cover

རྙིང་མ་རྒྱུད་འབུམ་པོད་བཅུ་བདུན་པ། ཙ༽

སྡེ་དགེའི་ཤིང་པར་རྙིང་མ་རྒྱུད་འབུམ།

རྩོམ་མཁན།

Nitartha international

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

འཕགས་པ་འཇམ་དཔལ་གཤིན་རྗེའི་རྒྱལ་པོ་སྡིག་པ་སྟོབས་ཆེན་གསང་བའི་རྒྱུད།


DNG017_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་ཡ་མ་རཱ་ཛ་བྲྀཤྩི་ཀ་མ་ཧཱ་བ་ལ་གུ་ཧྱ་ཏནྟྲ། བོད་སྐད་དུ། འཕགས་པ་འཇམ་དཔལ་གཤིན་རྗེའི་རྒྱལ་པོ་སྡིག་པ་སྟོབས་ཆེན་གསང་བའི་རྒྱུད། བཅོམ་ལྡན་འདས་དཔལ་གཤིན་རྗེ་གཤེད་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་ཆོས་ཐམས་ཅད་ལྷུན་གྱིས་རྫོགས་པའི་རང་བཞིན་ཡོངས་སུ་བཀོད་པའི་སྙིང་པོ་མཁའ་དབྱིངས་རྣམ་པར་དག་པའི་ཀློང་། རྒྱ་ཡོངས་སུ་མ་ཆད་པ། རང་བཞིན་ལྷུན་གྱིས་གྲུབ་པའི་གཞལ་ཡས་ཁང་ན། རྡོ་རྗེ་སྙིང་པོ་དྲེགས་པ་འཇོམས་པ་ཉིད་དང་། དུས་གསུམ་གཅིག་པའི་སངས་རྒྱས་རྣམས་དང་། མ་སྐྱེས་ལམ་ལ་འདུན་པ་རྣམས་དང་། ས་ལ་གནས་པའི་སེམས་དཔའ་རྣམས་དང་། རྡོ་རྗེ་ཁྲོ་བོ་དྲེགས་པ་རྣམས་དང་། ཁྲམ་ཐོགས་ཀྱི་བདུད་ཕོ་མོ་དང་། གྲི་ཐོགས་ཀྱི་གིང་དང་། ཟོར་ཐོགས་


DNG017_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་མ་མོ་དང་། འཇིག་རྟེན་གྱི་དྲེགས་པ་ཅན་རྣམས་དང་། ཕུང་བྱེད་མངག་པའི་ཚོགས་བསམ་གྱིས་མི་ཁྱབ་པ་དང་། ཀླུ་དང་གཉན་དང་ས་བདག་ལ་སྩོགས་པས་ཡོངས་སུ་བསྐོར་ཏེ་ཐབས་ཅིག་ཏུ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན། ཆོས་ཉིད་མཉམ་པ་ཆེན་པོ་ཅིའི་ངོ་བོར་ཡང་མ་གྲུབ་པ་ཞེས་བྱ་བར་ལྷུན་གྱིས་གྲུབ་པར་ཀུན་ལ་ཁྱབ་པར་མཛད་དོ། །དེས་འཁོར་རྣམས་སེམས་འདྲོགས་པར་གཟིགས་ནས་འཁོར་རྣམས་ལ་རང་བཞིན་འདི་བསྟན་ཏོ། །ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །མ་སྐྱེས་ཡེ་ནས་གཉིས་སུ་མེད། །རྒྱུ་དང་རྐྱེན་མེད་རང་བྱུང་བ། །དེ་ལས་ཀུན་འབྱུང་ཐབས་བསམ་ཡས། །ཐམས་ཅད་ང་ཡི་རང་བཞིན་ལས། །མ་གཡོས་མི་གཡོ་ཅིར་ཡང་གསལ། །སྙིང་པོ་ཉིད་ལ་གཡོ་བ་ཉིད། །ཅེས་གསུངས་པས། འཁོར་རྣམས་ཀྱིས་རང་རང་གིས་དེ་ཁོ་ན་ཉིད་སོ་སོ་མ་ཡིན་པ་མཐོང་བར་གྱུར་ཏོ། །དེ་ནས་རྡོ་རྗེ་སྙིང་པོ་དྲེགས་པ་འཇོམས་པ་དེས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཀུན་གྱི་རང་བཞིན་རྡོ་རྗེ་ཉིད། །དུས་གསུམ་སངས་རྒྱས་ཀུན་གྱི་དངོས། །གསང་སྔགས་


DNG017_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱི་ངོ་བོ་ཉིད། །ཆེ་བའི་ཡོན་ཏན་རྒྱས་པར་མཛོད། །ཅེས་གསོལ་པས། དེ་ནས་བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་གཉིས་སུ་མེད་པའི་བདག་ཉིད་ཆེན་པོ་ལ་སྤྲུལ་པ་སྣང་བའི་ཚུལ་འོད་ཟེར་བྱེ་བ་ས་ཡ་ཕྱོགས་བཅུར་བཀྱེའོ། །འོད་ཟེར་དེ་དག་གིས་ཞིང་ཁམས་ཐམས་ཅད་དུ་ཁྱབ་པར་མཛད་ནས་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་བརྒྱུད་དེ། སངས་རྒྱས་ཐམས་ཅད་ཀྱི་རང་བཞིན། ཆོས་ཐམས་ཅད་ཀྱི་རྩ་བ། རྡོ་རྗེ་འཆང་ཆེན་པོ་ཉིད་དུ་མཛད་དེ། རྩོལ་བ་དང་བྲལ་བའི་ལམ་མངོན་དུ་གྱུར་པར་གསུངས་སོ། །དེ་ནས་རྡོ་རྗེ་སྙིང་པོས་བཅོམ་ལྡན་འདས་ལ་གསོལ་པ།སངས་རྒྱས་ཀུན་གྱི་རང་བཞིན་དངོས། །ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཁྱོད། །མི་རྟོག་དབྱིངས་ལས་སྐུ་བཞེངས་ལ། །འཁོར་གྱི་ཚོགས་རྣམས་དབང་སྡུས་ཤིག །ཅེས་གསོལ་པས། དེ་ནས་བཅོམ་ལྡན་འདས་ཀྱིས་ཟིལ་གྱིས་གནོན་པའི་ཁྲོ་བོ་འབར་བ་ཞེས་བྱ་བའི་དགོངས་པ་ལ་བཞུགས་ཏེ། འབྱུང་བ་ལྔ་ཡེ་ནས་ལྷུན་གྱིས་གྲུབ་པའི་གཞལ་ཡས་ཁང་། མཐའ་དབུས་མེད་པའི་ཕོ་བྲང་། འབྲས་བུའི་ལམ་ཐམས་ཅད་ཀྱི་སྙིང་པོར་རིག་པ་སྙིང་པོས་ཟིན་པའི་ཐབས་ཆེན་པོ་བགྲོད་དུ་མེད་པའི་ལམ་ཁྱད་པར་ཅན། སྟོབས་ཀྱི་སྟོབས་ལས་ཁྱད་པར་དུ་འཕགས་པ། རྨད་དུ་བྱུང་བའི་སྟོབས་དང་། ངེས་པའི་སྦྱོར་བ་དུ་མ་རོལ་པར་འཆར་བ། རབ་ཏུ་ཁྲོས་པའི་ཚུལ་འཆང་བས་འཇིག་རྟེན་གྱི་ཁམས་གང་བར་མཛད་པ། ཐབས་ཀྱི་ངེས་པར་སྦྱར་བའི་སྟོབས་ཀྱིས་ལས་ཐམས་ཅད་གཏན་ལ་ཕབ་སྟེ། ལས་མ་ཡིན་པ་ལས་སྤྱོད་པ་ཐམས་ཅད་ཀྱི་སྲོག་དང་། ལས་དང་ནུས་པ་ཐམས་ཅད་གནད་ལ་བོར་ཏེ་སྲོག་དབང་དུ་བསྡུས་སོ། །དེས་འཇིག་རྟེན་གསུམ་པོ་རབ་ཏུ་གཡོས་སོ། །ལྡེག་གོ་རབ་ཏུ་ལྡེག་གོ། །འུར་རོ་རབ་ཏུ་འུར་ཀུན་ཏུ་འུར་རོ། །ཆེམ་ཆེམ་མོ། །འཇིག་རྟེན་གསུམ་པོ་འཇིག་ལ་ཁད་དོ། །འཁོར་ཐམས་ཅད་བརྒྱལ་ཏེ་དབང་པོ་ཉམས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྟོབས་ཀྱི་སྟོབས་ཁྱད་པར་ཅན་དུ་གྱུར་ནས་སྲོག་གི་དྭངས་མ་གསལ་བར་མཛད་དེ། དེ་མ་ཐག་ཏུ་འཁོར་རྣམས་མྱོས་ཤིང་དྲན་པ་ཉམས་པ་ལས་ལོག་སྟེ། ཤིན་ཏུ་དྲེད་ཅིང་མི་བཟོད་པ་ཆེན་པོར་གྱུར་ནས། རང་རང་གི་སྲོག་གི་སྙིང་པོ་ཐམས་ཅད་དངོས་


DNG017_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཕུལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྔམ་པའི་སྒྲ་ཆེན་པོ་བཏོན་ཏེ། སྲོག་དང་ལས་ཐམས་ཅད་ཡི་གེ་གཉིས་ལ་བསྡུས་ཏེ། རང་རང་གི་སྲོག་གི་སྙིང་པོ་ཐམས་ཅད་ནུས་པའི་མཐུ་ཅན་དུ་བྱིན་གྱིས་བརླབས་ཏེ། དཀྱིལ་འཁོར་ཆེན་པོ་ཡོངས་སུ་རྫོགས་པར་མཛད་ནས་དྲེགས་པ་དེ་དག་ཀུན་ཀྱང་གཤིན་རྗེ་གཤེད་ཀྱི་དགེ་འདུན་དུ་གྱུར་ཏོ། །འཕགས་པ་འཇམ་དཔལ་གཤིན་རྗེའི་རྒྱལ་པོ་སྡིག་པ་སྟོབས་ཆེན་གསང་བའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་མཐུ་སྟོབས་ཀྱི་བདག་པོ་རྡོ་རྗེ་སྙིང་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཧོ་མི་ཤིགས་རྡོ་རྗེའི་སྐུ། །ཟིལ་གྱིས་གནོན་པའི་ཡེ་ཤེས་ཁྱོད། །འཁོར་གྱི་དྲེགས་པ་དབང་བསྡུས་ནས། །དཀྱིལ་འཁོར་ཆེན་པོར་ལྷུན་རྫོགས་པའི། །དྲག་པོའི་སྔགས་རྒོད་འཇུག་ཚུལ་གང་། །ཕྱག་རྒྱ་ཟིལ་གནོན་ཇི་ལྟ་བུ། །དྲག་སྔགས་མཚོན་ཆ་ཇི་ལྟར་ལགས། །དེ་བཞིན་དཀྱིལ་འཁོར་དབང་དང་ནི། །དམ་ཚིག་ཕྲིན་ལས་རྫོགས་མཛད་པའི། །སྟོབས་ཆེན་བཀའ་རྒྱུད་ཇི་ལྟ་བུ། །ཡེ་ཤེས་ཆེན་པོས་བཤད་དུ་གསོལ། །ཞེས་གསོལ་པས། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་དེས་དྲག་སྔགས་ཡོངས་སུ་བསྟན་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། གསང་ཚིག་སྔགས་ཀྱི་སྦྱོར་བ་འདི་རྒྱས་པར་གསུངས་སོ། །དྲག་པོའི་སྔགས་རྒོད་དམོད་པ་དག །རྒྱུ་དང་རྐྱེན་ལ་རག་མ་ལུས། །བསྙེན་བསྒྲུབ་བྱེད་རྩོལ་མཐར་མ་ལྷུང་། །རེ་དོགས་བྲོད་པའི་གཡང་ས་མེད། །རྫས་དང་སྦྱོར་བའི་འཕྲོ་འདུ་བྲལ། །མཆོད་དང་རྫས་ལ་རྟེན་མི་འཆའ། །ཆགས་སྡང་རྒྱུ་རྐྱེན་དབྱེར་མེད་འཇོམས། །ས་དང་ལམ་ལ་བགྲོད་པ་མེད། །དེ་བཞིན་ལྷ་ཡི་ངོ་བོ་ནི། །ཏིང་འཛིན་གྲིམས་པའི་ཕྲིན་ལས་མིན། །གཞི་རྩ་མེད་པའི་ཡེ་ཤེས་ཏེ། །རྒྱུ་དང་རྐྱེན་ལ་རག་མ་ལུས། །སྨིན་དང་མ་སྨིན་ཉེ་རིང་མེད། །ཕྱག་རྒྱ་གསལ་བས་ལྷུན་གྱིས་གྲུབ། །ཕྱག་རྒྱ་རྫོགས་པས་ཞིང་ཁམས་རྫོགས། །ཕྱག་རྒྱ་གྲོལ་བས་ངང་དུ་ཐིམ། །ཆེ་བ་རང་བྱུང་རྒྱལ་པོ་སྟེ། །ཟིལ་གྱིས་གནོན་པའི་ཡེ་ཤེས་


DNG017_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །དྲག་པོ་སྔགས་ཀྱི་མཚོན་ཆ་ནི། །བརྡུང་དང་ངར་འཐར་མ་ཡིན་ཏེ། །མཁས་པས་བྱ་བ་ཐམས་ཅད་བཞིན། །རྒོལ་བ་ཐམས་ཅད་མི་འཇིགས་གཅོད། །དེ་བཞིན་དྲག་སྔགས་གསང་བ་འདི། །བདེ་གཤེགས་ཐམས་ཅད་བཀའ་འདུས་ནས། །སངས་རྒྱས་ཀུན་གྱི་ཐུགས་རྒྱུད་དེ། །རྣམ་པ་ཡི་གེའི་ངོ་བོ་ལ། །སངས་རྒྱས་མཐུ་ཡི་ངར་འཐར་བཅུག །སྟོབས་དང་ནུས་པ་ཀུན་འདུས་པས། །མཁྱེན་པ་ཉིད་ཀྱང་བརླགས་པར་འགྱུར། །དཀྱིལ་འཁོར་ཡོངས་རྫོགས་ཐིག་ལེ་ཆེ། །འབྱུང་བཞི་ཡེ་ནས་རྣམ་དག་ཀློང་། །ལྷུན་གྱིས་གྲུབ་པའི་གཞལ་མེད་ཁང་། །རྟོག་ཚོགས་ལྷ་ཡི་དཀྱིལ་འཁོར་རྫོགས། །མ་ལུས་འདུས་པས་ཐིག་ལེ་ཆེ། །སྣང་སྲིད་དབང་གི་དཀྱིལ་འཁོར་དུ། །མ་བསྐུར་བསྐུར་མེད་ཡེ་ནས་བསྐུར། །སྐྱེས་བུ་རིག་པའི་རྩལ་ལྡན་ལ། །དབང་མཆོག་ཆེན་པོ་རྒྱུན་ཏུ་གནས། །དཀའ་ཐུབ་དམ་ཚིག་སྡོམ་པའི་དོན། །ཆོས་རྣམས་མ་ལུས་ཀུན་གྱི་གཞི། །ངོ་བོ་ཆོས་སྐུ་བྱང་ཆུབ་སེམས། །འཁོར་འདས་ལྷུན་གྲུབ་ངང་རྫོགས་ལ། །དམ་ཚིག་ཆེན་པོ་དེ་ཉིད་གསུང་། །ཕྲིན་ལས་མ་བཙལ་རོལ་པའི་རྒྱན། །སྒྱུ་མ་ལྷུན་གྲུབ་རོལ་པར་ཤར། །དུས་གསུམ་རྒྱལ་བའི་བྱིན་བརླབས་སྟོབས། །མ་ལུས་འདུས་པ་རྡོ་རྗེའི་བཀའ། །གཞི་དང་ལམ་དང་འབྲས་བུའི་རྒྱུད། །ལྟ་སྤྱོད་དཀྱིལ་འཁོར་དམ་ཚིག་དབང་། །ལས་རིམ་བསྒྲུབ་པ་གསང་སྔགས་དང་། །ངོ་བོ་འདྲེལ་བཅས་རྒྱུ་དང་རྐྱེན། །རང་བཞིན་གནས་དང་མངོན་བྱེད་པ། །གསང་སྔགས་རྒྱུད་ཀྱི་ངེས་པ་བཤད། །ཅེས་གསུངས་སོ། །འཕགས་པ་འཇམ་དཔལ་གཤིན་རྗེའི་རྒྱལ་པོ་སྡིག་པ་སྟོབས་ཆེན་གསང་བའི་རྒྱུད་ལས། གསང་ཚིག་སྔགས་ཀྱི་སྦྱོར་བ་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་མཐུ་སྟོབས་ཀྱི་བདག་པོ་རྡོ་རྗེ་སྙིང་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །རྒྱལ་བ་ཀུན་གྱི་རང་བཞིན་དངོས། །གསང་སྔགས་ངོ་བོ་དེ་ཉིད་གང་། །འཇིག་རྟེན་འཇིག་རྟེན་འདས་པ་ཡི། །དྲེགས་པ་མཐུ་སྟོབས་ལྡན་པ་ཀུན། །བཀའ་བཞིན་ཉེ་བ་ཇི་ལྟ་བུ། །ལྷུན་གྲུབ་ཕྱག་རྒྱ་ཆེན་པོ་ཡིས། །


DNG017_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་པོས་གདུལ་བྱ་གང་ལགས་པ། །འཁོར་ལ་རྒྱས་པར་བཤད་དུ་གསོལ། །ཞེས་གསོལ་པས། བཅོམ་ལྡན་འདས་ཀྱིས་དྲི་བའི་དོན་རྒྱས་པར་བཤད་དོ། །བསྐལ་པ་རྫོགས་ལྡན་བྱ་བ་ལ། །ལྷོ་ཡི་འཛམ་བུའི་གླིང་འདི་རུ། །བདེ་བའི་དབང་ཕྱུག་དེད་དཔོན་ཞེས། །རིགས་ཀྱི་བདག་པོར་གྲགས་པ་ཞིག །གྲགས་པ་སྔགས་ཀྱི་སྒོར་ཞུགས་ནས། །བགྲོད་པ་མ་ཐོབ་དཔེ་ལས་མཚོན། །བརྡའ་དོན་མ་གྲོལ་ལྷུག་པར་སྤྱད། །རིགས་ངན་མོ་ལ་གྲོགས་སུ་སྤྱད། །ཤ་ཁྲག་ཀེང་རུས་རྣམས་ལ་རོལ། །འཇིག་རྟེན་དྲེགས་པ་ཤ་ཁྲག་བསྟེན། །སྔགས་ཚིག་ཕྲ་མོའི་སྟོབས་དང་ལྡན། །རྟག་པའི་ཁྲོ་བོ་ཡོད་པར་བསྒོམས། །ལུས་ཆེ་ཡན་ལག་རགས་ལ་བལྟས། །དོན་གྱི་གདེང་སྟོབས་མ་རྙེད་པར། །དངོས་པོ་ལ་ནི་སྒྲ་བཞིན་སྤྱད། །གསང་སྔགས་བཀའ་བསྒོ་ལོག་པ་ཡིས། །དུས་མ་ཡིན་པར་ཚེ་ཟད་ནས། །ན་རག་རྡོ་རྗེ་དམྱལ་བར་ལྟུང་། །བཞི་བརྒྱ་རྩ་བཞིའི་ནད་རྣམས་མྱོང་། །ཚད་མེས་མནར་ཏེ་བདེ་བས་དྲེལ། །བསྐལ་པ་བཞི་ནས་བརྒྱད་གཉིས་འཁོར། །ཚ་གྲང་གནས་ནས་བསྐལ་པ་བཞིར། །འཁོར་ཞིང་སྡུག་བསྔལ་ཟད་པའི་མཐར། །ཉི་ཚེ་ཉེ་འཁོར་ཁ་འཁོར་ནས། །བསྐལ་པ་གཉིས་སུ་སྡུག་ཅིང་འཁྱམས། །དེ་མཐར་ཕྱི་ནང་སྒྲིབ་པའི་གནས། །སྐྱེ་བ་གཉིས་དང་དུད་འགྲོར་གནས། །དེ་མཐར་རྫུ་འཕྲུལ་ལུས་བླངས་ཏེ། །གཤིན་ཡུལ་འཇིགས་ཤིང་སྐྱི་གཡའ་བའི། །ལྕགས་མཁར་བཅུ་དྲུག་བཅུ་གཉིས་འོབས། །ཐོད་མཁར་ཆེན་པོའི་ཕོ་བྲང་དུ། །ལས་ཀྱི་གཤིན་རྗེ་ནག་པོར་གྱུར། །བདུད་དང་མ་མོ་སྲོག་གཅོད་གིང་། །གདུག་པ་ཅན་གྱི་དེད་དཔོན་གཙོ། །ཕུང་བྱེད་ནག་པོ་ཚེ་སྲོག་བདག །ལུས་ཆེ་ཡན་ལག་རགས་ལ་རྔམ། །སྐྲ་དང་བ་སྤུ་ཨག་ཚོམ་རྩུབ། །མགོ་དང་སྙིང་གི་ཕྲེང་བས་བརྒྱན། །ཀོ་རློན་ཞིང་ལྤགས་གོས་སུ་གྱོན། །མཚོན་ཆ་མེ་རླུང་དུག་དཔལ་འཕྲོ། །མྱུར་དུ་གསོད་ཅིང་ཤ་རློན་པ། །མངལ་དུ་འཚུབས་ཤིང་རཀྟར་འཛག །ཐོད་རུས་འབྲུ་མར་འཁྲུག་ཅིང་འཐུང་། །དེད་དཔོན་བཞི་ཡི་འཁོར་ལ་རྦོད། །ཆགས་པའི་རྒྱ་མཚོས་མྱོས་པར་བྱེད། །


DNG017_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་པའི་མེ་དཔུང་རང་རྒྱུད་བསྲེག །དེ་ཡིས་འཇིག་རྟེན་ཕུང་བྱེད་པས། །རྒྱལ་བ་ཀུན་གྱི་ཐུགས་བརྒྱུད་ནས། །བཀའ་བགྲོས་རྫུ་འཕྲུལ་སྣ་ཚོགས་བཀྱེ། །སྟོང་པའི་རང་བཞིན་དེ་སྟོང་བཀྱེ། །སྟོང་པས་ནག་པོའི་སྡེ་མ་སྟོངས། །སངས་རྒྱས་རྡུལ་སྙེད་ཞིང་ཁམས་འཁོད། །དེས་མ་ཐུལ་ཏེ་རིགས་གསུམ་མངགས། །ཡ་མ་བཛྲ་ཧ་ཡའི་སྐུ། །རང་རང་ལག་ཆ་འཁོར་སྤྲུལ་ནས། །ནད་དང་མཚོན་ཆའི་ཆར་ཕབ་གཟིར། །ཤ་ཁྲག་རོ་དང་བདུད་རྩིར་གྱུར། །མ་ཐུབ་སྡེ་གསུམ་རྒྱལ་ལ་ཁད། །དེས་མ་ཐུབ་ནས་བཀའ་བགྲོས་ཏེ། །ཁྲོ་བོ་སྨེ་བ་བརྩེགས་པ་མངགས། །རྡོ་རྗེ་སྲིན་པོ་འཁོར་དང་བཅས། །ནག་པོ་གདུག་པ་བསྒྲལ་བར་གཟས། །ཡེ་ཤེས་མེ་ཡི་སྲས་མཆོག་སྤྲུལ། །ནག་པོ་ཚེ་སྲོག་བདག་པོ་ཡི། །དཀར་ནག་ཙིཏྟའི་དཀྱིལ་དུ་གཟས། །བཏབ་པས་ཁྲོ་བོ་སྨེ་བརྩེགས་རྒྱལ། །རྡོ་རྗེ་སྲིན་པོའི་འཁོར་བརླགས་ནས། །བདེ་གཤེགས་ཀུན་གྱི་དགོངས་པ་བསྡུས། །གསང་སྔགས་ངོ་བོ་དེ་ཁོ་ན། །དྭངས་མ་ཆེན་པོ་ལྔ་ཡི་དངོས། །ཡེ་ཤེས་ལྔ་ཉིད་དེ་རྟོགས་པའི། །རིགས་ལྔའི་གཙོ་བོ་སྤྱི་གཟུགས་ཅན། །ནག་པོ་ཆ་མཐུན་བརྗིད་པའི་སྐུ། །ཟིལ་གནོན་ཕྱག་རྒྱ་ཆེན་པོ་ཉིད། །སྟོང་ཉིད་མ་སྐྱེས་འགག་མེད་པའི། །ལྷུན་གྲུབ་ཡེ་ཤེས་ཐམས་ཅད་མཁྱེན། །ལྷུན་པོ་རི་རབ་ལྟ་བུར་བརྗིད། །རྣམ་ཐར་དབུ་གསུམ་སྐུ་གསུང་ཐུགས། །རྒྱུད་དྲུག་འཁོར་བ་སྒྲོལ་བའི་རྟགས། །ཕ་རོལ་ཕྱིན་དྲུག་ཡེ་ཤེས་དྲུག །སྐྱེ་བ་རྣམ་བཞི་དག་པའི་རྟགས། །ཚད་མེད་ཞབས་བཞི་རྫུ་འཕྲུལ་བཞི། །སྲ་བྱེད་བརྟན་པས་ཐམས་ཅད་གནོན། །གཉེན་བྱེད་སྐྱོམ་ཞིང་སྡུད་པའི་དབང་། །གསལ་བྱེད་ཁྲག་ཆུ་བག་ཆགས་བསྲེག །ཡཾ་གྱིས་རྐྱེན་མེད་རང་ཤུགས་ལྡང་། །སྣང་བྱེད་གོ་འབྱེད་ཁེབས་འོག་ཆུབ། །རྒྱུ་རྐྱེན་ཐབས་ལ་རག་མ་ལུས། །བདེ་བའི་སྐུ་ཉིད་སྟོང་དཔག་མེད། །སྟོང་ལས་ཀུན་འབྱུང་བསམ་དཔག་དཀའ། །ནག་པོ་གདུལ་ཕྱིར་སྣ་ཚོགས་སྤྲུལ། །ཡ་མ་བཛྲ་ཁྱམས་ཁང་ཁྱུང་། །དེ་བཞིན་རིགས་ལྡན་སེང་གེ་སྟག །གདུག་པ་ཡེ་ཤེས་ཁྲོ་ཆུང་འབར། །ཚུལ་དགུ་ཆས་དགུ་རྒྱན་དགུ་དང་། །གར་དགུ་རྟགས་དགུ་རྔམ་


DNG017_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་དགུ། །འཁོར་ལོ་རལ་གྲི་རྡོ་རྗེ་འཕེན། །བེ་ཅོན་གཏུན་ཤིང་སྡིགས་མཛུབ་བརྡེག །ནག་པོ་གེལ་པ་བསྒྱེལ་ཏེ་གནན། །ཕོ་ཉ་སྤྲུལ་པ་གདན་དུ་བཏིང་། །ནག་པོ་བརྒྱལ་ཏེ་འདར་བ་དེ། །ཞལ་དུ་རྔུབས་ཏེ་སྣམ་ནས་ཕྱུང་། །འཁོར་རྣམས་དབང་བསྡུས་མདངས་དང་ཕྲལ། །ནག་པོ་བརྒྱལ་སངས་སྨྲེ་སྔགས་བཏོན། །ཨེ་མ་སངས་རྒྱས་འདུས་པའི་སྐུ། །རྫུ་འཕྲུལ་རྨད་བྱུང་ངོ་མཚར་ཆེ། །བདག་ཅག་རྒྱལ་བའི་འཁོར་བགྱིད་པས། །སྲོག་དང་མ་ཕྲལ་བྲན་དུ་ཞོག །འཁོར་ལ་ཐུགས་རྗེ་མ་ཆུང་བར། །བཀའ་ལ་ཐོགས་ཤིག་བཀའ་བཞིན་བགྱིད། །ཅི་བཅོལ་ལས་རྣམས་བཀའ་བཞིན་ཉན། །དཀྱིལ་འཁོར་ཆེན་པོའི་སྲུང་མ་བགྱིད། །འཁོར་གྱི་ལས་སྐལ་གང་ལ་བསྐོས། །དེ་ནས་རྡོ་རྗེ་ཁྲོས་པའི་སྐུས། །གཏུམ་ཁྲོ་མི་བཟད་འཇིགས་པའི་ཚོགས། །ང་ཡི་བསྒོ་བའི་ལས་རྣམས་ཀྱིས། །སངས་རྒྱས་བཀའ་འཁོར་བསྲུང་ལ་སྐྱོབས། །བསྟན་པ་འཇིག་ན་དྲེགས་པས་སྒྲོལ། །རྣལ་འབྱོར་ཅན་གྱི་ཕྲིན་ལས་གྱིས། །ཞེས་གསུངས་པས། འཁོར་རྣམས་དཀྱིལ་འཁོར་ཆེན་པོའི་སྲུང་མར་གྱུར་པའོ། །འཇམ་དཔལ་གཤིན་རྗེའི་རྒྱལ་པོ་སྡིག་པ་སྟོབས་ཆེན་གསང་བའི་རྒྱུད་ལས། རཱུ་ཏྲ་བཏུལ་བའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་མཐུ་སྟོབས་ཀྱི་བདག་པོ་རྡོ་རྗེ་སྙིང་པོས། བཅོམ་ལྡན་འདས་ལ་གསོལ་པ། ཀྱེ་ཧོ་སངས་རྒྱས་ཀུན་གྱི་རང་བཞིན་དངོས། །ཡེ་ཤེས་དབྱིངས་ལས་སྤྲུལ་པ་ཡི། །ཕྲིན་ལས་རྫོགས་པའི་ཡེ་ཤེས་ཁྱོད། །ལས་རྣམས་ཀུན་གྱི་རྩ་བ་རུ། །བརྣག་པའི་རྒྱལ་པོ་གསང་བའི་རྒྱུད། །སྡིག་པ་ནག་པོ་སྟོབས་ཆེན་གྱི། །ལས་ཀྱི་རྣམ་གྲངས་ཇི་ལྟ་བ། །འཁོར་ལ་རྒྱས་པར་བཤད་དུ་གསོལ། །ཞེས་གསོལ་པས། བཅོམ་ལྡན་འདས་ཀྱིས་དྲི་བའི་དོན་བཤད་དོ། །སྙིང་པོའི་དོན་གྱི་གསང་རྒྱུད་ལ། །རྩ་བ་ཡན་ལག་གཉིས་སུ་བཤད། །རྩ་བའི་ལས་ནི་གསུམ་དུ་བཤད། །གསང་བ་མཆོག་གི་སྦྱོར་བ་དང་། །དྲེགས་པ་སྟོབས་ཀྱིས་གཞོམ་པ་དང་། །གདུག་པ་འདུལ་བའི་ལས་སུ་གསུངས། །གསང་བ་མཆོག་


DNG017_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྦྱོར་བ་ལ། །སྟོབས་ཅན་དང་ནི་སྟོབས་མེད་ལས། །སྲོག་ལ་འཁོར་ལོ་བསྐོར་བ་དང་། །དྲག་པོ་ཐུན་གྱིས་གསོད་པ་དང་། །གདུག་པ་ཀླུ་ལ་གཏད་པ་ཡིས། །རྟེན་ཅན་རྟེན་མེད་ཐུན་མོང་གིས། །གསང་བའི་སྦྱོར་བ་རྫོགས་པར་བཤད། །དྲེགས་པ་སྟོབས་ཀྱིས་གཞོམ་པ་ལ། །སྟོང་སྲོག་གཅིག་ཏུ་བསྡུ་བ་དང་། །རང་རང་གནད་ཀྱིས་གཟིར་བ་སྟེ། །དགུག་དང་སྲོག་འཕྲོག་གཟིར་དང་གསད། །མཐའ་སྡུད་ལས་རྣམས་རྫོགས་པ་སྟེ། །སྦྱོར་བ་གསུམ་གྱིས་ལས་སྦྱར་ནས། །མིས་བྱས་མིས་མ་བྱས་རྣམས་དང་། །ནམ་མཁའ་བར་སྣང་ས་གཞིར་གནན། །སྟོབས་བཤིག་དུག་དབྱུང་ཁ་བཅིང་ཞིང་། །ཟུག་པ་དབྱུང་དང་གསང་ལམ་དགག །དེ་བཞིན་གདུག་པ་འདུལ་བ་ཡང་། །སྟོབས་ཆེན་ལྷ་དང་དྲག་པོ་སྔགས། །རྟེན་འདྲེལ་རྫས་དང་འཚོ་བྱེད་སྨན། །ཕྲིན་ལས་སྦྱོར་ཀའི་བཅུད་ཀྱིས་གསོ། །མ་གྲུབ་སྤོགས་དང་ལོག་གནོན་གྱིས། །ལས་ཀྱི་སྦྱོར་བ་རྫོགས་པར་བཤད། །ཡན་ལག་སྦྱོར་བ་བསྟན་པ་ནི། །དབབ་གཅད་སྤྲུལ་པའི་ལས་ཀྱིས་རེ། །རྣལ་མ་ལྟོ་བཟློག་འབྱུང་བ་དཀྲུག །དེ་ཡིས་ལས་རྣམས་འགྲུབ་པར་བྱེད། །སྟོབས་ལྡན་བགྲོད་ཐོབ་ལྷར་གསལ་བས། །རྣོ་མྱུར་སྟོབས་ཆེན་ངར་ལྡན་ཡིན། །དེ་དང་མི་ལྡན་རང་འཆིང་བས། །ཡ་བག་ཤ་ཡི་སྦྱོར་བས་བཤད། །འཇམ་དཔལ་ཁྲོ་བོ་གཤིན་རྗེ་སྡིག་པ་སྟོབས་ཆེན་གྱི་རྒྱུད་ལས། དངོས་གཞི་སྦྱོར་བའི་དོན་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཡང་རྡོ་རྗེ་སྙིང་པོས་བཅོམ་ལྡན་འདས་ལ་གསོལ་པ། ཀྱེ་ཧོ་འབར་བའི་རྒྱལ་པོ་སྟེ། །ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཁྱོད། །སྣོད་བཅུད་འབྱུང་བཞི་ལྷུན་གྲུབ་པའི། །གཞལ་མེད་ཕོ་བྲང་དམ་པ་གང་། །སྐྱེ་མེད་དོན་ཉིད་སྐྱེ་ཤར་བའི། །ཕྱག་རྒྱའི་དཀྱིལ་འཁོར་ཇི་ལྟ་བུ། །རྟོག་ཚོགས་རྣམ་དག་འབྲས་བུ་གང་། །ཞེས་གསོལ་པས། དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་ལ་རྒྱས་པར་བཤད་དོ། །རང་བཞིན་མི་གནས་མཉམ་ཉིད་ངང་། །ལྷུན་གྲུབ་ཡེ་ཤེས་གཞལ་མེད་ཁང་། །


DNG017_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་དུར་ཁྲོད་བརྟན་པར་གནས། །ཕྱི་ནང་གཉིས་མེད་གདལ་ཁྱབ་གསལ། །གྲུ་གསུམ་མཐིང་ནག་འབར་བའི་དབྱིངས། །ཟླ་གམ་དམར་པོ་དབང་གི་ཚུལ། །ལྷག་པའི་ཡེ་ཤེས་ཐོད་མཁར་བཞི། །ལྕགས་འཁོར་བཅུ་གཉིས་བཅུ་དྲུག་འོབས། །རྡོ་རྗེའི་ཕྲེང་བ་གྲུ་ཆད་བཞི། །བར་ཁྱམས་དམར་པོ་སྒོ་ཁྱུད་ལྡན། །གྲུ་བཞི་སྒོ་ལ་རྟ་བབས་ལྡན། །རྩེ་མོ་གནམ་ལྕགས་འབར་བ་མཐོ། །ལྷ་བརྒྱད་ཀླུ་བརྒྱད་ཞིང་དང་རོ། །དྲ་བ་དྲ་ཕྱེད་ཆུན་འཕྱང་སྦྲུལ། །གླང་ཆེན་འབྲུག་དང་སེང་གེ་སྟག །རུས་སྦལ་ཆུ་སྲིན་གནམ་ལྕགས་ཐོག །ཞིང་དང་ཞིང་ཆུང་ཐོད་པ་ཁྱུང་། །ཁ་ཁྱེར་ལྷ་མོས་མཛེས་པར་བྱས། །མ་བསྐྱེད་དབྱིངས་ནས་ཡེ་ནས་གསལ། །དྲག་པོ་ཨེ་ཡི་ཕོ་བྲང་དུ། །ཀླུ་འབུམ་གཉན་ཁྲི་ས་བདག་སྟོང་། །ཕྱོགས་སྐྱོང་མ་ཧེ་ཉི་ཟླའི་གདན། །དབུས་སུ་ཟིལ་གནོན་ལྷུན་གྲུབ་སྐུ། །མཐིང་ནག་དུག་ཆེན་ཧ་ལའི་མདོག །དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །གཡས་པ་ཀུ་མུ་ཏ་འདྲ་བས། །རོ་ཉེ་ཟ་དང་རྔམ་པར་གཟིགས། །གཡོན་པ་རཱ་ག་གཉན་ཁྲི་གསོལ། །དབུས་མཐིང་དགྲ་བགེགས་ས་བདག་ཟ། །རྡོ་རྗེ་འཁོར་ལོ་རལ་གྲི་གཡས། །བེ་ཅོན་གཏུན་ཤིང་སྡིགས་མཛུབ་འབར། །གླང་ཆེན་ཀོ་རློན་དུར་ཁྲོད་ཆས། །སྦྲུལ་དང་རིན་ཆེན་ཙིཏྟས་བརྒྱན། །དབུ་ལ་རིགས་ལྔ་ཁྲོ་བོའི་སྐུ། །དྲེགས་པའི་སྙིང་དང་ནཱ་གའི་མགོས། །དོ་ཤལ་ཁྲོ་བོའི་ཆས་ཀ་རྫོགས། །དེ་བཞིན་དབྱིངས་ཉིད་ཁྲོས་པའི་སྐུ། །ཡུམ་ནི་དམིགས་མེད་ཆོས་ཀྱི་དབྱིངས། །མཐིང་ནག་སྙིང་སྟོབས་གྲི་ཐོད་འཁྱུད། །གཙོ་བོའི་ཐུགས་ཀར་ཡ་མའི་སྐུ། །ཞེ་སྡང་རྡོ་རྗེ་སྨུག་ནག་འཇིགས། །འཁོར་ལོ་ཙིཏྟ་ཕྱག་ན་བསྣམས། །ཡ་མའི་ཐུགས་ཀར་དྲེགས་པ་ཆེ། །ང་རྒྱལ་རྡོ་རྗེ་ལྡང་ནག་རྔམ། །རྡོ་རྗེ་སྙིང་ཕྲེང་ཕྱག་ན་བསྣམས། །དྲེགས་པའི་ཐུགས་ཀར་ཁྱམས་ཁང་སྟེ། །ཕྲག་དོག་རྡོ་རྗེ་འཇིགས་པའི་སྐུ། །སྤྱི་གཙུག་འདབ་ཆགས་ཀུ་མུ་ཏ། །འདོད་ཆགས་རྡོ་རྗེ་ཟིལ་གནོན་སྐུ། །རོ་ཉེ་འདྲེན་པའི་སྟོབས་དང་འདྲེན། །ཕྲག་གོང་


DNG017_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱུང་མོ་སྔོ་ནག་གཉིས། །ནུ་མར་སེང་གེ་དཔུང་བར་སྟག །སྟ་ཟུར་སྦྲུལ་ནག་ཅེ་སྤྱང་རྔམ། །ཁྲོ་ཆུང་མང་པོས་སྐུ་ལ་གཏམས། །ཐོད་ཁར་གཤེད་བཞི་ཕོ་ཉས་གང་། །བདུད་དང་མོན་པ་ཀི་ཀང་ཚོགས། །རྒྱལ་བ་གཅིག་གི་ཡེ་ཤེས་ལས། །དུ་མ་ལས་ལ་རྒྱུག་འཕྲོ་བ། །རང་ལས་བྱུང་ཞིང་འཕྲུལ་པར་སྣང་། །དོན་དམ་གཉིས་མེད་གཅིག་ཏུ་རྫོགས། །རྟོག་ཚོགས་རྣམ་དག་རྡོ་རྗེའི་སྐུས། །སྲིད་གསུམ་ལས་དང་སྦྱོར་བ་དང་། །མ་གདོན་འབུམ་སྡེ་ཟིལ་གྱིས་གནོན། །ཞི་ཁྲོ་གཤིན་རྗེ་ཕུར་པ་དབང་། །བདུད་དང་མུ་སྟེགས་རྒྱལ་པོ་དང་། །ཐེ་བྲང་གཉན་དང་གནོད་སྦྱིན་བཙན། །བཀྲག་མདངས་ཚེ་སྲོག་སྡུད་པ་དང་། །མཛེ་འདྲེ་ས་སྲིན་ཀླུ་སྲིན་དང་། །གཅན་གཟན་གདུག་པ་ཁ་འཆིང་དང་། །དམོད་པའི་དུག་དང་རིགས་བཞིའི་དུག །ཐམས་ཅད་འཇོམས་ཤིང་ཟིལ་གྱིས་གནོན། །རྩ་བཅད་ཁྲག་སྐེམས་སྲོག་ཟུངས་གཅོད། །མགོ་གཅོད་ཚེ་སྲོག་རྟེན་འདྲེལ་འཆང་། །སྲིད་པའི་རུས་པ་འཆའ་བ་དང་། །མཁྲིས་པ་འབྱིན་ཞིང་ཤ་ཁྲག་རོལ། །བླ་དང་དྲོད་དང་རླན་དབུགས་འབྲལ། །ཤེས་པ་དྭངས་སྙིགས་འབྱེད་པར་བྱེད། །འབྲས་བུ་ཆོས་སྐུ་ཟུག་རྔུ་མེད། །བྱེད་རྩོལ་གཡང་སའི་ཁོ་ཐག་ཆད། །མ་བཅོས་དེ་ཉིད་གཉུག་མར་གནས། །འཁོར་བ་དོང་སྤྲུག་ཀ་དག་གླིང་། །སྣང་སྟོང་གཉིས་མེད་ཡེ་ཤེས་སྐུ། །མི་བཟད་རྒྱན་གྱི་འཁོར་ལོར་རྫོགས། །ཞེས་གསུངས་སོ། །འཕགས་པ་འཇམ་དཔལ་གཤིན་རྗེའི་རྒྱལ་པོ་སྡིག་པ་སྟོབས་ཆེན་གྱི་རྒྱུད་ལས། ཕྱག་རྒྱའི་དཀྱིལ་འཁོར་རྫོགས་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་རྡོ་རྗེ་སྙིང་པོས་བཅོམ་ལྡན་འདས་ལ་གསོལ་པ། ཀྱེ་ཧོ་འབར་བའི་རྒྱལ་པོ་ཆེ། །ཆེ་བ་ལྷུན་གྲུབ་ཡེ་ཤེས་ཁྱོད། །མཚོན་ཆའི་རྒྱལ་པོ་ནོར་བུ་ཡི། །ཕྲེང་བའི་རྣམ་པ་ངོ་བོ་གང་། །རང་བཞིན་ནུས་པ་ཇི་ལྟར་ལགས། །རྩ་བ་ཡན་ལག་བཅས་པ་ཡི། །སོ་དང་དཀྲུགས་དང་བཅུན་པ་གང་། །ཡང་དག་དཔའ་བོས་བཤད་དུ་གསོལ། །ཞེས་གསོལ་པས། དེ་ནས་བཅོམ་ལྡན་འདས་ཀྱིས་དྲག་སྔགས་


DNG017_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ངོ་བོ་འདི་དག་བཤད་དོ། །སྐྱོབ་པའི་དོན་གྱི་གསང་སྔགས་བཤད། །རང་བཞིན་སྟོང་པ་སྤྲོས་དང་བྲལ། །སྐྱེ་བ་མེད་པའི་ཡེ་ཤེས་ཡིན། །རྣམ་པའི་གཟུགས་བརྙན་ཡི་གེ་སྟེ། །ངོ་བོ་ལྷ་ཡི་སྐུ་རུ་བཤད། །དུས་གསུམ་རྒྱལ་བའི་བྱིན་རླབས་རྣམས། །ཡང་སྙིང་དྲིལ་བ་རྩ་བའི་སྔགས། །སྐུ་དང་གསུང་དང་ཐུགས་ཀྱི་གཏེར། །བཞི་གཅིག་བཞི་གཉིས་བཞི་གསུམ་ཡིན། །རྒྱལ་བ་ཀུན་གྱི་ངོ་བོ་ཉིད། །ཆོས་སྐུ་སྐྱེ་མེད་རྣམ་དག་ལས། །ཐིག་ལེ་ཉག་གཅིག་སྤྲོས་བྲལ་བའི། །ཨ་ནི་མ་སྐྱེས་ཡི་གེའི་མཆོག །འགྲོ་དོན་རྫོགས་པའི་འགྲེང་བུས་བརྒྱན། །ཨེ་ཡི་ཡེ་ཤེས་ལས་བྱུང་བ། །དྲེགས་པ་དབང་བསྡུས་སྲོག་སྙིང་འདུས། །ཕྱག་རྒྱ་ཟིལ་གནོན་སྐུ་རུ་བསྒོམ། །ཨ་ཡི་ཡེ་ཤེས་ལས་བྱུང་བས། །སྦྱོར་བ་ལས་ཀྱི་རྒྱལ་པོ་ཀུན། །སྤྲུལ་པ་ཚེ་བདག་ནག་པོར་རྫོགས། །ཡ་ཡི་ཡེ་ཤེས་ལས་བྱུང་བ། །རླུང་གི་སྟོབས་ཀྱིས་འཕེན་སྐྱེད་པ། །གཤིན་རྗེ་ཡ་མ་རཱ་ཛར་རྫོགས། །མ་ཡི་ཡེ་ཤེས་ལས་བྱུང་བ། །བསྐྱེད་དང་སྡུད་པར་བྱེད་པས་ན། །མ་མོ་རྡོ་རྗེ་ཁྲོས་མར་རྫོགས། །ཧེ་ཡི་ཡེ་ཤེས་ལས་བྱུང་བ། །དགྱེས་པའི་གར་དགུ་གདུག་པ་འཇོམས། །བྱ་ཁྱུང་རྒྱལ་པོ་སྙིང་པོ་རྫོགས། །དུན་གྱི་ཡེ་ཤེས་ལས་བྱུང་བ། །སྲོག་དང་དབང་པོ་ལས་བསྡུས་ནས། །ལས་ཀྱི་འཆི་བདག་ཆེན་པོ་རྫོགས། །སྙིང་གི་ཡེ་ཤེས་ལས་བྱུང་བ། །གདུག་པ་མ་ལུས་གནས་སུ་འཇོམས། །ཁྱུང་མོ་སྨུག་ནག་གཉིས་སུ་རྫོགས། །ཁྲག་གི་ཡེ་ཤེས་ལས་བྱུང་བ། །དྲེགས་པ་འཇོམས་པའི་རྡོ་རྗེ་རྫོགས། །ར་ཡི་ཡེ་ཤེས་ལས་བྱུང་བ། །བསྲེག་ཅིང་སྐེམ་བྱེད་གནས་སུ་སྤོར། །ཞེ་སྡང་གདུག་པ་སྦྲུལ་ནག་རྫོགས། །མ་ཡི་ཡེ་ཤེས་ལས་བྱུང་བ། །ཕོ་ཉ་ལས་ལ་མངག་པ་སྟེ། །བདུད་མོ་ཁྲག་གི་རལ་པར་རྫོགས། །ཙ་ཡི་ཡེ་ཤེས་ལས་བྱུང་བ། །སྣང་སྲིད་སྲོག་དང་བླ་བསྡུས་ནས། །རུས་སྦལ་རྔམ་པའི་སྐུ་རུ་རྫོགས། །ཡ་ཡི་ཡེ་ཤེས་ལས་བྱུང་བས། །ལས་ཀྱི་རླུང་གིས་འཕུལ་ཞིང་སྒྲོལ། །སྲོག་བདག་ཤན་པའི་སྐུ་རུ་རྫོགས། །


DNG017_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་ལྷ་ཡི་ངོ་བོར་ཤར། །ནུས་པ་མེ་རླུང་ལས་ཀྱི་མཚོན། །དུག་གི་མེ་དཔུང་ལྟ་བུར་བཤད། །དེ་ནས་བཅོམ་ལྡན་འདས་ཀྱིས་གསང་སྔགས་འདི་དག་སྐུ་གསུང་ཐུགས་རྡོ་རྗེ་ལས་འཐོན་ཏོ། །ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ། དུས་གསུམ་རྒྱལ་བའི་དགོངས་པ་སྟེ། །མི་འགྱུར་རྩ་བའི་སྙིང་པོར་བཤད། །ཨེ་མྱགས་ཡ་རྔུབས་མུག་ཤག་དུན། །ཨེ་ཡི་ཡེ་ཤེས་ལས་བྱུང་བ། །སྟོང་སྲོག་ཡིག་འབྲུ་དེ་ཉིད་དེ། །རིགས་ལྔའི་སྤྱི་གཟུགས་ཟིལ་གནོན་སྐུ། །མྱགས་ཀྱི་ཡེ་ཤེས་ལས་བྱུང་བ། །དམིགས་མེད་ཡུམ་ཉིད་ཆོས་ཀྱི་དབྱིངས། །ཡ་ཡི་ཡེ་ཤེས་ལས་བྱུང་བ། །མེ་ལོང་ཡེ་ཤེས་ཡ་མའི་སྐུ། །རླུང་གི་སྟོབས་ཀྱིས་རབ་ཏུ་འགུགས། །རྔུབས་ཀྱི་ཡེ་ཤེས་ལས་བྱུང་བ། །མཉམ་ཉིད་ཡེ་ཤེས་རྡོ་རྗེའི་སྐུ། །ཕྱི་དང་ནང་གི་དབུགས་རྒྱུན་གཅོད། །མུག་གི་ཡེ་ཤེས་ལས་བྱུང་བ། །ནན་ཏན་ཡེ་ཤེས་ཁྱམས་ཁང་སྐུ། །སྲིད་གསུམ་ལྟོ་རུ་འཆང་བར་བྱེད། །ཤག་གི་ཡེ་ཤེས་ལས་བྱུང་བ། །ཀུན་རྟོག་ཡེ་ཤེས་མཁའ་ལྡིང་སྐུ། །སྲོག་ལུས་དྭངས་སྙིགས་འབྱེད་པའོ། །ཀ་ཡི་ཡེ་ཤེས་ལས་བྱུང་བ། །ལས་ཀྱི་གཤིན་རྗེ་སྤྲུལ་པ་གསུམ། །ལས་རྣམས་ཐོགས་མེད་ཡེ་ཤེས་སོ། །དུན་གྱི་ཡེ་ཤེས་ལས་བྱུང་བ། །རྒྱན་གྱི་ལྷ་བརྒྱད་སྲོག་གཤེད་བཞི། །ཕོ་ཉ་སྤྲུལ་པ་བསམ་འདས་ཏེ། །རྣམ་པ་ཡི་གེ་ངོ་བོ་ལྷ། །སྔགས་ནི་ཤེས་སྐྱོབ་སྨིན་བྱེད་འཇོམས། །འདི་ལ་འཇིག་རྟེན་དངོས་གྲུབ་མཆོག །མ་ལུས་འབྱུང་ཕྱིར་སྙིང་པོའི་དོན། །རྒྱལ་བ་ཀུན་གྱི་ཐུགས་ཀྱི་གཏེར། །མི་ཟད་སྔགས་ཀྱི་ཡོན་ཏན་མཛོད། །རིན་ཆེན་རྒྱ་མཚོ་ནམ་མཁའ་ས། །རིམ་པ་དུ་མའི་དོན་གཅིག་རྫོགས། །རྩ་བ་སྔགས་ཀྱི་ལུས་སུ་བཤད། །སོ་ནི་སྤུ་གྲི་དུ་མ་སྟེ། །བསད་པ་བསྲུང་དང་དབབ་དང་སྤྲུལ། །གང་བྱེད་སྔགས་ཀྱི་ཤམ་བུས་འགྲུབ། །ཅེས་གསུངས་སོ། །འཇམ་དཔལ་གཤིན་རྗེ་གཤེད་པོ་སྡིག་པ་སྟོབས་ཆེན་ལས། གསང་སྔགས་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཡང་རྡོ་རྗེ་སྙིང་པོས་གསོལ་པ། ཀྱེ་མ་རྡོ་རྗེ་


DNG017_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོ་བོའི་སྐུ། །གསང་སྔགས་བཤད་པ་དེ་ལྟར་ན། །ངོ་དམར་གདུག་པ་བསྒྲལ་བ་ཡི། །གསད་པའི་སྦྱོར་བ་ཇི་ལྟར་བྱ། །ཡང་དག་དཔའ་བོས་བཤད་དུ་གསོལ། །ཞེས་གསོལ་པས། དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་གསང་བ་མཆོག་གི་སྦྱོར་བ་འདི་གསུངས་སོ། །ཐོག་མར་ཤེས་ལྡན་སྨིན་བྱེད་མོས། །བླ་མེད་བྱང་ཆུབ་རྗེས་བསྒྲུབ་པ། །བསྟན་པ་སྤྱི་ཡི་བློ་སྲེད་ཅན། །བགྲོད་ཐབས་སྟོབས་ལྡན་ཆེན་པོ་ཡིས། །བདག་དོན་མ་ཡིན་བསྟན་པའི་དོན། །དཀོན་མཆོག་བླ་མའི་དོན་ཆེད་དུ། །བསྟན་པའི་བར་ཆོད་བྱེད་པ་དག །བསྒྲལ་ན་བླ་མེད་བྱང་ཆུབ་མྱུར། །དེ་མ་ཡིན་ན་མནར་མེད་ན། །ལས་ཀྱི་རཱུ་ཏྲ་སྲིན་པོར་འགྱུར། །དུར་ཁྲོད་གནས་སམ་བྲག་རིའི་ངོགས། །དབེན་པར་འདུག་ལ་བསམ་གཏན་བྱ། །ཕུང་ས་གསུམ་གྱི་ས་བླངས་ལ། །གྲི་རྒོད་ཁྲག་དང་དུག་ཆུས་སྦྲུ། །འབྲུབ་ཁུང་གསུམ་བརྩེག་རྩང་གིས་བསྐོར། །དུར་ཁྲོད་རས་སམ་རྒྱ་ཤོག་ལ། །སྨེ་ཁྲག་དུག་གིས་རབ་བྱུགས་སྟེང་། །དུག་ཁྲག་རྡོ་སོལ་དེ་དག་གིས། །མཁས་པས་འཁོར་ལོ་བྲི་བར་བྱ། །དབུས་སུ་གྲུ་གསུམ་ལྡན་པ་ལ། །ཕྱི་རིམ་རྡོ་རྗེ་རྒྱ་གྲམ་ལ། །རྩ་བ་ལུས་ཀྱི་ཡིག་འབྲུ་དགོད། །ར་མཚམས་བྲིས་ལ་སྔགས་ཀྱིས་བསྐོར། །ཕྱི་རིམ་མུ་ཁྱུད་ཟླུམ་པོ་ལ། །ཤན་པ་གསོད་བྱེད་སྤུ་གྲི་དགོད། །ཐ་མ་མུ་ཁྱུད་དག་ལ་ནི། །འཁོར་ལོ་རྩིབས་ནི་ལྔ་གཉིས་གཅོད། །རྩེ་མོ་ནང་དུ་བསྟན་བྱས་ལ། །ཡང་གསང་བཅུ་གཅིག་གསང་སྔགས་དགོད། །སྲིད་པ་རུས་སྦལ་ལྟོ་བར་བཅའ། །གྲི་རྒོད་ཁྲག་དང་ཉུང་དཀར་དག །ལས་ཀྱི་ཐོད་པ་ཁ་གཡེལ་དགང་། །འཁོར་ལོ་གྲུ་གསུམ་སྟེང་དུ་ཡང་། །ཁ་སྦྱར་རྩང་དམར་བཞི་ལ་བརྒྱང་། །འབྲུབ་གནས་ནང་དུ་ཐོད་ངན་དུ། །ལིངྒ་བྲིས་ལ་སྨེ་དུད་བདུག །མཚོན་ཆ་རྩིབས་ཀྱི་བར་བར་དུ། །བླ་ཡི་སྤྲུལ་པ་བརྒྱད་དང་ནི། །ཡང་སྤྲུལ་བཅུ་གཉིས་བྲི་ཞིང་དགོད། །བླ་རྟགས་གར་བྱུང་རྟགས་སྦྱར་བརྡེག །ཕྱག་རྒྱ་ཟིལ་གནོན་སྐུར་བསྒོམས་ལ། །ཞག་གྲངས་བདུན་ནམ་བཅུ་བཞི་འམ། །ཉི་


DNG017_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

ཤུ་གཅིག་ཏུ་བརྣག་པ་བྱ། །བསྒོམ་བསྐུལ་དྲག་སྔགས་བསྣོལ་མར་བརྡེག །དྲག་སྔགས་དབུགས་ཀྱི་རྟ་ཞོན་ནས། །གསང་ལམ་དགུ་ནས་ཙིཏྟར་ཐིམ། །སྲོག་དང་ཤེས་པ་དྭངས་སྙིགས་འབྱེད། །སྙིང་པོ་སྟོང་ངམ་བརྒྱ་བར་དུ། །དྲག་པོ་ཐུན་གྱིས་གསད་པ་བརྩམ། །མཚོན་ཆ་བསྣོལ་མའི་སྔགས་རྫོགས་ནས། །གདུག་པ་གནས་པའི་ས་རུ་གནན། །དེ་ཡི་དྲག་སྔགས་འདི་ལྟ་སྟེ། །ཨེ་མྱགས་ཡ་རྡུབས་མུག་ཤག་ཀ་དུན། དགྲ་བོའི་སྲོག་ལ་དྲེང་ཤག་ཐུཾ་རིལ། དུན་དུན་ནྲྀ་ཧུར་ཐུམས་ནྲྀ་ཛ། དགྲ་བོའི་སྲོག་ལ་དྲེང་དྲེང་ཛ་ཛ་ཐུཾ་རིལ་ཤག་རྦད། དགྲ་བོའི་ཙིཏྟ་ཐུཾ་རིལ་ཤག་རྦད། དགྲ་བོའི་རྩ་ལ་ཐུཾ་རིལ་ཤག་རྦད། དགྲ་བོའི་སྲོག་ལ་ཀ་དུམ་ལིང་ཐུམས་རིལ་ཤག་རྦད། དགྲ་བོའི་སྲོག་ལ་ཧུར་ཐུཾ་རིལ་ཤག་རྦད། དགྲ་བོའི་སྲོག་ལ་ཁཾ་ནན་ཐུཾ་རིལ་ཤག་རྦད། དགྲ་བོའི་སྲོག་ལ་གཟིར་ཐུཾ་རིལ་ཤག་རྦད། དགྲ་བོའི་སྲོག་ལ་ཡཾ་ཤིག་ཐུཾ་རིལ་ཤག་རྦད།དགྲ་བོའི་སྲོག་ལ་ཐུན་གཟིར་ཐུན་བྷྱོ། གསད་པ་དྲག་པོ་མཆོག་གི་ལས། །སྦྱོར་བ་རྐྱང་པ་འདི་ཉིད་དོ། །སྡེབས་ན་མཚོན་ཆ་བསྣོལ་མ་སྟེ། །གང་མོས་སྔགས་ཀྱི་སྤུ་གྲིར་བསྣོལ། །དེ་ཡིས་ལས་ཀུན་འགྲུབ་པར་འགྱུར། །བླ་ཆེན་བཞི་དང་སྤྲུལ་པ་བརྒྱད། །ཡང་སྤྲུལ་བཅུ་གཉིས་ཆགས་སྡང་ལྔ། །གང་བྱུང་རྟགས་སྦྱར་དྲག་སྔགས་གདགས། །སྲོག་པ་ཧྲིང་ཤག་ཛ་ཙིཏྟ་དྲེང་ཤག་རྦད། སྲོག་ལ་ཐུན་མུག་ཛ་ཙིཏྟ་དྲེང་ཤག་རྦད། དགྲ་བོའི་སྲོག་ལ་ཧུར་ཐུཾ་ཛ་ཙིཏྟ་དྲེང་ཕྲེང་ཐུན་ཤག་རྦད། དགྲ་བོའི་སྲོག་ལ་ཛ་ཐུན་གཟིར་ཤག་ཙིཏྟ་དྲེང་ཤག་རྦད། དགྲ་བོའི་སྲོག་ལ་ཐུན་གཟིར་ཙིཏྟ་དྲེང་ཤག་རྦད། དགྲ་བོའི་སྲོག་ལ་ཡཾ་ཡཾ་ནྲྀ་ཛ་ཙིཏྟ་དྲེང་ཤག་རྦད། །རྟགས་དང་སྦྱར་བ་སྤུ་གྲི་སྟེ། །བརྒྱ་སྟོང་སྐབས་སུ་བྲབ་པར་བྱ། །དེ་ལྟར་དྲག་པོའི་ལས་རྫོགས་ནས། །འབྱུང་བའི་ལྟོ་གཤག་གཤིན་རྗེ་ལ། །བསྐལ་པ་གསུམ་གྱི་བར་དུ་གཏད། །ཐུགས་ཀྱི་སྟོབས་ཀྱིས་མནན་ནས་ཀྱང་། །གདོན་མི་ཟ་བའི་ཕོ་བྲང་གདབ། །འཕགས་པ་འཇམ་དཔལ་གཤིན་རྗེ་སྡིག་པ་སྟོབས་ཆེན་གྱི་


DNG017_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ལས། གསད་པ་མཚོན་ཆའི་ལེའུ་སྟེ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་བསད་པ་མཆོག་གི་སྦྱོར་བ་སྟོབས་ཅན་བསྒྲལ་བའི་ལས་འདི་དག་གསུངས་སོ། །མཁའ་ལྔ་ཁྱབ་པའི་དོན་བསྡུས་ནས། །གཟུང་འཛིན་ཆོས་ཀྱི་དབྱིངས་སུ་བསྒྲལ། །དྲོད་ཐོབ་སྟོབས་ཅན་རྣལ་འབྱོར་གྱིས། །ཕུང་བྱེད་སྡིག་པ་སྟོབས་ཆེན་གྱི། །གྱད་གནོན་འཁྲུལ་འཁོར་སྦྱོར་བ་བརྩམ། །སྲིན་པོ་གདུག་པའི་ཐོད་པ་རུ། །གཏི་མུག་ཀ་ལའི་ཙིཏྟ་རུ། །སྟོབས་ཅན་ཨ་མུའི་རྫས་དག་ལ། །ལིངྒ་བྲིས་ཏེ་གཞུག་པར་བྱ། །ཕུང་སའི་འབྲུབ་ཁུང་དག་ཏུ་ཡང་། །རྩང་བཅས་གཏིང་དུ་བཅའ་བར་བྱ། །དུར་ཁྲོད་རས་སམ་རྒྱ་ཤོག་ལ། །ཕུང་བྱེད་སྡིག་པའི་ལྟོ་བ་རུ། །སྟོབས་ཆེན་གྱད་གནོན་འཁོར་ལོ་བཅའ། །ཕྱག་རྒྱ་ཟིལ་གནོན་ཏིང་འཛིན་གྱིས། །དྲག་སྔགས་རྔམ་ལ་འཚིག་པར་བཟླས། །བྱ་ཁྱུང་སྟོབས་ཆེན་འབར་བ་ཡིས། །ནམ་མཁར་མཐིང་གི་ཕྱ་ར་བཤིག །རུས་སྦལ་སྟོབས་ཆེན་ལྟོ་བ་རུ། །མུན་པའི་དམག་བསྡུ་སྟོབས་ཀྱིས་གནན། །རྡོ་རྗེ་སྟོབས་ཆེན་ཁྲོས་པ་ཡི། །དྲེགས་པའི་ཞེ་སྡང་འཇོམས་པར་བྱེད། །ཡ་མ་རཱ་ཛ་ཁྲོས་པའི་སྐུས། །གནམ་ལྕགས་ཨུར་མོ་སོ་བརྡར་བཅད། །དྲག་པོ་སྔགས་ཀྱི་འོད་ཟེར་གྱིས། །རང་གཤེད་རང་ལ་འབེབས་པར་བྱེད། །བདུད་བཞི་སྡིག་པ་ཁ་དགུ་ཡིས། །རྣམ་ཤེས་རྩ་བཅད་མེ་མར་གསོད། །སྲོག་དང་ཤེས་པ་དྭངས་སྙིགས་འབྱེད། །དུག་དང་རྩང་ཕུར་ཟངས་ལྕགས་ཕྱེས། །གནད་ལ་དབབ་ཅིང་རང་གཤེད་བསྐོར། །དེ་ཡི་དྲག་སྔགས་འདི་ལྟ་སྟེ། །ཨེ་མྱགས་ཡ་རྡུབས་མུག་ཤག་ཀ་དུན། དགྲ་བོའི་སྲོག་ལ་དྲེང་ཧུར་ཐུམས་ཛ་རྩ་ཁྲག་སྙིང་ཐུམས་རིལ་རཾ་ཤག་རྦད།སྲོག་ཐུམ་རིལ་ཛ་རྩ་ཁྲག་ཧུར་རཾ། སྙིང་ཐུན་རྦད་སྲོག་ལ་མཱ་ར་ཡ་བྷྱོ། བསད་པ་མཆོག་གི་དྲག་སྔགས་ཏེ། །བདུན་ནམ་དགུ་འམ་བཅུ་བཞིར་བྱ། །དྲག་པོའི་ཐུན་དང་ནད་ཀྱི་རྫས། །ཡང་ནས་ཡང་དུ་བརྡེག་པར་བྱ། །སརྦ་རྩ་སྤུར་སྲོག་ནག་སྙིང་གཟེར་དྲེང་ཤག་རཾ་རྦད།


DNG017_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བ་བཤིག་པའི་སྔགས་སུ་བཤད། །གལ་ཏེ་ལས་དེ་མ་གྲུབ་ན། །འཁྲུལ་འཁོར་ལྟོ་བ་དཀྲུག་པར་བྱ། །ཨེ་ཡ་ཤག་མྱགས་དུན་རྡུབས་ཀ་མུག །དགྲ་བོའི་སྲོག་ཐུཾ་རིལ་ནྲྀ་ཧུར་ཛ་ཐུམས་ཁྲག་སྙིང་ལ་ཐུམས་རཾ་ཤག་རྦད། སྲོག་ལ་རྩ་ཁྲག་ཐུཾ་རིལ་ཛ་སྙིང་ཐུན་ཧུར་རཾ་སྲོག་ལ་རྦད་མཱ་ར་ཡ་ཐུན་བྷྱོ། སྔགས་ཀྱི་ལྟོ་དཀྲུག་ནག་པོ་སྟེ། །ཀུན་ལ་བྱས་ན་སྙིང་ཁྲག་འཛག །ལས་ཀྱི་སྦྱོར་བ་རྫོགས་པ་དང་། །འཁོར་ལོ་དྲིལ་ལ་ཙིཏྟར་གཞུག །གདུག་པའི་གནས་སམ་བཀའ་རྟེན་ནམ། །སྒྲུབ་པའི་དཀྱིལ་འཁོར་འོག་ཏུ་མནན། །བསྐྱོད་པ་ཁ་གསོ་རྒྱུན་མི་གཅད། །བནྡི་བོན་པོ་མུ་སྟེགས་དང་། །ལས་ཀྱི་རྒྱལ་པོ་རྟགས་འགོར་དང་། །སེང་གེ་ཁ་འཐབ་ལ་སོགས་པ། །སྡིག་པ་སྟོབས་ཆེན་འདི་ཡིས་འཇོམས། །འཕགས་པ་འཇམ་དཔལ་གཤིན་རྗེ་སྡིག་པ་སྟོབས་ཆེན་གྱི་རྒྱུད་ལས། སྟོབས་ཆེན་གྱད་གནོན་གྱི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་བསྟན་པ་འཇིག་པའི་དགྲ་བོ་ཀླུ་ལ་གཏད་པའི་ཕྱིར། འཆི་བདག་པར་བུ་ནག་པོའི་སྦྱོར་བ་འདི་གསུངས་སོ། །དབེན་པའི་གནས་སམ་ནཱ་ག་གནས། །གཉན་ར་གདུག་པའི་ས་ཕྱོགས་སུ། །གྲོ་ག་ཤིང་ཤུན་དར་དཀར་ལ། །ཨ་མུ་ཀ་ཡི་གཟུགས་བྲིས་ལ། །ཡན་ལག་རིགས་བཞི་ཟ་བར་བྲི། །སྦལ་པ་ཁོང་སྟོང་ནང་བྲུབ་ལ། །ཀླུ་ཡི་དམོད་པ་འབུམ་ཕྲག་གསུམ། །རྫོགས་དང་རི་ལུར་སྔགས་ཤིང་གདབ། །ཁམ་སའི་པར་བུ་ཁ་སྦྱར་གཞུག །ཀླུ་ཡི་ནོར་བརྒྱད་དང་བཅས་པ། །སྔོན་དམར་སྐུད་པས་གྲིལ་ལ་བཞག །ཚས་དྲག་རེ་བས་གྲིལ་ནས་ཀྱང་། །ཉི་མ་ཕང་དུ་ཁྱེར་ལ་གཏད། །ཀླུ་བདུད་ཤན་པའི་ཏིང་འཛིན་བྱ། །ཀླུ་ཡི་དམོད་པ་འདི་དག་གོ། །ནཱ་ག་ཧུ་ཡ་བ་ལིང་ནཱ་ག་ཤིག་རོལ་ཐིབ་ཐིབ། དུམ་པ་ལེ་ཆེ་གེ་མོ་ཐུན་སོད་ཟུང་། ནག་པོ་ཀླུ་ཡི་དུག་མདའ་སྟེ། །ཞེ་སྡང་ཁྲོས་པའི་དམོད་པར་བཤད། །འཕགས་པ་འཇམ་དཔལ་གཤིན་རྗེའི་རྒྱལ་པོ་སྡིག་པ་སྟོབས་ཆེན་གྱི་རྒྱུད་ལས། ཀླུའི་དམོད་པ་ནག་པོའི་ལེའུ་སྟེ་དགུ་པའོ།། །།དེ་ནས་རྡོ་རྗེ་སྙིང་


DNG017_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

པོས་བཅོམ་ལྡན་འདས་ལ་གསོལ་པ། ཀྱེ་མ་རྡོ་རྗེ་འཆང་རྒྱལ་བ། །གསད་པའི་སྦྱོར་བ་དེ་ལྟར་ན། །འཇིག་རྟེན་ལྷ་སྲིན་དྲེགས་པ་ཅན། །གཏུམ་པོ་གདུག་པ་འདི་དག་ཀུན། །སྟོང་སྲོག་བསྡུ་ན་ཇི་ལྟར་བསྡུ། །སྲོག་སྙིང་དབྲོག་དང་གཟིར་གནན་དང་། །བཤིག་དང་ཁ་བཅིང་བྱད་དགྲོལ་དང་། །དུག་མདའ་དབྱུང་བ་ཇི་ལྟར་ལགས། །དམ་ཚིག་བརྡར་དང་ཞི་བ་དབང་། །ཡང་དག་དཔའ་བོས་བཤད་དུ་གསོལ། །ཞེས་གསོལ་པས། དེ་ནས་བཅོམ་ལྡན་འདས་ཀྱིས་སྲོག་དམར་ལེན་ཡང་གསང་བ་སྙིང་པོ་དོན་གྱི་སྦྱོར་བ་འདི་གསུངས་སོ། །སྟོང་ཕྲག་བརྒྱད་ཅུའི་གདོན་གྱི་རིགས། །དུག་ལྔའི་ཤེས་པ་ཡུལ་འཛིན་པ། །ལུས་ངག་སེམས་ཀྱི་འདུ་བྱེད་ཀྱིས། །དྲེགས་པ་ཞེས་སུ་གནས་པར་བཤད། །དྲེགས་པའི་དེ་ཉིད་ཤེས་གྱུར་ན། །དྲེགས་པ་རང་གཤེད་རང་གིས་བྱེད། །དེ་ཡི་འཁོར་ལོ་འདི་ལྟ་སྟེ། །དུར་ཁྲོད་རྒྱུ་ལ་རྫས་བྱུགས་ལ། །གཏི་མུག་ལྟོ་གཤག་མུ་ཁྱུད་བཞི། །ཨེ་དབུས་དྲག་པོ་དབང་དང་ལྡན། །ཕྱི་རིམ་ལས་ཀྱི་རྡོ་རྗེ་སྟེ། །ཡང་ལོགས་མཚོན་ཆ་དྲུག་གཉིས་རྩིབས། །དེ་བཞིན་མཚོན་ཆ་བརྒྱད་གཉིས་ལྡན། །དེ་ལ་དྲག་སྔགས་འཇོམས་བྱེད་གནས། །དབུས་དང་ཟླ་གམ་སྲོག་དང་མིང་། །སྣ་ཚོགས་རྡོ་རྗེ་རྩ་སྔགས་ལུས། །ཕྱི་རིམ་ཐམས་ཅད་སྲུང་བའི་སོ། །ནང་ལོགས་གཟིར་དང་སྤུ་གྲི་སྟེ། །མཚམས་དང་མུ་རན་གཅོད་པའི་དོན། །བཀོད་པ་ཁ་སྦྱོར་ཐོད་པར་བཅའ། །གསལ་བ་གསུམ་ལྡན་ཞག་གསུམ་གཟིར། །མཐའ་རུ་བཀའ་རྟེན་ལས་སྩོགས་གནན། །འཕོ་བ་མེད་པའི་ལས་ཞེས་བཤད། །དེ་ཡི་གསང་སྔགས་འདི་ལྟ་སྟེ། །ཨེ་མྱགས་ཡ་རྡུབས་མུག་ཤག་ཀ་དུན། སརྦ་ཙིཏྟ་ཡཾ་ཤག་ཧུར་ཁཾ་འདྲི་ད་ནན། གཟིར་རྦད། ས་ནཱ་ག་སྙིང་གཟེར་སྦུར་ནན། ཧ་ལ་ཡ་མ་ཐུན་གཟིར། ཧུར་ཐུམས་ཛ། ཤག་རྦད། གཟིར་རྦད། ལུས་དང་སྤུ་གྲི་སྲོག་དང་སྙིང་། །བསྡེབས་ན་ངེས་པར་གཅོད་པར་བྱེད། །སྙིང་པོ་བརྡ་སྦྱར་གཟིར་བྱའོ། །དེ་ཡིས་ལས་ཀྱི་སྦྱོར་བ་འཇོམས། །ཆོས་ཉིད་ཡེ་ནས་ལྷུན་


DNG017_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་གྲུབ། །ཡེ་ཤེས་དཀྱིལ་འཁོར་རང་བཞིན་མེད། །སྤྲུལ་པ་སྣ་ཚོགས་ལོག་རྟོག་འདུལ། །ཐ་སྙད་ཚིག་རྣམས་དོན་གྱིས་སྟོང་། །དེ་དོན་ལྡན་པ་བུཌྜྷ་ཉིད། །གསད་དང་གནན་དང་སྲོག་ཀྱང་མེད། །བདེན་དོན་མ་རྟོགས་དྲེགས་པ་ཡི། །སེམས་ནི་རླུང་གི་ཁམས་ཏེ་མཆོག །སྲིད་གསུམ་ཤ་ཁྲག་སྲོག་དབུགས་འབྱིན། །ཁམས་གསུམ་གནས་བསྐྱོད་རླུང་གི་ཡི་གེར་གནས། །དེ་དོན་བོད་པ་མིང་དང་རྣམ་ཤེས་ནི། །ངེས་པར་བསྟན་པ་འདི་ལྟ་སྟེ། ཤྲཱི་བཛྲ་ཀྲོ་དྷ་ཧཱུཾ། ཡ་མ་ཡ།མ་མ་རུ་ལུ་མ། དུན་ཏིང་ཀི་ལ་ཡ་ཏ། རུ་ཏྲ་དྷ། དྷི་བ་ཨ། རཀྵ་ར། རག་མོར། དུན་ཏིང་མེ། རཱ་ཛ་ཙ། ཤུ་ལ་ཛ། མུན་མུན་བ། ཡཀྵ་ཀྵ། ཡག་མོ་ཀྵ། ཧཾ་ཤཾ་ཏྲི། རུ་ཏྲ་ནྲྀ། རུ་ཏྲི་རུ། བཛྲ་སཱ་དྷུ་ཏྲི། ས་ནཱ་ག་ཕུ། ཨཾ་ཀུ་ཤ་ཛ། ཏྲིག་ནན་ཧུར་ཐུམས་ཛ། མཱ་ར་ཡ་རྦད། སྟཾ་བྷ་ཡ་ནན། བཾ་སྟཾ་བྷཾ།རོག་སརྦ་ཕྱུང་རྦད། བྱཱ་དྷི་སརྦ་པ་ཏཾ་ཧཾ། ཙི་ཤཾ་ཨ་མུ་ཀཾ་ཆེ་གེ་མོ་ནན། འདྲིད་རྦད། ཁ་ཐམ་སྲོག་གཟིར་ནན། ཧཱུཾ་ཧཱུཾ། ས་མ་ཡ་དམ་དམ། བྱེར་རྦད་ཕཊ། ཤཱན་ཏིང་ཀུ་རུ་སྭཱ་ཧཱ། ལུས་དང་སྤུ་གྲི་མིང་དང་བཅས། །སྦྱོར་བས་ལས་ཀུན་འགྲུབ་པར་བྱེད། །དམར་ལེན་ཡང་གསང་མཆོག་གི་ལས། །སྤྱི་དང་སྒོས་ཀྱི་རང་གནད་ཡིན། །སྟོང་སྲོག་གཅིག་ཏུ་མ་འདུས་ན། །ཉུང་དཀར་སྤང་ལ་གཏོར་བ་འདྲ། །བསྡེབ་ལ་སརྦ་ཤ་ཏྲུཾ་བསྡེབ། །སོ་སོའི་སྒོས་ཀྱི་མཚན་ཉིད་ཅན། །ཞི་ཁྲོ་གཤིན་རྗེ་ཕུར་པ་དང་། །མ་མོ་སྲིན་མོ་སྲིན་པོ་བདུད། །མུ་སྟེགས་རྒྱལ་པོ་བཙན་དང་དམུ། །རཱུ་ཏྲ་སྲིན་པོ་སྲོག་བདག་གིང་། །གནོད་སྦྱིན་ཕོ་མོ་འགོང་པོ་ལྷ། །ཕུག་བདག་སྲི་ཅན་གདུག་པ་གསུམ། །སྙིང་པོ་བརྡ་སྦྱར་གཟིར་ཞིང་གཅོད། །དམར་ལེན་ཡང་གསང་མཆོག་ཏུ་བསྟན། །ཞེས་གསུངས་སོ། །འཕགས་པ་འཇམ་དཔལ་གཤིན་རྗེ་གཤེད་པོ་སྡིག་པ་སྟོབས་ཆེན་གྱི་རྒྱུད་ལས། དམར་ལེན་ཡང་གསང་མཆོག་གི་ལེའུ་སྟེ་བཅུ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་སྲུང་བའི་སྦྱོར་བ་འདི་གསུངས་སོ། །གསལ་བ་གསུམ་ལྡན་སྔགས་པ་ཡིས། །


DNG017_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་འཁོར་རིམ་པ་རྫོགས་པ་དང་། །རྩ་བ་སྤུ་གྲིའི་བསྡེབ་བཤད་པ། །དམར་ལེན་ཡང་གསང་སྐབས་ཀྱིས་ཏེ། །ཕྲ་མོའི་སྦྱོར་བ་བཤད་བྱ་བ། །རྩ་བ་བོད་པ་གཟིར་ཞིང་སྲོག །མཱ་ར་ཡ་ཡི་སྐབས་སྦྱར་བ། །ཀླད་དུ་དགུག་པ་ཡང་དག་བཤད། །མཐའ་སྡུད་སྦྱོར་བ་རྫོགས་པ་ནི། །ལིངྒ་ལ་སོགས་གནད་ཀྱིས་ཏེ། །དྲེགས་པ་རང་གནད་གཤེད་མ་ཡིན། །དྲག་པོའི་སྤུ་གྲིའི་དོད་དག་ཏུ། །བཤིག་པའི་སྤུ་གྲིའི་སོ་བརྟག་པ། །སྤྱི་དང་སྒོས་ཀྱི་བཤིག་པ་སྟེ། །མིས་བྱས་དེ་མིན་བྱས་པ་ཉིད། །བཤིག་པའི་སྔགས་སུ་ཡང་དག་བཤད། །བཤིག་པ་སྦུར་ནག་མཆུ་ཡིས་འགྲུབ་འབྲུབ་ཀྱང་། །སྤྱི་ཡི་ཐ་མ་གཅོད་བྱེད་པོར། །འབྲུ་དྲུག་སྔགས་ཀྱི་སྤུ་གྲི་གདབ། །རྡོ་ལྕགས་ཟངས་ཕུར་གཟུགས་ལ་གདབ། །གྲུ་འམ་གདུག་པའི་དུག་རྣམས་འབྱིན། །མུན་སེལ་སྔགས་ཀྱི་རྩ་རྒྱུད་དག །གཅོད་བྱེད་ལོགས་སུ་ཁ་ཐམ་བརྗོད། །འབྱུང་པོ་བགེགས་དང་མི་མ་ཡིན། །གཅན་གཟན་གདུག་པ་ཁ་ཆིངས་ཡིན། །སྔོན་དམར་ཚོན་གྱིས་ཀླུ་གཟུགས་སམ། །གནོད་སྦྱིན་ནད་ཀྱི་མཚོན་དུ་བྱ། །ཁ་ཐམ་ལོགས་སུ་བྱད་དགྲོལ་གདགས། །བྱད་དུ་བཅུག་ལས་ངེས་པར་ཐར། །ཤིན་ཏུ་བགེགས་རྣམས་བཀའ་ཉན་ན། །དབང་སྡུད་དམ་པ་དེ་བཞིན་བྱ། །ཡང་ན་འབྲུ་གསུམ་སྦྱོར་ཀ་ཡིས། །དྲེགས་པ་གནམ་ཐར་སྐྱེལ་བར་བྱེད། །གཙང་གཏོར་སྔགས་བཟླས་བསྔོ་བ་དང་། །ཤཱན་ཏིང་ཀུ་རུ་མཐར་སྦྱར་ན། །མི་སྲུན་དྲེགས་པ་ཞི་བར་འགྱུར། །ཕྱི་མ་གསང་མནན་རང་གཤེད་མཐར། །ནམ་མཁའ་བར་སྣང་ས་གཞི་ལ། །མནན་པའི་ལས་རྣམས་རྫོགས་པར་བྱ། །དུག་ཤིང་ཕུར་པ་བྱིན་བརླབས་ཏེ། །ཤིན་ཏུ་མི་བགྲུངས་དྲེགས་པ་ཅན། །མངོན་དུ་རྫས་རྒོད་དུ་བས་གཟིར། །དེ་ཡིས་མྱུར་དུ་བརླག་པར་བྱེད། །ཕུར་གདབ་རྫས་བདུག་ཁྲོ་མོ་འཁོར་ལོ་ཡང་བསྐོར། །སརྦ་དུ་རཾ་ཨུ་ནན་གཟེར་ཕྱུང་སྦུར་ནན་སྲོག་ལ་མྱོག་རྦད། སྲོག་ལ་ཀཱི་ལི་ཀཱི་ལ་ཡ། ཏྲཾ་ག་ནན་བི་གྷ་ནཱན། སྙིང་གཟེར་སྦུར་ནན་ཧུར་ཐུམས་ཛ། མྱགས་ཐུམས་རིལ་རྦད་ཡ། དེ་བཞིན་ལྷ་


DNG017_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་རྫས་དང་ནི། །སྦྱོར་བ་སྡེབས་པའི་ལས་འདི་དག །དྲེགས་པ་འཇོམས་པའི་མཆོག་ཏུ་བཤད། །བཤིག་པའི་སྦྱོར་བ་བཤད་བྱ་བ། །རྒྱ་ཤོག་འཁྲུལ་འཁོར་ལྕགས་མཁར་དང་། །ཞིང་གི་ཀ་བ་ལྡན་བྲིས་ལ། །རྩ་སྔགས་བཤིག་སྔགས་རིམ་པས་དགོད། །རྩ་བ་སྤུ་གྲིའི་བར་དག་ཏུ། །སྤྱི་ཡི་སྒོ་དང་ཨ་མུ་ཀ །སྦྱོར་བ་རྫོགས་དང་གནན་པ་རེ། །རྫས་རྒོད་ས་སོགས་དུ་བས་བདུག །ཁྱད་པར་བཤིག་པའི་ལས་སུ་བཤད། །འཕགས་པ་འཇམ་དཔལ་གཤིན་རྗེ་སྡིག་པ་སྟོབས་ཆེན་གྱི་རྒྱུད་ལས། སྲུང་བ་ཁྱད་པར་གྱི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་རྡོ་རྗེ་སྙིང་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་སངས་རྒྱས་ཀུན་གྱི་དངོས། །ཡེ་ཤེས་ལྔ་རྫོགས་ལྷུན་གྲུབ་སྐུ། །དུག་གསུམ་འཇོམས་པའི་ཡེ་ཤེས་ཁྱོད། །འགྲོ་བའི་ལུས་ལ་གདུག་པའི་ནད། །ཙི་ཏི་ཛྭ་ལ་ཉམ་ང་བ། །སློང་བའི་རྒྱུ་རྐྱེན་ཇི་ལྟར་ལགས། །ནད་ཀྱི་མཚན་ཉིད་ཇི་ལྟ་བུ། །དེ་ཉིད་གསོ་བའི་སྦྱོར་བ་གང་། །ཡང་དག་དཔའ་བོས་བཤད་པར་མཛོད། །ཅེས་གསོལ་པས། བཅོམ་ལྡན་འདས་ཀྱིས་རྒྱས་པར་བཤད་དོ། །སྙིགས་མ་ལྔ་ཡི་དུས་ཉིད་དུ། །ས་ཡམས་དྲག་པོ་ཛྭ་ལའི་ནད། །འགྲོ་བ་ཡོངས་ལ་ཁྱབ་པའི་རྒྱུ། །སྤྱི་དང་ཁྱད་པར་བསྲུང་བྱ་ཉམས། །མཚམས་མེད་ཉེ་བ་ན་རག་གནས། །ལས་ངན་སྨིན་ནས་གནས་ངན་ལྟུང་། །ལས་ཀྱི་རྣམ་པར་སྨིན་པ་བཤད། །འབྱུང་བཞི་འཁྲུགས་པས་ནད་བཞི་རྒྱས། །འདུ་བ་རྣམ་བཞི་རྒྱས་པར་བཤད། །རིགས་དང་རང་གི་ཐབས་ལས་དང་། །རྩོལ་བ་བྱད་ཀྱི་གཏད་ཁྲམ་དང་། །རང་གི་གཏད་ཁྲམ་གནན་གཟིར་ལོག །ནཱ་ག་ཐུག་ཕྲད་ཅེས་བྱ་བ། །བར་ཆོད་གདོན་བགེགས་འཕྲལ་གྱི་རྐྱེན། །ནད་རིགས་ཟས་དང་སྔགས་ཀྱིས་བརྟག །ཕན་གནོད་གང་ཚེ་ནད་རིགས་བརྟག །ཟས་དང་སྔགས་ཀྱིས་ཕན་གནོད་མེད། །རྣམ་སྨིན་སྒྲིབ་སྦྱོང་དགེ་བ་བྱ། །རིགས་བཞི་གདོལ་པ་ཁ་འཐོར་གྱི། །འཇུག་པ་ངེས་པའི་ནད་རྟགས་ནི། །རྒྱལ་རིགས་མགོ་ནས་འཇུག་པར་ངེས། །ཤ་སྐམ་མདོག་དམར་


DNG017_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

ཟུག་པ་ཆེ། །རྗེ་རིགས་ལག་པ་གཡས་པར་འཇུག །ཚ་ཤིང་ཟ་དང་རྩེ་བར་བྱེད། །བྲམ་ཟེ་ལག་གཡོན་ཁྲག་ཆུ་སྟེ། །དམངས་རིགས་རྐང་གཡས་ཞ་གྲུམ་གཡོ། །གདོལ་པ་རྐང་གཡོན་རྣག་ལ་འཇུག །ཁ་འཐོར་ཀུན་ལ་ཁྱབ་པ་སྟེ། །ཞུགས་པའི་མཚན་ཉིད་ལྔ་ཕྲག་གཉིས། །ལུས་སྐམ་གཟེར་ཆེ་ཁོལ་བུར་འཁོར། །རུས་པའི་ནད་དུ་བཤད་པ་ཡིན། །ལུས་ཀུན་ལྕི་ཞིང་བེམ་ལ་གནག །ཤ་ཡི་ནང་དུ་ཤེས་པར་བྱ། །ཤ་མཁྲིག་མདོག་སྐྱ་རྩེ་ཞིང་ཟ། །པགས་པ་སྐྱི་ལ་ཞུགས་པ་ཡིན། །ལུས་སྦྲིད་སྒྱིད་ལུག་ཚ་ཞིང་སྐྲང་། །རྟག་ཏུ་ཁྲག་འཛག་གདོང་བ་དམར། །ལྕི་ཞིང་མྱོག་པོ་ཁྲག་ནད་ཡིན། །གློ་སྙིང་ན་ཞིང་འདར་བ་དང་། །སྙིང་མི་དགའ་ཞིང་དྲན་པ་ཉམས། །ཁོང་སྐྱུར་དོན་ལ་ནད་ཞུགས་པའོ། །སྟོབས་ཤོར་སྒྱིད་ལུག་ཉལ་ཉལ་པོ། །སྒྱིད་ཞུམ་སྟོབས་ལ་ཞུགས་པར་བཤད། །དབང་པོ་མི་ལྡང་ཁུ་བ་མེད། །དྭངས་སྙིགས་བྱེ་བ་བཅུད་ལ་ཞུགས། །མགོ་སྐྲང་འཐོམ་ཞིང་འཁོར་བ་དང་། །མིག་མི་གསལ་ལ་སྐྲ་བྱི་ན། །ཀླད་པ་དག་ལ་ཞུགས་པར་བཤད། །རྟག་ཏུ་ཁ་ཆུ་མིག་ཆུ་འཛག །སྦུག་གི་ཆུ་ནི་དམར་ལ་རྩིགས། །ཆུ་ལ་ཞུགས་པ་ཡིན་པར་བཤད། །ཡན་ལག་འཁུམས་དང་རེངས་པ་དང་། །ཞ་གྲུམ་ཆུ་བའི་ནང་དུ་འདོད། །གསོ་བའི་ཐབས་ནི་དུ་མ་སྟེ། །ནད་ལ་སྨན་ཏེ་ཀླུ་ལ་སྔགས། །རྣམ་སྨིན་ཚོགས་རྫོགས་འཚོ་བར་གསུངས། །འཇམ་དཔལ་གཤིན་རྗེའི་རྒྱལ་པོ་སྡིག་པ་སྟོབས་ཆེན་གྱི་རྒྱུད་ལས། ཀླུ་ནད་གསོ་བའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་སྙིང་པོ་དོན་གྱི་མན་ངག །གདུག་པ་ཀླུ་ལ་རང་གཤེད་དབབ་སྟེ་གསོད་པའི་སྦྱོར་བ་འདི་གསུངས་སོ། །རིགས་བཞི་གདོལ་པ་ཁ་འཐོར་རིགས། །ཀུན་འཇོམས་སྦྱོར་བའི་རྒྱལ་པོ་སྟེ། །གདན་གསུམ་ལྡན་པས་གསལ་གསུམ་བྱ། །རྒྱ་ཤོག་དག་ལ་འཁྲུལ་འཁོར་བྲི། །དབུས་སུ་དྲག་པོ་དབང་དང་ལྡན། །ཕྱི་རིམ་འཁྲུལ་མིག་བཞི་གཉིས་གསུམ། །ཡང་རིམ་མཚོན་ཆ་བཅུ་གཉིས་རྩིབས། །དེ་བཞིན་སུམ་ཅུ་རྩ་གཉིས་ལྡན། །ཐོད་ཕྲེང་མེ་རིས་བརྒྱན་པ་བྲི། །དབུས་སུ་གང་དམིགས་


DNG017_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་དང་མིང་། །གཉིས་པར་རྩ་བའི་སྙིང་པོ་ལུས། །གསུམ་པར་ཁྱད་པར་དྲག་པོ་ཡི། །གཟིར་འཇོམས་སྲོག་འཕྲོག་མྱོས་ཤིང་འཇོམས། །མཚོན་གྱི་རང་གཤེད་ཤི་ཕྲད་དགོད། །བཞི་པ་རྩིབས་མཆན་སུམ་ཅུ་ལ། །ཤི་འཕྲད་ཀུན་འཇོམས་རྒྱལ་པོ་དགོད། །རུས་སྦལ་ལྟོ་བར་རྫོགས་པར་བཅའ། །འཁྲུལ་འཁོར་རྒྱལ་པོའི་སྦྱོར་བ་ལ། །བདུད་རྩི་འོ་མ་ཁྲག་གིས་བྱུགས། །ཁ་སྦྱར་ཕག་ཐོད་སྲད་བུས་གྲིལ། །ལྟོ་སྦྱོར་ཁྲི་ཡིས་ངར་བླུད་ལ། །སྔགས་པའི་སྟེང་འོག་ལོགས་སུ་བཞག །ཕྱི་མ་ཁ་སྦྱར་ཐོད་པར་གཞུག །ཕྱག་རྒྱ་གསལ་བས་རྔམ་ཚིག་བཟླས། །དྲག་པོ་གནོད་པའི་ས་ཆུ་དང་། །བག་ཟན་བསྲེས་ལ་གདུག་པའི་གཟུགས། །རྒྱ་ཤོག་གཟུགས་ལ་མིང་སྤེལ་གཞུག །བསྒོམ་བསྐུལ་དྲག་སྔགས་བསྣོལ་མར་བརྡེག །ཐུན་བརྡེག་མཚོན་བྲབ་དུད་པས་བདུག །བསྲེག་དང་གནན་པ་ལ་སྩོགས་བྱ། །སྦྱོར་བའི་རྒྱལ་པོ་གསང་བར་བཤད། །ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ། ས་ནཱ་ག་ཏྲིག་ནན། ཕུ་ཧུར་ཐུམས་ཛ། ས་ནཱ་ག་ཙ་ཏྲི་སུ་མེ་སྲོག་ལ་དྲེང་དྲེང་རྩ་ལ་དུན་དུན། སྦུར་ནན་ཁཾ་ཤག་རྦད། ས་ནཱ་ག་ཙིཏྟ་རོ་མྱགས་རྦད། སྲོག་ལ་མུག་ཏི་རྦད། དུག་ཕྱུང་ཁྲག་ཤིག་རྦད། ཙ་ཏྲི་མ་མ་དབུགས་ལ་ཐང་གཟིར་རྦད། སྲོག་ལ་ཐུན་རྦད་བྷྱོ། ས་ནཱ་ག་ཙིཏྟ་རོ་མྱགས་ཁ་ཐམ་འདྲིད་ཕྱུང་ཏྲིག་ནན་ས་ནཱ་ག་ཙིཏྟ་རྦད། ས་ནཱ་ག་སྙིང་གཟེར་སྦུར་ནན་རྦད། པ་ཙ་འདྲིད་མ་ཐི་པ་ར། ས་ནཱ་ག་ཙ་ཏྲི་ཐུན་གཟེར་རྦད། ནཱ་ག་ཙ་ཏྲི་དུན་ནན། ནཱ་ག་ཙ་ཏྲི་སྦུར་ནན། མཱ་ར་ཡ་ནན། གསང་སྔགས་དུག་གི་སྤུ་གྲི་སྟེ། །རང་གཞན་དྲག་པོ་བཙན་ཐབས་ཀྱིས། །གདུག་པ་འཇོམས་ཤིང་དུག་རླངས་འབྱིན། །ཡང་གསང་སྙིང་པོ་གསང་བ་སྟེ། །རང་གཞན་དྲག་པོ་བཙན་ཐབས་ཀྱིས། །གདུག་པ་འཇོམས་ཤིང་དུག་རླངས་འབྱིན། །ཡང་གསང་སྙིང་པོ་གསང་བ་སྟེ། །ཀུན་འཇོམས་སྦྱོར་བའི་རྒྱལ་པོར་བཤད། །འཕགས་པ་འཇམ་དཔལ་གཤིན་རྗེའི་རྒྱལ་པོ་སྡིག་པ་སྟོབས་ཆེན་གསང་བའི་རྒྱུད་ལས། ཤི་ཕྲད་ཀུན་འཇོམས་ནཱ་ག་རང་གཤེད་དབབ་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་ཡང་རྡོ་རྗེ་སྙིང་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །


