོ་བ་ན། ཙ་ན་ག་རུ་རུ་ཧེ་སེ་ཀན། སུ་བེ་ན་ཧྲཱྀ། བེ་ཧུར་ཀེན། སརྦ་དེ་དེ། བུ་


DNG016_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

ཡེད་ནེ་བ་དེན་མཱ་ར་ཡ། ཞེས་བསྒྲུབ་པོ། །དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། ལྷ་རྒོད་ཀྱི་ཐོག་དབབ་པའི་ལེའུ་སྟེ་ང་བརྒྱད་པའོ།། །།དེ་ནས་ཐོག་དབབ་སྟེ། ཧཱུཾ། གནམ་ལྕག་སྤུ་གྲི་གཏམས་པའི་ཀློང་དཀྱིལ་ནས། །གནམ་ལྕགས་ཁྲོ་ཆུ་ཁོལ་བའི་གཞལ་ཡས་ནས། །གནམ་ལྕགས་ཐོག་ཆེན་འབེབས་པའི་ལྷ། །ཆིབས་སུ་འབྲུག་ནག་འབར་བ་ཆིབས། །རོལ་དུ་ཁྱུང་དང་སེང་གེ་ཁྲིད། །ཁ་རླངས་ན་བུན་སྤྲིན་དུ་གཏིབས། །ཤངས་ནས་བུ་ཡུག་ཁུ་འཕང་འདྲིལ། །གནམ་ལྕགས་སེར་ཆེན་ཆེམས་སེ་ཆེམ། །ཤེལ་གྱི་སྐྱི་འདང་སི་ལི་ལི། །གསེར་ཐོག་ལྕགས་ཐོག་ཆེམས་སེ་ཆེམ། །གནམ་ལྕགས་རལ་གྲི་ཀླད་ལ་བསྐོར། །ཟངས་ཀྱི་གློག་དམར་ལྗིབས་སེ་ལྗིབ། །ཁྲག་གི་བུ་ཡུག་ལངས་སེ་ལངས། །ཧཱུཾ་ཧུར་ཆོམས་རྦད་ནལ་རཾ་ཤད་ཤད་བྷྱོ་ཛ། རཀྴ་ཙི་ཏ་མཱ་ར་ཡ། སྙིང་ལིང་རྦུད། ཙིཏྟ་བམ་རིལ། ཁ་རག་ཙ་པ་ལ་བམ། རཀྴ་ཡཀྴ་ཙི་ཏ་ཁ་རྦད། པུ་ཙ་འུར་ཆོམ་རྦད་ཡ། ཛ་ཤད་ཤད་ནག་པོ་སྲོག་ལ་ཆུམས་ཆུམས། བོབས་བོབས། ཞེས་འཕང་ངོ་། །དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། ཐོག་དབབ་པའི་ལེའུ་སྟེ་ང་དགུ་པའོ།། །།དེ་ནས་བཅོམ་ལྡན་འདས་ཉིད་ཀྱིས་ངན་སྔགས་ཐོག་དབབ་པ་འདི་གསུངས་སོ། །མ་ཧཱ་ཙན་དྷ་རཀྴ་པེ་ཤ་སན་ཡ་ཕོབ། ཧ་ར་ཙནྡྷ་མ་ཧཱ་ཙན་དྷ་ཡཀྴ་བཀྴ་ཕོབ། རཀྟ་མ་ཧཱ་ཡཀྴ་བྷྱོ། ཤར་ཤེལ་ཧ་ལ་ཧ་ལ། དན་ཏ་པྲ་ཙེ་ཕོབ། པྲ་ཙེ་པྲ་ཙེ། ཧ་རི་ཧ་རི། ཛ་དུ་སྡི་བྷྱོ། རཀྴ་རཀྟ། ཙན་དྷ་མ་ཧཱ་ཤག་ཏི་ནན། དར་ཙན་དྷ་པ་ཙ་པ་ཙ། ཧ་ལ་ཧ་ལ། ད་ར་ད་ར་ཕཊ། རཀྟ་ཙན་ཏི། མ་ཧཱ་ཤནྟི་བྷྱོ་བྷྱོ། བཛྲ་ཙི་ཏ་བྱུ་བྱུ་རུ་ཕ། བཛྲ་དེ་ཝ་ཧ་ན་ཧ་ན་བྷྱོ། དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། ཐོག་དབབ་པའི་ལེའུ་སྟེ་དྲུག་ཅུ་པའོ།། །།དེ་ནས་མཛེ་ཐོད་དུ་བཙན་དུག་དང་། ཕ་ལ་ཏ་ཀ་དང་། ཉུང་དཀར་དང་། ཉུང་ནག་དུག །གསེར་ཕྱེ་ལ་སོགས་པས་བཀང་ལ། ཡུགས་ས་མོའི་པགས་པ་ལ།


DNG016_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་དེའི་མིང་ཡང་བྲིས་ལ། སྔགས་འདི་བཟླས་ནས་སྦས་ན་ཐོག་འབབ་པར་འགྱུར་རོ། །བག་ཟན་ལ། སེམས་ཅན་གྱི་གཟུགས་བྱས་ལ། སྔགས་འདི་བཏབ་ནས། ཁང་པ་ལ་སྦས་ན་སྐད་ངན་འདོན་ནོ། །སྔགས་འདི་སྨྱག་ཤད་ལ་བཏབ་ནས་ཕྱུགས་མའི་འོག་ཏུ་བཏིང་ན་སྒབ་འཕེལ་ལོ། །ཚོན་རྩི་ལྔ་ལ་བཏབ་ནས་བཞག་ན་བྱི་བ་དང་། རི་བོང་ཁ་འཆིང་བར་འགྱུར་རོ། །མུ་ཏིག་ལ་བཏབ་ནས་བུད་མེད་ཀྱིས་མིད་ན་བུ་མང་པོ་འོང་ངོ་། །རྨ་བྱའི་སྒྲོ་ལ་བཏབ་ནས་བཅངས་ན་མཛེ་ལས་ཐར་རོ། །དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། ལེའུ་སྟེ་རེ་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོ་དེས། མ་མོ་རཀྴ་འདི་བསྒྲུབ་ལ་ཡམས་ནད་གཏོང་བའི་ཐབས་འདི་གསུངས་སོ། །དུར་ཁྲོད་འཇིགས་པར་ཕྱིན་ལ། མི་ཕུང་ཤུལ་ནས་ས་བླངས་ལ་མཎྜལ་བྱས་ལ། མངར་ཁྲག་དང་རིམས་ཁྲག་གིས་ཆག་ཆག་བཏབ་ལ། དུག་དང་སྨན་མོ་བྱུག་གོ། །དབུས་གྲུ་གསུམ་བརྩེག་མ་ཟླ་གམ་གསུམ། འཁོར་ལོ་རྩིབས་བཞི་མུ་ཁྱུད་ཟླུམ་པོ་ཐོད་ཕྲེང་བྱ། གྲུ་ཆད་དང་སྒོ་ཁྱུད་ལྡན་པའོ། །དབུས་སུ་འཇམ་དཔལ་ཡབ་ཡུམ། འཁོར་ལོ་ལ་ཕུང་བྱེད་མ་བཞི། གྲུ་ཆད་ལ་སྲིང་བཞི། རྩིབས་མཆན་ལ་བཤན་པ་མ་བཞི། བར་ཁྱམས་ལ་ས་བདག་མོ་བཞི་དགོད་དོ། །ཕུར་པ་རེ་དགོད་དོ། །དབུས་སུ་ཐོད་ངན་ལ་དགྲ་བོ་བྲིས་ལ་གཞག །དམ་རྫས་ནི། གཤེད་པོ་ལ་དཔལ་གཏོར། ཨེ་ཀ་ཛ་ཏི་ལ་ཤེས་རབ་མའི་མཚལ་དང་། སྣེལ་གྲི་མོའི་སྙིང་། རེ་མ་ཏི་ལ་མི་དབང་དང་ཤ་སྨན། ཕུང་གསུམ་མ་ལ་གླང་ནག་སྙིང་དང་། པདྨ་རཀྟ། སྦྲུལ་ནག་སྙིང་། འུག་པའི་མིག །ཕོ་རོག་གི་སྙིང་། བུད་མེད་ཀྱི་ཀླད་ཁྲག་གོ། །ཕུང་བྱེད་བཞི་ལ་ཁྲག་སྣ་གསུམ་དང་། སྟག་སེང་མ་བདག་གི་སྙིང་གཞག །བཤན་པ་བཞི་ལ་གཏོར་མ་གཞག །སྲིན་མོ་བཞི་ལ། མར་ཁུ། སྦྲང་རྩི་འོ་མ་ཁྲག་གཞག །གདོང་མོ་ལ་སྟག །དོམ། གླང་། གནའ་ཤ་གཞག་


DNG016_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

ལ། མཎྜལ་གྱི་བྱང་ཤར་དུ། མཎྜལ་མཆོད་རྟེན་ནག་པོ་ལ་རོ་སོལ་བསྐུས་པའི་བུམ་པར་མིང་རུས་གཞུག །མཇུག་ཏུ་མཆོད་རྟེན་གཉན་སར་སྦའོ། །དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། སྲིད་པ་དམག་ཏུ་དབབ་པའི་ལེའུ་སྟེ་རེ་གཉིས་པའོ།། །། དེ་ནས་བདག་ཉིད་གཤིན་རྗེ་གཤེད་པོར་བསྒོམ། མ་མོ་རྣམས་བསྐྱེད་ཀྱང་མི་འགལ། མ་བསྐྱེད་ཀྱང་རུང་བ་ཡིན། སྲིད་པ་དམག་ཏུ་འདིས་ནན་དབབ་པོ། །ཏྲག་རཀྴ་ཁ་མུན་ཏྲ་མུ་ཏྲ་མ་མ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། རག་མོ་ཏེ་ཀུ་མ་ཛ་ཛ། ཁ་ལ་མ་ཧི་བྷྱོ། རཀྴ་ཐུན་བྷྱོ་ཛ་ཛ། ཤིང་ཐུན་མ་མ་ཐུན། བི་མ་རུ་ཙེ་དགྲ་ལ་བྷྱོ་བྷྱོ་བྷྱོ་ཕཊ་ཕཊ། རུ་རུ་ཌྱི་མ་རུ་ཙེ། ཁ་ཐ་མ་མ་མོ་ནག་མོ་ཙ་མ་ཡཾ་པ། སྲོག་ལ་ཐུན། སྙིང་ལ་ཐིབས། མྱོགས་མྱོགས། ཤིག་ཤིག །ཙིཏྟ་བམ་ཤིག །ཙིཏྟ་བམ་མྱོག །མུག་ཏིག་རི་རྒྱོབ། ཙིཏྟ་བམ་ཕྱུང་། ཆོད་ཤིག །ཐུམ་ཤིག །ལོང་ལོང་ཐུམ་ལོང་། ཡེར་ཡེར་མེར་མེར་སོད། རུ་རུ་ཤིག་ཏྲི། ཀྲ་མ་དུ་སོད་སོད། སྲོག་ཐུམ་མུག་སོད། མ་ཡག་རུ་རྦད་ཡ་སོད། ཁ་རུག་ཤ་ཤ་ས་མ་ཡ་སོད། སྲོག་ཐུམ་ནྲྀ་རྦད་སོད། ནི་ནི་རྩ་ཁུན་ལ་སོད། ཅེས་བཟླས་ཏེ། འཁོར་ལོ་མཆོད་རྟེན་དུ་བྲུབ་ལ་གནན་པ་བྱའོ། །དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། སྲིན་མོའི་ཚོགས་ཀྱི་ནད་ཡམས་དབབ་པའི་ལེའུ་སྟེ་རེ་གསུམ་པའོ།། །། དེ་ནས་མ་མོ་ལས་ལ་གཏང་བ་ནི། ཧཱུཾ། སྣང་སྲིད་རཀྟའི་གཞལ་ཡས་ནས། །ཁྲག་གི་བུད་མེད་ནག་མོ་འབུམ། །ཁ་ནས་ནད་ངན་སྣ་ཚོགས་འགྱེད། །སྣ་ནས་དུག་གི་རླངས་པ་འཐུལ། །མགོ་ལ་དུག་གི་མེ་འབར་མ། །ལ་ལ་གནོད་སྦྱིན་སྒེག་མོའི་གཟུགས། །ལ་ལ་མ་མོ་སྒེག་མོའི་གཟུགས། །ལ་ལ་དྲང་སྲོང་ཁྲོས་པ་འདྲ། །ལ་ལ་དུར་ཁྲོད་མི་རོའི་གཟུགས། །ལ་ལ་མཁའ་འགྲོ་བྱ་ཡི་གཟུགས། །དགྲ་ལ་ནད་དང་རིམས་ཡམས་ཕོབ། །ཅེས་བསྐུལ་ལོ། །དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། མ་མོ་བསྐུལ་བའི་ལེའུ་སྟེ་རེ་བཞི་པའོ།། །།


DNG016_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཡང་མ་མོ་ཡོངས་ཀྱི་ནང་ནས་ནད་ཀྱི་བདག་མོ་རེ་མ་ཏིའི་ནད་དབབ་པ་འདི་གསུངས་སོ། །འདི་དག་དྲག་སྔགས་ཉི་ཚེའོ། །རུ་རུ་ཤྲི་ཏྲི་ཀྲི་མ་དུ་སོད། མ་ཡག་དུ་ཡ་སོད། ཁ་རུག་ཤ་མ་སོད། སྲོག་ཐུན་ནྲྀ་རྦད་སོད། ནི་ལ་ནི་ཡ་ཙ་དུན་སོད། ཤ་རྒྱུད་སྙིང་ཕྱུང་། སྙིང་རྒྱུད་སྲོག་ཆོད། ཐུན་དབུགས་ལོང་། མ་མ་ཐུན་ཐུན་སོད་སོད། དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། རེ་མ་ཏིས་ནད་ངན་འབེབས་པའི་དྲག་སྔགས་ཀྱི་ལེའུ་སྟེ་རེ་ལྔ་པའོ།། །།དེ་ནས་ངན་སྔགས་འདི་དག་གསུངས་སོ། །རྒྱུ་གཟེར་གྱིས་ཤི་བའི་ཁྲག་གི་གཞི་ལ། བཙན་དུག་བཞི་ནམ་གཅིག །ཐར་ནུ་དེ་དང་མཉམ། བསེ་ཞོ། མར་རྙིང་པ་ལ་སྔགས་བཟླས་ནས་བཏང་ན་རྒྱུ་གཟེར་དུ་འགྱུར་རོ། །བསེ་ཞོ་སྦྲང་རྒོད། ཟོ་ཤ །བཙན་དུག་མཉམ་པར་བྱས་ནས་ལུས་ལ་བསྐུས་ན་ལྷོག་པར་འགྱུར་རོ། །བསེ་ཞོ། བཙན་དུག །བྱང་བ། མཛེ་ཁྲག་ཏུ་སྦྱར་ནས། ཟར་མའི་མར་ཁུ་དང་ལོ་མ་གོས་ལ་བསྐུས་ན་མཛེས་ཟིན་པར་འགྱུར་རོ། །བྱང་བ་དང་མཛེ་ཁྲག་སྐམ་པོ་སྦྱར་ཏེ་ཆང་ལ་བཏབ་ན་སྙིང་ལ་བབ་པོ། །དུག་སྣ་ཚོགས་དང་ཁྲག་ཏུ་སྦྱར་ཏེ། རིམས་ཁྲག་དང་། ཁྱི་ལུད་དཀར་པོས་སྦྱར་བ་ཀླུ་ཡོད་པའི་ཆུ་མིག་ཏུ་བླུགས་ན་རིམས་འབེབས་སོ། །ཁྱི་ལུད་ལོ་ལོན་པ་བརྩེགས་པའི་ཁར། རྡོ་ཏི་ཚ་དང་། དྷ་དུ་ར་བཞག་སྟེ་མེ་བུས་ནས། རླུང་ཕྱོགས་སུ་འགུལ་ཚད་རིམ་གྱིས་བཏབ་ནས། འགུམ་མོ། །མཛེ་ཁྲག་སྐམ་པོ་དང་། རྟ་ཞོ་བཏང་ན་མཛེས་འཛིན་ནོ། །ཕག་ཤ་དང་ཉ་ཤ་ཐང་ཕྲོམ་ནག་པོས་བཙོས་པ་བཏབ་ན་ལུས་སྐྲངས་ཏེ་འགུམ་མོ། །སྔགས་སྟོང་སྟོང་ངོ་། །དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། ནད་བདག་མོའི་ལེའུ་སྟེ་རེ་དྲུག་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཉིད་ཀྱིས། སྨྱོ་འབོག་གི་ལས་བྱ་བའི་ཕྱིར། སྲོག་བདག་གི་ལས་འདི་གསུངས་སོ། །གནས་ནི་རི་བདུན་རྩེའམ་ལྷ་ཁང་ངམ་བྲག་དཀར་པོར་བསྒྲུབས་ཏེ། དར་རས་གཙང་མའམ། གྲྭ་ཕྱིང་གཙང་མ་བཏིང་ལ་འབྲུ་


DNG016_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

སྣའི་བཅལ་ཡང་དགྲམ། ག་པུར་དང་། སྤོས་རྣམས་བཀྲམ་ལ། དར་དཀར་གུར་དབུབ་པོ། །ལྷ་བཤོས་རི་བོ་འདྲ་བ་ལ་མར་བྱུག །རྨྱུག་མ་ཚིགས་གསུམ་པོ་ལ་བྱ་རྒོད་ཟེར་མོའི་ཕོད་དང་། དར། ཟ་འོག །གསེར། བསེ། མུ་ཏིག་ལྤགས་བུ་དཀར་པོ་གཟུག་གོ། །དེ་ནས་གཏོར་མ་ནི། ཆན་ཐུག་ཁུར་བ། ཐུང་ཕྲོམ། དཀར་གསུམ། མངར་གསུམ། སྤྱན་གཟིགས་རྣམས་ལ། སྲོག་བདག་ཉིད་ཙ་ཀ་ལིར་བཙུགས་ལ། བདག་ཉིད་གཤིན་རྗེ་གཤེད་དུ་བསྒོམས་ལ། སྐུ་གསུང་ཐུགས་ཀྱི་སྙིང་པོ་བཟླས། དེ་ནས་སྲོག་བདག་གི་དྲག་སྔགས་འདི་དག་གོ། །གཤིན་རྗེས་མགོ་མནན་ཏེ། ཨོཾ་ཤྲཱི་མཉྫུ་ཡ་མ་རཱ་ཙ་མ་མ་ཨེ་ཀ་ཙ་ཏི་ནི་ཛ་ཛ། ཏྲི་ཙ་པ་ལ་ཨ་ཤུག་མེ་སྭཱ་ཧཱ། བོད་པའོ། །ཧ་ལི་ཧུ་ལུ་མར་རིལ་ནི་ཛ། ལ་ལི་པྲ་མ་ནི། རི་ཙེ་ཐལ་བ་ནི། ཀྲོ་ཏིང་ཀྲོ་ལ་ཡ། ཏྲི་ཀཾ། ཤི་ཏྲི་མུ་ཏྲི། རེ་ཏྲི་ཏྲི་རང་ཏྲང་། ཧབ་ཤ་ཧཾ་ཤང་། ཆེ་གེའི་ཙིཏྟ་ལ་ཛ། ཞེས་རྦད་དོ། ། དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། གསད་པ་ཤར་གིང་གི་ལེའུ་སྟེ་རེ་བདུན་པའོ།། །།དེ་ནས་ལིངྒ་བཅས་ལ། མི་སྨྱོ་གྲིར་ཤི་བའི་ཐོད་པའམ་རྟ་ཐོད་དུ། དུག་སྣ་དགུ། ར་ཁྱིའི་ཁྲག་དང་བཅས་ཏེ་གཞུག །ཉིན་བཞིན་ལྷའི་གིང་བཞི་དང་། སྐབས་སུ་གིང་ཆེན་བཅོ་བརྒྱད་བསྐུལ། ཨོཾ་མ་ཧཱ་རཱ་ཛ་ཐུན་བྷྱོ་བྷྱོ། དགྲ་བོའི་སྲོག་ལ་ཐིབས། མུག་མ་ར་ཎ་ཐུན། པར་ཏང་དགྲ་བོའི་སྙིང་ཤག །ཚལ་པ་དུམ། དགྲ་བོའི་བཀྲག་ལ་རྦད། རླག་ཛ་ཏུ་ཐིབས་ཆུམ། དགྲ་བོའི་ཁྲག་ལ་འཇིབས། སི་པ་སི་པ་དུན་ཛ། མ་མ་ཤ་ལ་ཛ། རཀྟ་ཁྲག་ལ་ཐུན་བྷྱོ། རྨུགས་རྨུགས་རྦད་རྦད། ཅེས་བསད་དོ། །དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། ཤར་གིང་གི་བསད་ལས་ཏེ་ལེའུ་རེ་བརྒྱད་པའོ།། །།དེ་ནས་ཡང་རྒྱལ་པོ་ཉིད་དངོས་སུ་བྱུང་ན་བཟང་། དམག་དཔོན་ནམ་ཞང་བློན་འབྲིང་། འབག་ཏུ་རྨི་བ་ནི་ངན་ནོ། །རྒྱལ་པོ་ཉིད་ཁྲོས་ན་ཤི་ས་བསྟན་པའི་སྔགས་འདིའོ། །མ་ར་ན་པྲ་མ་ར། རཱ་ཛ་ཙིཏྟ་བི་ཨ་ལི་ས་མ་ཡ། ས་མ་ཡ། ས་མ་ཡ། ཨཾ་ཀུ་ཤ་ཛ་ཛ།


DNG016_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བཟླས་པས། རྒྱལ་པོ་ཉིད་མཆི་མ་ཁྲག་ཏུ་ངུའོ། །ཤར་གིང་ཉིད་དུ་བསྒྲུབ་པ་ལས། དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། ཤར་གིང་དཀར་པོ་ལྷར་བསྒྲུབ་པའི་ལེའུ་སྟེ་རེ་དགུ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་སྲོག་བདག་ཆེན་པོ་དགུའི་སྒྲུབ་ཐབས་འདི་གསུངས་སོ། །དཀྱིལ་འཁོར་ནི་དབུས་ཐིག་བཞི་བཏབ་པས་ལིང་ཚེ་དགུར་བྱའོ། །གྲུ་གསུམ་རེ་རེ་བྲིའོ། །ཤར་དུ་སེར། དབུས་སུ་དཀར། ལྷོ་སྔོ། ནུབ་དམར། བྱང་ལྗང་། མཚམས་སྨུག་པོར་བྱའོ། །ཤུག་པའི་ཕུར་པ་དགུ་ལ་གིང་ཀ་ར་ས་མ་ཡ་དགྲ་བོའི་སྲོག་ཆོད་ཅིག །ཏིཥྛ་ལྷན། བྱས་ལ་དགོད་དོ། །ཕུར་པ་ལ་དར་དཀར་གྱི་ཅོད་པན་གདགས་སོ། །གསང་ཕྱེ་ལ་བཤོས་བུ་བྱས་ལ་མར་བྱུག་ལ། དབུས་སུ་རྨྱུག་མ་ཚིགས་དགུ་པ་ལ་མཚལ་གྱི་ཉ་མིག་བྲི། རྩེ་ལ་བྱ་རྒོད་རྒྱལ་མཚན་དང་། དར་དཀར་གྱི་གདུགས་དབུབ། རྔ་མོ་དཀར་པོ་གཟུག་གོ། །ལེ་ཙེ་བརྒྱད་ལ་རྨྱུག་མ་ཚིགས་གསུམ་པ་བརྒྱད་ལ། མཚལ་དང་ལྡོང་རོས་ཀྱིས་གཡུང་དྲུང་རིས་སུ་བྲིས་ལ། དར་ལྕེ་དཀར་པོ་དང་། ཤེལ་དཀར་ཕྲེང་བ་དང་། རིན་པོ་ཆེ་ལྔ་དང་། བྱི་རུ། མགྲོན་བུ། དགྲ་བོའི་མིང་རུས་རེ་རེ་གདགས་སོ། །ལྕང་མ་མཐོ་རེ་བ་རེ་ལ། ཕོད་དང་དར་གདགས། མཚལ་གྱི་གཡུང་དྲུང་རིས་བྲིས་ལ་སྒོ་བཞིར་དགོད་དོ། །གཞན་ཡང་ཐུད་དང་དཀར་གསུམ། མངར་གསུམ་ཉ་ཕྱིས་སམ་དུང་དུ་གཞུག །གསེར་ཕུད་བྱ་ཕོ་ལྔ། མཚེ་ཉུང་དཀར། གངས་ཆུ་ལུ་ཆུ་བཞག་ལ། མེ་ཏོག་མང་པོ་དང་། མཆོད་པ་ལྔ་གཞག །ར་ལུག་དཀར་པོ་གཅིག །རྭ་དམར་པོར་བྱུགས་ལ་གཏར་གཞུག །དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། སྲོག་བདག་དགུ་བསྒྲུབ་པའི་ལེའུ་སྟེ་བདུན་ཅུ་པའོ།། །།དེ་ནས་བདག་ཉིད་བེར་གོན་ཏེ། །གཤིན་རྗེའི་གཤེད་པོའི་སྔགས་དྲངས་ཏེ། །ཨོཾ་མ་ཏྲི་དུ་སྟ་འབྱུང་ཀ་ར་མཱ་ར་ཡ་སྭཱ་ཧཱ། ཨོཾ་ཁུ་ལེ་མ་ཧི་པེ་ར་སྭཱ་ཧཱ། ཨ་གེ་རུ་ཏྲ་སྭཱ་


DNG016_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱ། ཨུག་གེ་མ་ལེ་སྭཱ་ཧཱ། དྲང་ཟེ་བ་བ་སྭཱ་ཧཱ། ཤར་ཟེ་ཤང་ཀ་རི་སྭཱ་ཧཱ། ད་ཁོད་བི་བི་པ་ར་སྭཱ་ཧཱ། ནི་ཁོད་བ་ར་ཧི་དེ་སྭཱ་ཧཱ། སཱུརྱ་ཙནྡྲ་མ་ཧཱ་ཁུ་ལེ་སྭཱ་ཧཱ། སྲོག་གི་སྙིང་པོ་དེས་འགྲུབ་པོ། །བོད་པ་སྲོག་གི་སྙིང་པོའོ། །དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། སྲོག་བདག་འབོད་པའི་ལེའུ་སྟེ་དོན་གཅིག་པའོ།། །། དེ་ནས་གྲུབ་རྟགས་ནི་རབ་སྐུ། འབྲིང་འོད་དང་སྒྲ། ཐ་མ་རྨི་ལམ་དུ་འོང་ངོ་། །དེ་ལྟར་རྟགས་མཐོང་ནས། རྦད་པ་སྲོག་གི་སྙིང་པོ་འདིས་བྱའོ། །ཨོཾ་མ་ཧཱ་པྲ་མན་རཀྵ་རཀྟ་ཙ་མུན་ཏ། མ་ཧཱ་ཀྲི་ཏྲེ་ཙི་ལ་བིང་བིང་། དགྲ་བོ་མཱ་ར་ཡ་ཧབ་ཧབ་ཅེས་རྦད་དེ། སྐྱ་རེངས་ལ་བསྐུལ་ཏེ་གཏང་ངོ་། །དེས་བསད་པ་སྲོག་གི་ལས་འགྲུབ་བོ། །དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། རྦད་པ་སྲོག་དབྲལ་གྱི་ལེའུ་སྟེ་དོན་གཉིས་པའོ།། །།དེ་ནས་བསད་ཅིང་སྨྱོ་འབོག་ཏུ་བྱ་སྟེ། རྟ་ཐོད་དཀར་པོ་ལ། དབུས་སུ་རི་རབ་གླིང་བཞི་བྲི། གཡས་སུ་ཟླ་བ་བྲི། གཡོན་དུ་ཉི་མ་བྲི། རྟ་ཐོད་ཟ་འོག་གིས་གྲིལ། མིང་བྱང་རྟ་ཐོད་དུ་གྲུབ། ཁྲག་སྐམ་དང་གུ་གུལ་སྦྱར་བ་དང་། མཚོ་དང་ཀླད་པ་ལ་སྔགས་འདིས་གདབ་བོ། །ཧཱུཾ་མ་ཧཱ་ཀ་ར་ཐུན་བྷྱོ། མ་ཧཱ་ཧ་ར་ཙ་ར་ཐུན་བྷྱོ། མ་ཧཱ་བ་བ། མ་ཧཱ་དེ་བ་མ་ཧཱ་རུ་ཏྲ་བྷྱོ་བྷྱོ། ཧཱུཾ་ཏྲོ་ཐ་ཡ་ཏྲོ་ཐ་ཡ། ཏྲ་ཏ་ཡ་ཏྲ་ཏ་ཡ། ཀྵུ་ལ་ཀྵུ་ལ། གིང་ཀ་ར་གིང་ཀ་ར། གིང་ཛ་ལ་གིང་ཛ་ལ། ཡཀྴ་གྲི་བ་ཡཀྴ་གྲི་བ། དྷ་ཤ་གྲི་བ་དྷ་ཤ་གྲི་བ། པུ་ཏྲ་དཀར་པོ་བྷྱོ་བྷྱོ། དེ་ནས་རང་རང་རྩ་བའི་སྔགས་བརྗོད་ཅིང་གདབ། གཙོ་བོའི་ཕུར་པ་སྙིང་ལ་གདབ། ཁུ་ལེས་གསང་བར་གདབ། ཨག་གེས་ལག་པ་གཡས། ཨུག་གེས་དཔྲལ་བར་གདབ། དྲང་ཟེས་ལག་པ་གཡོན། ཤང་ཟེས་རྐང་པ་གཡས། ད་ཁོད་དཔུང་མགོ་གཡས། ནི་ཁོད་དཔུང་མགོ་གཡོན། ཉི་ཟླས་རྐང་པ་གཡས་གཡོན་གདབ་ན་སྨྱོ་འབོག་ཏུ་འགུམ་མོ། །རྟ་ཐོད་ལྷ་ཁང་ངམ་རི་རྩེར་གནན་ནོ། །དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། སྲོག་བདག་དགུའི་བསད་པའི་དྲག་སྔགས་སྨྱོ་འབོག་གི་ལེའུ་སྟེ་དོན་


DNG016_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པའོ།། །།དེ་ནས་ཡང་སྲོག་ཟན་ཆེན་པོ་དགུའི་དྲག་སྔགས་འདི་གསུངས་སོ། །དུར་ཁྲོད་བྲག་གམ་ལྷ་ཁང་ལྟ་བུར་གནས་བཙལ་ཏེ། དཀྱིལ་འཁོར་མཐིང་ནག་གྲུ་གསུམ་བྱས་ལ། འཁོར་ལོ་རྩིབས་བཞི་དང་ཐོད་ཕྲེང་གིས་འཁོར་བར་བྲིས་ལ། མཆོག་གི་ཕུར་པ་དགུ་ལ་སྲོག་བདག་ཆེན་པོའི་སྔགས་བྲིས་ལ། དབུས་སུ་དཀར་པོ་སྙིང་འབྱིན་དགོད། ཤར་དུ་ཁུ་ལེ་དགོད། ལྷོ་རུ་ཨག་གེ་དགོད། ནུབ་ཏུ་ཨུག་གེ་དགོད། བྱང་དུ་དྲང་ཟེ་དགོད། ཤར་ལྷོར་ཤང་ཟེ། ལྷོ་ནུབ་ཏུ་ད་ཁོད། ནུབ་བྱང་དུ་ནི་ཁོད། བྱང་ཤར་དུ་ཉི་ཟླ་དགོད། ལུག་གི་སྙིང་སྲོག་པ་རྩ་དང་མ་བྲལ་བར་དགྲ་བོའི་མིང་བྱང་གཞུག །དར་དཀར་གུར་ཕུབ། ཤར་དུ་ཁྲག་སྣའི་གཏོར་མ། ལྷོར་ཤ་སྣའི་གཏོར་མ། ནུབ་ཏུ་རུས་པ། བྱང་དུ་ཁྲག་སྣ། སྒོ་བཞིར་ཡང་ཤར་དུ་མཆིན་པ། ལྷོར་ཤ་ཆེན། ནུབ་ཏུ་མཆེར་པ། བྱང་སྒོར་ཚིལ་བུ། བཤོས་བུ་མཁྱིད་རེ་བ་དགུ། རྨྱུག་རྒོད་རེ་རེ། ཕོད་དཀར་རེ་རེ། མིང་བྱང་རེ་རེའོ། །བག་ཟན་ལ་གཟུགས་བྱས་ཏེ། ཤར་དུ་ལུག །ལྷོར་བྱ། ནུབ་ཏུ་ར། བྱང་དུ་ཁྱི་བྱས་ལ་མིང་རུས་རེ་རེ་སྐེར་གདགས་སོ། །དཀྱིལ་འཁོར་གྱི་ལྷོ་ནུབ་ཏུ་འབྲུབ་ཁུང་དུ་དམ་སྲིའི་གཟུགས་མིང་རུས་གཞུག །བྱང་ཤར་དུ་ཤ་ཁྲག་གི་གཏོར་མ་ལ་ཚིལ་ཆེན་གྱི་ཞལ་ཁེབས་བྱའོ། །དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། སྲོག་ཟན་ཆེན་པོ་བསྒྲུབ་པའི་ལེའུ་སྟེ་དོན་བཞི་པའོ།། །།དེ་ནས་བདག་ཉིད་ཡ་མཱནྟ་ཀར་བསྒོམས་ལ། དྲག་སྔགས་འདི་དག་གོ། །ཨོཾ་འབྲ་ཤ་མ་ཧཱ་རཱ་ཛ་སྭཱ་ཧཱ། ཨོཾ་ཁུ་ལེ་མ་ཧཱ་བེ་ར་སྭཱ་ཧཱ། ཨོཾ་ཨ་གེ་རུ་ཏྲ་སྭཱ་ཧཱ། ཨོཾ་ཨུག་གེ་མ་ལེ་སྭཱ་ཧཱ། ཨོཾ་དྲང་ཟེ་བ་བ་སྭཱ་ཧཱ། ཨོཾ་ཤང་ཟེ་ཤང་ཀ་རི་སྭཱ་ཧཱ། ཨོཾ་ད་ཁོད་བི་བི་པ་ར་སྭཱ་ཧཱ། ཨོཾ་ནི་ཁོད་བ་ར་ཧི་དེ་སྭཱ་ཧཱ། ཨོཾ་སཱུརྱ་ཙན་དྲེ་མ་ཧཱ་ཁུ་ལེ་སྭཱ་ཧཱ། དེ་དག་ནི་རྩ་སྔགས་ནས་བོད་པའོ། །རྟགས་ནི་གོང་དང་འདྲའོ། །དེ་ནས་རྦད་སྔགས་ནི། ཨོཾ་མ་ཧཱ་པྲ་མ་རཀྴ་རཀྟ་མུན་ཏྲ། མ་ཧཱ་ཤི་ཁེ་ཙོ་ཀ་ཙ་ལ་བིང་བིང་དགྲ་བོ་མཱ་ར་ཡ་ཧབ་ཧབ། ཅེས་རྦད་དོ། །


DNG016_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཧཱ་ས་མ་ཡཱ་རཀྴ་མ་ཧཱ་ར་ཙ་ཐུན་ཐུན་ཕྲོལ་ཕྲོལ། ཞེས་ལྷ་དང་དབྱེ། དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། སྲོག་ཟན་ཆེན་པོའི་དྲག་སྔགས་ཏེ་ལེའུ་དོན་ལྔ་པའོ།། །།དེ་ནས་ཡང་དེ་ལྟར་བསྒྲུབ་ནས་ཕུར་ཐུན་བྱས་ཏེ། དབུས་ནས་ཕུར་པ་ཕྱུང་ལ། ཧཱུཾ་ཤར་གིང་རཾ་སྲོག་བདག་སྙིང་འབྱིན་ཀཱི་ལི་ཀཱི་ལ་ཡ། ཙིཏྟ་མུགས་དཀར་པོ་སྙིང་འབྱིན་ལྷན། ཞེས་ཉི་ཤུ་རྩ་གཅིག་བཟླས་ལ་སྙིང་ལ་གདབ་བོ། །ཧཱུཾ། ཤར་གིང་རཾ་སྲོག་བདག་ཁུ་ལེ་ཤོད་ཁྲག་སྐམས་བཛྲ་མུགས་ཏི་ཙ་ཤ་རཀྟ་རྔུབས་ལྷན། ཕྲག་ཁྱིམ་ལ་གདབ། ཧཱུཾ་ཤར་གིང་རཾ་སྲོག་བདག་ཨག་གེ་ཙི་ལི་ཙི་ལི་ས་མ་ཐིབས་ཐིབས། ནུ་མ་ལ། ཧཱུཾ་ཤར་གིང་རཾ་སྒྲོལ་གིང་། ཨུ་གེ་ན་ཤ་མུན་ཏ་ཚལ་པ་ཚལ་པ། ཧཱུཾ་ཧཱུཾ་ཧཱུཾ་ཀ་རུ་ཧུ་ར་ཧུ་ར། སྤྱི་གཙུག་ཏུ། ཧཱུཾ་ཤར་གིང་རཾ་ཤན་པ་དྲང་ཟེ་བི་ལ་བི་གུ་ཡ་མ་ཐིབས་ནན། ཤ་ར་ཕཊ། མཁལ་ཁུང་དུ། ཧཱུཾ་ཤར་གིང་རཾ་ཤང་ཟེ་མ་ས་ལ་ཁུ་མ་ཏ་ར་ཙ་དགྲ་བོ་མཱ་ར་ཡ་ཕཊ་ཛཿ། མཆིན་པ། ཧཱུཾ་ཤར་གིང་རཾ་ད་ཁོད་ཡ། རུ་རྩེ་ཁ་ལམ་ཤོན་ཕུར་ཤག་ཕུ་ཕཊ་ཛ། ཤ་མཚན་རྨེན་བུ་ལ། ཧཱུཾ་ཤར་གིང་རཾ་ནི་ཁོད་མེ་ཁ་ཁ་རུ་རྩེ་བག་ཤ་བག་ཤ་རུ་རག་མེ་མུ་རུ་མུ་རུ་ཕཊ་ཛ། མཆེར་པ་ལའོ། །ཧཱུཾ་ཤར་གིང་རཾ་སྲོག་བདག་སཱུརྱ་ཙནྡྲ་བལ་ལུ་བ་ག་ལེ་རཀྟ་མཱཾ་ས་ཤ་ཁྲག་རྔུབས་རྔུབས། རྐང་པ་ལའོ། །དེ་ནས་ཐུན་དུ་བྱ་སྟེ། ཨོཾ་མ་མ་མ་རུ་ཐུན་བྷྱོ། མ་ར་རཱ་ཙ་ཐུན་བྷྱོ་བྷྱོ། མ་ཧཱ་པ་ཙ་མ་ཧཱ་དེ་ཝ་རུ་དྲ་བྷྱོ་བྷྱོ། ཞེས་བསད་དོ། །དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། སྲོག་བདག་གི་ཕུར་ཐུན་གསང་བའི་ལེའུ་སྟེ་དོན་དྲུག་པའོ།། །།དེ་ནས་སྲོག་གི་བདག་པོ་ཉིད་ཀྱི་གཏོར་ཐུན་དྲག་པོ་བྱ་སྟེ། གཏོར་མ་བཅའ། གཏོར་མར་དགྲ་བོའི་ལིངྒ་བྲུབ། སྲོད་ལ་གཤིན་རྗེར་བསྒོམ། ཐོ་རེངས་ལ་གསང་ཕྱེ་དང་ཐུན་བརྡེག་དྲག་སྔགས་འདིའོ། །ཨོཾ་བཛྲ་སུཾ་ཏྲི་རཀྴ་རྩ་དར། མཱ་ར་ཡ་རྦད། རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཏྲི་ཙ་པ་ལ། ཨ་ཤུག་མེ་སྭཱ་ཧཱ། མཱ་ར་ཡ་ནི་ཧཱུཾ་ཛ་རྦད། ཏྲི་ཙ་པ་ལ་ཡ་ན་མ་མ་ཤོ་ཛ། མ་མ་ར་ཏྲི། སུཾ་ཏྲི་རག་ཤ་བྷྱོ་ཛ། ཐིབ་ཐིབ་ཙ་ཏྲ་བྷྱོ་


DNG016_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ་ཛ། སྙིང་ཁ་རག་བྷྱོ། དུན་ཏྲི་བྷྱོ་ཛ་ཛ། རྦད་ཏི་ནན་ཏྲི་ཤིག །བཛྲ་སུཾ་ཏྲི་རཀ་ཤ་ཆེ་གེ་མོ་མཱ་ར་ཡ། རྦད་ཐུཾ་རྦད་ཐུཾ་ནྲྀ་ལ་ནྲྀ་རྒྱུག་དྲེང་ཐུཾ་རི་ལ་ས་མ་ཡ་དུང་། ལིད་རྦུད་དུ་བྷྱོ། ཨོཾ་བཛྲ་སུཾ་ཏྲི་རཀྴ་ཙ་མཱ་ར་ཡ་རྦད་ཏྲིག་ནན་ཤིག་ཤིག་སེ་ན་དུམ་བུར་རྔུབས། ཁ་རག་རྨ་ཤ་རྦད། སུཾ་ཏྲི་རཀྴ་ཙ་དུར་ཡུ་ཐུན་བྷྱོ། བཛྲ་སུཾ་ཏྲི་རཀྴ་དགྲ་ལ་རྒྱུག་དྲེང་ཐུམ། ས་མ་ཡ་དུ་ལིང་རྦད་བྷྱོ་བྷྱོ། ཞེས་དྲངས་ཏེ་གསོལ་ཀ་ཡང་བྱ། རྩ་བ་ལས་ཀྱི་སྔགས་ཁུངས་སྤྲུགས་པའོ། །དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། གཏོར་ཐུན་གྱི་ལེའུ་སྟེ་དོན་བདུན་པའོ།། །།དེ་ནས་སྲོག་བདག་སྤུན་གསུམ་གྱི་ལྟས་ངན་ལ། གླང་ཁྲ་བོ་དང་། བྱ་དཀར་པོ་དང་། ཁྱི་དཀར་པོའི་ཙིཏྟ་གསུམ། རྡོ་ཕ་བོང་ལོང་བུ་གསུམ་གཏར་བཅུག་ལ། ཧཱུཾ་ཤར་གིང་རཾ་ཤག་རྒྱུག་རྒྱུག །རཾ་རྒྱུག་སྲོག་ལ་རྒྱུག །ཤ་ཤ་དགྲ་བོའི་སྙིང་ལ་ཤ་འབྲུལ་ཏིལ་རཾ་ཁྱེར་སོད་སྲོག །བསེ་དུང་དུང་ཕོབ། བྱ་དུང་ཕོབ། བ་ཏི་བ་ཏི། ཞེས་བརྗོད་དོ། །དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། ལྟས་ངན་གྱི་ལེའུ་སྟེ་དོན་བརྒྱད་པའོ།། །།དེ་ནས་ཞག་སུམ་བརྒྱ་དྲུག་ཅུ་ལ། ཡེ་འདྲོག་གཏོང་བའི་ལས་ནི། བཤོས་བུ་དང་གསེར་ཕུད་ལ། བ་བླ་བཏབ་ལ་བྱའོ། །ཚོང་དང་ཤོ་ལ་ཐོབ་ཤོར་བཏང་ན། བཤོས་བུ་བྱང་ཕྱོགས་སུ་འཕང་ངོ་། །ཨོཾ་ཡ་མ་རི་མཾ། བེར་སྲོག་རྩ་ལ་ཁངས་ཁངས་མེ་རུ་བྱེ་རུ་སྭཱ་ཧཱ། དེ་ནས་སེར་བ་འབེབས་ན་ཁྱི་ནག་ཐོད་པར་དུག་ཁྲག་ལ་སླེ་ཏྲེས་བསྲེས་ལ་བྱའོ། །ཨོཾ་སེ་ར་དྲེ་ཤ་ཐོད་བྷྱོ། ན་བ་ཆེམ་བྷྱོ། ཧུར་ཚལ་བྷྱོ། ཁ་ཤར་ཕྲ་བེ་ཤར་ཤར་ཆེམ་ཆེམ་བྷྱོ། ཞེས་འཕངས་ན་ཕེབ་ངེས་སོ། །བཤན་པ་སྤུ་གྲིའི་རྒྱུད་ལས། ཡེ་འདྲོག་གཏོང་བའི་ལེའུ་སྟེ་དོན་དགུ་པའོ།། །།དེ་ནས་ཡང་རྒྱལ་པོ་བསྲུང་བའི་སྔགས་ལ། ཨོཾ་ཁ་རུ་ཤེ་ཤག་ཤེ་པྲ་མ་ལ་མ་ཏྲ་ཁ་ཏྲག་སྭཱ་ཧཱ། དེ་ནས་ནོར་ལྷ་བསྒྲུབ་ན་བུམ་པ་བཅའ་ལ། བུམ་པར་འབྲུ་སྣ་དང་རིན་པོ་ཆེས་བཀང་ལ། མིས་མི་མཐོང་སར་སྦས་ཏེ། ཨོཾ་ཛི་བི་ལེ་ཛམ་པེ་ལེ་ཤེ་བ་ལ་མགོ་མེ་སྲུཾ་སྲུཾ་ཏྲུཾ་ཏྲུཾ་སྭཱ་ཧཱ།


DNG016_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ཕྲིན་ལས་འགྲུབ་བོ། །ཡུལ་བྱེས་ཡོར་དགྲ་མི་ཡོང་བར་བྱེད་ན། བྱེ་མ་ལ་བཟླས་ལ་ཕྱོགས་བཅུར་གཏོར་རོ། །ཨོཾ་ན་སེ་ན་སེ་ཧཾ་ཤིང་གར་གར་མ་རུ་ལུ་རུ་ལུ་ཕཊ་ཕཊ་བྷྱོ་བྷྱོ། བདག་གམ་གཞན་ལ་རྒྱལ་པོ་གནོད་ན་འདི་དག་གོ། །སྣེའུ་དང་། སྐྱེར་པ། གུ་གུལ་ལ་བཟླས་ལ་གཏོར། སུམ་པ་ཧ་ར་ཙ་པ་ཤ་ཞིལ་ཞིལ་ཤཱན་ཏི་སྭཱ་ཧཱ། མ་ཧཱ་རཱ་ཙ་ཤན་ཏི་སྭཱ་ཧཱ། རིགས་རྒྱུད་བཅད་ན། ལིངྒ་ཧོར་ཁྲིའི་སྒོ་ངར་བཅུག་ནས་སྔགས་འདི་དག་གོ། །ཨོཾ་མ་ཧཱ་ཀཱ་ལ་གྲ་པ་དེ་མོ་བདུད་རྣམས་རྔམ་རྔམ་སྭཱ་ཧཱ། དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། སྲོག་བདག་ཆེན་པོ་གསང་བའི་ལེའུ་སྟེ་བརྒྱད་ཅུ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཉིད་ཀྱིས་གནོད་སྦྱིན་ཀཱ་ལ་ཡཀྴའི་སྒྲུབ་ཐབས་འདི་གསུངས་སོ། །དུར་ཁྲོད་ཆེན་པོའི་གནས་དག་ཏུ། །དཀྱིལ་འཁོར་མཐིང་ནག་གྲུ་གསུམ་ལ། །ཟླ་གམ་གསུམ་དང་ལྡན་པར་བྱས་ལ། མེ་རི་བྲིའོ། །དེ་ནས་དབུས་སུ་གཤེད་པོ་དགོད། མདུན་དུ་གནོད་སྦྱིན་དགོད། མཚན་ལྡན་བྷནྡ་དུམ་བུ་གསུམ་པ་རུ། ཕུད་དང་སྙིང་ཁྲག་བསྲེ། དམ་རྫས་སོ། །རབས་ཆད་ཐོད་པ་གཅིག་ཏུ་ཉུང་ནག །མཚེ། ལན་ཚྭ། དུགས་དམེ་ཁྲག །དེ་ལྟར་བཀང་ལ་ལིངྒ་བྲུབ་བོ། །འཁོར་ལོ་བྲིས་ལ་ལིངྒ་བཅད་དོ། །དེ་ནས་སྐད་ཅིག་ལ་གནོད་སྦྱིན་བསྐྱེད་ལ། སྤྱན་དྲངས་ཏེ། ཨེ་ཧྱེ་ཧི་ཡག་ཤ་བར་ཤ་བི་བི་ས་མ་ཡ་སྭཱ་ཧཱ། ཞེས་སྤྱན་དྲངས་ལ་མཆོད་པ་སྣ་ཚོགས་བཤམས་ལ་མཆོད་དོ། །ཨོཾ་ར་ར་པེ་ས་པ་བུ་པུ་ཙཀྲ་མ་ཧཱ་པཱུ་ཛ་ཧོཿ། ཞེས་དབུལ་ལོ། །དེ་ནས་སྲོག་སྙིང་དྲངས་ཏེ། ཨོཾ་བྷ་ཧུ་རི་ཏི་ཛ་མ་ཀ་ལ། མ་གྷ་ལ་བག་ཤ་ཛ། རུ་ཏ་མ་རུ་རུ་ཛ། སྙིང་ལ་ཤར་ཤར་རུ་ཛ་སྲོག་དྲེང་དྲེང་ཐུཾ་ཛ། རྟགས་ནི་སྐུ་སྟོན། ས་གཡོ། དེ་ནས་དྲག་སྔགས་འདིས་བརྡེག་གོ། །ཨོཾ་ཛ་ལཾ་མ་ཧཱ། ཛ་ལཾ་དག་ཤ །བག་ཤ །སྡི་པུ་སད། དེ་ལ་ལཾ་བག་ཤ་སྭཱ་ཧཱ། ཞེས་བཟླས་ནས་འཁོར་ལོ་དང་། ཐོད་པ་ཆུ་མིག་ཏུ་སྦས་ན་ཁྲག་ཏུ་སྐྱུག་གོ། །དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། སྲོག་གཅོད་སྤུ་གྲིའི་ལེའུ་སྟེ་གྱ་གཅིག་པའོ།། །།


DNG016_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཡང་དྲག་སྔགས་འདི་དག་གོ། །ཨོཾ་བྷ་ཧུ་རི་ཏ་ཛ་ལ་ག་ལ་བག་ཤ་ཛ་སྲོག་ལ་དྲེང་དྲེང་རྦད། ཅེས་པ་འདི་ནི་དྲག་སྔགས་ཡང་དག་པའོ། །དེ་ནས་བསེ་ཞོ་དང་བཙན་དུག་ལ་སྔགས་ཏེ་བཟླས་ནས་ཤ་ལ་རེག་པའི་གོས་ལ་བསྐུས་ན། ལྷོག་པ་དཀར་པོར་འགྱུར་རོ། །ཡང་ན་སྐྲངས་སོ། །ཕག་པ་དང་སྤྱང་ཀིའི་མཆེ་བ་དང་། ཝ་རྟུག་དང་སྤྱང་རྟུག་ལ། ཉི་མའི་གུང་ངམ་ནམ་ཕྱེད་ན་སྔགས་དེ་བཟླས་ནས་མཁར་ལ་བརྒྱབ་ན་འཇིག་པར་འགྱུར་རོ། །ཐོག་འབེབས་པར་འདོད་ན། སྲིན་རྡོ། གདུང་ཆེན། ན་རི་རཾ་རྣམས་ཐོད་པ་དུམ་གསུམ་དུ་བླུགས་པར་ཡུགས་སའི་ཁྲག་དང་སྦྱར་ཏེ་སྔགས་དང་བཅས་པས་ལྷ་རྟེན་འོག་ཏུ་སྦས་ན་ཐོག་འབེབས་པར་འགྱུར་རོ། །དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། ཐོག་འབེབས་པའི་ལེའུ་སྟེ་གྱ་གཉིས་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་གདུག་པ་ཀླུའི་ཟླ་གསང་འདི་གསུངས་སོ། །བདག་ཉིད་ཁྱུང་གི་ང་རྒྱལ་གྱིས་སྔགས་འདི་བཟླ་བར་བྱ་སྟེ། ནཱ་དུ་ཏྲོ་སན་དྷྲི་ས་ལ་དུ་ས་ནི་པ་ར་སི་ཏི་སྭཱ་ཧཱ། ཁྲོས་པའི་ང་རྒྱལ་གྱིས། ཏ་ཀི་ཛ་དེ་བྱི་ཛཿ། དེ་ཧཱུ་ཡ་ཧཱུ་ཡ། ཧུ་ལུ་ཧུ་ལུ་སུ་རུ་ཏེ་སུ་རུ་སྭཱ་ཧཱ། དེ་ནས་རང་ཉིད་རྡོ་རྗེའི་བྱ་ཁྱུང་དུ་བསྐྱེད་ལ། སྤྱན་དྲངས་ཤིང་། བཞུགས་སུ་གསོལ་བ། ཕྱག་བྱ་བ། མཆོད་ཅིང་བསྟོད་པ་དང་བཟླས་པ་དང་བ་ལིཾ་དང་དཀར་གསུམ་འབྲུ་སྨན་གྱིས་མཆོད་ཅིང་། ཨོཾ་རཱ་ཛ་མ་ཧཱ་ག་རུ་ཊ། ཧཱུཾ་བ་ལིཾ་པཱུ་ཛ་བ་ལིནྟ་ཁཱ་ཧི། ཞེས་དབུལ་ལོ། །དེ་ནས་སྔགས་འདི་རྒྱུན་དུ་བཟླ། ཨོད་ཀཾ་ཨོད་ཀཾ་ཁྱུང་ཀར་ཁྱུང་ཀར། ཤ་མ་ར་དབྱིག་དུ། ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་ཧཱུཾ་ཕཊ། མཁའ་ལྡིང་གསོ་བའི་ལས་ཀྱི་མཆོད་པ་དང་བསྟོད་པ་ལའང་འབད་པར་བྱའོ། །དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། ཀླུ་སྒྲུབ་ཀྱི་ལེའུ་སྟེ་གྱ་གསུམ་པའོ།། །།དེ་ནས་ཡང་ཀླུའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་སྒྲུབ་པར་བྱེད་པ་འདི་གསུངས་སོ། །གང་དུ་བྱ་བའི་གནས་ནི་མཚོ་འགྲམ་དང་། ཆུ་མིག་དུར་ཁྲོད་སོགས་སུ་ཆ་མཉམ་པའི་མཎྜལ་བ་བྱུང་རྣམ་ལྔས་བྱུག་ཅིང་། ཧཱུཾ་ས་མ་ཡ་


DNG016_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་གྱིས་བྱིན་གྱིས་བརླབས་ལ་པདྨ་འདབ་བརྒྱད་མུ་ཁྱུད་ཅན། གྲུ་ཆད་སྒོ་དང་བཅས་པ་བྲིས་ལ། དབུས་སུ་གཉེན་པོ། འདབ་མ་ལ་ཀླུ་བརྒྱད་གྲུ་ཆད་བཞི་ལ་ཀླུ་མོ་བཞི་པོ་རྣམས་རང་སྔགས་དང་མིང་བྲི་ཞིང་རྒྱུན་དུ་བཟླས་པའི་ཡི་གེ་དགུ་པོ་འདི་གསུངས་སོ། །ཧཱུཾ་ནཱ་ག་རཱ་ཛ་ས་མ་ཡ་ཆེ་གེ་མོ་ཞིག་ཙིཏྟ་ཛ་ལ། ཞེས་བསྒྲུབ་པར་བྱའོ། །དེ་ནས་གྲུབ་པའི་རྟགས་མཐོང་བ་ན་དབང་བསྐུར་རོ། །དེའི་སྔགས་ནི། ཨོཾ་ཨཱཿཧཱུཾ་ནཱ་ག་ཡུ་ནཱ་ག་ཡུ། ནཱ་ག་ཡུ་རུ་ཛྭ་ལ་ནི། ནཱ་ག་ས་མ་ཡ་སྭཱ་ཧཱ། དམ་ཚིག་རྟེན་འདྲེལ་གྱི་སྙིང་པོ་འདི་ཡང་སྦྱིན་པར་བྱའོ། །ནཱ་ག་ལི་ལི་ཏྲི་ཡ་ས་ཏྲི་ནི་ཏྲ། ཟ་རོ་ཏྲི། ཏྲི་ཡ་ཀུ་རུ། ས་ཏྲི་ཡཾ་ཛཿ། ཧེ་ཧེ་ཧཱུཾ་ཧཱུཾ་བྷྱོ་ཛ། ཞེས་རྟེན་འདྲེལ་གྱི་སྙིང་པོ་ཡོངས་སུ་རྫོགས་པར་བྱའོ། །དེ་ནས་ཀླུའི་སྦྱོར་བ་ནི། ནཱ་ག་གང་ན་གནས་པའི་ས་བླངས་ལ་ཀླུའི་རྒྱལ་པོའི་གཟུགས་བྱས་ལུས་བཅུ་མགོ་གཅིག་སྦྲུལ་མགོ་བདུན་གྱིས་བརྒྱན་པ་གཡས་པས་རིན་པོ་ཆེའི་བུམ་པ། ཁ་དོག་མཐིང་ག་ལུས་ཀྱིས་ཆུ་སྲིན་མནན་པ་བྱས་ལ། ཨོཾ་ཕུཿའདི་ནི་འདིའི་རྒྱུ་ཡིན། ནཱ་ག་ར་ཛ་བ་སུ་ཀི་ནི་སྟྭཾ། ཞེས་པ་དེ་བཞིན་བསྐྱེད་ལ། ནཱ་ག་རཱ་ཛ་བ་སུ་ཀི་ནི་ཛ་ཛ། ཞེས་གཞུག་གོ། །དེ་ནས་བདག་ཉིད་ལྷར་བསམ་སྟེ་དྲག་པོའི་སྔགས་འདིས་གཏད་ལས་བྱ། ནཱ་ག་རཱ་ཛ་ཛཿཧཱུཾ་བཾ་ཧོཿ། ཆེ་གེ་མོ་ཨཱ་ཀཪྴ་ཡ། ཨཱ་ཀཪྴ་ཡ། ཧཱུཾ་ཙིན་ཡཾ་ཙིན་ཡཾ། ལེན་ཡང་ལེན་ཡང་། ནཱ་ག་ཆིངས། ནཱ་ག་སྡོམས། དེ་སྐད་ཅེས་ནི་རབ་ཏུ་བརྗོད། ཨོཾ་ལཾ་སུཾ་ལཾ་པྲ་ཏི་སྟ་ནན། སྡི་ཏ་སྡི་སྟ་ཆེ་གེ་མོ་ལཾ་ནན། སྟཾ་བྷ་ནན། ས་ནན། ཨོཾ་ནམ་ནམ་ཉི་ཁས་བྱེའུ་ཆར་ཁས། པྲ་ནན་པྲ་ཁས། ནཱ་ག་པུ་ནཱ་ག་པུ། ནཱ་ག་ལཾ་ནཱ་ག་ལཾ། དེ་ནས་དྲག་སྔགས་བཤད་བྱ་བ། ཨོཾ་བི་ཙ་ཏྲི་པ་ལ་ཀི་ལ་ཧཱུཾ་ཕཊ། བདུན་འབུམ་གྲངས། ཨོཾ་བི་ཙ་པ་ལི་ཀ་ཆུམས་ཆུམས་མྱོག་མྱོག་ཧཱུཾ་ཕཊ། བསྒྲུབ་པའོ། །གསད་པ་ནི། ཨོཾ་པི་ཙི་ཏྲི་ལི་ལི་ལི་ཀ་དྷ་ར་དྷ་ར་མཱ་ར་ཡ་ཧཱུཾ་ཧཱུཾ་ཕཊ། བརྒྱ་རྩ་བརྒྱད་བཟླས་ཤིང་ཆུ་མིག་གི་མདར། སྐྱེར་པ། བྲ་མ། ཀྱུ་རུ་དེ་ལ་མེ་བཏང་ཏེ། སྦྲུལ་ནག་པོའི་རོ་དང་། སྦལ་པ་ནག་


DNG016_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་རོ་དང་། སྡིག་པ་ནག་པོའི་རོ། སྡོམ་ནག་པོའི་རོ། དགྲ་བོའི་མིང་རུས་དང་བཅས་ཏེ་བསྲེགས་ནས་ཆུ་མིག་ཏུ་བླུགས་སོ། །ཡུལ་དུ་གཏོར་ན་མཛེ་ཡམས་སུ་འབབ་པོ། །དྷ་དུ་རའི་རྩ་བ་ཆ་སྙོམས་པོར་བྱས་ཏེ། སྔགས་དེ་བཏབ་ནས་བཏང་ན་གླང་ཐབས་སུ་འགུམ་མོ། །དྷ་དུ་ར་དང་། ཐང་ཕྲོམ། སུག་པ་བྱང་བ་རྣམས་ཆ་མཉམ་པར་དྲག་སྔགས་བཏབ་སྟེ་བཏང་ན་ཁྲག་བཤལ་བར་འགྱུར་རོ། །མེ་ཏོག་ལུག་མིག་དང་། ཁྱི་ཞོ་དང་། སྦྲང་རྒོད་གསུམ་སྦྱར་ཏེ་བཏང་ན། ཡན་ལག་སྐམ་ནས་འགུམ་མོ། །དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། ལེའུ་སྟེ་གྱ་བཞི་པའོ།། །།དེ་ནས་ཡང་རི་བོང་གི་ཤ་དང་། འུག་པའི་ཤ །སྐྱེར་པ་རློན་པའི་དུ་བས་བདུགས་ཏེ་བཏབ་ན། ཟ་འཕྲུག་གིས་འགུམ་མོ། །དུག་མི་ཟི་དང་དྲོད་སྨན་སྦྱར་ཏེ་བཏབ་ན་མིག་ལོང་ངོ་། །ཁ་ཤོག་པ་དང་། མགོ་འཁོར་བའི་རྫས། ལྷང་ཙེར་མ་དུག་ལ་སྦྱར་ན་སྨྱོ་བར་འགྱུར་རོ། །དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། ལེའུ་སྟེ་གྱ་ལྔ་པའོ།། །།དེ་ནས་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་དཔལ་འབར་ཁྲོ་བདག་རྗེ། །གདུག་བྱེད་ལྷ་སྲིན་འདི་དག་ལ། །གནད་དང་གཅུན་ཐབས་ཇི་ལྟ་བུ། །སྲོག་དང་བླ་རྡོ་ཇི་ལྟར་ལགས། །གཏད་ཐབས་དྲག་པོར་བསྡུས་པ་གང་། །ཞེས་ཞུས་པས་བཀའ་སྩལ་པ། ལེགས་སོ་ཕྱི་རབས་དོན་དུ་ལག་ན་རྡོ་རྗེས་ཞུས་པ་ལེགས་པས། ལྔ་བརྒྱ་དུས་ཀྱིས་ཉེན་པ་ལ། །དྲེགས་པ་ཁུགས་སུ་མ་བྱུང་ན། །སྲོག་བཙོན་དུ་བཟུང་བ་དང་ཤིས་བཤད་དེ། གཤིན་རྗེ་ནག་པོའི་སྲོག་ནི་གཤིན་ཡུལ་དམེན་ག་ན་ཡོད་དེ། ལྕགས་ཀྱི་སྡིག་པར་གནས་སོ། །གའུ་བཅའ་བར་མ་བཤད་དོ། །གསང་སྔགས་གོ་བཟློག་གནད་ཀྱི་མཆོག་ཡིན་ནོ། །དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། ལེའུ་སྟེ་གྱ་དྲུག་པའོ།། །།དེ་ནས་བདུད་ཐམས་ཅད་ནི་སྲོག་གཅིག་ཏུ་གནས་སོ། །གནས་ནི་བྲག་ནག་སྤུངས་པའི་རི་རབ་ན་གནས། བླ་རྡོ་ནི་རྡོ་ནག་པོ་


DNG016_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

སྣག་ཚ་འདྲ་བ་རྡོ་སོལ་ཡིན། བཅའ་བ་ནི་ལུག་གི་སྙིང་དུ་བཅུག་ལ། ར་རུ་དྲ་ཞེས་པའི་སྔགས་དང་བཅས་པ་དར་ནག་ཁུག་མར་གཞུག་གོ། །འཁུ་ན་བླ་རྡོ་འོག་ཏུ་གཞུག་གོ། །དེ་ནི་སྲོག་ཟིན་པ་ཡིན་ནོ། །དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། བདུད་ཀྱི་སྲོག་དང་བླ་རྡོའི་ལེའུ་སྟེ་གྱ་བདུན་པའོ།། །།བཙན་ནི་ནགས་ཚལ་མེའི་དགོན་པར་གནས། བླ་རྡོ་མེ་རྡོ་མཆིན་ཁ་ཡིན། སྲོག་ནི་ཛ་ཤུ་ཡ་ཞེས་བྲིས་ཏེ། ར་དམར་སྙིང་དུ་བཅུག་ལ། དར་ལེ་བརྒན་གྱིས་གྲིལ་ལོ། །འཁུ་ན་གོང་ལྟར་བྱ། མ་མོ་ནི་དུག་མཚོ་མེར་བའི་ནང་ན་གནས། བླ་རྡོ་ནི་གཡུ་རྡོ་ཡིན། སྲོག་ནི་མ་མ་རུ་ལུ་ཞེས་བྲིས་ཏེ། བྱ་ནག་གསེར་མིག་གི་སྙིང་དུ་བྲུབ་ལ། དར་སྔོན་ནང་དུ་གྲིལ་བྱའོ། །དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། བཙན་དང་མ་མོ་སྲོག་བཟུང་བའི་ལེའུ་སྟེ་གྱ་བརྒྱད་པའོ།། །།དེ་ནས་གཟའི་གནས་ནི་རི་རབ་ཀྱི་ཟོམ་ན་གནས། བླ་རྡོ་ནི་དཀར་ཕྲ་མེན་ཡིན། སྲོག་ནི་ར་ཀེ་ཏེ་སྭཱ་ཧཱ། ཞེས་པ་ར་རོག་གི་སྙིང་ཁུག་ཏུ་བཅུག་ལ། དར་ནག་ཏུ་གྲིལ་ཏེ་འཁུ་ན་གོང་ལྟར་བྱའོ། །ལྷ་དབང་ཕྱུག་ཆེན་པོ་ནི་འདོད་ཁམས་ཀྱི་ཡ་ཐ་ན་གནས། བླ་རྡོ་ཕ་བོང་ལོང་བུ་ཡིན། སྲོག་ནི་ཨ་དེ་ཝ་ཞེས་བྲིས་ནས། དར་སྨུག་པོས་གཏུམ་མོ། །དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། ལྷ་རྒོད་གཟའ་རྒོད་སྲོག་བཟུང་བའི་ལེའུ་སྟེ་གྱ་དགུ་པའོ།། །།དེ་ནས་གནོད་སྦྱིན་ནི་ནགས་ཚལ་དྲ་བ་ཅན་ན་གནས། བླ་རྡོ་ནི་ཕ་བོང་ལོང་བུ། སྲོག་ནི་ཀྵེ་ཡ་ཀྵ་བྲིས་ཏེ། དར་སྲུས་དཀར་བྱས་པའི་ནང་དུ་གཏུམ་ལ་བཅང་ངོ་། །རྒྱལ་པོ་ཉི་ཟླ་བརྩེགས་པ་ན་གནས། སྲོག་ནི་རཱ་ཙ་ཏྲི་ཡིན་ཏེ། ཁྱི་དཀར་ཙིཏྟར་དར་དཀར་གྲིལ་ལ་བཅང་། ཀླུ་ནི་རྒྱ་མཚོའི་གཏིང་ན་གནས། བླ་རྡོ་ནི་གཟི་ཟླུམ་ཡིན། ས་ནཱ་ག་ཞེས་བྲིས་ལ། སྦྲུལ་གྱི་པགས་པར་གཏུམ་མོ། །དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། གནོད་སྦྱིན་རྒྱལ་པོ་ཀླུའི་སྲོག་བཟུང་བའི་ལེའུ་སྟེ་དགུ་བཅུ་པའོ།། །།དེ་ནས་བཅོམ་ལྡན་འདས་ཉིད་ཀྱིས། དྲེགས་


DNG016_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཕོ་བདུན་མོ་དང་བརྒྱད་ཀྱི་དྲག་སྔགས་འདི་དག་གསུངས་སོ། །བསད་པ་དག་གི་བསྒྲུབ་པ་ལ། །དྲིལ་ཏེ་བསྒྲུབ་ལ་གཏོར་ཏེ་གཏད། །མཎྜལ་འཁོར་ལོ་རྩིབས་བརྒྱད་བྲི། །སྲོག་གི་སྙིང་པོ་འདི་དག་གོ། །དྲག་ཁ་འདར་ཤ་དུན། ཏྲི་ལིང་ཤང་ཀ་ཁ་དུན་རཀྴ་ཡ། ནཱ་ག་ར་ནི་རཀྟ་ཆུམས། ཙནྟྲ་རཀྴ་ཁ་དུན་ཡ། མ་མོ་རཀྨོ་ཙི་ཏ་ཁ། རཀྴ་ཡགྴ་ཁ་དུན་ཡ། ཨེ་ས་ཨ་ཀ་ཤུ་ལ་ཛ་ལ་རཾ། ཁ་དུན་རཀྴ་ཧྲི་དུན་ས་མ་ཡ། ཞེས་ཞག་ནི་བདུན་དུ་ངལ་དུབ་སྤང་། དེ་ནས་གཏད་པའི་ལས་བྱའོ། །དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། སྡེ་བརྒྱད་འགུགས་པའི་ལེའུ་སྟེ་གོ་གཅིག་པའོ།། །།དེ་ནས་ཡང་དྲེགས་པ་ཅན་དེ་དག་འགྲུབ་ནས། རི་རབ་ཆེན་པོའི་མཆོད་རྟེན་རབ་གནས་བྱས་པའི་ལྷ་འདྲེ་ཆགས་པ་གཅིག་ལ་གཏད་རྫོགས་པར་བྱས་ཏེ། རྟགས་བལྟ་བའི་ཕྱིར་རང་རང་ངོ་། །གཏའ་རཀྴ་ལ་གཏོར་དུ་གཞུག་པའི་ཕྱིར་རྟགས་ཐོན་ལ་གཏང་། དྲེགས་པ་འཁུ་བ་མི་འོང་བར་བྱ་བ་སྲོག་རྟེན་གའུ་བཅའ། རང་གིས་མ་ཉེས་པར་བྱས་ལ། དཔང་གཟུག །གྲུབ་མ་གྲུབ་རྗེས་དང་རྨི་ལམ་བརྟག །དམིགས་པའི་རྟེན་བཅའ་བའི་ཕྱིར་བཀའ་སྩལ་པ། གཏད་ཁྲམ་དྲག་པོས་དགྲ་ཕུང་བར་བྱ་བ་ཐོད་པ་དང་འཁོར་ལོ་བཅའ། དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། ལེའུ་སྟེ་གོ་གཉིས་པའོ།། །།དེ་ནས་ཡང་གཏད་སྔགས་ནི། ཏྲཀ་རཀྴ་ཁ་དར་རཀྴ་དུན། ཧ་ལ་ཡགྴ་ཡ་ནི་ཛ། ཏྲི་དུན་ཁ་ལ་ཏེ་ཡགྴ་རྦད། ཛ་དུན་ཁ་ལ་རཀྴ་ཡ། ཏྲི་ལིང་ཤ་ཀ་ཁ་དུན་རཀྴ་ཡ། ཤཾ་ཀ་དུ་ནི་ཡཀྴ་ཛ། མ་ནི་ཛ་དུར་ཡཀྴ་སྙིང་ལ་བྷྱོ། ནཱ་ག་ར་ནི་རཀྟ་ཆུམས། ནཱ་ག་རཀྴ་ཁ་དུན་ཛ། ཛ་ནི་རཀྴ་སྙིང་ལ་རྦད། ཁ་ལ་ཙེ་ནཱ་ག་སྙིང་ལ་ཡ། ཙནྡྷ་རཀྴ་ཁ་དུ་ན་ཡ། ཡཀྴ་ཧཾ་ཏིག་ཁ་ལ་ཡ། བི་རཱ་ཛ་ནི་སྙིང་ལ་རྦད། ཁ་རག་ཡཀྴ་ཡ་ནི་རྦད། མ་མོ་རཀྨོ་ཏྟ་ཁ། མ་མོ་རཀྨོ་སྙིང་ལ་ཛ། སྙིང་ཁྲག་ཁ་ལ་རཀྨོ་རྦད། མ་མོ་རཀྴ་སྙིང་ལ་ཡ། རཀྴ་ཡཀྴ་ཁ་ལ་དུན་ཡ། ཁ་རག་ནག་པོ་


DNG016_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་ལ་ཛ། ཡ་ག་ཡཀྴ་ཡ་ནི་རྦད། ཧ་རི་ཁ་ལ་རཀྴ་ཡ། ཨེ་པ་ཨ་ཤུག་ཛྭ་ལ་རཾ། རཀྴ་ཚལ་པ་ཨེ་ཛ་ཛ། མ་ར་གུ་ཏེ་ཤ་ཡ་སྙིང་ལ་རྦུད། ཤུ་བོ་རཀྴ་སྙིང་ལ་རྦད། ཁ་དུན་རཀྴ་ཧྲིང་ཧྲིང་ས་མ་ཡ་དུན། ཧྲིང་ཧྲིང་ཤག་པ་ཏྲི་ཡ། མི་ནི་རག་ཏྲ་སྲོག་ལ་རྦད། ཁྲཾ་བྷྱོ་ཏཾ་བྷྱོ་ལས་ལ་ཡ། དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། སྔགས་ཀྱི་ལེའུ་སྟེ་གོ་གསུམ་པའོ།། །།དེ་ནས་རྨི་ལམ་རྗེས་དང་ནི། །མངོན་སུམ་པ་ཡི་རྟགས་བསྟན་པ། །དམ་ཚིག་རབ་ལ་སྐུ་དག་སྟོན། །འབྲིང་ལ་མི་རྗེས་དང་ཐ་མ་རྨི་ལམ་མོ། །འཕྲོ་ལ་འཕྲོད་པ་དང་། ཟུར་བཞི་པ་ཕྲ་ལ་འཁྱུག་པ་ཟུར་གསུམ་པ། བཤལ་འདྲ་བ། བརྐོས་པ་འདྲ་བ། འཕྲས་ཚུལ་ཁ་དྲག་གོ། །རྨི་ལམ་ནི་འདབ་ཆགས་དང་། ཤ་རྐྱང་དང་། ཉ་སྦྲུལ་སྲམ་སྦལ་པ་དང་། འབྲི་གནག་དང་། ཁྱི་བུ་ཆུང་འབག །མེ་དང་། རྟ་པ་དང་། ཆུ་དང་། མཚོན་ཆ་དང་། མ་དང་ཆུང་མ་དང་། མ་བུ་འབྱུང་། དེ་ལྟར་བྱུང་ན་གཏད་པར་བྱ། དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། དྲེགས་པའི་རྟགས་བསྟན་པའི་ལེའུ་སྟེ་གོ་བཞི་པའོ།། །།དེ་ནས་ཡང་རྫས་བསྟན་པ་ནི། བླ་རྡོ་ལྔ་དང་བྱ་རྒོད་ཤ་སྙིང་དང་། བྱའི་ཤ་སྣ་གཉིས་དང་། བྱ་རྒོད་སྤོས་དང་། དྲི་སྣ་ཚོགས་དང་། སྔོན་པོ་རྟ་ཐོད་དང་། རྟ་སྔོན་སྙིང་དང་། སྟག་གཟིག་གི་གཟུགས་དང་སྙིང་དང་། གླང་ཆེན་ཐོད་པ་དང་། བ་དམར་གླང་དམར་སྙིང་དང་། བའི་འོ་མ་དང་། རྩི་སྨན་དང་། འབྲུག་དང་མངར་དང་། འབྲི་རོག་གི་ཐོད་པ་དང་། སྙིང་དང་ཤ་སྣ་དང་། ཤེལ་ནག་ཐོད་པ་དང་། བྱ་ལུག་སྨུག་ནག་གི་གཟུགས་དང་ཤ་དང་། རྟ་ནག་པོའི་ཐོད་པ་དང་། རྟ་ནག་ལུག་ནག་ཀྱུང་ཀའི་སྙིང་དང་། བྱ་སེ་བོའི་ཐོད་པ་དང་། བྱ་སེ་ལུག་སེ་གྲོ་བོའི་སྙིང་དང་། ཁྱི་དཀར་པོའི་ཐོད་པ་དང་། བྱ་དཀར་ཁྱི་དཀར་སྤྲེའུ་དང་། བྱི་ལ་དང་ར་དཀར་རོ། །དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། གཏའ་རྫས་དང་སྒྲུབ་རྫས་ཀྱི་ལེའུ་སྟེ་གོ་ལྔ་པའོ།། །།དེ་ནས་སྲོག་རྟེན་བཅའ་བ་རས་སམ་རྒྱ་ཤོག་ལ་འཁོར་


DNG016_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་རྩིབས་བརྒྱད་དུ་བྱའོ། །དབུས་ཟླུམ་པོར་བཞག །འཁོར་ལོ་ལ་བོད་སྔགས་བྲི། ཁྱུད་བསྐོར་དུ་རྦད་སྔགས་བྲི། མེ་རིས་བསྐོར་ཏེ་དབུས་སུ་བླ་རྡོ་བཀླུབས་ལ། བུ་མོ་མཚན་ལྡན་མའི་སྙིང་ལྤགས་སུ་ཕུར་ལ། ག་བུར་བཅུག་ལ་དབུས་སུ་གཞག་གོ། །དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། སྲོག་རྟེན་བཅའ་བའི་ལེའུ་སྟེ་གོ་དྲུག་པའོ།། །།དེ་ནས་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ། བཅོམ་ལྡན་འདས་དྲག་སྔགས་མགུར་དུ་དྲིལ་བ་བཤན་པ་སྤུ་གྲིའི་རྒྱུད་ལས། དང་པོ་ཇི་ལྟར་བྱུང་ཞིང་གང་ལས་བརྒྱུད། ཐ་མ་དར་དུས་ཇི་ལྟར་ཡིན། ཡོངས་སུ་རྫོགས་པའི་གཏད་ས་གང་། ཞེས་ཞུས་པས། ཉོན་ཅིག །ཐུགས་རྗེ་ཆེན་པོ་དང་ལྡན་ཆོས་ཀྱི་སྐུ། །མཉམ་པ་ཆེན་པོ་ཀུན་བཟང་སྐུ་དེ་ཡིས། །བསྟན་པ་རིན་པོ་ཆེ་ལ་རབ་ཏུ་དགོངས། །དུས་ངན་ལས་ཀྱིས་མནར་བས་ཞིང་བཅུ་གདུལ་སླད་དུ། །གུར་གུམ་འདྲ་ལས་ཆུ་ནག་ལྟ་བུར་སྤྲུལ། །དྲེགས་པ་བཏུལ་ཏེ་དུར་ཁྲོད་ཆེན་པོར་གསུངས། །དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། ལེའུ་སྟེ་གོ་བདུན་པའོ།། །།དུས་ནི་ལྔ་བརྒྱ་ཕྲག་བཅུ་ཟད་ཙམ་ན། །རིག་འཛིན་ཀུན་གྱི་དངོས་གྲུབ་ཡལ་ཙམ་ན། །དུས་གསུམ་སངས་རྒྱས་སྤྲུལ་པ་འཇིག་རྟེན་པ། །དྲེགས་པའི་དྲག་སྔགས་འདི་ཉིད་དར། །དེ་ཡི་དུས་སུ་དྲེགས་པ་ཅན་ཁྱེད་རྣམས་ཀྱིས། རྣལ་འབྱོར་པ་དམ་ལ་གནས་པ་རྣམས་བསྲུང་བ་དང་། བསྐྱབ་པ་དང་། ལས་བྱ་བ་ཅི་བཅོལ་བ་དང་། འཁོར་དང་ནོར་སྤེལ་བ་དང་། ཅི་ལ་ཅི་བསྐོས་པ་དེ་ལྟར་གྱིས་ཤིག །མཐུ་སྟོབས་ཀྱི་བདག་པོས་དཔང་མཛོད་ལ། གང་ཞིག་སློབ་དཔོན་སྤང་བ། དམ་ལ་མི་གནས་པ། དྲེགས་པ་ཅན། རང་དོན་ལ་དམིགས་པ། དེ་དག་ལ་ལྷ་སྲིན་གྱིས་ཆད་པས་ཆོད་ཅིག །དམ་ཚིག་དང་ལྡན་པ་རྣམས་ཀྱི་ལས་མི་བྱེད་ན། ཕྱག་ན་རྡོ་རྗེས་མགོ་ཁོས་ཤིག །ཅེས་གསུངས་སོ། །དཔལ་དྲག་སྔགས་ཟླ་གསང་ནག་པོ་བཤན་པ་སྤུ་གྲིའི་རྒྱུད་ལས། དུས་གར་དར་དང་། ལྷ་སྲིན་ལ་བཀའ་བསྒོ་བའི་ལེའུ་སྟེ་གོ་བརྒྱད་པའོ།། །།
དེ་ནས་ཡང་བཅོམ་ལྡན་འདས་ཉིད་ཀྱིས་འདི་སྐད་ཅེས་གསུངས་སོ། །ཆོས་ཉིད་རང་བཞིན་ཡེ་ནས་ལྷུན་གྲུབ་པ། །ཡེ་ཤེས་དཀྱིལ་འཁོར་རང་བྱུང་ཆེན་པོར་ཤར། །གདུག་པ་འདུལ་ཕྱིར་དྲེགས་པའི་སྲོག་སྙིང་ཕྲོགས། །བསྟན་བསྲུངས་ཐ་མར་གསང་བདག་ཁྱོད་ཉིད་དང་། །ལྷ་དང་མཁའ་འགྲོ་རྣམས་ལ་གཏད་དོ་ཐུབ་པར་ཆོངས། །ཞེས་རྒྱུད་ལྷ་སྲིན་ལ་གཏད་དོ། །དེ་ནས་ཡང་དྲེགས་པའི་བདག་པོ་ལག་ན་རྡོ་རྗེ་དང་། ལྷ་སྲིན་འཁོར་དང་བཅས་པས། མེ་ཏོག་ལ་སོགས་པ་བྱེ་བ་ཆར་དུ་ཕབ་ནས། མངོན་པར་བསྟོད་དོ། །གཙོ་བོ་ཉིད་ཀྱིས་བཀའ་སྩལ་ཉན་པར་རང་དམ་རང་གིས་བཅས་སོ། །དཔལ་དྲག་སྔགས་ཟླ་གསང་བཤན་པ་སྤུ་གྲིའི་རྒྱུད་ལས། རྒྱུད་གཏད་ཅིང་རྗེས་སུ་ཡི་རང་བའི་ལེའུ་སྟེ་གོ་དགུ་པའོ།། །། བཤན་པ་སྤུ་གྲིའི་སྔགས་རྒྱུད་རྫོགས་སོ།། །།བལ་པོའི་རྒྱལ་པོ་བ་སུ་དྷ་ར་དང་། བོད་ཀྱི་ལོཙྪ་བ་བདག་འདྲ་གནུབས་ཀྱི་བན་ཆུང་ཡང་དབང་གཏེར་གྱིས་ཡུལ་བལ་ཡུལ་གྱི་གནས་བྷ་ར་སའི་བྲག་ཕུག་ཏུ་བསྒྱུར་ཏེ་གཏན་ལ་ཕབ་པའོ། །རྣ་བརྒྱུད་བདུན་ལས། བཤན་པ་སྤུ་གྲིའི་དྲེགས་པ་སྣ་ཚོགས་ཟླ་གསང་དམོད་པ་དམ་པ་ཡིན་ནོ།། །།

དཔལ་དྲག་སྔགས་ཟླ་གསང་ནག་པོའི་རྒྱུད།


DNG016_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཤྲཱི་ཏྲག་ཁཾ་ཙནྡྲ་གྷུ་ཧྱ་ཏནྟྲ། བོད་སྐད་དུ། དཔལ་དྲག་སྔགས་ཟླ་གསང་ནག་པོའི་རྒྱུད། དཔལ་ཁྲོ་བོའི་རྒྱལ་པོ་ཡ་མཱནྟ་ཀ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། ལྷོ་ཕྱོགས་དུར་ཁྲོད་ཆེན་པོ་གཏུམ་དྲག་ཚལ། །རོ་མྱགས་དུར་ཁྲོད་སྟོང་གི་གནས། །རྒྱ་ཁྱོན་དཔག་ཏུ་མེད་པ་སྟེ། །གསེར་དང་གཡུ་ལས་གྲུབ་པ་སྟེ། །རབ་ཏུ་འཁོར་ལོ་ཁ་བཅད་ཅན། །ཁྲག་གི་རྒྱ་མཚོ་རབ་ཏུ་འཁྲུགས། །ཁྲག་དང་ཞག་ཀྱང་རབ་ཏུ་འཛག །རོ་ཡི་རྣམ་པ་བམ་དང་རོལ། །འཁུམས་དང་རབ་འཁུམས་གན་པ་དང་། །འགེལ་དང་རུས་པ་འབྲུལ་བ་དང་། །འཐོར་དང་རབ་ཏུ་ཡལ་བ་དང་། །མནམ་དང་རབ་ཏུ་ཆུ་སེར་འཕྲོ། །དུར་ཁྲོད་རོ་ལ་འདྲལ་བ་དང་། །གཤོག་དང་མཐུ་དང་ལོངས་སྤྱོད་ཆེ། །རབ་


DNG016_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་རྒོད་དང་རྒོལ་བ་དང་། །གོམས་པའི་སྟབས་ཀྱིས་གར་བྱེད་དང་། །ངུ་དང་ཆོ་ངེས་འདེབས་པ་དང་། །རབ་ཏུ་ལྟས་ངན་སྒྲ་རྣམས་སྟོན། །དཔའ་བོ་ཁྲོ་རྒྱལ་འཇམ་པའི་མགོན། །ཁྲོ་བོ་རྒྱལ་པོ་གདོང་དྲུག་དང་། །ཧ་ལ་ཧ་ལའི་སྒྲ་སྒྲོགས་དང་། །ས་ཡི་དཀྱིལ་འཁོར་བཞི་ཡི་ཁྱོན། །རྐང་པ་ཡ་གཅིག་མཐིལ་གྱིས་གནོན། །རྐང་མཐེབ་སེན་མོའི་ཁྱོན་གྱིས་ཀྱང་། །ཚངས་པའི་ཡུལ་ས་རྩེ་ནས་གནོན། །ཨོ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཤྲི་མཉྫུ་ཀཱ་ལ་རཱུ་པ། ཡ་མ་རཱ་ཛ་ས་དོ་མེ་ཡ། ཨུ་ཨུ་ཨུ། ཨུ་ནེ་ཨུ་ནེ་ཨུ་ནེ། ཨུ་གེ་ཨུ་གེ་ཨུ་གེ། བྱ་ཙ་ཡེ་དུ་རུ་ཧྲི་ཏ་ཡེ་སིདྷ་ཡེ། ཧ་ལ་ཡེ། ཆེ་གེ་མོ་མྱག་ཐུམ་རིལ་རྦད། ཁྲག་གི་རྒྱ་མཚོ་རབ་ཏུ་འཁྲུགས། །ཡེ་ཤེས་རླུང་ནག་རབ་ཏུ་འཁྲུགས། །དུར་ཁྲོད་མེ་ལྕེ་རབ་ཏུ་མཆེད། །རི་རབ་རྣམས་ཀྱང་རབ་ཏུ་འཐོར། །སྣང་སྲིད་འབྱུང་བ་འཁྲུགས་པ་ཡི། །འོད་དང་ཉི་མ་ཟླ་བ་དང་། །སྐར་མ་ལ་སོགས་རླུང་ནག་འཚུབས། །དྲེགས་པ་སྟོང་ཕྲག་བརྒྱད་ཅུའི་དཔོན། །རབ་ཏུ་དྲེད་དེ་རང་སྔགས་འདོན། །ཤྲཱི་བཛྲ་ཀྲོ་ཏ། ཨོཾ་ཡ་མ་ཡ། མ་མ་རུ་ལུ་རུ་ལུ་མ། དུན་ཏིང་ཀཱི་ལ་ཡ་ཏ། ཏིར་ཏི་ཀ་དུ། དུན་ཏིང་མེ། དེ་བ་ཨ། རཀྴ་ར་རཀྨོ་ར་རུ་ཏྲ་ནྲྀ། ཡཀྵ་ཀྵ། ཡཀ་མོཀྵ། ཤུ་ལ་ཛ། ག་དུ་མ་མ། ཧཾ་ཤཾ་ཏྲི། རཱ་ཙ་ཙ། མུན་མུན་པ། བཛྲ་སཱ་དུ་ཏྲི། རུ་ཏྲི་རུ། ས་ནཱ་ག་ཕུ། མིང་ཏྲིག་ནན། ཧུར་ཐུམས་ཛཿ། མཱ་རཱ་ཡ་རྦད། སྟོང་ཕྲག་བརྒྱད་ཅུའི་སྡེ་དཔོན་ཏེ། །བཅོ་བརྒྱད་འཁོར་དང་བཅས་པ་ཡིས། །རབ་ཏུ་དྲེད་དེ་རང་སྔགས་བཏོན། །དཔལ་དྲག་སྔགས་ཟླ་གསང་ནག་པོའི་རྒྱུད་ལས། གླེང་གཞི་བསྟན་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་ལག་ན་རྡོ་རྗེ་ཡིས། །དཔའ་བོ་གཤེད་ལ་འདི་སྐད་ཞུས། །ཨེ་མ་བདེ་བ་ཆེན་པོ་ཡབ། །ལྔ་བརྒྱ་བསྟན་པ་འཇིག་ཁ་རུ། །བསྟན་པ་བསྲུང་བའི་དྲག་སྔགས་གང་། །འཇིག་རྟེན་དྲེགས་པ་སྟོང་ཕྲག་དང་། །བརྒྱད་ཅུའི་སྡེ་དཔོན་གང་ལ་བགྱིད། །དེ་ལ་དྲག་སྔགས་ཇི་ལྟར་བརྡེག །ཉོན་ཅིག་ཟུང་ཞིག་རྡོ་རྗེ་འཛིན། །བསྟན་པ་སྲུང་བའི་དྲག་སྔགས་ལ། །བསྒྲུབ་


DNG016_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

དང་དམོད་པའི་ནུས་པ་ཡལ། །གདབ་པའི་མཚོན་ཆ་དྲག་པོ་སྟེ། །དགོད་ཀྱི་སྙིང་པོ་དག་ལ་ཡིན། །དེ་ལ་དྲག་སྔགས་སྡེབ་པའི་ལུས། །དགོད་དང་ཐེམས་དང་སྤུ་གྲིའོ། །དཔལ་དྲག་སྔགས་ཟླ་གསང་ནག་པོའི་རྒྱུད་ལས། ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་དག་ངེས་གསུངས་པ། །ཆོས་སྐུའི་རང་བཞིན་ཡེ་ནས་ལྷུན་གྱིས་གྲུབ། །དེ་ཉིད་རིག་པའི་དབྱིངས་ལས་མ་འགགས་པས། །ཡེ་ཤེས་དཀྱིལ་འཁོར་སྣང་ལ་རང་བཞིན་མེད། །ཡེ་ཤེས་རིག་པའི་ཐུགས་རྗེའི་རྩལ་ཤར་བས། །སྤྲུལ་སྐུ་སྣ་ཚོགས་གདུག་པ་འདུལ་ལ་མཁས། །ཐ་སྙད་རྟོག་ཚོགས་དོན་གྱིས་ཡང་དག་སྟོང་། །ཡེ་ཤེས་ལྷུན་གྱིས་གྲུབ་པའི་ལྷ་ཡིན་པས། །དེ་ལ་གསད་ཅིང་གནན་པར་བྱ་བ་མེད། །བདེན་པའི་དོན་དེ་མ་རྟོགས་པས། །སྡུག་བསྔལ་དག་གི་ཕུང་པོ་ལྔ་རུ་སྨིན། །ལུས་ངག་སེམས་ཀྱི་འདུ་བྱེད་ཀྱིས། །གཞན་ལས་ལྷག་པའི་དོན་རྙེད་པས། །དྲེགས་པའི་ལུས་དང་སེམས་སུ་སྨིན། །དེ་ལ་ལྡོག་དང་དྲག་སྔགས་སྡེབ་པ་ཡིས། །ཕན་བྱ་གནོད་བྱ་གཉིས་ཀ་འགྲུབ་པར་བཤད། །དཔལ་དྲག་སྔགས་ཟླ་གསང་ནག་པོའི་རྒྱུད་ལས། ལྷ་འདྲེའི་ལུས་གྲུབ་ཚུལ་གྱི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་དག་ངེས་གསུངས་པ། །སྔགས་ཀྱི་སྡེབ་ལུགས་འདི་ལྟ་སྟེ། །སྲོག་གི་སྙིང་པོ་བསྡེབ་པ་དང་། །ལས་ཀྱི་མ་བུ་བསྡེབ་པ་དང་། །བསྒྱུར་བ་སྤུ་གྲི་བསྡེབ་པ་དང་། །ལས་མཁན་གང་ཡིན་བསྡེབ་པ་དང་། །རང་གཤེད་གང་ཡིན་བསྡེབ་པ་དང་། །ལས་སྔགས་གང་ཡིན་བསྡེབ་པའོ། །དཔལ་དྲག་སྔགས་ཟླ་གསང་ནག་པོའི་རྒྱུད་ལས། རང་སྔགས་བསྡེབ་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་བདེ་བ་ཆེན་པོ་ཡི། །སྲོག་གི་རྣམ་གྲངས་བཤད་བྱ་བ། །བོད་པ་མིང་གི་སྲོག་གི་སྙིང་པོ་དང་། །གཟིར་བྱེད་རང་གནད་སྲོག་གི་སྙིང་པོ་དང་། །དབྲོག་བྱ་རྣམ་ཤེས་སྲོག་གི་སྙིང་པོ་དང་། །འཕྲོག་བྱེད་སྦྱོར་བ་སྲོག་གི་སྙིང་པོ་དང་། །གཅོད་བྱེད་མཚོན་ཆ་སྲོག་གི་སྙིང་པོ་དང་། །རྒྱུ་ལ་རྩ་དབུགས་སྲོག་གི་སྙིང་པོ་


DNG016_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །དྭངས་མ་ལྔ་འདུས་སྲོག་གི་སྙིང་པོ་དང་། །དམ་ཚིག་རྗེས་སུ་དྲན་པ་སྲོག་གི་སྙིང་པོའོ། །དེ་ལ་དྲག་སྔགས་བཤད་བྱ་བ། །ཨོཾ་བཛྲ་དུན་བྷྱོཿ། ཨརྱ་སི་ཏྲིག་སྣ་ཛ་ཛཱ། ས་མ་ཡ་སྟྭཾ། ཨེ་བཛྲ་པ་ནི་རོ་ཤ་ན་ཡ་ཧཱུཾ་ཕཊ། དྲག་སྔགས་རྒྱལ་པོ་འགོ་འདྲེན་རྒྱལ་པོ་འདྲ། བཛྲ་སརྦ་དུཥྚཱན། ཏྲིག་ནན་ཡ། ཧུར་ཐུམས་ཛ། མཱ་ར་ཡ་རྦད། བཀའ་ཡི་དམར་ལེན་ཆེན་པོ་སྟེ། ཤྲཱི་བཛྲ་ཀྲོ་དྷ། ཨོཾ་ཡ་མ་ཡ། རུ་ལུ་རུ་ལུ་མ། དུན་ཏིང་ཀཱི་ལ་ཡ་ཏ། ཏིར་ཏི་ཀ་དུ། རུ་དུ་ཏི་རུ་ཏྲ་དྷ། དུན་ཏིང་མེ། དེ་བ་ཨ། རཀྴ་ར། རཀྨོ་ར། རུ་ཏྲ་ནྲྀ། ཡཀྴ་ཀྵེ། ཡཀྨོ་ཀྵེ། ཤུ་ལ་ཛ། ག་དུ་མ་མ། རཱ་ཙ་ཙ། མུན་མུན་པ། བཛྲ་སཱ་དྷུ་ཏྲི་ཧཾ་ཤཾ་ཏྲི། རུ་ཏི་རུ་ས་ནཱ་ག་ཕུ། རྩ་བ་དག་དང་རྒྱལ་པོ་འདྲ། །རྣོ་མྱུར་དྲག་པོའི་མཚོན་ཆ་ཡིན། དཔལ་དྲག་སྔགས་ཟླ་གསང་ནག་པོའི་རྒྱུད་ལས། སྲོག་སྙིང་བསྡེབ་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་བདེ་ཆེན་དཔའ་བོ་ཡིས། །དྲག་སྔགས་བསྒྲུབ་པ་གསུངས་པ་ནི། །དྲག་པོ་ལས་ཀྱི་མཎྜལ་ནི། །ཕུང་ཤུལ་དག་གི་འཇིམ་པ་ལ། །གྲུ་གསུམ་སུམ་བརྩེག་དཔངས་སུ་བརྩིག །རྩེ་མོ་ལྷོར་བསྟན་ཟབས་སུ་བྲུ། །ཁ་སྟེང་ནག་པོ་རྩང་གིས་བསྐོར། །འདི་དག་ལས་ཀྱི་མཎྜལ་ཏེ། །བདག་ཉིད་ཡ་མཱན་ཏ་ཀ་ཡི། །སྤྱི་བོར་བྱ་ཁྱུང་སྙིང་གར་དཔལ། །ལྟེ་བར་རྡོ་རྗེ་གཞོན་ནུ་བསྒོམ། །མགྲིན་པར་པདྨ་དབང་ཆེན་བསྒོམ། །སྔགས་ཉིད་ལྷ་སྟེ་ལྷ་ཉིད་སྔགས། །ལྷ་ཉིད་དངོས་མེད་སྣང་སྟོང་ལ། །ངག་ནི་གྲག་སྟོང་མཚོན་ཆར་འཕྲོ། །ལུས་ཉིད་དྲེགས་འཇོམས་ཤ་ཟའི་ཚུལ། །འོད་ཟེར་བསྣོལ་མ་ཚ་ཚ་འཕྲོ། །ཚོགས་བརྒྱད་འཇོམས་པའི་སྤུ་གྲི་ཡིན། །རྒྱུ་དྲུག་གཅོད་པའི་རལ་གྲི་ཡིན། །དུག་ལྔ་འདྲལ་བའི་དགྲ་སྟྭ་ཡིན། །དུག་གསུམ་འཇོམས་པའི་དྲག་སྔགས་ཡིན། །བསྙེན་དང་བསྒྲུབ་པར་ཕྱེ་བ་མེད། །དཔལ་དྲག་སྔགས་ཟླ་གསང་ནག་པོའི་རྒྱུད་ལས། དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་འཁོར་གྱིས་འདི་སྐད་ཞུས། །རྣལ་འབྱོར་དམ་ཚིག་ལྡན་པ་ལ། །ལྔ་བརྒྱ་དུས་ཀྱི་སྙིགས་མ་ལ། །


DNG016_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་པ་ནང་རྒྱས་བྱུང་བ་ན། །བགེགས་རིགས་བསྲུང་བཟློག་ཅི་ལྟར་བྱ། །ལྔ་བརྒྱ་སྙིགས་མ་བྱུང་བ་ན། །བསྲུང་དང་བསད་པའི་ལས་བྱ་སྟེ། །རང་བཞིན་དྲག་པོ་བཙན་ཐབས་དང་། །དུག་ལྔ་གཤེད་ལ་བསྐོར་བ་དང་། །དུག་གསུམ་རང་ལ་བཟློག་པ་དང་། །འབྱུང་བ་གཤེད་ལ་བཟློག་པ་དང་། །མཚོན་ཆ་རང་ལ་བསྣུན་པ་དང་། །སྔགས་ཐུན་གཟེར་ལ་དབབ་པ་དང་། །ཚོགས་བརྒྱད་ཕུང་སྲི་བཟླས་པ་བྱ། །ཕུང་པོ་ལྔ་པོ་རྩད་བཅད་དེ། །རྒྱུ་དྲུག་འཁོར་བ་རྩད་ནས་བཅད། །ཨོཾ་ཨ་ཀྲོ་ཏེ་ཀ་ཧྲཱྀཿཤྟྲཱིཿདང་། ཨུ་ཨུ་དག་ནི་སྣ་ལ་དྲང་། ཨཱརྱ་ཧྲི་པ་ཏིཀྵྞ་ཨེ་བཛྲ་པཱ་ཎི་རོ་ཥ་ཎ་ཧཱུཾ་ཕཊ། བཛྲ་སརྦ་དུཥྚཱན། མིང་ཏྲིག་ནན། སྲོག་ཧུར་ཐུམས་ཛ། མིང་སྲོག་མཱ་ར་ཡ་རྦད། ཨེ་རང་ག་ཏེ་བ་ཤ་མོ་ཧ། ན་མ་ཨེ་རི་ཤ་བྷྱོ། བཛྲ་སརྦ་དུཥྚཱན། མིང་ཏྲིག་ནན། སྲོག་ཧུར་ཐུམས་ཛ། མིང་སྲོག་མཱ་ར་ཡ་རྦད། ཨེ་ཡཾ་བཾ་ལཾ་རཾ་བཛྲ་སརྦ་དུཥྚཱན། མིང་ཏྲིག་ནན། སྲོག་ཧུར་ཐུམས་ཛ། མིང་སྲོག་མཱ་ར་ཡ་རྦད། ཡ་མ་ར་ནིཙྪ་ཡེ་ཀྵ་ཡ། ཡ་ཀྵེ་ཡ་ར་ནི་ཡོ་ད་ཡ། ཡ་ད་ཡོ་ཎ་རུ་དོ་མེ་ཡ། ཡ་མེ་དོ་ས་ཙ་ར་མ་ཡ། བཛྲ་སརྦ་དུཥྚཱན། མིང་ཏྲིག་ནན། སྲོག་ཧུར་ཐུམས་ཛ། མིང་སྲོག་མཱ་ར་ཡ་རྦད། ཟོར་ཁ་དྲག་པོས་བསད་པ་ནི། ཨེ་ཀ་སྲོག་མྱགས་ཐུཾ་རྦད། ཐུཾ་རི་ལི་ལི། རྒྱུད་དྲུག་འཇོམས་པའི་རྒོད། ར་ནི་ཙ་ཡ་ཀྵེ་ཡ། ཡ་ར་ནི་ཡོ་ད་ཡ། ཡོ་ནི་རུ་དོ་མེ་ཡ། དོ་ས་རཱ་ཛ་ར་མ་ཡ། སྟོང་སྲོག་གཅིག་ཏུ་མ་འདུས་ན། །ཡུངས་ཀར་སྤང་ལ་གཏོར་བ་འདྲ། །སརྦ་ཤ་ཏྲུཾ་ཡ་མ་ཡ། ཨེ་ཧུར་ཐུམས་ཛ། སརྦ་ཤ་ཏྲུཾ་ཨེ་མཱ་ར་ཡ་རྦད། དཔལ་དྲག་སྔགས་ཟླ་གསང་ནག་པོའི་རྒྱུད་ལས། ཟབ་མོ་རྣམ་གྲངས་སྲུང་བཟློག་གི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཡང་དག་ངེས་གསུངས་པའི། །གསོད་པའི་སྦྱོར་བ་བཤད་བྱ་སྟེ། །འཁོར་ལོ་བྲི་བ་དྲེགས་པའི་གཟུགས། །རོ་རས་ཤིང་ཤུན་རྒྱ་ཤོག་ལ། །གྲུ་བཞི་མཐོ་ཡི་ཚད་དུ་བྱས། །འཁོར་ལོ་བཅོ་བརྒྱད་ཉིད་དང་སྦྱར། །དབུས་སུ་རྣམ་པར་གནས་པ་ལ། །ཟླ་གམ་རེ་ཆ་འཕྲོག་པ་ལ། །ཁྱུད་འཁོར་གཉིས་དང་ལྡན་པ་ལ། །དེ་ལ་རྩིབས་


DNG016_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་བཅས་ལ་བསད། །དབུས་སུ་རྣམ་པར་ཤེས་པ་ལ། །ཟླ་གམ་འཕྲོག་བྱེད་ཡི་གེ་བྲི། །རྩིབས་བཞི་སྤྱི་སྲོག་རྟེན་འདྲེལ་དྲག །བཞི་ལ་མཚོན་ཆ་ལྔ་བཞི་བྲི། །ཕྱི་རིམ་རྒོད་ཀྱི་ཡི་གེ་བྲི། །གཟུགས་བརྙན་རང་རང་བྲི་བར་བྱ། །ལིངྒ་དག་ལ་བསྡིམ་པ་ནི། །སྙིང་གར་སྲོག་གནས་མགྲིན་པར་ཧུར། །ལྟེ་བར་ཐུམས་དང་གསང་བར་ཛཿ། །ཀླད་པར་ཏྲིག་ནན་མགོ་སྟེང་དུ། །རྦད་ཅེས་མདུད་པ་གྲུ་བཞིར་བཅས། །དེ་དག་བསད་ལ་བརྡའ་ཡི་དྲག་སྔགས་འདི། །ཨེར་ག་དེ་བ་ཤ་མོ་ཨི་རི་ཤ་བྷྱོ། ཡ་མ་ཏྲིག་ནན། ནྲྀ་ཧུར་ཐུམས་ཛཿ། དགྲ་བོ་ཆེ་གེ་མོ་ནྲྀ་མཱ་ར་ཡ་རྦད། དེ་དག་གང་མོས་གང་བྱེད་གདབ། །མནན་པའི་དྲག་སྔགས་འདི་ལྟ་སྟེ། །ཨེ་ཡཾ་བཾ་ལཾ་རཾ། མིང་ཏྲིག་ནན་སྲོག་ཧུར་ནན་ཧུར་ཐུཾ། མིང་སྲོག་སྟམྦྷ་ཡ་ནན། དེ་དག་བསྲེག་པའི་ལས་བྱེད་ན། མིང་ཏྲིག་ནན། སྲོག་ཧུར་ཐུམས་ཛཿ། མིང་སྲོག་ཨག་ནེ་ཤ་ཏྲུཾ། ཛྭ་ལ་རཾ། དགུག་པ་གླད་དུ་བརྒྱ་བརྒྱ་སྟེ། མིང་ཏྲིག་ནན། སྲོག་ཧུར་ཐུམས་ཛཿ། མིང་སྲོག་ཨཾ་གུ་ཤ་ཛཿ ཛཿ། དཔལ་དྲག་སྔགས་ཟླ་གསང་ནག་པོའི་རྒྱུད་ལས། བསད་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཡང་དག་ངེས་གསུངས་པ། །བསྟན་པ་ལྔ་བརྒྱ་བྱུང་བའི་ཚེ། །སྐྱིན་ཐང་ཁྲག་ཏུ་དབབ་པར་བྱ། །སྡེ་དཔོན་དྲེགས་པ་བཅོ་བརྒྱད་ལ། །མནན་རྫས་མི་མཐུན་བཅོ་བརྒྱད་བསག །དམིགས་པའི་ཡུལ་ཉིད་གསལ་བར་བྱ། །ཐོད་པ་དག་ཏུ་དུག་ཁྲག་དང་། །སྔོ་དང་འབྲུ་རྣམས་ཟས་སུ་བསྔོ། །བདག་ཉིད་སྐུ་ལྔའི་རང་བཞིན་ལས། །ཡུལ་ཉིད་གཤེད་མས་གང་བ་ལ། །དམ་རྫས་མཁའ་འགྲོ་ཆུ་རླུང་འཁྲུགས། ཨེ་ཡཾ་བཾ་ལཾ་རཾ། མིང་ཏྲིག་ནན། སྲོག་ཧུར་ཐུམས་ཛཿ། མིང་སྲོག་པྲོཾ་པྲོཾ་ཧྲིལ་ཧྲིལ་ཤར་ཤར་ཕོབ། ཆེ་གེ་མོའི་ལོ་ཐོག་མཱ་ར་ཡ་རྦད། སྡེ་དཔོན་དྲེགས་པ་བཅོ་བརྒྱད་དཀྲུག །འབྱུང་བའི་དྲག་སྔགས་བཟླས་པ་ཡིས། །ཆུ་འཁྱགས་ཐོག་སེར་སྐྱིན་ཐང་དབབ། །འབྱུང་བ་དཀྲུགས་པས་སྲིད་པ་འཇིག །ཅེས་གསུངས་སོ། །དཔལ་དྲག་སྔགས་ཟླ་གསང་ནག་པོའི་རྒྱུད་ལས། སེར་བ་དབབ་


DNG016_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་ཡང་དག་ངེས་གསུངས་པ། །བགེགས་དང་ལོག་འདྲེན་གནན་པ་ན། །ཤོག་བུ་དག་ལ་གཟུགས་བྲིས་ལ། །གཡག་རུ་རྩེ་མོ་བཅད་པར་གཞུག །རྒྱ་གྲམ་ལམ་དུ་པུས་གང་བརྐོ་ལ་གནན། །གྲོ་ག་དག་ལ་གཟུགས་བྲིས་ལ། །གན་དུར་ཐེམ་བཅུག་སྐུད་དཀྲིས་ལ། །གོང་གསུམ་འདུས་པའི་ལམ་དུ་མནན། །གླང་རུར་མིང་བཅུག་ཕྱི་ཐེམ་འོག་ཏུ་མནན། །ར་ཁྱིའི་སོག་པར་མིང་བྲིས་ལ། །ར་ཁྱི་ཐོད་པ་སྦྲེལ་བྱས་ལ། །ཕྱི་ཡི་ཐེམ་པའི་འོག་ཏུ་མནན། །ཕག་པའི་ཐོད་པར་མིང་བཅུག་ལ། །ནང་གི་ཐེམ་པའི་འོག་ཏུ་མནན། །ཡུགས་སའི་ཞབས་མར་གཏུམ་ལ་སྤྱང་བྲུན་གྱིས་བྱུག་སྟེ། །མཛོ་རྟོལ་ཐོད་པ་རྟ་བོན་དུད་པས་བདུག །ཁྱི་དཀར་ཐོད་པར་སྒོག་པས་བདུག །སྔོན་ལ་འགྲམ་གྱི་འོག་ཏུ་མནན། །གུ་གུལ་བཙོང་སྒོག་ཕག་ཐོད་མནན། །གཏིབས་གྲིར་ཤི་བའི་ཐོད་པར་མིང་བཅུག་ལ། །རྫས་དུད་བདུག་ལ་མཆོད་རྟེན་འོག་ཏུ་མནན། །མཛེ་ཐོད་ནང་དུ་གུ་གུལ་ལ། །བདུག་ལ་ཚང་བང་ནང་དུ་མནན། །འཁོར་ལོ་གནས་སུ་མནན་ལ་རྒྱ་གྲམ་བཅད། །ཡང་ན་སྲིན་པོ་གདུག་པའི་ཐོད་པར་མནན། དཔལ་དྲག་སྔགས་ཟླ་གསང་ནག་པོའི་རྒྱུད་ལས། མནན་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་ཡང་དག་ངེས་གསུངས་པ། །རྦོད་གཏོང་འགྲན་དུས་རྟགས་བསྟན་པ། །རི་ཉིལ་མཁར་བཤིག་རང་གིས་ཉེས། །བཤགས་ལ་ལས་འདི་བརྩམ་པར་བྱ། །མོན་དང་ཞུབ་ཅན་མཛེ་བཙུན་གཤིན་རྗེ་སྟེ། །གཡག་དང་མུན་པ་སྲོས་པ་བདུད་ཡིན་ནོ། །རྟ་དང་བཙན་དང་རྗེ་དང་བནྡི་དགེ་བསྙེན་ཡིན། །བཙུན་པ་བུ་ཆུང་རྟ་བོང་དང་། །བཙུན་པ་མི་རིང་བཙད་པོ་རཱ་ཛའོ། །ན་ཆུང་རྒྱན་ལྡན་ཆགས་སྤྱོད་བདག་ཁྲིད་མ། །བུད་མེད་ཆང་དང་ར་གཡག་མི་མང་པོ། །ལྕི་འཐིབས་མི་སྤྲོ་ཡེད་ཡེད་མཁའ་འགྲོ་ཡིན། །མུན་སྲོས་རྒྱ་མཚོ་འཁྱིལ་པ་མ་བདུད་དེ། །བནྡི་མང་པོ་ཁྲོ་བོ་ལ། །སྐྱ་བཤར་མང་པོ་ཕུར་པའི་རྟགས། །བོན་པོ་མ་ཧཱ་ཀ་ལ་ཡིན། །ར་ལུག་རྡོ་རྗེ་ལེགས་པ་ཡིན། །ལོང་སྤྲང་མང་པོ་དམ་སྲི་མོ། །ཉ་ལྕིབས་ཀླུ་ལ་བ་གླང་ས་བདག་ཡིན། །


DNG016_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

གཡག་དང་ཁྱི་དམར་གཉན་གྱི་རྟགས། །སྐུ་དང་ལྷ་ཁང་ཆོས་འཁོར་དཔེ་དཀར་ཐེའུ་གྲང་སྟེ། །རིགས་འཛིན་དངོས་པོ་འོང་བར་བཤད། །དེ་དག་རྨི་ལམ་གང་བྱུང་གཟུགས་བྲིས་ལ། །དེ་ཡང་དང་པོ་བཟློག་དང་བསད་དང་བཤིག །ལས་མཇུག་གནན་པ་བྱ་བ་ཡིན། །སེམས་ཀྱང་གཟེངས་མཐོ་ལུས་ཀྱང་ཁྲོ་ཤུགས་ཆེ། །རྔམས་དང་ཉམས་དགའ་ལས་རྣམས་འགྲུབ་པར་བཤད། །དཔལ་དྲག་སྔགས་ཟླ་གསང་ནག་པོའི་རྒྱུད་ལས། རྟགས་ཀྱི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་ཡང་དག་ངེས་གསུངས་པ། །སྔགས་ཀྱི་སྡེབས་ནི་རྣམ་པ་གསུམ། །ཀླད་དུ་ཆེ་བ་རྒྱལ་པོ་འདྲ། །བར་དུ་ཐེབས་པ་རི་དྭགས་རྒྱར་ཚུད་འདྲ། །ཐ་མར་བསད་པ་སྤུ་གྲིའི་སོ་ཡིས་ཐབས་པ་འདྲ། །མིང་ནས་བོད་དེ་གཟིར་ལ་སྲོག་སྙིང་དབྲོག །གྲངས་ནི་འབུམ་ཚོ་གཅིག་ཏུ་བྱ། །དུས་ནི་ཟླ་གཅིག་ཡང་ན་བདུན་གསུམ་ཉི་ཤུ་གཅིག །དུས་ནི་མཚན་རྟགས་ངེས་ལ་བྱ། །དང་པོ་ནང་དམེ་དབྱུང་བ་ལ། །ནུས་པ་བཟློག་པ་བཤིག་དང་བསད། །བསྟེན་པའི་ལྷ་དེ་གཤེད་དུ་དབབ། །གཤིན་རྗེ་ལས་ལ་མི་འགྲོ་ན། །གཤིན་རྗེ་རང་སྲོག་རང་གིས་གཅོད། །དེ་ནས་ཡང་དག་བཤད་པར་བྱ། །རང་ལུས་ལྷར་བསྒོམ་རྡོ་རྗེ་ལ། །དྲེགས་པའི་སྲོག་ཤེས་ལྷ་སྲིན་འདུ། །སྦྱོར་བར་ཆོ་ཕུལ་གོ་མཚོན་ལྟར། །གཟས་པོ་བཀུག་སྟེ་ལུས་སེམས་དབྲལ། །རྣམ་ཤེས་ཕྲོགས་ལ་སྤུ་གྲིས་གདབ། །འབེན་བཙུགས་སྲོག་ལ་གཟིར་བ་རྒྱུ། །གཟས་པོ་རྩ་རྒྱུད་དམ་རྒྱུག་ཟ། །རང་ལུས་ཁྲོ་བོར་དུར་ཕུག་འགྲུབ། །འབྱུང་བ་དཀྲུགས་པས་སྲིད་པ་ཕུང་། །མེ་རླུང་སྦྱོར་བས་སྲིད་པ་ཆགས། །བསྲུང་བ་ལས་ཀྱི་ཕན་བྱ་བསྒྲུབ། །བསད་པས་དགྲ་བོ་ཁ་ཕུང་བྱེད། །དཔལ་དྲག་སྔགས་ཟླ་གསང་ནག་པོའི་རྒྱུད་ལས། ལས་ཁ་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ལས་ཀྱི་དྲག་སྔགས་བསྡེབ་པ་ཡིས། །བསྟན་པ་བསྲུང་བ་ཡང་དག་ཡིན། །བསད་པའི་ལས་ཁ་འདི་ལ་ཐུག །དགྲ་བོ་ཀླུ་ལ་གཏོད་པ་ན། །ཀླུ་མིང་གཟིར་ལ་ཀླུ་སྲོག་དབྲོག །སྨྱོ་སྤྱོད་རྒྱལ་པོ་ཁྲམ་ལ་བསྡུ། །དྲེགས་པ་
བཅོ་བརྒྱད་ལྷ་རུ་བསྒྲུབ། །བསྲུང་བ་བྱེད་ན་གང་གནོད་གཟིར། །ནད་ཀྱི་རིམ་པ་གང་ཡང་ཐུབ། །སྔགས་པ་ནང་རྒྱས་བྱུང་བའི་ཚེ། །ཚེ་སྲོག་འཇོམས་པའི་སྤུ་གྲི་འདི། །མཁའ་འགྲོ་དགྲ་ལ་སྤོ་བ་ཡིས། །མིང་དང་སྙིང་པོ་འདྲེལ་བས་བསད། །སྣ་འདྲེན་སྟོང་བཟླས་གྲོགས་དང་དབྲལ། །སྔགས་དང་རྫས་དང་ཏིང་འཛིན་གསུམ། །སྦྱོར་བ་གསུམ་དུ་བསྡེབ་པས་གཅོད། །ཡེ་ཤེས་ལྷ་དང་ལས་ཀྱི་འདྲེ། །མི་མཐུན་ལོག་འདྲེན་ཀུན་ཀྱང་སྒྲོལ། །མཚན་མ་ལྷ་ཡི་ཏིང་འཛིན་ཀྱང་། །འདུས་བྱས་ཡིན་པས་ཤིག་ལ་ཐོང་། །དེས་ན་ཐེག་པ་བརྒྱད་མན་ཆད། །བློ་ཡི་ཡུལ་ཆོས་མ་བརྟགས་པར། །སྲོག་དང་ལྷ་འདྲེ་ཞེས་སུ་བརྟགས། །དེ་ནས་ཡང་དག་བཤད་བྱ་བ། །རྟགས་རྣམས་རབ་ཏུ་རྫོགས་ཙམ་ན། །བྱང་ཆུབ་སེམས་དང་ལྡན་པ་ཡིས། །སྦྱངས་ལ་མཉམ་པ་ཉིད་ལ་ཞི། ། ཞེས་གསུངས་སོ། །དཔལ་དྲག་སྔགས་ཟླ་གསང་ནག་པོའི་རྒྱུད་ལས། ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་དཔའ་བོ་འཇིགས་བྱེད་ཆེ། །དུས་གསུམ་སངས་རྒྱས་ངོ་བོ་ཉིད། །ཡ་མཱནྟ་ཀ་ཆེན་པོ་དེས། །གསང་བདག་ལག་ན་རྡོ་རྗེ་ལ། །བྱིན་གྱིས་བརླབ་པའི་ཚུལ་གྱིས་གཏད། །དུར་ཁྲོད་རོ་མྱགས་ཆེན་པོ་རུ། །དྲེགས་པ་བཅོ་བརྒྱད་སྡེ་ལ་གཏད། །དེ་དག་མཁའ་འགྲོ་རིག་འཛིན་པས། །དུར་ཁྲོད་ཆེན་པོར་རང་རྒྱས་བཏབ། །རིན་ཆེན་གསེར་གྱི་གླེགས་བམ་ལ། །བཻ་ཌཱུརྻ་ནི་ཞུན་མར་བྲིས། ། རང་ནན་ཧཱུཾ་ཆེན་རྒྱས་བཏབ་ནས། །དེ་རྣམས་ཅི་ཡང་མི་སྣང་གྱུར། །དཔལ་དྲག་སྔགས་ཟླ་གསང་ནག་པོའི་རྒྱུད་ལས། རྒྱུད་གཏད་པའི་ལེའུ་སྟེ་བཅུ་བཞི་པ་རྫོགས་སོ།། །།དཔལ་དྲག་སྔགས་ཟླ་གསང་ནག་པོའི་རྒྱུད། བལ་པོའི་རྒྱལ་པོ་བ་སུ་དྷ་ར་དང་། བན་ཆུང་གནུབས་ཀྱི་བནྡི་ཡང་དབང་གཏེར་གྱིས། བྷ་ར་སའི་བྲག་ཕུག་ཏུ་མཁའ་འགྲོ་མ་དང་བཀའ་བགྲོས་ཏེ་བསྒྱུར་བའོ།། །།

འཕགས་པ་འཇམ་དཔལ་དྲི་མ་མེད་པའི་གསང་བའི་རྒྱུད།


DNG016_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱརྻ་མཉྫུ་ཤྲཱི་བི་མ་ལ་གུ་ཧྱ་ཏནྟྲ། བོད་སྐད་དུ། འཕགས་པ་འཇམ་དཔལ་དྲི་མ་མེད་པའི་གསང་བའི་རྒྱུད། འཕགས་པ་འཇམ་དཔལ་གཤིན་རྗེའི་


DNG016_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

གཤེད་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། སྔོན་འདས་པའི་དུས་མ་བྱུང་བའི་སྔོན་རོལ། ཆོས་ཀྱི་སྐུ་ཐིག་ལེ་ཉག་གཅིག་སྤྲོས་པ་ཐམས་ཅད་དང་བྲལ་ཞིང་རང་བཞིན་གྱིས་རྣམ་པར་དག་པའི་ངང་ལས་མ་གཡོས་བཞིན་དུ། བཅོམ་ལྡན་འདས་འཕགས་པ་འཇམ་དཔལ་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་ནས། ཉིད་ཀྱི་སྐུ་གསུང་ཐུགས་ལས་བྱུང་བའི་ཡོན་ཏན་སྤྲོས་པ་ནི། འཇམ་དཔལ་རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། ལས་དང་། དེ་བཞིན་གཤེགས་པ་དང་། ཡེ་ཤེས་ལྔར་ལྡན་པའི་ཚོམ་བུ་ཉི་ཤུ་རྩ་ལྔ་ལ་སོགས་ཏེ། བསམ་གྱིས་མི་ཁྱབ་པའི་འཁོར་མང་པོ་སྤྲོས་ཤིང་ཐམས་ཅད་ཀྱིས་བརྒྱན་པ་དང་། མི་ཟད་པ་རྒྱན་གྱི་འཁོར་གྱིས་བསྐོར་བ་ལ། འཇམ་དཔལ་སྤྲོས་བྲལ་གྱི་རྒྱས་བཏབ་ནས། ཡིད་ལ་མི་བྱེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། མི་རྟོག་ཆོས་ཀྱི་དབྱིངས་སུ་མནལ་ལོ། །འཕགས་པ་འཇམ་དཔལ་དྲི་མ་མེད་པའི་གསང་བའི་རྒྱུད་ལས། འདས་པ་སྔོན་བྱུང་བའི་ལེའུ་སྟེ་དང་པོའོ།། །།དེའི་ཚེ་དེའི་དུས་ན་རི་རབ་ཀྱི་འོག །གསེར་གྱི་ས་གཞི་སྤྲིས་མ་བདུན་ཡས་རིམ་གྱིས་ཆགས་པའི་འོག་ཆུའི་དཀྱིལ་འཁོར་གྱི་ཡང་འོག །རླུང་གི་དཀྱིལ་འཁོར་གྱིས་བཏེགས་པའི་སྟེང་དུ། གནམ་ལྕགས་ཀྱི་ཁང་པ་ཤིན་ཏུ་ཆེ་བ་བཅུ་བདུན་གནས་ཏེ། ཕྱོགས་ཕྱོགས་ཀྱི་ནང་ནི་མི་རོ་གསར་རྙིང་གིས་བརྩིགས་པ། འོག་ཁྲག་གི་རྒྱ་མཚོར་འཁྱིལ་པ། ཁ་ཟུར་ཀུན་རྣོ་བ། སྒོ་མེད་ཡིད་ཀྱི་སྒོ་ཅན་དེ་ལྟ་བུའི་ནང་ན་ཁམས་གསུམ་གྱི་སེམས་ཅན་ཟས་སུ་ཟ་ཞིང་གསོད་པ་ལས་ཀྱི་རྣམ་པར་སྨིན་པ་ཞེ་སྡང་དྲག་པོའི་མཐུ་ལས་གྲུབ་པའི། གཤིན་རྗེ་ནག་པོ་མཐར་བྱེད་བདུད་བྱེ་བ་གུང་རིང་ཞེས་བྱ་བ་དང་། དེའི་ཆུང་མ་དུས་མཚན་ནག་མོ་ཞེས་བྱ་བ་ཡི་དྭགས་ཐམས་ཅད་ཀྱི་གཙོ་མོ་བྱེད་ཅིང་། སྐྱེ་འགྲོ་ཐམས་ཅད་ཁྲམ་ལ་འདེབས་ཤིང་། ཟས་སུ་ཤ་ཁྲག་རློན་པ་ཟ་ཞིང་། སྲིད་པ་གསུམ་ལྟོ་ན་ཡོད་པ་གཅིག་དབུས་ཀྱི་ཁང་པ་ན་གནས་སོ། །དེ་གཉིས་ཀྱི་སྤྲུལ་པ་ལས་ཀྱི་གཤིན་རྗེའི་གཤེད་ཆེན་པོ་བཞི་བྱུང་སྟེ།


DNG016_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་རྒྱལ་པོ་མ་ཧེ་ནག་པོ་ལ་ཞོན་ནས་སྐྱེ་འགྲོ་ཐམས་ཅད་མགོ་འཁོར་བར་བྱེད་ཅིང་། སྲིད་པའི་རྒྱུ་ལས་འཛིན་པ་དང་། གསལ་ཤིང་ནག་པོ་གཤིན་རྗེ་ཡ་བ་ཏི། ཆུ་གླང་ནག་པོ་ལ་ཞོན་ནས་སྐྱེ་འགྲོ་ཐམས་ཅད་ཁྲག་ཏུ་སྐྱུགས་པར་བྱེད་ཅིང་སྲིད་པའི་གཞི་འཛིན་པ་དང་། མྱོས་བྱེད་འབར་བ་ཨ་བ་གླང་མགོ་ཅན་དུད་ཁ་ནག་པོ་རྡོ་རྗེ་རོ་ལངས་ནི་དྲེའུ་རྟ་རྐང་གསུམ་ལ་ཞོན་ནས། སྐྱེ་འགྲོ་མྱོས་ཤིང་བརྒྱལ་བར་བྱེད་ཅིང་སྲིད་པའི་ཁོག་དབུབ་པ་དང་། གསོད་བྱེད་སྨུག་ནག་རལ་པ་ཚར་དགུ་ནི། སྦྲུལ་ནག་པོ་ལ་ཞོན་ནས་སྐྱེ་འགྲོ་ཐམས་ཅད་གསོད་ཅིང་སྲིད་པའི་བྱན་བྱེད་པ་དང་བཞིར་བྱུང་ངོ་། །དེ་བཞི་ལ་མཐར་བྱེད་ར་ཙ་ཧ་ལ་ཡག་ཤ་མེ་དབལ་གཤེད་པོ་བཞི་ཞེས་བྱའོ། །དེ་བཞི་ལ་བཀའ་ཉན་བཞིར་ཡོད་དོ། །གཤིན་རྗེ་ཕྱ་སངས་ནི། ཆོས་ཀྱི་རྒྱལ་པོའི་འཁོར་ན་ལམ་རྒྱུད་ལྔ་ལ་དབང་བྱེད་པས་དེད་དཔོན་ཆེན་པོ་ཚངས་པ་ཀུན་དྲིལ་ཞེས་བྱ་སྟེ། ཉི་ཟླའི་འཁོར་ལོར་ཞོན་ནས་སྲིད་པའི་བསྐོས་འདེབས་ཤིང་གཅོད་སྦྱོང་བྱེད། གཤིན་རྗེ་ཏེལ་པ་ནི་ཡ་བ་ཏིའི་འཁོར་ན་དབུགས་ལེན་ཅིང་དབང་པོ་ཐེའུ་ཤན་ཞེས་བྱ་སྟེ། རླུང་གི་རྔ་མོ་ལ་ཞོན་ནས་སྲིད་པའི་དབུགས་ལེན་ཏོ། །དམ་སྲི་ནག་པོ་ལྕགས་ཀྱི་སྤྱང་མགོ་ཅན་གྱི་འཁོར་ན། བླ་ཚེ་འཕྲོག་པའི་དབང་པོ་འཆར་བྱེད་ཅེས་བྱ་སྟེ། སྨྱོ་འབོག་ཤ་བ་ལ་ཞོན་ནས་སྲིད་པའི་བླ་བརྐུའོ། །གཤིན་རྗེ་མིག་དམར་རལ་པ་ཚར་དགུའི་འཁོར་ན། སྲོག་གཅོད་པའི་བདག་པོ་མ་རུ་ཙེ་ཞེས་བྱ་སྟེ། ལྐུགས་པ་ལུག་ལ་ཞོན་ནས། སྲིད་པའི་སྲོག་གཅོད་པ་དང་བཞིའོ། །གཞན་ཡང་དེ་ལ་སོགས་ཏེ། འཇིག་རྟེན་གྱི་དྲེགས་པ་ཅན་ལྷ་མ་སྲིན་སྡེ་བརྒྱད་ཀྱི་འཁོར་དང་ཐབས་ཅིག་པས་འཇིག་རྟེན་གྱི་ཁམས་ཕུང་བར་བྱེད་པ་ལས། བཅོམ་ལྡན་འདས་འཕགས་པ་འཇམ་དཔལ་ཆོས་ཀྱི་དབྱིངས་ལས་མནལ་སད་དེ། དྲེགས་པ་ཅན་ཚར་བཅད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་མ་ཐག་ཏུ་གཏུམ་ཆེན་གཉིས་པོའི་ལྷར་གྱུར་ཏེ། བཙོ་མ་གསེར་གྱི་ཁ་དོག་ལ། །སྟང་ཟིལ་འདྲ་བའི་མདོག་ཏུ་བསྟན། །ཨུཏྤལ་སྔོན་པོའི་ཕྱག་མཚན་ནི། །གཤིན་རྗེའི་དབྱུག་པ་ནག་པོར་བསྟན། །འཇམ་


DNG016_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཞི་བའི་སྤྲུལ་པ་ན། །གཤིན་རྗེ་ཁྲོས་པའི་སྐུ་རུ་བསྟན། །ཞལ་དྲུག་ཕྱག་ཀྱང་བཅུ་གཉིས་སོ། །དབུ་དྲུག་སྐྲ་ཡང་གྱེན་དུ་འཁྱིལ། །ཞབས་ཀྱང་བཅུ་གཉིས་ཡི་དྭགས་མནན། །དུར་ཁྲོད་ཆས་ཀྱིས་རྣམ་པར་བརྒྱན། །འཇམ་དཔལ་ཁྲོས་པས་གཤིན་རྗེར་གྱུར། །རོ་ལངས་གཏུམ་མོས་གཡོན་ནས་འཁྲིལ། །གཡས་ན་བཀའ་སྡོད་ཛ་ཏི་མ། །དེ་ལྟར་ཡབ་ཡུམ་གཉིས་སུ་མེད་པའི་འཁོར་ཡང་འདི་ལྟ་སྟེ། གཤིན་རྗེ་ཆེན་པོ་བཞི་དང་། དེའི་ཡུམ་བཞི་དང་། ཕྱོགས་སྐྱོང་གཤིན་རྗེ་བཅུ་དང་། དེའི་ཡུམ་བཅུ་དང་། སྒོ་མ་བཞི་དང་། དེ་ལྟར་འཁོར་འབུམ་ཕྲག་བསམ་གྱིས་མི་ཁྱབ་པ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ཀུན་ཀྱང་འབར་ཞིང་ཁྲོ་ལ་རྔམ་པའི་ཆ་བྱད་ཅན་ལ། ཞལ་ནས་ཀྱང་ཧཱུཾ་ཧཱུཾ་དང་། ཕཊ་ཕཊ་དང་། ཧ་ལ་ཧ་ལའི་སྒྲ་སྒྲོགས་པ། དུར་ཁྲོད་འབར་བའི་གཞལ་ཡས་ཁང་། ནམ་མཁའི་རྒྱ་དང་མཉམ་པ་ལ། བར་ཁྱམས་དང་སྒོ་བཞི་དང་། རྟ་བབས་སུ་བཅས་པ་ལ། ཐོད་སྦྲུལ་དང་གཡང་གཞིས་བརྒྱན་ཅིང་ཡ་ང་བའི་རྩ་བའི་གདན་ལ་མ་ཧེ་ལ་སོགས་པ་དང་ཉི་ཟླས་མཚན་པ། ཡི་དྭགས་ཕོ་མོའི་བམ་གྲུ་གུ་ཐུལ་དུ་བརྫིས་པ་གཅིག་ཏུ་གྱུར་ཏོ། །དེའི་ཚེ་དེའི་དུས་ན་ཁྲོ་བོ་གཤིན་རྗེའི་གཤེད་པོས། ཁམས་གསུམ་དབང་དུ་སྡུད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱན་ཏ་ཀ་ཧ་ན་མ་ཐ་བྷན་ཛ་ཧཱུཾ་ཕཊ། ཅེས་པས་ཉི་མ་འབུམ་ལས་ལྷག་པའི་འོད་ཟེར་ཕྱོགས་བཅུར་བརྡལ་ནས། བསྐལ་པའི་འབྲུག་སྟོང་དུས་གཅིག་ན་ལྡིར་བའི་སྒྲ་བརྗོད་པས། སྟོང་གསུམ་གྱི་སྟོང་གི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱང་གཡོས་རབ་ཏུ་གཡོས་ཀུན་ཏུ་རབ་ཏུ་གཡོས་སོ། །འགུལ་རབ་ཏུ་འགུལ། ཀུན་ཏུ་རབ་ཏུ་འགུལ་ལོ། །ལྡེག་རབ་ཏུ་ལྡེག །ཀུན་ཏུ་རབ་ཏུ་ལྡེག་གོ། །འུར་རབ་ཏུ་འུར། ཀུན་ཏུ་རབ་ཏུ་འུར་རོ། །ཆེམ་རབ་ཏུ་ཆེམ། ཀུན་ཏུ་རབ་ཏུ་ཆེམ་མོ། །འཁྲུགས་རབ་ཏུ་འཁྲུགས། ཀུན་ཏུ་རབ་ཏུ་འཁྲུགས་སོ། །དེ་ལྟར་ཁམས་གསུམ་དབང་དུ་བསྡུས་ཤིང་སྲིད་གསུམ་ཟིལ་


DNG016_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་མནན། འཆི་བདག་གི་གྲོང་ཁྱེར་ཞབས་འོག་ཏུ་བརྫིས་པས། ལས་ཀྱི་གཤིན་རྗེས་རང་རང་གི་སྲོག་གསང་བ་ན། རླུང་སྲོག་མེའི་འཁོར་ལོ་གཅུན་པ་ལྕགས་ཀྱི་སྡིག་པ་ཁ་བརྒྱད་པས་མཚན་པར་གནས་ཏེ། ཡ་མ་སྙིང་ཤ་ཤ་ཛ་ཛ་དུན། ཡ་མ་སྙིང་རུ་པ་ན། ཨཱ་ཀཪྴ་ཡ་ཧཱུཾ་ཕཊ། ཅེས་སྲོག་ཕྲོགས་པས། ལས་ཀྱི་གཤིན་རྗེ་ཐམས་ཅད་གཅེར་བུ་ལ་ལྷགས་པས་བཏབ་པའམ། ཉ་བྱེ་ཚན་ལ་ཕོབ་བཞིན་འདར་ཡེད་ཡེད། མྱལ་རོད་རོད་སྐད་ལྷང་ལྷང་འོ་དོད་གནམ་ལ་འབོད་ཅིང་། ད་འཇིགས་བྱེད་ཆེན་པོས་ཅི་བགྱི་བ་བཀའ་ཉན་འབངས་སུ་མཆི། འབངས་ལ་ནན་ཏན་མ་ཆུང་ཞིག །ཞེས་ཟེར་ཏེ་རང་རང་གི་སྲོག་གི་སྙིང་པོ་མདོངས་གསོལ་ཏུ་ཕུལ་པ་ནི། ཡམ་མེ་ཏ་ཀྵེ་རཱ་ཛ་ས་དོ། རུ་ན་ཡོ་ནི། ར་ཡཙྪ་ནི། ཞེས་ཕུལ་ལོ། །འཇིག་རྟེན་གྱི་ལྷ་མ་སྲིན་སྡེ་བརྒྱད་ཀྱིས་ཀྱང་རང་རང་གི་དཔོན་དང་གཡོག་ཏུ་བཅས་ནས་ཀྱང་སྤྱི་སྲོག་གཅིག་ཏུ་དྲིལ་ནས་ཕུལ་པས། ཨཿཡཿམཿདུཿརུཿཙཿཤཿནཿལ། ཞེས་ཕུལ་ནས་བསྒོ་བའི་བཀའ་ཉན་པར་ཁས་བླངས་སོ། །དེ་ནས་བཅོམ་ལྡན་འདས་འཇམ་དཔལ་འཇིགས་བྱེད་ཆེན་པོ་དེས། ལས་ཀྱི་གཤིན་རྗེ་འཁོར་དང་བཅས་པའི་ཁར་རཀྟ་དམར་ཆེན་བླུགས་ནས། དམ་བསྒྲགས་ནས་ལུང་བསྟན་ཏེ། ང་ནི་དུས་གསུམ་སྔོན་དུ་བྱུང་། །ང་ནི་དུས་གསུམ་ཕྱིས་ཀྱང་བྱུང་། །ང་ནི་ད་ལྟར་མངོན་པའི་ལྷ། །དུས་གསུམ་འདི་ནི་ང་ཡི་དབང་། །ང་ཡི་བཀའ་ལས་མ་འདའ་བར། །དུས་གསུམ་བརྟེན་པའི་སྲུང་མ་གྱིས། །ཞེས་བརྗོད་པས། དམ་ཚིག་ཕྱག་རྒྱ་དམིགས་ལ་བརྟེན། །དམ་ཚིག་སྙིང་པོ་རྣམ་པར་གྲགས། །རྡོ་རྗེ་ཐ་ཚིག་སྙིང་ལ་བཞག །དམ་ཟན་དམ་ཆུ་ཁ་རུ་བླུད། །དམ་ཚིག་འདི་ལས་ཁྱོད་འདས་ན། །དམ་ཚིག་རྡོ་རྗེས་མགོ་འགས་ཤིང་། །ལུས་ཀྱང་ཐལ་བ་བཞིན་སོང་ནས། །སྙིང་ལ་ཟ་བྱེད་མེ་དཔུང་འབར། །ཨོཾ་ཧྲཱྀཿཤྟྲཱིཿབི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་དམ་བསྒྲགས་སོ། །ཕྱིས་ལུང་བསྟན་པ། སངས་རྒྱས་བསྟན་པ་མི་གནས་ཤིང་། །ཆོས་ཉིད་བདེན་པས་མི་ཐུལ་བའི། །ལྔ་བརྒྱ་ཐ་མ་བྱུང་ཙ་ན། །བསྟན་པ་ཐམས་ཅད་ནུབ་པ་ན། །ལས་ངན་མཚམས་


DNG016_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

མེད་བྱེད་པ་དང་། །ཟས་ངན་ལྕི་བ་ཟ་བ་དང་། །གོས་ངན་དུག་ཧྲུལ་གོན་པ་དང་། །དམ་ཚིག་ཉམས་པ་མང་བ་དང་། །འདུལ་བའི་སྒོ་ལ་བབས་པའི་ཚེ། །མ་མོའི་བསྟན་པ་བྱུང་བའི་ཚེ། །བསྟན་པ་ནུབ་ལ་ཉེ་བའི་ཚེ། །མུ་སྟེགས་བསྟན་པ་དར་བའི་ཚེ། །དེ་ཚེ་བསྟན་པའི་སྲུང་མ་གྱིས། །ཞེས་ལུང་བསྟན་ཏེ་ཐ་ཚིག་བཅས་སོ། །གཤིན་རྗེ་ཆོས་ཀྱི་རྒྱལ་པོས་འཁོར་ཚོགས་བྱ་བར་དམ་བཅས་སོ། །ཡ་བ་ཏིས་གདན་མཆོག་བྱ་བར་དམ་བཅས་སོ། །ཨ་བ་གླང་མགོ་ཅན་གྱིས། བྲན་མཆོག་བྱ་བར་དམ་བཅས་སོ། །རལ་པ་ཚར་དགུས་ཕོ་ཉ་བྱ་བར་དམ་བཅས་སོ། །ཕྱ་སངས་ཀྱིས་བསྐོས་མཁན་བྱ་བར་དམ་བཅས་སོ། །རྨིག་པས་རྩིས་མཁན་བྱ་བར་དམ་བཅས་སོ། །ཏེལ་པས་ཁྲམ་པ་བྱ་བར་དམ་བཅས་སོ། །མིག་དམར་གྱིས་སྲོག་གཅོད་པ་བྱ་བར་དམ་བཅས་སོ། །གིང་ཆེན་པོ་བཅོ་བརྒྱད་ཀྱིས་སྒྲོལ་གིང་བྱ་བར་དམ་བཅས་སོ། །འཕགས་པ་འཇམ་དཔལ་དྲི་མ་མེད་པ་གསང་བའི་རྒྱུད་ལས། གདུལ་བྱ་དྲག་པོའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེའི་གཤེད་པོ་ལ། དཔལ་རྡོ་རྗེ་འཆང་ཆེན་པོས་བསྟན་པའི་རྒྱུད་ཀྱི་དོན་རྒྱས་པར་ཞུས་སོ། །ཨེ་མའོ་འཇིགས་བྱེད་ཆེན་པོ་ལགས། །ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །སྟོན་པ་བསྟན་པ་དུས་གསུམ་དུ། །མི་ནུབ་འཛིན་ཅིང་བསྲུང་བ་ལ། །ལྟ་སྤྱོད་དབང་དང་དམ་ཚིག་དང་། །སྒྲུབ་དང་ཕྲིན་ལས་ཁྱད་པར་དང་། །ངོ་བོ་ངེས་ཚིག་དབྱེ་བ་རྣམས། །འཇིགས་བྱེད་ཆེན་པོས་བཤད་དུ་གསོལ། །ཞེས་གསོལ་པས། ཁྲོ་བོ་འཇིགས་བྱེད་ཆེན་པོས་བཀའ་སྩལ་པ། ཉོན་ཅིག་དཔལ་ལྡན་རྡོ་རྗེ་འཆང་། །གདུལ་དཀའ་འདུལ་བ་རྣམས་ཀྱི་མཆོག །དཔའ་བོ་འཇིག་རྟེན་གསུམ་ལས་རྒྱལ། །དྲི་མ་མེད་པའི་གསང་རྒྱུད་ལས། །བལྟ་བའི་ཁྱད་པར་བསྟན་པ་ནི། །ཡོ་ག་རྣམ་པ་གསུམ་དུ་བསྟན། །གཟུགས་སྣང་སྒྲ་གྲགས་སེམས་རྟོག་ཀུན། །གཤེད་པོ་གཙོ་འཁོར་སྐུ་གསུང་ཐུགས། །ཀུན་རྫོབ་དཀྱིལ་འཁོར་ཐབས་སུ་བལྟ། །དོན་དམ་རང་བཞིན་མེད་པར་


DNG016_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

བལྟ། །ཐབས་དང་ཤེས་རབ་དབྱེར་མེད་དུ། །རྣལ་འབྱོར་མ་ཧཱ་ཡོ་ག་བལྟ། །གཤེད་པོ་གཙོ་འཁོར་ཀུན་རྫོབ་དེ། །དོན་དམ་སྤྲོས་བྲལ་ཆོས་ཀྱི་དབྱིངས། །རང་རིག་ཡེ་ཤེས་གཉིས་མེད་དུ། །ཤིན་ཏུ་རྫོགས་པའི་རྣལ་འབྱོར་བལྟ། །གཤིན་རྗེ་གཤེད་པོའི་གཙོ་འཁོར་དེ། །རང་བྱུང་ཡེ་ཤེས་རོལ་པའི་སྐུ། །ལོངས་སྤྱོད་རང་ལ་རྫོགས་པའི་རྒྱན། །ཡོན་ཏན་ཐམས་ཅད་འབྱུང་བའི་གཏེར། །རང་བཞིན་ལྷུན་གྱིས་རྫོགས་པའི་སྐུ། །རྫོགས་པ་ཆེན་པོའི་རྣལ་འབྱོར་བལྟ། །ཀུན་རྫོབ་ལྷ་ཡི་དཀྱིལ་འཁོར་བཞི། །དམིགས་པ་རྟེན་གྱི་དཀྱིལ་འཁོར་དང་། །དམ་ཚིག་སེམས་དཔའི་དཀྱིལ་འཁོར་དང་། །རང་བཞིན་གྲུབ་པའི་དཀྱིལ་འཁོར་དང་། །ལས་ལས་གྲུབ་པའི་དཀྱིལ་འཁོར་བཞི། །དམིགས་པ་རྟེན་གྱི་དཀྱིལ་འཁོར་ནི། །འབུར་རམ་རིས་སུ་བྲིས་པའོ། །དམ་ཚིག་སེམས་དཔའི་དཀྱིལ་འཁོར་ནི། །མི་ཡེངས་ཏིང་འཛིན་བརྟན་པ་དང་། །རྡོ་རྗེ་ལས་སུ་རུང་བའོ། །རང་བཞིན་གྲུབ་པའི་དཀྱིལ་འཁོར་ནི། །ཆོས་ཉིད་སྐུ་ལས་མ་གཡོས་བཞིན། །ལོངས་སྤྱོད་རྫོགས་སྐུར་གནས་པའོ། །ལས་ལས་གྲུབ་པའི་དཀྱིལ་འཁོར་ནི། །རང་རྒྱུད་ས་བོན་རྩུབ་མོ་ཡིས། །ཆོས་ཉིད་སྒྱུ་མར་མ་རྟོགས་ཏེ། །ལས་ལས་གྲུབ་པའི་དྲེགས་པ་ཅན། །ང་དང་བདག་ཏུ་འཛིན་པའོ། །འཕགས་པ་འཇམ་དཔལ་དྲི་མ་མེད་པའི་གསང་རྒྱུད་ལས། ལྟ་བ་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །རྣལ་འབྱོར་པ་ཡི་སྤྱོད་པ་ནི། །ཀུན་རྫོབ་ལྷ་ཡི་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྣམ་པ་ལྔ། །ཁྱད་པར་ཐབས་ཀྱི་སྦྱོར་སྒྲོལ་རྣམས། །དོན་དམ་རང་བཞིན་མེད་པས་ན། །ཐབས་དང་ཤེས་རབ་གཉིས་མེད་སྤྱོད། །ཤིན་ཏུ་རྣལ་འབྱོར་སྤྱོད་པ་ནི། །ཀུན་རྫོབ་ལྷ་ཡི་དཀྱིལ་འཁོར་ཏེ། །དོན་དམ་རྣམ་དག་ཆོས་ཀྱི་དབྱིངས། །རིག་པ་ཡེ་ནས་གཉིས་མེད་པས། །དབྱིངས་ལ་ཡེ་ནས་རོལ་པར་སྤྱོད། །ཤིན་ཏུ་རྣལ་འབྱོར་སྤྱོད་པ་ནི། །ཀུན་རྫོབ་ལྷ་ཡི་དཀྱིལ་འཁོར་ཏེ། །དོན་དམ་རྣམ་དག་ཆོས་ཀྱི་དབྱིངས། །རང་རིག་ཡེ་ཤེས་གཉིས་


DNG016_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པས། །དབྱིངས་ལས་ཡེ་ཤེས་རོལ་པར་རྫོགས། །རྫོགས་པ་ཆེན་པོའི་སྤྱོད་པ་ནི། །ཀུན་རྫོབ་ལྷ་ཡི་དཀྱིལ་འཁོར་ཏེ། །རང་བྱུང་ཡེ་ཤེས་དངོས་མེད་པས། །མ་བཙལ་མཉམ་པ་ཉིད་དུ་གནས། །མ་ཆགས་དགག་བསྒྲུབ་མེད་པར་སྤྱོད། །འཕགས་པ་འཇམ་དཔལ་དྲི་མ་མེད་པ་གསང་བའི་རྒྱུད་ལས། སྤྱོད་པ་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །དྲི་མེད་དབང་ལ་རྣམ་པ་གསུམ། །ཐུན་མོང་ཐུགས་རྗེའི་དབང་དང་ནི། །ཁྱད་པར་ཡེ་ཤེས་དབང་དང་གཉིས། །ནང་གི་དབང་ཆེན་བསྐུར་བ་གསུམ། །ཐུན་མོང་དབང་ལ་རྣམ་པ་གསུམ། །ཕན་པའི་དབང་དང་ནུས་པའི་དབང་། །རིམ་པ་ཆུད་མ་ཟོས་པར་ནི། །མོས་ཤིང་དད་པའི་སྟོབས་དང་སྦྱར། །ཕན་པའི་དབང་ལ་རྣམ་པ་བཞི། །དགྲ་བགེགས་ཞི་བའི་དབང་བསྐུར་ན། །ས་ཕྱོགས་ཟླ་བ་ཉ་ལྟ་བུར། །མཎྜལ་བྱི་དོར་བྱས་པ་ལ། །གླང་ཆེན་ཀླད་པས་ཆག་ཆག་གདབ། །ཏཱ་ལའི་ཤིང་ལ་དགྲ་བགེགས་གཟུགས། །མཎྜལ་ལ་གནས་ཏིང་འཛིན་བསྡིམ། །བྱམས་དང་སྙིང་རྗེ་མ་ལྟ་བུས། །ཐུགས་རྗེས་གཟུང་བར་གསོལ་བ་བཏབ། །གསང་སྔགས་འདི་བཟླས་ཞི་བར་བྱ། །ཨོཾ་ཧྲཱྀཿཤྟྲཱིཿཝི་ཀྲྀ་ཏཱ་ན་ན། ཆེ་གེ་མོ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། བསོད་ནམས་རྒྱས་པའི་དབང་བསྐུར་ན། །རིན་ཆེན་འབར་བའི་ས་ཕྱོགས་སུ། །མཎྜལ་བྱི་དོར་བྱས་པ་ལ། །གུ་གུལ་དག་གིས་ཆག་ཆག་གདབ། །རྡོ་རྗེ་ཚེ་དང་བུམ་པ་ལ། །ཏ་ལའི་བྱང་བུར་འདོད་གསོལ་གདབ། །མཎྜལ་ལ་གནས་དམིགས་པའི་རྟེན། །ཡིད་བཞིན་གཏེར་གྱི་དགོངས་པ་ཡིས། །ཨོཾ་ཧྲཱྀཿཤྟྲཱིཿཝི་ཀྲྀ་ཏཱ་ན་ན་པུ་ཏྲ་ཨཱ་ཡུརྫྙཱ་ན་ཚེ་ཨ་པ་ན་ཡ་བྷཱུྃ་སྭཱ་ཧཱ། ཁམས་གསུམ་རང་གིས་དབང་འདོད་ན། །ས་ཕྱོགས་ཟླ་ཚེས་པདྨ་རུ། །མཎྜལ་བྱི་དོར་བྱས་པ་ལ། །པདྨ་རཱ་གའི་ཆག་ཆག་གདབ། །བླ་གབ་མེད་པའི་ལོང་ཚད་ལ། །བྱང་ཆུབ་སེམས་ཀྱིས་འདོད་པ་བྲི། །མཎྜལ་དེ་ལ་དམིགས་པ་བརྟེན། །བརྟན་པ་ཐོབ་ནས་གསང་སྔགས་བཟླས། །ཁམས་གསུམ་དབང་སྡུད་དགོངས་པ་


DNG016_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས། །གང་འདོད་རང་དབང་འགྱུར་བར་བྱ། །ཨོཾ་ཧྲིཿཤྟྲཱིཿབི་ཀྲྀ་ཏཱ་ན་ན་བ་ཤང་ཀུ་རུ་སྭཱ་ཧཱ། དྲག་པོས་ཚར་གཅོད་དབང་བསྐུར་ན། །ས་ཕྱོགས་གྲུ་གསུམ་ཧེ་ཞལ་དུ། །མཎྜལ་བྱི་དོར་བྱས་པ་ལ། །ཁྲག་ཆེན་དག་གིས་ཆག་ཆག་གདབ། །ཞིང་རས་གཤེད་པོའི་གཟུགས་གནས་ལ། །མཎྜལ་སྟེང་གནས་དམིགས་པ་བསྡིམ། །གདུག་པ་སྦྲུལ་གྱི་བསམ་ལྟ་བུས། །གསང་སྔགས་བཟླས་ཤིང་འབྱུང་བར་བྱ། །ཨ་ཨེ་དྷྲི་མ་མ་ཨེ་དྷྲི་ཧཱུཾ། གསང་སྔགས་ཚད་དུ་ཕྱིན་པ་དང་། །གཤེད་པོས་དགྲ་བགེགས་ཚར་གཅོད་འགྱུར། །གང་མོས་དད་པས་གདུང་བ་ལ། །ཐུན་མོང་སྙིང་རྗེས་སྐྱོབ་པར་ངེས། །ནུས་པའི་དབང་ནི་རྣམ་པ་བཞི། །ཉན་བཤད་བསྒོམ་བསྒྲུབ་འགྲོ་དོན་རྣམས། །རིམ་པའི་ངེས་པ་རྙེད་པ་ནི། །གང་ལ་མོས་པ་དེ་ལ་བསྐུར། །ཉན་པར་ནུས་པའི་དབང་འདོད་ན། །ཁྲིའུ་དང་པོ་ཏི་ཉན་པ་རྣམས། །མ་རིག་སྒོ་ངའི་སྦུབས་ཕྱེ་ལ། །སྲིད་པའི་དྲ་བ་བཅད་པ་དང་། །ཉོན་མོངས་མ་ལུས་ཞི་བྱས་ལ། །འཁོར་བའི་ཕ་རོལ་ཕྱིན་པར་བསྐུར། །འཆད་པར་ནུས་པའི་དབང་འདོད་ན། །སེང་གེའི་ཁྲི་དང་པོ་ཏི་དང་། །ཕྱག་ཤིང་རྡོ་རྗེའི་རྩེ་རྣམས་ཀྱི། །འཁོར་བ་ཟིལ་གྱིས་མནན་པ་དང་། །ལམ་ལྔ་རིམ་གྱིས་བགྲོད་པ་དང་། །ས་རྣམས་མཉམ་པར་སྦྱོར་བ་དང་། །འཁོར་འདས་ལ་ཤན་འབྱེད་པར་བསྐུར། །བསྒོམ་བསྒྲུབ་ནུས་པའི་དབང་འདོད་ན། །ཤེས་རབ་ཏིང་འཛིན་ཡོ་བྱད་ཀྱིས། །མཉམ་གཞག་རྗེས་ཐོབ་བརྟན་པར་བསྐུར། །འགྲོ་དོན་བྱེད་པའི་དབང་འདོད་པས། །རྡོ་རྗེ་དྲིལ་བུ་ལྡན་བྱས་ལ། །བྱམས་དང་སྙིང་རྗེས་བཟུང་ནས་ཀྱང་། །ཐམས་ཅད་ཤེས་རབ་གཉིས་མེད་བསྐུར། །ཁྱད་པར་ཡེ་ཤེས་དབང་ལ་གསུམ། །ཕྱི་ནང་གསང་བ་རྣམ་གསུམ་སྟེ། །རིམ་པར་ཐབས་ཀྱིས་རྫོགས་པར་ནི། །ཤེས་རབ་བློ་དང་སྦྱར་ཏེ་བསྐུར། །དེ་ལ་ཕྱི་དབང་བསྐུར་བ་ནི། །གསང་བ་མཆོག་གི་དཀྱིལ་འཁོར་དུ། །གཤིན་རྗེའི་ལྷ་ངོ་བསྟན་བྱས་ཏེ། །ཐུན་མོང་རྫས་ཀྱིས་དབང་བསྐུར་ལ། །ཕྱིར་མི་ལྡོག་པར་བསྟན་པར་བྱ། །ནང་གི་དབང་ཆེན་བསྐུར་བ་ནི། །སྐལ་ལྡན་རིགས་ཀྱི་ལུས་


DNG016_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དང་། །འཇམ་དཔལ་གཤིན་རྗེའི་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྣམ་པ་ལྔ། །རང་དབང་ཐོབ་པར་བསྐུར་བར་བྱ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ། ཧྲཱྀཿཡཱ་མན་ཏ་ཀ་ཀཱ་ཡ་བཛྲ། སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། སྐུ་དང་དབྱེར་མེད་པའོ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཧྲཱྀཿཡ་མཱནྟ་ཀ་ཝཱ་ག་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། གསུང་དང་དབྱེར་མེད་པའོ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཧྲཱྀཿཡ་མཱན་ཏ་ཀ །ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཐུགས་དང་དབྱེར་མེད་པའོ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཧྲཱྀཿཡ་མཱན་ཏ་ཀ་ཨ་ནུ་རཱ་ག་ཎ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཡོན་ཏན་དང་དབྱེར་མེད་པའོ། །ན་མཿསརྦ་ཏ་ཐཱ་ག་ཏ་ཧྲཱྀཿཡ་མན་ཏ་ཀ །ཀརྨ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཕྲིན་ལས་དང་དབྱེར་མེད་པའོ། །ཡེ་ཤེས་ལྔ་རུ་དབང་བསྐུར་བ། །ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། སྟོང་པ་ཉིད་ཀྱི་ཡེ་ཤེས་དང་དབྱེར་མེད་པའོ། །ཨོཾ་མ་ཧཱ་ཨཱ་དར་ཤ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། མེ་ལོང་ལྟ་བུའི་ཡེ་ཤེས་དང་དབྱེར་མེད་པའོ། །ཨོཾ་ས་མ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། མཉམ་པ་ཉིད་ཀྱི་ཡེ་ཤེས་དང་དབྱེར་མེད་པའོ། །ཨོཾ་པྲ་ཏི་པཀྵ་ཎ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། སོ་སོར་རྟོག་པའི་ཡེ་ཤེས་དང་དབྱེར་མེད་པའོ། །ཨོཾ་མ་ཧཱ་ཀྲྀ་ཏྱཱ་ནུ་ཥྛན་ཛྙཱ་ན་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། བྱ་བ་ནན་ཏན་གྱི་ཡེ་ཤེས་དང་དབྱེར་མེད་པའོ། །སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ། །རིགས་ལྔ་ཡེ་ཤེས་ལྔ་དང་དབྱེར་མེད་པར། །ལྷུན་གྱིས་གྲུབ་པར་དབང་བསྐུར་རོ། །གསང་བའི་དབང་ཆེན་བསྐུར་བ་ནི། །བདག་ཉིད་ལྷ་ཡི་སྐུ་གསུང་ཐུགས། །རང་སེམས་སྙིང་པོར་ཤེས་བྱས་ཏེ། །སེམས་ཉིད་མ་བཅོས་ཀློང་གྱུར་པ། །སེམས་ལ་རང་དབང་ཐོབ་པར་བསྐུར། །མཚོན་པའི་དཔེ་དང་གོ་བྱེད་བརྡའ། །ཉི་ཟླ་ཐབས་དང་ཤེས་རབ་བརྡའ། །མེ་ལོང་ཆུ་ཤེལ་རྒྱ་ལོང་གིས། །སེམས་ལ་དབང་བའི་དབང་རྟགས་སྦྱིན། །འཕགས་པ་འཇམ་དཔལ་དྲི་མ་མེད་པ་གསང་བའི་རྒྱུད་ལས། དབང་གི་ཁྱད་པར་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་དཔལ་ལྡན་


DNG016_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་འཆང་། །དམ་ཚིག་ཁྱད་པར་བསྟན་པ་ནི། །དམ་ཚིག་འབུམ་སྡེ་ས་མ་ཡ། །ཐུན་མོང་ཁྱད་པར་འདུས་པ་སྟེ། །དེ་ལས་ཐུན་མོང་དམ་ཚིག་ནི། །དམ་ཚིག་ཉི་ཤུ་རྩ་བརྒྱད་དེ། །རྩ་བ་སྐུ་གསུང་ཐུགས་ཡིན་ནོ། །ཐུན་མོང་སྒྲོན་མེ་ལྟ་བུ་ཡི། །བླ་མ་གཙུག་གི་ནོར་བུར་བཀུར། །ངག་གི་ལས་སུ་གསང་སྔགས་བརྗོད། །གསང་ཚིག་གཞན་དུ་མི་སྨྲ་ཞིང་། །མཉམ་པའི་དོན་ལས་མ་ཡེངས་པ། །སྐུ་གསུང་ཐུགས་ཀྱི་དམ་ཚིག་གོ། །ཡན་ལག་དམ་ཚིག་བསྟན་པ་ནི། །མི་སྤང་བ་དང་དང་དུ་བླང་། །སྤྱད་པར་བྱ་དང་ཤེས་པར་བྱ། །བསྒྲུབ་པར་བྱ་བའི་དམ་ཚིག་ལྔ་སྟེ་ཉི་ཤུ་ལྔ། །གཡེལ་བ་མེད་པར་བསྲུང་བར་བྱ། །དམ་ཚིག་བཀའ་ལ་གང་གནས་པ། །ཡོན་ཏན་ཡིད་བཞིན་གཏེར་ལྟར་འབྱུང་། །དེ་དག་ཐུན་མོང་དམ་ཚིག་སྟེ། །ཁྱད་པར་དམ་ཚིག་འདི་དག་གོ། །བདག་ཉིད་ལྷ་མཆོག་གནས་པ་ལས། །བདག་ཏུ་འཛིན་པ་སྤང་བྱ་སྟེ། །ལྟ་བ་སྤྱོད་པ་གཉིས་མེད་པའི། །རྒྱུ་བ་དག་ལ་གནས་པའི་ཚེ། །སྟག་ལྤགས་གོན་ལ་བགྲོད་དཀར་འགྲོ། །གདུག་པ་དོམ་གྱི་པགས་དམར་གདིང་། །སྡིགས་མཛུབ་བསྒྲེང་ཞིང་བེ་ཅོན་ཕྱར། །སེང་ལྡེང་དབྱིག་པའི་ཨོཾ་མཁར་བཟུང་། །ཟས་དང་སྐོམ་དུ་བདུད་རྩི་བཟའ། །མི་རྐང་མཆོག་ཕུར་མཚོན་དུ་ཐོགས། །ཕྱག་མི་བཙལ་ཞིང་ལམ་མི་བཟུར། །རལ་པ་མུན་ཛ་ཅོད་པན་བཅིངས། །མ་ཡེངས་མཚོན་ཆེན་རལ་གྲི་འཕྱར། །འདི་དག་ཁྱད་པར་དམ་ཚིག་སྟེ། །གཤིན་རྗེའི་གཤེད་པོའི་ཐུགས་དམ་མོ། །འཕགས་པ་འཇམ་དཔལ་དྲི་མ་མེད་པའི་གསང་བའི་རྒྱུད་ལས། དམ་ཚིག་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།ཉོན་ཅིག་དཔལ་ལྡན་རྡོ་རྗེ་འཆང་། །སྒྲུབ་པ་ཐབས་ཀྱི་ཁྱད་པར་ནི། །ཤེས་རབ་ཏིང་འཛིན་སྟོབས་འཆང་བས། །ནོར་བུ་རིན་ཆེན་ཡོན་ཏན་བཞིན། །རང་ལས་བྱུང་བཞིན་རང་ལ་སྤྱོད། །ཐུན་མོང་ལྷ་ཡི་དཀྱིལ་འཁོར་ཡང་། །ཁྱད་པར་ཐབས་ཀྱི་རིམ་པ་ཡིས། །དངོས་གྲུབ་རྣམ་པ་གསུམ་དུ་བཤད། །བསྐྱེད་དང་རྫོགས་དང་རྫོགས་ཆེན་གསུམ། །བསྐྱེད་པ་ཐབས་ཀྱི་བསྒྲུབ་པ་ནི། །རང་


DNG016_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དཀྱིལ་འཁོར་དམིགས་པའི་རྟེན། །རྡུལ་ཚོན་དཀྱིལ་འཁོར་ལ་བརྟེན་ནས། །ཏིང་འཛིན་དཀྱིལ་འཁོར་རིམ་པས་བསྐྱེད། །བདག་མེད་ལྷ་ཡི་སྐུར་གསལ་ནས། །དམིགས་བྱ་རྡོ་རྗེར་གྱུར་པས་ཏེ། །ཕྲིན་ལས་གདུལ་བྱའི་དོན་དང་སྦྱར། །མ་བསྐྱེད་རྫོགས་པའི་སྒྲུབ་ཐབས་ནི། །ལས་དང་ཡེ་ཤེས་དམིགས་པའི་རྟེན། །རིས་དང་འབུར་དུ་བྱུང་བ་ཡང་། །སྙིང་པོ་ཚིག་ཙམ་དྲན་རིག་གིས། །ཆུ་ལས་ཆུ་བུར་རྡོལ་བ་འམ། །ཆུ་ཟླའི་ཚུལ་དུ་རྫོགས་པར་བསྐྱེད། །རྟག་ཏུ་དེར་གནས་རྣལ་འབྱོར་དེ། །ཕྲིན་ལས་གདུལ་བྱའི་དོན་དང་སྦྱར། །ཡེ་ནས་ལྷུན་གྱིས་གྲུབ་པ་ནི། །ཡོ་བྱད་ནོར་བུའི་གཏེར་འཆང་བས། །སེམས་ཉིད་ལྷ་ཡི་སྐུ་གསུང་ཐུགས། །རང་ལས་བྱུང་བ་བཙལ་དུ་མེད། །ཐིག་ལེ་ཉིད་ལ་གནས་པ་ལ། །བསམ་གྱིས་མི་ཁྱབ་གཅིག་གི་ངང་། །མི་གཏོང་འཛིན་པ་དངོས་གྲུབ་ཅིང་། །རང་ལས་བྱུང་བ་ཤེས་རབ་རབ། །མཆོག་དང་ཐུན་མོང་གཉིས་ཀ་རྫོགས། །འཕགས་པ་འཇམ་དཔལ་དྲི་མ་མེད་པ་གསང་བའི་རྒྱུད་ལས། སྒྲུབ་ཐབས་ཀྱི་རིམ་པ་བསྟན་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །གསང་སྔགས་རིམ་པ་འདི་ལྟ་སྟེ། །ནོར་བུས་དགོས་འདོད་བསྐང་བ་ཡང་། །བསོད་ནམས་ཅན་གྱི་གང་ཟག་གིས། །བཀུར་སྡི་རིམ་གྲོ་ཆེར་བྱས་ན། །ནོར་བུ་ཡོན་ཏན་རྒྱས་པར་འགྱུར། །གསང་སྔགས་འཛིན་པའི་སྐྱེས་བུས་ཀྱང་། །དབང་དང་དམ་ཚིག་ལྡན་བྱས་ལ། །གསང་སྔགས་བསྙེན་ཅིང་བསྒྲུབ་བྱས་ན། །དངོས་གྲུབ་མྱུར་དུ་འབྱུང་བར་འགྱུར། །གང་དམིགས་དེ་འགྲུབ་གདོན་མི་ཟ། །ཨོཾ་ཨ་ཀྲོ་ཏེ་ཀ །ཡ་མཱན་ཏ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུཾ་ཕཊ། སྐུའི་སྙིང་པོ་བཅུ་བདུན་པའོ། །ཨོཾ་ཀཱ་ལ་རཱུ་པཱ་ཡ་ཨཱཿཧཱུཾ་ཕཊ། གསུང་གི་སྙིང་པོ་འབྲུ་དགུ་པའོ། །ཨོཾ་ཧྲཱྀཿཤྟྲཱིཿབི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཐུགས་ཀྱི་སྙིང་པོ་འབྲུ་བཅོ་ལྔ་པའོ། །ཨོཾ་ས་མ་ཡ་མཉྫུ་ཤྲཱི། ཡ་མཱན་ཏ་ཀ་ཡིག་འབྲུ་བདུན་མ་ཚང་པན་ཙ་ཏེ་རོ་ནི་ཧཱུཾ་ཛཿ། ཉེ་བར་བསྙེན་པ་དང་ཡོན་ཏན་གྱི་སྙིང་པོ་འབྲུ་ཉི་ཤུ་རྩ་ལྔ་


DNG016_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །ཡ་མ་མེ་ད་ཀྵེ་རཱ་ཛ་ས་དོ་རུ་ཎ་ཡོ་ནི་ར་ཡ་ཙྪ་ནི། ཕྲིན་ལས་གཡོན་སྐོར་གྱི་སྙིང་པོ་ཡི་གེ་བཅུ་བདུན་པ་སྟེ་ཕྱིའི་ཕྱིའོ། །ཡ། མ། ཀྵེ། ད། མེ། ར། མ། ར། ནི། ཙྪ། ཡ། ར། ནི། ཡོ། ཎ། རུ། དོ། ས། ཛ་ཕྱིའི་གསང་བའོ། །ཡ་མ་རཱ་ཛ་ས་དོ་མེ་ཡ་ཡ་མེ་དོ་རུ་ཎ་ཡོ་ད་ཡ་ཡ་ད་ཡོ་ནི་ར་ཡ་ཀྵེ་ཡ་ཡ་ཀྵེ་ཡ་ཙྪ་ནཱི་ར་མ་ཡ། ཕྲིན་ལས་གཡོན་སྐོར་གྱི་སྙིང་པོ་སུམ་ཅུ་རྩ་གཉིས་ནང་གི་ཕྱིའོ། །ཡ་མ་རཱ་ནི་ཙྪ་ཡ་ཀྵེ་ཡ་ཡ་ཀྵེ་ཡ་ར་ནི་ཡོ་ད་ཡ། ཡ་ད་ཡོ་ཎ་རུ་དོ་མེ་ཡ། ཡ་མེ་དོ་ས་ཛ་རཱ་མ་ཡ། ཕྲིན་ལས་གཡས་སྐོར་གྱི་སྙིང་པོ་ལས་ནང་གི་གསང་བའོ། །ཡ་མ་རཱ་ཛ་ས་དོ་མེ། ཡ་མ་རཱ་ཛ་ས་དོ་མེ་ཡ། རཱ་ཛ་ས་དོ་མེ་ཡ་མ། ཛ་ས་དོ་མེ་ཡ་མ་རཱ་ཛ། མེ་ཡ་མ་རཱ་ཛ་ས་དོ། ཕྲིན་ལས་གཡོན་སྐོར་གྱི་སྙིང་པོ་དྲག་སྔགས་འབྲུ་བདུན་པ། གསང་བའི་ཕྱི་ལྟར་བསྐོར་བའོ། །ཡ་མ་ར་ནི་ཙྪ་ཡ་ཀྵེ། མ་རཱ་ནི་ཙྪ་ཡ་ཀྵེ་ཡ། ནི་ཙྪ་ཡ་ཀྵེ་ཡ་མ་རཱ་ཙྪ་ཡ་ཀྵེ་ཡ་མ་རཱ་ནི། ཡ་ཀྵེ་ཡ་མ་རཱ་ནི་ཙྪ། ཀྵེ་ཡ་མ་རཱ་ནི་ཙྪ་ཡ། ཕྲིན་ལས་གཡས་སྐོར་གྱི་སྙིང་པོ་དྲག་སྔགས་འབྲུ་བདུན་ལས། གསང་བའི་གསང་བར་བསྐོར་བའོ། །འཕགས་པ་འཇམ་དཔལ་དྲི་མ་མེད་པའི་གསང་བའི་རྒྱུད་ལས། གསང་སྔགས་ཀྱི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །གསང་སྔགས་མཐའ་སྒྱུར་འདི་ལྟ་སྟེ། །ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞི་བའི་ལས་ཀྱི་མཐའ་སྒྱུར་རོ། །པུཥྚིཾ་ཀུ་རུ་སྭཱ་ཧཱ། རྒྱས་པའི་ལས་ཀྱི་མཐའ་སྒྱུར་རོ། །བ་ཤང་ཀུ་རུ་སྭཱ་ཧཱ། དབང་གི་ལས་ཀྱི་མཐའ་སྒྱུར་རོ། །ཨ་མུ་ཀཾ་པྲ་མ་ཡ་ཧཱུཾ་ཕཊ། ཉི་མ་དང་པོའི་མཐའ་སྒྱུར་རོ། །མགོ་འཁོར་བྱེད་པའོ། །ཨ་མུ་ཀཾ་མུ་ར་ཛ་ཡ་ཧཱུཾ་ཕཊ། ཉི་མ་གཉིས་པའི་མཐའ་སྒྱུར་རོ། །མྱོས་ཤིང་བརྒྱལ་བར་བྱེད་པའོ། །ཨ་མུ་ཀ་ར་ཀ་ཏ་ཙ་ར་ཡ་ཧཱུཾ་ཕཊ། ཉི་མ་གསུམ་པའི་མཐའ་སྒྱུར་ཏེ། ཁྲག་ཏུ་སྐྱུགས་པར་བྱེད་པའོ། །ཨ་མུ་ཀཾ་མཱ་ར་ཡ་ཧཱུཾ་ཕཊ། ཉི་མ་བཞི་པའི་མཐའ་སྒྱུར་ཏེ། གསོད་པར་གདོན་མི་ཟའོ། །ཨཱ་ཀཪྵ་ཡ་ཧཱུཾ་ཕཊ། གནས་ནས་འགུགས་པའི་མཐའ་སྒྱུར་རོ། །བི་དེ་ཤཱ་ཡ་ཧཱུཾ་ཕཊ། རྟེན་དང་བྲལ་བའི་མཐའ་སྒྱུར་རོ། །ཨུ་ཙྪ་ར་ཡ་ཧཱུཾ་ཕཊ། གནས་ནས་སྐྲོད་པའི་མཐའ་སྒྱུར་རོ། །


DNG016_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

རཱུ་པ་ཀནྡྷ་ཧཱུཾ་ཕཊ། ལྐུགས་སུ་གཞུག་པའི་མཐའ་སྒྱུར་རོ། །ཨུནྨཱ་ད་ཧཱུཾ་ཕཊ། སྨྱོ་རུ་གཞུག་པའི་མཐའ་སྒྱུར་རོ། །སྟཾ་བྷ་ཡ་ཧཱུཾ་ཕཊ་ལཾ་ནན། མནན་པ་བྱ་བའི་མཐའ་སྒྱུར་རོ། །དུ་ནེ་དུ་ནེ་ཁྲཾ་ཤིང་མཱ་ར་ཡ་ཕོབ་མཱ་ར་ཡ་ཧཱུཾ་ཕཊ། གཏད་པར་བྱ་བའི་མཐའ་སྒྱུར་རོ། །མཱ་ར་ཡ་ཛྭ་ལ་རཾ། སྦྱིན་སྲེག་བྱ་བའི་མཐའ་སྒྱུར་རོ། །ཨོཾ་མུཾ། གྲོལ་ཞིང་གསོ་བའི་མཐའ་སྒྱུར་རོ། །འཕགས་པ་འཇམ་དཔལ་དྲི་མ་མེད་པ་གསང་བའི་རྒྱུད་ལས། ལས་ཀྱི་མཐའ་སྒྱུར་བའི་ལེའུ་སྟེ་དགུ་པའོ།། །།དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །ཕྲིན་ལས་རིམ་པ་བསྟན་པ་ནི། །དུར་ཁྲོད་གནས་སམ་དབེན་པ་རུ། །ཟག་པ་དགུ་ཡི་ཚོགས་བསགས་ལ། །ལུས་སེམས་རྒྱུད་ཀྱང་དག་པར་བྱ། །ཞི་བར་བསྙེན་ཅིང་མཚན་ཡང་བརྗོད། །ཁྲོ་བོར་བསྙེན་པའི་དཀྱིལ་འཁོར་ནི། །ཤར་ལྷོ་ནུབ་བྱང་ཕྱོགས་བསྟན་པར། །འདོམ་གང་གྲུ་བཞི་མཎྜལ་ལ། །ཆག་ཆག་བྱི་དོར་བྱས་ནས་ཀྱང་། །གཟུངས་མ་མཚན་ལྡན་དབང་རྫོགས་ལ། །ཐིག་སྐུད་བརྒྱད་ཀྱིས་ཆ་རུ་གདབ། །ཐིག་སྐོར་བཞི་དང་ལྡན་པ་ལ། །ཐིག་སྐོར་གསུམ་ལ་ཐིག་བཞིར་གདབ། །ལེ་ཚེ་དག་ནི་དགུ་པར་བྱ། །ཕྱི་རོལ་ཐིག་སྐོར་རྡོ་རྗེ་གཉིས། །ཐིག་སྐོར་གཉིས་པ་དག་ལ་ནི། །བཅུ་གཉིས་རྩིབས་དང་ལྡན་པར་བྱ། །ཡ་མ་མེ་ད་ཀྵེ་ཞེས་པ། །ཕྱོགས་བཞི་དབུས་ཀྱི་ལེ་ཚེ་ལ། །ར་ཙ་ས་དོ་ཞེས་པ་དང་། །རུ་ཎ་ཡོ་ནི་ཞེས་པ་དང་། །ར་ཡ་ཙ་ནི་ཞེས་པ་ནི། །བཅུ་གཉིས་འཁོར་ལོའི་རྩིབས་ལ་དགོད། །ཐིག་སྐོར་གསུམ་ལ་བཅུ་དྲུག་རྩིབས། །ཧྲཱྀཿཤྟྲཱིཿའི་སྔགས་ལ་མིང་ཡིག་སྤེལ། །རྡོ་རྗེ་རྭ་བའི་ཕྱི་རོལ་དུ། །སྒོ་དང་སྒོ་ཁྱུད་ལྡན་པར་བྱ། །དབུས་ཀྱི་ལེ་ཚེ་དྲག་པོ་ཨེ། ། ཕྱོགས་བཞི་ལེ་ཚེ་རིམ་དང་སྦྱོར། །གྲུ་གསུམ་ཆག་གང་བཙོན་ཁང་ནང་། །བཅུ་གཉིས་དྲག་པོས་བཅུ་དྲུག་རྒྱས། །རྡོ་རྗེ་ལྕགས་ལ་མུ་ཁྱུད་ལྗང་། །མཐའ་ལྕགས་སྒོ་བཞི་རིགས་དང་སྦྱར། །རྒྱལ་ཆེན་བཞི་པའི་འཁོར་ལོ་ཡི། །ལྷ་རྣམས་དགོད་པའི་རིམ་པ་ནི། །རིན་པོ་ཆེ་འམ་མཆོག་ཤིང་ལ། །ཚད་དང་ལྡན་བྱས་ཕུར་པ་དེ། །ལྷ་རྣམས་རིམ་པའི་གྲངས་


DNG016_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་དགོད། །ཡ་མཱན་ཏ་ཀ་དབུས་སུ་དགོད། །ལེ་ཚེ་བཞི་ལ་གཤེད་པོ་བཞི། །རྩིབས་ཆེན་བཅུ་གཉིས་ཕྱོགས་སྐྱོང་བཅུ། །བཅུ་དྲུག་རྩིབས་ལ་ཀེ་སིང་དགོད། །བར་ཁྱམས་སྒོ་བཞིར་བསེ་མོ་བཞི། །ལྕགས་རི་སྒོ་བཞིར་སྒོ་མ་བཞི། །སྒོ་ཁྱམས་དབང་ཕྱུག་ཉི་ཤུ་བརྒྱད། །རྫས་རྣམས་དགོད་པའི་རིམ་པ་ནི། །གཤིན་རྗེའི་ཤར་ནི་ལྷོ་ཡིན་པས། །བུ་དོན་ལྷོ་ཡི་ཕྱོགས་སུ་དགྲམ། །ཉིང་ཁུ་ཡང་ཞུན་པད་དམར་གདུབ། །ཨུཏྤལ་བེ་ཅོན་ཀ་ཏ་རི། ། གང་འདོད་གསོལ་བྱང་རྡོ་རྗེ་ཚེ། །དངོས་གྲུབ་ཐུན་མོང་རྫས་སུ་བཤམ། །བསྙེན་བསྒྲུབ་ཞི་ཁྲོ་གཤིན་རྗེའི་གཤེད། །མ་གཤིན་གིང་བདུད་གཏོར་མ་རེ། །སྨན་དང་འདོད་ཡོན་ལོངས་སྤྱོད་ཚོགས། །ཕྱི་ནང་མཆོད་པ་རྒྱས་པར་བཤམས། །བསྐྱེད་དང་རྫོགས་དང་རྫོགས་ཆེན་གྱི། །སྒྲུབ་པ་རྣམ་གསུམ་ལམ་དང་སྦྱར། །གདེང་དང་སྟོབས་སུ་གྱུར་པ་དང་། །དངོས་གྲུབ་གང་འདོད་རང་དབང་བྱ། །སྙིང་རྗེ་ལས་སུ་རུང་བ་དང་། །ཕྲིན་ལས་གདུལ་བྱའི་དོན་དང་སྦྱར། །འཕགས་པ་འཇམ་དཔལ་དྲི་མ་མེད་པ་གསང་བའི་རྒྱུད་ལས། ཡེ་ཤེས་དང་ཕྲིན་ལས་སུ་ཕྱུང་བར་བསྟན་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །ལས་ཀྱི་ཕྲིན་ལས་བསྟན་པ་ནི། །འཆི་བདག་ལྕགས་ཁང་དམིགས་པའི་རྟེན། །དྲག་པོ་རོ་གསར་འཁོར་ལོ་སྟེ། །ཡི་དྭགས་གྲོང་ཁྱེར་བཅོམ་ནས་ཀྱང་། །ཅིར་རུང་གོས་ཕུད་ཤུན་པ་བླངས། །མི་ཁྲག་སྦངས་ལ་དུག་གིས་བཀྲུ། །གཅེར་ཏེ་ཕུར་བཞིར་བརྒྱངས་ལ་སྐམ། །བག་ཆུ་ས་དཀར་ཐལ་བས་བྱུག །ཙནྡྲ་ཀཱ་ལའི་ཚེས་གཅིག་ནས། །ཉི་ཤུ་དྲུག་ཏུ་བཟླས་པ་བྱ། །གཤིན་རྗེའི་དམ་ཚིག་སྙིང་པོ་སྟེ། །ཧྲཱྀཿཤྟྲཱིཿའི་སྔགས་ལ་ཡོད་ཆོག་འདྲ་ཡིན་ནམ་དམ་ཚིག་ཆེ་གེ་མོ། མཱ་ར་ཡ་ཧཱུཾ་ཕཊ་ཅེས་སྦྱར། །ཉིན་ཕྱེད་ཚུན་ཆད་དྲག་ཏུ་བཟླས། །འཁོར་ལོ་བྲི་བའི་སྣག་ཚ་ནི། །གཞན་མེད་སོལ་བ་ཐལ་བ་གཉིས། །ཀ་རྣི་ཀ་ཡི་ཁུ་བ་དང་། །སྲ་རྩི་སྤོག་དང་དུག་སྣ་ཚོགས། །ཏིལ་ནག་ཉུང་དཀར་མར་ཁུ་དང་། །རང་གི་སྲིན་ལག་ཁྲག་དང་ནི། །སྙིང་སྣ་ཕྱེ་ས་ར་ཁྲག་དང་། །སྐྱེ་ཚེ་ཙནྡན་ས་དཀར་དང་། །རྒྱ་སྐྱེགས་ལྡོང་རོས་ཡུང་བ་དང་། །


DNG016_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

མ་ད་ལྡུམ་བུ་ཐང་ཕྲོམ་དང་། །ཁ་ཤོག་དུག་སྣ་ཚོགས་པ་ཡིས། །བརྣག་པ་ལས་ཀྱི་དམིགས་དང་སྦྱར། །རྨྱུག་གུ་བྱ་རོག་འུག་པའི་སྒྲོ། །གྲིར་ཤིའི་སྐྲ་ལ་པིར་བྱས་ལ། །སྔོན་དམར་ཞིང་གི་རྒྱུས་པས་བསྡམས། །ལྷོ་ཡི་ཕྱོགས་སུ་ཁ་བསྟན་ཏེ། །ཡ་མཱན་ཏ་ཀས་བྲི་བར་བྱ། །འཁོར་ལོ་རིམ་པ་གསུམ་ལྡན་ལ། །ཐིག་བཞི་བཏབ་པས་ལེ་ཚེ་དགུ། །ཡ་མ་མེ་ད་ཀྵེ་ཞེས་པ། །ཕྱོགས་དང་དབུས་ཀྱི་ལེ་ཚེ་ལའོ། །མཚམས་ཀྱི་གྲུ་གསུམ་བཙོན་ཁང་བཞིར། །ཧཱུཾ་གཉིས་བར་དུ་བསྒྲུབ་བྱའི་མིང་། །རིམ་པ་གཉིས་པ་དག་ལ་ནི། །ཁང་པ་བཅུ་གཉིས་ཆ་བསྙམས་ལ། །རཱ་ཛ་ས་དོ་རུ་ཎ་ཡོ་ནི་ར་ཡ་ཙྪ་ནི་བཅུ་གཉིས་པ། གཡོན་ནས་བསྐོར་ཏེ་བྲི་བར་བྱ། །རིམ་གསུམ་བཅུ་དྲུག་ཁང་པ་རུ། །ཧྲཱྀཿཤྟྲཱིཿམིང་དང་སྤེལ་ལ་བྲི། །དེ་དང་ཆ་མཉམ་མ་གྲུབ་པར། །གཡས་སུ་བསྐོར་བའི་ཆ་འཁོར་གཅིག །ཡ་དང་ཡ་མཉམ་མ་དང་མ། །མེ་དང་མེ་མཉམ་ད་དང་ད། །ཀྵེ་དང་ཀྵེ་མཉམ་དབུས་སུའོ། །རཱ་དང་རཱ་མཉམ་ཛ་དང་ཛ། །ས་དང་ས་མཉམ་དོ་དང་དོ། །རུ་དང་རུ་མཉམ་ཎ་དང་ཎ། །ཡོ་དང་ཡོ་མཉམ་ནི་དང་ནི། །ར་དང་ར་མཉམ་ཡ་དང་ཡ། །ཙྪ་དང་ཙྪ་མཉམ་ནི་དང་ནི། །གདགས་ཡིག་ལས་ཀྱི་དམིགས་དང་སྦྱར། །འཁོར་ལོ་བྲིས་པ་ཟིན་པ་དང་། །སྨོན་ལམ་དམིགས་ལ་སྦྱར་ལ་གདབ། །མཆོད་ཅིང་བསྟོད་པ་དག་ཀྱང་བྱ། །སྤྱན་དབྱེ་དབང་བསྐུར་རབ་གནས་བྱ། །ལས་ཀྱི་གཤིན་རྗེ་དགུག་ཅིང་བསྡིམ། །མ་ར་ལྡིང་ལྡོག་གའུར་གཞུག །རབས་ཆད་ཕོ་མོའི་ཐོད་པར་གཞུག །དྲས་ལ་མ་ཐོད་ལྕགས་ཁྲི་འམ། །ཐོད་པ་གསུམ་གྱི་སྒྱེད་ཁར་གཞག །སྟེང་ནས་ཕོ་ཐོད་རྩང་བཞི་ལ། །སྔོན་དམར་བརྒྱངས་ལ་ཡས་མར་དགབ། །ཐ་ཆུང་བཞི་ཡི་མར་ངོ་ནི། །ཉི་ཤུ་བདུན་ནམ་སྟོང་གི་བར། །ཉིན་བཞི་འཁོར་ལོ་ཁྲི་བཞིར་བསྐྱོད། །མཚན་མོ་ཁྲི་བཞི་དྲིལ་ལ་བཟླས། །མགོ་འཁོར་ཁྲག་སྐྱུག་ལུས་བརྒྱལ་ཅིང་། །མ་ར་གདོན་མི་ཟ་བར་བྱས། །གའུ་ནག་པོའི་ལྷ་ཚོགས་ལ། །རིམ་པའི་ཚུལ་གྱིས་ལས་ལ་གཟུད། །གཡོན་


DNG016_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བསྐོར་བས་མ་གྲུབ་ན། །གཡས་སུ་བསྐོར་བས་མྱུར་དུ་འགྲུབ། །གདགས་ཡིག་མནན་པའི་འཁོར་ལོ་བཅས། །གདུག་པ་སྨེ་བརྩེགས་སར་ཕྱིན་ལ། །གཤིན་རྗེ་བོད་པའི་དམིགས་པས་གཏད། །འཕགས་པ་འཇམ་དཔལ་དྲི་མ་མེད་པ་གསང་བའི་རྒྱུད་ལས། དྲག་པོའི་ཕྲིན་ལས་ཀྱི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །ཕྲིན་ལས་ཞི་བར་བསྟན་པ་ནི། །དར་དཀར་རས་ལ་འཁོར་ལོ་ནི། །རིམ་པ་གསུམ་དང་ལྡན་པར་བྲི། །དབྱིབས་ནི་ཟླ་བ་ཉ་ལྟ་བུ། །དཀར་ལ་མཛེས་པར་ལྡན་པར་བྱ། །གའུའི་དབྱིབས་ཀྱང་དེ་བཞིན་ནོ། །གསང་སྔགས་རིམ་པས་བཀོད་ནས་ཀྱང་། །དམ་ཚིག་སེམས་དཔའ་ཞི་བའི་ལྷ། །ལས་དང་ཡེ་ཤེས་དགུག་བསྡིམ་ནས། །གང་དམིགས་ཞི་བའི་འཁོར་ལོ་བསྐོར། །གཡོན་དུ་བསྐོར་བས་མ་གྲུབ་ན། །གཡས་སུ་བསྐོར་བས་གདོན་མི་ཟ། །གའུ་འཁོར་ལོ་དབེན་པར་སྦ། །འཕགས་པ་འཇམ་དཔལ་དྲི་མ་མེད་པ་གསང་བའི་རྒྱུད་ལས། ཕྲིན་ལས་ཞི་བའི་ལེའུ་སྟེ་བཅུ་གཉིས་པའོ།། །། དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །རྒྱས་པའི་ལས་སུ་བྱ་བ་ཡང་། །སྟོབས་ལྡན་གླང་པོའི་པགས་པ་ལ། །གུར་གུམ་གསེར་གྱི་གླང་པོ་ཆེ། །རྒྱབ་ཏུ་གསེར་གྱི་འཁོར་ལོ་བྲི། །གསང་སྔགས་རིམ་པར་གཡོན་དུ་བསྐོར། །གདགས་ཡིག་ཡོན་ཏན་སྟོབས་དང་སྦྱར། །སྨིན་པ་ས་ཡི་རིན་པོ་ཆེ། །འོན་ཏེ་ཤིང་ལས་བྱས་པ་ཡི། །གའུ་རིན་ཆེན་འབར་བར་གཞུག །གཤེད་པོ་འཁོར་བཅས་རྒྱས་པའི་ལྷ། །བཙོ་མ་གསེར་གྱི་མདོག་འདྲ་ལས། །གང་དམིགས་རྒྱས་པའི་འཁོར་ལོ་བསྐོར། །གཡོན་དུ་བསྐོར་བས་མ་གྲུབ་ན། །གཡས་སུ་བསྐོར་བས་གདོན་མི་ཟ། །གང་དུ་ས་ཕྱོགས་རྒྱས་པར་སྦ། །འཕགས་པ་འཇམ་དཔལ་དྲི་མ་མེད་པ་གསང་བའི་རྒྱུད་ལས། ཕྲིན་ལས་རྒྱས་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །དབང་གི་ལས་སུ་བྱ་བ་ཡང་། །བུད་མེད་དག་གི་ཞིང་ལྤགས་ལ། །རོ་ལངས་གཏུམ་མོའི་གཟུགས་བྲིས་ཏེ། །དེ་ཡི་གསང་བར་ཙཀྲ་ནི། །


DNG016_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པ་གསུམ་དང་ལྡན་པ་ལ། །ཐིག་བཞི་བཏབ་པས་ལེའུ་ཚེ་དགུ། །རིམ་པ་གཉིས་པ་དག་ལ་ནི། །ཁང་པ་བཅུ་གཉིས་ཆ་བསྙམས་བྲི། །རིམ་པ་གསུམ་པ་དག་ལ་ནི། །བཅུ་དྲུག་ཁང་པ་ས་དང་མཉམ། །གསང་སྔགས་འབྲུ་ཡང་རིམ་པས་དགོད། །གདགས་ཡིག་གང་དམིགས་དོན་དང་སྦྱར། །རིན་པོ་ཆེ་ལས་བྱས་པ་ཡི། །གའུ་པདྨའི་དབྱིབས་འདྲ་བར། །འཁོར་ལོར་བཅུག་ལ་གཟུངས་ཐག་གདགས། །བདག་ཉིད་གཤིན་རྗེའི་གཤེད་པོ་ནི། །ལས་དང་ཡེ་ཤེས་གཉིས་མེད་པས། །འཁོར་ལོ་བསྐོར་ལ་དབང་དུ་བསྡུ། །གཡོན་དུ་བསྐོར་བས་མ་གྲུབ་ན། །གཡས་སུ་བསྐོར་བས་གདོན་མི་ཟ། །གའུ་གནམ་ས་ཟླ་གམ་མམ། །བཙུན་མོའི་བྷ་ག་ལྟ་བུར་སྦ། །འཕགས་པ་འཇམ་དཔལ་དྲི་མ་མེད་པ་གསང་བའི་རྒྱུད་ལས། ཕྲིན་ལས་དབང་གི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །དགུག་པར་བྱ་བའི་ལས་དག་ནི། །དྲེའུ་སེང་གེའི་པགས་པ་ལ། །དྲེའུ་སེང་གེའི་གཟུགས་བྲིས་ཏེ། །དེ་ཡི་ཐུགས་ཀར་འཁོར་ལོ་ནི། །རིམ་པ་གསུམ་ལྡན་ལྟོ་སྦྱར་གཉིས། །གསང་སྔགས་རིམ་པས་ལྟོ་མཉམ་བྱ། །གདགས་ཡིག་གང་ལ་དམིགས་པ་བྲི། །འཁོར་ལོ་གའུའི་ནང་དུ་སྩལ། །དྲེའུ་སེང་སྤུའི་གཟུངས་ཐག་གདགས། །བདག་ཉིད་གཤིན་རྗེའི་གཤེད་པོ་ནི། །ལས་དང་ཡེ་ཤེས་གཉིས་མེད་པས། །འཁོར་ལོ་ཉི་མ་བཞིར་ནི་བསྐོར། །མཚན་མོ་བཞིར་ནི་དྲིལ་བ་འམ། །ཧྲཱྀཿཤྟྲཱིཿབཟླས་ཤེད་དགུག་པར་བྱ། །གཡོན་དུ་བསྐོར་བས་མ་གྲུབ་ན། །གཡས་བསྐོར་རང་དབང་མེད་པར་འགུགས། །འཁོར་ལོ་གའུར་བཅས་པ་དེ། །རང་གི་འོག་ཏུ་སྦ་བར་བྱ། །འཕགས་པ་འཇམ་དཔལ་དྲི་མ་མེད་པའི་གསང་བའི་རྒྱུད་ལས། གང་ལ་དམིགས་པ་འགུགས་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །མཛའ་བ་དབྱེ་བའི་ལས་དག་ནི། །རྟ་དང་མ་ཧེའི་པགས་པ་ལ། །རྟ་དང་མ་ཧེ་འཐབ་པ་ཡི། །བར་དུ་འཁོར་ལོ་བྲི་བར་བྱ། །རིམ་པ་ཚུལ་གྱིས་མ་འཆོལ་བར། །མཁས་


DNG016_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

པས་རིག་པས་དཔྱད་པར་བྱ། །གང་དམིགས་དབྱེ་བའི་གདགས་ཡིག་ཀྱང་། །རིམ་པར་འཁོར་ལོའི་བར་དུ་གཞུག །ཡང་ན་བྱ་རོག་འུག་པ་ཡི། །པགས་པ་གཉིས་ལ་འཁོར་ལོ་བྲི། །ལྟོ་སྦྱར་བར་དུ་གདགས་ཡིག་གསལ། །འཁོར་ལོ་གའུར་སྩལ་ནས་ཀྱང་། །གའུ་དག་གི་གློ་སྒོ་ནི། །རླུང་ལྷའི་ཕྱོགས་ནས་དབུག་པར་བྱ། །བདག་ཉིད་གཤིན་རྗེའི་གཤེད་པོ་ནི། །ལས་དང་ཡེ་ཤེས་དགུག་བསྡིམ་ཞིང་། །ཙཀྲ་བསྐོར་ཞིང་དབྱེ་བར་བྱ། །གཡོན་དུ་བསྐོར་བས་མ་གྲུབ་ན། །གཡས་སུ་བསྐོར་བས་དབང་མེད་འགྲུབ། །གའུ་རླུང་ལྷའི་ཕྱོགས་སུ་སྦ། །ཡང་ན་བྱ་རོག་འུག་པ་འམ། །ཀང་ཀ་འདུ་བའི་ཕྱོགས་སུ་སྦ། །འཕགས་པ་འཇམ་དཔལ་དྲི་མ་མེད་པ་གསང་བའི་རྒྱུད་ལས། མཛའ་བོ་དང་དབྱེ་བའི་ལས་ཀྱི་རིམ་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །བསྐྲད་ཅིང་དགར་བའི་ལས་བྱ་ན། །རྔ་མོ་ག་པའི་གཟུགས་བྱས་ཏེ། །དེ་ཡི་འཕོངས་སུ་འཁོར་ལོ་ནི། །རིམ་པ་གསུམ་ལྡན་ལྟོ་སྦྱར་གཉིས། །གསང་སྔགས་རིམ་པ་མ་ནོར་བར། །གཡོན་དུ་བསྐོར་ལ་བྲི་བར་བྱ། །གདགས་ཡིག་གང་ལ་དམིགས་པ་དག །ཉི་ཤུ་རྩ་ལྔ་རང་སར་གཞག །བདག་ཉིད་དམ་ཚིག་རྣལ་འབྱོར་པས། །ལས་དང་ཡེ་ཤེས་གཉིས་མེད་དེ། །སྐྲོད་པའི་འཁོར་ལོ་ཉི་མ་བཞིར། །མཚན་མོ་དྲིལ་ལ་ཧྲཱྀཿཤྟྲཱིཿབཟླས། །གཡོན་དུ་བསྐོར་བས་མ་གྲུབ་ན། །རུ་ཁུག་གཡས་སུ་བསྐོར་བར་བྱ། །དེས་ནི་རང་དབང་མེད་པར་སྐྲོད། །ཙཀྲ་རྔ་མོའི་ཐོད་པ་འམ། །སྤྱང་ཐོད་བཅུག་ལ་ས་མཚམས་སྦ། །འཕགས་པ་འཇམ་དཔལ་དྲི་མ་མེད་པ་གསང་བའི་རྒྱུད་ལས། ཡུལ་ནས་སྐྲོད་པའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །ཨུད་མཱནྡ་ཡི་ལས་དག་ནི། །སྨྱོ་འབོག་ཤ་བའི་པགས་པ་ལ། །ཤན་དམར་དག་གི་གཟུགས་བྱས་ཏེ། །དེ་ཡི་རྒྱབ་ཏུ་འཁོར་ལོ་ནི། །སུམ་བརྩེགས་བརྩེག་མ་ལྟོ་སྦྱར་གཉིས། །གསང་སྔགས་གདགས་ཡིག་མ་ནོར་དགོད། །སྨྱོ་འབོག་ཤི་བའི་གའུར་བསར། །གཤིན་རྗེའི་གཤེད་པོ་


DNG016_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་ཡུམ་ཡང་། །ལས་དང་ཡེ་ཤེས་གཉིས་མེད་པས། །ཉིན་བཞི་སྔགས་ཀྱི་འཁོར་ལོ་བྲི། །ཁྲི་རྫོགས་སྨྱོ་འབོག་སྦྱར་བར་བྱ། །གཡོན་དུ་བསྐོར་བས་མ་གྲུབ་ན། །གཡས་བསྐོར་ཚུར་ལ་བཟློག་པར་བྱ། །དེས་ནི་ཨུད་མཱནྡ་རུ་འགྱུར། །འཁོར་ལོ་གའུ་བཅས་པ་དེ། །མགོན་ཁང་རྙིང་པར་མནན་པར་བྱ། །འཕགས་པ་འཇམ་དཔལ་དྲི་མ་མེད་པ་གསང་བའི་རྒྱུད་ལས། སྨྱོ་འབོག་གི་ལེའུ་སྟེ་བཅོ་བརྒྱད་པའོ།། །།དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །ཁ་མནན་ལྐུགས་པའི་ལས་བྱ་ན། །ལུག་ནག་དག་གི་པགས་པ་ལ། །ལྐུགས་པ་ལུག་གི་གཟུགས་ཤིག་བྲི། །དེ་ཡི་ཁོག་པར་འཁོར་ལོ་ནི། །རིམ་པ་གསུམ་ལྡན་ལྟོ་བར་བྲི། །རིམ་གསུམ་ཐིག་བཞི་ལེ་ཚེ་དགུ། །རིམ་པ་གཉིས་པ་རྩིབས་བཅུ་གཉིས། །རིམ་གསུམ་བཅུ་དྲུག་རྩིབས་ཅན་བྲི། །བཅུ་བདུན་རྩ་བའི་གསང་སྔགས་ཏེ། །ཧྲཱྀཿཤྟྲཱིཿབསྒྲུབ་བྱ་སྤེལ་ལ་དགོད། །གདགས་ཡིག་རིམ་པ་མ་ནོར་དགོད། །མི་གཏོང་འཛིན་པའི་སྟོབས་ཅན་གྱིས། །ལས་དང་ཡེ་ཤེས་གཉིས་མེད་པ། །ལྐུགས་པའི་འཁོར་ལོ་ཉིན་བཞིན་བསྐོར། །མཚན་མོ་དྲིལ་ལམ་ཧྲཱྀཿཤྟྲཱིཿབཟླའ། །དེས་ཀྱང་མཚན་མ་མ་ཐོན་ན། །རུ་ཁུག་གཡོན་སྐོར་ལས་བྱས་ན། །རྒྱལ་ཁམས་སྤྱི་ཚན་གཅིག་པ་ཡང་། །ཐང་གཅིག་ཡུད་ལ་ལྐུགས་བྱེད་པའི། །འཁོར་ལོ་དག་ནི་གླེན་ལྐུགས་ཀྱི། །ཐོད་པར་བཅུག་ལ་ཀླུ་ལ་གཏད། །དེས་ནི་ལྐུགས་པའི་ལས་སུ་འགྱུར། །འཕགས་པ་འཇམ་དཔལ་དྲི་མ་མེད་པ་གསང་བའི་རྒྱུད་ལས། ལྐུགས་སུ་གཞུག་པའི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །གཟིར་ཞིང་མནན་པའི་ལས་དག་ནི། །ཡི་དྭགས་གོས་ལ་ཡི་དྭགས་གཟུགས། །རིམ་བདུན་ལྕགས་རི་མཐའ་བསྐོར་ཏེ། །གླིང་དང་གླིང་ཕྲན་འཁོར་ཡུག་བཅས། །རྡོ་རྗེ་རྒྱ་གྲམ་ལམ་གྱིས་མཚན། །དེ་ཡི་དབུས་སུ་འཁོར་ལོ་ནི། །རིམ་པ་གསུམ་ལྡན་འཁོར་ལོ་ལ། །གསང་སྔགས་རིམ་པ་བཞིན་དུ་དགོད། །


DNG016_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

གང་དམིགས་མནན་པའི་གདགས་ཡིག་ཀྱང་། །ཉི་ཤུ་རྩ་ལྔ་ཚང་བར་བྱ། །བདག་ཉིད་ཏིང་ངེ་འཛིན་ལྡན་པས། །ལས་དང་ཡེ་ཤེས་གཉིས་སུ་མེད། །དེ་ཡིས་དབང་དང་ལྡན་བྱས་ལ། །གང་དམིགས་མནན་པའི་འཁོར་ལོ་བསྐོར། །ཉི་མ་བཞི་པའི་གསང་སྔགས་ལ། །མནན་པའི་སོ་འཐབ་རིམ་གྱིས་སྦྱར། །གཡོན་ནས་བསྐོར་བས་མ་ནོན་ན། །གཡས་སྐོར་རུ་ཁུག་ཨར་ལ་གཏད། །དེས་ནི་རང་དབང་མེད་པར་འགྲུབ། །འཁོར་ལོ་མུ་སུ་ཐོད་པར་གཞུག །ལྷུན་སྟུག་རི་བོའི་འོག་ཏུ་གཏད། །ཐར་ས་མེད་པའི་བརྣག་པར་འགྱུར། །འཕགས་པ་འཇམ་དཔལ་དྲི་མ་མེད་པ་གསང་བའི་རྒྱུད་ལས། ཕྲིན་ལས་གཟིར་ཞིང་མནན་པའི་ལེའུ་སྟེ་ཉི་ཤུ་པའོ།། །།དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །དྲག་པོའི་ལས་འདི་བྱ་བ་ཡང་། །ཉེས་པ་ཆེ་ན་ཉེ་བར་འགྲུབ། །ཉེས་པ་ཆུང་ན་ལས་རིང་སྟེ། །རང་གིས་ཉེས་ན་རང་ལ་ལྡོག །རིགས་དང་ལོ་གྲངས་ཡང་དག་མཐུན། །དེ་ལ་བྱས་ཀྱང་སྐྱོན་འབྱུང་ངོ་། །འདོད་པའི་སེམས་ཀྱིས་གསོད་པར་འདོད། །དེ་བཞིན་གཤེགས་པའི་དངོས་གྲུབ་དག །རྨི་ལམ་དུ་ཡང་མི་འབྱུང་ངོ་། །རྩ་བའི་སྡོམ་པ་མི་གནས་ཤིང་། །བསྙེན་པ་ཚད་དུ་མ་བསྐྱལ་བར། །ཚིག་ཙམ་ལུང་ལ་བརྟེན་པ་ཡིས། །དོན་མི་འགྲུབ་པར་ངས་བཤད་དོ། །འཕགས་པ་འཇམ་དཔལ་དྲི་མ་མེད་པ་གསང་བའི་རྒྱུད་ལས། མི་འགྲུབ་པའི་སྐྱོན་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། །།དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །དཀོན་མཆོག་བླ་མའི་དོན་ཆེད་དུ། །དྲག་པོའི་ལས་འདི་བྱ་བ་ཡང་། །ལུས་ཀྱི་ཉེས་པ་བསལ་བའི་ཕྱིར། །དེ་བཞིན་གཤེགས་པའི་ཆོས་ཀྱང་བཀླག །ཉིན་མཚན་ཕྱེད་པའི་དགེ་བ་བྱ། །མཆོད་སྦྱིན་བྱ་ཞིང་ཉེས་པ་བཤགས། །ངག་གི་ཉེས་པ་བསལ་བའི་ཕྱིར། །ཡི་གེ་བརྒྱ་པའི་བཤགས་ཆེན་འདོན། །ཡི་གེ་རེ་ལ་བརྒྱ་ཡིས་བཤགས། །ཡིད་ཀྱི་ཉེས་པ་བསལ་བྱའི་ཕྱིར། །རང་གི་སྐྱོན་དག་བསལ་བྱས་ལ། །སྔ་མ་བཤགས་ལ་ཕྱི་མ་བསྡམ། །མི་རྟོག་མེ་ཡིས་བསྲེག་བྱའི་ཕྱིར། །ཆོས་ཉིད་བློ་ལ་མ་ཡེངས་གཞག །རི་དྭགས་ཁྲི་སྙན་ལྟ་བུའི་སེམས། །


DNG016_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་རྗེའི་སེམས་དང་མ་བྲལ་ཞིང་། །བྱམས་པ་ལ་སོགས་མ་བྲལ་ན། །རང་སེམས་རྣམ་པར་དག་འགྱུར་ཏེ། །ཡིད་བཞིན་ནོར་བུ་ལྟ་བུར་འགྱུར། །དངོས་གྲུབ་སྟེར་བར་རང་སེམས་ཤེས། །ཇི་ལྟར་ནོར་བུ་རིན་པོ་ཆེ། །གའུའི་ནང་དུ་བཅུག་བྱས་ནས། །ཤིན་ཏུ་གཅེས་པར་མ་བྱས་ན། །དགོས་པའི་དོན་མཆོག་མི་སྟེར་ཏེ། །ནོར་བུ་དག་ལ་འཚེ་བ་མང་། །དེ་བཞིན་རང་སེམས་རིན་པོ་ཆེ། །གའུ་ལྟ་བུའི་ཕུང་པོ་ལ། །ཉོན་མོངས་ལྔ་པོར་གྱུར་པའི་དགྲ། །རླུང་མཁྲིས་བད་ཀན་འདུས་པའི་ནད། །ཕན་ཟ་གོན་དང་ཁ་ཟས་ཀྱིས། །གའུ་ལྟ་བུའི་ཕུང་པོ་མཆོད། །ཇི་ལྟར་ཕ་རོལ་སྐྱེལ་བའི་གྲུ། །གས་ཆག་ཅན་གྱིས་ཕྱིན་མི་འགྱུར། །གྲུ་དེ་བཅོས་ལེགས་བྱས་གྱུར་ན། །ཇི་ལྟར་ཕ་རོལ་ཕྱིན་པ་ལྟར། །དེ་བཞིན་ཕུང་པོ་གྲུ་ལྟ་བུ། །བཅོས་ལེགས་བྱ་ཕྱིར་མཁས་ཀྱང་མཉམ། །ཉལ་དང་ལྡང་དང་འཆག་པ་དང་། །ཕན་པའི་ཟས་བསྟེན་གནོད་པ་སྤངས། །གཉིད་དང་རྩོལ་མཁས་སྦྱར་ཏེ་བསྟེན། །ཇི་ལྟར་གབ་ཚེ་ནང་སྩལ་བའི། །རིན་ཆེན་ལྟ་བུ་ཕྱག་གི་གནས། །དེ་བཞིན་ནད་མེད་ཕུང་པོ་དང་། །རང་སེམས་དག་པའི་རིན་པོ་ཆེ། །དུས་གསུམ་བདེ་གཤེགས་ཕྱག་འཚལ་གནས། །ཇི་ལྟར་ནོར་བུ་རིན་པོ་ཆེ། །དྲི་མ་ཡོད་པའི་རང་བཞིན་ཅན། །དགོས་པའི་དོན་རྣམས་མི་འབྱུང་སྟེ། །རས་ལ་སོགས་པས་ཕྱིས་གྱུར་ཅིང་། །དྲི་མ་དག་པར་བྱས་གྱུར་ན། །དགོས་པའི་དོན་རྣམས་སྟེར་བ་ལྟར། །དེ་བཞིན་རང་སེམས་རིན་པོ་ཆེ། །ལུས་ངག་ཡིད་ཀྱི་དྲི་མ་ཅན། །རང་སྐྱོན་བརྟག་ལ་བོར་བར་བྱ། །ལུས་ཀྱི་ཉོན་མོངས་དག་ལ་འབད། །དེ་ལྟར་རང་སེམས་དག་པ་ལ། །དུས་གསུམ་བདེ་གཤེགས་མངོན་ཕྱོགས་ཤིང་། །དེ་བཞིན་ཆོས་སྐྱོང་མགོན་པོ་དང་། །རྣལ་འབྱོར་མ་ཚོགས་མཁའ་འགྲོ་དང་། །འཇིག་རྟེན་ལས་ཀྱི་མཐུ་ཆེན་རྣམས། །རིང་པོའི་གནས་ནས་སྟོང་གྲོགས་བྱེད། །འཕགས་པ་འཇམ་དཔལ་དྲི་མ་མེད་པ་གསང་བའི་རྒྱུད་ལས། བསྒྲུབ་པའི་ལས་དང་། ཡོན་ཏན་བསྟན་པའི་ལེའུ་སྟེ་ཉི་ཤུ་གཉིས་


DNG016_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

པའོ།། །།དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །སྙིང་རྗེ་བྱང་ཆུབ་སེམས་བྲལ་བ། །དམ་ཚིག་ཉམས་པའི་རང་བཞིན་ལ། །དེ་དག་རྣམས་ཀྱིས་སྲོག་ཕྲོགས་ནས། །ཚེ་ཡི་དུས་བྱས་ངན་སོང་སྐྱེ། །དེ་ལྟར་རང་སེམས་མ་ཁྲེལ་བའོ། །མ་ཉམས་སྙིང་རྗེ་ལྡན་པ་ཡིས། །རྣལ་འབྱོར་ཆེན་པོ་དེ་ཡིས་ཀྱང་། །བླ་མེད་འབྲས་བུ་འཐོབ་འདོད་ན། །རང་གི་ཉོན་མོངས་གཞོམ་པའི་ཕྱིར། །བཟླས་པའི་ཕྱག་རྒྱ་ཆེ་ཆུང་གིས། །བསྙེན་བསྒྲུབ་མཐར་དབྱུང་བསྟན་པ་བསྲུང་། །ཉོན་མོངས་ཞི་ནས་བྱང་ཆུབ་ཐོབ། །དེ་ཡི་ཕྱིར་ནི་ཕྱག་བརྡ་ནི། །སེ་གོལ་སྒྲ་ལས་བྱུང་བ་ན། །དེ་བཞིན་སེ་གོལ་སྒྲ་དག་ནི། །ཐབས་དང་ཤེས་རབ་གཉིས་མེད་སྒྲ། །དུས་གསུམ་བདེ་གཤེགས་གསན་པར་མཛད། །རྔ་དང་སིལ་སྙན་བརྡེབ་བརྡུང་སྦྲག །འབུད་པའི་སྒྲ་སོགས་དཔག་ཏུ་མེད། །ཐལ་མོ་སེ་གོལ་སྒྲ་དག་པ། །འབུམ་གྱི་ཆར་ཡང་མི་འགྲོའོ། །ཕྲིན་ལས་དྲག་པོའི་དུས་སུ་ནི། །ཕྱག་བརྡ་ཆུང་བ་ཐལ་མོའི་སྒྲ། །ཐབས་དང་ཤེས་རབ་འཁོར་ལོ་སྟེ། །དྲག་ཏུ་བསྐོར་ཞིང་ལན་བདུན་གདབ། །འཇིག་རྟེན་མི་མ་ཡིན་པའི་བརྡ། །གང་དམིགས་ལུས་སེམས་རྒྱུད་ཀྱང་བསྲེག །སེ་གོལ་སྒྲ་ནི་འདི་བརྡབས་པས། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཐལ་མོ་འཇིགས་པས་ཐམས་ཅད་དངངས། །ཡི་དྭགས་བོད་པའི་སྒྲ་རུ་ཤེས། །འཕགས་པ་འཇམ་དཔལ་དྲི་མ་མེད་པ་གསང་བའི་རྒྱུད་ལས། ཕྱག་བརྡ་ཆེ་ཆུང་གི་ལེའུ་སྟེ་ཉི་ཤུ་གསུམ་པའོ།། །།དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །རོ་ལངས་དྲག་པོའི་འཁོར་ལོ་ཡིས། །ལྷ་རྣམས་གནད་ལ་དབབ་པ་དང་། །གང་དམིགས་མྱུར་དུ་བསྒྲལ་བ་ནི། །དགོན་པ་ཆེན་པོའི་ས་ཕྱོགས་སུ། །དཔའ་བོ་ཆེན་པོས་བགྲོད་ནས་ཀྱང་། །བདག་གམ་འོན་ཏེ་གསུམ་དག་གིས། །འབྱུང་པོར་གཏོར་མ་བྱིན་ནས་ཀྱང་། །ཕྱི་ནང་གསང་བའི་མཚམས་ཀྱང་བཅད། །འཇིགས་པ་སྤོང་བའི་སེམས་ཀྱིས་སུ། །རལ་གྲི་དག་ནི་ཐོགས་ནས་ཀྱང་། །གྲོགས་ནི་གསུམ་དང་ལྷན་ཅིག་ཏུ། །གཤིན་


DNG016_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་ཕྱོགས་ནས་རྫས་དག་བཙལ། །འཇིགས་པ་མེད་པའི་སེམས་ཀྱིས་སུ། །རྨ་མེད་པ་ཡི་རྫས་བཙལ་ལ། །བགེགས་མཐར་བྱེད་པའི་སྙིང་པོ་གདགས། །ཚིག་དག་སྨྲ་བར་མི་བྱ་ལ། །ཕྱིར་ཡང་བལྟ་བར་ཡོང་མི་བྱ། །དེ་དག་བྱས་ན་བར་ཆད་འབྱུང་། །དེ་ནས་རྫས་མཆོག་དམ་པ་དེ། །སྤོས་ལྔ་བདུད་རྩིས་ཁྲུས་བྱས་ལ། །རོ་ལངས་གཉེན་པོའི་གདོན་དང་དབྲལ། །དེ་ནས་དཔའ་བོ་ཆེན་པོ་ཡིས། །རྫས་མཆོག་གདན་ལ་འདུག་ནས་ནི། །བཀྲ་ཤིས་བཅས་གཏུར་བྱས་ནས་ནི། །ཞལ་དག་གཡས་གཡོན་དབུས་དག་ཀྱང་། །དཀར་དམར་ནག་པོའི་རྫས་ཀྱིས་བསྣུན། །དྲག་པོ་ལྷ་ཡི་ང་རྒྱལ་གྱིས། །མི་སྐྱོའི་བར་དུ་གསང་སྔགས་བཟླ། །དེ་ནས་རྫས་མཆོག་དམ་པ་དེ། །གྲུ་གསུམ་པགས་པའི་སྟེང་དུ་གཞག །མགོ་ནི་གཤིན་རྗེའི་ཕྱོགས་སུ་སྟེ། །རྐང་པ་ཡཀྴའི་ཕྱོགས་སུ་ཤེས། །དེ་ནས་དཔའ་བོ་ཆེན་པོ་ཡིས། །དྲག་པོའི་སྔགས་ཀྱི་འཁོར་ལོ་ཡང་། །ཡི་དྭགས་གོས་ལ་ཡང་དག་བྲི། །ཁྲུ་དང་ལྡན་པའི་རས་མཆོག་ལ། །ཁྲག་སྣ་དུག་སྣ་ཚོགས་པས་བསྣུན། །རིམ་བཞི་ལྡན་པའི་ཟླུམ་པོ་ལ། །རིམ་གཅིག་ཐིག་བཞི་ལིང་ཚེ་དགུ། །རིམ་གཉིས་དག་ལ་བཅུ་གཉིས་ཏེ། །རིམ་གསུམ་བཅུ་དྲུག་དག་ཏུ་ཤེས། །རིམ་བཞི་བཅུ་དྲུག་དག་ཏུ་བྱ། །རིམ་པ་དང་པོའི་འཁོར་ལོ་ལ། །ཡི་གེ་འཁོར་ལོ་བྲི་བ་ཡང་། །དབུས་ལ་ཡ་བྲི་དེ་བཞིན་ཕྱོགས། །ཡ་མ་མེ་ད་ཀྵེ་ཡིག་མཆོག །དྲག་པོའི་སྔགས་ཀྱི་འཁོར་ལོ་བྲི། །མཚམས་ཀྱི་ས་སྟོད་འཁོར་ལོ་ལ། །ཧཱུཾ་གཉིས་བར་དུ་བསྒྲུབ་བྱའི་མིང་། །རིམ་པ་གཉིས་པའི་འཁོར་ལོ་ལ། །རཱ་ཛ་ས་དོ་གསང་བའི་སྔགས། །རུ་ཎ་ཡོ་ནི་ཞེས་པ་དང་། །ར་ཡ་ཙྪ་ན་གསང་སྔགས་བྲི། །རིམ་པ་གསུམ་པའི་འཁོར་ལོ་ལ། །གསང་སྔགས་ཧྲཱྀཿཤྟྲཱིཿའི་ཡི་གེ་དང་། །རཱུ་ཏྲའི་མིང་ཡིག་སྤེལ་ཏེ་བྲི། །རིམ་པ་བཞི་པའི་བཅུ་དྲུག་ལ། །གསུང་ཡིག་དབྱངས་ཀྱི་ཡི་གེ་བྲི། །གཡོན་སྐོར་ལེགས་ཟིན་དེ་ནས་ཀྱང་། །གཡས་སྐོར་ཚུལ་ལས་བཟློག་སྟེ་བྲི། །ཡ་དང་ཡ་བསྙམས་


DNG016_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་དུ། །ཡ་གཉིས་ཡ་རུ་བསྣོལ་ནས་བཟུང་། །སྤྲད་པས་ཡ་རུ་ཤེས་པར་བྱ། །ཡི་གེ་གཞན་ཡང་དེ་བཞིན་དུ། །ལོག་ན་སྔགས་ཀྱི་འཁོར་ལོ་ལྡོག །དེ་བས་ནན་ཏན་བསྐྱེད་དེ་བྱ། །ཉི་ཤུ་དྲུག་ལ་ལེགས་ཟིན་ནས། །དྲིལ་ཏེ་རྫས་མཆོག་ལྟོ་རུ་སྦ། །བྱད་ཐག་བཞི་གདགས་ཟིན་པར་བཟུང་། །ཉི་ཤུ་གསང་སྔགས་བདུན་ནས་བཟླས། །ནུབ་མོ་གཅིག་ཏུ་དྲིལ་བ་འམ། །ཡང་ན་ཧྲཱྀཿཤྟྲཱིཿའི་སྔགས་སུ་ཤེས། །དཀྱིལ་འཁོར་ཆེན་པོ་བསྐོར་བྱ་ཞིང་། །གཡང་གཞི་འོག་མགོ་ཟློག་ལ་གོན། །དྲག་པོའི་སྔགས་བཟླས་མཎྜལ་བསྐོར། །དེ་ནས་རྫས་ལ་གནས་པའི་ལྷ། །ལྡང་ངམ་གཡོ་འམ་འོན་ཏེ་སྨྲ། །རོ་ལངས་དམ་ཚིག་མུ་དྲ་བསྟན། །ལག་པ་ཐལ་སྦྱར་སོར་མོ་བསྣོལ། །མཛུབ་གཉིས་དག་གིས་སྲིན་ལག་གཉིས། །འཁྱུད་དེ་བཀུག་ལ་མཐེབ་གཉིས་བསྣོལ། །རོ་ལངས་ཕྱག་རྒྱའི་གསང་སྔགས་བཟླས། །ན་མོ་བུཌྜྷ་དྷརྨ་སང་གྷེ་བྷྱཿ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀྲོ་དྷ་བི་ཛ་ཡ། ཨག་ནི་ར་ཛྭ་ལ་ཏི་ཛི་ཧཱ་པྲེ་ཏ་ཤི་ཡ་ཧཱུཾ་ཕཊ། བཟླས་པ་ཕྱག་རྒྱ་བསྐོར་ཞིང་བཟླས། །མི་འཇིགས་སེམས་ཀྱིས་གཏོར་མ་སྦྱིན། །དངོས་གྲུབ་གང་འདོད་ཞུ་གསོལ་གདབ། །གལ་ཏེ་དེ་ལྟར་མ་གྱུར་ན། །དུར་ཁྲོད་མེ་ཡིས་རྫས་མཆོག་བསྲོ། །ཐོར་ཏེ་བཅིངས་བསྟན་བསླངས་ཏེ་གཞག །རོ་ལངས་གསང་སྔགས་བཟླས་པར་བྱ། །ཡ་མེ་དོ་ས་ཛ་རཱ་མ་ཡ་ད་ཡོ་ཎ་རུ་དོ་མེ་ཡ། ཡ་ཀྵེ་ཡ་ར་ནི་ཡོ་ད་ཡ་མེ། ཡ་མ་རཱ་ནི་ཙྪ་ཡ་ཀྴེ་ཡ། ཨ་མུ་ཀཾ་རཀྟ་ཙ་ར་ཡ། ཨ་མུ་ཀཾ་མཱ་ར་ཡ། རོ་ལངས་འཁོར་ལོའི་གསང་སྔགས་ནི། །སྐྱེས་བུ་སེམས་ནི་མི་དཔའ་བས། །གལ་ཏེ་རོ་ལངས་སྔགས་བཟླས་ན། །གྲོགས་དང་བཅས་ནས་འཆི་བར་འགྱུར། །དེ་ལས་གཞན་དུ་བྱ་བ་མིན། །དེ་བས་དཔའ་བོ་ཆེན་པོ་དེས། །རོ་ལངས་འཁོར་ལོའི་གསང་སྔགས་འདི། །བཟློག་སྟེ་བསྐོར་བ་དེ་བཞིན་དུ། །བྱས་ན་རྫས་ལ་རྟགས་ཆེན་འབྱུང་། །སྨྲ་བའམ་འགུལ་ལམ་གཡོ་བ་འབྱུང་། །མཆོག་ལ་སོགས་པའི་དངོས་གྲུབ་བླང་། །གལ་ཏེ་རྫས་ལ་རྟགས་མེད་ཀྱང་། །བསད་དང་གསོ་བ་ཕྲ་མོ་རྣམས། །འགྲུབ་པར་


DNG016_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བ་གདོན་མི་ཟ། །དེ་ནས་རྫས་ཀྱི་འཁོར་ལོ་ནི། །མཚན་ངན་ཐོད་པར་དྲིལ་ཏེ་གཞག །ལྷོ་ཕྱོགས་དུར་ཁྲོད་རྙིང་པ་འམ། །མི་རོ་གནས་པའི་ཁུང་དུ་སྦ། །དེ་ནས་རྫས་མཆོག་དམ་པ་དེ། །ལྷ་ཡི་ལྷ་དག་གཤེགས་སུ་གསོལ། །གང་ཡིན་རཱུ་ཏྲར་བསམ་བྱས་ལ། །མཚོན་སྣ་ལྔ་ཡི་ཆར་པ་དབབ། །དྲག་པོའི་སྔགས་ཀྱིས་བསྒྲལ་བར་བྱ། །ནང་ཁྲོལ་གློ་སྙིང་མཁལ་མར་བཅས། །གཤིན་རྗེའི་ལྷ་ཚོགས་རྣམས་ལ་དབུལ། །དབང་པོ་རྣམ་ལྔའི་མེ་ཏོག་ཀྱང་། །དེ་བཞིན་དུ་ནི་ཤེས་པར་བྱ། །ཞིང་ཆེན་མགོ་བོ་ཐོད་པ་ཡང་། །མ་ཚོགས་ཡོངས་ཀྱི་རྫས་སུ་གཞག །མ་ཐོད་དག་གི་ཁ་རུ་ཡང་། །ཡ་མ་དམ་སྲི་བཅུག་ལ་མནན། །འཁོར་ལོ་ལྕགས་ཀྱུ་ལ་སོགས་པ། །དབང་པོ་རྣམས་ལ་གཏོར་མར་སྦྱིན། །རྫས་མཆོག་ལྷག་མ་དག་ལ་ཡང་། །ལིངྒ་མིང་ཡིག་བསྲེས་ཏེ་དབུལ། །མེ་ཉིད་ལྷ་རུ་བསམ་བྱ་ཞིང་། །ལྕགས་ཕྱེ་ཟངས་ཕྱེ་རྡོ་ཕྱེ་དང་། །མཚེ་དང་འབྲུ་ནག་ཉུང་ནག་མར། །དུག་རྫས་ཀོ་བའི་དུམ་བུ་དབུལ། །ཧྲཱྀཿཤྟྲཱིཿདྲག་པོའི་ལས་སྔགས་བཟླས། །ཨོཾ་ཧྲཱྀཿཤྟྲཱིཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཆེ་གེ་མོ་མཱ་ར་ཡ་ཕཊ་ཕཊ། དེ་ནས་དྲག་པོའི་ཐལ་བ་དང་། །ཐབ་ཁུང་སྦས་ཏེ་གནན་པ་བྱ། །རོ་ལངས་དྲག་པོའི་འཁོར་ལོ་འདི། །སྐྱེས་བུའི་སེམས་ནི་མི་དཔའ་བས། །རང་དོན་ཕྲ་མོའི་དོན་ཆེད་དུ། །བསྐོར་ན་རང་ལ་ལྡོག་འགྱུར་བས། །དེ་བས་ནན་ཏན་བསྐྱེད་དེ་གསང་། །འཕགས་པ་འཇམ་དཔལ་དྲི་མ་མེད་པ་གསང་བའི་རྒྱུད་ལས། རོ་ལངས་འཁོར་ལོའི་ལེའུ་སྟེ་ཉི་ཤུ་བཞི་པའོ།། །།དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །གསང་སྔགས་རྣལ་འབྱོར་ནང་འཐབ་ན། །བསད་པའི་འཁོར་ལོ་བསྐོར་བར་གསུངས། །མུ་སྟེགས་བྲམ་ཟེའི་པགས་པ་ལ། །འཁོར་ལོ་རིམ་བཞི་ལྟོ་སྦྱར་བྲི། །ཐིག་བཞི་བཏབ་པས་ལེ་ཚེ་དགུ། །ཡ་མ་ཡེ་ད་ཀྵེ་ལྔ་དགོད། །དེ་ཡི་ཕྱི་རིམ་བཅུ་གཉིས་ལ། །ར་ཛ་ས་དོ་རུ་ཎ་ཡོ། །ནི་ར་ཡ་ཙྪ་བཅུ་གཉིས་དགོད། །དེ་ཡི་ཕྱི་རིམ་བཅུ་དྲུག་ལ། །ཧྲཱྀཿཤྟྲཱིཿམིང་དང་སྤེལ་ལ་དགོད། །དེ་


DNG016_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་ཕྱི་རིམ་བཅུ་དྲུག་ལ། །རྡོ་རྗེ་འགྲེང་བུ་བཅུ་དྲུག་བྲི། །མུ་སྟེགས་ཐོད་པའི་གའུར་བཅུག །ཞིང་གི་རྒྱུས་པས་སུམ་སྒྲིལ་བཅིངས། །བདག་ཉིད་གཤེད་པོར་གནས་པ་ཡིས། །རོ་ལངས་འཁྲུགས་པའི་ནད་དཔལ་དང་། །འཁྲུག་བྱེད་དམར་པོའི་ཤི་སྔགས་བཟླས། ཡ་མ་རཱ་ཛ་སྙིང་རོ་ཤག་ན། ས་དོ་མེ་ཡ་ཀྲོ་དྷི་ཤྭ་རཱི། ཡ་མེ་དོ་རུ། ཙི་ཏ་རོ་ལ་ཤཱན་ཏིང་། ཎ་ཡོ་ད་ཡ་ས་མ་ཡ་ཛ་ཛ། ཡ་ད་ཡོ་ནི་རོ་ཙ་མུག །ར་ཡ་ཀྵེ་ཡ། ས་མ་ཡ་ཛ་ཛ། ཡ་ཀྵེ་ཡཙྪ། སྙིང་ཁྲག་ཆོད། ནིར་མ་ཡ། སྲོག་སྲོག་མཱ་ར་ཡ་ཕཊ། སྙིང་རྩ་དགྲ་བོ་མཱ་ར་ཡ། ཉིན་མཚན་མེད་པར་གཅིག་ཏུ་དྲིལ། །གའུ་དག་ལ་འོད་འཕྲོ་བའི། །མཚན་མ་དངོས་སུ་བྱུང་བ་ན། །གདུག་པ་སྨེ་བརྩེགས་ས་རུ་གནན། །དེས་ཀྱང་མྱུར་དུ་མ་གྲུབ་ན། །གཡས་སྐོར་མཐའ་ལ་དགུག་སྔགས་བཟླས། །ཉི་ཤུ་རྩ་གཅིག་སྨྲ་བཅད་ལ། །མཆོད་རྫོགས་གཏོར་མ་རྒྱུན་མི་གཅད། །དེས་ནི་ལོག་ལྟ་མཱ་ར་ཡའོ། །འཕགས་པ་འཇམ་དཔལ་དྲི་མ་མེད་པ་གསང་བའི་རྒྱུད་ལས། སྔགས་པ་བསད་པའི་ལེའུ་སྟེ་ཉི་ཤུ་ལྔ་པའོ།། །།དེ་ལྟར་བཅོམ་ལྡན་འདས་དཔལ་གཤིན་རྗེའི་གཤེད་པོས་བསྟན་པ་རྒྱུད་ཀྱི་དོན་ལེའུར་ཕྱེ་ནས། རྒྱས་པར་བཀའ་སྩལ་པ་ལས། ཞུ་བ་པོ་རྡོ་རྗེ་འཆང་ཆེན་པོ་ལ་སོགས་པའི། འཁོར་དེ་དག་ཐམས་ཅད་ཚིམས་ཏེ། རྗེས་སུ་ཡི་རངས་ནས་མངོན་པར་བསྟོད་དེ། རང་རང་གནས་སུ་དེངས་ནས་མི་སྣང་བར་གྱུར་ཏོ། །འཕགས་པ་འཇམ་དཔལ་དྲི་མ་མེད་པ་གསང་བའི་རྒྱུད་ལས། རྗེས་སུ་ཡི་རང་བའི་ལེའུ་སྟེ་ཉི་ཤུ་དྲུག་པའོ།། །། འཇམ་དཔལ་དྲི་མ་མེད་པ་གསང་བའི་རྒྱུད་རྫོགས་སྷོ།། །།བར་འདིར་འཇམ་དཔལ་གཤིན་རྗེ་གསང་བ་དེ་ཁོ་ན་ཉིད་ཁ་ཐུན་གྱི་རྒྱུད་དམ་འཇམ་དཔལ་གསང་རྒྱུད་ཕྱི་མར་གྲགས་པ་འཛུད།

དཔལ་གཤིན་རྗེ་ནག་པོ་མེ་རླུང་སྐྱི་འདང་འཁྲུགས་པ་རྒྱུད་ཀྱི་རྒྱལ་པོ།


DNG016_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཤྲི་ཡ་མ་ཀྲྀཥྞ་ཨགྣི་བཱ་ཡུ་ཀ་ར་ཀ་བྱསྟ་ཏནྟྲ་རཱ་ཛ། བོད་སྐད་དུ། དཔལ་གཤིན་རྗེ་ནག་པོ་མེ་རླུང་སྐྱི་འདང་འཁྲུགས་པ་རྒྱུད་ཀྱི་རྒྱལ་པོ། ཚེ་བདག་ནག་པོ་འཕགས་པ་འཇམ་དཔལ་ཁྲོ་བོ་འཇིགས་པ་ཅན་ལ་ཕྱག་འཚལ་ལོ། །ཐམས་ཅད་གསུམ་ལྡན་བདེ་བ་གཅིག །ཟུངས་ཐུབ་མཚན་མ་ཀུན་སྤངས་པའི། །ཡོན་ཏན་མ་ལུས་ཀུན་ལྡན་པའི། །རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་འོག་མིན་གྱི་གནས་ན། དུར་ཁྲོད་ཆེན་པོ་ལྕང་ལོ་ཅན་གྱི་ཕོ་བྲང་ན། ཡུམ་ཆེན་མོ་དང་གཉིས་སུ་མེད་པའི་བྷ་ག་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བཅུད་ནས་བྱིན་གྱིས་བརླབས་ཏེ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་བཙུན་མོ་གསང་བའི་ཡུམ་ཆེན་མོ་དང་གཉིས་སུ་མེད་པར་གྱུར་ཏེ། ངང་ལ་སྙོམས་པར་ཞུགས་སོ། །དེ་ནས་ཉིད་ལས་མ་གཡོས་པའི་འཁོར་སྤྲུལ་པའི་སྐུ་ཡིས། མི་གཡོ་བ་ལས་བསླང་བའི་ཕྱིར་གསོལ་བ་བཏབ་བོ། །ཡེ་ནས་མ་སྐྱེས་ཆོས་སྐུ་དག་པ་ལ། །མི་སྐྱེ་རྣམ་དག་ངང་ལས་མ་གཡོས་ཀྱང་། །རྫོགས་པའི་ཚུལ་དུ་ལོངས་སྤྱོད་སྐུར་བཞེངས་པ། །མཉམ་པའི་ངང་ལས་འགྲོ་བའི་དོན་མཛོད་ཅིག །ཅེས་བསྐུལ་བས་གསང་བའི་རྩ་གཡོས་ཏེ། བྱང་ཆུབ་ཀྱི་སེམས་རིན་པོ་ཆེའི་འོད་དང་མཉམ་པ་ཆེན་པོའི་སྒྲ་བྱུང་ནས། འཇིག་རྟེན་གྱི་ཁམས་རབ་ཏུ་གཡོས་པར་འགྱུར་ཏེ། འཁོར་ཐམས་ཅད་རབ་ཏུ་བརྒྱལ་ལོ། །དེ་ནས་གཤིན་རྗེའི་རྒྱལ་པོ་སྤྲུལ་པ་ཡིས། །འཁོར་རྣམས་བརྒྱལ་བ་དེ་ལས་བསླང་བའི་ཕྱིར། །བཅོམ་ལྡན་འདས་ལ་གསོལ་བ་བཏབ་པ། ཆོ་འཕྲུལ་འཇིགས་པར་བསྟན་པ་ངོ་མཚར་ཆེ། །སངས་རྒྱས་སྒྱུ་འཕྲུལ་བསམ་དཔག་མེད། །འཇིག་རྟེན་ཁམས་འདིར་འུར་འུར་ཆེམ་ཆེམ་གཡོས། །འཁོར་རྣམས་འཁྱམས་ནས་ལུས་ཀྱང་ས་ལ་བརྡེག །དབུགས་དང་མ་བྲལ་དྲན་པའི་དབང་པོ་ཉམས། །འཁོར་རྣམས་སྲོག་དང་ལྡན་པར་མཛོད། །ཅེས་


DNG016_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་བཏབ་བོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་རྣམས་བརྒྱལ་བ་ལས་བསླང་བའི་ཕྱིར། དབུགས་དབྱུང་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །སྐད་ཅིག་མ་དེ་ཉིད་ལ། འཁོར་རྣམས་བརྒྱལ་བ་ལས་ལངས་ཏེ། ལྷ་མ་སྲིན་ཕྱོགས་བཅུ་ནས་ལྷགས་པ་དེ་དག་ཐམས་ཅད་ཀྱིས། བཅོམ་ལྡན་འདས་རྡོ་རྗེ་འཆང་ལ་རང་རང་གི་སྲོག་གི་སྙིང་པོ་མདོངས་གསོལ་དུ་ཕུལ་ལོ། །ཀྱེ་ཧོ་བཅོམ་ལྡན་འདས་ཁྲོ་བོའི་རྒྱལ། །ཁྲོས་པས་སེམས་ཅན་དྲན་པ་ཉམས། །རྫུ་འཕྲུལ་རྨད་དུ་བྱུང་བ་ངོ་མཚར་ཆེ། །རང་རང་སྲོག་གི་སྙིང་པོ་རྣམས། །བསྟན་པ་བསྲུང་ཕྱིར་མདོངས་གསོལ་དབུལ། །སྲོག་གི་སྙིང་པོ་འདི་བཞེས་ལ། །དཀྱིལ་འཁོར་ཆེན་པོ་བསྲུང་བར་གྱིས། །ཞེས་ཞུས་པས། བཅོམ་ལྡན་འདས་དགྱེས་པ་ཆེན་པོར་གྱུར་ཏེ། ཞི་ཁྲོ་དང་། གཤིན་རྗེ་དང་། མ་མོ་དང་། བདུད་ཕོ་མོ་དང་། སྲིན་པོ་ཕོ་མོ་དང་། རྒྱལ་པོ་དང་། གྱིང་ཕོ་མོ་དང་། བཙན་དང་སྲོག་བདག་དང་། ས་བདག་དང་། ཀླུ་དང་། གཉན་དང་། ལྷ་མ་སྲིན་སྡེ་བརྒྱད་ཀྱི་སྲོག་གི་སྙིང་པོ་དམ་ཚིག་གཅིག་ཏུ་དྲིལ་ནས་བསྡུས་སོ། །དེ་ཡང་ཇི་ལྟར་བསྡུས་ཞེ་ན། ལ་ལས་ནི་བསྙེན་བསྒྲུབ་བཞི་རུ་ཕྱེ་ནས་ཕུལ། ལ་ལས་ནི་ཡན་ལག་རྣམ་པ་གསུམ་དུ་ཕྱེ་ནས་ཕུལ། ལ་ལས་ནི་རྒྱུན་གྱི་དྲག་སྔགས་སུ་ཕུལ་ལོ། །ལ་ལས་ནི་སྒྲུབ་པའི་དྲག་སྔགས་སུ་ཕུལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྲོག་དང་ལས་ཐམས་ཅད་གཅིག་ཏུ་དྲིལ་ནས། དབང་དུ་བསྡུ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཉེ་འཁོར་ན་གནས་པའི་སྲོག་ཆགས་ཀུན། ནུས་པ་གསུམ་སྟེ་སྲོག་དབང་བསྡུས། །དྲེགས་པའི་ཚུལ་དུ་ལས་ངོ་ལོངས། །དཔའ་བོ་བཀྲག་མདངས་དབང་དུ་སྒྱུར། །ཞེས་གསུངས་པས། སངས་རྒྱས་ཐམས་ཅད་འཁོར་དེ་ཉིད་དུ་ལྷགས་ཏེ། སྲོག་གི་སྙིང་པོ་ཐམས་ཅད་ནུས་པ་དཔག་ཏུ་མེད་པའི་མཐུར་བྱིན་གྱིས་བརླབས་ཏེ་གསུངས་སོ། །འཁོར་ཐམས་ཅད་སྦྱོར་བ་སྣ་ཚོགས་མཐུ་དང་བཅས་པར་བྱིན་གྱིས་བརླབས་ཏེ་དབང་དུ་


DNG016_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་སོ། །དེ་ཡང་ཇི་ལྟར་བསྡུས་ཤེ་ན། ཡི་གེ་གཉིས་ནི་དབང་དུ་དྲིལ། །སྲིད་པའི་ཁྱམས་ཁང་དུ་དབང་དུ་བསྡུས་སོ། །དེ་ནས་འཁོར་གྱི་གཙོ་བོ་ཡ་མ་རཱ་ཙས། བཅོམ་ལྡན་འདས་ལ་འཁོར་ཐམས་ཅད་གདན་དང་བཅས་པའི་དཀྱིལ་འཁོར་དུ་དགོད་པར་བཤད་དུ་གསོལ། །ཞེས་ཞུས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རང་བཞིན་འབྱུང་བའི་དཀྱིལ་འཁོར་བཤད་དེ། དུར་ཁྲོད་ཆེན་པོ་དབེན་པ་ཡི། །གདུག་པ་ཅན་དང་ལྡན་པ་རུ། །ལས་བསྒྲུབ་པ་ཡི་དཀྱིལ་འཁོར་འབྱུང་། །ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ། །རང་བཞིན་གནས་པའི་དཀྱིལ་འཁོར་བརྟག །ཕྱི་ནང་སྣོད་བཅུད་དག་པ་རུ། །ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་བརྟག །དེ་ཡི་ཡོན་ཏན་བསམ་མི་ཁྱབ། །ཡུམ་གྱི་བྷ་ག་ཡངས་པ་རུ། །གསང་བའི་དྲོད་ཀྱི་དཀྱིལ་འཁོར་བརྟག །ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་འདི་ལྟ་སྟེ། །གྲུ་བཞི་རིན་ཆེན་རྒྱུ་དང་ལྡན། །ཐོད་པའི་ཀེང་རུས་བརྩིགས་པར་བཅས། །སྒོ་བཞི་དུར་ཁྲོད་ཁྱམས་དང་འགྲམ། །རྟ་བབས་བཞི་དང་ཏྭ་ར་ཎ། །ལྷུན་པོ་བཞི་དང་ལྡན་པའི་གནས། །ནོར་བུ་རིན་ཆེན་ཀེང་རུས་ཀྱི། །ཀ་བ་བརྒྱད་དང་དེ་བཞིན་གདུང་། །ཚངས་པའི་དྲལ་ཕྱམ་ཞིང་རུས་བཅས། །ཐོད་པ་རྒྱུ་མ་ཞིང་ཆུང་གིས། །བླ་འོག་ཐམས་ཅད་སྤྲས་པའོ། །སྟག་གཟིག་སེང་གེ་མ་ཧེ་གླང་། །ཆུ་སྲིན་གནམ་ལྕགས་སྒོ་ལ་མཛེས། །འདོད་ཡོན་ལྷ་མོ་དུར་ཁྲོད་རྒྱན། །ཡིད་འོང་མཆོད་པས་གང་བར་སྤྲས། །རིན་ཆེན་ཕ་གུ་ཐོད་པ་ཞིང་། །དྲ་བ་དྲ་ཕྱེད་དྲིལ་བུ་དང་། །ཞིང་གི་རྒྱན་གྱིས་མཛེས་པའོ། །རྡོ་རྗེའི་མེ་འོད་ཁྲག་མཚོའི་གླིང་། །དབུས་ན་གྲུ་གསུམ་རྩིབས་བཞི་ལ། །ཕྱི་རིམ་རྩིབས་བཅུ་སྒོ་རྩིབས་བཞི། །གཤིན་རྗེ་མ་ཧེ་ཉི་ཟླའི་གདན། །ཕྱི་ནང་འཁོར་ཡུག་དཔག་བསམ་ཡས། །དེ་ལ་གནས་པའི་རིམ་པ་ནི། །གཤེད་བདག་གཙོ་བོ་ཡབ་ཡུམ་གནས། །གྲུ་གསུམ་དབུས་ན་དྲེགས་པའི་ཚུལ། །རྩིབས་བཞིར་གཤེད་པོ་ཡབ་ཡུམ་བཅས། །རྩིབས་བཅུར་ཕྱོགས་


DNG016_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོང་རྩིབས་མཆན་བདུད། །གྲུ་ཆད་རོ་ལངས་ཅེ་སྤྱང་གནས། །ཁྱམས་ལ་ཤ་ཟ་ཕོ་མོའི་ཚོགས། །སྒོ་བཞིར་སྒོ་མ་དེ་བཞིན་གནས། །ཕྱི་ཁྱམས་འཁོར་ཡུག་སྡེ་བརྒྱད་དྲེགས། །འབུམ་ཕྲག་གཡོག་དང་ཡང་གཡོག་བཅས། །དྲུག་ཁྲི་དྲུག་སྟོང་འཁོད་པ་ཡི། །རང་སྔགས་སྲོག་གིས་འདྲེལ་པའོ། །དཀྱིལ་འཁོར་བདག་པོ་གནས་པ་ནི། །འཁོར་དུ་བདག་པོ་འདུས་པ་ཡིས་འཁོར་གྱི་ཡ་མ་རཱ་ཙ་ལ་སོགས་པ་ཐམས་ཅད་མགུ་བར་གྱུར་ཏེ། བཅོམ་ལྡན་འདས་ལ་ངག་མཐུན་པར་གསོལ་ཏོ། །མཉམ་པའི་ངང་ལས་དྲེགས་པའི་སྐུར་སྤྲུལ་ནས། །གདུག་པ་ཅན་རྣམས་མ་ལུས་དབང་དུ་བསྡུས། །བསྟན་པ་གནས་ཕྱིར་འཁོར་དུ་སྤྲུལ་ནས་འགྱེད། །འཁོར་ལ་བརྩེ་ཕྱིར་དབུགས་དབྱུང་ངོ་མཚར་ཆེ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཡུམ་ཆེན་མོའི་གསང་བའི་བྷ་ག་ལས་བཞེངས་ནས། དབུགས་དབྱུང་བའི་ཏིང་ངེ་འཛིན་ལ་བཞུགས་ཏེ། འཁོར་རྣམས་ལ་གཟིགས་ནས་དབུགས་ཕྱུང་ངོ་། །འཁོར་རྣམས་ཐམས་ཅད་རེངས་པ་དང་བརྒྱལ་བ་སངས་ཏེ། ཡང་བཅོམ་ལྡན་འདས་ལ་ངག་མཐུན་པར་གསོལ་བ་བཏབ་པ། ཀྱེ་ཧོ་རྡོ་རྗེ་འཛིན་པ་ཁྲོ་བོའི་རྒྱལ། །རྣམ་དག་གཉིས་མེད་ཆོས་སྐུའི་མཁའ། །ཆོ་འཕྲུལ་སྣ་ཚོགས་འཇིགས་པའི་སྐུ། །ཐུགས་རྗེས་འགྲོ་བའི་དོན་མཛོད་ཅིག །ཞེས་ཞུས་པས། དེ་ནས་བཅོམ་ལྡན་འདས་ཀྱིས། སྐྱེ་འགག་དང་བཅས་པའི་དོན་འདི་བཤད་དོ། །སྐྱེ་འགྲོ་མ་ལུས་ཆོས་སྐུ་བདེ་བའི་ངང་། །ཡེ་ཤེས་ཐམས་ཅད་བདེ་བའི་ངང་ལ་རྫོགས། །འཁོར་བའི་སྐྱོན་བྲལ་བསམ་ཡས་དཔག་མེད་སྐུ། །འདུལ་བའི་དབང་གིས་སྣ་ཚོགས་ལས་སུ་བསྟན། །ཞེས་གསུངས་པས་འཁོར་རྣམས་མགུ་བར་གྱུར་ཏེ། བཅོམ་ལྡན་འདས་ལ་ངོ་མཚར་བརྗོད་དོ། །འགྲོ་བ་ལས་ཀྱིས་རྨོངས་པ་ལ། །གདུག་པ་སྐུ་ཡི་རིམ་པ་བསྟན། །བསྟན་པ་གཉིས་མེད་མཉམ་སྦྱར་བས། །གདུག་པ་ཐམས་ཅད་བསྒྲལ་བ་ངོ་མཚར་ཆེ། །དེ་ནས་ཉིད་ཀྱི་སྐུ་གཤིན་རྗེའི་རྒྱལ་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ་ཆོས་


DNG016_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་བྱང་ཆུབ་སེམས་ཀྱི་རང་བཞིན་ལས། །འཕགས་པའི་རྒྱལ་པོ་རྡོ་རྗེ་འཆང་རྒྱལ་པོ། །འགྲོ་བའི་དོན་དུ་གཤིན་རྗེ་གཤེད། །སྐུ་གསུང་ཐུགས་ཀྱི་ཕྲིན་ལས་མཆོག་བསྡུས་པ། །མི་དགེ་མཚམས་མེད་སྨིན་པ་ཀུན་སྒྲོལ་བའི། །ལས་ཀྱི་རྒྱལ་པོ་སྦྱོར་བའི་སྨན་པ་མཆོག །མཆོད་ཆེན་གདུག་པ་སྣོད་ཚུལ་དྲེགས་པ་ཡི། །ཡན་ལག་བཅུ་གཉིས་བཞི་དང་གཡེང་བཞི་དང་། །གཟེར་ཐུན་དྲག་པོའི་བསམ་པ་རྒྱས་པར་མཛོད། །ཅེས་ཞུས་པ་གསན་ནས། སྙིང་པོ་བྱང་ཆུབ་སེམས་འདུས་ནས། །བྱིན་བརླབས་ལྡན་པས་གསང་བཅུད་བསྟན། །འཇིག་རྟེན་ཁམས་ན་འདུས་པ་ཡིས། །འགྲོ་བ་མ་ལུས་དྲེགས་པས་མྱོས། །བསྟན་པ་རིན་ཆེན་རྒྱལ་ལམ་གཅིག །ལུས་ཀྱི་སྦྱོར་བ་བརྒྱ་ཕྲག་བརྒྱད། །ཡན་ལག་ཉིས་བརྒྱ་སྟོང་བཅུ་དྲུག །རྩ་བའི་ལེ་གྲངས་བདུན་ཅུ་བཞི། །བསྒྲུབ་པ་དངོས་གཞི་ལྔ་དང་གཅིག །བགྲོད་པའི་རིམ་པ་དྲུག་དང་ལྡན། །ཡན་ལག་ལྔ་དང་བཅས་པ་བཞི། །རྟེན་གྱི་སྦྱོར་བ་ལས་བཅུ་གཉིས། །འདྲེན་པའི་གསང་ལམ་བཅུ་གཉིས་ལྡན། །སྒོ་དགུ་གསང་བཅུད་ཨཱ་ཀཱའི་མཆོག །དྲག་པོའི་སྦྱོར་བ་བཞི་དང་བརྒྱད། །དབང་གི་རིམ་པ་ལྔ་དང་བཅས། །ཕྱི་ནང་གསང་བའི་གསང་ཆེན་དྲིལ། །རང་བཞིན་སྤྲུལ་དང་སྤྲུལ་བྱེད་ལས། །ཡེ་ཤེས་ཡ་མ་པཉྩ་ཏྲི། །ལས་མཆོག་ཐབས་མཆོག་གཉིས་དང་རྩ། །དཀར་ནག་ལས་ཀྱི་བརྒྱ་དང་བཅུ། །གཤིན་རྗེ་མ་མོ་མཁའ་འགྲོ་གིང་། །བདུད་དང་སྲིན་པོ་ཤ་ཟ་ཀླུ། །སྨྱོ་བྱེད་རྒྱལ་པོ་དཀོར་སྲུང་གཟའ། །ས་བདག་སྡེ་བརྒྱད་སྲོག་གཅོད་གཉན། །སྲོག་གཅོད་ཆུ་སྲིན་མུ་སྟེགས་སྲི། །ལོག་འདྲེན་འབྱུང་པོ་དུར་ཁྲོད་བདག །ཁྱུང་ཁྲ་དུར་བྱ་བྱ་རྒོད་འུག །ཁྭ་རྒོད་ཅེ་སྤྱང་སྟག་དོམ་ཝ། །ཁྱི་སྦྲུལ་བུང་བ་སྡིག་དེ་སྤྱང་། །འཇིག་རྟེན་དྲེགས་པ་སྲོག་དབང་འཕྲོག །ཐམས་ཅད་དྲེགས་ཤིང་ལས་ལ་མྱོས། །འཁོར་དང་ཡང་འཁོར་བཅས་པ་ཡི། །གཤིན་རྗེ་གཤེད་ཀྱི་དགེ་འདུན་ཀུན། །རྒྱུད་འདིར་བསྟན་པ་


DNG016_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་འབྱུང་བས། །སྦྱོར་བ་དུ་མའི་བཅའ་གཞི་བཤད། །བཅོམ་ལྡན་གཤིན་རྗེ་གཤེད་པོ་ཉིད། །ལྷོ་ཕྱོགས་གཤིན་རྗེའི་གནས་དུར་ཁྲོད་ཆེན་པོ་ན་འཁོར་ཁྲོ་བོ་དང་ཁྲོ་མོ་དང་། འབངས་ལ་སོགས་པ་རྣམས་ཀྱིས། གཙོ་བོ་ལ་འདུད་པའི་ཚུལ་དུ་བཞུགས་སོ། །དེའི་ཚེ་དེའི་དུས་ན་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོས། ལག་ན་རྡོ་རྗེ་ལ་གསུངས་ནས། འཁོར་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་གསོལ་པ། འཁོར་བའི་ཉེས་སྐྱོན་ཐམས་ཅད་གཅོད་པའི་ཕྱིར། །འདུལ་བའི་དབང་གིས་སྣ་ཚོགས་བསྟན་དུ་གསོལ། །ཞེས་ཞུས་པས། བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོ་ཉིད་དགྱེས་པ་ཆེན་པོར་གྱུར་ཏེ། འཁོར་རྣམས་དབང་དུ་བསྡུས་ནས་གནས་སོ། །འཇིག་རྟེན་ཟིལ་གྱིས་གནོན་པའི་མེ་རླུང་སྐྱི་འདང་འཁྲུགས་པའི་རྒྱུད་ལས། ཁྲོ་བོའི་གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་ཡང་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོ་དེས། འཁོར་རྣམས་དབང་དུ་བསྡུ་བར་མཛད་དེ། མ་འོངས་པའི་རྣལ་འབྱོར་པའི་དོན་ཆེད་དུ། ལྷ་གཉན་ཚེ་བདག་ནག་པོ་འཇིག་རྟེན་དབང་སྡུད་ཟིལ་གྱིས་གནོན་པའི་དོན་འདི་བཀའ་སྩལ་ཏོ། །དེ་ལ་ཚེ་བདག་གི་རང་བཞིན་ནི། སྣང་ཞིང་སྲིད་པས་བསྡུས་པ་ཀུན། །ཚེ་བདག་ནག་པོའི་ངོ་བོ་སྟེ། །དེ་ལ་རང་བཞིན་ལྷུན་གྱིས་གྲུབ་པའི་ཚེ་བདག་དང་། བདག་དབང་སྟོབས་ཀྱི་ཚེ་བདག་དང་། གཉེན་པོ་སྟོབས་ཀྱི་ཚེ་བདག་དང་། འཇིག་རྟེན་ལས་ཀྱི་ཚེ་བདག་གོ། །དེ་ལ་རང་བཞིན་ལྷུན་གྱིས་གྲུབ་པའི་ཚེ་བདག་ལ། རྣམ་པ་གསུམ་དུ་ཤེས་པར་བྱ། །དོན་རྣམས་ལྷུན་གྲུབ་བསྟན་པ་དང་། །ཀུན་རྫོབ་ལྷུན་གྲུབ་བསྟན་པ་དང་། །དབྱེར་མེད་ལྷུན་གྲུབ་བསྟན་པའོ། །དོན་དམ་ལ་ཡང་རྣམ་པ་གཉིས། །རྣམ་གྲངས་དང་ནི་མ་ཡིན་པ། །ཀུན་རྫོབ་ལ་ཡང་རྣམ་པ་གཉིས། །ལོག་པ་དང་ནི་ཡང་དག་གོ། །བདག་དབང་སྟོབས་ཀྱི་ཚེ་བདག་ནི། །རྩ་བ་བསྐྱེད་དང་སྤྱན་དྲངས་དང་། །བཞུགས་གསོལ་ཕྱག་དང་ཕྱག་རྒྱ་དང་། །མཆོད་


DNG016_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

དང་བསྟོད་དང་བཟླས་པ་དང་། །སྐུལ་བའི་དོན་གྱི་ལུས་བསྲུང་ངོ་། །གཉེན་པོ་སྟོབས་ཀྱི་ཚེ་བདག་ནི། །གཉེན་པོ་འདུལ་བའི་ཐུགས་རྗེ་ཅན། །འཇམ་དཔལ་ཡ་མཱནྟ་ཀ་སྟེ། །ཚེ་བདག་ལས་ལ་འཛུད་མཁན་ནོ། །འཇིག་རྟེན་ལས་ཀྱི་ཚེ་བདག་ནི། །གསང་སྔགས་བཀའ་གོ་ལོག་པ་ནི། །རྒྱུ་རྐྱེན་འཇོམ་པའི་དྲག་ཤུལ་སྤྱོད། །ཅེས་གསུངས་པས་འཁོར་རྣམས་རབ་ཏུ་རྟོགས་ཤིང་ངོ་མཚར་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ལ་འཁོར་གྱི་གཙོ་བོ་འཇོམས་པའི་རྡོ་རྗེས་གསོལ་པ། བཅོམ་ལྡན་འདས་ཡོན་ཏན་ཐམས་ཅད་རྒྱས་པར་མཛོད། ཅེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་རྣམས་ལ་གཟིགས་ནས། ཡོན་ཏན་ཀུན་འབྱུང་མངའ་དང་བཅས། །དོན་དང་རིམ་གཉིས་གྲངས་དང་ཚད། །ཡན་ལག་རྒྱས་འབྱུང་རྒྱས་པའི་གཞི། །ཞེས་གསུངས་སོ། །དེ་ནས་ཡང་འཁོར་ཐམས་ཅད་ཀྱི་གཙོ་བོ་འཇོམས་པའི་རྡོ་རྗེས་བཅོམ་ལྡན་འདས་ལ་གསོལ་པ། འཁོར་ལོ་ཞེས་བགྱི་ཇི་ལྟར་ལགས། །རྒྱུད་ཅེས་བགྱི་བ་ཇི་ལྟར་ལགས། །ཚེ་སྲོག་བདག་པོ་ཇི་ལྟར་ལགས། །མགོ་དགུས་གང་གི་དོན་དང་ལྡན། །ཕྱག་ཞབས་བརྒྱ་དང་བརྒྱད་རྣམས་ཀྱིས། །ཡོན་ཏན་ལས་རྣམས་གང་ལྟར་སྤྱོད། །འཁོར་ལོ་ཞེས་བྱ་མཚོན་པ་གང་། །སྦྱོར་བའི་རིམ་པ་དུ་དང་ལྡན། །གཟེར་ཐུན་འཁོར་ལོས་ལས་ཅི་འགྲུབ། །ལས་ཀྱི་མཐའ་རུ་གང་གིས་སྡུད། །ཅེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཡོན་ཏན་ཐམས་ཅད་རྒྱས་པར་བཤད་དོ། །རྒྱུད་ཅེས་བྱ་བ་གསུམ་ཡིན་ཏེ། །སྐུ་དང་གསུང་དང་ཐུགས་ཀྱི་རྒྱུད། །ངོ་བོ་འདྲེལ་པ་ཀུན་གྱི་གཞི། །ཡོན་ཏན་ཕྲིན་ལས་རིམ་པ་ནི། །ཕྱི་ནང་གསང་བ་ཀུན་དང་ལྡན། །དེ་མཚོན་འདྲེལ་པས་རྒྱུད་ཅེས་བྱ། །ཚེ་བདག་ནག་པོ་ཞེས་གསུངས་པ། །སྣང་སྲིད་བདེ་འགྲོ་སྙིང་པོ་ལས། །སྲོག་གི་དབང་པོ་ཚེ་བཀྲག་ཀུན། །འབྲུ་གཉིས་དག་ལ་སྡུད་ཅིང་འཆར། །གང་བརྩམས་ལས་ཀུན་


DNG016_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

ཐོགས་མེད་འགྲུབ། །དེ་ཕྱིར་ཚེ་སྲོག་བདག་པོར་གསུངས། །མགོ་དགུ་ཡོན་ཏན་འདི་ལྟ་སྟེ། །མགོ་དགུ་ཐེག་པ་དགུ་མཚོན་ནས། །གབ་པ་དགུ་ཡི་དོན་དང་ལྡན། །བཅྭ་བརྒྱད་ཕྱག་གི་ཡོན་ཏན་ལས། །ཞིང་བཅུའི་སྲོག་དང་དྭངས་མ་བརྒྱད། །བསྡུས་ནས་དབང་པོ་སྲོག་ཟུངས་འབྲལ། །ས་རྣམས་ལྷུན་གྱིས་གྲུབ་ནས་བགྲོད། །ཞབས་རྣམས་བརྐྱང་བསྐུམ་བརྗིད་པ་ནི། །སྲོག་ཟུངས་བརྒྱད་དང་ཚོགས་བརྒྱད་འགེགས། །འཇིག་རྟེན་བརྒྱད་སྤངས་ས་བརྒྱད་གནོན། །ཞལ་དགུས་སྒྲོལ་ཞིང་ཟ་བ་ནི། །དུག་ལྔ་བརྐམ་ཆགས་སྐྱེ་རྒྱུད་བཞི། །བཅོམ་ནས་ཡེ་ཤེས་ལྔ་འཆར་བ། །སྐུ་གསུང་ཐུགས་དང་ཡེ་ཤེས་སེམས། །དབྱེར་མེད་དོན་ལྡན་བསམ་དཔག་དཀའ། །སྟོད་ན་ཡེ་ཤེས་མེ་འབར་ཞིང་། །ཤ་ཟ་བྱ་ཡི་ཚོགས་ལྡིང་བ། །འདོད་ཆགས་ཆོས་སྐུའི་ངང་དུ་སྒྲོལ། །སྐུ་སྨད་ཁྲག་དང་དུག་ཆུ་འབབ། །གཅན་གཟན་ཚོགས་རྣམས་རོལ་པ་ནི། །གཏི་མུག་ལོངས་སྤྱོད་རྫོགས་སྐུར་སྒྲོལ། །སྐེད་ལས་འཕྲུལ་དང་རིན་པོ་ཆེ། །ཉི་ཟླ་གཟའ་སྐར་འོད་དང་འབར། །འགྱིང་བག་རྔམ་ཞིང་ཚོགས་པ་དང་། །བསྟན་པའི་ཕྱག་ནི་དུར་ཁྲོད་འབར། །དུར་ཁྲོད་རྒྱན་དང་ལྡན་པ་ནི། །སྤྲུལ་པ་བྱང་ཆུབ་ཚོགས་སྤྲུལ་སྐུ། །དྲག་པོ་སྔགས་ཀྱིས་ཚར་བཅད་ནས། །དཔེ་མེད་པ་ཡིས་བགྲོད་པའོ། །ལས་དང་སྦྱོར་བ་ཀུན་སྤྱད་ནས། །ཕྱག་རྒྱ་ཆེན་པོ་བསྟན་ཞིང་བརྗོད། །མི་ཟད་རྒྱན་གྱི་འཁོར་ལོ་ནི། །མི་ཤིགས་རྡོ་རྗེའི་སྐུར་གསལ་བའི། །འཁོར་ལོ་ཞེས་སུ་བསྟན་པ་ཡང་། །རྣམ་པ་ལྔ་དང་ལྡན་པ་སྟེ། །རྟེན་འདྲེལ་སྲིད་པའི་འཁོར་ལོ་དང་། །གནས་པ་བསམ་གཏན་འཁོར་ལོ་དང་། །མཚོན་པ་གཟུགས་བརྙན་འཁོར་ལོ་དང་། །གཅོད་པ་སྔགས་ཀྱི་འཁོར་ལོ་དང་། །མནན་པ་ཐོད་པའི་འཁོར་ལོ་དང་། །གཅོད་པ་འཁོར་ལོ་རྣམ་གསུམ་སྟེ། །ཚད་ཅན་ཚད་མེད་འཕོ་བའོ། །དེ་དོན་གཞི་ཡིས་རྒྱས་པར་བཤད། །བསྲུང་དང་གཟིར་དང་གསད་པ་དང་། །ལོ་ཐོག་


DNG016_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

འཇོམས་པ་སྟོབས་དཔག་མེད། །དྲིལ་གཏོར་ཁ་སྦྱོར་རྒྱན་གྱིས་མཚུངས། །གཡས་སྐོར་སྟེང་ནས་གཅོད་པ་ནི། །མཚོན་ཆའི་འཁོར་ལོ་མེ་དང་འདྲ། །གཡོན་སྐོར་འོག་ནས་གཅོད་པ་ནི། །ཆུ་ཡི་འཁོར་ལོ་རླུང་དང་འདྲ། །རྐྱེན་གྱི་སྟོབས་ཀྱིས་ལྟེ་བར་འགྱུར། །ལྟེ་བའི་སྟོབས་ཀྱིས་ཐམས་ཅད་གཅོད། །གཅོད་པས་འཁོར་ལོ་ཞེས་གསུངས་པའོ། །གཟིར་གསུམ་མཐའ་རུ་ཟོར་གསུམ་བརྡེག །རང་བཞིན་བཙན་ཐབས་དྲག་པོས་གཟིར། །ལས་དང་སྦྱོར་བའི་ཙིཏྟ་གཟིར། །རྟེན་གསུམ་གཟུགས་དང་འཁོར་ལོ་མིང་། །འཁོར་ནི་རྣམ་པར་བཟློག་དང་བཀྲུ། །སྐྱ་རེངས་སྲོད་དང་གུང་ལ་ཟོར། །དགུ་ཐོག་རྣམ་ལྔའི་ལྕབ་ཆེན་ཐུན། །ལས་ཀྱི་རིམ་པ་སྐབས་དང་སྦྱར། །དྲག་པོ་ཀུན་གྱི་གཞི་རུ་གསུངས། །བཅོམ་ལྡན་འདས་ཆོས་ཐམས་ཅད་ལྷུན་གྱིས་རྫོགས་པའི་སྙིང་པོ་ཅན་རྡོ་རྗེ་འཆང་ཆེན་པོའི་རང་བཞིན་དེ་འོག་མིན་ཆོས་ཀྱི་དབྱིངས་ནམ་མཁའི་དབྱིངས་དག་པའི་ཀློང་། སེམས་ཉིད་ཀྱི་གནས་རང་བྱུང་མ་བསྒྲིབས་པའི་གཞལ་ཡས་ཁང་ན། འཁོར་རང་གི་དེ་ཉིད་མཁྱེན་པ་དང་། དུས་གསུམ་གཅིག་པའི་སངས་རྒྱས་དང་། ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། ཉིད་ཀྱི་ངོ་བོ་སྤྲུལ་པའི་ལམ་ལ་གནས་པའི་རིག་འཛིན་རྣམས་ཉེ་བར་གནས་པའི་འཁོར་གཤིན་རྗེ་གཤེད་ཀྱི་དགེ་འདུན་དུ་མ་རྣམས་དང་། ཁྲག་སྐྱུགས་མ་མོའི་ཚོགས་དང་། འཐོམས་པ་བདུད་ཀྱི་ཚོགས་དང་། ཕུང་བྱེད་མངག་པའི་ཚོགས་དང་། འབྱེད་པ་མི་མངའ་ཐུགས་རྗེ་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་སོ། །དེ་ནས་ཡང་བཅོམ་ལྡན་འདས་འཁོར་རྣམས་ལ་ཡོངས་སུ་འདུན་པར་གྱུར་ནས། གསོལ་བ་བཏབ་པ། ལྷུན་གྲུབ་བརྡལ་བའི་ཕོ་བྲང་ནས། །བདེ་ཆེན་མཉམ་པའི་ངང་ཉིད་ལས། །རྡོ་རྗེ་འཆང་བ་རྫོགས་པའི་སྐུ། །སྤྲུལ་པས་འགྲོ་བའི་དོན་མཛོད་ཅིག །ཅེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་རྣམས་


DNG016_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་འདུན་པར་གཟིགས་ནས། ཆོས་ཉིད་མི་གཡོ་བ་ཉིད་ལས་བཞེངས་ཏེ། དབང་དུ་སྡུད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་གཡོས་པར་གྱུར་ཏེ། འུར་འུར་རབ་ཏུ་འུར་འུར་རོ། །ཆེམ་ཆེམ་རབ་ཏུ་ཆེམ་ཆེམ་མོ། །འཁོར་ཐམས་ཅད་ཡོངས་སུ་བརྒྱལ་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་རྣམས་ལ་གཟིགས་ནས། ཉིད་ཀྱི་རང་བཞིན་འདི་བསྟན་ཏོ། །ཨེ་མ་ཧོ། ཆོས་སྐུ་བྱང་ཆུབ་སེམས་ཀྱི་རང་བཞིན་ལས། །རྒྱུ་རྐྱེན་མེད་པའི་རང་བྱུང་སེམས། །ཐམས་ཅད་འབྱུང་བའི་སྙིང་པོ་ལས། །ཐམས་ཅད་ཐུགས་རྗེའི་ཤུགས་ཀྱིས་སྒྲོལ། །ཞེས་གསུངས་སོ། །དེ་ནས་འཁོར་རྣམས་རང་གི་རང་བཞིན་མཐོང་ནས་སེམས་ཡོངས་སུ་གྲོལ་བར་གྱུར་ཏེ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ་རྡོ་རྗེ་སྙིང་པོ་ཁྱོད། །སྣང་སྟོང་གཉིས་སུ་མེད་པའི་སྐུས། །སྣ་ཚོགས་སྦྱོར་བ་རྫོགས་པའི་བདག །ཡིན་པར་བདག་ཅག་ཡོངས་མི་རྟོག །རྒྱུ་རྐྱེན་མེད་པར་འབྱུང་མི་འཚལ། །ཞེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་བསྙེམས་པས་གསོར་ནས། འཇིག་རྟེན་འདི་རབ་ཏུ་གཡོས་ཏེ། འཁོར་ཐམས་ཅད་སྐྲག་ནས་རང་རང་གི་སྲོག་གི་སྙིང་པོ་མདོངས་གསོལ་དུ་ཕུལ་ལོ། །བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་དེས། སྲོག་གི་སྙིང་པོ་ཐམས་ཅད་སྐྱེ་བ་མེད་པའི་དབྱིངས་ནམ་མཁའ་དྲག་པོའི་ཁོངས་སུ་བསྡུས་ཏེ་ལས་ཐམས་ཅད་སྒྲའི་དང་པོའི་དང་པོ་ལ་བསྡུས་ནས་གཅིག་ཏུ་དྲིལ་ལོ། །དེ་ནས་ཉིད་ཀྱི་རང་བཞིན་ལས་མ་གཡོས་པའི་འཁོར་འཇམ་དཔལ་གཞོན་ནུ་དེས། བཅོམ་ལྡན་འདས་ལ་གསོལ་བ་བཏབ་པ། ཀུན་གྱི་རང་བཞིན་ཡིད་ལས་བྱུང་། །སེམས་ཉིད་རྡོ་རྗེ་འཛིན་པ་ཁྱོད། །མི་རྟོག་རང་བཞིན་ཏིང་འཛིན་ལས། །ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དང་། །ཕྱག་རྒྱ་ཆེན་པོ་རྫོགས་པར་མཛོད། །ཅེས་གསོལ་བ་བཏབ་པོ། །དེ་ནས་བཅོམ་ལྡན་འདས་