DNG017_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

ཨེ་མ་འཇིགས་བྱེད་རྡོ་རྗེའི་སྐུ། །གདུག་པའི་ནད་ཀྱི་མཚན་ཉིད་དང་། །སྔགས་ཀྱི་སྦྱོར་བ་དེ་ལྟར་ན། །རིགས་བཞི་དུག་དང་ནད་དང་ནི། །སྡོང་ཟླ་བརྟག་པ་ཇི་ལྟ་བུ། །རྨི་ལྟས་བརྟག་པ་ཇི་ལྟར་ལགས། །ཡང་དག་དཔའ་བོས་བཤད་པར་མཛོད། །ཅེས་གསོལ་པས། དེ་ནས་བཅོམ་ལྡན་འདས་ཀྱིས་དྲི་བའི་དོན་ལེགས་པར་བཤད་དོ། །ཀླུ་དང་གཉན་དང་ས་བདག་གི། །དུག་གིས་ཟིན་པ་འདི་ལྟ་སྟེ། །རྒྱལ་རིགས་དུག་གིས་ལྕི་ཞིང་འཐིབས། །རྗེ་རིགས་དུག་གིས་ཚ་ཞིང་བསྲེག །དམངས་རིགས་དུག་གིས་ཡང་ཞིང་གཡོ། །བྲམ་ཟེའི་དུག་གིས་གྲང་ཞིང་འདར། །གདོལ་པའི་ཀླུ་ལ་དུག་གསུམ་ཡོད། །རེག་པའི་དུག་གིས་གཟེར་བར་བྱེད། །ཁ་རླངས་དུག་གིས་མྱོས་པར་བྱེད། །མཐོང་བའི་དུག་གིས་ཟ་འཕྲུག་བྱེད། །ནད་གཞིའི་བརྟག་པ་འདི་ལྟ་སྟེ། །རྒྱལ་རིགས་མཐོང་བའི་དུག་གི་ནད། །ལུས་ཀྱི་ཤ་ཡང་བེམ་པོར་འོང་། །འཐིབས་ཤིང་ར་བ་བཞི་ལ་ན། །ཉི་མའི་གུང་གཉིས་ལུས་མི་བདེ། །བྲམ་ཟེ་བསམ་པའི་དུག་ནད་ནི། །ལུས་སྐྲང་མདོག་སྐྱ་སྦོམ་པོར་འོང་། །དྲང་ཞིང་བསིལ་ལ་སྔ་དྲོ་ན། །ཚེས་བརྒྱད་དག་ལ་ལུས་མི་བདེ། །རྗེ་རིགས་ཁ་རླངས་དུག་ནད་ནི། །ལུས་ཚ་ཤ་འདར་དགོང་ཀ་ན། །དམངས་རིགས་རེག་པའི་དུག་ནད་ནི། །ལུས་འདར་སེ་རྒོད་སྙིང་རླུང་འདྲ། །ཉི་མ་ནུབ་ནས་ན་བ་འོང་། །དུག་སེལ་སྨན་དང་དུག་འཇོམས་སྔགས། །སྦྱོར་བ་གཉིས་སུ་བསྡེབས་ན་འཚོ། །སྡོང་ཟླ་བརྟག་པ་འདི་ལྟ་སྟེ། །རྒྱལ་རིགས་ཀླུ་ཡི་གདོན་གནོད་ན། །རྟག་ཏུ་རྒྱལ་པོ་དཀོར་བདག་གནོད། །བྲམ་ཟེ་རིགས་ཀྱི་གདོན་གནོད་ན། །ས་བསེན་ཀླུ་བསེན་མཚོ་སྨན་གནོད། །རྗེ་རིགས་ཀླུ་ཡི་གདོན་གནོད་ན། །ཀླུ་བཙན་དྲག་བཙན་ཡམ་ཤུད་གནོད། །དམངས་རིགས་གདོན་ན་དམ་སྲི་གནོད། །རང་རང་གནད་ཀྱིས་གཟིར་ཞིང་བསད། །རྨི་ལྟས་མཚན་མ་འདི་ལྟ་སྟེ། །བཙུན་པ་ཨ་ཙ་ར་དང་ནི། །མོན་དང་བུ་ཆུང་སྤྲེའུ་ཁྱི་དང་། །བྱ་དང་འབག་སེང་ལྷ་ཁང་དང་། །བུད་མེད་ནག་མོ་རལ་པ་ཅན། །ན་ཆུང་གཞོན་ནུ་གྲོགས་མོ་དང་། །སྲིང་མོ་བུད་མེད་བྱ་ཕོ་དང་། །རི་དྭགས་


DNG017_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་དགོ་ལ་སོགས་པ། །རྟ་བ་སྐྱེས་པ་བྲག་དམར་ཆུ། །ཁ་བརྒྱད་སྦྲུལ་དང་བ་ལང་མཛོ། །བོང་བུ་ར་ལུག་ཁྱི་དང་ཆུ། །སྦྲང་བུ་ལ་སོགས་རིགས་བཞིའི་རྟགས། །དེ་དག་དབང་སྡུད་བཏགས་ན་ཐུབ། །ཚུར་ལ་འདུ་དང་འཇུ་ན་ངན། །སོ་མཚམས་འདས་ན་འགྲོ་བ་དང་། །རྟག་ཏུ་ཐུར་ལ་རྒྱུག་ན་ངན། །གྲུ་དང་གླང་པོ་ཞོན་པ་དང་། །དམག་དཔོན་བྱེད་དང་རི་ལ་འཛེག །བཟང་བའི་རྟགས་སུ་ཤེས་པར་བྱ། །ཡིད་ཀྱི་དབང་པོ་འཁྲུལ་པའི་ཡུལ། །རྨི་ལམ་དོན་ལ་བདེན་མི་བྱ། །རང་ཉམས་དབང་པོ་དྲོད་ལ་བརྟག །ཅེས་གསུངས་སོ། །འཕགས་པ་འཇམ་དཔལ་གཤིན་རྗེའི་རྒྱལ་པོ་སྡིག་པ་སྟོབས་ཆེན་གྱི་རྒྱུད་ལས། ནད་དང་དུག་དང་སྡོང་ཟླ་དང་རྨི་ལྟས་རྟགས་ཀྱི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་རྡོ་རྗེ་སྙིང་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཕྱག་རྒྱ་ཆེན་པོའི་སྐུ། །སྐྱེ་མེད་དབྱིངས་ལས་རོལ་པ་ཡིས། །རང་བཞིན་དབང་དུ་བསྡུས་དེ་ཉིད། །འཁོར་ལ་ངེས་པར་བཤད་དུ་གསོལ། །ཞེས་གསོལ་པས།དེ་ནས་བཅོམ་ལྡན་འདས་ཀྱིས་གདུག་པ་རིགས་བཞིའི་གཉེན་པོ། ཕྱག་རྒྱ་རྫོགས་པ་འདི་བཤད་དོ། །སྐྱེ་མེད་དབྱིངས་ལས་རོལ་པའི་སྐུ། །ཕྱག་རྒྱ་ཟིལ་གནོན་སྤྱི་གཟུགས་ཅན། །རིགས་བཞི་སྤྲུལ་པ་གྱད་གནོན་བརྒྱད། །ཕྱི་ནང་སྲོག་གཤེད་ཁྲོ་ཆུང་བཅས། །མ་བསྐྱེད་དབྱིངས་ནས་རྫོགས་པར་བྱ། །དེ་ཡང་ཇི་ལྟ་བུ་ཞེ་ན། །རང་ལུས་ཐ་མལ་ཕུང་པོ་དག །ཧཱུཾ་ལས་ཡེ་ཤེས་མེ་ཡིས་ཀྱང་། །ལུས་ཀྱི་དངོས་པོ་བསྲེགས་ནས་ཀྱང་། །གསང་སྔགས་ཡེ་ཤེས་མེ་འོད་ཀྱིས། །རྣམ་རྟོག་མ་རིག་ནད་དང་དུག །སྒྲིབ་པའི་ཕུང་པོ་སྤྲིན་ལྟར་བསྲེག །ཡང་ནས་ཡང་དུ་ནན་ཏན་བྱ། །ཤེས་པའི་ངོ་བོ་ཟིལ་གནོན་སྐུ། །བསྐལ་པ་མེ་དཔུང་འབར་དབུས་བསམ། །ཡང་ན་ཐ་མལ་ལུས་ཉིད་ཀྱི། །སྙིང་ག་ཆོས་ཀྱི་འཁོར་ལོ་ལ། །ཨེ་ལ་གསང་སྔགས་ཕྲེང་བས་བསྐོར། །རྩ་ཆེན་བཞི་དང་རྩ་ཕྲན་བརྒྱད། །སྔགས་ལས་འོད་ཟེར་འཕྲོས་པས་ནི། །འོད་ཟེར་དང་བཅས་ཡིག་འབྲུ་ཡིས། །དྭངས་མའི་རྩ་དང་རྩ་ཕྲན་དང་། །ཤ་དང་པགས་པ་རུས་མིག་ནས། །


DNG017_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

ནད་དང་དུག་རླངས་ཀུན་དེད་དེ། །བ་སྤུའི་བུ་ག་ལ་སྩོགས་པར། །སྔོན་དམར་དུ་བ་ལྟ་བུར་བསམ། །རླུང་དང་ཤེས་པས་ནད་རྣམས་འབྱིན། །འདུས་པས་ཨེ་ལས་ཕྱག་རྒྱ་གསལ། །ཕྱག་རྒྱ་རྫོགས་པའི་རིམ་པའོ། །དྲག་པོའི་འཁོར་ལོ་བསྐོར་བའི་ཚེ། །སྔགས་ཀྱི་འོད་ཟེར་ལྕགས་ཀྱུའི་དབྱིབས། །གནས་སུ་སྤྲོས་ཏེ་དམིགས་པ་དགུག །སྔགས་ཀྱི་འཁྲུལ་འཁོར་ཆེན་པོ་རུ། །ས་དང་ཆུ་དང་མེ་རླུང་གིས། །འབྱུང་བཞིའི་གཉེན་པོའི་མཚོན་ཆ་ཡིས། །སྲོག་འཕྲོག་གཟིར་ཞིང་བཅད་གཏུབས་ནས། །ཐོད་པའི་འཁྲུལ་འཁོར་ནང་དུ་འཆང་། །ཀུན་ལ་སྲིད་པའི་ཁྱམས་ཁང་ནས། །སྔགས་ཀྱི་འོད་ཟེར་འཕྲོ་འདུ་བྱ། །རྒྱལ་རིགས་བྱ་ཁྱུང་སྟོབས་ཀྱིས་བཤིག །རྗེ་རིགས་ཕྱག་ན་རྡོ་རྗེས་བཤིག །དམངས་རིགས་གདོལ་པ་གཤིན་རྗེས་བཤིག །བྲམ་ཟེ་ཁྱམས་ཁང་ལྟོ་བར་བཤིག །ཕྱག་རྒྱ་རྫོགས་དང་སེམས་དཔའ་རྫོགས། །གང་ཟག་ཤེས་པའི་སྟོབས་དང་སྦྱར། །ཀུན་ལ་སྲིད་པའི་རུས་སྦལ་ཏེ། །སྔགས་ཀྱི་ཕྲེང་བ་འགྱེད་དང་སྡུད། །ཡུལ་ལ་དམིགས་པ་གསུམ་དུ་སྦྱར། །རང་བཞིན་ལྷ་ལ་དམིགས་པས་ནི། །སྒྲིབ་བྱང་རྫོགས་པས་དབྱིངས་སུ་ཐིམ། །དྲག་པོའི་ངན་སྔགས་སྐྱིན་ཐང་འབྲུ། །སྤུ་གྲི་དུ་མས་གཅོད་བྱེད་མཚོན། །བདུག་སྐུད་རྫས་རྒོད་དུ་བ་ཡིས། །ཀླུ་དང་གཉན་དང་ས་བདག་དང་། །མ་མོ་རྒྱལ་པོ་ཐེའུ་རང་བཙན། །ཀླུ་བསེན་མོ་དང་དམ་སྲི་དང་། །མཛེ་འདྲེ་ལ་སོགས་འཇོམས་པར་བྱེད། །རང་བཞིན་དབང་སྡུད་ཏིང་འཛིན་ཏེ། །འཕེན་པའི་རྟ་ཞེས་དཔའ་བོས་བཤད། །འཕགས་པ་འཇམ་དཔལ་གཤིན་རྗེའི་རྒྱལ་པོ་སྡིག་པ་སྟོབས་ཆེན་གྱི་རྒྱུད་ལས། གཉེན་པོ་ལྷའི་རྟོག་པ་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་ཡང་རྡོ་རྗེ་སྙིང་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཡང་གསང་རྣལ་འབྱོར་ཆེ། །ལྷ་ཡི་རྟོག་པ་དེ་ལྟར་ན། །ཕྲིན་ལས་སྦྱོར་ཁ་རྫོགས་མཛད་པའི། །ཕྱག་རྒྱ་བསམ་གཏན་ཁ་ཆིངས་མཆོག །བུམ་པའི་སྦྱོར་བ་ཇི་ལྟ་བུ། །ཕན་གདགས་པ་དང་ཚར་བཅད་པའི། །སྲེག་པ་མེ་ཡི་


DNG017_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་ཁ་གང་། །དྲེགས་པ་སྟོབས་ཀྱིས་གནན་པ་ཡི། །ལས་རིམ་རྫོགས་པ་བཤད་པར་མཛོད། །ཅེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཕྱག་རྒྱ་བསམ་གཏན་གྱི་ལས་འདི་དག་བཤད་དོ། །དབེན་པའི་གནས་སུ་མཎྜལ་བཤམས། །རིན་ཆེན་བུམ་པར་རིན་ཆེན་བཅུད། །སྣ་དགུའི་ཆུ་དང་དྲི་ཞིམ་དགང་། །དྲི་དང་སྙིང་པོ་འཚོ་བྱེད་དགང་། །ཁ་རྒྱན་མགུལ་ཆིངས་མེ་ཏོག་མཛེས། །བདག་ཉིད་ཕྱག་རྒྱའི་སྐུར་བསྒོམས་ལ། །ཐུགས་ཀའི་སྙིང་པོ་འོད་བཅས་འཕྲོས། །དངོས་རྟོག་བསྲེག་སྦྱར་གཞལ་ཡས་ཁང་། །གདན་ལ་རྫོགས་པ་ཟིལ་གནོན་སྐུ། །ལྷུན་གྱིས་གྲུབ་པའི་ལྷ་རྒྱུད་བསམ། །ཡིད་ཀྱིས་སྤྲུལ་ཏེ་མཆོད་ཕུལ་ནས། །གསང་སྔགས་བརྒྱ་སྟོང་བཟླས་ཤིང་བསྡིམ། །ལྷ་རྣམས་འོད་ཀྱི་གོང་བུར་ཞུ། །བཀྲུས་པས་ནད་དུག་ཞེན་ཆགས་སྦྱོང་། །སྤྱོད་པ་སྔགས་ཀྱིས་བསྲུང་བར་བཤད། །སྙིང་གར་ཕྱག་རྒྱ་སྔགས་གསལ་བསང་། །རྩ་རྒྱུད་དག་ཅིང་ཞེན་ཆགས་སྦྱོང་། །འཁོར་ལོ་རྒྱུན་གྱི་ཁྲུས་སུ་བཤད། །རྣམ་རྟོག་བག་ཆགས་འཛིན་མེད་གྲོལ། །ལྟ་བ་ཆོས་ཉིད་ཁྲུས་སུ་བཤད། །དེ་ནས་བཅོམ་ལྡན་འདས་ཀྱིས་ཕྱག་རྒྱ་བསམ་གཏན་གྱི་གསང་སྔགས་འདི་གསུངས་སོ། །ས་ནཱ་ག་ཙིཏྟ་རོ་མྱགས་ཁ་ཐམ་སྲོག་གཟིར།སྦུར་ནན། འདྲིད་ཕྱུང་། ཧྲི་ཤག་རྦད། སྤྱི་ཆིངས་སྒོ་ཡི་ཁ་ཆིངས་མཆོག །ཕྱག་རྒྱ་བསམ་གཏན་སྲུང་བ་དེ། །སྲུང་བ་ཀུན་གྱི་མཆོག་ཏུ་བཤད། །གཞན་ཡང་སྲེད་པའི་སྦྱོར་བ་བཤད། །ཡིད་མཐུན་གནས་སུ་རྫས་བསགས་ལ། །མཎྜལ་དཀར་པོ་དྲི་སྤོས་ལྡན། །ཐབ་ཁུང་ཟླུམ་པོ་དབུས་སུ་སྟེ། །ཁྲུ་གང་ཁ་ཁྱེར་མཛུབ་གང་ལ། །སོར་བཞི་ཞེང་དུ་རྣམ་པར་བརྟག །ཁྲུ་གང་ཐུར་བརྐོས་པདྨ་བརྒྱད། །འཁོར་ཡུག་དཀར་པོས་མཛེས་པར་བྱ། །ལྕང་མ་གླང་མ་ཕང་མ་ལ། །ཧོམ་ཤིང་ཁྲུ་གང་པ་རུ་བྱ། །ཡམ་ཤིང་སོར་བརྒྱད་དེ་ཉིད་ལ། །དབྱིབས་དང་ཁ་དོག་དཀར་ལ་ཟླུམ། །འབྲས་བུ་ནས་ཆན་རྩི་མར་དང་། །མེ་ཏོག་དཀར་པོ་གུ་གུལ་དཀར། །འོ་མ་དང་བཅས་མཆོད་པ་དབུལ། །མེ་ལྷ་དཀར་


DNG017_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལྷ་རྒྱུད་དཀར། །རིམ་པས་བསྐུལ་ཏེ་སྔགས་རེས་དབུལ། །ཞི་བར་གྱུར་ཅིག་བརྗོད་ཅིང་མདག །ཐལ་འཇིམ་ཞི་བའི་གནས་སུ་སྦ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཞི་བའི་གསང་སྔགས་འདི་གསུངས་སོ། །ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ་ཧུ་ར་ཁཾ་བཾ་རིལ་ས་ནཱ་ག་ཤཱན་ཏིང་ཨ་མུ་ཀ་ཛྙཱ་ན་སརྦ་ཤཱན་ཏིང་ཀུ་རུ་སྭཱ་ཧཱ། ཚོགས་བསག་སྒྲིབ་སྦྱང་བླ་མེད་འགྲུབ། །ཉམས་པ་བསྐང་ཞིང་དངོས་གྲུབ་མྱུར། །འཇིགས་པ་བརྒྱད་ལས་ངེས་པར་སྐྱོབ། །ཕན་གདགས་ཞི་བའི་སྦྱོར་བར་བཤད། །གཞན་ཡང་གདུག་རྩུབ་ཚར་གཅད་ཕྱིར། །དྲག་པོ་དམར་ལེན་སྦྱིན་བསྲེག་བཤད། །ས་གསུམ་འཁར་གོང་ཆུ་གསུམ་ལ། །མཎྜལ་ཁྲུ་གང་དཔངས་སུ་བརྩེགས། །དབུས་སུ་ཁྲུ་གང་མེ་ཐབ་བོ། །ཁ་ཁྱེར་གསུམ་ལྡན་ཐུར་ལ་བརྐོ། །ཁ་ཁྱེར་མཐོ་གང་མཛུབ་གང་ཚད། །སོར་གཉིས་ཞེང་དུ་གཙང་ཐོད་ལ། །རྒྱ་སོལ་ཁྲག་གིས་ནག་པོར་བྱ། །སྣ་ཚོགས་རྡོ་རྗེ་རླུང་གི་འབྲུ། །ཕྱི་རིམ་འཁོར་ལོ་སྲེག་པའི་སྔགས། །ཡང་ལོགས་བསྲེག་རྫས་དགྲམ་པར་བྱ། །མིང་བྱང་རི་ལུ་བརྒྱ་དང་བརྒྱད། །མཆོད་རྫས་གནོད་རྫས་གསོད་པའི་རྫས། །ཚ་བའི་རྫས་དང་མྱོས་པའི་རྫས། །མཐུན་རྫས་ལ་སོགས་དགོད་པར་བྱ། །རྒྱ་གྲམ་སྟེང་དུ་མིང་བྱང་ཁར། །ཚེར་མ་ཅན་དང་དུག་ཤིང་བརྩིག །ཁྲག་དང་དུག་གིས་རབ་ཏུ་བྲན། །ཐབ་ཁུང་རཾ་ལས་མེ་ལྷ་བསྐྱེད། །མཆོད་འབུལ་མེ་ལྷའི་ཐུགས་ཀ་རུ། །ཡེ་ཤེས་རང་གསལ་སྟོང་བདག་མེད། །ཆོས་སྐུའི་ངང་ལས་ཕྱག་རྒྱའི་སྐུ། །བསྐྱེད་ལ་བླ་རྐུན་རྦད་ཅིང་སྡེབས། །བསྐུལ་དང་བཅས་པ་དྲག་སྔགས་བཅུས། །རྫས་ཀྱི་མཆོད་པ་མེ་སྦར་བསྲེག །རྐྱེན་གྱི་སྦྱོར་བ་འཕྲོ་འདུ་མིན། །རྩོལ་བྲལ་ཇི་བཞིན་ལྷུན་གྱིས་གྲུབ། །ནམ་མཁའ་འཁོར་ལོ་སྤྱི་འཇོམས་གཅོད། །སྦྱོར་བ་རྫོགས་དང་དྲིལ་ཐོད་གནན། །དྲག་པོ་ཚར་གཅོད་སྦྱིན་སྲེག་མཆོག །དེ་ནས་བཅོམ་ལྡན་འདས་ཀྱིས་གསང་སྔགས་འདི་དག་སྐུ་གསུང་ཐུགས་རྡོ་རྗེ་ལས་ཐོན་ཏོ། །ཨེ་ཀ་ཧེ་དུན་ཡ་མ་སྙིང་


DNG017_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་ར་མ་ཙ་ཡ། ས་ནཱ་ག་དུ་རཾ། ས་ནཱ་ག་ཨུ་ནན་གཟེར་ཕྱུང་། སྲོག་ལ་དུན་རཾ་ཙིཏྟ་དྲེང་ཤག་ཐུན་རྦད་ཨེ་རཾ། གནོད་བྱེད་འབྱུང་པོ་ཛྭ་ལ་རཾ་མཱ་ར་ཡ་ཕཊ་ཕཊ། རྫོགས་དང་ཐོད་པར་རྫས་བླུག་ལ། །བཀའ་རྟེན་འོག་གམ་དུར་ཁྲོད་གནན། །དྲག་པོ་ཚར་གཅོད་འཁོར་ལོར་བཤད། །དེ་ནས་དམར་ལེན་ཡང་གསང་མཆོག །གནན་པའི་སྦྱོར་བ་འདི་ལྟ་སྟེ། །འཁོར་ལོ་ལིངྒ་ཐལ་བ་རྣམས། །གང་ཡིན་ཐོད་པར་བླུགས་ནས་ནི། །ཚེས་གཅིག་དང་ནི་བཅུ་དྲུག་ལ། །སྦྱོར་བ་མཁས་པས་གནན་པར་བྱ། །ཞི་ཁྲོ་གཤིན་རྗེ་ཕུར་པ་རྣམས། །འཁོར་ལོ་རུས་སྦལ་ཐོད་ཆེན་གཞུག །མ་ཧཱ་མན་དྷལ་འོག་ཏུ་གནན། །མ་མོ་བདུད་མོ་སྲིན་མོ་རྣམས། །ཉན་ཐོས་ཐོད་གོས་བཀའ་རྟེན་གནན། །བདུད་དང་མུ་སྟེགས་མགོན་པོ་རྣམས། །གཡག་རུར་འོབས་ཁུང་སྒོ་དྲུང་གནན། །རྒྱལ་པོ་དགེ་བསྙེན་དཀོར་སྲུང་རྔམས། །སྤྱང་ཐོད་སྒོ་ལམ་སྲང་ཁར་གནན། །བཙན་དང་སྲོག་བདག་གྲི་བོ་རྣམས། །ཤ་རུ་སྤྱང་ཐོད་གོང་གསུམ་གནན། །ཀླུ་བདུད་མོ་དང་ཕུག་བདག་མོ། །བོན་པོའི་གོས་གཏུམས་ལྷ་ཁང་གནན། །ཐེ་བྲང་ཆགས་འགོང་གཤིན་རྔོག་རྣམས། །གླང་རུར་བཅུག་ལ་ལམ་མདོར་གནན། །སྲི་ཅན་ཆུང་ཐོད་ཐེམ་འོག་གནན། །ས་བདག་ཀླུ་གཉན་མཛེ་འདྲེ་རྣམས། །འཁོར་ལོ་ཕག་པའི་ལྟོ་བར་གཞུག །ཕག་ཐོད་བཀའ་རྟེན་གང་གནོད་གནན། །ལོག་ནག་རྡོ་རྗེ་རྒྱ་གྲམ་ལྡན། །ལཾ་ལས་རིན་ཆེན་རི་རབ་བརྟན། །རུས་སྦལ་ལྟོ་བར་སྟོབས་ཀྱིས་གནན། །གདོན་མི་ཟ་བའི་ཕོ་བྲང་གདབ། །གདུག་པའི་སྟོབས་ཀྱིས་གནན་པར་བཤད། །དེ་དག་གསང་སྔགས་འདི་ལྟ་སྟེ། །ཨེ་དུན་ཀ་ཡཾ། སརྦ་ཙིཏྟ་གཟིར་ནན། ཧཱུཾ་ལཾ་སྟཾ་བྷ་ཡ་ནན། ཆེ་གེ་མོ་མཱ་ར་ཡ་ནན། དྲེགས་པ་གནན་པའི་འཁོར་ལོར་བཤད། །འཕགས་པ་འཇམ་དཔལ་གཤིན་རྗེ་ཟླ་གསང་ནག་པོ་སྡིག་པ་ནག་པོ་སྟོབས་ཆེན་གསང་བའི་རྒྱུད་ལས། ཕྲིན་ལས་སྦྱོར་ཀའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་ཡང་རྡོ་རྗེ་སྙིང་པོས་བཅོམ་


DNG017_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་ལ་གསོལ་པ། རིགས་བཞི་གདོལ་པའི་ནད་དང་དུག །འཁོར་དུ་བྱས་པའི་ནད་རིགས་གང་། །ཆུ་དང་ཁྲག་ལ་བརྟག་པ་གང་། །ཞེས་གསོལ་པས། ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །བབས་ལུགས་མེ་དབལ་ཟ་གུ་དང་། །འབྲུམ་ཕྲན་ནད་དང་སྨྱོ་འབོག་ནི། །རྒྱལ་རིགས་ཀླུ་ཡི་འཁོར་གྱིས་སོ། །སྙིང་མི་དགའ་དང་འགྲོ་སྙིང་འདོད། །ངུ་འབོད་ཕྱ་སངས་ཁྱེར་བ་དང་། །གཞན་ལ་རྒོལ་ཞིང་འཐིབས་སྡང་སླ། །བྲམ་ཟེའི་ནད་དུ་ཤེས་པར་བྱ། །གླུ་ལེན་གར་བྱེད་མིག་རྩ་གྲུང་། །དམངས་རིགས་ནད་དུ་ཤེས་པར་བྱ། །ཤ་མདངས་བར་ན་ཟུག་གཟེར་ཆེ། །བརྩེ་དང་ཚ་འཕྲིག་འོང་བ་དང་། །སྐབས་སུ་གློ་བུར་གླང་ཐབས་འོང་། །རྗེ་རིགས་གནོད་པའི་རྟགས་ཡིན་ནོ། །སྤྱིར་ནི་ཀླུ་གཉན་ས་བདག་དང་། །ཀླུ་སྲིན་ལ་སོགས་ནད་རྟགས་གཟིར། །ཁྲག་དང་ཆུ་ལ་བརྟག་བྱ་བ། །ཆུ་ནི་ངལ་དུབ་ཆང་མ་འཐུང་། །མང་པོ་མ་སྨྲས་ཉལ་པོ་མིན། །འབྱུང་བ་མ་འཁྲུགས་པ་ལ་བརྟག །དྭངས་པའི་སྣོད་དུ་རྩེ་ཤར་གཏང་། །ལོག་པའི་དུས་སུ་བརྟག་པར་བྱ། །ཁ་དོག་དག་ལ་ནད་གཞི་བརྟག །མར་ཁུའི་མདོག་འདྲ་བྱུང་བ་ན། །མཁྲིས་པ་ཤ་ཡི་མཛེ་ནད་ཡིན། །འོ་མའི་མདོག་ཏུ་བྱུང་བ་ན། །རླུང་ནད་རུས་པའི་མཛེ་རུ་འགྱུར། །ཆུ་རྩ་འདྲ་བ་བྱུང་བ་ན། །བད་ཀན་ནང་ཁྲོལ་མཛེ་ནད་ཡིན། །རམ་པོ་འདྲ་བ་བྱུང་བ་ན། །འདུས་པ་ཀུན་ཁྱབ་ནད་དུ་བཤད། །ག་གོན་ཤུན་པ་ལྟ་བུ་དང་། །སྤུར་ལོང་འདྲ་དང་བ་ཏྲང་མདོག །འབྱུང་བ་མ་འཁྲུགས་ཆུ་ཡིན་ཏེ། །ལུས་ལ་ནད་གཞི་མེད་པར་འདོད། །དམར་ལ་རྩིག་པོ་སིག་སིག་པོ། །འགྱུར་མདོག་མེད་པར་འདུག་པ་ན། །ཆུ་སེར་ནག་པོ་ཡིན་པར་བཤད། །གཟུགས་ལ་གདོན་གྱི་བརྟག་པ་བྱ། །ཉ་འདྲ་སྦལ་འདྲ་རུས་སྦལ་འདྲ། །པིར་འདྲ་ཆུ་སྲིན་འདྲ་བ་དང་། །དཔག་བསམ་ཤིང་འདྲ་གདུག་པ་གསུམ། །ཞིང་ས་ཁང་ས་དུར་ས་དང་། །བྱད་ཀྱི་ས་དང་རྩོལ་བ་བརྟག །རྣལ་མ་ལྟོ་ལོག་གྱང་འགྱུར་བརྟག །ས་ཆུ་མེ་རླུང་འཁྲུལ་


DNG017_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བརྩི། །འཁྱིལ་པའི་གཟུགས་དང་ཐིག་ལེ་དང་། །རྩེ་གསུམ་གཟུགས་བརྙན་བྱུང་བ་དང་། །ཉ་མིག་དང་ནི་མུན་པ་འདྲ། །དམར་ལ་སྡང་དང་སྣ་ཚོགས་གཟུགས། །རིག་པ་ཅན་གྱིས་བརྟག་པར་བྱ། །རྒྱལ་པོ་རྗེའུ་བྲམ་ཟེ་དམངས། །ཀླུ་རིགས་གདོན་ལ་བརྟག་པ་ཡིན། །དམར་སེར་ཀུ་ཡ་མི་མངོན་ན། །ཀླུ་གཉན་ས་བདག་གནོད་པ་ཡིན། །གཟུགས་རྣམས་མེད་ན་བསྐོལ་ལ་བལྟ། །དེ་ཡིས་གཏན་ལ་ཕེབས་པར་འགྱུར། །ཁྲག་ལ་བརྟག་པ་འདི་ལྟ་སྟེ། །རྩ་ལ་གཏར་ཞིང་བརྟག་པ་དང་། །ཆུ་སེར་བརྟག་པ་འདི་ལྟ་སྟེ། །དམར་སེར་དག་ནི་སླ་བར་འཚོ། །སྐྱ་ནག་གཉིས་པོ་དཀའ་བར་བཤད། །ལུས་ཀྱི་གནད་ནས་ཁྲག་ངན་དབྱུང་། །ཁྲག་མེད་གསོ་བར་མ་བཤད་དེ། །ཆུ་སེར་སྔོ་སྐྱ་བྱུང་ཡང་སྤང་། །ཁྲག་ནི་དངུལ་ཆུ་ལྟ་བུར་འདྲིལ། །ཤིན་ཏུ་གསོ་བ་དཀའ་བས་སྤང་། །ཁྲག་ནི་དང་པོ་བར་མ་དང་། །ཐ་མ་གསུམ་པ་རིམ་པས་ཤེས། །གཟུགས་བརྙན་བརྟག་པ་མ་ཡིན་ཏེ། །རླུང་མཁྲིས་བད་ཀན་ཁྲག་མདོག་བརྟག །སྤྱི་གཙུག་སྨིན་མཚམས་སྣ་རྩེ་དང་། །རྐང་དང་སྙིང་ག་མཐེ་བོང་དང་། །ལྟེ་བ་མཚན་མ་ཟིན་པ་ནི། །གནད་ཀྱི་མཁར་བརྒྱད་ཤོར་ན་ཡང་། །ཕྱི་མ་མདུན་དང་གཡོན་ཟིན་སླ། །རྒྱབ་ཏུ་ཟིན་དང་གཡས་པ་དཀའ། །ཤ་དུག་སྤུ་དུག་རུས་དུག་གསུམ། །རྣམ་སྨིན་ལུས་ལ་རྫོགས་པས་སྤང་། །ཞེས་གསུངས་སོ། །འཇམ་དཔལ་གཤིན་རྗེ་ཟླ་གསང་ནག་པོ་སྡིག་པ་སྟོབས་ཆེན་ལས། ནད་གཞི་བརྟག་པའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་ཡང་རྡོ་རྗེ་སྙིང་པོས་བཅོམ་ལྡན་འདས་ལ་གསོལ་པ། ས་ཡམས་འབྱུང་བའི་གནད་འཁྲུགས་ན། །རྫས་དང་སྨན་གྱི་སྦྱོར་བ་གང་། །ཡང་དག་དཔའ་བོས་བཤད་དུ་གསོལ། །ཞེས་གསོལ་པས། དེ་ནས་བཅོམ་ལྡན་འདས་ཀྱིས་དྲི་བའི་དོན་འདི་གསུངས་སོ། །སྦྱོར་བའི་རྫས་ལ་ནུས་པའི་མཐུ། །བསམ་མི་ཁྱབ་པས་བཅུད་ཀྱིས་གསོ། །དྲི་མ་ཆུ་དང་ཟིལ་པ་གསུམ། །ཡིག་འབྲུ་བདུད་རྩི་མཚོན་ཆ་དང་། །འབྱུང་གཞིའི་གཉེན་པོར་རབ་བརྟན་


DNG017_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །སྦྱར་ཏེ་ཁོང་དུ་གཏང་བ་ན། །ཚེ་རིང་ཤ་འཇམ་སྐད་གདངས་སྙན། །གདུག་པའི་ནད་དང་དུག་ལས་ཐར། །བསྐུ་དང་བྱུག་པའི་ལས་བྱས་ན། །སྤྱང་དུག་སྤྱང་ཚེར་ར་ཆུ་དང་། །བཙོང་ཁུ་ཚ་སྣ་སྦྱར་བ་དང་། །ར་དུག་ལོང་བརྡོལ་གུ་གུལ་དང་། །མུ་ཟི་དྲི་མ་ལྡོང་རོས་དང་། །ཏི་ཚ་མར་དཀར་བ་བླ་དང་། །གུ་གུལ་ནག་པོ་ར་གཞོབ་དང་། །ར་ཚྭ་རྒྱ་ཚྭ་ཁ་རུ་ཚྭ། །ག་པུར་གླ་རྩི་ཤིང་ཀུན་དང་། །དབྱི་མོ་སྲུབ་ཁ་ལྡོག་རོས་ཚ། །སྣ་ཚོགས་ཕབ་དང་མུ་ཟི་གླུམ། །སྦྱོར་བ་རྫོགས་པས་བསྐུ་དང་བྱུག །གདུག་པའི་ནད་དང་དུག་ལས་ཐར། །ཟུག་རྔུའི་ནད་འཇོམས་ཆེན་པོ་སྟེ། །སྲུང་བའི་མཆོག་ཏུ་ཡང་དག་བཤད། །དེ་ནས་རྩ་སྦྱང་རྩ་བཀྲུ་བ། །སྔོན་དུ་ཁྲུས་སོགས་རྫོགས་པར་བྱ། །ཟས་དང་སྤྱོད་ལམ་སྣ་སེལ་ལ། །པདྨ་དུལ་མ་ཀུན་ཁྱབ་དང་། །སེར་ཚུར་ཧ་ཤིག་རྡོ་དང་ནི། །གླ་རྩི་མ་གི་ཏ་དང་ནི། །དཀར་པོ་ཆིག་ཐུབ་མཚལ་དང་སྦྱར། །ཆང་དང་སྦྱར་ལ་ཁོང་དུ་གཏང་། །གདུང་པར་ཀུན་ཁྱབ་པདྨེ་དང་། །སྡིག་སྲིན་ཉི་དགའ་ཆང་སྦྱར་ནས། །ཉི་དྲོད་དྲག་པོར་དེ་བཞིན་གཏང་། །རྗེས་ནི་གར་ཆང་ཚོ་ཁུས་བཅད། །འབྱམས་ནས་ལུས་ཟུངས་ཁྲག་བྱུང་ན། །ཆུ་བསྐོལ་དོམ་མཁྲིས་བཏབ་པ་དང་། །རྒྱ་སྲན་མེ་ཏོག་ཆུ་སེར་བཏབ། །གྲང་འབྱམས་རླུང་ལ་ལོ་ཡིབ་གཏང་། །རྩ་རྣམས་བཀྲུ་བར་མི་རུང་བ། །རྩ་མདུད་ཅན་དང་གྲང་རླུང་ཅན། །ལུས་ཟུངས་ཟད་དང་རྒན་པོ་གཞོན། །མཁས་ཀྱང་ཤིན་ཏུ་སྤང་བར་བྱ། །རྩ་རྣམས་བཀྲུས་པའི་ཡོན་ཏན་ནི། །དུག་ནད་རྒྱས་དང་རྨ་རྙིང་བྱེར། །ཆུ་སེར་དོན་ལ་ཐེབས་པ་དང་། །བུད་མེད་རྩ་ནད་སྒུར་པོ་དང་། །མཛེ་ནད་རྒྱས་པའི་ནད་རྣམས་སེལ། །གཞན་ཡང་རྩ་སྦྱང་བཤད་བྱ་བ། །པདྨེ་དན་རོག་རུ་རྟ་དང་། །ཚ་བ་གཉིས་དང་ཆིག་ཐུབ་སྦྱར། །ཆང་ལས་སྦྱར་ཏེ་ཚངས་པར་བྱུག །འདི་ཞེས་རྡོ་རྗེ་སྤྱི་བོར་འཇོམས། །སྣ་སེལ་ཆང་གིས་བྱ་བར་བཤད། །རྗེས་ནི་ཚོ་ཁུས་བཅད་པ་སྟེ། །ཆུ་སེར་ཚན་དེ་མ་ཟད་པར། །རྗེས་ཆོད་ཚ་བ་སྤང་བར་བྱ། །


DNG017_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་སེར་འདྲེན་བཤལ་ཆེན་པོ་སྟེ། །ཚ་བ་ཆུ་སེར་ནད་རྣམས་སེལ། །གཞན་ཡང་ཀུན་ཁྱབ་བ་ཞོ་དང་། །སྐེ་ཚེས་གདོང་གི་ཆུ་སེར་འདྲེན། །པདྨེ་ཀུན་ཁྱབ་ཟོ་ཤ་དང་། །གསེར་གྱི་མེ་ཏོག་སྦྱར་ན་ཡང་། །ཡན་ལག་ཆུ་སེར་འདྲེན་པར་བཤད། །གཞན་ཡང་བཅུད་ལེན་སྨན་བཤད་པ། །དཀར་པོ་ཆིག་ཐུབ་སྦལ་རྒྱབ་དང་། །རྒྱ་མཚོ་གསེར་གྱི་བྱེ་མ་དང་། །མན་འཇི་ར་དང་ཙན་དམར་དང་། །འབྲི་ཏ་ས་འཛིན་མོན་ལྕམ་དང་། །སེང་ལྡེང་ཙནྡན་མར་ཁུ་དང་། །ཤོ་མ་བྱེ་མ་ཡང་ལེབ་ཏུ་རབ་སྦྱར་ལ། །སོ་སོར་གཏོང་ངམ་དྲིལ་ལ་གཏོང་། །ཤ་དང་རུས་པ་རྩ་ཁྲག་དང་། །གློ་སྙིང་མཁལ་མ་ནང་ཁྲོལ་དང་། །ཆུ་སེར་ནག་པོ་ཐ་དག་སྐེམ། །གཞན་ཡང་བཅུད་ལེན་སྨན་སྦྱར་བ། །ཙནྡན་དཀར་པོ་སེང་ལྡེང་དང་། །བདུད་རྩི་དམ་པ་ཆུར་གདུས་ནས། །མར་དཀར་འོ་མ་སྦྲང་རྩི་མར། །སྦྱར་ན་ཆུ་སེར་ནག་པོ་སྐེམ། །ལུས་ཀྱི་སྟོབས་ལྡན་བཀྲག་རྒྱས་འགྱུར། །སེང་ལྡེང་སོ་མ་ར་ཛ་དང་། །ཙནྡན་དཀར་པོ་འབྲས་བུ་གསུམ། །ནིམ་པ་མ་ཧཱ་ནིམ་པ་དང་། །ཀ་ར་སྦྱར་ན་ཆུ་སེར་སྐེམ། །སེང་ལྡེང་འོ་མར་གདུས་པ་དང་། །འབྲས་བུ་གསུམ་དང་གུ་གུལ་དཀར། །ཐ་སྐར་རྡོ་རྗེ་སོ་མ་ར། །ཅོང་ཞི་སྦྲང་རྩི་ཀ་ར་སྦྱར། །བཅུད་ལེན་ཆུ་སེར་ནག་པོ་སྐེམ། །སྐབས་སུ་ཆུ་སེར་འདྲེན་བཤལ་གཏོང་། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །བཅུད་ལེན་སྨན་གྱི་སྦྱོར་བར་བཤད། །མཐོང་བའི་དུག་གིས་ཟིན་པ་ན། །ག་པུར་ཆུ་ཡིས་བཏབ་ནས་ཀྱང་། །སྐྱེར་པའི་ཁཎྜ་བྱུག་པར་བྱ། །མཁྲིས་པ་སྣ་ཚོགས་ལྕིགས་གཞུག་དྲིལ། །ཁ་རླངས་དུག་གིས་བཟུང་བས་ན། །ཁོང་དུ་ག་པུར་གཏང་བར་བྱ། །རྟག་ཏུ་ཕྱི་བཤལ་ནང་བཤལ་བྱ། །མཆིན་རྩ་གཏར་ཞིང་ཁྲག་ངན་གདོན། །བསམ་པའི་དུག་གིས་ཟིན་པ་ན། །ཚ་བ་གསུམ་གྱི་སྨན་མར་གཏང་། །དྲོད་བསྟེན་བསིལ་བའི་ཟས་སྨན་སྤང་། །རེག་པའི་དུག་གིས་ཟིན་པ་ན། །ཨ་རུ་ར་ཡི་སྨན་མར་གཏང་། །འབྱུང་བའི་ནད་རྣམས་གསོ་བའི་ཕྱིར། །རྩ་བཀྲུ་གཏར་ཞིང་ཁྲག་ངན་གདོན། །


DNG017_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

མུ་ཟི་སྨན་མར་རྟག་ཏུ་བཟའ། །ཤ་མདངས་བར་དང་ནང་ཁྲོལ་གྱི། །ཆུ་སེར་ཐམས་ཅད་སྐེམ་པར་བྱེད། །སེང་ལྡེང་སྨན་མར་དག་གིས་ནི། །རུས་པ་རྐང་གི་ཆུ་སེར་སྐེམ། །ཨ་རུ་ར་ཡིས་འབྱུང་བ་སྙོམས། །དན་ཏིའི་མར་ཁུའི་སྦྱོར་བ་ཡིས། །ཆུ་སེར་ནག་པོ་འཇོམས་པར་བྱེད། །གཞན་ཡང་ཆུ་སེར་འདྲེན་པར་བྱེད། །ཁ་ནི་ཡོན་པོར་སོང་བ་ན། །མི་ཡོའི་ངོས་ནས་ཆུ་སེར་དབྱུང་། །མིག་སླེ་མས་ལྕིབས་དག་ནས་དབྱུང་། །མཚུལ་པ་འགགས་ན་སྣ་བཤལ་བྱ། །ཚ་བ་གསུམ་དང་ཚད་དེ་དྲང་། །གྲེ་བ་འགགས་ན་གློ་རྩ་གསེང་། །ཀ་ར་རྒུན་འབྲུ་ཤིང་མངར་བཏགས། །འབྱུང་བ་འཁྲུག་པའི་ནད་དང་དུག །གསོ་བའི་སྦྱོར་བ་འདི་དག་གིས། །ཆུ་སེར་ནད་རྣམས་འཇོམས་པར་བྱེད། །འཕགས་པ་འཇམ་དཔལ་གཤིན་རྗེའི་རྒྱལ་པོའི་སྡིག་པ་སྟོབས་ཆེན་གསང་བའི་རྒྱུད་ལས། འཚོ་བྱེད་སྨན་གྱི་ལེའུ་སྟེ་བཅོ་བརྒྱད་པའོ།། །།དེ་ནས་རྡོ་རྗེ་སྙིང་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དྲེགས་པ་འཇོམས་པའི་བཅོམ་ལྡན་འདས། །བསྟོད་དང་གསོལ་བཏབ་གནད་བསྐུལ་ཞིང་། །མཆོད་པ་བསྟབ་ཚུལ་བཤད་པར་མཛོད། །ཅེས་གསོལ་པས།དེ་ནས་བཅོམ་ལྡན་འདས་དྲེགས་པ་འདུལ་བས་ལྷ་རྣམས་ལ་བསྟོད་ཅིང་ཐུགས་དམ་གནད་ནས་སྐུལ་བ་འདི་གསུངས་སོ། །ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །དྲག་པོ་ཨེ་ཡི་གཞལ་ཡས་ནས། །ཀླུ་འབུམ་གཉན་ཁྲི་ས་བདག་སྟོང་གི་གདན། །ཕྱོགས་སྐྱོང་མ་ཧེ་བརྫིས་པའི་ཁྲི། །ཐབས་དང་ཤེས་རབ་ཉི་ཟླའི་གདན་སྟེང་ན། །དུག་ལྔ་བརྐམ་ཆགས་འཇོམས་པའི་ལྷ། །སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་ཉིད། །ཡེ་ཤེས་རྔམ་པའི་རྒྱལ་པོ་ཟིལ་གནོན་སྐུ། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །གཡས་དཀར་གཡོན་དམར་དབུས་མཐིང་རྔམ། །གཡས་དཀར་ཀླུ་རྒྱལ་ཟས་སུ་ཟ། །གཡོན་དམར་ཀླུ་འབུམ་གཉན་ཁྲི་གསོལ། །དབུས་ནི་མཐིང་ལ་རྔམ་པ་ཡིས། །སྐུ་དགྲར་བརྡོས་པའི་དམ་ཉམས་


DNG017_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ས་བདག་སྡེ་བརྒྱད་ལྷ་སྲིན་གྱི། །དབང་པོ་ལྔ་དང་ཙིཏྟ་གསོལ། །ཕྱག་དྲུག་མཚོན་ཆ་འབར་བ་ཡིས། །ཞེ་སྡང་ཀླུ་གཉན་ས་བདག་དང་། །དགྲ་བགེགས་མགོ་ལུས་ཚལ་པར་གཤག །དབུ་ལ་བདུད་དང་སྲིན་པོ་དང་། །བཙན་དང་མུ་སྟེགས་རྒྱལ་པོ་ཡི། །ཐོད་པའི་ཕྲེང་བས་རྒྱན་དུ་བྱས། །ཀླུ་ཆེན་བརྒྱད་ཀྱི་མགོ་བཅད་ནས། །དོ་ཤལ་སྙིང་དང་ཕྲེང་བས་བརྒྱན། །རྒྱལ་རིགས་སྙན་གྱི་གྲོང་ཁྱེར་བརྒྱན། །རྗེ་རིགས་མགུར་ཆུ་ཚངས་སྐུད་བརྒྱན། །བྲམ་ཟེའི་རིགས་ཀྱིས་ཕྱག་གདུབ་དང་། །དམངས་རིགས་ཞབས་གདུབ་ལྷུ་ཚིགས་བརྒྱན། །རིགས་ངན་གདོལ་པ་ཞབས་འོག་བཏིང་། །བ་སུ་རིགས་དྲུག་ཟས་སུ་ཟ། །མཆེ་བ་དགུ་ཁྲི་རྩང་ཕུར་གཏམས། །སྤྱན་ནས་འཇིགས་པའི་མེ་འབར་ཞིང་། །ཤངས་ནས་རླུང་ནག་འཚུབས་མ་ལྡང་། །དབུ་སྐྲ་སྨ་ར་བ་སྤུ་ལས། །གདུག་རྩུབ་དམར་ནག་མེ་ཆེན་འབར། །སྐུ་དགྲར་བསྔོ་བའི་དམ་ཉམས་དང་། །གདུག་པའི་ས་བདག་ཀླུ་གཉན་བསྲེག །གང་ལ་བྱ་བ་ཁྱོད་ཤེས་ཀྱིས། །དམིགས་པ་གང་ཡིན་མྱུར་དུ་སྒྲོལ། །ཞེ་སྡང་དྲེགས་པའི་སྦྱོར་བ་ཆོམས། །ལུས་སྲོག་དབང་པོ་དྭངས་སྙིགས་ཕྱེ། །རྩ་རྒྱུས་ཁྲག་དང་བླ་མཚོ་སྐོམས་སྦྱིན་སྲེག་བྱེད་ན་གདུབ་རྩུབ་མེ་ཡི་ཞལ་དུ་སྟོབ། །སྡང་བའི་དགྲ་དང་གནོད་པའི་བགེགས། །མཆོད་པར་འབུལ་ལོ་ཁར་མཁའ་ཧི། །ཞེས་སྦྱར ། །གཡོན་གྱི་ཕྱོགས་ན་ཡུམ་ཆེན་མོ། །མ་གཅིག་རྡོ་རྗེ་ཁྲོས་མ་སྟེ། །སྐུ་མདོག་མཐིང་ནག་འབར་བ་ལ། །གདུག་པའི་རལ་པ་མུན་ལྟར་གཏིབས། །རལ་པའི་ཟར་བུ་རེ་རེ་ལ། །གསེར་གཡུ་མེ་ཏོག་རྒྱན་ཆ་འཕྱངས། །གདོལ་པའི་ཀླུ་དང་ཐོད་པ་ཡིས། །དབུ་དང་ཕྱག་ཞབས་ལྷུ་ཚིགས་བརྒྱན། །ཞལ་ནས་མི་རོ་རྟ་རོ་འབྲུལ། །སྤྱན་ནས་ཁྲག་འཛག་ཟུ་ལུ་ལུ། །ཤངས་ནས་རླུང་ནག་འཚུབས་མ་ལྡང་། །གཡས་པ་དགྲ་སྙིང་ཕྱུང་འཁྱུད་ལ། །གཡོན་པ་སྙིང་ཁྲག་གཙོ་ལ་སྟོབ། །དྲག་ཏུ་བསྐུལ་ཞིང་རྦད་ཙམ་ན། །མ་ཚོགས་འབུམ་ཡང་གཟིར་ཞིང་སྔངས། །མ་མོའི་སྐྱིན་ཐང་དགྲ་ལ་འབེབས། །གང་ལ་བྱ་བ་ཁྱོད་ཤེས་ཀྱིས། །དམིགས་པ་གང་ཡིན་མྱུར་དུ་སྒྲོལ། །


DNG017_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་སྡང་དྲེགས་པའི་སྦྱོར་བ་ཆོམས། །ལུས་སྲོག་དབང་པོ་དྭངས་སྙིགས་ཕྱེ། །རྩ་རྒྱུས་ཁྲག་དང་བླ་མཚོ་སྐོམས། །ཟིལ་གནོན་ཐུགས་ཀྱི་དཀྱིལ་འཁོར་ནས། །འབྱུང་བ་ས་ཡི་དྭངས་མ་ལས། །རྡོ་རྗེ་རིགས་ཀྱི་ཁྲོ་བོ་སྟེ། །འཇིགས་བྱེད་ཡ་མ་རཱ་ཙ་ནི། །སྐུ་མདོག་སྨུག་ནག་འབར་བ་ལ། །རྔམ་ཤིང་དྲེགས་པས་དགྲ་བགེགས་འདུལ། །རྣ་བའི་གྲོང་ཁྱེར་སྦྲུལ་གྱིས་བརྒྱན། །ཚངས་པའི་མགོ་བཅད་དོ་ཤལ་བྱས། །གཡས་པ་འཁོར་ལོ་རྩིབས་བཅུ་ཡིས། །དགྲ་བགེགས་མགོ་ལུས་ཚལ་པར་གཤོག །གཡོན་ན་ཙིཏྟ་དམར་པོ་བསྣམས། །འགལ་བྱེད་ཙིཏྟ་ཁོང་ནས་འབྱིན། །དྲག་ཏུ་བསྐུལ་ཞིང་རྦད་ཙམ་ན། །བདུད་དང་སྲིན་པོའི་དོན་སྙིང་འབྱིན། །བཙན་དང་འགོང་པོ་སྲོག་བདག་འཇོམས། །དུག་ལྔའི་གདུག་པ་ཁྲོས་པ་ཡི། །ས་བདག་ཀླུ་གཉན་གཟིར་ཞིང་བསྲེག །གང་ལ་བྱ་བ་ཁྱོད་ཤེས་ཀྱིས། །དམིགས་པ་གང་ཡིན་མྱུར་དུ་སྒྲོལ། །ཞེ་སྡང་དྲེགས་པའི་སྦྱོར་བ་ཆོམས། །ལུས་སྲོག་དབང་པོ་དྭངས་སྙིགས་ཕྱེ། །རྩ་རྒྱུས་ཁྲག་དང་བླ་མཚོ་སྐོམས། །ཡ་མ་རཱ་ཙའི་ཐུགས་ཀྱི་དཀྱིལ་འཁོར་ནས། །འབྱུང་བ་མེ་ཡི་དྭངས་མ་ལས། །རིན་ཆེན་རིགས་ཀྱི་ཁྲོ་བོ་སྟེ། །དྲེགས་པ་ཕྱག་ན་རྡོ་རྗེའི་སྐུ། །སྐུ་མདོག་ལྗང་ནག་འབར་བ་ཡིས། །ཕྲིན་ལས་སྣ་ཚོགས་མཛད་པའི་རྟགས། །ཞལ་གཅིག་རྔམ་ཞིང་གཙིགས་པ་ཡི། །དྲེགས་པ་ཅན་དང་ལྷ་སྲིན་རྣམས། །སྲོག་དང་ཕྲལ་ནས་ཟས་སུ་ཟ། །ཚེམས་དང་མཆེ་བ་གཙིགས་པ་ཡིས། །གདུག་པའི་ཀླུ་གཉན་ཞལ་དུ་གསོལ། །གཡས་པ་རྡོ་རྗེ་རྩེ་དགུ་ཡིས། །ཡེ་ཤེས་དགུ་ལྡན་ཉོན་མོངས་འཇོམས། །གཡོན་ན་ཙིཏྟའི་ཕྲེང་བ་ཡིས། །དབང་ཆེན་དྲེགས་པ་བྲན་དུ་འཁོལ། །ཞབས་གཉིས་གྱད་ཀྱི་དོར་ཐབས་ཀྱིས། །གདུག་པའི་དགྲ་བགེགས་ཟིལ་གྱིས་གནོན། །དབུ་དང་ཕྱག་ཞབས་ལྷུ་ཚིགས་རྣམས། །སྦྲུལ་དང་རིན་པོ་ཆེ་ཡིས་བརྒྱན། །གང་ལ་བྱ་བ་ཁྱོད་ཤེས་ཀྱིས། །དམིགས་པ་གང་ཡིན་མྱུར་དུ་སྒྲོལ། །ཞེ་སྡང་དྲེགས་པའི་


DNG017_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བ་ཆོམས། །ལུས་སྲོག་དབང་པོ་དྭངས་སྙིགས་ཕྱེ། །རྩ་རྒྱུས་ཁྲག་དང་བླ་མཚོ་སྐོམས། །དྲེགས་པ་ཐུགས་ཀྱི་དཀྱིལ་འཁོར་ནས། །འབྱུང་བ་རླུང་གི་དྭངས་མ་ལས། །ལས་ཀྱི་རིགས་ཀྱི་ཁྲོ་བོ་སྟེ། །རུས་སྦལ་རྔམ་པའི་མི་ཟན་ནི། །ཉོན་མོངས་ལྔ་ཡི་རྩ་བ་གཅོད། །སྐྱེ་བ་མེད་པའི་ཁམས་སུ་སྡུད། །ཐུགས་ཀྱི་གསང་མཛོད་ཆེན་པོ་རུ། །ལྷ་སྲིན་མིང་གི་སྙིང་པོ་འཆང་། །དམིགས་པའི་དམ་ཉམས་དགྲ་བགེགས་ཀུན། །ལྕགས་སྡེར་འབར་བའི་སྟོབས་ཀྱིས་ཁུག །སྤྱན་མིག་ཉི་མའི་འོད་ཀྱིས་བསྲེག །རྩ་བཞི་དྭངས་མའི་སྟོབས་ཀྱིས་ནོན། །དམོད་པ་དྲག་པོའི་ཆར་པས་ཆོད། །མཆོད་རྟེན་དྲུག་གི་སྟོབས་ཀྱིས་ནོན། །གང་ལ་བྱ་བ་ཁྱོད་ཤེས་ཀྱིས། །དམིགས་པ་གང་ཡིན་མྱུར་དུ་སྒྲོལ། །ཞེ་སྡང་དྲེགས་པའི་སྦྱོར་བ་ཆོམས། །ལུས་སྲོག་དབང་པོ་དྭངས་སྙིགས་ཕྱེ། །རྩ་རྒྱུས་ཁྲག་དང་བླ་མཚོ་སྐོམས། །སྤྱི་གཙུག་གདུག་པ་འདུལ་བྱེད་པ། །འབྱུང་བ་ཆུ་ཡི་དྭངས་མ་ལས། །པདྨ་རིགས་ཀྱི་ཁྲོ་བོ་སྟེ། །བྱ་ཁྱུང་རྒྱལ་པོ་མཐུ་བོ་ཆེ། །འཁོར་ལོ་འབར་བའི་གཤོག་པ་ལ། །རལ་གྲི་མཚོན་ཆ་སྤུ་གྲིས་གཏམས། །མཚོན་ཆའི་གཤོག་པ་བརྡབས་པ་ཡིས། །གདུག་བྱེད་མ་ལུས་གཤོག་ཅིང་གཏུབ། །སྤྱན་མིག་ཉི་མའི་གཟིགས་སྟངས་ཀྱིས། །བག་ཆགས་རྒྱ་མཚོ་གཏིང་ནས་སྐེམས། །རྡོ་རྗེ་འབར་བའི་མཆུ་དབལ་གྱིས། །གདུག་པའི་ཀླུ་རྒྱལ་སྤྱི་ནས་འདྲེན། །གྲུ་གསུམ་གདངས་པའི་ཞལ་བགྲད་པས། །གདུག་པའི་ཀླུ་རྒྱལ་ཁོང་དུ་གསོལ། །གང་ལ་བྱ་བ་ཁྱོད་ཤེས་ཀྱིས། །དམིགས་པ་གང་ཡིན་མྱུར་དུ་སྒྲོལ། །ཞེ་སྡང་དྲེགས་པའི་སྦྱོར་བ་ཆོམས། །ལུས་སྲོག་དབང་པོ་དྭངས་སྙིགས་ཕྱེ། །རྩ་རྒྱུས་ཁྲག་དང་བླ་མཚོ་སྐོམས། །ཡང་སྤྲུལ་དུག་གི་ཁྱུང་ཆེན་གཉིས། །སྤུ་དང་གཤོག་པ་མཚོན་ཆ་མེ། །ཀླུ་བདུད་ཀླུ་སྲིན་བསྲེག་པར་མཛད། །སྟག་དང་སེང་གེ་རྔམ་པ་ཡིས། །ཉམས་པའི་ཤ་ཁྲག་སྲོག་ལ་རོལ། །ཞེ་སྡང་གདུག་པའི་སྦྲུལ་ནག་གི། །ཁ་ནས་མེ་འབར་


DNG017_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་ཁམས་བསྲེག །དགྲ་བོའི་ཁང་པ་རྨིང་ནས་བཤིག །དུག་སྦྲུལ་རླངས་པ་དགྲ་ལ་གཏོང་། །དགྲ་བོའི་ཁོང་དུ་དུག་མདའ་རྒྱོབ། །གང་ལ་བྱ་བ་ཁྱོད་ཤེས་ཀྱིས། །དམིགས་པ་གང་ཡིན་མྱུར་དུ་སྒྲོལ། །ཞེ་སྡང་དྲེགས་པའི་སྦྱོར་བ་ཆོམས། །ལུས་སྲོག་དབང་པོ་དྭངས་སྙིགས་ཕྱེ། །རྩ་རྒྱུས་ཁྲག་དང་བླ་མཚོ་སྐོམས། །ཤར་ལྷོ་ནུབ་བྱང་ཕྱོགས་བཞི་ནས། །བླ་འགུགས་མོན་པ་ཆེན་པོ་བཞིས། །དམ་ཉམས་དགྲ་བགེགས་བླ་ཁུག་ཅིག །མོན་མོ་འཇིགས་བྱེད་བཞི་དག་དང་། །བདུད་ཕོ་བཞི་དང་བདུད་མོ་བཞི། །སྡང་བའི་དགྲ་བགེགས་བླ་ཁུག་ལ། །མངོན་སྤྱོད་ཚུལ་བཞིན་བསྒྲལ་བར་མཛོད། །རྒྱ་མཚོ་ཆེན་པོའི་གཏིང་རུམ་ན། །འཆི་བདག་བྱེ་བ་དགུ་ཁྲི་བཞུགས། །ལས་ཀྱི་མཐའ་སྡུད་ཁྱོད་ཡིན་པས། །ཉམས་པའི་དགྲ་བགེགས་མྱུར་དུ་སྒྲོལ། །འབྱུང་བཞི་ནམ་གྱི་འོག་ཤེད་ན། །སྒོ་མེད་ལྕགས་མཁར་བཅུ་བདུན་དབུས། །ཐོད་མཁར་འཇིགས་པའི་ཕོ་བྲང་ནས། །གཤིན་རྗེ་ཚེ་བདག་ནག་པོ་བཞུགས། །ལས་ཀྱི་མཐའ་སྡུད་ཁྱོད་ཡིན་པས། །དམིགས་པ་གང་ཡིན་མྱུར་དུ་སྒྲོལ། །ཞེ་སྡང་དྲེགས་པའི་སྦྱོར་བ་ཆོམས། །ལུས་སྲོག་དབང་པོ་དྭངས་སྙིགས་ཕྱེ། །རྩ་རྒྱུས་ཁྲག་དང་བླ་མཚོ་སྐོམས། །ཞེས་གསུངས་སོ། །འཕགས་པ་འཇམ་དཔལ་གཤིན་རྗེ་གཤེད་པོའི་རྒྱལ་པོ་སྡིག་པ་སྟོབས་ཆེན་གྱི་རྒྱུད་ལས། ཐུགས་དམ་བསྐུལ་བ་དང་བསྟོད་པའི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་རྡོ་རྗེ་སྙིང་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཧོ་ཕྲིན་ལས་རྫོགས་པ་ཡི། །རྡོ་རྗེ་འཆང་ཆེན་རྒྱལ་པོ་ཆེ། །སྟོབས་ཆེན་གྱད་གནོན་རྒྱལ་པོ་ཁྱེད། །གདུག་པ་གསུམ་པོ་ལོག་གནོན་དང་། །ཡན་ལག་སྦྱོར་བ་རྒྱས་པར་ཤོད། །ཅེས་གསོལ་པས། དེ་ནས་བཅོམ་ལྡན་འདས་ཀྱིས། དྲི་བའི་དོན་རྒྱས་པར་བཤད་དོ། །སྔགས་ཀྱི་ནུས་པ་སྟོབས་མེད་ན། །དམ་ཚིག་བཤགས་པ་ཏིང་འཛིན་གསལ། །མཚོན་ཆ་རྣོ་བ་ངར་དབྱུང་ཞིང་། །དམིགས་པ་མྱུར་དུ་མ་ཆོད་ན། །སྔགས་ཀྱི་སོ་བཏགས་སྤུ་གྲི་བསྣོལ། །


DNG017_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

ཤི་ས་བསྟན་དང་རྣོ་ལ་མྱུར། །བསྒྲུབ་དང་རྐྱང་པ་ཤེས་པས་བརྡེག །སྔགས་ཟློས་ཅིས་ཀྱང་མི་ཐུབ་ན། །སྦྱར་བའི་འཁྲུལ་འཁོར་བཟློག་ཅིང་དཀྲུག །རྒྱ་ཤོག་རྒྱུ་ལས་དམེ་ཁྲག་བྱུག །འཁྲུལ་འཁོར་དུག་དང་ཁྲག་སྦྱར་བྲིས། །ཆ་ལུགས་བཟློག་ཅིང་ཏིང་འཛིན་གསལ། །བཤིག་ཆིང་སྡུད་པས་རྟེན་ལ་འདུག །ཐུན་བརྡེག་ཕུར་གདབ་ཞག་གསུམ་བསྔགས། །བསྒོམ་དང་སྔགས་བཟླས་ཕྲིན་ལས་བཅོལ། །དེ་ནས་བཅོམ་ལྡན་འདས་ཀྱིས། སྔགས་ཀྱི་རྒྱལ་པོ་འཁོར་ལོ་བཟློག་ཅིང་དཀྲུག་པ་འདི་གསུངས་སོ། །ཨེ་མྱགས་ཡ་རྡུབས། མུག་ཤག་དུན། ས་ནཱ་ག་ཏྲིག །ཕུ་ཛ་ཐུམས་ཧུར། དུ་མེ་ཙ་ཏྲི་ནཱ་གའི་སྲོག་ལ་དྲེང་དྲེང་རྩ་ལ་དུན་དུན། ཁམ་ཤག་སྦུར་ནན་རྦད། ས་ནཱ་ག་རོ་མྱགས་ཙིཏྟ་རྦད། མུག་ཏི་སྲོག་ལ་རྦད། ཁྲམ་ཤིག་དུག་ཕྱུང་རྦད།དབུགས་ལ་ཐང་གཟེར་ཙི་ཏྲི་ཡ་མ་རྦད། ཐུན་རྦད་སྲོག་ལ་བྷྱོ། ཕྲིན་ལས་རྫོགས་ནས་དུར་ཁྲོད་དམ། །བཀའ་རྟེན་བྱིན་ཅན་འོག་ཏུ་མནན། །ཡ་བག་ཤ་ཡ་ཧ་ལ་དུག །བྱ་བ་ཀུན་འགྲུབ་བརླག་པར་འགྱུར། །སྟོབས་མེད་བྱས་ན་རང་འཆི་བས། །རྩ་མ་ཧ་རི་ཞེས་བྱར་བཤད། །གཞན་ཡང་ལོ་ཏོག་གཞོམ་བྱ་ན། །བམ་ཆེན་མི་ཡི་ཐོད་པ་རུ། །དགྲ་བོའི་ཡུལ་དབྱིབས་ཞིང་ས་བྲུབ། །སྔོ་དང་རྩི་ཤིང་རྫིང་ཡུར་དང་། །སེར་སྲུང་ཡུལ་ལྷ་བཅས་པ་གཞུག །མནོལ་ཁྲག་དུག་དང་ཉུངས་ཀར་བྲབ། །ཐ་མ་དགྲ་ཡི་ཡུལ་དབུས་གཞུག །གང་ཞིག་དམིགས་པའི་ལོ་འབྲས་བརླག །གལ་ཏེ་ཕེབས་པར་མ་གྱུར་ན། །ས་བདག་སྙིང་ལ་ཕུར་པས་གདབ། །དུད་བདུག་རྫས་བསྲེག་དྲག་རྩལ་བྱ། །འཇིག་རྟེན་བརླག་པར་ཡང་དག་བཤད། །དེ་ཡི་གསང་སྔགས་འདི་དག་གོ། །ཨེ་དུན་ཀ་ཡཾ་རཱ་ཧུ་ལ་ཏྲིག་ནན། པྲོཾ་པྲོཾ་ཧྲིལ་ཧྲིལ་ཤར་ཤར་ཕོབ་ཕོབ། མ་ར་ཙ་ཤ་ཏྲིག་ནན། པྲོཾ་པྲོཾ་རག་མོ་ཕོབ། ཏིང་རྨུགས་ཁྲག་ལ་རག་ཤ་དུམ། ཡ་མ་ནཱ་ག་གཟིར་ནན། དྲག་ཏུ་པྲོཾ་པྲོཾ་ཤར་ཤར་ཧྲིལ་ནན་ཕོབ། འབྲས་བུ་ལོ་ཏོག་འཇོམས་པར་བཤད། །གཞན་ཡང་ཡུལ་ཁམས་སྲུང་བྱེད་ན། །ཉུངས་


DNG017_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

ཀར་གླང་རུ་ཐལ་ཆེན་གཏོར། །ཟིལ་གནོན་བྱ་ཁྱུང་གཤོག་པ་མེས། །སྤྲིན་རྣམས་ཤིང་གི་ཕུང་པོ་བསྲེག །སྡེར་མོ་མཆུ་ཡི་དྲེགས་པ་བཅོམ། །ཨེ་དུན་ཀ་ཡཾ། སརྦ་ཤ་ཏྲུཾ་སྟྭམ་བྷ་ཡ་ནན་ཧཱུཾ་ཕཊ། པ་ཙི་ཏོང་པ་ཤོ་ཤ་ཡ། མོ་ཧ་གྷ་ཏ་ཡ་ཧཱུཾ་ཕཊ། འབྲས་བུ་ཡུལ་ཁམས་བསྲུང་བར་བཤད། །གཞན་ཡང་ལྟས་ངན་ལས་བྱེད་ན། །སྤྱང་ཁུ་སྲེག་པ་རི་བོང་དང་། །མོན་པའི་ཙིཏྟ་དབང་པོ་ལྔ། །གཟུགས་ལ་སྔགས་སྒོར་འབྲུ་གསུམ་ལ། །སྔགས་བཟླས་གཟའ་སྐར་འཛོམ་པ་ལ། །དགྲ་བོའི་གནས་ལ་ཚུད་པ་ན། །ལྟས་ངན་སྣ་ཚོགས་འབབ་པར་འགྱུར། །ཨེ་དུན་ཀ་ཡཾ། ཨག་ཆོས་ཁོང་དྲིལ་ཆུམ་རྦད་མྱག་རུ་ལིང་ཧས་ཕོབ། ཨག་མོ་ཀ་ཏི་ཁུག་ཆུག་ཁུ་བོ་ཧི་བཙོན་ཕོབ་ཁུ་ལེ་ཕོབ་དུ་ལིང་ཧས་ཕོབ། ཏི་ཁྲོན་ཁུག་ཆུག་མྱོས་ཏི་ཨ་ཨི་དུ་ལིང་ཧས་ཕོབ། མུས་ཁུ་ལྡི་མུག་ཁོར་བུ་མྱགས། དུ་ལིང་ཧས་ཕོབ་འུབ་ཐུབ་དུ་ལིང་ཧས་ཕོབ། ལྟས་ངན་སྦྱོར་བ་རྫོགས་པ་ནི། །རང་རང་སྔགས་དང་རྫས་ཀྱིས་འགྲུབ། །ལྟས་ངན་སྤྲུལ་པའི་སྦྱོར་བར་བཤད། །འཕགས་པ་འཇམ་དཔལ་གཤིན་རྗེའི་རྒྱལ་པོ་ཟླ་གསང་ནག་པོ་སྡིག་པ་སྟོབས་ཆེན་གྱི་རྒྱུད་ལས། ཡན་ལག་གི་སྦྱོར་བ་བསྟན་པའི་ལེའུ་སྟེ་ཉི་ཤུ་པའོ།། །།དེ་ནས་ཡང་རྡོ་རྗེ་སྙིང་པོས་གསོལ་པ། ཨེ་མ་སངས་རྒྱས་འདུས་པའི་སྐུ། །ཆེ་བ་རང་བྱུང་རྒྱལ་པོ་ཁྱོད། །སྟོབས་ཆེན་གྱད་གནོན་བཀའ་ཡི་རྒྱུད། །དྲག་པོ་མངོན་དུ་ཕྱུང་བ་འདི། །དང་པོ་གང་ནས་ཇི་ལྟར་བྱུང་། །རྒྱུད་དོན་བསྟན་པ་ཇི་ལྟར་ལགས། །ཡོངས་སུ་རྫོགས་དང་གཏད་པ་གང་། །ཞེས་གསོལ་པས་བཅོམ་ལྡན་འདས་ཀྱིས་དྲི་བའི་དོན་རྒྱས་པར་བཤད་དོ། །དྲེགས་པ་འཇོམས་པ་རྡོ་རྗེའི་བདག །ལོངས་སྤྱོད་འཁོར་གྱི་སངས་རྒྱས་དང་། །བྱང་སེམས་སྤྲུལ་པའི་རིག་པ་འཛིན། །ལྷ་དང་མཁའ་འགྲོ་རྣལ་འབྱོར་མ། །བདུད་དང་སྲིན་པོ་ཤ་ཟའི་ཚོགས། །ཉི་ཟླ་དབང་ཕྱུག་དཀོར་སྲུང་གཟའ། །སྨྱོ་བྱེད་བྱད་སྟེམས་གནོད་སྦྱིན་ཀླུ། །གཤིན་རྗེ་


DNG017_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

གཤེད་ཀྱི་དགེ་འདུན་ཀུན། །ང་ཡི་བཀའ་རྒྱུད་རོལ་པ་འདི། །རྣམ་རྟོག་མཚན་མ་རང་གྲོལ་བའི། །རྡོ་རྗེ་བདེ་བ་ཆེན་པོ་འདི། །ཆོས་ཉིད་སྐྱེ་བ་མེད་དབྱིངས་ནས། །བསྟན་པའི་སྙིང་པོ་ངེས་པའི་དོན། །སྟོང་ཕྲག་བདུན་དང་བརྒྱ་ཕྲག་བརྒྱད། །ཐབས་དང་ཤེས་རབ་སྙིང་པོའི་བཀའ། །སྒྱུ་འཕྲུལ་དྲ་བ་མངོན་རྫོགས་པ། །སྙིང་པོ་ཉེ་བ་འགྲོ་བའི་ལམ། །གསང་བ་ངེས་པའི་བཀའ་རྒྱུད་ཕྱུང་། །སྟོབས་ཆེན་ལྷུན་གྲུབ་ཟིལ་གྱིས་གནོན། །ཆོས་སྐུ་ལྷུག་པར་རང་གསལ་བ། །ཡང་དག་དགོངས་པ་གཉིས་མེད་གྲོལ། །འདྲེལ་པ་བཞི་ཡི་དོན་ཉིད་རྫོགས། །ཆོས་དང་ཆོས་ཅན་ཆོས་ཉིད་གཅིག །རྣམ་ཤེས་གཟུང་འཛིན་རང་སྣང་ཤུགས། །ལྟ་སྤྱོད་མན་ངག་ཐབས་ཅིག་དང་། །འཁོར་འདས་སྣང་སྲིད་དོན་དམ་གཅིག །བདེ་དང་སྡུག་བསྔལ་རྒྱུ་འབྲས་འདས། །རང་བཞིན་བདག་ཉིད་ཆེན་པོར་རྫོགས། །སོ་མ་ལྷུག་པར་རྫོགས་སངས་རྒྱས། །མ་སྐྱེས་སྐྱེ་མེད་གནས་ལས་འདས། །སྐྱེ་འཇིག་འགག་པ་སྟོང་བདག་མེད། །བདེ་བའི་ཡེ་ཤེས་རོ་གཅིག་མཉམ། །ཨེ་མ་མི་འགྱུར་སྟོབས་ལྡན་གདེང་། །བགྲོད་ཐབས་ཤཱི་ལ་ལྡན་པས་ལོང་། །སེང་གེའི་རྒྱལ་པོ་བཀུར་བར་བྱ། །ནོར་བུའི་ཕྲེང་བ་བར་མི་གཅད། །གནས་དང་གྲོགས་པོ་ཡིད་འོང་བསྟེན། །དགོན་པའི་གནས་སུ་མི་གཡེལ་བྱ། །གསང་སྔགས་ནུས་པ་འབྱུང་བར་བཤད། །ཚ་གསུམ་རུས་དང་མྱོས་པ་ཡང་། །དྲོད་དང་དབང་པོ་རང་ཉམས་བརྟགས། །ཨེ་མ་བཀའ་རྒྱུད་རོལ་པ་འདི། །ལག་ན་རྡོ་རྗེ་ཁྲོ་བོའི་རྒྱལ། །སྣ་ཚོགས་གཞན་དང་མཁའ་འགྲོའི་ཚོགས། །གཤིན་རྗེ་གཤེད་ཀྱི་དགེ་འདུན་ཀུན། །སྙིང་པོ་དོན་གྱི་བཀའ་རྒྱུད་གཏད། །འདི་ལ་འཇིག་རྟེན་དངོས་གྲུབ་མཆོག །མ་ལུས་འདུས་པའི་སྟོབས་དཔག་མེད། །འདི་ལ་ཡུན་གྱི་དོན་ལྡན་པས། །ཆེ་བས་ཆེ་བའི་ཡོན་ཏན་རྫོགས། །སྙིང་པོ་འདི་ལས་གཞན་མེད་པས། །སྙིང་པོ་དོན་གྱི་རྒྱུད་དུ་བཤད། །ཅེས་གསུངས་སོ། །དེ་ནས་འཁོར་མང་པོ་དགའ་མགུ་ཡིད་རང་སྟེ། བཅོམ་ལྡན་འདས་ལ་མངོན་པར་བསྟོད་པ།
ཨེ་མ་སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །བདེ་ཆེན་ངང་ལས་ཐབས་ཀྱི་བྱེ་བྲག་འཆར། །གཉིས་མེད་འབྲས་བུས་ཁམས་གསུམ་རྒྱས་བཏབ་ནས། །མི་འགྱུར་ལྷུན་གྱིས་གྲུབ་པའི་སྐུ་ལ་འདུད། །ཨེ་མ་མི་རྟོག་དབྱིངས་ལས་རྫོགས་པའི་སྐུ། །ཕྱག་རྒྱ་ཟིལ་གནོན་དྲེགས་པ་འཇོམས་པའི་སྐུ། །དབང་སྡུད་གཏུམ་རྔམ་ཆེན་པོའི་སྐུ་ལ་འདུད། །སྐྱེ་མེད་དབྱིངས་ལས་ཐུགས་རྗེས་དོན་མཛད་པ། །དུག་གསུམ་ནད་སེལ་སྨན་གྱི་རྒྱལ་པོ་སྟེ། །བདུད་རྩིའི་རྒྱལ་པོ་ཁྱེད་ལ་ཕྱག་འཚལ་འདུད། །ཅེས་བསྟོད་དོ། །འཕགས་པ་འཇམ་དཔལ་གཤིན་རྗེའི་རྒྱལ་པོ་ཟླ་གསང་ནག་པོ་སྡིག་པ་སྟོབས་ཆེན་གྱི་གསང་བའི་རྒྱུད་ལས། རྒྱུད་གཏད་ཅིང་རྗེས་སུ་ཡི་རང་བའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། །།འཕགས་པ་འཇམ་དཔལ་གཤིན་རྗེ་ཟླ་གསང་ནག་པོའི་རྒྱུད་མཆོག་ཏུ་གསང་བ་སྡིག་པ་སྟོབས་ཆེན་ཞེས་བྱ་བ་ལྷའི་ཡུལ་དུ་གྲགས་པ་རྫོགས་སོ།། །།སྔགས་དང་། མཚོན་ཆ་དང་། བཀའི་བདག་པོ་གསུམ་གྱིས་རྒྱས་བཏབ་པོ། །རྒྱ་རྒྱ་རྒྱ། རབ་ཏུ་གསང་བའི་རྒྱུད་འབྲས་བུ་རྫོགས་པ་ཞེས་བྱ་བ། སིངྒ་ལའི་ལྷོ་ཕྱོགས་གྱད་ཀྱི་ཡུལ་དུ་དབང་བསྐུར་བའི་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས། ཨུ་རྒྱན་དཔལ་རང་བྱུང་གི་མཆོད་རྟེན་དྷརྨཱ་ཙཀྲ་ཆོས་ཀྱི་འབྱུང་གནས་ནས། མཁའ་འགྲོ་མ་ལ་ཞུས་པ་རིམ་པར་བརྒྱུད་པ། བལ་ཡུལ་གྱི་སློབ་དཔོན་བ་སུ་དྷ་ར་དང་། བན་ཆུང་རྡོ་རྗེ་ཁྲི་གཙུག་གིས་བསྒྱུར་བ་རྫོགས་སོ།། །།

གཤིན་རྗེ་ནག་པོ་གསང་བ་དེ་ཁོ་ན་ཉིད་ཀྱི་རྒྱུད་ཁ་ཐུན་ཞེས་བྱ་བ།རྙིང་རྒྱུད།


DNG017_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཡ་མ་ཀྲྀཥྞ་གུ་ཧྱ་ཏ་ཏྭ་ཁ་ཐུན་ཏན་ཏྲ་ནཱ་མ།བོད་སྐད་དུ། གཤིན་རྗེ་ནག་པོ་གསང་བ་དེ་ཁོ་ན་ཉིད་ཀྱི་རྒྱུད་ཁ་ཐུན་ཞེས་བྱ་བ། བཅོམ་ལྡན་འདས་འཇམ་དཔལ་གཤེད་པོ་ཡབ་ཡུམ་ལ་ཕྱག་འཚལ་ལོ། །འདི་སྐད་བཤད་པའི་དུས་གཅིག་ན། བཅོམ་ལྡན་འདས་འཇམ་དཔལ་ཡ་མཱནྟ་ཀ་ཉིད་ཆོས་སྐུའི་ངང་ལས་གཟུགས་སྐུ་ཞལ་གསུམ་ཕྱག་དྲུག་པར་བཞེངས་ཏེ། ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པའི་


DNG017_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

གཞལ་ཡས་ཁང་ཕྱི་ནང་ཡོངས་རྫོགས་གསལ་བའི་ཕོ་བྲང་ཡེ་ཤེས་ལས་གྲུབ་པའི་འོག་མིན་གྱི་གནས་ན། ཡུམ་བེ་ཏཱ་ལི་དང་གཉིས་སུ་མེད་པར་བཞུགས་སོ། །དེའི་དུས་དེའི་ཚེ་ན་འདུས་པའི་འཁོར་ཡང་ཡེ་ཤེས་དང་ལས་ལས་གྲུབ་པ་དང་ཐབས་ཅིག་པ་ལས། དྲེགས་པ་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེའི་ངང་ལས་བཅོམ་ལྡན་འདས་ཀྱི་སྐུ་གསུང་ཐུགས་ལས་རྡོ་རྗེའི་ཚིག་འདི་གསུངས་སོ། །ཀྱེ་མ་ཧོ། འཁོར་འདས་ཐམས་ཅད་འཁོར་ལོའི་ངང་། །འཁོར་ལོ་ཐམས་ཅད་འཇམ་དཔལ་དོན། །དེ་ཉིད་རིག་པ་བྱང་ཆུབ་སེམས། །བདེ་བ་ཆེན་པོར་སངས་རྒྱས་སོ། །ཨོཾ་ཨ་ཧོ། ཞེས་བཀའ་སྩལ་ཏོ། །འཇམ་དཔལ་ཁ་ཐུན་གྱི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་འཇམ་དཔལ་ཆེན་པོ་དེས། སྲིད་པའི་གདུག་པ་འདུལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེའི་དུས་དེའི་ཚེ་ན་གསོད་བྱེད་ཡ་མ་རཱ་ཛ་ཞེས་བྱ་བ། རི་རབ་ཀྱི་འོག་ཆུའི་དཀྱིལ་འཁོར་གྱི་སྟེང་ན་གནས་པ་ལ་སོགས་པའི་བདུད་དང་། གཤིན་རྗེ་དང་། སྲིན་པོ་དང་། མ་མོ་ཁྲག་འཐུང་དང་། ལྷ་མ་སྲིན་རྣམས་ཤིན་ཏུ་གདུག་པ་ཆེ་བར་གྱུར་ཏོ། །དེ་རྣམས་ཀྱིས་སྲིད་པ་གསུམ་གྱི་སེམས་ཅན་ཐམས་ཅད་ཟ་ཞིང་གསོད་པ་དང་རྔམ་པར་གྱུར་པ་ལས། བཅོམ་ལྡན་འདས་ཡ་མཱནྟ་ཀས། ཡུམ་བེ་ཏཱ་ལི་དང་གཉིས་སུ་མེད་པར་སྦྱོར་བ་མཛད་དེ། སྲས་ཡ་མ་རཱ་ཛ་སྤྲུལ་ནས་གསོད་བྱེད་ཡ་མ་རཱ་ཛའི་ལྕགས་མཁར་བཅུ་བདུན་གཟེར་བ་ལས། དེ་རྣམས་ཤིན་ཏུ་དངངས་ཏེ་སྲོག་དང་བྲལ་བ་སྙམ་དུ་གྱུར་ནས། འཇིགས་པའི་སེམས་ཀྱིས་བསྟོད་པ་ནི། གཏུམ་ཆེན་དྲེགས་པ་ཆེན་པོ་ཐམས་ཅད་འཇོམས་པའི་ལྷ། །དབང་བྱེད་བདུད་འདུལ་དུར་ཁྲོད་ཆས་ཀྱིས་བརྒྱན། །ཁྲོ་རྔམ་གདུག་པས་སྲིད་གསུམ་ཐལ་བར་རློག །སྒྲོལ་བྱེད་སྐུ་མཆོག་མ་མོ་འབངས་སུ་འཁོར། །གཏུམ་ཆེན་རབ་འབར་གཤིན་རྗེ་འཇོམས་མཛད་ལྷ། །འཇིགས་བྱེད་ཡ་མ་རཱ་ཛའི་སྐུ་ལ་ཕྱག་འཚལ་བསྟོད། །ཅེས་སྨྲས་ཏེ། སྔགས་རྣམས་སོར་བཞག་ཡ་མ་རཱ་ཛ་དུ་མན་ཏ་ཀ་ར་ན་པྲེ་ཏ་ཛ་ཡ་ཨ་མུ་ཀཾ་སྙིང་ལ་གུམ་


DNG017_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

རྦད་ཛ། ནི་ཛ་ཤག་པ་བམ་རིལ་སྙིང་གོང་མ་ར་ན་ནག་པོ་ཡ་མ་སྲོག་ལ་ཕྲ་སུག་བམ་རིལ་རྦད། མ་ར་ནི་རྦད་རྦད། བདག་གི་སྨོད་པ་རིག་པར་བཅས། །དཔའ་བོས་བཞེས་སུ་འབངས་སུ་མཆི། །ཞེས་དབུས་ཀྱི་གསོད་བྱེད་ཆེན་པོས་སྨྲས་སོ། །དེ་ནས་སྲས་མཆོག་ཡ་མ་རཱ་ཛས་བཀའ་སྩལ་པ། ང་ལ་བསྟོད་པ་ཕུལ་བ་ཡིས། །ཕན་པར་འགྱུར་བ་མ་ཡིན་གྱིས། །ང་ཡི་ལྷ་ལ་བསྟོད་པ་དང་། །འཁོར་བཅས་ཁྱེད་ཀྱིས་སྲོག་སྙིང་ཕུལ། །ཞེས་གསུངས་སོ། །དེའི་དུས་སུ་ལྷ་གང་ཡིན་སྙམ་སྟེ། ནམ་མཁའི་དབུས་ན་ཡར་བལྟས་པ་ལས། སྲིད་པ་གསུམ་གྱི་རྩེ་མོ་ན་གཟི་མདངས་དང་ལྡན་པའི་ལྷ་ཡ་མཱནྟ་ཀ་མཐོང་སྟེ། ཤིན་ཏུ་དྲེད་པའི་དབང་གིས་བསྟོད་པ་ནི། ཉི་མ་འབུམ་པས་ལྷག་པའི་འོད་སྟོང་ཕྱོགས་བཅུར་འགྱུ། །གདུག་བྱེད་མཚོན་ཆ་མང་པོས་བསྐལ་པའི་མེ་ལྟར་འབར། །རབ་བརྗིད་གཤིན་རྗེ་འཇོམས་ལ་ཕྱག་འཚལ་ལོ། །ཞེས་སྨྲས་ཏེ། དབུས་ཀྱི་ཡི་དྭགས་དང་གཤིན་རྗེ་རྣམས་ཀྱིས་རང་གི་སྙིང་པོ་ཕུལ་བ་ནི། ཡ་མ་རཱ་ཛ་ས་དོ་མེ་ཡ།ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཡ་ད་ཡོ་ནི་ར་ཡ་ཀྵེ་ཡ། ཡ་ཀྵེ་ཡ་ཙྪ་ནི་རཱ་མ་ཡ་ཧཱུཾ་ཕཊ། ཅེས་ཕུལ་ལོ། །དེ་ནས་ཤ་ཟན་དམར་པོ་ཡབ་ཡུམ་གྱིས་སྨྲས་པ། ཨོཾ་རྣལ་མ་རྣལ་ཏེ་གསོད་ལ་རྔམ་གཤོས་ལ་མེར་སྲིས་ལ་སྡྱ ་ཐུམ་བིས་ཐུམ། ལྕགས་ཀྱི་སྐྲ་གཅིག་མས་དགྲ་བོའི་སྙིང་ཕྱུང་ཞིག །དེའི་ཚེ་མ་མོ་དང་ཁྲག་འཐུང་རྣམས་ཀྱིས་རང་གི་དམོད་པ་ཕུལ་ཏེ་སྨྲས་པ། མ་མ་ཨེ་ཀ་ཛ་ཏི་ཛ་ཛ། ཏྲག་རག་ཤ་མུ་ཏ་སྙིང་ལ་མ་བྷྱོ་བྷྱོ། ཨེ་ཀ་ཛ་ཏི་མི་ཙ་རོ་ལ་བཾ་རིལ་རྦད་ཏྲག་རག་ཤ་ཐུཾ་རིལ་རྦད། རཀྨོ་ཏེ་ཀུམ་ཛ་ཛ་ཁ་ལ་མ་ལི་བྷྱོ་བྷྱོ། རེ་མ་ཏི་སྙིང་ལ་བཾ་རིལ་རྦད། ཐུན་མུགས་སྙིང་ལ་རྡུབས་རྦད། ཡ་ཡ་མོན་ཙིན་དྷ་ན་མ་ལ་བྷྱོ་ཛ་ཛ། སྙིང་ཁ་རག་སྲོག་ལ་བྷྱོ་བྷྱོ་མ་མ་ཙིཏྟ་རྦད་ཐུཾ། སྙིང་ལ་ཚལ་པ་མེད་བཾ་རིལ་རྦད། །ཅེས་སྨྲས་སོ། །དེའི་དུས་སུ་གཟའ་རཱ་ཧུ་ལས་སྨྲས་པ། རཱ་ཧུ་ཚལ་པ་མུ་མེ་པ་ཤ་མི་ཀི་ཁ་ཏ་ཧཱུཾ་ནན་ལམ་སྟཾ་བྷ་ཡ་ནན། ཞེས་སྨྲས་སོ། །