DNG016_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བདེ་བར་མཉམ་པའི་ངང་ལས་བཞེངས་ཏེ། སངས་རྒྱས་ཐམས་ཅད་བསྐུལ་བར་དགོངས་ནས། ཕྱག་རྒྱའི་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་འདི་གསུངས་སོ། །རང་བཞིན་ཆོས་སྐུ་མཉམ་ཉིད་ལས། །ལྷུན་གྱིས་གྲུབ་པའི་ཕོ་བྲང་བརྟག །ཡེ་ཤེས་ཆེན་པོའི་གཞལ་ཡས་ཁང་། །ཀུན་འབྱུང་མི་འགྱུར་བརྟན་པར་གནས། །གྲུ་བཞི་སྒོ་བཞི་རིན་པོ་ཆེ། །རྟ་བབས་ཏྭ་ར་རྒྱན་རྣམས་དང་། །ཀླུ་བརྒྱད་ལྷ་བརྒྱད་ཚངས་པ་བཞི། །རུས་སྦལ་གླང་ཆེན་སྟག་གཟིག་འབྲུག །ཞིང་དང་ཞིང་ཆུང་ཕོད་པ་སྦྲུལ། །གནམ་ལྕགས་ཁྲོ་ཆུ་ཆུ་སྲིན་ཐོགས། །རྒྱུ་མ་གླིང་བུ་ཀེང་རུས་བརྒྱན། །ཨེ་ཡི་ཕོ་བྲང་ཐོད་མཁར་བཞི། །ལྕགས་མཁར་བཅུ་གཉིས་བཅུ་དྲུག་ལྡན། །ཁྱམས་དང་གྲུ་ཆད་སྒོ་བཞིར་བཅས། །རང་བཞིན་ལྷུན་གྱིས་གྲུབ་པར་གནས། །དེ་ལ་གནས་པའི་ཕྱག་རྒྱའི་སྐུ། །རྒྱ་ཆེན་པོ་ཡི་ཕོ་བྲང་དུ། །ཀླུ་འབུམ་གཉན་ཁྲི་ས་བདག་སྟོང་། །ལྟོ་འཕྱེ་ཕྱོགས་སྐྱོང་བཞི་དང་བརྒྱད་བཅས ། །མ་ཧེ་བརྒྱད་དང་ཉི་ཟླའི་གདན། །ནག་པོ་དུག་ཆེན་འཁྱིལ་པའི་སྐུ། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །གཡས་དཀར་གཡོན་དམར་དབུས་མཐིང་ཞལ། །ཀླུ་གཉན་ས་བདག་ཞིང་ཆུང་སྦྲུལ། །འཁོར་ལོ་རལ་གྲི་རྡོ་རྗེ་གཡས། །བེ་ཅོན་གཏུན་ཤིང་སྡིགས་མཛུབ་གཡོན། །གླང་ཆེན་ཞིང་ལྤགས་སྟག་ལྤགས་སྦྲུལ། །དབུ་ལ་རིན་ཆེན་གཞལ་ཡས་ནས། །རིགས་ལྔ་ཀླུ་བརྒྱད་ཐོད་པས་མཛེས། །བདུད་སྲིན་མུ་སྟེགས་རྒྱལ་པོ་བཙན། །མགོ་དང་ཙིཏྟས་དོ་ཤལ་བརྒྱན། །རིན་པོ་ཆེ་དང་ནོར་བུས་མཛེས། །སྙན་ཆ་མགུར་ཆུ་ཕྱག་ཞབས་སྦྲུལ། །བདུད་མོ་མཐིང་ནག་ཐོད་སྦྲུལ་བརྒྱན། །ཙིཏྟ་བྷནྡྷ་འཁྱུད་དང་སྟོབས། །ཐུགས་ཀར་གསོ་བྱེད་སྨུག་ནག་གཙོར། །རིགས་བཞི་རྒྱན་དང་ཐོད་པས་མཛེས། །འཁོར་ལོ་ཙིཏྟ་གཡས་གཡོན་བསྣམས། །ཞིང་དང་སྦྲུལ་དང་ལྷུ་དུམ་འཕྲུལ། །ཡ་མའི་ཐུགས་ཀར་བཛྲ་ནི། །ལྗང་ནག་རྡོ་རྗེ་སྙིང་ཕྲེང་


DNG016_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

བསྣམས། །ཀླུ་བརྒྱའི་གདན་ལ་གཉན་ཁྲི་གསོལ། །རིན་ཆེན་དབུ་རྒྱན་རིགས་བཞིས་མཛེས། །གདུག་པ་འཇོམས་མཛད་དྲེགས་པའི་སྐུ། །དྲེགས་པའི་ཐུགས་ཀར་རུས་སྦལ་གནས། །སྨེ་བ་ཐིག་ལེ་ཁྲག་དང་དུག །མཚོན་ཆའི་སྤུ་ལ་སྡེར་མོ་ལྕགས། །ཙིཏྟ་འོད་ཀྱི་གསང་མཛོད་ན། །ལྷ་སྲིན་མི་ཡི་སྙིང་པོ་འཆང་། །དབུ་ལ་བྱ་ཁྱུང་གདུག་པ་འདུལ། །སྤུ་དང་གཤོག་པ་མཚོན་ཆ་མེ། །མཆུ་དང་སྡེར་མོ་གནམ་ལྕགས་འབར། །ཉི་ཟླ་ཁྲོ་ཆུའི་སྤྱན་དང་ཚེམས། །གདུག་པ་ཟ་ཞིང་ཞེ་སྡང་སྦྲུལ། །ཕྲག་སོར་ཁྱུང་མོ་སྨུག་ནག་གཉིས། །སྤུ་དང་གཤོག་པ་མཚོན་ཆ་མེ། །མཆུ་དང་སྡེར་མོ་གནམ་ལྕགས་འབར། །ཉི་ཟླ་ཁྲོ་ཆུའི་སྤྱན་དང་ཚེམས། །གདུག་པ་ཟ་ཞིང་ཞེ་སྡང་སྦྲུལ། །ནུ་ཁར་སེང་གེ་བརྗིད་པའི་ཚུལ། །མཚོན་ཆའི་སྐུ་ལ་སྡེར་མོ་དབལ། །འཕྲུལ་གྱི་གཤོག་པ་ཁྲོ་ཆུའི་སོ། །དགྲ་བགེགས་ཟ་ཞིང་ལྷུ་དུམ་འབྲལ། །སོགས་ཁར་སྟག་ཆེན་རྔོམ་བརྗིད་གཏུམ། །མཆེ་བ་རྩང་ཕུར་སྡེར་མོ་ལྕགས། །གློ་སྙིང་ནང་ཁྲོལ་སྙིང་ཁྲག་འཐུང་། །སྟ་ཟུར་ཞེ་སྡང་གདུག་པའི་གཟུགས། །དུག་སྦྲུལ་མེ་འབར་དུག་ཁྲག་འཛག །དུག་ལྔ་བརྐམ་ཆགས་བསྲེག་ཅིང་འཇོམས། །གང་དམིགས་རྩ་དང་ཀླད་ཁྲག་འདྲེན། །དུག་སྦྲུལ་རླངས་པ་དགྲ་ལ་འཕྲོ། །མགུར་དང་ཞབས་ཀྱི་ལོང་བུའི་བར། །ཡེ་ཤེས་སེམས་དཔའ་ཚོན་གང་བ། །མེ་རླུང་ལས་ཀྱི་འཁོར་ལོ་འཕྲོ། །ཉི་ཟླའི་གདན་ལ་ཕྱི་ནང་བསྲུང་། །ཡེ་ཤེས་འཁོར་ལོ་ཉི་མའི་འོད། །ཐམས་ཅད་ནང་ཁྲོལ་གློ་སྙིང་ཟ། །ཕྱག་རྒྱ་ཆེན་པོ་བརྟན་པར་བརྗིད། །དབུས་ན་བརྐྱང་བསྐུམ་ཚུལ་དུ་བཞུགས། །ཐུགས་ཀྱི་སྤྲུལ་པ་མངོན་ཕྱུང་བ། །མོན་པ་དུག་ཆེན་དྲེགས་པའི་ལུས། །དབུ་དགུ་ཕྱག་དགུས་ཙིཏྟ་བསྣམས། །ཕྱག་དགུས་བླ་དང་དོན་སྙིང་འབྲལ། །དྲོད་དང་དབང་པོའི་དྭངས་མ་འཆང་། །བདུད་བཞི་ཕོ་ཉ་ལས་ལ་བསྐུལ། །ཤ་ཟ་ཁྲག་འཐུང་རུས་པ་འཆའ། །དབུགས་འཕྲོག་བཀྲག་མདངས་ཚེ་སྲོག་གཅོད། །ཡུམ་དང་


DNG016_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་ཐོད་མཁར་བཞིར། །ལྷུན་གྲུབ་དྭངས་མ་ཡེ་ཤེས་བཞི། །ཕུང་པོ་ལ་སོགས་བདུད་བཞི་འཇོམས། །གཉིས་འབྲས་ལྷུན་གྱི་གྲུབ་པར་གནས། །ལྕགས་མཁར་ཕྱོགས་བཞིའི་གཞལ་ཡས་ན། །སྲོག་གཤེད་ཕྱི་ཡི་གཤེད་པོ་བཞི། །དུག་མདའ་ལྕགས་གཟེར་གནག་ལ་འཚེར། །ཁྱབ་པ་སྤྱི་བཅིངས་སོ་བདར་གནག །ཕོ་བྲང་ཕྱོགས་བཞིར་ལྷུན་གྱིས་གྲུབ། །ལྕགས་མཁར་བརྒྱད་ཀྱི་ཁྱམས་ཁང་ན། །ལས་ཀྱི་སྤྲུལ་པ་གཤེད་པོ་བཞི། །ཡུམ་དང་བཅས་ཏེ་ཚོགས་བརྒྱད་འཇོམས། །སྒོ་མེད་བཅུ་དྲུག་ལྕགས་མཁར་ན། །ཀི་ཀང་ཤ་ཟ་དྲེགས་པའི་ཚོགས། །ཨུ་པི་པུ་ཀ་འདུལ་བ་འགྱེལ། །མངགས་པ་གཞན་ཚོགས་ལྷུན་གྱིས་གྲུབ། །དྲེགས་པའི་ལས་དང་སྦྱོར་བའི་གྲངས། །བཞི་དང་བཅུ་དྲུག་བཅུ་གཉིས་བརྒྱད། །དེ་བཞིན་ལྔ་དང་བཅུ་དྲུག་བརྒྱད། །སྙིང་པོ་དོན་ལ་བཅོ་ལྔ་པའོ་བཅུ་གཉིས་གསུམ་ཡང་། །དེ་ཡི་སྙིང་པོ་མཆོག་བསྡུས་ལྔ། །དབང་དང་རིམ་པ་བརྟུལ་ཞུགས་ལྔ། །དེ་སྲོག་དམ་ཚིག་གཉིས་དང་གསུམ། །ཆོས་ཉིད་མི་གཡོ་བསམ་གཏན་ལྔ། །རྫས་དང་འདོད་པ་བསྐུལ་བའི་རྐྱེན། །སྲོག་དང་ལས་ཏེ་ཨེ་ཀ་ལ། །བསྡུས་ནས་རང་དབང་གཙོ་ལ་ཕུལ། །བྱིན་བརླབས་དར་བཅས་ཐིག་ལེར་བསྡིམ། །སངས་རྒྱས་ཀུན་བདག་དེ་བཞིན་གཤེགས། །རྫོགས་པའི་ཚུལ་དུ་ལྷུན་གྱིས་གྲུབ། །མེ་རླུང་སྐྱི་འདང་འཁྲུགས་པའི་རྒྱུད་ལས། ཁྲོ་བོ་ལྷུན་གྱིས་གྲུབ་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས། བརྟུལ་ཞུགས་བགྲོད་པའི་དབང་འདི་གསུངས་སོ། །སློབ་མ་གཞན་དབང་ཐོབ་པ་ལ། །བགྲོད་པ་མཐར་ཕྱིན་རྫོགས་པ་ཡི། །ངོ་བོ་སེམས་ཀྱི་ཆོས་ཉིད་ལ། །རྣམ་གྲངས་གཉིས་དང་རྫས་ཀྱི་དབང་། །རིག་པ་བརྟུལ་ཞུགས་རང་དབང་རྫོགས། །དཔེར་ན་རྒྱལ་པོའི་ཕྲུ་གུ་ལ། །རྒྱལ་ཐབས་མ་བསྐུར་ས་མི་འཐོབ། །དབང་ཐོབ་རྒྱལ་སྲིད་མངའ་བརྙེས་ཚུལ། །བདག་དབང་མཚོན་པའི་རིམ་པ་ནི། །


DNG016_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཉིད་དབེན་པའི་བདེ་གནས་སུ། །རང་ཉམས་བརྟན་པའི་མཚམས་བཅད་ལ། །མ་དྷལ་ཆེན་པོ་བྱ་བ་བརྩམས། །སྔོན་དུ་འགྲོ་བའི་ལས་རྫོགས་ནས། །དུར་ཁྲོད་དཔའ་བོའི་རྒྱུ་བླངས་ལ། །ཐུགས་ཀྱི་སྤྲུལ་པ་མཁའ་ཁྱབ་སྤྲོ། །གདུགས་རྒྱལ་དྲི་ཡིས་ཁྲུས་བྱས་ལ། །མ་དྷལ་དབུས་སུ་བརྒྱན་པར་བཞག །བསམ་གཏན་བུམ་པས་རྟེན་སྦྱངས་ལ། །ལུས་ལ་གཤིན་རྗེའི་དཀྱིལ་འཁོར་བརྟགས། །ཙིཏྟ་འོད་ཀྱི་ཕོ་བྲང་དུ། །ཚེ་སྲོག་བདག་པོའི་དཀྱིལ་འཁོར་ལ། །བརྟན་པ་རྙེད་ཕྱིར་ཚོགས་གཏོར་མ། །བྱ་བའི་རིམ་པའི་བསྒྲུབ་པ་བརྩམས། །བརྟུལ་ཞུགས་རིམ་པའི་རྟེན་དུ་གཞག །མཚན་ལྡན་བཀྲ་ཤིས་གཟུངས་མ་འདམ། །རྒྱལ་རིགས་རྗེ་རིགས་སྔགས་སྐྱེས་མ། །མཁའ་ཁྱབ་རྡོ་རྗེའི་མདས་མ་རེག །ལུས་དང་ཡན་ལག་དབང་པོ་འཇམ། །སྐྱ་རེངས་ཕྲ་འཇམ་ཚིགས་མིག་ཟླུམ། །དཔྲལ་བའི་དབྱིབས་ཆེ་སྨིན་དཀྱུས་རིང་། །མིག་ཕྲ་དཀྱིལ་གནག་ཨུཏྤལ་མདོག །ཤེས་རབ་སྤྱོད་པའི་རྣལ་འབྱོར་ལྡན། །ལུས་ལ་ལྷ་ཡི་དཀྱིལ་འཁོར་བརྟག །ཙིཏྟར་རྫོགས་པའི་སངས་རྒྱས་བརྟག །བྷ་ག་གསང་བའི་ཕོ་བྲང་དུ། །ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་བརྟག །བདེ་བ་ཆེན་པོའི་རྟེན་དུ་གཟུང་། །རྡོ་རྗེ་གསང་བའི་ཆུ་རྒྱུན་གྱིས། །དཀྱིལ་འཁོར་ལྔ་དང་སློབ་མ་བཀྲུ། །གསང་བ་ལྷུན་གྱིས་གྲུབ་པ་ཡི། །དཀྱིལ་འཁོར་ལྷ་ལ་གསོལ་བ་གདབ། །བྱིན་བརླབ་བརྟུལ་ཞུགས་འཇུག་པ་བརྩམ། །ཡོལ་བས་བར་གཅད་མེ་ཏོག་ལྡན། །སྡིག་པ་བཤགས་པ་སྡོམ་པ་འབོག །དམ་ཚིག་བསྒྲགས་ནས་མེ་ཏོག་དོར། །དཀྱིལ་འཁོར་ལྷ་ཡི་རྣམ་པ་བསྟན། །ལྕེ་ལ་བདུད་རྩིའི་ལུང་བསྟན་གཞག །བུ་དེ་བརྒྱན་ཅིང་ཕྱག་རྒྱ་བསྒོམ། །ཚོགས་ལ་རོལ་ལ་སྟ་གོན་གཞག །རྫས་དང་དཀྱིལ་འཁོར་བྱིན་གྱིས་བརླབ། །སློབ་མ་གཞུག་ཕྱིར་གསོལ་བ་གདབ། །ལྷུན་གྲུབ་རང་བཞིན་གནས་པའི་ཕོ་བྲང་ན། །ཡེ་ཤེས་རྒྱ་མཚོ་ལྷུན་གྱིས་གྲུབ་པའི་ལྷ། །མ་ལུས་མཉམ་པའི་རྒྱལ་པོ་


DNG016_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་སུ་གསོལ། །སློབ་མ་མཚན་ལྡན་ཡུམ་གྱི་དཀྱིལ་འཁོར་དུ། །བརྟུལ་ཞུགས་དྲག་པོ་སྟོབས་ཀྱིས་གཞུག་ཏུ་གསོལ། །བདེ་ཆེན་མཉམ་པ་གསང་བའི་ཕོ་བྲང་དུ། །རིག་པ་བརྟུལ་ཞུགས་སྟོབས་ཀྱིས་གཞུག་ཏུ་གསོལ། །སློབ་མས་མེ་ཏོག་ཐོགས་ལ་བརྡ་ཕྱག་བཙལ་ལ། གསོལ་བ་གདབ་པོ། །སྟོན་པའི་སྒྲོན་མ་བཅོམ་ལྡན་འདས། །ལྷ་དང་སློབ་དཔོན་དགོངས་སུ་གསོལ། །དྲེགས་པ་སྟོབས་ཀྱི་ཚུལ་བསྟན་པ། །འགྱུར་མེད་བདེ་ཆེན་ཕོ་བྲང་ན། །དྲེགས་པའི་ལྷ་ཚོགས་དགོངས་སུ་གསོལ། །བྷ་ག་གསང་བའི་ཕོ་བྲང་ནས། །མཉམ་པའི་རྒྱལ་པོ་དགོངས་སུ་གསོལ། །དམ་ཚིག་དཀའ་ཐུབ་སྡོམ་པའི་མཆོག །རིག་པའི་རྒྱལ་པོ་བདག་ལ་སྩོལ། །གསང་བའི་ཡེ་ཤེས་བདག་ལ་སྩོལ། །ཡེ་ཤེས་རིམ་པ་བདག་ལ་སྩོལ། །མེ་ཏོག་རིན་ཆེན་དབྱིག་བསྡུས་ལ། །བདེ་ཆེན་ཕྱི་ཡི་འཇུག་པ་བརྩམ། །ཕུང་པོ་ལྷ་ཡི་དཀྱིལ་འཁོར་བསྟན། །བམ་ཆེན་ཐུགས་ཀྱི་དཀྱིལ་འཁོར་དུ། །འཇུག་པ་ནང་གི་ལྷ་ངོ་བསྟན། །གཟུངས་མ་ལུས་ཀྱི་དཀྱིལ་འཁོར་དུ། །གསང་བ་ཕྱི་ཡི་ལྷ་ངོ་བསྟན། །ཙིཏྟ་ནང་གི་ལྷ་ངོ་བསྟན། །བྷ་ག་གསང་བའི་ཕོ་བྲང་དུ། །གདོང་གཡོགས་དང་ལྡན་སྤྲོ་བ་བསྐྱེད། །བཀྲ་ཤིས་མཚན་ལྡན་གསང་བའི་ཕོ་བྲང་དུ། །གཉིས་མེད་སངས་རྒྱས་ཀུན་དང་མཉམ་སྦྱོར་བའི། །བྱང་ཆུབ་སེམས་ཉིད་མི་འགྱུར་བདེ་བའི་མཆོག །ཕོ་བྲང་ལྷུན་གྱིས་གྲུབ་པར་བཞུགས་པ་དང་། །སྨེ་བ་ལྔ་དང་བདུད་རྩིར་སྦྱོར་བའི་སེམས། །བཀྲ་ཤིས་མཚན་ལྡན་བདེ་བའི་བརྟུལ་ཞུགས་སྦྱིན། །མི་འགྱུར་བརྟན་པའི་སྐུ་དང་ཡེ་ཤེས་བགྲོད། །དེ་ནས་གསང་བའི་གཟུངས་མ་སྤྲོ་བ་བསྐྱེད་པར་བྱའོ། །ཧོ་བདེ་ཆེན་གསང་བའི་ཕོ་བྲང་དུ། །ཐབས་ཆེན་གསང་བ་བདེ་ཕབ་ནས། །དབུ་མ་རྩ་བརྒྱུད་ས་བོན་བསྲེག །བྷ་གའི་གནས་སུ་ཆོས་སྐུར་བསྐྱིལ། །རྩ་ལམ་འོད་འཕྲོས་ལོངས་སྤྱོད་སྐུ། །མཉམ་པར་གནས་པ་བྱང་ཆུབ་སྐུ། །སྤྲོས་བྲལ་ཀུན་ཁྱབ་སྤྲུལ་པའི་སྐུ། །


DNG016_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་པ་ཐོབ་པ་རྡོ་རྗེའི་སྐུ། །ཡབ་ཡུམ་མཉེས་པས་མཉེས་པར་བྱ། །དེ་ནས་གསང་བའི་སྦྱོར་བའི་བརྡས། །ཡེ་ཤེས་ཉི་ཟླའི་ཐིག་ལེ་ཡི། །བདེ་བས་གང་བར་བྱས་པ་ལ། །སྦྱོར་བ་དག་པའི་བྱིན་རླབས་ལས། །རྩ་རྒྱུད་བདེ་ཕབ་ཐིག་ལེ་བསྐྱིལ། །བྱང་ཆུབ་སེམས་དང་སྨེ་བ་བསྲེས། །བཀྲ་ཤིས་མཚན་ལྡན་བུམ་པར་བསྐྱིལ། །བརྟུལ་ཞུགས་རབ་འབྱམས་དབང་བསྐུར་བྱ། །ཧོ་རིག་པའི་སྟོབས་ལྡན་སྦྱོར་བའི་གནས། །འཁྲུལ་པའི་བག་ཆགས་སྤྲིན་ལྟ་བུ། །ཡེ་ཤེས་རོལ་པའི་སྒྲོན་མ་གསལ། །མཉམ་པའི་སྟོབས་ཀྱི་བརྟུལ་ཞུགས་ལོངས། །ཨེ་ཀ་ཡ་མ་པྲ་ཏཱིཙྪ་ཧོ། མེ་ཏོག་དོར་ལ་མགོ་ལ་གདགས། །མཚན་ལྡན་བཀྲ་ཤིས་ཕོ་བྲང་དང་། །དྲག་པོ་སྟོབས་ཀྱི་ལྷ་ངོ་བསྟན། །བཀྲ་ཤིས་བུམ་པའི་དབང་བསྐུར་བྱ། །ཧོ་ཡེ་ཤེས་ལྷུན་གྲུབ་བུམ་པ་ཡིས། །བརྟུལ་ཞུགས་དག་པའི་དབང་བསྐུར་བས། །འཁོར་བ་རྣམ་དག་ཆོས་སྐུར་གསལ། །རང་བྱུང་ཡེ་ཤེས་དབང་ཐོབ་ཤོག །ཨེ་ཀ་ཡ་མ་གྷུ་ཧྱ་བྷ་ག་བོ་དྷི་ཙིཏྟ་ཧོ། འབྲས་བུ་ཁྲག་འཐུང་ཡེ་ཤེས་ལྔར། །རྫོགས་པའི་ཕྱག་རྒྱ་ལྷུན་གྲུབ་པའོ། །དེ་ནས་དུར་ཁྲོད་རྒྱན་གྱི་དབང་སྦྱིན་པ་ནི། གླང་ཆེན་སྟག་ཤམ་ཞིང་ལྤགས་སྦྲུལ། །ཐོད་པ་སྙིང་ཕྲེང་ཀེང་རུས་བརྒྱན། །མེ་རི་དུར་ཁྲོད་དབང་བསྐུར་བས། །དྲེགས་པའི་སྟོབས་དང་ལྡན་པར་ཤོག །ཨེ་ཀ་ཡ་མ་ཧ་སྡི་མ་ཧཱ་ནཱ་ག་ཀ་པཱ་ལ་ཙིཏྟ་ཛྭ་ལ་ནི་རི་ཧོ། དེ་ནས་ཕྱག་མཚན་སྦྱིན་པ་ནི། །ཧོ་འཁོར་བ་འདྲལ་བྱེད་འཁོར་ལོ་དང་། །ཉོན་མོངས་གཅོད་པའི་རལ་གྲི་དང་། །ཆོས་ཉིད་མཚོན་པའི་རྡོ་རྗེ་ཡིས། །སྐུ་གསུམ་མཉམ་པའི་དབང་ཐོབ་ཤོག །ཨེ་ཀ་ཡ་མ་ཙཀྲ་ཁཌྒ་བཛྲ་ཧོ། བེ་ཅོན་དུག་ལྔ་ཡེ་ཤེས་ལྔ་རུ་སྒྲོལ། །གཏུན་ཤིང་གདུག་པ་གནས་སུ་འཇོམས། །སྡིགས་མཛུབ་དུག་གསུམ་སྐུ་གསུམ་ངང་དུ་རྫོགས། །རིག་པ་སྟོབས་ཀྱི་སྒོ་གསུམ་དབང་ཐོབ་ཤོག །ཨེ་ཀ་ཡ་མ་བྷི་ཧ་ཧུ་ཏི་ས་ར་པ་ཧོ། མཉམ་པའི་བརྟུལ་ཞུགས་སྦྱིན་པ་ནི། །ཧོ་རྡོ་རྗེ་པདྨ་མཉམ་


DNG016_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་ནས། །པདྨ་རཀྟ་བྱང་ཆུབ་སེམས། །བམ་ཆེན་སྨེ་བ་དོན་དང་སྦྱར། །བརྟུལ་ཞུགས་རོལ་པའི་དབང་བསྐུར་བས། །མི་ཟད་རྒྱན་གྱི་དབང་ཐོབ་ཤོག །ཨེ་ཀ་ཡ་མ་གྷུ་ཧྱ་རཀྟ་བོ་དྷི་ཙིཏྟ་ཧོཿ། མཱཾ་ས་རཀྟ་ཙིཏྟ་པཱུ་ཛ་ཏ་ཀེང་ནི་རི་ཏི་ཧོཿ། དཔའ་གཏུམ་སྔགས་ཀྱིས་བྱིན་བསྐྱེད་པའི། །བམ་ཆེན་རོ་ལ་མཉམ་པར་རོལ། །རྡོ་རྗེ་བརྗིད་པའི་དབང་ཐོབ་ནས། །བདེ་ཆེན་མཉམ་ཉིད་ཐོབ་པར་ཤོག །ཨེ་ཀ་ཡ་མ་ཨ་དྷི་པ་ཏ་སིདྡྷི་ཧོཿ། ལོངས་སྤྱོད་དག་པའི་དབང་བསྐུར་བ། །འཆི་མེད་རང་བྱུང་ར་སཱ་ཡན། །བཀྲ་ཤིས་མཚན་ལྡན་ལྷག་པའི་རྫས། །འཕེལ་འགྲིབ་མེད་པའི་དབང་བསྐུར་བས། །རིགས་ལྔ་ཡེ་ཤེས་ལྔ་ཡི་དབང་ཐོབ་ཤོག །ཨེ་ཀ་ཡ་མ་སརྦ་པཉྩ་ཨ་མྲྀ་ཏ། གཉའ་ན་ཤུཌྜྷ་ཧོཿ། བཀྲ་ཤིས་དངོས་གྲུབ་ག་བུ་རུ། །མི་འགྱུར་བརྟན་པའི་ཚེ་བསྐྱིལ་ནས། །རང་རྟགས་ཚེ་ཡི་དབང་བསྐུར་བས། །འཆི་མེད་བརྟན་པའི་དབང་ཐོབ་ཤོག །ཨེ་ཀ་ཡ་མ་ཨཱ་ཡུརྫྙཱ་ན་སིདྡྷི་ཧོ། སྣོད་ཀྱི་འཇིག་རྟེན་གཏོར་གཞོང་དུ། །བཅུད་ཀྱི་འཇིག་རྟེན་གཏོར་མར་གསལ། །འབྱུང་བ་རྣམ་ལྔ་གཏོར་མའི་རྒྱུ། །ལྷུན་གྲུབ་ཀུན་འབྱུང་གཏོར་མའི་རྒྱན། །འཛིན་ཆགས་མེད་པའི་སྟོབས་ཀྱིས་རོལ། །ཨེ་ཀ་ཡ་མ་མ་ཧཱ་བ་ལིནྟ་པཱུ་ཛ་ཧོ། དམ་ཚིག་བསྒྲག་ལ་མནའ་ཆུ་བླུད་པར་བྱའོ། །སྣོད་མེད་བརྟུལ་ཞུགས་ཞན་པ་ལ། །སྤེལ་ཞིང་བསྒྲགས་ན་རྡོ་རྗེ་ཁྲོ་བོ་དང་། །གཏུམ་པོ་གནོད་སྦྱིན་རྡོ་རྗེ་འཆང་ཆེན་གྱིས། །ལུས་དྲལ་མགོ་གཤག་ཙིཏྟ་ཁྲག་ཏུ་འཐུང་། །ཨེ་ཀ་ཡ་མ་ཀཱ་ཡ་ཝཱ་ཀ་ཙིཏྟ་རཀྟ་ཁཱ་ཧི་ཧོ། ཁྱོད་ཀྱི་རྡོ་རྗེ་འཆང་ཆེན་ང་ཡིན་པས། །བཀའ་ཡི་ཟུར་ཡང་བཅག་པར་བྱ་བ་མིན། །བསྒོ་བ་བྱོས་ལ་དམ་ཚིག་སྲོག་ལྟར་སྲུངས། །གལ་ཏེ་འདས་ན་རྡོ་རྗེ་དམྱལ་བར་ལྟུང་། །ཨེ་ཀ་ཡ་མ་དུ་དུན་རཀྟ་ཧོ་ཡང་མ་རག་ལེན་ང་ན་ཧོ། འདི་ནི་རྡོ་རྗེ་དམྱལ་བའི་ཆུ། །ཚུལ་འདི་བསྲུང་ན་དངོས་གྲུབ་ཐོབ། །ཉམས་ན་ཙིཏྟ་གཤགས་ཏེ་འཕོ། །རྡོ་རྗེའི་ཆུ་འདི་ཁྱོད་ཀྱིས་ལོངས། །བཛྲ་


DNG016_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

ཀྲོ་དྷ་ཨི་དཾ་ཧོ། འདོད་པ་ལྔ་ཡི་ཚོགས་ལ་རོལ། །རྒྱུད་གསུམ་ལྷུག་པའི་མན་ངག་བསྟན། །རྡོ་རྗེ་འཛིན་གྱི་གྲལ་ཐོབ་ཡིན། །བརྟུལ་ཞུགས་གསང་བའི་བགྲོད་པ་གསུམ། །ཐོབ་ན་མི་ལྡོག་ས་ལ་གནས། །བརྟུལ་ཞུགས་གསང་བའི་དབང་དུ་བཤད། །མེ་རླུང་སྐྱི་འདང་འཁྲུགས་པའི་རྒྱུད་ལས། བརྟུལ་ཞུགས་དབང་གི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་དམ་ཚིག་གཟུངས་ཀྱི་དོན་འདི་གསུངས་སོ། །དཀའ་ཐུབ་དམ་ཚིག་སྡོམ་པའི་དོན། །ཆོས་རྣམས་མ་ལུས་ཀུན་གྱི་གཞི། །སྔགས་འཆང་དབང་བགྲོད་དམ་པའི་སྲོག །ངོ་བོ་ཆོས་སྐུ་བྱང་ཆུབ་སེམས། །འཁོར་འདས་ལྷུན་གྲུབ་ངང་དུ་རྫོགས། །དེས་མཚོན་དམ་ཚིག་སྲོག་ལྟར་སྲུངས། །རྣམ་གྲངས་རྣམ་པ་གཉིས་སུ་བཤད། །ཐུན་མོང་རྩ་བ་ཡན་ལག་གཉིས། །སྐུ་གསུང་ཐུགས་དང་བྱང་ཆུབ་སེམས། །ཡན་ལག་མི་སྤང་དང་དུ་བླང་། །བསྒྲུབ་དང་སྤྱད་དང་ཤེས་པ་སྟེ། །བཅུ་གཉིས་ལྔ་རུ་འདུས་པར་བཤད། །ཁྱད་པར་བསྲུང་དང་དཀའ་ཐུབ་གཉིས། །བསྲུང་བ་ཉི་ཤུ་རྩ་གཅིག་དགོས། །རྡོ་རྗེ་རྨང་གི་རི་མི་བཤིག །མངོན་བྱུང་བརྟུལ་ཞུགས་དོགས་མེད་སྤྱད། །གཅན་གཟན་རྒྱལ་པོ་གསད་མི་བྱ། །ཟ་མ་ཏོག་ཏུ་དུག་མི་བླུག །རིན་ཆེན་ལྷ་བྲན་བསྲེག་མི་བྱ། །གངས་ཀྱི་ཞུན་ཆུ་བཏུང་བ་མིན། །བདུད་རྩི་སྣོད་ངན་ནང་མི་བླུག །མི་ཤིས་སྨོད་དུ་མདངས་མི་དབབ། །སྣོད་ངན་སེང་གེའི་ཞོ་མི་བླུག །ཡིད་བཞིན་ནོར་བུ་བསྲེག་པ་མིན། །བྱ་ཁྱུང་གཤོག་པ་བཅག་མི་བྱ། །གནམ་ལྕགས་ཨུར་མོ་ནང་མི་འཐབ། །སྟག་གཟིག་རོལ་པའི་ཤ་མི་ཟ། །རྡོ་རྗེས་གཏམས་པའི་བྲག་མི་བཤིག །རྡོ་རྗེའི་ར་བའི་རྨང་མི་འདྲལ། །མུན་པ་སེལ་བའི་སྒྲོན་མི་གསད། །རྡོ་རྗེ་ཆུ་བོའི་རྐ་མི་གཅད། །རྒྱལ་པོ་ཕྱག་རྒྱའི་རྟགས་མི་དབྱི། །རྡོ་རྗེའི་རྫོང་གི་མཁར་མི་བཤིག །རིན་ཆེན་རྒྱལ་མཚན་རྩེ་མི་དབྲོག །ལྷག་པའི་དམ་ཚིག་བསྲུང་བར་བཤད། །


DNG016_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

དཀའ་ཐུབ་སྔགས་ཀྱི་སྒོ་མོ་ཡིན། །གསང་བའི་ལམ་མིན་གཞན་མི་བཟུར། །དྲག་སྔགས་ཐུན་མཚམས་གཏམ་མི་བྱ། །འཇིག་རྟེན་དམན་ལ་ཕྱག་མི་བཙལ། །ཁྲོ་བོའི་ཆོས་དགུ་ཚུལ་དགུ་དང་། །བརྡེག་འཕེན་འཛིན་མཆོང་རྒྱུག་གནོན་གདེང་། །སྡེམ་གདུང་བྷ་གར་རོ་མི་ཁྲི། །གཤེ་བཞད་གདོང་གཙིགས་རྔམ་འདྲིལ་འཛུམ། །གར་དགུ་སྟབས་དགུ་བརྟགས་ཏེ་བཟླས། །མཚན་ལྡན་གཟུངས་མ་རབ་ཏུ་བསྟེན། །རེ་དོགས་སོམ་ཉི་མེད་པར་གཞོམ། །ཚ་གསུམ་དུལ་གསུམ་མྱང་བར་སྤྱད། །འཁོར་ལོ་གཟིར་བསྲེག་གནན་དང་ཟོར། །ལུས་ཀྱི་དབང་པོ་གཞན་མི་བསྟན། །ཤེས་རབ་མ་ཡི་ཟུར་མི་བཅག །ཁྱད་པར་དཀའ་ཐུབ་བསྲུང་བར་བཤད། །འདས་ན་ནད་མང་ཚེ་ཐུང་འཕོ། །དྲག་སྔགས་དོན་ལ་མ་ཉེས་འབྱུང་། །དུས་མིན་ཚེ་ཟད་དམྱལ་བར་ལྷུང་། །བསྲུངས་ན་ཡོན་ཏན་རིན་ཆེན་གཏེར། །བྱིན་རླབས་ཀུན་འབྱུང་བདེན་པ་གཉིས། །ངག་བཙན་བཀུར་གནས་དགེ་བཅུ་འཕེལ། །སྐྱེ་མེད་བདེ་ཆེན་མཉམ་པར་གནས། །སྔགས་ཀྱི་གོ་མཚོན་ཡུན་དུ་བདེ། །བསྐང་ན་བགྲོད་པ་གསུམ་བསྐུར་ལ། །ལྟ་སྤྱོད་མ་ནོར་ཡེངས་མེད་བཟླས། །སྦྱོར་བའི་རྒྱལ་པོ་ལམ་ལས་བགྲོད། །ཡང་དག་བདེ་བའི་དོན་གསལ་འགྱུར། །འབྲས་བུ་བགྲོད་ཐོབ་ལྷུན་གྱིས་འགྲུབ། །གཉིས་མེད་བདེ་ཆེན་མཉམ་པར་གནས། །སྣང་སྟོང་ངོ་བོ་རང་གྲོལ་བས། །བསྲུང་བ་ཡོད་པར་ངས་མ་བཤད། །མེ་རླུང་སྐྱི་འདང་འཁྲུགས་པའི་རྒྱུད་ལས། དཀའ་ཐུབ་དམ་ཚིག་གི་ལེའུ་སྟེ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་ཁྲག་འཐུང་གི་རྒྱལ་པོ་བདེ་བ་ཆེན་པོ་དེས་རྒྱུད་ཀྱི་དོན་འདི་རྒྱས་པར་བཤད་དོ། །རང་བཞིན་མ་བསྒྲིབས་ཡེ་ཤེས་སྐུ། །འགག་མེད་བདེ་ཆེན་ཁྱབ་གསལ་སྐུ། །ལྷུན་གྲུབ་སྤྲོས་བྲལ་ཕྱག་རྒྱའི་སྐུ། །བརྡལ་ཁྱབ་ཐིག་ལེ་ཉག་གཅིག་སྐུ། །མ་འགགས་ཀུན་འབྱུང་སྤང་བླང་མེད། །སྣ་


DNG016_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་རོལ་པ་བྱ་རྩོལ་བྲལ། །ནམ་མཁའ་ཡོངས་ལ་མདུང་བསྐོར་བས། །སངས་རྒྱས་མཛད་པར་ཁོ་ཐག་གཅད། །གནས་པར་རང་རྒྱུད་དྲུག་དང་ལྡན། །སུམ་ཅུ་གཉིས་རྩིབ་བདེ་ཆེན་གནས། །འབྲུ་བཞི་ཡན་ལག་འཕྲོ་དང་འདེབས། །འབྲུ་དྲུག་ཡང་བཅུ་དྲུག་ལོངས་སྤྱོད་གསལ་འབར་བ། །བརྒྱད་དབུས་བཞི་ལྡན་ཆོས་འཁོར་ལོ། །ལམ་ཉིད་ཀྱང་ལས་གཉིས་དོན་ལྡན་འབྲས་བུར་སྨིན། །བཅུ་དྲུག་བཞི་ལྡན་སྤྲུལ་པའི་གནས། །བཞི་རྩིབ་གསང་བ་རྫོང་ལ་གནས། །དྲུག་རྩིབས་འཁོར་ལོ་མདོ་གསུམ་འཛིན། །བདུད་དང་རང་གཤེད་མཉམ་པའི་དོན། །ལྟ་བའི་རྒྱལ་པོ་རང་གསལ་ཡིན། །སྤྱོད་པ་ལས་ཀྱི་འཁོར་ལོས་མཚོན། །ལྔ་བརྒྱད་ཕྲལ་བས་སུམ་ཅུ་བརྒྱད། །དེ་དག་རང་རྒྱུད་གནས་པ་ཡིན། །གནས་པའི་འཁོར་ལོ་ཐོད་པར་བཅའ། །ཐོད་པར་སྙིང་པོའི་བཅུད་སྡུད་བྱེད། །ལས་དང་སྲོག་དང་བླ་སྡུད་ལ། །ཁྱམས་ཁང་གཤེད་ཀྱི་གསང་མཛོད་ཡིན། །རིམ་པ་མངོན་དུ་བགྲོད་བྱས་ནས། །དཔའ་བོའམ་གྲི་མོ་ལང་ཚོ་ལ། །སྦྱོང་བ་གསུམ་དང་ལྷ་བཀོད་ལ། །སྔགས་ཀྱི་དྲོད་ལྡན་བརྟུལ་ཞུགས་བླངས། །རྒྱལ་རིགས་རྗེ་རིགས་སྔགས་འཆང་ལ། །བཅུ་གཉིས་བཅུ་དྲུག་བར་ལ་བརྟག །གོང་བཞིན་བརྟགས་ལ་བརྟུལ་ཞུགས་བླང་། །རྐྱེན་གསུམ་རང་རྒྱུད་དྲུག་བཀོད་ལ། །སྦྱང་བསྲེག་དབབ་བསྐྱིལ་ཐིག་ལེར་གསལ། །སྨེ་བ་དོན་དང་མཉམ་སྦྱར་ལ། །བརྟུལ་ཞུགས་རྣམ་གསུམ་ལོངས་སྤྱོད་ལྡན། །སྐྱེ་བ་མེད་པའི་དབྱིངས་སུ་གྲོལ། །སྤྱི་དང་ཁྱད་པར་ཡན་ལག་གསུམ། །བསྲུང་དང་མ་བསྲུངས་བདེ་དང་སྡུག །བདེ་ཆེན་ན་རག་དོང་སྤྲུག་གི། །ལས་ཀྱི་རིམ་པ་འདི་ལྟ་སྟེ། །རྩ་བ་ཀུན་འབྱུང་འཁོར་ལོ་ནི། །གསང་ཆེན་མཆོག་ཏུ་དྲིལ་བ་ཡང་། །ཡང་གསང་སྦྱོར་བའི་དྲུག་གཉིས་བཞི། །བརྡ་དོན་གོལ་དང་སྨིན་པའི་ལས། །ཧ་ལ་ནག་པོ་སྦྲུལ་འཛིན་ལྟར། །སྦྱོར་བ་བཅུ་བདུན་དག་དང་ལྡན། །དོན་གཉིས་མངོན་དུ་སྤྱད་པ་ཡིས། །བླ་ཆེན་སྤྲུལ་པ་ཡང་སྤྲུལ་ཚོགས། །རྟགས་


DNG016_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཀུན་འབྱུང་དྲུག་དང་ལྡན། །འབྲས་བུ་འཇོམས་པའི་ལས་གཞི་ཡིན། །ཆུ་དྲིལ་ཟོར་འཕང་དུ་བས་གཟིར། །ཆུ་རྒོད་གནམ་ས་ཐོག་ཆེན་པོ་འབེབས། །དམར་ལེན་སྔགས་ཀྱི་མཐུ་བསྡུས་ནས། །ལས་ཀྱི་འཁྲུལ་འཁོར་མཚོན་ཆར་འབེབས། །སྙིང་པོ་ཀུན་གྱི་མཐུ་དྲིལ་ནས། །འབྲུ་བརྒྱད་དམོད་པའི་ལས་དང་སྦྱར། །རིམས་རིགས་ཀྱང་སོགས་ལས་དབང་གནོད་པའི་གདོན། །སྔགས་ཀྱི་བརྡེག་པ་དྲུག་དང་ལྡན། །ལྟར་འཇུག་ཕྱིར་འབྱུང་ཞེ་སྡང་གཞི། །ཀུན་འབྱུང་རྟགས་མེད་ཁོང་ནས་འབྱུང་། །གང་རུང་མཚོན་ཆ་ཁ་སྦྱར་བྱ། །བརྗོད་པ་སྐབས་དང་སྦྱར་ལ་སྤྱད། །མགོ་ལ་རྗེས་གཅོད་བསྲེག་པ་བརྡེག །ཀུན་འཇོམས་སྦྱོར་བའི་རྒྱལ་པོ་ཡིན། །གྲུ་བཞི་ཆ་མཉམ་རུས་སྦལ་ལྟོར། །ཡེ་ཤེས་ལྔ་ཡི་ཐིག་གྲངས་ལ། །མགོ་དང་མཇུག་མར་ཐིག་རྐང་གདབ། །དེ་བཞིན་ལྟོ་གཉིས་ཐིག་རྐང་དྲངས། །ཐིག་བཞི་རྒྱ་གྲམ་ལེགས་པར་གདང་། །ལྟེ་བར་འཁོར་ལོ་བཅུ་གཉིས་བཅའ། །ཐིག་སྐོར་རིམ་པ་གསུམ་གསུམ་བསྐོར། །དབུས་སུ་གྲུ་གསུམ་རྒྱ་གྲམ་ལྡན། །བྱང་ཁོག་སྟོད་ཀྱི་འཁོར་ལོ་གཉིས། །རྩིབས་བཅུར་བླ་ཆེན་སྤྲུལ་པའི་སྔགས། །གཡས་པའི་རྩིབས་མཆན་བཅུ་བཞི་ལ། །ཡང་སྤྲུལ་འཇོམས་པའི་སྤུ་གྲི་གནས། །གཡོན་པའི་རྩིབས་མཆན་བཅུ་བཞི་ལ། །ཆགས་སྡང་འཇོམས་པའི་སྤུ་གྲི་གནས། །དེ་བཞིན་བསྐྱེད་པའི་འཁྲུལ་མིག་བཞིར། །བཅུ་གཉིས་རྩིབས་འགྱུར་རྟགས་མེད་དང་། །ཀུན་འབྱུང་སྔགས་ཀྱི་གཅོད་པ་དགོད། །དེ་ཡི་གསད་པ་མཆོག་ཏུ་སྦྱར། །གཡས་གཡོན་བཅྭ་ལྔའི་བབ་ལྔའི་ཚོགས་བདུན་ཡང་རྩིབས་བདུན་ལ། །སྲུང་བའི་རྟགས་མེད་ཀུན་འབྱུང་དགོད། །ལྟེ་བ་སྨད་ཀྱི་འཁོར་ལོ་བཞིར། །རྩིབས་བདུན་རྩིབས་དགུ་དེ་བཞིན་བཅུ། །བཅུ་གཅིག་རྩིབས་དང་ལྡན་པ་ལ། །མི་འཁོར་འཁོར་འཇུག་དོན་པ་ལ། །བརྡེག་པ་དྲག་སྔགས་ཚན་རེ་གནས། །ཡན་ལག་ལོ་ཏོག་འཇོམས་པ་བཞི། །ཀུན་ལ་རྒྱ་གྲམ་རྩ་བའི་སྔགས། །ལག་གཡས་བཅུ་དྲུག་སྤོགས་དང་


DNG016_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

གཟིར། །ལག་གཡོན་རྩིབས་དགུ་གཟིར་བའི་སྔགས། །རྐང་གཡས་རྩིབས་དགུ་ཐབས་ཀྱི་སྔགས། །རྐང་གཡོན་བཅོ་བརྒྱད་དུས་ལ་འཇོམས། །ཆུ་རྒོད་འཁྱགས་པ་རི་ལྟར་འབེབས། །འོག་ལ་རྗེས་གཅོད་འཁོར་ལོ་བསྲེག །རྒྱ་གྲམ་བཅུ་གཉིས་རྩིབས་ལ་གདབ། །རྩ་བ་བརྒྱད་དང་བཅུ་གཉིས་བསྲེག །གདུག་པའི་སྔགས་དང་རྫས་བསྲེག་ལྡན། །བླ་ཆེན་བཞི་དང་ཆགས་སྡང་བཞི། །མི་མཐུན་འཁོར་ལོ་ཁ་སྦྱར་བསྔགས། །སྤྲུལ་དང་ཡང་སྤྲུལ་ཁ་སྦྱར་བརྡེག །ཀུན་འབྱུང་རྟགས་མེད་དེ་བཞིན་བརྡེག །རུས་སྦལ་ལྟོ་བར་གསད་ལ་སྦྱར། །ཆུ་སྲིན་གཟིར་བའི་འཁོར་ལོ་སྦྱར། །ཟོར་དང་དུ་བ་ཁ་སྦྱར་ལ། །དབབ་དང་བསྲུང་བ་རུས་སྦལ་ཡང་། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཀུན་འབྱུང་རྩ་བའི་སྔགས་འདི་བཏོན་ཏོ། །སྲོག་ལ་ཧྲིལ་ཤག་ཙིཏྟ་རྦད་ཙིཏྟ་དྲེང་ཤག་ཛཿ། སྲོག་ལ་ཐུན་རྨུགས་རྦད་ཙིཏྟ་དྲེང་ཤག་ཛཿ། དགྲ་བོའི་སྲོག་ལ་དུན་ཤག །ཙིཏྟ་དྲེང་དྲེང་ཧུར་ཐུཾ་ཛ། སྲོག་ལ་ཐུན་གཟིར་ཤག་རྦད། ཙིཏྟ་དྲེང་ཤག་ཛཿ། སྲོག་ལ་ཡཾ་ཡཾ་རྦད། ནྲྀ་ཙིཏྟ་དྲེང་ཤག་ཛཿ། སྲོག་ལ་མཱ་ར་ཡ་རྦད། ནྲྀ་ཙིཏྟ་ཧུར་དྲེང་ཛཿ། ཙིཏྟ་གཟིར་ནན། སྲོག་ལ་མྱོགས་རྩ་ལ་རྦད། ཡཾ་ཡཾ་ཧུར་ཙིཏྟ་ཁཾ་ཤག་རྩ་ལ་མྱགས་རྦད། ཧབ་ཏང་ཧབ་ཏང་རོ་མྱགས་ཛཿ། ཀྲིང་ཀྲིང་ཧི་ནན། ཡལ་ཡལ་ཙིཏྟ་རྦད། ཧ་ལ་ཧ་ལ་ཙ་མ་རི་ཁཾ་ཤག་རྦད། ཧ་ལ་ཧ་ལ། ཡཾ་ཡཾ། ཙིཏྟ་དྲེང་དྲེང་དུན་དུན་ཛཿ། དེ་བ་ཛ་དུ་ནས་ནཱ་ག་སྙིང་གཟེར་ཐུན་ཕྲོམ་ཕྲོམ་ཧྲིལ་ཧྲིལ་ཤར་ཤར་ཕོབ། ནཱ་ག་ཛ་ཡཾ་སྙིང་གཟིར་ཤར་ཕྲོམ་ཕོབ། ཛཿཡི་པྲོཾ་ཤར་ཧྲིལ་ཁཾ་ཤར་ཧྲིལ་ཕོབ། ནཱ་ག་ཨུ་ནན་ཛཿ། ཡཾ་ཕོབ་མ་ཧི་ཧྲིད་ཡང་ཏ་ཡ་ཕོབ། ར་མི་ཙིཏྟ་ཁཾ་ཤག་སྲོག་ལ་ཧུར། ཡཾ་ཁཾ་ཤག་རཾ་ཐུཾ་ཙིཏྟ་རྦད་རཾ། ངེས་པའི་དོན་དང་ལྡན་པའི་གདེང་། །ཉམས་རྟགས་ཕྱི་སྟེ་སྤྱོད་ཡུལ་མིན། །དེ་ཡིས་ལས་ཐིག་རྫོགས་པར་བཤད། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་གབ་པ་ཐུགས་ཀྱི་ལས་འདི་བཤད་དོ། །དམར་ལེན་སྔགས་


DNG016_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དམོད་པ་ལས། །དགུ་གསུམ་གང་རུང་ཐང་པ་བྱ། །འཁོར་ལོའི་རིམ་པ་བཞིན་དུ་བསྐོར། །དབུས་ཀྱི་འཁོར་ཡུག་ཕོ་བྲང་དུ། །བདེ་བའི་རྒྱལ་པོ་ནམ་མཁའི་འབྲུ། །ཕྱི་རིམ་བར་ཁྱམས་འཁོར་ལོ་བརྒྱད། །མུ་ཁྱུད་རིམ་པ་གསུམ་དུ་བསྐོར། །ཀུན་གྱི་དབུས་ཉིད་རྒྱ་གྲམ་ལྡན། །ཕྲལ་ནས་རྩ་བའི་འབྲུ་བརྒྱད་དགོད། །གཉིས་པ་ས་ཁམས་དྲུག་གཉིས་རྩིབས། །མནན་པ་སྟོབས་ཀྱི་འབྲུ་ཡིས་དགང་། །མེ་ཁམས་དེ་བཞིན་བསྲེག་པས་དགང་། །ཆུ་ཁམས་དེ་བཞིན་ལོ་ཏོག་འཇོམས། །རླུང་ཁམས་བཅུ་གཉིས་བསད་ལ་ཤིས། །འདེབས་དང་དྲོད་མཚམས་ཐམས་ཅད་གཟིར། །གཡེངས་དང་དྲོད་མཚམས་འབྲས་བུ་སྲུན། །དྲོད་དང་ཆུ་མཚམས་རྣམ་ཤེས་འཕྲོག །གཡེངས་དང་འདེགས་མཚམས་གདུག་པ་གཟིར། །ཀུན་ཀྱང་རུས་སྦལ་ཁ་སྦྱར་ལ། །ལྔ་ན་ལས་རྫོགས་གདུག་པར་གཏད། །དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་དྲག་སྔགས་འདི་བཏོན་ནོ། །ཨེ་མྱགས་ཡ་རྔུབས་མུག་ཤག་ཀ་དུན། དགྲ་བོའི་སྲོག་ལ་མཱ་ར་ཡ་རྦད་ནྲྀ་ཧུར་ཐུཾ་ཛཿ། དགྲ་བོའི་སྲོག་ལ་ཐུན་གཟིར་སྦུར་ནན་སྟྭཾ་བྷ་ཡ་ནན། དགྲ་བོའི་སྲོག་ལ་རཾ་ཐུཾ་ཙིཏྟ་རྦད། པ་རཾ་ཛྭ་ལ་རཾ། ནཱ་ག་ཨུ་ནན། སྙིང་གཟེར་ཕྲོམ་ཤག་ཁམ་ཧྲིལ་ཕོབ་ཡ། སརྦ་ཨུ་ནན་ཐུམ་རིལ་སྦུར་ནན་ཤ་ཏྲུཾ་འདྲིད་ནན་ཕྱུང་རྦད། སརྦ་ཤ་ཏྲུཾ་སྟྭཾ་བྷ་ཡ་ན་ཤ་ཡ་ནན་རྦད་རྦད། ཙིཏྟ་དྲེང་དྲེང་རྩ་ལ་དུན་དུན། སྲོག་ཧུར་ཐུཾ་ཛཿ། ས་ན་ག་ཧལ་ཧལ་ཡམ་ཡམ། སྙིང་གཟེར་སྦུར་ནན། ཕྲལ་ལ་ལས་ཀྱི་སྐབས་སུ་བཅའ། །དམན་ལ་ལས་ཀྱི་སྦྱོར་བ་བཤད། །གཞན་ཡང་ཡན་ལག་གང་གསུངས་པ། །རྣོ་མྱུར་ཕག་མོའི་ལྟོ་བར་བཅའ། །ཡེ་ཤེས་ཐིག་ལེའི་ངང་ལ་འཆར། །འཕེན་དང་སློང་བའི་དབུས་ཀྱི་ལྟེ། །མཚོན་ཆ་མུ་ཁྱུད་ལྔ་དང་ལྡན། །དབུས་སུ་གྲུ་གསུམ་རྒྱ་གྲམ་ཕྱེད། །བཅུ་གཉིས་རྩིབས་བསྣོལ་བར་ཁྱམས་ཟླུམ། །དབུས་སུ་གྲུ་གསུམ་


DNG016_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་བརྟག །གཉིས་པ་རྒྱ་གྲམ་རྩ་བའི་སྔགས། །བཅུ་གཉིས་ཕྱི་ནང་གསང་བའི་འབྲུ། །བར་ཁྱམས་ལྟོ་སྦྱོར་སྒྲུབ་པའི་སྔགས། །ཁ་སྦྱོར་བྱས་ལ་དོང་རྩར་བརྣག །སྔགས་ཀྱི་ཡན་ལག་སྤོགས་པ་ཡིན། །གདུག་པའི་ཀླུ་ལ་གཏད་པར་བྱ། །དགྲ་བོའི་སྲོག་ལ་ཧུར་ཐུཾ་རྦད། ཙིཏྟ་དྲེང་ཤག་ཛ། ཛ་ཤག་དྲེང་ཙིཏྟ་ཐུཾ་ཧུར་དགྲ་བོའི་སྲོག་རྦད། དགྲ་བོའི་སྲོག་ལ་ཐུམས། ཙིཏྟ་ཧུར་དྲེང་ཛ་ཤག་རྦད། བརྣག་པ་རྣོ་མྱུར་སྟོབས་དཔག་མེད། །ཡན་ལག་རྣོ་དབལ་མཚོན་ཆ་ཡིན། །གཞན་ཡང་ཕུང་བྱེད་སྡིག་པའི་ལས། །ལས་ཀྱི་རིམ་པ་སྔར་བཞིན་ལས། །ཁྱད་པར་ལྷ་སྲིན་དཀྲུག་པའི་ལས། །སྡིག་པ་ཆེན་པོའི་ལྟོ་བ་རུ། །མུ་ཁྱུད་རིམ་པ་ལྔ་དང་ལྡན། །རྒྱ་གྲམ་བཅུ་གཉིས་རྩིབས་དང་ཁྱམས། །ལྷ་སྲིན་ལྟོ་དཀྲུག་ལས་ཀྱི་མཆོག །རྩ་བའི་སྔགས་དང་སྤུ་གྲི་དགོད། །ཁ་སྦྱར་དུག་ཆུ་ཚ་བར་ལྡན། །སྔགས་བཟླས་སྡིག་པའི་ཀླུ་ལ་གཏད། །གསང་སྔགས་སྦྱོར་བ་དྲིལ་ལ་བརྡེག །ཡ་རྔུབས་ཨེ་ཤག་དུན་མྱགས་ཀ་མུག་དགྲ་བོའི་སྲོག་ལ་ཤག་དྲེང་ཛཿཙིཏྟ་ཧུར་ཐུཾ་རྦད། སྦྱོར་བ་གང་བརྩམ་མཐའ་རུ་བསྔགས། །སྤོགས་པ་དྲག་པོའི་ལས་སུ་བཤད། །འབྲུ་བཞི་ལས་ཀྱིས་རིམ་པ་ནི། །དུར་ཁྲོད་དབེན་པའི་བདེ་གནས་སུ། །རང་སེམས་དབེན་པའི་མཚམས་བཅད་ལ། །དུར་ཁྲོད་རྒྱུ་ལ་ཐང་པ་བྱ། །མུ་ཁྱུད་བཞི་དང་ལྡན་པར་བསྐོར། །ལྟེ་བར་གྲུ་གསུམ་མ་ར་ནྲྀ། །གཉིས་པ་རྡོ་རྗེ་རྒྱ་གྲམ་ལ། །ཡེ་ཤེས་སྤྲུལ་པ་ལས་བདག་ཡུམ། །གསང་བའི་སྙིང་པོ་འབྲུ་བཞི་དགོད། །གསུམ་པ་འཁོར་ལོ་རྩིབས་བརྒྱད་ལ། །མཚན་མོ་གཅོད་པའི་སྤུ་གྲི་དགོད། །ཕྱི་ཡི་རྩིབས་བཅུ་རྩེ་མོ་ན། །ཉིན་མོ་གཅོད་པའི་འབྲུ་བཅུ་དགོད། །མཚོན་ཆ་བསྣོལ་བའི་བར་དུ་མིང་། །སྲིད་པའི་རུས་སྦལ་ལྟོ་བར་བཅའ། །སྔགས་བཟླས་དགུ་ཀླུ་ཡང་ལ་གནོད་པ་མནན། །དེ་ནས་བཅོམ་ལྡན་འདས་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས། དྲག་སྔགས་དྲིལ་བ་འདི་བཏོན་ཏོ། །ཨེ་


DNG016_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

དུན་ཀ་ཡཾ་དགྲ་བོའི་སྲོག་ལ་དྲེང་དྲེང་རྦད། ནྲྀ་སྲོག་ལ་དུན་དུན་རྦད། ཁཾ་ཤག་རྩ་ལ་རྦད། སྲོག་ལ་མྱོགས་རྦད། ཁྱེར་ཕྱུང་མུག་ཏི། ལིང་ཤག་ལིང་ཛཿ། ཉིན་མཚན་གསུམ་དུ་སྦྱོར་བ་བརྩམས། །འབྲུ་བཞི་རྩ་བཞི་གཅོད་པར་བཤད། །གཞན་ཡང་ལོ་ཏོག་འཇོམས་པ་ལ། །ལྟ་ཟོར་གཟིར་གསུམ་དྲིལ་ལ་དབབ། །གཅན་གཟན་དར་མའི་ཐོད་པ་ལ། །གདུག་པ་གསུམ་གྱི་ཁྲག་གིས་བསྐུ། །ཁྲག་གསུམ་དུག་སྣ་སྔོ་ནར་བཅས། །སྦྱོར་བ་སྦལ་པའི་ལྟོ་བར་བཅའ། །ཡུལ་དབུས་གདུག་པའི་རྟེན་ལ་གཞུག །བཅོ་ལྔ་དགུ་གསུམ་བཞི་རུ་བརྩམ། །མདུང་གང་དམར་ཐག་ས་སྲོས་དབབ། །ལྷ་སྲིན་འབྱུང་བ་དཀྲུག་ལ་དབབ། །ཨེ་ཡང་ཀ་དུན་སྲོག་གཟིར་ཏྲིག་ནན། རཾ་ཤར་ཡཾ་ཕོབ། བཾ་རཾ་ཁྲག་བྷྱོ། སྤོགས་པ་མེད་པའི་ལས་སུ་བཤད། །གཞན་ཡང་ཐོག་རྒོད་དྲག་པོའི་ལས། །ཉེ་བར་གནམ་ཐོག་དྲིལ་འབེབས་པ། །འུག་སྒོང་སྦྲུལ་ཤུན་མིང་བཅས་དང་། །གསེར་སོགས་རྒོད་སྙིང་མདའ་དང་དར། །མེ་ལོང་གྲི་ཐོད་སྤོས་དང་སྨན། །སུམ་དྲིལ་དྲག་པོ་གཅིག་བརྡེབས་པས། །ཞུ་འཕེན་ཚད་འཕེན་གནད་ལ་དབབ། །འབུམ་ཕྲག་སྔགས་བཟླས་རྒྱ་བར་བསྡིམ། །གོང་གི་དུས་ཚོད་ཉེ་བར་འཕང་། །གནམ་ཐོག་ཆེན་པོ་ལས་ཀྱི་མཆོག །ཀ་ཡཾ་ཨེ་དུན་ཕྲམ་ཤར་སིད་ཀྲོལ་དྲལ་ཆེམས་ཡཾ་རཾ་ཁས་བྷྱོ། མཱ་ར་ཡ་རྦད། བདེ་བའི་རྒྱལ་པོ་སྦྱོར་བའི་མཆོག །རིག་པའི་ཀློང་ནས་འཕེན་ཞིང་འཇོམས། །གཞན་ཡང་ལྟས་ངན་དབབ་པའི་ལས། །བྱ་དང་གཅན་གཟན་ཐོད་ཆེན་ལ། །ལྟས་ངན་ཁྲག་གིས་ཁ་མིག་བྱ། །བརྣག་པའི་མཁར་དང་མིང་རུས་བྲི། །བདུན་ཁྲི་བདུན་སྟོང་སྐོར་རེར་ཐུན། །ཚེས་དང་ཟ་མ་སྐར་མ་ནི། །ནག་པོ་སྨེ་བ་གཅིག་ལ་གཏད། །ཐེམ་འོག་འགྲམ་དྲེས་ལམ་དུ་སྦ། །དགྲ་བོ་སརྦ་ཡེངས་དུམ་ལིང་། ཧབ་ཕོབ་ནན། དྲག་སྔགས་ལས་ཀྱི་རྒྱལ་པོ་མངག །གཞན་ཡང་སྲུང་བའི་ལས་གསུངས་པ།


DNG016_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

དུར་ཁྲོད་རས་སམ་ཤོག་བུ་ལ། །སྦྱོར་བ་ལྔ་དང་ཚ་བ་དུག །ལས་ཀྱི་འཁོར་ལོ་མུ་ཁྱུད་བཞི། །དབུས་སུ་གྲུ་གསུམ་ཟླ་གམ་གསུམ། །ཕྱི་རིམ་རྒྱ་གྲམ་ར་བཞིར་ལྡན། །ཡང་ལོགས་མུ་ཁྱུད་ཟླུམ་པོ་ཆུ། །མཐའ་མ་རྩིབས་ཆེན་བཅུ་གཉིས་ལྡན། །སྲིད་པའི་ཁྱམས་ཁང་ལྟོ་བར་བཅའ། །གནས་ཤིང་དགོད་པ་འདི་ལྟ་སྟེ། །གྲུ་གསུམ་གང་འདོད་སྙིང་པོ་མིང་། །ཟླ་གམ་གསུམ་ལ་སྟོང་ཡང་ལྡོངས་པའི་མིང་། །རྒྱ་གྲམ་རྩ་བའི་འབྲུ་བཞི་དགོད། །མྱུ་ཁྱུད་རྦོད་གཏོང་གདུག་པའི་མི། །བཅུ་གཉིས་རྩིབས་ལ་སྤུ་གྲི་སྦྱར། །ཁ་སྦྱར་དར་དང་སྔོན་དམར་བསྡམ། །དུར་མ་གྲུ་གསུམ་ལིངྒ་གནག །ཕྱག་རྒྱ་ཟིལ་གནོན་གསལ་བྱས་ལ། །ཞག་ལྔ་བསྐུལ་ཅིང་མཆོག་ཕུར་གདབ། །ནད་པ་བདུགས་ལ་ཕྱིང་པས་དགབ། །ཐོན་ནས་ཀ་རྟེན་གཉན་སར་མནན། །གནོད་པ་ཀུན་གྱི་སྦྱོར་བ་གཅོད། །དྲག་སྔགས་སྦྱོར་བ་ལས་ཚོགས་བརྒྱད། །སརྦ་ཙིཏྟ་རོ་མྱགས་ཁ་ཐཾ། འདྲིད་ཕྱུང་ཤག་རྦད། སྲོག་ལ་དྲེང་དྲེང་ཤག་དུན་དུན་ཨེ་རཾ་ཧུར་ཐུཾ་ཛཿཛཿ། ས་ནཱ་ག་སྙིང་གཟེར་སྦུར་ནན་ཁམ་ཤག་རྩ་ལ་རྦད། ས་ནཱ་ག་ཛཿ། ས་ནཱ་ག་ཐུམས། ས་ནཱ་ག་རྦད། ས་ནཱ་ག་ཙིཏྟ་རོ་མྱག་ཁ་ཐཾ། འདྲིད་ཕྱུང་ཤག་རྦད་སྲོག་ལ་ཧུར་ཐུམ་རྦད། ཁཾ་ཛྭ་ལ་རཾ། སརྦ་ཤ་ཏྲུཾ་ནན། འདྲིད་ཡང་བཟློག །སྡུར་ནན། འདྲིད་རྦད། ཨེ་ཀ་ཡཾ་ཤག་འདྲིད་ཕྱུང་ཁཾ་ཤག་ཏྲིད་སྦུར་ནན། སརྦ་ཤ་ཏྲུཾ་ན་ཤ་ཡ་སྟཾ་བྷ་ཡ་ན་ཤ་ཡ་ནན་ཕཊ། ལས་རྣམས་རྒྱས་པའི་རིམ་པ་ནི། །ཆེ་བ་དྲིལ་བའི་ལས་ཚོགས་འདི། །ཐུན་མོང་སྤྱོད་པའི་ལས་སུ་བཤད། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཕག་མོ་ཁོང་ཡན་གྱི་སྦྱོར་བ་འདི་གསུངས་སོ། །འཁོར་ལོ་ཁ་སྦྱོར་བྱས་ལ་ནི། །ཐོད་པའི་ནང་དུ་ལིངྒ་དང་བཅས་ལ་གཞུག །ཐོད་པ་དོང་གྲུ་གསུམ་དུ་རྩང་གིས་བསྐོར་བའི་ནང་དུ་གཞུག །དོང་གི་ཁ་དར་མཐིང་ནག་གིས་བཅད། །ཞག་གསུམ་དུ་གསལ་བ་རྣམ་པ་གསུམ་དུ་བསྒོམ་ལ། ཨེ་མྱགས་ཡ་རྔུབས་མུག་ཤག་ཀ་དུན་དགྲ་བོའི་ཙིཏྟ་དྲེང་


DNG016_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

ཤག་ཛཿསྲོག་ལ་ཧུར་ཐུཾ་རྦད། ཅེས་ནུས་ཚད་བཟླས། བསྐུལ་པ་གསུམ་ཡང་དུ་བཏང་། དེ་ཐོན་ནས། མནན་སྔགས་ཁྲི་བཟླས་ལ་ཐོད་པ་བཅའ་བ་ནི། ཨེ་མྱགས་ཡ་རྔུབས་མུག་ཤག་ཀ་དུན་དགྲ་བོའི་སྲོག་སྟྭཾ་བྷ་ཡ་ནན། དེ་ནས་ཉི་མ་དམར་ཐག་ཆད་ནས། ས་སྲོས་ཀྱི་བར་དུ་གནན་པ་བྱ། ཀླུ་གཟིར་བའི་སྔགས་ཨེ་མྱགས་ཡ་རྔུབས་མུག་ཤག་ཀ་དུན། ས་ནཱ་ག་སྙིང་གཟེར་རྦུད་ནན། ཞེས་ནུས་ཚད་བྱས་ལ། ཆུ་མིག་གི་ཕྱོགས་གཉིས་སུ་ལྕགས་ཕུར་དང་སེང་ལྡེང་གི་ཕུར་བུ་གདབ་བོ། །དེ་ནས་ཡང་ཉ་སྟོང་བྱུང་ཙ་ན། ཁྲག་སྐམ་ཐོད་པ་གང་གི་ནང་དུ། ལིངྒ་དང་མིང་བཅུག་ལ། གསང་སྔགས་ཉིན་ཞག་གསུམ་དུ་བཟླས་ལ་བསྐུལ་པ་བྱའོ། །ཚེས་གཅིག་གམ་བཅུ་དྲུག་གི་སྐྱ་རེངས་ཤར་ཙམ་ན། ལིངྒ་གཏུབས་ལ་དུག་ཁྲག་གི་ཆུས་སྦྱངས་ལ། ཟོར་དུ་འཕང་བའི་སྔགས་ནི། ཨེ་མྱགས་ཡ་རྔུབས་མུག་ཤག་ཀ་དུན་དགྲ་བོའི་སྲོག་ལ་ཐུན་རྨུགས་བྷྱོ། སྔགས་འདི་བརྒྱ་འམ་སྟོང་དུ་བཟླས་ལ་ཟོར་དུ་འཕང་། སེར་བ་བཟློག་པའི་སྔགས་ལ། ཨེ་མྱགས་ཡ་རྔུབས་མུག་ཤག་ཀ་དུན་སརྦ་ཤ་ཏྲུཾ་སྟྭཾ་བྷ་ཡ་ནན། ཧཱུཾ་ཕཊ། གདོང་ཚུགས་སུ་བཟློག་གོ། །ནད་པའི་སྔས་སུ་གདོན་གཟིར་བའི་སྔགས། ཨེ་མྱགས་ཡ་རྔུབས་མུག་ཤག་ཀ་དུན་སྙིང་གཟིར། རྦུད་ནན་ཧ་ལ་ཧ་ལ་ཙམ་རི་ཁམ་ཤག་རྦད། མེ་རླུང་སྐྱི་འདང་འཁྲུགས་པའི་རྒྱུད་ལས། ཐུན་མོང་གི་ལས་བཤད་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཁྱད་པར་གྱི་ལས་འདི་གསུངས་སོ། །བརྡ་དོན་ཐབས་ཀྱིས་གྲོལ་བའི་ལས། །བ་དང་འོ་མ་ཞོ་དང་མར། །ཞུན་མར་སྣུམ་གྱི་སྙིང་པོ་བཅུད། །སྙིང་པོ་ལ་སོགས་བཞི་གཉིས་ལྡན། །ཡེངས་མེད་བརྟན་པ་བགྲོད་པའི་ཐབས། །དམར་ལེན་སྔགས་ཀྱི་སྙིང་ཕྱུང་ཡིན། །གོང་མཐུན་རྒྱུ་ལ་འཁོར་ལོ་བཅའ། །དཔལ་བརྟུལ་དྲག་པོའི་སྟོབས་ཀྱིས་སྤྱད། །གདུག་བྱེད་ཕག་མོའི་ལྟོ་བ་རུ། །སྲིད་པ་ཁྱམས་


DNG016_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ཁང་སྲོག་སྡུད་བཅའ། །ཁྱམས་ཁང་ལྟོ་ན་བརྣག་པའི་གཟུགས། །སྤྱི་གཙུག་སྙིང་གར་མཚོན་ཆ་བཅའ། །མུ་ཁྱུད་བཞིའི་དབུས་མིང་རུས་བྲི། །ཕྱི་རིམ་རྒྱ་གྲམ་རྩ་བའི་སྔགས། །ཡང་ལོགས་བཅུ་གཉིས་སྤུ་གྲིའི་མཚོན། །མུ་ཁྱུད་མིང་རུས་ལྟོ་སྦྱར་བསད། །རུས་སྦལ་ལྟོ་ན་མཚོན་ཆའི་རྩིབས། །རྩེ་མོ་ནང་བསྟན་སྤུ་གྲི་བཟློག །ཕག་མོ་ལུག་ལ་མནན་པའི་སྔགས། །འབྲུ་བཞི་སྲོག་དང་ཨ་མྱ་ཀ །བསྐྱོད་པའི་ཡན་ལག་དབུགས་ལ་ཞོན། །དོན་གཉིས་བསྡུས་པའི་སྦྱོར་བ་བྱ། །ཁ་སྦྱོར་དུར་མར་བརྣག་པའི་གཟུགས། །རྒྱུ་རྐྱེན་དྲུག་བྱས་ཙོག་པུར་གཞག །སྙིང་གར་མཆོག་ཕུར་ཡ་མ་གདབ། །བསྒོམ་བསྐུལ་དྲག་སྔགས་བསྣོལ་མར་བརྡེག །རབ་ཀྱིས་བསྐང་ཐོན་བསྣོལ་མར་གཅོད། །འབྲིང་གིས་བཅུ་པར་དེ་བཞིན་བསྣོལ། །དམན་པས་བརྒྱ་བརྒྱ་བསྣོལ་མར་གཅོད། །དུག་ལྔ་སྐུ་ལྔ་ཡེ་ཤེས་ལྔ། །གསང་ལམ་སྒོ་དགུ་རྩ་ལམ་འཇུག །བདེ་བའི་ཡེ་ཤེས་རང་ལ་གསལ། །འཕོ་བ་གསུམ་གྱི་བརྡ་དང་སྦྱར། །དམར་ནག་རྟོགས་པའི་ཁྲག་དཀྱིལ་ནས། །བསྡུ་བའི་ཡི་གེ་གསུམ་གྱིས་འཕྲོག །ཙ་ནའི་འབྲས་བུ་རྟེན་ལ་ཐིམ། །ཐོད་པའི་སྙིང་པོ་བཅུད་བསྡུས་བྱ། །ཀླུ་ལ་བཅུད་པར་འགྲན་ཟླར་གཏད། །གཞན་དུ་བཅུད་དང་སྤུ་གྲིར་སྦྱར། །ཡི་གེ་བྱིན་ཅན་སྟེང་དུ་བཏབ། །ཕྱག་རྒྱ་ཆོས་སྐུ་སྤྲུལ་བསམ་ཡས། །ཐོབ་ཅིང་བགྲོད་པ་སྔགས་ཀྱི་སྟོབས། །དེ་ནས་བཅོམ་ལྡན་འདས་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་མཆོག་གི་དྲག་སྔགས་འདི་བཏོན་ཏོ། །སྲོག་ལ་རྩ་ཁྲག་སྙིང་ཐུཾ་རིལ་ནན། རཾ་ཤག་རྦད་ནྲྀ་སྲོག་ཧུར་ཐུཾ་ཛཿ། གཞན་ཡང་གབ་གསང་གནག་པའི་ལས། །རྒྱལ་བློན་སྟོབས་ཅན་ཡུལ་བསྲུངས་ལ། །རྟེན་གྱི་གཟུགས་བརྙན་རྒྱ་ཤོག་ལ། །ཕག་མོ་སྡིག་པའི་ལྟོ་བ་རུ། །མུ་ཁྱུད་རིམ་པ་བཞི་བཞིར་བསྐོར། །དབུས་སུ་ལིངྒ་ལུས་ལ་བཅའ། །ནྲྀ་དང་རྒྱ་གྲམ་རྩིབས་བཅུ་དྲུག །རྩ་བ་སྤུ་གྲི་མིང་རུས་ཁམས། །བཅས་ལ་ལིངྒའི་རྟེན་དྲུག་བརྣག །


DNG016_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

ཉིན་ཞག་ཕྲུགས་གཅིག་གསུམ་དུ་བརྣག །མཚོན་ཆའི་བརྡེག་ཐབས་སྔ་མ་བཞིན། །དམ་ཚིག་ལུས་བསྐྱོད་ལུ་མར་གཏད། །དྲག་སྔགས་སྦྱོར་བ་འདི་ལྟ་སྟེ། །དགྲ་བོའི་སྲོག་ལ་ཧུར་ལོང་རྦད། །ནྲྀ་རྩ་ཁྲག་ཐིབས་ཧུར་ཐུམ་ཛཿ། མིང་དང་གཟུགས་ཀྱིས་རིམས་དལ་འབེབས། །རྒྱལ་བའི་ཡེ་ཤེས་རྣལ་མར་བཤད། །གཞན་ཡང་མཛེ་རིམས་དབབ་པའི་ལས། །སྦལ་པའི་ལྟོ་བར་བརྣག་པའི་གཟུགས། །སྙིང་གར་ནྲྀ་ཛ་ལ་མཱ་ར་ཡ་རྦད། བཀོད་ལ་མཛེ་ཅན་ཁྲག་གིས་བསྐུ། །དཀར་ནག་གདུག་པ་ལྟོ་སྦྱར་ལ། །སྡིག་པ་ཕག་མོའི་ལྟོ་བ་རུ། །མུ་ཁྱུད་བཞི་བཞི་རྒྱ་གྲམ་རྩིབས། །གོང་བཞིན་བཀོད་ལ་ཁ་སྦྱོར་བཅའ། །ཀླུ་ནག་སྡིག་པའི་སྙིང་ལ་གཏད། །དྲག་སྔགས་འབུམ་ཚོ་དགུ་རུ་སྦྱར། །དེ་ཡིས་མཛེ་རིམས་ཡམས་སུ་འབེབས། །ཐོད་པ་མཛེ་ཅན་དམར་ཆོད་ལ། །སྤོས་ཆེན་བདུད་རྩི་གུ་གུལ་བསང་། །དྲག་སྔགས་སྦྱོར་བ་གཉིས་སུ་བརྡེག །ཨེ་ཀ་ཙ་དུན་ཁྲག་ཡཾ་རྔུབས་ཤིག །སྲོག་ལ་བཾ་རིལ་རཾ་ཤག་རྦད། ཙིཏྟ་དྲེང་ཧུར་ཐུཾ་ཛཿ། ཛྭ་ལ་འབར་བའི་ལས་སུ་བཤད། །གཞན་ཡང་ལོ་ཏོག་འཇོམས་པའི་ལས། །ཉེ་བར་སྤོགས་མེད་གཅིག་ཏུ་དྲིལ། །སྡེ་བརྒྱད་ཀུན་གྱི་མཐུ་བསྡུས་ནས། །ཐོད་པ་གསུམ་ལ་མིང་གཟུགས་ཡུལ། །སྦྱོར་བ་བཅུག་ལ་གཏའ་མར་གཞུག །ཕུར་པ་ཁྲག་དང་མོན་ཐོད་དུ། །སྔགས་བསྡིམ་འབུམ་རྫོགས་དབབ་པ་བརྩམ། །དུག་ཁྲག་བྱ་ཕག་གསུར་ཆེན་བྲུན། །དུ་བས་གཟུགས་གཟིར་ལྕགས་ཕུར་གདབ། །རང་ཉིད་ཕྱག་རྒྱ་ཟིལ་གནོན་བསྒོམ། །དྲག་སྔགས་སྦྱོར་བ་དྲིལ་ལ་བརྡེག །ཨེ་ཀ་ཡ་རྔུབས་ཤག་མུག་དུན་མྱགས། ཕྲོམ་ཕྲོམ་ཤར་ཤར་ཧྲི་ལ་ནཱ་ག་སྙིང་གཟེར་རྦད། ཡཾ་ཐུན་ཡ། ཤག་ཧྲིལ་བྷྱོ། ཁྱད་པར་གདུག་པའི་རྟེན་ལ་གཟིར། །ལྷ་བཙན་བསྟེན་ལ་ཐེ་བྲང་གཟིར། །འཇིག་རྟེན་ལོ་ཏོག་འཇོམས་པར་བཤད། །མེ་རླུང་སྐྱི་


DNG016_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

འདང་འཁྲུགས་པའི་རྒྱུད་ལས། ཁྱད་པར་གྱི་ལེའུ་སྟེ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་བརྣག་པ་མངོན་དུ་ཕྱུང་བའི་སྦྱོར་བ་འདི་གསུངས་སོ། །གསང་བའི་གསང་བཅུད་གབ་པས་གསང་། །རང་ལ་རང་གི་གསང་གིན་གབ། །གབ་སྦས་ཐུགས་ཀྱི་བརྣག་པ་འདི། །སྦྱོར་བའི་རིམ་པ་ལྔ་དང་ལྡན། །ཚ་བའི་རྒྱལ་པོ་རྩ་བ་གསུམ། །བསེ་བྱའི་ཤ་དང་བསེ་བྱའི་ཁྲག །མ་བསྲུངས་ཞེ་སྡང་ལུས་ལས་སྡུད། །བདུན་ཁྲིའི་མཐའ་རུ་ཡུལ་ལ་བསྐྲད། །ནམ་མཁའ་བར་སྣང་ས་ལ་གསུམ། །མལ་ལམ་ཡ་ཐེམ་མ་ཐེམ་ལ། །བསྐུ་ཞིང་སྦས་པས་སྦྱོར་བ་སྡུད། །སྦྱོར་བ་ལོ་མ་དུས་ལ་སྨིན། །འགྲེང་དང་རྐང་བཞིའི་ལུས་ལ་བསྐུ། །སྦྱོར་བའི་ཟླ་བ་དུས་ན་སྨིན། །གྷུ་ཧྱ་ཙིཏྟ་བརྣག་པའི་མཆོག །དེ་བཞིན་གཉེན་པོ་སྟོབས་དཔག་མེད། །ག་པུར་སྐྱེར་ཆུ་ཁ་རུ་ཚ། །ཟིལ་པ་ཤུགས་དྲངས་རྡོ་རྗེའི་ཆུ། །ཉུང་རྒོད་ཁཎྜ་དྲུག་འདྲེས་ལ། །སྔགས་ཀྱི་རྒྱལ་པོ་ཁྲི་གསུམ་བསྡིམ། །ལུས་ལ་བསྐུས་ཏེ་འཐུངས་པས་འཇོམས། །སྦྱོར་བ་དེ་བཞིན་དྲག་པོའི་དོན། །འདི་ཡང་གསང་བའི་སྦྱོར་བའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས། སྔགས་འདི་བཏོན་ཏོ། །ཧུར་ཡ་ཙ་མ་རི་ཧ་ལ་ཐུམ་ཙིཏྟ་ཁས་མཱ་ར་ཡ་རྦད་ཨེ་རཾ་བཾ་རཾ་ལཾ་ཧ་ལ་ཙ་མ་རི་ཕྱུང་ཧུར་ཐུཾ་ཛྭ་ལ་རཾ། བརྣག་པའི་རྒྱལ་པོ་བཀའ་བོར་བདེན། །དེ་ནས་བཅོམ་ལྡན་འདས་ཀྱིས་ལོ་ཏོག་གཞོམ་པའི་སྦྱོར་བ་འདི་གསུངས་སོ། །ལས་ཀྱི་རིམ་པ་གསུམ་ཡིན་ཏེ། །རྣལ་མ་བཟློག་དང་སྟོབས་དཀྲུག་གསུམ། །དང་པོ་ས་གསུམ་སྔོ་སྣ་གསུམ། །ཚ་བ་གསུམ་དང་ཧ་ལ་ཡིས། །གཟུགས་བརྙན་སོར་ཚད་བཞི་སྔགས་ཀྱིས། །མོན་ཐོད་ནང་དུ་བྲུན་གསུམ་བསྡིམ། །ཁྲི་ཚོ་བརྒྱད་དུ་དྲིལ་ལ་དབབ། །དམིགས་པའི་ཡུལ་དང་བསྲུང་བ་བརྣག །དེས་མ་ཕེབས་ན་སྦྱོར་བ་བཟློག །དམིགས་པའི་ཡུལ་ནས་གཟུགས་བླངས་ལ། །ཚ་བའི་


DNG016_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་དེ་བཞིན་གསུམ། །བསྐུས་ལ་གཟུགས་བརྙན་བར་དུ་གཞུག །བྲུན་གསུམ་འབྲུ་གསུམ་མོན་ཐོད་བསྡིམ། །དུག་ཤིང་རྫས་བརྒྱད་དུ་བས་བདུག །དམིགས་པའི་ཡུལ་དང་རྟེན་ལ་བསྡིམ། །དེས་མ་ཕེབས་ན་སྦྱོར་བ་གཞན། །དུག་དང་མནོལ་ཁྲག་སྦལ་པ་གཉིས། །བག་ཟན་བསྲེས་པའི་སོར་བཞིའི་ཚད། །གཉིས་སྦྱར་བར་དུ་གསོན་མ་གཞུག །ལྕགས་ཕུར་ཁྲི་བཞི་དྲིལ་ཞིང་གཟིར། །མཐའ་རུ་ཡུལ་དབུས་ཆུ་མིག་དཀྲུག །རྫས་རྒོད་བརྒྱད་ཀྱི་དུད་པས་བདུག །གསལ་བ་ཁྱད་པར་ཟིལ་གནོན་རྟགས། །ཆུ་རྒོད་འཁྱགས་པ་རི་ལྟར་གཏིབས། །དམ་པའི་སྦྱོར་བ་དྲག་སྔགས་བརྡེག །ཕྲོམ་ཤར་ནཱ་ག་ཧུར། ཡཾ་ཧྲིལ་བྷྱོ་བྷྱོ་ཧྲིལ་ཡཾ། ཧུར་ནན་ཤར་ཕྲོམ་ཐུན་ཕོབ་ནཱ་ག་སྙིང་གཟིར་ཧྲིལ་ཡཾ། ཕུ་ཧུར་ཐུམས་ཛཿ། ཤར་བྷྱོ་ཕོབ་དྲག་ཏུ་ཕོབ། ལོ་ཏོག་གཞོམ་པའི་སྦྱོར་བ་བཤད། །དེ་ནས་ཡང་ལྷ་སྲོག་ཀུན་གྱིས་མཐུ་དྲིལ་དྲག་པོར་བཤད། དེ་ནས་སྣོད་དང་ལྡན་པ་དཀོན་པས། རྒྱ་ལ་ཅིག་དང་ཕྲད་ན་སྦྱོར་བ་བསྒྱུར་བ་བརྩམ། །ལེ་ལོ་ཐེ་ཚོམ་བྱེད་ན་རང་ཡང་ཕུང་། །འཁོར་དང་ལོངས་སྤྱོད་བརླག །དྲག་པོ་མེ་རླུང་དུག་དང་མཚོན་ཆ་ཡིན། །སྐྱོན་དང་ལས་ཀྱི་བརྣག་པ་གསང་རྒྱས་གདབ། །མེ་རླུང་སྐྱི་འདང་འཁྲུགས་པའི་རྒྱུད་ལས། མན་ངག་དྲག་པོ་རྩ་བའི་སྦྱོར་བའི་ལེའུ་སྟེ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་སྙིང་པོ་ཉེ་བར་དྲིལ་བའི་ལས་འདི་གསུངས་སོ། །འཇིག་རྟེན་དྲེགས་པའི་མཐུ་བསྡུས་ནས། །ནག་པོ་བདེ་བའི་འབྲུ་ལ་དྲིལ། །རྣོ་དབལ་མཚོན་ཆའི་རྒྱལ་པོར་བཅའ། །སྔགས་ཀྱི་ལུས་ལ་སྤུ་གྲི་གདགས། །རང་གནད་ཕྱག་རྒྱ་འཇིག་ཅིང་འཕོ། །སྔགས་པ་བོན་པོ་རིགས་ངན་ལ། །རང་བདུད་ཕྱག་རྒྱ་རང་བདུད་འབེབས། །དེ་ཡི་སྦྱོར་བ་རྒྱས་པ་ནི། །ཆོས་སྐུ་བདེ་བའི་ངང་ཉིད་ལས། །བདེ་བའི་


DNG016_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་རང་ཤར་བ། །བདེ་བའི་ཐིག་ལེ་མཉམ་པར་རྫོགས། །གནས་པའི་འཁོར་ལོ་བདེ་བས་འདེགས། །བདེ་བ་ཆེན་པོས་འཁྲུལ་པ་འཇོམས། །དགེ་བཅུ་མ་ཡེངས་མཚན་བརྗོད་པ། །བདུད་དང་གཤེད་མ་རྒྱུད་ལས་སྡང་། །གཟུགས་བརྙན་འཁོར་ལོ་མ་ཡིན་ཏེ། །གང་ཡིན་སྙིང་གི་འཁོར་ལོ་ལ། །དྭངས་མ་བཞི་ལ་གསང་གཤེད་བཞི། །རྩ་ཕྲན་བརྒྱད་ལ་ཕྱི་ནང་གཤེད། །མདུད་པ་བཞི་ལ་མཚོན་ཆའི་དབལ། །རྩ་ཕྲན་ཡང་ལོགས་འཆི་བདག་བདུད། །རྩ་སྒོ་གཞན་ཚོགས་བྷྱོ་རྦད་ནན། །འདུས་པ་གསུམ་ལ་ཡབ་ཡུམ་ཨེ། །དཀར་ནག་ཆགས་པ་རྟེན་གཞི་འབྲུ། །བསྐུལ་བས་རང་རྒྱུད་གཤེད་དུ་ལྡང་། །མ་ཡི་ཁོང་ནས་རྣམ་ཤེས་འཕྲོག །འབྲུ་གསུམ་ལྕགས་སྡེར་འཛིངས་པའི་ཚུལ། །རྩ་དང་སྲོག་བཅད་ལུས་སྲོག་དབྱེ། །ཙིཏྟའི་དཀྱིལ་ནས་འབྲུ་གཅིག་སྡུད། །དེ་ཡིས་རང་གཤེད་རང་ལ་འབེབས། །དེ་བཞིན་ལུས་ཀྱི་འཁོར་ལོ་ལ། །ཕུང་པོ་ལྔ་ལ་སྲོག་བདུད་གཤེད། །གསང་བའི་བདུད་བཞི་རང་ལས་ལྡང་། །རྣམ་ཤེས་ཚོགས་བརྒྱད་ཕྱི་ནང་སྡུད། །ཡུལ་བརྒྱད་དེ་བཞིན་གཤེད་མོ་བརྒྱད། །བཟླས་པའི་རྐྱེན་གྱིས་རྒྱུད་ལས་ལྡང་། །སྐྱེ་མཆེད་བཅུ་གཉིས་འཆི་བདག་བདུད། །ཁམས་བཅོ་བརྒྱད་ལ་སྒྲོལ་གིང་བདུད། །ཡན་ལག་བཞི་ལ་བླ་རྐུན་བཞི། །སོ་དང་སྐྲ་དང་སྒལ་ཚིགས་ཤ་ཟའི་ཚོགས། །བཟླས་ཤིང་བསྐུལ་བས་རང་བདུད་དབབ། །གཤེད་རྒྱུད་ཕྱི་ཡི་བདུད་དུ་དབབ། །བྷྱོ་བཞི་གནད་ཀྱིས་གང་བསྒྲུབ་པའི། །མཁའ་འགྲོ་གཞན་ཚོགས་གཟན་ལ་འབེབས། །ཕྱི་རྒྱུད་དྲག་པོའི་འཁོར་ལོ་བཤད། །དེ་བཞིན་གཟུགས་བརྙན་འཁོར་ལོ་ཡང་། །ཞེ་སྡང་སྡིག་པའི་ལྟོ་བ་དང་། །ཕྲག་དོག་བསེ་ཡི་སྦལ་པ་ལ། །ལྟེ་བར་སྔགས་པའི་གཟུགས་བྲིས་ལ། །སྙིང་གར་མུ་ཁྱུད་བཞི་རུ་བསྐོར། །རྒྱ་གྲམ་བཞི་དང་


DNG016_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

རྩིབས་བཅུ་དྲུག །མཚོན་ཆ་ཕྱི་ནང་རྩེ་སྤྲད་ལ། །མིང་རུས་སྙིང་པོ་རྟེན་ལ་བརྡེག །གཤིན་རྗེའི་ལ་སོགས་གང་འགྲུབ་པའི། །རྣམ་ཤེས་འབྲུ་རེ་དབུས་སུ་ཕོབ། །མཆོད་རྟེན་ནག་པོའི་འོག་ཏུ་མནན། །ལས་འདི་གྷུ་ཧྱ་ཨ་ཏི་རྒྱ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས། རང་གཤེད་དབབ་པའི་དྲག་སྔགས་འདི་བཏོན་ནོ། །སྲོག་ལ་ཐུཾ་རིལ་རྦད། རྩ་ཁྲག་ཙིཏྟ་ཕྱུང་། ནྲྀ་སྲོག་ལ་ཧུར་ཐུཾ་ཛཿ། བོད་པ་དང་པོ་ཨ་མུ་ཀ །རྣམ་ཤེས་འབྲུ་རེ་དབུས་སུ་དགོད། །བདུད་དང་གཤེད་པོ་རང་ལས་ལྡང་། །ཧོང་ཕན་སྲོག་འཛིན་ལས་སུ་བཤད། །མེ་རླུང་སྐྱི་འདང་འཁྲུགས་པའི་རྒྱུད་ལས། རང་གཤེད་རང་ལ་དབབ་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱི་སྲིན་མོ་ལྕགས་ཐག་མགོ་དགུ་མའི་ལས་འདི་གསུངས་སོ། །རྒྱལ་བའི་བཀའ་ལས་འདས་པ་དང་། །མཚམས་མེད་ལྔ་ལ་སྤྱོད་པ་དང་། །དགོན་པའི་གནས་སུ་ཕྲ་མ་དང་། །དམ་ཆོས་དགེ་བཅུ་སྨོད་པ་དང་། །བདེན་པའི་དོན་བོར་ལོག་ལྟ་སྤྱོད། །དེ་ཚེ་སྔགས་ཀྱི་དམོད་པ་བོར། །རྟེན་གསུམ་སྔགས་ཀྱི་འཁོར་ལོ་བཅའ། །ལུས་སྲོག་གནམ་ཐོག་འབྲས་བུ་འཇོམས། །རྒྱ་ཤོག་དུར་ཁྲོད་རོ་རས་ལ། །ཕག་མོའི་སྡིག་པ་ལྟོ་བ་རུ། །ཐིག་བཞི་བརྣག་པའི་སྙིང་གར་བསྐོར། །གྲུ་གསུམ་རྒྱ་གྲམ་རྩེ་མོ་དགུ། །དེ་བཞིན་ནང་དུ་རྩེ་བསྟན་དགུ། །རྒྱ་གྲམ་ཨེས་གྲངས་རྩ་བ་བརྒྱད། །མཚོན་ཆའི་རྩེ་ལ་སྤུ་གྲིའི་སོ། །ཕྱི་ནང་མཚོན་ཆ་བསྣོལ་མར་དགོད། །དབུས་དང་མཚམས་སུ་བརྣག་པའི་མིང་། །ཁ་སྦྱོར་ཚོན་སྐུད་དོང་རྩར་བརྣག །རང་ཉིད་ཆེ་བའི་ང་རྒྱལ་བསྐྱེད། །མདུན་དུ་ལྕགས་ཐག་མགོ་དགུ་མ། །དབུ་དགུ་སྟེང་མ་བྱ་ཡི་དབུ། །དུར་བྱ་ཁྲ་དང་བཞད་ཀྱི་དབུ། །ནང་ཁྲོལ་གློ་སྙིང་ཟ་ཞིང་རྔམ། །བར་གྱི་དབུ་གསུམ་དུད་འགྲོའི་དབུ། །དོམ་དང་དྲེད་དང་ཆུ་སྲིན་དབུ། །རྩ་གཅད་ཁྲག་དང་ནང་ཁྲོལ་ཟ། །རྩ་བའི་དབུ་


DNG016_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཁྲོ་མོ་སྟེ། །གཡས་དཀར་གཡོན་དམར་དབུས་མཐིང་ལ། །མཆེ་བ་ཟང་ཡག་མི་རོ་ཟ། །སྤྱན་ནས་ཁྲག་འཛག་དུག་རླངས་ཤངས། །སྐུ་སྟོད་ཞིང་ལྤགས་ཐོད་པ་སྦྲུལ། །སྐུ་སྨད་རེ་ལྡེའི་དྲིལ་བུ་ཁྲག །གཡས་དགུ་མངོན་བསྒྲལ་སྙིང་སྦྲམ་འཛིན། །གཡོན་པ་དགུ་ལ་ཐོད་ཟོར་བསྐྱོད། །སྟག་དང་སྤྱང་ཀི་བ་གླང་མོན། །དྲེད་མོ་སྣེལ་མ་ཁྱི་ནག་ཕག །འཐོམ་ནག་གཡས་པ་དུག་ཁྲག་ཟོར། །ཞབས་བརྒྱད་དྲེགས་པའི་སྙིང་གར་བརྫིས། །འགྲོ་བ་བསྒྲལ་ཕྱིར་གར་སྟབས་འགྱིང་། །སྐྲ་དང་བ་སྤུ་མེ་རུ་འབར། །དེ་ལ་བཀའ་བསྒོ་བསྐུལ་ཞིང་མངག །དགུ་བསྐོར་ཐུན་གྱིས་བརྣག་པ་ཡི། །ལས་གྲུབ་མཐའ་རུ་གཟིར་ལ་མནན། །བྲག་དམར་སྲིན་མོའི་སྒྲོམ་དུ་གཏད། །དུས་བཞིར་ལས་ཀྱི་ཁ་གསོ་བྱ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས། རྣོ་མྱུར་གྱི་སྤུ་གྲིའི་དྲག་སྔགས་འདི་བཏོན་ནོ། །ཨེ་བཾ་རཾ་ཁྲཾ་ཤིག་ཙིཏྟ་རྔུབས། དགྲ་བོའི་སྲོག་ལ་ཐུན་རྨུགས། ལིང་ཤག་རྦད། སྟོབས་ཆེན་ཐམས་ཅད་ཉེ་བར་འཇོམས། །རྣོ་མྱུར་ལས་ཀྱི་བརྣག་པར་བཤད། །གཞན་ཡང་ལོ་ཏོག་གཞོམ་པའི་ལས། །དམེ་ཐོད་ནང་དུ་མེ་ལོང་བསར། །གསེར་དངུལ་ཟངས་ལྕགས་རྡོ་ནག་བཞག །རས་བལ་ནལ་བུ་ཁྱི་ནག་སྙིང་། །སྟེང་དུ་གླིང་བཞི་རྩིབས་བརྒྱད་དགབ། །དེ་སྟེང་སྲིན་མོ་མགོ་དགུའི་སྐུ། །མཐིང་ནག་དར་གྱིས་བཀབ་ལ་བཟླས། །ཁྲག་སྣ་གསུམ་དང་དུག་བསྲེས་ལ། །ལིངྒ་མིང་བྱང་གཡག་རུར་གཞུག །རྨྱུག་མ་ཚིགས་གསུམ་སྨིན་པ་ལ། །ལྟས་ངན་སྒྲོ་ཡིས་བསྒྲོན་ལ་གཞག །ཞག་ལྔའི་བར་དུ་དྲག་སྔགས་བཟླས། །གསེར་མདེའུ་ཞུ་ཞིང་འཕེན་ཆད་ན། །མདའ་བཅས་བླུགས་ལ་དགྲ་ལ་བརྡེག །སྲིན་མོ་དྲག་ཏུ་བསྐུལ་ལ་འཕང་། །དྲག་སྔགས་སྦྱོར་བ་བསྟུད་ལ་བསྡིམ། །ཨེ་བཾ་རཾ་ཁྲཾ་ཤིག་ཙིཏྟ་རྔུབས། །ཧུར་ཏོག་ཁྲོམ་ཤར་ཛཿལཾ་རཾ་སྨ་ཤ་ཧྲིལ་ཧུར་ཁཾ། ཤོ་ཡེངས་ཕྲོམ་ཤར་


DNG016_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

སིང་ཁྲོལ་བྷྱོ། གནམ་ཐོག་ཆེན་པོ་དབབ་པའི་ལས། །ཉེ་བར་གྱུར་པའི་ལས་སུ་བཤད། །གུ་ལང་ནང་དུ་དམོད་པ་བོར། །གཞན་ཡང་སྲིན་མོ་གཡེལ་བ་ན། །གྲོག་མཁར་རྒྱ་ཚི་ལས་དམར་ལ། །བོང་བུའི་བདུད་རྩིས་ལེགས་སྦྲུས་ལ། །སྲིན་མོ་མགོ་དགུའི་གཟུགས་བྱས་ལ། །སྙིང་གར་གྲུ་གསུམ་སྙིང་པོ་གཞུག །དྲག་སྔགས་བཟློག་ལ་སྟོབས་ཀྱིས་གཟིར། །སྲིན་མོ་བོས་ལ་ཁྲག་གིས་བྲན། །ཕུར་པས་བསྡིགས་ལ་དམ་ལ་བསྡུ། །སྲིན་མོ་བཀའ་ནོན་ཞབས་འོག་གཞུག །གཟིར་བའི་སྔགས་འདི་ཁྲི་རུ་བྲབ། །ཕུར་པ་དྲིལ་ལ་བེ་ཅོན་བརྡུངས། །ཨེ་ཀ་ཡ་མ་མ་བཾ་རཾ་ཁྲོམ་ཤིག་ཙིཏྟ་རྔུབས། ཡ་མ་རག་ཤ་ཧུར་ཐུཾ་ཛཿདུན་དུན་ཏྲིག་ནན། དེ་ཡིས་མ་མོ་དབང་དུ་འདུས། །རང་དབང་མེད་པར་ལས་ལ་ངག །སྔགས་དང་བདུད་རྩིས་སྲིན་མོ་གསོ། །ལིངྒ་མིང་རུས་བརྣག་པ་གཞུག །ཞག་གསུམ་ཐུན་བྲབ་རོ་ཁང་མནན། །བྱུང་བ་དཀྲུགས་ལ་ལས་རྣམས་བསྒོ། །དྲག་སྔགས་བརྒྱ་བར་ཐུན་དུ་བྲབ། །ལུས་སྲོག་ཙིཏྟའི་སྒོ་ཕྱེ་ནས། །ལྷ་དང་རང་སྔགས་བདུད་དུ་འབེབས། །ཤ་ལྤགས་མགོ་ཤ་ཕྲལ་ནས་བཤིག །རྩ་དང་སྲོག་ཟུངས་བཅད་ནས་སྐེམས། །ཚེ་དང་དྭངས་སྙིགས་ཕྱེ་ནས་སྡུད། །བརྣག་པ་ལས་ཀྱི་མཐའ་རུ་ཕྱིན། །དྲག་སྔགས་སྦྱོར་བ་བསྐུར་ལ་བརྡེག །ཨེ་ཁྲམ་རཾ་རྔུབས་རཾ་ཏ་ཙི་ཏ་ཁྲམ་དགྲ་བོའི་སྲོག་ལ་མཱ་ར་ཡ་རྦད། ཧུར་ཐུཾ་ཛཿ། ཀུན་གྱི་མཐར་རུ་འདི་སྦྱར་ན། །བརྣག་པ་ལུས་སྲོག་འབྱེད་པ་ཡིན། །མེ་རླུང་སྐྱི་འདང་འཁྲུགས་པའི་རྒྱུད་ལས། སྲིན་མོ་ཞལ་གྱི་དམོད་པ་དྲག་པོའི་ལེའུ་སྟེ་དགུ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་སྲུང་བ་ཐམས་ཅད་ཀྱི་མཆོག་ཏུ་དྲིལ་བ་འདི་གསུངས་སོ། །ཐབས་ལྡན་བདེ་བའི་སྙིང་པོ་མཆོག །བྱིན་རླབས་ཀུན་འདུས་དྲག་པོ་བརྡའ། །ལྷུན་གྱིས་གྲུབ་པའི་ངང་ཉིད་ལས། །ཟིལ་གནོན་ཕྱག་རྒྱའི་སྔགས་ཀྱི་བདག །སྙིང་པོ་སྲོག་


DNG016_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

དང་བརྡ་མི་སྦྱར། །ཙིཏྟའི་དཀྱིལ་ནས་འབྲུ་གཅིག་འཕྲོག །དུག་རླངས་ཞེན་པའི་སྟོབས་དང་དབྱུང་། །ལས་དང་སྦྱོར་བ་ནུས་པ་བཅད། །སྤྱི་དང་སྒོས་སྲོག་རང་གནད་འཕྲོག །རྟེན་གྱི་མཚོན་ཆ་གནས་སུ་དབབ། །ཕག་མོ་སྡིག་པའི་ལྟོ་བ་རུ། །མུ་ཁྱུད་སུམ་བསྐོར་རྒྱ་གྲམ་ཨེ། །ཉི་ཤུ་གཉིས་རྩིབས་གདུག་པར་ལྡན། །གྲུ་གསུམ་གང་གནོད་གཟུགས་དང་མིང་། །རྒྱ་གྲམ་དེ་བཞིན་རྩ་བའི་སྔགས། །མཚམས་ལ་གསང་མཛོད་རེའུ་མིག །ཉི་ཤུ་གཉིས་ལ་སྤུ་གྲིའི་སོ། །ལྟོ་སྦྱོར་དུག་ཁྲག་ཕག་ཐོད་བརྣག །ཞག་གསུམ་སྔགས་བཟླས་བསྲེགས་ལ་མནན། །གང་གནོད་མིང་དང་སྙིང་པོ་བརྡེག །གཟིར་དང་དུག་དབྱུང་སྲོག་འཕྲོག་གཅད། །སྤྱི་སྲོག་སྒོས་སྲོག་འབྲུ་གསུམ་འཕྲོག །འབྲུ་གསུམ་མཐའ་རུ་སྦྱོར་བ་གཅོད། །འདི་མིན་ལས་སོགས་ཡུག་པ་བརྐྱང་། །འདི་དེ་བདེ་དང་སྨིན་པའི་ལས། །དེ་ནས་བཅོམ་ལྡན་འདས་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་སྲུང་བའི་མཆོག་གི་དྲག་སྔགས་འདི་བཏོན་ཏོ། །ཨེ་མྱགས་ཡ་རྔུབས་མུག་ཤག་ཀ་དུན་སྙིང་གཟིར་སྦུར་ནན་ཧ་ལ་ཧ་ལ་ཙ་མ་རི་ཕྱུང་། ཨེ་ཧུར་ཐུཾ་ཛཿ། ཁཾ་ཤག་རྦད། ཤྲཱི་བཛྲ་ཀྲོ་ཏ་ཨཱོཾ། ཡ་མ་ཡ། བཛྲ་ཀཱི་ལ་ཡ། མ་མ་རུ་རུ་ལུ་མ། ཏིར་ཏི་ཀ་དུ། དུན་ཏིང་མེ། དེ་བ་ཨ། རཀྴ་ར། ར་མ། རུ་ཏྲ་ནྲྀ། ཡ་ཀ་ཀྵ་ཀྵ། ཡག་མོ་ཀྵ། རཱ་ཙ་ཙ། མུན་མུན་པ། བཛྲ་སཱ་དྷུ་ཏྲི། ཧཾ་ཤཾ་ཏྲི། ས་ནཱ་ག་ཕུ། སྔགས་ཀྱི་སྦྱོར་བ་གཉིས་སུ་བརྡེག །རྩ་བ་སྤུ་གྲི་རྣོ་དབལ་མཚན། །བགྲོད་པའི་ཕྱག་རྒྱ་སྟོབས་མེད་ན། །རང་གཅོད་འཆིང་བའི་ལས་སུ་འགྱུར། །སྟོབས་ལྡན་བགྲོད་པའི་གདེང་ལྡན་ན། །རྣོ་མྱུར་སྦྱོར་བ་ཀུན་འཇོམས་ཡིན། །རྩ་བ་བཅུ་གཉིས་དམར་ལེན་མཚོན། །ལས་ཀྱི་མཆོད་ཆེན་རང་ལྡན་ཤིས། །མཐའ་རུ་བདུག་བྲན་བུམ་པས་སྦྱང་། །ཕྱི་ནང་ནད་བཀྲུས་ཡེ་ཤེས་ཆུས། །ཕྱག་རྒྱན་ཅིག་པས་ནུས་པ་བསྐྱེད། །དྲག་པོའི་རང་བཞིན་བཙན་ཐབས་གཟིར། །འཆི་མེད་དུས་ཀྱི་སྦྱོར་བ་འཇོམས། །འདི་ནི་སྲུང་བ་


DNG016_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱི་མཆོག །རྒྱལ་བའི་ཐིག་ལེ་འདུས་པར་བཤད། །མེ་རླུང་སྐྱི་འདང་འཁྲུགས་པའི་རྒྱུད་ལས། བསྲུང་བ་ཁྱད་པར་གྱི་ལེའུ་སྟེ་བཅུ་པའོ།། །།འདི་མན་དཔེ་བསྡུར་ས་མ་རྙེད་པས་དཔྱད་དགོས། དེ་ནས་ཡང་འཇིགས་བྱེད་ཆེན་པོ་དེས། ཚེ་བདག་སྤྱི་ལྟར་བསྒྲུབ་པ་ཕོ་མོ་སྦག་པའི་དོན་གསུངས་པ། ཨེ་ཀ་ཡ་མ་ཧེ་ཀ་གྷྲི་མ་ཡ། མ་རག་མོ། རཀྵ་ཀྵེ་མ་བྷྱོ། ཨ་མུ་ཀཾ། ནན་འདྲིར་རྦད། ཡ་མ་ཙིཏྟ་བཾ། ཨཱོཾ་ཤྲི་བཛྲ་ཀྲོ་ཏ་ཨཱོཾ། བཛྲ་དུན་ཏིང་ཀཱི་ལ་ཡ་ཏ། པྲ་ཏ་དུནྟིཾ་བྷི་ལ་ནི། ཨཱ་དེ་བ་སུ་ནི། ཨ་ར་ཙ་ཧ་ཏི། ར་ཙ་མུ་ཏྲག །ཙ། རག་ཙནྟི། ཛ། ཨ་ཏྲི་སཱ་དྷུ། ཙ་ཏྲི་ར་ཙ་རཱ་ཙ་ནཱ་ག །ཁ་རཀྵེ་མ་ཏྲི། རུ་ཏྲི་རུ། རོ་ནྲྀ་རོ། མུག་སེ་སེ་རཀྟྲི། རག་རྔུབས་རག་རྔུབས། དུད་ཏྲི་ཏྲི་མན་ཏྲི་ཁ་རན་རུ་ཏྲི་རག་རོ་ལིན་རོ་ཤད་ཧཱུྃ་སྡི་སྟ། སྟ། ཧཾ་ཤཾ་ཧྲི། ས་ནཱ་ག་ནཱ་ག་ཕུ་ཕཊ། བྷྱོ། ཛ་ཛ་ཧཱུྃ་ཧཱུྃ་རི་རྦད་ནན་སྭཱ་ཧཱ། ས་མ་ཡ་སྟྭཾ། ཏྲིག་ནན་ཞེས་གསུངས་སོ། །མེ་རླུང་སྐྱི་འདང་འཁྲུགས་པའི་རྒྱུད་ལས། ཕྱི་ལྟར་གྱི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་འཇིགས་བྱེད་ཆེན་པོ་དེས། ཕྱིའི་ནང་ལྟར་བསྒྲུབ་པ་ཐམས་ཅད་བཤིག་པ་འདི་གསུངས་སོ། །་ཨེ་ཀ་ཡ་མ་གྷྲི་མ་ཡ་མ། དེ་དག་སང་ཀར་ཛ་ལ་རཾ་སརྦ་ཤ་དུ་ད་ནན། གཟིར་ཐུཾ་བྷྱོ། ཕཊ། ཨཱོཾ་བཛྲ་ཀི་ལ་ཡ། ཡ་མ་ཙི་ནན། བཛྲ་ཀྲི་ཁྲིལ། ཙནྡྷ་མ་ཧཱ་རོ་ཤ་ན། རཀྟ་མུ་རག་རྔུབས་རག །ཁ་རག་རུ་ཏྲི། འབེལ་ནི། ཛོ་ནི། ཨ་ཏྲི་ས་རུ་རོ་ནི། ནཱ་ག་ཤ་ཏྲུཾ། ར་ར་ཙ་ཧ་སྡི། ཞེས་གསུངས་སོ། །འཇིག་རྟེན་ཟིལ་གྱིས་གནོན་པ། མེ་རླུང་སྐྱི་འདང་འཁྲུགས་པའི་རྒྱུད་ལས། ཕྱིའི་ནང་ལྟར་གྱི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་འཇིགས་བྱེད་ཆེན་པོ་དེས། ཚེ་བདག་ནང་ལྟར་གྱི་བསྒྲུབ་པ་པོ་རྐྱང་གི་སྔོན་གསུངས་པ། ཨེ་མེ་ཀ་ཡེ་ཧེ་དུན་རཀྴ་དུན་དུན་ནན། ཧེ་ད་ན་མ་ན། ཨི་ཏྲི། འབིལ་ཁུང་རྩ་བསོ། ཡ་བཛྲ། ཀཱ། འབིལ། ང་། ཧྲི། ཨཱོཾ་ཧཱུྃ། སྲོག་སྟཾམྦྷ་ཡ་ནན།


DNG016_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་མཱ་ར་ཡ་ནན། ནཱ་ག་ཤ་ཏྲུཾ། ཡུལ་འདིར་ཤར་ཤར། དྲག་ཏུ་ཕྲོམ་ཕྲོམ། ཏྲི་ཙ་དུ་ཡན། ད་ཕོབ་ཕོབ། ཕྲོམ། ཨཱོཾ་ཨེ་ཀ་ཡ་མ་མ་ཧེ་དུ་རཀྴ་དུན་དུན་ནན། ཧེ་རུ་ཀ་ཞེས་བྱ་བ། སྟྭཾ་བྷ་ཡ་ནན། དུན་དུན་རཀྴ་དུན་ཨེ་ཡ་མ། ཀ་ཨེ་ཨོཾ་སརྦ་ཤ་ཏྲུཾ། སྟྭམྦྷ་ཡ་ནན་འདྲིད་འདྲིད་རྦད། ཡ་མ་ས་མ་ཡ། སྲོག་དུན་དུན་འདྲིད་ནན། ཨཱོཾ་ཡ་མ་ཧེ་སང་སརྦ་དུགྒཾ་ཤ་ནྲྀ་ཤ་ཏྲུཾ་སྟཾ་བྷ་ཡ་རྦད། ཡ་མ་ཧེ་དུན་པྲ་བེ་ཤ་བ་ས་ས་མ་ཡ་ཛ་ཞེས་གསུངས་སོ། །མེ་རླུང་སྐྱི་འདང་འཁྲུགས་པའི་རྒྱུད་ལས། ནང་ལྟར་བསྒྲུབ་པའི་ལེའུ་སྟེ་བཅུ་གསུམ་པའོ།། །། དེ་ནས་ཡང་འཇིགས་བྱེད་ཆེན་པོ་དེས་ཚེ་བདག་གསང་བ་ལྟར་བསྒྲུབ་པ་འདི་གསུངས་སོ། །ཨེ་ཀ་ཡ་དུན་རི་ས་ར་ཀ་ནྲྀ་མ་དུན་ཛ་མ་ར་ཙ་མ་ཏྲི་ཨེ་ར་ཛ་ཙ་ར་ཡ་མ་ཏྲིལ་ས་ན་དུ་མུན་མུན་ཏྲི་མ་མ་དུ་སྲོག་ད་ན་ར་ཙ་ཙ་དུ་མ་མ་མ་ཀྵེ་ན་མོ་ཞེས་གསུངས་སོ། །མེ་རླུང་སྐྱི་འདང་འཁྲུགས་པའི་རྒྱུད་ལས། ཚེ་བདག་གསང་བ་ལྟར་བསྒྲུབ་པའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་ཡང་འཇིགས་བྱེད་ཆེན་པོ་དེས། སྙིང་སྲོག་འཕྲོག་ཅིང་གཟིར་བའི་ལས་འདི་གསུངས་སོ། །ཨཱོཾ་ཨེ་ཀ་ཡ་མ་ཧེ་ཀ་ཡ་མ། གྷྲི་མ་ཡ་མ། ཧེ་དུན་སད་ཀ་ར་ཡ་ཛ། རཾ་སརྦ་ཤ་ཏྲུཾ་ནན་གཟིར་ཐུན་བྷྱོ་ཕཊ། ཧེ་དུན་ས་ནཱ་ག་ཤ་ཏྲུཾ་ཛྭ་ལ་རཾ་ས་ད་ཀ་ར་ཡ། ཆེ་གེ་མོ་ཨཱ་ར་ཡ་ནྲྀ་ཐུན་གཟེར་ཐུན་བྷྱོ། ཆེ་གེ་མོ་ལ་ཐུན་བྷྱོ། སརྦ་ཤ་ཏྲུཾ་སད་ཀ་ར་ཡ། ཛ་རཾ་ཀ་དུན། གཟེར་མཱ་ར་ཡ་རྦད། ནཱ་ག་ཧེ་བྷྱོ། ཨེ་ནན་སད་ཀ་ར་ཡ་མ་སརྦ་ཤ་ཏྲུཾ་ཐུན་གཟིར། ཛྭ་ལ་རཾ་རཾ། ཧ་ས་ནཱ་ག་ནཱ་ག་ཐུན་གཟིར་རྦད་ཡ། ཧེ་ག་ནཱ་ག་དགྲ་དེ་བ་ཙ། མ་གེ་དུ་པེ་ན། ག་པུས་པ་སརྦ་ཤ་ཏྲུཾ་ཐུན། གཟིར་རྦད་ཡ། སུ་ཀ་རེ་ཏ་ཛའུ་བནྡྷ་སི་ར་ཏི། སརྦ་ཤ་ཏྲུཾ་ཛྭ་ལ་རཾ། ཐུན་གཟིར་རྦད་ཡ། ཨེ་ཀ་ཡཀྴ་ཡ་མ་མེ་ཏ་སརྦ་ཤ་ཏྲུཾ་ཛྭ་ལ་རཾ་ཐུན་གཟིར་རྦད་ཡ། ཨེ་ཀ་ཧེ་དུན་སད་ཀ་ར་ཡ་མ་རག་རུ་ཏྲི་སརྦ་ཤ་ཏྲུཾ་ཐུན་གཟིར་རྦད་ཡ་སིབ། ཧེ་དུན་ར་ཙ་ར་ཙ་ཏྲི་ཤ་སརྦ་ཤ་ཏྲུཾ་ཛྭ་ལ་རཾ་ཐུན་གཟིར་རྦད་ཡ་སད། ཨཱོཾ་


DNG016_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཀ་ཡ་མ། ཧེ་ཀ་ཡ་མ། གྷྲི་མ་ཡ་མ། ཨེ་ཏྲི་ས་ཀ་ར་ཡ། ཧེ་དུན་ཛྭ་ལ་རཾ། སརྦ་ཤ་ཏྲུཾ། ཐུན་ཟོར་རྦད་ཡ། བཟློག་བྱེར། འདི་རྣམས་གབ་སྦས་གསང་བ་རྒྱས་གདབ་པའོ། །ཨོཾ་ཨེ་ཀ་ལ་མ་ཧེ་དུན། རཀྴ། ཧེ་དུན་ཧཱུྃ། ཛ་ཧཱུྃ། ཡ་མ་ཙི་ཤཾ། སརྦ་ཤ་ཏྲུཾ་སྟྭམྦྷ་ཡ། ནན་འདྲིད་རྦད། སྲོག་དྲེང་དྲེང་། ནན། ཏྲིག་ནན། ནྲྀ་ཤ་ཀུ་རུ་ཨཱ་ཀཪྵ་ཡ་ཧཱུྃ་ཛཿ། སྲོག་མཱ་ར་ཡ་ཧཱུྃ་རྦད། སྲོག་སྟྭམྦྷ་ཡ་ནན། ཏྲི་ཙ་དུ་ཡ། ཡ་མ་དུན་དུན། སྲོག་གཟིར་ནན། མ་མ་རཀྴ་མ་ཧཱ་སྙིང་གཟེར་ཐུན་ནན། ནཱ་ག་སྙིང་གཟེར་སྲོག་ལ་ནན། ཏྲི་དུ་ར་ཙ་ཤེ་ན་སྲོག་ལ་གཟིར་ནན། ཐེ་ཚོམ་ཟོས་ན་མི་འགྲུབ་བོ། །སྔགས་པ་རྣམས་མིས་ཐོས་ན་ནུས་མཐུ་མེད། སྔགས་རྣམས་མེ་ཡིས་བསྐུལ་བར་བྱ་ཞེས་གསུངས་སོ། །མེ་རླུང་སྐྱི་འདང་འཁྲུགས་པའི་རྒྱུད་ལས། སྙིང་ཁྲག་དཔྲོག་ཅིང་གཟེར་བའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས། ལས་ཐམས་ཅད་རྗེས་གཅོད་དུ་སྦྱིན་བསྲེག་འདི་གསུངས་སོ། །མཎྜལ་ཕུང་ས་དུག་ཆུ་ཡིས། །ཚད་དང་ལྡན་པ་བརྩིག་པར་བྱ། །དུག་དང་ཚ་བ་ཁྲག་གིས་བྱུག །ཕུང་ས་གྲོག་མཁར་རོ་བསྲེགས་ས། །སྨེ་བ་དང་བཅས་ཐབ་ཁུང་བཅའ། །རྒྱས་པའི་སྟེང་དུ་ཞི་བའི་ཐབ། །དེ་སྟེ་དབང་སྟེ་ཁ་ཁྱེར་རོ། །དང་པོ་མདའ་གང་མཛུབ་ཀྱིས་དམན། །དེ་སྟེང་ཨེ་ཡི་ཕོ་བྲང་ལ། །གྲུ་གང་ཁ་ཁྱེར་གསུམ་དུ་བྱ། །ཐོད་པ་མེ་རི་རྩང་དང་བཅས། །ཟླ་གམ་རྒྱ་གྲམ་རྩིབས་བཅུ་དྲུག །མཚོན་ཆ་སྔོན་པོ་རེ་ཁཱ་དམར། །ཐ་མ་མེ་འོད་ཐོད་པ་བཅུ། །ཕུར་པ་བཅུ་དང་ལྡན་པར་བྱ། །ལིངྒའི་སྙིང་གར་ཁྲུ་གང་ཤིང་། །ཡམ་ཤིང་ལྕང་མ་སེ་བ་སྐྱེར། །རོ་བསྲེགས་ཤིང་དང་གདུག་རྩུབ་དྲག །འོ་མ་སྦྲང་དང་བུ་རམ་འབྲས། །གུར་གུམ་གླ་རྩི་གི་ཝང་མཚལ། །ཤ་ཆེན་རྟ་སྦྲུལ་ཉ་སྦལ་ཤ །ཉུང་དཀར་ཏིལ་ནག་གྲི་བོའི་ཁྲག །བྱ་དབྱི་ཡང་ཕག་སྤྱང་ཚིལ་སྔོ་སྣ་ཚ། །དུག་གི་རིལ་


DNG016_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

བུ་བརྒྱ་མིང་སྦྱར། །བདག་ལུས་ཧོམ་ཁུང་བུམ་པ་ལ། །ལྷུན་གྱིས་གྲུབ་པའི་སྐུར་གསལ་བྱ། །ཐབ་ཁུང་མདུན་དུ་མེ་ལྷ་སེར། །མེ་དར་གུན་ཕྲེང་གཡས་དང་གཡོན། །བཀའ་ནོན་མངག་ན་ལས་བྱེད་པའོ། །བླ་རྐུན་རྒྱུད་བླང་ཐུན་གཟིར་གདབ། །མཚོན་བརྡེག་སྟབས་ལ་མེ་ལྷར་འབུལ། །ལན་གྲངས་བརྒྱ་འམ་ཉི་ཤུ་གཅིག །ཉིན་དང་མཚན་དུ་གང་ལ་བརྩམ། །རྫས་རྒོད་བདུག་ལ་ཕྱིང་པས་དགབ། །ཁྲུས་དང་ལྷ་རུ་ཉེ་བར་སྦྱར། །རྩང་ཕུར་བསྐོར་ལ་ཆགས་པ་དབྲལ། །ཀུན་གྱི་མཐའ་རུ་ཐལ་འཇིམ་འཕང་། །གང་བརྩམས་པ་འདི་མཐའ་རུ་གདགས། །རྣམ་བཞིའི་ལས་དེ་ལྷུན་གྱིས་གྲུབ། །ལྟ་སྤྱོད་དམན་པ་འཆིང་བར་འགྱུར། །དེ་ནས་བཅོམ་ལྡན་འདས་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས། སྔགས་འདི་བཏོན་ནོ། །སྭ་སྡི་ཤཱནྟི། ཝ་ཤང་ཧྲི་ཡ། པུཥྚིཾ་བ་ར། མཱ་ར་ཡ་ཕཊ། ལས་འདི་བྱ་བ་ཀུན་དང་ལྡན། །བསྲེག་པའི་ལས་ཏེ་སྙིང་པོའི་མཆོག །མེ་རླུང་སྐྱི་འདང་འཁྲུགས་པའི་རྒྱུད་ལས། བརྣག་པ་རྗེས་གཅོད་ཀྱི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་ཡང་འཁོར་གྱི་ནང་ནས་རྡོ་རྗེ་སྙིང་པོ་སྟན་ལས་ལངས་ནས། བཅོམ་ལྡན་འདས་ལ་གསོལ་པ། རྒྱལ་བ་ཀུན་གྱི་རང་བཞིན་གནས། །གསང་སྔགས་ངོ་བོ་དེ་ཉིད་ལགས། །འཇིག་རྟེན་འདས་དང་འཇིག་རྟེན་པའི། །དྲེགས་པ་མཐུ་རྩལ་ལྡན་པ་ཀུན། །སྲོག་སྙིང་དབུལ་ཞིང་ལས་ལ་གཉེར། །བཀའ་བཞིན་ཉེ་བ་ཇི་ལྟར་ལགས། །ལྷུན་གྲུབ་ཟིལ་གནོན་ཕྱག་རྒྱ་ཡིས། །གཉེན་པོ་གང་ཞིག་འདུལ་བ་ལགས། །དྲག་པོས་འདུལ་བ་གང་ལགས་པ། །འཁོར་ལ་རྒྱས་པར་བཤད་དུ་གསོལ། །ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དྲི་བ་རྣམ་པ་གསུམ་གྱི་དོན་རྒྱས་པར་བཤད་དོ། །བསྐལ་པ་རྫོགས་ལྡན་བྱ་བ་ལ། །ལྷ་ཡི་སྲིད་མཚོ་གུ་རུ་ན། །བགྲོད་པ་མ་ཐོབ་སྔགས་པ་གཅིག །དགེ་བཅུ་མ་སྤྱད་ཆེ་བར་བསྙེམས། །ལྟ་སྤྱོད་འདྲེལ་མེད་སྒྲ་ཕྱིར་འདྲེང་། །འཁོར་བའི་སྤྱོད་པ་རབ་ཏུ་སྤྱད། །འཇིག་རྟེན་དྲེགས་པ་ཤ་


DNG016_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་རྟེན། །རྟག་པའི་ཁྲོ་བོ་ཡོད་པར་བསྒོམ། །སྔགས་ཚིག་ཕྲ་མོ་སྟོབས་དང་ལྡན། །ལུས་སེམས་ཡན་ལག་རགས་ལ་རྔམ། །བདུད་དང་སྲིན་པོ་གདུག་པའི་ཚོགས། །འཁོར་དུ་བཟུང་ནས་སྲོག་གཅོད་བྱེད། །རྣམ་བཞིའི་འཁོར་ལ་གསོད་ཅིང་གཏུབ། །མཚོན་ཆ་མེ་རླུང་ལག་ཆར་ཐོགས། །མྱུར་དུ་གསོད་ཅིང་ཤ་ཁྲག་ཟ། །བདུད་མོ་སྲིན་མོ་གནོད་སྦྱིན་མོ། །འཁོར་དུ་བསྡུས་ནས་ཆགས་པ་སྤྱོད། །ཆགས་སྡང་མེ་རླུང་རང་རྒྱུད་བསྲེག །དེ་ཡིས་བསྟན་པ་བཤིག་ཅིང་འཁྲུག །གསང་སྔགས་བཀའ་བསྒོ་ལོག་པ་དེས། །དུས་མ་ཡིན་པར་ཚེ་ཟད་ནས། །ན་རག་རྡོ་རྗེ་དམྱལ་བར་ལྟུང་། །སྡུག་བསྔལ་རབ་མྱོང་ཚ་གྲང་སྤྱོད། །ཚད་ལས་བརྒལ་ཏེ་བདེ་བ་བྲལ། །དམྱལ་བ་ཕལ་ལས་སྡུག་བསྔལ་བ། །རབ་ཏུ་ཆེ་ཞིང་ཚེ་ཚད་རིང་། །མི་ཡི་ལོ་གཅིག་ལྷ་ཡི་ཞག །ལྷ་ཡི་ལོ་གཅིག་དམྱལ་བའི་ཞག །དེ་འདྲའི་ལོ་ཚིགས་ཏིལ་ཁལ་བརྒྱ། །ལོ་རེ་དག་ན་ཏིལ་རེ་འབྱིན། །བརྒྱ་ཟད་མཐར་རུ་མནར་མེད་འཕོ། །ཚ་གྲང་གནས་སུ་བཅུ་དྲུག་གནས། །སྐྱེ་བ་ཉི་ཤུ་གཅིག་ཏུ་རྫོགས། །ཕྱི་ནང་ཡི་དྭགས་གནས་སུ་སྡུག །སྐྱེ་བར་གནས་ན་དུར་ཁྲོད་གནས། །ཐོན་ནས་རྫུ་འཕྲུལ་ལུས་སུ་བླངས། །བམ་རིལ་ལྕགས་མཁར་ནང་ན་གནས། །ལུས་ཆེ་ཡན་ལག་སྔོན་པས་རགས། །རྔམ་ཚིག་རང་འཁོར་རྣམས་ལ་མངག །དེ་འདྲའི་རྣམ་སྨིན་མང་བསགས་པའི། །རཱུ་ཏྲ་ནག་པོའི་ལུས་སུ་སྐྱེ། །དེ་ཡིས་འཇིགས་བྱེད་ཕུང་བྱེད་ནི། །སྔགས་ཀྱི་སྤྱོད་པས་གོལ་བར་བཤད། །རྒྱལ་བ་ཀུན་གྱི་ཐུགས་བརྒྱུད་དེ། །བྱིན་རླབས་མཐུ་རྩལ་སྟོབས་འགྲན་ནས། །ནག་པོ་གོལ་བ་འདུལ་བའི་ཕྱིར། །སངས་རྒྱས་རྫུ་འཕྲུལ་སྣ་ཚོགས་བསྐྱེད། །སྟོང་པའི་རང་བཞིན་དེ་སྟེང་བཀྱེ། །སྟོང་པས་ནག་པོའི་སྡེ་མ་སྟོངས། །སངས་རྒྱས་རྡུལ་སྙེད་སླར་འཁོར་ནས། །ནག་པོ་མ་ཐུལ་མཐུ་རྩལ་ལྡན། །དེས་མ་ཐུལ་ཏེ་སྟོབས་ཆེན་གསུམ། །


DNG016_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་མ་བཛྲ་ཧ་ཡའི་སྐུ། །རང་རང་ལག་ཆ་འཁོར་སྤྲུལ་ནས། །སྔགས་ཚིག་དྲག་པོ་རྔམ་བཟླས་ནས། །ནག་པོ་འདུལ་ཕྱིར་མེ་རླུང་སྤྲུལ། །ནད་དང་མཚོན་ཆའི་ཆར་པ་ཕབ། །རཱུ་ཏྲ་མ་ཐུལ་རྔམས་པས་རོལ། །སྡེ་གསུམ་སྤྲུལ་པ་སླར་བསྐྱར་བས། །ནག་པོ་རྔམས་པའི་ང་རོ་བསྒྲག །རུ་ཏྲ་མ་ཏྲ་མ་ར་ཏྲ། །སངས་རྒྱས་སྟོང་ཕྲག་ཐུགས་བརྒྱུད་ནས། །ཁྲོ་བོ་སྨེ་བ་བརྩེགས་པ་མངགས། །རྡོ་རྗེ་སྲིན་པོའི་འཁོར་རྣམས་སྤྲུལ། །སྔགས་སྒྲ་དྲག་པོས་རཱུ་ཏྲ་བསྡིགས། །ཆེ་བའི་གྲགས་པ་སྟོབས་འགྲན་ནས། །རྡོ་རྗེ་གཞོན་ནུ་བརླག་ལ་ཁད། །སངས་རྒྱས་སྐུ་ཡི་སྤྲུལ་པ་བསྐྱེད། །སྐུ་ཆེ་བདུད་མོ་མཁའ་ལྡིང་བཅས། །ཨེ་ཀ་ཡ་མ་ཧེ་ཀ་ཡ་མ་གྷྲི་མ་ཡ་མ། མ་རཀ་མོ་རཀྴ་ཀྵེ་མ་བྷྱོ། རུ་ཏྲ་ཀ་ལིང་འདྲིད་ཕྱུང་རྦད། བརྗོད་པས་ནག་པོའི་སྡེ་མ་ཆོམས། །སླར་འདུས་ཡེ་ཤེས་ཐུགས་ལས་སྤྲུལ། །རྔམ་པའི་ང་རོས་ནག་པོ་བཏུལ། །ཨེ་ཀ་ཡ་མ་འགས་མ་འཛའ་ནི་ར་ཡ་རུ་ཏྲ་སརྦ་ཤ་ཏྲུཾ་སྟཾ་བྷ་ཡ་ནན། འདྲིད་རྦད། བརྗོད་པས་ནག་པོའི་སྡེ་མ་ཐུལ། །ཆོས་སྐུ་སྐྱེ་མེད་སྟོང་བདག་མེད། །ཟིལ་གནོན་ཐུགས་ལས་མགོ་དགུ་སྤྲུལ། །དབུ་དགུ་ཕྱག་ཞབས་བཅུ་གཉིས་ལྡན། །རྔམ་པའི་དྲག་སྔགས་དམོད་པ་བཏུལ། །ཨེ་ཀ་ཧེ་དུན། ཡ་མ་རཀྴ་ཛ། མུ་ཏྲི་རྩ་ཤུ་རཾ་ཏྲི་རུ་ཏྲ་སརྦ་དུ་རཾ་ཨུ་ནན། འདྲིད་ཕྱུང་། རཾ་ཤག་རྦད། བརྗོད་པས་ནག་པོའི་སྡེ་མ་ཐུལ། །སངས་རྒྱས་སྤྱི་ཡི་སྐུ་རུ་སྤྲུལ། །ནག་པོ་ཆ་མཐུན་བརྗིད་ལ་རྔམས། །ཟིལ་གནོན་ཕྱག་རྒྱ་ཆེན་པོ་ཡིས། །སྔགས་སྒྲ་རྔམས་པས་སྤ་བཀོང་ནས། །རཱུ་ཏྲ་ནག་པོ་བསྒྱེལ་ཏེ་གཟིར། །ཨེ་མྱགས་ཡ་རྔུབས་བཾ་རཾ་ཁཾ་ཤིག་ཏྲ་སྙིང་གཟེར་ཧུ་ར་ཐུཾ་ཛཿ། རཱུ་ཏྲ་ནག་པོ་ཞལ་དུ་གསོལ། །ཟིལ་གནོན་ལྟོ་རུ་སྒྲིབ་པ་སྦྱངས། །ཡེ་ཤེས་རིག་པའི་མེ་ཡིས་སྦྱངས། །རྫུ་འཕྲུལ་སྟོབས་ཀྱིས་སྣམ་ནས་ཕྱུང་། །རཱུ་ཏྲ་ནག་པོ་བརྒྱལ་སངས་ནས། །སངས་རྒྱས་རྫུ་འཕྲུལ་ངོ་མཚར་ཆེ། །བདག་ཅག་སངས་རྒྱས་འཁོར་བགྱིད་པས། །


DNG016_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་དང་མ་བྲལ་འཁོར་དུ་ཞོག །འཁོར་གྱི་ལས་སྐལ་གང་ལ་བསྒོ། །སངས་རྒྱས་བཀའ་འཁོར་བསྲུང་ལ་སྐྱོབས། །བསྟན་པ་བཤིགས་ན་དྲེགས་པས་གསོལ། །རཱུ་ཏྲ་འདུལ་ཕྱིར་རྒྱུད་འདི་བཤད། །མེ་རླུང་སྐྱི་འདང་འཁྲུགས་པའི་རྒྱུད་ལས། རཱུ་ཏྲ་བཏུལ་བའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཁྲག་འཐུང་རྒྱལ་པོས་ཀླུ་གཉན་ས་བདག་གསུམ་འཇོམས་པ་དེས། མཛེ་རིམས་དྲག་པོ་གདུག་པའི་ནད་ཀྱིས་ཟིན་པ་ལ། སྙིང་གཟེར་ཉི་ཤུ་རྩ་གཅིག་པའི་འཁྲུལ་འཁོར་འདི་གསུངས་སོ། །ཕྲིན་ལས་ཀུན་གྱི་རྩ་བ་ནི། །དྲག་པོའི་ལས་ཀྱི་མཐའ་སྡུད་དུ། །སྙིང་གཟེར་ཉི་ཤུ་རྩ་གཅིག་གིས། །གབ་པ་ཐུགས་ཀྱི་འཁྲུལ་འཁོར་བཅའ། །བསྙེན་པ་ཤོག་བུ་གྲུ་བཞི་ལ། །ཆ་གཉིས་དུར་ཁྲོད་སྨེ་བས་བྱུག །རུས་སྦལ་ལྟོ་བར་ཐིག་སྐོར་བཞི། །བསྐོར་ལ་དབུས་སུ་གྲུ་གསུམ་ལ། །ཟླ་གམ་སྦྲུལ་གྱི་ར་བས་གཏམས། །དེ་ཡི་ཕྱི་རིམ་འཁྲུལ་མིག་བཞི། །ཐོད་འཁོར་རྡོ་རྗེ་ཀ་བ་མེ། །ཕྱི་རིམ་འཁྲུལ་མིག་གནམ་ལྕགས་བརྒྱད། །རླུང་རི་རྒྱ་གྲམ་དབུས་ན་མཛེས། །ཡང་ལོགས་རྩ་སྦུབས་ཉི་ཤུ་གཅིག །གདུག་པ་སྲེག་བྱེད་ཡེ་ཤེས་མེ། །འོད་ཀྱི་གང་བུར་གནས་པ་འཕྲོ། །དེ་ལ་གནས་ཉིད་དགོད་པ་ནི། །གྲུ་གསུམ་དབུས་ན་ས་ནཱ་ག །གང་གནོད་མིང་དང་རུས་སྦལ་དངོས། །ཟླ་གམ་གསུམ་ལ་གནོད་སྦྱིན་མིང་། །ལྕགས་མཁར་བརྒྱད་དང་ཐོད་མཁར་བཞི། །རྩ་བའི་ཡིག་འབྲུ་བཅུ་གཉིས་དགོད། །རྩ་སྦུབས་ཉི་ཤུ་རྩ་གཅིག་ལ། །སྙིང་གཟེར་ཉི་ཤུ་རྩ་གཅིག་དགོད། །དྲག་སྔགས་འཁྲུལ་འཁོར་མེ་དབལ་དགོད། །འཁོར་ལོ་མཚོན་ཆེན་མེ་དབལ་སྔགས། །དྲག་པོའི་སྔགས་རྒོད་གདུག་པའི་མཚོན། །ཐོག་ཆེན་དྲིལ་ཕྲེང་དྲག་པོའི་སྟོབས། །ནམ་མཁའ་རིན་ཆེན་རྒྱ་མཚོ་ཡིས། །མཚོན་ཆ་ཁ་སྦྱར་དུག་ཆུ་ངར། །སྔོན་དམར་དང་བཅས་ཕག་མོའི་


DNG016_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ལྟོར། །དུག་ཁྲག་བསྐུས་ལ་ཐོད་པར་གཞུག །མི་རྐང་སྒྱེད་པུ་ལྕགས་ཁྲིས་བརྡེག །གསལ་གསུམ་དང་ལྡན་སུམ་སྟོང་བསྐུལ། །ཉ་སྟོང་མར་གྱི་ངོ་ལ་སྦྱར། །ཐ་ཆུང་བཞི་པར་རབ་ཏུ་གཏད། །ཞག་གསུམ་ཤིན་ཏུ་གནོད་པར་བཅའ། །དེ་ཉིད་དོང་བྲུ་ཐོད་པར་མནན། །མི་ལྡོག་གྱད་དང་དྲེགས་པ་བསྒོམ། །ཐོད་འཁོར་སྟེང་དུ་གདུག་པའི་རྩང་། །ཉི་ཤུ་གཅིག་དབུས་མཆོག་ཕུར་བསྟན། །གང་གནོད་གཟུགས་བླངས་སྙིང་གར་བརྡེག །རྒྱུན་དུ་དྲག་སྔགས་བརྒྱ་བརྒྱས་བསྲུང་། །ཨ་ཤ་བྷི་ལི་སྦྱོར་ཚུལ་ཅན། །སྙིང་པོ་དང་དད་ཤུགས་ཀྱིས་དྲངས། །དུག་ལ་རྔམ་ཆགས་རྩ་བ་གཅོད། །ཧ་ལ་ནག་པོའི་ཞེན་ཆགས་བྲལ། །ཕྱག་ན་རྡོ་རྗེ་མཐུ་དང་བྲལ། །གདུག་པ་གཞན་ལྟ་སྨོས་ཅི་དགོས། །སྔགས་ཀྱི་རྒྱལ་པོ་ཀུན་འཇོམས་འདི། །དྲག་ལ་འདྲིལ་ཞིང་སྒྲ་སྤངས་ལ། །སྒྲ་ནི་གཏུམ་ཞིང་ལྕི་བར་བཟླས། །དྲག་པོ་གཏུམ་ཆེན་དྲེགས་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྐུ་གསུང་ཐུགས་ལས། གདུག་པ་ཐམས་ཅད་གཞོམ་པའི་ཕྱིར་སྙིང་གཟེར་ཉི་ཤུ་རྩ་གཅིག་གི་སྤུ་གྲི་བཏོན་ཏོ། །ས་ནཱ་ག་སྙིང་གཟེར་ཛ། ས་ནཱ་ག་སྙིང་གཟེར་ཕྱུང་། ས་ནཱ་ག་སྙིང་གཟེར་ཙིཏྟ་རྦད། ས་ནཱ་ག་སྙིང་གཟེར་ཐུན་རྦད། ས་ནཱ་ག་སྙིང་གཟེར་དུན་རྦད། ས་ནཱ་ག་སྙིང་གཟེར་རཾ་ཐུན་རྦད། ས་ནཱ་ག་སྙིང་གཟེར་དྲེང་ལ་རྦད། ས་ནཱ་ག་སྙིང་གཟེར་མྱོགས་རྦད། ས་ནཱ་ག་སྙིང་གཟེར་ཐུན་རིལ་རྦད། ས་ནཱ་ག་སྙིང་གཟེར་ནན་ཏྲི་རྦད། ས་ནཱ་ག་སྙིང་གཟེར་དྲེང་ཤག་རྦད། ས་ནཱ་ག་སྙིང་གཟེར་ཁས་རྦད། ས་ནཱ་ག་སྙིང་གཟེར་ཐིབས་རྦད། ས་ནཱ་ག་སྙིང་གཟེར་རྩ་ལ་རྦད། ས་ནཱ་ག་སྙིང་གཟེར་ཨུ་ནན་རྦད། ས་ནཱ་ག་སྙིང་གཟེར་ཨེ་ནན་རྦད། ས་ནཱ་ག་སྙིང་གཟེར་སྲོག་ལ་དུན་དུན་ཤག་རྦད། ས་ནཱ་ག་སྙིང་གཟེར་ཙིཏྟ་རུ་ཐུམ་རྦད། རིགས་བཞི་རྒྱུད་ལ་ཞེན་པ་དང་། །བ་སོ་ཁང་འཁོར་གདུག་པ་ཀུན། །བརྐམ་ཆགས་དབང་གིས་དུག་འབྱིན་འཇོམས། །གདུག་པ་ཐམས་ཅད་འཇོམས་


DNG016_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡི། །ཡང་གསང་འཕྲུལ་གྱི་སྙིང་པོ་བཤད། །དྲག་པོའི་ངན་སྔགས་འཁྲུལ་འཁོར་འདི། །དཔལ་གྱི་ཕྱག་རྒྱས་གདབ་པ་དང་། །རང་གི་ཉམས་ཀྱི་སྟོབས་དང་ནི། །བརྟུལ་ཞུགས་དྲག་པོ་བཙན་ཐབས་དང་། །སྦྱོར་བའི་རྐྱེན་དང་དུ་མ་དང་། །དྲག་སྔགས་ཀྱི་འོད་ཟེར་སྤྲོ་བ་དང་། རང་གནས་ཀྱི་སྲོག་འཕྲོག་པ་དང་། གདུག་པའི་དབལ་བསད་པ་དང་། ཐབས་ཀྱི་རོལ་པས་ཡེ་ཤེས་འོད་སྤྲོ་བ་དང་། དེ་དག་སྙིང་གཟེར་སྦྱོར་བར་བཤད། མེ་རླུང་སྐྱི་འདང་འཁྲུགས་པའི་རྒྱུད་ལས། སྙིང་གཟེར་ཉི་ཤུ་རྩ་གཅིག་གི་ལེའུ་སྟེ་བཅོ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་གདུག་པ་འདུལ་བའི་ཕྱིར། སྙིང་གཟེར་དགུ་པའི་སྦྱོར་བ་འདི་བཤད་དོ། །སྙིང་པོ་འཕྲུལ་གྱི་མན་ངག་བཅུད། །གསང་ཆེན་རྩ་བ་དྲིལ་བའི་ལས། །དྲག་པོ་མངོན་ཕྱུང་སྦྱོར་བའི་མཆོག །སྙིང་གཟེར་གདུག་པ་ཐམས་ཅད་འཇོམས། །ཤི་འཕྲད་སྔགས་ཀྱི་འཁོར་ལོ་ཡིས། །བདག་སྐྱོབ་གཞན་བསྲུང་གདུག་པ་འཇོམས། །མ་མོ་བདུད་མོ་རྒྱལ་པོ་བཙན། །ཀླུ་གཉན་ས་བདག་ཐེའུ་བྲང་གྲི། །མ་ལུས་འཇོམས་བྱེད་སྒོས་ཀྱི་སྔགས། །བྷི་ལིའི་གྲོང་འདུས་ཁོང་དྲེགས་ཅན། །འབར་བ་ནག་པོ་ཡ་མའི་ཀློང་། །ཡང་གསང་མཆོག་གི་སྦྱོར་བ་བཤད། །དེ་ཡི་སྦྱོར་བ་འདི་ལྟ་སྟེ། །དུར་ཁྲོད་ཞིང་རས་རོ་རས་ལ། །མུ་ཁྱུད་ལྔ་ལྡན་རུས་སྦལ་ལྟོར། །དུག་ཁྲག་སྣག་ཚ་སྦྱར་བས་བྲི། །དབུས་སུ་གྲུ་གསུམ་ཟླ་གམ་ལྡན། །ཕྱི་རོལ་འཁྲུལ་མིག་ཐོད་མཁར་བཞི། །དེ་འོག་ལྕགས་མཁར་འཁྲུལ་མིག་བརྒྱད། །ཡང་ལོགས་གནས་པའི་རྩ་སྦུབས་དགུ། །ཕྱི་རིམ་རྩིབས་ཆེན་བཅུ་དྲུག་འོབས། །སྲིད་པའི་རུས་སྦལ་ལྟོ་བ་རུ། །དྲག་པོ་ལས་ཀྱི་འཁྲུལ་འཁོར་བཅའ། །དེ་ལ་དགོད་ཅིང་གནས་པ་ནི། །དབུས་ན་གདུག་པའི་སྙིང་པོ་མིང་། །ཟླ་གམ་མ་མོ་རྒྱལ་པོ་བཙན། །ཐེའུ་རང་གཤིན་འགོང་གནོད་པའི་མིང་། །འཁྲུལ་མིག་བཞི་ལ་གནས་པ་ནི། །དྲེགས་པ་སྟོབས་


DNG016_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་འབྲུ་བཞི་དགོད། །ཕྱི་རིམ་ལྕགས་མཁར་བརྒྱད་པོ་ལ། །དྲེགས་པ་སྟོབས་ཀྱི་འཕྲུ་བརྒྱད་དགོད། །ཡང་ལོགས་དྲག་པོ་རྩ་སྦུབས་དགུར། །སྙིང་གཟེར་དགུ་ལ་སྡེ་ཚན་རེ། །སྙིང་པ་གསུམ་བསྡུས་རྫོགས་པར་དགོད། །ཕྱི་རིམ་མཚོན་ཆ་སྲུང་བའི་འོབས། །མཚོན་ཆའི་ཁང་པ་བཅུ་དྲུག་ལ། །ཤི་འཕྲད་དགུ་བཏུལ་སྙིང་པོ་བྲི། །གཉིས་བཅས་དུག་ཁྲག་ཚ་བ་བསྐུ། །ཁ་སྦྱར་སྔོན་དམར་ཐིག་ནག་འདྲིལ། །འཁྲུལ་འཁོར་མཚོན་ཆ་མེ་དབལ་སྔགས། །བཟློག་ཅིང་འབྱིན་པ་ཤུགས་ཀྱི་མཆོག །གཅོད་ཅིང་འབིགས་པས་སྤུ་གྲིའི་མཚོན། །བསྲེག་ཅིང་གཡེང་བས་མེ་ཆུ་རླུང་། །སྡུད་ཅིང་འཆང་བས་སྐྱེ་བའི་མཁར། །གཟིར་ཅིང་མནན་པས་ཐོད་གཟེར་པ། །རྩ་བར་བཅས་པའི་མཚོན་ལོ་མ། །རྩ་བ་གཅིག་ལ་ཡན་ལག་སྟོང་། །བདག་སྐྱོབ་གཞན་སྲུང་གོ་མཚོན་མཆོག །ལས་དང་སྦྱོར་བ་གཅོད་པའི་མཚོན། །འབར་བ་ནག་པོ་ཞེ་སྡང་མཆོག །སྔགས་ཀྱི་རྒྱལ་པོ་དུག་ལྔར་བཅས། །འབར་བ་དུག་གི་དུམ་བུར་བསྡུས། །བདུད་གང་ཡཀྴ་ཡ་མའི་ཀློང་། །དེ་ཡི་ཕོ་བྲང་ཐོད་པའི་གནས། །དུར་མའི་བྱེ་རུ་རུས་སྦལ་གཟུགས། །མཆོད་རྟེན་རིན་ཆེན་མཚོན་ཆའི་སྦུབས། །ཚངས་པའི་བུ་ག་རྒྱ་གྲམ་ཨེ། །འཁྲུལ་འཁོར་བཅས་ཏེ་རེ་བས་གྲིལ། །ཧོམ་ཁུང་བཅུག་ལ་སྟོང་སྟོང་བཟླས། །གསལ་བར་ཁྱད་པར་སྟོབས་ཀྱི་ལྷ། །རྫས་གསུམ་གདན་གསུམ་བལྟ་བ་བཞི། །འདུས་པ་གསུམ་དང་ཡིན་པ་བཞི། །དབང་བཅས་བགྲོད་པའི་གོ་ཆ་མཆོག །རིགས་ལ་རྒྱུན་དུ་སྟོང་སྟོང་བཟླས། །ཉ་སྟོང་སྦྱོར་བ་དྲག་པོ་བརྩམ། །ཐུན་མོང་སྲུང་བ་སྦྱོར་བ་བརྒྱ། །དྲག་པོ་ཐོག་ཆེན་སྙིང་གཟེར་མཆོག །གསེར་གྱི་དགུ་ཐོག་གནམ་ལྕགས་རེ། །རི་རྒྱལ་རྦབ་ཆེན་སྤུ་གྲིའི་དབལ། །ཡང་གསང་མཆོག་གི་སྦྱོར་བའོ། །དེ་ནས་བཅོམ་ལྡན་འདས་ཀྱི་སྐུ་གསུང་ཐུགས་ལས་སྙིང་གཟེར་དགུ་པ་འདི་བཏོན་ཏོ། །ས་ནཱ་ག་ཏྲག་སྙིང་གཟེར་རྦད། ས་ནཱ་ག་ཙ་ཏྲི་སྙིང་གཟེར་རྦད། ས་ནཱ་ག་


DNG016_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མེ་སྙིང་གཟེར་རྦད། ས་ནཱ་ག་ཀྵེ་ཏྲི་སྙིང་གཟེར་རྦད། ས་ནཱ་ག་དུག་ཕྱུང་སྙིང་གཟེར་རྦད། ས་ནཱ་ག་ཁམ་ཤག་སྙིང་གཟེར་རྦད། ས་ནཱ་ག་སྲོག་ཏིག་སྲོག་ཏིག་རྦད། ས་ནཱ་ག་སྙིང་གཟེར་ཐུམ་རིལ་རྦད། ས་ནཱ་ག་སྙིང་གཟེར་སྦུར་ནན་རྦད། ས་ནཱ་ག་ཨུ་ནན་ཁམ་ཤག་གཟེར་ཐུམ་ཙིཏྟ་དྲེང་ཤག་སྙིང་གཟེར་སྦུར་ནན། དྲག་པོ་མེ་དབལ་གཅོད་པའི་མཚོན། །གདུག་པ་ཙིཏྟའི་ཏི་ར་ལ། །རབ་སྤྱོད་སྦྱོར་བའི་རྒྱལ་པོར་བཤད། །རྒྱུད་ཀྱི་སྙིང་པོ་མཆོག་གི་སྦྱོར་བ། མེ་རླུང་བཞིའི་སྟོབས་བསྡུས་པ་འདི། ལས་གང་ཡང་སྟོབས་མེད་ན། སྲིད་པ་སྟོབས་ཀྱི་འཁྲུལ་འཁོར་བཅའ། སྔགས་སྟོང་ཚོ་རེ་དང་བརྒྱ་རུ་སྟོང་བསྡེབས་ན། ལས་ཀུན་གྱི་སྲུང་བ་འཆིང་བའོ། །སྤྲུལ་པ་གྱད་གནོན་ལྷར་གསལ་བར་བྱའོ། །མེ་རླུང་སྐྱི་འདང་འཁྲུགས་པའི་རྒྱུད་ལས། སྙིང་གཟེར་དགུ་པའི་སྦྱོར་བའི་ལེའུ་སྟེ་བཅུ་དགུ་པའོ།། །།འདི་མན་སྔ་ཐོག་གཅིག་ནས་མཆན་དཀྱུས་སུ་སོང་བ་ལྟ་བུ་ཞིག་གི་ཡིག་རྒྱུན་འབྱམས་པ་ཡིན་འདུག །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཕྲིན་ལས་ཀུན་གྱི་རྩ་བ་ཡི་གསང་ཆེན་གཅིག་ཏུ་དྲིལ་བ་འདི་གསུངས་སོ། །དྲག་པོ་མངོན་འབྱུང་བསྒྲུབ་པའི་བཅུད། །ཀླུ་གཉན་ས་བདག་གདུག་པ་ཡིས། །མཛེ་རིམས་དྲག་པོའི་ཡམས་དར་ན། །སྙིང་གཟེར་བདུན་གྱི་འཁོར་ལོ་བཅའ། །སྦྱོར་བ་སྣ་ཚོགས་རྫས་ཀྱིས་བྱུག །སྲིད་པའི་རུས་སྦལ་ལྟོ་བར་བྲི། །དྲག་པོའི་རྫས་སུ་སྙིང་པོ་བསྡུ། །མཐིང་ནག་དར་དང་ཐོད་པར་བཅུག །བསྒོམ་བསྐུལ་དྲང་གཞུག་རྩང་བཅས་སྔགས། །དམོད་པའི་ཐུན་དབབ་ཧོམ་ཤིང་བསྲེག །ཟོར་ཐུན་མཐའ་རུ་གནན་གཟིར་བྱ། །རང་གི་ཕྱག་རྒྱ་བྲིས་སྐུ་དགྲམ། །དེ་ལས་བྱིན་རླབས་ནུས་མཐུ་འབྱུང་། །རང་ཡང་ཕྱག་རྒྱ་གསལ་བར་བསྒོམ། །གནས་པ་འཁོར་ལོའི་རྩ་སྦུབས་ན། །དྭངས་མ་བཅུ་གཉིས་སྙིང་གཟེར་ནི། །ཕྱི་ནང་རྩ་ཡི་སྦུབས་ན་གནས། །སྙིང་གཟེར་དབུས་ན་སྙིང་པོ་གསུམ། །ལྟེ་བ་གྲུ་གསུམ་རྣལ་མའི་མིང་། །ཟླ་གམ་གསུམ་ལ་གདུག་པའི་མིང་། །དེ་ཡིས་ཀླུ་གཉན་ས་བདག་འཇོམས། །ཞེས་འབྱུང་བས། ཀླུ་གཉན་


DNG016_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ས་བདག་གིས་ཆེར་ཟིན་ན། དྲེགས་པ་སྟོབས་ཀྱི་འཁོར་ལོ་གནས་པ་ལས། གཞི་དྲག་པོ་རུ་བསྒྱུར་བ་འཕྲུལ་པ་ནི། ཤོག་བུ་མཛུབ་གང་གྲུ་བཞི་པ་གཉིས་ལ། ཐིག་སྐོར་གསུམ་དུ་བྱ་བ་ནི། འབྲས་བུ་གྲུ་གསུམ་དུ་བྱ་བ་ནི། འབྲས་བུ་ནག་པོའི་གནས་བྱ། ཕྱི་རིམ་འཁྲུལ་མིག་བཅུ་གཉིས་སུ་བྱ། མཐའ་མར་རྩ་བའི་དབྱིངས་ཀྱི་འདབ་མ་བདུན་བྱས་ལ། སྲིད་པའི་རུས་སྦལ་གྱི་ལྟོ་བར་བྲི། ཡི་གེ་བཀོད་པ་ནི། དབུས་སུ་གྲུ་གསུམ་ནང་མར་གནོད་པའི་མིང་བྲིས། ཟླ་གམ་གསུམ་ལ་མ་མོ་རྒྱལ་པོ་མཛེ་འདྲེ་བྲི། འཁྲུལ་མིག་བཅུ་གཉིས་ལ་རྩ་བའི་དྲག་སྔགས་ཡིག་འབྲུ་བཅུ་གཉིས་པ་དགོད། དེའི་ཕྱི་རིམ་རྩ་སྦུབས་ལྟ་བུའི་འཁྲུལ་མིག་བཅུ་གཉིས་ལ། ས་ནཱ་གའི་མཐའ་མར་སྙིང་གཟེར་གྱི་སྔགས་ཆེན་རེ་བསྐོར་ལ་དགོད། དུག་ཆུ་དང་ཚ་བ་གསུམ་དང་། མནོལ་ཁྲག་བསྐུས་ལ། འཁྲུལ་འཁོར་སྦྱར་ལ་སྔོན་དམར་གྱི་ཁ་བཙེམ། འཁྲུལ་འཁོར་ཐོད་པར་གཞུག །ཐོད་པ་དར་མཐིང་ནག་གིས་གྲིལ་ལ། དོང་གྲུ་གསུམ་རྩང་དང་བཅས་པའི་ནང་དུ་སྐྱེར་ཚེར་གྱི་སྟན་ལ་གཞག །དེའི་སྟེང་དུ་སྦྱོར་བའི་སྦལ་པ་ལ། གོང་གི་ཆུས་བྱུགས་ལ། གན་རྐྱལ་དུ་གཞག །སྦལ་པའི་སྙིང་གར་དྲག་པོའི་ཧོམ་ཤིང་གཟུག །ཉ་དང་སྟོང་ལ་མེ་སྦར་རྫས་བསྲེག །ཐོད་པ་དང་གདན་བདུག་ཕྱིང་པས་དགབ། དྲག་སྔགས་བཟླས། ཚེ་བདག་བསྒོམ། བསྐུལ་བ་བྱ། བསྟབ་པ་བྱས་ལ། ཁྲུས་ནས་དབྱུང་། ལྔ་འམ་བདུན་དུ་སྦྱོར་བ་བརྩམ། །ཉིན་དང་མཚན་དུ་ཐེང་རེ་བསྲེག །ས་ནཱ་ག་སྙིང་གཟེར་སྦུར་ནན་རྦད། ས་ནཱ་ག་སྙིང་གཟེར་འདྲིད་ཕྱུང་རྦད། ས་ནཱ་ག་སྙིང་གཟེར་སྲོག་ལ་མྱོགས་རྦད། ས་ནཱ་ག་སྙིང་གཟེར་དུ་རཾ་རྦད། ས་ནཱ་ག་སྙིང་གཟེར་ཡ་མ་བཟློག་རྦད། ས་ནཱ་ག་སྙིང་གཟེར་ཏ་ལ་རྦད། ས་ནཱ་ག་སྙིང་གཟེར་སརྦ་ཨུ་ནན་གཟེར་ཕྱུང་རྦད། ཐལ་འཇིམ་གནོད་པར་ཟོར་དུ་བརྡེག །ཐོད་པ་གནོད་པའི་ས་རུ་གནན་པར་བྱ། ཆེར་གནོད་ན་ཉ་དང་སྟོང་དག་ཏུ་སྦྱོར་བའོ། །ལུས་བསྲུང་བ་ལ་ནི་སྔགས་བཟླས་ཤིང་ལྷ་གསལ་བས་


DNG016_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ཆོག་གོ། །གཞན་བསྲུང་བར་འདོད་ན་བདུག་ཅིང་རྟག་ཏུ་ཁྲུས་ནས་གདོན་ནོ། །ཐོད་པ་གནོན་ན་རྒྱ་ཡིས་གཟིར་ལ་གནན་པར་བྱའོ། །གཟིར་བ་སྟོང་དང་སྦྱོར་བར་བྱའོ། །རྟེན་འཕོ་བར་འདོད་ན། དུ་བས་བསྡིགས་ལ་ཐལ་རླངས་ཀྱི་བྲབ་པོ། །བཤད་པའི་རྒྱུད་ལས་འཇམ་དཔལ་བློ་ཡིས་བྱས། །ཉེས་ཅན་གསོ་བའི་ཕྱིར་ན་སྙིང་གཟེར་བདུན་པ་བཅའ། །མེ་རླུང་སྐྱི་འདང་འཁྲུགས་པའི་རྒྱུད་ལས། སྙིང་གཟེར་བདུན་པའི་ལེའུ་སྟེ་ཉི་ཤུ་པའོ།། །།དེ་ནས་དྲག་པོ་མངོན་ཕྱུང་སྦྱོར་བའི་རྒྱལ་པོ་ལས། གྲུ་གསུམ་གྱི་སྦྱོར་བ་དང་། བྱད་དགྲོལ་བསྲེག་ཅིང་སྙིང་གཟེར་གདུག་པའི་ལས། །རྒྱུད་ཀྱི་སྙིང་པོ་སྤོགས་པ་མེད་པ་འདི། །རང་སེམས་དབེན་པའི་གདུག་པའི་ས་ཕྱོགས་སུ། །བཀྲ་མི་ཤིས་པའི་ས་ལ་མཎྜལ་བྱ། །ཁྲག་དང་དུག་ཆུ་ཚ་བས་ཆག་ཆག་གདབ། །དབུས་སུ་གྲུ་གསུམ་ཁྲུ་གང་ནག་པོར་བྱ། །ཟླ་གམ་གསུམ་གྱི་མཐའ་མ་ཟླུམ་པོར་བསྐོར། །དེ་ཡི་ཕྱི་རིམ་འཁྲུལ་མིག་བཅུ་གཉིས་ལ། །ལྕགས་མཁར་བར་ན་རྡོ་རྗེ་རྐྱང་པས་གཏམས། །དེ་ཡི་ཕྱི་རིམ་རྩིབས་མཆན་ཉི་ཤུར་བྱ། །གཅོད་པའི་མཚོན་ཆ་རྩེ་མོ་ཕྱི་རུ་བསྟན། །དེ་ཡི་ཕྱི་རིམ་ཐོད་པའི་ཕྲེང་བས་བསྐོར། །མཐའ་མ་མེ་རི་རཾ་དང་ལྡན། །དེ་བཞིན་ཞིང་རས་རྒྱུ་ལ་འང་། །བར་སྣང་གཅོད་པའི་འཁོར་ལོ་བྲི། །གྲུ་གསུམ་ཁ་ཁྱེར་མཛུབ་གང་མཚོན་ཆས་བསྐོར། །དབུས་སུ་གདུག་པའི་གཟུགས་བརྙན་སྣ་ཚོགས་གཞག །གང་གནོད་མིང་དང་སྙིང་པོ་དུག་ཆུས་སྦྱོར། །ཟླ་གམ་གསུམ་ལ་མ་མོ་རྒྱལ་པོ་བཙན། །འཁྲུལ་མིག་དྲག་པོ་དམོད་པའི་སྔགས་ཀྱིས་གདབ། །རྩིབས་ལ་བསྲེག་ཅིང་གཟིར་བའི་སྤུ་གྲི་དགོད། །གཟུགས་བརྙན་སྙིང་གར་ཧོམ་ཤིང་ཟུར་གསུམ་གཟུག །ཞག་ལྔ་ཐུན་བྲབ་དྲག་སྔགས་རྔམ་པར་བཟླས། །དེ་ནས་ཞག་གསུམ་བསྲེག་ཅིང་གཟུགས་མིང་བསྟབ། །མེ་དབང་བསད་ནས་སྦྱོར་བའི་རྫས་རྣམས་བསྲེག །གང་དམིགས་བདུག་ཅིང་ཕྱིང་པ་གཙང་མ་དགབ། །ཉིན་དང་མཚན་མོ་ལན་


DNG016_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་བདུན་བདུན་བདུག །དམ་པ་དཀྲུག་ལ་ལྷ་ཡི་སྐུ་རུ་བསྐྱེད། །ཁྲག་སྣ་ཐུན་རྫས་རྫས་རྒོད་རྣམས། །ཐོད་པ་རེ་རུ་བླུགས་ལ་མཎྜལ་གྲུ་བཞིར་དགྲམ། །དྲག་སྔགས་སྲོད་ལ་མིས་མ་ཐོས་པར་བཟླ། །དྲག་སྔགས་སྦྱོར་བའི་རྒྱལ་པོ་ནི། །བརྣག་པ་ཐོན་ནས་ནམ་མཁའི་འཁོར་ལོ་དང་། །ཐལ་བ་མིང་གཟུགས་མཆོད་རྟེན་གནོད་སར་མནན། །ལྷག་མ་རྗེས་ཤུལ་གར་གནོད་ཟོར་ཐུན་བརྡེག །གདུག་པ་གསུམ་སྤང་མེ་ཡི་འཁོར་ཡིན་པས། །དྲག་པོའི་ལས་འདི་གཞན་ལ་བསྟན་པ་མེད། །ས་ནཱ་ག་རུ་རཾ། ཨུ་ནན་གཟིར་ཕྱུང་ནན། ས་ནཱ་ག་སྤུར་ནན་རཾ། སྙིང་གཟེར་སྲོག་མྱགས་རཾ། གདུག་པའི་ནད་དང་སྦྱོར་བའི་གདུག་རྩུབ་ཀུན། །ལས་ཀྱི་རྒྱལ་པོས་བསྲེག་ཅིང་འཇོམས་པར་བྱེད། །བྷ་མ་ཧ་བཞི་ཡ་རཾ་ཡཾ་སྤུ་ཧ། ཧ་ལ་ནག་པོ་བསྲེག་པའི་མཆོག་ཏུ་བཤད། །མཛེ་ཡམས་ནག་པོ་མེ་བཞིན་མཆེད་ན་བརྩམ། །སྣང་སྣང་མི་སྤྱད་ཐུགས་ཀྱི་དཀྱིལ་ན་བཞག །ཡབ་ཡུམ་གསུམ་དང་བཅས་པ་དྲག་ཏུ་བསྐུལ། །བསྐོར་བ་བྱ་ཞིང་ཐུན་གྱི་རྫས་རྣམས་བྲབ། །མེ་རླུང་སྐྱི་འདང་འཁྲུགས་པའི་རྒྱུད་ལས། ཁ་གསོ་ལས་ཀྱི་བསྲེག་པའི་ལེའུ་སྟེ་ཉི་ཤུ་གཅིག་པའོ།། །།བཅོམ་ལྡན་འདས་ཀྱིས་སྦྱོར་བ་ཐམས་ཅད་འཇོམས་པ་འདི་གསུངས་སོ། །དྲག་པོ་མངོན་ཕྱུང་སྦྱོར་བའི་མཆོག །གསང་ཆེན་རྩ་བར་དྲིལ་བའི་ལས། །བརྣག་པ་སྟོབས་ཀྱི་ལས་བཤིག་པ། །དྲེགས་པ་སྟོབས་ཀྱི་ལྷ་བཞི་ཡི། །འཁྲུལ་འཁོར་དྲག་པོ་མེ་རླུང་གི། །སྙིང་པོ་མེ་དབལ་སྟོབས་ཀྱིས་འཇོམས། །དམོད་པའི་མཚོན་ཆ་འདི་ལྟ་སྟེ། །དུར་ཁྲོད་ཞིང་རས་ཤོག་གུ་ལ། །མུ་ཁྱུད་རིམ་པ་བཞི་དང་ལྡན། །རླུང་རིས་རས་ཀྱི་འཁོར་ལོ་ལ། །དབུས་སུ་གྲུ་གསུམ་ཟླ་གམ་གསུམ། །ཕྱི་རིམ་ལྕགས་མཁར་འཁྲུལ་མིག་བཞི། །མཚམས་བཞི་རྡོ་རྗེ་ཀ་བར་ལྡན། །ཕྱི་རིམ་ལྕགས་མཁར་འཁྲུལ་མིག་བརྒྱད། །ཞིང་གི་ཀ་བ་མཚམས་བརྒྱད་འདེགས། །ཡང་ལོགས་མཚོན་ཆ་རྩིབས་བཅུ་གཉིས། །ལས་ཀྱི་མེ་རི་འབར་བའི་


DNG016_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ། །མཚོན་ཆའི་ཁང་པ་དེ་དག་ལ། །གནས་ཤིང་དགོད་པའི་ཡི་གེ་ནི། །དབུས་ན་བརྣག་པའི་སྙིང་པོ་མིང་། །ཟླ་གམ་དེ་བཞིན་རྫོགས་པར་བྲི། །ལྕགས་མཁར་བཞི་ཡི་ཁང་པ་རུ། །སྲོག་དང་ལས་སྡུད་དགྱེ་དང་འདུད། །འབྲུ་བཞིའི་སྦྱོར་བ་ཀུན་གྱི་མཆོག །ཁང་འཁྱུད་ལྕགས་མཁར་བརྒྱད་པོ་ལ། །གཤིན་རྗེ་མ་མོའི་སྙིང་པོ་གཉིས། །མཁའ་ལྡིང་དྲེགས་པའི་སྙིང་པོ་གཉིས། །སྲེག་བྱེད་མ་དང་སྡུད་བྱེད་གཉིས། །རུས་སྦལ་ཡ་མའི་སྙིང་པོ་གཉིས། །ལྕགས་མཁར་བང་རིམ་རེ་ལ་དགོད། །མཚོན་ཆའི་ཁང་པ་བཅུ་གཉིས་ལ། །དུག་ལྔའི་སྦྱོར་བ་བཤིག་པ་ཡི། །དྲག་པོའི་མཚོན་ཆ་སྤུ་གྲི་དགོད། །མེ་ལྷའི་སྙིང་པོ་སྤོར་བ་དགོད། །འཁྲུལ་འཁོར་མཚོན་ཆ་མེ་དབལ་སྔགས། །སྦྱོར་བའི་རྒྱལ་པོ་ཀུན་འཇོམས་འདི། །མེ་རླུང་ལས་ཀྱི་མཚོན་ཆས་གཅོད། །རྫས་རྣམས་ཀུན་ལ་ཁ་སྦྱར་གྲིལ། །དུར་མ་བཅུག་པ་རེ་བས་གཏུམ། །རྩ་བཅས་གྲུ་གསུམ་སྐྱེར་པའི་སྟན། །ཞིང་ལྤགས་སྟེང་ན་ཧོམ་ཤིང་གཟུག །ལྷ་བསྒོམ་སྔགས་དང་ཐུན་གྱིས་བྲབ། །དུ་བའི་རྫས་ལ་བདུག་ཅིང་བྲབ། །དྲག་ཏུ་བསྐུལ་ཞིང་ཡུལ་ལ་རྦད། །བདུན་ནམ་ལྔ་རུ་ཉ་སྟོང་བརྩམ། །སྦྱོར་བ་ཐོན་ནས་འཁྲུལ་འཁོར་དྲིལ། །ཚེས་གྲངས་གཅིག་དང་བཅུ་དྲུག་ལ། །སོགས་པ་བདེ་བའི་གནན་པ་བྱ། །ཞི་ཁྲོ་ཕུར་པ་གཤིན་རྗེ་རྣམས། །འཁོར་ལོ་རུས་སྦལ་ཐོད་ཆེན་གཞུག །དཀྱིལ་འཁོར་ཆེན་པོའི་འོག་ཏུ་མནན། །མཁའ་ལྡིང་དྲེགས་པ་ཀླུ་རྒྱལ་རྣམས། །འཁྲུལ་འཁོར་ཚེ་བདག་ལྟོ་བར་གཞུག །འབྲོང་ཆེན་ཐོད་པར་རོ་ཁུང་མནན། །མ་མོ་བདུད་མོ་སྲིན་མོ་རྣམས། །འཁྲུལ་འཁོར་ཉན་ཐོས་ཐོད་པར་གཞུག །བཀའ་རྟེན་བྱིན་ཆེན་འོག་ཏུ་མནན། །བདུད་དང་མུ་སྟེགས་མགོན་པོ་རྣམས། །འཁྲུལ་འཁོར་གཡག་རུ་གཡས་པར་གཞུག །རོ་ཁང་སྒོ་དྲུང་འོག་ཏུ་མནན། །རྒྱལ་པོ་དགེ་བསྙེན་དཀོར་སྲུང་རྣམས། །སྤྱང་ཀི་དར་མའི་ཐོད་པར་གཞུག །སྐྱེ་ཚང་ལམ་ཁའི་བཞི་མདོར་མནན། །བཙན་དང་སྲོག་བདག་དྲེགས་པ་


DNG016_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས། །ཤ་རུ་སྤྱང་ཐོད་གོང་གསུམ་མནན། །ཀླུ་བདུད་དམ་བདུད་ཕུག་བདག་རྣམས། །བོན་པོའི་ཐོད་པར་ལྷ་ཁང་མནན། །ཐེའུ་རང་ཆགས་འགོང་གཤིན་རྔོག་རྣམས། །གླང་རུར་བཅུག་ལ་ལམ་མདོར་མནན། །ས་བདག་ཀླུ་གཉན་མཛེ་འདྲེ་རྣམས། །འཁོར་ལོ་ཕག་མོའི་ལྟོ་བར་གཞུག །ཕག་ཐོད་བཀའ་རྟེན་འོག་ཏུ་མནན། །བོན་པོ་རིགས་གཉིས་འཛིན་པ་རྣམས། །ཁྱི་ཐོད་བཅུག་ལ་ཁྱི་ཚང་མནན། །སྲི་ཅན་ཆུང་ཐོད་ཐེམ་འོག་མནན། །ཏིང་འཛིན་སྦྱོར་བ་བདག་དབང་སྡུད། །ས་གཞི་སྦྱོར་བ་མནན་པའོ། །བར་སྣང་མིང་བཅས་མཆོད་རྟེན་མནན། །ནམ་མཁའ་བསམ་གཏན་མཆོག་གི་ལས། །འཁྲུལ་འཁོར་མེ་རླུང་ཀུན་འཇོམས་མཚོན། །མེ་རླུང་སྐྱི་འདང་འཁྲུགས་པའི་རྒྱུད་ལས། དྲག་པོ་གཤིན་རྗེའི་ལས་མངོན་དུ་ཕྱུང་བའི་ལེའུ་སྟེ་ཉེར་གཉིས་པའོ།། །།བཅོམ་ལྡན་འདས་ཚེ་བདག་ནག་པོ་ཐམས་ཅད་འཇོམས་པ་དེས། དྲག་པོ་མངོན་ཕྱུང་སྦྱོར་བའི་མན་ངག་འདི། །སྲུང་བ་ཀུན་གྱི་མཆོག་ཏུ་དྲིལ། །ཕྱག་རྒྱ་ཆེན་པོའི་བསམ་གཏན་གྱིས། །རྣལ་འབྱོར་སྲུང་བའི་ཆོ་ག་མཆོག །རྣོ་དབལ་སྟོབས་དཔག་མེད་པའོ། །དེ་ཡི་སྦྱོར་བ་འདི་ལྟ་སྟེ། །དྲི་ཆེན་བདུད་རྩི་དྲི་དང་ཆུ། །རྫས་དང་བཅས་ཏེ་སྟེགས་བུ་ལ། །ལྷ་བསྒོམ་སྔགས་བཟླས་རྟག་ཏུ་བཀྲུ། །ཡན་ལག་བུམ་པས་བསྲུང་བ་མཆོག །ཟིལ་གནོན་ཕྱག་རྒྱའི་སྐུར་གསལ་བྱ། །རྫོགས་པའི་ལྟོ་བར་སྲོག་བསྡུས་ལ། །དྲག་སྔགས་བརྒྱ་བརྒྱ་རྒྱུན་དུ་བཟླ། །བསམ་གཏན་རྩ་བའི་སྲུང་བ་མཆོག །དབུས་ལ་ནམ་མཁའི་འཁོར་ལོའི་སྔགས། །རྩིབས་བཞིར་དྲེགས་པའི་སྙིང་པོ་ཨེ། །ཐུགས་ཀར་རིག་པའི་འཁོར་ལོའི་སྔགས། །རྩིབས་བཞི་དབུས་ན་འབྲུ་ལྔའི་མཆོག །ལྟེ་བར་འབྱུང་བའི་འཁོར་གྱི་སྔགས། །རྩིབས་བཞིར་ཧེ་དུན་ཡ་དང་ཨ། །གསལ་བས་སྟོང་གསུམ་དབང་དུ་སྡུད། །འཁོར་ལོ་རྒྱུན་གྱི་སྲུང་བའི་མཆོག །དྲག་པོ་སྔགས་ཀྱི་དམོད་པ་ནི། །སྙིང་པོ་ངར་དང་ཤུགས་ཀྱིས་དྲངས། །རྔམ་ཚིག་དྲག་ལ་གཏུམ་


DNG016_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །ས་ནཱ་ག་ཙིཏྟ་རོ་མྱགས་ཁ་ཐཾ་སྲོག་ལ་གཟིར་མནན་སྦུར་ནན་འདྲིད་ཕྱུང་ཧྲི་ཤག་རྦད། བཟླས་པས་མི་འཆོར་ཐམས་ཅད་འཇོམས། །གསལ་བས་བདག་བསྲུང་བརྟན་པའི་མཆོག །འདི་བཟླས་པ་ལ་དུས་རྣམ་པ་གཉིས་ཏེ། ཟ་མ་རྒྱུན་དུ་སྟོང་བཟླས་པ་ནི། འཇམ་པོར་བསྲུང་བའོ། །ཞག་ལྔའམ་བདུན་དུ་ཁྲི་ཁྲི་བཟླས་པའི་དུས་ནི། ནམ་མཁའ་ལས་ཐོག་སེར་དང་ལྕེ་འབབ་པའི་དུས་དང་། ས་གཡོས་དང་རིམས་རླངས་དང་ཐབས་འོང་བའི་དུས་དང་། རྦོད་གཏོང་གི་དམ་འཁྲུགས་པ་དང་ཤི་ཁ་ཕྱེ་བ་དང་། མཛེ་རིམས་མེ་བཞིན་མཆེད་པ་དང་། དུས་མ་ཡིན་པའི་སྒྲ་དང་། ཆུ་དང་མཚོན་དར་བའི་དུས་བཟླས་པ་ནི། དྲག་ལ་རྩུབ་པའི་སྲུང་བའོ། །སེ་ཕུར་ཁ་འཐབ་ཤུགས་དང་འདྲེལ། །ཟོར་དུ་ཕོ་ཉ་སླར་ལ་བཟློག །འཁོར་ལོ་མནན་པ་ལྟོ་བར་འདྲེལ། །འཁྱམས་ཤིང་སླར་ལོག་གསང་ལམ་གྱིས། །སྔགས་ཀྱི་དུག་མདའ་ཁོང་ནས་འཕེན། །སྲུང་བའི་རྒྱལ་པོ་ལུས་སྲོག་འབྱེད་ཀྱང་སྤེལ་བ་མིན། །མེ་རླུང་སྐྱི་འདང་འཁྲུགས་པའི་རྒྱུད་ལས། སྔགས་དང་དུག་མདའ་ཁོང་ནས་དབྱུང་བའི་ལེའུ་སྟེ་ཉི་ཤུ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས། དྲག་པོ་སྔགས་ཀྱི་གདུག་པ་དུག་མདའ་ཁོང་ནས་འབྱུང་བ་ནི། ཞལ་གྱི་དམོད་པ་སྔགས་དང་ངན་སྔགས་རྩུབ་མོའི་ནུས་པ་ཞུགས་པ་སྟེ། དེའི་འཁྲུལ་འཁོར་དྲག་པོ་བཅའ་བ་ནི། ཐོད་པ་བཀྲ་མི་ཤིས་པའམ། ཡང་ན་ཐོད་པ་དུར་མའི་སྤྱི་བོར་མུ་ཁྱུད་བཞི་རུ་བསྐོར་ལ། དབུས་སུ་གྲུ་གསུམ་ལ་གནོད་བྱེད་ཀྱི་མིང་ཁྲག་གིས་བྲི། དེའི་ཕྱི་རིམ་ལ་གནོད་བྱེད་ཀྱི་མིང་ཁྲག་གིས་བྲིས། དེའི་ཕྱི་རིམ་སྦྲུལ་གྱི་ཆུན་པོ་བྲི། མཐའ་མ་མེ་རི་ནང་དུ་བསྟན་པ་བྲིས་ལ། དོང་གྲུ་གསུམ་གྱི་ནང་དུ་གཞུག །ཐོད་པ་གླིང་བཞི་པ་གཅིག་གི་ནང་དུ་མུ་ཁྱུད་བཞི་རུ་བསྐོར་ལ། དབུས་སུ་དྲེགས་པ་ལྔའི་སྙིང་པོ་བྲི། དེའི་ཕྱི་རིམ་རྩིབས་བཞིར་བྱས་ལ། དྲག་པོ་སྟོབས་ཀྱི་ཀླུ་བཞི་དགོད། དེའི་ཕྱི་རིམ་རྩིབས་བརྒྱད་ལ། རྩ་བའི་དྲག་སྔགས་འབྲུ་བརྒྱད། ཐ་


DNG016_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

མ་རྩིབས་བཅུ་རུ་བྱས་ལ། དུག་མདའ་དབྱུང་བའི་སྤུ་གྲི་དགོད། ཐོད་པ་འོག་མར་ཁྲག་སྣ་ལྔ་བླུགས་ལ། ཐོད་པ་གཉིས་ཁ་སྦྱར་སྟེང་མ་ལ། ཐུན་ཁུང་བཏོད་ལ་ཐུན་དབབ་པ་ནི། རྡོ་ཕྱེ་དང་ལྕགས་ཕྱེ་དང་ཟངས་ཕྱེ་དང་། ལྕགས་ཕུར་དང་། སེང་ལྡེང་གི་ཕུར་པ་རྣམས་ལ། སྔགས་བཟླས་ལ། གང་དམིགས་པའི་ལུས་བདག་གི་འོག་ཏུ་མནན་ལ་ཕུར་པ་དང་ཐུན་རྫས་བྲབ་ཀྱིན་ཐོད་པར་བསྡིམ་མོ། །སྔགས་ཀྱང་དྲག་ལ་བར་མ་ཆད་པར་བཟླ། ཐོད་པའི་འཁྲུལ་འཁོར་ཞིང་གི་མེ་ལ་བདུག །མན་ཏྲ་གྷུ་ཧྱ་སརྦ་དུམ་ནན། འདྲིད་ཕྱུང་། ཁྲི་ཚོ་བཅུའི་ལས་རྫོགས་ནས། ཟོར་བྱ་བ་ནི། གང་དམིགས་པའི་བུ་ག་རྣམས་ལས་ཁྲག་བཏོན་ལ། ཐོད་པ་འོག་མ་ཁྱི་ནག་པོ་དོམ་པོ་དང་། རྟ་ནག་པོ་དང་། ར་རོག་པོ་དང་། རབས་ཆད་ནག་པོ་དང་། དཔའ་བོ་གྲི་རུ་བསད་པའི་ཁྲག་དེ་རྣམས་བླུགས་ལ་དུག་གི་ཆུས་སྦྱངས་ཏེ། ནམ་གྱི་གུང་ལ་གར་གནོད་པའི་ས་རུ་འཕང་ངོ་། །ལན་བདུན་ནམ་དགུ་རུ་བྱས་ནས། མཐར་ཐོད་པའི་སྟེང་འོག་མ་ནོར་བར་དཀྱིལ་འཁོར་ཆེན་པོའི་འོག་ཏུ་གནན་པ་བྱས་ན། སྔགས་ཀྱི་དུག་མདའ་དང་། མ་མོའི་དུག་བྱད་དང་། ཀླུ་གཉན་ས་བདག་གི་དུག་ནད་རྩ་ལ་ཞུགས་པ་ཀུན་ཁོང་ནས་འབྱིན་པར་འགྱུར་ནུས་སོ། །དུག་མདའ་ཁོང་ནས་དབྱུང་བའི་དྲག་སྔགས། དྲག་པོ་ཐོད་པའི་འཁོར་ལོ་མངོན་དུ་ཕྱུང་བའོ། །གཞན་བསྲུང་བ་དང་ཐུན་མོང་དུ་སྤྱོད་ན། གཡག་རུ་གཡས་པ་རྩེ་མོ་མ་བཅད་པར་སྔགས་ལ་ཟོར་འཕང་ངོ་། །མེ་རླུང་སྐྱི་འདང་འཁྲུགས་པའི་རྒྱུད་ལས། དྲག་པོ་ཐོད་པ་མངོན་དུ་ཕྱུང་བའི་ལེའུ་སྟེ་ཉི་ཤུ་བཞི་པའོ།། །།དྲེགས་པ་ལྔའི་ཞལ་གྱི་དམོད་པ། མན་ངག་ཀུན་གྱི་རྩ་བ། བསྒྲུབ་པ་ཀུན་གྱི་སྙིང་བཅུད་དུ་ཕྱུང་བ། དྲག་སྔགས་ཐམས་ཅད་ཀྱི་ཉིང་ཁུ་ཕྲིན་ལས་ཐམས་ཅད་ཀྱི་མཆོག་བསྡུས་པའོ། །ངན་སྔགས་ཐམས་ཅད་ཀྱི་རྒྱལ་པོ། བདུད་ཀྱི་ཁོང་ལྟོ་ཉེ་བར་དྲིལ་བ། དྲག་པོ་བཙན་ཐབས་ཀྱི་སྔགས་རྒོད། སྲོག་


DNG016_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

དམར་ལེན་དྲག་སྔགས། བསད་པ་ཀུན་གྱི་མཆོག་བསྡུས་པའོ། །རྣལ་འབྱོར་པ་དྲོད་གསུམ་དང་ལྡན་པའི་བརྟུལ་ཞུགས་རབ་འབྱམས་ཀྱི་དབང་ཐོབ་པ། ཐུགས་ཀྱི་མན་ངག་ཞལ་གྱི་ཡིག་ཆུང་ཐོབ་པར་བྱས་ལ། ལས་གང་ཡང་བཙན་ཐབས་སུ་ཉེ་བར་བརྩམ་པར་བྱའོ། །དེ་ཡང་ལུང་ལས། དུར་ཁྲོད་དབེན་པའི་བདེ་གནས་སུ། །རང་སེམས་དབེན་པའི་མཚམས་བཅད་ལ། །དཔའ་བརྟུལ་དམོད་པའི་དྲག་སྔགས་བཟླས། །དུར་ཁྲག་རྒྱུ་ལ་ཙཀྲ་བཅའ། །མུ་ཁྱུད་བཞི་དང་ལྡན་པར་བསྐོར། །ལྟེ་བར་གྲུ་གསུམ་མཱ་ར་ནྲྀ། །གཉིས་པ་རྒྱ་གྲམ་ཨེ་དུན་ཀ་ཡང་དགོད། །གསུམ་པ་རྡོ་རྗེའི་རྭ་བརྒྱད་ལ། །སྲོག་ལ་དྲེང་དྲེང་སྲོག་ལ་གསུམ། །དུན་དུན་བཞི་ལ་སྲོག་ལ་རྦད་དང་ལྔ། །ཁམ་ཤག་དྲུག་ལ་རྩ་ལ་རྦད་དང་བདུན། །སྲོག་ལ་ཞེས་པ་བརྒྱད་དུ་དགོད། །ཡང་ལོགས་ཆུ་ཡི་མུ་ཁྱུད་ལ། །གང་བསྒྲུབ་བསད་སྔགས་ལྟོ་སྡེབ་དགོད། །ཐ་མའི་རྒྱ་གྲམ་རྩིབས་བཅུ་ལ། །མྱོགས་དང་རྦད་དང་ཁྱེར་དང་ཕྱུང་། །མུགས་དང་ཏིང་དང་ལིང་དང་ཤག །ལོང་དང་རྦད་རྣམས་རེ་རེར་དགོད། །སྲིད་པའི་རུས་སྦལ་ལྟོ་བར་བཅའ། །ཁ་སྦྱར་ཚར་གྱི་རྫས་ཀྱི་ཡང་སྦལ་པར་གཞུག །དེ་ནས་ཚོན་སྐུད་ཕག་མོའི་ལྟོར། །གཉན་ནམ་མཆོད་རྟེན་ནག་པོ་ལ། །ཉིན་དང་མཚན་རེས་གང་བརྩམ་འགྲུབ། །ཕྱག་རྒྱ་ཟིལ་གནོན་བསམ་གཏན་བསྒོམ། །རང་ཡང་རང་ལ་གབ་པར་བཤད། །མེ་རླུང་སྐྱི་འདང་འཁྲུགས་པའི་རྒྱུད་ལས། ཕྱག་རྒྱ་བསམ་གཏན་གྱི་ལེའུ་སྟེ་ཉེར་ལྔ་པའོ།། །།དེ་ནས་ཡང་། ཨེ་དུན་ཀ་ཡཾ་དགྲ་བོའི་སྲོག་ལ་དྲེང་དྲེང་སྲོག་ལ་དུན་དུན། སྲོག་ལ་རྦད། ཁཾ་ཤག་རྩ་རྦད། སྲོག་ལ་མྱོགས་རྦད། ཁྱེར་ཕྱུང་། མུགས་ཏིང་ལིང་ཤག །ལོང་རྦད། ཨ་པ་དར་ཡཾ་རྦད། རག་ཏི་ཁས་རྦད། ཞེས་གསུངས་པས། འདི་ནི་ཀུན་གྱི་མཆོག་བསྡུས་པས་ཡིན་པས་སྣང་སྣང་མི་བརྩམ། ནག་པོ་ཡི་ནི་དཀར་པོའི་བདམ། །ཐ་ཆུང་བཞི་ལ་དུས་ཚོད་བདམ། །རྒྱུན་


DNG016_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཁོང་ལྟོ་ཡིན་པས་ཀུན་ལ་མི་འཕྱར། །བརྟུལ་ཞུགས་རབ་ཀྱི་སྤྱད་ལ་གཞན་དུ་མ་སྤེལ། །དྲག་སྔགས་ཚད་དང་ལྡན་པར་ཆུ་བོའི་རྐ་མི་གཅད། །སེམས་ཀྱི་དྲོད་ལ་བརྟག་ཅིང་རྨི་ལམ་རྟགས་ལ་མིན། །དམར་ལེན་ཁྲི་བཟླས་ཕྱག་རྒྱ་ཡང་གསལ་གདབ། །སོམ་ཉི་ལེ་ལོ་མི་བྱ་ཚོགས་དང་གཏོར་མ་མིན། །ཐེ་ཚོམ་གཡེང་བ་མེད་ལ་དམ་རྫས་བརྟེན་མི་དགོས། །དགེ་བ་རྒྱུན་མ་གཅད་པར་སྐུལ་ཚིག་གཡེང་བ་མེད། །འཁོར་ལོ་ཐོད་པར་བཅས་པ་རྒྱ་ཡིས་གཟིར་བ་ཡིན། །ས་སྲོས་ཀླུ་གཟིར་ཕྱོགས་སུ་རྔམ་པས་བགྲོད། །དམིགས་པ་ཕྱིན་ནས་མགོ་གཞུག་དྲིལ་ཞིང་གཟིར། །རལ་གྲི་ཕྱག་མཚན་ལྟོ་བཞི་གཤགས་ལ་བསྐོར། །ཐོད་སྟན་དང་བཅས་གྲུ་དོང་སྦས་ལ་བཅག །འབྱུང་བ་བཞི་དང་རི་རབ་ཕོ་བྲང་བསྐྱེད། །རྒྱ་གྲམ་སྟེང་དུ་ལས་ཀྱི་རྒྱལ་པོས་གནན། །བརྒྱ་བཟླས་རང་གི་ཕྱག་རྒྱ་བསམ་གཏན་བསྒོམ། །ཁ་གསོ་མཐའ་རུ་འཕྱ་མ་ཧ་ཡིས་འཕང་། །རང་ལུས་རྡོ་རྗེའི་གོ་གོན་གཞན་གྱི་མཚོན་ཁ་སྙིལ། །ཕྱག་རྒྱ་བརྟན་པའི་དབང་ཐོབ་རྐྱེན་གྱིས་ཤིགས་མི་སྲིད། །མཚོན་ཆའི་རྒྱལ་པོ་དམར་ལེན་གཞན་གྱི་ལུས་སྲོག་འབྲལ། །སྲིད་པ་གདུག་པའི་ལྟོར་ཆུད་འཆོར་ཞིང་འགྱུར་མི་སྲིད། །དྲག་པོ་སྲོག་གཅོད་ཡིན་པས་སྤྲུལ་པ་བླ་མའི་ཁྱབ། །རྫུ་འཕྲུལ་སྟོབས་ལས་སྐྱེས་པའི་གདམས་ངག་དྲག་པོ་གབ། །མེ་རླུང་སྐྱི་འདང་འཁྲུགས་པའི་རྒྱུད་ལས། མཚོན་ཆའི་རྒྱལ་པོ་དམར་ལེན་གཞན་གྱི་ལུས་སྲོག་འབྲལ་བའི་ལེའུ་སྟེ་ཉེར་དྲུག་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས། དྲག་སྔགས་ཀྱི་དེ་ཁོ་ན་ཉིད། སྲོག་དམར་ལེན་གྱི་སྦྱོར་བ། བཅོམ་ལྡན་འདས་དཔལ་ཚེ་བདག་ནག་པོའི་སྙིང་པོ་དོན་གྱི་མན་ངག་ལས་ཁྱད་པར་དམར་ལེན་དྲག་པོ་ནི། བདག་དོན་ཐབས་ཀྱིས་གྲོལ་བའི་ལས། །བ་དང་འོ་མ་ཞོ་དང་མར། །ཞུན་མར་སྣུམ་གྱི་སྙིང་པོའི་ཚུལ། །སྙིང་པོ་སྦྱོར་བ་བསད་དང་གསོ། །བསད་གསོ་ཁྱད་པར་སྦྱོར་བ་དག །གཡེང་


DNG016_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

མེད་བསྟན་དང་གྲོལ་དབང་གཅེས། །སྟོབས་དང་སྦྱོར་བའི་སྙིང་ཕྱུང་འདི། །གོང་མཐུན་རྒྱུ་ལ་ཙཀྲ་བཅའ། །རྫས་དང་ཐང་པའི་སྦྱོར་བ་མིན། །དཔའ་བརྟུལ་དྲག་པོའི་སྟོབས་ཀྱིས་སྤྱད། །གདུག་བྱེད་ཕག་མོའི་ལྟོ་བ་རུ། །སྲིད་པའི་ཁྱམས་ཁང་སྲོག་སྡུད་བཅའ། །ཁྱམས་ཁང་ལྟེ་བར་བརྣག་པའི་གཟུགས། །མིང་གཟུགས་སྙིང་གར་མཚོན་ཆ་བྲི། །ཕྱི་རིམ་རྒྱ་གྲམ་རྩ་བའི་སྔགས། །ཡང་ལོགས་བཅུ་གཉིས་སྤུ་གྲི་དགོད། །རུས་སྦལ་ལྟོ་བའི་ཕྱོགས་མཚམས་ལ། །རྩིབས་ཆེན་བཅུ་གཉིས་རྩེ་མོ་ན། །བསད་པ་དྲག་པོའི་སྤུ་གྲི་ལྡན། །ཕག་མོའི་ལྟོ་ན་རྩིབས་བཅུ་གཉིས། །རྩེ་མོ་ནང་བསྟན་སྤུ་གྲི་དགོད། །འཁྲུལ་མིག་ཁྱམས་ཁང་མིང་རུས་གང་། །དོན་གཉིས་བསྡུས་ལ་སྦྱོར་བ་བསྐུལ། །ཁ་སྦྱོར་ཐོད་པ་དོང་རྩ་བཅའ། །རྒྱུ་རྐྱེན་དྲུག་གི་རྟེན་བཅས་ལ། །ཐོད་པར་བཅུག་ལ་མཐིང་ནག་དགབ། །བསྒོམ་བསྐུལ་དྲག་སྔགས་བསྣོལ་མར་བསྐུལ། །རབ་ཀྱི་རྐང་ཐོན་བསྣོལ་མར་གཅོད། །བློ་འབྲིང་ཐ་མས་བརྒྱ་བརྒྱ་བསྣོལ། །རང་སྔགས་ཕག་མོའི་སྤུ་གྲི་བརྡེགས། །དབུགས་ཀྱི་རྟར་བསྐྱོན་ཡུལ་ལ་འཕང་། །གསང་ལམ་སྒོ་དགུ་རྩ་ལ་འཇུག །རང་བདུད་གཤེད་མ་རང་ལས་ལྡང་། །འོད་ཀྱིས་དུག་ལྔ་གནས་སུ་འཇོམས། །ལུས་སྲོག་དྭངས་སྙིགས་འབྱེད་ཅིང་སྡུད། །སྐུ་ལྔ་ཛྙཱ་ན་པཉྩར་སྨིན། །འགྱུར་མེད་རྟགས་སྟོབས་དཔག་ཏུ་མེད། །སྙིགས་མའི་ཡི་གེ་རྟེན་ལ་དབབ། །རིག་པ་བདེ་བའི་ཀློང་ལ་འཕོ། །དམར་ལེན་བསྐྱེད་པའི་ཁོང་ནས་སྲོག །ཙིཏྟ་དཀར་ནག་ཞུན་ཐབ་ཚུལ། །བརྣག་པའི་རྟེན་ནི་ཞུ་ཞིང་ཁོལ། །ཙ་ནའི་འབྲས་བུས་ལེན་ཅིང་སྡུད། །སྡུད་པའི་ཡི་གེ་གསུམ་དང་ལྡན། །ཡ་ཡིས་འཕུལ་སྦྱོར་ར་ཡིས་བསྲེག །ཐོད་པར་སྙིང་པོ་བཅུད་བསྡུས་བྱས། །ཐོན་གཟིར་ཕུར་པས་གདབ། །ཡི་གེ་བྱིན་ཅིང་རྟེན་དུ་བརྟག །སྟེང་འོག་ཚངས་པའི་རྩ་ལ་བརྟག །རྟེན་ཅན་ཀླུ་གཟིར་གདུག་པ་གཏད། །ཀླུ་ལས་བཅུད་སྤངས་འགྲིན་


DNG016_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

ཟླར་གཏད། །གཞན་དུ་ལྷ་ཡི་སྙིང་པོ་བཅུད། །འགྱུར་མེད་བརྟན་པ་སྟོབས་དཔག་མེད། །ཧ་ལ་ཁང་ཞེས་དུས་ལ་མཐོ། །སྤྲུལ་སྐུ་ཕྱག་རྒྱ་སྐུ་བསམ་ཡས། །ཐོབ་ཅིང་བགྲོད་པ་སྔགས་ཀྱི་སྟོབས། །དྲག་སྔགས་སྦྱོར་ན། ཨེ་མྱགས་ཡ་རྔུབས་མུགས་ཤག་ཀ་དུན་དགྲ་བོ་ཧུར་ཐུཾ་ཛ། རྩ་ཁྲག་སྙིང་ཐུཾ་རིལ་རཀྴ་རྦད། ཙིཏྟ་དྲེང་ཤག་ཛ། སྲོག་ལ་ཧུར་ཐུཾ་རྦད། མ་ཆོད་སྦྱོར་བའི་སྟོབས་ཞན་ནས། །སྟོབས་ཆེན་དྲག་པོ་ནང་རྒྱས་ན། །དྲག་སྔགས་ཡོན་ཏན་གཉིས་སུ་བསྐྱེད། །མི་གཅོད་འགྱངས་ན་དཀྲུག་ནས་སྤོགས། །ཨེ་མྱགས་ཡ་རྔུབས་སྦུབས་ཡ་དུན་ཤག་སྲོག་ཐུཾ་རཾ་ཛ་ལ། ཧུར་རྩ་ཁྲག་དམར་སྙིང་ཐུཾ་རྦད་ཐུཾ། སྙིང་པོ་མན་ངག་ཀུན་གཅོད་འདི། །དཀར་དམར་འཕྲད་ན་ཙིཏྟ་ཆོད། །བྷུ་ཏི་བྷ་ནི་མ་ནོར་ཡིན། །ཏ་ཐཱ་ག་ཡི་གླང་པོ་རྟ་ཡི་མཆོག །ཀ་མ་ར་ཙ་མ་ར་ན། །ཧ་ལ་ཀ་ལ་ཙ་མ་རི། །རུ་ཏྲ་ཏིར་ཏི་མ་རཱ་ཡ། །ནྲྀ་ཀར་མ་བྱེད་བྷ་ས་ར། །གྷུ་ཧ་ས་བའི་མཆོག་བསྡུས་འདི། །རང་གི་སྙིང་ལ་སོ་ཕག་ཐཾ། །མེ་རླུང་སྐྱི་འདང་འཁྲུགས་པའི་རྒྱུད་ལས། ཁྱད་པར་དམར་ལེན་གྱི་སྦྱོར་བའི་ལེའུ་སྟེ་ཉེར་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་སེང་གེའི་ཁོག་བཤིག་པའི་སྦྱོར་བ་འདི་གསུངས་སོ། །བྱིན་ཆེན་བདེ་བའི་གསང་གནས་སུ། །གསང་བ་མཆོག་གི་སྦྱོར་བ་བརྩམ། །བྷི་ལ་ཁོང་འདུས་ཁོང་དྲེགས་ཅན། །ཧ་ལ་ནག་པོ་ཡ་མའི་ཀློང་། །བེ་ག་ཏ་ཡི་འཇིག་རྟེན་ན། །ཡ་མ་རཀྴའི་བདེ་ཀློང་དུ། །སྒྱུ་མའི་སྙིང་པོའི་གནས་སྦྱངས་ལ། །ཐུགས་ཀྱི་བདེ་བ་གཉིས་མེད་སྤྲོ། །དེ་ཡི་སྦྱོར་བ་འདི་ལྟ་སྟེ། །འདུལ་ཁྲིམས་ཉམས་པའི་གོས་བླངས་ལ། །རྡོ་ལྕགས་ཟངས་ཕྱེ་དུག་ཆུས་བསྐུ། །ཆ་གཉིས་བྱས་ལ་ཐིག་གདབ་བརྩམ། །ཟིལ་གནོན་ཕྱག་རྒྱ་དཔང་གཟུག་བསམ། །དྲག་སྔགས་དམོད་པ་སྟོང་དུ་སྦྱར། །ཐ་ཆུང་བཞི་ཡི་མར་ངོ་ལ། །ཉི་ཤུ་དྲུག་ནས་འཁྲུལ་འཁོར་བཅའ། །དབུས་ནས་ཐིག་སྐོར་བཞི་རུ་བསྐོར། །དབུས་སུ་གྲུ་


DNG016_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་བདེ་གནས་སུ། །སྐུ་ཡི་གཟུགས་བརྙན་བྲིས་ལ་མིང། །ཟླ་གམ་གསུམ་ལ་སྲུང་བའི་ལྷ། །ཕྱི་རིམ་བཅུ་གཉིས་གསང་བའི་སྔགས། །ཡང་ལོགས་འཁོར་ཡུག་འབོད་རྦད་སྔགས། །ནྲྀ་དང་ཕྱི་ནང་གོང་མ་བཞིན། །མཐའ་མའི་འཁྲུལ་མིག་བཅུ་དྲུག་ལ། །གསོད་ཅིང་གནོན་པའི་སྤུ་གྲི་དགོད། །སྲིད་པའི་རུས་སྦལ་ལྟོ་ན་གནས། །དུག་དང་ཁྲག་གིས་ངར་བླུད་ལ། །རྗེ་འམ་ཡུལ་སྲུང་ཐོད་པར་གཞུག །རྩང་བཅས་དོང་དུ་མཐིང་ནག་དགལ། །དམིགས་མེད་ངང་ལས་ཡེ་ཤེས་ཀྱི། །རོལ་པ་ཕྱག་རྒྱ་ཆེན་པོར་འཕྲོ། །དྲག་ཏུ་བསྐུལ་ཀྱིན་ཤུགས་ཀྱིས་འཕང་། །མཁའ་ཁྱབ་རྡོ་རྗེའི་སྦྱོར་བས་ཏེ། །དམོད་པའི་ལུས་ལ་སྤུ་གྲི་གདགས། །མིང་རུས་མི་སྦྱར་ཁྱམས་ལ་བཅད། །རྒྱ་མདུད་བརྩེགས་པའི་ལྟོ་རུ་གནན། །ཡང་ན་དཀྱིལ་འཁོར་ཆེན་པོ་ཡི། །འོག་ཏུ་བཀའ་ཡི་བྱིན་བསྡུས་ལ། །རིན་པོ་ཆེ་ཡི་ལྟོ་རུ་གནན། །བཤགས་དང་དགེ་བ་རྒྱུན་མི་གཅད། །འབྱུང་བ་ལྔ་ཡི་དྭངས་བསྡུས་ལ། །རིན་པོ་ཆེ་ཡི་རྒྱས་པར་བསྟན། །རྒྱུ་ཡི་སྙིགས་མའི་སྲོག་བསྡུས་ལ། །དབུས་ཀྱི་འབྲུབ་གནས་གཟུགས་ལ་བསྡིམ། །ས་དང་ཆུ་དང་མེ་དང་རླུང་། །ནམ་མཁའི་དབྱིངས་ཀྱི་ཁོངས་སུ་གཞུག །དམིགས་པ་དག་པའི་ཚད་མ་གདོན། །དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་ལས་ཡེ་ཤེས་སྔགས་ཀྱི་སྤུ་གྲི་བཏོན་ཏོ། །གྷུ་རུ་ནྲྀ་སྲོག་མྱོགས་ཐུཾ་རིལ་རྦད། སྲོག་སྟཾ་བྷ་ཡ་ནན། བགྲོད་པ་མེད་པའི་ཕྱག་རྒྱར་བསྟན། །སེང་གེ་ཁོག་བཤིག་གི་སྦྱོར་བ་བཤད། །མེ་རླུང་སྐྱི་འདང་འཁྲུགས་པའི་རྒྱུད་ལས། སེང་གེ་ཁོག་བཤིག་སྦྱོར་བའི་ལེའུ་སྟེ་ཉེར་བརྒྱད་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་དྲག་སྔགས་གནམ་ལྕགས་ཀྱི་སྦྱོར་བ་འདི་བཤད་དོ། །རང་སེམས་དབེན་པའི་གནས་མཆོག་ཏུ། །དམ་ཚིག་མཆོག་གི་མཚམས་བཅད་ལ། །ཞིང་རས་ལྤགས་ཤུན་ཁྲུ་གང་ལ། །སྦྱོར་བའི་རྒྱལ་པོ་གསུམ་སྦྱར་ལ། །མཆོག་དང་


DNG016_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པར་རྒྱ་བཅད་ལ། །ཞིང་གི་སྲད་བུས་ཐིག་གདབ་བརྩམ། །དབུས་ནས་ཐིག་སྐོར་ལྔ་རུ་དྲང་། །དབུས་སུ་སོར་ཆ་གཅིག་གིས་འཕགས། །གསུམ་པ་སོར་གཅིག་གཉིས་ལ་ཕྱེད། །དབུས་སུ་གྲུ་གསུམ་དྲག་པོའི་གནས། །དེ་ཡི་ཕྱི་རིམ་གསུམ་པ་ལ། །ཕྱོགས་བཞིར་ཐིག་རྐང་གསུམ་དུ་དྲང་། །ཐིག་གདབ་རྒྱ་གྲམ་འཁྲུལ་མིག་བཅུ་དྲུག་གཅོད། །མཚམས་བཞིར་གསང་མཛོད་དྲག་པོའི་གནས། །ཡང་ལོགས་རྩ་བའི་འཁོར་ལོ་ལ། །འཁྲུལ་མིག་ཉི་ཤུ་རྩ་ལྔའི་མཆོག །ཕྱི་རིམ་འཁྲུལ་མིག་བཞི་བཅུ་གཉིས། །ལྕགས་མཁར་འཁྲུལ་མིག་བརྒྱད་ཅུ་དྲུག །གསང་མཛོད་མཚམས་བཞི་དབུས་དང་ལྔ། །སྲིད་པའི་རུས་སྦལ་ལྟོ་ན་གནས། །དེ་ན་གནས་པའི་རིམ་པ་ནི། །དབུས་དང་མཚམས་བཞིར་དམིགས་བྱའི་མིང་། །དྲི་མ་དང་བཅས་ཚེ་སྲོག་སྡུད། །ཕྱོགས་བཞིའི་འཁྲུལ་མིག་བཅུ་དྲུག་ལ། །ཐུན་དང་གསོད་པའི་སྤུ་གྲི་རྣམས། །ཡང་ལོགས་འཁྲུལ་མིག་བཅུ་དྲུག་ལ། །རྩ་བའི་དྲག་སྔགས་འབྲུ་བཅུ་གཉིས། །མཆོག་གི་སྤུ་གྲི་འབྲུ་བརྒྱད་གནས། །བཞི་པ་འཁྲུལ་མིག་བཞི་བཅུ་ལ། །གབ་པའི་བཅུ་གཅོད་དང་བཅས། །དེ་བཞིན་རྒྱན་གྱི་བཅུ་གསུམ་ལ། །གཅོད་ཅིང་གནོན་པའི་སྤུ་གྲི་ལྡན། །ལྔ་པ་ཐ་མའི་བཞི་བཅུ་ལ། །ཐུན་བཞི་སྔགས་ཀྱི་སྦྱོར་བ་གནས། །གང་བྱེད་སྔགས་དང་སྦྱར་ལ་བཟླས། །གང་ཆུ་མྱོས་པ་སྦྱོར་བསྐུལ་སྡུག །ཁ་སྦྱར་རྒྱ་ཆེན་སྔོན་དམར་ལ། །སྔགས་པ་རྩ་ལྔའི་ཐོད་པ་རུ། །རུས་སྦལ་རྒྱ་གྲམ་མིང་རུས་སྔགས། །རྩ་བྱབས་ལྷ་བསྒོམ་དམོད་པ་བཟླས། །ཐོད་པ་ཟིལ་གནོན་ཡེ་ཤེས་བསམ། །འཁོར་ལོ་རྦད་པ་ཕག་མོར་གཞུག །སྦྱོར་བས་དྲིལ་ལ་ཐིག་ལེ་ལ། །རུ་བཞི་རྡོ་རྗེ་རྒྱ་གྲམ་གྱི། །ཚུལ་དང་སྦྱར་ལ་གནན་པ་བྱ། །དགྲ་བོའི་སྲོག་ལ་ཐུཾ་མུགས་ཏི་བྷྱོ། དུན་མུགས་སྲོག་ལ་ཤཾ་ཐུན་རིལ་ཡ་རྦད། མེ་རླུང་སྐྱི་འདང་འཁྲུགས་པའི་རྒྱུད་ལས། དྲག་སྔགས་གནམ་ལྕགས་སྦྱོར་བའི་ལེའུ་སྟེ་


DNG016_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་ཤུ་དགུ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས། རྡོ་རྗེ་དམེ་འཐབ་ཀྱི་སྦྱོར་བ་འདི་བཤད་དོ། །ཡིད་མཐུན་བདེ་བའི་དབེན་གནས་སུ། །དུར་ཁྲོད་གནས་ནས་དཔའ་བོ་ཡིས། །ཞིང་སོགས་རས་དང་རྒྱུ་བླངས་ལ། །སྦྱོར་བ་གསུམ་དང་ལྡན་པར་བྱ། །དེ་ལ་གཅོད་པའི་འཁོར་ལོ་བྲི། །དབུས་ནས་ཐིག་སྐོར་ལྔ་རུ་བསྐོར། །དབུས་སུ་གྲུ་གསུམ་ཟླ་གམ་གསུམ། །ཕྱི་རིམ་འཁྲུལ་མིག་ལྕགས་མཁར་བཞི། །མཚམས་སུ་ཞིང་གི་ཀ་བ་ཅན། །ཡང་ལོགས་འཁྲུལ་མིག་ལྕགས་མཁར་བརྒྱད། །མཚམས་ལ་དེ་བཞིན་ཀ་བ་སྦྲུལ། །བཞི་པ་འཁོར་ཡུག་སྲུང་བའི་གནས། །མཐའ་མའི་འཁྲུལ་མིག་ཉི་ཤུ་ལ། །གསོད་ཅིང་གནོད་པའི་སྤུ་གྲི་གནས། །དབུས་དང་ཟླ་གམ་བསྒྲུབ་བྱའི་གནས། །བཅུ་གཉིས་རྩ་བའི་དྲག་སྔགས་གནས། །འཁོར་ཡུག་གནས་སུ་བསྙེན་པའི་སྔགས། །བར་དུ་རྦད་སྔགས་བསད་སྔགས་མཐའ། །ཕྱི་རུ་མགོ་བསྟན་བརྒྱ་བརྒྱས་བསྐུལ། །བསྙེན་པ་ཁྲི་ཡིས་བོས་ལ་གཟིར། །སྔགས་ནི་མེ་དབལ་འཁོར་ལོ་མཚོན། །འཁོར་ལོ་མེ་དབལ་མཚོན་ཆེན་གྱིས། །ཞིང་བཅུ་སྡིག་ཅན་བསྲེག་ཅིང་འཇོམས། །འཁྲུལ་མིག་རྩ་བ་ཉི་ཤུ་གཉིས། །གསང་མཛོད་མུན་ཁང་གནམ་ལྕགས་འབར། །རུས་སྦལ་ལྟོ་ན་མཚོན་ཆ་མེ། །འོད་ཀྱི་གོང་བུས་འཁྲུག་ཅིང་གསོད། །དེ་ནས་བཅོམ་ལྡན་འདས་ཉིད་ཀྱིས་སྐུ་གསུང་ཐུགས་ལས་དྲག་པོ་སྤུ་གྲི་འདི་བཏོན་ཏོ། །ནྲྀ་སྲོག་ལ་དུན་རྨུགས། ས་མ་ཡ་མྱོགས་མཱ་ར་ཡ་རྦད། ནྲྀ་སྲོག་གཟིར་སྟཾ་བྷ་ཡ་ནན། སྔགས་ཀྱི་འོད་དང་འབར་བའི་དབལ། །གདུག་པ་རང་གཤེད་རང་ལ་དབབ། །མཚོན་ཆ་ངར་བླུད་མེ་དབལ་དུག །ཁྲི་བཞིའི་སྦྱོར་བས་དྲིལ་ལས་འཕང་། །ཐོན་ནས་རྩང་བྱས་ཐོད་པར་གནན། །ཟིལ་གནོན་ཕྱག་རྒྱས་གཟིར་ཞིང་དབབ། །འཁོར་ལོ་སྔོན་དམར་དང་བཅས་དྲིལ། །སྦལ་པ་ཕག་མོ་ཐོད་པ་དང་། །རེ་བས་མཁར་ནག་སྟག་གི་འཛུམ། །གཏད་པའི་སྦྱོར་བ་


DNG016_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

སྔ་མ་བཞིན། །རྩ་བ་གཅིག་ལ་ཡན་ལག་འབྱུང་། །དམ་ཚིག་མནའ་ཆུ་གཟིར་གསུམ་མཐར། །དྲག་པོའི་ལས་ལ་ཡང་ཡང་བརྩམས། །དམེ་འཐབ་དྲག་པོའི་སྦྱོར་བ་བཤད། །མེ་རླུང་སྐྱི་འདང་འཁྲུགས་པའི་རྒྱུད་ལས། རྡོ་རྗེ་དམེ་འཐབ་སྦྱོར་བའི་ལེའུ་སྟེ་སུམ་ཅུ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་སྟག་མོ་ཁ་འཐབ་ཀྱི་སྦྱོར་བ་འདི་བཤད་དོ། །ཤོག་བུ་གྲུ་བཞི་མཛུབ་གང་ལ། །སྨེ་བ་ལྔ་ཡིས་ཐོད་པ་བྱ། །ནི་རང་སུ་ཡི་ཐལ་བ་ཡིས། །མཐའ་མ་བརྒྱད་དང་རྐྱང་བཅས་ལ། །ཐིག་སྐུད་ཟླུམ་པོ་བཞི་རུ་བསྐོར། །དབུས་སུ་གྲུ་གསུམ་མིང་དང་རུས། །ཟླ་གམ་གསུམ་ལ་ལྷ་ཡང་དགོད། །འཁྲུལ་མིག་བཅུ་གཉིས་རྩ་བའི་སྔགས། །མུ་ཁྱུད་སྟོང་ཐུན་རྦད་བསད་སྔགས། །བསྙེན་པ་ནང་དང་འབོད་རྦད་ཕྱིར། །མཐའ་མ་རྩིབས་མཆན་བཅུ་གཉིས་ལ། །གཅོད་ཅིང་གནོན་པའི་སྤུ་གྲི་དགོད། །མྱོས་པ་སྟོབས་དང་བྲལ་བ་ཡི། །དྲག་པོ་སྟོབས་ཀྱི་འཁྲུལ་འཁོར་ཡིན། །རྩ་བར་བཅས་པའི་མཚོན་ཆ་ལོ་མ་མེ། །དོན་ལྡན་སྔགས་པས་སྔགས་པ་འཇོམས། །རབས་ཆད་ནག་པོའི་ཐོད་པར་གཞུག །རྩང་བཅས་དོང་དུ་དྲག་སྔགས་བསྐུལ། །ཐོད་པ་ཆས་བཅས་སྟོང་གིས་གཟིར། །མུན་པའི་གླིང་དུ་གནན་པར་བྱ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་སྐུ་གསུང་ཐུགས་ལས་སྦྱོར་བ་དྲག་པོའི་སྤུ་གྲིའི་སྔགས་འདི་བཏོན་ཏོ། །དགྲ་བོའི་སྲོག་ལ་མཱ་ར་ཡ་རྦད། དགྲ་བོའི་སྲོག་སྟྭཾ་བྷ་ཡ་ནན། མཚོན་ཆའི་རྒྱལ་པོ་འཁོར་ལོ་ཅན། །གཅོད་པ་སྐམ་པ་སྤུ་གྲིའི་ཚུལ། །གཟིར་བ་སྟོབས་ལྡན་བསམ་པ་དཀའ། །མ་ལུས་ཀུན་འཇོམས་ཐབས་ཀྱི་མཆོག །མེ་རླུང་སྐྱི་འདང་འཁྲུགས་པའི་རྒྱུད་ལས། སྟག་མོ་ཁ་འཐབ་ཀྱི་སྦྱོར་བའི་ལེའུ་སྟེ་སོ་གཅིག་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་གཞན་གྱི་ཕོ་ཉ་བསྐུལ་མགྱོགས་སླར་ལ་བཟློག་པ་འདི་བཤད་དོ། །སེམས་ཉིད་དབེན་པའི་བདེ་གནས་སུ། །རིག་མེད་གཞན་གྱི་སྦྱོར་བ་


DNG016_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ཤམ། །ཕོ་ཉ་གཟིར་ཞིང་སླར་ལ་བཟློག །དྲག་སྔགས་ནུས་པས་གཞན་དབང་སྡུད། །མུ་སྟེགས་ཅན་ནི་ལུས་སྲོག་དབྲལ། །དེ་ཡི་སྦྱོར་བ་འདི་ལྟ་སྟེ། །དྲེད་མོ་རལ་པ་གསིག་པ་ཡིས། །ཞབས་མས་ཙཀྲའི་རྒྱུ་བྱས་ལ། །ས་དཀར་ཅོང་ཟི་རུས་པ་ཡིས། །ཁ་དོག་ཕྱུང་ལ་འཁོར་ལོ་བྲི། །དབུས་ནས་ཐིག་སྐོར་ལྔ་རུ་བསྐོར། །དབུས་སུ་གྲུ་གསུམ་ནག་པོ་ལ། །དམིགས་པའི་གཟུགས་ནི་སྤྱིའུ་ཚུགས་བཞག །ཟླ་གམ་མིང་རུས་དེ་བ་བྲི། །མུ་ཁྱུད་སྦྲུལ་གྱི་ར་བས་བསྐོར། །འཁྲུལ་འཁོར་བཅུ་གཉིས་རྩ་བའི་སྔགས། །ཕྱི་རིམ་རྡོ་རྗེ་རྒྱ་གྲམ་ལ། །སྲོག་ལ་ཐུན་མུགས་བྷྱོ། འོག་ཕྱོགས། སྲོག་ལ་ཁམ་ཤག་བྷྱོ། སྲོག་ལ་དྲེང་ཤག་བྷྱོ། སྲོག་ལ་ཡཾ་ཤག་བྷྱོ། ནྲྀ་ཐུམས་མཱ་ར་ཡ་རྦད། སྲོག་ལ་དྲེང་ཤག་བྷྱོ། སྲོག་ལ་ཡཾ་བྷྱོ། ནྲྀ་ཐུམས་མཱ་ར་ཡ་རྦད། གཡོན་གྱི། རང་སྔགས་མིང་བཅས་བསྐོར་བ་བྲི། །ཕྱི་རིམ་རྩིབས་མཆན་བཅུ་དྲུག་ཏུ། །གསོད་ཅིང་གནོན་པའི་སྤུ་གྲི་དགོད། །སྦྱོར་བ་ཐམས་ཅད་སྔ་མ་བཞིན། །དག་དིག་གླན་གླེན་ཐོད་པ་རུ། །སྦྱོར་བ་དྲིལ་ལ་བདག་དབང་བསྡུ། །སྔགས་པའི་འོག་ཏུ་གནན་པར་བྱ། །ཕོ་ཉ་བཟློག་པའི་སྦྱོར་བ་བཤད། །མེ་རླུང་སྐྱི་འདང་འཁྲུགས་པའི་རྒྱུད་ལས། ཕོ་ཉ་བཟློག་པའི་ལེའུ་སྟེ་སོ་གཉིས་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་སེང་གེ་མཆེ་སྦྱོར་གྱི་སྦྱོར་བ་འདི་བཤད་དོ། །དམ་བསྲེས་དམ་སྔགས་གཅིག་པ་ན། །སེང་གེ་མཆེ་སྦྱར་གཅེར་བུ་དྲེད། །ལྡན་པར་ཁྲག་གི་སྦལ་པ་བྲི། །དམེ་ཁྲག་དུག་རྐྱེན་བསླང་ནས་བསྐུལ། །ཐོད་པ་གཟིག་གི་ཐིག་ལེར་གནན། །སྔགས་པོ་ནག་པོ་སྤྱི་ཡི་སྤུན། །སྤྱི་གཙུག་སྙིང་གར་བསེ་སྦལ་བྲི། །གནག་པ་དུག་རྒོད་རྫའི་ཁྲག །ཐོད་པ་མུན་པའི་གླིང་དུ་གནན། །བོན་པོའི་རིགས་གཉིས་འཛིན་པ་ལ། །དམེ་ཕུར་སྡིག་པ་ཀླད་པར་སྦལ། །སྙིང་ལ་ཕག་རྒོད་གསད་པ་སྦྲུལ། །བཅུག་


DNG016_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ནད་ངན་ནད་ཁྲག་བསྐུ། །ཐོད་པ་སྲིན་མོའི་སྒྲོམ་དུ་གནོན། །མེ་རླུང་སྐྱི་འདང་འཁྲུགས་པའི་རྒྱུད་ལས། སེང་གེ་མཆེ་སྦྱར་གྱི་ལེའུ་སྟེ་སོ་གསུམ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས། མ་མོ་སྙིང་ཧུར་ཐུཾ་གྱི་མན་ངག་འདི་གསུངས་སོ། །འདི་ལ་མོན་གྱི་ཐོད་པར་མིང་རུས་བཅུག་ལ་ལྕགས་ཕུར་ནས་ཙམ་གཅིག་གདབ། སྟག་གི་ཐོད་པར་སྔགས་སུམ་ཁྲི་བཟླས་ལ། མནན་ན་དྲིང་འཕང་ངོ་། །ཤིན་རྩ་ཙ་ཏུ་བདུག་ཐུཾ་རྦད། མུགས་རྩར་ལིང་མ་ཧཱ་རག་མོ་རཀྴ་རྦད་ཙིཏྟ་མ་ལ་ཡ། ཛ་དུན་རྦད་ཡ། ཞེས་གསུངས་སོ། །རྒྱ་ཚིལ་གོ་ཏ་ར་མ་བཏང་། དོང་གྲུ་གསུམ་གྱི་ནང་དུ་བོང་བུའི་ཕོ་མཚན་བཅུག་ལ་གྱེན་དུ་བསྟན་ལ་གཞག །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཕུར་པ་མདའ་འཕེན་གྱི་སྦྱོར་བ་འདི་གསུངས་སོ། །དང་པོ་ལ་དཀྱིལ་འཁོར་གྲུ་གསུམ་ཆག་གང་བ་ཞིག་བྱ། ནང་དུ་རབས་ཆད་ཐོད་པ་རུ། རྫས་ཀྱིས་བྱུགས་ལ། ཕུར་པ་ནག་པོ་ཁྲུ་གང་བ་ལ། སྟོད་དུ་མི་ཁྲག །སྨད་དུ་ཁྱི་ཁྲག་བྱུག །ལྷ་རྣམས་རྫོགས་པར་བྱིན་གྱིས་རློབས། ལིངྒའི་ནང་དུ་གཞུག །དྲག་སྔགས་བདུན་འབུམ་ཚད་དུ་གདབ། །རབ་ཀྱིས་ཕུར་པ་མདའ་རུ་འཕེན། །འབྲིང་གིས་བླ་རྟགས་ཉམས་སུ་མྱོང་། །ཐ་མས་དགྲ་བགེགས་ཐལ་བར་རློག །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཏ་སྟ་ད་ཛ་ཀ་ཧཱུྃ་ཕཊ། སརྦ་ཏྲ་ཡ་མ་ཏི་ཛ་ཛ་ཨེ་ཏྲི་ཧུར་ཀི་ལི། ད་ཤ་རྦད། བདུན་འབུམ་བྱེ་བ་བཟླས་ཏེ་འཕང་ཞེས་གསུངས་སོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ལྟས་ངན་དང་ཆོ་འཕྲུལ་དབབ་པའི་སྦྱོར་བ་འདི་གསུངས་སོ། །སྲམ་དང་བྱི་བའི་ཐོད་པ་རུ། །བྱི་ལ་ཟེར་མོ་སྲིན་བྱའི་ཁྲག །སྤུ་དང་ཤ་སྦྱར་ཞབས་མས་གྲིལ། །དེ་བཞིན་གར་འབེབས་མིང་དང་སྔགས། །ཁྲག་གིས་བྲིས་ལ་ཐོད་པར་གཞུག །ཁྲི་བདུན་བཟླས་ལ་ཞིང་རས་གྲིལ། །ས་སྲོས་དམིགས་པའི་འགྲམ་ལ་གཞུག །ཟླ་བ་བདུན་ནས་ལྟས་ངན་འབབ། །སེམས་ཀྱི་དཀྱིལ་དུ་གཞག །སྦྲུལ་དང་


DNG016_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

སྦལ་པའི་གསོབ་བཤུས་ལ། །དགྲ་ཡི་ས་ཆུ་གདུག་པའི་ས། །དུག་ཆུས་སྦྲུས་ལ་དེ་ཉིད་གཟུགས། །གང་དམིགས་བྱས་ལ་སྔགས་ཀྱིས་གྲིལ། །གསོབ་དེ་བརྒྱངས་ལ་ཚ་བས་བསྐུ། །དྲག་སྔགས་ཚད་ལྡན་ལམ་ལ་གཞུག །གདུག་པ་གཟུགས་ཀྱི་ཆོ་འཕྲུལ་འབྱུང་། །ཐོད་པར་དུར་མ་གཉིས་བཙལ་ལ། །དམེ་མནོལ་གྲི་ཁྲག་ཁ་མིག་བཏོད། །དུག་དང་སྨེ་བ་ལུད་ངན་བསྐུ། །གང་དམིགས་མིང་དང་ཕོབ་ལ་གཞུག །མཁར་གྱི་དྲེས་དང་འགྲམ་འོག་སྦ། །ཐོད་པ་འཐབ་དང་རྒྱུག་པ་འབྱུང་། །ཁྲ་དང་འུག་པ་སྲིན་བྱའི་སྙིང་། །ཤ་ཁྲག་དང་བཅས་བག་ཟན་དུག །དགྲ་བོའི་ཁང་པར་ཚ་བར་སྦྱར། །མནོལ་ཁྲག་བསྐུས་ལ་བྱ་གཟུགས་བྱ། །གང་དམིགས་མིང་རུས་སྔགས་ཀྱིས་གྲིལ། །ཁྲི་བརྒྱད་བཟླས་ལ་ཞབས་མས་གཏུམས། །མཁར་གྱི་རྩེ་དང་སྐེད་ལ་བཅའ། །བྱ་དེ་སྐད་འབྱིན་སྡེར་མཆུས་འཛིངས། །ལྟས་ངན་སྡིག་པའི་ཐན་སྐད་འབྱིན། །ལྟས་ངན་སྲོད་ཀྱི་སྨག་ལ་འབབ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་དྲག་སྔགས་འདི་བཏོན་ཏོ། །ཨེ་ཀ་ཧེ་དུན་མྱགས། རྔུབས་ཤག །མུག་ཏྲི་ལིང་རྦད། སྤུ་རཾ་ལཾ་སྤུར། ནཱ་ག་རཱ་ཛ་ཏ་ལ། ཀ་པ་ཏ་ཧྱ་ཧ་ལ་ཧ་ལ། ཀ་ལིང་ཧས་ཐོབ། མེ་རླུང་སྐྱི་འདང་འཁྲུགས་པའི་རྒྱུད་ལས། ལྟས་ངན་དབབ་པའི་ལེའུ་སྟེ་སོ་བཞི་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས། དྲག་སྔགས་ཀྱི་དེ་ཁོ་ན་ཉིད་རང་གཤེད་རང་ལ་དབབ་པ་འདི་ལ། སྤྱི་དོན་རྣམ་པ་བཞི་སྟེ། དེ་ཉིད་རྣམ་པ་གསུམ་གྱི་དོན་དང་། སྐུ་གསུམ་གྱི་དོན་དང་ལྡན་པར་བྱ་བ་དང་། ཡི་གེ་གནས་ལུགས་ཤེས་པར་བྱ་བ་དང་། བཟླ་ལུགས་ཤེས་པར་བྱ་བ་དང་བཞིའོ། །དང་པོ་སྐུ་གསུམ་གྱི་དོན་ནི། ཆོས་ཉིད་རང་བཞིན་མེད་པའི་བསྒོམ་པ་དང་གཅིག །དེའི་བྱིན་རླབས་ལས་ཡ་མཱནྟ་ཀར་བསྒོམ་པ་དང་གཉིས། དེའི་ཐུགས་ཀྱི་སྤྲུལ་པ་ཕྱག་ན་


DNG016_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་བསྒོམ་པ་དང་གསུམ་མོ། །དེ་རྣམ་པ་གསུམ་ནི། དྲེགས་པ་ཕྱིར་གཟིར་བ་དང་། གང་གནོད་པ་དང་རྟགས་སྟོན་པ་གཅིག །གང་གནོད་པ་ཕྱིར་གཟིར་བས། གང་གནོད་བྱེད་ཅིག་སྒོ་ཡིས་དེ་ནས་རྟགས་སུ་འོང་བའོ། །ཡི་གེ་གནས་ལུགས་གསུམ། བདག་ལ་གནས་པ་དང་། དོན་གང་ལ་གནས་པའོ། །བདག་གི་ཙིཏྟའི་དཀྱིལ་ན་ཨེ་དང་བཛྲ་གནས་དང་། རྩ་བཞི་ལ། ཆོས་ཉིད་ཀྱི་རྩ། ཡོན་ཏན་ལ་རྩ། ཡེ་ཤེས་ལ་དུ། རང་རྒྱུད་ལ་སྟན། དེ་ལྟར་གནས་དང་ས་བདག་གི་སྟོབས་དང་གོ་ཆ་འབྱེད་པ་དང་། སྔགས་གཞན་ཕན་པར་བྱེད་པའོ། །དགྲ་དང་བགེགས་རྒྱུད་ལ་གནས་པ་ནི། ཡན་ལག་བཞི་ལ་ཏྲིག་གནས། མགོ་ལ་ནན་གནས། སྐེ་ལ་ཧུར་གནས། སྙིང་ག་ན་རང་གི་འབྲུ་རེ་གནས། དེ་འཛིན་ཅིང་འཕྲོག་པར་བྱེད་པ་ཧུར་ཐུཾ་ཛ་ཡིས་བསྐོར་ནས་གནས། རྩ་བཞིའི་སྦུབས་ན། མཱ་ར་ཡ་རྦད། བྱ་བ་གོ་རིམ་དུ་གནས། རང་གི་རྩ་མདུད་ལ་འདི་ཡི་ཡི་གེ་གནས་སོ། །དགྲའི་རྩ་མདུད་བཞི་ལ། རྦད་བཞི་གནས་པ་ལ། སྲོག་ཅེས་བོས་ལ་བཅད་པའོ། །བཟླ་ལུགས་ནི་དགྲ་བགེགས་གཉིས་ལ་བཞི་བཞིར་ཤེས་པར་བྱ་སྟེ། དཔལ་དྲེགས་པ་ཅན་སྤྱིར་དྲིལ་ལ་གཟིར་བ་དང་གཅིག །སྒོས་གཟིར་བ་ཡང་བཞིའོ། །དེ་ཡང་དང་ལ་གང་གནོད་པའི་ཡི་གེ་གནད་ཀྱིས་གཟིར་ཏེ། གཅིག་གིས་འགྲེ་སྟེ། ཏིརྟི་ཀ་ཏྲི་ག་ནན། ཞེས་དང་ལ་གཟེར་བ་དང་། དུ་ཧུ་ར་ཐུཾ་ཛ་ཡིས་སྙིང་གི་དཀྱིལ་ན་དུ་གནས་པ་འཕྲོག །ཨེ་བསྡུས་ནས་ལིངྒ་ལ་བསྡིམ་པ་དང་། མཱ་ར་ཡ་ཙེར་གིས་ལས་སྦྱོར་བ་གཅོད་པའོ། །དེས་གདོན་མ་ཆོམས་ན། སྤུ་གྲི་གསུམ་དང་བསྡེབ་པ་ནི། མ་མ་རུ་ལུ་ཏྲིག་ནན། མ་ཧུར་ཐུཾ་ཛ། མཱ་ར་ཡ་རྦད། ཅེས་པའོ། །དེས་ཀྱང་མ་ཆོམས་ན། སྟོབས་དང་ཆས་ཏེ་གཏོར་ལ་བཟླས་པ་ནི། བཛྲ་སརྦ་དུར་ན་ཙ་ཏྲི་ཏྲིག་ནན་ཞེས་གཟིར། བཛྲ་སརྦ་དུཥྚན་ཙ་ཧུར་ཐུཾ་ཛ་ཡིས་རྣམ་པར་ཤེས་པའི་ཡི་གེ་འབྲུ་གཅིག་འཕྲོག་ལ། ཨེའི་འོད་ལ་འདུས་ཏེ། ལིངྒ་ལ་བསྡིམ།


DNG016_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་སརྦ་དུཥྚན་ཙ་ཏྲི་མཱ་ར་ཡ་རྦད། ཅེས་པའོ། །དེ་དང་ངེས་པར་མ་ཆོམས་ན། བཛྲ་དུཥྚན་ཏིརྟི་ཀ་ཏྲིག་ནན། ཙིཏྟ་ཧུར་ཐུཾ་ཛ་མཱ་ར་ཡ་རྦད། ཅེས་དྲིལ་ལ་བརྡེག་པའོ། །དེ་ཡིས་གནོད་བྱེད་ཀུན་ལ་སྦྱར་བཟླས་ན། གང་ཡང་གསུངས་པའོ། །མཐར་ཁྱི་སྤྱང་གི་ཐོད་པའམ། གླང་གཡག་གི་རྭ་རུ་བཅུག་ལ་ཀ་རྟེན་དང་ལམ་རྒྱ་གྲམ་ལ་གནན་པ་བྱ། དམ་དུ་གནོད་ལ་ཟོར་དུ་བཅུག་ལ་གཏད། གདུག་པ་གསུམ་གནད་བསྲེག་ལ་ཟོར་དུ་འཕང་ངོ་། །དགྲ་ལ་བྱེད་ན་བཟླས་ལུགས་བཞི་ནི། བཛྲ་སརྦ་དུཥྚན་ཆེ་གེ་མོ་ཏྲིག་ནན། ཞེས་ལྷ་དང་བཅས་པ་གཟིར་ལ། མྱོགས་ཤིང་ཟླུམ་པར་བྱ། བཛྲ་སརྦ་དུཥྚན་ནྲྀ་ཧུར་ཐུཾ་ཛ། ཞེས་སྙིང་དཀར་ནག་གི་མཚམས་ནས་ནྲྀ་འཕྲོས་པ། ཨེ་ལ་བསྡུས་ཏེ་བདག་ལ་ཐིམ་པའོ། །གོང་དང་འདྲེན་ཤུལ་ལ་ལིངྒ་བསྡུས་ལ་ཐོད་པར་བཅུག་ལ་གཟིར་བ་ནི། བཛྲ་སརྦ་དུཥྚན། དགྲ་བོ་སྲོག་ཏིག་ཅེས་བརྗོད་པའོ། །མནན་པའི་མན་ངག་གསུངས་ཏེ། ལིངྒ་མནན་པ་དང་། འཁོར་ལོ་བྲིས་ལ་ཡ་མཱནྟ་ཀ་དང་ཕྱག་ན་རྡོ་རྗེའི་ལྟོ་བར་བཅས་ལ། མིང་རུས་དང་ཁམས་དང་། སྙིང་པོ་བྲིས་ལ། དུག་ཁུ་དང་། ཁྲག་སྣ་དང་། ཚ་བ་གསུམ་བསྐུས་ལ། སྔོན་དམར་དང་། ཆུ་དར་དང་། རྒྱ་སྐྱེགས་དང་། རེ་བས་མཚམས་བྱས་ལ་གནན་པ་བྱའོ། །དེ་ཡང་ཐོད་པ་བྱེད་པ་ན། སྔགས་པ་བྱི་བའི་ཐོད་པར་མནན། རིགས་ངན་ཁྱི་ཡི་ཐོད་པར་མནན། བུད་མེད་སྲེ་མོང་ཐོད་པར་མནན། དེ་དག་མ་རྙེད་ན་མོན་པའི་ཐོད་པར་མནན་པ་ཡིས། དེ་ཡང་རྒྱུད་ལས། བསྲེག་ན་ཁྲུ་གང་ཧོམ་ལ་བསྲེག །འཕེན་ན་ཐོད་ཁྲག་ཟོར་དུ་འཕང་། །གནོད་ན་མོན་ཐོད་དབྱེ་བས་མནན། །ཞེས་པའོ། །མེ་རླུང་སྐྱི་འདང་འཁྲུགས་པའི་རྒྱུད་ལས། སྤྱི་དོན་ཐུན་མོང་གི་ལེའུ་སྟེ་སོ་ལྔ་པའོ།། །།དེ་ནས་ཡང་བཅོམ་ལྡན་


DNG016_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ཀྱིས་དོན་གྱི་མན་ངག་དྲག་པོའི་སྔགས་རྒོད་འདི་གསུངས་སོ། །གདུག་པ་གསུམ་གྱི་མཛེ་ནད་དར་བ་ལ། །དམར་ལེན་སྙིང་པོ་གབ་པ་གསང་བའི་ལས། །ཞུན་མར་སྙིང་པོ་བཅུད་ལྔ་གསོ་བའི་མཆོག །དབྱེ་བའི་གནས་སུ་རང་མཚན་མཚམས་བཅད་ལ། །གདེང་གསུམ་ལྡན་ལ་གསལ་བ་གསུམ་བསྒོམས་ལ། །དམོད་པ་དྲག་པོ་སྔགས་ཀྱི་སྤུ་གྲི་བཟླས། །རང་བཞིན་བཙན་ཐབས་དྲག་པོ་གསུམ་དུ་བཅད། །རང་བཞིན་ལྷ་གསལ་སྟོང་སྟོང་ཟླ་བར་བཟླས། །བཙན་ཐབས་རྫས་རྒོད་དུ་བས་བདུག་ལ་དགྲམ། །དྲག་པོ་གནོན་པའི་ས་ཆུ་དུག་ཁྲག་བསྲེ། །བག་ཟན་དང་སྦྱར་གདུག་པའི་གཟུགས་བརྙན་བྱ། །རྒྱ་ཤོག་གཟུགས་ལ་ནཱ་ག་ས་བྲིས་ལ། །སྔགས་དང་མིང་སྤེལ་གཟུགས་ཀྱི་མཐའ་མ་བསྐོར། །དྲག་སྔགས་དམོད་པ་རྔམ་ཚིག་ལྡན་པར་བཟླས། །ཨེ་མྱགས་ཡ་རྔུབས་མུག་ཤག་ཀ་དུན་ས་ནཱ་ག་པུར་ཧུར་ཐུཾ་ཛཿ། ས་ནཱ་ག་ཙིཏྟ་རྦད། ས་ནཱ་ག་སྙིང་གཟེར་རྦུད་ནན་རྦད། མནོལ་ཁྲག་ཐུན་བརྡེག་མཐའ་རུ་ཀ་རྟེན་གནན། །ཕག་ཐོད་ཡུགས་ས་མོ་ཡི་དོར་རྟར་གྲིལ། །འདི་མེད་བསྲུང་བ་ཐམས་ཅད་རང་འཆི་འགྱུར། །རྒྱུད་རྒྱལ་བཤད་པའི་སྙིང་པོ་བླ་མ་དམ་པས་སྟོན། །མེ་རླུང་སྐྱི་འདང་འཁྲུགས་པའི་རྒྱུད་ལས། དོན་གྱི་མན་ངག་དྲག་པོ་སྔགས་རྒོད་ཀྱི་ལེའུ་སྟེ་སོ་དྲུག་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་སྲིན་མོ་ལྕགས་ཐག་གི་སྦྱོར་བ་འདི་གསུངས་སོ། །ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །རྒྱལ་བའི་བཀའ་ལས་འདས་པ་དང་། །མཚམས་མེད་ལྔ་ལ་སྤྱོད་པ་དང་། །དགོན་པའི་གནས་སུ་ཕྲ་མ་དང་། །དམ་ཆོས་དགེ་འདུན་སྨོད་པ་དང་། །བདེན་པའི་དོན་བོར་ལོག་ལྟ་སྤྱོད། །དེ་ཚེ་སྔགས་ཀྱི་དམོད་པ་བཅའ། །དུར་ཁྲོད་ཤིན་ཏུ་དབེན་པ་རུ། །མཆོག་གསུམ་ཚང་བའི་གནད་བཅས་ལ། །སྡེ་གསུམ་སྔགས་ཀྱི་དམོད་པ་བཅའ། །དེ་ཡང་རྣམ་པ་གཉིས་ཡིན་ཏེ། །ལུས་སྲོག་དབྱེ་དང་ལོ་ཏོག་གཞོམ། །དང་


DNG016_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

པོ་སྦྱོར་བ་འདི་ལྟ་སྟེ། །རྒྱ་ཤོག་དུར་ཁྲོད་རོ་རས་ལ། །སྨེ་བ་ལྔ་ཡི་ཐོད་པ་བྱ། །ནི་རང་སུ་ཡིས་མདོག་བཏོན་ལ། །ཐིག་སྐོར་རིམ་པ་བཞི་རུ་བསྐོར། །དབུས་སུ་གྲུ་གསུམ་བརྣག་པའི་གཟུགས། །རུས་ཁམས་མིང་དང་སྙིང་པོ་བྲི། །ཟླ་གམ་དབང་སྡུད་སྲུང་བའི་ལྷ། །ཕྱི་རིམ་རྒྱ་གྲམ་འཕེན་པའི་སྔགས། །རྩ་བ་དྲིལ་བའི་འབྲུ་བརྒྱད་བཀོད། །ཡང་ལོགས་བཅུ་གཉིས་འཁོར་ལོའི་རྩིབས། །བླ་དེད་སྲོག་འགུགས་དྲག་པོ་དགོད། །ཐ་མ་རྩིབས་མཆན་བརྒྱད་གཉིས་ལ། །ལུས་སྲོག་འབྱེད་དང་ནད་བསྲེག་དགོད། །མཚོན་ཆའི་རྩེ་མོར་སྔགས་མགོ་ནང་། །བར་དུ་འཁོར་ཡུག་ལྟོ་སྦྱོར་མིང་། །བཀོད་ལ་ཕག་མོའི་ལྟོ་བར་བཅའ། །གྲི་ཁྲག་ནད་ཁྲག་དུག་ཆུས་བསྐུ། །ཁ་སྦྱོར་ཚོན་གྱིས་རྒྱ་གྲམ་བསྡམ། །སྤྱང་ཀི་དར་མའི་ཐོད་པར་གཞུག །ལིངྒ་དུག་དང་མཁར་པ་ས། །མཁར་སྒོངས་དག་ལ་ཙོག་པུར་བྱ། །བཞི་བཅས་ཐོད་ཆེན་ནང་དུ་བརྣག །གྲུ་གསུམ་མཎྜལ་ལྷོ་ནུབ་ཏུ། །ཆག་གང་མཐུར་མཐའ་བརྐོས་ལ་གཞུག །དམེ་ཁྲག་ནལ་ཁྲག་ར་རོག་ཁྲག །ཡུགས་ས་ཕོ་མོ་གྲི་བོའི་ཁྲག །ཐོད་ཆེན་ལིངྒ་དེ་བཞིན་གནག །ལྕགས་ཕྱེ་ཟངས་ཕྱེ་རྡོ་ཕྱེ་དང་། །ཉུང་དཀར་ཐལ་ཆེན་དུག་ངར་བཅས། །ཐོད་ཚལ་ནང་དུ་མཚོན་ཆ་བཤམ། །སྔགས་པས་གསལ་གསུམ་ཟིལ་གནོན་བསྒོམ། །མདུན་ན་ཞིང་བསྣོལ་ཉི་མ་ལ། །སྤྲུལ་པའི་མ་མོ་སྲོག་གཅོད་མ། །མགོ་དགུ་ཕྱག་ཀྱང་བཅོ་བརྒྱད་ལ། །ཀྵ་དང་རག་མོ་ཐུགས་ཀར་བསྟན། །དབུ་དགུ་སྟེང་མ་བྱ་ཡི་དབུ། །དུར་བྱ་ཁྲ་དང་བཞད་ཀྱི་དབུ། །ནང་ཁྲོལ་གློ་སྙིང་ཟ་ཞིང་རྔམ། །བར་གྱི་དབུ་གསུམ་དུད་འགྲོའི་དབུ། །དོམ་དང་དྲེད་དང་ཆུ་སྲིན་དབུ། །རྩ་དང་ཁྲག་དང་ནང་ཁྲོལ་ཟ། །རྩ་བའི་དབུ་གསུམ་ཁྲོ་མོ་སྟེ། །གཡས་དཀར་གཡོན་དམར་དབུས་མཐིང་ལ། །མཆེ་བ་ཟང་ཡག་མི་རོ་ཟ། །སྤྱན་


DNG016_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཁྲག་འཛག་དུག་རླངས་ཤངས། །སྐུ་སྟོད་ཞིང་ལྤགས་ཐོད་པ་སྦྲུལ། །སྐུ་སྨད་རེ་ལྡེ་དྲིལ་བུ་ཁྲག །ཕྱག་གཡས་དགུ་ན་གནས་པ་ནི། །མངོན་དུ་བསྒྲལ་བའི་སྙིང་སྦྲམ་འཛིན། །གཡོན་པ་དགུ་ན་ཐོད་ཟོར་བསྐྱོད། །སྟག་དང་སེང་གེ་བན་གླང་མོན། །གྲི་མོ་མནོལ་དང་ཁྱི་ནག་ཕག །འཐོམ་ནག་གཡས་ལ་དུག་ཁྲག་ཟོར། །ཞབས་བརྒྱད་དྲེགས་པའི་སྙིང་གར་བརྫིས། །འགྲོ་བ་འདུལ་ཕྱིར་གར་སྟབས་འགྱིངས། །སྐྲ་དང་བ་སྤུ་མེ་རུ་འབར། །དེ་ལ་བཀའ་བསྒོ་བསྐུལ་ཞིང་མངག །འཁོར་ལོ་ཐོད་པར་ཐུན་ཕབ་ལ། །དང་པོས་ཐུན་དེ་རབ་གནས་བརླབ། །བརྒྱ་ཚོ་གཉིས་ཀྱིས་དབང་དུ་སྡུད། །གསུམ་པས་ཐུན་གྱི་རྫས་ལ་བསྡིམ། །བཞི་པས་མཚོན་གྱི་ཆར་བརླབ་པ། །ལྔ་པས་རླངས་འཕྲོ་ལྡེག་ཅིང་འཆོལ། །དྲུག་པས་བླ་དང་ཚེ་སྲོག་སྡུད། །བདུན་པས་དཀར་ནག་མཚམས་སུ་བསྡིམ། །བརྒྱད་པས་སྲོག་གི་མེ་མར་བསད། །དགུ་པས་དྭངས་སྙིགས་རྒྱུད་ལས་དབྱེ། །དགུ་བསྐོར་ཐུན་གྱིས་བརྣག་པ་ཡི། །ལས་གྲུབ་མཐའ་རུ་གནན་གཟིར་བྱ། །བྲག་དམར་སྲིན་མོའི་སྒྲོམ་དུ་མནན། །མནན་པའི་སྟེང་དུ་དམིགས་བྱ་ལ། །བསད་པའི་ཐུན་ཟོར་ཡང་ཡང་བརྡེག །དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས། དྲག་སྔགས་གབ་པ་འདི་བཏོན་ཏོ། །ཨེ་བཾ་རཾ་ཁཾ། ཤིག་ཙིཏྟ་རྔུབས། རྩ་ལ་དྲེང་ཛཿ། ཨེ་བཾ་རཾ་ཁཾ་ཤིག །ཙིཏྟ་རྔུབས། དགྲ་བོའི་སྲོག་ལ་ཐུན་རྨུགས་ལིང་ཤག་རྦད། ཨེ་བཾ་རཾ་ཁཾ་ཤིག་ཙིཏྟ་རྔུབས། དགྲ་བོའི་སྲོག་ལ་དྲེང་དྲེང་། ཡཾ་ཡཾ་ཐུན་རི་ལི་ལི་བྷྱོ། ཙིཏྟ་གཟེར་ཐུཾ་སྟྭཾ་བྷ་ཡ་ནན། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་སྲིན་མོ་ལས་ལ་བསྐུལ་བ་འདི་གསུངས་སོ། །ཆེ་བདག་ཐུགས་ཀྱི་ཡང་སྤྲུལ་མོ། །སྲིན་མོ་གསོད་པར་བྱེད་མ་བྷྱོ། །ཆོས་སྐུ་གཉིས་སུ་མེད་པ་ལས། །འཇམ་དཔལ་ཚེ་བདག་ནག་པོའི་སྐུ། །ཐུགས་ཀྱི་སྤྲུལ་པ་མགོ་དགུ་མ། །ཡང་སྤྲུལ་བདུད་དང་ཤ་ཟའི་ཚོགས། །


DNG016_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལུས་འཇོམས་པའི་མཐུ་མོ་ཆེ། །ཁྲག་དང་དུག་གི་མཚོ་དཀྱིལ་ནས། །དུག་རླངས་མུན་ནག་གཏིབས་པ་ན། །སྲིན་མོ་ཁ་འདར་མགོ་དགུ་མ། །བདུད་དང་མུ་སྟེགས་བྲན་དུ་འཁོལ། །སྲིད་པའི་མ་མོ་ལས་ལ་བསྐུལ། །དོམ་དང་ཁྱི་མོ་བླ་ལ་འགྱེད། །དྲག་ཏུ་བསྐུལ་བ་མཆིས་ཙམ་ན། །སྟོང་གསུམ་ཤ་ལ་རོལ་ཅིང་གསོལ། །ང་ཡི་ཤ་སྐལ་གང་ན་ཡོད། །སྟོང་གསུམ་ཟོས་ཀྱང་ང་མ་འགྲངས། །སྟོང་གསུམ་ཁྲག་ལ་མོས་ཤིང་འཐུང་། །ང་ཡི་ཁྲག་སྐལ་གང་ན་ཡོད། །སྟོང་གསུམ་ཁྲག་གིས་ང་མ་འགྲངས། །དགྲ་བོའི་ཤ་དང་ཁྲག་ལ་རོལ། །དྲག་ཏུ་བསྐུལ་བ་མཆིས་ཙམ་ན། །རི་རབ་རྩེ་ནས་སྙིལ་ཀྱིན་འོང་། །རྒྱ་མཚོའི་གཏིང་ནས་རླབ་ཀྱིན་འོང་། །དགྲ་བོའི་ཤ་ལ་རོལ་ལ་ཤོག །དགྲ་བོའི་ཁྲག་གིས་མྱོས་ལ་ཤོག །དྲག་ཏུ་བསྐུལ་བ་མ་མཆིས་ན། །རང་ཤ་རང་གི་ཟ་ཞིང་འོང་། །རང་ཁྲག་རང་གིས་འཐུང་གིན་འོང་། །རང་ཤ་ཟོས་ཀྱང་ང་མ་འགྲངས། །རང་ཁྲག་འཐུངས་ཀྱང་ང་མ་ངོམས། །དགྲ་བོའི་ཤ་དང་ཁྲག་ལ་རོལ། །དྲག་ཏུ་བསྐུལ་བ་མཆིས་ཙམ་ན། །གནམ་ས་རི་ལུང་ལྡེག་ཅིང་འོང་། །རྒྱ་མཚོ་ཟོར་དུ་འཕེན་ཀྱིན་འོང་། །དམ་ཉམས་དགྲ་ལ་ཟོར་དུ་རྒྱོབ། །དྲག་ཏུ་བསྐུལ་བ་མཆིས་ཙམ་ན། །ལུས་ཅན་མ་ལུས་བྲན་དུ་འཁོལ། །དམ་ལས་འདས་པའི་ཙིཏྟ་འབྱིན། །དགྲ་བོའི་ཁོང་ནས་ཙིཏྟ་ཕྱུང་། །དྲག་ཏུ་བསྐུལ་བ་མཆིས་ཙམ་ན། །སྣང་སྲིད་བྷྱོ་བཟློག་མེ་ཡིས་བསྲེག །དགྲ་བོའི་ལུས་སྲོག་བག་ཆགས་བསྲེག །དྲག་ཏུ་བསྐུལ་བ་མཆིས་ཙམ་ན། །ལུས་ཅན་བླ་ལ་རྒྱུག་ཅིང་འོང་། །སྤྲུལ་པའི་ཁྱི་མོ་ནག་མོ་དགུ། །དགྲ་ལ་རྦོད་ལ་བླ་དང་ཕྲོལ། །དྲག་ཏུ་བསྐུལ་བ་མཆིས་ཙམ་ན། །སྟོང་གསུམ་ནད་ཀྱི་དྲ་བར་འཆང་། །དམ་ཉམས་དགྲ་ལ་རིམས་དལ་ཕོབ། །དྲག་ཏུ་བསྐུལ་བ་མཆིས་ཙམ་ན། །སྣང་སྲིད་ལུས་སྲོག་དྭངས་སྙིགས་འབྱེད། །ཚེ་བཀྲག་


DNG016_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་ལ་རྩ་རྒྱུད་ཆོད། །སྲིན་མོ་ལྕགས་ཐག་མགོ་དགུ་མ། །སྤྱན་ནས་ཁྲག་འཛག་ཟུ་ལུ་ལུ། །ཤངས་ནས་དུག་རླངས་བུན་ནེ་བུན། །སྙན་ནས་འབྲུག་སྒྲ་དི་རི་རི། །ཞལ་གྱིས་རྔམ་སྒྲས་སྟོང་གསུམ་ཕུང་། །གཡས་པ་དགུ་ན་སྙིང་སྦྲམ་དགུ། །ཐོགས་ནས་དགྲ་བོའི་ཙིཏྟ་འབྱིན། །གཡོན་པ་དགུ་ན་ཐོད་པ་དགུ། །དགྲ་ལ་ཁྲག་མདའ་དུག་ཟོར་འཕེན། །དགྲ་བོའི་ཁོང་དུ་དུག་མདའ་རྒྱོབ། །ཀླད་པ་གཤོགས་ལ་ཀླད་ཁྲག་ཆོམ། །ལུས་སྲོག་ཕྲོལ་ལ་ཙིཏྟ་གཏུབ། །ཁྲག་མདའ་དུག་ཐུན་ཕུར་ཟོར་རྒྱོབ། །སྔགས་པའི་སྐུ་དགྲ་སྒྲོལ་ལ་ཤོག །བྱས་ལ་ཕོ་ཉ་བླ་དེད་ཀྱི་སྔགས་བཟླས་ལ། དགྲ་ལ་རྦད་དོ། །འཁོར་ལོ་ཐུན་བརྡེག་ལས་ཀྱི་མཆོག །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་སྲིན་མོ་གཟིར་ཏེ། ཉེ་བར་ལས་ལ་མངག་པ་འདི་གསུངས་སོ། །གྲོག་མཁར་རྒྱ་ཚི་ལས་དམར་ལ། །བོང་བུའི་བདུད་རྩིས་ལེགས་སྦྲུས་ལ། །སྲིན་མོའི་ལྡེར་སོ་གོང་བཞིན་བྱས། །སྙིང་གར་གྲུ་གསུམ་དོང་བྲུས་ལ། །སྙིང་པོ་གཉིས་དང་འབྲུ་བདུན་གཞུག །དྲག་སྔགས་བཟླས་ལ་སྟོབས་ཀྱིས་གཟིར། །སྲིན་མོ་བོས་ལ་ཁྲག་གིས་བྲན། །ཕུར་པས་བསྡིགས་ལ་དབང་དུ་བསྡུ། །སྲིན་མོ་བཀའ་ནོད་ཞབས་འོག་འདུད། །དེ་ནས་ཡང་བཅོམ་ལྡན་འདས་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས། གཟིར་དང་སྤོགས་པའི་དྲག་སྔགས་འདི་བཏོན་ཏོ། །ཨེ་ཀ་ཡ་མ་བཾ་རཾ་རག་མོ་ཡཾ་ཧུར་ཐུཾ་ཛཿ། དུན་དུན་ཏྲིག་ནན། ཁཾ་བཾ་རྔུབས་རཾ་ཏི་ཤག་ཙིཏྟདགྲ་བོའི་སྲོག་ལ་ཧུར་ཐུཾ་ཛ། མཱ་ར་ཡ་རྦད། སྙིང་གའི་སྙིང་པོ་སྔགས་བཏོན་ལ། །ལིངྒ་མིང་རུས་བརྣག་པ་གཞུག །ཞག་གསུམ་ཐུན་བྲབ་རོ་ཁང་མནན། །འབྱུང་བ་དཀྲུག་པས་ལས་རྣམས་འགྲུབ། །རག་མོ་དཀར་མོའི་དཀོན་མོ་ཡང་སྤོགས་པར་བཤད། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་འབྲས་བུ་གཞོམ་པའི་སྦྱར་བ་འདི་གསུངས་སོ། །དམེ་ཐོད་ནང་དུ་མེ་ལོང་བསག །གསེར་དངུལ་ཟངས་ལྕགས་


DNG016_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་ནག་གཞག །ར་དམར་ནལ་བུ་ཁྱི་ནག་སྙིང་། །སྟེང་དུ་གླིང་བཞི་རྩིབས་བརྒྱད་དགབ། །དེ་སྟེང་སྲིན་མོའི་སྐུ་བཞག་ལ། །མཐིང་ནག་དར་གྱིས་དགབ་ལ་བཞག །ལྕགས་ཀྱང་ཁྲག་སྣ་གསུམ་དང་དུག་བསྲེས་ལ། །ལིངྒ་མིང་བྱང་གཡག་རུར་གཞུག །རྨྱུག་མ་ཚིགས་གསུམ་སྨིན་པ་ལ། །ལྟས་ངན་སྒྲོ་བཞིས་བསྒྲོན་ལ་བཞག །ཞག་ལྔའི་བར་དུ་དྲག་སྔགས་བཟླས། །གསེར་དེ་ཞུ་ཞིང་འཕེལ་ཆད་ན། །མདའ་བཅས་བླུགས་ལ་དགྲ་ལ་བརྡེག །སྲིན་མོ་དྲག་ཏུ་བསྐུལ་ལ་འཕང་། །དྲག་སྔགས་སྦྱོར་བ་གཉིས་སུ་བྱ། །བཾ་རཾ་ཁཾ་ཤིག་ཙིཏྟ་རྔུབས། འུར་ཏོག་ཕྲོམ་ཤར་ཛྭ་ལ་རཾ་སྨེ་ཤ་ཧྲིལ། ཧུར་ཁམས་ཤ་ཡེང་། ཕྲོམ་ཤར་སིང་། ཁྲོམ་བྷྱོ། མ་བྱུང་སྤོགས་ན་སྔགས་འདི་བརྡེག །ཁཾ་ཙིཏྟ་བཾ་ཤག་རྔུབས་རཾ་ཕྲོམ་ཧྲིལ་ཏོག་ཤར་ཛྭ་ལ་ཧུར་ཐུཾ་རཾ་སྨ་ཤ་བྷྱོ། སྲིན་མོ་ལས་འདི་རྒྱས་པར་བཤད། མེ་རླུང་སྐྱི་འདང་འཁྲུགས་པའི་རྒྱུད་ལས། ལོ་ཐོག་མཐའ་སྡུད་ཀྱི་ལེའུ་སྟེ་སོ་བདུན་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ལས་ཀུན་གྱི་མཐའ་སྡུད་དུ་གཤིན་རྗེ་བྱེ་བ་དགུ་ཁྲིའི་སྦྱོར་བ་འདི་གསུངས་སོ། །དུར་ཁྲོད་གདུག་པའི་དབེན་གནས་སུ། །རང་སེམས་དབེན་པའི་མཚམས་བཅད་ལ། །རྟེན་རྫས་དམ་རྫས་གྲི་བོའི་སྙིང་། །ཐོད་པ་རི་མོ་བདེ་ལྡན་དར། །དྲག་པོའི་ཧོམ་ཁུང་གྲུ་གསུམ་ལ། །བརྣག་པའི་རྟེན་གཟུགས་རྒྱུ་རྟེན་དྲུག །བ་ཡི་ལྕི་བ་ས་དམར་ལ། །འགར་ཏིའི་སྤྲིའི་མཁར་སྒོ་ང་ལ། །ལིངྒ་སོར་བརྒྱད་དབང་པོ་དོད། །ནད་ཁྲག་ཚ་བ་དུག་ཆུ་བསྐུ། །རི་ཤོ་དང་ནི་གྲོ་ག་ལ། །དེ་ཡི་མིང་དང་རུས་བྲིས་ལ། །སྙིང་གར་རླན་དང་སྔོན་དམར་བསྡམ། །ཐོད་པར་བཅུག་ལ་དོང་དུ་གཞུག །ཞིང་རས་ཨ་མི་འཁའ་ཀོང་ཡང་རོ་རས་ཞབས་མ་ལ། །སྨེ་བ་ལྔ་ཡིས་ཐོད་པ་བྱ། །གཅོད་པའི་འཁོར་ལོ་ཆ་གཉིས་བྲི། །དབུས་ནས་ཐིག་སྐོར་བཞི་རུ་བསྐོར། །དབུས་སུ་གྲུ་གསུམ་ཟླ་གམ་གསུམ། །


DNG016_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་རིམ་འཁྲུལ་མིག་རྒྱ་གྲམ་ལྡན། །ཡང་ལོགས་རྩིབས་མཆན་བཅུ་གཉིས་བཅའ། །ཐ་མ་གདུག་པའི་ར་བས་བསྐོར། །སྲིད་པའི་རུས་སྦལ་ལྟོ་བར་བཅའ། །དེ་ལ་གནས་པའི་རིམ་པ་ནི། །དབུས་སུ་བརྣག་པའི་སྙིང་པོ་གཟུགས། །ཟླ་གམ་གསུམ་ལ་སྲུང་བའི་ལྷ། །རྒྱ་གྲམ་རྩ་བའི་དྲག་སྔགས་ལུས། །ཡང་ལོགས་རྩིབས་ལ་སྤུ་གྲི་རྦད། །གདུག་པའི་གསེབ་ཏུ་མནན་པའི་སྔགས། །མཚམས་དང་མུ་རན་མིང་རུས་ཁམས། །བཀོད་ལ་ཚ་བ་དུག་ཆུས་བསྐུ། །ཐོད་པའི་སྟེང་དུ་འཁོར་ལོ་བཅའ། །དྲག་སྔགས་དམོད་པ་ཞག་དགུར་བཟླས། །རང་ཡང་ཟིལ་གནོན་སྐུ་རུ་གསལ། །བྱེ་བ་དགུ་ཁྲིའི་མདུན་དུ་བསྐྱེད། །ཞིང་བསྣོལ་རཱུ་ཏྲའི་གདན་སྟེངས་ན། །ཆུ་གླང་སྔོན་པོ་སྦྲུལ་རིས་ཅན། །ཐོད་པར་ནོར་བུས་བརྒྱན་པ་ལ། །ཉི་ཟླ་དང་བཅས་གདན་ལ་གནས། །སྐུ་མདོག་སྔོ་ནག་གཏུམ་ཁྲོ་བརྗིད། །སྐུ་སྟོད་གླང་ཆེན་སྟག་ཤམ་ཞིང་། །སྦྲུལ་དང་ཐོད་པ་རིན་པོ་ཆེས། །དབུ་དང་ལྷུ་ཚིགས་ཕྱག་ཞབས་བརྒྱན། །ཞལ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །གཡས་དཀར་གཡོན་དམར་དབུས་མཐིང་ཞལ། །གཡས་པ་གསུམ་ན་རལ་གྲི་དང་། །བེ་ཅོན་ལྕགས་ཀྱི་རི་རབ་བསྣམས། །གཡོན་པ་གསུམ་ན་ལྕགས་ཀྱུ་དང་། །ཞགས་པ་རྡོ་རྗེ་རྒྱ་གྲམ་བསྣམས། །ཞལ་ནས་སྦྲུལ་དང་མི་རོ་འབྲུལ། །སྟོད་ནས་མེ་འབར་འདབ་ཆགས་ལྡིང་། །སྨད་ནས་ཁྲག་འཛག་གཅན་གཟན་རོལ། །ཐུགས་ཀར་ཉི་མ་ཡ་དང་སྔགས། །དྲེགས་པའི་ཚུལ་དུ་ལས་ལ་བརྩོན། །རྦད་ཅིང་དྲག་སྔགས་གཏུམ་པར་བཟླས། །མཐའ་རུ་ཐོད་པ་ཞབས་འོག་གཞུག །ལྕགས་ཕུར་གཤིན་རྗེའི་སྐུར་བསྒོམས་ལ། །གཟིར་སྔགས་ཁྲི་ཡིས་སྙིང་གར་གདབ། །ཕོ་ཉས་བཀུག་ལ་རྟེན་ལ་བསྡིམ། །འཁོར་ལོ་ལིངྒ་ཐོད་པར་བཅའ། །རྫས་ཀྱི་ལིངྒ་ཕག་པར་གྲིལ། །དར་དང་རེ་བས་ཐོད་པ་བསྡམ། །གཉན་སར་འདུག་པའི་ཀླུ་ལ་གཏད། །དཔང་གཟུག་འོ་དོད་ཆོ་ངེས་གདབ། །འབྱུང་བ་ཕོ་བྲང་དོན་ཡོད་བསམ། །མནན་