DNG017_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཡང་ཁྲམ་བདག་བཅུ་གཉིས་དང་ལྷ་མ་སྲིན་སྡེ་བརྒྱད་ཀྱིས་སྨྲས་པ། ཨོཾ་ཡ་མ་རཱ་ཛ་ས་དོ་མེ་ཡ་བྷྱོ། རུ་ལུ་རུ་ལུ་བཾ་རིལ་རྦད་ནན། ཨོཾ་དུག་ནུར་དུག་ནུར་ཆེ་གེ་མོ་ཚལ་པ་ནན་ཚལ་པ་ནན། ཨོཾ་སྙིང་གཤོགས་མེ་ཁ་ལོ་མུ་ལོ་ཙ་ཐུན་ནན། ཨོཾ་ས་ཏི་རུ་རུ་གྲང་ཀྲར་ཙ་ནན། ཨ་མུ་ཀཾ་མཱ་ར་ཡ་ནན། ཨོཾ་ཨ་ཀྲོ་དྷི་ཀ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཀཱ་ལ་རཱུ་པ་ཀྵ་ཡ་ནན་ས་དུ་བཾ་རྦད་རུ་ལུ་ཧཱུཾ་ཛ། རུ་ལ་ཙ་པ་ཡ་ནི་ཏི་ཤ་རུ་ནི་ནན། ཨ་མུ་ཀཾ་མཱ་ར་ཡ་ནན། ནི་མཱ་ར་ཡ། ནི་མ་ར་དུ། ཡ་མ་སྙིང་ཡ་མ་ཁྲག་ཚལ་པ་བཾ་རིལ། དཾ་དུཾ་མུ་ཧཱུཾ་ཕཊ།བཛྲ་ཙི་དུཾ་ལིང་རྦད། མུ་ཡ་མ་མུ་ཡ་མ་སྙིང་ཁྲག་ཚིལ་རྦད། ཡ་མ་རཱ་ཛ་ཤ་ཏྲུཾ་མུ་ཚིལ་ཧི་གུག །ལིང་དུ་ལ་ལིང་རྦད་ལིང་། ཨ་མུ་ཀཾ་ཆོམ་ལིང་སྭཱ་ཧཱ། བདག་ཅག་བསྟན་པ་བསྲུང་བར་བགྱི། །ཞེས་སྨྲས་སོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་དམ་ཚིག་སྙིང་པོ་བསྒྲག་པ་ནི། ཨོཾ་ཧྲཱྀཿཤྟྲཱིཿབི་ཀྲྀ་ཏ་ན་ན་ས་མ་ཡ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་བཀའ་སྩལ་ཏོ། །དམ་ཆུ་བླུད་ནས་མནའ་བསྒགས་ཏེ། བསྟན་པ་བསྲུང་བར་དམ་བཅས་ཏེ་ཟས་སྐལ་དུ་བསྟན་པ་བཤིག་པའི་དགྲ་བོའི་སྲོག་དབུགས་བྱིན་ཏེ། གཏོར་མ་དང་དམ་རྫས་ཕོག་ནས་བཀའ་ལས་མི་འདའ་བར་བཀའ་བསྒོས་པ་ནི། ཨོཾ་ཡ་མཱན་ཏ་ག་ཧྲཱྀཿཤྟྲཱིཿམཉྫུ་ཤྲཱི་ས་མ་ཡ་ཨུ་ནེ་ཨུ་ཡེ་ཛ།ཞེས་བཀའ་སྩལ་ཏོ། །མ་མོ་ཁྲག་འཐུང་ཐམས་ཅད་ཀྱི་སྙིང་པོའི་མགོ་ཡོན་ཏན་གྱི་སྔགས་ཀྱིས་གནན་པ་དང་གཤིན་རྗེའི་མགོ་གནན་པ་འབྲུ་བཞི་པ་བཀའ་སྩལ་པ། ཨོཾ་ས་མ་ཡ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཡ་མ་རཱ་ཛ། ཞེས་བཀའ་སྩལ་ཏོ། །ཡ་མཱནྟ་ཀ་ཞེས་པ་ནི། གཤིན་རྗེའི་མགོ་གནན་པར་བཀའ་སྩལ་ཏོ། །དེ་ལྟར་ཐམས་ཅད་བཏུལ་ཏེ་བསྟན་པ་བསྲུང་བར་དམ་བཅས་ནས་འཇིག་རྟེན་པ་བདེ་བ་ལ་བཀོད་ནས་སངས་རྒྱས་ཀྱི་ཞིང་དུ་གྱུར་ཏོ། །འཇམ་དཔལ་ཁ་ཐུན་གྱི་རྒྱུད་ལས། དྲེགས་པ་བཏུལ་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་དགེས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་ཐུགས་ལས་སྤྲུལ་པའི་


DNG017_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

སྲས་ཡ་མ་རཱ་ཛས་གསོལ་པ། ཨེ་མ་ཧོ། སེམས་ཅན་ཀུན་ལ་གནོད་བྱེད་པ། །བཏུལ་ནས་དམ་ཚིག་བཀོད་པ་ནི། །ཀྱེ་མ་ཤིན་ཏུ་ངོ་མཚར་ཏོ། །དེ་ལས་རྗེས་སུ་བསྒྲུབ་པ་ནི། །གསང་སྔགས་ཇི་ལྟའི་རིམ་པ་དང་། །དེ་དག་བཏུལ་བའི་རིམ་པ་རྣམས། །ལས་ལ་བཀོལ་ན་ཇི་ལྟར་བཀོལ། །ལས་ཀྱི་ཁ་ཚར་ཇི་ལྟར་གདགས། །བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀྱེ་མ་ཉོན་ཅིག་འདུས་པའི་འཁོར། །བཅོམ་ལྡན་འཇམ་དཔལ་བསྒྲུབ་འདོད་པའི། །རྣལ་འབྱོར་དམ་ཚིག་ལྡན་པ་ཡིས། །དབེན་པ་ཆེན་པོའི་གནས་ཉིད་དུ། །ཕྲིན་ལས་བཞི་ཡི་དཀྱིལ་འཁོར་ལ། །ལྷ་ཡི་ཕྱག་མཚན་བེ་ཅོན་དགོད། །བུ་དོན་དོན་དུ་གཉེར་ནས་གྲུབ། །དང་པོ་བླ་མ་མཉེས་པར་བྱ། །དེ་ནས་ཕྱི་ནང་གསང་བའི་དབང་ཐོབ་ནས། །དམ་ཚིག་དག་དང་ཡང་དག་ལྡན། །བདག་ཉིད་ཡབ་ཡུམ་བསྐྱེད་བྱས་ལ། །སྤྱན་དྲང་མཆོད་ནས་དངོས་གྲུབ་བླང་། །ཡིད་བཞིན་ལྟ་བུའི་བསྙེན་པ་གྲངས། །ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུཾ་ཕཊ། འབུམ་ཕྲག་བཅུ་རུ་བཟླས་བྱས་ན། །དཔའ་བོ་འཇིག་རྟེན་གསུམ་ལས་རྒྱལ། །ཞེས་གསུངས་སོ། །འཇམ་དཔལ་ཁ་ཐུན་གྱི་རྒྱུད་ལས། བསྙེན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །དུར་ཁྲོད་དག་གི་གནས་འདུག་ལ། །བདག་ཉིད་ཡབ་ཡུམ་འཕྲོ་འདུ་ལས། །མདུན་དུ་སྲས་མཆོག་བསྐྱེད་པར་བྱ། །ཁ་ནི་ལྷོར་བལྟས་འབྲུབ་ཁུང་དུ། །ལིངྒ་བཅུག་ལ་ཐུན་གྱིས་བྲབ། །རྒྱུན་དུ་ཡོན་ཏན་སྙིང་པོ་གྲངས། །ཨོཾ་ས་མ་ཡ་མཉྫུ་ཤྲཱི་མུ་ཏྲ་ཡ་མཱན་ཏ་ཀ་པཉྩ་དྷི་རོ་ནི་ཧཱུཾ་ཕཊ། དེ་ནས་སྔར་གྱི་ཡོན་ཏན་ལ། །མ་མོ་ཁྲག་ཐུན་འབོད་རྦད་གསད། །དྲིལ་བའི་སྔགས་ཀྱིས་བསྒྲུབ་པར་བྱ། །གསོད་བྱེད་གཏོར་མ་རྒྱུན་དུ་གཏང་། །ཞེས་གསུངས་སོ། །འཇམ་དཔལ་ཁ་ཐུན་གྱི་རྒྱུད་ལས། སྒྲུབ་པའི་ལེའུ་སྟེ་བཞི་པའོ།། །།


DNG017_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་གཞན་ཡང་བཤད་བྱ་བ། །ལས་ལ་སྦྱར་བར་འདོད་པ་ན། །ཐུན་དང་འཁོར་ལོ་གང་རུང་བྱ། །གཟའ་སྐར་ངན་པ་དག་ལ་གཏད། །ཟླ་བ་མར་ངོ་དག་ལ་བྱ། །རོ་ཚས་རས་ལ་མི་ཁྲག་དང་། །སྦྱར་རྩི་ལྡུམ་བུས་སྣག་ཚ་བྱ། །སྐད་སྣ་བཞི་ཡིས་གསོད་བྱེད་བསྡིམ། །བྱ་རོག་འུག་པའི་སྒྲོ་རྩ་ཡིས། །བཅུ་གཉིས་རྩིབས་ཆེན་བྲི་བར་བྱ། །འཁོར་ལོའི་ལས་སྔགས་འདི་བཏགས་བསྐོར། །ཨ་མུ་ཀཾ་པྲ་མ་ཡ་ཧཱུཾ་ཕཊ། ཨ་མུ་ཀཾ་རཀྟ་ཙ་ར་ཡ་ཧཱུཾ་ཕཊ། ཨ་མུ་ཀཾ་མུར་ཙ་ཡ་ཧཱུཾ་ཕཊ། ཨ་མུ་ཀཾ་མཱ་ར་ཡ་ཧཱུཾ་ཕཊ། ཕྱི་ནང་གསང་བའི་རིམ་པས་བཟླས། །དམར་ཐག་ཆད་ནས་རྒྱུན་གཏོར་གཏང་། །ཁྲི་ལས་མི་མང་མི་ཉུང་བྱའོ། །ཡང་ན་དེ་བས་ཐུན་ལ་བྱའོ། །ཐོད་པ་ནག་པོ་ཡིན་ངེས་ལ། །འགྲམ་པ་གཡས་གཡོན་ལྟག་པ་དང་། །མཚོགས་མ་བཞི་རུ་སྔགས་བྲིས་ལ། །དམར་ཐག་དྲིལ་བའི་ཐུན་གྱིས་བྲབ། །མཚན་མོ་གསོད་བྱེད་དྲག་སྔགས་བསྣུན། །བདག་ཉིད་སྐུ་ནི་རྒྱན་གཅིག་བསྐྱེད། །ཡ་མ་རཱ་ཛ་བརྒྱ་རྩ་གདོན། །ཁྲམ་བདག་བསྐུལ་ཞིང་གཤེད་བདུན་རྦད། །ཡ་མཱ་ར་ཛ་བསྐུལ་བྱས་ལ། །སེང་ལྡེང་ཕུར་པ་སྙིང་ལ་གདབ། །ཨོཾ་ཡ་མཱནྟ་ཀ་ཀྵཾ་ཨཱརྱ་ཨ་ཙ་ལ་ཀྵཾ། ཨོཾ་མ་དུག་ཙ་ཙ་ཚལ་པ་ཚལ་པ་རྦད་རྦད། མ་དུག་ཀ་ཡ་མ་ཀྵཾ། ཨ་མུ་ཀ་སྲོག་རྩ་ལ་མུགས་ཏིག་རྦད། རྩ་རྩ་ར་ཙ་རྦད། མ་མོ་ཁྲག་ལ་དོན་ཏཾང་མུགས། སྲིན་པོའི་རུས་ལ་ཆོམ་ཆོམ་ཚལ། གཤིན་རྗེའི་ཁྲམ་ལ་ལྷན་ལྷན་ཐོབ། དགྲ་བོ་ཁྲམ་ལ་ཁྲམ་རི་ལི་ལི་ནི་ཛ་རྦད། རྙེ་ཀྲེ་དྷ་དེ་ན་བླ་ངེ་བྷ་བ་ཏ་ཆེ་གེ་མོ་མཱ་ར་ཡ་རྦད། ཅེས་པས་ཕུར་པ་གདབ་པར་བྱ། །དེ་ནས་དེ་ཉིད་ཡུམ་བསྐུལ་ལ། །མ་མོ་ཁྲག་འཐུང་སྙིང་པོ་དང་། །ཁྲག་ཐུན་འདི་ཡིས་དབབ་པར་བྱ། །མགོ་འཕྱང་མ་ཛ་ཛ། དུན་མུག་བླ་རྩ་ལ་ཛ་ཛ། རྩ་བོ་ཆེ་ལ་དུན་དུན་མུགས། ནང་ཁྲོལ་སྨད་ལྔ་ལ་རྩ་ལ་བཾ། དུན་བཾ་དུན་རི་ལི་ལི་རྦད།ཁྲག་དང་དུག་གཉིས་བསྲེས་ལ་བརྡེག །དེ་ནས་གསོད་བྱེད་བསྐུལ་བྱས་ལ། །དྲག་སྔགས་བདག་གིས་སྔར་ལྟར་བརྡེག །དེ་ཡི་


DNG017_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་དང་མ་ཚོགས་བསྐུལ། །ཁྲག་ཐུན་དག་ནི་བརྡེག་པར་བྱ། །དགྲ་བོ་ཁྲག་ཐུན་མུགས། ཨོཾ་མུ་ཡ་མུག་ཏི་རྡུབས་ཆེ་གེ་མོ་ལ་ཆོ་ཆོ། བལ་ཧུ་བལ་ཧུ་སྤུ་སྙིང་གོང་རྩ་ཐུན་ནན། བལ་ཐུན་ནན། ཆེ་གེ་མོ་ནན། ཁྲག་ཐུན་ལོང་ཁྲག །ཨ་མུ་ཀཾ་ཁོང་ཁྲག་ལ་ཡ། ནད་རྣམས་སོ་སོར་བཏང་བ་དང་། །བནྡི་ལ་སོགས་གསད་པ་ནི། །མན་ངག་དམ་པས་བྱ་བ་ཡིན། །ཐུན་དྲུག་དྲིལ་བའི་མན་ངག་ལ། །མདའ་ཡིས་གཟིར་བར་བྱ་བ་སྟེ། །འུག་པ་མ་ཡི་མདའ་ཟོར་ནི། །ཟླ་བ་ཟད་ཁར་འཕང་ཞིང་བསྐུལ། །དུག་གིས་མྱོས་བྱེད་རཀྟས་འཇིག །ཉུང་དཀར་མཚོན་ལ་ཁྲམ་ཤིང་བྲབ། །དང་ལ་ཕུར་པ་གདབ་པར་བྱ། །སྔགས་པ་ནང་འགྲས་རྟག་འགྲོགས་ན། །རོ་ལངས་རཀྴ་ནག་པོ་བྱ། །ཡང་ན་ཐུགས་ཀྱི་སྲུང་བཟློག་བྱ། །ལས་རྣམས་གྲུབ་ནས་དུར་ཁྲོད་དུ། །དྲང་སྲོང་སྔགས་དང་དམོད་པས་གནན། །གཏོར་མ་གཏང་ལ་ཕྲིན་ལས་གཞོལ། །ཞེས་གསུངས་སོ། །འཇམ་དཔལ་ཁ་ཐུན་གྱི་རྒྱུད་ལས། ཁྱད་པར་ལས་ལ་བཀོལ་ཏེ་གསད་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ལས་ཀྱི་ཁ་ཚར་རིམ་པ་ནི། །རྣལ་འབྱོར་བཀྲ་ཤིས་འདོད་པ་ནི། །ཚེ་ཡི་མནྟྲ་འདི་ལྟར་བྱ། །ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཀཱ་ལ་རཱུ་པ་ཨཱ་ཡུཿཕལ་སིདྡྷི་བྷྲཱུཾ་ཛ། ཞེས་པས་ཚེ་ཡི་བསྒྲུབ་པ་བྱ། །ཚེ་ཡི་དངོས་གྲུབ་ཆེན་པོ་ཐོབ། །གཞན་ཡང་སེར་བ་དབབ་འདོད་ན། །དུད་དཀར་པྲོཾ་བྷུ་ཏི་པྲོཾ། ཡུག་ཏི་སྨིན་ཏྲག་དུ་ཙར་ཤར་ཤ་ལྟ་ཧྲིལ་ཕོབ། ཉུང་དཀར་དག་ལ་སྔགས་ཏེ་འཕང་། །གཞན་ཡང་སེར་བ་བཅད་པ་ནི། །ཨོཾ་ཀཱ་ལ་རཱུ་པ་ཙ་ཡ་བི་དོང་ས་ཤོ་ཤ་ཡ་མོ་ཧ་ཡ་སྟྭཾ་བྷ་ཡ་ཧཱུཾ་ཕཊ། ཏི་ཤུཾ་ཤུ་མ་ལི་ཏི་དི་བི་རི་ཧི་ཧ་ཡ་རུ་རུ་ཏི་སྭཱ་ཧཱ། ཕེ་སྐ་ན་ཡ་ཕཊ། སྐྱེ་འགྲམ་ཉུང་དཀར་དག་ལ་བསྔགས། །གང་འོང་ཕྱོགས་སུ་གཏང་བྱས་ན། །འཆད་པར་འགྱུར་ཏེ་ཐེ་ཚོམ་མེད། །སྙིང་དང་འདྲ་སྟེ་ཤིན་ཏུ་ཟབ། །གཞན་ཡང་ལྟས་ངན་འབེབས་འདོད་ན། །ཡ་མ་ནི་ར་ཀྱ་ཀྱེང་ཏྲ་བ་འུར་
ཕོབ། ཅེས་གསུངས་སོ། །འཇམ་དཔལ་ཁ་ཐུན་གྱི་རྒྱུད་ལས། ལས་ཁ་ཚར་གྱི་ལེའུ་སྟེ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་ལ་འཁོར་གྱིས་བསྟོད་པ་ནི། ཨེ་མ་ཧོ། ཡབ་གཅིག་འཇམ་དཔལ་གཤིན་རྗེ་གཤེད། །དབུ་དྲུག་ཕྱག་ཀྱང་བཅུ་གཉིས་ཏེ། །ཞབས་ཀྱང་རྣམ་པ་དྲུག་དུ་བགྲད། །གདུག་པའི་མཚོན་ཆ་སྣ་ཚོགས་བསྣམས། །དུར་ཁྲོད་འབར་བའི་རྒྱན་དང་ལྡན། །མ་མོ་གཤིན་རྗེ་ཀུན་གྱི་བདག །ལྷ་མཆོག་ཉིད་ལ་དད་པས་བསྟོད། །ཅེས་བསྟོད་པར་གྱུར་ཏོ། །འཇམ་དཔལ་ཁ་ཐུན་གྱི་རྒྱུད་ལས། འཁོར་གྱིས་བསྟོད་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨེ་མ་ཧོ་ང་ཡི་རྒྱུད་འདི་ནི། རྒྱུད་ཀྱི་སྙིང་པོ་དེ་ཁོ་ན་ཉིད་ཅེས་བྱ་བ་སྟེ། རྒྱུད་ཐམས་ཅད་ལས་ཁྱད་པར་དུ་གྱུར་པ་ཡིན་པས། ཤིན་ཏུ་གསང་ཞིང་སྦ་བ་ལས། ཀུན་ལ་བསྟན་ན་འཇིག་འགྱུར་ལ། ཞིག་ནས་སེམས་ཅན་དམྱལ་བར་སྐྱེ། འོན་ཏང་ན་སངས་རྒྱས་ཀྱི་བསྟན་པ་ལ་དགྲ་དར་བའི་དུས་སུ། སངས་རྒྱས་ཆེ་བའི་ཡོན་ཏན་དུ་བསྟན་པ་ཡིན་པས་ཤིན་ཏུ་བརྣག་ཅིང་གཟུང་བར་བྱའོ། །ཞེས་གསུངས་སོ། །འཇམ་དཔལ་ཁ་ཐུན་གྱི་རྒྱུད་ལས། རྒྱུད་ཡོངས་སུ་བཟུང་བའི་ལེའུ་སྟེ་བརྒྱད་པའོ།། །།གཤིན་རྗེ་ནག་པོ་གསང་བ་དེ་ཁོ་ན་ཉིད་ཀྱི་རྒྱུད་ཅེས་བྱ་བ་རྫོགས་སོ།། །།རྒྱུད་འདི་འཇམ་དཔལ་གྱིས་འོག་མིན་དུ་གསུངས་ནས། རྒྱལ་པོ་ཛ་ཞེས་བྱ་བ་བསོད་ནམས་བསགས་པ་དེ་ལ་བབས། དེས་བཀྲ་ཤིས་བདེ་ལྡན་གྱི་དགའ་རབ་རྡོ་རྗེ་ལ། དེས་འཇམ་དཔལ་བཤེས་གཉེན་ལ། དེས་གཙུག་ལག་དཔལ་དགེ་ལ། དེས་བ་སུ་དྷ་ར་ལ། དེས་ཡང་དབང་གཏེར་ལ། བཀའ་རེ་རེ་ལས་སྤེལ་དུ་མི་རུང་ངོ་། །རྒྱ་རྒྱ་རྒྱ།། །།

གཤིན་རྗེ་ནག་པོ་ཁ་ཐུན་གསང་བ་དེ་ཁོ་ན་ཉིད་ཕྱི་མའི་རྒྱུད་ཅེས་བྱ་བ།


DNG017_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཡ་མ་ཀྲྀཥྞ་ཁ་ཐུན་གུ་ཧྱ་ཏ་ཏྭོཏྟ་ར་ཏནྟྲ་ནཱ་མ།བོད་སྐད་དུ། གཤིན་རྗེ་ནག་པོ་ཁ་ཐུན་གསང་བ་དེ་ཁོ་ན་ཉིད་ཕྱི་མའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་གཤེད་པོ་ཁྲོས་པ་ཉིད་ལ་ཕྱག་འཚལ་ལོ། །འདི་སྐད་བསྟན་པའི་དུས་གཅིག་ན།


DNG017_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་གཤིན་རྗེའི་གཤེད་པོ་ཉིད་རང་བཞིན་གྱི་གནས་ན་བཞུགས་པ་ལས། ཐུགས་མཆོག་ཡ་མ་རཱ་ཛས་གསོལ་པ། ཀྱེ་ཀྱེ། བཅོམ་ལྡན་འཇམ་དཔལ་ཁྲོས་པ་ཉིད། །ཁྱད་པར་ཐུན་གྱི་ཕྲིན་ལས་མ་ཡིན་པའི། །དྲག་པོའི་འཁོར་ལོ་བསྐོར་བ་གང་། །བདག་ལ་རིམ་པར་བཤད་དུ་གསོལ། །ཞེས་གསོལ་པས། འཇམ་དཔལ་ཁྲོ་བོས་བཀའ་སྩལ་པ། །སྤྱིར་ན་འཇམ་དཔལ་ནག་པོའི་ཡང་། །འཁོར་ལོ་བསྐོར་ཐབས་བསམ་མི་ཁྱབ། །ཕྱི་དང་ནང་དང་གསང་བ་དང་། །དེ་ལ་ཕྱེ་བས་དགུ་རུ་འགྱུར། །དབྱེ་བ་དགུག་པ་བསྐྲད་པ་དང་། །རུ་བཞི་རྡོ་རྗེ་རྒྱ་གྲམ་དང་། །དུག་གསུམ་ཨར་ལ་གཏད་པ་དང་། །བསམ་གྱིས་མི་ཁྱབ་གསུངས་གྱུར་ཏེ། །རྒྱུད་ཆེན་ཟླ་གསང་ལ་སོགས་པའི། །འདོད་པ་ཡིན་ཏེ་འདིར་མ་གསུངས། །དེ་ལྟར་མང་དུ་བསྐོར་གྱུར་ན། །སྔགས་པ་དག་ལ་རྐྱེན་ཡང་འབྱུང་། །རོ་ལངས་བསྐོར་བ་བཤད་གྱུར་ཀྱང་། །བསྐོར་ན་རང་ཉིད་བརླག་པ་ཡིན། །དེ་ཡང་འདིར་མ་སྨོས་པའོ། །གལ་ཏེ་འཁོར་ལོ་བསྐོར་གྱུར་ན། །འདིར་ནི་བསྐོར་ཐབས་རྣམ་པ་དྲུག །ཕྱི་དང་ནང་དང་གསང་བ་ལས། །ཕྱི་ཡི་ཕྱི་ལྟར་བསྐོར་བ་དང་། །ཕྱི་ཡི་གསང་ལྟར་བསྐོར་བ་དང་། །ནང་གི་ཕྱི་དང་ནང་གི་ནི། །གསང་བ་ཕྱི་ཡི་ཕྱི་དང་ཕྱིའི། །གསང་བར་བསྐོར་བ་དག་དང་དྲུག །དེ་དག་ཕྱི་ནི་དགུག་པ་ལ། །དེ་དག་གསང་བ་གསད་པའོ། །དེ་དག་ཕྱི་ནི་གཡོན་སྐོར་ཡིན། །ནང་གི་གཡས་སུ་བསྐོར་བའོ། །དེ་ལྟར་འཁོར་ལོ་བསྐོར་ཐབས་དྲུག །བསྐོར་བར་ཤིས་པ་ཕྱི་ཡི་ཕྱི། །མི་བསྐོར་བ་ནི་རྣམ་པ་ལྔ། །བསྙེན་པ་རྫོགས་པའི་རྣལ་འབྱོར་པའམ། །བསོད་ནམས་ལྡན་པའི་རྒྱལ་པོ་འམ། །དེ་ལྟ་བུ་ཡིས་བསྐོར་བ་ལས། །བསྐོར་ན་རང་ལ་གནོད་པར་འགྱུར། །ཞེས་གསུངས་སོ། །འཇམ་དཔལ་ཁ་ཐུན་ཕྱི་མའི་རྒྱུད་ལས། འཁོར་ལོའི་དབྱེ་བ་སྐྱོན་ཡོན་བསྡུ་ཐབས་བསྟན་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་གཞན་ཡང་བཀའ་སྩལ་པ། །ཕྱི་


DNG017_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་ཕྱི་ལྟར་བསྐོར་བ་ནི། །ཡ་མ་རཱ་ཛ་ས་དོ་མེ་ཡ། ཆེ་གེ་མོ་ཞིག་པྲ་མ་ཡ་ཧཱུཾ་ཕཊ། ཉི་མ་དང་པོའོ། །ཡ་མེ་དོ་རུ་ཎ་ཡོ་ད་ཡ་ཆེ་གེ་མོ་ཞིག་མུར་ཙ་ཡ་ཧཱུཾ་ཕཊ། ཉི་མ་གཉིས་པའོ། །ཡ་ད་ཡོ་ནི་ར་ཡ་ཀྵེ་ཡ་ཆེ་གེ་མོ་ཞིག་རཀྟ་ཙ་ར་ཡ་ཧཱུཾ་ཕཊ། ཉི་མ་གསུམ་པའོ། །ཡ་ཀྵེ་ཡ་ཙྪ་ནི་རཱ་མ་ཡ་ཆེ་གེ་མོ་ཞིག་མཱ་ར་ཡ་ཧཱུཾ་ཕཊ། ཉི་མ་བཞི་པའོ། །དེ་ནས་ཕྱིའི་གསང་བ་ལྟར་བསྐོར་བ་ནི། ཡ་མ་ར་ནིཙྪ་ཡ་ཀྵེ་ཡ་ཆེ་གེ་མོ་པྲ་མ་ཡ་ཧཱུཾ་ཕཊ། ཉི་མ་དང་པོའོ། །ཡ་ཀྵེ་ཡ་ར་ནི་ཡོ་ད་ཡ་ཆེ་གེ་མོ་མུར་ཙ་ཡ་ཧཱུཾ་ཕཊ། ཉི་མ་གཉིས་པའོ། །ཡ་ད་ཡོ་ཎ་རུ་དོ་མེ་ཡ། ཆེ་གེ་མོ་རཀྟ་ཙ་ར་ཡ་ཧཱུཾ་ཕཊ། ཉི་མ་གསུམ་པའོ། །ཡ་མ་དོ་ས་ཛ་རཱ་མཱ་ར་ཡ་ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ། ཉི་མ་བཞི་པའོ། །ཞེས་གསུངས་སོ། །འཇམ་དཔལ་ཁ་ཐུན་ཕྱི་མའི་རྒྱུད་ལས། ཕྱིའི་ཕྱི་དང་ཕྱིའི་གསང་བ་ལྟར་བསྐོར་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་ནང་གི་ཕྱི་ལྟར་བསྐོར་བ་ནི། ཡ་མ་མེ་ད་ཀྵེ། ཆེ་གེ་མོ་པྲ་མ་ཡ་ཧཱུཾ་ཕཊ། ཉི་མ་དང་པོའོ། །རཱ་ཛ་ས་དོ་ཆེ་གེ་མོ་མུར་ཙ་ཡ་ཧཱུཾ་ཕཊ། ཉི་མ་གཉིས་པའོ། །རུ་ཎ་ཡོ་ནི། ཆེ་གེ་མོ་རཀྟ་ཙ་ར་ཡ་ཧཱུཾ་ཕཊ། ཉི་མ་གསུམ་པའོ། །ར་ཡ་ཙྪ་ནི་ཆེ་གེ་མོ་མ་རཱ་ཡ་ཧཱུཾ་ཕཊ། ཉི་མ་བཞི་པའོ། །ནང་གི་གསང་ལྟར་བསྐོར་བ་ནི། ཡ་མ་ཀྵེ་ད་མེ། ཆེ་གེ་མོ་པྲ་མ་ཡ་ཧཱུཾ་ཕཊ། ཉི་མ་དང་པོའོ། །རཱ་ནིཙྪ་ཡ། ཆེ་གེ་མོ་མུར་ཙ་ཡ་ཧཱུཾ་ཕཊ། ཉི་མ་གཉིས་པའོ། །ར་ནི་ཡོ་ཎ། ཆེ་གེ་མོ་རཀྟ་ཙ་ར་ཡ་ཧཱུཾ་ཕཊ། ཉི་མ་གསུམ་པའོ། །རུ་དོ་ས་ཙ། ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ། ཉི་མ་བཞི་པའོ། །ཞེས་གསུངས་སོ། །འཇམ་དཔལ་ཁ་ཐུན་ཕྱི་མའི་རྒྱུད་ལས། ནང་གི་ཕྱི་དང་ནང་གི་གསང་བ་ལྟར་བསྐོར་བའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །གསང་བའི་ཕྱི་ལྟར་བསྐོར་བ་ནི། །ཡ་མ་རཱ་ཛ་ས་དོ་མེ་ཡ། མ་རཱ་ཛ་ས་དོ་མེ་ཡ། རཱ་ཛ་ས་དོ་མེ་ཡ་མ། ཛ་ས་དོ་མེ་ཡ་མ་རཱ། ས་དོ་མེ་ཡ་མ་རཱ་ཛ། དོ་མེ་ཡ་མ་རཱ་ཙ་ས་དོ། ཆེ་གེ་མོ་པྲ་མ་ཡ་ཧཱུཾ་ཕཊ། ཉི་མ་དང་པོའོ། །ཡ་མེ་དོ་རུ་ཎ་ཡོ་ད། མེ་དོ་རུ་ཎ་ཡོ་ད་ཡ། དོ་རུ་ཎ་ཡོ་ད་ཡ་མེ། རུ་ཎ་ཡོ་ད་ཡ་མེ་དོ། ཎ་ཡོ་ད་ཡ་མེ་དོ་རུ། ཡོ་ད་ཡ་མེ་དོ་རུ་ཎ། ད་ཡ་མེ་དོ་རུ་ཎ་


DNG017_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

ཡོ། ཆེ་གེ་མོ་མུར་ཙ་ཡ་ཧཱུཾ་ཕཊ། ཉི་མ་གཉིས་པའོ། །ཡ་ད་ཡོ་ནི་ར་ཡ་ཀྵེ། ད་ཡོ་ནི་ར་ཡ་ཀྵེ་ཡ། ཡོ་ནི་ར་ཡ་ཀྵེ་ཡ་ད། ནི་ར་ཡ་ཀྵེ་ཡ་ད་ཡོ། ར་ཡ་ཀྵེ་ཡ་ད་ཡོ་ནི། ཡ་ཀྵེ་ཡ་ད་ཡོ་ནི་ར། ཀྵེ་ཡ་ད་ཡོ་ནི་རེ་ཡ། ཆེ་གེ་མོ་རཀྟ་ཙ་ར་ཡ་ཧཱུཾ་ཕཊ། ཉི་མ་གསུམ་པའོ། །ཡ་ཀྵེ་ཡ་ཙྪ་ནི་རཱ་མ། ཀྵེ་ཡ་ཙྪ་ནི་རཱ་མ་ཡ། ཡ་ཙྪ་ནི་རཱ་མ་ཡ་ཀྵེ། ཙྪ་ནི་རཱ་མ་ཡ་ཀྵེ་ཡ། ནི་རཱ་མ་ཡ་ཀྵེ་ཡ་ཙྪ། རཱ་མ་ཡ་ཀྵེ་ཡ་ཙྪ་ནི། མ་ཡ་ཀྵེ་ཡ་ཙྪ་ནི་རཱ། ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ། ཉི་མ་བཞི་པའོ། །གསང་བའི་གསང་བ་ལྟར་བསྐོར་བ་ནི། ཀྵེ་ཡ་ཙ་ནི་རཱ་མ་ཡ། ཞེས་པ་ལ་སོགས་སྔ་མ་སྟེ། །གཡས་སུ་བསྐོར་བ་གསང་བའི་གསང་། །གོང་མས་སྦྱར་ལ་ཤེས་པར་བྱ། །ཞེས་གསུངས་སོ། །འཇམ་དཔལ་ཁ་ཐུན་ཕྱི་མའི་རྒྱུད་ལས། འཁོར་ལོ་གསང་བའི་ཕྱི་དང་། གསང་བའི་གསང་བ་ལྟར་བསྐོར་བའི་ལེའུ་སྟེ་བཞི་པའོ།། །།དེ་ནས་གཞན་ཡང་བཀའ་སྩལ་པ། །དེ་ལྟར་འཁོར་ལོ་བསྐོར་བ་ཡང་། །དང་པོ་བསྙེན་པ་རྫོགས་པར་བྱ། །དེ་ནས་མདུན་རོགས་བུད་མེད་བསྟེན། །དེ་ནས་སུམ་ཅུ་རྩ་གཉིས་པ། །དྲིལ་ལམ་ཡང་ན་བཅུ་བདུན་དྲིལ། །དེ་བཟླས་ཉི་ཤུ་དྲུག་དག་ལ། །འཁོར་ལོ་རྩིབས་ནི་བཅུ་གཉིས་པ། །སྦྱར་རྩི་ལྡུམ་བུ་དུག་ཁྲག་གིས། །ཕོ་རོག་སྒྲོ་རྩས་དཔེ་ཆུང་བཞིན། །བྲིས་ལ་བདེན་པ་གྲུབ་པ་ཡི། །སྨོན་ལམ་བཏབ་སྟེ་ཉི་ཤུ་བདུན། །དེ་ཚེ་ཉི་མ་དང་པོར་བསྐོར། །མཚན་མོ་དྲིལ་ལ་ཐུན་གྱིས་བྲབ། །ཉི་ཤུ་བརྒྱད་ལ་གཉིས་པ་བསྐོར། །ཉི་ཤུ་དགུ་ལ་གསུམ་པ་བསྐོར། །གནམ་སྟོང་ཉི་མ་བཞི་པ་བསྐོར། །ཚེས་གཅིག་ཐུན་བྱ་དགོང་ཀ་ནི། །དུར་ཁྲོད་དག་ཏུ་གནན་པ་བྱ། །ལན་གསུམ་བར་དུ་སྤོགས་ཤིང་བྱ། །དེ་ལ་ཟླ་སྟོད་ཡར་ངོ་ལ། །ས་མ་ཡ་དང་སུམ་ཅུ་རྩ་གཉིས་དྲིལ། །ཟླ་སྨད་འཁོར་ལོ་བསྐོར་ལ་གནན། །ཕྱི་ཡི་ཕྱི་ནང་གསང་བ་ཟབ། །ནང་དང་གསང་བ་བསྐོར་བར་དཀའ། །བསྙེན་རྫོགས་གྲུབ་པ་ཐོབ་ནས་བསྐོར། །དེས་ནི་གང་ཡང་བརླག་པར་འགྱུར། །ཞེས་བཀའ་སྩལ་པ་དང་། སྲས་མཆོག་ཡ་མ་རཱ་ཛས་གསོལ་པ།བཅོམ་
ལྡན་འདས་རྒྱུད་འདི་ཇི་ལྟར་བདག་གིས་གཟུང་བར་བགྱི། ཞེས་གསོལ་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱུད་འདི་ནི་གཤིན་རྗེ་ནག་པོ་ཁ་ཐུན་དེ་ཁོ་ན་ཉིད་ཀྱི་རྒྱུད་ཕྱི་མ་ཞེས་བྱ་བར་བཟུང་ཞིང་། སངས་རྒྱས་ཀྱི་བསྟན་པ་བསྲུང་བའི་ཕྱིར་བཅང་ཞིང་སྦ་བར་བྱ། བསྒྲུབ་པར་བྱའོ་ཞེས་གསུངས་སོ། །གཤིན་རྗེ་ནག་པོ་ཁ་ཐུན་དེ་ཁོ་ན་ཉིད་ཀྱི་རྒྱུད་ཕྱི་མ་ལས། སྒྲུབ་པའི་མན་ངག་དང་། རྒྱུད་བཟུང་ཞིང་བཅངས་པའི་ལེའུ་སྟེ་ལྔ་པའོ།། །།གཤིན་རྗེ་ནག་པོ་ཁ་ཐུན་གྱི་རྒྱུད་དེ་ཁོ་ན་ཉིད་ཕྱི་མ་ཞེས་བྱ་བ་རྫོགས་སོ།། །།གུ་རུ་བ་སུ་དྷ་རས་གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་ལ། བྷ་ས་ཡའི་དགོན་པར་གནང་བའོ། །རྒྱ་རྒྱ་རྒྱ། ཊྟྲྀ། བདག་འདྲ་སངས་རྒྱས་ཡེ་ཤེས་ཀྱིས། །གུ་རུ་བ་སུ་དྷ་ར་ལ། །ཞུས་ཏེ་གཏན་ལ་ལེགས་པར་ཕབ། །སུ་ལ་མ་བྱིན་བླ་མའི་བཀའ། །ཡང་དབེན་ལོགས་ལ་སྦས་པ་ཡིན། །ལས་འཕྲོ་ཅན་དང་འཕྲད་ནས་ཀྱང་། །དམ་ལ་གནས་པས་སྤྱོད་པར་ཤོག། །།

དཔལ་ཚེ་བདག་ནག་པོ་དྲག་སྔགས་མངོན་དུ་ཕྱུང་བའི་རྒྱུད་ཀྱི་རྒྱལ་པོ།


DNG017_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཤྲཱི་ཨཱ་ཡུཿཔ་ཏི་ཀཱ་ལ་རུ་དྲ་ཏནྟྲཱ་བྷྱ་བ་ཀྲྀ་ཏ་ཏནྟྲ་རཱ་ཛ། བོད་སྐད་དུ། དཔལ་ཚེ་བདག་ནག་པོ་དྲག་སྔགས་མངོན་དུ་ཕྱུང་བའི་རྒྱུད་ཀྱི་རྒྱལ་པོ། བཅོམ་ལྡན་འདས་དཔལ་ཚེ་བདག་ནག་པོ་ཕྲིན་ལས་ཐམས་ཅད་ཡོངས་སུ་རྫོགས་པ་དེ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་ཆོས་ཐམས་ཅད་ལྷུན་གྱིས་རྫོགས་པའི་སྙིང་པོ་ཅན། རྡོ་རྗེ་འཆང་ཆེན་པོའི་རང་བཞིན་དེ། འོག་མིན་ཆོས་ཀྱི་དབྱིངས་ཀྱི་མཁའ་དབྱིངས་རྣམ་པར་དག་པའི་ཀློང་། སེམས་ཉིད་ཀྱི་གནས། རང་བྱུང་མ་བསྒྲིབས་པར་གསལ་བའི་གཞལ་ཡས་ཁང་ན། འཁོར་དུས་གསུམ་གཅིག་པའི་སངས་རྒྱས་དང་། ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། ཉིད་ཀྱི་ངོ་བོ་ལས་སྤྲུལ་པའི་ལམ་ལ་གནས་པའི་རིག་འཛིན་རྣམས་དང་། སྐུའི་ཚོགས་དང་། ཉེ་བར་གནས་པའི་འཁོར་གཤིན་རྗེའི་གཤེད་ཀྱི་དགེ་འདུན་དུ་མ་དང་། ཁྲག་སྐྱུགས་པ་མ་མོའི་ཚོགས་


DNG017_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཁམས་གསུམ་པ་ལྷའི་ཚོགས་དང་། འཐོམ་པ་བདུད་ཀྱི་ཚོགས་དང་། ཕུང་བྱེད་མངག་པའི་ཚོགས་དང་། མ་སྐྱེས་ལམ་ལ་ལྟ་བའི་ཚོགས་དང་། འབྱེད་པ་མི་མངའ་བའི་ཐུགས་རྗེ་ཆེན་པོས་ཐབས་ཅིག་ཏུ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ལ་འཁོར་རྣམས་འདུན་པར་གྱུར་ནས་གསོལ་བ་བཏབ་བོ། །ལྷུན་གྲུབ་གདལ་བའི་ཕོ་བྲང་ནས། །བདེ་ཆེན་མཉམ་པའི་ངང་ཉིད་ལས། །རྡོ་རྗེ་འཆང་བ་རྫོགས་པའི་སྐུ། །སྤྲུལ་པས་འགྲོ་བའི་དོན་མཛོད་ཅིག །ཅེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་དཀྱིལ་འཁོར་རྣམས་ཡོངས་སུ་འདུན་པར་གཟིགས་ནས། ཆོས་ཉིད་མི་གཡོ་བ་ལས་བཞེངས་ནས།དབང་དུ་བསྡུ་བའི་ཏིང་ངེ་འཛིན་ལ་ཞུགས་སོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་གཡོས་པར་གྱུར་ཏེ། འུར་འུར་རབ་ཏུ་འུར་རོ། །ཆེམ་ཆེར་རབ་ཏུ་ཆེམ་མོ། །འཁོར་ཐམས་ཅད་རབ་ཏུ་བརྒྱལ་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་རྣམས་ལ་གཟིགས་ནས། ཉིད་ཀྱི་རང་བཞིན་འདི་བསྟན་ཏོ། །ཨེ་མ་ཆོས་སྐུ་བྱང་ཆུབ་སེམས་ཀྱི་རང་བཞིན་ལས། །རྒྱུ་རྐྱེན་མེད་པའི་རང་བྱུང་སེམས། །ཐམས་ཅད་འབྱུང་བའི་སྙིང་པོ་ལས། །ཐམས་ཅད་ཐུགས་རྗེའི་ཤུགས་ཀྱིས་སྒྲོལ། །ཞེས་གསུངས་སོ། །དེ་ནས་འཁོར་དེ་རྣམས་རང་གི་རང་བཞིན་མཐོང་ནས།སེམས་ཡོངས་སུ་གྲོལ་བར་གྱུར་ཏེ། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་རྡོ་རྗེ་སྙིང་པོ་ཁྱོད། །སྣང་སྟོང་གཉིས་མེད་ཡེ་ཤེས་སྐུས། །སྣ་ཚོགས་སྦྱོར་བ་རྫོགས་པའི་བདག །ཡིན་པར་བདག་ཅག་ཡོངས་མི་རྟོག །རྒྱུ་རྐྱེན་མེད་པར་འབྱུང་མི་འཚལ། །ཞེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་བརྡར་གསོར་བས། འཇིག་རྟེན་གྱི་ཁམས་རབ་ཏུ་གཡོས་ཏེ། འཁོར་ཐམས་ཅད་སྐྲག་ནས་རང་རང་གི་སྲོག་གི་སྙིང་པོ་མདོངས་གསོལ་དུ་ཕུལ་ལོ། །བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་དེས། སྲོག་གི་སྙིང་པོ་ཐམས་ཅད་སྐྱེ་བ་མེད་པའི་དབྱིངས་ནམ་མཁའ་དྲག་པོའི་འཁོར་དུ་བསྡུས་ཏེ་གཅིག་ཏུ་དྲིལ་ལོ། །ལས་ཐམས་ཅད་སྒྲའི་དང་པོའི་དང་པོ་


DNG017_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བསྡུས་ཏེ་གཅིག་ཏུ་དྲིལ་ལོ། །དེ་ནས་ཉིད་ཀྱི་རང་བཞིན་ལས་མ་གཡོས་པའི་འཁོར་བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུ་དེས། བཅོམ་ལྡན་འདས་ལ་གསོལ་བ་འདི་བཏབ་པོ། །ཀུན་གྱི་རང་བཞིན་ཉིད་ལས་བྱུང་། །སེམས་ཉིད་རྡོ་རྗེ་འཛིན་པ་ཁྱོད། །མི་རྟོག་རང་བཞིན་ཏིང་འཛིན་ལས། །ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དང་། །ཕྱག་རྒྱ་ཆེན་པོ་རྫོགས་པར་མཛོད། །ཅེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བདེ་བར་མཉམ་པའི་ངང་ལས་བཞེངས་ཏེ། སངས་རྒྱས་ཐམས་ཅད་ཀྱིས་བསྐུལ་བར་དགོངས་ནས།ཕྱག་རྒྱ་ཆེན་པོ་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་འདི་གསུངས་སོ། །རང་བཞིན་ཆོས་སྐུ་མཉམ་ཉིད་ལས། །ལྷུན་གྱིས་གྲུབ་པའི་ཕོ་བྲང་བརྟག །ཡེ་ཤེས་ཆེན་པོའི་གཞལ་ཡས་ཁང་། །ཀུན་འབྱུང་མི་གཡོ་བརྟན་པར་གནས། །གྲུ་བཞི་སྒོ་བཞི་རིན་པོ་ཆེ། །རྟ་བབས་ཏྭ་ར་རྒྱན་རྣམས་ལྡན། །ཀླུ་བརྒྱད་ལྷ་བརྒྱད་ཚངས་པའི་ཞིང་། །རུས་སྦལ་གླང་ཆེན་སྟག་གཟིག་འབྲུག །ཞིང་དང་ཞིང་ཆུང་ཐོད་པ་སྦྲུལ། །གནམ་ལྕགས་ཁྲོ་ཆུ་ཆུ་སྲིན་ཐོག །རྒྱུ་མའི་གླིང་བུ་ཀེང་རུས་བརྒྱན། །ཨེ་ཡི་ཕོ་བྲང་ཐོད་མཁར་བཞི། །ལྕགས་མཁར་བཅུ་གཉིས་བཅུ་དྲུག་ལྡན། །ཁྱམས་དང་གྲུ་ཆད་སྒོ་བཞིར་ལྡན། །རང་བཞིན་ལྷུན་གྱིས་གྲུབ་པར་གནས། །དེ་ལ་གནས་པའི་ཕྱག་རྒྱའི་སྐུ། །རྒྱལ་ཆེན་ས་ཡི་ཕོ་བྲང་དུ། །ཀླུ་འབུམ་གཉན་ཁྲི་ས་བདག་སྟོང་། །ལྟོ་འཕྱེ་ཕྱོགས་སྐྱོང་བཞི་དང་བརྒྱད། །མ་ཧེ་བརྒྱད་དང་ཉི་ཟླའི་གདན། །ནག་པོ་དུག་ཆེན་བསྐྱིལ་བའི་སྐུ། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །གཡས་དཀར་གཡོན་དམར་མཐིང་ནག་དབུས། །ཀླུ་གཉན་ས་བདག་ཞིང་ཆུང་སྦྲུལ། །འཁོར་ལོ་རལ་གྲི་རྡོ་རྗེ་གཡས། །བེ་ཅོན་གཏུན་ཤིང་སྡིགས་མཛུབ་གཡོན། །གླང་ཆེན་ཞིང་སྟོད་སྟག་ལྤགས་སྨད། །དབུ་ལ་རིན་ཆེན་གཞལ་ཡས་ནང་། །རིགས་བཞི་ཀླུ་བརྒྱད་ཐོད་པས་མཛེས། །བདུད་སྲིན་མུ་སྟེགས་རྒྱལ་པོ་བཙན། །མགོ་དང་ཙིཏྟ་དོ་ཤལ་བྱས། །རིན་པོ་ཆེ་དང་ནོར་བུས་མཛེས། །སྙན་ཆ་མགུར་


DNG017_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་ཕྱག་ཞབས་སྦྲུལ། །བདུད་མོ་མཐིང་ནག་ཐོད་སྦྲུལ་བརྒྱན། །ཙིཏྟ་བྷན་དྷ་འཁྱུད་དང་སྟོབས། །ཐུགས་ཀར་གསོད་བྱེད་སྨུག་ནག་གཅེར། །རིགས་བཞིའི་རྒྱན་དང་ཐོད་པས་མཛེས། །འཁོར་ལོ་ཙིཏྟ་གཡས་གཡོན་གནས། །ཞིང་དང་སྦྲུལ་དང་ལྷུ་དུམ་འབྲུལ། །ཡ་མའི་ཐུགས་ཀར་བཛྲ་ནི། །ལྗང་ནག་རྡོ་རྗེ་སྙིང་ཕྲེང་བསྣམས། །ཀླུ་བརྒྱའི་གདན་ལ་གཉན་ཁྲི་གསོལ། །རིན་ཆེན་དབུ་རྒྱན་རིགས་བཞིས་མཛེས། །གདུག་པ་འཇོམས་མཛད་དྲེགས་པའི་སྐུ། །དྲེགས་པའི་ཐུགས་ཀར་རུས་སྦལ་གནས། །སྨེ་བ་ཐིག་ལེ་ཁྲག་དང་དུག །མཚོན་ཆའི་སྤུ་ལ་སྡེར་མོ་ལྕགས། །ཙིཏྟ་འོད་ཀྱི་གསང་མཛོད་ན། །ལྷ་སྲིན་མི་ཡི་སྙིང་པོ་འཆང་། །དབུ་ལ་བྱ་ཁྱུང་གདུག་པ་འདུལ། །སྤུ་དང་གཤོག་པ་མཚོན་ཆ་མེ། །མཆུ་དང་སྡེར་མོ་གནམ་ལྕགས་འབར། །ཉི་ཟླ་ཁྲོ་ཆུའི་སྤྱན་དང་ཚེམས། །གདུག་པ་ཟ་ཞིང་ཞེ་སྡང་སྦྲུལ། །ཕྲག་སོར་ཁྱུང་མོ་སྨུག་ནག་གཉིས། །སྤུ་དང་གཤོག་པ་མཚོན་ཆ་མེ། །གདུག་པ་ཟ་ཞིང་དེ་བཞིན་འབྲུལ། །ནུ་མར་སེང་གེ་བརྗིད་པ་གཉིས། །མཚོན་ཆ་སྤུ་གྲི་སྡེར་མོ་དབལ། །འཕྲུལ་གྱི་གཤོག་པ་ཁྲོ་ཆུའི་སོ། །དགྲ་བགེགས་ཟ་ཞིང་ལྷུ་དུམ་འབྲུལ། །སོག་པར་སྟག་ཆེན་རྔམ་པ་གཉིས། །མཆེ་བ་རྩང་ཕུར་སྡེར་མོ་ལྕགས། །གློ་སྙིང་ནང་རོལ་སྙིང་ཁྲག་འཐུང་། །སྟ་ཟུར་ཞེ་སྡང་གདུག་པའི་གཟུགས། །དུག་སྦྲུལ་མེ་འབར་དུག་ཁྲག་ཟགས། །དུག་ལྔ་བརྐམ་ཆགས་བསྲེག་ཅིང་འཇོམས། །གང་དམིགས་རྩ་ཁྲག་ཀླད་ཁྲག་འཐུང་། །དུག་སྦྲུལ་རླངས་པ་དགྲ་ལ་འཕྲོ། །མགུར་དང་ཞབས་ཀྱི་ལོང་བུའི་བར། །ཡེ་ཤེས་ཁྲོ་བོ་ཚོན་གང་བ། །རཾ་ཡཾ་ཀརྨ་ཙཀྲ་འཕྲོ། །སུརྱའི་གདན་ལ་ཕྱི་ནང་སྲུང་། །ཡེ་ཤེས་འཁོར་ལོ་ཉི་མའི་འོད། །ཐམས་ཅད་གློ་སྙིང་ནང་རོལ་ཟ། །ཕྱག་རྒྱ་ཆེན་པོ་བརྟན་པར་བརྗིད། །དབུས་ན་བརྐྱང་བསྐུམ་ཚུལ་དུ་བཞུགས། །ཐུགས་ཀྱི་སྤྲུལ་པ་མངོན་ཕྱུང་བ། །མོན་པ་དུག་ཆེན་དྲེགས་པའི་ལུས། །དབུ་དགུ་ཕྱག་དགུས་ཙིཏྟ་བསྣམས། །


DNG017_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་དགུས་བླ་དང་དོན་སྙིང་ཁྲག །དྲོད་དང་དབང་པོ་ལུས་སྲོག་འབྲལ། །བདུད་བཞི་ཕོ་ཉ་ལས་ལ་བསྐུལ། །ཤ་ཆེན་རཀྟ་ཀེང་རུས་འཆའ། །དབུགས་སྲོག་བཀྲག་མདངས་ཚེ་སྲོག་འཆང་། །ཡུམ་དང་བཅས་པ་ཐོད་མཁར་བཞིར། །ལྷུན་གྱིས་གྲུབ་པའི་ཚུལ་དུ་གནས། །ལྕགས་མཁར་ཕྱོགས་བཞིའི་གཞལ་ཡས་ན། །སྲོག་གཅོད་ཕྱི་ཡི་མོན་པ་གཤེད་པོ་བཞི། །དུག་མདའ་ལྕགས་གཟེར་གནག་ལ་འཚེར། །ཁྱབ་པ་སྤྱི་བཅིངས་སོ་བདར་གནག །ཕོ་བྲང་ཕྱོགས་བཞིར་ལྷུན་གྱིས་གྲུབ། །ལྕགས་མཁར་བརྒྱད་ཀྱི་ཁྱམས་ཁང་ན། །ལས་ཀྱི་སྤྲུལ་པ་གཤེད་པོ་བཞི། །ཡུམ་དང་བཅས་ཏེ་ཚོགས་བརྒྱད་འཇོམས། །སྒོ་མེད་བཅུ་དྲུག་ལྕགས་མཁར་ན། །ཀཾ་ཀ་ཤ་ཟ་དྲེགས་པའི་ཚོགས། །མངག་པ་གཞན་ཚོགས་ལྷུན་གྱིས་གྲུབ། །དྲེགས་པའི་ལས་དང་སྦྱོར་བའི་གྲངས། །བཞི་དང་བཅུ་དྲུག་བཅུ་གཉིས་བརྒྱད། །དེ་བཞིན་ལྔ་དང་བཅུ་དྲུག་བརྒྱད། །སྙིང་པོ་དོན་ལ་བཅུ་གཉིས་གསུམ། །དེ་ཡི་སྙིང་པོ་མཆོག་བསྡུས་ལྔ། །དབང་གི་བརྟུལ་ཞུགས་བགྲོད་དང་ལྔ། །དེ་སྲོག་དམ་ཚིག་གཉིས་དང་གསུམ། །ཆོས་ཉིད་མི་གཡོ་བསམ་གཏན་ལུས། །རྫས་དང་འདོད་པ་བསྐུལ་བའི་རྐྱེན། །སྲོག་དང་ལས་དང་ཨེ་ཀ་ལ། །བསྡུས་ནས་རང་དབང་གཙོ་ལ་ཕུལ། །བྱིན་རླབས་ངར་བཅས་ཐིག་ལེར་བསྡིམ། །སངས་རྒྱས་ཀུན་བདག་དེ་བཞིན་གཤེགས། །རྫོགས་པའི་ཚུལ་དུ་ལྷུན་གྱིས་གྲུབ། །དྲག་སྔགས་མངོན་དུ་ཕྱུང་བའི་རྒྱུད་ལས། ཁྲོ་བོ་གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་དྲག་སྔགས་འབྱུང་བའི་གླེང་གཞི་འདི་གསུངས་སོ། །རྩ་བ་མི་འགྱུར་བྱང་ཆུབ་སེམས། །གཅིག་ནི་ཀུན་གཞིའི་རང་བཞིན་ཡིན། །ཆོས་ཀྱི་དབྱིངས་ནི་སྐྱེ་མེད་པས། །སངས་རྒྱས་སྐུ་གསུམ་ཡེ་ཤེས་ཐུགས། །སེམས་དང་ལུས་ལ་བག་ཆགས་བརྟས། །སྣང་དང་སྲིད་པའི་ཆོས་རྣམས་ཀུན། །བྱང་ཆུབ་སེམས་དང་དབྱིངས་སུ་འདུས། །མཚན་མར་མི་


DNG017_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

གནས་རང་བཞིན་གཅིག །སྤྲོས་མེད་བདེ་ཆེན་དག་པའི་སྐུ། །འགག་མེད་རང་བཞིན་དག་པའི་གསུང་། །མ་བསྒྲིབས་དོན་རྣམས་རྫོགས་པའི་ཐུགས། །སེམས་ལུས་བག་ཆགས་གསལ་བ་དག །བདེ་དང་སྡུག་བསྔལ་གཉིས་ཀར་སྣང་། །དོན་གཅིག་བྱང་ཆུབ་སེམས་ལས་བྱུང་། །འགྲོ་བའི་རྒྱུད་ལ་བག་ཆགས་ལས། །རྒྱུ་རྐྱེན་སྐྱེ་མེད་བག་ཆགས་ལས། །འབྱུང་བ་རྣམ་ཤེས་ཕུང་པོར་འཛིན། །སྣང་སྲིད་མི་རྟོག་རྒྱུ་རྐྱེན་བྲལ། །བདེ་བ་སྐྱེ་མེད་ངང་གིས་སྟོང་། །རྒྱུ་རྐྱེན་འབྲས་བུ་གཅིག་ཏུ་གནས། །ཆོས་སྐུ་མི་གནས་ཡེ་ཤེས་སྐུ། །དོན་གཅིག་རིག་པ་ཡང་དག་འདྲེལ། །འཁོར་འདས་སྣོད་བཅུད་སྟོང་ཞིང་དབེན། །སེམས་ཅན་སངས་རྒྱས་གཉིས་སུ་མེད། །དོན་དམ་ཀུན་རྫོབ་གཉིས་སུ་མེད། །ཐབས་དང་ཤེས་རབ་ཕྱག་རྒྱར་གསལ། །དབྱིངས་ལས་ཡེ་ཤེས་རིག་པ་ཡི། །རང་བཞིན་ལྷུན་གྲུབ་ཕྱག་རྒྱར་གསལ། །རྒྱུད་དྲུག་གནས་པའི་འགྲོ་བ་དང་། །མྱ་ངན་འདས་པའི་སངས་རྒྱས་དོན། །རྒྱུ་འབྲས་དབྱེར་མེད་ཆོས་སྐུར་གསལ། །ཡེ་ཤེས་རོལ་པའི་ཕྱག་རྒྱར་བསྟན། །རང་བྱུང་ཐུགས་ཀྱི་རོལ་པ་ལས། །དྲག་སྔགས་ཡེ་ཤེས་རོལ་པར་ཤར། །ཡེ་ཤེས་བདེ་བའི་ཐིག་ལེ་ལས། །དྲག་སྔགས་ཐུགས་རྗེ་སྤྲུལ་པར་ཤར། །ཆོས་སྐུ་བདེ་བའི་དབྱིངས་ཉིད་ལས། །དྲག་སྔགས་སྤྲུལ་པར་རང་བྱུང་ཤར། །སྐྱེ་མེད་རྣམ་དག་རང་བཞིན་ལས། །དྲག་སྔགས་སྐྱེ་བའི་ཆོ་འཕྲུལ་ཤར། །སྦྱོར་བ་ཀུན་འབྱུང་རྫོགས་པའི་གཞི། །དྲག་སྔགས་མངོན་དུ་ཕྱུང་བའི་རྒྱུད་ལས། དྲག་སྔགས་འབྱུང་བའི་གཞི་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཆོས་སྐུ་སྐྱེ་བ་མེད་པའི་ངང་ལས། སྐྱེ་བའི་ཆོ་འཕྲུལ་དྲག་པོ་མངོན་དུ་ཕྱུང་བའི་རྩ་བའི་སྦྱོར་བ་འདི་གསུངས་སོ། །དྲག་པོ་ཉེ་བར་སྦྱོར་བ་ནི། །དུར་ཁྲོད་གཉན་རིའི་དབེན་གནས་སུ། །འདྲེལ་པ་གསུམ་དང་ལྡན་པ་ཡི། །གྲོགས་དང་དཔའ་བརྟུལ་དམོད་པ་བཅའ། །དེ་ཡི་སྦྱོར་བ་འདི་ལྟ་སྟེ། །ཉེ་བར་གཅིག་ཏུ་


DNG017_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

དྲིལ་བསྡེབས་པའི། །ལས་ཀྱི་འཁྲུལ་འཁོར་ཆེན་པོ་ནི། །ཚེ་སྲོག་བདག་པོ་ཡ་མ་དྲེགས། །སྲིད་པའི་ཁྱམས་ཁང་ཙིཏྟ་ལ། །དྭངས་མ་བཞི་དང་སི་ར་བརྒྱད། །རྩ་བྲན་དྲུག་དང་བརྒྱད་གཉིས་ཕྱི། །མདུད་པ་གསུམ་དང་སྲོག་ཤིང་གསུམ། །ལྡན་པའི་ཐིག་ལེ་འོད་ཀྱི་ཚུལ། །ས་ཆུ་མེ་རླུང་ནམ་མཁའ་དབུས། །པ་ཐག་ཚོན་གར་རང་སྒྲའི་འོད། །ཀུན་འདུས་སྙིང་པོ་བཅུ་གཉིས་གནས། །དབུས་ཀྱི་ནམ་མཁའ་སྐྱེ་མེད་ལས། །སྟེང་འོག་དྭངས་མ་བག་ཆགས་ཚུལ། །བརྟེན་པའི་སྦུབས་ན་དགྱེས་དང་བདུད། །དྲོད་ཀྱི་སྦུབས་ན་མ་གཤིན་འབྲུ། །ཆུ་ཡི་སྦུབས་ན་རུས་སྦལ་དྲེགས། །རླུང་གི་སྦུབས་ན་མེ་དང་བསྐྱེད། །ཀུན་གྱི་སྟེང་འོག་རྩ་དང་རླུང་། །ཡེ་ཤེས་ལྔ་ཡི་འོད་དུ་གནས། །མདུད་པ་བཞི་ཡི་འདྲེལ་ཆེན་ལ། །མི་འགྱུར་རྣོ་དབལ་མཚོན་ཆའི་སྔགས། །སྲོག་ལ་གཉིས་དང་དྲེང་ཤག་གཉིས། །ཧུར་ཐུམ་གཉིས་དང་ཧྲི་ཛ་གཉིས། །སྲོག་འཕྲོག་སྟོབས་ཀྱིས་དྲག་སྔགས་གནས། །ཕྱི་རིམ་འདྲེལ་ཆེན་རྩ་བརྒྱད་ལ། །བཤིག་དང་བྱད་འགྲོལ་དུག་མདའ་འབྱིན། །ཞེན་བཟློག་གསང་ལམ་ཟུག་པ་འབྱིན། །ཐམས་ཅད་གཟིར་ཞིང་རང་གཟིར་ནས། །ཡང་ལོགས་བཅུ་གཉིས་རྒྱ་མདུད་ལ། །གདུག་པའི་སྙིང་གཟེར་རྫོགས་པར་གནས། །སི་ར་བཅུ་གཉིས་སྦུབས་དག་ལ། །གབ་པ་སྔགས་ཀྱི་ཕྲེང་བས་གང་། །དེ་བཞིན་ཕྱི་ཡི་བཅུ་དྲུག་ལ། །དབང་སྡུད་སྔགས་ཀྱི་དེ་བཞིན་གང་། །དྭངས་མ་བཞི་ཡི་མཚམས་བཞི་ལ། །སྲོག་བཞི་ལོ་ཐོག་འཇོམས་པ་ཡི། །དྲག་སྔགས་གནམ་ལྕགས་ཐོག་ཆེན་གནས། །རུས་སྦལ་ལྟོ་བའི་གསང་མཛོད་ལ། །ལྷ་སྲིན་མི་ཡི་སྙིང་པོ་སྦ། །འབྲུ་རེ་བསྡུས་ནས་གོང་བུར་གནས། །དེ་ལས་ཡོན་ཏན་དུ་མ་འབྱུང་། །ལས་ཀྱི་འཁྲུལ་འཁོར་གང་བརྩམ་འགྲུབ། །གང་མོས་ལས་ལ་ཉེ་བ་ཡི། །ཉེ་བར་གཅིག་ཏུ་དྲིལ་བསྡེབས་པའི། །ལས་ཀྱི་འཁྲུལ་འཁོར་ཆེན་པོ་ནི། །ཡང་དག་རྩ་བའི་འཁོར་ལོ་སྟེ། །ཞིང་རས་ལ་སོགས་རྒྱུ་བཞི་ལ། །ཐིག་སྐོར་བཞི་དང་ལྡན་པར་བསྐོར། །བར་ཁྱམས་སྤྲུལ་བཅས་རྫོགས་བྱས་ལ། །དབུས་


DNG017_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པའི་ཕྱོགས་བཞི་དང་། །དེ་བཞིན་ཕྱོགས་མཚམས་བརྒྱད་དུ་བརྟག །སྲིད་པའི་ཁྱམས་ཁང་ལྟོ་བ་ན། །རྒྱ་གྲམ་རླུང་རི་སྦག་མར་གནས། །དང་པོ་ཚངས་པའི་ཐིག་གཉིས་དང་། །ཟུར་ཐིག་དེ་བཞིན་ཆ་མཉམ་ལ། །དབུས་སུ་གྲུ་གསུམ་ཟླ་ཁམ་གསུམ། །ཕྱི་རིམ་ཕྱོགས་བཞིར་རྒྱ་གྲམ་རྭ། །དབུས་ཀྱི་སྙིང་པོ་ཕྱོགས་བཞི་ལ། །འཁྲུལ་མིག་ལྕགས་མཁར་གསུམ་གསུམ་གནས། །རྒྱ་གྲམ་མཚམས་བཞིར་ཁྲག་གི་མཚོ། །རླུང་རི་རྩ་བ་འཁྲུལ་འཁོར་ཡིན། །ཡང་ལོགས་ཟླུམ་པོ་མུ་ཁྱུད་ཆུ། །སྐྱོམ་ཞིང་གཡེང་བ་སྡུད་ཅིང་འཐིབས། །ལྟོ་སྦྱོར་ལས་ཀྱི་འཁོར་ལོ་ཡིན། །ཡང་ལོགས་དབུས་མཚམས་ཕྱོགས་བརྒྱད་དུ། །རླུང་རི་རྡོ་རྗེ་རྩེ་མོ་རེ། །སྙིང་པོ་འཁྲུལ་མིག་གཉིས་གཉིས་ལྡན། །ལས་རྣམས་རྫོགས་པའི་སྤུ་གྲི་གནས། །རླུང་རི་གཤེད་ཀྱི་འཁོར་ལོ་ཡིན། །ཟུར་བརྒྱད་མུ་ཁྱུད་འཁྲུལ་འཁོར་བཅས། །གསོད་བྱེད་དྲག་པོ་རྔམ་པ་ཡི། །དྲག་པོ་ལས་ཀྱི་འཁོར་ལོ་ཡིན། །བྱང་ཁྲམ་སྙིང་པོ་སྤུ་གྲི་སྔགས། །རྩ་བ་གཅིག་ཏུ་དྲིལ་བ་ཡིན། །གྲུ་གསུམ་མིང་རུས་ཟླ་ཁམ་ལྷ། །བསྲུང་བ་ཀུན་ལྡན་རྫོགས་པར་བྲི། །རྒྱ་གྲམ་བཞི་ཡི་འཕྲུལ་མིག་ལ། །རྩ་བའི་སྙིང་པོ་དྲག་སྔགས་དགོད། །འཁོར་ཡུག་རྦད་དང་བསད་པའི་སྔགས། །གང་བསྒྲུབ་ལྟོ་སྦྱོར་གནས་མཐུན་དགོད། །ཕྱི་རིམ་རྡོ་རྗེ་རྩེ་བརྒྱད་ལ། །མིང་གི་འབྲུ་གསུམ་དང་པོར་བྲི། །གསོད་ཅིང་གནོན་དང་འཕེན་པ་ཡི། །སྤུ་གྲི་སོ་གསུམ་རྫོགས་པར་དགོད། །མཚོ་གླིང་བར་ཁྱམས་རྭ་དབུས་ལ། །སྡང་དང་གནོད་པ་དེ་བཞིན་བྲི། །མིང་གི་འབྲུ་གཉིས་སྲོག་དང་སྦྱར། །གང་འདོད་མཚམས་སུ་དེ་བཞིན་བླང་། །བྷུར་ནཱ་ག་གདུག་པའི་ཧ་ལའི་མཚོན། །བྷི་ལ་ཁོང་འདུས་ཁོང་དྲེགས་ཅན། །འབར་བ་ཀཱ་ལི་ཡ་མའི་ཀློང་། །ཀྱོ་པཱ་ཀཱཾ་བྷ་གུར་བྷ་ཤ །ཡཾ་རཾ་ཨེ་དུ་ཙམ་དྷི། མཱ་ར་ཡ་ནི་སྦྱོར་བའི་མཆོག །ལྟོ་སྦྱོར་བཅས་ལ་ཐོད་པར་གཞུག །ཞག་བདུན་སྔགས་སྦྱོར་སྒྲོལ་བ་དྲིལ། །རུས་སྦལ་ཕོ་མོའི་འཁྲུལ་འཁོར་བཅའ། །ཐོད་པ་རྒྱ་གྲམ་རུས་སྦལ་ལྟོར། །སྦྱོར་བ་ཀུན་ལྡན་ཀླུ་ལ་གཏད། །སྔགས་ཀྱི་རྩ་བ་དྲིལ་ལ་བརྡེག །ཞག་


DNG017_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཉིན་གཅིག་ཉིན་ཞག་གཉིས། །གསད་དང་གནན་པ་ཟོར་གྱི་དུས། །རིག་པ་བདེ་བས་ཡ་མའི་ཀློང་། །འཁོར་ལ་རྩ་བའི་སྦྱོར་བ་ཡིན། །དྲག་སྔགས་སྦྱོར་བ་འདི་ལྟ་སྟེ། །ཨེ་ཀ་ཧེ་དུན་ཡ་ཧྲི་མྱག་ཐུཾ་རིལ་ཤག་ཡ། དགྲ་བོའི་སྲོག་མཱ་ར་ཡ་མྱོག་རྦད། སྲོག་སྟྭམ་བྷ་ཡ་ནན། སྲོག་ལ་ཐུན་བྷྱོ། གསོད་པ་དྲག་པོའི་རྩ་བ་ལས། །ཕྲིན་ལས་སྦྱོར་བའི་རྒྱལ་པོ་ཡིན། །དེ་ནས་བཅོམ་ལྡན་འདས་ཀྱིས་དྲག་པོའི་སྦྱོར་བ་འདི་གསུངས་སོ། །དྲག་པོ་མངོན་དུ་ཕྱུང་བ་ལས། །གསང་ཆེན་སྔགས་ཀྱི་དམོད་པར་དྲིལ། །ཡང་གསང་ཆེན་པོའི་སྦྱོར་བ་ནི། །དུར་ཁྲོད་རས་སམ་ཤིང་རས་ལ། །མུ་ཁྱུད་བདུན་དང་ལྡན་པར་བསྐོར། །དེ་ལ་བྲི་ཞིང་དགོད་པ་ནི། །དབུས་སུ་གྲུ་གསུམ་དྲག་པོ་ལས། །བརྣག་པ་ཕོ་མོའི་མིང་རུས་བྲི། །ཟླ་ཁམ་བསྲུང་བ་དེ་བཞིན་བྲི། །མཚོན་ཆའི་འཁོར་ལོ་རྩིབས་བཞི་ལ། །འདྲེན་པའི་སྟོབས་ཀྱིས་འབྲུ་བཞི་དགོད། །མཚོན་ཆའི་རྒྱལ་པོ་བཅུ་གཉིས་ལ། །ཁྲོ་བོ་སྟོབས་ཀྱི་འབྲུ་གཅིག་དང་། །ཚེ་སྲོག་སྡུད་པའི་སྙིང་པོ་གཅིག །ཁོང་ཁྲག་འདྲེལ་བའི་འབྲུ་ལྔ་ལ། །གསོད་ཅིང་གནོན་པའི་སྤུ་གྲི་བཅུ། །དགོད་པའི་གནས་མཐུན་ལྟོ་སྦྱོར་དགོད། །ཕྱི་རིམ་མུ་ཁྱུད་བཞི་པོ་ལ། །རིགས་བཞི་སྦྲུལ་གྱི་ར་བས་བསྡམ། །ལྔ་པ་ཐོད་པའི་ཕྲེང་བར་གནས། །དྲུག་པ་སྲེག་པའི་མེ་རི་འབར། །དེ་དག་ཚེ་སྲོག་འཆང་བ་ཡི། །རུས་སྦལ་ལྟོ་ན་གནས་པར་བྲི། །སྲིད་གསུམ་ལྟོ་ན་འཆང་ཞིང་གསོད། །ཚེ་སྲོག་བདག་པོའི་ལྟོ་ན་ཡང་། །མི་འགྱུར་བརྟན་པར་ཡེ་གནས་པའོ། །དེ་བཞིན་ལས་ཀྱི་འཁོར་ལོ་བཅའ། །འཁོར་ལོ་ལྟོ་སྦྱོར་ཐོད་པར་བཅའ། །ཐོད་པའི་འོག་མ་མེ་རི་ཨེ། །སྟེང་མ་རུས་སྦལ་རྒྱ་གྲམ་ཨེ། །སྦྱོར་བ་ཀུན་ལྡན་གྲུ་གསུམ་རྩང་། །དྲག་སྔགས་དམོད་པ་ཞག་བདུན་བཟླས། །བཅུ་དྲུག་གམ་ནི་ཚེས་གཅིག་ལ། །གནན་སྔགས་ཐོད་པར་གདུག་པ་གནན། །ཉ་སྟོང་ལས་ཀྱི་དམོད་སྔགས་བསྐུལ། །སྔགས་ཀྱི་དམོད་པ་འདི་ལྟ་སྟེ། །ཨེ་ཀ་ཡ་མ་ཧེ་དུན་སྙིང་ཁྲག་ར་མ་ཙ་ཡ། དགྲ་བོའི་སྲོག་ལ་ཧུར་ཐུཾ་མཱ་ར་ཡ་རྦད། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་སྦྱོར་བ་ཐམས་ཅད་གཟིར་བའི་ལས་འདི་གསུངས་སོ། །ཕྲིན་


DNG017_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀུན་གྱི་རྩ་བ་ཡི། །གསང་ཆེན་གཅིག་ཏུ་དྲིལ་བ་འདི། །དྲག་པོ་མངོན་ཕྱུང་སྦྱོར་བའི་བཅུད། །ཀླུ་གཉན་ས་བདག་གདུག་པ་དང་། །མ་མོ་རྒྱལ་པོ་བཙན་ཐེའུ་རང་། །མཛེ་རིམས་དྲག་པོ་ཡམས་ཀྱི་བདག །སྙིང་གཟེར་བདུན་གྱི་འཁོར་ལོས་གཟིར། །སྦྱོར་བ་སྣ་ཚོགས་རྫས་ཀྱིས་བྱུག །སྲིད་པ་རུས་སྦལ་ལྟོ་བར་བྲི། །མུ་ཁྱུད་རིམ་པ་གསུམ་དུ་བསྐོར། །དེ་བཞིན་འཕྲུལ་མིག་བཅུ་གཉིས་ལྡན། །ཐ་མར་འཕྲུལ་མིག་རྩ་སྦུབས་བདུན། །སྟོབས་ཅན་གཟིར་བའི་འཁོར་ལོ་ཡིན། །དེ་ལ་དགོད་པའི་རིམ་པ་ནི། །དབུས་དང་རྩ་སྦུབས་དྲག་པོ་ལ། །ས་དང་ནཱ་གའི་སྙིང་པོ་སྡུ། །གཉིས་པའི་འཁྲུལ་མིག་བཅུ་གཉིས་ལ། །རྩ་བའི་སྙིང་པོ་བཅུ་གཉིས་དགོད། །ཕྱི་ཡི་འཁྲུལ་མིག་རྩ་བདུན་ལ། །སྙིང་གཟེར་བདུན་གྱི་སྤུ་གྲི་དགོད། །མཐིང་ནག་དར་དང་ཐོད་པ་བཅའ། །བསྒོམ་བསྐུལ་དོང་གཞུག་རྩ་བཅས་སྔགས། །དམོད་པའི་ཐུན་དབབ་ཧོམ་ཤིང་བསྲེག །ཟོར་ཐུན་མཐའ་རུ་གནན་གཟིར་བྱ། །རང་ཡང་ཕྱག་རྒྱ་གསལ་བར་བསྒོམ། །དེ་ཡི་གནོད་བྱེད་འཇོམས་ཤིང་གཟིར། །དྲག་སྔགས་སྦྱོར་བ་འདི་ལྟ་སྟེ། །ཨེ་ཀ་ཡ་མ་ཀ་དུན་ཛ་རཾ་རག་ཤ་རུ་ཐུཾ། ས་ནཱ་ག་སྙིང་གཟེར་སྦུར་ནན་རྦད། ས་ནཱ་ག་སྙིང་གཟེར་འདྲིད་ཕྱུང་རྦད། ས་ནཱ་ག་སྙིང་གཟེར་སྲོག་ལ་མྱོག་རྦད། ས་ནཱ་ག་སྙིང་གཟེར་དུན་རྦད། ས་ནཱ་ག་སྙིང་གཟེར་ཡཾ་བཟློག་རྦད། ས་ནཱ་ག་སྙིང་གཟེར་ཙིཏྟ་ལ་རྦད། ས་ནཱ་ག་སྙིང་གཟེར་སརྦ་ཨུ་ནན་གཟེར་ཕྱུང་རྦད། ཐལ་འཇམ་གནོད་པར་ཐུན་ཟེར་བརྡེག །གཟིར་བ་སྟོབས་ཀྱི་རྒྱལ་པོ་ཡིན། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་གདུག་པ་ལྟོ་དཀྲུག་གིས་གཟིར་བ་འདི་གསུངས་སོ། །མན་ངག་དྲག་པོ་སྦྱོར་བ་འདིས། །ཁྱད་པར་མཛེ་རིམས་གསོ་བའོ། །དེ་ཡི་སྦྱོར་བ་འདི་ལྟ་སྟེ། །ཤོག་བུ་གྲུ་བཞི་ཆ་གཉིས་ལ། །ཐིག་སྐོར་རིམ་པ་གསུམ་དུ་བསྐོར། །དབུས་སུ་གྲུ་གསུམ་སྙིང་པོ་མིང་། །ཟླ་གམ་མ་མོ་བཙན་རྒྱལ་པོ། །ཕྱི་རིམ་འཁྲུལ་མིག་བཅུ་གཉིས་ལ། །རྩ་བའི་དྲག་སྔགས་འབྲུ་བཅུ་གཉིས། །ཐ་མ་རྩིབས་ཆེན་བཅུ་དྲུག་ལ། །ལྟོ་དཀྲུག་སྦྱོར་བའི་སྤུ་གྲི་གནས། །རྫས་ཀྱིས་བྱུག་ལ་ཐོད་


DNG017_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཅའ། །གྲུ་གསུམ་རྩང་བཅས་ཞག་བདུན་བྲབ། །གསལ་གསུམ་ཕྱག་རྒྱ་བསྟན་པས་གནན། །དྲག་སྔགས་སྦྱོར་བ་འདི་ལྟ་སྟེ། །ཨེ་ཀ་ཡ་མ་ཀ་དུན་ཛ་རཾ་ཤག་རུ་ཐུཾ། སརྦ་དུ་རཾ་ཨི་ནན་འདྲིད་ཕྱུང་། ཙིཏྟ་སྙིང་གཟེར་ཐུཾ་རིལ་ཤག་རྦད། དེ་ཡིས་ཛྭ་ལ་འཇོམས་པ་ཡིན། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་སྲུང་བ་ཐམས་ཅད་ཀྱི་མཐར་དྲག་པོ་རྗེས་གཅོད་ཀྱི་སྦྱིན་སྲེག་འདི་གསུངས་སོ། །གདུག་པ་གསུམ་ལ་སོགས་པ་གཞོམ་པ་དང་། །བྱད་དགྲོལ་བསྲེག་དང་སྙིང་གཟེར་གདུག་པའི་ལས། །རྒྱུད་ཀྱི་སྙིང་པོ་སྤོགས་པ་མེད་པ་འདི། །བཀྲ་མི་ཤིས་པའི་ས་ལ་མཎྜལ་བྱ། །ཁྲག་དང་དུག་ཆུ་ཚ་བས་ཆག་ཆག་གདབ། །དབུས་སུ་གྲུ་གསུམ་ཁྲུ་གང་ནག་པོར་བྱ། །ཟླ་གམ་གསུམ་གྱི་མཐའ་མ་ཐོད་པས་བསྐོར། །དེ་ཡི་ཕྱི་རིམ་འཁྲུལ་མིག་བཅུ་གཉིས་བྱ། །ལྕགས་མཁར་བར་ན་རྡོ་རྗེ་རྐྱང་པས་གཏམས། །དེ་ཡི་ཕྱི་རིམ་རྩིབས་ཆེན་ཉི་ཤུ་ལ། །གཅོད་པའི་མཚོན་ཆ་རྩེ་མོ་ཕྱི་རུ་བསྟན། །དེ་ཡི་ཕྱི་རིམ་ཐོད་པའི་ཕྲེང་བས་བསྐོར། །ཐ་མ་མེ་རི་རཾ་དང་ལྡན་པར་བྱ། །དེ་བཞིན་ཞིང་རས་རྒྱུ་ལ་གཅོད་པའི་འཁོར་ལོ་བྲི། །གྲུ་གསུམ་ཁ་ཁྱེར་མཛུབ་གང་མཚོན་ཆས་བསྐོར། །དབུས་སུ་གདུག་པའི་གཟུགས་བརྙན་སྣ་ཚོགས་གཞག །གང་གནོད་མིང་དང་སྙིང་པོ་ས་ཆུ་སྦྱར། །ཟླ་ཁམ་གསུམ་ལ་གནོད་པའི་མིང་དང་གཟུགས། །འཁྲུལ་མིག་དྲག་པོ་དམོད་པ་སྔགས་ཀྱི་ལུས། །རྩིབས་ལ་བསྲེག་ཅིང་གཟིར་བའི་སྤུ་གྲི་དགོད། །གཟུགས་བརྙན་སྙིང་གར་ཧོམ་ཤིང་ཟུར་གསུམ་གཟུག །ཞག་ལྔ་ཐུན་བྲབ་དྲག་སྔགས་གཏུམ་པར་བཟླས། །ཞག་གསུམ་བསྲེག་ཅིང་གཟུགས་ལིང་གཏུབས་ལ་བསྟབ། །ཤ་ཆེན་རྟ་ཤ་སྤྱང་ཀི་དར་མིའི་ཤ །དུག་ཆུ་འོ་མ་སྔོ་སྣ་ཆང་དང་ཁྲག །མཆོད་པ་ཕུལ་ལ་ཐུན་གྱིས་བྲབ། །མེ་དབལ་གསད་ལ་གནད་ཀྱི་རྫས་རྣམས་བསྲེག །གང་དམིགས་བདུད་ཅིང་ཕྱིང་པ་གཙང་མས་དགབ། །ཉིན་དང་མཚན་མོ་ལན་གྲངས་བདུན་དུ་བདུག །བུམ་པས་བཀྲུས་ལ་ལྷ་ཡི་སྐུ་རུ་བསྐྱེད། །དྲག་སྔགས་གསལ་ལ་མིས་མ་ཐོས་པར་བཟླས། །བརྣག་པ་ཐོན་ནས་ནམ་མཁའི་འཁོར་ལོ་དང་། །ཐལ་བ་མིང་གཟུགས་མཆོད་རྟེན་གནོད་སར་གནན། །ལྷག་མ་རྗེས་


DNG017_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

ཤུལ་གར་གནོད་ཟོར་དུ་བརྡེག །གསང་སྔགས་སྦྱོར་བ་དྲག་པོ་འདི་ལྟ་སྟེ། །ཨེ་ཀ་ཡ་མ་ཀ་དུ་ན་ཛ་རཾ་ར་ཀ་ཤ་རུ་ཐུཾ། ས་ནཱ་ག་དུ་རཾ་ཨུ་ནན་གཟེར་ཕྱུང་རཾ་ཙིཏྟ་སྦུ་ར་ན་རཾ། སྲོག་ལ་མྱོག་ཤཾ་རྦད་རཾ། དེ་དག་སྦྱོར་བའི་མཐའ་སྡུད་ཡིན། དྲག་སྔགས་མངོན་དུ་ཕྱུང་བའི་རྒྱུད་ལས། ཐུན་མོང་གི་སྦྱོར་བའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་དྲག་པོ་མངོན་དུ་ཕྱུང་བའི་ཁྱད་པར་གྱི་སྦྱོར་བ་འདི་གསུངས་སོ། །ཕྲིན་ལས་དྲག་པོའི་རྩ་བ་འདི། །རྩ་བ་རྣམ་པ་གཉིས་སུ་གནས། །ཕན་གནོད་ལས་ཀྱི་རིམ་པ་བཞི་རུ་བཀོད། །གསད་པ་མཆོག་དང་ལོ་ཐོག་གཞོམ་པ་གཉིས། །སྙིང་གཟེར་དགུ་དང་ཉི་ཤུ་རྫོགས་པ་ཡི། །གསད་པ་མཆོག་གི་སྦྱོར་བ་འདི་ལྟ་སྟེ། །ཞི་ཁྲོ་གཤིན་རྗེ་པུར་པ་མ་མོ་དང་། །བདུད་དང་མུ་སྟེགས་ཐེ་བྲང་རྒྱལ་པོ་བཙན། །གནོད་སྦྱིན་སྲིན་པོ་ལྷ་མིན་དུད་འགྲོ་སྲི། །ཀླུ་གཉན་ས་བདག་དཀོར་སྲུང་གྲུལ་བུམ་གིང་། །ལས་དང་སྲོག་གི་སྙིང་པོ་བཅུད་དུ་བསྡུས་ནས་དྲིལ། །ཤེས་རབ་རྩལ་དང་བརྟུལ་ཞུགས་ལྡན་པས་སྤྱད། །བློ་ཆུང་རྟོག་པས་རང་ཡང་འཆིང་བར་འགྱུར། །ཉམས་དགའ་རང་སེམས་དབེན་པའི་དུར་ཁྲོད་དུ། །དཔའ་བརྟུལ་དྲག་པོ་སྔགས་ཀྱི་དམོད་པ་བོར། །དེ་ཡི་སྦྱོར་བ་རྒྱས་པ་འདི་ལྟ་སྟེ། །ཤོག་བུ་གྲུ་བཞི་མཐོ་གང་ལ། །ཐིག་སྐོར་རིམ་པ་བཞི་དང་ལྡན་པར་བསྐོར། །དབུས་སུ་གྲུ་གསུམ་བླ་སེམས་མིང་དང་རུས། །ཕྱི་རིམ་གཅོད་པའི་འཁོར་ལོ་རྩིབས་བཅུ་གཉིས། །དེ་ལ་རྩ་བའི་སྙིང་པོ་མེ་རླུང་སྐྱིན་ཐང་གནས། །དེ་ཡི་ཕྱི་རིམ་མུ་ཁྱུད་ཟླུམ་པོ་ལ། །བསྒྲུབ་པ་གཞན་གྱིས་རྦད་དང་གསད་པའི་སྔགས། །ཡང་ལོགས་མཁར་གྱི་འཁྲུལ་མིག་བཅུ་གཉིས་ལ། །རལ་གྲི་རྡོ་རྗེ་རྒྱ་གྲམ་བསྣོལ་མར་གནས། །རལ་གྲི་བསད་པའི་སྤུ་གྲི་རྒྱ་གྲམ་གནོན་པས་མཛེས། །དེ་གཉིས་རུས་སྦལ་ཁྲ་མོའི་ལྟོ་བར་བྲི། །ཁ་སྦྱོར་བཅས་ལ་དུག་དང་ཁྲག་གིས་བྱུག །མཚོན་ཆའི་མཚམས་དང་ཟླ་གམ་གྲུ་གསུམ་ལ། །བརྣག་པའི་མིང་རུས་མཱ་ར་ཡ་རྦད་བྲི། །སྔོ་དམར་དང་བཅས་ཐོད་པའི་ནང་དུ་གཞུག །ཕོ་ཐོད་ནང་དུ་མཱ་ར་ཡ་རྦད་བྲི། །ཐོད་པ་འོག་མར་བརྣག་པའི་མིང་རུས་བྲི། །རྩང་བཅས་གྲུ་གསུམ་ཁ་ཁྱེར་


DNG017_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་བརྩེགས་གཞུག །ཚེ་བདག་བསྒོམ་ལ་ཡེ་ཤེས་འཁོར་ལོ་བཅའ། །ཞག་བདུན་དྲག་སྔགས་དམོད་པ་རྔམ་ཚིག་ལྡན་པས་བཟླས། །བར་བར་བསྐུལ་གྱིན་བརྣག་པའི་ཡུལ་ལ་རྦད། །གཟིར་ཞིང་བཏབ་ལ་ཐོད་པ་བཅའ། །ཀླུ་གཟིར་གདུག་པའི་གཉན་ལ་གཏད་པར་བྱ། །དྲག་སྔགས་དམོད་པ་རྩ་བའི་སྦྱོར་བ་འདི། །ལྷ་སྲིན་ཀུན་གྱི་མཐུ་དྲིལ་དྲག་པོ་ཡིན། །དྲག་པོ་སྔགས་ཀྱི་དམོད་པ་འདི་ལྟ་སྟེ། །ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ། དགྲ་བོའི་སྲོག་ལ་མྱོག་མཱ་ར་ཡ་རྦད། སྲོག་སྟྭཾ་བྷ་ཡ་ནན། སྲོག་ལ་ཐུན་བྷྱོ། འདི་དག་མི་འགྱུར་བསད་པའི་སྦྱོར་བ་ཡིན། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ལོ་ཐོག་གཞོམ་པའི་སྦྱོར་བ་འདི་གསུངས་སོ། །དུར་ཁྲོད་རས་སམ་ཤོག་བུ་གྲུ་བཞི་ལ། །དབུས་སུ་རུས་སྦལ་ཁོང་སྟོང་དབྱིབས་དང་ཟླུམ་པོར་བྲི། །ཡན་ལག་ལྔ་དང་མཇུག་མ་ལྟོ་བ་ན། །གཅོད་པ་དྲག་པོའི་འཁོར་ལོ་རྩིབས་བཅུ་གཉིས། །འབྱུང་བར་བྲིས་ལ་རྩ་བའི་དྲག་སྔགས་དགོད། །དེ་ཡི་ཕྱི་རིམ་འཁྲུལ་མིག་བཅུ་གཉིས་ལ། །སྲོག་བཞི་གནད་ཀྱི་འབྲུ་དང་ཆུ་དྲིལ་དབབ་པ་དགོད། །སྦལ་པའི་ལྟོ་བའི་དབུས་སུ་ཡུལ་གྱི་མིང་དང་སེར་བ་ཕོབ་ཅེས་བྲི། །དེ་ཡི་འོག་ཏུ་ཡུལ་ལྷ་སེར་སྲུང་གཟིར་ཕོབ་ཡ་ནན་བྲི། །བྱང་ཁོག་སྟོད་ན་གཟའ་ཡི་གཟིར་སྔགས་བྲི། །མཇུག་མར་ཡུལ་ལྷ་དེ་བཞིན་གཟིར་སྔགས་བྲི། །ལྟོ་བ་གཡས་སུ་མ་མོའི་གཟིར་སྔགས་བྲི། །ལྟོ་བ་གཡོན་དུ་ས་བདག་ཀླུ་གཉན་གྱི། །རང་གནད་གཟིར་ལ་དབབ་པའི་དྲག་སྔགས་བྲི། །མཚོན་ཆ་དུག་དང་ཁྲག་གིས་ངར་བླུད་ལ། །སྦལ་པ་ཕོ་མོ་ལྟོ་སྦྱར་ཐོད་པའི་ནང་དུ་གཞུག །དགུན་ཟླ་གསུམ་གྱི་ཉ་སྟོང་ཉིན་ཞག་ཕྲུགས་རེ་བཟླས། །དཔྱིད་ཟླ་གསུམ་ལ་ཞག་གསུམ་ཆུ་དྲིལ་བཟླས། །དབྱར་ཟླ་གསུམ་ལ་རྟེན་གཞིའི་སྦྱོར་བ་བཅའ། །ཐོད་པ་དོང་བུར་ཁྲག་དང་དུག་བླུགས་ལ། །ཉ་དང་སྟོང་དང་ཉིན་ཞག་ལྔ་རུ་བཟླས། །ཐ་ཆུང་སྟོང་ལ་རྟེན་གཞིར་གཞུག །སྐྱ་རིང་སྦོམ་མཐོན་རྒྱ་མདུད་ཁ་འདྲེན་ཚུལ། །གཟིར་ཐབ་དུ་བ་དྲག་པོ་གཟིར་དང་བཞི། །ཚིལ་གསུམ་ཟུན་དང་མནོལ་ཁྲག་དུ་བའི་རྫས། །དུག་ཆུ་སྔོ་སྣ་འོ་མ་དྲག་པོ་ཐོབ། །ནག་གསུམ་ཁྲག་དང་ཉུང་དཀར་ཐབས་ཀྱི་རྫས། །ལྕགས་དང་སེང་ལྡེང་ཕུར་


DNG017_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཟིར་བའི་རྫས། །དྲག་སྔགས་ལུས་ལ་དབབ་གཟིར་བཞི། །གཟའ་དང་མ་མོ་ཡུལ་གྱི་ལྷ་བཙན་དང་། །ཀླུ་གཉན་ས་བདག་གཟིར་ལ་དབབ་པའོ། །མ་ཕེབས་དྲག་པོའི་སྦྱོར་བ་སྟོབས་ཞན་ན། །རྒྱ་ཚིལ་མནོལ་ཁྲག་ཁྱི་ཁྲག་རི་བོང་ཁྲག །དུག་རྒོད་དྲིལ་ལྕགས་གདབ་པའི་ཕུར་པ་ལ། །དང་པོ་སྔགས་བཟློག་དྲག་ཏུ་སྤོག་པ་བྱ། །དེས་མ་ཕེབས་ན་དྲག་སྔགས་འབྱུང་བ་དཀྲུག །རྫས་ཀུན་བསྲེག་ལ་དུ་བས་ལྷ་འདྲེ་དཀྲུག །རྒྱ་མདུད་དབུས་ཀྱི་རྟ་ལས་ཆུ་མིག་དཀྲུག །གྲི་མོ་ཡུག་མོ་མནོལ་མོའི་དོན་མངལ་ཁྲག །ཚ་ཡི་རྒྱལ་པོ་སྦལ་པའི་གཟུགས་ལ་བརྡེག །དྲག་སྔགས་སྤྱི་དྲིལ་སྒོ་བཞི་སོ་སོར་བརྡེག །སྤོགས་པའི་རྒྱལ་པོ་གསང་བ་དམ་པ་ཡིན། །ལས་ཀྱི་རྒྱལ་པོ་སྤོགས་པ་མཆོག་ཏུ་གསུངས། །དེ་ཡིས་མ་ཕེབས་སྦྱོར་བའི་སྟོབས་ཞན་ན། །རྩེ་གསུམ་ཆུ་གསུམ་མཚལ་གསུམ་ཚ་བ་གསུམ། །མཆེ་བ་ཅན་དང་འདབ་ཆགས་ལྟོས་འགྲོ་གསུམ། །རྟ་གསུམ་གཟེར་གསུམ་སྔགས་གསུམ་སྡེབས་ལ་དབབ། །དྲག་པོ་སྔགས་ཀྱི་སྦྱོར་བ་འདི་ལྟ་སྟེ། །ཨེ་ཀ་ཡ་མ་ཧེ་དུན་སྙིང་ཁྲག་ར་མ་ཙ་ཡ། མ་ཧཱ་དེ་ཝ་མ་མ་རཀྴ་ས་ནཱ་ས་ནཱ་ག་པྲོཾ་པྲོཾ་ཧྲིལ་ཤར་ཕོབ། མ་མ་ཏྲག་རཀྴ་ཁ་མུ་ཏྲ་གཟིར་ནན་ཧུར་ཁམ་པྲོཾ་ཤར་ཤར་ཕབ་ཧྲིལ་ཕྲོམ། མ་ཧཱ་ཡ་མ་རཱ་ཧུ་ལ་སྲོག་ལ་གཟིར་ནན་པྲོཾ་ཤར་ཧྲིལ་ཕོབ། དེ་ཝ་ཡུན་ན་གཟིར་ཡ་པྲོཾ་ཤར་ཧྲིལ་ཕོབ། ས་ནཱ་ག་སྲོག་ལ་ཧུར་ཐུཾ་གཟིར་ནན་པྲོཾ་ཤར་ཧྲིལ་ཕོབ། ཡ་ཙ་མ་ར་ཁྲག་སྙིང་དུ་ན་ཧེ་མ་ཡ་ཀ་ཡེ། ཕོབ་ཤར་ཧྲིལ་པྲོཾ་པྲོཾ་ག་ནས་ཤར་ག་མ་མ་དེ་བ་ཧ་མ་མ་ས་ར་པྲ་ཕོབ། ཨེ་ཀ་ཡ་མ་རཱ་ཧུ་ལ་མ་ཧཱ་ན་ན་སྲོག་ལ་གཟིར་ཧྲིལ་ཕོབ་ཤར་པྲོཾ། པྲ་མ་ས་ར་ནས་ནཱ་ག་གཟིར་ཐུཾ་ནན། པྲོཾ་ཧུར་ཤར་སྲོག་ཧྲིལ་ཤར་ཕོབ། ཡ་ཙ་ཧེ་དུན་ཏྲག་ཤ་རག་མོ་ཏྲ་མུ་ཁ་མ་ཧུར་ནན་ཁམ་ཤར་པྲོཾ་གཟིར་ཧྲིལ་ཕོབ། ཁྲག་ར་སྙིང་མ་ཡུ་གཟིར་ཡ་དེ་ནན་ཤར་བ་ཧྲིལ་ཤར་ཕོབ། ཨེ་ཀ་ཧེ་དུན་པྲ་མ་སར་ཡ་མ་སྙིང་ཁྲག་ར་མ་ཙ་ཡ། པྲོཾ་ཡ་དེ་བ་མ་རག་ས་ནཱ་ག་རཱ་ཧུ་ལ། སརྦ་ཨུ་ནན་ཡཾ་ཡཾ་པྲོཾ་པྲོཾ་ཤར་ཤར་ཧྲིལ་ནན་གཟིར་ཕོབ་བྷྱོ། གཟིར་ཞིང་མཐུ་དབང་སྟོབས་བསྡུས་ལ། །རྣམ་གྲངས་ལྔ་དང་ལྡན་པའི་ལས། །འདི་དག་སྦྱོར་བ་དམ་པ་སྟེ། །ལོ་ཐོག་འཇོམས་ལ་ཤིས་