DNG016_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་བརྒྱ་རྩ་བརྒྱད་ཀྱིས་བཅག །ལས་ཀྱི་ཁ་གསོ་ཐུན་དང་སྦྱར། །དྲག་སྔགས་བསྟུད་ལ་ལྕི་བར་བཟླས། །བླ་དྭགས་བྱུང་ན་དྲག་སྔགས་བརྡེག །བླ་ཆེན་བཞི་ལ་རྣལ་མ་བརྡེག །སྤྲུལ་པ་བརྒྱད་པོ་དབུས་ནས་ཟློག །ཡང་སྤྲུལ་བཅུ་གཉིས་མཐའ་ནས་ཟློག །ཆགས་སྡང་ལྔ་ལ་འབྱུང་བ་དཀྲུག །གཟིར་དང་མནན་ལ་ཁ་གསོ་ཟོར། །དྲག་སྔགས་སྤུ་གྲི་བདུན་དུ་སྦྱར། །དེ་ཡིས་མ་ལུས་འཇོམས་ཤིང་འཕོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་དྲག་སྔགས་འདི་བཏོན་ཏོ། །ཨེ་ཀ་ཡ་མ་ཧུར་ཡཾ་ཐིབས། དགྲ་བོ་སྲོག་ལ་བཾ་རིལ་ཐུན་ཛཿ། ཡཾ་མྱགས་མཱ་ར་ཡ་རྦད་ཛ་ཛ། དུན་རིལ་བཾ་ལཾ་སྲོག་ལ་མྱགས་མཱ་ར་ཡ་རྦད། མཱ་ར་ཡ་མྱགས། ཙ་ཚ་ཡང་ཛ་དུན་རིལ་བཾ་སྲོག་ལ་རྦད། སྲོག་དུན་བཾ་མྱགས། རྩ་ལ་དུན་རྦད་མཱ་ར་ཡ་ཛ། སྲོག་ལ་སྦུར་ནན། སྙིང་གཟེར་རྦད། སྲོག་སྟམྦྷ་ཡ་ནན། སྲོག་ལ་ཐུན་བྷྱོ། དྲེང་ཤག་རྦད། སྦྱོར་བ་འདི་ཡིས་མ་ལུས་ཀུན། །འཇོམས་ཤིང་དྭངས་སྙིགས་འབྱེད་པར་ཤེས། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ལས་སྣ་ཚོགས་ལ་བསྐུལ་པ་འདི་གསུངས་སོ། །ཧཱུྃ། བསྐལ་པ་བརྒྱད་ཁྲི་བཞི་སྟོང་འདས་པའི་ཕ་རོལ་ན། །འབྱུང་བ་རྟེན་གཞི་རྔམ་པའི་འོག་ཤེད་ན། །རྒྱ་མཚོ་ཆེན་པོའི་གཏིང་རུམ་ན། །མུན་ཁང་ལྕགས་མཁར་སྒོ་མེད་ན། །རུ་ཏྲ་དྲེགས་པའི་གདན་སྟེང་ན། །གཤིན་རྗེ་བྱེ་བ་དགུ་ཁྲི་བཞུགས། །སྐུ་མདོག་མཐིང་ནག་རྔམ་པ་ལ། །དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །གཡས་དཀར་གཡོན་དམར་དབུས་མཐིང་ཞལ། །ཕྱག་དྲུག་ཕྱག་མཚན་འབར་བ་ནི། །གཡས་ཀྱི་དང་པོ་རལ་གྲི་འབར། །དགྲ་བོའི་སྲོག་རྩ་གཅོད་ཅིང་རོལ། །གཡས་ཀྱི་བར་པ་ཞིང་དབྱུག་བསྣམས། །ཁམས་གསུམ་མ་ལུས་རྡུལ་དུ་རློག །ཐ་མ་ལྕགས་ཀྱི་རི་རབ་བསྣམས། །དགྲ་བགེགས་ལས་ངན་གཅོད་ཅིང་གཟེར། །གཡོན་གྱི་དང་པོ་བེ་ཅོན་གྱིས། །དགྲ་བོ་ལས་ངན་མགོ་ལུས་འཇོམས། །བར་པ་ལྕགས་ཀྱུས་དགྲ་སྙིང་འབྱིན། །


DNG016_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་མ་ཞགས་པས་དགྲ་བོ་འགུགས། །དགྲ་བོ་ལས་ངན་སྡིག་ཅན་རྣམས། །ཁྱམས་ཁང་གནས་སུ་ཁྲིད་ལ་ཤོག །སྐུ་ལ་ལྕགས་ཀྱི་ཚེམ་ཚེམ་གསོལ། །ཞིང་དང་ཐོད་པ་སྦྲུལ་གྱིས་བརྒྱན། །སྐུ་སྨད་སྟག་ལྤགས་ཞིང་ཆུང་བརྒྱན། །སྟོད་ནས་ང་རྒྱལ་མེ་ཆེན་འབར། །སྨད་ནས་འདོད་ཆགས་ཁྲག་ཆེན་འབྲུབ། །སྐེད་ནས་ཞེ་སྡང་སྦྲུལ་གྱིས་བརྒྱན། །ཞལ་ནས་དུག་གི་རླངས་པ་འདོན། །ཤངས་ནས་ཕྲག་དོག་འཚུབས་མར་འཁྱིལ། །སྙན་ནས་སྟོང་གསུམ་འབྲུག་སྒྲ་སྒྲོགས། །ཐུགས་ལས་སྤྲུལ་པ་ཕྱོགས་བཅུར་འགྱེད། །ཕོ་ཉ་བྱེ་བས་དགྲ་བོ་འགུགས། །ཡང་སྤྲུལ་དགུ་ཁྲིས་སྲོག་རྩ་གཅོད། །ལས་ཀྱི་མཐའ་སྡུད་ཁྱོད་ཡིན་གྱིས། །དགྲ་བོ་དམ་ཉམས་སྡིག་ཅན་རྣམས། །ལག་ཏུ་གཏད་དོ་ཤོར་ར་རེ། །འདི་ནི་བཀའ་གཅོག་དམ་འདྲལ་ཡིན། །འདི་ལ་སངས་རྒྱས་མི་གནས་སོ། །འདི་ལ་དམ་ཚིག་མི་གནས་ཀྱིས། །འདི་ལ་སྙིང་རྗེའི་གནས་མེད་ཀྱིས། །རྒྱ་མཚོ་ཆེན་པོའི་གཏིང་དུ་སྦོས། །ལྕགས་ཀྱི་རི་རབ་འོག་ཏུ་ནོན། །བྱེ་བ་དགུ་ཁྲི་དགུ་ལ་བྷྱོ། །ལྕགས་མཁར་བཙོན་རར་དགྲ་བོ་ཆུག །དགྲ་བོ་ཕོ་རྒྱུད་མོ་རྒྱུད་ཆོད། །བཅོལ་བའི་ལས་རྣམས་འགྲུབ་པར་མཛོད། །བྱེ་བ་དགུ་ཁྲི་སྦྱོར་བ་བཤད། །མེ་རླུང་སྐྱི་འདང་འཁྲུགས་པའི་རྒྱུད་ལས། ལས་ཀྱི་མཐའ་སྡུད་ཀྱི་ལེའུ་སྟེ་སོ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱིས་སྙིང་གཟེར་ནག་པོ་བསད་པའི་ལས་ཀྱི་རིམ་པ་བཞི་རུ་གསུངས་པ། ཀུན་གྱི་བཅུད་ཕྱུང་བ་ནི། གནས་རང་བཞིན་གྱིས་དབེན་ལ་ཉམས་དགའ་བའི་ས་རུ། སེམས་ངང་གིས་དབེན་པའི་མཚམས་བཅད་ལ། མཎྜལ་ཁྲུ་གང་བའི་དབུས་སུ། དོང་གྲུ་གསུམ་རྩེ་མོ་ལྷོར་བསྟན་པ་གཅིག་བརྩིག་དེའི་ནང་དུ་ཐོད་པ་གླིང་མངས་སམ། ལིངྒ་རྟེན་དུག་དང་ས་དམར་ལ་བྱས་པ་གཉིས་ཀྱི་སྙིང་གར་མིང་རུས་གྲོ་ག་ལ་བྲིས་པ་གདགས། སྟེང་དུ་དར་ནག་པོས་དགབ། ཀ་པཱ་ལ་གླིང་མང་བའི་ནང་དུ། ལུག་ནག་པོའི་སྙིང་དང་།


DNG016_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་ནག་པོའི་སྙིང་དམ་རྫས་སུ་བཞག །ཞག་བདུན་གྱི་བར་དུ་གསལ་བར་བྱས་ལ། བདུད་ཀྱི་རྒྱལ་པོ་ཡབ་ཡུམ་དང་། བདུད་མི་ཟན་མ་བཅུ་ནམ་དང་ཉི་མའི་གུང་ལ་བསྐུལ། ཕོ་ཉ་བདུན་ཕྲག་བདུན་སྟོང་ཐོ་རངས་བསྐུལ། བླ་རྐུན་བདུན་དང་རྒྱས་པ་སྡེ་བཞི་ཐུན་བཞིར་རྦད། ཉུང་དཀར་དང་ཉུང་ནག་རྡོ་ཕྱེ་དང་ཁྲག་སྐམ་གྱི་ཐུན་བརྡེག །ལྕགས་ཕུར་བཅུ་བཞི་ལ་སྔགས་བཅུ་བཟླས་ལ་ལིངྒ་ལ་ཐུན་བརྡེག །རྩང་བདུན་ཚན་བདུན་ལ་ཡང་སྔགས་བཅུ་བཅུ་བཟླས་ལ་བརྡེག །ལིངྒ་ལ་སྙིང་གཟེར་གྱི་སྔགས་བརྒྱབ་པས། བདུད་ཀྱི་ཕོ་ཉ་དང་། སྤྲུལ་པར་བཅས་པས་དགྲ་བོ་ལྷ་སྲུང་དང་ཕྲལ་ནས། ཤེས་རྒྱུད་ཀྱི་སྒོ་ཕྱེ་སྟེ། སྙིང་དཀར་ནག་གི་མཚམས་སུ་མཚོན་ཆའི་ཆར་ཕབ། ནད་ཀྱི་སྤྲིན་གཏིབས། ལས་ཀྱི་མེ་སྦར་ནས། རང་རྒྱུད་ཀྱི་རྩ་དང་ཕུང་པོ་ལས། རྩ་དང་སྲོག་ཟུངས་བཅད། ཁྲག་དང་བག་ཆགས་བསྐམ། ཤ་ཁྲག་དང་རྐང་རུས་ལ་རོལ་ཅིང་གཏོར་ནས། བླ་དང་ཡི་གེ་ནྲྀ་རང་དབང་མེད་པར་ཕྲོགས་ནས། ལིངྒ་ལ་སྡུད་པའོ། །དྲག་སྔགས་འདི་ཉིན་མཚན་ཕོ་མོ་མ་ནོར་བར་དག་ལ་འདྲིལ་ཞིང་རྔམ་པར་བཟླས་སོ། །གོ་རོ་ཤན་དགྲ་བོ་སྙིང་གཟེར་ཡཾ་ཐུན་རྦད། རྩ་རོ་བ་ན་དགྲ་བོ་སྙིང་རཾ་ཐུན་རྦད། མུ་ཁ་དུ་ན། དགྲ་བོ་སྙིང་གཟེར་མྱོགས་རྦད། ཛ་ལ་པོ་ཏྲ་ན། དགྲ་བོ་སྙིང་གཟེར་ཐུཾ་རིལ་རྦད། དུ་ན་བྷུ་ཏི་ནན། དགྲ་བོ་སྙིང་ལ་གཟེར་ཁས་རྦད། རཀྟ་སུ་ཁ་ན། ཐུན་རྦད། དགྲ་བོ་སྙིང་གཟེར་ཙིཏྟ་རྦད། ཝ་ག་ཤ་ལིང་ན་དགྲ་བོ་སྙིང་གཟེར་ནྲྀ་ཧུར་ཐུཾ་ཛ། མ་མ་དགྲ་བོ་ཙིཏྟ་གཟེར་ཡཾ་ཐུན་རྦད། མ་མ་རྩ་ཐང་དགྲ་བོ་ཙིཏྟ་གཟེར་རཾ་ཐུན་རྦད། མ་མ་སྲོག་རྩ་དགྲ་བོ་ཙིཏྟ་གཟེར་མྱོགས་རྦད། མ་མ་ཛ་ལ་ཙིཏྟ་གཟེར་ཐུཾ་རིལ་རྦད། མ་མ་སྲོག་ལ་དགྲ་བོའི་ཙིཏྟ་གཟེར་ཁས་རྦད། མ་མ་རྩ་ཐང་དགྲ་བོའི་ཙིཏྟ་གཟེར་མྱོགས་རྦད་མ་མ་དགྲ་བོའི་ཙིཏྟ་ཧུར་ཐུཾ་ཛཿ། དྲག་སྔགས་འོད་ཟེར་རྣོ་ལ་མྱུར་བ་ཡིས། ཤེས་རྒྱུད་རྩ་ལས་དྭངས་སྙིགས་འབྱེད་པར་འགྱུར་རོ། །


DNG016_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

ལས་དེ་ཐོན་པ་དང་ལིངྒ་ལས་ཕུར་པ་དང་རྩང་དེ་བཏོན་ལ། ཐོད་པ་དང་ལིངྒ་ཕག་པའི་ལྟོ་བར་གྲིལ་ལ། རེ་བ་དང་མཁར་ནག་གིས་བཅིངས་ཏེ། དྲག་སྔགས་ཕོ་མོས་གྲིལ་ལ། རྦད་ཕྱུང་ལ་ནན་བཏགས་ཏེ། དང་ལ་ཁྲི་བཟླས་ལ། དེ་ནས་རྒྱ་ཡིས་བཅག་དབང་ཆེན་གྱིས་བསྣན། བདུད་ཀྱི་ཕོ་བྲང་གདབ། མ་ཉེས་པའི་དཔང་གཟུག །སྙིང་གཟེར་བསད་པའི་ཁ་གསོའོ། །དེ་ཡང་དམར་ལེན་སྤུ་གྲིའི་རྒྱུད་ལས། བདུད་དང་ཕོ་ཉ་སྤྲུལ་པའི་ཚོགས། །མ་ལུས་རྫོགས་པའི་ལས་བྱས་ནས། །རྟགས་མེད་བརྣག་པ་མ་ཁུགས་ན། །སྦྱོར་བའི་རྒྱལ་པོ་དམར་ལེན་བསྔགས། །སེམས་དབེན་གནས་སུ་རང་མཚམས་བཅད། །མཎྜལ་ཕུར་པ་ཧོམ་ཁུང་རྩང་། །ལིངྒ་མིང་བྱས་སྔོན་དམར་གནག །ཕག་གི་ཐོད་པར་སྦུབས་མ་གཞུག །རང་ཉིད་མི་གཡོ་ཆོས་སྐུ་དང་། །ཕྱག་རྒྱ་ཆེན་པོ་ཟིལ་གནོན་གཡས། །བདུད་དང་ཕོ་ཉ་སྤྲུལ་པ་མངག །དྲག་སྔགས་ཕོ་མོས་ཉིན་མཚན་བརྡེག །བརྣག་པ་ལྷ་དང་དཔང་གཟུག་ཕྲལ། །ཙིཏྟའི་གསང་སྒོར་མཚོན་ཆ་ནད། །ཕབ་ན་རང་ལས་བདུད་གཤེད་སློང་། །དྭངས་སྙིགས་དྲག་སྔགས་ཕྱེ་དང་བླ་སྲོག་སྡུད། །ཤ་ཁྲག་ཕུང་པོ་རོལ་ཅིང་ཟ། །ཡི་གེ་གནད་ཀྱི་སྐབས་དང་སྦྱར། །འཕོ་བ་གསུམ་ནི་རྦད་བྷྱོ་ནན། །དྲག་སྔགས་མེ་རླུང་ལས་ཀྱི་མཚོན། །རང་དབང་མེད་པར་སྲོག་གཅོད་འཕྲོག །ཕུ་ལ་ལིངྒ་རྩང་བཅས་བརྡེག །ཐོད་པ་གཟིར་ཞིང་ཐོད་ཆས་གཞུག །ཕག་པ་སྔོན་དམར་རེ་བས་གྲིལ། །མནན་པ་ཀླུ་དང་བཙན་ལ་གཏད། །ལ་སོགས་སྐབས་ཀྱིས་གོང་དང་སྦྱོར། །ཁ་གསོ་བྱེད་པ་བྷྱོ་ཡིས་འཕང་། །གསང་བ་སྙིང་གཟེར་སྦྱོར་བར་བྱ། །ཉིན་མཚན་གུང་དང་ཐོ་རངས་སྲོད། །དུས་བཞིར་རྟག་ཏུ་དྲག་ཏུ་བསྐུལ། །མཚོན་ཆ་སྦྱོར་བའི་རྒྱལ་པོར་གསུངས། །ཞེས་བྱའོ། །མེ་རླུང་སྐྱི་འདང་འཁྲུགས་པའི་རྒྱུད་ལས། བདུད་ཀྱི་སྙིང་གཟེར་ནག་པོའི་ལེའུ་སྟེ་སོ་དགུ་པའོ།། །།དེ་ནས་བཅོམ་


DNG016_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་ཀྱིས་དོན་གྱི་མན་ངག་དྲག་པོ་སྔགས་རྒོད་ལ། གསད་གསོ་དབབ་གཅད་ལྟས་ངན་ཐོག་སེར་ལས། །ཀུན་འདུས་རྣམ་རྟོག་ཆེན་པོ་རང་ལ་འབྱུང་ཞིང་འཆར། །དེ་ཡི་སྦྱོར་བ་དྲག་པོ་ལྔ་དང་ལྡན། །ལྔ་ཡི་མཆོག་ཏུ་སྙིང་པོ་དོན་གྱི་ལས། །དེ་ལས་འབྲུ་བཞི་འབྲུ་བརྒྱད་རྩ་བའི་སྔགས། །འབྲུ་བཞི་གསད་གསོ་ལས་འདི་སྲུང་བའི་མཆོག །དྭངས་མ་བཞི་ཡི་རྩ་ལས་ཡེ་ཤེས་བཞི་ཤར་བ། །དུག་ལྔ་ལས་དང་སྦྱོར་བ་གདུག་པ་ཀུན་འཇོམས་ཡིན། །དེ་ཡི་སྦྱོར་བ་རྒྱས་པ་འདི་ལྟ་སྟེ། །དུར་ཁྲོད་རས་སམ་ཤོག་གུ་གྲུ་བཞི་ལ། །སྦྱོར་བ་ལྔ་དང་ཚ་བ་དུག་ཆུས་སྦྱང་། །ལས་ཀྱི་འཁོར་ལོ་མུ་ཁྱུད་བཞི་རུ་བསྐོར། །དབུས་སུ་གྲུ་གསུམ་ཟླ་གམ་གསུམ་དང་ལྡན། །དེ་ཡི་ཕྱི་རིམ་རྒྱ་གྲམ་རྭ་བཞིར་བྱ། །ཡང་ལོགས་མུ་ཁྱུད་ཟླུམ་པོ་ཆུ་ཡི་རིས། །ཐ་མར་རྩིབས་ཆེན་བཅུ་གཉིས་རྩེ་མོ་ནང་དུ་བསྟན། །སྲིད་པའི་ཁྱམས་ཁང་ཕག་མོའི་ལྟོ་བར་བཅའ། །དེ་ལ་གནས་ཤིང་དགོད་པའི་རིམ་པ་ནི། །གྲུ་གསུམ་གནོད་བྱེད་སྙིང་པོ་མིང་རྣམས་བྲི། །ཟླ་གམ་གསུམ་ལ་སྟོང་པའི་མིང་རྣམས་བྲི། །རྒྱ་གྲམ་རྭ་བཞིར་རྩ་བའི་འབྲུ་བཞི་དགོད། །ཆུ་རི་མུ་ཁྱུད་རྦོད་གཏོང་གདུག་པའི་མིང་། །བཅུ་གཉིས་རྩིབས་ལ་གཅོད་ཅིང་གཟིར་བའི་སྔགས། །བཀོད་ལ་ཁ་སྦྱོར་དར་དང་སྔོན་དམར་བལྟམ། །ཐོད་པ་དུར་མར་བཅུག་ལ་གྲུ་གསུམ་རྩང་བཅས་རྣམས། །ཕྱག་རྒྱ་ཟིལ་གནོན་གསལ་བྱས་ཞག་ལྔ་དྲག་ཏུ་གཟིར། །ལིངྒའི་སྙིང་གར་མཆོག་གི་ཕུར་པ་གདབ། །དྲག་ཏུ་བསྐུལ་ཀྱིན་ནད་པ་དུ་བས་བདུག །ཕྱིང་བས་བཀབ་ལ་ཉུང་དཀར་བྲབ་ལ་བསྐུལ། །ལས་དེ་ཐོན་ནས་བཀའ་རྟེན་འོག་ཏུ་གནན། །ཀླུ་དང་ས་བདག་ལྷ་ཡི་གདོན། །གཤིན་རྗེ་མ་མོ་ཞི་ཁྲོ་ཕུར་པ་ཁྱུང་། །དྲེགས་པ་ཉིད་དང་བོན་པོའི་རིགས་གཉིས་འཛིན། །བདུད་དང་མུ་སྟེགས་བཙན་དང་རྒྱལ་པོ་དམུ། །ཐེའུ་བྲང་ཕུང་བདག་རིག་འཛིན་གཤིན་རྔོག་སྲི་ཅན་ཀུན། །རང་རང་མིང་དང་སྙིང་པོ་


DNG016_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བ་གཅོད། །དྲག་སྔགས་སྦྱོར་བ་ལ་སོགས་བརྒྱད་དང་གསུངས། །ཨེ་དུན་ཀ་ཡཾ། སརྦ་ཙིཏྟ་རོ་མྱགས། ཁ་ཐཾ་འདྲིད་ཕྱུང་ཤག་རྦད། སྲོག་ལ་དྲེང་དྲེང་ཤག་དུན་དུན་ཨེ་དམ་ཧུར་ཐུཾ་ཛཿཛཿས་ནཱ་ག་སྙིང་གཟེར་རྦུད་ནན་ཁཾ་ཤག་ཛྭ་ལ་རྦད། ས་ནཱ་ག་ཛ། ས་ནཱ་ག་ཐུཾ། ས་ནཱ་ག་རྦད། ས་ནཱ་ག་ཙིཏྟ་རོ་ཐུཾ་རྦད། ཁཾ་ཛྭ་ལ་རཾ། སརྦ་ཤ་ཏྲུཾ་ནན་འདྲིད་ཡཾ་བཟློག །སྦུར་ནན། ཨེ་ཀ་ཡ་མ་ཤིག་འདྲིད་ཕྱུང་ཁཾ་ཤག་ཏྲིག་ནན། སྦུར་ནན། སརྦ་ཤ་ཏྲུཾ་ན་ཤ་སྟམྦྷ་ཡ་ཕཊ་རྦད། འདི་བཟླས་པའི་དུས་ནི། རྦོད་གཏོང་ནང་འགྲན་པ་དང་། ཤི་ཁ་བྱེ་བ་དང་དམོད་པ་ཟུག་པ་དང་། མཛེ་རིམས་དྲག་པོ་མེ་བཞིན་མཆེད་པ་དང་། རིམས་ནད་འཁྲུགས་པ་དང་། སེར་བ་དབབ་པ་དང་། ཀེག་བཟློག་པའི་དུས་སུ་བཟླའོ། །འདི་གར་སོང་སོང་བཟླས་ན་གདོན་འཁྲུག་ནས་གོད་དང་གློ་བུར་འོང་ངོ་། །མེ་རླུང་སྐྱི་འདང་འཁྲུགས་པའི་རྒྱུད་ལས། དྲག་པོ་སྔགས་རྒོད་ཀྱི་ལེའུ་སྟེ་བཞི་བཅུ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་སྲོག་དམར་ལེན་གྱི་སྦྱོར་བ་ཀུན་འབྱུང་རྩ་བའི་འཁོར་ལོ་འདི་བཤད་དོ། །གསང་ཆེན་མཆོག་ཏུ་དྲིལ་བ་ཡི། །དྲག་པོ་མངོན་དུ་ཕྱུང་བའི་བཅུད། །ཡང་གསང་སྦྱོར་བ་ལྔ་གཉིས་གཅིག །བདེ་བ་སྨིན་པར་བྱེད་པའི་སྔགས། །ཧ་ལ་ནག་པོའི་ཙི་མ་རི། །དུག་སྦྲུལ་ནག་པོ་འཛིན་པ་ལྟར། །སྦྱོར་བ་བཅུ་གཅིག་དག་དང་ལྡན། །དོན་གཉིས་མངོན་དུ་སྦྱོར་བའི་ས། །བླ་ཆེན་བཞི་དང་སྤྲུལ་པ་བརྒྱད། །ཡང་སྤྲུལ་བཅུ་གཉིས་ཆགས་སྡང་འདྲེལ། །གང་བྱུང་བསད་པའི་སྔགས་བཞི་བསྡེབ། །རྟགས་མེད་ཀུན་འབྱུང་དོན་གཉིས་སྦྱར། །དམར་ལེན་སྔགས་ཀྱི་སྙིང་ཕྱུང་ནས། །ལས་ཀྱི་འཁོར་ལོ་མཚོན་ཆ་བསྐོར། །སྙིང་པོ་ཀུན་གྱི་མཐུ་དྲིལ་ནས། །མོད་ལ་སྔགས་ཀྱི་ལུས་དང་མིང་། །གསང་ཆེན་གསང་བའི་རྒྱལ་པོར་བཤད། །རིགས་དང་རྩོལ་བ་ལས་ཀྱི་དོན། །ལྟ་འཇུག་གནོད་ཞེན་ཕྱིར་འབྱུང་ལྔ། །གང་རུང་དྲག་སྔགས་


DNG016_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་ཆར་བརྡེག །རྩ་བའི་མཚོན་ཆ་སྐབས་དང་སྦྱར། །རྟག་ཏུ་འབྱུང་བ་གཅིག་ཏུ་དྲིལ། །བརྒྱལ་བས་ཐིག་ལེ་མཐུ་གྲོལ་སྔགས། །ཀུན་འཇོམས་པ་ཡི་རྒྱལ་པོར་བཤད། །རྩ་བའི་འཁྲུལ་འཁོར་རྒྱལ་པོ་ནི། །གྲུ་བཞིར་ཆ་མཉམ་རུས་སྦལ་ལྟོར། །ཡེ་ཤེས་ལྔ་ཡི་ཐིག་དྲངས་ལ། །དེ་བཞིན་ལྟོ་གཉིས་ཐིག་དྲངས་ལ། །ཐིག་བཞི་རྒྱ་གྲམ་ལེགས་བཏབ་སྟེ། །མུ་ཁྱུད་རིམ་པ་གསུམ་དུ་བསྐོར། །དབུས་སུ་གྲུ་གསུམ་ཕོ་བྲང་དེར། །བྱང་ཁོག་དབུས་ཀྱི་འཁྲུལ་མིག་གཉིས། །གཡས་པ་མཚོན་ཆ་རྩིབས་བཅུ་ལ། །གཅིག་པའི་རལ་གྲི་བཅུ་དང་ལྡན། །གཡོན་པ་རྒྱ་གྲམ་བཅུ་དང་ལྡན། །དྲག་སྔགས་ཐུན་གཟིར་འབྲུ་བཅུའི་གནས། །རྒྱ་གྲམ་དེ་བཞིན་ཡཾ་ཡཾ་རྔུབས། །འབྲུ་བཅུའི་སྟེང་འོག་བསྣོལ་མས་གཅོད། །གཡས་སུ་རྩིབས་ཆེན་བཅུ་བཞི་ལ། །གཟིར་དང་ཙིཏྟ་སྤྲུལ་གནས་པ། །གཡོན་གྱི་རྩིབས་ཆེན་བཅུ་གཅིག་ལ། །ཡཾ་དྲེང་དུན་དུན་ཛཿསྲོག་འཕྲོག་དགོད། །སྲིད་པའི་ཁྱམས་ཁང་སྟོང་ན་གནས། །དེ་བཞིན་སྲིད་པའི་འཁྲུལ་མིག་བཞི། །འཁྲུལ་མིག་ར་ལ་མུ་ཁྱུད་གསུམ། །རྩིབས་ཆེན་བཅུ་གཉིས་དེ་བཞིན་བཅུ། །བཅྭ་ལྔ་རྩིབས་དང་རྩིབས་བདུན་ལ། །བླ་ཆེན་སྤྲུལ་པ་ཡང་སྤྲུལ་དང་། །ཆགས་སྡང་འཇོམས་པའི་དྲག་སྔགས་ཏེ། །མཚོན་ཆའི་རྒྱལ་པོ་རེ་ལ་གནས། །རུལ་སྦལ་ཁོག་སྨད་ལྟོ་བའི་རྫིང་། །རིན་པོ་ཆེ་ཡི་འཁྲུལ་མིག་བཞིར། །རྩིབས་བདུན་རྩིབས་དགུ་དེ་བཞིན་བཅུ། །གནོད་འཁོར་འཇུག་དང་གཞུག་པ་ལ། །སྡེབ་པའི་དྲག་སྔགས་མཚོན་རེ་གནས། །ཀུན་གྱི་ལྟེ་བ་བཅུ་གཉིས་ལ། །རྩ་བའི་ཡི་གེ་འབྲུ་རེ་གནས། །ཀུན་གྱི་མཐའ་རུ་བསྲེག་དང་ལྡན། །སྙིང་པོ་བརྡ་མིང་རུས་ཁམས་སྦྱར། །ལས་སྐབས་སྦྱོར་བ་རིག་པས་གཟུང་། །གང་འགྲུབ་འཁྲུལ་འཁོར་ལྟོ་ལ་བཅའ། །ཁ་སྦྱར་ནང་ན་ཉི་མའི་མཆོག །དྲིལ་བའི་མཚོན་ཆ་སྔགས་བཟླས་ན། །སྦྱོར་བ་མཆོག་ནི་སྤྱོད་ཡུལ་རབ། །སྔགས་ཀྱི་ངར་བླུད་


DNG016_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ལ་བདུག །བླ་བགེགས་གང་བྱུང་སྔགས་རེ་གདགས། །ཀུན་འབྱུང་རྟགས་མེད་བསྣོལ་མར་བརྡེག །དམར་ལེན་སྦྱོར་བའི་རྒྱལ་པོར་བཤད། །མེ་རླུང་ས་ཆུ་བླ་ཆེན་རྟགས། །རྟ་གཡག་བ་གླང་ར་ལུག་གཤིན། །ཉ་སྲམ་སྤྲུལ་པ་ཡིན་པར་འདོད། །ཤ་བ་གཙོད་དང་གནའ་བ་བོང་། །ཝ་སྤྱང་རི་བོང་བྱི་ལ་དང་། །ཕུ་ནུ་ཕ་ཚན་ཞང་དྲུང་དང་། །ཕ་ཁུ་ལ་སོགས་ཡང་སྤྲུལ་རྟགས། །ཁྱི་ཕག་བྱ་སྦྲུལ་ཞེ་སྡང་རྟགས། །མེ་རླུང་སྐྱི་འདང་འཁྲུགས་པའི་རྒྱུད་ལས། གསང་ཆེན་མཆོག་སྦྱོར་བའི་ལེའུ་སྟེ་ཞེ་གཅིག་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས། གསང་ཆེན་སྦྱོར་བ་དྲིལ་བའི་ལས། །དྲག་པོ་མངོན་ཕྱུང་སྦྱོར་བའི་མཆོག །སྙིང་གཟེར་གདུག་པ་ཐམས་ཅད་འཇོམས། །ཤི་འཕྲད་སྔགས་ཀྱི་འཁོར་ལོ་ཡིས། །བདག་སྐྱོབ་གཞན་སྲུང་གདུག་པ་འཇོམས། །མ་མོ་བདུད་ཕོ་རྒྱལ་པོ་བཙན། །གྲུ་གཉན་ས་བདག་ཐེ་བྲང་གྲི། །མ་ལུས་འཇོམས་པ་སྒོས་ཀྱི་སྔགས། །བྷི་ལིའི་ཁོང་འདུས་ཁོང་དྲེགས་ཅན། །འབར་བ་ནག་པོ་ཡ་མ་གླང་། །ཡང་གསང་མཆོག་གི་སྦྱོར་བ་བཤད། །དེ་ཡི་སྦྱོར་བ་འདི་ལྟ་སྟེ། །དུར་ཁྲོད་ཞིང་ལྤགས་རོ་རས་ལ། །མུ་ཁྱུད་ལྔ་ལྡན་རུས་སྦལ་ལྟོར། །དུག་ཁྲག་སྣག་ཚ་སྦྱར་ལ་བྲི། །དབུས་སུ་གྲུ་གསུམ་ཟླ་གམ་ལྡན། །ཕྱི་རིམ་འཁྲུལ་མིག་ཐོད་མཁར་བཞི། །དེ་འོག་ལྕགས་མཁར་བང་རིམ་བརྒྱད། །ཡང་ལོགས་དྲག་པོ་རྩ་སྦུབས་དགུ། །ཕྱི་རིམ་མཚོན་ཆ་བཅུ་དྲུག་འོབས། །སྲིད་པའི་རུས་སྦལ་ལྟོ་བ་རུ། །དྲག་པོ་སྔགས་ཀྱི་འཁྲུལ་འཁོར་བཅའ། །དེ་ལ་དགོད་ཅིང་གནས་པ་ནི། །དབུས་ན་གདུག་པའི་སྙིང་པོ་མིང་། །ཟླ་གམ་མ་མོ་རྒྱལ་པོ་བཙན། །ཐེ་བྲང་གཤིན་རྔོག་སྙིང་པོ་མིང་། །འཁྲུལ་མིག་བཞི་ལ་གནས་པ་ནི། །དྲེགས་པ་སྟོབས་ཀྱི་འབྲུ་བཞི་དགོད། །ཕྱི་རིམ་ལྕགས་མཁར་བརྒྱད་པོ་ལ། །དྲེགས་པ་སྟོབས་ཀྱི་འབྲུ་བརྒྱད་དགོད། །ཡང་ལོགས་དྲག་པོ་རྩ་སྦུབས་


DNG016_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

དགུར། །སྲོག་མདངས་འཆང་བའི་གསང་མཛོད་ལ། །སྙིང་གཟེར་དགུ་པ་སྡེ་ཚན་རེ། །སྙིང་པོ་གསུམ་བསྡུས་རྫོགས་པར་དགོད། །ཕྱི་རིམ་མཚོན་ཆ་སྲུང་བའི་འོབས། །སྲིད་པའི་ཁང་པ་བཅུ་དྲུག་ལ། །ཤི་ཕྲད་དགུ་བཏུལ་སྙིང་པོ་དགོད། །གཉིས་བཅས་དུག་ཁྲག་ཚ་བ་བསྐུས། །ཁ་སྦྱོར་སྔོན་དམར་མཐིང་ནག་དྲིལ། །འཁྲུལ་འཁོར་མཚོན་ཆ་མེ་དབལ་སྔགས། །བཟློག་ཅིང་འབྱིན་པ་ཤུགས་ཀྱི་མཆོག །གཅོད་ཅིང་འབིགས་པའི་སྤུ་གྲི་མཚོན། །བསྲེག་ཅིང་གཡེངས་པས་མེ་ཆུ་རླུང་། །སྡུད་ཅིང་འཆང་བས་སྦྱོར་བའི་མཁའ། །གཟིར་ཅིང་གནོན་པའི་ཐོག་སེར་ས། །རྩ་བར་བཅས་པའི་མཚོན་ལོ་མ། །རྩ་བ་གཅིག་ལ་ཡན་ལག་སྟོང་། །བདག་སྐྱོབ་གཞན་བསྲུང་གོ་མཚོན་སྟོབས། །ལས་དང་སྦྱོར་བ་གཅོད་པའི་མཚོན། །འབར་བ་ནག་པོ་ཞེ་སྡང་མཆོག །སྔགས་ཀྱི་རྒྱལ་པོར་དུག་ངར་བཅས། །འབར་བ་དུག་གི་དུམ་བུར་བསྡུས། །གདུག་ནག་ཡ་མ་རག་ཤའི་ཀློང་། །དེ་ཡི་ཕོ་བྲང་ཐོད་པའི་གནས། །དུར་མའི་ཕུ་རུ་རུས་སྦལ་གཟུག །མཆོད་རྟེན་རིན་པོ་ཆེ་ཡི་སྦུབས། །ཚངས་པའི་བུ་ག་རྒྱ་གྲམ་ཨེ། །འཁྲུལ་འཁོར་དང་བཅས་རེ་བས་གྲིལ། །ཧོམ་ཤིང་བཅུག་ནས་སྟོང་སྟོང་བཟླས། །གསལ་བར་ཁྱབ་པ་སྟོབས་ཀྱིས་བལྟ། །རྫས་གསུམ་བརྡབ་གསུམ་ལྟ་བ་བཞི། །འདུས་པ་གསུམ་དང་ཡིན་པ་བཞི། །དབང་བགྲོད་པ་ཡི་གོ་མཚོན་མཆོག །རིགས་ལ་རྒྱུན་དུ་སྟོང་སྟོང་བཟླས། །ཉ་སྟོང་སྦྱོར་བ་བཏུང་ཀྱིན་བརྩམ། །དྲག་པོ་ཐོག་ཆེན་གཟེར་མཆོག་བསྟན། །གསེར་གྱི་དགུ་ཐོག་གནམ་ལྕགས་གཟེར། །རི་རྒྱལ་རྦབ་ཆེ་སྤུ་གྲིའི་དབལ། །ཡང་གསང་མཆོག་གི་གསང་སྔགས་འདི། །ཨེ་ཀ་ཡ་མ། དུན་ཛ་རག་ཤ་རྔུབས་དུན། ས་ནཱ་ག་མ་ཏྲག་ཤིག་གཟེར་ཐུཾ་རྦད། ས་ནཱ་ག་དུ་མེ་སྙིང་གཟེར་ར་ཐུན་རྦད། ས་ནཱ་ག་དུ་མ་སྙིང་གཟེར་དུག་ཕྱུང་རྦད། ས་ནཱ་ག་སྙིང་


DNG016_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

གཟེར་ཁཾ་ཤག་རྦད། སརྦ་ཨུ་ནན་ལམ་ཤིག་གཟེར་ཐུཾ་ཙིཏྟ་དྲེང་ཤཾ་ཧྲིང་ཛ། སྦུར་ནན། རྒྱུད་ཀྱི་སྙིང་པོ་སྦྱོར་བ་མེ་རླུང་གི་སྟོབས་བསྡུས་པ་འདི། རང་དང་བུ་ལས་གཞན་ལ་མི་བསྟན་ནོ། །ལས་གང་ཡང་དོན་མེད་ན། སྲིད་པ་སྟོབས་ཀྱི་འཁོར་ལོ་བཅས་ལ། སྙིང་གཟེར་དགུ་དང་ཤི་ཕྲད་ཀྱི་སྔགས་སྟོང་ཚོ་རེ་དང་སྦྱར་ལ་ལྟོ་རྗེས་ལ་སྦྱོར་བ་དྲག་ཏུ་བྱས་ན་གང་ཡང་འགྲུབ་བོ། །དྲག་སྔགས་བརྒྱ་བརྒྱ་རྒྱུན་དུ་བཟླས་སོ། །རྐྱེན་གང་གིས་ཀྱང་མི་ཚུགས་སོ། །མེ་རླུང་སྐྱི་འདང་འཁྲུགས་པའི་རྒྱུད་ལས། ཤི་འཕྲད་བསྲུང་བའི་ལེའུ་སྟེ་ཞེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་རིག་སྔགས་སྦྱོར་བ་གདུག་པ་སྲེག་པའི་ལས་སྤོགས་པ་མེད་པར་སྦྱིན་པ་འདི་ལྟ་སྟེ། དབེན་པ་ཆེན་པོ་གཉན་ས་རུ། །གང་གནོད་ས་ལ་མ་དལ་བྱ། །དབུས་སུ་གྲུ་གསུམ་མཐིང་ནག་ལ། །ཁ་ཁྱེར་གསུམ་དང་ལྡན་པ་བརྩིག །ཕྱི་ནང་ཆག་གང་དབུས་མཛུབ་གང་། །རྩིབས་ལ་ཁ་ཁྱེར་སོར་གཅིག་བྱ། །མུ་ཁྱུད་ནང་དུ་ཟླ་གམ་གསུམ། །ཕྱི་རིམ་འཁོར་ལོ་རྩིབས་བཅུ་གཉིས། །བཞི་པ་མུ་ཁྱུད་ཟླུམ་པོ་ལ། །བྷནྡྷ་སྐམ་རློན་བཅུ་གཉིས་དགོད། །ལྔ་པ་མེ་རིའི་ཕྲེང་བས་བསྐོར། །དེ་ལ་དགོད་པའི་རིམ་པ་ནི། །དབུས་སུ་གྲུ་གསུམ་མཐིང་ནག་ལ། །ས་ཆུ་མེ་རླུང་སྦྱོར་བའི་སྦལ་པ་ལ། །ཧོམ་ཤིང་ཁྲུ་གང་གྲུ་གསུམ་བརྩིག །ཁ་ཁྱེར་གསུམ་དང་ཟླ་གམ་ལ། །གདུག་པ་གསུམ་གྱི་གཟུགས་བརྙན་གཞག །རྩིབས་ལ་རྩ་བའི་དྲག་སྔགས་དགོད། །ཕྱི་རིམ་མཚོན་ཆའི་རྩེ་མོ་ལ། །བསྲེག་ཅིང་གནོན་པའི་སྤུ་གྲི་དགོད། །མུ་ཁྱུད་བཞི་པའི་བྷནྡྷ་ལ་ཡང་འཁོར་ལོ་ལ། །སྦལ་པ་སྦྲུལ་དང་ཉ་སྲམ་ཤ །གཉིས་པ་ཤ་ཆེན་ཚ་བ་གསུམ། །བཞི་པ་དུག་གི་རི་ལུ་བརྒྱ། །ལྔ་པ་བྱ་ཕག་སྤྱང་ཚིལ་གསུམ། །དྲུག་པ་མི་རྟ་ཁྱི་ཡི་ཚིལ། །བདུན་པ་མར་ཁུ་དུག་ཆུ་བརྒྱད། །དགུ་པ་ཁྲག་སྣ་ཆང་སྣ་བཅུ། །བཅུ་གཅིག་དུག་རྫས་སྣ་ཚོགས་བཞག །


DNG016_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

དུར་ཁྲོད་རས་སམ་ཞིང་རས་ལ། །གོང་བཞིན་བྲིས་ལ་རྫས་ཀྱིས་བསྐུས། །བདུན་ནམ་དགུ་རུ་སྟེང་ནས་དགབ། །དམོད་པ་བཟླས་ཤིང་བསྐོར་བ་བྱ། །དྲག་ཏུ་བསྐུལ་ཞིང་མེ་སྦར་ལ། །གཟུགས་ལ་མཚོན་བརྡེག་གདབ་ལ་བསྲེག །གདུག་པའི་ཤ་སོགས་རིམ་གྱིས་དབུལ། །ཐེམ་ནས་རྗེས་ཤུལ་བརྣག་པའི་ཟོར། །ཉིན་མཚན་ཐུན་དྲུག་སྦྱིན་བསྲེག་བྱ། །དྲག་པོ་སྦྱོར་བ་མཆོག་གི་ལས། །ཧོ་པན་ཉ་ཡི་བདེ་ཀློང་དུ། །སྙིང་པོ་གསུམ་ལ་དབང་དུ་སྡུད། །མན་ངག་གནད་མདའི་སྦྱོར་བས་བསྲེག །ལས་སྦྱོར་ནུས་པ་དམ་དུ་འདྲེལ། །ཕྱག་རྒྱ་ཆེན་པོའི་ལུས་དབང་སྲུན། །བདེ་བའི་དོན་དུ་རང་ལས་འཆར། །གདུག་པ་རྗེས་གཅོད་སྔགས་ཀྱི་དབལ། །བག་མེད་སྦྱོར་བ་ཀུན་འཇོམས་ཡིན། །རྣལ་འབྱོར་ཅན་ལས་གཞན་དུ་མིན། །མཛེ་རིམས་དྲག་པོའི་ཡམས་དར་ན། །སྦྱོར་བའི་རྒྱལ་པོ་བསྟུད་ལ་བརྩམ། །ས་ནཱ་ག་དུ་རཾ། ས་ནཱ་ག་ཨུ་ནན་གཟེར་ཕྱུང་། སྲོག་དུན་རཾ་ཙི་ཏ་དྲེང་ཤག་རྦད་ཧུར་ཐུམ་མྱོགས་རྦད། དྲག་པོ་མངོན་དུ་ཕྱུང་བའི་སྦྱོར་བ་འདི་ནི། ལས་གང་གི་རྟགས་མ་ཕྱིན་ན། ཁྱད་པར་དང་རྫས་དང་བཅའ་ཐབས་འཕྲུལ་པར་བྱས་ལ། སྔགས་པ་གོ་མཚོན་གཉིས་དང་ལྡན་པར་བྱས་ཏེ། ཁྲོ་བོའི་དཀའ་ཐུབ་དང་དམ་ཚིག་བསྲུང་ལ་ལས་བརྩམས་ན་འབྲས་བུ་རེ་དོགས་མེད་པའོ། །མེ་རླུང་སྐྱི་འདང་འཁྲུགས་པའི་རྒྱུད་ལས། དྲག་པོ་མངོན་དུ་ཕྱུང་བའི་སྦྱོར་བའི་ལེའུ་སྟེ་ཞེ་གསུམ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས། ཁ་གསོའི་དུས་སུ་ཉ་དང་སྟོང་དང་ཚེས་བརྒྱད་དང་ཉི་ཤུ་བཞི་ལ་མོན་ཐོད་དམ། འབྲོང་གི་རུ་གཡས་པ་བ་རྩེ་མོ་མ་བཅད་པའི་ནང་དུ་ཁྲག་སྣ་དང་དུག་སྣ་དང་ལིངྒ་དང་མིང་རུས་བཅུག་ལ་ཕུར་བུས་གདབ། གྲི་ཡིས་གཏུབས་ཟོར་དུ་བསྡིམ། དྲག་སྦྱངས་ལ་ཟོར་དུ་འཕང་བ་ནི། ཨེ་མྱགས་ཡ་རྔུབས་མུག་ཤག་ཀ་དུན་དགྲ་བོའི་སྲོག་ལ་ཐུཾ་རིལ་


DNG016_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

བྷྱོ། ལས་དེ་དག་ལ་རྟགས་མེད་ན། དྲག་སྔགས་གོ་བཟློག་ལ། འཁོར་ལོ་དང་ཐོད་པ་བཅའ། ཞག་གསུམ་དུ་རྣལ་མ་དང་སྔགས་བཟློག་མར་བརྡེག །མནན་པ་དང་ཁ་གསོ་འདྲའོ། །ལས་གང་ཡང་རྟགས་མེད་དམ་སྟོབས་ཆེན་ནང་རྒྱས་དྲག་པོ་སྔགས་ཀྱི་འབྱུང་བ་དཀྲུག་པར། ཐོད་པ་དང་འཁོར་ལོ་ལ་དུག་ཤིང་གི་དུད་པས་བདུག །ཁོའི་སྲུང་མ་གཟིར། རང་གི་ལུས་སྲོག་འཁོར་བསྲུང་། མཁའ་འགྲོ་གཟན་ལ་དབབ། སྔགས་ཀྱི་དུག་མདའ་ཁོང་དུ་བསྐྱལ། རང་གཤེད་རང་ལ་དབབ། ལུས་སྲོག་དྭངས་སྙིགས་དབྱེ། གསང་བ་མན་ངག་ཏུ་ལྟོ་སྡེབ་པ་ནི། ཨེ་མྱགས་ཡ་རྔུབས་མུག་ཤག་ཀ་དུན་སྙིང་གཟེར་སྦུར་ནན། ལ་ཙ་ལ་ཙ་མ་རི་ཕྱུང་། ཨེ་ཧུར་ཐུཾ་ཛཿ། ཁཾ་ཤག་རྦད། ཨེ་མྱགས་ཡ་རྔུབས་མུག་ཤག་ཀ་དུན་དགྲ་བོའི་སྲོག་ལ་ཐུཾ་རི་ལི་ལི་བྷྱོ། ཨེ་མྱགས་ཡ་རྔུབས་མུག་ཤག །འདི་ལ་མན་ངག་བྱེད་པའི་བསད་པའི་སྤུ་གྲི་བསྡེབས་པས། མན་ངག་གསང་བའི་སྡེབས་གསུམ་མོ། །མེ་རླུང་སྐྱི་འདང་འཁྲུགས་པའི་རྒྱུད་ལས། ཁ་གསོ་བའི་ལེའུ་སྟེ་ཞེ་བཞི་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས། ཁྲོ་བོ་མངོན་དུ་མཐོང་བའི་དོན་འདི་གསུངས་སོ། །དཔལ་ཆེན་པོས་སྔོན་གདུག་པ་ཅན་བཏུལ་ནས་བསྟན་པ། ཨེ་བཛྲ་ཀྲོ་ཏ་མ་ཧཱ་ཤྲི་ཧེ་རུ་ཀ་ཏྲི་ཛཿཛཿཛཿ། རཀྴ་ཐུཾ་རིལ་རྦད། རྫོགས་པར་བསྐྱེད་ཅིང་ཚོགས་མཆོད་བྱ། །དྲག་པོར་བཟླས་ཤིང་རྔམ་གཡབ་བཏང་། །འཇིག་རྟེན་གདོན་རྣམས་རྡུལ་དུ་རློག །སྔོན་བྱུང་རྗེས་འཇུག་ཕྲིན་ལས་ད་ལྟ་རྫོགས། །དྲག་ཐབས་འདི་ཡིས་ཁྲོ་བོ་མངོན་དུ་མཐོང་། །ཞེས་གསུངས་སོ། །འཇིག་རྟེན་ཟིལ་གྱིས་གནོན་པའི་མེ་རླུང་སྐྱི་འདང་འཁྲུགས་པའི་རྒྱུད་ལས། མངོན་དུ་མཐོང་བའི་ལེའུ་སྟེ་ཞེ་ལྔ་པའོ།། །།དེ་ནས་ཡང་འཇིགས་བྱེད་ཆེན་པོ་དེས། ཞི་བས་དུག་ལྔ་སྦྱངས་ཏེ་བསད་པའི་དོན་འདི་གསུངས་སོ། །ཞི་བའི་ལས་རྣམས་བསྒྲུབ་པ་ནི། །གང་ཡིན་གཟས་པའི་


DNG016_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

མིང་རུས་དང་། རྫས་དང་དུག་མདའ་ཕྲོག །ཕོ་མོ་གཉིས་བསྡོམ་སྲོག་སྙིང་ལ་གནོད་བྱེད་ཐུཾ་རིལ་བྷྱོ། ཞི་བ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་གསུངས་སོ། །འཇིག་རྟེན་ཟིལ་གྱིས་གནོན་པའི་མེ་རླུང་སྐྱི་འདང་འཁྲུགས་པའི་རྒྱུད་ལས། ཞི་བའི་ལས་ཀྱིས་བསད་པའི་ལེའུ་སྟེ་ཞེ་དྲུག་པའོ།། །། དེ་ནས་ཡང་འཇིགས་བྱེད་ཆེན་པོ་དེས། ནག་པོ་མཐར་བྱེད་ཀླུའི་དོན་འདི་གསུངས་སོ། །ནག་པོ་མཐར་བྱེད་མན་ངག་ལ། །ཀླུ་ཡི་དམོད་པས་ཐེབས་པ་ལ། །ཁྲག་སྣ་ཚོགས་དང་། དུག་སྣ་ཚོགས་དང་། གུ་གུལ་དུད་པས་བདུག་པའོ། །མཛེ་མོའི་གོས་ལ་ལིངྒ་བཅའ། །སྦལ་གཟུགས་བརྒྱད་དང་མིང་གཟུགས་བརྒྱད། །ཕ་མེས་ཐོད་པ་ཡོད་ན་རབ། །མེད་ན་རབས་ཆད་ཐོད་པ་ལ། །ནང་དུ་ལིངྒ་རེ་བས་གྲིལ་ལ་གཞུག །ངན་ཐོད་དེ་དང་ཁ་སྦྱར་ནས། །འདོམ་གང་བཅས་པའི་ས་རུ་མནན། །དེ་འདྲའི་དྲག་སྔགས་བཟླས་པ་ནི། །ན་ན་ཧེ་ཧེ་བྷྱོ་བྷྱོ། རུ་ལུ་རུ་ལུ། ཛཿཛཿ། མ་མ་ཏྲག་ཧུ་ཡ་ཧུ་ཡ། ནྲྀ་རྦད་ནཱ་ག་བཾ་བུ། རུང་བུ་རྦད། ཧེ་ཧེ་དུཾ་བུ་དུཾ་རྦུད། ཧུ་ཡ་ཧུ་ཡ་ནཱ་ག་ནཱ་རྦད་རྦད། ནཱ་ག་ཀླུའི་གནོད་པ་ལ་གདོན་མི་ཟའོ། །ཞེས་གསུངས་སོ། །འཇིག་རྟེན་ཟིལ་གྱིས་གནོན་པའི་མེ་རླུང་སྐྱི་འདང་འཁྲུགས་པའི་རྒྱུད་ལས། ནཱ་ག་མཐར་བྱེད་ཀྱི་ལེའུ་སྟེ་ཞེ་བདུན་པའོ།། །། དེ་ནས་ཡང་འཇིགས་བྱེད་ཆེན་པོ་དེས། རྒྱལ་པོའི་སྨྱོ་འབོག་བསད་པའི་ལས་འདི་གསུངས་སོ། །སེང་གེའི་ཐོད་པ་དུག་དང་ཁྲག་གིས་བྱུག །ལིངྒ་མིང་རུས་བཅས་པ་གཞུག །ཤེལ་གྱི་ཕུར་པ་ནས་ཙམ་བརྡེག །ཐུན་བརྡེག་དགྲ་ཡི་འགྲམ་པར་མནན། །དེ་ཡི་དྲག་སྔགས་འདི་ལྟ་སྟེ། །ཨེ་སྙིང་རྩ་དྲེང་དྲེང་ཧུར་མྱོགས་ས་མ་ཡ་ཐིབས་ཐུཾ་སྙིང་རྩ་ཧུར་ནན། ཞེས་གསུངས་སོ། །འཇིག་རྟེན་ཟིལ་གྱིས་གནོན་པའི་མེ་རླུང་སྐྱི་འདང་འཁྲུགས་པའི་རྒྱུད་ལས། རཱ་ཙ་སྨྱོ་འབོག་གི་ལེའུ་སྟེ་ཞེ་བརྒྱད་པའོ།། །།དེ་ནས་ཡང་འཇིགས་བྱེད་ཆེན་པོ་དེས། དྲག་པོའི་རྫས་


DNG016_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་མན་ངག་ལ། །ཐིག་ལེ་བཞི་ལ་འཁར་ཕོར་དུ། །སེང་གེའི་འོ་མ་བཞོས་པ་དང་། །ཕྲ་མེན་ནག་པོ་སྣ་ཚོགས་དང་། །བསེ་ཞོ་སྦལ་པའི་རྒྱུ་ལས། རྩངས་པའི་ཁྲག་དང་དེ་རྣམས་བླུག །ཐིག་ལེ་ཆེན་པོ་དང་རྟ་ཡུང་དུག་ཆེན་པོས་བརྒྱན་བྱས་ཏེ། དེས་ནི་སྦྱོར་བ་ཐེ་ཚོམ་མེད། །བསྟན་ན་འཇིག་རྟེན་ཕུང་བར་འགྱུར། །ཞེས་གསུངས་སོ། །འཇིག་རྟེན་ཟིལ་གྱིས་གནོན་པའི་མེ་རླུང་སྐྱི་འདང་འཁྲུགས་པའི་རྒྱུད་ལས། དྲག་པོ་རྫས་ཀྱི་ལེའུ་སྟེ་ཞེ་དགུ་པའོ།། །། དེ་ནས་འཇིགས་བྱེད་ཆེན་པོ་དེས། མུ་སྟེགས་རྔུ་བྲག་འདོན་པའི་དོན་འདི་གསུངས་སོ། །དྲི་མ་རྐང་རྗེས་ས་དག་ལས། །ཉུང་དཀར་ཉུང་ནག་སྐྱེ་ཚེ་ལ། །ཁྲག་སྣ་གསུམ་ལ་འཕང་ལ་གཏད། །ལིངྒ་འཆང་ལས་བྲབ་པར་བྱ། །དེ་ནས་ཡང་རྫས་སྔགས་འདི་བཏོན་ཏོ། །ཨེ་སྙིང་ཁྲག་ལ་ཕྲི་ཕྲི་ནན། རཱ་ཙ་ནན། ཧོ་རུ་སོད། ཐུཾ་གུང་ཨ་རོ་ལ་རྦད། ཤག་སྲིན་སི་ཏ་རྦད། ཡིད་གཉིས་ཐེ་ཚོམ་མེད་པ་ལས། །དྲག་པོ་མུ་སྟེགས་ངན་སྔགས་ཡིན། །ཐམས་ཅད་དབང་དུ་སྡུད་པ་ཡིན། །ཞེས་གསུངས་སོ། །འཇིག་རྟེན་ཟིལ་གྱིས་གནོན་པའི་མེ་རླུང་སྐྱི་འདང་འཁྲུགས་པའི་རྒྱུད་ལས། མུ་སྟེགས་ངན་སྔགས་ཀྱི་ལེའུ་སྟེ་ལྔ་བཅུ་ཐམ་པའོ།། །། དེ་ནས་ཡང་འཇིགས་བྱེད་ཆེན་པོ་དེས། གནོད་སྦྱིན་སྲོག་གི་གསེག་བརྡར་གྱི་དོན་འདི་གསུངས་སོ། །ཐམས་ཅད་དབང་དུ་སྡུད་པ་ཡིན། ཨ་ལ་ཐ་ལ་ཕྲུ་བ་རྦད། ཏང་བྲམ་ཟེ་མ་ནི་རྦད། སྐྱེ་ཚེ་རའི་ཁྲག་དང་། རོ་རས་ལ་དགྲ་བོའི་མིང་བྲིས་ལ། སུས་ཀྱང་མ་མཐོང་ས་རུ་བཟླས། །ལིངྒ་རབས་ཆད་ཐོད་པར་གཞུག །མི་ཡི་ལག་ངར་ཐོ་བས་བརྡུང་། །ཞེས་གསུངས་སོ། །འཇིག་རྟེན་ཟིལ་གྱིས་གནོན་པའི་མེ་རླུང་སྐྱི་འདང་འཁྲུགས་པའི་རྒྱུད་ལས། གནོད་སྦྱིན་སྲོག་གི་གསེག་བརྡར་གྱི་ལེའུ་སྟེ་ང་གཅིག་པའོ།། །།དེ་ནས་ཡང་འཇིགས་བྱེད་ཆེན་པོ་དེས། བཙན་དྲག་གཟེར་གྱི་དྲག་སྔགས་འདི་གསུངས་སོ། །དྲི་མ་དྲུག་ལ་ལིངྒ་བྱ། །ཁྲག་སྣ་དུག་སྣ་དག་གིས་བྱུག །


DNG016_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

མིང་རུས་ཐོད་པའི་ནང་དུ་བཅུག །གྲི་ལྕགས་ཕུར་བུ་སོར་བཞི་གདབ། །གོང་གསུམ་བཙན་ལ་གནན་པ་བྱ། །དེ་ཡི་དྲག་སྔགས་འདི་ལྟ་སྟེ། །ཨེ་མ་རག་ཡ་རག་ཤ་དགྲ་སྙིང་བལ་རྦད་རྦད་ཐུཾ་ཐུཾ། དྲག་སྔགས་བརྒྱད་ཁྲི་བཞི་སྟོང་དུ་བཟླས། འབུམ་དུ་བཟླས་པས་ཐེ་ཚོམ་མེད། །ཅེས་གསུངས་སོ། །འཇིག་རྟེན་ཟིལ་གྱིས་གནོན་པའི་མེ་རླུང་སྐྱི་འདང་འཁྲུགས་པའི་རྒྱུད་ལས། བཙན་དྲག་གཟེར་གྱི་ལེའུ་སྟེ་ང་གཉིས་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་དོན་གཉིས་སྔོན་དུ་འགྲོ་བའི་ཕྱིར། ཚད་མ་བཞི་ཡིས་རབ་བསྟན་པའི། །དོན་གྱི་དགོངས་པ་བསྡུས་པ་འདི། །རྩོལ་དང་བསྒྲུབ་པའི་མཐའ་ལས་འདས། །འཕྲོ་འདུ་སྦྱོར་ནས་གཡང་ས་གཅོད། །རྒྱུ་རྐྱེན་བགྲོད་པའི་སར་མ་ལྷུང་། །རྫས་དང་རྟགས་ལ་རྟེན་མི་འཆལ། །མཆོད་དང་ཐུགས་དམ་བསྐང་མི་དགོས། །ཐམས་ཅད་ངོ་བོ་མ་བཅོས་པའོ། །ཁོ་ན་ཆོས་ཉིད་གཅིག་པ་ལ། །ལྷུན་གྲུབ་རང་བྱུང་ལོངས་སྤྱོད་སྐུ། །ལས་དང་སྦྱོར་བ་སྣ་ཚོགས་སྤྲུལ། །སྐུ་གསུམ་མ་བཙལ་བགྲོད་ཐོབ་མེད། །འདི་དག་ཆོས་ཉིད་རོལ་པའི་རྒྱ། །ཆོས་ཉིད་བདེ་བ་རང་བྱུང་དཔལ། །ཡེ་ཤེས་ཆེན་པོ་རང་གསལ་བ། །འཁོར་འདས་དབྱིངས་དང་ཡེ་ཤེས་གསལ། །ལུས་སེམས་གཉིས་འཛིན་འཁྲུལ་གོལ་ལ། །ངོ་བོ་མི་དམིགས་གཉིས་ཀྱིས་དབེན། །སྣང་སྟོང་གཉིས་མེད་ཡེ་ཤེས་སྐུ། །འཛིན་རྟོག་མཐའ་བཞི་རང་བཞིན་མེད། །མེད་པའི་ངང་ལས་སྙིང་པོ་གནས། །སྒྱུ་མ་ལྷུན་གྲུབ་ཡུལ་ལ་རོལ། །འཁོར་བ་མ་སྤངས་རང་སར་ཡལ། །གསལ་བ་དེ་ཉིད་ལྷུན་གྱིས་གྲུབ། །འབྲས་བུ་བཙལ་མེད་བདེ་བར་གནས། །བདག་ཉིད་ཆེན་པོ་ཡེ་རྫོགས་པའོ། །རྐྱེན་དང་འཕྲོ་འདུ་རྩལ་ལས་འདས། །ཕྲིན་ལས་མ་བཙལ་ལྷུན་གྱིས་རྫོགས། །སངས་རྒྱས་གསུང་གི་ཟབ་མོར་གནས། །བགྲོད་པ་དབང་གི་ཕྱག་རྒྱས་བཏབ། །རྡོ་རྗེ་སྟོང་བདག་ཆེ་བར་གནས། །སངས་རྒྱས་
སེམས་ཅན་མ་ལུས་ཀུན། །རྒྱུད་འདི་བཟུང་ཞིང་གནས་པར་བྱ། །བཅོམ་ལྡན་འདས་ཀྱིས་གསུངས་པ་ལས། འཁོར་ཐམས་ཅད་ཡི་རང་སྟེ་མངོན་པར་བསྟོད་དོ། །དཔལ་ཚེ་བདག་གི་མེ་རླུང་སྐྱི་འདང་འཁྲུགས་པའི་རྒྱུད་ལས། འཁོར་ལ་གཏད་པའི་ལེའུ་སྟེ་ང་གསུམ་པའོ།། །།རྒྱུད་ཀྱི་ཡང་སྙིང་དམ་པ་ཞེས་བྱ་བའི་དོན་རྒྱལ་བའི་བཀའ། སངས་རྒྱས་ཐམས་ཅད་ཀྱི་དམོད་པ་བསྒྲལ་བ། ལྷ་ཡུལ་དུ་གྲགས་པ་མེ་རླུང་སྐྱི་འདང་འཁྲུགས་པའི་རྒྱུད་ཅེས་བྱ་བ་རྫོགས་སོ།། །།རྒྱུད་འདི་དཔེ་བསྡུར་ས་ཡང་མ་རྙེད་ཅིང་ཡིག་ནོར་རྒྱུན་)འབྱམས་མང་ཡང་དཔེ་རྒྱུན་ཆད་པ་ལས་དྲག་སྙམ་ནས་བྲིས་པ་ཡིན།

འཕགས་པ་འཇམ་དཔལ་གཤིན་རྗེ་གཤེད་ནག་པོ་ཆེན་པོ་གསང་བའི་རྒྱུད།


DNG016_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་ཡ་མཱནྟ་ཀ་མ་ཧཱ་ཀཱ་ལ་གྷུ་ཧྱ་ཏནྟྲ། བོད་སྐད་དུ། འཕགས་པ་འཇམ་དཔལ་གཤིན་རྗེ་གཤེད་ནག་པོ་ཆེན་པོ་གསང་བའི་རྒྱུད། འཕགས་པ་འཇམ་དཔལ་གཤིན་རྗེ་འཇོམས་བྱེད་དྲག་པོ་ལ་ཕྱག་འཚལ་ལོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་དགྱེས་པ་ཆེན་པོའི་ཕུལ་དུ་བྱོན་ནས། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་འཚོགས་པས། འཇམ་དཔལ་ཡ་མཱནྟ་ཀར་དབང་བསྐུར་བས། ང་རྒྱལ་དང་དྲེགས་པ་ཅན་ཐམས་ཅད་འདུལ་བའི་ཕྱིར། གནས་གཅིག་ཏུ་ཚོགས་ནས། གཤིན་རྗེ་ནག་པོའི་རྒྱུད་འདི་བཀའ་སྩལ་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་འཇམ་དཔལ་གཤིན་རྗེའི་གཤེད་ཀྱིས། སྐྱེ་འགག་དང་བྲལ་བའི་དོན་འདི་བསྟན་ཏོ། །ཡེ་ནས་མ་སྐྱེས་གཤིན་རྗེ་ནག་པོའི་ཚོགས། །གཉིས་མེད་འདུས་པའི་སྲས་མཆོག་གཤིན་རྗེའི་གཤེད། །ཀུན་གྱི་ཡེ་ཤེས་དམ་པ་སྟེ། །ཐུགས་མཆོག་ཆེན་པོས་འགྲོ་བའི་དོན་མཛད་པའི། །འཁོར་བའི་ཉེས་སྐྱོན་ཐམས་ཅད་ཚར་གཅོད་ཕྱིར། །འདོད་ཆགས་འདུལ་བའི་དཔལ་ལྡན་གར་གྱི་བདག །བྱེ་བ་ཕྲག་བརྒྱ་དཔག་ཏུ་མེད་པ་ཡང་། །སྤྲུལ་པའི་སྐུ་དག་ཚད་མེད་དཔག་ཏུ་མེད། །ཐུན་མོང་མ་ཡིན་འཇམ་དཔལ་གཤིན་རྗེའི་གཤེད། །སྐུ་གསུང་ཐུགས་ཀྱི་ཕྲིན་ལས་རྨད་དུ་བྱུང་། །ཟུག་རྔུ་མི་མངའ་ཆོས་ཉིད་རྨད་པོ་ཆེ། །མི་དགེ་བཅུ་དང་མཚམས་མེད་ཚར་གཅོད་པ། །ཆོས་ཀྱི་སྐུ་དང་ལོངས་སྤྱོད་


DNG016_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པའི་སྐུ། །སྤྲུལ་པའི་སྐུ་དང་གསུམ་ནི་དོན་དམ་དབྱིངས་སུ་སྦྱོར། །སྔགས་སོར་བཞག་འགྲོ་བའི་དོན་མཛད་ཟུག་རྔུ་མི་མངའ་བའི། །ཕྱོགས་བཅུའི་བདེ་བར་གཤེགས་པ་ཀུན་གྱི་དཔལ། །ཡང་དག་ཡེ་ཤེས་རང་བཞིན་འཇམ་དཔལ་ཡིན། །སྙིང་པོ་གཉིས་མེད་བྱང་ཆུབ་སྙིང་པོའི་དོན། །དེ་བཞིན་གཤེགས་པའི་སྙིང་པོ་འདི་བཤད་དོ། །་སརྦ་ཏ་ཐཱ་ག་ཏ་ཨེ་ཏ་པྲ་བ་གཉའ་ན་སྭཱ་ཧཱ། བཛྲ་བཛྲ་ཏ་ཐཱ་ག་ཏ། རཏྣ་རཏྣ་ཏ་ཐཱ་ག་ཏ། པདྨ་པདྨ་ཏ་ཐཱ་ག་ཏ། ཀརྨ་ཀརྨ་ཏ་ཐཱ་ག་ཏཱ་ནཱཾ་ཧཱུྃ་ཞེས་གསུངས་པ་ནི་ལེའུ་གཉིས་པའོ།། །།དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ་གྱི་ཚོགས་ཐམས་ཅད་གཅིག་ཏུ་འདུས་ཏེ། སྦྱོར་བའི་ཆེད་དུ་སྙན་པའི་ཚིག་འདི་སྐད་ཅེས་གསུངས་སོ། །་ན་མཿསརྦ་ཏ་ཐཱ་ག་ཏ་ཨེ་ཧྱེ་ཧི་བྷ་ག་ཝཱན། ཏ་ཐཱ་ག་ཏ་པྲ་བ། བྷ་བཱི་བོ་དྷི་སྭཱ་ཧཱ། དྷརྨ་དྷཱ་ཏུ་ཨེ་ཧྱེ་ཧི་ཛཿཧཱུྃ་བཾ་ཧོཿ། ཧ་ཧི་ཧེ་ཧི་ཧེ་ཧི་ཧཱུྃ་ཧཱུྃ་ཧཱུྃ་སྭཱ་ཧཱ། ཞེས་ཡུམ་གྱི་ཚོགས་ཐམས་ཅད་ཀྱིས། ཕྱོགས་བཅུ་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ལ་དགྱེས་པ་ཆེན་པོའི་བརྡས་བསྐུལ་ཏེ་འདི་སྐད་དོ། །ཨེ་མ་ཧོ། ཕྱོགས་བཅུ་དུས་གསུམ་རྫོགས་པ་ཡི། །ཡེ་ཤེས་འདུས་པ་ཕྲིན་ལས་མཆོག །ཡེ་ཤེས་ཕྲིན་ལས་རྨད་པོ་ཆེ། །སྦྱོར་བ་མཆོག་གི་མཆོད་པ་བཞེས། །ཞེས་གསུངས་པས། དབང་ཕྱུག་གི་འཁོར་མྱ་ངན་ལས་འདས་པ་ཐམས་ཅད་དང་བཅས་ནས། སྐུ་ཆེ་བའི་ཡོན་ཏན་གྱིས་བརྒྱན་ཏེ། སོ་སོའི་བཙུན་མོ་ལ་དགྱེས་པ་ཆེན་པོའི་སྐུ་ཉམས་སུ་མྱོང་བར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་བཙུན་མོའི་བྷ་ག་ལས་བཞེངས་ཏེ་འདི་སྐད་ཅེས་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པའི་ཕྱིར། ཡུམ་གྱི་གསང་བ་བདེ་མཉམ་ལ། །མི་འགྱུར་དོན་གྱི་མཆོད་པ་བཞེས། །སྐུ་གསུང་ཐུགས་ཀྱི་དབྱིག་གྱུར་ཏོ། །ཨ་ལ་ལ་ཧོ། ན་མཿསརྦ་ཏ་ཐཱ་ག་ཏ་བྷི་རོ་ཡ་བོ་དྷི་ཙིཏྟ་རཱ་ག་


DNG016_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ཡཱ་མི། ཞེས་དགྱེས་པ་ཆེན་པོའི་ཕུལ་དུ་བྱོན་ཏོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད། ཆོས་ཐམས་ཅད་དོན་དམ་པའི་ཁྲོ་བོར་བསྟན་ཏེ་འདི་སྐད་དོ། །ཁྱད་པར་རིམ་པར་བསྟན་པའི་ཁྲོ་གཉེར་ནི། །ཡེ་ཤེས་དབྱིངས་སུ་རྟོག་པ་ཆེ་བའི་ངང་། །ཁྲོ་བོ་བརྒྱད་དང་དགུ་དང་སྟོང་རྩ་གཅིག །སྟོན་པ་མཆོད་ཕྱིར་ཁྲོ་བོ་གློག་ལྟར་འགྱུ། །ཁྲ་དང་སྤྱང་ཀི་སྲིན་པོ་མུ་སྟེགས་རྣམས། །བདུད་དང་ལོག་འདྲེན་ཐམས་ཅད་ཚར་གཅད་ཕྱིར། །ཕྱོགས་བཅུ་ཀུན་ནས་འདུས་པའི་ཁྲོ་བོ་ཆེན་པོ་བཅུ། །ཚད་མེད་བཞི་ཡི་ཡེ་ཤེས་ཁྱད་པར་ལས། །སྙིང་རྗེ་ཆེན་པོས་འགྲོ་བའི་དོན་མཛད་ཕྱིར། །ཆོས་ཉིད་སྒྱུ་མ་ལྟ་བུའི་ཕྲིན་ལས་མཛད། །ཁྲོ་བོའི་ཐུགས་རྗེས་ཆོས་ཉིད་རྣམ་པར་རོལ། །ཆོས་རྣམས་ཐམས་ཅད་བྱང་ཆུབ་སེམས་ཀྱི་ངང་། །ཆེ་བའི་ཡོན་ཏན་འབྱུང་བ་འདི་ཡིན་ནོ། །་ཝཱ་གཱི་ཤྭ་རི་མུཾ་དང་དྲུག་གོ། །ཡང་ན་རིགས་ལྔ་འཇམ་དཔལ་དང་དྲུག་གོ། །སྤྲུལ་པའི་གཤིན་རྗེ་བཞི་དང་བཅུའོ། །ཡེ་ཤེས་དྲུག་ཟུང་དུ་བརྩིས་པའི་གསུམ་སྟེ་དགུའོ། །མི་མཉམ་ཆོས་རྣམས་སྐྱེ་བའི་ཆོས་ཅན་ཡང་། །འབྱུང་གནས་ཡེ་ཤེས་དཀྱིལ་འཁོར་དག་དང་སྦྱོར། །ཨ་ཨཱ། ཨི་ཨཱིཾ། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ། འཁོར་དང་ལྡན་པའི་དཀྱིལ་འཁོར་འདིར། །དེ་བཞིན་གཤེགས་པ་འབྱུང་བའི་གནས། །སོ་སོའི་གཞུང་ནས་ཇི་བཞིན་དུ། །འཁོར་ལོ་བཅུ་དྲུག་རྩིབས་སྟེང་ལ། །ཡིག་འབྲུའི་ཚུལ་དུ་དགོད་པར་བྱ། །མི་དགེ་བཅུ་དང་ལྡན་པའི་རྣམ་པར་དྲན་པ་དེར་བྱའོ། །སྔགས་དང་ཕྱག་རྒྱ་རྫས་རྣམས་དང་། །གའུའི་ཁ་སྦྱར་རེ་མན་དང་། །ཁམ་སའི་རྫ་དང་འཇིམ་པ་ཡིས། །རཀྟ་གསུམ་དང་གི་ཝང་ངོ་། །ཚོན་སྐུད་དོག་པ་དམར་པོ་ཡིས། །ཁམ་སའི་རྫའི་གའུ་བཅིངས། །ཕྲིན་ལས་རྣམ་པ་བཞི་བྱའོ། །བྱང་ཆུབ་སེམས་ཀྱི་ཐིག་ཆེན་སྦྱར་བར་བྱ། །ཕྲིན་ལས་རྣམ་པ་བཞི་དག་ནི། །འོག་ནས་འབྱུང་བའི་དོན་དུ་བསྟན་པར་བྱ། །འཕགས་པ་གཤིན་རྗེ་གཤེད་འབྱུང་


DNG016_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད། སྐུ་དང་གསུང་དང་ཐུགས་བཙུན་མོའི་བདག་ཉིད་དུ་གྱུར་ཏེ། སཾ་ཀྲི་ཏ་པ་ན། ཨ་བུད་པ་ཧཾ། སརྦ་དྷརྨཱ་ཙ་ཙརྱ། ཨ་ཏི་བ་ཧང་ཧཱུྃ། ་ཨ་ལ་ཡང་ཡཱང་། ཨ་བོ་དེ། ཏ་ཐཱ་ག་ཏ་ཀྲོ་ཏཱི་ཤྭ་རཱི། ཨ་བི་ཏ་ཧཱུྃ། བཛྲ་ཀྲོ་ཏཱི་ཤྭ་རཱི། ཏྲཱཾ་རཏྣ་ཀྲོ་ཏཱི་ཤྭ་རཱི། ་པདྨ་ཀྲོ་ཏཱི་ཤྭ་རཱི། ཧ་ཀརྨ་ཀྲོ་ཏཱི་ཤྭ་རཱི། ཧེ་ཧ་ཧཾ་ཞེས་དབྱུང་སྟེ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། བཙུན་མོ་འབྱུང་བའི་གནས་འབྱུང་བྱེད་ཡེ་ཤེས་ཀྱི་དཀྱིལ་འཁོར་བསྟན་ཏེ། བསྐྱེད་དང་རྫོགས་དང་ཆ་ལུགས་ནི། །ཡབ་ཀྱི་སྐུ་བཞིན་དེ་བཞིན་བསྐྱེད་བྱས་ཏེ། །འཁོར་ལོ་བཅུ་དྲུག་མུ་ཁྱུད་རྡོ་རྗེ་ར་བ་དང་། །གྲུ་ཆད་བར་ཁྱམས་གསུམ་དང་དེ་བཞིན་དུ། །སྤྱོད་མཐུན་གྲོལ་བའི་སྙིང་རྗེ་ཡུམ་བསྐྱེད་དང་། །རིགས་ཀྱི་ཡབ་དང་རིགས་ཀྱི་བཙུན་མོ་ནི། །རྟག་པ་མཐར་ཕྱིན་དེ་བཞིན་གཤེགས་པར་བྱ། །རྫས་དང་ཕྱག་རྒྱ་སྔགས་དང་བཅས་རྣམས་ནི། །གཟུགས་དང་གོང་མའི་འབྲས་བུ་འདོད་པ་དག་དང་སྦྱར། །ཁ་དོག་ཆེ་ཞིང་ལུས་བོངས་ཆེ་བ་དང་། །རྒྱ་དག་ཡོངས་སུ་མ་ཆད་ནམ་མཁར་བསྒོམ། །གསལ་བའི་ཤེས་རབ་ཐམས་ཅད་ནམ་མཁའ་འདྲ། །ཡ་ཧི་ཨ་ཧི་བིདྱཱ་མཐར་ཕྱིན་པ། །ལུང་དང་མན་ངག་གཉིས་ལ་མཁས་པར་བྱ། །གཉིས་མེད་སྦྱོར་བའི་ཐམས་ཅད་དུ། །དགྱེས་པ་བསྐངས་ཤིང་དབང་དུ་སྡུད་པ་ནི། །མི་དམིགས་གཙོ་བོའི་སྔགས་དང་ཕྱག་རྒྱ་འདི། །གནས་པ་འདི་ཡང་ཀུན་ཏུ་འགུགས་པ་དང་། །སྒྲོལ་དང་མཐར་ཕྱིན་ཕྲིན་ལས་གནས་སུ་བསྟན། །ཞེས་འབྱུང་སྟེ། འབྱུང་མེད་ཡེ་ཤེས་ཀྱི་དཀྱིལ་འཁོར་ཞེས་བྱ་སྟེ་ལེའུ་གསུམ་པའོ།། །།དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་འབྱུང་བའི་གནས་བསྟན་ཏེ། གཞན་གྱི་ཕྱིར་ནི་རིག་པ་དང་། གདོད་མ་ནས་རིག་པ་རྣམ་པར་དག་པ་དང་། ཇི་སྲིད་འཚོ་བའི་བར་དུ་ཡེ་ཤེས་རྣམ་པར་དག་པ་དང་། གནད་ངེས་པའི་ཤེས་པ་རྣམ་པར་


DNG016_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

དག་པ་དང་། བདུན་ལས་མ་བྱུང་རྒོལ་བ་ངན་པ་ཚར་གཅོད་པའི་ཤེས་རབ་དང་། མུ་སྟེགས་བྱཱ་ཀ་ར་ཎའི་སྒྲ་ལ་མཁས་པ་ཚར་གཅོད་པའི་ཤེས་རབ་རྣམ་པར་དག་པ་དང་། མི་མཐུན་པའི་ཕྱོགས་ཐམས་ཅད་ཟིལ་གྱིས་གནོན་པའི་ཤེས་རབ་རྣམ་པར་དག་པ་དང་དགུའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་བཙུན་མོའི་བདག་ཉིད་ཡེ་ཤེས་སུ་གྱུར་པ། ཡེ་ཤེས་ལས་ཀྱི་ཏིང་ངེ་འཛིན་གྱི་བདག་ཉིད་དུ་གྱུར་ཏེ། འདི་སྐད་དོ། །ཁྲོ་བོར་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་དང་། སྒྱུ་མ་ལ་དབང་བསྒྱུར་བའི་ཏིང་ངེ་འཛིན་དང་། ཆོས་ཉིད་སྒྱུ་མ་ལ་དབང་བསྒྱུར་བའི་ཏིང་ངེ་འཛིན་དང་། གོ་འཕང་ཆེན་པོ་ལ་སྦྱོར་བ་ཐབས་ཀྱི་ཏིང་ངེ་འཛིན་དང་། བྱང་ཆུབ་སེམས་གཉིས་སུ་མེད་པའི་ཏིང་ངེ་འཛིན་དང་། བྱམས་པ་ཆེན་པོའི་ཏིང་ངེ་འཛིན་དང་། སྙིང་རྗེ་ཆེན་པོའི་ཏིང་ངེ་འཛིན་དང་། རྫུ་འཕྲུལ་དང་ལྡན་པའི་ཏིང་ངེ་འཛིན་དང་། རྗེས་སུ་བསྟན་པའི་ཆོ་འཕྲུལ་དང་ལྡན་པའི་ཏིང་ངེ་འཛིན་དང་། ཐུགས་རྗེས་ཞེ་སྡང་སྒྲོལ་བའི་ཏིང་ངེ་འཛིན་དང་། ཤེས་རབ་ཀྱིས་འདོད་ཆགས་སྒྲོལ་བའི་ཏིང་ངེ་འཛིན་དང་། ཡེ་ཤེས་ཀྱིས་གཏི་མུག་སྒྲོལ་བའི་ཏིང་ངེ་འཛིན་དང་། ཡོན་ཏན་གྱིས་ང་རྒྱལ་སྒྲོལ་བའི་ཏིང་ངེ་འཛིན་དང་། འབད་པ་མེད་པའི་བརྩོན་འགྲུས་ཀྱིས་ཕྲག་དོག་འཇོམས་པའི་ཏིང་ངེ་འཛིན་དང་། ཐུབ་པས་བདུད་རྣམས་འཇོམས་པའི་ཏིང་ངེ་འཛིན་རྣམས་སོ། །པྲཛྙཱ་ཀུ་ལ། ཛྙཱ་ན་ཀུ་ལ། འདའ་ཏ་ཀུ་ལ། གུ་ཎ་ཀུ་ལ། བཱིརྱ་ཀུ་ལ། བུཌྜྷ་ཀུ་ལ། བཛྲ་ཀུ་ལ། རཏྣ་ཀུ་ལ། པདྨ་ཀུ་ལ། ཀརྨ་ཀུ་ལ། སརྦ་སརྦ་བུཌྜྷ་ཧཱུྃ་ཀུ་ལ་ཧོ། དེ་ནས་ཁྲོ་བོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་ཏིང་ངེ་འཛིན་ཏེ། དེ་ལྟར་བསྟན་ནས་དེ་བཞིན་སྨོས་སོ། །དཔེར་ན་མེ་དང་འོད་བཞིན་དུ། །འོད་ལ་སྦྲང་མ་འདུ་ན་ཡང་། །མེ་ལྕེའི་དྲོད་ནི་འོད་ལ་ཡོད། །འོད་ཀྱིས་སྦྲང་ཚིག་དེ་བཞིན་དུ། །སྐྱོན་གྱི་དྲི་མ་ཐམས་ཅད་དང་། །


DNG016_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་དང་མུ་སྟེགས་ལོག་འདྲེན་དང་། །མི་མཐུན་པ་ཡི་དགྲ་བོ་རྣམས། །ཤེས་རབ་ཐབས་ཀྱིས་གཟིར་བ་ཡིས། །མེ་ལྕེ་དང་ནི་སྦྲང་མའི་འོད། །ཐ་དད་པ་ཡིས་མི་མཐུན་པའོ། །འཕགས་པ་འཇམ་དཔལ་གཤིན་རྗེ་གཤེད། །འཁྲུགས་པ་མེད་ཅིང་སྒྲོལ་བར་བྱེད། །མི་སྐྱེ་ཡེ་ཤེས་རལ་གྲི་ཡིས། །ཉོན་མོངས་སྡུག་བསྔལ་དྲལ་བས་ན། །གནས་དང་གནས་ནི་མ་ཡིན་པས། །རྒྱུ་དང་རྒྱུ་ནི་མ་ཡིན་པ། །ཉོན་མོངས་སེམས་ཅན་མཐོ་རིས་གནས། །བསྒྲལ་བའི་ཞིང་བཅུ་སྨོས་པ་དེ། །དེ་ལ་དེ་བཞིན་དྲག་ཏུ་བྱ། །རིགས་དང་ལོ་ཟླ་མི་མཐུན་པ། །དེ་བཞིན་དག་ཏུ་བྱར་མི་རུང་། །སྐྱོན་གྱི་རྣམ་པ་ཡོད་པ་དེ། །དེ་བཞིན་དུ་ནི་ཤེས་པར་བྱ། །ལས་དང་བྱ་བ་རྩོལ་བ་རྣམས། །ཉམས་ཀྱི་ཕྱག་རྒྱ་རང་དོན་སད། །དེ་བརྟགས་དགའ་བར་མི་འགྱུར་ཏེ། །མི་ལྤགས་སམ་ནི་རོ་གོས་ལ། །གི་ཝང་དག་གིས་བྲིས་བྱས་ཏེ། །ལྷ་དག་ཡབ་ཡུམ་གཟུགས་ཀྱང་བྲི། །ཁྱད་པར་རཀྟའི་ཁ་ཆུས་བྲན། །གདུག་པ་དྲུག་གི་སྙིང་པོ་བྲིའོ། །དེ་ནས་སྔགས་ནི་འདི་ཡང་བརྗོད། །་ཧྲཱྀཿཤྟྲཱིཿཀྲོ་ཏ་བི་ཀྲོ་ཏི་ཏ། ཧྲཱྀཿཤྟྲཱིཿཀྲོ་ཏི་མ་ར་ཏང་། པྲ་སང་ཧེ་ཏ་ད་བ་མུ་ཀ་ཧེ་ཧང་ཀཱ་ལ་རཱུ་པ་ཧཱུྃ་ཕཊ་ཨཱཿ། དེ་སྐད་ཅེས་གསུངས་ཏེ། དགྲ་དང་བགེགས་དང་མུ་སྟེགས་དང་། །བདུད་དང་སྲིན་པོ་ལོག་འདྲེན་མ་རུངས་པ་རྣམས་གཟིར་ཅིང་མནན་པ་དེ་བཞིན་དུ་བྱའོ། །དེ་ནས་འཕགས་པ་འཇམ་དཔལ་གཤིན་རྗེ་གཤེད་ནག་པོས་ཐུགས་མཉམ་པའི་དཀྱིལ་ནས། བདུད་དང་མུ་སྟེགས་དང་། སྲིན་པོ་དང་ལོག་འདྲེན་ཐམས་ཅད་རང་བཞིན་གྱིས་བསྒྲལ་བའི་སྙིང་པོ་འདི་གསུངས་སོ། །་པྲ་མར་ན་མོ་པྲ་སང་བཛྲ། བཛྲ་ཀི་མོ་ན་དོ་ཨ་ཧང་པྲ་ཀུ་ལ། འབྲ་ཏ་མ་བྷ་ཀུ་ལ། མ་ཏྲ་མུ་ཏྲི། སྙིང་པོ་དེ་སྐད་གསུངས་མ་ཐག་ཏུ། རང་བཞིན་གྱིས་དབང་དུ་འདུས་པར་གྱུར་ཏེ། བདུད་


DNG016_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་དག་ནི་ཁྲོ་ཞིང་གཏུམ། །སྲིན་པོ་དག་ནི་འཇིགས་ཤིང་རྔམ། །མུ་སྟེགས་ལོག་འདྲེན་རྒོལ་བར་བྱེད། །དེ་དུས་ཕྲིན་ལས་འདི་གསུངས་སོ། །དཀྱིལ་འཁོར་པདྨ་འདབ་བརྒྱད་ལ། །གྲུ་ཆད་མུ་ཁྱུད་སུམ་བརྩེག་བྱ། །དེ་ཡི་དབུས་ཀྱི་ལྟེ་བ་ལ། །བདུད་འདུལ་སྙིང་པོ་འདི་བཀོད་དོ། ་ཐ་ག་བྷན་མཱ་ར་ན་ཎ། ཤར་གྱི་པདྨ་ལ། སྲིན་པོ་དབང་དུ་སྡུད་པའི་སྙིང་པོ། ་རཀྵ་ཁྲག་ན་ཎ། ལྷོ་རུ་མུ་སྟེགས་དབང་དུ་བསྡུ་བའི་སྙིང་པོ། ་ཏི་རྠི་ཀ་ཏ་ན་ཎ། ནུབ་ཏུ་བགེགས་དབང་དུ་བསྡུ་བའི་སྙིང་པོ། ་བ་མ་ར་ན་ཎ། བྱང་དུ་ལོག་འདྲེན་དབང་དུ་བསྡུ་བའི་སྙིང་པོ་བྲི། ་ཀྲང་ཀ་རིན་ཎ། མཚམས་ཀྱི་པདྨ་བཞི་ལ། ཧཱུྃ་དྷ། ཧཱུྃ་སཱ། ཧཱུྃ་མཱ། ཧཱུྃ་པ། རྣམས་བྲིའོ། །གྲུ་ཆད་བཞི་ལ་ཐོད་པ་ལྕང་ལོ་ཅན་བཞི་བྲིའོ། །མུ་ཁྱུད་ཟླུམ་པོ་ལ། ཐོད་པའི་ཕྲེང་བ་གཏང་། དེའི་ཕྱི་རིམ་ལ་སྦྲུལ་བྲི། དེ་ལྟར་དཀྱིལ་འཁོར་བཅས་ནས་ནི། །རྣམ་པར་གཙེ་བའི་གཟུགས་རྣམས་ཀུན། །ཁམ་ས་དག་གི་ག་བུ་ལ། །ལྷ་དག་གི་ནི་གཟུགས་བྲིས་ལ། །རྣམ་པར་གཙེ་བའི་གཟུགས་ཀྱང་བྲི། །དོག་པ་དམར་པོས་བཅིངས་ནས་ནི། །དཀྱིལ་འཁོར་དབུས་སུ་དགོད་བྱས་ཏེ། །རྩེ་གཅིག་ཕྱག་རྒྱ་བཅས་ནས་ནི། །སྔགས་ནི་མང་དུ་བརྗོད་པར་བྱ། །ན་མ་ཧྲི་ཁི་ཁན། ད་མ་ར་པྲ་པ་ཐ་བྱིང་ཨུ་མི་ན་ཎ་སརྦ་ཛ། ཕྱག་རྒྱ་དེ་ཡིས་བརྡེག་པར་བྱ། །ཞག་གསུམ་གཟིར་གནན་བྱས་ན་ནི། །བགེགས་དང་ལོག་འདྲེན་དབང་བསྡུ་སྟེ། །ཁྲོ་བོ་དེ་བཞིན་བཞུགས་པ་རྣམས། །དཀར་དང་དམར་དང་སེར་བ་དང་། །སྨུག་དང་ལྗང་ནག་ཁམ་པ་དང་། །སོ་སོའི་ཆ་ལུགས་རྔམ་པའི་གཟུགས། །མགོན་པོ་གཤིན་རྗེ་ནག་པོ་ཡིས། །དེ་དག་ཚོགས་སུ་སྤྲུལ་ནས་ནི། །བགེགས་དང་ལོག་འདྲེན་གཟིར་ཞིང་མནན། །རྔམ་པའི་ཞལ་དུ་འདི་བཏབ་པོ། །་ཆེ་གེ་མོ་ཁ་རཾ། ཧཱུྃ་ཧྲཱྀཿཤྟྲཱིཿཆེ་གེ་མོ་ཁ་རཾ། ཀཱ་ལ་རཱུ་པ་ན་ཆེ་གེ་མོ་ཁ་རཾ་


DNG016_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་ན་ཨ། ཉིན་ཞག་གཅིག་ལ་སྟོང་རྩ་གཅིག་བཟླས་སོ། །ཉིན་ཞག་གཉིས་ལ་ཁྲི་རྩ་གཅིག་བཟླས་སོ། །ཉིན་ཞག་གསུམ་ལ་འབུམ་རྩ་གཅིག་བཟླས་སོ། །དེ་ནས་རྩ་བའི་ཕྱག་རྒྱ་གསུམ་བཅས་ཏེ། ཡང་ནས་ཡང་དུ་མནན་ཅིང་གཟིར་བར་བྱ། །བེ་ཅོན་ཕྱག་རྒྱ་བཅས་ནས་ནི། །སྔགས་འདིས་ཀྱང་ནི་གདབ་པར་བྱའོ། །་ཧྲཱྀཿཤྟྲཱིཿབཛྲ་ཡ་ཡ་ན། སརྦ་པུ་པུད་ཏ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཏ་ཨ། ཞེས་སྟོང་རྩ་གཅིག་བཟླས་སོ། །ལས་རྣམས་རྫས་དང་སྔགས་དང་ཕྱག་རྒྱ་དང་། །བརྩོན་འགྲུས་མ་ཡེངས་པར་ཡང་ནན་ཏན་བྱ། །ཞེས་འབྱུང་སྟེ། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བྲི་ཞིང་མནན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་འཕགས་པ་འཇམ་དཔལ་གཤིན་རྗེ་གཤེད་ཡེ་ཤེས་ལྷུན་གྱིས་གྲུབ་པའི་དགྱེས་པ་ཆེན་པོའི་ངང་ལ་ལོངས་སྤྱོད་པར་སྟོན་ཏེ། འཕགས་པའི་རང་བཞིན་གནས་པས་ཀུན་ཏུ་ཤེས་རབ་སྟེ། །དེ་བཞིན་རྣམ་པར་མི་རྟོག་ཡིན་པས་ན། །འདི་གཉིས་ཆོས་ཀྱི་སྐུ་ཞེས་རབ་ཏུ་བཤད། །ཆོས་ཀྱི་ལོངས་སྤྱོད་ཆེན་པོ་མཛད་པ་དང་། །མཉམ་པ་ཉིད་ཀྱི་ཡེ་ཤེས་དབྱིངས་ནས་བཞེངས། །ཐུགས་རྗེ་ཆེན་པོས་འགྲོ་བའི་དོན་ལ་ཆགས། །ཤིན་ཏུ་ཁྲོ་བོར་གྱུར་ནས་གསུངས་པ་ནི། །ང་ནི་དུས་གསུམ་སྔོན་དུ་བྱུང་། །སངས་རྒྱས་ཀུན་གྱི་སྔོན་དུ་བྱུང་། །ང་ནི་དུས་གསུམ་ཕྱིས་ཀྱང་འབྱུང་། །ང་ནི་དུས་གསུམ་ད་ལྟར་གནས། །དུས་གསུམ་འདི་ནི་ང་ཡི་དབང་། །ང་ནི་ལྔ་བརྒྱ་ཐ་མའི་ཚེ། །ང་ཡི་བསྟན་པ་འབྱུང་བར་བཤད། །བསྟན་པ་ཐམས་ཅད་ནུབ་པའི་ཚེ། །ང་ཡི་བསྟན་པ་དར་བར་བྱེད། །ལས་ངན་མཚམས་མེད་བྱེད་པའི་ཚེ། །དེ་ཚེ་ང་ཡི་བསྟན་པ་འབྱུང་། །ཟས་ངན་ལྕི་བ་ཟ་བའི་ཚེ། །དེ་ཚེ་ང་ཡི་བསྟན་པ་འབྱུང་། །གོས་ངན་དུག་ཧྲུལ་གོན་པའི་ཚེ། །དེ་ཚེ་ང་ཡི་བསྟན་པ་འབྱུང་། །བསྟན་པ་ཐམས་ཅད་ནུབ་པའི་ཚེ། །དེ་ཚེ་ང་ཡི་བསྟན་པ་འབྱུང་། །ཇི་ལྟ་བུ་ནི་ཞི་གྱུར་ཀྱང་། །ཞི་བ་ཐམས་ཅད་ང་


DNG016_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་སྐུ། །ཇི་ལྟ་བུ་ནི་ཁྲོས་གྱུར་ཀྱང་། །ཁྲོ་བོ་ཐམས་ཅད་ང་ཡི་སྐུ། །ཐམས་ཅད་ང་ཡི་རང་བཞིན་ཡིན། །འགྲོ་བ་རིགས་དྲུག་ལ་སོགས་རྣམ་པར་རྒྱལ་བར་མཛད་པ་དང་། །བདུད་དང་སྲིན་པོ་མུ་སྟེགས་འདུལ་བའི་ཕྱིར། །མཚན་དང་དཔེ་བྱད་གཟུགས་སུ་སྤྲུལ་ནས་ནི། །མ་ལུས་ཚར་གཅོད་ཕྱིར་ནི་འདི་གསུངས་སོ། །འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་ཟླུམ་པོར་བཅས། །སྦྲུལ་གྱི་རྒྱ་གྲམ་དག་གིས་མཐའ་བསྐོར་ཏེ། །ལྟེ་བར་རྡོ་རྗེ་རྒྱ་གྲམ་བྲི་བར་བྱ། །འཁོར་ལོ་བརྒྱད་ལ་རྡོ་རྗེ་རྒྱ་གྲམ་བྲི། །དེ་ཡི་སྟེང་དུ་བྷནྡྷའི་ག་བུ་གཉིས་ལ། གཅིག་ལ་གཤིན་རྗེ་དབུ་དྲུག་པའི་གཟུགས་བྲི། གཅིག་ལ་ཡུམ་ཁྲོ་གཉེར་གདོང་དྲུག་མའི་གཟུགས་བྲི། དེའི་ནང་དུ་དམིགས་པའི་རྐང་རྗེས་ཀྱི་ས་དང་། བྲིས་དང་ཁྲག་སྣ་གསུམ་དང་། ཐལ་ཆེན་ས་དང་། རྒྱ་ཤུག་བཀུས་པའི་ཁུ་བ་དང་། དེ་རྣམས་བརྫིས་པ་ལ་དགྲ་བོའི་གཟུགས་བྱས་ལ། ག་བུའི་ནང་དུ་བཅུག་ལ་ཁ་སྦྱར་ལ། དོག་པ་དམར་པོས་བཅིངས་ཏེ། དཀྱིལ་འཁོར་གྱི་ཐོག་ཏུ་བཞག །དེ་ནས་ལྷའི་སྐུ་ཕྱག་རྒྱ་ཆེན་པོར་བསྐྱེད་པ་ནི། ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ་ཅེས་བརྗོད་པས། འཕགས་པ་འཇམ་དཔལ་གཤིན་རྗེའི་གཤེད། ཞལ་དྲུག་ཕྱག་བཅུ་གཉིས་པ་སྐུ་མདོག་སྟང་ཟིལ་བཅག་འཕྲོ་འདྲ་བ། ཤིན་ཏུ་རྔམ་པའི་དབུ་དྲུག་ལ། དབུས་མ་རྔམ་ཞིང་གདངས་པ། གཡས་ལྗགས་འདྲིལ་བ། གཡོན་གད་རྒྱངས་ཆེན་པོ། གཡོན་པ་གཅིག་ཚེམས་གཙིགས་པ། གཡས་པ་གཅིག་འཛུམ་པའི་ཚུལ་ཅན། ཞལ་གཅིག་འཛུམ་གཉེར་ཁྲོ་ཞིང་བཞུགས་པ། ཞབས་དྲུག་བརྐྱང་བསྐུམ་གཟིར་གནོན་དུ་བཞུགས་པ། ཕྱག་གཡས་ཀྱི་དང་པོ་ཏྲི་ཤཱུལ། གཉིས་པས་རལ་གྲི། གསུམ་པས་མི་མགོའི་དབྱུག་ཐོ། བཞི་པས་དགྲ་སྟྭ། ལྔ་པས་མཆོག་སྦྱིན། དྲུག་པས་ལྕགས་ཀྱུ། གཡོན་དང་པོ་ཐོད་པ་ཆེན་པོ། གཉིས་པས་སྡིགས་མཛུབ། གསུམ་པས་ཞགས་པ། བཞི་


DNG016_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

པས་རིན་པོ་ཆེའི་དབྱུག་ཐོ། ལྔ་པས་མདའ་བོ་ཆེ། དྲུག་པས་མདུང་། སྐུའི་ཡན་ལག་ཐམས་ཅད་རྡོ་རྗེའི་བ་སྤུར་འབར་བ། ཀླུ་རིགས་བཞིས་སྐུ་ལ་བརྒྱན་པ། ཡི་དྭགས་ཀྱི་ཕྲེང་བ་ཆེན་པོས་སེ་རལ་ཁར་བརྒྱན་པ། ཐོད་པ་སྐམ་རློན་གྱི་དབུ་རྒྱན། སྦྲུལ་གྱི་གདེངས་ཀ །དུར་ཁྲོད་ཀྱི་རྒྱན་སྣ་ཚོགས་པས་བརྒྱན་པ་གཅིག་བསྒོམ་མོ། །དེའི་གཡོན་དུ་ཡུམ་བེ་ཏཱ་ལཱི་ཞལ་གཅིག་ཕྱག་གཉིས་པ། གཡས་ཏྲི་ཤཱུལ་རྩེ་གསུམ། གཡོན་བྷནྡྷ་དམར་གྱིས་བཀང་བ་བསྣམས་པ་གཅིག་བསྐྱེད་ལ། དེ་གསལ་བ་དང་འདི་སྐད་ཅེས་བརྗོད་དོ། །ཧཱུྃ། རྔམ་པའི་རྒྱལ་པོ་ཁྲག་འཐུང་གཤིན་རྗེ་གཤེད། །ཁམས་གསུམ་དབང་དུ་སྡུད་པའི་ཞལ་དྲུག་པ། །དབྱིངས་ལས་སྤྲུལ་པའི་ཁྲག་འཐུང་ལྷུན་གྱིས་གྲུབ། །ལས་ངན་འཁྲུལ་པའི་སེམས་ཅན་གདུལ་དཀའ་རྣམས། །གདུག་པ་འདུལ་ཕྱིར་མ་ལུས་གཤེགས་སུ་གསོལ། །་ན་མོ་བྷུཌྜྷ་དྷརྨ་སང་གྷེ་བྷྱཿ། ཀྲོ་ཏ་ས་པཱ་རི་བཱ་ར་ས་མ་ཡ། ཨཱ་གཙྪ་ཡ་ཨཱ་གཙྪ་ཡ། ་ཨཱཿཧཱུྃ་ཨི་དཾ་པྲེ་ཏ་ཨཱ་ས་ནཱ་ནཱཾ། ཨ་མྲྀ་ཏོད་ཀ་ན་རཀ་རཀྵ་ནི་སྭཱ་ཧཱ། དེ་ནས་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། ཛཿཧཱུྃ་བཾ་ཧོཿ། ཡ་མཱནྟ་ཀ་པདྨ་ས་མ་ཡ་སྟྭཾ། ཞེས་ལན་གསུམ་བརྗོད་དེ། བརྟན་པར་བཞུགས་སུ་གསོལ། དེ་ནས་ཁྲག་ཆེན་དང་། རྒོད་ཁྲག་དང་། ཤ་ཆེན་དང་། ཚིལ་ཆེན་ལ་སོགས་པའི་གཏོར་མ་ཆ་གཅིག་བཤམས་ལ། དཀྱིལ་འཁོར་གྱི་སྟེང་དུ་བཞག་སྟེ། བདག་ཉིད་ཏིང་ངེ་འཛིན་པས་རལ། སྔགས་འདི་འབུམ་ཚོ་གཅིག་བཟླས་སོ། །་བཛྲ་ཧ་ཏང་འབའ་བ་ཧེ་ཧ་འདའ་ན། ཧྲཱྀཿཤྟྲཱིཿཆེ་གེ་མོ་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཧ་སྟབ་པ་པྲི་ཏི་ནིར་ཏི་ས་ཧཱུྃ་མཱ་ར་ཡ་ཧཱུྃ་ཕཊ། ཞེས་ཞག་གསུམ་དུ་བགྲངས་ལ། འཛབ་གྲངས་ཚང་བ་དང་། གཏོར་མའི་ལས་བརྩམ་པར་བྱ་སྟེ། བསྐྱེད་དང་བསྐུལ་དང་རྫོགས་པ་དང་། །ཕྱོགས་བཅུའི་ཁྲོ་བོ་སྤྱན་དྲངས་ལ། །མ་ལུས་རྫོགས་པའི་ཕྲིན་ལས་བྱ། །དེ་ནས་


DNG016_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མའི་ནང་དུ་དགྲ་བོའི་གཟུགས་བཅུག་ལ་གོང་མའི་སྔགས་ཀྱིས་བརྗོད་ནས་སུ། གཟིར་ཞིང་མནན་པ་དེ་བཞིན་ཏེ། །ལས་རྣམས་མ་གྲུབ་བར་དུ་ནི། །གཏོར་མ་ཡལ་བར་མི་གཏོང་ངོ་། །བེ་ཅོན་ཕྱག་རྒྱ་བཅས་ནས་ནི། །དམིགས་པ་དག་ལ་བརྡེག་པར་བྱ། །རིག་པ་འཛིན་པས་ལག་པ་གཡས་པ་བརྐྱང་། །རྡོ་རྗེ་ཁུ་ཚུར་ནང་དུ་ནི། །མཐེ་བོང་བཅུག་པ་བེ་ཅོན་རྒྱ། །སྔགས་འདི་ཡང་ནི་བརྗོད་པར་བྱ། །ན་མོ་བྷུཌྜྷ་དྷརྨཱ་སང་གྷེ་བྷེཿཨཱ། སརྦ་ཏ་ཐཱ་ག་ཏ་ཀྲོ་དྷ་བི་ཛ་ཡ། ཨག་ནིར་ཛྭ་ལི་ཏ་ཛ། པྲ་ཏ་ལི་ཡང་ཧཱུྃ་ཕཊ། དེས་ནི་གང་ལ་དམིགས་པ་འགྲུབ། །གཤིན་རྗེ་ནག་པོའི་ཏན་ཏྲ་ལས། རང་བཞིན་རྫོགས་པ་ཆེན་པོ་ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཀྱི་ལེའུ་སྟེ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་མགོན་པོ་གཤིན་རྗེའི་གཤེད་ཀྱིས། སྒྱུ་འཕྲུལ་ཆེ་སྡུད་ཀྱི་ལེའུ་འདི་གསུངས་སོ། །ཡེ་ཤེས་འཁྱིལ་པའི་འཁོར་ལོ་བརྒྱད་སྟེང་ལ། །ཡེ་ཤེས་ཉི་འོད་གསལ་བའི་ཐིག་དྲན་གདབ། །མུ་ཁྱུད་ཟླུམ་པོ་སྦྲུལ་གྱི་ཞགས་པ་བྲི། །སྟེགས་བུ་ཕྱོགས་མཚམས་ཕུར་བུ་བཞིས་ཀྱང་གདབ། །དེ་ཡི་དབུས་སུ་སྙིང་པོ་འདི་འགོད་དོ། །དབུས་ཀྱི་ལྟེ་བ་ལ་། ཤར་དུ་ཧྲི། ལྷོར་ཏྲཾ། ནུབ་ཏུ་བྃ། བྱང་དུ་ཧཱུྃ། བྱང་ཤར་ཛ། ཤར་ལྷོར་ཧྲི། ལྷོ་ནུབ་ཏུ་མེ། ནུབ་བྱང་དུ་ཡཾ། དེ་རྣམས་བཀོད་ནས། ཨ་མྲྀ་ཏ་སྐུ་མདོག་སྨུག་ནག་དབུ་གསུམ་ཕྱག་དྲུག །སྐུ་ལ་ཐོད་ཚལ་གྱི་ཕྲེང་བས་བརྒྱན་པ། ཞལ་གཡས་མཐིང་ནག །གཡོན་ལྗང་ནག །དབུས་སྐུ་དང་མཐུན་ཏེ་སྨུག་ནག །ཞབས་བཞི་བརྐྱང་བསྐུམ་དུ་བཞུགས་པ། ཡུམ་ཡང་ཡབ་ཀྱི་སྐུ་ཇི་བཞིན་དུ་བཞུགས་ཏེ། གཡོན་ཕྱོགས་སུ་བསྐྱེད་པར་བྱ། ་ཨ་མྲྀ་ཏ་ཏ་ཐཱ་ག་ཏ་སརྦ་ཨ་མྲྀ་ཏ་ཧཱུྃ་ཕཊ། བཛྲ་ཨ་མྲྀ་ཏ་ཧཱུྃ་ཕཊ། དེ་ལྟར་བསྐྱེད་ནས། དམིགས་པའི་གཟུགས་དྲིས་དང་། རྐང་རྗེས་ལ་བཅས་ལ། ཁམ་སའི་ག་བུ་དག་ལ་ནི། །ལྷ་ཡི་གཟུགས་ནི་བྲི་བར་བྱ། །ནང་དུ་དགྲ་ཡི་


DNG016_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་བཅུག་ལ། །ནན་ཏན་དུ་ནི་བསྒྲུབ་པར་བྱ། །དེ་ནས་ཁྲོ་བོ་ཆེན་པོ་བདུད་རྩི་འཁྱིལ་པའི་ཞལ་ནས་འདི་སྐད་ཅེས་གསུངས་སོ། །ཨཱོཾ་ང་ནི་ཕྱོགས་བཅུ་དུས་གསུམ་གྱི། །བདེ་གཤེགས་ཐུགས་ཀྱི་སྲས་ཡིན་པས། །བདུད་དང་སྲིན་པོ་ལོག་འདྲེན་རྣམས། །མ་ལུས་ཚར་གཅོད་བྱིན་བརླབས་ཏེ། །མགོན་པོ་གཤིན་རྗེའི་གཤེད་ཀྱི་སྲས། །དོན་རྣམས་ཐམས་ཅད་མ་ལུས་པར། །དེང་འདི་ཉིད་དུ་གྲུབ་པར་བྱ། །དགྲ་རྣམས་ཐམས་ཅད་གདུལ་བའི་ཕྱིར། །དུག་དང་གི་ཝང་ལ་སོགས་ཀྱིས། །དགྲ་བོའི་གཟུགས་ལ་བྲབ་ཅིང་བསྔགས། །ཕུར་པའི་ཕྱག་རྒྱ་བཅས་ནས་ནི། །སྔགས་འདི་ཡང་ནི་བརྗོད་པར་བྱ། །ཨཱོཾ་བཛྲ་སརྦ་ཨ་མྲྀ་ཏེ་སྟ་པ་སྟེ་ཧ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཨ། མེ་ཏོག་ས་མྱག་ཏ། ནམ་ཧི་པྲ་མ་ར་ཏ། ་ལ་ལ། ཧཱུཾ་ཧཱུཾ་ཕཊ་ཕཊ་ཨ། ཉིན་མཚན་ཐུན་དྲུག་བཅད་ནས་ནི། །སྟོང་ནི་རྩ་གཅིག་དག་ཏུ་བཟླས། །དེ་ལྟར་ཉིན་ཞག་གསུམ་བར་དུ། །འཛབ་བཟླས་དགྲ་ཡི་གཟུགས་ལ་བརྡེག །ཕྲིན་ལས་མཆོག་ཏུ་བྱ་བ་ནི། །ཟླ་བ་ཉ་གསུམ་དག་ལའོ། །དེ་ནས་བརྣག་པའི་ལས་འདི་བྱའོ། །རྡོ་རྗེ་རྩེ་གཅིག་རྒྱ་བཅས་ལ། །ཉི་མ་དང་པོ་ལ་སྔགས་འདི་བཟླས། ཨཱོཾ་མ་ར་ཁན་དྷ་ཥྚིཾ་ཡུ་བ་ཏ་ན་ཡ། ཨཱོཾ་ཏྲི་ཀན་ཏ་པ་ར་ན་ལ་ཧཱུཾ་མཱ་ར་ཡ་ཕཊ། དེ་ནས་གཉིས་པ་ལ། བཛྲ་ཧཱུཾ་ཁཾ་སྥ་ར་ཎ་ཕཊ། ཧཱུཾ་ཨཱ་བེ་ཤ་ཨ་ཨ་ཧཱུཾ་ཧཱུཾ་ཕཊ་ཕཊ། དེ་ནས་ཉིན་གསུམ་པ་ལ། ཨཱོཾ་ཀྲོ་ཏ་ནཱི་ལ་དཎྜ་ཧཱུཾ་ཧཱུཾ་ཧྲཱྀཿཤྟྲཱིཿབི་ཀྲྀ་ཏ་ན་ན། ཧྲཱྀཿཤྟྲཱིཿཧཱུཾ་ཧཱུཾ་ཏྲི་ཏྲི་ཕཊ་ཕཊ། དེ་ནས་ཉི་མ་བཞི་པ་ལ། །ཨཱོཾ་བཛྲ་ཙནྡྷ་ཧྲཱྀཿཤྟྲཱིཿབཛྲ་ཏི་ར་བཾ་ཁཱ་ཧི་ཁཱ་ཧི། ཆེ་གེ་མོ་དབང་དུ་སྡུས་ཤིག །ཧཱུཾ་ཧཱུཾ་ལ་ལ་ཕཊ་ཕཊ། རྒྱ་གྲམ་ཕྱག་རྒྱ་བཅས་ལ་བརྡེག །དེ་ནས་ཉི་མ་ལྔ་པ་ལ། ཨཱོཾ་བཛྲ་ཀང་ཀང་མ་ཀ་ཡཾ་ནི་ཧཱུཾ་ཕཊ་ཨ། རྩེ་ལྔའི་ཕྱག་རྒྱ་བཅས་ལ་བརྡེག །དེ་ནས་ཉི་མ་དྲུག་པ་ལ། ཨཱོཾ་བཛྲ་ཨཾ་ཀུ་ཤ་ཏྲེ་འབར་སྡི་ར་བཾ་མཱ་ར་ཡ་ཛཿཧཱུཾ། རྡོ་རྗེ་གདེངས་པའི་ཕྱག་རྒྱ་བརྡེག །དེ་ནས་ཉིན་ཞག་བདུན་པ་ལ། །ཨཱོཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་དུས་དུས་


DNG016_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

རང་རང་ཡཾ་ཡཾ་རཾ་རཾ་ང་དྷིང་དུན་བྷྱོ་ཧཱུཾ་ཕཊ། ཁ་ཊྭཱཾ་ག་ཡི་ཕྱག་རྒྱས་བརྡེག །དེ་ལྟར་གཟིར་མནན་དྲག་ཏུ་ནི། །བྱས་ན་དགྲ་བོ་དབང་དུ་འགྱུར། །གཤིན་རྗེ་ནག་པོའི་ཏནྟྲ་ལས། དགྲ་བོ་ཚེ་སྡུད་ཀྱི་ལེའུ་སྟེ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་འཕགས་པ་འཇམ་དཔལ་གཤིན་རྗེ་གཤེད་ཀྱིས། ཕྱོགས་བཅུ་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་མཆོག་གི་མཆོད་པའི་ལེའུ་བསྟན་ཏེ། འཁོར་ལོ་བཅུ་དྲུག་རྩིབས་སྟེང་ལ། །མུ་ཁྱུད་ཟླུམ་པོ་རྡོ་རྗེའི་ར་བ་སྟེ། །གྲུ་ཆད་བར་ཁྱམས་བཞི་དང་ལྡན་པར་བྲི། །སྒོ་ཁྱུད་རྣམས་ཀྱང་དེ་བཞིན་བྱའོ། །བ་ཡི་རྣམ་ལྔས་ཆག་ཆག་གདབ་པར་བྱ། །ཁྲག་ཆེན་དག་གིས་ཐིག་ཀྱང་གདབ། །ལྕགས་རི་ནག་པོ་རེ་ག་དམར་པོ་གཏང་། །བཅོམ་ལྡན་གཤིན་རྗེ་ལ་སོགས་པ་རྣམས་ཀྱང་། །རིམ་པ་བཞིན་དུ་སོ་སོར་དགོད་པར་བྱ། །དབུས་ཀྱི་ལྟེ་བར་ཀ་པཱ་ལ་མཚན་དང་ལྡན་པ་ཞིག་གི་ནང་ན་ཁྲག་སྣ་དགུ་དང་། ཤ་ཚིལ་ཆེན་པོ་དང་། དྲེད་ཀྱི་ཤ་ཚིལ་ལ་སོགས་པ་རྣམས་ཀྱི་དམར་གྱི་གཏོར་མ་ཆ་གཅིག་བཤམས་ལ་གཞག །ཤར་གྱི་བྷནྡྷ་དག་ཀྱང་ཁྲག་སྣ་དགུ་དང་། ཤ་ཚིལ་ཆེན་པོ་སྟག་དང་ཟེར་མང་གི་སྙིང་ཁྲག་དང་སྦྱར་ལ་གཞག །ལྷོའི་བྷནྡྷ་རུ་མ་ཧེ་ཤ་དང་རྫས་གོང་མར་སྦྱར་ཏེ་གཞག །ནུབ་ཀྱི་བྷནྡྷར་སྦྲུལ་གྱི་ཤ་དང་རྫས་གོང་མར་སྦྱར་ལ་གཞག །བྱང་དུ་རྒོད་ཀྱི་ཤ་ཁྲག་དང་རྫས་གོང་མར་སྦྱར་ཏེ་གཞག །མཚམས་བཞིར་ཐོད་རློན་རེ་རེ་གཞག །གཏོར་མ་དག་གི་མདུན་དག་ཏུ། །རིན་ཆེན་མཛེས་པའི་སྣོད་བཤམས་ཏེ། །དམར་གྱི་རཀྟ་ཨརྒྷ་སྦྱར་ལ་གཞག །ཕྱོགས་བཞི་དག་ཏུའང་དགོད་པར་བྱ། །དབུས་ཀྱི་གཙོ་བོའི་སྙིང་པོ་ནི། །ཨཱོཾ་བཛྲ་མཉྫུ་ཤྲཱི། ཧེ་ཧེ་ཧེ་ཧཱུཾ་ཧཱུཾ་ཧཱུཾ་ཛ་ཛ་ཛ། མ་ར་ན་ཁ་མ་ར་ན་ཁ། ཧེ་ཧཱུཾ་སྭཱ་ཧཱ། ཞེས་བརྗོད་པར་བྱའོ། །དབུས་ཀྱི་གཏོར་མ་ནི་དགྱེས་པ་སྐོང་བའི་གཏོར་མའོ། །ཕྱོགས་བཞི་དག་ཏུའང་དེ་བཞིན་ཏེ། །བསྐྱེད་པ་དང་


DNG016_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

ནི་བསྐུལ་པ་དང་། །ཕྱག་འཚལ་བ་དང་མཆོད་པ་དང་། །སེམས་ཀྱིས་རིམ་པ་བཞིན་དུ་བྱའོ། །བསྙེན་བསྒྲུབ་ལ་སོགས་གཞུང་བཞིན་བྱའོ། །བཅུ་བཞི་དང་ནི་བཅོ་ལྔ་དང་། །ཁྱད་པར་དུའང་ཚེས་བརྒྱད་ལའོ། །ནན་ཏན་དུ་ནི་བསྒྲུབ་པར་བྱའོ། །རིགས་དང་མཐར་ཕྱིན་གཙོར་བཟུང་ཞིང་། །ཐབས་དང་ཤེས་རབ་ལྡན་པ་སྟེ། །དཔེར་ན་རྡོ་རྗེ་རྣོན་པོ་ཡིས། །ཉོན་མོངས་དྲ་བ་གཅོད་པའི་ཚུལ། །ཡེ་ཤེས་རལ་གྲི་རྣོན་པོ་ཡིས། །མ་རིག་མུན་ནག་སེལ་བ་ལྟར། །བདུད་དང་མུ་སྟེགས་ཐམས་ཅད་ཀུན། །བྱིན་རླབས་ཆེན་པོས་བཏུལ་ནས་ནི། །བདུད་དང་སྲིན་པོ་གདན་དུ་བཏིང་། །གཤིན་རྗེའི་ཕོ་ཉ་ལ་སོགས་རྣམས། །སྒྲོལ་བའི་གིང་དུ་བྱིན་གྱིས་རློབས། །སྲིན་པོའི་བུ་མོ་ཆུང་མ་རྣམས། །དབང་དུ་བསྡུས་ཏེ་བཀའ་ཉན་ཚོགས། །ཐམས་ཅད་མ་ལུས་དབང་དུ་བསྡུས། །འཇིག་རྟེན་ལྷ་ཚོགས་ཐམས་ཅད་ཀྱང་། །བརྐྱང་བསྐུམ་གདན་དུ་བཀོད་ནས་ནི། །ཐམས་ཅད་མ་ལུས་ཟིལ་གྱིས་མནན། །སྐྱེས་བུ་རྣལ་འབྱོར་སྒྲུབ་པ་པོས། །ཉམས་སུ་བླངས་ལ་བསྒྲུབ་པར་བྱ། །ཇི་བཞིན་པ་ཡི་སེམས་དང་ནི། །རྫས་དང་ལག་ཆ་ཚོགས་པ་དང་། །ནམ་ཞིག་བསྒྲུབ་པར་འདོད་ན་ནི། །བསྒྲལ་བའི་ཞིང་བཅུ་དེར་བསྒྲལ་ལོ། །ཕྲིན་ལས་རྣམ་པ་བཞི་རུ་བསྒྲུབ། །དོན་རྣམས་ཐམས་ཅད་ཤེས་པར་བྱ། །གཤིན་རྗེ་ནག་པོའི་ཏནྟྲ་ལས། ཡེ་ཤེས་མཆོག་གི་མཆོད་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེད་ཀྱིས་ཡེ་ཤེས་དགྱེས་པ་ཆེན་པོའི་ཕྲིན་ལས་འདི་གསུངས་སོ། །ཨེ་མ་ཧོ། ཕྱོགས་བཅུ་ཀུན་ནས་བསྡུས་པ་ཡི། །ཡེ་ཤེས་རྒྱལ་པོ་ཐེག་ཆེན་འདི། །གསང་ཆེན་རྨད་དུ་བྱུང་བ་སྟེ། །རྒྱུ་དྲུག་འཁོར་བའི་སེམས་ཅན་རྣམས། །ཡེ་ནས་ལྷུན་གྱིས་གྲུབ་པ་ཡི། །མ་སྐྱེས་གདོད་ནས་རྣམ་པར་དག །ཡེ་ནས་ལྷུན་གྱིས་གྲུབ་པའི་བཅུད། །ཐམས་ཅད་མ་ལུས་ཆོས་སོ་ཅོག །ཆོས་ཀྱི་སྐུ་འམ་ཆོས་ཀྱི་དབྱིངས། །དོན་དང་ཚིག་དང་མངོན་


DNG016_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་པ། །དངོས་པོ་མཚན་མ་ཐམས་ཅད་ལ། །ཁྱད་པར་མི་མངའ་ཐུགས་རྗེ་ཆེ། །ཕྲ་བ་སེམས་ཀྱི་རང་བཞིན་ཏེ། །གཏི་མུག་མུན་པ་སེལ་བ་ཡིས། །ཉོན་མོངས་དྲི་མ་ཀུན་བྲལ་བ། །ཤིན་ཏུ་སད་པས་མྱ་ངན་འདས། །སད་པའི་བདག་ཉིད་གཤིན་རྗེ་གཤེད། །ཅེས་གསུངས་པས། ཕྱོགས་བཅུ་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད། ཤིན་ཏུ་རྔམ་པའི་ཞལ་ནས་འདི་སྐད་ཅེས་གསུངས་སོ། །ཨེ་མ་ཧོ། ཕྱོགས་བཅུའི་འཇིག་རྟེན་ཡེ་ནས་དབེན། །བདེ་གཤེགས་རྒྱལ་བ་ཐམས་ཅད་ཡེ་ནས་ལྷུན་གྱིས་གྲུབ། །མཐའ་གཉིས་སྤངས་པའི་ཡེ་ནས་ལྷུན་གྱིས་རྫོགས། །ཕྱོགས་བཅུ་སྟོང་ཁམས་འཇིག་རྟེན་རྒྱན་དུ་བཅས། །ཐབས་དང་ཤེས་རབ་ཀྱིས་ནི་དབང་བསྐུར་བས། །བདུད་དང་སྲིན་པོ་ལོག་འདྲེན་ཐམས་ཅད་ཀྱང་། །དབང་མཆོག་སྣང་བ་དེས་ཀྱང་བྱིན་བསྐྱེད་དོ། །ཤར་ཕྱོགས་དྲི་ཟའི་ལོག་འདྲེན་ཞི་གྱུར་ཅིག །་བཛྲ་ཀུ་ལ་ཨེ་ཤྭ་ར་ན་ཧ་ཧ་ཧོ་ཧོ་ཧཱུྃ་ཧཱུྃ་ཞེས། རྡོ་རྗེ་རིགས་ཀྱི་བདེ་གཤེགས་ཐམས་ཅད་ཀྱིས། །མགོན་པོ་གཤིན་རྗེ་གཤེད་ལ་ཕྱག་འཚལ་དབང་བསྐུར་ཏོ། །ཨེ་མ་ཧོ་རིན་ཆེན་འབྱུང་བ་ཀུན་གྱི་བདག །གཙོ་མཆོག་ཁྱད་པར་བྱེད་པར་དབང་བསྐུར་ཏེ། །མི་འགྱུར་ཡོན་ཏན་རིགས་ཀྱི་དབང་ཐོབ་ནས། །ལྷོ་ཕྱོགས་གཤིན་རྗེའི་བགེགས་རྣམས་ཞི་གྱུར་ཅིག །་རཏྣ་ཀུ་ལ་ཧེ་ཧེ་ཧོ་ཧོ་ཧཱུྃ་ཧཱུྃ། རིན་ཆེན་རིགས་ཀྱི་དབང་བསྐུར་བས། །རིན་ཆེན་དགྱེས་པའི་དབང་ཐོབ་ནས། །ཁྱད་པར་བྱིན་བརླབས་ཐོབ་གྱུར་ཅིག །ཨེ་མ་ཧོ་ཁྲོ་གཏུམ་རྔམ་པའི་ཚོགས། །པདྨ་རིགས་ཀྱི་དབང་ཕྱུག་ཆེ། །སྣང་བ་མེད་ལས་ལྷུན་གྱིས་གྲུབ། །རྡོ་རྗེ་འཆང་བའི་དབང་བསྐུར་བས། །ནུབ་ཕྱོགས་ཀླུ་རྣམས་འདུལ་བའི་དབང་ཐོབ་ཤོག །་པདྨ་ཀུ་ལ་ཧེ་ཧེ་ཧོ་ཧོ་ཧཱུྃ་ཧཱུྃ། ལྷུན་གྱིས་གྲུབ་པའི་དབང་བསྐུར་བས། །པདྨ་དགྱེས་པའི་དབང་ཐོབ་ནས། །ཐོགས་པ་མེད་པའི་དབང་ཐོབ་ཤོག །ཨེ་མ་ཧོ་རང་བཞིན་མཚན་མ་མེད་པ་ཡི། །ཡེ་ཤེས་ལྔ་དང་ལྡན་པའི་ཕྲིན་ལས་གཙོ། །གཉིས་སུ་མེད་པ་ལས་ཀྱི་རིགས། །


DNG016_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རྣམས་ཐམས་ཅད་དབང་བསྐུར་བས། །བྱང་ཕྱོགས་གནོན་སྦྱིན་འདུལ་བའི་དབང་ཐོབ་ཤོག །་ཀརྨ་ཀུ་ལ་ཧེ་ཧེ་ཧོ་ཧོ་ཧཱུྃ་ཧཱུྃ། ཚད་མེད་བཞི་ཡི་ཐུགས་རྗེས་ཀྱང་། །ཉོན་མོངས་དགྲ་རྣམས་ཞི་གྱུར་ཅིག །ཅེས་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས། བཅོམ་ལྡན་འདས་མགོན་པོ་གཤིན་རྗེ་གཤེད་ལ་དབང་བསྐུར་རོ། །དེ་ནས་མགོན་པོ་གཤིན་རྗེ་གཤེད། །ངོ་མཚར་ཆེན་པོ་རྨད་བྱུང་ནས། །དགྱེས་པའི་ཕྲིན་ལས་འདི་བརྩམས་སོ། །དཀྱིལ་འཁོར་མཐིང་ནག་གྲུ་གསུམ་ལ། །མཐའ་མ་མུ་ཁྱུད་ཟླུམ་པོས་བསྐོར། །རྡོ་རྗེ་རྒྱ་གྲམ་བསྐོར་བར་བྱ། །ཁ་དོག་སྣ་ལྔའི་ཚོན་རྣམས་དགྱེ། །དབུས་ཀྱི་ལྟེ་བ་ཟླུམ་པོ་ལ། །གྲུ་གསུམ་མཐིང་ནག་བྲི་བར་བྱ། །ཤར་ལྷོ་མཚམས་ཀྱི་ཟླ་གམ་ལ། །ཡི་གེ་ནི་བྲི་བར་བྱ། །ལྷོ་ནུབ་མཚམས་ལ་ཧཱུྃ་བྲིའོ། །ནུབ་བྱང་མཚམས་ལ་ཛ་བྲི་སྟེ། །བྱང་ཤར་མཚམས་ལ་ཧེ་བྲིའོ། །དབུས་ཀྱི་ཨེ་ལ་ཧྲི་བྲིའོ། །གྲུ་གསུམ་མུ་ཁྱུད་ཀུན་ལ་ནི། །ཛཿཧཱུྃ་གཉིས་ནི་སྤེལ་བར་བྱའོ། །དེ་ནས་མགོན་པོ་གཤིན་རྗེ་གཤེད། །གཟི་བརྗིད་ཆེ་བར་བསྒོམས་ནས་ནི། །སྔགས་འདི་འབུམ་ཚོ་གཅིག་བཟླས། ་བཛྲ་ཀྲོ་ཏ་བིགྷྣཱཾ་ཏ་ཧྲཱྀཿཤྟྲཱིཿཔྲ་མ། ་བཛྲ་ཀྲོ་ཏཱི་བིགྷྣཱཾ་ཧཱུྃ་ཧཱུྃ་ཧྲཱྀཿཤྟྲཱིཿཕཊ་ཅེས་བཟླས་སོ། །དེ་ནས་དགྲ་བགེགས་གང་ལ་བྱ་བའི་གཟུགས་བྱས་ལ། ཁྲག་སྣ་དགུ་དང་། ཤ་ཚིལ་ཆེན་པོ་དང་། ཤ་ཁྲག་སྣ་ཚོགས་པའི་གཏོར་མ་ཆ་གཅིག་བཤམས་ལ། བྷནྡྷ་གཅིག་ཏུ་བླུགས་ཏེ། ཨེའི་ཚོགས་སུ་གཞག་གོ། །གཏོར་མའི་ནང་དུ་གཟུགས་དང་མིང་བྱང་གཞུག་གོ། །དེ་ནས་མགོན་པོ་གཤིན་རྗེ་གཤེད་ཀྱིས། འདི་སྐད་ཅེས་གསུངས་སོ། །ཨེ་མ་ཧོ་ཡང་དག་ཤེས་རབ་ཆེན་པོ་ཡིས། །ཆོས་རྣམས་ཐམས་ཅད་ལྷུན་གྱིས་གྲུབ། །གནོད་སྦྱིན་སྲིན་པོ་ཏི་ར་བཾ། །ཕྱོགས་བཅུའི་ཁྲོ་རྒྱལ་རྔམ་ཞལ་དུ། །ཏི་ར་བཾ་གྱི་མཆོད་པ་འབུལ། །ཧཱུྃ་ཁཱ་ཧི་རཾ་ཡཾ་ཁཾ་ཏྲག་ཁཾ་མཾ་ཁཾ། འདའ་རུ་ལ་འབའ་ཧི་རུ་ལ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཆེ་


DNG016_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

གེ་མོ་ཁནྡ་རོ་ཧ་རོ་ཤི་ཧི་ཁ་རཾ་ཧཱུྃ་ཕཊ་ཛྭ་ལ་རཾ། ཞེས་ཉི་ཤུ་རྩ་གཅིག་བཟླས་ཤིང་། བདེ་བར་གཤེགས་པ་ཁྲོ་བོ་རྔམས་པའི་ཞལ་དུ་དགྲ་བོའི་གཟུགས་བསྟབ་བོ། །དཔལ་ལྡན་ཁྲག་འཐུང་རྣམས་ཀྱི་ཞལ་དུ་བསྟབ་པ་ནི། བཛྲ་མ་ལ་སྟེན་མ་ཁའི། ་བཛྲ་མ་ལུས་ལམ་པ་ཏེ་ཁཱ་ཧི། ་བཛྲ་ཀར་ནི་དེ་ལ་ཁཱ་ཧི། ་བཛྲ་ཤྲ་ཏི་ཏེ་ལ་ཁཱ་ཧི། ་བཛྲ་མ་ལུ་ཏེ་ལ་ཁཱ་ཧི། ་བཛྲ་མ་ཏི་ཙེ་ཏེ་ལང་ཁཱ་ཧི། ཨཱོཾ་ཀུ་མ་རི་ཧ་ཧེ་ལཾ་ཁཱ་ཧི། ཨོཾ་སྲི་ལ་མུ་ཁ་ཏེ་ལཾ་ཁཱ་ཧི། ་བ་མུ་ཁ་ཏེ་ལཾ་ནཾ་ཁཱ་ཧི། ཨོཾ་བཛྲ་སརྦ་ཏེ་ལཾ་ན་མ་ཁཱ་ཧི། ཏི་ཙ་མ་ལ་བྷྱོ། ཆེ་གེ་མོ་ཁ་རཾ་ཁཱ་ཧི་ཞེས་བརྗོད་ཅིང་བསྟབ་བོ། །དེ་ལྟར་ཉིན་ཞག་བདུན་གྱི་བར་དུ་བསྟབ་བོ། །དེ་ནས་ཡང་ཐོད་ཕྲེང་གི་རྒྱ་བཅས་ལ། སྔགས་འདི་ཉིན་ཞག་ནུས་ཚད་ཀྱིས་བཟླས་སོ། །་བ་ཨུ་པྲ་ཏེ་གི་ར་ས་ར་པ་ཙི་ཁེའུ་སིང་ཆེ་གེ་མོ་མཱ་ར་ཡ་ཏི་ཧཱུྃ་ཕཊ། ཐབ་གྲུ་གསུམ་གྱི་ནང་དུ་རྫེའུ་བཙུག་ལ། ཁ་བུད་མེད་ཀྱི་དོར་རྟས་བཅད་ལ་སྔགས་འདི་བཟླས། ་བཛྲ་ར་སེང་པུ་ཏྲ་ན་ན་སད་ཏྲ་ནན་ཨེ་ཏྲ་ཀ་རྣ་ལཾ་བ་རུ་པ་ཏ་ཐུཾ་མཱ་ར་ཡ་ཕཊ། དེ་ནས་གུ་གུལ་ནག་པོ་དང་རྡོ་སོལ་གྱི་མེ་བཏང་ནས་བསྐོལ་ན་དགྲ་བོའི་སྙིང་ཚད་ནད་ཀྱིས་བཏབ་ནས་དབང་དུ་འགྱུར་རོ། །དེ་ནས་ཕྲིན་ལས་བརྣན་པ་ནི། ར་རུ་གཙང་མའི་ནང་དུ་དགྲའི་གཟུགས་དང་མིང་རུས་བཅུག་ལ། སྔགས་འདི་ཅི་མང་དུ་གདབ་བོ། །་བཛྲ་ཀ་ལ་པྲ་ཁྲིད་ཏེ་ལཾ་ཏཾ་ཧྲིང་དུན་བྷྱོ། ས་མནྟ་ཧྲི་ཧི་ཆེ་གེ་མོ་མཱ་ར་ཡ་ཕཊ། དེ་ནས་ཡང་མནན་པའི་ལས་བསྟན་པ་ནི། བུད་མེད་ཀྱི་དོར་རྟར་དགྲ་བོའི་གཟུགས་བཅུག་ལ་སྔོ་དམར་གྱིས་གྲིལ་ཏེ་ལམ་སྲང་བཞི་མདོར་མནན་ནོ། །ཨོཾ་བཛྲ་ཀཱ་ལ་རཱུ་པ་ཆེ་གེ་མོ་སྟྭཾ་བྷ་ཡ་ཧ་ཧཱུྃ་ཕཊ་ནན་ཞེས་བཟླས་པས་ལས་འགྲུབ་པར་འགྱུར་རོ། །གཤིན་རྗེ་ནག་པོའི་རྒྱུད་ལས། དགྱེས་པ་ཆེན་པོ་ཕྲིན་ལས་ཀྱི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་འཇམ་དཔལ་གཤིན་རྗེའི་གཤེད་པོས་གསང་བའི་ལས་ཀྱི་མན་ངག་འདི་བསྟན་ཏོ། །གསང་ཆེན་འདུས་པའི་ཕྲིན་ལས་རྨད་པོ་ཆེ། །ཡེ་ཤེས་མཆོག་གི་ཐེག་པ་འདུས་པའི་མཆོག །


DNG016_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བའི་ལས་སྔགས་ཕྱག་རྒྱ་ཕྲིན་ལས་འདི། །རྫས་དང་ལག་ཆ་དྲི་དང་ཀུནྡྷ་རྣམས། །རྣལ་འབྱོར་རྩལ་ལྡན་དང་བས་བསྒྲུབ་པར་བྱ། །དང་པོ་ཉིད་གནས་དང་གནས་མིན་བརྟག་པར་བྱ། དེ་ནས་ཏིང་ངེ་འཛིན་གཞུང་བསྐྱང་ནས། སྔགས་ཀྱི་ཡི་གེ་འབྲུ་གཅིག་འདི་བསྒྲུབ་བོ། །ཨཱོཾ་ཨཾ་ཀཱ་ལ་རཱུ་པ་ཧཱུྃ་ཕཊ་ཨ། ་ནི་ཡེ་ཤེས་ལྔ་དང་ལྡན། །ཨཱཾ་ནི་རླུང་གི་ཆོ་ག་སྟེ། །ཀཱ་ནི་ཕྲིན་ལས་གྲུབ་པའོ། །ལ་ནི་ལོངས་སྤྱོད་པ་ཡིན་ཏེ། །རཱུ་ནི་ཆགས་པའི་རང་བཞིན་ནོ། །པ་ནི་གང་དུའང་མི་གཏང་བའོ། །ཧཱུྃ་ནི་སེམས་ཀྱི་རང་བཞིན་ནོ། །ཕ་ནི་དོན་དམ་འདྲེན་པ་བསྟན། །ཊ་ནི་དམིགས་པ་སྒྲོལ་བ་སྟེ། །ཨ་ནི་དགྲ་བོ་ནན་ཏན་སྡུད། །ཨཱོཾ་ཞེས་བྱ་བ་ཀུན་གྱི་མཆོག །ཨཱཾ་མ་བྱུང་ཀཱ་ཞེས་བྱ་བ་ཕྲིན་ལས་མཆོག །ལ་ཞེས་བྱ་བ་ལས་རྣམས་མཆོག །རཱུ་ཞེས་བྱ་བ་ཞེ་སྡང་མཆོག །པ་ནི་ཆགས་ཤིང་ཞེན་པའོ། །ཕ་ནི་ཐམས་ཅད་ཚར་གཅོད་པའོ། །ཊ་ནི་དགྲ་རྣམས་སྙིང་ནས་འདྲེན་པར་བྱེད། །ཨ་ནི་ལས་རྣམས་བྱེ་བྲག་འབྱེད། །ཅེས་བསྟན་པས་ནི་ལས་ཀྱི་ཁོག་དོན་ནོ། །དེ་ནས་ལས་རྣམས་བརྩམ་པར་བྱ། །ལས་རྣམས་མཆོག་སེམས་བསྐྱེད་པར་བྱ། །དེ་ནས་སྡང་བར་སེམས་པའི་དགྲ་བོ་ལ། །མིང་དང་རུས་དང་དྲི་མ་རྐང་རྗེས་རྣམས། །ཧོམ་མཆོག་ནང་དུ་ཡམ་གྱིས་བླུག་པར་བྱ། །རཀྟ་འགུ་ཡ་འབྲས་བུ་གསུམ། །ནིམ་པའི་ཁུ་བ་དང་། །ཙ་ན་ཀ་ཡི་འབྲས་བུ་ཡིས། །དེ་ལ་དགྲ་ཡི་གཟུགས་བྱས་ལ། །ལས་རྣམས་བརྩོན་འགྲུས་བསྐྱེད་ལ་བསྒྲུབ། །བསད་ཅིང་གནན་པར་བྱ་བའི་ཐབས། །གྲོ་ག་རས་སམ་ཤོག་ཤོག་ལ། །དམིགས་པའི་གཟུགས་ནི་བཅས་ནས་སུ། །དེ་ཡི་སྙིང་གར་སྙིང་པོ་ནི། །་ཧྲིཾ་ཕཊ་ཅེས་བྱ་བར་བྲི། །ཁར་ནི་བྷནྡྷ་ཚལ་པ་གཅིག །ནང་དུ་ཉུང་དཀར་བླུག་ནས་ནི། །སྔགས་ནི་འདི་འབུམ་རྩ་བརྒྱད་བཟླས་སོ། །་བྷྲི་ཀྲི་ཏ་ཏི་སྟོང་ཀ་ཆེ་གེ་མོ་མཱ་ར་ཡ་ཧཱུྃ་ཕཊ། གྲངས་ཚང་བ་དང་། བ་ཡུ་ཏའི་ཁུ་བས་


DNG016_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ལ་དྲན་ཞིང་གཏོར་རོ། །དེ་ནས་ཐོད་རློན་གྱི་ཕྱག་རྒྱ་བཅས་ལ། སྔགས་ནི་སྟོང་རྩ་གཅིག་བཟླས་སོ། །་བཛྲ་ཀཱ་ལ་རཱུ་པ་མ་ཁྲན་ཀང་ཏ་ར་སྟྭཾ་བྷ་ཡ་ཧཱུཾ་ཕཊ། དེ་ནས་ཏྲི་ཤུ་ལའི་ཕྱག་རྒྱ་བཅས་ལ། ཀ་ནའི་ཀའི་ཁུ་བས་བྲན་ཞིང་སྔགས་འདི་བཟླས་སོ། །་ཀཱ་ལ་རཱུ་པ་ཏེ། བྱི་ཀྲི་ཏ་ཏ་དར་ན་མར་ནི་ན་ཧཱུྃ་ཕཊ། ཞེས་བཟླས་སོ། །དེ་ནས་ཐོད་ཕྲེང་གི་ཕྱག་རྒྱ་བཅས་ལ། འབྲི་རྟའི་ཁུ་བ་དང་། པྲ་མར་ཏའི་ཁུ་བས་གཟུགས་ལ་བྲན་ཞིང་སྔགས་འདི་བཟླས་སོ། །ཨོཾ་ཀཱ་ལ་རཱུ་པ་ཏ་བི་ར་སི་ནི་ཧཱུྃ་ཕཊ། དེ་ནས་པྲོ་ཛ་ཨན་ཛ་ནའི་ཞགས་པས་དགྲ་བོའི་གཟུགས་བཅིངས་ལ། སྔགས་འདི་སྟོང་རྩ་གཅིག་བཟླས་སོ། །་ཀཱ་ལ་རཱུ་པ་བྷི་ཀྲི་ཏ་ཏ་ས་མ་འདའ་རེ་ཧཱུྃ་ཕཊ། དེ་ནས་ཡང་བྷནྡྷ་ཁ་སྦྱར་གྱི་ནང་དུ་དགྲ་བོའི་གཟུགས་བཅུག་ལ། བྷནྡྷ་གཉིས་ལ་ཡི་གེ་འདི་བྲིའོ། །་ཀཱ་ལ་རཱུ་པ་ཏ་བི་ར་སི་ཁད་ཁན་ལཾ་ཕཊ་ཕཊ། དེ་ལ་རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱ་བཅས་ཏེ། སྤྱི་བོ་ལ་ལན་གསུམ་བསྐོར་ཏེ་གཟུགས་ལ་བརྡེག་གོ། །་ཀཱ་ལ་རཱུ་པ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆེ་གེ་མོ་མཱ་ར་ཡ་ཧཱུྃ་ཕཊ། དེ་ནས་ཆུ་མིག་ཀླུ་ཡོད་ངེས་པར་སོང་ལ་རྫས་ཐམས་ཅད་དེར་སྦས་ཏེ་གཉེར་གཏད་བྱའོ། །་བཛྲ་ཧྲཱྀཿཤྟྲཱིཿབཛྲ་ཀཱ་ལ་རཱུ་པ་སརྦ་སྭ་ཏ་སུ་ཀི་བུད་ཏུ་གད་ཛ་དད་ལ་བ་ཏེ་ཀུ་རུ་ཕཊ། དེ་ལྟར་བྱས་ཏེ་ཆུ་མིག་ལ་གཡོན་ཕྱོགས་ནས་བསྐོར་བ་ལན་དགུ་བྱའོ། །རང་ཉིད་དེར་འདུག་ན། སྐྱོན་རྣམ་པ་གསུམ་ཞིག་ཡོད་དེ་གུ་ཧྱ། གཤིན་རྗེ་ནག་པོའི་རྒྱུད་ལས། ལས་གསང་བའི་མན་ངག་བསྟན་པའི་ལེའུ་སྟེ་དགུ་པའོ།། །།ད་ནི་ཀཱ་ལ་རཱུ་པ་གསང་བའི་ལས་གཉིས་པ་སྟེ། ཀ་པཱ་ལའི་ག་བུར་གོང་དུ་སྨོས་པའི་རྫས་རྣམས་བཅུག་ལ། ཁ་སྦྱར་ཏེ་དོག་པ་ནག་པོས་བཅིངས་ལ་ཕྱག་རྒྱ་རྣམ་པ་གསུམ་བཅིངས་ཏེ། སྔགས་འདི་ཁྲི་བཟླས་སོ། །་ས་བ་ན་ད་ནན་ཏ་ཨ་རྫ་ན་ཧ་ཧ་ལེ་ལེ་ཀཱ་ལ་རཱུ་པ་ཧྲིཾ་པཾ་ཧཱུྃ་ཕཊ། དེ་བཟླས་པ་རྫོགས་པ་དང་། དོག་སྐུད་ནག་པོ་


DNG016_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲོལ་ལ། ག་བུ་ཁ་ཕྱེ་ལ། མཚན་དང་ལྡན་པ་གཅིག་ལ། གཤིན་རྗེ་ནག་པོའི་གཟུགས་བྲིའོ། །གཅིག་ལ་དགྲ་བོའི་གཟུགས་བྲི། དགྲ་བོའི་སྙིང་གར་ཐུར་བུ་འགྲེང་བའི་གཟུགས་བྲི། གཤིན་རྗེའི་ཐུགས་ཀར་ཀཱ་ལ་རཱུ་པའི་ཡང་སྙིང་བྲི། དེ་ནས་ག་བུ་ཁ་སྦྱར་ལ་དོག་པ་དམར་པོས་བཅིངས། སྔགས་འདི་ལན་གསུམ་དུ་བཟླས་སོ། །དབང་པོ་སྡུས་ཤིག་ཕཊ་ཕཊ། ཀཱ་ལ་རཱུ་པ་ཧཱུྃ་ཕཊ། དེ་ནས་ཐབས་ལ་མཁས་པའི་རང་བཞིན་གྱི། ཕྱག་རྒྱ་རྣམ་པ་ལ་བཅས་པའི་སྔགས་འདི་བརྗོད་དོ། །་དྷི་ཏེ་ཏི་ནཾ་བ་རུ་པང་དུད་ཀཱ་ལ་རཱུ་པ་ཧཱུྃ་ཕཊ། དབང་དུ་བསྡུ་བའི་ཧཱུྃ་བརྒྱ་རྩ་གཅིག་ཏུ་བརྗོད་དོ། །དེ་ནས་གུ་གུལ་ནག་པོའི་ཁུ་བ་དང་། དྷ་ཏུ་ར་གཉིས་བཀུས་པའི་ཁུ་བས་བྲིས་པའི་སྔགས་འདི་སྟོང་རྩ་གཅིག་ཏུ་བཟླས་སོ། །་ཀཱ་ལ་རཱུ་པ་པརྔྷ་དུ་པ་ཏང་ཤྟྲཱིཿན་མ་ཡ་ཧཱུྃ་ཕཊ་ཡ་ཁྲ་ན་ཏ་ཕཊ། དེ་ནས་ག་བུ་གཉིས་ཀྱི་ཕྱག་གི་རྒྱབ་ལ་ཀཱ་ལ་རཱུ་པ་རྩ་བའི་སྔགས་བྲིས་ལ། ཕྱག་རྒྱ་ལག་པ་གཡས་གཡོན་མཐེབ་མཛུབ་རྩེ་སྤྲད་ལ། སོར་མོ་ལྷག་མ་རྣམས་བསྒྲེང་ལ། རང་གི་གོང་གི་སྔགས་བཟླས་ལ། རང་གི་དགྲ་བོ་གར་གནས་པའི་སར་སྦའོ། །དེའི་སྟེང་དུ་གྲོག་ཚང་གིས་ས་མནན་ལ། རྒྱ་གྲམ་གྱིས་མནན་ནོ། །ཀཱ་ལ་རཱུ་པའི་ལེའུ་གཉིས་འབྱུང་བ་གསང་བའི་ལེའུ་སྟེ་བཅུ་པའོ།། །།ད་ནི་གསང་བའི་མན་ངག་ལེའུ་སྟེ། དང་པོར་བདག་ཉིད་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་བསྒོམས་ཏེ། སྟོང་པའི་རང་བཞིན་ལས། ཀུན་ཏུ་སྣང་གི་ཏིང་ངེ་འཛིན་སྙིང་རྗེའི་དེ་ཁོ་ན་ཉིད་གསལ་བར་བསྒོམ། དེ་ནས་རྒྱུའི་ཏིང་ངེ་འཛིན་བདག་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་ཧཱུྃ་དུ་གྱུར་པ་ལས། དཔལ་གཤིན་རྗེ་གཤེད་ཀྱི་སྐུར་གསལ་བར་བསྐྱེད་དེ། སྐུ་མདོག་མཐིང་ནག་ཞལ་གསུམ་ཕྱག་དྲུག་པ། གཡས་དཀར་གཡོན་དམར་བ་དབུས་སྐུ་དང་མཐུན་ཏེ་མཐིང་ནག །ཕྱག་གཡས་དང་པོ་ཐོད་དབྱུག །བར་མ་དགྲ་སྟྭ། ཐ་མ་ཡེ་ཤེས་ཀྱི་རལ་གྲི། གཡོན་དང་པོ་


DNG016_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

སྡིགས་མཛུབ། བར་མ་མདུང་ཐུང་། ཐ་མ་དུང་ཆེན་དམར་གྱིས་བཀང་བ། སྐུ་ལ་དུར་ཁྲོད་ཀྱི་རྒྱན་གྱི་རྣམ་པ་སྣ་ཚོགས་པས་བརྒྱན་པ་གཅིག་བསྐྱེད་པ་དང་། དེ་ནས་སྔ་ར་ཎ་ཛཿཞེས་བརྗོད་པ་དང་། འཇིག་རྟེན་གྱི་ཁམས་ཀུན་གཤིན་རྗེ་གཤེད་ཀྱི་སྐུ་ཕྲ་མོས་གང་བར་བསམ། ཧཱུྃ་ཞེས་བརྗོད་པས། ཐམས་ཅད་སྐུ་ལ་སླར་འདུས་པས། སྐུ་འཇིག་རྟེན་གྱི་གཏོས་དང་མཉམ་པ་ཤིན་ཏུ་བརྗིད་ཆེ་བར་བསྒོམ་ཞིང་། བསྙེན་པ་འདི་རྒྱུན་དུ་བགྲད་དོ། །་ས་མ་ཡ་མཉྫུ་ཤྲཱི་མུ་ཏྲ་ཡ་མཱན་ཏ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ། དེ་ནས་དུར་ཁྲོད་ཀྱི་རས་ལ། ཨརྫུ་ནའི་ཁུ་བ་དང་། ཤིང་ནིམ་པའི་ཁུ་བ་དང་། ཁྲག་སྣ་གསུམ་གྱིས་དགྲ་བོའི་གཟུགས་བྲིས་ལ། བྷནྡྷ་མཚན་ངན་ནང་དུ་བཅུག་ལ། བུད་མེད་ཞབས་མས་ཁ་བཅད་དེ། ཤིང་སྐྱེར་པ་རྩ་བ་ནག་པོ། དར་པ་སྐྱ་བོ། རྩེ་མོ་སེར་བའི་ཤིང་གཅིག་འགྲེང་དུ་སྐྱེས་པ། ཐན་ཀོར་ན་ཤིང་གཞན་མེད་པ་ལ། ཕུར་བུ་སོར་ཉི་ཤུ་རྩ་བཞི་པ་གཅིག་བྱས་ལ། ་བཛྲ་ཀཱ་ལ་རཱུ་པ་སིདྡྷི་སྟེང་ཧཱུྃ་ཕཊ་ཏ་ཨ། ཞེས་བྱ་བ་བྲིས་ལ་རྩང་གཟུག་གོ། །དེ་ནས་བདག་གོང་མའི་ཏིང་ངེ་འཛིན་དུ་ཞུགས་ལ། བདག་ལས་འོད་འཕྲོས་པས། དམིགས་པའི་གཟུགས་ལ་ཕོག་པས་ཐུལ་གྱིས་ཚིག་པར་བསམ། སླར་འདུས་པས་བདག་གི་དབང་དུ་འདུས་པར་བསམ་ཞིང་། སྙིང་པོ་འདི་ལན་གྲངས་ཁྲི་རྩ་གཅིག་བཟླས་སོ། །་ཀཱ་ལ་རཱུ་པ་ཏ་ཧ་སྟབྷ་བཱ་པྲ་ཏིང་ཕཊ་ཕཊ་ཡ་ཡ་ན་ན་ནཎ། བསྙེན་པ་མ་རྫོགས་བར་དུ་གཞན་གྱི་གཏམ་མི་སྨྲའོ། །གཤིན་རྗེ་ནག་པོའི་ཏནྟྲ་ལས། གསང་བའི་ལས་གཉིས་དང་ཏིང་ངེ་འཛིན་གྱི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་འཕགས་པ་འཇམ་དཔལ་གཤིན་རྗེའི་གཤེད་ཀྱིས། ཐུགས་ཀྱི་མན་ངག་གསང་བའི་མན་ངག་ལས་དགུ་པ་འདི་གསུངས་སོ། །དེ་ཡང་གང་ཞེ་ན། འདི་ལྟ་སྟེ། ཞི་བའི་ལས་དང་། རྒྱས་པའི་ལས་དང་། དབང་གི་ལས་དང་། དགུག་པའི་ལས་དང་།


DNG016_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

མནན་པའི་ལས་དང་། མྱོས་པར་བྱ་བའི་ལས་དང་། བསད་པའི་ལས་དང་། དབྱེ་བའི་ལས་དང་། བསྐྲད་པར་བྱ་བའི་ལས་སོ། །དེ་ལ་ཞི་བར་བྱ་བའི་ལས་ནི། བུད་མེད་ཞི་བར་བསྲུང་བར་བྱ་ན། དར་དཀར་རམ། གྲོ་གའམ། རས་དཀར་པོ་གཙང་མ་ལ། གི་ཝང་གིས་འཁོར་ལོ་རྩིབས་བཅུ་གཉིས་པ་ཞིག་བྲིས་ལ། རྩིབས་ལ་ཡི་གེ་བཅུ་གཉིས་བྲིས། རྩིབས་ཀྱི་བར་དུ་བསྲུང་བར་བྱ་བའི་མིང་བྲིས་ནས། འཁོར་ལོ་ཁམ་སའི་གབ་ཙེ་ཁ་སྦྱར་གྱི་ནང་དུ་བཅུག་ནས། མར་དང་སྦྲང་རྩི་བསྲེས་པ་ཡང་བླུགས་ལ། གཟུངས་ཐག་དཀར་པོས་བཏགས་ལ་རས་དཀར་པོས་གཡོགས་ཏེ། མདུན་གྱི་སྟེགས་བུའི་སྟེང་དུ་གཞག་གོ། །བདག་ཉིད་ནུབ་ཏུ་འདུག་སྟེ། ཁ་ཤར་ཕྱོགས་སུ་བལྟས་ལ། དཔལ་ཡ་མཱནྟ་ཀ་སྐུ་མདོག་དཀར་པོ་ཞི་བའི་ཆ་ལུགས་བསྒོམས་ལ། མེ་ཏོག་དཀར་པོས་དུས་གསུམ་དུ་མཆོད་ཅིང་། ཕྱག་ན་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན། བུམ་པ་དཀར་པོ་བདུད་རྩིའི་ཆུས་བཀང་བ་བསྣམས་པས། བསྲུང་བར་བྱ་བ་ལ་དབང་བསྐུར་ཞིང་འཛབ་བྱའོ། །སྙིང་པོ་ནི། ་ཧྲཱྀཿཤྟྲཱིཿབི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ། ནཱ་མ་ཆེ་གེ་མོ་ཞིག་ཤཱནྟིཾ་ཀུ་རུ་ནཱ་མ་སྭཱ་ཧཱ། བུད་མེད་ཞི་བས་བསྲུང་བར་བྱ་བའི་ལས་སོ། །སྐྱེས་པ་བསྲུང་ན། ཞི་བ་དང་རྒྱས་པའི་འཁོར་ལོ་གཉིས་ཀ་འདྲ་བར་གུར་གུམ་གྱིས་བྲིས་ལ། གང་ལ་བྱ་བའི་མིང་རུས་སྭཱ་ཧཱ། ཞེས་བྱ་བའི་བར་དུ་བྲིའོ། །གབ་ཙེ་ཁ་སྦྱར་བའི་ནང་དུ་མར་དང་སྦྲང་རྩི་བསྲེས་པ་ཡང་བླུགས་ལ། འཁོར་ལོ་མིང་དང་བཅས་པ་ཡང་དེར་བཙུག་སྟེ། གཟུངས་ཐག་སེར་པོས་དཀྲིས་ཏེ། སྟེགས་བུའི་སྟེང་དུ་བཞག་ལ། རས་སེར་པོས་གཡོགས་སོ། །མེ་ཏོག་སེར་པོས་དུས་གསུམ་དུ་མཆོད་དོ། །བདག་ཉིད་ཁ་བྱང་ཕྱོགས་སུ་བལྟས་ལ། ལྷ་ཡ་མཱནྟ་ཀ་སྐུ་མདོག་སེར་པོ་རྒྱས་པའི་ཆ་ལུགས་སུ་བསྒོམ་ཞིང་། བདག་དང་བསྲུང་བར་བྱ་བའི་རྒྱུ་གཉིས་ཀ །ཟླ་བའི་དཀྱིལ་འཁོར་གསེར་ཞུན་མ་ལྟ་བུའི་སྟེང་ན་


DNG016_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཤིང་། ཕྱག་ན་གསེར་གྱི་བུམ་པ་བདུད་རྩི་ཆུ་རྒྱུན་སེར་པོས་གང་བ་བསམ་པས་དབང་བསྐུར་ཞིང་བཟླས་བརྗོད་བྱའོ། །སྙིང་པོ་ནི། ་ཧྲཱྀཿཤྟྲཱིཿབི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཆེ་གེ་མོ་ཞིག་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞི་བའི་ལས་སོ། །་ཧྲཱྀཿཤྟྲཱིཿབི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ་བཾ་ཆེ་གེ་མོ་ཞིག་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཞེས་པ་རྒྱས་པའི་ལས་སོ། །དེ་ལ་དབང་གི་ལས་ནི། གྲོ་གའམ་རས་ལ། རྒྱ་སྐྱེགས་ཀྱི་ཁུ་བ་དང་། ཙནྡན་དམར་པོ་དང་། སྲིན་ལག་གི་ཁྲག་རྣམས་བསྲེས་ནས། འཁོར་ལོ་གཉིས་བྲིས་ཏེ། སྣག་ཚ་དཀར་པོས་དབྱངས་ཀྱི་ཡི་གེ་བཅུ་དྲུག་མཐའ་བསྐོར་དུ་བྲིས་ལ། ཀ་ཁ་ལ་སོགས་པའི་ཡི་གེ་ཀུན་སྣག་ཚ་དམར་པོས་བྲི། ཧོ་གཉིས་ཀྱི་བར་དུ་གང་ལ་བྱ་བའི་མིང་རུས་རྫོགས་པར་བྲིས། ཡང་གབ་ཙེ་ཁ་སྦྱར་གྱི་ནང་དུ་བཅུག་ལ། མར་དང་སྦྲང་རྩི་བླུགས་ནས། གཟུངས་ཐག་དམར་པོས་བཅིངས་ཤིང་། སྟེགས་བུའི་སྟེང་དུ་བཞག་ལ། རས་དམར་པོས་གཡོགས་ནས། མེ་ཏོག་དམར་པོས་དུས་གསུམ་དུ་མཆོད་དོ། །བདག་ཉིད་ནུབ་ཕྱོགས་སུ་བལྟས་ནས། ལྷ་ཡ་མཱནྟ་ཀ་སྐུ་མདོག་དམར་པོ་དབང་གི་ཚུལ་དུ་བསྒོམ་ཞིང་། ཟླ་བའི་དཀྱིལ་འཁོར་ཡང་དམར་པོ་བསྒོམ་ཞིང་། དབང་དུ་བྱ་བའི་གཟུགས་ཀྱང་དམར་པོར་བསྒོམས། ཟླ་བའི་སྟེང་དུ་མངོན་དུ་འདུག་སྟེ། དབང་དུ་ཁུགས་པར་དམིགས་ནས་བདག་ཉིད་ཀྱི་ཐུགས་ཀ་ནས་འོད་ཟེར་དམར་པོ་འཕྲོས་ཏེ། གང་ལ་བྱ་བའི་ལུས་སེམས་འོད་ཟེར་དམར་པོས་བཀང་ནས། དེ་ཉམས་ཤིང་མྱོས་པར་གྱུར་ཏེ། འོད་སླར་འདུས་པས་དྲངས་ནས། བདག་གི་རྐང་པའི་དྲུང་དུ་འོང་ནས། དབང་དུ་འདུས་པར་བསམ་མོ། །ཇི་ཙམ་ན་དབང་དུ་མ་གྱུར་ཞིང་མ་ཁུགས་ན། མར་སྣོད་དང་བཅས་པ་དེ་དུད་པ་མེད་པའི་མེ་འདག་བཟང་པོ་ལ་བསྲེགས་ཤིང་འཛབ་བཟླས་ན། ཇི་ཙམ་དྲོས་པར་གྱུར་པ་ན་ཁུགས་ཤིང་དབང་དུ་འགྱུར་རོ། །བཟླས་པའི་སྙིང་པོ་ནི། ཨཱོཾ་ཧྲཱྀཿཤྟྲཱིཿ


DNG016_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

བི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ་ཧོ་ཆེ་གེ་མོ་དབང་དུ་གྱུར་ཅིག་སྭཱ་ཧཱ། ་ཧྲཱྀཿཤྟྲཱིཿབི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ་བཾ་ཆེ་གེ་མོ་ཁུག་པར་གྱུར་ཅིག་བཾ་སྭཱ་ཧཱ། ཞེས་པ་ནི་དབང་གི་ལས་སོ། །དེ་ལ་དགུག་པར་བྱ་བའི་ལས་ནི། དུར་ཁྲོད་ཀྱི་རས་སམ། བུད་མེད་ཀྱི་སྨད་དཀྲིས་བྱས་པའི་རས་ལ། རྒྱ་སྐྱེགས་ཀྱི་ཁུ་བས་འཁོར་ལོ་བྲིས་ཏེ། གཅིག་ལ་ཡི་གེ་ཛཿགཉིས་ཀྱི་བར་དུ་གང་ལ་བྱ་བའི་མིང་བྲི། གཅིག་ལ་དྷི་གཉིས་ཀྱི་བར་དུ་མིང་བྲིས་ནས། བུད་མེད་ཀྱི་བྷནྡྷ་ཁ་སྦྱར་གྱི་ནང་དུ་བཅུག་ལ། སྐུད་པ་དམར་པོས་དཀྲིས་ནས་སྟེགས་བུའི་སྟེང་དུ་གཞག་གོ། །མེ་ཏོག་དམར་པོས་དུས་གསུམ་དུ་མཆོད་དོ། །བདག་ཉིད་ཡ་མཱནྟ་ཀ་སྐུ་མདོག་ནུབ་ཀའི་དམར་ཐག་འདྲ་བར་བསྒོམས་ལ། ཕྱག་གཡས་ན་ལྕགས་ཀྱུ། གཡོན་ན་ཞགས་པ་དམར་པོ་ཐོགས་པ། གང་དགུག་པར་བྱ་བའི་སྙིང་ནས་བཟུང་སྟེ་དྲངས་པར་བསྒོམ་ཞིང་འཛབ་བཟླས་སོ། །ཇི་ཙམ་མ་ཁུགས་པར་གྱུར་ན། ཤིང་ཀ་ཧ་ར་བཞར་བའི་ཕྱེ་མ་ལ་མེ་བུས་པ། དེ་ལ་རྫས་བསྲོ་ཞིང་འཛབ་བྱས་ན། དེ་ཚ་བར་གྱུར་ཙམ་ན་ཁུགས་པར་འགྱུར་རོ། །སྙིང་པོ་ནི། ་ཧྲཱྀཿཤྟྲཱིཿབི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ། དྷི་ཆེ་གེ་མོ་ཨཱ་ཀཪྵ་ཡ་དྷི་སྭཱ་ཧཱ། ་ཧྲཱྀཿཤྟྲཱིཿབི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ། བཛྲ་ཆེ་གེ་མོ་ཨཱ་ཀཪྵ་ཡ་ཛ་སྭཱ་ཧཱ། ཞེས་བྱ་བ་ནི་དགུག་པའི་ལས་སོ། །དེ་ལ་གནན་པར་བྱ་བའི་ལས་ནི་གཉིས་ཏེ། ལུས་གནན་པ་དང་ངག་གནན་པའོ། །དེ་ལ་ལུས་གནན་པར་བྱ་བའི་ལས་ནི་འདི་སྟེ། དུར་ཁྲོད་ཀྱི་རས་བླངས་ལ། ལྡོང་རོས་དང་ཡུང་བས་སྣག་ཚ་བྱས་ནས། འཁོར་ལོ་གཉིས་བྲིས་ལ། དེ་ལ་ཡི་གེ་གཉིས་ཀྱི་བར་དུ་གང་ལ་བྱ་བའི་མིང་བྲིས་ཏེ། ཁམ་སའི་གབ་ཚེ་ཚོན་སེར་པོས་བསྐུས་པ་ཁ་སྦྱོར་དུ་བཅུག་ལ། གབ་ཚེ་སྟེང་མའི་རྒྱབ་ལ། དཀྱིལ་འཁོར་གྲུ་བཞི་པ་རེ་ག་བདུན་རིམ་གྱིས་བསྐོར་བ་བྲིས་ལ། དེའི་དཀྱིལ་དུ་རི་རབ་གཅིག་ཡིན་པ་ལ། རི་རབ་ཀྱི་སྟེང་ནས་རྭ་བརྒྱད་བྱུང་བ་ནི། རི་གྲུ་བཞི་པ་བརྒྱད་བྲིས་ལ། རི་རབ་དང་རི་བརྒྱད་


DNG016_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ནང་དུ་ཧཱུྃ་བཾ་བརྒྱད་བྲིས་ལ། དེའི་སྟེང་དུ་དཀྱིལ་འཁོར་གྲུ་བཞི་པ་རྡོ་རྗེ་རྒྱ་གྲམ་གྱིས་བསྐོར་བའི་དབུས་སུ། ལཾ་སེར་པོ་གཅིག་བྲིས་ལ། དོན་ཡོད་གྲུབ་པ་བཞུགས་པར་བསྒོམས་ལ། ཚོན་སྐུད་སེར་པོས་དཀྲིས་མནན་ནོ། །བདག་ཉིད་ཁ་ལྷོ་ཕྱོགས་སུ་བལྟས་ལ། ལྷ་ཡ་མཱནྟ་ཀ་སྐུ་མདོག་སེར་པོ་དཀྱིལ་འཁོར་གྲུ་བཞི་པ་སེར་པོའི་ནང་ན་བཞུགས་པར་བསྒོམས་ལ། ཏིང་ངེ་འཛིན་གྱིས་ཀྱང་ལཾ་སེར་པོ་ལས། འོད་ཟེར་ན་བུན་སྤྲིན་ཕུང་སྟུག་པོར་བྱུང་བས། གང་ལ་བྱ་བའི་དངོས་པོ་དེ་གཡོགས་ཤིང་། དེས་ཅི་ཡང་མི་ཤེས་པ་དང་མི་མཐོང་བ་དང་། རི་རབ་རྡོ་རྗེ་རྒྱ་གྲམ་དང་བཅས་པས་ཀྱང་། ཡང་དང་ཡང་དུ་ལན་བརྒྱད་ཀྱི་བར་དུ་གནན་པར་བསྒོམ་ཞིང་བཟླས་བརྗོད་བྱའོ། །སྙིང་པོ་འདིའོ། །་ཧྲཱྀཿཤྟྲཱིཿབི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ་ལཾ་ཆེ་གེ་མོའི་ལུས་སྟྭཾ་བྷ་ཡ་ནན་ལཾ། ཞེས་བྱ་བ་ནི་ལུས་མནན་པའི་ལས་སོ། །དེ་ལ་ངག་གནན་པའི་ལས་བྱ་དགོས་ན། གོང་དུ་བསྟན་པ་བཞིན་དུ། འཁོར་ལོ་གཉིས་བྲིས་ལ། གང་ལ་བྱ་བའི་མིང་དང་། སྨྲ་བའི་དོན་ཀུན་ལཾ་གྱི་བར་དུ་རྫོགས་པར་བྲིས་ལ། བཟླས་བརྗོད་བྱ་ཞིང་གནན་པ་ནི། ངག་མནན་པའི་ལས་སོ། །དེ་ལ་མྱོས་པར་བྱ་བའི་ལས་ནི། དུར་ཁྲོད་ཀྱི་རས་ལ་འོག་ནས་འབྱུང་བའི་སྣག་ཚས་འཁོར་ལོ་བྲིས་ཏེ། འཁོར་ལོའི་ས་སྟོང་པར་ཡོད་པར། བཾ་གཉིས་ཀྱི་བར་དུ། བཟླས་བརྗོད་བྱ་ཞིང་གང་ལ་མིང་དང་། མུ་ཁ་བན་ད་ན་བན་ད་མུ་ཀ་ཀང་ཀུ་རུ་བཾ་ཞེས་མིང་རུས་དང་སྔགས་བསྲེས་པ་བྲིའོ། །བདག་ཉིད་ཡ་མཱནྟ་ཀའི་རྣལ་འབྱོར་དུ་བསྒོམས་ལ། འཁོར་ལོ་ལུག་གི་ཁོག་པར་བཅུག་སྟེ། དགྲ་བོའི་སྙིང་སེམས་དེ་ལ་དབབ་བོ། །འཁོར་ལོའི་རེག་བཞི་རིམ་དུ་བསྐོར་བ་ལ། ཚོན་སྣ་ལྔས་བསྐོར། འཁོར་ལོ་གཉིས་ལ་གཅིག་ཕྱིན་ཕྱོགས་སུ་བྲིས་ནས་ཁ་སྦྱར་བ་དང་། ཡི་གེ་དང་སྔགས་ཀུན་མཉམ་པོར་འགྱུར་རོ། །པྲ་ཡོ་གས་མནན་པ་དང་།


DNG016_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

བྲི་བ་དང་། བསྒོམ་པ་དང་། འཛབ་བྱས་ན། མྱོས་ནས་ལུས་དང་སེམས་བཅིངས་པར་འགྱུར་ཏེ། གླེན་པའམ་ར་རོ་བས་མྱོས་པ་བཞིན་དུ་ཅི་ཡང་མི་ཤེས་པར་འགྱུར་རོ། །་ཧྲཱྀཿཤྟྲཱིཿབི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ་བཾ་ཆེ་གེ་མོ་བཾ། ཞེས་སྔགས་གོང་མ་བཞིན་དུ་བཟླས་པར་བྱ་བ་ནི་མྱོས་པར་བྱ་བའི་ལས་སོ། །དེ་ལ་གསད་པར་བྱ་བའི་ལས་ནི། འདི་བརྩམ་པའི་ཚེ། མི་སྨྲ་བར་དུར་ཁྲོད་ཀྱི་རས་བླངས་ནས། སྐེ་ཚེ་དང་ལན་ཚྭ་དང་། ཉུང་ནག་གི་མར་དང་། དུག་དང་ཤིང་ནིམྦའི་ལའི་ལོ་མ་དང་། ཀ་ན་ཀའི་ཁུ་བ་དང་། མི་རོ་བསྲེགས་པའི་སོལ་བ་དང་། མཛུབ་མོའི་ཁྲག་རྣམས་བསྲེས་ལ་སྣག་ཚ་བྱས་ཏེ། བྱ་རོག་གི་སྒྲོ་རྩ་ལ་རྨྱུ་གུ་བྱ་སྟེ། འཁོར་ལོ་གཉིས་ཀ་ལ་ཧཱུྃ་གཉིས་ཀྱི་བར་དུ་མིང་བྲིའོ། །བདག་ཉིད་ཁ་ལྷོ་ཕྱོགས་སུ་བལྟས་ཏེ། ཡ་མཱནྟ་ཀའི་སྐུར་བསྒོམས་ལ། གང་ལ་བྱ་བའི་གཟུགས་དེ་ནི་ཤིན་ཏུ་ངན་པ་རིད་པ་རྟུལ་བ་ཅིག་མངོན་དུ་འདུག་པར་དམིགས། དེའི་ལུས་དང་སྤྱི་བོ་དང་སྐྲ་མཚམས་དང་། གནས་རྣམས་སུ་རིག་སྔགས་གཞན་གྱིས་བསྲུངས་པ་བཤིགས་ལ། བདག་གི་དྲུང་ན་འདུག་པར་དམིགས་ལ། ཁྲོ་བོ་དེ་ཡི་འཁོར་ཡང་སྦྲུལ་པ་ཁྲོ་བོ་དང་ཕྲ་མེན་གྱི་ཚོགས་མང་པོས་དེའི་རྣམ་པར་ཤེས་པ་དང་། དབུགས་དང་། དྭངས་མ་དང་། སྲོག་མེད་པར་བྱས་ཤིང་ཕྲལ་བ་ནི། དཔེར་ན་ཁང་པ་སྟོང་པ་དང་འདྲ་བར་ལུས་དང་ཤེས་པ་ཕྲལ་ཏེ། སྤྲུལ་པའི་ཁྲོ་བོ་མཚོན་ཆ་སྣ་ཚོགས་པ་བསྣམས་པས། ལུས་དུམ་བུ་བརྒྱར་གཏུབས་ཏེ། དེའི་ཤ་དང་། ཁྲག་དང་། རྐང་དང་། ལྤགས་ཤུན་དང་། ཚིལ་དང་། ཞག་དང་། མཁྲིས་པ་དང་། གློ་སྙིང་དང་ནང་ཁྲོལ་རྣམས་རྡུལ་དུ་བརླག །ཉོན་མོངས་པ་དུག་གསུམ་ཞལ་དུ་བསྟབ་པ་དང་། ཁོང་དུ་གསོལ་ཏེ་མིད་པར་བསམ་མོ། །དེ་ནས་ཡང་བརྣན་ན། གཤིན་རྗེ་གཤེད་པོ་སྤྲིན་ནག་པོའི་མདོག་དང་འདྲ་བ། ཆུ་


DNG016_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པོའི་རླབས་བཞིན་དུ་འོད་ནག་པོ་འབར་ཞིང་འཁྲུགས་པ། མ་ཧེ་ལ་ཞོན་པ། ལག་ན་གཤིན་རྗེའི་དབྱུག་པ་དང་། ཞགས་པ་ཐོགས་པ། གསུས་པ་ཆེ་ལ་མཆེ་བ་གཙིགས་པ། ལུས་སྦྲུལ་ནག་པོས་བརྒྱན་པ་དང་འདྲ་བ་གཅིག་འོང་ནས། ཡང་དམིགས་པ་དེ་ལ་བེ་ཅོན་གྱིས་བརྒྱབ་ནས་བསད་དེ། སྙིང་ལ་སོགས་པ་ཀུན་ཟོས་པར་བསམ་ཞིང་བཟླས་པ་འདི་བྱའོ། །་ཧྲཱྀཿཤྟྲཱིཿབི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ། ཧཱུྃ་ཆེ་གེ་མོ་མཱ་ར་ཡ་ཧཱུྃ་ཕཊ། ་ཧྲཱྀཿཤྟྲཱིཿབི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ། ཆེ་གེ་མོ་མཱ་ར་ཡ་ཧཱུྃ་ཕཊ། ཞེས་པ་ནི་བསད་པའི་ལས་སོ། །ཡང་གསད་པའི་ལས་ལ། གོང་ནས་འབྱུང་བ་བཞིན་དུ་ཡོ་བྱད་བསགས་ལ་འཁོར་ལོ་རྩིབས་མཆན་གཉིས་ལ། ཧཱུྃ་གཉིས་ཀྱི་བར་དུ་མིང་བྲི། བདག་ཉིད་ཀྱང་གོང་ནས་འབྱུང་བ་བཞིན་དུ་བསྒོམས་ལ། དགྲ་བོ་གང་ལ་བྱ་བའི་གཟུགས་དེ་ཁ་དོག་དང་དབྱིབས་ཀྱང་མི་རོ་འདྲ་བ་ཞིག །མེ་ནག་པོ་འབར་བའི་དཀྱིལ་ན་འདུག་པར་དམིགས་ལ། དེ་ནས་ཁྲོ་བོ་མང་པོ་ཕྱག་ན་རལ་གྲི་དང་། བེར་ག་དང་། གཏུན་ཤིང་དང་། དགྲ་སྟྭ་དང་སྟེའུ་ཀ་དང་། གཞུ་དང་མདའ་དང་། འཁོར་ལོ་དང་། ཏྲི་ཤཱུལ་དང་། དབྱུག་པ་དང་། མདུང་དང་རྒྱ་གྲམ་ཕྱེད་མ་ལ་སོགས་པའི་ཕྱག་ཆ་མང་པོ་བསྣམས་པས། དེ་ལ་བརྒྱབ་སྟེ་དུམ་བུར་གཏུབས་པ་ལ། བྱ་རོག་དང་། འུག་པ་དང་། བྱ་རྒོད་དང་། ཝ་དང་། ཤ་ཟ་སྲིན་པོ་དང་། མ་མོ་མཁའ་འགྲོ་མང་པོ་སྟོད་ཅིང་ཟ་ཞིང་འཐོགས་པར་བསམ་མོ། །དེ་ལྟ་བུར་བསྒོམ་ལ་བཟླས་བརྗོད་འདི་བྱའོ། །ཨཱོཾ་ཧྲཱྀཿཤྟྲཱིཿབི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ། ཆེ་གེ་མོ་མཱ་ར་ཡ་ཧཱུྃ་ཕཊ། ་ཧྲཱྀཿཤྟྲཱིཿབི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ་ཆེ་གེ་མོ་མཱ་ར་ཡ་ཧཱུྃ་ཕཊ། ཞེས་པ་ནི་བསད་པའི་ལས་སོ། །དེ་ལ་དབྱེ་བའི་ལས་ནི། གོང་ནས་དྲག་པོའི་ལས་འབྱུང་བ་བཞིན་དུ། འཁོར་ལོ་གཉིས་ལ། ཕཊ་གཉིས་ཀྱི་བར་དུ་གང་ལ་བྱ་བའི་མིང་བྲིས་ཏེ། བྷནྡྷ་ཁ་སྦྱར་གྱི་ནང་དུ་བཅུག་ནས། ཚོན་ཐག་སྔོན་པོས་དཀྲིས་ཏེ། ཉི་མ་


DNG016_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱེད་ཙམ་ན་དུར་ཁྲོད་དུ་སོང་ལ། ས་བརྐོས་པའི་འོག་ཏུ་བྷནྡྷ་བཅུག་སྟེ། བདག་ཉིད་ཡ་མཱནྟ་ཀའི་རྣལ་འབྱོར་དུ་བྱས་ནས་འདུག་སྟེ། མདུན་དུ་རྟ་དང་མ་ཧེ་གཉིས་ལ་གང་ལ་བྱ་བའི་མིང་ཅན་གཉིས་ཞོན་པར་བསམས་ལ། དེ་གཉིས་ཀྱི་ལག་པ་ན་རལ་གྲི་རེ་རེ་ཕྱར་ནས་ཐོགས་པས། གཅིག་ལ་གཅིག་ཁྲོས་ཤིང་འཐབ་པས་གཅིག་གིས་གཅིག་བསད་པའི་རོ་ལ། རྡོ་རྗེ་ཁྲོ་བོ་མང་པོས་སྟོད་དེ་འཐབ་ཅིང་ཟ་བར་བསྒོམ་ནས། བཟླས་བརྗོད་འདི་བྱའོ། །ཨཱོཾ་ཧཱུཾ་ཧྲཱྀཿཤྟྲཱིཿབི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ། ཆེ་གེ་མོ་དང་ཆེ་གེ་མོ་འཐབ་པར་གྱུར་ཅིག །ཕཊ་ཅེས་བཟླ་བ་ནི་དབྱེ་བའི་ལས་སོ། །དེ་ལ་བསྐྲད་པའི་ལས་ནི། གོང་ནས་སྨོས་བཞིན་འཁོར་ལོ་གཉིས་བྲིས་ལ། ཧཱུཾ་ཆེ་གེ་མོ་མཱ་ར་ཡ་ཕཊ་ཅེས་བྲིས་ལ། བྷནྡ་ཁ་སྦྱོར་དུ་བཅུག་ལ། སྐུད་པ་ནག་པོས་དཀྲིས་ཏེ། ཉི་མ་ཕྱེད་ན་དུར་ཁྲོད་དུ་སོང་ལ། ས་བརྐོས་པར་བཅུག་ལ། བདག་ཉིད་ཡ་མཱནྟ་ཀའི་རྣལ་འབྱོར་དུ་བྱས་ལ། མདུན་དུ་རླུང་གི་དཀྱིལ་འཁོར་ཟླ་གམ་སྔོན་པོ་ཕྱོགས་ཀུན་ནས་རླུང་གི་དཀྱིལ་འཁོར་གྱིས་བཏེགས་པའི་དབུས་སུ་ཡཾ་སྔོན་པོ་གཅིག་བསྒོམ་སྟེ། དེ་ལས་རྔ་མོ་སྔོན་པོ་གཅིག་ཏུ་གྱུར་པ་ལས། གང་ལ་བྱ་བའི་མི་དེ་བསྐྱོན་ནས། ཁ་ལྷོ་ཕྱོགས་སུ་བསྟན་ཏེ། འོག་ནས་རླུང་གི་དཀྱིལ་འཁོར་གྱིས་བཏེགས། རྒྱབ་ནས་རྡོ་རྗེ་ཁྲོ་བོས་ཕུལ། མདུན་ནས་རྡོ་རྗེ་ཁྲོ་བོས་ཁྲིད་ནས། མྱུར་བར་མཚམས་འདས་ཏེ་སོང་བར་བསྒོམས་ལ། བཟླས་བརྗོད་འདི་བྱའོ། །ཨཱོཾ་ཧྲཱྀཿཤྟྲཱིཿབི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ། ཆེ་གེ་མོ་སྐྲོད་པར་གྱུར་ཅིག །ཕཊ་ཅེས་བྱ་བ་ནི་བསྐྲད་པའི་ལས་སོ། །དེ་ནས་ཁྲོ་བོ་ཡ་མཱནྟ་ཀ་སྒོམ་པའི་མིས་རང་གི་ཁྲག་དང་། ཐལ་ཆེན་དང་། དུག་དང་། ལན་ཚྭ་དང་། སྐེ་ཚེ་དང་། ཉུང་ནག་གི་མར་དང་། ཀ་ན་ཀའི་ལོ་མ་དང་། རྡོ་རྗེ་དྲི་ཆུ་རྣམས་སྦྱར་ཏེ། དུར་ཁྲོད་ཀྱི་རས་ལ་འཁོར་ལོ་གཉིས། མཁས་པས་དལ་བུས་ལེགས་པར་གཤིན་རྗེའི་ལུས་བྲིས་


DNG016_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ནས། གཟུགས་ཀྱི་ཁོང་པར་སྦས་ན་གདོན་མི་ཟ་བར་འཆིའོ། །བསད་པའི་ལས་ནི། གཤིན་རྗེའི་སྙིང་གར་རོ། །དབྱེ་བའི་ལས་ནི། མ་ཧེ་དང་རྟའི་རྒྱབ་ཏུ་བྱའོ། །བསྐྲད་པའི་ལས་ནི། རྔ་མོའི་རྒྱབ་ཏུ་བྱའོ། །ཞི་བའི་ལས་ནི། ཟླ་བའི་དཀྱིལ་འཁོར་ལའོ། །དབང་གི་ལས་ནི། བུད་མེད་ཀྱི་སྙིང་གར་རོ། །རྒྱས་པའི་ལས་ནི། གླང་པོ་ཆེའི་རྒྱབ་ཏུ་བྱའོ། །ཡིད་མནན་པ་ནི། ལུག་གི་ཁོང་པའམ་སྙིང་གར་རོ། །མནན་པའི་ལས་ནི། རི་རབ་ཀྱི་ནང་དུའོ། །འགུགས་པའི་ལས་ནི། རི་དྭགས་ཤ་བ་དང་སེང་གེའི་རྒྱབ་ཏུ་བྱའོ། །དེ་ལ་སོགས་པ་ལས་གང་བྱེད་ཀྱང་། མ་ནོར་བར་སོ་སོ་རེ་རེ་བྲིའོ། །དེ་ནས་གི་ཝང་ངམ་གུར་གུམ་གྱིས་གྲོ་གའམ་རས་དཀར་ལ་བྲིས་ལ། ཁམ་སའི་གབ་ཚེར། ཞི་བ་དང་རྒྱས་པ་ལ་སོགས་པ་བྱས་ན་དེར་གཞུག་གོ། །བྱ་རོག་གི་སྒྲོ་རྩ་ལ་ལས་གང་ལ་བྱ་བའི་རྨྱུག་གུ་བྱའོ། །དེ་བཞིན་དུ་དྲག་པོ་ལ་སོགས་པ་ནི་ཉི་མ་ཕྱེད་ན་བྲི་ཞིང་ལས་བྱའོ། །སྣོད་ཀྱང་བྷནྡྷ་ཁ་སྦྱོར་དུ་བྱའོ། །དེ་བཞིན་དུ་ལས་ཀུན་ལ་སོ་སོར་སྦྱར་རོ། །དེ་ནས་བདག་གི་སེམས་རྣམ་པར་དག་པར་བྱས་ལ། གཤིན་རྗེ་སྣ་ཚོགས་པའི་རྣལ་འབྱོར་དུ་བྱ་བ་ནི། བདག་དང་མི་གཉིས་པར་བྱས་ལ། གནས་དབེན་སར་འདུག་སྟེ། རང་གི་པཉྩ་ཨ་མྲྀ་ཏས་མཆོད་དོ། །ཞི་བ་དང་རྒྱས་པའི་ལས་ནི་ཛའི་བར་དུ་མིང་བྲིའོ། །དབྱེ་བ་དང་དྲག་པོའི་ལས་ཡའི་མིང་དུ་བྲིའོ། །ལས་གང་བྱེད་པའི་ཁ་དོག་མ་ནོར་བར་བྱའོ། །བཟླས་བརྗོད་ཀྱི་བསྙེན་པ་རྫོགས་ཤིང་གྲངས་ཚང་བར་བྱས་ན། མི་འགྲུབ་མི་སྲིད་དོ། །བཟླས་པ་གྲངས་མ་ཚང་ཞིང་ལས་ནོར་ན་སླར་ལྡོག་ཅིང་མི་འགྲུབ་བོ། །དྲག་པོ་དང་དབྱེ་བ་དང་བསྐྲད་པ་ལ་སོགས་པའི་རི་མོ་བྲིས་པ་དང་། སྣོད་ཁ་སྦྱར་ལ་སོགས་པའི་ལས་དེ་མི་བྱེད་ན། ས་གཞན་དུ་སྦ། བར་དེར་རང་གི་ཁྱིམ་དུ་བཞག་ན། ཉིན་གཅིག་བཞིན་དུ་འཐབ་པ་དང་གནོད་པ་འབྱུང་བས་བཞག་ཏུ་མི་རུང་ངོ་། །སྣ་ལ་བསྙེན་པ་བྱས་ནས། དེ་


DNG016_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གདོད་ལས་བྱའོ། །བསྙེན་པའི་ཚེ་མི་ཚིག་གིས་བར་གཅད་དུ་མི་རུང་ངོ་། །བསྙེན་པའི་གྲངས་ནི་འབུམ་ཕྲག་གཅིག་ཡན་ཆད་དོ། །དཀྱིལ་འཁོར་བྲི་ན། ཐིག་སྐོར་རིམ་པ་གསུམ་པ་ལ། དབུས་སུ་ཐིག་བཞི་བཏབ་པས་རེའུ་ཆ་དགུ་བྱའོ། །བར་པའི་རིམ་པ་ལ་རེའུ་ཆ་ཆེ་བ་བཅུ་གཉིས་སུ་བྱ། ཐ་མའི་རིམ་པ་ལ་རེའུ་ཆ་བཅུ་དྲུག་ཏུ་བྱའོ། །རེའུ་ཆ་ཀུན་ལ་སྔགས་བྲི་བ་ནི་འདིའོ། །ཡ་མ་རཱ་ཛ་ས་དོ་མེ་ཡ། ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཡ་ད་ཡོ་ནི་ར་ཡ་ཀྵེ་ཡ། ཡ་ཀྵེ་ཡཙྪ་ནི་རཱ་མ་ཡ། དབུས་སུ་ཡ་བྲིས་ལ། འཁོར་ལོའི་དབུས་སུ་ཡ་དང་ཡའི་བར་དུའམ། ཛ་དང་ཛའི་བར་དུ་མིང་བྲི། ཕྱི་རིམ་དུ་ཧཱུྃ་དང་བྱང་གི་བར་དུ་སྙིང་པོ་སྔགས་འབྲུ་རེ་རེ་བྲིའོ། །བར་དུ་སྙིང་པོ་རེ་རེ་བྲི་བ་ནི། ཡི་གེའི་རྒྱལ་པོ་ཡིན་པས་རབ་ཏུ་བྲིའོ། །ཡི་གེ་ཀུན་རེག་ལ་རེག་ཏུ་མི་རུང་ངོ་། །ཀ་ཁ་དང་ཡི་གེ་བྲི་བ་ཀུན་གཡས་སུ་བསྐོར་ཞིང་བྲིའོ། །ཐིག་སྐོར་གྱིས་བར་ཆོད་པར་བྱའོ། །རིམ་པ་བར་བ་ལ་ཡང་ཐ་མ་བཞིན་སྙིང་པོ་ཀུན་བྲིའོ། །་ཧྲཱྀཿཤྟྲཱིཿབི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། འཇམ་དཔལ་གཤིན་རྗེ་ནག་པོའི་ཏནྟྲ་ལས། མན་ངག་གསང་བ་ལས་དགུ་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་ལས་བྱ་དགོས་ན། བསྐྲད་པ་དང་། བསད་པ་དང་། དབང་དང་དབྱེ་བ་དང་། ཞི་བ་དང་རྒྱས་པ་དང་། གང་བྱེད་པའི་ལས་མིང་དང་གཟུགས་ལྡན་པར་བྲི་ཞིང་། རི་མོ་ཟིན་པ་དང་། སྣ་ལ་ལྷ་ཕྱག་ལན་བདུན་ཙམ་མགོས་གཏུགས་ཏེ་བཙལ་ལ་དེ་ལ་མཆོད་པ་དང་། གཏོར་མ་ལ་སོགས་པ་ཕུལ་ནས། གཤིན་རྗེ་ལས་བདེན་པ་འདི་གྲུབ་པར་གྱུར་ཅིག་སྭཱ་ཧཱ། བྱས་ལ། དེ་ནས་མ་བྲིས་པའི་ས་སྟོང་ཡོད་སར། ཧཱུྃ་ཕཊ་ཧཱུྃ་ཕཊ་ཅེས་བྱ་བ་ཕྱིས་བྲིའོ། །ཧཱུྃ་དང་ཕཊ་ནི་ཐུགས་ཀྱི་སྔགས་ཡིན་པས་ཀུན་ལ་བྲིའོ། །ལྷ་ཡ་མཱནྟ་ཀ་སྣ་ལ་བསྙེན་པ་བྱ་བའི་བསྒོམ་པ་ནི། མ་ཧེ་ལ་སོགས་པ་ཉི་མའི་དཀྱིལ་འཁོར་གྱི་སྟེང་ན་བརྐྱང་བསྐུམ་དུ་བཞུགས་པ།


DNG016_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་གསུམ་ཕྱག་དྲུག་པ། གསུས་པ་ཆེ་ལ་སྐྲ་ཁམ་པ་གྱེན་དུ་འབར་བ། ཡན་ལག་ཀུན་སྦྲུལ་འབར་བས་བརྒྱན་པ། གཡས་གསུམ་ནི་འཁོར་ལོ་དང་རལ་གྲི་དབྱུག་པ་འཛིན་པ། གཡོན་གསུམ་ནི་ལས་གང་བྱེད་པ་འཛིན་པས་ཅི་ཡང་མི་བསྣམས་སོ། །ཡུམ་ལྷ་མོ་བེ་ཏཱ་ལཱི་དང་། ལྷ་མོ་རོ་ལངས་མ་གཉིས་གཡས་གཡོན་ན་བཞུགས་པ། གཡས་ན་བཞུགས་པའི་ཕྱག་གཡས་ན་དགྲ་སྟྭ་བསྣམས་པ། ཕྱག་གཡོན་ཡབ་ཀྱི་སྐུ་ལ་འཁྱུད་པ། གཡོན་ན་བཞུགས་པའི་ཕྱག་གཡོན་ན་ཞགས་པ་བསྣམས་པ། ཕྱག་གཡས་ཀྱིས་ཡབ་ཀྱི་སྐུ་ལ་འཁྱུད་པ། ཡུམ་གཉིས་ནི་སྐུ་མདོག་དང་ཕྱག་མཚན་རྒྱན་དང་ཆ་ལུགས་གཙོ་བོ་དང་མཐུན་པར་གནས་པ། ཡབ་ལས་དབུ་འཕང་དམའ་བར་མཚུངས་ཤིང་སྤྱན་རྩ་དམར་བ་གཙོ་བོ་ལ་འདུད་པ། ཡབ་ཡུམ་གཉིས་སུ་མེད་པའི་གསང་བའི་རོལ་པ་ལས། ཁྲོ་ཆུང་མང་པོས་ཕྱོགས་མཚམས་ཟིལ་གྱིས་མནན་ནས། ཞལ་ནས་རང་རང་གི་སྔགས་སྒྲ་སྒྲོགས་པ། ཕྱག་ན་གདུག་པའི་མཚོན་ཆ་སྣ་ཚོགས་པ་བསྣམས་པ། གང་ལ་བྱ་བ་རྡུལ་དུ་རློག་པ། དེ་ལྟ་བུར་རང་ཉམས་སུ་ལོན་ནས། གཟོད་བསྒྲུབ་པ་ལ་འཇུག་པར་བྱ་བ་སྟེ། གཟུགས་བརྙན་གྱི་མདུན་དུ་གསོལ་བ་བཏབ་ལ། གདོད་ལས་བྱའོ། །དེ་ཡང་ལས་ཐམས་ཅད་གྲུབ་པར་འདོད་ན། ཇི་ལྟར་འདོད་པའི་རྫས་རྣམས་ཀྱིས་སྦྱིན་བསྲེག་བྱས་ན་ཇི་ལྟ་བ་བཞིན་དུ་ལས་གྲུབ་པའོ། །མཆོག་ཏུ་ཡང་ཉེ་བ་དབྱེ་བའི་ཐབས་ལ། བྱ་རོག་དང་འུག་པའི་དོང་རུལ་བྱ་སྟེ། བཟླས་བརྗོད་བྱ་བ་ནི། ཨོཾ་ཀླུ་ལིངས་སངས། ཀུ་ནན་ཤ་ར་ཤྲི་ཏི་ཛ། ཞེས་བསྐུལ་བར་བྱའོ། །དེ་ནས་དོང་ཆག་གང་བ་ཅིག་མལ་འོག་ཏུ་བྱས་ལ། ནང་རྒྱ་སོལ་གྱིས་བཀང་སྟེ། གྲོ་ག་ལ་ཁྲག་སྣ་གསུམ་གྱིས་ཆེ་གེ་མོའི་གཟུགས་བྱས་ལ། དོང་དུ་གཞུག །འཛབ་སྟོང་དུ་ཕྱིན་ནས། ཉི་མ་ཕྱེད་པ་དང་། ནུབ་པ་དང་། ནམ་ཕྱེད་དང་། གུང་ཡོལ་ལ། ཉུངས་ཀར་གྱི་རྒྱལ་


DNG016_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

པོ་མངག་སྟེ། ལན་གསུམ་དུ་བསྐུལ་ཏེ། ཁུགས་པ་དང་། གཟུགས་དང་རྣམ་པར་ཤེས་པ་གཉིས་སུ་མེད་པར་བྱ་སྟེ། སྟ་ཙ་སྟ་གྷྲི་ནི་མ་ཞེས་བརྗོད་པས། དམིགས་པའི་གཟུགས་ལ་བརྡེག་པར་བྱའོ། །འདི་ཡང་བསད་ཅིང་དབྱེ་བའི་ལས་སོ། །ལས་གྲུབ་པའི་རྟགས་འདོད་ན། དཔལ་བྱེད་ཀྱི་ཕྱེ་མ་ལ། རོའི་ཁུ་བས་སྦྲུས་ལ། ཇི་ལྟར་འདོད་པ་བཞིན་བྱས་ཏེ། མཆོག་བྱེད་ནག་མོ་ཞིག་དང་བསྒྲོགས་ལ་སྐུད་པ་སྣ་བཞིས་སྟོད་སྨད་ཕྱེད་མར་བཅིངས་ལ། ཆུ་མིག་ལུ་མ་ཅན་དུ་སོང་སྟེ། ཡ་མཱནྟ་ཀ་དཔལ་མཆོག་གི་ཏིང་ངེ་འཛིན་དུ་ཞུགས་ལ། བརྗོད་པར་བྱའོ། །ཨཱོཾ་པྲེ་ཏེ་ཡེ་ཞེས་བཟླས་པ་དང་། ཨུད་ཀང་ཏེ་ཨུད་ཀང་ཏེ་ཞེས་ཀྱང་བཟླས་སོ། །དེ་ནས་རིགས་ཀྱི་བུ་འདོད་པ་སྒྲུབས་ཤིག་བྱས་ལ་དམོད་བཅོལ་བྱའོ། །སྐྱབས་སུ་གསོལ་ན་ལས་ནི་འགྲུབ་པོ། །དྲག་ཀླུ་སྣད་པ་སྲིད་པས་སྨན་གྱིས་གསོའོ། །གནོད་པ་འགྲོལ་ན། ཀླུ་རིགས་བཞི་ལས་ནག་པོ་དགྲོལ་བར་བྱའོ། །དེའི་སྔགས་ལ། ་བཛྲ་ཀུ་ན་ཀུ་ལན་ཁ་ར་སྡི་ཤིག་ཤིག་བྱད་སྟེམ་ཁྲོལ། ཞེས་བརྗོད་པར་བྱའོ། །དེ་ནས་ཡང་བདག་ལ་གནོད་པར་བྱེད་པ་ཞིག་འོངས་ནས། དེ་ལ་མགུ་བར་བྱས་ལ། གཏམ་འཇམ་པོར་སྨྲ་ཞིང་འཛབ་བཟླས་སོ། །ཨཱོཾ་ཀ་ཏ་ཀ་ཏ་ཀུ་ས་ར་ཡ་བི་ཤོ་མ་ར་ན་སུ་ཁ་ར་མ་ལི་ཧཱུྃ་ཞེས་བཟླས་ན། སྡང་བའི་སེམས་ཡོད་པ་དེ་ཞི་བར་འགྱུར་ཏེ། དེ་རང་གི་གནས་སུ་ཕྱིན་ནས་ཀྱང་། ཡིད་མི་གསལ་ཏེ་མྱོས་པར་འགྱུར་རོ། །ཡང་ལས་རྣམས་གཅིག་ལ། རཀྟ་ཆེན་པོ་དང་། ཚུབ་མའི་ལོ་མ་དང་། རས་རྙིང་པ་དང་། གྲོག་མཁར་གྱི་ས་དང་། སྡོང་པོ་ཚིག་པའི་སོལ་བ་རྣམས་ལ། དྲི་ཆུ་ནག་པོས་སྦྲུས་ཏེ། དམིགས་པའི་གཟུགས་བཅས་ལ། མིང་རུས་བྲིས་ནས་ཨེར་བཞག་སྟེ། ལས་བཅོལ་ཞིང་འཛབ་འདི་བཟླས་སོ། །ཏྲི་ལིང་ཤི་རོ་ལོ་ལངས། ཁ་ཚུན་དྲི་ཟ་རཀྴ་ཐུན།


DNG016_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བརྗོད་ནས། ཏིང་ངེ་འཛིན་གྱིས་ཁུགས་པ་དང་། ཁྱི་ནག་པོའི་ཐོད་པར་བཅུག་ལ། ཟླ་བ་ཉའམ་ཤི་ཁ་ལ། ལམ་རྒྱ་གྲམ་ཆེན་པོའམ་མཁར་ཆེན་པོའི་སྒོ་ཁར་མནན་ནོ། །་ཧྲཱྀཿཤྟྲཱིཿབི་ཀྲྀ་ཏཱ་ན་ན་ཆེ་གེ་མོ་མཱ་ར་ཡ་ཛ་ཛ། ཏ་ཀི་ཏ་སོད་ཏ་ཧཱུྃ་ཧཱུྃ་སྟྭཾ་བྷ་ཆེ་གེ་མོ་ནན། ཞེས་དྲག་པོ་ལས་ཀྱི་ཏིང་ངེ་འཛིན་བྱའོ། །་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་ཀཱ་ལ་རཱུ་པ་ཧཱུྃ་ཕཊ། གང་བསྒྲུབ་ཀྱང་སྐུ་རྒྱན་གཅིག་པ། བསྒོམ་ཞིང་མི་བརྗེད་པའི་གཟུངས་དྲན་པར་བྱའོ། །འཇམ་དཔལ་གཤིན་རྗེ་ནག་པོའི་ཏནྟྲ་ལས། སྤྱིར་གཏང་བའི་མན་ངག་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་མགོན་པོ་གཤིན་རྗེའི་གཤེད། །ཤིན་ཏུ་དྲེགས་པར་ཁྲོས་ནས་ཀྱང་། །ཡང་དག་གསང་བའི་ངེས་དོན་ལས། །སྡིག་ཆེན་གང་ཞིག་འདའ་བྱེད་པ། །དེ་དག་ཆད་པས་གཅད་པའི་ཕྱིར། །དྲག་པོའི་སྔགས་ཟོར་ལས་འདི་གསུངས། །དམ་ཚིག་ཉམས་པའི་དགྲ་བོ་ལ། །ཐུན་དང་ཟོར་གྱིས་བསྒྲལ་བའི་ཕྱིར། །དབེན་པའི་དུར་ཁྲོད་གནས་སོང་ལ། །ལུས་ངག་ཡིད་གསུམ་གུས་པ་ཡིས། །གཤིན་རྗེའི་གཤེད་ལ་ཕྱག་བཙལ་ནས། །གཤིན་རྗེའི་དགྲ་ནི་སྤྱན་དྲངས་ཏེ། །ཡ་མ་རཱ་ཙ་གདུལ་བར་བྱའོ། །ཡ་མ་རཱ་ཙ་སྤྱན་དྲངས་ཏེ། །གང་ལ་བྱ་བ་གདུལ་བར་བྱ། །དེ་ཡི་ལས་སུ་བསྟན་པ་ཡང་། །དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། །དམ་རྫས་ལྔ་ཡིས་ཆག་ཆག་གདབ། །དཀྱིལ་འཁོར་མཐིང་ནག་གྲུ་གསུམ་བྲི། །མགོ་བོ་རང་གི་ཕྱོགས་སུ་བསྟན། །ཡ་མཱནྟ་ཀ་ཡབ་ཡུམ་དང་། །ཡ་མ་རཱ་ཙ་སྟངས་དཔྱལ་དང་། །ལྕགས་ཀྱི་སྤྱང་མོ་མང་པོ་དགོད། །བདག་ཉིད་དྲག་པོ་ཡབ་ཡུམ་བསྒོམ། །གཤེད་མ་ཡ་མ་རཱ་ཙར་བསྒོམ། །ཕོ་ཉ་འཇོམས་པའི་ལས་བྱེད་མ། །ལྕགས་ཀྱི་སྤྱང་མོ་རལ་གཅིག་བསྒོམ། །དམ་རྫས་ཡོ་བྱད་ཚང་བར་བསག །རྣམ་ཤེས་དབང་པོ་དགུག་པའི་ཕྱིར། །དགྲ་བོ་འགུགས་པའི་ཕོ་ཉ་གཏང་། །དཔལ་གྱི་ཕྱག་བརྙན་ཕོ་ཉ་


DNG016_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །ཏིང་ངེ་འཛིན་ནི་གསལ་བསྒོམ་ལ། །སྤྲུལ་པའི་ཕོ་ཉ་འདི་གཏང་ངོ་། །ཧཱུྃ། དཔལ་གྱི་ཕྱག་བརྙན་ཁྲག་གི་དྲི་སྣོམ་མ། །ཁྲག་མདོག་དམར་མོ་གསེར་གྱི་ལན་བུ་ཅན། །སྤྱན་མིག་ཉི་མའི་ཟེར་དང་འདྲ་ཞིང་རྣོ། །སོར་མོ་ལྕགས་ཀྱུའི་རྩེ་ལ་བསྐལ་པའི་མེ་ཆེན་འབར། །དགྲ་བོ་ཉམས་པའི་སྙིང་འབྱིན་ཆག་པར་བཅངས་ནས་གསོལ། །ཁྲོས་པའི་ཁྲག་མདོག་དམར་པོ་ཁྲག་གི་མཆི་མ་འཛག །རྒྱུག་པའི་སྟབས་ནི་ལྕགས་ཀྱི་སྤྱང་མོ་འདྲ། །སྐད་ནི་ནམ་མཁའ་སྟོང་པའི་འབྲུག་པས་ཆེ། །བང་ནི་བར་སྣང་གློག་པས་ཤིན་ཏུ་མགྱོགས། །ཟངས་སྡེར་དམར་པོ་དབང་གི་ལག་པ་ན། །དམིགས་པ་བྱེའུ་ཕྲུག་ཤ་རྗེན་བཅུམ་པ་ལྟར། །འགལ་བྱེད་འབྱུང་པོའི་དོན་སྙིང་སྤར་གྱིས་འདེབས། །ཕུང་པོ་རྡུལ་ཕྲན་བཞིན་དུ་འདུལ། །གཟུགས་ཀྱི་ཕུང་པོ་མ་ཡིན་པར། །རྣམ་པར་ཤེས་པ་ཁྱེར་ལ་ཤོག །དེ་ལྟར་ཡང་དང་ཡང་བཀུག་ནས། །གཟུགས་ལ་ཕབ་སྟེ་གུ་གུལ་གྱིས་བདུག །དྲག་པོ་ཐུན་གྱི་སྔགས་ཀྱིས་གདབ། །ཁུག་ཅིག་ཕོ་ཉ་མི་བཟད་མ། །ལྕགས་ཀྱི་སྤྱང་མོ་རལ་གཅིག་མ། །མིག་ནས་ཁྲག་གི་ཚ་ཚ་འཕྲོ། །ཁ་ནས་སྐད་འདོན་ཙེ་རེ་རེ། །རལ་པ་སྤྲུགས་པའི་སྐྲ་གསེབ་ནས། །ཁྲོ་ཆུ་ཁོལ་མའི་སྐྱིན་འདང་འབེབས། །རྐང་ལག་ལྕགས་ཀྱི་སྡེར་མོ་ལ། །གནམ་ས་མེད་པར་སྤར་གྱིས་འདེབས། །རི་ལུང་མེད་པར་རྗེས་ཀྱིས་འགེངས། །ཟས་སུ་སེམས་ཅན་གསོན་པོར་ཟ། །མངགས་པའི་གནས་སུ་ཡུད་ཀྱིས་ཕྱིན། །གང་ལ་བྱ་བའི་དགྲ་བོ་དེ། །མ་ཐོགས་མྱུར་དུ་ཁྲིད་ལ་ཤོག །དང་པོར་ཞེ་སྡང་ཕ་ཡི་སྐེད། །བར་དུ་འདོད་ཆགས་མ་ཡི་མངལ། །དེ་ནས་དྲི་ཟ་ཉེ་བར་འཁོར། །ཐ་མ་ཉོན་མོངས་ལྔ་ཡི་གཟུགས། །ལྔ་ཕུང་རྩད་ནས་གཅད་པའི་ཕྱིར། །གཤིན་རྗེ་མ་མོ་ཕོ་ཉ་རྣམས། །ཐོགས་མེད་འཇིགས་པའི་སྐུ་སྤྲུལ་ལ། །མགོ་བོའི་དཀྱིལ་དུ་ཁྲག་ཟོར་ཡ། །ཉན་པའི་རྣ་ལ་ཁྲ་གཟོར་


DNG016_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ཡ། །སྣོམ་པའི་སྣ་ལ་ཁྲག་ཟོར་ཡ། །སྨྲ་བའི་ལྕེ་ལ་ཁྲག་ཟོར་ཡ། །དྲན་པའི་སྙིང་ལ་ཁྲག་ཟོར་ཡ། །འགྲོ་བའི་རྐང་ལ་ཁྲག་ཟོར་ཡ། །ཡུལ་འཁོར་ཁྱིམ་ལ་ཁྲག་ཟོར་ཡ། །ནོར་གྱི་དབྱིག་ལ་ཁྲག་ཟོར་ཡ། །འོག་གི་རྟ་ལ་ཁྲག་ཟོར་ཡ། །མཆན་གྱི་བུ་ལ་ཁྲག་ཟོར་ཡ། །འཁོར་བཅས་མ་ལུས་རྡུལ་དུ་རློགས། །ཁྲག་ཟོར་འཕང་བའི་སྔགས་ལ། །ཐོད་ཁྲག་སྤྱོས་ཤིག་ཙིཏྟ་ཀུ་ལུ་ནན། །སྙིང་ཁྲག་སྤྱོས་ཤིག་ཙཀྲ་རམ། །རྣམ་ཤེས་སྤྲོས་ཤིག་ཤག་ཤག་རམ། །ངག་རྣམས་སྤྱོས་ཤིག་སོ་ཏི་ཁཱ་ཧི་རཾ། །གཟུགས་ཕུང་ཆོམས་ཤིག་སུ་ནྲྀ་ཏྲི། ཡན་ལག་ཆིངས་ཤིག་ཛ་ཏྲི་ཏྲ་ཛ། ཞེས་བརྗོད་ལ། སེང་ལྡེང་གི་ཕུར་བུ་སོར་བརྒྱད་པ་ཟོར་དང་བཅས་ལ་འཕང་ངོ་། །དེ་ནས་དམ་ཉམས་དགྲ་བོ་དེ། །འཆོར་བ་མེད་པར་བྱ་བའི་ཕྱིར། །བདུད་མོ་མི་ཟན་ཉིད་ལ་གཏད། །མ་བདུད་དཔོན་གཡོག་གསུམ་ལ་གཏད། །ཡ་མ་རཱ་ཙ་ཉིད་ལ་གཏད། །གཏད་པའི་སྔགས་ལ། ཨི་ཨུ་ཨ་ས་མ་ཡ། ཐིབས་ཐིབས། ལ་ཤེར་ཡ་དེ་སོད། ཨོཾ་ས་མ་ཡ་ཏིཥྛ་བཾ། མ་མཱ་མུ་རུ་ཐིབས་ཐིབས། ཐབས་པྲ་ཕུར་ཀ་ཤ་བཾ། རྦད་ཐུཾ་རི་ལི་ལི། ཐིག་ནིག་གཅིག་མེད་གཉིས་དྲག་བརྒྱད་བཅད། ནམ་མཐོངས་ཕྱེ། ལྕགས་སྒྲོག་ཁྲོལ། མི་རེང་སོད། བཛྲ་ན་ནེ་ཕཊ། བཛྲར་ར་ཏེ་ཕཊ། བཛྲ་ཛ་ཏ་ཏེ་ཕཊ། བཛྲ་ད་ཏེ་ཕཊ། བཛྲ་ཨི་ཏིང་ནཱ་ག་ལེ། ནཱ་ག་ལེ། སུམ་པ་ལེ། ཙིན་ཡང་ཙིན་ཡང་། ལེན་ཡང་ལེན་ཡང་། དགྲ་བོ་ཆེ་གེ་མོ་མཱ་ར་ཡ་ཛཿ། དྲག་ཏུ་ཀུན་འཇོམས་ངན་སྔགས་འདི། །བཏབ་ན་ལྷ་ཡང་བརླག་པར་འགྱུར། །དགྲ་བགེགས་གཞན་ལྟ་ཅི་སྨོས་དགོས། །གཤིན་རྗེ་ནག་པོའི་རྒྱུད་ལས། དྲག་པོ་སྔགས་ཟོར་འཕང་བའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་གཤིན་རྗེ་གཤེད་པོ་ཡིས། །འཆི་མེད་ལེའུ་འདི་བཀའ་སྩལ་ཏོ། །སྐྱེས་པའི་ཆོས་རྣམས་འཇིག་པར་རབ་ཏུ་


DNG016_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན། །མཐའ་དང་དབུས་མེད་ནམ་མཁའ་མཉམ་པར་བསྟན། །གནོད་ཅིང་གདུག་པའི་ཕྱོགས་རྣམས་མ་ལུས་སྒྲོལ་མཛད་པ། །མགོན་པོ་གཤིན་རྗེའི་ཚོགས་ལ་ཕྱག་འཚལ་ལོ། །འཇམ་དཔལ་གྱི་ལེའུ་ཁྲི་དྲུག་སྟོང་གི་ནང་ནས། འཇམ་དཔལ་རིགས་ལྔར་བསྟན་ཏེ། རིགས་ལྔ་འཇམ་དཔལ་དང་དྲུག་གོ། །ཡེ་ཤེས་སྤྲུལ་པའི་ཁྲོ་བོ་བཞི་དང་བཅུའོ། །ལས་རྣམ་པར་འབྱེད་པའི་ལེའུ་ཞེས་བྱའོ། །འཕགས་པ་ཀུན་གྱིས་ཅི་བདེར་གསུངས་པ་ཡིས། །ཐམས་ཅད་ཀུན་ལ་ཁྱབ་པར་གནས་བྱའོ། །རྣམ་པར་འཕྲུལ་པའི་དཔལ་བྱང་མ་ལུས་ཀུན། །རིག་པ་ཁྱད་པར་ཀུན་ལས་འཕགས་པ་ཡིས། །ལས་རྣམས་དཀྱིལ་འཁོར་ཆེན་པོ་འདི་བརྩམ་མོ། །དཀྱིལ་འཁོར་རྩིབས་སྟེང་བཅུ་གཉིས་གོ་རིམ་ལ། །མུ་ཁྱུད་ཟླུམ་པོ་རྡོ་རྗེའི་རྭ་བ་བཏང་། །སྣམ་བུ་གཉིས་དང་གསུམ་པར་བྱ་བ་ནི། །ལས་དང་བྱ་བ་ལ་སོགས་རྣམ་པར་བསྒྲུབ། །དེ་ནས་ཁྱད་པར་ཕྲིན་ལས་འདི་བྱའོ། །རྫས་དང་ཉུངས་ཀར་གུ་གུལ་ནག་པོ་དང་། །རྩ་བའི་སྔགས་འདིས་བརྡེག་ཅིང་གསད་པར་བྱའོ། །རྡོ་རྗེ་རྩེ་གཅིག་ཕྱག་རྒྱ་བཅས་ནས་བརྡེག །ཨཱོཾ་བཛྲ་ཡ་མ་རཱ་ཙ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཨ་ཞེས་བཟླས་སོ། །དེ་ནས་གནན་པའི་ལས་བྱ་སྟེ། །ཡ་མ་ར་ཙའི་ཕྲིན་ལས་བརྩམ། །དེ་ནས་ལས་རྣམས་བཅོལ་བ་ནི། །ཨཱོཾ། ཕྲིན་ལས་འཇིགས་བྱེད་འཇིགས་པར་བྱེད་པ་ནི། །ཐམས་ཅད་དབང་དུ་སྡུད་པའི་གཤིན་རྗེ་གཤེད། །དབུ་དགུ་ཕྱག་ཀྱང་བཅྭ་བརྒྱད་དེ། །སྐུ་མདོག་སྔོན་པོ་འཇིགས་པའི་གཟུགས། །ཞབས་བཞི་བརྐྱང་བསྐུམ་ཚུལ་དུ་བཞུགས་པ་ནི། །ཞབས་གཉིས་གྱད་ཀྱི་འདོར་ཐབས་ཀླུ་རྒྱལ་ཟིལ་གྱིས་གནོན། །ཞབས་གཉིས་གྱད་ཀྱི་བརྐྱང་བསྐུམ་བགེགས་རྣམས་རྡུལ་དུ་རློག །སྐུ་ལ་སྦྲུལ་ནག་སྟོང་གིས་བརྒྱན་པ་ནི། །བགེགས་རྣམས་འདུལ་ཞིང་རྟག་ཏུ་འཆིང་བར་མཛད། །ཕྱག་དགུ་གཡས་ཀྱི་དང་པོ་ན། །རྡོ་རྗེ་


DNG016_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

དབྱུག་པ་བེ་ཅོན་དང་། །སྦྲུལ་དང་ཐོད་རློན་དགྲ་སྟྭ་བསྣམས་པ་དང་། །གསེར་གྱི་ཟོར་བ་ཁྲམ་བམ་རྣམས། །ལྕགས་ཀྱི་ཕུར་པ་ཟུར་གསུམ་འཕྲོ། །ཕྱག་དགུ་གཡོན་གྱི་དང་པོ་ན། །བྷནྡྷ་ཚལ་པ་རཀྟས་གཏམས། །བ་སུ་ཏ་ཡི་ཞགས་པ་དང་། །བུས་པའི་ཞིང་ཆུང་ཞལ་དུ་རྔུབས། །ཐོད་ཕྲེང་འཁོར་ལོ་དྲིལ་བུ་དང་། །ཏྲི་ཤཱུལ་རལ་གྲི་ཕུར་པ་ཡིས། །ཆེ་གེ་མོ་ཞིག་མཱ་ར་ཡ། ་བཛྲ་ཀཱ་ལ་རཱུ་པ་ཡ་མ་རཱ་ཙ་ཧཱུྃ་ཕཊ་ཏ་ཨ། མ་ཧཱ་ན་མ་ཡ་ནན། ཞེས་བརྡེག་གོ། །དེ་ནས་ཕྱག་བརྙན་སྤྲུལ་པ་མོ་བཞི་མངག་ཅིང་ལས་བཅོལ་བ་འདི་སྐད་དོ། །ཧཱུྃ། དཔལ་གྱི་བཀའ་ཉན་ཁྲག་གི་དྲི་སྣོམ་མ། །དབང་བྱེད་ཆེན་མོ་ཀུན་གྱི་གཙོ་མོ་སྟེ། །ཁྲག་གི་དྲི་ཚོར་དཔག་ཚད་བརྒྱད་ཁྲི་བཞི་སྟོང་རྒྱུག །བུད་མེད་ལུས་ལ་འཇིགས་བྱེད་སྤྱང་མོའི་གདོང་། །ཁ་ནས་མེ་འབར་རྒྱ་མཚོ་གཏིང་ནས་སྐེམས། །མིག་ནས་ཁྲག་འཛག་རི་རབ་ཐལ་བར་རློག །སྐད་ཅིག་ཙམ་ལ་སྟོང་ཁམས་དབང་དུ་སྡུད། །འཇིག་རྟེན་ལྷ་ཆེན་བརྒྱད་ཀྱང་འདར་ཡེད་ཡེད། །ཆེ་གེ་མོ་གང་ཡིན་དབང་དུ་སྡུས། །བུད་མེད་གཟུགས་ཅན་དུས་ལ་བབ། །སྤྱང་གདོང་ཆེན་མོའི་དུས་ལ་བབ། །ཆེ་གེ་མོ་ཧྲཱྀཿཤྟྲཱིཿམ་ར་ཙ་ར་ནན། ད་ནི་ལྕགས་ཀྱི་སྤྱང་མོ་དབུ་དགུ་མ་བསྐུལ་ཞིང་ལས་བཅོལ་ཏེ་འདི་སྐད་དོ། །ཧཱུྃ། ལྕགས་ཀྱི་སྤྱང་མོ་དབུ་དགུ་མ། །ལག་བརྒྱད་རྐང་བརྒྱད་འཇིགས་པའི་གཟུགས། །ཆིབས་སུ་བདུད་བྱ་ནག་མོ་བཅིབས། །འཁོར་དུ་ཁ་འབར་སྟོང་གིས་བསྐོར། །རོལ་དུ་ཟ་བྱེད་མ་མོ་ཁྲིད། །ལག་ན་གཤིན་རྗེའི་ཁྲམ་བམ་ཐོགས། །རྐང་པ་བརྒྱད་ལ་འཁོར་ལོའི་མཚོན་ཆ་ཐོགས། །ལྕགས་སྤྱང་མགོ་དགུ་མ་ཡི་དུས་ལ་བབ། །ཡ་མ་རཱ་ཙ་ཀཱ་ལ་རཱུ་པ་ཧྲཱྀཿཤྟྲཱིཿ། གུང་གུང་ཏྲཾ་ཏྲཾ་དྷི་ལ་ཆེ་གེ་མོ་མཱ་ར་ཡ་ཧཱུྃ་ཕཊ་ཞེས་བརྡེག་གོ། །དེ་ནས་དཔལ་ལྡན་མ་བསྐུལ་བ་འདི་སྐད་དོ། །ཧཱུྃ། ཡེ་ཤེས་མཁའ་ལྡིང་མ་མོའི་དཔལ། །གཟི་བརྗིད་འབར་བའི་བྱིན་རླབས་ཅན། །བར་སྣང་ཁམས་ལ་གནས་


DNG016_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ཤིང་། །ཁམས་གསུམ་ཐམས་ཅད་དབང་དུ་སྡུད། །ལྕགས་ཀྱི་བྱ་ཁྲ་ཆེན་མོ་ནི། །མ་མོ་རྣམས་ཀྱི་མཆོག་ཀྱང་ཡིན། །ཁ་འབར་རྣམས་ཀྱི་གཙོ་མོ་སྟེ། །འཇིག་རྟེན་རྣམས་ཀྱི་དབང་བྱེད་མ། །འཇིག་རྟེན་དབང་དུ་སྡུད་པ་མོ། །གཟིགས་པའི་གོ་འཕང་ནམ་མཁའ་འདྲ། །གཤེགས་ཤིང་བཞུགས་པ་གློག་ལྟར་མགྱོགས། །གཡས་ཀྱི་གཤོག་པ་བརྡབ་པ་ཡིས། །བདུད་དང་སྲིན་པོ་རྡུལ་དུ་རློག །གཡོན་གྱི་གཤོག་པ་བརྡབ་པ་ཡིས། །ཆེ་གེ་མོ་ཞིག་དབང་དུ་བསྡུ། །དམ་ཚིག་ཆེན་པོའི་དུས་ལ་བབ། །་བཛྲ་ཀཱ་ལ་རཱུ་པ་ཡ་མ་རཱ་ཙ་ཧཱུྃ་ཧཱུྃ་ཕཊ་ཕཊ། དུན་དུན་ཙིཏྟ་མ་ལ་བྷྱོ་བྷྱོ་ཁཱ་ཧཱི། དེ་ནས་དབང་བྱེད་གཤིན་རྗེ་ཁ་འབར་མ་བསྐུལ་ཞིང་ལས་བཅོལ་བ་འདི་སྐད་དོ། །གཤིན་རྗེའི་སྲིང་གཅིག་ཁ་འབར་མ། །དབུ་གསུམ་ཕྱག་དྲུག་མཆེ་གཤོག་ཅན། །གཡས་ཀྱི་གཤོག་པ་བཅུ་དྲུག་ལ། །ཡེ་ཤེས་བཅུ་དྲུག་རོལ་པ་སྟོན། །གཡོན་གྱི་གཤོག་པ་བཅུ་དྲུག་ལ། །མ་མོ་ལས་མཁན་བརྒྱད་ཅུ་གཅིག །དེ་ཡི་རྦོད་གཏོང་ཕྱག་བརྙན་ནི། །ལ་ལའི་ལག་ན་རྒྱུ་ཞགས་འཛིན། །ལ་ལའི་ལག་ན་ཐོད་ཕྲེང་འཛིན། །ལ་ལ་ཞིང་བཅུ་གནས་སུ་འདྲེན། །ལ་ལ་མེ་ཁྱེར་རྒྱ་མཚོ་སྐེམས། །ལ་ལ་འགུགས་བྱེད་ཉམས་པ་འཛིན། །ལ་ལ་སྦྲུལ་ནག་ཞགས་པ་འཛིན། །ལ་ལ་ཕོ་ཉ་འགུགས་ཤིང་འཛིན། །སྔགས་པས་བོས་ཤིང་གདུང་བའི་ཚེ། །དམ་ཚིག་དུས་ལ་བབ་པོ་ད་ཚུར་བྱོན། །སྡང་བྱེད་སྙིང་ནས་ད་དྲོངས་ཤིག །ད་ནི་བརྩེ་བའི་དུས་ལ་བབ། །དྷི་ནི་དྷི་ནི་མཱ་ར་ཡ་ཙ། ཀཱ་ལ་རཱུ་པ་ཆེ་གེ་མོ་མཱ་ར་ཡ་ཧཱུྃ་ཕཊ་ཅེས་བརྡེག་གོ། །དེ་ནས་ཕྱག་རྒྱ་རྣམས་ཀྱིས་གནན་པ་ནི། །རྡོ་རྗེ་འཁོར་ལོ་རྣམས་ཀྱིས་གནན་པ་ནི། །གཟུགས་དང་སྒྲ་དང་དྲི་དང་རོ། །མིང་དང་རུས་པ་བརྗོད་བྱས་ལ། །དགུག་ཅིང་གནན་པ་ཚུལ་བཞིན་བྱ། །དེ་ནས་གནན་ཅིང་གཟིར་བ་ནི། །རྐང་རྗེས་ས་དང་དེ་བཞིན་དུ། །གཟུགས་དང་རྣམ་པ་གོ་རིམ་བྱ། །


DNG016_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ལས་རྣམས་མ་ལུས་བྱ། །ཕྲིན་ལས་ཅི་བྱེད་ཀྱི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་གསང་བ་གཏེར་འབྱེད་ཀྱི་ལེའུ་འདི་གསུངས་སོ། །དཀྱིལ་འཁོར་འབྱུང་བའི་གནས་བསྟན་ཏེ། །ཤེས་རབ་གནས་དང་ཏིང་འཛིན་བསྒྲུབ་པར་བྱ། །དགྲ་བོའི་གཟུགས་ལ་བརྡེག་པའི་ཆོ་ག་འདི། །མན་ངག་གཏེར་སྦས་གང་དག་འདི་སྐད་དོ། །གང་དང་གང་དག་དེ་ལ་གཟུགས་བཅས་ཤིང་། །ཉུངས་ཀར་ཁྲག་ཆེན་དག་ལ་བསྒྲུབས་བྱས་ཏེ། །སྔགས་དང་ཕྱག་རྒྱ་འདི་དང་འདི་བརྗོད་དོ། །རྡོ་རྗེ་ཕུར་བུའི་ཕྱག་རྒྱ་འདི་ནི་བཅས་ལ། །སྔགས་ནི་འདི་ཡང་མ་ནོར་བར་ནི་བརྗོད་པར་བྱའོ། །ཧཱུྃ་ཧཱུྃ་ཕཊ་ཕཊ་ཨ་མ་བྲི་མ་ཏ་ཧྲིཾ་ཧྲིཾ་ཧཱུྃ་ཧཱུྃ་ཕཊ། ཆེ་གེ་མོ་དྲོངས་ཤིག་ཁུག་ཅིག་ཛ་ཛ་ཞེས་བརྒྱ་རྩ་གཅིག་བཟླས་སོ། །དེ་ནས་ཟླ་བ་ཉ་ཁ་དམའ་ལ་གནན་པར་བྱ་བའི་ཆོ་ག་རིམ་བཞིན་དུ་བྱ། ལས་རྣམས་ཀུན་ལ་བརྩོན་འགྲུས་བསྐྱེད་ལ་བགྱི། གསང་བའི་གནས་དང་ཆོ་ག་རྣམས། །སྦས་པའི་སྔགས་དང་ཕྱག་རྒྱ་ཡང་དང་ཡང་། །རིགས་ཀྱི་ཕྱག་རྒྱ་དེ་བཞིན་བཅས་ནས་ནི། །ནིམ་པ་ནི་ཡི་ཁུ་བ་ཡིས། །གཟུགས་ལ་བྱུགས་ལ་བསྔགས་ལ་བརྡེག །སོལ་ནག་རྫས་དང་དོག་པ་དམར་པོ་ཡིས། །ཡན་ལག་ལྔ་པོ་བཅིངས་ཤིང་ཕོ་ཉའི་ཚོགས་རྣམས་དགྱེ། །ལས་ཚར་གསུམ་གྱིས་ཕོ་ཉར་གཞུང་བཞིན་མངགས་ལ་དབང་དུ་བསྡུའོ། །གཤིན་རྗེ་ནག་པོའི་ཏནྟྲ་ལས། གསང་བ་གཏེར་འབྱེད་ཀྱི་ལེའུ་སྟེ་བཅྭ་ལྔ་པའོ།། །།དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། སྐུ་དང་གསུང་དང་ཐུགས། འཇམ་དཔལ་གཤིན་རྗེ་གཤེད་ཀྱི་ཐུགས་ཡེ་ཤེས་སུ་གྱུར་ཏེ། ཐུགས་རྗེ་ཕྲིན་ལས་ཀྱི་ལེའུ་འདི་གསུངས་སོ། །དེ་ནས་འཇམ་དཔལ་གཤིན་རྗེ་གཤེད། །སྐུ་གསུང་ཐུགས་ཀྱི་བདག་ཉིད་ཁྲོ་བོ་སྟེ། །ལས་ཀྱི་གསང་བའི་མན་ངག་འདི་བཤད་དོ། །ཐུགས་རྗེ་ལས་ཀྱི་ཕྲིན་ལས་འདི་ཡིན་ནོ། །དེ་ཡང་དང་པོར་བསྒྲུབ་པའི་གནས་


DNG016_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

བཙལ་ནས། །དམིགས་པའི་རྟེན་དུ་སྐུ་གཟུགས་བྲིས་ནས་སུ། །མཆོད་པའི་དམ་རྫས་ཚོགས་པར་བཀྲམ་པ་ནི། །ལྷ་ཡི་རྣལ་འབྱོར་ཆེན་པོ་བསྒོམས་ནས་ནི། །སྔོན་དུ་བྱ་བའི་བསྙེན་པ་རྫོགས་པར་བྱའོ། །ཨཱོཾ་ཤྲཱི་མཉྫུ་ཡ་མཱནྟ་ཀ་ཀཱ་ལ་རཱུ་པ་ཧཱུཾ་ཕཊ། དེ་ནས་དགྲ་བོའི་རང་བཞིན་གྱི་གནས་སུ་སྦ་བར་བྱ་སྟེ། དགྲ་བོའི་ལིངྒ་བཅས་ལ། པདྨ་རཀྟ་དང་། ཤིང་ཨཾ་བྱི་ཤའི་མེ་ཏོག་ཁ་འབུས་པ་བཀུས་ལ། པདྨ་རཀྟ་དང་གཉིས་བསྲེས་ལ། ཡི་གེ་འདི་བྲིའོ། །ཨཱོཾ་པ་ཧྲི་དྷི་རག་མོ་ཡ་མ་རཱ་ཙ་ཕཊ། དེ་ནས་བེ་ཅོན་གྱི་ཕྱག་རྒྱ་བཅས་ལ། སྔགས་འདི་བཟླས་སོ། །ཨཱོཾ་བཛྲ་རཱུ་པ་ཏ་ཏྲཾ་ཏྲཾ་ཧེ་ཧེ་ཧ་ཧ་ཨ་ཨ། དེ་ནས་གསང་བའི་ཡང་སྙིང་འདི། ཉི་མ་གཅིག་ཏུ་བཟླས་སོ། །ཨཱོཾ་བཛྲ་ཀཱ་ལ་རཱུ་པ། ཀ་ཏི་ཁ་ཏ་མན་དྷ་ར། མི་ཏ་པ་ན་ཧི་ཛ་བ་ཡ་ར་ཙ་ན་ཧཱུཾ་ཕཊ། ཆེ་གེ་མོ་ཞིག་དྷིད་དྷིད་མཱ་ར་ན་ཛ་ཞེས་བརྡེག་གོ། །དེ་ནས་ནམ་གྱི་གུང་ལ། ཕྱག་རྒྱ་ལག་པ་གཡས་པའི་མཐེའུ་ཆུང་དང་། གཡོན་པའི་མཐེ་བོ་གཉིས་སྦྱར་ལ། སོར་མོ་གཞན་བསྒྲེངས་ཏེ། སྔགས་འདིས་བརྡེག་གོ། །ཨཱོཾ་བཛྲ་གི་ར་ཏི་ནི་བཛྲ་ཀཱ་ལ་རཱུ་པ་ཧཱུཾ། མཱ་ར་ཡ་ཕཊ། ཅེས་དགུག་ལ་བཅིངས་ཤིང་མནན་ནོ། །དེ་ནས་ཡང་ཏིང་ངེ་འཛིན་བསར་ལ། ཕྱག་རྒྱ་འོག་ནས་འབྱུང་བ་བཅས་ཏེ། རྩ་བའི་སྙིང་པོ་འདི་བརྗོད་དོ། །ཨཱོཾ་བཛྲ་ཀཱ་ལ་རཱུ་པ་ཡ་མ་རཱ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། ལག་པ་གཉིས་གུང་མོ་རྩེ་སྤྲད་ལ། སོར་མོ་གཞན་ཕྱིར་དགྱེ་བར་བྱས་ལ་བརྡེག་གོ། །དེ་ནས་ལག་པ་གཉིས་ཀྱི་སོར་མོ་གཉིས་ནང་དུ་སྦྱར་ལ། ཨཱོཾ་བཛྲ་ཀཱ་ལ་རཱུ་པ་བ་ལིངྟ་བྷ་མ་རུ་ཧཱུཾ་ཧཱུཾ་ཕཊ་ཅེས་ཀྱང་བརྡེག་གོ། །དེ་ནས་ཡང་སྔགས་འདི་སྟོང་རྩ་གཅིག་བཟླས་སོ། །ཨཱོཾ་བ་ཧུ་དྷ་ཧཱུཾ་ཀ་ཧཱུཾ་ཕཊ་ཕཊ་ཕཊ། ཁ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཁཱི་ཧི། ཁ་རཾ་ཁཱ་ཧི། ཨ་ལ་ལ་ཧོ། ཁ་རཾ་ཁཱ་ཧི། ཞེས་རྡོ་རྗེ་ཉི་མའི་ཕྱག་རྒྱ་བཅས་ལ་བརྡེག་ཅིང་བསྟབ་བོ། །དེ་བཞིན་གཤེགས་པ་ཞེ་སྡང་གི་སྐུ་མཐར་ཕྱིན་པར་གྱུར་ཏོ། །གཤིན་རྗེ་ནག་


DNG016_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ཏནྟྲ་ལས། ཐུགས་རྗེ་ཕྲིན་ལས་ཀྱི་གསང་བ་གཏེར་འབྱེད་ཀྱི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་དགྱེས་པ་ཆེན་པོའི་ལོངས་སྤྱོད་ལས། ལོངས་སྤྱོད་ལས་ཀྱི་དངོས་གྲུབ་ཚེ། །ཕྲིན་ལས་མངོན་དུ་འདི་བསྟན་ནོ། །མི་ཤིགས་རྡོ་རྗེ་གར་གྱི་བདག །རྡོ་རྗེ་གསང་བའི་གཤིན་རྗེའི་གཤེད། །རྒྱལ་པོ་གྲུབ་པའི་ཕྲིན་ལས་ལ། །ཡང་དག་ངེས་པ་འདི་བསྟན་ནོ། །དགྲ་དང་བགེགས་དང་བདུད་དང་ནི། །སྲིན་པོ་ཁྲག་དང་ཆུ་སེར་དང་། །གཟུགས་དང་རྣམ་པར་ཤེས་པ་རྣམས། །ཀླུ་རྒྱལ་ནག་པོ་དག་ལ་གཏད། །ལས་ཀྱི་རྣམ་པ་འདི་དག་ནི། །མགོན་པོ་གཤིན་རྗེའི་གཤེད་ཀྱིས་གསུངས། །སྔོན་དུ་བསྙེན་པ་རྫོགས་པར་བྱའོ། །དང་པོར་རྟ་ཡི་སོག་པ་གཅིག་ལ། །གུ་གུལ་ནག་པོ་དང་། ཡུང་བ་དང་། བྲོ་ཛ་ཨ་ན་ཛ་ནའི་ཁྲག་དང་། གི་ཝང་དང་། རྒྱ་སྐྱེགས་ཀྱི་ཁུ་བ་རྣམས་སྦྱར་ལ། སོག་པ་ལ་དགྲ་བོའི་མིང་དང་རུས་བྲིས་ལ། དེའི་སྟེང་དུ་ཤོག་ཤོག་གཙང་མའམ། གྲོ་གའམ་རས་སམ་ཤིང་ཤུན་ལ། མགོན་པོ་གཤིན་རྗེ་ནག་པོའམ། ཀླུ་བདུད་ནག་པོའི་གཟུགས་བྲིས་ལ། དང་པོར་བཟླ་བྱའི་སྔགས་འདི་འབུམ་བཟླས་སོ། །ཨཱོཾ་ན་མོ་དཾཥྚྲོཊྐ་ཊ་བྷཻ་ར་བཱ་ཡ་ཧཱུཾ། ཆེ་གེ་མོ་དབང་དུ་སྡུས་ཤིག །ཧཱུཾ་ཧཱུཾ་ཕཊ་ཕཊ་ཨ་ཨ་ཛ་ཛ། ཞེས་བཟླས་སོ། །དེ་ནས་བཟླས་པ་དང་། རྩ་བའི་ཕྱག་རྒྱ་གསུམ་བཅས་ལ་བསྒྲུབ་པར་བྱའོ། །བདག་གིས་གྲངས་དེ་རྫོགས་པ་དང་། ཆུ་མིག་ཀླུ་ཡོད་ངེས་པའི་ནང་དུ་བཅུག་ལ། སྔགས་འདི་བཟླས་སོ། །ཨཱོཾ་མ་ཧཱ་དཾཥྚྲོཊྐ་ཊ་བྷཻ་ར་བཱ་ཡ། ཨ་ར་ནེ་ཛ་ན་ག་ཏ་ཁཱ་ཧི། ཆེ་གེ་མོ་དུས་དུས་ཞེས་བཟླས་སོ། །རྡོ་རྗེ་གཟིར་གནོན་ཕྱག་རྒྱ་བཅས་ལ། འཛབ་གྲངས་མ་ནོར་བར་བྱས་ལ་ལས་བཅོལ་ལོ། །དེ་ནས་ཡང་རིགས་ལྔ་སྤྱིའི་ཕྱག་རྒྱ་བཅས་ལ། ཨཱོཾ་ཡ་མ་རཱ་ཙ་པཉྩ་ཏ་ཧཱུཾ། ཨཱོཾ་ཏྲིང་ཏྲིང་ཨ་ལཾ་ལཾ་བཾ་སྟྭཾ་བྷ་ཡ་ཧཱུཾ་ཕཊ། དེ་ནས་ཉི་མ་གསུམ་པ་ལ། རྡོ་རྗེ་དབྱུག་ཏོའི་ཕྱག་རྒྱ་བཅས་ལ་བརྡེག་གོ། །ཨཱོཾ་ཡ་མ་རཱ་ཙ་ཧྲཱྀཿཤྟྲཱིཿདུན་དུན་ཁ་ཁ་ནུ་


DNG016_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

ཏ་ར་ཁྲན་ཏ་ར་རོ་ཧ་ཧཱུྃ་ཕཊ། དེ་ནས་ཉིན་ཞག་བཞི་པ་དང་ལྔ་པ་ལ་སྔགས་འདི་བཟླས་སོ། །་ཡ་མ་རཱ་ཙ་སྨྲེ་ཏེ་གུང་གུང་ཏྲཾ་ཏྲཾ་ཕཊ་ས་རི་རེ་ན་ཧཱུྃ་ཕཊ། ཅེས་ཐལ་མོ་སྦྱར་ལ་སྟོང་རྩ་གཅིག་བཟླས་ཤིང་བསྐོར་བར་བྱའོ། །དེ་ཡི་ལྷ་ནི་འདི་བསྐྱེད་དོ། །གཉེན་པོ་སྟོབས་ཀྱིས་བསྒོམ་པར་བྱ། །ཞེས་བྱ་སྟེ། ་ཨཱཿཧཱུྃ་ཞེས་བརྗོད་པས་ནི། །་ནི་དཔྲལ་བའི་སྟེང་དུ་དམིགས། །ཨཱཿནི་ལྕེ་ཡི་སྟེང་དུའོ། །ཧཱུྃ་ནི་ཐུགས་ཀ་ཉིད་དུ་བསྒོམ། །འོད་ཟེར་དག་ནི་རྣམ་འཕྲོས་ཏེ། །བདག་ལུས་ནམ་མཁའ་འདྲ་བར་འགྱུར། །ཕཊ་ཅེས་དེ་བཞིན་བརྗོད་པ་ནི། །འཇིག་རྟེན་ཁམས་ནི་འོད་ཀྱིས་ཁེངས། །འཇིག་རྟེན་བསྲེག་པ་མ་ཡིན་ཏེ། །འོད་ཀྱི་ཡེ་ཤེས་མེ་ལྟར་འབར། །གཅིག་གི་སྟོང་ཉིད་གང་ཡིན་པ། །ཀུན་གྱི་སྟོང་ཉིད་དེ་ཡིན་ནོ། །ཇི་ལྟར་མཁའ་ལ་འཇའ་ཚོན་སྣང་བ་ཡང་། །ནམ་མཁའི་ངང་དུ་རོ་གཅིག་མཉམ། །ཆུ་ཟླའི་དཀྱིལ་འཁོར་ཇི་བཞིན་དུ། །སྒྱུ་མ་ཇི་བཞིན་སེམས་ཉིད་དེ་དང་འདྲ། །དངོས་དང་དངོས་པོ་མཚན་མ་མི་དམིགས་པ། །ཆོས་ཉིད་ངང་དུ་དབྱེར་མེད་མཉམ། །ཡོད་དེ་ཡོད་པ་མ་ཡིན་ཏེ། །གཟུགས་དང་ཁ་དོག་ཡུལ་ལས་འདས། །མེད་དེ་མེད་པ་མ་ཡིན་ཏེ། །སྟོང་པ་ཉིད་ལས་ཆོ་འཕྲུལ་འབྱུང་། །རྟོག་མེད་དཔྱོད་དང་བྲལ་བས་སྟོང་ཉིད་དབྱིངས། །དམིགས་མེད་མཁའ་དང་མཉམ་པས་བྱང་ཆུབ་སེམས། །དེ་ལྟར་སེམས་ཉིད་གཏན་ལ་ཕབ། །ཆོས་ཀྱི་དབྱིངས་དང་གཉིས་མེད་བསྒོམ། །དེ་བཞིན་ཉིད་དང་ཀུན་ཏུ་སྣང་། །རྒྱུ་ཉིད་ཧཱུྃ་དུ་གྱུར་པ་ལས། །སྤྲོ་བསྡུ་ཚུལ་བཞིན་བྱས་ནས་ནི། །ཨོཾ་ཨ་མྲྀ་ཏ་ཧ་ཀ་ཞེས་བརྗོད་པས། ཉོན་མོངས་མཐར་བྱེད་གཤིན་རྗེ་གཤེད། །སྐུ་ནི་ལྷག་གིས་བསྐྱེད་ལ་བསྒོམ། །དབུ་གསུམ་ཕྱག་དྲུག་མདོག་དམར་ནག །རིན་པོ་ཆེ་ཡི་དྲ་བས་བརྒྱན། །དབུ་སྐྲ་ཁམ་ནག་གྱེན་དུ་འཁྱིལ། །ཞལ་གཡས་མཐིང་ནག་གཡོན་ལྗང་ནག །དབུས་ནི་སྐུ་དང་མཐུན་ཏེ་དམར་ནག་གོ། །


DNG016_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་ཕྱག་གཡས་ཀྱི་དང་པོ་ན། པྲོ་ད་ཨཉྫ་ན་ཡི་ཞགས་པ་བསྣམས་པ། བར་མ་ན་འཁོར་ལོ། ཐ་མ་ན་ཞིང་གི་དབྱུག་པ། གཡོན་བྷནྡྷ་ལྕང་ལོ་ཅན་རཀྟས་བཀང་བ། བར་མ་ན་ཞིང་གི་སྙིང་ཟ་བ། ཐ་མ་རྡོ་རྗེ་ཁ་ཊྭཱཾ་ག་བསྣམས་པ། ཞབས་བརྐྱང་བསྐུམ་དུ་བཞུགས་པ། ཡུམ་ཡང་གཡོན་དུ་བསྐྱེད་དོ། །དེ་ལྟར་བསྒོམ་པའི་རིམ་པ་བསྟན་ནས། དཀྱིལ་འཁོར་ཡང་རིན་པོ་ཆེའི་དྲ་བ་ལྟ་བུར་བྱའོ། །དྲ་བའི་མིག་བདུན་ནས། རིན་པོ་ཆེའི་མིག་བདུན་དུ་བལྟས་བར་བྲི། མཐའ་མ་ལ་སྦྲུལ་གྱི་ཞགས་པས་བསྐོར། དཀྱིལ་འཁོར་གྱི་དབུས་སུ་མུ་ཁྱུད་ཟླུམ་པོ་བྲི། དེའི་སྟེང་དུ་རྫས་དང་ག་བུ་བཞག་ལ། ཕྲིན་ལས་གཞུང་བཞིན་དུ་བསྒྲུབ་ན། དམིགས་པ་ཞག་ཉི་ཤུ་རྩ་ལྔ་ན་དབང་དུ་འགྱུར་རོ། །དེ་ནས་བདུད་རྩི་འཁྱིལ་པ་དྲ་བའི་ལེའུ་བསྟན་པའོ། །དེ་ནས་ཀླུའི་ཕྲིན་ལས་བསྟན་ཏེ། དཀྱིལ་འཁོར་ཟླུམ་པོ་གཅིག་བྱས་ཏེ། སྒོ་ལྷོ་ནུབ་ཏུ་བསྟན་པ་དེའི་སྟེང་དུ། མུ་མུ་ཧེ་ཧེ་ཡི་གེ་བཅུ་བདུན་བྲིའོ། །དེའི་དབུས་སུ་སྦྲུལ་ཁ་གདངས་པ་འཁྱུག་པར་བྲི། སྦྲུལ་གྱི་ཁར་དགྲའི་གཟུགས་བྲིས་ལ། བདག་ཉིད་ཀླུ་ནག་པོར་བསྒོམ། ཀླུའི་ཕྱག་རྒྱ་བཅས་ལ། སྔགས་འདི་བཟླས་སོ། །་བཛྲ་ནཱ་ག་ཏ་ཏྲཾ་ཏྲཾ། ་བཛྲ་ནཱ་ག་ཏ་ཡཾ་ཡཾ། ནཱ་ག་གི་ཏེ་པྲ་མ་ར་སྟ་ན་ཆེ་གེ་མོ་གླེ་ཁ་ཧཱུྃ་ཕཊ། ཞེས་ཕྱག་རྒྱ་གཟུགས་ལ་བརྡེག་གོ། །དེ་ནས་ཉིན་ཞག་ཉི་ཤུ་རྩ་ལྔར་བསྒྲུབས་ཏེ། ཕྱག་རྒྱ་མཐུན། སྔགས་ལ། ཨཱོཾ་བཛྲ་ནཱ་ག་ཏ་ཏྲཾ་ཏྲཾ། ཨཱོཾ་བཛྲ་ནཱ་ག་ཏ་ཡཾ་ཡཾ། ་བཛྲ་ནཱ་ག་ཏ་རིང་རིང་། ཨཱོཾ་བཛྲ་ནཱ་ག་ཏ་ཧཱུྃ་ཧཱུྃ། བདུན་ཚོ་བར་པ་ལ་འདི་བཟླས་སོ། །་བཛྲ་ནཱ་ག་ཏ་ལཾ་ལཾ། ་བཛྲ་ནཱ་ག་ཏ་ཀྲཾ་ཀྲཾ། ་བཛྲ་ནཱ་ག་ཏ་ཕཊ་ཕཊ། ཨོཾ་བཛྲ་ནཱ་ག་ཏ་སྭཱ་ཧཱ། དེ་ནས་བདུན་ཚོ་ཐ་མ་ལ་འདི་བཟླས་སོ། །ཨཱོཾ་བཛྲ་ཀཱ་མ་ཡ་ད་དུ་ནཱ་ག་ཏ། ཁ་བླང་པྲ་མ་རྡ་ནཱ་ག་ཀ་ལེ་ལེ། ཁ་ལེ་ལེ། མཱ་ར་ཡ་ཕཊ། དེ་ལྟར་འཛབ་གྲངས་ཚང་ནས། དམ་རྫས་ཆུ་མིག་ཏུ་སྦས་ཏེ་ཀླུ་ལ་གཏད་ན། སྙིང་ཚབ་འབར་བའི་ནད་ཀྱིས་ཐེབས་ཏེ། བདག་གི་དབང་དུ་གྱུར་ཏོ། །


DNG016_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

མན་ངག་ལྟ་བ་ཕྲིན་ལས་གཉིས་ཀྱི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འགྲོ་བ་མ་ལུས་པའི་དོན་དུ། ཕྲིན་ལས་ཀྱི་རྣམ་པ་བསམ་གྱིས་མི་ཁྱབ་པ་ཅིག་བཀའ་སྩལ་ན་ཡང་། སྟོན་པ་ཀུན་ཏུ་བཟང་པོ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐུགས་དཔལ་གྱི་བེའུ་ནས་དགོངས་ཏེ། ཕྲིན་ལས་ཉིང་ཁུ་འདི་གསུངས་སོ། །ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱི། །ཕྲིན་ལས་རྨད་ཆེན་ཅི་གསུངས་པ། །གཅིག་ཏུ་གསུངས་པའི་དོན་འདིར་འདུས། །ཡང་དག་ཕྲིན་ལས་དོན་ཆེན་འདི། །རྫོགས་པ་ཆེན་པོའི་དོན་དུ་བཀའ་སྩལ་ཏོ། །དཀྱིལ་འཁོར་པདྨ་འདབ་བརྒྱད་ལ། །མུ་ཁྱུད་ཟླུམ་པོ་གཅིག་བྱས་ལ། །ཐོད་རློན་ཕྲེང་བ་དགོད་པར་བྱ། །དེ་ཡི་ཕྱི་རིམ་མུ་ཁྱུད་ལ། །རིན་ཆེན་ཕྲེང་བ་དགོད་པར་བྱ། །དེ་ཡི་ཕྱི་རིམ་མུ་ཁྱུད་ལ། །ཕུར་པ་ལྔ་བཅུ་རྩ་བརྒྱད་ཀྱིས། །དཀྱིལ་འཁོར་དེ་ལ་བསྐོར་བར་བྱ། །དར་གྱི་ཅོད་པན་རེ་རེས་བརྒྱན། །དཀྱིལ་འཁོར་དབུས་ཀྱི་ལྟེ་བ་ལ། །ཨེ་ནི་གྲུ་གསུམ་བརྩེག་པར་བྱ། །ཞེས་གསུངས་ཏེ། དེའི་སྟེང་དུ་དགྲ་བོའི་རྐང་རྗེས་ཀྱི་ས་དང་། ཁྲག་ཆེན་དང་། གུ་གུལ་ནག་པོ་བཀུས་པའི་ཁུ་བས་བརྫིས་པ་ལ། དགྲ་བོའི་གཟུགས་བྱས་ལ། བྷནྡྷ་གཅིག་གི་ཕྱི་རོལ་ཏུ། གི་ཝང་གིས་འཁོར་ལོ་རྩིབས་བརྒྱད་པ་གཅིག་བྲིས། བྷནྡྷ་གཅིག་གི་ཕྱི་རོལ་དུ་པདྨའི་རཀྟས་པདྨ་འདབ་མ་བརྒྱད་པ་བྲིས་ལ། དེར་བཅུག་ལ་ཁ་སྦྱར་ནས། དོག་པ་དམར་པོས་རྒྱ་གྲམ་དུ་བཅིང་ངོ་། །ཕྱི་རོལ་གྱི་པདྨ་འདབ་མ་བརྒྱད་ལ་ཕྱོགས་བཞིར་ཧཱུྃ་དམར་པོ་བཞི་དགོད། མཚམས་བཞིར་ཕཊ་བཞི་དགོད། སྒོ་བཞིར་ཕུར་པ་དམར་པོ་བཞི་དགོད། །དེ་ནས་ཏིང་འཛིན་རིམ་གྱིས་ནི། །གནོད་སྦྱིན་མཐར་བྱེད་བསྒོམ་ནས་ནི། །བསྐྱེད་པའི་སྔགས་ནི་འདི་བརྗོད་དོ། །ཨོཾ་བཛྲ་ཡཀྴ་ཡ་མ་རཱ་ཛ་ཡ་ན་ཧཱུྃ། དེ་ནས་དཀྱིལ་འཁོར་བྱིན་གྱིས་བརླབ་པའི་


DNG016_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོ་འདི་ལན་ཉི་ཤུ་རྩ་གཅིག་ཏུ་བཟླས་སོ། །་ཧཱུྃ་ཡཾ་ཡཾ་ཁཾ་མེ་ཏྲ་ཧ་མུ་ཁ་ཧྲཱྀཿཤྟྲཱིཿཡ་མ་རཱ་ཙ་ཕཊ། དེ་ནས་ཟིལ་གྱིས་གནོན་པའི་ཕྱག་རྒྱས། ལན་ཉི་ཤུ་རྩ་གཅིག་གི་བར་དུ་དཀྱིལ་འཁོར་བསྐོར་ཞིང་། ཕྱག་རྒྱས་བྱིན་གྱིས་བརླབ་བོ། །དེ་ནས་ནུབ་ཕྱོགས་སུ་ཁ་བལྟས་ཏེ། གནོད་སྦྱིན་མཐར་བྱེད་ཀྱི་སྐུར་བསྒོམ་ནས། ཧོམ་ཐབ་ཨེ་གྲུ་གསུམ་གྱི་ནང་དུ། ཤུག་དུད་ཀྱི་མེ་སྦར་ཞིང་། གུ་གུལ་ནག་པོས་བདུག །དེའི་སྟེང་དུ་ཀ་པཱ་ལ་འཁོར་ལོ་བྲིས་པ་བཞག་ལ། སྔགས་འདི་ཉི་ཤུ་རྩ་གཅིག་བཟླས་ཤིང་ཕྱག་རྒྱས་བརྡེག་གོ། །་བཛྲ་མི་དྲུཾ་ཧྲཱྀཿཤྟྲཱིཿབཛྲ་ནན། དེ་ནས་བསྲེག་པའི་ཐལ་བ་རླུང་ལ་འཕྱར། དམིགས་པ་ཁྲག་ནད་ཀྱིས་བཏབ་ནས་མཐའ་མ་བརླག་པར་འགྱུར་རོ། །གཤིན་རྗེ་ནག་པོའི་ཏནྟྲ་ལས། གནོད་སྦྱིན་མཐར་བྱེད་ཀྱི་ཐུགས་ཡེ་ཤེས་ཕྲིན་ལས་སུ་བསྟན་པའི་ལེའུ་སྟེ་བཅྭ་བརྒྱད་པའོ།། །།དེ་ནས་སྲིན་པོ་མཐར་བྱེད་ཀྱི་ཕྲིན་ལས་བསྟན་ཏེ། དཀྱིལ་འཁོར་གྲུ་བཞི་གློ་འབུར་ཅན་དུ་བྲིས་ལ། དབུས་སུ་ཧཱུྃ། ཤར་དུ་ཡ། ལྷོ་སྒོར་ཧ། ནུབ་སྒོར་དྷི། བྱང་སྒོར་མེ། གློ་འབུར་བཞི་ལ་སྦྲུལ་བཞི་བྲི། མཐའ་མ་མུ་ཁྱུད་ཟླུམ་པོ་ལ། སྦྲུལ་གྱི་རྒྱ་བདུན་གྱིས་བསྐོར་བར་བྲི། དཀྱིལ་འཁོར་དབུས་སུ་དམིགས་པའི་ལིངྒ་བཞག་ལ། ཁྲག་ཆེན་གྱིས་བྱུག །རྐང་ལག་བཞིར་ཙནྡན་དམར་པོའི་ཕུར་པ་བཏབ་ལ། འཁོར་ལོའི་ཕྱག་རྒྱ་བཅིངས་ལ། སྙིང་པོ་འདི་ཉིན་ཞག་གསུམ་དུ་བཟླས་ཤིང་བརྡེག་གོ། །ཨཱོཾ་བཛྲ་ཙཀྲ་ཧྲཱྀཿཤྟྲཱིཿམུ་ཏྲ་མུ་ཏྲ་ཁ་ཏ་ཁ་ཏ་ཀྱི་མ་རུ་ཏ། ཏྲུ་གང་ཕྲ་བ་ཁ་ཏ་ཡ་མ་རཱ་ཙ་ཆེ་གེ་མོ་མཱ་ར་ཡ་ཁ་ན་ཁ་ཏ། ཉིན་ཞག་གསུམ་རྫོགས་པ་དང་། བྱ་ཁྱུང་གི་ཏིང་ངེ་འཛིན་དུ་ཞུགས་ལ། སྔགས་འདི་ཡང་བརྗོད་དོ། །་ག་རུ་ཊ་བཛྲ་ཡ་མ་རཱ་ཙ། པར་པ་ཏ་ཀ་ར་ཛ་ན་ཛྭ་ལ་རཾ་ཁཱ་ཧི་ཧཱུྃ་ཁཱ་ཧི་ཧཱུྃ་ཕཊ། དེ་ནས་དགྲའི་གཟུགས་རྡུལ་ཚོན་གྱིས་དང་བཅས་ནས། ཀླུ་ཡོད་ངེས་པའི་ཆུ་མིག་གམ། ལམ་སྲང་བཞི་མདོའམ། དམངས་རིགས་ཀྱི་དུར་ཁྲོད་དམ། ལྷ་འདྲེ་གཉན་


DNG016_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཡོད་ངེས་པའི་གནས་ཁང་གང་རུང་བ་གཅིག་ཏུ་མནན་ནོ། །བདེན་པ་བརྡར་ནས་ལས་བཅོལ་ན་དགྲ་བོ་རབས་ཆད་པར་འགྱུར་རོ། །གཤིན་རྗེ་ནག་པོའི་རྒྱུད་ལས། སྲིན་པོ་མཐར་བྱེད་ཀྱི་ཕྲིན་ལས་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ།། །།འདི་ནས་མར་སྲིན་མོ་བདུན་གྱི་ཕྲིན་ལས་བསྟན་ཏེ། དཀྱིལ་འཁོར་འཁོར་ལོ་བདུན་པ་གཅིག་བྲིས་ལ། དེའི་སྟེང་དུ་བྷནྡྷ་ལྕང་ལོ་ཅན་གཅིག་དགོད། བྷནྡྷའི་ནང་དུ་སྲིན་མོ་བདུན་གྱི་གཟུགས་ཁྲག་སྣ་གསུམ་གྱིས་བྲིས་ལ། དེའི་ནང་དུ་དགྲ་བོའི་གཟུགས་བྲིས་པ་གཞུག །དེ་ནས་བདག་ཉིད་ཡ་མ་རཱ་ཛ། ཞལ་གཅིག་ཕྱག་གཉིས་པ། གཡོན་སྡིགས་མཛུབ། སྐུ་མདོག་སྟང་ཟིལ་ལྟར་གནག་པ་མ་ཧེ་ལ་ཞོན་པར་བསྒོམས་ལ། སྲིན་མོ་བདུན་ནི་མདོག་དམར་ལ་ཡན་ལག་རགས་པ། ཁ་དམར་བ། མཆེ་བ་དམར་བ། རལ་པ་ཁམ་ནག་སྐེད་སོར་སླེབ་པ། གཡས་ཐམས་ཅད་ན་རྒྱུ་ཞགས་རཀྟས་བཀང་བ་བསྣམས་པ། གཡོན་བྷནྡྷ་རཀྟ་དམར་གྱིས་བཀང་ནས་འཐུང་བ། རྐང་ལག་བཞི་ལ་རུས་ཆེན་གྱི་ཕྲེང་བས་བརྒྱན་པ། ལུས་ལ་གླང་པོ་ཆེའི་ཀོ་རློན་གོན་པ། ཤིན་ཏུ་རྔམ་རྔམ་འདྲ་བར་བསམས་ལ། དེ་ནས་ཁྲག་ཆེན་དང་། ཐལ་ཆེན་དང་། གུ་གུལ་བཀུས་པའི་ཁུ་བ་སྦྱར་བ་བསྐམ་བཏགས་པའི་ཕྱེ་མ་ལ་བསྔགས་ཤིང་ཞག་བདུན་དུ་བསྒྲུབ་བོ། །་བཛྲ་ར་ཁྲ་སི་རི་ནན་ཆེ་གེ་མོ་ཁཱ་ཧི། ་བཛྲ་ཡ་ཏྲ་སི་རི་ནན་ཆེ་གེ་མོ་ཁཱ་ཧི། ་བཛྲ་མ་ཏང་སི་རི་ནན་ཆེ་གེ་མོ་ཁཱ་ཧི། ཨཱོཾ་བཛྲ་ཁ་ཐང་སི་རི་ནན་ཆེ་གེ་མོ་ཁཱ་ཧི། ་བཛྲ་ཨ་ཀ་ར་སི་རི་ནན་ཆེ་གེ་མོ་ཁཱ་ཧི། ཨཱོཾ་བཛྲ་མུ་ཏིང་སི་རི་ནན་ཆེ་གེ་མོ་ཁཱ་ཧི། ཨཱོཾ་བཛྲ་མུ་ཏང་སི་རི་ནན་ཆེ་གེ་མོ་ཁཱ་ཧི་ཞེས་ཉིན་ཞག་བདུན་གྱི་བར་དུ་སྟོང་རྩ་གཅིག་བཟླས་ཤིང་ཕྲིན་ལས་བྱའོ། །དེ་ནས་བདག་གི་མགོ་བོ་ལ། བྷནྡྷ་ལྕང་ལོ་ཅན་གྱིས་བརྒྱན་ཏེ། སྐྲ་དང་། ཁ་སྤུ་དང་། རྐང་ལག་གི་མཁྲིག་མ་ཐམས་ཅད་ཁྲག་ཆེན་གྱིས་བསྐུས་ལ། ཤར་ནས་ནུབ་ཏུ་བལྟས་ལ། སྔགས་འདི་ཞག་གསུམ་གྱི་


DNG016_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

བར་དུ་མ་ཡེངས་པར་གདབ་བོ། །་ཁཾ་ཁཾ་པྲ་ཀུ། མུ་ནེ་བོ་པྲ་བོ་ཐ། ཨེ་ཁྲི་མུ་ཧ་པྲ་མ་མན། ཨི་ཁི་སྭཱ་ཧཱ། དེ་ནས་དགྲ་བོའི་གཟུགས་བྷནྡྷ་ནས་ཕྱུང་ལ། སྔོ་དམར་གཅིག་གིས་གྲིལ་ཏེ། དམར་གྱི་གཏོར་མ་བྱས་ལ། སྲིན་མོ་བདུན་བསྐུལ་ཏེ་ལས་བཅོལ་བ་འདི་སྐད་དོ། །་བཛྲས་མུ་ར། བཱར་ཐ་ག་ས་ཕྲ་བྷ་ཏེ། ཏྲཾ་ཁཾ་ཏྲ་མ་ཨེ་ས་ར་ཨཱིཾ་ཨཱིཾ་བ་དྷ་མ་ཧཱུྃ་ཆེ་གེ་མོ་མཱ་ར་ཡ་ཕཊ། ཅེས་བརྒྱ་རྩ་གཅིག་ཏུ་བཟླས་ན་དགྲ་དབང་དུ་འདུ་ངེས་སོ། །གཤིན་རྗེ་ནག་པོའི་རྒྱུད་ལས། སྲིན་མོ་བདུན་གྱི་ཕྲིན་ལས་བསྟན་པའི་ལེའུ་སྟེ་ཉི་ཤུ་པའོ།། །།དེ་ནས་ཁྲོ་བོ་གཤིན་རྗེའི་གཤེད་ཀྱི་རྩ་བའི་ཕྲིན་ལས་ཀྱི་དཀྱིལ་འཁོར་བསྡུས་ནས་བསྟན་ཏེ། དཀྱིལ་འཁོར་གྱི་གོ་རིམ་རྩ་བའི་དཀྱིལ་འཁོར་དང་མཐུན། ཐུབ་པ་དྲུག་གི་སྒོ་གཅོད་པ་དང་། བགེགས་མཐར་བྱེད་ཀྱི་དཀྱིལ་འཁོར་གྱི་ཕྲིན་ལས་བསྟན་པ་དང་། ལོག་འདྲེན་མཐར་བྱེད་ཀྱི་དཀྱིལ་འཁོར་གྱི་ཕྲིན་ལས་བསྟན་པ་དང་། དམྱལ་བ་མཐར་བྱེད་ཀྱི་དཀྱིལ་འཁོར་གྱི་ཕྲིན་ལས་བསྟན་པ་དང་། ཡི་དྭགས་མཐར་བྱེད་ཀྱི་དཀྱིལ་འཁོར་གྱི་ཕྲིན་ལས་བསྟན་པ་དང་། བྱོལ་སོང་མཐར་བྱེད་ཀྱི་དཀྱིལ་འཁོར་གྱི་ཕྲིན་ལས་བསྟན་པ་དང་། ཀླུ་མཐར་བྱེད་ཀྱི་དཀྱིལ་འཁོར་གྱི་ཕྲིན་ལས་བསྟན་པ་དང་། གནོད་སྦྱིན་མཐར་བྱེད་ཀྱི་དཀྱིལ་འཁོར་གྱི་ཕྲིན་ལས་བསྟན་པ་དང་། སྲིན་པོ་མཐར་བྱེད་ཀྱི་དཀྱིལ་འཁོར་གྱི་ཕྲིན་ལས་བསྟན་པ་དང་། དམ་སྲི་མཐར་བྱེད་ཀྱི་དཀྱིལ་འཁོར་གྱི་ཕྲིན་ལས་བསྟན་པ་དང་དགུའོ། །གཤིན་རྗེ་ནག་པོའི་རྒྱུད་ལས། མཐར་བྱེད་ཀྱི་དཀྱིལ་འཁོར་གྱི་ཕྲིན་ལས་བསྡུས་པའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། །།འདི་ནས་མར་བྱོལ་སོང་མཐར་བྱེད་ཀྱི་ཐབས་བཅོ་བརྒྱད་ཀྱི་ཕྲིན་ལས་བསྟན་ཏེ། གླང་པོ་དག་གི་རྒྱབ་ཏུ་ནི། །དགྲ་བོ་དག་གི་གཟུགས་བཀལ་ནས། །གན་རྐྱལ་ཕྱི་རྒན་བཞག་པར་བྱ། །དེའི་སྟེང་དུ་གཤིན་རྗེ་དགོད། །ཞག་བདུན་བར་དུ་བཟླས་པ་འདིའོ། །ཨཱོཾ་བཛྲ་ན་མ་བྷནྡྷ་ས་ཧེ་དང་པྲ་བ་ད་རི་ཧཱུྃ་ཧཱུྃ་ཕཊ་ཕཊ།


DNG016_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་མཱནྟ་ཀ་བཛྲ་ཡ་མ་རཱ་ཙ། ཆེ་གེ་མོ་ཙི་ཏ་མང་བྷྱོ་དུན་བྷྱོ། མགོ་རུ་མ་ལ་དུན་བྷྱོ། མེ་ས་མ་ལ་དུན་བྷྱོ། ཞེས་བཟླས་ཏེ། ཕྲིན་ལས་ལ་བརྩོན་པར་བྱའོ། །དེ་ནས་རྫུ་འཕྲུལ་རྟའི་ཐོག་ཏུ་བྱ་བ་ནི། བཀལ་བ་སྔ་མ་དེ་བཞིན་ཏེ། དེའི་སྟེང་དུ་དགོད་པ་ནི། །ཡུམ་ནི་ཀྲོ་ཏ་མགྲིན་སྔོན་ནོ། །ཞག་བདུན་བར་དུ་བཟླས་པ་འདིའོ། །ཨཱོཾ་ཡ་མཱནྟ་ཀ་ཀྲོ་ཏི་བ་ར་ག་པུ་ཡ་ཏཾ་ཧེ། ཆེ་གེ་མོ་བེ་ཏཱ་ལཱི་དུན་བྷྱོ། ཧཱུྃ་གྷོ་ར་ཏ་བྷྱོ། མ་མ་མ་ཏིང་མ་བྷྱོ། ཞེས་ཡེངས་པ་མེད་པར་བྱའོ། །ལྐུགས་པར་ལུག་རྒྱབ་ཏུ་བྱ་བ་ནི། །ལོག་འདྲེན་མཐར་བྱེད་ཡབ་ཡུམ་གཉིས། །ཞག་བདུན་པར་དུ་བྱ་བ་མཐུན། །སྔགས་འདི་ཡེངས་པ་མེད་པར་བཟླས། །་བཛྲ་བྷུ་ཧུ་ཏ་མང་ག་ལ་འབུ་ཧུ་ཏ་ཕྱེ་སི་པར་ན་ཏ་དུན་བྷྱོ། སྲིན་མོ་བྱི་ལའི་རྒྱབ་ཏུ་བྱ་བ་ནི། །དམྱལ་བ་མཐར་བྱེད་ཡབ་ཡུམ་གཉིས། །གཟུགས་དང་བཟླས་པ་སྔ་མ་བཞིན། །ཨཱོཾ་བཛྲ་ནཱ་ར་ག་ཡ་ཡུམ་མ་བྷྱོ། མ་ཏི་ས་ཛ་ཙ་ཏུ་བྷྱོ། རྔ་མོ་མ་ཧེའི་ཐོག་ཏུ་བྱ་བ་ནི། །བྱོལ་སོང་མཐར་བྱེད་གཤིན་རྗེ་ཡབ་ཡུམ་གཉིས། །གཟུགས་དང་བཟླས་པ་སྔ་མ་བཞིན། །་བཛྲ་པྲ་ཏ་སྭ་ཏྭ་ན་ཀརྨ་ཏ་ཊ་པ་ཆེ་གེ་མོ་བྷྱོ། ཁྲ་དང་འུག་པའི་རྒྱབ་ཏུ་བྱ་བ་ནི། །ཀླུ་རྣམས་མཐར་བྱེད་གཤིན་རྗེ་ཡབ་ཡུམ་གཉིས། །གཟུགས་དང་བཟླས་པ་གོང་མ་བཞིན། །ཨཱོཾ་བཛྲ་ནཱ་ག་ཏ་དྷི་ཡཾ་ཐ་ར་ར་དུཀ་བྷྱོ་ཆེ་གེ་མོ་ལ་བྷྱོ། གཡག་དང་སྤྱང་ཀུའི་རྒྱབ་ཏུ་བྱ་བ་ནི། །དམ་སྲི་མཐར་བྱེད་གཤིན་རྗེ་ཡབ་ཡུམ་གཉིས། །གཟུགས་དང་བཟླས་པ་སྔ་མ་བཞིན། །་བཛྲ་ཡ་ཁྲ་མནྟ་ས་ཁྲ་ཛ་བ་ཆེ་གེ་མོ་ལ་བྷྱོ། རི་བོང་བྱན་ལག་རྒྱབ་ཏུ་བྱ་བ་ནི། །སྲིན་པོ་མཐར་བྱེད་གཤིན་རྗེ་ཡབ་ཡུམ་གཉིས། །གཟུགས་དང་བཟླས་པ་སྔ་མ་བཞིན། །ཨཱོཾ་བཛྲ་མ་ཧཱ་ར་ཁ་ཧཱུྃ་ཧཱུྃ་ཛ་ཛ་ཨ་ཏྲི་ས་ཛ་ཧཱུྃ་ཆེ་གེ་མོ་ལ་བྷྱོ། སྦྲུལ་དང་བྱི་འུའི་རྒྱབ་ཏུ་བྱ་བ་ནི། །དམ་སྲི་མཐར་བྱེད་གཤིན་རྗེ་ཡབ་ཡུམ་གཉིས། །གཟུགས་དང་བཟླས་པ་སྔ་མ་བཞིན། །ཞག་བདུན་བར་དུ་བསྒྲུབ་པར་བྱའོ། །ཨཱོཾ་བཛྲ་ཨ་ནྲྀ་པ་ཏྲ་གྱི་མི་རུ་ཏྲ་ཧཱུྃ་ཧཱུྃ་ཛ་ཛ་བྷྱོ་ཆེ་གེ་མོ་བྷྱོ།


DNG016_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

ནན་ཏན་དུ་ནི་དེ་བཞིན་བྱའོ། །འཇམ་དཔལ་གཤིན་རྗེ་ནག་པོའི་རྒྱུད་ལས། རྩ་བའི་དཀྱིལ་འཁོར་བྱེ་བྲག་ཏུ་དབྱེ་བའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ།། །།དེ་ནས་མགོན་པོ་གཤིན་རྗེ་གཤེད་ཀྱིས། ཕྲིན་ལས་ཡ་མ་རཱ་ཙའི་ཁ་ཐུན་ནག་པོ་འདི་གསུངས་སོ། །དང་པོར་སྔགས་པ་བདག་ཉིད་ཁྲོ་བོ་གཤིན་རྗེའི་གཤེད་ཀྱི་ཆ་ལུགས་སུ་ཞུགས་ལ། ་ཡ་མཱནྟ་ཀ་ཛ། ཡ་མ་རཱ་ཙ་ཧཱུྃ་ཞེས་བརྗོད་པས། ཁྲོ་བོ་གཤིན་རྗེའི་གཤེད་ཀྱི་སྐུར་གསལ་བའི་ཐུགས་ཀ་ནས། འཇིགས་བྱེད་ཡ་མ་རཱ་ཙ་ཛར་གྱིས་ཕྱུང་སྟེ། མདུན་ན་སྐུ་ཆེ་བ་ལ་ཡན་ལག་རགས་པ། སྐུ་མདོག་སྨུག་ནག་བསམ་གྱིས་མི་ཁྱབ་པ་ཞིག་འཇིག་རྟེན་གྱི་ཁམས་སུ་འཕྲོས་པས། ཐམས་ཅད་ཡ་མ་རཱ་ཙས་གང་བར་བསྒོམ་མོ། །དེས་གང་ལ་བྱ་བ་དབང་དུ་འདུས་ནས། སླར་ཡ་མཱནྟ་ཀའི་མདུན་ན། འཇོམས་བྱེད་ཆེན་པོ་བཀའ་ཅི་སྩལ། གང་བསྒོ་བ་བསྒྲུབ་པར་བགྱིའོ་ཞེས་འཁོད་པ་ལ། ལས་སུ་བྱ་བའི་གཉེར་བསྒོའོ། །དེ་ནས་རྨད་དུ་བྱུང་བའི་གཏོར་མ་ཆ་གཅིག་གི་ནང་དུ། བྱི་ལའི་གཅིན། བྱི་ལའི་ཚང་། སྨུག་ཆེན། སྨུག་ཆུང་། མིང་རུས་གཏོར་མར་བཅུག་ལ། དུག་དང་མར་བསྲེས་ལ་ལིངྒའི་ཐོག་ཏུ་སྦྲེང་ཞིང་ལས་ཀྱི་གཉེར་གཏད་དོ། །དེ་ཡང་ཟླ་བ་མར་ངོ་གཟའ་སྐར་ངན་པ་ལ་བྱའོ། །དང་པོར་སྐུ་རྒྱན་གཅིག་པར་གསལ་བར་བསྐྱེད་པ་འདི་སྐད་ཅེས་བསྐུལ་ལོ། །ཧཱུཾ་གཏུམ་ཆེན་དྲེགས་པ་ཆེན་པོ་ཐམས་ཅད་འཇོམས་པའི་ལྷ། །དབང་ཆེན་བདུད་འདུལ་དུར་ཁྲོད་ཆས་ཀྱིས་བརྒྱན། །ཁྲོ་རྔམ་གདུག་པས་སྲིད་གསུམ་ཐལ་བར་རློག །སྒྲོལ་བྱེད་སྐུ་མཆོག་མ་མོ་འབངས་སུ་འཁོལ། །སྲིད་པ་གསུམ་ན་ཁྱོད་འདྲ་གཞན་ན་མེད། །ཁམས་གསུམ་སྒྲོལ་བྱེད་ཕྲིན་ལས་དུས་ལ་བབ། །རབ་བརྗིད་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ། །ཧཱུྃ་ཡ་མཱནྟ་ཀ་ཛ་ཧཱུྃ་ཛཿ། གཏུམ་ཆེན་རབ་བརྗིད་གཤིན་རྗེ་འཇོམས་མཛད་ལྷ། །ཉི་མ་འབུམ་པས་ལྷག་པའི་འོད་སྟོང་ཕྱོགས་བཅུར་འགྱེད། །གཏུམ་ཆེན་མཚོན་ཆ་མང་པོ་


DNG016_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

བསྐལ་པའི་མེ་ལྟར་འབར། །རབ་བརྗིད་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ། །་གྷུ་ཧ་ཛྙཱ་ན་མུཾ་ཧཱུཾ། རྡོ་རྗེའི་སྐུ་ལ་ཀླུ་དབང་རབ་བརྒྱན་ཅིང་། །གཅན་གཟན་གདུག་པའི་པགས་རློན་ན་བཟའ་གསོལ། །ཡི་དྭགས་མགོ་བཅད་སྐམ་རློན་ཕྲེང་བས་རྒྱན་དང་ཐོད་དུ་བཅིངས། །ཁྲོ་བོའི་རྒྱལ་པོ་གདོང་དྲུག་ཕྱག་དྲུག་ཧཱུྃ་སྒྲ་ཅན། །ཕཊ་ཀྱིས་ཁམས་གསུམ་དབང་སྡུད་ཞབས་དྲུག་གཤིན་རྗེ་གནོན། །ཨཱོཾ་བྱིན་དུ་ཡ་མན་ཛ་ཡ་ནཾ། བརྐྱང་བསྐུམ་བརྗིད་པས་གཤིན་རྗེ་ཡ་བ་ཏིའི་སྙིང་ག་མནན། །ལྗགས་འདྲིལ་ཚེམས་ཀྱི་གསེབ་ནས་རྡོ་རྗེའི་ཐོག་ཕབ་པས། །འཁོར་གྱི་མ་མོ་རྣམས་ཀྱང་གཅེར་བུར་ཕྱུང་ཞིང་སྔམ་པ་འདོན། །རབ་ཏུ་འདར་ཞིང་དྲེད་ནས་བྲན་དུ་འཁོལ། །ཚམས་རྔམ་ཁྲོ་བོའི་བརྡ་སྐད་སྒྲ་བསྒྲགས་པས། །འཁོར་གྱི་མ་མོ་རྣམས་ཀྱང་འདར་ཅུག་ཅུག །་མུ་ཁ་ལེ་ཁ་དུན་ནན། ཚངས་པ་འཁོར་བཅས་རྔུལ་གྱི་ཐིག་འཛག་ཅིང་། །ལྷ་ཆེན་ཁྱབ་འཇུག་མ་ཧཱ་དེ་བ་གནོན། །ཕྱག་ན་བྷནྡྷ་རློན་པ་རབ་བསྣམས་ཤིང་། །སྙིང་ཁྲག་དཀྲུགས་ཤིང་ཀླད་ཁྲག་ཞལ་དུ་གསོལ། །ཁྱུང་དང་འུག་པ་ལྟ་བུའི་ཁྲ་བསྣམས་ཤིང་། །དམ་ལས་འདས་པ་རྣམས་ལ་གཏོང་བར་མཛད། །་མ་མ་ཁ་དུན་ར་ཙ་ཧཱུྃ་ནན། རྣལ་འབྱོར་བདག་ལ་གདུག་ཅིང་འགལ་བྱེད་པའི། །དགྲ་རྣམས་རབ་ཏུ་འཆིང་ཞིང་ཕུང་བར་མཛད་དུ་གསོལ། །གཤིན་རྗེ་ནག་པོ་ཡ་མ་རཱ་ཙ་གཤིན་རྗེ་ཀུན་གྱི་རྗེ། །གཏན་གྱི་ལྷ་ཡང་ཁྱོད་ལ་གསོལ་འདེབས་ན། །དམིགས་པའི་མགོ་ནས་ཆེམས་ཆེམས་འདེབས་སུ་གསོལ། །ཁྱོད་ཀྱི་སྐུ་དང་ཆ་བྱད་ཅི་འདྲ་མཐོང་བའི་ཚེ། །ནད་གཏོང་སྲིན་པོའི་ཚོགས་རྣམས་འདར་ཞིང་འབྲོས། །ཁྱུང་ཆེན་སྔོན་པོ་མཁའ་ལ་ལྡིང་བ་བཞིན། །ཅི་ལ་བྱ་བ་ཐོགས་པ་མེད་མཁྱེན་པས། །བདག་ལ་གནོད་ཅིང་གདུག་པའི་དགྲ་དང་བགེགས། །ཡུད་ཙམ་གྱིས་ནི་ཐལ་བར་བརླག་ཏུ་གསོལ། །འཇིགས་བྱེད་དེ་ཡི་ཐུགས་དམ་དགྱེས་བསྐུལ་མ། །ཨེ་ཀ་ཙ་ཏི་གུ་ཧྱ་རལ་གཅིག་མ། །མི་ཕམ་ཁྲོ་གཉེར་གཡུ་ཡི་རལ་གཅིག་མ། །རལ་པ་སྤྲུག་


DNG016_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྐྲ་གསེབ་རེ་རེ་ནས། །ཁྲོ་ཆུང་ཞལ་གསུམ་ཕྱག་དྲུག་སྟོང་ཁམས་ཁྱབ་པར་འགེངས། །ཀུན་ཀྱང་མི་བཟད་འཇིགས་བྱེད་ལྕགས་ཀྱུ་ཅན། །ལྕགས་ཀྱུ་གཏམས་པས་དམིགས་པའི་སྲོག་རྩ་ལེན། །གང་ལ་བྱ་བ་མ་ཐོགས་ཐལ་བར་རློག །ཕུང་པོ་ཤ་ཁྲག་རུས་པ་ཞལ་དུ་བཞེས། །་ཤྲཱི་ཨ་ཀྲོ་ཏེ་བྱིད་རཱ་ཛ་ཧཱུྃ་ཛཿ། ཧ་ཧེ་དེ་བག་ཛཿཧཱུྃ་བཾ་ཧོཿཕཊ། ་ཡ་མ་རཱ་ཙ་ས་ཏོ་མེ་བྷྱོ་རུ་ལུ་ཆེ་གེ་མོ་ཧཱུྃ་ཕཊ། བཾ་རིལ་རྦད་ནན། ་དུབ་ནུར་དུབ་ནུར་ཆེ་གེ་མོ་ནན། ཚལ་པ་ནན། ་སྙིང་ཤོག་མེ་ཁ་ལ་མུ་ལོ་ཙ་ཐུན་ནན། ཨཱོཾ་སྭ་སྡི་རུ་རུ་གོང་བཀྲ་རཱ་ཙ་ནན། ཆེ་གེ་མོ་མཱ་ར་ཡ་ནན། ཞེས་བསྐུལ་ཞིང་བརྡེག་གོ། །དེ་ནས་སྤྱན་དྲང་བ་ནི། དབུས་ཕྱོགས་མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས། །མཐིང་ནག་ཁམ་ནག་རལ་པ་འཁྱིལ་པའི་ལྷ། །རལ་པ་ཁམ་ནག་གྱེན་དུ་འཁྱིལ་པ་ཡིས། །སུམ་ཅུ་རྩ་གསུམ་ཀུན་ཀྱང་འདར་ཅུག་ཅུག །སྤྱན་མིག་སྡང་དགུ་གྱེན་དུ་བཟློག་པ་ཡིས། །ཕྱོགས་བཅུའི་ཁྲོ་བོ་ཀུན་ཀྱང་གན་བུབ་བསྲེ། །སྨིན་མ་གློག་སྟོང་འོད་དུ་འབར་བ་ཡིས། །སྤྲུལ་པའི་ཕོ་ཉ་མང་པོས་སྲིད་གསུམ་འགེངས། །ཤངས་ནས་རླུང་བྱུང་རྡོ་རྗེའི་འཚུབས་ནག་དྲག་པོ་ཡིས། །ས་གཞི་གཡོ་ཞིང་བར་སྣང་འཁྲུགས་པར་བྱེད། །མཆེ་བ་ཟླ་ཚེས་དཀར་པོ་གཙིགས་པ་ཡིས། །དགྲ་བགེགས་སྲོག་རྩ་དམར་པོ་གཅོད་པར་མཛད། །ཞལ་ནས་ཁྲོ་བོའི་བརྡ་སྐད་ཕྱུང་བ་ཡིས། །ཁམས་གསུམ་སྲིད་གསུམ་འགུལ་ཞིང་ལྡེག་པར་བྱེད། །སྨ་ར་སེར་པོ་འཇིགས་པའི་མེ་སྟག་འཕྲོ། །སྟོང་ཁམས་འོད་ཀྱིས་འགེངས་ཤིང་དགྲ་བོ་བསྲེག །ཕྱག་དྲུག་མཚོན་ཆ་གདུག་པ་མང་པོས་ནི། །གནོད་པའི་དགྲ་བགེགས་མ་ལུས་ཐལ་བར་བརླག །ཐུགས་དམ་བསྐུལ་ལོ་གནས་འདིར་གཤེགས་སུ་གསོལ། །འཇིགས་བྱེད་དེ་ཡི་ཐུགས་དམ་རྒྱུད་བསྐུལ་མ། །ཨེ་ཀ་ཙ་ཏི་འཇིགས་བྱེད་དཔལ་གྱི་ཡུམ། །རྣལ་འབྱོར་བདག་གི་དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་མ་གཅིག་ལྷ་མོ་རྡོ་རྗེ་དམ་ཚིག་


DNG016_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

མ། །སྐུ་སྟོད་གཡུ་ཡི་དྲིལ་བུ་འབུམ་གྱིས་བརྒྱན། །སྐུ་སྨད་སྟག་པགས་རློན་པའི་ཤམ་ཐབས་ཅན། །གཡུ་ཡི་རལ་པས་དུར་ཁྲོད་ཁམས་ཀུན་ཁྱབ། །འཇིགས་བྱེད་ཐུགས་དམ་བསྐང་ཕྱིར་གཤེགས་སུ་གསོལ། །དམིགས་པའི་རྩ་བ་དྲུངས་ནས་དབྱུང་དུ་གསོལ། །བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་གཤེགས་སུ་གསོལ། །ཐུགས་དམ་བསྐུལ་ལོ་སེམས་ཅན་དོན་ལ་བསྐུལ། །དམིགས་པ་བཅོལ་གྱི་ཡུད་ཙམ་ཕྲིན་ལས་མཛོད། །་ཡ་མཱནྟ་ཀ་ཡ་མ་རཱ་ཙ་ཨཱ་ཀཪྵ་ཡ་ནཾ། ཛཿཧཱུྃ་བཾ་ཧོཿ། གྷུ་ཧྱ་ཨ་ཀྲི་ཛ། དེ་ནས་ཕྱག་བཙལ་བ། གདུག་པ་འདུལ་མཛད་གཤིན་རྗེའི་གཤེད་ཀྱི་ལྷ། །སྦྲུལ་དང་ཐོད་རློན་མང་པོས་སྐུ་ཡི་རྒྱན་དུ་སྤྲས། །རྔམ་པའི་ང་རོས་ཐམས་ཅད་ཟིལ་གྱིས་གནོན། །གཏུམ་ཆེན་གཤིན་རྗེ་འཇོམས་ལ་ཕྱག་འཚལ་ལོ། །ཐུགས་རྗེས་བདུད་འདུལ་སྲིད་པ་གསུམ་གྱི་ལྷ། །དྲག་ཤུལ་མཐུ་བརྙེས་གནོད་པའི་དགྲ་རྣམས་འཇོམས། །མི་བཟད་དྲག་པོ་གཏུམ་ཁྲོ་ཐུགས་རྗེ་ཅན། །སྤྲུལ་པ་ཡ་མ་རཱ་ཙའི་སྐུ་ལ་ཕྱག་འཚལ་ལོ། །འཇིགས་བྱེད་སྐུ་ལ་མཉེས་མཆོག་འབུལ་མཛད་མ། །སྒེག་མོ་རལ་གཅིག་གཤིན་རྗེའི་གཤེད་ཀྱི་ཡུམ། །སྐུ་ལ་རས་ཀྱི་དཱུ་ཀུལ་ན་བཟའ་གསོལ། །མ་གཅིག་ཨེ་ཀ་ཛ་ཏིའི་སྐུ་ལ་ཕྱག་འཚལ་ལོ། །དེ་ནས་མཆོད་པ་རིམ་གྱིས་ཕུལ་ནས་ནི། །སྙིང་པོ་མ་ནོར་རྟག་ཏུ་བསྙེན་པ་བྱ། །དེ་ནས་ཨེ་གྲུ་གསུམ་གྱི་ནང་དུ། རི་བོང་གི་མགོ་ཡང་རུང་། མཁར་གང་སྲིན་ཁྱེར་བཏགས་པ་དང་། ས་འཇམ་ས་ལ་དམིགས་པའི་ལིངྒ་བྱས་ལ། ཨེར་བཞག །གཟུགས་ཀྱི་སྐེད་པ་ནས་སྐུད་པ་སྔོན་དམར་གྱིས་བཏགས་ལ་གཏོར་མར་སྩལ་སྣེ་གཅིག་སྐུ་ལ་གདགས། གཅིག་སྔགས་པའི་ལག་པར་བསྐུར། མིང་བྱང་བཞི་བྲིས་ལ། གཅིག་སྐུའི་ཞལ་དུ་འབུལ། གཅིག་གཏོར་མར་སྩལ། གཅིག་སྣང་སྲིད་ཀྱི་ལྷ་འདྲེ་ལ་དམ་བདར། གཅིག་ལིངྒའི་སྙིང་གར་གླན། ལིངྒའི་སྙིང་གར་དུག་དང་ཁྲག་བསྲེས་ལ་སྦྲེང་། ཉུང་


DNG016_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

ནག་ལ་སྔགས་ཅིང་གདབ། གཤིན་རྗེ་ནག་པོའི་རྒྱུད་ལས། གསལ་བ་ཐུགས་ཀྱི་ཁ་ཐུན་ནག་པོའི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ།། །།དེ་ནས་ཡང་མགོན་པོ་གཤིན་རྗེའི་གཤེད་ཀྱིས། ཕྲིན་ལས་ཡ་མ་རཱ་ཙའི་མདའ་ཐུན་འདི་གསུངས་སོ། །དང་པོར་དབེན་པའི་གནས་སུ་ནི། །རྫས་དང་ཡོ་བྱད་ཚོགས་པར་བཤམ། །དམིགས་པའི་བྲིས་གཟུགས་བཀྲམ་ནས་ནི། །བསྙེན་བསྒྲུབ་མཆོད་པ་གཞུང་བཞིན་བྱ། །དེ་ནས་རྨྱུག་མ་ཚིགས་དགུ་ལ། །ཁྲ་དང་བྱ་རོག་འུག་པས་བསྒྲོན། །སྐྱེར་མདེའུ་ཟུར་གསུམ་བཙུག་ནས་ནི། །སྒྲོ་རྨྱུག་བར་དུ་མིང་རུས་བྲི། །མདའ་ཉིད་ནག་པོར་བྱུགས་ནས་སུ། །ཐུན་གྱི་བསྙེན་པ་ཞག་བདུན་གཟུགས། །དམིགས་པའི་ལིངྒ་ལ་ཡང་བརྡེག །ཐོད་པ་དགྲ་ཡི་ཕྱོགས་སུ་འཕང་། །དེ་ལ་དང་པོར་ལྷ་ཡི་རྣལ་འབྱོར་དུ་བྱ་བ་ནི། དང་པོར་བདག་ཉིད་སྤྱི་གཙུག་ཏུ། །ཡི་གེ་ཧཱུྃ་གཅིག་གསལ་བ་ལས། །ཨཱོཾ་ཨ་ཀྲོ་མཉྫུ་ཤྲཱི་མ་དྷ་ལ་ཧཱུྃ། ཞེས་བརྗོད་པས། འཇམ་དཔལ་གཤིན་རྗེའི་གཤེད་སྐུ་མདོག་མཐིང་ནག །ཞལ་གསུམ་ཕྱག་དྲུག །གཡས་དཀར་གཡོན་དམར་དབུས་མཐིང་ནག །ཞལ་བགྲད་མཆེ་བ་གཙིགས་པ། ཕྱག་གཡས་ཀྱི་དང་པོ་ཞིང་གི་དབྱུག་པ། བར་མ་དགྲ་སྟྭ། ཐ་མ་རལ་གྲི། གཡོན་དང་པོ་སྡིགས་མཛུབ། བར་མ་མདུང་ཐུང་། ཐ་མ་ཐོད་རློན་དམར་གྱིས་བཀང་བ། ཞབས་གཉིས་ཤ་ཟ་སྲིན་པོ་གནོན་པ། ཞབས་གཉིས་མ་མོ་ཁྲག་འཐུང་གནོན་པ། བཞི་ཀ་ཡང་གྱད་ཀྱི་འདོར་ཐབས་སུ་བཞུགས་པ། བདུད་དང་སྲིན་པོ་མ་མོ་ཁྲག་འཐུང་བྲན་བཞིན་དུ་འཁོར་བར་བསྒོམ་མོ། །དེའི་ཐུགས་ཀ་ནས་ཡི་གེ་ཛཿལས་འཕགས་པ་ཡ་མ་རཱ་ཙ་ཉུང་འབྲུ་ཙམ་སྐུ་མདོག་སྨུག་ནག་ཞལ་གཅིག་ཕྱག་གཉིས་པས་བ་སྤུའི་བུ་ག་ཡན་ཆད་གཏམ་པར་བསྒོམ། ཐུགས་ཀྱི་སེར་མདའ་ཉིད་ཀྱང་། དཔག་ཆེན་གྱི་མདའ་གཡག་ལ་བརྒྱབ་པ་ལྟར། ཡ་མ་རཱ་ཙའི་ཐུགས་མདའ་དགྲ་བོའི་སྙིང་དཀྱིལ་དུ་


DNG016_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱབ་པས། སླར་མི་ལྡོག་པར་བསྒོམ་མོ། །ཐུགས་མདའ་འདི་ཉིད་སྐར་མདའ་ལམ་དུ་ཞུགས་པའམ། མེ་སྟག་ཕུས་བཏབ་པ་བཞིན། ལས་དང་ཉོན་མོངས་པ་ནི་སྦྱངས་བསྲེག་ནས། དགྲ་བོའི་སྙིང་གི་དཀྱིལ་དུ་གཟེར་ཆེན་བཏབ་པ་བཞིན་བསྒོམ་མོ། །གཞུ་ལག་པ་གཡོན་གྱིས་ཐོགས་པ་ནི། གཞུ་མཆོག་ཡར་གཏད་པ་ནི་ཡ་མཱནྟ་ཀ །མར་གཏད་པ་ནི་ཡུམ་ཨེ་ཀ་ཙཱ་ཏི་ཞེས་ཀྱང་བྱ། སྲིན་མོ་མགོ་འཕྱངས་མ་ཞེས་ཀྱང་བྱ་སྟེ། མིག་ཕྱེད་སྐར་དུ་འཚེར་བ། རལ་པ་དམར་པོའི་རྩེ་ལ་བསྐལ་པའི་མེ་འབར་བ་བསྒོམ། ལག་པ་གཡས་ན་ཐུགས་མདའ་ཐོགས་པ་ནི། འཇིགས་བྱེད་ཡ་མ་རཱ་ཙ་ཉིད་དུ་གསལ་བར་བསྒོམ། དེ་ལྟར་ཡབ་ཡུམ་གཉིས་སུ་མེད་པ་བྱང་ཆུབ་སེམས་ཀྱི་གཟེར་འདེབས་དེ་དགྲ་བགེགས་སུ་ལ་བརྒྱབ་ཀྱང་སླར་མི་ལྡོག་པར་བསྒོམ། ་ཡ་མ་རཱ་ཙ་ས་དུ་དུ་ད་རོད་མེ། ཨེ་ཀ་ཛ་ཏི་མུ་ཀ་ཡ་ཀ་ཤོ་མེ། ཨཱོཾ་བེ་ཏཱ་ལཱི་རཀྴ་མན་ཆེ་གེ་མོ་མཱ་ར་ཡ་ཛ་ཛ་ཧཱུཾ་ཕཊ། ཅེས་བརྗོད་པས། དགྲ་བོའི་ཙིཏྟའི་དཀྱིལ་དུ་ཐུགས་མདའ་སེར་ཆེན་བབས་པ་བཞིན་དུ་བསྒོམ་མོ། །དེ་ནས་འདི་སྐད་ཅེས་བསྐུལ་ལོ། །ང་ནི་སྐྱེས་མཆོག་གཤིན་རྗེའི་རྒྱལ་པོ་སྟེ། །ལག་ན་གསོད་པའི་མདའ་གཞུ་ཐོགས་པ་ནི། །བསྒྲལ་བའི་ཞིང་བཅུ་མ་ལུས་གཞོམ་པ་ལས། །གཏི་མུག་ཞེ་སྡང་རྫས་སུ་འཆང་བ་མེད། །གཞུ་མཆོག་ཡར་གཏད་གཤིན་རྗེ་གཤེད་པོ་ཡིན། །གཞུ་མཆོག་མར་གཏད་ཡུམ་ཆེན་བེ་ཏཱ་ནག་མོ་ཡིན། །རྒྱ་མདུད་བྱང་ཆུབ་སེམས་ཀྱི་ངོ་བོར་བསྟན། །ཆང་གཟུང་བྱང་ཆུབ་སེམས་ཀྱི་ངོ་བོ་ལུང་བདུད་རྩིའི་སྣོད་གཞུ་རྒྱུད་རུ་ཏྲ་ནག་པོའི་རྒྱུ་མ་གཟེངས་པ་ཡིན། བཤམ་ནི་སྐྱེས་མཆོག་དོན་ལ་ཞུགས་པའི་མཁས་པས་བཤམས། །བསྙེན་ནི་དགྲ་དང་བགེགས་ཆེན་རྣམས་ཀྱི་བསྙེན། །ཡབ་ཡུམ་གཉིས་མེད་རོལ་པའི་མཁའ་དཀྱིལ་ནས། །སྤྲུལ་པ་ཡ་མ་རཱ་ཙའི་མདའ་ཟོར་འཕེན། །མདའ་ནི་མཚོན་གྱི་རྒྱལ་པོ་སྟེ། །དགྲ་བགེགས་བསྒྲལ་བའི་ལག་ཆ་ཡིན། །ལྟོང་ནི་ཐབས་དང་ཤེས་རབ་སྟེ། །


DNG016_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་མེད་སྦྱོར་བའི་ཕྱག་རྒྱ་ཡིན། །མདེའུ་ནི་ཁ་ཆུང་གཏིང་ཟབ་སྟེ། །ཙིཏྟའི་དཀྱིལ་དུ་བརྡེག་པ་ཡིན། །ཡ་མ་རཱ་ཙའི་སྐྱེར་མདའ་ལ། །མ་མོའི་ཚོགས་ཀྱི་སྒྲོ་ཅིག་བསྐྱོན། །སྲིན་པོའི་ཚོགས་ཀྱི་རྒྱུས་ཀྱིས་དཀྲིས། །བྱང་ཆུབ་སེམས་ཀྱི་མདེའུ་ཞིག་བཙུག །སྲིད་པ་གསུམ་གྱི་སྤྱིན་ཆུས་བྱུགས། །འཕེན་ནོ་གཟས་པའི་དགྲ་ལ་འཕེན། །གཤིན་རྗེའི་རྒྱལ་པོའི་ཐུགས་མདའ་ཡ། །བེ་ཏཱ་ནག་མོའི་ཐུན་མདའ་ཡ། །གཉིས་མེད་སྐུ་ལས་སྤྲུལ་པ་ནི། །ཡ་མ་རཱ་ཙའི་ཐུན་མདའ་ཡ། །རྒྱོབ་ཅིག་དགྲ་བོའི་སྙིང་གི་དཀྱིལ་དུ་རྒྱོབ། །ཨཱོཾ་བཛྲ་དུན་ཏིང་ཧེད། མ་ཡཾ་ཏིང་ནན། ཏིང་བཾ་ནན། རཱ་ཙ་ས་དུ་མ་ཡ་ཀྲོ་ཏི་ནི་ནན། ཧཱུྃ། ནག་མོ་མིག་རྣོན་བལྟས་བཏོན་མ། །ཁྱིམ་ཕྱིར་འཁོར་ཞིང་ཤ་ལ་དགའ། །ནག་མོ་ཆེན་མོ་མིག་འབྲུ་མ། །ཚེ་གསུམ་དྲན་བྱེད་རྒྱུ་མ་འཇིབ་ཅིང་འདྲེན། །དགྲ་བོའི་མིག་འབྲུ་བྱ་རོག་མཆུ། །འབྲས་བུ་ཕྱུངས་ཤིག་ཁ་ཁ་མ། །་ཁ་ཁ་ཀྲ་གི་མ་བ་ཡ་ཧཱུཾ་ཕཊ། རི་བོང་དམིགས་ལ་བརྡེག་གོ། །ཧཱུྃ། ཕྲ་མེན་ཁྲ་ཡི་མགོ་ཅན་མ། །ཐོགས་མེད་མཐུ་ལྡན་འཇོམས་པ་མོ། །གསོད་བྱེད་ཆེན་མོ་ཧོར་བ་མོ། །ཧོར་མོ་ཆེན་མོ་འཇིགས་བྱེད་མ། །ཆུམས་ཤིག་དམ་ཉམས་དགྲ་ལ་ཆུམ། །དུས་ལ་བབ་པོ་ཧོར་མོ་གསོད་བྱེད་མ། །ཉམས་པའི་སྲོག་ལ་མདའ་ཟོར་ཡ། །་ཧོར་པ་ཙིཏྟ་ཙིཏྟ་རྦད། ཧཱུྃ། ཕྲ་མེན་འུག་པའི་མགོ་ཅན་མ། །ལྟས་ངན་རྒྱལ་མོའི་དུས་ལ་བབ། །ནུབ་མཐོང་འུག་པའི་དུས་ལ་བབ། །རྣོ་བྱེད་སྤྱན་གྱིས་སྲིད་གསུམ་གཟིགས། །འཇིགས་བྱེད་ཐུགས་ཀྱིས་སྟོང་ཁམས་ཁྱབ། །འཇིགས་བྱེད་རྐན་སྒྲ་ཕྱོགས་བཅུར་བརྡེབ། །འཇིགས་པའི་འུག་སྒྲ་དི་རི་རི། །སྤྲུལ་པའི་གཤོག་སྒྲ་ཤ་ར་ར། །འཇང་ལོ་རྒྱོབ་ཅིག་བུ་གུ་མཆུ། །ཉམས་པའི་སྲོག་ལ་མུ་ར་ཡ། །ཨཱོཾ་ཨཱུ་ལུ་མུ་ཁ་ཧབ་ཧབ། ཧུ་བ་ཧུ་བ་ཕཊ། ཧཱུཾ། བདེ་གཤེགས་ཐུགས་ལས་སྤྲུལ་པའི་མདའ་མཆོག་དམ་པ་འདི། །དགྲ་བོ་འབྲོང་ལྟར་འགྱིང་བའི་སྙིང་


DNG016_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

གི་དཀྱིལ་དུ་རྒྱོབ། །རཱ་ཙས་དུ་ནན། གཅིག་སྟེ་བདེ་བ་ཐུགས་ཀྱི་མདའ། །སྙིང་ལ་རྒྱོབ་ཅིག་དུས་ལ་བབ། །ཟླ་གམ་གདེངས་པའི་མདའ་མཆོག་འདི། །དམ་ཉམས་གསང་བའི་མཚན་ལ་རྒྱོབ། །སོག་ཀ་གདེངས་པའི་མདའ་མཆོག་དམ་པ་འདི། །དམ་ཉམས་སོག་གྲིབ་གཡས་ལ་རྒྱོབ། །སྐུ་ཡི་ཕྱག་རྒྱ་རྒྱ་མདུད་ལ། །གཡུ་ཡི་མདའ་སྒྲ་ཤ་ར་ར། །ལྕགས་ཀྱི་གཞུ་སྒྲ་འུ་རུ་རུ། །སྐུ་ནི་དུད་ཀ་ཆེན་པོ་ལས། །འབྱུང་པོ་ཀུན་གྱི་གཤེད་མ་འབྱུང་། །གཤེད་བདག་ཡ་མ་རཱ་ཙའི་ཐུགས་དམ་དུས་ལ་བབ། །དབང་པོ་ལྔ་ལ་ཐུན་མདའ་ཡ། །མིག་གིས་བལྟས་པས་ཞེ་སྡང་སྐྱེས། །ཞེ་སྡང་རྩད་ནས་གཅོད་པའི་ཕྱིར། །མིག་གི་དཀྱིལ་དུ་མདའ་ཐུན་ཡ། །གྲུ་གསུམ་གདེངས་པའི་དཀྱིལ་འཁོར་ནས། །འཇིགས་བྱེད་འབར་བའི་སྐུ་སྣང་བས། །སྣོམ་པར་བྱེད་པ་སྣ་ཡིན་པས། །འདོད་ཆགས་རྩད་ནས་གཅད་པའི་ཕྱིར། །སྣ་ཡི་དཀྱིལ་དུ་མདའ་ཐུན་ཡ། །ཡེ་ཤེས་འབར་བའི་མདའ་མཆོག་དམ་པ་འདི། །ཉན་པར་བྱེད་པ་རྣ་བ་ཡིན། །རྣ་བའི་དཀྱིལ་དུ་མདའ་ཐུན་ཡ། །གྲུ་གསུམ་གདེངས་པའི་དཀྱིལ་འཁོར་ནས། །སྐུ་ཡི་རྔམ་བརྗིད་ཆེན་པོ་ནས། །ཐུགས་ཀྱི་སྤྲུལ་མཆོག་དམ་པ་འདི། །སྨྲ་བར་བྱེད་པ་ཁ་ཡིན་ཏེ། །ཁ་ཡིས་སྨྲས་པས་གཏི་མུག་བྱུང་། །གཏི་མུག་རྩ་བ་གཅད་པའི་ཕྱིར། །ཁ་ཡཾ་དཀྱིལ་དུ་མདའ་ཐུན་ཡ། །ལུས་ཀྱི་བྱུགས་པས་ཕྲག་དོག་སྐྱེས། །ཕྲག་དོག་རྩད་ནས་གཅད་པའི་ཕྱིར། །སྤྱི་བོའི་གཙུག་ཏུ་མདའ་ཐུན་ཡ། །ཧཱུྃ། མདའ་ནི་ཕྲིན་ལས་ངང་ཉིད་དབྱིངས་སུ་འབིགས། །སྤྱིན་ནི་བྱང་ཆུབ་སེམས་ཀྱིས་འཛིན་པའི་དོན། །སྒྲོ་ནི་སྐུ་གསུང་ཐུགས་ཀྱི་ངང་། །མདེའུ་གཉིས་མེད་དབྱིངས་སུ་འབིགས། །གཞུ་ནི་ཤེས་རབ་ཐབས་སུ་ལྡན། །རྒྱུད་ནི་ཡེ་ཤེས་འོད་དུ་བསྒྲིམས། །གསང་བ་ཐུགས་ཀྱི་མདའ་མཆོག་དམ་པ་འདི། །རྒྱོབ་ཅིག་དགྲ་བོའི་སྙིང་གི་དཀྱིལ་དུ་རྒྱོབ། །འཕོངས་ཤིག་ཡ་བདུད་བཙན་འགོང་གཉིས་


DNG016_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འཕོངས། །རྒྱོབ་ཅིག་དམ་ཉམས་དགྲ་ལ་རྒྱོབ། །དང་པོ་སྲིད་པ་ལྟེ་བར་ཆགས། །སྲིད་པ་ཆགས་པ་བཤིག་པའི་ཕྱིར། །ལྟེ་བའི་དཀྱིལ་དུ་མདའ་ཐུན་ཡ། །ཚེ་ཡི་ཕུང་པོ་གཞོམ་པའི་ཕྱིར། །དཔྲལ་བའི་དཀྱིལ་དུ་མདའ་ཐུན་ཡ། །འདོད་ཆགས་དྲུང་ནས་དབྱུང་བའི་ཕྱིར། །གསང་བའི་དཀྱིལ་དུ་མདའ་ཐུན་ཡ། །ཨཱོཾ་ཁ་ལ་མུ་ལ་དན་ཏི་དུ་ན་རྦད། །ཨཱོཾ་སྤྲུ་ན་ཁ་ཤ་ཁ་ལོ་ཨུ་ལོ་ལྡིབས། ་མ་བཾ་རུ་ན་མ་བཾ་རུ་ན་མུ་ར་ཙི་ཡ་རྦད། ་པ་ཙ་རུ་རུ་ཚལ་པ་ཁ་རྦད། ཨཱོཾ་སང་དུ་དད་ཉ་རུ་པ་ནན། སྲད་དེ་མ་མྱག་དོན་ཁྲམ། རག་ར་ཙ་ར་ཕཊ། དེ་ལྟར་བྱ་བའི་ཐབས་མ་ནོར་ན། རྟགས་མྱུར་དུ་འོང་བ་ལ་ཐེ་ཚོམ་མེད་དོ། །གཤིན་རྗེ་ནག་པོའི་ཏནྟྲ་ལས། ཡ་མ་རཱ་ཙ་གསང་བ་ཐུགས་ཀྱི་མདའ་ཐུན་གྱི་ལེའུ་སྟེ་ཉི་ཤུ་རྩ་བཞི་པའོ།། །།དེ་ནས་དཔའ་བོ་གཤིན་རྗེའི་གཤེད་ཀྱིས། མན་ངག་གསང་བའི་ཕུར་ཐུན་འདི་གསུངས་སོ། །དུར་ཁྲོད་དབེན་པའི་གནས་སུ་ནི། །དཀྱིལ་འཁོར་མཐིང་ནག་གྲུ་གསུམ་བརྩིག །དམིགས་པའི་ལིངྒ་བཅས་ནས་ནི། །དམ་རྫས་ཡོ་བྱད་ཚང་བར་དགྲམ། །ལྕགས་ཀྱི་ཕུར་པ་སོར་བརྒྱད་པ། །བྱིན་གྱིས་བརླབས་ཏེ་ཚུལ་བཞིན་དགོད། །ཕྲིན་ལས་ཆོ་ག་འདི་བསྐུལ་ལོ། །དབུས་ཕྱོགས་ཁམ་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས། །འཇིགས་བྱེད་ཡ་མ་རཱ་ཙ་གཤེགས་སུ་གསོལ། །ཡུམ་མཆོག་སྲིན་མོ་མགོ་འཕྱངས་དབྱིངས་ནས་བཞེངས། །ཡབ་ཡུམ་གཉིས་མེད་རོལ་པའི་མཁའ་དབྱིངས་ནས། །ཐུགས་ཀྱི་སྤྲུལ་པ་ཁྲོ་བོ་མི་གཡོ་མགོན། །དབྱུག་ཏོ་འབར་བའི་ལྷ་མཆོག་སྲིད་པ་གསུམ་གྱི་བདག །གཤིན་རྗེ་འཆི་བདག་མང་པོ་ཀུན་འདུལ་བ། །ཁ་དོག་ནག་པོ་བདུད་འདུལ་རལ་གྲི་ཅན། །སྲིན་མོ་མ་མོ་སྟག་གཟིག་ཞོན་ནས་སུ། །རལ་གྲིས་སྲིད་པ་གསུམ་པོ་ཐལ་བར་རློག །སྲིད་གསུམ་འཇོམས་པའི་ལྷ་ལ་ཕྱག་འཚལ་ལོ། །ཧཱུྃ། སྐུ་མདོག་སྔོ་ནག་གཤིན་རྗེ་གཤེད་ཀྱི་ལྷ། །ཅི་བགྱིའི་


DNG016_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་ཉན་མ་མོའི་འཁོར་གྱིས་བསྐོར། །མ་མོའི་རྦོད་གཏོང་སྡང་བའི་དགྲ་ལ་གཏོང་། །སྡིགས་མཛུབ་འབར་བས་དགྲ་བོའི་སྲོག་རྩ་ཆོད། །སྡང་མིག་བགྲད་པས་གཤིན་རྗེའི་ཚོགས་རྣམས་འདུལ། །སྐན་སྒྲ་བརྡེབ་པས་སྲིན་པོ་བྲན་དུ་འཁོལ། །སྲིན་པོ་ཁྲོས་པས་ཁྲག་མཚོ་ཁོང་དུ་གསོལ། །སྤྱུག་གླུ་བླང་བས་མ་མོ་དགྲ་ལ་གཏོང་། །དུག་གསུམ་ཞལ་དུ་རྔུབས་ལ་ཕྱག་འཚལ་ལོ། །ཞབས་འོག་གཤིན་རྗེ་སྲིན་པོ་མ་མོ་ཀུན། །དུན་དུན་གུམ་གུམ་སྡང་བའི་དགྲ་ལ་གཏོང་། །གཤིན་རྗེ་ཁྲོས་ཏེ་ཤིན་ཏུ་རྔམ་པ་ཡིས། །སྲིན་པོ་ཕོ་མོའི་དོན་སྙིང་སྤར་གྱིས་འདེབས། །སྲིན་པོ་ཁྲོས་ཏེ་ཤིན་ཏུ་རྒྱུག་པ་ཡིས། །མ་མོ་སྟོང་གི་དོན་སྙིང་སྤར་གྱིས་འདེབས། །མ་མོ་ཁྲོས་ཏེ་ཤིན་ཏུ་འཁྲུགས་པ་ཡིས། །སྡང་བའི་དགྲ་བོའི་དོན་སྙིང་སྤར་གྱིས་འདེབས། །དམིགས་པའི་ཆེ་གེ་མོ་འདི་ལ་ཕུར་ཐུན་ཡ། ་ཡ་མཱནྟ་ཀ་ཤམ། ཨ་དྱཱ་ཨ་ཙ་ལ་ཤམ། ་མ་མ་དུག་རྩ་ཚལ་པ་ཚལ་པ་རྦད། མ་དུག་ཤམ། ཡ་མི་ཤམ། ཆེ་གེ་མོ་སྲོག་རྩ་རྨུག་ཏི་རྦད། རྩ་ཙ་ར་ཙ་རྦད། མ་མོ་ཁྲག་ལ་དུན་ཏིང་རྨུགས། སྲིན་པོས་རུས་པ་ཆོམ་ཆོམ་ཚལ། །གཤིན་རྗེས་ཁྲམ་ལ་ལྷན་ལྷན་ཐོབ། །ཆེ་གེ་མོ་ཁྲམ་ལ་རི་ལི་ལི་རྦད་ཕཊ། ཕུར་པ་ནག་པོ་གཅིག་སྐུ་སྟོད་མི་གཡོ་མགོན་པོར་བསྒོམ་ལ། སྔགས་པ་བདག་ཉིད་ཀྱིས་དུས་གསུམ་དུ་གདབ། ཆུ་སྲིན་གྱི་ཁ་མན་ཆད་བདུད་ཀྱི་བུ་མོ་ཁྲམ་གྱི་བདག་མོར་བསྒོམ། དེ་ནས་བསྐུལ་ཚིག་འདི་བརྗོད་ལ་ཡུམ་གྱིས་གདབ། ཧཱུྃ། སྐུ་མདོག་དམར་མོ་ཟངས་ཀྱི་དྲིལ་ཞགས་ཅན། །ཟངས་ཀྱི་རལ་པ་སྤྲུགས་པའི་སྐྲ་གསེབ་ནས། །མ་མོ་ནག་མོ་ལྔ་བཅུ་རྩ་བཞི་དགྲ་ལ་གཏོང་། །ལྕགས་ཀྱི་ཕྱག་སོར་འབར་བ་བརྡབས་པ་ཡིས། །གཤིན་རྗེ་ནག་པོ་དུན་དུན་འབངས་སུ་འཁོར། །ཁྲོ་མོའི་སྡིགས་མཛུབ་ཕྱར་ཏེ་བསྡམས་པ་ཡིས། །མ་མོ་ནག་མོ་དུན་དུན་འབངས་སུ་འཁོར། །སྲིན་མོ་འབུམ་ཁྲི་


DNG016_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

འབུམ་སྟོང་ཐལ་བར་རློག །དགྱེས་ཏེ་གད་མོ་དྲག་ཏུ་བཞད་པ་ཡིས། །དགྲ་བོ་དམ་ཉམས་གཏན་དུ་བརླག་པར་མཛོད། །མགོ་འཕྱངས་མ་ཛ་ཛཿབླ་རྩ་ལ་ཛ་ཛཿ། རྩ་བོ་ཆལ་དུན་དུན་མུགས། ནང་ཁྲོལ་སྨད་ལྔ་ལ་རྩ་བཾ། ཐུན་བཾ་ཐུན་རི་ལི་ལི། བཛྲ་ཀཱི་ལ་ཡ་ཆེ་གེ་མཱ་ར་ཡ་ཕཊ། ཕྲིན་ལས་འདི་བསྒྲུབ་པའི་དུས་སུ། རྨི་ལྟས་སུ་མོན་པ་ནག་པོའམ། བུད་མེད་ནག་མོ་དང་འཕྲད་ནས་བདག་ལ་བཀུར་སྡི་བྱེད་ན་ལས་གྲུབ་པ་ཡིན་ནོ། །གཤིན་རྗེ་ནག་པོའི་ཏནྟྲ་ལས། ཡ་མ་ར་ཙ་གསང་བ་ཐུགས་ཀྱི་ཕུར་ཐུན་གྱི་ལེའུ་སྟེ་ཉི་ཤུ་རྩ་ལྔ་པའོ།། །།དེ་ནས་ཡང་མགོན་པོ་གཤིན་རྗེའི་གཤེད་ཀྱིས། གཤིན་རྗེའི་ལས་མཁན་བཅུ་མངག་པའི་ཕྲིན་ལས་ཟོར་ཐུན་འདི་གསུངས་སོ། །དང་པོར་གནས་དབེན་པར་བསྙེན་པ་གཞུང་བཙུགས་ཏེ། དམིགས་པའི་ལིངྒ་བཅས་ནས། མདའ་འུག་པ་མ་གཅིག་སྒྲོ་རྩར་ཕུག་ལ། མིང་བྱང་དང་རྣེལ་གྲི་མོའི་མངལ་ཁྲག་དང་། ར་དུག་སྤྱང་དུག་བོང་ང་ནག་པོ་བླུགས་ལ། དམིགས་པ་བཀུག་སྟེ་ལིངྒ་ལ་བརྡེག་གོ། །དབུས་ཕྱོགས་ཁམ་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས། །འཇིགས་བྱེད་ཡ་མ་རཱ་ཙ་གཤེགས་སུ་གསོལ། །ཡུམ་མཆོག་བེ་ཏཱ་ནག་མོ་དབྱིངས་ནས་བཞེངས། །འཇིགས་བྱེད་སྐུ་ལས་སྤྲུལ་པའི་བཀའ་ཉན་ཕོ་ཉའི་ཚོགས། །བཀའ་སྡོད་ལས་མཁན་བཅུ་ཡི་དུས་ལ་བབ། །སྟེང་གི་ཕྱོགས་ནས་ལས་མཛད་པ། །གཤིན་རྗེའི་རྒྱལ་པོ་ཐམས་ཅད་འཇོམས་པའི་རྗེ། །སྐུ་མདོག་མཐིང་ནག་འཇིགས་པའི་གཟུགས། །ཆིབས་སུ་ཉི་ཟླ་གཟའ་ཆེན་བཅིབས། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་སྤྲུལ་པར་འགྱེད། །རལ་པ་ཁམ་ནག་གྱེན་དུ་འབར། །ཕྱག་ན་གཅོད་པའི་སྟྭ་རེ་བསྣམས། །སྟེང་ནས་དགྲ་བོ་ཁུག་ལ་ཤོག །ཨཱོཾ་ཤག་ཚལ་པ་རྦད་དུ་ནན། །ཤར་གྱི་ཕྱོགས་ནས་འགུགས་མཛད་པ། །གཤིན་རྗེའི་རྒྱལ་པོ་འཆི་བདག་ཀུན་


DNG016_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་བདུད། །སྐུ་མདོག་དམར་ནག་འཇིགས་པའི་གཟུགས། །ཕྱག་ན་རྩིས་ཀྱི་བྱང་བུ་བསྣམས། །རལ་པ་དམར་པོ་གྱེན་དུ་འབར། །སྲོག་ཆགས་ཐམས་ཅད་གྲངས་སུ་བགྲངས། །དབུགས་ཐོག་ཐམས་ཅད་རྩིས་སུ་བརྩི། །ཤར་ནས་དགྲ་བོ་ཁུག་ལ་ཤོག །་ཙ་དུན་རྦད་པུ་ནན། ཤར་ལྷོ་མཚམས་ནས་འགུགས་མཛད་པ། །གཤིན་རྗེ་རྒྱལ་པོ་རྨིགས་པ་མགོ། །སྐུ་མདོག་དུད་ཀ་འཇིགས་པའི་གཟུགས། །ཕྱག་ན་མི་མགོ་རློན་པའི་ཕྲེང་བ་བསྣམས། །ཤར་ལྷོའི་དགྲ་བགེགས་ཁུག་ལ་ཤོག །་ཁྲམ་སྡི་ཚལ་པ་རྦད་པུ་ནན། ལྷོ་ཡི་ཕྱོགས་ནས་འགུགས་མཛད་པ། །གཤིན་རྗེའི་རྒྱལ་པོ་རྐོང་རྗེ་བྲག་གྱོན་རྗེ། །ལུས་ལ་བྲག་ནག་ཟུར་མང་མནབས། །ཕྱག་ན་བྲག་སྲིན་འདུལ་མཛད་སྟྭ་ནག་འཕྱར། །ལྷོ་ནས་དགྲ་བགེགས་ཁུག་ལ་ཤོག །ཚལ་པ་སྟ་ན་ཡ་ནན། མ་རུ་ཁྲག་གི་སྟ་ནན། རྦད་པུ་ནན། ལྷོ་ནུབ་མཚམས་ནས་འགུགས་མཛད་པ། །གཤིན་རྗེ་ཨ་ཝ་གླང་མགོ་ཅན། །སྐུ་མདོག་མཐིང་ནག་འཇིགས་པའི་གཟུགས། །ཕྱག་ན་ཏྲི་ཤཱུལ་རྩེ་གསུམ་བསྣམས། །ལྷོ་ནུབ་མཚམས་ནས་དགྲ་བོ་ཁུག་ལ་ཤོག །་ཤོ་མ་ཤག་ཏི་ནན་རྦད་པུ་ནན། །ནུབ་ཀྱི་ཕྱོགས་ནས་འགུགས་མཛད་པ། །གཤིན་རྗེའི་རྒྱལ་པོ་གསོད་བྱེད་ཡ་བ་ཏི། །སྐུ་མདོག་དམར་ནག་འཇིགས་པའི་གཟུགས། །གཡས་ན་ཞིང་གི་དབྱུག་ཏོ་འཕྱར། །གཡོན་ན་འཛིན་པའི་ལྕགས་ཀྱུ་བསྣམས། །ནུབ་ནས་དགྲ་བགེགས་ཁུག་ལ་ཤོག །་ཁྲམ་ཁྲམ་སོ་བཾ་རྦད་པུ་ནན། ནུབ་བྱང་མཚམས་ནས་འགུགས་མཛད་པ། །གཤིན་རྗེའི་རྒྱལ་པོ་ལྕོགས་པ་མགོ་དགུ་རྗེ། །སྐུ་མདོག་དམར་ནག་འཇིགས་པའི་གཟུགས། །གཡས་ན་ཞིང་གི་དབྱུག་ཏོ་འཕྱར། །གཡོན་ན་འཛིན་པའི་ལྕགས་ཀྱུ་བསྣམས། །ཕྱག་ན་གསོད་བྱེད་སྤུ་གྲི་བསྣམས། །ནུབ་བྱང་དགྲ་བོ་ཁུག་ལ་ཤོག །ཨོཾ་ཤྲཱི་པོ་ལ་ཁ་རྒམ་རྦད་པུ་ནན། བྱང་གི་


DNG016_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ནས་འགུགས་མཛད་པ། །གཤིན་རྗེའི་རྒྱལ་པོ་གསོད་བྱེད་རྔམ་པ་སྟེ། །སྐུ་མདོག་ལྗང་ནག་འཇིགས་པའི་གཟུགས། །ཕྱག་ན་གཤོག་པའི་སྟྭ་རེ་བསྣམས། །བྱང་གི་དགྲ་བོ་ཁུག་ལ་ཤོག །་བྷྲཱུཾ་སྡི་ཚལ་པ་རྦད་པུ་ནན། བྱང་ཤར་མཚམས་ནས་འགུགས་མཛད་པ། །གཤིན་རྗེའི་རྒྱལ་པོ་ཆོས་ཀྱི་གཅོད་སྤྱོད་རྗེ། །སྐུ་མདོག་ལྗང་སེར་འཇིགས་པའི་གཟུགས། །ཕྱག་ན་ཉེས་ལེགས་ཁྲམ་ཤིང་བསྣམས། །བྱང་ཤར་དགྲ་བོ་ཁུག་ལ་ཤོག །ཨཱོཾ་ཀྲོ་མ་ཙ་ལ་བྷྲཱུཾ་སྡི་རྦད་པུ་ནན། འོག་གི་ཕྱོགས་ནས་དགྲ་བོ་འགུགས་མཛད་པ། །གཤིན་རྗེའི་རྒྱལ་པོ་བདུད་མཁར་འཇོམས་པ་སྟེ། །སྐུ་མདོག་སྨུག་ནག་འཇིགས་པའི་གཟུགས། །ཕྱག་ན་རྡུང་བྱེད་ཐོ་བ་བསྣམས། །འོག་ནས་དགྲ་བོ་ཁུག་ལ་ཤོག །ཨཱོཾ་ཁ་འདར་རུ་ཏྲ་རྡུལ་ཕྲན་རྦད་པུ་ནན། ཞེས་ཕྱོགས་མཚམས་ཀུན་ནས་བཀུག་ལ་བརྡེག་གོ། །ཐ་མར་དགྲའི་ཡུལ་ཕྱོགས་སུ་འཕང་ངོ་། །གཤིན་རྗེ་ནག་པོའི་ཏནྟྲ་ལས། ཡ་མ་རཱ་ཙ་གསང་བའི་ཐུགས་ཀྱི་ཟོར་ཐུན་གྱི་ལེའུ་སྟེ་ཉི་ཤུ་རྩ་དྲུག་པའོ།། །།དེ་ནས་ཡང་ཁྲོ་བོ་ཆེན་པོ་འཇོམས་པ་ཡིས། ཕྲིན་ལས་ཁྲག་ཐུན་འདི་གསུངས་སོ། །སྔོན་དུ་བསྒྲུབ་པའི་ཆོ་ག་ནི། །གཞུང་ནས་འབྱུང་བ་བཞིན་བཤམས་ལ། །འབྲོང་ཆེན་དར་མའི་གཡག་རུ་རུ། །རཀྟ་ཕུད་དང་མཚེ་ཉུང་བླུགས། །དམིགས་པའི་ལིངྒ་གཏོར་མར་བླུག །གཡག་རུ་ལག་ཏུ་ཐོགས་ནས་ནི། །ཐུན་སྔགས་གདབ་ཅིང་བསྐུལ་ཚིག་བརྗོད། །ཧཱུྃ། དམར་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས། །གསོད་བྱེད་ཡ་མ་རཱ་ཙ་གཤེགས་སུ་གསོལ། །དམར་ནག་བརྗིད་པ་མ་མོ་ཀུན་གྱི་རྗེ། །ཁྲོ་གཏུམ་བཙན་དྲག་སྲིད་པ་གསུམ་གྱི་ལྷ། །ཆེ་བཙན་དྲེགས་པས་མ་མོ་འབངས་སུ་འཁོལ། །གསོད་བྱེད་དེ་ཡི་ཐུགས་དམ་དགྱེས་བསྐུལ་མ། །མ་གཅིག་སྲིན་མོ་མགོ་འཕྱངས་མ། །དགྲ་ལ་ཁྲག་ཐུན་འབེབས་ཤིང་མ་ཐོགས་ད་ཚུར་བྱོན། །དགྲ་


DNG016_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

བོ་དུར་ཁྱིམ་ཁྲག་དུན་མུགས། །འཇིགས་བྱེད་དེ་ཡི་ཞབས་ཀྱི་ཆགས་འོག་ནས། །སྲིད་གསུམ་ཤ་ཁྲག་མངའ་བདག་མ་མོ་རྣམས། །དམར་ལམ་བསྟན་གྱིས་མ་ཐོགས་ད་ཚུར་སྤྱོན། །ཁྲག་ཐུན་འབེབས་ཤིང་མ་ཐོགས་ད་ཚུར་སྤྱོན། །སྲིད་པ་གསུམ་གྱི་ཁྲག་གི་མངའ་བདག་མོ། །དམར་མོ་མཆུ་འཇིབ་རྩ་སྲོག་མངའ་མཛད་མ། །གཡས་ན་ལྕགས་ཀྱུ་དགུ་ཁྲི་དགུ་སྟོང་བསྣམས། །གཡོན་གྱིས་བདུད་ཀྱི་ཁྲམ་བམ་བསྣམས། །འཁོར་གྱི་མ་མོ་སྟོང་ནི་རྩ་བརྒྱད་ཀུན། །ཐུན་ཟོར་འཕང་གིས་མ་ཐོགས་ད་ཚུར་སྤྱོན། །བརྒྱད་ཁྲི་བཞི་སྟོང་ཁྲག་གི་དྲི་སྣོམ་མ། །ཤ་ཁྲག་གསུར་ལ་རོལ་ཏེ་ཁྲག་ཐུན་ཡ། །་མུཾ་ཡ་མུགས་ཏི་སུབས། །ཆེ་གེ་མོ་ལ་ཆོ་ཆོ། བལ་ཧུབ་བལ་ཧུབ་བལ་ཡུལ། སྙིང་པོ་གོང་རྩ་ཐུན་ནན། མཐུན་ནན། ལབ་ཐུན་ནན། ཁྲག་ཐུན་ཁྲོ་ཁྲག་ཆེ་གེ་མོའི་ཁོང་ཁྲག་ལ་ཡ་ཞེས་ལིངྒའི་སྙིང་གར་གཏིག །ཐ་མར་ཁྱིམ་ལ་གཏོར་རོ། །གཤིན་རྗེ་ནག་པོའི་ཏནྟྲ་ལས། ཡ་མ་ར་ཙ་གསང་བའི་ཐུགས་ཀྱི་ཁྲག་ཐུན་གྱི་ལེའུ་སྟེ་ཉི་ཤུ་རྩ་བདུན་པའོ།། །།དེ་ནས་མགོན་པོ་གཤིན་རྗེའི་གཤེད། །སྐུ་ཁྲོས་རབ་ཏུ་གཙིགས་ནས་ཀྱང་། །དམ་ལས་འདས་པ་བསྒྲལ་བའི་ཕྱིར། །ཕྲིན་ལས་དུག་ཐུན་འདི་གསུངས་སོ། །དེ་ནས་ཡང་གནས་དབེན་པར་བསྒྲུབ་པ་གཞུང་བཙུགས་ལ། ཤ་ཁྲག་དང་སོལ་བ་བསྲེས་པའི་གཏོར་མ་ལ་སྤྱན་དྲངས། སྦྱར་དུག་ཆང་གིས་བརླན་པའི་ནང་དུ་དགྲ་བོའི་མཚན་བྱང་བཅུག་ལ། ཕོ་ཉས་བཀུག་སྟེ། ཉུང་ནག་དང་སྐེ་ཚེས་བྲབ་བོ། །ཧཱུྃ། སྨུག་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས། །འཇིགས་བྱེད་ཡ་མ་རཱ་ཙ་གཤེགས་སུ་གསོལ། །དབང་ཆེན་དྲེགས་པས་ཕྲིན་ལས་སྐུ་ལ་རྫོགས། །སྨུག་ནག་འཁྱིལ་པ་བདུད་དཔུང་ཐལ་བར་རློག །འཇིགས་བྱེད་དེ་ཡི་ཐུགས་དམ་རྒྱུད་བསྐུལ་མ། །བདུད་ཀྱི་གཙོ་མོ་གཤིན་རྗེའི་ཡུམ་གཅིག་མ། །ཐུགས་དམ་དུས་ལ་བབས་ཀྱིས་


DNG016_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་སུ་གསོལ། །ཡབ་ཡུམ་གཉིས་མེད་རོལ་པའི་མཁའ་དཀྱིལ་ནས། །བཀའ་ཉན་ཕོ་ཉ་ཕྱག་བརྙན་གཟུངས་མའི་འཁོར། །ཟ་བྱེད་བདུད་བཅུའི་དུས་ལ་བབ། །སྟེང་གི་ཕྱོགས་ནས་འགུགས་མཛད་པ། །བདུད་ཀྱི་རྒྱལ་པོ་བསྐོས་རྗེ་དྲང་དཀར་རྗེ། །གཡས་ན་བདུད་ཀྱི་སྦར་ཤད་འབར་བ་བསྣམས། །གཡོན་ན་བདུད་ཀྱི་ཞགས་པ་ནག་པོ་བསྡོགས། །སྟེང་གི་ཕྱོགས་ནས་དགྲ་བོ་ཁུག་ལ་ཤོག །ཤར་གྱི་ཕྱོགས་ནས་དགྲ་བོ་འགུགས་མཛད་པ། །བདུད་ཀྱི་རྒྱལ་པོ་མ་ཏང་ཁྲོ་བདག་རྗེ། །ཕྱག་ན་བདུད་ཀྱི་ཞགས་པ་ནག་པོ་བསྡོགས། །འདོམ་ནི་དགུ་བརྒྱ་དགུ་བཅུ་བགྲངས་པ་བསྣམས། །ཤར་གྱི་ཕྱོགས་ནས་དགྲ་བོ་ཁུག་ལ་ཤོག །ཤར་ལྷོ་མཚམས་ནས་དགྲ་བོ་འགུགས་མཛད་པ། །བདུད་ཀྱི་རྒྱལ་པོ་ཏོ་ཡོ་ཏོ་ནག་རྗེ། །ཕྱག་གཡས་གསོད་བྱེད་བདུད་ཀྱི་སྤུ་གྲི་རྣོན་པོ་བསྣམས། །ཕྱག་གཡོན་བདུད་ཀྱི་ཤོ་དྷིའུ་དཀར་ནག་འགྲེམས་ཤིང་འཐོར། །ཤར་ལྷོའི་མཚམས་ནས་དགྲ་བོ་ཁུག་ལ་ཤོག །ལྷོ་ཡི་ཕྱོགས་ནས་དགྲ་བོ་འགུགས་མཛད་པ། །བདུད་ཀྱི་རྒྱལ་པོ་ཐོད་བདག་ཐོད་པ་རྗེ། །ཕྱག་ན་བདུད་ཀྱི་ཁྲམ་བམ་སྟག་མགོ་ཅན། །སྤྲུལ་པ་སྟག་ཕྲུག་མང་པོ་ཕོ་ཉར་འགྱེད། །ལྷོ་ཡི་ཕྱོགས་ནས་དགྲ་བོ་ཁུག་ལ་ཤོག །ལྷོ་ནུབ་མཚམས་ནས་དགྲ་བོ་འགུགས་མཛད་པ། །བདུད་ཀྱི་རྒྱལ་པོ་རྐོས་བདུད་བྲང་དཀར་རྗེ། །སྤྲུལ་པའི་ཁལ་དུ་བོང་བུ་གྭ་པ་ལ། །མཛེས་པའི་གཡུ་མཐུར་སྔོན་པོ་ཅན་ཞིག་བཀལ། །ཕྱག་ན་ཤོ་དྷི་མི་ཡི་མགོ་ཅན་བསྣམས། །ལྷོ་ནུབ་མཚམས་ནས་དགྲ་བོ་ཁུག་ལ་ཤོག །ནུབ་ཀྱི་ཕྱོགས་ནས་དགྲ་བོ་འགུགས་མཛད་པ། །བདུད་ཀྱི་བུ་མོ་རྒྱལ་པོ་མཚམས་མེད་བདུད་ཀྱི་ཁྲོ་བོ་སྟེ། །ཕྱག་ན་ལྕགས་ཀྱི་དྲིལ་ཞགས་འཆིངས་བྱེད་བསྣམས། །ནུབ་ཀྱི་ཕྱོགས་ནས་དགྲ་བོ་ཁུག་ལ་ཤོག །ནུབ་བྱང་མཚམས་ནས་འགུགས་མཛད་པ། །བདུད་ཀྱི་རྒྱལ་པོ་


DNG016_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་རིལ་མགོན་ནག་རྗེ། །ཕྱག་ན་བདུད་ཀྱི་ཤ་ནག་པོའི་ཐོད་པ་བསྣམས། །ནུབ་བྱང་དགྲ་བོ་ཁུག་ལ་ཤོག །བྱང་གི་ཕྱོགས་ནས་འགུགས་མཛད་པ། །བདུད་ཀྱི་རྒྱལ་པོ་ཁྲ་དེ་རཱུ་ཏྲ་རྗེ། །ཕྱག་གཡས་བདུད་ཀྱི་སྟ་ནག་འབྱམས་པ་བསྣམས། །གཡོན་ན་མི་མགོ་རློན་པ་འཕྱར་ཞིང་བརྡེབས། །བྱང་གི་དགྲ་བོ་ཁུག་ལ་ཤོག །བྱང་ཤར་མཚམས་ནས་འགུགས་མཛད་པ། །བདུད་ཀྱི་རྒྱལ་པོ་སྤྱི་བདུད་ཡ་མ་རྗེ། །ཕྱག་ན་བདུད་ཀྱི་ཏྲི་ཤུལ་རྩེ་གསུམ་བསྣམས། །ཕྱག་གཡོན་ལྕགས་ཀྱི་གཟེ་མ་རྣོན་པོ་བསྣམས། །བྱང་ཤར་དགྲ་བོ་ཁུག་ལ་ཤོག །འོག་གི་ཕྱོགས་ནས་འགུགས་མཛད་པ། །བདུད་ཀྱི་རྒྱལ་པོ་ས་ཏོམ་ནག་པོ་རྗེ། །ཕྱག་གཡས་ཆུ་སྲིན་རྒྱལ་མཚན་ལ། །ཡུ་བ་གཏི་མུག་ཕག་གི་མགོ་ཅན་བསྣམས། །གཡོན་ན་བདུད་ཀྱི་ཞགས་པ་ནག་པོ་བསྣམས། །སྐྱེ་འགྲོ་སེམས་ཅན་སྲེག་པར་མཛད། །འོག་གི་དགྲ་བོ་ཁུག་ལ་ཤོག །ཆེ་གེ་མོ་ཨཾ་ཀུ་ཤ་ཛ་ཛ་ཧཱུྃ། ཟ་བྱེད་བདུད་པོ་ཁྱེད་རྣམས་ཀྱིས། །དམིགས་པའི་དམ་ཉམས་དགྲ་བོ་འདི། །འཇིག་རྟེན་ཕྱི་མར་དུས་མ་འདེབས། །སེམས་ཅན་རང་བཞིན་སྐྱེ་འཆི་འབྱུང་། །ནམ་མཁའ་སྟོང་པར་ཁུངས་མ་དབྱུང་། །ནམ་མཁའ་སྟོང་པར་ཁུངས་ཕྱུང་ན། །བསྒྲུབ་པའི་འབྲས་བུ་མེད་དམ་ཅི། །སེམས་ཅན་སྐལ་བ་ཆུང་བར་བསྙད་མ་འདོགས། །སེམས་ཅན་སྐལ་བ་ཆུང་བར་སྙད་གདགས་ན། །ཁྱེད་ལ་ཐུགས་རྗེ་མི་མངའོ། །མ་ཐོགས་བདུད་དང་གཤིན་རྗེ་རྣམས། །དམ་ཉམས་སྲོག་རྩ་ད་དྲོངས་ཤིག །སྲོག་ཆོད་ཁྲག་འཐུང་རུས་འཆོ་ཞིག །དབུགས་ཆོད་མདངས་ལོང་ཡིད་ཕྲོག་ཅིག །སྔགས་པ་ཁྲོས་པ་ལས་ཀྱི་གཤིན་རྗེ་ལྷ། །འཇིག་རྟེན་ཁམས་ཀྱི་གཤིན་རྗེ་མི་བཟད་ཀུན། །ཉམས་པའི་རོ་ལ་རོལ་ཅིང་མནབས་སུ་གསོལ། །སྔགས་པ་ཁྲོས་པ་ལས་ཀྱི་བདུད་པོ་འདྲ། །འཇིག་རྟེན་ཁམས་ཀྱི་


DNG016_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་པོ་མ་ལུས་ཀུན། །ཉམས་པའི་སྲོག་ལ་རོལ་ཏེ་བདུན་ཕོབ་ཅིག །སྔགས་པ་ཁྲོས་པ་ལས་ཀྱི་སྲིན་པོ་འདྲ། །འཇིག་རྟེན་ཁམས་ཀྱི་སྲིན་པོ་མི་ཟན་ཀུན། །དམ་ཉམས་ཤ་ཁྲག་སྲོག་དབུགས་ཞལ་དུ་རྔུབས། །དམ་ཚིག་དུས་ལ་བབ་པོ་ས་མ་ཡ། །་ཁྲི་ཏང་བྱི་ཤི་རཀྟ་ག་ར་ལ་མན། ཧ་ས་རན་བྱ་པྲ་བེ་པྲ་བན་དུ། ཙི་ཏ་པྲ་དུ་ཆེ་གེ་མོ་མཱ་ར་ཡན། འཕགས་པ་འཇམ་དཔལ་གཤིན་རྗེའི་གཤེད་པོའི་ཏནྟྲ་ལས། ཡ་མ་རཱ་ཙ་གསང་བ་ཐུགས་ཀྱི་དུག་ཐུན་གྱི་ལེའུ་སྟེ་ཉི་ཤུ་རྩ་བརྒྱད་པའོ།། །།དེ་ནས་ཡང་མགོན་པོ་གཤིན་རྗེའི་གཤེད་ཀྱིས། ཁྲོ་བོ་གཤིན་རྗེའི་གཤེད་རྣམ་པར་རྒྱལ་བའི་མན་ངག་སྒྲུབ་ཐབས་འདི་གསུངས་སོ། །དུར་ཁྲོད་དབེན་པའི་གནས་སུ་ནི། །སྟེགས་བུ་འདོམ་གང་བརྩིགས་ནས་སུ། །དྲི་ཆེན་གྱིས་ནི་ཞལ་ཞལ་བྱ། །དྲི་ཆུ་ཡིས་ནི་ཆག་ཆག་གདབ། །མཱཾ་ས་ཡི་ནི་གོ་མ་ཡེ། །ཐིག་ཆེན་དག་ནི་བཏབ་ནས་སུ། །དབུས་སུ་དཀྱིལ་འཁོར་གྲུ་གསུམ་ལ། །མུ་ཁྱུད་ཐོད་པའི་ཕྲེང་བས་བསྐོར། །ཕྱི་རིམ་འཁོར་ལོ་རྩིབས་བརྒྱད་ལ། །གྲུ་ཆད་གློ་འབུར་སྒོ་རྣམས་བཅས། །གཞུང་བཞིན་རྫོགས་པར་བྲིས་ནས་ནི། །ཡི་དྭགས་ཀྱི་ནི་གོས་ལ་ཡང་། །ཁྲོ་བོའི་གཟུགས་ནི་བྲིས་ནས་སུ། །སྤྱན་དབྱེ་མཆོད་དང་བྱིན་བརླབས་ནས། །ལྷ་ཕྱག་ལན་བདུན་མགོ་གཏུགས་ལ། །གང་འདོད་པ་ཡི་གསོལ་བ་གདབ། །གྲུ་གསུམ་དབུས་སུ་བཞུགས་སུ་གསོལ། །ཤ་ཆེན་གཏོར་མ་ཆ་གསུམ་བཤམ། །ཚིལ་ཆེན་མེ་མར་ཁ་བརྒྱད་གཏང་། །དམ་རྫས་གཞན་ཡང་ཚོགས་པར་དགྲམ། །ཏིང་འཛིན་དཀྱིལ་འཁོར་བསྐྱེད་པ་དང་། །ཐུགས་དམ་སྐུལ་བ་འདི་སྐད་དོ། །ཏིང་འཛིན་རྣམ་གསུམ་འཕྲོ་འདུ་ལས། །གྲུབ་ནས་ཡི་གེ་ཧཱུཾ་དུ་གྱུར། །ཧཱུྃ་ཆེན་མཐིང་ནག་བྱིན་རླབས་ལས། །འོད་དུ་གསལ་ནས་རྡོ་རྗེ་རྩེ་ལྔར་གྱུར། །རྡོ་རྗེ་རྩེ་ལྔའི་འོད་ཟེར་ལས། །ཡི་གེ་ཡ་ཡི་སྐུ་རུ་གྱུར། །ཡི་གེ་ཡ་


DNG016_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྐུ་བསྐྱེད་པ། །ཁྲོ་བོ་ཆེན་པོ་རྣམ་པར་རྒྱལ། །ཡ་མཱནྟ་ཀ་གཤིན་རྗེའི་གཤེད། །དབུ་གསུམ་པ་ལ་ཕྱག་དྲུག་སྟེ། །གཡས་ནི་དཀར་ལ་གཡོན་ནི་དམར། །དབུས་ནི་སྐུ་དང་མཐུན་པའི་ཞལ། །སྐུ་མདོག་སྟང་ཟིལ་བཅག་འཕྲོ་འདྲ། །ཞལ་བགྲད་རྡོ་རྗེའི་མཆེ་བ་གཙིགས། །སྤྱན་དམར་གློག་སྟོང་འགྱུ་བ་བཞིན། །དབུ་སྐྲ་ཁམ་ནག་གྱེན་དུ་འཁྱིལ། །ཕྱག་དྲུག་གཡས་ཀྱི་དང་པོ་ན། །གསེར་གྱི་རྡོ་རྗེ་རྒྱ་གྲམ་བསྣམས། །བདེ་གཤེགས་རྒྱལ་བའི་ཐུགས་ཀྱི་མཆོག །ཕྱག་དྲུག་གཡས་ཀྱི་བར་མ་ན། །ཁ་ཊྭཱཾ་ག་ཡིས་རྔེའུ་འཁྲོལ། །མ་མོ་མཁའ་འགྲོ་དབང་དུ་སྡུད། །ཕྱག་དྲུག་གཡས་ཀྱི་ཐ་མ་ན། །རྡོ་རྗེ་ལྕགས་ཀྱུ་སྔོན་པོ་བསྣམས། །ཉོན་མོངས་གནས་ནས་འདྲེན་པར་མཛད། །ཕྱག་དྲུག་གཡོན་གྱི་དང་པོ་ན། །དུང་ཆེན་དམར་གྱིས་བཀང་བ་བསྣམས། །ཐུགས་རྗེ་ཆགས་པས་དབང་དུ་སྡུད། །ཕྱག་དྲུག་གཡོན་གྱི་བར་མ་ན། །བ་སུ་ཏ་ཡི་ཞགས་པ་བསྣམས། །དམ་ལས་འདས་པ་འཆིང་བར་མཛོད། །ཕྱག་དྲུག་གཡོན་གྱི་ཐ་མ་ན། །ཞིང་ཆུང་དབྱུག་ཏོ་སྨུག་པོ་བསྣམས། །བདུད་དང་དགྲ་བགེགས་ཟིལ་གྱིས་གནོན། །སྐུ་ཡང་ཆེ་ལ་སྦོམ་ལྡིར་རབ། །གླང་ཆེན་ཀོ་རློན་ན་བཟའ་གསོལ། །སྟག་ལྤགས་བརྗིད་པའི་ཤམ་ཐབས་ཅན། །ཞིང་ཆེན་གཡང་གཞི་ཡ་བ་ཀོར། །ཐོད་པ་སྐམ་རློན་སེ་རལ་ཁ། །སྦྲུལ་ནག་སྟོང་གིས་ལྷུ་ཚིགས་བརྒྱན། །ཞིང་ཆེན་བསྒྲལ་བའི་གདན་སྟེངས་ན། །བརྐྱང་བསྐུམ་ཚུལ་དུ་བརྗིད་པར་བཞུགས། །གཡོན་ན་ཁྲོ་མོ་ཉེར་གནས་མ། །ཟ་བྱེད་ཆེན་མོ་བེ་ཏཱ་ལཱི། །མིག་གསུམ་གདོང་ནི་ཁྲོ་གཉེར་ཅན། །ལུས་ཆེན་མེ་ཆེན་འབར་བ་ལ། །གཟི་ཆེན་རབ་ཏུ་མདངས་ཀྱིས་བལྟ། །གཏུམ་མོ་དུག་ཧྲུལ་གོས་གོན་མ། །གྱེན་དུ་སྐྲ་བརྫེས་གསུས་མོ་ཆེ། །དེ་བཞིན་


DNG016_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

ལག་ན་རྩེ་གསུམ་ཐོགས། །གཟི་ཆེན་རབ་ཏུ་སྡིགས་པར་མཛད། །བདེ་གཤེགས་སྲས་ཀྱི་བཀའ་ནོད་མ། །ཞིང་ཆེན་བསྒྲལ་བའི་གདན་སྟེངས་ན། །བརྐྱང་བསྐུམ་ཚུལ་གྱིས་སྦྱོར་མཛད་མ། །གཡས་ན་སྤྲུལ་པའི་སྐྱེས་བུ་ནི། །སྐུ་མདོག་སྔོ་ནག་འཇིགས་པའི་གཟུགས། །རྔམ་པའི་ཞལ་གདངས་དབུ་སྐྲ་མཛེས། །ཞལ་བགྲད་སྤྱན་ཡང་ཁྲོས་པའི་ཚུལ། །གཡས་ན་བེ་ཅོན་མཚོན་ཆར་འབེབས། །གཡོན་ན་སྡིགས་མཛུབ་མེ་ཆེན་འབར། །དེ་བཞིན་མ་ཧེའི་གདན་ལ་བཞུགས། །གཞན་ཡང་དུར་ཁྲོད་ཆེན་པོ་ཡི། །མེ་དཔུང་འབར་བའི་དཀྱིལ་འཁོར་ནས། །འཁོར་ནི་ཐོགས་མེད་བཙན་ཐབས་ཅན། །ཁྲོ་མོ་ཀཽ་རི་བརྒྱད་ཀྱིས་བསྐོར། །ཕྱི་རིམ་མུ་ཁ་བརྒྱད་ཀྱིས་བསྐོར། །ཐལ་བྱེད་ཆེན་མོ་བཞི་ཡིས་བསྐོར། །དབང་ཕྱུག་མ་ཡི་ཚོགས་ཀྱིས་བསྐོར། །ཡི་དྭགས་ཕལ་ཆེན་དཀྱིལ་འཁོར་འདིར། །གཤེགས་ཤིང་བྱོན་པའི་གནས་ངན་ཡང་། །བསྙེན་བསྒྲུབ་པ་ཡི་ལྷ་ལགས་ཀྱིས། །ཡལ་གམ་ཅན་ལ་བརྩེར་དགོངས་ནས། །གདུག་པ་འདུལ་ཕྱིར་གཤེགས་སུ་གསོལ། །དེ་ནས་མཆོད་ཅིང་བསྙེན་པ་བགྲང་། །མཉམ་པར་བཞག་སྟེ་མི་སྨྲ་བར། །རི་མོ་གཅིག་པོ་ལ་བལྟ་ཞིང་། །མགོ་ནི་རྨ་བྱ་བཞིན་དགུག་སྟེ། །རྩེ་གཅིག་སེམས་ཀྱིས་བཟླས་པ་བྱ། །རུ་རག་ཤ་ཡི་ཕྲེང་བ་བགྲང་། །ཕྱག་མི་བཙལ་ཞིང་ལམ་མི་བཟུར། །མི་སྨྲ་བ་དང་དབང་པོ་བསྡམ། །སེང་ལྡེང་མཁར་བ་རྟག་ཏུ་ཐོགས། །བགྲོད་དཀའི་གནས་སུ་འགྲོ་བར་བྱ། །དེ་ལྟར་བརྟུལ་ཞུགས་ལ་གནས་ནས། །མི་མཐུན་ཕྱོགས་རྣམས་བསྒྲལ་བའི་ཕྱིར། །ཡི་དྭགས་གོས་ནི་སོར་བརྒྱད་ལ། །ར་ཁྱི་ཕག་གི་ཁྲག་དང་ནི། །དུག་དང་ལན་ཚ་སྐེ་ཚེ་དང་། །དྲི་ས་རྗེས་སས་ལིངྒ་བཅས། །སྟེགས་བུ་ལྷོ་ནུབ་ཨེར་བཞག་ལ། །དྲག་པོའི་ལས་རྣམས་བརྩམ་པར་བྱ། །


DNG016_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཡབ་ཡུམ་གྱི་ཡང་སྙིང་རྒྱུན་གྲངས་པའི་བསྙེན་པ་འདི་གསུངས་སོ། །ཨཱོཾ་ཤྲཱི་མཉྫུ་ཡ་མཱནྟ་ཀ་ཨ་ཀྲོ་ཏེ་ཀ་ཏྲཻ་ལོཀྱ་བི་ཛ་ཡ། ཡ་མ་རཱ་ཛ་དེ་བྱི་ཀྲོ་ཏཱི་ཤྭ་རཱི་ཡཀྴ་ཛ་ཛཿ། ཨ་ཀྲ་ཙཀྲ་ས་མ་ཡ་སྟྭཾ། ཨེ་ཀ་ལོ་མོ་ཏི་དྷིང་དྷིང་ཧཱུཾ་ཧཱུཾ་ཕཊ་ཕཊ། དེ་ནས་དྲག་པོ་སྤྲུལ་པ་ལས་ཀྱི་ཐུན་སྔགས་འདི་གསུངས་སོ། །ཨཱོཾ་ཡ་མ་རཱ་ཙ་ས་ཏོ་ཡཾ། ཡ་མ་རཱ་ཙ་མུ་ཏོ་ཡཾ། ཡ་མ་རཱ་ཙ་ཁ་ཏོ་ཁཾ། ཡ་མ་རཱ་ཙ་སྙིང་ཏོ་ཡཾ། ཡ་མ་རཱ་ཙ་དུས་སྡུས། ཡ་མ་རཱ་ཙ་ཆུབ་བྱོ། ཡ་མ་ཏ་ཀ་ཀལ་དུན་བྷྱོ། ཀྲིང་ཀྲིང་རཱ་ཙ་སན། སྙིང་ཤད་ཤད་ནི་ཛ་ཛ། ཀྲིང་ཀྲིང་ཤད་ཤད་ནི་ཛཿ། ནི་མཱ་ར་ཡ། མ་ར་དུ། ཡ་མ་སྙིང་། ཡ་མ་ཁྲག །ཚལ་པ་གམ་རིལ་དམ་པ་དུམ་བུ་ཧཱུཾ་ཕཊ། དེ་ནས་གཤིན་རྗེ་ཕོ་མོ་འཁོར་བཅས་རྦད་པའི་ཟོར་སྔགས་འདི་གསུངས་སོ། །ཨཱོཾ་ས་མ་ཡ་མཉྫུ་ཤྲཱི་མུ་ཏྲ་ཡ་མཱནྟ་ཀ་ཡ་མ་རཱ་ཙ་མ་མ་ཨེ་ཀ་ཛ་ཏཾ་ཛ་ཛ། ཏྲག་རཀྴ་མུ་ཏྲ་སྙིང་ཁ་རག་མོ་བྷྱོ། རག་མོ་ཧེ་ཀ་མི་ཛ་ཛ་ཁལ་མ་ཏཾ་བྷྱོ། ཡ་ཡ་ལོ་ན་རྩིན་དམ་མ་བྷྱོ། སྙིང་ཁ་རག་སྲོག་རྩ་ཁ་བྷྱོ། དེ་ནས་འཇམ་དཔལ་ཚེ་སྒྲུབ་ཀྱི་སྙིང་པོ་འདི་གསུངས་སོ། །ཨཱོཾ་ཨ་ཀྲོ་ཏེ་ཀ་ཨཱ་ཡུཿས་ལ་ཡ་མཱནྟ་ཀ་ཨཱ་ཡུརྒ་ཎ་སིདྡྷི་བྷྲཱུཾ་ཨ། གཤིན་རྗེ་ནག་པོའི་ཏནྟྲ་ལས། ཁྲོ་བོ་རྣམ་པར་རྒྱལ་བའི་སྒྲུབ་པ་སྙིང་པོ་སྔགས་ཀྱི་ལེའུ་སྟེ་ཉི་ཤུ་རྩ་དགུ་པའོ།། །།དེ་ནས་ཡང་མགོན་པོ་གཤིན་རྗེའི་གཤེད་ཀྱིས། དམིགས་པའི་རྟེན་རི་མོའི་མཚན་ཉིད་འདི་གསུངས་སོ། །ལྷ་ཡི་དངོས་གྲུབ་འདོད་པ་ལ། །སྒྲུབ་པའི་རྟེན་དུ་བྱ་བ་ནི། །རིན་ཆེན་ཤིང་ལས་བཞེངས་གསོལ་ལམ། །དོན་ཀུན་སྒྲུབ་པའི་ཀ་པཱ་ལ། །རས་ལ་རི་མོ་བྲི་བའི་མཚན་ཉིད་རྣམས་ངེས་པར་གསུངས་པ་ནི། གསེར་དང་དངུལ་དང་འཁར་བ་ཟངས། །ར་གན་ཨིནྡྲ་ནཱི་ལ་དང་། །མཐིང་བུ་ཤེལ་དང་རིན་ཆེན་ནོར། །རྒྱལ་སྲིད་འདོད་པས་གསེར་ལས་བྱ། །ལོངས་སྤྱོད་འདོད་པས་དངུལ་ལས་བྱ། །ནད་རྣམས་བཤིག་ཕྱིར་འཁར་བར་བྱ། །ཟངས་ནི་ཐམས་ཅད་དབང་དུ་སྡུད། །འདོད་པ་དག་ཀྱང་རབ་ཏུ་སྟེར། །དགྲ་རྣམས་བཤིག་ཕྱིར་ར་གན་ཏེ། །མཆོག་དང་འདོད་པ་སྟེར་བ་ལ། །ཨིནྡྲ་ནཱི་ལ་དག་ལ་བྱ། །ནོར་སྟེར་མཐིང་བུ་ལ་ཡང་བསྒྲག །དྲི་མེད་ཤེལ་ལས་བྱས་པ་ནི། །ཞི་དང་རྒྱས་པའི་མཆོག་རྣམས་སྟེར། །རིན་ཆེན་ས་འོག་དངོས་གྲུབ་སྟེར། །དེ་ཡི་ཚད་རྣམས་བསྟན་པ་ནི། །གསེར་ལ་སོར་ནི་བརྒྱད་པ་སྟེ། །


DNG016_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་དངུལ་ལ་སོར་བཅུ་ཚད། །འཁར་བ་སོར་ནི་བཅུ་དྲུག་པའོ། །ཟངས་དང་ར་གན་ཉི་ཤུའོ། །བཅུ་དྲུག་པ་ནི་ཨིནྡྲ་ནཱི་ལའོ། །མཐིང་བུ་སོར་ནི་བརྒྱད་པ་སྟེ། །ཤེལ་ལ་སོར་ནི་བཅུ་གཉིས་སོ། །རིན་ཆེན་སོར་ནི་བརྒྱད་པ་སྟེ། །མཆོད་ན་འདོད་པ་ཀུན་སྟེར་རོ། །ཡང་ན་ཤིང་ལས་བྱས་པ་སྟེ། །རིག་འཛིན་ཀུན་གྱི་མཆོག་འདོད་ན། །ཙནྡན་ཤིང་ལས་བྱས་པ་སྟེ། །སོར་ནི་ཉི་ཤུའི་ཚད་དུ་བྱ། །ཙམ་པ་ཀ་ཡི་རྩ་བ་ལ། །སོར་ནི་བཅུ་བཞིའི་ཚད་དུ་བྱ། །བདེ་བ་ཕུན་སུམ་ཚོགས་པ་འགྲུབ། །ཨ་ཤོ་ཀ་ཡི་སྙིང་པོ་ལ། །སོར་ལྔ་ཚད་དུ་བྱས་པ་ནི། །ཐམས་ཅད་ཀུན་ལ་དབང་བྱེད་པས། །དེ་བཞིན་ཨ་ཤྭཏྠ་ཡི་ཤིང་དག་ལས། །སོར་དྲུག་ཚད་དུ་བྱས་པ་ནི། །ལྷ་མིན་ཀུན་ཡང་འགུགས་པར་བྱེད། །ནཱ་ག་གེ་སར་དག་ལས་ནི། །སོར་བདུན་ཚད་དུ་བྱས་པ་ནི། །ནད་འཇིག་དགྲ་རྣམས་རྨོངས་པར་བྱེད། །མི་ཡི་ཐོད་པ་དག་ལ་ནི། །སོར་ནི་བཅུ་གཉིས་ཚད་བྱས་ན། །རིང་བོར་མི་ཐོགས་ཅི་འདོད་སྟེར། །མི་ཐོད་དག་ལས་བྱས་ནས་ནི། །སྔགས་བསྙེན་གུད་དུ་མ་བྱས་ཏེ། །མཆོད་པ་འབའ་ཞིག་བྱས་གྱུར་ཀྱང་། །དགོས་པའི་དོན་རྣམས་འགྲུབ་པར་བྱེད། །ཡང་ན་དང་པོར་རི་མོ་མཆོག །དངོས་གྲུབ་འདོད་པས་བྲི་བ་ཡང་། །མི་རོས་བགོས་པའི་རས་དག་ནི། །མཁས་པས་ཁྲུ་གང་ཚད་དགའ་ལ། །མི་ཡི་རོ་སྐྲ་ཉིད་དག་གི། །པིར་གྱིས་ལེགས་པར་བྲི་བར་བྱ། །ཚོན་གྱི་ཁ་དོག་ཀུན་མེད་པར། །རི་བོང་ཁྲག་གིས་བྲི་ཡང་རུང་། །དབུ་དགུ་ཕྱག་ནི་བཅོ་བརྒྱད་དམ། །དབུ་དྲུག་ཕྱག་ནི་བཅུ་གཉིས་དང་། །དབུ་གསུམ་ཕྱག་ནི་དྲུག་པ་སྟེ། །དེ་བཞིན་ཞལ་གཅིག་ཕྱག་གཉིས་སམ། །རང་ཉིད་གང་འདོད་གཞུང་བཞིན་བྲི། །བྲིས་ནས་མེ་ཏོག་དམར་པོ་དང་། །མཆོད་པ་དག་གིས་ཆེར་མཆོད་ལ། །སྒྲུབ་པའི་རྟེན་དུ་དགྲམ་པར་བྱ། །གཞན་གྱིས་མཐོང་ན་དངོས་གྲུབ་ཡལ། །འཇམ་དཔལ་གཤིན་རྗེ་ནག་པོའི་ཏནྟྲ་ལས། རི་མོའི་མཚན་ཉིད་བསྟན་པའི་ལེའུ་སྟེ་སུམ་ཅུ་ཐམ་པའོ།། །།དེ་ནས་མགོན་པོ་གཤིན་རྗེའི་གཤེད་པོ་ལ། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས། དུས་གསུམ་གྱི་སངས་རྒྱས་ཀྱི་ཐུགས་ཡེ་ཤེས་ཀྱི་ངོ་བོའི་སྐུའི་བདག་ཉིད་ཡིན་ཏེ་སངས་རྒྱས་ཀྱི་བསྟན་པ་ལ་གནོད་པའི་བདུད་དང་མུ་སྟེགས་དང་སྲིན་པོ་དང་གཤིན་རྗེ་དང་ཡི་དྭགས་དང་ཤ་ཟ་དང་མ་མོ་


DNG016_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

དང་དགྲ་དང་བགེགས་ལ་སོགས་པ་ཐམས་ཅད་འདུལ་ཞིང་ཚར་གཅོད་པའི་གཤིན་རྗེའི་གཤེད་པོར་རྡོ་རྗེའི་མིང་གིས་དབང་བསྐུར་གནང་བ་སྩལ། བསྔགས་པ་མཛད་ནས། ལྔ་བརྒྱ་དུས་ཀྱི་སྙིགས་མ་ལ་བསྟན་པ་གཉན་པོ་སྲུང་བར་བསྐོས། དེ་ནས་གཤིན་རྗེ་དང་མ་མོའི་འཁོར་ཚོགས་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་བསྟོད་ཅིང་ཕྱག་འཚལ་ཏེ་འདི་སྐད་ཅེས་ཟེར་ཏོ། །མི་གནས་མི་དམིགས་ཆོས་སྐུར་དག་པ་ལས། །བདུད་འདུལ་ཁྲོ་བོ་མཆོག་ཏུ་སྐུར་སྤྲུལ་ཏེ། །ཐུགས་རྗེའི་གཟི་ལྡན་གདུག་པ་ཐབས་ཀྱིས་འདུལ། །ཁྲོ་རྒྱལ་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ། །མཉམ་མེད་སྐུ་མངའ་གཏུམ་ཆེན་འབར་བའི་སྐུ། །དུག་གསུམ་ཟ་བྱེད་བསྐལ་པའི་མེ་ལྟར་འབར། །མ་ལུས་འཇོམས་མཛད་ཁྲོ་བོ་བགེགས་ཀྱི་གཙོ། །མཐར་བྱེད་གཞོན་ནུ་ཁྱོད་ལ་ཕྱག་འཚལ་ལོ། །ལྷག་པའི་ཡེ་ཤེས་སྤྱན་གསུམ་རྣམ་པར་དག །ཐུགས་རྗེའི་སྤྱན་ལྡན་ཁྲོ་བས་རབ་བསྡིགས་མཛད། །མ་རུངས་འཇོམས་མཛད་ཁྲོ་བོ་དུས་དགྲའི་གཤེད། །མཉམ་ཉིད་ཡེ་ཤེས་སྤྱན་ལ་ཕྱག་འཚལ་བསྟོད། །ཁྲོ་མཆོག་ཡེ་ཤེས་ཐབས་ཀྱི་སྐུ་མངའ་བས། །དཔག་བསམ་ཤིང་ལྟར་རེ་བ་སྐོང་མཛད་པ། །མཆོད་པས་སྡིག་བྱང་མཐོང་ན་བདེ་འཐོབ་པ། །འདོད་པ་མ་ལུས་སྩོལ་ལ་ཕྱག་འཚལ་ལོ། །ཁྲོ་གཏུམ་མི་བཟད་རྩུབ་པའི་སྒྲ་ལྡན་པ། །ཁྱོད་ཀྱི་མཚན་ཐོས་ཙམ་གྱིས་བགེགས་རྣམས་ཕུང་། །འབར་བའི་སྐུ་མཐོང་གསུང་སྒྲ་ཐོས་པ་ཡིས། །དགྲ་བགེགས་མིང་བརླག་མཛད་ལ་ཕྱག་འཚལ་ལོ། །ཁྲོ་བོའི་རྒྱལ་པོ་ཁྲོ་ཆེན་གཤིན་རྗེ་གཤེད། །བརྗིད་པའི་སྐུ་ལ་སྟག་ལྤགས་ན་བཟའ་གསོལ། །མཐུ་མཆོག་བསྟན་པའི་སྦྲུལ་ནག་སྐུ་ལ་བཅིངས། །འཇིགས་བྱེད་མཐའ་ཡས་སྒྲོལ་ལ་ཕྱག་འཚལ་ལོ། །འོད་ཕུང་སྟུག་པོ་བསྐལ་པའི་མེ་དཔུང་འབར། །ཡེ་ཤེས་འོད་འཕྲོ་གཏི་མུག་འཇོམས་པའི་སྐུ། །སྟོང་ཁམས་དབང་དུ་སྡུད་ལ་ཕྱག་འཚལ་ལོ། །བྱང་ཆུབ་ཕྱོགས་ཀྱི་ཆོས་རབ་རིན་ཆེན་དག །ཁྲོ་བོའི་དབུ་རྒྱན་ཐོད་ཕྲེང་ཅོད་པན་མཛེས། །འདོད་ཁམས་དབང་དུ་སྡུད་ལ་ཕྱག་འཚལ་ལོ། །ཡེ་ཤེས་མཁའ་འགྲོ་སྔོན་པོའི་མདོག་ཏུ་གྱུར། །སྐུ་མདོག་སྔོ་ནག་དབྱར་གྱི་སྤྲིན་ལྟ་བུ། །དུག་གསུམ་མུན་ཁང་འཇོམས་པར་དམ་བཅས་པ། །དྲི་མེད་ཡེ་ཤེས་མཆེ་བ་དཀར་པོ་གཙིགས། །མ་རུངས་སྡིགས་པའི་མཛུབ་མོ་བསྒྲེངས་བྱས་ཤིང་། །ཐབས་ཀྱི་ཞགས་


DNG016_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

པས་འགྲོ་བ་མ་ལུས་འདྲེན། །མཚུངས་མེད་ཐུགས་རྗེ་ཆེ་ལ་ཕྱག་འཚལ་ལོ། །འདི་དང་ཕ་རོལ་གཉིས་ཀར་བདེ་འཚལ་ན། །ལྷ་མཆོག་ཁྱོད་ལྟ་རྟེན་ནི་གཞན་མི་བཞུགས། །ཡུན་གྱི་ལྷར་ཀྱང་ཁྱོད་ལ་གསོལ་འདེབས་ན། །རི་རབ་གསེར་གྱི་ངོས་ལ་བྱ་གནས་པ། །བྱ་ཡི་རང་བཞིན་བོར་ནས་གསེར་དུ་སྣང་། །ཐམས་ཅད་ཁྱོད་ཀྱི་སྐུར་ནི་མོས་བསྐྱེད་པས། །སོ་སོའི་རང་བཞིན་བོར་ནས་ཁྲོ་བོར་གསལ། །མི་ཕྱེད་དད་པ་མཆོག་གིས་ཕྱག་འཚལ་ལོ། །ཡིད་བཞིན་རིན་ཆེན་མཆོག་ཏུ་འབར་འདྲ་བ། །ཁྱོད་ཀྱི་སྐུ་མཐོང་རིམ་གྲོ་བགྱིད་འཚལ་ནི། །བདག་ཅག་འཁོར་དང་འབངས་སུ་གཏོགས་པ་རྣམས། །སྨན་པའི་དོན་རྣམས་ཕུན་སུམ་ཚོགས་པར་སྩོལ། །ཁྲོ་བོའི་རྒྱལ་པོ་དྲི་མེད་ཡེ་ཤེས་སྐུ། །རབ་ཏུ་མི་བཟད་ཁྲོ་བོའི་གཟིར་སྣང་བ། །ཆོས་ཉིད་མཉམ་པའི་ངང་ལས་མི་གཡོ་བར། །ཐུགས་རྗེའི་ཚུལ་གྱིས་ཁྲོ་ལ་ཕྱག་འཚལ་ལོ། །ནང་གི་ཆོས་ཉིད་དག་པའི་ཚུལ་སྦྱངས་ཤིང་། །ཕྱི་རོལ་དམ་རྫས་གཅེས་པར་མ་བགྱིས་ཏེ། །རྡོས་པོའི་དངོས་འདི་འཕགས་ལ་མི་གཅེས་ཀྱང་། །བདག་ཅག་ལུས་རྣམས་འཕགས་ལ་ཡོན་ཕུལ་ན། །གཉིས་མེད་དོན་གྱི་མཆོད་པར་བཞེས་སུ་གསོལ། །བདག་ཅག་རིགས་རྒྱུད་འཁོར་དུ་རྟོགས་རྣམས་ཀྱིས། །ལུས་ངག་ཡིད་གསུམ་དད་པས་ཕྱག་འཚལ་ལོ། །དད་པ་རབ་ཀྱིས་འཕགས་མགོན་མི་གཏོང་ན། །འགྲོ་ལ་ཕན་ཕྱིར་ཁྲོ་རྒྱལ་ཁྱོད་བསྒོམ་ན། །མི་མཐུན་ཕྱོགས་རྣམས་རྡུལ་དུ་བརླག་ཏུ་གསོལ། །ཞེས་ཀུན་གྱིས་བསྟོད་ཅིང་ཕྱག་འཚལ་ལོ། །གཤིན་རྗེ་ནག་པོའི་ཏནྟྲ་ལས། འཁོར་གྱིས་བསྟོད་པའི་ལེའུ་སྟེ་སུམ་ཅུ་རྩ་གཅིག་པའོ།། །།དེ་ནས་གཤིན་རྗེ་དང་མ་མོ་དང་མཁའ་འགྲོ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་སྨྲས་པ། བདག་རྣམས་དུས་རྣམས་ཐམས་ཅད་དུ། མགོན་པོ་གཤིན་རྗེའི་གཤེད་ཀྱི་བཀའ་དང་དམ་ལས་མི་འདའ་ཞིང་། བཀའ་ཅི་སྩལ་པ་བགྱིད་དོ། །གལ་ཏེ་དམ་བཅས་པ་ལྟར་མ་བགྱིས་ན། མགོན་པོ་ཉིད་ཀྱིས་བདག་ཅག་རྣམས་མངོན་དུ་བསྒྲལ་ཏེ། སྙིང་འགས་པར་གྱུར་ཅིག་པར་དམ་བཅས་སོ། །དེ་ནས་འཁོར་ཐམས་ཅད་ཀྱིས་ཀྱང་དེ་བཞིན་དུ་དམ་བཅས་ནས་སོ་སོ་རང་རང་གི་གནས་སུ་དོང་ངོ་། །འཇམ་དཔལ་གཤིན་རྗེ་ནག་པོའི་རྒྱུད་ལས། ཞབས་ཀྱི་དོན་བསྡུས་པ་དམ་བཅས་པའི་ལེའུ་སྟེ་སུམ་ཅུ་རྩ་གཉིས་པའོ།། །།གཤིན་རྗེ་ནག་པོའི་རྒྱུད་ལས་སློབ་དཔོན་ཆེན་པོ་མ་ཧཱ་ནེ་པི་ཀུ་ཏ་པ་ཏས་བསྒྱུར་བ་རྫོགས་སོ།། །།

འཕགས་པ་འཇམ་དཔལ་གསང་བའི་རྒྱུད་ཀྱི་རྒྱལ་པོ། པྲ་ཁོག་སྣང་གི་བརྟག་པ་ཕྱི་མའི་རྒྱལ་པོ་སྒྲུབ་པའི་ལུང་། ཁྲོ་བོ་རྣམ་པར་རྒྱལ་བའི་རྒྱུད་ཕྱི་མའི་ཡང་ཕྱི་མ་ཞེས་བྱ་བ།


DNG016_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱརྻ་མཉྫུ་ཤྲཱི་གུ་ཧྱ་ཏནྟྲ་རཱ་ཛ་ཤ་བ་ཀ་ཏ་ནྭཱ་བྷ་ས་ཀལྤ་པཤྩི་མ་རཱ་ཛ་སཱ་དྷ་ཀཱ྅་ག་མ་ཀྲོ་དྷ་བི་ཛ་ཡ་ཏནྟྲ་པཤྩི་མཱ་པི་པཤྩི་མ་ནཱ་མ། བོད་སྐད་དུ། འཕགས་པ་འཇམ་དཔལ་གསང་བའི་རྒྱུད་ཀྱི་རྒྱལ་པོ། པྲ་ཁོག་སྣང་གི་བརྟག་པ་ཕྱི་མའི་རྒྱལ་པོ་སྒྲུབ་པའི་ལུང་། ཁྲོ་བོ་རྣམ་པར་རྒྱལ་བའི་རྒྱུད་ཕྱི་མའི་ཡང་ཕྱི་མ་ཞེས་བྱ་བ། བཅོམ་ལྡན་འདས་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ། །འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །དེ་ནས་འཇམ་དཔལ་དབྱངས་ཀྱིས་ནི། །ཁྲོ་བོ་མིང་ནི་གཤིན་རྗེའི་གཤེད། །མཚོན་ཆ་མེ་ལྟར་འབར་བས་འཁྲིགས། །དྲག་ལ་མཐུ་རྩལ་དྲག་ལྡན་པ། །དེ་མཐོང་ནས་ནི་ཁྲོ་བོ་གཞན། །ཐམས་ཅད་ཀུན་གྱིས་ལག་ཆ་ཤོར། །དེ་བཞིན་དུ་ནི་འཇིག་རྟེན་པ། །ལྷ་རྣམས་ལུས་ཀྱིས་འདུད་པར་བྱེད། །གཞན་ཡང་ཐལ་མོ་སྦྱར་བྱས་ཏེ། །སྐྲག་ནས་བསྟོད་པ་མང་པོ་བྱེད། །ལྷ་རྣམས་མང་པོ་ཇི་སྙེད་ཀུན། །འཇམ་དཔལ་ཁྲོ་བོའི་གཟི་བརྗིད་ཀྱིས། །གཟིར་བཞིན་དུ་ནི་རབ་སྨྲས་པ། །བཅོམ་ལྡན་མགོན་པོ་བདག་ཅག་གིས། །སངས་རྒྱས་ཆོས་དང་དགེ་འདུན་ལ། །སྐྱབས་སུ་མཆི་ཡིས་བཀའ་སྩོལ་ཅིག །རབ་ཏུ་མི་བཟད་འཇིགས་པའི་སྐུ། །གཟི་བརྗིད་འབར་བས་ཕྱོགས་ཁྱབ་པོ། །ཁམས་གསུམ་འཁྲུག་པར་མཛད་པ་མཐོང་། །གང་ཚེ་ལྷ་དང་ལྷ་མིན་རྣམས། །སྐྲག་ནས་སྐྱབས་སུ་དོང་བ་ན། །དེ་ཚེ་འཇམ་དཔལ་དབྱངས་ཀྱིས་ནི། །ཁྲོ་བོ་སླར་ཡང་ཞི་བར་གྱུར། །གཤིན་རྗེའི་གཤེད་ཅེས་བྱ་བ་ཡང་། །ཁྲོ་བོ་ཆེན་པོ་ཞི་བ་ལ། །དེ་ནས་སྐྱབས་སུ་དོང་བ་ཡི། །ལྷ་རྣམས་ཀུན་གྱིས་རབ་སྨྲས་པ། །ཁྱོད་ཀྱི་བརྩོན་འགྲུས་མཆོག་འཚལ་བ། །ཇི་ལྟ་བུར་ནི་ངེས་པར་བགྱི། །ཇི་ལྟ་བུར་ནི་དང་བར་འགྱུར། །བདག་ཅག་ཐེ་ཚོམ་ཆེན་པོ་སྐྱེས། །ཁྲོ་བོས་ལྷ་རྣམས་ཚིག་གསན་ནས། །གཤིན་རྗེ་གཤེད་ཀྱིས་བཀའ་སྩལ་པ། །ང་ནི་དུས་གསུམ་སྔོན་དུ་བྱུང་། །སངས་རྒྱས་ཀུན་གྱི་སྔོན་དུ་བྱུང་། །


DNG016_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

ང་ནི་དུས་གསུམ་ཕྱིས་ཀྱང་འབྱུང་། །ང་ནི་དུས་གསུམ་ད་ལྟར་བྱུང་། །ང་ནི་ལྔ་བརྒྱ་ཐ་མའི་ཚེ། །ང་ཡི་བསྟན་པ་འབྱུང་བར་བྱེད། །བསྟན་པ་ཐམས་ཅད་ནུབ་པའི་ཚེ། །ང་ཡི་བསྟན་པ་འབྱུང་བར་བྱེད། །ལས་ངན་མཚམས་མེད་བྱེད་པའི་ཚེ། །དེ་ཚེ་ང་ཡི་བསྟན་པ་འབྱུང་། །ཟས་ངན་ལྕི་བ་ཟ་བའི་ཚེ། །དེ་ཚེ་ང་ཡི་བསྟན་པ་འབྱུང་། །གོས་ངན་དུག་ཧྲུལ་གོན་པའི་ཚེ། །དེ་ཚེ་ང་ཡི་བསྟན་པ་འབྱུང་། །ང་ནི་དུས་གསུམ་འབྱུང་བའི་སྐུ། །བསྟན་པ་ཐམས་ཅད་ནུབ་པའི་ཚེ། །དེ་ཚེ་ང་ཡི་བསྟན་པ་འབྱུང་། །ཇི་ལྟ་བུར་ནི་ཞིར་འགྱུར་ཡང་། །ང་ནི་ཐམས་ཅད་ཞི་བའི་སྐུ། །ཇི་ལྟ་བུར་ནི་ཁྲོས་གྱུར་ཀྱང་། །ཐམས་ཅད་ཁྲོས་པ་ང་ཡི་སྐུ། །ལྷ་རྣམས་ཐམས་ཅད་ཁྱོད་ཉོན་ཅིག །གཟི་བརྗིད་ཆེན་པོ་ཁྱོད་རྣམས་ཀུན། །གང་ཚེ་གསུམ་ལ་སྐྱབས་སོང་བ། །དེའི་ཚེ་ང་ཡི་མི་བཟད་པ། །ཁྲོ་བོ་ཡིད་ལ་གནས་པར་གྱིས། །དཀོན་མཆོག་གསུམ་ལ་གནས་པ་དང་། །དེ་ཡི་བཀའ་ཡང་བསྐྱང་བ་དང་། །སེམས་ཅན་ཀུན་ལ་སྙིང་བརྩེའི་ཕྱིར། །ང་ཡི་ཡིད་ནི་ཞི་འགྱུར་གྱིས། །ཁྱེད་རྣམས་སྐྱབས་སུ་དོང་བ་དང་། །བྱང་ཆུབ་སེམས་དང་ལྡན་པ་ཡིས། །ཐམས་ཅད་དོན་ནི་བསྒྲུབ་པའི་མཆོག །ཡི་གེ་འབྲུ་ནི་བཅུ་བདུན་པའོ། །དེ་ཡི་སྙིང་པོ་ཡིད་ལས་ཕྱུང་། །ལྷ་རྣམས་ཀུན་གྱིས་གཟུང་བར་གྱིས། །གཤིན་རྗེའི་གཤེད་པོ་བདག་ཉིད་ཀྱི། །སྙིང་པོ་རབ་ཏུ་གསུངས་པ་ནི། །དེ་ནས་ས་ཡང་གཡོས་པར་འགྱུར། །རྒྱ་མཚོ་ཡང་ནི་རབ་ཏུ་འཁྲུགས། །གནོད་སྦྱིན་དང་ནི་སྲིན་པོ་དང་། །ཤ་ཟ་ལ་སོགས་ཕུང་བར་གྱུར། །ལྷ་རྣམས་ཀུན་གྱིས་ཕྱག་འཚལ་ཞིང་། །ཡན་ལག་ཀུན་ནས་བ་སྤུ་ལངས། །གཤིན་རྗེའི་གཤེད་པོ་ཁྲོ་བོ་ཡི། །གཙོ་བོའི་སྙིང་པོ་དེ་གཟུང་ངོ་། །དེ་ནས་དམ་ཆོས་བསྲུང་བའི་ཕྱིར། །ཁྲོ་བོ་རྣམ་པར་རྒྱལ་བ་ཡི། །རྟོག་པ་འདི་ནི་དེ་དག་ལ། །གཤིན་རྗེའི་གཤེད་ཀྱིས་རྒྱས་པར་གསུངས། །དེ་ནས་ཁྲོ་བོ་རྣམ་རྒྱལ་གྱི། །རྟོག་པ་ཁྲོ་བོ་ཉིད་ཀྱིས་གསུངས། །སྙིང་རྗེ་བྱང་ཆུབ་


DNG016_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ལྡན་པའི། །ལྷ་རྣམས་ཀྱིས་ཐོས་དགར་གྱུར་ནས། །དཀོན་མཆོག་གསུམ་ནི་བསྲུང་བའི་ཕྱིར། །སོ་སོ་ཡི་ནི་རྟོག་པ་བཤད། །དེ་དག་གི་ནི་རྩ་བའི་རྒྱུད། །ཁྲོ་བོ་ཉིད་ཀྱིས་རབ་གསུངས་པ། །ཁྲོ་བོ་རྣམ་རྒྱལ་ཞེས་བྱ་འདི། །འཇིག་རྟེན་འདས་དང་འཇིག་རྟེན་པས། །སྔོན་དུ་ཕྱག་བྱས་ཁྲོ་བོ་ཡི། །ཞལ་ནས་ཇི་བཞིན་ཐོས་ནས་ཀྱང་། །ཁྲོ་བོ་ཉིད་ཀྱིས་གསུངས་པ་ཡི། །རྒྱུད་འདི་བྱང་ཆུབ་སེམས་རྣམས་ཀྱིས། །སྙིང་རྗེ་དེ་བཞིན་རྒྱས་པ་དང་། །རྣམ་པ་མང་པོར་བྱིན་གྱིས་བརླབས། །འཇམ་དཔལ་གྱི་རྩ་བའི་རྟོག་པ་ཁྲོ་བོ་རྣམ་པར་རྒྱལ་བའི་རྒྱུད་འབྱུང་བ་ཞེས་བྱ་བའི་སྐབས་ཏེ་ལེའུ་དང་པོའོ།། །།དེ་ནས་ཁྲོ་བོ་རྣམ་པར་རྒྱལ། །འཇམ་དཔལ་ཁྲོ་བོས་བཤད་པ་ཡི། །རྟོག་པ་རྨད་དུ་བྱུང་བའི་མཆོག །མདོར་ནི་རབ་ཏུ་བཤད་པར་བྱ། །དེ་ལ་འདི་ཡི་དཀྱིལ་འཁོར་ནི། །དངོས་གྲུབ་ཐམས་ཅད་སྦྱིན་མཛད་པའི། །འཇིག་རྟེན་གསུམ་པོ་འཁྲུགས་པར་མཛད། །ཡི་དྭགས་མང་པོ་ཞེས་བྱའོ། །ཐམས་ཅད་དུ་ནི་དཀྱིལ་འཁོར་འདི། །གནས་འདི་གང་དུ་འགྲུབ་འགྱུར་བ། །སྔགས་པས་ཐོག་མ་ཉིད་དུ་ནི། །དེ་ཡི་གནས་ནི་བརྟག་པར་བྱ། །ཤིང་གཅིག་པའམ་དུར་ཁྲོད་དམ། །ཁྱིམ་སྟོང་དང་ནི་བཞི་མདོ་དང་། །མཆོད་རྟེན་དང་ནི་མུ་གཉིས་དང་། །ཐིབས་པོ་སྟོང་པ་ལམ་སྲང་རྙིང་། །སྐྱེད་མོས་ཚལ་དང་རི་ཡི་རྩེ། །ཆུ་བོའི་འགྲམ་དང་རི་ནགས་ཚལ། །ཡང་ན་རྒྱ་མཚོའི་འགྲམ་དང་ནི། །ལྷ་ཆེན་གྱི་ནི་གནས་ཀྱང་རུང་། །བ་ལང་ལྷས་སམ་གཡུལ་གྱི་ས། །ཁྱད་པར་དུ་ནི་ཡུལ་གཙང་བར། །གང་དུ་ཡིད་ནི་དགའ་བར་ཡང་། །དེར་ནི་དཀྱིལ་འཁོར་རབ་ཏུ་བྱ། །དེ་ནས་རིག་འཛིན་ནན་ཏན་གྱིས། །ས་ནི་ཡང་དག་སྦྱངས་བྱས་ཏེ། །བ་ཚྭ་མེད་ཅིང་མ་གས་པ། །མཉམ་ཞིང་ཟུག་རྔུ་མེད་པ་ལ། །ནུབ་དང་ཤར་ཡང་བྱང་གི་མཐོ་བ་དང་། །ཁ་དོག་སྣུམ་པ་ལྷག་པར་བཟང་། །བ་ལས་བྱུང་བ་རྣམ་ལྔ་དང་། །ལྡན་པ་ཡི་ནི་ལྕི་བས་བྱུག །ཅི་རིགས་པར་ནི་བྱུགས་ནས་ཀྱང་། །


DNG016_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་གྱིས་ནི་ཁྲུས་བྱས་ལ། །རྨྱུང་བར་འདུག་སྟེ་མཉམ་བཞག་ནས། །ཁྲོ་བོའི་བསྲུང་བས་བྱིན་གྱིས་བརླབ། །ཡི་དྭགས་ཕལ་ཆེན་ཞེས་བྱ་བའི། །དཀྱིལ་འཁོར་གསང་མཆོག་ནུབ་མོ་བྲི། །ཟར་མའི་རས་སམ་རས་བལ་ལ། །ཐིག་སྐུད་སུམ་སྒྲིལ་མཛེས་པ་ཡི། །གྲྭ་བཞིའི་ས་དང་སྒོ་བཞི་པར། །མཁས་པས་དཀྱིལ་འཁོར་ཐིག་གདབ་སྟེ། །ཐོག་མར་ཤར་དང་བྱང་ནས་ནི། །ལྷོ་དང་ནུབ་ཀྱི་བར་དུའོ། །ཐིག་སྐུད་དེ་ནི་ཕྱོགས་མཚམས་ནས། །དེ་ནས་ཀྱང་ནི་དྲང་བར་བྱ། །ཤར་དང་ལྷོ་ཡི་མཚམས་དང་ནི། །ནུབ་དང་བྱང་གི་མཚམས་དག་ཏུ། །ཐིག་གིས་རབ་ཏུ་ཚད་བྱས་ཏེ། །གྲུ་བཞིའི་བར་ནི་ཐིག་གདབ་པོ། །རིམ་པ་གཅིག་པ་མཛེས་པ་ལ། །སྒོ་བཞི་དག་གིས་མཛེས་པར་བྱ། །ལྷོ་ཕྱོགས་ཀྱི་ནི་སྒོ་ཕྱེ་ལ། །ལྷག་མ་རྣམས་ནི་གཅད་པར་བྱ། །དཀྱིལ་འཁོར་དང་ནི་འཚམ་པ་ཡི། །དབུས་སུ་པདྨ་བྲི་བར་བྱ། །པདྨ་དང་ནི་ཕྱོགས་བཞིའི་སྒོ། །ཐེ་ཚོམ་མེད་པར་མཉམ་པར་བྱ། །མཛེས་བྱེད་སྒོ་ཡི་ཕྱེད་དུ་བྱ། །འགྲམ་པ་འདབ་མའི་ཚད་དུ་མཉམ། །ཉེ་བ་འདི་ནི་མཛེས་བྱེད་ཀྱང་། །མཛེས་བྱེད་དང་ནི་འདྲ་བར་བྱ། །ཆོ་ག་བཞིན་དུ་དཀྱིལ་འཁོར་དེ། །ཀུན་ཏུ་ཐིག་ནི་བཏབ་ནས་ཀྱང་། །ཕྱི་ནས་ཚུལ་བཞིན་རིག་འཛིན་གྱིས། །དུར་ཁྲོད་ཐལ་བས་བྲི་བ་ནི། །རྟག་ཏུ་ཤར་བྱང་ལ་སོགས་པའི། །གྲྭ་ཡི་ནང་ནི་དེ་དག་ཏུ། །མཁས་པས་བེ་ཅོན་ཕྱག་རྒྱ་བྲི། །ཕྱོགས་ཀྱི་སྒོར་ནི་ཡི་དྭགས་བཞག །གཞན་ཡང་ཡི་དྭགས་ལྔ་པ་ནི། །པདྨའི་སྟེང་དུ་བསམ་པར་བྱ། །དེ་བཞིན་ཕྱི་སྒོའི་ནང་དག་དང་། །ཕྱོགས་རྣམས་དེ་དག་ཐམས་ཅད་དུ། །མི་རོ་མགོ་མེད་ཡི་དྭགས་རྣམས། །དུར་ཁྲོད་ཐལ་བས་དངར་ཏེ་བྲི། །དེ་ཕྱིར་ཡི་དྭགས་ཕལ་ཆེན་ཡིན། །ཁྲུ་གང་ལ་སོགས་རིམ་པ་ནས། །ཁྲུ་བརྒྱད་པ་ཡི་བར་དུ་སྟེ། །དེ་ལས་ལྷག་པར་ཡང་མི་བྲི། །རྟག་ཏུ་བདག་ཉིད་མཆོད་པ་ནི། །ཁྲུ་གང་བར་ནི་བྲི་བར་བྱ། །ཞི་བ་དང་ནི་རྒྱས་པ་དང་། །མི་རྒྱལ་སྒྲུབ་པ་ཁྲུ་དོར་བསྟན། །སེམས་ཅན་ཀུན་ནི་བསྐྲད་པ་


DNG016_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །དེ་བཞིན་གཞིག་ལ་ཁྲུ་གསུམ་པ། །ཁྲུ་བཞི་དབང་དང་དགུག་པ་ཡི། །ལས་རྣམས་ཀྱི་ནི་མཆོག་ཏུ་གསུངས། །ཁྲུ་ལྔ་ནད་དང་མི་ནད་དང་། །དགྲ་རྣམས་མེད་པར་བསད་པའི་མཆོག །ཁྲུ་དྲུག་བགེགས་རྣམས་ཐམས་ཅད་དང་། །གདོན་རྣམས་ངེས་པར་ཟློག་པར་བྱེད། །ཁྲུ་བདུན་པས་ནི་ལྷ་ཡི་རྣམས། །དབང་དང་དགུག་པའི་ལས་རྣམས་བྱེད། །ཁྲུ་བརྒྱད་པས་ནི་དངོས་གྲུབ་ཀུན། །སྨིན་བྱེད་མཆོག་ཏུ་ཤིས་པར་བྱ། །དེ་ལྟར་ཅི་རིགས་བྲིས་ནས་ནི། །དེ་ནས་གཙང་མས་ཉེ་རེག་བྱ། །ཆུ་ཡི་ཕྱིར་ནི་ཆུ་ཡི་སྣོད། །ཆུས་ནི་རབ་ཏུ་དགང་བར་བྱ། །དེ་བཞིན་མེ་ཏོག་དོན་དུ་ཡང་། །མེ་ཏོག་སྡུག་གུ་དྲི་ཞིམ་དང་། །མེ་ཏོག་ཕྲེང་བ་སྣོད་མཆོག་གཞན། །ལེགས་པར་དགང་ཞིང་མཛེས་པར་བྱ། །དྲི་ཡི་དོན་དུ་ཙནྡན་མཆོག །ཙནྡན་དཀར་པོ་དམར་པོ་བླང་། །ཨ་ག་རུ་དང་སྦྱར་བ་ཡི། །གུ་གུལ་བདུག་པའང་དེ་བཞིན་ནོ། །མར་གྱི་མེ་ཡི་མར་མེ་དང་། །མཁས་པས་སྙིང་པོ་འཇམ་པའོ། །དྲག་པོ་ཡི་ནི་ལས་དག་ལ། །ཚིལ་ཆེན་གྱིས་ནི་བྱ་བར་བཤད། །གཏོར་མ་ཉ་དང་ཤ་ལ་སོགས། །སྦྱར་དུག་ལ་སོགས་ལྷག་པར་དབུལ། །དེ་ལྟར་ཚོགས་རྣམས་བསགས་ནས་ནི། །དེ་ནས་རིག་སྔགས་འཆང་བ་ཡིས། །སངས་རྒྱས་ཀུན་ལ་ཕྱག་བྱས་ཏེ། །བྱང་ཆུབ་སེམས་ལ་དམིགས་ནས་ནི། །རི་མོ་ཡི་ནི་ལས་རྣམ་དག །གལ་ཏེ་འདྲི་བར་མ་ནུས་ན། །ཡི་དྭགས་ཕལ་ཆེན་དབུས་དག་ཏུ། །པདྨ་སྔར་བྲིས་གང་ཡིན་པ། །དེ་ཡི་སྟེང་དུ་ཡི་དྭགས་ནི། །མཁས་པས་ཡིད་ཀྱིས་བསམ་པར་བྱ། །ཡི་དྭགས་ཀྱི་ནི་སྔགས་མཆོག་གིས། །བསམ་པ་དག་ནི་བྱས་ནས་ནི། །གྲྭ་ཡི་དབྱུག་པ་བཞི་པོ་ཡང་། །སྔགས་པ་ཉིད་ཀྱིས་བསམ་པར་བྱ། །གལ་ཏེ་འདྲི་བར་ནུས་ན་ནི། །སྔགས་ཉིད་སྟེང་དུ་གཞག་པར་བྱ། །སྒོ་ཡི་ཡི་དྭགས་བཞི་པོ་ཡང་། །གལ་ཏེ་བྲི་བར་མ་ནུས་ན། །དེ་བཞིན་ཡི་དྭགས་འཛིན་སྔགས་ཀྱིས། །བྱིན་གྱིས་བརླབ་པར་གསུངས་པ་སྟེ། །དེ་ཡི་ནང་དུ་རང་སྔགས་ཀྱིས། །བྱིན་གྱིས་བརླབ་པར་བྱ་བའི་ཕྱིར། །རྐང་ལག་མགོ་


DNG016_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

བོ་ཕྲག་པ་དང་། །གཞན་ཡང་དེ་བཞིན་ལག་པའི་ཕྲེང་། །ཐོད་པ་ཀེང་རུས་མི་ལྤགས་རློན། །རོ་ཡི་ཕྲེང་བ་བསམ་པར་བྱ། །དེ་ཡི་ནང་དུ་རང་སྔགས་ཀྱིས། །བྱིན་གྱིས་བརླབ་ཏུ་གཞུག་པར་བྱ། །དེ་ལྟར་ཆོ་ག་བཞིན་བསམས་ནས། །མཇུག་ཏུ་ཁྲོ་བོ་གཤིན་རྗེའི་གཤེད། །སྔགས་བརྗོད་པས་ནི་སྤྱན་དྲངས་ནས། །རང་གི་སྙིང་པོས་བཞུགས་སུ་གསོལ། །ཁྲོ་བོ་འཁྲུགས་པ་འཇིགས་མཛད་པ། །སྐུ་ནི་མེ་ལྕེ་འབར་བ་འདྲ། །གཟི་བརྗིད་འཕགས་པ་བསམ་པ་ནི། །སྐུ་མདོག་སྟང་ཟིལ་བཅག་འཕྲོ་འདྲ། །ཞལ་དྲུག་སྐུ་ཡང་ཁམ་པར་འདུག །སྨིན་མ་ཁམ་ནག་མིག་ཀྱང་སེར། །སྤྱན་གསུམ་མིག་ནི་ཟླུམ་པ་ལ། །ཕྱག་ནི་བཅུ་གཉིས་པ་ཡི་གཟུགས། །དེ་བཞིན་ཡི་དྭགས་སྟེང་ན་བཞུགས། །ཞབས་དྲུག་གིས་ནི་མཛེས་པར་བྱས། །ཏྲི་ཤཱུལ་རལ་གྲི་དབྱུག་དགྲ་སྟྭ། །སྦྱིན་པའི་ཕྱིར་ནི་ཕྱག་བརྐྱང་བ། །ལྕགས་ཀྱུ་ཡི་ནི་མཚོན་ཆ་དག །གཡས་ཀྱི་ཕྱག་ན་དེ་བཞིན་གནས། །དེ་བཞིན་གཡོན་པ་དྲུག་པོ་ཡང་། །ཐོད་པ་ཤག་ཏི་ཏོ་མ་ར། །མཛུབ་མོས་བསྡིགས་དང་ཞགས་པ་དང་། །ཕྱག་ན་དབྱུག་ཏོ་བསམ་པར་བྱ། །མི་མགོ་རློན་དང་སྐམ་པོ་དང་། །ཡི་དྭགས་ཕྲེང་བས་རྣམ་པར་བརྒྱན། །སྟག་གི་པགས་པ་ན་བཟར་གསོལ། །སྐུ་ཡང་ཆེ་ལ་གསུས་ཁྱིམ་ཆེ། །ཞལ་གྱི་དབྱིབས་ནི་དུ་མ་སྟེ། །སྐྲ་ནི་རྒྱ་མཚོ་འཁྲུགས་པ་འདྲ། །ཞལ་གཅིག་བཞད་ཀྱང་ཞལ་གཅིག་ཞི། །ཞལ་གཅིག་འཇིགས་པར་བགྲད་པའི་ཞལ། །ཞལ་གཅིག་ཞལ་ནི་གདངས་པ་སྟེ། །ལྗགས་ཀྱང་བསྐྱོད་པར་མཛད་པ་དང་། །ཞལ་གཅིག་མཆེ་བ་གཙིགས་པ་སྟེ། །དེ་ལྟར་བསམས་ནས་ལེགས་པར་ནི། །སྙིང་པོས་སྤྱན་དྲང་ཡོན་ཆབ་དབུལ། །དེ་ནས་དྲི་དང་སྦྱར་བའི་ཆུས། །མཆོད་ཡོན་ཆོ་ག་བཞིན་ཕུལ་ནས། །ཡི་དྭགས་ཀྱི་ནི་སྤྱི་བོར་ཡང་། །མེ་ཏོག་དམར་པོ་སྦྱིན་པར་བྱ། །དེ་ནས་ཙན་དན་དམར་ཕུལ་བ། །བློ་ལྡན་གྱིས་ནི་ཁྲོ་བོ་ལའོ། །དྲི་ཡི་འོག་ཏུ་ལྷ་བཤོས་དག །ཙན་དན་གྱིས་ནི་གཏོར་བའོ། །མེ་ཏོག་དང་ནི་ཕྲེང་བ་རྣམས། །མེ་ཏོག་


DNG016_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱིས་དབུལ་བར་བྱ། །མེ་ཏོག་སྔགས་ཀྱིས་རིམ་བཞིན་དུ། །མེ་ཏོག་ཆོ་ག་བཞིན་ཕུལ་ནས། །ཇི་ལྟར་སྙིང་པོའི་སྔགས་ཀྱིས་ཀྱང་། །ཁྲོ་བོ་གཙོ་བོའི་སྙིང་ག་དང་། །ཁྲོ་བོ་ཡི་ནི་སྤྱི་བོར་ཡང་། །སྙིང་པོ་རྣམ་པར་དགོད་པར་བྱ། །མཚོགས་མར་དེ་ཡི་མཚོགས་མ་དང་། །དེ་ཡི་གཙུག་དང་སྤྱི་གཙུག་གཞག །དེ་ཡི་ལུས་ལ་གོ་ཆ་དང་། །མཚོན་ཆའི་གནས་སུ་མཚོན་ཆའོ། །མེ་ཏོག་ཡིད་ཀྱིས་བཞག་པ་ནི། །ཇི་ལྟར་གསུངས་པ་བཞིན་དུ་བྱ། །དེ་ལྟར་མཆོད་ནས་བདུག་པ་ནི། །སྔགས་ཀྱིས་བཏབ་སྟེ་དེ་ལ་འབུལ། །དེ་ནས་མེ་མར་རབ་འབར་བ། །ཕྱོགས་བརྒྱད་དུ་ཡང་དགོད་པར་བྱ། །འབྱུང་པོའི་གཏོར་མ་ཁྲོ་བོ་ལ། །ཕུལ་ནས་ཡི་དྭགས་ཕལ་ཆེན་གྱི། །ཕྱི་རོལ་དུ་ནི་མཁས་པ་ཡིས། །སྨེ་གཏོར་རྣམས་ནི་སྦྱིན་པར་བྱ། །ཁྲོ་བོའི་གཙོ་ལ་དེ་ཕྱོགས་ཏེ། །དེ་ནས་ཡང་ནི་བདུག་པ་དབུལ། །དེ་ཡི་ཕྱི་རོལ་ཆུ་བཅས་སྣོད། །མེ་ཏོག་གིས་ནི་བཀང་སྟེ་གཞག །ཆོ་ག་ཁྲུས་བྱས་རྨྱུང་བ་ཡི། །སློབ་མ་དག་ནི་བོས་ནས་ཀྱང་། །ཐམས་ཅད་སྔགས་ཀྱིས་གཟི་བསྐྱེད་ལ། །ཁྲོ་བོ་ཡི་ནི་སྙིང་པོ་ཡིས། །ལག་གཉིས་མེ་ཏོག་བྱིན་ནས་ནི། །གོས་ཀྱིས་གདོང་ནི་གཡོགས་པར་བྱ། །དཀོན་མཆོག་གསུམ་ནི་དྲན་བྱས་ཏེ། །སློབ་དཔོན་གྱིས་ནི་གཞུག་པར་བྱ། །རང་གི་སྙིང་པོས་མེ་ཏོག་ཉིད། །དཀྱིལ་འཁོར་ལ་ནི་གཏོར་དུ་གཞུག །དེ་ནས་བེ་ཅོན་ཞེས་བྱ་བའི། །ཕྱག་རྒྱ་སྔགས་པས་དེ་ལ་བསྟན། །དཀོན་མཆོག་གསུམ་ནི་གསང་བ་ཡི། །དམ་ཚིག་དེ་ལ་སྦྱིན་པར་བྱ། །ཁྲོ་བོ་གཙོ་བོའི་སྔགས་ཀྱིས་ནི། །སྔགས་ཞེས་པའི་ནི་དབང་བསྐུར་བ། །ཆུ་དང་མེ་ཏོག་དག་གིས་ཀྱང་། །བསྒྲུབ་ཕྱིར་དེ་ལ་སྦྱིན་པར་བྱ། །ཁྲོ་བོའི་སྙིང་པོས་དེ་ནས་ཀྱང་། །ཆོ་ག་བཞིན་དུ་དབང་བསྐུར་ནས། །མེ་ཏོག་བདུག་པ་ཕྲེང་ལྡན་པའི། །སྙིང་པོ་དེ་ལ་སྦྱིན་པར་བྱ། །ཁྲོ་བོ་ཡི་ནི་སྙིང་པོ་མཆོག །དེས་ཀྱང་དེ་ལྟར་མནོས་ནས་ནི། །དེ་ནས་བླ་མ་ལ་བཏུད་ནས། །ཅི་ནུས་སྦྱིན་པས་མཆོད་པར་བྱ། །སྔགས་པས་བླ་མ་ལ་མཆོད་ན། །དངོས་གྲུབ་ཐོབ་འགྱུར་གཞན་དུ་


DNG016_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

མིན། །སློབ་མར་སྙིང་པོ་བྱིན་ནས་ཀྱང་། །མེ་ཏོག་ཙན་དན་ལ་སོགས་པས། །མཆོད་པ་བྱས་ཏེ་དེ་ནས་སྣོད། །དྲི་ཆུ་ལ་སོགས་པས་བཀང་སྟེ། །ཕྱི་རོལ་དུ་ནི་སྔར་བཞག་པ། །དེ་བླངས་ཡོན་ཆབ་ཕུལ་ནས་ནི། །འཇམ་དབྱངས་ཁྲོ་བོ་མི་བཟད་པ། །མཐུ་རྩལ་དྲག་པོས་གཤེགས་སུ་གསོལ། །བཞུད་ནས་ཀྱང་ནི་ཡོན་ཆུ་དེ། །དཀྱིལ་འཁོར་ལ་ཡང་དབུལ་བར་བྱ། །རྒྱ་ཆེན་ས་ཡི་དཀྱིལ་འཁོར་ན། །དངོས་གྲུབ་མཚུངས་མེད་འདོད་པ་ཡི། །དེ་ཚེ་ཡང་དག་རིག་འཛིན་གྱིས། །དེ་ལྟར་མཆོད་པ་རྟག་ཏུ་བྱ། །དེ་ནས་དངོས་གྲུབ་ཐོབ་འགྱུར་བའོ། །འཇམ་དཔལ་གྱི་རྩ་བའི་རྟོག་པ་ལས། ཡི་དྭགས་ཕལ་པའི་དཀྱིལ་འཁོར་གྱི་རྟོག་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་གཞན་ཡང་གསང་སྔགས་རྣམས་འབྱུང་སྟེ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ། པྲེ་ཏ་མུ་ཁ་ཁ་ད་ཀླ་སྭཱ་ཧཱ། དབུས་ཀྱི་ཡི་དྭགས་ཀྱི་སྙིང་པོའོ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ། ཨཱ་ཀྲོ་དྷ་བི་ཛ་ཡ་ཨག་ནི་ར་ཛྭཱ་ལི་ཏ། ཛི་ཧྭེ་པྲེ་ཏེ་ཤྭ་རི་ཧཱུཾ་ཕཊ། དེ་ནི་གྲྭའི་བེ་ཅོན་བཞིའི་སྔགས་སོ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ། པྲེ་ཏ་ཐོད་ལ་ཀྤ་ཡ་ཧཱུཾ་ཕཊ། ཤར་གྱི་སྒོའི་ཡི་དྭགས་ཀྱིའོ། །ཨཱོཾ་པེ་ཏ་བིགྷྣཱནྟ་ཀ་ཧཱུཾ་ཕཊ། ལྷོ་སྒོའི་ཡི་དྭགས་ཀྱིའོ། །ཨོཾ་པྲེ་ཏ་ཛྭཱ་ལ་ཧཱུཾ། ནུབ་ཀྱི་སྒོའི་ཡི་དྭགས་ཀྱིའོ། །ཨོཾ་ཀྵྀ་པྲ་པྲེ་ཏོད་ག་ཏ་ཧཱུཾ་ཕཊ། བྱང་གི་སྒོའི་ཡི་དྭགས་ཀྱིའོ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ། པྲེ་ཏ་མཱ་ལེ་བི་ཀྲྀ་ཏེ། པྲེ་ཏ་མཱ་ལེ་བི་ཀྲྀ་ཏེ། པྲེ་ཏ་མཱ་ལེ་བི་ཀྲྀ་ཏེ། གུ་ཧྱ་བེ་ཙི་ཀ་མུ་ཁི་སརྦ་རཀྵོ་པ་ཛཥྚོ་ཧཱུཾ་ཕཊ། ཡི་དྭགས་ཕྲེང་བའིའོ། །དེ་དག་ནི་ཡི་དྭགས་ཀྱི་དཀྱིལ་འཁོར་གྱི་ཚོགས་སོ། །ད་ནི་ཁྲོ་བོ་གཤིན་རྗེའི་གཤེད་སྤྱན་དྲང་བ་ལ་སོགས་པའི་སྔགས་རྣམས་འབྱུང་ངོ་། །ཨོཾ་ན་མོ་བུཌྜྷ་དྷརྨ་སཾ་གྷེ་བྷྱཿ། ཀྲོ་དྷ་བ་ར་བཱི་རི་སརྦ་མ་ཡེ་ན། ཨཱ་གཙྪ་ཨཱ་གཙྪ། ཨོཾ་ཨཱཿཧཱུཾ་ཨི་དཾ་པྲེ་ཏ་ཨཱ་ས་ན། པྲེ་ཏོད་ག་ཏ་ན་རཀྵ་རཀྵ་ཧཱུཾ་ཕཊ་སྭཱ་ཧཱ། ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད་སྤྱན་དྲང་བའི་སྔགས་སོ། །ཨོཾ་ཛྭཱ་ལ་ཛྭཱ་ལ་ཏི་བི་གྲ་ཧ་ཧཱུཾ་ཕཊ། གོ་ཆའིའོ། །ཨོཾ་ཨཱ་ཀྲོ་དྷི་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུཾ་ཕཊ། འདི་ནི་ཁྲོ་བོའི་རྒྱལ་པོ་


DNG016_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་རྟོག་པ་ཡིན་པས། དེའི་སྔགས་ཡི་གེ་བཅུ་བདུན་པའོ། །ཨོཾ་ཨཱཿཧཱུཾ། དེ་ཉིད་ཀྱི་སྙིང་པོའོ། །ཨོཾ་ཀཱ་ལ་ཧཱུཾ་ཕཊ། མཚོགས་མའིའོ། །ཨོཾ་ཡ་མཱནྟ་ཀ་ཨེ་ཀ་བཱི་ར་ཧཱུཾ། སྤྱི་གཙུག་གིའོ། །ཨོཾ་བེ་བྷ་སྭ་ཏཱནྟ་ཀ་ཧཱུཾ་ཕཊ། མཚོན་ཆའི་སྔགས་སོ། །འདི་ནི་ཁྲོ་བོའི་རྒྱལ་པོ་གཤིན་རྗེའི་གཤེད་ཀྱི་ཡན་ལག་ལྔ་པའོ། །ཨོཾ་ཨེ་ཀ་བཱི་ར་ཡ་མཱནྟ་ཀ་བི་ས་ར་སྭཱ་ཧཱ། ཨརྒྷའི་སྔགས་སོ། །ཨོཾ་བཱ་ཀ་ཙི་ཏ་ཤོ་ནེ་ཏྲ་ར་ཏྲ། སཾ་གནྡྷ་བི་གྲ་ཧི་སྭཱ་ཧཱ། དྲིའི་སྔགས་སོ། །ཨོཾ་དི་བྱ་པུཥྤ་མཱ་ལྱ་དྷ་རི་ཎེ་སྭཱ་ཧཱ། མེ་ཏོག་གི་སྔགས་སོ། །ཨོཾ་ཙི་ཏི་དྷུ་པ་པྲི་ཡཱ་ཡ་སྭཱ་ཧཱ། བདུག་པའི་སྔགས་སོ། །ཨོཾ་དཱི་པྱ་ཛྱོ་ཏིཥྚཱ་ཏི་སྭཱ་ཧཱ། མར་མེའི་སྔགས་སོ། །ཨོཾ་བྷི་མཱནྟ་ཀ་ཏེ་ཛོ་བ་ལིཾ་ནི་སྭཱ་ཧཱ། ལྷ་བཤོས་ཀྱི་སྔགས་སོ། །ཨོཾ་སརྦ་ཨ་མཱི་ཥེ་བྷྱ་བ་ཧ་རི་ཎེ་སྭཱ་ཧཱ། སྨེ་གཏོར་ཐམས་ཅད་ཀྱི་སྔགས་སོ། །ཨོཾ་དི་བྱན་ན་བྷྱོ་ཛི་ནི་ཧ་ར་ཧ་ར་དཾ་དཾ་ཁཱ་ཧི་སྭཱ་ཧཱ། གཏོར་མ་ཐམས་ཅད་འབུལ་བའི་སྔགས་སོ། །ཨོཾ་ཁུ་ཁུ་ནི་པྲེ་ཏོགྟ་ཏི། པྲ་ཏ་མཱ་ལི་ལ་ལི་ནི། མླཱ་མླཱ་ཀླེ་དྷ་པྲི་པྲི་ཏི་ཤི་པྲེཾ་དྷཱོ ་དྷཱོ ་དྷཱོ ་དཾཿཁུ་ཁུ་ནི་གྲི་ཧ་བ་ལིཾ་སྭཱ་ཧཱ། ཡི་དྭགས་དང་མ་མོའི་དཀྱིལ་འཁོར་གྱི་གཏོར་མའི་སྔགས་སོ། །ཁྲོ་བོ་རྣམ་པར་རྒྱལ་བའི་རྟོག་པ་ལས། ཡི་དྭགས་ཕལ་པའི་གཏོར་མའི་སྔགས་སྟེ་ལེའུ་གསུམ་པའོ།། །།དེ་ནས་གཞན་ཡང་འཇམ་དབྱངས་ཀྱི། །ཁྲོ་བོ་དཔའ་བོ་གཅིག་པུ་ནི། །ཚད་མེད་གཟི་བརྗིད་བདག་ཉིད་ཆེ། །དེ་ཡི་ཕྱག་རྒྱ་བཤད་པར་བྱ། །ལག་པ་གཡས་པ་འདུན་བྱས་པ། །དཀོན་མཆོག་གསུམ་གྱི་དམ་ཚིག་གོ། །མངོན་པར་བསྟོད་པར་བྱེད་པ་ནི། །ཕྱག་རྒྱ་ཆོ་ག་བཞིན་དུ་བཅིངས། །རིག་འཛིན་དག་གིས་རྟག་པར་ནི། །ལག་པའི་སོར་མོ་ཐམས་ཅད་ཀྱིས། །མཐེ་བོ་ལེགས་པར་སྦས་པ་ནི། །རབ་ཏུ་བསྡམས་ནས་བཟང་པོ་བཅིངས། །ཆོ་ག་ཤེས་པས་བེ་ཅོན་རྒྱ། །སྙིང་པོ་སྔགས་སམ་ལོགས་ཤིག་ཏུ། །སྔགས་པ་ཕྱག་རྒྱ་སྔགས་ཀྱིས་བཅིངས། །གཞན་དུ་ནམ་ཡང་མི་བཅིང་ངོ་། །ཨོཾ་ན་མོ་བུཌྜྷ་དྷརྨ་སང་གྷ་བྷྱཿ། ཨོཾ་སརྦ་ཏ་ཐཱ་ག་ཏེ། ཀྲོ་དྷ་བི་ཛཱ་ཡ། ཨག་ནིར་ཛྭཱ་ལི་ཏ་ཛི་ཧཱུ་པྲེ་ཏ་ཤི་ར་ཧཱུཾ་ཕཊ། བེ་ཅོན་གྱི་ཕྱག་རྒྱའི་སྔགས་སོ། །ཕྱག་རྒྱ་གཅིག་ཏུ་གྱུར་པ་འདི། །ཁྲོ་བོའི་སྙིང་པོ་སྔགས་འབར་བྱེད། །མཚོན་ཆ་


DNG016_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལུས་པ་ཡི་གཙོ། །བདུད་རྣམས་ཐམས་ཅད་ཞི་བར་བྱེད། །ཇི་ལྟར་དཀྱིལ་འཁོར་དུ་བྲི་བ། །དེ་ཡི་ཆོ་ག་བཤད་པར་བྱ། །བེ་ཅོན་དབྱིག་པ་ལྟ་བུའི་ཚུལ། །འདི་ནི་བེ་ཅོན་ཞེས་པར་བཤད། །ཁྱད་པར་དུ་ནི་དེ་ཡི་རྩེར། །ཡི་དྭགས་མགོ་བོ་མཁས་པས་བྲི། །ཡི་དྭགས་མང་པོ་རྟག་ཏུ་བྲི། །དེ་ལས་གཞན་དུ་ནམ་ཡང་མིན། །རིག་འཛིན་གྱིས་ནི་ཆོ་ག་བཞིན། །རྒྱ་འདི་དུར་ཁྲོད་ཐལ་བས་སོ། །ཡང་ན་འདི་ཉིད་ལོགས་ཤིག་ཏུ། །གང་གི་ཚེ་ན་བསྒྲུབ་འདོད་པ། །སྒྲུབ་པོ་དངོས་གྲུབ་འདོད་པ་ཡི། །རང་གི་དཀྱིལ་འཁོར་དུ་བྲིའོ། །དེ་ནས་ཕྱག་རྒྱ་བསྒྲུབ་པ་ཡི། །དཀྱིལ་འཁོར་འདིར་ནི་བཤད་པར་བྱ། །གྲུ་བཞི་སྔ་མ་བཞིན་དུ་སྟེ། །ཡི་དྭགས་ཕལ་ཆེན་འདིར་ཡང་བྲི། །དེ་ཡི་དབུས་སུ་བེ་ཅོན་བཞག །ཕྱོགས་བརྒྱད་རྣམས་སུའང་དེ་བཞིན་ནོ། །ཕྱག་རྒྱ་བརྒྱད་དགུ་ཡང་དང་ལྡན་པ་ཡི། །ཕྱག་རྒྱའི་དཀྱིལ་འཁོར་ཞེས་ཀྱང་བྱའོ། །དེ་བཞིན་དུ་ནི་ལྷོ་ཕྱོགས་སྒོ། །ཕྱེ་སྟེ་དེ་ནས་མཆོད་པར་བྱ། །ཕྱག་རྒྱ་སྔགས་ནི་མ་ལུས་པའོ། །ཁྲོ་བོའི་རྒྱལ་པོ་རབ་ཏུ་གདུག །དེ་ཡི་འདིར་ནི་མཆོད་འགྱུར་བས། །གསང་བའི་མཆོད་པའི་རིམ་གྱིས་སོ། །ཨོཾ་ན་མོ་བུཌྜྷ་དྷརྨ་སང་གྷེ་བྷྱཿ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀྲོ་དྷ་བི་ཛ་ཡ། ཨག་ནི་ར་ཛྭཱ་ལི་ཏ་ཛི་ཧྭཱ་པྲེ་ཏ་ཤི་ར་ཧཱུཾ་ཕཊ་ཧཱུཾ། འདི་ནི་ཁྲོ་བོའི་རྒྱལ་པོ་རབ་ཏུ་གཞུག་པའི་བེ་ཅོན་གྱི་ཕྱག་རྒྱའི་སྔགས་སོ། །འདིས་ལས་ཐམས་ཅད་བསྒྲུབ་པར་བྱའོ། །དེ་ནས་དངོས་གྲུབ་ཀུན་གྱི་མཆོག །ཁྲོ་བོའི་གཙོ་བོ་དེ་ཁོ་ན། །གསང་བའི་མཆོག་དང་ལྡན་པ་ཡི། །བེ་ཅོན་སྒྲུབ་པ་བཤད་པར་བྱ། །སྙིང་པོ་ཟེ་བ་མཛེས་པ་ཡི། །པདྨ་འདབ་མ་བརྒྱད་བྱས་ལ། །འདབ་མ་རྩེ་མོའི་ཕྱོགས་བརྒྱད་དུ། །བེ་ཅོན་ཁྲོ་བོའི་བར་བཅུག་བྲི། །དབུས་སུ་དགུ་པ་བཞག་ནས་ནི། །གཞན་རྣམས་ཤར་ཕྱོགས་ནས་བརྩམས་ཏེ། །བསྐོར་བའི་ཚུལ་དུ་གོ་རིམ་བཞིན། །མེ་ཏོག་དག་གིས་གཞག་པར་བྱ། །བེ་ཅོན་གྱི་ནི་རྩེ་མོར་ཧཱུཾ། །ཡི་དྭགས་སྤྱི་བོར་གཞག་པར་བྱ། །ཐོག་མར་ཨོཾ་དང་ལྡན་བྱས་ཏེ། །ཨོཾ་དང་ན་མཿམཆོད་པར་འགྱུར། །ཨཱཿནི་ཁྲོ་བོ་རྣམ་རྒྱལ་གྱི། །ས་བོན་དམ་ཚིག་ཡིན་པར་བཤད། །ཨོཾ་ཨཱཿཧཱུཾ། ཨོཾ་ན་མོ་བུཌྜྷ་དྷརྨ་སཾ་གྷེ་བྷྱཿ།


DNG016_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀུན་གྱིས་མངོན་པར་བསྟོད། །བེ་ཅོན་རྣམས་ནི་ཐམས་ཅད་ཀྱང་། །རང་གི་ཕྱག་གིས་བསྐུལ་བར་བྱ། །ཐམས་ཅད་རང་གི་དམ་ཚིག་ལྡན། །དེ་བཞིན་གཤེགས་པའི་རིགས་སུ་འབྱུང་། །བསྐུལ་བའི་ཕྱག་དང་རབ་ལྡན་ཞིང་། །ཁྲོ་བོའི་ལྟ་བས་བརྟག་པ་དང་། །རང་རང་སྐུ་འཛིན་བསྐུལ་ནས་ནི། །དེ་མ་ཐག་ཏུ་ལས་བྱེད་འགྱུར། །ཨཱཿནི་ཁྲོ་བོ་རྣམ་རྒྱལ་གྱི། །ཁྲོ་བོའི་ལྟ་བས་བརྟག་པའོ། །རང་གི་དམ་ཚིག་དང་ལྡན་པས། །ཧཱུཾ་དང་ལྡན་པས་བསྐུལ་བ་བཞིན། །ཞི་བ་རྒྱས་པ་དབང་དང་དགུག །དབྱེ་བ་དང་ནི་བསྐྲད་པ་རྣམས། །གསང་བའི་མཆོད་པས་སྦྱོར་བ་ཡི། །བདག་གིས་མདོར་ནི་བཤད་པར་བྱ། །དེ་ཡི་ཐོག་མར་ཡི་གེ་ཨོཾ། །དེ་ལས་གཞན་པ་སྔགས་འཕེལ་བྱེད། །དེ་བཞིན་གཤེགས་པའི་དམ་ཚིག་ཉིད། །གསུམ་པ་ཡིན་པར་ཡོངས་སུ་བསྒྲག །སྔགས་ཀྱི་བསྐུལ་བའི་ཚིག་འདི་དག །དངོས་གྲུབ་སྟེར་བ་བཞི་པ་སྟེ། །འདི་ནི་སྔགས་པའི་ཚིག་གིས་ཚིག །སརྦ་ཏ་ཐཱ་ག་ཏ་ཞེས། །བརྗོད་པ་སྔགས་ཀྱི་བདག་ཉིད་དོ། །མཇུག་གི་ཧཱུཾ་ནི་ཁྲོ་བོ་ཡི། །སྔགས་ནི་འཕེལ་བར་བྱེད་པར་བཤད། །དེ་ལས་དེ་བཞིན་ཁྱད་པར་དུ། །རང་གིས་བསྐུལ་བའི་ཚིག་གིས་བྱེད། །དབང་དུ་བྱ་བར་འདོད་པར་ནི། །རང་གི་ངོ་བོ་སྨོས་པར་བྱ། །ལྷ་དབང་དབང་དུ་བྱོས་ཤིག་ཅེས། །བརྗོད་ནས་མཐའ་མར་སྭཱ་ཧཱ་སྦྱར། །ཞི་བའི་ཕྱིར་ནི་སྐུལ་བ་ཉིད། །མཇུག་ཏུ་ཤཱནྟིཾ་བརྟག་པར་བྱ། །དེ་བཞིན་གཤེགས་པའི་རིགས་ལས་བྱུང་། །མཚུངས་པ་མེད་པའི་དཔལ་འདོད་པས། །སྐུལ་བའི་ཚིག་གི་མཇུག་ཏུ་ནི། །ན་མཿསྭཱ་ཧཱ་རྟག་ཏུ་སྦྱར། །རྒྱས་པའི་ཕྱིར་ནི་སྔོན་བཞིན་དུ། །བསྐུལ་ནས་པཽ་ཥཊ་བྱ་བར་བཤད། །རྒྱས་ཕྱིར་བསྐུལ་བའི་ཐོག་མ་དང་། །ཁྲོ་བོའི་ཧཱུཾ་ནི་ཐ་མར་སྦྱར། །གསང་བ་ལ་ན་ཕཊ་ཅེས་པ། །འབར་བ་འདི་ལས་ལྷག་པ་ཡིན། །རིགས་རྣམས་འཇིག་པར་བྱ་བ་ལ། །ཧཱུཾ་དབུས་ཁྲོ་དང་ལྡན་པའི་ཕཊ། །དེ་བཞིན་བསྐྲད་ལ་བསྐུལ་བ་ཡི། །མགོ་དང་གཞུག་ཏུ་ཧཱུཾ་གཞག་གོ། །ཡང་དག་འབར་བའི་ཕཊ་ཀྱང་གཞག །གསང་བའི་མཆོད་


DNG016_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆོ་གར་གྲགས། །དེ་ལྟར་མཆོད་པའི་རིམ་པ་དང་། །བེ་ཅོན་དགུ་ནི་བྱས་པར་འགྱུར། །གསང་བའི་མཆོད་པ་སྦྱར་བ་ནི། །བདུག་པ་མེ་ཏོག་དེ་བཞིན་དྲི། །མར་མེ་གཏོར་མ་དེ་བཞིན་ཏེ། །བཟླས་པ་མེད་ཀྱང་འགྲུབ་པར་འགྱུར། །དབང་དུ་བྱ་དང་དབྱེ་བ་དང་། །བསྐྲད་དང་གསད་པ་ལ་སོགས་ནི། །ཇི་སྐད་གསུངས་པའི་ཚུལ་དག་དང་། །དེ་དང་སྦྱོར་བ་དེ་འདྲ་བས། །ཚེས་གྲངས་དག་དང་སྐར་མ་དང་། །རྨྱུང་བ་དག་ཀྱང་བྱ་མི་དགོས། །གསང་བའི་མཆོད་པའི་ཆོ་ག་ཤེས། །ཕྱག་རྒྱའི་དཀྱིལ་འཁོར་ལེགས་བྱས་ལ། །ཇི་ལྟར་འདོད་པ་རང་དགར་སྤྱོད། །ཅི་ཡང་རུང་བའི་གཏོར་མ་དང་། །ལོ་མ་མེ་ཏོག་འབྲས་བུས་ཀྱང་། །གང་གིས་གཤིན་རྗེ་གཤེད་པོ་ཡི། །སྙིང་པོ་ཕྱག་རྒྱ་མཆོད་བྱེད་པ། །བྱང་ཆུབ་སེམས་དང་ལྡན་གྱུར་ཅིང་། །རབ་ཏུ་གུས་ན་ཟླ་དྲུག་གིས། །དེ་ནི་ཅི་འདོད་དགོས་པ་རྙེད། །ཇི་ལྟར་འདོད་པའི་ལས་ཀྱང་བྱེད། །འཇམ་དཔལ་གྱི་རྩ་བའི་ཆོ་ག་ཞིབ་མོ་ཁྲོ་བོ་རྣམ་པར་རྒྱལ་བ་ལས། བེ་ཅོན་ཕྱག་རྒྱའི་དཀྱིལ་འཁོར་དུ་བསྒྲུབ་པའི་མཆོད་པའི་རྟོག་པ་སྟེ་ལེའུ་བཞི་པའོ།། །།དེ་ནས་བེ་ཅོན་ཕྱག་རྒྱ་ཡི། །ཇི་སྐད་གསུངས་པ་དེ་དག་བསྒྲུབ། །དེ་ཡི་དཀྱིལ་འཁོར་གཉིས་པའང་གཞན། །དཀྱིལ་ན་ཡི་དྭགས་ཞེས་བྱ་བ། །བསྒྲུབ་པས་མཚན་མོ་དུར་ཁྲོད་དུ། །དུར་ཁྲོད་དག་གི་ཐལ་བ་ཡིས། །གྲུ་བཞི་པ་ལ་སྒོ་བཞི་བྲི། །མི་རོའི་རོ་སྨད་དག་དང་ལྡན། །བླ་རེ་རྔ་ཡབ་མེ་ལོང་དྲིལ། །མེ་ཏོག་བདུག་པས་མཛེས་པར་བྱས། །ལྷ་རྫས་ཡི་དྭགས་མང་པོ་དངར། །ཐོད་པ་བརྒྱད་ཀྱིས་རྣམ་པར་སྤྲས། །ཕྱིས་ནི་བེ་ཅོན་ཕྱག་རྒྱ་ཡང་། །མགོ་མེད་རོ་ཡི་སྟེང་དུ་བྲི། །དཀྱིལ་ན་ཡི་དྭགས་ཞེས་བྱ་བའི། །ཐམས་ཅད་འཁྲུགས་བྱེད་དཀྱིལ་འཁོར་འདི། །ཁྲོ་བོ་གཙོ་བོའི་ཕྱག་རྒྱ་ཡིས། །མཆོད་པ་ཇི་སྐད་གསུངས་པ་བྱ། །སྨེ་གཏོར་ཐམས་ཅད་བྱིན་ནས་ནི། །གཙང་མ་གོ་ཆ་བགོས་ནས་ཀྱང་། །འབུམ་ཕྲག་གཅིག་ནི་སྔར་བསྙེན་པ། །བྱས་ནས་འདི་ནི་བརྩམ་པར་བྱ། །ཕྱུགས་ཆེན་དག་གི་ཁྲག་གིས་ཀྱང་། །ཤིས་པའི་ཐོད་པ་བཀང་ནས་ཀྱང་། །


DNG016_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་མི་ལས་བྱུང་བའི་ཤ །ཕྱག་རྒྱ་ཡིས་ནི་དབུལ་བར་བྱ། །ཕྱུགས་ཆེན་གྱི་ནི་ཚིལ་བུ་ལས། །མར་མེ་འབར་བ་བྱས་པ་དག །དེ་ཡི་ཕྱི་རོལ་ཕྱོགས་བརྒྱད་དུ། །སྔགས་ཀྱིས་བསྲུངས་ཏེ་དབུལ་བར་བྱ། །ཆོ་ག་ཤེས་པས་དེ་ལྟ་བུར། །བྱས་ནས་བསྒྲུབ་ལ་འཇུག་པར་བྱ། །དཔལ་ལྡན་གོས་ནི་དམར་པོ་གྱོན། །ཙནྡན་དམར་པོས་བསྐུས་ནས་ནི། །ཅུང་ཟད་དག་ཀྱང་མི་འབྱེད་པར། །མར་གྱིས་བརྒྱད་ལ་གཅིག་པུས་སོ། །དཔའ་ལ་སེམས་དྲག་མཐུ་ལྡན་པའི། །གྲོགས་ནི་གསུམ་དང་ལྷན་ཅིག་ཏུ། །བློ་དང་ལྡན་པས་སེམས་དྲག་ཅིང་། །དབང་པོ་བསྡམས་པའི་སྒྲུབ་པ་པོ། །ཡི་དྭགས་ཀྱི་ནི་དཀྱིལ་འཁོར་དུ། །སྒྲུབ་པའི་ལས་ལ་འཇུག་པར་བྱ། །དེ་ནས་མཚན་མོ་ཕྱག་རྒྱ་བཅིང་། །བརྟན་པར་འདུག་ལ་ལེགས་པར་བཟླས། །བགེགས་རྣམས་སྣ་ཚོགས་མཚན་གཅིག་ཏུ། །འབྱུང་སྟེ་དེ་ལས་རྒྱལ་བར་བྱའོ། །དེ་ལྟར་སྲིན་པོའི་ཚོགས་ཆེན་ལས། །རྒྱལ་ནས་ཕྱག་རྒྱ་འགྲུབ་པར་འགྱུར། །མི་འགྲུབ་པ་ཡི་ལས་རྣམས་ཀྱང་། །དེ་ནས་ཐོགས་པ་མེད་པར་བྱེད། །འཇམ་དཔལ་དབྱངས་ཀྱི་ཁྲོ་བོ་ཡང་། །བསྐུལ་ནས་འདིར་ནི་ཐོགས་པ་མེད། །ཧ་ན་བི་སྥོ་ཊ་བཉྫ་བཉྫ་ཞེས། །བསྐུལ་བའི་མཐའ་མར་ཧཱུཾ་བརྗོད་ཅིང་། །གཡོན་བརྐྱང་བ་ཡི་ཚུལ་གནས་ནས། །ཁྲོས་པས་རི་རྩེ་བགྲོད་དཀའ་དང་། །ར་བ་ཡང་ཐོག་སྒོ་ཁང་དང་། །པུ་ཤུ་ཁ་བ་དར་པ་དག །སྐད་ཅིག་གིས་ནི་བསྙིལ་བར་བྱེད། །དྷ་ར་བི་སྥོ་ཊ་བཉྫ་བཉྫ་ཞེས། །བསྐུལ་བའི་མཇུག་ཏུ་ཧཱུཾ་བརྗོད་ན། །རི་བོ་དག་ནི་མང་པོ་དང་། །དེ་བཞིན་ལྷ་མིན་སྒོ་དག་དང་། །དེ་བཞིན་གཞན་དང་ས་དག་ཀྱང་། །ཇི་ལྟར་འདོད་པ་འགས་པར་བྱེད། །པཱ་ཙ་བི་དྷྭ་ན་སཾ་ཤེ་ཞེས། །བསྐུལ་ནས་ཐ་མར་ཧཱུཾ་བརྗོད་ན། །ཕྱག་རྒྱ་འདི་ཡིས་ཆུ་རྣམས་ནི། །ཐོགས་པ་མེད་པར་སྐེམ་པར་བྱེད། །མཚོ་ཆེན་དང་ནི་ཆུ་བོ་དང་། །རྒྱ་མཚོ་དག་ཀྱང་སྐེམ་པར་བྱེད། །སྟམྦྷ་ཡ་ཞེས་ལན་གཉིས་བརྗོད། །ཐ་མར་ཧཱུཾ་དང་དེ་ནས་མུ། །དེ་ནས་དེ་ཡི་མཇུག་ཏུ་ཧཱུཾ། །སཻ་ན་སྟམ་བྷ་ཞེས་སྦྱར་ན། །པ་ཙ་བི་དྷྭནྶ་ཡ་ཤོ་ཥ་ཡ་ཤོ་ཥ་ཡ་


DNG016_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

ད་ཧཱུཾ་ཕཊ། རི་བོ་ལ་ནི་གནས་པ་བཞིན། །ངེས་པར་མྱུར་དུ་གནོན་པར་འགྱུར། །ཐ་མར་ཧཱུཾ་བཞག་དེ་ནས་དྷཱོ ། །ཀྵོ་བྷ་ཡ་ཞེས་ལན་གཉིས་བརྗོད། །དེ་ཡི་ཐ་མར་ཡི་གེ་མ། །མཁས་པ་དག་གིས་སྦྱར་ན་ནི། །དཔུང་རྣམས་འཁྲུག་པར་འགྱུར་བ་ལ། །ཁྲོས་ན་ངོ་མཚར་ཅི་ཞིག་ཆེ། །ཐ་མར་ཧཱུཾ་དང་ག་བཞག་ལ། །དེ་ནས་ཏིཥྛ་ཏིཥྛ་གཞག །སྔགས་པས་གལ་ཏེ་སྦྱར་ནས་ནི། །ཆོ་ག་འདི་ཡིས་གླང་པོ་གནོན། །ཧ་ན་བི་དྷྭནྶ་མཱ་ར་ཡ། །བསྐུལ་ནས་ཐ་མར་ཧཱུཾ་བརྗོད་ཅིང་། །དེ་བཞིན་ཐ་མར་ཕཊ་བརྗོད་ན། །དཔུང་དག་རབ་ཏུ་འཆི་བར་འགྱུར། །ཁ་ཁ་ཁཱ་ཧི་ཁཱ་ཧི་ཞེས། །བསྐུལ་ནས་ཐ་མར་ཧཱུཾ་བརྗོད་ན། །དཔུང་རྣམས་ཕན་ཚུན་འཁྲུག་པར་ནི། །ཐོགས་པ་མེད་པར་རབ་ཏུ་འགྱུར། །ཐ་མར་ཧཱུཾ་དང་དེ་བཞིན་ཕཊ། །དྷཱོ ་དྷཱོ ་ཛ་ཛ་དྷཱོ ་དྷཱོ ་དག །ངེས་པ་དག་ཏུ་སྦྱར་ན་ནི། །སྔགས་པ་ཁྲོ་དང་ལྡན་པ་ཡིས། །ཁྲག་གི་ཆར་འབབ་བྱེད་པར་གསུངས། །ཐ་མར་ཧཱུཾ་བརྗོད་ཧ་ཧ་ཧཱ་ཧཱ་བི་ཏཱ་ལི་ཧཱུཾ་ཕཊ་ཅེས་བདག་གིར་བྱས། སྔགས་པ་དཔའ་དང་ལྡན་པ་ཡིས། །བསྐུལ་ན་མྱུར་དུ་རྨོངས་པར་འགྱུར། །ཐ་མར་ཧཱུཾ་བརྗོད་ཧ་ཧ་ཧ་ཧ། །དེ་བཞིན་ཨནྟ་ཡ་དང་ཕཊ། །བསྐུལ་བ་འདི་དང་ལྡན་བྱས་ན། །འགྲོ་བ་དག་ནི་རྨོངས་པར་འགྱུར། །ཐ་མར་ཧཱུཾ་བརྗོད་དེ་ནས་ཧཱུཾ། །གོང་བཞིན་དྷཱོ ་དྷཱོ ་ཛ་ཛ་གཞག །ཐ་མར་དྷཱོ ་དང་ཕཊ་ལྡན་ན། །འགྲོ་བ་དེ་མ་ཐག་ཏུ་འབེབས། །ཁྲོ་བོ་ཆེན་པོ་འདི་ཡིས་ནི། །ཕྱག་རྒྱ་དེ་ལྟར་འགྲུབ་འགྱུར་ན། །དེ་ཚེ་ལས་རྣམས་ཐམས་ཅད་ནི། །ཡིད་ཀྱིས་བསྐུལ་བ་ཙམ་གྱིས་ནི། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས། །དམ་ཚིག་རབ་ཏུ་སྐོར་བ་ཡིན། །གྲུབ་པ་དག་ནི་གང་འདོད་པ། །དེ་ནི་ཐོགས་པ་མེད་པར་བྱེད། །འདི་ཡི་སྔོན་དུ་བསྙེན་པ་ནི། །ཆོ་ག་བཞིན་དུ་འབུམ་བྱས་ནས། །བློ་དང་ལྡན་པས་བསྒྲུབ་ལ་འཇུག །གལ་ཏེ་དེར་ནི་མ་གྲུབ་ན། །དེ་ཚེ་དེ་བཞིན་གཤེགས་པ་ཡི། །སྔ་མ་དམ་ཚིག་བསྐུལ་བ་བཞིན། །དེ་ནས་སླར་ཡང་སྔགས་རྣམས་ལ། །ཐོགས་པ་མེད་པར་དེ་བཞིན་སྦྱར། །ཕྱག་འཚལ་བ་དང་ཀུན་ཏུ་ལྡན། །དེ་ཡི་ཐོག་མར་ཨོཾ་བཞག་ལ། །ཨོཾ་ཞེས་བྱ་བ་གཞན་ཡང་གཞག །ཨཱཿཞེས་


DNG016_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་གཉིས་པའོ། །དེ་ཡི་ཚིག་གི་མཇུག་ཏུ་ཧཱུཾ། །བཞག་སྟེ་དེ་ནས་ཚིག་རྣམས་ཀུན། །དེ་ལྟར་ཀྲོ་ཏ་བི་ཛ་ཡ། ཨགྣི་ཛྭཱ་ལི་ཛི་ཧྭཱ་ཏ་ཤི་ར། ཚིག་རྣམས་གཞན་ནི་བརྗོད་པར་བྱ། །དེ་ནས་དེ་ཡི་ཐ་མར་ཧཱུཾ། །དེ་བཞིན་ཚིག་གི་ཐ་མར་ཨོཾ། །ཐ་མར་ཨཱཿགཞག་དེ་ཡི་མཐར། །ཧཱུཾ་དང་སི་ཏི་ལན་གཉིས་བསྒོམ། །པྲ་བུ་ཏ་ཞེས་ལན་གཉིས་བསྒོམ། །དེ་ནས་དེ་བཞིན་གཤེགས་པ་ཡི། །བཀའ་རྣམས་ཐམས་ཅད་བསྒྲུབ་པར་བྱ། །ཁྲོ་བོའི་གཙོ་བོ་དེ་ཡི་ནི། །བཀའ་བཞིན་བྱེད་དེ་དེ་བཞིན་འགྱུར། །གང་གི་མངོན་དུ་བསྙེན་བྱ་བ། །དེ་ཡི་བསྐུལ་བའི་ཆོ་ག་ནི། །ཇི་སྐད་གསུངས་པའི་ལས་རྣམས་ལ། །མ་གྲུབ་ན་ནི་ངེས་པར་བྱ། །གཞན་དུ་སྔགས་ནི་གཟིར་བྱས་ན། །བདག་ཉིད་ངེས་པར་འཆི་བར་འགྱུར། །ཁྱད་པར་དུ་ནི་དཔའ་བོ་ཡི། །ཁྲོ་བོའི་གཙོ་བོའི་སྙིང་པོ་འདི། །ཕྱག་རྒྱ་འདིས་ནི་གཟིར་བྱས་ན། །འགྲོ་བ་མ་ལུས་འཁྲུག་པར་འགྱུར། །འདི་ནི་གང་ལ་བཟླས་པ་ཡི། །སྔགས་རྣམས་དེ་ལ་དགོས་མེད་པར། །འཇིག་རྟེན་འཇིག་རྟེན་འདས་པ་དང་། །དེ་དག་ཀུན་གྱི་ལུས་ཀྱང་ཆད། །ཕྱག་རྒྱ་འདིས་ནི་གཟིར་ན་ནི། །དཔག་ཚད་བདུན་གྱི་དཀྱིལ་འཁོར་ན། །གཞན་གྱི་སྔགས་རྣམས་གང་ཡོད་དང་། །དགྲ་རྣམས་དྲེགས་པ་མེད་པར་བྱེད། །འབྱུང་པོ་སྐྲག་པར་བྱེད་པ་དང་། །དེ་བཞིན་ལྷ་རྣམས་འཁྲུགས་པར་བྱེད། །ཁྲོ་བོ་རབ་ཏུ་དགའ་བར་བྱེད། །གཤིན་རྗེའི་གཤེད་པོའི་མཐུ་ཡང་བསྐྱེད། །ཡི་དྭགས་རོ་ལངས་རིགས་དག་ནི། །དེ་བཞིན་རབ་ཏུ་འཇིགས་པར་གསུངས། །བྱད་དང་གནོད་པ་སྐྲག་པ་ཡང་། །རབ་ཏུ་བསྐུལ་ནས་འཇིགས་པར་བྱེད། །བགེགས་རྣམས་ཐམས་ཅད་འཇིགས་པར་བྱེད། །འཆི་བ་ཐམས་ཅད་མེད་པར་བྱེད། །ཕོངས་པ་ཐམས་ཅད་མེད་བྱེད་ལ། །བེ་ཅོན་ཕྱག་རྒྱ་དྲག་པོའི་སྔགས། །དགྲ་དང་དེ་བཞིན་གཞན་དག་དང་། །སྐྱེ་བོ་དག་ལ་འདི་བཅིངས་བསྟན། །གཤིན་རྗེའི་གཤེད་པོ་སྦྱར་ན་ནི། །དེ་ཡི་མོད་ལ་སྲོག་ཀྱང་འཕྲོག །མདོར་ན་སྙིང་པོ་ཕྱག་རྒྱ་འདི། །རྟོག་པ་རང་གི་དམ་ཚིག་བརྟན། །ཁྲོ་བོའི་ཞལ་ནས་


DNG016_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་འདི། །གསང་བ་རབ་ཏུ་བསྟན་པ་ཡིན། །གཤིན་རྗེའི་གཤེད་པོ་གཅིག་ཏུ་བའི། །སྔགས་པས་ཁྲོ་བོའི་གཙོ་བོ་ཡི། །སྙིང་པོ་ཕྱག་རྒྱ་བེ་ཅོན་དང་། །སྙིང་པོ་དག་གིས་སྦྱར་བར་བྱ། །ཁྲོ་བོ་རྣམ་པར་རྒྱལ་བ་འཇམ་དཔལ་གྱི་རྩ་བའི་རྟོག་པ་ལས། བེ་ཅོན་གྱི་ཕྱག་རྒྱའི་རྟོག་པ་སྟེ་ལེའུ་ལྔ་པའོ།། །།དེ་ནས་ཡི་གེ་བཅུ་བདུན་པའི། །རྩ་བའི་སྔགས་ནི་གང་ཡིན་པ། །དེ་ཡི་ཕྱག་རྒྱ་གཞན་དག་ཀྱང་། །རོ་ལངས་ཞེས་ནི་བྱ་བ་ཡོད། །གཤིན་རྗེའི་གཤེད་པོ་དྲག་བརྩོན་པའི། །སྙིང་ནི་དགའ་བྱེད་གསང་བའོ། །སྔགས་པ་དག་གིས་གང་དག་ཏུ། །བཅིངས་པ་དེ་ནི་བྱིན་རློབ་པ། །རོ་ལངས་ཞེས་བྱའི་ཕྱག་རྒྱ་འདི། །ཁྲོ་བོས་གསུངས་པ་བཤད་པར་བྱ། །དུར་ཁྲོད་དག་ནི་ཐམས་ཅད་ནི། །གོང་ལ་རྟག་ཏུ་རག་ལུས་པའོ། །དེ་ནས་ལག་པ་གཉིས་ཀ་ཡི། །སོར་མོ་ཕན་ཚུན་བསྣོལ་བ་ཡིས། །མཛུབ་མོ་གཉིས་ཀས་སྲིན་ལག་གཉིས། །ལེགས་པར་བཟུང་ནས་དགུག་པར་བྱ། །གུང་མོ་སོར་མོ་སྒྲེང་སྟེ་སྦྱར། །མཐེའུ་ཆུང་གཉིས་ཀྱང་ནང་དུ་གཞུག །དེ་བཞིན་དུ་ནི་མཐེ་བོང་གཉིས། །ཕན་ཚུན་བསྣོལ་མར་བརྐྱང་སྟེ་སྦྱར། །ཤེས་རབ་ཅན་གྱི་རོ་ལངས་འདི། །རྟག་ཏུ་ཚུལ་བཞིན་ཁྲོ་བས་བསྟན། །ཁྲོ་བོ་གཙོ་བོའི་སྔགས་གང་ནི། །ཡི་གེ་བཅུ་བདུན་ལེགས་གསུངས་པ། །དེ་ཉིད་འདི་དང་སྦྱར་བར་བྱ། །རོ་ལངས་ཕྱག་རྒྱ་ལྡན་པ་སྟེ། །བདག་ཉིད་འདོད་པ་ཐམས་ཅད་སྟེར། །ཧ་ཧར་གྱུར་པའི་དཀྱིལ་འཁོར་དུ། །ཆོ་ག་བཞིན་དུ་སྦྱར་བར་བྱ། །ཧ་ཧར་གྱུར་པའི་དཀྱིལ་འཁོར་ནི། །ཁྲོ་བོ་འབར་བྱེད་བཤད་པར་བྱ། །ཡི་དྭགས་ཕལ་ཆེན་བཤད་པ་བཞིན། །འདི་ཡང་གྲུ་བཞི་ལྷམ་པར་བྱ། །ཁྱད་པར་དུ་ནི་ཕྱོགས་ཀུན་དུ། །མཁས་པས་མེ་རི་འབར་བར་བྱ། །ཁྲུ་བརྒྱད་ལྷག་ཆད་མེད་པར་ནི། །ཆོ་ག་བཞིན་དུ་བྲི་བར་བྱ། །སྒོ་སྒོ་དག་ཏུ་གསལ་ཤིང་གིས། །ཕུག་པའི་ཡི་དྭགས་ཁྲག་ཅན་གཞག །དབུས་སུ་མགོ་དང་བྲལ་བ་ཡི། །མི་རོ་རོ་སྨད་གསལ་བར་གཞག །ཡི་དྭགས་ཕལ་ཆེན་དཀྱིལ་འཁོར་བཞིན། །ཐ་མར་ཡི་དྭགས་ཕྲེང་བ་དགོད། །ཁྲོ་བོའི་དག་གི་རྩ་བའི་སྔགས། །མཚོགས་མ་སྤྱི་གཙུག་ལ་སོགས་


DNG016_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

བསྲུང་། །ཡི་གེ་བཅུ་བདུན་བློ་ལྡན་གྱིས། །མགོ་མེད་རོ་ཡི་སྟེང་དུ་གཞག །ཞལ་དྲུག་པ་ལ་ཞབས་ཀྱང་དྲུག །དེ་བཞིན་ཕྱག་ནི་བཅུ་གཉིས་པ། །རབ་ཏུ་འབར་བ་དྲག་པོའི་གཟུགས། །སྔ་མ་བཞིན་དུ་གཞག་པར་བྱ། །ཡི་དྭགས་མང་པོ་སྦྱར་བ་ནི། །སྔ་མ་བཞིན་དུ་བཞག་ནས་ནི། །མེ་ཏོག་བདུག་པ་ཕྲེང་ལ་སོགས། །སྔགས་པས་དེ་ལ་མཆོད་པར་བྱ། །འདིར་ནི་གཏོར་མ་གསུངས་པ་ཡང་། །ཤ་ཆེན་གྱིས་བྱ་གཞན་དུ་མིན། །ཁྲག་གི་གཏོར་མའི་ཆོ་ག་དང་། །དེ་བཞིན་བདུག་པའང་ཀུན་སྨེ་བའོ། །དེ་ནས་དཔལ་ལྡན་རིག་འཛིན་པས། །རོ་ལངས་ཕྱག་རྒྱ་བཅིངས་ནས་ནི། །གཏོར་མ་མེ་ཏོག་ལ་སོགས་དབུལ། །རྣམ་པ་ཀུན་ཏུ་ཁྲོ་བོས་བྱ། །དཀྱིལ་འཁོར་དུ་ནི་འཁོར་ཡུག་གི། །ཕྱོགས་བརྒྱད་དག་ཏུ་མར་མེ་དགོད། །དུར་ཁྲོད་དག་གི་མགལ་དུམ་མམ། །ཡང་ན་གསལ་ཤིང་དག་གིས་བུད། །སེང་ལྡེང་དག་གི་གཟར་བུ་ཡིས། །ཚིལ་ཆེན་དག་ལ་ལན་བདུན་དུ། །ལྷོ་ཕྱོགས་མེ་ལས་བསྲེགས་ནས་ནི། །དེ་ནས་ཁྲོ་བོ་བསྒྲུབ་པར་བྱ། །དེ་ལ་སྔོན་དུ་བསྙེན་པ་དང་། །བཟླས་པ་དག་ནི་བསྟན་པ་མིན། །རིག་འཛིན་ཉིད་ཀྱི་སེམས་སྟོབས་ཉིད། །འདི་ཡི་རྒྱུར་འདི་ཤེས་པར་བྱ། །ལྷོ་ཕྱོགས་སྒོར་ནི་ནན་ཏན་དུ། །རྨ་མེད་པ་ཡི་རོ་བཞག་སྟེ། །སྙིང་གར་རོ་ལངས་རྒྱ་བཞག་ལ། །དེ་ལ་རབ་ཏུ་བསྐོར་བར་བྱ། །དེ་ནས་ཁྲོས་པ་ཆེན་པོ་ཡིས། །ཤིན་ཏུ་བཀྲུས་ཤིང་ལེགས་པར་བརྒྱན། །དྲི་དང་མེ་ཏོག་དམར་སྔོན་གྱིས། །ལེགས་པ་དག་ཏུ་མཆོད་ནས་ནི། །མཁས་པས་རོ་ལངས་ཕྱག་རྒྱ་ཡིས། །ཐོག་མར་བདག་ཉིད་བསྲུང་བར་བྱ། །གཤིན་རྗེའི་གཤེད་བྱེད་ཡན་ལག་ལྔ། །དེ་བཞིན་ལས་ལ་སྦྱར་བར་བྱ། །དཔའ་བོ་མཐུ་ཆེན་བདག་ཉིད་ཀྱིས། །རལ་གྲི་ལག་པར་བླངས་ནས་ནི། །དཔའ་བོའི་རྐང་པ་གཡོན་པ་ཡི། །དེ་ཡི་སྙིང་གར་མནན་ནས་ནི། །ཁྲོ་བོ་ཡི་ནི་གཙོ་བོ་ཡི། །ཡི་གེ་བཅུ་བདུན་སྔགས་བཟླས་སོ། །ཨོཾ་ཨཱ་ཀྲོ་དྷི་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུཾ་ཕཊ། འདི་ནི་རྩ་བའི་སྔགས་ཡི་གེ་བཅུ་བདུན་པའོ། །དེ་ཡིས་དྲག་པོར་བསྐུལ་བ་དང་། །ཡི་དྭགས་དེ་ནི་གཡོ་བར་འགྱུར། །ཧར་ཧར་གྱུར་པར་འཁྲུགས་པ་དང་། །དེ་བཞིན་ཧ་ཧའི་


DNG016_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་ཡང་འབྱིན། །དེ་ནས་བདག་གིས་ལངས་པ་ལ། །མཚོན་ཆ་རྣོན་པོ་འབར་བ་ཡིས། །བཅད་པའི་ཤ་དང་ཁྲག་བཅས་པ། །ཨརྒྷཾ་དེ་ལ་དབུལ་བར་བྱ། །རིག་པ་འཛིན་པ་དེ་ཡི་ནི། །སེམས་ཀྱི་དྲོད་ནི་དེ་ཤེས་ནས། །ཨརྒྷཾ་བླངས་ཏེ་དཀྱིལ་འཁོར་ནི། །ཧ་ཧར་གྱུར་པས་འཇིགས་པར་བྱེད། །དེ་ནས་བདག་ཉིད་ཆེན་པོ་དེས། །འཇིགས་སུ་རུང་བའི་གཟུགས་མཐོང་ནས། །གཤིན་རྗེའི་གཤེད་པོ་དཔའ་བོ་ཡི། །རོ་ལངས་ཕྱག་རྒྱ་བསྟན་པར་བྱ། །དེ་ནས་གཤིན་རྗེའི་གཤེད་པོ་ནི། །ཡི་དྭགས་ལུས་ལ་གནས་པ་དེས། །རོ་ལངས་ཉིད་ཀྱི་རྒྱ་མཐོང་ནས། །རིག་པ་འཛིན་པ་དེ་ཡི་ནི། །སེམས་དྲོད་རིག་ནས་འདོད་པའི་མཆོག །སྦྱིན་པར་བྱེད་པར་གདོན་མི་ཟ། །ཁྲོ་བོའི་རྒྱལ་པོ་སླར་གཤེགས་ནས། །མི་རོ་ས་ལ་འགྱེལ་བར་འགྱུར། །དེ་ཡི་ལུས་ནི་དེ་ཉིད་ཀྱང་། །གསེར་དུ་འགྱུར་བར་གདོན་མི་ཟ། །དེ་ཚེ་གྲོགས་པོ་རྣམས་དང་ཡང་། །སེམས་ཅན་རྣམས་ལ་ཅི་བདེར་སྦྱིན། །བདག་ཉིད་ཆེན་པོ་དཔའ་བོ་ཡི། །བསྒྲུབ་པར་བཤད་པ་འདི་ཡིན་ཏེ། །སེམས་ནི་རབ་ཏུ་དཔའ་བས་བྱའི། །ངན་དོན་གཞན་གྱིས་ཡང་མི་བྱ། །སེམས་དཔའ་ཞན་པའི་སྒྲུབ་པ་པོས། །ཁྲོ་བོའི་རྒྱལ་པོ་དེ་བསྒྲུབས་ན། །དེ་ནི་ལངས་ནས་མྱུར་བར་ནི། །གྲོགས་དང་བཅས་པས་གསོད་པར་འགྱུར། །རོ་ལངས་ཕྱག་རྒྱ་མི་ཤེས་ན། །སེམས་ནི་ཇི་ལྟར་དྲག་གྱུར་ཀྱང་། །ཁྲོ་བོའི་རྒྱལ་པོ་དེ་ཡིས་ནི། །སྒྲུབ་པ་པོ་དེ་བསད་པར་འགྱུར། །རིག་འཛིན་མཆོག་གིས་གང་དག་ཏུ། །དེ་བཞིན་གཤེགས་པའི་དམ་ཚིག་གིས། །བརྒྱན་ཅིང་ཁྲོ་བོ་སྐུལ་བྱེད་པའི། །རོ་ལངས་ཕྱག་རྒྱ་བཅིངས་པ་དེར། །གདོན་མི་ཟ་བར་ཁྲོ་བོས་ནི། །ལེགས་པར་བྱིན་གྱིས་རློབ་པར་འགྱུར། །མྱུར་དུ་མཆོག་ཀྱང་སྩོལ་བར་མཛད། །འགྲུབ་པར་འགྱུར་བ་གདོན་མི་ཟ། །ཨོཾ་ན་མོ་བུཌྜྷ་དྷརྨ་སང་གྷེ་བྷཿཨཱ་ཀྲོ་དྷི་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ། ཧཱུཾ་པྲེ་ཏ་བི་རཀྵ་རཀྵ་མཱ་ན་པ་ཙ་ཏ་ཐཱ་ག་ཏ་ཨཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། དེ་བཞིན་གཤེགས་པའི་བཀའ་བརྒྱན་པ། །རོ་ལངས་ཁྲོ་བོའི་ཕྱག་རྒྱའི་སྔགས་སོ། །ཧ་ཧར་གྱུར་པའི་དཀྱིལ་འཁོར་དུ། །རོ་ལངས་ཕྱག་རྒྱ་རང་སྔགས་དང་། །ལྡན་ན་མྱུར་དུ་ཁྲོ་བོ་ཡིས། །


DNG016_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པར་བྱིན་གྱིས་རློབ་པར་འགྱུར། །དཔའ་བོ་དག་གི་སྦྱོར་བས་ནི། །སྔར་བསྙེན་ལ་སོགས་མེད་པར་ཡང་། །སྒྲུབ་པ་པོ་ནི་འདོད་པ་བཞིན། །ཁྲོ་བོ་ངེས་པར་མྱུར་དུ་འགྲུབ། །ཡང་ན་རོ་ལངས་ཕྱག་རྒྱ་འདི། །སྐྱེས་བུ་སེམས་ནི་མི་དཔའ་བས། །ཧ་ཧར་གྱུར་པའི་དཀྱིལ་འཁོར་དུ། །བདག་ཉིད་ཀྱིས་ནི་དམ་ཚིག་གིས། །མཁས་པས་བཟུང་ནས་བཟླས་པར་བྱ། །དེ་ཉིད་ཀྱིས་ནི་དབང་བསྐུར་ནས། །ཇི་ལྟར་མྱུར་བར་གང་དུའང་རུང་། །ཁྲོ་བོ་མཆོག་གི་རི་མོ་འམ། །དཀྱིལ་འཁོར་ཆོ་ག་བཞིན་བྱས་པའམ། །དེ་བཞིན་སྐུ་གཟུགས་གཞག་པའང་རུང་། །ཡིད་དང་དབང་པོ་བསྡམས་བྱས་ཏེ། །ཐོག་མར་ཆིག་འབུམ་བཟླས་པར་བྱ། །དེ་ལྟར་སྔོན་དུ་བསྙེན་པ་ནི། །ཇི་ལྟར་འདོད་པར་བྱས་ནས་གདོད། །ཕྱི་ནས་རྨྱུང་བར་བྱས་ནས་དེ། །རོ་ལངས་ཕྱག་རྒྱ་བསྒྲུབ་ལ་འཇུག །ཧ་ཧར་གྱུར་པའི་དཀྱིལ་འཁོར་ནི། །ཆོ་ག་བཞིན་དུ་དུར་ཁྲོད་བྲི། །ཡང་ནི་སེམས་ནི་མི་དཔའ་བས། །དུར་ཁྲོད་ཐལ་བས་ཁྱིམ་དུ་བྲི། །ཁྱིམ་དེ་སྟོང་པ་ཡིན་ན་རུང་། །གལ་ཏེ་ཁྱིམ་དེ་མི་སྟོང་ན། །ཧ་ཧར་གྱུར་པ་མཐོང་བ་དང་། །ཞག་བདུན་ལོན་མ་ཐག་ཏུ་འཇིག །དེ་ནས་ཡི་དྭགས་མང་པོ་ལས། །གསང་བའི་མཆོད་པ་ཅི་རིགས་བྱ། །དེ་ནས་ལྷོ་ཕྱོགས་སྒོར་འདུག་སྟེ། །བྱང་གི་སྒོ་རུ་ཁ་བལྟས་ལ། །རང་གི་དམ་ཚིག་ལས་གསུངས་པའི། །རོ་ལངས་ཕྱག་རྒྱ་བཅིངས་ཏེ་བཟླས། །ཟླ་བ་མར་གྱི་ཚེས་བརྒྱད་ལ། །བློ་ལྡན་ཆོ་ག་ཤེས་པ་ཡིས། །མཚན་མོ་སྟན་ཅིག་འདུག་ནས་ནི། །ཉི་མ་ཤར་གྱི་བར་དུ་བཟླས། །དེ་ནས་ཁྲོ་བོ་དྲག་པོ་ཡི། །རོ་ལངས་ལྷ་མོ་འགྲུབ་པར་འགྱུར། །ཁྲོ་བོ་ཧ་ཧའི་སྔགས་དག་དང་། །སྐུལ་བའི་ཚིག་གིས་མཆོག་རྣམས་ཀྱིས། །ཇི་སྐད་གསུངས་པའི་ལས་རྣམས་ནི། །ཐམས་ཅད་དེ་ནས་བྱེད་པར་འགྱུར། །བེ་ཅོན་ཞེས་བྱའི་ཕྱག་རྒྱ་ལའང་། །དེ་དག་ཉིད་ལ་མྱུར་དུ་སྦྱར། །སྦྱར་ན་དོགས་པ་མེད་པར་ཡང་། །འདི་ནི་དེ་དག་བྱེད་པར་འགྱུར། །རོ་ལངས་ཕྱག་རྒྱ་བསྒྲུབ་པ་བྲི། །སྔགས་པ་དགོངས་པ་གསུངས་པའོ། །


DNG016_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་ཞན་པའི་སེམས་རྣམས་ཀྱིས། །སྒྲུབ་པ་དག་ནི་གསུམ་པོ་འབྱུང་། །ཆོ་ག་བཞིན་དུ་སྔར་བཤད་པའི། །ཡི་དྭགས་མང་པོ་དེ་ཚེ་བྲི། །གང་ཡང་རུང་བར་ཇི་རིགས་པར། །ཕྱག་རྒྱ་རྣམས་ཀྱིས་སྦྱར་བར་བྱ། །དེ་ནས་ཡི་དྭགས་མང་པོ་ཡི། །དཀྱིལ་འཁོར་བལྟ་ན་སྡུག་པ་འདི། །ཁྱིམ་མམ་ཡང་ན་གཞན་དུའང་རུང་། །དེ་ཚེ་དཀྱིལ་འཁོར་བྲིས་ནས་ནི། །དེ་དབུས་ཡི་དྭགས་སྤྱི་བོ་ལ། །རོ་ལངས་ཕྱག་རྒྱ་འདི་བཞག་གོ། །ཁྲོ་བོ་ཡི་གེ་གཟི་བསྐྱེད་པ། །ཞི་ཞིང་ཀུན་ཏུ་དགའ་བྱེད་པ། །རོ་ལངས་སྙིང་པོའི་ཕྱག་རྒྱ་ནི། །བཅིངས་ནས་དེ་ལ་སྦྱར་བར་བྱ། །དེ་ནས་རོ་ལངས་ཕྱག་རྒྱ་ཡིས། །གསང་བའི་ཡི་གེ་བཅུ་གསུམ་པའོ། །ཞི་བ་གཞན་ཡང་ཤེས་བྱས་ནས། །ཇི་ལྟར་འདོད་པར་བཟླས་པར་བྱ། །ཨོཾ་ཨཱཿཧཱུཾ་བེ་ཏཱ་ལི་རཀྵ་རཀྵ་མཱཾ་སྭཱ་ཧཱ། རོ་ལངས་ཕྱག་རྒྱའི་སྙིང་པོ་འདི། །གང་ཡང་རུང་བ་ཅི་འདོད་པར། །བཅུར་བསྒྱུར་བ་ཡི་འབུམ་གྲངས་སུ། །ཆོ་ག་བཞིན་དུ་བཟླས་ན་ནི། །རྨད་དུ་བྱུང་བའི་ལས་རྣམས་ཀྱང་། །ཡིད་ཀྱིས་བསམ་པས་བྱེད་པར་འགྱུར། །གསང་བའི་རིག་པ་གསང་བ་འདི། །ལས་རྣམས་ཐམས་ཅད་བྱེད་པའོ། །དེ་ནས་ད་ནི་འདི་ཡི་ལས། །ཁྲོ་བོའི་རྒྱལ་པོ་ཉིད་ཀྱིས་ནི། །རྟོག་པ་འདི་ལས་གང་གསུངས་པ། །དེ་དག་མདོ་རུ་བཤད་པར་བྱ། །གནོན་དང་གཟིར་དང་རྨོངས་པ་དང་། །དེ་བཞིན་དབབ་པའི་ཆོ་ག་དང་། །དབང་དུ་བྱེད་དང་ལྡན་པ་དང་། །གསད་པ་དང་ནི་བསྐྲད་པ་དང་། །ཕན་ཚུན་འཐབ་ཅིང་བརྡེག་པ་དང་། །དེ་བཞིན་གཞན་ཡང་མིག་འཕྲུལ་དང་། །ཞི་དང་རྒྱས་པར་སྦྱོར་བ་དང་། །དེ་བཞིན་དགའ་བར་བྱེད་པ་དང་། །འགུགས་པར་བྱེད་པའི་ཆོ་ག་ཡང་། །མདོར་བསྡུས་ནས་ནི་བཤད་པར་བྱ། །རོ་ལངས་ཕྱག་རྒྱ་ལས་བསྒྲུབ་ཕྱིར། །ཆོ་ག་བཞིན་དུ་སྔར་བསྙེན་བྱ། །སོ་སོའི་དོན་རྣམས་བསྒྲུབ་པའི་ཕྱིར། །ཆོ་ག་འདི་དག་བརྩམ་པར་བྱ། །རྨ་བྱའི་མཇུག་མའི་སྒྲོ་དག་ལ། །མཁས་པས་མདོངས་ནི་བརྒྱ་ཡོད་པ། །བམ་པོ་གཅིག་ཏུ་སྤམས་ནས་ནི། །བུ་མོས་བཀལ་བའི་སྐུད་པ་ཡིས། །སེང་ལྡེང་ཤིང་གི་ཡུ་བ་ནི། །འཕན་མེད་ཁྲུ་གང་ཙམ་པ་ལ། །ཆོ་ག་བཞིན་དུ་བཅིང་བར་བྱ། །ཡུ་བ་དེ་ཡི་རྩེ་མོ་ལའང་། །མཆོད་རྟེན་བཟང་


DNG016_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལེགས་པར་བྱ། །གྲོ་ག་ལ་ནི་གི་ཧཾ་གིས། །ཁྲོ་བོས་མཐར་བྱས་རོ་ལངས་བྲི། །ཤེས་པས་མཆོད་རྟེན་འོག་ཏུ་བཞག །དེ་ནས་ཟླ་བ་གཟས་ཟིན་པའི། །ནུབ་མོ་ཡི་དྭགས་ཕལ་ཆེན་གྱི། །དཀྱིལ་འཁོར་མཚོ་འགྲམ་བྲིས་ནས་བཟླས། །དེ་ལྟར་བསྒྲུབ་ཕྱིར་སྔགས་པ་ཡིས། །མཇུག་མ་དེ་ལ་ཡིད་གཏད་ནས། །ལག་པ་གཡོན་པས་བཟུང་ནས་ནི། །ཟླ་བ་དེ་ལ་བལྟ་ཞིང་བཟླས། །སེམས་ནི་བདུད་ཀྱིས་མ་དཀྲུགས་པར། །སེམས་དཔའི་སྟོབས་ཀྱིས་ཁ་ཅིག་ལ། །དྲོད་དང་དུ་བ་འབར་བ་དག །མཇུག་མ་དེ་ལས་འབྱུང་བར་འགྱུར། །དྲོ་བར་གྱུར་པ་མཐོང་ན་ནི། །བྱང་ཆུབ་སེམས་དཔའ་འདྲ་བ་ཡིས། །སེམས་ཅན་རྣམས་ནི་ཐམས་ཅད་ལ། །དེས་ནི་ཕན་ཐོགས་གནོད་པར་ནུས། །མཇུག་མ་བཟང་པོ་དེ་ལས་ནི། །དུ་བ་འབྱུང་བ་མཐོང་ན་ཡང་། །མྱུར་དུ་མི་སྣང་བར་ཡང་འགྱུར། །འདོད་པའི་གཟུགས་ཅན་ཡིད་མགྱོགས་བཞིན། །རྒས་པ་དང་ནི་འཆི་བའང་མེད། །གནོད་སྦྱིན་རྣམས་ནི་ཡོངས་སུ་བསྐོར། །སེམས་ཅན་ཆེན་པོ་དེ་ཡིས་གཟིས། །གལ་ཏེ་དེ་ནི་འབར་གྱུར་ན། །རིག་འཛིན་དཔལ་དང་ལྡན་པར་འགྱུར། །ནམ་མཁར་ལ་ནི་མྱུར་དུ་འགྲོ། །བདེ་བ་ཀུན་དང་ལྡན་པ་ཡི། །རིག་འཛིན་རྣམས་ཀྱི་མཆོག་ཏུ་གྱུར། །གལ་ཏེ་ཟླ་བ་གཟས་བཏང་ལ། །དེ་ཚེ་གྲུབ་པར་མ་གྱུར་ནའང་། །མཇུག་མ་གང་ཡང་རུང་བ་གཅིག །ལན་ཅིག་ཙམ་ནི་བསྐོར་བས་ཀྱང་། །དཔུང་རྣམས་གནོན་པའི་དངོས་གྲུབ་འབྱུང་། །མྱོས་པས་འགྲངས་པའི་གླང་པོ་དང་། །སྟག་དང་སེང་གེ་ཝ་རྣམས་དང་། །རྟ་དང་ཤིང་རྟ་བྱ་རྣམས་དང་། །གྲུ་དང་གྲུ་ཆེན་བཞོན་པ་རྣམས། །བསྐོར་ན་ཐམས་ཅད་གནོན་པར་བྱེད། །མནན་པ་དག་ལས་ཐར་བར་ཡང་། །མཇུག་མ་འདིས་ནི་གདོན་མི་ཟ། །དེ་ནས་གཞན་ཡང་རོ་ལངས་ཀྱིས། །གཟིར་བར་བྱ་བ་གསང་བར་བཤད། །དེ་ནས་ཚིལ་ཆེན་བླངས་ནས་ནི། །དེ་ཡང་ཐོད་པའི་ནང་དུ་གཞག །ཨེ་ཤྭ་མ་ར་དམར་པོ་ཡི། །ཤིང་བལ་འཇམ་པོས་སྙིང་པོ་བྱས། །གདོལ་པའི་མེ་ཡིས་འབར་བྱས་ནས། །ཉི་མ་ཟླ་བ་གཟས་ཟིན་ཚེ། །ཐོད་པའི་


DNG016_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

དུད་པ་བླངས་ནས་ནི། །ཟླ་བའམ་ཡང་ན་ཉི་མ་དག །བཏང་གི་བར་དུ་བཟླས་པར་བྱ། །ཡང་ན་ཨརྐའི་ཤིང་བལ་གྱིས། །དེ་ཡི་འོག་ཏུ་ལྕགས་ཐུར་གྱིས། །མིག་གཉིས་དག་ནི་བསྐུ་བར་བྱ། །དེ་ལྟར་མིག་གཉིས་བསྐུས་པ་ཡིས། །གང་དག་བལྟས་པ་དེ་དག་ནི། །གཟིར་བར་གྱུར་པ་གདོན་མི་ཟ། །དེ་ནས་གདོང་བཀྲུས་བལྟས་ན་ནི། །སླར་ཡང་དེ་ལས་ཐར་བར་འགྱུར། །དེ་ནས་གཞན་ཡང་རྨོངས་པ་ནི། །རྨོངས་པར་བྱེད་པའི་མཆོག་བཤད་དོ། །ཨརྐ་ཤིང་གི་རྩ་བ་དང་། །ཀ་ན་ཀ་ཡི་རྩ་བ་དང་། །ཨ་ཤྭ་མ་ར་རུ་རྟ་དང་། །མོ་ཧ་ནི་ཡི་རྩ་བ་དང་། །མ་ཧཱ་ནཱི་ལའི་རྩ་བ་དང་། །ཤར་པུ་ཀ་ར་ལྡན་བྱས་ཤིང་། །ཡི་དྭགས་མེ་ཏོག་སྙིང་པོར་རྙིང་པའང་ལྡན། །མདུན་སོ་དག་དང་ལྡན་བྱས་ཏེ། །སྐྱེས་པ་དག་གམ་བུད་མེད་ཀྱི། །གསང་དབང་པགས་པ་དང་ལྡན་པ། །བུ་མོ་འདོད་པ་མ་སྤྱད་པས། །མར་གྱི་བརྒྱད་ལ་ལེགས་པར་བཏག །ཕྱིས་ནི་བུད་མེད་ཁྲག་དག་དང་། །བོང་བུའི་ཁུ་བས་སྦྲུ་བར་བྱ། །དུར་ཁྲོད་ཐལ་བ་དང་སྦྱར་ཏེ། །དེ་ནས་མར་གྱི་ཚེས་བརྒྱད་ལ། །ཐོག་མར་ཡི་དྭགས་མང་བྲིས་ནས། །རིག་པ་འཛིན་པས་ནུབ་མོ་བཟླས། །སྟོང་རྩ་བརྒྱད་ནི་ལེགས་བཟླས་ན། །དེ་ནས་རྫས་ནི་འགྲུབ་པར་འགྱུར། །རྨོངས་པར་བྱེད་པའི་ཕྱེ་མ་འདི། །སེམས་ཅན་ཀུན་ལ་སྦྱར་ན་ནི། །དེ་ནས་རྨོངས་པར་བྱེད་པར་འགྱུར། །དེ་ལ་ཐེ་ཚོམ་མི་བྱའོ། །འཐབ་མོ་དང་ནི་རྩོད་པ་དང་། །རྒྱལ་པོའི་གཡུལ་ངོ་ཆེན་པོ་དང་། །བདག་གི་ཕྱོགས་ནི་བསྲུང་བའི་ཕྱིར། །སྦྱོར་བ་ཤེས་པས་བསྐུལ་བ་ཡི། །རྒྱལ་མཚན་དག་ནི་བསྒྲེང་བ་ནི། །དགྲ་རྣམས་ཀུན་ཏུ་རྨོངས་པར་འགྱུར། །ཕྱེ་མ་དེ་ཡིས་རེག་ན་ནི། །དེ་མ་ཐག་ཏུ་མི་རྣམས་རྨོངས། །ཚུར་ཞུགས་ན་ནི་ཐར་བར་འགྱུར། །ངེས་པར་གཞན་དུ་མ་ཡིན་ནོ། །དེ་ནས་གཞན་ཡང་དབབ་པ་ཡི། །ཆོ་གའི་མཆོག་ནི་བཤད་པར་བྱ། །ཇི་ལྟར་འབྱུང་པོ་ཐམས་ཅད་ནི། །མོད་ལ་འབབ་པར་འགྱུར་བའོ། །སྟག་གི་པགས་པ་དང་ལྡན་པར། །སྦྲུལ་གྱི་ཤུན་པར་བཏགས་ནས་ནི། །དུག་དང་ཡུང་བའི་རྩ་བ་དང་། །མོ་ཧ་ན་དང་མ་ལ་ཏི། །ར་ཡི་གཅིན་ལས་


DNG016_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

བཏགས་པར་ནི། །དེ་ནས་དེ་དག་རི་ལུ་བྱ། །ཙ་ན་ཀ་ཡི་འབྲས་བུའི་ཚད། །བདུན་ནམ་བརྒྱད་དམ་དགུའམ་ཡང་། །གཞན་ཡང་རི་བོང་ཁྲག་དག་དང་། །གུར་གུམ་ལས་ནི་བཏགས་ནས་སུ། །བདུན་ནམ་བརྒྱད་དམ་དགུ་དག་ཏུ། །རི་ལུ་སྔ་མ་བཞིན་དུ་བྱ། །དེ་ནས་སྔ་མའི་རི་ལུ་དག །སྔགས་པས་ཐོད་པའི་ནང་དུ་གཞག །མར་གྱི་ཚེས་བརྒྱད་མཚན་མོ་ནི། །བརྒྱ་རྩ་བརྒྱད་དུ་བཟླས་པར་བྱ། །གུར་གུམ་ཅན་ནི་ཨ་རི་སྟའི། །སྣོད་ནི་གཙང་མར་གཞག་པར་བྱ། །དེ་ནས་སྟོང་རྩ་བརྒྱད་བཟླས་ཏེ། །རྩེ་མོ་རབ་ཏུ་སྦྱར་བར་བྱ། །སྔར་ནི་ལེགས་པར་སྦྱར་བ་ཡི། །རི་ལུ་ཐ་མལ་འདུག་པ་ལ། །བཏབ་ན་མྱུར་དུ་འབབ་པར་ནི། །རིང་པོར་མི་ཐོགས་གཞན་དུ་མིན། །བབས་ནས་མྱུར་ཏུ་གཏང་བ་ནི། །དེ་ནས་གུར་གུམ་རི་ལུས་བྱའོ། །དེ་ནས་གཞན་ཡང་སྒྲུབ་པ་ཡིས། །དབང་དུ་བྱེད་པ་དག་གི་མཆོག །རིག་པ་འཛིན་པའི་ཡིད་ལས་འབྱུང་། །ལས་ཀྱིས་ངེས་འགྱུར་བཤད་པར་བྱ། །རཀྟ་ཞེས་ནི་འདིར་གྲགས་པ། །རྩ་བ་རཀྟ་མཱུ་ལི་ཀ །དེ་བླངས་ཤ་ར་པུ་ཀ་དང་། །མི་ལས་བྱུང་བའི་མདུན་སོ་དང་། །ཚུབ་མས་བསྐོར་བའི་ལོ་མར་བཅས། །བུང་བ་ཡི་ནི་ལོ་མ་དག །གཞོན་ནུ་ཚུབ་མས་གཙུབས་པའི་ཤིང་ལོ་ནི། །ལྡིང་ཞིང་ལྷག་དང་བཅས་པ་དག །གཞོན་ནུ་ཞེས་ཀྱང་བྱུང་མས་ནི་མཚན་མོ་བཏག །དེ་ནས་བདག་གི་སྦྱར་བ་དེ། །ཕྱེ་མ་མཆོག་ནི་ལན་བདུན་དུ། །བདག་གི་ཁུ་བས་སྦྲུ་བར་བྱ། །དེ་ནས་བདག་གི་དཀྱིལ་འཁོར་ལ། །པདྨའི་སྙིང་པོ་ལ་གཞུག་ནས། །གཙང་མས་ཀྱང་བཅིངས་ནས་མར་གྱི་ཚེས་བརྒྱད་ལ། །བློ་ལྡན་ལག་པར་བཟུང་ནས་ནི། །སྔགས་ཀྱིས་སྟོང་དུ་གདབ་པར་བྱ། །ཕྱེ་མའི་རྒྱལ་པོ་དབང་བྱེད་པ། །དེ་ནས་དངོས་གྲུབ་ཐོབ་པར་འགྱུར། །བཟའ་བའམ་ཡང་ན་བཏུང་སྦྱིན་ལ། །ཡང་ན་ཕྱེ་མ་འགམ་པར་བྱ། །ཡང་ན་རླུང་གི་ཕྱོགས་སུ་གཏང་། །ཡང་ན་གོས་ལ་ལན་ཅིག་གདབ། །ཡང་ན་བྱུག་པའམ་སོ་ཡི་རྩི། །གང་ལའང་དེ་དག་སྦྱར་བྱས་ན། །དེ་ལ་འདིས་ནི་ལན་ཅིག་གིས། །མྱོས་ཤིང་དྲེགས་པའི་དགྲ་དག་ནི། །རྒྱང་རིང་ནས་ཀྱང་དབང་དུ་འགྱུར། །བྲན་བཞིན་དུ་ནི་ལེགས་པར་བྱེད། །ཕྱེ་མ་འདི་ཡིས་རེག་པ་ནི། །ཤིན་ཏུ་རྗེས་སུ་འདྲེང་བར་འགྱུར། །གལ་ཏེ་


DNG016_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱང་ནི་རིང་པོ་ནས། །ཕྱེ་མས་རེག་པར་མི་འགྱུར་ན། །དེ་ཡི་གཟུགས་བརྙན་བྱས་ནས་ནི། །ཕྱེ་མ་འདི་ཡིས་གདབ་པར་བྱ། །ཞག་བདུན་གྱིས་ནི་རིག་འཛིན་གྱི། །མིང་ནི་འདི་ཡིས་ཐོས་ནས་ཀྱང་། །བདག་ཉིད་དང་ནི་ནོར་བདག་གི། །གདོན་མི་ཟ་བར་དབང་དུ་འགྱུར། །དེ་ནས་སྦྱོར་བ་འབའ་ཞིག་གིས། །འཁོན་པའི་ལས་དག་བཤད་པར་བྱ། །རྨ་བྱའི་མདོངས་ནི་བཟང་པོ་དང་། །དེ་བཞིན་སྦྲུལ་གྱི་ཤུན་པ་དང་། །རྟ་དང་མ་ཧེའི་སྤུ་དག་དང་། །ཀ་ན་ཀ་ཡི་ས་བོན་དང་། །ཨ་ཤྭ་མ་རའི་མེ་ཏོག་དང་། །དེ་ནས་གླང་པོ་པི་པི་ལིང་། །འདི་རྣམས་ཐམས་ཅད་བསྙམས་བྱས་ཏེ། །བྱི་བ་བྱི་ལའི་ཁྲག་ལ་བཏབ། །བདག་གི་རི་ལུ་བསྙམ་པར་བྱ། །བྱས་ནས་ཆོ་ག་ཤེས་པ་ཡིས། །མཚན་མོ་སྟོང་རྩ་བརྒྱད་དུ་བཟླས། །བྱི་བ་དང་ནི་བྱི་ལ་ཡི། །སྤུ་ཡི་བདུག་པས་བདུག་པར་བྱ། །དེ་ནས་སྦྱོར་པ་ཤེས་པ་ཡིས། །དེ་ནས་རི་ལུ་གཅིག་བླངས་ལ། །གང་དང་འཁོན་པར་བྱ་བ་ནི། །དེ་དག་གཅིག་གི་སྤྱི་བོ་ལ། །རིལ་བུའམ་ཡང་ན་ཕྱེ་མ་དག །འཁོན་པར་གྱུར་པའི་ཕྱིར་གདབ་པོ། །འཁོན་པར་བྱེད་པའི་མཆོག་འདི་ནི། །ཁྲོ་བོ་ཉིད་ཀྱིས་གསུངས་པའོ། །དེ་ནས་འདིར་ནི་གསང་བྱ་བ། །ཇི་ལྟར་ཡང་དག་སྦྱོར་ལྡན་པས། །དོགས་པ་མེད་པར་འགྲུབ་འགྱུར་བ། །གསོད་པའི་མཆོག་ནི་བཤད་པར་བྱ། །མི་དབང་རྣམ་པ་དུ་མ་ཡིས། །དཀོན་མཆོག་གསུམ་ལ་གནོད་བྱེད་པ། །དེ་ལ་སྦྱོར་བ་འདི་སྦྱར་ཏེ། །ངན་སོང་གཞན་ལ་མ་ཡིན་ནོ། །བྱང་ཆུབ་སེམས་དང་ལྡན་པ་ལ། །འགྲུབ་འགྱུར་འདི་ནི་གཞན་དུ་མིན། །འདི་ནི་དེ་བཞིན་གཤེགས་པ་ཡི། །དམ་ཚིག་ཐམས་ཅད་གྲུབ་སྦྱིན་པ། །ཆོ་ག་འདི་བཞིན་ལེགས་པར་བསྲུང་། །གཞན་དུ་ན་ནི་འགྲུབ་མི་འགྱུར། །དེ་བཞིན་གཤེགས་པའི་དངོས་གྲུབ་ཀུན། །འདོད་ན་སྲོག་ཆགས་ཕན་འདོད་པས། །འོང་ལོག་དང་འབུར་བའི་ཡང་དང་འབྱུང་བའི་དངོས་གྲུབ་ཀྱང་། །མི་བཤོལ་བར་ནི་བསྒྲུབ་པར་བྱ། །ཁྲོ་དང་གཏུམ་པའི་སྤྱོད་པ་དང་། །འདོད་ཕྱིར་གསད་པར་འདོད་པ་དེ། །དེ་བཞིན་གཤེགས་པའི་དངོས་གྲུབ་དག །རྨི་ལམ་དུ་ཡང་ག་ལ་འབྱུང་། །སྙིང་རྗེ་བཟོད་དང་དེ་བཞིན་བྱམས། །རང་བཞིན་གྱིས་ནི་སྙིང་རྗེ་ཅན། །


DNG016_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སྐད་གསུངས་པའི་སྔགས་པ་ནི། །བྱང་ཆུབ་སེམས་ནི་འབའ་ཞིག་སེམས། །དེ་བཞིན་གཤེགས་པའི་དངོས་གྲུབ་ཀུན། །གདོན་མི་ཟ་བར་དེ་ལ་འགྲུབ། །གདུག་པ་རྣམས་ནི་འདུལ་བ་ཡི། །སྦྱོར་བ་འདི་ནི་ཀུན་ཏུ་གསུངས། །དཀོན་མཆོག་གསུམ་ལ་ཆེར་གནོད་ལ། །བྱ་བར་བཤད་ཀྱིས་གཞན་དུ་མིན། །སེམས་གདུག་བསྒྲུབ་པར་བྱ་བ་ཡི། །རྐང་པའི་རྗེས་ཀྱི་ས་བླངས་ལ། །དེ་ནས་གཙང་མར་མ་ཧེ་ཡི། །གཅིན་གྱིས་དེ་ནི་སྦྲུས་ནས་ཀྱང་། །དེ་ཡི་གཟུགས་བརྙན་བྱས་ནས་ནི། །དུར་ཁྲོད་ཐལ་བས་བསྐུ་བར་བྱ། །སོལ་བ་ཚེར་མ་རྣོན་པོ་དང་། །དེ་བཞིན་རུས་པ་ཕུབ་མ་དག །དེ་ཡི་སྙིང་གར་དགང་བར་བྱ། །དེ་བཞིན་གཞན་ཡང་ལྟོ་བ་དང་། །རྣ་བ་སྣ་དང་མིག་དང་ཁ། །རབ་ཏུ་བཀང་ནས་གསང་གཡང་སར་ཡང་བར་གཞག །བཞག་པ་རྐང་པ་གཡོན་པས་མནན། །དེ་ནས་བུ་དོན་སྐུ་གཟུགས་ལ། །གཞན་ཡང་རོ་ལངས་ཞི་བའི་སྔགས། །ཕྱིན་ཅི་ལོག་ཏུ་བཟློག་ནས་ནི། །བསྒྲུབ་པར་བྱ་བའི་མིང་སྨོས་ནས། །སྒྲུབ་པ་སྟོང་རྩ་བརྒྱད་དུ་བཟླས། །བཟློག་པའི་རིམ་པ་ཉིད་ཀྱི་ནི། །ཕཊ་གཉིས་དག་གི་བར་དུ་གཞུག །ལས་འདི་བྱས་པས་ངེས་པར་ནི། །བསྒྲུབ་པར་བྱ་བ་སྤོས་གྱུར་ནས། །ངེས་པར་འཆི་བདག་དབང་དུ་འགྱུར། །བློ་དང་ལྡན་པས་བསྒྲུབ་བྱ་ཡི། །དྲེགས་པ་དེ་ལྟར་བསལ་བྱས་ནས། །ནད་ཀུན་གྱིས་ནི་བཏབ་པ་དེ། །དེ་ནས་སླར་ཡང་ཐར་བར་བྱ། །གཞན་དུ་བྱས་ན་མོད་ལ་ནི། །ངེས་པར་འཆི་བདག་དྲུང་དུ་འགྲོ། །དཀོན་མཆོག་གསུམ་ནི་བསྲུང་བའི་ཕྱིར། །གནོད་པར་བྱེད་པ་ཐམས་ཅད་ལ། །ནད་ལ་སོགས་པ་སྦྱར་ན་ཡང་། །འཆི་བར་གྱུར་པ་འདི་བཤད་དོ། །དམ་ཚིག་བཤེས་ལ་མི་བྱ་སྟེ། །གལ་ཏེ་བྱས་ན་བདག་ཉིད་འཆི། །བསྐྲད་པར་བྱ་བའི་ཆོ་ག་ཡང་། །འཇམ་དབྱངས་རབ་ཏུ་དཔའ་བོ་ཡི། །ཁྲོ་བོ་ཉིད་ཀྱིས་ཇི་སྐད་དུ། །གསུངས་པ་དེ་ནི་བཤད་པར་བྱ། །སེང་ལྡེང་ལས་བྱས་ཕུར་པ་ནི། །སོར་བརྒྱད་ཚད་དུ་བྱས་པ་ལ། །ཉུང་མར་ཚ་བས་བྱུགས་ནས་ནི། །དུར་ཁྲོད་ཐལ་བས་གདབ་པར་བྱ། །དེ་ནས་ཁྭ་ནི་རང་ཤི་བའི། །པགས་པ་དག་གིས་དཀྲི་བར་བྱ། །སྒྲུབ་པོས་ནུབ་


DNG016_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ཕུར་བུ་དེ། །སྐུད་པ་དམར་པོས་བཅིངས་ནས་ནི། །དེ་ནས་རོ་ལངས་ཕྱག་རྒྱ་ནི། །སྐྲོད་ཅིག་པ་ཡི་ཚིག་ལྡན་པས། །བསྒྲུབ་པར་བྱ་བའི་མིང་སྨོས་ཏེ། །མཁས་པས་སྟོང་རྩ་བརྒྱད་དུ་བཟླས། །དེ་ནས་བསྐྲད་པར་འདོད་པ་ཡི། །བསྒྲུབ་པར་བྱ་བའི་སྒོ་གར་ནི། །ཕུར་བུ་དེ་ནི་གདབ་པར་བྱ། །དེ་ནི་སྐྲོད་པའི་མཆོག་ཏུ་གསུངས། །འོན་ཏེ་བརྒྱ་བྱིན་སྟོབས་ལྡན་པའི། །བསྒྲུབ་པར་བྱ་བའང་བསྐྲད་པར་འགྱུར། །དེ་ནས་གཞན་ཡང་གཅིག་ལ་གཅིག །འཐབ་དང་རྩོད་པར་བྱ་བ་ནི། །དཀོན་མཆོག་གསུམ་ལ་གནོད་བྱེད་པར། །རིག་ནས་ཇི་ལྟར་འདོད་པར་ནི། །དེ་དག་རང་གི་ཕྱོགས་འཁྲུག་པར། །སྔགས་པས་ཇི་སྐད་གསུངས་བཞིན་བྱ། །བ་ར་ཧི་དང་རི་ཙེ་ར། །པ་ཏྲ་དང་ནི་ཀེ་ཤི་ནི། །དེ་བཞིན་ཐ་མ་པུ་ཀ་རི། །ཡང་དག་བྱང་ཆུབ་རབ་ཞུགས་པ། །མཐུ་ཆེན་སྨན་ནི་འདི་རྣམས་ལས། །གང་ཡང་རུང་བ་གཅིག་བླངས་ཏེ། །ལོ་མ་རླུང་གིས་བཏབ་པར་སྦྱར། །དེ་བཞིན་པ་ལ་ཏ་ཀ་དང་། །གོ་སྙོད་ནག་པོ་ལྡོང་རོས་དག །འདི་དག་བཏགས་ཏེ་ཕྱེ་མར་བྱས། །མི་ཡི་ཚིལ་གྱིས་སྦྲུས་ནས་སུ། །རོ་ལངས་སྟོང་རྩ་བརྒྱད་དུ་བཟླས། །ནམ་ལངས་པར་ནི་གྱུར་པ་དང་། །གདུག་པ་འཁྲུག་པར་བྱེད་ཅེས་བྱ། །གང་གིས་མནམས་པ་དེ་དག་ནི། །རང་གི་ཕྱོགས་རྣམས་ཕན་ཚུན་འཁྲུག །གཅིག་ལ་གཅིག་ཀྱང་འཐབ་པར་འགྱུར། །གསར་འགྱུར་ལ་རྐང་པ་འདི་ཡི་འདུག །དགྲ་བོ་རྒྱུད་འདི་གར་བྱུང་བར། །ཡུལ་འཁོར་དང་ནི་གྲོང་ཁྱེར་དང་། །དཔུང་ལ་གནོད་པར་བྱ་བའི་ཕྱིར། །ཕན་ཚུན་རྩོད་པར་བྱེད་པ་ཡི། །གདུག་པ་འདི་ནི་སྦྱར་བར་བྱ། །ཕན་ཚུན་གསོད་ཅིང་འཐབ་པ་དག །ཅི་རིགས་བསྟན་པ་འདི་ཡིན་ནོ། །དེ་ནས་གཞན་ཡང་མིག་འཕྲུལ་གྱི། །ཆོ་ག་ཚུལ་བཞིན་བཤད་པར་བྱ། །མིག་འཕྲུལ་དངོས་པོ་འགྲུབ་པར་འགྱུར། །མི་ཐོད་བཟང་པོ་ཐལ་བ་དང་། །རི་བོང་གི་ནི་ཁྲག་བླངས་ཏེ། །ཡི་དྭགས་ཕལ་ཆེན་དཀྱིལ་འཁོར་ནི། །དུར་ཁྲོད་དག་གི་ཐལ་བ་ཡིས། །ཇི་སྐད་གསུངས་པ་བྲི་བར་བྱ། །དེ་ཡི་ནང་དུ་རོ་ལངས་ལ། །མཆོད་པ་ཆེན་པོ་བྱས་ནས་ནི། །དེར་ཡང་ལྷོ་ཕྱོགས་སྒོ་དག་ཏུ། །ཞུགས་ཐབ་ཏུ་ནི་མེ་བུས་ཏེ། །དེ་ནས་ཐལ་བ་


DNG016_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་ནི། །མར་གྱིས་བྱུག་གདུགས་ཏེ་ཡང་ཅིང་སྦྱིན་སྲེག་བྱ། །དེ་ནས་ཐལ་བ་དེ་ལ་ཡང་། །སྟོང་རྩ་བརྒྱད་དུ་བཟླས་བྱས་ཏེ། །སྟོང་རྩ་བརྒྱད་པོ་དེ་ཉིད་ཀྱིས། །ནམ་ལངས་ནས་ནི་ངེས་པར་ཡང་། །མཁས་པས་མིག་འཕྲུལ་རྩེད་མོ་རྣམས། །ཐལ་བ་དེས་ནི་བྱེད་པར་འགྱུར། །མེ་ཏོག་དཀར་པོར་ཐལ་བ་དེས། །ལན་རེ་དག་ཏུ་བསྐུས་ནས་ནི། །ནམ་མཁར་གཏོར་ན་ངེས་པར་ཡང་། །རྫོགས་པའི་སངས་རྒྱས་སྟོན་པར་འགྱུར། །ཐལ་བ་དེ་ཡིས་སྔ་མ་བཞིན། །མེ་ཏོག་སེར་པོ་ལ་བསྐུས་ཏེ། །དེ་བཞིན་ནམ་མཁར་ལ་གཏོར་ན། །འདོད་ཆགས་བྲལ་བ་སྟོང་དག་དང་། །ཉིད་ཀྱི་གནས་བཅས་སངས་རྒྱས་ཀུན། །སྟོན་པར་བྱེད་དེ་གཞན་དུ་མིན། །མེ་ཏོག་དམར་པོས་འཇིག་རྟེན་པའི། །ལྷ་རྣམས་ཀུན་གྱིས་སྔ་མ་བཞིན། །གང་དང་གང་གིས་འདོད་པ་དག །ཡིད་ཀྱིས་བསམ་པ་སྟོན་པར་བྱེད། །མེ་ཏོག་སྔོན་པོས་དེ་བཞིན་དུ། །གནོད་སྦྱིན་སྲིན་པོ་སྔ་མ་བཞིན། །ཡི་དྭགས་མཁའ་འགྲོ་གྲུལ་བུམ་དང་། །ཡང་ན་གང་དང་གང་འདོད་པའོ། །ཆུ་ལ་ལན་བདུན་བཟླས་ནས་ནི། །གྱེན་དུ་གཏོར་ན་ངེས་པར་ཡང་། །མིག་འཕྲུལ་སླར་ནི་བསྡུ་བར་བྱ། །ཡང་ན་ཁུ་ཚུར་བཅངས་ནས་སུ། །ཁྭ་ཡི་འདབ་མ་བདུན་དག་ལ། །མི་ཡི་རུས་པའི་ཡུ་བར་བཅིངས། །དེ་ལ་ཐལ་བ་དེ་བསྐུས་ཏེ། །མིག་འཕྲུལ་བསམ་པ་ཅི་འདོད་པར། །ཚོགས་ཀྱི་ནང་དུ་བསྐོར་ནས་ནི། །མཚོ་དང་རྒྱ་མཚོ་བརྒལ་བ་དང་། །དེ་བཞིན་ཁང་པ་རྙིང་པ་དང་། །གཡུལ་དག་འཁྲུག་ཅིང་འཆི་བ་དང་། །ལྟད་མོ་ཆེན་པོའི་མཆོག་རྣམས་ནི། །རབ་ཏུ་སྦྱར་བས་སྟོན་པར་འགྱུར། །ཁུ་ཚུར་གྱིས་ནི་དེ་བཞིན་དུ། །ས་ཡི་འོག་ཀྱང་སྟོན་པ་དང་། །འགྲོ་བ་མང་པོ་འདུ་བ་དང་། །གྱེན་དུ་འགྲོ་བ་དེ་བཞིན་འགྲུབ། །རང་གི་དཔུང་དང་རྒྱ་མཚོ་འཁྲུགས། །མཇུག་མ་དེ་དང་ཐལ་བ་ཡིས། །གཞན་ཡང་གང་དང་གང་འདོད་པ། །དེ་དག་ངེས་པར་བྱེད་པར་འགྱུར། །ཁུ་ཚུར་བཅངས་པས་དེ་བཞིན་སྡུད། །དེ་ལྟར་མིག་འཕྲུལ་མདོར་བསྡུས་པ། །ཇི་སྐད་གསུངས་པ་བཤད་པ་ཡིན། །རོ་ལངས་དེ་ཡི་ངོ་བོ་ཉིད། །ཞི་བའི་ཕྱིར་ནི་ཚུལ་བཞིན་བཟླས། །བདག་གམ་འོན་ཏེ་གཞན་ཡང་རུང་། །བསྒྲུབ་བྱ་ཞི་བའི་ཚིག་སྨོས་ཏེ། །སྟོང་རྩ་


DNG016_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་དུ་བཟླས་བྱས་ཏེ། །མེ་ཏོག་དཀར་པོ་བཟང་པོ་ནི། །གསུང་ཞིམ་ཡིད་དུ་འོང་བ་དག །ཙནྡན་དཀར་པོའི་ཆུས་བཏབ་སྟེ། །རྒྱ་མཚོར་འགྲོ་བའི་ཆུ་ནང་དུ། །ཞུགས་ནས་རེ་རེ་ལ་བཟླས་ཤིང་། །བརྒྱ་རྩ་བརྒྱད་ནི་དོར་བར་བྱ། །འོན་ཏམ་བདག་གམ་གཞན་ཡང་རུང་། །ཚུགས་པ་མེད་པར་ཞི་བར་འགྱུར། །རྒྱལ་པོའི་ཡུལ་ལམ་ལྗོངས་དག་གམ། །གྲོང་ངམ་ཡང་ན་གྲོང་བདག་དག །ཞི་བའི་ལས་དེ་བྱས་པ་ཡི། །ཞི་བར་འགྱུར་བར་གདོན་མི་ཟ། །དེ་ནས་རྒྱས་པའི་ལས་རྣམས་བྱའི། །ཚུལ་བཞིན་དུ་ནི་བཤད་པར་བྱ། །མཆོད་རྟེན་མཆོད་པ་སྣ་ཚོགས་པ། །བྱས་ནས་དེ་ཡི་མདུན་འདུག་སྟེ། །རོ་ལངས་ཕྱག་རྒྱ་ཆེན་པོས་ནི། །རྫོགས་སངས་རྒྱས་ཀྱི་མཆོད་པ་བཟླས། །གལ་ཏེ་མཆོད་རྟེན་རིང་བསྲེལ་ཅན། །ཡིན་ན་དེ་མ་ཐག་ཏུ་འགྱུར། །བསྒྲུབ་བྱའི་མིང་སྨོས་བཟླས་ནས་ནི། །སྐྱེས་པའམ་བུད་མེད་རྒྱས་པར་འགྱུར། །དམ་ཆོས་མཆོད་རྟེན་མདུན་དུ་ནི། །ཆོ་ག་བཞིན་དུ་ཁྲི་བཟླས་ན། །ཇི་སྲིད་རྒྱས་པར་གྱུར་གྱི་བར། །ཇི་སྲིད་རྒྱས་ཕྱིར་རིམ་གྱིས་བཟླས། །དེ་བཞིན་གཤེགས་པ་མཆོད་པ་དག །མཁས་པས་མཆོད་རྟེན་ཀུན་ལ་བྱ། །རིང་བསྲེལ་ཅན་ལ་ཆོ་ག་བཞིན། །ཁྱད་པར་དུ་ནི་བཤད་པར་བྱ། །ཐོག་མར་མཆོད་རྟེན་དྲུང་དུ་ནི། །མཁས་པ་དག་གིས་དཀྱིལ་འཁོར་བྱ། །དེ་ནས་དེར་ནི་མེ་ཏོག་དག །ཤིན་ཏུ་ཡིད་འོང་དགྲམ་པར་བྱ། །མེ་མར་རབ་ཏུ་འབར་བ་བརྒྱད། །མཁས་པས་དེ་ལ་དབུལ་བར་བྱ། །ཤིན་ཏུ་ཡིད་འོང་ཆུ་དང་བཅས། །སྣ་ཚོགས་པ་ཡི་བཤོས་ཕུལ་ནས། །གུ་གུལ་བདུག་པ་ཕུལ་ནས་ནི། །བྱང་ཆུབ་སེམས་དང་ལྡན་པ་ཡིས། །དེ་བཞིན་གཤེགས་པ་ཐམས་ཅད་ལ། །ཞེ་སར་བཅས་པའི་ཕྱག་བྱས་ནས། །མཆོད་རྟེན་ལ་ནི་མངོན་ཕྱོགས་ཏེ། །ཞི་དང་རྒྱས་ཕྱིར་བཟླས་པ་བྱ། །དམ་པའི་ཆོས་ནི་བཀླག་པ་དང་། །དུས་གསུམ་དུ་ཡང་མཆོད་རྟེན་བྱ། །དེ་ལྟར་ཉིན་མཚན་ཕྱེད་བྱས་ན། །ཞི་བ་དང་ནི་རྒྱས་པར་འགྱུར། །རྒྱས་པའི་ལས་ནི་བཤད་ཟིན་ཏོ། །གཞན་ཡང་སྒྲུབ་པ་པོ་ལ་ནི། །འཇིག་རྟེན་ཐམས་ཅད་ངེས་


DNG016_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཡང་། །དགའ་བར་འགྱུར་བ་བཤད་པར་བྱ། །ཇི་སྲིད་མ་ལ་བུ་སྡུག་པ། །དེ་འདིར་དེ་བཞིན་གཞན་དུ་མིན། །མཁས་པ་ཡིས་ནི་གི་ཧང་དང་། །ངེས་པར་བདག་གི་ཁྲག་དང་སྦྱར། །ལན་གྲངས་མང་དུ་སྦྱར་ནས་ཀྱང་། །མཁས་པ་ཡིས་ནི་ཐོད་པར་གཞག །དེ་ནས་ཟླ་བ་གཟས་ཟིན་ཚེ། །ཟླ་བ་ལ་ནི་མིག་བལྟ་ཞིང་། །བཏང་གི་བར་དུ་ལེགས་པར་བཟླས། །ནང་པར་བདག་གི་དཔྲལ་བ་ལ། །ཐིག་ལེ་གཅིག་ནི་བྱས་ནས་སུ། །དེ་ནས་རྒྱལ་པོའི་འཁོར་དུ་འགྲོ། །འགྲོ་བ་དབང་མེད་སྦྱོར་བ་འདི། །མདོ་རུ་བསྡུས་ནས་བཤད་པ་སྟེ། །རྒྱུ་དང་མི་རྒྱུའི་འཇིག་རྟེན་དག །མཐོང་བ་ཡིས་ནི་དགའ་བར་འགྱུར། །འདིས་ནི་འཇིག་རྟེན་པ་རྣམས་ཀུན། །དགའ་བར་བྱེད་པ་བསྟན་པ་ཡིན། །དེ་ནས་དགུག་པའི་ཆོ་ག་ཡང་། །འཇམ་དབྱངས་མགོན་པོས་གཅིག་པུ་ཡིས། །ཁྲོ་བོའི་ཞལ་ནས་གསུངས་པ་དག །མདོ་རུ་བསྡུས་ནས་བཤད་པར་བྱ། །བུད་མེད་བུ་མོ་ཤི་བའི་སྐྲ། །མར་གྱི་བརྒྱད་ལ་ནན་ཏན་དུ། །ཞགས་པ་ལེགས་པར་བཀལ་བྱ་སྟེ། །དེ་ནས་ཐོད་པའི་ནང་དུ་གཞུག །དེ་ནས་ཟླ་བ་གཟས་ཟིན་པར། །འགྱུར་བའི་བར་དུ་ཉིན་རེ་བཟླ། །ཟླ་བ་གཟས་ཟིན་གྱུར་པ་དང་། །ཆུ་འགྲམ་གཙང་མ་དག་ཏུ་ནི། །དེ་ཚེ་ཡི་དྭགས་ཕལ་ཆེན་གྱི། །དཀྱིལ་འཁོར་དེར་བྲིས་མཆོད་པར་བྱ། །ཁྲོ་བོ་གཙོ་བོ་དཔུང་ལྡན་པའི། །རོ་ལངས་ཁྲོ་བོར་ལྡན་པ་ལ། །གཏོར་མ་རྒྱ་ཆེན་བྱས་ནས་ནི། །དེ་ནས་ཕྱི་རོལ་འབྱུང་པོ་ལའོ། །དེ་ནས་དེ་ལ་ལག་གིས་མནན། །མི་ཐོད་ནང་དུ་འདུག་པ་ཡི། །ཞགས་པ་ཇི་སྲིད་གཡོ་ཡི་བར། །ཟླ་བ་ལ་བལྟས་བཟླས་བརྗོད་བྱ། །དེ་ནས་གྱེན་དུ་འཕར་ན་ནི། །བསྒྲུབ་པ་དེ་ནི་འགྲུབ་པར་འགྱུར། །དེ་ཚེ་ཞགས་པ་དེ་བླངས་ནས། །འཇིག་རྟེན་ལྷ་རྣམས་སྐད་ཅིག་གིས། །བསམ་པ་དེ་ཡིས་དྲངས་ནས་ནི། །དེ་ནས་རིག་པ་འཛིན་པ་ཡི། །ཡིད་ཀྱི་བསམ་པའམ་ཚིག་གིས་ཀྱང་། །གང་དང་གང་འདོད་ལེགས་པར་བྱེད། །བརྒྱ་བྱིན་ལ་སོགས་ལྷ་རྣམས་ཀྱང་། །དེ་བཞིན་བཀའ་བཞིན་ངེས་པར་བྱེད། །སྐད་ཅིག་གིས་ནི་ནམ་མཁའ་ལས། །རྫུ་འཕྲུལ་ཆེ་དང་ལྡན་པ་དག །ཞགས་པ་དེས་ནི་


DNG016_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས་ནས་སུ། །འདོད་པའི་མཆོག་ནི་རབ་ཏུ་འབུལ། །གནོད་སྦྱིན་མོ་འམ་དྲི་ཟ་མོ། །ཡང་ན་ལྷ་ཡི་བུ་མོ་དག །བདག་གི་དྲུང་དུ་སྐད་ཅིག་གིས། །ཞགས་པ་དེས་ནི་དྲངས་ནས་སུ། །དེ་ནས་རིག་འཛིན་མཆོག་གི་ནི། །ཡིད་དུ་འོང་བའི་ལས་རྣམས་བྱེད། །གལ་ཏེ་བསྒྲུབ་པ་དམན་པ་དག །འདོད་པས་གདུངས་པར་གྱུར་ན་ནི། །དེ་ཚེ་ཞགས་པ་དེ་ཉིད་ཀྱིས། །ལྷ་ཡི་བུ་མོ་བཀུག་ནས་སུ། །དོགས་པ་མེད་པར་བསྟེན་པར་བྱ། །འདོད་པས་གདུངས་ཀྱང་བུད་མེད་མིན། །དགའ་དང་མྱ་ངན་གྱིས་གདུངས་དམན། །ནད་དང་འཚེ་བས་སྨ་དབབ་པ། །གཅིན་དང་རྡུལ་དང་དྲི་མ་ཅན། །མི་ཡི་བུད་མེད་རྟག་ཏུ་སྤང་། །གལ་ཏེ་འདོད་པས་གདུངས་གྱུར་ན། །ལྷ་ཡི་བུ་མོ་བསྟེན་པར་བྱ། །འོན་ཏེ་སེམས་དཔའ་ཆེན་པོ་དེ། །དེ་ཚེ་བརྩེ་དང་ལྡན་པ་ཡིས། །ལྷ་ཡི་དབང་ཕྱུག་དགེ་བ་དང་། །གནོད་སྦྱིན་གདུག་པ་དག་གིས་བསྐོར། །རང་གི་གཞལ་ཡས་ཁང་བཟངས་ན། །འདུག་ཅིང་གང་དུ་འདོད་པར་འགྲོ། །གཞལ་མེད་ཁང་གི་བཟང་པོ་དག །ལྷ་རྣམས་དེ་ལ་རབ་ཏུ་འབུལ། །ར་སཱ་ཡ་ན་མང་པོ་དང་། །དཔག་བསམ་ཤིང་གི་འབྲས་བུ་དང་། །ལྷ་ཡི་དབང་ཕྱུག་མཉམ་ལྡན་པ། །དོགས་པ་མེད་པར་འཐོབ་པར་འགྱུར། །བཀྲེས་སྐོམ་ནད་ལས་ངེས་པར་ཐར། །རིག་པ་འཛིན་པ་ཀུན་གྱིས་མཆོད། །ཞགས་པ་འགུལ་ལམ་གཡོས་པས་ནི། །དངོས་གྲུབ་འདི་འདྲ་ཐོབ་པར་འགྱུར། །འགུལ་ལམ་གཡོས་སམ་བཤད་པ་དག །གལ་ཏེ་གྲུབ་པར་མ་གྱུར་ན། །མ་གྲུབ་པ་ཡི་ཞགས་པས་ཀྱང་། །འཇིག་རྟེན་པ་ཡི་ལས་རྣམས་བྱ། །སྐྱེས་པའམ་ཡང་ན་བུད་མེད་དག །ཡིད་ལ་འདོད་པ་བསམས་ནས་ཀྱང་། །མཚན་མོ་ཞགས་པ་དེ་བརྐྱངས་ཏེ། །དེ་ནི་དེ་ལའང་ཕྱོགས་ནས་བཟླས། །བསྒྲུབ་བྱའི་མིང་གི་ཚོགས་དང་བཅས། །དེ་ནི་ཚིག་གི་མཇུག་ཏུ་སྦྱར། །ཞགས་པ་གང་དུ་འདུག་པ་དེར། །ནམ་མཁའ་ལས་ནི་བྱ་བཞིན་དུ། །བདག་གི་དྲུང་དུ་སྐད་ཅིག་གིས། །ཐེ་ཚོམ་མེད་པར་འོང་བར་འགྱུར། །མི་དབང་སླས་དང་བཅས་པ་འམ། །ཡང་ན་སྐྱེ་བོ་ཕལ་པ་འམ། །བ་ལང་དང་ནི་ཤིང་རྟ་དང་། །འབྲས་བུ་མེ་ཏོག་གང་ཡང་རུང་། །


DNG016_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་འདོད་པའི་རྫས་དག་ཀྱང་། །མཐོང་ངམ་ཡང་ན་ཐོས་པའང་རུང་། །དེ་ཡི་མིང་ཚིག་བསྐུལ་བ་དང་། །དེ་ཚེ་དེས་ནི་འགུགས་པར་འགྱུར། །ཡུལ་གཞན་དག་ན་གནས་པ་ནི། །དཔག་ཚད་བརྒྱ་ན་འདུག་པ་ཡང་། །དམ་ཚིག་དེ་དག་བསྐུལ་ན་ནི། །ཞགས་པ་དེས་ནི་ངེས་པར་ཁུགས། །འདི་ནི་ཞགས་པའི་ལས་རྣམས་གང་། །གྲུབ་པ་དང་ནི་མ་གྲུབ་པ། །ཁྲོ་བོ་རྣམ་རྒྱལ་རྟོག་འཛིན་ལས། །ཁྲོ་བོས་གསུངས་པའི་རོ་ལངས་ལས། །ལྷ་དང་ལྷ་མིན་གཉིས་ཀ་ཡང་། །དགུག་པའི་ཆོ་ག་གསུངས་པ་སྟེ། །རོ་ལངས་སྟོན་པ་འདི་དག་ནི། །ཚུལ་གྱིས་རིམ་གྱིས་བཤད་པའོ། །ཁྲོ་བོ་རྣམ་པར་རྒྱལ་བའི་འཇམ་དཔལ་གྱི་རྩ་བའི་རྟོག་པ་ལས། རོ་ལངས་ཀྱི་རྟོག་པར་གཏོགས་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་རོ་ལངས་རྟོག་པའི་མཆོག །རིག་པ་འཛིན་པ་རྣམས་ལ་ནི། །དངོས་གྲུབ་ཞི་བ་མཆོག་སྟེར་བ། །ཚུལ་བཞིན་མདོར་བསྡུས་བཤད་པ་ཡིན། །དེ་ནས་ཁྲོ་བོ་གཙོ་བོ་ཡི། །རྟོག་པ་རྨད་དུ་བྱུང་བའི་མཆོག །ཁྲོ་བོ་པདྨའི་ཞལ་ནས་བྱུང་། །ཡང་དག་རྒྱས་པར་བཤད་པར་བྱ། །སྔགས་ཀྱི་གྲངས་ནི་བཅུ་བདུན་པའོ། །ཁྲོ་བོ་ཉིད་ཀྱིས་གསུངས་པ་གང་། །ཐོས་པ་ཙམ་གྱི་མོད་ལ་ཡང་། །ལྷ་དག་ཀུན་ཏུ་རྨོངས་འགྱུར་བ། །འཇམ་དཔལ་དབྱངས་ཀྱིས་རབ་བསྐུལ་བ། །ཁྲོ་བོ་དེ་ཉིད་འབར་བ་ཡི། །སྟོང་གསར་འགྱུར་ལ་མེད་པ་འདི་ལ་ཡང་དག་པར། །བཟླས་པའི་གྲངས་ནི་ངེས་པ་དག །ཆོ་ག་བཞིན་དུ་བཤད་པར་བྱ། །ཐོག་མར་དྲུག་འབུམ་བཟླས་པ་ནི། །སྔོན་དུ་བསྙེན་པ་བྱས་པར་འགྱུར། །དེ་ནས་རི་མོའི་ཆོ་ག་ཡིས། །ཕྱིས་ཀྱང་དྲུག་འབུམ་བཟླས་པར་བྱ། །དེ་བཞིན་རི་རྩེར་འབུམ་བཟླས་ན། །འགྲུབ་པར་འགྱུར་ཏེ་གཞན་དུ་མིན། །ཕྱིས་ནི་མཁས་པས་ཅི་འདོད་པར། །སྒྲུབ་པ་ལ་ནི་འཇུག་པར་བྱ། །དེ་ནས་ཁྲོ་བོ་རྣམ་རྒྱལ་གྱི། །མངོན་དུ་བསྙེན་པ་ལ་སོགས་རྣམས། །སྒྲུབ་པ་པོ་ལ་ཕན་པའི་ཕྱིར། །ཆོ་ག་མདོར་ནི་བཤད་པར་བྱ། །གཅིག་ཏུ་དཔའ་བའི་ཁྲོ་བོ་ཉིད། །བདུད་རྣམས་ཐམས་ཅད་ཚར་གཅོད་པ། །དངོས་གྲུབ་ཐམས་ཅད་རབ་སྩོལ་ཅིང་། །འཚེ་བ་ཐམས་ཅད་རབ་བསལ་བ། །ཐོག་མར་ཁྲོ་བོའི་རྒྱལ་པོ་


DNG016_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

ཡི། །ཁྲུས་ཀྱི་ཆོ་ག་ཉིན་རེ་བྱ། །དེས་ན་ཁྲོ་བོ་བསྐུལ་པ་ཡིས། །བསྲུང་བ་རང་གི་ལུས་ལ་བྱ། །བྷཾ་གྱི་ས་བོན་ལས་བྱུང་བའི། །ཡིད་ཀྱིས་པདྨའི་སྟན་ལ་འདུག །བདག་ཉིད་དེ་ཡི་སྟེང་དུ་ཡང་། །ས་བོན་ཧཱུཾ་ལས་གྱུར་པའི་སྐུ། །བསྒོམ་པར་བྱས་ཏེ་བརྟགས་ནས་ཀྱང་། །བདག་གི་སྤྱི་བོར་ཡི་གེ་ཨོཾ། །མིག་གཉིས་སུ་ནི་ཡི་གེ་ཨཱཿས། །བསྲུང་བར་བྱས་ཏེ་དེ་ནས་ཡང་། །སྔགས་ནི་ཡི་གེ་བཅུ་བདུན་པ། །བཟླས་ཏེ་དེ་བཞིན་གཤེགས་དྲན་ནས། །རང་གི་ལུས་ལ་སྔར་བཞག་པའི། །སྙིང་གར་ཡི་གེ་ཧཱུཾ་གཞག་བྱ། །དེ་ནས་ཁྲོ་བོའི་མཚོགས་མ་ཡིས། །བདག་གི་མཚོགས་མར་རེག་པར་བྱ། །ཁྲོ་བོའི་སྤྱི་གཙུག་དཔྲལ་བ་སྟེ། །ཕྱིས་ནི་གཙུག་ཏུ་གཞག་པར་བྱ། །དེ་ནས་ལུས་ལ་གོ་ཆ་ཡང་། །ལག་པས་གོ་ཆ་བཞིན་དུ་བྱ། །དེ་ནས་བདག་གི་ལག་གཉིས་ལ། །བློ་དང་ལྡན་པས་མཚོན་ཆ་དགོད། །རང་གི་དམ་ཚིག་ལྡན་པའི་རྒྱ། །མཁས་པས་ཆོ་ག་བཞིན་བཅིངས་ནས། །ཁྲོ་བོའི་གཙོ་བོ་རོ་ལངས་ནི། །བདག་གི་སྙིང་གར་གཞག་པར་བྱ། །དེ་བཞིན་བེ་ཅོན་ཕྱག་རྒྱ་ཡང་། །ཤིན་ཏུ་དྲག་པའི་མཚོན་ཆའི་གནས། །ལག་པ་གཡས་པས་བཅིངས་ནས་ནི། །ཁྲོ་བོའི་ཆོ་ག་ལ་འཇུག་བྱ། །ཁྲོ་བོའི་མཆོད་པ་བཤད་པ་ནི། །འདོད་པ་ཐམས་ཅད་སྟེར་བར་བྱེད། །ཡི་དྭགས་ཕལ་ཆེན་དཀྱིལ་འཁོར་ནི། །གཞན་ཡང་རྟག་པར་སྐུ་གཟུགས་དང་། །ཇི་སྲིད་བསྟན་པའི་རི་མོ་ལ། །ཡིད་ཀྱིས་མཆོད་པ་བྱ་བར་བསྒྲགས། །ལྷ་ཡི་མེ་ཏོག་དྲི་ཞིམ་པས། །བིལ་བའི་ལོ་མ་བཟང་པོ་དང་། །སྤོས་ཆུ་དག་གིས་ས་ལ་འམ། །ཡང་ན་སྐུ་གཟུགས་དག་ལ་མཆོད། །དགོས་པ་ཀུན་གྱི་དོན་སྒྲུབ་པ། །སྐུ་གཟུགས་མཚན་ཉིད་བཤད་པར་བྱ། །སྔར་བསྙེན་ཆོ་ག་བཞིན་དུ་བྱས། །དེ་ནས་སྐུ་གཟུགས་བྱེད་དུ་གཞུག །གསེར་རམ་ཡང་ན་དངུལ་ཡང་རུང་། །དེ་བཞིན་འཁར་བའམ་ཟངས་ལ་བྱ། །ར་གན་ཨིནྡྲ་ནཱི་ལ་དང་། །མཆིང་བུ་ཤེལ་དང་རིན་ཆེན་ཏེ། །རྒྱལ་སྲིད་འདོད་པས་གསེར་ལ་བྱ། །ལོངས་སྤྱོད་འདོད་པས་དངུལ་ལ་བྱ། །ནད་རྣམས་


DNG016_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

བཤིག་ཕྱིར་འཁར་བར་བྱ། །ཟངས་ནི་འདོད་པ་རབ་ཏུ་སྟེར། །དགྲ་རྣམས་བཤིག་ཕྱིར་ར་གན་ནོ། །རང་གི་ལོངས་སྤྱོད་འཕེལ་བའི་ཕྱིར། །ཨིནྡྲ་ནཱི་ལ་དག་ལས་བྱ། །མཆོག་དང་འདོད་པ་ཐམས་ཅད་སྟེར། །མཆིང་བུ་རྣམ་པ་སྣ་ཚོགས་པས། །ནོར་སྟེར་བར་ནི་ཤིན་ཏུ་གྲགས། །དྲི་མེད་ཤེལ་ལས་བྱས་པ་ཡིས། །ཞི་དང་རྒྱས་པའི་མཆོག་རྣམས་ཏེ། །རིན་ཆེན་ལས་བྱས་རལ་གྲི་དང་། །ས་འོག་ལྷ་ཡི་དངོས་གྲུབ་འགྱུར། །ཐམས་ཅད་འགྲུབ་པར་བྱ་བའི་ཕྱིར། །ད་ནི་ཚད་རྣམས་བཤད་པར་བྱ། །གསེར་ལས་སོར་བརྒྱད་ཚད་དུ་བྱ། །མཆོད་ན་རྒྱལ་སྲིད་དཔལ་ཡང་ཐོབ། །ལོངས་སྤྱོད་མི་གཡོ་འདོད་པ་ཡིས། །དངུལ་ལས་སོར་བཅུའི་ཚད་དུ་བྱ། །འཁོར་བས་དེ་བཞིན་ནད་སེལ་བར། །སོར་གྲངས་བཅུ་དྲུག་ཚད་དུ་བྱ། །སོར་ནི་ཉི་ཤུའི་ཚད་དག་ཏུ། །ཟངས་ལས་བྱས་ཏེ་མཆོད་པ་བྱ། །ར་གན་གྱི་འང་ཟངས་བཞིན་དུ། །སོར་ནི་ཉི་ཤུ་གཉིས་ཀྱི་ཚད། །ཨིནྡྲ་ནཱི་ལས་བྱས་པ་འང་། །སོར་གྲངས་བཅུ་དྲུག་ཚད་དུ་བྱ། །མཆིང་བུ་ལས་ནི་སོར་བརྒྱད་ཤིས། །ཤེལ་ལས་སོར་གྲངས་བཅུ་གཉིས་སོ། །རིན་ཆེན་སོར་ནི་བརྒྱད་པར་བྱ། །དེ་ལྟར་ཇི་སྐད་གསུངས་པ་ཡི། །སྐུ་གཟུགས་འདོད་པ་ཀུན་སྟེར་བ། །དངོས་གྲུབ་འདོད་པས་ལེགས་པར་མཆོད། །ཡན་ལག་མ་ཉམས་གསལ་ལ་བཟང་། །རྟག་པར་བཟོ་བོ་མཁས་པས་བྱ། །མཚན་ཉིད་སྔ་མ་རྣམས་དང་ལྡན། །མཚོན་ཆ་བཟང་པོས་རྒྱས་པར་བྱ། །ཡི་དྭགས་ལ་བཅིབས་ཞལ་ཡང་དྲུག །སྤྱན་གསུམ་འཇིགས་པར་བྱེད་པའི་ཚུལ། །གཟི་ཆེན་ཕྱག་བཟང་བཅུ་གཉིས་པ། །ཞབས་ནི་གསལ་བ་དྲུག་དང་ལྡན། །མི་མགོ་ཡི་དྭགས་ཕྲེང་བ་རྣམས། །སེ་རལ་ཁ་ཡི་སྟབས་སུ་ཐོགས། །གཡོན་བརྐྱང་བ་ཡི་ཚུལ་དུ་བཞུགས། །ན་བཟའ་སྟག་ལྤགས་གསོལ་བར་དགྱེས། །དེ་ལྟ་བུ་ཡི་སྐུ་གཟུགས་དག །སྔ་མའི་ཚུལ་དུ་ཡོངས་རྫོགས་པར། །ཇི་སྐད་གསུངས་པའི་ཁྲོ་བོ་འདི། །སྔགས་པས་བཟོ་བོར་བྱེད་དུ་གཞུག །ཡང་ན་ཤིང་གི་སྙིང་པོ་


DNG016_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

ལས། །ཁྲོ་བོ་གཙོ་བོའི་སྐུ་གཟུགས་དག །ཇི་སྐད་གསུངས་པའི་མཚན་ཉིད་བཞིན། །བྱས་ནས་རྟག་ཏུ་མཆོད་པར་བྱ། །དེ་ནས་ཤིང་ལས་བྱས་པ་ཡི། །སྐུ་གཟུགས་ཚུལ་བཞིན་བཤད་པར་བྱ། །གཙང་མ་འདོད་པ་ཀུན་སྟེར་བས། །དེ་ཡང་འདི་བཞིན་བཤད་པར་བྱ། །རིག་འཛིན་ཀུན་གྱི་མཆོག་འདོད་ན། །ཙནྡན་ཤིང་ལས་བྱས་པ་ཡི། །སྐུ་གཟུགས་སོར་གྲངས་ཉི་ཤུའི་ཚད། །སྔགས་པ་དག་གིས་བྱེད་དུ་གཞུག །ཙནྡན་དམར་པོའི་ཤིང་རྣམས་ལས། །སོར་ནི་བཅུ་དྲུག་ཀྱང་བཅུ་གཉིས་ཚད་དུ་བྱ། །འདོད་པ་ཐམས་ཅད་ཀུན་སྟེར་བའི། །སྐུ་གཟུགས་ལེགས་པར་བྱེད་དུ་གཞུག །ར་ཛ་ཨརྒའི་རྩ་བ་ལས། །བྱས་པས་འདོད་པའི་དོན་རྣམས་སྟེར། །སོར་གྲངས་བཅུ་བཞིའི་ཚད་དུ་ཤིས། །བདེ་བ་ཕུན་སུམ་ཚོགས་ཀུན་འབྱུང་། །ཨ་ཤོ་ཀ་ཡི་སྙིང་པོ་ལ། །བཟོ་བོ་མཁས་པས་ལེགས་པར་བྱ། །སཱ་ལ་སར་པ་ཡང་སོར་ལྔའི་ཚད་དུ་གསུངས། །འདི་ནི་དབང་དུ་བྱེད་པར་བཤད། །དེ་བཞིན་ཏཱ་ལའི་ཤིང་དག་ལས། །སོར་དྲུག་པར་ནི་བྱས་ནས་ཀྱང་། །དབང་དང་ལྷ་མིན་དབང་པོ་དང་། །དེ་བཞིན་ཀླུ་རྣམས་འགུགས་པར་བྱེད། །ནཱ་ག་གེ་སར་ཤིང་དག་ལས། །དེ་བཞིན་སོར་བདུན་ཚད་བྱས་པས། །ནད་རྣམས་འཇིག་པར་བྱ་བ་དང་། །དགྲ་རྣམས་རྨོངས་པའི་ཕྱིར་བཤད་དོ། །མི་ཐོད་དག་ལས་བྱས་པ་ནི། །རྟག་ཏུ་སོར་གྲངས་བཅུ་གཉིས་ཤིས། །རིང་པོར་མི་ཐོགས་མཆོག་སྟེར་ཅིང་། །ཅི་ལྟར་འདོད་པའི་དངོས་གྲུབ་སྟེར། །མི་ཐོད་དག་ལས་བྱས་པ་དག །སྔར་བསྙེན་ལ་སོགས་མ་བྱས་པར། །མཆོད་པ་འབའ་ཞིག་བྱས་པས་ཀྱང་། །དགོས་པའི་དོན་རྣམས་འགྲུབ་པར་གསུངས། །འདི་ནི་སྐུ་གཟུགས་མཚན་ཉིད་དག །བཟང་པོ་རྒྱས་པར་གསུངས་པ་ཡིན། །ཁྲོ་བོས་ཇི་སྐད་གསུངས་པ་ཡི། །རི་མོའི་མཚན་ཉིད་བཤད་པར་བྱ། །མི་རོ་གོས་བཟང་བཀྲུས་པ་ནི། །མཁས་པས་ཁྲུ་ཚད་གང་དག་ལ། །མི་རོ་ཉིད་ཀྱི་སྒྲ་དག་གི། །པིར་གྱིས་ལེགས་པར་བྲི་བར་བྱ། །ཚོན་གྱི་ཁ་དོག་ཀུན་མེད་པར། །རི་བོང་ཁྲག་གིས་བྲི་བར་བྱ། །ཡང་ན་དེ་ཡི་སྐུ་གཟུགས་ནི། །སྔ་མ་བཞིན་དུ་བཙག་གིས་བྲི། །ཁྲོས་ཤིང་འབར་


DNG016_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

བས་འཇིགས་འཇིགས་ལྟར། །གཡོན་བརྐྱང་བ་ཡི་ཚུལ་དུ་གནས། །ཞལ་དྲུག་དབུ་སྐྲ་གྱེན་དུ་བརྫེས། །སྨིན་མ་སེར་ཞིང་སྤྱན་ཡང་སེར། །སྤྱན་ནི་ཟླུམ་པོ་གསུམ་དང་ལྡན། །བཅུ་གཉིས་ཕྱག་དང་ལྡན་པའི་སྐུ། །དེ་བཞིན་ཡི་དྭགས་སྟེང་ན་བཞུགས། །ཞབས་ནི་དྲུག་གིས་མཛེས་པར་བྱས། །གཡས་ཀྱི་ཕྱག་ནི་མཆོག་སྦྱིན་ཅིང་། །ཏྲི་ཤཱུལ་རལ་གྲི་དགྲ་སྟྭ་དང་། །བེ་ཅོན་དང་ནི་ལྕགས་ཀྱུ་བསྣམས། །ཁྲོས་པའི་ཕྱག་གཡོན་བསྡིག་པར་མཛད། །ཕྱག་ན་ཤག་ཏི་ཏོ་མ་ར། །གཡོན་པའི་ཕྱག་ན་དབྱུག་ཏོ་དག །ཕྱག་ན་ཐོད་པ་ཞགས་པ་ཅན། །གཤིན་རྗེའི་གཤེད་པོ་བྲི་བར་བྱ། །ན་བཟར་སྟག་གི་པགས་པ་གསོལ། །འཇིགས་པས་ཕ་རོལ་གནོན་པའི་ཞལ། །དེ་ཡི་མཆེ་བ་གཙིགས་པར་ནི། །མཁས་པས་རི་མོར་བྲི་བར་བྱ། །དེ་ནས་བློ་གཉིས་དག་ཏུ་ཡང་། །ཕྱག་རྒྱ་གཟུགས་དག་བྲི་བ་ནི། །གཡས་སུ་སྐྱེས་པ་ཁྲོ་བོའི་གཟུགས། །ཞལ་གདངས་པ་ནི་འཇིགས་འཇིགས་ལྟ། །གྱེན་དུ་སྐྲ་བརྫེས་རབ་ཏུ་སེར། །བེ་ཅོན་ཕྱག་རྒྱ་མཚོན་ཆར་ཐོགས། །གཡས་བརྐྱང་བསྐུམ་པའི་ཚུལ་དུ་གནས། །བསྡིགས་ཤིང་ཞལ་ནི་ཁྲོ་གཉེར་ཅན། །ཞལ་དང་སྤྱན་ཡང་ཁྲོས་པའི་ཚུལ། །གཡོན་དུ་རོ་ལངས་མོ་བྲི་བ། །འབར་བའི་ཁ་ལ་གཟི་ཡང་ཚེ། །མིག་གསུམ་གདོང་ནི་ཁྲོ་གཉེར་ཅན། །རབ་ཏུ་འཇིགས་པའི་ཁ་ཡང་གདངས། །གྱེན་དུ་སྐྲ་བརྫེས་གསུས་པོ་ཆེ། །གཏུམ་མོ་དུག་ཧྲུལ་གོས་གྱོན་མ། །དེ་བཞིན་ཕྱག་ནི་ཏྲི་ཤཱུལ་ཐོགས། །གཟི་ཆེན་རབ་ཏུ་བསྡིགས་པར་བྱེད། །ལུས་ནི་མེ་ལྕེ་འབར་བ་ཅན། །གདོང་དང་སྤྱན་ནི་ཁྲོས་པའི་ཚུལ། །བདེ་གཤེགས་སྲས་ཀྱི་བཀའ་ནོད་པ། །གསང་བའི་ཕྱག་རྒྱ་རི་མོ་འདི། །དབེན་པའི་གནས་སུ་གཞག་པར་བྱ། །ཆོ་ག་ཤེས་པས་བེ་ཅོན་རྒྱ། །སྐུ་གཟུགས་འདི་ལ་བཟླས་པར་བྱ། །ཡང་ན་རོ་ལངས་ཕྱག་རྒྱ་ལ། །བཟླས་ན་ཕྱག་རྒྱའི་དངོས་གྲུབ་ཐོབ། །དབེན་ཞིང་འདུ་འཛི་མེད་པར་ནི། །བཞག་ནས་ཉིན་རེ་མཆོད་པར་བྱ། །ཡང་ན་ཕྱག་རྒྱའི་དཀྱིལ་འཁོར་དུ། །རྟག་ཏུ་རི་མོ་འདི་བཀྲམ་སྟེ། །མཉམ་པར་དངོས་གྲུབ་འདོད་པ་ཡི། །མཆོད་པ་དང་ནི་བཟླས་པ་བྱ། །བདག་


DNG016_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཕྱག་རྒྱ་བསྒྲུབ་པ་ལ། །རི་མོ་ཚུལ་བཞིན་བཤད་པ་འདིའོ། །དེ་ནས་གཤིན་རྗེའི་གཤེད་པོ་ཡི། །རི་མོ་གཞན་ཡང་བཤད་པར་བྱ། །སྔར་བསྙེན་བྱས་པའི་འོག་ཏུ་ན། །མི་རོའི་གོས་བཟང་བཀྲུས་པ་ནི། །ཁྲུ་གང་ཚད་དུ་བྱས་པ་ལ། །ཚོན་རྩི་སྤྱིན་མེད་བཟང་པོ་ཡིས། །སྤྲིན་ནི་ནག་པོ་འདྲ་བ་ཡིས། །ཁྲོ་བོ་དཔའ་བོ་གཅིག་པུ་ནི། །སྔ་མ་བཞིན་དུ་བྲི་བར་བྱ། །སྔར་བསྙེན་བྱས་པའི་འོག་ཏུ་ནི། །ཇི་ལྟར་རིགས་པར་བྲིས་ནས་ཀྱང་། །རབ་ཏུ་དབེན་པར་བཞག་ནས་སུ། །དེ་ནས་མཆོད་པའི་ཆོ་ག་བཞིན། །ཉིན་རེ་རྟག་ཏུ་མཆོད་ནས་ནི། །རབ་ཏུ་དབེན་པར་འདུག་ནས་ཀྱང་། །དེ་ཡི་འོག་ཏུ་བཟླས་པ་བརྩམ། །དེ་ནས་གཞན་ཡང་བཟླས་པ་ཡི། །ཆོ་ག་ཇི་སྐད་གསུངས་པ་བཤད། །རི་མོ་བཀྲམ་ནས་མཆོད་བྱས་ཏེ། །དེ་བཞིན་གཤེགས་པ་ཀུན་མཆོད་ནས། །ཀུ་ཤའི་སྟན་ལ་འདུག་ནས་ནི། །མཉམ་པར་བཞག་སྟེ་མི་སྨྲ་བར། །རི་མོ་གཅིག་པུ་ལ་བལྟ་ཞིང་། །མགོ་ནི་རྨ་བྱ་བཞིན་བཀུག་སྟེ། །རུ་དྲཱ་ཀྵ་ཡི་ཕྲེང་བ་ཡིས། །ཇི་སྲིད་ཡིད་ནི་མི་སྐྱོའི་བར། །རྩེ་གཅིག་སེམས་ཀྱིས་བཟླས་བྱ་སྟེ། །སྐྱོ་ན་བཟླས་པ་གཏང་བར་བྱ། །དེ་ལྟར་འབུམ་ཕྲག་གསུམ་བཟླས་ནས། །བསྙེན་པ་བྱས་པའི་འོག་ཏུ་ནི། །དེ་ལྟར་རི་ཁར་གནས་བཅའ་སྟེ། །རླུང་ཟ་ཞིང་ནི་བཟླས་པ་བྱ། །དངོས་གྲུབ་མཆོག་དག་འདོད་པ་ཡིས། །དེ་ནས་འདི་ཡི་བརྟུལ་ཞུགས་བྱེད། །རྟོག་པ་ལས་གསུངས་མི་འདོད་ན། །སྔར་གསུངས་པ་ཡི་བཟླས་པ་ཡིས། །འབྲིང་ངམ་ཐ་མའི་དངོས་གྲུབ་དག །བརྟུལ་ཞུགས་མེད་ཀྱང་ངེས་པར་ནི། །བསྒྲུབ་ན་དངོས་གྲུབ་ཐོབ་པར་འགྱུར། །བརྟུལ་ཞུགས་དེ་ཡིས་མཆོག་ཀྱང་འགྲུབ། །དེ་ནས་གཞན་ཡང་འདི་རུ་ནི། །དཔའ་བོ་བརྟུལ་ཞུགས་འབྱུང་བར་བྱ། །ལམ་མི་བཟུར་དང་མི་སྨྲ་བ། །སློང་མོ་ཟ་ཞིང་དབང་པོ་བསྡམ། །སེང་ལྡེང་དབྱུག་པ་འདོམ་གང་བ། །སྲ་བ་བཟང་པོ་ཐོགས་ནས་སུ། །གཤིན་རྗེ་མཐར་བྱེད་ཟློས་བྱེད་ཅིང་། །བགྲོད་པར་དཀའ་བའི་ལམ་ནས་འགྲོ། །ཁྲོས་པས་དཔའ་བོའི་བརྟུལ་ཞུགས་དག །དཔའ་བོའི་གཟུགས་