DNG017_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་གནོད་བྱེད་ཐམས་ཅད་གཞོམ་པའི་ལས་སྙིང་གཟེར་ཉི་ཤུ་རྩ་གཅིག་པའི་སྦྱོར་བ་འདི་གསུངས་སོ། །མཛེ་རིམས་དྲག་པོའི་གདུག་པ་དང་། །མ་མོ་རྒྱལ་པོ་མཛེ་འདྲེ་ཅན། །སྙིང་གཟེར་དྲག་པོའི་སྟོབས་ཀྱིས་གཟིར། །འཁོར་ལོ་དྲག་པོ་བཅའ་བ་ནི། །རྟེན་པ་ཤོག་བུ་གྲུ་བཞི་ལ། །ཆ་གཉིས་དུར་ཁྲོད་སྨེ་བས་བྱུག །རུས་སྦལ་ལྟོ་བར་ཐིག་སྐོར་བཞི། །བསྐོར་ལ་དབུས་སུ་གྲུ་གསུམ་ལ། །ཟླ་ཁམ་སྦྲུལ་གྱི་ར་བས་བསྡམས། །དེ་ཡི་ཕྱི་རིམ་འཁྲུལ་མིག་བཞི། །ཐོད་མཁར་རྡོ་རྗེ་ར་བ་མེ། །ཕྱི་རིམ་གནམ་ལྕགས་འཁྲུལ་མིག་བརྒྱད། །རླུང་རི་རྒྱ་གྲམ་དབུས་ན་བྲི། །ཡང་ལོགས་རྩ་སྦུབས་ཉི་ཤུ་གཅིག །གདུག་པ་སྲེག་བྱེད་ཡེ་ཤེས་མེ། །འོད་ཀྱི་གོང་བུ་གནས་ལ་འཕོ། །དེ་ལ་གནས་ཤིང་དགོད་པ་ནི། །གྲུ་གསུམ་དབུས་ན་ས་ནཱ་ག །གང་གནོད་མིང་དང་བཅས་པ་བྲི། །ཟླ་ཁམ་གསུམ་ལ་སྡང་བའི་མིང་། །ལྕགས་མཁར་བརྒྱད་དང་ཐོད་མཁར་བཞི། །རྩ་བའི་ཡིག་འབྲུ་བཅུ་གཉིས་དགོད། །རྩ་སྦུབས་ཉི་ཤུ་རྩ་གཅིག་ལ། །སྙིང་གཟེར་ཉི་ཤུ་རྩ་གཅིག་དགོད། །དྲག་སྔགས་འཁྲུལ་འཁོར་མེ་དབལ་མཚོན། །འཁོར་ལོ་མཚོན་ཆེན་མེ་དབལ་སྔགས། །དྲག་པོ་སྔགས་རྒོད་གདུག་པའི་མཚོན། །ཐོད་ཆེན་དྲིལ་ཕྲེང་དྲག་པོའི་སྟོབས། །ནམ་མཁའ་རིན་ཆེན་རྒྱ་མཚོ་ལས། །མཚོན་ཆ་ཁ་སྦྱོར་དུག་ཆུ་ངར། །སྔོན་དམར་བཅས་དང་ཕག་མོའི་ལྟོར། །དུག་ཁྲག་བསྐུས་ལ་ཐོད་པར་གཞུག །མི་རྐང་ལྕགས་ཁྲི་ཁ་ལ་བརྡེག །གསལ་གསུམ་དང་ལྡན་སུམ་སྟོང་བསྐུལ། །ཉ་སྟོང་མར་གྱི་ངོ་ལ་སྦྱར། །ཐ་ཆུང་བཞི་ལ་རབ་ཏུ་བརྡེག །ཞག་གསུམ་ཤིན་ཏུ་བརྩོན་པར་བཅའ། །དེ་ཉིད་དོང་བུར་ཐོད་པ་མནན། །མི་ལྡོག་གྱད་དང་དྲེགས་པ་བསྒོམ། །ཐོད་མཁར་སྟེང་དུ་གདུག་པའི་རྩང་། །ཉི་ཤུ་གཅིག་དབུས་མཆོག་ཕུར་བཏབ། །གང་གནོད་གཟུགས་བརྙན་སྙིང་གར་བརྡེག །རྒྱུན་དུ་དྲག་སྔགས་བརྒྱ་བརྒྱས་བསྲུང་། །ཨ་ཤཱ་བི་ལཱིའི་སྦྱོར་ཚུལ་ཅན། །སྙིང་པོ་ངང་དང་ཤུགས་ཀྱིས་གྲངས། །དུག་ལྔ་བརྐམ་ཆགས་རྩ་བ་གཅོད། །ཧ་ལ་ནག་པོ་ཞེན་ཆགས་འདྲེལ། །སྔགས་ཀྱི་རྒྱལ་པོ་ཀུན་འཇོམས་འདི། །དྲག་ལ་


DNG017_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

འདྲིལ་ཞིང་སྒྲ་སྤངས་པ། །སྒྲ་ནི་གཏུམ་ཞིང་ལྕེ་བར་གནས། །དྲག་པོ་གཏུམ་ཆེན་དྲེགས་པ་ཡི། །དྲག་སྔགས་མཚོན་ཆ་འདི་ལྟ་སྟེ། །ཨེ་ཀ་ཡ་མ་ཀ་དུན་ཛ་རཾ་རག་ཤ་རུ་ཐུཾ། ས་ནཱ་ག་སྙིང་གཟེར་ཛ།ས་ནཱ་ག་སྙིང་གཟེར་དུག་ཕྱུང་རྦད། ས་ནཱ་ག་སྙིང་གཟེར་རེར་ཙིཏྟ་རྦད། ས་ནཱ་ག་སྙིང་གཟེར་ཐུན་རྦད། ས་ནཱ་ག་སྙིང་གཟེར་དུན་རཾ་རྦད། ས་ནཱ་ག་སྙིང་གཟེར་ཡཾ་རཾ་ཐུན་རྦད། ས་ནཱ་ག་སྙིང་གཟེར་རཾ་ཐུན་རྦད། ས་ནཱ་ག་སྙིང་གཟེར་སྲོག་ལ་རྦད། ས་ནཱ་ག་སྙིང་གཟེར་ཙིཏྟ་མྱོག་རྦད། ས་ནཱ་ག་སྙིང་གཟེར་ཐུན་རིལ། ས་ནཱ་ག་སྙིང་གཟེར་རྩལ་རྦད། ས་ནཱ་ག་སྙིང་གཟེར་ནན་འདྲིད་རྦད།ས་ནཱ་ག་སྙིང་གཟེར་དྲེང་ཤག་རྦད། ས་ནཱ་ག་སྙིང་གཟེར་ཙིཏྟ་ཁས་རྦད། ས་ནཱ་ག་སྙིང་གཟེར་ཁྲག་ཐིབས་རྦད། ས་ནཱ་ག་སྙིང་གཟེར་སྦུར་ནན་རྦད། ས་ནཱ་ག་སྙིང་གཟེར་ཧི་ནན་རྦད། ས་ནཱ་ག་སྙིང་གཟེར་ཨུ་ནན་རྦད། ས་ནཱ་ག་སྙིང་གཟེར་ཨེ་ནན་རྦད། ས་ནཱ་ག་སྙིང་གཟེར་སྲོག་ལ་དུན་དུན་རྦད། ས་ནཱ་ག་སྙིང་གཟེར་སྲོག་ལ་དུན་དུན་ཤག་རྦད། ས་ནཱ་ག་སྙིང་གཟེར་ཙིཏྟ་ཙིཏྟ་རུ་ཐུཾ་ཤག་རྦད། རིགས་བཞི་རྒྱུད་ལ་ཞེན་པ་དང་། །བ་སོ་ཁ་འཁོར་གདུག་པ་ཀུན། །བརྐམ་ཆགས་ལས་ཀྱི་དུག་ཞུགས་ན། །དྲག་པོ་སྔགས་ཀྱིས་འཇོམས་ཤིང་འབྱིན། །གདུག་པ་ལ་སོགས་འཇོམས་པར་བཤད། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་སྙིང་གཟེར་དགུ་པའི་སྦྱོར་བ་འདི་གསུངས་སོ། །སྙིང་པོ་རྩ་བའི་མན་ངག་བཅུད། །གསང་ཆེན་རྩ་བ་དྲིལ་བའི་ལས། །དྲག་པོ་མངོན་ཕྱུང་སྦྱོར་བའི་བཅུད། །སྙིང་གཟེར་གདུག་པས་ཐམས་ཅད་འཇོམས། །ཤི་ཕྲད་སྔགས་ཀྱི་འཁོར་ལོ་ཡིས། །བདག་སྐྱོབ་གཞན་བསྲུང་གདུག་པ་འཇོམས། །མ་མོ་བདུད་མོ་རྒྱལ་པོ་བཙན། །ཀླུ་གཉན་ས་བདག་ཐེའུ་རང་གྲི། །མ་ལུས་འཇོམས་བྱེད་རྒོད་ཀྱི་སྔགས། །བྷི་ལའི་ཁོང་འདུས་ཁོང་དྲེགས་ཅན། །བྷར་བྷ་ནག་པོ་ཡ་མའི་ཀློང་། །ཁྱད་པར་སྦྱོར་བ་འདི་ལྟ་སྟེ། །དུར་ཁྲོད་རོ་རས་ཞིང་རས་ལ། །མུ་ཁྱུད་ལྔ་ལྡན་རུས་སྦལ་ལྟོར། །དུག་ཁྲག་སྣ་ཚོགས་སྦྱར་ཏེ་བྲི། །གྲུ་གསུམ་འཁྲུལ་མིག་ཐོད་མཁར་བཞིར། །དེ་འོག་ལྕགས་མཁར་བང་རིམ་བརྒྱད། །ཡང་ལོགས་གནས་པའི་རྩ་སྦུབས་དགུ། །ཕྱི་རིམ་རྩིབས་ཆེན་བཅུ་དྲུག་འབོས། །


DNG017_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་པོ་སྔགས་ཀྱི་འཁྲུལ་འཁོར་བཅའ། །དེ་ལ་དགོད་ཅིང་གནས་པ་ནི། །དབུས་སུ་གདུག་པའི་སྙིང་པོ་མིང་། །ཟླ་ཁམ་མ་མོ་རྒྱལ་པོ་བཙན། །ཐེ་བྲང་གཤིན་རྔོག་སྙིང་པོ་མིང་། །ཐོད་མཁར་འདྲེན་པའི་སྟོབས་ཀྱིས་འབྲུ། །ཕྱི་རིམ་ལྕགས་མཁར་དྲེགས་པ་བརྒྱད། །ཡང་ལོགས་རྩ་སྦུབས་སྙིང་གཟེར་དགུ། །ཕྱི་རིམ་མཚོན་ཆ་ཀུན་འཇོམས་དགོད། །ཁ་སྦྱར་སྦྱོར་བ་ཀུན་ལྡན་དང་། །གསལ་གསུམ་ཞག་བདུན་བྲབ་ཅིང་གཟིར། །བཟློག་ཅིང་འབྱིན་པ་ཤུགས་ཀྱི་མཆོག །གཅོད་ཅིང་འབྱིན་པ་སྤུ་གྲི་མཚོན། །བསྲེག་ཅིང་གཡེང་བས་མེ་ཆུ་རླུང་། །སྡུད་ཅིང་འཆང་བས་ས་ཡི་མཁར། །གཟིར་ཞིང་མནན་པས་ཐོག་ཆེན་ས། །རྩ་བར་བཅས་པ་མཚོན་ལ་མེ། །རྩ་བ་གཅིག་ལ་ཡལ་ག་སྟོང་། །འབར་བ་ནག་པོ་ཞེ་སྡང་མཆོག །སྔགས་ཀྱི་རྒྱལ་པོ་དུག་ངར་བཅས། །འབར་བ་དུག་གི་དུམ་བུར་བསྡུས། །བདུད་ནག་རག་ཤཱ་ཡ་མའི་ཀློང་། །ཨེ་ཀཱ་ཕོ་བྲང་ཐོད་པའི་གནས། །འཁྲུལ་འཁོར་དང་བཅས་རེ་བས་གྲིལ། །ཧོམ་ཁུང་བསྡུས་ལ་སྟོང་སྟོང་བཟླས། །གསལ་བ་ཁྱབ་པར་སྟོབས་ཀྱི་ལྷ། །རྫས་དང་ལྟ་བ་སྦྱོར་བའི་སྡེབས། །འདུན་པ་མཆོག་ལྡན་ཡིན་པ་བརྟག །དབང་བཅས་བགྲོད་པ་གོ་མཚོན་མཆོག །རིགས་ལ་རྒྱུན་དུ་སྟོང་སྟོང་གཟུག །ཉ་སྟོང་སྦྱོར་བ་དྲག་པོ་བརྩམ། །ཐུན་མོང་བསྲུང་བ་སྦྱོར་བ་བརྒྱ། །མངོན་ཞུགས་སྦྱོར་བ་དྲག་པོ་ཉིད། །གསད་པའི་སྦྱོར་བ་སྤུ་གྲི་དང་། །དྲག་པོ་རྩ་བ་བཅུ་གཉིས་བསྡེབ། །དམིགས་པའི་མིང་རུས་ཁམས་སྦྱར་ལ། །གང་གནོད་ཞེན་པ་སྟབས་ལ་གཏད། །མཁའ་འགྲོའི་གཟས་ཁ་དགྲ་ལ་འཕོ། །དྲག་པོ་ཐོག་གཟེར་སྦྱར་བའི་མཆོག །གསེར་གྱི་དགུ་ཐོག་གནམ་ལྕགས་ཐོག །རི་རྒྱལ་སྦལ་ཆེན་སྤུ་གྲི་མེ། །དྲག་སྔགས་སྦྱོར་བ་གཉིས་སུ་བསྟན། །ཨེ་ཀ་ཧེ་དུན་ཡ་མ་རཀྴ་ཀ་དུན་ཛཱ་རཾ།ས་ནཱ་ག་མ་ཏྲག་སྙིང་གཟེར་རྦད། ས་ནཱ་ག་ཙ་ཏྲི་སྙིང་གཟེར་རྦད། ས་ནཱ་ག་དུ་མ་སྙིང་གཟེར་རྦད། ས་ནཱ་ག་ཀྵེ་ཏྲི་སྙིང་གཟེར་རྦད། ས་ནཱ་ག་དུག་ཕྱུང་སྙིང་གཟེར་རྦད། ས་ནཱ་ག་ཁམ་ཤག་སྙིང་གཟེར་རྦད། ས་ནཱ་ག་སྲོག་ཏིག་སྙིང་གཟེར་རྦད། ས་ནཱ་ག་ཐུཾ་རིལ་སྙིང་གཟེར་རྦད། ས་ནཱ་ག་སྙིང་གཟེར་སྦུར་ནན་རྦད། སརྦ་ཨུ་ནན་ཁམ་ཤག་གཟེར་ཐུཾ་མ་ཙིཏྟ་ཕྲེང་


DNG017_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

ཤག་སྙིང་གཟེར་སྦུར་ནཱན། ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ། དགྲ་བོའི་སྲོག་ལ་སྙིང་གཟེར་རྦད། དགྲ་བོའི་སྲོག་ལ་ཨུ་ནན། ཁཾ་ཤག་གཟེར་ཐུན་ཙིཏྟ་དྲེང་ཤག་སྙིང་གཟེར་སྦུར་ནན། དགྲ་བོའི་སྲོག་ལ་ཐུན་མུགས་ཐིབས་བྷྱོ། སྙིང་གཟེར་དགུ་པའི་མཚོན་ཆ་ཡིས། །དམིགས་པ་གང་ཡིན་མི་འཆོར་གཅོད། །བརྡ་དང་སྙིང་པོ་འཕོ་ཞིང་སྦྱོར། །ཤི་ཕྲད་དྲག་པོས་གཟིར་ཞིང་གནན། །སྦྱོར་བ་གཞན་ཚོགས་ཅི་རིགས་སྦྱར། །དྲག་པོ་མེ་དབལ་གཅོད་པའི་མཚོན། །བརྣག་པའི་ཙིཏྟའམ་སི་ར་ལ། །རང་གཅོད་སྦྱོར་བའི་རྒྱལ་པོ་འདིས། །དོན་གཉིས་མངོན་དུ་བྱེད་པ་ཡིན། །དྲག་སྔགས་མངོན་དུ་ཕྱུང་བའི་རྒྱུད་ལས། ཁྱད་པར་སྦྱོར་བའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་གསང་བའི་སྦྱོར་བ་འདི་གསུངས་སོ། །དྲག་པོ་གསང་བའི་སྦྱོར་བ་ལས། །རྩ་བ་གཉིས་སུ་ཤེས་པར་བྱ། །གསད་པ་དང་ནི་སྲུང་བའོ། །གསང་བའི་སྦྱོར་བ་རྣམ་པ་གཉིས། །བསམ་གཏན་རང་རྒྱུད་ལྟོ་སྦྱོར་གཉིས། །དེ་བཞིན་གསོ་བ་བཞི་གཉིས་ལྡན། །བཤིག་དང་བྱད་དགྲོལ་ཟུག་པ་དབྱུང་། །ཞེན་པ་བཟློག་དང་གསང་ལམ་དགག །དུག་མདའ་ཁོང་ནས་དབྱུང་བའོ། །གསད་པའི་སྦྱོར་བ་འདི་ལྟ་སྟེ། །ཙིཏྟ་འོད་ཀྱི་ཕོ་བྲང་ནས། །དྭངས་མ་བཞི་དང་སི་ར་བརྒྱད། །མདུད་པ་བཞི་བརྒྱད་སུལ་བཞིར་གནས། །ཙིཏྟ་ཕྱི་ནང་ནང་ཁྲོལ་དང་། །ཕྱི་ཡི་ལྷུ་ཚིགས་སྒོ་དགུ་རུས། །དབང་པོ་སྔགས་ཀྱི་སྤྱོད་ཡུལ་བརྟག །དྭངས་མ་བཞི་ཡི་སྦུབས་དག་ལ། །འབྱུང་བས་བསྐྱེད་པའི་ཡི་གེ་གནས། །མདུད་པ་བཞི་ཡི་འདྲེལ་ཆེན་ལ། །གཅོད་པ་སྤུ་གྲི་རྣོ་དབལ་གནས། །སི་ར་ཕྲ་མོ་བརྒྱད་སྦུབས་ན། །ཁྱད་པར་སྦྱོར་བའི་སྔགས་བརྒྱད་གནས། །མདུད་པ་བརྒྱད་དང་བཅུ་གཉིས་ན། །ཁྲག་དང་བག་ཆགས་ཡི་གེ་གནས། །ནང་ཁྲོལ་ལྔ་དང་སྒོ་དགུ་ན། །ཟོར་ཐུན་སྐྱོང་བའི་སྤུ་གྲི་གནས། །རྩ་བཞི་དྭངས་མའི་མཚམས་བཞི་ན། །སྲོག་བཞི་ལོ་ཐོག་འཇོམས་པ་གནས། །བསྐུལ་གྱིན་གཅོད་པ་རང་


DNG017_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་དེ། །མི་འགྱུར་བ་ཡི་སྦྱོར་བ་ཡིན། །དབུགས་ཀྱི་རྟས་བསྐྱོད་ཡུལ་ལ་འཕང་། །བསྲུང་བ་ལ་སོགས་ཀུན་གྲངས་ན། །ཙིཏྟའི་གནས་ན་དྭངས་སྙིགས་འདོན། །དབང་པོ་སྲོག་གི་ཐིག་ལེར་གནས། །རྟེན་ལ་ཐོད་པར་སྙིང་པོ་བསྡུ། །དྲག་སྔགས་སྦྱོར་བ་འདི་ལྟ་སྟེ། །ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ། དགྲ་བོའི་སྲོག་ལ་ནྲྀ་ཛ་ཧུར་ཐུམས་ཤག་རྦད། དགྲ་བོའི་སྲོག་ལ་མཱ་ར་ཡ་ཁཾ་ཤག་ཛ་ཐུཾ་རྦད། དགྲ་བོའི་སྲོག་རཾ་ཡཾ་ཧུར་སྟམ་བྷ་ཡ་ནན།ལས་འདི་མི་འགྱུར་བསྟན་པས་ན། །བསམ་གཏན་ཡེ་ཤེས་འོད་འཕྲོས་པས། །དམན་པ་གདུག་པའི་རྒྱུད་བསྐུལ་ནས། །དམན་པའི་ཡི་གེ་རྩ་སྲོག་གཅོད། །དྭངས་མ་སྡུད་ནས་དབང་པོ་འཕོ། །མནན་པ་ནམ་མཁའི་ཁམས་དང་སྦྱར། །དེ་ནས་བཅོམ་ལྡན་འདས་ཀྱིས་དྲག་པོ་སྟོབས་ཀྱི་སྦྱོར་བ་འདི་གསུངས་སོ། །སྔགས་དང་འཁོར་ལོ་མན་ངག་སྡེབས་པའི་ལས། །དུར་ཁྲོད་རྒྱུ་ལ་སྨེ་བས་ཐང་པ་བྱ། །དབུས་ནས་གྲངས་ལ་ཐིག་སྐོར་ལྔ་རུ་བསྐོར། །ཕྱོགས་བཞི་ཚངས་པའི་ཐིག་བཞི་རྒྱ་གྲམ་གདབ། །དབུས་སུ་གྲུ་གསུམ་འཁྲུལ་མིག་བཞི་དང་མཚམས། །དེ་ཡི་ཕྱི་རིམ་འཁྲུལ་མིག་བཞི་དང་མཚམས། །དེ་ཡི་ཕྱི་རིམ་འཁྲུལ་མིག་བཞི་གཉིས་ལྡན། །ལྕགས་མཁར་བར་ཁྱམས་གཤེད་བཞིའི་ཁང་པ་ཡིན། །དེ་ཡི་ཕྱི་རིམ་མུ་ཁྱུད་ཟླུམ་པོ་ལ། །སྟོབས་དང་ལྡན་པའི་སྦྱོར་བ་འཇོམས་པའི་གནས། །ཡང་ལོགས་ཆུ་ཡི་ཁང་པ་མུ་ཁྱུད་ཟླུམ་པོ་ལ། །ཁྱམས་ཁང་གནས་སུ་བསྒྲུབ་པའི་སྙིང་པོ་རྫོགས། །ཐ་མའི་འཁྲུལ་མིག་དྲག་པོ་བཅུ་གཉིས་ལ། །མཚོན་ཆའི་རྒྱལ་པོ་རླུང་རི་སྐྱིན་ཐང་གནས། །མྱོས་པ་སྟོབས་འདྲེལ་རྣོ་དབལ་ཁ་སྦྱོར་ཡིན། །དེ་ལ་དགོད་ཅིང་གནས་པའི་རིམ་པ་ནི། །དབུས་དང་མཚམས་ཀྱི་གསང་མཛོད་གྲུ་གསུམ་ལྔར། །བླ་སེམས་ཆགས་པའི་སྙིང་པོ་མིང་རུས་བྲི། །ལྕགས་མཁར་བཞི་ལ་འདྲེན་པའི་འབྲུ་བཞི་དགོད། །དེ་ཡི་ཕྱི་རིམ་ལྕགས་མཁར་བརྒྱད་པོ་ལ། །རྩ་བའི་དྲག་སྔགས་འབྲུ་བརྒྱད་གནས་པ་དགོད། །དེ་ཡི་ཕྱི་རིམ་མུ་ཁྱུད་ཟླུམ་པོ་ལ། །ཐམས་ཅད་གཟིར་དང་བཤིག་པའི་སྤུ་གྲི་དགོད། །ཡང་ལོགས་ཁང་པ་མུ་ཁྱུད་ཟླུམ་པོ་ལ། །གང་བསྒྲུབ་


DNG017_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་རྦད་བསད་པའི་སྔགས་རྣམས་དགོད། །ཐ་མ་དྲག་པོ་འཁྲུལ་མིག་ཉི་ཤུ་ལ། །དབུགས་དང་ཐུན་བརྡེག་གསད་དང་མནན་པའོ། །དྲག་པོ་སྐབས་དང་སྦྱར་བའི་སྤུ་གྲི་དྲག་པོ་དགོད། །ཞིང་བཅུ་མ་ལུས་གཏན་ནས་བསྲེག་ཅིང་འཕོ། །འཁྲུལ་མིག་ཉི་ཤུ་རྩ་གཉིས་མཐར། །དྲག་པོ་ཁྱམས་ཁང་མཆོག་གི་གནས། །དེ་ཡིས་ཐམས་ཅད་འཇོམས་ཤིང་འཕོ། །འཁོར་ལོ་ལྟོ་སྡེབས་མེ་དང་རླུང་། །སྤུ་གྲི་མཚོན་ཆེན་གཅོད་དང་འབིགས། །སྲུང་དང་སྐྱོབ་པ་ཀུན་བྱེད་པའོ། །ངར་སྐྱོབ་ལྡན་པའི་འཁོར་ལོ་ལ། །དུག་ཁྲག་ངར་བླུད་ཁ་སྦྱོར་བཅའ། །གའུ་དང་བཅས་དྲག་པོའི་གནས། །འཁྲུལ་འཁོར་དྲག་པོ་གསང་བའི་སྟོབས། །སྟོབས་ཆེན་ཚེ་བདག་ཙིཏྟ་ལ། །སྙིང་པོ་དྭངས་མ་སྒྲ་རུ་གནས། །རྩ་བའི་དྲག་སྔགས་སྐབས་དང་སྦྱར། །ཕྱི་རིམ་གང་བསྒྲུབ་བསྙེན་དང་རྦད། །གསད་པ་ལ་སོགས་སྐབས་ཀྱིས་སྦྱར། །འོད་ཀྱི་གོང་བུར་གསལ་བར་བསྒོམ། །མན་ངག་གསང་བ་ཐུགས་ཀྱི་བསྡེབ། །ཞལ་གྱི་དམོད་པ་བཟླས་པའི་ཚུལ། །ཨེ་ནས་དྲངས་ལ་སྤུ་གྲིར་བསྒྱུར། །གང་བསྒྲུབ་བསྙེན་པ་སྦྱར་ལ་དགུག །སྤྱན་དྲང་ལ་སོགས་གཞུང་དང་སྦྱར། །རྦད་པ་དེ་བཞིན་སྟེང་དུ་བསྡེབ། །དེ་བཞིན་དྲག་པོ་ཐུགས་ཀ་ལ། །སྤུ་གྲི་དང་བཅས་སྔ་མ་བཞིན། །འདོད་པའི་མིང་བཅས་མཚམས་སུ་བསྡེབ། །རྣོ་དབལ་སྤུ་གྲི་ཁ་སྦྱོར་ཡིན། །དམོད་པ་ངག་གི་སྔགས་རྣམས་བསྡེབ། །མནན་པ་ལ་སོགས་གཉན་ས་རུ། །ལས་ཚུལ་གཞན་དང་འདྲ་བར་བརྟག །སྔགས་རྣམས་གང་འདོད་སྐབས་དང་སྦྱར། །མན་ངག་ལྟོ་བསྡེབ་དྲག་པོ་ཡིན། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བསྲུང་བ་ཐམས་ཅད་ཀྱི་མཆོག་ཏུ་བཤིག་པའི་སྦྱོར་བ་འདི་གསུངས་སོ། །དྲག་པོ་མངོན་ཕྱུང་སྦྱོར་བའི་མཆོག །གསང་ཆེན་རྩ་བར་དྲིལ་བའི་ལས། །དམོད་པའི་མཚོན་ཆ་འདི་ལྟ་སྟེ། །དུར་ཁྲོད་ཤིང་རས་ཤོག་བུ་ལ། །མུ་ཁྱུད་རིམ་པ་བཞི་དང་ལྡན། །རླུང་རི་ལས་ཀྱི་འཁྲུལ་མིག་ལ། །དབུས་སུ་ལྕགས་མཁར་འཁྲུལ་མིག་བཞི། །མཚམས་བཞིར་རྡོ་རྗེའི་ཀ་བར་ལྡན། །


DNG017_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་རིམ་ལྕགས་མཁར་འཁྲུལ་མིག་བརྒྱད། །ཞིང་གི་ཀ་བས་མཚམས་བརྒྱད་འདེགས། །ཡང་ལོགས་མཚོན་ཆ་རྩིབས་བཅུ་གཉིས། །ལས་ཀྱི་མེ་རི་འབར་བའི་ཚུལ། །མཚོན་ཆ་ཁང་པ་དེ་དག་ལ། །གནས་ཤིང་དགོད་པའི་རིམ་པ་ནི། །དབུས་ནས་བརྣག་པའི་སྙིང་པོ་མིང་། །ཟླ་གམ་དེ་བཞིན་རྫོགས་པར་བྲི། །ལྕགས་མཁར་བཞི་ཡི་ཁང་པ་རུ། །སྲོག་དང་ལས་སྡུད་དགྱེས་དང་བདུད། །འབྲུ་བཞིའི་སྦྱོར་བ་ཀུན་གྱི་མཆོག །ཁོང་འཁྱུད་ལྕགས་མཁར་བརྒྱད་པོ་ལ། །གཤིན་རྗེ་མ་མོའི་སྙིང་པོ་གཉིས། །མཁའ་ལྡིང་དྲེགས་པའི་སྙིང་པོ་གཉིས། །སྲེག་བྱེད་མ་དང་སྡུད་བྱེད་གཉིས། །རུས་སྦལ་ཡ་མའི་སྙིང་པོ་གཉིས། །ལྕགས་མཁར་བང་རིམ་རེ་ལ་དགོད། །མཚོན་ཆའི་ཁང་པ་བཅུ་གཉིས་ལ། །དུག་ལྔའི་སྦྱོར་བ་བཤིག་པ་ཡི། །དྲག་པོ་སྤུ་གྲི་མཚོན་ཆ་དགོད། །མེ་ལ་སྙིང་པོ་སྤོར་བ་དགོད། །འཁྲུལ་འཁོར་མཚོན་ཆ་མེ་དབལ་སྔགས། །སྦྱོར་བའི་རྒྱལ་པོ་ཀུན་འཇོམས་འདི། །མེ་རླུང་ལས་ཀྱི་མཚོན་ཆ་དགོད། །རྫས་རྣམས་བསྐུས་ལ་ཁ་སྦྱར་དྲིལ། །དུར་མར་བཅུག་ལ་རེ་བས་གྲིལ། །རྩང་བཅས་གྲུ་གསུམ་སྐྱེར་བའི་སྟན། །ཞིང་ལྤགས་སྟེང་ནས་དྲག་པོས་གདབ། །ལྷ་བསྒོམ་སྔགས་བཟླས་ཐུན་བྲབ་བརྡེག །དྲག་ཏུ་བསྐུལ་གྱིན་ཡུལ་ལ་རྦད། །བདུན་ནམ་ལྔ་རུ་ཉ་སྟོང་ཙམ། །སྦྱོར་བ་ཐོན་ནས་འཁྲུལ་འཁོར་དྲིལ། །ཚེས་གཅིག་དག་དང་བཅུ་དྲུག་ལ། །སྤོགས་པ་མེད་པ་གནན་པར་བྱ། །ཞི་ཁྲོ་ཕུར་པ་གཤིན་རྗེ་རྣམས། །འཁོར་ལོ་རུས་སྦལ་ཐོད་ཆེན་གཞུག །དཀྱིལ་འཁོར་ཆེན་པོའི་འོག་ཏུ་གནན། །མཁའ་ལྡིང་དྲེགས་པ་ཀླུ་རྒྱལ་རྣམས། །འཁོར་ལོ་ཚེ་བདག་ལྟོ་བར་གཞུག །འབྲོང་ཆེན་ཐོད་པར་རོ་ཁུང་གནན། །མ་མོ་བདུད་མོ་སྲིན་མོ་རྣམས། །འཁྲུལ་འཁོར་ཉན་ཐོས་ཐོད་པར་གཞུག །བཀའ་རྟེན་བྱིན་ཆེན་འོག་ཏུ་གནན། །བདུད་དང་མུ་སྟེགས་མགོན་པོ་རྣམས། །འཁྲུལ་འཁོར་གཡག་རུ་གཡས་པར་གཞུག །རོ་ཁང་སྒོ་སྲུང་འོག་ཏུ་གནན། །རྒྱལ་པོ་དགེ་བསྙེན་དཀོར་སྲུང་རྣམས། །འཁྲུལ་འཁོར་སྤྱང་ཀིའི་ཐོད་པར་གཞུག །ཁྱི་ཚང་ལམ་གྱི་བཞི་མདོར་གནན། །བཙན་


DNG017_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྲོག་བདག་གྲི་བོ་རྣམས། །ཤ་རུ་སྤྱང་ཐོད་གོང་གསུམ་མནན། །ཀླུ་བདུད་དམ་བདུད་ཕུག་བདག་རྣམས། །བོན་པོའི་ཐོད་པར་ལྷ་ཁང་གནན། །ཐེའུ་རང་ཆགས་འགོང་གཤིན་འགོང་གནན། །གླང་རུར་བཅུག་ལ་ལམ་མདོར་གནན། །ས་བདག་ཀླུ་གཉན་མཛེ་འདྲེ་རྣམས། །འཁོར་ལོ་ཕག་མོའི་ཐོད་པར་གཞུག །ཕག་ཐོད་བཀའ་རྟེན་འོག་ཏུ་གནན། །བོན་པོ་རིགས་གཉིས་འཛིན་པ་རྣམས། །ཁྱི་ཐོད་བཅུག་ལ་ཁྱི་ཚང་གནན། །སྲི་གནོན་ཆུང་ཐོད་ཐེམ་འོག་གནན། །ཏིང་འཛིན་སྦྱོར་བ་བདག་དབང་བསྡུ། །ས་ཡི་སྦྱོར་བ་གནན་པའོ། །དྲག་སྔགས་མེ་རླུང་མཚོན་ཆའོ། །སརྦ་ཤ་ཏྲུཾ་ཧུར་ཐུཾ་ཡཾ་ཤག་ནན་གཟིར་རྦད་བྷྱོ།བར་སྣང་ནམ་མཁའ་མཆོད་རྟེན་རྟེན། །འཁྲུལ་འཁོར་མེ་རླུང་ཀུན་འཇོམས་ཡིན། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱད་དགྲོལ་བའི་སྦྱོར་བ་འདི་གསུངས་སོ། །དྲག་པོ་རྣལ་མ་བཙན་ཐབས་དགྲོལ་བའི་ལས། །དྲག་པོ་བྱད་དགྲོལ་ལས་ཀྱི་རིམ་པ་འདི། །དྲག་པོ་ཧོམ་གྱི་འཁོར་ལོ་མཎྜལ་ས་ལ་བྱ། །འབྱུང་བ་རྟེན་གྱི་འཁོར་ལོ་བར་སྣང་རྟེན་ལ་བཅའ། །གཅོད་པ་སྔགས་ཀྱི་འཁོར་ལོ་ཞིང་རས་རྒྱུ་ལ་བཅའ། །མཎྜལ་གྲུ་བཞི་ཁྲག་གིས་འཐས་པར་བྱུག །དབུས་སུ་གྲུ་གསུམ་ཁྲུ་གང་འདོམ་རེ་ལ། །ཁ་ཁྱེར་གསུམ་ལ་རྩང་བཅས་ཟླ་ཁམ་ཐོད་པས་བསྐོར། །དེ་ཡི་ཕྱི་རིམ་འཁོར་ལོ་རྩིབས་བཅུ་གཉིས། །ཐ་མ་ཐོད་ཕྲེང་མེ་རིས་དེ་བཞིན་བསྐོར། །དབུས་ཀྱི་གྲུ་གསུམ་གཟུགས་བརྙན་སྙིང་པོ་རཾ། །ཁ་ཁྱེར་གསུམ་ལ་གཟུགས་དང་མེ་རི་རྩང་། །གང་གནོད་གྲོགས་དང་བཅས་པ་རྫོགས་པར་བྲི། །འཁོར་ལོ་དྲག་སྔགས་བྲིས་ལ་དགོད། །གྲུ་ཆད་བཞི་ལ་དྲག་པོའི་རྫས་རྣམས་དགོད། །ཧོམ་ཤིང་བཙུག་ལ་མཐིང་ནག་དར་གྱིས་དགབ། །དྲག་པོ་བྱད་དགྲོལ་བ་ཡི་འཁོར་ལོ་ཡིན། །འབྱུང་བ་སྟོབས་ཀྱི་འཁོར་ལོ་བཅའ་བ་ནི། །རྒྱ་ཤོག་རྒྱུ་ལ་སྨེ་བའི་རྫས་རྣམས་བསྐུ། །ཐིག་སྐོར་གསུམ་ལྡན་མུ་ཁྱུད་ཟླུམ་པོར་བྱ། །དབུས་སུ་རྒྱ་གྲམ་འཁྲུལ་མིག་བཅུ་གཉིས་ལྡན། །ཡང་ལོགས་བརྒྱད་གཉིས་རྩིབས་དང་


DNG017_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན། །ཐ་མ་གྲུ་གསུམ་དབྱིབས་ལ་གདུག་པའི་ར་བས་བསྡམ། །དེ་ལ་དགོད་ཅིང་གནས་པའི་རིམ་པ་ནི། །རྒྱ་གྲམ་དབུས་སུ་གནོད་བྱེད་མིང་གཟུགས་རཾ། །རྒྱ་གྲམ་ར་བཞིར་ཡཾ་དང་དེ་བཞིན་མིང་། །འཁྲུལ་མིག་བཅུ་གཉིས་རྩ་བ་དྲག་པོའི་སྔགས། །བཅུ་དྲུག་རྩིབས་ལ་བྱད་འགྲོལ་སྤུ་གྲི་མཚོན། །ཐིག་གཉིས་བར་དུ་མེ་རླུང་ཨ་མུ་ཀ །ཁ་སྦྱོར་བཅས་ལ་བར་སྣང་མཁའ་ལ་བརྡེག །ལྔ་རུ་གཟིར་ལ་མེ་སྦལ་ཐུན་གྱིས་གཟིར། །མྱོས་པས་བྲན་ལ་རྫས་བསྲེག་དམིགས་པ་བསྒྱུར། །གཙང་མས་བཀབ་ལ་སྔགས་ཀྱི་ཐུན་གྱིས་གཟིར། །དྲག་པོ་ཁྱད་པར་བྱད་དགྲོལ་གསང་བའོ། །རྣལ་མ་བཀྲོལ་ན་དུ་བ་ཕྱིང་པ་སྔགས་ཀྱིས་བྲབ། །ཐུན་བྲབ་བསྐུས་ལ་ཆ་ལུགས་རྒྱན་ཅིག་གསལ། །བཙན་ཐབས་དྲག་པོ་ཨེ་ཡི་གའུ་རུ། །དྲག་པོའི་རྫས་བསྲེག་བྲབ་ཅིང་བདུགས་ལ་བསྐུ། །ཕྱག་རྒྱ་བརྟན་པར་བསྐྱེད་ལ་ཀུན་འཇོམས་དྲག་པོ་བརྡེག །ལས་ཀྱི་རྒྱལ་པོ་བྱད་འགྲོལ་སྔགས་ཀྱི་རྒྱ། །དྲག་སྔགས་སྦྱོར་བ་འདི་ལྟ་སྟེ། །ཨེ་ཀ་ཡ་མ་ཀ་དུན་ཛ་རཾ་སད་ཀ་ར་ཡ། སརྦ་ཨུ་ནན་གཟེར་ཕྱུང་དུ་རཾ་ཏྲི་ཙ་སྦུར་ནན་སྲོག་ལ་ཧུར་ཡཾ་ཤག །ཡ་མ་ཏ་ར་ཙ་ས་ནཱ་ག་ཀྴི་ཏྲི་སརྦ་དུ་རཾ་ཡཾ་ཐུཾ་ཤག་ཕྱུང་། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཟུག་པ་དབྱུང་བའི་སྦྱོར་བ་འདི་གསུངས་སོ། །དུར་ཁྲོད་རས་ལ་འཁོར་ལོ་དྲག་པོ་བྲི། །ཐིག་སྐོར་རིམ་པ་གསུམ་དུ་བསྐོར། །དབུས་སུ་གནོད་བྱེད་མིང་དང་གཟུགས། །འཁྲུལ་མིག་བཅུ་གཉིས་དྲག་པོ་རྩ་བའི་སྔགས། །རྩིབས་ཆེན་བཅུ་གསུམ་སྤུ་གྲི་དྲག་པོ་དགོད། །ངར་བླུད་ཁ་སྦྱོར་ཐོད་པ་དོང་དུ་བཅའ། །དྲག་སྔགས་བརྡེག་པའི་དུས་སུ་གསལ་བ་གསུམ། །གང་དམིགས་ལུས་དང་གནས་ཁང་བསྐོར་ལ་བྲབ། །ཐོད་ཁྲག་ཐུན་ཐིམ་གར་དམིགས་ཟོར་དུ་འཕང་། །མཐའ་རུ་འཁོར་ལོ་སྒྲུབ་ཁང་སྟེང་དུ་བཅའ། །ཐ་ཆུང་མར་ངོར་དྲག་པོ་ལས་དེ་བརྩམ། །རྩ་བའི་སྔགས་དང་གང་འདོད་སྤུ་གྲིར་སྦྱོར། །སྔགས་ཀྱི་རྒྱལ་པོ་གསད་པ་འདི་ལྟ་སྟེ། །ཨེ་ཀ་ཡ་མ་ཀ་དུན་ཛ་རཾ་སད་ཀ་ར་ཡ། སརྦ་དུ་རཾ་དྲི་ཡཾ་འདྲིད་ཕྱུང་སྲོག་ལ་གཟིར་ནན་ཕྱུང་།


DNG017_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

ཟུག་པ་མ་ལུས་འབྱིན་པའི་སྦྱོར་བ་ཡིན། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཞེན་པ་བཟློག་པའི་སྦྱོར་བ་འདི་གསུངས་སོ། །དུར་ཁྲོད་རྒྱུ་ལ་འཁྲུལ་འཁོར་བཅའ། །ཐིག་སྐོར་གསུམ་ལྡན་དབུས་གྲུ་གསུམ། །དབུས་སུ་དྲག་སྔགས་གསང་མཛོད་མིང་། །ཕྱི་རིམ་རྩིབས་བཅུ་སྤུ་གྲི་སྦ། །ཕྱི་རིམ་འཁོར་ཡུག་བྷྱོ་དང་མིང་། །ཁ་སྦྱོར་ཐོད་ཆེན་ངར་ལྡན་བཟླས། །ཁྲག་དང་དུག་ཐུན་གང་དམིགས་བཟློག །འཁོར་ལོ་ཐུན་བརྡེག་ལམ་དུ་གཞུག །དབང་པོ་དྲིལ་ཞིང་སྔགས་ཆུས་བསྐུ། །བརྒྱ་ཡིས་རྫོགས་ནས་འཁོར་ལོ་གླང་རུང་གཞུག །ཟུར་ཐུན་མཐའ་རུ་བཀའ་རྟེན་འོག་ཏུ་གནན། །དྲག་པོ་སྔགས་ཀྱི་རིམ་པ་འདི་ལྟ་སྟེ། །ཨེ་ཀ་ཡ་ན་དུན་ཛ་རཾ་སད་ཀ་ར་ཡ། སརྦ་ཤ་ཏྲུཾ་ཨེ་ནན་ཡཾ་འདྲིད་བྷྱོ། མེ་རླུང་སྟོབས་ཀྱི་འཁོར་ལོས་བཟློག་པའོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་གསང་ལམ་དགག་པའི་སྦྱོར་བ་འདི་གསུངས་སོ། །དྲག་པོ་ལས་ཀྱི་སྦྱོར་བ་འདི། །འཁོར་ལོ་མུ་ཁྱུད་བཞི་རུ་བསྐོར། །དབུས་སུ་ཕོ་བྲང་ཟླུམ་པོ་སྙིང་པོ་འབྲུ་དྲུག་དགོད། །ཕྱི་རིམ་འཁྲུལ་མིག་བཅུ་གཉིས་རྩ་བའི་དྲག་སྔགས་དགོད། །ཡང་ལོགས་བཅུ་གཉིས་རྩིབས་ལ་གསང་ལམ་དྲག་སྔགས་དགོད། །རྩིབས་ཆེན་གང་གནོད་མིང་དང་སྦྱར། །འཁོར་ལོ་དྲིལ་ལ་འབྲང་ཆེན་རྭ་རུ་གཞུག །ཁྲི་བརྒྱད་བཟླས་ལ་ལམ་སྲང་ཐེམ་འོག་གནན། །རྒྱུན་དུ་བརྒྱ་བརྒྱ་དུས་དྲུག་ནང་མར་སྤྱད། །དྲག་སྔགས་སྦྱོར་བ་འདི་ལྟ་སྟེ། །ཨེ་ཀ་ཡ་མ་ཀ་དུན་ཛ་རཾ་ས་ད་ཀ་ར་ཡ། མན་ཏྲ་དུམ་མ་ཧཱ་ར་ག་དུ་རཾ་ཐུཾ་ལི་རྦད།དྲག་པོ་གསང་ལམ་དགག་པ་ཡིན། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་སྔགས་ཀྱི་དུག་མདའ་ཁོང་ནས་དབྱུང་བ་འདི་གསུངས་སོ། །བཀྲ་མི་ཤིས་པའི་ཐོད་པ་དུར་མ་ལ། །སྤྱི་བོ་ནས་བརྩམས་མུ་ཁྱུད་བཞི་རུ་བསྐོར། །དབུས་སུ་གྲུ་གསུམ་གནོད་བྱེད་ཁྲག་གིས་བྲིས། །དེ་ཡི་ཕྱི་རིམ་འཁོར་ཡུག་གང་གནོད་སྔགས། །ཡང་ལོགས་གདུག་པ་སྦྲུལ་གྱིས་བསྐོར། །ཐ་མ་མེ་རི་ནང་དུ་བསྟན་པ་བྲི། །ཐོད་པ་གླིང་བཞི་པ་ལ་མུ་ཁྱུད་བཞི་རུ་བསྐོར། །དབུས་སུ་དྲེགས་པ་ལྔ་ཡི་སྙིང་པོ་བྲི། །


DNG017_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་རིམ་རྩིབས་བཞི་སྟོབས་ཀྱི་འབྲུ་བཞི་དགོད། །ཡང་ལོགས་རྩིབས་བརྒྱད་རྩ་བའི་དྲག་སྔགས་དགོད། །མཐའ་རྩིབས་བཅུ་དྲུག་མདའ་ཡི་སྤུ་གྲིས་མཛེས། །ཐོད་པ་ཁ་སྦྱར་དུག་སྣ་ཁྲག་སྣས་དགང་། །དྲག་སྔགས་ཁྲི་བདུན་དྲག་པོ་ཐུན་གྱིས་བསྐུལ། །ཕུར་པ་གཉིས་ཀྱིས་གཟུགས་ལ་གཟེར་དུ་དབབ། །སྔགས་ནི་དྲག་ལ་བར་མ་ཆད་པར་བཟླས། །ཐོད་པའི་འཁོར་ལོ་དུག་ཤིང་མེ་ལ་བདུག །མཐའ་རུ་མོན་ཐོད་ཀ་ལི་རཀྟས་དགང་། །གྲི་ཁྲག་དུག་ཆུ་ནམ་གྱི་གུང་ལ་འཕང་། །སྟེང་འོག་སྦྱོར་བ་དཀྱིལ་འཁོར་འོག་ཏུ་གནན། །གདུག་པ་ཐམས་ཅད་ཁོང་ནས་འབྱིན་པའི་སྔགས། །ཨེ་ཀ་ཡ་མ་ཀ་དུན་ཛ་རཾ་སད་ཀ་ར་ཡ། མནྟྲ་གྷུ་ཧྱ་སརྦ་དུཾ་ནན་འདྲིད་ཕྱུང་། དྲག་པོ་ཐོད་པ་མངོན་ཕྱུང་འདིས། །སྲུང་བ་ཀུན་གྱི་རྒྱལ་པོར་བསྔགས་པ་ཡིན། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་སྲུང་བ་ཐམས་ཅད་བསྟན་པ་འདི་གསུངས་སོ། །དྲག་པོ་སྲུང་བའི་མཐའ་སྡུད་དུ། །ཐམས་ཅད་གཟིར་ཞིང་སྲུང་བ་ཡི། །དྲག་པོ་ལས་ཀྱི་འཁྲུལ་འཁོར་བཅའ། །དུར་ཁྲོད་རྒྱུ་དང་སྦྱོར་བ་དབེན། །མར་གྱི་ངོ་ལ་བྲི་བ་བཅའ། །རང་ཡང་དྲེགས་པའི་སྐུ་རུ་གསལ། །གཞན་ཚོགས་དབང་སྡུད་ལས་ལ་མངག །འཁྲུལ་འཁོར་བང་མིག་ཉི་ཤུ་བརྒྱད། །གསང་མཛོད་མུན་ཁང་དབུས་དང་ལྔ། །མུ་ཁྱུད་འཁོར་ཡུག་བཞི་དང་བཅས། །དབུས་སུ་གྲུ་གསུམ་ལྕགས་མཁར་བཞི། །ཡང་ལོགས་བཞི་གཉིས་བཅུ་དྲུག་མཐའ། །སྲིད་གསུམ་འཆང་བའི་ལྟོ་བར་བཅའ། །ལྕགས་མཁར་རླུང་རི་ཆུན་འཁོར་བཅས། །གསང་མཛོད་མུན་ཁང་མེ་རླུང་འོབས། །མཚོན་ཆ་སྤུ་གྲི་ཐོག་ཆེན་གཟེར། །སྐྱི་འདང་ལས་ཀྱིས་སྡུད་ཅིང་མྱོས། །དེ་ལ་གནས་པའི་རིམ་པ་ནི། །དབུས་ཀྱི་ལྕགས་མཁར་གླིང་བཞི་ལ། །འདྲེན་པ་སྟོབས་ཀྱི་འབྲུ་བཞི་དགོད། །ཕྱི་རིམ་མཚོ་གླིང་ལྕགས་མཁར་བརྒྱད། །དྲག་པོ་རྩ་བའི་འབྲུ་བརྒྱད་དགོད། །ལྕགས་མཁར་བཅུ་དྲུག་དྲེགས་པའི་གནས། །མཚོན་ཆའི་རྒྱལ་པོ་སྤུ་གྲི་དགོད། །ཐམས་ཅད་བསྲེག་ཅིང་སྟོབས་ཀྱིས་གནན། །དྲག་ཏུ་སྦྱོར་བས་


DNG017_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

གདུག་རྩུབ་འབྱིན། །སྲོག་དབུགས་སྡུད་ཅིང་དྲག་པོར་གནོན། །རང་ངམ་སྲོག་ནས་གང་དམིགས་འདྲེན། །ནུས་པ་འདྲེལ་ཞིང་སྦྱོར་བ་གཅོད། །དེར་བཞག་སྟོབས་དང་སྤུ་གྲིའི་གནས། །མཚོན་ཆའི་ནུས་པ་སྟོབས་དཔག་མེད། །གསང་མཛོད་ལྔ་ལ་དམིགས་པའི་མིང་། །བསྡུས་ལ་ཁ་སྦྱར་བཞི་ཡིས་བརྡེག །དབེན་གནས་གསུམ་དུ་གཟིར་ཞིང་བསྐུལ། །དྲག་པོ་གནམ་ས་བར་སྣང་སྦྱར། །དྲག་སྔགས་སྦྱོར་བ་འདི་ལྟ་སྟེ། །ཨེ་ཀ་ཡ་མ་ཧེ་རག་ཤ་དུན་སད་ཀ་ར་ཡ། སརྦ་ཨི་ནན་འདྲིད་ཕྱུང་ཙིཏྟ་ཁཾ་ཤག་སྲོག་གཟིར་སྦུར་ནན་རྦད་ཡ། དྲག་པོ་བསྲུང་བ་ཀུན་གྱི་མཆོག །སྦྱོར་བ་ཐམས་ཅད་འདྲིལ་ཞིང་འགྲུབ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ལས་ཐམས་ཅད་ཀྱི་མཐར་རྗེས་གཅོད་ཀྱི་སྦྱིན་བསྲེག་འདི་གསུངས་སོ། །དྲག་པོའི་སྦྱོར་བ་སྲེག་པའི་ལས། །གང་གནོད་ས་ལ་མཎྜལ་ཁྲག་གིས་བྱུག །དབུས་སུ་གྲུ་གསུམ་ཁ་ཁྱེར་གསུམ་དང་ལྡན། །ཕྱི་ནང་ཆག་གང་མཛུབ་གང་དེ་བཞིན་འཕགས། །འཁྲུལ་མིག་བཅུ་གཉིས་རྩིབས་ཆེན་ཉི་ཤུ་གཉིས། །མུ་ཁྱུད་ཟླུམ་པོར་བྷནྡྷ་ལྔ་གཉིས་གཅིག །ཐ་མ་མེ་རི་རཾ་དང་བཅས་པའོ། །དེ་ལ་དགོད་ཅིང་གནས་པའི་རིམ་པ་ནི། །དབུས་སུ་གང་དམིགས་གཟུགས་ལ་ཁྲུ་གང་ཧོམ་ཤིང་གཟུག །ཁ་ཁྱེར་ཟླ་གམ་གཟུགས་བརྙན་མེ་རི་རྩང་། །འཁྲུལ་མིག་བཅུ་གཉིས་དྲག་པོ་རྩ་བའི་སྔགས། །ཡང་ལོགས་མཚོན་ཆ་སྤུ་གྲི་སྲེག་པའི་སྔགས། །མུ་ཁྱུད་བནྡྷར་སྦལ་སྦྲུལ་ཉ་ཡི་ཤ །ཤ་ཆེན་ཚ་བ་དུག་གི་རི་ལུ་བརྒྱ། །བྲུན་གསུམ་ཚིལ་གསུམ་དུག་ཆུ་འོ་མ་ཁྲག །སྔོ་སྣ་ཆང་དང་མར་ནག་བདུག་རྫས་དགོད། །ཞིང་རས་རྒྱུ་ལ་གོང་བཞིན་བྲིས་ལ་བསྐུལ། །བདུན་ནམ་དགུ་རུ་དམོད་སྔགས་བཟླས་ཤིང་བསྐུལ། །ཕོ་ཉས་མཚོན་བརྡེག་དྲག་པོའི་ལས་ལ་བསྟབ། །བསྐུལ་དང་དྲག་སྔགས་བཅུ་ཡིས་བསྲེག་རྫས་བསྟབ་ཅིང་དབུལ། །གང་དམིགས་བདུག་ལ་གཙང་མས་ཁྲུས་བྱས་དགབ། །ཐུན་རྗེས་ཤུལ་དུ་བརྣག་པའི་ཟོར་ཐུན་དབབ། །འཁོར་ལོ་ཐོད་པ་སེང་གེའི་ཁོག་པར་གནན། །


DNG017_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་ཆེན་པོ་ལུས་དབང་སྲུང་བའི་མཆོག །དྲག་སྔགས་བསྲེག་པའི་སྦྱོར་བ་འདི་ལྟ་སྟེ། །ཨེ་ཀ་ཧེ་དུན་ཡ་མ་རཀྴ་སད་ཀ་ཡ། ས་ནཱ་ག་དུ་རཾ་ཏྲི་ཙ་དུ་མེ་ཨུ་ནན། གཟེར་ཕྱུང་། སྲོག་ལ་ཧུར། ཙིཏྟ་དྲེང་ཤག་རམ། མྱོག་ཐུམས་རྦད། བག་མེད་སྦྱོར་བ་ཀུན་འཇོམས་ཡིན། །དྲག་སྔགས་ཡན་ལག་དུ་མ་ཀུན། །སྦྱོར་བ་གང་བརྩམས་གཅིག་གིས་འགྲུབ། །སྦྱོར་བ་བསྟུད་ལ་བརྩམ་ན་ཉེ། །ཡེ་ཤེས་ཐིག་ལེ་འོད་དང་སྦྱར། །དྲག་སྔགས་མངོན་དུ་ཕྱུང་བའི་རྒྱུད་ལས། གསང་བའི་སྦྱོར་བ་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཡང་གསང་མཆོག་གི་སྦྱོར་བ་འདི་གསུངས་སོ། །སྦྱོར་བའི་རྩ་བ་རྣམ་པ་གཉིས། །གསད་པ་མཆོག་དང་གསོ་བའི་ལས། །གསད་པའི་ལས་ནི་བཞི་གཉིས་ལྡན། །དེ་བཞིན་གསོ་བ་བཞི་རུ་བཀོད། །ཁྱད་པར་བཅུ་གཉིས་སྦྱོར་བའི་མཆོག །ལས་གསང་ཐབས་གསང་བགྲོད་པ་ཐོབ། །གསད་པ་སྔོན་འགྲོ་འདི་ལྟ་སྟེ། །བྱིན་ཆེན་བདེ་བའི་གནས་མཆོག་ཏུ། །གསང་བ་མཆོག་གི་སྦྱོར་བ་བརྩམས། །བྷི་ལའི་ཁོང་འདུས་ཁོང་དྲེག་ཅན། །ཧ་ལ་ནག་པོ་ཙ་མ་དཱི། །བེ་ག་ཏ་ཡི་འཇིག་རྟེན་ན། །ཡ་མ་རཀྴ་བདེ་བའི་ཀློང་། །སྒྱུ་མའི་ཕུང་པོ་གནས་སྦྱངས་ལ། །རིན་པོ་ཆེ་ཡི་རྒྱལ་སར་འདོན། །ཐུགས་ཀྱི་སྙིང་པོ་གཉིས་མེད་འཕང་། །གཞན་ཚོགས་ལྷར་བསྐྱེད་ཚོགས་ལ་རོལ། །བདག་དབང་བདེ་བ་ཐོབ་ཅིང་བགྲོད། །དེ་ཡི་སྦྱོར་བ་འདི་ལྟ་སྟེ། །འདུལ་ཁྲིམས་ཉམས་པའི་གོས་བླངས་ལ། །རྡོ་ཕྱེ་ལྕགས་ཕྱེ་ཟངས་ཕྱེ་དུག་ཆུ་བསྐུ། །ཆ་གཉིས་བྱས་ལ་ཐིག་གདབ་བརྩམས། །ཟིལ་གནོན་ཕྱག་རྒྱས་དཔང་གཟུག་བརྗིད། །དྲག་སྔགས་དམོད་པ་སྟོང་དང་སྦྱར། །ཐ་ཆུང་བཞི་ཡི་མར་ངོ་ལ། །ཉི་ཤུ་དྲུག་ནས་འཁྲུལ་འཁོར་བཅའ། །དབུས་ནས་ཐིག་སྐོར་བཞི་རུ་བསྐོར། །དབུས་ཀྱི་ཕོ་བྲང་བདེ་གནས་སུ། །སྐུ་ཡི་གཟུགས་བརྙན་བྲིས་ལ་མིང་། །ཟླ་གམ་གསུམ་ལ་སྲུང་བའི་ལྷ། །ཕྱི་རིམ་བཅུ་གཉིས་རྩ་བའི་སྔགས། །ཡང་ལོགས་འཁོར་ཡུག་འབོད་རྦད་གསད། །བྲི་དང་ཕྱི་ནང་གོང་མ་བཞིན། །ཐ་མའི་འཁྲུལ་མིག་བཅུ་དྲུག་ལ། །གསོད་ཅིང་གནོན་པའི་


DNG017_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

སྤུ་གྲི་དགོད། །སྲིད་པའི་རུས་སྦལ་ལྟོ་ན་གནས། །དུག་དང་ཁྲག་གིས་ངར་བླུད་ལ། །རྗེ་འམ་ཡུལ་སྲུང་ཐོད་པར་གཞུག །རྩང་བཅས་དོང་དུ་མཐིང་ནག་དགབ། །མི་དམིགས་ངང་ལས་ཡེ་ཤེས་ཀྱི། །རོལ་པའི་ཕྱག་རྒྱ་ཆེན་པོར་འཕོ། །དྲག་ཏུ་བསྐུལ་གྱིན་ཤུགས་ཀྱིས་དྲངས། །མཁའ་ཁྱབ་རྡོ་རྗེའི་སྦྱོར་བ་བསྡེབ། །དམོད་པའི་ལུས་ལ་སྤུ་གྲི་གདགས། །མིང་རུས་མི་སྦྱར་ཁམས་ལ་སྤྱད། །རྒྱ་མདུད་བརྩེགས་པའི་ལྟོ་རུ་གནན། །ཡང་ན་དཀྱིལ་འཁོར་ཆེན་པོ་ཡི། །འོག་ཏུ་བཀའ་ཡི་བྱིན་བསྡུས་ལ། །རིན་པོ་ཆེ་ཡི་ལྟོ་རུ་གནན། །བཤགས་དང་དགེ་བ་རྒྱུན་མི་འཆད། །མཚན་བཟང་དུས་དྲུག་རྒྱུན་མི་གཅད། །འབྱུང་བ་ལྔ་ཡི་མདངས་བསྡུས་ལ། །རིན་པོ་ཆེ་ཡི་རྒྱལ་སར་བརྟན། །རྒྱུ་ཡི་སྙིགས་མའི་སྲོག་བསྡུས་ལ། །དབུས་ཀྱི་འབུབ་གནས་གཟུགས་ལ་དབབ། །ས་དང་མེ་དང་ཆུ་དང་རླུང་། །ནམ་མཁའི་དབྱིངས་ཀྱི་ཁོངས་སུ་གཞུག །དམིགས་པ་དག་པའི་ཚད་མས་གདོན། །རིག་པའི་དྲག་སྔགས་འདི་ལྟ་སྟེ། །ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ། གུ་རུ་ནྲྀ་སྲོག་ལ་མྱོག་ཐུམ་རིལ་མཱ་ར་ཡ་རྦད། སྲོག་སྟྭཾ་བྷ་ཡ་གཟིར་ནན། སྲོག་ལ་ཐུཾ་རིལ་ཐུན་མྱོག་བྷྱོ། བགྲོད་པ་མེད་པའི་ཕྱག་རྒྱར་བསྟན། །སེང་གེ་ཁོག་བཤིག་སྦྱོར་བའི་མཆོག །གཞན་ཡང་དྲག་པོའི་སྦྱོར་བ་ནི། །དུར་ཁྲོད་གནས་ནས་དཔའ་བོ་ཡི། །ཞིང་སོགས་རས་དང་རྒྱུ་བླངས་ལ། །སྦྱོར་བ་གསུམ་དང་ལྡན་པར་བྱ། །དེ་ལ་གཅོད་པའི་འཁོར་ལོ་བྲི། །དབུས་ནས་ཐིག་སྐོར་ལྔ་རུ་བསྐོར། །དབུས་དང་འཁྲུལ་མིག་ལྕགས་མཁར་བཞི། །མཚམས་བཞིར་ཞིང་གི་ཀ་བ་བཞི། །ཡང་ལོགས་མིག་བརྒྱད་མཚམས་བརྒྱད་སྤྲུལ། །བཞི་པ་འཁོར་ཡུག་བསྲུང་བའི་གནས། །ཐ་མ་འཁྲུལ་མིག་ཉི་ཤུ་ལ། །གཅོད་ཅིང་གནན་པའི་ཡི་གེ་གནས། །དབུས་དང་ཟླ་ཁམ་བསྒྲུབ་བྱའི་གནས། །བཅུ་གཉིས་འཁྲུལ་མིག་རྩ་བའི་སྔགས། །འཁོར་ཡུག་ནང་དུ་བསྙེན་པའི་སྔགས། །བར་དུ་རྦད་སྔགས་བསད་སྔགས་མཐར། །ཕྱི་རུ་མགོ་བསྟན་བརྒྱ་


DNG017_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་བསྐུལ། །བསྙེན་པ་ཁྲི་ཡིས་བོས་ལ་གཟིར། །སྔགས་ནི་མེ་དབལ་འཁོར་ལོ་མཚོན། །འཁོར་ལོ་མེ་དབལ་མཚོན་ཆེན་གྱིས། །ཞིང་བཅུ་སྡིག་ཅན་བསྲེག་ཅིང་འཇོམས། །འཁྲུལ་མིག་རྩ་བ་ཉི་ཤུ་གཉིས། །གསང་མཛོད་མུན་ཁང་གནམ་ལྕགས་འབར། །རུས་སྦལ་ལྟོ་ན་མཚོན་ཆ་མེ། །འོད་ཀྱི་གོང་བུས་འཁྲུག་ཅིང་གསོད། །དྲག་པོ་སྔགས་ཀྱི་གཅོད་པའོ། །ཨེ་ཀ་ཧེ་དུན་ཡ་མ་ཙ་ཡ། ནྲྀ་སྲོག་ལ་དུན་རྨུགས་ས་མ་མྱོག་མཱ་ར་ཡ་རྦད། སྲོག་གཟིར་སྟྭཾ་བྷ་ཡ་ནན། སྲོག་ལ་བཾ་རིལ་ཐུན་བྷྱོ། སྔགས་ཀྱི་འོད་དང་འབར་བའི་མེ། །གདུག་པ་རང་གཤེད་རང་ལ་འབེབས། །མཚོན་ཆ་ངར་བླུད་མེ་ལ་བདུག །ཁྲི་བཞིས་སྦྱོར་བས་དྲིལ་ལ་འཕང་། །ཐོན་ནས་སྟག་གི་འཛུམ་པར་གནན། །དྲག་པོ་རྡོ་རྗེ་དམེ་ཐབས་ཡིན། །གཞན་ཡང་གསད་པ་དྲག་པོ་ལས། །ཤོག་གུ་གྲུ་བཞི་མཛུབ་གང་ལ། །སྨེ་བ་ལྔ་ཡིས་ཐང་པ་བྱ། །ནི་རང་སུ་ཡིས་སྐྱ་བཅད་ལ། །ཐིག་སྐོར་མུ་ཁྱུད་རིམ་པ་བཞི། །གྲུ་གསུམ་མིང་རུས་ཟླ་ཁམ་ལྷ། །འཁྲུལ་མིག་བཅུ་གཉིས་རྩ་བའི་སྔགས། །མུ་ཁྱུད་ཟླུམ་པོར་འབོད་རྦད་བསད། །རྩིབས་མཆན་བཅུ་གཉིས་གཅོད་ཅིང་གནོན། །མྱོས་པ་སྟོབས་དང་བྲལ་བ་ཡི། །དྲག་པོ་སྟོབས་ཀྱི་འཁྲུལ་འཁོར་ཡིན། །དོན་ལྡན་སྦྱོར་བ་སྔགས་པ་འཇམས། །རབས་ཆད་ནག་པོའི་ཐོད་པར་གཞུག །མུན་པའི་གླིང་དུ་གནན་པར་བྱ། །དྲག་པོ་མཚོན་ཆ་འདི་ལྟ་སྟེ། །ཨེ་ཀ་ཧེ་མ་ཡ་དུན་ཙ་ཡ་ཁྲག་མ་སྙིང་ར་དགྲ་བོའི་སྲོག་ལ་མཱ་ར་ཡ་རྦད། དགྲ་བོའི་སྲོག་སྟམ་བྷ་ཡ་ནན། དགྲ་བོའི་སྲོག་ལ་ཐུན་རྦད་རྨུག་བྷྱོ། མཚོན་ཆའི་རྒྱལ་པོ་འཁོར་ལོ་ཅན། །གཅོད་པ་ཀཾ་པ་སྤུ་གྲིའི་ཚུལ། །གཟིར་སྟོབས་ལྡན་པས་བསམ་དཔག་དཀའ། །འཇོམས་པའི་སྟག་མོ་ཁ་འཐབ་ཡིན། །གཞན་ཡང་དྲག་པོའི་སྦྱོར་བ་ཉིད། །རྒྱ་ཤོག་གྲུ་བཞི་ཆ་གཉིས་ལ། །སྨེ་བ་ལྔ་དང་ཚ་བ་བསྐུ། །དབུས་ནས་མུ་ཁྱུད་བཞི་རུ་བསྐོར། །རུས་སྦལ་ཁྲ་བོའི་ལྟོ་རུ་བྲི། །དབུས་སུ་འཁྲུལ་མིག་བཅུ་གཉིས་ལ། །མིང་རུས་རྩ་བའི་དྲག་སྔགས་དགོད། །


DNG017_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ལོགས་བཅུ་དྲུག་སྤུ་གྲི་དགོད། །ཁ་སྦྱོར་ཐོད་པ་རྩང་བཅས་དང་། །ལྷ་བསྒོམ་སྔགས་བཟླས་དྲག་ཏུ་བསྐུལ། །བདུན་དུ་བརྩམས་ལ་ཐོད་པ་བཅའ། །མུ་ཁྱུད་འབོད་རྦད་གནན་སྔགས་བསྐུལ། །ཁྲི་སྟོང་བརྒྱ་བར་རང་གཤེད་དབབ། །མཐའ་རུ་སྲིན་མོའི་སྒྲོམ་དུ་མནན། །དྲག་སྔགས་སྦྱོར་བ་འདི་ལྟ་སྟེ། །ཨེ་ཀ་ཧེ་ཡ་མ་དུན་ཙ་ཡ་ཁྲག་རཾ་སྙིང་དགྲ་བོའི་སྲོག་ཧུར་ཐུམས་མཱ་ར་ཡ་རྦད། སྲོག་སྟྭཾ་བྷ་ཡ་ནན། སྲོག་ལ་ཐུན་རྦད། རྨུགས་བྷྱོ། དྲག་པོ་སེང་གེའི་འཆི་སྦྱོར་ཡིན། །གཞན་ཡང་གསོད་པ་དྲག་པོའི་ལས། །རིགས་མིན་གཞན་གྱི་སྦྱོར་བ་གཞོམ། །ཕོ་ཉ་གཟིར་ཞིང་སླར་བཟློག་པ། །དྲག་སྔགས་ནུས་པས་གཞན་དབང་སྡུད། །མུ་སྟེགས་ཅན་གྱི་ལུས་སྲོག་འབྲལ། །དྲེད་མོ་རལ་པ་གསིག་པ་ཡི། །ཞབས་མས་འཁོར་ལོའི་རྒྱུ་བྱས་ལ། །ས་དཀར་ཅོང་ཟི་རུས་པ་བསྐུ། །དབུས་ནས་ཐིག་སྐོར་ལྔ་རུ་བསྐོར། །དབུས་སུ་མིང་རུས་ཟླ་ཁམ་ལྷ། །མུ་ཁྱུད་གདུག་པ་འཁྲུལ་མིག་སྔགས། །མཇུག་ནས་བཟློག་ལ་སྤུ་གྲི་སྦྱར། །ཕྱི་རིམ་རྡོ་རྗེ་རྒྱ་གྲམ་ལ། །གཡས་གཡོན་མགོ་ཕྱོགས་མཇུག་མ་ལ། །འཕེན་པ་སྟོབས་ཀྱི་སྔགས་གཞི་དགོད། །རང་སྔགས་མིང་བཅས་བསྐོར་བ་བྲི། །ཕྱི་རིམ་རྩིབས་ཆེན་བཅུ་གཉིས་ལ། །གཅོད་ཅིང་གནོན་པའི་སྤུ་གྲི་དགོད། །ངག་དིག་གླ་གློའི་ཐོད་པར་གཞུག །སྦྱོར་བ་ཀུན་ལྡན་བདག་དབང་སྡུད། །སྔགས་པ་སྟོབས་ཀྱི་འོག་ཏུ་གནན། །དྲག་སྔགས་སྦྱོར་བ་འདི་ལྟ་སྟེ། །ཡ་ཙ་མ་ར་ཁྲག་སྙིང་མ་ཡ་དུན་ཧེ་ཀ་ཨེ་སྲོག་ལ་དུན་རྨུག་རྦད་བྷྱོ། སྲོག་ལ་ཁཾ་ཤིག་བྷྱོ། སྲོག་ལ་དྲེང་ཤིག་བྷྱོ། སྲོག་ལ་ཡ་ཤིག་བྷྱོ། དགྲ་བོའི་སྲོག་ལ་གཟིར་ཁམ་ཧུར་ཐུཾ་ཡཾ་ཤིག་མཱ་ར་ཡ་རྦད། སྲོག་སྟྭམ་བྷ་ཡ་ནན། ཕོ་ཉ་རང་གཤེད་དབབ་པ་ཡིན། །དྲག་པོ་ལས་ཀྱི་སྦྱོར་བ་ཡིན། །གཞན་ཡང་གསང་བའི་རིམ་པ་ནི། །ནི་རང་ལྤགས་ཤུན་ཁྲུ་གང་ལ། །སྦྱོར་བའི་རྒྱལ་པོ་གསུམ་སྦྱོར་ལ། །མདོག་དང་ལྡན་པར་སྐྱ་གཅད་བྱ། །ཞིང་གི་སྲད་བུས་ཐིག་གདབ་བརྩམ། །དབུས་ནས་ཐིག་སྐོར་ལྔ་རུ་བསྐོར། །ཐིག་མདུད་རྒྱ་


DNG017_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

གྲམ་འཁྲུལ་མིག་བཞི། །ཕྱོགས་བཞིར་འཁྲུལ་མིག་བཅུ་དྲུག་གཅོད། །མཚམས་བཞིར་གསང་མཛོད་དྲག་པོའི་གནས། །ཡང་ལོགས་མཚོན་ཆ་ཉི་ཤུ་གཅོད། །འཁྲུལ་མིག་བཅུ་གཉིས་རྩ་བའི་སྔགས། །ཕྱི་རིམ་འཁྲུལ་མིག་བཞི་བཅུ་གཉིས། །ལྕགས་མཁར་འཁྲུལ་མིག་བརྒྱ་བཅུ་དྲུག །གསང་མཛོད་མཚམས་བཞི་དབུས་དང་ལྔ། །དབུས་མཚམས་བསྒྲུབ་བྱ་ཚེ་སྲོག་སྡུད། །འཁྲུལ་མིག་བཅུ་དྲུག་སྤུ་གྲི་མཐུན། །ཡང་ལོགས་བཅུ་གཉིས་རྩ་བའི་སྔགས། །འཁྲུལ་མིག་བཞི་བཅུར་གབ་པའི་སྔགས། །གཅོད་ཅིང་འཇོམས་པའི་སྤུ་གྲི་ལྡན། །ལྔ་པ་མཐའ་ཡི་བཞི་བཅུ་ལ། །ཐུན་བཞི་དབང་སྡུད་གསད་པའི་གནས། །དྲག་སྔགས་རྒྱལ་པོ་སྐབས་དང་སྦྱར། །ཁ་སྦྱར་སྔགས་པ་ཙ་ལོའི་མགོར། །རྩང་བཅས་ལྷ་བསྒོམ་དམོད་པ་བཟླས། །ཐོན་ནས་རུ་བཞི་འཁྱིལ་པར་གནན། །དྲག་སྔགས་གནམ་ལྕགས་སྦྱོར་བ་ཡིན། །དེ་ཡང་བཅོམ་ལྡན་འདས་ཀྱིས་རང་གཤེད་རང་ལ་དབབ་པའི་སྦྱོར་བ་འདི་གསུངས་སོ། །ཡང་གསང་འཕྲུལ་གྱི་སྙིང་པོ་མཆོག །བདེ་བ་གནས་ཀྱི་མཆོག་ལྡན་དུ། །འདུས་བྱས་ལ་སོགས་དགེ་སོགས་བརྩམ། །སྔོན་དུ་འགྲོ་བའི་ཆོས་དེ་བཞིན། །ཕྱག་རྒྱ་ཆེན་པོ་བསྟན་པ་ཡིན། །སྙིང་པོ་དང་བཅས་གསལ་བརྟགས་པ། །རྡོ་རྗེ་ཆུ་བོའི་བཀའ་མི་བཅག །རྒྱུ་ལ་ཚ་བས་ཁ་དོག་དབྱུང་། །ཚངས་པའི་ཐིག་གཉིས་རྒྱ་གྲམ་གདབ། །རུ་ཐིག་གཉིས་ཏེ་རེ་མིག་སྐྱོང་། །ཐིག་སྐོར་མུ་ཁྱུད་ལྔ་དང་ལྡན། །དབུས་སུ་རྩ་བའི་འཁྲུལ་མིག་བརྒྱད། །ཕྱོགས་བཞི་འཁྲུལ་མིག་གསུམ་གསུམ་དྲངས། །མཚམས་ཀྱི་གསང་མཛོད་མུན་ཁང་བཞི། །གསུམ་པ་ལས་ཀྱི་རྡོ་རྗེ་ལ། །རྒྱ་གྲམ་སྦྱོར་བ་བཞི་དང་ལྡན། །བཞི་པ་མཚོན་ཆ་བདུན་གཉིས་རྩིབས། །ལྔ་པ་རིགས་བཞི་ར་བས་བསྐོར། །འཁོར་ལོ་དམ་པ་ཀུན་དྲིལ་བའོ། །དེ་ལ་དགོད་པའི་འབྲུ་རྣམས་ནི། །དབུས་སུ་གུ་རུ་ཕྱག་རྒྱའི་སྐུ། །བརྗིད་པའི་ཚུལ་གྱིས་སྐྱིལ་ཀྲུང་བཞུགས། །གཞན་ཡང་སྤྱི་གཙུག་གཅེར་བུ་རིང་། །ཟླ་གམ་མིང་རུས་གསང་མཛོད་བཞི། །


DNG017_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

བླ་སེམས་འཆང་བ་གཤེད་ཀྱི་མཛོད། །ཕྱོགས་བཞི་འཁྲུལ་མིག་བཅུ་གཉིས་ལ། །མགོ་ཕྱོགས་མེ་རླུང་ནམ་མཁའི་འབྲུ། །མཇུག་མར་བྱ་ཁྱུང་བདུད་མོ་དྲེགས། །གཡས་སུ་བདུད་དང་གཤིན་རྗེ་ཁྱུང་། །གཡོན་དུ་ལས་བྱེད་མ་མོ་སྲིན། །འབྲུ་གསུམ་སྦྱོར་བ་བཅུ་གཉིས་ལུས། །གཡས་གཡོན་རྣལ་མ་དེ་བཞིན་བཟློག །རྒྱ་གྲམ་བཞི་ཡི་སྙིང་པོ་ལ། །འོག་ཕྱོགས་སྲོག་དབྲོག་ཐམས་ཅད་འགུགས། །མཇུག་མ་ལྷ་དང་ལུས་སྲོག་འབྱེད། །རྭ་གཡས་མཁའ་འགྲོ་གཟན་ལ་འབེབས། །གཡོན་གྱི་རྭ་ལ་གཟིར་བའི་སྔགས། །འབོད་རྦད་གསད་དང་དེ་བཞིན་སྦྱར། །སྒྲུབ་དང་ཐུན་མོང་གོ་རིམ་སྦྱར། །རྩིབས་ལ་ལུས་སྲོག་གཅོད་པ་ཡི། །ཡང་གསང་སྤུ་གྲི་བཅུ་གཉིས་མཆོག །ཐམས་ཅད་སྦྲུལ་གྱི་ར་བས་བསྐོར། །ཁ་སྦྱར་དུར་མ་དོང་དང་ཆང་། །རྟེན་བཞི་ཁྱུ་མཆོག་རྭ་དང་ལྔ། །དང་པོ་སྲོག་དབྲོག་བསྙེན་པས་དགུག །གཉིས་པས་གཟིར་ཞིང་རང་དབང་བསྡུ། །ནུབ་གསུམ་པ་ལ་རྦད་ཅིང་བཟློག །བཞི་པས་རང་གཤེད་བདུད་དུ་དབབ། །ལྔ་པས་རྩ་སྲོག་གཅད་ཅིང་དབྱེ། །གཅིག་གིས་གཟིར་ལ་རྟེན་ཀུན་བཅའ། །ཁྲི་ཡིས་ཀླུ་གཟིར་འཁྱིལ་པར་བརྟག །རྐང་འདོམ་ཕྱོགས་བཞིར་ཐོད་མཁར་གདབ། །དབུས་སུ་ཁྱུ་མཆོག་ཁྲུ་དོར་གནན། །དྲག་སྔགས་ཁྲི་ཚོར་རྔམ་པར་བཟླས། །དྲག་སྔགས་སྦྱར་བ་འདི་ལྟ་སྟེ། །ཨེ་ཀ་ཡ་མ་ཧེ་དུན་སྙིང་ཁྲག་ར་མ་ཙ་ཡ། ཡ་མ་ཏ་རཾ་དུན་དུན་སརྦ་ཙིཏྟ་དྲེང་ཤག་ཀ་དུན་རཀ་ཤག །ཨེ་ཡ་མ་སྲོག་ལ་དུན་དུན་ཛ་ཛ། ཨེ་ཛ་རཾ་ཡ་མ་ཙིཏྟ་དྲེང་ཤག་བྲ་བེ་ཤ་ཡ་སྲོག་ལ་ཐུཾ་རིལ་ཡ་མ་ཙིཏྟ་དགྲ་བོའི་སྲོག་ལ་དུན་རྨུགས་ཐུན་བྷྱོ། སརྦ་ཙིཏྟ་རུ་ཐུཾ་སྦུར་ནན་གཟེར་ཐུཾ་ཏྲིག་ནན། ཁཾ་ཤག་ཐུན་བྷྱོ། དགྲ་བོའི་སྲོག་ལ་དྲེང་དྲེང་། ཙིཏྟ་དུན་རྨུགས་ཡཾ་ཤག་མཱ་ར་ཡ་རྦད། གནན་པ་མི་ཤིགས་སྟྭཾ་བྷའི་མཆོག །རུ་བཞི་རྡོ་རྗེའི་རྒྱ་གྲམ་ཡིན། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་གསོ་བའི་སྦྱོར་བ་འདི་གསུངས་སོ། །དེ་དག་སྦྱོར་བ་བཞི་ཡིན་གྱི། །དྲག་པོ་ལས་ཀྱི་མཐའ་རྒྱ་རུ། །མཆོད་རྟེན་དཀར་ནག་སྦྱོར་བ་དང་། །བཀའ་རྟེན་བཀའ་ལ་སྲུང་བ་དང་། །


DNG017_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་བྱེད་མ་ལུས་དབྱེ་བའི་ཕྱིར། །དྲག་པོའི་སྙིང་གཟེར་བཅུ་གཅིག་བསྔགས། །དེ་དག་བརྟན་པར་བྱ་བའི་ཕྱིར། །ཤི་ཕྲད་དྲག་པོ་ཀུན་འཇོམས་བསྔགས། །སྲུང་བ་ཀུན་གྱི་རྒྱལ་པོ་རུ། །ཕྱག་རྒྱ་བསམ་གཏན་མཆོག་ཏུ་གསུངས། །མཐའ་རུ་རྗེས་གཅོད་སྦྱིན་བསྲེག་བྱའོ། །དེ་དག་རྒྱས་པ་འདི་ལྟ་སྟེ། །དུར་ཁྲོད་ས་ལ་སོགས་པ་ལ། །རྫས་བཟློག་ནག་པོའི་བཀའ་རྟེན་བཅའ། །གདན་ཁྲི་གླང་པོ་སྦྲུལ་གྱི་བརྡའ། །བང་རིམ་བཞི་ལ་སྟག་དང་གཟིག །དོམ་དང་སེང་གེ་འདེབས་ཤིང་རྔམ། །བུམ་པ་དྲག་པོ་རྩིབས་བཅུ་གཉིས། །འཁོར་ལོ་མཚོན་ཆ་འབྲུག་གིས་འདེགས། །ཆར་ཁེབས་བྱ་ཁྱུང་གདུག་པ་ཟ། །དྲེགས་པ་ཐམས་ཅད་ཟིལ་གྱིས་གནོན། །དེ་ལ་དགོད་ཅིང་གནས་པ་ནི། །འཁོར་ལོ་ཨེ་སྟེང་རྫོགས་པའི་འབྲུ། །བུམ་པའི་རྩིབས་ལ་རྩ་བའི་སྔགས། །བང་རིམ་དང་པོ་གབ་པ་ཡི། །གསད་པ་བཤིག་པའི་སྔགས་ཀྱིས་མཛེས། །གཉིས་པར་རྒྱན་གྱི་ཡིག་འབྲུས་མཛེས། །གསུམ་པར་མགོ་དགུའི་དྲག་སྔགས་དགོད། །བཞི་པར་དབང་སྡུད་སྔགས་དང་ལྡན། །དམིགས་པའི་སྙིང་པོ་བརྡ་མིང་སྦྱར། །ཁམས་དང་བཅས་ལ་དེ་བཞིན་སྦྱར། །གདན་ཁྲིར་ཐོད་པ་བརྣག་པ་བསྡུ། །ཡང་གསང་གཟིར་དང་སྙིང་གཟིར་དགོད། །སྙིང་པོ་འབྲུ་རེ་མིང་དང་བཅས། །རྒྱ་ཤོག་གྲོ་ག་དུག་ཁྲག་གཞུག །སྐབས་དང་སྦྱར་ལ་ལས་ཀུན་བྱ། །སྟོབས་ཆེན་དྲེགས་པ་དང་པོར་གནན། །བདུད་དང་རྒྱལ་པོ་བར་དུ་གནན། །མི་རིགས་གདན་ཁྲི་ཐོད་པར་གནན། །སྙིང་པོ་འབྲུ་རེ་མིང་སྲོག་ཀུན། །གྲོ་ག་མངལ་ཁྲག་དུག་གིས་བྲིས། །བརྒྱ་བརྒྱ་སྐབས་དང་སྦྱར་ལ་ལས་ཀུན་བརྩམ། །བརྒྱ་བརྒྱ་མཚོན་ཆ་བསྣོལ་མར་བརྡེག །མེ་ཏོག་དང་བཅས་ལྟ་བུར་བརྟག །བསྐོར་ཞིང་བསྲུང་དང་བསད་པའི་ལས་ལ་ཤིས། །གཞན་ཡང་རྫས་ལོག་བཟློག་ཀྱང་དཀར་པོར་བཅའ། །དུར་ཁྲོད་ཕུང་ས་གཡུལ་བཀྱེ་ས། །དུག་ཆུ་མནོལ་ཁྲག་གདུག་པའི་ཤ །ཚ་བ་སྨེ་བ་ལྡན་བྱས་ལ། །ཁྲུ་གང་རུས་སྦལ་ཆུ་སྲིན་འབྲུག །སྦྲུལ་དང་ཕག་མོ་སྡིག་པས་འདེགས། །བུམ་པ་མཚོན་ཆ་དྲུག་གཉིས་རྩིབས། །དྲག་པོ་ནང་དུ་ཨེ་ཡི་


DNG017_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས། །འཁོར་ལོ་བདུན་བརྩེགས་དྲེགས་པས་འདེགས། །ཆར་ཁེབས་གོང་བཞིན་གདུག་པ་ཟ། །དུག་ཆུ་ཐལ་ཆེན་ས་དཀར་གྱིས། །མདོག་དང་ལྡན་བྱས་དྲག་སྔགས་དགོད། །བུམ་པར་ཚེ་བདག་ཡབ་ཡུམ་གསལ། །ཕྱོགས་བཞིར་བླ་འགུགས་མོན་པ་བཞི། །ཁྲི་འཕང་འཆི་བདག་བདུད་ཀྱི་ཚོགས། །གདན་ཁྲིའི་འོག་ཏུ་བརྣག་པ་བསྡུ། །མཎྜལ་དབུས་སུ་ཞག་ལྔ་བཟླས། །བསྐོར་བ་རྣལ་དང་ཕྱིན་ཀ་ལོག །བསྲུང་དང་གསད་པའི་སྐབས་སུ་བྱ། །མཆོད་རྟེན་སྣང་སྟོང་ཡེ་ཤེས་སྐུ། །གསལ་བར་བྱས་ལ་རྟག་ཏུ་བཟུང་། །སྦྱོར་བ་ཀུན་གྱི་མཆོག་ཏུ་གསུངས། །སྔགས་ཀྱི་སྦྱོར་བ་འདི་ལྟ་སྟེ། །ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ་དགྲ་བོའི་སྲོག་ལ་ཧུར་ཐུཾ་ཛ། ཙ་ཁྲག་སྙིང་ཐུན་རིལ་རྦད། སརྦ་ཙིཏྟ་གཟེར་ཐུམ་ཏྲིག་ནན། དེ་ནས་བཅོམ་ལྡན་འདས་ཀྱིས་གསང་བ་མཆོག་གི་ལས་འདི་གསུངས་སོ། །སྣང་སྟོང་གཉིས་མེད་ཡེ་ཤེས་སྐུ། །རིག་པ་ཐབས་ཀྱིས་འགྲོལ་བའི་མཆོག །ཕྱག་རྒྱ་ཆེན་པོ་སྟོབས་དཔག་མེད། །བདེ་བའི་ལམ་ལ་བགྲོད་པའི་ཕྱིར། །གདུག་བྱེད་ཕག་མོའི་ལྟོ་བ་རུ། །གསང་བ་དྲག་པོའི་མཚོན་ཆ་བཅའ། །ཐིག་སྐོར་བཞི་ལྡན་དབུས་གྲུ་གསུམ། །འཁྲུལ་མིག་བཅུ་གཉིས་ཡང་ལོགས་རྩིབས། །ཐ་མ་གདུག་པའི་ར་བས་བསྐོར། །དེ་ལ་དགོད་པའི་རིམ་པ་ནི། །གྲུ་གསུམ་མིང་རུས་ཟླ་ཁམ་ལྷ། །འཁྲུལ་མིག་སྔགས་དང་སྤུ་གྲི་རྩིབས། །དུག་ཆུ་ཚ་བ་མྱོས་པའི་ཁྲག །ཁ་སྦྱར་ཐོད་པ་དང་རྩར་བཅའ། །ཞག་བདུན་གསད་པ་གཟིར་བ་ཕྱེ། །ཐོད་པ་ལིངྒ་འཁོར་ལོ་ཆས། །ཀླུ་གཟིར་ས་སྲོས་འབྱུང་བ་གཤེད། །ཐོད་མཁར་དང་བཅས་ཕོ་བྲང་གདབ། །བརྒྱ་རྩ་བརྒྱད་དུ་གནན་སྔགས་བཟླས། །ཨེ་ཀ་ཧེ་དུན་ལ་མ་སྙིང་ཁྲག་ར་མ་ཙ་ཡ་དགྲ་བོའི་སྲོག་ལ་ཧུར་ལོང་རྩ་རྦད། དྲེང་ཤག་མྱོག་རྦད། སྟྭཾ་བྷ་ཡ་ནན། ཐུན་རྨུགས་བཾ་རིལ་བྷྱོ། གསད་པ་མཆོག་གི་སྦྱོར་བར་གསུངས། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ལོ་ཐོག་བསྲུང་བའི་སྦྱོར་བ་འདི་གསུངས་སོ། །ཡུལ་ཁམས་སྣང་བའི་བཅུད་བསྲུང་ན། །སེང་ལྡེང་སོར་བརྒྱད་ཕུར་པ་ལ། །ལྕུམ་


DNG017_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

གཞོག་བརྒྱད་ལ་སྔགས་ཚན་རེ། །རྩ་བ་མི་འགྱུར་བཅུ་གཉིས་དགོད། །རྩེ་མོ་ལོགས་གསུམ་སྤུ་གྲི་རེ། །བྲིས་ལ་ཞག་བདུན་དར་གྲིལ་བཟླས། །མཐའ་རུ་ཞག་གསུམ་བཟླས་ལ་གདབ། །ཡུལ་དབུས་ཕྱོགས་བཞིའི་རི་རྩེ་ལ། །མཆོད་རྟེན་རེ་ཡི་ལྟོ་རུ་སྦ། །རྒྱལ་དང་ཕུར་པ་རྟ་པ་ལག །དབྱར་ཟླ་འབྲིང་པོར་དེ་བཞིན་སྦྱར། །སྐུ་རེ་བྱིན་གྱིས་དེ་བཞིན་བརླབ། །སྟོན་ཟླ་ཐ་ཆུང་སྟོན་ལ་བསྡུ། །གདོང་བཟློག་རང་མདའ་རང་ལ་འཕང་། །ལྷ་གསལ་སྔགས་བཟླས་དྲག་ལ་འདྲིལ། །ཨེ་ཀ་ཧེ་དུན་སྙིང་ཁྲག་ར་མ་ཙ་ཡ། སརྦ་ཤ་ཏྲུཾ་སྟྭཾ་བྷ་ཡ་ནཱ་ཤ་ཡ་ཕཊ། ལས་རྣམས་ཀུན་གྱི་མཆོག་བསྡུས་པ། །ཡང་གསང་སྦྱོར་བའི་མཆོག་ཏུ་གསུངས། །གཞན་ཡང་སྲུང་བའི་མཆོག་ཏུ་ནི། །ཀླུ་གཉན་ས་བདག་གདུག་པ་ཡི། །ཡ་ང་བ་ཡི་ནད་དར་ན། །རྒྱ་ཤོག་རྒྱུ་ལས་ལྟོ་སྦྱར་བྲི། །དབུས་ནས་ཐིག་སྐོར་ཡེ་ཤེས་བཞི། །བདུད་བཞི་དུག་རླངས་བཞི་འཇོམས་བསྐོར། །དབུས་སུ་དྲག་པོ་བུབ་གནན་བཞི། །མ་མོ་རྒྱལ་པོ་མཛེ་འདྲེ་ཅན། །རྩེ་ཡི་གསང་མཛོད་གསུམ་ལ་གནས། །ས་དང་ནཱ་ག་དབུས་སུ་བསྡུ། །ཕྱོགས་བཞིར་གསང་བའི་འཁྲུལ་མིག་ནི། །ལྕགས་མཁར་གསུམ་གསུམ་རྒྱ་གྲམ་ལ། །རྩ་བ་དྲག་པོ་ལུས་དང་ལྡན། །མཚམས་ཀྱི་གསང་མཛོད་མུན་ཁང་བཞིར། །གདུག་པ་གསུམ་གྱི་གཟུགས་བྲིས་ལ། །ལུས་སྲོག་དབྲོག་པའི་འབྲུ་དགུ་དགོད། །མུ་ཁྱུད་གསུམ་པར་གདུག་པའི་གཟུགས། །ཐ་མ་ཕྱི་ཡི་མུ་ཁྱུད་ལ། །འཁྲུལ་མིག་རྩ་སྦུབས་བཅུ་གཅིག་གནས། །དམིགས་པས་བཀུག་ཅིང་མཚམས་སུ་གཟིར། །གཉིས་འཇོམས་དྲག་སྔགས་བཅུ་གཅིག་གནས། །རུས་སྦལ་རྩ་ཡི་འཁོར་ལོ་ནི། །ཡོན་ཏན་འཕེལ་འགྲིབ་སྣ་ཚོགས་འབྱུང་། །སྤུ་གྲི་མཚམས་སུ་འདོད་པ་བསྒྱུར། །གཅོད་པ་བཅུ་གཅིག་གསད་ལ་སྦྱར། །དྲག་པོ་ལས་ལ་མངག་པ་ཡིན། །མཁའ་འགྲོ་ཟས་ལ་འཕོ་བའི་ཚུལ། །གདུག་པའི་གནས་སུ་བརྣག་པའི་གཟུགས། །བསྡུས་ལ་མིང་རུས་སྙིང་པོ་ཁམས། །གཅོད་པ་སྤུ་གྲི་མཚམས་སུ་སྦྱར། །དཀྱིལ་འཁོར་དབུས་སུ་རྩང་