DNG016_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཟླ་དྲུག་ཏུ། །བསྒྲུབ་པ་གང་ཞིག་ཡང་དག་སྤྱོད། །དེས་ནི་དངོས་གྲུབ་མཆོག་ཀྱང་ཐོབ། །དཔལ་ལྡན་བརྟུལ་ཞུགས་སྤྱད་ནས་ནི། །དེ་ནས་བསྒྲུབ་པ་ལ་ཞུགས་ན། །གདོན་མི་ཟ་བར་དམ་པ་ཉིད། །དེ་ལྟར་དེ་ཡིས་མྱུར་དུ་འགྲུབ། །མི་བཟད་བརྟུལ་ཞུགས་བཟུང་བ་ཡིས། །གྲུབ་པ་ལ་ནི་བདུད་ཀྱི་རིགས། །ལྷ་མོ་འདོད་པའི་གཟུགས་དག་དང་། །དེ་བཞིན་གཞན་གྱི་ལུས་སུ་ནི། །རྣམ་པ་སྣ་ཚོགས་གཟུགས་དག་གིས། །དབང་པོ་བསྡམས་ལ་འཚེ་བར་བྱེད། །དེ་དང་ལྷན་ཅིག་སྨྲ་མི་བྱ། །ཅུང་ཟད་ཀྱང་ནི་ཆགས་མི་བྱ། །བྱང་ཆུབ་སེམས་དཔའ་མཉམ་ལྡན་པ། །ཁྲོ་བོ་ལ་གཞོལ་ཟློས་བྱེད་པར། །གལ་ཏེ་ད་ལྟར་འགྲོ་བ་ནི། །མི་བཟད་འཇིགས་པའི་གཟུགས་དག་གམ། །གཞན་ཡང་ཤིན་ཏུ་ངོ་མཚར་བ། །བདེ་གཤེགས་བསམ་པས་མཐོང་ན་ནི། །དེ་དག་གིས་ནི་འཇིགས་མི་བྱ། །གནོད་ཅིང་སྐྲག་པར་བྱེད་ན་ནི། །བདེ་གཤེགས་ཀྱི་ནི་བཀའ་གཅོག་ལ། །ཁྲོ་བདག་ཉིད་ནི་རྣམ་པར་འཇིག །བདེ་གཤེགས་བསམ་པ་བསྒོམ་པ་ཡིས། །བརྟུལ་ཕོད་པ་ཡི་དཔའ་བོ་ཡིས། །བརྟུལ་ཞུགས་འདི་ནི་བསྟན་བྱ་བ། །དཔའ་བོས་བྱ་ཡིས་གཞན་གྱིས་མིན། །སྒྲུབ་པ་མཆོག་རྣམས་འདོད་པ་ཡིས། །ལྷ་ཡི་ཁྲོ་བོ་བརྟུལ་ཞུགས་འདི། །ཇི་སྐད་གསུངས་པའི་ཚུལ་བཞིན་དུ། །ནན་ཏན་གྱིས་ནི་བསྟེན་པར་བྱ། །ཁྲོ་བོ་རྣམ་པར་རྒྱལ་བའི་རྟོག་པ་ལས། ཁྲོ་བོའི་བརྟུལ་ཞུགས་ཀྱི་རྟོག་པ་སྟེ་ལེའུ་བདུན་པའོ།། །།ཇི་སྐད་གསུངས་པའི་གཟུགས་རྣམས་ལ། །མེ་ཏོག་དེ་སྐད་གསུངས་དེ་བཞིན། །རྟག་ཏུ་གང་ཞིག་མཆོད་བྱེད་ན། །དགེ་བའི་བརྟུལ་ཞུགས་འདི་དག་དང་། །དེ་བཞིན་སྔོན་དུ་བསྙེན་བཏང་ཡང་། །དྲན་པ་ཙམ་ནི་འབའ་ཞིག་གིས། །ངེས་པར་འདོད་པ་དེ་དག་གིས། །མཆོད་པས་མྱུར་དུ་འགྲུབ་པར་འགྱུར། །རྒྱལ་སྲིད་འདོད་པའི་གཟུགས་ལ་ནི། །ཙནྡན་གུར་གུམ་ཨ་ཀ་རུ། །ཅི་རིགས་པར་ནི་བདུག་ནས་ཀྱང་། །ཨུཏྤལ་པུཎྜ་རཱི་ཀ་མཛེས། །ཙམ་པ་ཀ་དང་མཱ་ལི་ཀས། །ནཱ་ག་གེ་སར་དྲི་ཞིམ་པས། །མཆོད་ནས་བདུག་པ་མར་བཅས་པའི། །གུ་གུལ་མཁས་པས་བདུག་པར་བྱ། །དེ་ལྟར་


DNG016_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ན་ཁྱིམ་པས་ཀྱང་། །དེ་ལ་སེམས་ཤིང་བརྒྱ་བརྗོད་དེ། །ཅི་འབྱོར་པ་ཡི་མཆོད་པའི་བཤོས། །དེ་ཡི་སྤྱན་སྔར་དབུལ་བར་བྱ། །སྔར་བསྙེན་ལ་སོགས་མེད་པས་ཀྱང་། །དེ་ལྟར་སྦྱོར་བས་ཟླ་དྲུག་གིས། །རྐུན་པོ་དང་ནི་དགྲ་མེད་ཅིང་། །ཐེ་ཚོམ་མེད་པར་རྒྱལ་སྲིད་འཐོབ། །མ་གྲུབ་པས་ཀྱང་ཡུལ་རྙེད་པ། །ལས་འདི་གདོན་མི་ཟ་བར་ནི། །ཏེ་ན་འབུམ་ནི་རྙེད་པར་འགྱུར། །ལོངས་སྤྱོད་སྦྱིན་པའི་གཟུགས་ལ་ནི། །ཙནྡན་གུར་གུམ་ཨ་ཀ་རུ། །བདག་གིས་ལེགས་པར་བསྐུས་ནས་ནི། །མེ་ཏོག་ཕྲེང་བས་རབ་ཏུ་མཆོད། །མེ་ཏོག་དཀར་པོའི་ཕྲེང་བ་ཡིས། །ཉིན་གཅིག་བཞིན་དུ་མཆོད་བྱས་ནས། །མར་དང་ལྡན་པའི་གུ་གུལ་ལམ། །ཀུན་ཏུ་རུ་ཡི་བྱུག་པ་འབུལ། །མེ་ཏོག་ཨ་ཏི་མུག་ཏ་ག །རེ་རེ་ཆོ་ག་བཞིན་བཟླས་ནས། །མཇུག་ཏུ་འབུམ་ནི་དབུལ་བར་བྱ། །དེ་ནས་ལོངས་སྤྱོད་ཆེན་པོ་རྣམས། །དེ་ཡི་མཇུག་ཏུ་འབྱུང་འགྱུར་ཏེ། །དེ་ལ་སྤྱོད་པ་དྭོགས་པ་མེད། །ནད་མེད་བྱད་པའི་གཟུགས་ལ་ནི། །ཙནྡན་དམར་པོས་བསྐུས་ནས་ཀྱང་། །ཐང་ཤིང་གི་ནི་བདུག་པ་དག །ཕུལ་ནས་མེ་ཏོག་གཙང་མ་ཡིས། །མཆོད་པ་བྱས་ནས་ཅི་འབྱོར་བ། །མཆོད་པའི་བཤོས་ནི་དབུལ་བར་བྱ། །མཇུག་ཏུ་ནད་སེལ་དང་ལྡན་པའི། །ཁྲོ་བོའི་སྔགས་ནི་དེ་བཟླས་ནས། །བདག་གམ་ཕ་རོལ་པོ་ཡང་རུང་། །སུ་དག་གི་ནི་ནད་ཆེན་པོ། །དེ་ནི་ཟླ་བ་གཅིག་གིས་འཇོམས། །སྔར་བསྙེན་ལ་སོགས་མེད་ཀྱང་བླ། །འདོད་དགུར་སྦྱིན་པའི་གཟུགས་ལ་ནི། །དེ་ལྟར་ཡང་ནི་མཆོད་བྱས་ན། །ཞི་བ་རྒྱས་པ་དབང་དང་དགུག །འཁོན་དང་བསྐྲད་པ་གསད་པ་དང་། །ཟློས་པས་མཇུག་ཏུ་ཁྱད་པར་དུ། །སྐུལ་བའི་ཚིག་བཅུག་བསྒྲུབ་པར་བྱ། །གཞན་ཡང་གང་དང་གང་འདོད་པའི། །ཡིད་དང་མཐུན་པའི་འདོད་པའི་དོན། །དེ་ཡང་དེ་ལྟར་ཡང་དག་བསྒྲུབ། །སྐུ་གཟུགས་རབ་ཏུ་མཆོད་བྱས་ནས། །གང་དུ་ཅི་འདྲ་དེ་ལྟ་བུར། །གུས་པས་ཟླ་བ་དྲུག་བཟླས་ཏེ། །སྐུ་གཟུགས་ཉིན་གཅིག་བཞིན་དུ་བྱ། །དེ་ལྟར་ཀུན་ཏུ་རབ་མཆོད་ནས། །རྟག་ཏུ་དེ་ཡི་བཟླས་པ་ནི། །བློ་དང་ལྡན་པས་ཀུན་བྱས་ན། །གྲུབ་པ་ཉིད་ནི་མ་ཐོབ་ཀྱང་། །དངོས་


DNG016_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ཕྲ་མོ་ཐོབ་པར་འགྱུར། །ཡང་ན་ཁྲོ་བོའི་ཕྱག་རྒྱ་ཡང་། །དེ་ཚེ་བསྒྲུབ་པར་ནུས་ན་ནི། །དེ་ཡི་རི་མོ་གསུངས་པ་དང་། །ལྷ་ཡི་བརྟུལ་ཞུགས་དེས་ཀྱང་འགྲུབ། །དེ་ནས་གཞན་ཡང་བརྟུལ་ཞུགས་ཀྱིས། །མཆོག་གི་དངོས་གྲུབ་གང་ཡིན་པ། །ཆོ་ག་བཞིན་དུ་མདོར་བསྡུས་ཏེ། །རྒྱས་པར་བདག་གིས་བཤད་པར་བྱ། །དེ་ནས་ཁྲོ་བོའི་གཙོ་བོ་ཡི། །ཏྲི་ཤཱུལ་ཤིན་ཏུ་གསལ་བསྒྲུབས་ན། །ཨུར་མོའི་ལྕགས་ལས་བྱས་པ་ཡི། །ཏྲི་ཤཱུལ་སོར་ནི་སུམ་ཅུ་པ། །རྣོ་ལ་བཟང་ཞིང་རབ་མཛེས་པ། །ཐོག་མར་ཆོ་ག་བཞིན་བྱས་ནས། །རི་ཡི་རྩེ་མོར་འདུག་ནས་སུ། །རི་མོ་བཟང་པོ་དེ་བྲིས་ནས། །ཡི་དྭགས་མང་པོ་ཞེས་བྱ་བའི། །དཀྱིལ་འཁོར་ཐལ་བས་ཚུལ་བཞིན་བྲི། །དེ་ནས་མཆོད་པ་རྒྱ་ཆེན་དང་། །ཉ་དང་ཤ་རྣམས་སྣ་ཚོགས་ཀྱིས། །ཕྱོགས་ཀྱི་གཏོར་མ་ཀུན་ཏུ་བྱ། །ཚེས་གྲངས་ཉི་ཤུ་གསུམ་གྱི་དགོངས། །ཏྲི་ཤཱུལ་མེ་ཏོག་དཀྱིལ་འཁོར་ལ། །བཞག་ནས་མེ་ཏོག་དག་གིས་མཆོད། །ཙནྡན་དམར་པོས་ཀུན་བསྐུས་ཤིང་། །མེ་ཏོག་དག་གིས་ཐམས་ཅད་བརྒྱན། །ཆོ་ག་བཞིན་དུ་ལག་གིས་བཟུང་། །རི་མོ་ལ་ནི་མངོན་ཕྱོགས་འདུག །ཁྲོ་བོ་མཆོག་གི་སྔགས་དག་གིས། །ཏྲི་ཤཱུལ་ལ་ནི་མཁས་པས་བཟླ། །དེ་ཡི་ཉེས་པ་སྦྱང་བའི་ཕྱིར། །བརྒྱ་རྩ་བརྒྱད་དུ་བཟླས་ནས་སུ། །ཁྲོ་བོ་མཆོག་གི་སྔགས་དག་གིས། །དེར་ནི་མེ་ཡང་རབ་སྦར་ནས། །ཆོ་ག་བཞིན་དུ་ཏྲི་ཤཱུལ་ལ། །བདུག་ཡང་གདུག་པའི་སྦྱིན་བསྲེག་སྟོང་བྱས་ནས། །ལག་པས་བསྒྲེངས་ཏེ་བཟུང་ནས་སུ། །དཔའ་ཞིང་བརྟན་པའི་ཚུལ་དུ་གནས། །ཇི་སྲིད་མེ་ལྟར་འབར་གྱུར་པ། །དེ་སྲིད་བློ་དང་ལྡན་པས་བཟླས། །ཏྲི་ཤཱུལ་འབར་བ་ཉིད་ཀྱིས་ནི། །དེ་ནས་གྱེན་ཏུ་འཕར་བར་འགྱུར། །སྔགས་ཀྱི་མཐུ་ཡིས་མིག་གསུམ་ལས། །འོན་ཀྱང་ཉི་མ་བཞིན་དུ་འབྱུང་། །རིག་འཛིན་གཞན་རྣམས་ཐམས་ཅད་ཀྱང་། །དེ་ལ་མཆོད་ཅིང་དགའ་བར་བྱེད། །དབང་ཕྱུག་ཀུན་དང་རབ་ཏུ་ལྡན། །འདོད་པའི་གཟུགས་ཅན་ཡིད་བཞིན་འགྱུར། །དེ་སྟེང་ཏྲི་ཤཱུལ་དུ་བ་འབྱུང་། །དེ་ནས་ལུས་ནི་མི་སྣང་འགྱུར། །


DNG016_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

འོན་ཏེ་དེ་ནི་ཚ་གྱུར་ན། །དཔུང་དང་ལྷ་མ་ཡིན་གྱི་གནས། །གཡུལ་ངོ་ཆེན་པོ་ལ་སོགས་པར། །འཇིགས་ཤིང་སྐྲག་པར་རབ་ཏུ་བྱེད། །དེ་ལྟར་དང་པོ་སྒྲུབ་པའི་མཆོག །འདི་ནི་རབ་ཏུ་བཤད་པ་ཡིན། །ད་ནི་རལ་གྲི་བཟང་པོ་ཡང་། །འདིར་ནི་བསྒྲུབ་པར་རབ་ཏུ་བཤད། །ཨུར་མོ་ལྕགས་ལས་བྱས་པ་ཡི། །རལ་གྲི་སོར་མོ་སུམ་ཅུ་གཉིས། །ལེགས་པར་བྱས་ཤིང་འཕན་མེད་པར། །གླང་པོའི་སོ་ལ་དངོ་བྱས་པ། །རི་བོའི་རྩེ་མོར་འདུག་ནས་སུ། །མཆོད་པ་ལ་སོགས་སྔོན་བཞིན་བྱ། །བདུག་ཀྱང་གདུག་པའི་སྦྱིན་བསྲེག་བྱས་ནས་སུ། །རལ་གྲི་ལག་པས་བཟུང་ནས་བཟླས། །སྔགས་པའི་ཆད་པར་བཟུང་ནས་སུ། །རབ་ཏུ་སྣང་བ་འབར་བ་འབྱིན། །འབར་བ་དེ་ནི་མཐོང་ནས་སུ། །རིག་འཛིན་མཆོག་ཏུ་དེ་འགྱུར་རོ། །དེ་སྟེ་དེ་ལས་དུ་བ་འབྱུང་། །དེ་ནས་དེ་ནི་སྣང་བར་འགྱུར། །འབར་བར་གྱུར་ན་དེ་བཞིན་དུ། །སྟོབས་ཆེན་རྐང་པ་མགྱོགས་པར་འགྱུར། །ལོ་བརྒྱ་རབ་ཏུ་ཚང་བར་འཚོ། །དེ་ལ་རྣམ་པར་དཔྱད་མི་དགོས། །གལ་ཏེ་འདི་ལ་མ་བརྟེན་ནས། །གྲུབ་པ་ཐོབ་པར་མ་གྱུར་ན། །རལ་གྲི་བརྩོན་འགྲུས་མཆོག་ལྡན་པས། །གཡུལ་ངོར་ཕྱིན་ནས་ཐམས་ཅད་དུ། །མྱུར་ཞིང་མི་དལ་ཉོན་མི་མོངས། །ཕམ་པ་མེད་པར་སྟོང་ཡང་ཐུབ། །རལ་གྲི་བསྒྲུབ་པར་བཤད་ཟིན་ཏོ། །ད་ནི་བེ་ཅོན་སྒྲུབ་པ་བཤད། །གོ་བི་དཱ་རའི་བེ་ཅོན་ནམ། །ཡང་ན་སེང་ལྡེང་དག་ལས་ནི། །གཤིན་རྗེའི་བེ་ཅོན་ལྟ་བུ་བཟང་། །སོར་ནི་བཞི་བཅུ་གཉིས་པ་བྱ། །དེ་ནས་བློ་ཅན་དུར་ཁྲོད་དུ། །གཏོར་མའི་ཆོ་ག་རྒྱ་ཆེར་བྱ། །བེ་ཅོན་ཆོ་ག་སྔོན་བཞིན་དུ། །བདུག་ཀྱང་གདུག་པའི་སྦྱིན་བསྲེག་བྱས་ནས་སུ། །གོས་ནི་དམར་པོ་དག་ཀྱང་གོན། །མེ་ཏོག་དམར་དང་ཐལ་བས་བརྒྱན། །བེ་ཅོན་དེ་ནི་སྲེག་གཞིར་བཞག །ཇི་སྲིད་ཧ་ཧ་ཞེས་པ་དང་། །བེ་ཅོན་ལག་ནས་འགུལ་གྱི་བར། །དེ་སྲིད་ཆོ་ག་བཞིན་དུ་བཟླས། །དེ་ནས་དྲག་པོ་ཁྲོ་བོའི་བདག །དབང་ཕྱུག་ཀུན་དང་རབ་ལྡན་པ། །དེ་ཡི་ཆིབས་པ་མ་ཧེ་ལ། །བཅིབས་ནས་མཁའ་ལ་འགྲོ་བར་འགྱུར། །སྐྲ་ནི་འཁྱིལ་ཞིང་སྟུག་པ་དང་། །སྣུམ་ཞིང་མཐིང་ག་ལྟ་བུར་འགྱུར། །དུས་མཐའི་སྤྲིན་གྱི་ཁ་དོག་འདྲ། །


DNG016_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལུས་ལྷ་མཆོད་སྟོབས་ཀྱང་འགྲུབ། །གལ་ཏེ་ཁྲོ་བོ་དེ་འདོད་ན། །བེ་ཅོན་གྱིས་ནི་ལྷ་རྣམས་གསོད། །བེ་ཅོན་སྒྲུབ་པ་བཤད་པ་ཡིན། །དེ་བཞིན་ལེགས་པར་མདོར་བསྡུས་ནས། །དགྲ་སྟྭ་བཟང་པོ་བསྒྲུབ་པ་དག །དེ་བཞིན་བདག་གིས་བཤད་པར་བྱ། །སྔ་མ་བཞིན་དུ་ཨུར་མོ་ལས། །དགྲ་སྟྭ་བཟང་པོ་བྱ་བ་ཡང་། །ཡུ་བ་སོར་ནི་བཅུ་དྲུག་པ། །དགྲ་སྟྭ་དེར་ནི་སོར་དྲུག་པ། །ཆོ་ག་སྔ་མ་བཞིན་བསྒྲུབས་ན། །དངོས་གྲུབ་དེ་དག་འདི་ཡིས་ཐོབ། །དེ་ནས་གཞན་ཡང་ལྕགས་ཀྱུའི་མཆོག །བསྒྲུབ་པ་བདག་གིས་བཤད་པར་བྱ། །ཨུར་མོའི་ལྕགས་ལས་བྱས་པ་ཡི། །ལྕགས་ཀྱུ་སོར་བཞིའི་ཚད་དུ་སྟེ། །དེ་ཡི་ཡུ་བ་བྱ་བ་ཡང་། །བསྙམས་ལ་སོར་ནི་བཅོ་བརྒྱད་པ། །ཉི་ཤུ་དགུ་ཡི་ཚེས་གྲངས་ལ། །ནུབ་མོ་མཆོད་པ་གཏོར་མ་བྱ། །རི་བོའི་རྩེ་ལ་འདུག་ནས་སུ། །ལྕགས་ཀྱུ་ཆེན་པོ་བསྒྲུབ་པར་བྱ། །སེར་སྐྱ་ལས་བྱུང་མར་དག་གིས། །བདུག་གདུག་པའི་སྦྱིན་བསྲེག་བྱས་ནས་སུ། །ཇི་སྲིད་སྒྲོན་མ་བཞིན་འབར་བ། །དེ་སྲིད་ལག་པས་བཟུང་སྟེ་བཟླས། །དེ་ནས་དེ་ནི་ཐོགས་པ་ཡིས། །ཐེ་ཚོམ་མེད་པར་ནམ་ལངས་ན། །འོད་ནི་མེ་བཞིན་ཀུན་ཏུ་འབར། །གྱེན་དུ་འབར་ཞིང་འཕྲོ་བར་འགྱུར། །འཇིག་རྟེན་པ་ཡི་ལྷ་རྣམས་ནི། །བྲན་གཡོག་བཞིན་དུ་དབང་དུ་འགྱུར། །དེ་བཞིན་གཤེགས་པའི་བཀའ་མཆོག་བཞིན། །བཀའ་ཡང་རབ་ཏུ་ཉན་པར་འགྱུར། །འོན་ཏེ་དེ་ཡི་ལྕགས་ཀྱུ་མཆོག །དུ་བ་འབྱུང་བར་འགྱུར་བ་ནི། །དེ་ཚེ་དུ་བ་བྱུང་བ་ཡིས། །སྟོབས་ཆེན་གྲིབ་མའང་མི་སྣང་འགྱུར། །སྔགས་པས་བྱེ་བ་གསུམ་དུ་གསོན། །གནོད་སྦྱིན་རིག་འཛིན་རྣམས་ཀྱིས་མཆོད། །བདེ་བ་ཀུན་དང་རབ་ཏུ་ལྡན། །འདོད་པར་འཕྲོ་ཞིང་སྟོབས་ཀྱང་ཆེ། །ཁྲོ་བོའི་སྔགས་ཀྱིས་མཐུས་བཏང་ནས། །གལ་ཏེ་དེ་ནི་ཚར་གྱུར་ན། །ནང་པར་བཀྲ་ཤིས་བྱས་ནས་སུ། །ལྕགས་ཀྱུ་བཟང་པོ་དེ་ཐོགས་ནས། །བཟླས་ན་བརྒྱ་བྱིན་ལ་སོགས་པའི། །ལྷ་རྣམས་འགུགས་པར་གདོན་མི་ཟ། །གནོད་སྦྱིན་རིག་འཛིན་རྣམ་དག་དང་། །དེ་བཞིན་ལྟོ་འཕྱེ་མི་འམ་ཅི། །ལྷ་མ་ཡིན་གྱི་བུ་མོ་དང་། །དེ་བཞིན་དྲི་ཟའི་བུ་མོ་དང་། །ཡི་དྭགས་རོ་ལངས་རིགས་རྣམས་དང་། །དེ་བཞིན་གཞན་ཡང་མྱོས་དྲེགས་རྣམས། །བཀུག་ནས་བདག་གིས་ལས་རྣམས་ནི། །ཇི་ལྟར་འདོད་པ་བྱེད་དུ་གཞུག །


DNG016_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་འགྱུར་རྩི་དང་བཅུད་ཀྱིས་ལེན། །དེ་བཞིན་གྲུབ་པའི་རྫས་རྣམས་དང་། །གཞན་ཡང་ཡིད་ལ་གང་འདོད་པ། །དེ་དག་ཐམས་ཅད་དེ་ལ་ནི། །ལྷ་དང་གནོད་སྦྱིན་ཚང་ལ་སོགས། །ཇི་སྙེད་པ་དག་འབུལ་བར་བྱེད། །དེ་ཡིས་བསྒོ་བ་ཐམས་ཅད་ཀྱང་། །འཇིགས་པས་ངེས་པར་ཉན་པར་འགྱུར། །ངོ་མཚར་ཀུན་གྱིས་བརྒྱན་པ་ཡི། །བདག་གིས་བཞོན་པས་ཡོངས་བསྐོར་ཅིང་། །གནས་དང་སྐྱེད་མོས་ཚལ་མང་པོ། །ངོ་མཚར་ཀུན་དང་རབ་ལྡན་པ། །གནས་དང་སླས་ཀྱི་གནས་རྣམས་དང་། །འཇིག་རྟེན་མ་ལུས་སྟོན་པར་བྱེད། །རྫུ་འཕྲུལ་ཡོན་ཏན་ལོངས་སྤྱོད་ཀྱིས། །སྒྲུབ་པོ་ལ་ནི་དགའ་བར་བྱེད། །ཇི་སྲིད་ལྕགས་ཀྱུ་འཆང་བའི་མི། །དེ་ཡི་བཀའ་ཡིས་ངེས་པ་རུ། །གནོད་སྦྱིན་མོ་དག་རང་རང་གིས། །འདོད་པའི་ལོངས་སྤྱོད་ཉེ་བར་སྦྱོར། །དེ་སྟེ་ལས་ཀྱི་སྐྱན་དག་གིས། །ཚ་བ་ཙམ་དུ་མ་གྱུར་ནའང་། །ལྕགས་ཀྱུ་དེ་ཉིད་འདིར་བཟུང་སྟེ། །ནང་པར་དབེན་པར་འདུག་ནས་ནི། །བུ་མོ་དག་གི་མིང་བཅུག་སྟེ། །ཇི་སྲིད་འདོད་པར་བཟླས་ན་ནི། །དཔག་ཚད་བརྒྱ་བརྒྱར་གནས་པ་འང་། །དེ་ནས་མྱུར་དུ་འོང་བར་འགྱུར། །བུ་མོའམ་ཡང་ན་ཁྱེའུ་ཡང་རུང་། །ཇི་ལྟར་འདོད་པ་མྱུར་དུ་འགུགས། །མེ་ཏོག་འབྲས་བུ་དེ་བཞིན་འགྲུབ། །ཤིང་རྟ་དང་ནི་ལྗོན་ཤིང་དག །མ་གྲུབ་ན་ཡང་རྟག་པ་རུ། །དེ་ཡིས་ངེས་པར་ཁུགས་པར་འགྱུར། །དེ་ལྟར་ལྕགས་ཀྱུ་དམ་པ་འདིའི། །སྒྲུབ་པ་རབ་ཏུ་བཤད་པ་ཡིན། །ཐོབ་པའི་དངོས་གྲུབ་གང་ཡིན་པ། །ད་ཡང་འདིར་ནི་བཤད་པར་བྱ། །ཏྲི་ཤཱུལ་རལ་གྲི་བེ་ཅོན་དང་། །དེ་བཞིན་དགྲ་སྟྭ་ལྕགས་ཀྱུ་ཡི། །སྒྲུབ་པ་གང་དག་བཤད་པ་ཡི། །ལག་པ་གཡས་པས་གཟུང་བར་བྱ། །ཐོད་པ་ལ་སོགས་གཞན་རྣམས་ནི། །ལག་པ་གཡོན་པས་བཟུང་བསྒྲུབས་ན། །དེ་ནས་དེ་དག་བཤད་པ་བཞིན། །དངོས་གྲུབ་ངེས་པར་འཐོབ་པར་འགྱུར། །ཤིང་ལས་ལེགས་པར་བྱས་པ་ཡི། །ཐོད་པ་སོར་ནི་ཉི་ཤུ་པ། །མཉམ་པར་རབ་ཏུ་ལེགས་པར་བྱས། །ཉེས་པ་ཐམས་ཅད་རྣམ་སྤུངས་པ། །རི་ཡི་རྩེ་མོར་འདུག་ནས་སུ། །མཆོད་དང་


DNG016_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་རྣམ་པར་བྱས། །བདུག་པའི་སྦྱིན་སྲེག་བྱས་ནས་ནི། །སྔགས་ཀྱི་སྲུང་བས་མཐུ་བསྐྱེད་དེ། །སྒྲུབ་པ་པོས་ནི་མཐུ་སྐྱེད་དེ། །ཐོད་པ་བཟང་པོ་བསྒྲུབ་པར་བྱ། །སོར་གསུམ་བཟངས་སུ་ཉི་ཤུ་གཉིས་ཀྱི་ཚད། །སྐྱོན་མེད་ཡོན་ཏན་ལྡན་པ་ཡི། །རྟགས་བར་འདི་གསར་འགྱུར་ལ་མེད། ཐོད་པ་ལག་པ་གཡོན་པས་བཟུང་། །ལག་པ་གཡས་པས་བསྟེན་ནས་ནི། །དེ་ཡི་ཁ་ཡང་དགབ་པར་བྱ། །ཇི་སྲིད་དེ་ལས་འབར་བ་དང་། །དུ་བ་བྱུང་བར་གྱུར་པའི་བར། །དེ་སྲིད་སྔགས་ནི་བཟླས་པར་བྱ། །འབར་བས་ནམ་མཁར་འགྲོ་བར་འགྱུར། །འཇིག་རྟེན་གསུམ་གྱི་བདག་པོར་བཤད། །དུ་བ་འབྱུང་བར་འགྱུར་ན་ཡང་། །དེ་བཞིན་ངེས་པར་མི་སྣང་འགྱུར། །ཚ་བར་དེ་བཞིན་འགྱུར་ན་ཡང་། །དེ་ཡི་ཚེ་ནི་གང་བསམས་པ། །ཐོད་པ་དེ་ལས་འབྱུང་བར་འགྱུར། །དེ་ལས་རྣམ་པར་དཔྱད་མི་དགོས། །འོན་ཏེ་དེ་ནི་མ་གྲུབ་ན། །དེ་ནས་ས་ལ་མི་བཞག་པར། །དེ་ཡི་ཐོད་པ་དེ་བླངས་ནས། །ཤིང་གི་ཁྲི་ལ་གཞག་པར་བྱ། །རས་ཀྱིས་གཡོགས་ཏེ་བཞག་ནས་ནི། །ཡིད་ལ་ཅི་འདོད་བསམས་པ་ཡི། །ཟན་དང་བཟའ་དང་བྱ་ན་རྣམས། །གང་ཡང་རུང་བ་དེ་དག་ནི། །རས་ཀྱིས་གཡོགས་པའི་ལག་གིས་བཟུང་། །སྟོང་རྩ་བརྒྱད་དུ་བཟླས་བྱས་ནས། །གྲུབ་པ་ལ་ནི་ཉིན་རེ་ཞིང་། །དེ་ནས་གང་ཡང་རུང་བའི་ཟས། །བྱ་ནར་བཅས་པས་ངེས་པ་རུ། །ཐོད་པ་དེ་ནི་གང་བར་འགྱུར། །སེམས་ཅན་རྣམས་ནི་བཀུག་ལ་ཡང་། །བདུད་རྩིའི་ཟས་ནི་སྦྱིན་པར་བྱ། །ཚུལ་བཞིན་ཕྱིན་པའི་འོག་ཏུ་ནི། །གཙང་སྦྲ་བྱས་ཏེ་ཚུལ་བཞིན་བཟའ། །ཐོད་པ་བསྒྲུབ་པར་བཤད་པ་འདི། །ལག་པ་གཡོན་པས་བཟུང་བར་བྱ། །ཤཀྟི་རྣོན་པོ་ལེགས་བྱས་པ། །བཤོལ་བ་མེད་པར་བསྒྲུབ་པར་བྱ། །ཨུར་མོ་དག་ལས་བྱས་པའི་མཆོག །བཀྲ་ཤིས་སོར་ནི་སུམ་ཅུ་གཉིས། །དེ་ནས་ཆོ་ག་སྔ་མ་བཞིན། །ཆུ་འགྲམ་གཙང་མ་དག་ཏུ་ནི། །སྔོན་བཞིན་མཚན་མོ་བསྒྲུབ་པར་བྱ། །དངོས་གྲུབ་འབྲས་བུ་གསུམ་དུ་བཤད། །དེ་ལྟར་ཇི་སྐད་བཤད་པ་བཞིན། །ཏོ་མ་ར་ཡང་མཁས་པས་བསྒྲུབ། །ཨུར་མོའི་ལྕགས་ལས་བྱས་པ་མཆོག །རབ་ཏུ་རྣོ་


DNG016_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

བ་སྔ་མ་བཞིན། །བདུག་པའི་སྦྱིན་སྲེག་བྱས་ནས་སུ། །ཙནྡན་དམར་པོ་གདབ་ཀྱང་འདབ་མར་བྱ། །སྒྲུབ་པ་པོས་ནི་ཆོ་ག་བཞིན། །རི་ཡི་རྩེ་མོར་གནས་ནས་ནི། །སྔ་མ་བཞིན་དུ་མཚན་མོ་བསྒྲུབ། །གྲུབ་པའི་འབྲས་བུ་སྔ་མ་བཞིན། །ལག་པ་གཡོན་པའི་མཛུབ་མོ་ནི། །ལག་པ་གཡས་པས་གཡོགས་ནས་སུ། །ཆོ་ག་སྔ་མ་བཞིན་བྱས་ནས། །ཟླ་བ་གཟའ་ཡིས་ཟིན་པའི་ཚེ། །སྟན་གཅིག་ལ་ནི་ལེགས་འདུག་ནས། །བློ་དང་ལྡན་པས་བཟླས་བྱས་ན། །དེ་ནས་མཛུབ་མོ་དེ་ལས་ནི། །གདོན་མི་ཟ་བར་འབར་བར་འགྱུར། །ཡང་ན་དུ་བ་རང་འབྱུང་ངམ། །དེ་ནི་ཚ་བར་འགྱུར་ཡང་སྲིད། །དེ་ནི་ངེས་པར་འབར་འགྱུར་ན། །རིག་འཛིན་གོ་འཕང་འཐོབ་པར་འགྱུར། །དུ་བ་འབྱུང་བར་གྱུར་པ་ལས། །དེ་བཞིན་མི་སྣང་འགྱུར་བར་བཤད། །དེ་ནི་རབ་ཏུ་ཚར་གྱུར་ན། །རྐང་པ་མགྱོགས་པར་རབ་ཏུ་འགྱུར། །དེ་སྟེ་ལག་པ་གཡོན་པ་ཡི། །མཛུབ་མོ་གྲུབ་པར་མ་གྱུར་ན། །དངོས་གྲུབ་ཉམས་ཀྱང་ངེས་པར་ནི། །ལས་རྣམས་སྣ་ཚོགས་བྱེད་པར་འགྱུར། །ཁྲོས་ནས་དེ་ཡིས་བསྡིགས་ན་ནི། །མི་དེ་ཇི་ལྟར་འདོད་པ་རུ། །དེ་མ་ཐག་ཏུ་འགྱེལ་བར་འགྱུར། །སྔགས་པ་བདག་གིས་བསད་པར་ཡང་། །དེ་ནས་ཤི་བར་གྱུར་པ་དེ། །དེ་ནས་ལག་པ་གཡས་པ་ཡིས། །ཇི་སྲིད་འདོད་པར་སློང་བར་བྱེད། །རབ་ཏུ་འཁྲུགས་པའི་དཔུང་ཆེན་ཡང་། །དེ་ནས་དེ་ཡིས་བསྡིག་པར་ནུས། །གླང་པོ་དང་ནི་རྟ་རྣམས་དང་། །ལྗོན་ཤིང་དང་ནི་ནགས་ཚལ་རྣམས། །རིང་པོར་མི་ཐོགས་འཇིག་པར་བྱེད། །རི་རྣམས་ཀྱི་ནི་རྩེ་མོ་དག །རབ་ཏུ་བཟང་ཞིང་མཐོ་བ་ཡང་། །དེ་ནས་དེ་ཡི་མཛུབ་མོ་དེས། །རིང་པོར་མི་ཐོགས་སྙིལ་བར་བྱེད། །མཛུབ་མོའི་དངོས་གྲུབ་ཀུན་གྱི་གནས། །སྒྲུབ་པའི་མཆོག་ནི་བཤད་པ་ཡིན། །དེ་ནས་གཞན་ཡང་ཞགས་པ་ཡི། །སྒྲུབ་པ་འདིར་ནི་བཤད་པར་བྱ། །ཤི་བའི་སྐྲ་ལ་ཞགས་པ་ནི། །སྦོམ་ཞིང་ཡིད་དུ་འོང་བར་བྱ། །ཆོ་ག་སྔ་མ་བཞིན་བསྒྲུབས་ན། །དེ་ཡི་དངོས་གྲུབ་དེ་ཉིད་ཐོབ། །ཤིང་ནི་རབ་ཏུ་བཟང་བ་ལས། །དབྱུག་ཏོ་གཎྜི་སོར་ནི་བཅུ་དྲུག་བྱ། །ལེགས་པར་བཞོགས་ཤིང་ལེགས་བྲིས་པ། །བཟང་པོ་ཡིད་དུ་


DNG016_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

འོང་བྱས་ནས། །དེ་ཡི་མགོ་བོ་དག་ལ་ཡང་། །རབ་ཏུ་བཟང་བའི་གསེར་གྱིས་དཀྲི། །དེ་ཡི་རྩེ་ལ་ནོར་བུ་ནི། །པདྨ་རཱ་གས་བསྐོར་བར་བྱ། །དེ་ནས་ཚུལ་བཞིན་རི་རྩེ་ལ། །ཆོ་ག་སྔོན་དུ་བཤད་པ་བཞིན། །མངོན་པར་གདུག་པའི་སྦྱིན་སྲེག་བྱ། །སྒྲུབ་པ་པོས་ནི་ནུབ་མོ་བསྒྲུབ། །འབར་བ་འདི་ནི་བླངས་ནས་སུ། །ནམ་མཁར་འཕུར་བར་གདོན་མི་ཟ། །སྔ་མ་བཞིན་དུ་གྲུབ་རྣམས་ཀྱི། །གཙོ་བོར་འགྱུར་ཞིང་འདོད་གཟུགས་ལྡན། །དུ་བ་ཚ་ལ་སོགས་པས་ཀྱང་། །དེ་ཡི་འབྲས་བུ་སྔོན་བཞིན་ཐོབ། །མཚོན་ཆའི་མཆོག་རྣམས་བསྒྲུབ་པ་ནི། །དེ་ལྟར་མདོ་རུ་བཤད་པ་ཡིན། །དེ་ནས་རྟོག་པ་ལས་བྱུང་བའི། །དངོས་གྲུབ་གཞན་ཡང་བཤད་པར་བྱ། །ཇི་ལྟར་ཁྲོ་བོ་མཆོག་གིས་ནི། །ཉིད་ཀྱིས་མདོ་རུ་བཤད་པའོ། །ཡི་དྭགས་མང་པོ་ཞེས་བྱ་བའི། །དཀྱིལ་འཁོར་བཟང་པོ་བྲིས་ནས་སུ། །རྨ་མེད་པ་ཡི་རོ་བླངས་ནས། །མཁས་པས་ཁྲུས་བྱས་ལེགས་པར་བརྒྱན། །མེ་ཏོག་སྤོས་ཀྱིས་མཆོད་ནས་སུ། །ཤ་དང་བཅས་པའི་གཏོར་མ་སྦྱིན། །ལས་ནི་དུར་ཁྲོད་དག་ཏུ་བྱ། །འདི་ནི་གཞན་དུ་ཡོད་མི་བྱ། །མེ་ཏོག་བཀྲམ་པའི་གནས་མལ་དུ། །དེ་ནི་ལྷོ་ཕྱོགས་མགོ་བསྟན་བཞག །ཐོད་པ་བཟང་པོ་ཟས་མཆོག་གིས། །རབ་ཏུ་བཀང་བ་བྱས་ནས་ནི། །ཟས་མཆོག་འདི་ཡི་ནང་དུ་ཡང་། །ཚིལ་ཆེན་དག་གིས་བླུག་པར་བྱ། །མཁས་པས་དེ་དག་དེ་ཡི་ཚེ། །ཁྲོ་བོའི་སྔགས་ཀྱིས་བཏབ་པ་ཡིས། །བླུག་པ་བརྒྱ་ནི་ཚང་བྱས་པར། །གཟར་བུས་རོ་ཡི་ཁར་བླུགས་ན། །དེ་ཡི་ལྕེ་ཡང་འབྱུང་བར་འགྱུར། །དེ་ནས་མཚོན་གྱིས་གཅད་པར་བྱ། །ལྕེ་ནི་རྩ་བར་བཅད་པ་ལས། །ཁྲོ་བོའི་མཐུ་ཡིས་མྱུར་བ་རུ། །དེ་ནས་ལྕེ་ནི་རལ་གྲིའི་གཟུགས། །བཟང་པོ་སུམ་ཅུ་རྩ་གཉིས་འགྱུར། །དེ་ནས་རལ་གྲི་བླངས་ནས་སུ། །གྲོགས་རྣམས་ལ་ཡང་རེ་རེ་སྦྱིན། །སྒྲུབ་པ་པོས་ནི་བླངས་ནས་སུ། །དེ་མ་ཐག་ཏུ་འགྲུབ་པར་འགྱུར། །རིག་འཛིན་དག་ནི་ཐམས་ཅད་ཀྱིས། །ཀུན་གྱིས་བཀུར་བའི་རྒྱལ་པོར་འགྱུར། །གྲོགས་པོ་དེ་རྣམས་དང་བཅས་པར། །བསྐལ་པ་བདུན་དུ་གནས་པར་འགྱུར། །


DNG016_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ན་མཁས་པས་དུར་ཁྲོད་དུ། །ཡི་དྭགས་མང་པོ་ཞེས་བྱ་བའི། །དཀྱིལ་འཁོར་དེར་ནི་བྲི་བར་བྱ། །མཆོད་པ་ཇི་སྐད་གསུངས་པའང་བྱ། །སྐྱེས་བུ་ནད་ཀྱིས་ཤི་བ་ཡི། །རྨ་མེད་པ་ཡི་རོ་བླངས་ནས། །ལེགས་པར་ཁྲུས་བྱས་རྒྱན་གྱིས་བརྒྱན། །དཀྱིལ་འཁོར་དེ་ཡི་སྒོར་བཞག་སྟེ། །དེ་ཡི་སྙིང་གར་དེ་འདུག་ནས། །སྟོང་རྩ་བརྒྱད་དུ་བཟླས་པར་བྱ། །ཁྲོ་བོའི་མཆོག་ཏུ་གྱུར་པའི་སྔགས། །ཡི་གེ་བཅུ་བདུན་དེ་བཟླས་ན། །མི་རོ་དེ་ནི་ལངས་པར་འགྱུར། །ཨརྒྷ་ལེགས་པར་དབུལ་བར་བྱ། །དེ་ཡི་མགོ་ལ་ལག་གཡོན་གྱིས། །དེ་མ་ཐག་ཏུ་རེག་བྱས་ནས། །ལྡོང་རོས་མེ་ཡི་མདོག་འདྲ་བ། །དེ་ནས་བདག་ཉིད་ཆེན་པོ་དེའི། །ཁ་ནས་མྱུར་དུ་འབྱུང་བར་འགྱུར། །སྒྲུབ་པ་པོས་ནི་དེ་བླངས་ཏེ། །ཡན་ལག་ཐམས་ཅད་བསྐུས་ན་ནི། །བཙོ་མའི་གསེར་གྱི་མདོག་ཏུ་འགྱུར། །གྲོགས་རྣམས་ལ་ཡང་དེ་བཞིན་སྦྱིན། །དེ་མ་ཐག་ཏུ་དེ་ཀུན་ཀྱང་། །བཙོ་མའི་གསེར་གྱི་མདོག་ཏུ་འགྱུར། །ཇི་ལྟར་འདོད་པའི་གཟུགས་ཅན་ཀུན། །རིག་འཛིན་རྣམས་ནི་ཐམས་ཅད་ཀྱི། །ཐོག་མར་འགྲོ་བ་དེ་དག་འགྱུར། །རྫས་རྣམས་ཐམས་ཅད་གྲུབ་པར་ནི། །གྱུར་ན་འདི་ལ་དེ་ལས་ཀྱང་། །དཀོན་མཆོག་གསུམ་ལ་ཆ་གཅིག་དབུལ། །དེ་ནས་མཁས་པས་བདག་ཉིད་བཀུར། །གྲོགས་པོ་རྣམས་ནི་ཐམས་ཅད་ལའང་། །བྱིན་ན་འདི་ལས་ནམ་མཁར་འཕུར། །རྫས་གཅིག་གྲུབ་པར་གྱུར་པ་ལ། །ཆོ་ག་གཞན་ཡང་སྤྱད་པར་བྱ། །རྫས་གཅིག་གྲུབ་པར་གྱུར་ན་ནི། །ཐོག་མར་ཕྱག་ཀྱང་བྱས་ནས་ནི། །དཀོན་མཆོག་གསུམ་ལ་ཆོ་ག་བཞིན། །བདག་ཉིད་རབ་ཏུ་དབུལ་བར་བྱ། །དེ་ཡི་འོག་ཏུ་རྫས་དེ་ནི། །གྲོགས་པོ་རྣམས་ལ་རིམ་པ་བཞིན། །རྫས་དེ་བྱིན་ན་འཕུར་བར་འགྱུར། །ཕྱི་ནས་ཆོ་ག་འདི་རྣམས་སྤྱད། །དེ་ལྟར་མ་བྱས་གྲུབ་ན་ཡང་། །དེ་ཡི་རྫས་ནི་འཕྲོག་པར་འགྱུར། །དེ་བས་དངོས་གྲུབ་མཆོག་རྣམས་ལ། །ཀུན་ཏུ་ཇི་སྐད་བཤད་བཞིན་བྱ། །དེ་ནས་གཞན་ཡང་ཨཉྫ་ན། །བཟང་པོ་སྒྲུབ་པར་བཤད་པ་བཞིན། །དགོས་པ་ཐམས་ཅད་འགྲུབ་པའི་ཕྱིར། །དམ་པ་འདི་ནི་བཤད་པར་བྱ། །ཞག་གསུམ་


DNG016_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

རྨྱུང་བར་འདུག་ནས་ནི། །དུར་ཁྲོད་དག་ཏུ་དཀྱིལ་འཁོར་བྲི། །དེ་ནས་ཆོ་ག་སྔ་མ་བཞིན། །དེར་ནི་གཏོར་མའི་ལས་བྱའོ། །དེ་ནས་མི་རོ་བསྲེགས་པ་ཡི། །ཐལ་བས་བདག་ཉིད་བསྲུང་བར་བྱ། །དེ་ཡིས་བདག་ཉིད་བྱུགས་ནས་སུ། །གྲོགས་མཆོག་དམ་ལྡན་དཔའ་བ་དེས། །ཨཉྫ་ན་ཡི་སྙིང་པོ་དེ། །གསལ་ཤིང་གིས་བསད་མགོ་ལ་གཞག །ཤི་བའི་གོས་ཀྱིས་གཡོགས་ནས་སུ། །ལག་པས་བཟུང་ནས་བཟླས་པ་བྱས། །དངོས་གྲུབ་རྣམ་གསུམ་བྱུང་གི་བར། །བློ་ཅན་གྱིས་ནི་དེ་སྲིད་བཟླས། །ཚང་འམ་ཡང་ན་དུ་བ་འབྱུང་། །ཡང་ན་མེ་བཞིན་འབར་བར་འགྱུར། །དེ་ཡིས་མིག་དག་བསྐུས་ན་ནི། །འབར་བས་ནམ་མཁར་འགྲོ་བར་འགྱུར། །དུ་བས་ལུས་ནི་མི་སྣང་བར། །གདོན་མི་ཟ་བར་འགྱུར་བར་བཤད། །ཚ་བར་གྱུར་ན་བལྟས་པ་ཡི། །འགྲོ་བ་བདག་ནི་གསོད་པར་འགྱུར། །སླར་ཡང་དེ་ལས་གསོ་བ་ནི། །རིང་པོར་མི་ཐོགས་གདོན་མི་ཟ། །འདི་དག་འགྲུབ་པར་མ་གྱུར་ཀྱང་། །མིག་དག་ལེགས་པར་བསྐུས་ནས་ནི། །བལྟས་པས་འགྲོ་བ་དབང་དུ་འགྱུར། །པུས་མོ་བཙུགས་ཤིང་མགོ་བོ་འདུད། །ཨཉྫ་ན་ཡི་ཆོ་ག་བཞིན། །མཁས་པས་གི་ཝང་བསྒྲུབ་པར་བྱ། །དངོས་གྲུབ་དག་ཀྱང་དེ་བཞིན་བསྟན། །མ་གྲུབ་འགྲོ་བ་དབང་དུ་འགྱུར། །ལི་ཁྲི་དང་ནི་བ་བླ་དང་། །ལྡོང་རོས་དག་ཀྱང་དེ་བཞིན་ཏེ། །ཨཉྫ་ན་ཡི་དོགས་པ་བཞིན། །ཤི་བའི་གོས་ཀྱང་ཆོ་ག་བཞིན། །བསྒྲུབ་པ་གཞན་དག་དེ་བཞིན་དུ། །ཁྲོ་བོ་ཉིད་ཀྱིས་གསུངས་པའི་སྔགས། །མདོར་ནི་རབ་ཏུ་བཤད་པར་བྱ། །དུར་ཁྲོད་དག་ཏུ་དཀྱིལ་འཁོར་བྲི། །མཆོད་པ་དང་ནི་གཏོར་མ་བྱ། །ཤི་བའི་གོས་དེ་བགོས་ནས་སུ། །ཆོ་ག་ཤེས་པས་མཚན་མོ་བཟླས། །དེ་ནས་གོས་དེ་དང་བཅས་པ། །མཚན་མོ་རབ་ཏུ་འབར་འགྱུར་ན། །འབར་ཞིང་འབར་བས་ཡོངས་བསྐོར་ནས། །ནམ་མཁའ་དག་ལ་ངེས་པར་འཕུར། །གད་མོ་རབ་ཏུ་དགོད་པའི་སྒྲ། །འཇིག་རྟེན་སྐྲག་པར་བྱེད་པ་འབྱིན། །རྟག་ཏུ་འདོད་པའི་གཟུགས་དང་ལྡན། །ཁྲོ་བོ་བཞིན་དུ་དེ་སྤྱོད་འགྱུར། །


DNG016_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་དུ་བ་བྱུང་ན་ཡང་། །གདོན་མི་ཟ་བར་མི་སྣང་བའི། །མཆོག་ཏུ་འགྱུར་བར་རབ་ཏུ་བཤད། །སྒྲུབ་པ་པོ་ཡི་གོས་དེ་ནི། །དེ་བཞིན་ཚ་བར་གྱུར་ན་ཡང་། །རྐང་པ་མགྱོགས་ཤིང་སྟོབས་ཆེར་འགྱུར། །ས་ཡི་སྟེང་ན་ཁྱབ་པར་འགྲོ། །ནད་མེད་ལོ་བརྒྱ་འཚོ་བར་འགྱུར། །དེ་སྟེ་གྲུབ་པར་མ་གྱུར་ཀྱང་། །འགྲོ་བ་མ་ལུས་དབང་དུ་འགྱུར། །གང་རྣམས་མཐོང་ཞིང་དེ་བཞིན་ཏེ། །མཐོང་བ་དེ་དག་དྲན་བཞིན་འགྱུར། །གལ་ཏེ་འདི་དག་གནོད་སྦྱིན་མོ། །མི་ཡིས་སྒྲུབ་པར་འདོད་ན་ནི། །བ་ཏི་ཤིང་དྲུང་ཉམས་དགའ་བ། །དེ་ཚེ་དཀྱིལ་འཁོར་བྲིས་ནས་སུ། །སྐྲ་བཤིག་གོས་ཀྱང་མེད་བྱས་ལ། །ཟས་མཆོག་ལེགས་པར་བཅོས་པ་ཡིས། །ལྷུང་བཟེད་བཟང་པོ་ཡོངས་བཀང་ནས། །མར་གྱི་ངོ་ཡི་མཚན་མོ་བསྒྲུབ། །དེ་ནས་ཆང་བུ་བདུན་ཕྱུང་སྟེ། །སྔགས་ཀྱི་ལན་བདུན་བཏབ་ནས་སུ། །ལྷ་ཡི་བཟང་པོ་འདི་བཞེས་ཤིག །བྱས་ནས་དེ་ཡི་རྒྱབ་ཏུ་དོར། །དེ་ནས་གཞན་ཡང་ཆང་བུ་བདུན། །སྔགས་ཀྱིས་བཏབ་སྟེ་བཟའ་བར་བྱ། །ལྷ་ཡི་བཟང་མོ་ཞེས་བྱ་བ། །གྲུབ་པ་གནོད་སྦྱིན་ཀུན་གྱི་རྗེ། །འཁོར་རྣམས་མང་པོས་ཀུན་བསྐོར་ནས། །དེ་ནས་དེ་ཡི་འོད་འབར་འགྱུར། །དེ་ནས་ཁ་བཀྲུས་དེ་ལ་ནི། །སྤོས་དང་མེ་ཏོག་མཆོག་ལྡན་པའི། །མཆོད་ཡོན་ཆུ་ནི་དབུལ་བར་བྱ། །ལེགས་འོངས་མེ་ཏོག་དག་ཀྱང་དབུལ། །དེ་ནས་སྟན་བཟང་ཉམས་དགའ་བར། །མེ་ཏོག་ལྡན་པ་ཕུལ་ན་ནི། །ད་ནི་ཁྱོད་ཀྱི་བདག་གྲུབ་སྟེ། །བཀའ་བཞིན་བྱེད་ཅིང་དེ་བཞིན་དུ། །གཞན་དུ་མི་འགྱུར་བཀའ་ཉན་གྱིས། །བཀའ་སྩོལ་ཅིག་ཅེས་དེ་ལ་སྨྲ། །མ་འམ་ཡང་ན་སྲིང་མོ་འམ། །མཛའ་མོའམ་ཡང་ན་ཆུང་མར་འགྱུར། །མར་བརྗོད་པས་ནི་ངེས་པར་ཡང་། །དེ་ཡི་ལྡོང་རོས་ལ་སོགས་པ། །གྲུབ་པའི་རྫས་ནི་མང་པོ་དག །གདོན་མི་ཟ་བར་དེ་ལ་སྟེར། །སྲིང་མོས་མེ་ཏོག་འབྲས་བུ་དང་། །བདུད་རྩི་མཆོག་དང་གསེར་འགྱུར་རྩི། །རྟག་ཏུ་སྒྲུབ་པ་པོ་དེ་ལ། །གདོན་མི་ཟ་བར་སྟེར་བར་འགྱུར། །མཛའ་མོར་གྱུར་ཅིག་ཅེས་སྨྲས་ནས། །མཚན་མོ་ལྡིང་ཁང་མཆོག་རྣམས་དང་། །ཡིད་དུ་འོང་བ་གཞན་རྣམས་ཀྱང་། །བདག་ཉིད་དགའ་བ་སྟོན་པར་བྱེད། །མྱུར་དུ་ཆུང་མ་སྡུག་པ་དང་། །དཔག་ཚད་བརྒྱ་ནས་ཁྲིད་དེ་འོང་། །གཞན་ཡང་སྒྲུབ་པ་པོ་དེ་ལ། །དེས་ཤིང་འདོད་དང་དགའ་བ་སྟེར། །དེ་སྟེ་དེ་ལ་ཆུང་མར་སྨྲས། །འདོད་པའི་གཟུགས་ཅན་རྣམ་པར་མཛེས། །དབང་ཕྱུག་ལོངས་སྤྱོད་


DNG016_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱིས། །གྲུབ་པ་དེ་ནི་དགའ་བར་བྱེད། །དེས་ཤིང་འདོད་པ་དགའ་བ་སྟེར། །འཛུམ་ཞིང་སྲི་ཞུ་འཇོ་མ་དང་། །དབང་ཕྱུག་ལོངས་སྤྱོད་ཐམས་ཅད་ནི། །སྒྲུབ་པ་ཅི་སྲིད་འདོད་པ་སྤྱོད། །གལ་ཏེ་མངལ་ནས་སྐྱེས་པ་ཡི། །ཤ་ཟ་མོ་དག་བསྒྲུབ་འདོད་ན། །སྒྲུབ་པ་པོ་ལ་དེ་ཡི་ལས། །དེ་དག་འདི་ནི་བཤད་པར་བྱ། །་ཤྨ་ཀ་ཏའི་ཤིང་དྲུང་ནི། །གཙང་མར་དཀྱིལ་འཁོར་བྲི་བར་བྱ། །མཆོད་པ་ཆེན་པོ་བྱས་ནས་སུ། །གཏོར་མའི་ལས་ཀྱང་སྔོན་བཞིན་བྱ། །དེར་ནི་དུར་ཁྲོད་ཤིང་དག་གིས། །སྔགས་པས་མེ་ནི་རབ་སྦར་ནས། །གོས་མེད་སྐྲ་ཡང་ཧག་བྱས་ཏེ། །དེ་ནས་མེ་ཡང་འབར་བ་ལ། །དེར་ནི་གཟེགས་མའི་སྦྱིན་སྲེག་རྣམས། །སྔགས་ཀྱིས་སྟོང་རྩ་བརྒྱད་བསྲེག་ན། །དེ་ཚེ་གདོན་མི་ཟ་བ་ཡང་། །ཤ་ཟ་མོ་ནི་འབར་བའི་གདོང་། །འོང་བར་འགྱུར་ཏེ་དེ་ཡི་ཚེ། །སེམས་ནི་དཔའ་བར་བྱས་ནས་སུ། །མི་འཇིགས་མདུན་དུ་མཆོད་ཡོན་དབུལ། །དེ་ཡི་འོག་ཏུ་དེ་ལ་ནི། །བདག་ཉིད་གཟུགས་ནི་བཟང་པོར་སྟོན། །དེ་ཡི་མིང་ནི་ཀང་རང་གི། །རང་མིང་སྔགས་ཀྱིས་སྦྱིན་སྲེག་བྱ། །གང་བསམ་པ་ཡི་ནོར་དེ་རྣམས། །འོངས་ནས་རིང་པོར་མི་ཐོགས་པར། །གདོན་མི་ཟ་བར་རབ་ཏུ་དབུལ། །ཀང་རང་གི་ནི་ཞེས་བྱ་བ། །ཤ་ཟ་མོ་ནི་ཀུན་གྱི་མཆོག །སྒྲུབ་པ་པོ་ནི་སེམས་དཔའ་ཞིང་། །གཟི་ཡང་རབ་ཏུ་ཆེ་བ་ལ། །གདོན་རྣམས་ཐམས་ཅད་རབ་ཏུ་བསྒྲུབ། །དེ་ལྟར་མིན་ན་མྱུར་བར་ནི། །སྒྲུབ་པོ་ཡང་ནི་གསོད་པར་བྱེད། །དེ་སྟེ་ཀླུ་ཡི་བུ་མོ་དག །དེ་ལ་རིག་འཛིན་དཔལ་ལྡན་པས། །བསྒྲུབ་པ་དག་ཏུ་འདོད་པ་ལ། །དེ་ཡི་ཆོ་གར་འདི་བཤད་དོ། །པདྨོ་དཀར་པོའི་མཚོ་འགྲམ་དུ། །སོང་ནས་ཆོ་ག་སྔ་མ་བཞིན། །ཡི་དྭགས་མང་པོ་ཞེས་བྱ་བའི། །དཀྱིལ་འཁོར་དེར་ནི་བྲི་བར་བྱ། །དེ་ནས་དེར་ནི་མཁས་པ་ཡིས། །གཏོར་མའི་ཆོ་ག་སྔ་མ་བཞིན། །ཨུ་དུམ་བཱ་རའི་ཡམ་ཤིང་གིས། །ཐོག་མར་མེ་ནི་རབ་སྦར་ནས། །ནཱ་ག་གེ་སར་ཕྱེ་མ་དག །མཁས་པས་སྟོང་རྩ་བརྒྱད་དུ་བསྲེག །སྦྱིན་སྲེག་བྱེད་ཚེ་མྱུར་བར་ནི། །དེ་ནས་ཀླུ་ཡི་བུ་མོ་དག །འཇིགས་ཤིང་སྐྲག་ནས་འོང་བར་འགྱུར། །གལ་ཏེ་མཚན་མོ་དེ་བསྲེག་ན། །སྒྲུབ་པ་པོ་ནི་གང་འདོད་པ། །གདོན་མི་ཟ་བར་རབ་ཏུ་སྟེར། །དེ་སྟེ་སྔགས་པ་ལྷ་མིན་གྱི། །ཕུག་སྒོར་སོང་ནས་ཅི་དགའ་བར། །ལྷ་མ་ཡིན་མོ་ཐམས་ཅད་ནི། །ལས་འདི་དག་ནི་ཐམས་ཅད་སྒྲུབ། །དཀྱིལ་


DNG016_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་སྔ་མ་བཞིན་བྲི་ནས། །གཏོར་མའི་ཆོ་ག་རྒྱ་ཆེར་བྱ། །པྲི་ཡང་ཀུ་ཡི་ཤིང་དག་གི། །ཞུགས་ཐབ་ཏུ་ནི་མེ་སྦར་ནས། །ཆོ་ག་བཞིན་དུ་སྔགས་ཟློས་ཤིག །ཡུངས་ཀར་དཀར་པོ་གུར་གུམ་ལ། །རྨྱུགས་ནས་སྟོང་རྩ་བརྒྱད་བཟླས་ལ། །དེ་ནས་ངེས་པར་བསྲེག་པར་བྱ། །དེ་ནས་སྦྱིན་སྲེག་བྱེད་པའི་ཚེ། །ལྷ་མིན་ན་རྒུད་འབྱུང་བར་བྱེད། །སྒྲུབ་པ་པོ་ནི་གང་འདོད་པ། །གདོན་མི་ཟ་བར་རབ་ཏུ་སྟེར། །ལྷ་མ་ཡིན་གྱི་གནས་དག་ཏུ། །བདེ་བའི་ལམ་ནས་འཇུག་པར་བྱེད། །དབང་ཕྱུག་ཀུན་དང་ལྡན་པར་ནི། །དེ་ན་དེ་ནི་འགྲུབ་པར་བྱེད། །གལ་ཏེ་འདིར་ནི་སྔགས་པ་དག །ཤ་ཆེན་དག་ནི་འཚོང་འདོད་ན། །དང་པོར་དུར་ཁྲོད་འདུག་ནས་སུ། །དཔའ་བའི་སེམས་ཀྱིས་ཤ་ཆེན་བླང་། །བླངས་ནས་བསྲུང་བ་བྱས་ནས་སུ། །ལག་པ་གཡོན་པས་ཆུ་གྲི་ཐོགས། །གཡས་པས་ཤ་ཆེན་སྐྱོན་མེད་གཟུང་། །མཚན་མོ་དུར་ཁྲོད་དུ་ཞུགས་ནས། །སེམས་པ་དཔའ་བས་གཤིན་རྗེའི་གཤེད། །ཁྲོ་བོ་ཡིད་ལ་ཟློག་བྱེད་ཅིང་། །ཤ་འཚོང་བ་ཡི་སྒྲ་བསྒྲགས་སོ། །བདག་ཉིད་ཆེན་པོ་དེ་ཡིས་ཚིག །སྲིན་པོ་དམ་ཚིག་མེད་པ་དང་། །སེམས་ཅན་ཕྲ་མོ་ཁ་ཅིག་གིས། །ཐོས་ནས་རབ་ཏུ་འཇིགས་པར་འགྱུར། །གང་གཞན་ལྷག་པའི་སེམས་ཡོད་ཅིང་། །དྲག་པོའི་དུར་ཁྲོད་གནས་སྐྱོང་བ། །སྣ་ཚོགས་གཟུགས་ཅན་སྟོབས་པོ་ཆེ། །དེ་དག་ལུས་ནི་སྟོན་པར་བྱེད། །གྲུབ་པ་འཇིགས་པར་མི་བྱ་བར། །དེ་ནས་སེམས་ནི་དྲག་པོ་དེས། །ལེགས་པར་འོངས་ཞེས་སྨྲ་བར་བྱ། །དེ་ནས་གནས་སྐྱོང་བསྒྲུབ་པའི་ཕྱིར། །དེ་ནས་ཨཉྫ་ན་དག་དང་། །རྫས་ནི་གང་རྣམས་འདོད་པ་དེ། །ཤ་ཡིས་རབ་ཏུ་སྦྱིན་བྱོས་ཞེས། །སྒྲུབ་པ་པོས་ཀྱང་སྨྲ་བར་བྱ། །སྒྲུབ་པ་པོས་ཀྱང་གཞན་མི་སྨྲ། །སེམས་ནི་དཔའ་བར་ཤེས་ནས་སུ། །སྦྱིན་པར་བྱེད་ཀྱིས་གཞན་ལ་མིན། །དེ་ནས་གཞན་ཡང་འདི་ཡི་ལས། །དཔུང་རྣམས་མནན་པར་བྱ་བ་གང་། །ཁྲོ་བོ་མཆོག་གིས་གསུངས་པ་ནི། །དེ་དག་འདིར་ནི་བཤད་པར་བྱ། །མི་རོའི་གོས་ལས་བྱས་པ་ཡི། །བ་དན་ཤིན་ཏུ་བཟང་པོ་བྱ། །དེ་ནས་མཐོན་ཀ་ལས་བྱའོ། །སོར་བཅུ་དྲུག་གི་ཚད་དུ་བྱ། །རྨྱུག་མའི་ཡུ་བ་སྡུ་གུ་དག །ཁྲུ་གང་ཚད་དུ་བྱས་པ་ལ། །བཏགས་ཏེ་དེ་ནས་བསྒྲེང་ནས་སུ། །དུར་ཁྲོད་དུ་ནི་མཚན་མོ་བསྒྲུབ། །དཀྱིལ་འཁོར་རྒྱ་ཆེན་བྲིས་ནས་ཀྱང་། །དེར་ནི་ཙོག་པུར་གནས་ནས་སུ། །


DNG016_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

བ་དན་ལག་ན་ཐོགས་ནས་ནི། །མཚན་མོ་ཐོག་ཐག་བཟླས་པར་བྱ། །དེ་ནས་ནམ་ནི་ལངས་པ་ན། །དེ་ཡི་ལག་ན་ཐོགས་པ་ཡི། །དེ་ཚེ་དགྲ་ཡི་དཔུང་འཁྲུག་པ། །ཐེ་ཚོམ་མེད་པར་གནས་པར་འགྱུར། །ལག་ན་ཐོགས་པ་གཞན་དག་ཀྱང་། །སྒྲུབ་པ་པོས་ནི་མཐོང་བ་ཡི། །དེ་དག་ཐམས་ཅད་མཐོང་མ་ཐག །མནན་ཏེ་རི་བཞིན་མི་གཡོར་འགྱུར། །གླང་པོ་རྒྱལ་པོ་མྱོས་པ་དང་། །ཤིང་རྟ་རྟ་དང་གླང་པོར་བཅས། །རྐང་ཐང་འཁྲུགས་པ་མང་བཅས་པའི། །དགྲ་ཡི་དཔུང་རྣམས་ངེས་པར་ནི། །མཐོང་བ་ཙམ་ནི་ཉིད་ཀྱིས་སུ། །མནན་པ་བཞིན་དུ་སྣང་བར་འགྱུར། །དེ་ནས་གཞན་ཡང་དུར་ཁྲོད་ཀྱི། །སྦྱོར་བ་བཀྲ་ཤིས་དགེ་བ་དང་། །ཁྲོ་བོ་མཆོག་གིས་གསུངས་པ་དེ། །དེ་ནི་ངེས་པར་བཤད་པར་བྱ། །དེས་ནི་མི་རོ་བསྲེགས་པ་ཡི། །མཚན་མོ་མེ་འབར་བལྟས་ནས་སུ། །སྐྲ་བཤིག་གོས་ཀྱང་མེད་བྱས་ལ། །བཟླས་པ་དག་ཀྱང་བསྐོར་ཞིང་བྱ། །དེ་ནས་དེར་ནི་སྔགས་པ་ཡིས། །ལན་ཅིག་ཐལ་བ་སྤར་བ་གང་། །ལག་པ་གཡོན་པས་བླངས་ནས་སུ། །མཁས་པས་ཁྱིམ་དུ་འགྲོ་བར་འགྱུར། །ཡང་ན་ལྷ་ཁང་སྟོང་པར་འགྲོ། །ཕྱིར་ཡང་ལྟ་བར་ཡང་མི་བྱ། །དེ་ནས་དེར་ཡང་ཐལ་བ་དེ། །ནམ་ལངས་བར་དུ་བཟླས་པར་བྱ། །ནམ་ནི་ལངས་པར་གྱུར་པ་ནི། །ཐལ་བ་དེ་ནི་བསྲུངས་ནས་སུ། །སར་པའི་སྣོད་དུ་གཞག་བྱ་ཞིང་། །ས་ལ་གཞག་པར་ཡོང་མི་བྱ། །དགྲ་ཡི་དཔུང་དག་མནན་པའི་ཕྱིར། །ཐལ་བ་དེ་ནི་གཏོར་བྱས་ན། །ཤིང་རྟ་དང་ནི་གླང་པོ་དང་། །མཚོན་ཆ་ཐམས་ཅད་འཁྲུག་པ་དང་། །སྐྱེ་བོ་མང་པོར་ལྡན་པའི་ཡུལ། །ཐལ་བ་དེ་ཡིས་ཐམས་ཅད་དུ། །ལན་ཅིག་གཏོར་བ་ཙམ་གྱིས་ཀྱང་། །ལུས་རྣམས་མི་འགུལ་གདོན་མི་ཟ། །འདི་ནི་མཚོན་རྣམས་གནོན་པ་དང་། །དཔུང་ཡང་གནོན་བྱེད་དགེ་བའོ། །དེ་བཞིན་གཉིད་ཀྱིས་ལོག་བྱ་དང་། །མྱོས་པར་བྱེད་པར་སྦྱོར་བ་ཡང་། །རླུང་ཕྱོགས་དག་ཏུ་སོང་བ་འམ། །ཡང་ན་བསྙེན་ཏེ་བྱས་ནའང་རུང་། །བགྲོད་དཀའི་དགྲ་ནི་མཚོན་འཁྲུགས་ལ། །བྱས་ནས་འགྲོ་བ་མི་འགུལ་འགྱུར། །དུར་ཁྲོད་དག་གིས་སྦྱོར་བ་ཡིས། །དཔུང་མནན་དེ་ལྟར་བཤད་ཟིན་ཏོ། །འགྲོ་བ་དབང་བྱེད་སྦྱོར་བ་ནི། །རྣམ་པ་གཞན་དག་བཤད་པར་བྱ། །དུར་ཁྲོད་དག་ཏུ་དཀྱིལ་འཁོར་བྲི། །མཆོད་པ་སྔ་མ་བཞིན་དུ་བྱ། །གཏོར་མ་རྒྱ་ཆེན་བྱས་ནས་ནི། །མི་ཡི་ཚིལ་གྱི་སྣུམ་དག་ལས། །མར་མེ་འབར་


DNG016_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

བ་བྱས་ནས་སུ། །དེ་ནས་ཐོད་པ་བཟང་པོ་ལ། །མཁས་པ་དག་གིས་སྣག་ཙ་སྦྱར། །དུ་བའི་སྣག་ཙ་སྦྱར་ནས་ཀྱང་། །ནམ་ལངས་བར་དུ་བསླབ་པར་བྱ། །དེ་ནས་ནང་པར་ནམ་ལངས་ཏེ། །དུ་བའི་སྣག་ཙས་མིག་བསྐུས་ན། །གང་མཐོང་དེ་ཡི་དབང་དུ་འགྱུར། །དེ་ལྟར་འགྲོ་བ་དབང་བྱེད་པའི། །སྦྱོར་བ་དེ་ནི་བསྒྲགས་པ་ཡིན། །བཙག་གི་སྦྱོར་བའི་དངོས་གྲུབ་ཀྱང་། །དགེ་བ་དག་ནི་ད་བཤད་དོ། །ཡུག་སྣམ་བཙག་ནི་དགེ་བ་དང་། །མི་རོའི་ཁར་ནི་བཅུག་ནས་སུ། །དེ་ནས་དེ་ཕྱེད་ཚིག་ནས་ནི། །གྲོགས་མེད་པར་ནི་མཚན་མོ་བླང་། །བླངས་ནས་ལྷ་ཡི་ཁང་སྟོང་དུ། །མཁས་པ་དག་གིས་བཟླས་པ་བྱ། །བགེགས་ཀྱང་རྣམ་པ་སྣ་ཚོགས་འབྱུང་། །ཅི་སྲིད་ནམ་ལངས་བར་དུ་ནི། །དེ་ན་འདུག་ཅིང་དེ་ལ་བཟླས། །དེ་ནས་ནམ་ལངས་གྱུར་པ་དང་། །རས་ནི་དམར་པོས་དཀྲིས་ནས་ནི། །མཆོད་ཅིང་བསྲུངས་ནས་གཞག་པར་བྱ། །དེ་ནས་གང་ཡང་རུང་བའི་མིང་། །བཙག་གི་ཡུག་སྣམ་དེ་ཡིས་སུ། །ཅི་འདོད་པར་ནི་འདྲི་བར་བྱ། །སྒྲུབ་པ་པོ་ཡི་མིང་ནས་ཀྱང་། །བསྐུལ་ནས་དོགས་པ་མེད་པར་ཡང་། །བསྒྲུབ་པར་བྱ་བ་མྱུར་དུ་འོང་། །བཙག་བསྒྲུབ་ཁ་རུ་གསུངས་པ་དང་། །མདོར་བསྡུས་བཤད་པ་དེ་ཡིན་ནོ། །ད་ནི་ཅི་ལྟར་རིགས་པ་རུ། །སོར་གདུབ་བསྒྲུབ་པ་སྦྱོར་བར་བཅས། །ཆོ་ག་བཞིན་དུ་གསུངས་པ་དག །མདོར་ནི་རབ་ཏུ་བཤད་པར་བྱ། །མི་ཡི་རོ་ཁྱེར་འགྲོ་བ་ན། །དེར་སོང་ནས་ནི་དེ་ཡི་ཁར། །གསེར་གྱི་སོར་གདུབ་གཞག་པར་བྱ། །མཁས་པས་ཁྲོ་བོ་གཅིག་པུའི་སྔགས། །ཟློས་པས་བྱེད་དེ་འདུག་པ་ན། །མེ་ཡིས་ཚིག་པར་གྱུར་པ་ནི། །རོ་ཡི་ཁ་ན་འདུག་པ་ཡི། །སོར་གདུབ་ལག་པ་གཡོན་པས་བླངས། །ནམ་ལངས་བར་དུ་བཟླས་པར་བྱ། །དེ་ནས་སོར་གདུབ་བཟང་པོ་དེ། །ལག་པ་གཡོན་པའི་མཛུབ་མོ་ལ། །མཁས་པ་དག་གིས་གཞག་པར་བྱ། །དེ་ཡི་ལག་པ་གཡོན་པ་ཡི། །གང་དང་གང་དག་རེག་འགྱུར་བ། །དེ་ཀུན་དེ་ཡི་ལས་བྱེད་གྱུར། །ཕྱི་བཞིན་དུ་ཡང་འབྲང་བར་འགྱུར། །འདི་ལ་དཔྱོད་པར་ཡོང་མི་བྱ། །དེ་ནས་གཞན་ཡང་ཡུངས་ཀར་དག །ཤིན་ཏུ་ངོ་མཚར་དང་ལྡན་པ། །ཁྲོ་བོ་ཉིད་ཀྱི་ཇི་ལྟ་བར། །བསྒྲུབ་པའི་སྦྱོར་བ་གསུངས་པ་བཤད། །སི་ཏའི་ཤིང་ལས་གབ་ཚེ་ཡང་། །བཟང་པོ་སོར་ནི་བརྒྱད་པར་བྱ། །དེ་ཡི་ནང་དུ་ཡུངས་ཀར་དགང་། །དངོས་གྲུབ་མཆོག་ནི་དེར་བླུགས་ལ། །ཟླ་བ་གཟས་ནི་ཟིན་བར་དུ། །ཉི་མ་རེ་རེ་


DNG016_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་བརྗོད་བྱ། །དཀྱིལ་འཁོར་ཆོ་ག་བཞིན་བྲིས་ནས། །གཏོར་མ་རྒྱ་ཆེན་དག་ཀྱང་བྱ། །གབ་ཙེ་ནང་གི་ཡུངས་ཀར་ཀུན། །སྒྲ་འབྱུང་བ་འམ་གས་ཀྱི་བར། །དེ་སྲིད་ཡུངས་ཀར་བཟླས་པར་བྱ། །དེ་ནས་ཡུངས་ཀར་གྲུབ་གྱུར་པ། །བླངས་ནས་གང་ཡང་རུང་བར་ནི། །ཆོ་ག་བཞིན་དུ་སྦྱར་བྱས་ནས། །དེ་ཡིས་མི་ནུས་ཅི་ཡང་མེད། །དེས་ནི་ས་ཡང་འགས་པར་བྱེད། །ཆུ་ཀླུང་དག་ཀྱང་སྐམས་པར་བྱེད། །རི་མཐོ་རྣམ་པ་མང་པོ་དག །ཕྱེ་མ་དག་ཏུ་རློག་པར་བྱེད། །དེ་བཞིན་རི་ཡི་རྩེ་མོ་ཡང་། །སྦྱར་ན་རབ་ཏུ་སྙིལ་བར་བྱེད། །ཁྲག་དང་སོལ་བའི་ཆང་དག་ཀྱང་། །འབིགས་པར་བྱེད་དེ་ཐེ་ཚོམ་མེད། །གནམ་ལྕགས་དང་ནི་སེར་བ་དག །གློ་བུར་དག་ཏུ་འབབ་པར་བྱེད། །ས་གཡོ་བ་དག་སྤྲིན་བསྡུ་ལ། །རིག་པ་འཛིན་པས་སྦྱར་བྱས་ནས། །གློ་བུར་དུ་ཡང་ཐོགས་མེད་འགྱུར། །མཚོ་དང་རྒྱ་མཚོ་གཡོ་བ་དང་། །ཤིང་རྣམས་རབ་ཏུ་ལྡེག་པ་དང་། །ས་ཡི་འོག་ཀྱང་གཡོ་བྱེད་ཀྱང་། །དེ་བཞིན་ཀླུ་རྣམས་བསྡིགས་པ་དང་། །མཚོ་ཆེན་དང་ནི་ལྡེར་ཀ་དང་། །ཀླུ་རྣམས་ཚར་གཅད་བྱ་བ་དང་། །གཞན་ཡང་གང་འདོད་བྱ་བ་ཡི། །ལས་ནི་རྣམ་པ་སྣ་ཚོགས་པ། །གསུངས་པ་དང་ནི་མ་གསུངས་པ། །མཁས་པས་རང་བཞིན་བློས་བརྟགས་ལ། །ཡུངས་ཀར་གྲུབ་པས་གཏོར་ཙམ་གྱིས། །ཐོགས་པ་མེད་པར་བྱེད་པར་འགྱུར། །ཡུངས་ཀར་དངོས་གྲུབ་ཀུན་སྦྱིན་པའི། །སྒྲུབ་པ་དག་ནི་བསྒྲུབས་ཟིན་ཏོ། །དཔའ་བོའི་བརྟུལ་ཞུགས་སྤྱོད་པ་ཡིས། །དེ་དག་ལ་སོགས་སྣ་ཚོགས་དང་། །སྔ་མ་བཞིན་དུ་སྣ་ཚོགས་དང་། །འབྲིང་རྣམས་ལ་སོགས་བསྒྲུབ་པར་བྱ། །ཁྲོ་བོ་མཆོག་གི་ཆོ་ག་འདི། །ལས་ནི་གང་དག་བཤད་པ་རྣམས། །དེ་དག་ཀུན་ལ་བརྟུལ་ཞུགས་ནི། །མེད་པར་བྱས་ན་འབྲས་བུ་མེད། །ཕྱག་རྒྱ་གཉིས་ཀྱི་ལས་རྣམས་ནི། །གང་དག་འདིར་ནི་བཤད་པ་རྣམས། །བརྟུལ་ཞུགས་བྱེད་ནི་མ་ནུས་ན། །དེ་ལྟར་ཁྲོ་བོ་མཆོག་འདི་ལ། །སྔོན་བཞིན་མཆོད་པ་བྱེད་པ་དང་། །ཇི་སྐད་བཤད་ཟིན་བཟླས་བྱས་པས། །ལས་རྣམས་ཇི་སྐད་བསྟན་པ་དང་། །དངོས་གྲུབ་ཇི་སྐད་བསྟན་པ་ཐོབ། །རྟག་ཏུ་བདེ་གཤེགས་སེམས་པ་དེས། །བརྟུལ་ཞུགས་རྟག་ཏུ་མི་རུང་ནའང་། །ཉིན་གཅིག་བཞིན་དུ་བཟླས་བརྗོད་ལ། །སྦྱོར་བས་འདོད་པས་དོན་རྣམས་འཐོབ། །དེ་ལྟར་བརྟུལ་ཞུགས་ཀྱིས་བསྒྲུབས་དང་། །སྒྲུབ་པ་སྣ་ཚོགས་ཆོ་ག་འདིར། །


DNG016_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོ་བོ་མཆོག་གིས་ཅི་གསུངས་པ། །མ་ལུས་པར་ནི་བཤད་པ་ཡིན། །འཇམ་དཔལ་གྱི་རྩ་བའི་ཆོ་ག་ཞིབ་མོ་ཁྲོ་བོ་རྣམ་པར་རྒྱལ་བ་ལས། ཁྲོ་བོ་གཤིན་རྗེའི་གཤེད་ཀྱི་རྩ་བའི་ཆོ་ག་ཞིབ་མོ་རིམ་པར་ཕྱེ་བ་སྟེ་བརྒྱད་པའོ།། །།དེ་ནས་ཆོ་ག་ཕྱི་མར་ནི། །ཇི་ལྟར་བརྟུལ་ཞུགས་མེད་ཀྱང་རུང་། །དེ་ཕྱིར་ཁྲོ་བོ་བདག་ཉིད་ཀྱིས། །གསུངས་པ་དེ་ཡི་ཆོ་ག་བརྗོད། །སྔགས་ནི་ཡི་གེ་བཅུ་བདུན་པོ། །ཁྲོ་བོ་ཞེས་ནི་གང་བརྗོད་པ། །དེ་ལ་ཐོག་མར་སྟོན་བཞིན་དུ། །རི་མོ་བྲིས་ལ་དེ་མདུན་དུ། །ཚུལ་བཞིན་དུ་ནི་མཆོད་པ་བྱ། །མཁས་པས་ཡང་ན་སྐུ་གཟུགས་ཀྱང་། །བྱེད་དུ་བཅུག་སྟེ་དེ་འོག་ཏུ། །མཁས་པས་བརྒྱད་འབུམ་བཟླས་པར་བྱ། །དེ་ཡི་མཐའ་མར་དཀོན་མཆོག་ནི། །གསུམ་པོ་དག་ལ་མཆོད་ཆེན་བྱ། །དེ་ཡི་འོག་ཏུ་ཁྲོ་མཆོག་ནི། །ཇི་སྐད་གསུངས་བཞིན་མཆོད་པ་བྱ། །འོན་ཀྱང་གྲུབ་སྟེ་དེ་ཡི་ཚེ། །འབྱུང་པོའི་གདོན་དང་དུག་རྣམས་དང་། །ཡིད་ལ་གང་དང་གང་འདོད་པ། །དེ་ཡིས་བསམ་པའི་ལས་ཀྱང་ནུས། །ནམ་ཡང་དངོས་གྲུབ་ཕྲན་ཚེགས་ལ། །དེ་ནི་སྦྱར་བར་མི་བྱའོ། །དུག་ལ་སོགས་ཏེ་གང་བརྗོད་པ། །ལས་ཀྱི་རྣམས་ནི་ཚིག་གིས་བྱ། །གཞན་དུ་ཡེངས་པའི་ཚིག་གིས་ཀྱང་། །བདག་ཉིད་ཇི་ལྟར་འདོད་བཞིན་ནོ། །དེ་བཞིན་སེམས་ཅན་སྡང་རྣམས་ལ། །ཚར་གཅད་པ་དང་ཕན་འདོགས་ནུས། །གང་ཞིག་ནག་པོས་ཟིན་པ་ཡི། །ལས་རྣམས་ཀྱང་ནི་བྱེད་འགྱུར་ཏེ། །ཆུ་ཡི་ངེས་པར་གཏོར་བ་དང་། །ལྕག་གམ་ཡང་ན་རྐང་པ་ཡི། །ཁྲོ་བོས་ཇི་སྐད་གསུངས་པ་བཞིན། །ཐེ་ཚོམ་མེད་པར་སོས་པར་འགྱུར། །དེ་ལྟར་ཀུན་ཏུ་ཡིད་ཀྱིས་སམ། །ཡང་ན་ཚིག་གིས་བསྐུལ་བར་བྱ། །ཇི་ལྟར་ཁྲོས་པ་མེད་པར་ཡང་། །ཕྲན་ཚེགས་ལས་ནི་གྲུབ་འགྱུར་ཏེ། །དྲན་པ་ཙམ་ནི་འབའ་ཞིག་གིས། །བྱེད་པ་པོ་ཡི་ལས་དེ་འགྲུབ། །དེ་ནས་སྣོད་ལ་དབབ་པ་ཡི། །ལས་གཞན་འདི་ནི་རབ་ཏུ་བྱ། །གཞོན་ནུ་མཚན་དང་ལྡན་འགྱུར་ཞིང་། །ཉེས་པའི་སྐྱོན་མེད་ཡན་ལག་ཚང་། །ཤིན་ཏུ་བཀྲུས་ཏེ་རྒྱན་གྱིས་བརྒྱན། །བ་ལས་བྱུང་བའི་ལྔ་ཡང་བླུད། །དེ་ཡི་འོག་ཏུ་རྨྱུང་བྱས་ཏེ། །ནམ་ལངས་པ་དང་བཀྲུས་བྱས་ལ། །དྲི་ཞིམ་པ་ཡི་དྲིས་བྱུགས་ཤིང་། །གོས་རྣམས་དང་ནི་རྒྱན་གྱིས་བརྒྱན། །དེ་ལྟར་མཆོད་པ་བྱས་ནས་ནི། །ཤར་གྱི་ཕྱོགས་སུ་ཁ་བསྟན་ཏེ། །ཆོ་ག་བཞིན་དུ་ཀུ་ཤ་ཡི། །སྟན་ལ་བཞག་སྟེ་དེ་ནས་ནི། །དེ་ཡི་ལག་པ་གཉིས་ཀར་ཡང་། །


DNG016_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

ཙནྡན་གཏོར་མའི་མེ་ཏོག་སྦྱིན། །ཨ་ཀར་ནག་པོའི་བདུག་པ་སྦྱིན། །དེས་ནི་མྱུར་དུ་སྔགས་བརྗོད་དེ། །སྒྲུབ་པ་ཆོ་ག་འདི་ཡིས་ནི། །སྣོད་ལ་དབབ་པའི་ལས་བྱའོ། །སྣོད་ལ་དབབ་འགྱུར་དེ་ཡིས་ནི། །དགེ་དང་མི་དགེ་དྲི་བར་བྱ། །དེ་ནས་བྱུང་དང་འབྱུང་བ་དང་། །བྱུང་བ་གང་ཡིན་བདེན་པར་སྨྲ། །སེམས་ཅན་ཆེན་པོ་འདི་གྱིས་ལ། །འདི་ནི་མིན་ཞེས་ཟློག་པར་བྱེད། །རིག་སྔགས་ཆད་དམ་ལྷག་པ་དག །སྔགས་ཀྱང་འདིར་ནི་ཚང་བར་བྱེད། །དེ་ནས་ཁྲོ་བོ་མཆོག་དེ་ལ། །མེ་ཏོག་ལྡན་པའི་མཆོད་ཡོན་དབུལ། །དེ་ནས་བདེ་གཤེགས་བསྟན་པ་ཡིས། །དམ་ཚིག་དག་ཀྱང་བསྟན་པར་བྱ། །སྣོད་ཀྱིས་ཐོས་ནས་དེ་ནས་སུ། །བཏང་ནས་དེ་ནི་ས་ལ་འགྱེལ། །རིག་པ་ཁྲོ་བོ་གཤིན་རྗེའི་གཤེད། །གྲུབ་པར་དེ་ནས་བཞུད་པར་འགྱུར། །དེ་ནས་སྣོད་ནི་བླངས་ནས་སུ། །ཕྱིས་ཀྱང་རབ་ཏུ་ཁྲུས་བྱས་ཏེ། །ཟན་ཟར་བཅུག་ལ་ཟོས་ནས་ཀྱང་། །མཆོད་པ་བྱས་ཏེ་སླར་གཏང་ངོ་། །ཇི་སྐད་གསུངས་པའི་ལས་རྣམས་ཀྱིས། །སྣོད་ལ་དབབ་པར་བྱས་ནས་ནི། །དེ་ནས་ཆོ་ག་ཕྱི་མ་ཡི། །ཆོ་ག་ལས་གསུངས་ལས་རྣམས་བྱ། །དེ་ནས་གལ་ཏེ་སྔགས་པ་ནི། །རྒྱལ་པོ་དབང་དུ་བྱེད་འདོད་ན། །དེ་ཚེ་རི་མོ་སྤྱན་སྔ་རུ། །དུར་ཁྲོད་ཐལ་བས་གཟུགས་བྲིས་ཏེ། །དེ་ཡིས་སྙིང་གར་འདུག་ནས་སུ། །རྩེ་གཅིག་ཡིད་ཀྱིས་ཁྲི་བཟླས་ཏེ། །ཆེ་གེ་མོ་ཞིག་དབང་འགྱུར་ནས། །དེ་ཡི་མིང་ནི་སྔ་མ་བཞིན། །ཁྲོ་སྔགས་ཇི་སྐད་གསུངས་པའི་མཐར། །སྦྱར་ཏེ་མཇུག་ཏུ་སྭཱ་ཧཱ་བརྗོད། །ཁྲོ་བོས་དབང་དུ་བྱ་བའི་ཕྱིར། །སྦྱོར་བ་རྟག་ཏུ་བཤད་པ་ཡིན། །དེ་ནས་རྒྱལ་པོ་དབང་གྱུར་ནས། །མཛའ་སྡུག་སྐྱེ་བོ་བཏང་ནས་སུ། །བདག་ཉིད་དང་ནི་ནོར་དག་གིས། །ངེས་པར་བྲན་བཞིན་ལེགས་པར་བྱེད། །དེ་བཞིན་བཟླས་པ་ཁྲི་བྱས་ན། །བྲམ་ཟེ་དག་ཀྱང་དབང་དུ་འགྱུར། །རྗེའུ་རིགས་དམངས་རིགས་མ་ལུས་པར། །དྲུག་སྟོང་དག་གིས་ངེས་པར་འགྱུར། །བུད་མེད་རྣམས་དང་བུ་མོ་ལ། །ཁྲི་དག་ཏུ་ནི་བཟླས་པ་བྱ། །དེ་ནས་ཕན་ཚུན་མཛའ་བོ་གཉིས། །དབྱེ་བར་བྱ་བར་འདོད་ན་ནི། །དེ་ནས་


DNG016_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་གིས་གཟུགས་བརྙན་ནི། །དེ་བཞིན་བྲིས་ནས་སྙིང་ག་རུ། །རྐང་པ་གཅིག་བཞག་ཙོག་པུར་འདུག །དེ་ཡི་མིང་ནི་མཐར་སྦྱར་ནས། །ཁྲོ་བོ་གཤིན་རྗེའི་གཤེད་བཟླས་པ། །ཆེ་གེ་མོ་ཞིག་མྱུར་བར་རུ། །འདི་དང་དབྱེ་འགྱུར་ཕཊ་ཅེས་བྱ། །དེ་ལྟར་དབྱེ་བ་བྱ་འདི་ལ། །སྟོང་ཕྲག་བཅུར་ནི་བཟླས་པ་བྱ། །དེ་ནས་སེམས་ཅན་རབ་འདུག་པར། །ཤེས་ནས་ལེགས་པར་གདུལ་བྱ་ན། །དཀོན་མཆོག་གསུམ་ལ་གནོད་བྱེད་ལ། །ཁྲོ་བོས་བྱ་ཡི་གཞན་དུ་མིན། །དགྲ་བོའི་གཟུགས་བརྙན་མིང་སྨོས་ནས། །དུར་ཁྲོད་ཐལ་བས་བྲིས་ནས་སུ། །དེ་ནས་སེང་ལྡེང་ཕུར་བུ་ལ། །བརྒྱ་རྩ་བརྒྱད་དུ་བཟླས་བྱས་ཏེ། །དེ་ཡི་སྙིང་གར་བཏགས་ནས་སུ། །དེ་ཡི་འོག་ཏུ་ཁྲི་བཟླས་སོ། །དེ་ནས་ཁྲོ་བོ་གཤིན་རྗེའི་གཤེད། །སྔགས་ཀྱི་ཐ་མར་མིང་བཅུག་སྟེ། །ཆེ་གེ་མོ་ཞིག་སོད་ཅིག་ཅེས། །ཧཱུྃ་དང་ཕཊ་ཀྱིས་མཐའ་བརྟེན་ཏེ། །ཁྲི་དག་ཡོངས་སུ་ཚང་བར་ནི། །གལ་ཏེ་དེ་ལྟར་བཟླས་བྱས་ན། །ལས་དེ་ཡིས་ནི་འཆི་འགྱུར་ཏེ། །འདི་ལ་རྣམ་པར་དཔྱད་མི་དགོས། །རྟག་ཏུ་བདེ་གཤེགས་བསམ་བྱ་ཡི། །ངན་པའི་སེམས་ཀྱིས་ཡོང་མི་བྱ། །དེ་ཡི་སྙིང་ལས་སྡུག་བསྔལ་དག །བསྐྱེད་ནས་འདག་པ་མ་གཏོགས་སོ། །ཞི་བ་དག་གི་ཆོ་ག་ཡི། །དེ་ནས་ཞི་བ་དགེ་བར་བྱ། །ཅི་ལྟར་ཇི་སྐད་གསུངས་པ་ཡི། །མངོན་པར་སྤྱོད་པ་ཡོང་མི་བྱ། །སེམས་ཅན་རྣམས་ལ་བརྩེ་བའི་ཕྱིར། །བདེ་གཤེགས་བསམ་པས་བྱ་བར་བསྟན། །དེ་བཞིན་གཤེགས་པ་ཅི་གསུངས་པའི། །དེ་བཞིན་དངོས་གྲུབ་ཐོགས་མེད་པའི། །དངོས་གྲུབ་འདོད་པས་ཐོབ་འདོད་ན། །དེ་ལྟར་ཁྲོ་བོ་སེམས་མི་བྱ། །བདེ་གཤེགས་བསམ་པ་གང་མེད་པ། །དེ་ནས་དངོས་གྲུབ་ཉམས་པར་འགྱུར། །མདོར་ན་བྱང་ཆུབ་སེམས་མེད་པ། །འཇམ་དཔལ་ཁྲོ་བོ་གཙོ་བོ་ལས། །བརྟུལ་ཞུགས་བཟླས་པ་དང་བཅས་པ། །རྟོག་ལས་ཆོ་ག་བཞིན་གསུངས་པའི། །དངོས་གྲུབ་མཆོག་ནི་ཉམས་པར་འགྱུར། །གང་ཞིག་བདེ་གཤེགས་བསམ་ལྡན་ནས། །བརྟུལ་ཞུགས་བཟང་པོ་མེད་པ་དང་། །དེ་བཞིན་གཟུགས་ལ་སོགས་


DNG016_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཀྱང་། །དངོས་གྲུབ་མཆོག་རྣམས་དེས་ཐོབ་ཅིང་། །ཉོན་མོངས་མེད་པར་ཅི་འདོད་པར། །འདོད་པ་ཐམས་ཅད་རྙེད་པར་འགྱུར། །གང་ཞིག་བདེ་གཤེགས་བསམ་ལྡན་ཞིང་། །བློ་ནི་མ་རྨོངས་བརྟན་པ་ཡིས། །སྲིད་པ་ཉོན་མོངས་བགྲོད་དཀའ་རྒོལ། །དེ་བཞིན་གཤེགས་པ་ཐམས་ཅད་ལ། །ཕྱག་བྱས་ནས་ནི་དངོས་གྲུབ་མཆོག །བདེ་གཤེགས་བསམ་པ་ལྡན་པས་འཐོབ། །དེ་ལྟར་ཤེས་ནས་དེ་ཡི་ཚེ། །བདེ་གཤེགས་ལམ་མཆོག་བསྟན་པར་བྱ། །ཉོན་མོངས་སྡུག་བསྔལ་འཇིག་འགྱུར་བ། །འཇིག་རྟེན་ལྷ་ནི་ཡོང་མི་བསྙེན། །དེ་ལྟར་སེམས་ཅན་གདུག་འདུལ་བའི། །ལས་རྣམས་ཇི་སྐད་གསུངས་པ་ཡང་། །དཀོན་མཆོག་གསུམ་ནི་བསྲུང་ཕྱིར་གྱི། །གཞན་དུ་གར་ཡང་ཡོང་མི་སྦྱར། །དེ་ནས་གཞན་ཡང་བསྐྲད་པའི་ལས། །འདི་དག་གར་ཡང་རུང་བར་ནི། །དེ་བཞིན་བྱེད་པར་འདོད་པ་ལ། །དེ་བཞིན་པར་ནི་བཤད་པར་བྱ། །དེ་བཞིན་དུར་ཁྲོད་ཐལ་བ་ཡིས། །མཁས་པས་དགྲ་ཡི་གཟུགས་བརྙན་བྲི། །དེ་སྟེ་རྐང་གཉིས་འདུག་ནས་སུ། །འཇམ་དཔལ་ཁྲོ་བོའི་སྤྱན་སྔར་ནི། །ཆེ་གེ་མོ་ཞིག་སྐྲོད་ཅིག་ཅེས། །དེ་ཡི་མིང་ནི་མཐར་སྦྱར་ནས། །དེ་བཞིན་ཧཱུྃ་དང་ཕཊ་དག་དང་། །ཧཱུཾ་ཡང་བརྗོད་དེ་ཁྲི་བཟླས་ན། །གདོན་མི་ཟ་བར་བསྐྲད་པར་འགྱུར། །ཡང་ན་ཐལ་བ་དེ་ཉིད་ཀྱིས། །དགྲ་ཡི་གཟུགས་བརྙན་བྲི་ནས་ནི། །དེ་ཡི་སྙིང་གར་རྐང་གཡོན་གྱིས། །གདོན་མི་ཟ་བར་བརྫིས་ནས་སུ། །ཉི་མ་ལ་ནི་ཁ་བལྟས་ནས། །གཤིན་རྗེའི་གཤེད་པོ་བཟླས་ན་ནི། །སྐད་ཅིག་གིས་ནི་དགྲ་བོ་དེ། །རབ་ཏུ་ཚ་བའི་ནད་ཀྱིས་འདེབས། །དེ་ནས་ཞི་བའི་ཆོ་ག་ཡིས། །བདག་ཉིད་ཀྱིས་ནི་ཞི་བར་བྱ། །དེ་ལྟར་མ་བྱས་ཞག་བདུན་གྱིས། །གདོན་མི་ཟ་བར་འཆི་བར་འགྱུར། །དེ་ལ་སོགས་པའི་ལས་རྣམས་ནི། །བདེ་གཤེགས་སེམས་པས་ཡང་མི་བྱ། །སེམས་ཅན་རྣམས་ནི་ཐམས་ཅད་ལ། །ཞི་བ་དང་ནི་རྒྱས་པ་བྱ། །བྱང་ཆུབ་སེམས་ཀྱི་བདག་ཉིད་ཅན། །རིང་པོར་མི་ཐོགས་འགྲུབ་པར་འགྱུར། །དེ་ནས་སེམས་ཅན་ཐམས་ཅད་ནི། །བདེ་ཕྱིར་ཞི་བའི་ལས་རྣམས་དང་། །དེ་བཞིན་དུ་ནི་རྒྱས་པའི་


DNG016_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

ལས། །ཇི་སྐད་གསུངས་པ་བཤད་པར་བྱ། །མཆོད་རྟེན་དག་གམ་དཀྱིལ་འཁོར་དུ། །དེ་བཞིན་གཤེགས་པའི་མཆོད་པ་བྱ། །དཀོན་མཆོག་གསུམ་པོ་དག་ལ་ནི། །ཡང་དང་ཡང་དུ་ཕྱག་ཀྱང་བྱ། །ཉིན་པར་དང་ནི་མཚན་མོ་ཡང་། །དགེ་བ་གང་དག་ཅི་བསགས་པ། །དཀོན་མཆོག་གསུམ་ལ་དེ་བརྟེན་ནས། །བདེ་བར་གཤེགས་པའི་བསམ་པས་བྱ། །འདི་ཡིས་སེམས་ཅན་ཐམས་ཅད་ནི། །ཤིན་ཏུ་སྡུག་བསྔལ་བདེར་གྱུར་ཅིག །དེ་ཡིས་དངོས་གྲུབ་ཅུང་ཟད་གང་། །ཕྲ་མོ་དག་ཀྱང་འཐོབ་གྱུར་པ། །རྟག་ཏུ་སེམས་ཅན་རྣམས་ལ་ནི། །མཁས་པ་དག་གིས་ཕན་པར་བྱ། །མཁས་པས་མཆོད་རྟེན་ལས་བྱ་ཞིང་། །དེ་བཞིན་དམ་པའི་ཆོས་ཀྱང་བཀླག །དགེ་བ་ཅུང་ཟད་གཞན་དག་ཀྱང་། །ཆུང་ངུ་ཟིན་ཀྱང་འདི་ཉིད་ལ། །དངོས་གྲུབ་མཆོག་ནི་ཐོབ་འདོད་པས། །རྟག་ཏུ་སེམས་ཅན་རྣམས་ལ་བསྔོ། །དེ་ལྟར་འདི་ནི་བྱང་ཆུབ་སེམས། །ཆོས་ཀྱི་དོན་དུ་ཡུལ་དུ་འགྱུར། །བྱང་ཆུབ་སེམས་དཔའ་ཉེར་བསྙེན་པའི། །མཚན་ཉིད་རྣམས་ཀྱང་རབ་ཏུ་བསྟན། །དེ་ལྟར་བློ་གྲོས་བརྟན་བྱས་ནས། །དགེ་བ་དག་ནི་སྤེལ་བར་བྱ། །དགེ་བ་དག་ཀྱང་སྤེལ་ནས་སུ། །སེམས་ཅན་རྣམས་ལ་ཡོངས་སུ་བསྔོ། །སྔགས་པ་བདེ་གཤེགས་སེམས་ལྡན་གང་། །དེ་ལྟ་བུར་ནི་རྟག་པ་རུ། །སེམས་ཅན་ཐམས་ལ་ཕན་བྱས་ནས། །ཞི་བ་དག་དང་རྒྱས་པ་འཕེལ། །ཐོག་མར་དཀོན་མཆོག་གསུམ་པོ་ལ། །མཆོད་པ་སྣ་ཚོགས་བྱས་ནས་སུ། །དེ་ཡི་འོག་ཏུ་ཁྲོ་བོ་མཆོག །གཤིན་རྗེ་གཤེད་ལ་མེ་ཏོག་ནི། །དཀར་པོ་མཆོག་གིས་མཆོད་པ་བྱ། །མཆོད་པ་བྱས་ནས་འདི་དག་ཏུ། །ཆོ་ག་བཞིན་དུ་བཟླས་པ་བྱ། །བདེ་ཞིང་སྟན་ལ་བདེར་འདུག་ལ། །རབ་ཏུ་དང་ཞིང་བདེ་གཤེགས་སེམས། །དེ་ཡི་མིང་སྨོས་ཞི་འགྱུར་ཞེས། །ཁྲོ་བོའི་ཚིག་གིས་མཐར་སྦྱར་ཏེ། །བཽ་ཥཊ་དག་ཀྱང་ཐ་མར་སྦྱར། །གང་ཡང་རུང་བ་ཞིག་ལ་ནི། །དེ་ལྟར་སྟོང་དུ་བཟླས་པ་བྱ། །ཡུལ་དང་ཡུལ་གྱི་ཕྱོགས་རྣམས་དང་། །རྒྱལ་པོ་དག་ལ་ཉིས་འགྱུར་བྱ། །རྟ་རྣམས་དང་ནི་གླང་པོ་དང་། །བ་ལང་དག་ལ་སྟོང་དུ་བཟླས། །ར་ལུག་དང་ནི་མ་ཧེ་ལ། །རྟག་པར་སྟོང་དུ་


DNG016_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་པར་གསུངས། །ཡང་ན་ལུས་ཅན་ཐམས་ཅད་ལ། །བཟླས་པ་དག་ནི་བྱས་ནས་ཀྱང་། །བྱང་ཆུབ་སེམས་དང་ལྡན་པ་ཡི། །ཞི་བའི་མཆོག་ཏུ་ངེས་པར་འགྱུར། །དེ་བཞིན་དུ་ཡང་རྒྱས་གྱུར་པ། །ཁྱད་པར་དུ་ནི་མེ་ཏོག་མཆོག །དཀར་པོ་ཙནྡན་གྱིས་བསྐུས་པ། །བཟླས་ཤིང་བཟླས་པའི་ཆོ་ག་བཞིན། །འཇམ་དཔལ་ཁྲོ་བོའི་སྤྱན་སྔར་ནི། །འོ་མས་གང་བའི་སྣོད་དུ་དབུལ། །སྟོང་གིས་རབ་ཏུ་རྒྱས་པར་འགྱུར། །སྙིང་ལ་རབ་ཏུ་དགའ་འགྱུར་བའི། །རྒྱས་པ་དེ་དག་བྱ་འདོད་ན། །གང་ཡང་རུང་བ་དེ་ཡི་མིང་། །ཆོ་ག་བཞིན་དུ་ཐ་མར་སྦྱར། །མཁས་པས་རྒྱས་པར་གྱུར་ཅིག་ཅེས། །དེ་མཐར་བཤད་པ་སྦྱར་ནས་སུ། །མེ་ཏོག་ཡིད་དུ་འོང་བ་རྣམས། །འོ་མར་བླུགས་པས་རྒྱས་པར་བྱ། །དེ་ནས་གཞན་ཡང་དཔལ་འདོད་པ། །དེར་ཡང་སྔ་མ་བཞིན་དུ་ནི། །ཙནྡན་དཀར་པོས་བསྐུས་པ་ཡི། །མེ་ཏོག་ཡིད་དུ་འོང་བས་མཆོད། །ཨ་ཀར་ནག་པོ་བཟང་པོ་ཡི། །བདུག་པ་དག་ཀྱང་སྔགས་ཀྱིས་དབུལ། །ཉིན་རེ་དེ་ལྟར་བྱས་ནས་སུ། །ཆོ་ག་བཞིན་དུ་བཟླས་པ་བྱ། །དཔལ་ནི་བདག་ལ་སྩོལ་ཅིག་ཅེས། །མཐའ་མ་དག་ཏུ་སྦྱར་ནས་སུ། །དེ་ནས་ན་མཿསྭཱ་ཧཱར་ལྡན། །ཆོ་ག་སྔོན་བཞིན་ཁྲི་བཟླས་ཏེ། །དེ་ནས་རྒྱ་མཚོ་རབ་འགྲོ་བའི། །ཀླུང་གི་འགྲམ་དུ་སོང་ནས་ནི། །ལྟེ་བ་ནུབ་པར་ཆུར་འདུག་ནས། །མེ་ཏོག་པུཎྜ་རཱི་ཀ་ནི། །ཙནྡན་དཀར་པོས་བསྐུས་ནས་ནི། །བཟླས་ཤིང་བཟླས་ཤིང་ཆུར་འབུལ་བ། །བློ་དང་ལྡན་པས་འབུལ་བྱས་ན། །དེ་ཡི་མཇུག་ཏུ་དཔལ་ཆེན་འཐོབ། །ཡང་ན་པདྨ་དམར་པོ་ནི། །ཙནྡན་དམར་པོས་བསྐུས་ནས་ནི། །གལ་ཏེ་དེ་རུ་ཕུལ་ན་ནི། །དེ་ནས་དེ་ཡི་མཐའ་མ་རུ། །ལས་འདི་དག་གིས་ངེས་པར་ནི། །མི་ཟད་པ་ཡི་གཏེར་ཐོབ་འགྱུར། །ཨ་ཏི་མུགྟའི་མེ་ཏོག་རྣམས། །བཟླས་ཤིང་བཟླས་ཤིང་སྔ་མ་བཞིན། །གལ་ཏེ་ཆིག་འབུམ་ཕུལ་ན་ནི། །ཆོ་གས་གསུངས་པ་བཞིན་གནས་པའི། །སྔགས་པས་ངེས་པར་དེ་མཐར་ནི། །འདི་ནོར་འབུམ་ནི་ཐོབ་པར་འགྱུར། །འདི་ལ་རྣམ་པར་དཔྱད་མི་བྱ། །དེ་སྟེ་དེ་ཡི་སྔ་མ་བཞིན། །སུམ་འབུམ་དབུལ་བར་བྱས་ན་


DNG016_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །གདོན་མི་ཟ་བར་གནོད་སྦྱིན་མ། །དེ་ཡི་དབང་དུ་འདི་འགྱུར་རོ། །ཆོ་ག་འདི་ཡིས་སྒྲུབ་པ་པོ། །རིན་ཆེན་དག་ཀྱང་ཐོབ་པར་འགྱུར། །དེ་སྟེ་སྔགས་པས་སྔ་མ་བཞིན། །མེ་ཏོག་སྣ་ཚོགས་མང་པོ་ནི། །ཙནྡན་དག་གིས་བསྐུས་པ་རྣམས། །དེ་ནས་སྔགས་པས་ཆིག་འབུམ་དུ། །ཆུ་ཡི་ནང་དུ་ཕུལ་ན་ནི། །ས་ཡི་སྟེང་ན་འདོད་པ་འཐོབ། །ཡང་ན་པདྨོ་དཀར་པོ་ནི། །མངར་གསུམ་དག་གིས་བསྐུས་པ་རྣམས། །མེ་འབར་ནང་དུ་ལེགས་བསྲེགས་ན། །དེ་ཡིས་དཔའ་བོ་མངོན་སུམ་མཐོང་། །དེ་ཡི་དེ་ལ་འདོད་མཆོག་དང་། །ནོར་དག་ཀྱང་ནི་རྙེད་པར་འགྱུར། །བློ་དང་ལྡན་པ་ཟས་ཀྱི་མཆོག །མར་དང་སྦྲང་རྩི་སྦྱར་བ་དག །ཞག་བདུན་དུ་ནི་གཟར་བུ་ཡིས། །དེ་ཡི་དེ་ལ་འདོད་མཆོག་དང་། །ནོར་དག་ཀྱང་ནི་རྙེད་པར་འགྱུར། །འབར་བའི་མེ་ལ་བསྲེགས་ནས་སུ། །ཡུལ་གྲུ་བདུན་རྣམས་རབ་ཏུ་འཐོབ། །འདི་ལ་རྣམ་པར་དཔྱད་མི་དགོས། །ཡང་ན་འབྲུ་རྣམས་ཐམས་ཅད་ཀྱིས། །སྦྱིན་སྲེག་དོན་རྣམས་ཐམས་ཅད་སྒྲུབ། །སྦྱིན་སྲེག་ཆིག་འབུམ་བྱས་པ་ཡིས། །དེ་དག་ཉིད་ནི་མི་ཟད་འགྱུར། །བིལ་བ་མར་གྱིས་བསྐུས་པ་འབུམ། །མེ་ནི་རབ་ཏུ་འབར་བ་ལ། །བསྲེགས་ནས་ས་ཡི་བདག་པོ་ལ། །ནོར་བཅས་དག་ནི་ཐོབ་པར་འགྱུར། །དུར་བའི་འཇག་མ་མ་གྲུག་པ། །ན་མཿསྭཱ་ཧཱ་མཐར་ལྡན་པས། །འོ་མ་ལས་བསྙུགས་བསྲེག་ན་ནི། །མི་ཡི་ཚེ་ནི་རིང་བར་འགྱུར། །དེ་བཞིན་མར་དང་སྦྲང་རྩི་དག །འབར་བའི་མེ་ལ་རྟག་ཏུ་བསྲེག །གདོན་མི་ཟ་བར་མྱུར་བ་རུ། །ཡིད་གཞུངས་པར་ཡང་ཐོབ་པར་འགྱུར། །རྒྱ་སྐྱེགས་ཤིང་གི་མེ་དག་ལ། །དེ་བཞིན་ཉིན་རེ་མར་གྱི་ཧོམ། །བྱས་ན་ཚེ་དང་ཡིད་གཞུངས་གྲགས། །རྒྱས་དང་སྟོབས་དང་གཟི་བརྗིད་དང་། །དྲན་དང་དགའ་དང་མདངས་བཟང་དང་། །དཔལ་དང་སེམས་དཔའི་དངོས་གྲུབ་དག །འཐོབ་པར་འགྱུར་བ་གདོན་མི་ཟ། །དེ་བཞིན་ཟས་རྣམས་ཀུན་བསྲེགས་པས། །གཟི་དང་རྒྱས་དང་སྟོབས་དང་གྲགས། །འདོད་པ་ཐམས་ཅད་ཕུན་སུམ་ཚོགས། །ཐོབ་པར་འགྱུར་བར་གདོན་མི་ཟ། །ཅི་ལྟར་ཆོ་ག་ཕྱི་མ་ལས། །ཕལ་ཆེར་འཇམ་དབྱངས་ཁྲོ་བོ་ཡི། །པདྨའི་ཞལ་ནས་ངེས་འབྱུང་


DNG016_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

བ། །དེ་དག་མདོར་བསྡུས་བཤད་པ་ཡིན། །འཇམ་དཔལ་གྱི་རྩ་བའི་ཆོ་ག་ཞིབ་མོ་ཁྲོ་བོ་གཤིན་རྗེའི་གཤེད་རྣམ་པར་རྒྱལ་བའི་ཆོ་ག་ཞིབ་མོ་ཀུན་གྱི་ཕྱི་མ་ལས། འཕགས་པ་འཇམ་དཔལ་གྱི་ཁྲོ་བོའི་ཆོ་ག་ཞིབ་མོ་ཕྱི་མ་རིམ་པར་ཕྱེ་བ་སྟེ་དགུ་པ་རྟོག་པ་ཕྱི་མ་རྫོགས་སོ།། །།དེ་ནས་ཆོ་ག་ཐམས་ཅད་ཀྱི། །ཕྱི་མའི་ཕྱི་མ་ཞེས་བྱ་བ། །སྦྱོར་བར་བཅས་ཤིང་རྒྱས་པ་ཡི། །ཆོ་ག་དེ་ནི་བཤད་པར་བྱ། །ཡི་གེ་བཅུ་བདུན་སྔགས་ཀྱིས་ནི། །དཔའ་བོ་བརྟུལ་ཞུགས་བཟང་པོ་དང་། །དེ་བཞིན་སྔོན་དུ་བསྙེན་ལ་སོགས། །ཆོ་ག་དག་ནི་འདིར་བཤད་ཟིན། །ད་ནི་ཡི་གེ་འབྲུ་གཅིག་པ། །སྔགས་མཆོག་དག་ནི་གང་གསུངས་པ། །དེ་ཡི་ལས་ཀྱི་ཆོ་ག་བཤད། །དཔའ་བོ་བརྟུལ་ཞུགས་མེད་པར་ཡང་། །འཇམ་པའི་དབྱངས་ཀྱི་ཁྲོ་བོ་གང་། །མིང་ནི་གཤིན་རྗེའི་གཤེད་ཅེས་བྱ། །དེ་ཡི་སྙིང་པོ་མཆོག་དེ་ནི། །ཧཱུྃ་ཞེས་བྱ་བའི་ཡི་གེ་གཅིག །ཐོག་མར་ཨོཾ་བཞག་ཆོ་ག་བཞིན། །རི་མོའི་སྤྱན་སྔར་འདུག་ནས་སུ། །འདི་ནི་འབུམ་ཕྲག་བཅུར་བཟླས་ན། །དེ་ཡི་འོག་ཏུ་སྒྲུབ་ལ་འཇུག །དེ་ནས་དེ་ཡི་རི་མོ་མཆོག །དོན་རྣམས་ཐམས་ཅད་སྒྲུབ་པ་གཞན། །གང་གིས་དངོས་གྲུབ་རབ་ཐོབ་པ། །ཚུལ་བཞིན་དུ་ནི་རབ་ཏུ་བཤད། །རས་ནི་སར་པ་ཁྲུ་གང་ཙམ། །ལེགས་པར་བཀྲུས་ཤིང་དྲིས་བསྐུས་ལ། །ཚོན་རྩི་བཟང་པོ་སྦྱིན་མེད་པས། །ཁྲོ་བོ་གཤིན་རྗེའི་གཤེད་བྲི་བྱ། །ཞལ་ནི་བགྲད་ཅིང་འཇིགས་པའི་གཟུགས། །སྨིན་མ་སེར་ཞིང་སྤུ་ཡང་སེར། །ཆར་སྤྲིན་ནག་པོའི་ཁ་དོག་འདྲ། །ཐོད་པ་དག་གིས་བརྒྱན་དུ་བྱས། །སྤྱན་གསུམ་དབུ་ཡང་གྱེན་དུ་བརྫེས། །ཞལ་གཅིག་པ་ལ་མདངས་ཀྱང་གསལ། །ཕྱག་གཉིས་པ་ལ་བེ་ཅོན་བསྣམས། །ཕྱག་གཡོན་པས་ནི་བསྡིགས་པར་མཛད། །ཞབས་ཀྱང་རབ་ཏུ་བཟང་པོ་གཉིས། །མ་ཧེ་ལ་ནི་ཆིབས་པར་བྱ། །སྟག་ལྤགས་ན་བཟའ་མནབས་པར་དགྱེས། །འཁྲུགས་ཅིང་འཇིགས་པའི་གསུང་ཡང་འབྱིན། །ཡན་ལག་ཐམས་ཅད་ཡོངས་རྫོགས་པ། །འོད་ཟེར་འབར་བ་བཅས་པའི་སྐུ། །དེ་ནས་


DNG016_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་མཁས་པ་ཡིས། །མཆོད་པ་ཡན་ལག་མཆོག་གིས་མཆོད། །སྔགས་པ་བརྟུལ་ཞུགས་བརྟན་པ་ནི། །དེ་ཡི་འོག་ཏུ་བྲག་ཕུག་ཞུགས། །རི་མོའི་སྤྱན་སྔར་འདུག་ནས་སུ། །ཁ་ཟས་ཟ་བ་དག་སྤངས་ནས། །རི་དབང་དེ་ནི་ཇི་ཙམ་དུ། །གཡོ་བར་འགྱུར་གྱི་བར་དུ་བཟླས། །ཡང་ན་ཁྲོ་བོ་གཤིན་རྗེའི་གཤེད། །བཞད་དམ་གཡོས་ཀྱི་བར་དུ་བཟླས། །ཡང་ན་རབ་ཏུ་འབར་གྱི་བར། །བཟླས་ན་དེ་ཚེ་དངོས་གྲུབ་འཐོབ། །དེ་ལྟར་ལྷ་ནི་བཟླས་པ་ཡིས། །དངོས་གྲུབ་ཡ་མཚན་དེ་བཞིན་ནོ། །དེ་ནས་རིག་འཛིན་དཔལ་དང་ལྡན། །གྲུབ་པར་འདོད་རྣམས་ཀུན་བསྒྲུབས་པ། །ཅི་བསམས་པ་ནི་དེ་དག་ཀུན། །རིང་པོར་མི་ཐོགས་འབྱོར་པར་འགྱུར། །ཁྲོས་ན་ས་ཡང་འགས་པར་འགྱུར། །ཆུ་དག་ཀྱང་ནི་སྐམ་པར་འགྱུར། །རི་རྣམས་ཐམས་ཅད་བསྙིལ་བར་ནུས། །རྒྱ་མཚོ་དག་ཀྱང་སྐེམས་པར་བྱེད། །དེ་ལ་སོགས་པའི་ལས་རྣམས་ནི། །ཡ་མཚན་ཆེན་པོ་ཐམས་ཅད་དང་། །སེམས་ཅན་རྣམས་ནི་ཐམས་ཅད་ལ། །ཕན་པ་རྣམ་པ་སྣ་ཚོགས་བྱེད། །ཆོ་ག་སྔ་མ་གསུངས་པ་ཀུན། །ཆོ་ག་སྔ་མ་བཞིན་དུ་བསྒྲུབ། །བསྒྲུབས་ནས་སེམས་ཅན་ཐམས་ཅད་ལ། །འབྲས་བུ་མཆོག་རྣམས་སྦྱིན་པར་བྱ། །གྲུབ་པའི་མཐུ་ནི་གང་ཡོད་པ། །བདེ་གཤེགས་བསམ་ན་དེ་དག་ཀུན། །འཇུངས་པ་མེད་པའི་བསམ་པ་ཡིས། །སྐྱེ་བོ་ཕོངས་པ་རྣམས་ལ་སྦྱིན། །སྙིང་རྗེ་ཅན་གྱིས་བདག་གི་ལུས། །ཕོངས་པ་དག་ལ་རྟག་ཏུ་སྦྱིན། །དེ་ལྟར་སྦྱིན་པའི་ཕ་རོལ་ཕྱིན། །དྲི་མ་མེད་པར་བསྒྲུབས་ནས་སུ། །དགེ་བ་འདི་ཡིས་སེམས་ཅན་ཀུན། །བདེ་བར་གཤེགས་ལྡན་དགེ་བར་འགྱུར། །བདེ་བ་ཐམས་ཅད་ཡོངས་རྫོགས་ཤིང་། །དགེ་བ་ཀུན་གྱི་སྣོད་གྱུར་ཅེས། །ཡིད་ཀྱིས་ཡོངས་སུ་བསྔོ་བར་བྱ། །གང་ཞིག་དེ་ལྟར་སྔགས་བསྒྲུབས་ཀྱང་། །དྲི་མ་མེད་པའི་བྱང་ཆུབ་སེམས། །བདེ་བ་རྟག་ཏུ་སྤྱོད་པ་དེ། །དངོས་གྲུབ་རྟོག་ལས་གང་གསུངས་པ། །དེ་བཞིན་གཤེགས་པའི་ཞལ་ནས་བྱུང་། །ཐམས་ཅད་དེ་ལ་ཉེ་བར་གནས། །སྒྲུབ་པ་པོ་དེ་རྫུ་འཕྲུལ་གྱིས། །ཡོན་ཏན་ཀུན་དང་ལྡན་པར་འགྱུར། །དེ་ལྟར་འཇམ་དཔལ་ཁྲོ་བོ་ཡི། །


DNG016_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་ནས་གསུངས་པའི་ཆོ་ག་ནི། །ཁྲོ་བོ་རྣམ་རྒྱལ་རྒྱ་ཆེར་བསྟན། །ཆོ་ག་ཐམས་ཅད་བསྡུས་པའོ། །འཇམ་དཔལ་གྱི་ཆོ་ག་ཞིབ་མོ་ཁྲོ་བོ་ཐམས་ཅད་རྣམ་པར་རྒྱལ་བའི་ཆོ་ག་ཞིབ་མོ་བསྡུས་པ་ལས། འཕགས་པ་འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་ཆོ་ག་ཞིབ་མོ་ཕྱི་མའི་ཡང་ཕྱི་མ་རིམ་པར་ཕྱེ་བ་སྟེ་བཅུ་པའོ།། །།འཇམ་པའི་དབྱངས་ཀྱི་ཁྲོ་བོ་ཡི། །ཡི་གེ་གཅིག་པ་བཤད་ཟིན་ཏེ། །དེ་ནས་གཞན་ཡང་དེ་ཡི་ནི། །ཆོ་ག་ཞིབ་ཏུ་རྒྱ་ཆེར་བཤད། །གཤིན་རྗེ་རབ་ཏུ་འཇོམས་པ་ཡི། །ཞལ་ནི་ཧཱུྃ་ཞེས་བྱ་བར་བཤད། །དེ་ནས་འཇམ་དཔལ་ཁྲོ་བོ་ནི། །ཧཱུྃ་ཞེས་བྱ་བ་མཆོག་རིག་བྱ། །དེ་ཡི་དཀྱིལ་འཁོར་གཞན་ཡིན་ཏེ། །འདོད་པ་ཀུན་སྦྱིན་ཤེས་པར་བྱ། །དུར་ཁྲོད་གནས་སུ་བྱ་བ་སྟེ། །དུར་ཁྲོད་གནས་པ་གང་ཡིན་པའོ། །ཁྲུ་བརྒྱད་ལས་ནི་སྒོ་བཞི་པ། །ཡང་ན་ཁྲུ་བཞི་པ་ཡང་རུང་། །དུར་ཁྲོད་གནས་པ་བཟང་པོ་སྟེ། །དུར་ཁྲོད་ཐལ་བས་བྲི་བར་བྱ། །དེ་ཡི་དབུས་སུ་ཡི་དྭགས་ནི། །ཕྲེང་བ་དག་གིས་བརྒྱན་པ་བྲི། །སྒོར་ནི་ཡི་དྭགས་རོ་སྨད་གཞག །མཐའ་མ་དག་ཏུ་མགོ་བོ་གཞག །གྲ་བཞིར་ཤཱུ་ལ་བཞི་རྣམས་དང་། །ཐོད་པ་དག་ཀྱང་བྲི་བར་བྱ། །གལ་ཏེ་བྲི་བར་ནུས་ན་ནི། །མཁས་པས་དེ་དག་ཐལ་བས་བྲི། །དེ་སྟེ་དེ་དག་རི་མོ་ནི། །བྲི་བ་དག་ཏུ་མི་ནུས་ན། །དེ་ཚེ་ས་གཞི་བཟང་པོ་ལ། །ཙནྡན་དམར་པོས་བསྐུས་ནས་སུ། །དུར་ཁྲོད་གནས་སུ་དང་པོར་ནི། །སྔགས་པས་ཡི་གེ་དགོད་པར་བྱ། །དེ་ནས་གཤིན་རྗེ་རབ་འཇོམས་པ། །དེ་རུ་སྤྱན་དྲངས་མཆོད་པར་བྱ། །འཇིགས་པའི་ཞལ་ནི་འབར་བ་དྲུག །དེ་བཞིན་ཞབས་ཀྱང་དྲུག་དང་ལྡན། །སྤྱན་གསུམ་ཆར་སྤྲིན་སྔོན་པོའི་མདོག །ཕྱག་ཀྱང་བཅྭ་བརྒྱད་དག་གིས་བརྒྱན། །ཁྲོ་བོ་གཤིན་རྗེ་རབ་འཇོམས་པ། །གཟིག་ལྤགས་ན་བཟར་གསོལ་བར་བགྱིས། །མཚོན་ཆ་བཟང་པོ་དུ་མ་བསྣམས། །ཡི་དྭགས་སྟེང་དུ་མཆོད་པ་བྱ། །འཇམ་དཔལ་ཁྲོ་བོ་གཤིན་རྗེའི་གཤེད། །ཆོ་ག་བཞིན་དུ་མཆོད་ནས་ཀྱང་། །མར་དང་སྦྲང་རྩི་སྦྱར་བ་ཡི། །ལོ་མ་འབྲས་ཐུག་གཏོར་མར་དབུལ། །ཨ་ག་རུ་ཡི་བདུག་པ་དབུལ། །མར་མེ་དག་ནི་མར་ལས་བྱ། །དེ་ནས་


DNG016_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་རྗེ་རབ་འཇོམས་པའི། །ས་བོན་ཡི་གེ་གཅིག་པ་འདི། །ཁྲོ་བོའི་སྤྱན་སྔར་འདུག་ནས་སུ། །སྟོང་རྩ་བརྒྱད་དུ་བཟླས་པར་བྱ། །དེ་ཡི་འོག་ཏུ་མཁས་པ་ཡིས། །དུར་ཁྲོད་གནས་སུ་སློབ་མ་བཟུང་། །ཁྲོ་བོ་གཤིན་རྗེའི་གཤེད་བྱེད་པ། །ཧཱུྃ་གི་ཞལ་ནི་ཟློས་ཤིང་གཟུང་། །བཙུད་ནས་དེ་ཡི་སྙིང་གར་ནི། །ཧཱུྃ་ཞེས་བྱ་བ་གཞག་པར་བྱ། །དེ་ནས་ཤུ་ལའི་ཕྱག་རྒྱ་ནི། །རས་ཀྱིས་གཡོགས་ཏེ་བཅིང་བར་བྱ། །སློབ་མ་དག་ལ་ལེགས་བསྟན་ནས། །དེ་ཡང་མཆོད་པ་བྱེད་དུ་གཞུག །དེ་ནས་གཤིན་རྗེ་རབ་འཇོམས་པའི། །ཁྲོ་བོ་མངོན་པར་དབང་བསྐུར་ནས། །འཇམ་དཔལ་ཁྲོ་བོ་གཤིན་རྗེའི་གཤེད། །དེ་ཡི་ཡི་གེ་འབྲུ་གཅིག་སྦྱིན། །དེ་ནས་མཆོད་པ་ཡང་བྱས་ནས། །ཁྲོ་བོ་དེ་ནི་གཤེགས་སུ་གསོལ། །ཤཱུ་ལ་ཕྱག་རྒྱ་བཅིངས་ནས་སུ། །དེ་བཞིན་རྟག་པར་གཤེགས་སུ་གསོལ། །ཁྲོ་བོ་སྤྱན་ནི་དྲང་བ་དག །ཤཱུ་ལའི་ཕྱག་རྒྱ་ལྡན་པར་བྱ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ནས། །ཤཱུ་ལ་རབ་ཏུ་བསྟན་པར་བྱ། །མཁས་པས་ལག་པ་གཉིས་དག་གིས། །སོར་མོ་ཕན་ཚུན་བསྣོལ་ནས་སུ། །གུང་མོའི་སོར་མོ་མཆོག་གཉིས་ནི། །དབུས་ནས་གྱེན་དུ་སྒྲེང་ནས་བཞག །སྲིན་ལག་གཉིས་ནི་ནང་དུ་བཅུག །མཛུབ་མོ་གཉིས་ཀྱི་ནང་དུ་བཞག །དེ་ལྟར་དེ་གཉིས་བསྒྲེང་ནས་ནི། །ལྷག་མ་རྣམས་ནི་ལེགས་པར་བྱ། །གཤིན་རྗེའི་གཤེད་ཀྱི་ཕྱག་རྒྱ་འདི། །ཤཱུ་ལའི་ཕྱག་རྒྱ་ཞེས་གྲགས་པའོ། །འདི་ཡི་ལས་རྣམས་ཐམས་ཅད་ནི། །རྣམ་པར་དཔྱད་པ་མེད་པར་བྱ། །དེ་ནས་གཞན་ཡང་རིམ་པ་བཞིན། །གཤིན་རྗེ་རབ་ཏུ་འཇོམས་པ་འདི། །སྔགས་རྣམས་ཐམས་ཅད་མ་ལུས་པ། །དཀྱིལ་འཁོར་འདིར་ནི་སྨྲ་བར་བྱ། །ཨོཾ་ཧཱུྃ་ཧྲཱྀཿདབུས་ཀྱི་ཡི་དྭགས་ཀྱིའོ། །ཨོཾ་ཧཱུྃ་ལྃ་ལཱ་ཧ། ཡི་དྭགས་ཕྲེང་བའོ། །ཨོཾ་ཧཱུྃ་ཛྲི་ཏྲཿ། ཡི་དྭགས་རོ་སྨད་དེ་སྒོ་བཞི་ཅར་དུའོ། །ཨོཾ་ཧཱུྃ་ཧཱཿ། འོག་སྟེ་ཐ་མར་རོ། །ཨོཾ་ཧཱུྃ་ཧྲཱྀཿཤྟྲཱིཿཁ། ཤཱུ་ལ་བཞི་ཅར་གྱིའོ། །ཨོཾ་ཧཱུྃ་ཧྲི་ཧཿཐོད་པ་རྣམས་ཀྱིའོ། །ལྷོ་ཕྱོགས་ཀྱི་ནི་སྒོ་ཕྱེ་ནས། །ལྷག་མ་གཞན་ནི་གཅད་པར་བྱ། །དུར་ཁྲོད་གནས་སུ་རྟག་པ་རུ། །གཤིན་རྗེ་རབ་ཏུ་འཇོམས་


DNG016_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

པར་ནི། །སྔགས་རྣམས་ཀྱིས་ནི་རབ་བརྒྱན་ན། །དུར་ཁྲོད་ཀྱི་ནི་གནས་སུ་འགྱུར། །ཙནྡན་དམར་པོས་བསྐུས་པ་ཡི། །ས་གཞི་ཁྲུ་གང་ཙམ་ལ་ནི། །ཇི་ལྟ་བུར་ཡང་གང་ཡང་རུང་། །དཀྱིལ་འཁོར་དག་ནི་བྲིས་ནས་སུ། །དཀྱིལ་ནས་ཆོ་ག་ཤེས་པ་ཡིས། །སྔགས་ཀྱིས་མཆོད་པ་རིམ་བཞིན་བྱ། །ཨོཾ་ཧཱུྃ་ཧྲཱྀཿཤྟྲཱིཿཨཱ་གཙྪ་ཡ་ཡཾ་ཕྲཾ་ཐ་ན་སྭཱ་ཧཱ། སྤྱན་དྲང་བའོ། །ཨོཾ་ཧཱུྃ་ཧྲི་ཀཱ་ལཾ་ཐཱ་ན་ཧཱ། མཆོད་ཡོན་གྱི་སྔགས་སོ། །ཨོཾ་ཧཱུྃ་ཧྲཱྀཿཤྟྲཱིཿཁུཾ་ཁ། དྲིའི་སྔགས་སོ། །ཨོཾ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཀ་ར་ལ་ར་ན་ཧ་ཧཿ། མེ་ཏོག་གི་སྔགས་སོ། །ཨོཾ་ཧཱུྃ་ཏྲི། ཧཱུྃ་པ་ཤི་ཁ་ཧཱ། བདུག་པའི་སྔགས་སོ། །ཨོཾ་ཐེཾ ་ཐེཾ ་ཧཱཿ། མར་མེའི་སྔགས་སོ། །ཨོཾ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཁང་ཀ་ཁ། གཏོར་མའི་སྔགས་སོ། །ཨོཾ་ཧཱུྃ་སྭཱ་ཧཱ། ཁྲོ་བོའི་སྙིང་པོའོ། །ཨོཾ་ཧཱུྃ་ཧྲཱྀཿཥྚྲཱྀཿགཛྫ་ཧཱུྃ་པུ་ན་རཱ་ག་མ་ནཱ་ཡ་སྭཱ་ཧཱ། སླར་གཤེགས་སུ་གསོལ་བའི་སྔགས་སོ། །འཇམ་དཔལ་གྱི་རྩ་བའི་ཆོ་ག་ཞིབ་མོ་ཁྲོ་བོ་རྣམ་པར་རྒྱལ་བའི་ཕྱི་མའི་ཡང་ཕྱི་མ་ལས། གཤིན་རྗེ་རབ་ཏུ་འཇོམས་པའི་ཡི་གེ་འབྲུ་གཅིག་པའི་རྒྱལ་པོའི་དཀྱིལ་འཁོར་བཀོད་པའི་རིམ་པར་ཕྱེ་བ་སྟེ་བཅུ་གཅིག་པའོ།། །།དེ་ནས་དེ་ཡི་རི་མོའི་མཆོག །སྒྲུབ་པ་པོ་ཡིས་བྲི་བར་བྱ། །ཇི་སྐད་གསུངས་པའི་ལས་རྣམས་བྱའི། །བཟླས་པའི་ལས་ནི་རབ་ཏུ་བྱ། །རས་ཕྲན་ཁྲུ་གང་ཙམ་པོ་ནི། །བཟང་པོ་སར་པ་བཀྲུས་པ་ལ། །ཚོན་རྩི་དཀར་པོ་སྤྱིན་མེད་པས། །གཤིན་རྗེ་རབ་ཏུ་འཇོམས་པ་བྲི། །ཞལ་དྲུག་དབུ་ཡང་གྱེན་དུ་བརྫེས། །དེ་ཡང་སྤྱན་གསུམ་འཇིགས་འཇིགས་ལྟར། །ཁྲོས་པའི་ཕྱག་ཀྱང་བཅྭ་བརྒྱད་པ། །ཞབས་རྣམས་རབ་ཏུ་གསལ་བ་དྲུག །གཟིག་གི་པགས་པ་ན་བཟར་གསོལ། །ཚུལ་བཞིན་ཡི་དྭགས་སྟེང་ན་བཞུགས། །ཤཱུ་ལ་རལ་གྲི་འཁོར་ལོ་དང་། །དགྲ་སྟྭ་མཆོག་ཀྱང་སྦྱིན་པའི་ཕྱག །ལྕགས་མདའ་བེ་ཅོན་རྡོ་རྗེ་དང་། །མདའ་བོ་ཆེ་ཡང་བསྣམས་པ་ནི། །གཡས་པའི་ཕྱག་སྟེ་གཡོན་པ་ན། །དབྱུག་ཏོ་ཞགས་པ་གཤོལ་དང་གཞུ། །ཐོད་པ་ལྕགས་ཀྱུ་མདུང་ཐུང་དང་། །རྩེ་གསུམ་གདེངས་དང་དེ་བཞིན་བསྡིགས། །དེ་ལྟར་ཇི་སྐད་གསུངས་པའི་གཟུགས། །བུང་བ་དང་


DNG016_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

ནི་སྤྲིན་འདྲ་བ། །བྲིས་ནས་དེ་ཡང་ལེགས་པར་སྦ། །ཡིད་དུ་འོང་བའི་གནས་དག་ཏུ། །གཞག་ནས་བཟླས་པ་དག་ཀྱང་བྱ། །བཟླས་པའི་ཆོ་ག་འདིར་བཤད་དོ། །རིག་པ་འཛིན་པས་རྟག་པ་རུ། །འབར་བའི་སྔགས་ཀྱིས་ཁྲུས་བྱའོ། །བདུད་རྩི་འབྱུང་བའི་སྔགས་ཀྱིས་ནི། །ཐོག་མར་ཚུལ་བཞིན་ཁ་བཀྲུས་ནས། །བདག་གི་ལུས་ལ་སྔགས་ཤེས་པས། །དེ་ནས་བསྲུང་བ་ལེགས་པར་བྱ། །དེ་ཡི་འོག་ཏུ་ཆོ་ག་བཞིན། །མཁས་པས་ཁྲོ་བོའི་ཁང་པར་འཇུག །ཞུགས་ནས་ཀུ་ཤ་ལས་བྱས་པའི། །སྟན་བཟང་དེ་ལ་འདུག་ནས་སུ། །དེ་ནས་ཆོ་ག་སྔོན་གསུངས་པས། །ཁྲོ་བོ་ལ་ནི་མཆོད་པར་བྱ། །ལག་པ་གཉིས་ནི་དྲིས་བསྐུས་པས། །སྔགས་ཀྱི་ནོར་བུ་བླངས་ནས་སུ། །ཉེས་པའི་སྐྱོན་དག་སྦྱང་བའི་ཕྱིར། །ཁྲོ་བོ་བདུད་རྩི་ལན་བདུན་བཟླས། །དེ་ནས་སྔགས་པ་ཁྲོ་བོ་ལ། །མངོན་པར་ཕྱོགས་འདུག་བཟླས་པར་བྱ། །རབ་ཏུ་དང་ཞིང་རྩེ་གཅིག་ཡིད། །ཡིད་ནི་མི་སྐྱོ་བར་དུ་བྱ། །དེ་ནས་མཁས་པས་བཟླས་པའི་མཐར། །ཁྲོ་བོ་གཤིན་རྗེ་རབ་འཇོམས་པ། །ཤཱུ་ལའི་ཕྱག་རྒྱ་བཅིངས་གཤེགས་གསོལ། །དེ་ལྟར་ལེགས་པར་ཉིན་རེ་བཞིན། །ཡི་གེ་གཅིག་པའི་སྔགས་འདི་ནི། །རྣམ་པ་ཀུན་ཏུ་ཆོ་ག་བཞིན། །གང་ཞིག་བྱེ་བ་གཅིག་ཟློས་པ། །དེ་ཡིས་དངོས་གྲུབ་དམ་པ་ཐོབ། །དེ་ནས་གཞན་ཡང་ཅི་བསྟན་པའི། །ཁྲོ་བོ་ཉིད་ཀྱིས་གསུངས་པ་ཡི། །ཆོ་ག་དག་གི་སྔགས་རྣམས་ནི། །བསྒྲུབ་པ་རྣམས་ལ་ཕན་ཕྱིར་བཤད། །ཨོཾ་ཧཱུྃ་དཱིཔྟ་ཏེ་ཛཱ་སྭཱ་ཧཱ། ཁྲུས་ཀྱི་སྔགས་སོ། །ཨོཾ་ཧཱུཾ་ཨ་མྲྀ་ཏ་པྲ་བྷ་བ་བ། ཁ་བཀྲུ་བའི་སྔགས་སོ། །ཨོཾ་ཧཱུྃ་སརྦ་ཧོ་རཀྵ་མན་ཏ་ཐཱ་ག་ཏཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། བསྲུང་བའི་སྔགས་སོ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿཧཱུྃ་མཉྫུ་གྷོ་ཥ་ཛྙ་ཡཱ་སརྦ་དུཥྚཾ་བནྡྷ་བནྡྷ་སྭཱ་ཧཱ། གདུག་པ་རྣམས་བཅིང་བའོ། །ན་མཿསརྦ་ཏ་ཐཱ་ག་ཏ་བྷེཿཧཱུཾ་དྷྲྀ་ཀ་པྲཱ་ཀཱ་ར་ཕཊ། ར་བའི་སྔགས་སོ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཡ་མ་པྲ་མ་ཐ་ན་རཀྵ་རཀྵ། ན་མཿསརྦ་བྷུ་ཏ་བྷ་ཡེ་བྷྱཿཏ་ཐཱ་ག་ཏོ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། འདི་ནི་ཡན་ལག་ཐམས་ཅད་བསྲུང་བའོ། །ཨོཾ་ཧཱུྃ་ཀཱ་ལ་མ་ཐ་ན་ཕཊ། ཁྲོ་བོའི་


DNG016_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

ཁང་པར་འཇུག་པའི་སྔགས་སོ། །ཨོཾ་ཧཱུྃ་རཀྵ་རཀྵ་མཱྃ་སྭཱ་ཧཱ། གདན་གྱི་སྔགས་སོ། །ཨོཾ་ཧཱུྃ་སིཏྱ་དེ་ཧཱུྃ་ཐེཾ་ཐེཾ ། སྔགས་ཀྱི་ནོར་བུ་བླང་བའི་སྔགས་སོ། །ཨོཾ་ཧཱུྃ་ཀྲོ་དྷ་ཨ་མྲྀ་ཏ་ཛ་གད་པྲ་བྷ་སྭཱ་ཧཱ། སྔགས་ཀྱི་ནོར་བུ་ལ་གདབ་པའི་སྔགས་སོ། །འཇམ་དཔལ་གྱི་རྩ་བའི་ཆོ་ག་ཞིབ་མོ་ཁྲོ་བོ་རྣམ་པར་རྒྱལ་བའི་ཕྱི་མའི་ཡང་ཕྱི་མ་ལས། གཤིན་རྗེ་རབ་ཏུ་འཇོམས་པའི་ཡི་གེ་གཅིག་པའི་རི་མོ་དང་མཆོད་པ་དང་བཟླས་པའི་ཆོ་ག་རིམ་པར་ཕྱེ་བ་སྟེ་བཅུ་གཉིས་པའོ།། །།དེ་ཡི་སྔོན་དུ་བསྙེན་པ་ནི། །བྱེ་བ་གཅིག་ཏུ་ངེས་པར་བཤད། །ཁྲོ་བོ་བརྟུལ་ཞུགས་ཕྱིས་སྤྱད་ན། །དངོས་གྲུབ་མཆོག་ནི་ཐོབ་པར་འགྱུར། །ཤིང་ལས་བྱས་པའི་ཐོད་པ་ནི། །ཉི་ཤུ་རྩ་དྲུག་སོར་ཚད་བྱས། །མཁས་པས་རྩེ་གསུམ་རྣོན་པོ་ནི། །ལག་པ་གཡས་དང་གཡོན་དུ་བཟུང་། །གཟིག་ལྤགས་ཀྱི་ནི་གོས་བགོས་ནས། །ལུས་ནི་ཐལ་བ་དག་གིས་བསྐུ། །རུས་པ་དག་གི་ཕྲེང་བ་ཡིས། །རྒྱན་དུ་བྱས་ནས་བརྟུལ་ཞུགས་སྤྱད། །འཇིག་རྟེན་འཇིག་པར་བྱེད་པ་ཡི། །གད་མོ་སྒྲ་ཆེན་དག་ཀྱང་འབྱིན། །དུར་ཁྲོད་དམ་ནི་ཤིང་གཅིག་གམ། །རི་འམ་ཡང་ན་ཚལ་ཡང་རུང་། །མཁས་པས་ཟླ་བ་དྲུག་ཏུ་ནི། །ལྕི་བ་བཟའ་ཞིང་བརྟུལ་ཞུགས་སྤྱད། །བློ་ལྡན་གྲོང་དུ་ཡོང་མི་འཇུག །མཉམ་པར་བཞག་ཅིང་ཚིག་མི་སྨྲ། །གཙང་ཞིང་ཚངས་པར་སྤྱོད་པ་དུལ། །རྟག་ཏུ་བདེ་གཤེགས་སེམས་དང་ལྡན། །བྱང་ཆུབ་སེམས་དང་ཀུན་ལྡན་ཞིང་། །ཁྲོ་བོའི་བརྟུལ་ཞུགས་གང་སྤྱོད་ཅིང་། །རྟག་ཏུ་བཟླས་ལ་བརྩོན་བྱེད་པ། །དེ་ནི་དངོས་གྲུབ་མཆོག་འཐོབ་འགྱུར། །གཤིན་རྗེ་རབ་ཏུ་འཇོམས་པ་འདི། །དངོས་གྲུབ་གཞན་དུ་ཡོང་མི་འགྱུར། །གང་ཚེ་འདི་ཡི་བརྟུལ་ཞུགས་ནི། །བསྙེན་པར་བྱ་བར་མི་ནུས་ན། །དེ་ཚེ་ལྕི་བ་ཟ་ཞིང་ནི། །ཚུལ་བཞིན་བྱེ་བ་གསུམ་དུ་བཟླས། །བཟླས་པ་བྱས་པའི་ཐ་མར་ཡང་། །མཁས་པས་མཆོད་པ་རྒྱ་ཆེར་བྱ། །དེ་ནས་སྣ་མའི་མེ་ཏོག་སྟོང་། །རི་མོ་དག་ལ་ཕོག་པར་དབུལ། །རིག་པ་འཛིན་པའི་ལེགས་པ་རུ། །དེ་ཡི་ཕོག་པར་ཕུལ་ནས་ནི། །གང་ཚེ་རབ་ཏུ་འབར་གྱུར་པ། །དེ་ཚེ་རི་མོ་


DNG016_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡིས་ནི། །ནམ་མཁར་འཕར་བར་གདོན་མི་ཟ། །དེ་ནས་རིག་འཛིན་ཐམས་ཅད་ཀྱི། །མཆོག་ཏུ་འགྱུར་ཏེ་ཐོག་མར་འགྲོ། །འོན་ཏེ་ཕོག་པར་ཕུལ་ན་ནི། །རབ་ཏུ་གཡོ་བར་གྱུར་ན་ནི། །ཆོ་ག་ཞིབ་ལས་བཤད་པ་བཞིན། །དེ་ལ་དངོས་གྲུབ་འབྲིང་དུ་འགྱུར། །དེ་སྟེ་རབ་ཏུ་མི་གཡོ་བར། །རི་མོ་རང་བཞིན་དུ་འདུག་ལ། །དངོས་གྲུབ་ཟ་མ་ཐོབ་པར་འགྱུར། །ཅི་ལྟར་འབྲས་བུ་རྣམ་གསུམ་བཤད། །ལུས་ནི་ཉོན་མོངས་སྤྱད་པ་ལས། །དངོས་གྲུབ་རྣམ་གསུམ་འཐོབ་པར་འགྱུར། །བརྟུལ་ཞུགས་རྨྱུང་ལ་རབ་ཏུ་འབད། །ཡང་ན་ཆུ་ཡི་ཀླུང་དག་བཟའ། །ཅི་ལ་མ་ཆགས་ཕྱུགས་གཅིན་བཏུང་། །བྱང་ཆུབ་སེམས་དང་ཀུན་ལྡན་ན། །དེ་ཚེ་དངོས་གྲུབ་དམ་པ་ཐོབ། །རིག་པའི་མཆོག་ཀུན་བསྒྲུབས་པ་ལ། །དངོས་གྲུབ་མཆོག་དང་འབྲིང་རྣམས་དང་། །ཐ་མ་དག་གིས་བསྒྲུབ་པའི་ཕྱིར། །འདི་དག་སྤྱིར་ནི་བསྒྲུབ་བསྟན་ཡིན། །གང་ཚེ་དངོས་གྲུབ་མཆོག་རྣམས་དང་། །འབྲིང་ཡང་གལ་ཏེ་མི་འདོད་ལ། །ལོངས་སྤྱོད་རྟག་ཏུ་འདོད་ན་ནི། །དེ་ཚེ་རྟག་པར་བཟླས་པར་བྱ། །འདི་ཡི་ཆོ་ག་གཞན་དག་ཀྱང་། །དེ་ནས་མདོར་ནི་བཤད་པར་བྱ། །ས་གཞི་རབ་ཏུ་མདངས་དགའ་བ། །ལྕི་བ་བཟང་པོ་བསྐུས་པ་ལ། །དེར་ནི་ཙནྡན་དམར་པོ་ཡིས། །དཀྱིལ་འཁོར་དག་ནི་མཁས་པས་བྱ། །དེ་ཡང་བཟང་པོ་ཁྲུ་གང་ཙམ། །རབ་ཏུ་མཉམ་ཞིང་ཡིད་དུ་འོང་། །གཤིན་རྗེ་རབ་ཏུ་འཇོམས་པའི་གང་། །དཀྱིལ་འཁོར་དུར་ཁྲོད་གནས་གསུངས་པ། །དེ་ནས་དེར་ནི་སྔགས་དག་ནི། །དཀྱིལ་འཁོར་མཆོག་དེ་བྱས་ནས་ནི། །དེ་ཡི་འོག་ཏུ་སྔགས་རིག་པས། །ཇི་སྐད་གསུངས་པའི་ལས་དག་གིས། །ཅི་འབྱོར་པ་དང་ཅི་ནུས་ཀྱིས། །ཁྲོ་བོ་ལ་ནི་མཆོད་པར་བྱ། །ཉི་མ་རེ་རེ་ཆོ་ག་བཞིན། །བཟླས་པ་དག་ཀྱང་སྟོང་དུ་བྱ། །དེ་ལྟར་རྟག་ཏུ་བྱས་པ་ཡིས། །འདོད་པའི་འབྲས་བུ་ཐོབ་པར་འགྱུར། །འཇིག་རྟེན་ཐམས་ཅད་དགའ་བར་ཡང་། །གདོན་མི་ཟ་བར་འགྲུབ་པར་འགྱུར། །དེ་ཡི་དགྲ་ཡང་མེད་པར་འགྱུར། །ནད་མེད་འགྱུར་བར་གདོན་མི་ཟ། །དེ་ཡི་ལོངས་


DNG016_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་འཕེལ་བར་འགྱུར། །རྒྱལ་པོའང་དེ་ཡི་དབང་དུ་འགྱུར། །གང་ཞིག་རྟག་པར་ཆོ་ག་འདིས། །གཤིན་རྗེའི་གཤེད་ནི་ཟློས་བྱེད་ན། །དེ་ལས་དེ་ཡི་དབང་པོ་དང་། །གཡོ་དང་མི་གཡོ་འཇིག་རྟེན་རྣམས། །བྱང་ཆུབ་སེམས་ལྡན་དེ་ཡི་ནི། །དབང་དུ་འགྱུར་བ་གདོན་མི་ཟ། །འཇམ་དཔལ་གྱི་རྩ་བའི་ཆོ་ག་ཞིབ་མོ་ཁྲོ་བོ་རྣམ་པར་རྒྱལ་བའི་ཕྱི་མའི་ཡང་ཕྱི་མ་ལས། གཤིན་རྗེ་རབ་ཏུ་འཇོམས་པའི་ཡི་གེ་འབྲུ་གཅིག་པའི་བརྟུལ་ཞུགས་རིམ་པར་ཕྱེ་བ་སྟེ་བཅུ་གསུམ་པའོ།། །།དེ་ནས་གཞན་ཡང་བརྟུལ་ཞུགས་ཀྱིས། །བསྒྲུབ་པའི་ལས་རྣམས་བཤད་པར་བྱ། །དངོས་གྲུབ་མཆོག་རྣམས་ཐམས་ཅད་ནི། །གཤིན་རྗེ་རབ་ཏུ་འཇོམས་པ་འདི། །བརྟུལ་ཞུགས་དག་ནི་འདི་ཉིད་ཀྱིས། །རྣམ་པ་ཀུན་ཏུ་བསྒྲུབ་པར་བྱ། །ཕལ་ཆེར་དངོས་གྲུབ་མཆོག་རྣམས་ནི། །བརྟུལ་ཞུགས་མེད་པས་མི་འགྲུབ་སྟེ། །དེ་བས་གཤིན་རྗེ་འཇོམས་པ་ཡི། །བརྟུལ་ཞུགས་སྤྱད་པ་བྱས་ནས་སུ། །དངོས་གྲུབ་མཆོག་རྣམས་ལེགས་པར་བསྒྲུབ། །མཁས་པས་གཞན་ལ་མ་ཡིན་ནོ། །ཇི་སྐད་བསྟན་པའི་མཚོན་ཆ་རྣམས། །རྩ་བའི་རྟོག་པའི་ཆོ་ག་བཞིན། །སྔགས་རིག་སྦྱོར་བ་སྔ་མ་བཞིན། །དེ་དག་རྟག་ཏུ་ལེགས་པར་བསྒྲུབ། །དེ་ལ་འདིར་ནི་རྟོག་པ་རུ། །དུར་ཁྲོད་གནས་པའི་དཀྱིལ་འཁོར་ནི། །དངོས་གྲུབ་ཐམས་ཅད་རབ་སྦྱིན་པ། །བྱེ་བྲག་ཏུ་ནི་ལོགས་ཤིག་གསུངས། །རལ་གྲི་ས་འོག་རོ་ལངས་དང་། །མིག་འཕྲུལ་ཨཱཉྫ་གིའུ་ཝང་དང་། །ཡུངས་ཀར་བ་བླ་བཙག་རྣམས་དང་། །གཞན་ཡང་ལས་དག་ཅི་འདོད་དང་། །མི་སྣང་བ་དང་རྐང་མགྱོགས་དང་། །གསེར་འགྱུར་རྩི་དང་བཅུད་ཀྱིས་ལེན། །གནོད་སྦྱིན་མོ་རྣམས་བསྒྲུབ་པ་དང་། །ཀླུ་ཡི་བུ་མོ་ལ་སོགས་བསྒྲུབ། །དགུག་པའི་ཆོ་ག་དམ་པ་ཡི། །བུད་མེད་དམ་པ་སྤྱད་བསྒྲུབ་པ། །རྩ་བའི་རྟོག་པའི་ཆོ་ག་ཡིས། །ཚུལ་བཞིན་གནས་ནས་བསྒྲུབ་པ་བྱ། །དེ་ལས་འདི་ནི་ཁྲོ་བོ་འདི། །ཡི་གེ་འབྲུ་གཅིག་ཁྱད་པར་བཤད། །དེ་ནས་ཇི་སྐད་གསུངས་བསྟན་ཀུན། །མ་སྨོས་པ་ཡང་བསྒྲུབ་པར་


DNG016_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། །འཇམ་དཔལ་ཁྲོ་བོའི་སྙིང་པོ་འདི། །ཧཱུྃ་ཞེས་བྱ་བ་རྒྱས་པ་སྟེ། །འདི་ནི་རྩ་བའི་ཆོ་ག་ཡིན། །བསྡུ་བ་ཡོངས་སུ་བསྒྲགས་པའོ། །འཇམ་དཔལ་གྱི་རྩ་བའི་ཆོ་ག་ཞིབ་མོ་ཁྲོ་བོ་རྣམ་པར་རྒྱལ་བའི་ཕྱི་མའི་ཡང་ཕྱི་མ་ལས། ཁྲོ་བོ་གཤིན་རྗེའི་གཤེད་ཀྱི་རྩ་བའི་ཆོ་ག་ཞིབ་མོ་བསྡུས་པ་རིམ་པར་ཕྱེ་བ་སྟེ་བཅུ་བཞི་པའོ།། །།རྟོག་པ་མདོ་རུ་བསྡུས་པ་དང་། །རྒྱས་པ་དག་ཏུ་བཤད་པ་དང་། །བརྟུལ་ཞུགས་དང་ནི་ངེས་པ་ཡི། །དེ་ནས་ཁྲོ་བོ་གཟི་ཅན་གྱི། །ཞལ་དྲུག་ཧཱུྃ་ཞེས་བྱ་བའི་སྔགས། །བཟླས་པ་ཙམ་གྱིས་གྲུབ་པ་ནི། །གསང་བ་མདོ་རུ་བཤད་པར་བྱ། །བརྟུལ་ཞུགས་སྤྱད་དང་བརྟུལ་ཞུགས་དཀའ། །དེ་དག་འདི་ལ་ཡོང་མེད་དེ། །ལན་གཅིག་བཟླས་པ་ཙམ་གྱིས་ཀྱང་། །ལས་རྣམས་ཐམས་ཅད་བྱེད་པར་འགྱུར། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཡ་མ་པྲ་མ་ཐ་རཀྵ་རཀྵ། མཱྃ་སརྦ་བྷུ་ཏ་བྷ་ཡེ་བྷྱཿཏ་ཐཱ་ག་ཏཱ་ཛྙཱ་བ་ཡ་ཏི་སྭཱ་ཧཱ། ཡི་གེ་བཞི་བཅུ་རྩ་གསུམ་འདི། །ཁྲོ་བོ་བཀླགས་པ་ཙམ་གྱིས་འགྲུབ། །དངོས་གྲུབ་ཐམས་ཅད་རབ་ཏུ་སྟེར། །སངས་རྒྱས་ཀུན་གྱིས་མངོན་པར་བསྟོད། །དེ་ནི་རྟག་པར་བཟླས་ན་ནི། །དངོས་གྲུབ་ཐམས་ཅད་སྟེར་བར་བཤད། །དུར་ཁྲོད་གནས་སུ་རྟག་པར་ནི། །རྟག་ཏུ་ཟློས་པ་ཆོ་ག་འདིས། །ལྷ་དང་ལྷ་མིན་དྲི་ཟ་དང་། །གནོད་སྦྱིན་སྲིན་པོ་ཀླུ་ཡི་རིགས། །དཔག་ཚད་བདུན་ནི་ཁོར་ཡུག་ཏུ། །དེ་ཡི་གཟིས་ནི་འབྱེར་བར་འགྱུར། །ཁྲོ་བོ་གཤིན་རྗེའི་གཤེད་མཛད་པ། །ཞལ་དྲུག་ཧཱུྃ་གི་སྔགས་འདི་ནི། །གང་ཞིག་ཟློས་པར་བྱེད་པ་ནི། །འགྲོ་དང་མི་འགྲོ་འཇིག་རྟེན་ན། །དེ་ལ་དཀའ་བ་ཅུང་ཟད་མེད། །ཞལ་དྲུག་ཧཱུྃ་ཞེས་བྱ་བའི་སྔགས། །ཤཱུ་ལ་ཕྱག་རྒྱ་ལྡན་པ་ནི། །ཁྲོ་བོ་རྣམ་རྒྱལ་རྒྱུད་འདི་ལ། །དེ་ནི་གྲུབ་པར་རབ་ཏུ་བསྒྲགས། །དུར་ཁྲོད་གནས་སུ་ཆོ་ག་བཞིན། །དེ་ཡི་སྔོན་དུ་བསྙེན་པ་ནི། །ཐོག་མ་ཉིད་དུ་ཆིག་འབུམ་བྱ། །དེ་ནས་རྟག་པའི་ཆོ་གར་སྤྱད། །རྟག་པར་སྤྱོད་པའི་ཆོ་ག་ཡིས། །དེ་ནས་ཆིག་འབུམ་བཟླས་ནས་ཀྱང་། །དེ་འོག་ཇི་སྐད་གསུངས་པ་ཡིས། །ལས་རྣམས་ཀྱི་ནི་བསྒྲུབ་ལ་འཇུག །


DNG016_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བའི་རྟོག་པའི་ཆོ་ག་ཡི། །དེ་ནས་ཐམས་ཅད་ལས་གྲུབ་པར། །ཞལ་དྲུག་ཧཱུྃ་ཞེས་བྱ་བ་ཡི། །ཆོ་ག་འདིར་ནི་མདོར་བཤད་པ། །འཇམ་དཔལ་ལས་བྱུང་ཁྲོ་བོ་ནི། །ཧཱུྃ་ཞེས་བྱ་བའི་ཞལ་ཉིད་ཡིན། །གཤིན་རྗེའི་གཤེད་ཅེས་བྱ་བར་གྲགས། །འདི་ལ་དཀའ་བ་ཅི་ཡང་མེད། །ཁྲོ་བོའི་ཞལ་ནས་མདོ་རུ་ནི། །ཆོ་ག་བཟང་པོ་གཅིག་གསུངས་པའི། །ཆོ་ག་དེ་བཞིན་བདག་གིས་བཤད། །ཞལ་དྲུག་ཧཱུྃ་ཞེས་བྱ་བ་འདིས། །ཧཱུྃ་ཞེས་བྱ་བ་དྲུག་དུ་བསྒྲགས། །དེ་བཞིན་གཞན་ཡང་རྟོག་པ་རུ། །ཧཱུྃ་གི་མཐའ་ནི་བསྐུལ་བ་བྱ། །ཧཱུྃ་ཏྲཾ་ཤཱུ་ལའི་ཕྱག་རྒྱར་ལྡན། །རེ་རྣམས་ཀུན་ཀྱང་འགས་པར་བྱེད། །ཧཱུྃ་ཏྲི་རབ་ཏུ་སྦྱར་ན་ནི། །མྱུར་དུ་རས་ཀྱང་གས་པར་འགྱུར། །ཧཱུྃ་ཚིག་རིག་སྔགས་ཐམས་ཅད་དང་། །མཚོན་ཆ་རྣམས་ནི་གཅོད་པར་བཤད། །ཤཱུ་ལའི་ཕྱག་རྒྱ་དང་ལྡན་པར། །ཧཱུྃ་ཁ་རྟག་པར་རབ་སྦྱར་ནས། །སྡང་བ་རྣམས་ནི་ཟ་བ་དང་། །དགྲ་ཡི་དཔུང་དག་རབ་ཏུ་འཇིག །ཧཱུྃ་ག་རབ་ཏུ་སྦྱར་ན་ནི། །གླང་པོ་གནོན་པ་རབ་ཏུ་བསྒྲགས། །ཧཱུྃ་ཐ་མཚོན་ཆ་ཀུན་འཕེལ་ཚེ། །ལྷ་དང་ལྷ་མིན་འཇིགས་པར་བྱེད། །ཧཱུྃ་ཧ་དཔུང་རྣམས་འཇིག་པ་དང་། །རྨོངས་པར་བྱེད་པ་ཡོངས་སུ་བསྒྲགས། །ཧཱུྃ་གྲ་རབ་ཏུ་སྦྱར་ན་ནི། །ཕན་ཚུན་མཚོན་ཆ་འཁྲུག་པར་བྱེད། །ཧཱུྃ་ཨ་རབ་ཏུ་སྦྱར་ན་ནི། །སླར་ཡང་ཐར་བར་བྱེད་པ་ཡིན། །ཧཱུྃ་ག་གླང་པོ་སེང་གེ་དང་། །རྟ་དང་མི་དང་བྱ་རྣམས་དང་། །གྲུ་དང་ཤིང་རྟའི་བཞོན་པ་དང་། །འབབ་ཆུ་དག་ཀྱང་མྱུར་བར་འདིར། །ཤཱུ་ལའི་ཕྱག་རྒྱར་ལྡན་བྱས་ན། །གནོད་པར་བྱེད་པའི་མཆོག་ཡིན་ནོ། །ཧཱུྃ་བ་རབ་ཏུ་སྦྱར་ན་ནི། །མནན་པ་རྟག་ཏུ་ཐར་བར་བྱེད། །ཧཱུཾ་དྷཾ་རབ་ཏུ་སྦྱར་ན་ནི། །ལྷ་དང་ལྷ་མིན་གཞན་ཡང་འགྲུབ། །དངོས་གྲུབ་ཕྲ་མོ་ཐམས་ཅད་ལ། །བསྐུལ་ན་དེ་ཡི་འབྲས་བུར་འགྱུར། །ཧཱུྃ་བྃ་ཀུན་ཏུ་དབང་བྱེད་པ། །ཐ་མར་ར་བཞག་དབྱེ་བར་བྱེད། །ཏ་དང་སྦྱར་ན་སྡང་བར་བྱེད། །མ་དང་སྦྱར་བ་གསོད་པར་བྱེད། །ཡ་དང་སྦྱར་ན་དེ་བཞིན་གསོད། །ལ་དང་སྦྱར་ན་མིག་འཕྲུལ་བྱེད། །ཞི་དང་རྒྱས་ལ་འབའ་ཞིག་གོ། །དེ་ལ་སོགས་པ་གཞན་རྣམས་


DNG016_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་། །རྩ་བའི་ཆོ་གས་སྦྱར་བར་བྱ། །དེ་ནས་ཇི་སྐད་གསུངས་པ་ཡི། །ལས་རྣམས་ཀྱིས་ནི་བསྒྲུབ་པར་བྱ། །དེ་ལྟར་གཤིན་རྗེའི་གཤེད་འདི་ཡི། །དངོས་གྲུབ་ངེས་པར་ཐོབ་པར་འགྱུར། །འདི་ནི་ཁྲོ་བོ་རྣམ་རྒྱལ་གྱི། །རྟོག་པའི་ཡི་གེ་གཅིག་པ་གང་། །འཇམ་དཔལ་ཁྲོ་བོ་གཙོ་བོ་ཡི། །གསང་བ་གཞན་དག་བཤད་པ་ཡིན། །འཇམ་དཔལ་གྱི་རྩ་བའི་ཆོ་ག་ཞིབ་མོ་ཁྲོ་བོ་རྣམ་པར་རྒྱལ་བའི་ཕྱི་མའི་ཡང་ཕྱི་མ་ལས། ཁྲོ་བོའི་རྒྱལ་པོ་གཤིན་རྗེའི་གཤེད་ཞལ་དྲུག་ཧཱུྃ་ཞེས་བྱ་བ་ལས་བྱུང་བའི་ཆོ་ག་ཞིབ་མོ་རིམ་པར་ཕྱེ་བ་སྟེ་བཅྭ་ལྔ་པའོ།། །།དེ་ནས་ཆོ་ག་ཞིབ་རྒྱས་པ། །གཤིན་རྗེའི་གཤེད་པོ་གཅིག་པོ་ཡི། །ཆོ་ག་ཀུན་གྱི་མཆོག་དང་རབ། །དོན་གྲུབ་ཅེས་པ་བཤད་པར་བྱ། །དེ་ལ་རིག་འཛིན་དཔལ་ལྡན་པས། །ལས་རྣམས་ཐམས་ཅད་བསྒྲུབ་པའི་ཕྱིར། །མཉམ་གཞག་བྱང་ཆུབ་སེམས་ལྡན་པས། །ཐོག་མར་དཀྱིལ་འཁོར་བྲི་བར་བྱ། །མཚོ་འམ་རྒྱ་མཚོའི་འགྲམ་དག་གམ། །གཅོང་རོང་དུར་ཁྲོད་དུ་ཡང་རུང་། །དེ་དང་དེར་ནི་ས་བརྟགས་ནས། །མེ་ཏོག་སིལ་མ་དག་གིས་བརྒྱན། །དཔའ་བོ་གཅིག་པའི་སྔགས་འབར་བས། །མེ་ལྕེ་འབར་བས་འཁྲུག་བྱས་ཏེ། །ས་དང་སྐྱུ་རུ་ར་ལ་སོགས། །བསངས་ནས་ཁྲུས་ལ་བརྩམ་པར་བྱ། །རིག་འཛིན་ཁྲུས་བྱས་གཙང་མ་ཡི། །དེ་ནས་སྔགས་དེས་ཐམས་ཅད་ནི། །བདག་གི་ལུས་ལ་དགོད་པར་བྱ། །ཁྲོ་མིག་དམར་པོར་གྱུར་པ་ཡི། །དེ་ནས་ས་ཕྱོགས་གཙང་མ་ནི། །ཕྱག་དར་ཟང་ཟིང་ཡོངས་སྤངས་པ། །བགེགས་རྣམས་ཞི་བར་བྱ་བའི་ཕྱིར། །གསང་སྔགས་ཟློས་ཤིང་བལྟ་བར་བྱ། །དེ་ནས་ཁྲོ་བོ་གཤིན་རྗེའི་གཤེད། །དཔའ་བོ་གཅིག་པུའི་སྔགས་ཟློས་ཤིང་། །དཀྱིལ་འཁོར་བཟང་པོ་གྲུ་བཞི་པར། །དུར་ཁྲོད་ཐལ་བས་བྲི་བར་བྱ། །ནུབ་ཕྱོགས་སྒོ་གདོང་སྒོ་བཞི་པར། །དེ་ཡི་དབུས་སུ་པདྨ་བྲི། །བེ་ཅོན་ཕྱག་རྒྱ་རྩེ་འབར་བ། །གྲ་བཞི་དག་ཏུ་བྲི་བར་བྱ། །འདི་ནི་བེ་ཅོན་མང་པོ་ཡིན། །ཤཱུ་ལ་ཅན་གྱི་ཤཱུ་ལ་མང་། །མདུང་ཐུང་རྣམས་ཀྱིས་ཡོངས་བསྐོར་བ། །དེ་བཞིན་མདུང་ཐུང་མང་ཞེས་བྱ། །དེ་བཞིན་ཐོད་པ་མང་པོ་ཡིན། །


DNG016_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

མི་རོ་དང་ལྡན་མི་རོ་མང་། །མི་རོ་མི་སྡུག་མགོ་མེད་པ། །ཡི་དྭགས་འབར་དང་སྲིན་པོར་ལྡན། །ཕྱོགས་བཅུ་ཀུན་ནས་འཇིགས་པ་ཅན། །དེ་ནས་དུར་ཁྲོད་མང་ཞེས་བྱ། །གཤིན་རྗེའི་གཤེད་པོ་དཔའ་བོ་ཡི། །དཀྱིལ་འཁོར་རྣམ་པ་དྲུག་ཏུ་བཤད། །དེ་ལ་བེ་ཅོན་མང་པོ་ནི། །ལོངས་སྤྱོད་ཐམས་ཅད་འཕེལ་བར་བཤད། །ཤཱུ་ལ་མང་པོ་སྲིན་རྣམས་ནི། །འཇོམས་པ་རབ་ཏུ་བསྒྲགས་པ་ཡིན། །དེ་བཞིན་མདུང་ཐུང་མང་པོ་ནི། །བགེགས་རྣམས་ཐམས་ཅད་ཚར་གཅོད་པའོ། །ཐོད་པ་མང་ཞེས་བྱ་བ་རྣམས། །འཁྲུལ་འཁོར་ཐམས་ཅད་རབ་ཏུ་འཇིག །རི་མོ་མང་པོ་ཞེས་བྱ་བ། །རོ་ལངས་ཐམས་ཅད་བསྒྲུབ་པའོ། །དུར་ཁྲོད་མང་པོ་རབ་གྲགས་པ། །དངོས་གྲུབ་ཐམས་ཅད་རབ་སྦྱིན་པའོ། །དེ་ལ་པདྨའི་དབུས་སུ་ནི། །འཇམ་པའི་དཔལ་གྱི་ཁྲོ་བོའི་མཆོག །གཤིན་རྗེའི་གཤེད་ཅེས་བྱ་བ་དེ། །ཆོ་ག་བཞིན་དུ་བཞུགས་པར་བསམ། །ཨིནྡྲ་ནཱི་ལ་བཅག་འཕྲོའི་མདོག །ཞལ་དྲུག་སྤྱན་ཡང་འཇིགས་པར་གཟིགས། །ཁྲོས་ཤིང་ཞལ་ཡང་བགྲད་པ་སྟེ། །འཇིགས་འཇིགས་བལྟ་ལ་འཇིགས་པར་གནོན། །སྤྱན་གསུམ་སྐྲ་ཡང་གྱེན་དུ་བརྫེས། །ཚེམས་ཀྱིས་སྒྲོས་མནན་འཇིགས་འཇིགས་ལྟ། །བཅྭ་བརྒྱད་ཕྱག་ནི་དྲན་པར་བྱ། །ཞབས་ཀྱང་རབ་ཏུ་འབར་བ་དྲུག །མི་རོ་མགོ་མེད་ཕྲེང་བ་ཡིས། །སེ་རལ་ཁ་ཡི་རྒྱན་དུ་བྱས། །མདུང་ཐུང་ཐོ་བ་ཞགས་པ་ཡི། །རལ་གྲི་ལྕགས་ཀྱུ་མཚོན་ཆ་ཐོགས། །ཤཱུ་ལ་རྡོ་རྗེ་དབྱུག་ཏོ་དང་། །བེ་ཅོན་མཚོན་ཆ་རྣམས་དང་ནི། །དེ་ལྟར་གཡས་པའི་ཕྱག་ན་བསྣམས། །གཡོན་པས་བསྡིགས་ཤིང་དྲིལ་བུ་དང་། །ཐོད་པ་བཟང་པོ་ཁ་ཊྭཱྃ་ག །མི་མགོ་རློན་དང་ཀེང་རུས་དང་། །འཇིགས་པའི་མི་རོ་དབྱུག་ཏོ་འབར། །དེ་དག་ཕྱག་ན་རྟག་ཏུ་ཐོགས། །ཁྲོ་བོ་གཤིན་རྗེའི་གཤེད་པོ་ནི། །ཤི་བའི་རོ་ཡི་སྟེང་ན་བཞུགས། །འཇིགས་པ་མཚོན་གདེངས་འཇིགས་འཇིགས་ལྟ། །དུར་ཁྲོད་ན་ནི་རྟག་ཏུ་བཞུགས། །སྦྲུལ་དང་སྲིན་པོ་ཐམས་ཅད་འཇོམས། །ལྷ་རྣམས་ཀུན་གྱིས་ཕྱག་བྱས་ཤིང་། །ཁྲོ་བོ་ཐམས་ཅད་ལེགས་པར་འདུད། །སྐུ་ནི་རབ་ཏུ་འབར་བ་ཅན། །


DNG016_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུག་ཅིང་རབ་ཏུ་ཟ་བ་རྣམས། །སྟག་ལྤགས་ན་བཟའ་མནབས་པར་དགྱེས། །འཇིག་རྟེན་ལྷ་ནི་ཁྲོ་བོ་རྣམས། །མཚོན་ཆ་དང་ནི་མཐུ་སྤངས་ནས། །རྗེས་སུ་འབྲང་ཞིང་ཕྱག་བྱས་པའི། །ཁྲོ་བོ་གཤིན་རྗེའི་གཤེད་དྲན་བྱ། །དེ་ལྟར་འཇིགས་བྱེད་བྱས་ནས་སུ། །བདག་གི་སྔགས་ཀྱིས་དྲན་བྱས་ནས། །སྤྱན་དྲངས་ཙནྡན་གྱིས་བསྐུས་ནས། །མེ་ཏོག་མང་པོས་མཆོད་པར་བྱ། །རྟག་ཏུ་རིག་པ་འཛིན་པ་ཡིས། །ཙནྡན་དམར་པོ་དབུལ་བར་བྱ། །བདུག་པ་དང་ནི་གཏོར་མ་ཡིས། །རིམ་པ་བཞིན་དུ་མཆོད་ནས་ནི། །སློབ་མ་ཁྲོ་བོའི་སྔགས་དག་དང་། །སངས་རྒྱས་སྤྱན་གྱི་སྔགས་དག་གིས། །བཙུད་ནས་མེ་ཏོག་འདོར་དུ་གཞུག །དེ་ནས་རིག་འཛིན་དཔལ་དང་ལྡན། །བདུད་རྩི་ཐབ་སྦྱོར་བཟླས་ནས་སུ། །ཕྲེང་བ་ཙནྡན་དཀར་ལ་སོགས། །མཆོད་པ་བྱས་ནས་སློབ་མ་ལ། །དེ་ནས་སངས་རྒྱས་སྤྱན་ཡང་བཟླས། །ཁྲོ་བོ་གཤིན་རྗེའི་གཤེད་པོ་ནི། །འཇིགས་པ་ཕ་རོལ་གནོན་པ་སྦྱིན། །ལྷ་ཁྱོད་བདག་གིས་མནོས་སོ་ཞེས། །དེ་སྐད་སློབ་མས་ལན་གསུམ་སྨྲས། །དེ་ནས་སྔགས་རིག་ཆོ་ག་བཞིན། །བླ་མ་དག་ལ་ཕྱག་བྱས་ནས། །ཆོ་ག་བཞིན་དུ་དབང་བསྐུར་བས། །ཁྲོ་བོ་གཤིན་རྗེའི་གཤེད་པོ་བཟླས། །འཇམ་དཔལ་གྱི་རྩ་བའི་ཆོ་ག་ཞིབ་མོ་ཁྲོ་བོ་རྣམ་པར་རྒྱལ་བ་ཕྱི་མའི་ཡང་ཕྱི་མ་ལས། ཁྲོ་བོའི་རྒྱལ་པོ་གཤིན་རྗེའི་གཤེད་རིམ་པར་ཕྱེ་བ་སྟེ་བཅུ་དྲུག་པའོ།། །།དེ་ནས་གཞན་ཡང་གཤིན་རྗེ་ཡི། །གཤེད་པོའི་སྔགས་འདི་མནོས་ནས་སུ། །མི་རོ་དག་གི་གོས་བླངས་ནས། །དེ་ལ་དེ་ཡི་གཟུགས་ཀྱང་བྲི། །དེ་ནས་ཚོན་རྩི་སྤྱིན་མེད་པས། །བཟང་པོས་སྔ་མ་བཞིན་དུ་བྱ། །བཟང་པོ་ཁྲུ་གང་ཚད་དུ་བྱ། །ཡང་ན་ཁྲུ་བཞིའི་ཚད་དུ་བྱ། །གང་ཚེ་སྔགས་པ་བདག་ཉིད་ཀྱིས། །བྲི་བར་མི་ནུས་དེ་ཡི་ཚེ། །བཟོ་བོ་རྨྱུང་བ་བྱས་པ་ནི། །ཁྲིམས་མནོས་པ་དག་འདྲི་རུ་གཞུག །ཤི་བའི་རོ་ཡི་སྟེང་དུ་བཞུགས། །ཕྱག་ནི་བཅྭ་བརྒྱད་རྣམས་ཀྱིས་བརྒྱན། །ཞལ་དྲུག་ཞབས་ཀྱང་དྲུག་ཏུ་བསྟན། །འཇིགས་པ་གནོན་པ་འཇིགས་འཇིགས་ལྟ། །ཁ་ཅིག་བཞད་ཅིང་ཁ་ཅིག་ནི། །ལྗགས་འདྲིལ་ཁ་ཅིག་མཆེ་


DNG016_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

བ་གཙིགས། །ཁ་ཅིག་ཞལ་གདངས་ཁ་ཅིག་ཁྲོས། །ཁ་ཅིག་འཇིགས་པ་ཕ་རོལ་གནོན། །ཁྲོ་བོ་དེ་འདྲའི་ཞལ་འདྲ་བ། །སྨིན་མཚམས་སེར་ལ་སྤྱན་ཡང་སེར། །ཇི་སྐད་གསུངས་པའི་མཚོན་ཆ་རྣམས། །ཕྱག་ན་བསྣམས་པ་བྲི་བར་བྱ། །དབེན་ཞིང་འདུ་འཛི་མེད་པ་རུ། །སྔགས་པས་དེ་ལྟར་འདྲིར་གཞུག་གོ། །དེ་ལྟར་བྲིས་ནས་སྔགས་མཁན་དེ། །རི་མོ་ལ་ནི་བལྟས་ནས་འདུག །ཆོ་ག་ཤེས་པས་འབུམ་བཟླས་ཏེ། །རི་མོ་བྲིས་པས་དེ་ཉིད་ཀྱིས། །དེ་ནས་བསྒྲུབ་ལ་འཇུག་པར་བྱ། །གཤིན་རྗེའི་གཤེད་པོ་དེ་ཡི་སྔགས། །དྲག་པོ་གང་ཡིན་དེ་བཤད་དོ། །ཨོཾ་ནི་དེ་ཡི་དབང་པོ་ཡིན། །ཨ་ཞེས་བྱ་བ་གཉིས་པ་ཡིན། །ཀྲོ་ཞེས་བྱ་བ་གསུམ་པ་སྟེ། །དྷི་ཞེས་བྱ་བ་བཞི་པ་ཡིན། །ཀ་ཞེས་བྱ་བ་ལྔ་པ་ཡིན། །ཡ་ཞེས་བྱ་བ་གསང་བ་དྲུག །མཱན་ཞེས་བྱ་བ་བདུན་པ་སྟེ། །ཏ་ནི་བརྒྱད་པར་ཤེས་པར་བྱ། །ཀ་ནི་དགུ་སྟེ་ཧཱུྃ་དང་བཅུ། །དེ་བཞིན་ཕཊ་བྱ་ལྷག་པ་སྟེ། །མི་མཉམ་སྔགས་ནི་བཅུ་གཅིག་པའོ། །འཇམ་དཔལ་གྱི་ནི་ཁྲོ་བོ་མཆོག །གཤིན་རྗེའི་གཤེད་ཅེས་བྱ་བ་ཏེ། །ཆོ་ག་ཕྱི་མའི་ཕྱི་མ་སྟེ། །སངས་རྒྱས་ཀུན་གྱིས་མངོན་བསྟོད་པའི། །སྔགས་དེ་དེ་ལྟར་མནོས་ནས་སུ། །ཆོ་ག་མནོས་ནས་བཟླས་བྱས་ན། །རིག་འཛིན་གོ་འཕང་ཐོབ་པར་འགྱུར། །ཨོཾ་ཨ་ཀྲོ་དྷི་ག་ཡ་མཱནྟ་ཀ་ཧཱུྃ་ཕཊ། གཤིན་རྗེའི་གཤེད་པོ་ལྷའི་ལྷའོ། །ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི། སརྦ་བིགྷནཱནྟ་ཀྲིཏྟ་ན་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། བདུད་རྩི་ཐབ་སྦྱོར་གྱིའོ། །ཨོཾ་བུཌྜྷ་ལོ་ཙ་ནི་སྭཱ་ཧཱ། སངས་རྒྱས་སྤྱན་གྱིའོ། །དེ་ནས་གཞན་ཡང་བཟླས་པ་ཡི། །གནས་དག་ཇི་ལྟར་ཡིན་པར་བཤད། །དུར་ཁྲོད་ཡང་ན་རི་ཡང་རུང་། །ཚང་ཚིང་པདྨའི་མཚོ་འགྲམ་དུ། །ཁྲོ་ཞིང་གཤིན་རྗེའི་གཤེད་པོ་ནི། །བཟླས་ན་དངོས་གྲུབ་ཐོབ་པར་འགྱུར། །ཀུ་ཤའི་རྩྭ་ཡི་སྟན་ལ་འདུག །རི་མོ་ལ་ནི་ཕྱོགས་འདུག་སྟེ། །ལག་པ་གཉིས་ཀ་དྲིས་བསྐུས་ནས། །རུ་དྲཱ་ཀྵ་ཡི་ཕྲེང་ཐོགས་ལ། །སྔགས་པས་རྟག་ཏུ་བཟླས་པར་བྱ། །དེ་བཞིན་བདུག་པ་ཨརྒྷ་དབུལ། །མྱུར་བ་དང་ནི་བུལ་བ་དང་། །དེ་བཞིན་ཡི་གེ་འདྲེས་པར་ནི། །ནམ་ཡང་སྨྲ་བར་ཡོང་མི་བྱ། །རྟག་ཏུ་


DNG016_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་གསལ་བར་སྨྲས། །ཆོ་ག་བཞིན་དུ་ཡིད་བསམས་ནས། །བུ་དོན་ལ་ནི་སེམས་བཞག་སྟེ། །སྐྱེ་བ་མེད་པའི་སེམས་ཀྱིས་ནི། །ཡི་གེ་གོ་རིམས་བཞིན་དུ་བཟླས། །འབུམ་གཅིག་བཟླས་པའི་ཐ་མ་ནི། །བསྒྲུབ་པར་བྱ་བ་བཤད་ཀྱིས་ཉོན། །མཚོ་ཡི་འགྲམ་དུ་དཀྱིལ་འཁོར་ནི། །དུར་ཁྲོད་མང་པོ་བྲི་བར་བྱ། །དེ་ཡི་ནང་དུ་རི་མོ་བཀྲམ། །སེམས་དཔའ་མཚན་མོ་ཞུགས་ནས་ནི། །གྲོགས་བཟང་སེམས་ཀྱང་མ་རྨོངས་པ། །གུ་གུལ་བདུག་པ་དེ་བཞིན་བསྲེག །ཟློས་ཤིང་སྣ་མའི་མེ་ཏོག་སྟོང་། །སྙིང་གར་ཕོག་པར་བྱ་ཞིང་དབུལ། །དེ་ནས་ཁྲོ་བོ་གཤིན་རྗེའི་གཤེད། །རི་མོ་ལ་ཞུགས་ཁྲོ་བོའི་སྤྱན། །རི་མོ་དེ་ནི་ངེས་པ་རུ། །གཡོ་འམ་ཡང་ན་འགུལ་བར་འགྱུར། །དེ་ནས་ལྷ་དེ་གྲུབ་གྱུར་ནས། །གང་འདོད་པ་ཡི་ལས་རྣམས་བྱེད། །དེ་སྟེ་གྲུབ་པར་མ་གྱུར་ན། །གཞན་ཡང་ཆིག་འབུམ་བཟླས་པར་བྱ། །དེ་ནས་དེ་ཡི་མཐའ་མར་བསྒྲུབ། །དེས་ཀྱང་མ་གྲུབ་གསུམ་པོ་ལ། །མཚམས་མེད་ལྔ་རྣམས་བྱེད་པ་ཡང་། །གདོན་མི་ཟ་བར་འགྲུབ་པར་བྱེད། །གྲུབ་པའི་ལས་རྣམས་གང་དག་འདིར། །བྱེད་པར་འགྱུར་བ་བཤད་པར་བྱ། །བསྒྲུབ་པར་དཀའ་བའི་ལས་རྣམས་ཀྱང་། །ཡིད་ལ་གང་དང་གང་འདོད་པ། །དེ་དག་མཐར་ཕྱིན་མྱུར་བར་ནི། །རིག་སྔགས་འཆང་བས་བྱས་པར་འགྱུར། །རི་རྣམས་ཀྱི་ནི་རྩེ་མོ་དང་། །གཅོང་རོང་རྣམས་ནི་བསྙིལ་བར་བྱེད། །ས་ཡང་རབ་ཏུ་འགས་པར་བྱེད། །ཆུ་དག་ཀྱང་ནི་སྐམས་པར་ནུས། །དཔུང་རྣམས་མི་གཡོ་གནོན་པར་བྱེད། །ཁྲག་གི་ཆར་ཡང་འབེབས་པར་བྱེད། །སྟོང་ངམ་ཡང་ན་འབུམ་ཡང་རུང་། །དེ་མ་ཐག་ཏུ་གསོད་པར་ནུས། །གནོད་པ་དང་ནི་རྨོངས་པ་དང་། །དེ་མ་ཐག་ཏུ་འབེབས་པར་བྱེད། །ཤིང་རྟའམ་ཡང་ན་གྲུ་དག་དང་། །གླང་པོ་མྱོས་པ་གནོན་པར་ནུས། །ཕ་རོལ་དཔུང་དག་འཁྲུག་པར་བྱེད། །ཡུལ་ཕྱོགས་མྱུར་ཏུ་རྨོངས་པར་ནུས། །ཁྲོས་ནས་ས་ཡང་གཡོ་བར་བྱེད། །གླིང་དང་ནགས་ཚལ་སྲེག་པར་ནུས། །དེ་ནི་གང་གཱའི་མཚོ་ཡང་སྐེམས། །སྐམས་པ་དག་ཀྱང་འགེངས་པར་ནུས། །སྤྲིན་ཡང་ལེགས་པར་གནོན་པར་ནུས། །ཆར་པ་དག་ཀྱང་འབེབས་པར་བྱེད། །དུས་མིན་


DNG016_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

ཆར་ཡང་འབེབས་པར་ནུས། །ཀླུ་ཡི་བདག་པོ་དག་ཀྱང་འགུགས། །དེ་ནས་ནག་པོས་ཟིན་པ་ཡང་། །མ་ཤོང་བ་འམ་ཡང་ན་སྤྲིན་ཙམ་གྱིས། །འགུགས་པར་བྱེད་དེ་ཐེ་ཚོམ་མེད། །སེར་བ་དང་ནི་སོལ་བའི་ཆར། །དེ་མ་ཐག་ཏུ་འབེབས་པར་ནུས། །འབྲས་བུ་མེ་ཏོག་མཆོག་རྣམས་དང་། །ཡལ་ག་དག་གིས་བརྒྱན་པའི་ཤིང་། །བལྟས་པའམ་ཡང་ན་རྡོ་འཕངས་པས། །གློ་བུར་དུ་ཡང་འགྱེལ་བར་བྱེད། །དེ་ནི་སྦྱར་བ་ཙམ་གྱིས་སུ། །ས་ཡི་འོག་ཀྱང་འཁྲུག་པར་བྱེད། །དེ་བཞིན་ལྷ་དང་མི་རྣམས་ལ། །གནོད་པ་ཆེན་པོ་འབྱུང་བར་བྱེད། །ཁྲོ་བོའི་རྒྱལ་པོ་འདི་ཡིས་ནི། །ངེས་པར་དབང་དུ་མི་འགྱུར་བའི། །དངོས་པོ་འདས་དང་ད་ལྟར་དང་། །ཕྱི་འབྱུང་བ་དག་གང་ཡང་མེད། །ལྷ་དེ་གྲུབ་པར་མ་གྱུར་ཀྱང་། །མཐོང་བ་ཙམ་མམ་ཚིག་གིས་ཀྱང་། །དུག་དང་རིམས་དང་གདོན་རྣམས་སོགས། །ཞི་བར་བྱེད་པའི་མཆོག་ཏུ་འགྱུར། །དབང་དུ་བྱེད་དང་དབྱེ་བ་དང་། །གསད་དང་བསྐྲད་པར་བྱ་བ་དང་། །མིག་འཕྲུལ་ཨཉྫ་བསྐུ་བ་རྣམས། །བདུག་དང་དྲིས་བྱུག་སྦྱོར་བ་ཡི། །ལས་རྣམས་འདི་དག་ཐམས་ཅད་ནི། །བཟླས་པ་བརྒྱ་བྱས་འགྲུབ་པར་བྱེད། །སྔགས་པ་གཏེར་ཆེན་ཡོད་པར་ནི། །སོང་སྟེ་བསྒྲུབ་པར་བྱས་ནས་སུ། །བགེགས་རྣམས་ཀྱི་ནི་མི་འཇིགས་པར། །ནོར་དེ་བཟླས་པ་སྟོང་བྱས་པས། །བདག་གིས་ཁྱིམ་ནས་ལེན་པ་བཞིན། །ཕྲ་མོ་རྣམས་ནི་རྒྱ་ཡིས་འཐོབ། །བཟླས་དང་སྦྱིན་སྲེག་མ་བྱས་ཀྱང་། །གཤིན་རྗེའི་གཤེད་ཀྱི་མིང་ཙམ་གྱིས། །ལྷ་རྣམས་སྐྲག་པར་འགྱུར་བ་ནི། །རིང་པོར་མི་ཐོགས་གདོན་མི་ཟ། །མ་རུངས་པར་ནི་བྱ་བ་དང་། །བྱད་དང་སྟེམས་དག་བྱ་བ་དང་། །རྨོངས་དང་མནན་པའི་དངོས་གྲུབ་རྣམས། །བལྟས་པས་རྣམ་པ་དུ་མ་ཡི། །ཆོ་ག་གཞན་གྱིས་ཆོ་ག་ཡང་། །རིང་པོར་མི་ཐོགས་འགྲུབ་པར་ནུས། །ཡུལ་དང་ཡུལ་ཕྱོགས་དག་ཏུ་ཡང་། །གནོད་པ་དང་ནི་ནད་ཀྱང་འབྱིན། །རྨུགས་པ་དང་ནི་གནོད་པ་དང་། །རྨོངས་དང་མི་མཐོང་བྱེད་པ་དང་། །འཁྲུག་པ་དང་ནི་སྐྲག་པ་དང་། །སྐྱོ་ཞིང་སླར་ཡང་གཡོ་བ་དང་། །ནོར་འགུགས་པ་དང་


DNG016_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

གནོན་པ་དང་། །སྐྱེ་བོ་དག་ཀྱང་འགུགས་པ་དང་། །ཡུན་དུ་འཚེ་ཞིང་འཇིགས་པ་དང་། །འཁྲུག་པ་འཐབ་མོ་སེར་བ་དང་། །བྲུ་བ་གཉིད་ཀྱིས་མྱོས་པ་དང་། །གང་ཡང་གཞན་དག་དེ་འདོད་པ། །སྔགས་པས་གཤིན་རྗེའི་གཤེད་དྲན་པས། །དེ་དག་ཐམས་ཅད་བྱེད་པར་འགྱུར། །དེ་ནས་ཆོ་ག་ཕྱི་མ་འདི། །ཇི་ལྟར་ཡིན་པ་དེ་བཤད་དོ། །ལྷ་མ་ཡིན་གྱི་ཕུག་སྒོར་སོང་། །མཁས་པས་རི་མོ་བཀྲམ་ནས་སུ། །ཁ་ཟས་མི་ཟ་སྟན་གཅིག་འདུག །ཁྲི་ཡི་གྲངས་ཚད་བཟླས་བྱས་ནས། །དེ་ནས་བུད་མེད་གཟུགས་མཆོག་ལྡན། །བཟང་པོ་རྣམས་ནི་སྒོར་ཕྱུང་ནས། །སྒྲུབ་པ་དེ་ཡི་མདུན་དུ་ནི། །ནང་དུ་གཤེགས་ཞེས་དགའ་བར་བྱེད། །དེ་ནས་གྲོགས་པོ་ཡིད་གཅུགས་དང་། །སྒྲུབ་པ་པོ་ནི་ལྷན་ཅིག་ཏུ། །ངེས་པར་དམ་ཚིག་དག་གིས་ནི། །དེ་ཡི་གནས་སུ་འཇུག་པར་བྱ། །དེ་བཞིན་ཇི་ལྟར་འདོད་པ་རུ། །གནོད་སྦྱིན་མ་ཡི་མིང་རྣམས་དང་། །ཤ་ཟ་མོ་འམ་དྲི་ཟ་མོ། །ཡང་ན་གང་འདོད་པ་ཡི་ལྷའི། །མིང་བྲིས་དེ་ཡི་མདུན་བཞག་ནས། །རི་མོ་ལ་ནི་ཉིན་རེ་ཞིང་། །དེ་ཡི་ཚིག་ནི་མཐར་སྦྱར་ནས། །མ་སྐྱོ་བར་ནི་འབུམ་བཟླས་ན། །སྒྲུབ་པ་པོ་དེས་འཇིགས་གྱུར་ནས། །དེ་དག་ཐམས་ཅད་འོང་བར་འགྱུར། །སྒྲུབ་པོ་ཅི་སྲིད་འདོད་པར་ནི། །འདི་རུ་ལས་རྣམས་བྱེད་པར་འགྱུར། །ལྷ་རྣམས་དག་ནི་ཐམས་ཅད་ཀྱང་། །གནོད་སྦྱིན་ལ་སོགས་བསྒྲུབ་བཤད་ཟིན། །འདི་ཡི་ཆོ་ག་ཕྱི་མ་ཡི། །ཕྱི་མ་དག་ཀྱང་བཤད་པར་བྱ། །རི་མཆོག་དག་གི་རྩེ་མོ་ལ། །ཡི་དྭགས་མང་པོའི་དཀྱིལ་འཁོར་བྲི། །ཡི་དྭགས་དཀྱིལ་འཁོར་བྲིས་ནས་ཀྱང་། །ཀུན་ལ་ཤ་ཡི་གཏོར་མ་བྱ། །གྲོགས་པོ་སེམས་ནི་དཔའ་བ་དང་། །ཡོན་ཏན་ལྡན་ཞིང་གཟོ་བ་དང་། །མི་རོའི་གོས་ལ་བྲིས་པ་ཡི། །རི་མོ་བཞག་ལ་དེ་ནས་སུ། །བདག་གི་ཡན་ལག་ཐམས་ཅད་ལས། །རུས་པ་དག་གིས་ཁྲག་བྱུང་སྟེ། །མི་ཡི་ཐོད་པའི་ནང་དུ་གཞག །ལུས་ལ་ཁྲག་ནི་ཅི་ཕྱིན་པ། །མི་རོའི་སྐྲ་ཡི་པིར་དག་གིས། །དེ་ནས་དེ་ཡི་ལུས་དག་དང་། །མིག་ཀྱང་རབ་ཏུ་གསལ་བར་བྱ། །དེ་ལ་བགེགས་ཀྱང་མང་དུ་འགྱུར། །དེ་ནས་དཔའ་བོས་བཤད་པར་གསུངས། །དཔའ་བོ་དག་གིས་ལས་ཀྱང་བྱ། །


DNG016_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡི་འོག་ཏུ་བཟོ་བོ་ལ། །དཔའ་བོ་དག་གིས་ཡོན་ཡང་འབུལ། །དེ་ཉིད་ཡོངས་སུ་རྫོགས་པར་ནི། །གྱུར་གྱི་བར་དུ་ཚུལ་བཞིན་གྱིས། །ཐ་མར་དཔའ་བོ་གཅིག་པུ་དེ། །རི་མོ་མཚན་མོ་རབ་འབར་རམ། །ཡང་ན་དགོད་དམ་གཡོ་ཡང་རུང་། །དེ་ནས་དངོས་གྲུབ་ཐོབ་པར་བཤད། །རི་མོ་དེ་ནི་བླངས་པ་ཡིས། །ནམ་མཁར་འབར་བ་གདོན་མི་ཟ། །དཔལ་ལྡན་ཐོགས་པ་མེད་པར་འགྲོ། །མཚན་མོ་ཉི་མ་བཞིན་དུ་འབར། །དཔའ་བོ་དག་གིས་བསྒྲུབ་པ་འདི། །རིག་འཛིན་ཀུན་གྱི་ཐོག་མར་འགྲོ། །གྲུབ་པ་དེ་ལ་ལྷ་རྣམས་ཀྱང་། །གདོན་མི་ཟ་བར་ཕྱག་འཚལ་འགྱུར། །རིག་འཛིན་རྣམས་ནི་ཐམས་ཅད་ཀུན། །ཀུན་ཏུ་བཀུར་བའི་རྒྱལ་པོར་འགྱུར། །ཡང་ན་ཆོ་ག་ཤེས་པའི་རྒྱལ། །རི་མོ་ཞི་བ་སྔོན་བཞིན་དུ། །བླངས་ཏེ་བསྲེགས་པའི་སྟེང་དུ་གཞག །དེ་ནས་བསྲེགས་པ་དེར་འདུག་ནས། །གཅིག་པོ་རལ་གྲི་བླངས་ནས་སུ། །མཚན་མོ་གཤིན་རྗེའི་གཤེད་བཟླས་པ། །འབར་བར་འགྱུར་གྱི་བར་དུ་འམ། །དུ་བའམ་ཚ་བའི་བར་དུ་བཟླས། །འབར་བར་གྱུར་པ་དཔལ་དང་ལྡན། །རིག་འཛིན་དུ་ནི་དེ་འགྱུར་རོ། །དུ་བ་བྱུང་བས་མི་སྣང་བ། །ནམ་མཁར་འགྲོ་བའི་མཆོག་ཏུ་འགྱུར། །དེ་ཚེ་ཚ་བར་གྱུར་ན་ནི། །ས་ཡི་རྒྱལ་པོར་ངེས་པར་འགྱུར། །རལ་གྲི་མཆོག་དེ་བྱ་བ་ཡང་། །སོར་ནི་སུམ་ཅུ་རྩ་གཉིས་ཤིས། །ཡན་ལག་ཐམས་ཅད་ཡོངས་རྫོགས་པ། །བསྒྲུབ་པར་བྱ་བ་སོ་ཡི་རྡོ། །དེ་ལྟར་ཆོ་ག་ཕྱི་མ་ཡང་། །མདོར་ནི་ལེགས་པར་བཤད་པ་ཡིན། །ལག་པ་གཡས་པའི་སོར་མོ་ཡིས། །མཐེ་བོང་སྦས་ནས་གྱེན་དུ་ནི། །བསྒྲེང་བར་བྱས་པའི་ཕྱག་རྒྱ་ཡི། །བེ་ཅོན་ཞེས་ནི་བསྒྲགས་པ་ཡིན། །ཧ་ཉིད་ཀྱི་ནི་སྔགས་ལྡན་པར། །ལས་རྣམས་ཀུན་ལ་བཅིང་བར་བྱ། །སྤྱན་དྲང་བ་དང་མཆོད་པ་དང་། །གཤེགས་སུ་གསོལ་དང་བཞུགས་པ་དང་། །ལས་རྣམས་བྱ་བའི་ཚེ་དག་དང་། །གཞན་ཡང་དགོས་པ་འབྱུང་བའི་ཚེ། །ཚུལ་བཞིན་ཕྱག་རྒྱ་འདི་བཅིངས་ནས། །གཤིན་རྗེའི་གཤེད་ཀྱི་ལྷ་བཟླས་སོ། །སྔགས་པ་རྒྱལ་པོའི་དྲུང་སོང་ནས། །མགོ་བཏུད་པུས་མོ་བཙུགས་ནས་སུ། །བདག་ཉིད་དང་ནི་ནོར་བཅས་པར། །གདོན་


DNG016_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཟ་བར་མྱུར་དུ་འགྲུབ། །འཇམ་དཔལ་གྱི་རྩ་བའི་ཆོ་ག་ཞིབ་མོ་ཁྲོ་བོ་རྣམ་པར་རྒྱལ་བའི་རྒྱུད་ཆེན་པོ་ཐམས་ཅད་ཀྱི་ཕྱི་མའི་ཡང་ཕྱི་མ་ལས། བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་གསལ་ཤིང་ཁྲོ་བོ་རྣམ་པར་རྒྱལ་བའི་ཆོ་ག་ཞིབ་མོ་ཕྱི་མའི་ཡང་ཕྱི་མ་གསང་བ་གསལ་ཤིང་རྒྱུད་དེ་རིམ་པར་ཕྱེ་བ་བཅུ་བདུན་པའོ།། །།ཨོཾ་ཨཱ་ཀྲོ་དྷི་ཀ་ཡ་མཱནྟ་ཀ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ། འདི་ཡང་བཅོམ་ལྡན་འདས་ཀྱི་སྔགས་གཞན་ནོ། །ཨོཾ་ཨཱཿཧཱུྃ་འདི་ཡང་དེ་བཞིན་ནོ། །ཡི་གེ་བཅུ་གཅིག་རྒྱལ་པོ་ཡི། །དེ་ཉིད་བཟླས་པས་གྲུབ་པར་འགྱུར། །ཁྲོ་བོ་རྣམ་པར་རྒྱལ་བ་ཡི། །རྩ་བ་དང་ནི་ཕྱི་མ་དང་། །དེ་བཞིན་ཕྱི་མའི་ཕྱི་མ་འདི། །རྟོག་པ་མ་ལུས་རྒྱས་པ་དག །ལྷ་དེ་རྣམས་ཀྱིས་ལེགས་ཐོས་ནས། །འཇིག་རྟེན་འཇིག་རྟེན་འདས་པ་ཀུན། །ཐལ་མོ་རབ་ཏུ་སྦྱར་ནས་སུ། །ཁྲོ་བོ་རྣམ་པར་རྒྱལ་བ་ནི། །གཤིན་རྗེའི་གཤེད་ལ་འདི་སྐད་སྨྲས། །བཅོམ་ལྡན་ཁྱོད་ཀྱིས་རྟོག་པ་འདི། །བསྒྲུབ་པ་རྣམས་ལ་ཕན་པའི་ཕྱིར། །རབ་ཏུ་ངོ་མཚར་བཤད་ལགས་ཏེ། །བཟླས་དང་ཧོམ་དང་མཆོད་ལ་སོགས། །ཁྲོ་བོ་ཆེན་པོའི་བརྟུལ་ཞུགས་དང་། །དེ་བཞིན་དཀའ་ཐུབ་དྲག་པོ་དང་། །ཇི་སྐད་གསུངས་པའི་རྨྱུང་བ་ཡིས། །ཁྲོ་བོ་ཀཱི་ལི་ཀཱི་ལ་ལས། །སོགས་པའང་དུས་ལ་བབ་ན་ནི། །སྔགས་ཟློས་པ་ལ་དངོས་གྲུབ་སྟེར། །བཅོམ་ལྡན་འདས་ཀྱིས་རྟོག་པ་དང་། །ཁྱད་པར་གྱུར་པ་ཅི་ཞིག་མཆིས། །དེ་བས་བཟླས་དང་སྦྱིན་སྲེག་དང་། །རྨྱུང་དང་བརྟུལ་ཞུགས་དཀའ་ཐུབ་དང་། །མེད་པར་རང་དབང་ཉིད་དུ་ནི། །དངོས་གྲུབ་དམ་པ་ཁྱོད་ཀྱིས་གསུངས། །ལྷ་མཆོག་དེ་དག་ཐམས་ཅད་ཀྱིས། །ཕྱག་འཚལ་དེ་སྐད་སྨྲས་པ་དང་། །ཁྲོ་བོ་དྲག་ཏུ་བཞད་པ་ཡིས། །རབ་ཏུ་དྲག་པའི་ཚིག་ཏུ་གསུངས། །དྲག་ཏུ་བཞད་པའི་ཞལ་འཛུམ་པས། །ལྷ་ཡི་ཚོགས་རྣམས་འཇིགས་རྨོངས་ལ། །མ་འཇིགས་མ་འཇིགས་ཞེས་གསུངས་པའི། །ཕན་པའི་ཚིག་གིས་དབུགས་ཕྱུངས་ནས། །ཁྱེད་རྣམས་ཀྱིས་ནི་གང་སྨྲས་པ། །སྒྲུབ་པ་བདག་ནི་མེད་པར་ཡང་། །སྦྱོར་བ་ཤེས་པས་གྲུབ་འགྱུར་བ། །ལྷ་རྣམས་ཀུན་གྱིས་མཉན་པར་གྱིས། །བདེ་གཤེགས་


DNG016_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་གཅིག་པུ་ལས། །དགྱེས་པ་རྣམ་པ་ཐ་དད་འགྱུར། །དེ་ནས་ཏིང་འཛིན་ཚུལ་ལས་ནི། །མཚན་མ་དང་ནི་དངོས་གྲུབ་དེ། །ཐོག་མར་བྱང་ཆུབ་རྩ་ལ་བརྟེན། །ཤེས་རབ་དེ་ལྟ་བུ་ཡང་བསྒོམ། །སེམས་ཀྱང་རྣམ་པར་མི་རྟོག་པས། །བདེ་གཤེགས་དངོས་གྲུབ་དེ་དག་འཐོབ། །དེ་ངའི་གཟུགས་སུ་གྱུར་པར་བྱོས། །ས་བོན་མཚོན་ཆ་མང་པོར་ལྡན། །ཁྲོ་བོ་དེ་ཡི་ཞལ་དྲུག་བསྒྱུར། །དྲིལ་བུ་གསིལ་བའི་སྒྲ་ཡང་འབྱིན། །ཁྲོ་བོའི་ཞལ་ནི་བཅས་པར་ལྡན། །དེ་ཡི་གཟི་དང་མཐུ་ལྡན་བྱས། །ཀུན་ཏུ་དགའ་བའི་སྙིང་པོར་ལྡན། །གང་གིས་ཡིད་ལ་གང་བསྒོམས་པ། །དེ་ལ་ང་ཡི་ཐུགས་གཡོས་པས། །ཇི་ལྟ་བ་འམ་གར་ཡང་རུང་། །མདུན་ནམ་ཡང་ན་རྒྱབ་ནས་ཀྱང་། །ལས་ཀུན་བྱེད་ནུས་གྲུབ་པར་འགྱུར། །གང་དག་ང་ནི་ཕྱག་ལྔ་བཅུ། །བེ་ཅོན་གདེངས་པས་བསྡིགས་པར་མཛད། །ཏྲི་ཤཱུལ་རལ་གྲི་དགྲ་སྟྭ་ཀྱུ། །ཐོད་པ་ཤག་ཏི་ཐོད་མར་དབྱུག །དེ་དག་ལས་ནི་ཕྱག་གསུམ་དྲུག །གཡས་པ་བེ་ཅོན་མདའ་རལ་གྲི། །གཡོན་ན་འཁོར་ལོ་རྡོ་རྗེ་འཛིན། །རྡོ་རྗེ་རྩེ་གཅིག་མིག་དྲུག་པ། །དཔྲལ་བའི་གཉེར་མ་བསྙེར་བ་དང་། །ཁྲོ་གཉེར་བསྙེར་བའི་ལྟ་བ་ཅན། །འཇིགས་པའི་སྦྲུལ་གྱིས་རོ་སྟོད་དཀྲིས། །ཐོད་པ་དག་གིས་རྒྱན་དུ་བྱས། །ཆར་སྤྲིན་སྔོན་པོའི་ཁ་དོག་འདྲ། །ཞལ་གཅིག་སྤྱན་ཡང་མི་མཉམ་པ། །འབྲུག་གི་སྒྲ་དབྱངས་སྒྲ་སྒྲོགས་པ། །སྟག་ལྤགས་ན་བཟའ་གསོལ་བར་དགྱེས། །མཚོན་ཆ་མཚོན་རྣམས་འབར་ཞིང་འཁྲུག །སྤྱན་དང་གཙུག་ཕུད་རྩ་དམར་སེར། །ཞབས་གཉིས་གདེངས་པའི་ཚམ་ངམ་མཛད། །ས་ཡི་སྟེང་ན་ཟ་ཟ་ལྟ། །མཆེ་བ་དག་ཀྱང་གཙིགས་པའི་ཞལ། །བཅིབས་པ་མ་ཧེ་ཆིབས་པ་དེ། །སེམས་པའམ་རི་མོ་ལ་བྲིས་པ། །སྒྲུབ་པོ་མྱུར་དུ་མཆོད་བྱེད་ན། །དེ་ལ་ད་ནི་མྱུར་བ་རུ། །དགྱེས་ནས་མངོན་དུ་ཕྱོགས་པར་འགྱུར། །ཇི་ལྟར་འདོད་པའི་དོན་རྣམས་ནི། །གདོན་མི་ཟ་བར་གྲུབ་པར་བྱེད། །རྣམ་པར་གནོན་པའི་གཟུགས་འདི་ནི། །བདུད་ལས་རྒྱལ་བ་ཡིན་པར་བསྒྲགས། །ཐོག་མ་བདག་གིས་དམ་ཚིག་སྦྱིན། །བསྲུང་མཆོག་ཚུལ་བཞིན་བྱས་ནས་སུ། །རས་ནི་སུམ་ཅུ་


DNG016_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

སོར་ཚད་ལ། །སྔགས་པ་བཟོ་བོ་ཡོན་ཏན་ཅན། །ཡིད་ནི་བསྟེན་པར་བྱ་བའི་ཕྱིར། །དབེན་པའི་གནས་སུ་མི་མངོན་པར། །ཚོན་རྩི་དགེ་བ་བཟང་པོ་ཡིས། །རི་མོ་ཐོག་མར་བྲི་བར་བྱ། །ཟིན་ནས་ཀྱང་ནི་དབེན་པར་གཞག །སུ་ལའང་བསྟན་པར་ཡོང་མི་བྱ། །ང་ཡི་གཟུགས་སུ་གྱུར་པར་བྱས། །ས་བོན་མཚོན་ཆ་བཟང་པོར་ལྡན། །ང་ཡི་ཞལ་ནི་ཁྲོ་བོར་འགྱུར། །དྲིལ་བུ་གསིལ་བའི་སྒྲ་དང་ལྡན། །ཁྲོ་བོའི་ཞལ་ནི་བསམ་པར་བྱ། །ང་ཡི་གཟི་དང་མཐུར་ལྡན་བྱས། །ཀུན་དགའ་ཡི་ནི་སྙིང་པོར་ལྡན། །གལ་ཏེ་དམ་ཚིག་མི་ལྡན་པའི། །སྐྱེ་བོས་རི་མོ་དེ་མཐོང་ན། །མྱུར་དུ་རྣམ་པར་མྱོས་པར་འགྱུར། །དེ་བས་རྣམ་པ་ཐམས་ཅད་དུ། །སྲུང་བ་དྲག་པོ་ཀུན་ཏུ་བྱ། །གྲོང་ངམ་ཡང་ན་གྲོང་ཁྱེར་དུ། །རྣམ་པ་གཞན་དུ་གཞག་གྱུར་ཏམ། །གོང་དུ་མཆོད་པ་མ་བྱས་ན། །མྱུར་དུ་འཇིགས་པ་སྐྱེ་བར་འགྱུར། །རི་མོ་ལ་ནི་གནས་པའི་གཟུགས། །དེ་ལྟར་རྟག་ཏུ་གོམས་བྱས་ཤིང་། །དེར་བསྒྱུར་དེ་ཡི་ཡིད་དུ་འགྱུར། །ཇི་སྲིད་གང་དག་གོམས་གྱུར་ཅིང་། །ཀུན་དུ་མདུན་ན་གནས་པ་རུ། །གང་ཚེ་མཐོང་བར་གྱུར་པ་ན། །དེ་ཚེ་རི་མོ་མེད་པར་ཡང་། །ཇི་ལྟ་བུ་ཡི་ཚུལ་ཉིད་ཀྱིས། །རྟག་ཏུ་སྦྱོར་བ་བྱས་ནས་ནི། །སྦྱོར་བ་ཉིད་ཀྱི་རྟག་པ་རུ། །ཁྲོ་བོ་ཀུན་དུ་སྦྱོར་བ་ནི། །དེ་ལས་ལས་རྣམས་ཐམས་ཅད་བྱེད། །འདི་ནི་གསང་བ་བསྟན་པ་ཡིན། །ཡང་ན་བདག་ཉིད་དེ་འདྲ་བར། །ཇི་སྲིད་ཅིག་ཏུ་གྲུབ་པའི་བར། །ཡིད་ལ་ལེགས་པར་བསྒོམས་ན་ནི། །དེ་ནས་དེ་ཡི་དངོས་གནས་པར། །ཡིད་ལ་ཅུང་ཟད་གང་བསམས་པ། །དངོས་པོ་གོམས་པར་བྱས་ན་ནི། །དེ་ཉིད་འབྲས་བུ་ཡོད་པར་འགྱུར། །གང་ཕྱིར་ཁྲོ་བོ་བསྒོམས་པ་ཡིས། །ཁྲོ་བོ་ཡོང་ཡེ་བསྒོམས་ན་ནི། །བཟླས་པ་ལ་སོགས་མེད་པར་ཡང་། །དངོས་གྲུབ་དམ་པ་ཐོབ་པར་འགྱུར། །སྒྲུབ་པ་རྣམས་ལ་དམ་ཚིག་གིས། །གལ་ཏེ་སྦྱིན་པར་བྱ་ན་ཡང་། །དེ་ཚེ་ས་ནི་རབ་སྦྱངས་ནས། །ཐོག་མར་སྤོས་ཆུས་གདབ་པར་བྱ། །ཀུན་དུ་ཟླུམ་པོ་ཞེས་བྱ་བའི། །དཀྱིལ་འཁོར་འདི་ནི་ལོགས་ཤིག་ཏུ། །ཀུན་དུ་ཟླུམ་པོར་བྲི་བར་བྱ། །ཚོན་རྩི་ནག་པོར་ལེགས་བྲིས་


DNG016_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། །ནུབ་ཕྱོགས་སྒོ་བཏོད་ཁྲུ་དོ་ཙམ། །དེ་ཡི་དབུས་སུ་མཆོག་བྲི་བ། །འགྱིང་ཞིང་ལྡེམ་བག་ཅན་གྱི་ལུས། །ཆར་སྤྲིན་དང་ནི་བུང་བའི་མདོག །འཇམ་ཞིང་མཉེན་པ་དཔལ་དང་ལྡན། །གསེར་གྱི་དྲིལ་བུའི་སྒྲ་དང་ལྡན། །གཡག་རྔའི་བསིལ་ཡབ་གཡོབ་པ་ཅན། །ཨཉྫ་ན་ཡི་རི་ལྟ་བུའི། །མ་ཧེ་ཆེན་པོ་དམ་པ་ནི། །དཀྱིལ་འཁོར་དམ་པ་དེ་བྲིས་ཏེ། །བསྲུང་བ་ཆོ་ག་བཞིན་བྱས་ནས། །སྔགས་ཤེས་པས་ནི་མཆོད་བྱས་པ། །ཆོ་ག་བཞིན་དུ་འདིར་བཤད་དོ། །སྤྱན་དྲངས་གདན་དུ་བསྟབ་པ་དང་། །ཨརྒྷ་གཏོར་མས་མཆོད་པ་དང་། །མར་མེ་བདུག་པ་བསྟན་པ་དང་། །ཐ་མར་སླར་གཤེགས་བསྟན་པའོ། །གཟུགས་དགོད་པ་དག་ཐོག་མ་རུ། །ལྷ་དགོད་པ་དག་ཡིག་འབྲུས་བསྐྱེད། །ས་བོན་གྱིས་ནི་ཚུལ་བཞིན་བཤད། །དེ་ལས་དང་པོར་ཐམས་ཅད་ནི། །ས་བོན་ཁྲོ་བོའི་གཟུགས་ཡིན་ཏེ། །དེ་ཉིད་ཕལ་ཆེར་རབ་ཏུ་གྲགས། །གཅིག་པུ་མཚོན་ཆ་དུ་མའི་མཆོག །དེ་ཉིད་དེར་ནི་བསྟེན་བྱ་བའི། །རྟག་ཏུ་མཚོན་ཆ་འབར་བྱེད་པ། །དེ་ཡི་གཟུགས་འདིར་གཅིག་པུ་ལ། །ས་བོན་གྱིས་ནི་བསྐུལ་བའི་ཞལ། །དྲིལ་བུའི་ས་བོན་དྲུག་རྣམས་ཀྱིས། །སྒྲ་དེ་རྣམས་བཞིན་སྒྲོགས་པར་བརྟག །འདི་ནི་ཁྲོ་བོའི་ཞལ་ཡིན་གསུངས། །འདི་ནི་ཐོག་མ་ཉིད་ཀྱི་གཟུགས། །དེ་ཡི་མཐུ་ཡང་ཅི་འདྲ་བ། །ཚུལ་བཞིན་དུ་ཡང་འདིར་བཤད་དོ། །གང་གིས་དྲན་པ་ཙམ་གྱིས་ནི། །བདུད་དཔུང་གདུག་པའི་གདོན་ལ་སོགས། །མཐུ་རྩལ་གནོད་པས་ཉམས་ནས་སུ། །འཇིགས་ཤིང་སྤ་བཀོང་བྱེད་པར་འགྱུར། །ཟུང་ཤིག་པ་ཡི་ཚིག་གཉིས་ལྡན། །ཞལ་ཡང་གདངས་ཤིང་འབར་བ་ཅན། །སྙིང་པོ་དག་པར་རབ་ཏུ་གཞག །མཚོན་ཆ་འདེབས་པའི་མཐུ་རྩལ་ཅན། །དེ་ལྟར་ཁྲོ་བོ་རྒྱལ་བའི་གཟུགས། །ས་བོན་ཞེས་སུ་བྱ་བ་ཡི། །སྔགས་ཀྱི་དངོས་པོ་ཤེས་ནས་ནི། །སྔགས་པས་དངོས་གྲུབ་ཐོབ་པར་འགྱུར། །མཚོན་ཆ་འཕངས་པ་ཙམ་གྱིས་ནི། །དེ་ཡི་ཀུན་ཏུ་བསྲུང་བར་བྱ། །ས་བོན་བཀོད་པའི་ཚུལ་བཞིན་དུ། །བདག་གི་ལུས་ལ་སྦྱར་བར་བྱ། །གཟུགས་


DNG016_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

ནི་གཟུགས་ལ་བཞག་ནས་སུ། །མཚོན་ཆ་དེ་ཉིད་ལག་ན་ཐོགས། །ས་བོན་རྣམས་ཀྱང་ཁར་བཞག་སྟེ། །རྐང་པ་གཉིས་ཀྱང་ཚམ་ངམ་བྱ། །དེ་ནས་ཀུན་དུ་ཁྲོས་ནས་སུ། །རང་གི་ས་བོན་དགོད་པར་བྱ། །ཐོག་མ་བདག་ལ་མ་གཡེངས་པར། །སྲུང་བ་དེ་ལྟར་བྱས་ནས་སུ། །དཀྱིལ་འཁོར་དུ་ནི་སྤྱན་དྲངས་ཏེ། །དེ་ནས་མདུན་དུ་མཆོད་པ་བྱ། །སྔགས་ཀྱི་སྙིང་པོ་ཐ་མ་ལ། །ཚུལ་གཤེགས་པ་ཡི་ཚིག་གཉིས་དང་། །རྟག་ཏུ་ལྡན་པར་བྱས་ནས་སུ། །སྤྱན་དྲངས་པ་དག་བྱ་བར་བཤད། །མེ་ཏོག་དག་གིས་གདན་འདི་ལ། །བཞུགས་སུ་གསོལ་ཞེས་རྟག་ཏུ་བྱ། །དེ་ལྟ་བུར་ནི་སྤྱན་དྲངས་ནས། །མེ་ཏོག་དག་གིས་སྔ་མ་བཞིན། །བཞུགས་ཤིག་པ་ཡི་ཚིག་གཉིས་ཀྱིས། །ཆོ་ག་བཞིན་དུ་བཞུགས་སུ་གསོལ། །ཁྲོ་བོའི་རྒྱལ་པོ་དེ་ལ་ནི། །བཞུགས་པར་བྱ་བ་བསྟན་པ་ཡིན། །མེ་ཏོག་སྔགས་ཀྱིས་བཏབ་པ་ཡིས། །དེ་ལྟར་བཞུགས་པར་བྱས་ནས་སུ། །ཨརྒྷ་འདི་ནི་བཞེས་ཤིག་ཅེས། །ཚིག་གི་འཇུག་ཏུ་བརྗོད་ནས་སུ། །སྤོས་ཆུ་མེ་ཏོག་སྦྱར་བ་ཡིས། །ཨརྒྷ་དེ་ལ་དབུལ་བར་བྱ། །མེ་ཏོག་བདག་གིས་ཕུལ་བ་འདི། །བཞེས་སུ་གསོལ་ཞེས་བརྗོད་ནས་སུ། །སྤོས་ཆུ་བཟང་པོ་བཏབ་པ་ཡི། །མེ་ཏོག་དག་ནི་སྔོན་བཞིན་དབུལ། །སྔགས་པས་རྟག་ཏུ་ཚིག་མཇུག་ལ། །གཏོར་མ་བདག་གིས་ཕུལ་བ་འདི། །བཞེས་སུ་གསོལ་ཞེས་བརྗོད་ནས་སུ། །གཏོར་མ་སྣ་ཚོགས་དབུལ་བར་བྱ། །མར་མེ་བདག་གིས་ཕུལ་བ་འདི། །བཞེས་སུ་གསོལ་ཞེས་མཇུག་ཏུ་བརྗོད། །མར་གྱིས་ལེགས་པར་གང་བ་ཡི། །མར་མེ་དག་ནི་དབུལ་བར་བྱ། །བདུག་པ་བདག་གིས་ཕུལ་བ་འདི། །བཞེས་སུ་གསོལ་ཞེས་མཇུག་ཏུ་བརྗོད། །བདུག་པ་ཐང་ཆུ་རྣམ་པ་ལྔ། །སྔགས་ཀྱིས་བཏབ་སྟེ་དབུལ་བར་བྱ། །དེར་ནི་མཆོད་པ་བྱས་ནས་ཀྱང་། །དཀྱིལ་འཁོར་དག་གམ་རི་མོ་ལ། །རང་གི་ཡན་ལག་བཀོད་པ་དག །དམ་ཚིག་ཅན་ལ་བསྟན་ནས་ནི། །མཐོང་བ་ཙམ་ནི་ཉིད་ཀྱིས་སུ། །རིག་འཛིན་དམ་ཚིག་ཅན་དུ་འགྱུར། །དེ་ནས་


DNG016_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་པ་ལས་གསུངས་པའི། །ལས་རྣམས་མྱུར་དུ་བྱེད་པར་འགྱུར། །དེ་ལྟར་ཁྲོ་བོའི་རྒྱལ་པོ་ཡི། །མཆོད་པ་ལེགས་པར་བྱས་ནས་སུ། །སྒྲུབ་པ་པོ་ནི་མ་ཡེང་པར། །སྔགས་རྗོད་སླར་ཡང་གཤེགས་སུ་གསོལ། །སླར་ཡང་གཤེགས་པར་མཛད་ནས་སུ། །སླར་ཡང་གཤེགས་པའི་ཚིག་གཉིས་བརྗོད། །མེ་ཏོག་སྙིམ་པ་བཀང་ནས་ནི། །ཕྱག་འཚལ་སླར་ཡང་གཤེགས་སུ་གསོལ། །དཀྱིལ་འཁོར་དག་གམ་གསང་སྔགས་བཟླས། །དེ་ནས་གཞན་ཡང་ཕྱག་རྒྱ་ནི། །རབ་ཏུ་འབར་བ་གཅིག་པུ་བཤད། །གཤིན་རྗེའི་གཤེད་ཅེས་བྱ་བའི་ལྷ། །གང་གིས་གྲུབ་པར་གྱུར་པའོ། །ལག་པ་གཡས་པའི་སོར་མོ་ཡི། །མཐེ་བོང་སྦས་ཏེ་གྱེན་དུ་ནི། །བསྒྲེང་བར་བྱ་བའི་ཕྱག་རྒྱ་འདི། །བེ་ཅོན་ཞེས་ནི་གྲགས་པ་ཡིན། །ལྷ་ཉིད་ཀྱིས་ནི་སྔགས་ལྡན་པས། །ལས་རྣམས་ཀུན་ལ་བཅིང་བར་བྱ། །སྤྱན་དྲང་བ་དང་མཆོད་པ་དང་། །གཤེགས་སུ་གསོལ་དང་བཞུགས་པ་དང་། །ལས་རྣམས་བྱ་བའི་ཚེ་དག་དང་། །གཞན་ཡང་རྒོལ་བ་བྱུང་བའི་ཚེ། །ཚུལ་བཞིན་ཕྱག་རྒྱ་འདི་བཅིངས་ནས། །གཤིན་རྗེའི་གཤེད་ཀྱང་ལྷ་བཟླས་སོ། །སྔགས་པ་རྒྱལ་པོའི་དྲུང་འགྲོ་ན། །མགོ་བཏུད་པུས་མོ་བཙུགས་ནས་སུ། །གདོན་མི་ཟ་བར་དབང་གྱུར་པ། །བདག་ཉིད་དང་ནི་ནོར་གྱིས་སོ། །ཁྲོ་བོ་རྣམ་པར་རྒྱལ་བའི་རྒྱུད་ཆེན་པོ་འཇམ་དཔལ་གྱི་རྩ་བའི་རྟོག་པ་ཐམས་ཅད་ཀྱི་ཕྱི་མའི་ཕྱི་མ་ལས། ཁྲོ་བོ་རྣམ་པར་རྒྱལ་བ་བཅོམ་ལྡན་འདས་གཤིན་རྗེའི་གཤེད་ཀྱི་རྒྱལ་པོ་རྟོག་པ་ཕྱི་མའི་ཡང་ཕྱི་མ་གསང་བའི་རིམ་པར་ཕྱེ་བ་སྟེ་བཅྭ་བརྒྱད་པའོ། །རྫོགས་སོ།། །།མ་མཻ་མཱ་མི་མུ་མཱུ་མུ། །མུ་མི་མཱ་མི་མ་ཡིག་ཟུང་། །ཐོག་མ་ཐ་མ་ཟུང་གཅིག་ཏུ། །ཟུང་དང་བསྣོལ་བའི་བྱེ་བྲག་གིས། །སྦྱར་བར་བྱ་བ་འདིར་བཤད་དོ། །ས་བོན་ཞེས་བྱ་དཀྱིལ་དུ་གཞག །ཁྲོ་བོ་དག་ནི་སོ་སོ་རུ། །ཟུང་མའི་ཟུང་མིན་ཚིག་འདི་ལ། །ཐ་མའི་ཟུང་ནི་མ་ཡིན་ནོ། །ཟུང་མའི་ཟུང་མ་ཚིག་འདི་ལ། །ཧེ་ཧེ་ཧ་ཧ་ཧི་ཧི་ཧི་ཧི་ཧ་ཧ་ཧེ་ཧེ་ཞེས་གཉིས་སྦྱར་བ། ཁྲོ་ཆེན་ཚིག་གིས་ཐོག་མར་ཅེས། །ཨོཾ་ཨོཾ་སྭཱ་ཧཱ་ཕྱག་འཚལ་


DNG016_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

གཞག །རྒྱས་པར་འདོད་པས་དགའ་བཞིན་དུ། །མེལ་ཚེ་ཐུན་གཅིག་རྟག་ཏུ་བཟླས། །རི་མོ་ཆོ་ག་བཞིན་དུ་བསྒྲུབ་པ་ཡིས། །རྟག་པར་མཆོད་པའི་ཆོ་ག་འདི། །མདོ་རུ་བསྡུས་ནས་བཤད་པ་ཡིན། །བཟླས་པ་དང་ནི་ཧོམ་དག་དང་། །བརྟུལ་ཞུགས་དཀའ་ཐུབ་མ་བྱས་ཀྱང་། །སྔགས་ཀྱི་དངོས་འདི་ཤེས་ནས་ནི། །མཆོད་པ་འབའ་ཞིག་དབུལ་བར་བྱ། །འདི་ལ་མཆོད་པ་བྱ་བ་ཉིད། །ཁྲོ་བོའི་རྒྱལ་པོ་རྟག་པ་རུ། །མཉེས་བྱས་ཡིན་པར་གང་ཤེས་པ། །སྔགས་པས་དངོས་གྲུབ་ཐོབ་པར་འགྱུར། །རྟག་ཏུ་སྔགས་པས་སེམས་པ་དང་། །རྟག་ཏུ་སྔགས་ཀྱི་བདག་ཉིད་འགྱུར། །རྟག་ཏུ་ཡིད་ལ་ཞེན་པ་དང་། །རྟག་ཏུ་མཆོད་ལ་བརྩོན་པ་དང་། །རྟག་ཏུ་ཁྲོ་བོར་འདུ་ཤེས་པ། །ལས་རྣམས་ཐམས་ཅད་གྲུབ་པའི་ཕྱིར། །ཆོ་ག་མདོར་བསྡུས་འདི་བཤད་པའོ། །ཁྲོ་བོ་རྣམ་པར་རྒྱལ་བ་འཇམ་དཔལ་གྱི་རྩ་བའི་རྟོག་པ་ལས། གསང་བའི་རྟོག་པར་གཏོགས་པ་སྟེ་དང་པོའོ།། །།མ་མཻ་མཱ་མི་མུ་མཱུ་མུ། །མཱུ་མཱི་མ་མཻ་མའི་ཡི་གེ། །ཟུང་དང་ཡ་བྲལ་བྱེ་བྲག་གིས། །ཐོག་མ་ཐ་མ་ཟུང་གཅིག་ཏུ། །འཁོར་ལོ་འདི་ནི་ཅི་རིགས་པར། །སྦྱར་བར་བྱ་བ་འདི་བཤད་དོ། །ས་བོན་ཞེས་བྱ་དཀྱིལ་འཁོར་བཞག །ཁྲོ་བོ་དག་ནི་སོ་སོ་རུ། །དབང་དང་འཁོན་དང་གསད་པ་དང་། །དེ་བཞིན་བསྐྲད་དང་ཞི་བ་དང་། །ཡང་ན་རྒྱས་པར་བྱ་བའི་ཕྱིར། །ཟུང་དང་བསྣོལ་བས་མྱུར་དུ་འགྲུབ། །ཁྲོ་བོ་ཞེས་བྱའི་དཀྱིལ་འཁོར་ནི། །དཀྱིལ་དུ་བཞག་སྟེ་སོ་སོ་རུ། །ཟུང་ཤིག་ཚིག་གཉིས་ཐ་མར་བཞག །ཆེ་གེ་མོ་ཞིག་དབང་དུ་བྱོས། །མཚོན་ཆ་མེད་པའི་ས་བོན་བཞག །སྭཱ་ཧཱའི་ཚིག་ནི་བར་བར་གཞུག །བསྒྲུབ་པར་བྱ་ཡི་གཟུགས་བྱས་ནས། །དེ་ལ་རྐང་པས་བརྫི་བ་ན། །སྔགས་པས་འགྲེང་སྟེ་འདུག་པ་ནི། །རྐང་སྐྱོ་བ་ཡི་བར་དུ་བྱ། །རྒྱལ་པོ་དབང་དུ་མ་གྱུར་པ། །དེ་ཡི་དབང་དུ་མྱུར་དུ་འགྱུར། །གཅིག་པོ་དེ་ལ་སྦོས་ནས་སུ། །མྱུར་དུ་གོ་རིམས་བཞིན་བཞག་པའོ། །ས་བོན་གཉིས་པའི་གནས་ལ་ནི། །གནས་ནས་གདོང་ཡང་བསྒྱུར་ནས་སུ། །


DNG016_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

ཟུང་གཅིག་ཚིག་གཉིས་མཐའ་མར་བཞག །ཆེ་གེ་མོ་ཡི་མཛའ་བོ་དེ། །སྡང་བར་གྱུར་ཞེས་མཐའ་མར་བྱ། །བསྒྲག་པར་བྱ་བ་ཅུང་ཟད་མེད། །བསྒྲུབ་པར་བྱ་བ་གཉིས་ཀ་ཡི། །གཟུགས་ནི་འཇིགས་པའི་ལས་བྱེད་དེ། །གཅིག་ཏུ་དཔའ་བར་མཉམ་ལྡན་པར། །གཉིས་པ་ལ་ཡང་རྐང་པས་མནན། །སྔགས་མཁན་དེ་ལ་གནས་པ་ཡི། །མེལ་ཚེ་ཐུན་ནི་ཕྱེད་ཙམ་གྱིས། །དེ་ནས་སྒྲུབ་པ་འདོད་པ་བཞིན། །དེ་གཉིས་ཕན་ཚུན་དགྲར་གྱུར་པ། །ཁྲོ་བོ་རིམ་བཞིན་བསྒོམས་པས་ནི། །ལན་ཅིག་བྱས་པ་ཙམ་གྱིས་འགྱུར། །ས་བོན་གཉིས་པ་དེ་ལས་ཀྱང་། །དྲག་པོ་རྩལ་གྱིས་སྦོས་ནས་དེ། །ཁྲོ་བོ་ཆེན་པོ་མིག་རྩ་དམར། །གནས་ནི་གསུམ་པ་ལ་གནས་ཏེ། །གཡོན་པའི་གནོན་པས་མནན་པས་ནི། །དྲག་པོ་ཤུགས་ཅན་མ་ལུས་མནན། །ཁ་དང་བརླ་དང་རྒྱབ་ཀྱང་བསྒྱུར། །དྲིལ་བུ་དཀྲོལ་བའི་སྒྲ་མྱུར་འགྱུར། །ཕྱིས་ཀྱང་རིམ་གྱིས་འདི་ལ་གནས། །ལོགས་ཤིག་ཁྲོ་བའི་འཁོར་ལོའི་བཀས། །རྐང་པའི་ཚམ་ངམ་དེ་བཞིན་བྱས། །གདོང་ཡང་དལ་བུས་བསྒྱུར་ནས་སུ། །དང་པོའི་ས་བོན་གང་ཡིན་པའི། །དབང་དུ་བྱེད་ལ་རྒྱས་པར་འགྱུར། །དེ་ཡི་མཐའ་ཡང་ལྷན་ཅིག་ཏུ། །མེ་དང་འདྲ་བ་འབར་བ་སྟེ། །བུན་གྱི་ལས་ནི་གྲུབ་འདོད་ན། །ཤིན་ཏུ་ལེགས་པར་སྦྱར་བར་བྱ། །དེ་ཡི་ཟུང་མས་བསྐུལ་བ་ཡང་། །སོ་སོའམ་གཅིག་ཏུའང་རུང་བར་བཤད། །ཁྲོ་བོ་ཡི་ནི་འཁོར་ལོའི་མཐུ། །བརྒྱད་པ་དག་ལས་མྱུར་བར་གནས། །རིམ་པ་སྔ་མའི་ཚུལ་གྱིས་ནི། །འཁོན་པའི་ས་བོན་དག་གིས་བསྐུལ། །ས་བོན་ཟུང་མས་བསྐུལ་བ་ཡང་། །བརྒྱད་པ་འབྱེད་པར་བསྒྲུབ་པ་ལ། །མཛའ་བ་མྱུར་དུ་བཟློག་པའི་ཕྱིར། །ཆོ་ག་བཞིན་དུ་རིམ་པར་སྦྱར། །རིམ་པ་སྔ་མའི་ཚུལ་བཞིན་དུ། །མྱུར་དུ་གསད་པར་འདོད་པ་ཡིས། །ཁྲོ་བོ་ཡི་ནི་འཁོར་ལོ་གནས། །དགུ་པ་ཨཱ་བི་ཙ་ར་ཡི། །ཆོ་ག་འདི་ཡིས་དགྲ་བོ་དག །མྱོས་པར་བྱས་ནས་འཇིགས་པར་འགྱུར། །ལྷ་རྣམས་ཀྱིས་ནི་སྦས་པ་ཡང་། །གཤེད་པོའི་དྲུང་དུ་ཁྲིད་པར་འགྱུར། །རིམ་པ་སྔ་མའི་


DNG016_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་གྱིས་སུ། །ཁྲོ་བོ་ཡི་ནི་འཁོར་ལོའི་གནས། །བཅུ་པ་དག་ལ་རིམ་གྱིས་གནས། །དྲག་ཤུལ་ཅན་གྱིས་དྲག་ཏུ་གནོན། །དེ་ཡི་ས་བོན་གྱིས་ཀྱང་ཕྱེ། །སྔོན་གྱི་ས་བོན་རབ་འབར་བ། །སྔ་མ་བཞིན་དུ་རིམ་གྱིས་བཟླས། །སྔར་བཤད་པ་ཡི་ལས་བསྒྲུབ་པོ། །འཁོར་ལོ་རིམ་པ་བཅུ་གཅིག་པོ། །གང་ཡིན་པ་ནི་དེ་བཟུང་ནས། །དེ་ནས་ཞི་བར་བྱེད་པ་ཡི། །ས་བོན་དེ་ཡིས་བསྐུལ་བར་བྱ། །སྔ་མའི་བཞིན་དུ་བསྐུལ་བ་དང་། །སྔ་མའི་ལས་ནི་བྱེད་པར་འགྱུར། །ཞི་བ་དག་ལ་གང་གསུངས་པ། །རྒྱས་པ་དག་ལ་སྦྱར་བར་བྱ། །འཁོར་ལོའི་གནས་ཀྱི་མཆོག་རིམ་པར། །བཅུ་གཉིས་པ་ལ་གནས་ནས་སུ། །དེ་ཡི་ས་བོན་བསྐུལ་བར་བྱས། །བདག་གི་མཐུ་རྩལ་གནོད་བརྟགས་པས། །ས་བོན་ཟུང་མ་སྦྱོར་བ་ཡིས། །ས་བོན་མཐུ་ནི་འབར་བ་ཅན། །འཁོར་ལོ་བཀོད་པས་ལས་རྣམས་ནི། །སྔོན་གསུངས་པ་དག་གྲུབ་པར་བྱ། །དེ་ལྟར་ཁྲོ་བོའི་འཁོར་ལོ་ནི། །ཆོ་གར་བཅས་པ་རྒྱས་པ་དག །གསང་བ་བསྐུལ་མར་བཅས་པ་ཡི། །སྦྱོར་བ་མ་ལུས་བཤད་པ་ཡིན། །ས་བོན་ཟུང་མས་བསྐུལ་བ་གང་། །གཉིས་པ་རབ་ཏུ་གྲགས་པ་ཡིན། །དེ་འདིར་ས་བོན་གཉིས་པ་ཡིན། །མྱུར་དུ་གྲུབ་པར་འགྱུར་བར་བཤད། །ཐ་མའི་ས་བོན་ཐམས་ཅད་ལ། །ཕུལ་བའི་ཚིག་གཉིས་རྟག་ཏུ་སྦྱར། །ཟུང་མའི་ཟུང་མའི་ཚིག་འདི་ལ། །ཡ་མཐའ་དག་དང་མ་མཐའ་རུའོ། །འཁོར་ལོ་བཀོད་པ་བསྟན་པ་འདི། །ཇི་ལྟར་རིམ་པར་ཤེས་ན་ནི། །སྦྱིན་སྲེག་བཟླས་བརྗོད་མ་བྱས་ཀྱང་། །ཁྲོ་བོའི་རྒྱལ་པོའི་དངོས་གྲུབ་འཐོབ། །ཁྲོ་བོའི་འཁོར་ལོ་གསང་བ་ནི། །འདི་མི་ཤེས་པར་གང་སྦྱོར་བ། །དེ་འདི་དངོས་གྲུབ་མི་འཐོབ་ཀྱིས། །མྱུར་དུ་སྨྱོ་བ་ཐོབ་པར་འགྱུར། །མ་མཻ་མ་མཱི་མུ་མཱུ་ཡི། །ཡི་གེ་དྲུག་པོ་རྣམས་ཀྱིས་ནི། །དབང་དང་འཁོན་དང་གསད་པ་དང་། །བསྐྲད་དང་ཞི་དང་རྒྱས་པའི་མཐར། །མཁས་པ་དག་གིས་བསྒྲུབ་པར་བྱ། །དེ་དག་ཉིད་ལ་བཟླས་པ་ཡིས། །དེ་བཞིན་དུ་ནི་བསྐུལ་བར་བྱ། །ཇི་སྐད་གསུངས་པ་འདི་རྣམས་ནི། །མ་གྲུབ་ན་སྟེ་གཞན་དུ་མེད། །མུ་མཱུ་མི་མ་མཻ་


DNG016_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

མཱི་ནི། །མ་ནི་རྒྱས་མཐར་དེ་བཞིན་དུ། །འཁོར་ལོའི་རྩིབས་ཀྱི་གནས་རྣམས་ནི། །དེ་དང་དེ་དག་གཉིས་སུ་སྦྱར། །དེ་བཞིན་འཁོར་ལོའི་ནང་དུ་ཡང་། །ཁྲོ་བོ་སྐུ་མཆོག་ས་བོན་ཡང་། །གཞག་ནས་ཚིག་གི་མཐའ་མར་ཡང་། །ཁྲོ་བོའི་དྲིལ་བུ་དཀྲོལ་བ་དགོད། །འཁོར་ལོའི་མུར་ན་ནང་དག་ཏུ། །ཟུང་ཤིག་པ་ཡི་ཚིག་གཉིས་བརྗོད། །མཁས་པས་འཁོར་ལོའི་མིག་གི་ནང་། །ས་བོན་བཀོད་པ་རྣམས་ལ་གནས། །ཁྲོ་བོའི་འཁོར་ལོ་བསྒྲགས་པ་ནི། །ཤེས་ན་ཇི་སྐད་བཤད་པ་ཡི། །དངོས་གྲུབ་རྣམས་ནི་ཐོབ་པར་འགྱུར། །དངོས་གྲུབ་ཚུལ་བཞིན་ཐོབ་འགྱུར་བ། །དེ་ཡི་སྦྱོར་བ་བཤད་པར་བྱ། །ཐོག་མར་ཕྱག་རྒྱ་བཅིངས་ནས་སུ། །སྐུ་ནས་སྐུ་ནི་སྐུར་བསྒྱུར་ཏེ། །ལས་རྣམས་ཚུལ་བཞིན་མཐོང་བ་ཡིས། །སྦྱོར་བ་དག་ནི་ལེགས་པར་བྱ། །གདོང་དང་ཁ་མིག་རྐང་པ་མཉམ། །རབ་ཏུ་དང་ཞིང་ཞི་བའི་སེམས། །སྙིང་ཡང་དེ་བཞིན་རབ་ཏུ་དགའ། །དབང་ཏུ་བྱ་བའི་སྔགས་གསུངས་པ། །ཤིན་ཏུ་མཉམ་པར་བཞག་པས་བསྒྲུབ། །རྐང་པ་ཡ་གཅིག་ཐུང་ངུ་བཞག །གདོང་དང་ནུ་མཇིང་གཅུས་ཏེ་གནོན། །ཁ་དང་མིག་ནི་ཡ་གཅིག་འཛུམས། །ཚམ་ངམ་གནོན་པ་ཆེན་པོ་བྱས། །བེ་ཅོན་ལ་ནི་མིག་གིས་བལྟ། །བསྒྲུབ་པར་བྱ་བ་སྒྲུབ་ལ་འབད། །གང་དག་དབྱེ་བར་འདོད་པ་ཡིས། །དེ་དག་དབྱེ་བ་བརྩམ་པར་བྱ། །རྐང་པ་གཉིས་པ་བཏེག་པ་ཡིས། །ཚམ་ངམ་བྱ་བ་སླར་ལ་གཞག །བཞིན་བསྙེར་ཕྱག་རྒྱ་བཅིངས་ནས་སུ། །ཁྲོ་བར་བལྟ་ཞིང་ཡིད་ཀྱང་ཁྲོས། །རབ་ཏུ་དཔའ་བ་སྲན་དང་བཅས། །རྩལ་གྱིས་གནོན་པར་རབ་ཏུ་འདུད། །སྔགས་པ་སྔོན་བཞིན་སྔགས་ཚུལ་གནས། །གང་འདོད་པ་ནི་གཞོམ་པར་བྱ། །དེ་ལ་རྐང་པ་ཡ་གཅིག་ཀྱང་། །དྲག་ཤུལ་ཅན་དུ་བརྒྱང་སྟེ་གཞག །བཟུར་ཏེ་འདུག་པའི་ཚུལ་ཏུ་གནས། །གདོང་ཡང་ཡོན་པོར་བསྙེར་བར་བྱ། །མཛུབ་མོ་བསྒྲེང་སྟེ་གདེངས་པ་དང་། །བེ་ཅོན་ཕྱག་རྒྱ་དག་གིས་བསྡིགས། །དགྲ་དག་བསྐྲད་པར་འདོད་ན་ནི། །མྱུར་དུ་བསྐྲད་པར་བྱ་བར་


DNG016_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། །དེ་ནས་རྐང་པ་མཉམ་པར་གཞག །ལག་པ་གཡས་པ་མཐོ་བར་བྱ། །དཔའ་དང་ལྡན་པས་གཡོན་པ་སྨད། །ཞི་བར་འདོད་ན་ཞི་བར་འགྱུར། །ཕྱེད་ནི་དམའ་བར་བཀུག་སྟེ་གནས། །རྐང་པ་གཡས་པས་ཚམ་ངམ་བྱེད། །སྔགས་ཚུལ་གནས་པས་བསྒྲིམས་ན་ནི། །རྒྱས་པར་འདོད་ནས་ཐོབ་པར་འགྱུར། །སླར་ཡང་དེ་བཞིན་ཤེས་བྱ་བ། །བཟློག་སྟེ་བྱ་བ་གཞན་དུ་མེད། །གྲུབ་པ་བདག་ཉིད་ཆེན་པོ་ཡི། །ཚམ་ངམ་རིམ་པ་དྲུག་གསུངས་པ། །དང་པོའི་མིང་ནི་ལོགས་པར་ཕྱོགས། །དེ་ཡི་འོག་མ་རྒྱབ་ཀྱི་ཕྱོགས། །དེ་བཞིན་ཚམ་ངམ་གསུམ་པོ་ནི། །ཁྲོ་བོ་ཆེ་ཞེས་བསྒྲགས་པ་ཡིན། །བཞི་པ་མཛུབ་མོ་བསྒྲེང་བ་ཡིས། །ལྔ་པ་ལ་ནི་སྟོབས་ཞེས་བྱ། །དྲུག་པ་སྟོབས་པོ་ཆེ་ཞེས་བྱ། །འདི་རྣམས་ཚམ་ངམ་དྲུག་ཏུ་བསྒྲགས། །ཚམ་ངམ་གདངས་པ་བྱས་པ་ཡིས། །དགྲ་ཡི་འཁོར་རྣམས་གཡེན་སྤྱོ་བ། །འཁོར་ལོའི་མཆོག་ལ་གོམས་བྱེད་པས། །གྲགས་པ་ཆེན་པོ་ཐོབ་པར་འགྱུར། །ཁྲོ་བོ་ཆེན་པོས་གསུངས་པ་ཡི། །རབ་གསུངས་པ་ཡི་རྒྱུད་འདི་དཀོན། །ཁྲོ་བོ་རྣམ་པར་རྒྱལ་བ་འདི། །དེ་བས་ཡང་ནི་ཤིན་ཏུ་དཀོན། །གསང་བའི་རྟོག་པ་བཟང་པོ་འདི། །ཀུན་ཏུ་དངོས་གྲུབ་ཀུན་སྦྱིན་པར། །གསང་བའི་རྟོག་པ་དེ་བས་ཀྱང་། །འཁོར་ལོ་འདི་ནི་ཤིན་ཏུ་དཀོན། །ཧོམ་དང་བཟླས་པ་ཡོངས་མི་དགོས། །སྔོན་དུ་བསྙེན་པ་བྱ་མི་དགོས། །ཁྲོ་བོའི་རྒྱལ་པོའི་བརྟུལ་ཞུགས་དང་། །དཀའ་ཐུབ་དྲག་པོའང་བྱ་མི་དགོས། །བསམ་གཏན་སྦྱོར་བའང་མི་དགོས་ཏེ། །གང་ལ་འཁོར་ལོ་འབའ་ཞིག་ཡོད། །གང་གསུངས་པ་ཡི་དངོས་གྲུབ་ནས། །དེ་མ་ཐག་ཏུ་དངོས་གྲུབ་ཐོབ། །དེ་བས་འདི་ནི་གསང་བྱས་ནས། །ཐམས་ཅད་བསྒྲུབ་པའི་སྒྲུབ་པ་པོ། །བདག་གིས་དོན་མཆོག་གང་འདོད་པ། །ཤིན་ཏུ་ལེགས་པར་བསྒྲུབ་པར་བྱ། །ཁྲོ་བོ་རྣམ་པར་རྒྱལ་བ་འཇམ་དཔལ་གྱི་རྩ་བའི་རྟོག་པ་ལས། གསང་བའི་རྟོག་པར་གཏོགས་པ་སྟེ་གཉིས་པའོ།། །།ཁྲོ་བོའི་རྒྱལ་པོའི་དངོས་གྲུབ་ནི། །སྣ་ཚོགས་ཐོགས་མེད་ཐ་དད་པ། །


DNG016_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་པ་འདོད་ན་ཆོ་ག་མཆོག །དང་པོར་བྱེད་ན་དངོས་གྲུབ་འཐོབ། །རབ་ཏུ་གསང་བའི་སྔགས་འདི་ནི། །རེ་ཞིག་འདི་ཡི་མཚན་ཉིད་ནི། །གཞན་དག་འདིར་ནི་བཤད་པར་བྱ། །དེ་ཡི་ལས་ནི་གང་གསུངས་པ། །གང་དག་ཕྱིས་ཀྱང་གྲུབ་འགྱུར་བ། །དཔའ་བོ་གཅིག་པུ་འབའ་ཞིག་གི། །ཐམས་ཅད་ཉིད་དེ་གང་གསུངས་པ། །ཐམས་ཅད་དེ་ནི་བཤད་པར་བྱའོ། །སྔགས་དེ་ལས་རྣམས་ཀུན་བྱས་པ། །རྒྱུད་ལ་དངོས་གྲུབ་གང་གསུངས་པ། །དཔའ་བོ་གཅིག་པུའི་མཐུས་ཀྱང་འགྲུབ། །ཨོཾ་ནི་དེ་ཡི་ཐོག་མ་སྟེ། །བདེ་བར་གཤེགས་པའི་དམ་ཚིག་ཡིན། །ཐོག་མ་དང་ནི་གཉིས་པ་ཡང་། །དྲག་པོའི་རྩེག་གིས་ཕུལ་བའི་ལུགས། །ཀླད་ཀྱི་འཁོར་གྱིས་མནན་པའི་རིགས། །སྔགས་ཀྱི་ཡི་གེ་ཕྲེང་བཀོད་ལ། །སྔགས་རྣམས་ཐམས་ཅད་གསལ་བྱེད་པ། །ཁྲོ་བོའི་རྒྱལ་པོའི་སྙིང་པོ་ནི། །གསུམ་པོ་དེ་ནས་སྦྱར་བར་བྱ། །དེ་ནས་ཁྲོ་བོའི་རྒྱལ་པོ་ཡི། །སྐུ་ནི་དེ་ཡི་འོག་ཏུ་བསྟན། །སྔགས་པས་སྔགས་རྣམས་ཀུན་གྱིས་མཚན། །དེ་དག་རྟག་ཏུ་རིག་པར་བྱ། །ཐོགས་པ་མེད་པའི་སྔགས་རྣམས་ནི། །བདག་ཉིད་ཆེན་པོའི་ཐམས་ཅད་ཀྱིས། །བསྲུང་ལ་སོགས་པའི་ལས་རྣམས་ཀུན། །གོ་རིམས་བཤད་པ་བཞིན་དུ་བྱ། །ཐམས་ཅད་བདག་ཉིད་ཆེན་པོ་འདིས། །སྲུང་བ་དག་གི་བྱས་ནས་སུ། །སྔོན་གྱི་ཚུལ་བཞིན་རབ་དབེན་པ། །སྐུ་གཟུགས་དོན་མཆོག་གཞན་ནས་ནི། །ཆོ་ག་ཇི་སྐད་སྔར་གསུངས་པ། །ཆོ་ག་བཞིན་དུ་མཆོད་པ་བྱ། །ཉིན་རེ་མེ་ཏོག་ཕྲེང་བ་ལ། །ལན་བདུན་བཟླས་པ་རྣམས་ཀྱིས་མཆོད། །མཆོད་ནས་ཀ་ར་བཱི་ར་ཡི། །མེ་ཏོག་དམར་པོ་ཁ་འབུས་པའི། །བརྒྱ་ནི་རྩ་བརྒྱད་གྲངས་རྣམས་ཀྱིས། །བུ་དོན་ལ་ནི་ཕོག་པར་དབུལ། །ཆོ་ག་འདི་ནི་དུས་གསུམ་དུ། །ཟླ་བ་གཅིག་ཏུ་བྱས་ན་ནི། །ཁྲོ་བོ་མངོན་སུམ་ཉེ་གྱུར་ནས། །རྨི་ལམ་དུ་ནི་དངོས་གྲུབ་སྟེར། །ཆོ་ག་འདི་ལྟར་སྔར་བྱས་ན། །གང་འདོད་པ་ཡི་དགོས་པ་དག །དེ་ཚེ་གདོན་མི་ཟ་བར་འགྲུབ། །དེ་ཡི་ཆོ་ག་མཆོག་བཤད་པ། །དེ་ལྟར་ཟླ་གཅིག་བསྙེན་བྱས་ན། །མི་ཡི་ལས་རྣམས་གང་བྱ་བ། །དེ་ཡི་ཆོ་ག་


DNG016_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

མདོར་བསྡུས་ནས། །ད་ནི་ལེགས་པར་བཤད་པར་བྱ། །དེ་ནས་དང་འགྲོ་དང་སྦྱར་བའི། །དུག་ནི་རྣམ་པ་གསུམ་དག་དང་། །གདོན་དང་འབྱུང་པོའི་གདོན་རྣམས་དང་། །ལྟོ་འཕྱེ་སྲིན་པོར་བཅས་པ་འཇིག །བདག་གིས་བྱས་པའི་ཕྱག་རྒྱའི་སྔགས། །སྦྱོར་བ་ལན་ཅིག་བདག་གིས་བསྲུང་། །ཡིད་ལ་བསམས་པ་ཙམ་གྱིས་ཀྱང་། །གཞན་དག་གིས་ཀྱང་མཆོད་པར་བྱེད། །བཞི་པའི་རིམས་ལ་སོགས་དེ་ཡང་། །ཐོས་པས་མྱུར་དུ་མེད་པར་བྱེད། །མ་དང་བྱིས་པའི་གདོན་རྣམས་ལ། །ཐལ་བའམ་ཡང་ན་ལས་ཀྱང་རུང་། །བདག་ཉིད་དག་པར་བསམས་ནས་ནི། །བདག་དགར་ཕབ་ནས་དགོས་པའི་དོན། །གང་དང་གང་དག་འདོད་པར་ནི། །བསྒོམས་པས་དེ་དང་དེ་དག་བྱེད། །ཡིད་ལ་བསམས་པས་དེ་དག་ཐར། །རྡོ་ལ་ལན་གསུམ་བཟླས་པ་ཡི། །ཆུ་སྲིན་ཀུམ་བི་ར་ལ་སོགས། །མཆེ་བ་ཅན་དག་ཕྱོགས་མེད་པར། །ཆུ་བསལ་བ་ཡི་མཆོག་ཏུ་འབྱུང་། །འགྲོ་ཚེ་ཡིད་ལ་བཟླས་ན་ནི། །ལམ་ན་རྐུན་པོ་འཇིགས་པ་མེད། །སེང་གེ་སྟག་དང་དགྲ་རྣམས་དང་། །ནད་ཀྱི་འཇིགས་པ་མེད་པར་འགྱུར། །རྒྱལ་པོའི་དྲུང་དུ་འགྲོ་ན་ཡང་། །སྔགས་ཀྱིས་སྤྱི་གཙུག་བཅིངས་ནས་ནི། །རྒྱལ་པོ་ཁྲོས་པ་མྱུར་རབ་ཏུ། །བརྐྱང་ནས་ཐལ་མོས་སྦྱོར་བར་བྱེད། །ཤགས་འགྱེད་པ་དང་རྒྱན་པོ་དང་། །མཚོན་དང་མེ་ཡིས་འཇིགས་པ་ལ། །ཡིད་ལ་དྲན་ཞིང་བཟླས་བྱས་ན། །མི་བདེ་ཀུན་ལས་ཐར་བར་འགྱུར། །འཚེ་བ་ཐམས་ཅད་ཞི་བའི་ཕྱིར། །མི་བདེ་ཉམ་ཐག་གྱུར་པ་ལ། །སྔགས་འདི་མྱུར་དྲན་བརྗོད་བྱས་ན། །སྤྲིན་དག་མནན་པར་བྱ་བ་དང་། །འདོད་བཞིན་མྱུར་དུ་སླར་ཡང་བཟློག །གནམ་ལྕགས་སེར་བ་འབབ་པ་ཡང་། །དབྱུག་པའི་ཕྱག་རྒྱས་ཞི་བར་བྱེད། །ཕྱག་རྒྱ་བཅིངས་པ་དེ་ཉིད་ཀྱི། །ཡིད་ཀྱིས་སྤྲིན་རྣམས་དབབ་པར་བྱ། །དེ་ལྟར་ཕྱག་རྒྱས་བསྡིགས་ནས་ནི། །སྨིན་མཚམས་དག་ཀྱང་བསྒྱུར་བར་བྱ། །རྣམ་པ་དེ་དག་ཉིད་ཀྱིས་ནི། །གནམ་ལྕགས་སེར་བ་གཅད་པར་བྱ། །སྦྱོར་བ་མཁས་པས་ཅི་འདོད་པ། །ཆར་པ་དག་ཀྱང་གཅད་པར་བྱ། །གོས་ནི་སྔོན་པོ་བགོས་ན་ནི། །ཁོ་ར་ཁོར་ཡུག་བསྲུང་བྱས་ནས། །མིད་པ་ནུབ་པར་ཆུར་ཞུགས་ཏེ། །ཉིན་


DNG016_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ལེགས་པར་བཟླས་བྱས་ན། །བརྒྱ་བྱིན་གྱིས་ནི་སྤྲིན་བསྡུས་ནས། །འདོད་པ་བཞིན་དུ་ཆར་པ་འབེབས། །དེ་ནས་སྤྲིན་ཆེན་ལས་བྱུང་བ། །ཆར་པས་ས་སྟེང་ཁྱབ་པར་འགྱུར། །ཉི་མ་ལ་ནི་མངོན་ཕྱོགས་ནས། །ཉིན་རེ་རྟག་ཏུ་བཟླས་བྱས་ན། །བདག་དང་དེ་བཞིན་གཞན་རྣམས་ཀྱི། །ནད་རྣམས་དེ་ནས་མེད་པར་འགྱུར། །རྒྱལ་པོ་དབང་དུ་བྱ་ཡང་རུང་། །ཡུངས་ཀར་དཀར་པོ་བཟང་པོ་ལས། །གཟུགས་བརྙན་ལེགས་པར་བྱས་ནས་སུ། །དེ་ཡི་གཟུགས་ཀྱི་སྟེང་འདུག་ལ། །གང་གི་མིང་སྨོས་ཉིན་བདུན་དུ། །བཟླས་བརྗོད་ལེགས་པར་བྱས་ན་ནི། །དེ་ནི་མྱུར་དུ་ཆོ་ག་འདིས། །བྲན་བཞིན་དུ་ནི་དབང་དུ་འགྱུར། །ཞག་གཅིག་རྨྱུང་བ་བྱས་པ་ཡིས། །དམངས་རིགས་དག་ནི་དབང་དུ་འགྱུར། །ཞག་གཉིས་རྨྱུང་བ་དེ་བཞིན་དུ། །བཟླས་ན་རྗེའུ་རིགས་འདོད་པ་བཞིན། །ཞག་གསུམ་བྱས་པས་རྒྱལ་རིགས་ཏེ། །ཞག་བཞི་དག་གིས་བྲམ་ཟེ་དག །བཟླས་པའི་ཆོ་ག་བཞིན་བྱས་ན། །འདོད་པ་བཞིན་དུ་དབང་དུ་འགྱུར། །འབྲུ་དང་ཕུབ་མ་ཐམས་ཅད་ལས། །བུ་དང་བུ་མོ་གང་ཡང་རུང་། །དེ་བཞིན་གཟུགས་བརྙན་བྱས་ན་ནི། །དམངས་རིགས་ལ་ནི་མཚན་གཅིག་གིས། །རབ་ཏུ་སྡང་བ་བྱ་བར་འགྱུར། །རྗེའུ་རིགས་ལ་ནི་ཞག་གཉིས་ཀྱིས། །དེ་སྟེང་ཙོག་པུར་འདུག་ནས་ནི། །དེ་བཞིན་མཛའ་དང་བྲལ་བར་བྱེད། །ཉིན་ཞག་གསུམ་དང་བཞི་དག་གིས། །རྒྱལ་རིགས་དང་ནི་བྲམ་ཟེའོ། །ཇི་ལྟར་ཇི་སྐད་གསུངས་པ་ཡི། །ལས་ཀྱིས་བྱ་ཡི་གཞན་གྱིས་མིན། །གང་ཡང་རུང་བའི་གཟུགས་བརྙན་ནི། །དུར་ཁྲོད་སོལ་བས་ལེགས་པ་རུ། །སྔ་མ་བཞིན་དུ་ལེགས་པར་བྲི། །དེ་ནས་སེང་ལྡེང་ཕུར་བུ་ལ། །སྔགས་ཀྱིས་སྟོང་དུ་བཟླས་བྱས་ན། །དེ་ཡི་འོག་ཏུ་ལུས་ལ་གདབ། །དགྲ་བོ་དེ་ཡི་མིང་སྨོས་ནས། །དེ་ལ་ཁྲོས་པར་བྱས་ནས་སུ། །དེ་ནས་དེ་ཡི་སྙིང་གར་འདུག །ཕུར་བུ་བཏབ་སྟེ་བཟླས་བྱ་བ། །དེ་ཉིད་ལག་པས་བཟུང་ནས་སུ། །དུས་གསུམ་ཉི་མ་གསུམ་བྱས་ན། །དགྲ་བོ་གང་དུ་བཏབ་པ་དེར། །གཟེར་ཐབས་དྲག་པོས་བཏབ་ནས་སུ། །འགུལ་མི་ཕོད་པར་


DNG016_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

ས་ལ་ལྟུང་། །ཞག་བདུན་ལོན་ནས་འཆི་བར་འགྱུར། །མ་མོའི་གནས་སུ་སོང་ནས་སུ། །ལག་པས་བེ་ཅོན་ཕྱག་རྒྱ་བཅིང་། །ལག་པ་གཡོན་པའི་མཛུབ་མོ་ཡིས། །བསྡིགས་ཤིང་ཉི་མ་ནུབ་ནས་སུ། །ཁྲོས་ཤིང་དགྲ་ཡི་མིང་སྨོས་བཟླས། །དེ་ནས་དགྲ་བོ་མོ་གདོན་གྱིས། །ཟིན་ནས་སྤྱོད་པ་སྣ་ཚོགས་པས། །འཆི་བར་གྱུར་པ་དག་ནི་བྱེད། །དེ་ནས་སྒྲུབ་པོས་ཞི་བ་ཡི། །ཆོ་གས་དེ་ལས་ཞི་བར་བྱ། །མ་མོ་རྣམས་ཀྱི་མདུན་འདུག་ནས། །ཞི་བའི་ཆོ་ག་མཁས་པ་ཡིས། །དབང་པོ་བསྡམས་ཤིང་ཡིད་བདེ་བས། །ཉིན་ཞག་གསུམ་དུ་བཟླས་བྱས་ནས། །དེ་ནས་དེ་ལ་ལས་དེ་ཡི། །ཞི་བར་འགྱུར་བ་གདོན་མི་ཟ། །ཉི་མ་ལ་ནི་མངོན་ཕྱོགས་ནས། །ལག་པས་དགྲ་བོའི་མགོ་བྱུག་ཅིང་། །དགྲ་ཡི་མིང་སྨོས་མནན་ནས་སུ། །ཉི་མ་ནུབ་ཏུ་བཟླས་བྱས་ན། །དེ་ཡི་ཀླད་པ་ན་འགྱུར་བ། །ཚབས་ཆེན་ཤི་ལ་ཐུག་པར་འགྱུར། །དེ་ནས་ཐལ་མོ་སྦྱར་ནས་སུ། །ཉིན་པར་ཟློས་ཤིང་ཞི་བར་བྱ། །ས་སྟེང་རྐང་པ་གཅིག་གིས་འདུག །ཉིན་པར་ལག་པ་གྱེན་དུ་བརྐྱང་། །མི་དགའ་ཁྲོས་ཤིང་བཟླས་བྱས་པ། །དགྲ་ཡི་མིང་སྨོས་ཅི་འདོད་པར། །ཉི་མ་ནུབ་ཀར་དེ་ནས་དགྲ། །མི་དགའ་བ་དང་མྱོས་འགྱུར་ཏེ། །གཉེན་དང་མཛའ་བོ་རྣམས་བོར་ཏེ། །དེ་ནས་གཞན་གྱི་གནས་སུ་འགྲོ། །དེ་ལ་འདིར་ནི་ཞི་བ་འམ། །འོན་ཏེ་རྒྱས་པར་བྱ་འདོད་ན། །གཙང་སྦྲ་བྱས་ཏེ་གོས་དཀར་བགོས། །བདེ་ཞིང་བརྟན་པར་མ་གཡོས་པར། །མཆོད་པ་བཟང་པོ་བྱས་ནས་སུ། །དེ་བཞིན་གཤེགས་ལ་ཕྱག་འཚལ་ནས། །འོ་མ་བཏུང་ཞིང་བཟླས་བྱས་པ། །ཞི་བར་འགྱུར་གྱི་བར་དུའོ། །དེ་ལྟར་འདི་ནི་སྣ་ཚོགས་པ། །སྦྱོར་བཅས་རྒྱས་པར་བཤད་པ་ཡིན། །རྟོག་པའི་ཆོ་ག་བཞིན་དུ་ནི། །མ་གསུངས་པ་ཡང་ལེགས་པར་བསྒྲུབ། །ཁྲོ་བོ་རྣམ་པར་རྒྱལ་བ་འཇམ་དཔལ་གྱི་རྩ་བའི་རྟོག་པ་ལས། གསང་བའི་རྟོག་པར་གཏོགས་པ་སྟེ་གསུམ་པའོ།། །།དེ་ནས་གཞན་ཡང་བཟང་པོ་འདི། །ཧེ་ལའི་དཀྱིལ་འཁོར་རྒྱས་པ་ནི། །དེ་ལས་བཟང་པོ་གཞན་མེད་པ། །ཇི་ལྟར་རིགས་པ་བཤད་པར་བྱ། །དང་པོར་ཧེ་ཞེས་གང་གསུངས་པ། །བསྐུལ་བའི་ས་བོན་ཐམས་ཅད་པའོ། །དེ་ནི་ལེན་དང་