DNG017_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་བརྣག །ཕྱག་རྒྱ་ཟིལ་གནོན་གསལ་བྱས་ལ། །དམོད་པ་ཉིན་མཚན་ཁྲི་ཁྲི་བཟླས། །འཁོར་ལོ་ཐོད་པ་སྔགས་ཀྱིས་བསྐུལ། །ཆ་ལུགས་བཟློག་ལ་མནོལ་ཁྲག་བརྡེག །ཀུན་འཇོམས་བཅུ་གཅིག་ལུས་སྲོག་འབྲལ། །གདུག་རྩུབ་བཅོམ་དང་ཞེན་ཆགས་གཅོད། །ཡིད་ཀྱི་དབང་པོ་འཁྲུལ་པ་ཡི། །བརྐམ་ཆགས་རྒྱུན་གྱི་སྲོག་ཕྲོགས་ནས། །གསང་མཛོད་མུན་ཁང་གཟུགས་ལ་བསྡུ། །མེ་རླུང་སྟོབས་ཀྱིས་འཁྲུག་ཅིང་འཕོ། །རྐྱེན་མེད་སྦྱོར་བའི་སྟོབས་དཔག་མེད། །སྲིད་པའི་ཁྱམས་ཁང་ལྟོ་རུ་འཆང་། །མངག་གནད་མདའ་ཡི་སྦྱོར་བ་ཡིན། །མགོ་གཅིག་དོང་རྩེ་གཉིས་པའི་ཚུལ། །རྒྱུད་གཅིག་དང་བསྒྲིག་སྔགས་ཀྱིས་དབྱེ། །གསང་བའི་ཐོད་པ་འཁོར་ལོ་སྔགས། །སྔགས་ཀྱི་སྦྱོར་བའི་ཚུལ་གྱིས་དབྱེ། །མིང་རུས་ཁམས་སོགས་སྔར་བཞིན་བརྣག །སྤུ་གྲི་དྲག་པོ་གསུམ་དུ་བསྒྱུར། །ཡང་གསང་མཆོག་གི་སྙིང་པོ་བཅུ། །དྲག་པོ་མེ་དབལ་སྟོབས་དཔག་མེད། །སྦྱོར་བ་ཕག་ཐོད་སྟེང་དང་འོག །རྡོ་རྗེ་རྒྱལ་པོ་བཟླས་པ་བྱ། །ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ། སྲོག་ལ་དྲེང་ཤག་ཐུམ་རིལ་དུན་དུན་ཛ། ས་ནཱ་ག་སྲོག་ལ་དྲེང་དྲེང་ཛ་ཛ། ཐུཾ་རིལ་ཤག །ས་ནཱ་ག་ཙིཏྟ་ཐུམ་རིལ་ཤག །ས་ནཱ་ག་རྩ་ལ་རྦད་ཐུམ་རིལ་ཤག །ས་ནཱ་ག་དུཾ་ལིང་ཐུཾ་རིལ་ཤག །ས་ནཱ་ག་སྲོག་ལ་ཧུར་ཐུཾ་རིལ་ཤག །ས་ནཱ་ག་ཁཾ་ནན་ཐུམ་རིལ་ཤག །ས་ནཱ་ག་སྙིང་གཟེར་སྦུར་ནན་ཐུཾ་རིལ་ཤག །ས་ནཱ་ག་དུ་མེམ་མ་སྲོག་གཟེར་རྦད་རྦུད་ཐུཾ་རིལ་ཤག །ས་ནཱ་ག་ཙ་ཏྲི་ཤུལ་གཟིར་ནན་ཐུཾ་རིལ་ཤག །རོ་ནི་ཏྲི་ཡང་ཤིག་ནན་གཟེར་ཐུཾ་རིལ་ཤག །སྙིང་པོ་འབྲུ་གསུམ་འབྲུ་དྲུག་བདུན། །འཕོས་པས་ཨ་མུ་ཀ་དང་སྦྱར། །དགུ་དང་བཅུ་གཅིག་བཅུ་དང་གསུམ། །གཟིར་ཞིང་གནན་པ་མཆོག་ལ་སྦྱོར། །སྙིང་གཟེར་བདུན་ལ་རྦད་དང་ནན། །བརྣག་པའི་རྩ་རྒྱུད་ཁམས་ལ་བརྡེག །དགྲ་བོའི་སྲོག་ལ་དྲེང་ཤག་ཐུམ་རིལ་དུན་དུན་ཛ། དགྲ་བོའི་སྲོག་ལ་དྲེང་དྲེང་ཛ་ཛ་ཐུཾ་རིལ་ཤག་རྦད། དགྲ་བོའི་སྲོག་ལ་དུན་དུན་ཤག་རྦད། དགྲ་བོའི་ཙིཏྟ་ཐུཾ་རིལ་ཤག་རྦད། དགྲ་བོའི་རྩ་ལ་ཐུཾ་རིལ་ཤག་


DNG017_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

རྦད། དགྲ་བོའི་སྲོག་ལ་ཀ་དུམ་ལིང་ཐུཾ་རིལ་ཤག་རྦད། དགྲ་བོའི་སྲོག་ལ་ཧུར་ཐུམ་རིལ་ཤག་རྦད། དགྲ་བོའི་སྲོག་ལ་ཁཾ་ནན་ཐུཾ་རིལ་ཤག་རྦད། དགྲ་བོའི་སྲོག་ལ་སྙིང་གཟེར་སྦུར་ནན་ཐུཾ་རིལ་ནན། དགྲ་བོའི་སྲོག་གཟིར་ཐུཾ་རིལ་ནན། དགྲ་བོའི་སྲོག་ལ་ཡཾ་ཤིག །ཐུཾ་རིལ་ནན། འདི་དག་སྦྱོར་བ་དམ་པ་སྟེ། །ལུས་ཅན་མཆོག་གི་སྦྱོར་བ་ཡིན། །འོད་ཟེར་སྔགས་ཀྱི་རྟ་ལ་བསྐྱོན། །འཕེན་པ་སྟོབས་ཀྱི་དབུགས་ཀྱིས་འདྲེན། །འདྲིལ་བ་རང་ཤུགས་ཁམས་དང་ལྡན། །སྲོག་གི་ཡི་གེ་རང་ལས་བླངས། །འགུགས་འབྲལ་བཤིག་པ་རང་ཉམས་ལྡན། །སྲོག་དང་རྩ་རྒྱུད་ལམ་བཅས་ཡིན། །གང་སྟོང་གཉིས་དང་ལྕི་ལ་མྱུར། །འདྲེལ་ཆེན་བཞི་དང་འབྱུང་བཞི་སྨིན། །སངས་རྒྱས་ཁམས་དང་བདེ་བར་ལྡན། །རིག་པ་སྟབས་དང་བགྲོད་པར་བཅས། །དེ་མ་ཡིན་ན་རང་འཆིང་བགྲོད། །སྔགས་ཀྱི་ཡོན་ཏན་དཔག་ཏུ་མེད། །རྩ་བ་གཅིག་ལ་དོན་གཉིས་ལྡན། །དྲིལ་དང་བཅས་པ་གཅིག་ཏུ་གནས། །གཏོར་དང་ལས་ཕྲེང་དེ་བཞིན་བསྡེབ། །དབྱེ་བ་བསྡུ་བ་བསྡུས་ཏེ་བརྡེག །ཆེ་བ་གསུམ་འདུས་བསམ་དཔག་དཀའ། །ཨུ་བུ་ན་ཡི་གནས་ཆུད་བཞིན། །ཟིན་པ་འཆོར་བར་མི་བྱེད་འཇོམས། །མཁའ་འགྲོ་གཞན་ཚོགས་ཞེན་ཆགས་ཀུན། །བཟས་ཁ་དགྲ་ལ་སྤོ་ཞིང་བསྒྱུར། །རྣོ་དབལ་མཚོན་ཆ་ཐེབས་ལ་གཟིར། །རང་གནད་རྟོག་པའི་རྒྱུན་ལས་བཟློག །ཐོད་པ་གཟིར་གསུམ་མཐའ་རུ་བཅའ། །སྦྱོར་བ་ཀུན་ལྡན་དེ་ཉིད་གཟིར། །ས་སྲོས་ལམ་དུ་སྟོང་དང་སྦྱོར། །རྡོ་རྗེ་གསང་བའི་ལམ་དུ་དྲོངས། །གང་གནོད་གདུག་པའི་ལག་ཏུ་གཏད། །གསད་པ་མཆོག་གི་སྦྱོར་བ་ཡིན། །གདུག་པ་གསུམ་དང་བྱད་བསྲུང་དང་། །བཙན་དང་རྒྱལ་པོ་མཛེ་འདྲེ་དང་། །བསྡོངས་ནས་དབྱེ་བ་སྔགས་ཀྱིས་བརྡེག །སྔགས་པ་རྒྱལ་བློན་ཡུལ་སྲུང་རྗེ། །ཐོད་པ་ཁམས་དང་སྦྱར་ལ་བསྡེབ། །བསྡེབས་ལ་དྲག་སྔགས་བཅུ་གཅིག་བསྣན། །དྲག་སྔགས་བཅུ་གཅིག་ཡང་གསང་ཡིན། །གཞན་ཡང་སྲུང་བ་བཅུ་གཅིག་ལས། །རྒྱ་ཤོག་གྲུ་བཞི་ཆ་གཉིས་ལ། །དབུས་ནས་མུ་


DNG017_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱུད་དྲུག་ཏུ་བསྐོར། །དབུས་སུ་གྲུ་གསུམ་ཐོད་པར་བསྐོར། །གཉིས་པར་འཁྲུལ་མིག་བཅུ་གཉིས་ལ། །ཐོད་པའི་ཕྲེང་བས་ཀུན་ལ་བསྐོར། །གསུམ་པར་འཁྲུལ་མིག་ཉི་ཤུ་བྱ། །བཞི་པར་རྩིབས་ཆེན་སུམ་ཅུ་གཉིས། །ཡང་ལོགས་ཕྱི་རིམ་ཐོད་སྦྲུལ་མེ། །དབུས་སུ་གང་དམིགས་གཟུགས་དང་མིང་། །གཉིས་པར་རྩ་བའི་དྲག་སྔགས་དགོད། །གསུམ་པར་ཁྱད་པར་དྲག་པོ་ཡི། །གཟིར་ཞིང་སྲོག་དབྲོག་མྱོས་ཤིང་གནོན། །དྲག་པོ་བཙན་ཐབས་སྤུ་གྲི་དགོད། །བཞི་པ་རྩིབས་ཆེན་སུམ་ཅུ་གཉིས། །ཤི་ཕྲད་གུག་འཕུལ་དྲག་པོ་འབྲུ། །ཡང་གསང་མཆོག་གི་དྲག་སྔགས་དགོད། །རུས་སྦལ་ལྟོ་བར་རྫོགས་པར་བཅའ། །འཁོར་ལོ་རྒྱལ་པོ་གཟུགས་བརྙན་ལ། །བདུད་རྩི་འོ་མ་ཁྲག་གིས་བྱུག །ཁ་སྦྱོར་ཚོན་སྐུད་ཐོད་ནང་གཞུག །ལྟོ་སྦྱར་ཁྲི་ཡིས་ངར་བླུད་ལ། །སྔགས་པའི་སྟེང་འོག་བར་སྣང་བཅའ། །དེ་ཡིས་ཐམས་ཅད་བསྲུང་བ་ཡིན། །ཤི་ཕྲད་སྟོབས་ཀྱི་འཁོར་ལོ་ཡིས། །གསད་དང་བསྲུང་བ་ལས་ཀུན་འགྲུབ། །གསང་བ་དྲེགས་པའི་ལས་བརྩམ་ན། །འཁོར་ལོའི་སྦྱོར་བ་སྔར་བཞིན་ལས། །དབུས་སུ་བརྣག་པའི་མིང་རུས་ཁམས། །སྙིང་པོ་འབྲུ་བདུན་འཕོ་ཞིང་འཕང་། །རྦད་བཞི་སྤུ་གྲི་མིང་རུས་སྦྱར། །ཉི་མ་བཞི་དང་མཚན་མོ་བཞིར། །དྲག་སྔགས་འཁོར་ལོ་བསྐོར་ཞིང་གཅད། །གནོད་སར་གནན་ལ་བཟས་ཁ་འཕོ། །སྲོག་ལ་ཐུན་རྦད་བྷྱོ་ཞེས་འཕང་། །དྲག་སྔགས་སྦྱོར་བ་གཉིས་སུ་བརྡེག །ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ། ས་ནཱ་ག་ཙིཏྟ་རོ་མྱགས་རྦད། ཁྲག་ལ་མྱོགས་ཏི་ཡ་ཤག་རྦད། སྲོག་ལ་མུགས་ཏི་རྦད། དུག་ཕྱུང་བྲམ་ཤིག་རྦད།ཁམ་ཤག་ཐུམ་རིལ་མྱག་རྦད། ཙ་ཏྲིམ་མ་དབུག་ལ་ཐང་གཟེར་རྦད། ཙ་ལ་ཧུར་ཐུམ་རྦད། སྲོག་ལ་ཐུན་རྦད་བྷྱོ། སྲུང་བའི་རྒྱལ་པོ་ཤི་ཕྲད་ལ། །བགྲོད་པ་གསུམ་གྱི་རྩ་བ་དང་། །བདུན་པ་ལ་སོགས་སྦྱོར་བ་གདམས། །གསད་པའི་སྐབས་སུ་གསལ་བྱས་ལ། །འཁོར་ལོ་ཐོད་པའི་ལིངྒ་མིང་། །ཧོམ་ཁུང་རེ་ཐུམས་ཞབས་འོག་བཅའ། །གསང་སྔགས་མནན་


DNG017_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

གཟིར་ཟོར་ཐུན་བརྡེག །མཐའ་རུ་གང་གནོད་དེ་ཉིད་སྦ། །དྲག་སྔགས་སྦྱོར་བ་འདི་ལྟ་སྟེ། །དགྲ་བོའི་ཙིཏྟ་རོ་མྱགས་རྦད་དགྲ་བོའི་སྲོག་ལ་མྱོག་ཏི་ཡ་ཤག་རྦད། སྲོག་ལ་མུགས་ཏི་རྦད།ཁམ་ཤག་ཐུཾ་རི་ལ་མྱག་རྦད། དུག་ཕྱུང་ཁྲམ་ཤིང་རྦད། དབུགས་ལ་ཐང་གཟེར་རྦད། རྩ་ལ་ཧུར་ཐུཾ་རྦད། དྲིལ་དང་གཏོར་བ་ཉིན་དང་མཚན། །རྫོགས་ནས་གཟིར་ཞིང་ལིངྒར་གདབ། །མནན་པ་རྦད་རྦུད་ནན་བཞིར་སྦྱར། །སྟྭཾ་བྷ་ཡ་ནན། ཁ་གསོ་ལས་ཀྱི་ཐུན་བསྐུལ་ནས། །བྲབ་ཅིང་འཕང་བའི་དྲག་སྔགས་བརྡེག །དགྲ་བོའི་སྲོག་ལ་ཐུན་རྦད་བྷྱོ། ནཱ་ག་སུ་ཧཱ་ཙ་མ་རཱི། ཏི་པ་རི་བྱ་སརྦ་ཏི། རཱུ་བ་སྱ་སྭ་སོ་རི་ཀཱ། སུ་མེན་ཏ་ཡི་ཁུ་བ་བཞིན། །ཧ་ལ་ཙ་མ་རི་ཡི་སྟོབས། །འཇོམས་བྱེད་སྟོབས་ཀྱི་འཁོར་ལོ་ཡིན། །གཞན་ཡང་བསྲུང་བ་ཀུན་གྱི་མཆོག །དེ་ཡི་སྦྱོར་བ་འདི་ལྟ་སྟེ། །རིན་ཆེན་བདུད་རྩི་དྲི་དང་ཆུ། །རྫས་དང་བཅས་པའི་སྟེགས་བུ་ལ། །ལྷ་བསྒོམ་སྔགས་བཟླས་རྟག་ཏུ་བཀྲུ། །ཡན་ལག་བུམ་པས་བསྲུང་བའི་མཆོག །ཟིལ་གནོན་ཕྱག་རྒྱའི་སྐུར་གསལ་བྱ། །རྫོགས་པའི་ལྟོ་བའི་སྲོག་བསྡུས་ལ། །དྲག་སྔགས་བརྒྱ་བརྒྱ་རྒྱུན་དུ་བཟླས། །བསམ་གཏན་རྩ་བའི་བསྲུང་བའི་མཆོག །དབུ་ལ་ནམ་མཁའི་འཁོར་ལོའི་སྔགས། །རྩིབས་བཞི་འདྲེན་པའི་སྙིང་པོ་ཨེ། །ཐུགས་ཀར་རིག་པའི་འཁོར་ལོ་སྔགས། །རྩིབས་བཞིའི་དབུས་ན་འབྲུ་ལྔའི་མཆོག །ལྟེ་བ་འབྱུང་བའི་འཁོར་ལོ་སྔགས། །རྩིབས་བཞིར་ཧེ་དུན་ཡ་དང་མ། །གསལ་བས་སྟོང་གསུམ་དབང་དུ་སྡུད། །འཁོར་ལོ་རྒྱུན་གྱི་བསྲུང་བའི་མཆོག །དྲག་པོ་སྔགས་ཀྱི་དམོད་པ་ནི། །སྙིང་པོ་ངང་དང་ཤུགས་ཀྱིས་གྲངས། །རྔམ་ཚིག་དྲག་པོ་གཏུམ་པོའོ། །ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ། སྟོབས་ཀྱི་དྲག་སྔགས་རྩ་བ་ལ། །རྣོ་དབལ་མཚོན་ཆ་ཀུན་འཇོམས་སྦྱར། །སརྦ་ཙིཏྟ་རོ་མྱགས་ཁ་ཐམས་སྲོག་གཟིར་བུར་ནན་འདྲིད་ཕྱུང་ཧྲི་ཤག་རྦད། སྦྱོར་བ་ཀུན་གྱི་མཐའ་སྡུད་དུ། །གསང་ཆེན་ལས་ཀྱི་རྩ་བ་འདི། །འཁོར་ལོ་སྦྱིན་བསྲེག་ལྟོ་བསྡེབས་ན། །གཅོད་དང་འབིགས་ལ་སོགས་པའི་ལས། །བསྲུང་དང་བསྐྱབ་པ་ཀུན་བྱེད་ཡིན། །ཐབས་རྣམས་ལྡན་དང་མི་ལྡན་པས། །བྱ་བ་ཀུན་འགྲུབ་བརླག་པར་འགྱུར། །འདི་དག་བདེ་དང་སྨིན་པའི་ལས། །འབིགས་དང་གཅོད་ལ་སོགས་པ་སྟེ། །


DNG017_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

བསྲུང་དང་བསྐྱབ་པ་ཀུན་བྱེད་པའོ། །གསང་ཆེན་འཕྲུལ་གྱི་འཁོར་ལོ་འདི། །གདམས་ཤིང་གྲོལ་བའི་རིམ་པ་ནི། །རྒྱུ་ལ་རྫས་ཀྱིས་བྱང་བར་བྱ། །བར་སྣང་འཁོར་ལོས་ལས་ཀུན་བྱེད། །ས་ཡི་འཁོར་ལོས་བསྲེག་ཅིང་འཇོམས། །ཐིག་སྐོར་གསུམ་ལྡན་གྲུ་གསུམ་དབུས། །ཟླ་ཁམ་དམར་པོ་འབྲུག་ནས་བརྣག །ཕྱི་རིམ་རྡོ་རྗེ་རྒྱ་གྲམ་ལ། །སྙིང་པོ་འཁྲུལ་མིག་གསུམ་གསུམ་དྲང་། །རྩ་བའི་དྲག་སྔགས་ཀུན་གྱིས་ལུས། །ཡང་ལོགས་རྡོ་རྗེའི་རྒྱ་བརྒྱད་ལ། །འཁྲུལ་མིག་བཅུ་གཉིས་བཅུ་དྲུག་ལ། །དྲག་པོ་ཐབས་ཀྱི་སྤུ་གྲི་དགོད། །མཚམས་ནས་ཟླ་ཁམ་དབུས་གནས་སུ། །དོན་གཉིས་སྡུད་ལ་མིང་སོགས་བྲི། །རྫས་ལྡན་བར་སྣང་ཁ་སྦྱར་བཅའ། །ལས་ཀྱི་རྒྱལ་པོ་གཅོད་པ་ཡི། །བར་སྣང་མཚོན་ཆའི་འཁོར་ལོ་ཡིན། །ཕུང་ས་གསུམ་གྱི་སྟེགས་བུ་ལ། །ཁྲག་དང་དུག་གི་ཆག་ཆག་གདབ། །བམ་གྱི་སྲད་བུས་ལྔ་རུ་བསྐོར། །དྲག་པོ་འཁོར་ལོ་ཁ་ཁྱེར་གསུམ། །ཕྱི་ནང་ཆག་ཆག་དབུས་མཐོ་གང་། །དཀར་དམར་མཐིང་ནག་ལྡན་པ་ལ། །རྩང་དང་ཐོད་པ་དེ་བཞིན་མེ། །མཐིང་ནག་ལིངྒ་ཧོམ་ཤིང་དབུས། །ཕྱི་རིམ་རྒྱ་གྲམ་ཕུར་པའི་མིང་། །ཡང་ལོགས་རྩིབས་ལ་རྩ་བའི་སྔགས། །རྒྱ་གྲམ་རྩེ་བརྒྱད་སྤུ་གྲི་མིང་། །གདུག་པའི་ཁྲག་དང་དུག་གིས་བྲི། །ཕྱི་རིམ་ཐོད་ཕྲེང་མེ་རིའི་མཐའ། །སྲེག་པ་ས་ཡི་འཁོར་ལོ་ཡང་། །རུས་སྦལ་སྲིད་པའི་ལྟོ་བར་བྲི། །དུག་དང་ཁྲག་གིས་སྨེ་བ་བྱ། །ཤ་སྣ་ཚིལ་སྣ་མར་ཁུ་ཆང་། །དུག་སྣ་རི་ལུ་ལྷ་ཡི་གྲངས། །ཉུང་དཀར་ཉུང་ནག་སྐྱེ་ཚེ་འབྲས། །ཟངས་ཕྱེ་ལྕགས་ཕྱེ་རྡོ་ཕྱེ་ཐུན། །ཕོ་ཉས་གཟུགས་གཏུབ་བསྟབ་པ་བྱ། །དྲག་སྔགས་བཅུ་ཡིས་བསྲེག་རྫས་དབུལ། །རྒྱ་གྲམ་ར་ཡི་འདབ་བརྒྱད་དུ། །བསྲེག་པའི་སྤུ་གྲི་གཟུགས་ལ་དགོད། །དྲག་སྔགས་སྦྱོར་བ་མེ་དང་འདྲ། །ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ། དགྲ་བོའི་སྲོག་ལ་དུན་རྨུགས་ཛ། ཙིཏྟ་ཧུར་ཐུམས་ཛ་ལ་རཾ། དགྲ་བོའི་སྲོག་ལ་དྲེང་ཤག་རྦད། ནྲྀ་ཏྲི་རཀྴ་རྦད། ཁམ་རཾ་ཛྭ་ལ་རཾ། བསྲུང་དང་གསད་


DNG017_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལས་ཀུན་ལ། །ཚུལ་བཞིན་སྦྱར་ན་རྣོ་ལ་མྱུར། །དྲོད་དང་མི་ལྡན་རང་ལ་གཅོད། །བཅུ་གཉིས་རྣལ་མ་རྩ་བ་གཅིག །ཡན་ལག་སྤུ་གྲི་མིང་སྦྱར་ན། །ལས་འགྱང་སྦྱོར་བ་ཤིས་ལ་བདེ། །རིག་པས་བདེ་བའི་ཀློང་ལས་འཕང་། །དེ་མ་ཡིན་ན་རང་འཆིང་རྒྱུ། །དྲག་པོ་རྗེས་གཅོད་འཁོར་ལོ་མེ། །བརྣག་པ་ཀུན་གྱི་རྒྱལ་པོ་ཡིན། །དྲག་སྔགས་མངོན་དུ་ཕྱུང་བའི་རྒྱུད་ལས། ཡང་གསང་མཆོག་གི་ལེའུ་སྟེ་དྲུག་པའོ།། །།དེ་ནས་འཁོར་གྱི་འཇམ་དཔལ་རྡོ་རྗེས་བཅོམ་ལྡན་འདས་ལ་གསོལ་བ་བཏབ་པ། རྡོ་རྗེ་སྙིང་པོ་རང་བྱུང་བ། །དྲག་པོ་སྔགས་ཀྱི་དམོད་པ་ལ། །སྙིང་པོ་དོན་གྱི་ངན་སྔགས་ཀྱིས། །གསད་གསོད་དབབ་གཅད་གཟིར་གནན་གྱི། །རྩ་བར་དྲིལ་བ་ཇི་ལྟར་ལགས། །རྡོ་རྗེ་སྙིང་པོས་རྫོགས་པར་མཛོད། །ཅེས་ཞུས་པས། བཅོམ་ལྡན་འདས་ཀྱིས་དྲག་སྔགས་ཐམས་ཅད་ཀྱི་སྙིང་པོར་དྲིལ་བ། སྲོག་དམར་ལེན་གྱི་སྦྱོར་བ་འདི་གསུངས་སོ། །དེ་ཡི་སྦྱོར་བ་རྒྱས་པ་ནི། །ཐུན་མོང་ཁྱད་པར་གཉིས་སུ་བྱ། །ཐུན་མོང་རིམ་པ་ལྔ་དང་ལྡན། །འབྲུ་བཞི་ཕྱི་ཡི་འཁོར་ལོ་དང་། །ཀུན་འབྱུང་རྩ་བའི་འཁོར་ལོ་དང་། །གབ་པ་ཐུགས་ཀྱི་འཁོར་ལོ་དང་། །ཕག་མོ་ཁོང་ཡན་འཁོར་ལོ་དང་། །ཕུང་བྱེད་སྡིག་པའི་འཁོར་ལོ་དང་། །ཡན་ལག་ལོ་ཐོག་འཇོམས་པ་དང་། །ལྔ་ནི་ཐུན་མོང་སྦྱོར་བ་གསུངས། །དམར་ལེན་སྔགས་ཀྱི་སྙིང་བཏོན་ནས། །སྦྱོར་བ་གསུམ་དུ་དྲིལ་བསྡེབ་དང་། །མཚན་མ་མངོན་ཕྱུང་སྦྱར་བ་ནི། །དམར་ལེན་མར་གྱི་ཞུན་མར་འདྲ། །དེ་ནི་སྟོབས་ཆེན་དྲག་པོ་ཡིན། །འབྲུ་བཞི་ལས་ཀྱི་རིམ་པ་ནི། །དུར་ཁྲོད་དབེན་པའི་བདེ་གནས་སུ། །རང་སེམས་དབེན་པའི་མཚམས་བཅད་ལ། །བརྟུལ་ཞུགས་དམོད་པ་དྲག་པོ་བཟླས། །དུར་ཁྲོད་རྒྱུ་ལ་ཙཀྲ་བཅའ། །མུ་ཁྱུད་བཞི་དང་ལྡན་པར་བསྐོར། །ལྟེ་བར་གྲུ་གསུམ་བསྣོལ་མར་བྲི། །གཉིས་པར་རྡོ་རྗེ་རྒྱ་གྲམ་ལ། །ཨེ་དུན་ཀ་ཡཾ་འབྲུ་བཞི་དགོད། །གསུམ་པ་རྡོ་རྗེ་རྒྱ་གྲམ་ལ། །སྲོག་དང་དྲེང་དྲེང་ནི་སྲོག་གསུམ། །ལ་དང་དུན་དུན་བཞི་པ་སྟེ། །སྲོག་ལ་རྦད་དང་ཁམ་ཤག་དྲུག །རྩ་རྦད་བདུན་


DNG017_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྲོག་ལ་བརྒྱད། །ཡང་ལོགས་རྒྱ་གྲམ་རྩེ་གསུམ་ལ། །མྱོག་དང་རྦད་དང་ཁྱེར་དང་ཕྱུང་། །མུགས་དང་སྡིང་ཏི་ལི་དང་ཤག །ལོང་དང་རྦད་རྣམས་རྭ་རེར་དགོད། །སྲིད་པ་རུས་སྦལ་ལྟོ་བར་བཅའ། །ཁ་སྦྱར་རྫས་ཀྱི་སྦལ་པར་བཞུག །དེ་ཡང་ཚོན་སྐུད་ཕག་མོའི་ལྟོར། །གཉན་ནམ་མཆོད་རྟེན་ནག་པོ་ལ། །ཉིན་གསུམ་མཚན་གསུམ་གང་བརྩམས་འགྲུབ། །ཁམ་ཤག་རྩ་རྦད།སྲོག་ལ་མྱོག་རྦད། ཁྱེར་ཕྱུང་མུག་ཏི་ལིང་ཤག་ལོང་རྦད། རྩ་བ་ཀུན་འབྱུང་འཁོར་ལོ་ནི། །གསང་ཆེན་རྩ་བར་དྲིལ་བ་སྟེ། །ཡང་གསང་སྦྱོར་བ་དྲུག་གཉིས་ལྔ། །བདེ་དང་སྨིན་པར་བྱེད་པའི་སྔགས། །ཧ་ལ་ནག་པོ་དུག་འཛིན་ལྟར། །སྦྱོར་བ་བཅུ་བདུན་བག་དང་ལྡན། །དོན་གཉིས་མངོན་དུ་སྤྱོད་པ་ཡིས། །བརྡེག་པའི་དྲག་སྔགས་འདི་ལྟ་སྟེ། །བླ་ཆེན་བཞི་དང་སྤྲུལ་པ་བརྒྱད། །ཡང་སྤྲུལ་བཅུ་གཉིས་ཆགས་དང་བཞི། །གང་བྱུང་བསད་པའི་སྔགས་བཞི་བསྡེབ། །རྟགས་མེད་ཀུན་འབྱུང་དོན་གཉིས་དྲུག །དེ་བཞིན་ལོ་ཐོག་གཞོམ་པ་བཞི། །ཆུ་འདྲིལ་ཟོར་འཕང་དུ་བ་གཟིར། །ཆུ་རྒོད་འཁྱགས་པ་རྫོགས་པས་འགྲུབ། །དམར་ལེན་སྔགས་ཀྱི་མཐུ་བསྡུས་ནས། །ལས་ཀྱི་འཁྲུལ་འཁོར་མཚོན་ཆར་བཅས། །སྙིང་པོ་ཀུན་གྱི་མཐུ་དྲིལ་ནས། །འབྲུ་བརྒྱད་དམོད་པའི་ལུས་དང་སྦྱར། །གསང་ཆེན་དམོད་པའི་ལས་བཅུ་ཡི། །རིགས་རྩོལ་ལས་དབང་གནོད་པའི་གདོན། །སྔགས་ཀྱི་བརྡེག་པ་དྲུག་དང་ལྡན། །ལྟ་འཇུག་ཕྱིར་འབྱུང་ཞན་དང་བཞི། །ཀུན་འབྱུང་རྟགས་མེད་ཁོང་ནས་ལྡང་། །གང་རུང་མཚོན་ཆ་དྲུག་སྡེབས་ལ། །བརྗོད་པ་སྐབས་དང་སྦྱར་ལ་སྤྱད། །རྟགས་མེད་ཀུན་འབྱུང་གཅིག་ཏུ་དྲིལ། །ཀུན་གྱི་རྗེས་གཅོད་བསྲེག་ཅིང་གཟིར། །རྒྱལ་བའི་ཐིག་ལེ་མཐུ་དྲིལ་སྔགས། །ཀུན་འཇོམས་སྦྱོར་བའི་རྒྱལ་པོ་ཡིན། །རྩ་བའི་འཁོར་ལོ་རྒྱས་པ་ནི། །གྲུ་བཞི་ཆ་མཉམ་རུས་སྦལ་ལྟོར། །ཡེ་ཤེས་ལྔ་ཡིས་ཐིག་དྲངས་ལ། །མགོ་དང་མཇུག་མར་ཐིག་རྐང་གདབ། །དེ་བཞིན་ལྟོ་གཉིས་སྣ་དྲངས་ལ། །ཐིག་བཞི་རྒྱ་གྲམ་ལེགས་


DNG017_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

པར་གདབ། །ཐིག་མདུད་འཁྲུལ་མིག་དྲུག་གཉིས་ལྔ། །ཆ་མཉམ་གྲུ་བཞི་ལེགས་བཏབ་སྟེ། །མུ་ཁྱུད་རིམ་པ་གསུམ་གསུམ་བསྐོར། །དབུས་ཀུན་གྲུ་གསུམ་ཕོ་བྲང་རེ། །བྱང་ཁོག་དབུས་ཀྱི་ཕོ་བྲང་གཉིས། །གཡས་པ་མཚོན་ཆ་རྩིབས་བཅུ་ལ། །གཅོད་པའི་རལ་གྲི་བཅུ་དང་ལྡན། །གཡོན་ལ་རྒྱ་གྲམ་བཅུ་དང་ལྡན། །རལ་གྲི་ཐུན་གཟིར་འབྲུ་བཅུའི་གནས། །རྒྱ་གྲམ་དེ་བཞིན་ཡཾ་ཡི་རྡུབས། །བཅུ་བཅུ་སྟེང་འོག་བསྣོལ་མར་གཅོད། །གཡས་སུ་རྩིབས་ཆེན་བཅུ་བཞི་ལ། །གཟིར་དང་ཙིཏྟ་རྩ་སྦུར་གནས། །གཡོན་ན་རྩིབས་ཆེན་བཅུ་གཅིག་ལ། །ཡཾ་དྲེང་དུན་ཛ་སྲོག་དབྲོག་དགོད། །སྲིད་པའི་ཁྱམས་ཁང་སྟོད་ན་གནས། །དེ་བཞིན་བསྐྱེད་པའི་འཁྲུལ་མིག་བཞི། །འཁོར་ལོ་མུ་ཁྱུད་གསུམ་དང་ལྡན། །རྩིབས་ཆེན་བཅུ་གཉིས་དེ་བཞིན་བཅུ། །བཅོ་ལྔ་རྩིབས་དང་རྩིབས་བདུན་ན། །བླ་ཆེན་སྤྲུལ་པ་ཡང་སྤྲུལ་དང་། །ཆགས་སྡང་འཇོམས་པའི་དྲག་སྔགས་ཏེ། །མཚོན་ཆའི་རྒྱལ་པོ་རེ་ལ་གནས། །རུས་སྦལ་ཁོག་སྨད་ལྟོ་བའི་རྫོང་། །རིན་པོ་ཆེ་ཡི་འཁྲུལ་མིག་བཞི། །རྩིབས་བདུན་རྩིབས་དགུ་དེ་བཞིན་བཅུ། །བཅུ་གཅིག་དང་ལྡན་འཁྲུལ་མིག་ལ། །མི་འཁོར་འཁོར་འཇུག་དོན་པ་ལ། །བརྡེག་པའི་དྲག་སྔགས་ཚར་རེ་གནས། །ལོ་ཐོག་འཇོམས་པའི་འཁོར་ལོ་བཞི། །ཡན་ལག་བཞི་ལ་གནས་པ་ནི། །ལག་གཡས་འཁྲུལ་མིག་དྲག་པོ་བརྒྱད། །རྩ་བའི་དྲག་སྔགས་ཀུན་ལ་གནས། །ཕྱི་རིམ་བཅུ་དྲུག་འཁྲུལ་མིག་ལ། །སྤོགས་པ་གཟིར་བའི་དྲག་སྔགས་གནས། །ལག་གཡོན་འཁྲུལ་མིག་སྔར་བཞིན་ལས། །ཕྱི་རིམ་རྩིབས་དགུ་ཟོར་གྱི་སྔགས། །རྐང་གཡས་བརྒྱད་དང་རྩིབས་དགུ་ལ། །དགུ་ལ་ཐབས་ཀྱི་སྤུ་གྲི་གནས། །རྐང་གཡོན་རྩིབས་ཆེན་བཅོ་བརྒྱད་ཕྱི། །དུ་བའི་སྟོབས་ཀྱིས་དབབ་པའི་སྔགས། །ཡན་ལག་ཆུ་རྒོད་དྲག་པོ་ཡིན། །མགོ་ལ་སྲེག་པའི་འཁོར་ལོ་ནི། །རིམ་པ་གསུམ་ལྡན་དབུས་རིམ་གསུམ། །རྒྱ་གྲམ་བཅུ་གཉིས་རྩིབས་དང་ལྡན། །རྒྱ་གྲམ་རྩ་སྔགས་བཅུ་གཉིས་བསྲེག །ཀུན་གྱི་མཐའ་རུ་འདི་སྦྱར་


DNG017_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། །ཀུན་འབྱུང་ལས་ཀྱི་འཁོར་ལོ་ལ། །གདུག་པའི་ར་བ་སྲོག་དང་ལྡན། །སྙིང་པོ་བརྡ་མིང་རུས་ཁམས་སྦྱར། །ལས་སྐབས་སྦྱོར་བའི་རིག་པས་གཟུང་། །གང་བྱུང་འཁྲུལ་འཁོར་ལྟོ་ལ་སྦྱར། །གཉིས་གཉིས་ཁ་སྦྱར་ཉེ་བའི་རྒྱུ། །དྲིལ་བའི་མཚོན་ཆ་སྔགས་བླངས་ནས། །སྦྱོར་བ་མཆོག་གི་སྤྱོད་ཡུལ་རབ། །སྔགས་ལ་ངར་བླུད་མེ་ལ་བདུག །ཀུན་ཀྱང་རུས་སྦལ་ལྟོ་བར་བཅའ། །རྟགས་རེ་བླངས་ལ་སྔགས་རེ་གཟུང་། །ཀུན་འབྱུང་རྟགས་མེད་བསྣོལ་མར་བརྡེག །སྔགས་ཀྱི་དབྱེ་བ་འདི་ལྟ་སྟེ། །ཨེ་མྱགས་ཡཱ་རྔུབས་མུགས་ཤག་ཀ་དུན། དགྲ་བོའི་སྲོག་ལ་ཧྲི་ཤག་ཛ། ཙིཏྟ་དྲེང་ཤག་རྦད། དགྲ་བོའི་སྲོག་ལ་ཐུན་རྨུགས་ཛ་ཙིཏྟ་རྦད། དགྲ་བོའི་སྲོག་ལ་ནྲྀ་ཧུར་ཐུམ་ཛ་ཙིཏྟ་དྲེང་དྲེང་ཐུན་ཤག་རྦད། དགྲ་བོའི་སྲོག་ལ་ཐུན་གཟིར་ཤག་རྦད། དགྲ་བོའི་སྲོག་ལ་ཐུན་གཟིར་ཛ་ཙིཏྟ་དྲེང་ཤག་རྦད་རྦད། དགྲ་བོའི་སྲོག་ལ་ཡཾ་ཡཾ་ནི་ཛ་ཙིཏྟ་དྲེང་ཤག་རྦད་ནྲྀ་ཛ་མཱ་ར་ཡ་རྦད། ཧབ་ཏང་ཧབ་ཏང་རོ་མྱགས་ཛ་ཀྲིང་ཀྲིང་ཧི་ནན་ཡལ་ཡལ་ཙིཏྟ་རྦད། ཧ་ལ་ཧ་ལ་ཙ་མ་རི་ཁམ་ཤག་རྦད། ཧ་ལ་ཧ་ལ་ཡཾ་ཡཾ་ཙིཏྟ་དྲེང་དྲེང་དུན་དུན་ཛ། སྲོག་ལ་གཟིར་ནན་མྱོགས་རྩ་ལ་རྦད། ཡཾ་རྡུབས་ཙིཏྟ་ཁཾ་ཤག་རྩ་མྱགས་རྦད། དེ་བཛྲ་དུན་སན་གར་གཟིར་ཐུན་པྲོཾ་པྲོཾ་ཧྲིལ་ཤར་ཤར་ཕོབ། ཧུར་ཡཾ་ཧྲིལ་བྷྱོ་ཁྲོམ་ཤར་ཤར་ཐུན་བྷྱོ། རཾ་ཡཾ་པྲོཾ་ཤར་ཧྲིལ་ཁམ་ཤག་ཁམ་ཕོག །ནཱ་ག་དེ་བ་ཡུན་ན། ས་ཙ་གཟིར་ནན་ཤར་ཤར་ཧུར་ཡི། ཧྲིལ་ཧྲིལ་ཕོབ། ཧུར་ཡཾ་ཁམ་ཤག་རཾ་གཟིར་ཐུན་རྦད། ཙ་མྱགས་ཐུན་རཾ་རྦད། ཀུན་འབྱུང་རྩ་བའི་སྦྱོར་བ་མཆོག །ལས་ཀུན་སོ་སོར་བསྡེབ་པ་ཡིན། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་གབ་པ་ཐུགས་ཀྱི་འཁོར་ལོ་འདི་གསུངས་སོ། །སྦྱོར་བའི་རྒྱལ་པོ་དམར་ལེན་གྱི། །དྲག་པོ་ཐུགས་ཀྱི་འཁོར་ལོ་འདི། །ནི་རང་གོས་ལ་རྒྱུ་བླངས་ཏེ། །སྦྱོར་བ་ཀུན་ལྡན་བེ་ག་ཏ། །ཁྲུ་བ་ཆགས་པས་སྣག་ཚ་བྱ། །འཁྲུལ་འཁོར་རིམ་པ་བཞི་རུ་བསྐོར། །དྲག་པོ་དབང་སྡུད་ཕྱག་རྒྱའི་མིང་། །རྩ་བའི་


DNG017_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་ལྕགས་མཁར་བརྒྱད། །ཡེ་ཤེས་ལས་དང་ཙ་ར་བདུད། །མཁའ་ལྡིང་དྲེགས་པ་རུས་སྦལ་ཡུམ། །དྭངས་མ་ཀུན་འབྱུང་སྙིང་པོས་དགང་། །ཡང་ལོགས་མུ་ཁྱུད་བསྙེན་རྦད་གསད། །ཕྱི་རིམ་ཕྱོགས་མཚམས་འཁོར་ལོ་བརྒྱད། །ཡན་ལག་འཁོར་ལོ་བཞི་གཉིས་ལྡན། །མུ་ཁྱུད་གསུམ་གསུམ་དྲག་པོ་དབུས། །ཐ་མ་གདུག་པའི་ར་བས་བསྐོར། །ཡན་ལག་རྩ་བའི་འཁོར་ལོ་བཞི། །བོད་པ་མིང་གི་འབྲུ་བཞིར་ལྡན། །ས་ཁམས་རྒྱ་གྲམ་འབྲུ་བཅུ་གཉིས། །མེ་ཁམས་འབྲུ་བཅུ་གསད་པའི་སྔགས། །ཆུ་ཁམས་དྲུག་གཉིས་སྲོག་དབྲོག་འབྲུ། །རླུང་ཁམས་བཅུ་གཉིས་ཐམས་ཅད་གཟིར། །འདེབས་དང་དྲོད་མཚམས་བཅུ་དྲུག་རྩིབས། །ལོ་ཐོག་འཇོམས་པའི་སྤུ་གྲིས་དགང་། །དེ་བཞིན་གཡེང་དང་བསྐྱེད་པའི་མཚམས། །རྩི་ཐོག་འབྲས་བུ་སྲུན་པས་དགང་། །དྲོད་དང་ཆུ་མཚམས་བཅུ་གསུམ་རྩིབས། །ཐམས་ཅད་སྲེག་པའི་འབྲུ་ཡིས་དགང་། །གཡེང་དང་འདེབས་མཚམས་བཅུ་གཉིས་རྩིབས། །གདུག་པ་གཟིར་བའི་འབྲུ་ཡིས་དགང་། །གང་བསྒྲུབ་འདྲེལ་ལ་ཁ་སྦྱར་བཅའ། །སྲིད་པའི་ཁྱམས་ཁང་ལྟོ་ན་གནས། །དར་ལྡན་ཐོད་པ་དོང་དུ་བཅའ། །གང་བྱེད་སྤུ་གྲི་ཞག་གསུམ་བརྩམ། །ཡན་ལག་སོ་སོ་ཁ་སྦྱར་ལ། །ཐོན་ནས་གདུག་པའི་ཀླུ་ལ་གཏད། །བདེ་བའི་རྒྱལ་པོ་གདུག་པའི་མཚོན། །དམིགས་པའི་རྩ་དང་ཁོང་དུ་འཕང་། །དྲག་སྔགས་དབྱེ་བ་འདི་ལྟ་སྟེ། །ཨེ་མྱགས་ཡ་རྔུབས་མུག་ཤག་ཀ་དུན། དགྲ་བོའི་སྲོག་ལ་ཧུར་ཐུམ་ཙིཏྟ་དྲེང་ཤག་མཱ་ར་ཡ་རྦད། དགྲ་བོའི་སྲོག་ཐུན་གཟིར་ཧུར་ཁམ་དྲེང་ཤག་སྦུར་ནན་སྟྭམ་བྷ་ཡ་ནན། སརྦ་ཨུ་ནན་ཐུཾ་རིལ་སྦུར་ནན་ཤ་ཏྲུཾ་འདྲིད་ནན་ས་ནཱ་ག་ཐུམས་ཧལ་ཧལ་ཡཾ་ཡཾ་སྦུར་ནན་ཧུར་ཐུཾ། རི་ཐུན་རོ་མྱགས་ཙིཏྟ་རཾ་ཁས་ཙ་ཐང་རཀྴ་ཐིབས་རྦད། ཡུལ་འདིར་སེར་བ་ཨེ་ནན་ཀ་པྲོཾ། མ་ཙ་ཧྲིལ་ཧྲིལ་དེ་བ་གཟིར་པྲོཾ། ནཱ་ག་ཤར་ཤར་ཕོབ་སེར་བ་ཤ་ཏྲུཾ་སྟྭཾ་བྷ་ཡ་ནཱ་ཤ་ཡ་ཕཊ། དྲག་པོ་དམར་ལེན་གབ་པ་ཡི། །བརྣག་པ་ཐུགས་ཀྱི་འཁོར་ལོ་ཡིན། །གཞན་ཡང་ཡན་ལག་སྦྱོར་བ་ནི། །རྩ་


DNG017_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

བ་གཅིག་ཏུ་དྲིལ་བ་སྟེ། །ཕག་མོའམ་སྡིག་པའི་ལྟོ་བར་བཅའ། །དྲིལ་གཏོར་ཁ་སྦྱོར་ཐོད་པ་གསུམ། །གང་རུང་ཟུང་དུ་འདྲེལ་པས་གཅོད། །སྣང་སྟོང་གཉིས་མེད་ཡེ་ཤེས་སྐུ། །གསལ་གསུམ་དོན་བཞི་ཡང་དག་བཞི། །བདུན་པ་གསུམ་དང་སྡེབས་བཞིར་ལྡན། །མི་གཡོ་རྩལ་མེད་རང་སྣང་ཤུགས། །ཡུལ་དང་འཕྲད་ན་ཤུགས་ཀྱིས་འཆར། །རྟོག་མེད་སྤྱོད་པས་འཆི་མེད་གྲོལ། །ལས་གསུམ་སྦྱོར་བས་རྐྱེན་མེད་བསྡུ། །སྙིང་པོ་དྭངས་སྙིགས་འབྱེད་ཅིང་སྦྱོར། །གཅིག་གིས་མཁའ་ཁྱབ་རྟེན་ལའང་བསྡུ། །འབྲུ་གཉིས་ཚུལ་དུ་སྣང་བའང་འབྱེད། །རྟོགས་པ་རུ་བཟློག་འཁོར་རྒྱུན་གཅོད། །བདེ་ལམ་འཇོག་པ་རྒྱན་ལྡན་པའོ། །རྟེན་པའི་འཁོར་ལོ་འདི་ལྟ་སྟེ། །དུར་ཁྲོད་རས་སམ་ཤོག་བུ་ལ། །གསོད་པའི་རྒྱལ་པོ་གདུག་པ་འཇོམས། །ཕུང་བྱེད་ཕག་མོའི་ལྟོ་བ་རུ། །མུ་ཁྱུད་རིམ་པ་ལྔ་རུ་བསྐོར། །དབུས་དང་ཟླ་གམ་དབང་བདུན་གསོད། །མུན་ཁང་གསང་མཛོད་ཚེ་སྲོག་འཆང་། །ཕྱི་རིམ་རྒྱ་གྲམ་འཁྲུལ་མིག་བརྒྱད། །སྣ་ཚོགས་རྡོ་རྗེ་ར་བརྒྱད་ལྡན། །རྩ་བའི་འཁོར་ལོ་སྙིང་པོ་མཆོག །ཕྱི་རིམ་ལྟོ་སྦྱོར་མུ་ཁྱུད་ཟླུམ། །གང་སྒྲུབ་བསད་པའི་སྔགས་ཀྱིས་གང་། །མེ་དབལ་འཁོར་ལོ་གཤེད་ཀྱི་འབྲུ། །རྣོ་དབལ་མཚོན་ཆ་ལྟོ་སྦྱོར་ཡིན། །ཡང་ལོགས་མཚོན་ཆ་རྩིབས་བཅུ་གཉིས། །དམར་ལེན་སྲོག་གི་སྤུ་གྲིས་དགང་། །རྣོ་དབལ་འཁོར་ལོ་སྟོབས་དཔག་མེད། །གཅོད་ཅིང་འབིགས་པར་ངར་བཅས་ཡིན། །ཐམས་ཅད་གདུག་པའི་ར་བས་བསྡམ། །ཞེ་སྡང་གདུག་པས་ཁོང་ནས་སྐེམ། །མཛེ་ཡམས་དྲག་པོའི་འཁོར་ལོ་ཡིན། །གདུག་པ་ཀུན་གྱི་སྦྱོར་བ་མཆོག །ཕག་མོ་མཚོན་ཆ་སྣ་ཚོགས་སྤུ། །ཀླུ་གཉན་ས་བདག་ཟ་ཡིན་བསྐུལ། །གནམ་ཐོག་མཛེ་རིམས་གྲི་ལྐུགས་གཏོང་། །དམར་ལེན་སྲོག་གི་སྔགས་ཀྱིས་མཛེས། །འཁྲུལ་འཁོར་རྫས་དགུའི་ཐང་པས་བྱུག །ཁམས་དང་སྙིང་པོ་མིང་རུས་རྣམས། །གསང་མཛོད་མུན་ཁང་ལྔ་ལ་བྲི། །ཁྱམས་དང་མུ་རན་གནོད་པའི་གདོན། །


DNG017_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་ཁ་སྦྱོར་ཐོད་པར་གཞུག །སྟེང་མ་ཕོ་ཡི་ཐོད་པ་ལ། །སྦྲུལ་དང་རྒྱ་གྲམ་མེ་རི་ལྡན། །གནོན་ཅིང་གཟིར་བའི་སྔགས་ཀྱིས་དགང་། །དམར་ལེན་སྔགས་ཀྱི་དམོད་པ་དབབ། །དང་ལ་རྣལ་མས་གཅོད་ཅིང་འཕོ། །ཁ་གསོ་འཁོར་ལོ་ཐོད་པ་དང་། །དྲག་སྔགས་རྣལ་བཟློག་བསྣོལ་མར་བརྡེག །ཐོན་ནས་གནས་ཀྱི་འོག་ཏུ་སྦ། །ཉ་སྟོང་ཐོད་པ་ལིངྒ་དང་། །བརྒྱ་བརྒྱ་མཚོན་ཆ་བསྣོལ་མས་གཅོད། །རྟགས་ཐོན་ཆེར་གནོད་ཀླུ་ལ་གཏད། །རྩ་རྒྱུད་བཅད་པའི་སྦྱོར་བ་ནི། །ཉིན་ཞག་གསུམ་དང་ཕྲུགས་གཅིག་བཟླས། །ཐོན་ནས་འཁོར་ལོ་ཐོད་པ་གཟིར། །དུག་ཤིང་མེ་དང་དུད་པས་བདུག །འཁོར་ལོ་རྐྱང་པ་རྫས་ཀྱིས་གྲིལ། །རྫས་ཀྱི་ཕག་མོའི་ལྟོ་བར་གཞུག །སྦྱོར་བ་ཀུན་ལྡན་ཀླུ་ལ་གཏད། །སྔགས་ཀྱི་རྒྱལ་པོ་ཤུགས་ཀྱིས་གྲངས། །མ་བྱུང་སྦྱོར་བའི་སྟོབས་ཞན་ན། །འཁོར་ལོ་དུག་དང་ཚ་བ་ཁྲག །སྨེ་བ་ལྔ་དང་མནོལ་ཁྲག་བསྐུ། །སྔགས་རྣམས་དུག་དང་མིང་རུས་ཁྲག །དཀྲུག་སྔགས་ལུགས་དང་ལུགས་མིན་བྲི། །རྒྱུ་རྐྱེན་ལིངྒ་དབུས་མཚམས་ལྔ། །ལུས་དང་ཡན་ལག་འབྱུང་བ་དཀྲུག །ལྷ་སྲིན་གནད་ལ་བོར་ཏེ་གསོད། །གདུག་པའི་སྙིང་དང་ཁ་རུ་གཏད། །དྲག་སྔགས་སྦྱོར་བ་འདི་ལྟ་སྟེ། །ཨེ་མྱགས་ཡ་རྔུབས་མུག་ཤག་ཀ་དུན། དགྲ་བོའི་ཙིཏྟ་དྲེང་ཤག་ཛ་སྲོག་ལ་ཧུར་ཐུམས་རྦད། ཐུམས་ཧུར་ལ་སྲོག་ཛ་ཤག་དྲེང་ཏ་ཙི་དགྲ་བོ་རྦད། དགྲ་བོའི་སྲོག་ལ་དྲེང་ཤག་ཧུར་ཐུམས་ཤག་ཛ་ཙིཏྟ་རྦད། སྲོག་ཐུམ་ཧུ་ར་ལ་ཛ་ཤག་དྲེང་ཙིཏྟ་རྦད། ཕག་མོ་ཁང་ཡན་ཉེ་བའི་རྒྱུ། །རྣོ་དབལ་མཚོན་ཆ་རྣལ་མ་ཡིན། །གཞན་ཡང་སྦྱོར་བ་དྲག་པོའི་ལས། །སྔོན་དུ་འགྲོ་བ་སྔར་བཞིན་ལས། །ཁྱད་པར་ལྷ་སྲིན་དཀྲུག་པའི་ལས། །སྡིག་པ་ཆེན་པོའི་ལྟོ་བ་རུ། །མུ་ཁྱུད་རིམ་པ་ལྔ་དང་ལྡན། །དབུས་ལ་སོགས་པ་སྔ་མ་བཞིན། །བཅས་པ་དྲག་སྔགས་དཀྲུག་བཟློག་དགོད། །གསང་མཛོད་ལྔ་ལ་མིང་རུས་ཁམས། །ཟླ་ཁམ་གསུམ་ལ་སྲུང་བའི་ལྷ། །རྒྱ་གྲམ་འབྲུ་བརྒྱད་དྲག་པོའི་སྔགས། །སྙིང་པོ་འབྲུ་བརྒྱད་རྩ་བ་དཀྲུག །འཁོར་ཡུག་


DNG017_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་སྲིན་གང་བསྒྲུབ་སྔགས། །མཚོན་ཆའི་རྩེ་མོ་བཅུ་གཉིས་ལ། །དམར་ལེན་སྤུ་གྲི་དཀྲུག་ལ་དགོད། །སྦྲུལ་དང་མུ་རན་གནོད་པའི་མིང་། །ཁ་སྦྱོར་ཞིང་རས་རྒྱུ་ལ་བྲི། །ལྕགས་ཀྱི་སྡིག་པའི་ལྟོ་བར་གཞུག །མགོ་དགུ་ཁ་དགུས་གཅོད་ཅིང་ཟ། །ཤ་ཁྲག་དྲོད་དང་རྩ་ལ་རོལ། །ལག་དགུས་ལེན་བྱེད་ལག་དགུས་གཅོད། །བླ་དང་དབང་པོ་སྲོག་རྩ་སྡུད། །རྐང་པ་དགུ་ཡི་དུར་ཆད་རྐོ། །རྐང་པ་དགུ་ཡིས་གཟིར་ཞིང་གནོན། །ལྕགས་ཀྱི་སྡེར་མོས་ཙིཏྟ་འབྱིན། །དུག་གི་སྨེ་བས་མྱོས་ཤིང་རློམ། །དུག་གི་རླངས་པས་གསོད་ཅིང་བསྲེག །མཆི་མ་ཁྲག་དང་ཁ་ཆུ་དུག །རྔ་མ་མཚོན་ཆའི་ལོ་མ་ཡིས། །གདུག་རྩུབ་རྩ་དང་སྲོག་རྩ་གཅོད། །གསོད་པའི་སྡིག་པ་ལྟོ་སྦྱར་ལ། །ཐོད་པ་ཁ་སྦྱར་ནང་དུ་བཅའ། །མོན་ནམ་རབས་ཆད་ཐོད་ནང་གཞུག །གསུམ་མམ་ཕྲུགས་གཅིག་དྲག་སྔགས་ལས། །དུག་ལྔ་བརྐམ་ཆགས་ཡུལ་ལ་རྦད། །རྒྱལ་བློན་སྟོབས་ཅན་དྭངས་སྙིགས་འབྱེད། །འབྱུང་བ་ལྔ་ཡི་འོག་ཏུ་གནན། །སྟོབས་ཆེན་འབྱུང་བའི་དགྲ་ལ་གཏད། །གདུག་པ་གཟིར་ལ་དགྲ་ཟླ་བསྐོ། །དབང་ཆེན་ཕྱག་རྒྱ་དེ་བཞིན་བརྟག །ཀ་ལ་ཀ་བ་ཕོ་མོ་བྱེད། །སྣ་ཚོགས་རྡོ་རྗེ་གྲུ་གསུམ་སྦྲུལ། །སྙིང་པོ་མིང་བཅས་བརྡ་གསུམ་བསྡུ། །དྲག་སྔགས་དཀྲུག་པ་འདི་ལྟ་སྟེ། །ཡ་རྡུབས་ཨེ་ཤག་དུན་མྱགས་ཀ་མུགས། དགྲ་བོའི་སྲོག་ལ་ཤག་དྲེང་ཛ་ཙིཏྟ་ཐུཾ་ཧུར་རྦད། སྡིག་པ་ལྟོ་སྦྱར་དཀྲུག་པའི་ལས། །ཀུན་གྱི་མཐའ་རུ་སྤོགས་པ་ཡིན། །དེ་དག་ཐུན་མོང་སྦྱོར་བའོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཁྱད་པར་གྱི་སྦྱོར་བ་འདི་གསུངས་སོ། །བརྡ་དོན་ཐབས་ཀྱིས་གྲོལ་བའི་ལས། །བ་དང་འོ་མ་ཞོ་དང་མར། །ཞུན་མར་སྣུམ་གྱི་སྙིང་པོའི་ཚུལ། །སྙིང་པོའི་སྦྱོར་བ་གསུམ་དང་ལྡན། །གསད་གསོ་དབབ་པའི་ལས་ཆེན་ཡིན། །གསད་པ་ཁྱད་པར་སྦྱོར་བ་དག །གཡང་མིན་བརྟན་དང་གྲོལ་དབང་དག །སྟོབས་ལྡན་སྦྱོར་བའི་སྙིང་ཕྱུང་འདི། །གང་ཐུན་རྒྱུ་ལ་འཁོར་ལོ་བཅའ། །རྫས་དང་ཐང་པའི་སྦྱོར་བ་ཡིན། །དཔའ་


DNG017_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

བརྟུལ་དྲག་པོའི་སྟོབས་ཀྱིས་སྤྱད། །གདུག་བྱེད་ཕག་མོའི་ལྟོ་བ་རུ། །སྲིད་པའི་ཁྱམས་ཁང་སྲོག་སྡུད་བཅའ། །ཁྱམས་ཁང་ལྟོ་ན་བརྣག་པའི་གཟུགས། །སྤྱི་གཙུག་སྙིང་གར་མཚོན་ཆ་བཅའ། །མུ་ཁྱུད་གསུམ་དབུས་མིང་རུས་བྲི། །ཕྱི་རིམ་རྒྱ་གྲམ་རྩ་བའི་སྔགས། །ཡང་ལོགས་བཅུ་གཉིས་སྤུ་གྲི་མཚོན། །རུས་སྦལ་ལྟོ་ཡི་ཕྱོགས་མཚམས་ལས། །རྩིབས་ཆེན་བཅུ་གཉིས་རྩེ་མོ་ན། །གསང་བ་དྲག་པོའི་སྤུ་གྲིར་ལྡན། །ཕག་མོའི་ལྟོ་ནང་རྩིབས་བཅུ་གཉིས། །རྩེ་མོ་ནང་བསྟན་སྤུ་གྲིས་གང་། །འཁྲུལ་མིག་ཁྱམས་ཁང་རུས་སྦལ་དགང་། །གནན་པའི་དྲག་སྔགས་མཚམས་སུ་བརྡེག །བསྐྱོད་པའི་བཅུ་གཉིས་ཡན་ལག་མགོ། །དོན་གཉིས་བསྡུས་ལ་སྦྱོར་བ་བརྩམ། །ཁ་སྦྱར་དུར་མར་བརྣག་པའི་རྟེན། །རྒྱུ་རྟེན་དྲུག་བཅས་ཙོག་པུར་དགབ། །སྙིང་གར་འདེབས་བྱེད་སོར་གསུམ་སར། །བསྒོམ་བསྐུལ་དྲག་སྔགས་བསྣོལ་མར་བརྡེག །སྲིད་པ་གསུམ་གྱི་སྲོག་བསྡུས་ལ། །སྔགས་དང་སྤུ་གྲི་ཐེམས་ལ་བླང་། །ཡ་བག་ཤ་ཡི་སྦྱོར་ཚུལ་ཅན། །རྩ་དང་སྲོག་ཟུངས་གཅོད་ཅིང་བསྲེག །ཧོ་བན་སྲོག་འཛིན་དྭངས་སྙིགས་འབྱེད། །སྲོག་གི་ཐིག་ལེ་བདེ་ལམ་བགྲོད། །ཅིག་ཤོས་ཐོད་པར་སྡུད་ཅིང་གནོན། །འདེབས་སྐྱོད་ཡང་འཕུལ་ཡ་ཡི་ལས། །ཞག་གསུམ་དམར་ལེན་དམོད་པ་བོར། །རྔམ་ཚིག་དྲག་པོས་རང་གཤེད་བསླང་། །ལུས་སྲོག་ཕྲལ་ནས་སྲོག་གཟིར་བསླང་། །ཕུར་པ་ཁྲི་ཡིས་སྙིང་ལ་གཟིར། །ཕུར་པ་བྱིན་ཅན་གཟེར་དུ་གདབ། །གདུག་པ་མྱོས་བརླམས་བརྒྱལ་ཏེ་འགྲོ། །གསུམ་དང་ལྔ་ན་རྫི་ཡལ་སྲུབས། །ཐོད་མཁར་རྟེན་གྱི་རྟེན་འདྲེལ་ལྟ། །བརྣག་པའི་རྒྱུད་ལ་གནོད་ཅིང་འཇོམས། །དབང་ཆེན་དྲེགས་པ་ཕོ་མོ་འཁོལ། །སྲོག་གི་ཐིག་ལེ་ཉིད་དུ་འགྱུར། །ཀི་ཀཾ་ལས་ཀྱི་རིམ་པ་ཡིན། །སྟོང་ཉིད་མ་སྐྱེས་བདེ་བ་འགོད། །བདེ་བའི་ཡེ་ཤེས་ཉིད་དུ་འབར། །ཐིག་ལེ་བདེ་བའི་སྤྲོས་དང་བྲལ། །ཁ་གསོ་མཐུ་རུ་ཟོར་དེ་བསྲེག །དྲག་སྔགས་སྦྱོར་བ་འདི་ལྟ་སྟེ། །ཨེ་མྱགས་ཡ་རྔུབས་མུགས་ཤཀ་ཀ་དུན། རྩ་ལ་མྱོགས་


DNG017_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

ཙིཏྟ་ཁས་རྦད། ཁས་ཙིཏྟ་མྱོགས་ལ་རྩ་ཛ་ཤག །དྲེང་ལ་སྲོག་རྦད། སྲོག་སྟྭམ་བྷ་ཡ་ནན། སྲོག་ལ་ཐུན་བྷྱོ། བདེ་བྱེད་ཚངས་པའི་གནས་སུ་དབབ། །དམར་ལེན་སྙིང་ཕྱུང་སྦྱོར་བ་ཡིན། །དེ་ནས་བཅོམ་ལྡན་འདས་ཀྱིས་ལོ་ཐོག་གཞོམ་པའི་སྦྱོར་བ་འདི་གསུངས་སོ། །ཐམས་ཅད་སྐུ་གསུང་ཐུགས་བདག་ཉིད། །ཡེ་ཤེས་རིག་པའི་ཕྱག་རྒྱར་གསལ། །ཚེ་གནས་དབང་པོ་ལོ་ཐོག་འཇོམས། །ལས་ཀྱི་བརྣག་པ་སྣང་སྣང་མིན། །རིམ་པ་གསུམ་ལྡན་ཕག་མོའི་ལྟོར། །དབུས་ཡུལ་རྒྱ་གྲམ་རྩ་བ་ཟླུམ། །རྩིབས་ཆེན་བརྒྱད་གཉིས་སྦྱོར་བ་བཞི། །ཁ་སྦྱོར་ཡུལ་སྲུང་ལ་སོགས་རྟེན། །ཐོད་ཆེན་ཕག་ཐོད་སྤྱང་ཀི་རྫས། །བདུན་འབུམ་ཉི་ཁྲི་འབུམ་གཅིག་བརྟག །རྩང་དང་སྐྱེར་ཕུར་གཏའ་ལ་གཟེར། །ཟོར་ཐབ་དུ་བ་སྤོགས་དང་རྣལ། །ཁྲག་སྣ་དགུ་དང་སྨེ་རྫས་དགུ། །ཁྲག་དུག་ཞོ་དང་སེང་ལྡེང་ལྕགས། །གཟུགས་བརྙན་དཀར་ནག་ཀླུ་གནས་སར། །མོན་ཐོད་ནང་དུ་དར་གྱིས་གྲིལ། །འབུམ་གཅིག་བཅུ་པར་རྟེན་ལ་བསྡིམ། །དབྱར་དཔྱིད་ཐ་ཆུང་ར་བ་ཉ། །སྟོན་ཟླ་གསུམ་ལ་ཧ་གསུམ་བརྒྱད། །བཞི་དང་བཅུ་གཅིག་ཉི་ཤུ་དགུ། །གང་རུང་ལོ་ཐོག་འབྲས་བུ་སྡུད། །དྲག་སྔགས་སྦྱོར་བ་འདི་ལྟ་སྟེ། །པྲོཾ་པྲོཾ་ཤར་ཤར་ཧྲིལ་ནཱ་ག་སྙིང་གཟེར་རྦུད། རཾ་ཐུཾ་ཡཾ་ཤིག་ཧྲིལ་བྷྱོ། པྲོཾ་ཤར་ཧྲིལ་བྷྱོ། པྲོཾ་ཤར་རཾ་ཐུན་བྷྱོ། ནཱ་ག་སྙིང་གཟེར་སྡུད། ཡཾ་ཤིག་ཐུཾ་ཤར། དྲག་སྔགས་སྦྱོར་བ་རྒྱལ་པོ་ཡིས། །སྨན་དང་རྩི་ཐོག་འཇོམས་པའོ། །ཐམས་ཅད་ཟུངས་ཐུབ་སྙིང་པོ་མཆོག །བྱིན་རླབས་དྲག་པོ་ཀུན་འདུལ་གསང་། །བདེ་བ་ཉམས་ཀྱི་ལྷུན་གྲུབ་གསལ། །ཐམས་ཅད་ཟིལ་གནོན་སྔགས་དང་ཡུལ། །སྙིང་པོ་སྲོག་དང་བརྡའ་མིང་སྦྱར། །གཟིར་ཞིང་མྱོས་བྱེད་དབང་པོ་འཆལ། །ཡི་གེ་གནད་ཀྱི་སྲོག་འཕྲོག་ལ། །ལས་དང་སྦྱོར་བ་རྒྱུན་གཅད་བསྡིམ། །རྟེན་གྱི་མཆོག་ལ་གནས་སུ་དབབ། །ཕག་མོའི་ལྟོ་བར་རྒྱ་གྲམ་ཨེ། །ཉི་ཤུ་གཉིས་རྩིབས་གདུག་པར་ལྡན། །གྲུ་གསུམ་གང་གནོད་གཟུགས་དང་མིང་། །རྒྱ་གྲམ་དེ་བཞིན་རྩ་བའི་སྔགས། །


DNG017_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་དང་གསང་མཛོད་རྩ་སྦུབས་མིང་། །ཉི་ཤུ་གཉིས་ལ་སྤུ་གྲི་སྦ། །ལྟོ་སྦྱར་དུག་ཁྲག་ཕག་ཐོད་བརྣག །ཞག་གསུམ་སྔགས་བཟླས་བསྲེག་ལ་གནན། །གང་གནོད་མིང་དང་སྙིང་པོ་བསྡེབ། །གཟིར་ལ་སྲོག་དབྲོག་སྦྱོར་བ་གཅད། །སྤྱི་སྲོག་འབྲུ་གསུམ་གནད་ཀྱིས་དབྲོག །སྒོ་དགུའི་བརྡ་མིང་སྟོབས་ཀྱིས་གཟིར། །ཀུན་གྱི་མཐའ་རུ་གྲུ་གསུམ་གྱི། །ལས་དང་སྦྱོར་བ་རང་གཤེད་གཅོད། །ཨེ་མྱགས་ཡ་རྔུབས་མུགས་ཤག་ཀ་དུན། སརྦ་ཙིཏྟ་གཟིར་ཐུཾ་ཨུ་ནན། ཀཾ་ཤག་སྙིང་གཟེར་འདྲིད་ཕྱུང་ཏྲིག་ནན་རཾ་ཤག་རྦད། སྔགས་ཀྱི་ཡན་ལག་སྤུ་གྲི་ཡིས། །རྣོ་མྱུར་བཅས་ཏེ་འཇོམས་པར་བྱེད། །བགྲོད་པ་སྟོབས་ཀྱིས་དབང་མེད་ན། །རང་ཡང་འཆིང་བའི་ལས་སུ་འགྱུར། །ཐམས་ཅད་འཇོམས་པར་གདོན་མི་ཟ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་དམར་ལེན་ལས་ཀྱི་ཁ་གསོ་ཐུན་གྱི་སྦྱོར་བ་འདི་གསུངས་སོ། །ལས་རྣམས་ཀུན་གྱི་མཆོག་བསྡུས་པ། །རྩ་བ་གཅིག་ཏུ་དྲིལ་བ་ཡིན། །ལས་ཀྱི་གནད་དང་བསྐྱོད་པའི་ཐབས། །བར་མཚམས་སྦྱོར་བ་ཀུན་དང་ལྡན། །རི་ནག་དུར་ཁྲོད་སྨེ་གྲི་མནོལ། །གཡུལ་བཀྱེའི་ས་ཆུ་ཁྲག་བླངས་ལ། །སྟེགས་བུ་ཆག་ཆག་ཟོར་ཐུན་བཅའ། །རི་ཤོ་གྲོ་ག་མནོལ་ཁྲག་མིང་། །ཞིང་རས་རུས་ཆེན་ཞབས་མ་ལ། །དུག་དང་ཚ་བ་བརྣག་པའི་རྟེན། །བཅས་ལ་ཐོད་ཆེན་འཐོམ་ནག་དོང་། །དྲུག་ལས་སྦྱོར་བ་སོར་བཅུ་གཉིས། །ཙོག་པུ་སྤྱི་ཚུགས་བརྣག་པའི་བརྡ། །སྐྱེ་ཚེར་རེ་བ་མཐིང་ནག་སྐྲ། །གསལ་གསུམ་མཆོག་གི་ཐུགས་སྔགས་བསྐོར། །རང་ཉིད་ཆེ་བའི་དོན་དང་བརྡེག །དྲག་ལ་འདྲིལ་བ་བར་མི་བཅད། །དང་པོ་དགུ་ལིང་བཞི་བསྐོར་བྱ། །གུང་སྲོད་ཐོ་རངས་དྲག་ཏུ་བསྐོར། །དགུ་ཐོག་ལྕབ་ཆེན་གཟེར་འདེབས་ཚུལ། །རྣལ་མས་ལུས་ཀྱི་དབང་པོ་བཤིག །བཟློག་སྟེ་ཆེར་དྲིལ་ཐུན་བཞིར་བརྣག །ཤ་རུས་ཁྲག་ཆུ་འཇོམས་ཤིང་སྐེམས། །དཀྲུགས་ཏེ་ཐུན་སྔགས་དྲག་བཞིར་བརྡེག །རྩ་སྲོག་དབུགས་རྒྱུན་གཅོད་ཅིང་འཕོ། །མ་ཡེངས་གདེངས་གསུམ་ཕྱེ་གསུམ་བྲུན། །དགུ་སྐོར་ཐུན་གྱིས་བརྡེག་ཐུན་


DNG017_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན། །དབང་པོ་རྣམ་ཤེས་ཁམས་དང་རྟེན། །འཕོ་བ་གསུམ་གྱི་བརྡའ་ཕན་ཡིན། །བསྐོར་ཕྱོགས་གཡས་གཡོན་དབུས་མཐར་སྦྱར། །མཐའ་རུ་གདོན་གསུམ་གང་རུང་བརྣག །གདུག་པ་མེ་དང་མེ་ཐོད་ཀླུ། །ཟོར་ཐུན་ལས་གཉིས་བསྡེབས་ལ་བརྩམ། །དེ་ཡི་འཕོ་ཚུལ་གཉིས་དང་ལྡན། །མ་ཡེངས་བརྟེན་དང་གྲོལ་བས་འཕང་། །ར་ནག་ཆད་པ་སེང་གེ་ཁ། །གང་ཡང་དོགས་པ་མེད་པར་འཇོམས། །དེ་ནས་བཅོམ་ལྡན་འདས་ཀྱིས་ཐུན་སྔགས་དྲག་པོ་འདི་གསུངས་སོ། །ཨེ་མྱགས་དགྲ་བོའི་སྲོག་ལ་བམ་རིལ་ཁ་ཐུན་ཡཾ་རྦད། ཡ་རྔུབས་སྲོག་ལ་ཧྲིལ་མྱགས་ཐུན་ཤག་རྦད། མུགས་ཤག་སྲོག་ལ་གཟེར་ཐུཾ་རམ་ཐུན་རྦད། ཀ་ཐུན་སྲོག་ལ་མཱ་ར་ཡ་ཐུན་རྦད། དུས་ཚོད་ཉིན་གཉིས་དེ་བཞིན་མཚན། །བརྡེག་པ་དང་པོའི་ལས་དེའོ། །དུན་ཀ་ཤག་མུགས་རྔུབས་ཡ་མྱགས་ཨེ། དགྲ་བོའི་སྲོག་ལ་ཧུར་ཐུཾ་ཛ། རྩ་སྲོག་དབུགས་ལ་རཾ་ཐུན་རྦད། །དེ་བཞིན་བཞི་རུ་བྲ་བསྐོར་བསྡེབ། །འཇོམས་པ་དྲག་པོའི་དབུས་དེ་བཞིན། །ཨེ་རྔུབས་ཙིཏྟ་ཧུར་ཐུཾ་རྦད། མྱག་མུགས་ཙིཏྟ་དྲེང་ཤག་རྦད། ཡ་ཤག་ཙིཏྟ་རག་ཐིབས་རྦད། ཀ་དུན་ཙིཏྟ་རྔུབས་ཤག་རྦད། དེ་བཞིན་བཞི་བསྐོར་སྔགས་ཀྱི་སྒོ། །དྲུག་གིས་ལས་ཀྱི་གནད་དུ་འབེབས། །བསྐུལ་བ་བཞི་སྐོར་བླ་སྔགས་བཞི། །ཟླ་གཅིག་དུས་བཞི་རྟག་ཏུ་བྱ། །ཀུན་འཇོམས་དྲག་པོ་མེ་དང་འདྲ། །དུག་ཁྲག་གཉིས་ལྡན་བདེ་བའི་ཉམས། །རྟེན་གཅིག་ཤེས་པ་དྭངས་སྙིགས་འབྱེད། །དང་པོར་ཡུལ་ལྡན་དམིགས་པ་བརྟག །བགྲོད་པའི་སྟོབས་ཀྱི་གདེངས་གསུམ་ལྡན། །དཔའ་བརྟུལ་སྟོབས་ལྡན་དམོད་པ་བརྩམ། །རང་ཉམས་ཤུགས་ལྡན་གང་བརྩམ་སྨིན། །ཡེ་ཤེས་ཉོན་མོངས་བདེ་དང་སྨིན། །རང་འཆིངས་ཐབས་གྲོལ་ལྡན་དང་མིན། །བདེན་པ་གཉིས་འཛིན་དོན་མེད་ཡལ། །བདེ་བའི་རྒྱལ་པོ་རང་ལས་ཤར། །མ་བཅོས་བཅོས་མེད་བཅོས་དང་བྲལ། །ཨེ་ཡི་ཡེ་ཤེས་ལས་བྱུང་བ། །ཆོས་སྐུ་ནམ་མཁའ་ལས་དྲག་རྫོགས། །ཀ་ཡི་


DNG017_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ལས་བྱུང་བ། །ལས་དང་སྦྱོར་བ་སྨིན་ཅིང་རྫོགས། །ཡ་ཡི་ཡེ་ཤེས་ལས་བྱུང་བ། །ཕུལ་ཞིང་བསྐྱོད་དེ་སྲོག་དབུགས་རྫོགས། །མྱགས་ཀྱི་ཡེ་ཤེས་ལས་བྱུང་བ། །སྲོག་སྡུད་ལས་སྨིན་ཐར་བར་རྫོགས། །རྔུབས་ཀྱི་ཡེ་ཤེས་ལས་བྱུང་བ། །བསྲེག་སྐྱེམས་ཁྲག་རྒྱས་འབྲས་བུ་རྫོགས། །མུགས་ཀྱི་ཡེ་ཤེས་ལས་བྱུང་བ། །དོན་གསུམ་མ་ཡེངས་ཆེ་གཞི་རྫོགས། །ཤག་གི་ཡེ་ཤེས་ལས་བྱུང་བ། །འབྲལ་བ་གསུམ་དང་ཐར་པ་རྫོགས། །དུན་གྱི་ཡེ་ཤེས་ལས་བྱུང་བ། །འཆི་བདག་རང་བདུད་སྣང་གསལ་རྫོགས། །འདྲེལ་ཆེན་བཞི་ནི་བགྲོད་པ་སྟེ། །ཡི་གེ་སྔགས་ཀྱི་གསང་ཚིག་ཉིད། །ཆེ་བ་བཞི་ཡི་གྲངས་དོན་ཡིན། །རྩོལ་བྲལ་རང་ཉམས་ཤུགས་ཀྱིས་སྤྱད། །དྲག་ལ་འདྲིལ་ཞིང་ཆེ་བའི་སྟོབས། །ཡིན་པར་རྟོག་མེད་རང་ཤུགས་ལྡན། །དེ་ནས་བཅོམ་ལྡན་འདས་ཀྱིས་བླ་རྐུན་ཕོ་ཉ་བླ་ལ་མངག་པ་འདི་གསུངས་སོ། །ཐུགས་ཀྱི་སྤྲུལ་པ་མངོན་བྱུང་བ། །ཤར་གྱི་ཕྱོགས་ནས་བླ་འགུགས་པ། །དུང་གི་མོན་པ་སེང་གེའི་མགོ། །དབུ་དགུ་སྤྱན་དགུ་ཞལ་དགུ་གདངས། །ཕྱག་དགུ་ཞབས་དགུ་ཙིཏྟ་དགུ། །ཞབས་དགུས་སྟོང་ཁམས་བླ་ལ་རྒྱུག །སྤྱན་དགུས་དགྲ་བོའི་བླ་ནས་འཇོམས། །སྙིང་དགུས་དགྲ་བོ་ཡིད་ལ་འཛིན། །ཕྱག་དགུས་ཙིཏྟ་ཁོང་ནས་འབྱིན། །ཞལ་དགུས་ཁ་མངར་མེད་པར་གསོལ། །ལྗགས་དགུས་ཁྲག་ལ་མྱོས་ཤིང་འཐུང་། །དགྲ་བོ་བླ་དང་ཕྲོལ་ལ་ཤོག །ཀ་ལི་དུན་ཏིང་ཙིཏྟ་རོ་མྱག་སྲོག་ལ་ཐུཾ་རི་ལི་ལི་བྷྱོ། ལྷོ་ཡི་ཕྱོགས་ནས་བླ་འགུགས་པ། །ལྕགས་ཀྱི་མོན་པ་སྟག་གི་མགོ། །དབུ་དགུ་སྤྱན་དགུ་ཞལ་དགུ་གདངས། །ཕྱག་དགུ་ཞབས་དགུ་ཙིཏྟ་དགུ། །ཞབས་དགུས་སྟོང་ཁམས་བླ་ལ་རྒྱུག །སྤྱན་དགུས་དགྲ་བོའི་བླ་ནས་འཇོམས། །སྙིང་དགུས་དགྲ་བོ་ཡིད་ལ་འཛིན། །ཕྱག་དགུས་ཙིཏྟ་ཁོང་ནས་འཛིན། །ཞལ་དགུས་ཁ་མངར་མེད་པར་གསོལ། །ལྗགས་དགུས་ཁྲག་ལ་མྱོས་ཤིང་འཐུང་། །དགྲ་བོ་བླ་དང་ཕྲོལ་ལ་ཤོག །ཧ་ལ་ཧ་ལ་དུན་ཏིང་རོ་མྱགས་སྲོག་ལ་ཐུཾ་རི་ལི་ལི་བྷྱོ། ནུབ་ཀྱི་ཕྱོགས་ནས་བླ་འགུགས་པ། །བསེ་ཡི་མོན་པ་དྲེད་ཀྱི་མགོ། །དབུ་


DNG017_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་སྤྱན་དགུ་ཞལ་དགུ་གདངས། །ཕྱག་དགུ་ཞབས་དགུ་ཙིཏྟ་དགུ། །ཞབས་དགུས་སྟོང་གསུམ་བླ་ལ་རྒྱུག །སྤྱན་དགུས་དགྲ་བོའི་བླ་ནས་འཇོམས། །སྙིང་དགུས་དགྲ་བོ་ཡིད་ལ་འཛིན། །ཕྱག་དགུས་ཙིཏྟ་ཁོང་ནས་འབྱིན། །ཞལ་དགུས་ཁ་མངར་མེད་པར་གསོལ། །ལྗགས་དགུས་ཁྲག་ལ་མྱོས་ཤིང་འཐུང་། །དགྲ་བོ་བླ་དང་ཕྲོལ་ལ་ཤོག །རཀྴ་ཧུ་ཏི་དུན་ཏིང་རོ་མྱགས་དགྲ་བོ་སྲོག་ལ་ཐུཾ་རི་ལི་ལི་བྷྱོ། བྱང་གི་ཕྱོགས་ནས་བླ་འགུགས་པ། །གསེར་གྱི་མུན་པ་ཁྱུང་ཆེན་མགོ། །དབུ་དགུ་སྤྱན་དགུ་ཞལ་དགུ་གདངས། །ཕྱག་དགུ་ཞབས་དགུ་ཙིཏྟ་དགུ། །ཞབས་དགུས་སྟོང་ཁམས་བླ་ལ་རྒྱུག །སྤྱན་དགུས་དགྲ་བོའི་བླ་ནས་འཇོམས། །སྙིང་དགུས་དགྲ་བོ་ཡིད་ལ་འཛིན། །ཕྱག་དགུས་ཙིཏྟ་ཁོང་ནས་འབྱིན། །ཞལ་དགུས་ཁ་མངར་མེད་པར་གསོལ། །ལྗགས་དགུས་ཁྲག་ལ་མྱོས་ཤིང་འཐུང་། །དགྲ་བོ་བླ་དང་ཕྲོལ་ལ་ཤོག །ཀརྨ་བྷ་ཏི་དུན་ཏིང་རོ་མྱགས་སྲོག་ལ་ཐུཾ་རི་ལི་ལི་བྷྱོ། དྲག་པོ་མཐའ་སྡུད་སྐྱོད་ཅིང་འདྲིལ། །ཕོ་བྲང་ཐིག་ལེ་བདེ་ལ་བཞག །ཡོན་ཏན་ལྷུན་གྲུབ་རིན་པོ་ཆེ། །རྩ་བ་གཅིག་ལ་ཡན་ལག་འབྱུང་། །སྦྱོར་བ་དུ་མ་ལས་ཀྱི་གནད། །དམར་ལེན་སྔགས་ཀྱི་མཐུ་དྲིལ་ནས། །འཁོར་ལོ་མཚོན་ཆའི་རྒྱལ་པོའོ། །དྲག་སྔགས་མངོན་དུ་ཕྱུང་བའི་རྒྱུད་ལས། དམར་ལེན་སྙིང་པོ་དོན་གྱི་མན་ངག་གི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཡོན་ཏན་ཐོབ་པར་བྱ་བའི་རིམ་པ་འདི་གསུངས་སོ། །ཚེ་སྲོག་བདག་པོའི་དོན་དག་ནི། །རྣམ་གྲངས་ལྔ་དང་ལྡན་པའོ། །དབྱེ་བ་ངོ་བོ་ཡོན་ཏན་དང་། །ལས་དང་འབྲས་བུ་ངེས་པར་བཤད། །དབྱེ་བ་དག་པ་རྣམ་པ་ལྔ། །རང་བཞིན་ལྷུན་གྲུབ་ཚེ་བདག་དང་། །ཡེ་ཤེས་ལྷུན་གྲུབ་ཟིལ་གནོན་དང་། །ཕྱག་རྒྱ་གཅིག་པའི་ཚེ་བདག་དང་། །ཐུགས་ལས་འཁྲུངས་པའི་ཚེ་བདག་དང་། །ལས་ལས་གྲུབ་པའི་ཚེ་བདག་གོ། །ཡོན་ཏན་རིན་པོ་ཆེ་ལྟ་བུ། །ཀུན་འབྱུང་འཕེལ་འགྲིབ་མེད་པར་གནས། །ལྷུན་གྲུབ་ཚེ་བདག་དྭངས་མ་ལྔ། །རྒྱུ་རྐྱེན་འཕྲོ་འདུ་རྩོལ་དང་བྲལ། །ཕྱག་རྒྱ་


DNG017_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོར་ལྷུན་གྲུབ་པའོ། །ཟིལ་གྱིས་གནོན་པའི་ཚེ་བདག་ནི། །སྣང་སྲིད་ཡེ་ཤེས་རྟོག་ལས་འདས། །རྟོག་བཅས་འཁྲུལ་པ་རུ་བཟློག་ཕྱིར། །རིན་ཆེན་གཞལ་ཡས་ལྷུན་གྲུབ་ན། །སྟོབས་ཀྱི་གདན་ལ་དེ་བཞིན་གྲུབ། །རང་བཞིན་གསལ་བའི་ངང་ཉིད་ལས། །ཡེ་ཤེས་ལྷུན་གྱིས་གྲུབ་པའི་སྐུ། །ལྷུན་པོ་རི་རབ་བརྟན་ལྟར་བརྗིད། །སྲིད་གསུམ་སྦྱོར་བ་ཟིལ་གྱིས་གནོན། །བདུད་མོ་ཁ་འབར་གསོད་བྱེད་མས། །མྱོས་བྱེད་ཁྲག་སྐྱུགས་མ་མོའི་ཚོགས། །མ་ལུས་ཟིལ་གྱིས་གནོན་ཅིང་འཇོམས། །གསོད་བྱེད་བཀའ་ཡིས་བྱིན་བརླབས་གནོན། །དྲེགས་པས་གཉན་དང་ས་བདག་ཕོ་མོ་གནོན། །བྱ་ཁྱུང་ཀླུ་བདུད་ཀླུ་སྲིན་གནོན། །ཁྱུང་མོས་ས་བདག་ས་སྲིན་གནོན། །སེང་གེས་རྒྱལ་བློན་སྟོབས་ཆེན་གནོན། །སྟག་གིས་དུད་འགྲོ་གདུག་པ་གནོན། །ཞེ་སྡང་གདུག་པའི་སྦྲུལ་ནག་གིས། །སྔགས་དང་དམད་པ་རིགས་བཞིའི་ཀླུ། །ཚ་བའི་ནད་དབལ་ཟིལ་གྱིས་གནོན། །སྲིད་པའི་ཁྱམས་ཁང་རུས་སྦལ་གྱིས། །སྲོག་དབུགས་བཀྲག་མདངས་ཚེ་སྲོག་འཆང་། །རང་བཞིན་ཆོས་སྐུ་སྐྱེ་མེད་ལས། །སྐྱེ་བའི་ཆོ་འཕྲུལ་ལྷུན་གྲུབ་སྐུས། །སྐྱེ་བ་ལས་ཀྱི་འཁྲུལ་པ་ཡི། །བརྐམ་ཆགས་སྐྱེ་མེད་ངང་དུ་གྲོལ། །དྭངས་མའི་ཐིག་ལེ་བཅུད་ལ་བསྡུ། །སྣང་སྲིད་བདེ་འགྲོ་མ་ལུས་ཀྱི། །ཚེ་སྲོག་ཡི་གེ་གཉིས་བསྡུས་འཆང་། །ཕྱག་རྒྱ་གཅིག་པའི་ཚེ་བདག་གི། །གདན་ལས་ཡབ་ཡུམ་བྱ་ཁྱུང་དྲེགས། །རྒྱན་གྱི་སྔགས་དང་གབ་པའི་སྔགས། །ལུས་སྲུང་དྲག་པོས་འཇོམས་པ་ཡི། །སྤྲུལ་པའི་ཚེ་བདག་ནག་པོ་ནི། །ཟིལ་གནོན་ཐུགས་ཀྱི་སྤྲུལ་པ་སྟེ། །དབུ་དགུ་གནད་དགུ་མི་ནད་འཇོམས་བདུད་ཡིན། །ཐེག་པ་དགུ་ཡི་དོན་ལྡན་ནས། །འབྲས་བུ་རིགས་ལྔ་ཡེ་ཤེས་བཞི། །སྤྲུལ་པ་སྣ་ཚོགས་བསམ་དཔག་དཀའ། །ལས་ཀྱི་ཚེ་བདག་ནག་པོ་ནི། །འབྱུང་བ་རྟེན་གཞིའི་རྔམ་གྱི་འོག་ཤེད་ན། །མི་དགེ་བཅུ་ཡི་ལས་དབང་ལས། །ཡི་དྭགས་རྒྱལ་པོ་འཆི་བདག་སྐུ། །ཤ་ཟ་ཀེཾ་ཀེཾ་འཁོར་དང་བཅས། །དབང་སྡུད་སྔགས་ཀྱི་ལས་ཀུན་བྱེད། །ལས་ཀྱི་རྣམ་


DNG017_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་འདི་ལྟ་སྟེ། །རྩ་བ་བཞི་དང་ཡན་ལག་བཅས། །ལྷུན་གྲུབ་ཚེ་བདག་ནག་པོའི་ལས། །རྩ་བ་གཉིས་དང་ཡན་ལག་བཅུ། །ཁྱད་པར་བརྒྱ་དང་བཅུ་དྲུག་ཡོད། །སྙིང་པོ་མན་ངག་རྩ་བ་གཉིས། །ཡན་ལག་ཕྲལ་ན་ཉི་ཤུ་དགུ། །ཟིལ་གནོན་ཕྱག་རྒྱ་ཆེན་པོ་ལས། །ལྟས་ལོག་ལུས་ཀྱི་གོ་ཆ་སྲུང་། །ཕྱག་རྒྱ་གཅིག་པའི་ཚེ་བདག་ལ། །རྩ་བ་གསུམ་ལ་ཡན་ལག་ལྔ། །སྤྲུལ་པའི་ཚེ་བདག་མགོ་དགུའི་ལས། །སྦྱོར་བ་བཅུ་དྲུག་ཨ་ཀྲོའི་མཐར། །ལས་ཀྱི་ཚེ་བདག་ནག་པོའི་ལས། །སྦྱོར་བའི་རྣམ་གྲངས་བརྒྱ་ཕྲག་གཅིག །དྲུག་ཅུ་རྩ་གཅིག་བྱེད་པར་གསུངས། །ཚེ་བདག་ནག་པོའི་ངོ་བོ་འདི་ལྟ་སྟེ། །ཐམས་ཅད་ཆོས་སྐུར་ངོ་བོ་གཅིག །ཡེ་ཤེས་ལྷུན་གྲུབ་ཆེན་པོའི་སྐུ། །སྣ་ཚོགས་སྦྱོར་བ་སྤྲུལ་པའི་སྐུ། །རོལ་པ་གསུམ་གྱི་ངང་དུ་རྫོགས། །འབྲས་བུའི་གནས་ཚུལ་འདི་ལྟ་སྟེ། །ཆོས་ཉིད་འགྱུར་མེད་རང་བཞིན་ལས། །རང་བྱུང་ཡེ་ཤེས་ཕྱག་རྒྱར་འབར། །ཐམས་ཅད་སྣང་སྟོང་ཡེ་ཤེས་སྐུ། །དབྱིངས་དང་ཡེ་ཤེས་གཉིས་སུ་མེད། །སྣ་ཚོགས་ངོས་གཟུང་མེད་པའི་སྐུ། །སྣང་སྟོང་མ་འགགས་བདེ་ཆེན་ཉིད། །འཁོར་འདས་གཉིས་མེད་བརྡལ་བའི་ཀློང་། །རྟོག་དཔྱོད་ཕྲིན་ལས་རྩོལ་ལས་འདས། །ཏིང་འཛིན་འདུ་འཕྲོ་རྐྱེན་ལས་འདས། །བགྲོད་ཐོབ་རྩོལ་མེད་ལྷུན་གྱིས་གྲུབ། །མི་ཟད་རྒྱན་གྱི་འཁོར་ལོར་རྫོགས། །ཐེག་པ་ཀུན་གྱིས་བགྲོད་པའི་མཆོག །སྒྱུ་མ་ལྷུན་གྲུབ་ཡུལ་ལ་རོལ། །ཡེ་ཤེས་ལྷུན་གྲུབ་རྟོག་བརྗོད་འདས། །རང་རིག་རང་གསལ་རང་བྱུང་སྐུ། །སྣ་ཚོགས་སྣང་ལ་ངོས་གཟུང་མེད། །དྲག་སྔགས་མངོན་དུ་ཕྱུང་བའི་རྒྱུད་ལས། ཚེ་བདག་གི་རྣམ་གྲངས་ཀྱི་ལེའུ་སྟེ་བརྒྱད་པའོ།། །།གཞན་ཡང་བགྲོད་པའི་རིམ་པ་ནི། །སེམས་ཉིད་དབེན་པའི་བདེ་གནས་སུ། །རང་ཉམས་བརྟན་པའི་མཚམས་བཅད་ལ། །མཎྜལ་ཆེན་པོ་བྱ་བར་བརྩམ། །སྔོན་དུ་འགྲོ་བའི་ལས་རྫོགས་ནས། །དུར་ཁྲོད་དཔའ་མོ་རྒྱུ་བླངས་ལ། །ཐུགས་ཀྱི་སྤྲུལ་པ་མཁའ་ཁྱབ་སྤྲོ། །གུག་རྒྱལ་དྲི་ཡིས་ཁྲུས་བྱས་ལ། །མཎྜལ་དབུས་སུ་བརྟན་པར་བཞག །


DNG017_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་གཏན་བུམ་པས་སུམ་ཡར་སྦྱར། །དངོས་གྲུབ་གང་འདོད་དྲག་སྔགས་གདགས། །གཞན་ཚོགས་གཏོར་མ་བརྒྱད་ཅུ་སྤྱད། །སྐུར་བསྒོམ་དྲག་སྔགས་སྐུ་ཡི་སྔགས། །རྟགས་དང་སྦྱར་ལ་ལྟོ་སྦྱར་བཟླས། །བམ་གྱི་ཙིཏྟའི་ཕོ་བྲང་དུ། །ཚེ་བདག་འཁོར་དང་བཅས་པ་བརྟག །ཕུང་པོ་འབྱུང་བ་རྣམ་ཤེས་ལ། །ཡ་མའི་དཀྱིལ་འཁོར་རྫོགས་པར་བརྟག །སྐབས་དང་སྦྱོར་ལ་རྩོལ་བ་བརྩམ། །ཚོགས་དང་སྦྱོར་མཆོད་བ་ལིཾ་ཏས། །ཕྱི་རྒྱུད་མཆོད་སོགས་རྒྱུན་མི་གཅད། །རང་སེམས་ཤུགས་ལྡན་རྟགས་ཐོབ་ན། །སློབ་མ་ཚེ་བདག་སྐུ་བསྒོམ་ལ། །ཡོལ་བས་བཅད་ལ་ཁྲུས་དང་སྦྱར། །ཕྱག་རྒྱ་བཀྲ་ཤིས་གཟུངས་མ་བརྟག །སྔགས་སྐྱེས་རྒྱལ་རིགས་བྲམ་ཟེའི་རིགས། །ལང་ཚོ་མཚན་ལྡན་ཁྲུས་བྱས་ལ། །གསོ་བྱེད་གཟུངས་མས་གཡོན་ནས་འཁྱུད། །བྷ་ག་གསང་བའི་ཕོ་བྲང་དུ། །ལྷུན་གྲུབ་དཀྱིལ་འཁོར་རྫོགས་པར་བརྟག །རྡོ་རྗེར་བཅས་པའི་ཕྱག་རྒྱ་ཡིས། །གསང་བའི་ལྷ་ལ་གསོལ་བ་གདབ། །བྱིན་བརླབས་བརྟུལ་ཞུགས་འཇུག་པ་བརྩམ། །ཁྲུས་དང་མེ་ཏོག་འཇུག་པ་ཡིས། །བདེ་ཆེན་སྐུ་དང་བམ་དཀྱིལ་འཁོར། །གསང་བ་ལྷུན་གྲུབ་མཁའ་ལ་འཇུག །བརྟུལ་ཞུགས་སྔོན་འགྲོའི་རིམ་པ་བདུན། །བུམ་པ་སེམས་ཕྲེང་སྨེ་བ་བླང་། །རྒྱན་ཆ་ཕྱག་མཚན་དྲག་པོའི་དབང་། །གཏོར་མ་རཀྟ་བདུད་རྩི་བསྟབ། །ལུང་བསྟན་གཟེངས་བསྟོད་དབུགས་དབྱུང་བྱ། །གསང་མཚན་བརྟན་པ་མི་ཟློག་སྦྱིན། །དམ་ཚིག་ཆོས་བཤད་གདམས་པ་བྱ། །བཀའ་བསྒོ་མནའ་ཆུ་གསང་བ་བསྒྲག །ལྷར་བསྐྱེད་བུ་ལ་ཚོགས་ཀྱིས་རོལ། །དེ་ཡི་རིམ་པ་འདི་ལྟ་སྟེ། །སློབ་མ་གཞུག་ཕྱིར་གསོལ་བ་གདབ། །ལྷུན་གྲུབ་རང་བཞིན་གནས་པའི་ཕོ་བྲང་ནས། །ཡེ་ཤེས་རྒྱ་མཚོ་ལྷུན་གྱིས་གྲུབ་པའི་ལྷ། །མ་ལུས་མཉམ་པའི་རྒྱལ་པོ་དགོངས་སུ་གསོལ། །སློབ་མ་མཚན་ལྡན་ཡུམ་གྱི་དཀྱིལ་འཁོར་དུ། །བརྟུལ་ཞུགས་དྲག་པོའི་སྟོབས་ཀྱིས་གཞུག་ཏུ་གསོལ། །བདེ་ཆེན་མཉམ་པའི་ཕོ་བྲང་གསང་བ་རུ། །རིག་པའི་བརྟུལ་ཞུགས་སྟོབས་ཀྱིས་གཞུག་ཏུ་གསོལ། །སློབ་མ་མཉམ་པའི་དོན་དང་བགྲོད་པ་འདོད་པ་ཡིས། །མེ་ཏོག་རིན་ཆེན་འདོད་པས་མཛེས་བྱས་ལ། །


DNG017_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་དང་བཅས་བདག་ཅག་མཉམ་པ་ཡི། །རྡོ་རྗེ་རྒྱལ་པོ་དག་ལ་གསོལ་བ་གདབ། །སྟོན་པའི་སྒྲོན་མ་བཅོམ་ལྡན་འདས། །ལྷ་དང་སློབ་དཔོན་དགོངས་སུ་གསོལ། །དྲེགས་པ་སྟོབས་ཀྱིས་ཚུལ་བསྟན་པ། །འགྱུར་མེད་བདེ་ཆེན་ཕོ་བྲང་ནས། །དྲེགས་པའི་ལྷ་ཚོགས་དགོངས་སུ་གསོལ། །བྷ་ག་གསང་བའི་དཀྱིལ་འཁོར་ནས། །མཉམ་པའི་རྒྱལ་པོ་དགོངས་སུ་གསོལ། །དམ་ཚིག་དཀའ་ཐུབ་སྡོམ་པའི་མཆོག །རིག་པའི་རྒྱལ་པོ་བདག་ལ་དགོངས། །གསང་བའི་སྒྲོན་མ་བདག་ལ་དགོངས། །ཡེ་ཤེས་རོལ་པ་བདག་ལ་སྩོལ། །མེ་ཏོག་རིན་ཆེན་དབྱིག་བསྡུས་ལ། །བདེ་ཆེན་ཕྱི་ཡི་འཇུག་པ་བརྩམ། །ཕུང་པོ་ལྷུན་གྲུབ་ཚེ་བདག་རྟེན། །བམ་ཆེན་མཉམ་པའི་དཀྱིལ་འཁོར་དུ། །འཇུག་པ་ནང་གི་ལྷ་ངོ་བསྟན། །བྷ་ག་གསང་བའི་ཕོ་བྲང་དུ། །མེ་ཏོག་དོར་ལ་ལྷ་ངོ་བསྟན། །གདོང་གཡོགས་དང་ལྡན་སྤྲོ་བ་བསྐྱེད། །བཀྲ་ཤིས་མཚན་ལྡན་གསང་བའི་ཕོ་བྲང་ན། །གཉིས་མེད་སངས་རྒྱས་ཀུན་དང་མཉམ་སྦྱར་བའི། །བྱང་ཆུབ་སེམས་ཉིད་མི་འགྱུར་བདེ་བའི་མཆོག །ཕོ་བྲང་ལྷུན་གྱིས་གྲུབ་པར་བཞུགས་པ་དང་། །སྨེ་བ་ལྔ་དང་བདུད་རྩི་སྦྱོར་བའི་སེམས། །བཀྲ་ཤིས་མཚན་ལྡན་བྷནྡྷར་བརྟུལ་ཞུགས་སྦྱིན། །མི་འགྱུར་བརྟན་པའི་སྐུ་དང་ཡེ་ཤེས་བགྲོད། །གསང་བ་གཟུངས་མ་སྤྲོ་བ་བསྐྱེད་ལ་བླང་། །ཧོ། བདེ་ཆེན་གསང་བའི་ཕོ་བྲང་དུ། །ཐབས་ཆེན་གསང་བའི་བདེ་ཕབ་ལ། །དབུ་མའི་རྩ་རྒྱུད་ས་བོན་བསྲེག །བྷ་ག་གསང་བའི་ཆོས་སྐུར་བསྐྱིལ། །རྩ་ལམ་འོད་འཕྲོས་ལོངས་སྤྱོད་སྐུ། །མཉམ་པར་གནས་པ་བྱང་ཆུབ་སྐུ། །སྤྲོས་བྲལ་ཀུན་ཁྱབ་སྤྲུལ་པའི་སྐུ། །བརྟན་པ་ཐོབ་པ་རྡོ་རྗེའི་སྐུ། །ཡབ་ཡུམ་མཉེས་པས་མཉེས་པར་བྱ། །སྦྱོར་བ་དག་པའི་བྱིན་རླབས་ལས། །རྩ་བརྒྱུད་བདེ་བའི་ཐིག་ལེར་བསྐྱིལ། །བྱང་ཆུབ་ཤུགས་དང་སྨེ་བ་བསྲེ། །བཀྲ་ཤིས་མཚན་ལྡན་བུམ་པར་བསྐྱིལ། །བརྟུལ་ཞུགས་རབ་འབྱམས་དབང་བསྐུར་བྱ། །ཧོཿ། རིག་པའི་སྟོབས་ལྡན་སྦྱོར་བའི་གནས། །འཁྲུལ་པའི་བག་ཆགས་སྤྲིན་ལྟ་བུ། །ཡེ་ཤེས་རོལ་པའི་སྒྲོན་མེས་བསལ། །མཉམ་


DNG017_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱལ་པོ་བརྟུལ་ཞུགས་ལོངས། །ཨེ་ཀ་ཡ་མ་པྲ་ཏཱིཙྪ་ཧོཿ། མཚན་ལྡན་བཀྲ་ཤིས་ཕོ་བྲང་དུ། །དྲག་པོ་སྟོབས་ཀྱི་ལྷ་ངོ་བསྟན། །བཀྲ་ཤིས་བུམ་པས་དབང་བསྐུར་བྱ། །ཧོཿ། ཡེ་ཤེས་ལྷུན་གྲུབ་བུམ་པ་ཡིས། །བརྟུལ་ཞུགས་དག་པའི་དབང་བསྐུར་བས། །འཁོར་བ་རྣམ་དག་ཆོས་སྐུར་གསལ། །རང་བྱུང་ཡེ་ཤེས་དབང་ཐོབ་ཤོག །ཨེ་ཀ་ཡ་མ་གྷུ་ཧྱ་བྷ་ག་བོ་དྷི་ཙིཏྟ་ཧོཿ། འབྲས་བུ་ཁྲག་འཐུང་ཡེ་ཤེས་ལྔར། །རྫོགས་པའི་ཕྱག་རྒྱ་ལྷུན་གྲུབ་པའོ། །རྒྱན་ཆ་སྟོབས་ཀྱི་དབང་སྦྱིན་བྱ། །གླང་ཆེན་སྟག་གླང་ཞིང་ལྤགས་སྦྲུལ། །ཐོད་པ་སྙིང་ཕྲེང་ཀེང་རུས་བརྒྱན། །མེ་རི་དུར་ཁྲོད་དབང་བསྐུར་བས། །དྲེགས་པའི་མཐུ་སྟོབས་དབང་ཐོབ་ཤོག །ཨེ་ཀ་ཡ་མ་ཧ་སྡི་མ་ཧཱ་ནཱ་ག་ཀ་པཱ་ལ་ཙིཏྟ་ཛྭ་ལ་ནི་རི་ཧོཿ། ཧོཿ། འཁོར་བ་འདྲལ་བྱེད་འཁོར་ལོ་དང་། །ཉོན་མོངས་གཅོད་པའི་རལ་གྲི་དང་། །ཆོས་ཉིད་མཚོན་པའི་རྡོ་རྗེ་ཡིས། །སྐུ་གསུམ་མཉམ་པའི་དབང་ཐོབ་ཤོག །ཨེ་ཀ་ཡ་མ་ཙཀྲ་ཁཌྒ་བཛྲ་ཧོཿ། བེ་ཅོན་དུག་ལྔ་ཟིལ་གྱིས་གནོན་པ་དང་། །གདུག་འཇོམས་བྱེད་པའི་གཏུན་ཤིང་དང་། །ལོག་རྟོག་བརྐམ་ཆགས་འཇོམས་པའི་སྡིགས་མཛུབ་ཀྱིས། །རིག་པ་སྟོབས་ཀྱི་སྒོ་གསུམ་དབང་ཐོབ་ཤོག །ཨེ་ཀ་ཡ་མ་ཙིཏྟ་ཧུ་ཏི་ས་ར་ལ་ཧོཿ། བརྟུལ་ཞུགས་སྤྱོད་པའི་རོ་ལ་མཉམ་པར་རོལ་པ་ནི། །ཧོཿ། པདྨ་རྡོ་རྗེ་མཉམ་སྦྱར་ནས། །པདྨ་རཀྟ་བྱང་ཆུབ་སེམས། །བམ་ཆེན་སྨེ་བའི་དོན་དང་སྦྱར། །བརྟུལ་ཞུགས་རོལ་པའི་དབང་བསྐུར་བས། །མི་ཟད་རྒྱན་གྱིས་དབང་ཐོབ་ཤོག །ཨེ་ཀ་ཡ་མ་ཨ་དྷི་པ་ཏ་སིདྡྷི་ཧོཿ། ལོངས་སྤྱོད་དག་པའི་དབང་བསྐུར་བྱ། །འཆི་མེད་རང་བྱུང་ར་སཱ་ཡན། །བཀྲ་ཤིས་མཚན་ལྡན་ལྷག་པའི་རྫས། །འཕེལ་འགྲིབ་མེད་པའི་དབང་བསྐུར་བས། །རིགས་ལྔ་ཡེ་ཤེས་ལྔ་ཡི་དབང་ཐོབ་ཤོག །ཨེ་ཀ་ཡ་མ་སརྦ་པཉྩ། ཨ་མྲྀ་ཏ་ཛྙཱ་ན་ཤུཌྜྷ་ཧོཿ། བཀྲ་ཤིས་དངོས་གྲུབ་གའུ་རུ། །མི་འགྱུར་བརྟན་པའི་ཚེ་བསྐྱིལ་ནས། །རང་རྟགས་ཚེ་ཡི་དབང་བསྐུར་བས། །འཆི་མེད་མི་འགྱུར་བརྟན་པའི་དབང་ཐོབ་ཤོག །ཨེ་ཀ་ཡ་མ་ཨཱ་ཡུ འདི་བར་ནས་ཡི་གེ་ཆད་ཡོད་པ་རྣམས་ལ་དཔྱད་དགོས། ཨོཾ་ན་སིདྡྷི་ཧོཿ། སྣོད་ཀྱི་འཇིག་རྟེན་གཏོར་སྣོད་དུ། །བཅུད་ཀྱི་འཇིག་རྟེན་གཏོར་མར་གསལ། །འབྱུང་


DNG017_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

བ་སྣ་ལྔ་གཏོར་མའི་རྒྱུ། །ལྷུན་གྲུབ་ཀུན་འབྱུང་གཏོར་མའི་རྒྱན། །འཛིན་ཆགས་མེད་པའི་སྟོབས་ཀྱིས་རོལ། །ཨེ་ཀ་ཡ་མ་མ་ཧཱ་བ་ལིཾ་ཏ་པཱུ་ཛ་ཧོཿ། སྣོད་མེད་བརྟུལ་ཞུགས་ཞན་པ་ལ། །སྤེལ་ཞིང་སྨྲས་ན་ཁྲོ་བོ་དང་། །གཏུམ་པོ་གནོད་སྦྱིན་མཁའ་འགྲོ་དབང་ཆེན་གྱིས། །ལུས་འདྲལ་ཁོང་གཤག་ཙིཏྟ་ཁྲག་ཏུ་འཐུང་། །རྡོ་རྗེ་འཆང་ཆེན་དྲེགས་པ་ང་ཡིན་པས། །བཀའ་ཡི་ཟུར་ཡང་བཅག་པར་བྱ་བ་མིན། །བསྒོ་བ་བྱོས་ཤིག་དམ་ཚིག་སྲོག་ལྟར་སྲུངས། །གལ་ཏེ་འདས་ན་རྡོ་རྗེ་དམྱལ་བར་ལྟུང་། །འདི་ནི་རྡོ་རྗེ་དམྱལ་བའི་ཆུ། །ཚུལ་འདི་བསྲུངས་ན་དངོས་གྲུབ་འཐོབ། །ཉམས་ན་མནར་མེད་དམྱལ་བར་ལྟུང་། །རྡོ་རྗེའི་ཆུ་འདི་ཁྱོད་ཀྱིས་ལོངས། །བཛྲོ་ད་ཀ་ཨི་དམ་ཧོཿ། འདོད་པའི་ཚོགས་ལ་རོལ་པའོ། །དྲག་སྔགས་མངོན་དུ་ཕྱུང་བའི་རྒྱུད་ལས། བམ་ཆེན་གསང་བའི་དབང་གི་ལེའུ་སྟེ་དགུ་པའོ།། །།གཞན་ཡང་གདུག་པའི་ནད་ཞུགས་ན། །མཚན་ཉིད་རྟག་པས་ལས་རྣམས་སྨིན། །དེ་ཡི་རིམ་པ་འདི་ལྟ་སྟེ། །རྒྱལ་རིགས་མགོ་ནས་རུས་ནད་བསྐྱེད། །རྗེའུ་རིགས་ལག་གཡས་ཚ་བ་སྐེམ། །བྲམ་ཟེ་ལག་གཡོན་ཁྲག་ཆུ་སྐེམ། །དམངས་རིགས་རྐང་གཡས་ཞ་གྲུམ་གཡོ། །རྡོལ་བ་རྐང་གཡོན་རྣག་ལ་འཇུག །བ་སུ་རྩ་ལ་ཕོལ་འབྲས་གཡོ། །སྨན་དང་འཕྱེ་བོ་རླུང་སྒོར་འཇུག །མཛེ་རླུང་ཁྲག་བསྐྱེད་ཚ་གྲང་འཁྲུག །རྐང་གཅིག་བུ་ག་ཁ་གཉིས་འཇུག །གཞོགས་སྐེམ་སུབ་པ་ནད་ཀྱི་རྒྱུ། །གེལ་བ་སོ་དང་སེན་ལ་འཇུག །ལྕི་འཐིབས་གཟེར་ནད་གླང་པོ་གཏང་། །འཐོམས་པ་ཚིགས་མགོ་ཞ་འབྲུམ་སྐེམ། །མགོ་མང་ཁ་ཟས་རོ་ལ་འཇུག །ལྕེ་ཡང་དང་པོ་རོ་དང་བྲལ། །གདུག་པ་ཆེན་པོ་སྙིང་ལ་འཇུག །སྨྱོ་འབོག་འཆོལ་མཛེ་སྡུག་བསྔལ་མྱོང་། །ས་ཡམས་རྗེན་ཤུན་དྲི་ལ་འཇུག །ནང་རོལ་ལྔ་ལ་མཛེས་ཡམས་བསྐྱེད། །ལྟོ་འཕྱེ་རྩ་བཞི་སྦུབས་ལ་འཇུག །བད་ཀན་ཁྲག་རླུང་མཁྲིས་ནད་བསྐྱེད། །སྐྱོ་དུབ་འཆལ་གཡེང་འཆལ་དང་འཐིབས། །ཤ་རུས་གཡེངས་པའི་རྟགས་ལྔ་འབྱུང་། །ཀླུ་བདུད་ཀླུ་སྲིན་སྒང་དང་འཐིབ། །གླང་ཐབས་གྲུམ་དང་ཕོ་སྲིན་ནད། །


DNG017_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

མ་མོས་རིམས་དལ་སྨྱོ་ནད་གཏོང་། །རྒྱལ་པོས་སྨྱོ་འབོག་འཆལ་དང་བསྡང་། །བཙན་གྱི་གཟེར་ནད་གྲི་དང་བསྡང་། །ཐེ་བྲང་གློ་བུར་ཧུར་ཐུམ་གཏང་། །འཛིན་པ་རྟགས་ནི་བཞི་དང་ལྡན། །ཡིད་ཀྱི་དུག་ཅན་ཁོང་ནས་ལྡོང་། །དམར་ལེན་མཆོག་གི་སྔགས་ཀྱིས་གདོན། །རེག་པའི་དུག་ནི་རྩོལ་བས་འཛིན། །ཤི་ཕྲད་ཕྱག་རྒྱ་ཉིན་མཚན་གདོན། །མཐོང་བའི་དུག་ནི་མཛེ་ཤུས་འཛིན། །མགོ་དགུ་སྔགས་ཀྱི་ལྟོ་སྦྱོར་ཤིས། །ཁ་རླངས་དུག་ནི་ཤ་བཀྲས་འཛིན། །གཞན་ཡང་གདོན་པའི་སྦྱོར་བ་ནི། །སྔགས་དང་འཁོར་ལོ་སྲེག་པའི་ལས། །འཇུག་པའི་རྗེས་གཅོད་སྔགས་ཀྱིས་གདོན། །མགོ་ལ་སོགས་པ་གདུག་པ་ལས། །དྲིལ་གཏོར་འཁོར་ལོ་ལྟོ་སྦྱར་བསྡེབ། །སྦྱོར་བའི་རྒྱལ་པོ་གསུམ་གྱིས་གདོན། །མགོ་ལ་ཤི་ཕྲད་ཉིན་མཚན་དང་། །ལྟོ་སྡེབས་གཏོར་བའི་སྦྱོར་བས་གདོན། །ལག་གཡས་ཞུགས་ལ་སྙིང་གཟེར་དགུ། །དེ་བཞིན་གཡོན་ལ་ཉི་ཤུ་གཅིག །རྐང་པ་གཡས་ལ་གདུག་པས་གདོན། །གཡོན་ལ་ལྟོ་བཀྲུག་སྦྱོར་བས་གདོན། །བུ་ག་དགུ་ལ་བཅུ་གཅིག་པས། །རྩ་བྲན་ཞུགས་ལ་འབྲུ་བརྒྱད་ཤིས། །དབུགས་དང་རྫི་ལ་བཅུ་གཅིག་གཏོར། །རྗེན་ཤུན་ཞུགས་ན་གཉིས་གཉིས་བསྡེབ། །དྲོད་ལ་ཞུགས་ན་ལྔ་ཚོ་བསྡེབ། །རླུང་ལ་ཞུགས་ན་གཉིས་པོར་ཏྲི། །རྩ་ལམ་བཅུ་གཅིག་གཙོར་བླང་ཡང་། །ས་མེ་ཙ་ལ་སུམ་སྡེབས་དཀྲུག །རྩ་བཞི་གདུག་པས་འབྱུང་བའི་ནད། །དཀྲུགས་ནས་ཕྱག་རྒྱ་ཆེན་པོས་གདོན། །ཚིག་མགོ་བདུན་ལ་དགུ་བདུན་བསྡེབ། །ཁ་ཟས་ཞུགས་ལ་ཤི་འཕྲད་བསྡེབ། །ཙིཏྟར་ཞུགས་ལ་བཅུ་གཅིག་དཀྲུག །ཀླུ་བདུད་ཀླུ་སྲིན་བདུན་པ་དཀྲུག །དུ་མེ་འབྲུ་དགུའི་སྦྱོར་བ་བསྡེབ། །མ་མོ་ལ་སོགས་རིམས་དལ་གཅོད། །ཙིཏྟ་འབྲུ་དགུའི་སྦྱོར་བ་ཡིས། །སྨྱོ་འབོག་ལ་སོགས་འཇོམས་པའི་མཆོག །ཛ་ཡཾ་འབྲུ་དགུ་དཀྲུགས་བསྡེབས་པས། །གཟེར་དང་དྲི་ཡི་སྦྱོར་བ་འཇོམས། །རོ་ནྲྀ་བཅུ་ཡི་འབྲུ་བསྡེབས་པས། །གློ་བུར་ནད་དང་མཛེ་ཡམས་འཇོམས། །མཆོག་ཏུ་སྙིང་པོ་མཎྜ་ལ། །དམར་ལེན་སྔགས་ཀྱི་སྙིང་པོ་ཟུང་། །ཀུན་འཇོམས་རྟགས་རྣམས་མེད་པའོ། །དྲག་སྔགས་མངོན་དུ་ཕྱུང་བའི་རྒྱུད་ལས།


DNG017_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

ནད་ཀྱི་མཚན་ཉིད་བསྟན་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཆོས་ཉིད་གཏན་ལ་ཕབ་པ་འདི་གསུངས་སོ། །མ་བཅོས་ཆོས་སྐུ་ཡེ་བརྡལ་ནི། །གདོད་ནས་གནས་པས་ལྷུག་པ་ཡིན། །བགྲེས་རྒུད་མེད་པས་གཉུག་མ་ཡིན། །ཕྱོགས་རིས་མེད་པས་ཀུན་ལ་ཁྱབ། །མཐའ་དབུས་མེད་པས་བརྡལ་བ་ཡིན། །རང་རྒྱུད་མེད་པས་འགྱུར་བ་མེད། །མི་ཕྱེད་མི་ཤིགས་རྡོ་རྗེའི་སྐུ། །སྲིད་གསུམ་ཁམས་གསུམ་འཁོར་བ་ཡང་། །མིང་ཙམ་བཏགས་པས་སྒྱུ་མ་སྟེ། །རང་བཞིན་མེད་པས་ཉམས་པ་མེད། །ཇི་ལྟར་བཏགས་པའི་ཆོས་རྣམས་ཀུན། །འགྲོ་བའི་སྡུག་བསྔལ་བྱང་ཆུབ་སེམས། །སེམས་དང་ཆོས་ཉིད་གཉིས་མེད་པས། །རྟག་པ་ཆེན་པོ་བདེ་བའི་སྐུ། །ཁྱུང་ཆེན་ནམ་མཁར་ལྡིང་བ་བཞིན། །ཆོས་སྐུར་སངས་རྒྱས་སྔར་སངས་རྒྱས། །བདེ་བའི་ཡེ་ཤེས་རང་ལ་ཤར། །སྒྱུ་མ་ལྷུན་གྲུབ་ཡུལ་ལ་རོལ། །དྲག་སྔགས་མངོན་དུ་ཕྱུང་བའི་རྒྱུད་ལས། ཆོས་ཉིད་གཏན་ལ་དབབ་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་ཡང་འཁོར་གྱི་འཇམ་པའི་རྡོ་རྗེ་དེས། བཅོམ་ལྡན་འདས་ལ་གསོལ་བ་བཏབ་པ། དྲག་སྔགས་རྩ་བ་ཇི་ལྟར་གནས། །དཀའ་ཐུབ་སྡོམ་པ་ཇི་ལྟར་གསུངས། །སྦྱོར་བའི་རྒྱལ་པོ་ཇི་ལྟར་བསྡེབ། །དྲག་པོའི་སྔགས་རྒོད་ཇི་ལྟར་ལགས། །རྡོ་རྗེ་སྙིང་པོས་རྒྱས་པར་མཛོད། །ཅེས་གསོལ་ཏོ། །བཅོམ་ལྡན་འདས་རྡོ་རྗེ་འཆང་གིས། རྒྱལ་བ་ཀུན་གྱི་དགོངས་པ་བསྡུས་ནས་བཀོད་དོ། །དྲག་པོ་སྔགས་ཀྱི་རྩ་བ་ནི། །རིམ་པ་བདུན་དང་ལྡན་པ་ཡིན། །འདུན་པ་གསུམ་དང་ལྟ་བ་གཞི། །ཡིན་པ་གསུམ་དང་གབ་བསྡེབ་གསུམ། །གསང་ལུགས་གསུམ་དང་གནན་ལུགས་གསུམ། །འཆར་ལུགས་གསུམ་དང་འཕོ་བ་གསུམ། །གསལ་བ་གསུམ་གྱིས་དོན་ཆེན་འགྲུབ། །གླང་ཆེན་གུངས་སོ་ལྟོལ་པོ་གཟུང་། །བདེ་བ་མཆོག་དང་ཐུགས་རྗེའི་གཟུངས། །གཙང་སྨེ་མེད་བླང་ཟིལ་གནོན་སྒྲོལ། །ཡི་གེ་ལྷ་དང་མཚོན་ཆ་ལས། །ལུས་དང་ཡན་ལག་བསྲུང་གསང་བསྡེབ། །རྟེན་ཅན་རྟེན་མེད་སྦྱོར་བའི་ཚུལ། །ནམ་


DNG017_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་བར་སྣང་ས་གཞིར་གནས། །ཐུགས་རྗེ་ཆོས་དང་ཡེ་ཤེས་ཆོས། །ཡུལ་དང་འཕྲད་ན་འཆོར་བའི་ཚུལ། །ལྷ་དང་འཁོར་ལོ་གཟས་པ་པོ། །ལྷ་དང་སྔགས་དང་ཡུལ་དང་དམིགས། །དེ་ཡིས་དྲག་སྔགས་རྩ་བ་འདུས། །དྲག་སྔགས་མངོན་དུ་ཕྱུང་བའི་རྒྱུད་ལས། དྲག་སྔགས་རྩ་བའི་ལེའུ་སྟེ་བཅུ་གཉིས་པའོ།། །།གཞན་ཡང་དཀའ་ཐུབ་སྡོམ་པ་ནི། །དཔའ་བརྟུལ་སྔགས་ཀྱི་དམོད་པ་ལ། །གཙང་སྨེ་ལེ་ལོ་གཡེང་བ་མིན། །གསང་ཐུབ་ཤེས་རབ་སྤྱོད་པ་ཅན། །དཔའ་བརྟུལ་སྟོབས་དང་ཉམས་ལྡན་པ། །སྦྱོར་བའི་ཁྱད་པར་དཀའ་ཐུབ་བསྲུང་། །གདུག་པ་གསུམ་གྱི་སྦྱོར་བ་ལ། །ཚ་གསུམ་བཅུད་དང་རོལ་དེ་བཞིན། །དྲི་མ་ཆ་ཆུང་ཟིལ་པ་ལ། །བརྟག་པ་གསུམ་གྱི་སྦྱོར་བས་བླང་། །ཡོན་ཏན་དཀའ་ཐུབ་ཀུན་དང་ལྡན། །ཕྱག་རྒྱ་བསྟན་པའི་སྐུར་གསལ་བྱ། །རང་ལུས་དམིགས་པ་གཞན་མི་བསྟན། །འབུམ་ཚོ་དྲག་སྔགས་རྒྱུན་མི་གཅད། །ཉ་སྟོང་དྲག་པོའི་སྦྱོར་བ་བརྩམ། །དཀའ་ཐུབ་དྲག་པོའི་སྦྱོར་བ་ཡིན། །བསྲུང་བའི་དམ་ཚིག་སྔགས་ཀྱི་སྲོག །བཅུ་གཉིས་གཅིག་གིས་དྲང་དོན་ཅན། །ཀུན་གྱིས་དང་དུ་བླང་བ་ནི། །རྡོ་རྗེ་རྨང་གི་རི་མི་བཤིག །མངོན་ཕྱུང་དོགས་མེད་བརྟུལ་ཞུགས་སྤྱད། །འཁོར་ལོ་སྲོག་མཐར་གནན་པ་ཟོར། །གཟིར་སོགས་དབབ་པ་ཡན་ལག་ཡིན། །དམ་ཚིག་གཟུངས་ལ་རྟག་ཏུ་འཇུག །གཅན་གཟན་རྒྱལ་པོ་གསད་པ་མིན། །ཟ་མ་ཏོག་ཏུ་དུག་མི་བླུག །རིན་ཆེན་ལྷ་བྲག་བསྲེག་མི་བྱ། །གངས་ཀྱི་ཞུན་ཆུ་བཏུང་བ་མིན། །བདུད་རྩི་སྣོད་ངན་ནང་མི་བླུག །མི་ཤིས་སྣོད་དུ་མདངས་མི་དབབ། །སྣོད་ངན་སེང་གེའི་ཞོ་མི་བླུག །ཡིད་བཞིན་ནོར་བུ་བསྲེག་མི་བྱ། །གནམ་ལྕགས་ཨུར་མོ་ནང་མི་འཐབ། །སྟག་གཟིག་རོལ་པའི་ལྷག་མི་བསྡུ། །རྡོ་རྗེས་གཏམས་པའི་བྲག་མི་བཤིག །རྡོ་རྗེའི་ར་བའི་རྨང་མི་བྲལ། །མུན་པ་སེལ་བའི་སྒྲོན་མི་གསད། །རྡོ་རྗེ་ཆུ་བོའི་རྐ་མི་གཅད། །རྒྱལ་པོའི་ཕྱག་རྒྱའི་རྟགས་མི་དབྱེ། །རྡོ་རྗེའི་རྫོང་གི་མཁར་མི་བཤིག །རིན་ཆེན་རྒྱལ་མཚན་རྩེ་མི་དབོག །ཐུན་མོང་སྔགས་ཀྱི་དམ་ཚིག་ཡིན། །ལྷག་པའི་དམ་ཚིག་རྣམ་པ་གསུམ། །


DNG017_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

བགྲོད་པ་བརྟུལ་ཞུགས་བལྟ་བའོ། །དྲག་སྔགས་མངོན་དུ་ཕྱུང་བའི་རྒྱུད་ལས། དཀའ་ཐུབ་དམ་ཚིག་གི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་གབ་པ་མངོན་དུ་ཕྱུང་བའི་སྦྱོར་བ་འདི་གསུངས་སོ། །དེ་ཡི་ལས་རིམ་འདི་ལྟ་སྟེ། །རྩ་བ་རྣམ་པ་གསུམ་དུ་བསྲུང་། །གསད་དང་གསོ་དང་ལོ་ཐོག་གཞོམ། །གསད་པའི་ལས་ནི་ལྔ་དང་ལྡན། །མཚོན་ཆ་བསྣོལ་མ་གཉན་བསྲེག་གཉིས། །ལྟོ་ཤལ་ལོག་ཐེན་ཐུན་དང་ལྔ། །དྲག་པོ་བསད་པའི་སྐབས་སུ་སྦྱར། །སངས་རྒྱས་ཐུགས་ཀྱི་བཅུད་བསྡུས་པས། །གབ་པ་མངོན་ཕྱུང་སྦྱོར་བའི་མཆོག །རང་སེམས་དབེན་པའི་དུར་ཁྲོད་དུ། །དཔའ་བརྟུལ་སྔགས་ཀྱི་དམོད་པ་བོར། །ཤོག་བུ་གྲུ་བཞི་མཐོ་གང་ལ། །ཐིག་སྐོར་གསུམ་ལྡན་ཟླ་གསུམ་མཐོང་། །བླ་སེམས་མིང་རུས་ལྷ་རྣམས་བྲི། །ཕྱི་རིམ་འཁྲུལ་མིག་ལྕགས་མཁར་བཅུ། །རྩ་བའི་སྙིང་པོ་མེ་རླུང་སྐྱི་འདང་གནས། །དེ་ཡི་ཕྱི་རིམ་འཁྲུལ་མིག་བཅུ་གཉིས་ལ། །རལ་གྲི་རྒྱ་གྲམ་བསྣོལ་མར་གནས། །རལ་གྲི་གསད་པའི་སྤུ་གྲི་ལ། །རྒྱ་གྲམ་གནོན་པའི་སྤུ་གྲིས་མཛེས། །དེ་ཉིད་རུས་སྦལ་ཁྲོ་བོའི་ལྟོ་བར་བྲི། །ཆ་གཉིས་བྱས་ལ་དུག་དང་ཁྲག་གིས་བྱུག །སྔོན་དམར་དང་བཅས་ཐོད་པའི་དོང་དུ་བརྣག །ཕོ་ཐོད་དམོད་པ་མོ་ཐོད་མིང་རུས་བརྣག །ཚེ་བདག་བསྒོམས་ལ་ཡེ་ཤེས་འཁོར་ལོ་བཅའ། །ཞག་བདུན་དྲག་སྔགས་དམོད་པ་རྔམ་ཚིག་ལྡན་པར་བཟླས། །དྲག་ཏུ་བསྐུལ་གྱིན་བརྣག་པའི་ཡུལ་ལ་མངག །དྲག་སྔགས་དམོད་པས་གསད་ལ་གཟིར་ཞིང་ཐོད་པ་བཅའ། །འཁོར་ལོ་ཐོད་པ་གདུག་པའི་གཉན་ལ་གཏད། །སྦྱོར་བ་གཞན་ཚོགས་དྲག་པོའི་སྐབས་དང་སྦྱོར། །དྲག་པོ་སྔགས་ཀྱི་སྦྱོར་བ་འདི་ལྟ་སྟེ། །ཨེ་ཀ་ཡ་མ་སྙིང་ཁྲག་ར་མ་ཙ་ཡ། དགྲ་བོའི་སྲོག་ལ་མུགས་ཏི་ཤག་རྦད། དགྲ་བོའི་སྲོག་ལ་སྟཾ་བྷ་ཡ་ནན། གཞན་ཡང་གབ་སྦས་གསད་པའི་སྦྱོར་བ་ནི། །འཁོར་ལོ་མུ་ཁྱུད་རིམ་པ་གསུམ་དུ་བསྐོར། །གྲུ་གསུམ་མིང་རུས་ཟླ་ཁམ་སྲུང་བའི་ལྷ། །འཁོར་ལོ་རྩིབས་བདུན་མུ་ཁྱུད་ཕྱི་རུ་བྱ། །མཚོན་ཆས་


DNG017_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་པའི་རྩེ་མོ་ལ། །མིང་བཅས་སྤུ་གྲི་བདུན་པ་དགོད། །ཐ་མའི་རྩིབས་ཆེན་དགུ་པ་ལ། །འདྲེན་པ་སྟོབས་ཀྱི་འབྲུ་བཞི་དང་། །ཁོང་ཁྲག་འདྲེལ་བའི་འབྲུ་ལྔ་དགོད། །མཚོན་ཆའི་བར་དུ་མིང་རུས་བྲིས། །འཁོར་ལོ་ཐོད་པ་ཁ་སྦྱར་གཞུག །ཐོད་པ་སྟེང་མ་མུ་ཁྱུད་བཞི་རུ་བསྐོར། །དབུས་སུ་རྒྱ་གྲམ་ལྟེ་བར་ཨོཾ་དང་ལྡན། །ར་ལ་ཡ་མ་འབྲུ་བཞི་བསྣོལ་མར་བྲི། །མུ་ཁྱུད་གཉིས་པར་རིགས་བཞི་ཀླུ་བརྒྱད་བསྣོལ། །མུ་ཁྱུད་གསུམ་པ་སྦྲུལ་ནག་བརྒྱད་ཀྱིས་བསྡམས། །སྦྲུལ་གྱི་གསེབ་ཏུ་གནན་པའི་སྔགས་ཀྱིས་དགང་། །མུ་ཁྱུད་ཐ་མ་མེ་རི་སྙིང་པོ་རཾ། །ཐོད་པའི་ཁ་ཁྱེར་ཕྱི་རུ་ནན་གྱིས་བསྐོར། །ཐོད་པ་འོག་མ་མུ་ཁྱུད་ཟླུམ་པོ་གསུམ། །དབུས་སུ་གྲུ་གསུམ་རྩེ་མོར་རཾ་གསུམ་ལྡན། །ནྲྀ་དང་མིང་རུས་ཟླ་གམ་རྫོགས་པར་བྲི། །མུ་ཁྱུད་གཉིས་པར་སྦྲུལ་བརྒྱད་སྐེ་བསྣོལ་བསྡམ། །སྦྲུལ་གྱི་གསེབ་ཏུ་མིང་རུས་མེ་རི་རཾ། །ཐོད་པའི་བར་དུ་གཅོད་པའི་འཁོར་ལོ་གཞུག །ཞག་གྲངས་ཉི་ཤུ་བདུན་དུ་བྱ། །གདུག་པའི་གཉན་སར་ཁྲུ་དོ་བརྐོས་ལ་གནན། །གདུག་པའི་དྲག་སྔགས་འདི་ལྟ་སྟེ། །ཨེ་ཀ་ཡ་མ་སྙིང་ཁྲག་ར་མ་ཙ་ཡ། དགྲ་བོའི་སྲོག་ལ་མུག་ཏི་ཤག་རྦད། དགྲ་བོའི་སྲོག་སྟམ་བྷ་ཡ་ནན། གཞན་ཡང་གབ་སྦས་གསང་བའི་སྦྱོར་བ་ནི། །འཁོར་ལོ་མུ་ཁྱུད་རིམ་པ་གསུམ་དུ་བསྐོར། །རུས་སྦལ་གཟུགས་གཉིས་ལྟོ་བ་སྟོང་པར་ནི། །རུས་སྦལ་ལྟོ་བར་བརྣག་པའི་མིང་རུས་བྲི། །དེ་ཡི་ཕྱི་རུ་གནོན་པའི་གདོན་རྣམས་བྲི། །དུག་དང་ཁྲག་དང་ཚ་བའི་རྫས་ཀྱིས་བྱུག །སྦལ་བ་ལྟོ་སྦྱར་ཕྱི་རུ་དྲག་པོའི་སྔགས་ཀྱིས་བསྐོར། །ཐོད་པ་སྟེང་མར་ནཱ་ག་སྟཾ་བྷ་ནན་བྲི། །ཐོད་པ་འོག་མར་ནཱ་ག་རཾ་ཡཾ་ནྲྀ་ཛ་རྦད་ཅེས་བྲི། མཐིང་ནག་དྲིལ་ལ་རྩང་བཅས་དོང་དུ་གཞུག །གོང་ལྟར་སྔགས་བཟླས་མཐའ་རུ་གཉན་སར་གནན། །འབུམ་ཕྲག་བརྒྱད་དང་ཁྲི་ཚོ་བརྒྱད་ཅུ་དབྱེ། །ལུ་མ་འཁྱིལ་པའི་དབུས་སུ་ནམ་གྱི་གུང་ལ་གནན། །ལྷ་སྲིན་ཀུན་གྱི་ཕོ་བྲང་བཏབ་པར་བསམ། །དྲག་སྔགས་དམོད་པ་སྦྱོར་བ་གསུམ་དང་ལྡན། །ཨེ་ཀ་ཡ་མ་སྙིང་ཁྲག་ར་མ་ཙ་ཡ། དགྲ་བོའི་སྲོག་ལ་མཱ་ར་ཡ་རྦད། ཡ་མ་


DNG017_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་ཁྲག་ར་མ་ཙ་ཨེ། དགྲ་བོའི་སྲོག་ལ་ནཱ་ག་དུཥྚཱན་སྟྭཾ་བྷ་ཡ་ནན། དགྲ་བོའི་སྲོག་ལ་གཟིར་ཡཾ་བྷྱོ། གཞན་ཡང་གནན་པ་དྲག་པོའི་མཐའ་སྡུད་དུ། །གཞན་གྱི་ཐོད་པ་སྟོབས་ཅན་རྙེད་པ་ན། །རང་གི་སྦྱོར་བ་ཕྱིས་ལ་ཞག་གསུམ་ཐོད་པ་གཟིར། །ཁྲི་ཚོ་བསྐུལ་གྱིན་རྔམ་ཚིག་དྲག་ཏུ་བཟླས། །ཐོད་པ་གདུག་ལ་དམིགས་པའི་མིང་རུས་བྲི། །གཞན་གྱི་སྙིང་པོ་ཚངས་པའི་རྩ་ལ་བྲི། །མིང་བྱང་ཕྱི་རུ་ཕས་ཀྱི་བསྙེན་དང་གསད་པ་བྲི། །ཐ་མ་ཡང་དག་དྲག་པོ་གསང་བ་བྲི། །ཐོད་པ་ཁ་ཁྱེར་རཾ་ཡཾ་བཾ་གྱིས་བསྐོར། །ཐོད་པ་སྟེང་མའི་དབུས་སུ་མ་དང་ནྲྀ། །དེ་ཡི་ཕྱི་རུ་བསྙེན་བསྒྲུབ་གསད་པས་བསྐོར། །ཉིན་མཚན་མཚམས་སུ་བརྒྱ་བརྒྱ་དྲག་ཏུ་བསྐུལ། །ཐ་མ་ཡང་དག་དྲག་སྔགས་རྫོགས་པར་བྲི། །ཐོད་པའི་ཕྱི་ནང་དུག་དང་ཁྲག་གིས་བྱུག །བསྒྲུབ་སྔགས་བརྒྱ་བརྒྱ་དྲག་སྔགས་ཁྲི་ཚོ་རེ། །ཉིན་ཞག་བཅུ་རུ་ཡུལ་ལ་བསྐུལ་གྱིན་རྦད། །མི་རྒྱུས་སྐྲ་ཤད་བཅིངས་ལ་དང་པོའི་གནས་སུ་གནན། །གསད་པ་རྣམས་གནན་ལ་འབྲུ་བཞི་ཡང་། །ཁྲི་ཚོ་དྲུག་ཏུ་དྲག་པོའི་སྔགས་ཀྱིས་གཟིར། །ཨེ་ཀ་ཡ་མ་སྙིང་ཁྲག་ར་མ་ཙ་ཡ། དགྲ་བོའི་སྲོག་ལ་ཁྲམ་ཤིང་རྦད། ཨེ་ཀ་ཡ་མ་མ་ར། དགྲ་བོའི་སྲོག་སྟྭམ་བྷ་ཡ་ནན། ཐུན་ཐུན་མུགས་རཾ་བྷྱོ། དྲག་སྔགས་དུག་མདའ་ཐུན་གྱི་སྦྱོར་བ་ནི། །གང་ལ་སྦྱོར་དང་མངོན་སུམ་འཇོམས་ཤིང་འཕོ། །དེ་ཡང་རྟེན་གྱི་ཐོད་པ་གླིང་མངས་སུ། །ཐུན་ཁྲག་སྣ་ཚོགས་ཐོད་པ་མིང་རུས་བཅའ། །ཕྱེ་གསུམ་ཐུན་གསུམ་ཁྲག་གསུམ་བརྡེག་པའི་རྫས། །སྐྱེར་ཚེར་རྟེན་ལ་ཐོད་པ་དར་གྱིས་དགབ། །གསལ་བ་ཞག་དགུ་དམོད་པ་དབབ། །བརྒྱ་བརྒྱ་བཟླས་ཤིང་ཐུན་ཁྲག་དག་ལ་བསྡིམ། །དྲག་སྔགས་བསྐུལ་བས་དུག་མདའ་ཁོང་དུ་སྐྱེལ། །རྩ་གཅོད་ཁོང་ཁྲག་སྐམ་ནས་ཤེས་པ་འཕོ། །སྔགས་ཀྱི་གྲངས་ལས་ཚད་ཀྱི་སྦྱོར་བ་མིན། །དྲག་ཏུ་བསྐུལ་གྱིན་ཐོད་ཁྲག་ཟོར་དུ་འཕང་། །ཐོད་པའི་པྲ་ངན་དྲག་པོ་སྔགས་ཀྱིས་བཟློག །ལུས་བསྐྱོད་རྔམ་ཚིག་སྒྲ་དང་བཅས་པས་བྱ། །དྲེགས་པས་བསྐྱོད་ཅིང་རྔམ་པས་ཡུལ་ལ་འཕྲོ། །དྲག་པོ་སྔགས་ཀྱི་སྦྱོར་


DNG017_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

བ་འདི་ལྟ་སྟེ། །ཨེ་ཀ་ཡ་མ་སྲོག་ལ་ཛ་མུགས་ཐུན་རྦད་བྷྱོ། རྩ་ཁྲག་རྩ་ལ་དྲེང་ཤག་ཐུན་རྦད་བྷྱོ། ར་མ་སྙིང་རྩ་ཧུར་ཡཾ་ཐུན་རྦད་བྷྱོ། རྩ་ཁྲག་ཁྲམ་ཤིག་ཐུན་རྦད་བྷྱོ། གསད་པ་གསུམ་སྦྲེལ་དྲག་པོ་སྔགས། །གཉིས་སྦྲེལ་མཐའ་གསུམ་སྦྱོར་བ་མིན། །རིག་པས་བརྟག་ལ་སྡེབས་ཀྱི་སྦྱོར་བ་བླང་། །རིག་པ་གསུམ་དང་ལྡན་པ་ལྔ་རུ་བྱ། །གསང་བ་ལས་ཀྱི་རིམ་པ་བསྡེབ་དང་སྦྱར། །སྦྱོར་བ་གབ་པའི་སྙིང་པོ་གསད་པ་ཡིན། །དྲག་སྔགས་མངོན་དུ་ཕྱུང་བའི་རྒྱུད་ལས། སྦྱོར་བ་དྲག་པོའི་ལེའུ་སྟེ་བཅུ་བཞི་པའོ།། །།གཞན་ཡང་ལོ་ཐོག་གཞོམ་པའི་སྦྱོར་བ་འདི་ལྟ་སྟེ། །དུར་ཁྲོད་རས་སམ་ཤོག་གུ་གྲུ་བཞི་ལ། །དབུས་སུ་རུས་སྦལ་ལྟོ་བ་སྟོང་པར་བྲི། །འཁོར་ལོ་རྩིབས་ཆེན་བཅུ་གཉིས་དག་དང་ལྡན། །འདྲེན་པའི་འབྲུ་བཞི་འབྱུང་བའི་འབྲུ་ལྔ་པ། །དབབ་པའི་སྔགས་བཞི་ཆུ་དྲིལ་ཟོར་ཐོག་གཟར། །གཏའ་མ་ཐོད་པ་འདྲ་གཉིས་གཅིག་དང་གསུམ། །ཁྲག་ལྔ་སོ་ལྔ་འབྲུ་གསུམ་ཐལ། །རྟེན་གཉིས་འབྲུ་གསུམ་ཚིལ་གསུམ་དང་། །བླ་གནས་ཡུལ་རྟེན་འདུག་པ་ཐོད་པའི་རྟེན། །སྦྱོར་བ་གཞོམ་ཕྱིར་ཁྲག་དང་དུག་གིས་གདབ། །དགུ་བདུན་ལྔ་རུ་ཐ་ཆུང་གསུམ་དང་སྦྱར། །ཁྲི་བརྒྱད་གང་དམིགས་ཁྲི་ཡིས་ལམ་དུ་གཞུག །དམིགས་པ་གསུམ་གྱིས་གནས་ཡུལ་རྟེན་ལ་སྦྱར། །ཆུ་རྒོད་འཁྱགས་པ་རི་རུ་རྡེབ་ནས་འཇོམས། །དྲག་སྔགས་སྦྱོར་བ་བཞི་རུ་བསྡེབ། །ཨེ་ཀ་ཡ་མ་པྲ་མ་སྲུར་ཡ་བམ། པྲོཾ་པྲོཾ་ཧྲིལ་ཧྲིལ་ཉིད་འདྲིལ་པྲོཾ། ཧྲིལ་ཤར་ཤར་ཡཾ་ཡཾ་འུབ་ཧྲིལ་བྷྱོ། པྲོཾ་ཤར་ཤར་བྷི་ཏ་རཀྴ་ཤར་ཤར་རཾ་ཐུན་ཡཾ་ཤར་ཕོབ། ནཱ་ག་གཟིར་ནན་དྲིལ་ཕོབ། དེབ་ཡུ་ནན་གཟིར་ཕོབ། མ་མ་རཀྴ་གཟིར་ཕོབ། སི་སི་ཡ་མ་ཙ་ཤུ་ལ་གཟིར་ནན་ཧྲིལ་ཤར་ཕོབ། འབྲས་བུ་རྩི་ཐོག་སྐྱེ་ཤིང་འཇོམས། །ལུས་དང་ཡན་ལག་འདོད་པར་སྦྱར། །དྲག་སྔགས་མངོན་དུ་ཕྱུང་བའི་རྒྱུད་ལས། ལོ་ཐོག་འཇོམས་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།གཞན་ཡང་སྲུང་བའི་སྦྱོར་བ་ནི། །རིམ་པ་བརྒྱད་དང་ལྡན་པར་བྱ། །བཤིག་པ་འཁོར་ལོ་གཟུགས་དང་བརྡ། །


DNG017_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གདུག་པ་གཟིར་བ་གསུམ། །ཁ་བཅིང་རང་གཟིར་སྦྱོར་བ་མཆོག །དྲག་པོ་སྔགས་ཀྱི་སྦྱོར་བ་ཁྱད་པར་གྱིས། །གཞན་གྱི་སྦྱོར་བ་བཤིག་ཅིང་གནོན་བྱེད་གཟིར་བའི་ལས། །རྒྱ་ཤོག་དག་ལ་གང་གནོད་གཟུགས་དེ་བྲི། །སྙིང་གར་སྙིང་པོ་ཐ་མ་སྔགས་ཀྱིས་བསྐོར། །གའུ་སོ་སོར་བཅུག་ལ་གྲུ་གསུམ་རྩང་བཅས་བརྣག །མཐིང་ནག་དུར་ཁྲོད་དར་རམ་རེ་བས་གཏུམས། །ཞག་གསུམ་བྲབས་ལ་མཐའ་རུ་བཀའ་རྟེན་གནན། །གཟུགས་ལ་བཤིག་པའི་སྦྱོར་བ་དང་པོ་ཡིན། །དུར་ཁྲོད་རས་ལ་སྙིང་པོ་བརྡ་མིང་བྲི། །སྔགས་ཀྱིས་བསྐོར་ལ་དུག་ཆུ་ཚ་བ་བསྐུ། །ལ་ཆའི་གའུར་སྦལ་པའི་ལྟོ་བར་བཅའ། །ཞག་གསུམ་ཐུན་བཞིར་བརྒྱ་དང་བཅུ་རུ་བྲབ། །ཐོན་ནས་དུ་བས་བདུགས་ལ་སེང་གེའི་ཁོག་པར་གནན། །བརྡ་ལ་གཤིག་པའི་སྦྱོར་བ་གཉིས་པའོ། །དུར་ཁྲོད་རས་ལ་ཐིག་སྐོར་གསུམ་དུ་བྱ། །དབུས་སུ་གྲུ་གསུམ་མིང་བཅས་འཁྲུལ་མིག་དུག་ལྔའི་སྔགས། །ཡང་ལོགས་རྩིབས་བཅུར་བཤིག་པའི་སྤུ་གྲི་དགོད། །རུས་སྦལ་ལྟོ་བར་དུག་ཁྲག་ཚ་བ་བསྐུ། །ཁ་སྦྱར་གོང་བཞིན་ཐོད་པ་དོང་དུ་གཞུག །ལྷ་བསྒོམ་སྔགས་བཟླས་ཡུལ་ལ་དྲག་ཏུ་རྦད། །དྲག་པོ་སྔགས་ཀྱི་སྦྱོར་བ་གཅིག་གིས་བྱ། །ཨེ་ཀ་ཡ་མ་གྷས་མ་ཛ་ནིར་ཡ། སརྦ་ཤ་ཏྲུཾ་སྟཾ་བྷ་ཡ་ནན་འབྲིད་རྦད། འཁོར་ལོས་བཤིག་པའི་སྦྱོར་བ་གསུམ་པའོ། །གཞན་ཡང་ཀླུ་གཉན་ས་བདག་གདུག་པའི་ནད་དར་ན། །རྒྱ་ཤོག་དག་ལ་གཟུགས་བྲི་ནཱ་ག་སྔགས་ཀྱིས་བསྐོར། །ནད་ཁྲག་དུག་ཁྲག་ཚ་བས་ཞིང་རས་གྲིལ། །ཐོད་པ་དོང་དུ་མནོལ་ཁྲག་ཞག་བདུན་བྲབ། །ཉ་སྟོང་ལྷ་བསྒོམ་གཟིར་སྔགས་མཐའ་རུ་གནན། །ས་དང་ནཱ་ག་སུ་ཡི་མཐའ་རུ་བྲི། །བརྡ་དང་མིང་སྤེལ་སྙིང་གཟེར་སྔགས་ཀྱིས་བསྐོར། །གོང་བཞིན་སྦྱོར་བ་ཕག་ཐོད་ཆུ་མཆོག་གནན། །དུར་མཆད་བཀའ་རྟེན་གནོད་པའི་ས་རུ་གནན། །གཞན་ཡང་གདུག་པ་གཟིར་བའི་འཁོར་ལོ་ནི། །དུར་ཁྲོད་རས་དང་ཤོག་བུ་གྲུ་བཞི་ལ། །ཐིག་སྐོར་རིམ་གསུམ་དབུས་སུ་ས་ནཱ་ག །འཁྲུལ་མིག་བཞི་གཉིས་ཏེ་བྷ་རྩ་བའི་སྔགས། །


DNG017_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

རྩིབས་བརྒྱད་སྤུ་གྲིས་གདུག་པའི་ཞེན་ཆགས་གཅོད། །རུས་སྦལ་ལ་སོགས་ཁྲི་བརྒྱད་མནོལ་ཁྲག་བྲབ། །ཐོན་ནས་གཟིར་ཞིང་མཐའ་རུ་གནན་པ་བྱ། །ཧེ་བྷ་ཡ་མ་ཐི་པ་ར་ཡ། ས་ནཱ་ག་སྙིང་གཟེར་སྲོག་ལ་མྱོག་རྦད། ས་ནཱ་ག་སྙིང་སྦུར་ནན་ནན། གཞན་ཡང་གནོད་བྱེད་ཁ་བཅིང་བ། །སྦྱོར་བ་གཞན་མིང་སྔགས་ཀྱིས་བྱ། །སརྦ་ཙིཏྟ་གཟིར་ཐུཾ་བིགྷྣཱཾ་ནན། གཞན་ཡང་སྟོབས་ཀྱིས་བདག་པོ་ནང་གཟིར་ན། །རྒྱ་ཤོག་གཟུགས་བྱས་ལྟོ་བར་འཁོར་ལོ་བཅའ། །ཐིག་སྐོར་གསུམ་ལྡན་དབུས་སུ་ཡ་དང་ཀ །འཁྲུལ་མིག་བཅུ་ལ་གཤིག་པའི་སྤུ་གྲི་དགོད། །མཐའ་མའི་བཅུ་གཉིས་རྩིབས་ལ་རང་གཟིར་རྩ་བའི་སྔགས། །དུག་ཁྲག་བྲབ་ལ་རྟེན་གྱི་ཕུར་པས་བསྡིག །རང་ཉིད་ཟིལ་ནོན་དམིགས་པ་གཅེར་བུར་བརྟག །སྔགས་བཟླས་དམ་བདར་ཐུན་བྲད་ཁྲག་གིས་བྲབ། །དྲག་པོ་ཐོན་ནས་ཞག་གསུམ་གཅིག་ན་ཕྱེའོ། །སྔགས་ཀྱི་སྦྱོར་བ་འདི་ལྟ་སྟེ། ཨེ་ཀ་ཡ་མ་གྷ་ཛ་ནི་ར་ཡ། ཨེ་ཡ་ཧུར་ཐུཾ་ཤ་ཏྲུཾ་འདྲིད་ཁང་ཤག་ཡ་རི། རང་གི་ལུས་བསྲུང་གཞན་གྱི་སྦྱོར་བ་དབྲལ། །མཆོག་ཏུ་གསང་བ་རང་གཟིར་མེད་པའི་གནས། །དྲག་སྔགས་མངོན་དུ་ཕྱུང་བའི་རྒྱུད་ལས། བསྲུང་བ་ཁྱད་པར་གྱི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་དྲག་སྔགས་དབང་སྡུད་ཀྱི་སྦྱོར་བ་འདི་གསུངས་སོ། །སྲིད་པ་ལས་ཀྱི་མཐའ་སྡུད་དུ། །དབང་སྡུད་ལས་ཀྱི་འཁོར་ལོ་བརྟག །ལས་ཀྱི་ཚེ་བདག་ལྟོ་བ་ན། །སྲིད་པ་སྔགས་ཀྱི་འཁོར་ལོ་གནས། །དེ་ཡི་རིམ་པ་འདི་ལྟ་སྟེ། །སྲིད་པའི་འཁོར་ལོ་མུ་ཁྱུད་ལྔ། །ལྟོ་བ་ཆོས་ཀྱི་ཕོ་བྲང་ཧཱུཾ། །དེ་ཡི་ཕྱི་རིམ་འཁྲུལ་མིག་ནི། །གསད་པ་དྲག་པོའི་སྔགས་ཀྱིས་དགང་། །གཉིས་པ་འཁྲུལ་མིག་རྩ་སྦུབ་བརྒྱད། །གནས་པ་སེར་བའི་སྔགས་ཀྱིས་དགང་། །དེ་ཡི་ཕྱི་མིག་བཅུ་གཉིས་ལ། །ཡན་ལག་སྦྱོར་བའི་དྲག་སྔགས་ཏེ། །གཤིན་རྗེ་མ་མོ་བདུད་དང་རྒྱལ། །ཞི་ཁྲོ་སྲི་ཅན་གཟིར་བའི་སྔགས། །སྙིང་གཟེར་གདུག་པ་གཟིར་བའི་སྔགས། །ཕོ་མོ་མ་ནིང་འཕོ་བའི་སྔགས། །བཅུ་གཉིས་ལས་ཀྱི་སྐབས་ཀྱི་གནས། །འཁྲུལ་མིག་བཞི་ལ་བརྡ་ཡིས་གང་། །ཀུན་འབྱུང་


DNG017_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བའི་འཁོར་ལོ་ཡིན། །ལས་ཀྱི་ཡན་ལག་ཕྲལ་ལ་སྟེ། །ཐུན་གྱིས་གཟུགས་ལ་བརྡེག་པ་ཡིན། །མནན་པ་ལ་སོགས་གོང་བཞིན་སྦྱར། །ཨ་ཀྲོའི་མཐའ་རུ་ཤིས་པར་གསུངས། །སྐབས་དང་སྦྱར་ལ་ཐུན་མོང་སྤྱད། །གཡེང་མིན་བདེ་བའི་ཉམས་ཀྱིས་བརྟགས། །གདེང་དང་ལྡན་ན་མཆོག་ཏུ་བསྔགས། །སྔགས་ཀྱི་དབྱེ་བ་འདི་ལྟ་སྟེ། །ཧེ་ཀ་ཧེ་ཏུན་རཀྴ་རྦད། ཡམ་ཧེ་སད་རཀྴ་རྦད། ཁ་རཀ་ཙ་ཐུར་རཀྴ་རྦད། གྷུ་ས་སྨ་ཛ་ནི་རཀྴ་རྦད། ཐར་ཀང་སད་ཀ་ར་ཡ་དགྲ་བོའི་སྲོག་མཱ་ར་ཡ་རྦད། ཡ་མ་ཨེ་ཀ་ར་ཛ་འདྲི་མ་ནན། མ་ཧཱ་སང་ཙ་རུ་ར་ནན། པྲ་མ་ས་ར་ནཱ་ག་ཐི་ས་ར་ནན། ནྲི་ཏི་རཱ་ཙ་མཱ་ར་ཡ་རྦད་ནན། ཨེ་ཀ་ཧེ་ཀ་ཨེ་མ་ཀེ་ཡ་མ་ཧེ་སང་པྲ་མ་ཁྲག་ལ་པྲོཾ་པྲོཾ་ཧྲིལ་ཤར་ཤར་དྲག་ཏུ་པྲོཾ་པྲོཾ་ཤར་ཤར་ཧྲིལ་བྷྱོ། པྲོཾ་ཤར་ཤར་ཀ་མ་ད་རི་ཧྲིལ་པྲོཾ། ས་ནཱ་ག་ཙིཏྟ་རོ་མྱག་པྲོཾ་པྲོཾ་ཤར་ཤར་ཏྲ་ག་ཏུ་ཧྲིལ་སྙིང་གཟེར་ཁམ་ཤག་ཕོབ། ཨེ་ཀ་ཧེ་ཀ་འདྲི་མེ་ཧེ་ཀཾ་ཏྲཾ་ཡཾ་ཧེ་ཀཾ་བྷིས་མ་སྨ་ཛར་ཀུས་མ་ཛ་ནི། ཛ་རང་སད་ཀར་ཡ་ཧཱུཾ་ཕཊ། ཨེ་ཀ་ཡ་མ་ཧེ་ཀ་འདྲི་མ་ཡ་རག་མོ་རཀྴེ་མ་བྷྱོ། ཨེ་ཀ་ཡ་མ་ཧེ་ཀ་འདྲི་མ་ཡ་སརྦ་ཙིཏྟ་གཟེར་ཐུཾ་བིགྷྣཱཾ། ཨེ་ཀ་ཡ་མ་ཧེ་སང་སད་ཀར་ཡ་ཛ་རཾ་རྦད་སརྦ་ཤ་ཏྲུཾ་ནན་གཟིར་ཐུན་བྷྱོ། ཨེ་ཀ་ཡ་མ་དུན་བྷྱོ་ཀ་དུ་ཛ་རཾ་ཡ་མ་ཤ་ཏྲུཾ་སད་ཀ་ར་ཡ་ཐུན། གཟེར་རྦད་བྷྱོ། ཨེ་ཀ་ཡ་མ་ཀ་དུན་ཛ་རཾ་སད་ཀར་ཤ་ཏྲུཾ་ན་གཟིར་ཐུན་རྦད། ད་རཾ་ཤ་ཏྲུཾ་སད་ཀ་ར་ཡ་རྦད། ཡ་མ་ཧེ་སང་བྲ་མ་ཁྲག་ཙ་ཏྲི་ཤ་ཏྲུཾ་རཾ་ཐུན་གཟིར་རྦད། ཧེ་སང་ཡ་མ་སད་ཀར་ཡ། ས་ནཱ་ག་ཤ་ཏྲུཾ་སྙིང་གཟེར་ཧཱུཾ་རྦད། ཡ་མ་ཀ་དུན་ཛ་རཾ་སད་ཀ་ར་ཡ། བྷ་ཏི་ཡ་ཤ་ཏྲུཾ་ན་ཁཾ་ནན་ཐུན་གཟིར་རྦད། ཡ་མ་རཀྴ་ཐུན་རྦད། ཨེ་ཀ་ཧེ་ཀ་ཡ་མ་ནཱ་ག་སྙིང་གཟེར་ཐུན། རྩ་བ་འདྲིམ་ཐི་བ་ར་ནཱ་ག་ཐུན་གཟིར་རྦད། ཨེ་ཀ་ཧེ་ཀ་ནཱ་ག་སྦུར་ནན། ཨརྱ་ག་རུ་ན་ནཱ་ག་མཱ་ར་ཡ་ནན། ཧེ་བཾ་ཐི་བར་ནཱ་ག་སྦུར་ནན། སྟྭམ་བྷ་ཡ་ནན། ཨེ་ཀ་ཡ་མ་དུ་མ་ཐི་པ་ར་ནཱ་ག་ཐུན་གཟིར་རྦད་འདྲི་མ་དུན་ཛ། ཧེ་སཾ་ཡ་མ་དུན་ཡ་མ་ནྲྀ་སརྦ་ཤོ་ན་ཡ་ནན། དེ་དག་ལས་ཀྱི་སྦྱོར་བ་ཀུན། །དོན་ལྡན་ཐབས་ཀྱི་རྒྱལ་པོས་བྱ། །དབང་སྡུད་སྔགས་


DNG017_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྦྱོར་བ་ཀུན། །སྐུ་ཡི་བསྙེན་མ་མཐའ་རུ་སྦྱར། །དྲག་པོར་སྦྱོར་ན་རང་ལ་ཉེན། །རིག་པའི་སྟོབས་ཀྱི་ཕྱག་རྒྱས་འཕང་། །ལས་རྣམས་རྩ་བར་དྲིལ་བ་ཡིན། །དྲག་སྔགས་བརྒྱད་གཉིས་གཅིག་གིས་རྫོགས། །དྲག་སྔགས་མངོན་དུ་ཕྱུང་བའི་རྒྱུད་ལས། དབང་སྡུད་རྩ་བའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ངེས་པའི་དོན་འདི་གསུངས་སོ། །སྦྱོར་བ་མི་ཤེས་སྦྱོར་བྱེད་པ། །གཉིས་སུ་མེད་པའི་སྦྱོར་བ་མ་ཤེས་ན། །བཏགས་ལ་དོན་གྱི་ངོ་བོར་འཛིན་པ་ཡིས། །མངལ་གྱི་གྲོང་ཁྱེར་བརྒྱུད་པའི་བདུད་ཀྱིས་ཟིན། །ཐབས་ལམ་གསང་བའི་དོན་དང་ལྡན་གྱུར་ན། །སྣང་སྲིད་ཆགས་པའི་སྤྱོད་པས་མེ་འབར་ཀྱང་། །གཉིས་མེད་ཕྱག་རྒྱར་གྲོལ་བའི་འབྲས་བུར་བགྲོད། །སྒྲོལ་བ་མི་ཤེས་སྒྲོལ་བྱེད་པ། །སྐྱེ་ཤི་མེད་པའི་གདེང་དང་མི་ལྡན་ན། །རྩོལ་བས་སྒྲོལ་བ་མུ་སྟེགས་འཁྲུལ་པ་སྟེ། །ལས་ཀྱི་སྲིན་པོས་བཅིངས་པའི་བདུད་ཀྱིས་ཟིན། །བྱར་མེད་རྫོགས་པས་སྲོག་ཀྱང་གཅད་དུ་མེད། །ཡེ་ཤེས་ཆེན་པོའི་ཕྱག་རྒྱར་རང་གྲོལ་ན། །ཁམས་གསུམ་སེམས་ཅན་དུས་གཅིག་སྲོག་བཅད་ཀྱང་། །ཆོས་སྐུ་བདེ་བ་ཆེན་པོ་བགྲོད་པ་མེད་པར་རྟོགས། །སྤྱད་དུ་མེད་པའི་ཕྲིན་ལས་མ་ཤར་ན། །དཔེ་ལ་མཚོན་བྱེད་ལུས་མེད་སྤྱོད་པ་ནི། །ལས་ཀྱི་རྣམ་སྨིན་དམྱལ་བའི་བཙོན་རར་ཚུད། །རྩོལ་བ་བྱས་པས་རྟག་པའི་བདུད་ཀྱིས་གཟིར། །སྤྱད་དུ་མེད་པའི་ཕྲིན་ལས་སྤྱོད་ཤེས་ན། །ལྷ་སྲིན་ཀུན་གྱི་མིང་དང་མཚང་སྨོས་ནས། །ལས་ལ་མངགས་ནས་ཕོ་ཉར་ཀུན་རྦད་ཀྱང་། །བླང་དོར་མེད་པས་རོལ་པའི་སྤྱོད་པར་དག །བསྙེན་བསྒྲུབ་རྩོལ་མེད་སྔགས་དོན་མ་ཤེས་ན། །ཕྱི་ནང་རྟགས་ལ་བརྟེན་ནས་སྒྲུབ་བྱེད་པ། །མི་ཤེས་སྲོག་ལ་རྩོལ་བས་རང་བདུད་རང་ལ་འཁོར། །མནར་མེད་དམྱལ་བའི་གནས་ལ་ཐེ་ཚོམ་མེད། །བསྙེན་བསྒྲུབ་རྩོལ་མེད་སྔགས་ཀྱི་དོན་ཤེས་ན། །སྲིད་གསུམ་མཁའ་འགྲོ་འདུས་པའི་སྲོག་དྭངས་མ། །ལྷ་སྲིན་ཀུན་གྱི་སྲོག་སྙིང་དྲིལ་བའི་མཆོག །དྲག་པོ་ཨེ་དང་ཡན་ལག་སྦྱོར་བ་ནི། །རྡོ་རྗེའི་བཟླས་པས་ཡེ་ཤེས་རོལ་


DNG017_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཤར། །གང་མཐོང་ཅི་སྤྱད་ལྷུན་གྲུབ་མཐའ་གཉིས་གྲོལ། །ནམ་མཁའ་རིན་ཆེན་ལྷུན་པོ་རྒྱ་མཚོ་ལྟར། །དོན་གཉིས་སྨིན་པ་ཡོན་ཏན་ལྷུན་གྱིས་གྲུབ། །མ་བཅིངས་གྲོལ་མེད་བགྲོད་པའི་འབྲས་བུར་སྨིན། །སྣང་སྲིད་འཁྲུལ་པ་དུག་ལྔའི་སྨག་རུམ་དུ། །སངས་རྒྱས་བཀའ་ཡི་དྲག་སྔགས་ཡེ་ཤེས་ཉི་མ་ཤར། །སྔགས་ཀྱི་གོ་མཚོན་དྲག་སྔགས་མེ་རླུང་འདི། །ཡེ་ཤེས་གཉིས་མེད་རང་ལས་ཆོས་སྐུར་གསལ། །དྲག་སྔགས་མངོན་དུ་ཕྱུང་བའི་རྒྱུད་ལས། རྩོལ་བ་དང་བྲལ་བའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་མགོ་དགུ་པའི་སྦྱོར་བ་འདི་གསུངས་སོ། །རྣམ་གྲངས་སྦྱོར་བ་བཞི་རུ་བཀོད། །རྣལ་མའི་འཁོར་ལོ་སྤོགས་པ་གཉིས། །ལོ་ཏོག་གཞོམ་དང་བསྲུང་བའོ། །རྣལ་མའི་སྦྱོར་བ་འདི་ལྟ་སྟེ། །དུར་ཁྲོད་གདུག་པའི་བདེ་གནས་སུ། །དུར་ཁྲོད་རས་ལ་འཁོར་ལོ་བྲི། །སྨེ་བ་ལྔ་དང་ཚ་བ་བསྐུ། །དབུས་ནས་ཐིག་སྐོར་བཞི་རུ་བསྐོར། །གྲུ་གསུམ་ཟླ་ཁམ་ལྕགས་མཁར་བཞི། །མཚམས་བཞི་རྡོ་རྗེའི་ཀ་བས་འདེག །ཐོད་པའི་ར་བ་བརྒྱད་གཉིས་ལྡན། །ཕྱི་རིམ་ལྕགས་མཁར་བཅུ་དྲུག་ལ། །མཚམས་སུ་རིན་ཆེན་ཀ་བ་དེ་བཞིན་ས་རིའི་མཚམས། །དེ་ཡི་ཕྱི་རིམ་སྦྲུལ་གདུག་ཆུན་པོས་བསྐོར། །སྲིད་པ་རུས་སྦལ་ཁྲ་བོའི་ལྟེ་ན་གནས། །དེ་དག་དགོད་ཅིང་གནས་པའི་རིམ་པ་ནི། །དབུས་སུ་བརྣག་པའི་མིང་རུས་བྲི། །ཟླ་ཁམ་གསུམ་ལ་ཕ་མེས་དུར་དུ་སོང་བ་ཡི། །དེ་བཞིན་བརྣག་པར་བྱ་བའི་སྣག་ཚ་ཁྲག་གིས་བྲི། །ཟླ་ཁམ་གཅིག་ལ་སྲུང་བའི་ལྷ་རྣམས་བྲི། །འཁྲུལ་མིག་བཞི་ལ་སྤུ་གྲི་ཚན་བཞི་དགོད། །དེ་ཡི་ཕྱི་རིམ་འཁྲུལ་མིག་བཅུ་དྲུག་ལ། །དྲག་པོ་དབང་སྡུད་ལས་ཀྱི་རྒྱལ་པོ་གཉིས། །ཁྲོ་བོ་རྔམ་པའི་སྒྲ་དང་བདུད་ཀྱི་སྙིང་པོ་གཉིས། །གཤིན་རྗེ་ཉིད་དང་མ་མོའི་སྙིང་པོ་གཉིས། །ཆགས་བྱེད་མ་དང་སྲིན་པོའི་སྙིང་པོ་གཉིས། །ཤན་པ་བཙན་དང་དམུ་ཡི་སྙིང་པོ་གཉིས། །ཤན་པ་ལས་མཁན་སྒྲོལ་བྱེད་སྙིང་པོ་གཉིས། །དྲེགས་པ་ཅན་དང་ནམ་མཁའི་སྙིང་པོ་གཉིས། །སྲོག་བདག་ཕོ་མོ་གསོད་པའི་སྙིང་པོ་གཉིས། །རང་རང་ལྕགས་མཁར་


DNG017_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

འབར་བའི་གནས་དེ་ནས། །དྲག་ཏུ་བསྐུལ་གྱིས་ཤན་པ་དག་ལ་རྦད། །འཁོར་ལོ་མཚོན་ཆེན་དྲག་སྔགས་མེ་དབལ་དྲུག །འཁྲུལ་འཁོར་མེ་རླུང་སྤུ་གྲི་ཐོག་ཆེན་འདིས། །ལུས་བཤིག་རྩ་གཅད་ཁྲག་དང་བག་ཆགས་སྐེམས། །ཤེས་པ་རྟེན་དང་དབང་པོ་ཡུལ་ལས་འབྱེད། །རྟེན་གཅིག་ལུས་ལ་ཤེས་པ་ཀུན་བསྡུས་ཐིམ། །ཁ་སྦྱོར་འཁོར་ལོ་ཐོད་པ་ག་བུར་གཞུག །ཉིན་མཚན་དྲིལ་གཏོར་མིང་བཅས་སྤུ་གྲི་སྦྱར། །ཐོད་པའི་གསེབ་ཏུ་ཐུན་གྱི་སྤུ་གྲི་དགོད། །རི་རྒྱལ་རྦབ་དང་གསེར་གྱི་དགུ་ཐོག་ལྟར། །སྦྲུལ་གྱི་གསེབ་ཏུ་གནན་པའི་སྤུ་གྲི་དགོད། །གསེར་གྱི་ས་གཞི་རི་རབ་བརྟན་ལྟར་བཟླས། །གྲུ་གསུམ་ནང་དུ་བརྣག་པའི་རྟེན་རྣམས་བཞག །མཐིང་ནག་ཁ་བཅད་གསད་པའི་སྦྱོར་བ་བརྩམ། །བརྒྱད་དམ་བཅུ་གཉིས་དྲིལ་གཏོར་དྲག་སྔགས་བཟླས། །སྦྱོར་བ་ཐོན་ནས་ཐོད་པ་གཟིར་ཞིང་བཅའ། །རི་རབ་ཕོ་བྲང་གདུག་པའི་ཀླུ་ལ་གཏད། །ཉ་སྟོང་ཁ་གསོ་ཐོད་ཁྲག་དུག་བཟའ་འཕང་། །དྲག་པོ་སྔགས་ཀྱི་དམོད་པ་འདི་ལྟ་སྟེ། །ཨེ་ཀ་ཧེ་དུན་ཡ་མ་རག་ཤ་མ་ཛ་མུན་ཏྲི། ཤམ་ཙང་ཀྲིང་ཤུ་སྙིང་། དགྲ་བོའི་སྲོག་ལ་ནྲྀ་ཤ་ཏྲུཾ་མཱ་ར་ཡ་རྦད། སྲོག་སྟྭཾ་བྷ་ཡ་ནན། སྲོག་ལ་ནྲྀ་ཤག་རྦད་ཡཾ་ཐུན་བྷྱོ། མེ་རླུང་སྦྱོར་བ་ལས་ཀྱི་མཆོག །རྣལ་མས་གསད་པའི་སྦྱོར་བ་ཡིན། །དྲག་སྔགས་མངོན་དུ་ཕྱུང་བའི་རྒྱུད་ལས། རྩ་བའི་སྦྱོར་བའི་ལེའུ་སྟེ་བཅུ་དགུ་པའོ།། །།གཞན་ཡང་གསད་པའི་སྦྱོར་བ་ནི། །མ་གྲུབ་སྤོགས་ན་ལྟོ་དཀྲུག་བཅའ། །རས་ལ་ཐིག་སྐོར་བཞི་རུ་བསྐོར། །གྲུ་གསུམ་ཟླ་ཁམ་མིང་རུས་ལྷ། །འཁྲུལ་མིག་བཅུ་དྲུག་རྩ་བའི་སྔགས། །ཡང་ལེགས་བཅུ་དྲུག་སྤུ་གྲི་མཚོན། །ཐ་མ་སྦྲུལ་བཞིའི་ར་བས་བསྐོར། །གཅོད་ཅིང་གནོན་པའི་འཁོར་ལོ་ཡིན། །བླ་སེམས་འཆང་བ་དྲག་པོའི་གནས། །གདུག་པ་སྲེག་བྱེད་ལས་ཀྱི་མེ། །


DNG017_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་སེམས་རྟེན་འདྲེལ་འགུག་པའི་རླུང་། །སྲོག་དབུགས་འཆད་པ་གཤེད་གསང་མཛོད། །རྩ་གཅོད་དབུགས་བྲལ་མཚོན་ཆེན་དུག །སྲོག་དང་ལས་སྡུད་ཟེ་ཡི་ལྕགས། །དབང་པོ་གནོན་པ་རི་བོའི་རྦབ། །ལས་སྦྱངས་ཤེས་སྨིན་ཕྱག་རྒྱ་བརྟན། །གདུག་པའི་མཚོན་ཆ་ངར་བླུད་ལ། །དྲག་སྔགས་ལྟོ་དཀྲུག་ཁྲི་བརྒྱད་གཉིས། །མཚན་མོ་བསྐུལ་གྱིན་དྲིལ་བའི་སྔགས། །ཐོན་ནས་ཐོད་མཁར་གདུག་པས་གདབ། །ཐུན་ཁྲག་དུག་གཟེར་ཁ་གསོ་བསྐྱེད། །ཤེས་པའི་ཁྱད་པར་གསུམ་ལྡན་འཕང་། །དབང་པོ་རྣོ་མྱུར་གསལ་འཕྲོ་སྡུད། །གདེང་གསུམ་སྔགས་སྐོང་རྒྱས་པར་བགྲོད། །དྲག་སྔགས་སྦྱོར་བ་འདི་ལྟ་སྟེ། །ཨེ་ཀ་ཧེ་དུན་རག་ཤ་ཡ་མ་ཙ་ཛ་ཤུ་ཏྲི་ཤཾ་མུག་ཏྲི་སྙིང་། དགྲ་བོའི་སྲོག་ལ་ཡོངས་ཐུམས་ཤིག་རྦད། སྟྭཾ་བ་ཡ་གཟིར་ནན། སྲོག་ཁྱེར་ཡམ་ཤིག་ཧྲི་ཐུམས་མྱོག་ཐུན་བྷྱོ། གཞན་ཡང་ལས་ཀྱི་རིམ་པ་ནི། །སྤྲུལ་པས་ལོ་ཐོག་གཞོམ་པ་ལས། །དུར་ཁྲོད་རས་སམ་ཤོག་བུ་ལ། །ཐིག་སྐོར་རིམ་པ་གསུམ་དུ་བསྐོར། །དབུས་སུ་གྲུ་གསུམ་ཡུལ་གྱི་མིང་། །ཟླ་གམ་སྦྱོར་བ་གཞོམ་པ་བྲི། །ཕྱི་རིམ་འཁྲུལ་མིག་བཅུ་དྲུག་ལ། །རྩ་བའི་དྲག་སྔགས་རྣལ་མ་བཀོད། །ཐ་མ་རྩིབ་ཆེན་ཉི་ཤུ་ལ། །དབབ་པའི་སྤུ་གྲི་དྲག་པོ་དགོད། །རུས་སྦལ་ལྟོ་བར་སྦྱོར་བ་བསྡུ། །ཁ་སྦྱོར་ཐོད་པ་ཞབས་མས་གྲིལ། །ཁྲག་སྣ་དུག་སྣ་སྔོ་ན་བརྡེབ། །སྤྲུལ་པའི་བསྒོམ་གྱིན་བསྐུལ་ལ་བཟླས། །སྦྱོར་བ་ཐོན་ནས་གཏའ་མ་གཞུག །དྲག་སྔགས་སྟོང་དུ་རྒྱུན་མི་བཅད། །སྟོན་ཟླ་གསུམ་དུ་དབབ་པ་བརྩམ། །ཟོར་དང་དུ་བ་ཐབ་དང་གཟིར། །ཁྲག་དང་དུག་རྫས་སྔོ་སྣ་དུག །ལྕགས་ཕུར་དྲག་སྔགས་ཁྲི་བཞིར་ལྡན། །


DNG017_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

གདུག་པའི་རྟེན་དང་གཟུགས་ལ་བརྡེག །དྲེགས་པ་ཀུན་གྱི་མཐུ་དྲིལ་བའི། །སྔགས་ཀྱི་རྒྱལ་པོ་འདི་ལྟ་སྟེ། །ཨེ་ཀ་ཧེ་དུན་ཡཾ་ཡཾ་ཤཾ་ཛྭ་མུན་ཏྲི་ཤམ་རཾ་ཀྲིང་ཤུ་སྙིང་པྲོཾས་པྲོཾས་ཤར་ཤར་ནཱ་ག་ཧུར་ནན་པྲོཾ་པྲོཾ་ཤར་ཤར་ཧྲིལ་ཧྲིལ་དྲག་ཏུ་ཕོབ་པྲོཾ་ནཱ་ག་ཛ་ཡཾ་སྙིང་གཟིར་ཙི་ཏ་ནན་པྲོཾ། ཤར་ཤར་ཧྲིལ་བྷྱོ། ལོ་ཐོག་གཞོམ་པ་དྲག་པོའི་ལས། །ཐོད་པ་སྟོབས་དང་ལྡན་པའོ། །གཞན་ཡང་སྤྲུལ་པའི་ཚེ་བདག་གིས། །གསུང་བཞིན་གཟིར་བ་འདི་ལྟ་སྟེ། །ཐམས་ཅད་གཅིག་ཏུ་དྲིལ་བའི་ལས། །ཤོག་བུ་གྲུ་བཞི་ཆ་མཉམ་ལ། །འཁྲུལ་འཁོར་རིམ་པ་གསུམ་དུ་བསྐོར། །སྲིད་པའི་རུས་སྦལ་ལྟོ་བར་བྲི། །དབུས་སུ་གྲུ་གསུམ་གང་གནོད་བྲི། །འཁྲུལ་མིག་བཅུ་དྲུག་རྩ་བའི་སྔགས། །ཡང་ལོགས་བཅུ་བཞི་སྤུ་གྲི་རྩིབས། །ལས་ནི་སྣ་ཚོགས་རྩ་བ་གཅིག །ཟླ་ཁམ་མེ་ཏོག་བསྲུང་བའི་འབྲུ། །བཅུ་བཞི་བཀོད་ལ་སྐབས་དང་སྦྱར། །ཁྲག་དང་དུག་ཆུ་ཚ་བ་བསྐུ། །ཐོད་པ་དང་བཅས་སྦྱོར་བ་བརྩམ། །ཞག་བདུན་སྔགས་བཟླས་དྲག་ཏུ་བསྐུལ། །ལྟ་བསྒོམ་བཀའ་རྟེན་འོག་ཏུ་གནན། །སྔགས་ཀྱི་རྩ་བ་གཉིས་སུ་བྱ། །བཅུ་དྲུག་བཅུ་གཉིས་རྣོ་དང་ཤིས། །རིག་པ་སྟོབས་དང་བརྡ་ཡིས་སྦྱར། །དྲག་སྔགས་སྦྱོར་བ་འདི་ལྟ་སྟེ། །ཨེ་ཀ་ཧེ་དུན་ཡཾ་མཾ་ར་ཤཾ་ཛ་མུན་དྲི་ཤཾ་རཾ་ཀྲིང་ཤུ། སརྦ་དུ་རཾ་ཨུ་ནན་གཟེར་ཕྱུང་སྦུར་ནན་སྲོག་ལ་མྱོགས་རྦད། དྲག་སྔགས་མངོན་དུ་ཕྱུང་བའི་རྒྱུད་ལས། ཡན་ལག་གི་སྦྱོར་བའི་ལེའུ་སྟེ་ཉི་ཤུ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་དྲག་སྔགས་ཡོངས་སུ་སྨིན་པའི་དོན་འདི་གསུངས་སོ། །ཨེ་མ་ཆོས་སྐུ་བྱང་ཆུབ་སེམས། །སྐྱེ་འགག་མེད་པའི་ངོ་བོར་གནས། །མ་


DNG017_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

བཅོས་བདེ་ཆེན་ལྷུན་གྱིས་གྲུབ། །ཡེ་ཤེས་ཐིག་ལེ་ངང་ལ་རྫོགས། །ཐབས་ཀྱི་རྒྱལ་པོ་རྡོ་རྗེ་ཡིས། །གསང་བ་ཡོངས་སུ་རྫོགས་པ་ཡི། །དྲག་པོ་སྔགས་ཀྱི་དམོད་པ་གདམས། །ཀུན་ཏུ་བགྲོད་པ་གསུམ་གྱིས་སྦྱང་། །བདེ་བའི་ལམ་ཅན་གཞན་ལས་མིན། །ཡེ་ཤེས་རིག་པ་སྣང་བར་སྤྱད། །རྒྱུད་ཀྱི་རྒྱལ་པོ་མངོན་ཕྱུང་འདི། །མ་འོངས་དམ་ལྡན་སྲུང་བྱེད་ན། །ང་ཡང་དམ་ལས་མི་གཡེལ་བསྲུང་། །འཆི་བདག་དྲེགས་པ་སྟོབས་ཅན་ཀུན། །དམ་ཚིག་བཀའ་ཡི་འཁོར་ལོ་སྲུངས། །ཨེ་མ་ཧོ་རིག་པའི་བཀའ་རྒྱུད་འདི། །བདེ་བའི་ལམ་ཅན་དག་པ་དང་། །མ་བསྒྲིབས་ལམ་ལ་གནས་པ་དང་། །འཆི་བདག་ཚོགས་ཀྱི་དགེ་འདུན་ཀུན། །རིག་པའི་ལམ་ལ་ཞུགས་པ་དང་། །འཆི་བདག་དྲེགས་པ་མྱོས་པ་དང་། །འཐོམས་པའི་ཚོགས་དང་ཁྲག་སྐྱུགས་ཚོགས། །ཕུང་བྱེད་མངག་པ་གདུག་པའི་ཚོགས། །འཁོར་ན་གནས་པའི་དམ་ཅན་ཀུན། །སངས་རྒྱས་བཀའ་ཡི་རྒྱུད་འདི་ཟུང་། །གཉིས་མེད་བགྲོད་པའི་ས་ལ་གནས། །རྡོ་རྗེ་གཏུམ་པོ་རྡོ་རྗེའི་ཚོགས། །རྡོ་རྗེ་ཁྲོ་བོ་རྡོ་རྗེ་ཁྲག་འཐུང་དང་། །རྡོ་རྗེ་གནོད་སྦྱིན་སྲིན་པོ་དང་། །རྡོ་རྗེ་མཁའ་འགྲོའི་ཚོགས་རྣམས་ཀྱང་། །དམ་ལ་གནས་ཤིང་མ་གཡེལ་སྲུངས། །སངས་རྒྱས་བཀའ་ཡི་ཡོན་ཏན་བརྗོད་མི་ལང་། །ཆེ་བའི་ཡོན་ཏན་གསུམ་དང་གཅིག་ཏུ་ལྡན། །ཁྲོ་བོའི་སྙིང་པོ་དྲེགས་པ་མ་མོ་དྲག་པོ་དང་། །བཅུ་དང་སུམ་སྒྲིལ་རིན་ཆེན་ཕྲེང་བ་ལྟར། །དམ་པར་སྦྱར་ལ་གཉེན་པོ་གཅིག་ཏུ་བསྒྲུབ། །དབང་སྡུད་ཕྱག་རྒྱ་ཆེན་པོ་རང་བཞིན་གཟིར། །ནམ་མཁའ་རིན་ཆེན་རྒྱ་མཚོ་མེ་དང་འདྲ། །དྲེགས་པ་སྟོབས་ཆེན་ཕྱག་རྒྱ་བརྟན་བྱས་ལ། །སྙིང་པོ་བཅུ་གཉིས་རྩ་བ་གཅིག་ཏུ་དྲིལ། །ཡན་ལག་གང་འདོད་སྤུ་གྲི་ཐེམས། །གང་རུང་སྦྱར་ན་རིན་ཆེན་སྙིང་པོ་འབྲུ། །བསྟན་པ་གསུམ་ལྡན་བདེ་བ་གཅིག་གི་ངང་། །