DNG016_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ་སྟེ། །ལས་ལ་མྱུར་དུ་བསྐུལ་བའོ། །དེ་བས་ཐོག་མར་བསྐུལ་བ་དང་། །དོན་བཞིན་དུ་ནི་བཟུང་བ་ལ། །ཁྲོ་བོ་ཡི་ནི་རྒྱལ་པོ་ཡི། །ཧེ་ལའི་འཁོར་ལོ་རིམ་བཞིན་བསྟན། །ཧེ་ཧེ་ཧ་ཧ་ཧི་ཧི་ཧི། །ཧི་ཧ་ཧ་ཧེ་ཧེ་གཉིས་སྦྱར་བ། །ཁྲོ་ཆེན་ཚིག་གིས་ཐོག་མར་སྦྱར། །ཟུང་ཤིག་པ་ཡི་ཚིག་གཉིས་པའོ། །ཟུང་དྲུག་འཁོར་ལོའི་ཐ་མར་དགོད། །མུ་རན་རྩིབས་ཀྱི་མིག་རྣམས་སུ། །སྔགས་ལས་འབྱུང་བའི་རེ་རེའོ། །དོན་རྣམས་ཐམས་ཅད་བསྒྲུབ་པར་འགྱུར། །བཅུ་གཉིས་དག་ཏུ་གསུངས་པའི་སྔགས། །གནས་སུ་ཇི་ལྟར་བཀོད་པ་དང་། །ཇི་ལྟར་སྨོས་ཤིང་གང་གནས་པ། །སོ་སོའི་ལས་ལ་སྦྱར་བར་བྱ། །དེ་ནས་འདི་དག་བཀོད་པ་དེ། །སྔགས་རྣམས་བསྡུ་བ་ཚུལ་བཞིན་བཤད། །དེའི་ནང་མུ་རན་གསུམ་པོ་དང་། །དབུས་ཀྱི་མུ་རན་བཟང་པོར་ལྡན། །མཐའ་ཡི་མུ་རན་དྲུག་པོ་དང་། །རྩིབས་ཀྱི་ཟུར་དྲུག་རབ་བཟང་བ། །རབ་དབེན་འདུ་འཛི་མེད་པའི་སར། །ཆོ་ག་བཞིན་དུ་ལེགས་བྲིས་ནས། །དེ་ཡི་གནས་སུ་སྦྱར་བ་དང་། །དེ་ཡི་གོ་རིམ་བཞིན་དུ་སྦྱར། །དེ་ཡི་ཚམ་ངམ་གསལ་བ་ཡི། །སྔགས་རྣམས་འདི་ནི་བསྡུ་བར་བྱ། །དབུས་སུ་དེ་བཞིན་གཤེགས་པ་ཡི། །སྙིང་པོ་མཚན་ནི་བརྗོད་པའི་མཆོག །བཞག་ནས་དེ་ཡི་གནས་དག་ལ། །སྔགས་ནི་གྲུབ་པར་བྱེད་པ་གཞག །མུ་རན་གཉིས་ལ་གནས་ནས་སུ། །ཁྲོ་བོའི་སྙིང་པོ་གཞག་པར་བྱ། །དེ་ནི་ཁྲོ་བོའི་ཞབས་ཀྱིས་མནན། །དྲིལ་བུ་དཀྲོལ་བའི་སྒྲ་ཡང་བསྒྲགས། །ཁྲོ་བོ་ཞབས་ཀྱིས་བཅགས་བྱས་པ། །རྩིབས་རྣམས་ཁྲོ་བོ་མཐུ་དང་ལྡན། །དབུས་སུ་སྙིང་པོ་དག་པར་ལྡན། །རབ་ཏུ་འབར་ཞིང་ངེས་བྱས་པ། །མུ་རན་གསུམ་གྱི་བར་དུ་སྟེ། །ཐམས་ཅད་དོན་རྣམས་ཀུན་གྲུབ་པའོ། །ཧེ་ཧེ་ཧ་ཧ་ཧི་ཧི་ཧི་ཧི་ཧ་ཧ་ཧེ་ཧེ། གཉིས་སུ་སྦྱར། ཁྲོ་བོ་ཆེན་པོའི་ཚིག་དབུས་ནས། །ས་བོན་བཟུང་བའི་ཕྱི་རོལ་གཞག །ཐོག་མར་བསྐུལ་པའི་ཚིག་རྣམས་དགོད། །ཁྲོ་བོ་དུ་མས་བསྐུལ་བ་སྟེ། །ཐམས་ཅད་ཀུན་དུ་དོན་རྣམས་ཀུན། །གྲུབ་པའི་ཕྱིར་ནི་དེ་ལ་གནས། །དེ་ལྟར་འཁོར་ལོ་བྱས་པ་ཡི། །ཕྱི་ནས་


DNG016_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་འཁྱིལ་པ་བཞག །བསྐུལ་བའི་ཚིག་རྣམས་དགོད་པའི་མཐར། །ཁྲོ་བོ་གཞན་རྣམས་བཀོད་པར་བྱ། །དེ་ནས་གཞན་ཡང་རིམ་བཞིན་དུ། །ཁྲོ་བོ་ཆེན་པོ་དགོད་པའི་ཕྱིར། །སྐུལ་བར་བྱེད་པ་བཅུ་གཉིས་པོ། །འདི་དག་ཚུལ་བཞིན་བཤད་པར་བྱ། །དང་པོར་ཁྲོ་བོ་རྒྱལ་པོས་གསུངས། །འབར་བའི་ཕྲེང་བ་ཆེ་ཞེས་བྱ། །རྡོ་རྗེ་མེ་ཡི་རྒྱལ་པོར་བཞག །རབ་ཏུ་དྲག་པོའི་ཤུགས་གཞག་གོ། །རབ་ཏུ་དྲག་ཤུལ་སྟོབས་པོ་ཆེ། །རྒྱ་ཆེན་ཁྲོ་བོ་ལྔ་པ་ཡིན། །དྲུག་པ་གཞན་གྱིས་མི་ཐུབ་པ། །འཇིགས་པར་བྱེད་པ་ཞེས་བྱ་བ། །ཁྲོ་བོ་བདུན་པར་བྱེད་པ་ཡིན། །ཟུར་དུ་ཁྲོ་བོ་བརྒྱད་པོ་གྲགས། །ཕོངས་པ་སྒྲོལ་བ་དེ་བཞིན་དགུ། །རབ་ཏུ་འཇོམས་པ་བཅུ་པ་ཡིན། །དེ་བཞིན་ཀཱི་ལི་ཀཱི་ལི་བཞག །ཀཱི་ལི་ཀཱི་ལི་ཆེན་པོ་དང་། །བཅུ་གཉིས་སུ་ནི་གསུངས་པ་ཡིན། །ཁྲོ་བོ་རབ་ཏུ་སྣང་བྱེད་པ། །བཅུ་གཉིས་བགྲངས་པ་འདི་དག་ནི། །ཁྲོ་བོའི་རྒྱལ་པོས་ཀུན་ཏུ་མནན། །ཐམས་ཅད་རིམ་པ་བཞིན་དུ་གསུངས། །འཁོར་ལོའི་ཕྱི་རོལ་གནས་པ་འཁོད། །འབར་ཞིང་དྲག་པོའི་མཐུ་དང་ལྡན། །ཐམས་ཅད་བསྟན་ནས་འཁོད་པ་ནི། །ཁྲོ་བོ་ཆེན་པོ་སྣང་བྱེད་པ། །མཐུ་རྩལ་ཆེན་པོ་སྟོབས་སུ་ལྡན། །ཀུན་ཀྱང་བདུད་རྩི་འཁྱིལ་པའོ། །ས་བོན་སྔ་མ་མཐའ་ཡས་རྣམས། །གུག་སྐྱེད་དྲུག་དང་ལྡན་པར་བྱ། །སྟེང་དུ་ཀླད་ཀྱི་འཁོར་གྱིས་མཚན། །ས་བོན་བདུད་རྩི་འཁྱིལ་པའོ། །དང་པོ་དཀྱིལ་འཁོར་ན་གནས་གཅིག །ཚེག་དང་བཅས་པས་དོན་ཀུན་འགྲུབ། །རབ་ཏུ་འབར་བའི་སྔགས་ཀྱི་མཐར། །འབར་བའི་ཕྲེང་བ་ཅན་གྱིས་བསྒྲགས། །ས་བོན་གཉིས་པ་གང་ཡིན་པ། །ཚེག་དང་བཅས་པར་དེ་བཞིན་གནས། །རྡོ་རྗེ་མེ་རྒྱལ་ཞེས་བྱས་པ། །ཁྲོ་བོ་དོན་ཀུན་འགྲུབ་བྱེད་པའོ། །དང་པོའི་ས་བོན་གསུངས་པ་ཡང་། །སྔ་མ་བཞིན་དུ་ཚེག་དང་བཅས། །རབ་ཏུ་ཤུགས་དྲག་ཆེར་གྲགས་པ། །ཁྲོ་བོའི་རྒྱལ་པོ་ཁྲོ་བོར་སྣང་། །སྣང་བྱེད་ཁྲོ་བོའི་རིམ་པ་ལས། །ཚེག་དྲག་དེ་བཞིན་ཁྲོ་བོ་ཆེ། །དེ་ནི་སྟོབས་པོ་ཆེ་ཞེས་གསུངས། །གཉིས་པར་འཁོར་ལོ་ཚེག་མཐའ་ཅན། །གང་


DNG016_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ཁྲོ་བོ་རྒྱ་ཆེན་ནི། །དེ་ནི་སྙིང་པོར་གྲགས་པ་ཡང་། །མི་ཐུབ་གཙོ་བོའི་ཚེག་དང་བཅས། །དེ་ཡི་གསུམ་པོ་ཚེག་བཅས་པ། །དེ་ཡང་དེ་བཞིན་བསྒྲགས་པ་ཡིན། །འཇིགས་པ་ཞེས་བྱ་རབ་ཏུ་ཆེ། །ཁྲོ་འདི་ཁྲོ་བོ་སྣང་བྱེད་པ། །རྒྱ་ཆེན་གྱི་ནི་རིམ་བཞིན་དུ། །བཞི་པ་ཡོངས་སུ་བསྒྲགས་པ་ཡིན། །ཚེག་བཅས་རབ་ཏུ་དྲག་པོ་ཉིད། །སུ་རུ་ཁྲོ་བོ་དེ་བཞིན་གཞག །དེ་ཡི་ས་བོན་ལྔ་པ་ཡིན། །འབར་བའི་ཕྲེང་ཆེན་ཞེས་བྱ་བ། །ཚེག་དང་བཅས་པ་དེ་བཞིན་དུ། །ཁྲོ་བོ་ཕོངས་པ་གྲོལ་ཞེས་བྱའོ། །ལྔ་པོ་རྒྱ་ཆེན་ཉིད་ཡིན་ཏེ། །ཚེག་དང་བཅས་པར་བསྒྲགས་པའོ། །རབ་ཏུ་འཇོམས་པ་ཞེས་བསྒྲགས་པ། །ཁྲོ་བོའི་ཁྲོ་བོ་སྣང་བྱེད་པའོ། །ས་བོན་སྔ་མ་མཐའ་མེད་ལས། །སྔ་མ་ཚེག་བཅས་དེ་བཞིན་གཞག །ཀཱི་ལི་ཀཱི་ལི་བྱ་བ་ཡི། །དངོས་གྲུབ་ཐམས་ཅད་རབ་ཏུ་སྟེར། །དེ་བཞིན་དེ་ཡི་ས་བོན་ཉིད། །ཚེག་བཅས་དེ་བཞིན་འདིར་བཤད་དོ། །ཀཱི་ལི་ཀཱི་ལི་ཆེན་པོ་དེ། །ཁྲོ་བོའི་ཁྲོ་བོ་སྣང་བྱེད་པའོ། །ཁྲོ་བོའི་རྒྱལ་པོ་དེ་དག་ནི། །ས་བོན་འདི་དག་རྣམས་ཀྱིས་བསྒྲགས། །ཁྲོ་བོའི་རྒྱལ་པོ་སྦྱོར་བ་ཡི། །རབ་ཏུ་སྣང་བར་བྱེད་ཅེས་བསྒྲགས། །ཁྲོ་བོའི་རྒྱལ་པོའི་འཁོར་ལོས་གནས། །གཤིན་རྗེའི་གཤེད་པོ་ཡིན་པར་གསུངས། །དང་པོར་དེ་ནི་འཁོར་ལོ་བསྟན། །ཁྲོ་བོ་བདུད་རྩི་འཁྱིལ་པ་དང་། །ཁྲོ་བོའི་རྒྱལ་པོ་དེ་ལས་གཞན། །ཁྲོ་བོའི་བདག་པོ་སྣང་བྱེད་པའོ། །དེ་ལྟར་ཁྲོ་བོ་གསུམ་པོ་དེ། །གང་དང་གང་དུ་རབ་སྦྱར་བ། །དེ་དང་དེ་རུ་སྔགས་རྣམས་ནི། །སྐུལ་བར་བྱེད་པས་དེ་བཞིན་བསྐུལ། །ཆོ་ག་ཤེས་པས་ནན་ཏན་དུ། །གང་དང་གང་འདོད་བསྒྲུབ་པར་བྱ། །ཁྲོ་བོ་སྒོམ་དང་ལྡན་པ་ཡིས། །ཧེ་ལའི་འཁོར་ལོ་ཡོངས་བསྒོམས་ནས། །དཀའ་ཞིང་བསྒྲུབ་ཏུའང་མི་རུང་བ། །བརྟུལ་ཞུགས་ཧོམ་དང་བཅས་ལ་སོགས། །དེ་ཡིས་དགོད་པ་མ་བྱས་ཀྱང་། །སྔགས་དགོད་ཤེས་ན་བསྒྲུབ་པའོ། །ཧེ་ལའི་འཁོར་ལོ་ཚུལ་ཤེས་པ། །དེ་ཡིས་དཀའ་བ་མ་བྱས་ཀྱང་། །གདོན་མི་ཟ་བར་མྱུར་དུ་འགྲུབ། །བརྟུལ་ཞུགས་ཧོམ་དང་བསམ་གཏན་དང་། །ཇི་ལྟར་གསུངས་པའི་དཀའ་ཐུབ་དང་། །མངོན་


DNG016_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

པར་བརྩོན་ཞིང་དད་པའི་བདག །ལན་གྲངས་བཅུ་གཉིས་གང་བསྙེན་པ། །རྟོག་ལས་གསུངས་པའི་ལས་རྣམས་བྱེད། །རབ་ཏུ་ཡ་མཚན་སྟོན་པའོ། །ཧེ་ལའི་འཁོར་ལོ་ཚུལ་ཤེས་པས། །རིང་པོར་མི་ཐོགས་བདེ་བ་ནི། །ཁྲོ་བོར་བསྒོམ་པ་དང་ལྡན་ཞིང་། །ཧེ་ལའི་འཁོར་ལོ་གནས་འདུག་ན། །ཁམས་གསུམ་དག་ཀྱང་ལན་ཅིག་གིས། །ཐོགས་མེད་མྱུར་དུ་གཡོས་པར་བྱེད། །དེ་བས་རབ་ཏུ་བསྒྲིམས་ནས་སུ། །ཁྲོ་བོ་བསྒོམ་པ་གོམས་བྱས་ཏེ། །ཧེ་ལའི་འཁོར་ལོ་ལས་འབྱུང་སྔགས། །སྦྱོར་བ་དག་གིས་གོམས་པར་བྱ། །ཁྲོ་བོ་རྣམ་པར་རྒྱལ་བ་ཡི། །རྟོག་པ་དང་པོར་གང་བསྒྲགས་པ། །དེ་ཡི་རྟོག་པ་གསང་བཤད་པ། །ཆོ་ག་འདི་ནི་གསང་བའི་མཆོག །ཁྲོ་བོའི་འཁོར་ལོ་བསྒྲགས་པ་འདི། །ཆོ་ག་དེ་བས་ཤིན་དུ་གསང་། །ཁྲོ་བོའི་འཁོར་ལོ་གསང་བཤད་པ། །རབ་ཏུ་སྣང་བྱེད་དེ་བས་ཀྱང་། །ཧེ་ལའི་འཁོར་ལོ་བསྒྲགས་པ་འདི། །རབ་ཏུ་གསང་བའི་མཆོག་ཡིན་ཏེ། །རྟོག་པ་འདི་དག་ཐམས་ཅད་ཀྱིས། །རབ་ཏུ་གསང་བ་བཤད་པ་ཡིན། །རྟོག་པ་རབ་ཏུ་གསང་བ་ནི། །འདི་དག་རྣམ་པ་ཀུན་ལ་ཡང་། །ཧེ་ལའི་འཁོར་ལོ་འདྲ་བ་ཡི། །འཁོར་ལོ་མ་བྱུང་ཕྱིས་མི་འབྱུང་། །གང་ཞིག་འདི་ཡི་དོན་ཐོས་ནས། །ཁྲོ་བོའི་གྲུབ་པ་སྒོམ་བྱེད་ན། །དེ་ཡིས་འབད་པ་མ་བྱས་ཀྱང་། །འཇིག་རྟེན་ན་ནི་བསྒྲུབ་དཀའ་མེད། །ཧེ་ལའི་འཁོར་ལོའི་གནས་ལ་ནི། །ཇི་ལྟར་འདོད་པར་གནས་ནས་སུ། །ཁྲོ་བོ་བསྒོམ་དང་རབ་ལྡན་པས། །ཁྲོ་བོའི་གཟུགས་སུ་གནས་ནས་ནི། །རྩེ་གཅིག་ཏུ་ཡང་ཚིག་གི་མཆོག །བསྒྲུབ་པ་མཆོག་ནི་སྦྱིན་པར་བྱེད། །ཐོགས་པ་མེད་པར་འཇམ་དཔལ་མཐོང་། །ཇི་ལྟར་རིག་པའི་དོན་བཞིན་དུའོ། །ཁྲོ་བོ་རྣམ་པར་རྒྱལ་བ་འཇམ་དཔལ་གྱི་རྩ་བའི་རྟོག་པ་ལས། གསང་བའི་རྟོག་པར་གཏོགས་པ་སྟེ་བཞི་པའོ།། །།ཁྲོ་བོ་ཆེན་པོའི་ཚིག་གི་མཐར། །བསྐུལ་ཅིག་ཅེས་པའི་ཚིག་གཉིས་གཞག །བསྐུལ་ཅིག་ཅེས་པའི་ཚིག་གཉིས་མཐར། །ཁྲོ་བོ་བདུད་རྩི་འཁྱིལ་པའོ། །ཁྲོ་བོ་ཆེན་པོ་ཕྲེང་བ་དང་། །བདུད་རྩི་འཁྱིལ་པ་འདི་ཡི་མཐར། །ཀུན་ཏུ་དང་པོ་གཡོ་བ་དང་། །སྔགས་ཤེས་ཚམ་ངམ་


DNG016_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

མཛེས་པ་ཡིས། །ཧེ་ལའི་འཁོར་ལོ་ལ་གནས་ཏེ། །དང་པོ་གནས་སུ་འདུག་ནས་སུ། །བེ་ཅོན་ཕྱག་རྒྱ་ལན་ཅིག་བཅིང་། །དེ་ནས་ཁྲོ་བོའི་སྔགས་བཟླས་པ། །སྔགས་པ་འགྲེང་སྟེ་འདུག་པ་ནི། །རྐང་པ་གཉིས་ནི་བསྒྱུར་བ་དང་། །ཁྲོ་བོ་བསྒོམ་པ་འདི་ལ་ནི། །སེམས་ནི་རབ་ཏུ་ཞེན་བྱས་ནས། །ས་འདི་རབ་ཏུ་གཡོས་པ་འམ། །རི་དག་གཡོ་བའི་བར་དུའོ། །དེ་ནས་འཁོར་ལོ་བསྒྲུབ་པ་ཡིས། །གཉིས་པའི་གནས་ལ་སོང་ནས་སུ། །ཁྲོ་བོ་ཆེན་པོའི་ཚིག་མཐར་གནས། །སྐོམས་ཤིག་ཅེས་པར་དབང་བསྐུར་རོ། །དེའི་ཚིག་ཐོག་མར་བཀོད་ནས་ནི། །དེ་ཡི་ཐ་མར་བདུད་རྩི་འཁྱིལ། །དེ་བཞིན་བདུད་རྩི་འཁྱིལ་པའི་མཐར། །རྡོ་རྗེ་མེ་ཡི་རྒྱལ་པོའི་སྔགས། །རབ་ཏུ་གཡོ་བ་མཛེས་པ་དང་། །ཚམ་ངམ་གསལ་བ་དག་ལ་གནས། །བེ་ཅོན་ཕྱག་རྒྱ་བཅིངས་ནས་ནི། །ཁྲོ་བོ་བསྒོམས་པས་སྔགས་བཟླས་སོ། །རབ་ཏུ་སྦྱོར་བའི་ཐབས་འདི་ནི། །མཚོ་དང་རྫིང་ཆེན་ཀླུང་ཆེན་རྣམས། །ཁྲོས་པས་མྱུར་དུ་སྐེམས་པར་བྱེད། །འབབ་ཆུ་དག་ཀྱང་གྱེན་དུ་འབེབས། །ཁྲོ་བོ་མཐུ་ཆེན་གནོན་ལྡན་གྱི། །སྔགས་ཀྱི་ཡི་གེ་དགོད་པར་བྱ། །རྩིབས་རྣམས་རིམ་པས་ཀུན་མནན་པ། །གཉིས་པོ་དེ་ལས་འཕོས་ནས་ནི། །དེ་ནས་གསུམ་པའི་གནས་ལ་འདུག །མཐུ་རྩལ་ལྡན་པས་རིམ་པར་གནོན། །ཁྲོ་བོ་ཆེན་པོའི་ཚིག་གི་མཐར། །བསྐྲད་པར་བྱོས་ཞེས་ཚིག་གཉིས་བསྐུལ། །དེ་ནི་སྔ་མ་བཞིན་བཀོད་ནས། །དེ་ཡི་ཐ་མར་བདུད་རྩི་འཁྱིལ། །ཁྲོ་བོ་བདུད་རྩི་འཁྱིལ་པའི་མཐར། །རབ་ཏུ་དྲག་པའི་ཤུགས་བཞག་གོ། །རྣམ་པར་སྐྲག་བྱེད་གསལ་བ་ཡི། །ཁྲོ་བོ་ཚམ་ངམ་བསྙེན་པར་གནས། །གླང་པོ་མྱོས་པའི་ཤུགས་ཅན་དག །མངོན་དུ་འོང་བར་གྱུར་ན་ཡང་། །དེ་མ་ཐག་ཏུ་སྐྲག་པར་བྱེད། །མྱོས་པའི་ཤུགས་ཀྱང་རབ་ཏུ་དོར། །སླད་དུ་ལོག་པར་ཕན་ཚུན་དུ། །བསྐོར་ཞིང་མི་དགའ་བཞིན་དུ་འགྲོ། །གླང་པོའི་རྒྱལ་པོ་དེ་མྱོས་ཤིང་། །བདེ་བ་མ་ཐོབ་བབས་པར་འགྱུར། །སྒྲུབ་པ་ཁྲོ་བོ་བསྒོམ་པ་ཡི། །ཆོ་གའི་ཚུལ་ནི་དེ་བཞིན་ནོ། །ཧེ་ལའི་འཁོར་ལོ་ཞེས་བྱ་བའི། །བཞི་པའི་གནས་ལ་འདུག་


DNG016_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཀྱང་། །ཁྲོ་བོ་ཆེན་པོའི་ཚིག་གི་མཐར། །ནོན་ཅིག་ཅེས་པའི་ཚིག་གཉིས་བསྐུལ། །དེ་ནས་ཆོ་ག་སྔར་བཤད་པས། །བདུད་རྩི་འཁྱིལ་པ་གཞག་པར་བྱ། །བདུད་རྩི་འཁྱིལ་པ་དེ་ཡི་མཐར། །ཁྲོ་བོ་ཆེན་པོ་སྟོབས་ཆེན་བཞག །ཀུན་ཏུ་སྡོམ་པ་མཛེས་པ་ཡི། །ཚམ་ངམ་གྱིས་ནི་མི་གཡོར་གནོན། །དཔུང་ངམ་ཡང་ན་གླང་པོ་འམ། །གྲུ་འམ་ཡང་ན་ཤིང་རྟ་འམ། །རྟ་དང་རྔ་མོ་ལུག་ལ་སོགས། །ཁྲོ་བོ་བསྒོམས་པའི་ཚུལ་བཞིན་བྱས། །སྦྱོར་བ་དེ་ལ་གནས་ནས་ནི། །རབ་ཏུ་མནན་པ་བྱས་པར་འགྱུར། །དེ་ནས་ཧེ་ལ་ཞེས་བྱ་བའི། །འཁོར་ལོ་ལྔ་པ་ལ་གནས་ནས། །ཁྲོ་བོ་ཆེན་པོའི་ཚིག་གི་མཐར། །དཀྲུགས་ཤིག་དཀྲུགས་ཤིག་ཚིག་གཉིས་བཞག །ཁྲོ་བོ་བདུད་རྩི་འཁྱིལ་པ་ཡང་། །མཐའ་ཡི་ཚིག་གི་གནས་སུ་བཞག །ཁྲོ་བོ་རྒྱ་ཆེན་ཞེས་བྱ་བ། །རབ་ཏུ་འབར་བར་གྱུར་པར་བྱ། །ཁྲོ་བོ་བདུད་རྩི་འཁྱིལ་པ་ཡང་། །རབ་ཏུ་འཁྲུགས་པ་ཞེས་བྱ་བའི། །ཚམ་ངམ་མཆོག་གིས་མྱུར་དུ་ནི། །དགྲ་ཡི་དཔུང་རྣམས་ཕན་ཚུན་དུ། །རབ་ཏུ་རྣམ་པར་དཀྲུགས་པར་བྱ། །དེ་ནས་ཧེ་ལའི་འཁོར་ལོ་ཡི། །རིམ་པ་དྲུག་ལ་གནས་ནས་ནི། །ཁྲོ་བོ་ཆེན་པོའི་ཚིག་གི་མཐར། །རྨོངས་པར་གྱུར་ཅེས་ཚིག་གཉིས་བསྐུལ། །ཁྲོ་བོ་བདུད་རྩི་འཁྱིལ་པ་ཡང་། །ཚིག་གི་ཐ་མར་ཀུན་དུ་གཞག །ཁྲོ་བོ་གཞན་གྱིས་མི་ཐུབ་པ། །ཆོ་ག་སྔ་མ་བཞིན་དུ་བསྐུལ། །རྨོངས་པར་བྱེད་པའི་ཚམ་ངམ་གྱིས། །ཆོ་ག་བཞིན་དུ་རབ་བསྐུལ་ནས། །རི་མོ་དག་ལ་གནས་པ་བཞིན། །འགྲོ་བ་མྱུར་དུ་རྨོངས་པར་འགྱུར། །དེ་ནས་ཧེ་ལའི་འཁོར་ལོ་འདིར། །རིམ་བདུན་པ་ལ་གནས་ནས་སུ། །ཁྲོ་བོ་ཆེན་པོའི་ཚིག་གི་མཐར། །སྒྲོགས་ཤིག་སྒྲོགས་ཤིག་ཚིག་གཉིས་བཞག །ཁྲོ་བོ་འཛིན་པར་བྱེད་པ་ཡིས། །བདུད་རྩི་འཁྱིལ་པ་སྐུལ་བར་བྱེད། །འཇིགས་པར་གྱུར་པའི་སྒྲ་སྒྲོགས་པ། །ཁྲོ་བོའི་ཚམ་ངམ་མྱུར་བར་ནི། །དུས་མིན་པར་ཡང་སྤྲིན་གྱིས་ཁེབས། །དེ་ནས་འདོད་བཞིན་ཆར་པ་འབེབས། །དེ་ནས་ཧེ་ལའི་འཁོར་ལོ་ཡི། །རྩིབས་ཀྱི་རིམ་པ་བརྒྱད་པ་ལ། །གནས་ནས་འདིར་ནི་སྔ་མ་བཞིན། །ཁྲོ་བོ་ཆེན་པོའི་ཚིག་གི་མཐར། །ཧེ་ཧེ་ས་བོན་གཉིས་བཞག་ནས། །དེ་ཡི་འོག་ཏུ་


DNG016_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་འཁྱིལ། །ཁྲོ་བོ་ཟུར་དུ་དེ་བཞིན་དུ། །བདུད་རྩི་འཁྱིལ་པའི་མཐའ་མར་བཞག །ཁྲོ་བོ་ཚམ་ངམ་ཁ་གདངས་པ། །མཆོག་ཅེས་བྱ་བ་མྱུར་བར་ནི། །རྐང་པ་ཡ་གཅིག་གདངས་པའི་སྟབས། །སད་དང་སེར་བ་རླུང་ལ་སོགས། །དུས་སམ་ཡང་ན་དུས་མིན་པར། །སྒྲུབ་པོ་ཁྲོ་བོ་བསྒོམས་པ་ཡིས། །ཁྲོ་བོའི་སྔགས་ཀྱིས་ཚུལ་བཞིན་དུ། །ས་ཡི་སྟེང་དུ་འབེབས་པར་བྱེད། །ཧེ་ལའི་འཁོར་ལོ་གནས་བརྒྱད་པོ། །བསྒྲུབ་པ་ཡི་ནི་སར་བོར་ནས། །ཁྲོ་བོའི་ས་བོན་ཚིག་གསལ་བ། །དགུ་པ་བཟང་པོ་ལ་གནས་ཏེ། །ཁྲོ་བོ་ཆེན་པོའི་ཚིག་གི་མཐར། །སློང་ཤིག་པ་ཡི་ཚིག་གཉིས་བསྐུལ། །ཁྲོ་བོ་བདུད་རྩི་འཁྱིལ་པ་ཡི། །ཐ་མར་ཕོངས་པ་སྒྲོལ་བ་བཞག །ཁྲོ་བོ་བསྒོམ་པས་མཛེས་པ་ཡི། །ཚམ་ངམ་གསལ་བ་བྱས་ནས་ནི། །ཁྲོ་བོ་གཤིན་རྗེའི་གཤེད་པོ་བཟླས། །ཁྲོ་བོ་ཉིད་ཀྱི་ཚིག་གིས་གསལ། །ཧཱུྃ་ཞེས་བྱ་བ་བཟང་པོ་ཡིས། །ཁྲོ་བོ་དངོས་པོར་བསྒོམས་ནས་ནི། །ཤིང་གི་རྩེ་དང་ཡལ་ག་དགུག །ཡང་ན་ཤིང་ཆེན་རྩ་ནས་འབྱིན། །མེ་ཏོག་འབྲས་བུ་རློག་པ་འམ། །ཡང་ན་འདོད་བཞིན་གཡོ་བར་བྱེད། །ལྗོན་ཤིང་ཆེན་པོ་རྣམས་ཀྱང་ནི། །ཇི་ལྟར་འདོད་པར་མི་གཡོར་འགྱུར། །ཧེ་ལ་ཞེས་བྱའི་འཁོར་ལོ་ཡི། །རྩིབས་ནི་བཅུ་པ་ལ་གནས་ནས། །ཁྲོ་བོ་ཆེན་པོའི་ཚིག་གི་མཐར། །ཆོམ་ཤིག་ཅེས་པའི་ཚིག་གཉིས་བསྐུལ། །ཁྲོ་བོ་ཆེན་པོ་རབ་འཇོམས་པ། །ཁྲོ་བོ་བདུད་རྩི་འཁྱིལ་པའི་མཐར། །སྔ་མ་བཞིན་དུ་གཞག་པར་བྱ། །འཇིགས་པར་བྱེད་པའི་ཚམ་ངམ་བྱེད། །རི་ཆེན་དག་གི་རྩེ་མོ་དང་། །སྒོ་དང་ལྕགས་སྒྲོག་རྣམས་ཀྱི་ནི། །ཁྲོ་བོའི་རྒྱལ་པོར་སྔོན་བཞིན་དུ། །བསྒོམས་ན་རབ་མཆོག་གྲུབ་བྱེད་པ། །ཧེ་ལ་ཡི་ནི་འཁོར་ལོ་ཡི། །རྩིབས་ནི་བཅུ་གཅིག་ལ་གནས་ཏེ། །ཁྲོ་བོ་ཆེན་པོའི་ཚིག་གི་མཐར། །བརྙིལ་ཅིག་ཅེས་པའི་ཚིག་གིས་སྐུལ། །ཁྲོ་བོ་ཀཱི་ལི་ཀཱི་ལ་ཡིས། །བདུད་རྩི་འཁྱིལ་པ་བསྐུལ་བྱ་བ། །ཚིག་གི་མཐའ་མར་གནས་པ་སྟེ། །ཆོ་ག་བཞིན་དུ་བཤད་པ་བཞིན། །ཀཱི་ལི་ཀཱི་ལ་ཞེས་བྱ་བ། །ཚམ་ངམ་མཆོག་ལ་དེ་བཞིན་གནས། །བེ་ཅོན་གྱི་ནི་ཕྱག་རྒྱ་བཅིང་། །གཤིན་


DNG016_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་གཤེད་པོ་བསྒོམ་པ་ནི། །རིན་ཆེན་རྩ་བ་བརྟན་པ་ཡང་། །རྩེ་མོ་ནས་ཀྱང་བསྙིལ་བར་བྱེད། །ཡང་ན་རི་ཁར་སྐྱེ་བ་ཡི། །བརྟན་པའི་ཤིང་རྣམས་འགྱེལ་བར་བྱེད། །དེ་ནས་ཧེ་ལའི་འཁོར་ལོ་ཡི། །བཅུ་གཉིས་པ་ཡི་རྩིབས་ལ་གནས། །ཁྲོ་བོ་ཆེན་པོའི་ཚིག་གི་མཐར། །ཞུགས་ཤིག་ཅེས་པའི་ཚིག་གིས་སྐུལ། །བསྐུལ་ནས་དེ་ཡི་ཐ་མར་ནི། །བདུད་རྩི་འཁྱིལ་པ་གཞག་པར་བྱ། །ཁྲོ་ཆེན་ཀཱི་ལི་ཀཱི་ལ་ཡ། །དེ་ཡི་ཐ་མར་གཞག་པར་བྱ། །ཀཱི་ལི་ཀཱི་ལ་ཆེན་པོ་ཞེས། །བྱ་བའི་ཚམ་ངམ་དེ་བཞིན་བྱ། །བེ་ཅོན་ཕྱག་རྒྱ་བཅིངས་ནས་སུ། །ཁྲོ་བོ་ཆེན་པོ་གཤིན་རྗེའི་གཤེད། །ཡིད་ལ་རབ་ཏུ་གོམས་བྱས་ན། །རྩིག་པ་ཤིང་སྐམ་རྡོ་ལ་སོགས། །འབབས་ན་ཕྱུང་སྟེ་ནམ་མཁར་གནས། །ནམ་མཁའ་ལ་ནི་བྱུང་ནས་ཀྱང་། །འདོད་པ་བཞིན་དུ་ལྟུང་བར་བྱེད། །འདི་ནི་རང་འབྱུང་ངོ་མཚར་ལ། །འདི་ནི་དུས་གསུམ་སྔོན་དུ་བྱུང་། །སྤྱོད་པ་གཞན་ཡང་སྔ་མ་བཞིན། །ཁྲོ་བོ་སྒོམ་པས་བྱེད་པར་གསུངས། །ཧེ་ལའི་འཁོར་ལོ་དགོད་པ་ནི། །རབ་ཏུ་གསང་བ་ཡིན་པར་བཤད། །གསང་དང་བཅས་ཤིང་སྦྱོར་བཅས་པ། །ཤེས་ན་དངོས་གྲུབ་ཐོབ་པར་འགྱུར། །དེ་ནས་གཞན་ཡང་ཅི་རིགས་པ། །ཚམ་ངམ་བཅུ་གཉིས་སྦྱོར་བ་དག །མདོ་དང་རྒྱས་པའི་ཚུལ་དག་གིས། །ད་ནི་རབ་ཏུ་བཤད་པར་བྱ། །ཀུན་ཏུ་གཡོ་བ་དང་པོ་ཡིན། །དེ་བཞིན་རབ་ཏུ་གཡོ་བར་བཤད། །སྐྲག་པར་བྱེད་པ་གསུམ་པ་སྟེ། །བཞི་པ་ཀུན་ཏུ་སྡོམ་པར་བྱེད། །རབ་ཏུ་འཁྲུག་ཅེས་བྱ་བ་ལྔ། །རྨོངས་པར་བྱེད་པས་དེ་བཞིན་དྲུག །མྱུར་བ་ཚམ་ངམ་དེ་ལ་གནས། །ཁ་གདངས་པ་ནི་བརྒྱད་པར་བཤད། །མཛེས་ཞེས་བྱ་བ་དགུ་པ་སྟེ། །འཇིགས་པར་བྱེད་པ་བཅུ་པ་ཡིན། །ཀཱི་ལི་ཀཱི་ལ་ཞེས་བྱ་དང་། །ཀཱི་ལི་ཀཱི་ལ་ཆེན་པོ་ཡི། །ཁྲོ་བོ་ཚམ་ངམ་བཅུ་གཉིས་སོ། །འདི་དག་རིམ་བཞིན་བཤད་པ་ཡིན། །ཐོག་མར་བསྡིགས་པའི་རིམ་པ་ཡིས། །བེ་ཅོན་ཕྱག་རྒྱ་ལྡན་པར་བྱ། །ཕྱི་ནས་རང་གཟུགས་ཇི་བཞིན་དུ། །སྔགས་


DNG016_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

པ་དག་གིས་ཤེས་པར་བྱ། །རང་གི་གཟུགས་ཀྱང་རང་གནས་པ། །བསྡིགས་ཤིང་ཚམ་ངམ་བྱེད་ལ་སོགས། །སྐྲག་པར་བྱེད་པའི་ཁ་ནི་ཟབ། །ཁྲོ་བོའི་ལྟ་བ་གདོང་འགྱུར་བ། །རྐང་པ་འགྱེད་པར་གཞག་པ་དག །ཚམ་ངམ་མཚན་ཉིད་བཤད་པ་ཡིན། །རྐང་པ་ཡ་གཅིག་མྱུར་དུ་གཞག །གདོང་དང་ནུ་མཇིང་ཡོན་པོ་བྱས། །ཁྲོ་གཉེར་འཇིགས་པར་བྱེད་པ་བསྙེར། །གཡོན་པ་མཛུབ་མོ་གཅིག་གིས་བསྡིགས། །ཚམ་ངམ་བྱེད་ཅིང་བེ་ཅོན་གདེངས། །གདོང་དང་བརླ་དང་རྐང་པ་གཡོན། །ཀུན་དུ་གཡོ་ཞེས་བྱ་བ་སྟེ། །ཁྲོ་བོ་ཚམ་ངམ་སྙེམས་དང་བཅས། །ཀུན་དུ་གཡོ་བའི་རིམ་གསུངས་ལ། །རབ་ཏུ་གཡོ་ཞེས་བྱ་བ་ནི། །ཅུང་ཟད་དུ་ནི་དབུས་དམན་པའོ། །རབ་ཏུ་གཡོ་བ་བརྟག་པར་བྱ། །དེ་བཞིན་དཔུང་པ་བརྐྱང་པ་དང་། །རྐང་པ་གཡོན་པ་གདེངས་པ་དང་། །ལག་གཉིས་དྲག་ཏུ་རྡོབ་པ་ནི། །དེ་བཞིན་སྐྲག་པར་བྱེད་པར་བཤད། །བེ་ཅོན་ལ་ནི་བལྟ་བར་གཏང་། །རྐང་པ་གཡས་པ་གསལ་བར་ཕྱར། །དེ་ནི་ཀུན་དུ་སྡོམ་པར་བཤད། །གཡོན་པའི་འཛུབ་མོས་སྡིགས་པར་བྱེད། །དཔུང་པ་གདེངས་པ་གཡོན་བཞིན་དུ། །མིག་ནི་མཛུབ་མོ་གཅིག་ལ་གཏད། །རྐང་པ་གཡས་པ་ཕྱར་བ་ནི། །ཀུན་དུ་འཁྲུག་པ་ཞེས་བྱའོ། །རྐང་པ་གཡོན་པ་གདེངས་བྱས་ཏེ། །གཡོན་ཕྱོགས་སུ་ནི་ཕྱར་ཞིང་བསྐོར། །དཔུང་པ་བརྐྱང་བའི་བེ་ཅོན་གདེངས། །བསྡིགས་པ་གཅིག་ཏུ་རྨོངས་པར་བྱེད། །མྱུར་དུ་ཚམ་ངམ་ཞེས་བྱ་བ། །དེ་ཉིད་དཔུང་བརྡབས་བསྡིགས་པའོ། །དེ་ཉིད་ལས་ནི་ཁ་གདངས་པ། །ཁ་གདངས་པ་ཞེས་བསྒྲགས་པ་ཡིན། །སྲན་དང་བཅས་ལ་བཞི་ནི་བསྐོར། །མཐུ་རྩལ་ཆེ་བའི་སྟབས་སུ་སྩོལ། །མཆུ་ཡི་མཐའ་མ་སོ་ཡིས་མནན། །ལག་པ་ཕྱར་ཏེ་སྡིགས་པར་བྱེད། །བསྙེམས་དང་བཅས་ཤིང་སྒྲ་ཡང་འབྱིན། །འཇིགས་པར་བྱེད་པའི་ཧཱུྃ་བསྒྲགས་པའི། །ཚམ་ངམ་ལེགས་པར་བཤད་པ་ནི། །མཛེས་པའི་ཁྲོ་བོས་གནོན་


DNG016_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །བཙན་ཐབས་སུ་ནི་བསྐོར་བར་བྱ། །རྐང་པ་གཡས་པ་བཙུགས་ཏེ་མནན། །ལག་པ་གཉིས་ཀ་དྲག་རྡོབ་པ། །བྱས་ནས་འཇིགས་པར་བྱ་བ་ནི། །དེ་བཞིན་སྙེམས་དང་བཅས་བཤད་པ། །ཚམ་ངམ་བདག་ཉིད་ཆེན་པོ་འདི། །འཇིགས་པར་བྱེད་པ་ཞེས་བྱ་སྟེ། །རྟག་ཏུ་ཁྲོ་བོ་བསྒོམ་པའོ། །རྐང་པ་མཉམ་པར་བཞག་ཏེ་འདུག །གཡས་པ་ཅུང་ཟད་མཐོ་བར་བྱ། །དཔལ་དང་ལྡན་པས་གཡོན་པ་སྨད། །གཡོན་པ་སོར་མོ་གཅིག་གིས་བསྡིགས། །དཔུང་པ་བཏེག་སྟེ་བེ་ཅོན་འཕྱར། །རྐང་པ་དང་ནི་གདོང་བསྒྱུར་བ། །རྟག་ཏུ་ཁྲོ་བོ་བསྒོམ་པ་ནི། །ཀཱི་ལི་ཀཱི་ལ་ཞེས་བྱའོ། །ཀཱི་ལི་ཀཱི་ལ་ཆེན་པོ་ནི། །དེ་ཉིད་ལས་ནི་རྒྱབ་ཏུ་བལྟ། །ཁྲོ་བོ་མིག་ནི་ཡ་གཅིག་བཙུམས། །མྱུར་དུ་མཆོད་སྟབས་བྱེད་པའོ། །འདི་ནི་ཚམ་ངམ་སྦྱོར་བ་སྟེ། །ཧེ་ལའི་འཁོར་ལོ་རྩིབས་རིམ་ལས། །མདོར་ན་ཇི་ལྟར་དགོད་པ་དག །ལེགས་པར་བཤད་པ་འདི་ཡིན་ནོ། །ཧེ་ལའི་འཁོར་ལོའི་མཐུ་སྔགས་དང་། །ཚམ་ངམ་གཡས་ཀྱི་མཐུ་དགའ་ཡིས། །ལས་རྣམས་རབ་ཏུ་ངོ་མཚར་བ། །ཇི་སྐད་གསུངས་པའི་ལས་རྣམས་བྱའོ། །བསྒྲུབ་པ་དེ་དག་གསང་རྒྱུད་དང་། །ཧེ་ལའི་འཁོར་ལོ་འདི་ཤེས་ན། །ཁྲོ་བོ་དངོས་དང་གཅིག་འགྱུར་བས། །ཁྲོ་བོའི་སྐད་དུ་སྤྱོད་པར་འགྱུར། །རྟོག་པ་འདི་ནི་གསང་བར་བཅས། །གསང་བའི་སྙིང་པོའི་མཆོག་ཏུ་བཤད། །ཁྲོ་བོའི་རྒྱལ་པོའི་རྟོག་འདི་ལས། །མཆོག་ཏུ་གྱུར་པ་གཞན་མེད་དོ། །ཁྲོ་བོ་རྣམ་པར་རྒྱལ་བ་ལས། །རྟོག་པ་ཕྱི་མའི་ཕྱི་མ་འདི། །རབ་ཏུ་གསང་བ་ཞེས་བྱ་བ། །ཐོས་ནས་གསང་བའི་དོན་བསྒོམས་པས། །ལྷ་དེ་ཐམས་ཅད་ཡི་རངས་ནས། །ཁྲོ་བོ་མཆོག་ལ་ཕྱག་འཚལ་ཏེ། །རབ་ཏུ་དགའ་བའི་མཆོག་ཏུ་འགྱུར། །གསང་བའི་རྟོག་པར་གཏོགས་པ་ལྔ་པ་སྟེ་བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་གཤེད་པོ་ལ་རྗེས་སུ་ཡི་རང་བའི་རིམ་པར་ཕྱེ་བ་སྟེ་ཉི་ཤུ་རྩ་གཉིས་པའོ།། །།ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ་བའི་རྟོག་པའི་རྒྱལ་པོ་གསང་བའི་རྒྱུད་རྫོགས་སོ།། །།

དཔལ་ཚེ་བདག་ནག་པོའི་ཕྲིན་ལས་ཀྱི་དགོངས་པ་ཐམས་ཅད་རྫོགས་པའི་རྒྱུད་ཆེན་པོ།


DNG016_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཤྲཱི་ཨཱ་ཡུཿཔ་ཏི་ཀཱ་ལ་ཀརྨཱ་ཤ་ཡ་སརྦ་པཱུརྞྞ་མ་ཧཱ་ཏནྟྲ། བོད་སྐད་དུ། དཔལ་ཚེ་བདག་ནག་པོའི་ཕྲིན་ལས་ཀྱི་དགོངས་པ་ཐམས་ཅད་རྫོགས་པའི་རྒྱུད་ཆེན་པོ། བཅོམ་ལྡན་འདས་དཔལ་ཚེ་བདག་ནག་པོ་ཕྲིན་ལས་ཐམས་ཅད་རྫོགས་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་ཆོས་ཐམས་ཅད་ལྷུན་གྱིས་རྫོགས་པའི་རང་བཞིན་རྡོ་རྗེ་ཡོངས་སུ་བཀོད་པའི་སྙིང་པོ་འོག་མིན་གྱི་གནས་མཁའ་དབྱིངས་རྣམ་པར་དག་པའི་ཀློང་། རང་བཞིན་ལྷུན་གྱིས་གྲུབ་པའི་གཞལ་ཡས་ཁང་ན། འཁོར་རྡོ་རྗེ་སྙིང་པོ་ཉིད་ཀྱི་རང་བཞིན་དང་དུས་གསུམ་གཅིག་པའི་སངས་རྒྱས་རྣམས་དང་། མ་སྐྱེས་པའི་ལམ་ལ་འདུན་པའི་རིག་པ་ཅན་རྣམས་དང་། ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། ཁྲོ་བོའི་ཚོགས་དྲེགས་པ་ཅན་རྣམས་དང་། འཐོམས་པ་བདུད་ཀྱི་ཚོགས་དང་། ཁྲག་སྐྱུག་མ་མོའི་ཚོགས་དང་། ཕུང་བྱེད་མངག་པའི་ཚོགས་དང་། གདུག་པ་གསུམ་པོའི་ཚོགས་དང་ཐབས་ཅིག་ཏུ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ལ་འཁོར་རྣམས་ཀྱིས་ཡོངས་སུ་འདུན་པར་གྱུར་ཏོ། །བཅོམ་ལྡན་འདས་དཔལ་རྡོ་རྗེ་འཆང་ཆེན་པོ་དེས་འཁོར་རྣམས་ཡོངས་སུ་འདུན་པར་གཟིགས་ནས། ཆོས་ཐམས་ཅད་ཀུན་ཏུ་མི་གཡོ་བ་ཞེས་བྱ་བའི་སྣང་བས་ཁྱབ་པར་མཛད་དོ། །དེ་ནས་འཁོར་ཐམས་ཅད་སེམས་འགྲོགས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སེམས་འགྲོགས་པར་གཟིགས་ནས་འཁོར་རྣམས་ལ་ཉིད་ཀྱི་རང་བཞིན་འདི་བསྟན་ཏོ། །ཆོས་རྣམས་མ་སྐྱེས་ཡེ་ནས་གཉིས་སུ་མེད། །རྒྱུ་དང་རྐྱེན་མེད་རང་བྱུང་གནས། །དེ་ལས་ཀུན་འབྱུང་རང་བྱུང་ཐབས་བསམ་ཡས། །འགྲོ་བ་མ་ལུས་ང་ཡི་རང་བཞིན་ལས། །མ་གཡོ་མི་གཡོ་གཡོ་མེད་ཅིར་ཡང་གསལ། །སྙིང་པོ་ཉིད་ལས་གཡོ་བ་ཅི་ཡང་མེད། །ཅེས་གསུངས་སོ། །དེ་ནས་འཁོར་རྣམས་ཀྱིས་རང་གི་དེ་ཉིད་སོ་སོ་མ་ཡིན་པར་རྟོགས་པར་གྱུར་ཏོ། །དེ་ནས་རྡོ་རྗེ་སྙིང་པོ་དེས། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ལ་འདི་སྐད་ཅེས་


DNG016_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་ཏོ། །ཀུན་གྱི་རང་བཞིན་ཉིད་ལགས་པར། །གསང་སྔགས་ངོ་བོ་དེ་ཁོ་ན། །དུས་གསུམ་སངས་རྒྱས་ཉིད་ལས་མེད། །ཉིད་པས་ཆེ་བ་རྒྱས་པར་མཛོད། །ཅེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་དེས། མི་རྟོག་པ་རང་བྱུང་གི་དགོངས་པ་ཆེན་པོ་ལས་འོད་ཟེར་བྱེ་བ་ཕྲག་ས་ཡ་ཕྱོགས་བཅུར་བཀྱེའོ། །འོད་ཟེར་དེས་ཞིང་ཁམས་ཐམས་ཅད་དུ་སྣང་བས་ཁྱབ་པར་མཛད་ནས། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་བརྒྱུད་དེ་སླར་བསྡུས་སོ། །སངས་རྒྱས་ཐམས་ཅད་ཀྱི་རང་བཞིན། ཆོས་ཐམས་ཅད་ཀྱི་རྩ་བ། རྡོ་རྗེ་འཆང་ཆེན་པོ་ཉིད་དུ་མཛད་ནས་སྦྱོར་བའི་དོན་འདི་ཉིད་གསུངས་པར་གྱུར་ཏོ། །ལྷུན་གྱིས་གྲུབ་པའི་གནས་ལ་གནས་པ་དེ། །ལུས་དབང་སེམས་ཡུལ་འཛིན་ཆགས་གྲོལ། །ཀུན་གཞི་ཉིད་ལས་བྱེ་བྲག་གསུམ། །རྩ་བ་གཅིག་ལས་ལྔ་གཉིས་བརྒྱད། །བཅོ་བརྒྱད་བཞི་དང་ལྡན་པའི་ལྷ། །ཚེ་སྲོག་ཀུན་དབང་གཙོ་དང་འཁོར། །གཉིས་སུ་མེད་པའི་རང་བཞིན་དུ། །སྟོན་པས་འབྲས་བུ་ལྷུན་གྲུབ་བཤད། །འདབ་བརྒྱད་དྭངས་མ་བཞི་དབུས་ན། །སྟོན་པ་རང་བཞིན་དེ་འཁོར་རྫོགས། །ལྷག་པའི་སྐུ་ལྔ་ཡེ་ཤེས་ལྔ། །རྩ་ལམ་འཁོར་ལོ་རིམ་བརྒྱུད་གནས། །ལྷུན་གྲུབ་མཆོད་པ་རང་གནས་ཐིམ། །རིག་པའི་ཡེ་ཤེས་རང་ལས་འཆར། །སྟོན་པས་འབྲས་བུ་གཉིས་འགྲུབ་བཤད། །ཡུམ་གྱི་བྷ་ག་གསང་བའི་གནས། །རྣམ་བཞིའི་ཕོ་བྲང་ལྷུན་གྱིས་གྲུབ། །སྒོ་ཁྱམས་བྷ་ག་སྣ་རྩེ་ལ། །ཡོན་ཏན་ལྷུན་གྲུབ་རིན་པོ་ཆེ། །རྡོ་རྗེ་གསང་བའི་ལམ་སྦྱངས་ནས། །སྟོན་པའི་གཙོ་འཁོར་བསྟན་པའི་དུས། །མཉམ་རྫོགས་གཅིག་ཏུ་ལྷན་ཅིག་སྐྱེས། །བདེ་བའི་ཡེ་ཤེས་རྒྱུན་ལམ་བཅད། །སྟོན་པས་གསང་བའི་སྒོ་ནས་བཅད། །དེ་ནས་བཅོམ་ལྡན་འདས་ལ་རྡོ་རྗེ་སྙིང་པོས་གསོལ་པ། ཀྱེ་ཧོ། རྡོ་རྗེ་འཆང་བ་ཁྲོ་བོའི་རྒྱལ། །རྣམ་དག་ཆོས་སྐུའི་རང་བཞིན་ལས། །འགྲོ་བ་འདུལ་ཕྱིར་སྤྲུལ་སྐུར་བསྟན། །འཁོར་གྱི་དྲེགས་པ་ཕོ་མོར་བསྟན། །དཀྱིལ་འཁོར་ཡོངས་སུ་རྫོགས་པར་མཛོད། །ཅེས་ཞུས་སོ། །དེ་ནས་བཅོམ་ལྡན་འདས་


DNG016_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཁྲོ་བོ་འབྱུང་བའི་དགོངས་པ་ལ་བཞུགས་པས། འཇིག་རྟེན་གསུམ་པོ་རབ་ཏུ་གཡོས་ཏེ། ལྡེག་རབ་ཏུ་ལྡེག་ཅིང་ཀུན་ཏུ་ལྡེག །འུར་འུར་རབ་ཏུ་འུར་འུར་ཀུན་ཏུ་འུར་རོ། །ཆེམ་ཆེམ་རབ་ཏུ་ཆེམ་ཀུན་ཏུ་རབ་ཏུ་ཆེམ་མོ། །མཐའ་མཐོ་ན་དབུས་དམའ། དབུས་མཐོ་ན་མཐའ་དམའ་བར་གྱུར་ཏོ། །འཇིག་རྟེན་གསུམ་པོ་འཇིག་ལ་ཁད་ནས། འཁོར་ཐམས་ཅད་བརྒྱལ་ཏེ་ལུས་ས་ལ་བརྡབས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལས་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་པའི་ཕྱིར་ང་རོ་ཆེན་པོས་བསྡིགས་སོ། །ཧེ་ཧེ་ཨེ་ཧུར་ཐུམས་ཛ་ཞེས་བསྒྲགས་པས། འཇིག་རྟེན་གསུམ་དང་བཅས་པའི་སྲོག་འཕྲོག་པར་གྱུར་ཏོ། །དེར་ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད་ཀྱང་། འཁོར་དེར་སྐད་ཅིག་མ་གཅིག་ལ་ལྷགས་ནས་སྲོག་གི་སྙིང་པོ་ཐམས་ཅད་མདོངས་གསོལ་དུ་ཕུལ་ལོ། །བཅོམ་ལྡན་འདས་ཀྱིས་རྔམ་པའི་སྒྲ་བཏོན་པས་སྲོག་དང་ལས་ཐམས་ཅད་འདུས་པར་གྱུར་ཏོ། །ཨཱ་ཨཱ་ཨཱ་ཨེ་ཀ་ཞེས་རབ་ཏུ་བརྗོད་དོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས། འཁོར་རྣམས་ལ་གཟིགས་ཏེ། ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་འདི་གསུངས་སོ། །རང་བཞིན་མི་གནས་མཉམ་ཉིད་ལས། །ལྷུན་གྲུབ་ཡེ་ཤེས་གཞལ་ཡས་ཁང་། །རིན་ཆེན་དུར་ཁྲོད་བརྟན་པར་གནས། །ཕྱི་ནང་གཉིས་མེད་བརྡལ་ཁྱབ་གསལ། །གྲུ་བཞི་སྒོ་བཞི་རྟ་བབས་མཛེས། །རྩེ་མོ་གནམ་ལྕགས་འབར་བཅས་མཐོ། །ལྷ་བརྒྱད་ཀླུ་བརྒྱད་ཞིང་དར་རོ། །དྲ་བ་དྲ་ཕྱེད་ཞིང་དང་སྦྲུལ། །གླང་ཆེན་འབྲུག་དང་སེང་གེ་སྟག །རུས་སྦལ་ཆུ་སྲིན་གནམ་ལྕགས་ཐོག །ཞིང་དང་ཞིང་ཆུང་ཐོད་བུ་ཁྱུད། །ཁ་ཁྱེར་ལྷ་མོ་མཆོད་སོགས་མཛེས། །ཨེ་ཡི་ཕོ་བྲང་ཐོད་མཁར་བཞི། །ལྕགས་མཁར་བཅུ་དྲུག་འོབས་བཅུ་གཉིས། །ཁྱམས་དང་གྲུ་ཆད་སྒོ་ཁྱུད་ལྡན། །རྒྱལ་ཆེན་པོ་ཡི་ཕོ་བྲང་ན། །ཀླུ་འབུམ་གཉན་ཁྲི་ས་བདག་སྟེང་། །ཕྱོགས་སྐྱོང་མ་ཧེ་ཉི་ཟླའི་གདན། །གཞན་ཡང་ཞིང་སྐྱོང་ཉི་མར་བཅས། །དབུས་ན་ཟིལ་གནོན་ལྷུན་གྲུབ་སྐུ། །མཐིང་ནག་དུག་ཆེན་དུག་ལྔ་འཇོམས། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །གཡས་པ་ཀུ་མུ་ཏ་འདྲ་བས། །རོ་ཉེ་ཟ་དང་རྔམ་པར་གཟིགས། །གཡོན་པ་རཱ་


DNG016_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

ག་གཉན་ཁྲི་གསོལ། །དབུས་མཐིང་དགྲ་བགེགས་དོན་སྙིང་རོལ། །འཁོར་ལོ་རལ་གྲི་རྡོ་རྗེ་གཡས། །བེ་ཅོན་གཏུན་ཤིང་སྡིགས་མཛུབ་གཡོན། །གླང་ཆེན་ལ་སོགས་དུར་ཁྲོད་ཆས། །རིགས་བཞི་རྒྱན་དང་རིན་པོ་ཆེ། །དབུ་ལ་ཁྲག་འཐུང་ལྔ་དང་སྦྲུལ། །ཀླུ་བརྒྱད་མགོ་བཅད་དོ་ཤལ་སྙིང་། །གནོད་སྦྱིན་མགོ་བཅད་དེ་བཞིན་དབུ། །བདུད་མོ་མཐིང་ནག་ཐོད་སྦྲུལ་འཁྱུད། །ཡ་མ་དྲེགས་པ་རུས་སྦལ་ལྟོར། །བྱ་ཁྱུང་སྤྱི་བོ་ཕྲག་སོར་ཁྱུང་། །སྟག་དང་སེང་གེ་སག་ནུ་མ། །ཞེ་སྡང་གདུག་པ་སྟ་ཟུར་གཉིས། །ཁྲོ་ཆུང་ཕྱི་ནང་བར་ཁྱམས་གང་། །ཙིཏྟ་ཧཱུཾ་ཞེས་རྩ་བའི་སྔགས། །ཐོད་མཁར་བླ་རྐུན་མོན་པ་བཞི། །འོབས་ན་བདུད་ཕོ་བདུད་མོ་དང་། །མོན་པ་རིགས་བཞི་ཕོ་ཉའི་ཚུལ། །ལྕགས་མཁར་ཤ་ཟ་ཀི་ཀང་ཚོགས། །གྲུ་ཆད་སྡེ་བརྒྱད་དྲེགས་པ་བཅུ། །ཁྱམས་ལ་འཆི་བདག་བདུད་ཀྱི་ཚོགས། །མོན་པ་མོན་མོ་རུས་སྦལ་སྦྲུལ། །མདུན་ན་མགོ་དགུ་ཡབ་ཡུམ་དང་། །སྲིན་མོ་ལྕགས་ཐག་བླ་རྐུན་དགུ། །ལྷུན་གྱིས་གྲུབ་པའི་ཕྱག་རྒྱར་གསལ། །ཡོངས་སུ་རྫོགས་པའི་དཀྱིལ་འཁོར་དུ། །གཉིས་མེད་རིག་པའི་རང་བཞིན་དུ། །སྟོན་པས་བཅའ་གཞི་རྫོགས་པར་བཤད། །དེ་ནས་ཡང་བཅོམ་ལྡན་འདས་ལ་རྡོ་རྗེ་སྙིང་པོས་གསོལ་པ། སྤྲུལ་པ་ལས་ཀྱི་སྦྱོར་བ་ལ། །རྣམ་གྲངས་དུ་དང་ལྡན་པར་བྱེད། །དགོས་པའི་རྟོག་ཆེན་ཅི་ཕྱིར་འདྲེལ། །བརྣག་པའི་མཐའ་རུ་གང་གིས་བསྡུ། །དགོས་པས་ངེས་པར་བསྟན་པ་གང་། །གསང་སྔགས་ངོ་བོ་གང་ལ་གཞག །སྔ་མའི་དོན་འདི་དགོངས་པར་གསུངས། །ཞེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས། དྲི་བ་ལྔ་ཡི་ཡོན་ཏན་འདི་གསུངས་སོ། །དང་པོ་མདོ་ཡི་རྩ་བ་གསུམ། །ཕྱི་དང་ནང་དང་གསང་བའོ། །ཕྱི་ལ་རྩ་བ་ཡན་ལག་གཉིས། །རྩ་བ་གཟིར་དང་རང་གཤེད་དབབ། །ཡན་ལག་འཁོར་ལོ་ལོ་ཐོག་གཞོམ། །དྲེགས་དགུ་གཉིས་པའི་ལས་སུ་བཤད། །ནང་ལ་རྩ་བ་ཡན་ལག་གཉིས། །རྩ་བ་བཞི་དང་ཡན་ལག་དྲུག །རྒྱུ་དང་འཁོར་ལོ་ཙིཏྟ་གསང་། །སྤོགས་དང་


DNG016_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

དམར་ལེན་རྩ་བར་འདྲེལ། །ལོ་ཐོག་གཞོམ་དང་སྲོག་དབྲོག་གཟེར། །ཕྱག་རྒྱས་བསྲུང་དང་ལྟས་ངན་ནད། །སྤྱི་དྲིལ་ང་གཉིས་ལྡན་པར་བཤད། །གསང་སྐོར་དྲག་སྔགས་མདོ་རྩ་བཞི། །དབང་སྡུད་གབ་དོན་དྲག་པོ་དགུ། །རྩ་བ་ཆེན་པོར་མདོ་འདྲེལ་བའོ། །དབང་སྡུད་བརྒྱད་གཉིས་རྩ་བ་བཞི། །བཅུ་གཉིས་ཐུན་མོང་སྦྱོར་བར་བཤད། །གབ་དོན་རྩ་བ་ཡན་ལག་གཉིས། །རྩ་བ་དྲུག་གི་དྲང་དོན་ནི། །གཉེར་སྲེག་བསྣོལ་མར་ལྟོ་བཤད་བརྒྱད། །རྟེན་དང་དུག་མདའ་ལས་དེ་བཞིན། །ཡན་ལག་སྲུང་བ་ལས་གཉིས་ལྡན། །དེ་བཞིན་བཅུ་དྲུག་རྫོགས་པར་བཤད། །མགོ་དགུའི་སྦྱོར་བ་རྣམ་པ་གཉིས། །རྩ་བ་དང་ནི་ཡན་ལག་གོ། །རྩ་བ་བཞི་གཉིས་བསད་དང་གཟིར། །ཡན་ལག་ཐུན་མོང་ཁྱད་པར་དང་། །རྩལ་འགྲན་དྲག་པོས་འཇོམས་པའོ། །ཐུན་མོང་སྦྱོར་བ་དྲུག་གཉིས་ལྡན། །ཁྱད་པར་རང་བཤད་རྒྱུད་དང་ལྡན། །ཀུན་གྱི་རྗེས་གཅོད་བཞི་རུ་གསུངས། །རྩལ་འགྲན་བཅུ་གསུམ་དེ་བཞིན་ལྔ། །དེ་བཞིན་ལྔ་བཅུ་གཅིག་ཏུ་བཤད། །དྲག་པོ་མངོན་ཕྱུང་སྦྱོར་བ་ལྔ་ཡིས་རྫོགས། །ཐུན་མོང་སྦྱོར་བ་དེ་བཞིན་ལྔ་དང་ལྡན། །ཁྱད་པར་ལས་ཀྱི་རིམ་པ་དེ་བཞིན་བཞི། །གསང་བའི་སྦྱོར་བ་ལྔ་གཉིས་ཡིན། །ཡང་གསང་སྦྱོར་བ་རྣམ་གཉིས་ལྡན། །སྦྱོར་བ་དྲུག་གཉིས་ཐབས་དང་ལྡན། །མཆོག་གི་སྦྱོར་བ་སྲེག་པ་ལྔ་དང་སྲིན་མོའི་སྦྱོར་བ་བཅུ། །སྙིང་པོ་དོན་གྱི་སྦྱོར་བ་གསུམ་དུ་གནས། །ཐུན་མོང་སྦྱོར་བ་དྲུག་པོ་ལྔ། །ཁྱད་པར་གསུམ་དང་གསང་མཆོག་གསུམ། །བཅུ་དང་གཅིག་ལས་སུམ་ཅུར་འགྱུར། །དེ་བཞིན་དྲག་པོའི་ལས་ལ་དྲུག་ཅུ་རྩ་དགུར་བཤད། །དགོས་པའི་དོན་ཆེན་གཉིས་དང་འདྲེལ་པ་བཞི། །མཐའ་རུ་བསྲེག་དང་འཁོར་ལོ་མནན་པས་བསྡུ། །དགོངས་པའི་དོན་གསུམ་དེ་བཞིན་གསུམ། །བགྲོད་པ་གསུམ་གསུམ་གསལ་བ་གསུམ། །དེ་བཞིན་དགོངས་པའི་འབྲས་བུ་གསུམ། །ཞིང་ཁམས་ཁྲོམ་ཚོགས་མཉམ་དགོངས་ནས། །དོན་གཉིས་སྣང་སྟོང་དངོས་མེད་པ། །ལུང་དང་མན་ངག་ཀུན་དགོངས་ཡིན། །ངོ་བོ་ཆོས་


DNG016_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཆོས་ཅན་དང་། །ཆོས་ཉིད་དབྱེར་མེད་ལྷུན་གྱིས་གྲུབ། །སྣང་བ་སྒྱུ་མ་ལྷུན་གྲུབ་ལ། །སྒྱུ་མའི་བདེ་བ་མངོན་དུ་འཆར། །ཆོས་ཉིད་ཡེ་ཤེས་ལྷུན་གྲུབ་ལ། །སྣ་ཚོགས་སྣང་ལ་ངོས་གཟུང་མེད། །གང་མཐོང་དེ་ཉིད་ཁོ་ན་བས། །གསང་སྔགས་ངོ་བོ་དེ་ཁོ་ནའོ། །དཔལ་ཚེ་བདག་གི་དགོངས་རྒྱུད་ནག་པོ་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་དེ་དག་ལ་ཆོས་ཐམས་ཅད་འབྱུང་བའི་གཞི་འདི་གསུངས་སོ། །སྣང་སྲིད་འཁོར་འདས་བརྐམ་ཆགས་ཆོས། །རྒྱུ་མེད་ཚུལ་གྱི་རྐྱེན་དང་བྲལ། །འབྱུང་བ་ལྔ་དང་རིགས་ལྔ་ཡེ་ཤེས་ལ། །རང་བྱུང་འགག་མེད་སྟོང་བདག་མེད། །རྒྱུ་རྐྱེན་མི་རྟོག་ངང་ལས་བྱུང་། །འདོད་པའི་རྒྱུན་དག་རྐྱེན་དག་སྟོང་། །དོན་དམ་ཆོས་སྐུ་སྐྱེ་མེད་ལས། །སྤྲོས་མེད་དོན་དམ་སྙིང་པོ་ཉིད། །རྒྱུ་འབྲས་རོ་གཅིག་མཉམ་ཉིད་དང་། །ཀུན་གསལ་འབྲས་བུ་དོན་གཅིག་ཕྱིར། །ཕྱི་ནང་ཆོས་ཀུན་རྒྱུ་རྐྱེན་བྲལ། །བརྐམ་ཆགས་སྡུག་བསྔལ་སྟོང་བདག་མེད། །སྡུག་བསྔལ་ཉིད་ན་ཡེ་ཤེས་དེ། །འགྲོ་བ་རབ་གྲོལ་ཡེ་སངས་རྒྱས། །བདེན་གཉིས་མི་རྟོག་སྟོང་བདག་མེད། །རྩོལ་བསྒྲུབ་བྱ་བྱེད་འཆིང་བའི་ནད། །རྩ་བ་ཀུན་འདུས་དོན་གཅིག་ལ། །བསྒོམ་བསྒྲུབ་བྱ་རྩོལ་རྩལ་མེད་རྒྱན། །ཆོས་ཀུན་སྐྱེ་མེད་སྙིང་པོ་རྩལ་མེད་པས། །ནམ་མཁའི་དཔེ་བཞིན་སྟོང་བདག་མེད། །སྐྱེ་མེད་ནམ་མཁའ་རྩོལ་སེམས་བྲལ། །དོན་དམ་ཆོས་ཉིད་མ་སྐྱེས་པས། །དཔེ་མེད་ནམ་མཁའ་ལྟ་བུར་བཤད། །རྩ་བ་གཅིག་པས་ཐམས་ཅད་མཁྱེན། །ངོ་བོ་མེད་ཕྱིར་ཅིར་སྣང་སྲིད། །མ་སྐྱེས་པས་ན་ཐམས་ཅད་འབྱུང་། །སངས་རྒྱས་སྐུ་གསུང་ཡེ་ཤེས་ཐུགས། །སེམས་ཅན་ལུས་ངག་བག་ཆགས་ལ། །སྣང་སྲིད་ཆོས་རྣམས་ཀུན་གྱི་གཞི། །སྙིང་པོ་བྱང་ཆུབ་སེམས་ལས་བྱུང་། །སངས་རྒྱས་ཞིང་དང་ཕོ་བྲང་གནས། །ཀུན་ཡིན་གང་མིན་རང་རིག་ཉིད། །ཡེ་ཤེས་ཐིག་ལེ་གཅིག་ལ་གསལ། །སྲིད་པ་གསུམ་དུ་སྣང་བ་ཡང་། །ལམ་ལྔ་རྒྱུད་ལྔ་གནས་ལྔ་འཁོར། །ལ་སོགས་སྡུག་བསྔལ་མཉམ་ལ་སོགས། །སྡུག་བསྔལ་རྩལ་མེད་མཉམ་པར་གནས། །


DNG016_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ཀྱི་ཕྱག་རྒྱས་རང་གྲོལ་བའོ། །ཆོས་སྐུ་སྐྱེ་འགག་མེད་པ་ལས། །དྲག་སྔགས་ཡེ་ཤེས་རོལ་པར་ཤེས། །དཔལ་ཚེ་བདག་གི་དགོངས་རྒྱུད་ནག་པོ་ལས། ཆོས་ཉིད་ཀྱི་དོན་གཏན་ལ་དབབ་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་འཁོར་གྱི་དམ་པ་རྡོ་རྗེ་སྙིང་པོས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ལ་གསོལ་པ། རྒྱུད་ཅེས་བྱ་བ་ཅི་ལྟར་ལགས། །འཁོར་ལོ་ཞེས་བྱ་ཇི་ལྟར་དབྱེ། །ཚེ་སྲོག་བདག་པོའི་དོན་གང་ལགས། །སྦྱོར་བའི་རིམ་པས་ལས་གང་བྱེད། །གསང་སྔགས་ངོ་བོར་གང་གིས་བཏགས། །ཞེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དྲི་བ་ལྔའི་དོན་རྒྱས་པར་བཤད་དོ། །རྒྱུད་ཅེས་བྱ་བ་གསུམ་ཡིན་ཏེ། །གཞི་དང་ལམ་དང་འབྲས་བུའི་རྒྱུད། །ལྟ་སྤྱོད་འཁོར་ལོ་དབང་དམ་ཚིག །ལམ་གྱི་རིམ་པ་སྦྱོར་བའི་ཚད། །ངོ་བོ་འདྲེལ་བཅས་རྒྱུ་དང་རྐྱེན། །ཕྱི་དང་ནང་དང་གསང་བ་སྟེ། །རང་བཞིན་གནས་པ་མངོན་བྱེད་པའི། །ཐབས་ཀྱི་རྒྱུད་ནི་གསུམ་དང་ལྡན། །དེ་མཚོན་མངོན་པས་རྒྱུད་ཅེས་བྱ། །འཁོར་ལོ་ཞེས་སུ་བསྟན་པ་ཡང་། །རྟེན་འདྲེལ་བསམ་གཏན་གཟུགས་བརྙན་སྔགས། །སྲེག་བྱེད་མནན་པ་ཡེ་ཤེས་རིག །དེ་ཡི་རིམ་པ་རྒྱས་པ་ན། །སྣང་སྲིད་ཕྱི་ནང་འཁོར་བའི་ཆོས། །རྟེན་འདྲེལ་བཅུ་གཉིས་ཚུལ་གྱིས་ནི། །རྟེན་འདྲེལ་སྲིད་པའི་འཁོར་ལོ་བཤད། །རང་ལུས་བརྟན་པའི་སྐུ་ཉིད་གསལ། །སྤྱི་བོ་མགྲིན་པ་སྙིང་ལྟེ་བ། །གསང་བ་རྗེས་འཇུག་རྟེན་དྲུག་ན། །སེ་རུ་སུམ་ཅུ་གཉིས་བཅུ་དྲུག །བརྒྱད་དབུས་དྭངས་མ་དྲུག་ཅུ་བཞི། །བཞི་བཅུ་དྲུག་དང་ལྡན་པར་གནས། །ཡོན་ཏན་དྲག་སྔགས་དུ་མས་མཛེས། །ཧཱ་དང་ཨོཾ་དང་ཨེ་དང་ཨཱ། །རཾ་ཡཾ་དབུས་ན་རྐྱེན་དང་སྡུད། །སྲོག་ཤིང་སི་ར་དྲི་དང་རྒྱུ། །དེ་བགྲོད་ཕྱག་རྒྱ་ཆོས་སྐུར་གསལ། །བསམ་གཏན་གནས་པའི་འཁོར་ལོར་བཤད། །གཟུགས་བརྙན་འཁོར་ལོ་དུར་ཁྲོད་ཀྱི། །རོ་རས་ཞིང་ལྤགས་རྒྱ་ཤོག་ལ། །སྨེ་བ་ལྔ་དང་རུས་པ་བསྐུ། །གང་དམིགས་རྟེན་གྱི་འཁོར་ལོ་བཅའ། །ཁ་སྦྱར་རུས་སྦལ་ཕག་མོའི་ལྟོར། །བཅས་


DNG016_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གཟུགས་བརྙན་འཁོར་ལོར་བཤད། །གཅོད་པ་སྔགས་ཀྱི་འཁོར་ལོ་ནི། །མཚོན་ཆའི་འཁོར་ལོ་མེ་དང་འདྲ། །སྲོག་གཟུགས་རྩ་གཅོད་བག་ཆགས་བསྲེག །གཡོན་སྐོར་འོག་ནས་གཅོད་པ་ནི། །ཆུ་ཡི་འཁོར་ལོ་རླུང་དང་འདྲ། །སྐྱེལ་ཞིང་རིང་དལ་བླ་གནས་སྡུད། །དབུགས་ཀྱི་རྟ་བསྐྱོན་རླུང་གི་རྐྱེན། །རྐྱེན་དང་ཕྲད་ན་ལྟེ་བ་འཁོར། །ལྟེ་བའི་རྐྱེན་གྱིས་རྩིབས་དག་གཅོད། །གཅོད་པ་སྔགས་ཀྱི་འཁོར་ལོར་བཤད། །སྲིད་པ་མེ་ཡི་འཁོར་ལོ་དག །ས་ཆུ་དུག་གི་རྟེན་འདྲེལ་གྱིས། །སྦྱོར་བ་ཀུན་སྲོག་ཚེ་དཔལ་བསྐྱེད། །ཞི་རྒྱས་དབང་དྲག་ལྷུན་གྱིས་གྲུབ། །མཆོག་ཏུ་མེ་ཡི་འཁོར་ལོར་བཤད། །མནན་པ་འཁོར་ལོ་ལས་ཀྱི་མཐར། །ཁ་སྦྱོར་ཕོ་མོའི་ཐོད་པ་ལ། །རིམ་པ་གསུམ་བྲི་སྟེང་དང་འོག །རྒྱ་གྲམ་གྲུ་གསུམ་སྦྲུལ་དང་མེ། །རི་རབ་རུས་སྦལ་མཆོད་རྟེན་གྱི། །མནན་སྔགས་མིང་རུས་སྙིང་པོ་ཁམས། །ཐོད་པར་སྙིང་པོའི་བཅུད་བསྡུད་ལ། །གནད་དགུ་མི་ནད་འཇོམས་དགུ་ཡིན། །མནན་པ་ཐོད་པའི་འཁོར་ལོར་བཤད། །ཡེ་ཤེས་རིག་པའི་འཁོར་ལོ་ཡིན། །ཐམས་ཅད་ལྷུན་གྱིས་གྲུབ་པ་ཡི། །རོལ་པ་མ་འགགས་ཅིར་ཡང་གསལ། །དོན་གཉིས་མངོན་དུ་སྤྱོད་པར་བྱེད། །རང་བྱུང་འཁོར་ལོ་རང་རིག་པས། །ཡེ་ཤེས་ཉི་མའི་འཁོར་ལོར་བཤད། །དེ་ཕྱིར་འཁོར་ལོ་ཞེས་སུ་བཤད། །ཚེ་སྲོག་བདག་པོ་གང་གསུངས་པ། །སྣང་སྲིད་འཁོར་འདས་སྣང་སྟོང་གི། །ཡོན་ཏན་སྲོག་དང་སྦྱོར་བའི་ལས། །ཡོན་ཏན་དབང་པོ་ཚེ་བཀྲག་ཀུན། །འབྲུ་གཉིས་དག་ལ་བསྡུས་ནས་འཆར། །སྐྱེ་མེད་རྣམ་དག་དབྱིངས་སུ་ཐིམ། །ལས་དང་སྦྱོར་བ་སྨིན་ཞིང་རྒྱས། །དེ་ཕྱིར་ཚེ་སྲོག་བདག་པོར་བཤད། །སྦྱོར་བའི་རིམ་པས་བརྒྱ་བརྒྱད་བཅུ། །ཆེ་བའི་ཡོན་ཏན་དུ་མ་བྱེད། །གང་བརྩམས་འབྲས་བུ་སྨིན་ཞིང་རྒྱས། །དེ་ཕྱིར་སྦྱོར་བའི་ལས་སུ་བཤད། །གསང་སྔགས་ངོ་བོ་གཉིས་མེད་ལས། །འཁོར་བ་སྒྱུ་མ་ལྷུན་གྱིས་གྲུབ། །གཞི་རྩ་མེད་ཅིང་ཐོག་མཐའ་མེད། །འདས་པའི་ཡེ་ཤེས་ལྷུན་གྱིས་གྲུབ། །གང་མཐོང་ཅིར་སྣང་བྱང་ཆུབ་སེམས། །སེམས་ཕྱིར་མ་གསལ་རང་རིག་པ། །བདེ་བ་ཆེན་པོར་དོན་ལ་ཐེབས། །


DNG016_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཕྱིར་གསང་སྔགས་ངོ་བོར་བཤད། །དཔལ་ཚེ་བདག་གི་དགོངས་རྒྱུད་ནག་པོ་ལས། ཡོན་ཏན་དྲིས་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་རྒྱུད་ཀྱི་དོན་གཏན་ལ་དབབ་པ་འདི་གསུངས་སོ། །དེ་ཡང་རྣམ་པ་བདུན་དུ་དབབ། །གསུམ་པ་སྤྱོད་པའི་ཁྱད་པར་ནི། །བྱ་བ་མེད་པར་ཀུན་རྫོགས་པས། །རྩོལ་བྲལ་གདེང་གསུམ་ལྡན་པ་ཡི། །བླང་དོར་རེ་དོགས་མེད་པར་སྤྱོད། །སྦྱོར་སྒྲོལ་བྱ་བ་གང་བྱས་ཀྱང་། །སེམས་ཕྱིར་གང་ཡང་བྱས་སྣང་མེད། །ལས་ཀྱི་སྦྱོར་བ་དུ་མ་ཡང་། །གང་ལྟར་བྱས་ཀྱང་འབྲས་བུ་འབྱུང་། །ལམ་གཉིས་ལྔ་ཡི་ས་བགྲོད་ཀྱང་། །སེམས་དཔའི་ལས་སུ་གོལ་བ་མེད། །ཆགས་སྡང་ལྔ་ཡིས་ལམ་སྤྱད་ཀྱང་། །འཇིག་རྟེན་པ་ལ་གཞི་རྩ་མེད། །རང་བཞིན་ལྷུན་གྲུབ་སྤྱོད་པའི་མཆོག །དམྱལ་སོགས་ཚ་གྲང་ཀུན་སྤྱད་ཀྱང་། །འཁོར་བ་ཉིད་ན་ཡེ་ཤེས་སྤྱོད། །ལྷ་ཡི་སྐུ་དང་ཆ་ལུགས་དག །འདོད་དགུ་ལྷུག་པར་ཅི་སྤྱད་ཀྱང་། །སྣང་སྟོང་གཉིས་མེད་ཡེ་ཤེས་སྐུ། །གང་ལྟར་བལྟས་པ་དེ་ལྟར་སྣང་། །རྟོག་སྒྲིབ་སྐྱོན་ཡོན་ཡོངས་ཀྱིས་མེད། །གཏུབ་བརྡུང་དྲག་པོའི་སྤྱོད་པ་ཡང་། །གར་དགུ་ཚུལ་དགུ་ཁྲོ་བོའི་སྤྱོད། །ཆོས་ཉིད་ཞེ་སྡང་ཁྲོས་པས་གྲོལ། །ཡེ་ཤེས་ངེས་པར་གཏན་ལ་དབབ། །རང་བྱུང་དག་པའི་སྤྱོད་པར་བཤད། །དཔལ་ཚེ་བདག་གི་དགོངས་རྒྱུད་ནག་པོ་ལས། བྱ་བ་མེད་པའི་སྤྱོད་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་བརྟུལ་ཞུགས་བགྲོད་པའི་དབང་འདི་གསུངས་སོ། །སློབ་མ་དབང་གཞན་ཐོབ་པ་ལ། །བགྲོད་པ་མཐར་ཕྱིན་རྫོགས་པའི་དབང་། །ངོ་བོ་སེམས་ཀྱི་ཆོས་ཉིད་ལ། །རྣམ་གྲངས་གཉིས་དང་རྫས་ཀྱི་དབང་། །རིམ་པ་བརྟུལ་ཞུགས་རང་དབང་རྫོགས། །དཔེར་ན་རྒྱལ་པོ་འབྲུ་གུ་ལ། །རྒྱལ་སར་མ་བཏོན་ས་མི་ཐོབ། །དབང་ཐོབ་རྒྱལ་སྲིད་མངའ་བརྙེས་ཚུལ། །བདག་དབང་མཚོན་པའི་རིམ་པ་ནི། །སེམས་ཉིད་དབེན་པའི་བདེ་གནས་སུ། །རང་ཉམས་བརྟན་པའི་མཚམས་བཅད་ནས། །མཎྜལ་ཆེན་པོའི་བྱ་བ་བརྩམ། །སྔོན་དུ་འགྲོ་བའི་ལས་རྫོགས་ནས། །དུར་ཁྲོད་བརྡལ་


DNG016_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྒྱུ་བླངས་ལ། །ཐུགས་ཀྱི་སྤྲུལ་པ་མཁའ་ཁྱབ་སྤྲོ། །གུགས་རྒྱལ་དྲི་ཡིས་ཁྲུས་བྱས་ལ། །མཎྜལ་དབུས་སུ་བརྟན་པར་བཞག །བསམ་གཏན་བུམ་པས་རྟེན་སྦྱངས་ལ། །ལུས་ལ་གཤིན་རྗེའི་དཀྱིལ་འཁོར་བརྟག །ཙིཏྟ་འོད་ཀྱི་ཕོ་བྲང་དུ། །ཚེ་སྲོག་བདག་པོའི་དཀྱིལ་འཁོར་བརྟན། །བརྟན་པ་རྙེད་ཕྱིར་ཚོགས་གཏོར་ལ། །བྱ་བའི་རིམ་པ་བསྒྲུབ་པ་བརྩལ། །བརྟུལ་ཞུགས་རིམ་པའི་རྟེན་དུ་བཞག །མཚན་ལྡན་བཀྲ་ཤིས་གཟུངས་མ་འདམ། །རྒྱལ་རིགས་རྗེ་རིགས་སྔགས་སྐྱེས་མ། །མཁའ་ཁྱབ་རྡོ་རྗེ་མདས་མ་རེག །ལུས་དང་ཡན་ལག་དབང་པོ་འཇམ། །སྐེ་རིང་ཕྲ་འཇམ་ཚིགས་མིག་ཟླུམ། །དཔྲལ་བའི་དབྱེས་ཆེ་སྨིན་དཀྱུས་རིང་། །མིག་ཕྲ་དཀྱིལ་ནག་ཨུཏྤལ་མདོག །ཤེས་རབ་སྤྱོད་པའི་རྣལ་འབྱོར་ལྡན། །ལུས་ལ་ལྷ་ཡི་དཀྱིལ་འཁོར་བརྟག །ཙིཏྟར་རྫོགས་པའི་དཀྱིལ་འཁོར་བརྟག །བྷ་ག་གསང་བའི་ཕོ་བྲང་དུ། །ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་བརྟག །བདེ་བ་ཆེན་པོའི་རྟེན་དུ་གཟུང་། །རྡོ་རྗེ་གསང་བའི་ཆུ་རྒྱུན་གྱིས། །དཀྱིལ་འཁོར་ལྔ་དང་སློབ་མ་བཀྲུ། །གསང་བ་ལྷུན་གྱིས་གྲུབ་པ་ཡི། །དཀྱིལ་འཁོར་ལྷ་ལ་གསོལ་བ་གདབ། །བྱིན་བརླབ་བརྟུལ་ཞུགས་འཇུག་པ་བརྩམ། །ཡོལ་བས་བར་བཅད་མེ་ཏོག་ལྡན། །སྡིག་པ་བཤགས་དང་སྡོམ་པ་དབོག །དམ་ཚིག་བསྒྲགས་ལ་མེ་ཏོག་དོར། །དཀྱིལ་འཁོར་ལྷ་ཡི་རྣམ་པ་བསྟན། །ལྕེ་ལ་བདུད་རྩི་ལུང་བསྟན་བཞག །བུ་དེ་བརྒྱན་ཞིང་ཕྱག་རྒྱ་བསྒོམ། །ཚོགས་ལ་རོལ་ལ་ལྷ་ངོ་བསྟན། །རྫས་དང་དཀྱིལ་འཁོར་བྱིན་གྱིས་བརླབ། །སློབ་མ་གཞུག་ཕྱིར་གསོལ་བ་གདབ། །ལྷུན་གྲུབ་རང་བཞིན་གནས་པའི་ཕོ་བྲང་ནས། །ཡེ་ཤེས་རྒྱ་མཚོ་ལྷུན་གྱིས་གྲུབ་པའི་ལྷ། །མ་ལུས་མཉམ་པའི་རྒྱལ་པོ་དགོངས་སུ་གསོལ། །སློབ་མ་མཚན་ལྡན་ཡུམ་གྱི་དཀྱིལ་འཁོར་དུ། །བརྟུལ་ཞུགས་དྲག་པོའི་སྟོབས་ཀྱིས་གཞུག་ཏུ་གསོལ། །བདེ་ཆེན་མཉམ་པའི་ཕོ་བྲང་གསང་བ་རུ། །རིག་པ་བརྟུལ་ཞུགས་སྟོབས་ཀྱིས་གཞུག་ཏུ་གསོལ། །སློབ་མས་མེ་ཏོག་ཐོགས་ལ་བརྡའ་ཕྱག་བཙལ་ལ་གསོལ་བ་གདབ་པོ། །སྟོན་པའི་སྒྲོན་མ་བཅོམ་ལྡན་འདས། །ལྷ་དང་སློབ་དཔོན་དགོངས་སུ་གསོལ། །དྲེགས་པ་སྟོབས་ཀྱི་ཚུལ་བསྟན་པ། །འགྱུར་


DNG016_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

མེད་བདེ་ཆེན་ཕོ་བྲང་ནས། །དྲེགས་པའི་ལྷ་ཚོགས་དགོངས་སུ་གསོལ། །བྷ་ག་གསང་བའི་ཕོ་བྲང་ནས། །མཉམ་པའི་རྒྱལ་པོ་དགོངས་སུ་གསོལ། །དམ་ཚིག་དཀའ་ཐུབ་སྡོམ་པའི་མཆོག །རིག་པའི་རྒྱལ་པོ་བདག་ལ་སྩོལ། །གསང་བའི་ཡེ་ཤེས་བདག་ལ་སྩོལ། །ཡེ་ཤེས་རོལ་པ་བདག་ལ་སྩོལ། །མེ་ཏོག་རིན་ཆེན་དམིགས་དབྱིག་ཀྱང་བསྡུས་ལ། །བདེ་ཆེན་ཕྱི་ཡི་འཇུག་པ་བརྩམ། །ཕུང་པོ་ལྷ་ཡི་དཀྱིལ་འཁོར་བསྟན། །བམ་ཆེན་ཐུགས་ཀྱི་དཀྱིལ་འཁོར་བསྟན་དུ་ཡང་། །འཇུག་པ་ནང་གི་ལྷ་ངོ་བསྟན། །གཟུངས་མ་ལུས་ཀྱི་དཀྱིལ་འཁོར་དུ། །གསང་བ་ཕྱི་ཡི་ལྷ་ངོ་བསྟན། །ཙིཏྟ་ནང་གི་ལྷ་ངོ་བསྟན། །བྷ་ག་གསང་བའི་ཕོ་བྲང་དུ། །གདོང་གཡོགས་དང་ལྡན་སྤྲོ་བ་བསྐྱེད། །བཀྲ་ཤིས་མཚན་ལྡན་གསང་བའི་ཕོ་བྲང་དུ། །གཉིས་མེད་སངས་རྒྱས་ཉིད་དང་མཉམ་སྦྱོར་བའི། །བྱང་ཆུབ་སེམས་ཉིད་མི་འགྱུར་བདེ་བའི་མཆོག །ཕོ་བྲང་ལྷུན་གྱིས་གྲུབ་པར་བཞུགས་པ་དང་། །སྨེ་བ་ལྔ་དང་བདུད་རྩིར་སྦྱོར་བའི་སེམས། །བཀྲ་ཤིས་མཚན་ལྡན་བདེ་བའི་བརྟུལ་ཞུགས་སྦྱིན། །མི་འགྱུར་བརྟན་པའི་སྐུ་དང་ཡེ་ཤེས་བགྲོད། །དེ་ནས་གསང་བའི་གཟུངས་མ་སྤྲོ་བ་བསྐྱེད་པར་བྱའོ། །ཧོ། བདེ་ཆེན་གསང་བའི་ཕོ་བྲང་དུ། །ཐབས་ཆེན་གསང་བའི་བདེ་ཕབ་ནས། །དབུ་མའི་རྩ་བརྒྱུད་ས་བོན་བསྲེག །བྷ་གའི་གནས་སུ་ཆོས་སྐུར་བསྐྱིལ། །རྩ་ལམ་འོད་འཕྲོས་ལོངས་སྤྱོད་སྐུ། །མཉམ་པར་གནས་པ་བྱང་ཆུབ་སྐུ། །སྤྲོས་བྲལ་ཀུན་ཁྱབ་སྤྲུལ་པའི་སྐུ། །བརྟན་པ་ཐོབ་པ་རྡོ་རྗེའི་སྐུ། །ཡབ་ཡུམ་མཉེས་པས་མཉེས་པར་བྱའོ། །དེ་ནས་གསང་བ་སྦྱོར་བའི་བརྡས། །ཡེ་ཤེས་ཉི་ཟླའི་ཐིག་ལེ་ཡི། །བདེ་བས་གང་བར་བྱས་པ་ལ། །སྦྱོར་བ་དག་པའི་བྱིན་རླབས་ལས། །རྩ་རྒྱུད་བདེ་ཕབ་ཐིག་ལེ་བསྐྱིལ། །བྱང་ཆུབ་སེམས་དང་སྨེ་བ་བསྲེ། །བཀྲ་ཤིས་མཚན་ལྡན་བུམ་པར་བསྐྱིལ། །བརྟུལ་ཞུགས་རབ་འབྱམས་དབང་བསྐུར་བྱ། །ཧོ། རིག་པའི་སྟོབས་ལྡན་སྦྱོར་བའི་གནས། །འཁྲུལ་པའི་བག་ཆགས་སྤྲིན་ལྟ་བུ། །ཡེ་ཤེས་རོལ་པའི་སྒྲོན་མ་གསལ། །མཉམ་པའི་ཤུགས་ཀྱི་བརྟུལ་ཞུགས་ལོངས། །ཨེ་ཀ་ཡ་མ་པྲ་ཏཱིཙྪ་ཧོ། མེ་ཏོག་དོར་


DNG016_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མ་གོལ་གདགས། །མཚན་ལྡན་བཀྲ་ཤིས་ཕོ་བྲང་དང་། །དྲག་པོ་སྟོབས་ཀྱིས་ལྷ་ངོ་བསྟན། །བཀྲ་ཤིས་བུམ་པས་དབང་བསྐུར་བྱ། །ཧོ། ཡེ་ཤེས་ལྷུན་གྲུབ་བུམ་པ་ཡིས། །བརྟུལ་ཞུགས་དག་པའི་དབང་བསྐུར་བས། །འགྲོ་བ་རྣམ་དག་ཆོས་སྐུར་གསལ། །རང་བྱུང་ཡེ་ཤེས་དབང་ཐོབ་ཤོག །ཨེ་ཀ་ཡ་མ་གུ་ཧྱ་བྷ་ག་བོ་དྷི་ཙིཏྟ་ཧོ། འབྲས་བུ་ཁྲག་འཐུང་ཡེ་ཤེས་ལྔར། །རྫོགས་པའི་ཕྱག་རྒྱར་ལྷུན་གྲུབ་པའོ། །དེ་ནས་དུར་ཁྲོད་རྒྱན་གྱི་དབང་སྦྱིན་པ་ནི། གླང་ཆེན་སྟག་ཤམ་ཞིང་ལྤགས་སྦྲུལ། །ཐོད་པ་སྙིང་ཕྲེང་ཀེང་རུས་བརྒྱན། །མེ་རི་དུར་ཁྲོད་དབང་བསྐུར་བས། །དྲེགས་པའི་སྟོབས་དང་ལྡན་པར་ཤོག །ཨེ་ཀ་ཡ་མ་ཧ་སྡི། མ་ཧཱ་ནཱ་ག་ཀ་པཱ་ལཾ། ཙིཏྟ་ཛྭ་ལ་ནི་རི་ཧོ། དེ་ནས་ཕྱག་མཚན་སྦྱིན་པ་ནི། །ཧོ། འཁོར་བ་འདྲལ་བྱེད་འཁོར་ལོ་དང་། །ཉོན་མོངས་གཅོད་པའི་རལ་གྲི་དང་། །ཆོས་ཉིད་མཚོན་པའི་རྡོ་རྗེ་ཡིས། །སྐུ་གསུམ་མཉམ་པའི་དབང་ཐོབ་ཤོག །ཨེ་ཀ་ཡ་མ་ཙཀྲ་ཁཌྒ་བཛྲ་ཧོ། བེ་ཅོན་དུག་ལྔ་ཡེ་ཤེས་ལྔ་རུ་སྒྲོལ། །གཏུན་ཤིང་གདུག་པ་གནས་སུ་འཇོམས། །སྡིགས་མཛུབ་དུག་གསུམ་སྐུ་གསུམ་ངང་དུ་རྫོགས། །རིག་པ་སྟོབས་ཀྱི་སྒོ་གསུམ་དབང་ཐོབ་ཤོག །ཨེ་ཀ་ཡ་མ་བྷི་ཧ་ཧུ་ཏི་སར་པ་ཧོ། མཉམ་པའི་བརྟུལ་ཞུགས་སྦྱིན་པ་ནི། །ཧོ། རྡོ་རྗེ་པདྨ་མཉམ་སྦྱར་ནས། །པདྨ་རཀྟ་བྱང་ཆུབ་སེམས། །བམ་ཆེན་སྨེ་བ་དོན་དང་སྦྱར། །བརྟུལ་ཞུགས་རོལ་པའི་དབང་བསྐུར་བས། །མི་ཟད་རྒྱན་གྱི་དབང་ཐོབ་ཤོག །ཨེ་ཀ་ཡ་མ་གུ་ཧྱ་རཀྟ། བོ་དྷི་ཙིཏྟ་ཧོ། མཱཾ་ས་རཀྟ་ཙིཏྟ་ཧོ། པཱུ་ཛ་ཀེཾ་ནི་རཾ་ཏི་ཧོ། དཔའ་བརྟུལ་སྔགས་ཀྱིས་བྱིན་བསྐྱེད་པའི། །བམ་ཆེན་རོ་ལ་མཉམ་པར་རོལ། །རྡོ་རྗེ་བརྗིད་པའི་དབང་ཐོབ་ནས། །བདེ་ཆེན་མཉམ་ཉིད་ཐོབ་པར་ཤོག །ཨེ་ཀ་ཡ་མ་ཨ་དྷི་པ་ཏ་སིདྡྷི་ཧོ། ལོངས་སྤྱོད་རྫོགས་པའི་དབང་བསྐུར་བྱ། །འཆི་མེད་རང་བྱུང་ར་སཱ་ཡན། །བཀྲ་ཤིས་མཚན་ལྡན་ལྷག་པའི་རྫས། །འཕེལ་འགྲིབ་མེད་པའི་དབང་བསྐུར་བས། །རིགས་ལྔ་ཡེ་ཤེས་ལྔ་ཡི་དབང་ཐོབ་ཤོག །ཨེ་ཀ་ཡ་མ་སརྦ་པཉྩ་ཨ་མྲྀ་ཏ། ཛྙཱ་ན་ཤུཌྜྷ་ཧོ། བཀྲ་ཤིས་དངོས་གྲུབ་གའུ་རུ། །མི་འགྱུར་བརྟན་པའི་ཚེ་བསྐྱིལ་


DNG016_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །རང་རྟགས་ཚེ་ཡི་དབང་བསྐུར་བས། །འཆི་མེད་རྟག་པའི་དབང་ཐོབ་ཤོག །ཨེ་ཀ་ཡ་མ་ཨཱ་ཡུརྫྙཱ་ན་སིདྡྷི་ཧོ། སྣོད་ཀྱི་འཇིག་རྟེན་གཏོར་གཞོང་དུ། །བཅུད་ཀྱི་སེམས་ཅན་གཏོར་མར་གསལ། །འབྱུང་བ་རྣམ་ལྔ་གཏོར་མའི་རྒྱུ། །ལྷུན་གྲུབ་ཀུན་འབྱུང་གཏོར་མའི་རྒྱན། །འཛིན་ཆགས་མེད་པའི་སྟོབས་ཀྱིས་རོལ། །ཨེ་ཀ་ཡ་མ་མ་ཧཱ་བ་ལིནྟ་པཱུ་ཛ་ཧོ། དམ་ཚིག་བསྒྲགས་ལ་མནའ་ཆུ་བླུད་པར་བྱའོ། །སྣོད་མེད་བརྟུལ་ཞུགས་ཞན་པ་ལ། །སྤེལ་ཞིང་བསྒྲགས་ན་རྡོ་རྗེ་ཁྲོ་བོ་དང་། །གཏུམ་པོ་གནོད་སྦྱིན་རྡོ་རྗེ་དབང་ཆེན་གྱིས། །ལུས་བྲལ་མགོ་གཤག་ཙིཏྟ་ཁྲག་ཏུ་འཐུང་། །ཨེ་ཀ་ཡ་མ་ཀཱ་ཡ་ཝཱཀ་ཙིཏྟ་རཀྟ་ཁཱ་ཧི་ཧོ། ཁྱོད་ཀྱི་རྡོ་རྗེ་འཆང་ཆེན་ང་ཡིན་པས། །བཀའ་ཡི་ཟུར་ཡང་བཅག་པར་བྱ་བ་མིན། །བསྒོ་བ་བྱོས་ལ་དམ་ཚིག་སྲོག་ལྟར་སྲུངས། །གལ་ཏེ་འདས་ན་རྡོ་རྗེ་དམྱལ་བར་ལྟུང་། །ཨེ་ཀ་ཡ་མ་དུན་ར་ཀ་ཏི་ཧོ། འདི་ནི་རྡོ་རྗེ་དམྱལ་བའི་ཆུ། །ཚུལ་འདི་བསྲུངས་ན་དངོས་གྲུབ་ཐོབ། །ཉམས་ན་ཙིཏྟ་གཤག་སྟེ་འཕོ། །རྡོ་རྗེའི་ཆུ་འདི་ཁྱོད་ཀྱིས་ལོངས། །བཛྲ་ཀྲོ་དྷ་ཨེ་དམ་ཧོ། འདོད་པ་ལྔ་ཡི་ཚོགས་ལ་རོལ། །རྒྱུད་གསུམ་ལྷུག་པའི་མན་ངག་བསྟན། །རྡོ་རྗེ་འཛིན་པའི་གྲལ་ཐོབ་ཡིན། །བརྟུལ་ཞུགས་གསང་བའི་བགྲོད་པ་གསུམ། །ཐོབ་ན་མི་ལྡོག་ས་ལ་གནས། །བརྟུལ་ཞུགས་གསང་བའི་དབང་དུ་བཤད། །དཔལ་ཚེ་བདག་གི་དགོངས་རྒྱུད་ནག་པོ་ལས། བརྟུལ་ཞུགས་དབང་གི་ལེའུ་སྟེ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་དམ་ཚིག་གཟུངས་ཀྱི་དོན་འདི་གསུངས་སོ། །དེ་དག་རྒྱས་པ་འདི་ལྟ་སྟེ། །དཀའ་ཐུབ་དམ་ཚིག་སྡོམ་པའི་མདོ། །ཆོས་རྣམས་མ་ལུས་བྱང་ཆུབ་སེམས། །འཁོར་འདས་ལྷུན་གྲུབ་ངང་དུ་འདུས། །དེ་མཚོན་དམ་ཚིག་སྲོག་ལྟར་བསྲུང་། །དམ་ཚིག་རྣམ་པ་གཉིས་ཡིན་ཏེ། །ཐུན་མོང་ཁྱད་པར་རིམ་པར་གསུངས། །ཐུན་མོང་རྩ་བ་ཡན་ལག་གཉིས། །སྐུ་གསུང་ཐུགས་དང་བཅོ་ལྔ་ཡིས། །བསྡུས་ཏེ་བསྲུང་མཚམས་ཤེས་པའོ། །ཁྱད་པར་ཁོ་ན་དཀའ་ཐུབ་དང་། །བསྲུང་བ་བཅུ་གཉིས་གཅིག་ཏུ་གསུངས། །གསང་བའི་ལམ་ནི་རྟོགས་


DNG016_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

པས་ལམ་མི་བཟུར། །དྲག་སྔགས་ཐུན་མཚམས་ཁྲི་བར་གཏམ་མི་བྱ། །འཇིག་རྟེན་པ་དང་དམན་ལ་ཕྱག་མི་བཙལ། །ཁྲོ་བོའི་ཆས་དགུ་གར་དགུ་གསལ་བར་བརྟག །མཚན་ལྡན་གཟུངས་མ་བླང་དོར་མེད་པར་སྤྱད། །རྡོ་རྗེའི་ར་བའི་རྫིང་ནི་མི་བཤིག་མངོན་དུ་སྤྱད། །རེ་དོགས་སོམ་ཉི་མེད་པར་གཟིར་ཞིང་གཞོམ། །ཚ་བ་གསུམ་དང་རུལ་གསུམ་མྱང་བར་སྤྱད། །འཁོར་ལོ་གཟིར་མཐའ་སྦྱིན་བསྲེག་མནན་པ་ཟོར། །ལུས་ཀྱི་དབང་པོ་གཞན་གྱིས་མཐོང་མི་བྱ། །ཤེས་རབ་སྤྱོད་པས་བླ་མའི་ཟུར་མི་བཅག །ཁྱད་པར་ངག་ལས་ཁོ་ནའི་དཀའ་ཐུབ་བཤད། །སྤྲུལ་པའི་ཁྱད་པར་དམ་ཚིག་བསྲུང་བར་གསུངས། །རྡོ་རྗེའི་རྨང་གི་རི་མི་བཤིག །མངོན་འབྱུང་བརྟུལ་ཞུགས་དོགས་མེད་སྤྱད། །གཅན་ཟན་རྒྱལ་པོ་གསད་མི་བྱ། །ཟ་མ་ཏོག་ཏུ་དུག་མི་བླུག །རིན་ཆེན་ལྷ་བྲན་ཡང་བྲག་བསྲེག་མི་བྱ། །གངས་ཀྱི་ཞུན་ཆུ་བཏུང་བ་མིན། །བདུད་རྩི་སྣོད་ངན་ནང་མི་བླུག །མི་ཤིས་སྣོད་དུ་མདངས་མི་དབབ། །སྣོད་ངན་སེང་གེའི་ཞོ་མི་བླུག །ཡིད་བཞིན་ནོར་བུ་བསྲེག་མི་བྱ། །བྱ་ཁྱུང་གཤོག་པ་བཅག་པ་མིན། །གནམ་ལྕགས་ཨུར་མོ་ནང་མི་འཐབ། །སྟག་གཟིག་རོལ་པའི་ལྷག་མི་བཏུང་། །རྡོ་རྗེས་གཏམ་པའི་བྲག་མི་བཤིག །རྡོ་རྗེའི་ར་བའི་རྨང་མི་འདྲུལ། །མུན་པ་སེལ་བའི་སྒྲོན་མི་གསད། །རྡོ་རྗེ་ཆུ་བོའི་རྐ་མི་གཅད། །རྒྱལ་པོའི་ཕྱག་རྒྱའི་རྟགས་མི་དབྱི། །རྡོ་རྗེའི་རྫོང་གི་བྲག་མི་བཤིག །རིན་ཆེན་རྒྱལ་མཚན་རྩེ་མི་དབྲོག །ལྷག་པའི་དམ་ཚིག་བསྲུང་བར་བཤད། །བརྟུལ་ཞུགས་ལམ་ལས་ཅིག་ཅར་བགྲོད། །འབྲས་བུ་བགྲོད་ཐོབ་ལྷུན་གྱིས་གྲུབ། །ལས་དང་སྦྱོར་བ་ཀུན་དང་ལྡན། །མཐུ་སྟོབས་བྱིན་རླབས་ཤུགས་ཀྱིས་འབྱུང་། །དམ་ཅན་རྒྱ་མཚོ་དེར་གནས་འགྲུབ། །དེ་མ་ཡིན་ན་མཛེ་དང་གཡན། །དུས་མིན་ཚེ་ཟད་མནར་མེད་འཕོ། །ལེགས་ཉེས་བགྲོད་མེད་གཉིས་གར་བྱེད། །བསྲུང་ལས་འདས་ཤིང་གཉིས་སུ་མེད། །རང་བཞིན་གནས་དང་ཤུགས་ཀྱིས་རྫོགས། །ལྟ་བའི་དམ་ཚིག་ཆེན་པོར་བཤད། །དཔལ་ཚེ་བདག་གི་དགོངས་རྒྱུད་ནག་པོ་ལས། དཀའ་ཐུབ་དམ་ཚིག་གི་ལེའུ་སྟེ་དྲུག་པའོ།། །།


DNG016_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་འཁོར་གྱི་ནང་ནས་རྡོ་རྗེ་སྙིང་པོ་སྟན་ལས་ལངས་ནས། བཅོམ་ལྡན་འདས་ལ་གསོལ་པ། རྒྱལ་བ་ཀུན་གྱི་རང་བཞིན་དངོས། །གསང་སྔགས་ངོ་བོ་དེ་ཉིད་ལགས། །འཇིག་རྟེན་འདས་དང་མ་འདས་པའི། །དྲེགས་པ་མཐུ་རྩལ་ལྡན་པ་ཀུན། །བཀའ་བཞིན་ཉན་པ་ཅི་ཡི་ཕྱིར། །ལྷུན་གྲུབ་ཕྱག་རྒྱ་ཟིལ་གནོན་སྐུ། །གཉེན་པོ་གང་གིས་འདུལ་བ་ལགས། །དྲག་པོའི་གདུལ་བྱ་གང་ལགས་པ། །འཁོར་ལ་རྒྱས་པར་བཤད་དུ་གསོལ། །ཞེས་གསོལ་བས། བཅོམ་ལྡན་འདས་ཀྱིས་དྲི་བ་གསུམ་པའི་དོན་འདི་གསུངས་སོ། །བསྐལ་པ་རྫོགས་ལྡན་བྱ་བ་ལ། །རིགས་ལས་གོལ་བའི་དྲེགས་པ་ལྔ། །ནག་པོ་གསོད་བྱེད་འཐོམ་པའི་གཙོ། །སྲིན་མོ་ཁ་འདར་ཁྲག་སྐྱུག་གཙོ། །རྩུབ་འཁོར་སྲོག་བཅད་ཡཀྴའི་གཙོ། །ཞེ་སྡང་གདུག་པ་སྦྲུལ་མགོའི་གཙོ། །དྲེགས་པ་བཅོ་བརྒྱད་བགེགས་རིགས་སྟོང་ཕྲག་བརྒྱད་ཅུའི་གཙོ། །དེ་ཡི་བདག་པོ་ཕུང་བྱེད་ཆེ། །ཀཱ་ལི་ཨཱ་ཡུ་ཆང་གིས་དྲེགས། །འབྱུང་བ་བཞི་ཡི་རྔམ་འོག་ནས། །ལུས་ཆེ་ཡན་ལག་རགས་ལ་རྔམས། །སྐྲ་དང་ཁ་སྤུ་ཨག་ཚོམ་རྩུབ། །སྟོད་སྨད་སྲིན་པོ་ཞུན་གྱི་གོས། །མགོ་དང་སྙིང་ཕྲེང་སྦྲུལ་གྱིས་བརྒྱན། །མཚོན་ཆ་མེ་རླུང་ཧ་ལའི་དབལ། །ཐོག་དང་སེར་བ་བུ་ཡུག་འབེབས། །རྒྱུ་མ་གློ་སྙིང་ཐོད་ཁྲག་འཐུང་། །ནག་པོ་སྡེར་ཆེན་མི་ལྤགས་གོན། །ཐོད་རློན་འབྲུ་མར་ཆང་ཁྲག་འཐུང་། །བྲན་མོ་གཡོག་མོ་ཕྲ་མེན་མ། །རིགས་ངན་མོ་རྣམས་འཁོར་དུ་བྱས། །ཆགས་སྡང་མེ་རླུང་རབ་ཏུ་ཁོལ། །སྲོག་ཆགས་ཀུན་བསད་མངལ་ནུ་སྐེམས། །རྣམ་བཞིའི་འཁོར་ལ་གནོད་ཅིང་འཚེ། །མྱུར་དུ་གསོད་ཅིང་ཤ་རློན་ཟ། །དེད་དཔོན་བཞི་ནི་འཁོར་ལ་སྦོ། །དེ་ལྟ་བུ་ཡི་ཀཱི་ལཱི་ལྔ། །སངས་རྒྱས་བསྟན་པ་འཇིག་ལ་ཉེ། །འགྲོ་བ་མ་ལུས་ཕུང་ལ་ཁད། །དེ་དག་འདུལ་ཕྱིར་སངས་རྒྱས་སྐུ། །ཕྱག་རྒྱ་ཟིལ་གནོན་འཇིགས་པར་སྟོན། །དེ་ཡང་ཇི་ལྟ་བུ་ཞེ་ན། །ལྷ་ཡི་དབང་ཕྱུག་དེད་དཔོན་རྒྱལ་བ་རུ། །སྲིད་མཚོ་རིགས་ཀྱི་བདག་པོར་གྲགས་པ་ཞིག །གསང་སྔགས་རིགས་སུ་དེ་ཉིད་འཆེས། །བགྲོད་


DNG016_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཕྲ་མོའི་སྒོར་ཞུགས་ནས། །བརྡ་དོན་མ་རྟོགས་ལྷུག་པར་སྤྱད། །དམ་པ་མ་ཐོབ་པ་ལ་སྤྱད། །རང་ཉམས་མ་རྙེད་བརྐམ་ཆགས་སྤྱོད། །རིགས་ངན་མོ་རྣམས་གྲོགས་སུ་སྤྱད། །ཤ་ཆེན་ཀེང་རུས་ཁྲག་ལ་རོལ། །གསང་སྔགས་བཀའ་བསྒོ་ལོག་པ་ཡིས། །དུས་མ་ཡིན་པར་ནད་དར་ཏེ། །སྡུག་བསྔལ་ཉམས་མྱོང་ཚེ་འཕོས་ནས། །ན་རག་རྡོ་རྗེ་དམྱལ་བར་ལྟུང་། །སྡུག་བསྔལ་རབ་མྱང་ཚ་གྲང་སྤྱོད། །ཕལ་པའི་སྡུག་བསྔལ་བརྒྱ་འགྱུར་མྱང་། །ཏིལ་སྦྱངས་ཚོད་གཟུང་བརྒྱ་ཡི་ནང་། །མི་དང་ལྷ་ཡི་ལོ་ཚད་ཞག །ལྷ་ལས་ལོ་རེ་དམྱལ་བའི་ཞག །རྡོ་རྗེ་དམྱལ་བའི་ལོ་རེར་ཏིལ་རེ་མཐར་ཟད་ནས། །དམྱལ་བ་ཕལ་པའི་གནས་སུ་འཕོས། །ཚ་གྲང་གནས་ན་སྡུག་བསྔལ་གདུངས། །ལྕགས་གཟེར་ཐོ་ལུམ་མེ་དཔུང་བསྲེག །བསྲེགས་ཤིང་ཐིག་འདེབས་ཐིག་ནག་ཁོལ། །སྤུ་གྲིའི་རི་དང་ནགས་ཚལ་བསྲེག །པདྨ་ཨུཏྤལ་པདྨ་ཆེ། །གས་དང་གས་ཆེན་རོ་མྱགས་འདམ། །ཆུ་བོ་རབ་རིབ་གྲང་བཙོན་བརྒྱད། །བསྐལ་པ་བཞིན་དུ་འོ་དོད་དང་། །ཉི་ཚེ་བ་བརྒྱད་གཅིག་ཏུ་གནས། །སྡུག་བསྔལ་དཔག་མེད་རབ་མྱོང་ནས། །བདེ་བས་ཤིན་ཏུ་དྲེལ་བར་འགྱུར། །ཕྱི་ནང་ཡི་དྭགས་གནས་སུ་སྐྱེས། །གཟུགས་ཆེ་སྐེ་དང་རྐང་ལག་ཕྲ། །རྣག་ཁྲག་ངན་སྐྱུགས་ལྕགས་མེ་འབར། །སྲིན་མོ་དང་ནི་གཅན་གཟན་གདུག །སྡུག་བསྔལ་ཉམས་སུ་རབ་མྱོང་ནས། །མཐའ་རུ་རྫུ་འཕྲུལ་དྲེགས་པའི་གནས། །ལྕགས་མཁར་བརྒྱད་གཉིས་བཅུ་གཉིས་འོབས། །ཐོད་མཁར་དབུས་ན་ཤ་ཁྲག་ཟ། །རྔམ་ཞིང་ང་རོས་འཁོར་རྣམས་མངག །དེ་ལྟའི་རྣམ་སྨིན་མང་བསགས་པའི། །གནས་སུ་རཱུ་ཏྲ་ཀཱ་ལིར་སྨིན། །དེ་ཡིས་འཇིག་རྟེན་ཕུང་བྱེད་ནས། །རྒྱལ་བའི་ཐུགས་རྗེས་བསྒྲལ་བར་དགོངས། །སངས་རྒྱས་ཀུན་གྱི་ཐུགས་བརྒྱུད་ནས། །བྱིན་རླབས་མཐུ་རྩལ་སྟོབས་འགྲན་ཏེ། །ནག་པོ་དེ་ཉིད་གདུལ་བའི་ཕྱིར། །སངས་རྒྱས་


DNG016_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

ཆོ་འཕྲུལ་སྣ་ཚོགས་མཛད། །སྟོང་པའི་རང་བཞིན་བདེ་སྟོང་ཀྱང་། །སྟོངས་པས་ནག་པོའི་སྡེ་མ་སྟོངས། །ནག་པོ་རྔམ་ནས་སངས་རྒྱས་སྐྲག །སངས་རྒྱས་རྡུལ་སྙེད་ཞིང་ཁམས་འཁོད། །ནག་པོ་འཁོར་དང་བཅས་པ་ལ། །དེས་མ་བསྐྱོད་ཕྱིར་སྟོབས་ཅན་གསུམ། །ཡ་མ་བཛྲ་ཧ་ཡའི་སྐུ། །རང་རང་ཆ་བྱད་ལག་ཆ་འཁོར། །སྔགས་ཚིག་དྲག་པོ་རྔམ་བཟླས་ནས། །ནག་པོ་འཁོར་དང་བཅས་པ་ལ། །ལུས་ངག་བཀོལ་ཕྱིར་མེ་རླུང་སྤྲུལ། །དུག་དང་མཚོན་ཆའི་ཆར་ཕབ་པས། །ནག་པོ་འཁོར་བཅས་དགའ་མགུ་ནས། །ཤ་ཁྲག་རོ་དང་བདུད་རྩིར་གྱུར། །མངའ་བརྙེས་སྡེ་ལས་རྒྱལ་ལ་ཁད། །དེས་མ་ཐུལ་ཕྱིར་སངས་རྒྱས་ཀྱིས། །ཀྲོ་དྷ་བཛྲ་ཨུ་ཙུཤྨ་སྤྲུལ་ཏེ། །བཛྲ་རཀྴ་འཁོར་བཅས་ཀྱིས། །ནག་པོ་བསྒྲལ་ལ་བཟའ་བར་རྔམས། །གྷུ་ཧྱ་མ་ཏྲཾ་ང་རོར་བཏོན། །ཛྙཱ་ན་རཾ་གྱིས་སྲས་མཆོག་སྤྲུལ། །ཀཱི་ལ་ཙིཏྟའི་དཀྱིལ་དུ་གཟས། །བཏབ་པས་སྨེ་བ་བརྩེགས་པ་རྒྱལ། །རྡོ་རྗེ་སྲིན་པོའི་འཁོར་བརླགས་ནས། །ནག་པོ་དྲེགས་པའི་ཚེ་བཀྲག་ཕྲོགས། །གསང་སྔགས་ངོ་བོ་དེ་ཁོ་ནས། །དྭངས་མ་ཆེན་པོ་ལྔ་ཡི་དངོས། །ཡེ་ཤེས་ལྔ་ཉིད་རྟོག་པ་ཡི། །རིགས་ལྔའི་ངོ་བོ་སྤྱི་ཡི་གཟུགས། །ནག་པོ་ཆ་མཐུན་བརྗིད་པའི་སྐུ། །ཟིལ་གནོན་ཕྱག་རྒྱ་ཆེན་པོ་ཉིད། །སྟོང་ཉིད་མ་སྐྱེས་མ་འགགས་པའི། །ལྷུན་གྲུབ་ཛྙཱ་ནས་ཐམས་ཅད་མཁྱེན། །ལྷུན་པོ་རི་རབ་བརྟན་ལྟར་བརྗིད། །རྣམ་ཐར་དབུ་གསུམ་སྐུ་གསུང་ཐུགས། །རྒྱུད་དྲུག་འཁོར་བ་བསྒྲལ་བའི་རྟགས། །ཕ་རོལ་ཕྱིན་ཕྱག་ཡེ་ཤེས་དྲུག །སྐྱེ་བ་རྣམ་བཞི་དག་པའི་རྟགས། །ཚད་མེད་ཞབས་བཞི་རྫུ་འཕྲུལ་རྐང་། །སྲ་བྱེད་བརྟན་པས་ཐམས་ཅད་གནོན། །མཉེན་བྱེད་བསྐྱིལ་ཞིང་སྡུད་པའི་དབང་། །གསལ་བྱེད་ཁྲག་ཆུང་བག་ཆགས་བསྲེག །གཡེང་བྱེད་རྐྱེན་མེད་རང་ཤུགས་ལྡན། །སྣང་བྱེད་གོ་འབྱེད་ཁེབས་འོག་ཆུད། །རྒྱུ་རྐྱེན་ཐབས་ལ་རག་མ་ལུས། །བདེ་བའི་སྐུ་ཉིད་སྟོང་བདག་མེད། །སྟོང་ལས་ཀུན་སྐྱེས་བསམ་དཔག་དཀའ། །ནག་པོ་གདུལ་ཕྱིར་སྣ་ཚོགས་སྐུ། །ཡ་མ་བཛྲ་ཁྱམས་ཁང་ཁྱུང་། །དེ་བཞིན་གཉིས་ལྡན་སེང་གེ་སྟག །གདུག་པའི་ཡེ་ཤེས་ཁྲོ་ཆུང་འབར། །ཚུལ་དགུ་ཆས་དགུ་རྒྱན་དགུ་དང་། །གར་དགུ་སྟབས་དགུ་རྔམས་སྒྲ་དགུ། །ཐོད་སྦྲུལ་རིན་པོ་ཆེ་ལ་སོགས། །


DNG016_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

གསོད་བྱེད་ཁྲག་འཐུང་ཚོགས་ཀུན་གནོན། །འཁོར་ལོ་རལ་གྲི་རྡོ་རྗེ་འཕེན། །བེ་ཅོན་གཏུན་ཤིང་སྡིགས་མཛུབ་བརྡེག །ནག་པོ་དྲེགས་པ་བསྒྱེལ་ཏེ་མནན། །རྔམ་པའི་དྲག་སྔགས་དྲག་པོ་བསྒྲག །ཨེ་ཀ་ཡ་མ་རུ་དྲ་མ་ཏྲ་མཱ་ར་ཡ་རྦད། དུན་ཧུར་ཐུཾ་ཛ། ནག་པོ་བསྒྲལ་ཏེ་སྒྲིབ་པ་སྦྱངས། །གཤེད་བདག་ཡང་སྤྲུལ་འཁོར་ཚོགས་ཀྱིས། །ནག་པོ་འཁོར་མནན་རང་འཁོར་བསྡུས། །མདངས་ཕུལ་སྣམ་ནས་བཏོན་ཏེ་བཞག །ཞལ་དུ་གསོལ་བས་བདེ་བ་བསྙེན། །ནག་པོ་འཁོར་བཅས་བརྒྱལ་སངས་ཏེ། །བདག་ཅག་རྒྱལ་བའི་འཁོར་ལགས་པས། །འཁོར་ལ་ཐུགས་རྗེ་མ་ཆུང་བར། །བྲན་འཁོར་ཕོ་ཉའི་ལས་སྐལ་བྱེད། །བཀའ་བཞིན་བགྱིད་ཀྱིས་བཀའ་ལ་ཐོགས། །ཡུན་དུ་རྒྱལ་བའི་བསྟན་པ་བསྲུང་། །རྣམ་བཞིའི་འཁོར་ལ་ཡུན་དུ་འཚོ། །སྲོག་གི་སྙིང་པོ་འདི་བཞེས་ལ། །བཀའ་དྲིན་བགྱིད་ཀྱིས་འཁོར་དུ་ཞོག །ཅེས་གསོལ་ཏོ། །དཔལ་ཚེ་བདག་གི་དགོངས་རྒྱུད་ནག་པོ་ལས། དྲེགས་པ་ཅན་ནག་པོ་འཁོར་དང་བཅས་པ་བཏུལ་བའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་གདུག་པ་གསུམ་གྱི་ནད་ཞུགས་པའི་མཚན་ཉིད་དང་། ཞུགས་པའི་རྟགས་དང་། ནད་དེ་འདོན་པའི་གཉེན་པོའི་སྔགས་བརྡེག་པ་དང་། བརྡེག་པའི་ཐབས་བཤད་དོ། །མཛེ་རིགས་དྲག་པོའི་ནད་དར་ནས། །འཇིག་རྟེན་འགྲོ་བ་མི་ཡུལ་དུ། །གདུག་པ་གསུམ་གྱི་ནད་དར་ཏེ། །ཛྭ་ལ་ཛི་ཏི་ཡ་ང་བ། །མེ་རུ་འཁྲུགས་ཏེ་ཕུང་ལ་ཁད། །དེ་ལ་དྲག་སྔགས་རྣོ་དབལ་མཚོན། །དམོད་པ་དྲག་པོ་ལས་ཀྱི་ནད། །ཉེན་ལྔ་སྨིན་པ་འདི་ལྟ་སྟེ། །རིགས་དང་རྩོལ་བ་ཐབས་རླངས་དང་། །བྱད་ཀྱི་གཏད་ཁྲམ་གནད་གཟིར་སོགས། །དེ་ལྔའི་སྐྱོན་གྱིས་ནད་ལྔ་ལྡང་། །རྒྱལ་རིགས་མགོ་ནས་རུས་ནད་བསྐྱེད། །ཤ་སྐེམ་མདོག་དམར་ཟུག་པ་ཆེ། །ཤི་ཕྲད་ཉིན་མཚན་དྲིལ་གཏོར་བརྡེག །དཀའ་ཐུབ་ལྡན་པས་མདངས་བླངས་བཟའ། །ས་ནཱ་སྔགས་རྣམས་མ་ཕྱི་སོར་བཞག་བྱས་ག་སྙིང་གཟེར་རོ་མྱག་རྦད། ཁྲག་ལ་མྱོག་ཏི་ཡཾ་ཤག་རྦད། དུག་ཕྱུང་ཁྲག་ཤིག་ཙིཏྟ་གཏུབ་རྦད། ཁམ་ཤག་ཐུམ་རིལ་ཧྲིལ་མྱག་རྦད། ཙིཏྟ་མ་མ་དབུགས་ལ་ཐད་གཟེར་རྦད། ས་ནཱ་ག་རྩལ་ཧུར་ཐུམས་རྦད། སྲོག་ལ་ཐུན་རྦད་བྷྱོ། རྗེ་རིགས་ལག་


DNG016_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་ཚ་བ་སྐེམ། །སྙིང་གཟེར་དགུ་པ་དྲིལ་ལ་གདོན། །ས་ནཱ་ག་མ་ཏྲག་སྙིང་གཟེར་རྦད། ས་ནཱ་ག་སྙིང་གཟེར་དུན་རྦད། ས་ནཱ་ག་ཙིཏྟ་སྙིང་གཟེར་རྦད། ས་ནཱ་ག་དུ་མེ་སྙིང་གཟེར་རྦད། ས་ནཱ་ག་ཀྵྀ་ཏྲི་སྙིང་གཟེར་རྦད། ས་ནཱ་ག་སྙིང་གཟེར་ཐུན་ཕྱུང་སྙིང་གཟེར་རྦད། ས་ནཱ་ག་ཁཾ་ཤག་སྙིང་གཟེར་རྦད། ས་ནཱ་ག་སྲོག་ཏིག་སྙིང་གཟེར་རྦད། ས་ནཱ་ག་ཐུམ་རིལ་སྙིང་གཟེར་རྦད། ས་ནཱ་ག་སྙིང་གཟེར་སྦུར་ནན་རྦད། བྲམ་ཟེ་ལག་གཡོན་ཁྲག་ཆུ་སྐེམ། །ཉི་ཤུ་རྩ་གཅིག་རྣལ་མ་གདོན། །ས་ནཱ་ག་སྙིང་གཟེར་ཛ། ས་ནཱ་ག་སྙིང་གཟེར་དུ་ན་ཕྱུང་རྦད། ས་ནཱ་ག་སྙིང་གཟེར་ཙིཏྟ་ཁ་ལ་ནན་རྦད། ས་ནཱ་ག་སྙིང་གཟེར་ཐུན་ནན་རྦད། ས་ནཱ་ག་སྙིང་གཟེར་དུ་རཾ་རྦད། ས་ནཱ་ག་སྙིང་གཟེར་ཡཾ་ཟློག་རྦད། ས་ནཱ་ག་སྙིང་གཟེར་སྲོག་ལ་རྦད། ས་ནཱ་ག་སྙིང་གཟེར་ཙིཏྟ་རོ་མྱག་རྦད། ས་ནཱ་ག་སྙིང་གཟེར་ཐུམ་རིལ་རྦད། ས་ནཱ་ག་སྙིང་གཟེར་རྩལ་རྨུགས་རྦད། ས་ནཱ་ག་སྙིང་གཟེར་ནན་འདྲིད་རྦད། ས་ནཱ་ག་སྙིང་གཟེར་དྲེང་ཤག་རྦད། ས་ནཱ་ག་སྙིང་གཟེར་ཙིཏྟ་ཁས་རྦད། ས་ནཱ་ག་སྙིང་གཟེར་ཁྲག་ཐིབས་རྦད། ས་ནཱ་ག་སྙིང་གཟེར་སྦུར་ནན་རྦད། ས་ནཱ་ག་སྙིང་གཟེར་ཧི་ནན་རྦད། ས་ནཱ་ག་སྙིང་གཟེར་ཨུ་ནན་རྦད། ས་ནཱ་ག་སྙིང་གཟེར་ཨེ་ནན་རྦད། ས་ནཱ་ག་སྙིང་གཟེར་སྲོག་ལ་དུན་དུན་རྦད། ས་ནཱ་ག་སྙིང་གཟེར་ཙིཏྟ་རུ་ཐུམ་རྦད། ས་ནཱ་ག་སྙིང་གཟེར་ཧ་ལ་ཧ་ལ་ཕྱུང་རྦད། དམངས་རིགས་རྐང་གཡས་ཞྭ་གྲུམ་གཡོ། །སྙིང་གཟེར་བདུན་གྱིས་འཇོམས་ཤིང་གདན། །ས་ནཱ་ག་སྙིང་གཟེར་སྦུར་ནན་རྦད། ས་ནཱ་ག་སྙིང་གཟེར་འདྲིད་ཕྱུང་རྦད། ས་ནཱ་ག་སྙིང་གཟེར་སྲོག་ལ་མྱོག་རྦད། ས་ནཱ་ག་སྙིང་གཟེར་དུ་རཾ་རྦད། ས་ནཱ་ག་སྙིང་གཟེར་ཡཾ་བཟློག་རྦད། ས་ནཱ་ག་སྙིང་གཟེར་ཙིཏྟ་རྦད། ས་ནཱ་ག་སྙིང་གཟེར་ཨུ་ནན་གཟེར་བྱུང་རྦད། གདོལ་པ་རྐང་གཡོན་རྣག་ལ་འཇུག །ཁོང་པ་སྦོ་བ་རྣག་ལ་འཇུག །གདུག་པ་ལྟོ་དཀྲུག་སྔགས་ཀྱིས་འཇོམས། །སརྦ་དུ་རཾ་ཨེ་ནན་འདྲིད་ཕྱུང་ཙིཏྟ་སྙིང་ཁྲག་གཟེར་ཐུམ་རིལ་རྦད། བ་སུ་རིགས་དྲུག་རྩར་འཇུག་ཕོལ་འབྲས་གཡོ། །ཧེ་ས་འབྲུ་བརྒྱད་ཐུན་མོང་གནོན། །ཧེ་ས་ཡ་མ་ཐི་སར་ཡ་ས་ནཱ་ག་སྙིང་གཟེར་སྦུར་ནན་རྦད། སྨན་


DNG016_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

དང་འཕྱེ་བོ་རླུང་སྒོར་འཇུག །མཛེ་རླུང་ཁྲག་སྐྱེ་ཚ་གྲང་འཁྲུགས། །བཅུ་གཅིག་པ་ཡི་སྔགས་ཀྱིས་གནོན། །ས་ནཱ་ག་སྲོག་ལ་དུན་དུན་རྦད། ས་ནཱ་ག་ཙིཏྟ་ཐུམ་རིལ་ཤག །ས་ནཱ་ག་ཙ་རྦད་ཐུམ་རིལ་ཤག །ས་ནཱ་ག་དུན་ལིང་ཐུམ་རིལ་ཤག །ས་ནཱ་ག་སྲོག་ལ་ཧུར་ཐུམ་རིལ་ཤག །ས་ནཱ་ག་སྙིང་གཟེར་སྦུར་ནན་ཐུམ་རིལ་ཤག །ས་ནཱ་ག་དུ་མེ་མ་མ་སྲོག་གཟིར་རྦད་ཐུམ་རིལ་ཤག །ས་ནཱ་ག་ཙ་ཏྲི་ཤུ་ལ་གཟིར་ནན་ཐུམ་རིལ་ཤག །ས་ནཱ་ག་ནྲྀ་ཏྲི་ཡཾ་ཤིག་གཟིར་ཐུམ་རིལ་ཤག །རྐང་གཅིག་བུ་ག་རྩ་གཉིས་འཇུག །གཞོགས་སྐམ་སྦུབ་པ་ནད་ཀྱི་རྒྱུ། །སྙིང་གཟེར་བཅུ་གཅིག་དྲིལ་བས་གདོན། །ས་ནཱ་ག་སྲོག་ལ་དྲེང་ཤག་ཐུམ་རིལ་དུན་དུན་ཛ། ས་ནཱ་ག་སྲོག་ལ་དྲེང་དྲེང་ཛྭ་ཛྭ་ཐུམ་རིལ་ཤག །ས་ནཱ་ག་སྲོག་ལ་དུན་དུན་ཤག །ས་ནཱ་ག་ཙིཏྟ་ཐུམ་རིལ་ཤག །ས་ནཱ་ག་རྩ་ལ་རྦད་ཐུམ་རིལ་ཤག །ས་ནཱ་ག་ཐུམ་ལིང་ཐུམ་རིལ་ཤག །ས་ནཱ་ག་ཁཾ་ཤག་ཐུམ་རིལ་ཤག །ས་ནཱ་ག་སྙིང་གཟེར་སྦུར་ནན་ཐུམ་རིལ་ཤག །ས་ནཱ་ག་དུ་མེ་ལ་མ་སྲོག་གཟིར་རྦད་ཐུཾ་རིལ་ཤག །ས་ནཱ་ག་ཙི་ཏྲི་ཤུ་གཟིར་ནན་ཐུཾ་ཤག་ནྲྀ་ཏྲི་ཡཾ་རྦད། གེལ་པ་སོ་དང་སེན་ལ་འཇུག །ལྕེ་འཐིབ་ཀླུ་ནད་བརླང་པོ་གཏོང་། །བཅུ་གཅིག་དང་པོ་བདུན་པའི་ཐ་མ་དང་། །ལོག་དཀྲུག་རྣལ་མ་སྡེབ་ལ་གདོན། །ས་ནཱ་ག་སྲོག་ལ་དྲེང་ཤག་ཐུཾ་རིལ་དུན་དུན་ཛ་ཛ། ས་ནཱ་ག་སྙིང་གཟེར་སརྦ་ཨུ་ནན་གཟེར་ཕྱུང་རྦད། སརྦ་དུ་རཾ་ཨི་ནན་འདྲིད་ཕྱུང་ཙིཏྟ་སྙིང་གཟེར་ཐུཾ་རིལ་ཤག་རྦད། མགོ་མང་ཁ་ཟས་རོ་ལ་འཇུག །ལྕེ་ཡི་དབང་པོ་རོ་དང་བྲལ། །དགུ་དང་བཅུ་གཅིག་དབུས་སྡེབ་གདོན། །ས་ནཱ་ག་དུག་ཕྱུང་སྙིང་གཟེར་རྦད། ས་ནཱ་ག་ཐུཾ་ལིང་ཐུམ་རིལ་ཤག །གདུག་པ་ཆེན་པོ་སྙིང་ལ་འཇུག །སྨྱོ་འབོག་འཚེལ་མཛེ་སྡུག་བསྔལ་མྱོང་། །བཅུ་གཅིག་དབུས་དང་བསམ་གཏན་སྔགས། །ཉིན་མཚན་བསྣོལ་མར་བཟླས་པས་གདོན། །ས་ནཱ་ག་དུཾ་ལིང་ཐུཾ་རིལ་ཤག་རྦད། སརྦ་ཙིཏྟ་རོ་མྱགས་ཁ་ཐམ་སྲོག་གཟིར་སྦུར་ནན་འདྲིད་ཕྱུང་ཧྲི་ཤག་ཛ། ས་ཡམས་རྗེན་ཤུན་དྲི་ལ་འཇུག །ནང་ཁྲོལ་ལྔ་ཟ་མཛེ་ཡམས་བསྐྱེད། །ཕྱག་རྒྱ་བསམ་གཏན་རྣལ་མས་གདོན། །ས་ནཱ་ག་སརྦ་ཙིཏྟ་རོ་མྱགས་ཁ་ཐམ་སྲོག་གཟིར་སྦུར་ནན་འདྲིད་


DNG016_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུང་ཧྲི་ཤག་རྦད། ལྟོ་འཕྱེ་རྩ་བཞི་སྦུབས་ལ་འཇུག །བད་ཀན་ཁྲག་རླུང་མཁྲིས་ནད་བསྐྱེད། །སྐྱོ་དུབ་སེམས་གཡེར་འཆལ་དང་འཐིབས། །ཤི་ཕྲད་མགོ་དང་དགུ་པའི་དབུས། །སྡེབ་ལ་བཟླས་ལ་དྲག་པོ་གདོན། །ས་ནཱ་ག་ཙིཏྟ་རོ་མྱགས་རྦད། ཁྲག་ལ་མྱོག་ཏི་རྦད། སྲོག་ལ་མུག་ཏི་རྦད། དུག་ཕྱུང་ཁྲམ་ཤིང་རྦད། ས་ནཱ་ག་དུག་ཕྱུང་སྙིང་གཟེར་རྦད། འཐོམས་པ་ཚིགས་ལ་འཇུག་པ་སྟེ། །རྐང་ལག་ཞྭ་གྲུམ་ལུས་སྐེམ་སྦྲིད། །སྔགས་ནི་དགུ་བདུན་གོང་བཞིན་སྡེབ། །ས་ནཱ་ག་མ་ཏྲག་སྙིང་གཟེར་རྦད། ས་ནཱ་ག་ཙི་ཏྲི་སྙིང་གཟེར་ཙིཏྟ་རྦད། ས་ནཱ་ག་སྙིང་གཟེར་སྦུར་ནན་རྦད། ས་ནཱ་ག་སྙིང་གཟེར་འདྲིད་ཕྱུང་རྦད། མགོ་དགུ་མགོ་ལྔ་ཁ་ཟས་འཇུག །ཟས་ལ་རོ་མེད་ལྡིབ་དང་ལྐུགས། །ཤི་ཕྲད་དྲག་པོ་མགོ་མས་གདོན། །ས་ནཱ་ག་ཁམ་ཤག་ཐུཾ་རིལ་ཧྲིལ་མྱགས་རྦད། ཙ་ཏྲི་མ་མ་དབུགས་ལ་ཟང་གཟེར་རྦད། རྩལ་ཧུར་ཐུཾ་རྦད། སྲོག་ལ་ཐུན་རྦད་བྷྱོ། ས་བདག་ས་སྲིན་ཁ་མིག་འཇུག །རྨ་དང་སྲིན་དང་ལིང་ཏོག་འབྲས། །ཤི་ཕྲད་དང་མགོ་གཉིས་སྡེབ་ལ། །བཅུ་གཅིག་དབུས་མ་བསྣོན་པས་གདོན། །ས་ནཱ་ག་ཁྲག་ལ་མྱོག་ཏི་རྦད། ཁམ་ཤག་ཐུཾ་རིལ་ཧྲིལ་མྱགས་རྦད། ས་ནཱ་ག་དུཾ་ལིང་ཐུཾ་རིལ་ཤག་རྦད། གཉན་གྱི་ནད་རིགས་སྐམ་དང་འཇའ། །བསམ་གཏན་བཅུ་གཉིས་བཞི་པ་མགོར། །སྡེབ་ལ་སྲེག་དང་ཁྲུས་བྱས་ཐོན། །ས་ནཱ་ག་རྩལ་རྦད་ཐུཾ་རིལ་བྷྱོ། སརྦ་ཙིཏྟ་རོ་མྱགས་ཁ་ཐམ་སྲོག་གཟིར་སྦུར་ནན་འདྲིད་ཕྱུང་ཧྲི་ཤག་རྦད། ཀླུ་བརྒྱད་ཀླུ་སྲིན་དགངས་དང་འཐིབས། །འགུལ་དང་འཕྲིགས་དང་ཚ་ཞིང་ཟ། །དྲག་སྔགས་མགོ་བདུན་གུ་འཕྲད་གདོན། །ས་ནཱ་ག་སྙིང་གཟེར་སྦུར་ནན་རྦད། ས་ནཱ་ག་སྙིང་ལ་ཏྲིག་སྙིང་གཟེར་རྦད། ས་ནཱ་ག་ཙིཏྟ་རོ་མྱགས་རྦད། གདུག་པ་གསུམ་དང་མ་མོར་བསྡོང་། །རིམས་ནད་སྨྱོ་འབོག་ལྕི་འཐིབས་ན། །བཅུ་གཅིག་དུ་མེ་འབྲུ་དགུས་གདོན། །དུ་མེ་སུ་སྲོག་གཟིར་རྦད། ཐུཾ་རིལ་ཤག །གདུག་པ་གསུམ་དང་རྒྱལ་པོའི་ནད། །སྨྱོ་འབོག་སྙིང་ཕྱུང་སུ་ལ་ཁྲོལ། །ཙ་ཏྲི་འབྲུ་དགུ་ཕྱེ་ལ་གདོན། །ཙ་ཏྲི་ས་ནཱ་ག་ཐུཾ་རིལ་གཟིར་ཤིག །གདུག་པ་གསུམ་དང་བཙན་གྱི་ནད། །


DNG016_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

གྲི་ཟེར་ཁྲོ་ཞིར་རང་ཉམ་ཆུང་། །ཛ་ཡཾ་འབྲུ་བཅུ་ཕྱེ་ལ་གདོན། །ས་ནཱ་ག་ཛ་ཡཾ་གཟེར་ཐུཾ་རིལ་ཤག་རྦད། མཛེ་འདྲེ་ཐེའུ་བྲང་གདུག་པའི་ནད། །བློ་བུར་ཧུར་ཐུམ་ཡིད་འཁྲུགས་ཡོད། །རོ་ནྲྀ་འབྲུ་ཏྲྀ་ཡང་དགུ་ཕྱེ་ནས་གདོན། །ས་ནཱ་ག་རོ་ནྲྀ་ཏྲྀ་ཡང་གཟིར་ཐུཾ་རིལ་ཤག །འཇུག་པ་ངེས་པའི་ཚད་མས་བརྟག །ནད་རྟགས་ཤེས་ནས་སྔགས་རེ་གདོན། །རྟགས་མེད་འཁྲུགས་ན་རྣོ་དབལ་བཏགས། །མཛེ་ཡམས་བསྲུང་བའི་སྦྱོར་བར་བཤད། །དཔལ་ཚེ་བདག་གི་དགོངས་རྒྱུད་ནག་པོ་ལས། ནད་བརྟགས་ལ་གདོན་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་དབང་སྡུད་ཀྱི་རྩ་བ་འདི་གསུངས་སོ། །སྔོན་དུ་འགྲོ་བ་བརྟན་བྱས་ལ། །གཟུགས་གཉིས་བཅའ་འམ་ལྡིང་ཐབས་བཏག །ཐོད་པའམ་ཁྱུ་མཆོག་རྭ་རུ་གཞུག །གྲུ་གསུམ་རྩང་བཅས་རེ་བར་གདབ། །ལས་ཀྱི་ཚེ་བདག་གསལ་བྱས་ལ། །བླ་སྲོག་ནུས་པ་བདག་དབང་བསྡུ། །ལིངྒ་གཟུགས་དང་རྟེན་ལ་བསྡིམ། །ཉི་ཤུ་རྩ་གཅིག་སྦྱོར་བ་བརྩམ། །གཟིར་བ་བརྒྱ་བརྒྱ་བསད་པ་སྟོང་། །ཐོན་ནས་ཕུར་པ་སྙིང་གར་གདབ། །གདུག་པ་ཀླུ་དང་རྟེན་ལ་མནན། །ས་བརྐོ་ཕོ་ཉ་བླ་འགུགས་མནན། །ས་བདག་དབང་ཆེན་ཕོ་བྲང་གདབ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་དྲག་སྔགས་འདི་བཏོན་ཏོ། །ཨེ་ཀ་ཧེ་ཀ་གྷྲི་མ་ཧེ་ཀང་ཏྲི་ཡ། ཧེ་ས་བྷི་ས་མ་ཛ་ཏཱ། ཀུན་སྨན་པ་ཛ་ནི་ཛ་སད་ཀ་ར་ཡ་ཧཱུཾ་ཕཊ། ཨེ་ཀ་ཧེ་དུན་རཀྴ་རྦད། ཡ་ཧེ་སར་རཀྴ་རྦད། ཁར་ག་ཙ་དུར་རཀྴ་རྦད། ཐ་ཀང་ཀུ་མ་ཛ་ནི་རཀྴ་རྦད། སད་ཀ་ར་ཡ་དགྲ་བོའི་སྲོག་ལ་མཱ་ར་ཡ་རྦད། ཡ་མ་ཨེ་མ་ཧེ་ཀ་ར་ཛ་གྷྲི་མནན་མ་ལ་ཧེ་སང་ཛ་ཐུན་ནན། པྲ་ཡ་མ་ས་ར་ནཱ་ག་ཐི་བར་ན་ནན། ནྲྀ་ཏྲི་སྟྭམ་བྷ་ཡ་ནན། ཡུང་དཀར་ཡུངས་ནག་ཕུར་པ་ཁྲག །སོ་སོར་བྲིས་ལ་མཚོན་གྱིས་གཏུབ། །དབང་སྡུད་ལན་གཉིས་རྫོགས་པར་བཤད། །དྲག་པོའི་སེར་བ་འདི་ལྟ་སྟེ། །ཡུལ་གྱི་ལྷ་རྟེན་ཀླུ་དང་བཙན། །སེར་སྲུང་དྲི་མ་སྔོ་སྣ་ས། །བསྲེས་ལ་ཁྲག་གི་སྦལ་པ་གཉིས། །ལྟོ་སྦྱར་ཞིང་རས་སྔགས་ཀྱིས་གྲིལ། །ཐོད་པ་ཁྲག་སྣ་དང་བཅས་པ། །འབྲུ་གསུམ་གྲུ་གསུམ་དུག་ཁྲག་བྲན། །ཐོད་པ་དབྱར་དཔྱིད་


DNG016_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་སུ་གཞུག །སྟོན་ཟླ་གསུམ་ལ་གཟུགས་བླངས་ལ། །རྫས་ཀྱིས་སྦལ་པའི་བར་དུ་གཞུག །གོང་གི་ཐུན་བྲབ་ཕུར་པས་བརྡེག །བརྒྱད་དང་བཅུ་གཅིག་ཉ་བཅུ་དགུ། །ཉི་ཤུ་དགུ་ལ་དབབ་པར་བརྩམ། །ཨེ་ཀ་ཧེ་ཀ་ཡ་མ་ཧེ་སང་པྲ་མ་སར་པྲོཾ། ཧྲིལ་དྲག་ཏུ་པྲོཾ་པྲོཾ་ཧྲིལ། པྲོཾ་པྲོཾ་ཤར་ཤར་ཧྲིལ་བྷྱོ། དེ་བ་ཛ་ཡ་མ་ནཱ་ག་སྙིང་གཟེར་རོ་མྱགས། པྲོཾ་པྲོཾ་ཤར་ཤར་དྲག་ཏུ་ཕོབ། ཡ་མ་རཀྴ་ནཱ་ག་དུན་རྦད་ནཱ་ག་སྙིང་གཟེར་ས་ཏྲི་ནན་རྦད། ལས་གཉིས་ཡན་ལག་རྫོགས་པར་བཤད། དཔལ་ཚེ་བདག་གི་དགོངས་རྒྱུད་ནག་པོ་ལས། དྲག་སྔགས་དབང་སྡུད་ཀྱི་ལེའུ་སྟེ་དགུ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་གབ་པ་མངོན་དུ་ཕྱུང་བའི་སྦྱོར་བ་འདི་གསུངས་སོ། །བསྲུང་དང་གཟིར་དང་བཤིག་དང་བསད། །མནན་དང་བསྲེག་དང་ཟོར་ཐུན་མཐར། །དྲིལ་བའི་འཁོར་ལོ་འདི་ལྟ་སྟེ། །རྒྱ་ཤོག་གྲུ་བཞི་ཆ་གཉིས་ལ། །སྨེ་བ་ལྔ་དང་ནི་རང་བྱུག །ཐིག་སྐོར་རིམ་པ་གསུམ་དུ་བསྐོར། །དབུས་སུ་གྲུ་གསུམ་ཟླ་གམ་གསུམ། །མིང་རུས་སྲུང་བ་སྐབས་ཀྱིས་བྲི། །དེ་ཡི་ཕྱི་རིམ་འཁྲུལ་མིག་བཅུ། །རྩ་བ་དྲག་སྔགས་གང་རུང་དགོད། །ཡང་ལོགས་རྩིབས་ཆེན་བཅུ་གཉིས་ལ། །སྤུ་གྲི་སྦྱོར་བ་བཀང་ལ་འཕྲོ། །སྲིད་པའི་རུས་སྦལ་ལྟོ་བར་བཅའ། །ཞག་དགུའམ་ཟླ་ཕྱེད་སྦྱོར་བ་བརྩམ། །འཁོར་ལོ་ཐོད་པ་ཀླུ་དང་རྟེན། །སྦྱོར་བ་དམིགས་དང་སྐབས་ཀྱིས་མནན། །རྗེས་གཅོད་གཟིར་དང་ཁ་གསོ་ཟོར། །རིམ་པ་དེ་བཞིན་ཤེས་པར་བྱ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་དྲག་པོའི་སྔགས་འདི་བཏོན་ནོ། །ཨེ་ཀ་ཡ་མ་གྷྲི་མ་ཛ་ནི་ར་མ་ཡ། སརྦ་ཤ་ཏྲཱུ་སྟམ་བྷ་ཡ་ནན། འདྲིད་དུག་ཕྱུང་རྦད། ས་ནཱ་ག་སྙིང་གཟེར་སྦུར་ནན་རྦད། ཁམ་ཤག་རྦད། སརྦ་ཨུ་ནན་འདྲིད་ཕྱུང་། རོ་མྱགས་ཐུཾ་རྦད། པྲོཾ་པྲོཾ་ཤར་ཤར། ཧྲིལ་ཧྲིལ་ཕོབ། པྲོཾ་ཤར་ནཱ་ག་དེ་བ་ཛ་ཡཾ་ས་ཏྲི་སྙིང་གཟེར་སྦུར་ནན། པྲོཾ་ཤར་ཧྲིལ་བྷྱོ། རཾ་ཐུན་པྲོཾ་ཤར་ཧྲིལ་ཕོབ། ཨེ་ཀ་ཡ་མ་གྲཾ་གྲཾ་རཾ་ཙིཏྟ་ནན། འདྲིད་ཕྱུང་རྦད། དྲག་པོ་ལས་ཀྱི་རིམ་བསྡུས་པ། །ལྷུན་གྱིས་


DNG016_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པའི་ཚེ་བདག་གིས། །སྦྱོར་བ་དག་པའི་ཚེ་བདག་བཤད། །དཔལ་ཚེ་བདག་གི་དགོངས་རྒྱུད་ནག་པོ་ལས། གབ་པ་མངོན་དུ་ཕྱུང་བའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས། མགོ་དགུ་པའི་སྦྱོར་བ་དྲིལ་བའི་འཁོར་ལོ་འདི་གསུངས་སོ། །རྩ་བ་གཅིག་ལ་ཡན་ལག་ལྔ། །སྙིང་པོ་ཉིད་ལས་ཡེ་ཤེས་ཀྱི། །འོད་དང་ཟེར་གྱི་ཚུལ་ཅན་གྱིས། །གདུག་པའི་གནས་སུ་མཚམས་དང་སྦྱར། །དུར་ཁྲོད་རས་དང་ཤོག་བུ་ལ། །ཐིག་སྐོར་རིམ་པ་བཞི་རུ་བསྐོར། །དབུས་སུ་གྲུ་གསུམ་ཟླ་གམ་གསུམ། །མིང་རུས་གང་དམིགས་བསྲུང་བ་བྲི། །ཕྱི་རིམ་རྩིབས་བཞིའམ་ཁྱམས་ཁང་བཞིར། །བྱས་ལ་སྤུ་གྲི་རྫོགས་པར་དགོད། །ཡང་ལོགས་འཁྲུལ་མིག་བཅུ་དྲུག་ལ། །རྩ་བའི་དྲག་སྔགས་དེ་བཞིན་དགོད། །ཐ་མ་སྦྲུལ་གདུག་ཆེན་པོས་བསྡམ། །ཁ་སྦྱར་དུག་ཆུ་ཚ་བ་ཁྲག །བསྐུས་ལ་དོར་ཅིང་ལིངྒར་སྦྱར། །ཞག་དགུ་གསལ་གསུམ་གནད་དགུ་བདོག །ཉིན་དགུ་གཏོར་ལ་མཚན་དགུ་དྲིལ། །གསད་པའི་ལས་དེ་མཐའ་རུ་མནན། །ཞག་དགུ་གཟིར་བཤིག་མནན་པ་ཟོར། །ཆུ་དྲིལ་གཏའ་གཞུག་ཟོར་ཐབས་གཟིར། །ཡན་ལག་ལས་དེ་སྐབས་ཀྱིས་བླངས། །མཐའ་མ་ས་ཡི་འཁོར་ལོ་བཅའ། །མཎྜལ་དབུས་སུ་མེ་ཐབ་བཅའ། །ཁ་ཁྱེར་ཆག་གང་གྱེན་དང་ཐུར། །ནང་དུ་ཡཾ་རཾ་སྙིང་པོ་བྲི། །ལིངྒའི་སྙིང་གར་ཧོམ་ཤིང་མནན། །ཤ་གསུམ་ཁྲག་གསུམ་དུག་སྣ་གསུམ། །འོ་མ་ཏིལ་ནག་ཉུང་ནག་མར། །ཕྱི་རིམ་རྒྱ་གྲམ་བཞི་ལ་དགོད། །མཐའ་མ་མེ་རི་གཟུགས་དང་མིང་། །བསྐོར་ལ་ཞག་ལྔ་ཐུན་བྲབ་གཟིར། །ཞག་གསུམ་བསྲེག་ཅིང་མཆོད་པ་བསྟབ། །མཐའ་རུ་མནན་པ་ཐལ་བ་གདབ། །ལས་ཀྱི་རྗེས་གཅོད་བརྣག་པའི་མཆོག །དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་དྲག་སྔགས་འདི་བཏོན་ནོ། །ཨེ་ཀ་ཧེ་དུ་ན་ཡ་མ་རཀྴ་ཛ། མུན་ཏྲི་ཤཾ་ཙ་ཏྲི་ཤུ་སྙིང་། དགྲ་བོའི་སྲོག་ལ་ཤ་ཏྲུཾ། མཱ་ར་ཡ་རྦད། སྲོག་སྟྭམ་བྷ་ཡ་ནན། སྲོག་ལ་ནི་ཤག་ཧུར་ཡམ་ཐུན་བྱེ། པྲོཾ་པྲོཾ་ཤར་ཤར་ཧྲིལ་ཧྲིལ་དྲག་ཏུ་ཕོབ། པྲོཾ་པྲོཾ་ཤར་ཤར་ཧྲིལ་ཧྲིལ་ཐུཾ་བྱེ། ནཱ་ག་ཛ་ཡཾ་སྙིང་གཟེར་ཙིཏྟ་


DNG016_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

ཧུར་ཡ་ནན། པྲོཾ་པྲོཾ་ཤར་ཤར་ཧྲིལ་བྷྱོ། དེ་བ་རཾ་པྲོཾ་ཤར་ནཱ་ག་བཾ་རཾ། ཐུམ་ཧྲིལ་ཤར་བྷྱོ། སརྦ་ཤ་ཏྲུཾ་སྟམ་བྷ་ཡ་ནན། འདྲིད་རྦད། སརྦ་ཨུ་ནན་ཡང་བཟློག་ཧུར་ཡཾ། ཁ་འདྲིད་ཕྱུང་རྦད། ས་ནཱ་ག་སྙིང་གཟེར་སྦུར་ནན། ཐུཾ་རིལ་ཤག་རྦད། སརྦ་རཾ་ཐུན་སྲོག་ལ་མྱོག །ཐུན་རྦད། བཾ་རཾ་ཛྭ་ལ་རཾ། ལས་རྣམས་རྩ་བ་བཅས་པ་ཡི། །སྤྲུལ་པའི་སྦྱོར་བ་རྩ་བར་བཤད། །དཔལ་ཚེ་བདག་གི་དགོངས་རྒྱུད་ནག་པོ་ལས། མགོ་དགུ་པའི་ལེའུ་སྟེ་བཅུ་གཅིག་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་དྲག་པོ་མངོན་དུ་ཕྱུང་བ་ལས་ཀུན་གྱི་བྱ་བ་སྦྱིན་སྲེག་གི་སྦྱོར་བ་འདི་གསུངས་སོ། །དང་པོ་ཡིད་མཐུན་བདེ་བ་ཡི། །གནས་དང་ཡོ་བྱད་རྫོགས་པར་བཤམ། །མཎྜལ་ས་དཀར་སྤོས་དང་ལྡན། །དབུས་སུ་མེ་ཐབ་ཟླུམ་པོར་བརྩིག །ཁྲུ་གང་ཁ་ཁྱེར་མཛུབ་གང་བ། །སོར་བཞི་ཞིང་དུ་རྣམ་པར་བརྟག །ནང་དུ་ཆག་གང་ཐུར་དུ་བརྐོ། །དཀར་བའི་ནང་དུ་འདབ་མ་བརྒྱད། །གེ་སར་དུང་གི་དབྱིབས་ཅན་དེ། །ཐ་མ་འཁོར་ཡུག་དཀར་པོར་བྱ། །ཧོམ་ཤིང་ལྕང་མ་གླང་མ་དང་། །ཕང་མ་དག་ལ་ཁྲུ་གང་བྱ། །དེ་ཉིད་ཡམ་ཤིང་སོར་བརྒྱད་ལ། །དབྱིབས་དང་ཁ་དོག་དཀར་ལ་ཟླུམ། །འབྲས་དང་ནས་ཆན་རྩི་མར་དང་། །མེ་ཏོག་སྣ་ཚོགས་གུ་གུལ་དཀར། །འོ་མ་དང་བཅས་མཆོད་པར་དབུལ། །ཚོགས་བསག་སྲིའུ་གསོ་ལ་སྦྱར། །ལྷ་བསྐུལ་སྔགས་བཅས་མཆོད་པར་བསྲེག །ཞི་བར་གྱུར་ཅེས་བརྗོད་ལ་སྔགས། །ཐལ་འཇིམ་ཉ་ཕྱིས་རས་ཁང་ནང་། །གཏུམས་ལ་ཞི་བའི་ས་རུ་སྦ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཞི་བའི་སྔགས་འདི་བཏོན་ནོ། །ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ། ཧུར་ཁཾ་བཾ་རིལ་ཆེ་གེ་མོ་ཤཱནྟིཾ། ཨཱ་ཡུརྫྙཱ་ན་སརྦ་ཏེ། དགྲ་དང་གནོད་བྱེད་ལོག་འདྲེན་དང་། །ཕས་ཕམ་དང་ནི་ཞི་བར་བཤད། །དཔལ་ཚེ་བདག་གི་དགོངས་རྒྱུད་ནག་པོ་ལས། ཐམས་ཅད་ཞི་བའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཐམས་ཅད་རྒྱས་པའི་སྦྱིན་སྲེག་གི་སྦྱོར་བ་འདི་གསུངས་སོ། །དུར་ཁྲོད་ལྗོན་ཤིང་ནགས་ཚལ་དུ། །རིན་པོ་ཆེ་ཡི་མཎྜལ་ལ། །མེ་ཐབ་གྲུ་


DNG016_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ཁྲུ་གང་སེར། །ཁ་ཁྱེར་མཐོ་གང་ཆག་གང་ཐུར། །སོར་གཉིས་ཞེང་ལྡན་འཁོར་ལོས་མཛེས། །ནང་དུ་གསེར་དང་ལྡོང་རོས་བསྐུ། །ས་ལ་འཁོར་ལོ་སེར་རྩིབས་བཅུ། །ལྷོ་ཤིང་སེར་པོ་དྲི་ཆེན་དྲི། །གསེར་གྱི་གའུ་ཀཱ་པ་ལ། །རྒྱས་པར་འདོད་པའི་མིང་བཅས་གཞག །བུ་རམ་སྦྲང་རྩི་བདུད་རྩིའི་བཅུད། །ཚིལ་སྣ་ཤིང་ཏོག་མེ་ཏོག་དྲི། །རྩི་མར་ཞོ་དང་བཅས་པ་དབུལ། །བདུན་ནམ་ལྔ་རུ་སུམ་ཡར་བསྲེག །སྐུལ་ཚིག་དང་བཅས་སྔགས་ཆུ་སྦྱར། །གའུ་ཁ་སྦྱར་ཚས་ཀྱིས་གྲིལ། །རིགས་རྒྱུད་ནོར་ལྡན་གོས་ཀྱིས་གཏུམས། །གསེར་ལ་སོགས་པས་སེར་པོར་བསྐུ། །སྐྱེད་མོས་ཚལ་དང་ལུ་མར་སྦ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་སྔགས་འདི་བཏོན་ཏོ། །སརྦ་ཆེ་གེ་ཨུ་པ་ཏ་ཡ། བུར་བུ་བ་སིདྡྷི་ཧོ། ཐམས་ཅད་མ་ལུས་རྒྱས་པ་ཡི། །སྦྱོར་བ་དམ་པ་འདི་བཟུང་བྱ། །དཔལ་ཚེ་བདག་གི་དགོངས་རྒྱུད་ནག་པོ་ལས། ཐམས་ཅད་རྒྱས་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་དབང་དུ་བྱ་བའི་སྦྱོར་བ་འདི་གསུངས་སོ། །དུར་ཁྲོད་དབང་བསྒྱུར་ཟིལ་གནོན་དུ། །མཎྜལ་ཁྲུ་གང་རྒྱར་ཁྲུ་གསུམ། །ཁྲག་གིས་བྱུག་ལ་མེ་ཐབ་བཅའ། །དབུས་སུ་ཟླ་གམ་དམར་པོ་ལ། །ཙནྡན་ཁྲག་དང་རྒྱ་སྐྱེགས་བསྐུ། །ནང་དུ་ལྕགས་ཀྱུ་དམར་པོར་བྱ། །ཛཿདང་ཧྲཱྀཿཡིས་གང་བར་བྱ། །ཁ་ཁྱེར་ཨཱ་ཀཪྴ་ཡིས་བསྐོར། །ཐ་མར་ཞགས་བསྡོག་ལྕགས་ཀྱུ་འཁྱིལ། །དབང་དྲག་ཡི་གེ་ཧྲཱྀཿཤམ་བྲི། །འོམ་བུ་སྨྱག་ཤད་རྒྱ་ཚིལ་ཤིང་། །མངལ་ཁྲག་རྒྱ་སྐྱེགས་ཙནྡན་ཆུ། །ཧོམ་ཁུང་གྲུ་གང་ཡམ་ཤིང་བསྐུ། །ཆགས་པའི་བརྡའ་ཡིས་ཡམ་ཤིང་གདབ། །སྔགས་ཀྱང་བར་མ་ཆད་པར་བཟླས། །འཁོར་ལོ་ཙནྡན་རྒྱ་སྐྱེགས་བྲི། །མུ་ཁྱུད་རིམ་པ་གསུམ་དུ་བསྐོར། །ནང་དང་ཟླ་གམ་གང་འདོད་མིང་། །མུ་ཁྱུད་གཉིས་པར་རྩ་བའི་སྔགས། །ཐ་མར་ལྕགས་ཀྱུ་ཞགས་བསྡོག་བཅུ། །དབང་དུ་བྱ་བའི་སྤུ་གྲིས་གང་། །ཁ་སྦྱར་བར་སྣང་དགུང་ལ་བཅའ། །ཕོ་ཉ་བསྐུལ་ལ་དབང་དུ་བྱ། །ཞག་བདུན་བར་དུ་ལས་རྨིགས་བརྟགས། །མཐའ་རུ་སྲིན་མོའི་སྒྲོམ་ལ་གཏད། །སྦྱོར་བ་ཀུན་ལྡན་


DNG016_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

བེ་བག་ཏ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་དྲག་སྔགས་འདི་བཏོན་ཏོ། །ཆེ་གེ་སརྦ་ཨཱ་ཀཪྴ་ཡ་ཧྲི་ཤ་ཡ་དྲེང་དྲེང་དུན་དུན་ཛ། གདུག་པ་ཀུན་གྱི་མཆོག་ཏུ་བཤད། །དཔལ་ཚེ་བདག་གི་དགོངས་རྒྱུད་ནག་པོ་ལས། ཐམས་ཅད་དབང་དུ་བྱ་བའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་དྲག་པོའི་སྦྱོར་བ་འདི་གསུངས་སོ། །དུར་ཁྲོད་གཉན་རི་གདུག་པ་རུ། །ཕུང་ས་གསུམ་ལ་མཎྜལ་བྱ། །ཁྲག་དང་དུག་གིས་ཆག་ཆག་གདབ། །དབུས་སུ་མེ་ཐབ་གྲུ་གསུམ་ལ། །ཁ་ཁྱེར་གསུམ་དང་ལྡན་པར་བྱ། །མཐོ་གང་མཛུབ་གང་ཆག་གང་དུ། །ནང་ལ་སོགས་པར་རིམ་བཞིན་བྱ། །ནང་དུ་རྒྱ་སོལ་ཁ་ཁྱེར་དམར། །རྩང་དང་ཐོད་པ་མེ་རི་བྱ། །རྒྱུ་རྟེན་ལིངྒ་དབུས་དང་ལྔ། །ཧོམ་ཤིང་ཁྲུ་གང་དྲག་པོ་གཟུག །ཟླ་གམ་གནོད་པའི་གཟུགས་མིང་བཞག །ཐོད་པའི་ལིངྒ་འོག་ཏུ་མནན། །ཐ་མ་རྒྱ་གྲམ་ཕུར་པ་ཁྲག །བཅུ་གཉིས་རྩིབས་ལ་མེ་རི་ལྡན། །ཤ་སྣ་ཁྲག་སྣ་དེ་བཞིན་ཚིལ། །དུག་སྣ་སྔོ་སྣ་འོ་མ་ཆང་། །ཁྲག་དང་མར་ཁུ་རྫས་ཀྱིས་བསྐོར། །ཐུན་རྫས་བདུག་རྫས་རྒྱ་གྲམ་ལ། །བར་སྣང་གཅོད་པའི་འཁོར་ལོ་བཅའ། །དུར་ཁྲོད་རས་དང་རོ་ཡི་རྫས། །ཤོག་བུ་དག་ལ་བཞི་རུ་བསྐོར། །དབུས་སུ་གྲུ་གསུམ་ཟླ་གམ་གསུམ། །མིང་རུས་ཁམས་དང་བསྲུང་བ་བྲི། །ཕྱི་རིམ་ལྕགས་མཁར་བཅུ་གཉིས་ལ། །རྩ་བའི་དྲག་སྔགས་ཀུན་གྱི་ལུས། །ཡང་ལོགས་རྩིབས་ཆེན་བཅུ་གཉིས་ལ། །གཅོད་ཅིང་སྲེག་པའི་སྤུ་གྲིས་མཛེས། །མཐའ་མ་སྦྲུལ་གྱི་ར་བས་བསྐོར། །མུན་ནམ་ཁྱམས་ལ་གནོད་པའི་གདོན། །བྲིས་ལ་རུས་སྦལ་ལྟོ་བར་བཅའ། །བར་སྣང་མེ་ཐབ་སྟེང་དུ་བཅའ། །ཐོད་པ་ཁ་སྦྱོར་སྟེང་མ་ལ། །ནང་དུ་རྒྱ་གྲམ་སྦྲུལ་གྱིས་བསྐོར། །ཐོད་པ་སྙིང་གའི་བཅུ་བསྡུ་བྲི། །རང་ལ་མནན་སྔགས་ཆང་བཅས་དགོད། །འོག་མ་མོ་ཡི་ཐོད་པ་ལ། །གྲུ་གསུམ་སྦྲུལ་དང་མེ་རི་བྲི། །གཟུགས་དང་སྙིང་པོ་མིང་རུས་བྲི། །བྲིས་ལ་ལིངྒ་བར་དུ་གཞུག །ཞག་བདུན་གསལ་གསུམ་དྲག་སྔགས་བཟླས། །ཉིན་མཚན་གུང་


DNG016_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བསྐུལ་ཞིང་བསྟབ། །རྫས་དང་ལིངྒ་མིང་བྱང་བསྲེག །དྲག་སྔགས་བཅུ་བསྡུས་རྫས་རེ་དབུལ། །བདག་དང་བུམ་པ་མེ་ཐབ་ལ། །ལྷ་ཡི་ང་རྒྱལ་ཟིལ་གནོན་དུ། །སྔགས་དང་བཅས་པས་གསལ་བར་བརྟག །གཤིན་རྗེའི་གཤེད་དང་ཡང་འཁོར་ཀུན། །མེ་ཐབ་ཕྲིན་ལས་བཞི་ཀ་ལ། །གསལ་བར་བྱས་ལ་ལས་ལ་མངག །མཐའ་རུ་གདུག་པའི་ཀླུ་ལ་གཏད། །ཐལ་བ་མནན་པའི་ཕྱོགས་དག་ཏུ། །ཟོར་དུ་འཕང་བ་ཐུན་བྲབ་ལའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་དྲག་སྔགས་འདི་བཏོན་ནོ། །དགྲ་བོའི་སྲོག་ལ་ཧུར་ཤ་ཡག །མཱ་ར་ཡ་རཾ། ཁཾ་རཾ་ཛ་རཾ། ཞེས་ཁ་བསྐང་བའོ། །ཉེ་བར་གྱུར་པའི་སྦྱོར་བ་འདི། །འཁོར་ལོ་ཧོམ་སྦྲེལ་དྲག་པོར་བཤད། །དཔལ་ཚེ་བདག་གི་དགོངས་རྒྱུད་ནག་པོ་ལས། དྲག་པོ་ཧོམ་གྱི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ལྷུན་གྱིས་གྲུབ་པའི་སྦྱིན་བསྲེག་གི་སྦྱོར་བ་འདི་གསུངས་སོ། །དང་པོ་ཡིད་མཐུན་བདེ་བ་ཡི། །དུར་ཁྲོད་བདེ་བའི་གནས་དག་ཏུ། །རང་སེམས་དབེན་པའི་མཚམས་བཅད་ལ། །རྟེན་གཞི་ས་དང་ཉམས་དགའ་ཡིས། །བཤམས་ལ་མཎྜལ་ཁྲུ་གང་བརྩིག །རྒྱ་རུ་དཔག་ཚད་འབྱོར་ཚད་ལ། །རིན་ཆེན་བདུད་རྩི་དུག་ཁྲག་བྱུག །མཎྜལ་དབུས་ཀྱི་གཞི་ཉིད་ལ། །རྒྱས་པའི་ཐབ་ཁུང་གྲུ་བཞི་པ། །དཔངས་སུ་ཁྲུ་གང་ལེགས་པར་བྱ། །སྟེང་དུ་མཐོ་གང་དཔངས་ཚད་ཅན། །ཞི་བའི་ཐབས་ཁུང་ཟླུམ་པོར་བརྩེག །དེ་སྟེང་དབང་གི་ཟླ་གམ་ཡང་། །གོང་མའི་ཚད་དུ་དཔག་ལ་བརྩེག །ཡང་སྟེང་དྲག་པོའི་ཐབ་ཁུང་སྟེ། །མཐོ་གང་གྲུ་གསུམ་ཁ་ཁྱེར་གསུམ། །རྒྱ་སོལ་རོ་སོལ་ནག་པོ་ལ། །རྩང་དང་ཐོད་ཕྲེང་མེ་རི་འབར། །ཟླ་གམ་རྒྱ་སྐྱེགས་མངལ་ཁྲག་གིས། །ཞི་བ་རས་དཀར་ཅོང་ཟི་བྱུག །རྒྱས་པ་གསེར་དང་ལྡོང་རོས་ཀྱིས། །ཁ་དོག་སོ་སོ་རིས་སུ་དབྱེ། །ཐོད་པ་འཁོར་ལོ་ལིངྒ་མིང་། །མཐིང་ནག་དར་བཅས་དབུས་སུ་གཞུག །སྟེང་དུ་རྡོ་རྗེ་རྒྱ་གྲམ་གདབ། །དེ་སྟེང་ལིངྒ་རྒྱ་གྲམ་དབུས། །རཾ་ལཾ་ཡཾ་བཞི་ཡཾ་དབུས་ལྡན། །སེང་ལྡེང་ཚེར་ནག་ཕུར་བུ་མདའ། །དམེ་ལག་


DNG016_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

གདུག་པའི་ཧོམ་ཤིང་གཟུག །དབང་ལ་ལྕགས་ཀྱུ་ཛཿདང་ཡཾ། །བྲིས་ལ་ཐམས་ཅད་དབང་དུ་འགྱུར། །ཞི་བའི་དལ་ལ་ཨ་དང་ལྡན། །རྒྱས་པ་སེར་པོ་གང་འདོད་མིང་། །ཁ་ཁྱེར་འཁོར་ལོ་སེར་པོ་བྲི། །ཧོམ་ཤིང་ཁ་དོག་གང་བཞིན་སྦྱར། །བསྲེག་རྫས་དྲིལ་ལ་སོ་སོར་དབྱེ། །འབྲས་དང་འོ་མ་མེ་ཏོག་ཅན། །ཞི་བའི་ཐབ་ཁུང་ལྷ་ལ་དབུལ། །གདུག་པ་གསུམ་པོ་སྦྱོར་བར་བརྟག །མངལ་ཁྲག་སྐྱེར་དཀར་སྟག་ཤ་ཆེན། །དབང་གི་ལྷ་ལ་དེ་བཞིན་དབུལ། །མངར་དང་སྦྲང་རྩི་བདུད་རྩི་ཡིས། །མེ་ཏོག་འབྲས་བུ་རྩི་མར་མཚན། །མི་ཤ་རྟ་ཤ་ཕག་ཤ་སྦྲུལ། །དྲག་པོས་བསད་པའི་སྐབས་སུ་དབུལ། །ཁྱི་ཕག་བྱ་ཤ་ཚིལ་དང་ཁྲག །གདུག་པ་གསུམ་པའི་སྦྱོར་བར་བརྟག །ཤ་སྣ་ཁྲག་སྣ་འོ་མ་དུག །སྦྱོར་བ་དྲག་པོ་བྱད་བཟློག་པའོ། །ཚིལ་དང་གླང་རུ་ཡུགས་མོའི་ཁྲག །ཐེ་བྲང་ལ་སོགས་བྱད་དགྲོལ་བའོ། །ཏིལ་དང་ཡུངས་ནག་རྒྱ་ཚིལ་བྲུན། །གཞན་གྱི་བསྲུང་མ་བཟློག་ཅིང་གཟིར། །དུག་གི་རི་ལུ་མིང་རུས་བཅས། །བརྒྱ་དང་འོ་མ་སྔོ་སྣ་ཆང་། །ཁྲག་དང་མར་ཁུ་ཀུན་ལ་སྦྱར། །དྲག་པོའི་བྲུབ་ཁུང་དག་ཏུའོ། །རང་ཡང་ཟིལ་གནོན་གསལ་བར་བྱ། །ཐབ་ཁུང་བཞི་ལ་ཟིལ་གནོན་གསལ། །གཤིན་རྗེ་མ་མོ་བདུད་ཀྱིས་བསྐོར། །ཤ་ཁྲག་དྲག་པོའི་རྫས་ལ་རོལ། །བསྐུལ་དང་ཐུན་བྲབ་ལིངྒ་བསྟབ། །དེ་བཞིན་ལྷ་ལ་མཆོད་ཅིང་བསྟོད། །གང་བརྩམས་ཐོགས་མེད་འགྲུབ་པར་བཤད། །དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ལྷུན་གྱིས་གྲུབ་པའི་སྔགས་འདི་བཏོན་ཏོ། །དགྲ་བོའི་སྲོག་ལ་དུན་རྨུགས་ཤན་ཛ། བུར་བུ་བ་སི་ཏི། ཤཱན་ཏི་ཨཱ་ཡུརྫྙཱ་ན་མཱ་ར་ཡ་རྦད། སརྦ་ཨེ་རཾ་ཁ་རཾ་ཛྭ་ལ་རཾ། དེ་ཡིས་ཉེ་བར་འཇོམས་པ་ཡིན། །དེ་བཞིན་བར་སྣང་འཁོར་ལོ་ཡང་། །ཐིག་སྐོར་རིམ་པ་བཞི་རུ་བསྐོར། །དབུས་སུ་གྲུ་གསུམ་ཟླ་གམ་གསུམ། །ཕྱི་ནང་ཡང་ལོགས་མཐའ་མ་གསུམ། །འཕྲུལ་མིག་རྩིབས་ཆེན་བཅུ་གཉིས་ལྡན། །དབུས་སུ་བརྣག་པའི་མིང་རུས་གཟུགས། །ཟླ་གམ་བླ་དང་རུས་ཁམས་བལྟ། །


DNG016_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲུལ་མིག་དེ་བཞིན་རྩ་བའི་སྔགས། །རྩིབས་ཆེན་གཉིས་ལ་དགོད་པ་ནི། །ལྷུན་གྱིས་གྲུབ་པའི་སྤུ་གྲི་བྲི། །བཀོད་ལ་ཁ་སྦྱར་བར་སྣང་བཅའ། །ཞག་བདུན་གསུམ་དུ་དྲག་སྔགས་བཟླས། །བཞི་རུ་ལས་ཀྱི་སྦྱིན་བསྲེག་བསྲེ། །ཞི་བ་དབང་དྲག་རྒྱས་པ་མཐར། །རྫས་དང་སྦྱོར་བ་ཕྱེ་ལ་བྱ། །ལྷ་དང་དྲག་སྔགས་ཧྲིལ་བསྡེབ་པའོ། །དེ་དག་ཐོན་ནས་ཐོད་པ་གདོན། །འཁོར་ལོ་དང་བཅས་ཞབས་འོག་གཞུག །ཡ་མ་མཆོག་ཕུར་སྙིང་གཟེར་ཁྲི། །ཐོད་པ་ལ་སོགས་རྗེས་དྲིལ་བས། །ཀླུ་གཟེར་གདུག་པའི་ཀླུ་ལ་གཏད། །ས་སྲོས་བཅུ་དྲུག་ཚེས་གཅིག་ལ། །ཕུར་པ་བཏབ་ལ་ལྟོ་བཤལ་བཀོལ། །ཐོད་པ་སྟེང་དུ་དྲག་པོར་བསྲེག །དབང་ཆེན་ཕོ་བྲང་རྒྱ་གྲམ་མནན། །ཁ་གསོ་ལས་མཐར་ཐལ་བ་དག །རང་རང་ཁུང་བུ་དང་བཅས་སྦ། །མཐའ་རུ་ཐུན་བསྐུལ་ཟོར་གྱིས་བསྐྱོད། །སྦྱོར་བ་ལྷུན་གྱིས་གྲུབ་པར་བཤད། །དཔལ་ཚེ་བདག་གི་དགོངས་རྒྱུད་ནག་པོ་ལས། ལྷུན་གྱིས་གྲུབ་པའི་སྦྱིན་སྲེག་གི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་སྲོག་དམར་ལེན་གྱི་སྦྱོར་བ་འདི་གསུངས་སོ། །དང་པོར་དབེན་པའི་བདེ་གནས་སུ། །བགྲོད་པ་གསུམ་གྱིས་དབང་ཐོབ་པས། །གདེང་གསུམ་ཆེ་བ་གསུམ་བཅས་ལ། །སྔགས་ཀྱི་དམོད་པ་གསུམ་དུ་དབྱེ། །བསད་དང་སྲུང་བ་མཐའ་རུ་བཞག །ཀུན་གྱི་མཐའ་རུ་མནན་དང་ཟོར། །རྩོལ་མེད་རང་ཤུགས་ལྷག་པར་སྦྱར། །དེ་དག་གང་བརྩམས་འབྲས་བུར་བཅས། །ལྷུན་གཉིས་དོན་གཉིས་རང་གསལ་བའོ། །དེ་ཡི་རིམ་པ་འདི་ལྟ་སྟེ། །དུར་ཁྲོད་རས་ལ་ལྔ་རུ་བསྐོར། །དབུས་སུ་གྲུ་གསུམ་ཟླ་གམ་གསུམ། །ཕྱི་རིམ་རྡོ་རྗེ་རྒྱ་གྲམ་ལྡན། །ཡང་ལོགས་མུ་ཁྱུད་ཟླུམ་པོར་ལྡན། །མཐའ་མ་འཁོར་ལོ་རྩིབས་བཅུ་གཉིས། །རུས་སྦལ་ཕག་མོ་ལིངྒའི་གཟུགས། །དེ་བཞིན་རུས་སྦལ་རྩིབས་བཅུ་གཉིས། །མཚོན་ཆ་ནང་བསྟན་སྤུ་གྲིས་དགང་། །མཚོན་ཆ་བསྣོལ་ལ་ཐབས་ཀྱིས་དབུལ། །དེ་ལ་དགོད་པ་འདི་ལྟ་སྟེ། །དབུས་སུ་བརྣག་པའི་གཟུགས་མིང་རུས། །ཟླ་གམ་ལོ་ཁམས་སྲུང་བའི་ལྷ། །རྒྱ་གྲམ་རྩ་བའི་དྲག་སྔགས་ལུས། །རྒྱ་གྲམ་རྩེ་


DNG016_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

མོར་སྙིང་པོར་བརྣག །རྭ་མཚམས་དེ་བཞིན་མིང་དང་རུས། །རྩིབས་དང་དམར་ལེན་སྤུ་གྲིས་སོ། །མུ་ཁྱུད་གང་གྲུབ་བསད་པའི་སྔགས། །ལྟོ་སྦྱོར་དྲག་པོ་ཉེ་བའི་གདོན། །རྣོ་དབལ་མཚོན་ཆས་འབིགས་ཤིང་གཅོད། །འཁོར་ལོ་མཚོན་ཆ་མེ་དབལ་སྔགས། །གཅོད་ཅིང་འབིགས་པར་རང་བཅས་ཡིན། །སྲེག་ཅིང་སྐྱེལ་བ་ཤུགས་ཀྱི་མཆོག །གཟིར་ཞིང་གནོན་པ་ཐོག་སེར་ས། །སྐྱོམ་ཞིང་གཡེང་བ་ཆུ་རླུང་འཁྲུག །དེ་དག་ལས་ཀྱི་རིམ་པ་ཡང་། །དུག་ཁྲག་ཚ་བ་ངར་བླུད་ལ། །ཁ་སྦྱོར་ཐོད་པ་དུ་མར་བཅའ། །ལིངྒ་དང་བཅས་དོང་དུ་བརྣག །མཐིང་ནག་ཁ་བཅད་ཞག་གསུམ་བསྐུལ། །ཡུལ་ལ་རྦད་ཅིང་དམོད་པ་གདབ། །གསལ་གསུམ་བརྣག་པ་རྟེན་ལས་འཕོ། །དེ་ཡི་ལུས་སྲོག་ཕྱེད་པར་ངེས། །ཐོན་ནས་ཐོད་པ་གཟིར་ལ་གདབ། །བཅས་དང་གཟིར་མཐའ་ཐོད་མཁར་བཅའ། །དགོངས་པ་ཀུན་ལ་ཁ་གསོ་བྱ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་དམར་ལེན་སྔགས་ཀྱི་རྒྱལ་པོ་འདི་བཏོན་ནོ། །ཨེ་མྱགས་ཡ་རྔུབས་མུག་ཤག་ཀ་དུན། དགྲ་བོའི་སྲོག་ལ་ཧུར་ཐུམ་ཛ། ཙིཏྟ་དྲེང་ཤག་རྦད་ཙ་ཤག་ཐུམས་རིལ་ཤག་རྦད། དགྲ་བོ་ཙིཏྟ་དྲེང་ཤག་ཛ། སྲོག་ལ་ཧུར་ཐུམས་རྦད། དགྲ་བོའི་སྲོག་སྟྭམ་བྷ་ཡ་ནན། དགྲ་བོའི་སྲོག་ལ་ཧུར་ཐུཾ་རི་ལི་ལི་བྷྱོ། དེ་དག་བསད་པའི་སྦྱོར་བ་བཤད། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་གདུག་པ་གསུམ་སོགས་བསྲུང་བའི་སྦྱོར་བ་འདི་གསུངས་སོ། །དེ་ཡི་སྦྱོར་བ་འདི་ལྟ་སྟེ། །དུར་ཁྲོད་རྒྱུ་ལ་འཁོར་ལོ་བཅའ། །ཕག་མོའི་ལྟོ་བར་མུ་ཁྱུད་བཞི། །བསྐོར་ལ་དབུས་སུ་གྲུ་གསུམ་དང་། །དེ་བཞིན་ཟླ་གམ་ལྡན་པར་བྱ། །ཕྱི་རིམ་རྡོ་རྗེ་རྒྱ་གྲམ་ལྡན། །ཡང་ལོགས་མཚོན་ཆའི་རྩིབས་བཅུ་གཉིས། །དེ་བཞིན་མཐའ་མའི་རྩིབས་བཅུ་དྲུག །མཚོན་ཆའི་རྒྱལ་པོ་གཉིས་བཅས་ལ། །དྲག་པོ་འཇོམས་པའི་སྔགས་རྣམས་དགོད། །དབུས་སུ་དལ་དང་གདུག་པའི་མིང་། །ཟླ་གམ་དེ་བཞིན་གདུག་པའི་མིང་། །རྒྱ་གྲམ་རྭ་བརྒྱད་རྩ་བའི་སྔགས། །ཕྱི་རིམ་བསྲུང་བ་ཐམས་ཅད་པ། །ཡང་ལོགས་བཅུ་བཞི་གདུག་པ་གཟིར། །མཚོན་


DNG016_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་མུ་རན་གནོད་པའི་གདོན། །བཀོད་ལ་ཁ་སྦྱོར་ཐོད་པར་དོར། །གསལ་གསུམ་སྔགས་བཟླས་ཞག་གསུམ་གཟིར། །མཐའ་རུ་བཀའ་རྟེན་འོག་ཏུ་མནན། །འཕོ་བ་ཆེན་པོ་ལས་སུ་གསུངས། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་སྔགས་ཀྱི་རྒྱལ་པོ་འདི་བཏོན་ཏོ། །སརྦ་ཙིཏྟ་ཡཾ་ཤག་རྦད། ཧུར་ཁཾ་འདྲིད་ནན་སྙིང་གཟེར་རྦད། ས་ནཱ་ག་སྙིང་གཟེར་རྦུར་ནན། ཧ་ལ་ཡཾ་ཐུན་གཟིར་ཧུར་ཐུཾ་ཛ་ཤག་རྦད། ཤྲི་བཛྲ་ཀྲོ་དྷ། ཨོཾ་ཡ་མ་ཡ། མ་མ་རུ་ལུ་རུ་ལུ་མ། བཛྲ་དུན་ཏིཾ་ཀཱི་ལ་ཡ་ཏ། རུ་ཏྲ་དྷ། ད་རུ་མེ། མ། མུན་མུན་པ། རཱ་ཛ་ཛ་དེ་བ་ཨ། རཀྴ་ར། རག་མོ་མཾ། ཏིར་ཏི་ཀ་དུ། རུ་ཏྲ་ནྲྀ། ཡཀྴ་ཀྵ། ཡ་ཀྵ། ཤུ་ལ་ཙ། བཛྲ་སཱ་དྷུ་ཏྲི། རུ་ཏྲི་ཏུ། ས་ནཱ་ག་ཕུ། དེ་དག་སྦྱར་བ་རྒྱས་པ་ཡང་། །ལུས་དང་སྤུ་གྲི་སྲོག་དང་སྙིང་། །སྦྱོར་བ་བཞི་རུ་བསྡེབ་པས་གཅོད། །ལུས་དང་སྤུ་གྲིའི་མཚམས་དེ་རུ། །སྙིང་པོ་བརྡ་ཡིས་གཟིར་བྱ་སྦྱོར། །དེ་ཡི་ལས་དང་སྦྱོར་བ་གཟིར། །དབང་པོ་སྟོབས་དང་ནུས་པ་དབྲལ། །སྤུ་གྲི་བཅུ་གཅིག་གཟིར་དང་བཅའ། །མཚམས་སུ་སྲོག་གི་ཡི་གེ་རེ། །སྙིང་གི་དཀྱིལ་ནས་འཕྲོག་པར་བྱེད། །ཟེ་ལ་ཁབ་འདུས་དཔེ་ཚུལ་བཞིན། །བཏོན་ནས་ཁྱམས་ཁང་ཨེ་ལ་ཐིམ། །རང་དབང་མེད་པར་སྲོག་དབྲོག་པའི། །དམ་པ་མཆོག་ཏུ་འདི་གསུངས་སོ། །གཞན་ཡང་གདུག་པའི་ནད་ཟུག་ན། །རྫས་བཅས་པ་ཡི་རིམ་པ་གསུངས། །ལྕི་ཞིང་འཐིབས་ན་རྒྱལ་རིགས་དུག །དྲོ་ཞིང་ཚ་ན་རྗེ་རིགས་དུག །གྲང་ཞིང་བསིལ་ན་བྲམ་ཟེའི་དུག །ཡང་ཞིང་གཡོ་ན་དམངས་ཀྱི་དུག །གླུ་གར་མཚན་མོ་ན་བ་དང་། །ཡན་ལག་ཞ་གྲུམ་གཞོགས་སྐམ་དང་། །ལྕི་ཞིང་ཁྲག་སྐྱེ་ཀླུས་ཟིན་པའི། །ནད་ཀྱི་རྟགས་སུ་དེ་གཟུང་བྱ། །ཚ་ཞིང་བརྩེ་ན་ཡང་རྟགས་ཡིན། །སྤྱང་དུག་ཚེར་མ་གླང་ཆུ་བསྐུ། །ཚ་ཞིང་འབྲུམ་བུ་འོང་བ་ལ། །སྤོས་དང་བཙོད་ཁུ་ཚྭ་སྣ་བསྐུ། །བེམས་དང་བས་ལྡག་ཀོར་ཙེ་ལ། །ར་དུག་ལོང་རྟོལ་གུ་གུལ་བསྐུ། །རྨ་དང་སེར་ག་འབྱུང་བ་ལ། །ཀ་ར་བཱི་ར་དྲི་ཆེན་དུག །ག་པུར་ཙནྡན་སྐར་ཆུ་བསྐུ། །མ་ཚོར་ཤ་རོ་ཀོར་ཚེ་ལ། །ཁྲག་ངན་བཏོན་ལ་རྔབས་ཀྱིས་གྲངས། །མུ་ཟི་དྲི་ཆེན་ལྡོང་རོས་བསྐུ། །ན་ཚ་མེད་


DNG016_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྨ་ཤུ་ལ། །ཏི་ཙ་མར་དཀར་གླ་བ་བསྐུ། །ཚ་ཞིག་རྐང་ལག་ན་མྱོང་སྦྲིད། །གུ་གུལ་ར་དུག་རྭ་གཞོབ་བསྐུ། །ལུས་ལ་གཟེར་དང་སྐྲངས་པ་ན། །ར་ཚ་རྒྱ་ཚ་ཁ་རུ་ཚ། །ར་དུག་བ་སྤུ་དྲི་ཆུ་བསྐུ། །ཚིག་གཅིག་ཆད་ག་པུར་རྒུན་འབྲུ་གླ་བ་བསྐུ། །ཤུ་བ་བས་ལྡག་ཕག་ཚིལ་བསྐུ། །ཤ་རོ་ལྡོང་རོས་དབྱི་མོ་ཚ། །སྣ་ཚོགས་ཐབས་ཀྱིས་མནན་ལ་བསྐུ། །དུག་སྣ་མུ་ཟི་སྐར་ཆུ་བསྐུ། །བྱུག་དང་བསྐུ་བའི་སྦྱོར་བའོ། །གཞན་ཡང་ཐབས་ཀྱི་རིམ་པ་ནི། །དྲི་ཆེན་དྲི་ཆུ་བྱང་ཆུབ་སེམས། །བརྟག་པ་གསུམ་དང་སྔགས་བཏབ་ལ། །ཟོས་ན་ནད་སོས་དུག་ལས་ཐར། །མདོག་འཇམ་ཚེ་རིང་སྐད་གདངས་སྙན། །སྲུང་བ་ཀུན་གྱི་མཆོག་ཏུ་བཤད། །དཔལ་ཚེ་བདག་གི་དགོངས་རྒྱུད་ནག་པོ་ལས། དམར་ལེན་རྩ་བའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་སྲོག་དམར་ལེན་གྱི་སྦྱོར་བ་ཁྱད་པར་འདི་གསུངས་སོ། །གཟིར་དང་སྲོག་དབྲོག་བསད་པ་ཡི། །མཐའ་རུ་དྲག་པོ་ཧོམ་སྦྲེལ་བརྩམ། །ཤིན་ཏུ་དབེན་ལ་ཉམས་དགའི་སར། །སེམས་ཉིད་དབེན་པའི་མཚམས་བཅད་ལ། །སྣང་སྟོང་གཉིས་མེད་སྒྱུ་མའི་སྐུ། །ཡེ་ནས་ལྷུན་གྲུབ་ཕྱོགས་དང་བྲལ། །ཡེ་ཤེས་རོལ་པའི་ཐབས་བསམ་ཡས། །འདི་དེ་དེ་དང་སྨིན་པའི་ལས། །རིམ་པའི་མཆོག་བསྡུས་འདི་ལྟ་སྟེ། །ས་གསུམ་མཁའ་རྒོངས་ཆུ་ཤུལ་ལ། །མཎྜལ་ཁྲུ་གང་དཔངས་སུ་བརྩིག །དབུས་སུ་ཁྲུ་གང་མེ་ཐབ་སྦྱར། །ཁ་ཁྱེར་གསུམ་ལྡན་དབུས་སུ་བརྐོ། །ཁ་ཁྱེར་མཐོ་གང་མཛུབ་ཆག་གང་། །སོར་གཉིས་ཞེང་ལྡན་རྩང་ཐོད་མེ། །རྒྱ་སོལ་ཁྲག་ཆེན་དག་གིས་བསྒྱུར། །དབུས་སུ་རྒྱ་གྲམ་ལྗང་གུ་ལ། །རྭ་བཞིར་ཡཾ་བཞི་སྙིང་པོ་རླུང་། །སྐྱེ་མེད་བསྐྱོད་པས་ལས་ཀུན་བྱེད། །རྒྱ་གྲམ་ལྟེ་བར་ཨེ་དང་རཾ། །གཡེངས་པའི་སྟོབས་ཀྱིས་སྤོར་ཞིང་སྲེག །ལོགས་ལ་ཇ་གསུམ་ཡ་ཡིས་འཕུལ། །སྲོག་དང་དབང་པོ་བླ་རྟེན་འགུགས། །ཕྱི་རིམ་རྒྱ་གྲམ་ཟླ་གམ་མིང་དང་གཟུགས། །བླ་དང་ཤེས་པ་འཆག་ཅིང་བརྟེན། །དེ་ཡི་ཕྱི་རིམ་རྒྱ་གྲམ་ལ། །རྩ་བའི་སྔགས་བཅས་དུག་ཁྲག་ཆང་། །


DNG016_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

འོ་མ་དང་བཅས་མེ་དབལ་འཇོམས། །ཡང་ལོགས་རྩིབས་ཆེན་བཅུ་གཉིས་ལ། །སྲེག་པའི་སྤུ་གྲི་དེ་བཞིན་རྫས། །དུག་གི་རི་ལུ་བརྒྱ་རྩ་བརྒྱད། །མིང་བྱང་བག་ཕྱེ་ཏིལ་མར་བཙོ། །མི་རྟ་ཁྱི་ཤ་མཆོད་པའི་རྫས། །དེ་བཞིན་ཉ་སྦྲུལ་སྦལ་པའི་ཤ །ར་དུག་རེ་ལྕག་བ་སྤྲུ་དགོད། །བྱ་ཕག་ཤ་ཚིལ་འགྱིང་བག་བཅའ། །ཏིལ་དང་ཉུང་ནག་ཚ་བ་གསུམ། །མར་ཁུ་འོ་མ་མྱོས་པའི་ཁྲག །བསྲེག་རྫས་མཆོད་པ་དྲག་པོར་དབུལ། །ཡུངས་ཀར་སྐེ་ཚེ་མནོལ་ཁྲག་ཐུན། །གཟུགས་དང་མིང་བཅས་སྔོན་དུ་བཏབ། །མཐའ་རུ་རྫས་རྒོད་བསྲེག་པ་བདུག །དབུས་ཀྱི་རྒྱལ་ཆེན་ཕོ་བྲང་དུ། །བརྒྱུད་ཆད་པ་དང་གོམ་བདུན་པ། །གཅིན་དང་ཤ་ཤུ་དྲི་མ་སྐྲ། །རྟེན་པ་བསྲེས་ལ་ལིངྒ་བཅའ། །ཐོད་པ་ཟླ་གམ་དབུས་ཉིད་དུ། །མིང་རུས་དང་བཅས་སྔོན་དམར་བསྡམ། །བཞི་བཅས་རེ་རེ་གན་རྐྱལ་མནན། །རྒྱལ་ཆེན་པ་ཡི་སྙིང་ག་རུ། །ཧོམ་ཤིང་ཁྲུ་གང་ཟུར་གསུམ་པ། །གདུག་པའི་ཤིང་ལ་དུག་ཁྲག་བསྐུ། །མིང་བྱང་དང་བཅས་བཙུག་ལ་བརྣག །དབུས་ཀྱི་རྒྱལ་ཆེན་ཕོ་བྲང་དང་། །བུམ་པའི་གཞལ་ཡས་སྔགས་པ་རྣམས། །ཡེ་ཤེས་རང་གསལ་སྟོང་བདག་མེད། །ཆོས་སྐུའི་ངང་ལས་ཕྱག་རྒྱའི་སྐུ། །ཡེ་ཤེས་ལྷུན་གྲུབ་ཟིལ་གནོན་གྱི། །ཡུམ་དང་གསོད་བྱེད་དྲེགས་པ་དང་། །རུས་སྦལ་བྱ་ཁྱུང་ཕག་མོ་སྦྲུལ། །སྟག་དང་སེང་གེ་ཁྲོ་ཆུང་བཅས། །དབུ་ལ་ཁྲག་འཐུང་ཧེ་རུ་ཀ །དུར་ཁྲོད་ཆས་དགུ་རྒྱན་དང་ལྡན། །དྲུག་བཞི་དྲུག་སྟོང་འཁོར་དང་བཅས། །གསལ་བར་བརྟག་ལ་དྲག་སྔགས་བཟླས། །ནམ་མཁའི་འཁོར་ལོར་ས་ལ་བྲི། །སྔགས་དང་རུས་ཁམས་མིང་བཏབ་ལ། །སྦྱོར་བ་དང་ལྡན་བར་སྣང་བཅའ། །བླ་རྐུན་རྦད་ཅིང་རྦད་སྔགས་སྦྱིན། །བླ་དང་ཚེ་བཀྲག་ནུས་པ་འགུགས། །ཐུན་བྲབ་གཟེར་སྔགས་རྒྱ་ཡིས་བཏབ། །རྟེན་གྱི་གཟུགས་དག་བསྟབ་པ་བྱ། །བསྐུལ་བ་དང་བཅས་དྲག་སྔགས་ནུས། །རྫས་ཀྱི་མཆོད་པ་མེ་སྦར་བསྲེག །རྐྱེན་གྱི་འདུ་འཕྲོ་སྦྱོར་བ་མིན། །རྩོལ་བྲལ་ཇི་བཞིན་ལྷུན་གྱིས་གྲུབ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་བསྲེག་པ་དྲག་


DNG016_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་སྦྱོར་བའི་སྔགས་འདི་བཏོན་ནོ། །ཨེ་མྱག་ཡ་རྔུབས་མུག་ཤག་ཀ་དུན། དགྲ་བོའི་སྲོག་ལ་ཧུར་ཐུམས་ཛཿརམ་ཤ་རྦད་ཛྭ་ལ་རཾ། དེ་ནས་བཅོམ་ལྡན་འདས་ཀྱིས་བླ་རྐུན་གྱི་ཕོ་ཉ་ལས་ལ་མངག་པ་འདི་གསུངས་སོ། །བསྐལ་པ་བརྒྱད་ཁྲི་བཞི་སྟོང་འཁོར་བའི་གཞལ་ཡས་ནས། །ལྕགས་མཁར་སྒོ་མེད་བཅུ་དྲུག་འབར་བའི་ནང་ཤེད་ནས། །འོབས་ཆེན་བཅུ་གཉིས་འབར་བའི་དཀྱིལ་འཁོར་ནས། །ཐོད་མཁར་འབར་བ་བཞི་ཡི་དབུས་ཕྱོགས་ནས། །ཕོ་བྲང་ལྕགས་མཁར་སྤུ་གྲིས་གཏམས་པའི་ནང་། །ཀླུ་འབུམ་གཉན་ཁྲི་ས་བདག་སྟོང་གི་གདན། །ལྟོ་འཕྱེ་ཕྱོགས་སྐྱོང་མ་ཧེ་བརྫིས་པའི་ཁྲི། །ཐབས་དང་ཤེས་རབ་ཉི་ཟླའི་གདན་སྟེང་ནས། །སྲོག་བདུད་འཇམ་དཔལ་ཚེ་བདག་ནག་པོ་བཞེངས། །རྔམ་པའི་ཚུལ་གྱིས་བླ་རྐུན་དགྲ་ལ་ཁྱེ། །ཚེ་བདག་ལས་ཀྱི་སྤྲུལ་པ་མངོན་ཕྱུང་བ། །ཤར་གྱི་ཕྱོགས་ནས་བླ་འགུགས་པ། །དུང་གི་མོན་པ་སེང་གེའི་མགོ། །དབུ་དགུ་སྤྱན་དགུ་ཞལ་དགུ་གདངས། །ཕྱག་དགུ་ཞབས་དགུ་ཙིཏྟ་དགུ། །ཞབས་དགུས་སྟོང་ཁམས་བླ་ལ་རྒྱུག །སྤྱན་དགུས་དགྲ་བོ་བལྟ་ཞིང་འཛིན། །སྙིང་དགུས་དགྲ་བོ་ཡིད་ལ་གནོན། །ཕྱག་དགུས་ཙིཏྟ་ཁོང་ནས་འབྱིན། །ཞལ་དགུས་ཁ་མངར་མེད་པར་གསོལ། །ལྗགས་དགུས་ཁྲག་ལ་མྱོས་ཤིང་འཐུང་། །དགྲ་བོ་བླ་དང་ཕྲོལ་ལ་ཤོག །ཀ་ལ་དུན་ཏིང་ཙིཏྟ་རོ་མྱགས་སྲོག་ལ་ཐུམ་རི་ལི་ལི་བྷྱོ། ལྷོ་ཡི་ཕྱོགས་ནས་བླ་འགུགས་པ། །ལྕགས་ཀྱི་མོན་པ་སྟག་གི་མགོ། །དབུ་དགུ་སྤྱན་དགུ་ཞལ་དགུ་གདངས། །ཕྱག་དགུ་ཞབས་དགུ་ཙིཏྟ་དགུ། །ཞབས་དགུས་སྟོང་ཁམས་བླ་ལ་རྒྱུག །སྤྱན་དགུས་དགྲ་བོ་བལྟ་ཞིང་འཛིན། །སྙིང་དགུས་དགྲ་བོ་ཡིད་ལ་གནོན། །ཕྱག་དགུས་ཙིཏྟ་ཁོང་ནས་འབྱིན། །ཞལ་དགུས་ཁ་མངར་མེད་པར་གསལ། །ལྗགས་དགུས་ཁྲག་ལ་མྱོས་ཤིང་འཐུང་། །དགྲ་བོ་བླ་དང་ཕྲོལ་ལ་ཤོག །ཧ་ལ་ཧ་ལ་དུན་ཏིང་ཙིཏྟ་རོ་མྱགས་སྲོག་ལ་ཐུམ་རི་ལི་ལི་བྷྱོ། ནུབ་ཀྱི་ཕྱོགས་ནས་བླ་འགུགས་པ། །བསེ་ཡི་མོན་པ་དྲེད་ཀྱི་མགོ། །དབུ་དགུ་སྤྱན་དགུ་ཞལ་དགུ་གདངས། །


DNG016_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་དགུ་ཞབས་དགུ་ཙིཏྟ་དགུ། །ཞབས་དགུས་སྟོང་ཁམས་བླ་ལ་རྒྱུག །སྤྱན་དགུས་དགྲ་བོ་བལྟ་ཞིང་འཛིན། །སྙིང་དགུས་དགྲ་བོ་ཡིད་ལ་གནོན། །ཕྱག་དགུས་ཙིཏྟ་ཁོང་ནས་འབྱིན། །ཞལ་དགུས་ཁ་མངར་མེད་པར་གསོལ། །ལྗགས་དགུས་ཁྲག་ལ་མྱོས་ཤིང་འཐུང་། །དགྲ་བོའི་བླ་དང་ཕྲོལ་ལ་ཤོག །ར་ག་ཧོ་ཏི་དུན་ཏིང་རོ་མྱགས་སྲོག་ལ་ཐུམ་རི་ལི་ལི་བྷྱོ། བྱང་གི་ཕྱོགས་ནས་བླ་འགུགས་པ། །གསེར་གྱི་མོན་པ་ཁྱུང་ཆེན་མགོ། །དབུ་དགུ་སྤྱན་དགུ་ཞལ་དགུ་གདངས། །ཕྱག་དགུ་ཞབས་དགུ་ཙིཏྟ་དགུ། །ཞབས་དགུས་སྟོང་ཁམས་བླ་ལ་རྒྱུག །སྤྱན་དགུས་དགྲ་བོ་བལྟ་ཞིང་འཛིན། །སྙིང་དགུས་དགྲ་བོ་ཡིད་ལ་གནོན། །ཕྱག་དགུས་ཙིཏྟ་ཁོང་ནས་འབྱིན། །ཞལ་དགུས་ཁ་མངར་མེད་པར་གསོལ། །ལྗགས་དགུས་ཁྲག་ལ་མྱོས་ཤིང་འཐུང་། །དགྲ་བོའི་བླ་དང་ཕྲོལ་ལ་ཤོག །ཀརྨ་བྷ་ཏིང་དུན་ཏིང་རོ་མྱགས་སྲོག་ལ་ཐུམ་རི་ལི་ལི་བྷྱོ། དགུ་བསྐོར་ཐུན་དབབ་བསྟབ་པ་བྱ། །སྲོག་བདུད་ཚེ་བདག་ནག་པོ་ནི། །སྐུ་ཡང་ཆེ་ལ་དྲེགས་ཤིང་རྔམས། །སྐུ་ནི་ནམ་མཁའི་ཁམས་དང་མཉམ། །གསུང་གི་ང་རོ་འབྲུག་ལྟར་སྒྲོགས། །ཐུགས་ནི་སྟོང་གསུམ་ཁྱབ་པར་བལྟ། །ཞལ་ནི་ཧོམ་ཁུང་གདངས་པ་འདྲ། །ལྗགས་ནི་ཧོམ་གཟར་བརྐྱངས་པ་འདྲ། །ཚེམས་ནི་ཧོམ་ཤིང་བཙུགས་པ་འདྲ། །མཆེ་བ་རྩང་ཕུར་གཏམས་པ་འདྲ། །ཁྱོད་ནི་སྲོག་འགུགས་བདག་པོ་ཡིན། །གྲུ་གསུམ་བགྲད་པའི་ཞལ་གདངས་ཤིག །སྡང་དགྲ་གནོད་བགེགས་ཁ་རཾ་ཁཱ་ཧི། ཡུམ་ཆེན་གསོད་བྱེད་རྒྱལ་མོ་ནི། །མཐིང་ནག་འཇིགས་ཚུལ་རྔམ་སྟབས་འགྱིངས། །ནད་གཏོང་རྒྱལ་མོ་ཞལ་གདངས་ཤིག །དགྲ་བགེགས་བསྟབས་པོ་ཁ་རཾ་ཁཱ་ཧི། གསོད་བྱེད་ཡ་མ་རཱ་ཛ་ནི། །སྨུག་ནག་འཇིགས་པ་ཞལ་གདངས་ཤིག །སྡང་དགྲ་གནོད་བགེགས་ཁ་རཾ་ཁཱ་ཧི། དྲེགས་པ་ཕྱག་ན་རྡོ་རྗེ་ནི། །སྟོབས་ཆེན་དྲག་པོ་ཞལ་གདངས་ཤིག །སྡང་དགྲ་གནོད་བགེགས་ཁ་རཾ་ཁཱ་ཧི། རུས་སྦལ་རྒྱལ་པོ་མི་ཟན་ནི། །ཚེ་སྲོག་འཆང་བ་ཞལ་གདངས་ཤིག །སྡང་དགྲ་གནོད་བགེགས་ཁ་རཾ་ཁཱ་ཧི། བྱ་ཁྱུང་


DNG016_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་ག་རུ་ཎ། །ཀླུ་འདུལ་མཁའ་ལྡིང་ཞལ་གདངས་ཤིག །སྡང་དགྲ་གནོད་བགེགས་ཁ་རཾ་ཁཱ་ཧི། སྒྲོལ་བྱེད་ཚེ་བདག་མགོ་དགུ་པ། །སྤྲུལ་པ་ཆེན་པོ་ཞལ་གདངས་ཤིག །སྡང་དགྲ་གནོད་བགེགས་ཁ་རཾ་ཁཱ་ཧི། བདུད་མོ་ཁྲག་གི་རལ་པ་ཅན། །ནད་གཏོང་སྲིན་མོ་ཞལ་གདངས་ཤིག །སྡང་དགྲ་གནོད་བགེགས་ཁ་རཾ་ཁཱ་ཧི། སུམ་ཅུ་རྩ་གསུམ་གནས་ཀྱི་ཡང་སྟེང་ན། །བདུད་པོ་ཡེ་མེད་འཕྲུལ་གྱི་རྒྱལ་པོ་བཞུགས། །འཆི་བདག་རྒྱལ་པོ་ཞལ་གདངས་ཤིག །སྡང་དགྲ་གནོད་བགེགས་ཁ་རཾ་ཁཱ་ཧི། རྒྱ་མཚོ་ཆེན་པོའི་གཏིང་རུམ་ནས། །གཤིན་རྗེ་བྱེ་བ་དགུ་ཁྲི་བཞུགས། །ལས་ཀྱི་མཐའ་སྡུད་ཞལ་གདངས་ཤིག །སྡང་དགྲ་གནོད་བགེགས་ཁ་རཾ་ཁཱ་ཧི། དེ་ནས་བཅོམ་ལྡན་འདས་ཀྱིས་དྲེགས་པའི་ཚོགས་ལ་བསྟོད་པ། མཆོད་པ་བསྟབ་པ་འདི་གསུངས་སོ། །ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན། །དྲག་པོ་ཨེ་ཡི་གཞལ་ཡས་ནས། །ཀླུ་འབུམ་གཉན་ཁྲི་ས་བདག་སྟོང་གི་གདན། །ལྟོ་འཕྱེ་ཕྱོགས་སྐྱོང་མ་ཧེ་བརྫིས་པའི་ཁྲི། །ཐབས་དང་ཤེས་རབ་ཉི་ཟླའི་གདན་སྟེང་ན། །དུག་ལྔ་བརྐམ་ཆགས་འཇོམས་པའི་ལྷ། །སྲོག་བདུད་ཚེ་བདག་ནག་པོ་ནི། །གཏུམ་ཆེན་དུས་མཐའི་བསྐལ་པའི་མེ་ལྟར་འབར། །སྐུ་མདོག་ནག་པོ་དུག་ཆེན་འཁྱིལ་པ་འདྲ། །སྐུ་ཡང་རྔམ་ཆེན་དྲེགས་པའི་སྐུ། །དབུ་གསུམ་ཕྱག་དྲུག་ཞགས་བཞི་བགྲད། །གཡས་དཀར་ཀླུ་བརྒྱད་ཞལ་དུ་གསོལ། །གཡོན་དམར་གཉེན་ཁྲི་ཀླུ་འབུམ་གསོལ། །དབུས་ཞལ་མཐིང་ནག་རྔམས་པ་ཡིས། །སྐུ་དགྲར་གྱུར་པའི་ལས་ངན་དང་། །ས་བདག་ཀླུ་སྲིན་སྡེ་བརྒྱད་ཀྱི། །དབང་པོ་ལྔ་དང་ཙིཏྟ་གསོལ། །ཕྱག་དྲུག་མཚོན་ཆ་འབར་བ་ཡིས། །ཞེ་སྡང་ཀླུ་གཉན་ས་བདག་དང་། །དགྲ་བགེགས་མགོ་ལུས་ཚལ་པར་གཤོག །སྐུ་ལ་དུར་ཁྲོད་རྒྱན་ཆས་དང་། །ཀླུ་ཆེན་བརྒྱད་ཀྱི་མགོ་བཅད་ནས། །དོ་ཤལ་སྙིང་གི་ཕྲེང་བས་བརྒྱན། །དབུ་ལ་བདུད་དང་སྲིན་མོ་དང་། །བཙན་དང་མུ་སྟེགས་རྒྱལ་པོ་ཡི། །མགོ་བོ་ཐོད་པའི་ཕྲེང་བས་བརྒྱན། །རྒྱལ་རིགས་སྙན་གྱི་གྲོང་ཁྱེར་བརྒྱན། །


DNG016_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་རིགས་མགུར་ཆུ་ཚངས་སྐུད་བརྒྱན། །བྲམ་ཟེའི་རིགས་ཀྱིས་ཕྱག་གདུབ་བརྒྱན། །དམངས་རིགས་ཞབས་གདུབ་ལྷུ་ཚིགས་བརྒྱན། །རིགས་ངན་གདོལ་པ་ཞབས་འོག་བཏིང་། །བ་སུ་རིགས་དྲུག་ཟས་སུ་ཟ། །མཆེ་བ་དགུ་ཁྲི་རྩང་ཕུར་གཏམས། །སྤྱན་ནས་དུག་གི་ཚ་ཚ་འཕྲོ། །ཤངས་ནས་རླུང་ནག་འཚུབ་མ་ལྡང་། །དབུ་སྐྲ་སྨ་ར་བ་སྤུ་ལས། །གདུག་རྩུབ་དམར་ནག་མེ་ཆེན་འབར། །དམ་ཉམས་དགྲ་བོ་སྡིག་ཅན་དང་། །གདུག་པའི་ཀླུ་གཉན་ས་བདག་སྲེག །གང་ལ་བྱ་བ་ཁྱོད་ཤེས་ཀྱིས། །དམིགས་པ་གང་ཡིན་མངོན་དུ་སྒྲོལ། །རྩ་རྒྱུད་ཀླད་ཁྲག་རྦ་ཀློང་སྐོམས། །ལུས་སྲོག་དབང་པོ་རྟེན་དང་ཕྲོལ། །འབྱུང་བ་རྣམ་ཤེས་བཀྲག་མདངས་སྡུས། །ཞེ་སྡང་དྲག་པོའི་སྦྱོར་བ་ཆོམ། །བསྲེག་རྫས་མཆོད་པ་འདི་བཞེས་ལ། །བླ་མཚོ་བཀྲག་མདངས་བག་ཆགས་སྐོམས། །ལྕགས་མཁར་སྒོ་མེད་ནང་དུ་ཆུག །འབྱུང་བ་གཏན་གཞིའི་རྔམས་ཀྱིས་ནོན། །གདུག་རྩུབ་མེ་ལྷའི་ཞལ་དུ་སྟོབ། །སྡང་བའི་དགྲ་དང་གནོད་པའི་བགེགས། །མཆོད་པར་འབུལ་ལ་ཁ་རཾ་ཁཱ་ཧི། གཡོན་གྱི་ཕྱོགས་ནས་ཡུམ་གཅིག་མ། །བདུད་མོ་གསོད་བྱེད་རྒྱལ་མོ་ནི། །སྐུ་མདོག་མཐིང་ནག་བརྗིད་པ་ལ། །དབུ་ལ་སྦྲུལ་ནག་རལ་པས་གཏིབས། །རལ་པ་ཟར་བུ་རེ་རེ་ལ། །གསེར་དང་མུ་ཏིག་རྒྱན་འཕྱང་མ། །གདོལ་པའི་ཀླུ་དང་ཐོད་པ་ཡིས། །དབུ་དང་ཕྱག་ཞབས་ལྷུ་ཚིགས་བརྒྱན། །ཞལ་ནས་མི་རོ་རྟ་ར་འབྲུལ། །སྤྱན་ནས་ཁྲག་འཛག་ཟུ་ལུ་ལུ། །ཤངས་ནས་རླུང་ནག་འཚུབ་མར་འཁྱིལ། །གཡས་པས་དགྲ་བོའི་སྙིང་ཕྱུང་འཁྱུད། །གཡོན་པ་ལྕང་ལོ་སྙིང་ཁྲག་སྟོབ། །དྲག་ཏུ་བསྐུལ་ཞིང་རྦད་ཙམ་ན། །མ་མོའི་ཀིང་ཀང་དགྲ་ལ་འབེབས། །མོ་གདོན་འབུམ་སྡེ་གཟིར་ཞིང་འཇོམས། །གང་ལ་བྱ་བ་ཁྱོད་ཤེས་ཀྱི། །དམིགས་པ་གང་ཡིན་མྱུར་དུ་སྒྲོལ། །རྩ་རྒྱུད་ཀླད་ཁྲག་རྦ་ཀློང་སྐོམས། །ལུས་སྲོག་དབང་པོ་རྟེན་དང་ཕྲོལ། །འབྱུང་བ་རྣམ་ཤེས་བཀྲག་མདངས་སྡུས། །ཞེ་སྡང་དྲག་པོའི་སྦྱོར་བ་ཆོམ། །བསྲེག་རྫས་མཆོད་པ་འདི་བཞེས་ལ། །བླ་མཚོ་བཀྲག་མདངས་


DNG016_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

བག་ཆགས་སྐོམས། །ལྕགས་མཁར་སྒོ་མེད་ནང་དུ་ཆུག །འབྱུང་བ་གཏན་གཞིའི་རྔམས་ཀྱིས་ནོན། །གདུག་རྩུབ་མེ་ལྷའི་ཞལ་དུ་སྟོབ། །སྡང་བའི་དགྲ་དང་གནོད་པའི་བགེགས། །མཆོད་པར་འབུལ་ལོ་ཁ་རཾ་ཁཱ་ཧི། ཚེ་བདག་ཐུགས་ཀྱི་དཀྱིལ་འཁོར་ནས། །ཐུགས་ཀྱི་སྤྲུལ་པ་མངོན་ཕྱུང་ནི། །གསོད་བྱེད་ཡ་མ་རཱ་ཛ་ནི། །སྐུ་མདོག་སྨུག་ནག་འཇིགས་ཚུལ་ཅན། །རྔམས་ཤིང་དྲེགས་པས་དགྲ་བགེགས་འདུལ། །རྣ་བའི་གྲོང་ཁྱེར་སྦྲུལ་གྱིས་བརྒྱན། །ཚངས་པའི་མགོ་བཅད་དོ་ཤལ་བྱས། །བདུད་དང་མུ་སྟེགས་རྒྱལ་པོ་ཡི། །ཙིཏྟའི་ཕྲེང་བས་རྒྱན་དུ་བྱས། །གཡས་པ་འཁོར་ལོ་རྩིབས་བཅུ་བསྣམས། །ཉམས་པ་ཀུན་གྱི་མགོ་ལས་གཤོག །གཡོན་པས་ཙིཏྟ་དམར་པོ་བསྣམས། །དགྲ་བོའི་དོན་སྙིང་སྤར་གྱིས་འདེབས། །རྔམས་ཤིང་དྲེགས་པའི་ཆ་བྱད་ཀྱིས། །སྡེ་བརྒྱད་ཀུན་གྱི་སྦྱོར་བ་འཇོམས། །བསྐུལ་ཞིང་དྲག་ཏུ་རྦད་ཙ་ན། །ས་བདག་ཀླུ་གཉན་གཟིར་ཞིང་མནན། །ཀླུ་ནད་མཛེ་ཤུ་ཀ་རུ་མཆོད། །གང་ལ་བྱ་བ་ཁྱོད་ཤེས་ཀྱི། །དམིགས་པ་གང་ཡིན་མྱུར་དུ་སྒྲོལ། །རྩ་རྒྱུད་ཀླད་ཁྲག་རྦ་ཀློང་སྐོམས། །ལུས་སྲོག་དབང་པོ་རྟེན་དང་ཕྲོལ། །འབྱུང་བ་རྣམ་ཤེས་བཀྲག་མདངས་སྡུས། །ཞེ་སྡང་དྲག་པོའི་སྦྱོར་བ་ཆོམ། །བསྲེག་རྫས་མཆོད་པ་འདི་བཞེས་ལ། །བླ་མཚོ་བཀྲག་མདངས་བག་ཆགས་སྐོམས། །ལྕགས་མཁར་སྒོ་མེད་ནང་དུ་ཆུག །འབྱུང་བ་གཏན་གཞིའི་རྔམས་ཀྱིས་ནོན། །གདུག་རྩུབ་མེ་ལྷའི་ཞལ་དུ་སྟོབ། །སྡང་བའི་དགྲ་དང་གནོད་པའི་བགེགས། །མཆོད་པར་འབུལ་ལོ་ཁ་རཾ་ཁཱ་ཧི། ཡ་མའི་ཐུགས་ཀྱི་དཀྱིལ་འཁོར་ནས། །ཐུགས་ཀྱི་སྤྲུལ་པ་མངོན་ཕྱུང་བ། །དྲེགས་པ་ཕྱག་ན་རྡོ་རྗེའི་སྐུ། །སྐུ་མདོག་ལྗང་ནག་འབར་བ་ནི། །ཕྲིན་ལས་སྣ་ཚོགས་མཛད་པའི་རྟགས། །སྐུ་ཡི་འགྱིང་བག་བརྗིད་པ་ནི། །གདུག་པ་ཐམས་ཅད་འདུལ་བའི་རྟགས། །ཞལ་གདངས་མཆེ་བ་གཙིགས་པ་ནི། །ཁམས་གསུམ་དབང་དུ་སྡུད་པའི་རྟགས། །མཆེ་བ་དགུ་ཁྲི་གཏམས་པ་ནི། །དགྲ་བོའི་སྲོག་རྩ་


DNG016_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་པའི་རྟགས། །ཀླུ་བརྒྱད་གདན་དུ་བཏིང་བ་ནི། །ཀླུ་གཉན་ས་བདག་གཟིར་བའི་རྟགས། །གཉན་ཁྲི་ཀླུ་འབུམ་གསོལ་བ་ནི། །ཀླུ་ནད་མཛེ་ཤུ་ཀ་རུ་གཅོད་པའི་རྟགས། །རིགས་བཞིའི་སྦྲུལ་གྱིས་སྐུ་ལ་བརྒྱན་པ་ནི། །ཀླུ་ནད་མཛེ་ཤུ་དགྲ་ལ་གཏོང་བའི་རྟགས། །རིན་པོ་ཆེ་ཡི་སྐུ་ལ་བརྒྱན་པ་ནི། །འདོད་དགུ་རེ་བ་ཡིད་བཞིན་སྐོང་བའི་རྟགས། །ཕྱག་གཡས་རྡོ་རྗེ་རྩེ་དགུ་བསྣམས་པ་ནི། །དམ་ཉམས་མགོ་ལུས་གཤོག་པའི་རྟགས། །གཡོན་པ་ཙིཏྟའི་ཕྲེང་བ་བསྣམས་པ་ནི། །དགྲ་བོའི་དོན་སྙིང་ཁོང་ནས་འབྱིན་པའི་རྟགས། །གང་ལ་བྱ་བ་ཁྱོད་ཤེས་ཀྱི། །དམིགས་པ་གང་ཡིན་མྱུར་དུ་སྒྲོལ། །རྩ་རྒྱུད་ཀླད་ཁྲག་རྦ་ཀློང་སྐོམས། །ལུས་སྲོག་དབང་པོ་རྟེན་དང་ཕྲོལ། །འབྱུང་བ་རྣམ་ཤེས་བཀྲག་མདངས་སྡུས། །ཞེ་སྡང་དྲག་པོའི་སྦྱོར་བ་ཆོམ། །བསྲེག་རྫས་མཆོད་པ་འདི་བཞེས་ལ། །བླ་མཚོ་བཀྲག་མདངས་བག་ཆགས་སྐོམས། །ལྕགས་མཁར་སྒོ་མེད་ནང་དུ་ཆུག །འབྱུང་བ་གཏན་གཞིའི་རྔམས་ཀྱིས་ནོན། །གདུག་རྩུབ་མེ་ལྷའི་ཞལ་དུ་སྟོབ། །སྡང་བའི་དགྲ་དང་གནོད་པའི་བགེགས། །མཆོད་པར་འབུལ་ལོ་ཁ་རཾ་ཁཱ་ཧི། དྲེགས་པ་ཆེན་པོའི་ཐུགས་ཀྱི་དཀྱིལ་འཁོར་ནས། །ཐུགས་ཀྱི་སྤྲུལ་པ་མངོན་ཕྱུང་བ། །རུས་སྦལ་རྔམས་པ་མི་ཟན་ནི། །ཉོན་མོངས་ལྔ་ཡི་རྩ་བ་གཅོད། །འབྱུང་བ་ལྔ་ཡི་རྩ་བ་སྐོམས། །ལུས་སྲོག་གཉིས་ཀྱི་རྩ་མདངས་འདྲེལ། །སྐྱེ་བ་མེད་པའི་ཁམས་ལ་སྡུད། །དྭངས་མ་ཁྲག་གི་སྙིང་པོ་འཆང་། །ཐུགས་ཀྱི་གསང་མཛོད་འབར་བ་རུ། །བཀྲག་མདངས་བཅུད་ཀྱི་སྙིང་པོ་འཆང་། །དཀོན་མཆོག་དབུ་འཕང་སྨོད་པ་དང་། །རྒྱལ་བའི་བཀའ་ལ་གཅོག་པ་དང་། །སྡང་བའི་དགྲ་དང་གནོད་པའི་བགེགས། །སྐུ་དགྲར་འོས་པ་མ་ལུས་ཀུན། །གཤེད་ཀྱི་གསང་མཛོད་འབར་བར་ཆུབ། །རྟག་ཏུ་འཁྱམས་པའི་གནས་སུ་ཁྲིད། །རྩ་བཞི་དྭངས་མ་སྟོབས་ཀྱིས་ནོན། །དམོད་པ་དྲག་པོའི་མཚོན་ཆས་ཆོད། །ཡན་ལག་ལྔ་དང་གསང་བ་རུ། །མཆོད་རྟེན་དྲུག་གི་དགྲ་བགེགས་གནོན། །དགྲ་བགེགས་ལས་ངན་གདུག་པ་རྣམས། །སྤུ་གྲིའི་དབལ་ལས་ཤོར་ར་རེ། །གང་ལ་བྱ་བ་


DNG016_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ཤེས་ཀྱི། །དམིགས་པ་གང་ཡིན་མྱུར་དུ་སྒྲོལ། །རྩ་རྒྱུད་ཀླད་ཁྲག་རྦ་ཀློང་སྐོམས། །ལུས་སྲོག་དབང་པོ་རྟེན་དང་ཕྲོལ། །འབྱུང་བ་རྣམ་ཤེས་བཀྲག་མདངས་སྡུས། །ཞེ་སྡང་དྲག་པོའི་སྦྱོར་བ་ཆོམ། །བསྲེག་རྫས་མཆོད་པ་འདི་བཞེས་ལ། །བླ་མཚོ་བཀྲག་མདངས་བག་ཆགས་སྐོམས། །ལྕགས་མཁར་སྒོ་མེད་ནང་དུ་ཆུག །འབྱུང་བ་གཏན་གཞིའི་རྔམས་ཀྱིས་ནོན། །གདུག་རྩུབ་མེ་ལྷའི་ཞལ་དུ་སྟོབ། །སྡང་བའི་དགྲ་དང་གནོད་པའི་བགེགས། །མཆོད་པར་འབུལ་ལོ་ཁ་རཾ་ཁཱ་ཧི། ཚེ་བདག་ནག་པོའི་སྤྱི་གཙུག་ན། །གསེར་གྱི་བྱ་ཁྱུང་ག་རུ་ཎ། །བྱ་ཁྱུང་རྒྱལ་པོ་དམ་ཚིག་ཅན། །བྱ་ཁྱུང་རྒྱལ་པོ་མཐུ་བོ་ཆེ། །འཁོར་ལོ་འབར་བའི་གཤོག་རྩེ་ཡིས། །ཉམས་པའི་མགོ་ལུས་ཚལ་པར་གཤོག །རལ་གྲི་འབར་བའི་གཤོག་པ་ཅན། །དགྲ་བོའི་སྲོག་རྩ་རྩད་ནས་གཅོད། །སྤུ་གྲི་འབར་བའི་ཐེབ་གཤོག་གིས། །དགྲ་བོ་ཉམས་པའི་མགོ་ལུས་ཕྲོལ། །ཡེ་ཤེས་འབར་བའི་གཤོག་ཟེར་གྱིས། །ཉོན་མོངས་གདུག་རྩུབ་རྩད་ནས་བསྲེག །སྤུ་བྲན་སྤུ་གྲི་དཔལ་ཆེན་གྱིས། །ཉམས་པ་ཀུན་གྱི་སྲོག་རྩ་གཅོད། །སྤྱན་གཉིས་ཉི་ཟླ་འཁྱིལ་པ་ཡིས། །ཞེ་སྡང་ཀླུ་མཚོ་གཏིང་ནས་སྐེམ། །གནམ་ལྕགས་འབར་བའི་སྡེར་མོ་ཡིས། །ཀླུ་གཉན་ས་བདག་དྲངས་ཀྱིན་གསོལ། །གནམ་ལྕགས་འབར་བའི་རྡོ་རྗེའི་མཆུས། །ས་བདག་ཀླུ་སྲིན་ཀླུ་བདུད་གསོལ། །ཁྱུང་གི་གཤོག་པ་བརྡབས་པ་ཡིས། །གདུག་པའི་གནས་ཁང་རྨངས་ནས་བཤིག །ཁྱུང་ཆེན་རྔམས་པའི་ང་རོ་ཡིས། །ཀླུ་གཉན་ས་བདག་ཟིལ་གྱིས་གནོན། །གང་ལ་བྱ་བ་ཁྱོད་ཤེས་ཀྱི། །དམིགས་པ་གང་ཡིན་མྱུར་དུ་སྒྲོལ། །རྩ་རྒྱུད་ཀླད་ཁྲག་རྦ་ཀློང་སྐོམས། །ལུས་སྲོག་དབང་པོ་རྟེན་དང་ཕྲོལ། །འབྱུང་བ་རྣམ་ཤེས་བཀྲག་མདངས་སྡུས། །ཞེ་སྡང་དྲག་པོའི་སྦྱོར་བ་ཆོམ། །བསྲེག་རྫས་མཆོད་པ་འདི་བཞེས་ལ། །བླ་མཚོ་བཀྲག་མདངས་བག་ཆགས་སྐོམས། །ལྕགས་མཁར་སྒོ་མེད་ནང་དུ་ཆུག །འབྱུང་བ་གཏན་གཞིའི་རྔམས་ཀྱིས་ནོན། །གདུག་རྩུབ་མེ་ལྷའི་ཞལ་དུ་སྟོབ། །སྡང་


DNG016_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དགྲ་དང་གནོད་པའི་བགེགས། །མཆོད་པར་འབུལ་ལོ་ཁ་རཾ་ཁཱ་ཧི། ཡང་སྤྲུལ་དུག་གི་ཁྱུང་ཆེན་གཉིས། །མཚོན་ཆ་འབར་བའི་གཤོག་པ་ཡིས། །གདུག་པ་འདུལ་བའི་ལས་ངོ་ལོངས། །བསྲེག་རྫས་མཆོད་པ་འདི་བཞེས་ལ། །ཀླུ་ནད་མཛེ་ཤུ་ཀ་རུ་ཆོད། །སྟག་དང་སེང་གེ་རྔམས་པ་ཡིས། །ཉམས་པའི་ཤ་ཁྲག་རོ་ལ་རོལ། །ཞེ་སྡང་དུག་སྦྲུལ་ནག་པོ་གཉིས། །ཁ་ནས་མེ་འབར་དུག་ལྔ་བསྲེག །དགྲ་བོའི་ཁོང་དུ་དུག་མདའ་རྒྱོབ། །དགྲ་བོའི་ཁང་ཁྱིམ་རྨངས་ནས་ཤིག །གང་ལ་བྱ་བ་ཁྱོད་ཤེས་ཀྱི། །དམིགས་པ་གང་ཡིན་མྱུར་དུ་སྒྲོལ། །ལུས་སྲོག་དབང་པོ་རྟེན་དང་ཕྲོལ། །འབྱུང་བ་རྣམ་ཤེས་བཀྲག་མདངས་སྡུས། །ཞེ་སྡང་དྲག་པོའི་སྦྱོར་བ་ཆོམ། །བསྲེག་རྫས་མཆོད་པ་འདི་བཞེས་ལ། །བླ་མཚོ་བཀྲག་མདངས་བག་ཆགས་སྐོམས། །ལྕགས་མཁར་སྒོ་མེད་ནང་དུ་ཆུག །འབྱུང་བ་གཏན་གཞིའི་རྔམས་ཀྱིས་ནོན། །གདུག་རྩུབ་མེ་ལྷའི་ཞལ་དུ་སྟོབ། །སྡང་བའི་དགྲ་དང་གནོད་པའི་བགེགས། །མཆོད་པར་འབུལ་ལོ་ཁ་རཾ་ཁཱ་ཧི། ཤར་གྱི་ཕྱོགས་ནས་བླ་འགུགས་པ། །དུང་གི་མོན་པ་སེང་གེའི་མགོ། །མོན་པ་བླ་རྐུན་རྔམ་པའི་གདོང་། །སྡང་དགྲ་གནོད་བགེགས་མཆོད་པར་བཞེས། །ལྷོ་ཡི་ཕྱོགས་ནས་བླ་འགུགས་པ། །ལྕགས་ཀྱི་མོན་པ་སྟག་གི་མགོ། །མོན་མོ་ནག་པོ་གཡུ་ཡི་རལ་པ་ཅན། །སྡང་དགྲ་གནོད་བགེགས་མཆོད་པར་བཞེས། །ནུབ་ཀྱི་ཕྱོགས་ནས་བླ་འགུགས་པ། །བསེ་ཡི་མོན་པ་དྲེད་ཀྱི་མགོ། །མོན་མོ་ཚེ་འཕྲོག་རལ་པ་ཅན། །སྡང་དགྲ་གནོད་བགེགས་མཆོད་པར་བཞེས། །བྱང་གི་ཕྱོགས་ནས་བླ་འགུགས་པ། །གསེར་གྱི་མོན་པ་ཁྱུང་ཆེན་མགོ། །མོན་མོ་བླ་རྐུན་སྙིང་ལ་གཟེར་འདེབས་མ། །སྡང་དགྲ་གནོད་བགེགས་མཆོད་པར་བཞེས། །ཧེ་ལེ་ཁྱབ་པ་ཤར་གྱི་བདུད། །བདུད་མོ་མཁའ་འགྲོ་རལ་གཅིག་མ། །སོབ་དར་འཁྲིག་པ་ལྷོ་ཡི་བདུད། །བདུད་མོ་ཁྲག་འཐོར་མྱོས་བྱེད་མ། །ནག་པོ་འཛུམ་མེད་ནུབ་ཀྱི་བདུད། །བདུད་མོ་རྡོ་རྗེ་མཆེ་གཙིགས་མ། །རལ་པ་སྤྱི་བཅིངས་བྱང་གི་བདུད། །བདུད་མོ་ལས་ཀྱི་ཁྲོ་གཉེར་མ། །རྒྱ་མཚོ་ཆེན་པོའི་གཏིང་རུམ་ནས། །དུག་མཚོ་


DNG016_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

འཁྱིལ་པའི་ནང་ཤེད་ནས། །གཤིན་རྗེ་བྱེ་བ་དགུ་ཁྲི་བཞུགས། །ཆིབས་སུ་ཆུ་གླང་སྔོན་པོ་བཅིབས། །སྐུ་ལ་ལྕགས་ཀྱི་ཞུན་ཁྲབ་གསོལ། །ཐོད་པ་ཞིང་ཆུང་སྦྲུལ་གྱིས་བརྒྱན། །གཡས་ན་རལ་གྲི་ཁ་མང་བསྣམས། །དམ་ཉམས་སྲོག་རྩ་དམར་དུ་ཆོད། །ཕྱག་ན་ལྕགས་ཀྱི་རལ་གྲི་བསྣམས། །དགྲ་བགེགས་ལས་ངན་གཟིར་ཞིང་བསྲེག །ལག་པ་དགུ་ཁྲིས་ཚོགས་ཀྱང་འགྱེད། །ཡང་སྤྲུལ་བྱེ་བ་ལས་ལ་འགྱེད། །དེ་ཕྱིར་བྱེ་བ་དགུ་ཁྲི་བྱ། །ལས་ཀྱི་མཐའ་སྡུད་ཁྱོད་ཡིན་གྱི། །སྡང་བའི་དགྲ་དང་གནོད་པའི་བགེགས། །གདུག་པའི་ས་བདག་ཀླུ་གཉན་རྣམས། །གཏད་དོ་ལས་ཀྱི་མཐའ་སྡུས་ཤིག །དགྲ་བགེགས་ལས་ངན་མཆོད་པར་བཞེས། །འོ་མ་དུག་ཆུ་ཆང་དང་ཁྲག །མེ་ལ་འབུལ་ཞིང་དྲག་ཏུ་བཟླས། །དྲག་པོའི་གནས་སུ་ཐུན་བྲབ་ལ། །ཐལ་བ་ཐུན་ཟོར་ཐོད་པ་དགང་། །མནན་པ་གདུག་པའི་ཀླུ་ལ་གཏད། །ཁ་རླངས་དུག་ལ་མུ་ཟི་དང་། །བྲུན་གསུམ་ཚ་ཡི་རི་ལུས་བདུག །ཡིད་ཀྱི་དུག་ལ་བྱ་བག་ཚིལ། །གུ་གུལ་རྟ་བོང་མུ་ཟིས་བདུག །མཐོང་བའི་དུག་ལ་གླ་བའི་ཁྲག །བྱ་དང་ཉ་ཡི་མཁྲིས་པས་བདུག །རེག་པའི་དུག་ལ་རྫས་རྒོད་ཀུན། །བསྲེག་ལ་བདུག་སྟེ་ཕྱིང་པས་དགབ། །དྲག་སྔགས་བཟླས་ཤིང་ཡུལ་ལ་རྦད། །ཡུངས་ཀར་བྲབ་ལ་བསྐོར་བ་བྱ། །བྱེ་བ་སུམ་བརྒྱ་ཛྭ་ལ་གདུངས། །གུག་རྒྱལ་ཆུ་ཡིས་དག་པར་བཀྲུ། །དུག་དང་ཁྲག་གིས་ངར་བླུད་ལ། །རྐང་དང་ཤ་རོ་བེམས་ལ་བརྡེག །ཐུན་བརྡེག་ཞལ་གྱི་དམོད་པ་དབབ། །གདུག་པ་གསུམ་པའི་དུག་རོ་གདོན། །སྲུང་བ་ཀུན་གྱི་མཆོག་ཏུ་བཤད། །དཔལ་ཚེ་བདག་གི་དགོངས་རྒྱུད་ནག་པོ་ལས། བསྲུང་བ་ཁྱད་པར་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་སྲོག་དམར་ལེན་གྱི་སྦྱོར་བ་རང་གཤེད་རང་ལ་དབབ་པའི་སྦྱོར་བ་འདི་གསུངས་སོ། །དུས་གསུམ་མཆོག་གསུམ་བདེ་གནས་སུ། །རང་ཉམས་བརྟན་པའི་མཚམས་བཅད་ལ། །ཡེ་ཤེས་རིག་པའི་བདེ་ཀློང་ནས། །མཁའ་ལྔ་ཁྱབ་པའི་འཁོར་བསྡུས་ལ། །གཟུང་འཛིན་ཆོས་ཉིད་དབྱིངས་སུ་བསྒྲལ། །


DNG016_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་ཆེན་གཞན་སོགས་གཟན་ལ་དབབ། །རང་རྒྱུད་ཡི་གེ་གཤེད་མར་བླངས། །བདུད་དང་ཕན་བྱེད་རང་རྩལ་བར། །བདེ་བའི་ཐིག་ལེ་ངང་ལས་ཤར། །ཤུགས་ཀྱི་རིན་ཆེན་འཕེལ་འགྲིབ་མེད། །གྲུ་གསུམ་རྐྱེན་གཉིས་ཆ་བསྙམས་ལ། །མུ་ཁྱུད་རིམ་པ་བཞི་རུ་བསྐོར། །དབུས་ཀྱི་ཕོ་བྲང་རྒྱ་ཆེན་པོར། །སྤྱི་གཙུག་ཙོག་པུ་སྐྱིལ་ཀྲུང་དུ། །དམིགས་པ་ནག་པོའི་སྙིང་པོ་བྲི། །ཕྱི་རིམ་རྒྱ་གྲམ་རྩ་བའི་སྔགས། །ཡང་ལོགས་མུ་ཁྱུད་གཡེང་དང་སྐེམ། །རང་གཞན་གང་འགྲུབ་བསད་པའི་སྔགས། །ཕྱི་ནང་མགོ་བསྟན་མིང་རུས་སར། །ལྟོ་སྦྱར་རང་གཤེད་གཟན་ལ་དབབ། །མཐའ་མ་མཚོན་ཆའི་རྩིབས་བཅུ་བཞི། །རྩེ་མོ་ནང་བསྟན་བསད་པའི་སྔགས། །སྤུ་གྲི་རང་བཅས་གསུམ་གཉིས་འཕོ། །སྐབས་དང་སྦྱོར་ལ་རྩ་བ་བརྩམ། །མཚོན་ཆ་ཁ་སྦྱོར་དུག་ཆུ་ཁྲག །ཚ་བ་གསུམ་དུ་ལྡན་བྱས་ལ། །ལིངྒ་ཕག་མོའི་ལྟོ་བར་བཅའ། །གྲུ་གསུམ་སུམ་བརྩེགས་རྩང་བཅས་སུ། །ཐོད་པ་རུས་སྦལ་ནང་བཅས་མནན། །ཞག་གསུམ་དྲག་སྔགས་རྔམ་ཚིག་བཟླས། །དྲག་ཏུ་བསྐུལ་ལ་བླ་མས་མངག །དམོད་ཚིག་དང་བཅས་མཚན་ཡང་བརྗོད། །དཔང་གཟུག་དམ་བདར་གདུང་བ་བཀླག །ཐོན་ནས་མཆོག་ཕུར་ཁྲི་ཡིས་གདབ། །འཁོར་ལོ་ཐོད་པ་ཚས་ཀྱིས་གྲིལ། །ནམ་མཁའ་བར་སྣང་ས་ལ་མནན། །གསུམ་གསུམ་དྲུག་དང་གསུམ་དུ་དབྱེ། །རང་ཡང་ཆེ་བའི་ང་རྒྱལ་བསྐྱེད། །གུ་རུས་སེང་གེའི་ཁོག་བཤིག་ན། །སྒྱུ་མ་སྐུ་ཡི་ཕུང་པོ་ལ། །ཐུགས་ཀྱི་མྱུ་གུ་བདེ་བའི་མཆོག །རིན་པོ་ཆེ་ཡི་རྒྱལ་སར་གདོན། །ཐོད་པ་སེང་གེའི་ཁོག་པར་མནན། །སློབ་མ་དལ་ཞུགས་སྡིག་སོག་ན། །ཙོག་པུའི་སྙིང་གར་སྡིག་པ་གཞུག །དམ་བརྡར་མནའ་ཆུ་ཕུར་པས་བསྡིག །ཐོད་པ་སྟག་གི་འཛུམ་ལ་མནན། །དམ་འདྲེས་ཡི་དམ་སྔགས་གཅིག་ན། །སེང་གེ་མཆེ་སྦྱར་གཅེར་བུ་ཁྲིད། །ཀླད་པར་ཁྲག་གི་སྦལ་པ་གཞུག །དམེ་ཁྲག་ནད་ཁྲག་རྐྱེན་བླངས་བསྐུ། །ཐོད་པ་གཟིག་གི་ཐིག་ལེར་མནན། །སྔགས་པ་ནག་པོ་སྤྱི་ཡི་སྤུན། །སྤྱི་གཙུག་སྙིང་གར་བསེ་སྦལ་བྲི། །བཅུག་ལ་ཕག་རྒོད་ཛྭ་ལའི་ཁྲག །ཐོད་པ་མན་


DNG016_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གླིང་དུ་མནན། །བོན་པོའི་རིགས་གཉིས་འཛིན་པ་ལ། །སྐེ་ལ་སྡིག་པ་ཀླད་པར་སྦལ། །སྙིང་ལ་ཕག་རྒོད་གསང་བར་སྦྲུལ། །བཅུག་ལ་ལུས་ལ་ནད་ཁྲག་བསྐུ། །ཐོད་པ་སྲིན་མོའི་སྒྲོམ་དུ་མནན། །དྲག་པོ་གནམ་ལྕགས་ནང་འགྲས་ན། །རྟོག་མེད་མཉམ་ཉིད་རྫོགས་པའི་སྐུ། །བདེ་ཆེན་ཁྱབ་གསལ་རྟོག་མེད་ལས། །ཕྱག་རྒྱ་གཟི་བརྗིད་སྟོབས་དཔག་མེད། །ལུས་ལ་ཡེ་ཤེས་འཁོར་ལོ་བཅའ། །ཀུན་གྱི་ཐུགས་ཀར་སཱུརྱ་ཡི། །ཙཀྲ་ཡེ་ཤེས་སྟོང་འཕྲོས་གསལ། །གཞན་གྱི་རྒྱན་གཅིག་བྲིས་ལ་གཟིར། །རང་གཤེད་ཕྱག་རྒྱ་རང་ལ་བསྐོར། །དྲག་སྔགས་རྣལ་དཀྲུག་བསྣོལ་མར་བརྡེག །ཐོད་པ་འབྲོང་གི་ཐོད་པར་མནན། །དེ་ཡིས་ཐམས་ཅད་འཇོམས་པར་གསུངས། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་དྲག་སྔགས་འདི་བཏོན་ནོ། །ཨེ་མྱག་ཡ་རྔུབས་མུག་ཤག་ཀ་དུན་གུ་རུ་ནྲྀ་ཛ་ཧུར་ཐུམས་ཛ། སྲོག་ལ་ཡཾ་ཤག་ཧྲི་མྱག་རྦད། དགྲ་བོའི་སྲོག་ལ་མཱ་ར་ཡ་ནྲྀ་ཡ། དྲེང་ཤག་ཧུར་ཡཾ་རྦད། དགྲ་བོའི་ཙིཏྟ་ནྲྀ་ཧུར་ཐུམས་ཛ། སྲོག་ལ་མཱ་ར་ཡ་རྦད། དགྲ་བོའི་ཙིཏྟ་ཡཾ་ཤག་ནྲྀ་ཧུར་ཐུམས་ཛ། ཁ་སྲོག་ཐུན་རྦད། དགྲ་བོའི་སྲོག་ལ་དུན་ནྲྀ་ཙིཏྟ་ཛ་སྲོག་མ་ར་ཡ་རྦད། དགྲ་བོའི་ཙིཏྟ་ཡཾ་ཧུར་ཐུམས་ཛ། སྲོག་དྲེང་ཤག་མཱ་ར་ཡ་རྦད། སྤུ་གྲི་ཉིད་སོ་སོའི་སྒོ་ནས་བརྡེག་པའོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས། སྤྱི་དྲིལ་ལ་བརྡེག་པའི་སྦྱོར་བ་དམ་པ་འདི་གསུངས་སོ། །ཁྱད་པར་དམར་ལེན་དྲག་པོ་ཡི། །རང་གཤེད་དྲིལ་ལ་དབབ་པའི་ལས། །བརྡ་དོན་ཐབས་ཀྱིས་དྲིལ་བའི་མཆོག །བ་དང་འོ་མ་ཞོ་དང་མར། །ཞུན་མར་སྣུམ་གྱི་སྙིང་པོ་བཅུད། །སྙིང་པོའི་སྦྱོར་བ་བསད་པ་མཆོག །གཡེང་མིན་བརྟན་པར་གྲོལ་དབང་བཅས། །སྟོབས་ལྡན་སྦྱོར་བའི་སྙིང་ཕྱུང་འདི། །གང་མཐུན་རྒྱུ་ལ་གཟུགས་བརྙན་བྱ། །དཔའ་བརྟུལ་དྲག་པོའི་སྟོབས་ཀྱིས་སྤྱད། །གདུག་བྱེད་ཕག་མོའི་ལྟོ་བ་རུ། །སྲིད་པའི་ཁྱམས་ཁང་དྲོད་སྡུད་བཅའ། །ཁྱམས་ཁང་ལྟོ་ན་བརྣག་པའི་གཟུགས། །སྤྱི་གཙུག་སྙིང་གར་མཚོན་ཆ་བཅའ། །མུ་ཁྱུད་བཞི་དག་མིང་རུས་བྲི། །ཕྱི་རིམ་རྒྱ་གྲམ་རྩ་བའི་སྔགས། །


DNG016_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ལོགས་བཅུ་གཉིས་སྤུ་གྲི་མཚོན། །རྩ་བ་སྤུ་གྲིའི་བར་ན་ཁྱམས། །ཆུ་སྲིན་ཁང་པ་མུ་ཁྱུད་ཟླུམ། །ལྟོ་སྦྱོར་ནང་ལ་ཕས་ཀྱི་ཕྱི། །མུ་ཁྱུད་བར་དུ་མིང་རུས་ཁམས། །བསྐུལ་ཞིང་ལུས་ལ་རྒ་བ་དབབ། །རུས་སྦལ་ལྟོ་བའི་ཕྱོགས་མཚམས་ལས། །རྩིབས་ཆེན་བཅུ་གཉིས་རྩེ་མོ་ནང་། །གསད་པ་ཕོ་མོའི་སྤུ་གྲིས་གང་། །འཁྲུལ་མིག་བར་ཁྱམས་མིང་རུས་གང་། །དོན་གཉིས་བསྡུས་ལ་སྦྱོར་བ་བརྩམ། །ཁ་སྦྱོར་དུག་ཁྲག་ཚ་བ་ནད། །སྨེ་བ་དང་བཅས་ཐོད་པ་དོང་། །རྒྱུ་རྟེན་ལིངྒའི་གཞི་བཅའ་མིང་། །རུས་ཁམས་ནག་པ་རྟེན་དུ་བཞག །ཞལ་གྱི་ཐུན་དབབ་རྟེན་ལ་བསྡིམ། །ཞག་གསུམ་ཁྲི་བཞི་སྒྲ་སྤང་བྱ། །དྲག་སྔགས་འོད་ཟེར་རང་ཤུགས་འཕྲོ། །ཤ་ཟ་གསོད་བྱེད་ཕོ་ཉ་བསྐུལ། །ཀུན་གྱི་ཡེ་ཤེས་འོད་འཕྲོ་ལས། །རང་རྒྱུད་རྩ་བའི་འཁོར་ལོ་ལས། །སྙིང་གི་རྩ་བཞི་དྭངས་མ་ན། །རྩ་བའི་འབྲུ་བརྒྱད་རྣལ་མའི་གནས། །རྩ་བྲན་བརྒྱད་དང་སུ་ལ་བཞིན། །དྲག་པོ་རྩ་བའི་འབྲུ་བཅུ་གཉིས། །རྩ་མདུད་རང་གཤེད་འབྲུ་བཅུ་བཞི། །ལྟེ་བར་བཅས་པའི་སྙིང་པོ་གསུམ། །དེ་ལས་རང་བདུད་གཤེད་ལ་བསླང་། །གནས་པའི་ཡི་གེ་འདི་ལྟ་སྟེ། །ཙིཏྟ་དབུས་ཀྱི་སི་ར་ལ། །དམར་ནག་ཡ་གཉིས་དབུས་ན་ནི། །མེ་ཆུ་ལས་ཀྱི་འཁྲུལ་མིག་སྐྱོན། །དྭངས་མ་བཞི་ཡི་སི་ར་ལ། །ཆོས་ཉིད་རྩ་ལ་ཨེ་དང་མྱགས། །མེ་ལོང་ཡེ་ཤེས་གསལ་བའི་འོད། །གནས་པའི་སྲོག་རྟེན་གསོ་ཞིང་འཇོམས། །བསྐུལ་ན་རང་སྲོག་རྩ་སྦུབ་གཅོད། །རྟེན་དང་བག་ཆགས་དྭངས་སྙིགས་འབྱེད། །དེ་བཞིན་ཡོན་ཏན་མེ་ཁམས་ལ། །ཡ་རྔུབས་གནས་པ་སྲོག་རྟེན་འཇོམས། །མཉམ་པ་ཉིད་ཀྱི་བརྐམ་ཆགས་འཇོམས། །གཉིས་ལས་བདེ་ཁྲིད་ནད་རླངས་བསྐྱེད། །ཡེ་ཤེས་སི་ར་དྭངས་མ་ཆུ། །མུག་དང་ཤག་གནས་སྡུད་ཅིང་སྐྱོམ། །སྟོང་པའི་ཡེ་ཤེས་རང་གནས་འཇོམས། །ཁྲག་དང་ཚ་བ་དམུ་ཆུ་བསྐྱེད། །རང་རྒྱུད་སི་ར་དྭངས་མ་རླུང་། །བག་ཆགས་འཕེལ་འགྲིབ་འཕེན་དང་ཕུལ། །ཀ་དང་དུན་གནས་རླུང་ནད་བསྐྱེད། །བྱ་བའི་ཡེ་ཤེས་བསྐྱོད་བདུད་འཇོམས། །ལས་ནི་རྣམ་ཤེས་དྭངས་མ་འདེགས། །དེ་བསྐུལ་དེ་འོད་དེ་མཚོན་ཆས། །དེ་གཅོད་


DNG016_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་བསྲེག་ཅིང་སྐེམས། །དེ་ལས་དེ་བྱུང་རྩ་མདུད་བསྐུལ། །མདུད་པ་བཞི་ལ་མཚོན་ཆའི་འབྲུ། །བཞི་གཉིས་གསུམ་གཉིས་བསྣོལ་མར་གནས། །ཆོས་ཉིད་མདུད་པ་སྲོག་ལས་ནི། །དེ་བཞིན་རང་རྒྱུད་ཧུར་ཐུམས་ཛ། །ཡོན་ཏན་མདུད་པ་བྱང་ཁྲག་སྙིང་ཐུགས་ནས། །ཡེ་ཤེས་རིམ་དང་ཤག་དང་རྦད། །རང་འདོད་མེ་དང་མཚོན་ཆར་འཆར། །དེ་ཡིས་དེ་བཅད་བག་ཆགས་བསྲེག །རྩ་བྲན་བརྒྱད་དང་སུལ་བཞི་ལ། །འོད་ཟེར་འཕྲོ་ཞིང་ཐིམ་ཕོག་པས། །ནད་དང་མཚོན་ཆས་རང་སྔགས་བསྐུལ། །རང་གཤེད་བདུད་ཀྱི་མཚོན་ཆར་འབེབས། །ཡེ་ཤེས་ཀློང་དུ་ཐིག་ལེར་འདུ། །བག་ཆགས་ཁྲག་ཁོལ་མེ་མར་གསོད། །ཀུན་འདུས་དཀར་ནག་མཚམས་སུ་ཐིམ། །ཧུར་ཐུཾ་ཛཿཡིས་ནྲྀ་ཕྲོགས་ནས། །གཟུགས་བརྙན་གྲོགས་ཀྱི་འཁོར་ལོ་འཕྲོ། །སྲིད་པའི་ཁྱམས་ཁང་རྟེན་ལ་སྡུད། །དེ་ཡིས་རང་གཤེད་རང་ལ་འབེབས། །ཚེ་དྲིལ་ནག་པོའི་དུག་མདའ་ཡིན། །དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་གཅིག་ཏུ་དྲིལ་བའི་དྲག་སྔགས་བསྣོལ་མ་བཏོན་ཏོ། །ཨེ་མྱགས་ཡ་རྔུབས་མུག་ཤག་ཀ་དུན། དགྲ་བོའི་སྲོག་ལ་ཧུར་ཐུཾ་ཛ། རྩ་ཁྲག་སྙིང་ཐུམས་རིལ་རཾ་ཤག་རྦད། དགྲ་བོའི་ཙིཏྟ་དྲེང་ཤག་ཛ། སྲོག་ལ་ཧུར་ཐུམས་རྦད། དེ་དག་སྦྱོར་བ་དམ་པ་ཡིན། །སྣང་སྣང་མ་ཡིན་དྲིལ་ལས་བརྡེག །མནན་པ་གདུག་པའི་ཀླུ་ལ་གཏད། །དེ་ཡིས་ལས་དེ་མ་སྨིན་ན། །སྲིད་པ་སྔགས་ཀྱི་འབྱུང་བ་དཀྲུག །མནན་པ་གཉན་དང་དཀྱིལ་འཁོར་འོག །འཁོར་ལོ་དུག་ཤིང་བསྣོལ་དུ་གཞུག །སྲོག་ཐུཾ་རཾལ་ནྲྀ་ཛ། རཾ་སྙིང་བཾ་ལ་ཐུན་ཤག་རྦད། དགྲ་བོའི་སྲོག་དྲེང་ཐུམས་ཙིཏྟ་ཤག་ཏུར་ཛ་ལ་རྦད། ལས་ཀྱི་རྒྱལ་པོ་འཕྱོང་ཆེན་ཡིན། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་གཟིར་ཞིང་མནན་པའི་སྔགས་འདི་བཏོན་ནོ། །དགྲ་བོའི་སྲོག་ལ་ཧུར་ཐུཾ་ཛ་ཙིཏྟ་གཟིར་ནན་སྲོག་སྟྭམ་བྷ་ཡ་ནན། དགྲ་བོའི་སྲོག་ལ་ཐུཾ་རཾ་ལི་ལི་བྷྱོ། འདི་དེས་ལས་གསུམ་རྫོགས་པར་བྱེད། །རང་གཤེད་དྲིལ་བའི་སྦྱོར་བར་བཤད། །དཔལ་ཚེ་བདག་གི་དགོངས་


DNG016_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ནག་པོ་ལས། རང་གཤེད་རང་ལ་དབབ་པའི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་སྲོག་ལེན་གསང་བའི་དུག་མདའ་ཁོང་དུ་བསྐྱལ་བའི་སྦྱོར་བ་འདི་གསུངས་སོ། །ལས་རྣམས་ཀུན་གྱི་མཆོག་བསྡུས་པ། །རྩ་བ་གཅིག་ཏུ་དྲིལ་བ་ཡིན། །ལས་ཀྱི་གནད་དང་བསྐྱོད་པའི་ཐབས། །བར་མཚམས་སྦྱོར་བ་ཀུན་དང་ལྡན། །རི་ནག་དུར་ཁྲོད་དམེ་གྲི་མནོལ། །གཡུལ་བཀྱེ་ས་ཆུ་དུག་རླངས་ལ། །སྟེགས་བུ་ཧོམ་ཁུང་ཐོད་པ་འཐོལ། །ཁྲག་སྣ་དུག་སྣ་ལིངྒ་མིང་། །བཅས་ལ་མཐིང་ཁ་དྲིད་མོས་དགབ། །རྡོ་ཕྱེ་ལྕགས་ཕྱེ་ཟངས་ཕྱེ་དང་། །ཐལ་ཆེན་མནོལ་ཁྲག་ཉུང་དཀར་ཐུན། །གསལ་གསུམ་ཐུན་སྔགས་དགུ་སྐོར་བརྡེག །ཐུན་བརླབ་ཤ་ཟ་མཚོན་ཆར་གསལ། །འོད་ཀྱིས་ལུས་བསྡུས་ཐུན་ལ་ཐིམ། །ཁྲག་ཁོལ་དུག་རླངས་ཁེངས་ཤིང་འཆོལ། །ཟོར་བསྐྱོད་བསྲུང་བའི་གོ་ཆ་དྲལ། །ལུས་དང་ཤ་རུས་དེ་བཞིན་དབྲལ། །ཙིཏྟའི་སྒོ་ཕྱེ་སྒོ་དགུར་འཇུག །དེ་ནས་བཅོམ་ལྡན་འདས་ཀྱིས་ལོ་ཐོག་གཞོམ་པའི་སྦྱོར་བ་འདི་གསུངས་སོ། །ལས་ཀྱི་རིམ་པ་གསུམ་ཡིན་ཏེ། །རྣལ་མ་བཟློག་དང་ལྟོ་དཀྲུག་གསུམ། །དང་པོ་ཚ་གསུམ་སྔོ་སྣ་གསུམ། །ཚ་བ་གསུམ་དང་ཧ་ལ་ལྔ། །གཟུགས་བརྙན་སོར་བཞི་སྔགས་ཀྱིས་དྲིལ། །མོན་ཐོད་ནང་དུ་བྲུན་གསུམ་བསྡིམ། །ཁྲི་ཚོ་བརྒྱད་དུ་དྲིལ་ལ་དབབ། །དམིགས་པའི་ཡུལ་དང་བསྲུང་བ་བརྣག །དེས་མ་ཕེབས་ན་སྦྱོར་བ་བཟློག །དམིགས་པའི་ཡུལ་ནས་གཟུགས་བླངས་ལ། །ཚ་བའི་རྒྱལ་པོ་དེ་བཞིན་གསུམ། །བསྐུས་ལ་གཟུགས་བརྙན་བར་དུ་གཞུག །བྲུན་གསུམ་འབྲུ་གསུམ་མོན་ཐོད་བསྡིམ། །དུག་ཤིང་རྫས་རྒོད་བརྒྱད་ཀྱིས་བདུག །དམིགས་པའི་རྟེན་ལ་གཟིར་བར་བྱ། །དེས་མ་ཕེབས་ན་སྦྱོར་བ་གཞན། །དུག་དང་མནོལ་ཁྲག་སྦལ་པ་གཉིས། །བག་ཟན་བསྲེས་ལ་སོར་བཞིའི་ཚད། །གཉིས་བྱས་བར་དུ་གསོན་མ་གཞུག །ལྕགས་ཕུར་ཁྲི་བཞི་དྲིལ་ཞིང་གཟིར། །མཐའ་རུ་ཡུལ་དབུས་ཆུ་མིག་དཀྲུག །རྫས་རྒོད་བརྒྱད་ཀྱི་དུད་པས་བདུག །གསལ་བར་ཁྱད་པར་ཟིལ་གནོན་བརྟག །ཆུ་རྒོད་འཁྱགས་པ་རི་ལྟར་གཏིབས། །དམ་པའི་སྦྱོར་བ་


DNG016_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་སྔགས་བརྡེག །དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་དྲག་སྔགས་འདི་བཏོན་ནོ། །ཨེ་མྱགས་ཡ་རྔུབས་མུག་ཤག་ཀ་དུན། པྲོཾ་ཤན་ནག་ཧུར་ཡམ་ཧྲི་ལ་བྷྱོ། བྷྱོ་ཧྲིལ་ཡ་མ་ཧུར་རི་ཤར་ཤར་པྲོཾ་ཐུན། དགྲ་བོའི་སྙིང་གཟེར་ཧྲིལ་ཡཾ་ཕུ་ཧུར། ཐུམས་ཛ། ཤར་བྷྱོ་དྲག་ཏུ་ཕོབ། གསང་བ་སྙིང་གི་དཀྱིལ་དུ་གཟུང་། །ལས་ཀྱི་མཆོག་ཆེན་ནག་པོར་གསུངས། །དེ་ནས་བཅོམ་ལྡན་འདས་ཀྱིས་བརྣག་པ་མངོན་དུ་འཕོ་བའི་སྦྱོར་བ་འདི་གསུངས་སོ། །གསང་བའི་སྦྱོར་བ་གསང་བཅུད་གབ་སྦས་མཆོག །རང་ལ་རང་ཆས་གབ་བཞིན་གསང་། །སྦྱོར་བ་རིམ་པ་ལྔ་དང་ལྡན། །རྩ་བའི་རྒྱལ་པོ་རྩ་བ་གསུམ། །བསེ་བྱའི་ཤ་དང་བསེ་ཞོ་མཁྲིས། །མ་བསྲུངས་ཞེ་སྡང་ལུས་ལས་བསྡུ། །བདུན་ཁྲིའི་མཐའ་རུ་ཡུལ་དང་སྤྲད། །ནམ་མཁའ་བར་སྣང་ས་ལ་གསུམ། །མལ་ལམ་ཡ་ཐེམ་མ་ཐེམ་ལ། །བསྐུ་ཞིང་རྦད་པས་སྦྱོར་བ་འདུ། །སྦྱོར་བ་ལོ་འམ་དུས་ན་སྨིན། །འགྲེང་དང་རྐང་བཞིའི་ལུས་ལ་བསྐུ། །སྦྱོར་བས་ཟླ་བ་དུས་ན་སྨིན། །གར་བསྒྱུར་གསར་པའི་ཤ་ལ་སྦྱར། །གུ་ཧྱ་ཙིཏྟ་སོ་མ་ཧ། །དེ་བཞིན་གཉེན་པོ་སྟོབས་དཔག་མེད། །ག་པུར་སྐྱེར་ཆུ་ཁ་རུ་ཚ། །ཟིལ་པ་ཤུགས་དྲངས་རྡོ་རྗེའི་ཆུ། །ཡུངས་ཀར་ཁནྡ་དྲུག་བསྲེས་ལ། །སྔགས་ཀྱི་རྒྱལ་པོ་ཁྲི་གསུམ་བསྡིམ། །ལུས་ལ་བསྡུས་ཏེ་འཐུངས་པས་འཇོམས། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་དྲག་སྔགས་འདི་བཏོན་ནོ། །ཧུར་ཡཾ་ཙ་མ་རི་ཐུཾ། ཙིཏྟ་ཁས་མྲ་ར་རྦད། ཨེ་བཾ་རཾ་ཏལ་ཙམ་རི་ཕྱུང་། ཧུར་ཐུཾ་ཛྭ་ལ་རཾ། དེ་ནས་བཅོམ་ལྡན་འདས་ཀྱིས་སྦྱོར་བ་སྨིན་པའི་དོན་འདི་གསུངས་སོ། །བསྲུང་དང་བསད་པ་ལོ་ཏོག་གཞོམ། །བསྟན་པ་ཆེ་ལ་གཉན་ཕྱིར་སྔགས། །བསླུ་བའི་བག་ཆགས་གནས་སྦྱངས་ནས། །སྐུ་གསུང་ཐུགས་ཀྱི་བདེ་བ་ཐོབ། །དབུགས་ཀྱི་རྟར་བསྐྱོན་རྐྱེན་བྱས་ནས། །སྲོག་བདུད་རང་གཤེད་རྒྱུད་ལས་སློང་། །སངས་རྒྱས་དགོངས་དོན་ཡོངས་སུ་དག །གསང་ལམ་སྒོ་དགུའི་རྟེན་བསྲེགས་ནས། །དྭངས་གཉིས་ཤེས་པ་འབྲུ་གཉིས་སྡུད། །བདེ་བའི་ཡེ་ཤེས་ཐིག་ལེ་མཉམ། །དྭངས་


DNG016_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

མ་མཁའ་དབྱིངས་བདེ་ལམ་བགྲོད། །སྐུ་ལྔ་ཡེ་ཤེས་ལྔ་རུ་སྨིན། །ཀུན་ཏུ་བཟང་པོའི་བདེ་ཆེན་གནས། །ཕུང་པོ་སྒྱུ་མའི་གནས་སྦྱངས་ནས། །མཚན་དང་དཔེ་བྱད་ལོངས་སྤྱོད་སྐུར། །ལྷུན་གྲུབ་ཡེ་ཤེས་སྐུ་རུ་རྫོགས། །བག་ཆགས་ལས་དབང་འགྲོ་བ་དྲུག །འབྲུ་སྡེབས་རྟེན་སྦྱངས་ཙ་ནའི་འབྲུ། །ཙིཏྟ་དཀར་ནག་སྡིག་སྦལ་རྐྱེན། །ཐུན་སྦལ་ལྕགས་ལྟར་འཁོལ་ཞིང་ཞུ། །འབྲུ་གསུམ་གནད་ཀྱིས་འཕྲོག་བྱེད་ཅིང་། །སེང་གེའི་སྡེར་བཞིན་བཟུང་ནས་འཇོག །རང་དབང་མེད་པར་རྟེན་ལ་བསྡུ། །ཐོད་པའི་ལིངྒ་ཁྱམས་ཁང་གླིང་། །གསང་མཛོད་གནས་སུ་འཆང་ཞིང་བསྲེག །སྤོགས་པ་མེད་པར་ལས་རྣམས་འཇོམས། །དྲག་སྔགས་དམོད་པ་ཟོར་ལ་བསྐྱོན། །དགུ་དཀོར་དམོད་ལ་ཡང་སྔགས་སྡེབས། །དེ་ཡིས་འཕོ་ཐོབ་བཀོད་པ་སྨིན། །སྲོག་མེད་གསད་དང་གཅད་དུ་མེད། །སྲོག་མེད་སྐྱེས་བུའི་ལོག་རྟོག་ཙམ། །ལོག་པར་རྟོག་པ་ཙམ་ཉིད་ལས། །ཕྲ་ཞིང་ཟབ་པ་ཡོད་མ་ཡིན། །སྲོག་ཏུ་འཛིན་པ་འཁྲུལ་པ་སྟེ། །བདེ་བའི་གནས་ལས་རིང་པར་འགྱུར། །དུས་གསུམ་སངས་རྒྱས་ཐུགས་རྗེས་ཀྱང་། །བྱང་ཆུབ་སེམས་ལ་དཔྱད་དུ་མེད། །སེམས་དེ་མ་སྐྱེས་སྟོང་བདག་མེད། །སྟོང་པ་ཉིད་ནི་འབྱུང་གནས་པ། །རྟེན་དང་རྟེན་མེད་རང་གྲོལ་བ། །འདོད་པ་ཆེན་པོས་ཡེ་སངས་རྒྱས། །ཞེ་སྡང་རྣམ་དག་མངོན་སངས་རྒྱས། །ཕྲག་དོག་དབང་རྫོགས་དེར་སངས་རྒྱས། །གཏི་མུག་ཐིག་ལ་སྤྲོས་མེད་རྒྱས། །ང་རྒྱལ་མངོན་པའི་བདེ་ཆེན་རྒྱས། །སྐུ་ལྔ་ལམ་ལྔ་སྤང་བྱ་ལྔ། །མགོ་ཟླུམ་རང་རྒྱལ་སེམས་དཔའ་དང་། །བྱ་བ་སྤྱོད་པ་རྣལ་འབྱོར་གྲགས། །སྐུ་ལྔ་བདེ་བའི་ཡེ་ཤེས་ལྔ། །བསྐྱེད་དང་རྫོགས་དང་ཆེན་པོའི་ངང་། །བདེ་ཆེན་སངས་རྒྱས་ཕུག་པ་རྐྱང་། །རང་སྔགས་དང་བཅས་རྟེན་ལ་འཕོ། །འགྱུར་བ་མེད་པའི་སྦྱོར་བ་ཡིན། །དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཐུན་སྔགས་དྲག་པོ་འདི་བཏོན་ནོ། །ཨེ་མྱགས་ལ་རྔུབས་མུག་ཤག་ཀ་དུན། དགྲ་བོའི་སྲོག་ལ་ཐུན་བྷྱོ། ནྲྀ་ར་ཛ་ཡཾ་རཾ་ཤག་ཙིཏྟ་རྦད། དགྲ་བོའི་སྲོག་


DNG016_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཧུར་ཡཾ་ཐུཾ་རི་ལི་ལི་བྷྱོ། དྲག་པོ་སྔགས་ཀྱིས་སྦྱོར་བའི་མཆོག །དུག་མདའ་ཁོང་དུ་བསྐྱལ་བ་བཤད། །དཔལ་ཚེ་བདག་གི་དགོངས་རྒྱུད་ནག་པོ་ལས། སྔགས་ཀྱི་ཡོན་ཏན་རྫོགས་པའི་ལེའུ་སྟེ་ཉི་ཤུ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བསམ་གཏན་རང་རྒྱུད་ཀྱི་འཁོར་ལོ་འདི་གསུངས་སོ། །ཉམས་དགའ་དབེན་པའི་བདེ་གནས་སུ། །བདེ་བའི་གནས་ལ་བདེ་བའི་མཆོག །བདེ་བ་ཆེན་པོའི་དོན་ཉིད་ལས། །བདེ་བའི་ཡེ་ཤེས་རང་གསལ་བརྟག །ཡེ་གེ་སྒྲ་བཅས་སྨིན་པར་གཟུངས། །སྒྲ་ཉིད་དོན་དམ་སྙན་པར་གྲགས། །ཡི་གེའི་འཁོར་ལོ་བདག་ཉིད་རྫོགས། །བརྡའ་དོན་སྤྲད་པའི་གདམས་ངག་ཡིན། །སྐུ་ཉིད་ཕྱག་རྒྱ་བརྟན་གསལ་ལ། །སྦྱི་བོ་སུམ་ཅུ་རྩ་གཉིས་མཛེས། །བདེ་བ་ཆེན་པོ་ཧ་ཉིད་དབུས། །ཨོཾ་དང་གབ་པའི་རྩ་བ་བཅུ། །བཤིག་པ་ལྔ་དང་ཡ་ཡིས་གང་། །ཆོས་ཀྱི་འཁོར་ལོ་འདབ་བརྒྱད་དབུས། །ཨ་དང་རྩ་བ་བཅུ་གཉིས་པ། །འདབ་བརྒྱད་སུལ་བཞི་གང་བར་མཛེས། །དྭངས་མ་བཞི་ཡི་རྩ་སྦུབས་ན། །དམར་ལེན་འབྲུ་བརྒྱད་བཅུ་གཉིས་གང་། །ལྟེ་བ་དྲུག་ཅུ་རྩ་གཉིས་ལ། །མགོ་དགུའི་རྩ་བ་བཅུ་དྲུག་དང་། །དྲུག་པོ་གནོད་སེར་དྲུག་ཅུ་གཅིག །འབྲུ་གཉིས་གནས་མཐུན་ལྟོ་སྦྱོར་བ། །མེ་རླུང་འཁོར་ལོ་བསད་དང་བསྐོར། །རྒྱ་གྲམ་དག་དང་རྩིབས་དྲུག་པ། །ཡཾ་རཾ་དབུས་ཉིད་བག་ཆགས་དྲུག །རྩ་གསུམ་སྲོག་ཤིང་བདེ་ཆེན་ལས། །རྐྱེན་གྱིས་སྦྱོར་ན་གང་ཞིག་འབར། །ཙིཏྟའི་སྟེང་ན་ཐིག་ལེ་ཧཱུཾ། །ཀུན་གྱི་བྱེད་པ་བསྐུལ་ཞིང་འཕྲོ། །ཡཾ་ལས་ཡེ་ཤེས་བདེ་བ་བྲོད། །བདེ་བ་ལུས་ལ་འབར་ཞིང་གང་། །བག་ཆགས་ས་བོན་དྲུག་བསྲེགས་ནས། །གྱེན་དུ་འབར་ཞིང་ཕྱག་རྒྱར་གསལ། །བདེ་ཆེན་ཧཱུཾ་ལས་བདེ་བའི་རྒྱུན། །བསྐུལ་ཞིང་སྤྱོད་པས་ཞུ་ཞིང་འབར། །ཡུམ་ཡང་རྟོག་མེད་དེ་བཞིན་ཉིད། །གསང་ལམ་ཁྲུས་བྱས་དགྲམ་བཀྲམ་ལ། །རྩ་ལམ་འོད་འཕྲོ་བག་ཆགས་སྦྱོངས། །བྷ་གའི་གནས་སུ་ཕོ་བྲང་བཏབ། །རང་གི་བདེ་བ་དབབ་ཅིང་བསྐྱིལ། །རྩ་ལམ་བགྲོད་པ་ཤུགས་ཀྱིས་གང་། །


DNG016_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བའི་ཡེ་ཤེས་ཤུགས་ཀྱིས་མྱོང་། །སེམས་ཀྱི་དམིགས་པ་རྟོག་མེད་མཉམ། །རྡོ་རྗེའི་བར་དུ་ཐུན་མོང་བདེ། །ཐུན་མོང་བུམ་པའི་བགྲོད་པ་ཐོབ། །རྡོ་རྗེའི་སྐེད་པ་མཆོག་དགའ་བསྐྱེད། །ཁྱད་པར་གསང་བའི་རིམ་པ་ཐོབ། །རྡོ་རྗེ་གསང་བའི་བྷ་ག་ལ། །བདེ་བའི་ཡེ་ཤེས་རང་ཉམས་བསྟར། །ས་ཧ་ཛ་ཡི་བདེ་བ་སྐྱེས། །བདེ་བ་ཆེན་པོ་ཉིད་དུ་རྫོགས། །བདེ་བའི་ཡེ་ཤེས་བྷ་གར་མནོས། །རྟོག་མེད་པ་དང་མཉམ་པར་གནས། །ཡུམ་གྱི་བདེ་བའི་ཡེ་ཤེས་ལ། །མཉམ་པ་ཉིད་ཀྱིས་རོ་ཡི་ཚོར། །དགའ་བྲལ་དགའ་བ་རོ་དང་ལྡན། །མཉམ་པ་ཉིད་ཀྱི་ངང་དུ་རྫོགས། །བྷ་གར་བསྐྱལ་བ་ཆོས་ཀྱི་སྐུ། །འདབ་བརྒྱད་གང་ཞིག་ཕྱག་རྒྱར་གསལ། །བདེ་བའི་ཡེ་ཤེས་ལོངས་སྤྱོད་སྐུ། །རྩ་ལམ་ཤིན་སྤྲོས་བྱང་ཆུབ་སྐུ། །ནཱ་སའི་ལམ་བརྒྱུད་གཉིས་དོན་སྦྱངས། །སྤྲུལ་པས་འགྲོ་དོན་མཛད་པའི་སྐུ། །བདེ་བའི་ཡེ་ཤེས་ནམ་མཁའི་བཅུད། །འདོད་ཆགས་ཆེན་པོའི་ཚུལ་གྱིས་སུ། །ཡེ་ཤེས་འཁོར་ལོ་ཡོངས་རྫོགས་བསྡུ། །རྡོ་རྗེ་གསང་བའི་ལམ་ལས་དྲངས། །བསྒྲུབ་པར་བྱ་བའི་ལུས་སུ་བཟུང་། །འདོད་ཆགས་ཉིད་ན་ཡེ་ཤེས་ཏེ། །ཕྱག་རྒྱ་བསྟེན་པས་རང་གྲོལ་བའོ། །འཆི་མེད་ཚེ་ཡི་དབང་ཐོབ་བསྟན། །བསྐུལ་བ་གཅིག་གི་མན་ངག་ཡིན། །བདེ་བའི་རོ་ཡིས་གང་ཞིག་འབར། །ཡབ་ཡུམ་གཉིས་སུ་མཉམ་པར་གནས། །གནས་པ་བརྟན་པ་མན་ངག་ཡིན། །མཆོད་དང་རྡོ་རྗེའི་བཟླས་པ་ལ། །དབུགས་དང་ཚོར་བ་ཞེན་ཆགས་བྲལ། །ཉམས་མྱོང་བརྟན་པའི་མན་ངག་ཡིན། །ཆོས་སྐུ་འགག་མེད་ལྷུན་གྱིས་གྲུབ། །ཡེ་ཤེས་ཆེན་པོའི་ཕྱག་རྒྱར་གསལ། །བྱ་བ་ཆེན་པོར་ཐམས་ཅད་རྫོགས། །འཆི་འཕོ་མེད་པར་ལྷུན་གྱིས་གྲུབ། །རྟེན་དང་མི་གནས་དྲང་པོར་གནས། །རྡོ་རྗེའི་སྐུ་རུ་ངང་གསལ་བ། །སྐུ་ལ་མི་ཟད་རྒྱན་འཁོར་ལོ། །མི་གཡོ་མི་བསྐྱོད་ཆོས་ཉིད་རྒྱས། །འཁོར་འདས་སྣང་སྲིད་རང་གྲོལ་ཡིན། །འདི་ནི་བདེ་དང་སྨིན་པའི་ལས། །སྦྱོར་མེད་སྦྱོར་འདས་སྦྱོར་བའི་མཆོག །འདི་ལ་ཁྱེའུ་དང་བུ་མོ་ཞེས། །ཁ་དོག་དབྱིབས་དང་


DNG016_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མ་རུ། །བརྟགས་ཤིང་ཞེན་པ་ཡོད་མ་ཡིན། །ཐིག་ལེ་གཅིག་གི་ངང་ལས་འདས། །མི་གཡོ་གཡོས་མེད་གཡོ་བ་མེད། །མ་སྦྱངས་སྦྱངས་མེད་ས་ཡི་མཆོག །ཟིལ་གྱིས་གནོན་པའི་ས་རུ་བསྟན། །སྲ་བྱེད་ས་ནི་རྡོ་རྗེའི་ས། །འགྱུར་བ་མེད་པར་ལྷུན་གྱིས་གྲུབ། །མ་བཙལ་བགྲོད་ཐོབ་མེད་པའི་ལམ། །བདེ་ལམ་འཇོག་པ་རྒྱན་ལྡན་ལམ། །རང་རྒྱུད་པ་ཡི་འཁོར་ལོ་ལ། །འཁོར་ལོའི་གནས་སུ་འཁོར་ལོ་བསྟན། །དམ་ཚིག་འཁོར་ལོ་བསྟན་པར་གསུངས། །ལྷ་ཡི་འཁོར་ལོ་ལགས་ཐོབ་ནས། །ཡེ་ཤེས་འཁོར་ལོས་དབང་བསྐུར་བྱ། །རིག་པའི་འཁོར་ལོས་ཐོག་ཏུ་དབབ། །ཤུགས་ཀྱིས་འཁོར་ལོས་འཕེན་ཞིང་འཇོམས། །འཁོར་ལོ་རང་གནས་སྦྱོར་བར་བཤད། །དཔལ་ཚེ་བདག་གི་དགོངས་རྒྱུད་ནག་པོ་ལས། བསམ་གཏན་རང་རྒྱུད་ཀྱི་འཁོར་ལོ་བསྟན་པའི་ལེའུ་སྟེ་ཉི་ཤུ་གཅིག་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་སྲིན་མོ་ལྕགས་ཐག་མགོ་དགུ་མའི་སྦྱོར་བ་འདི་གསུངས་སོ། །ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །རྒྱལ་བའི་བཀའ་ལས་འདས་པ་དང་། །མཚམས་མེད་ལྔ་ལ་སྤྱོད་པ་དང་། །དགོན་པའི་གནས་སུ་ཕྲ་མ་དང་། །དམ་ཆོས་དགེ་བཅུ་སྨོད་པ་དང་། །བདེན་པའི་དོན་བོར་ལོག་ལྟ་སྤྱོད། །དེ་ཚེ་སྔགས་ཀྱི་དམོད་པ་བོར། །དུར་ཁྲོད་ཤིན་ཏུ་དབེན་པ་རུ། །མཆོག་གསུམ་ཚང་བའི་གནས་བཙལ་ལ། །གདེང་གསུམ་སྔགས་ཀྱི་དམོད་པ་བཅའ། །དེ་ཡང་རྣམ་པ་གཉིས་ཡིན་ཏེ། །ལུས་སྲོག་དབྱེ་དང་ལོ་ཏོག་གཞོམ། །དང་པོའི་སྦྱོར་བ་འདི་ལྟ་སྟེ། །རྒྱ་ཤོག་དུར་ཁྲོད་རོ་རས་ལ། །སྨེ་བ་ལྔ་ཡི་ཐོད་བཅས་ལ། །ནི་རཾ་སུ་ཡིས་མདོག་བཏོན་ལ། །ཐིག་སྐོར་རིམ་པ་བཞི་རུ་བསྐོར། །དབུས་སུ་གྲུ་གསུམ་བརྣག་པའི་གཟུགས། །རུས་ཁམས་མིང་དང་སྙིང་པོ་བྲི། །ཟླ་གམ་དབང་སྡུད་བསྲུང་བའི་ལྷ། །ཕྱི་རིམ་རྒྱ་གྲམ་འཕེན་པའི་སྔགས། །རྩ་བར་དྲིལ་བའི་འབྲུ་བརྒྱད་དགོད། །ཡང་ལོགས་བཅུ་གཉིས་འཁོར་ལོའི་རྩིབས། །བླ་དང་སྲོག་འགུགས་དྲག་པོ་དགོད། །


DNG016_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་མའི་རྩིབས་ཆེན་བརྒྱད་གཉིས་ལ། །མཚོན་ཆའི་རྩེ་མོའི་སྔགས་མགོའི་ནང་། །ལུས་སྲོག་འབྱེད་ལ་ནད་བདག་དགོད། །བར་དུ་འཁོར་ཡུག་ལྟོ་སྦྱོར་མིང་། །བཀོད་པ་ཕག་མོའི་ལྟོ་བར་བཅའ། །གྲི་ཁྲག་ནད་ཁྲག་དུག་ཆུས་བསྐུ། །ཁ་སྦྱོར་ཚོན་གྱིས་རྒྱ་གྲམ་བསྡམ། །སྤྱང་ཀི་དར་མའི་ཐོད་པར་གཞུག །ལིངྒ་དུག་དང་གྲོག་མཁར་ས། །མཁར་རྒོད་དག་ལ་མཆོག་ཏུ་བྱ། །གཞི་བཅས་ཐོད་ཆེན་ནང་དུ་བརྣག །གྲུ་གསུམ་མཎྜལ་ལྷོ་ནུབ་ཏུ། །ཆག་གང་ཐུར་དུ་བརྐོས་ལ་གཞུག །དམེ་ཁྲག་ནལ་ཁྲག་ར་རོག་ཁྲག །ཡུགས་ས་ཕོ་མོ་གྲི་བོའི་ཁྲག །ཐོད་ཆེན་ལིངྒ་དེ་བཞིན་མནན། །ལྕགས་ཕྱེ་ཟངས་ཕྱེ་རྡོ་ཕྱེ་དང་། །ཡུངས་ཀར་ཐལ་ཆེན་དུག་ངར་བཅས། །ཐོད་ཚལ་ནང་དུ་དུག་ངར་བཤམ། །སྔགས་པས་གསལ་གསུམ་ཟིལ་གནོན་བསྒོམ། །མདུན་ན་ཞིང་བསྣོལ་ཉི་མ་ལ། །སྤྲུལ་པའི་མ་མོ་སྲོག་གཅོད་མ། །མགོ་དགུ་ཕྱག་ཀྱང་བཅོ་བརྒྱད་ལ། །ཀྵ་དང་རག་མོ་ཐུགས་ཀར་བསྟན། །དབུ་དགུའི་སྟེང་མ་བྱ་ཡི་དབུ། །དུར་བྱ་ཁྲ་དང་བཞད་ཀྱི་དབུ། །ནང་ཁྲོལ་གློ་སྙིང་ཟ་ཞིང་རྔམས། །བར་གྱི་དབུ་གསུམ་དུད་འགྲོའི་དབུ། །དོམ་དང་དྲེད་དང་ཆུ་སྲིན་དབུ། །རྩ་དང་ཁྲག་དང་ནང་ཁྲོལ་ཟ། །རྩ་བའི་དབུ་གསུམ་ཁྲོ་མོ་སྟེ། །གཡས་དཀར་གཡོན་དམར་དབུས་མཐིང་ལ། །མཆེ་བ་ཟངས་ཡག་མི་རོ་འབྲུལ། །སྤྱན་ནས་ཁྲག་འཛག་དུག་རླངས་ཤངས། །སྐུ་སྟོད་ཞིང་ལྤགས་ཐོད་པ་སྦྲུལ། །སྐུ་སྨད་རེ་ལྡེ་དྲིལ་བུ་ཁྲག །ཕྱག་གཡས་དགུ་ན་བསྣམས་པ་ནི། །མངོན་དུ་སྒྲོལ་བའི་སྙིང་སྦྲམ་འཛིན། །གཡོན་པ་དགུ་ན་ཐོད་ཟོར་བསྐྱོད། །སྟག་དང་སྤྱང་ཀི་བ་གླང་མོན། །གྲི་བོ་སྣོལ་མོ་ཁྱི་ནག་ཕག །འཐོམ་ནག་གཡས་ལ་དུག་ཁྲག་ཟོར། །ཞབས་བརྒྱད་དྲེགས་པའི་སྙིང་གར་བརྫིས། །འགྲོ་བ་སྒྲོལ་ཕྱིར་གར་སྟབས་འགྱིངས། །སྐྲ་དང་བ་སྤུ་མེ་རུ་འབར། །དེ་ལ་བཀའ་བསྒོ་བསྐུལ་ཞིང་མངག།འཁོར་ལོ་ཐོད་པར་ཐུན་ཕབ་ལ། །དང་པོ་ཐུན་དེ་རབ་གནས་བརླབ། །བརྒྱ་ཚོ་གཉིས་ཀྱིས་དབང་དུ་བསྡུ། །གསུམ་པས་ཐུན་གྱི་རྫས་ལ་བསྡིམ། །བཞི་པས་ཤ་ཟ་མཚོན་ཆར་བརླབས། །ལྔ་པས་རླངས་


DNG016_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོ་ལྡེག་ཅིང་འཆོལ། །དྲུག་པས་བླ་དང་ཚེ་སྲོག་བསྡུ། །བདུན་པས་དཀར་ནག་མཚམས་སུ་བསྡིམ། །བརྒྱད་པས་སྲོག་གི་མེ་མར་བསད། །དགུ་པས་དྭངས་སྙིགས་རྒྱུད་ལས་དབྱེ། །དགུ་སྐོར་ཐུན་གྱིས་བརྣག་པ་ཡི། །ལས་གྲུབ་མཐའ་རུ་མནན་གཟིར་བྱ། །བྲག་དམར་སྲིན་མོའི་སྒྲོམ་དུ་མནན། །མནན་པའི་སྟེང་དུ་དམིགས་བྱ་ལ། །བསད་པའི་ཐུན་ཟོར་ཡང་ཡང་བརྡེག །དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་དྲག་སྔགས་གབ་པ་འདི་བཏོན་ཏོ། །ཨེ་བཾ་རཾ་ཁཾ་ཤིག་ཙིཏྟ་རྔུབས་རྩལ་དྲེང་ཛ། ཨེ་བཾ་རཾ་ཁཾ་ཤིག་ཙིཏྟ་རྔུབས། དགྲ་བོའི་སྲོག་ལ་ཐུན་རྨུགས་ལིང་ཤག་རྦད། ཨེ་བཾ་རཾ་ཁཾ་ཤིག་ཙིཏྟ་རྔུབས། དགྲ་བོའི་སྲོག་ལ་དྲེང་དྲེང་ཡཾ་ཡཾ་ཐུཾ་རི་ལི་ལི་བྷྱོ། ཙིཏྟ་གཟིར་ཐུཾ་སྟྭཾ་བྷ་ཡ་ནན། དེ་ནས་བཅོམ་ལྡན་འདས་ཀྱིས་སྲིན་མོ་ལས་ལ་སྐུལ་བ་འདི་གསུངས་སོ། །ཚེ་བདག་ཐུགས་ཀྱི་ཡང་སྤྲུལ་མོ། །སྲིན་མོ་གཅོད་པར་བྱེད་པ་བྷྱོ། །ཆོས་སྐུ་གཉིས་སུ་མེད་པ་ལས། །འཇམ་དཔལ་ཚེ་བདག་ནག་པོའི་སྐུ། །ཐུགས་ཀྱི་སྤྲུལ་པ་མགོ་དགུ་མ། །ཡང་སྤྲུལ་བདུད་དང་ཤ་ཟའི་ཚོགས། །མ་ལུས་འཇོམས་པའི་མཐུ་མོ་ཆེ། །དུག་དང་ཁྲག་གི་མཚོ་དཀྱིལ་ནས། །དུག་རླངས་མུན་ནག་གཏིབས་པ་ན། །སྲིན་མོ་ཁ་འདར་མགོ་དགུ་མ། །བདུད་དང་མུ་སྟེགས་བྲན་དུ་འཁོལ། །སྲིད་པའི་མ་མོ་ལས་ལ་བསྐུལ། །དོམ་དང་ཁྱི་མོ་བླ་ལ་འགྱེད། །དྲག་ཏུ་བསྐུལ་བ་མཆིས་ཙ་ན། །སྟོང་གསུམ་ཤ་ལ་རོལ་ཅིང་གསོལ། །ང་ཡི་ཤ་སྐལ་གང་ན་ཡོད། །སྟོང་གསུམ་ཟོས་ཀྱང་ང་མ་འགྲངས། །སྟོང་གསུམ་ཁྲག་ལ་མྱོས་ཤིང་འཐུང་། །ང་ཡི་ཁྲག་སྐལ་གང་ན་ཡོད། །སྟོང་གསུམ་ཁྲག་གིས་ང་མ་འགྲངས། །དགྲ་བོའི་ཤ་དང་ཁྲག་ལ་རོལ། །དྲག་ཏུ་བསྐུལ་བ་མཆིས་ཙ་ན། །རི་རབ་རྩེ་ནས་སྙིལ་ཀྱིན་འོང་། །རྒྱ་མཚོ་གཏིང་ནས་རླབ་ཅིང་འོང་། །དགྲ་བོའི་ཁྲག་ལ་མྱོས་ཤིང་འོང་། །དྲག་ཏུ་བསྐུལ་བ་མཆིས་ཙ་ན། །རང་ཤ་རང་གིས་ཟ་ཞིང་འོང་། །རང་ཁྲག་རང་གིས་འཐུང་ཞིང་འོང་། །རང་ཤ་ཟོས་ཀྱང་ང་མ་འགྲངས། །རང་ཁྲག་འཐུངས་ཀྱང་ང་མ་ངོམས། །དགྲ་བོའི་ཤ་དང་ཁྲག་ལ་རོལ། །དྲག་ཏུ་བསྐུལ་བ་


DNG016_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

མཆིས་ཙ་ན། །གནམ་ས་རི་ཀླུང་བཟློག་ཅིང་འོང་། །རི་རབ་སྒོང་རྡོར་འཕེན་ཞིང་འོང་། །དམ་ཉམས་དགྲ་ལ་ཟོར་ཐུན་རྒྱོབ། །དྲག་ཏུ་བསྐུལ་བ་མཆིས་ཙ་ན། །ལུས་ཅན་མ་ལུས་བྲན་དུ་འཁོལ། །དམ་ལས་འདས་པའི་ཙིཏྟ་འབྱིན། །དགྲ་བོའི་ཁོང་ནས་ཙིཏྟ་ཕྱུང་། །དྲག་ཏུ་བསྐུལ་བ་མཆིས་ཙ་ན། །སྣང་སྲིད་བྷྱོ་བཟློག་མེ་ཡིས་བསྲེག །དགྲ་བོའི་ལུས་སྲོག་བག་ཆགས་བསྲེག །དྲག་ཏུ་བསྐུལ་བ་མཆིས་ཙ་ན། །ལུས་ཅན་བླ་ལ་རྦད་ཅིང་རྒྱུག །སྤྲུལ་པའི་ཁྱི་མོ་ནག་མོ་དགུ། །དགྲ་ལ་རྦོད་ལ་བླ་དང་ཕྲོལ། །དྲག་ཏུ་བསྐུལ་བ་མཆིས་ཙ་ན། །སྟོང་གསུམ་ནད་ཀྱི་དྲ་བར་འཆང་། །དམ་ཉམས་དགྲ་ལ་རིམས་ནད་ཕོབ། །དྲག་ཏུ་བསྐུལ་བ་མཆིས་ཙ་ན། །སྣང་སྲིད་ལུས་སྲོག་དྭངས་སྙིགས་འབྱེད། །དགྲ་བོའི་ལུས་སྲོག་དྭངས་སྙིགས་ཕྱེ། །ཚེ་བཀྲག་བསྡུས་ལ་རྩ་རྒྱུད་ཆོད། །སྲིན་མོ་ལྕགས་ཐག་མགོ་དགུ་མ། །སྤྱན་ནས་ཁྲག་འཛག་ཟུ་ལུ་ལུ། །ཤངས་ནས་དུག་ཁྲག་བུན་ནེ་བུན། །སྙན་ནས་འབྲུག་སྒྲ་དི་རི་རི། །ཞལ་གྱི་རྔམ་སྒྲས་སྟོང་གསུམ་ཕུང་། །གཡས་པ་དགུ་ན་སྙིང་སྦྲམ་དགུ། །ཐོགས་ནས་དགྲ་བོའི་ཙིཏྟ་འབྱིན། །གཡོན་པ་དགུ་ན་ཐོད་པ་དགུ། །དགྲ་ལ་ཁྲག་མདའ་དུག་ཟོར་འཕེན། །དགྲ་བོའི་ཁོང་དུ་དུག་མདའ་རྒྱོབ། །ཀླད་པ་འཐོན་ལ་ཀླད་ཁྲག་ཆོམ། །ལུས་སྲོག་ཕྲོལ་ལ་ཙིཏྟ་གཏུབས། །ཁྲག་མདའ་དུག་ཐུན་ཕུང་ཟོར་རྒྱོབ། །སྔགས་པའི་སྐུ་དགྲ་སྒྲོལ་ལ་ཤོག །བྱས་ལ་ཕོ་ཉ་བླ་དེད་ཀྱི་སྔགས་བཟླས་ལ་དགྲ་ལ་རྦད་དོ། །འཁོར་ལོ་ཐུན་བརྡེག་ལས་ཀྱི་མཆོག །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས། སྲིན་མོ་གཟིར་ཏེ་ཉེ་བར་ལས་ལ་མངག་པ་འདི་གསུངས་སོ། །གྲོག་མཁར་རྒྱ་ཚིལ་ས་དམར་ལ། །བོང་བུའི་བདུད་རྩིས་ལེགས་སྦྲུས་ལ། །སྲིན་མོའི་ལྡེར་སོ་གོང་བཞིན་བཅའ། །ཁ་ཁྱེར་གསུམ་སྙིང་གར་གྲུ་གསུམ་དོ་བྲིས་ལ་ཡང་ལྡན་གོང་དུ་བརྐོ། །སྙིང་པོ་འབྲུ་གཉིས་འབྲུ་དགུ་གཞུག །དྲག་སྔགས་བཟླས་ལ་སྟོབས་ཀྱིས་གཟིར། །སྲིན་མོ་བོས་ལ་ཁྲག་གིས་བྲན། །ཕུར་པས་བསྡིགས་ལ་དབང་དུ་བསྡུ། །སྲིན་མོ་བཀའ་ནོད་ཞབས་འོག་གཞུག །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས།


DNG016_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

གཟིར་དང་སྤོགས་པའི་དྲག་སྔགས་འདི་བཏོན་ཏོ། །ཨེ་ཀ་ཡ་མ་བཾ་རཾ་རག་མོ་ཡཾ་ཧུར་ཐུཾ་ཛ། དུན་དུན་ཏྲིག་ནན། ཁཾ་བཾ་རཾ་ཏེ་ཤག་ཙིཏྟ། དགྲ་བོའི་སྲོག་ལ་ཧུར་ཐུམས་ཛ། མཱ་ར་ཡ་རྦད། སྙིང་གའི་སྙིང་པོ་སྔགས་བཏོན་ལ། །ལིངྒའི་མིང་རུས་བརྣག་པ་གཞུག །ཞག་གསུམ་ཐུན་བྲབ་རོ་ཁང་མནན། །འབྱུང་བ་དཀྲུག་པས་ལས་རྣམས་འགྲུབ། །རག་མོ་དཀོན་མོའི་སྤོགས་པར་བཤད། །དེ་ནས་བཅོམ་ལྡན་འདས་ཀྱིས་འབྲས་བུ་གཞོམ་པའི་སྦྱོར་བ་འདི་གསུངས་སོ། །དམེ་ཐོད་ནང་དུ་མེ་ལོང་བསག །གསེར་དངུལ་ཟངས་ལྕགས་རྡོ་ནག་བཞག །ར་དམར་ནལ་བུ་ཁྱི་ནག་སྙིང་། །སྟེང་དུ་གླིང་བཞི་རྩིབས་བརྒྱད་དགབ། །དེ་སྟེང་སྲིན་མོའི་སྐུ་བཞག་ལ། །མཐིང་ནག་དར་གྱིས་བཀབ་ལ་བཞག །ཁྲག་སྣ་གསུམ་དང་དུག་བསྲེས་ལ། །ལིངྒ་མིང་བྱང་གཡག་རུར་གཞུག །རྨྱུག་མ་ཚིགས་གསུམ་སྨིན་པ་ལ། །ལྟས་ངན་སྒྲོ་བཞིས་བསྒྲོན་ལ་བཞག །ཞག་ལྔའི་བར་དུ་དྲག་སྔགས་བཟླས། །གསེར་དེ་ཞུ་ཞིང་འཕེལ་ཆད་ན། །མདའ་ལྕགས་བླུགས་ལ་དགྲ་ལ་བརྡེག །སྲིན་མོ་དྲག་ཏུ་བསྐུལ་ལ་འཕང་། །དྲག་སྔགས་སྦྱོར་བ་གཉིས་སུ་བྱ། །བཾ་རཾ་ཁཾ་ཤིག་ཙིཏྟ་རྔུབས་འུར་ཏོག་ཕྲཾ་ཤར་ཛ་ལ་རཾ་སྨེ་ཤ་ཧྲིལ། ཧུར་ཁཾ་ཤ་ཡེང་པྲོཾ་ཤར་སིང་ཁྲོལ་བྷྱོ། མ་བྱུང་སྤོགས་ན་སྔགས་འདི་བཟླ། །ཁཾ་ཙིཏྟ་བཾ་ཤག་རྔུབས་རཾ་པྲོཾ་ཧྲིལ་ཏོག་ཤར་ཛ་ལ་འུར་རཾ་ཛ། སྨ་ཤ་བྷྱོ། སྲིན་མོའི་ལས་འདི་རྒྱས་པར་བཤད། །དཔལ་ཚེ་བདག་གི་དགོངས་རྒྱུད་ནག་པོ་ལས། ལོ་ཐོག་མཐའ་སྡུད་ཀྱི་ལེའུ་སྟེ་ཉི་ཤུ་གཉིས་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ལས་ཀུན་གྱི་མཐའ་སྡུད་དུ་གཤིན་རྗེ་བྱེ་བ་དགུ་ཁྲིའི་སྦྱོར་བ་འདི་གསུངས་སོ། །དུར་ཁྲོད་གདུག་པའི་དབེན་གནས་སུ། །རང་སེམས་དབེན་པའི་མཚམས་བཅད་ལ། །རྟེན་རྫས་དམ་རྫས་གྲི་བོའི་སྙིང་། །ཐོད་པ་རི་མོ་བདེ་ལྡན་དེར། །དྲག་པོའི་ཧོམ་ཁུང་གྲུ་གསུམ་རྩང་། །བརྣག་པའི་རྟེན་གཟུགས་རྒྱུ་རྐྱེན་དྲུག །བ་ཡི་ལྕི་བ་ས་དམར་དྲུག །འགར་ཏའི་ཨཱ་མི་འཁར་རྐང་ལ། །ལིངྒ་སོར་བརྒྱད་དབང་པོ་དོད། །ནད་


DNG016_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་ཚ་བ་དུག་ཆུ་བསྐུ། །རི་ཤོ་དང་ནི་གྲོ་ག་ལ། །དེ་ཡི་མིང་དང་རུས་བྲིས་ལ། །སྙིང་གར་གླན་ལ་སྔོ་དམར་བསྡམ། །ཐོད་པར་བཅུག་ལ་དོང་དུ་གཞུག །ཞིང་རས་རོ་རས་ཞབས་མ་ལ། །སྨེ་བ་ལྔ་ཡི་ཐོད་པ་བྱ། །གཅོད་པའི་འཁོར་ལོ་ཆ་གཉིས་བྲི། །དབུས་ནས་ཐིག་སྐོར་བཞི་རུ་བསྐོར། །དབུས་སུ་གྲུ་གསུམ་ཟླ་གམ་གསུམ། །ཕྱི་རིམ་འཁྲུལ་མིག་རྒྱ་གྲམ་ལྡན། །ཡང་ལོགས་རྩིབས་ཆེན་བཅུ་གཉིས་བཅའ། །མཐའ་མ་གདུག་པའི་ར་བས་བསྐོར། །སྲིད་པའི་རུས་སྦལ་ལྟོ་བར་བཅའ། །དེ་ལ་གནས་པའི་རིམ་པ་ནི། །དབུས་སུ་བརྣག་པའི་སྙིང་པོ་གཟུགས། །ཟླ་གམ་གསུམ་ལ་བསྲུང་བའི་ལྷ། །རྒྱ་གྲམ་རྩ་བའི་དྲག་སྔགས་ལུས། །ཡང་ལོགས་རྩིབས་ལ་སྤུ་གྲི་རྦད། །གདུག་པའི་གསེབ་ཏུ་རྩ་བའི་སྔགས། །མཚམས་དང་མུ་རན་མིང་རུས་ཁམས། །བཀོད་ལ་ཚ་བ་དུག་ཆུས་བསྐུ། །ཐོད་པའི་སྟེང་དུ་འཁོར་ལོ་བཅའ། །དྲག་སྔགས་དམོད་པ་ཞག་དགུར་བཟླས། །རང་ཡང་ཟིལ་གནོན་སྐུ་རུ་གསལ། །བྱེ་བ་དགུ་ཁྲི་མདུན་དུ་བསྐྱེད། །ཞིང་བསྣོལ་རཱུ་ཏྲའི་གདན་སྟེང་ན། །ཆུ་གླང་སྔོན་པོ་སྦྲུལ་རིས་ཅན། །ཐོད་པ་ནོར་བུས་བརྒྱན་པ་ལ། །ཉི་ཟླ་དང་བཅས་གདན་ལ་གནས། །སྐུ་མདོག་སྔོ་ནག་གཏུམ་ཁྲོ་བརྗིད། །སྐུ་སྟོད་གླང་ཆེན་སྟག་ཤམ་ཞིང་། །སྦྲུལ་དང་ཐོད་པ་རིན་པོ་ཆེས། །དབུ་དང་ལྷུ་ཚིགས་ཕྱག་ཞབས་བརྒྱན། །ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །གཡས་དཀར་གཡོན་དམར་དབུས་མཐིང་ཞལ། །གཡས་པ་གསུམ་ན་རལ་གྲི་དང་། །བེ་ཅོན་ལྕགས་ཀྱི་རི་རབ་བསྣམས། །གཡོན་པ་གསུམ་ན་ལྕགས་ཀྱུ་དང་། །ཞགས་པ་རྡོ་རྗེ་རྒྱ་གྲམ་བསྣམས། །ཞལ་གདངས་སྦྲུལ་དང་མི་རོ་འབྲུལ། །སྟོད་ནས་མེ་འབར་འདབ་ཆགས་ལྡིང་། །སྨད་ནས་ཁྲག་འཛག་གཅན་གཟན་རོལ། །ཐུགས་ཀར་ཉི་མར་ཡ་དང་སྔགས། །དྲེགས་པའི་ཚུལ་དུ་ལས་ལ་བརྩོན། །རྦད་པའི་དྲག་སྔགས་གཏུམ་པར་བཟླས། །མཐའ་རུ་ཐོད་པ་ཞབས་འོག་གཞུག །ལྕགས་ཕུར་གཤིན་རྗེའི་སྐུར་བསྒོམས་ལ། །གཟིར་བ་ཁྲི་ཡིས་སྙིང་གར་གདབ། །ཕོ་ཉས་བཀུག་ལ་རྟེན་ལ་བསྡིམ། །འཁོར་ལོ་ལིངྒ་


DNG016_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་པར་བཅའ། །རྫས་ཀྱི་ལིངྒ་ཕག་པར་གྲིལ། །དར་དང་རེ་བ་སྐུད་པས་བསྡམ། །གཉན་སར་གདུག་པའི་ཀླུ་ལ་གཏད། །དཔང་གཟུག་འོ་དོད་ཆོ་ངེས་གདབ། །འབྱུང་བ་ཕོ་བྲང་དོན་ཡོད་བསམ། །མནན་སྔགས་བརྒྱ་རྩ་བརྒྱད་ཀྱིས་བཅག །ལས་ཀྱི་ཁ་གསོ་ཐུན་དང་སྦྱར། །དྲག་སྔགས་བསྟུད་ལ་ལྕི་བར་བཟླས། །བླ་དག་བྱུང་ན་དྲག་སྔགས་བརྡེག །བླ་ཆེན་བཞི་ལ་རྣལ་མ་བརྡེག །སྤྲུལ་པ་བརྒྱད་པོ་དབུས་ནས་སོ། །ཡང་སྤྲུལ་བཅུ་གཉིས་མཐའ་ནས་སོ། །ཆགས་སྡང་ལྔ་ལྔ་འབྱུང་བ་དཀྲུག །གཟིར་དང་མནན་པ་ཁ་གསོ་ཟོར། །དྲག་སྔགས་སྤུ་གྲི་བདུན་དུ་སྦྱོར། །དེ་ཡིས་མ་ལུས་འཇོམས་ཤིང་འཕོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་དྲག་སྔགས་འདི་བཏོན་ཏོ། །ཨེ་ཀ་ཡ་མ་ཧུར་ཡཾ་ཐིབས། དགྲ་བོའི་སྲོག་ལ་བཾ་རིལ་དུན་ཛཿ། བཾ་མྱགས་མཱ་ར་ཡ་རྦད། ཙ་ཚ་དུན་རིལ་བཾ་ལཾ་སྲོག་ལ་མྱགས། མཱ་ར་ཡ་རྦད་མཱ་ར་ཡ་མྱགས་ཙ་ཚ། དུན་རིལ་བཾ་སྲོག་ལ་རྦད། སྲོག་དུན་བཾ་མྱགས། ཙ་ལ་དུན་རྦད། མཱ་ར་ཡ་ཛཿསྲོག་ལ་སྦུར་ནན། སྙིང་གཟེར་རྦད། སྲོག་སྟྭམྦྷ་ཡ་ནན། སྲོག་ལ་ཐུན་བྷྱོ། དྲེང་ཤག་རྦད། སྦྱོར་བ་དེ་ཡིས་མ་ལུས་ཀུན། །འཇོམས་ཤིང་དྭངས་སྙིགས་འབྱེད་པར་བཤད། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ལས་སྣ་ཚོགས་ལ་བསྐུལ་བ་འདི་གསུངས་སོ། །ཧཱུཾ་བསྐལ་པ་བརྒྱད་ཁྲི་བཞི་སྟོང་འདས་པའི་ཕ་རོལ་ན། །འབྱུང་བ་རྟེན་གཞི་རྔམས་ཀྱི་འོག་ཤེད་ན། །རྒྱ་མཚོ་ཆེན་པོའི་གཏིང་རུམ་ན། །མུན་ཁང་ལྕགས་ཁང་སྒོ་མེད་ན། །རཱུ་ཏྲ་དྲེགས་པའི་གདན་སྟེང་ན། །གཤིན་རྗེ་བྱེ་བ་དགུ་ཁྲི་བཞུགས། །སྐུ་མདོག་མཐིང་ནག་རྔམ་པ་ལ། །དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །གཡས་དཀར་གཡོན་དམར་དབུས་མཐིང་ཞལ། །ཕྱག་དྲུག་ཕྱག་མཚན་འབར་བ་ནི། །གཡས་ཀྱི་དང་པོ་རལ་གྲི་འབར། །དགྲ་བོའི་སྲོག་རྩ་གཅོད་ཅིང་གསོལ། །གཡས་ཀྱི་བར་མ་ཞིང་དབྱུག་བསྣམས། །ཁམས་གསུམ་མ་ལུས་རྡུལ་དུ་རློག །ཐ་མ་ལྕགས་ཀྱི་རི་རབ་


DNG016_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

བསྣམས། །དགྲ་བགེགས་ལས་ངན་གཅོད་ཅིང་གཟིར། །གཡོན་གྱི་དང་པོ་བེ་ཅོན་བསྣམས། །དགྲ་བོ་མ་ལུས་མགོ་ལུས་འཇོམས། །བར་མ་ལྕགས་ཀྱུས་དགྲ་སྙིང་འབྱིན། །ཐ་མ་ཞགས་པས་དགྲ་བོ་འགུགས། །དགྲ་བོ་ལས་ངན་སྡིག་ཅན་རྣམས། །ཁྱམས་ཁང་གནས་སུ་ཁྲིད་ལ་ཤོག །སྐུ་ལ་ལྕགས་ཀྱི་ཚེམ་ཚེམ་གསོལ། །ཞིང་དང་ཐོད་པ་སྦྲུལ་གྱིས་བརྒྱན། །སྐུ་སྨད་སྟག་ལྤགས་ཞིང་ཆུང་བརྒྱན། །སྟོད་ནས་ང་རྒྱལ་མེ་ཆེན་འབར། །སྨད་ནས་འདོད་ཆགས་ཁྲག་ཏུ་འབྲུབ། །སྐེད་ན་ཞེ་སྡང་སྦྲུལ་གྱིས་བརྒྱན། །ཞལ་ནས་དུག་གི་རླངས་པ་འདོན། །ཤངས་ནས་ཕྲག་དོག་འཚུབས་མར་འཁྱིལ། །སྙན་ནས་སྟོང་གསུམ་འབྲུག་སྒྲ་སྒྲོགས། །ཐུགས་ལས་སྤྲུལ་པ་ཕྱོགས་བཅུར་འགྱེད། །ཕོ་ཉ་བྱེ་བས་དགྲ་བོ་འགུགས། །ཡང་སྤྲུལ་དགུ་ཁྲིས་སྲོག་དབུགས་འཕྲོག །ལས་ཀྱི་མཐའ་སྡུད་ཁྱོད་ཡིན་གྱིས། །དགྲ་བོ་དམ་ཉམས་སྡིག་ཅན་རྣམས། །ལག་ཏུ་གཏད་དོ་ཤོར་ར་རེ། །འདི་ནི་བཀའ་གཅོག་དམ་དྲལ་ཡིན། །འདི་ལ་སངས་རྒྱས་མི་གནས་ཀྱིས། །འདི་ལ་དམ་ཚིག་གཉན་མི་གནས། །འདི་ལ་སྙིང་རྗེའི་གནས་མེད་ཀྱིས། །རྒྱ་མཚོ་ཆེན་པོའི་གཏིང་དུ་སྦོས། །ལྕགས་ཀྱི་རི་རབ་འོག་ཏུ་ནོན། །བྱེ་བ་དགུ་ཁྲི་དགྲ་ལ་བྷྱོ། །ལྕགས་མཁར་བཙོན་རར་དགྲ་བོ་ཆུག །དགྲ་བོའི་ཕོ་རྒྱུད་མོ་རྒྱུད་ཆོད། །བཅོལ་བའི་ལས་རྣམས་བསྒྲུབ་པར་མཛོད། །བྱེ་བ་དགུ་ཁྲིའི་སྦྱོར་བར་བཤད། །དཔལ་ཚེ་བདག་གི་དགོངས་རྒྱུད་ནག་པོ་ལས། ལས་ཀྱི་མཐའ་སྡུད་ཀྱི་ལེའུ་སྟེ་ཉི་ཤུ་གསུམ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་སྦྱོར་སྒྲོལ་གྱི་ལས་ལ་གོལ་བ་འདི་གསུངས་སོ། །སྦྱོར་དང་སྒྲོལ་བའི་ལས་རྣམས་ནི། །རྩོལ་བསྒྲུབ་རྟགས་དང་དཔེ་ལ་མཚོན། །རིག་པ་གཉིས་མེད་མ་རྟོགས་ན། །གོལ་བས་མུ་སྟེགས་རྟག་པར་འགྱུར། །བསྙེན་བསྒྲུབ་སྔགས་དོན་ཡོངས་རྫོགས་པ། །བྱ་བྱེད་ཐོབ་བྱ་འཐོབ་བྱེད་ལ། །རང་ཉམས་འཁྲུལ་པ་རང་ལ་ལྡོག །དེ་ཡི་རིམ་པ་འདི་ལྟ་སྟེ། །སྦྱོར་


DNG016_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

བ་མི་ཤེས་སྦྱོར་བྱེད་པ། །གཉིས་སུ་མེད་པའི་སྦྱོར་བ་མ་ཤེས་ན། །རྟགས་ལ་དོན་གྱི་ངོ་བོར་འཛིན་པ་ཡིས། །མངལ་གྱི་གྲོང་ཁྱེར་བརྒྱུད་པའི་བདུད་ཀྱིས་ཟིན། །ཐབས་ལམ་གསང་བའི་སྤྱོད་པ་བརྟེན་ཤེས་ན། །རང་རྒྱུད་འཁོར་ལོ་རྩ་ལམ་བདེ་བས་གང་། །བསྐུལ་འབར་དབབ་བསྐྱིལ་བྱ་བྱེད་དོན་དང་ལྡན། །སྣང་སྲིད་ཆགས་པའི་སྤྱོད་པས་མེས་སྦར་ཀྱང་། །གཉིས་མེད་ཕྱག་རྒྱ་ལྷུན་གྲུབ་འབྲས་བུ་སྨིན། །བདེ་བ་ཆེན་པོ་རང་ལ་ཤར་བར་བཤད། །སྒྲོལ་བ་མི་ཤེས་སྒྲོལ་བྱེད་པ། །སྐྱེ་ཤི་མེད་པའི་དོན་དང་མི་ལྡན་ན། །རྩོལ་བས་སྒྲོལ་བ་མུ་སྟེགས་འཁྲུལ་པ་སྟེ། །ལས་ཀྱི་སྲིན་པོས་བཅིངས་པའི་བདུད་ཀྱིས་ཟིན། །བྱར་མེད་རྫོགས་པའི་སྲོག་ཀྱང་བཅད་དུ་མེད། །སྲོག་ཏུ་འཛིན་པ་ལོག་རྟོག་འཁྲུལ་པ་ཡིན། །རང་གྲོལ་གཉིས་མེད་རང་ཤུགས་ས་རུ་གྲོལ། །ཡེ་ཤེས་ཆེན་པོའི་ཕྱག་རྒྱར་རང་གྲོལ་ན། །ཁམས་གསུམ་སེམས་ཅན་ལོག་པའི་སྲོག་བཅད་ན། །སྒྲིབ་བྱང་ཚོགས་ལྡན་འབྲས་བུར་ལྷུན་གྱིས་གྲུབ། །སྤྱད་དུ་མེད་པའི་ཕྲིན་ལས་མ་ཤེས་ན། །དཔེ་ལ་མཚོན་བྱེད་རང་བཟོར་སྤྱོད་པ་དག །ལས་ཀྱི་རྣམ་སྨིན་མཉམ་པའི་བཙོན་རར་ཆུང་། །རྩོལ་བ་བྱས་པས་རྟག་པའི་བདུད་ཀྱིས་ཟིན། །ཕྲིན་ལས་ལྷུན་གྲུབ་སྤྱད་དུ་མེད་ཤེས་ན། །ལྷ་སྲིན་ཀུན་གྱི་མིང་དང་མཚན་སྨོས་ནས། །ལས་ལ་མངགས་ཤིང་ཕོ་ཉ་ཀུན་བཀྱེ་ཡང་། །བླང་དོར་མེད་པས་འབྲས་བུ་སངས་རྒྱས་ཉིད། །མ་བཙལ་མ་བསྒྲུབ་རྫོགས་ཏེ་ཡེ་སངས་རྒྱས། །བསྙེན་བསྒྲུབ་རྩོལ་མེད་སྔགས་དོན་མ་ཤེས་ན། །ཕྱི་ནང་རྟགས་ལ་ཞེན་པས་བསྙེན་ཞིང་བསྒྲུབ་པ་ཡིས། །མི་དགེ་བསོག་ལ་རྩོལ་བའི་རང་བདུད་རང་ལ་འཁོར། །མནར་བའི་དམྱལ་བའི་གནས་ལ་ཐེ་ཚོམ་མེད། །བསྙེན་བསྒྲུབ་རྩོལ་མེད་སྔགས་ཀྱི་དོན་ཤེས་ན། །སྲིད་གསུམ་རྩོལ་འཕྲོ་འདུས་པའི་སྲོག་མདངས་ལ། །ལྷ་སྲིན་ཀུན་གྱི་སྲོག་སྙིང་དྲིལ་བའི་མཆོག །དྲག་པོ་ཨེ་དང་ཡན་ལག་སྦྱོར་བ་ནི། །རྡོ་རྗེའི་བཟླས་པ་ཡེ་ཤེས་རོལ་པར་ཤེས། །གང་མཐོང་ཅིར་སྤྱད་མཐའ་གཉིས་རང་སར་


DNG016_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ། །བསྒོམ་དུ་མེད་པའི་དོན་དང་མི་ལྡན་ན། །མཚན་མའི་ཁྲོ་བོ་གཞན་ནས་རྩོལ་བསྒོམ་པ། །མུ་སྟེགས་འཁྲུལ་པའི་སྤྱོད་ལམ་རྟག་པར་གོལ། །ཆོས་ཉིད་མི་དམིགས་སྟོང་པ་ནམ་མཁའ་ལས། །སྐྱེ་མེད་སྐྱེ་བའི་ཆོ་འཕྲུལ་དུ། །རང་རིག་ཕྱག་རྒྱ་ལྷུན་གྱིས་གྲུབ་པའི་སྐུ། །གཉིས་མེད་ཡེ་ཤེས་རྫོགས་ལོངས་སྤྱོད། །རྟག་ཆད་མཐའ་གཉིས་གྲོལ་བས་སངས་རྒྱས་སྐུ། །ཕུང་པོ་མི་གནས་སངས་རྒྱས་རང་གནས་པའོ། །རྟོག་དཔྱོད་འདས་པའི་སངས་རྒྱས་ལྷུན་གྱིས་གྲུབ། །འདི་མེད་རང་འཆིང་དོན་མེད་རྟག་ཆད་མཐའ། །ནམ་མཁའ་རིན་ཆེན་རྒྱ་མཚོ་ལྷུན་པོ་ལྟར། །དོན་གཉིས་སྨིན་པས་ཡོན་ཏན་ཅིར་ཡང་སྣང་། །མ་བཅིངས་གྲོལ་མེད་བགྲོད་པའི་འབྲས་བུ་སྨིན། །སྣང་སྲིད་འཁྲུལ་པ་དུག་ལྔའི་སྨག་རུམ་ནས། །སངས་རྒྱས་དྲག་སྔགས་ཡེ་ཤེས་ཉི་མ་ཤར། །བདུད་བཞིའི་གནས་སུ་ཆོས་སྐུ་བདེ་བས་བཅོམ། །བླ་མེད་སངས་རྒྱས་བདེ་ཆེན་རང་ལ་ཤར། །སྦྱོར་སྒྲོལ་བྱ་རྩོལ་རྟག་ཆད་མཐའ་ལས་འདས། །གཉིས་སུ་མེད་པར་ལྷུན་གྱིས་གྲུབ་པར་བཤད། །དཔལ་ཚེ་བདག་གི་དགོངས་རྒྱུད་ནག་པོ་ལས། བྱ་རྩོལ་བྲལ་བའི་ལེའུ་སྟེ་ཉི་ཤུ་བཞི་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་འཁོར་རྣམས་ལ་གསང་བ་སྔགས་ཀྱི་དྲག་སྔགས་འདི་གསུངས་སོ། །གསང་བའི་གསང་རྒྱུད་རིམ་པའི་གནས། །བདེ་བའི་ཡེ་ཤེས་རང་ལ་འཆར། །བདེ་བའི་ཡེ་ཤེས་རང་གསལ་བ། །བདེ་བ་ཆེན་པོ་མཉམ་པའི་ངང་། །བདེ་བའི་དབང་ཕྱུག་འགག་པ་མེད། །ལྷུན་གྱིས་གྲུབ་པའི་བདེ་བར་གནས། །འདི་དག་བདེ་བའི་ལམ་ཅན་ནོ། །རྒྱས་དང་བསྡུས་པའི་བྱེ་བྲག་གིས། །སྡེབ་དང་རྐྱང་པ་ཤིས་ཚད་གསུམ། །ཉེ་དང་འགྱངས་དང་དབང་དང་ལྡན། །དེ་ཡི་རིག་པ་འདི་ལྟ་སྟེ། །གཟུགས་བརྙན་འཁོར་ལོ་ཆག་གང་ལ། །ལུས་དང་སྤུ་གྲི་མཚམས་དག་ཏུ། །མུ་ཁྱུད་བཞི་ཡི་འཁོར་ལོ་ལ། །གང་བསྒྲུབ་བསད་པའི་སྔགས་ཀྱིས་མཛེས། །ཁྲོ་བོ་ནང་ལ་མ་མོ་དབུས། །


DNG016_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་སྦྱིན་ཕྱི་རུ་ཤེས་པར་བྱ། །རང་གི་འཁོར་ལོ་ལྟོ་བསྡེབ་པའོ། །བརྟན་པ་ལྷུན་པོ་གསལ་བ་ཡི། །ཙིཏྟ་གསང་བའི་ཕོ་བྲང་ན། །བརྒྱད་དང་བཅུ་གཉིས་རྩེ་དབུས་ཧཱུཾ། །ཁྲོ་བོའི་སྔགས་དང་མ་མོ་དབུས། །གནོད་སྦྱིན་ཕྱི་རུ་ཤེས་པར་བྱ། །མན་ངག་གསང་བའི་སྡེབ་ཏུ་བྱ། །དྲག་པོའི་ལུས་ལ་བསྙེན་པའི་སྔགས། །ཁྲོ་བོ་ལུས་ལ་མ་མོ་གདགས། །དེ་བཞིན་དྲེགས་པའི་གང་བསྒྲུབ་བསྙེན། །དེ་བཞིན་རྦད་དང་བསད་པ་སྦྱར། །དམོད་པ་ཞལ་གྱི་སྡེབ་ཏུ་གསུངས། །རང་གཤེད་དྲག་པོས་བསད་པའི་སྔགས། །ལུས་ལ་སྤུ་གྲི་མཚམས་དག་ཏུ། །རང་སྔགས་ནང་ལ་གཤེད་མ་ཕྱི། །དྲག་པོ་བསད་དང་རང་སྔགས་སྡེབ། །ལས་ཀྱི་གཤེད་སྔགས་བརྒྱ་བརྒྱ་བསྐུལ། །དེ་དག་རང་གཤེད་གསུམ་སྡེབ་ཡིན། །དེ་བཞིན་དྲག་པོ་སྔགས་ཀྱིས་སྡེབ། །བཅུ་གཉིས་ལུས་ལ་སྙིང་པོ་ཡི། །སྤུ་གྲིའི་སྦྱོར་བ་ཤིས་པ་སྟེ། །ལས་ཀྱི་ཁ་འཁྱིལ་ཡུན་དུ་བདེ། །མན་ངག་གནད་མདའི་སྦྱོར་བ་ཡིན། །ལུས་ལ་སྤུ་གྲི་བསྣོལ་མར་སྡེབ། །དགྲ་བོ་འདུལ་བའི་རྣོ་དབལ་ཡིན། །ལས་ཀྱི་བཤན་པ་རྩུབ་འགྱུར་ཏེ། །དྲུག་འགྱུར་སྦྱོར་བ་སྟོབས་དཔག་མེད། །སྔགས་ནི་ཡོན་ཏན་ཀུན་རྫོགས་པས། །ལྷ་དང་བདག་པོ་ལས་འཁོར་ཀུན། །རང་རང་སོ་སོར་སྡེབ་ལ་དཀྲུག །བདེ་བྱེད་ཚངས་པའི་གནས་ལས་འཕང་། །རིག་པ་བདེ་བའི་ཀློང་དུ་བསྡུས། །ཡེ་ཤེས་ཉི་མའི་འོད་ལས་འཕྲོས། །གང་འགྲུབ་ལས་ཀྱི་ཕོ་ཉ་ལ། །མངག་པ་རྦད་པའི་མཐའ་རུ་འགྱུར། །དགྲ་བོའི་སྲོག་ལ་ཐུཾ་རི་ལི་ལི། །ཕོ་ཉ་བླ་དེད་བརྒྱ་བརྒྱ་མངག །དེ་ཡིས་ཐམས་ཅད་འཇོམས་ཤིང་འགུགས། །དྲག་པོ་སྔགས་ཀྱི་གསང་སྡེབ་ནི། །དང་པོ་ལུས་བསྲུང་རྩ་བ་སྟོང་། །དེ་འོག་ཁ་ཆིངས་གཟེར་བ་སྟོང་། །མཁའ་འགྲོ་ཁ་གཟན་དགྲ་ལ་འཕང་། །མཐའ་རུ་སྲོག་རྩ་གཟུངས་ཐག་གཅོད། །མནན་པ་གཟིར་དང་ཕུར་པ་གདབ། །དྲག་པོ་སྔགས་ཀྱི་སྤྱི་སྡེབ་ཡིན། །དོ་ར་ནང་གི་དྲག་པོ་ཡིན། །ལུས་ནི་གསང་ཞིང་ལྕི་བར་གནས། །མཚམས་སུ་སྙིང་པོ་བྷནྡྷ་མིང་། །གཟིར་


DNG016_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་གང་དམིགས་གསལ་བར་བདོ། །མཐའ་རུ་སྤུ་གྲིས་གཟིར་ཞིང་གཅོད། །དྲག་ཅིང་འདྲིལ་ལ་འབར་བར་གདབ། །སྲུང་བ་ཀུན་ལ་ཤིས་པ་ཡིན། །ལུས་སྲོག་འབྱེད་པ་དྲག་པོའི་སྔགས། །ལུས་ཀྱིས་གསལ་ལ་དག་པར་བཟླས། །སྙིང་པོ་རུས་ཁམས་མིང་བཅས་པའི། །གཅད་པ་ལྔ་ཡི་བརྡའ་སྦྱར་བ། །ལྕེ་ལ་དིག་པ་ཡིད་ལ་གསལ། །ཡུལ་གྱི་རྣམ་པ་གསལ་བར་བརྟག །མིང་བསྡུ་མི་འགུག་ངང་སར་གསལ། །གཅོད་བྱེད་སྤུ་གྲི་རྣོ་དབལ་མཚོན། །གང་ཡང་རྣོ་མྱུར་ཚད་ལྡན་པས། །ཆེ་དྲིལ་དྲག་ལ་འཕར་ཞིང་འདྲིལ། །དེ་ཡིས་དཀར་ནག་རྟེན་ལ་བརྡེག །བསྲུང་དང་གོ་ཆ་ཤ་ལྤགས་རུས། །དྲག་ཅིང་དཀར་ནག་སྒོ་ཕྱེ་ནས། །རྩ་བཞི་བཅད་ནས་རྩ་མདུད་དགྲོལ། །དྭངས་མ་བཞི་བསྡུས་ཐིག་ལེ་འབར། །ནཱ་ག་གཟུགས་ཅན་སྟོང་བདག་མེད། །སྙིགས་མ་ལ་གཉིས་མེ་འབར་ཁྲག །དེ་དབུས་སྦལ་པ་ནྲྀ་དང་སྡིག །སྔགས་ཀྱིས་མེ་བསད་སྡིག་སྦལ་གཤག །ཡི་གེ་ཧུར་ཐུཾ་ཛ་ཡིས་འཕྲོག །སྐྱེ་བའི་ཆོ་འཕྲུལ་ཨེ་ལ་བསྡུ། །སྲིད་པའི་ཁྱམས་ཁང་གནས་སུ་བྱ། །ཤ་ཁྲག་ལུས་ལ་ཤ་ཟ་རོལ། །གསང་བ་སྔགས་ཀྱི་དྲག་སྔགས་ཡིན། །དཔལ་ཚེ་བདག་གི་དགོངས་རྒྱུད་ནག་པོ་ལས། གསང་བ་སྔགས་ཀྱི་དྲག་སྔགས་བསྟན་པའི་ལེའུ་སྟེ་ཉི་ཤུ་ལྔ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ལྟས་ངན་དང་ཆོ་འཕྲུལ་དབབ་པ་འདི་གསུངས་སོ། །སྲམ་དང་ཕྱི་བའི་ཐོད་པ་རུ། །བྱི་ལ་སྲེ་མོང་སྲིན་བྱའི་ཁྲག །སྤུ་དང་ཤ་སྦྱར་ཞབས་མས་གྲིལ། །དེ་བཞིན་གར་འབེབས་ཡུལ་མིང་སྔགས། །ཁྲག་གིས་བྲིས་ལ་ཐོད་པར་གཞུག །ཁྲི་བདུན་བཟླས་ལ་ཞིང་རས་གྲིལ། །གསོ་བདེ་སྲོད་ལ་དམིགས་པའི་འགྲམ་ལ་གཞུག །ཟླ་བ་བདུན་ནས་ལྟས་ངན་འབབ། །སེམས་ཀྱི་ལྟ་ལ་ཆེ་དམིགས་བྱ། །སྦྲུལ་དང་སྦལ་པའི་གསོབ་བཤུས་ལ། །དགྲ་ཡི་ས་ཆུ་གདུག་པའི་ས། །དུག་ཆུས་སྦྲུས་ལ་དེ་ཉིད་གཟུགས། །གང་དམིགས་བཅས་པ་སྔགས་ཀྱིས་གྲིལ། །གསོབ་དེ་བརྒྱངས་ལ་ཚ་བ་བསྐུ། །དྲག་སྔགས་ཚད་ལྡན་ལམ་ལ་གཞུག །


DNG016_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

གདུག་པ་གཟུགས་ཀྱི་ཆོ་འཕྲུལ་འབྱུང་། །ཐོད་པ་ངུར་མ་གཉིས་བཙལ་ལ། །དམེ་མནོལ་གྲི་ཁྲག་ཁ་མིག་བཏོད། །དུག་དང་སྨེ་བ་ལུད་ངན་བསྐུ། །གང་དམིགས་མིང་དང་ཕོབ་ཡ་གཞུག །མཁར་གྱི་དྲེས་དང་བང་འོག་སྦ། །ཐོད་པ་འཐབ་དང་རྒྱུག་པ་འབྱུང་། །ཁྲ་དང་འུག་པ་སྲིན་བྱའི་སྙིང་། །ཤ་ཁྲག་དང་བཅས་བག་ཟན་དུག །དགྲ་ཡི་ཁང་པར་ཚ་བ་སྦྱར། །མནོལ་ཁྲག་བསྐུས་ལ་བྱ་གཟུགས་བྱ། །གང་དམིགས་མིང་རུས་སྔགས་ཀྱིས་གྲིལ། །ཁྲི་བརྒྱད་བཟླས་ལ་ཞབས་མས་གཏུམས། །མཁར་གྱི་རྩེ་དང་སྐེད་དུ་སྦ། །བྱ་དེ་སྐད་འབྱིན་སྡེར་མཆུས་འཛིངས། །ལྟས་ངན་སྡིག་པའི་ཐན་སྐད་འབྱིན། །ལྟས་ངན་སྲོད་ཀྱི་སྨག་ལ་འབབ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་དྲག་སྔགས་འདི་བཏོན་ཏོ། །ཨེ་ཀ་ཧི་དུན་ཡང་ཨེ་ཨཾ་ཀ་དུན་མྱགས་རྔུབས་ཤག་མུག་ཏྲི་ལིང་སརྦ་སྤུ་རཾ་ལིང་སྦུར། ནཱ་ག་རཱ་ཛ་ཧ་ཡ་ཀ་པ་ཧ་ཧྱ་ཧ་ལ་ཧལ་ཀི་ལི་ཧས་ཕོབ། སྔགས་ཀྱི་རྒྱལ་པོ་གང་དམིགས་ལ། །ལུས་དང་ཡན་ལག་སྦྱོར་ཤེས་ན། །ལྟས་ངན་ཆོ་འཕྲུལ་དབབ་པར་བཤད། །དཔལ་ཚེ་བདག་གི་དགོངས་རྒྱུད་ནག་པོ་ལས། ལྟས་ངན་དབབ་པའི་ལེའུ་སྟེ་ཉི་ཤུ་དྲུག་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་དྲག་པོ་སྔགས་ཀྱི་ཡོན་ཏན་འདི་གསུངས་སོ། །ཨེ་ཡི་ཡེ་ཤེས་འདི་རྣམས་ཡི་གེ་ཡིན་ནམ་དཔྱད་ཡེ་ཤེས་ལས་བྱུང་བ། །དྲག་པོ་འཇོམས་ཤིང་སྲོག་སྙིང་སྡུད། །ལྷུན་གྲུབ་ཚེ་བདག་སྙིང་པོར་རྫོགས། །ཀ་ཡི་ཡེ་ཤེས་ལས་བྱུང་བ། །སྦྱོར་བ་ལས་ཀྱི་རྒྱལ་པོར་འདུས། །སྤྲུལ་པ་མགོ་དགུའི་སྙིང་པོ་རྫོགས། །ཡ་ཡི་ཡེ་ཤེས་ལས་བྱུང་བ། །ཡ་མ་ཐུགས་ཀྱི་སྙིང་པོ་སྟེ། །རླུང་གི་སྟོབས་ཀྱིས་འཕེན་ཞིང་འཕུལ། །མ་ཡི་ཡེ་ཤེས་ལས་བྱུང་བ། །བདུད་མོ་སྲོག་གི་སྙིང་པོ་ཡིན། །བསྐྱེད་དང་སྡུད་པའི་དབང་པོ་རྫོགས། །ཧེ་ཡི་ཡེ་ཤེས་ལས་བྱུང་བ། །དགྱེས་པའི་གར་དགུས་གདུག་པ་འཇོམས། །བྱ་ཁྱུང་རྒྱལ་པོའི་སྙིང་པོར་རྫོགས། །དུན་གྱི་ཡེ་ཤེས་ལས་བྱུང་བ། །སྲོག་དང་དབང་


DNG016_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལས་བསྡུས་ནས། །ལས་ཀྱི་ཚེ་བདག་སྲོག་བདུད་འཇོམས། །སྙིང་གི་ཡེ་ཤེས་ལས་བྱུང་བ། །གདུག་པ་གནས་སུ་འཇོམས་དང་འཕོ། །ཁྱུང་མོ་སྨུག་ནག་སྙིང་པོར་རྫོགས། །ཁྲག་གི་ཡེ་ཤེས་ལས་བྱུང་བ། །དྲེགས་པ་གནོད་སྦྱིན་གདུག་པ་འཇོམས། །གསང་བདག་རྡོ་རྗེའི་སྙིང་པོ་རྫོགས། །ར་ཡི་ཡེ་ཤེས་ལས་བྱུང་བ། །བསྲེག་ཅིང་སྐེམ་ལ་གནས་སུ་སྤོར། །ཞེ་སྡང་གདུག་པའི་སྙིང་པོར་རྫོགས། །མ་ཡི་ཡེ་ཤེས་ལས་བྱུང་བ། །ཕོ་ཉ་ལས་ལ་མངག་པ་སྟེ། །སྲིད་པའི་དབང་མོ་བདུད་མོར་རྫོགས། །ཙ་ཡི་ཡེ་ཤེས་ལས་བྱུང་བ། །སྣང་སྲིད་མདངས་བླ་བསྡུས་ནས་འཆང་། །སྲིད་པའི་རུས་སྦལ་སྙིང་པོར་རྫོགས། །ཡ་ཡི་ཡེ་ཤེས་ལས་བྱུང་བ། །ལས་ཀྱི་རླུང་གིས་འཕུལ་ཞིང་སྐྱོམ། །ཡ་མ་རཱ་ཙའི་སྙིང་པོ་རྫོགས། །མྱགས་ཀྱི་ཡེ་ཤེས་ལས་བྱུང་བ། །ཁམས་གསུམ་དབང་ལ་ལས་བསྒྱུར་བ། །རྔུབས་ཀྱི་ཡེ་ཤེས་ལས་བྱུང་བ། །ཚ་གྲང་ནད་སྨིན་འབྲས་བུ་རྒྱས། །མུག་གི་ཡེ་ཤེས་ལས་བྱུང་བ། །ཕོ་ཉ་ཤ་ཟ་རང་དབང་བསྒྱུར། །ཛཿཡིས་སྲེག་བྱེད་དྲོད་དབང་བསྒྱུར། །རཾ་གྱིས་སྦོར་བྱེད་དྲུག་དྲུག་བསྲེག །ཤ་ནི་སྲིན་པོས་བདེ་བར་སྒྲོལ། །རུ་ཡིས་ཆོས་ཉིད་གསལ་བར་བྱེད། །ཐུམ་གྱིས་ཆགས་སྡང་གནས་སུ་འཇོམས། །དཔལ་ཚེ་བདག་གི་དགོངས་རྒྱུད་ནག་པོ་ལས། སྔགས་ཀྱི་ཡོན་ཏན་གྱི་ལེའུ་སྟེ་ཉི་ཤུ་བདུན་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་སྲོག་དམར་ལེན་གྱི་རྩ་བ་འབྲུ་བཞིར་བསྡུས་པའི་སྦྱོར་བ་འདི་གསུངས་སོ། །དུར་ཁྲོད་དབེན་པའི་བདེ་གནས་སུ། །རང་སེམས་དབེན་པའི་མཚམས་བཅད་ལ། །དཔལ་བརྟུལ་དམོད་པའི་དྲག་སྔགས་བཟླས། །དུར་ཁྲོད་རྒྱུ་ལ་ཙཀྲ་བཅའ། །མུ་ཁྱུད་བཞི་དང་ལྡན་པར་བསྐོར། །ལྟེ་བ་གྲུ་གསུམ་མ་ར་ནྲྀ། །གཉིས་པ་རྒྱ་གྲམ་ཨེ་དུན་ཀ་ཡཾ་དགོད། །གསུམ་པས་མཚོན་ཆའི་རྩིབས་བརྒྱད་ལ། །སྲོག་ལ་དྲེང་དྲེང་སྲོག་ལ་གསུམ། །དུན་དུན་བཞི་ལ་སྲོག་ལ་རྦད་དང་ལྔ། །ཁཾ་ཤག་དྲུག་པ་ཙ་རྦད་བདུན། །སྲོག་ལ་ཞེས་པ་བརྒྱད་དུ་དགོད། །ཡང་


DNG016_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

ལོགས་ཆུ་ཡི་མུ་ཁྱུད་ལ། །གང་གྲུབ་བསད་སྔགས་ལྟོ་སྡེབས་དགོད། །ཐ་མའི་མཚོན་ཆའི་རྩིབས་བཅུ་ལ། །མྱོག་དང་རྦད་དང་ཁྱེར་དང་ཕྱུང་། །མུག་དང་ཏིང་དང་ལིང་དང་ཤག །ལོང་དང་རྦད་རྣམས་རྫོགས་པར་དགོད། །སྲིད་པའི་རུས་སྦལ་ལྟོ་ན་གནས། །ཁ་སྦྱར་རྫས་ཀྱི་སྦལ་པར་གཞུག །ཚོན་སྐུད་ལྔ་དང་ཕག་མོའི་ལྟོར། །གཟིར་ལ་མཆོག་ཕུར་སྙིང་གར་གདབ། །ཐོད་པ་བཅས་ལ་ཀླུ་ལ་གཟིར། །གཉན་དང་མཆོད་རྟེན་ནག་པོ་ལ། །གཏད་པའི་ལས་ཚོགས་གང་གི་ཚུལ། །ཉིན་མཚན་གསུམ་གྱིས་གང་བརྩམ་འགྲུབ། །ཁ་སོ་ཉིན་ཞག་ཕྲུགས་གཅིག་སྦྱར། །ཕྱག་རྒྱ་བསམ་གཏན་ཟིལ་གནོན་བསྒོམ། །རང་ཡང་རང་ལ་གབ་པར་བཤད། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་སྔགས་འདི་བཏོན་ཏོ། །ཨེ་དུན་ཀ་ཡཾ་དགྲ་བོའི་སྲོག་དྲེང་ནྲྀ་སྲོག་ལ་དུན་དུན། སྲོག་ལ་རྦད་ཁཾ་ཤག་ཙ་རྦད། སྲོག་ལ་མྱོག་རྦད་ཁྱེར་ཕྱུང་མུག་ལིང་ཤིག་ཤོད་རྦད། སྦྱོར་བ་ཀུན་གྱི་མཆོག་བསྡུས་པའི། །ལས་ཀྱི་རྩ་བ་དྲིལ་བར་གསུངས། །སེམས་ཀྱི་དྲོད་བརྟག་རྨི་ལམ་མིན། །སྐུ་ཡི་ཕུང་པོ་གནས་སྦྱངས་ནས། །རིན་ཆེན་རྒྱལ་བར་ཐུགས་འཕང་སྟེ། །གཉིས་སུ་མེད་པའི་རང་རིག་གསལ། །རང་བྱུང་ཡེ་ཤེས་རང་འབར་བའོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་སྲུང་བ་འདི་གསུངས་སོ། །རིག་པ་གཉིས་མེད་དོན་གསལ་བའི། །རང་རིག་རྡོ་རྗེའི་ཕྱག་རྒྱར་གསལ། །སྐུ་གསུམ་བདེ་བའི་རིག་པ་རྫོགས། །སྒྱུ་མའི་ཡེ་ཤེས་རང་ཤར་བའི། །དོན་གྱི་མན་ངག་དྲག་པོའི་སྔགས་རྒོད་ལ། །བསད་གསོ་དབབ་བཅད་ལྟས་ངན་ཐོག་སེར་ལས། །ཀུན་འདུས་རྣམ་རྟོག་ཆེན་པོ་རང་ལས་འབྱུང་ཞིང་འཆར། །དེ་ཡི་སྦྱོར་བ་དྲག་པོ་ལྔ་དང་ལྡན། །ལྔ་ཡི་མཆོག་ཏུ་སྙིང་པོ་དོན་གྱི་ལས། །དེ་ལས་འབྲུ་བཞི་འབྲུ་བརྒྱད་རྩ་བའི་སྔགས། །འབྲུ་བཞི་གསད་གསོ་ལས་འདི་སྲུང་བའི་མཆོག །དྭངས་མ་བཞི་ཡི་རྩ་ལས་ཡེ་ཤེས་བཞི་ཤར་བ། །དུག་ལྔའི་ལས་དང་གདུག་པའི་སྦྱོར་བ་ཀུན་འཇོམས་


DNG016_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །དེ་ཡི་སྦྱོར་བ་རྒྱས་པ་འདི་ལྟ་སྟེ། །དུར་ཁྲོད་རས་སམ་ཤོག་བུ་གྲུ་བཞི་ལ། །སྦྱར་བ་ལྔ་དང་ཚ་བ་དུག་ཆུའི་བརྒྱངས། །ལས་ཀྱི་འཁོར་ལོ་མུ་ཁྱུད་བཞི་རུ་བསྐོར། །དབུས་སུ་གྲུ་གསུམ་ཟླ་གམ་གསུམ་དང་ལྡན། །དེ་ཡི་ཕྱི་རིམ་རྒྱ་གྲམ་རྭ་བཞི་བྱ། །ཡང་ལོགས་མུ་ཁྱུད་ཟླུམ་པོ་ཆུ་ཡི་རིས། །ཐ་མར་རྩིབས་ཆེན་བཅུ་གཉིས་རྩེ་མོ་ནང་དུ་བསྟན། །སྲིད་པའི་ཁྱམས་ཁང་ཕག་མོའི་ལྟོ་བར་བཅའ། །དེ་ལ་གནས་ཤིང་དགོད་པའི་རིམ་པ་ནི། །གྲུ་གསུམ་གང་གནོད་མིང་དང་སྙིང་པོ་བྲི། །ཟླ་གམ་གསུམ་ལ་སྡོད་སྟོངས་ཀྱང་པའི་མིང་རྣམས་བྲི། །རྒྱ་གྲམ་རྭ་བཞིར་རྩ་བའི་འབྲུ་བཞི་དགོད། །ཆུ་རི་མུ་ཁྱུད་རྦོད་གཏོང་གདུག་པའི་མིང་། །བཅུ་གཉིས་རྩིབས་ལ་གཅོད་ཅིང་གཟིར་བའི་སྔགས། །བཀོད་ལ་ཁ་སྦྱར་དར་དང་སྔོ་དམར་བསྡམས། །ཐོད་པ་དུར་མར་བཅུག་ལ་གྲུ་གསུམ་རྩར་བཅས་བརྣག །ཕྱག་རྒྱ་ཟིལ་གནོན་གསལ་བས་ཞག་ལྔ་དྲག་ཏུ་གཟིར། །ལིངྒའི་སྙིང་གར་མཆོག་གི་ཕུར་པ་གདབ། །དྲག་ཏུ་བསྐུལ་ཞིང་དམིགས་པ་དུད་པས་བདུག །ཕྱིང་པས་བཀབ་ལ་ཡུངས་ཀར་བྲབ་ལ་བཀྲུ། །ལས་དེ་ཐོན་ནས་བཀའ་རྟེན་འོག་ཏུ་མནན། །ཀླུ་དང་ས་བདག་གཉན་དང་ལྷ་གདོན་དང་། །གཤིན་རྗེ་མ་མོ་ཞི་ཁྲོ་ཕུར་པ་ཁྱུང་། །དྲེགས་པ་ཅན་དང་བོན་པོའི་རིགས་གཉིས་འཛིན། །བདུད་དང་མུ་སྟེགས་བཙན་དང་རྒྱལ་པོ་དམུ། །ཐེ་བྲང་གཤིན་རྔོག་ཕུང་བདག་རིག་འཛིན་སྲི། །རང་རང་མིང་དང་སྙིང་པོ་སྦྱར་བས་བཅད། །དྲག་སྔགས་སྦྱོར་བ་ལ་སོགས་བརྒྱད་དུ་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་དྲག་སྔགས་འདི་བཏོན་ཏོ། །ཨོཾ་ཧེ་ཨ་དུན་ཀ་ལ་ཡང་དུན་ཀ་ཡཾ། སརྦ་ཙིཏྟ་རོ་མྱགས་ཁ་ཐཾ་འདྲིད་ཕྱུང་ཤག་རྦད། སྲོག་ལ་དྲེང་དྲེང་ཤག་དུན་དུན་ཨེ་ཡེ་བར ། ཡ་མ་ཧུར་ཐུཾ་ཛ་ཛ། ས་ནཱ་ག་སྙིང་གཟེར་སྦུར་ནན། ཁཾ་ཤག་རྩ་ལ་རྦད། ས་ནཱ་ག་ཛ། ས་ནཱ་ག་ཐུཾ། ས་ནཱ་ག་རྦད། ས་ནཱ་ག་ཙིཏྟར་མ་ཐུན་རྦད། ཁཾ་ཛྭ་ལ་རམ་སརྦ་ཤ་ཏྲུཾ་ནན། འདྲེད་ཡཾ་བཟློག་སྦུར་ནན། ཏྲིག་ནན། ཨེ་ཀ་ཡ་མ་ཤིག་འདྲིད་ཕྱུང་། ཁཾ་ཤག་ཏྲིག་ནན། སྦུར་ནན། སརྦ་ཤ་ཏྲུཾ་སྟྭམྦྷ་ཡ་ནཱན་ཤ་རྦད། འདི་དག་སྦྱོར་བ་དམ་པ་སྟེ། །ལས་རྣམས་ཀུན་གྱི་རྩ་བར་བཤད། །དཔལ་ཚེ་བདག་གི་


DNG016_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་རྒྱུད་ནག་པོ་ལས། དམར་ལེན་འབྲུ་བཞི་རྩ་བའི་ལེའུ་སྟེ་ཉི་ཤུ་བརྒྱད་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཐོག་སེར་གྱི་སྦྱོར་བ་འདི་གསུངས་སོ། །ཨེ་མའོ་གསང་བའི་ལམ་ཅན་འདི། །སངས་རྒྱས་ཀུན་གྱི་དགོངས་པ་འདི། །ཆོས་ཉིད་ཉེ་བར་གཏན་ལ་འབེབས། །ཡེ་ཤེས་ཉི་མ་རང་ལས་འཆར། །འདི་ལ་གནས་ཤིང་བསྲུང་བ་ནི། །རྒྱུད་ཀྱི་རྒྱལ་པོ་འཛིན་པ་དང་། །འཆང་ཞིང་རབ་ཏུ་རྟོགས་པ་ལ། །བཀའ་ཡི་བྱིན་རླབས་ཤུགས་ལས་འབྱུང་། །དེ་དོན་རྒྱས་པ་འདི་ལྟ་སྟེ། །གཉན་ར་འདུག་པའི་བདེ་གནས་སུ། །དཔའ་བརྟུལ་སྔགས་ཀྱི་འཁོར་ལོ་བཅའ། །དུར་ཁྲོད་གནས་ནས་དཔའ་བོ་ཡིས། །གོས་སུ་བཅའ་བའི་རྒྱུ་བླངས་ལ། །གོས་ལ་སྨེ་བས་ཐོད་པ་བྱ། །དེ་ལ་བོད་པའི་འཁོར་ལོ་བྲི། །ཐིག་སྐོར་རིམ་པ་བཞི་རུ་བསྐོར། །དབུས་སུ་ཕོ་བྲང་ཟླུམ་པོ་ལ། །གདུག་པའི་གཟུགས་དང་ཡུལ་གྱི་མིང་། །སེར་བ་དྲག་ཏུ་ཕོབ་ཅེས་བྲི། །ཟླ་གམ་གསུམ་པ་སེར་སྲུང་དང་། །ཡུལ་ལྷའི་སྦྱོར་བ་གཞོམ་པ་བྲི། །ཕྱི་རིམ་རྡོ་རྗེ་རྒྱ་གྲམ་བྲི། །རྩ་བའི་དྲག་སྔགས་འབྲུ་བཞི་དགོད། །ཡང་ལོགས་རྩིབས་ཆེན་བཅུ་གཉིས་ལ། །ཆུ་དྲིལ་ཟོར་གྱི་དབབ་པ་དགོད། །ཐ་མའི་རྩིབས་ཆེན་བཅུ་དྲུག་ལ། །ཐབས་དང་དྲག་པོ་གཟིར་བ་ཡིས། །ལོ་ཏོག་གཞོམ་པའི་སྤུ་གྲི་དགོད། །ཁ་སྦྱོར་ཚོན་སྐུད་བརྐྱང་པས་སྔགས། །ཐོད་ཆེན་སྤྱང་སྦྲུག་ས་ཤུན་དུ། །གཅོད་པའི་འཁོར་ལོ་ཚ་ར་གཞུག །གྲི་ཁྲག་ཁྱི་ཁྲག་རྟ་ནག་ཁྲག །དོང་བུར་སྔགས་བསྡིམ་ཟོར་དུ་འབར། །སྔོ་སྣ་ནལ་ཁྲག་དུག་སྣ་ཞོ། །ཞབས་མར་སྔགས་བསྡིམ་ཐལ་གྱི་རྫས། །ལྕགས་ཕུར་སེང་ལྡེང་རྫས་རྒོད་རྣམས། །དུག་གིས་ངར་བླུད་དྲག་སྔགས་དཀྲུག །སྤོགས་པ་དྲག་པོས་གཟིར་བའི་རྫས། །དགུན་ཟླ་གསུམ་ལ་ཉིན་ཞག་གཅིག །ཆུ་དྲིལ་ཁྲི་ཚོ་ཞིབ་ཏུ་བསྡིམ། །དཔྱིད་ཟླ་གསུམ་ལ་ཟོར་དྲིལ་བརྡེག །ཞག་རེ་དོང་དུ་རྦོད་པར་བསྡིམ། །དབྱར་ཟླ་གསུམ་གྱི་ཉ་སྟོང་ལ། །ཞག་གསུམ་ཉ་ལ་གཏའ་མ་གཞུག །ཡུལ་དབུས་ཀླུ་དང་ལྷ་རྟེན་ལ། །ཐོད་ཆེན་སྤྱང་ཐོད་སྦྲུལ་གཞུག་དང་། །སྟོན་ཟླ་ཉ་སྟོང་རྣམས་བཟློག་བརྡེག །བརྒྱ་པ་བཅུ་པར་ཁྲག་ལ་བསྡིམ། །


DNG016_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་གི་བར་དུ་རྫས་རྣམས་བསྡིམ། །ཁྲི་བར་ཕུར་པ་དགུག་རྫས་བསྡིམ། །དྲག་སྔགས་རྣལ་བཟློག་འབྱུང་བ་དཀྲུག །ཟོར་དྲིལ་ཐབ་དང་གཟིར་ལས་སྦྱར། །དེ་ཡིས་ཐམས་ཅད་མ་ལུས་འཇོམས། །སྨན་དང་རྩི་ཤིང་ལོ་ཏོག་ལ། །དྲག་པོ་གནམ་ལྕགས་སེར་བ་འབེབས། །ཚེས་བརྒྱད་ས་སྲོས་བཞི་ཡི་འཇིང་། །ཉ་ཡི་སྲོད་འཁོར་བཅུ་གཅིག་ཡོལ། །ཉི་ཤུ་དགུ་ཡི་མདུང་གང་ལ། །དབབ་པ་གསུམ་པའི་སྦྱོར་བ་བརྩམ། །གྲུབ་ན་གཏའ་མ་གདུགས་ཀྱི་གསོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་དྲག་སྔགས་འདི་བཏོན་ཏོ། །ཨེ་དུན་ཀ་ཡཾ། ཨཱུ་ཁཾ་པྲོཾ་པྲོཾ་ཧྲི་ལ་ཕོབ། ཤར་ཤར་ཧྲིལ་དྲག་ཏུ་ཕོབ། ཡཾ་ཀ་དུན་ཏེ། པྲོཾ་ཤར་ཧྲིལ་བྷྱོ། ཀ་དུཾ་རཾ་ཕོབ་ཀ་ཨེ་ཡཾ་དུན་ནཱ་ག་སྙིང་གཟེར་པྲོཾ་ཡ་ཧྲིལ་ཤར། ཆུ་མིག་ལྷ་རྟེན་ལ་དམིགས་ཤིང་། །ཟོར་ཐབ་སྦྱོར་བ་ཐོད་པ་ཟངས། །མི་ལག་མི་སོག་ཐལ་འཇིམ་ཟོར། །གཟུགས་བརྙན་གཉིས་པར་རྟེན་བཞག་ལ། །འབྱུང་བ་དཀྲུགས་ལ་ཁྲི་བཞི་བསྡིམ། །གར་དམིགས་ཀླུ་གནས་ཕུར་པ་གདབ། །ཆུ་རྒོད་དྲག་པོ་རི་བསྙིལ་འདྲ། །རང་ཡང་རང་ལ་གབ་པར་བཤད། །དེ་ནས་བཅོམ་ལྡན་འདས་ཀྱིས། དྲག་པོ་གནམ་ཐོག་འཕང་བའི་སྦྱོར་བ་འདི་གསུངས་སོ། །དེ་བཞིན་གནས་དང་མཚམས་བཅད་ལ། །ཐོག་རྒོད་གྲི་ཐོག་ཉམས་ཅན་དུ། །མེ་ལོང་གསེར་དང་ཐོག་ལྕགས་ཟངས། །རྡོ་ནག་ཡུངས་ཀར་རྒྱལ་པོ་སྤུངས། །རྟ་ནག་རབས་ཆད་ཁྱི་ནག་ཁྲག །དུག་སྣ་དང་བཅས་སྟེང་འོག་རྟེན། །ཡུལ་དང་བཅས་པའི་མིང་རུས་ཁམས། །ལིངྒ་རྟེན་དང་རྒྱ་གྲམ་དབུས། །ཐིག་སྐོར་རྩེ་མོ་དྲུག་པ་བྲི། །རྒྱ་གྲམ་འབྲུ་བཞི་སྔགས་ཀྱི་ལུས། །ཐོད་སྐོར་སྤུ་གྲི་ཚན་རེས་དགང་། །གསེར་ཐོག་གཞུ་དང་སྤེལ་དང་གཅག །འཕངས་པ་བསྲུང་དང་གཅུན་ལ་དབབ། །གསེར་གྱི་མི་འགྱུར་བརྟན་པའོ། །སྤོས་དང་བདུད་རྩིས་བསངས་ལ་བཀྲུ། །དྲག་སྔགས་འཁོར་ལོ་བསྐོར་ལ་གཞུག །དྲི་མདའ་དུག་མདའ་ལྟས་ངན་མདའ། །བཅས་ལ་གསེར་བླུགས་དགྲ་ལ་འཕང་། །ཉ་དང་ཉི་ཤུ་དགུ་ལ་ཤིས། །སྔགས་པ་ཟིལ་གནོན་ཕྱག་རྒྱར་གསལ། །


DNG016_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ལ་ཡེ་ཤེས་འཁོར་ལོ་བཅའ། །འཁོར་ལོ་བསྲུང་བའི་དྲག་སྔགས་སྤྲོ། །ཆེ་བའི་ང་རྒྱལ་དྲག་པོས་བསྐུལ། །སྔགས་ལ་ལྟས་ངན་ཏྲི་མདའ་སྦྱར། །དུག་མདའ་ཐོག་རྒོད་གཅུན་དང་སྡེབ། །གནམ་ཐོག་ཆེན་པོ་རང་འདོད་དབབ། །སྦྱོར་བའི་རྒྱལ་པོ་ཁོང་དུ་གཞུག །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་དྲག་སྔགས་འདི་བཏོན་ཏོ། །ཨེ་དུན་ཀ་ཡཾ། རཾ་ཐུན་རོ་མྱག་ཛྭ་ལ་རཾ་ཁཾ་རཾ། རཾ་ཐུན་མཱ་ར་ཡ་ནྲྀ་ཛ་ཁཾ་ཁྱེར་ལཾ་རཾ། རག་ཐུཾ་རོ་མྱག་ཁས་རྦད། ཨེ་ཡཾ་ཁཾ་རཾ་ཏྲག་ཆེམ་སྲོག་ལ་ཐུན་བྷྱོ། སརྦ་ཙིཏྟ་སྦུར་ནན་ཁམ་ཤག་རྦད་བྷྱོ། དགྲ་བོའི་སྲོག་ལ་ཧུར་ཐུཾ་ནན་འདྲིད་རྦད། སརྦ་ཤ་ཏྲུཾ་ཧྲི་མྱགས་རྦད། ཁ་ཐཾ་བྷིག་ནན། ལས་འདི་སྣང་སྣང་བྱ་བ་མིན། །ཐོག་སེར་སྐྱིན་ཐང་སྦྱོར་བར་བཤད། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ལྟས་ངན་གྱི་སྦྱོར་བ་འདི་གསུངས་སོ། །སྤྲེལ་དང་བྱི་ལ་ཝ་ཐོད་དང་། །སྦྲུལ་དང་སྲིན་བྱ་ཕག་ཤ་དང་། །གཟུགས་དང་མིང་རུས་བཅས་ལ་བཅའ། །དྲག་སྔགས་ཁྲི་བདུན་དུག་ཆུ་བསྐུ། །ཚེས་བརྒྱད་སྲོད་ལ་མཁར་ལ་གཞུག །གཟུགས་རྣམས་འཐབ་ཅིང་སྒྲ་འབྱིན་དུ། །སྦྱོར་བ་སྨིན་ནས་རྟེན་རྣམས་གདོན། །དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་དྲག་སྔགས་འདི་བཏོན་ཏོ། །ཨེ་དུན་ཀ་ཡཾ་རུ་སྡི་ནན་དུ་ཏིང་ཧས་ཕོབ། ལས་ཀྱི་རྒྱལ་པོ་འབྲུ་བཞི་ཡིས། །འབྱུང་བ་བཞི་དཀྲུག་དྭངས་མ་སྡུད། །ཡེ་ཤེས་བཞི་ཡི་ཐིག་ལེ་རྫོགས། །སྔགས་ཀྱི་འོད་ཟེར་འཕོ་ཞིང་འདྲིལ། །ཀུན་གྱི་རྩ་བ་དྲིལ་བར་བཤད། །དཔལ་ཚེ་བདག་གི་དགོངས་རྒྱུད་ནག་པོ་ལས། ཐོག་སེར་སྦྱོར་བའི་ལེའུ་སྟེ་ཉི་ཤུ་དགུ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་རྒྱུད་ཀྱི་དོན་འཁོར་ལ་གདམས་པ་འདི་གསུངས་སོ། །རྒྱུད་ནི་འདྲེལ་པ་གསུམ་དང་བཅས། །ཆོས་དང་ཆོས་ཅན་ཉིད་གཅིག་པ། །ཡུལ་སེམས་གཉིས་འཛིན་རང་སྣང་ཤུགས། །ལྟ་སྤྱོད་མན་ངག་ཐབས་ཅིག་དང་། །གཞི་ལམ་འབྲས་བུ་རོ་གཅིག་གནས། །འཁོར་འདས་སྣང་སྲིད་དོན་ལ་གཅིག །བདེ་དང་སྡུག་བསྔལ་རྒྱུ་མཐུན་འདས། །རང་


DNG016_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་བདག་ཉིད་ངང་དུ་རྫོགས། །བདེ་བ་ཉམས་དང་འོད་གསལ་རོ། །སོ་མ་ལྷུག་པ་རྫོགས་ཏེ་གནས། །ཐབས་དང་ཐབས་ཉིད་ཐབས་བསམ་ཡས། །བྱ་བ་མེད་པར་རང་ཤར་འདི། །ཨ་དང་ཡང་དག་སྒྱུ་མར་སྦྱར། །ཨེ་དང་སྐྱེ་བའི་ཆོ་འཕྲུལ་རྫོགས། །མ་སྐྱེས་སྐྱེ་བ་གནས་ལས་འདས། །སྐྱེ་འཇིག་འགག་པ་སྟོང་བདག་མེད། །བདེ་བའི་ཡེ་ཤེས་རོ་ཉིད་མཉམ། །རྒྱུད་ཀྱི་རྒྱལ་པོ་འཛིན་པ་དང་། །མཉམ་པའི་དོན་ལ་དྲོད་ལེན་པ། །སངས་རྒྱས་ཉིད་དང་སྐལ་བ་མཉམ། །འདི་ལ་ཡུན་གྱི་དོན་ལྡན་པས། །ཆེ་བས་ཆེ་བའི་ཡོན་ཏན་རྫོགས། །རང་ལུས་རྡོ་རྗེ་སེམས་དཔའ་མེད། །ཡན་ལག་རྡོ་རྗེ་སྟོང་བདག་མེད། །སྟོང་པ་ཉིད་ལས་གཞན་མེད་པས། །སྙིང་པོ་དོན་གྱི་སྦྱིན་པ་ཡིན། །སྦྱོར་དང་སྦྱོར་བ་རང་བཞིན་པས། །རང་ཉམས་བདེ་བའི་སྦྱོར་བར་བཤད། །འདི་དེ་བདེ་དང་སྨིན་པའི་མཆོག །ཟུང་དུ་ཟུངས་མཚམས་ཀུན་སྤངས་ཏེ། །ཡོན་ཏན་མ་ལུས་ཀུན་ལྡན་པའི། །འདི་ལ་འཇིག་རྟེན་དངོས་གྲུབ་མཆོག །མ་ལུས་འབྱུང་ཕྱིར་སྙིང་པོའི་དོན། །རྒྱལ་བ་ཀུན་གྱི་ཐིག་ལེ་ཅན། །ང་ཡི་འཕྲུལ་གྱི་དགོངས་པ་འདི། །བཀའ་ཡི་བསྟན་པ་མ་ལུས་ཀྱི། །སྙིང་པོ་མཆོག་དང་དོན་ཟབ་པས། །རྒྱལ་བའི་དགོངས་པ་དྲིལ་བ་ཡིན། །ང་ཡི་སྦྱོར་བ་མེ་ལྕེ་འདི། །ཁྲོ་ཚོགས་གང་གི་སྟོབས་བསྡུས་ཡིན། །ང་ཡི་སྟོབས་ཀྱི་དྲག་སྔགས་འདི། །བགྲོད་པ་ཐོབ་པའི་གོ་མཚོན་མཆོག །ང་ཡི་གསང་བའི་སྒྲོན་མ་འདི། །མ་རིག་འཁར་བའི་བདེ་ལམ་ཡིན། །འདི་ལ་གནས་ཤིང་བསྒྲུབ་པ་དང་། །འདོད་པའི་དངོས་གྲུབ་ལེན་པ་དང་། །ཕྱག་རྒྱ་ཆེན་པོ་རབ་སྦྱོར་བ། །འབྲས་བུར་ངེས་པའི་ཐབས་སུ་བཤད། །མཉམ་པའི་རྒྱལ་པོར་རྒྱས་པར་བསྔགས། །གསང་བའི་བདག་པོར་ལེགས་གསུངས་པའི། །ཉེ་བར་གྱུར་པའི་རྒྱུད་འདི་ལ། །བགྲོད་པའི་སྟོབས་ཀྱིས་གང་ལེན་པ། །སངས་རྒྱས་ཀུན་གྱི་དགོངས་པ་འཛིན། །རྣལ་འབྱོར་བདེ་བའི་ལམ་ཅན་ལ། །ང་ཡང་དམ་ལས་མི་གཡེལ་བསྲུང་། །སངས་རྒྱས་ཀུན་གྱིས་བསྔགས་པ་ཡིན། །
དོན་གཉིས་མངོན་དུ་སྤྱོད་པའི་ཕྱིར། །ཚད་མ་བཞི་ཡིས་རབ་བརྟགས་པའི། །དོན་གྱི་དགོངས་པ་འདུས་པ་འདི། །རྩོལ་དང་བསྒྲུབ་པའི་མཐའ་ལས་འདས། །འཕྲོ་འདུ་སྦྱོར་བའི་གཡང་ས་བཅད། །རྒྱུ་རྐྱེན་བགྲོད་པའི་སར་མ་ལྷུང་། །རྫས་དང་རྟགས་ལ་རྟེན་མི་འཆའ། །མཆོད་དང་ཐུགས་དམ་བསྐང་མི་དགོས། །ཐམས་ཅད་ངོ་བོ་མ་བཅོས་པ། །ཁོ་ན་ཆོས་ཉིད་གཅིག་པ་ལས། །ལྷུན་གྲུབ་རང་བྱུང་ལོངས་སྤྱོད་སྐུ། །ལས་དང་སྦྱོར་བ་སྣ་ཚོགས་སྤྲུལ། །སྐུ་གསུམ་མ་བཙལ་བགྲོད་ཐོབ་མེད། །དེ་དག་ཆོས་ཉིད་རོལ་པའི་རྒྱ། །ཆོས་ཉིད་རིག་པ་རང་བྱུང་དཔལ། །ཡེ་ཤེས་ཆེན་པོ་རང་གསལ་བ། །འཁོར་འདས་དབྱིངས་དང་ཡེ་ཤེས་གསལ། །ཡུལ་སེམས་གཉིས་འཛིན་འཁྲུལ་པས་གོལ། །ངོ་བོ་མི་དམིགས་གཉིས་ཀྱིས་དབེན། །སྣང་སྟོང་གཉིས་མེད་ཡེ་ཤེས་སྐུ། །འཛིན་རྟོག་མཐའ་གཉིས་རང་བཞིན་མེད། །མེད་པའི་ངང་ལས་སྙིང་པོ་གནས། །སྒྱུ་མ་ལྷུན་གྲུབ་ཡུལ་ལ་རོལ། །འཁོར་བ་མ་སྤངས་རང་སར་གསལ། །གསལ་བ་མཚན་ཉིད་ལྷུན་གྱིས་གྲུབ། །འདི་དེ་བདེ་དང་སྨིན་པའི་ལས། །སངས་རྒྱས་གསུང་གི་ཟབ་མོ་གནས། །ཆེ་བས་ཆེ་བའི་ཡོན་ཏན་ལྡན། །མོས་དབང་སྤྱོད་པའི་རྣལ་འབྱོར་རྣམས། །བགྲོད་པ་དབང་གི་ཕྱག་རྒྱར་བཏབ། །རིག་པའི་བརྡ་ཡིས་མེད་ཅིང་བསྙད། །རྡོ་རྗེ་སྟོང་བདག་ཆེ་བར་གནས། །སེམས་ཅན་སངས་རྒྱས་མ་ལུས་ཀུན། །རྒྱུད་འདི་བཟུང་ཞིང་བསྟན་པར་བྱ། །བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་འཁོར་ཐམས་ཅད་རྗེས་སུ་ཡི་རངས་ནས་མངོན་པར་བསྟོད་དོ། །དཔལ་ཚེ་བདག་གི་དགོངས་རྒྱུད་ནག་པོ་ལས། རྒྱུད་གཏད་པའི་ལེའུ་སྟེ་སུམ་ཅུ་པའོ།། །། རྒྱུད་ཀྱི་སྙིང་པོ་དམ་པ་ཞེས་བྱ་བ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་གཅིག་ཏུ་བསྡུས་པ་ལྷའི་ཡུལ་དུ་གྲགས་པ་རྫོགས་སོ།། །།

འཇམ་དཔལ་གཤིན་རྗེ་འཁྲུལ་འཁོར་ནག་པོ་སྡིག་པ་སྙིང་འཛིངས་གསང་བའི་རྒྱུད།


DNG016_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། མཉྫུ་ཤྲཱི་ཡ་མ་ཡནྟྲ་ཀཱ་ལ་བིཙྪ་ཧྲྀ་ད་ཡ་ཀཱི་རྞ་གུ་ཧྱ་ཏནྟྲ། བོད་སྐད་དུ། འཇམ་དཔལ་གཤིན་རྗེ་འཁྲུལ་འཁོར་ནག་པོ་སྡིག་པ་སྙིང་འཛིངས་


DNG016_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བའི་རྒྱུད། བཅོམ་ལྡན་འདས་འཇམ་དཔལ་འཇིགས་བྱེད་ཆེན་པོ་ཡ་མཱནྟ་ཀ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཀློང་། མཐའ་དབུས་མེད་པའི་ཕོ་བྲང་ན། རྒྱ་ཡོངས་སུ་མ་ཆད་པའི་ཡེ་ཤེས་ལྷུན་གྱིས་གྲུབ་པའི་གཞལ་ཡས་ཁང་ན། བཅོམ་ལྡན་འདས་སྐུ་གསུང་ཐུགས་རྡོ་རྗེའི་བདག་ཉིད། སངས་རྒྱས་ཀུན་གྱི་ངོ་བོ་རྡོ་རྗེ་འཆང་ཆེན་པོས། སངས་རྒྱས་ཀུན་གྱི་རང་བཞིན་ཆོས་ཉིད་ཅི་ཡང་མ་ཡིན་པ་ཞེས་བྱ་བ་མཉམ་པ་ཆེན་པོའི་ངང་ལ་སྙོམས་པར་ཞུགས་སོ། །དེ་ཉིད་མ་བསྒྲིབས་ཀྱི་དབྱིངས་ལ་གནས་པའི་ཡེ་ཤེས་དང་། ས་དང་ལམ་ལ་གནས་པ་རྣམས་དང་། ལྷ་དང་མཁའ་འགྲོ་རིག་པ་འཛིན་པ་རྣམས་དང་། འཇིག་རྟེན་ལས་འདས་པའི་ཡེ་ཤེས་པ་དང་། འཇིག་རྟེན་དྲེགས་པའི་གཙོ་བོ་རྣམས་དང་ཐབས་གཅིག་ཏུ་བཞུགས་སོ། །དེའི་ཚེ་དེའི་དུས་ན་འཁོར་དེ་དག་གི་ནང་ནས་རྡོ་རྗེ་སྙིང་པོ་ཞེས་བྱ་བ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ལ་གསོལ་པ། ཀྱེ་ཧོ། སངས་རྒྱས་ཀུན་གྱི་རང་བཞིན་རྡོ་རྗེ་འཆང་། །ཆོས་སྐུ་ཐུགས་རྗེ་ཆེན་པོས་ཀུན་ཁྱབ་ཀྱང་། །མ་རྟོགས་སེམས་ཅན་ཐུགས་རྗེས་བསྒྲལ་བའི་ཕྱིར། །མི་རྟོག་དབྱིངས་ལས་རྫོགས་པའི་སྐུར་བཞེངས་ལ། །མཉམ་པའི་ངང་ལས་འགྲོ་བའི་དོན་མཛོད་ཅིག །ཅེས་གསོལ་པས། དེ་ནས་བཅོམ་ལྡན་འདས་ཉིད་མི་རྟོག་པའི་དབྱིངས་ལས་རོལ་པ་ཆེན་པོའི་ཐུགས་རྗེའི་ཆགས་པས་སྐུར་བཞེངས་ཏེ། དྲེགས་པ་ཅན་དབང་དུ་བསྡུ་ཞིང་འདུལ་བའི་ཕྱིར། ཕྱག་རྒྱ་ཆེན་པོ་ཟིལ་གྱིས་གནོན་པའི་སྐུར་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། གསང་སྔགས་འདི་དག་ཆེད་དུ་གསུངས་སོ། །ཨྱེ་ཨྱེ་ཨྱེ། ཨ་ཀྲོ་ཏེ་ཀ །ཡ་མཱནྟ་ཀ །ཡ་མ་ཡེ། ཀཱ་ལ་རཱུ་པ། ཀ་པ་ཡེ། ཧྲི་སྡི། ཨ་པ་ཡེ། ཨ་ཨ་ནེ། ཨ་ནེ། ཨུ་ཨུ་ནེ། ཨུ་ནེ། དུ་དུ་ནེ་དུ་ནེ། ཨ་ཨཱིཾ། ཨུ་ཨེ། ཨོ་ཨཾ། ར་རཱི། ལ་ལཱི། དུ་དུ་ཡེ། བྱ་ཙ་ཡེ། སིངྷ་ཡེ། ཧྲི་ད་ཡེ། བྷི་ད་ཡེ། ཙིཏྟ་ཡེ། ཧ་ལ་ཡེ། མུ་ཁ་ཡེ། ཨཱུ་ཨཱུ་ནེ། ཨཱུ་ཨཱུ་ནེ། བྱི་ཀྲི་ཏ། ཨཱ་ཨཱ། ནཱ་ནཱ། ཡ་མ་ར་ཙ། ཡ་མ་རཀྴ། ཡ་མ་ར་ག་ཨ། ཡ་མ་རཀྵ། བེ་ཏཱ་ལི་ཀྲོ་དྷཱི་ཤྭ་རཱི། མ་མ་ཨེ་ཀ་ཛ་ཏི། དམ་ཁ་


DNG016_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བམ་རིལ། རུ་ལུ་རུ་ལུ་ཤྲཱི་བཛྲ་ཀྲོ་ཏ། ཡ་མ་ཀརྨ་རོ་ཥ་ཎ་ཀྲོ་དྷ་ཙནྡྷ། རག་ཤ་མོན་ཏ། ཨ་མུ་ཀ །མྱགས་ཐུཾ་རིལ་ཏྲིག་ནན། སྦུར་ཡ་ནན། ཨེ་ཧུར་ཐུཾ་ཛ། ཁཾ་ཤག་རོ་མྱགས་མུག་ཏི་རྦད་ཡ། ཞེས་གསུངས་པས་ནམ་མཁའ་ཉིད་གྲུ་གསུམ་མཐིང་ནག་ཏུ་གྱུར་ཏོ། །རླུང་རྡོ་རྗེ་རྒྱ་གྲམ་ཕྱོགས་བཅུར་འཐོར་རོ། །རཀྟའི་རྒྱ་མཚོ་འཁྲུག་གོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་འུར་འུར་དང་ཆེམ་ཆེམ་དང་རབ་ཏུ་འགུལ་ལྡེག་གོ། །དེའི་ཚེ་དེའི་དུས་ན་འཁོར་ཐམས་ཅད་བརྒྱལ་ཏེ། ལུས་ས་ལ་རྡེབས་ཤིང་དྲན་པའི་དབང་པོ་ཉམས་སོ། །དེ་ནས་ཡང་རྡོ་རྗེ་སྙིང་པོས་གསོལ་པ། ཀྱེ་མ་ཧོ། འཇིགས་བྱེད་ཆེན་པོ་ལགས། མཉམ་པའི་ངང་ལས་འཇིགས་པའི་སྐུར་ཁྲོས་ཏེ། །གསང་སྔགས་གསུང་གི་ངོ་བོ་ཆེད་དུ་གསུང་། །འཇིག་རྟེན་ཁམས་རྣམས་རབ་ཏུ་ཆེར་གཡོས་ཏེ། །འཁོར་ཚོགས་འདུས་པའི་སྲོག་དང་བྲལ་དུ་ཉེ། །ཐུགས་རྗེ་ཉི་མ་ལྟ་བུར་དབུགས་དབྱུང་ཕྱུང་། །དཀྱིལ་འཁོར་ཆེན་པོ་བསྐྲུན་པར་ཕྲིན་ལས་བསྒོ། །ཞེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དབུགས་དབྱུང་བའི་ཏིང་ངེ་འཛིན་ལ་ཞུགས་ནས། འཁོར་ཐམས་ཅད་བརྒྱལ་བ་ལས་ལངས་ཏེ། བཅོམ་ལྡན་འདས་ལ་འདུན་པ་སྐྱེས་ཏེ། སྐད་ཅིག་མས་ལྷགས་ཏེ་རང་རང་གི་སྙིང་པོ་མཐུ་རྩལ་དྲན་ནས་ཕུལ་ཏེ་སྐུ་ལ་འཁྲིལ་བར་གྱུར་ཏོ། །དཔལ་སྡིག་པ་སྙིང་འཛིངས་འཁྲུལ་འཁོར་ནག་པོ་གསང་བའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་ལ་རྡོ་རྗེ་སྙིང་པོས་གསོལ་པ། ཀྱེ་ཧོ། སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །ལྔ་བརྒྱའི་ཐ་མ་སྙིགས་མའི་དུས་ཀྱི་ཚེ། །འཆི་བདག་བདུད་ཀྱི་གཤིན་རྗེ་ཁོང་ནས་འཁྲུག །མཚམས་མེད་ལྔ་ཡི་ལས་རྣམས་འདུན་སྤྱོད་པ། །དགའ་རབ་དབང་ཕྱུག་བདུད་ཀྱི་སྤྲུལ་པ་འགྱེད། །རང་དང་འདྲ་བའི་ཚུལ་འཛིན་བན་འདྲ་ཡིས། །ཕྱི་རོལ་ལ་སོགས་སྔགས་དང་དུག་རླངས་འཚལ། །དེ་དུས་གཟེར་ཐུན་ནག་པོ་དམོད་པའི་མཆོག །སྡིག་པ་ནག་པོ་སྙིང་ལ་རུ་འཛིངས་པའི། །ལས་ཀྱི་འཁྲུལ་འཁོར་ནག་པོ་བཤད་པར་མཛོད། །ཅེས་གསོལ་པས།


DNG016_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བཅོམ་ལྡན་འདས་ཀྱི་ཁྲོ་བོ་ཐམས་ཅད་འབྱུང་ཞིང་ལས་ཀྱི་གཟེར་ཐུན་དྲག་པོ་རྒྱས་པར་བྱ་བའི་ཕྱིར། བཙུན་མོ་ཆོས་ཀྱི་དབྱིངས་ཀྱི་བྷ་ག་ལ་སྙོམས་པར་ཞུགས་ཏེ་ཡེ་ཤེས་བཞི་དང་སྐུ་གསུང་ཐུགས་ལས། ཡ་མ་རཱ་ཛ་དང་། མྱོས་བྱེད་འབར་བ་དང་། ཨཱརྱ་དམར་པོ་དང་། རལ་པ་ཚར་དགུ་དང་བཞི་མངོན་དུ་ཕྱུང་སྟེ། དེ་ཉིད་དྲེགས་པ་འདུལ་ཞིང་ཟིལ་གྱིས་གནན་པའི་ཕྱིར། ཡ་མ་རཱ་ཙ་དང་། ཕྱག་ན་རྡོ་རྗེ་དང་། རུས་སྦལ་མི་ཟན་དང་། ཡེ་ཤེས་བྱ་ཁྱུང་དང་བཞིར་གྱུར་ཏོ། །འབྱུང་བའི་ངོ་བོར་འཛིན་པ་ཉིད་དག་ནས། །དྭངས་མ་ཡེ་ཤེས་ཆེན་པོ་བཞིར་གྲོལ་ཏེ། ཕྱག་རྒྱའི་སྐུ་ལ་རྫོགས་པར་གྱུར་ཏོ། །སྤྲུལ་པ་རྣམ་པ་གསུམ་སྟེ། སྐུའི་སྤྲུལ་པ་འཆི་བདག །གསུང་གི་སྤྲུལ་པ་སྲོག་བདག །ཐུགས་ཀྱི་སྤྲུལ་པ་ཚེ་བདག་སྟེ། གདུག་པ་ཅན་འདུལ་བར་གྱུར་ཏོ། །གཤེད་ཆེན་པོ་བཞི་ལས། ལས་ཀྱི་མོན་པ་བཞིར་སྤྲུལ་ཏེ། ཕོ་གཤེད་སུམ་བརྒྱ་དྲུག་ཅུས་ཕུང་པོ་ལ་དབང་བསྒྱུར་རོ། །མོ་གཤེད་བདུད་མོ་བཞིས་མོ་གཤེད་སུམ་བརྒྱ་དྲུག་ཅུས་འབྱུང་བ་ལ་དབང་བསྒྱུར་རོ། །དེ་ལྟར་གཤིན་རྗེ་བདུན་བརྒྱ་ལ་སོགས་པ། འཇིག་རྟེན་པའི་དྲེགས་པ་ཅན་ཐམས་ཅད་ཀྱིས་དཔལ་ཕྱག་རྒྱ་ཆེན་པོ་ཟིལ་གྱིས་གནོན་པའི་ཡ་མཱནྟ་ཀ་ལ་ཡོངས་སུ་བསྐོར་ཏེ། རོལ་པ་ཆེན་པོ་ལས་ཀྱི་དཀྱིལ་འཁོར་དུ་འཁོད་པར་གྱུར་ཏེ་བཞུགས་སོ། །དེའི་ཚེ་དེའི་དུས་ན། བཅོམ་ལྡན་འདས་ཀྱིས་འཁོར་རྣམས་ལ་འདི་སྐད་ཅེས་གསུངས་སོ། །སྣང་སྟོང་གཉིས་མེད་ཡེ་ཤེས་སྐུ། །ཐིག་ལེ་ཉག་གཅིག་སྤྲོས་དང་བྲལ། །སྐྱེ་མེད་རྣམ་དག་བདེ་ཆེན་སྐུ། །འགག་མེད་བདེ་ཆེན་ཀློང་གདལ་བའི། །བརྡ་དང་བྲལ་བའི་ཆོས་ཉིད་ལ། །ཆགས་དང་བྲལ་གྱིས་གྲུབ་པའོ། །ཞེན་ཆགས་གཟུང་འཛིན་རྟོག་དཔྱོད་འདས། །གཉིས་མེད་དོན་དམ་ཆོས་ཀྱི་སྐུ། །རྒྱུ་དང་རྐྱེན་ལས་སྒྲུབ་པ་མེད། །ཀུན་གྱི་རང་བཞིན་དངོས་མེད་པ། །ཡོན་ཏན་མ་ལུས་ཀུན་འབྱུང་བའི། །དེ་ཉིད་རྟོག་མེད་བརྗོད་དང་བྲལ། །དུག་ལྔ་ཡེ་ཤེས་ལྔ་ཡི་སྐུ། །ཕྱག་རྒྱ་ཆེན་པོ་ཡེ་ཤེས་ཉིད། །སྟོང་པ་ཆེན་པོའི་ངང་ཉིད་ལས། །རང་སྣང་རོལ་པའི་ཕྱག་རྒྱར་གསལ། །ལས་དང་སྦྱོར་བ་དུ་མ་ཀུན། །སྒྱུ་མ་ལྷུན་


DNG016_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་རོལ་པར་བཤད། །འདི་དག་བདེ་དང་སྨིན་བྱེད་པའི། །རོལ་པ་ཆེན་པོའི་འཁོར་ལོ་ཡིན། །སྡིག་པ་སྙིང་འཛིངས་འཁྲུལ་འཁོར་ནག་པོའི་གསང་རྒྱུད་ལས། ལས་ཀྱི་འཁྲུལ་འཁོར་བཤད་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས། རང་གཤེད་རང་ལ་དབབ་པའི་ཕྱིར། སྡིག་པ་ནག་པོ་སྙིང་ལ་རུ་འཛིངས་པའི། འཁྲུལ་འཁོར་དཀྱིལ་འཁོར་ཆེན་པོའི་བཅའ་ཐབས་འདི་གསུངས་སོ། །སྟོབས་ཆེན་ནག་པོའི་རྫས་བཟློག་དག །ཕུང་ཤུལ་མི་བསད་གཡུལ་བཀྱེས་ས། །དུར་ཁྲོད་རོ་ཡི་ས་དག་ལ། །རོ་བསྲེག་རྡོ་དང་སོལ་བ་དང་། །གྲི་ལྕགས་དཔའ་བོ་གཡུལ་བསད་ཁྲག །ར་དུག་རེའུ་ལྕག་ཨ་ཤོ་ནག །གྲོག་མཁར་ས་སྤྱིན་ཁྲོ་ཤུག་ནག །ཤོག་འདམ་མཆེ་ཆུ་སྦྱར་ཏེ་བརྩེག །ནག་པོ་ཁྲུ་གང་བང་རིམ་བཞི། །ཡོངས་རྫོགས་སྟོབས་ཆེན་མི་འགྱུར་གནད། །གདན་ལ་རུས་སྦལ་གླང་ཆེན་འདེགས། །བར་ལ་རིགས་བཞི་སྦྲུལ་གྱིས་འདེགས། །བང་རིམ་བཞི་ལ་སྟག་དང་གཟིག །གསུམ་པ་སེང་གེ་ཆུ་སྲིན་ནོ། །འཁོར་ལོ་འབྲུག་གིས་འདེགས་པ་ལ། །ཆར་ཁེབས་མཁའ་ལྡིང་རོ་ཉེ་ཟ། །རང་རང་ཁ་དོག་ལྡན་པ་སྟེ། །མཁས་པས་བཀོད་པས་སྟོབས་ཆེན་གནད། །བང་རིམ་ཕྱོགས་ཀུན་དྲག་པོའི་སྒོ། །ཡོངས་སུ་རྫོགས་པའི་ལྟོ་རུ་བཅའ། །གྲི་མདའ་རྨྱུག་རྒོད་ཁྲག་ཆེན་ལྡན། །སྲོག་ཤིང་ཟིལ་གནོན་སྐུ་རུ་ཤར། །བང་རིམ་དང་པོ་ཟུར་བཞི་ལ། །སྲིན་པོ་ཡ་མ་རཱ་ཙ་དང་། །གཤིན་རྗེ་མྱོས་བྱེད་འབར་བ་དང་། །བདུད་པོ་ཨཱརྱ་མ་རུ་ཙེ། །གནོད་སྦྱིན་རལ་པ་ཚར་དགུ་དགོད། །བང་རིམ་གཉིས་པར་སྲོག་གི་གཤེད། །དུང་ལྕགས་བསེ་དང་གསེར་གྱི་མོན། །གསུམ་པ་ཕྱི་ཡི་གཤེད་བཞིའོ། །ཐ་མར་འཆི་བདག་བཅུ་གཉིས་དགོད། །དཀར་པོ་སྙིང་འབྱིན་མགོན་པོ་ནག །ཡབ་རྗེ་ནག་པོ་སྐུ་མདོག་དམར། །དྲག་པོ་སྒོ་བཞི་དག་ལ་དགོད། །ལྷར་གསལ་སྟོང་གསུམ་ཟིལ་གནོན་སྒྲོལ། །སངས་རྒྱས་ཐུགས་རྗེ་སྟོབས་དཔག་མེད། །བཀའ་རྟེན་བྱིན་རླབས་ཡུན་དུ་གནས། །བང་རིམ་དག་


DNG016_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

གི་བར་བར་དུ། །ཕས་ཀྱི་ལྷ་དང་གནོད་བྱེད་མནན། །གང་བསྒྲུབ་ལས་རྣམས་འགྲུབ་པར་འགྱུར། །སྟོབས་དང་ལྡན་པའི་སྔགས་པ་འམ། །རྡོ་རྗེ་ནང་དམེ་དྲག་པོ་ཡི། །གནམ་ལྕགས་ཨུར་མོ་ནང་འགྲས་ན། །རྒྱ་མཚོའི་གཏིང་དུ་ནཱ་ག་བདུད། །མུན་པའི་དམག་སྡུད་འཁོར་ལོ་བཅའ། །རི་རབ་རྩེ་ལ་གནམ་ལྕགས་དག །ཨུར་མོ་སོ་བརྡར་འཁོར་ལོ་བཅའ། །རི་ཐང་མཚམས་སུ་ཞེ་སྡང་ཅན། །ཁྲོས་པ་གཞུ་བཅག་འཁོར་ལོ་བཅའ། །ནམ་མཁའ་མཐིང་གི་བྱ་ར་ལ། །སྦྱོར་བ་བཤིག་པའི་མཚོན་ཆ་དབབ། །ཡ་བག་ཤ་ཡི་ལས་ཡིན་པས། །མེ་དང་མི་སྲུན་གང་ཟག་གིས། །སྤྱད་ཀྱང་རང་ལ་གཅོད་པར་འགྱུར། །སྡིག་པ་ནག་པོ་སྙིང་ལ་རུ་འཛིངས་འཁྲུལ་འཁོར་ནག་པོའི་གསང་བའི་རྒྱུད་ལས། སྟོབས་ཆེན་གྱད་གནོན་མཆོད་རྟེན་ཡོངས་རྫོགས་ཀྱི་ལེའུ་སྟེ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་རང་གཤེད་རང་ལ་དབབ་པའི་ལས། ལས་ཀྱི་འཁྲུལ་འཁོར་སྙིང་ལ་བསྐོར་བ་འདི་གསུངས་སོ། །སྐུ་རྟེན་ཡོངས་སུ་རྫོགས་པའི་ལྟེ་བ་རུ། །མཎྜལ་མཐིང་ནག་གྲུ་གསུམ་དག །ཕུང་ས་གསུམ་དང་དུག་ཁྲག་སྦྲུ། །བང་རིམ་གསུམ་ལ་ཁ་ཁྱེར་རྩང་། །དུག་དང་སོལ་བས་ནག་པོར་བྱུག །དཔའ་བརྟུལ་ཅན་གྱི་སྔགས་པ་ཡིས། །ཞིང་ལྤགས་དག་གམ་རོ་རས་ལ། །རྣོ་མྱུར་གདུག་བྱེད་ཕག་མོའི་ལྟོར། །སྲིད་པའི་ཁྱམས་ཁང་སྲོག་སྙིང་སྡུད། །ཁྱམས་ཁང་ལྷོ་རུ་མནན་པ་གཞུག །སྙིང་གར་མཚོན་ཆའི་འཁོར་ལོ་བཅའ། །རྒྱ་གྲམ་དག་ལ་རྩ་བའི་སྔགས། །ཡང་ལོགས་བཅུ་བཞི་སྤུ་གྲིས་སོ། །རྩ་བ་སྤུ་གྲིའི་བར་ན་ཁྱམས། །བསྟེན་པ་བདུད་དུ་འབེབས་པའི་འབྲུ། །མིང་རུས་ཁམས་བཅས་ཟ་ཁ་དབབ། །རུས་སྦལ་ལྟོ་བའི་ཕྱོགས་མཚམས་ལ། །བཅུ་གཉིས་ནང་བསྟན་ཕག་མོའི་འབྲུ། །འཁྲུལ་མིག་ཁྱམས་ཁང་མིང་རུས་བྲི། །ཁ་སྦྱར་དུག་དང་ཁྲག་གིས་བྱུག །སྨེ་བའི་རྫས་བྱུག་ཛ་རིལ་གཞུག །རྒྱུ་རྐྱེན་དྲུག་ལ་ལིངྒ་བྲི། །རང་རྒྱུད་རྩ་བའི་འཁོར་ལོ་དག །དམར་ནག་ཡ་ཡི་དབུས་ན་མ། །མ་ཡི་


DNG016_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

གང་ན་སྲོག་སྙིང་ནྲྀ། །མེ་ཆུ་ལས་ཀྱི་འཁྲུག་ཅིང་སྐྱོམ། །སྙིང་གི་རྩ་བཞི་དྭངས་མ་ལ། །ཞེ་སྡང་སྡིག་པ་ནག་པོ་གནས། །ལུས་ལ་དམར་ལེན་ཡིག་འབྲུ་གནས། །རུ་འཛིངས་འབྲུ་བརྒྱད་བསྣོལ་མར་གནས། །རྩ་མདུད་རང་གཤེད་འབྲུ་ཡིས་འཇོམས། །དྭངས་མ་བཞི་ཡི་ས་རེ་ལ། །ཆོས་ཉིད་རྩ་ལ་ཨེ་དད་མྱགས། །ས་ཡི་དྭངས་མ་མེ་ལ་སྡུད། །ཡོན་ཏན་རྩ་ལ་ཡ་དང་རྔུབས། །མེ་ཡི་དྭངས་མ་ཆུ་ལ་སྡུད། །ཡེ་ཤེས་རྩ་ལ་མུག་དང་ཤག །ཆུ་ཡི་དྭངས་མ་རླུང་ལ་སྡུད། །རང་རྒྱུད་རྩ་ལ་ཀ་དང་དུན། །དྭངས་མ་སྡུད་ཅིང་ནད་གཞི་རྒྱས། །རླུང་གི་རྣམ་ཤེས་དྭངས་མ་འདེགས། །དེ་བསྐུལ་དེ་འོད་དེ་མཚོན་ལས། །དེ་བཅད་དེ་ཉིད་བསྲེགས་ཤིང་འཇོམས། །མདུད་པ་བཞི་ལ་མཚོན་ཆའི་འབྲུ། །བདུན་གཉིས་དྲུག་གཉིས་བསྣོལ་མར་གནས། །ལས་ཀྱི་མེ་ཆུས་འཁྲུག་ཅིང་སྐྱོམ། །རང་བདུད་རང་གི་རྒྱུད་ལ་ལྡང་། །མཚོན་ཆས་རང་སྲོག་རང་གིས་གཅོད། །སྙིང་ལ་གནས་པའི་ཚེ་བདག་གིས། །རྩ་རྣམས་གཅོད་ཅིང་སྲོག་རྟེན་འཇོམས། །དེ་ནས་བཅོམ་ལྡན་འདས་ཀྱིས་རང་གཤེད་འཁྲུལ་འཁོར་གསང་བའི་ཡང་སྙིང་འདི་གསུངས་སོ། །ཨེ་མྱགས་ཡ་རྔུབས། མུག་ཤག་ཀ་དུན། དགྲ་བོའི་སྲོག་ལ་ནྲྀ་ཧུར་ཐུཾ་ཛ། རྩ་ཁྲག་སྙིང་ཐུམས་རིལ་རཾ་ཤག་རྦད། དགྲ་བོའི་ཙིཏྟ་དྲེང་ཤག་ཛ། སྲོག་ལ་ཧུར་ཐུམ་རྦད། དུན་ཀ་ཤག་མུགས། རྔུབས་ཡ་མྱགས་ཨེ། ཤག་རཾ་རིལ་ཐུཾ། སྙིང་ཁྲག་རྩ་རྦུད། ཐུཾ་རིལ་དགྲ་བོ་ཛ། ཐུམས་ཧུར་ལ་སྲོག་རྦད་ཤག་དྲེང་ཙིཏྟ་དགྲ་བོ་ཛ། ཨེ་ཡ་ཤག་མྱགས་དུན་རྔུབས་ཀ་མུག །སྲོག་ཐུམས་རིལ་ཏྲི་ནྲྀ་ཧུར་ཐུམས་ཛ། ཐུམས་ཁྲག་སྙིང་རྩ་ལ་རཾ་ཡང་ཐུན་ཤག་རྦད། དགྲ་བོའི་སྲོག་ལ་དྲེང་ཐུཾ་ཙིཏྟ་ཤག་ཧུར་ཛ་ལ་རྦད། རྣལ་མ་བཟློག་དང་ལྟོ་བ་དཀྲུག །བསྒྲུབ་དང་སྤོགས་དང་ཤི་ས་ཡི། །ཡི་ཆད་རང་དབང་མེད་པར་འཕོ། །འཁོར་ལོ་མཁས་པས་གདུག་པར་གཏད། །ནམ་མཁའ་བར་སྣང་ས་གཞི་ལ། །མནན་པའི་ལས་ཀུན་རྫོགས་པར་བྱ། །ཞེས་གསུངས་སོ། །སྡིག་པ་ནག་པོ་སྙིང་ལ་རུ་འཛིངས་འཁྲུལ་འཁོར་གསང་བའི་རྒྱུད་ལས།


DNG016_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

རང་གཤེད་འཁོར་ལོ་སྙིང་ལ་བསྐོར་བའི་ལེའུ་སྟེ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོ་དེས། རང་གཤེད་རང་ལ་དབབ་པ་དྲག་པོ་ཐུན་གྱི་ལས་འདི་གསུངས་སོ། །གནད་ཀྱི་གསང་ཐུན་ལས་ཀྱི་མཚོན། །བསྐྱོད་པ་ཁ་གསོ་ལས་ཀྱི་གཅོད། །གྲི་རྒོད་ཐོད་པ་མོན་ནམ་མནོལ། །ཁྱི་དང་སྤྱང་ཀི་ཝ་ཡི་ཁྲག །ཐལ་ཆེན་མནོལ་ཁྲག་བདུད་མདའ་གསུམ། །ཟངས་ཕྱེ་ལྕགས་ཕྱེ་རྡོ་ཕྱེ་སྦྱར། །གྲི་རྒོད་ཁྲག་དང་དུག་རྒོད་དང་། །ཚ་བ་གསུམ་དང་ཡུགས་སའི་ཁྲག །གྲི་ལྕགས་ཕུར་པ་དུང་ཆེན་གཟིར། །བཅས་པ་འཁོར་ལོ་ཐུན་དང་སྤེལ། །འཁོར་ལོ་གཏད་ནས་ཟོར་ཁ་གསོ། །ཉ་སྟོང་དུས་སུ་ཡུལ་ལ་བྲབ། །མོན་ཐོད་ནང་དུ་བརྣག་པ་གཞུག །ལྷ་གསལ་ཞལ་ནས་དུག་རླངས་འཕྲོ། །ནད་དང་མཚོན་ཆ་ཆར་དུ་དབབ། །དུག་གི་ན་བུན་ཁོང་དུ་སྐྱེལ། །ནད་ཁྲག་རྒྱས་ནས་རྩ་མདུད་ཆད། །འགྱུར་བ་མེད་པའི་ལས་སུ་གསུངས། །དགྲ་བོའི་སྲོག་ལ་ཐུམས་རིལ་རྦད་བྷྱོ། ཨ་མུ་ཀ་རྩ་ལ་ཐུན་རྨུགས་རྦད་བྷྱོ། སྔགས་པ་སྙིང་དུ་སོང་། ཙིཏྟ་གཏུབ་རྦད་ལོང་། སྲོག་ཙིཏྟ་ལོང་། མྱགས་མྱགས་མཱ་ར་ཡ། ཙིཏྟ་ལ་ཐུན་བྷྱོ། དུག་རླངས་འཆོལ་བ་ལས་ཀྱི་ཐུན། །སྙིང་ལ་དུག་དབལ་འདེབས་པར་བྱེད། །སྐྱེས་པ་ཁ་གསོ་རྒྱུན་མི་བཅད། །སྡིག་པ་སྙིང་འཛིངས་འཁྲུལ་འཁོར་ནག་པོའི་རྒྱུད་ལས། རང་གཤེད་ཐུན་ནག་གསང་བའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོ་དེས། རྡོ་རྗེའི་ནང་དམེའི་ལས་ཀྱི་དམོད་པ་བསད་པ་ལས་ཀྱི་སྤུ་གྲི་འདི་གསུངས་སོ། །དམར་ལེན་ཡང་གསང་སྙིང་པོའི་མཆོག །གདུག་རྩུབ་མཆོག་གསུམ་སྡེ་གནས་སུ། །རང་ཉམས་བརྟེན་པ་མཚམས་བཅད་ལ། །ཡེ་ཤེས་རིག་པའི་བདེ་ཀློང་ནས། །མཁའ་ལྔ་ཁྱབ་པའི་དོན་བསྡུས་ལ། །གཟུང་འཛིན་ཆོས་ཀྱི་དབྱིངས་སུ་བསྒྲལ། །སྟོབས་ཅན་ལྷ་ཚོགས་གཟན་ལ་དབབ། །རྒྱུ་རྐྱེན་ཚོགས་པའི་འཁོར་ལོ་ལ། །མཆོག་དང་ཕག་མོ་ལྟོ་སྡེབས་ལ། །དབུས་ཀྱི་ཕོ་བྲང་རྒྱ་ཆེན་པོར། །མཐའ་འགྱུར་གང་ཡིན་ལིངྒ་བྲི། །གུ་རུ་སེང་གེའི་


DNG016_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

ཁོག་མི་བཤིག །ལས་ཀྱི་རྒྱལ་པོ་བཙད་པོ་ལ། །འཁོར་ལོ་རུས་སྦལ་ཐོད་པར་བྲུབ། །དཀྱིལ་འཁོར་བྱིན་ཅན་འོག་ཏུ་མནན། །སློབ་མ་དམ་མེད་དགྲར་ལངས་ན། །གཅེར་བུའི་ལིངྒའི་སྙིང་ནང་དུ། །ཞེ་སྡང་ལྕགས་ཀྱི་སྡིག་པ་གཞུག །ཐོད་པ་སྟག་གི་འཛུམ་ལ་མནན། །དམ་འདྲེས་ཡི་དམ་གཅིག་པ་ན། །གཅེར་བུ་རིད་པའི་ཀླད་དཀྱིལ་དུ། །ཕྲག་དོག་བསེ་ཡི་སྦལ་པ་གཞུག །དམེ་ཁྲག་ནད་ཁྲག་རྐྱེན་རླངས་བསྐུ། །ཐོད་པ་གཟིག་གི་ཐིག་ལེར་གཏད། །དམ་མི་གཅིག་པ་སྤྱི་ཡི་སྤུན། །ལིངྒ་སྤྱི་ཚར་སྙིང་ག་རུ། །བསེ་ཡི་སྦལ་པ་དམར་པོ་བྲི། །དུག་རྒོད་ཛྭ་ལའི་ཁྲག་གིས་བྲབ། །ཐོད་པ་མུན་པའི་གླིང་དུ་མནན། །ལྷ་གསས་ཆགས་པའི་བོན་པོ་ལ། །སྙིང་གར་གདུག་གི་ཕག་པ་གཞུག །ནད་ཁྲག་ཁྱི་ལུད་ཐུན་བྲབ་ལ། །སྲིན་མོའི་སྒྲོམ་དུ་ཉེ་བར་གཏད། །དྲག་སྔགས་ཨུར་མོ་ནང་འགྲས་ན། །དྲག་སྔགས་རྣལ་བཟློགས་སྣོལ་མར་བརྡེག །མནན་པ་འབྲོང་གི་ར་བྲག་མནན། །དྲིལ་དང་རྐྱང་པ་ལས་ཀྱི་སྡེབས། །རྩ་བ་འབྲུ་བརྒྱད་སྤུ་གྲི་བཅས། །འཁོར་ལོ་ཐོད་པར་བཅས་པས་གྲུབ། །མ་གྲུབ་སྦྱོར་བ་སྟོབས་ཞན་ན། །དྲིལ་བའི་མཐའ་རུ་སྤུ་གྲི་བསྒྱུར། །དྲག་སྔགས་རྣལ་བཟློག་དཀྲུགས་པས་སྡེབས། །དེ་ནས་བཅོམ་ལྡན་འདས་ཉིད་ཀྱིས། སྐུ་གསུང་ཐུགས་རྡོ་རྗེ་ལས་གསང་སྔགས་འདི་གསུངས་སོ། །རཱ་ཛ་ནྲྀ་ཛ་ཐུཾ་རིལ་མཱ་ར་ཡ་རྦད། སྲོག་ལ་ཧུར་ཐུཾ་རྩལ་མཱ་ར་ཡ་རྦད། སྲོག་ལ་ཧུར་ཐུམས་ཡཾ་ཐུན་རྨུག་མཱ་ར་ཡ་རྦད། སྲོག་ལ་མུགས་ཛ་ཧྲི་ཤག་མཱ་ར་ཡ་རྦད། སྲོག་ལ་ནྲྀ་ཛ་ཐུན་རྨུགས་མཱ་ར་ཡ་རྦད། ཙིཏྟ་ཁཾ་ཤག་ཛ་སྲོག་ལ་མཱ་ར་ཡ་ཐུན་རྦད། འདོད་པའི་མིང་དང་ཨ་མུ་ཀ །ལས་ཀྱི་སྐབས་སུ་ཤེས་པར་བྱ། །སྔགས་ཀྱི་འཁོར་ལོ་ནང་གཅོད་དང་། །ཁ་འཐབ་མཇིང་བསྣོལ་རྩལ་འདྲེན་སྔགས། །དམ་ཚིག་དམེ་འཁྲུག་བྱུང་བ་ལ། །དཔའ་བོ་ཆེན་པོས་ལས་འདི་བཤད། །སྤྱང་ཀི་མོན་གྱི་ཐོད་པ་དང་། །མུ་ཟི་ནག་པོ་མཛེ་ཅན་སྣེལ། །ཁྲིམས་འཆལ་མགོ་འམ་གོས་དག་ལ། །རབས་ཆད་ནག་པོའི་ཐོད་པར་མནན། །འདི་དག་ལས་


DNG016_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཡང་རབ་སྟེ། །རང་གཤེད་ནག་པོ་ལས་མཐར་ཕྱིན། །ཞེས་གསུངས་སོ། །སྡིག་པ་རུ་འཛིངས་འཁྲུལ་འཁོར་ནག་པོ་གསང་བའི་རྒྱུད་ལས། གསང་བ་ཡང་སྙིང་གི་ལེའུ་སྟེ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་བན་སྒྲ་ནག་པོ་སྟོབས་དང་འབྲལ་བའི་འཁྲུལ་འཁོར་འདི་གསུངས་སོ། །དབང་ཆེན་སྟོབས་དང་དབྲལ་བ་དག །དུར་ཁྲོད་གདུག་པའི་དབེན་གནས་སུ། །སྣ་ཚོགས་དྲག་པོའི་ས་དག་ལ། །མཆོད་རྟེན་ནག་པོ་བང་རིམ་གསུམ། །དུག་ཁྲག་དག་གིས་རབ་ཏུ་བྱུག །གྲི་རྒོད་རས་སམ་རྒྱ་ཤོག་ལ། །བན་དགྲ་ནག་པོའི་ལིངྒ་བྲི། །རྐང་རྗེས་སྐྲ་དང་ཆུ་ངན་ས། །བག་ཕྱེ་ཁྲག་དང་ཁམ་ས་རུ། །མཛུབ་གང་དབང་པོ་དོད་པ་ལ། །སྙིང་གར་མིང་རུས་གཞུག་པར་བྱ། །ལྕེ་སྟེང་དུ་ནི་ལྔ་ཡི་མཚོན། །རྒྱ་གྲམ་ཐུགས་ཐུག་པའི་ལམ་གྱི་འཇོམ་འདྲ་ཡིན་ནམ་དཔྱད་ཉིད་ལམ་གྱིས་མཛེས། །སྲོག་འདུས་ལྷ་སྲིན་སྙིང་པོས་མནན། །སྟེང་དུ་རི་རབ་མཆོད་རྟེན་བཞག །གནས་ཁང་སྟེང་ངམ་ཤར་དུ་མནན། །རྩོལ་བསྒྲུབ་ཕྲིན་ལས་ཅི་བྱས་ཀྱང་། །ངག་གི་ནུས་པ་སྟོབས་ཀྱིས་འཆིང་། །དམ་ཚིག་ལྡན་དང་སྔགས་གཅིག་པའི། །རྒྱུད་གསུམ་ནུས་པ་སྟོབས་དང་བྲལ། །ཧ་ལ་ནག་པོ་སྟྭམྦྷ་རི། །ནུས་པ་འཇོམས་པའི་འཁྲུལ་འཁོར་ཡིན། །དེ་ནས་བཅོམ་ལྡན་འདས་ཀྱིས་སྟོབས་ཅན་མནན་པའི་སྔགས་འདི་གསུངས་སོ། །ཨྱེ་ཨྱེ་ཨྱེ། ཧྲིཥྚཱི་ཨ་པ་ཡ། བི་ཀྲྀ་ཏཱ་ན་ན་ཧཱུཾ་བར་འདིར་བྷི་ཏཾ་ཟེར་བའང་འདུག་སྟྭམྦྷ་ཡ། ལཾ་ལཾ་ལཾ་ལཾ་ནན་ཏཀྵེ་ན། ཡ་མ། མ་མ། རག་མོ། རཀྵ། ཀྵེ་མ། ཤྲཱི་བཛྲ་ཀྲོ་ཏ། དུན་ཏིང་ཀཱི་ལ་ཡ། མ་མ་རག་མོ། སྙིང་དུ་རྔུབས། ཧེ་རགྴ་ཏྲག་ཏུ་བྲག །དུན་ཏིང་བྷི་ལ་ནི། ཨྱེ་དུན་ཏྲི། ཏྲི་ཤ་ན་ར་ཙ་ཧ་སྡི། ར་ཙ་མུ་ཏྲག །ཤ་ཏྲུཾ་ཏི་སྟ། རོ་ནི་རོ་ཏྲི་ནན། ཨ་ཏྲི་ས་དུ། ཙ་ཏྲི། རཱ་ཙ། ནཱ་ག །དེ་བ་རུ་ཏྲི། ཁ་རཀྵ་མ་ཏྲི། དུན་ཏིང་དུན་ཏིང་ཏྲི། ཏྲི་སྲོག་ལ་མཱ་ར་ཡ། ག་ན་པ་ཏི། བྷ་ན་ཀ་རོ། ཀཱ་ལ་དུ་བྲག །བྱི་རུ་ར། ནཱ་ག་མོ་ཏི། ས་ག་བྱི་དུ། སརྦ་ཤ་ཏྲཱུ། ཨེ་ཆེ་གེ་མོ་ཨ་མུ་ཀཾ། དུ་དུ་ནན། དུ་དུ་ནན། དུ་དུ་ནན། མྱགས་ཐུཾ་རིལ་ཏྲིག་ནན། སྦུར་ཡ་ནན། མན་ཏྲ་ནན། ཁཾ་ཤག་རོ་མྱགས་མུག་ཏི་རྦད། བསྟན་པ་སྤྱི་ལ་གནོད་པ་ཡི། །བན་འདྲ་མུ་སྟེགས་དག་ལ་བྱ། །ཀུན་ལ་བྱས་ན་སྔགས་ཀུན་གྱི། །


DNG016_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་པ་ཉམས་པར་འགྱུར་བས་ན། །རྣལ་འབྱོར་ཅན་གྱིས་བྱ་བར་བཤད། །ལས་འདི་ཡ་བག་ཤ་ཡིན་པས། །ཕུང་བྱེད་ནག་པོའི་སྦྱོར་བར་བཤད། །སྡིག་པ་སྙིང་ལ་རུ་འཛིངས་འཁྲུལ་འཁོར་གསང་རྒྱུད་ལས། སྟོབས་ཅན་ནུས་པ་དབྲལ་བའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་ནང་འགྲས་ཀྱི་ལས་འབྱུང་བའི་ཁྲམ་བཟློག་ཆེན་པོ་ཞེས་བྱ་བ་འདི་གསུངས་སོ། །དབེན་ཞིང་ཉམས་དགའི་གནས་དག་ཏུ། །རིགས་དང་རིགས་མིན་སྦྱོར་བ་འཇོམས། །སྟོབས་གཟིར་ཕོ་ཉ་བཟློག་ཅིང་མནན། །རིགས་ཅན་སྦྱོར་བ་དབང་དུ་བསྡུ། །རིགས་མེད་ཡུལ་གྱི་ལུས་སྲོག་དབྲལ། །ཡུགས་ཟ་མོ་ཡི་ཞབས་མ་དང་། །ས་དཀར་ཅོང་ཟིས་མདོག་ཕྱུང་ལ། །འཁོར་ལོ་རིམ་པ་ལྔ་རུ་བསྐོར། །གྲུ་གསུམ་ནག་པོ་མིང་ཚར་བྲི། །ཟླ་གམ་ལྷ་དང་མིང་རུས་བྲི། །མུ་ཁྱུད་སྦྲུལ་གྱིས་རབ་ཏུ་བསྐོར། །འཁྲུལ་མིག་བཅུ་གཉིས་རྩ་བའི་སྔགས། །ཕྱི་རིམ་རྒྱ་གྲམ་རལ་གྲིས་གཏམས། །ཡང་ལོགས་བཅུ་དྲུག་གསོར་དང་གནོན། །ཁ་སྦྱར་མུ་སའི་ཐོད་པར་བྲུབ། །ཞག་གསུམ་ཐང་བཅད་མལ་འོག་མནན། །སྟོབས་ཀྱི་ཕོ་ཉའི་རྦོད་གཏོང་འཆད། །ཚེ་བདག་ལས་ཀྱི་འཁྲུལ་འཁོར་ཡིན། །ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མཱ་ཙ་ཡ། དགྲ་བོ་ཨ་མུ་ཀ་སྲོག་ལ་ཐུན་རྨུགས་རྦད་བྷྱོ། སྲོག་ལ་ཁཾ་ཤག་བྷྱོ། སྲོག་ལ་དྲེང་ཤག་བྷྱོ། སྲོག་ལ་ཡཾ་ཤག་བྷྱོ། དགྲ་བོའི་སྲོག་ལ་མཱ་ར་ཡ་རྦད། དགྲ་བོའི་སྲོག་སྟྭམྦྷ་ཡ་ནན། ལས་འདི་ཡང་སྙིང་གསང་བའི་བཅུད། །ཕོ་ཉ་ཟློག་པའི་ལས་སུ་བཤད། །ཅེས་གསུངས་སོ། །སྡིག་པ་སྙིང་འཛིངས་འཁྲུལ་འཁོར་གསང་བའི་རྒྱུད་ལས། གཞན་གྱི་རྐང་མགྱོགས་བཟློག་ཅིང་མནན་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཡང་དེའི་ཚེ་དེའི་དུས་ན་བཅོམ་ལྡན་འདས་ཀྱིས་སྡིག་པ་སྙིང་འཛིངས་ལྷ་སྲིན་ཙིཏྟ་དཀྲུག་པ་འདི་གསུངས་སོ། །དུར་ཁྲོད་རས་ལ་དུག་ཁྲག་གིས། །སྙིང་གི་འཁོར་ལོ་བྲི་བར་བྱ། །རྩ་ཆེན་བཞི་ལ་དམར་ལེན་འབྲུ། །འབྲུ་བརྒྱད་རང་གནད་བསྣོལ་མར་གནས། །རྩ་བྲན་བརྒྱད་དང་སུལ་


DNG016_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་དུ། །ཙིཏྟ་དཀྲུག་པའི་སྤུ་གྲི་བྲི། །ཕྱི་རིམ་རྩིབས་ཆེན་བཅུ་དྲུག་བྲི། །ཕྱི་རིམ་མུ་ཁྱུད་གདུག་པ་ལྔ། །འཆི་བདག་ཤན་པའི་ལྟོ་བར་བྲི། །དེ་ལྟར་འཁོར་ལོ་ཁ་སྦྱར་བར། །དམིགས་པའི་ལིངྒ་བྲིས་ཏེ་གཞུག །ཞག་བདུན་བར་དུ་མ་ཡེངས་པར། །ཙིཏྟ་དཀྲུག་པའི་འཁོར་ལོ་བསྐོར། །ཡང་གསང་ཐུགས་ཀྱི་ལས་མཆོག་ཡིན། །ཕྱག་རྒྱ་ཟིལ་གནོན་གསལ་བར་བསྒོམ། །ལས་ཀྱི་འཁོར་ལོ་ལྟོ་དཀྲུག་པས། །སྲོག་དང་གྲོག་སྲོག་ཀྱང་གི་མིང་སྡེབ་ཅན། །གཟས་པའི་ཙིཏྟ་དཀྲུག་པར་བྱེད། །རྩ་ཕྲན་བརྒྱད་དང་རྩ་ཆེན་བཞི། །ལས་ཀྱི་དམོད་པའི་མཚོན་ཆས་གཅོད། །རྩ་སྲོག་བཅད་ནས་རྣམ་ཤེས་ཕྲོགས། །འཆི་བདག་བདུད་ཀྱི་ལས་སུ་རིག །འཇིག་རྟེན་ལྷ་སྲིན་ཐམས་ཅད་ཀུན། །གཤེད་བདག་ནག་པོའི་ལྟོ་ན་འཆང་། །རཱུ་ཏྲ་དེ་ཡི་རྒྱུད་ལ་གནས། །དེ་ཡིས་རང་སྲོག་རང་གིས་གཅོད། །དེ་ནས་བཅོམ་ལྡན་འདས་ཀྱིས་སྡིག་པ་སྙིང་འཛིངས་ཙིཏྟ་དཀྲུག་པའི་གསང་སྔགས་འདི་གསུངས་སོ། །ཨེ་དུན་ཀ་ཡཾ་ཨེ་མྱགས་ཡ་རྔུབས། མུག་ཤག་ཀ་དུན། ཡ་མ་ར་ཙ་ཙིཏྟ་དཀྲུག་དགྲ་བོ་ནྲྀ་མཱ་ར་ཡ་རྦད། མ་མ་རུ་ལུ་མ་ཙིཏྟ་དཀྲུག་དགྲ་བོ་ནྲྀ་མཱ་ར་ཡ་རྦད། ཏིར་ཏི་ཀ་དུ། རུ་ཏྲ་དྷ། དེ་བ་ཨ་རཀྴར། རག་མོ་ར། ཡཀྴ་ཀྵ། ཡག་མོ་ཀྵ། མུན་མུན་པ། ཤུལ་ཛ། ར་ཙ་ཙ། བཛྲ་ས་དུ་ཏྲི། ཧཾ་ཤཾ་ཏྲི། ནཱ་ག་ཕུ། ཙིཏྟ་དཀྲུག་དགྲ་བོ་ནྲྀ་མཱ་ར་ཡ་རྦད། དེ་ཡི་ལས་དེ་མ་གྲུབ་ན། །དྲག་སྔགས་འདི་ལ་རབ་ཏུ་འབད། །ཙིཏྟ་དཀྲུག་དགྲ་བོའི་སྲོག་ལ་དྲེང་ཤག་ནྲྀ་མཱ་ར་ཡ་རྦད། ཐང་གསུམ་ཡང་འདུག་མཐའ་སྡུད་མནན་པའི་སྔགས་ཀྱིས་བསྡུ། །སྡིག་པའི་ལུས་ཆད་བརྟགས་ལ་གཏད། །ཐོད་པ་དུར་མའི་ལས་ཡིན་པས། །གསང་སྔགས་གྲོང་ཁྱེར་དཀྲུག་པ་སྟེ། །གནད་ལ་དབབ་ཞིང་བསད་པ་ཞེས། །ལྷ་སྲིན་འཁྲུག་ནས་ནད་འཐབ་ཅིང་། །སྟོབས་ཆེན་དྲིལ་བའི་ལས་སུ་བཤད། །སྡིག་པ་སྙིང་འཛིངས་འཁྲུལ་འཁོར་གསང་བའི་རྒྱུད་ལས། ཙིཏྟ་དཀྲུག་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཕྱག་རྒྱ་ཆེན་པོ་བསྲུང་བའི་རིམ་པ་འདི་གསུངས་སོ། །ཨེ་ཉིད་སྟོང་པ་ཆོས་འབྱུང་ཞེས། །མ་སྐྱེས་འགག་པ་མེད་པ་ལས། །རྒྱུ་རྐྱེན་སྔགས་ལས་མ་བསྐྱེད་པར། །རོལ་པ་


DNG016_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་སྐུ་རུ་གསལ། །དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །གཡས་དཀར་གཡོན་དམར་དབུས་མཐིང་རྔམ། །རྡོ་རྗེ་འཁོར་ལོ་རལ་གྲི་གཡས། །བེ་ཅོན་གཏུན་ཤིང་སྡིགས་མཛུབ་གཡོན། །རིགས་ལྔའི་ཁྲོ་བོས་དབུ་ལ་བརྒྱན། །རང་གི་ཕྱག་རྒྱ་ཆེན་པོས་བརྗིད། །སྦྲུལ་དང་རིན་ཆེན་འབར་བ་དང་། །དྲེགས་པའི་མགོ་བཅད་ཕྲེང་བས་བརྒྱན། །ཀླུ་རིགས་དུ་མས་སྐུ་ལ་སྤྲས། །ཡུམ་ནི་དམིགས་མེད་ཆོས་ཀྱི་དབྱིངས། །མཐིང་ནག་ཙིཏྟ་བྷན་དམར་སྟོབ། །ཐུགས་ཀར་སྨུག་ནག་ཡ་མ་གནས། །མེ་ལོང་ཡེ་ཤེས་ངོ་བོ་ཉིད། །འཁོར་ལོ་དོན་སྙིང་ཕྱག་ན་བསྣམས། །ཡ་མའི་ཐུགས་ཀར་དྲེགས་པ་ཆེ། །མཉམ་ཉིད་ཡེ་ཤེས་ངོ་བོ་ཉིད། །ལྗང་ནག་རྡོ་རྗེ་སྙིང་ཕྲེང་འཛིན། །དྲེགས་པའི་ཐུགས་ཀར་ཁྱམས་ཁང་སྟེ། །བྱ་བ་ནན་ཏན་ཡེ་ཤེས་ཉིད། །འཇིགས་བྱེད་ཆེན་པོ་ཐུར་དུ་བལྟ། །དབུ་གཙུག་མཁའ་ལྡིང་གདུག་པ་འདུལ། །སོ་སོར་ཀུན་རྟོག་ཡེ་ཤེས་ཉིད། །དཀར་པོ་ཟིལ་གནོན་རོ་ཉེ་ཟ། །ཕྲག་སོར་སྨུག་ནག་འཇིགས་པའི་ཁྱུང་། །དཔུང་བར་སྟག་ཆེན་རོ་ལ་རྔམས། །ནུ་འཇིང་སེང་གེ་རལ་པ་སྤྲུག །སྟ་ཟུར་དུག་སྦྲུལ་ནག་པོ་འཁྱུག །སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །རྡོ་རྗེ་འཆང་རྒྱལ་སྤྱི་གཟུགས་ཅན། །མ་སྐྱེས་ངང་ལས་རང་བཞིན་འཆར། །གདོད་ནས་རྣམ་དག་ཡེ་ཤེས་སྐུ། །བསྐྱེད་དང་སྤྱན་དྲངས་མཆོད་མི་དགོས། །རྒྱུ་དང་རྐྱེན་ལ་རག་མ་ལུས། །སྐྱེ་འགག་མེད་པའི་ཡེ་ཤེས་གསལ། །ཕྱག་རྒྱ་ཀུན་གྱི་ཟིལ་གནོན་ཡིན། །རོལ་པ་ཆེན་པོའི་ཕྲིན་ལས་ཀྱི། །གསང་སྔགས་ཕྲེང་བ་དེ་ཉིད་ལས། །བོད་པ་མིང་དང་བརྡའ་རུ་སྦྱར། །རྣམ་པར་ཤེས་པ་འབྲུ་རེ་ཕྲོགས། །དྲེགས་པ་འདུལ་བྱེད་གསང་སྔགས་སྲོག །ཟིལ་གནོན་གསུང་གི་ངོ་བོ་ཉིད། །འདི་ཉིད་མཆོག་གི་ལས་ཡིན་པས། །འདི་མེད་ལས་ཀུན་དབྱུག་པ་རྐྱང་། །རྦོད་གཏོང་འཁྲུག་གམ་ཐུན་མོང་དུ། །རྫས་དང་སྔགས་ཀྱི་ནུས་པ་ཡིས། །དྲེགས་པའི་སྦྱོར་བ་ངན་པ་འཇོམས། །སྡིག་པ་ནག་པོ་སྙིང་འཛིངས་འཁྲུལ་འཁོར་ནག་པོ་གསང་བའི་རྒྱུད་ལས། ཕྱག་རྒྱ་ཆེན་པོ་


DNG016_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

སྲུང་བའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོ་དེས། ཀླུ་བདུད་འཆི་བདག་གདུག་པ་ཅན་ཆུ་སྲིན་མགོ་ཅན་དབང་དུ་བསྡུས་ཏེ། ལས་ཀྱི་འཁྲུལ་འཁོར་གཏད་ལོག་ནག་པོ་ཞེས་བྱ་བ་འདི་གསུངས་སོ། །རུས་སྦལ་ནག་པོ་མཇིང་བསྣོལ་གྱི། །ལས་ཀྱི་འཁྲུལ་འཁོར་འདི་ལྟ་སྟེ། །ཏཱ་ལའི་ལོ་མའམ་ཀ་རི་ཀ །ཡང་ན་རྒྱ་ཤོག་དག་ལ་ཡང་། །ཀླུ་རིགས་བཞི་དང་ས་བདག་དང་། །དཔེ་གཅིག་ལ་བར་འདིར། སྲིད་པའི་རུས་སྦལ་ལྟོ་བར་བྲིས། །འཁོར་ལོ་རིམ་པ་བཅུ་བཞི་བསྐོར། །དབུས་སུ་ལིང་ཚེ་དགུ་རུ་བྱ། །མུ་ཁྱུད་ཡང་སྙིང་ཞེས་པ་ཞིག་བྱུང་ཡང་ཚིག་མཐའ་ཡང་མ་འགྲིག་པས་དཔྱད། ཀླུ་ཡི་ཡང་སྙིང་གཏད་ལོག་དང་། །རྩ་བའི་སྙིང་པོ་འབྲུ་བརྒྱད་བཞི། །འདོད་པའི་མིང་རུས་ཨ་མུ་ཀ །ནག་པོ་མགོ་དགུའི་གསང་སྔགས་སྦྲེལ། །ཡང་གསང་དཔའ་བརྟུལ་ཅན་གྱིས་སྤྱད། །ཨེ་དུར་ཀ་ཡི། དགྲ་བོའི་ཙིཏྟ་དྲེང་ཤག་ཛ། སྲོག་ལ་དྲེང་ཤག་ཧུར་ཐུམས་རྦད། ཨེ་མྱགས་ཡ་རྔུབས་མུག་ཤག་ཀ་དུན་ནཱ་ག་རུ་ཏྲ་ཀཱ་ལ་དགྲ་བོའི་སྙིང་ལ་བྷྱོ། ནག་པོ་བམ་ཙིཏྟ་ལ་རྒྱོབ། ཏྲག་ཐུར་སྙིང་སྒུལ་མྱགས་མྱགས། རྩ་བཞི་སྐུམས། ཤན་ཤན་སྲོག་ལ་ཤན། ཐུར་ཐུར་དགྲ་བོའི་ཙིཏྟ་ལ་ཐུར་རྦད། ས་ནཱ་ག་ཧ་ལ་ཙ་མ་རི་དགྲ་བོའི་སྙིང་ལ་ཐུན་བྷྱོ། ཞག་གསུམ་མཚོན་ཆ་བསྣོལ་མས་གཅོད། །མཐའ་རུ་དཔའ་བརྟུལ་ཅན་གྱིས་སྤྱད། །ཀླུ་ཡི་ནད་རླངས་དུག་གི་ངར། །ཁ་དག་དེ་ལ་རང་གཤེད་དབབ། །འདི་ནི་ལས་ཀྱི་མན་ཏྲ་ཧོ། །སྟོབས་ཆེན་འཇོམས་པ་དྲག་པོའི་མཚོན། །སྦྱོར་བ་མཁས་པའི་སྔགས་པ་ཡིས། །ལས་རྫོགས་རུས་སྦལ་ཁོག་པར་གཞུག །བང་རིམ་ལྔ་པའི་འོག་ཏུ་མནན། །རི་གསུམ་འབྲོང་གི་རྭ་བྲག་མནན། །ཡང་ན་ས་བདག་གནས་སར་གཏད། །ལས་འདི་མནན་པ་ཀུན་གྱི་མཆོག །ཅེས་གསུངས་སོ། །སྡིག་པ་སྙིང་འཛིངས་འཁྲུལ་འཁོར་གསང་བའི་རྒྱུད་ལས། གཏད་ལོག་ནག་པོ་རུས་སྦལ་མཇིང་བསྣོལ་གྱི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོ་དེས་འཁྲུལ་འཁོར་རྫས་བཟློག་དུས་ཀྱི་འཁོར་ལོ་ཞེས་བྱ་བ་འདི་གསུངས་སོ། །སྟོབས་ཆེན་འཁོར་ལོའི་གནད་དག་གིས། །ལས་དང་སྦྱོར་བ་ནུས་པའི་མཐུ། །ལུང་པ་རི་ཀ་འཁོར་བ་ལྟར། །རང་གི་ནུས་པ་འཇོམས་ཤིང་གསོད། །དེ་ཡི་སྦྱོར་བ་


DNG016_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟ་སྟེ། །རི་རབ་འོག་གམ་རྒྱ་མཚོའི་གཏིང་། །གདུག་པ་ཅན་གྱི་སྟོབས་གཞོམ་ཕྱིར། །ཁམ་སའི་ག་འུར་རུས་སྦལ་གྱི། །ལྟོ་སྦྱར་བར་དུ་རུས་སྦལ་བཅའ། །རྒྱ་ཤོག་དག་ལ་མུ་ཁྱུད་གསུམ། །གྲུ་གསུམ་སྡིག་པ་རུ་འཛིངས་པའི། །སྟེང་འོག་ལིངྒ་ལྟོ་སྦྱར་བྱ། །བར་མའི་མུ་ཁྱུད་དྲེགས་པ་ཅན། །འདུས་པའི་ཡང་སྙིང་འཁོར་བར་བྲི། །ཕྱི་རིམ་འབྱུང་བའི་འཁྲུལ་འཁོར་གྱི། །སྐྱོམ་ཞིང་སྡུད་པའི་ཡང་སྙིང་བྲི། །ཨེ་བཾ་རཾ་ཡཾ་ཁཾ་ཤིག །ཙིཏྟ་གཏུབས། སས་གཏིབས། མེས་ཚིག །ཆུས་དཀྲུག །རླུང་གིས་གཡེང་། ཁ་རི་བ་ལྡག །སྣ་རི་ཁས་ཡེན། ཁ་རི་སྡག་རྣམ་རི་ཙེ་ཁས་ཡིན་སོགས་འདྲ་མིན་མང་། དགྲ་བོ་མཱ་ར་ཡ། ཨེ་ཀ་ཡ་མ་སྲོག་ལ་ཧུར་ཐུཾ་གཟིར་ནན། དགྲ་བོའི་སྙིང་ལ་ཤག་རྦད། ར་ཏི་ར་ཁྲག་དགྲ་བོའི་སྲོག་ལ་ཡཾ་ཡཾ་ཏྲི་ལིང་དགྲ་བོའི་སྙིང་ལ་ཤག་རྦད། ནག་པོ་ནཱ་ག་བྷེ་ཏ་སྲོག་ལ་ཛ་ལ་ཛ་ལ། ནྲྀ་ཐུཾ་ཤག །དགྲ་བོའི་སྙིང་ལ་རྦད། ཙིཏྟ་དྲེང་ཤག་ནྲྀ་མཱ་ར་ཡ། འཁོར་ལོ་ཁ་སྦྱར་ག་འུར་གཞུག །ནམ་མཁའ་བར་སྣང་ས་འོག་གི། །དབང་ཆེན་སྟོབས་ཆེན་འདུས་པ་ཡིན། །འོག་གི་འཁྲུལ་འཁོར་གསང་བར་བཤད། །བར་ཆའི་འཁོར་ལོ་འདི་ལྟ་སྟེ། །གཤེད་པོ་ལས་རྒྱས་ལྟོ་བ་རུ། །མུ་ཁྱུད་རིམ་པ་ལྔ་རུ་བསྐོར། །དབུས་སུ་འདོད་པའི་མིང་རུས་བྲི། །གཡས་གཡོན་འདོམས་སུ་དམ་སྲི་རུ། །ཀླུ་སྲིན་ས་སྲིན་སྙིང་པོ་བྲི། །སྙིང་ལ་སྡིག་པ་བཞི་བགྲད་པ། །དམར་ལེན་དྲག་སྔགས་འབྲུ་བརྒྱད་བྲི། །ཕྱི་རིམ་ཡང་སྙིང་འཁྲུལ་མིག་དག །བརྒྱད་བཞི་དྲེགས་པའི་ཡང་སྙིང་བྲི། །ཐ་མ་འཁོར་ལོ་བཅུ་གཉིས་རྩིབས། །བྱས་པ་འཇིག་པའི་འཁྲུལ་འཁོར་བྲི། །བར་ཆ་དག་གི་འཁྲུལ་འཁོར་ཡིན། །སརྦ་ཤ་ཏྲུཾ་སྟྭམྦྷ་ཡ་ནན། འགྲིར་རྦད། པདྨ་སྦུར་སྲོག་ནན་སྙིང་གཟེར་དྲེང་ཤག་ཡཾ་རྦད། རི་རབ་བང་རིམ་གསུམ་པའི་ཁར། །གྲུ་གསུམ་ནག་པོ་དུག་ཁྲག་བྱུག །རབས་ཆད་ཐོད་པར་འཁྲུལ་འཁོར་བཅའ། །སྒོ་བཞི་རྫོགས་པའི་མཆོད་རྟེན་དག །རུས་སྦལ་གདན་ལ་གླང་ཆེན་འདེགས། །སྒོ་བཞི་གྲི་ལྕགས་སྦུག་མ་རུ། །དྲག་པོའི་སྔགས་ཐུན་མཚོན་ཆས་བརྡར། །བསད་པ་ལས་ཀྱི་མཚོན་དུ་བཤད། །ནམ་


DNG016_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

མཁར་ཕྱག་རྒྱ་གསལ་བ་ཡི། །སྟོབས་ཆེན་སྙིང་པོ་རྫོགས་པ་དང་། །ལས་རབ་ཀུན་གྱི་མཆོག་ཏུ་བཤད། །སྡིག་པ་སྙིང་འཛིངས་འཁྲུལ་འཁོར་ནག་པོ་གསང་རྒྱུད་ལས། རྫས་བཟློག་གསང་བ་འཁྲུལ་འཁོར་གྱི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་ཡང་འཇིགས་བྱེད་ཆེན་པོ་དེས། གསང་སྔགས་ཀྱི་འཁོར་ལོ་བསྐོར་བ་འདི་གསུངས་སོ། །གདོད་ནས་རྣམ་དག་ཡེ་ཤེས་སྐུ། །ལྷུན་གྱིས་གྲུབ་པ་ཡིན་པ་ལ། །རྩོལ་བསྒྲུབ་རེ་དོགས་འཛིན་པ་བྲལ། །རྣམ་རྟོག་བག་ཆགས་སྤྲིན་ལྟ་བུ། །ནམ་མཁའ་ལྟ་བུར་འཛིན་མེད་པ། །སྲུང་བ་ཀུན་གྱི་མཆོག་ཏུ་བཤད། །སྟོང་པའི་དབྱིངས་ལས་རྫོགས་པ་ཡི། །ཕྱག་རྒྱའི་རོལ་པ་ཡོངས་རྫོགས་པ། །བསམ་གཏན་སེམས་ཀྱི་འཁོར་ལོར་བཤད། །རྒྱུ་དང་འབྲས་བུ་སྲོག་དང་ལས། །དྲེགས་པའི་དེ་ཉིད་ཤེས་པ་ན། །དྲེགས་པ་རང་གཤེད་རང་གིས་བྱེད། །བསམ་གཏན་འཁོར་ལོ་བྱེད་པ་ན། །སྔགས་དང་རྫས་དང་ཏིང་འཛིན་གྱིས། །མིང་དང་རྟོག་པ་དབྱིངས་སུ་བསྒྲལ། །སྔགས་ཀྱི་གྲོང་ཁྱེར་རབ་བསྒྲིལ་ཞིང་། །མིང་ནས་བོས་ཤིང་རབ་ཏུ་གཟིར། །རྣམ་ཤེས་འཕྲོག་ཅིང་གཅད་བྱ་བ། །སྔགས་ཀྱི་ཕྲེང་བས་གདུག་པ་འདུལ། །དྲེགས་པས་དཀྲུགས་ཤིང་དབང་བསྡུས་ལ། །མིང་ནས་བོས་ལ་ཐོག་ལྟར་གཟིར། །རྣམ་ཤེས་འཕྲོག་སྟེ་མཚོན་ཆས་གཅོད། །བསྲུང་ཞིང་བཟློག་པའི་ལས་སུ་རིག །དེ་ཉིད་རང་གཤེད་ཕེབ་པས་ན། །རྣོ་མྱུར་སྲིད་པའི་ཁྱམས་ཁང་ན། །རང་གཤེད་གདུག་པའི་ཡི་གེ་གནས། །དྲག་སྔགས་དབུགས་ཀྱི་རྟ་ལ་ཞོན། །དུག་རླངས་འོད་ཟེར་རང་ཤུགས་འཕྲོ། །ཤ་ཟ་གསོད་བྱེད་ཕོ་ཉ་བསྐུལ། །རང་གནད་གདུག་པའི་ཡི་གེ་བླངས། །རང་གཤེད་གྲོགས་ཀྱི་འཁོར་ལོ་འཕྲོ། །ཀུན་འདུས་རྩ་བཅད་ཙིཏྟར་འདུས། །ཧུར་ཐུམས་ཛ་ཡི་ནྲྀ་ཕྲོགས་ནས། །སྲིད་པའི་ཁྱམས་ཁང་མཚོན་ཆས་གཅོད། །འདི་དག་བསད་པའི་ལས་སུ་རིག །བསྐྱེད་པ་ཁ་གསོ་དུག་དབལ་གྱིས། །རྩ་རྣམས་ཁེངས་ནས་ནད་རྒྱས་ནས། །རྩ་ཡི་མདུད་བཅད་སྲོག་བྲལ་གྱུར། །ཕྱོགས་སམ་སྒོ་བཞི་ལས་ཀྱི་ཐུན། །ཁ་གསོ་ཟོར་གྱི་


DNG016_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སུ་ཤིས། །འཁོར་ལོ་ཐུན་བརྡེག་ལས་རབ་མཆོག །རྐྱང་པ་སྦྲག་མ་ལས་ཀྱིས་སྡེབས། །སྤྱིར་ནི་འཁྲུལ་འཁོར་གསང་བའི་བཅུད། །ཡང་གསང་ཐུགས་ཀྱི་འཁོར་ལོར་བཤད། །ལས་ཀྱི་རྒྱལ་པོའི་སྙིང་ནང་དུ། །རྩ་བཞི་མཚོན་གྱིས་གཅོད་པར་བྱེད། །དམ་མེད་སློབ་བུའི་སེམས་པ་ཉིད། །ལྕགས་ཀྱི་སྡིག་པས་རྩ་བརྒྱད་ཟ། །དམ་འདྲེས་བསེ་ཡི་སྦལ་པ་ལ། །ནད་ཁྲག་འདུས་ཤིང་ལྡང་བར་འགྱུར། །སྔགས་པ་ནག་པོ་སྤྱི་ཡི་སྤུན། །རང་གཤེད་བསེ་ཡི་སྦལ་པ་ཡིས། །རྣམ་ཤེས་དུག་ཁྲག་མེ་ཆུར་བསྐོལ། །བོན་པོ་རིགས་གཉིས་ཕྱི་རོལ་པ། །ཕག་རྒོད་ནད་དང་མཚོན་གྱིས་བསྒྲལ། །གནམ་ལྕགས་འཐབ་ན་རྟོག་མེད་ལས། །ཕྱག་རྒྱ་རྫོགས་པས་རོལ་པའི་སྐུ། །གཉིས་སུ་མེད་པའི་ཡེ་ཤེས་བསྒོམ། །གཞན་གྱི་སྟོབས་རྣམས་རབ་ཏུ་གཟིར། །ལས་དྲུག་སྤྱི་ཡི་དགོངས་པར་བཤད། །ནག་པོ་སྟོབས་དང་དབྲལ་བ་དག །རྒྱ་གྲམ་དྲེགས་པའི་སྔགས་བྲིས་ཏེ། །ལྕེ་སྟེང་རི་རབ་དག་གིས་མནན། །ཞི་ཁྲོ་ཕུར་པ་གཤིན་རྗེ་ནས། །ས་བདག་ཀླུ་སྲིན་ཡན་ཆད་ཀྱི། །སྔགས་ཀྱི་བཟླས་བརྗོད་ཅི་བྱས་པ། །རི་རབ་རྒྱ་གྲམ་ཆེན་པོ་ཡིས། །ངག་གི་ནུས་པ་གནོན་པར་བྱེད། །ནུས་པ་ནོན་ཅིག་ཅེས་ཀྱང་བརྗོད། །དྲག་པོའི་ངག་མནན་འཁོར་ལོ་བཤད། །འབྱུང་བའི་ཁྲམ་བཟློག་ཆེན་པོ་སྟེ། །གསང་སྔགས་འཁོར་ལོ་བསྐོར་བ་ཡིས། །འཇིག་རྟེན་ལྷ་འདྲེ་ཁམས་འཁྲུགས་ཤིང་། །མཚོན་ཆའི་འཁོར་ལོ་ལོག་པ་ལྟར། །ཁོ་རང་རྒྱུད་ལ་ལྡོག་པ་ནི། །ཕོ་ཉ་བཟློག་པ་ཞེས་སུ་བཤད། །འཆི་བདག་ཤན་པའི་ལྟོ་བ་རུ། །གསང་བའི་སྔགས་ཀྱི་ལྟོ་དཀྲུག་པས། །ལྷ་སྲིན་ཙིཏྟ་འཁྲུག་པ་ཡིས། །གཟས་པའི་རྩ་སྲོག་འབྲལ་བས་ནི། །ཙིཏྟ་དཀྲུག་པའི་ལས་སུ་བཤད། །སྲིད་པའི་རུས་སྦལ་ལྟོ་བ་རུ། །ཀླུ་དང་ས་བདག་སྡེ་བཞི་ལ། །སྟོབས་ཀྱི་སྔགས་ཀྱི་འོད་ཟེར་གྱིས། །གདུག་པའི་ཀླུ་གཉན་དུག་བླངས་ཏེ། །གཟས་པའི་སྙིང་ལ་འདུས་པར་བསམ། །གཏད་ལོག་ནག་པོའི་ལས་སུ་བཤད། །ཕྱག་རྒྱ་མཚོན་ཆ་དམིགས་པའི་ཡུལ། །གསལ་བ་གསུམ་གྱིས་ལས་ཀུན་འགྲུབ། །ཅེས་གསུངས་སོ། །སྡིག་པ་སྙིང་ལ་རུ་


DNG016_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

འཛིངས་འཁྲུལ་འཁོར་ནག་པོ་གསང་བའི་རྒྱུད་ལས། ཡང་གསང་ཐུགས་ཀྱི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཡོངས་སུ་བསྐོར་བའི་འཁོར་རྣམས་ལ་འདི་སྐད་ཅེས་གསུངས་སོ། །ཨེ་མ་རྣམ་རྟོག་མཚན་མ་རང་གྲོལ་བའི། །རྡོ་རྗེ་བདེ་བ་ཆེན་པོའི་བཀའ། །གསང་ཚིག་དམོད་པའི་ལས་མཆོག་འདི། །རིག་བྱེད་རྡོ་རྗེ་སྙིང་པོས་ཟུང་། །སྐྱེ་མེད་རྣམ་དག་ཆོས་དབྱིངས་ཕོ་བྲང་ནས། །ཐུགས་རྗེའི་རོལ་པས་བྱེ་བྲག་ཅིར་བསྟན་ཀྱང་། །གཉིས་མེད་འབྲས་བུ་ཕྱག་རྒྱ་ཆེན་པོས་རྫོགས། །སྣང་སྟོང་གཉིས་མེད་ཡེ་ཤེས་སྒྱུ་མའི་སྐུ། །རྟག་ཆད་མཐའ་ལས་གྲོལ་བའི་ཡེ་ཤེས་ཉིད། །ཁོ་ན་ཉིད་དོ་གཉུག་མ་རྡོ་རྗེའི་སྐུ། །ཕྱག་རྒྱ་ཆེན་པོས་ཟིལ་གྱིས་གནོན་པར་གནས། །སྐུ་ཡི་སྒྱུ་མའི་ཕྱག་རྒྱ་ཅིར་ཡང་གནས། །གསུང་ནི་ཁྲོ་བོ་རྔམ་སྒྲ་ལྔ་དང་ལྡན། །ཐུགས་ནི་སྣ་ཚོགས་ཆོ་འཕྲུལ་མཚོན་ཆ་བཞིན། །ལས་ཀྱི་སྐབས་ཀྱིས་ཕྱེ་བ་དེ་ལྟ་བུའི། །ངོ་བོ་ཉིད་ནི་ཆོས་སྐུ་འགྱུར་བ་མེད། །སྐྱེ་བའི་ཆོ་འཕྲུལ་སྣང་ལ་རང་བཞིན་མེད། །ཡོན་ཏན་ཡེ་ཤེས་མཚན་དང་དཔེ་བྱད་ལྡན། །སྙིང་པོ་འགྱུར་བ་མེད་པའི་ངང་ལས་འཆར། །ཐམས་ཅད་ཆོས་སྐུ་བདེ་བ་ཆེན་པོའི་ངང་། །བགྲོད་པ་རྣམ་གསུམ་ཐོབ་པའི་རྩལ་གྱི་ཡོད། །ཨེ་མ་རྣོ་དབལ་མཚོན་ཆའི་མཆོག །སྡིག་པ་སྙིང་ལ་རུ་འཛིངས་པའི། །སྙིང་པོ་དུག་དབལ་དམོད་པའི་མཆོག །ཁྱད་པར་གསང་བའི་སྦྱོར་བ་འདི། །དཔའ་བརྟུལ་དྲག་པོའི་སྟོབས་ཀྱིས་སྤྱོད། །སྡེབས་དང་རྐྱང་པ་སྟོབས་དང་སྦྱར། །སྟོབས་ལྡན་འཛོམ་ན་སྦྱོར་བ་བསྡེབ། །རྒྱ་མདུད་བརྩེགས་པའི་ལྟོ་བ་འམ། །ནམ་མཁའ་བར་སྣང་ས་གཞིའི་འོག །འཁོར་ལོ་རྫོགས་པ་རྫས་ཀྱི་གནད། །རི་རབ་མཆོད་རྟེན་བར་དག་ཏུ། །སྟོབས་ཀྱི་འཁོར་ལོ་ཐོད་པར་གཞུག །ཕྱག་རྒྱ་གསལ་བས་རྔམ་ཚིག་བཟླ། །དྲེགས་པ་དཀྲུག་ཅིང་གནོད་བྱེད་གཟིར། །རང་གཤེད་འཁོར་ལོ་ཐུན་གྱིས་བྲབ། །བླ་གནས་གཟུགས་ལ་གནད་ཡིག་དགོད། །མཐའ་བསྒྱུར་སྤུ་གྲི་རྣོ་དབལ་སྦྱར། །བགེགས་ཀྱང་མགྱོགས་ཀྱི་ཕོ་ཉ་བཟློག་ཅིང་བསད། །གདུག་པ་ཀླུ་ཡི་གཏད་ཁྲམ་བཟློག །བསྡེབ་པའི་ལས་རིམ་སྐབས་སུ་སྦྱར། །བསད་པའི་ལས་སུ་


DNG016_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

ཤིས་པར་སྤྱད། །རྒྱུན་དུ་ལྷ་སྲིན་སྟོབས་གཞོམ་ཞིང་། །ངག་མནན་འཁོར་ལོ་བཅས་ལ་མནན། །སྟོབས་ཆེན་ནུས་པ་འཇོམས་པར་བཤད། །ཙིཏྟ་དཀྲུག་པའི་རང་གཤེད་དབབ། །སྡིག་པའི་ལུས་ཚད་བརྟགས་ལ་གཏད། །དྲེགས་པ་འཁྲུགས་ན་ཤིས་པར་བཤད། །ཨེ་མ་ཡང་གསང་རྣལ་འབྱོར་རྒྱུད། །ཐབས་དང་ཤེས་རབ་སྙིང་པོའི་དོན། །རྩ་བ་བཤད་པ་འཕྲུལ་གྱི་བཀའ། །ཡང་སྙིང་ནག་པོ་གསང་བའི་མཚོན། །སྡིག་པ་སྙིང་ལ་རུ་འཛིངས་འདི། །གསང་བདག་རྡོ་རྗེ་སྙིང་པོ་དང་། །ལོངས་སྤྱོད་འཕྲུལ་ནི་སྤྲུལ་པར་བཤད། །ལྷ་དང་མཁའ་འགྲོ་རིག་པ་འཛིན། །རྫུ་འཕྲུལ་སྟོབས་ཆེན་དྲེགས་པའི་འཁོར། །བྱང་སེམས་བཀའ་དང་ལུང་བོར་མིན། །སློབ་དཔོན་མི་སྤང་སྤུན་མི་བརྙས། །སངས་རྒྱས་བཀའ་ལ་ངེས་པར་བཀུར། །བླ་མ་དཀོན་མཆོག་ཡི་དམ་མཆོད། །བདག་གཞན་བྱང་ཆུབ་སེམས་མི་གསད། །དོན་གྱི་ལམ་སྟོར་ལོག་པ་ལ། །གསང་སྔགས་བརྡའ་དང་དམ་མི་སྨྲ། །ཡོངས་སུ་མ་སྦྱངས་ཚད་མི་སྦྱར། །ཐེག་པ་དམན་ལ་ཆོས་མི་བཤད། །བཀའ་ལ་ཚད་མའི་སྒྲས་མི་གཞལ། །དད་ལྡན་མི་བཟློག་ཕྱག་རྒྱ་བསྟན། །རིན་པོ་ཆེ་ཡི་རྩལ་མི་སྤྲུག །རྣལ་འབྱོར་མི་གཏང་གསང་སྔགས་བཟླ། །དྲོད་རྟགས་དབང་པོ་རང་ཉམས་བརྟག །སེམས་ཀྱི་མེ་ལོང་རྟག་ཏུ་བལྟ། །ཨེ་མ་འཁོར་དུ་འདུས་པའི་ཚོགས། །ལྷ་ཀླུ་དྲེགས་པ་རྫུ་འཕྲུལ་ཅན། །ང་ཡི་གསང་རྒྱུད་སྙིང་པོ་འདི། །མ་འོངས་དམ་ཅན་སྒྲུབ་བྱེད་ན། །དེ་ཡི་དམ་ལས་མི་འདའ་སྲུངས། །འཁོར་གྱི་དྲེགས་པ་ཕོ་མོ་ཡིས། །རྣལ་འབྱོར་བསྒྲུབ་པའི་གྲོགས་གྱིས་ཤིག །ཅེས་གསུངས་སོ། །དེ་ནས་རྡོ་རྗེ་སྙིང་པོ་ལ་སོགས་པའི་འཁོར་རྣམས། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་དགའ་མགུ་ཡི་རངས་ཏེ་མངོན་པར་བསྟོད་དོ། །འཇམ་དཔལ་གཤིན་རྗེ་འཁྲུལ་འཁོར་ནག་པོ་སྡིག་པ་སྙིང་འཛིངས་གསང་བའི་རྒྱུད་ལས། རྒྱུད་གཏད་ཅིང་རྗེས་སུ་ཡི་རང་བའི་ལེའུ་སྟེ་བཅུ་བཞི་པའོ།། །།འཇམ་དཔལ་གཤིན་རྗེ་དངོས་གྲུབ་ཉེ་བར་བསྡུས་པའི་ཟླ་གསང་ནག་པོའི་
སྙིང་པོའི་རྒྱུད། ལས་ཀྱི་འཁྲུལ་འཁོར་ནག་པོ་སྡིག་པ་སྙིང་འཛིངས་ཀྱི་རྒྱུད་ཅེས་བྱ་བ། ལྷ་ཡུལ་དུ་གྲགས་པ་རྫོགས་སོ།། །།བལ་ཡུལ་གྱི་སློབ་དཔོན་ཆེན་པོ་བ་སུ་དྷ་ར་དང་། བོད་ཀྱི་ལོཙྪ་བ་གནུབས་བན་སངས་རྒྱས་ཡེ་ཤེས་བདག་གིས་བསྒྱུར་བའོ། །རྒྱ་རྒྱ་རྒྱ། རྒྱ་རྒྱ་རྒྱ། རྒྱ་རྒྱ་རྒྱ། ཊྟྲྀ།

དྲག་པོའི་སྔགས་རྒོད་སྡིག་པ་སྙིང་འཛིངས་ཀྱི་རྒྱུད་ཅེས་བྱ་བ།


DNG016_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། རུ་དྲ་མནྟྲ་བིཙྪ་ཧྲྀ་ད་ཡ་ཀཱིརྞ་ཏནྟྲ་ནཱ་མ། བོད་སྐད་དུ། དྲག་པོའི་སྔགས་རྒོད་སྡིག་པ་སྙིང་འཛིངས་ཀྱི་རྒྱུད་ཅེས་བྱ་བ། དཔལ་འཇིགས་བྱེད་ཀྱི་རྒྱལ་པོ་ཡ་མཱནྟ་ཀ་ལ་ཕྱག་འཚལ་ལོ། །དེ་ནས་རྡོ་རྗེ་སྙིང་པོ་ཡིས། །རྡོ་རྗེ་ཁྲོ་བོ་འཇིགས་ཚོགས་ལ། །ཀུན་ཀྱང་གུས་པས་ཕྱག་བཙལ་ཏེ། །བདེ་མཆོག་ཡབ་ལ་འདི་སྐད་གསོལ། །ཨེ་མ་ཧོ། སངས་རྒྱས་ཀུན་གྱི་རང་བཞིན་ཏེ། །རྡོ་རྗེ་འཆང་གི་ངོ་བོ་ཉིད། །སྙིགས་མ་ལྔ་ཡི་དུས་ཉིད་དུ། །མཚམས་མེད་ལས་རྣམས་ཀུན་སྤྱོད་པས། །འགལ་བ་ཆོམ་ལ་དབབ་པའི་ཕྱིར། །རང་གཤེད་དྲག་པོ་བཤད་པར་མཛོད། །དེ་ནས་ཕྱག་རྒྱ་ཆེན་པོ་ཡིས། །རྡོ་རྗེ་སྙིང་པོ་ཁྲོ་ཚོགས་ལ། །གསང་ཚིག་དྲག་པོའི་དམོད་པ་ཡིས། །འགལ་བ་ཆོམ་ལ་དབབ་པའི་མཆོག །འཁོར་ལ་ཉེ་བར་བཀའ་སྩལ་ཏོ། །སྙིགས་མ་ལྔ་ཡི་དུས་ཉིད་དུ། །མཚམས་མེད་ལས་ངན་ཀུན་སྤྱོད་པས། །བོན་དགྲ་དམ་ཉམས་བསྒྲལ་བའི་ཕྱིར། །རི་ཐང་མཚམས་སུ་ཞེ་སྡང་ཅན། །ཁྲོས་པའི་གཞུ་བཅག་སྦྱོར་བ་བརྩམ། །དེ་ཡང་ཕྱིར་ལ་བཟློག་པ་དང་། །བྱས་པ་བཤིག་དང་ཟུག་པ་དབྱུང་། །གསང་ལམ་དགག་དང་གཟིར་གནན་ཏེ། །སྤྱང་མོ་དྲུག་གི་སྦྱོར་བ་ཡིས། །དང་པོ་འཆི་མེད་དུས་སྦྱོར་ཟློག །བར་དུ་མཁའ་འགྲོ་གཟན་ལ་དབབ། །ཐ་མ་དུག་མདའ་ཁོང་དུ་བསྐྱལ། །ཞེས་གསུངས་སོ། །དྲག་པོའི་སྔགས་རྒོད་སྡིག་པ་སྙིང་འཛིངས་ཀྱི་རྒྱུད་ལས། ཞུས་པ་དང་གནང་བའི་ལེའུ་སྟེ་དང་པོའོ།། །།དེ་ནས་འཇིགས་བྱེད་ཆེན་པོ་ཡིས། །དང་པོ་སྟོང་པ་ལྷ་ཡི་འཁོར་ལོ་ཡི། །འཆི་མེད་དུས་ཀྱི་སྦྱོར་བ་བཟློག་པ་འདི་གསུངས་སོ། །ཨེ་ཉིད་སྟོང་པ་ཆོས་འབྱུང་ཞེས། །མ་སྐྱེས་སྐྱེ་འགག་མེད་པ་ལས། །རྒྱུ་རྐྱེན་སྔགས་ལས་མ་བསྐྱེད་པར། །རོལ་པ་ཆེན་པོའི་སྐུ་རུ་གསལ། །དབུ་གསུམ་ཕྱག་དྲུག་ཞབས་བཞི་


DNG016_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

བགྲད། །གཡས་དཀར་གཡོན་དམར་དབུས་མཐིང་རྔམ། །རྡོ་རྗེ་འཁོར་ལོ་རལ་གྲི་གཡས། །བེ་ཅོན་གཏུན་ཤིང་སྡིགས་མཛུབ་གཡོན། །རིགས་ལྔའི་ཁྲོ་བོས་དབུ་ལ་བརྒྱན། །རང་གི་ཕྱག་རྒྱ་ཆེན་པོས་བརྗིད། །སྦྲུལ་དང་རིན་ཆེན་འབར་བ་དང་། །དྲེགས་པའི་མགོ་བཅད་ཕྲེང་བས་བརྒྱན། །ཀླུ་རིགས་དུ་མས་སྐུ་ལ་སྤྲས། །ཡུམ་ནི་དམིགས་མེད་ཆོས་ཀྱི་དབྱིངས། །མཐིང་ནག་ཙིཏྟ་བྷན་དམར་སྟོབ། །ཐུགས་ཀར་སྨུག་ནག་ཡ་མ་གནས། །མེ་ལོང་ཡེ་ཤེས་ངོ་བོ་ཉིད། །འཁོར་ལོ་ཙིཏྟ་ཕྱག་ན་བསྣམས། །ཡ་མའི་ཐུགས་ཀར་དྲེགས་པ་ཆེ། །མཉམ་ཉིད་ཡེ་ཤེས་ངོ་བོ་ཉིད། །ལྗང་ནག་རྡོ་རྗེ་སྙིང་ཕྲེང་འཛིན། །དྲེགས་པའི་ཐུགས་ཀར་ཁྱམས་ཁང་སྟེང་། །བྱ་བ་ནན་ཏན་ཡེ་ཤེས་ཉིད། །འཇིགས་བྱེད་ཆེན་པོ་མཐུར་དུ་བལྟ། །སྤྱི་གཙུག་མཁའ་ལྡིང་ཀླུ་ནག་འདུལ། །སོར་རྟོག་ཡེ་ཤེས་ངོ་བོ་ཉིད། །དཀར་པོ་ཟིལ་གནོན་རོ་ཉེ་ཟ། །ཕྲག་གོང་སྨུག་ནག་འཇིགས་པའི་ཁྱུང་། །དཔུང་ཁར་སྟག་ཆེན་རོ་ལ་རྔམ། །ནུ་ཁར་སེང་གེ་རལ་པ་སྤྲུག །སྟ་ཟུར་དུག་སྦྲུལ་ནག་པོ་འཁྱུག །སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །རྡོ་རྗེ་འཆང་ཆེན་སྤྱི་གཟུགས་ཅན། །མ་བསྐྱེད་ངང་གིས་རང་བཞིན་འཆར། །ཕྱག་རྒྱ་ཀུན་གྱི་ཟིལ་གནོན་ཡིན། །དེ་འདྲའི་སྐུ་རུ་གསལ་བསྒོམས་ལ། །སྟོང་སྲོག་འཁོར་ལོ་འདི་དག་བཟླས། །ཨྱེ་ཨྱེ་ཨྱེ། ཨ་ཀྲེ་ཏེ་ཀ །ཡ་མཱནྟ་ཀ །ཡ་མ་ཡེ། ཀཱ་ལ་རཱུ་པ། ཀ་པ་ཡེ། ཧྲི་སྡི། ཨ་བ་ཡེ། ཨ་ཨཱ་ནེ་ཨཱ་ནེ། ཨུ་ཨུ་ནེ་ཨུ་ནེ། དུ་དུ་ནེ་དུ་ནེ། ཨ་ཨཱིཾ། ཨུ་ཨེ། ཨོ་ཨི། ར་རཱི། ལ་ལི། དུ་རུ་ཡེ། བྱ་ཙ་ཡེ། སིངྷ་ཡེ། ཧྲི་ད་ཡེ། བི་ད་ཡེ། ཙིཏྟ་ཡེ། ཧ་ལ་ཡེ། མུ་ཁ་ཡེ། ཨུ་ཨུ་ནེ། ཨུ་ཨུ་ནེ། བྷི་ཀྲི་ཏ། ཨ་ཨ་ནན། ཡ་མ་ར་ཙ། ཡ་མ་རཀྴ། ཡ་མ་ར་ག་ཨ། ཡ་མ་རཀྵ། བེ་ཏཱ་ལི། ཀྲོ་ཏཱི་ཤྭ་རཱི། མ་མ་ཨེ་ཀ་ཛ་ཏི། དེ་མ་ཁ་ལ་བཾ་རིལ། རུ་ལུ་རུ་ལུ། ཤྲི་བཛྲ་ཀྲོ་ཏ། ཡ་མ་ཀརྨ། རོ་ཥ་ཎ། ཡ་མ་རཀྴ། ཀྲི་ཏ་ཙ་ན་ཏ། རཀྴ་མོན་ཏ། ཨ་མུ་ཀ་མྱགས་ཐུམ་རིལ། ཏྲིག་ནན། སྦུར་ནན། ཨེ་ཧུར་ཐུམས་ཛ། ཁཾ་ཤག་རོ་མྱགས། རྨུགས་ཏི་རྦད་ཡ། གསང་སྔགས་ཕྲེང་བ་འདི་ཉིད་ལ། །སྤྱང་མོ་དྲུག་གི་


DNG016_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

སོ་འདི་གསུངས། །བར་དུ་མིང་དང་བརྡའ་རུ་སྦྱར། །ཞེས་གསུངས་སོ། །དྲག་པོ་སྔགས་རྒོད་སྡིག་པ་སྙིང་འཛིངས་ཀྱི་རྒྱུད་ལས། སྟོང་སྲོག་ལྷའི་འཁོར་ལོ་ལས་འཆི་མེད་དུས་ཀྱི་སྦྱོར་བས་སྲུང་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་འཇིགས་བྱེད་ཆེན་པོ་དེས། མཁའ་འགྲོའི་ཟ་ཁ་དགྲ་ལ་སྤོ་བ་ཡི། སྤྱང་མོ་དྲུག་གི་སོ་འདི་གསུངས་སོ། །ཆེ་གེ་མོ་ཨ་མུ་ཀ་ཏྲིག་ནན། ཨེ་ཧུར་ཐུམས་ཛ། ཁམ་ཤག་རོ་མྱགས་མུགས་ཏི་རྦད། ཆེ་གེ་མོ་ཨ་མུ་ཀ་རྩ་སྦུར་སྲོག་ནན། སྙིང་གཟེར་དྲེང་ཤག་ཡཾ་རྦད། ཨེ་ཧུར་ཐུམས་ཛ། ཁམ་ཤག་རོ་མྱགས་མུགས་ཏི་རྦད་ཡ། ཆེ་གེ་མོ་ཨ་མུ་ཀ་མནྟྲ་དུམ། མ་སྟ་ར་དུམ། མ་ཧཱ་ར་ག་དུ་རཾ་ཡང་ཐུམ་རིལ་རྦད། ཨེ་ཧུར་ཐུམ་ཛ། ཁམ་ཤག་རོ་མྱགས། མུགས་ཏི་རྦད་ཡ། ཆེ་གེ་མོ་ཨ་མུ་ཀ་དུ་རམ་ཏྲི་ཡཾ་འདྲིད་ཕྱུང་། སྲོག་གཟེར་ནན་ཕྱུང་། ཨེ་ཧུར་ཐུམས་ཛ། ཁམ་ཤག་རོ་མྱགས་མུགས་ཏི་རྦད་ཡ། ཆེ་གེ་མོ་ཨ་མུ་ཀ་ཙིཏྟ་སྟྭམྦྷ་ཡ་ནན། ཨེ་ནན་ཡཾ་བཟློག འདྲིད་བཟློག་བྷྱོ། ཨེ་ཧུར་ཐུམས་ཛ། ཁམ་ཤག་རོ་མྱགས་མུགས་ཏི་རྦད་ཡ། ཆེ་གེ་མོ་ཨ་མུ་ཀ་བི་ཏཾ་སྟྭམྦྷ་ཡ་ནན། ཨེ་ཧུར་ཐུམས་ཛ། ཁམ་ཤག་རོ་མྱགས་རྨུགས་ཏི་རྦད་ཡ། དེ་དག་གོང་གི་སྔགས་རིང་ལ། །སྐབས་ཀྱིས་བསྒྱུར་བ་ཤེས་པར་བྱ། །བགྱིང་གཟིར་བྱད་བཟློག་གསང་ལམ་དགག །བྱས་པ་བཤིག་ཅིང་ཟུག་པ་དབྱུང་། །སྟོབས་དང་ནུས་པ་མནན་པའོ། །ཏིང་འཛིན་སྤྱང་མོ་འཕྲོ་འདུ་ནི། །གཡུ་ཡི་སྤྱང་མོ་དྲུག་ཏུ་འགྱུར། །སྤྱང་མོ་རེ་རེས་ཕྲིན་ལས་རེ། །མྱུར་དུ་བྱེད་པས་གསལ་བར་བསྒོམ། །ཞེས་གསུངས་སོ། །དྲག་པོ་སྔགས་རྒོད་སྡིག་པ་སྙིང་འཛིངས་ཀྱི་རྒྱུད་ལས། སྤྱང་མོ་དྲུག་གི་མཁའ་འགྲོའི་ཟ་ཁ་དགྲ་ལ་སྤོ་བའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་སྔགས་ཀྱི་དུག་མདའ་ཁོང་དུ་སྐྱེལ་བ་རང་གཤེད་དབབ་པ་འདི་གསུངས་སོ། །དཔའ་བོ་གྲིར་ཤི་བའམ། ཁྱི་ནག་པོའམ། ར་རོག་པོའི་སྙིང་ནང་དུ། གདུག་བྱེད་རང་གཤེད་དབབ་པའི་འཁོར་ལོ་གཉིས། ཞེ་སྡང་ལྕགས་ཀྱི་སྡིག་པ་ནག་པོ་དང་། ཕྲག་དོག་བསེའི་སྦལ་པ་དམར་པོ་གཉིས་ལྟོ་བར་བཅས་ལ། ཙིཏྟའི་ནང་དུ་


DNG016_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

ཙཀྲ་གཞུག །དེ་ནས་རབས་ཆད་ཐོད་པ་གཤག །ཐོད་པའི་ནང་དུ་ཙིཏྟ་གཞུག །ཨག་ཚེ་བ་ཡར་བསྟན་ལ། དེ་ནས་མནན་རྫས་དང་ཐུན་གྱིས་བརྡེག་གོ། །བདག་ཉིད་ཕྱག་རྒྱ་ཟིལ་གནོན་དུ་བསྒོམས་ལ། ངན་སྔགས་འདི་བཟླས་སོ། །ཨེ་མྱགས་ཡ་རྔུབས་མུགས་ཤག་ཀ་དུན། ཨ་མུ་ཀ་སྲོག་ལ་རྦད། ཐུམ་རིལ་རྦད། རྩ་ཁྲག་ཙིཏྟ་ཕྱུང་། ནྲྀ་སྲོག་ཧུར་ཐུམས་ཛ། ཞེས་བཟླས་སོ། །ངན་སྔགས་འདི་སྐྱེ་བ་རྒྱུན་གཅོད་ཡིན་ནོ། །ནག་པོ་རག་ཤ་སྙིང་ལ་སྦུར། ནན་རྦད། ནག་པོ་རག་ཤ་སྲོག་ལ་ཧུར་ཐམས་རྦད། ནག་པོ་རག་ཤ་སྙིང་ཁྲག་ལ་དྲེང་ཤག་རྦད། ནག་པོ་རག་ཤ་རྩ་ལ་དྲེང་ཤག་རྦད། ནག་པོ་རག་ཤ་སྙིང་ཁྲག་ཚལ་པ་ཤམ་ལོང་རྦད། ནག་པོ་རག་ཤ །གར་བྷ་ནྲྀ་ཛ། བྷན་ཏྲ་བྷི་ཏ་མ་བྷན་དྷ་རི་ཡང་སྟམྦྷ་ཡ་ནན། ཞེས་བཟླས་སོ། །ཉིན་མཚན་ཕྱེ་ལ་བཟླས་ཏེ། མཚན་མོ་ནག་པོའི་ལས་བྱའོ། །ཉིན་པར་དམར་པོའི་ལས་བྱའོ། །དེས་ཙིཏྟ་ཡང་གས་པར་འགྱུར་རོ། །དུས་ཐམས་ཅད་དུ་ཐུན་གྱི་ལས་ཉི་ཚེ་བྱ་བ་གཅེས་སོ། །གསང་བ་ཙིཏྟ་རང་གཤེད་དབབ་པ། ཞེ་སྡང་སྡིག་པ་ནག་པོ། ཕྲག་དོག་བསེའི་སྦལ་པ་དམར་པོ་གཉིས། རང་གཤེད་ཕབ་ལ་གནན་པར་བྱ། ཞེས་གསུངས་སོ། །དྲག་པོ་སྔགས་རྒོད་སྡིག་པ་སྙིང་འཛིངས་ཀྱི་རྒྱུད་ལས། སྔགས་ཀྱི་དུག་མདའ་ཁོང་དུ་བསྐྱལ་བ་རང་གཤེད་དབབ་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་དྲག་པོ་ཐུན་ལ་བརྟེན་ཏེ་བསད་པའི་ལས་འདི་གསུངས་སོ། །གྲི་རྒོད་ཀྱི་ཐོད་པའི་ནང་དུ། གྲི་རྒོད་ཀྱི་སྙིང་དམར་རོག་པོའི་སྙིང་དུ། དགྲ་བོའི་ལིངྒ་བཅུག་པས། དེ་ཡང་ལིངྒ་ཛ་དགུ་དང་། གར་བྷ་ནྲྀ་ཛས་བརྒྱན་པ་ནི། སྔོན་དམར་སྲད་བུས་བརྒྱན་ལ་བཞག །བདག་ཉིད་ཕྱག་རྒྱ་ཟིལ་གནོན་བསྒོམ། །ཐུན་རྫས་དུག་དང་སྐེ་ཚེ་དང་། །ཉུང་ནག་དང་ནི་ཟི་ར་ཏིལ། །ཤང་ཆེ་མི་ཁྲག་ཁྱི་ཁྲག་དང་། །ར་ཁྲག་དང་ནི་ཕག་པའི་ཁྲག །ལྕགས་ཕྱེ་ཟངས་ཕྱེ་ཐུན་དུ་སྦྱར། །ངན་སྔགས་འདི་དག་དྲག་ཏུ་བཟླས། །ཨྱེ་ཨྱེ་ཨྱེ། ཨ་ཀྲོ་ཏེ་ཀ །ཡ་མཱནྟ་ཀ །ཀཱ་ལ་རཱུ་པ། ཧྲི་སྡི་བྱི་ཀྲི་ཏ། ཀ་ལི་ཀྲོ་ཏ། ཨ་ནེ་ཨུ་ནེ། དུ་ནེ་བྱ་ཙ་ཡེ། དུ་རུ་ཡེ། ཙིཏྟ་ཡེ།


DNG016_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

ཧ་ལ་ཡེ། ཡ་མ་ཀྲི་ཏ། ཡ་མ་ཀྲོ་ཏ། ཡ་མ་མོན་ཏ། ཡ་མ་རགྴ། ཡ་མ་བྱི་ཤ །ཙི་དུ་ཏེ། ཧུ་ཏི་ཡང་། མོན་ཏ་ཀྲི་ཏ་ཡ། ཧྲི་ཎ་མ་ཡང་། ཨ་མུ་ཀ་ཙིཏྟ་དྲེང་ཤག །མུགས་ཤག་མུག་ཐུན་བྷྱོ། ཐུམ་རིལ་སྲོག་ལ་མྱོག་བྷྱོ། དུར་ཏིང་ཧྲི་ཤག་ཧལ་ཡཾ་བྷྱོ། དགྲ་བོའི་སྙིང་ཁྲག་ཚལ་པ་མྱོག་རྦད། སྲོག་ལ་མཱ་ར་ཡ་རྦད། ནྲྀ་ཤ་ཀུ་རུ་ནི་རྦད། ནྲྀ་ཧུར་ལོང་དྲེང་དུན་དུན། ཧུར་ཐུམས་ཛ། ཙིཏྟ་རྦད། ཅེས་བཟླས་ལ་སུམ་ཡར་དུ་བརྡེག་གོ། །བསྒོམ་པ་ནི་ཕྱག་རྒྱ་ཟིལ་གནོན་དུ་བསྒོམ་མོ། །སྐབས་སུ་བསྐུལ་པ་ཡང་གཏང་ངོ་། །ལིངྒ་ཐུན་གྱིས་ཉུགས་པ་དེ། ལམ་རྒྱ་གྲམ་དུ། གཟའ་རྒྱུ་བ་དང་བདུད་ཀྱི་ཉི་མ་ལ་སྲོད་ལ་མནན། གྲུ་གསུམ་ནང་དུ་མཆོད་རྟེན་བང་རིམ་གསུམ་པས་མནན། ཁ་བལ་ནག་དང་ཚེར་མས་དགབ། ཕྱིས་ཁ་གསོས་ལ་དུམ་རེ་འཕང་ངོ་། །ཞེས་གསུངས་སོ། །དྲག་པོ་སྔགས་རྒོད་སྡིག་པ་སྙིང་འཛིངས་ཀྱི་རྒྱུད་ལས། རང་གཤེད་གསང་བ་སྙིང་ཐུན་གྱི་ལས་ཀྱི་ལེའུ་སྟེ་ལྔ་པའོ།། །།དེ་ནས་འཇིག་རྟེན་གྱི་ལྷ་འདྲེ་སྤྱིའི་རྦོད་གཏོང་མཁན་གྱི་ངག་མནན་པ་འདི་གསུངས་སོ། །ཕག་ཐོད་དམ་དོམ་ཐོད་དུ། ཁོའི་སྲུང་མ་རྣམས་ཤོག་བུ་ལ་བྲིས་ལ། ངོ་མ་ཤེས་ན་རྨི་ལམ་དུ་གང་བྱུང་བ་བྲིས་ལ། རང་དང་གཉིས་ཀྱི་སོ་མཚམས་སུ། དོང་ཁྲུ་གང་པ་བྲུས་ལ། ཁོ་རང་གི་མིང་རུས། དེར་དུག་སྣ་ཚོགས་དང་། ཁྲག་དང་། ཉུང་ནག་དང་། ཚ་བ་གསུམ་དང་། གུ་གུལ་དང་། གྲི་རྒོད་ཁྲག་དང་ཐལ་ཆེན་སྦྱར་བའི་ཐུན་ལ་ངན་སྔགས་བཟླས་ཏེ། གཟུགས་ཀྱི་ཁར་མནན། རྦོད་གཏོང་མཁན་གྱི་སྲུང་མ་རྣམས་ནུས་པའི་མཐུ་ཉམས་པར་འགྱུར་རོ། །སྔགས་འདིའོ། །ཨེ་མྱགས་ཡ་རྔུབས་མུག་ཤག་ཀ་དུན་སྲོག་ལ་ཐུམ་རིལ་རྦད་བྷྱོ། རྩ་ལ་ཐུན་རྨུགས་རྦད་བྷྱོ། ཁྲག་ལ་མུགས་ཏི་ཐུན་རྦད་བྷྱོ། སྙིང་ཐུར་ནག་པོ་ཁས་ཁས་ཡན་ཡན། གར་བྷནྀ་ཧཱུཾ་ཛ་ཛ་བི་ཏི་སྟྭམྦྷ་ཡ་ནན། ཞེས་བཟླས་ན། ཕོ་ཉ་རྐང་མགྱོགས་ཁོ་རང་ལ། གནོད་ཅིང་བཟློག་པར་འགྱུར་རོ། །དེ་ནས་ཡང་སྔགས་པ་ནུས་པ་ཅན་གྱི་སྟོབས་དང་ནུས་པ་མནན་པ་འདི་གསུངས་སོ། །ཁོའི་ཟག་པའི་རྫས་བླངས་ལ། ཁོ་རང་གི་འདྲ་འབག་བྱས་ལ་མིང་དང་རུས་དགོད་


DNG016_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །དེའི་ལྕེ་སྙིང་གར་དྲངས་ལ། ལྕེ་ལ་སྔགས་དགོད་དོ། །ལྕེ་སྟེང་དུ་ཕུར་པ་སོར་བཞི་པ་གཅིག་གདབ་བོ། །དེ་གཏི་མུག་ནག་པོའི་སྙིང་དུ་བཅུག་ལ། མཆོད་རྟེན་བང་རིམ་གསུམ་པས་མནན་ནོ། །དེ་ཡང་ཟླ་བ་ནག་པོ་ཁོ་རང་དུར་དུ་ཞུགས་པ་ལ་བྱའོ། །གཟའ་ཕུར་བུའམ། སྐར་མ་ལག་སོར་ལ་བྱའོ། །དེས་ནི་ཁོའི་སྔགས་བཟླས་པ་ཐམས་ཅད། གསེར་གྱི་འཁོར་ལོ་རྩིབས་དྲུག་པ་གཉིས་སུ་གྱུར་ནས། ལྕེ་ལ་ལྕགས་ཀྱི་གཟེར་གྱིས་བཏབ་ནས་རི་རབ་ཁོང་སེང་བརྒྱུད་ནས། འགྱུར་དབང་མེད་པར་བསམ་མོ། །ངན་སྔགས་ནི། ཨྱེ་མྱགས་ཡ་རྔུབས་མུགས་ཤག་ཀ་དུན། ཨ་མུ་ཀ་སྙིང་དུན་ན། པྲི་དུ་ནན། ཙིཏྟ་ནན། ཛ་དུ་ནན་ཡང་སྙིང་གཟིར་སྦུར་ནན། ཀཱ་ཡ་བཱག་ཙིཏྟ་བཛྲ་ཏི་སྟ། མནྟྲ་བྷི་ཏཾ་སྟྭམྦྷ་ཡ་ནན། ཞེས་བཟླས་སོ། །རྟག་ཏུ་ཁ་དང་ལྕེ་ལ་འབྲུམ་པ་འོང་བ་དང་སྐྲང་བར་འགྱུར་རོ། །སྔགས་དེ་ཁྲི་ཕྲག་གཅིག་གམ་གསུམ་རྫོགས་ནས་གནན་པར་བྱའོ། །སྐབས་སུ་ཨྱཻ་རིང་དང་ཏིང་འཛིན་བསྡེབས་ལ་བྱའོ། །དྲག་པོ་སྔགས་རྒོད་སྡིག་པ་སྙིང་འཛིངས་ཀྱི་རྒྱུད་ལས། སྔགས་པ་སྟོབས་ཅན་ངག་མནན་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་གཏད་མཁན་ནང་འགྲས་ན། གཏད་བཟློག་ནག་པོ་རུས་སྦལ་མཇིང་བསྣོལ་གྱི་འཁོར་ལོ་འདི་གསུངས་སོ། །ཏཱ་ལའི་ལོ་མའམ་རྒྱ་ཤོག་ལ། ཀླུ་མགོ་དགུ་པའི་ལྟོ་བར་འཁོར་ལོ་བཅས་ལ། བདག་འཆི་བདག་ནག་པོར་བསྒོམས་ཏེ། ངན་སྔགས་འདི་ཞག་གསུམ་བཟླས་ལ། འཁོར་ལོ་རུས་སྦལ་གྱི་ལྟོ་བར་བཅུག་ལ། རང་གི་གནས་སུ་མཆོད་རྟེན་ནག་པོའི་འོག་ཏུ་མནན་ཏེ། སྐབས་སུ་སྔགས་བརྒྱ་བརྒྱ་ཙམ་བཟླས་ན། གཏད་མཁན་དེ་མྱུར་དུ་བརླག་པར་འགྱུར་རོ། །ངན་སྔགས་ནི། ཨེ་དུན་ཀ་ཡཾ། དགྲ་བོའི་ཙིཏྟ་དྲེང་ཤག་ཛ། སྲོག་ལ་དྲེང་ཤག་ཧུར་ཐུམས་རྦད། ཨྱེ་མྱགས་ཡ་རྔུབས། མུགས་ཤག་ཀ་དུན། ནག་པོ་བཾ་ཙིཏྟ་ལ་རྒྱོབ། ཏྲག་ཐུར་སྙིང་སྒུལ། མྱགས་མྱགས། རྩ་བཞི་སྐུམས། ཤན་ཤན་དགྲ་བོའི་སྲོག་ལ་ཤན། ཐུར་ཐུར་དགྲ་བོའི་སྙིང་ལ་ཐུར་རྦད་ས་ནག་ཧ་ལ་ཙ་མའི་དགྲ་བོའི་སྙིང་ལ་ཐུན་བྷྱོ།
ཞེས་མཚོན་ཆ་བསྣོལ་མར་བཟླས་ཏེ། རུས་སྦལ་གྱི་ཁོག་པར་བཅུག་ལ་མནན་ནོ། །ཞེས་གསུངས་སོ། །དྲག་པོ་སྔགས་རྒོད་སྡིག་པ་སྙིང་འཛིངས་ཀྱི་རྒྱུད་ལས། ལས་ཀྱི་འཁྲུལ་འཁོར་ནག་པོ་གཏད་བཟློག་གི་ལེའུ་སྟེ་བདུན་པའོ།། །།འཇམ་དཔལ་གཤིན་རྗེ་གཤེད་ཟླ་གསང་ནག་པོའི་སྙིང་པོ་ལས་ཀྱི་འཁྲུལ་འཁོར་ནག་པོ། དྲག་པོ་སྔགས་རྒོད་སྡིག་པ་སྙིང་འཛིངས་ཀྱི་རྒྱུད། སྙིང་པོ་དོན་གྱི་རྒྱུད་ཅེས་བྱ་བ། བསམ་གཏན་ལྷ་ཡུལ་དུ་གྲགས་པ་རྫོགས་སོ།། །། བལ་ཡུལ་གྱི་རྒྱལ་པོ་བ་སུ་དྷ་ར་དང་། བོད་ཀྱི་ལོ་ཙཱ་བ་སངས་རྒྱས་ཡེ་ཤེས་རིན་པོ་ཆེས་བསྒྱུར་བའོ། །ས་མ་ཡ། རྒྱ་རྒྱ་རྒྱ།། །།

དྲག་སྔགས་མཚོན་ཆ་ནག་པོའི་རྒྱུད།


DNG016_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། རུ་དྲ་མནྟྲ་པྲ་ཧ་ར་ཎ་ཀཱ་ལ་ཏནྟྲ། བོད་སྐད་དུ། དྲག་སྔགས་མཚོན་ཆ་ནག་པོའི་རྒྱུད། དཔལ་གཤིན་རྗེ་གཤེད་པོ་ལ་ཕྱག་འཚལ་ལོ། །ཐམས་ཅད་གསུམ་ལྡན་བདེ་བ་ཡི། །ཟུངས་ཐུབ་མཚན་མ་ཀུན་སྤངས་ཤིང་། །ཡོན་ཏན་མ་ལུས་ཀུན་ལྡན་པ། །བདེ་བ་ཆེན་པོ་ཁྱེད་ལ་འདུད། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་ཆོས་ཀྱི་དབྱིངས་མཐའ་དབུས་མེད་པའི་ཕོ་བྲང་ཡེ་ཤེས་ལྷུན་གྱིས་གྲུབ་པའི་གཞལ་ཡས་ཁང་ན། འཇིག་རྟེན་པའི་དྲེགས་པ་ཅན་དབང་དུ་སྡུད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེའི་ཚེ་འཁོར་རྡོ་རྗེ་སྙིང་པོ་ལ་སོགས་པ་མ་བསྒྲིབས་པའི་ཆོས་ཀྱི་དབྱིངས་ན་གནས་པ་རྣམས་དང་། ས་ལམ་ལ་གནས་པ་རྣམས་དང་། བགྲོད་པ་ཕྱིན་ཅི་མ་ལོག་པ་རྣམས་དང་། དྲེགས་པ་འདུལ་བའི་ཁྲོ་ཚོགས་དང་། འཇིག་རྟེན་ཁྲམ་འདེབས་འཐོམས་པའི་ཚོགས་དང་། ཁྲག་སྐྱུག་བཤན་པ་སྲོག་ལ་རྔམ་པའི་ཚོགས་དང་། གདུག་པ་གསུམ་དང་བཅས་པའི་སྡེ་དཔོན་དྲེགས་པ་ཅན་དང་། ཐམས་ཅད་འདུས་པའི་དབུས་ན། འཇམ་པའི་རྡོ་རྗེ་སྙིང་པོས་རྡོ་རྗེ་འཆང་ལ་འདི་སྐད་གསོལ། རྣམ་དག་ཆོས་སྐུའི་རང་བཞིན་ལས། །འགྲོ་བ་འདུལ་ཕྱིར་མཚན་མའི་སྐུ། །ཐབས་ཀྱི་རྒྱལ་པོ་བདེ་བ་ཆེ། །ཡེ་ཤེས་རོལ་པའི་ལས་རྣམས་ཀུན། །རྫོགས་པའི་ཚུལ་དུ་རྒྱས་མཛོད་ལ། །གདུག་པ་འདུལ་བའི་དོན་མཛོད་ཅིག །ཅེས་


DNG016_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་མཉམ་པ་ཉིད་མི་གཡོ་བ་ལས་རྔམ་ཚིག་དྲག་པོའི་ཏིང་ངེ་འཛིན་ལས་བཞེངས་ཏེ། ཨྱེ་བཛྲ་སརྦ་དུཥྚཱཾ་ཞེས་གསུངས་པས་འཇིག་རྟེན་ཐམས་ཅད་འུར་འུར་རབ་ཏུ་འུར། ཆེམ་ཆེམ་རབ་ཏུ་ཆེམ། གཡོ་ཞིང་ལྡེག་གོ། །དེའི་ཚེ་འཁོར་ཐམས་ཅད་བརྒྱལ་ཞིང་སྲོག་དང་བྲལ་དུ་ཆའོ། །ལུས་ས་ལ་བརྡེབས་ཤིང་སྨྲེ་སྔགས་འདོན་ནོ། །རིགས་པའི་རྒྱལ་པོ་བདེ་བ་ཆེ། །འཁོར་དུ་འདུས་པ་སྲོག་དང་བྲལ་དུ་ཉེ། །སྲོག་གི་སྙིང་པོ་འདི་བཞེས་ལ། །དཀྱིལ་འཁོར་ཆེན་པོ་སྤྲུལ་པ་མཛོད། །ཅེས་གསོལ་བ་གདབ་བོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་རྣམས་ལ་གཟིགས་ཏེ། རྔམ་པའི་སྒྲ་འདི་བསྒྲགས་སོ། །ཀུན་གྱི་རང་བཞིན་གཅིག་པ་ལ། །རྟོག་དཔྱོད་སྣང་སྲིད་ཀུན་ཁྱབ་གདལ། །ཡེ་ཤེས་ཆེན་པོ་ཀུན་འབྱུང་བ། །སྣ་ཚོགས་སྦྱོར་བ་རྒྱས་པའི་ཞིང་། །ཞེས་གསུངས་པས། འཁོར་རྣམས་ཀྱིས་ཐོས་ནས། འཁོར་གྱི་གཙོ་བོ་འཇམ་པའི་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །ཡང་དག་བདེ་བའི་ལམ་མཆོག་ལས། །གསང་བ་རིན་ཆེན་གྲུབ་པའི་དོན། །ཟུང་འཇུག་ཐབས་དང་ཤེས་རབ་ལམ། །དམོད་པ་དྲག་པོ་རྒྱས་པར་མཛོད། །ཅེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཕྱག་རྒྱ་ཆེན་པོ་ཉིད་དྲེགས་པ་ཅན་འདུལ་ཞིང་དམོད་པའི་ལས་རྒྱས་པར་མཛད་པའི་ཕྱིར་ཟིལ་གྱིས་གནོན་པའི་ཏིང་ངེ་འཛིན་ལ་བཞུགས་པའི་དཀྱིལ་འཁོར་འདི་ལྟ་སྟེ། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །དྲག་པོ་ཨེ་ཡི་གཞལ་ཡས་ན། །སྟོབས་ཆེན་དྲེགས་པ་འདུལ་བ་སྟེ། །དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །གཡས་དཀར་གཡོན་དམར་དབུས་མཐིང་ཞལ། །འཁོར་ལོ་རྡོ་རྗེ་རལ་གྲི་གཡས། །བེ་ཅོན་གཏུན་ཤིང་སྡིགས་མཛུབ་གཡོན། །ཞིང་ཆེན་གཡང་གཞི་ཀོ་རློན་དང་། །སྟག་གི་ཤམ་ཐབས་རབ་ཏུ་མཛེས། །སྦྲུལ་དང་རིན་པོ་ཆེ་ཡིས་མཛེས། །སྙན་ཆ་མགུར་ཆུ་ཚངས་སྐུད་དང་། །ཕྱག་ཞབས་རོ་ཉེས་རབ་ཏུ་མཛེས། །དབུ་ལ་ཧེ་རུ་ལྔ་ཡིས་བརྒྱན། །བདུད་རྒྱལ་སྲིན་པོའི་ཐོད་པས་སྤྲས། །ཐུགས་མཆོག་སྨུག་ནག་འཁོར་ལོ་སྙིང་། །དྲེགས་འདུལ་ལྗང་ནག་རྡོ་རྗེ་ཕྲེང་། །


DNG016_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

རུས་སྦལ་རྔམ་པ་གློག་འགྱུ་སྟེ། །དབུ་ལ་མཁའ་ལྡིང་གདུག་པ་འདུལ། །སྟག་དང་སེང་གེ་རྔམ་པ་ལ། །ཡང་སྤྲུལ་སྨུག་ནག་རོ་ཉེ་འདྲེན། །དུག་སྦྲུལ་རླངས་པ་དགྲ་ལ་གཏོང་། །བདུད་མོ་གཡོན་ན་ཉེ་བ་སྟེ། །སྙིང་འཁྱུད་དུང་དམར་གཙོ་ལ་སྟོབ། །འཁོར་གྱི་མོན་པ་བླ་འགུགས་དང་། །འཆི་བདག་ཚེ་བདག་སྲོག་བདག་བཅས། །མ་སྐྱེས་གདོད་ནས་ལྷུན་གྱིས་གྲུབ། །སྟོང་པའི་ངང་ལས་རང་བཞིན་འཆར། །ལས་དང་སྦྱོར་བ་སྣ་ཚོགས་པ། །ཡེ་ཤེས་རོལ་པའི་རྒྱན་དུ་ཆེ། །བསྒྲོད་དང་ཕྱག་རྒྱ་སྟོབས་ཅན་གྱིས། །སྟོབས་ཆེན་སྙིང་པོས་རང་ལུས་བསྲུང་། །དུས་ངན་ལས་ཀྱིས་མནར་བའི་ཚེ། །སྡང་སེམས་ཅན་དང་འགུགས་བྱེད་ལ། ། ལས་ཀྱི་འཁོར་ལོ་སྙིང་ལ་བསྐོར། །འབྱུང་བ་རྒྱུ་བའི་ཕུང་པོ་བཤིག །ཉོན་མོངས་ལྔ་གསུམ་རང་གཤེད་དབབ། །ཕོ་ཉའི་ཟ་ཁ་ནང་དུ་བསྟན། །འབྱུང་བཞི་དཀྲུགས་ཤིང་སྐྱིན་ཐང་དབབ། །ལས་ཀྱི་མཐའ་བསྡུ་མཁས་པས་བརྟག །གསལ་གསུམ་ཡིན་པ་གསུམ་གྱི་གདེང་། །ལྷུན་གྱིས་གྲུབ་པའི་ལས་སུ་བཤད། །མཚོན་ཆ་ནག་པོ་སྐུའི་རྒྱུད་ལས། གླེང་གཞི་རྩ་བའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་དྲེགས་པའི་རང་གཤེད་རང་ལ་དབབ་པའི་ཕྲིན་ལས་འདི་གསུངས་སོ། །དུར་ཁྲོད་གདུག་པའི་དབེན་གནས་སུ། །མཆོག་གསུམ་ཚང་བའི་མཚམས་བཅད་ལ། །མཎྜལ་མཐིང་ནག་གྲུ་གསུམ་ལ། །ཕུང་ས་གསུམ་ལ་དུག་ཁྲག་སྦྲུ། །ལྷོ་རུ་རྩེ་བསྟན་རྩང་དམར་བསྐོར། །ཤ་ཆེན་སྙིང་སྣས་གཏོར་མ་བརྒྱན། །མོན་པའི་དོན་དང་དཔའ་བོའི་རྟ། །ཁྱི་སྤྱང་བྱ་སྤྲེའུ་ལུག་དང་ར། །རབས་ཆད་ནག་མོ་ཡུགས་ས་ཕག །ནལ་བུ་རྒྱ་ཚིལ་བོང་བུ་སྦྲུལ། །འབྲས་བུ་བཅས་དང་དོན་སྙིང་ལ། །དྲེགས་པའི་དམ་རྫས་བཟུང་ལ་དབྱེ། །བལྟ་བ་ཆོས་ཉིད་ཟབ་མོའི་གདེང་། །དབང་རྫོགས་རྡོ་རྗེ་ཡེ་ཤེས་གདང་། །ཡེ་ཤེས་ལྷུན་གྲུབ་ཕྱག་རྒྱ་གསལ། །སྤྱོད་པ་སྤྱི་དང་སྒོ་ཡི་གཟེར། །གནོད་བྱེད་གཟིར་བ་དེ་བཞིན་མིན། །ཆོས་སྐུ་མཉམ་རྫོགས་གཟིར་མི་དགོས། །ལོག་རྟོག་བརྐམ་ཆགས་འཁྲུལ་པ་ཡི། །


DNG016_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

དུག་ལྔའི་ནད་ཀྱིས་ཟིན་པ་ལ། །བདེ་བའི་སྟོབས་མེད་ཞེན་ཆགས་ཅན། །ལོག་པའི་སྟོབས་གཞོམ་དྲག་པོས་གཟིར། །གཤིན་རྗེ་ལ་སོགས་དྲེགས་པ་ཡི། །རང་རང་སྲོག་དང་སྤྱི་སྲོག་དྲིལ། །ཡི་གེའི་གནད་ཀྱིས་འཇོམས་པར་བྱེད། །ཁམས་གསུམ་དབང་བྱེད་དྲེགས་པ་ཅན། །དྲེགས་པའི་དེ་ཉིད་ཤེས་གྱུར་ན། །དྲེགས་པ་རང་གཤེད་རང་གིས་བྱེད། །ཀུན་གྱི་སྲོག་སྙིང་ཨེ་ལ་བསྡུ། །འབྲུ་གསུམ་སྙིང་རྩ་མགྲིན་པར་གནས། །འབྲུ་གཉིས་མགོ་དང་ཡན་ལག་གནས། །གནོད་བྱེད་འབྲུ་དྲུག་ཤེས་རྒྱུད་དབང་། །དེ་ལ་སྔགས་ཀྱི་སྟོབས་ཀྱིས་གཟིར། །རང་གཤེད་ཕྱག་ཆ་རང་ལ་བསྐོར། །ལྷ་བསྙེན་བརྟན་ཐོབ་སྒྲ་ལ་དབྱུང་། །ཨཱོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷན་ཛ་ཧཱུཾ་ཕཊ། བདག་ཉིད་སྐུ་གསུམ་རྫོགས་པར་བསྒོམ། །སྟོབས་ཀྱི་དྲག་སྔགས་འབུམ་ཚོ་བཅུ། །སྙིང་སྣ་དམ་རྫས་གང་གྲུབ་དབྱེ། །སྤྱི་དྲིལ་ལས་དང་རང་རང་དབྱེ། །མྱུར་དང་སྟོབས་དཔག་མེད་པ་འབྱུང་། །སྒྲུབ་བྱ་ལས་ཀྱི་ཤེས་རྒྱུད་ལ། །རྣོ་དབལ་མཚོན་ཆའི་ཡི་གེ་གནས། །སྙིང་ལ་ནྲྀ་གནས་མགྲིན་པར་ཧུར། །ལྟེ་བར་ཐུམས་དང་གསང་བར་ཛ། །ཀླད་པར་ཧྲིག་ནན་མགོ་སྟེང་ནན། །རྩ་བཞིའི་མདུད་པ་འབྲུ་བཞིས་གཅོད། །མཚོན་ཆའི་རྒྱལ་པོ་རྣོ་དབལ་ལྡན། །རྩ་སྲོག་ཤེས་རྒྱུད་དྲན་པ་གཅོད། །དེ་བསྐུལ་མཚོན་ཆ་རྒྱུད་ལ་ལྡང་། །སྟོབས་ཀྱི་སྔགས་ཀྱིས་འཕེན་པར་བྱེད། །ཨེ་བཛྲ་སརྦ་དུས་ཏན། ཨེ་ཏྲིག་ནན། ཨེ་ཧུར་ཐུམས་ཛཿམཱ་ར་ཡ་རྦད། དེ་ཡིས་སྦྱོར་བ་སྟོབས་ཞན་ན། །མིང་དང་སྙིང་པོ་འབྲུ་རེ་སྦྱར། །འབྲུ་བཞི་མཚོན་ཆའི་སྟོབས་ཀྱིས་གཅད། །ལས་དང་སྦྱོར་བ་རྩ་དང་སྲོག །ཐམས་ཅད་གང་འདོད་མི་འཇིག་གཅོད། །གང་བརྩམ་ལས་ལ་དོན་མེད་ན། །སྟོབས་དང་བཅས་པ་དྲིལ་ལ་བརྡེག །རང་ལུས་བརྟན་པའི་ཤེས་རྒྱུད་ལ། །བཛྲ་སརྦ་དུས་སྟན་གནས། །རང་ལུས་གནས་པའི་གོ་ཆས་བསྲུང་། །ཞེས་གསུངས་སོ། །མཚོན་ཆ་ནག་པོ་སྐུའི་རྒྱུད་ལས། རང་གཤེད་དབབ་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་དྲག་


DNG016_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱི་སྙིང་པོ་འདི་གསུངས་སོ། །སྔགས་སོར་བཞག །ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ། ཨེ་བཛྲ་སརྦ་དུས་ཏན། ཏྲིག་ནན། ཧུར་ཐུམས་ཛ། ཨེ་མཱ་ར་ཡ་རྦད། སྲོག་ལ་ཙ་ཤ་རུ་ཏི་ནྲྀ་མཱ་ར་ཡ་རྦད། སྲོག་ལ་མཱ་ར་ཡ་ནྲྀ་མཱ་ར་ཡ་རྦད། སྲོག་ལ་ཙིཏྟ་འགུ་ལི་ནྲི་མཱ་ར་ཡ་རྦད། སྲོག་ལ་ཨེ་བཾ་རཾ་ཡཾ་ཁཾ་ནྲྀ་མཱ་ར་ཡ་རྦད། སྲོག་ལ་ཁྱེར་ཕྱུང་བཾ་ཤག་མཱ་ར་ཡ་རྦད། ནྲྀ་ཧུར་ཐུམས་ཛ་སྟྭཾ་བྷ་ཡ་ནན། ཨངྐུ་ཤ་ཛ། ཨགྣེ་ཛྭ་ལ་རཾ། སྲོག་ལ་ཀཱི་ལི་ཀཱི་ལ་ཡ། ཏྲིག་ནན་བིགྷྣཾ་སྙིང་ལ་གཟིར་ནན། ཧུར་ཐུམས་ཛ། མྱགས་ཐུམས་རིལ་རྦད་ཡ། མཚོན་ཆ་ནག་པོ་སྐུའི་རྒྱུད་ལས། དྲག་སྔགས་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་དྲེགས་པ་ཆམ་ལ་དབབ་པའི་ཕྲིན་ལས་འདི་གསུངས་སོ། །ངོ་བོ་མ་བཅོས་བདེ་བ་ཆེན་པོའི་ངང་། །ཆོས་ཉིད་ཡེ་ནས་ལྷུན་གྱིས་གྲུབ། །ཡེ་ཤེས་དཀྱིལ་འཁོར་སྣང་ལ་རང་བཞིན་མེད། །སྤྲུལ་པ་སྣ་ཚོགས་ལོག་རྟོག་འདུལ་ལ་མཁས། །ཐ་སྙད་ཚིག་རྣམས་དོན་ལ་ཡང་དག་སྟོང་། །དེ་རྟོགས་སངས་རྒྱས་ཡིན་པས་གསང་གནན་མེད། །བདེན་དོན་མ་རྟོགས་སྡུག་བསྔལ་ཕུང་པོར་སྨིན། །ལུས་ངག་སེམས་ཀྱི་འདུ་བྱེད་ཀྱིས། །གཞན་ལས་ལྷག་པའི་སྟོབས་རྙེད་པས། །དྲེགས་པའི་ལུས་ངག་སེམས་སུ་སྣང་། །གདུག་པའི་སེམས་ཀྱིས་གཅོད་ཅིང་རྔམ། །དེ་ལ་སྔགས་ཀྱི་སྦྱོར་བ་བརྡེག །རང་བདུད་ཕྱག་ཆ་རང་ལ་བསྐོར། །ཁམས་གསུམ་དབང་བྱེད་དྲེགས་པ་ཡིན། །དྲེགས་པའི་དེ་ཉིད་ཤེས་གྱུར་ན། །དྲེགས་པའི་རང་གཤེད་རང་གིས་བྱེད། །ཡི་གེ་སྤྱི་ཡིས་གཟིར་བྱས་ལ། །དྲེགས་པའི་རྣམ་ཤེས་ཡིག་འབྲུ་གཅིག །འཕྲོག་བྱེད་ཡི་གེ་འབྲུ་གསུམ་གྱིས། །སྙིང་གི་དཀྱིལ་ནས་འཕྲོག་ཅིང་འཛིན། །གཅོད་བྱེད་མཚོན་ཆ་འབྲུ་བཞི་ཡིས། །རང་སྲོག་རང་གིས་གཅོད་པར་བྱེད། །དྲེགས་པ་སྤྱི་ཡི་གནད་རྣམས་དང་། །དྲེགས་པ་སྒོས་ཀྱི་སྦྱོར་བའི་སྟོབས། །ལས་དང་ནུས་པ་སྦྱར་ལ་གཟུད། །གཟིར་དང་སྲོག་དབྲོག་རྦད་པའི་ལས། །རང་གནད་གཞོམ་པ་འདི་ལྟ་སྟེ། །ཞི་ཁྲོ་གཤིན་རྗེ་ཕུར་པ་དང་། །མ་མོ་བདུད་མོ་སྲིན་མོ་དང་། །བདུད་དང་མུ་སྟེགས་རྒྱལ་པོ་བཙན། །རྨུ་དང་


DNG016_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

རཱུ་ཏྲ་སྲིན་པོ་དང་། །གནོད་སྦྱིན་སྐྱེས་བུ་གྱིང་དག་དང་། །ཐུག་བདག་སྲི་ཅན་གདུག་པ་གསུམ། །དེ་ཉིད་ཤེས་ན་རང་སྲོག་གཅོད། །དྲེགས་པའི་ཕྱག་ཆ་རང་ལ་འཁོར། །དེ་ནས་བཅོམ་ལྡན་འདས་ཀྱིས་གསང་སྔགས་འདི་དག་བསྟན་ཏོ། །ཨེ་བཛྲ་སརྦ་དུས་ཏན་སརྦ་ཤ་ཏྲུན། ཨོཾ་ཤྲཱི་བཛྲ་ཀྲོ་དྷ། ཨེ་ཡ་མ་ཡ། མ་མ་རུ་ལུ་མ། དུན་ཏིང་ཀཱི་ལཱ་ལ། ཏ་ཏིར་ཏི་ཀ །རུ་ཏྲ་དུ། དེ་བ་ཨ། དན་ཏར་མེ། མུན་མུན་པ། རཱ་ཙ་ཙ། རཀྴ་ར། རག་མོར། ཡཀྵ་ཀྵ། ཡག་མོ་ཀྵ། ཤུལ་ཛ། བཛྲ་ས་དུ་ཏྲི། ཧཾ་ཤཾ་ཏྲི། རུ་ཏྲི་རུ། ས་ནཱ་ག་ཕུ། དེ་སྔགས་ཀྱི་གྲོང་ཁྱེར་ཏེ། སྔགས་པ་ནང་འགྲས་པ། དྲེགས་པའི་ལྷ་འདྲེ་རྒྱུད་ལ་གནོད་པ་དང་། །རྟགས་དང་སྦྱར་ཞིང་སྔགས་ཀྱི་ཕྱག་ཆ་རང་ལ་བསྐོར། །རྟགས་རྣམས་འཁྲུགས་ན་སྟོང་གསུམ་གཅིག་དྲིལ་གཟིར། །བདུན་ནམ་བཅུ་བཞི་ཉི་ཤུ་གཅིག །གསུམ་མམ་ལྔ་རུ་དྲག་པོར་གཟིར། །དང་པོར་བསྒྲུབ་སྙིང་པོ་དྲངས། །གནད་དུ་གཟིར་ཟིང་དགུག་པར་བྱ། །བོས་ཤིང་གཟིར་ལ་སྲོག་སྙིང་དབྲོག །མིང་དང་རྣམ་ཤེས་འབྲུ་བཞིས་གཅོད། །ཐ་མ་གནན་བསྲེག་དམ་བདར་གཅེས། །མཚོན་ཆ་ནག་པོ་སྐུའི་རྒྱུད་ལས། དྲེགས་པ་གཟིར་བའི་ལེའུ་སྟེ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་བསད་པ་ལས་ཀྱི་རང་གཤེད་མཚོན་ཆ་རང་བཟློག་གི་འཁོར་ལོ་འདི་གསུངས་སོ། །ཕུང་སའི་འབྲུབ་ཁུང་མཐིང་ནག་ཏུ། །མཚོན་ཆ་དམར་པོ་སྲིན་མོ་འགྲོས། །དུར་ཁྲོད་རས་སམ་རྒྱ་ཤོག་ལ། །འཁོར་ལོ་རིམ་པ་གསུམ་པ་སྟེ། །དྲག་པོ་དབང་གི་འཁོར་ལོ་བརྒྱད། །དྲེགས་པ་གང་སྒྲུབ་ལྟོ་བར་བཅའ། །མིང་དང་རྣམ་ཤེས་བསྒྱུར་ཅིང་བསད། །རང་གཤེད་རང་ལ་དབབ་ཅིང་བསྐོར། །དེས་ཀྱང་ལུས་སེམས་མ་ཕྱེད་ན། །དུག་ལྔ་ལྔས་ནི་འཁོར་ལོ་བསྐོར། །དུག་གསུམ་ཤེས་པ་ཨར་ལ་གཏད། །ཙིཏྟ་གནད་ལ་དབབ་ཅིང་བསད། །འབྱུང་བ་དཀྲུགས་པས་ཕུང་པོ་འཇིག །རང་བསྒྲུབས་དམ་ཅན་རང་ལ་བཟློག །ཙིཏྟ་དཀྲུག་པའི་སྔགས་དང་བསྡེབས། །གཤེད་པོ་ལས་རྒྱལ་ལྟོ་བར་བསད། །གུ་རུ་སེང་གེའི་ཁོག་མི་བཤིག །


DNG016_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

དམ་མི་གཅིག་དང་སྔགས་པ་སྤྱི། །རྡོ་རྗེ་སྤུན་དང་ཨུར་མོ་བ། །ལས་ཀྱི་སྐབས་སྦྱར་འཁོར་ལོ་དཀྲུག །འདི་མིན་ལས་གཞན་ཡུག་པ་བརྐྱང་། །མཚོན་ཆ་ནག་པོ་སྐུའི་རྒྱུད་ལས། བསད་པ་སྲོག་ཏིག་ལས་ཀྱི་འཁོར་ལོའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་སྐྱིན་ཐང་དྲག་པོ་ཆུ་འཁྱགས་དབབ་པ་འདི་གསུངས་སོ། །གཉན་ར་གདུག་པའི་གནས་དག་ཏུ། །རབས་ཆད་ཐོད་པ་སྤྱང་ཀིའི་ཁྲག །གསུམ་ལ་ཁྲག་གིས་ཁ་སོ་སྐུས། །ཁྲག་དུག་ཡུལ་མིང་སྲུང་མ་བཞུགས། །རྟ་ནག་ལུག་གམ་རྟ་དཀར་སྙིང་། །ར་དམར་རྒྱ་བོ་སྦྲུལ་གྱི་སྙིང་། །གྲི་བོ་རབས་ཆད་ནག་པོའི་སྙིང་། །དམ་རྫས་རྟེན་ལ་སྡེ་བརྒྱད་བསྟེན། །ཐོད་པ་དོང་བུར་ཡུགས་ས་སྨེ། །གྲི་དང་མནོལ་གྱི་ཁྲག་བླུགས་ལ། །དྲག་སྔགས་འབུམ་ཚོ་བཅུ་རུ་བསྡིམ། །རྟ་ཚོ་གསུམ་པོ་མེ་ཐབ་ཚུལ། །ཡུལ་གྱི་ཀྱང་མདུན་དབུས་སུ་གཞུག །དྲིལ་དང་བཟློག་སྔགས་མངོན་དུ་དབབ། །མ་ཕེབས་སྦྱོར་བ་སྟོབས་ཞན་ན། །སྡེ་བརྒྱད་སྙིང་པོ་གནད་ནས་དབྲོག །དམར་ནག་དུག་ཁྲག་ཀློང་དུ་སྡུད། །སྔགས་རྣམས་དཀྲུགས་ལ་སྡེ་བརྒྱད་གཟིར། །སྙིང་སྣ་བསྲེས་ལ་འོག་ཏུ་གཞུག །གཤིན་རྗེ་གཤེད་དང་སྟོབས་ཆེན་བསྒོམ། །སྙིང་པོ་འབྲུ་བརྒྱད་བསྲེག་ཅིང་སྡུད། །དེ་ཡིས་ཆུ་རྒོད་རི་ལྟར་གཏིབས། །དྲིལ་དང་གཏོར་མ་བསྣོལ་མར་བརྡེག །དེ་ནས་བཅོམ་ལྡན་འདས་ཀྱིས་ཆུ་འཁྱགས་དབབ་པ་འདི་གསུངས་སོ། །སྔགས་སོར་བཞག་བྱས་ཤིང་དཔེ་ཚན་འདི་དང་གཅིག་ལས་བསྡུར་ས་མ་རྙེད། ཨེ་བཛྲ་སརྦ་དུས་ཏན། མ་མ། ཡ་མ་ར་ཙ་མུ་ས་ཏྲིག་ནན། ཀུམ་ཧྲི་ཏ་ཁྲཾ་ཁྲཾ་ཤར་ཤར་ཁ་ཧུར་ཐོག་ཕོབ་ཏྲི་ས་མུ་ཙ་ར་ལ་ཡ། ཧྲིལ་ཤར་ཕྲཾ་ཕྲཾ། ཡ་མ་མུ་ཙ་མུན་པ་ཏྲི་ཧུར་ཐུམས་ཛ། ཏྲིག་ནན་ཕྲཾ་ཕྲཾ་ཧྲིལ་ཧྲིལ། ཁམ་ཤར་ཧྲིལ་ཧྲིལ་བྷྱོ། སུ་ཏྲིག་ནན་ས་ནག་ཁཾ་ཤར་ཧྲིལ་ཕོབ། དེ་ཡིས་འཁྱགས་པ་རི་ལྟར་སྤུངས། །མ་ཕེབས་སྦྱོར་བ་སྟོབས་ཞན་ན། །ཞིང་ལྤགས་བརྒྱངས་ལ་གསུམ་དུ་བསྐོར། །དབུས་སུ་ཐིག་བཞི་ལེ་ཚེ་བརྒྱད། །ཕྱི་རིམ་རྩིབས་དྲུག་ཡ་ལོང་མཚོན། །ལྟེ་བར་ཨེ་དང་བཛྲ་ལ། །ཕྱོགས་བཞིར་སྟོབས་ལ་མཚམས་བཞི་སྲོག །དྲུག་ལ་སྲོག་དབྲོག་གཟིར་བ་སྟེ། །ཐ་མར་མཚོན་ཆ་འབྲུ་བཞིས་


DNG016_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད། །ཁ་སྦྱར་བཅས་ལ་དུག་མེས་བདུག །དེས་ནི་ལས་རྣམས་འགྲུབ་པར་བཤད། །མཚོན་ཆ་ནག་པོ་སྐུའི་རྒྱུད་ལས། ཆུ་འཁྱགས་དབབ་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་དྲེགས་པ་རྣམས་ཀྱི་རྟགས་བཟུང་བ་འདི་གསུངས་སོ། །སྔགས་པ་རྦོད་གཏོང་འགྲས་པ་འམ། །དྲེགས་པའི་ཚོགས་ཀྱི་རྟགས་བསྟན་པ། །མོན་དང་ཞུབ་ཅན་མཛེ་ཅན་རྣམས། །གཤིན་རྗེ་གཤེད་ཀྱི་རྟགས་སུ་བཤད། །ཁྲག་མཚོ་མུན་པ་མ་མོའི་རྟགས། །མེ་འབར་ཕྱུར་བ་ན་འུན་རྟགས། །བྱ་ནག་ཤིང་ཆེན་བདུད་ཀྱི་རྟགས། །འབག་སེང་བཙད་པོ་རྒྱལ་པོའི་རྟགས། །ནག་པོ་བཞད་ཁྲོ་བྱ་ནག་འཐབ། །མེ་འབར་འཚིག་པ་བདུད་མོའི་རྟགས། །སྤྲེའུ་དང་བན་དེ་དགེ་བསྙེན་རྟགས། །རྟ་པ་ཁྱི་སྤྱང་བཙན་གྱི་རྟགས། །ཁྱི་དམར་ཁྲག་མཚོན་ཐེ་རང་རྟགས། །གཡག་དང་བོན་པོ་མུ་སྟེགས་རྟགས། །མེ་འབར་ཤ་རྒལ་སྲིན་པོའི་རྟགས། །ཀྱ་མུལ་སྐྱ་བཤར་ཐེ་བྲང་ངོ་། །བྱ་ནག་བུད་མེད་དམ་སྲིའི་རྟགས། །རྒོལ་དང་འཁྲོ་ན་རྦོད་གཏོང་ཡིན། །ལས་བྱེད་གར་སྟབས་ཤ་ལ་རོལ། །དེད་དང་བརྡེག་ན་ཐུབ་པའི་རྟགས། །རྨི་ལམ་སྣ་ཚོགས་ཕྱི་ཡི་རྟགས། །དབང་པོ་མངོན་སུམ་ནང་གི་རྟགས། །ལུས་ཡང་སེམས་གསལ་གསང་བའི་རྟགས། །ཞེས་པས་རྟགས་བཟུང་འཁོར་ལོ་བསྐོར། །གནམ་ལ་ཤིང་ལོ་གཏིབས་པའི་སྤྲིན། །བར་སྣང་རླུང་སྒྲ་འོད་ཆགས་མེད། །ས་ལ་འཁྱགས་རོམ་སྟོམ་མ་ལུད། །དུག་རླངས་འཆོལ་བ་སྐྱིན་ཐང་རྟགས། །མཚོན་ཆ་ནག་པོ་སྐུའི་རྒྱུད་ལས། རྟགས་ཀྱི་ལེའུ་སྟེ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་མནན་པའི་ལས་འདི་གསུངས་སོ། །གཞན་གྱི་རྦོད་གཏོང་མནན་པ་དག །ཞི་ཁྲོ་ཡ་མ་ཕུར་པ་ནི། །སྒྲུབ་པའི་དཀྱིལ་འཁོར་འོག་ཏུ་མནན། །མ་མོ་བདུད་མོ་སྲིན་པོ་རྣམས། །བཀའ་རྟེན་བྱིན་ཅན་འོག་ཏུ་མནན། །བདུད་དང་མུ་སྟེགས་མགོན་པོ་རྣམས། །རོ་ཁང་སྒོ་སྲུང་འོག་ཏུ་མནན། །རྒྱལ་པོ་དགེ་བསྙེན་དཀོར་སྲུང་རྣམས། །ཁྱི་ཚང་ལམ་ཀའི་འོག་ཏུ་མནན། །བཙན་དང་སྲོག་བདག་སྲིན་པོ་རྣམས། །


DNG016_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་རུ་སྤྱང་ཐོད་གོང་གསུམ་མནན། །ཐེ་བྲང་ཕྱག་འགོང་གཤིན་རྔོག་རྣམས། །གླང་རུར་བཅུག་ལ་ལམ་མདོར་མནན། །བོན་པོ་རིགས་འཛིན་ཁྱི་ཚང་མནན། །སྲི་ཅན་ཆུ་བྱ་ཐེམ་འོག་མནན། །སྲིན་པོ་གདུག་པའི་ཐོད་པ་ལ། །རི་རབ་རྒྱ་གྲམ་དང་བཅས་ལ། །ཐུགས་ཀྱི་སྙིང་པོ་རབ་མཛེས་པ། །མནན་པ་ཐོད་པའི་འཁོར་ལོ་བཤད། །གྲི་ལྕགས་ཕུར་པ་གདུག་པ་ལ། །རྫས་རྒོད་བདུག་སྟེ་སྙིང་ལ་གདབ། །བཅོ་བརྒྱད་རྫས་ཀྱི་དུད་པས་བདུག །དྲེགས་པ་གནད་ལ་དབབ་པར་བཤད། །བསྲེག་པ་མེ་ཡི་འཁོར་ལོ་དག །མེ་ཐབ་བཅས་ལ་མེ་ལྷ་བསྐྱེད། །ལིངྒ་བདུག་ལ་དུག་ཁྲག་ཉུག །དུག་སྔགས་བྲབ་ཅིང་བསྲེག་པར་བྱ། །ལས་རྣམས་རྫོགས་ནས་སྟོང་ཉིད་ལ། །དྲེགས་པ་ཐམས་ཅད་ཞི་བར་བསྒྱུར། །ཕྱིས་ཀྱི་དངོས་གྲུབ་བསྡུ་བར་བྱ། །ལྷ་ལ་སྟོང་པའི་རྒྱ་ཡིས་གདབ། །ཅེས་གསུངས་སོ། །དེ་ནས་ཡང་དག་བཤད་བྱ་བ། །སྔགས་ཐུན་གཟེར་ལ་དབབ་བྱ་བ། །ཐོད་ཁྲག་དུག་ཆུ་སྟོང་སྐོར་ཚད། །ལྡན་པ་གསུམ་གྱིས་ཟོར་དུ་འཕང་། །ཉུང་དཀར་ཐལ་ཆེན་རྡོ་ཐུན་བྲབ། །གཟུགས་དང་ཐལ་བ་དོང་དེར་སྦ། །གནན་པ་གསང་བའི་ལས་སུ་རིག །ཅེས་གསུངས་སོ། །མཚོན་ཆ་ནག་པོ་སྐུའི་རྒྱུད་ལས། ལས་ཀྱི་མཐའ་སྡུད་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་ལ་རྒྱུད་གཏད་པ། ཨེ་མ་རྡོ་རྗེ་སྙིང་པོ་ཆེ། །ང་ཡི་བཀའ་རྒྱུད་མེ་ལྕེ་འདི། །རྒྱལ་བ་ཀུན་གྱི་མཛད་སྤྱོད་སྟེ། །སྐྱེ་མེད་རྡོ་རྗེས་བསམ་དཔག་དཀའ། །སྟོང་ཕྲག་བདུན་དང་བརྒྱ་ཕྲག་བརྒྱད། །སྙིང་པོ་དོན་གྱི་གནད་བསྡུས་པའོ། །བརྗོད་པ་ཀུན་གྲོལ་བཀའ་དང་ལྡན། །བདེ་བ་གཅིག་གིས་བགྲོད་པ་འདི། །སངས་རྒྱས་སྤྱོད་ལམ་བཅིང་གྲོལ་མེད། །གབ་པ་གསང་བའི་ལམ་ཅན་འདི། །རིགས་ཅན་རྡོ་རྗེ་སྙིང་པོས་ཟུང་། །ང་ཡི་བཀའ་ཡི་གསང་རྒྱུད་འདི། །མ་འོངས་དམ་ཅན་སྒྲུབ་བྱེད་ན། །ང་ཡང་དམ་ལས་མི་གཡེལ་བསྲུང་། །རྡོ་རྗེ་བདེ་བའི་རྒྱལ་པོ་དང་། །སྟོབས་དཔག་མེད་པའི་ཁྲོ་ཚོགས་ཀུན། །དམ་ཅན་སྒྲུབ་བྱེད་བསྲུང་ཞིང་གནས། །རྒྱུད་ཀྱི་སྙིང་པོ་རབ་ཏུ་ཟུང་། །རྣམ་རྟོག་མཚན་མ་རང་གྲོལ་བའི། །
རྡོ་རྗེ་རྒྱལ་པོ་བདེ་བའི་བཀའ། །ལྕགས་ཐོག་སྤུ་གྲི་རྦབ་ཆེན་འདི། །ལྷ་དང་མཁའ་འགྲོ་གསང་བ་ཡི། །ཐུན་མིན་རིགས་དང་ཐུན་མོང་ཀུན། །སྙིང་པོ་སྔགས་ཀྱི་གསང་རྒྱུད་ཟུང་། །དམ་ཚིག་བསྲུང་དང་ཐུགས་བརྩེ་འོང་། །དེ་སྐད་གསུངས་པས་འཁོར་ཐམས་ཅད་རྗེས་སུ་ཡི་རང་སྟེ་མངོན་པར་བསྟོད་དོ། །དྲག་སྔགས་མཚོན་ཆ་ནག་པོ་སྐུའི་རྒྱུད་ལས། རྒྱུད་གཏད་ཅིང་ཡི་རང་བའི་ལེའུ་སྟེ་དགུ་པའོ།། །། སྡེ་བརྒྱད་ཆམ་ལ་འབེབས་ཤིང་རང་གཤེད་རང་ལ་འབེབས་པའི་རྒྱུད། རྡོ་རྗེ་ཐོག་འབེབས་སྐུའི་རྒྱུད་ཅེས་བྱ་བ། ལྷ་ཡུལ་དུ་གྲགས་པ་རྫོགས་སོ།། །།བལ་པོ་བ་སུ་དྷ་ར་དང་། བོད་ཀྱི་སྒྲ་བསྒྱུར་གྱི་ལོ་ཙཱ་བ་སློབ་དཔོན་སངས་རྒྱས་ཡེ་ཤེས་ཀྱིས། བ་ཏ་ས་རུ་མཁའ་འགྲོ་དང་བཀའ་བགྲོས་ཏེ་བསྒྱུར་བའོ། །སྙིང་པོའི་རྒྱུད་དམ་པ། སྙིང་པོ་དོན་གྱི་རྒྱུད། རྩིགས་སུ་བཞག་པ་ལགས་སོ། །རྒྱ་རྒྱ་རྒྱ། ཕྲ་རྒྱུད་ལགས་སོ། །ཊྟྲྀ།

དཔལ་ཚེ་བདག་ནག་པོའི་རྒྱུད་དྲག་སྔགས་ཀྱི་དེ་ཁོ་ན་སྲོག་དམར་ལེན་གྱི་སྤུ་གྲི་ཞེས་བྱ་བ།


DNG016_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཤྲི་ཨཱ་ཡུཿཔ་ཏི་ར་ཀཱ་ལ་ཏནྟྲ། ཨེ་མནྟ་ཏྭ་ཏ་ཛི་བིན་རཱ་ག་ཀ་སོ་རི་ནཱ་མ། བོད་སྐད་དུ། དཔལ་ཚེ་བདག་ནག་པོའི་རྒྱུད། དྲག་སྔགས་ཀྱི་དེ་ཁོ་ན་སྲོག་དམར་ལེན་གྱི་སྤུ་གྲི་ཞེས་བྱ་བ། དཔལ་ཚེ་བདག་ནག་པོ་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་ཆོས་ཉིད་ཀྱི་ཕོ་བྲང་ན། ཁྱབ་གདལ་ཆེན་པོའི་གནས་ཞེ་སྡང་ཆེན་པོ་རྣམ་པར་དག་པའི་གཞལ་ཡས་ན། འཁོར་དུ་མ་འདུས་པའི་ནང་ནས། རྡོ་རྗེ་ཡོངས་སུ་འཛིན་པ་དང་། བདེ་བའི་ཡེ་ཤེས་ཅན་དང་། བགྲོད་པ་ཕྱིན་ཅི་མ་ལོག་པ་དང་། ལམ་ཉེ་བར་འཛིན་པ་དང་། གར་དགུའི་ཆས་ཀྱི་ཕྱག་རྒྱ་འབར་བའི་རྣམ་པ་དང་། ལམ་ལས་གོལ་བའི་རྫུ་འཕྲུལ་ཅན་རྣམས་དང་ཐབས་ཅིག་ཏུ་ཞེ་སྡང་ཆེན་པོ་འདུལ་བའི་ཏིང་ངེ་འཛིན་ལ་རྔམ་པར་བཞུགས་སོ། །དེ་ནས་འཇིག་རྟེན་གསུམ་གྱི་ཕྱོགས་བཅུ་གཡོས་པར་གྱུར་ཏེ། འཁོར་རྣམས་རྒྱལ་བ་རྒྱ་མཚོའི་ཚོགས། འཇིགས་ཤིང་སྐྲག་ནས་བརྒྱལ་ལ་ཁད་དོ། །འཁོར་དེའི་ནང་ནས་རིག་པའི་སྟོབས་ཅན་


DNG016_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

ལངས་ཏེ་གསོལ་པ། བཅོམ་ལྡན་འདས་འདུས་པའི་ཚོགས་རྣམས་འཁོར་དུ་མཆི། འཁོར་ལ་ཐུགས་རྗེ་མ་ཆུང་མཛོད། །མགོ་ལུས་སྙིང་ཡང་འགས་པ་སྙམ། །གདུང་བའི་ཤུགས་ཀྱིས་ཉེ་བར་མཛོད། །ཅེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ་དགྱེས་པའི་ང་རོ་འདི་སྟོན་ཏོ། །སྔགས་སོར་བཞག །ཨ་ཨེ་ཧ་ཧ་ཡཱག་ཤ་དེ་བ་ཏི་སུ་མ་ར་རཾ་རཾ་ཞེས་བསྒྲགས་སོ། །འཁོར་ཐམས་ཅད་རང་རང་གི་ཡིད་རང་བཞིན་གྱི་མེ་རུ་འབར་ནས་ཚིག་ཅིང་བརླག་ལ་ཁད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་དེ་དག་གི་རང་རང་གི་རང་བཞིན་མཐོང་ངོ་། །བཅོམ་ལྡན་འདས་དཔལ་ཁྲག་འཐུང་གི་རྒྱལ་པོ་ཚེ་བདག་ནག་པོས། ཉིད་ཀྱི་སྲོག་གི་སྙིང་པོ་དེ་ཁོ་ན་ཉིད་ཡང་ནས་ཡང་དུ་རྣམ་པར་བསྒྲགས་སོ། །ཨེ་ཨེ་ཨེ་ཨེ་ཞེས་བརྗོད་པས་ཆོས་ཐམས་ཅད་རང་བཞིན་མེད་པ་མ་སྐྱེས་པ། འདུས་མ་བྱས་པ། ནམ་མཁའ་ལྟ་བུར་རང་གྲོལ་བའོ། །དེ་ལ་ཆོས་ཐམས་ཅད་འབྱུང་ཞིང་ཡེ་ཤེས་རང་ལ་གནས་སོ། །དེ་ལ་ཆོས་ཐམས་ཅད་དྲག་པོའི་གཏུམ་རྔམ་འབར་བས་ཡེ་ཤེས་ཐིག་ལེའི་ངང་དུ་རང་བཅོམ་མོ། །དེ་ལ་ཆོས་ཐམས་ཅད་ཞེ་སྡང་འབར་བའི་མེ་ཡིས་རྟོག་འཛིན་ཐམས་ཅད་བསྲེགས་ཏེ་རང་སྐམ་ནས་ཡེ་ཤེས་རང་གསལ་ལོ། །དེ་ལས་འཁོར་ཐམས་ཅད་ཡེ་ཤེས་སྐྱེས་ཏེ་རང་རང་གི་སྲོག་གི་སྙིང་པོ་ཐམས་ཅད་མདོངས་གསོལ་དུ་ཕུལ་ལོ། །དེ་ལ་ཐུགས་ཀྱི་སྤྲུལ་པ་ཚེ་བདག་ནག་པོ་མགོ་དགུ་པ་ཡིས། ཀ་ཞེས་རྔམ་པར་བསྒྲགས་པས་ཕྲིན་ལས་ཐམས་ཅད་ལྷུན་གྱིས་གྲུབ་ཅིང་ཡོངས་སུ་རྫོགས་པར་གྱུར་ཏོ། །དེ་ནས་ཡུམ་གསོད་བྱེད་ཀྱི་རྒྱལ་མོས་མྱགས་ཤེས་ཕུལ་བས། ལོག་པའི་སྲོག་དབང་དུ་འདུས་ནས་ཡེ་ཤེས་ཀྱི་ཐིག་ལེར་གསལ་བའོ། །ཕྱག་ན་རྡོ་རྗེས་རྔུབས་ཤེས་ཕུལ་བས་ཡེ་ཤེས་ཆེན་པོའི་མེས་ཁྲག་དང་བག་ཆགས་བསྐམས་ནས་ཕྱག་རྒྱ་བརྟན་པར་རང་གསལ་བའོ། །རུས་སྦལ་གྱི་རྒྱལ་པོས་མུགས་ཤེས་བསྒྲགས་པས། འགྲོ་བ་རྨོངས་པའི་སྲོག་བསྡུས་ཏེ། བླ་དང་ཚེ་སྲོག་བཅངས་ཏེ་ཆོས་ཉིད་དུ་རང་གྲོལ་བའོ། །ཡ་མ་རཱ་ཙ་ས་ཡ་ཞེས་པས། རང་གི་ལས་ཀྱི་


DNG016_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་གིས་ལྷ་དང་ལུས་སྲོག་ཕྲོགས་ནས། ཡེ་ཤེས་བླ་མའི་སར་བགྲོད་པའོ། །བྱ་ཁྱུང་གི་རྒྱལ་པོས་ཤག་ཅེས་པས། གདུག་པའི་དུག་རླངས་ཐམས་ཅད་བཅོམ་ནས། ཉེ་བར་བགྲོད་པ་ཐོབ་པའོ། །ལས་ཀྱི་ཚེ་བདག་ནག་པོས་དུན་ཞེས་ཕུལ་བས། སྲིད་པའི་སྲོག་རྟེན་ཞི་ནས་འོད་དམར་ནག་འཐིབས་པ་ཕྲོགས་ནས། ཀུན་ཏུ་བཟང་པོ་བདེ་བ་ཆེན་པོར་རང་གྲོལ་བའོ། །དེ་ནས་མོན་པ་སེང་གེའི་མགོ་ཅན་གྱིས། སྲོག་ལ་བཾ་རཾ་ཁ་ཐུམ་ཡཾ་ཡཾ་རྦད། ཅེས་ཕུལ་བས། སྲོག་གི་རྟེན་གཞི་གཅོད་པར་འགྱུར་རོ། །དེ་ནས་མོན་པ་སྟག་གི་མགོ་ཅན་གྱིས། སྲོག་ལ་ཧྲིལ་མྱགས་ཐུམ་ཤག་རྦད། ཅེས་ཕུལ་བས། དྭངས་མ་བཞི་ཡིས་རང་རང་གཅོད་པར་གྱུར་ཏོ། །མོན་པ་དྲེད་ཀྱི་མགོ་ཅན་གྱིས། སྲོག་ལ་གཟིར་ཐུམས་རཾ་ཐུན་རྦད། ཅེས་ཕུལ་བས། སྲོག་གི་དྭངས་སྙིགས་ཕྱེད་པར་གྱུར་ཏོ། །མོན་པ་ཁྱུང་གི་མགོ་ཅན་གྱིས། སྲོག་ལ་མཱ་ར་ཡ་ཐུན་རྦད། ཅེས་ཕུལ་བས། སྲོག་གི་བླ་མཚོ་བསྐམས་པར་གྱུར་ཏོ། །བདུད་ཀྱི་སྲོག་གཤེད་ཆེན་པོ་བཞིས། སྲོག་ལ་ཧྲི་ཤག་རྦད། ཙིཏྟ་དྲེང་ཤག་ཛ། སྲོག་ལ་ཐུན་རྨུགས་ཙིཏྟ་དྲེང་ཤག་ཛ། བྱེར་ཧུར་ཐུམས་ཛ། སྲོག་ལ་ཐུན་གཟེར་ཤག་རྦད། ཙིཏྟ་དྲེང་ཤག་ཛ། ཞེས་ཕུལ་བས། ཚོགས་དྲུག་རྟེན་ལས་འཕོས་པར་གྱུར་ཏོ། །དེ་ནས་སྲིད་པའི་ལྷ་གདོན་དྲག་པོ་རྣམས་ཀྱིས། སྲོག་ལ་མཱ་ར་ཡ་རྦད། ཙིཏྟ་དྲེང་ཤག་ཐུམས་ཛ། ཞེས་ཕུལ་བས། ཚོགས་བརྒྱད་སྒོ་འགགས་པར་འགྱུར་རོ། །དེ་ནས་རྨུའི་རྒྱལ་པོས། སྲོག་ལ་ཧུར་ཐུམ་རྦད། ཙིཏྟ་དྲེང་ཤག་ཛ། ཞེས་ཕུལ་བས། བསོད་ནམས་ཆེ་བའི་ལུས་སྲོག་དང་བྲལ་བར་གྱུར་ཏོ། །དེ་ནས་བཙན་གྱི་རྒྱལ་པོ་རྣམས་ཀྱིས། སྲོག་ལ་ཐུམས་ཤག་རྦད། ཙིཏྟ་ཧུར་དྲེང་ཛ། ཞེས་ཕུལ་བས། ལུས་ཀྱི་འབྱུང་བ་དཀྲུགས་ཏེ་འཕོ་བར་གྱུར་ཏོ། །དེ་ནས་རྒྱལ་པོ་སྡེ་བཞིས་སྲོག་ལ་དྲེང་དྲེང་རྦད། ནི་སྲོག་ཏུམ་ཏུམ་རྦད། ཁཾ་ཤག་རྩལ་རྦད། སྲོག་ལ་མྱོགས་རྦད། ཁྱེར་བྱུང་མུགས། ཏི་ལིང་ཤག་ལིང་ཛ། ཞེས་ཕུལ་བས། རྒྱུ་བདུན་


DNG016_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

གགས་སུ་སྐྱེས་པར་གྱུར་ཏོ། །དེ་ནས་བདུད་ཀྱི་རྐྱ་དམག་འབུམ་སྡེས། སྲོག་རྩ་ཁྲག་ཏི་སྙིང་ཕྱུང་ཐུམས་རིལ་རཾ་ཤག་རྦད། ནི་སྲོག་ཧུར་ཐུམས་ཛ། ཞེས་ཕུལ་བས་ནང་ཁྲོལ་སྨད་ལྔ་གཏུབས་པར་གྱུར་ཏོ། །དེ་ནས་སྲིན་པོ་ཕོ་མོས། ཨེ་བཾ་རཾ་ཁྲཾ་ཤིག་ཙིཏྟ་རྔུབས། དགྲ་བོའི་སྲོག་ལ་ཐུན་རྨུགས་ལིང་ཤག་རྦད། ཅེས་ཕུལ་བས། བླ་དང་རྣམ་ཤེས་གགས་པས་འཕོའོ། །དེ་ནས་མ་མོའི་ཚོགས་འབུམ་སྡེས། སྲོག་ལ་ཧུར་ལོང་རྦད། ཙིཏྟ་ཁྲག་ཐིབས། ཧུར་ཐུམས་ཛ། ཞེས་ཕུལ་བས། རྣམ་ཤེས་རྟེན་ལས་འཕོ་བར་གྱུར་ཏོ། །ཡང་མ་མོ་རྣམས་ཀྱིས། སྲོག་ལ་བཾ་རིལ་རཾ་ཤག་རྦད། ཙིཏྟ་བྱེར་ཐུམ་ཧུར་ཐུམས་ཛ། ཞེས་ཕུལ་བས་རིམས་དལ་ཡམས་ཀྱི་ནད་འབེབས་པར་གྱུར་ཏོ། །དེ་ནས་གདུག་པ་གསུམ་གྱི་ཚོགས་ཀྱིས། སྲོག་ལ་བཾ་རིལ་རཾ་ཤག་རྦད། ཙིཏྟ་དྲེང་ཧུར་ཐུམས་ཛ། ཞེས་ཕུལ་བས། གདུག་པའི་སྤུ་གྲིས་ལུས་སྲོག་གཅོད་པར་གྱུར་ཏོ། །དེ་ནས་སྡེ་བརྒྱད་གཟའ་དང་ལྷ་སྲིན་གྱིས། པྲོཾ་པྲོཾ། ཤར་ཤར། ཧྲིལ་ནཱ་ག་སྙིང་གཟེར། རྦུད་ཡཾ་ཐུན་ཡཾ་ཧྲིལ་ཤག་བྷྱོ། ཞེས་ཕུལ་བས་སྲོག་དབུགས་དང་ལོ་ཏོག་རྩི་བཅུད་ཐམས་ཅད་བཅད་དེ་འཕོ་བའོ། །དེ་ནས་སྟོབས་ཅན་རྣམས་ཀྱི་མཐུ་དྲིལ་ཏེ། སྲོག་ལ་རྦད་ཐུམ་རིལ་རྦད། རྩ་ཁྲག་ཙིཏྟ་ཕྱུང་། ནྲྀ་སྲོག་ཧུར་ཐུམས་ཛ། ཞེས་ཕུལ་བས། རྩ་དང་སྲོག་ཟུངས་བཅད་དེ་འཕོ་བའོ། །དྲེགས་པ་ཅན་ཐམས་ཅད་ཀྱི་མཐུ་སྟོབས་དྲིལ་ཏེ། སྙིང་གཟེར་སྦུར་ནན་ཧ་ལ་ཧ་ལ་ཙ་མ་རི་ཕྱུང་། ཨེ་ཧུར་ཐུམས་ཛ། ཁམས་ཤག་རྦད། ཅེས་ཕུལ་བས། རང་གི་མཐུས་གཟིར་བ་དང་། དུག་དབྱུང་བ་དང་། སྲོག་དབྲོག་པ་དང་། སྦྱོར་བ་བཅད་པའོ། །དེ་ནས་འཁོར་དེ་དག་རབ་ཏུ་འདུས་ནས། དགྱེས་པའི་མདངས་རྙེད་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཁྲག་འཐུང་གི་རྒྱལ་པོ་དེས། ཨེ་ཧེ་ཧེ་ཧེ་ཨེ་ཧུར་ཐུམས་ཛ། ཞེས་སྒྲ་བསྒྲགས་པས། ཉེ་བར་ལས་ལ་བརྩོན་པའི་ཚུལ་གྱིས་རང་རང་གི་ཤེས་པའི་རྒྱུད་ལ་འདུས་ཏེ་ཐིམ་པས། བདུད་དང་གཤེད་རང་གི་རྒྱུད་ལས་ལྡང་ཞིང་། རང་གཅོད་ཀྱི་མཚོན་ཆ་བསྐུལ་བས། རྩ་དང་