DNG017_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོ་བཅུ་གཉིས་མི་འགྱུར་ཐིག་ལེ་ལ། །བསྲུང་བའི་རྒྱལ་པོ་དམར་ལེན་མཚོན་དང་སྦྱར། །གཟིར་བའི་སྙིང་པོ་གང་ཡིན་མཚམས་སུ་འཕོ། །རྣམ་ཤེས་འཕྲོག་པ་འབྲུ་གཅིག་སྙིང་ལ་བསྡུ། །མཚོན་དཔག་དཀའ་ན་སྐྱེ་མེད་ནམ་མཁའ་དབྲོག །ཤེས་ལ་རྒྱང་རིང་སྦྱོར་བའི་ཚད་དང་ལྡན། །འབྲུ་བརྒྱད་རྩ་བ་གང་དམིགས་སྤུ་གྲིར་ལྡན། །འདོད་པའི་དོན་བཞི་སྙིང་པོ་གཅད་ནས་དབྲོག །ཉེས་ལ་གནོད་བྱེད་མཚོན་ཆ་རང་གཅོད་དེ། །མན་ངག་ལྡན་པས་བདེ་བར་སྤྱད་ན་རྣོ། །རང་སེམས་སྟོབས་ལྡན་ཡེ་ཤེས་རིག་པའི་རྩལ། །འཆིང་མེད་གྲོལ་བར་ཐར་པའི་ལམ་མཆོག་འབྲས། །དེ་མེད་རང་འཆིང་མནར་མེད་ས་ལ་རིངས། །ཐབས་མེད་སྤྱོད་བྲལ་གདེང་མེད་བགྲོད་མ་ཐོབ། །རྩ་བ་རེ་དང་ཡན་ལག་བརྡའ་མི་སྦྱོར། །སུན་འབྱིན་གྲོལ་མེད་འཆིང་བའི་གནས་ལས་བགྲོད། །བློ་ཡེངས་ཆེ་བའི་ཡོན་ཏན་བསམ་མི་ལང་། །གྲོལ་བའི་ཕྱག་རྒྱ་ཡང་དག་འཕགས་ལམ་ལྡན། །འདི་དེ་བདེ་དང་སྨིན་པར་བྱེད་པའི་མཆོག །གུ་ཧྱ་ཙིཏྟ་སོ་མ་ཧ། ཡཾ་བཾ་རཾ་ལཾ་ཙཱ་དྷ་རཱི། ནཱ་ག་དེ་ཝ་རཀྴ་མ། ཡ་མ་ཀ་ཡི་བདེ་བའི་ཀློང་། །ཨ་དང་ཁྱབ་ཧོ་པུ་ཤུ་ཏ། །ཡེ་ཤེས་རིག་པའི་ཀློང་དུ་བརྡལ། །འདི་དག་བདེ་བའི་ལམ་ཅན་དེ། །སྨིན་ཅིང་བགྲོད་པའི་ཐབས་མཆོག་རྒྱལ། །ཨ་ཡི་ཡེ་ཤེས་ལས་བྱུང་བ། །སྐྱེ་མེད་རྣམ་དག་ཆོས་སྐུར་གསལ། །ཨེ་ཡི་ཡེ་ཤེས་ལས་བྱུང་བ། །དྲག་པོ་སྲེག་བྱེད་ནམ་མཁར་གསལ། །སངས་རྒྱས་སྐྱེ་བའི་ཆོ་འཕྲུལ་ལོ། །བདེ་བའི་ལམ་ཅན་སྙིང་པོ་ཀུན་ལས་འདས། །ནོར་བུ་གསེར་ལྡན་རིན་ཆེན་རྒྱལ་ས་ཐོབ། །བཀའ་ཡི་བདེན་པ་བདེ་བའི་ངང་ལ་བཞག །ཅེས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ། འཁོར་རྣམས་རྗེས་སུ་ཡི་རང་སྟེ་མངོན་པར་བསྟོད་དོ། །འཁོར་དེ་དག་གིས་བདེན་པ་མཐོང་བར་གྱུར་ཏོ། །དྲག་སྔགས་མངོན་དུ་ཕྱུང་བའི་རྒྱུད་ལས། རྒྱུད་ཡོངས་སུ་གཏད་པའི་ལེའུ་སྟེ་ཉི་ཤུ་གཅིག་པའོ།། །།དཔལ་གཤིན་རྗེའི་རྒྱུད་ཁྲི་དྲུག་སྟོང་པ་ནས། དྲག་པོ་རྣོ་དབལ་མཚོན་ཆའི་སྐབས་བཏོན་པའོ། །སྙིང་པོ་མན་ངག་གི་རྒྱུད་རྫོགས་སོ།། །།

འཇམ་དཔལ་ཁྲོ་བོ་སྙིང་གཟེར་གསང་བའི་རྒྱུད།


DNG017_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། མཉྫུ་ཤྲཱི་ཀྲོ་དྷ་ཙིཏྟ་ཤངྐུ་གུ་ཧྱ་ཏནྟྲ། བོད་སྐད་དུ། འཇམ་དཔལ་ཁྲོ་བོ་སྙིང་གཟེར་གསང་བའི་རྒྱུད། བཅོམ་ལྡན་འདས་ཡེ་ཤེས་རྔམ་པའི་རྒྱལ་པོ་གདུག་པ་གསུམ་འདུལ་བ་དེ་ལ་ཕྱག་འཚལ་ལོ། །དེ་ནས་རྡོ་རྗེ་སྙིང་པོ་ཡིས། །རྡོ་རྗེ་ཁྲོ་བོ་འཇིགས་པའི་ཚོགས། །ཀུན་ནས་གུས་པས་ཐལ་སྦྱར་ཏེ། །བདེ་ཆེན་ཡབ་ལ་འདི་སྐད་གསོལ། །ཨེ་མ་ཧོ་སངས་རྒྱས་ཀུན་རང་བཞིན། །རྡོ་རྗེ་འཆང་གི་ངོ་བོ་ཉིད། །སྙིགས་མ་ལྔ་ཡི་དུས་ཉིད་དུ། །མཚམས་མེད་ལས་ངན་ཀུན་སྤྱོད་པས། །ནད་དང་གདོན་དུ་རྣམ་སྨིན་པའི། །ས་ཡམས་དྲག་པོ་ཛྭ་ལའི་ནད། །འགྲོ་བ་ཡོངས་ལ་ཁྱབ་པ་ལ། །སྲུང་བའི་རིམ་པ་བཤད་དུ་གསོལ། །དེ་ནས་ཕྱག་རྒྱ་ཆེན་པོ་ཡིས། །རྡོ་རྗེ་སྙིང་པོའི་ཁྲོ་ཚོགས་ལ། །གསང་ཚིག་དྲག་པོའི་དམོད་པ་ཡིས། །བཅུད་ལྔའི་སྙིང་པོ་གསོ་བའི་མཆོག །འཁོར་ལ་ངེས་པར་བཀའ་སྩལ་ཏོ། །སྙིགས་མ་ལྔ་ཡི་དུས་ཉིད་དུ། །མཚམས་མེད་ལས་ངན་ཀུན་སྤྱོད་པས། །མཛེ་ཡམས་དྲག་པོ་ཉམ་ང་དར། །ནད་ནི་རྣམ་པ་གསུམ་ཡིན་ཏེ། །སྤྱི་དང་ཁྱད་པར་ལ་སོགས་པ། །སྡོམ་པར་གྱུར་པ་ཀུན་ཉམས་དང་། །མཚམས་མེད་ཉེ་བའི་རྣམ་སྨིན་པས། །གནས་ངན་ལྟུང་བའི་རིགས་དག་ལ། །ལས་ཀྱི་རྣམ་སྨིན་ནད་འབྱུང་བའོ། །རླུང་མཁྲིས་བད་ཀན་འདུས་པ་ཡིས། །འབྱུང་བ་འཁྲུགས་པ་ལས་གྱུར་པའི། །འདུ་བ་སྨིན་པའི་ནད་འབྱུང་བའོ། །རིགས་དང་རང་གི་གླང་ཐབས་ལས། །རྩོལ་བ་བྱད་ཀྱི་གཏང་ཁྲམ་དང་། །རང་གི་གནས་སུ་མ་ཕྱིན་ལོག །དེ་ལྔའི་རྐྱེན་ལས་བྱུང་བའི་ནད། །རྐྱེན་གྱིས་བསླང་བའི་ནད་འབྱུང་བའོ། །དེ་ཡི་ནད་རིགས་བསྟན་བྱ་བ། །སྔགས་དང་སྨན་གྱི་སྦྱོར་བ་བསྡེབས། །སྔགས་ལ་ཕན་གནོད་མ་ཚོར་བར། །སྨན་གྱི་ཕན་གནོད་ཆེ་བ་ན། །འདུ་བ་རྣམ་བཞིའི་ནད་དར་བས། །འཚོ་བྱེད་སྨན་གྱིས་བཅོས་པར་བྱ། །སྔགས་རྣམས་བཟླས་ཀྱང་ཕན་གནོད་མེད། །ཟས་ལ་


DNG017_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ན་ཕན་གནོད་མེད། །དེ་ནི་རྣམ་སྨིན་ལས་ཡིན་པས། །འདུས་བྱས་དགེ་རྩ་ཅི་ནུས་བྱ། །སྔགས་ལ་ཕན་གནོད་ཆེར་འབྱུང་ཞིང་། །ཟས་ལ་ཕན་གནོད་མ་ཐོན་ན། །རྐྱེན་ཟློག་སྔགས་ཀྱི་སྦྱོར་བ་བྱ། །ནད་པ་གླུ་ལ་དགའ་བ་དང་། །ནུབ་མོ་ན་ནས་སྙིང་མི་དགའ། །ལུས་ལ་ཚ་བའི་ཁྲག་སྐྱེས་པ། །ཀླུ་ཡི་ནད་ཀྱིས་ཟིན་པའོ། །དེ་ལ་གདུག་པའི་ནད་དང་དུག །རིགས་བཞི་གདོལ་པ་ཁ་འཁོར་གྱི། །འཇུག་པ་ངེས་པའི་ཚད་མས་བརྟག །རྒྱལ་རིགས་མགོ་ནས་འཇུག་པར་བྱེད། །རྗེ་རིགས་ལག་པ་གཡས་ལ་འཇུག །བྲམ་ཟེ་ལག་པ་གཡོན་ལ་འཇུག །དམངས་རིགས་རྐང་པ་གཡས་ལ་འཇུག །གདོལ་པ་རྐང་པ་གཡོན་ལ་འཇུག །ཁ་འཁོར་ལུས་ལ་ཁྱབ་པ་སྟེ། །དྲག་སྔགས་འཁོར་ལོས་དུག་རླངས་གདོན། །ལྕི་འཐིབས་རྒྱལ་རིགས་ས་ཡི་དུག །གྲང་བ་བྲམ་ཟེ་ཆུ་ཡི་དུག །ཚ་བ་རྗེ་རིགས་མེ་ཡི་དུག །ཡང་གཡོ་དམངས་རིགས་རླུང་གི་དུག །ནད་ཀྱི་མཚན་ཉིད་ངོ་ཤེས་ན། །སྙིང་གཟེར་འཁོར་ལོ་གཉན་པོར་གདོན། །རྟགས་མེད་ཀླུ་ཡི་གདོན་གནོད་ན། །ཕྱག་རྒྱ་བསམ་གཏན་ཆོ་ག་བྱ། །ཀུན་ནས་ཞུགས་པར་གྱུར་པ་ལ། །ཡང་གསང་ཐུགས་ཀྱི་འཁོར་ལོ་བསྐོར། །རང་བཞིན་དྲག་པོ་བཙན་ཐབས་ཀྱི། །དུག་གསུམ་ནད་དང་ཞེན་ཆགས་དབྲལ། །བསམ་གཏན་ཁྲུས་ཀྱི་ཆོ་ག་དང་། །ཕྱག་རྒྱ་ཆེན་པོའི་སྦྱིན་སྲེག་བྱ། །འཇམ་དཔལ་ཁྲོ་བོ་སྙིང་གཟེར་གསང་བའི་རྒྱུད་ལས། ས་ཡམས་ཀྱི་ནད་བརྟགས་པའི་ལེའུ་སྟེ་སྐབས་དང་པོའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ས་ཡམས་དྲག་པོའི་ནད་དེ་དག་གི་གཉན་པོ། དྲག་སྔགས་འཁོར་ལོ་འདི་དག་གསུངས་སོ། །རྩ་བ་ལུས་ཀྱི་སྙིང་པོ་ནི། །ཤིས་ལ་ཚན་ཆེ་རྣོ་ལ་མྱུར། །ཀླད་དུ་ཆེ་ལ་རྒྱལ་པོ་འདྲ། །སྤུ་གྲི་དུ་མ་སྐབས་ཀྱིས་ཏེ། །རྒྱལ་རིགས་རྗེ་རིགས་བྲམ་ཟེ་དང་། །དམངས་དང་གདོལ་པར་གྱུར་པ་དང་། །བ་སུ་ཏ་དང་འཕྱེ་བོ་དང་། །རྐང་གཅིག་གེལ་པ་མགོ་མང་དང་། །


DNG017_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

གདུག་པ་ཆེ་དང་ས་ཡམས་དང་། །ལྟོ་འཕྱེ་འཐོམས་པ་མགོ་དགུ་ལྔ། །ས་བདག་ས་སྲིན་གཉན་གྱི་རིགས། །ཀླུ་བདུད་ཀླུ་སྲིན་ལ་སོགས་པ། །མ་མོ་རྒྱལ་པོ་བཙན་མཛེ་འདྲེ། །ལས་དང་སྦྱོར་བ་སྟོབས་ཀྱིས་གཅད། །དེ་ནས་བཅོམ་ལྡན་འདས་ཀྱིས་གདུག་པ་གསུམ་འདུལ་གྱི་གསང་སྔགས་འདི་གསུངས་སོ། །ཨེ་མྱགས་ཡ་རྔུབས་མུག་ཤག་ཀ་དུན། ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ། ས་ནཱ་ག་ཙིཏྟ་རི་མྱགས་རྦད། ཁྲག་ལ་མྱགས་ཏི་ཡཾ་ཤག་རྦད། དུག་ཕྱུང་ཁྲག་ཤིག་ཙིཏྟ་རྦད། ཁཾ་ཤག་ཐུཾ་རིལ་ཧྲིལ་མྱགས་རྦད། ཙ་ཏྲི་མ་མ་དབུགས་ལ་ཐང་གཟེར་རྦད། ས་ནཱ་ག་རྩ་ལ་ཧུར་ཐུཾ་རྦད། སྲོག་ལ་ཐུན་རྦད་བྷྱོ། ས་ནཱ་ག་མ་ཏྲག་སྙིང་གཟེར་རྦད། ས་ནཱ་ག་ཙ་ཏྲི་སྙིང་གཟེར་རྦད། ས་ནཱ་ག་དུ་མེ་སྙིང་གཟེར་རྦད། ས་ནཱ་ག་ཀྵེ་ཏྲི་སྙིང་གཟེར་རྦད། ས་ནཱ་ག་དུག་ཕྱུང་སྙིང་གཟེར་རྦད། ས་ནཱ་ག་ཁཾ་ཤག་སྙིང་གཟེར་རྦད། ས་ནཱ་ག་སྲོག་སྙིང་གཟེར་རྦད། ས་ནཱ་ག་ཐུཾ་སྙིང་གཟེར་རྦད། ས་ནཱ་ག་སྙིང་གཟེར་སྦུར་ནན་རྦད། ས་ནཱ་ག་སྙིང་གཟེར་ཛ། ས་ནཱ་ག་སྙིང་གཟེར་དུག་ཕྱུང་ནན་རྦད། ས་ནཱ་ག་སྙིང་གཟེར་ཙིཏྟ་ཁས་ནན་རྦད།ས་ནཱ་ག་སྙིང་གཟེར་ཐུན་ནན་རྦད། ས་ནཱ་ག་སྙིང་གཟེར་དུ་རཾ་ནན་རྦད། ས་ནཱ་ག་སྙིང་གཟེར་ཡཾ་བཟློག་ནན་རྦད། ས་ནཱ་ག་སྙིང་གཟེར་སྲོག་ལ་ནན། ས་ནཱ་ག་སྙིང་གཟེར་ཙིཏྟ་མྱོགས་ནན་རྦད། ས་ནཱ་ག་སྙིང་གཟེར་ཐུམ་རིལ་ནན་རྦད། ས་ནཱ་ག་སྙིང་གཟེར་ཙལ་ནན་རྦད། ས་ནཱ་ག་སྙིང་གཟེར་ཡ་ནན་འདྲིད་ནན་རྦད།ས་ནཱ་ག་སྙིང་གཟེར་དྲེང་ཤག་ནན་རྦད། ས་ནཱ་ག་སྙིང་གཟེར་ཙིཏྟ་ཁས་ནན་རྦད། ས་ནཱ་ག་སྙིང་གཟེར་ཁྲག་ཐིབས་ནན་རྦད། ས་ནཱ་ག་སྙིང་གཟེར་སྦུར་ནན་རྦད།ས་ནཱ་ག་སྙིང་གཟེར་ཧི་ནན་རྦད། ས་ནཱ་ག་སྙིང་གཟེར་ཨུ་ནན་ཏན་རྦད། ས་ནཱ་ག་སྙིང་གཟེར་ཨེ་ནན་རྦད། ས་ནཱ་ག་སྙིང་གཟེར་སྲོག་ལ་དུན་དུན་ནན་རྦད།ས་ནཱ་ག་སྙིང་གཟེར་ཙིཏྟ་ཐུམས་ནན་རྦད། ས་ནཱ་ག་སྙིང་གཟེར་དུ་ཡཾ་


DNG017_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

བཟློག་ནན་རྦད། ས་ནཱ་ག་སྙིང་གཟེར་སྦུར་ནན་རྦད། ས་ནཱ་ག་སྙིང་གཟེར་འདྲིད་ཕྱུང་ནན་རྦད། ས་ནཱ་ག་སྙིང་གཟེར་སྲོག་ལ་མྱོགས་ནན་རྦད། ས་ནཱ་ག་སྙིང་གཟེར་དུ་རཾ་ནན་རྦད། ས་ནཱ་ག་སྙིང་གཟེར་ཡཾ་བཟློག་ནན་རྦད། ས་ནཱ་ག་སྙིང་གཟེར་ཙི་ལ་ནན་རྦད། ས་ནཱ་ག་སྙིང་གཟེར་ཨུ་ནན་རྦད། སརྦ་དུ་རཾ་ཨ་ནན་འདྲིད་ཕྱུང་སྙིང་གཟེར་ཐུཾ་རིལ་ཤག་རྦད། ཧེ་ས་མ་ཡ་ཐི་པ་ར་ཡ་ས་ནཱ་ག་སྙིང་གཟེར་སྦུར་ནན། ས་ནཱ་ག་སྲོག་ལ་དུན་དུན་ཤག །ས་ནཱ་ག་ཙིཏྟ་ཐུཾ་རིལ་ཤག །ས་ནཱ་ག་རྩ་ལ་རྦད་ཐུཾ་རིལ་ཤག །ས་ནཱ་ག་དུ་མ་ལིང་ཤག །ས་ནཱ་ག་སྲོག་ལ་ཧུར་ཐུམ་རིལ་ཤག །ས་ནཱ་ག་སྙིང་གཟེར་སྦུར་ནན་ཐུཾ་རིལ་ཤག །ས་ནཱ་ག་དུ་མེ་མ་མ་སྲོག་གཟིར་རྦད་ཐུཾ་རིལ་ཤག །ས་ནཱ་ག་ཙ་ཏྲི་ཤུ་ལ་གཟིར་ནན་ཐུཾ་རིལ་ཤག །ས་ནཱ་ག་ནྲྀ་ཏྲི་ཡཾ་ཤིག་ནན་གཟིར་ཐུཾ་རིལ་ཤག །ས་ནཱ་ག་སྲོག་ལ་དྲེང་ཤག་ཐུཾ་རིལ་དུན་དུན་ཛ། ས་ནཱ་ག་སྙིང་གཟེར་སརྦ་ཨུ་ནན་གཟེར་ཕྱུང་རྦད། ས་ནཱ་ག་དུ་རཾ་ཨི་དན་འདྲིད་ཕྱུང་ཙིཏྟ་སྙིང་གཟེར་ཐུཾ་རིལ་ཤག་རྦད། ས་ནཱ་ག་དུག་ཕྱུང་སྙིང་གཟེར་རྦད། ས་ནཱ་ག་དུཾ་ལིང་ཐུཾ་རིལ་ཤག །ས་ནཱ་ག་དུཾ་ལིང་ཐུཾ་རིལ་ཤག་རྦད། སརྦ་ཙིཏྟ་རོ་མྱགས་ཁ་ཐམ་སྲོག་གཟིར་སྦུར་ནན་འདྲིད་ཕྱུང་ཧྲི་ཤག་རྦད། ས་ནཱ་ག་ཙིཏྟ་རོ་མྱགས་རྦད། ཁྲག་ལ་མྱོགས་ཏི་རྦད། སྲོག་ལ་མུགས་ཏི་རྦད། དུག་ཕྱུང་ཁྲཾ་ཤིང་རྦད། ས་ནཱ་ག་དུག་ཕྱུང་སྙིང་གཟེར་རྦད། ས་ནཱ་ག་མ་ཏྲག་སྙིང་གཟེར་རྦད། ས་ནཱ་ག་ཙ་ཏྲི་སྙིང་གཟེར་ཙིཏྟ་རྦད། ས་ནཱ་ག་སྙིང་གཟེར་སྦུར་ནན་རྦད། ས་ནཱ་ག་སྙིང་གཟེར་སྦུར་འདྲིད་ཕྱུང་རྦད། ས་ནཱ་ག་ཁཾ་ཤག་ཐུཾ་རིལ་ཧྲིལ་མྱགས་རྦད། ཙ་ཏྲི་མ་མ་དབུགས་ལ་ཐང་གཟེར་རྦད། རྩ་ལ་ཧུར་ཐུམ་རྦད། སྲོག་ལ་ཐུན་རྦད་བྷྱོ། ས་ནཱ་ག་ཁྲཾ་ལ་མྱོགས་ཏི་རྦད། ཁཾ་ཤག་ཐུཾ་རིལ་ཧྲིལ་མྱོགས་རྦད། ས་ནཱ་ག་དུཾ་ལིང་ཐུཾ་རིལ་ཤག །ས་ནཱ་ག་རྩལ་རྦད་ཐུཾ་རིལ་ཤག །ས་ནཱ་ག་ཙིཏྟ་རོ་མྱག་ཁ་ཐམ་སྲོག་གཟིར་སྦུར་ནན་འདྲིད་ཕྱུང་ཧྲི་ཤག་རྦད། ས་ནཱ་ག་སྙིང་གཟེར་སྦུར་ནན་རྦད། ས་ནཱ་ག་མ་ཏྲག་སྙིང་གཟེར་རྦད། ས་ནཱ་ག་ཙིཏྟ་རོ་མྱགས་


DNG017_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

རྦད། དུ་མེ་མཾ་སྲོག་གཟིར་ཐུཾ་རིལ་ཤག་ཙ་ཏྲི་ནཱ་ག་ཐུཾ་རིལ་ཤག །ས་ནཱ་ག་ཛ་ཡཾ་གཟིར་ཐུཾ་རིལ་ཤག་རྦད། ས་ནཱ་ག་རོ་ཏྲི་ཡཾ་ཤིག་གཟིར་ཐུཾ་རིལ་ཤག །འཇུག་པ་ངེས་པར་རབ་བརྟགས་ལ། །དྲག་སྔགས་འཁྲུལ་འཁོར་རེ་རེས་གདོན། །རྟགས་རྣམས་འཁྲུགས་སམ་ཀུན་ནས་ཞུགས། །ཤི་ཕྲད་དྲག་སྔགས་བཅུ་གཅིག་པ། །རྣོ་དབལ་མཚོན་ཆའི་དྲག་སྔགས་བསྡེབ། །ས་ནཱ་ག་རཱ་ཛ། པྲི་དུ་མེ་སྲོག་ལ་དྲེང་དྲེང་། རྩལ་དུན་དུན་སྦྱར་ནན་ཁཾ་ཤག་རྦད། ས་ནཱ་ག་སྲོག་ལ་དྲེང་དྲེང་དུན་དུན་ཐུཾ་རིལ་ནཱ་ག་ཛཿ། ས་ནཱ་ག་སྲོག་ལ་དྲེང་དྲེང་ཛ་ཛ་ཐུཾ་རིལ་ཤག །ས་ནཱ་ག་སྲོག་ལ་ཧུར་དུན་དུན་ཐུཾ་རིལ་ཤག །ས་ནཱ་ག་ཙིཏྟ་ཐུཾ་རིལ་ཤག །ས་ནཱ་ག་རྩ་ལ་རྦད་ཐུཾ་རིལ་ཤག །ས་ནཱ་ག་དུཾ་ལིང་ཁས་ཐུཾ་རིལ་ཤག །ས་ནཱ་ག་སྲོག་ལ་ཐུཾ་རིལ་ཤག །ས་ནཱ་ག་ཁཾ་ནན་ཐུཾ་རིལ་ཤག །ས་ནཱ་ག་སྙིང་གཟེར་སྦུར་ནན་ཐུཾ་རིལ་ཤག །དུ་མེ་མཾ་སྲོག་གཟིར་ཐུཾ་རིལ་ཤག །ཙ་ཏྲི་ཤུ་ལ་གཟིར་ནན་ཐུཾ་རིལ་ཤག །རོ་ནི་ཏྲི་ཡང་ཤིག་ནན་གཟིར་ཐུཾ་རིལ་ཤག །དྲག་སྔགས་མེ་དབལ་འཁོར་ལོ་མཚོན། །གདུག་པའི་རང་གཤེད་རང་གིས་འབེབས། །འཁོར་ལོ་མེ་དབལ་མཚོན་ཆེན་གྱིས། །བདག་སྲུང་གཞན་སྐྱོབ་བསྟན་པའི་ཡུལ། །ཡང་གསང་ཐུགས་ཀྱི་སྔགས་སུ་བཤད། །འཇམ་དཔལ་ཁྲོ་བོ་སྙིང་གཟེར་གསང་བའི་རྒྱུད་ལས། དྲག་པོའི་སྔགས་ཀྱི་ལེའུ་སྟེ་སྐབས་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་དྲག་པོ་སྔགས་ཀྱི་རྟེན། དྲག་པོ་རྫས་ཀྱི་འཁྲུལ་འཁོར་འདི་གསུངས་སོ། །ལྷོ་ཕྱོགས་དུར་ཁྲོད་རོ་ས་དང་། །ཕུང་ས་གསུམ་ལ་དུག་ཆུས་སྦྲུ། །འབྲུབ་ཁུང་གྲུ་གསུམ་སྦག་ཏུ་བརྩིག །ཁ་དོག་ནག་པོ་རྩང་གིས་བསྐོར། །དུར་ཁྲོད་རས་སམ་རྒྱ་ཤོག་ལ། །དུག་ཁྲག་ཚ་བའི་རྫས་བྱུགས་ལ། །མཁས་པས་འཁོར་ལོ་བྲི་བར་བྱ། །འཁོར་ལོ་རིམ་པ་གསུམ་དུ་བསྐོར། །དབུས་སུ་གྲུ་གསུམ་ཟླ་གམ་གསུམ། །འཁོར་ལོ་བཞི་གཉིས་བཞི་གསུམ་བརྩིག །ཕྱི་རིམ་ལྕགས་མཁར་


DNG017_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་པར་ལྡན། །ཤི་ཕྲད་ཀུན་འཇོམས་བྱ་བ་ཡི། །རྒྱལ་རིགས་འཇོམས་པའི་འཁོར་ལོར་བཤད། །མུ་ཁྱུད་བཞི་པ་རིམ་གསུམ་དབུས། །འཁྲུལ་མིག་བཅུ་གཉིས་རྩ་བའི་སྔགས། །རྩ་སྦུག་དགུ་ན་སྙིང་པོ་མཆོག །རྩིབས་ཆེན་བཅུ་དྲུག་ཤི་ཕྲད་སྔགས། །རྗེ་རིགས་འཇོམས་པའི་འཁོར་ལོར་གསུངས། །མུ་ཁྱུད་གསུམ་ལ་གྲུ་གསུམ་དབུས། །ཕྱི་རིམ་རྒྱ་གྲམ་རྩ་བའི་ལུས། །ཉི་ཤུ་གཅིག་རྩིབས་ཕག་མོའི་ལྟོར། །བྲམ་ཟེའི་ཀླུ་གཉན་འཇོམས་པར་བཤད། །མུ་ཁྱུད་གསུམ་ལ་རུས་སྦལ་ལྟོར། །འཁྲུལ་མིག་བཅུ་གཉིས་རྩ་སྦུག་བདུན། །དམངས་རིགས་འཇོམས་པའི་འཁོར་ལོར་བཤད། །མུ་ཁྱུད་གསུམ་ལ་གྲུ་གསུམ་དབུས། །མུ་ཁྱུད་བཅུ་གཉིས་བཅུ་བཞི་རྩིབས། །གདོལ་པའི་རིགས་འཇོམས་འཁོར་ལོར་བཤད། །མུ་ཁྱུད་བཞི་པ་འབུབ་གནས་བཞི། །རྒྱ་གྲམ་རྩ་བ་མཚམས་སུ་གཟུགས། །མུ་ཁྱུད་ཟླུམ་པོར་གདུག་པའི་གཟུགས། །ཕྱི་རོལ་འཁྲུལ་མིག་བཅུ་གཅིག་པ། །ཡང་གསང་བཅུ་གཅིག་འཁོར་ལོར་གསུངས། །ཕྱི་མ་གདུག་པའི་རོ་རས་སམ། །རྒྱ་ཤོག་གྲོ་ག་དེ་དག་ལ། །གདུག་པའི་གཟུགས་ལ་སྔགས་ཀྱིས་བསྐོར། །འཁོར་ལོ་ཁ་སྦྱོར་ཐོད་པར་བྲུབ། །ལིངྒ་འབྲུབ་ཁུང་གན་རྐྱལ་གཞག །ཉུང་དཀར་དུག་ཁྲག་ཐུན་དུ་བྲབ། །ཞག་གྲངས་ཉི་ཤུ་རྩ་གཅིག་ཏུ། །དྲག་པོའི་འཁོར་ལོ་ཉིན་མཚན་བསྐོར། །བྱ་རྟ་མི་ཡི་ཚིལ་བུ་དང་། །ཁྱི་ཕག་སྤྱང་ཀིའི་རྟུག་པ་དང་། །མཛོ་རྟོལ་དྲེའུའི་སྤུ་དང་ནི། །ར་དུག་རེ་ལྕག་ཐར་ནུ་བཙོད། །ཉ་སྦྲུལ་སྦལ་པའི་ཤ་དག་དང་། །གུ་གུལ་ནག་པོའི་དུད་པས་བདུག །མནོལ་ཁྲག་མྱོས་པའི་ཁྲག་བརླབ་ཅིང་། །བརྟུལ་ཞུགས་རྫས་དང་མཚོན་ཆའི་དབལ། །ལས་རྫོགས་འཁོར་ལོ་ཕག་ཐོད་དམ། །སྲི་ཅན་ཐོད་པར་རབ་བྲུབས་ལ། །བཀའ་རྟེན་བྱིན་ཅན་འོག་ཏུ་གནན། །གཞན་ཡང་གདུག་པའི་ནད་ཟུག་ན། །བསྐུ་དང་བྱུག་པའི་སྦྱོར་བ་ནི། །སྤྱང་དུག་ཚེར་མ་གླ་ཆུ་དང་། །སྤོད་དང་ཚ་སྣ་བཙོད་ཁུ་དང་། །ར་དུག་ལོང་རྟོལ་གུ་གུལ་དང་། །ཀ་ར་བི་ར་དྲི་ཆེན་དང་། །


DNG017_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ག་པུར་ཙན་དན་དཀར་ཆུ་དག །མུ་ཟི་དྲི་ཆེན་ལྡོང་རོས་དང་། །ཏི་ཙ་མར་དཀར་བ་བླ་དང་། །གུ་གུལ་ར་དུག་ར་གཞོབ་བསྐུ། །ར་ཚྭ་རྒྱ་ཚྭ་ཁ་རུ་ཚྭ། །ར་དུག་བ་སྤུ་དྲི་ཆེན་དང་། །ག་བུར་གུར་གུམ་བ་བླ་བསྐུ། །ཤ་རོ་ལྡོང་རོས་དབྱི་མོ་ཚྭ། །དུར་བྱིད་སྣ་ཚོགས་ཐབས་ཀྱིས་སྦྱར། །དུག་དང་མུ་ཟི་སྐར་ཆུ་བསྐུ། །བྱུག་དང་བསྐུ་བའི་རིམ་པའོ། །གླ་རྩི་སྒོག་སྐྱ་ཤ་ཆེན་དང་། །དྲི་ཆུ་དང་ནི་ཟིལ་པ་ལ། །བརྟག་པ་གསུམ་བྱས་སྔགས་བཟླས་ལ། །ཁོང་དུ་བཏང་བར་ཡང་དག་བཤད། །འཇམ་དཔལ་ཁྲོ་བོ་སྙིང་གཟེར་གྱི་གསང་རྒྱུད་ལས། རྫས་དང་འཁོར་ལོའི་ལེའུ་སྟེ་སྐབས་གསུམ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཕྱག་རྒྱ་ཆེན་པོ་ཟིལ་གནོན་འདི་གསུངས་སོ། །ཐོག་མར་ཤེས་རབ་རྩལ་རིག་ལ། །སྟོང་ཉིད་སྙིང་རྗེའི་རང་བཞིན་ལས། །སྐྱེ་འགག་མེད་པའི་ཡེ་ཤེས་གསལ། །དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །གཡས་དཀར་གཡོན་དམར་དབུས་མཐིང་རྔམས། །འཁོར་ལོ་རྡོ་རྗེ་རལ་གྲི་དང་། །བེ་ཅོན་གཏུན་ཤིང་སྡིགས་མཛུབ་འབར། །རིགས་ལྔའི་དབུ་རྒྱན་དཔལ་ཆས་བརྒྱད། །ཕྱི་ནང་སྲོག་གཤེད་སྤྲུལ་པ་དང་། །སྒྲོལ་བྱེད་ཡུམ་དང་བཅས་གསལ་བས། །ས་བདག་ཀླུ་དང་གཉན་དག་གི། །སྙིང་ག་ལ་སོགས་སྔགས་འཕྲོས་པས། །གདུག་པ་ཅན་གྱི་ལྟོ་དཀྲུགས་ཏེ། །སྲོག་དང་རྣམ་པར་ཤེས་པ་ཀུན། །ཐོད་པའི་འཁྲུལ་འཁོར་ཆེན་པོར་འཆང་། །འཁོར་ལོ་ཡིག་འབྲུ་མེ་དབལ་དང་། །ཆུ་རྒོད་སྐྱིན་ཐང་རླུང་ནག་འཁྲུགས། །རི་རབ་མཚོན་ཆའི་འཁོར་ལོ་ཡིས། །རིགས་བཞིའི་དུག་རྣམས་འཇོམས་པར་བྱེད། །གདུག་པ་སྒྲོལ་བའི་འཁོར་ལོར་བཤད། །རྣམ་སྨིན་ཐ་མལ་ལུས་ཉིད་ཀྱི། །སྙིང་ག་ཆོས་ཀྱི་འཁོར་ལོ་ལ། །དབུས་སུ་ཡེ་ཤེས་ཆོས་ཀྱི་སྐུ། །ཕྱག་རྒྱ་ཟིལ་གནོན་གསལ་བ་ཡི། །སྔགས་ཀྱི་འོད་ཟེར་མཚོན་ཆའི་དབལ། །འཕྲོས་པས་དབུགས་ཀྱི་རྩ་དེད་ནས། །


DNG017_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

དྭངས་མའི་རྩ་དང་རྩ་བྲན་དང་། །ཤ་དང་པགས་པ་རུས་མིག་ནས། །ནད་དང་དུག་རླངས་ཀུན་དེད་ནས། །བ་སྤུའི་བུ་ག་ལ་སོགས་ནས། །སྔོ་དམར་དུ་བའི་མདོག་ལྟ་བུ། །འཐོན་པར་བསམས་ཤིང་ཤེས་པ་གདོན། །རྣམ་སྨིན་གཞན་གྱི་ལུས་དག་ལ། །སྔགས་ཀྱི་འོད་ཟེར་འཕྲོས་པས་ནི། །བ་སྤུའི་བུ་ག་དགུར་ཐིམ་ནས། །སྔགས་ཀྱི་དབུགས་ཀྱིས་ནད་ཞི་ནས། །ཟླ་གསལ་མུན་པ་སེལ་བ་ལྟར། །ཡེ་ཤེས་འོད་ཀྱི་གོང་བུར་བསམ། །མྱོས་པའི་ཁྲག་དང་མཚོན་ཆ་དུག །དྲག་པོ་རྫས་ཀྱི་དུ་བ་ཡིས། །ཀླུ་དང་གཉན་དང་ས་བདག་དང་། །མ་མོ་རྒྱལ་པོ་བཙན་ཐེའུ་བྲང་། །ཀླུ་བདུད་མོ་དང་དམ་སྲི་དང་། །སྡོང་ཟླར་གྱུར་པ་ལ་སོགས་པ། །རང་རང་གནས་ནས་སྲོག་འཕྲོག་སྟེ། །མྱོས་ཏེ་འཁྲུལ་འཁོར་ལྟོ་བར་བཅའ། །བསམ་གཏན་སེམས་ཀྱི་འཁོར་ལོར་བཤད། །འཇམ་དཔལ་ཁྲོ་བོ་སྙིང་གཟེར་གསང་བའི་རྒྱུད་ལས། དབང་སྡུད་འཁོར་ལོར་བསྟན་པའི་ལེའུ་སྟེ་སྐབས་བཞི་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བསམ་གཏན་བུམ་པའི་ཆོ་ག་དང་། ཕྱག་རྒྱ་ཆེན་པོ་སྦྱིན་སྲེག་གི་ཆོ་ག་འདི་གསུངས་སོ། །མཎྜལ་དྲི་དང་མེ་ཏོག་མཛེས། །རིན་ཆེན་བུམ་པར་རིན་ཆེན་བཅུད། །འབྲུ་དང་སྨན་ཚོགས་དྲི་དང་ལྡན། །གཙང་མ་གཟའ་སྐར་ཅན་གྱི་ཆུ། །ཁ་རྒྱན་མགུལ་ཆིངས་རབ་ལྡན་བཤམ། །སྔགས་པས་ཟིལ་གནོན་སྐུར་བསྒོམ་མོ། །ཐུགས་ཀྱི་སྙིང་པོ་འཕྲོས་འདུས་ལས། །བུམ་པར་ཕྱག་རྒྱའི་ལྷ་ཚོགས་བསམ། །དྲག་སྔགས་བརྒྱ་བཟླས་བསྡིམ་ཞིང་བཞུ། །ཡེ་ཤེས་ཆུ་དང་སྔགས་ཀྱི་ཟེར། །སྤྲོ་ཞིང་སྤྲུལ་པས་ཞེན་ཆགས་སྦྱོང་། །བསམ་གཏན་བསྲུང་བའི་སྤྱོད་པ་བཤད། །སྙིང་ལ་ཕྱག་རྒྱ་གསལ་བ་ཡིས། །གསང་སྔགས་གསལ་བས་རྩ་རྒྱུད་དག །ཡེ་ཤེས་གོང་བུར་རབ་གསལ་བ། །ཟླ་གསལ་འཁོར་ལོའི་སྲུང་བར་བཤད། །རྣམ་རྟོག་བག་ཆགས་སྤྲིན་ལྟ་བུ། །ནམ་མཁའ་ལྟ་བུར་འཛིན་མེད་ན། །བསམ་གཏན་སེམས་


DNG017_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྲུང་བར་བཤད། །དེ་ནས་བཅོམ་ལྡན་འདས་ཀྱིས། ཕྱག་རྒྱ་སེམས་ཀྱི་བསམ་གཏན་གྱི་སྔགས་འདི་གསུངས་སོ། །སརྦ་ཙིཏྟ་རོ་མྱགས་ཁ་ཐཾ་སྲོག་གཟིར་སྦུར་ནན་འདྲིད་ཕྱུང་ཧྲི་ཤག་རྦད། ཁ་ཆིངས་རྒྱལ་པོ་གསང་བའི་མཆོག །བསམ་གཏན་འཕྲུལ་གྱི་སྲུང་བར་བཤད། །ཕུང་ས་གསུམ་གྱི་ཐབ་ཁུང་ནི། །ཁ་ཁྱེར་གསུམ་པ་གྲུ་གསུམ་བརྩིག །ཁ་དོག་ནག་པོས་བྱུག་པའི་དབུས། །སྣ་ཚོགས་རྡོ་རྗེ་ལྗང་གུ་མཛེས། །གང་གནོད་ས་གནས་རྫས་རྣམས་ལ། །གདུག་པ་གསུམ་དང་སྡོང་ཟླ་བྲི། །སྙིང་ག་གདུག་ཅིང་རབ་ཏུ་གཅེས། །མིང་རུས་གྲོ་ག་སེན་གང་བ། །དུག་གི་རིལ་བུ་བརྒྱ་རྩ་བརྒྱད། །མི་རྟ་ཁྱི་དང་གདུག་པའི་ཤ །དུག་གསུམ་ཚིལ་གསུམ་གི་ཧང་བཅས། །ཏིལ་དང་ཡུངས་ནག་ཚ་བ་གསུམ། །མར་ཁུ་འོ་མ་སྨེ་བའི་ཁྲག །ཉུང་དཀར་རྡོ་ཕྱེ་ལྕགས་ཟངས་ཕྱེ། །བསྲེག་རྫས་རྫོགས་དང་རྣལ་འབྱོར་བྱ། །ཐབ་ཁུང་རཾ་ལས་མེ་ལྷར་བསྐྱེད། །ཐུགས་ཀར་ཕྱག་རྒྱའི་ལྷ་གསལ་བར། །རྫས་དང་ལིངྒ་དབུལ་བར་བྱ། །ཕོ་ཉ་གཏང་ཞིང་གདབ་པ་དང་། །དྲག་སྔགས་བཟླས་ཤིང་བསྲེག་པར་བསམ། །ས་ནཱ་ག་དུ་རཾ་ནཱ་ག་ཨུ་ནན་གཟེར་ཕྱུང་སྲོ་ག་ལ་དུ་རཾ། ཙིཏྟ་དྲེང་ཤག་ཐུཾ་རྦད་ཨེ་རཾ། ས་ནཱ་ག་སྙིང་གཟེར་དུ་རཾ་ཨེ་ནན་འདྲིད་ཕྱུང་། ས་ནཱ་ག་ཙིཏྟ་ཐུཾ་རིལ་རྦད། ཛྭ་ལ་རཾ་མཱ་ར་ཡ་ཕཊ་ཕཊ། ཅེས་པས་གདུག་པ་བསྲེག་པར་བཤད། །ཐལ་བ་གནོན་ཅིང་གཟེར་བར་བྱ། །ཞེས་གསུངས་སོ། །དེ་ནས་ཡང་ནི་བཤད་བྱ་བ། །ཉོན་ཅིག་ཁྲོ་བོ་རོལ་པའི་ཚོགས། །སྔགས་དང་རྫས་དང་ཏིང་འཛིན་དག །སྦྱོར་བ་རྣམ་པ་གསུམ་གྱི་བསྡེབ། །བསྡེབ་དང་རྐྱང་པ་ཉམས་ཀྱིས་བརྟག །བསྡེབ་ན་རྩ་བའི་སྙིང་པོ་ལ། །སྤུ་གྲི་མཚོན་གྱིས་སྣོལ་མར་བསྡེབ། །བག་ཆགས་ཞེན་པ་ཁྲུས་ཀྱིས་སྦྱང་། །གདུག་རྩུབ་སྦྱོར་བ་མེ་ཡིས་བསྲེག །ལས་དང་སྦྱོར་བ་ཐུན་གྱིས་བཟློག །འབྱུང་བ་འཁྲུགས་པ་སྨན་གྱིས་བཅོས། །ཞེས་གསུངས་ཏེ་འཁོར་ལ་གདམས་སོ། །
འཇམ་དཔལ་ཁྲོ་བོ་སྙིང་གཟེར་གསང་བའི་རྒྱུད་ལས། བཀྲུ་བ་དང་སྲེག་པའི་སྦྱོར་བ་བསྟན་པའི་ལེའུ་སྟེ་སྐབས་ལྔ་པའོ།། །།སྙིང་གཟེར་གསང་བའི་རྒྱུད་རྫོགས་སོ། །ཕྲ་རྒྱུད་དྲུག་ཅུ་རྩ་གཅིག །རྣལ་འབྱོར་ཆེན་པོའི་རྒྱུད། འཇམ་དཔལ་གཤིན་རྗེ་འབུམ་སྡེ་རྣམ་པར་བཀོད་པ་ལས། གདུག་པ་ཀླུ་འདུལ་བྱེད་ལེའུ་བཀོལ་བའོ། །བལ་པོའི་རྒྱལ་པོ་བ་སུ་དྷ་ར་དང་། བོད་ཀྱི་ལོཙྪ་བ་སྤུ་ངན་སངས་རྒྱས་ཡེ་ཤེས་ཀྱིས་བསྒྱུར་བའོ།། །།

དྲག་པོ་ཕུང་བྱེད་ཀྱི་རྒྱུད་ཅེས་བྱ་བ།


DNG017_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། རྒྱུད་འདི་དཔེ་གཅིག་ལས་བསྡུར་ས་མ་རྙེད། སརྦ་བི་ནཱ་ཤ་ཏནྟྲ་ནཱ་མ། བོད་སྐད་དུ། དྲག་པོ་ཕུང་བྱེད་ཀྱི་རྒྱུད་ཅེས་བྱ་བ། དྲེགས་པ་ཆེན་པོ་ན་ར་གིརྟི་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། རི་ཀ་རི་ཀ་བྱ་རྐང་ཕུག་རོན་ཟངས་ཕུག་ཞེས་བྱ་བ་ན། དྲེགས་པ་ལྷའི་བདག་པོ་ཁ་ཐེ་ནག་པོ་ཞེས་བྱ་བ། མུ་སྟེགས་རྣམ་བཞི་གདུལ་བའི་དོན་ཆེད་དུ། དཀའ་ཐུབ་སྦྱིན་སྤོང་མཛད་པ་ལ། གདུག་པ་ཀླུ་གཉན་མང་པོའི་སྒྲ་སྒྲོག་པ་བྱུང་ཡང་། ཡིད་ཆགས་ཤིང་གཡོ་བ་མེད་དེ། ཀ་རི་ཀའི་བླ་ཐད་རྣམས་ནས་བསྐོར་བ་ལན་གསུམ་བྱས་ནས། རྡོ་རྗེའི་བརྐྱང་ཕྱག་བཙལ་ཏེ། མགྲིན་གཅིག་ཏུ་སྨྲས་པ། ཨེ་མའོ། དྲེགས་པ་ཆེན་པོ་ལྷ་ཡི་གཙོ། །ཐབས་ལ་མཁས་པའི་ཐུགས་རྗེ་ཅན། །དྲེགས་པ་ཆེན་པོའི་བཀའ་བཞིན་བགྱིད། །ཅེས་སྨྲས་སོ། །དེ་ནས་དེ་མ་ཐག་ཏུ་བདུད་གཅོད་བྱེད་ནག་པོས། དྲག་པོ་མཚོན་ཆའི་ཆར་འདི་ཕབ་པོ། །ཏྲག་རཀྴ་ཁ་ལ་ཡཾ་ཤུད། སྙིང་ལ་འདུས་འདུས། པྲ་ཙ་ལ་པྲ་ཙ་ལ་འུབ་ཙིཀ་འུབ་ཙིཀ་ཕཊ། ཅེས་མཚོན་ཆའི་ཆར་འདི་ཕབ་སྟེ་འདི་སྐད་ཅེས་གསུངས་སོ། །དྲག་པོ་ཕུང་བ་འདི་བཟླས་ཀྱིས། མ་སྡངས་ཁྱེད་རྣམས་ཐམས་ཅད་ཀྱང་། །དེང་འདིར་ལས་རྣམས་བཀའ་བཞིན་གྱིས། །ཞེས་གསུངས་ཏེ་མི་སྣང་བར་གྱུར་ཏོ། །དྲག་པོ་ཕུང་བྱེད་ཀྱི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་མགྲིན་གཅིག་ཏུ་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ། དྲེགས་པའི་བདག་པོ་ལྷ་བདག་པོ། །


DNG017_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

རྫུ་འཕྲུལ་བདག་པོ་མཐུ་སྟོབས་ལྡན། །ཐོག་སེར་དྲག་སྔགས་རྣམ་པ་གཉིས། །ལུང་བསྟན་པ་ནི་གསུམ་ཡིན་ཏེ། །དྲག་པོ་དབབ་པ་ཇི་ལྟར་ལགས། །རྫས་ལ་བརྟེན་པ་ཇི་ལྟར་དབབ། །སེར་བའི་རྫས་རྣམས་ཇི་ལྟར་ལགས། །རྟེན་པའི་ལིངྒ་ཇི་ལྟར་བཅའ། །དྲེགས་པ་ཆེན་པོས་བཀའ་སྩལ་པ། །དྲག་པོ་དབབ་པ་གཉིས་ཡིན་ཏེ། །རི་གསུམ་རྩེ་འདུས་སྲིན་གྱི་དབྱིབས། །དེ་ནི་ང་རྒྱལ་བདུད་ཀྱི་གནས། །སྔགས་སྒོ་ཡན་པ་བདུད་སྲིན་གནོད་སྦྱིན་བསྔགས། །ཞེས་གསུངས་སོ། །ཡང་བཀའ་སྩལ་པ། སྐྲ་ཤད་སྐུད་པ་སུམ་བསྒྲིལ་ལ། །ཙ་ར་རོག་པོའི་སྲོག་རྩར་གདགས། །ཞག་གསུམ་བསྒྲུབས་ནས་ཙ་ར་གཉིས། །དར་གྱིས་མགོ་ཕུར་ཕྱོགས་སུ་བསྐྱལ། །སྔགས་ཀྱི་ནན་ཏན་སྐུད་པ་ལ། །ལིངྒ་སྔགས་ཀྱིས་བསྐོར་བ་བྲི། །སུམ་བསྒྲིལ་གསང་སྒོ་ཡིན་ཞེས་བཤད། །ར་ར་ཙ་ཤུ་ཏི་པ་ཙ་ཀ་ཙ་ལ་མི་མ་ཙལ། རཀྴ་ཛྭ་ལ་རཀྴ་ཛྭ་ལ། ཏྲ་ཡཾ་དུ་ཤན་ཤང་ཀ་དུ་ཤང་དུ། རཀྴ་སྲིན་གྱིས་མུ་རུས་ཁས་རྦད། དྲག་པོ་ཐོག་བསྒྲུབ་འདི་ཡིས་ནི། །ལས་རྣམས་འགྲུབ་པར་ང་ཡིས་བཤད། །མཁར་ལ་ཕྱི་ཕྱིར་ཡུལ་ལྷ་དབང་། །སྲོག་ཆགས་རྣམས་ལ་བྱ་བའི་ཕྱིར། །སྲོག་ལྷ་དགྲ་ལྷ་དཔང་དུ་གཟུག །དེ་བཞིན་རྫས་ལ་བརྟེན་བྱས་ཏེ། །རབས་ཆད་ནག་པོའི་མེ་ལོང་གཡོན། །གསེར་དངུལ་ར་གན་འཁར་བ་ཞིང་། །བཅུ་གཉིས་བདུན་ནོ་མན་ཆད་ཡིན། །དུམ་བུ་གསུམ་པའི་ནང་དུ་བསྲེག །ལིངྒ་གང་ལ་འདོད་པའི་དབྱིབས། །རྫས་ཆེན་པོས་ནི་བྲབ་ཅིང་དགུག །སྔགས་ཀྱི་ནན་ཏན་ཤེས་པར་བྱ། །དྲག་སེར་འདོད་པ་འདི་ལྟར་བྱ། །ཐབ་ནི་ཐོད་པ་སུམ་སྒྱེད་བཙུག །ཆུ་མིག་དཀར་པོ་ཅན་ནི་བསྒྲུབ་པའི་གནས། །བཤན་མ་ཟོར་ཐོགས་མ་བཞི་དགུག །རྫས་ནི་ཆུ་མིག་རྐ་མང་མགོ་རུ་བསྐྱལ། །ཐོག་སེར་ཇི་ལྟར་འདོད་པ་ཡི། །ལས་རྣམས་འགྲུབ་པར་བཅོལ་བའི་ཕྱིར། །བྲམ་ཟེ་


DNG017_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པོ་མཆོད་པར་བྱ། །དགུག་པ་སྙིང་པོའི་སྔགས་ཀྱིས་བྱ། །གནོད་སྦྱིན་ལག་ན་ཕོ་སོ་རྣོན་པ་དམར་པོ་ཡིས། །སྔགས་ཀྱི་དམ་ཚིག་འདི་བརྗོད་དོ། །རྣལ་འབྱོར་ཆེན་པོ་སྐལ་ལྡན་གཙོ། །ལས་དང་སྐལ་བར་ལྡན་པ་ཡིས། །གདེང་ཚུགས་རཱ་ཧུ་ལ་ལ་བྱ། །དེ་མིན་གྱིས་ནི་བྱ་བ་མིན། །བྱང་ནས་ལྷོ་ནི་གསང་ཆོག་ཡིན། །ཞེས་གསུངས་ཏེ། དམ་ཚིག་འདི་གསུངས་སོ། །མ་མོ་གནོད་སྦྱིན་ཐམས་ཅད་ཀྱི་མཐུ་དང་བྱིན་གྱིས་རླབས་ཀྱིས། ཇི་ལྟར་འདོད་པ་ལྟར་དུ་གྲུབ་པར་གྱུར་ཅིག །ཅེས་ནས་འདི་གསུངས་སོ། །ན་མོ་རུ་ཏྲ་ཡ། མི་ཧྲི་ཧི་རི་བྲི་ཤ་དུ། ཀཱ་ལ་ཙ་བ་ལ་ཏི་ཏི་ལི་ལིང་ཤར། མཛེར་ཏ་བ་ཧོ། སི་རི་ཤ་རི་བར་ཀ་ཏི། མླཱ་པ་ཏིང་། རཀྴ་ཀྲི་བ་ཏ་ཡ། ཏ་ར་ཙ་ཏ་ར་ཙ། ཨི་ར་ཙེ་ཨི་ར་ཙེ། པ་སི་ར། ཤ་ལཾ་ཕོ་ཀ་ར། དུམ་ཤན་ཏྲི་དུ་ནན་དུ་དུ་ར་རྦད། ཀཱ་ལ་རཱུ་པ་ཙ་འདར་ཆུམས་ཆུམས། སྲིན་གྱི་བྱར་སད་སྭཱ་ཧཱ། ཞེས་པས་གནོད་སྦྱིན་ཕོ་མོ་ལ་སོགས་པ་ལ་མགྲིན་གཅིག་ཏུ་སྨྲས་ནས་འདོད་དོ། །དྲག་པོ་ཕུང་བྱེད་ཀྱི་རྒྱུད་ལས། ཐོག་སེར་དབབ་པ་དང་། དྲག་པོ་ཕུང་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་འདི་སྐད་ཅེས་གསོལ་ཏོ། །དྲེགས་པའི་བདག་པོ་ལྷ་བདག་གཙོ། །སྲིད་པ་སྒྱུར་བྱེད་ཕྲིན་ལས་གང་། །ས་བསླང་དབབ་པ་དེ་བཞིན་བསྒྲུབ། །དེ་ཡི་རྫས་རྣམས་ཇི་ལྟར་བསོག །དྲེགས་བདག་ལྷ་ཡིས་བཀའ་སྩལ་པ། །སྲིད་པ་སྒྱུར་བྱེད་འཁོར་ལོ་ལ། །ལས་ཀྱི་མ་མོ་ཐམས་ཅད་རྫོགས། །འབྲས་བུ་ཐམས་ཅད་བཅུད་ལེན་མ། །ལོ་ནད་རིམས་ཀྱི་མངའ་བདག་མོ། །དེ་ཡི་དཀྱིལ་འཁོར་འདི་ལྟར་བྱ། །དུག་སྣ་ཚང་བར་བསོགས་བྱས་ཏེ། །གཙོར་ནི་མུ་ཟི་ནག་པོས་བྱ། །དེ་ཡི་ཕྱོགས་བཞིར་ཁྲུ་རེ་བརྐོ། །རུས་སྦལ་ཕོ་ཁོག་ནག་པོ་ལ། །དེ་བཞིན་ཡབ་ཡུམ་སྙིང་པོ་བྲི། །གླིང་བཞི་རི་རབ་མདངས་ཀྱིས་བརྒྱན། །ཕྱག་དང་དར་གྱི་གུར་ཕུབ་བཞག །འཛམ་གླིང་ཉི་མ་དགུ་འབུམ་བསྟོད་པ་བྱ། །


DNG017_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་སོ། །དྲག་པོ་ཕུང་བྱེད་ཀྱི་རྒྱུད་ལས། ས་བསླང་དབབ་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །མཎྜལ་ཆ་བསྙམས་ཡིད་འོང་ལ། །རྩ་བ་ལྔ་ཡི་ལྡེ་གུས་བྱུག །དབུས་སུ་མཐིང་ནག་གྲུ་གསུམ་བྱ། །ཟུར་གསུམ་ལོགས་ལ་ཤེས་པར་བྱ། །དབུས་མ་གྲུ་གསུམ་རྩེ་མོ་རུ། །མིང་དང་མཚན་དང་རྟེན་རྣམས་ནི། །ག་གོན་གསུམ་ལས་ཤེས་པར་བྱ། །སྨན་གྱིས་གསོ་དང་རྟེན་དུ་བྱ། །ལིངྒ་ནང་ལ་གདོད་པའི་དབྱིབས། །ག་གོན་ནང་དུ་གཞུག་པར་བྱ། །མཚན་ནི་སུམ་སྟོང་ཉུང་དཀར་ལ། །དྲག་པོའི་རྫས་སུ་བསྒྲུབ་པར་བྱ། །གནད་ལ་དབབ་ཅིང་ཆོ་འཕྲུལ་བསྟན། །དྲག་པོའི་ལྟས་ངན་སྣ་ཚོགས་སོགས། །དམ་ཚིག་དྲག་པོའི་ཆད་བྱུང་ཚེ། །འབྲས་བུ་སྣ་ཚོགས་མེ་ཏོག་རྩ་བ་ལྔ། །རྨ་བྱའི་རྒྱལ་མཚན་རུ་དར་དང་། །དེ་བཞིན་མཚན་ལྡན་བམ་གྱིས་བསྐང་། །རྫས་རྣམས་ལོངས་སྤྱོད་འཁོར་ལ་འབྱུག །གཞན་དབང་དེ་བཞིན་མི་འགྱུར་རོ། །དེ་བཞིན་བཅིངས་དང་ཆོ་འཕྲུལ་འབྱུང་། །ཞེས་གསུངས་སོ། །དྲག་པོ་ཕུང་བྱེད་ཀྱི་རྒྱུད་ལས། སྔགས་སྲུང་ནག་མོའི་ཡོན་ཏན་ཕུང་བཟློག་གི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །སྲིན་མོ་ཕུང་བ་འདི་ལྟར་བཟློག །གྲུ་གསུམ་མཐིང་ནག་དབུས་སུ་སྤྱད། །གྲུ་གསུམ་རྩེ་མོར་ཐོད་སྐམ་གཞག །རྩ་ར་ཨུ་རྡའི་སྡིག་བཤགས་ཏེ། །སྔགས་དང་ལིངྒ་སྤྲད་པར་བྱ། །གཤེད་ཀྱི་ཁར་བཅུག་སྔོ་དམར་བཅིང་། །རི་ནག་རྩ་གཅིག་ཁྱུང་དུ་གནས། །སྲིན་མོ་བདུད་ཀྱི་སྔགས་ཀྱིས་བྱ། །དུར་དུར་ཤ་ལ་མུ་ཏྲ་ཧེབ་ཧེབ། དུན་ཤ་ཁྲག་ཁྲིག་ཁྲག་ལ་ཡཱ། རྣལ་མ་རྣལ་ཏེ་གསོད་ལ་རྔམ། །སྲིས་ལ་མེར་མེར་ཆུམས་རྦད་ཛ་ཛ། དེ་བཞིན་དྲག་པོ་འདི་ཡིས་བཟློག །ཅེས་གསུངས་སོ། །དྲག་པོ་ཕུང་བྱེད་ཀྱི་རྒྱུད་ལས། སྲིན་མོ་ཕུང་བཟློག་གི་ལེའུ་སྟེ་ལྔ་པའོ།། །།


DNG017_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །ཐམས་ཅད་བསྒྲུབ་པར་བྱ་བའི་ཕྱིར། །ཐབ་ཐོབ་ནག་མོ་འདི་ལྟར་བཅའ། །དུར་ཁྲོད་ཐོད་པ་མཚན་ངན་ལ། །ཇི་ལྟར་འདོད་པའི་ལིངྒ་བཅའ། །སྨེ་བ་གསུམ་གྱི་སྙིང་ཁྲག་དང་། །དུག་སྣ་ཚང་མར་བསོག་པར་བྱ། །དཀར་པོ་གསུམ་གྱི་སྒྱེད་པུ་གཟུག །ཚེས་བཞིའི་བསྣུར་སྨད་མན་ཆད་ནག །ཟླ་བ་ཟེར་ཀ་ཡན་ཆད་དུ། །དྲག་པོའི་ཤིང་ལ་མེ་སྦར་ཏེ། །དྲག་པོས་ཇི་ལྟར་འདོད་པར་བསྲེག །ཐོད་པ་ཕྱོགས་སུ་གྲིལ་ནས་ཀྱང་། །བསྙེན་དང་དབང་བསྐུར་སྔགས་ཀྱིས་བྱ། །བསྙེན་ཐུན་ཉིད་ནི་རྫས་དང་བྱ། །ཅེས་གསུངས་སོ། །དྲག་པོ་ཕུང་བྱེད་ཀྱི་རྒྱུད་ལས། སྙིང་ཐུན་ཟོར་གྱི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །དྲག་པོའི་དམར་ནག་གྲུ་གསུམ་ལ། །དབུས་སུ་དུ་རྟིའི་ཐོད་པ་གཞུག །མུ་ཟི་ནག་པོ་གཙོར་བྱས་ཏེ། །དུག་སྣ་ཚང་བ་བསོག་པར་བྱ། །གཙོར་ནི་མེ་ཡི་ཟིལ་པས་བྱ། །གཞན་ཡང་ཁྲག་སྣ་ཚང་བར་བསོག །དམེ་བ་རོག་པོའི་སྙིང་དང་གྲོད། །སྙིང་ནི་ཁམ་ཕོར་ནང་དུ་གཞུག །གྲོད་པར་མཐུན་པའི་རྫས་རྣམས་བླུག །དབང་བསྐུར་སྔགས་ཀྱིས་བསྒྲུབ་པར་བྱ། །དྲག་དྲག་གུར་ལེན་སེར་སེར་ཏུབ་ཏུབ། ཨེ་བེ་ཤ་ཏྲ་བེ་ཤ །རུ་བེ་ཤ་ཁ་ཐུན་བྷྱོ། ས་ཐཾ་ས་ཐཾ། ཤོག་ཐཾ་ཤོག་ཐཾ། བཾ་མུགས་ཐཾ་མུགས། ནི་ཏིཥྚ་ཛ་ལ་ཁའི། དང་པོ་གསུམ་གྱི་སྔགས་ཀྱིས་བསྒྲུབ། །གདོང་པ་རྫས་ཀྱི་འཁོར་ལོ་གཞག །བདུན་དགུས་ཇི་ལྟར་འདོད་པ་འགྲུབ། །དལ་ཡམས་ཆེན་པོ་ཡོད་པར་འགྱུར། །ཞེས་གསུངས་སོ། །དྲག་པོ་ཕུང་བྱེད་ཀྱི་རྒྱུད་ལས། མ་མོ་ཕུང་གསུམ་མེའི་དྲག་པོ་ཕུང་བཟློག་གི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །འབྲས་བུ་ནག་པོའི་རྫས་རྣམས་དང་། །ནག་པོ་མཐུན་པའི་ས་བླངས་ཏེ། །སྨེ་བ་ནག་པོའི་ཁྲག་དང་བསྲེས། །མཐུན་པ་ཙིཏྟ་གཏང་བར་བྱ། །གང་ལ་མཐུན་པའི་ལིངྒ་བྱ། །མི་རུས་ཐ་ལྟག་ཁྲག་གིས་བྲིས། །


DNG017_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

ཏྲག་བདུན་གྱིས་ནི་བསྐོར་བར་བྲི། །ཤིང་ཤུན་ཀ་རོ་ཀ་ལ་བྲི། །གྲུ་གསུམ་བྱས་ལ་ལྷ་མོའི་འོག །དེ་ལྟར་མཐུན་པའི་རྫས་རྣམས་ལ། །ལྷ་མོའི་ལིངྒ་ཁྲུ་གང་ངོ་། །གཡས་སུ་བུ་བ་ནག་པོ་ལ། །རྦད་པའི་སྙིང་པོ་བྲི་བར་བྱ། །གཡོན་དུ་དྲག་པོའི་ཕུར་པ་ལ། །བསད་པའི་སྔགས་དང་བཅས་པ་བསྐུར། །སྙིང་གར་བོད་པའི་སྙིང་པོ་བྲི། །མདོག་ནག་མོ་ཡི་ཆ་བྱད་དོ། །བཅུ་གཅིག་ནང་པར་སྦྱིན་བསྲེག་བྱ། །རྫས་དང་བསྲེག་པའི་ལྷ་མོ་ཡི། །བོད་རྦད་བསད་པས་བསྒྲུབས་གྱུར་ན། །དྲག་པོས་བསད་དང་ཕུར་བཟློག་འགྱུར། །དྲག་པོ་ཕུང་བྱེད་ཀྱི་རྒྱུད་ལས། རེ་མ་ཏི་ཕུང་བཟློག་གི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ནག་མོ་ཕུང་གསུམ་མ། །དུག་སྦྲུལ་ནག་མོའི་བསད་པ་འདི་གསུངས་སོ། །དུག་གི་ཁུ་བས་སྦྲུལ་ནག་བྲི། །ལིངྒ་དེ་བཞིན་བྲི་བར་བྱ། །བསད་ན་མགོ་བོ་ཡན་ལག་ཁ། །ན་ན་རྐང་པ་གཡས་པ་བྲི། །སྨྱོ་ན་རྩིབས་ལོགས་གཡོན་པ་བྲིའོ། །ལིངྒ་དྲག་སྔགས་འདི་ཡིས་བསྐོར། །ཨོཾ་བབ་ཊུ་ཊུ་མ་རབ་ཧུཾ་དྷ་ནཱ། འབྲུབ་ཁུང་ནང་དུ་གསད་པར་བྱ། །སྒྲུབ་པའི་སྙིང་པོ་འདི་ཡིས་བྱ། །ཧཱུཾ་ཙིཏྟ་རཀྴ། སྨྲི་ཏ་རག་མོ་ནི་ཤ་དུན་ཏི་ཁ་ལ། རག་མོ་ཛྭ་ལ་ཛྭ་ལ། དུན་ཏེ་ཧཱུཾ་བྷྱོ།) མཱ་ར་ཡ་རྦད། བསད་པ་གསུམ་གྱི་ཉི་ཤུ་པ། །མནན་ན་རབས་ཆད་ཐོད་ནག་གོ། །བསད་ན་གསུམ་གྱི་སྦྱིན་བསྲེག་གོ། །ཨོཾ་ས་མན་མུང་ཉུང་ཁ་ཡུལ་ཏེ། སྡེ་ཤིག་སྡེ་ཤིག་གྲཾ་ཡལ་གྲཾ་ཡལ་ནི་སྭཱ་ཧཱ། ཞེས་གསུངས་སོ། །དྲག་པོ་ཕུང་བྱེད་ཀྱི་རྒྱུད་ལས། དུག་སྦྲུལ་ནག་པོས་གསད་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །གདུག་བྱེད་བདུད་ཀྱིས་འདི་ལྟར་བསྒྲུབ། །གང་ཡང་རུང་བའི་གཞི་མོ་ལ། །ནུབ་ནས་ཤར་དུ་ཁ་བལྟས་ཏེ། །ཕཾ་སེ་ནག་པོའི་རྫས་རྣམས་དང་། །མཐུན་པའི་རྫས་ཆེན་སྔོན་གཏོར་ལ། །སྨན་རྣམས་


DNG017_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

གུ་གུལ་དཀར་ནག་དང་། །ཀ་ཆེན་གཏོར་མ་བྱས་ནས་ནི། །དུམ་བུ་བཞི་པའི་ནང་དུ་བསྲེག །བསྟོད་མཆོད་དྲག་པོ་འདི་ཡིས་དབབ། །རྫས་ཆེན་འདི་ཡིས་རྦད་པར་བྱ། །དུས་ནི་ཉི་མ་བཟང་ཟེར་རོ། །དྲག་པོའི་ཟེར་ཆེན་འདི་ལྟར་རོ། །ཤིན་ཏུ་དྲག་པོའི་སྣོད་ནང་དུ། །ཕྲིན་ལས་བཞི་ཡི་དཀྱིལ་འཁོར་བྲི། །བདུན་ལ་ཞི་བ་སྲིབ་ལ་དབབ། །དེ་བཞིན་ཕྱོགས་ཆ་ཤེས་པར་བྱ། །ནང་དུ་ཡཀྴ་མེ་དབལ་དགོད། །ལྷོ་བྱང་གཉིས་སུ་སྙིང་པོ་བྲི། །དབུས་སུ་གདུག་པའི་སྙིང་པོ་བྲི། །གསུམ་གྱི་བར་དུ་མིང་རུས་བྲི། །དབང་ལ་དེ་བཞིན་ལིངྒ་བྲི། །དྲག་པོའི་སྔགས་ཀྱིས་བསྒྲུབ་པར་བྱ། །ཐོད་པ་དུམ་མང་མཚན་ངན་དུ། །ཕྱིར་ནི་སོལ་ཆེན་ལང་ཁུན་བྱུག །ནང་དུ་དྲག་པོ་བྲི་བར་བྱ། །སྨེ་བའི་ཁྲག་རྣམས་གསོག་པར་བྱ། །མཚན་མར་འཛིན་པའི་བྱ་རྣམས་ལ། །སྦྲུལ་ལམ་སྦལ་པའི་སྙིང་ཁྲག་བསོག །སྔོ་དམར་བལ་གྱིས་ཁ་གཅད་ལ། །དྲག་སྔགས་འདི་ཡིས་བརྡེག་པར་བྱ། །ཏྲག་རག་མོ་ཧྲིལ་ཤད་སེར་ཧྲིལ་ཤར་བྷྱོ། ཨོཾ་བ་ཤ་མི་ཀི་དུ་རུ་མ་ཤིག་ཀི་ཛྭ་ལ་ཧི། ཡཾ་ཨ་ཙི་ཏེ་སྭཱ་ཧཱ། བརྒྱབ་སྟེ་ཐོད་པར་གནན་པར་བྱ། །ཐུན་ནི་གཡས་སམ་ཕྱོགས་སུ་བརྡེག །ཆོ་འཕྲུལ་ཇི་ལྟར་འདོད་པ་འབྱུང་། །ཞེས་གསུངས་སོ། །དྲག་པོ་ཕུང་བྱེད་ཀྱི་རྒྱུད་ལས། ཕྲིན་ལས་ཆོ་འཕྲུལ་གྱི་ལེའུ་སྟེ་བཅུ་པའོ།། །།དེ་ནས་ཡང་མི་རྒོད་ཆོ་འཕྲུལ་འདི་གསུངས་སོ། །དྲག་པོའི་རྫས་རྣམས་འདི་ལྟར་བསོག །ཡ་ཙ་དཀར་པོའི་ལྕགས་རྣམས་དང་། །བྱ་ལས་བྱུང་བའི་ཟིལ་པ་དང་། །མེ་ཡི་ཟིལ་པ་རྡོ་དང་ལྕགས། །སྦར་བ་ལག་ཏུ་བླངས་ནས་ནི། །མཐུན་པས་དེ་བཞིན་ས་བོན་དབྱུང་། །དེ་བཞིན་རྫས་མཐུན་བསྲེག་པར་བྱ། །གསུར་ཆེན་སོལ་བས་རྫས་དེ་ཞིབ་ཏུ་བཏགས། །ག་གོན་ནག་པོ་བསྒྲུབ་པའི་རྫས། །མེ་འོད་དཀར་པོ་གྲུ་གསུམ་བྲི། །དེ་བཞིན་རྫས་རྣམས་བླུག་པར་བྱ། །སྒྲུབ་པ་དེ་བཞིན་ཡ་ཙ་ལ། །རྫས་ཀྱི་དབང་བསྐུར་གཤེད་ཆེན་གདགས། །


DNG017_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

མངའ་བདག་གཙུག་ཕུད་ཅན་ལ་བསྟོད། །དེ་བཞིན་དྲག་པོའི་ཆ་བྱད་བྱ། །སྐྱེད་ཤིང་སྲོག་ཤིང་དྲག་པོའི་ཤིང་རྣམས་ལ། །རྩེ་གསུམ་པ་ཡི་གྲི་གུག་བརྡེག །སྔགས་ཀྱིས་སྦར་བར་བྱ་བ་ཡིན། །ཞེས་དྲག་སྔགས་འདི་གསུངས་སོ། །སྨར་མ་སྨས་ཙར་དུ་ན་རཾ་ཙ་ག་རིམ་ལ་མ་དུན་ཡཾ། ཤིང་རཾ་དུ་རུ་ར་ཙ་ག་ལཾ། ཞེས་གསུངས་སོ། །དྲག་པོ་ཕུང་བྱེད་ཀྱི་རྒྱུད་ལས། དྲག་པོ་སྟག་ཧོམ་གྱི་རྒྱུད་ཀྱི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །དྲག་པོའི་ནད་རིགས་བཅོ་བརྒྱད་ལ། །བཅོས་པར་བྱེད་པ་འདི་རྣམས་ཡིན། །གཞན་གྱི་དབང་གིས་གཅོད་པར་བྱ། །དེ་ནི་ཡན་ལག་འཁུམ་པར་འགྱུར། །གཞན་ཡང་ནལ་ལ་ཉེས་གྱུར་ན། །རིགས་ངན་དག་གིས་ཟིན་པ་ནི། །ཁ་མིག་ཡོ་དང་ཡན་ལག་འཁུམ། །མེ་དབལ་དྲག་པོ་ཐོར་བ་འབྱུང་། །ཤ་བཀྲ་ཅན་རྣམས་བཅོས་པར་བྱ། །ཕོལ་ལམ་འབྲས་ལྟར་གྱུར་པ་ལ། །ཅིག་པར་སྐྱེ་ཤི་དེ་ལྟར་བརྗོད། །དེ་རྣམས་བཅོས་པ་འདི་ལྟར་བྱ། །དམ་ཚིག་བསྒྲུབ་པ་བྱས་ནས་ནི། །ཀ་རོ་ཀ་ཡམ་རོ་རྣམས་ལ། །སྦྲུལ་མགོ་དགུ་འམ་བདུན་པ་དང་། །ལྔ་པ་གསུམ་པ་དེ་བཞིན་བྲི། །གཞན་ཡང་ལོངས་སྤྱོད་སྣ་ཚོགས་བྲི། །ཤིང་སྣ་ཚང་བ་བསོག་པར་བྱ། །འབྲས་དང་མཚལ་དང་སྣ་ཚོགས་སྨན། །དེ་བཞིན་གཞན་ཡང་བསག་པར་བྱ། །གླང་བུ་དམར་ཁྲ་ཟལ་དམར་རམ། །གཞན་ཡང་ཟལ་ཆགས་དག་ལ་ནི། །མདངས་ལྡན་བརྒྱ་ཡིས་རྭ་ལ་བརྒྱན། །རྒྱ་ལོང་མེ་ལོང་དཔྲལ་བར་གདགས། །དར་སྣ་ཚང་བ་རྭ་ལ་བརྒྱན། །བྲིས་པའི་ལོངས་སྤྱོད་དེ་དག་གིས། །ལས་ཀྱི་འཁོར་ལོ་ནག་མོ་ལ། །དེ་བཞིན་མཆོད་དང་བསྟོད་པ་བྱ། །རྟེན་འདྲེལ་སྔགས་ཀྱིས་ཡང་དག་དགུག །དེ་ཉིད་བཟང་པོའི་རྒྱན་གྱིས་བརྒྱན། །གླང་མ་འམ་ནི་མོ་རིགས་ཤིང་། །བརྒྱ་འམ་བརྒྱད་ལ་རྟེན་མཆན་བྲི། །དེ་བཞིན་གླང་ལ་བསྐྱོན་པར་བྱ། །ཞག་བདུན་ནང་པར་ཕྱོགས་ངན་བསྐོར། །


DNG017_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་མིང་བྱང་བཀྲུ་བར་བྱ། །སུས་མ་ཚོར་བར་ཁྱིམ་དུ་གཞུག །མཁའ་ལྡིང་རྒྱལ་པོས་དབང་བསྐུར་རོ། །རྟེན་འདྲེལ་དྲག་པོའི་སྔགས་ཆུས་བཀྲུ། །ཞེས་གསུངས་སོ། །དྲག་པོ་ཕུང་བྱེད་ཀྱི་རྒྱུད་ལས། འཁོར་ལོ་རྟེན་འདྲེལ་གྱི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་ཡང་དམ་ཚིག་གི་སྔགས་འདི་གསུངས་སོ། །ཆུ་སྦྲུལ་ཐང་སྦྲུལ་གདུག་པ་ཡི། །ཁྲག་སྐམ་ཉུང་དཀར་གུ་གུལ་ནག་པོ་ཡིས། །མིང་བྲི་བདུག་དང་བརྡེག་པར་བྱ། །དེ་བཞིན་གདུག་པའི་གསོབ་ཏུ་གཞུག །ཆུ་མིག་ནང་དུ་གཞུག་པར་བྱ། །རྩ་བའི་སྔགས་ཀྱིས་ནན་ཏན་བྱ། །སྒྲུབ་པ་དྲག་པོའི་སྔགས་འདི་བཟླས། །དུང་དུང་དྲེང་དྲེང་། ཤལ་ཡཾ། ཤོ་འུབ་བྱེད། སྦུགས་ལོངས་། སྲོག་ཆོད་རྩལ་འདུས་འདུས། སྙིང་ཤ་སྲོག་ལ་རྦད་རྦད། ཡ་ཡ་རྣལ་མ་རྣལ་མ་ཏྲི་ཛ། སྙིང་ལ་གྱུར་འདུས་རྦད་ནྲྀ་ཛ། ཞེས་གསུངས་སོ། །དྲག་པོ་ཕུང་བྱེད་ཀྱི་རྒྱུད་ལས། དྲག་པོ་ཕུང་བཟློག་གི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །དྲག་པོའི་དམུ་རྡོ་འདི་ལྟར་འཕང་། །རྡོ་བ་སྨིན་པའི་ནག་གྲུ་བཞི། །ལྕགས་དང་འཁར་བ་དཔུང་རུས་མགོ། །དྲག་པོའི་སྣོད་དུ་བསོག་པར་བྱ། །ཐལ་བས་ཁ་བཅད་རང་གི་འོག །སྔགས་སྲུང་ནག་མོའི་དགུག་སྔགས་ཀྱིས། །དགུ་འམ་བཅུ་གཅིག་བསྒྲུབ་གྱུར་ན། །དེ་ཉིད་འཕར་དང་ལྡེག་པར་འགྱུར། །ཁ་དོག་ཚང་བའི་འབི་འབིར་བཞུགས། །དྲག་སྔགས་འདི་ཡིས་གདབ་པར་བྱ། །ཏྲག་ཏྲཾ་རཀྴ་དྲལ་རྩིར་ནི་ཡ་བྲལ། མ་མ་ཏྲག་བྲལ། ཏྲག་རཀྴ། ནྲྀ་མ་ངཱུ ་ངཱུ ་ཕོབ། འུབ་འུབ་བིར་བ་ཤིག་ཤིག །བིར་བ་ནག་པོ་དེ་ལ་མ། དེ་ནས་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །ག་གོན་ནང་དུ་ལིངྒ་གཞུག །དྲག་པོ་འདི་ཡིས་གཟིར་བར་བྱ། །དུག་སྣ་ཚང་བ་བསོགས་བྱས་ཏེ། །བྲབ་པ་ག་གོན་ཉིད་ལའོ། །བསྲེག་པ་དམ་ཚིག་ཀླུ་ཡི་སྔགས། །ཆུ་མིག་ངོ་རུ་བསྲེག་པར་བྱ། །ཞེས་གསུངས་སོ། །དྲག་པོ་ཕུང་


DNG017_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཀྱི་རྒྱུད་ལས། དམུ་རྡོ་དབབ་པ་དང་། ཀླུའི་དྲག་སྔགས་ཀྱི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁྭ་འམ་ཤྭ་ནའི་ཁ་ནང་དུ། །དྲག་པོའི་སྔགས་ཀྱིས་གནན་པར་བྱ། །སྟག་སྦྱངས་ལས་ལ་མངགས་པ་ཡིན། །མཐུན་པའི་ལིངྒ་དུག་གིས་བྲི། །ཁྱི་བྱ་ཁ་ཁྲིད་མིང་དང་སྤེལ། །དེ་བཞིན་ཀ་ཀོའི་གཟུགས་བྱས་ལ། །སྟག་སྦྱངས་ལས་ལ་བཏང་བའོ། །ཞེས་གསུངས་སོ། །དྲག་པོ་ཕུང་བྱེད་ཀྱི་རྒྱུད་ལས། སྟག་སྦྱངས་ལས་ལ་བཏང་བའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །དབལ་ནི་དྲག་པོས་གསད་པའི་ཕྱིར། །ལྷ་ཀླུ་མི་གནས་པ་ཉིད་དུ། །དྲག་པོའི་ཚེར་མ་བསོག་པར་བྱ། །གཞུང་དང་མཐུན་པར་དཀྱིལ་འཁོར་བྲི། །དགྲ་བོའི་ལིངྒ་བྲི་བར་བྱ། །ཕུར་རྩང་ཉི་ཤུ་རྩ་གཅིག་ལ། །གུ་གུལ་ནག་པོའི་མར་གྱིས་བྱུག །དེ་བཞིན་བསྲེག་ཁང་ནང་དུ་གཞུག །གཡས་སུ་མེ་དང་གཡོན་དུ་མཚོན། །ཨག་ནི་མེ་ཡི་མངའ་བདག་ལ། །ཆུ་ཕུད་ཆང་ཕུད་ཨ་མྲྀ་ཏས། །མཆོད་པ་བྱས་ལ་གཡས་གཡོན་གཏོར། །དེ་བཞིན་མཚོན་ཆེན་བརྡེག་པར་བྱ། །ཨོཾ་ཨ་ཀ་ནི་རཾ། ཨོཾ་ཙིཏྟ་ཤག་རཾ། ཏི་པ་རི། ཤག་རཾ། ཡཾ་རཾ་ཡཾ་རཾ། མ་ཀེ་ན་རི། ཧེ་ལ་ཧེ། ཤུ་རཾ། མ་རཾ་མ་རཾ། དེ་བཞིན་དུ་ནི་བསྲེག་པར་བྱ། །ཞེས་གསུངས་སོ། །དྲག་པོ་ཕུང་བྱེད་ཀྱི་རྒྱུད་ལས། དྲག་པོ་ཧོམ་ནག་གི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །དྲག་པོའི་སྔགས་འདི་ལ་ཡང་གཉིས་ཏེ། དྲག་པོའི་དམག་སྔགས་བཟློག་པའི་ཕྱིར། །ཡཀྴ་མེ་དབལ་བྲི་བར་བྱ། །རྩེ་གསུམ་པ་ལ་བཏགས་ནས་ཀྱང་། །དམག་དཔོན་ཆེན་པོར་དབང་བསྐུར་ཏེ། །ཡཀྴ་མེ་དབལ་ཉིད་ཀྱི་སྔགས། །བདུད་ཀྱི་རྫས་ལ་བསྒྲུབས་ཏེ་རྦད། །དེ་བཞིན་ཐུམ་པོ་བྱས་ནས་ནི། །སྐྲ་དང་སོར་མོ་དུ་རུ་བླུགས། །དེ་བཞིན་ལུས་བསྲུང་བྱ་བ་ནི། །ཨོཾ་ཧཱུཾ་ཡཾ་མ་ལྟེ་བ་སྤྱི། །


DNG017_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་སུ་ང་རྒྱལ་ང་བྲིས་ཏེ། །གཡོན་དུ་མ་དང་ཏྲང་གཉིས་བྲི། །ཞེས་གསུངས་སོ། །དྲག་པོ་ཕུང་བྱེད་ཀྱི་རྒྱུད་ལས། གནོད་སྦྱིན་ཉི་མ་མིག་དམར་གྱིས། ལྷ་མིན་གྱི་གཡུལ་བཟློག་པའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །ལྷ་མིན་གཡུལ་ངོ་བཟློག་པའི་ཕྱིར། །དྲག་པོ་སྔགས་ཀྱི་ཐུན་ནག་འདི། །ལས་ཀྱི་འཁོར་ལོ་ཉིད་ལ་བཅའ། །མཎྜལ་མདའ་གང་འཕངས་སུ་མཉམ། །ལས་ཀྱི་འཁོར་ལོ་དབུས་སུ་དགོད། །སྔགས་སྲུང་ནག་མོ་ལ་སོགས་རྫོགས། །སྔགས་རྣམས་སོ་སོས་དེ་བཞིན་བསྒྲུབ། །གཡས་སུ་ལས་ཀྱི་འཁོར་ལོ་བྲི། །མིང་རུས་ཧྲི་ཡི་བར་དུ་གཞུག །གཡོན་དུ་པདྨ་འདབ་བརྒྱད་བྲི། །ཥྲཱི་ཧྲིའི་བར་དུ་མིང་རུས་གཞུག །དེ་བཞིན་ཁ་སྤྲོད་སོ་སོའི་སྔགས་ཀྱིས་དབྱེ། །རྫས་ནི་གུ་གུལ་དཀར་ནག་དང་། །མོ་ཞབས་པ་རུ་བསྲེགས་པ་ཡི། །ལིངྒ་ལམ་ཆེན་མདོ་རུ་སྦ། །ཞེས་གསུངས་སོ། །དྲག་པོ་ཕུང་བྱེད་ཀྱི་རྒྱུད་ལས། ལྷ་དང་ནང་དབྱེ་བའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།ཡང་མགྲིན་གཅིག་ཏུ་འདི་སྐད་ཅེས་གསོལ་ཏོ། །དྲག་པོ་ཕུང་བའི་ལས་ནི་གང་། །མི་སྣང་རྐང་མགྱོགས་གང་གིས་འགྲུབ། །གཅན་གཟན་ཁ་འཆིང་གནོད་པ་ཇི་ལྟར་བསལ། །ཞེས་ཞུས་ནས་འཁོད་དོ། །དེ་ནས་དྲེགས་པའི་བདག་པོས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཕྲིན་ལས་རྣམས་ནི་འདི་ལྟར་བྱ། །ཞིང་ལ་རི་བོང་ཟ་བ་དང་། །གང་ཡང་རུང་སྟེ་རི་དྭགས་རྣམས། །རྫས་ལ་བརྟེན་ཏེ་དཀར་རྩིས་བསྐོར། །ཤིང་ཏོག་ཁ་དོག་ཉི་ཤུ་གཅིག །ཁ་འཆིང་སྔགས་ཀྱིས་གཟུག་པར་བྱ། །མཁྲིས་ཆེན་ཐལ་ཆེན་ཀྱུང་ཀའི་སྒོ་ང་དང་། །གཡའ་སྤང་མཚམས་ཀྱི་སྦལ་ཆུང་མཆོངས་པོ་ཆེ། །དེ་རྣམས་དཔྲལ་བར་ཐིག་ལེ་ནི། །བྱས་ན་ལུས་མི་སྣང་བར་འགྱུར། །རྣ་བ་དག་ལ་བསྐུས་གྱུར་ན། །སྒྲ་ནི་ཅི་ཟེར་ཐོས་པར་འགྱུར། །རྡོ་སྔོན་དག་ལ་རི་མོ་བྲི། །རྡོག་པ་བརྒྱབ་ན་དེ་བཞིན་འགྱུར་རོ། །ཤིང་གི་ཕུར་བུ་ལ་གང་


DNG017_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པའི་མིང་བྲིས་ནས། ཇི་ལྟར་འདོད་པ་བཞིན་དུ་ཞི་བར་འགྱུར་རོ། །རྨ་བྱའི་ཐལ་བ་དང་བག་ཕྱེ་དྲོད་ལ་བབ་པར་སྦྱར་ཏེ། རྟ་སྔོན་པོའི་རྔ་མའམ་གྲོ་བོའི་རྔ་མ་ལ་བསྐྱོན་ནས། ཆུ་མིག་གམ་ལྟེང་ཀ་ལ་བསྐྱལ་ན། དེ་སྦྲུལ་དུ་འགྱུར་རོ། །འབུ་སྲིན་ཟ་ན་ཡང་བདུན་བཏུས་ཏེ་ར་རུའི་ནང་དུ་བཅུག་ལ། བག་ཕྱེས་ཁ་བཅད་ལ། ཚོན་སྣ་ལྔས་དཀྲིས་ལ། ཞིང་དཀྱིལ་དུ་སྦས་ན། དེ་བཞིན་དུ་ཞི་བར་འགྱུར་རོ། ཨོཾ་ཏྲང་ཏི་ཏིང་ཏིག་ཏིག །གྲ་ཐ་བྲག་ཤིག །ཏ་ཐ་ཡ་ཏ། ཙ་ལེ་ཧེ་དུ་ཧཱུཾ་ཕཊ། སྲིན་ནད་དུ་སོད། ཤཱནྟི་རཀྵ། ཤ་ན་མུ་རུ་ཁ་ཤ་བཾ་ཧཱུཾ་ཕཊ། སྲིང་དར་གར་ག་ཏ་ཡ། པྲལ་ཡ་ཆུ་ཚན་དུ་བ་ཤཱནྟི། ཏི་ས་ར་ནི་ས་ར་ནི་ཧཱུྃ་ཕཊ། ཅེས་གསུངས་སོ། །དྲག་པོ་ཕུང་བྱེད་ཀྱི་རྒྱུད་ལས། ལས་ཐམས་ཅད་འགྲུབ་པའི་ཐབས་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་དེ་དག་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་སྨྲས་པ། དྲེགས་པ་ཕུང་བྱེད་བྱ་བའི་ཕྱིར། །རྫས་ཆེན་རྣམས་ནི་ཇི་ལྟར་བསྒྲུབ། །ཅེས་གསོལ་ཏོ། །དྲེགས་པ་ཆེན་པོས་བཀའ་སྩལ་པ། །དུམ་བུ་བཞི་པའི་ཁ་རྒྱན་ཅན། །ཕྲིན་ལས་བཞི་ཡི་དཀྱིལ་འཁོར་བྲི། །རྫས་ཆེན་རྣམ་པ་ལྔ་ཡིན་ཏེ། །རི་རུལ་འདྲེ་ཅན་མཆེད་པའི་ས། །སྦས་ཏེ་དེ་དགུ་ལྔའམ་བདུན། །ར་བ་བཞི་ཡི་ཚེས་བཞི་ལ། །རྫས་ཆེན་སྦས་པ་བྱས་ཏེ་བསྒྲུབ། །གཟུངས་ཐག་བཏགས་ཏེ་ཞག་བདུན་བསྒྲུབ་པ་བྱ། །མ་སྨིན་བར་དུ་སྦ་ཞིང་གབ། །ག་ཡ་ཆེན་པོ་དབྱེན་ཕྱིར་རོ། །གལ་ཏེ་རྣལ་འབྱོར་སྲིད་བསྒྲུབ་འདོད། །གོང་མོ་གསར་པར་རིལ་བུ་གཞུག །རྡོ་བ་དཀར་ནག་ཉི་ཤུ་རེ། །དེ་ཡི་ནང་དུ་བགྲང་རླུང་བྱ། །མཚོན་ཆེན་ཉི་ཤུ་རྩ་གཅིག་ལ། །རྦད་པ་བདུད་ཀྱི་སྙིང་པོ་ཡིན། །ཕོ་གཡས་མོ་གཡོན་ཟེར་བའི་འོག །ནས་དང་གྲོ་དང་སོ་བའི་ཐལ། །མཚོན་ཆེན་སྐོར་ལ་མནན་བྱས་ན། །ཇི་ལྟར་འདོད་པ་འགྲུབ་པར་འགྱུར། །གཡོན་གྱི་མཐེབ་སྲིན་གདུག་བྱེད་བདུད། །བར་དུ་བགེགས་ཀྱི་སྙིང་པོ་
གཞུག །བཟླས་པ་བདུད་དང་མ་མོ་ཡིན། །བཛྲ་མོ་པོ་ཡ། མར་ཞུང་ཞུང་ཡ། བཛྲ་བུ་ཧ་ནི་གྷ་དྷ་ཡ། བཛྲ་ཏི་ཙ་པ་ལ་ཡ། བཛྲ་ས་ཏུ་ཡ། རྫས་ཆེན་བསྒྲུབ་པ་བྱས་གྱུར་ན། །ཇི་ལྟར་འདོད་པ་བཞིན་དུ་འགྲུབ། །ཅེས་གསུངས་ཏེ། དམ་ཚིག་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་དུ་མི་སྣང་བར་གྱུར་ཏོ། །དྲག་པོ་ཕུང་བྱེད་ཀྱི་རྒྱུད་ལས། རྫས་ཆེན་སྒྲུབ་པ་དང་སྲིད་བཙལ་བའི་ཐབས་བསྟན་པའི་ལེའུ་སྟེ་ཉི་ཤུ་པའོ།། །།དེ་ནས་དམ་ཚིག་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དགྱེས་པས་ཧོ་ཞེས་གསུངས་ནས། རིན་ཆེན་མེ་ཏོག་གཏོར་ཏེ། པྲ་ཏི་ས་མ་ཡ་ཧོ།ཞེས་ཏེ་དེ་ཉིད་ན་འཁོད་དོ། །ཧོ་རྡོ་རྗེ་གསང་བའི་གྲལ་ན་འདུག །ང་རྒྱལ་དྲེགས་པ་བཏུལ་ནས་ནི། །བཟོད་ཅིག་ཡང་དག་བང་ཆེན་ཏེ། །བཅོམ་ལྡན་ཐུགས་མཆོག་བསྟན་ལ་གནས། །ང་རྒྱལ་འདུལ་ཕྱིར་དེ་ཡི་ཆེད་བཟུང་སྟེ། །ཡུན་རིང་དུས་ན་འཚོ་བར་འགྱུར། །དེ་ནས་སྐལ་མཆོག་ལས་རབ་ལ། །དེ་ཉིད་དུ་ནི་གནས་པར་འགྱུར། །བསྟན་པ་བསྲུང་མཛད་དབང་དང་ལྡན། །གསང་མཆོག་དང་པོའི་ས་ལ་གནས། །གཙོར་ནི་དེ་བཞིན་དམ་ཚིག་འཛིན། །རྒྱ་མཚོའི་གཏིང་གི་ཕ་བོང་བཞིན། །བསྐལ་པ་ཡུན་དུ་ཁར་མེ་དབྱུང་། །དགོས་འདོད་དེ་བཞིན་འབྱུང་བར་འགྱུར། །སེང་གེ་དཀར་མོའི་འོ་མ་ནི། །གསེར་དངུལ་བྱ་གང་ནང་དུ་བླུག །ཁམ་པ་གྱོ་མོའི་ནང་བླུགས་ན། །སྣོད་འཆག་འོ་མ་འབོ་བར་འགྱུར། །དེ་བཞིན་མན་ངག་དམ་པ་འདི། །ལས་རབ་གཅིག་ལ་གནས་གྱུར་ཅིག །ཅེས་ཆེད་དུ་བརྗོད་ནས་མི་སྣང་བར་གྱུར་ཏོ། །དྲག་པོ་ཕུང་བྱེད་ཀྱི་རྒྱུད་ཀྱི་རྟོག་པ་ཕྱི་མ་ལས། ཡོངས་སུ་གཏད་པའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། །།མུན་ཙ་མུན་ཏྲ་པ་ལ་ཏྲ་མཆོད་རྟེན་ནག་པོའི་རྒྱུད་ལས། རྟོག་པ་ཕྱི་མ་དྲག་པོ་ཕུང་བྱེད་ཀྱི་རྒྱུད་ཅེས་བྱ་བ། བརྩམས་པས་འགྲུབ་པའི་རྒྱུད་རྫོགས་སོ།། །།