DNG016_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་ཟུངས་རང་གཤེད་གཅོད་ཅིང་། ཁྲག་དང་བག་ཆགས་རང་སྐྱེས་ཏེ། ཐོད་པར་སྙིང་པོ་དང་སྲོག་སྡུད་པའོ། །དཔལ་ཚེ་བདག་ནག་པོ་སྲོག་དམར་ལེན་གྱི་རྒྱུད་ལས། གླེང་གཞི་རྩ་བའི་ལེའུ་སྟེ་དང་པོའོ།། །།དེ་ནས་འཁོར་རྡོ་རྗེ་སྙིང་པོས་བཅོམ་ལྡན་འདས་ལ་གསོལ་པ། རྒྱལ་བ་ཀུན་གྱི་རང་བཞིན་དངོས། །གསང་སྔགས་ངོ་བོ་དེ་ཉིད་ལགས། །འཇིག་རྟེན་འདས་དང་འཇིག་རྟེན་པའི། །དྲེགས་པའི་མཐུ་རྩལ་ལྡན་པ་ཀུན། །སྲོག་སྙིང་དབུལ་ཞིང་ལས་ལ་གཉེར། །བཀའ་བཞིན་ཉེ་བ་ཇི་ལྟ་བུ། །ལྷུན་གྲུབ་ཟིལ་གནོན་ཕྱག་རྒྱ་བསྟན། །གཉེན་པོ་གང་ཕྱིར་བརྗིད་པའི་སྐུ། །དྲག་པོས་གདུལ་བྱ་གང་ལགས་པ། །འཁོར་ལ་རྒྱས་པར་བཤད་དུ་གསོལ། །ཞེས་གསོལ་པས། བཅོམ་ལྡན་འདས་ཀྱིས་དྲི་བ་གསུམ་གྱི་དོན་རྒྱས་པར་བཤད་དོ། །བསྐལ་པ་རྫོགས་ལྡན་བྱ་བ་ལ། །རིགས་ལས་གོལ་བའི་ཁྲོ་བོ་ལ། །ནག་པོ་འཐོམ་བྱེད་བདུད་ཀྱི་གཙོ། །སྲིད་པའི་མངའ་བདག་ཁྲག་སྐྱུགས་གཅོད། །རྩུབ་ཁྲོ་སྲོག་གཅོད་གིང་གི་གཙོ། །ཞེ་སྡང་གདུག་པ་གདུག་ཁྲོའི་གཙོ། །ཕུང་བྱེད་ནག་པོ་ཚེ་ཡི་བདག །འབྱུང་བ་བཞི་ཡི་རྔམ་འོག་ན། །བརྒྱད་གཉིས་དྲུག་གཉིས་བཞི་དབུས་ན། །ལུས་ཆེན་ཡན་ལག་རགས་ལ་རྔམ། །སྐྲ་དང་བ་སྤུ་ཨག་ཚོམ་རྩུབ། །སྟོད་སྨད་སྲིན་པོ་རློན་གྱི་ཤུན། །མགོ་དང་སྙིང་གི་ཕྲེང་བས་བརྒྱན། །མཚོན་ཆ་མེ་རླུང་དུག་གི་མཚོན། །ཐོགས་ནས་རྣམ་བཞིའི་འཁོར་ལ་འཚེ། །མྱུར་དུ་གསོད་ཅིང་ཤ་རློན་ཟ། །མངལ་དུ་འཚུབ་ཅིང་རཀྟ་འཛག །ཐོད་རུས་འབྲུ་མར་དཀྲུགས་ཤིང་འཐུངས། །དེད་དཔོན་བཞི་ཡི་འཁོར་ལ་རྦོད། །ཆགས་པའི་རྒྱ་མཚོ་མྱོས་པར་བྱེད། །གདུག་པའི་མེ་ཡིས་རང་རྒྱུད་བསྲེག །དེ་ལྟ་བུ་ཡི་སྡེ་བཞིའི་གཙོ། །རཱུ་ཏྲ་ནག་པོ་ཚེ་ཡི་བདག །དེ་ཡི་བསྟན་པ་གཏིང་ནས་དཀྲུགས། །རྣམ་བཞིའི་འཁོར་ལ་འཚེ་བར་བྱེད། །འགྲོ་བ་མ་ལུས་བསྡུས་ཤིང་གསོད། །དེ་ཡང་ཇི་ལྟ་བུ་ཞེ་ན། །བདེ་བའི་དབང་ཕྱུག་དེད་དཔོན་ཞེས། །རིགས་ཀྱི་བདག་པོར་


DNG016_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་པ་ཅིག །གསང་སྔགས་དེ་ཉིད་རིས་སུ་ཕྱེ། །བརྡའ་དོན་མ་གྲོལ་ལྷུག་པར་སྤྱད། །བགྲོད་པ་མ་ཐོབ་དཔེ་ལས་མཚོན། །རང་ཉམས་མ་རྙེད་བརྐམ་ཆགས་སྤྱད། །རིགས་ངན་མོ་ལ་གྲོགས་སུ་སྤྱོད། །ཤ་ཆེན་ཀེང་རུས་རྒྱན་ལ་རོལ། །གསང་སྔགས་བཀའ་བསྒོ་ལོག་པ་ཡིས། །དུས་མ་ཡིན་པར་ཚེ་འཕོས་ནས། །ན་རག་རྡོ་རྗེ་དམྱལ་བར་ལྟུང་། །བཞི་བརྒྱ་མཐའ་རུ་སྡུག་བསྔལ་མྱོང་། །ཆད་ལས་རྒལ་ཏེ་བདེ་བས་དྲེལ། །བསྐལ་པ་བཞི་ནས་བརྒྱད་གཉིས་འཁོར། །ཚ་གྲང་གནས་ནས་བསྐལ་པ་བཞིར། །འཁོར་ཞིང་སྡུག་བསྔལ་ཟད་མཐའ་རུ། །ཉི་ཚེ་ཉེ་འཁོར་ཁ་འཁོར་ནས། །བསྐལ་པ་གཉིས་སུ་སྡུག་ཅིང་འཁྱམས། །དེ་མཐར་ཕྱི་ནང་སྒྲིབ་པའི་གནས། །གཟུགས་ཆེ་སྐེ་དང་ཡན་ལག་ཕྲ། །རྣག་ཁྲག་ངན་སྐྱུགས་ལྕགས་ཐུམ་མིད། །བསྐལ་པ་གཅིག་ཏུ་སྡུག་ཅིང་འཁྱམས། །དེ་མཐར་རྫུ་འཕྲུལ་དྲག་པོའི་གནས། །ལྕགས་མཁར་བཅུ་གཉིས་བརྒྱད་གཉིས་འོབས། །ཐོད་མཁར་བཞི་དབུས་ཤ་ཁྲག་ཟ། །རྔམ་པའི་ང་རོས་འཁོར་རྣམས་མངགས། །དེ་ལྟར་རྣམ་སྨིན་མང་བསགས་པས། །གནས་སུ་རཱུ་ཏྲ་ནག་པོར་སྨིན། །དེ་ཡིས་འཇིག་རྟེན་ཕུང་བྱེད་ན། །རྒྱལ་བ་ཀུན་གྱི་ཐུགས་རྒྱུད་ནས། །བྱིན་རླབས་མཐུ་རྩལ་སྟོབས་འགྲན་ཏེ། །ནག་པོ་དེ་ཉིད་འདུལ་བའི་ཕྱིར། །སངས་རྒྱས་ཆོ་འཕྲུལ་སྣ་ཚོགས་མཛད། །སྟོང་པའི་རང་བཞིན་དེ་སྟོང་ཀྱང་། །སྟོང་པས་ནག་པོ་སྡེ་མ་སྟོངས། །སངས་རྒྱས་རྡུལ་སྙེད་ཞིང་ཁམས་འདོད། །ནག་པོའི་ཤ་ཁྲག་རྔམ་ཞིང་རོལ། །དེས་མ་བསྐྱོད་ཕྱིར་སྟོབས་ཆེན་གསུམ། །ཡ་མ་བཛྲ་ཧ་ལའི་སྐུ། །རང་རང་ལག་ཆ་ཆ་བྱད་འཁོར། །སྔགས་ཚིག་དྲག་པོ་རྔམ་བཟླས་ནས། །ནག་པོ་ཚེ་ཡི་བདག་པོ་ལ། །ལུས་ངག་སྐོང་ཕྱིར་མེ་རླུང་སྤྲུལ། །ནད་དང་མཚོན་ཆའི་ཆར་ཕབ་ནས། །ནག་པོ་འཁོར་བཅས་དགའ་མགུ་ནས། །ཤ་ཁྲག་རོ་དང་བདུད་རྩིར་གྱུར། །མངའ་བརྙེས་སྡེ་ལས་རྒྱལ་ལ་ཁད། །དེས་མ་ཐུལ་ནས་ཁྲོ་བོར་བྱ། །ཁྲོ་བོ་སྨེ་བ་བརྩེགས་པ་ཡིས། །རྡོ་རྗེ་སྲིན་པོ་འཁོར་དང་བཅས། །ནག་པོ་བསྒྲལ་


DNG016_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཟའ་བར་རྔམས། །གསང་སྔགས་གདུག་པའི་ང་རོར་བཏོན། །ཡེ་ཤེས་མེ་ཡི་སྲས་མཆོག་སྤྲུལ། །ཚེ་བདག་དྲག་པོ་གཤིན་རྗེ་ཡིས། །ཀཱི་ལ་ཙིཏྟའི་དཀྱིལ་དུ་བཟའ། །བཏབ་པས་སྨེ་བརྩེགས་དེ་ཉིད་རྒྱལ། །རྡོ་རྗེ་སྲིན་པོའི་འཁོར་བརླགས་ནས། །ནག་པོ་དྲེགས་པའི་ཚེ་བཀྲག་ཕྲོགས། །སངས་རྒྱས་རྫུ་འཕྲུལ་ཞི་བར་བྱས། །དེས་མ་ཐུལ་ཏེ་དགོངས་པ་བསྡུས། །གསང་སྔགས་ངོ་བོ་དེ་ཁོ་ན། །དྭངས་མ་ཆེན་པོ་ལྔ་ཡི་དངོས། །ཡེ་ཤེས་ལྔ་ཉིད་དེ་རྟོགས་པའི། །རིགས་ལྔའི་གཙོ་བོ་སྤྱི་ཡི་གཟུགས། །ཀ་ལ་མཐིང་ནག་བརྗིད་པའི་སྐུ། །ཟིལ་གནོན་ཕྱག་རྒྱ་ཆེན་པོ་ཉིད། །སྟོང་ཉིད་མ་སྐྱེས་འགག་མེད་པའི། །ལྷུན་གྲུབ་ཡེ་ཤེས་ཐམས་ཅད་མཁྱེན། །ལྷུན་པོ་རི་རབ་བརྟན་ལྟར་བརྗིད། །རྣམ་པར་དབུ་གསུམ་སྐུ་གསུང་ཐུགས། །རྒྱུད་དྲུག་འཁོར་བ་བསྒྲལ་བའི་རྟགས། །ཕ་རོལ་ཕྱིན་ཕྱག་ཡེ་ཤེས་དྲུག །སྐྱེ་བ་རྣམ་བཞི་དག་པའི་རྟགས། །ཚད་མེད་ཞབས་བཞི་རྫུ་འཕྲུལ་རྐང་། །སྲ་བྱེད་བརྟན་པས་ཐམས་ཅད་གནོན། །མཉེན་བྱེད་བསྐྱིལ་ཞིང་སྡུད་པའི་དབང་། །གསལ་བྱེད་ཁྲག་ཆུ་བག་ཆགས་བསྲེགས། །གཡེང་བྱེད་རྐྱེན་མེད་རང་ཤུགས་ལྡན། །སྣང་བྱེད་གོ་འབྱེད་ཁེབས་འོག་ཆུད། །རྒྱུ་རྐྱེན་ཐབས་ལ་རག་མ་ལུས། །བདེ་བ་ཆོས་སྐུ་སྟོང་བདག་མེད། །སྟོང་ལས་ཀུན་སྐྱེས་བསམ་དཔག་དཀའ། །ནག་པོ་འདུལ་ཕྱིར་སྣ་ཚོགས་སྤྲུལ། །ཡ་མ་བཛྲ་ཁྱམས་ཁང་ཁྱུང་། །དེ་བཞིན་གཉིས་ལྡན་སེང་གེ་སྟག །གདུག་པའི་ཡེ་ཤེས་ཁྲོ་ཆུང་འབར། །ཚུལ་དགུ་ཆས་དགུ་རྒྱན་དགུ་དང་། །གར་དགུ་སྟབས་དགུ་རྔམ་སྒྲ་དགུ། །ཐོད་སྦྲུལ་རིན་པོ་ཆེ་ལ་སོགས། །གསོད་བྱེད་ཁྲག་སྐྱུག་ཚོགས་ཀུན་གནོན། །འཁོར་ལོ་རལ་གྲི་རྡོ་རྗེ་འཕེན། །བེ་ཅོན་གཏུན་ཤིང་སྡིགས་འཛུབ་བརྡེག །ནག་པོ་གེལ་པ་བསྒྱེལ་ཏེ་མནན། །ཕྱི་ནང་གཤེད་འཁོར་འཆི་བདག་ཚོགས། །ཡང་སྤྲུལ་དྲུག་ཁྲི་དྲུག་སྟོང་བཅས། །རྔམ་ཞིང་དྲེགས་པའི་འགྱིང་སྟབས་ཀྱིས། །ནག་པོ་འཁོར་བཅས་གདན་དུ་བཏིང་། །ནག་པོ་བརྒྱལ་སངས་འདར་ཞིང་སླེབ། །


DNG016_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

ཟིལ་གནོན་ཕྱག་རྒྱའི་གདན་དུ་གསོལ། །འཁོར་རྣམས་དབང་བསྡུས་མདངས་དང་ཕྲལ། །འཁོར་དུ་ལས་ཀྱི་སྒྲིབ་པ་སྦྱངས། །སྣམ་ནས་སླར་བཏོན་བྲན་ཁོལ་བསྐོས། །སྲོག་གི་སྙིང་པོ་རང་དབང་བསྡུས། །ནག་པོས་རྔམ་པའི་སྨྲེ་སྔགས་བཏོན། །བདག་ཅག་རྒྱལ་བའི་འཁོར་ལགས་ཀྱིས། །འཁོར་ལ་ཐུགས་རྗེ་མ་ཆུང་མཛོད། །བཀའ་ལ་ཐོགས་ཤིག་བཀའ་བཞིན་བགྱིད། །ཅི་བཅོལ་ལས་རྣམས་བཀའ་བཞིན་ཉན། །ཞེས་གསོལ་ཏོ། །དེ་ཕྱིར་རྒྱུད་འདི་དྲག་སྔགས་བཤད། །ཅེས་འཁོར་ལ་རྒྱས་པར་གསུངས་སོ། །དྲགས་སྔགས་ཀྱི་དེ་ཁོ་ན་ཉིད་སྲོག་དམར་ལེན་སྤུ་གྲི་ལས། དྲེགས་པ་ཅན་བཏུལ་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་འཁོར་གྱི་ནང་ནས་རྡོ་རྗེ་འཛིན་པ་སྟན་ལས་ལངས་ནས། བཅོམ་ལྡན་འདས་ལ་གསོལ་པ། ཀྱེ་ཧོ་བཅོམ་ལྡན་ཁྲག་འཐུང་དཔལ། །ལས་རྣམས་ཀུན་གྱི་རྩ་བ་རུ། །བརྣག་པའི་རྒྱལ་པོ་དམར་ལེན་ལ། །རྩ་བ་དག་དང་མན་ངག་གི། །ལས་ཀྱི་རྣམ་གྲངས་བཤད་དུ་གསོལ། །ཞེས་གསོལ་པས། བཅོམ་ལྡན་འདས་ཀྱིས་སྙིང་པོ་དོན་གྱི་མན་ངག་རྒྱས་པར་བཤད་དོ། །དམར་ལེན་དོན་གྱི་མན་ངག་ལས། །རྩ་བ་རྣམ་པ་གཉིས་སུ་བཤད། །ཐུན་མོང་དང་ནི་ཁྱད་པར་རོ། །ཐུན་མོང་སྦྱོར་བ་རྣམ་པ་ལྔ། །འབྲུ་བཞིའི་སྦྱོར་བ་དྲུག་གཉིས་བཞི། །ཀུན་འབྱུང་རྩ་བ་བརྒྱད་གཉིས་གཅིག །གབ་པའི་སྦྱོར་བ་བཞི་གཉིས་ལྡན། །གསད་གཟིར་གནན་གཟིར་བསྲུང་དང་དབབ། །བསྲེག་དང་སྲོག་དབྲོག་དབྲལ་བར་ཤིས། །ཡན་ལག་སྡིག་པའི་ཕག་མོ་གཉིས། །སྐྱེ་བ་རླུང་བཤིག་རང་བདུད་འཕེལ། །རྣལ་མར་སྤོག་དང་ཚེར་སྤོགས་དཀྲུག །འཕོ་ཚུལ་གཉིས་ལྡན་བདེ་བ་གཅིག །ཡེ་ཤེས་རིག་པ་རང་རྩལ་བགྲོད། །ཀུན་གྱི་མཐའ་རུ་འབྱུང་བ་དཀྲུག །ཐུན་མོང་ཕུང་བྱེད་སྡིག་པ་འཇོམས། །འབྱུང་བ་གནམ་བསྟན་གཉིས་ལྡན་པ། །མ་སྦྱངས་དག་པའི་ཚུལ་དུ་བགྲོད། །ཁྱད་པར་ལས་རིམ་གསུམ་གཉིས་གཅིག །ཕྱེ་བའི་རིམ་པ་བདེ་དང་ལྡན། །ཁྱབ་གསལ་སྤོགས་མེད་བདེ་དང་ལྡན། །སྙིང་པོ་མཆོག་གི་རྩ་བར་གསུངས། །གཉེན་པོས་འཕེན་ཅིང་


DNG016_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་པར་བསྐུལ། །སྤུ་གྲིའི་ལས་སུ་གཅོད་ཅིང་སྡུད། །རང་གྲུབ་བདུད་གཤེད་འཆི་བདག་ལྡང་། །རང་གསལ་བསྐུལ་བས་ཡ་ཡིས་བསྐྱོད། །ཐུགས་རྗེ་ཤུགས་སྒྲོལ་ཐར་པའི་ལམ། །བདེ་བའི་ཡེ་ཤེས་རང་ཉིད་ལྡན། །ཕྱག་རྒྱ་རང་གསལ་བགྲོད་ཐོབ་མེད། །འགག་མེད་སྙིང་པོ་མཆོག་ཉིད་གསལ། །བདེན་པ་གཉིས་མེད་ཆོས་སྐུར་གཅིག །ཐམས་ཅད་འཇོམས་སྒྲོལ་བདེ་ཆེན་ཉིད། །ཉིད་ལས་གཞན་དུ་བཙལ་ཡང་མེད། །གསེར་བུག་སྙིང་པོ་རང་བསྟན་ཡིན། །ཀུན་ཐུབ་སྙིང་པོ་ལས་དབང་འཇོམས། །སྲོག་ཅེས་བྱ་བ་འཕོ་བར་བྱེད། །གཉིས་མེད་རིག་པ་ལྷ་རུ་གསལ། །སྲིན་མོ་ལས་ཀྱི་མཐའ་རུ་འཕོ། །སྦྱོར་བ་ལྷན་ཅིག་ལྔ་འམ་གསུམ། །རྒྱལ་བའི་བཀའ་ནུབ་རྒྱལ་མཐེབ་མངག །རང་ཉིད་ཆེ་བའི་གནས་ལ་གནས། །ལོ་ཐོག་གཞོམ་པའི་ལས་གསུམ་གྱིས། །འབྲས་བུ་མེད་པར་འཆང་སྒྲོལ་བགྲོད། །བསྲུང་བའི་རྒྱལ་པོ་གཅིག་ཏུ་དྲིལ། །ཉེ་བའི་དབང་པོ་རང་གནས་གཟིར། །དུག་དང་སྦྱོར་བ་བྱད་གཞུག་འབྱིན། །ལས་དང་སྦྱོར་བ་གཤོག་ཅིང་གཅོད། །ཙིཏྟའི་དཀྱིལ་ནས་རྣམ་ཤེས་འཕྲོག །ལུས་མེད་དབང་པོ་ཡིད་ཀྱིས་འཇོམས། །དེ་མེད་སྦྱོར་བ་ཡུག་པ་བརྐྱང་། །རང་གཤེད་རང་བདུད་རང་ལ་ལྡང་། །རང་རྒྱུད་རང་གནས་གསུམ་གཉིས་གཅིག །གནས་དང་སློང་དང་རྐྱེན་དང་གཅོད། །འཕོ་དང་བགྲོད་དང་སྲོག་སྡུད་བཅས། །ལས་དེ་ཆོས་ཉིད་རང་གྲོལ་ཡིན། །མཐའ་རུ་ལྷུན་གྲུབ་བསྲེག་དང་སྦྱར། །ནམ་མཁའ་བར་སྣང་ས་གཞི་ལ། །བསྲེག་མནན་གཅོད་པའི་འཁོར་ལོ་བཅའ། །མངག་དང་གཟིར་དང་བསྟབ་དང་དབུལ། །ལས་གཉེར་གཏད་མཐར་ཟོར་དང་མནན། །རང་གི་ཡེ་ཤེས་གསལ་ཞིང་འབར། །མེ་དང་ཚ་བ་བསྲེག་ཅིང་བདོ། །སྦྱོར་བ་མངོན་དུ་གསད་དང་འཕོ། །དཀར་ནག་ལས་དེ་གབ་སྦས་གསང་། །ལས་ཚོགས་རྒྱས་པ་ལྷུན་གྱིས་གྲུབ། །རྒྱུད་ཀྱི་རང་བཞིན་བདུན་ནམ་གཅིག །སྐུ་དང་གསུང་དང་ཐུགས་ཀྱི་རྒྱུད། །བལྟ་སྤྱོད་འཁོར་ལོ་དམ་ཚིག་དབང་། །ལས་


DNG016_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་སྦྱོར་བ་འདྲེལ་བཅས་ཡིན། །གཞི་ལམ་འབྲས་བུ་ལྷུན་གྲུབ་གཅིག །ཕྱི་ནང་གསང་བ་བཤད་པའི་མཐའ། །ཀུན་འདུས་རིག་པའི་མཚོན་ཆར་བཤད། །སྲོག་དམར་ལེན་སྤུ་གྲིའི་རྒྱུད་ལས། དངོས་གཞི་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་ཁྲག་འཐུང་གི་རྒྱལ་པོ་དེས་རྒྱུད་ཀྱི་དོན་འདི་རྒྱས་པར་བཤད་དོ། །མ་བྱུང་མ་སྐྱེས་ཡེ་ཤེས་སྐུ། །འགག་མེད་བདེ་ཆེན་ཁྱབ་གསལ་སྐུ། །ལྷུན་གྲུབ་སྤྲོས་བྲལ་ཕྱག་རྒྱའི་སྐུ། །ཁྱབ་གདལ་ཐིག་ལེ་ཉག་གཅིག་སྐུ། །མ་འགགས་ཀུན་གསལ་སྤང་བླང་མེད། །སྣ་ཚོགས་རོལ་པ་བྱ་བཙལ་བྲལ། །ནམ་མཁའ་ཡོངས་ལ་མདུང་བསྐོར་བ། །སངས་རྒྱས་མཛད་པ་ཁོ་ཐག་ཆད། །གནས་པ་རང་རྒྱུད་དྲུག་དང་ལྡན། །སུམ་ཅུ་གཉིས་རྩིབས་བདེ་ཆེན་གནས། །འབྲུ་བཞི་ཡན་ལག་འཕོ་དང་བཅས། །འབྲུ་དྲུག་ལོངས་སྤྱོད་གསལ་དག་འབར། །བརྒྱད་དབུས་བཞི་ལྡན་ཆོས་འཁོར་ལོ། །ལམ་ཉིད་དོན་ལྡན་འབྲས་བུར་སྨིན། །བཅུ་དྲུག་བཞི་ལྡན་སྤྲུལ་པའི་གནས། །བཞི་རྩིབས་གསལ་བ་རྫོང་ལ་གནས། །དྲུག་རྩིབས་འཁོར་ལོ་མདོ་གསུམ་འཛིན། །རང་བདུད་རང་གཤེད་མཉམ་པའི་དོན། །བདེ་བའི་རྒྱལ་པོ་རང་གསལ་ཡིན། །སྤྱོད་པ་ལས་ཀྱི་འཁོར་ལོ་མཚོན། །ལྔ་བརྒྱད་ཕྲལ་ནས་སུམ་ཅུ་གཉིས། །དེ་དག་རང་རྒྱུད་གནས་པ་ཡིན། །གནས་པའི་འཁོར་ལོ་ཐོད་པར་བཅའ། །ཐོད་པར་སྙིང་པོ་བཅུད་སྡུད་བྱེད། །ལས་དང་སྲོག་དང་བླ་སྡུད་ལ། །ཁྱམས་ཁང་གཤེད་ཀྱི་གསང་མཛོད་ཡིན། །རིག་པ་སྲོག་ཏུ་བགྲོད་བྱས་ལ། །དཔའ་བོ་གྲི་མོ་ལང་ཚོ་ལ། །སྦྱངས་པ་གསུམ་དང་ལྷ་བཀོད་ལ། །སྔགས་ཀྱི་དྲོད་ལྡན་བརྟུལ་ཞུགས་བླང་། །དེ་བཞིན་རྒྱལ་རིགས་ཉིད་ལ་བསྔགས། །བཅུ་གཉིས་བཅུ་དྲུག་བར་ལ་བརྟག །གོང་བཞིན་བརྟགས་ལ་བརྟུལ་ཞུགས་བླང་། །རྐྱེན་གསུམ་རང་རྒྱུད་དྲུག་བཀོད་ལ། །སྦྱང་བསྲེག་དབབ་བསྐྱིལ་ཐིག་ལེར་གསལ། །སྨེ་བ་དོན་དང་མཉམ་སྦྱར་ལ། །བརྟུལ་ཞུགས་རྣམ་གསུམ་ལོངས་སྤྱོད་ལྡན། །སྐྱེ་བ་མེད་པའི་དབྱིངས་སུ་སྒྲོལ། །སྤྱི་དང་ཁྱད་པར་ཡན་ལག་གསུམ། །


DNG016_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

བསྲུང་དང་མ་བསྲུངས་བདེ་དང་སྡུག །བདེ་ཆེན་ན་རག་དོང་སྤྲུག་གི། །ལས་ཀྱི་རིམ་པ་འདི་ལྟ་སྟེ། །རྩ་བ་ཀུན་འབྱུང་འཁོར་ལོ་ནི། །གསང་ཆེན་མཆོག་ཏུ་དྲིལ་བའོ། །ཡང་གསང་སྦྱོར་བ་དྲུག་གཉིས་ལྔ། །གོལ་དང་སྨིན་པའི་ལས་ཀྱང་བརྡ་དོན་དྲིལ་བ་མ་ཡིན་པས། །ཧ་ལ་ནག་པོ་སྦྲུལ་འཛིན་ལྟར། །སྦྱོར་བ་བཅུ་བདུན་དག་དང་ལྡན། །དོན་གཉིས་མངོན་དུ་སྤྱོད་པ་ཡིས། །བླ་ཆེན་སྤྲུལ་པ་ཡང་སྤྲུལ་ཆགས། །རྟགས་མེད་ཀུན་འབྱུང་དྲུག་དང་ལྡན། །འབྲས་བུས་འཇོམས་པའི་ལས་བཞི་ཡིན། །ཆུ་དྲིལ་ཟོར་འཕང་དུ་བས་གཟིར། །ཆུ་རྒོད་གནམ་ཐོག་རི་ལྟར་འབེབས། །དམར་ལེན་སྔགས་ཀྱི་མཐུ་བསྡུས་ནས། །ལས་ཀྱི་འཁྲུལ་འཁོར་མཚོན་ཆར་འབེབས། །སྙིང་པོ་ཀུན་གྱི་མཐུ་དྲིལ་ནས། །འབྲུ་བརྒྱད་དམོད་པའི་ལུས་དང་སྦྱར། །རིགས་སོགས་ལས་དབང་གནོད་པའི་གདོན། །སྔགས་ཀྱི་བརྡེག་པ་དྲུག་དང་ལྡན། །ལྟར་འཇུག་ཕྱིར་འབྱུང་ཞེ་སྡང་གཞི་ཡང་ཞེན་པ་བཞི། །ཀུན་འབྱུང་རྟགས་མེད་ཁོང་ནས་ལྡན། །གང་རུང་མཚོན་ཆ་ཁ་སྦྱར་བཅའ། །བརྗོད་པ་སྐབས་དང་སྦྱར་ལ་སྤྱད། །འོག་ལ་རྗེས་གཅོད་བསྲེག་པ་བརྡེག །ཀུན་འཇོམས་སྦྱོར་བའི་རྒྱལ་པོ་ཡིན། །གྲུ་བཞི་ཆ་མཉམ་རུས་སྦལ་ལྟོར། །ཡེ་ཤེས་ལྔ་ཡི་ཐིག་དྲངས་ལ། །མགོ་དང་མཇུག་མར་ཐིག་རྐང་གདབ། །དེ་བཞིན་ལྟོ་གཉིས་ཐིག་རྐང་དྲང་། །ཐིག་བཞི་རྒྱ་གྲམ་ལེགས་པར་གདབ། །ལྟོ་བར་འཁོར་ལོ་བཅུ་གཉིས་བཅའ། །ཐིག་བསྐོར་རིམ་པ་གསུམ་དུ་བསྐོར། །དབུས་སུ་གྲུ་གསུམ་རྒྱ་གྲམ་ལྡན། །བྱང་ཁོག་སྟོད་ཀྱི་འཁོར་ལོ་གཉིས། །རྩིབས་བཅུར་བླ་ཆེན་སྤྲུལ་པའི་སྔགས། །གཡས་པའི་རྩིབས་ཆེན་བཅུ་བཞི་ལ། །ཡང་སྤྲུལ་འཇོམས་པའི་སྤུ་གྲི་གནས། །གཡོན་པའི་རྩིབས་ཆེན་བཅུ་བཞི་ལ། །ཆགས་སྡང་འཇོམས་པའི་སྤུ་གྲི་གནས། །དེ་བཞིན་བསྐྱེད་པའི་འཁྲུལ་མིག་བཞིར། །བཅུ་གཉིས་རྩིབས་འགྱུར་རྟགས་མེད་དང་། །ཀུན་འབྱུང་སྔགས་ཀྱི་གཅོད་པ་དགོད། །དེ་ཡིས་བསད་པ་མཆོག་ལ་སྦྱར། །གཡས་གཡོན་བཅོ་ལྔའི་རྩིབས་ཀྱང་བབ་ལྔའི་རྟགས་བདུན་ལ། །སྲུང་བའི་རྟགས་མེད་ཀུན་


DNG016_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བཀོད། །ལྟེ་བ་སྨད་ཀྱི་འཁོར་ལོ་བཞིར། །རྩིབས་བདུན་དེ་བཞིན་རྩིབས་དགུ་བཅུ། །བཅུ་གཅིག་རྩིབས་དང་ལྡན་པ་ལ། །མི་འཁོར་འཁོར་འཇུག་དོན་པ་ལ། །བརྡེག་པའི་དྲག་སྔགས་ཚན་རེ་གནས། །ཡན་ལག་ལོ་ཏོག་འཇོམས་པ་བཞི། །ཀུན་ལ་རྒྱ་གྲམ་རྩ་བའི་སྔགས། །ལག་གཡས་བཅུ་དྲུག་སྤོགས་དང་གཟིར། །ལག་གཡོན་རྩིབས་དགུ་གཟིར་བའི་སྔགས། །རྐང་གཡས་རྩིབས་བཅུ་ཐབས་ཀྱི་སྔགས། །རྐང་གཡོན་བཅོ་བརྒྱད་དུ་སལ་འཇོམས། །ཆུ་རྒོད་འཁྱགས་པ་རི་ལྟར་འབེབས། །འོག་ལ་རྗེས་གཅོད་འཁོར་ལོ་བསྲེག །རྒྱ་གྲམ་ཡང་ལོགས་བཅུ་གཉིས་ལ། །རྩ་བ་བརྒྱད་དང་བཅུ་གཉིས་བསྲེག །གདུག་པའི་སྔགས་དང་རྫས་བསྲེག་ལྡན། །བླ་ཆེན་བཞི་དང་ཆགས་སྡང་བཞི། །མི་མཐུན་འཁོར་ལོ་ཁ་སྦྱར་བསྔགས། །སྤྲུལ་པ་ཡང་སྤྲུལ་ཁ་སྦྱོར་བརྡེག །ཀུན་འབྱུང་རྟགས་མེད་དེ་བཞིན་བསྡེབས། །རུས་སྦལ་ལྟོ་བར་བསད་ལ་སྦྱར། །ཆུ་དྲིལ་གཟིར་བའི་འཁོར་ལོ་སྦྱར། །ཟོར་དང་དུ་བ་ཁ་སྦྱོར་ལ། །དབབ་དང་བསྲུང་བ་རུས་སྦལ་ཡང་། །དེ་ནས་བཅོམ་ལྡན་འདས་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས། ཀུན་འབྱུང་རྩ་བའི་སྔགས་འདི་བཏོན་ཏོ། །སྲོག་ལ་ཧྲི་ཤག་རྦད། ཙིཏྟ་དྲེང་ཤག་ཛ། སྲོག་ལ་ཐུན་རྨུགས་རྦད། དགྲ་བོའི་སྲོག་ལ་ཐུན་ཤག་རྦད། ནྲྀ་ཙིཏྟ་དྲེང་དྲེང་ཧུར་ཐུམས་ཛ། སྲོག་ལ་ཐུན་གཟིར་ཤག་རྦད། ཙིཏྟ་དྲེང་ཤག་ཛ། སྲོག་ལ་ཡཾ་ཡཾ་རྦད། ནྲྀ་ཙིཏྟ་དྲེང་ཤག་ཛ། སྲོག་ལ་མཱ་ར་ཡ་རྦད། ནྲྀ་ཙིཏྟ་ཧུར་དྲེང་ཛ། ཙིཏྟ་གཟིར་ནན། སྲོག་ལ་མྱོགས་རྩ་ལ་རྦད། ཡཾ་ཡཾ་ཧུར་ཙིཏྟ་ཁམ་ཤག་རྩ་ལ་མྱགས་ཧབ་ཏང་ཧབ་ཏང་རོ་མྱགས་ཛ། ཀྲིང་ཀྲིང་ཧི་ནན། ཡལ་ཡལ་ཙིཏྟ་རྦད། ཧ་ལ་ཧ་ལ་ཙ་མ་རི་ཁམ་ཤག་རྦད། ཧ་ལ་ཧ་ལ་ཡཾ་ཡཾ་ཙིཏྟ་དྲེང་དྲེང་དུན་དུན་ཛ། དེབ་ཛ་དུན་ས། ནཱ་ག་སྙིང་གཟེར་ཐུན་པྲོཾ་པྲོཾ། ཧྲིལ་ཧྲིལ། ཤར་ཤར་ཕོབ། ནཱ་ག་ཛ་ཡཾ། སྙིང་གཟེར་ཤར་པྲོཾ་ཕོབ། ཛ་ཡཾ་པྲོཾ་ཤར་ཧྲིལ་ཁཾ་ཤར་ཧྲིལ་ཕོབ། ནཱ་ག་ཨུ་ནན་ཛ་ཡཾ་ཕོབ་ཡ་ཧྲིད་ཡ་ཕོབ། ར་མི་ཙིཏྟ་ཁཾ་ཤག་སྲོག་ལ་ཧུར་


DNG016_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

ཡཾ་ཁཾ་ཤག་རཾ་ཐུན་ཙིཏྟ་རཾ། ངེས་པའི་དོན་དང་ལྡན་པའི་གདེང་། །ཉམས་རྟགས་ཕྱི་སྟེ་སྤྱོད་ཡུལ་མིན། །དེ་ཡི་ལས་ཐིག་རྫོགས་པར་བཤད། །དེ་ནས་བཅོམ་ལྡན་འདས་ཀྱིས་གབ་པ་ཐུགས་ཀྱི་ལས་འདི་བཤད་དོ། །དམར་ལེན་སྔགས་ཀྱི་དམོད་པ་ལ། །དགུ་གསུམ་གང་རུང་ཐོད་པ་བྱ། །འཁོར་ལོ་རིམ་པ་བཞིན་དུ་བསྐོར། །དབུས་ཀྱི་འཁོར་ཡུག་ཕོ་བྲང་དུ། །བདེ་བའི་རྒྱལ་པོ་ནམ་མཁའི་འབྲུ། །ཕྱི་རིམ་བར་ཁྱམས་འཁོར་ལོ་བརྒྱད། །མུ་ཁྱུད་རིམ་པ་གསུམ་དུ་བསྐོར། །ཀུན་གྱི་དབུས་སུ་རྒྱ་གྲམ་ལྡན། །ཕྲལ་ལ་རྩ་བའི་འབྲུ་བརྒྱད་དགོད། །གཉིས་པ་ས་ཁམས་དྲུག་གཉིས་རྩིབས། །མནན་པ་སྟོབས་ཀྱི་འབྲུ་ཡི་དགང་། །མེ་ཁམས་དེ་བཞིན་བསྲེག་པས་དགང་། །ཆུ་ཁམས་དེ་བཞིན་ལོ་ཏོག་འཇོམས། །རླུང་ཁམས་བཅུ་གཉིས་བསད་ལ་ཤིས། །འདེགས་དང་དྲོད་མཚམས་ཐམས་ཅད་གཟིར། །གཡེང་དང་དྲོད་མཚམས་འབྲས་བུ་སྲུན། །དྲོད་དང་ཆུ་མཚམས་རྣམ་ཤེས་ཕྲོགས། །གཡེང་དང་འདེགས་མཚམས་གདུག་པ་གཟིར། །ཀུན་ཀྱང་རུས་སྦལ་ཁ་སྦྱར་ལ། །ལྔ་ན་ལས་རྫོགས་གདུག་པར་གཏད། །དེ་ནས་བཅོམ་ལྡན་འདས་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས། དྲག་སྔགས་འདི་བཏོན་ཏོ། །ཨེ་མྱགས་ཡ་རྔུབས་མུག་ཤག་ཀ་དུན། དགྲ་བོའི་སྲོག་ལ་མཱ་ར་ཡ་རྦད། ནྲྀ་ཧུར་ཐུམས་ཛ། དགྲ་བོའི་སྲོག་ལ་ཐུན་གཟིར་སྦུར་ནན། དགྲ་བོའི་སྲོག་ལ་རཾ་ཐུན་ཙིཏྟ་རྦད། ཁ་རཾ་ཛྭ་ལ་རཾ། ནཱ་ག་ཨུ་ནན་སྙིང་གཟེར་ཕྲོམ་ཤག་ཁམ་ཧྲིལ་ཕོབ་ཡཱ། སརྦ་ཨུ་ནན། ཐུམ་རིལ་སྦུར་ནན་ཤ་ཏྲུཾ་འདྲིད་ཕྱུང་རྦད། སརྦ་ཤ་ཏྲུཾ་སྟམྦྷ་ཡ་ན་ཤ་ཡ་ནན་རྦད། ཙིཏྟ་དྲེང་དྲེང་རྩ་ལ་དུན་དུན། སྲོག་ཧུར་ཐུམས་ཛ། ས་ནཱ་ག་ཧ་ལ་ཧ་ལ་ཡཾ་ཡཾ་སྙིང་གཟེར་སྦུར་ནན། ཕྲལ་ལ་ལས་ཀྱི་སྐབས་སུ་བཅའ། །དམན་པ་ལས་ཀྱི་སྦྱར་བ་བཤད། །གཞན་ཡང་ཡན་ལག་ལས་གསུངས་པ། །རྣོ་མྱུར་ཕོ་མོའི་ལྟོ་བ་རུ། །ཡེ་ཤེས་ཐིག་ལེའི་ངང་ལས་འཆར། །འཕེན་དང་སློང་བ་དབུགས་ཀྱི་རྟ། །མཚོན་ཆ་མུ་ཁྱུད་ལྔ་དང་ལྡན། །དབུས་སུ་


DNG016_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

གྲུ་གསུམ་རྒྱ་གྲམ་ཕྱི། །བཅུ་གཉིས་རྩིབས་བསྣོལ་བར་ཁྱམས་ཟླུམ། །དབུས་སུ་གྲུ་གསུམ་བརྣག་པ་བསྟན། །གཉིས་པ་རྒྱ་གྲམ་རྩ་བའི་སྔགས། །བཅུ་གཉིས་ཕྱི་ནང་བསད་པའི་འབྲུ། །བར་འཁྱམས་ལྟོ་སྦྱོར་སྒྲུབ་པའི་སྔགས། །ཁ་སྦྱོར་བཅས་ལ་དོང་རྩར་མནན། །སྔགས་ཀྱི་ཡན་ལག་སྤོགས་པ་ཡིན། །གདུག་པའི་ཀླུ་ལ་གཏད་པར་བྱ། །དགྲ་བོའི་སྲོག་ལ་ཧུར་ཐུམས་རྦད། ཙིཏྟ་དྲེང་ཤག་ཛ། ཛ་ཤག་དྲེང་ཏ་ཙི་ཏ་ཐུམས་ཧུར་དགྲ་བོའི་སྲོག་རྦད། དགྲ་བོའི་སྲོག་ལ་ཐུམས་ཙིཏྟ་ཧུར་དྲེང་ཛ་ཤག་རྦད། བརྣག་པ་རྣོ་མྱུར་སྟོབས་དཔག་མེད། །ཡན་ལག་རྣོ་དབལ་མཚོན་ཆ་ཡིན། །གཞན་ཡང་ཕུང་བྱེད་སྡིག་པའི་ལས། །ལས་ཀྱི་རིམ་པ་སྔར་བཞིན་ལས། །ཁྱད་པར་ལྷ་སྲིན་དཀྲུག་པའི་ལས། །སྡིག་པ་ཆེན་པོའི་ལྟོ་བ་རུ། །མུ་ཁྱུད་རིམ་པ་ལྔ་དང་ལྡན། །རྒྱ་གྲམ་བཅུ་གཉིས་རྩིབས་དང་ཁྱམས། །ལྷ་སྲིན་ལྷོ་དཀྲུག་ལས་ཀྱི་མཆོག །རྩ་བའི་སྔགས་དང་སྤུ་གྲི་དགོད། །ཁ་སྦྱོར་དུག་ཆུ་ཚ་བར་ལྡན། །སྔགས་བཟླས་གདུག་པའི་ཀླུ་ལ་གཏད། །དྲག་སྔགས་སྦྱོར་བ་དྲིལ་བ་བརྡེག །ཡ་རྔུབས་ཨེ་ཤག་དུན་མྱགས་ཀ་རྨུགས། དགྲ་བོའི་སྲོག་ལ་ཤག་དྲེང་ཛ། ཙིཏྟ་ཧུར་ཐུམས་རྦད། སྦྱོར་བ་གང་བརྩམ་མཐའ་རུ་བསྔགས། །སྤོགས་པ་དྲག་པོའི་ལས་སུ་བཤད། །འབྲུ་བཞི་ལས་ཀྱི་རིམ་པ་ནི། །དུར་ཁྲོད་དབེན་པའི་བདེ་གནས་སུ། །རང་སེམས་དབེན་པའི་མཚམས་བཅད་ལ། །དུར་ཁྲོད་རྒྱུ་ལ་ཐོད་པ་བྱ། །མུ་ཁྱུད་བཞི་དང་ལྡན་པར་བསྐོར། །ལྟེ་བ་གྲུ་གསུམ་མཱ་ར་ནྲྀ། །གཉིས་པ་རྡོ་རྗེ་རྒྱ་གྲམ་ལ། །ཡེ་ཤེས་སྤྲུལ་པ་ལས་བདག་ཡུམ། །གསང་བའི་སྙིང་པོ་འབྲུ་བཞི་དགོད། །གསུམ་པ་འཁོར་ལོ་རྩིབས་བརྒྱད་ལ། །མཚན་མ་གཅོད་པའི་སྤུ་གྲི་དགོད། །ཕྱི་ཡི་རྩིབས་བཅུའི་རྩེ་མོ་ན། །ཉི་མ་གཅོད་པའི་འབྲུ་བཅུ་དགོད། །མཚོན་ཆ་བསྣོལ་མའི་བར་དུ་མིང་། །སྲིད་པའི་རུས་སྦལ་ལྟོ་བར་བཅའ། །སྔགས་བཟླས་ཀླུ་ལ་གནོད་པ་མནན། །དེ་ནས་བཅོམ་ལྡན་འདས་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་དྲག་སྔགས་དྲིལ་བ་འདི་བཏོན་ཏོ། །ཨེ་དུན་ཀ་ཡཾ་དགྲ་བོའི་སྲོག་ལ་དྲེང་དྲེང་རྦད། ནྲྀ་སྲོག་ལ་དུན་དུན་རྦད། ཁཾ་ཤག་རྩ་ལ་རྦད། སྲོག་ལ་མྱོགས་


DNG016_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

རྦད། ཁྱེར་ཕྱུང་མུག་ཏི་ལིང་ཤག་ལིང་ཛ། ཉིན་གསུམ་མཚན་གསུམ་སྦྱོར་བ་བརྩམ། །འབྲུ་བཞི་རྩ་བཞི་གཅོད་པར་བཤད། །གཞན་ཡང་ལོ་ཏོག་གཞོམ་པ་ནི། །ལྟ་ཟོར་གཟིར་གསུམ་དྲིལ་ལ་དབབ། །གཅན་གཟན་དར་མའི་ཐོད་པ་ལ། །གདུག་པ་གསུམ་གྱི་ཁྲག་གིས་བསྐུ། །ཁྲག་གསུམ་དུག་སྣ་སྔོ་སྣར་བཅས། །སྦྱོར་བ་སྦལ་པའི་གསོབ་ཏུ་བཅའ། །ཡུལ་དབུས་གདུག་པའི་རྟེན་ལ་གཞུག །བཅོ་ལྔ་དགུ་གསུམ་བཞི་ལ་བརྩམ། །མདུང་གང་དམར་ཐག་ས་སྲོས་དབལ། །ལྷ་སྲིན་འབྱུང་བ་དཀྲུགས་ལ་དབབ། །ཨེ་ཡཾ་ཀ་དུན་སྲོག་གཟིར་ཏྲིག་ནན། རཾ་ཤར་ཡཾ་ཕོབ་དྲིལ་པྲོཾ་བྷྱོ། སྤོགས་པ་མེད་པའི་ལས་སུ་བཤད། །གཞན་ཡང་ཐོག་རྒོད་དྲག་པོའི་ལས། །ཉེ་བར་གནམ་ཐོག་དྲིལ་འབེབས་པ། །འུག་སྒོང་སྦྲུལ་ཤུན་མིང་བཅས་དང་། །གསེར་སོགས་རྒོད་སྙིང་མདའ་དང་དར། །མེ་ལོང་གྲི་རྒོད་ཐོད་སྦོས་སྨན། །སུམ་བསྒྲིལ་དྲག་པོ་གཅིག་བསྡེབས་པས། །གཞུང་འཕེན་གནད་འཕེན་གནད་ལ་དབབ། །འབུམ་ཕྲག་བཟླས་ལ་བརྒྱ་པར་བསྡིམ། །གོང་གི་དུས་ཚོད་ཉེ་བར་འཕང་། །གནམ་ཐོག་ཆེན་པོའི་ལས་ཀྱི་མཆོག །ཀ་ཡཾ་ཨེ་དུན་པྲོཾ་ཤར་སིང་བཀྲོལ། དྲལ་ཆེམས་ཡཾ་རཾ་ཁས་བྷྱོ་མཱ་ར་ཡ་རྦད། བདེ་བའི་རྒྱལ་པོ་སྦྱོར་བའི་མཆོག །རིག་པའི་ཀློང་ནས་འཕེན་ཅིང་འཇོམས། །གཞན་ཡང་ལྟས་ངན་དབབ་པའི་ལས། །བྱ་དང་གཅན་གཟན་ཐོད་ཆེན་ལ། །ལྟས་ངན་ཁྲག་གིས་ཁ་མིག་བྱ། །བརྣག་པའི་མཁར་དང་མིང་རུས་བྲིས། །བདུན་ཁྲི་བདུན་སྟོང་བསྐོར་རེ་ཐུན། །ཚེས་དང་ཟ་མ་སྐར་མ་ནི། །ནག་པོ་སྨེ་བ་གཅིག་ལ་གཏད། །ཐེམ་འོག་འགྲམ་དྲེས་ལམ་དུ་མནན། །དགྲ་བོ་སརྦ་ཡེངས་དུ་མ་ལིང་། ཧབ་ཕོབ་ནན། དྲག་སྔགས་ལས་ཀྱི་རྒྱལ་པོ་མངག །གཞན་ཡང་སྲུང་བའི་ལས་འདི་གསུངས། །དུར་ཁྲོད་རས་སམ་ཤོག་གུ་ལ། །སྦྱོར་བ་ལྔ་དང་ཚ་བ་དུག །ལས་ཀྱི་འཁོར་ལོ་མུ་ཁྱུད་བཞི། །དབུས་སུ་གྲུ་གསུམ་ཟླ་གམ་གསུམ། །ཕྱི་རིམ་རྒྱ་གྲམ་རྭ་བཞིན་ལྡན། །ཡང་ལོགས་མུ་ཁྱུད་ཟླུམ་པོ་ཆུ། །ཐ་མ་རྩིབས་ཆེན་བཅུ་གཉིས་ལྡན། །སྲིད་པའི་ཁྱམས་ཁང་ལྟོ་བར་བཅའ། །


DNG016_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཤིང་དགོད་པ་འདི་ལྟ་སྟེ། །གྲུ་གསུམ་གང་འདོད་སྙིང་པོ་མིང་། །ཟླ་གམ་གསུམ་ལ་སྟོང་པའི་མིང་། །རྒྱ་གྲམ་རྩ་བའི་འབྲུ་བཞི་དགོད། །མུ་ཁྱུད་རྦོད་གཏོང་གདུག་པའི་མིང་། །བཅུ་གཉིས་རྩིབས་ལ་སྤུ་གྲི་སྦྱར། །ཁ་སྦྱར་དར་དང་སྔོན་དམར་བསྡམ། །དུར་མ་གྲུ་གསུམ་ལིངྒ་མནག །ཕྱག་རྒྱ་ཟིལ་གནོན་གསལ་བྱས་ལ། །ཞག་ལྔ་བསྐུལ་ཞིང་མཆོག་ཕུར་གདབ། །ནད་པ་བདུག་ལ་ཕྱིང་པས་དགབ། །ཐོན་ནས་བཀའ་རྟེན་གཉན་སར་མནན། །གནོད་པ་ཀུན་གྱི་སྦྱོར་བ་གཅོད། །དྲག་སྔགས་སྦྱོར་བ་ལས་ཚོགས་བརྒྱད། །སརྦ་ཙིཏྟ་རོ་མྱགས་ཁ་ཐམ། འདྲིད་ཕྱུང་ཤག་རྦད་སྲོག་ལ་དྲེང་ཤག་དུན། དུན་ཨེ་རཾ་ཧུར་ཐུམ་ཛཿཛཿ། ས་ནཱ་ག་སྙིང་གཟེར་སྦུར་ནན། ཁཾ་ཤག་རྩ་ལ་རྦད། ས་ནཱ་ག་ཛཿ། ས་ནཱ་ག་ཐུམ། ས་ནཱ་ག་རྦད། ས་ནཱ་ག་ཙིཏྟ་རོ་མྱགས་ཁ་ཐུམས། འདྲིད་ཕྱུང་ཤག་རྦད། སྲོག་ལ་ཧུར་ཐུམས་རྦད། ཁཾ་ཛྭ་ལ་རཾ། ཨརྦ་ཤ་ཏྲུཾ་ནན། འདྲིད་ཡཾ་བཟློག་སྦུར་ནན་ཏྲིག་ནན། ཨེ་ཀ་ཡཾ་ཤིག་འདྲིད་ཕྱུང་། ཁཾ་ཤག་ཏྲིག་ནན། སྦུར་ནན། སརྦ་ཤ་ཏྲུཾ་སྟམྦྷ་ཡ་ན་ཤ་ཡ་ནན་ཕཊ། ལས་རྣམས་རྒྱས་པའི་རིམ་པ་ནི། །ཆེ་བ་དྲིལ་བའི་ལས་ཚོགས་འདི། །ཐུན་མོང་སྤྱོད་པའི་ལས་སུ་བཤད། །སྲོག་དམར་ལེན་སྤུ་གྲིའི་རྒྱུད་ལས། ཐུན་མོང་གི་ལས་བཤད་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱད་པར་གྱི་སྦྱོར་བའི་ལས་འདི་གསུངས་སོ། །བརྡའ་དོན་ཐབས་ཀྱིས་དགྲོལ་བའི་ལས། །བ་དང་འོ་མ་ཞོ་དང་མར། །ཞུན་མར་སྣུམ་གྱི་སྙིང་པོ་བཅུད། །སྙིང་པོ་ལ་སོགས་བཞི་གཉིས་ལྡན། །ཡེངས་མེད་བསྟན་པ་བགྲོད་པའི་སྟོབས། །དམར་ལེན་སྔགས་ཀྱི་སྙིང་ཕྱུང་ཡིན། །གོང་མཐུན་རྒྱུ་ལས་འཁོར་ལོ་བཅའ། །དཔའ་བརྟུལ་དྲག་པོའི་སྟོབས་ཀྱིས་སྤྱད། །གདུག་བྱེད་ཕག་མོའི་ལྟོ་བ་རུ། །སྲིད་པའི་ཁྱམས་ཁང་སྲོག་སྡུད་བཅའ། །ཁྱམས་ཁང་ལྟོ་ན་བརྣག་པའི་གཟུགས། །སྤྱི་གཙུག་སྙིང་གར་མཚོན་ཆ་བཅའ། །མུ་ཁྱུད་བཞི་དབུས་མིང་རུས་བྲི། །ཕྱི་རིམ་རྒྱ་གྲམ་རྩ་བའི་སྔགས། །


DNG016_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ལོགས་བཅུ་གཉིས་སྤུ་གྲི་མཚོན། །མུ་ཁྱུད་མིང་རུས་ལྟོ་སྦྱར་བསད། །རུས་སྦལ་ལྟོ་ན་མཚོན་ཆའི་རྩིབས། །རྩེ་མོ་ནང་བསྟན་སྤུ་གྲི་བཟློག །ཕག་མོའི་ལུས་ལ་མནན་པའི་སྔགས། །འབྲུ་བཞི་སྲོག་དང་ཨ་མུ་ཀ །བསྐྱོད་པའི་ཡན་ལག་དབུགས་ལ་ཞོན། །དོན་གཉིས་བསྡུས་ལ་སྦྱོར་བ་བྱ། །ཁ་སྦྱོར་དུར་མ་བརྣག་པའི་གཟུགས། །རྒྱུ་རྐྱེན་དྲུག་ཅུས་བྱེས་ཀྱང་ཅོག་པུར་བཞག །སྙིང་གར་མཆོག་ཕུར་ཡ་མས་གདབ། །བསྒོམ་བསྐུལ་དྲག་སྔགས་བསྣོལ་མར་བརྡེག །རབ་ཀྱི་རྐང་ཐོན་བསྣོལ་མར་གཅོད། །འབྲིང་གི་བཅུ་པར་བསྣོལ་མར་བརྡེག །དམན་པས་བརྒྱ་པར་བསྣོལ་མར་གཅོད། །དུག་ལྔ་སྐུ་ལྔ་ཡེ་ཤེས་ལྔ། །གསང་ལམ་སྒོ་དགུ་རྩ་ལམ་འཇུག །བདེ་བའི་ཡེ་ཤེས་རང་ལ་གསལ། །འཕོ་བ་གསུམ་གྱི་བརྡ་དང་སྦྱར། །དམར་ནག་རྟོག་པའི་ཁྲག་དཀྱིལ་ནས། །བསྡུ་བའི་ཡི་གེ་གསུམ་གྱིས་འཕྲོག །ཙ་ནའི་འབྲས་བུས་རྟེན་ལ་ཐིམ། །ཐོད་པར་སྙིང་པོ་བཅུད་སྡུད་བྱ། །ཀླུ་ལ་བཅུད་པར་འགྲན་ཟླར་གཏད། །གཞན་དུ་བཅུད་དང་སྤུ་གྲི་སྦྱར། །ཡི་གེ་བྱིན་ཅན་སྟེང་དུ་བརྟག་གཏབ་ཀྱང་། ཕྱག་རྒྱ་ཆོས་སྐུ་སྤྲུལ་བསམ་ཡས། །ཐོབ་ཅིང་བགྲོད་པ་སྔགས་ཀྱི་སྟོབས། །དེ་ནས་བཅོམ་ལྡན་འདས་ཉིད་ཀྱི། །སྐུ་གསུང་ཐུགས་རྡོ་རྗེ་ལས། མཆོག་གི་དྲག་སྔགས་འདི་བཏོན་ཏོ། །སྲོག་ལ་རྩ་ཁྲག་སྙིང་ཐུམས་རིལ་ནན་རི་ཤག་རྦད། ནྲྀ་སྲོག་ཏུར་ཐུམས་ཛ། བསད་པའི་སྦྱོར་བ་དྲག་པོའི་ལས། །ཉེ་བར་གཅིག་དྲིལ་བསྡེབ་པའོ། །གཞན་ཡང་གབ་སྦས་བརྣག་པའི་ལས། །རྒྱལ་བློན་སྟོབས་ཅན་ཡུལ་སྲུང་ལ། །རྟེན་གྱི་གཟུགས་བརྙན་རྒྱ་ཤོག་ལ། །ཕག་མོ་དང་ནི་སྡིག་པའི་ལྟོ་བ་རུ། །མུ་ཁྱུད་རིམ་པ་བཞི་བཞིར་བསྐོར། །དབུས་སུ་ལིངྒ་ལུས་ལ་བཅའ། །ནྲྀ་དང་རྒྱ་གྲམ་རྩིབས་བཅུ་དྲུག །རྩ་བ་སྤུ་གྲི་མིང་རུས་ཁམས། །བཅས་ལ་ལིངྒའི་སྟེང་དུ་བརྣག །ཉིན་ཞག་ཕྲུགས་གཅིག་གསུམ་དུ་བརྣག །མཚོན་ཆའི་བརྡེག་ཐབས་སྔ་མ་བཞིན། །རྔམ་ཚིག་ལུས་བསྐྱོད་ལུ་མར་གཏད། །དྲག་སྔགས་སྦྱོར་བ་འདི་ལྟ་སྟེ། །དགྲ་བོའི་སྲོག་ལ་ཧུར་ལོང་རྦད། །ནྲྀ་རྩ་ཁྲག་


DNG016_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

ཐིབས་ཧུར་ཐུམས་ཛ། མིང་དང་གཟུགས་ཀྱིས་རིམས་དལ་འབེབས། །རྒྱལ་བའི་ཡེ་ཤེས་བརྣག་རྣལ་མར་ཡང་པར་བཤད། །གཞན་ཡང་མཛེ་རིམས་དབབ་པའི་ལས། །སྦལ་པའི་ལྟོ་བར་བརྣག་པའི་གཟུགས། །སྙིང་གར་ནྲྀ་ཛ་ལ་མཱ་ར་ཡ་རྦད། བཀོད་ལ་མཛེ་ཅན་ཁྲག་གིས་བསྐུ། །དཀར་ནག་གདུག་པ་ལྟོ་སྦྱར་ལ། །སྡིག་པ་ཕག་མོའི་ལྟོ་བ་རུ། །མུ་ཁྱུད་བཞི་བཞི་རྒྱ་གྲམ་རྩིབས། །གོང་བཞིན་བཀོད་ལ་ཁ་སྦྱར་བཅའ། །ཀླུ་ནག་སྡིག་པའི་སྙིང་གར་གཏད། །དྲག་སྔགས་འབུམ་ཚོ་དགུ་རུ་སྦྱར། །དེ་ཡིས་མཛེ་རིམས་ཡམས་སུ་འབབས། །ཐོད་པ་མཛེ་ཅན་དམར་ཆོད་ལ། །སྤོས་ཆེན་གུ་གུལ་བདུད་རྩིས་བསང་། །དྲག་སྔགས་སྦྱོར་བ་གཉིས་སུ་བསྡེབ། །ཨེ་ཀ་ཙ་ཐུན་ཁྲག་ཡཾ་རྔུབས་ཤིག །སྲོག་ལ་ལ་རིལ་རཾ་ཤག་རྦད། ཛ་ནཱ་ག་ཛི་ལ་བཾ་ཧུར་ཐུམས་ཛ། ནྲྀ་ཛྭ་ལ་ཛི་བཾ་ཙིཏྟ་ཁས། ནཱ་ག་རཾ་བཾ་ནན། ཛྭ་ལ་འབར་བའི་ལས་སུ་བཤད། །གཞན་ཡང་ལོ་ཏོག་འཇོམས་པའི་ལས། །ཉེ་བར་སྤོགས་མེད་གཅིག་ཏུ་དྲིལ། །སྡེ་བརྒྱད་ཀུན་གྱི་མཐུ་བསྡུས་ནས། །ཐོད་པ་གསུམ་ལ་མིང་གཟུགས་ཡུལ། །སྦྱོར་བ་བསྡུས་ལ་གཏའ་མ་གཞུག །ཁྲག་དང་ཕུར་པ་མོན་ཐོད་དུ། །སྔགས་བསྡིམ་འབུམ་རྫོགས་དབབ་པ་བརྩམ། །དུག་ཁྲག་བྱ་ཕག་གསུར་ཆེན་བྲུན། །དུ་བས་གཟུགས་གཟིར་ལྕགས་ཕུར་གདབ། །རང་ཉིད་ཕྱག་རྒྱ་ཟིལ་གནོན་བསྒོམ། །དྲག་སྔགས་སྦྱོར་བ་དྲིལ་ལ་བརྡེག །ཨེ་ཀ་ཡ་རྔུབས་ཤག་མུགས་རུ་མྱགས། །ཕྲོམ་པྲོཾ་ཤར་ཤར། ཧྲི་ནཱ་ག་སྙིང་གཟེར་སྦུར་ཡཾ་ཐུན་ཡ་ཤག་ཧྲིལ་བྷྱོ། ཁྱད་པར་གདུག་པའི་རྟེན་ལ་གཟིར། །ལྷ་བཙན་བསྟན་ལ་ཐེ་བྲང་གཟིར། །འཇིག་རྟེན་ལོ་ཏོག་འཇོམས་པར་བཤད། །སྲོག་དམར་ལེན་གྱི་རྒྱུད་ལས། ཁྱད་པར་གྱི་ལེའུ་སྟེ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་སྙིང་པོ་མཆོག་ཉེ་བར་དྲིལ་བ་འདི་གསུངས་སོ། །འཇིག་རྟེན་དྲེགས་པའི་མཐུ་བསྡུས་ནས། །ནག་པོ་བདེ་བའི་འབྲུ་ལ་དྲིལ། །རྣོ་དབལ་མཚོན་ཆའི་རྒྱལ་པོར་བཅའ། །སྔགས་ཀྱི་ལུས་ལ་སྤུ་གྲི་གདགས། །རང་གནད་ཕྱག་རྒྱ་འཇིག་ཅིང་འཕོ། །


DNG016_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་པ་བོན་པོ་རིགས་མེད་ལ། །རང་བདུད་ཕྱག་ཆ་རང་བདུད་འབེབས། །དེ་ཡི་སྦྱོར་བ་རྒྱས་པ་ནི། །ཆོས་སྐུ་བདེ་བའི་རང་བཞིན་ལས། །བདེ་བའི་ཡེ་ཤེས་རང་ཤར་བ། །བདེ་བའི་ཐིག་ལེ་མཉམ་པར་རྫོགས། །གནས་པའི་འཁོར་ལོ་བདེ་བས་འདེགས། །བདེ་བ་ཆེན་པོས་འཁྲུལ་པ་འཇོམས། །དགེ་བཅུ་མ་ཡེངས་མཚན་བརྗོད་པ། །བདུད་དང་གཤེད་མ་རླུང་ལས་བསླང་། །གཟུགས་བརྙན་འཁོར་ལོ་མ་ཡིན་ཏེ། །གང་ཡིན་སྙིང་གི་འཁོར་ལོ་ལ། །དྭངས་མ་བཞི་ལ་གསང་གཤེད་བཞི། །རྩ་ཕྲན་བརྒྱད་ལ་ཕྱི་ནང་གཤེད། །མདུད་པ་བཞི་ལ་མཚོན་ཆའི་དབལ། །རྩ་ཕྲན་ཡང་ལོགས་འཆི་བདག་བདུད། །རྩ་སྒོ་གཞན་ཚོགས་བྷྱོ་རྦད་ནན། །འདུས་པ་གསུམ་ལ་ཡབ་ཡུམ་ཨེ། །དཀར་ནག་ཆགས་པ་རྟེན་གཞིའི་འབྲུ། །བསྐུལ་པས་རང་རྒྱུད་གཤེད་དུ་ལྡང་། །མ་ཡི་ཁོང་ནས་རྣམ་ཤེས་འཕྲོག །འབྲུ་གསུམ་ལྕགས་སྡེར་འཛིངས་པའི་ཚུལ། །རྩ་དང་སྲོག་བཅད་ལུས་སྲོག་དབྱེ། །ཙིཏྟའི་དཀྱིལ་ནས་འཕྲོག་ཅིང་སྡུད། །དེ་ཡིས་རང་གཤེད་རང་ལ་འབེབས། །དེ་བཞིན་ལུས་ཀྱི་འཁོར་ལོ་ལ། །ཕུང་པོ་ལྔ་ལ་སྲོག་བདུད་གཤེད། །གཙོ་བོ་གསང་བའི་གཤེད་བཞི་ལྡང་། །རྣམ་ཤེས་ཚོགས་བརྒྱད་ཕྱི་ནང་གཤེད། །ཡུལ་བརྒྱད་དེ་བཞིན་གཤེད་མོ་བརྒྱད། །འབྲུ་གཅིག་སྡུད་ཀྱང་། བཟླས་པའི་རྐྱེན་གྱིས་རྒྱུད་ལས་ལྡང་། །སྐྱེ་མཆེད་བཅུ་གཉིས་འཆི་བདག་བདུད། །ཁམས་ཆེན་བཅོ་བརྒྱད་སྒྲོལ་གིང་བདུད། །ཡན་ལག་བཞི་ལ་བླ་རྐུན་བཞི། །སོ་དང་སྒལ་ཚིགས་ཤ་ཟའི་ཚོགས། །བཟླས་པའི་རྟ་བསྐྱོད་ཡི་གེ་བསྐུལ། །རང་གི་བདུད་པོ་རང་ལ་དབབ། །གཤེད་རྒྱུད་ཕྱི་ཡི་བདུད་དུ་དབབ། །བྷྱོ་བཞི་གནད་ཀྱིས་གང་བསྒྲུབ་པའི། །མཁའ་འགྲོ་གཞན་ཚོགས་གཟན་ལ་འབེབས། །ཕྱི་རྒྱུད་བདུད་ཀྱི་འཁོར་ལོ་བཤད། །དེ་བཞིན་གཟུགས་བརྙན་འཁོར་ལོ་ཡང་། །ཞེ་སྡང་སྡིག་པའི་ལྟོ་བ་དང་། །ཕྲག་དོག་བསེ་ཡི་སྦལ་པ་ལ། །ལྟོ་བར་སྔགས་པའི་གཟུགས་བྲིས་ལ། །སྙིང་གར་མུ་ཁྱུད་བཞི་རུ་བསྐོར། །


DNG016_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གྲམ་བཞི་དང་རྩིབས་བཅུ་དྲུག །མཚོན་ཆ་ཕྱི་ནང་རྩེ་སྤྲད་ལ། །མིང་རུས་སྙིང་པོ་རྟེན་ལ་བརྡེག །གཤིན་རྗེ་ལ་སོགས་གང་འགྲུབ་པའི། །རྣམ་ཤེས་འབྲུ་རེ་དབུས་སུ་འཕོ་ཕོབ་ཀྱང་། །མཆོད་རྟེན་ནག་པོའི་འོག་ཏུ་གནན། །ལས་འདི་གུ་ཧྱ་ཨ་ཏི་རྒྱ། །དེ་ནས་བཅོམ་ལྡན་འདས་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་རང་གཤེད་སྐུལ་བའི་དྲག་སྔགས་འདི་བཏོན་ཏོ། །སྲོག་ལ་རྦད། ཐུམས་རིལ་རྦད། རྩ་ཁྲག་ཙིཏྟ་ཕྱུང་། ནྲྀ་སྲོག་ལ་ཧུར་ཐུམས་ཛ། བོད་པ་དངོས་ཨ་མུ་ཀ །རྣམ་ཤེས་འབྲུ་རེ་དབུས་སུ་དགོད། །བདུད་དང་གཤེད་པོ་རང་ལས་ལྡང་། །ཧོ་ཕན་སྲོག་འཛིན་ལས་སུ་བཤད། །སྲོག་དམར་ལེན་སྤུ་གྲིའི་རྒྱུད་ལས། རང་གཤེད་རང་ལ་འབེབས་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་སྲིན་མོ་ལྕགས་ཐག་མགོ་དགུ་མའི་སྦྱོར་བ་འདི་གསུངས་སོ། །རྒྱལ་བའི་བཀའ་ལས་འདས་པ་དང་། །མཚམས་མེད་ལྔ་ལ་སྤྱོད་པ་དང་། །དགོན་པའི་གནས་སུ་ཕྲ་མ་དང་། །དམ་ཆོས་དགེ་བཅུ་སྨོད་པ་དང་། །བདེན་པའི་དོན་ལ་ལོག་ལྟ་སྤྱོད། །དེ་ཚེ་སྔགས་ཀྱི་དམོད་པ་བོར། །རྟེན་གསུམ་སྔགས་ཀྱི་འཁོར་ལོ་བཅའ། །ལུས་སྲོག་གནམ་ཐོག་འབྲས་བུ་འཇོམས། །རྒྱ་ཤོག་དར་རམ་རོ་རས་ལ། །ཕག་མོ་སྡིག་པའི་ལྟོ་བ་རུ། །ཐིག་བཞི་བརྣག་པའི་སྙིང་གར་བསྐོར། །གྲུ་གསུམ་རྒྱ་གྲམ་རྩེ་མོ་དགུ། །དེ་བཞིན་ནང་དུ་རྩེ་བསྟན་དགུ། །རྒྱ་གྲམ་ཨེས་གྲངས་རྩ་བ་བརྒྱད། །མཚོན་ཆའི་རྩེ་ལ་སྤུ་གྲིའི་སོ། །ཕྱི་ནང་མཚོན་ཆ་བསྣོལ་མར་དགོད། །དབུས་དང་མཚམས་སུ་བརྣག་པའི་གཟུགས། །མིང་ཡང་། ཁ་སྦྱོར་ཚོན་སྐུད་དོང་རྩར་བརྣག །རང་ཉིད་ཆེ་བའི་ང་རྒྱལ་ནས། །མདུན་ན་ལྕགས་ཐག་མགོ་དགུ་མ། །དབུ་དགུ་སྟེང་མ་བྱ་ཡི་དབུ། །དུར་བྱ་ཁྲ་དང་བཞད་ཀྱི་དབུ། །ནང་ཁྲོལ་གློ་སྙིང་ཟ་ཞིང་རྔམ། །བར་གྱི་དབུ་གསུམ་དུད་འགྲོའི་དབུ། །དོམ་དང་དྲེད་དང་ཆུ་སྲིན་དབུ། །རྩ་གཅད་ཁྲག་དང་ནང་ཁྲོལ་ཟ། །རྩ་བའི་དབུ་གསུམ་ཁྲོ་མོའི་དབུ། །གཡས་དཀར་གཡོན་དམར་དབུས་མཐིང་ལ། །མཆེ་བ་ཟང་ཡག་མི་རོ་ཟ། །སྤྱན་ནས་ཁྲག་འཛག་དུག་རླངས་ཤངས། །སྐུ་སྟོད་ཞིང་ལྤགས་ཐོད་པ་སྦྲུལ། །སྐུ་སྨད་རེ་ལྡེ་དྲིལ་བུ་


DNG016_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག །གཡས་དགུ་མངོན་བསྒྲལ་སྙིང་ཁྲག་འཛིན། །གཡོན་པ་དགུ་ན་ཐོད་ཟོར་བསྐྱོད། །སྟག་དང་སྤྱང་ཀི་བ་གླང་མོན། །དྲེད་མོ་སྣེལ་མ་ཁྱི་དང་ཕག །འཐོམ་ནག་གཡས་པ་དུག་ཁྲག་ཟོར། །ཞབས་བརྒྱད་དྲེགས་པའི་སྙིང་གར་བརྫིས། །འགྲོ་བ་བསྒྲལ་ཕྱིར་གར་སྟབས་འགྱིང་། །སྐྲ་དང་བ་སྤུ་མེ་རུ་འབར། །དེ་ལ་བཀའ་བསྒོ་བསྐུལ་ཞིང་མངག །དགུ་བསྐོར་ཐུན་གྱིས་མངགས་པ་ཡི། །ལས་གྲུབ་མཐའ་རུ་གཟིར་ལ་མནན། །བྲག་དམར་སྲིན་མོའི་སྒྲོམ་དུ་གཏད། །དུས་བཞི་ལས་ཀྱི་ཁ་གསོ་བྱ། །དེ་ནས་བཅོམ་ལྡན་འདས་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་རྣོ་མྱུར་སྤུ་གྲིའི་དྲག་སྔགས་འདི་བཏོན་ཏོ། །ཨེ་བཾ་རཾ་ཁྲཾ་ཤིག་ཙིཏྟ་རྔུབས། དགྲ་བོའི་སྲོག་ལ་ཐུན་རྨུགས་ལིང་ཤག་རྦད། སྟོབས་ཅན་ཐམས་ཅད་ཉེ་བར་འཇོམས། །རྣོ་མྱུར་ལས་ཀྱི་བརྣག་པར་བཤད། །གཞན་ཡང་ལོ་ཏོག་གཞོམ་པའི་ལས། །དམེ་ཐོད་ནང་དུ་མེ་ལོང་བསར། །གསེར་དངུལ་ཟངས་ལྕགས་རྡོ་ནག་བཞག །ར་དམར་ནལ་བུ་ཁྱི་ནག་སྙིང་། །སྟེང་དུ་གླིང་བཞི་རྩིབས་བརྒྱད་དགབ། །དེ་སྟེང་སྲིན་མོ་མགོ་དགུའི་སྐུ། །མཐིང་ནག་དར་གྱིས་བཀབ་ལ་བཟླས། །ཁྲག་སྣ་གསུམ་དང་དུག་བསྲེས་ལ། །ལིངྒ་མིང་བྱང་གཡག་རུར་གཞུག །རྨྱུག་མ་ཚིགས་གསུམ་སྨིན་པ་ལ། །ལྟས་ངན་སྒྲོ་ཡིས་བསྒྲོན་ལ་བཞག །ཞག་ལྔའི་བར་དུ་དྲག་སྔགས་བཟླས། །གསེར་མདེའུ་ཞུ་ཞིང་འཕན་ཆད་ན། །མདའ་བཅས་བླུག་ལ་དགྲ་ལ་བརྡེག །སྲིན་མོ་དྲག་ཏུ་བསྐུལ་ལ་འཕང་། །དྲག་སྔགས་སྦྱོར་བ་བརྟུལ་ཞུགས་བསྡིམ་བསྟུད་ལ་ཡང་། །ཨེ་བཾ་རཾ་ཁྲཾ་ཤིག་ཙིཏྟ་རྔུབས། ཧུར་ཏོག་པྲོཾ་ཤར་ཛ། ལཾ་རཾ་སྨ་ཤ་ཧྲིལ་ཧུར་ཁཾ་ཤོ་ཡེངས་པྲོཾ་ཤར་སེང་ཁྲོལ་བྷྱོ། གནམ་ཐོག་ཆེན་པོ་དབབ་པའི་ལས། །ཉེ་བར་གྱུར་པའི་སྦྱོར་བ་བཤད། །གཞན་ཡང་སྲིན་མོ་གཡེལ་བ་ན། །གྲོག་མཁར་རྒྱ་ཚིལ་ས་དམར་ལ། །བོང་བུའི་བདུད་རྩིས་ལེགས་སྦྲུས་ལ། །སྲིན་མོ་མགོ་དགུའི་གཟུགས་བརྙན་བཅའ། །སྙིང་གར་གྲུ་གསུམ་སྙིང་པོ་གཞུག །དྲག་སྔགས་བཟློག་ལ་སྟོབས་ཀྱིས་གཟིར། །སྲིན་མོ་བོས་ལ་ཁྲག་གིས་བྲན། །ཕུར་པས་བསྡིགས་


DNG016_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དབང་དུ་བསྡུས། །སྲིན་མོ་བཀའ་ནན་ཞབས་འོག་གཞུག །གཟིར་བའི་སྔགས་འདིས་ཁྲི་རུ་བྲབ། །ཕུར་པ་འདྲིལ་ལ་བེ་ཅོན་བརྡུང་། །ཨེ་ཀ་ཡ་མ་བཾ་རཾ་ཁྲཾ་ཤིག་ཙིཏྟ་རྔུབས། ཡ་མ་རག་ཤ་ཧུར་ཐུམས་ཛ། དུན་དུན་ཏྲིག་ནན། དེ་ཡིས་མ་མོ་དབང་དུ་བསྡུས། །རང་དབང་མེད་པར་ལས་ལ་མངག །སྔགས་དང་བདུད་རྩིས་སྲིན་མོ་གསོ། །ལིངྒ་མིང་རུས་བརྣག་པར་གཞུག །ཞག་གསུམ་ཐུན་བྲབ་རོ་ཁུང་མནན། །འབྱུང་བ་དཀྲུགས་ལ་གནམ་ས་སྦྱར། །དྲག་སྔགས་བརྒྱ་པར་ཐུན་དུ་བྲབ། །ལུས་སྲོག་ཙིཏྟའི་སྒོ་ཕྱེ་ནས། །ལྷ་དང་རང་སྔགས་བདུད་དུ་འབེབས། །ཤ་ལྤགས་གོ་ཆ་ཕྲལ་ནས་བཤིག །རྩ་དང་སྲོག་ཟུངས་བཅད་ནས་སྐེམས། །ཚེ་སྲོག་དྭངས་སྙིགས་ཕྱེ་ནས་སྡུད། །བརྣག་པའི་ལས་ཀྱི་མཐའ་རུ་ཕྱིན། །དྲག་སྔགས་སྦྱོར་བ་བསྐུལ་ལ་བརྡེག །ཨེ་ཁྲཾ་བཾ་རྔུབས་རཾ་ཏ་ཙིཏྟ་ཁྲཾ། དགྲ་བོའི་སྲོག་ལ་མཱ་ར་རྦད། ཧུར་ཐུམ་ཛ། ཀུན་གྱི་མཐའ་རུ་འདི་སྦྱར་ན། །བརྣག་པའི་ལུས་སྲོག་འབྱེད་པ་ཡིན། །སྲོག་དམར་ལེན་སྤུ་གྲིའི་རྒྱུད་ལས། སྲིན་མོ་ཤེལ་གྱི་དམོད་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་སྲུང་བ་ཐམས་ཅད་ཀྱི་མཆོག་ཏུ་དྲིལ་བ་འདི་གསུངས་སོ། །ཐབས་ལྡན་བདེ་བའི་སྙིང་པོ་མཆོག །བྱིན་རླབས་ཀུན་འདུས་དྲག་པོའི་བརྡ། །ལྷུན་གྱིས་གྲུབ་པའི་ངང་ཉིད་ལས། །ཟིལ་གནོན་ཕྱག་རྒྱ་སྔགས་ཀྱི་མཆོག །སྙིང་པོ་སྲོག་དང་བརྡ་མི་སྦྱར། །ཙིཏྟའི་དཀྱིལ་ནས་འབྲུ་གཅིག་འཕྲོག །དུག་རླངས་ཞེན་པའི་སྟོབས་དང་དབྱུང་། །ལས་དང་སྦྱོར་བ་ནུས་པ་གཅོད། །སྤྱི་དང་སྒོས་སྲོག་རང་གནད་འཕྲོག །རྟེན་གྱི་མཚོན་ཆ་གནས་སུ་དབབ། །ཕག་མོ་སྡིག་པའི་ལྟོ་བ་རུ། །མུ་ཁྱུད་གསུམ་བསྐོར་རྒྱ་གྲམ་ཨེ། །ཉི་ཤུ་གཉིས་རྩིབས་གདུག་པར་ལྡན། །གྲུ་གསུམ་གང་གནོད་གཟུགས་དང་མིང་། །རྒྱ་གྲམ་དེ་བཞིན་རྩ་བའི་སྔགས། །མཚམས་དང་གསང་མཛོད་རེའུ་མིག །ཉི་ཤུ་གཉིས་ལ་སྤུ་གྲིའི་སོ། །ལྟོ་སྦྱར་ཕག་ཐོད་དུག་ཁྲག་བརྣག །ཞག་གསུམ་སྔགས་བཟླས་བསྲེག་ལ་མནན། །གང་འདོད་མིང་དང་སྙིང་པོ་བསྡེབ། །གཟིར་དང་དུག་དབྱུང་སྲོག་འཕྲོག་གཅོད། །སྤྱི་སྲོག་སྒོས་


DNG016_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་འབྲུ་གསུམ་དབྲོག །འབྲུ་གསུམ་མཐའ་རུ་སྦྱོར་བ་གཅོད། །འདི་མེད་ལས་སོགས་ཡུག་པ་བརྐྱང་། །འདི་དེ་བདེ་དང་སྨིན་པའི་མཆོག །དེ་ནས་བཅོམ་ལྡན་འདས་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་སྲུང་བའི་མཆོག་ཏུ་དྲིལ་བའི་དྲག་སྔགས་འདི་བཏོན་ཏོ། །ཨེ་མྱགས་ཡ་རྔུབས་མུག་ཤག་ཀ་དུན། སྙིང་གཟེར་སྦུར་ནན། ཧ་ལ་ཧ་ལ་ཙ་མ་རི་ཕྱུང་། ཨེ་ཧུར་ཐུམས་ཛ། ཁཾ་ཤག་རྦད། ཤྲཱི་བཛྲ་ཀྲོ་ཏ། ཨཱོཾ་ཡ་མ་ཡ། དུན་ཏིང་གི་ལ་ཡ། མ་མ་རུ་ལུ་རུ་ལུ་མ། ཏིར་ཏི་ཀ་དུ། རུ་ཏྲ་ད། དུང་ཏིང་མེ། དེ་བ་ཨ། རཀྴ་ར། རཀྨོ་མ། རུ་ཏྲ་ནྲྀ། ཡཀྵ་ཀྵ། ཡཀ་མོ་ཀྴ། རཱ་ཙ་ཙ། མུན་མུན་པ། བཛྲ་སཱ་དྷུ་ཏྲི། ཧཾ་ཤཾ་ཏྲི། རུ་ཏི་རུ། ས་ནཱ་ག་ཕུ། ཛ་ཡ་ཛཿ། ར་ཏི་ར། ཡ་རུ་སྟ་སྟ། པྲ་ཏི་ཡ་སྡི། རྩ་བ་སྤུ་གྲི་རྣོ་དབལ་མཚོན། །བགྲོད་པའི་ཕྱག་རྒྱ་སྟོབས་མེད་ན། །རང་གཅོད་འཆིང་བའི་རྒྱུ་རུ་འགྱུར། །སྟོབས་ལྡན་བགྲོད་པའི་གདེང་ལྡན་ན། །རྣོ་མྱུར་སྦྱོར་བ་ཀུན་འཇོམས་ཡིན། །རྩ་བ་བཅུ་གཉིས་དམར་ལེན་མཚོན། །ལས་ཀྱི་མཆོང་ཆེན་རང་བསྟན་ཤིས། །མཐའ་རུ་བདུག་བྲན་བུམ་པས་སྦྱང་། །ཕྱི་ནང་ནད་བཀྲུས་ཡེ་ཤེས་ཆུས། །ཕྱག་རྒྱ་གཅིག་པས་ནུས་པ་བསྐྱེད། །དྲག་པོའི་རང་བཞིན་བཙན་ཐབས་གཟིར། །འཆི་མེད་དུས་ཀྱི་སྦྱོར་བ་འཇོམས། །འདི་ནི་སྲུང་བ་ཀུན་གྱི་མཆོག །རྒྱལ་བའི་ཐིག་ལེ་འདུས་པར་བཤད། །དེ་ནས་བཅོམ་ལྡན་འདས་ཀྱིས་སྦྱོར་བའི་མཆོག་ཏུ་གསང་བ་འདི་གསུངས་སོ། །སྨེ་གསུམ་ཚ་ཆུས་རྒྱུ་བྱུགས་ལ། །གདུག་པའི་མེ་ལ་བདུག་ལ་བཅའ། །དུག་དང་བསེ་ཡི་སྡིག་སྦལ་གཉིས། །ལྟེ་བར་བརྣག་པའི་དབང་པོ་དགོད། །སྙིང་གར་མུ་ཁྱུད་བཞིས་བསྐོར་ལ། །གྲུ་གསུམ་ཟླ་གམ་རྒྱ་གྲམ་རྩིབས། །གདུག་པའི་ར་བས་དེ་བཞིན་གདམས། །གྲི་སྐུད་མཛེ་ཡམས་མཆེ་བའི་མཚོན། །རྒྱ་གྲམ་གབ་སྦས་རྩ་བའི་སྔགས། །དྲུག་གཉིས་ནང་ལྡན་གསོད་པའི་མཚོན། །ཞེ་སྡང་བཞི་ལྟོར་མནན་གཟིར་བརྒྱད། །དབུས་དང་ར་འུག་མིང་རུས་ཁམས། །ཟླ་ཁམ་ལྷ་དང་སྲུང་བའི་མིང་། །རྩིབས་མཆན་མཚོན་ཆ་གནོད་པའི་མིང་། །


DNG016_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

དུག་ཁྲག་ཚ་བའི་སྟོབས་བསྐུས་ལ། །ཁ་སྦྱར་ཐོད་ཆེན་རྒྱ་གྲམ་ཨེ། །གྲུ་གསུམ་མིང་རུས་གདུག་པའི་སྲོག །བརྟེན་དྲུག་ས་སྤྱད་སོར་བརྒྱད་དོད། །ཐོད་པར་བསྡུས་ལ་འབྲུབ་ཁང་རྩང་། །སྐྱེར་པའི་རྩང་ལ་མཐིང་ནག་དགབ། །རང་ལུས་ཕྱག་རྒྱར་གསལ་བྱས་ལ། །ཞེ་སྡང་ཀུན་ཁྲོ་ཁམས་གསུམ་སྒྲོལ། །སྡང་དང་གནོད་བྱེད་མིང་རུས་དབྱེ། །ཞག་གསུམ་རྔམ་ཚིག་དྲག་པོས་བསྐུལ། །དབུགས་ཀྱི་རྟ་བསྐྱོད་ཡུལ་ལ་འཕང་། །གསང་སྒོ་བུ་ག་རྟེན་ལ་འཇུག །དཀར་ནག་རྒྱུ་ལ་ཡི་གེ་བསླང་། །སྲོག་བདུད་མཚོན་ཆ་རང་གཤེད་བསྐུལ། །སྔགས་ཀྱི་དབབ་ཀྱིས་སྲོག་ཟུངས་གཅོད། །འོད་འཕྲོས་ཁྲག་དང་བག་ཆགས་སྐྱེམས། །དྭངས་མའི་ཐིག་ལེས་གཉིས་མེད་གྲོལ། །ཙིཏྟ་ཁྲག་སྦལ་ཙ་ནའི་འབྲུ། །རྣོ་མྱུར་མཐུ་གསུམ་འབྲུ་ཡིས་འཕྲོག །ཀུན་གྱི་རྣམ་ཤེས་རྟེན་ལ་རྦད། །འཁོར་ལོ་ཐོད་པ་གཟིར་ལ་བཅའ། །འདརའི་སྡིག་སྦལ་ལྟོ་བར་གཞུག །གཉན་སར་སྲོག་གཟིར་ཕོ་ཉས་དགུག །ཐོད་སྟེང་རྩང་ཕུར་དགུ་ཐོག་དབང་། །ལས་ཚོགས་དམིགས་པ་གོ་བ་བཞིན། །དེ་ནས་བཅོམ་ལྡན་འདས་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་སྒྲོལ་བ་དྲག་པོའི་སྔགས་འདི་བཏོན་ཏོ། །ཨོཾ་ཡཾ་རཾ་བཾ་ཁྲཾ་ཤིག་བཾ་དུན། དགྲ་བོའི་སྲོག་ལ་ཐུམ་རིལ་རྩ་རྦད། ཙིཏྟ་རྦད་ཧུར་ཐུམས་ཛ། སྲོག་ལ་ཤ་ཏྲུཾ་སྟམྦྷ་ཡ་ནན། སྦྱོར་བ་ཀུན་གྱི་རྒྱལ་པོ་འདི། །གབ་སྦས་མཐར་ཐུག་ཙིཏྟར་བསྡིམ། །མ་རིག་གནད་མཐའི་སྦྱོར་བ་ཡིན། །སྲོག་དམར་ལེན་གྱི་རྒྱུད་ལས། ཁྱད་པར་རྣམ་པ་གཉིས་ཀྱི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཕྲིན་ལས་ཐམས་ཅད་ཀྱི་རྗེས་གཅོད་དུ་སྦྱིན་བསྲེག་གི་སྦྱོར་བ་འདི་གསུངས་སོ། །མཎྜལ་ཕུང་ས་དུག་ཆུ་ཡིས། །ཚད་དང་ལྡན་པ་བརྩིག་པར་བྱ། །དུག་དང་ཚ་བ་ཁྲག་གིས་བྱུག །ཕུང་ས་གྲོག་མཁར་རོ་བསྲེགས་ས། །སྨེ་བ་དང་བཅས་ཐབ་ཁུང་བཅའ། །རྒྱས་པའི་སྟེང་དུ་ཞི་བའི་ཐབ། །དེ་སྟེང་དབང་སྟེ་ཁ་ཁྱེར་རོ། །དང་པོ་མཐོ་གང་མཛུབ་ཀྱིས་དམན། །ཀུན་སྟེངས་ཨེ་ཡི་ཐབ་ཁུང་ལ། །ཁྲུ་གང་ཁ་ཁྱེར་གསུམ་དུ་བཅའ། །


DNG016_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་པ་མེ་རི་རྩང་དང་ལྡན། །ཟླ་གམ་རྒྱ་གྲམ་རྩིབས་བཅུ་དྲུག །མཚོན་ཆ་སྔོན་པོ་རེ་ཁ་དམར། །ཐ་མ་མེ་འོད་ཐོད་པ་བཅུ། །ཕུར་པ་བཅུ་དང་ལྡན་པར་བཅའ། །ལིངྒའི་སྙིང་གར་ཁྲུ་གང་ཤིང་། །ཡམ་ཤིང་ལྕང་མ་སེ་བ་སྐྱེར། །དྲག་པོའི་ཤིང་དང་གདུག་རྩུབ་དྲག །འོ་མ་སྦྲང་དང་བུ་རམ་འབྲས། །གུར་གུམ་གླ་རྩི་གྷི་ཧཾ་མཚལ། །ཤ་ཆེན་རྟ་སྦྲུལ་ཉ་སྦལ་ཤ །ཉུང་དཀར་ཏིལ་ནག་གྲི་བོའི་ཁྲག །ཁྱི་ཕག་སྤྱང་ཚིལ་ཤ་སྣ་ཆང་། །དུག་གི་རིལ་བུ་བརྒྱ་མིང་སྦྱར། །བདག་ལུས་ཧོམ་ཁུང་བུམ་པ་ལ། །ལྷུན་གྱིས་གྲུབ་པའི་སྐུ་གསལ་བྱ། །ཐབ་ཁུང་མདུན་དུ་མེ་ལྷ་སེར། །མེ་དར་གུན་ཕྲེང་གཡས་གཡོན་ན། །བཀའ་སྡོད་མངག་ན་ལས་བྱེད་པའོ། །བླ་རྐུན་རྒུན་བསླང་རྒྱུད་བླང་ཡང་ཐུན་གཟིར་དབབ། །མཚོན་བརྡེག་སྟབས་ལ་མེ་ལ་དབུལ། །ལན་གྲངས་བརྒྱའམ་ཉི་ཤུ་གཅིག །ཉིན་དང་མཚན་གྱི་གུང་ལ་བརྩམ། །རྫས་རྒོད་བདུག་ལ་ཕྱིང་པས་དགབ། །ཁྲུས་དང་ལྷ་རུ་ཉེ་བར་སྦྱར། །རྩང་ཕུར་བསྐོར་ལ་ཆགས་པ་དབྲལ། །ཐུན་དབབ་མཐའ་རུ་ཐལ་འཇིམ་འཕང་། །གང་བརྩམ་ལས་ཀྱི་མཐའ་རུ་གདགས། །རྣམ་བཞིའི་ལས་དེ་ལྷུན་གྱིས་གྲུབ། །ལྟ་སྤྱོད་དམན་པས་འཆིང་བར་འགྱུར། །དེ་ནས་བཅོམ་ལྡན་འདས་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་གསང་སྔགས་འདི་བཏོན་ཏོ། །སྭཱ་ཧཱ་སྭ་སྡི་ཡང་ཤཱནྟིཾ། བ་ཤཾ་ཧྲི་ཡ། པུཥྚིཾ་བ་ར། མཱ་ར་ཡ་རྦད། ལས་འདི་བྱ་བ་ཀུན་དང་ལྡན། །བསྲེག་པའི་ལས་ཏེ་སྙིང་པོའི་མཆོག །སྲོག་དམར་ལེན་སྤུ་གྲིའི་རྒྱུད་ལས། བརྣག་པའི་རྗེས་གཅོད་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ལས་ཐམས་ཅད་ཀྱི་ཁ་གསོ་འདི་གསུངས་སོ། །མོན་ནམ་གྲི་བོའི་ཐོད་པ་རུ། །ལིངྒའི་མིང་རུས་ཁྲག་སྣ་བརྣག །ཐོད་པ་དུག་ཆུ་དཔའ་བོའི་དོན། །ཞག་གསུམ་ཐུན་བྲབ་བརྒྱ་བརྒྱས་བསྡིམ། །དམོད་པའི་རྔམ་ཚིག་བསྐྱོད་པས་དབབ། །དེ་ནས་བཅོམ་ལྡན་འདས་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་གསང་སྔགས་འདི་བཏོན་ཏོ། །དགྲ་བོའི་སྲོག་ལ་བཾ་རིལ་ཁ་ཐུན་ཡཾ་རྦད། དགྲ་བོའི་སྲོག་ལ་ཐུན་


DNG016_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

ཤག་རྦད། དགྲ་བོའི་སྲོག་ལ་གཟེར་ཐུན་རཾ་ཐུན་རྦད། དགྲ་བོའི་སྲོག་ལ་མཱ་ར་ཡ་ཐུན་རྦད། སྐྱ་རེངས་བརྣག་པའི་ཡུལ་ལ་འཕང་། །ཚ་ཚ་དགུ་གླིང་གྱུར་ལ་དབབ། །རྒྱུ་སྲོག་དྲག་པོའི་སྦྱོར་བ་བྱ། །སྲོག་དམར་ལེན་སྤུ་གྲིའི་རྒྱུད་ལས། བསྐྱོད་པ་ཟོར་གྱི་ལེའུ་སྟེ་བཅུ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་བདེ་བའི་ཡེ་ཤེས་རང་ལ་འཆར་བའི་དོན་འདི་གསུངས་སོ། །བདེ་བའི་གནས་ལ་རང་གནས་པ། །ལུས་སེམས་བག་དལ་མཉམ་གནས་ལ། །མ་ཡེངས་མ་བསྐྱོད་རང་སར་གནས། །སྒྲ་མེད་བརྗོད་བྲལ་ཚིག་བྲལ་སྟོང་། །རང་སེམས་མ་བཅོས་གཉུག་མར་གནས། །བློ་ཞན་གཟུང་བའི་རིམ་པ་ཡི། །ལུས་ལ་སེམས་འཕྲོག་ཡེ་ཤེས་ཏེ། །མ་བསྐྱོད་མ་བསླད་སྤྲོས་མེད་པ། །མ་བཅོས་ཆོས་ཀུན་ལྷུག་པར་གནས། །བདེ་བ་རང་ཉམས་བརྟན་པ་ཡིན། །ཆོས་དབྱིངས་བསྐྱོད་དུ་མེད་པའི་ངང་། །རང་བྱུང་རྒྱལ་པོ་བདེ་ཆེན་ཉིད། །སངས་རྒྱས་ཀུན་པས་སྔར་སངས་རྒྱས། །ཡིན་པ་མེད་པར་ཁྱབ་གསལ་བ། །སྣང་བ་ཆོས་སྐུ་ལྷུན་གྲུབ་ཡངས། །བྱུང་ཚོར་ཡེ་ཤེས་རང་རིག་གསལ། །བྱ་མེད་བགྲོད་ཐབས་བསམ་ཡས་པ། །རྟག་ཆེན་མི་འགྱུར་སྟོང་པ་ཉིད། །སྐྱེ་མེད་རྣམ་དག་ཀུན་གྱི་དངོས། །བདེ་ཆེན་ཉིད་ལས་གཞན་མེད་པའོ། །སྲོག་དམར་ལེན་སྤུ་གྲིའི་རྒྱུད་ལས། བསམ་གཏན་རང་གྲོལ་གྱི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་རིག་པ་ཁྱད་པར་ཅན་གྱིས་སྟན་ལས་ལངས་ནས་བཅོམ་ལྡན་འདས་ལ་གསོལ་པ། སྙིང་པོ་དོན་གྱི་རྒྱུད་འདི་ལ། །བཤད་པའི་ཡན་ལག་དུ་དང་ལྡན། །ཆེ་བའི་ཡོན་ཏན་གང་ལྟར་ལགས། །བདེ་བ་ཆེན་པོས་བཤད་དུ་གསོལ། །ཞེས་ཞུས་པས། བཅོམ་ལྡན་འདས་ཁྲག་འཐུང་གི་རྒྱལ་པོ་བདེ་བ་ཆེན་པོ་དེས། ཆོས་ཉིད་ཁོ་ནའི་བྱིན་རླབས་ལས། །ཡན་ལག་དང་པོ་རྒྱས་པར་གསུངས་སོ། །རྒྱུད་ཀྱི་རང་བཞིན་དགོས་འདྲེལ་ཡིན། །འདྲེལ་པ་རང་བྱུང་རང་རིག་ལས། །འབྲས་བུ་སངས་རྒྱས་ལམ་གྱིས་འདྲེལ། །ལམ་ཞེས་བྱ་བ་གཉིས་ཡིན་ཏེ། །ཞི་བ་བྱང་ཆུབ་ལམ་གསུམ་དང་། །དམོད་པ་དྲག་པོའི་


DNG016_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ཉིད་དོ། །དེ་དག་བཤད་པ་གསུམ་དུ་རིག །འཁོར་བ་རང་གྲོལ་མན་ངག་དང་། །གནས་པ་རང་རྒྱུད་མན་ངག་དང་། །བདེ་བ་ཁ་སྦྱོར་མན་ངག་གོ། །དང་པོ་བཤད་པ་འདི་ལྟ་སྟེ། །བདག་ཉིད་ཟིལ་གནོན་ལྷུན་གྱིས་གྲུབ། །ཕུང་པོ་དེ་ཉིད་གཙོ་བོ་གཤེད། །གསང་བདག་ཡ་མ་རུས་སྦལ་ཁྱུང་། །འབྱུང་བ་གསུམ་ལྔ་ཤེས་རབ་གསལ། །རྣམ་ཤེས་ཕྱི་ནང་གཤེད་བརྒྱད་གྲུབ། །སྐྱེ་མཆེད་བཅུ་གཉིས་འཆི་བདག་བདུད། །ཁམས་ལ་གྱིང་ཆེན་བཅོ་བརྒྱད་རྫོགས། །ཡན་ལག་བདུད་ཀྱི་ཕོ་ཉ་བཞི། །སོ་དང་སྒལ་ཚིགས་ཤ་ཟའི་ཚོགས། །འཛིན་པ་རང་གྲོལ་ལམ་གཅིག་འགྲུབ། །རང་བྱུང་ཡེ་ཤེས་ཡེ་སངས་རྒྱས། །གཉིས་དོན་རྒྱས་བཤད་ཆེ་བའི་ངང་། །སྙིང་ལ་ཆོས་ཀྱི་འཁོར་ལོ་ཉིད། །དྭངས་མ་བཞི་ཉིད་སི་རི་བརྒྱད། །དྲུག་གཉིས་བཅུ་དྲུག་ཡ་མའི་ཀློང་། །གཤེད་བདག་ཡབ་ཡུམ་གསང་གཤེད་པའི། །བརྒྱད་ལ་ཕྱི་ནང་གཤེད་ཀྱི་ཚོགས། །གཞན་ལ་འཆི་བདག་ཀི་ཀང་ཚོགས། །ལྷུན་གྲུབ་སངས་རྒྱས་རང་ལས་འཆར། །སྐྱེ་མེད་རྣམ་དག་སྟོང་པ་ཉིད། །ཡེ་ཤེས་རང་གསལ་ཆེ་སངས་རྒྱས། །བདེ་བ་ཆེན་པོའི་དོན་རྒྱས་པ། །ཐབས་དང་ཤེས་རབ་མཉམ་རྫོགས་པའི། །རིག་པ་བདེ་བ་གསལ་སྦྱངས་ལ། །རྐྱེན་གསུམ་རང་སྡུད་གནས་སྦྱངས་བསྲེགས། །བདེ་བའི་ཡེ་ཤེས་འོད་དུ་འཕྲོ། །གཉིས་སྤྲད་རུ་བཟློག་ཁམས་ལྔས་སྦྱངས། །དགའ་བཞི་བདེ་སྐྱེས་བགྲོད་པ་ཐོབ། །ཉི་ཟླ་ཐིག་ལེ་མཉམ་པའི་སྐུ། །སངས་རྒྱས་སྤྱི་གཟུགས་སྟོང་པའི་མཆོག །གེ་སར་ལྷུན་གྲུབ་འཁོར་རྣམས་རྫོགས། །བྱང་ཆུབ་མྱུ་གུ་བདེ་སངས་རྒྱས། །གནས་གསུམ་མཉམ་ཉིད་གཅིག་ཏུ་གནས། །འདོད་ཆགས་ཆེན་པོའི་ཚུལ་གྱིས་སུ། །ཡེ་ཤེས་འཁོར་ལོ་བདེ་བ་བསྡུ། །ཡོངས་སུ་གྱུར་ནས་བདེ་ཆེན་སྐུ། །གྲུབ་པར་བྱ་བའི་ཡུལ་ལ་གཟུད། །ཡོངས་སུ་གྱུར་པའི་ཆོས་སྐུར་གནས། །ཞི་བ་བྱང་ཆུབ་ལམ་དུ་བཤད། །དམོད་པ་དྲག་པོས་གྲོལ་བ་ནི། །ཕུང་པོ་རྣམ་ཤེས་


DNG016_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

གསོད་པའི་གཤེད། །ཁམས་དང་སྐྱེ་མཆེད་འཆི་བདག་བདུད། །ཙིཏྟ་སྔགས་ཚོགས་མཚོན་ཆ་མེད། །ཆགས་པས་རང་བདུད་བསླུ་བའི་གཤེད། །མ་ལུས་ཀུན་གྱི་སྡིག་པ་བགོས། །ཉེ་བར་གྱུར་པའི་ཡན་ལག་ཡིན། །ཞིང་བཅུའི་སྲོག་དང་རྣམ་ཤེས་སྡུད། །ཐུགས་རྗེ་རྒྱུན་གྱི་སྒྲོལ་བ་ཡིན། །རྟོག་པ་གནས་སྦྱངས་སྔགས་ཀྱི་འོད། །མངོན་པར་སངས་རྒྱས་བདེ་བའི་མཆོག །མཐའ་གསུམ་གཅིག་གི་ངང་དུ་བཤད། །སྲོག་དམར་ལེན་སྤུ་གྲིའི་རྒྱུད་ལས། རྒྱུད་ཀྱི་དོན་བཤད་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཡོན་ཏན་ལྷུན་གྱིས་གྲུབ་པའི་རྒྱུད་འདི་གསུངས་སོ། །སྣང་སྲིད་ཕོ་བྲང་གདལ་བ་ལ། །ལྷུན་གྲུབ་སངས་རྒྱས་ཀུན་འདུས་པས། །བདེ་བ་ཆེན་པོའི་ངང་ལ་གནས། །ཡེ་ཤེས་འོད་ཀྱི་གང་བུ་ལས། །འཕོ་བ་ཐབས་ཀྱིས་གར་བསྒྱུར་བས། །རྟོག་འཛིན་རང་གྲོལ་བདེ་སངས་རྒྱས། །སྦྱོར་བ་སྣ་ཚོགས་རོལ་པར་འདུས། །ཁྲོ་བོའི་གར་དགུ་ཚུལ་དགུ་འབར། །རྒྱན་དགུ་ཆས་དགུ་བདེ་བ་གཅིག །ནམ་མཁའ་རྒྱ་མཚོ་རིན་ཆེན་མེ། །ས་གཞི་རི་རབ་ཀུན་མཉམ་རྫོགས། །རྒྱུ་མེད་འབྲས་བུ་ཡེ་སངས་རྒྱས། །སེམས་ཅན་སངས་རྒྱས་གཉིས་མེད་གྲོལ། །རྐྱེན་མེད་ལས་ཚོགས་བསམ་དཔག་དཀའ། །རང་སྔགས་དབུགས་རྒྱུན་ལས་ལ་སློང་། །རྟེན་མེད་དམོད་པ་བསྐུལ་བས་འཕོ། །ཆོས་ཉིད་ཕོ་བྲང་བདེ་བས་མནན། །རྟེན་ཅན་རང་ལས་བདུད་གནད་བསླང་། །གསུམ་གྱིས་སྲོག་བསྡུས་བར་སྣང་དགག །སྦྱོར་བ་ཐུན་མོང་འཁོར་ལོ་རྫས། །ས་ཡི་དམིགས་དྲུག་རྟེན་ལ་མནན། །རྟེན་དྲུག་གནས་པས་བདེ་ཆེན་བགྲོད། །བདེ་བའི་རྒྱལ་པོ་རང་ལ་འཆར། །སྦྱོར་སྒྲོལ་བྱ་བ་ཀུན་སྤྱད་ཀྱང་། །འབྲས་བུ་ཡེ་ནས་སངས་རྒྱས་ཉིད། །འདོད་ཆགས་བདེ་བ་ཆེན་པོར་གནས། །ཡེ་ཤེས་འཁོར་ལོ་ཡོངས་རྫོགས་སྡུད། །རྡོ་རྗེ་གསང་བའི་ལམ་ལས་དྲང་། །གཉིས་མེད་བྱ་བ་


DNG016_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ལ་གཟུད། །འདོད་ཆགས་ཉིད་ནི་ཡེ་ཤེས་ཏེ། །ཕྱག་རྒྱ་བསྟེན་པས་རང་གྲོལ་བའོ། །བསྐུལ་བའི་རྐྱེན་དང་དེ་ཉིད་ལས། །བདེ་བའི་རོ་ཡིས་གང་ཞིང་འབར། །གཉིས་སུ་མེད་པས་མཉམ་སྦྱར་བས། །དབུགས་དང་ཚོར་བ་ཞེན་ཆགས་བྲལ། །ཆོས་སྐུ་འགག་མེད་ལྷུན་གྱིས་གྲུབ། །སྲོག་མེད་སྲོག་ཀྱང་གཅད་དུ་མེད། །སྲོག་ཉིད་ཡེ་ནས་རྒྱུན་མི་འཆད། །མ་གཡོས་གཡོས་མེད་གཡོ་བ་མེད། །མ་སྦྱངས་སྦྱང་བ་མེད་པའི་མཆོག །ཟིལ་གྱིས་གནོན་པའི་ས་རུ་བསྟན། །ས་ནི་སྲ་བྱེད་རྡོ་རྗེའི་ས། །སྲོག་ཅེས་བྱ་བ་འཁྲུལ་པ་སྟེ། །འགྱུར་བ་མེད་པར་ལྷུན་གྱིས་གྲུབ། །མ་བཙལ་བགྲོད་ཐབས་མེད་པའི་སར། །ཐིག་ལེ་གཅིག་གི་ངང་ཉིད་ལས། །བདེ་ལམ་འཇོག་པོ་བརྒྱད་ལྡན་པའོ། །རང་ཉིད་ལྷུན་གྱིས་གྲུབ་པའི་སྐུ། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །ཁམས་གསུམ་རྣམ་ཐར་སྐུ་གསུང་ཐུགས། །མཚན་མ་དག་ནས་འབྲས་བུ་གྲོལ། །ཕ་རོལ་ཕྱིན་དྲུག་རྣམ་དག་ཕྱིར། །རིགས་དྲུག་མངོན་པར་སངས་རྒྱས་གྲོལ། །ཞབས་བཞི་སྐྱེ་མཆེད་རྣམ་དག་ནས། །ཚད་མེད་བཞི་དང་རྫུ་འཕྲུལ་རྐང་། །སྐུ་ཆེ་རྔམས་པས་ཕུང་པོའི་བདུད། །བཅོམ་ནས་ཡེ་ཤེས་ལྷུན་གྱིས་གྲུབ། །འབྲས་བུ་ཆོས་ཉིད་རྣམ་དག་གྲོལ། །ཕྱག་རྒྱ་ཚུལ་དགུ་ཆས་དགུ་ཡིས། །ཆགས་སྡང་ལྔ་དང་སྐྱེ་མཆེད་བཞི། །མཚན་དང་དཔེ་བྱད་གནས་སུ་གྲོལ། །ངོ་བོ་ཉིད་དུ་ཡེ་སངས་རྒྱས། །ཡོན་ཏན་འཕེལ་འགྲིབ་མེད་པར་བཤད། །སྲོག་དམར་ལེན་སྤུ་གྲིའི་རྒྱུད་ལས། ཡོན་ཏན་ཆེ་བའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་ལ་གདམས་པ་འདི་གསུངས་སོ། །ཨེ་མ་ཧོ་ཆོས་སྐུ་བྱང་ཆུབ་སེམས། །ལྷུན་གྲུབ་གདལ་བའི་ཕོ་བྲང་ནས། །ཡེ་ཤེས་ཐིག་ལེ་རྫོགས་པའི་སྐུ། །སྣ་ཚོགས་སྣང་ལ་ངོས་གཟུང་མེད། །ཨེ་མ་རང་བྱུང་སྐྱེ་


DNG016_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

འགག་དབེན། །གནས་མེད་འགྱུར་བ་མེད་པ་ལས། །ལས་ཀྱི་སྦྱོར་བ་དུ་མ་ཀུན། །སྣང་སྟོང་གཉིས་མེད་ལྷུན་གྱིས་གྲུབ། །ཨེ་མ་འཁོར་གྱི་དམ་ཅན་ཀུན། །ང་ཡི་བཀའ་རྒྱུད་དམ་པ་ཟུང་། །ང་ཡང་དམ་ལས་མི་གཡེལ་བསྲུང་། །གྲོལ་བས་རང་བྱུང་ལྷུན་གྱིས་གྲུབ། །ཨེ་མ་གབ་སྦས་གསང་བའི་དོན། །རིག་པས་བགྲོད་པའི་བདེ་བ་ཐོབ། །རྨོངས་པས་རང་འཆིང་འཁོར་བར་འཁྱམས། །བགྲོད་པའི་རྩ་ལས་ཡང་དག་འབྱུང་། །དོན་ནི་རྣམ་པ་གསུམ་དུ་བསྡེབ། །སྤྱི་དང་ཐུན་མོང་ཁྱད་པར་རོ། །སྤྱི་ལ་གསུམ་དུ་ཡང་དག་སྟེ། །ལུས་དང་སྤུ་གྲི་འདོད་པས་བསྡེབ། །གཟིར་བཟློག་རང་བསྲུང་གཟན་ལ་དབབ། །རང་སྲོག་གཤེད་རྩ་སྲོག་ལུས་འབྱེད། །གཟིར་དང་སྲོག་དབྲོག་སྦྱོར་བ་བཅད། །གཉིས་པ་ཐུན་མོང་ལས་འདི་དག །བསྒྲུབ་པ་རྒྱུན་དང་གསད་པ་དང་། །དྲག་པོ་གང་སྦྱོར་དབུ་རུ་བཏོན། །སྔགས་དང་འཁོར་ལོ་མན་ངག་བསྡེབ། །གསུམ་པ་མན་ངག་དྲག་པོ་ཉིད། །བཅུ་གཉིས་ལུས་ལ་དམར་ལེན་པོ། །བསྡེབས་པས་ཀུན་འཇོམ་ཤིས་པའི་མཆོག །འབྲུ་བརྒྱད་ལུས་ལ་དྲག་པོའི་སོ། །བསྡེབས་པས་རྣོ་དབལ་ཡུལ་ལ་གཅོད། །འབྲུ་བཞི་ལུས་ལ་བརྒྱད་སྤུ་གྲི། །བཏགས་པས་རྣོ་མྱུར་རང་གཅོད་ཡིན། །མཆོག་དང་ཕག་མོ་ཉེ་བར་བསྡེབ། །སྲིན་མོ་དམ་སྲི་རང་གཅོད་གཉིས། །མཚོན་ཆ་བསྣོལ་མར་བསྡེབ་ན་རབ། །གསང་སྔགས་ངོ་བོ་འཁོར་ལ་གདམས། །བསྲུང་བའི་མཆོག་དང་གསད་པའི་མཆོག །བསྐྱེད་པ་ཐུན་གྱི་དྲག་སྔགས་བསྡེབ། །ཉིན་དང་མཚན་མོའི་མཚམས་སུ་བྱ། །དོན་གཉིས་དངོས་སུ་འགྲུབ་པར་གསུངས། །འཁོར་གྱི་ཚོགས་རྣམས་ང་ལ་ཉོན། །རྒྱུད་རྒྱལ་དྲག་པོ་སྤུ་གྲི་འདི། །འདས་དང་ད་ལྟར་མ་འོངས་པའི། །སངས་རྒྱས་སེམས་དཔའི་ཆོས་སྲུང་ཀུན། །དམ་ཚིག་དཀའ་ཐུབ་སྡོམ་ལ་གནས། །ཏིང་འཛིན་དྲག་པོ་རྔམ་པར་ངེས། །ཡེ་ཤེས་རིག་པའི་ཕོ་བྲང་ནས། །བདེ་བའི་ཐིག་ལེ་རྩོལ་དང་བྲལ། །
དབང་ཕྱུག་མངའ་བརྙེས་རོལ་པའི་རྒྱ། །མཚོན་ཆ་མེ་རླུང་སྟོབས་དཔག་མེད། །དེ་ཡིས་ཐམས་ཅད་འཇོམས་ཤིང་འཕོ། །ཡེ་ཤེས་ཆེན་པོའི་ཕྱག་རྒྱ་ཡིན། །ང་ཡི་རྒྱུད་རྒྱལ་སྤུ་གྲི་འདི། །གསང་བ་ཀུན་གྱི་སྙིང་པོ་གདམས། །གསང་བའི་གསང་བརྟུད་ཡང་གསང་གཏེར། །ཡང་གསང་མཆོག་གསང་སྙིང་པོའི་དོན། །རྩ་བ་བཤད་པ་རྩ་རི་བཀའ། །དགོངས་དོན་སྤུ་གྲིའི་མཐར་ཐུག་རྒྱུད། །འདིར་འདུས་ཀམ་པ་ཀྱི་པ་ལྕགས། །སྤུ་གྲི་ཐོག་མདའ་གནམ་ལྕགས་གཟེར། །སྐྱི་འདང་རི་བོ་རྦབ་ཆེན་དུག །ཆེན་པོ་ལྔ་ལྟར་ཀུན་འགྲུབ་འདི། །ཉེ་བའི་འཁོར་ལ་གདམས་པ་ཟུང་། །ང་ཡི་གསང་རྒྱུད་སྤུ་གྲི་འདི། །བགྲོད་པ་གསུམ་ཐོབ་རང་ཤུགས་ཐོབ། །སྐྱེ་མེད་རྩོལ་བྲལ་རྒྱུད་ལ་ལྡན། །ཡེ་གྲུབ་བརྗོད་པས་གསང་ལམ་གྲུབ། །དཀར་ནག་མཚམས་ནས་ཐིམ་ཞིང་བགྲོད། །གནད་ཀྱི་ཡི་གེ་རང་རྒྱུད་སློང་། །རྩ་སྲོག་དབུགས་རྒྱུན་གཅོད་པར་བྱེད། །ལས་དབང་ཁྲག་དང་བག་ཆགས་སྐྱེམས། །དྭངས་སྙིགས་བྱེ་ནས་གསང་སྒོར་བགྲོད། །ཡེ་ཤེས་བདེ་བའི་ཐིག་ལེ་སྐུ། །སངས་རྒྱས་ས་ལ་ཡེ་སངས་རྒྱས། །སྙིགས་མ་བག་ཆགས་ཙ་ནའི་འབྲུ། །ཁྲག་སྦལ་དང་བཅས་དཀར་ནག་ནས། །ཡི་གེ་གསུམ་གྱི་གནད་ཀྱིས་འཕྲོག །ཐོད་པ་གསང་མཛོད་རྟེན་ལ་སྡུད། །དམ་པའི་འཁོར་རྣམས་ལེགས་པར་ཟུང་། །བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་འཁོར་ཐམས་ཅད་རྗེས་སུ་ཡི་རངས་ཏེ་མངོན་པར་བསྟོད་དོ། །དཔལ་ཆེན་ནག་པོའི་རྒྱུད་དྲག་སྔགས་དེ་ཁོ་ན་ཉིད། སྲོག་དམར་ལེན་སྤུ་གྲི་ལས། འཁོར་ལ་གཏད་པའི་ལེའུ་སྟེ་བཅུ་བཞི་པའོ།། །། སྙིང་པོའི་རྒྱུད་ཆེན་པོ་རྫོགས་སོ།། །།

འཕགས་པ་འཇམ་དཔལ་ལས་བཞི་འཁོར་ལོ་གསང་བའི་རྒྱུད།


DNG016_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་ཀརྨ་ཙ་ཏུཪྩཀྲ་གུ་ཧྱ་ཏནྟྲ། བོད་སྐད་དུ། འཕགས་པ་འཇམ་དཔལ་ལས་བཞི་འཁོར་ལོ་གསང་བའི་རྒྱུད། འཕགས་པ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དགྱེས་པ་ཆེན་པོར་གྱུར་ཏེ། ཡུམ་ཆེན་མོ་དང་གཉིས་སུ་མེད་པའི་མཁའ་ལ་བཞུགས་པ་ལ་འདི་ལྟ་སྟེ། འཁོར་ཁྲོ་བོ་དང་། ཁྲོ་མོ་དང་། མ་མོ་དང་། མངག་གཞུག་དང་། འབངས་ལ་སོགས་


DNG016_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་ཀྱིས། དེ་བཞིན་གཤེགས་པ་ཆེན་པོ་ལ་འདུད་པའི་ཚུལ་དུ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་བཙུན་མོ་དང་གཉིས་སུ་མེད་པར་གྱུར། སྐྱེ་འགག་དང་བྲལ་བའི་དོན་འདི་སྟོན་ཏེ། །ཡེ་ནས་མ་སྐྱེས་གཤིན་རྗེ་ཆེན་པོའི་ཚོགས། །རྣམ་དག་དབྱིངས་ཀྱི་རང་ཉིད་རྣམ་པར་དག་པ་ལ། །གཉིས་མེད་འདུས་པའི་སྲས་མཆོག་གཤིན་རྗེ་གཤེད། །ཐབས་དང་ཤེས་རབ་རྣམ་པར་དག་པ་ཡི། །ཀུན་གྱི་ཡེ་ཤེས་ཐམས་ཅད་འདུས་པ་སྟེ། །ཐུགས་རྗེ་ཆེན་པོས་འགྲོ་བའི་དོན་མཛད་པ། །སེམས་ཅན་མ་ལུས་མྱ་ངན་འདས་པའི་ལམ། །ཡེ་ཤེས་ཐམས་ཅད་དེ་ཡི་ངང་ལ་རྫོགས། །འཁོར་བའི་ཉེས་སྐྱོན་ཐམས་ཅད་ཚར་གཅད་ཕྱིར། །འདོད་ཆགས་འདུས་པའི་དཔལ་ལྡན་གར་གྱི་བདག །བྱེ་བ་ཕྲག་བརྒྱ་དཔག་ཏུ་མེད་པར་ཡང་། །འདུལ་བའི་དབང་གིས་དེ་ལྟ་བུ་ཡི་གཟུགས་སུ་བསྟན། །ཞེས་གསུངས་པས་འཁོར་གྱི་ཁྲོ་བོ་དང་ཁྲོ་མོ་ལ་སོགས་པ་ཐམས་ཅད་མགུ་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་གཤེད་ཆེན་པོ་ལ་འདི་སྐད་ཅེས་གསོལ་བ་བཏབ་བོ། །སེམས་ཅན་འཁོར་བས་གདུངས་པ་ལ། །མྱ་ངན་འདས་པའི་ལམ་མཆོག་བསྟན། །བསྟན་པ་དམ་པ་འདི་གསུངས་པས། །ཐམས་ཅད་སྒྲོལ་བ་ངོ་མཚར་ཆེ། །ཞེས་གསོལ་ཏོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཡུམ་དང་གཅིག་ཏུ་འདུས་ཏེ། འདི་སྐད་ཅེས་གསུངས་སོ། །སྤྲུལ་པའི་སྐུ་དག་ཚད་མེད་དཔག་ཏུ་མེད། །ཐུན་མོང་མ་ཡིན་འཇམ་དཔལ་གཤིན་རྗེ་གཤེད། །སྐུ་གསུང་ཐུགས་ཀྱི་ཕྲིན་ལས་རྨད་དུ་བྱུང་། །མི་དགེ་བཅུ་དང་མཚམས་མེད་ཚར་གཅད་པ། །ཟུག་རྔུ་མི་མངའ་ཆོས་ཉིད་རྨད་པོ་ཆེ། །ཆོས་ཀྱི་སྐུ་དང་ལོངས་སྤྱོད་རྫོགས་པའི་སྐུ། །སྤྲུལ་པའི་སྐུ་དང་གསུམ་ནི་དོན་དམ་ཀུན་ཏུ་སྦྱོར། །ཕྱོགས་བཅུ་བདེ་བར་གཤེགས་པ་ཐུགས་ཀྱི་དཔལ། །ཡང་དག་ཡེ་ཤེས་དཔལ་ཡིན་འཇམ་དཔལ་ཡིན། །ཞེས་བསྟོད་དེ་གཉིས་སུ་མེད་པར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་དམ་པ་དེ་ལ་འཁོར་གྱིས་དེ་བཞིན་དུ་གསོལ་པ་ལ་དགྱེས་ཏེ། འདི་སྐད་ཅེས་གསུངས་སོ། །ཞི་བ་གཉིས་མེད་ཆོས་ཀྱི་ངང་ཉིད་ལས། །སྙིང་པོ་གཉིས་མེད་བྱང་ཆུབ་སེམས་པའི་དོན། །ཐམས་ཅད་འདུས་པའི་བླ་མེད་དམ་པ་སྟེ། །དེ་བཞིན་


DNG016_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པའི་སྙིང་པོ་འདི་བཤད་དོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨེ་ཧྱེ་ཧི་ཏ་ཐཱ་ག་ཏ་པྲ་བ་ཏི། བོ་དྷི་སཏྭ་དྷརྨ་དྷཱ་ཏུ། ཨེ་ཧྱེ་ཧི་ཛཿཧཱུྃ་ཧྱེ་ཧི་ཧྱེ་ཧི་ཧཱུྃ་ཧཱུྃ་ཧཱུྃ། ཞེས་བརྗོད་ནས་བརྡས་མཚོན་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་སྟེང་གི་ཕྱོགས་སུ་སེམས་ཅན་ཐམས་ཅད་སྒྲོལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །སྙོམས་པར་ཞུགས་པས་ཕྱོགས་ལ་ཕྱོགས་སུ་བལྟས་ཏེ། རང་བཞིན་གྱིས་སྒྲོལ་བའི་ནུས་པ་ཅན་དུ་གྱུར་ཏེ། ཐམས་ཅད་ཀྱང་སྒྲོལ་བར་གྱུར་ཏོ། །དེ་ནས་ཡུམ་གྱི་ཚོགས་ཐམས་ཅད་ཀྱིས་དགྱེས་པ་ཆེན་པོའི་བརྡ་འདིས་བཅོམ་ལྡན་འདས་ལ་བསྐུལ་ལོ། །ཨེ་མའོ་ཕྱོགས་བཅུ་དུས་གསུམ་རྫོགས་པ་ཡི། །ཡེ་ཤེས་འདུས་པའི་ཕྲིན་ལས་མཆོག །བླ་མེད་ཐེག་པ་ངེས་པ་ལ། །སྦྱོར་བ་མཆོག་གིས་བཤད་དུ་གསོལ། །ཞེས་བསྐུལ་བས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་དགྱེས་པར་གྱུར་ཏོ། །དེ་ནས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་དབང་ཕྱུག་གི་འཁོར་མྱ་ངན་ལས་འདས་པ་ཐམས་ཅད་དང་བཅས་ནས་སྐུའི་རྒྱན་གྱིས་བརྒྱན་ཏེ། སོ་སོའི་བཙུན་མོའི་དགྱེས་པས་སྐུའི་ཉམས་སུ་བསྟར་བར་གྱུར་ཏོ། །དེ་ལྟར་གྱུར་པས་དེ་བཞིན་གཤེགས་པ་ཐམས་ཅད་བ་སྤུ་ལངས་ཏེ་འདི་སྐད་ཅེས་ཆེད་དུ་བརྗོད་དོ། །སྐུ་གསུང་ཐུགས་རྣམས་འགྲོ་བ་སོ་སོར་འདུལ། །ངང་གི་ཞི་བའི་དབྱིངས་ལས་མ་གཡོས་ཀྱང་། །ཕྲིན་ལས་རྣམ་བཞིས་འགྲོ་བ་སོ་སོར་འདུལ། །དེ་ཕྱིར་མཆོག་གི་རྒྱལ་པོ་འདི་བཤད་དོ། །ཞེས་གསུངས་པས། འཁོར་རྣམས་རབ་ཏུ་དགའ་མགུར་རངས་པར་གྱུར་ཏེ་འདི་སྐད་ཅེས་གསོལ་ཏོ། །སྐུ་གསུང་ཐུགས་ཀྱིས་འགྲོ་བ་རང་རང་འདུལ། །དབྱིངས་ལས་འདྲེན་པ་རྡོ་རྗེ་གསོར་བྱས་ཏེ། །འདི་ལྟར་འདུལ་བར་མཛད་པ་ངོ་མཚར་ཆེ། །ཞེས་བརྗོད་དོ། །སྐུ་ལ་ཞུགས་ནས་མི་སྣང་བར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཁྲོ་བོས་འདུལ་བར་མཁྱེན་ནས་འདི་སྐད་ཅེས་གསུངས་སོ། །ཁྲ་དང་སྤྱང་ཀི་སྲིན་མོ་མུ་སྟེགས་རྣམས། །བདུད་དང་ལོག་འདྲེན་ཐམས་ཅད་


DNG016_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

ཚར་གཅད་ཕྱིར། །ཆོས་ཉིད་སྒྱུ་མ་ལྟ་བུ་སྤྲུལ་ནས་ཕྲིན་ལས་མཛད། །ཅེས་གསུངས་པས། འཁོར་རྣམས་ངོ་མཚར་དུ་གྱུར་ཏེ། འདི་སྐད་དུ། ཨེ་མའོ་ཆེ་བའི་ཡོན་ཏན་ཀུན་ལ་ཁྱབ་པ་ལ། །ངང་གིས་ཁྲོ་བོར་བསྟན་པ་འདི་ལྟ་བུ། །ངོ་མཚར་རྨད་བྱུང་སྤྲུལ་པ་འདི་ལྟ་བུ། །རབ་ཏུ་མི་སྲུན་འདུལ་བ་ངོ་མཚར་ཆེ། །ཞེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་མ་བསྐུལ་བར་འདི་སྐད་ཅེས་གསུངས་སོ། །ཁྱད་པར་རིམ་པར་བསྟན་པའི་ཁྲོ་གཉེར་ནི། །ཡེ་ཤེས་དབྱིངས་ཀྱིས་ཀུན་ལ་ཁྱབ་པར་སྟོན། །ཁྲོ་བོ་བཞི་དང་བརྒྱད་དང་བཅུ་ལ་སོགས། །སྟོན་པ་མཆོད་ཕྱིར་ཁྲོ་བོ་མང་པོ་བསྟན། །ངང་ཁྲོ་ཀུན་ཁྱབ་ཤུགས་ཁྲོ་རང་རང་འདུལ་བ་ཡི། །བྱེ་བྲག་སོ་སོར་རབ་ཏུ་ཤེས་བྱ་ལ། །མཚན་མ་དྲག་པོ་ཞི་བ་དབང་དང་རྒྱས། །གོ་རིམས་བཟློག་སྟེ་རབ་ཏུ་བཤད་པར་བྱ། །ལྟེ་བར་བཅས་པའི་རྩིབས་ཅན་ལ། །འཁོར་བ་གཅོད་བྱེད་རྩེ་མོ་ཅན། །གྲུ་གསུམ་ཨེ་ཡི་ཕོ་བྲང་ཨ། །ཟླ་གམ་རྣམ་གསུམ་དབང་གི་ཚུལ། །མུ་ཁྱུད་དད་ཅན་རྒྱས་པ་ཕྱི། །རྣམ་བཞིར་ལྡན་པའི་འཁོར་ལོ་ལ། །རབ་ཏུ་མཛེས་པའི་ཐིག་གདབ་བོ། །དབུས་སུ་མ་ཧེའི་ཞིང་གདན་ལ། །རྩེ་དབུས་ཞིང་རྐྱང་རེ་རེའོ། །རུས་པ་ཚོགས་ཀྱི་དཔའ་རླབས་བྲག་ཏུ་སྤུངས། །རཀྟ་ཁྲག་གི་དབའ་ཀློང་མཚོ་ལྟ་བུ། །གནམ་ལྕགས་ངུར་མོ་རབ་ཏུ་ཏ་ལ་ལ། །དུར་ཁྲོད་རབ་ཏུ་བརྒྱན་པ་དེ་བཤམ་མོ། །དབུས་སུ་ཁྲོ་རྒྱལ་གཤིན་རྗེ་གཤེད། །སྐུ་ནི་ནག་པོ་དུག་འདྲ་ལ། །དབུ་གསུམ་དཀར་དམར་མཐིང་བ་སྟེ། །རལ་པ་ཁམ་ནག་སྲིད་རྩེར་འབར། །རྩེ་ལ་མེ་འབར་རྐེད་ནས་ཞག་ཀྱང་འཛག །རྩ་བ་ཆུ་སྟེ་སྡང་མིག་རབ་ཏུ་བགྲད། །ཕྱག་དྲུག་ཕྱག་མཚན་བསྣམས་པའི་ཐོར་ཚུགས་ནི། །སྡིགས་མཛུབ་རྒྱུ་ཞགས་ལྕགས་ཀྱུ་གཡས། །དུང་ཆེན་མདུང་ཐུང་གསལ་ཤིང་གཡོན། །ཞབས་བཞི་ཐུར་དུ་བསྟན་པ་ནི། །བརྐྱང་བསྐུམ་ཚུལ་གྱིས་འགྲོ་བ་དབང་དུ་སྡུད། །སྐུ་སྟོད་གླང་ཆེན་ཀོ་བ་ཞིང་ཕྲག་ལ། །སྐུ་སྨད་སྟག་སྟེ་ཤམ་ཐབས་ཚམ་ངམ་ཅན། །ཨེ་ཡི་ཕོ་བྲང་དབུས་སུའོ། །ཡུམ་ཡང་ཡབ་དང་སྐུ་མཐུན་ཏེ། །ཕོ་བྲང་དབུས་སུ་


DNG016_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་དུའོ། །ཞལ་གཅིག་ཕྱག་གཉིས་མཆེ་བ་ཅན། །ཁྲམ་བམ་བྷན་དྷ་བསྣམས་པའོ། །རྩེ་ལ་ཁྲོ་བོ་ཡབ་ཡུམ་བཅུ། །རབ་ཏུ་ཁྲོས་པའི་སྡང་མིག་ཅན། །གོ་རིམས་བཞིན་དུ་དགོད་པར་བྱ། །ཟླ་གམ་དུར་ཁྲོད་མ་མོ་སྟེ། །སྒོ་ལ་དེ་བཞིན་བསྲུང་བའོ། །དེ་ལ་རིམ་པས་མགུ་བར་བྱ། །ཞེས་བརྗོད་དེ། འདི་སྐུ་གསུང་ཐུགས་ལས་ཕྱུང་ངོ་། །ཨོཾ་ཨ་ཀྲོ་མཉྫུ་ཤྲཱི་མུྃ། ཧཱུྃ་བཛྲ་ཀྲོ་དྷ་བྷིད་ནན་ཧཱུྃ། ཨོཾ་བཛྲ་བེ་ཏཱ་ལི་རཀྵ་མཾ། ཧུྃ་ཧུྃ་ཧུྃ་ཧུྃ་ཧུྃ་ཧུྃ་ཧུྃ་ཧུྃ་ཧུྃ་ཧུྃ། ཧུྃ་ཧུྃ་ཧུྃ་ཧུྃ་ཧུྃ་ཧུྃ་ཧུྃ་ཧུྃ་ཧུྃ་ཧུྃ། ཨོཾ་རུ་རུ་དུན། ཨོཾ་ཛ་ཛ་ཡ་བ། ཨོཾ་ཡ་ཤུག་བྷྱོ་བྷྱོ་བྷྱོ། ཛཿཧཱུྃ་བྃ་ཧོཿ། ཞེས་བརྗོད་པས་ཕྱོགས་བཅུ་ཐམས་ཅད་འཁྲུགས་ཏེ། གཡོས་སོ། །འགུལ་ཏོ། །ལྡེག་གོ། །ཆེམ་མོ། །འུར་ཏོ། །གཡོ་འགུལ་དུ་གྱུར་ཏོ། །འཁྲུགས་པར་གྱུར་ཏོ། །དེ་ནས་ཡུམ་གྱི་ཏིང་ངེ་འཛིན་ལ་ཞུགས་པར་གསོལ་བ་གདབ་སྟེ། གསོལ་བར་ཞུས་པ། ཨེ་མའོ་རབ་ཏུ་བློ་ལྡན་ཁྱོད། །འཇིག་རྟེན་འཁྲུགས་པར་མཛད་པའོ། །དབང་མེད་ལས་ཀྱིས་མནར་བ་ལ། །བདེར་གཤེགས་གསུང་དུ་གསུངས་པ་སྟེ། །རབ་ཏུ་བདེ་བར་མཛད་དུ་གསོལ་ཞེས་གླེངས་པས། བཅོམ་ལྡན་འདས་ཀྱིས་ཏིང་ངེ་འཛིན་མཆོག་གི་རྒྱལ་པོ་ཞེས་བྱ་བ་ལ་སྙོམས་པར་ཞུགས་སྟེ་འདི་གསུངས་སོ། །ཨོཾ་བཛྲཱ་ན་ལ་ཀ་ལ་ཧཱུྃ་བཛྲ་ག་ཏ་པྲ་བེ་ཤ་ཧོ། ཞེས་གསུངས་པས། འཇིག་རྟེན་གྱི་ཁམས་འདི་དག་རབ་ཏུ་འཇམ་པར་གྱུར་ཏོ། །གྱུར་པས་སེམས་ཅན་ཐམས་ཅད་སླར་སྔོན་ཁོ་ན་བཞིན་དུ་གྱུར་ཏེ། བཅོམ་ལྡན་འདས་གཤིན་རྗེ་གཤེད་ཆེན་པོ་ལ་སྐྱབས་སུ་དོང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་ཐབས་དང་ཤེས་རབ་ཀྱི་ཕྱག་རྒྱས་མཉེས་པར་བྱ་བ་འདི་གསུངས་སོ། །རྩེ་གཅིག་མཉམ་པར་གཞག་བྱ་སྟེ། །སྒེག་མོ་གཡོན་དུ་གནས་པར་བྱ། །བསྐུལ་བའི་ཏིང་འཛིན་བརླན་པ་ལ། །བསྐྱོད་པ་བྱང་ཆུབ་ལམ་དུ་དྲངས། །གནས་ཉིད་བདེར་གཤེགས་སྐྱེད་པའི་རྐྱེན། །རྩེ་མོ་ཨོཾ་ལ་ཕཊ་དུ་བསྟན། །ཞེས་གསུངས་པས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་རོལ་མོས་མཉེས་


DNG016_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར་ཏོ། །འཕགས་པ་ལས་བཞི་འཁོར་ལོ་གསང་བའི་རྒྱུད་ལས། གླེང་གཞིའི་རྩ་བའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཕྲིན་ལས་ཞི་བར་བྱ་བ་འདི་ཆེད་དུ་བརྗོད་དོ། །རབ་ཏུ་དཀར་བའི་ཡུལ་དག་ལ། །མགུ་བའི་སེམས་དང་ལྡན་བྱས་ཏེ། །དང་བས་མགུ་བའི་ལས་བྱས་ཞེས། །བླ་མེད་རྒྱལ་བས་རབ་ཏུ་བཤད། །ས་གཞི་དཀར་བ་རབ་མཉམ་ལ། །གྲུ་བཞིར་ལྡན་པའི་དཀྱིལ་འཁོར་ལ། །ལྟེ་བར་བཅས་ཤིང་རྩིབས་བརྒྱད་པ། །མཁས་པས་བསྒྲིམས་ཏེ་བྲི་བར་བྱ། །དཀར་དང་ལྡན་པའི་ཟླ་བ་ལ། །གཅིག་ནས་གསུམ་ནས་མགོ་བཙུགས་ལ། །ཁམས་གསུམ་རབ་ཏུ་མགུ་བྱའི་ཕྱིར། །ཉམས་སུ་ལོན་པར་བྱས་ལ་བསྒྲུབས། །དབུས་སུ་ཡེ་ཤེས་བདག་པོ་ལ། །ཤར་དུ་ནག་འཇོམས་ཆེན་པོ་སྟེ། །ལྷོ་རུ་ཡ་བ་ཏི་ཞེས་བྱ། །ནུབ་ཏུ་ཁྲོ་བོ་དམིགས་པ་ལ། །བྱང་དུ་བདུད་འཇོམས་དགོད་པར་བྱ། །ཤར་ལྷོ་ལྷོ་ནུབ་ནུབ་བྱང་དང་། །བྱང་ཤར་མཚམས་སུ་དགོད་པ་ནི། །གླང་མགོ་ཁྲོ་ཚེ་གཅོད་སྦྱོང་རྗེ། །ལས་གྲུབ་བརྒྱད་དེ་གོ་རིམས་བཞིན། །སྟེང་འོག་དམར་པོ་ནག་འཇོམས་བསྒྲིམས་ཏེ་དགོད། །ཟླ་གམ་མ་མོ་གསུམ་རྣམས་སོ། །སྒོ་སྒོར་སྒོ་སྲུང་མ་རྣམས་བྲི། །དེ་ཡི་ཡུམ་དང་བཅས་པ་རྣམས། །ཁྲོ་བོ་ཉིད་དང་སྐུ་མཐུན་པའོ། །སེམས་དཔའི་འདུག་སྟངས་གནས་བྱས་ལ། །སྒེག་མོ་གཡོན་དུ་བསྟེན་བྱས་ལ། །སྔགས་གཡོག་མཛེས་པར་ཚོགས་བྱས་ལ། །མགུ་བའི་ཕྲིན་ལས་བརྩམ་པར་བྱ། །སྐེ་ཚེ་ཐལ་བ་རུས་པ་ལ། །ཛམྦྷ་ལ་ཡི་གཟུགས་ལྟ་བུར། །བྱས་ལ་སྙིང་གར་བྲི་བ་ནི། །ཨ་མ་པ་ལ་སི་ཏིའམ། །གང་འདོད་པ་ཡི་ཡི་གེ་དེ། །ཕཊ་དང་སྭཱ་ཧཱས་དམ་ལྟར་བྱ། །མིང་བྱང་གོང་ལྟར་བྲི་བྱས་ལ། །གང་ལྟར་འཚམ་པ་བཞིན་དུ་བཞག །དེ་ལ་འདི་ཡང་རབ་ཏུ་བརྗོད། །ཨོཾ་ཨ་ཀྲོ་བཛྲ་ཤཱནྟིཾ་ན་ག་བཛྲ་སྭཱ་ཧཱ། ཨོཾ་ཨ་ཀྲོ་ཏེ་ཀ་ཤཱནྟིཾ་བ་ལ་བུྃ་ཞེས་བརྗོད་ལ་སྙིང་གར་བརྒྱབ་ན། ཐམས་ཅད་མགུ་ནས་དང་བའི་སེམས་ཀྱིས་ཞི་བར་འགྱུར་རོ། །དེ་ནས་ཞི་བའི་ལས་བྱས་ཟིན་ནས། ཕྱོགས་བཅུའི་གདུག་པ་ཞི་བར་བྱ་སྟེ། བདག་ལ་མི་དགའ་བ་


DNG016_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ན་ལས་འགྲུབ་པ་ཡིན་ནོ། །འཕགས་པ་ལས་བཞི་འཁོར་ལོ་གསང་བའི་རྒྱུད་ལས། ཐམས་ཅད་ཞི་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཐམས་ཅད་རྒྱས་པར་བྱ་བ་འདི་ཆེད་དུ་བརྗོད་དོ། །གསེར་ལས་གྲུབ་པའི་ཡུལ་དག་ལའང་། །དཔལ་རྒྱས་སེམས་དང་ལྡན་བྱས་ཏེ། །རྒྱས་པར་བྱ་བའི་སེམས་ཀྱིས་སུ། །དཀྱིལ་འཁོར་དམ་པ་བཤད་པར་བྱ། །དཀྱིལ་འཁོར་སྔ་མ་བཞིན་བྱས་ལ། །བ་ཡི་ཆག་ཆག་བཏབ་བྱས་ཏེ། །རྣལ་འབྱོར་དམ་པ་བློ་ལྡན་པས། །ཐིག་འདི་གདབ་པ་རབ་ཏུ་བརྩམ། །གསེར་ལས་གྲུབ་པའི་ཐིག་སྐུད་ལ། །དཔལ་ལྡན་འཕེལ་བའི་སེམས་དང་བཅས། །སློབ་མ་དམ་པ་ལས་གྲུབ་པར། །བསམས་ལ་ཐིག་འདི་གདབ་པར་བྱ། །ཕོ་བྲང་གསེར་ལ་རྩེ་མོ་གཡུ། །རྡོ་རྗེ་རྩིག་པ་གསེར་ལས་གྲུབ། །གྲུ་ཆད་སྒོ་རྣམས་ལྕགས་ལས་གྲུབ། །རྣལ་འབྱོར་སྔགས་པ་བློ་ལྡན་པས། །ཐིག་བཞི་རེའུ་ཆ་བརྒྱད་དུ་འགྱུར། །མཐའ་ནས་ཐིག་གདབ་མན་ངག་ཅན། །དེ་ལ་སོགས་པ་བསམ་པར་བྱ། །རིན་ཆེན་སྐྱིལ་ཀྲུང་འདུག་བྱས་ལ། །དབུས་སུ་གསང་སྔགས་བདག་པོས་ཏེ། །ཕྱོགས་ཕྱོགས་སྒོ་བ་དམ་པ་རྣམས། །སྔ་མ་བཞིན་དུ་བསྒོམས་ནས་ཀྱང་། །རང་སྔགས་སྐྱེས་བུ་དེ་བསྐྱེད་དོ། །ཨོཾ་ཨ་ཀྲོ་ཏེ་ཀ་པུཥྚིཾ་བ་ལ་ན་ཧཱུྃ། ཨོཾ་ཨ་ཀྲོ་པུཥྚིཾ་ཏི་བ་ཏ་ན་སྟྭཾ། ཞེས་བརྗོད་པས་བདག་པོ་ཡབ་ཡུམ་ལ། །འཁོར་རྣམས་འབྲུ་རེ་པ་ལས་སམ། །རང་རང་བསྐྱེད་པ་དམ་པ་སྟེ། །སྔགས་དང་ལྡན་པར་ཏིང་འཛིན་གསལ། །བཞུགས་དང་བརྟན་དང་མཆོད་པ་དང་། །ཕྱག་བྱེད་པ་ལ་སོགས་པ་ཡི། །ལས་ཀྱི་བྱ་བ་མ་ལུས་པར། །ཐམས་ཅད་མ་ལུས་ཚང་བར་བྱ། །སྐྱེད་དང་གྲུབ་པའི་འབྲས་བུ་ནི། །རྒྱལ་བ་བསྙེན་ཏེ་ཐག་མི་རིང་། །རང་གྲུབ་འབྲས་བུ་དེ་ལ་སོགས། །ཕྱོགས་དུས་ཀུན་ནས་གཤེགས་པ་ཡི། །དངོས་གྲུབ་དམ་པ་རབ་སྟེར་ཞེས། །འདྲེན་པ་དཔའ་བོས་ཡང་དག་བཤད། །དེ་ནས་གཞན་ཡང་རབ་བཤད་པ། །དཀྱིལ་འཁོར་སྔ་མ་བཞིན་བྱས་ནས། །ས་ཞག་གསེར་ལས་གྲུབ་པ་ལ། །གཟུགས་ནི་དམ་པ་རབ་ཏུ་བྱ། །ཕྱི་གན་གན་རྐྱལ་


DNG016_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

མནན་བྱས་ལ། །ནང་ཧཱུྃ་པུ མྱཱུ ་ཨ་བུ་ཙེ་སྭཱ་ཧཱ། སྙིང་གར་བྲིས་ནས་བརྗོད་བྱ་བ། །སྙིང་པོ་སྔགས་ཀྱི་དམ་པ་སྟེ། །བླ་མེད་དམ་པས་རབ་ཏུ་བཤད། །ཨོཾ་བཛྲ་པུཥྚིཾ་ཨཱ་ཡུ་བ་ཤང་ཤྲཱི་པུཥྚིཾ་སྭཱ་ཧཱ་ཞེས་བརྗོད་ན་ཐམས་ཅད་རྒྱས་པར་འགྱུར་རོ། །འཕགས་པ་ལས་བཞི་འཁོར་ལོ་གསང་བའི་རྒྱུད་ལས། ཐམས་ཅད་རྒྱས་པར་བྱ་བའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བདག་ཉིད་དབང་གིས་འདུ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཟངས་ལས་འདྲེལ་བའི་ཡུལ་དག་ལ། །རང་དབང་མེད་དེ་དབང་བསྡུས་ནས། །འདུ་བའི་སེམས་དང་ལྡན་བྱས་ཏེ། །དཀྱིལ་འཁོར་རབ་ཏུ་བཤད་པར་བྱ། །ཟངས་སམ་དམར་པོའི་ས་དག་ལ། །དཀྱིལ་འཁོར་སྔ་མ་དག་དང་འདྲ། །ལེགས་པར་ཁོད་སྙོམས་ཟིན་པ་དང་། །ཐིག་ནི་རབ་ཏུ་གདབ་པར་བྱ། །ལྟེ་བ་ཅན་ལ་རྩིབས་བརྒྱད་པ། །ཀུན་དུ་ཟླུམ་པས་རྒྱས་པ་མཐའ། །ལྟེ་དབུས་གཞུ་བདུངས་བྲིས་བྱས་ལ། །དེ་སྟེང་བདག་པོ་དམ་པ་གཞག །ཐམས་ཅད་མ་ལུས་མཆོག་ཏུ་འགུགས། །ས་པ་ལ་ཡང་ཐོགས་པ་མེད། །ཞེས་ནི་ཡང་དག་བླ་མེད་དེས། །བཤད་པར་བྱ་སྟེ་རབ་ཏུ་བསྟན། །གཞན་ཡང་རབ་ཏུ་བཤད་བྱ་བ། །སེམས་ཀྱི་དཀྱིལ་འཁོར་དམ་པ་སྟེ། །བླ་མེད་ཡང་དག་ངེས་པའི་ལམ། །སངས་རྒྱས་བྱང་ཆུབ་ལ་སོགས་རྣམས། །གཞུང་ལས་འབྱུང་བའི་ཚིག་དོན་རྣམས། །མ་ནོར་གསུངས་པའི་བཀའ་བཞིན་དུ། །བསྒྲུབས་ན་འགྲུབ་པར་བཤད་པའོ། །དེ་དག་འགུགས་པར་གྱུར་པ་ན། །ཕལ་པ་གཞན་ལྟ་སྨོས་ཅི་དགོས། །བསྡུ་དང་འདྲེན་པ་བྱང་ཆུབ་ལམ། །འདི་དག་གོ་འཕང་ཐོབ་བྱའི་ཕྱིར། །ཡུངས་ཀར་རྐང་རྗེས་ས་འམ་གཞན། །ཁྲག་གསུམ་ཐལ་ཆེན་བསྲེས་བྱས་ལ། །གའུའི་ནང་དུ་བླུགས་བྱས་ལ། །གའུ་གཉིས་ནི་ཁ་སྦྱར་ཏེ། །སྐུད་པ་དམར་པོ་ཟངས་ལ་སོགས། །བཅིང་བ་བསྡམས་ཏེ་དཀྲིས་བྱས་ལ། །དཀྱིལ་འཁོར་གྱི་ནི་ཐོག་ཏུ་གཞག །ཡུངས་ཀར་ཟངས་གཉིས་བསྲེག་བྱས་ཏེ། །དུད་པས་གའུ་དེ་ལ་བདུག །དེ་ལ་བདུགས་པར་གྱུར་པ་དང་། །བཟླས་


DNG016_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྙིང་པོ་བརྗོད་བྱ་ཞིང་། །ལན་གྲངས་ཁྲི་ཚད་དུ་མ་རུ། །བརྗོད་ན་སངས་རྒྱས་ལ་སོགས་རྣམས། །འགུགས་པར་གྱུར་ན་ཕལ་པ་གཞན། །སྨོས་ཅི་དགོས་ཏེ་ངེས་པར་འགུགས། །ཨོཾ་བཛྲ་ཨ་ཀྲོ་མཉྫུ་ཤྲཱི་བ་ཤང་མ་ཧཱ་སརྦ་ཏི་ལ་བྲུཾ། ལན་གྲངས་མང་དུ་བརྗོད་བྱས་ན། །ཅི་ལྟར་བསམས་པ་ཐམས་ཅད་འགུགས། །རྒྱ་ཤུག་བསྐུས་པའི་ཁུ་བ་དང་། །མ་ཡི་ལག་པའི་ཁུ་བ་གཉིས། །སྔ་མ་བཞིན་དུ་བཀུག་བྱས་ན། །འགུགས་པར་འགྱུར་ཞེས་དཔའ་བོས་བཤད། །ཡང་ན་རང་གི་ལག་པའང་རུང་། །ཞེས་གསུངས་པས་ཐམས་ཅད་མ་ལུས་པར་འདུས་ཏེ། དཔེར་ན་ཕྱོགས་ཐམས་ཅད་ནས་མཚོ་ལ་སྦྲང་མ་འདུ་བ་བཞིན་དུ་འདུས་ཏེ། བདག་གི་དབང་དུ་བྱ་བ་དེ་དབང་དུ་འགྱུར་རོ། །ཞེས་བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེས་གསུངས་སོ། །འཕགས་པ་ལས་བཞི་འཁོར་ལོ་གསང་བའི་རྒྱུད་ལས། དབང་གི་ལེའུ་སྟེ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་ཁྲོ་བོ་ཆེན་པོ་གཤིན་རྗེའི་ཚོགས་འདུ་མཛད་དེ། རང་བཞིན་གྱི་མཐུ་ཅན་འདི་གསུངས་སོ། །འབྱུང་བྱེད་ཡེ་ཤེས་དཀྱིལ་འཁོར་ནི། །དཀྱིལ་འཁོར་སྔ་མ་བཞིན་བྱས་ལ། །བདག་ཉིད་ཁྲོ་བོ་ཆེན་པོ་སྟེ། །ཡུམ་ཡང་དེ་བཞིན་དེ་ཡིའོ། །ཡབ་ཡུམ་གཉིས་མེད་བྱིན་བརླབས་ལས། །ཐིག་སྐུད་རྒྱུས་པ་ལྕགས་ལས་བྱས། །དེ་ནི་ལས་ཀྱི་ཐིག་ཅེས་བྱ། །ཐིག་བཞི་བཏབ་པས་དཀྱིལ་འཁོར་བརྒྱད། །འཁོར་ལོ་རྩིབས་བཞི་མུ་ཁྱུད་བཅས། །ཀུན་དུ་གྲུ་བཞི་སྒོ་ཁྱུད་ཅན། །གྲུ་ཆད་ལྡན་ཏེ་དུར་ཁྲོད་རྒྱན། །མཛེས་པར་བྲིས་ཏེ་གཞན་ན་མིན། །བསྟེན་པའི་ལྷ་སྟེ་སྔ་མ་བཞིན། །བསྐྱེད་པའི་སྔགས་འདི་བརྗོད་བྱས་པས། །བདག་དང་འདྲ་བར་བསྐྱེད་པར་བྱ། །ཨོཾ་ཨ་ཀྲོ་ཏེ་ཀ་ཧཱུྃ་ཨ། ཧཱུྃ་བཛྲ་བེ་ཏཱ་ལི་རཀྴ་མཾ། བྷྱོ་བྷྱོ་བྷྱོ། ཧུྃ་ཧུྃ་ཧུྃ་ཧུྃ་ཧུྃ་ཧུྃ་ཧུྃ་ཧུྃ་ཧུྃ་ཧུྃ། ཛཿཧཱུྃ་བྃ་ཧོཿ། བྷྱོ་བྷྱོ་བྷྱོ་བྷྱོ་ཞེས་བརྗོད་པ་ཙམ་གྱིས་འཇིག་རྟེན་གྱི་ཁམས་འདི་དག་ཐམས་ཅད་གཡོས་སོ། །རབ་ཏུ་གཡོས་སོ། །ཀུན་དུ་རབ་ཏུ་གཡོས་སོ། །འགུལ་འགུལ། རབ་ཏུ་འགུལ། ཀུན་དུ་རབ་ཏུ་


DNG016_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

འགུལ་ལོ། །ལྡེག་ལྡེག །རབ་ཏུ་ལྡེག །ཀུན་དུ་རབ་ཏུ་ལྡེག་གོ། །ཆེམ་ཆེམ། རབ་ཏུ་ཆེམ། ཀུན་དུ་རབ་ཏུ་ཆེམ་ཆེམ་མོ། །འུར་འུར། རབ་ཏུ་འུར་འུར། ཀུན་དུ་རབ་ཏུ་འུར་འུར་རོ། །དབུས་མཐོ་ན་མཐའ་དམའ། མཐའ་མཐོ་ན་དབུས་དམའ་སྟེ། འཇིག་རྟེན་གྱི་ཁམས་འདི་དག་རབ་ཏུ་གཡོས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེའི་བདག་ཉིད་དེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རབ་ཏུ་གསུང་གི་གསང་སྔགས་གསུངས་པས་བདག་ཅག་སྤྲོ་ལགས་སོ། །འཇིག་རྟེན་དུ་འདི་ལྟ་བུར་མཐུ་ཅན་ལ་བདག་ཞུ་ལགས་སོ། །བཅོམ་ལྡན་འདས་རང་བཞིན་གྱིས་ཁྲོ་བར་མཛད་པ་དེ་ལ་བདག་མངོན་དུ་སེམས་ཅན་ཐམས་ཅད་རབ་ཏུ་ཡང་ཞུ་བར་འཚལ་ལགས་སོ། །བཅོམ་ལྡན་འདས་ཁྲོ་བོ་ཆེན་པོར་འདུ་མཛད་པ་དེས་འདི་སྐད་ཅེས་གསུངས་སོ། །ཨོཾ་ཤྲཱི་བ་ར་ཡཀྴ་གུ་ཡ། སརྦ་ཏ་ཀྲི་བཛྲ་ཀཱ་ལ་རཱུ་པ་མ་ར་ན་ཕཊ་ཅེས་གསུངས་པས། འཇིག་རྟེན་ན་དབང་ཆེ་བ་དང་། མཐུ་ཆེ་བ་ལ་སོགས་པ་ཐམས་ཅད་བཏུལ་ནས་འདི་སྐད་ཅེས་གསུངས་སོ། །ཕྱོགས་བཅུའི་འཇིག་རྟེན་གང་ནས་ཀྱང་། །གསུང་དུ་མེད་པའི་ཆོས་ཉིད་ལ། །རང་སེམས་འཕྲོ་འདུར་གྱུར་པ་ལས། །ཕྱོགས་བཅུར་གསུངས་པ་དེ་དག་ཡིན། །དེ་བས་ནན་ཏན་བསྐྱེད་བྱས་ཏེ། །དྲག་པོའི་ཚམ་ངམ་བཤད་པར་བྱ། །འཇིག་རྟེན་བཅུད་ཀྱི་གདུག་པ་ཀུན། །ཚམ་ངམ་གློག་ལྟར་འགྱུར་བ་ལས། །ངོ་མཚར་ཡ་མཚན་བསྒྲག་པར་བྱ། །ཨེ་མའོ་ཡབ་ཡུམ་གཉིས་མེད་རོལ་པའི་མཁའ་དཀྱིལ་ནས། །ཕྱོགས་བཅུར་འཕྲོ་བ་བྱང་ཆུབ་སེམས། །རིགས་ཀྱི་ཡབ་དང་དེ་བཞིན་བཙུན་མོ་ནི། །རྟག་པར་བསྒོམས་ཏེ་དེ་བཞིན་གཤེགས་པར་བྱ། །རྫས་དང་ཕྱག་རྒྱ་སྔགས་དང་བཅས་རྣམས་ནི། །གཟུགས་དང་འདོད་པའི་འབྲས་བུ་གང་འདོད་གྲུབ་པར་རོ། །མི་དགེ་བཅུ་དང་ལྡན་པའི་རྣམ་པར་འདྲེན་པ་དེར་བྱས་ཏེ། །སྔགས་དང་ཕྱག་རྒྱ་རྫས་རྣམས་དང་། །གའུ་པདྨ་དམ་པ་དང་། །ཁམ་པ་རྫ་ཡི་འཇི་བ་ཡིས། །ཁྲག་སྣ་གསུམ་དང་གི་ཝང་ངོ་། །དེ་དག་ཕྲིན་ལས་


DNG016_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཡིན་ཏེ། །གྲུབ་པར་འགྱུར་བ་གདོན་མི་ཟ། །བླ་མེད་དཔའ་བོས་ཡང་དག་གསུངས། །ཕྱོགས་བཅུའི་གདུག་པ་མ་ལུས་ཀུན། །འདུལ་བར་འགྱུར་ཏེ་ཐེ་ཚོམ་མེད། །འཕགས་པ་ལས་བཞི་འཁོར་ལོ་གསང་བའི་རྒྱུད་ལས། དྲག་པོའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་གཤེད། ཡེ་ཤེས་ལྷུན་གྱིས་གྲུབ་པའི་ངང་ལ་ལོངས་སྤྱོད་པར་བྱ་བའི་ཕྱིར། ཆེད་དུ་བརྗོད་པ་འདི་བརྗོད་དོ། །རང་བཞིན་འཕགས་པ་ཀུན་དུ་ཤེས་རབ་སྟེ། །དེ་བཞིན་རྣམ་པར་མི་རྟོག་ཡིན་པས་ན། །འདི་གཉིས་ཆོས་ཀྱི་སྐུ་ཞེས་རབ་ཏུ་བཤད། །ཆོས་ཀྱི་ལོངས་སྤྱོད་འདུལ་བའི་དོན་ལ་རྒྱས། །འགྲོ་བའི་དོན་རྫོགས་མ་ལུས་སྐུར་འབྱུང་དང་། །བདུད་དང་མུ་སྟེགས་སྲིན་པོ་གདུལ་བའི་ཕྱིར། །མཚན་དང་དཔེ་བྱད་གཟུགས་སུ་སྤྲུལ་ནས་ནི། །མ་ལུས་ཚར་གཅོད་དོན་དུ་འདི་གསུངས་སོ། །འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་ཟླུམ་པོར་བཅས། །སྦྲུལ་གྱིས་རྒྱ་གྲམ་དག་གི་མཐའ་བསྐོར་ལ། །ལྟེ་བར་རྡོ་རྗེ་རྒྱ་གྲམ་བྲི་བར་བྱ། །དེ་ཡི་སྟེང་དུ་ཀ་པཱ་ལ་གཉིས་ལ། །གཅིག་ལ་གཤིན་རྗེ་དབུ་དྲུག་པ་ཡི་གཟུགས། །གཅིག་ལ་ཡུམ་ཆེན་ཁྲོ་གཉེར་གཟུགས་བྲིས་ལ། །ནང་དུ་དགྲ་བོ་རྐང་རྗེས་ས་དང་ནི། །དྲི་དང་དེ་བཞིན་ཁྲག་སྣ་གསུམ། །ཐལ་ཆེན་རྒྱ་ཤུག་བསྐུས་པའི་ཁུ་བ་དང་། །བརྫིས་ལ་དགྲ་བོའི་གཟུགས་བྱས་ལ། །བཅུག་ལ་སྐུད་པ་དཀར་པོས་བཅིང་། །དཀྱིལ་འཁོར་ཐོག་ཏུ་གཞག་པར་བྱ། །ཨོཾ་ཡ་མཱནྟ་ཀ །ཧྲཱྀཥྚིཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་བཛྲ་ཀྲོ་དྷ་ཕཊ་ཕཊ་ཨ། ཞེས་བརྗོད་པ་ཙམ་གྱིས་ནི། ཡབ་ཡུམ་སྐུ་མདོག་མཐིང་ནག་ལ། །དབུ་སྐྲ་ཁམ་ནག་རལ་པ་གྱེན་དུ་བརྫེས། །དབུ་ལ་ཐོད་པ་རློན་པས་བརྒྱན། །སྐུ་ལ་སྦྲུལ་ནག་ཆུན་པོ་དང་། །ཞབས་བཞི་བརྐྱང་བསྐུམ་ཚུལ་དུ་བཞུགས། །ཕྱག་དྲུག་ཕྱག་མཚན་བསྣམས་པ་ནི། །གཡས་ཀྱི་དང་པོ་སྡིགས་མཛུབ་ལ། །རྒྱུ་ཞགས་ལྕགས་ཀྱུ་བར་ཐ་མ། །དུང་ཆེན་ཏྲི་ཤཱུལ་གསལ་ཤིང་གཡོན། །དེ་ལྟར་ཆ་ལུགས་གསལ་བ་དང་། །དབྱངས་འདི་བླང་བར་ནན་ཏན་བྱ། །ཧཱུྃ་རྔམ་པའི་རྒྱལ་པོ་ཁྲག་འཐུང་གཤིན་རྗེ་གཤེད། །ཁམས་གསུམ་དབང་སྡུད་


DNG016_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་སུ་ཞལ་གསུམ་པོ། །དབྱིངས་ནས་སྤྲུལ་པའི་ཡབ་ཡུམ་ལྷུན་གྱིས་གྲུབ། །ལས་ངན་འཁྲུལ་པའི་སེམས་ཅན་གདུལ་དཀའ་བ། །གདུག་པ་དེ་དག་འདུལ་ཕྱིར་གཤེགས་སུ་གསོལ། །དམ་ཚིག་གི་ཕྱག་རྒྱ་བཅས་ལ། ཛཿཧཱུྃ་བྃ་ཧོཿ། ས་མ་ཡ་སྟྭཾ། ཞེས་པ་ལན་གྲངས་མང་དུ་བརྗོད། །དེས་ནི་བརྟན་པར་བཞུགས་པར་འགྱུར། །ཁྲག་ཆེན་རྒོད་ཁྲག་ཤ་དང་ཚིལ། །ཆེན་པོ་ལ་སོགས་གཏོར་མ་བཤམ། །དེ་ནི་དཀྱིལ་འཁོར་ཐོག་དག་ཏུ། །བདག་ཉིད་ཏིང་འཛིན་གསལ་བ་ལས། །སྔགས་འདི་འབུམ་ཕྲག་གཅིག་ཏུ་བཟླས། །ཨོཾ་བཛྲ་ཧ་སྟ་བ་བ་ཧེ་ཧ་དཱ་ན་ཧྲཱྀཥྚིཾ་ཆེ་གེ་མོ་མཱ་ར་ཡ་ཧུྃ་ཧུྃ་ཕཊ་ཕཊ། ཆེ་གེ་མོ་ཧསྟ་བ་པྲི་ཏི་ནིར་ཏེ་ས་ཧཱུྃ་ཧཱུྃ་ཕཊ་ཕཊ། ཉིན་ཞག་གཅིག་ལ་ལན་འབུམ་བཟླས། །ཉིན་ཞག་གསུམ་གྱི་བར་དུ་བཟླས། །དེ་དག་བཟླས་པ་རྫོགས་པ་དང་། །གཏོར་མའི་ལས་དག་བརྩམ་བྱ་སྟེ། །བསྐྱེད་དང་བསྐུལ་དང་རྫོགས་པ་དང་། །ཕྱོགས་བཅུའི་ཁྲོ་བོ་སྤྱན་དྲངས་ཏེ། །བཞུགས་དང་བརྟན་དང་མི་གཡོ་སོགས། །མ་ལུས་རྫོགས་པའི་ཕྲིན་ལས་བྱ། །དེ་ལྟར་ཕྲིན་ལས་རྫོགས་པ་དང་། །ཡང་ནས་ཡང་དུ་བསྟབ་པ་བྱ། །དེ་ལྟར་བསྟབ་པ་བྱས་པས་ན། །དགྲ་བགེགས་དབང་འགྱུར་སྨོས་ཅི་དགོས། །དེ་ནས་ཡང་འདི་ཆེད་དུ་བརྗོད་དེ་གསུངས་སོ། །ཨོཾ་ང་ནི་ཕྱོགས་བཅུ་དུས་གསུམ་གྱི། །བདེར་གཤེགས་ཐུགས་ཀྱི་སྲས་ཡིན་པར། །བདུད་དང་སྲིན་པོ་ལོག་འདྲེན་རྣམས། །མ་ལུས་ཚར་གཅོད་བྱིན་བརླབས་ཏེ། །མགོན་པོ་གཤིན་རྗེ་ཉིད་ཀྱི་སྲས། །དོན་རྣམས་ཐམས་ཅད་མ་ལུས་པ། །དེ་ཉིད་དུ་ནི་བསྒྲུབ་པར་བྱ། །དགྲ་རྣམས་ཐམས་ཅད་འདུལ་བའི་ཕྱིར། །ཕྲིན་ལས་རྡོ་རྗེ་ཅན་གྱིས་མཛོད། །ཞེས་བརྗོད་ཅིང་སྔགས་ཀྱིས་བརྡེག་པ་ནི་ཕྲིན་ལས་མཆོག་གི་རྒྱལ་པོ་ཞེས་གསུངས་སོ། །དུས་དང་དུས་དང་ཞག་གྲངས་ནི། །ཉི་མ་གཅིག་ལ་སྟོང་རྩ་གཅིག །ནམ་གྱི་གུང་ལ་བརྒྱ་རྩ་གཅིག །ཐོ་རངས་ཐུན་གཅིག་བརྒྱ་རྩ་གཅིག །སྲོད་ཀྱི་གུང་ལ་བརྒྱ་རྩ་གཅིག །དེ་ལྟར་ཉིན་ཞག་གསུམ་བར་དུ། །བཟླས་པ་ཞག་གྲངས་ཚང་བྱ་ཞིང་། །ཕྱག་རྒྱ་བཅའ་


DNG016_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་གཟུགས་ལ་བརྡེག །ཉ་ལ་བྱས་ན་གདོན་མི་ཟ། །ཨོཾ་མཱ་ར་ན་ཁ་ད་སརྦ་ཧྲཱྀཥྚིཾ་ཡ་མན། ཧུྃ་ཧུྃ་ཏྲེ་ཁད་པ་ར་ན་པ་ལ་ཧུྃ་ཧུྃ་ཕཊ་ཕཊ་སྭཱ་ཧཱ། རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱ་བཅས་ལ་དགྲ་བོའི་གཟུགས་ལ་བརྡེག་གོ། །ཨོཾ་བཛྲ་ཧཱུྃ་ཁཾ་སྥ་ར་ན་ཕཊ། ཧཱུྃ་ཨཱ་བེ་ཤ་ཨ། ཧུྃ་ཧུྃ་ཕཊ་ཕཊ་ཨ། ཡང་ཕྱག་རྒྱ་གོང་མ་བཅས་ལ། ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་ཏནྟྲ་ཧུྃ་ཧུྃ། ཧྲཱྀཥྚིཾ་ཀྲྀ་ཏ་ན་ན། ཧུྃ་ཧྲཱྀཥྚིཾ་བི་ཀྲྀ་ཏ་ནན་ནན་ཞེས་བརྗོད་ལ། བདག་གི་ལག་པས་དབང་བསྐུར་རོ། །ཡང་ཕྱག་རྒྱ་བཅས་ལ། སྔགས་འདི་ལ་ཡང་ལན་གྲངས་མང་དུ་བྱའོ། །ཨོཾ་བཛྲ་ཙཎྜ་ཧྲཱྀཥྚིཾ་བཛྲ་སྡི་ར་བཾ། ཁ་ཧི་ཧུྃ་ཧུྃ་ཆེ་གེ་མོ་དབང་དུ་སྡུས་ཤིག །ཧྲིལ་ཧྲིལ་ཞེས་ལན་གྲངས་མང་དུ་བརྗོད་དོ། །རྡོ་རྗེ་རྒྱ་གྲམ་གྱི་ཕྱག་རྒྱས་བརྡེག་གོ། །ཡང་ཕྱག་རྒྱ་བཅས་ལ་སྔགས་འདིས་བརྡེག་གོ། །ཨོཾ་བཛྲ་ཀང་ཀ་མ་ཀ་ལ་ཡ་ན་ཧཱུྃ་ཕཊ་ཕཊ་ཨ། ཞེས་འབུམ་བཟླས་ལ་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱས་བརྡེག་གོ། །ཡང་ཕྱག་རྒྱ་བཅས་ལ་སྔགས་འདིས་བརྡེག་གོ། །ཨོཾ་བཛྲ་ཨ་གུ་ཤ་ཏྲེ་ཐ་སྡི་ར་བྃ་ཧུྃ་ཧུྃ་ཕཊ་ཕཊ་ཆེ་གེ་མོ་མཱ་ར་ཡ་ཛ་ཧཱུྃ་ཞེས་དབང་དུ་བསྡུས་ཤིང་། ཧུྃ་ཧུྃ་ཕཊ་ཕཊ་ཞེས་ལན་གྲངས་མང་དུ་བརྗོད་དོ། །རྡོ་རྗེ་གདེངས་པའི་ཕྱག་རྒྱ་བཅས་ལ་དབང་དུ་བསྡུའོ། །ཡང་ཕྱག་རྒྱ་བཅས་ལ་སྔགས་འདིས་བརྡེག་གོ། །ཨོཾ་ཧུྃ་ཧུྃ་ཕཊ་ཕཊ་འདུས་འདུས་རང་རང་ཡྃ་ཡྃ་རྃ་རྃ་ཧྲིང་ཧྲིང་དུ་བ་བྷྱོ་ཧུྃ་ཕཊ་ཆེ་གེ་མོ་དུན་བྷྱོ་ཞེས་བཟླས་ལ། ཁ་ཊྭཱཾ་གི་ཕྱག་རྒྱས་བརྡེག་གོ། །དེ་ལྟར་ལས་དེ་དག་ཡོངས་སུ་རྫོགས་པའི་ཏིང་ངེ་འཛིན་དང་ལྡན་པར་བྱས་ལ། བཟླས་པ་བྱས་ན་ལས་ཅི་བྱས་པ་ཐམས་ཅད་དབང་དུ་འདུ་བར་ངེས་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །འཕགས་པ་ལས་བཞི་འཁོར་ལོ་གསང་བའི་རྒྱུད་ལས། ངན་སྔགས་དབང་སྡུད་ཀྱི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་གཤིན་རྗེའི་གཤེད། བཅོམ་ལྡན་འདས་ཀུན་ལ་ཁྱབ་པའི་ཕྲིན་ལས་བསྒྲུབ་པ་འདི། སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ལྔ་ཕུང་ཡན་ལག་གཞོམ་པ་དང་། །དུག་གསུམ་རྩད་ནས་གཅད་པ་དང་། །འབྲས་བུ་རྒྱལ་བར་བསྒྲུབ་བྱའི་ཕྱིར། །ནན་ཏུར་ཕྲིན་


DNG016_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བཤད་པར་བྱ། །དང་པོའི་ལས་ནི་རྒྱས་དང་གསད། །དགུག་དང་གཏད་དང་བཅིང་དང་དགྲོལ། །སྦྱོར་བའི་གདུག་པ་མ་ལུས་ཀུན། །ཕྲིན་ལས་འདི་ཡིས་བྱེད་པར་འགྱུར། །དང་པོར་བཙལ་བའི་བཙལ་ཐབས་ནི། །རྣམ་པ་དྲུག་དང་ལྡན་པས་བཙལ། །སྟག་མོ་གད་ལ་མཆོང་སྟབས་དང་། །སེང་གེ་གངས་ལ་འགྱིང་ཚུལ་དང་། །ཁྭ་སྤྱང་གཟན་ལ་རྒྱུག་ཚུལ་དང་། །བྱ་རྒོད་གཟན་ལ་འབབས་ཚུལ་དང་། །དོམ་ཆེན་རྨི་ལམ་རྨི་ཚུལ་དང་། །ཁྭ་སྐེག་ཐང་ཤིང་སྙེག་ཚུལ་གྱིས། །རོ་ཡི་ཕུང་པོ་བཙལ་བར་བྱ། །རི་ལ་འདུག་ན་འགྱིང་བས་བཙལ། །སྲིབས་ལ་འདུག་ན་མཆོང་བས་བཙལ། །གདགས་ལ་འདུག་ན་འདུག་པས་བཙལ། །འོར་ན་འདུག་ན་འབབས་པས་བཙལ། །བྲག་ལ་འདུག་ན་རྨི་བས་བཙལ། །ནགས་ལ་འདུག་ན་སྙེག་པས་བཙལ། །རྒྱལ་རིགས་ཡིན་ན་སེང་གེ་སྟངས། །བྲམ་ཟེ་ཡིན་ན་སྟག་མོ་སྟངས། །རྗེའུ་རིགས་ཡིན་ན་བྱ་རྒོད་སྟངས། །དམངས་རིགས་ཡིན་ན་དོམ་གྱིས་བྱ། །མ་ནིང་ཡིན་ན་སྤྲེའུ་ཡིས་བྱ། །དོག་ལ་ཡིན་ན་ཁྭ་སྤྱང་སྟངས། །དེ་ལྟར་རོ་ཡི་ཚོལ་སྟངས་ནི། །རྣམ་པ་དྲུག་དང་ལྡན་པས་བཙལ། །བརྟགས་ནས་འོངས་པ་གྱུར་པ་དང་། །གཤིན་རྗེ་རྒྱལ་པོའི་ཚམ་ངམ་བྱ། །ཁྲོ་བོ་བཅུ་ཡིས་སྟང་སྟབས་ཀྱིས། །རོ་ལ་ཀུན་ཏུ་བསྐོར་བྱས་ལ། །དཀྱིལ་འཁོར་ཆེན་པོའི་དབུས་སུ་གཞག །དེ་ལྟར་གཞག་པའི་ལས་བྱས་ནས། །མགོ་ནི་ལྷོ་ནུབ་མཚམས་སུ་བསྟན། །རྐང་པ་བྱང་ཤར་མཚམས་སུ་བསྟན། །ལག་པ་གཡས་པ་ལྷོ་ཡི་ཕྱོགས། །ལག་པ་གཡོན་པ་ནུབ་ཀྱི་ཕྱོགས། །རྐང་པ་གཡས་པ་ཤར་གྱི་ཕྱོགས། །རྐང་པ་གཡོན་པ་བྱང་གི་ཕྱོགས། །དེ་ལྟར་གན་རྐྱལ་བཞག་བྱས་ལ། །ད་ནི་ཕུར་པ་དགོད་བྱ་སྟེ། །མིག་དང་རྣ་བ་སྣ་དང་ལྕེ། །ལག་གཉིས་རྐང་གཉིས་ཕོ་མཚན་དང་། །ལྐོག་མ་དེ་བཞིན་སྙིང་ག་དང་། །ལྟེ་བ་པུས་མོ་དཔུང་བ་གཉིས། །གྲུ་མོ་དེ་བཞིན་ལོང་བུ་གཉིས། །མཚོག་མ་དེ་བཞིན་སྤྱི་བོ་དང་། །དཀུ་དང་དེ་བཞིན་མཆན་ཁུང་གཉིས། །དཔྲལ་བ་རྣམས་སུ་གདབ་བྱས་ལ། །ཕུར་པ་དེ་དག་


DNG016_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཡི་སྐུར། །རབ་ཏུ་བརྟགས་ཏེ་གོམས་པ་དང་། །རང་བཞིན་གནས་ནས་གཤེགས་པ་དང་། །ཏིང་ངེ་འཛིན་དུ་བསྒོམས་པ་དང་། །གཟུགས་བརྙན་ནང་དུ་བཀོད་པ་གསུམ། །ཚད་པས་གདུངས་པའི་བྱེ་མ་ལ། །མར་ཞུ་དེ་བཞིན་ཐིམ་པ་བཞིན། །གཉིས་སུ་མེད་པར་ཤེས་བྱ་ལ། །གོང་དུ་བསྟན་པའི་ལྷ་རྣམས་ནི། །རྣམ་ཤེས་བཞི་དང་དབང་པོ་བཞི། །དེ་ལས་གྱུར་པའི་ཡུལ་རྣམས་ནི། །བརྒྱད་པོ་ངང་དུ་ཤེས་པར་བྱ། །སྒོ་མ་ལུས་ལ་གྲགས་པའོ། །ཐབས་དང་ཤེས་རབ་འདྲེལ་པའི་ཕྱིར། །སྟེང་འོག་ཁྲོ་བོ་དེ་ལས་གྱུར། །དེ་དག་ཀུན་གྱི་སྐུ་གསུང་ཐུགས། །མ་མོ་གསུམ་གྱིས་ང་ཉིད་དེ། །ཡབ་ནི་ཀུན་ལ་ཁྱབ་པ་ལ། །ཡུམ་ནི་ཀུན་ལ་སྡུད་པ་སྟེ། །བྱ་བ་བྱེད་པ་བདག་ཉིད་དོ། །ཕུང་པོ་ཀུན་ལ་ཁྱབ་པ་ལ། །མཉེས་པས་ཕུལ་ཕྱིན་ལྷ་ཡི་ཚོགས། །འགྲོ་དྲུག་ཀུན་ལ་མ་ལུས་སྣང་། །དེ་ལྟར་ལས་རྣམས་ཟིན་པ་དང་། །ཞག་གྲངས་དུ་བྱ་དམ་ཡང་བཅའ། །དངོས་གྲུབ་ཐོབ་པར་འདོད་པ་ཡི། །རྣལ་འབྱོར་ཆེན་པོས་ཏིང་འཛིན་གསལ། །དེ་ལྟར་བྱས་ནས་མི་ལ་སོགས། །ཐམས་ཅད་དབང་དུ་འདུ་བར་གསུངས། །དགྲ་བགེགས་ལ་ལྟ་སྨོས་ཅི་དགོས། །དྲག་པོའི་ཕྲིན་ལས་གྲུབ་འདོད་པས། །དགྲ་བོའི་མིང་བྱང་བྲིས་བྱས་ལ། །བམ་གྱི་ཁ་ཡི་ནང་དུ་གཞུག །རྡོ་རྗེ་རྒྱ་གྲམ་རྒྱ་ཡིས་གདབ། །ཧེ་རུ་ཀ་ཡི་ཕྱག་རྒྱས་མནན། །ཡུངས་ཀར་རྒྱལ་པོས་དྲག་ཏུ་བརྡེག །རྒྱ་ཤུག་བཀུས་པས་དྲག་ཏུ་བླུགས། །ཉི་མ་བཞི་ལ་དྲག་ཏུ་བརྡེག །སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད། །དམ་རྫས་མཆོད་པ་ཤིན་ཏུ་དགྲམ། །རྣལ་འབྱོར་ཏིང་འཛིན་དྲག་ཏུ་བྱ། །ཡེངས་ན་བར་ཆད་འབྱུང་བར་འགྱུར། །གཡེང་བར་མི་མཛད་ཁྲོ་བོས་གསུངས། །དེས་ནི་ལས་ཀྱི་འབྲས་བུ་ཡང་། །ཤིན་ཏུ་ཟད་པ་མེད་པ་སྟེ། །མཁའ་ལ་འཕུར་དང་ས་ལ་འཛུལ། །ཆུ་ལ་བྱིང་མེད་མངོན་ཤེས་ལྡན། །ཞེས་གསུངས་སོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་བཞི་འཁོར་ལོ་གསང་བའི་རྒྱུད་ལས། རོ་ལངས་ཀྱི་སྒྲུབ་པ་ལ་ངན་སྔགས་ཀྱི་ཕུར་བུས་གདབ་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་


DNG016_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་ཉིད་རང་བཞིན་ལྷུན་གྱིས་གྲུབ་པ་འདི་ཆེད་དུ་བརྗོད་དོ། །ཡེ་ཤེས་འཁྱིལ་པའི་དཀྱིལ་འཁོར་བསྐྱེད་སྟེང་ན། །ཡེ་ཤེས་ཉི་མ་གསལ་བའི་ཐིག་ཕྲན་གདབ། །མུ་ཁྱུད་ཟླུམ་པོ་སྦྲུལ་གྱི་ཞགས་པ་བྲི། །སྟེགས་བུ་ཕྱོགས་མཚམས་ཕུར་བུས་བསྐོར་བར་བྱ། །དེ་ལྟར་བྲིས་པའི་དཀྱིལ་དུ་དགོད་པ་ནི། །ཨོཾ་ནི་དབུས་ཀྱི་ལྟེ་བ་ལ། །ཤར་དུ་ཧྲི་ལ་ལྷོ་རུ་སྟཾ། །ནུབ་ཕྱོགས་ཧུྃ་ལ་བྱང་དུ་ཧ། །བྱང་ཤར་མཚམས་སུ་ཛ་ཞེས་པ། །ཤར་ལྷོ་ཏྲི་ལ་ལྷོ་ནུབ་མེ། །ནུབ་བྱང་ཨ་ལ་རབ་ཏུ་རྟེན། །རྟེན་པའི་ཡི་གེ་དེ་བཀོད་ནས། །དབུས་སུ་བསྟན་པར་བསྒོམ་པ་ནི། །གཤིན་རྗེ་སྟེ་སྐུ་དམར་ནག་ལ། །དབུ་གསུམ་པོ་ལ་ཕྱག་ཀྱང་དྲུག །དབུ་ལ་ཐོད་པ་ཚལ་གྱིས་བརྒྱན། །ཞལ་གཡས་སྨུག་ནག་གཡོན་ལྗང་བ། །དབུས་ནི་སྐུ་དང་རབ་མཐུན་པ། །སྐུ་ལ་ཐོད་པ་བརྒྱན་གྱི་ཚལ། །ཞབས་བཞི་བརྐྱང་བསྐུམ་དུ་བཞུགས་པ། །ཡབ་ཀྱི་སྐུ་ལ་རབ་འཇུག་པ། །གཡོན་ཕྱོགས་གནས་པ་གོང་མ་བཞིན། །ཨོཾ་ཨ་མྲྀ་ཏ་ཏ་ཀ་སརྦ་ཨ་མྲྀ་ཏ་ཀྲོ་ཏ་ཧཱུྃ་ཕཊ། ཨོཾ་ཨ་མྲྀ་ཏ་ཀྲོ་ཊ་ཧཱུྃ་ཕཊ། དེ་ལྟར་ཡབ་ཡུམ་གསལ་བར་བསྐྱེད། །པདྨའི་གདན་ལ་རབ་བཞུགས་པའོ། །འཁོར་ལ་སོགས་པའི་རིམ་པ་ནི། །བསྐྱེད་པ་གོང་མའི་རིམ་པའོ། །རྟག་ཏུ་བཟླས་པ་བསྙེན་པའི་སྔགས། །མི་དྲག་མི་བུལ་མི་ཞན་པར། །ཏིང་འཛིན་གསལ་བར་བསྒོམ་བྱས་ཏེ། །ཞི་ལ་འཚེར་བའི་ཏིང་འཛིན་ལ། །རི་རབ་དབུས་ཀྱི་ལྟེ་དབུས་ལ། །རབ་བརྟན་འོག་གི་གོ་གོ་ནས། །རྡོ་རྗེ་ཚེ་ཡི་དབང་སྩོལ་ཏེ། །ཕྱོགས་བཅུ་གདུག་པའི་ཚེ་འདྲེན་ཏེ། །གདུག་པ་མ་ལུས་འགུགས་པར་འགྱུར། །ཚེའི་སྙིང་པོ་འདི་རྟག་ཏུ་བཟླས། ཨོཾ་ས་མ་ཡ་མཉྫུ་ཤྲཱི་མུ་ཏྲ་ཨ་ཀོ་ཨཱ་ཡུ་ཕ་ལ་སི་ཏི་ནི་བྲུཾ་ཨ། དེས་ནི་ཚེ་ཡི་དབང་ཐོབ་ནས། །སངས་རྒྱས་སྐུ་དང་མཉམ་པ་དང་། །བསྐལ་པ་མ་ཞིག་བར་དུ་ནི། །ལོ་ལྔ་ལོན་པ་བཞིན་དུ་གནས། །དེ་ནས་བསྐུལ་བའི་གནས་འདི་གསུངས། །ཨེ་མའོ་ཕྱོགས་བཅུ་ཀུན་ནས་འདུས་པ་ཡི། །ཡེ་ཤེས་རྒྱལ་པོའི་ཐིག་ལེ་འདི། །གསང་ཆེན་རྨད་དུ་བྱུང་བ་སྟེ། །རྒྱུ་དྲུག་འཁོར་བའི་སེམས་ཅན་རྣམས། །ཡེ་ནས་


DNG016_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུན་གྱིས་གྲུབ་པའི་བཅུད། །ཐམས་ཅད་མ་ལུས་ཆོས་སོ་ཅོག །ཆོས་ཀྱི་སྐུ་འམ་ཆོས་ཀྱི་དབྱིངས། །དོན་དམ་ཚིག་དང་མངོན་སུམ་པ། །དངོས་པོ་མཚན་མ་ཐམས་ཅད་ལས། །ཁྱབ་པའི་མྱ་ངན་ཐུགས་རྗེ་ཆེ། །ཕྲ་མོ་སེམས་ཀྱི་རང་བཞིན་ཏེ། །གཏི་མུག་མུན་པ་སེལ་བ་སྟེ། །ཉོན་མོངས་དྲི་མ་ཀུན་དང་བྲལ། །ཤིན་ཏུ་སད་པ་མྱ་ངན་འདས། །ཐུགས་རྗེའི་རང་བཞིན་གཤིན་རྗེ་སྟེ། །རྡོ་རྗེ་ཚེའི་རང་བཞིན་མི་འགྱུར་བའོ། །ཞེས་གསུངས་པས་ཕྱོགས་བཅུ་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་རྔམ་པའི་ཞལ་ནས་འདི་སྐད་ཅེས་གསུངས་སོ། །ཨེ་མའོ་ཕྱོགས་བཅུའི་འཇིག་རྟེན་ཡེ་ནས་དབེན། །བདེར་གཤེགས་ཐམས་ཅད་ཡེ་ནས་ལྷུན་གྱིས་གྲུབ། །མཐའ་གཉིས་སྤངས་པའི་ཡེ་ཤེས་ལྷུན་རྫོགས་པའི། །ཕྱོགས་བཅུའི་སྟོང་ཁམས་འཇིག་རྟེན་རྒྱན་དུ་བཅས། །ཐབས་དང་ཤེས་རབ་ཀྱིས་ནི་དབང་བསྐུར་ན། །བདུད་དང་སྲིན་པོ་ལོག་འདྲེན་ཚེ་བསྡུས་ཏེ། །དབང་བསྐུར་གནང་བ་དེས་ཀྱང་བྱིན་བསྐྱེད་དེ། །ཤར་ཕྱོགས་དྲི་ཟའི་གནས་ནས་ཚེ་དྲོངས་ཤིག །ཨོཾ་བཛྲ་ཀུ་ལ་ཨེ་སྭ་ཤྭ་ར་ན་ཧ་ཧ་ཧོ་ཧོ་ཧུྃ་ཧུྃ། ཞེས་ནི་དབྱངས་དང་བཅས་པ་ཡིས། །རྡོ་རྗེ་རིགས་ལས་གྲུབ་པ་ཡི། །བདེ་བར་གཤེགས་པ་ཐམས་ཅད་ཀྱིས། །མགོན་པོ་གཤིན་རྗེ་ཚེ་དབང་བསྐུར། །དེ་ནས་རིན་པོ་ཆེའི་ཚེའི་དབང་བསྐུར་བའི་ཕྱིར་འདི་གསུངས་སོ། །ཨེ་མའོ་རིན་ཆེན་འཆང་བ་ཀུན་གྱི་བདག །འཇིག་རྟེན་དབང་ཕྱུག་དབང་བྱེད་པ། །གཙོ་མཆོག་ཁྱབ་པར་བྱིན་བརླབས་ཏེ། །མི་འགྱུར་རིགས་ཀྱི་ཚེ་ཐོབ་ནས། །ལྷོ་ཕྱོགས་གཤིན་རྗེའི་གནས་ནས་ཚེ་དྲོངས་ཤིག །ཨོཾ་རཏྣ་ཀུ་ལ་ཨཱ་ཡུ་ཧེ་ཧེ་ཧོ་ཧོ་ཧྃ། རིན་ཆེན་དགྱེས་པའི་དབང་བསྐུར་བས། །ཁྱད་པར་བྱིན་བརླབས་ཐོབ་གྱུར་ཅིག །དེ་ནས་པདྨ་རིགས་ཀྱི་ཚེའི་དབང་འདི་ཡང་གསུངས་སོ། །ཨེ་མའོ་ཁྲོ་གཏུམ་རྔམ་པའི་ཚོགས། །པདྨ་རིགས་ཀྱི་དབང་ཕྱུག་སྟེ། །སྣང་བ་མེད་ལས་ལྷུན་གྱིས་གྲུབ། །རྡོ་རྗེ་འཆང་གིས་དབང་བསྐུར་བས། །ཀླུ་འདུལ་ཚེ་ཡི་དབང་ཐོབ་ཤོག །


DNG016_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་ཀུ་ལ་ཨཱ་ཡུ་ཧེ་ཧེ་ཧོ་ཧོ་ཧྃ། ལྷུན་གྱིས་གྲུབ་པ་ཚེ་ཡི་དབང་། །ཐོགས་མེད་དམ་པ་ཐོབ་པར་ཤོག །དེ་ནས་ལས་ཀྱི་རིགས་ཀྱི་ཚེའི་དབང་བསྐུར་བ་འདི་བརྗོད་དོ། །ཨེ་མའོ་རང་བཞིན་མཚན་མ་མེད་པ་ཡི། །ཡེ་ཤེས་ལྔ་ལྡན་ཕྲིན་ལས་གཙོ། །གཉིས་སུ་མེད་པ་ལས་ཀྱི་རིགས། །ལས་རྣམས་ཐམས་ཅད་དབང་བསྐུར་བས། །གནོད་སྦྱིན་གདོན་ལས་ཚེ་དྲོངས་ཏེ། །གནོད་སྦྱིན་བགེགས་འདུལ་དབང་ཐོབ་ཤོག །ཨོཾ་ཀརྨ་ཀུ་ལ་ཨཱ་ཡུ་ཧེ་ཧེ་ཧོ་ཧོ་ཧྃ། ཞེས་བརྗོད་པས་ཐམས་ཅད་ཚེའི་དབང་ཉིད་དུ་གྱུར་ཏེ། ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཚད་མེད་བཞི་ཡི་ཐུགས་རྗེས་ཀྱང་། །ཉོན་མོངས་དགྲ་རྣམས་ཞི་གྱུར་ཅིག །ཅེས་ཕྱོགས་བཅུ་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཚེའི་དབང་བསྐུར་རོ། །འཕགས་པ་ལས་བཞིའི་འཁོར་ལོ་གསང་བའི་རྒྱུད་ལས། འཇམ་དཔལ་ཚེ་སྒྲུབ་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་གཤིན་རྗེའི་བདག་ཉིད་དེ། མཐར་བྱེད་འབྱུང་བ་དེ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་ལས་བྱུང་ངོ་། །གཤིན་རྗེ་ལས་ཀྱི་ཕྲིན་ལས་འདི། །མྱོས་དང་མགོ་འཁོར་བྱེད་པ་དང་། །ཡིད་འཁྲུག་ཁྲག་ཏུ་སྐྱུག་པར་བྱེད། །ལོག་འདྲེན་རྣམ་པ་དྲུག་ཏུ་བསྟན། །ལོག་འདྲེན་མཐར་བྱེད་དཀྱིལ་འཁོར་ནི། ། བཅུ་གཉིས་འཁོར་ལོ་རྩིབས་ཅན་དེ། །ཡི་དྭགས་ཀྱི་ནི་གོས་ལ་བྲི། །སུམ་བརྩེགས་ལྡན་པའི་མུ་རན་ལ། །དབྱངས་ཀྱི་ཡི་གེས་ཀུན་ཏུ་བསྐོར། །ཧྲིཥྚིའི་སྔགས་ཀྱིས་གནོན་བྱས་ལ། །ཐ་ལ་ཐོད་པ་གཏང་བར་བྱ། །དེ་ནས་སྔགས་ཀྱིས་དགང་བར་བྱ། །ཡ་མ་ན་ཏེ་ར་ཙའི་ཚོགས། །ས་སྟེ་འབྱུང་བྱེད་དོ་ཡི་རྟེན། །མེ་སྟེ་ཐམས་ཅད་སྲེག་པའོ། །བདག་ཉིད་གཤིན་རྗེ་མཐར་བྱེད་སྐུར་བསྐྱེད་ལ། །ཡུམ་ཡང་དེ་རུ་བསྒོམ་བྱས་ལ། །ཕྱོགས་བཅུ་གདུག་པ་ཐམས་ཅད་ཀུན། །མ་ལུས་ཚམ་ངམ་དྲག་པར་བྱ། །བཟླས་པའི་སྙིང་པོ་མ་ནོར་བར། །སྒྲ་དང་འདུ་བྱེད་རབ་སྤངས་ཏེ། །བདེ་ཞིང་ཡིད་འོང་གནས་དག་ལས། །རབ་ཏུ་སྡང་མིག་སྡང་སེམས་བཅས། །སྒྲ་དང་བཅས་པའི་སེམས་སྤངས་ཏེ། །ཉི་མ་ཤར་ནས་ནུབ་ཀྱི་བར། །རྒྱུན་དང་དུས་སུ་བསྟན་པའོ། །


DNG016_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

བར་བར་བསྐུལ་བའི་ལས་བྱ་ཞིང་། །བཅོལ་བའི་ལས་དག་རབ་ཏུ་བརྗོད། །དེ་ནས་བཅོམ་ལྡན་འདས་ཁྲོ་བོ་གཤིན་རྗེའི་ཚོགས་ཐམས་ཅད་ཡུམ་བཙུན་མོ་དང་གཉིས་སུ་མེད་པར་བྱས་ཏེ། བཟླས་པའི་སྔགས་འདི་སྐུ་དང་གསུང་དང་ཐུགས་ལས་ཕྱུང་ངོ་། །ཨོཾ་ཧྲཱྀ་ཥྟྲི་བི་ཀྲི་ཏཱ་ན་ན། ཧུྃ་ཧུྃ་པ་ན་ཨ་ནུད་བྷ་བ། སརྦ་དྷརྨ་ཙ་ཙཱརྱ་ཨ་ཏི་བ་ཧྃ། ཨོཾ་ལྃ་ཡྃ་ཨྃ། བཛྲ་བོ་དྷི་ཏ་ཐཱ་ག་ཏ་ཀྲོ་དྷི་ཤྭ་རི། ཨ་བྱི་ཏ་བཛྲ་ཀྲོ་དྷི་ཤྭ་རི། ཧེ་ཧེ་ཧྃ་ཧྃ། སྔགས་འདི་རབ་ཏུ་བརྗོད་བྱས་པས། །ཁ་དོག་ཆེ་ཞིང་ལུས་པོ་ཆེ་བ་དང་། །རྒྱ་དག་ཡོངས་སུ་མ་ཆད་ཐམས་ཅད་ནམ་མཁའ་སྟེ། །གསལ་བའི་ཤེས་རབ་ཐམས་ཅད་ནམ་མཁའ་འདྲ། །མཐར་ཕྱིན་སྔགས་ཀྱི་ལུང་ལ་མཁས་པར་བྱ། །དེ་ཡི་སྦྱོར་བ་ཐམས་ཅད་དགྱེས་སྐོངས་ཤིང་། །དབང་སྡུད་སྔགས་སྟེ་དྲག་པོའི་ལས་དང་སྦྱར། །མི་དམིགས་གཙོ་བོའི་སྔགས་དང་ཕྱག་རྒྱར་གནས། །སྒྲོལ་དང་མཐར་ཕྱིན་ཕྲིན་ལས་གནས་སུ་བསྟན། །ཏིང་འཛིན་རིམ་པ་འདི་དག་ལྡན་པར་བྱ། །ཁྲོ་བོ་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་དང་། སྒྱུ་མ་ལ་དབང་སྒྱུར་བའི་ཏིང་ངེ་འཛིན་དང་། གོ་འཕང་ཆེན་པོ་ལ་སྦྱར་བའི་ཐབས་ཀྱི་ཏིང་ངེ་འཛིན་དང་། རྗེས་སུ་བསྟན་པའི་ཆོ་འཕྲུལ་དང་ལྡན་པའི་ཏིང་ངེ་འཛིན་དང་། ཐུགས་རྗེས་ཞེ་སྡང་སྒྲོལ་བའི་ཏིང་ངེ་འཛིན་དང་། ཤེས་རབ་ཀྱིས་འདོད་ཆགས་སྒྲོལ་བའི་ཏིང་ངེ་འཛིན་དང་། ཡེ་ཤེས་ཀྱིས་གཏི་མུག་སྒྲོལ་བའི་ཏིང་ངེ་འཛིན་དང་། ཡོན་ཏན་གྱིས་ང་རྒྱལ་འཇོམས་པའི་ཏིང་ངེ་འཛིན་དང་། འབད་པ་མེད་པའི་བརྩོན་འགྲུས་ཀྱིས་ཕྲག་དོག་འཇོམས་པའི་ཏིང་ངེ་འཛིན་ཏོ། །དེ་དག་འཇོམས་པའི་སྔགས་ནི་འདི་དག་གོ། །པྲཛྙཱ་ཀུ་ལ། ཛྙཱ་ན་ཀུ་ལ། དྷ་ཀ་ཀུ་ལ། གུ་ན་ཀུ་ལ། བཱིརྱ་ཀུ་ལ། བྷཱུ་ཏ་ཀུ་ལ། བཛྲ་ཀུ་ལ། པདྨ་ཀུ་ལ། ཀརྨ་ཀུ་ལ། རཏྣ་ཀུ་ལ། སརྦ་ཏ་ཐཱ་ག་ཏ་ཧོ། ཞེས་བརྗོད་ནས་འདི་སྐད་ཅེས་གསུངས་སོ། །དཔེར་ན་མེ་དང་འོད་བཞིན་དུ། །འོད་ལ་སྦྲང་མ་འདུ་ན་ཡང་། །མེ་ལྕེའི་དྲོད་ནི་འོད་ལ་ཡོད། །འོད་


DNG016_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་སྦྲང་འཚིག་ཅི་བཞིན་དུ། །སྐྱོན་གྱིས་དྲི་མ་ཐམས་ཅད་དང་། །བདུད་དང་མུ་སྟེགས་ལོག་འདྲེན་དང་། །མི་མཐུན་པ་ཡི་དགྲ་དང་བགེགས། །ཤེས་རབ་ཐབས་ཀྱིས་གཟིར་གནོན་པའི། །མེ་ལྕེ་དང་ནི་སྦྲང་མ་འདྲའོ། །ཐ་དད་པ་ཡི་མི་མཐུན་པའང་། །འཕགས་པ་འཇམ་དཔལ་གཤིན་རྗེ་ཉིད། །འཁྲིགས་པ་མེད་ཅིང་སྒྲོལ་བར་བྱེད། །མི་སྐྱེ་ཡེ་ཤེས་རལ་གྲི་ཡིན། །ཉོན་མོངས་སྡུག་བསྔལ་དྲལ་བྱས་ནས། །གནས་དང་གནས་མ་ཡིན་པ་ཡི། །རྒྱུ་དང་རྒྱུ་མ་ཡིན་པ་ཡི། །ཉོན་མོངས་སེམས་ཅན་མཐོ་རིས་གནས། །བསྒྲལ་བའི་ཞིང་དུ་སྨོས་པ་དེ། །དེ་ལ་དེ་བཞིན་དྲག་ཏུ་བྱ། །རིགས་དང་ལོ་གྲངས་མཐུན་པ་ལ། །དེ་བཞིན་བྱས་ན་སྐྱོན་པ་སྟེ། །དེ་དག་ཡོངས་སུ་ཤེས་པར་བྱ། །ལས་དང་བྱ་བ་རྩོལ་བ་རྣམས། །ཉམས་ཀྱི་ཕྱག་རྒྱ་རང་དོན་སད། །དེ་རྟགས་དཀའ་བ་མི་འགྱུར་ཏེ། །མི་ལ་ཡ་ཡི་འོག་གོས་ལ། །གི་ཝང་དག་གིས་བྲིས་བྱས་ཏེ། །འོག་ནས་འབྱུང་བའི་གསང་སྔགས་དང་། །གང་བྱ་སྤེལ་ལ་བྲིས་བྱས་ལ། །རཀྟ་དག་གི་ཁ་ཆུས་བྲན། །ཐུབ་པ་དྲུག་གི་སྙིང་པོ་བྲི། །གསང་བའི་སྔགས་འདི་དྲག་ཏུ་བརྗོད། །ཨོཾ་ཧྲི་ཤྚྲྀ་ཀྲོ་དྷ་བི་ཀྲི་ཏ། ཧྲི་ཤྚྲྀ་ཀྲོ་དྷི་མ་ར་ཏ། པྲ་སང་ཧེ་ཏེ་བ་མུ་ཀ །ཧེ་ཧང་ཧེ་ཧང་། ཀཱ་ལ་རཱུ་པ་ཧུྃ་ཧུྃ་ཕཊ་ཕཊ་ཨ། དེ་སྐད་གསུང་གི་སྒྲ་བསྒྲགས་པས། །དགྲ་དང་བགེགས་དང་མུ་སྟེགས་དང་། །བདུད་དང་སྲིན་པོ་མ་ལུས་རྣམས། །གཟིར་ཅིང་གནོན་པ་དྲག་ཏུ་བྱ། །མི་མཐུན་ཕྱོགས་ཀྱི་འབྱུང་པོ་དེ། །གདུལ་བར་བྱ་བའི་དོན་ཆེད་དུ། །ཁྲོ་བོའི་སྐུ་རུ་བསྒོམ་བྱས་ཏེ། །ཐམས་ཅད་བསྒྲལ་བར་བྱ་བ་ཡི། །རང་བཞིན་གྲུབ་པ་འདི་གསུངས་སོ། །ཨོཾ་པྲ་མཱརྟ་ན། ན་མོ་བཛྲ་བཛྲ་ཀི་མོ་ན་ཏ། ཨ་ཧང་པྲ་ཁུམ་ཁུམ་མོ་མུ་སྡི་སྭཱ་ཧཱ། དེ་སྐད་ཅེས་ནི་གསུངས་པ་ཡིས། །རང་བཞིན་གྱིས་ནི་དབང་དུ་འགྱུར། །བདུད་རྣམས་དག་ནི་ཁྲོ་ཞིང་གཏུམ། །སྲིན་པོ་དག་ནི་འཇིགས་ཤིང་རྔམ། །མུ་སྟེགས་ལོག་འདྲེན་རྒོལ་བར་བྱེད། །དེ་དག་གདུལ་བར་བྱ་བའི་ཕྱིར། །ཕྲིན་ལས་དམ་པ་འདི་བརྩམས་སོ། །དཀྱིལ་འཁོར་སྔ་མ་བཞིན་བྲིས་ལ། །དབུས་ཀྱི་ཕྲོ་བྲང་ལྟེ་བ་ལ། །བདུད་རྣམས་


DNG016_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

འདུལ་བའི་སྙིང་པོ་བྲི། །ཤར་གྱི་འཁོར་ལོའི་རྩིབས་སྟེངས་སུ། །དྲི་ཟ་དབང་བསྡུའི་སྙིང་པོ་བྲི། །ལྷོ་ཡི་ཕྱོགས་ཀྱི་འཁོར་ལོ་ལ། །མུ་སྟེགས་སྒྲོལ་བའི་སྙིང་པོ་བྲི། །ནུབ་ཀྱི་ཕྱོགས་ཀྱི་འཁོར་ལོ་ལ། །ཀླུ་རྣམས་ཚར་གཅོད་སྙིང་པོ་བྲི། །བྱང་གི་ཕྱོགས་ཀྱི་འཁོར་ལོ་ལ། །གནོད་སྦྱིན་ཚོགས་རྣམས་དབང་སྡུད་བྲི། །ཧུྃ་བིགྷ་ནན། ཧུྃ་རཀྴ་ནན། ཨོཾ་ཏིར་ཏི་ཀ་ནན། ཨོཾ་མར་ན་ནན། མཚམས་ཀྱི་དཀྱིལ་འཁོར་ལྟེ་དབུས་སུ། །མཚམས་ཀྱི་བགེགས་གནོན་སྙིང་པོ་བྲི། །ཧུྃ་དྷ་ཧུྃ་པཱཿཧུྃ་ལཱ། ཧུྃ་སྭཱ། གྲུ་ཆད་རྣམ་པ་བཞི་པོ་ལ། །ཐོད་པ་རློན་པ་བྲི་བར་བྱ། །མུ་ཁྱུད་ཐོད་པའི་ཕྲེང་བ་གཏང་། །ཕྱི་རོལ་སྦྲུལ་གྱིས་ཡོངས་སུ་དགང་། །དེ་ལྟར་དཀྱིལ་འཁོར་ཟིན་པ་དང་། །རྣམ་པར་འཚེ་བའི་གཟུགས་རྣམས་ཀུན། །ཁམ་པ་རྫ་ཡི་གའུ་ལ། །གཟུགས་སུ་ཡོངས་སུ་བྲི་བྱ་སྟེ། །དབུས་སུ་ཡོངས་སུ་གཞག་པར་བྱ། །ཁ་དོག་དམར་པོས་བཅིངས་ནས་ནི། །རྩེ་གཅིག་ཕྱག་རྒྱ་བཅས་བྱས་ལ། །གསང་སྔགས་འདི་ཡང་འབུམ་ཁྲི་བརྗོད། །ཨོཾ་པྲ་མ་རྟ་ན་མོ་ཧ་སྲ་བཛྲ་ཛ་ཀི་མོ་ན་དྷ་ཨ་ཧང་པྲ་ཁུ་མ་མོ་ཐ་ཐ་སྭཱ་ཧཱ། ན་མོ་དོ་གི་ཁདྟ་མུ་པྲ་པ་ཐ་བྱི་ཐ་ཨུ་སྟེ་ནི་ནན་སརྦ་ཏ་ཏ་ན་ཕཊ། ཕྱག་རྒྱ་དེ་དང་བཅས་པས་བརྡེག །ཞག་གསུམ་བཟླས་པ་བྱས་ན་ནི། །བགེགས་དང་ལོག་འདྲེན་དབང་དུ་འདུས། །གཞན་ཡང་དེ་བཞིན་བཞུགས་པའི་ཁྲོ། །དཀར་དང་དམར་དང་སེར་བ་དང་། །སྨུག་ནག་ལྗང་ནག་ཁམ་པ་དང་། །སོ་སོའི་ཆ་ལུགས་རྔམ་པའི་གཟུགས། །མགོན་པོ་གཤིན་རྗེ་ནག་པོ་ཡིས། །བགེགས་དང་ལོག་འདྲེན་གཟིར་ཅིང་གནོན། །རྔམ་པའི་ཞལ་དུ་འདི་བསྟབས་སོ། །ཨོཾ་ཆེ་གེ་མོ་ཁ་རམ་ཁཱ་ཧི། ཨོཾ་ཧྲི་ཤྚྲྀ་ཆེ་གེ་མོ་ཁ་རམ་ཁཱ་ཧི། ཨོཾ་ཀཱ་ལ་རཱུ་པ་ཆེ་གེ་མོ་ཁ་རམ་ཁཱ་ཧི། ཧུྃ་ཧུྃ་ཕཊ་ཕཊ་ཨ། ཉིན་ཞག་གསུམ་གྱི་བར་དུ་བཟླས། །དེ་ནས་ཕྱག་རྒྱ་གསུམ་བཅས་ཏེ། །ཡང་ནས་ཡང་དུ་གཟིར་ཅིང་གནོན། །ཕྱག་རྒྱ་དེ་དང་གསང་སྔགས་འདིས། །ལན་གྲངས་སྟོང་རྩ་གཅིག་ཏུ་བརྡེག །ཨོཾ་ཧྲི་ཤྚྲྀ་བཛྲ་ཡ་ཡ་ན་པརྣ་སུ་པུཏྟ་ཧུྃ་ཧུྃ་ཕཊ་ཕཊ་ཨ། ལས་དང་


DNG016_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་དང་སྔགས་དང་ནི། །ཕྱག་རྒྱ་བརྩོན་འགྲུས་མ་ཡེངས་པར། །འབུམ་མམ་གྲངས་ནི་ཅི་མང་དུ། །ཡང་ནས་ཡང་དུ་ནན་ཏན་བྱ། །ཞེས་བཅོམ་ལྡན་འདས་འཇམ་དཔལ་འཇིགས་བྱེད་ཀྱི་རྒྱལ་པོས་རབ་ཏུ་གསུངས་སོ། །འཕགས་པ་ལས་བཞི་འཁོར་ལོ་གསང་བའི་རྒྱུད་ལས། ལོག་འདྲེན་མཐར་བྱེད་ཀྱིས་མནན་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་བཅོམ་ལྡན་འདས་གཤིན་རྗེའི་བདག་ཉིད་དེས་མཐར་བྱེད་འབྱུང་བ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་ཡོན་ཏན་ཕྲིན་ལས་ལས་ཕྱུང་ངོ་། །གནོད་སྦྱིན་མཐར་བྱེད་ཕྲིན་ལས་འདི། །དཀྱིལ་འཁོར་སྔ་མ་བཞིན་བྲིས་ལ། །བཟླས་པའི་སྙིང་པོ་བྲི་བར་བྱ། །ཡ་སྟེ་སྐྱེད་པ་མེ་སྟེ་སྲེག །ཏོས་ལ་སྙིང་རྗེ་རུ་ལ་ཆགས། །ནྫ་ནི་འབྱུང་བྱེད་ཡབ་ཀྱི་གསང་། །ཡོ་ལ་ཀུན་འབྱུང་ཏ་ལ་བསྡུ། །བདག་ཉིད་ལས་ཀྱི་མཐར་བྱེད་སྐུ། །ཡབ་ཡུམ་གཉིས་མེད་རོལ་པ་ལས། །བྱང་ཆུབ་སེམས་ཀྱི་འོད་ཟེར་འཕྲོ། །འཛུམ་དང་བཅས་པས་ཡུལ་ལ་འབུལ། །བྱང་ཆུབ་བླ་མེད་སངས་རྒྱས་ལ། །མཆོད་ཅིང་ཅི་ལྟར་མཛད་པ་ལྟར། །བདག་ཀྱང་རབ་ཏུ་བསྒྲལ་སླད་དུ། །ཏིང་འཛིན་འདུ་བ་ནམ་མཁའ་འདྲ། །ཞེས་གསུངས་པས་ཕྱོགས་བཅུའི་གདུག་པ་ཅན་ཐམས་ཅད་སྤ་ཀོང་སྟེ་དྲེད་ནས་མྱོས་པར་གྱུར་ཏེ། དཔེར་ན་མི་ར་རོ་བ་བཞིན་ནོ། །དེ་ནས་ནན་ཏན་གྱི་ཕྲིན་ལས་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་ཡོན་ཏན་ཕྲིན་ལས་ལས་ཕྱུང་ངོ་། །གདུག་པ་མ་ལུས་འདུལ་མཛད་པ། །ཁྲོ་བོ་ཆེན་པོ་ཧཱུྃ་སྒྲ་ཅན། །ལས་རྣམས་མཐར་བྱེད་ཕྲིན་ལས་སྐུ། །གནོད་སྦྱིན་སྡང་སེམས་ལྡན་པ་ཀུན། །བར་ཆད་བྱ་བར་སེམས་པ་སྟེ། །དེ་དག་ཟིལ་གྱིས་གནོན་པའི་ཕྱིར། །སྐུ་མདོག་ནག་པོ་ཆེན་པོ་སྟེ། །དབུ་སྐྲ་ཁམ་ནག་གྱེན་དུ་འཁྱིལ། །ཐོད་པ་ཚར་གསུམ་དབུ་རྒྱན་ཅན། །ཕྱག་གཡས་ཞིང་ཆེན་གཡོན་བྷན་དྷ། །སྤྱན་གསུམ་མཆེ་གཙིགས་ཞབས་ཀྱང་བརྐྱང་བསྐུམ་སྟེ། །མི་མཐུན་བགེགས་དང་སྡང་བའི་དགྲ། །མ་ལུས་དབང་སྡུད་ཕྲིན་ལས་མཆོག་གི་སྐུ། །མི་སྡུག་ཚུལ་འཆང་དྲེགས་པའི་ཁྱོ་ཤུག་ལྡན། །ཞིང་ཆེན་གཡང་གཞི་རྒྱན་དུ་བྱས། །ཞེ་སྡང་དབང་སྡུད་སྟག་གི་ཤམ་ཐབས་


DNG016_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། །ཉོན་མོངས་དབང་སྡུད་གླང་ཆེན་ཀོ་རློན་ཅན། །འདྲེན་པའི་ཁྲོ་རྒྱལ་གདུག་འདུལ་དམ་པ་འདི། །དུས་ངན་ཐ་མའི་སེམས་ཅན་འདུལ་དཀའ་བ། །ཉོན་མོངས་དབང་སྡུད་དཔལ་གྱི་ཞལ་དུ་སྟོབས། །འགྲོ་བ་མ་ལུས་ཐུགས་རྗེས་དབྱིངས་ལ་དགོད། །ཞེ་སྡང་ཤུགས་འཆང་ཁྲོ་བོའི་གཙོ། །གདུག་པར་གྱུར་པའི་དགྲ་བགེགས་འདུལ་མཛད་པ། །ང་རྒྱལ་ལ་སོགས་རྟག་ཏུ་དུག་གསུམ་སྐུ། །ཡེ་ཤེས་ངང་ལས་ཐམས་ཅད་རྫོགས་པར་མཛོད། །ཨོཾ་བཛྲ་ཧྲི་ཤྚྲྀ་བི་ཀྲི་ཏཱ་ན་ན། ཏ་ཐཱ་ག་ཏ་ཡ་མ་ར་ཙ་ཧཱུྃ་ཕཊ་ཨ། ཞེས་པའི་སྔགས་དང་བཅས་ལ་བདག་ཉིད་ལས་མཐར་བྱེད་ཀྱི་སྐུར་བསྒོམས་ལ་ཕྲིན་ལས་བཅོལ་ཞིང་གནོན་པ་དྲག་ཏུ་བཟླས་པའི་སྙིང་པོ་བཟླས་སོ། །དེའི་དུས་སུ་སྦྱིན་སྲེག་བྱེད་ན་ཕྲིན་ལས་བརྩམ་པར་བྱ་སྟེ། མེ་ཐབ་ཨེ་ཡི་དབྱིབས་འདྲ་ལ། །བང་རིམ་སུམ་བརྩེགས་ཁ་ཁྱེར་ཅན། །ངོས་ལ་མེ་ཡི་ཕྲེང་བ་གཏང་། །ཁ་ཁྱེར་རྡོ་རྗེ་ར་བ་ལ། །མུ་རན་ཐོད་པའི་ཕྲེང་བ་སྟེ། །མེ་སྟེ་བསྲེག་བྱ་འཆང་ཞེས་པ། །ཁ་དོག་ནག་པོ་ཤིན་ཏུ་རིད། །ཕྱག་ན་ཞུགས་གླིང་བགྲང་ཕྲེང་དང་། །བེ་ཅོན་རིལ་པ་ཐོགས་པ་སྟེ། །ཚུལ་བཞིན་སྤྱན་དྲངས་གདན་བཞུགས་བསྟོད། །དབང་དང་ཕྱག་ཚང་གཤེགས་པ་རྣམས། །གང་ལྟར་འཚམ་པ་བཞིན་དུ་བྱ། །གཉིས་འོག་རང་བཞིན་ཡ་མའི་སྐུ། །གཉིས་མེད་སྤྱན་དྲངས་བཞུགས་ལ་བཅོལ། །སྦྱིན་སྲེག་ཕྲིན་ལས་ཟིན་པ་དང་། །བཅོལ་བསྐུལ་དག་ཀྱང་རབ་ཏུ་བྱ། །རྫས་ནི་དུག་དང་ལན་ཚྭ་དང་། །སྐེ་ཚེ་སྦྲང་རྩི་ཡུངས་ནག་དང་། །གུ་གུལ་ནག་པོ་ལ་སོགས་པའི། །ལྕགས་འདྲའི་རྫས་ལ་རབ་ཏུ་བསྔགས། །བདག་ཉིད་ལྷ་ཡི་སྐུར་བསྒོམས་ལ། །དཀྱིལ་འཁོར་བྱིན་གྱིས་བརླབས་པ་ཡི། །སྔགས་འདི་རབ་ཏུ་རྩེ་གཅིག་བཟླས། །ཨོཾ་ཧཱུྃ་ཡ་ཁང་མེ་ཏྲ་ཧ་མུ་ཁ་ཧྲི་ཤྚྲྀ་ཡ་མ་ར་ཙ་ཕཊ་ཧུྃ། ཕྱག་རྒྱ་ཟིལ་གནོན་ཕྱག་རྒྱ་བཅའ། །དཀྱིལ་འཁོར་བསྐོར་ཞིང་གསང་སྔགས་བཟླས། །བདག་ཉིད་ནུབ་ཀྱི་ཕྱོགས་འདུག་སྟེ། །ལས་ཀྱི་མཐར་བྱེད་སྐུར་བསྒོམས་ལ། །གསང་སྔགས་མི་བུལ་མི་དྲག་


DNG016_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

པར། །བཟླས་ན་མྱུར་དུ་འགྲུབ་པ་ནི། །ཡིད་འཁྲུགས་མྱོས་ནས་དབང་མེད་འགྱེལ་བ་དང་། །རབ་ཏུ་བརྒྱལ་ནས་ཐལ་བར་འཇིག་པ་དང་། །དེ་རྣམས་མི་འགྲུབ་པ་རུ་ངས་མ་བཤད། །ཅེས་བཅོམ་ལྡན་འདས་དོན་ཡོད་པའི་ཁྲོ་བོས་གསུངས་སོ། །འཕགས་པ་ལས་བཞི་འཁོར་ལོ་གསང་བའི་རྒྱུད་ལས། གནོད་སྦྱིན་མཐར་བྱེད་ཀྱིས་གནོན་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་ཡང་འཇམ་དཔལ་གཤིན་རྗེ་གཤེད་ཆེན་པོས་མཐར་བྱེད་འབྱུང་བ་འདི་སྐུ་དང་གསུང་དང་ཐུགས་ལས་ཕྱུང་ངོ་། །སྲིན་པོ་མཐར་བྱེད་ཕྲིན་ལས་འདི། །དཀྱིལ་འཁོར་བསྒོམ་པ་བྱ་བར་བསྟན། །ཡ་སྟེ་རྒྱུ་ལ་ཏ་སྟེ་རྐྱེན། །ཡོ་ནི་ཀུན་དུ་བསྐུལ་བ་ལ། །ནི་ནི་སྡུད་པའི་དོན་ཡིན་ཏེ། །ཡ་ཞེས་བྱ་བ་ལྷུན་སྟུག་པ། །ཡ་ལ་འདུས་ཏེ་ཀྵེ་ལ་ཐིམ། །བདག་ཉིད་ཆིངས་ཞེས་བྱ་བའི་སྐུ། །དབུ་གསུམ་པོ་ལ་ཕྱག་དྲུག་སྟེ། །གཡས་དཀར་གཡོན་དམར་དབུས་སེར་ནག །ཕྱག་དྲུག་ཕྱག་མཚན་བསྣམས་པ་ནི། །གཡས་པ་བ་སུ་ཏ་ཡི་ཞགས། །གཡས་པར་གསལ་ཤིང་ཐ་མ་ལྕགས་ཀྱུའོ། །གཡོན་གྱི་དང་པོ་ཆུ་སྲིན་བར་མ་ཀ་ཏ་རི། །ཐ་མ་རྡོ་རྗེ་རྒྱ་གྲམ་བསྣམས་པའོ། །སྐུ་སྟོད་གླང་ཆེན་ཀོ་རློན་ལ། །སྐུ་སྨད་སྟག་གི་ཤམ་ཐབས་ཏེ། །ཞིང་ཆེན་གཡང་གཞིས་སྐུ་ལ་བརྒྱན། །གཞན་ཡང་དུར་ཁྲོད་རྒྱན་མཆོག་རྣམས། །མ་ལུས་སྐུ་ལ་རྫོགས་པ་ལ། །བསྐུལ་བའི་དབྱངས་འདི་བླང་བར་བྱ། །མི་ཤིགས་རྡོ་རྗེ་གར་གྱི་བདག །རྡོ་རྗེ་གསང་བའི་གཤིན་རྗེ་སྟེ། །ཕྲིན་ལས་རྒྱལ་པོ་གྲུབ་པའི་ལས། །ཨོཾ་དང་ཨྃ་དང་ཧཱུྃ་ཞེས་པ། །ཨོཾ་ནི་དཔྲལ་བའི་སྟེང་དུ་དམིགས། །ཨྃ་ནི་ལྕེ་ཡི་སྟེང་དུ་ལ། །ཧཱུྃ་ནི་ཐུགས་ཀ་ཉིད་དུའོ། །དེ་ལས་འོད་ཟེར་རབ་སྤྲོས་ཏེ། །བདག་ལུས་ནམ་མཁའ་ལྟ་བུར་གྱུར། །ཕཊ་ཅེས་བྱ་བ་རབ་བརྗོད་པས། །འཇིག་རྟེན་ཁམས་རྣམས་འོད་ཀྱིས་ཁེབས། །དེ་ཉིད་སྲེག་པ་མ་ཡིན་ཏེ། །ཡིད་ཀྱི་ཡེ་ཤེས་མེ་འབར་བ། །གཅིག་གི་སྟོང་ཉིད་གང་ཡིན་པ། །ཀུན་གྱི་སྟོང་པ་དེ་ཡིན་ནོ། །ཇི་ལྟར་མཁའ་ལ་ཚོན་སྣང་


DNG016_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

བ། །ནམ་མཁའ་ཉིད་ལས་བྱུང་བ་ལྟར། །སྔགས་ཀྱི་འཕྲོ་འདུ་བཏང་བ་ཡང་། །སེམས་ལས་བྱུང་བ་ནམ་མཁའ་ལ། །རྣམ་ཤེས་སྟོང་པའི་ངང་ལ་འདུ། །བདག་ཉིད་ཆོས་ཀྱི་སྐུར་བསྒོམས་ལ། །ཞེ་སྡང་འཕྲོ་འདུ་མང་བྱས་ལ། །བསྐྱེད་པའི་སྔགས་ནི་དྲག་ཏུ་བཟླས། །ཨོཾ་མ་ཧཱ་དཾ་ཥྚོཏ་ཀ་པེ་ར་ཨ་ར་ནེ་ཙ་ན་ཀ་ཏ་ཁཻ་ཆེ་གེ་མོ་ལ་དུས་ཞེས་པ་དང་། སྔགས་གོང་ནས་འབྱུང་བ་དང་། སྤེལ་ཏེ་ལས་བྱས་ན་གདོན་མི་ཟའོ་ཞེས་གཤིན་རྗེ་ཁྲོ་བོའི་རྒྱལ་པོས་གསུངས་སོ། །འཕགས་པ་ལས་བཞི་འཁོར་ལོ་གསང་བའི་རྒྱུད་ལས། ཀླུ་མཐར་བྱེད་ཀྱིས་གནོན་པའི་ཐབས་ཀྱི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་ཡང་ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེད་ཀྱིས་མཐར་བྱེད་འབྱུང་བ་འདི་ཉིད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལས་ཕྱུང་ངོ་། །ཡ་མ་མཐར་བྱེད་ཕྲིན་ལས་ནི། །དཀྱིལ་འཁོར་སྔ་མ་འདྲ་བར་དམིགས། །བཟླས་པའི་སྙིང་པོ་འདི་ཡང་བྲི། །ཡ་སྟེ་འབྱུང་བྱེད་ཀྵེ་ཡིས་སྲེག །ཡ་ནི་ཡང་དག་ཙ་ནི་སྐེམས། །ནི་ཞེས་པ་ནི་ཁུག་ཅིག་པའོ། །ར་ཞེས་བྱ་བ་བསྒྲལ་བ་ལ། །མ་ལས་སྐྱེད་བྱེད་སླར་སྡུད་པའོ། །བདག་ཉིད་ཡ་མ་མཐར་བྱེད་སྐུ། །སྐུ་མདོག་ལྗང་ནག་ཞལ་གཅིག་ཕྱག་གཉིས་པ། །སྐུ་ལ་ཐོད་པ་ཕྱེད་ཚལ་བརྒྱན། །དབུ་ཡི་སྐྲ་ནི་ཁམ་ནག་ལ། །རལ་པ་གྱེན་དུ་འཁྱིལ་པ་སྟེ། །ཕྱག་གཡས་ཆུ་སྲིན་དབྱུག་ཏོ་འཕྱར། །གཡོན་པ་ཕྱག་ན་ཞིང་ཆེན་ཟ་བའོ། །སྐུ་སྟོད་གླང་ཆེན་ཀོ་རློན་ལ། །སྐུ་སྨད་སྟག་གི་ཤམ་ཐབས་ཅན། །དུར་ཁྲོད་མེ་དབུས་བཞུགས་པ་ལ། །ཡུམ་ཡང་དེ་དང་འདྲ་བར་བསྒོམ། །བཟླས་པའི་ཏིང་འཛིན་མེ་འདྲ་ལ། །བཟླས་བརྗོད་རླུང་འདྲ་གཡོ་ཞིང་བསྐྱོད། །ལྕེ་ལ་ཉི་མའི་དཀྱིལ་འཁོར་ལ། །སྟེང་དུ་བཟླས་པའི་སྙིང་པོ་དགོད། །ཐ་མ་དབྱངས་དང་བཅས་པ་ལ། །ཧྲི་ཤྚྲྀ་སྔགས་ཀྱི་ཕྲེང་བ་གདབ། །ཕར་འཕྲོས་རྣམ་ཤེས་འགུགས་པར་བསམ། །ཚུར་བསྡུས་གཤིན་རྗེ་ཉིད་ལ་ཐིམ། །འཕྲོ་འདུ་བཟླས་པ་དེ་དག་ཀུན། །གོང་དུ་བཤད་པ་དག་ལ་ཡང་། །དེ་དག་རབ་ཏུ་སྦྱར་


DNG016_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བཤད། །དེ་ནས་བཅོམ་ལྡན་འདས་གཤིན་རྗེའི་ཁྲོ་བོས་བསྐུལ་བ་འདི་གསུངས་སོ། །ཨོཾ་ཡ་མ་ལས་ཀུན་འཇིགས་པར་བྱེད་པ་ནི། །ཐམས་ཅད་དབང་སྡུད་ཡ་མ་མཐར་བྱེད་སྐུ། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་ལྗང་། །ཞབས་གཉིས་དོར་ཐབས་ཀླུ་རྒྱལ་གནོན། །སྐུ་ལ་སྦྲུལ་ནག་སྟོང་གིས་བརྒྱན་པ་ནི། །བགེགས་རྣམས་འདུལ་ཞིང་རྟག་ཏུ་འཆི་བར་མཛད། །སྐུ་ལ་ཐོད་པའི་ཕྱེད་ཚལ་བརྒྱན་པ་ནི། །འགྲོ་བ་ཐུགས་རྗེ་ཕྱོགས་གཅིག་དགོངས་པའི་རྟགས། །དབུ་སྐྲ་རལ་པ་གྱེན་དུ་འཁྱིལ་པ་ནི། །སྲིད་གསུམ་མ་ལུས་དབང་དུ་སྡུད་པའི་རྟགས། །ཕྱག་གཡས་ཆུ་སྲིན་དབྱུག་ཏོ་བསྣམས་པ་ནི། །དགྲ་བགེགས་འཇིགས་པ་ཆེ་ལས་སྒྲོལ་བའི་རྟགས། །གཡོན་པ་ཞིང་དབྱུག་ཕྱག་ན་བསྣམས་པ་ནི། །ཐུགས་རྗེས་སེམས་ཅན་མྱ་ངན་ལམ་ལ་འཇོག །ཀོ་རློན་གཡང་གཞིས་སྐུ་ལ་བརྒྱན་པ་ནི། །དུག་ལྔ་མ་སྤངས་གནས་སུ་དག་པའི་རྟགས། །སྟག་གི་གཡང་གཞིས་སྐུ་ལ་བརྒྱན་པ་ནི། །དུག་གསུམ་གནས་སུ་བསྒྲལ་ནས་ཆོས་ཀྱི་སྐུ། །སྐྱེ་མེད་ངང་ལས་གཡོ་བསྐྱོད་མི་མངའ་ཡང་། །ཞེ་སྡང་ཕྲིན་ལས་བྱ་བའི་དུས་ལ་བབ། །ཨོཾ་ཧྲི་ཤྚྲྀ་ཡ་མ་ར་ཙ་སརྦ་མ་ར་ཡ་ནན་ཛ་ས་མ་ཡ། ཞེས་བརྗོད་ཅིང་ཞེ་སྡང་དང་ལྡན་པར་ཏིང་ངེ་འཛིན་གྱིས་བཟླས་པ་དང་སྦྱར་ཏེ་ལས་བྱས་ན་གདོན་མི་ཟའོ། །དེ་དག་ནི་འདི་འོས་པ་ཙམ་གྱིས་མ་ཡིན་ཏེ་ཡང་དང་ཡང་དུ་འདྲིས་པར་བྱས་ལ་ནན་ཏན་གྱིས་མ་བྱས་ན་འཕྲལ་དུ་ཕྲ་མོ་ཙམ་གྱིས་འགྲུབ་པ་མ་ཡིན་ནོ། །འཕགས་པ་ལས་བཞི་འཁོར་ལོ་གསང་བའི་རྒྱུད་ལས། ཡ་མ་མཐར་བྱེད་ཀྱིས་གནོན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་ཡང་ལས་ཕྲན་ཚེགས་བསྒྲུབ་པ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་ཡོན་ཏན་ཕྲིན་ལས་ལས་ཕྱུང་ངོ་། །ཟླ་བ་འདྲ་བའི་དཀྱིལ་འཁོར་ལ། །པདྨའམ་འཁོར་ལོ་གང་ཡང་རུང་། །ཡང་ན་རིན་ཆེན་དྲ་བ་ལ། །དྲ་མིག་རྣམས་ནི་འདུག་པར་གནས། །རིན་ཆེན་ཕུར་བུ་ནང་དུ་བལྟས། །དེ་རུ་བྲི་འམ་གཟུགས་པར་བྱ། །ཐ་མ་སྦྲུལ་གྱི་ཞགས་པས་བསྐོར། །དཀྱིལ་འཁོར་དེ་ཡི་དབུས་སུ་ནི། །ཁྲུ་གང་ཐུར་


DNG016_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བརྐོས་བྱས་ལ། །གའུ་ཁ་སྦྱར་ནང་དུ་ནི། །ཡུངས་ཀར་བླུགས་ལ་བཟླས་པ་བྱ། །རྟགས་ལ་མ་ཡེངས་འཕྲོ་འདུ་ཡིས། །རྒྱུན་མི་འཆད་པར་བསྒྲུབ་པར་བྱ། །ཨོཾ་བཛྲ་ཀཱ་ལ་ད་དུ་ཁ་ལ། པྲ་མ་རྟ་ན་ཧཱུྃ་ཕཊ། སླེ་ཁ་སླེ་ཁ་ཕཊ་ཕཊ་ཅེས་བཟླས་ལ། བདག་ཉིད་ཡ་མཱན་ཏ་ཀར་བསྒོམས་ལ། སྔགས་ནི་ནུས་ཚད་དུ་བཟླས་ན་འགྲུབ་ངེས་སོ། །ཡུངས་ཀར་རྒྱལ་པོ་བསྒྲུབ་པའོ། །དེ་ནས་འཁོར་ཁྲོ་བོ་ལ་སོགས་པས། བཅོམ་ལྡན་འདས་གཤིན་རྗེ་གཤེད་ལ་འདི་སྐད་ཅེས་གསོལ་ཏོ། །ཨེ་མའོ་དབྱིངས་ལས་བྱུང་བ་དང་། མཁའ་ལ་རྒྱུ་དང་ས་ལ་དབང་བ་གསུམ་གྱིས་བསྐུལ་བའི་དབྱངས་འདི་བདག་ཅག་ལེན་ལགས་སོ། །ཡེ་ཤེས་མཁའ་ལྡན་མ་མོའི་དཔལ། །གཟི་བརྗིད་འབར་བའི་ཕྲིན་ལས་ཅན། །དཔལ་གྱི་ཕྱག་བརྙན་རཀྟའི་དྲི་སྣོམ་མ། །མ་མོ་ཁྱོད་ནི་ཀུན་གྱི་གཙོ་མོ་དཔག་ཚད་བརྒྱད་ཁྲིར་རྒྱུག །བུད་མེད་ལུས་ལ་འཇིགས་བྱེད་ཚུལ་འཆང་བ། །ཁ་ནས་མེ་འབར་རྒྱ་མཚོའི་གཏིང་ནས་སྐེམས། །མིག་ནས་ཞག་འཛག་རི་རབ་ཐལ་བར་རློག །སྐད་ཅིག་ཙམ་ལ་སྟོང་ཁམས་དབང་དུ་སྡུད། །འཇིག་རྟེན་ལྷ་ཆེན་བརྒྱད་ཀྱང་འདར་ཡེད་ཡེད། །ཆེ་གེ་མོ་ཞིག་དབང་དུ་སྡུད་པར་བྱེད། །བུད་མེད་གཟུགས་ཅན་དུས་ལ་བབ། །ཆེ་གེ་མོ་ཨོཾ་ཏྲག་རགྴ། ཧྲི་ཤྚྲྀ་ཡ་མ་མ་མ་ནན་ཞེས་བསྐུལ་བ་ནི་དབྱིངས་ཀྱི་མ་མོའོ། །ནམ་མཁའི་གཏིང་དཔག་ཡངས་ལ་གནས་བཅས་ཤིང་། །བར་སྣང་ཁམས་ལ་རྒྱུ་བའི་ཚོགས། །ཁམས་གསུམ་ཐམས་ཅད་དབང་དུ་སྡུད། །ལྕགས་ཀྱི་བྱ་ཁྲ་ལྟ་བུ་ནི། །མ་མོ་རྣམས་ཀྱི་མཆོག་ཀྱང་ཡིན། །ཁ་འབར་སྟོང་གི་གཙོ་མོ་སྟེ། །འཇིགས་བྱེད་རྣམས་ཀྱི་དབང་བྱེད་མ། །སྲིད་གསུམ་དབང་དུ་སྡུད་པ་མོ། །གཟིགས་པའི་གོ་འཕང་ནམ་མཁའ་འདྲ། །གཤེགས་ཤིང་བཞུགས་པ་གློག་པས་མགྱོགས། །གཡས་ཀྱི་གཤོག་པ་བརྡབས་པ་ཡིས། །བདུད་དང་སྲིན་པོ་རྡུལ་དུ་རློག །གཡོན་གྱི་གཤོག་པ་བརྡབས་པ་ཡིས། །དགྲ་བགེགས་འབྱུང་པོ་དབང་དུ་སྡུད། །དམ་ཚིག་ཅན་གྱི་


DNG016_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ལ་བབ། །ཨོཾ་མ་ར་ཏྲག་རགྴ། ཏྲི་ཡོ་ཡ་མ་ར་ཙ་ཀ་ཀ་རུ་པ་ཧྲི་ཤྚྲྀ་ཛ་ཞེས་བསྐུལ་བ་ནི་མཁའ་ལྡིང་གི་ཚོགས་སོ། །ཡ་མ་ན་སྟེ་གྲུབ་པ་མོ། །ལ་ལ་ལག་ན་རྒྱུ་ཞགས་འཆང་། །ལ་ལ་ལག་ན་ཐོད་ཕྲེང་འཛིན། །ལ་ལ་ཞིང་ཆུང་བ་སུ་འདྲེན། །ལ་ལ་མེ་ཁྱེར་རྒྱ་མཚོ་སྐེམས། །ལ་ལ་འགུགས་བྱེད་ཉམས་པ་འཛིན། །ལ་ལ་སྦྲུལ་ནག་ཞགས་པ་འཛིན། །ལ་ལ་ཕོ་ཉ་འགུགས་ཤིང་འདྲེན། །སྔགས་པས་བོས་ཤིང་གདུངས་པའི་ཚེ། །དམ་ཚིག་དུས་ལ་བབ་བོ་ས་མ་ཡ། །སྡང་བར་སེམས་པའི་སྙིང་ནས་དྲོངས། །བརྩེ་བའི་ཚོགས་ཀྱི་དུས་ལ་བབ། །ཨོཾ་ཀ་ཧ་ཏྲག་རཀྴ། རཏྣ་ཀ་ལ་ཧྲི་སྭཱ་ཧཱ། ཞེས་སྤྱན་དྲངས་ཞིང་བསྐུལ་བ་ནི་གཏེར་བདག་གི་ཚོགས་སོ། །དེ་ནས་བཅོམ་ལྡན་འདས་གཤིན་རྗེ་གཤེད་ཀྱིས་འདི་སྐད་ཅེས་གསུངས་སོ། །རྒྱུད་ཀྱི་རྒྱལ་པོ་ལས་བཞི་འཁོར་ལོ་འདི། དུས་ཕྱི་མ་ལ་རྣལ་འབྱོར་པ་གང་ཞིག་བསྒྲུབ་པའི་ལས་བྱེད་ན། ང་ཡང་ཐུགས་དམ་ལས་མི་གཡེལ་ལ། འཁོར་ཁྲོ་བོ་དང་། ཁྲོ་མོ་ལ་སོགས་པས་ཀྱང་། ངའི་ཐུགས་དམ་རྗེས་སུ་བསྒྲུབ་པར་མཛད་པས། དུས་ཐ་མ་ལ་དམ་པའི་ཆོས་འདི་རྣལ་འབྱོར་པའི་སྐུ་ལ་བསྡོ་བ་ལ་སོགས་པ་ལ་དམ་ཚིག་འབྱུང་བར་ཞལ་གྱིས་བཞེས་སོ། །དེ་ནས་འཁོར་རྣམས་བཅོམ་ལྡན་འདས་ཁྲོ་བོའི་རྒྱལ་པོ་གཤིན་རྗེས། དུས་ཐ་མ་ལ་འབྱུང་བར་ཞལ་གྱིས་བཞེས་པ་ལ་དགའ་ནས། ཡི་རངས་ཏེ་མངོན་པར་བསྟོད་དོ། །འཕགས་པ་ལས་བཞི་འཁོར་ལོ་གསང་བའི་རྒྱུད་ལས། མཇུག་བསྐུལ་བ་དང་གནང་བའི་ལེའུ་སྟེ་བཅུ་གསུམ་པའོ།། །། འཕགས་པ་ལས་བཞི་འཁོར་ལོ་གསང་བ་ཆེན་པོ་རྩ་བའི་རྒྱུད་རྫོགས་སྷོ།། །།དེ་ནས་འཁོར་ཁྲོ་བོ་དང་ཁྲོ་མོ་ལ་སོགས་པ་རྣམས་ཀྱིས། ངག་མཐུན་པས་བཅོམ་ལྡན་འདས་ཁྲོ་བོའི་རྒྱལ་པོ་དེ་ལ་འདི་སྐད་ཅེས་གསོལ་ཏོ། །ཨེ་མའོ་བཅོམ་ལྡན་ཁྲོ་རྒྱལ་གཙོ། །ལས་བཞི་འཁོར་ལོའི་རྒྱུད་འདི་ལ། །ངོ་མཚར་རྨད་བྱུང་བསྟན་པ་ལ། །བདག་ཅག་ཐེ་ཚོམ་འཚལ་བ་རྣམས། །བདེར་གཤེགས་གསུང་


DNG016_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

གི་ངོ་བོ་ཡིས། །ཞུ་བའི་དམིགས་རྣམས་བཤད་དུ་གསོལ། །འཕགས་པ་ཞེས་བགྱི་ཇི་ལྟར་ལགས། །ལས་བཞི་ཞེས་བགྱི་ཇི་ལྟར་ལགས། །འཁོར་ལོ་ཞེས་བགྱི་ཇི་ལྟར་ལགས། །གསང་བ་ཞེས་བགྱི་ཇི་ལྟར་ལགས། །རྒྱུད་ཅེས་བགྱི་བ་ཇི་ལྟར་ལགས། །རྣམ་དག་དབྱིངས་ལས་བཞེངས་ནས་ནི། །ཞུ་བའི་དམིགས་རྣམས་བཤད་པར་མཛོད། །དེ་ནས་བཅོམ་ལྡན་འདས་ཀྱིས་ཁྲོ་བོ་གཞན་ལ་གདུག་པར་མཛད་པ་ཡིས། ཚངས་པའི་དབྱངས་ཀྱིས་གསུང་ཕྱུང་སྟེ། །འདི་སྐད་འཁོར་ལ་བཀའ་སྩལ་ཏོ། །རིགས་ཀྱི་འཁོར་རྣམས་ཞུ་བ་ཡི། །དམིགས་རྣམས་ཞུ་བ་རབ་ཏུ་ལེགས། །འཕགས་པ་ཞེས་སུ་བསྟན་པ་ནི། །གདུག་པ་མ་ལུས་ཀུན་ལས་འཕགས། །ཡེ་ཤེས་སེམས་དཔའ་འབྱུང་བའི་གཞི། །དཔེ་ཡིས་དེ་ལ་བསྒྲུན་དུ་མེད། །ལས་བཞི་ཞེས་སུ་གྲགས་པ་ཡང་། །དེ་ལ་ལས་ནི་རྣམ་པ་གཉིས། །ཐབས་དང་ཤེས་རབ་འདུལ་དབང་དང་། །སྐུ་གསུམ་ཕྲིན་ལས་འདུལ་བ་སྟེ། །ཐབས་དང་ཐབས་སུ་འདྲེལ་བ་ལ། །ཤེས་རབ་འདྲེལ་བས་ཡུམ་ཞེས་བྱ། །ཆོས་དང་ལོངས་སྤྱོད་པ་ཡི་སྐུ། །འདུལ་དབང་ལས་ཞེས་བྱ་བར་གྲགས། །དེ་ལ་བཞི་ཞེས་བྱ་བ་ཡང་། །ཞི་བ་རྒྱས་པ་དབང་མངོན་ནོ། །ཞི་བ་བྱ་བའི་ངེས་ཚིག་ཀྱང་། །ཏིང་འཛིན་རིམ་པ་བྱམས་པ་ལ། །འཕྲོ་འདུ་དཀར་ལ་འཚེར་བ་སྟེ། །ཐམས་ཅད་མགུ་བར་བྱེད་པ་དང་། །མི་མཐུན་པ་རྣམས་ཞི་བྱའི་ཕྱིར། །དེ་ཕྱིར་ཞི་བ་ཞེས་བྱའོ། །རྒྱས་པ་གསེར་ལྟར་སེར་བ་ལ། །ཏིང་འཛིན་སྤྲུལ་པ་མང་པོར་ཁྱབ། །ཕྱོགས་བཅུར་འགྲོ་བའི་དོན་བྱས་ཏེ། །བསྐུལ་བའི་ས་ལ་གཞེས་པ་ཡི། །སངས་རྒྱས་ཐམས་ཅད་སྤྱན་དྲངས་ཏེ། །བདག་གི་བ་སྤུའི་བུ་ག་ནས། །ཀུན་དུ་ཞུགས་ཏེ་རྒྱས་པ་ལ། །ཚེ་དང་དབང་ཐང་དཔལ་ལ་སོགས། །ཐམས་ཅད་རྒྱས་པས་རྒྱས་ཞེས་བྱ། །དེ་ལ་དབང་གི་ངེས་ཚིག་ཀྱང་། །ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་ནས། །བདག་གི་ཡིད་ལ་བསམས་པ་ཀུན། །ཡབ་ཡུམ་སྤྲུལ་པའི་ཁྱད་པར་ལས། །ཅི་འདོད་ཐམས་ཅད་དབང་དུ་སྡུད། །ལས་དང་བྱ་


DNG016_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

བ་མ་ལུས་དང་། །བདག་ཉིད་ལྷ་ཡི་སྐུར་བསྒོམས་པས། །འདུ་བར་འགྱུར་བ་གདོན་མི་ཟ། །དེ་ལ་དྲག་པོའི་ཕྲིན་ལས་ཀྱང་། །གཤིན་རྗེ་གཤེད་དང་གཤེད་བདག་མོ། །ཡབ་ཡུམ་ཁྱད་པར་སྤྲིན་ལྟ་བུ། །ནམ་མཁའ་ཁེབས་པ་བྱེད་པ་ལྟར། །གཉིས་མེད་བྱང་ཆུབ་ཁྱད་པར་ལས། །འཕྲོ་འདུ་འོད་ཟེར་སྤྲིན་ལྟ་བུ། །ནམ་མཁའ་གང་བར་ཁྱབ་པ་ལ། །ཁྲོ་བོའི་སྤྲུལ་པས་ཁེབས་གྱུར་ཏེ། །འཇིག་རྟེན་རྡུལ་དུ་བཤིག་ནས་ནི། །གདུག་པ་མ་ལུས་ཀུན་བཏུལ་ཏེ། །སླར་བསྡུས་ཡབ་ཡུམ་སྐུ་ལ་བསྡུ། །དེ་ལྟར་ནས་དང་ཡུངས་འབྲུ་ཙམ། །མ་ལུས་ཀུན་དུ་འགེངས་བྱེད་ཅིང་། །དམིགས་པ་གང་ན་གནས་པ་དག །བཙལ་ཏེ་སླར་ཡང་འགུགས་ལ་སོགས། །འདི་དང་འདི་ཞེས་བྱ་མེད་པར། །འཁོར་བ་ཚང་ནས་སྤྲུགས་བསམས་ཏེ། །དྲག་པོའི་ཕྲིན་ལས་གྲུབ་པར་བསམ། །འཁོར་ལོ་ཞེས་སུ་བསྟན་པ་ཡང་། །མི་འཁོར་འཁོར་ཕྱིར་རྩེ་མོ་འཕྲོ། །ལྟེ་བ་འཁོར་ལ་རྩེ་མོས་གཅོད། །དེ་ཕྱིར་འཁོར་ལོ་ཞེས་སུ་གྲགས། །གསང་བ་ཞེས་སུ་གྲགས་པ་ཡང་། །ཀུན་ལ་མི་བསྟན་རྩ་བ་སྟེ། །ཐུན་མོང་ཀུན་གྱི་མ་ཡིན་པས། །དེ་ཕྱིར་གསང་བ་ཞེས་བྱའོ། །དེ་ལ་རྒྱུད་ཅེས་བྱ་བ་ཡང་། །ཚང་ཞིང་འདྲེལ་བས་བཏགས་པ་དང་། །དྲེང་ཆགས་དགོས་པ་སྒྲུབ་པ་ཡི། །དེ་ཕྱིར་རྒྱུད་ཅེས་བྱ་བར་བཤད། །དེ་ནས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཉི་མ་བཞི་ལ་ལས་བཞི་ཞིག །གསུངས་ཤིང་ངེས་པར་བསྟན་པ་སྟེ། །དངོས་པོ་ཅི་ལ་བསྒོམ་པར་བགྱི། །ཞི་བ་ལ་ནི་ཇི་ལྟར་བགྱི། །སྔགས་རྣམས་ཇི་ལྟར་བཟླས་པར་བགྱི། །ཕྲིན་ལས་ངེས་པར་བསྟན་པ་སྟེ། །རྒྱས་པ་དག་ལ་ཇི་ལྟར་བསྟན། །སྔགས་རྣམས་བརྗོད་པ་ཇི་ལྟ་བུ། །དབང་ལ་ཇི་ལྟར་བསྒོམ་པར་བགྱི། །སྔགས་རྣམས་བརྗོད་པ་ཇི་ལྟ་བུ། །དྲག་པོའི་ལས་སུ་བསྟན་པ་ལ། །ལྷ་ནི་ཇི་ལྟར་བསྒོམ་པར་བགྱི། །བཟླས་པའི་སྔགས་རྣམས་ཇི་ལྟར་ལགས། །ཕྲིན་ལས་རྣམ་བཞིར་བསྟན་པ་དེས། །ལས་ནི་ཇི་ལྟ་བུ་ཞིག་འགྲུབ། །གཞིའམ་


DNG016_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ནི་ཇི་ལྟ་བུ། །དེ་དག་ཇི་ལྟ་བུ་ཡིས་བྲི། །ངེས་པར་བསྟན་པའི་མན་ངག་ལ། །བདག་ཅག་རྣམས་ལ་བསྟན་དུ་གསོལ། །དེ་ནས་བཅོམ་ལྡན་ཁྲོ་འདུལ་དེས། །གསུང་ནི་འདི་སྐད་བཀའ་སྩལ་ཏོ། །གང་བསྒོམ་ལྷ་རྣམས་སྐུ་མདོག་དཀར། །ཡུམ་ཡང་དེ་དང་འདྲ་བ་ལ། །ཕྱོགས་བཅུའི་འཁོར་རྣམས་རིགས་དང་སྦྱར། །བདག་ཉིད་ཡ་མཱན་ཏ་ཀ་རུ། །སྐུ་མདོག་གསལ་བར་བསྒོམས་ནས་ནི། །བཟླས་པའི་སྔགས་འདི་མགུ་བས་བཟླས། །ཡ་མ་ར་ཙ་ས་ཏོ་མེ་ཡ། ཆེ་གེ་མོ་བ་ལུ་ཀ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཡ་མེ་ཏོ་རུ་ན་ཡོ་ཏ་ཡ། ཆེ་གེ་མོ་ཀྵ་ར་ཙ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཡ་ཏ་ཡོ་ནི་ར་ཡ་ཀྵེ་ཡ། ཆེ་གེ་མོ་བ་ལ་མུ་སྡི་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཡ་ཀྵེ་ཡ་ཙ་ནི་ར་མ་ཡ། ཆེ་གེ་མོ་མ་ར་ཡ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། མི་དྲག་མི་བུལ་མི་ཞན་པར། །ཏིང་འཛིན་སྦྱོར་བ་ལྡན་བྱས་ཏེ། །ཉི་མ་རེ་ལ་རིམ་བཞིན་སྦྱར། །གྲུབ་པར་འགྱུར་བར་གདོན་མི་ཟའོ། །ཕྲིན་ལས་ངེས་པར་གྲུབ་པ་སྟེ། །བསྒོམ་པར་བྱ་བ་སྐུ་མདོག་སེར། །ཡུམ་ཡང་དེ་དང་འདྲ་བ་ལ། །ཕྱི་མ་རིམ་བཞིན་སྦྱར་བར་བྱ། །གསེར་ལྟ་བུ་ཡི་ཏིང་འཛིན་ལ། །འཕྲོ་འདུ་བྱང་ཆུབ་སེམས་ལྟ་བུ། །ཕྱོགས་བཅུ་མ་ལུས་དོན་བྱས་ཏེ། །བདག་གི་ཕུང་པོ་མ་ལུས་དང་། །ཚེ་དང་ལོངས་སྤྱོད་འཕེལ་བར་བསམ། །དེ་ཚེ་སྔགས་འདི་བཟླས་པར་བྱ། །ཡ་མ་ར་ཙ་ས་ཏོ་མེ་ཡ། ཆེ་གེ་མོ་པྲ་མ་ཡ། པུཥྚིཾ་ཀུ་རུ་སྭཱ་ཧཱ། ཡ་མེ་ཏོ་རུ་ན་ཡོ་ཏ་ཡ། ཆེ་གེ་མོ་ཀ་ཀྵ་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཡ་ཏ་ཡོ་ནི་ར་ཡ་ཀྵེ་ཡ། ཆེ་གེ་མོ་ཞིག་ས་སྡི་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཡ་ཀྵེ་ཡ་ཙ་ནི་ར་མ་ཡ། ཆེ་གེ་མོ་ཞིག་མཱ་ར་ཡ་པུཥྚིཾ་ཀུ་རུ་སྭཱ་ཧཱ། །དེ་ཚེ་རང་རིག་ཏིང་འཛིན་གྱི། །མཐུ་དང་ལྡན་པར་བྱས་ཏེ་ནི། །སྔགས་དེ་བཟླས་པ་བྱས་ན་ནི། །འགྲུབ་པར་འགྱུར་ཏེ་ཐེ་ཚོམ་མེད། །ཐམས་ཅད་དབང་དུ་བསྡུ་བའི་ཕྱིར། །ལྷ་ཡང་སྐུ་མདོག་ཟངས་ལྟ་བུ། །ཡུམ་ཡང་དེ་དང་འདྲ་བར་བསྒོམ། །ལྷ་རྣམས་གཞུང་བཞིན་བསྐྱེད་པ་ནི། །མཐར་བྱེད་འབྱུང་བའི་བཟླས་པའོ། །ཡ་མ་ར་ཙ་ས་ཏོ་མེ་ཡ། ཆེ་གེ་མོ་ཧུྃ་ཧཱུྃ་བ་ཤང་ཀུ་རུ་སྭཱ་ཧཱ། ཡ་མེ་ཏོ་རུ་ན་ཡོ་


DNG016_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

ཏ་ཡ། ཆེ་གེ་མོ་ཧུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཡ་ཏ་ཡོ་ནི་ར་ཡ་ཀྵེ་ཡ། ཆེ་གེ་མོ་ཧུྃ་ཧཱུྃ་ཕཊ་ཕཊ། ཀཱ་ལ་རཱུ་པ་སྭཱ་ཧཱ། ཡ་ཀྵེ་ཡ་ཙ་ནི་ར་མ་ཡ་ཆེ་གེ་མོ་ཧུྃ་ཧཱུྃ་ཕཊ་ཕཊ། ཀཱ་ལ་རཱུ་པ་ཧུྃ་ཧཱུྃ་ཕཊ་ཕཊ། སྔགས་ཀྱི་བཟླས་པ་བྱས་ན་ནི། །བླ་མེད་སངས་རྒྱས་ཐམས་ཅད་ཀྱང་། །འདུ་ཞེས་གསུངས་ཏེ་གདོན་མི་ཟའོ། །ལྷ་ནི་སྐུ་མདོག་ལྕགས་ལྟ་བུ། །མཐིང་ག་རབ་ཏུ་ཁྲོས་པ་ལ། །གཅེར་བུ་རལ་པ་གཅིག་སྟེ་འཇིགས། །མ་རུངས་འདུལ་བ་བསྒོམས་ནས་ནི། །བཟླས་པ་འདི་ནི་དྲག་ཏུ་བཟླས། །ཡ་མ་ར་ཙ་ས་ཏོ་མེ་ཡ་ཆེ་གེ་མོ་ཨ་མུ་ཁཾ་པྲ་མ་ཡ་ནི་ཧཱུྃ་ཕཊ། ཡ་མེ་ཏོ་རུ་ན་ཡོ་ཏ་ཡ། ཆེ་གེ་མོ་ཨ་མུ་ཁྃ་མུར་ཙ་ཡ་ཧཱུྃ་ཕཊ། ཡ་ཏ་ཡོ་ནི་ར་ཡ་ཀྵེ་ཡ་ཆེ་གེ་མོ་ཨ་མུ་ཁྃ་རཀྟ་ཙ་ར་ཧཱུྃ་ཕཊ། ཡ་ཀྵེ་ཡ་ཙ་ནི་ར་མ་ཡ་ཆེ་གེ་མོ་ཨ་མུ་ཁྃ་མཱ་ར་ཡ་ཧཱུྃ་ཕཊ། བདག་ཉིད་འཇིགས་བྱེད་སྐུར་བསྒོམས་ལ། །སྔགས་ཀྱི་ཕྲེང་བས་ཕོག་འགྱུར་ན། །མངོན་ཤེས་ལྡན་པའི་སངས་རྒྱས་ཀྱང་། །འཆི་བར་འགྱུར་བར་གདོན་མི་ཟ། །ཞི་བའི་དུས་སུ་བཟླས་པ་ཡིས། །དང་པོས་སེམས་ནི་གཡོས་པར་འགྱུར། །གཉིས་པས་ཡིད་ལ་འབྱུང་བར་འགྱུར། །གསུམ་པས་དཀར་པོའི་ངོ་བོ་དང་། །བཞི་པས་ཐམས་ཅད་ཞི་བར་འགྱུར། །རྒྱས་པའི་དུས་སུ་བཟླས་པ་ཡིས། །དང་པོས་དཔལ་ཡང་འཕེལ་བར་བྱེད། །གཉིས་པས་དབང་ཐང་སྐྱེད་པར་བྱེད། །གསུམ་པས་གཟི་བྱིན་རྙེད་འགྱུར་ཏེ། །བཞི་པས་ཚེ་རིང་མ་ལུས་རྒྱས་པར་འགྱུར། །དབང་གི་དུས་སུ་བཟླས་པ་ཡིས། །དང་པོས་སེམས་ཀྱང་གཡོས་པར་བྱེད། །གཉིས་པས་འཇུག་པར་ནུས་པ་སྟེ། །གསུམ་པས་དམིགས་པ་དབང་དུ་འདུ། །བཞི་པས་ཐམས་ཅད་དབང་དུ་འདུའོ། །དྲག་པོའི་བཟླས་པ་བྱས་པ་ཡིས། །དང་པོས་མགོ་ནི་འཁོར་བར་བྱེད། །གཉིས་པས་ཡིད་འཁྲུགས་གསུམ་པས་ཁྲག་ཏུ་སྐྱུགས། །བཞི་པས་གདོན་མི་ཟ་བའོ། །གཞི་འམ་གནས་སུ་བསྟན་པ་ནི། །བཅུ་གཉིས་འཁོར་ལོ་རྩིབས་ཅན་དེ། །ཡི་དྭགས་ཀྱི་ནི་གོས་ལ་བྲི། །ཞི་བ་པདྨ་ཟླ་བ་ལ། །རྒྱས་


DNG016_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

པ་གླང་པོའི་རྒྱབ་ཏུ་བྱ། །དབང་ནི་བུད་མེད་སྙིང་གར་ཏེ། །དགུག་པ་སེང་གེ་དྲེའུ་དང་གཉིས། །དབྱེ་བ་རྟ་དང་མ་ཧེ་གཉིས། །སྨྱོ་འབོག་ཤ་བའི་རྒྱབ་ཏུ་བྱ། །ལྐུགས་པ་ལུག་གི་ཁོང་དུ་གཞུག །བསྐྲད་པ་རྔ་མོའི་རྒྱབ་ཏུ་བྱ། །གསད་པ་སྐྱེས་པའི་སྙིང་ག་སྟེ། །གནོན་པ་རི་རབ་འོག་ཏུ་བྱ། །སྣག་ཚའི་མཚན་ཉིད་བསྟན་པ་ཡང་། །ཁྲག་སྣ་གསུམ་དང་བྱི་ལའི་གཅིན། །ཕོ་རོག་དག་གི་སྒྲོ་རྩ་ལ། །ཤི་བའི་སྐྲ་ལས་པིར་བྱས་ལ། །གང་བརྩམས་འགྲུབ་པར་ངེས་པར་བཤད། །དེ་ནས་བཅོམ་ལྡན་འདས་བརྩམ་པའི་རྒྱལ་པོའི་ཏིང་ངེ་འཛིན་མཆོག་དེ་ལ་འདི་སྐད་ཅེས་གསོལ་ཏོ། །ངེས་པར་བསྟན་པའི་རྒྱུད་འདི་ལ། །ཁྲོ་བོའི་བཟླས་པ་ཇི་ལྟར་ལགས། །ཡུམ་གྱི་བཟླས་པ་ཇི་ལྟར་ལགས། །མ་མོའི་སྔགས་རྣམས་ཇི་ལྟར་ལགས། །ཁྲོ་བོའི་སྔགས་རྣམས་ཇི་ལྟར་ལགས། །ཞེ་སྡང་འཇོམས་མཛད་ཁྲོ་བོ་དེས། །གསུང་ནི་འདི་སྐད་བཀའ་སྩལ་ཏོ། །ཁྲོ་བོ་ཡབ་ཡུམ་ལྕེ་ལ་གཞག །མ་མོ་སྔགས་ཀྱི་མཐུ་བྱིན་ཆེ། །ཁྲོ་བོ་མང་པོ་འོད་འཕྲོ་བའོ། །དེ་ཡི་བཟླས་པ་འདི་དག་གོ། །ཨོཾ་ཨ་ཀྲོ་དྷི་ཀ་ཡ་མཱན་ཏ་ཀ་ཀཱ་ལ་རཱུ་པ་བ་ཙ་ཏེ་ནི་ཧཱུྃ་ཕཊ། ཨོཾ་ཨྃ་ཧུྃ་པེ་ཏཱ་ལི་རགྴ་མན། ཨོཾ་རོ་ག་མ་དུན་བྷྱོ། ཙ་མུན་ཏ་ཀྱི་ཀྱི་མ་བྷྱོ། ནམ་གྲུ་མ་པ་ཡ་ཏི་བྷྱོ། ཨོཾ་ཨོཾ་ཨོཾ། ཀྲོ་དྷ་བཛྲ་པ་སྨི། བཛྲ་ཀྲོ་དྷ་མ་ལ། བཛྲ་ཀྲོ་དྷ་ཏིསྠ། བཛྲ་ཀྲོ་དྷ་ཀངྈ་། བཛྲ་ཀྲོ་དྷ་སྨིག་ཤ ། བཛྲ་ཀྲོ་དྷ་རག་ཁང་། བཛྲ་ཀྲོ་དྷ་ཏ་ཀི་ནི། བཛྲ་ཀྲོ་དྷ་རགྴ། བཛྲ་ཀྲོ་དྷ་ཡཀྵ། བཛྲ་ཀྲོ་དྷ་ཀུཎ་ཌ་ལི། བཛྲ་ཀྲོ་ངྷ་ཀྲི་ཏ། བཛྲ་ལོ་ཀ །བཛྲ་པ་སྨི། བཛྲ་ཤུ་ལ། བཛྲ་ཀུ་ལན། བཛྲ་ཀངྈ་། བཛྲ་མུ་ལ། བཛྲ་སྲི་ཏ། བཛྲ་བ་མུ། བཛྲ་ཤུ་ལ། བཛྲ་སྨ་ར། ཧུྃ་ཧུྃ་ཧུྃ་ཧུྃ་ཧུྃ་ཧུྃ་ཧུྃ་ཧུྃ་ཧུྃ་ཧུྃ། ཧུྃ་ཧུྃ་ཧུྃ་ཧུྃ་ཧུྃ་ཧུྃ་ཧུྃ་ཧུྃ་ཧུྃ་ཧུྃ། ཛཿཧཱུྃ་བྃ་ཧོཿ། བྷྱོ་བྷྱོ་བྷྱོ་བྷྱོ། དེ་ནས་ཡང་བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཁྲོ་བོའི་རྒྱལ་པོ་དེ་ལ་འདི་སྐད་ཅེས་གསོལ་ཏོ། །ངེས་པར་བསྟན་པའི་རྒྱུད་འདི་ལ། །ཚེ་ཞེས་བགྱི་བ་ཇི་ལྟར་ལགས། །ཡུངས་ཀར་བསྒྲུབ་པ་ཇི་ལྟར་ལགས། །དེ་ཡིས་ལས་ནི་ཅི་ཞིག་འགྲུབ། །ཕུར་བུ་ཞེས་བགྱི་ཇི་ལྟར་ལགས། །དང་པོ་


DNG016_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

དམ་བཅའ་ཇི་ལྟར་ལགས། །བཅོམ་ལྡན་ཁྲོ་བོའི་རྒྱལ་པོ་ལ། །དེ་སྐད་ཅེས་ནི་ཞུས་པ་དང་། །གསུང་ནི་འདི་སྐད་བཀའ་སྩལ་ཏོ། །ཚེ་ཞེས་བྱ་བའི་དོན་འདི་ཡང་། །ཆོས་ཉིད་སྤྲོས་པ་མེད་པ་ལ། །ཀུན་དུ་མི་འགྱུར་ནམ་མཁའ་འདྲ། །བསྐྱོད་མེད་དུས་ཀྱིས་བཤིག་ཏུ་མེད། །འགྲོ་བ་འཁྲུལ་པའི་ངོ་གང་ལ། །བག་ཆགས་ངན་པས་བསླུས་པ་ཡིས། །ཚེ་ལ་བར་ཆོད་འོང་བར་གསུངས། །དེ་ཕྱིར་ཚེ་ཡི་བསྒྲུབ་པ་གསུངས། །ཡུངས་ཀར་བསྒྲུབ་པའི་མཚན་ཉིད་ཀྱང་། །བག་ཆགས་འཁྲུལ་པས་གནོད་འགྱུར་བ། །མི་མཐུན་པ་དང་གཉེན་པོ་སྟེ། །དེ་དག་འདུལ་བའི་དོན་དུ་བསྟན། །དེ་ནི་ལས་ཀྱི་འབྲས་བུ་ཡང་། །སྔོན་ནས་ལས་ངན་མཐུ་རྟགས་ཏེ། །མི་མཐུན་པ་དེ་འགུགས་པར་བྱེད། །དེ་ནས་ཡུངས་ཀར་རྒྱལ་པོས་བྱའོ། །ཕུར་བུ་ཞེས་སུ་བསྟན་པ་ཡང་། །བདག་ཉིད་ཁྲོ་བོ་ཆེན་པོ་སྟེ། །གཉིས་མེད་མཁའ་ལ་གནས་བསམས་ཏེ། །ཕུར་བུ་ཞེས་ནི་དེ་ལ་བྱའོ། །ཕྱོགས་བཅུའི་ཐུགས་ལས་སྐྱེས་པ་སྟེ། །དེ་ཕྱིར་ཕུར་བུ་ཞེས་སུ་བསྟན། །དང་པོར་དམ་བཅས་འདི་ལྟར་རོ། །ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །མཚམས་མེད་ལྔ་ནི་ཀུན་སྤྱོད་ཅིང་། །གོས་ངན་རེ་བ་གོན་པ་དང་། །ཟས་ངན་ལྕི་བ་ཟ་བའི་ཚེ། །དེ་ཚེ་ང་ཡི་བསྟན་པ་འབྱུང་། །དུས་ངན་ཐ་མ་བྱུང་བའི་ཚེ། །ལྷ་མོའི་ནང་ན་འོད་ཟེར་ཅན། །འཕགས་པའི་ནང་ན་འཇམ་དཔལ་གཉིས། །འདི་གཉིས་མ་གཏོགས་དངོས་གྲུབ་གཞན། །རིག་འཛིན་ཀུན་ལ་མ་ཡིན་ནོ། །ཁྲོ་བོའི་རྒྱལ་པོ་འདི་ཡིས་ནི། །ངེས་པར་དབང་དུ་མ་གྱུར་པའི། །དང་པོ་འདས་དང་ད་ལྟར་གྱི། །ཕྱིས་འབྱུང་བ་ནི་གང་ཡང་མེད། །དགྲ་བགེགས་འབུམ་མམ་སྟོང་ཡང་རུང་། །དེ་མ་ཐག་ཏུ་བརླག་པར་བྱེད། །ཁྲག་གི་ཆར་ཡང་འབེབས་པར་བྱེད། །ཅེས་གསུངས་པས། འཇིག་རྟེན་གྱི་ཁམས་འདི་དག་ཐམས་ཅད་ཚར་བཅད་དེ། དྲག་པོའི་ཕྲིན་ལས་གྲུབ་པར་གྱུར་ཏོ། །དེ་ནས་འཁོར་རྣམས་ཀྱིས། འཇམ་དཔལ་ཁྲོ་བོ་གཤིན་རྗེ་གཤེད་པོ་ལ་འདི་སྐད་ཅེས་


DNG016_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད་དོ། །འཕགས་པ་ཁྲོ་བོ་འཇམ་དཔལ་གཤིན་རྗེ་གཤེད། །ཆོས་སྐུ་བྱང་ཆུབ་སེམས་ཀྱི་རང་བཞིན་ལས། །ཚད་མེད་བཞི་ཡི་ངང་ཉིད་རྣམ་དག་པས། །བདག་ཉིད་ཁྲོ་བོ་འབར་བའི་སྐུ་སྟོན་ཅིང་། །ཚངས་པ་བརྒྱ་བྱིན་ལྷ་ཆེན་དྲག་པོ་རྣམས། །གཉིས་མེད་བྱང་ཆུབ་སེམས་ཀྱིས་སྒྲོལ་བར་མཛད། །མ་ཧེའི་སྟེང་ན་ཞབས་ནི་བརྐྱང་བསྐུམ་གནས། །ལས་ཀྱི་དབྱུག་པ་དག་གིས་རྡུལ་དུ་རློག །ཀླུ་ཡི་རྒྱལ་པོས་སྐུ་ལ་བརྒྱན་པ་ནི། །སྙན་ཆ་མགུར་དང་དབུ་དང་ཕྱག་ཞབས་རྣམས། །ཡན་ལག་ལྔ་ལ་ངེས་པར་དཀྲིས་ཏེ་གནས། །དབུ་སྐྲ་ཁམ་ནག་རལ་པ་གྱེན་དུ་འབར། །སྤྱན་གསུམ་གཉིས་མེད་རྣམ་ཐར་དོན་ལ་གཟིགས། །མགོ་བཅད་ཕྲེང་བས་དབུ་ཡི་རྒྱན་དུ་བྱས། །ལྗགས་དང་མཆེ་བ་གློག་ལྟར་འགྲིལ་ཞིང་འབར། །འཇིགས་བྱེད་དྲག་པོའི་ཞལ་སྤྱན་རབ་ཏུ་བགྲད། །མི་ལྤགས་རློན་པ་དག་གིས་སྟོད་གཡོགས་ཤིང་། །སྟག་ལྤགས་རློན་པས་སྐུ་ཡི་རྒྱན་དུ་བྱས། །དེ་འདྲའི་སྐུ་མདོག་འབར་བའི་ཆ་ལུགས་འཆང་། །ངོ་མཚར་རྨད་བྱུང་ཆེ་ལ་ཕྱག་འཚལ་ལོ། །ཞེས་བསྟོད་ནས་གཉིས་སུ་མེད་པར་གྱུར་ཏོ། །འཕགས་པ་ལས་བཞི་འཁོར་ལོ་གསང་བའི་རྒྱུད་ལས། ལེའུ་བཅུ་བཞི་པའོ།། །། འཕགས་པ་ལས་བཞི་འཁོར་ལོ་གསང་བའི་རྒྱུད་ལས། རྒྱུད་ཕྱི་མ་རིམ་པར་བཀོད་པ་རྫོགས་སྷོ།། །།


DNG016_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


DNG016_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།