ངན་སྔགས་གཙུག་ལག་གི་རྒྱུད་ཕྱི་མ།


DNG017_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

ངན་སྔགས་གཙུག་ལག་གི་རྒྱུད་ཕྱི་མ། དེ་ནས་འཕགས་པ་འཇམ་དཔལ་གྱིས་


DNG017_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ་བདེར་གཤེགས་བཅོམ་ལྡན་འདས། །མ་འོངས་རྣམས་ཀྱི་དོན་ཕྱིར་དུ། །སྔགས་ཀྱི་དེ་ཉིད་བཤད་པར་ཞུ། །ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མ་འོངས་རྣམས་ཀྱི་དོན་ཕྱིར་དུ། །སྔགས་ཀྱི་དོན་ཞུ་རབ་ཏུ་ལེགས། །སྔགས་ཀྱི་དོན་རྣམས་ངས་བཤད་ཀྱིས། །འགྲོ་ལ་ཕན་ཕྱིར་གུས་པས་ཉོན། །དང་པོ་མིང་གི་རིགས་པ་ཡང་། །ཀ་ཚན་རྡོ་རྗེའི་ཡི་གེ་སྟེ། །ཨ་ཚན་པདྨའི་ཡི་གེའོ། །ཀ་ནི་ལས་ཀྱི་རང་བཞིན་ཏེ། །ཙ་ནི་འཁོར་ལོ་ཏ་ནི་ཕུར། །ཊ་ནི་དེ་བཞིན་གཤེགས་པ་སྟེ། །བ་ནི་ཤེས་རབ་ཡ་ནི་རླུང་། །ཤ་ནི་སྟོང་པའི་རང་བཞིན་ཏེ། །རྡོ་རྗེའི་ཡི་གེའི་དབྱེ་བའོ། །ཨ་ནི་སེང་གེ་ཨི་ནི་སྟག །ཨུ་ནི་ཕག་ལ་ཨེ་ནི་ཁྲ། །ཨོཾ་ནི་ཁྭ་ཏེ་ཨཱཾ་ནི་ཁྱི། །པདྨའི་ཡི་གེ་དབྱེ་བའོ། །གསང་སྔགས་ཕ་དང་མ་གཉིས་ལས། །སྔགས་ཀྱི་དངོས་གྲུབ་སྣ་ཚོགས་འབྱུང་བའི་སྦྱོར་བ་བཤད་པར་བྱ་སྟེ། དེ་ཡི་རིམ་པ་འདི་ལྟར་རོ། །ཟླ་བ་མིག་དང་ཡོན་ཏན་དང་། །རིག་བྱེད་མདའ་དང་དབང་པོ་དང་། །རྒྱ་མཚོ་བཀྲ་ཤིས་གཟའ་དང་ཕྱོགས། །དྲག་པོ་ཉི་མ་ཡན་ལག་ས། །ཚེས་ཞེས་བྱ་བ་རབ་ཏུ་གྲགས། །འདི་ཡི་སྦྱོར་བས་རིགས་པ་དང་། །ཐམས་ཅད་དུ་ནི་ཤེས་པར་བྱའོ། །ཚོགས་ནི་རྣམ་པ་བརྒྱད་ཡིན་ཏེ། །སོ་ནི་རྣམ་པ་ལྔ་ཡིན་ནོ། །ཚོམ་ནི་རྣམ་པ་ལྔ་ཡིན་ནོ། །སོ་ནི་རྣམ་པ་བརྒྱ་དང་ལྔ་བཅུའོ། །གཟིར་ནི་རྣམ་པ་གཉིས་ཡིན་ཏེ། །ཕྱེ་བས་བརྒྱ་དང་ལྔ་བཅུར་འགྱུར། །སྡོམ་ནི་རྣམ་པ་བཞི་ཡིན་ཏེ། །རྩིས་ནི་ཐམས་ཅད་ཀུན་ཏུ་རྒྱུག །མིང་དང་གནས་དང་སྦྱར་བ་དང་། །ལྷག་དང་ཆད་དང་ནོར་བ་དང་། །རྒྱུ་དང་དབྱེ་བ་དག་དང་བརྒྱད། །མགོ་ཅན་མགོ་ནི་གཅད་པ་དང་། །མགོ་མེད་མགོ་ནི་བཏགས་པ་དང་། །འདུག་ས་གོང་འོག་སྤོ་བ་དང་། །མཐའ་རྟེན་རྣམས་ནི་གཞུག་པ་དང་། །ལོང་བ་རྒྱ་འདྲེལ་བཏང་བའོ། །ཕྱི་དང་ནང་དང་གསང་བ་དང་། །གསང་ཆེན་དང་ནི་གཏེར་


DNG017_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

དང་གནས། །སོ་ནི་ལས་ཀྱི་རིགས་པ་སྟེ། །བརྒྱ་དང་ལྔ་བཅུ་སྐབས་དང་སྦྱར། །ལས་མཁན་དང་ནི་བསྒྲུབ་བྱའོ། །ཆོལ་བུ་ཀུན་ལས་བཏུས་པ་དང་། །མང་པོ་གཅིག་ཏུ་སྦས་པ་དང་། །མེ་ཆུ་འགལ་བ་བསོག་པ་དང་། །འུར་བ་གཅིག་ཏུ་དྲིལ་བོས་དང་། །ཡི་གེ་གྲངས་ཀྱི་ངོས་འཛིན་དང་། །ན་ཡ་བརྩིས་པ་དག་ཏུ་གསུངས། །སྐུ་གསུང་ཐུགས་དང་ཡོན་ཏན་དང་། །ཕྲིན་ལས་དག་གི་སྐབས་ཀྱིས་འཇུག །སྲོག་སྙིང་རིག་པའི་དེ་ཉིད་ལ། །སྙིང་པོ་གཉིས་ཀྱི་རིག་པ་དང་། །དམ་ཚིག་རྗེས་དྲན་སྲོག་སྙིང་དྲངས། །རང་དབང་མེད་པར་བོད་པ་དང་། །དྭངས་མ་བསྐྱེད་པའི་སྲོག་སྙིང་དང་། །རྣམ་པར་ཤེས་པའི་སྲོག་སྙིང་ལ། །སྐབས་ཀྱིས་ཡང་དག་ཤེས་བྱ་སྟེ། །སྔགས་ཀྱི་ཚད་མས་གཏན་ལ་དབབ། །བཀའ་ཡི་གསང་རྒྱུད་ཇི་སྙེད་དུ། །གསུངས་པའི་སྔགས་རྣམས་ཐམས་ཅད་ལ། །འདི་བཞིན་ཀུན་ལ་ཤེས་པར་བྱ། །སྔགས་ཀྱི་གཏན་ཚིགས་ཚད་མ་ནི། །ཐབས་ཀྱི་རྒྱལ་པོ་འདིར་གནས་སོ། །འདི་དང་ལྡན་པའི་རྣལ་འབྱོར་གང་། །སྔགས་ཀྱི་དངོས་གྲུབ་རང་ལ་ཤར། །ཡིད་བཞིན་ནོར་བུ་མ་བཙལ་རྙེད། །བྱ་བའི་ལས་ལ་ཐེ་ཚོམ་མེད། །འདི་དང་མི་ལྡན་རྣལ་འབྱོར་གང་། །ཕྱོགས་འགའ་ཙམ་ལ་བརྟེན་པ་སྟེ། །སྔགས་ཀྱི་དེ་ཉིད་མ་རྟོགས་པས། །བྱ་བའི་ལས་རྣམས་ཀུན་ལ་རྨོངས། །ཞེས་གསུངས་སོ། །ངན་སྔགས་གཙུག་ལག་གི་རྒྱུད་ལས། སྔགས་ཀྱི་གཏན་ཚིགས་གཏན་ལ་དབབ་པ། སྔགས་ཀྱི་དེ་ཁོ་ན་ཉིད་བཤད་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་ཀུན་ཏུ་བཟང་པོའི་སྤྲུལ་པ་འཇམ་དཔལ་གཤིན་རྗེའི་གཤེད་པོས། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་གསོལ་ཏོ། །སྤྱི་དཔལ་ཆེན་པོ་ཀུན་ཏུ་བཟང་། །ཐབས་དང་ཤེས་རབ་ཡི་གེ་ལས། །སྔགས་ཀྱི་ན་ཡ་བརྩི་བའམ། །ཡི་གེ་བཏུ་བ་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། །ཞེས་གསོལ་པ་དང་། བཅོམ་ལྡན་འདས་


DNG017_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཀུན་ཏུ་བཟང་པོས་བཀའ་སྩལ་པ། ཉོན་ཅིག་འཇམ་དཔལ་གཤིན་རྗེའི་གཤེད། །སྐྱེ་བ་མེད་པའི་རང་བཞིན་ལས། །སྐྱེ་བའི་ཆོ་འཕྲུལ་བསྟན་པ་ལས། །ཐབས་དང་ཤེས་རབ་ཡེ་ཤེས་ཏེ། །ཐབས་ནི་རྡོ་རྗེའི་རང་བཞིན་ལ། །ཤེས་རབ་པདྨའི་རང་བཞིན་ནོ། །ཐབས་དང་ཤེས་རབ་གཉིས་ལས་ནི། །སྔགས་ཀྱི་སྒྲ་ནི་སྣ་ཚོགས་འབྱུང་། །དེ་ནི་རྣམ་པ་འདི་ལྟར་བཤད། །ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ཝ་ར་ལ། ཤ་ཥ་ས་ཧ་ཀྵ། སྒྲ་ཡི་གནས་བརྒྱད་ནས་འབྱུང་བ་འདི་རྣམས་ནི། ཐབས་རྡོ་རྗེའི་ཡི་གེའི་སྡེ་ཚན་བརྒྱད་པའོ། །ཨ་ཨཱ། ཨི་ཨཱིཾ། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ། སྡེ་ཚན་བརྒྱད་དང་སྦྱར་བ་ཡི། དབྱངས་ཀྱི་ཡི་གེ་བཅུ་དྲུག་པོ་འདི་རྣམས་ནི། ཤེས་རབ་པདྨའི་ཡི་གེའོ། །གཉིས་སུ་མེད་པའི་རང་བཞིན་ནོ། །ཡི་གེ་བཏུ་བ་འདི་ལྟར་བཤད། །ཐམས་ཅད་ཀུན་གྱི་དང་པོ་ལ། །དབྱངས་ཡིག་གཉིས་པ་ཀུན་ཏུ་བརྒྱན། །དབྱངས་ཡིག་བཅུ་གསུམ་སྟེང་དུ་བརྒྱན། །དེ་ལས་དབྱངས་ཡིག་བཅོ་ལྔ་པས། །སྟེང་དུ་ཐིག་ལེས་མཛེས་པར་བྱ། །འདི་ནི་ཡེ་ཤེས་ལྔ་རྫོགས་ཡིན། །སྔགས་རྣམས་ཀུན་གྱི་མགོ་ལ་གཞག །ཨོཾ་པ་ཚན་གསུམ་པ་གཞག་པར་བྱ། །དེ་དང་ཙ་ཚན་གསུམ་པར་ལྡན། །ཡ་ཚན་གསུམ་པས་འོག་ཏུ་སྤྲས། །ཀ་ཚན་དང་པོ་གཞག་པར་བྱ། །ཡ་ཚན་གསུམ་པས་འོག་ཏུ་སྤྲས། །དེ་ལ་དབྱངས་ཡིག་བཅུ་གསུམ་བརྒྱན། །ཏ་ཚན་ཡི་གེ་དང་པོ་གཞག །པ་ཚན་ཡི་གེ་ལྔ་པ་གཞག །ཤ་ཚན་ཡི་གེ་བཞི་པ་གཞག །དབྱངས་ཡིག་གཉིས་པས་ཀུན་ཏུ་བརྒྱན། །ཤ་ཚན་ཡི་གེ་དང་པོ་གཞག །ཡ་ཚན་གསུམ་པས་འོག་ཏུ་སྤྲས། །དེ་ལ་དབྱངས་ཡིག་བཞི་པས་བརྒྱན། །ཤ་ཚན་ཡི་གེ་བཞི་པ་གཞག །དེ་ལ་དབྱངས་ཡིག་བཅུ་གཅིག་བརྒྱན། །ཡ་ཚན་ཡི་གེ་གསུམ་པ་གཞག །དེ་ལ་དབྱངས་ཡིག་ལྔ་པས་བརྒྱན། །


DNG017_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་ཚན་ཡི་གེ་དང་པོ་གཞག །ཤ་ཚན་ཡི་གེ་བཞི་པ་གཞག །དེ་ལ་དབྱངས་ཡིག་དྲུག་པས་བརྒྱན། །སྟེང་དུ་ཐིག་ལེས་མཛེས་པར་བྱ། །པ་ཚན་ཡི་གེ་གཉིས་པ་གཞག །དེ་དང་ཊ་ཚན་དང་པོར་ལྡན། །རིན་པོ་ཆེ་ཡི་ཕྲ་ཡིས་གཅད། །ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ། གསང་སྔགས་ཡིག་འབྲུ་བཅུ་གཉིས་པ། །ཆེ་མཆོག་ཧེ་རུ་ཀ་ཡི་སྙིང་པོ་སྟེ། །གཙོ་བོའི་སྔགས་སུ་ཤེས་པར་བྱ། །ཡེ་ཤེས་ལྔ་རྫོགས་དབུ་ལ་གཞག །ཡ་ཚན་ཡི་གེ་གསུམ་པ་གཞག །དེ་ལ་དབྱངས་ཡིག་ལྔ་པས་བརྒྱན། །ཡ་ཚན་ཡི་གེ་བཞི་པ་གཞག །དེ་ལ་དབྱངས་ཡིག་ལྔ་པས་བརྒྱན། །ཡ་ཚན་ཡི་གེ་གསུམ་པ་གཞག །དེ་ལ་དབྱངས་ཡིག་ལྔ་པས་བརྒྱན། །ཡ་ཚན་ཡི་གེ་བཞི་པ་གཞག །དེ་ལ་དབྱངས་ཡིག་ལྔ་པས་བརྒྱན། །ཤ་ཚན་ཡི་གེ་བཞི་པ་གཞག །དེ་ལ་དབྱངས་ཡིག་དྲུག་པས་བརྒྱན། །སྟེང་དུ་ཐིག་ལེས་མཛེས་པར་བྱ། །པ་ཚན་ཡི་གེ་བཞི་པ་གཞག །དེ་ལ་ཡ་ཚན་དང་པོས་བརྒྱན། །དེ་ལ་དབྱངས་ཡིག་བཅུ་གསུམ་བརྒྱན། །ཤ་ཚན་ཡི་གེ་བཞི་པ་གཞག །དེ་ལ་དབྱངས་ཡིག་དྲུག་པས་བརྒྱན། །སྟེང་དུ་ཐིག་ལེས་མཛེས་པར་བྱ། །རིན་པོ་ཆེ་ཡི་ཕྲ་ཡིས་བཅིང་། །ཨཱོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུྃ། གསང་སྔགས་ཡི་གེ་འབྲུ་བརྒྱད་པ། །ཁྲག་འཐུང་ཡབ་ཡུམ་ལ་སོགས་པ། །གཙོ་འཁོར་བཤད་པའི་སྙིང་པོར་བཤད། །ཡེ་ཤེས་ལྔ་རྫོགས་དབུ་རུ་གཞག །པ་ཚན་ཡི་གེ་དང་པོ་གཞག །དེ་དང་ཏ་ཚན་གསུམ་པར་ལྡན། །པ་ཚན་ཡི་གེ་ལྔ་པ་གཞག །དེ་ལ་དབྱངས་ཡིག་གཉིས་པས་བརྒྱན། །དེ་དང་ཏ་ཚན་ལྔ་པར་ལྡན། །ཏ་ཚན་ཡི་གེ་དང་པོར་གཞག །ཀ་ཆེན་ཡི་གེ་དང་པོར་གཞག །དེ་ལ་དབྱངས་ཡིག་བདུན་པས་སྤྲས། །དེ་དང་ཏ་ཚན་དང་པོར་ལྡན། །པ་ཚན་ཡི་གེ་གསུམ་པ་གཞག །དེ་དང་ཙ་ཚན་གསུམ་པར་ལྡན། །ཡ་ཚན་གསུམ་པས་འོག་ཏུ་སྤྲས། །ཀ་ཙན་ཡི་གེ་དང་པོར་གཞག །ཡ་ཚན་གསུམ་པས་འོག་ཏུ་སྤྲས། །དེ་ལ་དབྱངས་ཡིག་བཅུ་གསུམ་བརྒྱན། །


DNG017_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

ཏ་ཚན་ཡི་གེ་དང་པོ་གཞག །ཤ་ཚན་ཡི་གེ་བཞི་པ་གཞག །ཡ་ཚན་ཡི་གེ་དང་པོ་གཞག །ཀ་ཚན་ཡི་གེ་གསུམ་པ་གཞག །ཡ་ཚན་གསུམ་པས་འོག་ཏུ་སྤྲས། །དེ་ལ་དབྱངས་ཡིག་བཞི་པས་བརྒྱན། །ཡ་ཚན་ཡི་གེ་གཉིས་པ་གཞག །ཤ་ཚན་ཡི་གེ་བཞི་པ་གཞག །དེ་ལ་དབྱངས་ཡིག་དྲུག་པས་བརྒྱན། །སྟེང་དུ་ཐིག་ལེས་མཛེས་པར་བྱ། །རིན་པོ་ཆེ་ཡི་ཕྲ་ཡིས་གཅད། །ཨོཾ་པདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧཱུཾ། གསང་སྔགས་ཡི་གེ་བཅུ་གསུམ་པ། །པདྨ་དབང་ཆེན་སྙིང་པོར་བཤད། །ཡེ་ཤེས་ལྔ་རྫོགས་དབུ་རུ་གཞག །པ་ཚན་ཡི་གེ་གསུམ་པ་གཞག །དེ་དང་ཙ་ཚན་གསུམ་པར་ལྡན། །ཡ་ཚན་གསུམ་པས་འོག་ཏུ་སྤྲས། །ཀ་ཚན་ཡི་གེ་དང་པོ་གཞག །དེ་ལ་དབྱངས་ཡིག་བཞི་པས་བརྒྱན། །ཡ་ཚན་ཡི་གེ་བཞི་པ་གཞག །དེ་ལ་དབྱངས་ཡིག་གསུམ་པས་བརྒྱན། །ཀ་ཚན་ཡི་གེ་དང་པོ་བཞག །དེ་ལ་དབྱངས་ཡིག་བཞི་པས་བརྒྱན། །ཡ་ཚན་ཡི་གེ་བཞི་པ་གཞག །དེ་ལ་དབྱངས་ཡིག་གསུམ་པས་བརྒྱན། །ཡ་ཚན་ཡི་གེ་དང་པོ་གཞག །ཤ་ཚན་ཡི་གེ་བཞི་པ་གཞག །དེ་ལ་དབྱངས་ཡིག་དྲུག་པས་བརྒྱན། །སྟེང་དུ་ཐིག་ལེས་མཛེས་པར་བྱས། །པ་ཚན་ཡི་གེ་གཉིས་པ་གཞག །དེ་དང་ཊ་ཚན་དང་པོར་ལྡན། །རིན་པོ་ཆེ་ཡི་ཕྲ་ཡིས་གཅད། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ། གསང་སྔགས་ཡི་གེ་འབྲུ་དགུ་པ། །དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡི། །གསང་སྔགས་སྙིང་པོ་མ་འཁྲུལ་པ། །ཕུར་པ་རྩ་བའི་སྙིང་པོར་བཤད། །ཡེ་ཤེས་ལྔ་རྫོགས་དབུ་རུ་གཞག །ཐམས་ཅད་ཀུན་གྱི་དང་པོ་གཞག །ཀ་ཚན་ཡི་གེ་དང་པོ་གཞག །ཡ་ཚན་གསུམ་པས་འོག་ཏུ་སྤྲས། །དེ་ལ་དབྱངས་ཡིག་བཅུ་གསུམ་བརྒྱན། །ཏ་ཚན་ཡི་གེ་དང་པོ་གཞག །དེ་ལ་དབྱངས་ཡིག་བཅུ་གཅིག་བརྒྱན། །ཀ་ཚན་ཡི་གེ་དང་པོ་གཞག །ཡ་ཚན་ཡི་གེ་དང་པོ་གཞག །པ་ཚན་ཡི་གེ་ལྔ་པ་གཞག །དེ་ལ་དབྱངས་ཡིག་གཉིས་པས་བརྒྱན། །ཏ་ཚན་ཡི་གེ་


DNG017_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་པ་གཞག །ཏ་ཚན་ཡི་གེ་དང་པོས་སྤྲས། །ཀ་ཚན་ཡི་གེ་དང་པོ་གཞག །ཤ་ཚན་ཡི་གེ་བཞི་པ་གཞག །ཏ་ཚན་ཡི་གེ་ལྔ་པ་གཞག །པ་ཚན་ཡི་གེ་ལྔ་པ་གཞག །ཏ་ཚན་ཡི་གེ་གཉིས་པ་གཞག །ས་ཚན་ཡི་གེ་བཞི་པ་གཞག །དེ་དང་ཙ་ཚན་ལྔ་པར་ལྡན། །ཙ་ཚན་ཡི་གེ་གསུམ་པས་སྤྲས། །ཤ་ཚན་ཡི་གེ་བཞི་པ་གཞག །དེ་ལ་དབྱངས་ཡིག་དྲུག་པས་བརྒྱན། །སྟེང་དུ་ཐིག་ལེས་མཛེས་པར་བྱ། །པ་ཚན་ཡི་གེ་གཉིས་པ་གཞག །དེ་དང་ཊ་ཚན་དང་པོར་ལྡན། །རིན་པོ་ཆེ་ཡི་ཕྲ་ཡིས་གཅད། །ཨོཾ་ཨ་ཀྲོ་ཧེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུཾ་ཕཊ། གསང་སྔགས་ཡིག་འབྲུ་བཅུ་བདུན་པ། །འཇམ་དཔལ་གཤིན་རྗེ་གཤེད་པོ་ཡི། །སྐུ་ཡི་སྙིང་པོར་བཤད་པའོ། །ཡེ་ཤེས་ལྔ་རྫོགས་དབུ་རུ་གཞག །ཀ་ཚན་ཡི་གེ་དང་པོ་གཞག །དེ་ལ་དབྱངས་ཡིག་གཉིས་པས་བརྒྱན། །ཡ་ཚན་ཡི་གེ་བཞི་པ་གཞག །ཡ་ཚན་ཡི་གེ་གསུམ་པ་གཞག །དེ་ལ་དབྱངས་ཡིག་དྲུག་པས་བརྒྱན། །པ་ཚན་ཡི་གེ་དང་པོ་གཞག །ཤ་ཚན་ཡི་གེ་དང་པོ་གཞག །དེ་ལ་དབྱངས་ཡིག་དྲུག་པས་བརྒྱན། །སྟེང་དུ་ཐིག་ལེས་མཛེས་པར་བྱ། །པ་ཚན་ཡི་གེ་གཉིས་པ་གཞག །དེ་དང་ཊ་ཚན་དང་པོར་ལྡན། །ཐམས་ཅད་ཀུན་གྱི་དང་པོ་གཞག །རིན་པོ་ཆེ་ཡི་ཕྲ་ཡིས་གཅད། །ཨོཾ་ཀཱ་ལ་རཱུ་པ་ཧཱུྃ་ཕཊ་ཨཿ། གསང་སྔགས་ཡི་གེ་འབྲུ་དགུ་པ། །འཇམ་དཔལ་གཤིན་རྗེ་གཤེད་པོ་ཡི། །གསུང་གི་སྙིང་པོར་བཤད་པའོ། །ཡེ་ཤེས་ལྔ་རྫོགས་དབུ་རུ་གཞག །ཤ་ཚན་ཡི་གེ་བཞི་པ་གཞག །ཡ་ཚན་གསུམ་པས་འོག་ཏུ་སྤྲས། །དེ་ལ་དབྱངས་ཡིག་བཞི་པས་བརྒྱན། །རིན་པོ་ཆེ་ཡི་ཕྲ་ཡིས་གཅད། །ཤ་ཚན་ཡི་གེ་གཉིས་པ་གཞག །ཊ་ཚན་དང་པོས་འོག་ཏུ་སྤྲས། །དེ་ལ་དབྱངས་ཡིག་བརྒྱད་པས་བརྒྱན། །རིན་པོ་ཆེ་ཡི་ཕྲ་ཡིས་གཅད། །པ་ཚན་ཡི་གེ་གསུམ་པ་གཞག །དེ་ལ་དབྱངས་ཡིག་གསུམ་པས་བརྒྱན། །ཀ་ཚན་ཡི་གེ་དང་པོ་གཞག །དེ་ལ་དབྱངས་ཡིག་བདུན་པས་བརྒྱན། །ཏ་ཚན་


DNG017_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་གེ་དང་པོ་གཞག །དེ་ལ་དབྱངས་ཡིག་གཉིས་པས་བརྒྱན། །ཏ་ཚན་ཡི་གེ་ལྔ་པ་གཞག །སླར་ཡང་ཏ་ཚན་ལྔ་པ་གཞག །ཤ་ཚན་ཡི་གེ་བཞི་པ་གཞག །དེ་ལ་དབྱངས་ཡིག་དྲུག་པས་བརྒྱན། །སྟེང་དུ་ཐིག་ལེས་མཛེས་པར་བྱ། །པ་ཚན་ཡི་གེ་གཉིས་པ་གཞག །དེ་དང་ཊ་ཚན་དང་པོར་ལྡན། །རིན་པོ་ཆེ་ཡི་ཕྲ་ཡིས་གཅད། །ཨོཾ་ཧྲཱྀཿཤྟྲཱིཿབི་ཀྲྀ་ཏཱ་ན་ན་ཧཱུཾ་ཕཊ། གསང་སྔགས་ཡི་གེ་བཅུ་གཅིག་པ། །འཇམ་དཔལ་གཤིན་རྗེའི་གཤེད་པོ་ཡི། །ཐུགས་ཀྱི་སྙིང་པོར་བཤད་པའོ། །ཡེ་ཤེས་ལྔ་རྫོགས་དབུ་རུ་གཞག །ཤ་ཚན་ཡི་གེ་གསུམ་པ་གཞག །པ་ཚན་ཡི་གེ་ལྔ་པ་གཞག །ཡ་ཚན་ཡི་གེ་དང་པོ་བཤད། །པ་ཚན་ཡི་གེ་ལྔ་པ་གཞག །དེ་དང་ཙ་ཚན་ལྔ་པར་ལྡན། །དེ་དང་ཚ་ཚན་གསུམ་པར་ལྡན། །དེ་ལ་དབྱངས་ཡིག་ལྔ་པར་ལྡན། །ཤ་ཚན་ཡི་གེ་དང་པོ་གཞག །ཡ་ཚན་གསུམ་པས་འོག་ཏུ་སྤྲས། །དེ་ལ་དབྱངས་ཡིག་བཞི་པས་བརྒྱན། །པ་ཚན་ཡི་གེ་ལྔ་པ་གཞག །དེ་ལ་དབྱངས་ཡིག་ལྔ་པས་བརྒྱན། །ཏ་ཚན་ཡི་གེ་དང་པོ་གཞག །ཡ་ཚན་གསུམ་པས་འོག་ཏུ་སྤྲས། །ཡ་ཚན་ཡི་གེ་དང་པོ་གཞག །པ་ཚན་ཡི་གེ་ལྔ་པ་གཞག །དེ་ལ་དབྱངས་ཡིག་གཉིས་པས་བརྒྱན། །དེ་དང་ཏ་ཚན་ལྔ་པར་ལྡན། །ཏ་ཚན་ཡི་གེ་དང་པོས་སྤྲས། །ཀ་ཚན་ཡི་གེ་དང་པོ་གཞག །རིན་པོ་ཆེ་ཡི་ཕྲ་ཡིས་བཅད། །ས་ཚན་ཡི་གེ་དང་པོ་གཞག །ཙ་ཚན་ཡི་གེ་དང་པོ་གཞག །ཏ་ཚན་ཡི་གེ་གསུམ་པ་གཞག །དེ་ལ་དབྱངས་ཡིག་བཅུ་གཅིག་བརྒྱན། །ཡ་ཚན་ཡི་གེ་གསུམ་པ་གཞག །དེ་ལ་དབྱངས་ཡིག་བཅུ་གསུམ་བརྒྱན། །ཏ་ཚན་ཡི་གེ་ལྔ་པ་གཞག །དེ་ལ་དབྱངས་ཡིག་གསུམ་པས་བརྒྱན། །ཤ་ཚན་ཡི་གེ་བཞི་པ་གཞག །དེ་ལ་དབྱངས་ཡིག་དྲུག་པས་བརྒྱན། །སྟེང་དུ་ཐིག་ལེས་མཛེས་པར་བྱ། །ཙ་ཚན་ཡི་གེ་གསུམ་པ་གཞག །རིན་པོ་ཆེ་ཡི་ཕྲ་ཡིས་གཅད། །ཡེ་ཤེས་ལྔ་རྫོགས་དབུ་རུ་གཞག །ཤ་ཚན་ཡི་གེ་གསུམ་པ་གཞག །པ་ཚན་


DNG017_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་གེ་ལྔ་པ་གཞག །ཡ་ཚན་ཡི་གེ་དང་པོ་གཞག །པ་ཚན་ཡི་གེ་ལྔ་པ་གཞག །དེ་དང་ཙ་ཚན་ལྔ་པར་ལྡན། །ཙ་ཚན་ཡི་གེ་གསུམ་པར་ལྡན། །དེ་ལ་དབྱངས་ཡིག་ལྔ་པས་བརྒྱན། །ཤ་ཚན་ཡི་གེ་དང་པོ་གཞག །ཡ་ཚན་གསུམ་པས་འོག་ཏུ་སྤྲས། །དེ་ལ་དབྱངས་ཡིག་བཞི་པས་བརྒྱན། །ཡ་ཚན་ཡི་གེ་དང་པོ་གཞག །པ་ཚན་ཡི་གེ་དང་པོ་གཞག །དེ་ལ་དབྱངས་ཡིག་གཉིས་པས་བརྒྱན། །དེ་དང་ཏ་ཚན་ལྔ་པར་ལྡན། །ཏ་ཚན་ཡི་གེ་དང་པོས་སྤྲས། །ཀ་ཚན་ཡི་གེ་དང་པོ་གཞག །ཡ་ཚན་ཡི་གེ་དང་པོ་གཞག །པ་ཚན་ཡི་གེ་ལྔ་པ་གཞག །ཡ་ཚན་ཡི་གེ་གསུམ་པ་བཞག །དེ་ལ་དབྱངས་ཡིག་གཉིས་པས་བརྒྱན། །ཙ་ཚན་ཡི་གེ་དང་པོ་གཞག །པ་ཚན་ཡི་གེ་ལྔ་པ་གཞག །དེ་ནས་དབྱངས་ཡིག་བཅུ་གཅིག་གཞག །ཀ་ཚན་ཡི་གེ་དང་པོ་གཞག །ཙ་ཚན་ཡི་གེ་གསུམ་པ་གཞག །ཏ་ཚན་ཡི་གེ་དང་པོ་གཞག །དེ་ལ་དབྱངས་ཡིག་གསུམ་པས་བརྒྱན། །དེ་ནས་ཙ་ཚན་གསུམ་པས་བརྒྱན། །ཙ་ཚན་ཡི་གེ་གསུམ་པ་གཞག །རིན་པོ་ཆེ་ཡི་ཕྲ་ཡིས་གཅད། །ཏ་ཚན་ཡི་གེ་དང་པོར་གཞག །ཡ་ཚན་གསུམ་པས་འོག་ཏུ་སྤྲས། །དེ་དང་ཀ་ཚན་གསུམ་པར་ལྡན། །ཡ་ཚན་ཡི་གེ་གསུམ་པ་གཞག །དེ་དང་ཀ་ཚན་དང་པོར་ལྡན། །ཤ་ཚན་ཡི་གེ་དང་པོས་སྤྲས། །པ་ཚན་ཡི་གེ་ལྔ་པ་གཞག །དེ་ལ་དབྱངས་ཡིག་ལྔ་པས་བརྒྱན། །ཏ་ཚན་ཡི་གེ་དང་པོ་གཞག །ཡ་ཚན་གསུམ་པས་འོག་ཏུ་སྤྲས། །ཤ་ཚན་ཡི་གེ་གསུམ་པ་གཞག །ཙ་ཚན་ལྔ་པས་འོག་ཏུ་སྤྲས། །དེ་ལ་དབྱངས་ཡིག་གསུམ་པས་བརྒྱན། །དེ་དང་ཀ་ཚན་ལྔ་པར་ལྡན། །ཀ་ཚན་ཡི་གེ་གཉིས་པ་གཞག །ཡ་ཚན་ཡི་གེ་གསུམ་པ་གཞག །དེ་དག་ཀ་ཚན་གསུམ་པར་ལྡན། །པ་ཚན་ཡི་གེ་ལྔ་པ་གཞག །པ་ཚན་ཡི་གེ་བཞི་པ་གཞག །ཡ་ཚན་དང་པོས་འོག་ཏུ་སྤྲས། །དེ་ལ་དབྱངས་ཡིག་བཅུ་གསུམ་བརྒྱན། །རིན་པོ་ཆེ་ཡི་ཕྲ་ཡིས་གཅད། །ཡ་ཚན་ཡི་གེ་


DNG017_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་གཞག །དེ་དག་ཀ་ཚན་གསུམ་པར་ལྡན། །པ་ཚན་ཡི་གེ་ལྔ་པ་གཞག །དེ་ལ་དབྱངས་ཡིག་བཅུ་གསུམ་བརྒྱན། །ཏ་ཚན་ཡི་གེ་དང་པོ་གཞག །དེ་ལ་དབྱངས་ཡིག་བཅུ་གཅིག་བརྒྱན། །ཀ་ཚན་ཡི་གེ་དང་པོ་གཞག །དེ་ལ་དབྱངས་ཡིག་ལྔ་པས་བརྒྱན། །དེ་དང་པ་ཚན་ལྔ་པར་ལྡན། །ཙ་ཚན་ཡི་གེ་གསུམ་པ་གཞག །སླར་ཡང་ཙ་ཚན་གསུམ་པ་གཞག །ཀ་ཚན་ཡི་གེ་གཉིས་པ་གཞག །ཡ་ཚན་ཡི་གེ་བཞི་པ་གཞག །པ་ཚན་ཡི་གེ་ལྔ་པ་གཞག །ཤ་ཚན་ཡི་གེ་བཞི་པ་གཞག །དེ་ལ་དབྱངས་ཡིག་གསུམ་པས་བརྒྱན། །པ་ཚན་ཡི་གེ་བཞི་པ་གཞག །ཡ་ཚན་དང་པོས་འོག་ཏུ་སྤྲས། །དེ་ལ་དབྱངས་ཡིག་བཅུ་གསུམ་བརྒྱན། །ཡ་ཚན་ཡི་གེ་དང་པོ་གཞག །ཡ་ཚན་ཡི་གེ་བཞི་པ་གཞག །དེ་ལ་དབྱངས་ཡིག་བཅུ་གསུམ་བརྒྱན། །དེ་དང་ཏ་ཚན་ལྔ་པར་ལྡན། །ཙ་ཚན་ཡི་གེ་དང་པོ་གཞག །དེ་ལ་དབྱངས་ཡིག་གསུམ་པས་བརྒྱན། །དེ་དང་ཏ་ཚན་ལྔ་པར་ལྡན། །ཏ་ཚན་ཡི་གེ་གསུམ་པ་གཞག །པ་ཚན་ཡི་གེ་ལྔ་པ་གཞག །པ་ཚན་ཡི་གེ་བཞི་པ་གཞག །ཡ་ཚན་དང་པོས་འོག་ཏུ་སྤྲས། །དེ་ལ་དབྱངས་ཡིག་བཅུ་གསུམ་བརྒྱན། །པ་ཚན་ཡི་གེ་གསུམ་པ་གཞག །ཡ་ཚན་དང་པོས་འོག་ཏུ་སྤྲས། །དེ་ལ་དབྱངས་ཡིག་བཅུ་གསུམ་བརྒྱན། །འདི་ཡན་གྱི་མ་མ་དང་བྷྱོ་བྷྱོ་སོགས་ལ་སྔགས་བཏུ་རེ་རེ་ལས་མ་བྱུང་བ་དཔྱད། ཙ་ཚན་ཡི་གེ་གསུམ་པ་གཞག །ཙ་ཚན་ཡི་གེ་གསུམ་པ་གཞག །རིན་པོ་ཆེ་ཡི་ཕྲ་ཡིས་གཅད། །ཤ་ཚན་ཡི་གེ་གསུམ་པ་གཞག །ཙ་ཚན་ལྔ་པས་འོག་ཏུ་སྤྲས། །དེ་ལ་དབྱངས་ཡིག་གསུམ་པས་བརྒྱན། །དེ་དང་ཀ་ཚན་ལྔ་པར་ལྡན། །ཀ་ཚན་ཡི་གེ་གཉིས་པ་གཞག །ཡ་ཚན་ཡི་གེ་གསུམ་པ་གཞག །དེ་དང་ཀ་ཚན་དང་པོར་ལྡན། །པ་ཚན་ཡི་གེ་ལྔ་པ་གཞག །ཤ་ཚན་ཡི་གེ་གསུམ་པ་གཞག །དེ་འོག་ཡ་ཚན་གསུམ་པས་སྤྲས། །དེ་ལ་དབྱངས་ཡིག་བཅུ་གསུམ་བརྒྱན། །དེ་དང་ཀ་ཚན་གསུམ་པར་ལྡན། །ཡ་ཚན་ཡི་གེ་བཞི་པ་གཞག །པ་ཚན་ཡི་གེ་བཞི་


DNG017_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཞག །ཡ་ཚན་དང་པོས་འོག་ཏུ་སྤྲས། །དེ་ལ་དབྱངས་ཡིག་བཅུ་གསུམ་བརྒྱན། །པ་ཚན་ཡི་གེ་བཞི་པ་གཞག །ཡ་ཚན་དང་པོས་འོག་ཏུ་སྤྲས། །དེ་ལ་དབྱངས་ཡིག་བཅུ་གསུམ་བརྒྱན། །རིན་པོ་ཆེ་ཡི་ཕྲ་ཡིས་གཅད། །ཨོཾ་ས་མ་ཡ་མཉྫུ་ཤྲཱི་མུ་ཏྲ་ཡ་མཱནྟ་ཀ །པ་ཙ་ཏེ་རོ་ནི་ཧཱུཾ་ཛཿ། ཨོཾ་ས་མ་ཡ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཡ་མ་རཱ་ཙ་མ་མ་ཨེ་ཀ་ཛ་ཏི་ཛ་ཛ། ཏྲ་འདི་གོང་སྔགས་བཏུ་ལ་མ་བྱུང་བས་དཔྱད། ཏྲག་ཏྲ་རཀྴ་མུ་ཏྲ་སྙིང་ཁ་རཀ་མ་མ་བྷྱོ་བྷྱོ། རཀ་མོ་ཏེ་ཀུ་མ་ཛ་ཛ་ཁ་ལ་མ་ཧི་བྷྱོ་བྷྱོ། ཡ་ཡ་ལོན་ཙིན་ད་ག་ག་འདི་སྔགས་བཏུ་ལ་མ་བྱུང་མ་མ་བྷྱོ་བྷྱོ་ཛ་ཛ། སྙིང་ཁ་རག་མོ་སྲོག་ལ་བྷྱོ་བྷྱོ། གསང་སྔགས་ཡིག་འབྲུ་བརྒྱ་རྩ་ལྔ་པ། །འཇམ་དཔལ་གཤིན་རྗེ་གཤེད་པོ་ཡབ་ཡུམ་གྱི། །ཡོན་ཏན་སྙིང་པོར་བཤད་པའོ། །ཡེ་ཤེས་ལྔ་རྫོགས་དབུ་རུ་གཞག །ཡ་ཚན་ཡི་གེ་དང་པོ་གཞག །པ་ཚན་ཡི་གེ་ལྔ་པ་གཞག །ཡ་ཚན་ཡི་གེ་གསུམ་པ་གཞག །དེ་ལ་དབྱངས་ཡིག་གཉིས་པས་བརྒྱན། །ཙ་ཚན་ཡི་གེ་གསུམ་པ་གཞག །ཤ་ཚན་ཡི་གེ་གསུམ་པ་གཞག །ཏ་ཚན་ཡི་གེ་གསུམ་པ་གཞག །དེ་ལ་དབྱངས་ཡིག་བཅུ་གསུམ་བརྒྱན། །པ་ཚན་ཡི་གེ་ལྔ་པ་གཞག །དེ་ལ་དབྱངས་ཡིག་བཅུ་གཅིག་བརྒྱན། །ཡ་ཚན་ཡི་གེ་དང་པོ་གནས། །ཡ་ཚན་ཡི་གེ་དང་པོ་གཞག །པ་ཚན་ཡི་གེ་ལྔ་པ་གཞག །དེ་ལ་དབྱངས་ཡིག་བཅུ་གཅིག་བརྒྱན། །ཏ་ཚན་ཡི་གེ་གསུམ་པ་གཞག །དེ་ལ་དབྱངས་ཡིག་བཅུ་གསུམ་བརྒྱན། །ཡ་ཚན་ཡི་གེ་གསུམ་པ་གཞག །དེ་ལ་དབྱངས་ཡིག་ལྔ་པས་བརྒྱན། །ཊ་ཚན་ཡི་གེ་ལྔ་པ་གཞག །ཡ་ཚན་ཡི་གེ་དང་པོ་གཞག །དེ་ལ་དབྱངས་ཡིག་བཅུ་གསུམ་བརྒྱན། །ཏ་ཚན་ཡི་གེ་གསུམ་པ་གཞག །ཡ་ཚན་ཡི་གེ་དང་པོ་གཞག །ཡ་ཚན་ཡི་གེ་དང་པོ་གཞག །ཏ་ཚན་ཡི་གེ་གསུམ་པ་གཞག །ཡ་ཚན་ཡི་གེ་དང་པོ་གཞག །དེ་ལ་དབྱངས་ཡིག་བཅུ་གསུམ་བརྒྱན། །ཏ་ཚན་ཡི་གེ་ལྔ་པ་གཞག །དེ་ལ་དབྱངས་ཡིག་གསུམ་པས་བརྒྱན། །ཡ་ཚན་ཡི་གེ་གསུམ་པ་གཞག །ཡ་ཚན་ཡི་གེ་དང་པོ་གཞག །ཀ་ཚན་ཡི་གེ་དང་པོ་གཞག །དེ་འོག་ཤ་ཚན་གཉིས་


DNG017_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

པས་སྤྲས། །དེ་ལ་དབྱངས་ཡིག་བཅུ་གཅིག་བརྒྱན། །ཡ་ཚན་ཡི་གེ་དང་པོ་གཞག །ཡ་ཚན་གྱི་ནི་དང་པོ་གཞག །ཀ་ཚན་ཡི་གེ་དང་པོ་གཞག །དེ་འོག་ཤ་ཚན་གཉིས་པས་སྤྲས། །དེ་ལ་དབྱངས་ཡིག་བཅུ་གཅིག་བརྒྱན། །ཡ་ཚན་གྱི་ནི་དང་པོ་གཞག །ཙ་ཚན་ཡི་གེ་དང་པོ་གཞག །ཙ་ཚན་གཉིས་པས་འོག་ཏུ་སྤྲས། །ཏ་ཚན་ཡི་གེ་ལྔ་པ་གཞག །དེ་ལ་དབྱངས་ཡིག་གསུམ་པས་བརྒྱན། །ཡ་ཚན་ཡི་གེ་གསུམ་པ་གཞག །པ་ཚན་ཡི་གེ་ལྔ་པ་གཞག །ཡ་ཚན་ཡི་གེ་དང་པོ་གཞག །ཤ་ཚན་ཡི་གེ་བཞི་པ་གཞག །དེ་འོག་དབྱངས་ཡིག་དྲུག་པས་བརྒྱན། །སྟེང་དུ་ཐིག་ལེས་མཛེས་པར་བྱས། །པ་ཚན་ཡི་གེ་གཉིས་པ་གཞག །དེ་དང་ཊ་ཚན་དང་པོར་ལྡན། །ཨོཾ་ཡ་མ་རཱ་ཛ་ས་དོ་མེ་ཡ། ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཡ་ད་ཡོ་ནི་ར་ཡ་ཀྵེ་ཡ། ཡ་ཀྵེ་ཡ་ཙྪ་ནི་རཱ་མ་ཡ་ཧཱུཾ་ཕཊ། ཡིད་བཞིན་ནོར་བུ་ལྟ་བུའི་སྔགས། །གསང་བ་རིན་ཆེན་ཐུགས་ཀྱི་གཏེར། །ཡིག་འབྲུ་སུམ་ཅུ་རྩ་གཉིས་པ། །མགོ་དང་མཐའ་རྟེན་གཉིས་དང་ལྡན། །འཁོར་ལོ་བསྐོར་བའི་གསང་སྔགས་འདི། །འཇམ་དཔལ་གཤིན་རྗེ་གཤེད་པོ་ཡི། །ཕྲིན་ལས་སྔགས་ཀྱི་རྩ་བར་བཤད། །ཡེ་ཤེས་ལྔ་རྫོགས་དབུ་རུ་གཞག །པ་ཚན་ཡི་གེ་གསུམ་པ་གཞག །དེ་དང་ཙ་ཚན་གསུམ་པར་ལྡན། །དེ་འོག་ཡ་ཚན་གསུམ་པས་སྤྲས། །ཙ་ཚན་ཡི་གེ་དང་པོ་གཞག །དེ་དང་ཊ་ཚན་ལྔ་པར་ལྡན། །ཊ་ཚན་ཡི་གེ་གསུམ་པ་གཞག །ཤ་ཚན་ཡི་གེ་གསུམ་པ་གཞག །ཡ་ཚན་ཡི་གེ་གསུམ་པ་གཞག །དེ་འོག་པ་ཚན་གསུམ་པས་སྤྲས། །ཏ་ཚན་ཡི་གེ་གསུམ་པ་གཞག །དེ་ལ་དབྱངས་ཡིག་ལྔ་པས་བརྒྱན། །ཤ་ཚན་ཡི་གེ་གཉིས་པ་གཞག །དེ་འོག་ཊ་ཚན་དང་པོས་སྤྲས། །དེ་དང་ཏ་ཚན་ལྔ་པར་ལྡན། །ཏ་ཚན་ཡི་གེ་དང་པོ་གཞག །ཀ་ཚན་ཡི་གེ་དང་པོ་བཞག །ཤ་ཚན་ཡི་གེ་བཞི་པ་གཞག །ཏ་ཚན་ཡི་གེ་ལྔ་པ་གཞག །


DNG017_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

ཏ་ཚན་ཡི་གེ་གསུམ་པ་གཞག །ཤ་ཚན་ཡི་གེ་བཞི་པ་གཞག །པ་ཚན་ཡི་གེ་དང་པོ་གཞག །ཙ་ཚན་ཡི་གེ་དང་པོ་གཞག །ཤ་ཚན་ཡི་གེ་བཞི་པ་གཞག །དེ་ལ་དབྱངས་ཡིག་དྲུག་པས་བརྒྱན། །དེ་སྟེང་ཐིག་ལེས་མཛེས་པར་བྱ། །པ་ཚན་ཡི་གེ་གཉིས་པ་གཞག །དེ་དང་ཊ་ཚན་དང་པོར་ལྡན། །བ་ཚན་ཡི་གེ་གཉིས་པ་གཞག །དེ་དང་ཊ་ཚན་དང་པོར་ལྡན། །ཤ་ཚན་ཡི་གེ་གསུམ་པ་གཞག །དེ་འོག་ཡ་ཚན་གཉིས་པས་སྤྲས། །དེ་ལ་དབྱངས་ཡིག་གཉིས་པས་བརྒྱན། །ཤ་ཚན་ཡི་གེ་བཞི་པ་གཞག །དེ་ལ་དབྱངས་ཡིག་གཉིས་པས་བརྒྱན། །རིན་པོ་ཆེ་ཡི་ཕྲ་ཡིས་གཅད། །ཨོཾ་བཛྲ་ཙཎྜ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། གསང་སྔགས་ཡིག་འབྲུ་ཉི་ཤུ་གཉིས། །ཕྱག་ན་རྡོ་རྗེ་གཏུམ་པོ་ཡི། །སྐུ་ཡི་སྙིང་པོར་བཤད་པའོ། །ཡེ་ཤེས་ལྔ་རྫོགས་དབུ་རུ་གཞག །ཙ་ཚན་ཡི་གེ་དང་པོ་གཞག །དེ་དང་ཊ་ཚན་ལྔ་པར་ལྡན། །ཊ་ཚན་ཡི་གེ་གསུམ་པས་སྤྲས། །པ་ཚན་ཡི་གེ་ལྔ་པ་གཞག །ཤ་ཚན་ཡི་གེ་བཞི་པ་གཞག །དེ་ལ་དབྱངས་ཡིག་གཉིས་པས་བརྒྱན། །ཡ་ཚན་ཡི་གེ་གསུམ་པ་གཞག །དེ་ལ་དབྱངས་ཡིག་བཅུ་གསུམ་བརྒྱན། །ཤ་ཚན་ཡི་གེ་གཉིས་པ་གཞག །ཊ་ཚན་ཡི་གེ་ལྔ་པ་གཞག །ཤ་ཚན་ཡི་གེ་བཞི་པ་གཞག །དེ་ལ་དབྱངས་ཡིག་དྲུག་པས་བརྒྱན། །དེ་སྟེང་ཐིག་ལེས་མཛེས་པར་བྱས། །པ་ཚན་ཡི་གེ་གཉིས་པ་གཞག །དེ་དང་ཊ་ཚན་དང་པོར་ལྡན། །རིན་པོ་ཆེ་ཡི་ཕྲ་ཡིས་གཅད། །ཨོཾ་བཛྲ་བཛྲ་ལ་སྔགས་བཏུ་མ་བྱུང་བ་ཆད་དམ་དཔྱད་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ། གསང་སྔགས་ཡིག་འབྲུ་བཅུ་པ་འདི། །ཕྱག་ན་རྡོ་རྗེ་འཇིགས་བྱེད་ཀྱི། །གསུང་གི་སྙིང་པོར་བཤད་པའོ། །ཡེ་ཤེས་ལྔ་རྫོགས་དབུ་རུ་གཞག །ཏ་ཚན་ཡི་གེ་ལྔ་པ་གཞག །དེ་ལ་དབྱངས་ཡིག་བཞི་པས་བརྒྱན། །ཡ་ཚན་ཡི་གེ་བཞི་པ་གཞག །དེ་དང་པ་ཚན་ལྔ་པར་གཞག །པ་ཚན་ཡི་གེ་གསུམ་པར་ལྡན། །ཡ་ཚན་ཡི་གེ་གསུམ་པ་གཞག །ཏ་ཚན་ཡི་གེ་གསུམ་པ་གཞག །ཡ་ཚན་ཡི་གེ་གསུམ་པ་


DNG017_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

གཞག །པ་ཚན་ཡི་གེ་གསུམ་པ་གཞག །དེ་དང་ཙ་ཚན་གསུམ་པར་ལྡན། །དེ་འོག་ཡ་ཚན་གསུམ་པས་སྤྲས། །པ་ཚན་ཡི་གེ་དང་པོ་གཞག །དེ་ལ་དབྱངས་ཡིག་གཉིས་པས་བརྒྱན། །ཊ་ཚན་ཡི་གེ་ལྔ་པ་གཞག །དེ་ལ་དབྱངས་ཡིག་གསུམ་པས་བརྒྱན། །ཤ་ཚན་ཡི་གེ་བཞི་པ་གཞག །དེ་ལ་དབྱངས་ཡིག་དྲུག་པས་བརྒྱན། །སྟེང་དུ་ཐིག་ལེས་མཛེས་པར་བྱ། །པ་ཚན་ཡི་གེ་གཉིས་པ་གཞག །དེ་དང་ཊ་ཚན་དང་པོར་ལྡན། །ཨོཾ་ནཱི་ལཾ་བ་ར་དྷ་ར་བཛྲ་པཱ་ཎི་ཧཱུཾ་ཕཊ། གསང་སྔགས་ཡིག་འབྲུ་བཅུ་གཅིག་པ། །གསང་བདག་ཕྱག་ན་རྡོ་རྗེ་ཡི། །ཐུགས་ཀྱི་སྙིང་པོར་བཤད་པའོ། །ཡེ་ཤེས་ལྔ་རྫོགས་དབུ་རུ་གཞག །པ་ཚན་ཡི་གེ་གསུམ་པ་གཞག །དེ་ལ་ཙ་ཚན་གསུམ་པར་ལྡན། །དེ་འོག་ཡ་ཚན་གསུམ་པས་སྤྲས། །པ་ཚན་ཡི་གེ་དང་པོ་གཞག །ཊ་ཚན་ཡི་གེ་ལྔ་པ་གཞག །དེ་ལ་དབྱངས་ཡིག་གསུམ་པས་བརྒྱན། །ཙ་ཚན་ཡི་གེ་དང་པོ་གཞག །དེ་དང་ཊ་ཚན་ལྔ་པར་ལྡན། །ཊ་ཚན་ཡི་གེ་གསུམ་པ་གཞག །པ་ཚན་ཡི་གེ་ལྔ་པ་གཞག །ཤ་ཚན་ཡི་གེ་བཞི་པ་གཞག །དེ་ལ་དབྱངས་ཡིག་གཉིས་པས་བརྒྱན། །ཙ་ཚན་ཡི་གེ་དང་པོ་གཞག །ཊ་ཚན་ཡི་གེ་ལྔ་པར་ལྡན། །ཊ་ཚན་ཡི་གེ་གསུམ་པ་གཞག །ཤ་ཚན་ཡི་གེ་བཞི་པ་གཞག །དེ་ལ་དབྱངས་ཡིག་དྲུག་པས་བརྒྱན། །སྟེང་དུ་ཐིག་ལེས་མཛེས་པར་བྱ། །ཤ་ཚན་ཡི་གེ་བཞི་པ་གཞག །དེ་ལ་དབྱངས་ཡིག་དྲུག་པས་བརྒྱན། །སྟེང་དུ་ཐིག་ལེས་མཛེས་པར་བྱ། །པ་ཚན་ཡི་གེ་གཉིས་པ་གཞག །དེ་དང་ཊ་ཚན་དང་པོར་ལྡན། །རིན་པོ་ཆེ་ཡི་ཕྲ་ཡིས་གཅད། །ཨོཾ་བཛྲ་པཱ་ཎི་ཙཎྜ་མ་ཧཱ་ཙཎྜ་ཧཱུཾ་ཧཱུཾ་ཕཊ། གསང་སྔགས་ཡིག་འབྲུ་བཅུ་གསུམ་པ། །ཁྲོ་ཆེན་ཕྱག་ན་རྡོ་རྗེ་ཡི། །ཡོན་ཏན་སྙིང་པོར་བཤད་པའོ། །ཡེ་ཤེས་ལྔ་རྫོགས་དབུ་རུ་གཞག །པ་ཚན་ཡི་གེ་ལྔ་པ་གཞག །ཤ་ཚན་ཡི་གེ་བཞི་པ་གཞག །དེ་ལ་དབྱངས་ཡིག་གཉིས་པས་བརྒྱན། །ཀ་ཚན་


DNG017_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་གེ་དང་པོ་གཞག །དེ་འོག་ཡ་ཚན་གསུམ་པར་སྤྲས། །དེ་ལ་དབྱངས་ཡིག་བཅུ་གསུམ་བརྒྱན། །ཏ་ཚན་ཡི་གེ་གསུམ་པ་གཞག །ཤ་ཚན་ཡི་གེ་བཞི་པ་གཞག །དེ་ལ་དབྱངས་ཡིག་དྲུག་པས་བརྒྱན། །སྟེང་དུ་ཐིག་ལེས་མཛེས་པར་བྱ། །པ་ཚན་ཡི་གེ་གཉིས་པ་གཞག །དེ་དང་ཊ་ཚན་དང་པོར་ལྡན། །རིན་པོ་ཆེ་ཡི་ཕྲ་ཡིས་གཅད། །ཨཱོཾ་མ་ཧཱ་ཀྲོ་དྷ་ཧཱུཾ་ཕཊ། གསང་སྔགས་ཡི་གེ་འབྲུ་བདུན་པ། །ཁྲོ་བོ་འབུམ་གྱིས་དབང་བསྐུར་བས། །སྟོབས་ཆེན་ཕྱག་ན་རྡོ་རྗེ་ཡི། །ཕྲིན་ལས་རྩ་བའི་སྙིང་པོར་བཤད། །ཡེ་ཤེས་ལྔ་རྫོགས་དབུ་རུ་གཞག །ཀ་ཚན་ཡི་གེ་གསུམ་པ་གཞག །ཡ་ཚན་ཡི་གེ་གསུམ་པ་གཞག །དེ་ལ་དབྱངས་ཡིག་ལྔ་པས་བརྒྱན། །ཊ་ཚན་ཡི་གེ་གསུམ་པ་གཞག །ཤ་ཚན་ཡི་གེ་བཞི་པ་གཞག །དེ་ལ་དབྱངས་ཡིག་དྲུག་པས་བརྒྱན། །སྟེང་དུ་ཐིག་ལེས་མཛེས་པར་བྱ། །པ་ཚན་ཡི་གེ་གཉིས་པ་གཞག །དེ་དང་ཊ་ཚན་དང་པོར་ལྡན། །རིན་པོ་ཆེ་ཡི་ཕྲ་ཡིས་གཅད། །ཨཱོཾ་ག་རུ་ཌ་ཧཱུཾ་ཕཊ། གསང་སྔགས་ཡི་གེ་འབྲུ་དྲུག་པ། །གསེར་གྱི་བྱ་ཁྱུང་རྒྱལ་པོ་ཡི། །གསང་བ་སྔགས་ཀྱི་སྙིང་པོར་བཤད། །ཡི་གེ་འབྲུ་བཏུ་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་འཇམ་དཔལ་གཤིན་རྗེ་གཤེད་པོས་ཞུས་པ། ཀྱེ་མ་བདེ་གཤེགས་བཅོམ་ལྡན་འདས། །སྔགས་ཀྱི་བྱེ་བྲག་ངེས་པ་རྣམས། །འགྲོ་ལ་ཕན་ཕྱིར་བཤད་པར་ཞུ། །ཞེས་ཞུས་པ་དང་། སྟོན་པ་ཀུན་ཏུ་བཟང་པོས་བཀའ་སྩལ་པ། ཆེ་མཆོག་ཧེ་རུ་ཀ་ཡི་སྙིང་པོ་ནི། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི། །སྐུ་ཡི་སྙིང་པོ་ཡིན་པར་བཤད། །པདྨ་དབང་ཆེན་སྙིང་པོ་ནི། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི། །གསུང་གི་སྙིང་པོ་ཡིན་པར་བཤད། །རྡོ་རྗེ་གཞོན་ནུའི་སྙིང་པོ་ནི། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་ཀྱི་སྙིང་པོ་ཡིན་པར་བཤད། །འཇམ་དཔལ་གཤིན་རྗེའི་སྙིང་པོ་ནི། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི། །ཡོན་ཏན་སྙིང་པོ་ཡིན་པར་བཤད། །ཕྱག་ན་རྡོ་རྗེའི་སྙིང་པོ་ནི། །


DNG017_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི། །ཕྲིན་ལས་སྙིང་པོ་ཡིན་པར་བཤད། །བྱ་ཁྱུང་རྒྱལ་པོའི་སྙིང་པོ་ནི། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི། །ཕྲིན་ལས་སྙིང་པོ་ཡིན་པར་བཤད། །སྐུ་གསུང་ཐུགས་དང་ཡོན་ཏན་དང་། །ཕྲིན་ལས་དག་དང་ལྔ་རྣམས་ནི། །རེ་རེ་ལ་ཡང་ལྔ་ལྔ་སྟེ། །སྐུ་ལ་ལྔ་སྟེ་གསུང་ལ་ལྔ། །ཐུགས་ལ་ལྔ་སྟེ་ཡོན་ཏན་ལྔ། །ཕྲིན་ལས་དག་ལ་ལྔ་རུ་བཤད། །ཁྱད་པར་ཐབས་ནི་གསང་བས་ཏེ། །སྔགས་ནི་ཐམས་ཅད་འགྲུབ་པར་བྱེད། །རིག་པ་སེམས་ཀྱི་རང་བཞིན་ཏེ། །ལས་ལ་སྔགས་པས་སྔགས་ཞེས་བྱ། །ཁྱད་པར་ཐམས་ཅད་གསང་བ་སྟེ། །སྔགས་ནི་ཐམས་ཅད་འགྲུབ་པར་བྱེད། །སེམས་ཀྱི་དྲན་པས་བཟུང་བ་སྟེ། །ཀུན་ལ་བསྔགས་པས་སྔགས་ཞེས་བྱ། །རིག་པ་སེམས་ཀྱི་ཐིག་ལེ་སྟེ། །ལེན་པའི་ཕྱིར་ན་སྙིང་པོར་བཤད། །སྣང་བ་སྐུ་ཡི་རང་བཞིན་ལ། །བསྒྱུར་བའི་ཕྱིར་ན་ཕྱག་རྒྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །གསང་བ་སྔགས་ཀྱི་སྙིང་པོ་ལ། །སྲོག་ཅེས་བྱ་བའི་མིང་ཡང་མེད། །གསང་བ་སྲོག་གི་སྙིང་པོ་ནི། །མི་རྟག་ཆོས་ཅན་ཡིན་པའི་ཕྱིར། །འཇིག་རྟེན་པ་ལ་གནས་པའོ། །གསང་བ་སྔགས་ཀྱི་སྙིང་པོ་ནི། །འཇིག་རྟེན་འདས་དང་འཇིག་རྟེན་པ། །ཐམས་ཅད་ཀུན་ལ་གནས་པར་བཤད། །ངན་སྔགས་གཙུག་ལག་གི་རྒྱུད་ཕྱི་མ་ལས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམ་པ་ལྔ་དང་། གསང་སྔགས་དང་། རིག་སྔགས་དང་། གཟུངས་སྔགས་དང་། སྙིང་པོ་དང་། ཕྱག་རྒྱ་དང་། གསང་བ་སྲོག་གི་སྙིང་པོ་དང་། གསང་བ་སྔགས་ཀྱི་སྙིང་པོ་རྣམས་བཤད་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཀུན་ཏུ་བཟང་པོ་ལ། འཇམ་དཔལ་གཤིན་རྗེའི་གཤེད་ཀྱིས་གསོལ་པ། བསྟན་པ་བསྲུང་བའི་དོན་སླད་དུ། །འཇིག་རྟེན་འདས་དང་འཇིག་རྟེན་པའི། །སྔགས་ཀྱི་འདྲེལ་པ་ཇི་ལྟར་ལགས། །ཀུན་བཟང་ཡབ་ཀྱིས་བསྟན་དུ་གསོལ། །ཞེས་ཞུས་པ་དང་། སྟོན་པ་ཀུན་ཏུ་བཟང་པོས་བཀའ་སྩལ་པ། །འཇིག་རྟེན་འདས་དང་འཇིག་རྟེན་པའི། །


DNG017_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱི་ཕྲེང་བ་ངས་བཤད་ཀྱི། །ཉོན་ཅིག་འཇམ་དཔལ་གཤིན་རྗེའི་གཤེད། །ཨོཾ་བཛྲ་ཀྲོ་ཏ་ཧཱུཾ་ཀཱ་ར་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་ནི་ཀྲོ་དྷ་ནཱི་ལ་དཎྜ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཨཱརྱ་ཨ་ཙ་ལ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཨ་པ་ར་ཛི་ཏ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུཾ་ཕཊ། ངེས་པ་རྣམས་ནི་ཕྱོགས་བཅུའི་ཁྲོ་བོ་ཆེན་པོ་བཅུའི་གསང་བ་སྔགས་ཀྱི་ཕྲེང་བའོ། །ལས་ཀྱི་སྔགས་ཀྱི་ཕྲེང་བ་སྤྱི་དང་མཐུན་པར་བཤད། དེ་ནས་ཡང་དག་བཤད་བྱ་བ།ཨོཾ་ཤྲཱི་ཧེ་རུ་ཀ །ཀྲོ་དྷཱི་ཤྭ་རཱི་སྟྭཾ། ཧཱུཾ་ཧ་ཧེ་ཕཊ། མ་མ་ཡོ་གི་ནི་རུ་ལུ་བྷྱོ། མ་མ་ཡོ་གི་ནི་རུ་ལུ་བྷྱོ། མ་མ་ཡོ་གི་ནི་རུ་ལུ་བྷྱོ། ཉིད་བཞི་མུ་ཁ་ལེ་ཀྲོ་དྷཱི་ཤྭ་རཱི་བྷ་ག་པདྨར་ཡ་བདེ་ཀློང་འདུས་འདུས་སྙིང་ཛ་ཤ་ཡུ་ཏི་ནི་ཧཱུཾ་བྷྱོ། མ་ཧཱ་ལཾ་ཏེ་ཧ། གྷྲི་ས་མུ་ཧ། ཛྭ་ལ་རཾ་བ་ཧ། བི་ཤ་ཡན་ཏི་ཧ། བི་ཡཾ་ལཾ་ཏེཧ། ཨོཾ་བཛྲ་ཀྲོ་དྷཱི་ཤྭ་རཱི་བྷ་ག་པདྨར་ཡ་ཧཱུཾ་ཧཱུཾ། བཛྲ་ཤཱན་ཏིང་པདྨ་ཀུ་རུ་ཏིང་བྷྱོ། མུ་ཏྲི་ནི། ཨ་ཤནྟྲི་ནི། བྷ་ག་དུན་ཏྲི་ནི། ཁ་མུན་དུན་ཏྲི་ནི། གཡོན་དུ་འདི་རྣམས་ལ་བི་ཏོ་ཨ་ཏོ་ཡང་འདུག །བཛྲ་སཱུརྱ་བི་དྷོ་མ་ཏོ་ཡེ། བཛྲ་པདྨ་བི་དྷ་མ་ཏོ་ཡེ། བཛྲ་ཁ་རག་བི་དྷ་མ་ཏོ་ཡེ།བཛྲ་སྲིང་འགྲོ་བི་དྷ་མ་ཏོ་ཡེ། བཛྲ་ཨ་ཀེཾ་བཛྲ་ཨ་ཀེཾ། བཛྲ་ཏ་ཀེཾ། བཛྲ་ནཱི་ལ། བཛྲ་ལན་ཏ། བཛྲ་ཟང་འགྲམ་མུ་རཾ་ཤོ། བཛྲ་ཟང་འགྲམ་མུ་རཾ་ཤཾ། བཛྲ་ཁ་རག་སྙིང་ཁ་རག །ཏྲག་རཀྴ། ཏྲཀ་རཀྴ་ཁ་མུན་ཏྲ་སཾ་ཁ་མུན་ཏྲ་བ་རཀྵ། པྲ་ཀ་ར་ཏིཥྚཱ་བྷྱོ། པ་ཤི་བ་ཏི་ཤཾ་བྷྱོ། བྷྱོ་ཧཱུཾ་ཀ་རོ་ཀ །བ་རོཏ་དྷ་རོཏ། ནི་ལ་ཆུ་མི་ཧ། ཁ་ཊྭཱཾ་ག །ད་ལ་ཙ་ལ། པདྨ་ཙནྡྲ། མ་ནུ་ར་ག་ཏོ། ཏིང་སཾ་ཏིང་སཾ། ཨེ་ཨཱ་ར་ལི། ནུ་བྱི་རུ་ལུ་རུ་ལུ་བྷྱོ། ནུ་བྱི་རུ་ལུ་བྷྱོ། ནུ་བྱི་རུ་ལུ་བྷྱོ། ཏྲག་རཀྴ་ཏྲག་རཀྴ་བྷྱོ། ཏྲག་རཀྴ་ཨ་སྡིང་བྷྱོ། པུཥྤི་ཏིང་བྷྱོ། པུཥ་ཏིང་བྷྱོ། མུང་བྷྱོ། བཛྲ་ཤནྟིང་བྷྱོ། དུནྟིང་བྷྱོ། ཧརྟིང་བྷྱོ། གྲུབ་ཏིང་བྷྱོ། པེ་ཏང་བྷྱོ། ཨ་བརྟ་དྷ་ལཾ་བྷྱོ། དྷ་ལ་དུ་ན་བྷྱོ། མ་ནུ་རཀྵ་སཱི་བྷྱོ། བྲཧྨ་ཎཱི་བྷྱོ། རོའུ་ཏྲི་བྷྱོ། ཀུམཱ་རཱི་བྷྱོ། བིཥྞ་བཻ་བྷྱོ། ཨིནྡྲ་ནི་བྷྱོ།


DNG017_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་སིངྒ་ལཾ་བྷྱོ། ཨ་མྲྀ་ཏ་བྷྱོ། སཽ་མྱ་བྷྱོ། དཎྜ་དཾ་བྷྱོ། རཀྵ་སཱི་བྷྱོ། བྷཀྵ་སཱི་བྷྱོ། ར་ཏི་བཛྲ་བྷྱོ། རུ་དྷི་ར་མཏྟ་བྷྱོ། ཨེ་ཀ་ཙ་རི་ཎཱི་བྷྱོ། མ་ནོ་ཧ་རཾ་བྷྱོ། སིདྡྷི་ཀ་བྷྱོ། བཱ་ཡ་བཱི་བྷྱོ། མ་ཧཱ་མ་ར་ཎ་བྷྱོ། བཛྲ་ཨག་ནཱི་བྷྱོ། བ་ར་ཧཱི་བྷྱོ། ཙ་མུཎྜཱི་བྷྱོ། སུ་ཏ་ནཱཾ་བྷྱོ། བ་རུ་ཎཱི་བྷྱོ། མ་ཧཱ་ཀཱ་ལཱི་བྷྱོ། བཛྲ་ཙ་ཀ་ལཱི་བྷྱོ། བཛྲ་ཀུཾ་བྷ་ཀརྞ་བྷྱོ། བཛྲ་ལམྦོ་དར་བྷྱོ། དེ་རྣམས་ནི་མ་མོ་དྲུག་ཅུ་རྩ་བརྒྱད་འཁོར་དང་བཅས་པའི་སྔགས་སུ་ཤེས་པར་བྱའོ། །ལས་སྔགས་གང་བྱེད་སྤྱི་དང་མཐུན་པར་གསུངས་སོ། །དེ་ནས་ཡང་དག་བཤད་བྱ་བ། སྔགས་སོར་བཞག་མ་མ་སྙིང་ཁ་རཀྴ། མ་མ་རཀྴ། རག་མོ་སྙིང་ཁྲག་མ་མ་དུན་དུན། ཏྲག་རཀྴ་མ་སྙིང་ཏེ་ཀེཾ། མ་མ་བྷྱོ་བྷྱོ། རུ་ལུ་རུ་ལུ་བྷྱོ་བྷྱོ། སྙིང་ཁ་རག་མ། མ་མ་ས་མ་ཡ་དཾ་དཾ་ཛ་ཛ། རུ་ཏྲ་སྙིང་ཁ་རཀྴ་ནི་རྦད་ཐུཾ་རི་ལི་ལི་བྷྱོ།སྙིང་ཁ་རཀྴ་མ་ནི་ཏྲ་སྟ་རྦད་ཐུཾ་རི་ལི་ལི་བྷྱོ། ཏྲཀ་རཀྴ་མུ་ཏྲ་སྙིང་ཁ་རག་མོ་བྷྱོ་ནི་རྦད་ཐུཾ་རི་ལི་ལི་བྷྱོ། དེ་རྣམས་ནི་གཙོ་མོ་ལྔའི་སྔགས་སུ་ཤེས་པར་བྱའོ། །ལས་སྔགས་སྤྱི་དང་མཐུན་པར་གསུངས། །དེ་ནས་ཡང་དག་བཤད་བྱ་བ། །ག་ཎ་པ་ཏི་ག་ཎ་པ་ཏི་དུན་ཛ་ཛཿ། དེ་ནི་ཐོག་གི་བུ་ཡུག་མའི་སྔགས་སུ་ཤེས་པར་བྱ།ལས་སྔགས་སྤྱི་དང་མཐུན་པར་གསུངས། །དེ་ནས་ཡང་དག་བཤད་བྱ་བ། །མ་ཏྲག་རཀྴ་མུནྟྲ་ཁ་མུནྟྲ་རུ་ལུ་རུ་ལུ་ཧཱུཾ་བྷྱོ། རཀྨོ་ཏེ་ཀུཾ་ཛ་ཛཿ། ཁ་ལ་མ་ཧི་བྷྱོ།རུ་ལུ་རུ་ལུ་བྷྱོ། དེ་ནི་ཨེ་ཀ་ཛ་ཏི་སྒྲོལ་བྱེད་མའི་སྔགས་སུ་ཤེས་པར་བྱའོ། །ལས་སྔགས་སྤྱི་དང་མཐུན་པར་གསུངས། །དེ་ནས་ཡང་དག་བཤད་བྱ་བ། མ་ཏྲག་རཀྴ་ཙིཏྟ་ཨ་རུ་ནན་ཛ་ཛཿ། དེ་ནི་དཀར་མོ་འབུམ་གྱི་གཙོ་མོ་ཉི་ཟླ་ཐོད་ཕྲེང་ཅན་གྱི་སྔགས་སུ་ཤེས་པར་བྱའོ། །ལས་སྔགས་སྤྱི་དང་མཐུན་པར་གསུངས། ཏྲག་རཀྴ་ཏྲིག་ཏྲིག་ཙིདྷ་ཧྲིང་ཧྲིང་ཛ་ཛཿ། དེ་ནི་སྨུག་མོ་འབུམ་གྱི་གཙོ་མོ་སྨུག་ཏིང་རྒྱལ་མོའི་སྔགས་སུ་ཤེས་པར་བྱའོ། །ལས་སྔགས་སྤྱི་དང་མཐུན་པར་གསུངས།མ་མ་ཏྲག་རཀྵ་མུ་བི་ཤ་ཧྲིཾ་ཧྲིཾ་ཛཿ། དེ་ནི་ནག་མོ་འབུམ་གྱི་གཙོ་མོ་ནག་མོའི་སྔགས་སུ་ཤེས་པར་བྱའོ། །ལས་སྔགས་སྤྱི་དང་མཐུན་པར་གསུངས། དཀར་


DNG017_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

མོ་སྨུག་མོ་ལས་ཁ་གཅིག་ཏུ་དྲིལ་བར་བྱའོ། །དེ་ནས་ཡང་དག་བཤད་བྱ་བ། རུ་རུ་རོ་རུ་ཙ་བ་ལ་ཨ་ཤུག་མེ་ཛ་ཛཿ། དེ་ནི་ལྷ་མོ་ནག་མོ་རེ་མ་ཏིའི་སྔགས་སུ་ཤེས་པར་བྱའོ། །ལས་སྔགས་སྤྱི་དང་མཐུན་པར་གསུངས། །དེ་ནས་ཡང་དག་བཤད་བྱ་བ། །ཁ་ཐུན་རཀྴ། མ་ཏྲང་རུ་ཏྲང་དུན་བྷྱོ། རཀ་མོ་རཀྴ་དུན་བྷྱོ། སྨྱག་མྱགས་དུན་དུན་རྒྱུད་ནི་ཛ། སྨྱག་མྱགས་རྒྱ་དུན་བྷྱོ། ཡ་ཐུན་ཡ་བྲུཾ་རྦད་ཏཾ་བྲམ་ཟེ་ནག་མོ་བྷྱོ། རུ་ལུ་ཙ་པ་ལ་རུ་ཏི་སླེ་ཤ་ཕཊ། ཛ་སོད་སོད། དུན་དུན་ཏིང་དུ་ལ་ཡ་ཛ། དུ་རུ་ཛ་ལ་ནི་ཧ་ན་ཛ། དུ་མ་ཧཱ་དེ་ཛ་བྷྱོ། དེ་རྣམས་ནི་བདུད་ཁ་ནག་པོ་བཀྲག་མེད་དང་། སྲིན་པོ་ཁ་འབར་འོག་རྒྱུ་དང་། བལ་མོ་སྤུན་གསུམ་དང་། མ་མོ་ཕུང་བྱེད་མའི་སྔགས་སུ་ཤེས་པར་བྱའོ། །ལས་སྔགས་སྤྱི་དང་མཐུན་པར་གསུངས། །དེ་ནས་ཡང་དག་བཤད་བྱ་བ། །སུཾ་བཛྲ་རཀྴ་ཏེ་ཏེ་ཀེ་ཏེ་ཏྲག་རཀྴ་ཐང་ཐང་ཛ། མ་མོ་རག་མོ་ནཱ་ག་ཤ་ཤུ། ནཱ་ག་དུ་མ་བ་ལེ་བྷྱོ། བི་ཤ་མེ་གེ་དུ་རུ་མ་ཤིང་གེ་ཛ་བ་ཏིང་། རཱ་ཧུ་ལ་ས་ཛ་ར་ར་སྙིང་རྩ་ཤ་མ་ལཾ་བྷྱོ།རག་མོ་རག་མོ་རུ་རུ་རོ་རུ་ཙ་པ་ལ་སྙིང་ཁ་རག་མོ་བྷྱོ། རག་མོ་རག་མོ། ཙབ་མོ་ཙབ་མོ། ཁྲག་ལ་མུ་ཤ་མོ་བྷྱོ། རག་མོ་རག་མོ་ཏྲག་མོ་ཤིག་ཤིག་སྙིང་ཁ་རག་མོ་བྷྱོ། རག་མོ་སྙིང་རྩ་ལ་རུ་རུ་རྩ་བ་སྙིང་ཁ་རག་གུ་སི་ཏན་མ་ཤག་མུ་ཤག་མ་བྷྱོ།དེ་རྣམས་ནི་སྲིན་པོ་རཀྴ་ནག་པོ་གློག་ཕྲེང་ཅན་དང་སྲིན་མོ་ཕག་མགོ་ཁྲག་མིག་མ་དང་། གཟའ་གདོང་མིང་སྲིང་ལྔའི་སྔགས་སུ་ཤེས་པར་བྱའོ། །ལས་སྔགས་སྤྱི་དང་མཐུན་པར་གསུངས། །དེ་ནས་ཡང་དག་བཤད་བྱ་བ། །སུ་ཏྲི་མ་ཡ། བ་ར་ཙི་ཏྲ་ཡོ་གཱི་ཤྭ་རི། མ་མ་ཙི་དྷ། དུན་དུན་ཛ་ཛཿ། དེ་ནི་བསེ་མོ་སྙིང་ཟན་མ་བཞིའི་སྔགས་སུ་ཤེས་པར་བྱའོ། །ལས་སྔགས་སྤྱི་དང་མཐུན་པར་གསུངས། དེ་ནས་ཡང་དག་བཤད་བྱ་བ། །མ་ཧཱ་ཀཱ་ལ་རུ་བཾ་བི་སྨས། ཨ་ཀྲོ་ཀྲཾ། མ་ཧཱ་པ་ཤ་ཧ་ནཾ། ན་རག་སི་ཧ་སརྦ་བྷུ་ཏ་ཨ་དྷི་པ་ཏ་ཡེ། ཡ་མ་ཙ་ཏ་དུན་དུན་ཛ། དེ་ནི་འཆི་བདག་གཤིན་རྗེ་ནག་པོའི་སྔགས་སུ་ཤེས་པར་བྱའོ། །ལས་སྔགས་སྤྱི་དང་མཐུན་པར་གསུངས། །


DNG017_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཡང་དག་བཤད་བྱ་བ། །ཨོཾ་མ་ཧཱ་དེ་བ་ཙིཏྟ་ཧྲིཾ་ཧྲིཾ་ཛ། དེ་ནི་དབང་ཕྱུག་ཆེན་པོའི་སྔགས་སུ་ཤེས་པར་བྱའོ། །ལས་སྔགས་སྤྱི་དང་མཐུན་པར་གསུངས། །མ་ཧཱ་ཀཱ་ལ་གུ་ཡ་ཧྲི་ད་ཧཱུཾ་ཕཊ། དེ་ནི་མགོན་པོ་ལེགས་ལྡན་ནག་པོའི་སྔགས་སུ་ཤེས་པར་བྱའོ། །ལས་སྔགས་སྤྱི་དང་མཐུན་པར་གསུངས། དེ་ནས་ཡང་དག་བཤད་བྱ་བ། །མ་ར་ན་རུ་ཏྲ་ཏྲང་ཀཱ་ལ་བྷྱོ། དེ་ནི་ཡ་བདུད་ཀུན་གྱི་གཙོ་བོ་ནག་པོ་མེའི་ཁ་རླངས་ཅན་ཞེས་ཀྱང་བྱ། སྐོར་རྗེ་དྲང་དཀར་ཞེས་ཀྱང་བྱ། ཡ་བདུད་ཀྱི་རྒྱལ་པོ་ཞེས་ཀྱང་བྱ་བའི་སྔགས་སུ་ཤེས་པར་བྱའོ། །ལས་སྔགས་སྤྱི་དང་མཐུན་པར་གསུངས། །དེ་ནས་ཡང་དག་བཤད་བྱ་བ། །བི་ཧ་ར་རཱ་ཙ་ཧྲིཾ་ཧྲིཾ་ཛ། དེ་ནི་སྲོག་གི་བདག་པོ་རྒྱལ་པོ་ལི་བྱིན་ཧར་ཏིའི་སྔགས་སུ་ཤེས་པར་བྱའོ། །ལས་སྔགས་སྤྱི་དང་མཐུན་པར་གསུངས། །དེ་ནས་ཡང་དག་བཤད་བྱ་བ། །ཀུ་རུ་བེ་ར་ཛ་ཏི་ཧྲིཾ་ཧྲིཾ་ཛ་ཛ། དེ་ནི་གནོད་སྦྱིན་སྲོག་བདག་གི་རྒྱལ་པོ་གནོད་སྦྱིན་མ་རུ་ཙེའི་སྔགས་སུ་ཤེས་པར་བྱའོ། །དེ་ནས་ཡང་དག་བཤད་བྱ་བ། །རྒྱུད་ཕྲེང་ཐུཾ་རིལ། ཏཾ་བ་ཀ་སོ་སོབ་དེ། བཛྲ་ཙ་ལོབ་ཀེ། བཛྲ་ཀཱི་ལི་ཀཱི་ལ་ཡ། ཏྲི་ཤར་ཀ་ར་ལ་ཕྲི་སི་མི་ལི། བཛྲ་སཱ་དྷུ་ས་མ་ཡ། ར་བཾ་ཛ་ཛ་དུན་བྷྱོ། དེ་ནི་གློ་བུར་དང་ཡེ་འདྲོག་སུམ་བརྒྱ་དྲུག་ཅུའི་བདག་པོ་གིང་ཆེན་པོ་རྡོ་རྗེ་ལེགས་པའི་སྔགས་སུ་ཤེས་པར་བྱའོ། །ལས་སྔགས་སྤྱི་དང་མཐུན་པར་གསུངས། །དེ་ནས་ཡང་དག་བཤད་བྱ་བ། །སརྦ་དུ་ཏྲཾ་ཧྲིཾ་ཧྲིཾ་ཛ། དེ་ནི་དྲེགས་པའི་ལྷ་སྲིན་སྡེ་བརྒྱད་ཀྱི་སྔགས་སུ་ཤེས་པར་བྱའོ། །ལས་སྔགས་སྤྱི་དང་མཐུན་པར་གསུངས། །དེ་ནས་ཡང་དག་བཤད་བྱ་བ། །ཀཱ་ལ་ཏི་པ་ཙ། ནཱ་ག་རཀྴ་ཆེ་གེ་མོ་ཏི་ཀུ་ལ་ཕེ་ཤན་ཕོས་ཕོས་ཤིག་ཤིག་ཆུམ་ཆུམ། ཧུ་ཡ་ཧུ་ཡ། ཀླུ་ནག་པོ་མགོ་དགུ་པ་ཆེན་པོ་ཛ་ཛཿ། དེ་ནི་མཛེ་ནད་ལས་ཀྱི་འཁོར་ལོའི་སྔགས། འཆི་བདག་ནག་པོ་མགོ་དགུ་པའི་སྔགས་སུ་ཤེས་པར་བྱའོ། །འདི་ཡི་ལས་སྔགས་རྣམ་པ་གསུམ། །རྣལ་མ་བཟློག་དང་ལྟོ་དཀྲུག་གསུམ། །ཤིན་ཏུ་གསང་བའི་འཁོར་ལོ་བསྐོར། །བཀའ་གསང་


DNG017_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་སྡེ་ཇི་སྙེད་དུ། །གསུངས་པའི་སྔགས་རྣམས་ཐམས་ཅད་ལ། །འདི་བཞིན་ཀུན་ལ་ཤེས་པར་བྱའོ། །ངན་སྔགས་གཙུག་ལག་གི་རྒྱུད་ལས། འཇིག་རྟེན་ལས་འདས་པ་དང་འཇིག་རྟེན་པའི་སྔགས་ཀྱི་ཕྲེང་བ་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་འཕགས་པ་འཇམ་དཔལ་གདན་ལས་བཞེངས་ཏེ། ལག་པ་དང་།མགྲིན་པ་དང་། མགོ་བོ་དང་། རྐང་པ་དང་ཐམས་ཅད་ཀྱིས་གར་གྱི་བརྡ་སྣ་ཚོགས་པ་བྱས་ནས། བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་ལ་གསོལ་པ། ཀྱེ་མ་བདེ་གཤེགས་བཅོམ་ལྡན་འདས། སེར་བ་ཞེས་བྱ་བ་ཇི་ལྟར་ལགས། ལོ་ཡི་ནད་ཅེས་ཇི་ལྟར་ལགས། །གློག་ཅེས་བྱ་བ་ཇི་ལྟ་བུ། །འབྱུང་བ་རླུང་ཞེས་ཇི་ལྟ་བུ། །དེ་རྣམས་འབྱུང་བའི་དུས་རྣམས་སུ། །སེར་བ་འབྱུང་བ་ངེས་པ་ན། །དུས་ཀྱི་ཆར་པ་འབྱུང་བའི་ཚེ། །སེར་བ་མེད་པ་ཇི་ལྟར་ལགས། །མ་བསྒྲུབས་པར་ཡང་འབབ་གྱུར་ན། །བསྒྲུབ་ནས་ངེས་པ་ཇི་ལྟར་ལགས། །བཅོམ་ལྡན་བདག་ལ་བཀའ་དྲིན་གསུངས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་འཇམ་དཔལ་ཁྱོད་ཉོན་ཅིག །མ་འོངས་རྣམས་ཀྱི་དོན་ཕྱིར་དུ། །ང་ཡིས་ཁྱོད་ལ་ལེགས་པར་བཤད། །སེར་བ་ཞེས་བྱ་དེ་ཉིད་ནི། །སྔགས་ཀྱི་འོད་ཟེར་བསམ་པས་འཕྲོ། །མ་མོ་མཁའ་འགྲོ་ལས་མཁན་ཉིད། །མཁའ་འགྲོ་ང་རོ་འབྲུག་གི་སྒྲ། །གཟི་མདངས་གློག་ཏུ་འཁྱུག་པ་ཡིན། །དེ་ཡི་ཁ་རླངས་སྤྲིན་དུ་འབྱུང་། །དེ་ཡི་སྤྲུལ་པ་སེར་བ་འབབ། །དེས་ན་སེར་བའི་སྒྲ་རུ་ངེས། །དབུགས་ནི་འབྱུང་བ་རླུང་ཡིན་ཏེ། །ཤིན་ཏུ་དྲག་ལ་གྲང་བར་འབྱུང་། །འདིས་ནི་སེར་བའི་སྣ་ཡང་འདྲེན། །འདི་རྣམས་སེར་བའི་སྒྲ་རུ་ངེས། །ཀླུ་ཡི་ང་རོ་འབྲུག་གི་སྒྲ་རུ་འབྱུང་། །དེ་ཡི་གཟི་བརྗིད་གློག་ཏུ་གྱུར་པའི་ཚེ། །དེ་ཡི་ཁ་རླངས་སྤྲིན་དང་ན་བུན་འཐིབས། །དེ་ཡི་སྤྲུལ་པ་ཆར་པ་དག་ཏུ་འབབ། །འདི་ནི་འབྱུང་བའི་རང་བཞིན་ཚ་གྲང་འཁྲུགས། །དཔེ་དོན་གཉིས་སུ་དེ་བཞིན་ཁྱད་པར་ཆེ། །དེ་ནས་སེར་བའི་ཏིང་འཛིན་བསྟན་པ་ནི། །འཁོར་ལོ་རྣམ་པ་གསུམ་


DNG017_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ངེས། །སྙིང་གར་གནམ་གཟེར་ནམ་མཁའི་འཁོར་ལོ་ཅན། །ནམ་མཁའི་དཀྱིལ་འཁོར་ཤིན་ཏུ་ཟླུམ་ཞིང་འཁྱིལ་པ་ལས། །དབུས་སུ་ཧཱུཾ་བཀོད་སྟེང་དུ་བྷྲཱུཾ། །འོག་ཏུ་ཧྲིལ་དང་ཤར་དུ་ཤར། །ལྷོ་རུ་མ་བཀོད་ནུབ་ཏུ་ར་འང་དགོད། །བྱང་དུ་ཡ་བཀོད་སྟེང་སྒོར་བྷྱོ། །ཐམས་ཅད་བྱང་ཆུབ་སེམས་ཀྱི་རང་བཞིན་པས། །གཟས་པའི་ཡུལ་དུ་དེ་བཞིན་གང་བར་བསྒོམ། །བར་གཟེར་རི་རབ་འཁོར་ལོ་ཅན། །རི་རབ་ཆེན་པོ་ཤིན་ཏུ་བརྗིད་པ་ལ། །ལྟེ་བར་ས་ཡི་མཎྜལ་བསྒོམ། །ཡིག་འབྲུ་བཀོད་པ་གོང་བཞིན་བྱ། །ས་གཟེར་ཞིང་ཡུལ་སྣེ་ཕྲེང་འཁོར་ལོ་ཅན། །མགྲིན་པར་ལོངས་སྤྱོད་འཁོར་ལོ་ཅན། །འདབ་བརྒྱད་དབུས་སུ་ཟླུམ་ཞིང་འཁྱིལ་པ་བསྒོམ། །ཡིག་འབྲུ་བཀོད་པ་གོང་བཞིན་སྦྱར། །ཁྲག་གསུམ་ཉུང་དཀར་རྒྱལ་པོ་དང་། །སྙིང་དང་གུ་གུལ་ནག་པོ་དང་། །དུག་སྣ་གསུམ་ལ་སྦྱར་བྱས་ནས། །སེར་བའི་བུ་བཞག་རི་ལུ་བྱ། །ཤེས་རབ་ཅན་གྱིས་འགྱུར་བ་དང་། །ཤེས་རབ་ཆུང་ན་གསུམ་དུ་ངེས། །དང་པོ་ལ་ནི་ཉི་མ་ཤར་ལྟར་ཏེ། །གཉིས་པ་ལ་ནི་ཕུ་ཆུ་འབྲུབ་པ་འདྲ། །གསུམ་པ་ལ་ནི་བྱ་རྒོད་གཟན་ལ་བཅུམ་པ་འདྲ། །དྲག་པོ་སྔགས་ཀྱི་འོད་ཟེར་ལས། །བདག་ཉིད་ཡེ་ཤེས་ཚོགས་ཀྱིས་གང་བ་དང་། །རྫས་རྣམས་མཁའ་འགྲོ་མ་ཡི་ཚོགས་ཀྱིས་གང་བ་གཉིས། །ཡུལ་གསུམ་གཤེད་མའི་ཚོགས་ཀྱིས་གང་བ་གསུམ། །དབྱེར་མེད་གཅིག་གི་ངང་དུ་གསལ། །གང་ཞིག་ལས་ལ་སྦྱར་བའི་རྟགས་བྱུང་ནས། །དེ་ཡི་དུས་ལ་བབས་པ་ཤིན་ཏུ་གཅེས། །ཁྲག་རྣམས་ཁོལ་ཞིང་འོད་བྱུང་ཁྲག་ཟོར་བརྡེག །ཟོར་གྱིས་ངེས་པར་ཐེབས་ཞེས་རྒྱལ་བས་གསུངས། །རི་ལུ་འཕར་ཞིང་འོད་བྱུང་རི་ལུའི་ཐང་། །རི་ལུས་ཐེབས་ཞེས་ངེས་པར་རྒྱལ་བས་གསུངས། །ཐོད་པ་འཁྲོལ་ལ་འཚེག་ཅིང་འོད་བྱུང་ན། །གཟེར་གྱིས་ངེས་པར་འབེབས་ཞེས་རྒྱལ་བས་གསུངས། །ཕུར་པ་འཕར་ཞིང་འོད་བྱུང་ཕུར་གཟེར་གདབ། །ཕུར་པས་གདབ་ཅེས་ངེས་པར་རྒྱལ་བས་གསུངས། །ཉུང་དཀར་འཕར་ཞིང་སྔགས་སྒྲ་མང་དུ་སྒྲོགས། །


DNG017_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

གང་གི་ཡུལ་དུ་ཐུན་གྱིས་ཕབ་གྱུར་ན། །ཉུང་ཐུན་འབེབས་ཞེས་ངེས་པར་རྒྱལ་བས་གསུངས། །སེར་བའི་དེ་ཁོ་ན་ཉིད་བསྟན་པའོ། །ངན་སྔགས་གཙུག་ལག་གི་རྒྱུད་ལས། སེར་བའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ། འཕགས་པ་འཇམ་དཔལ་གྱིས་ཞུས་པ། །ཀྱེ་མ་བདེ་གཤེགས་བཅོམ་ལྡན་འདས། །ཐོག་གི་དེ་ཉིད་བཤད་པར་ཞུ། །ཞེས་གསོལ་པ་དང་། ཀུན་ཏུ་བཟང་པོས་བཀའ་སྩལ་པ། །རྡོ་རྗེ་ཐོག་གི་རྣམ་པ་ནི། །ལོ་གྲངས་རྩིས་ཀྱིས་ཤེས་བྱ་སྟེ། །གང་ཞིག་རྟ་ཡི་ལོ་བྱུང་ན། །དྲག་པོ་སྔགས་ཀྱི་དངོས་གྲུབ་མྱུར། །སྦྲུལ་གྱི་ལོའང་དེ་བཞིན་ནོ། །གང་ཞིག་བྱི་བའི་དུས་ཀྱི་ཚེ། །དེ་ཚེ་འདི་བསྒྲུབ་མ་ཡིན་ཏེ། །ཕག་གི་ལོ་ཡང་དེ་བཞིན་ནོ། །འཇུག་ཏུ་མི་འདོད་དུས་བྱུང་ན། །རྟ་ཡི་ཟླ་བ་རྟ་ཡི་དུས། །སྦྲུལ་གྱི་ཟླ་བ་སྦྲུལ་གྱི་དུས། །ཉི་མའི་དུས་ཚོད་རྩིས་ལ་འཇུག །གར་འབེབས་ས་ཡི་ཚོད་དེར་ཡང་། །གཟེར་གདབ་པ་ཡང་དེ་བཞིན་ནོ། །གང་ཞིག་དངོས་གྲུབ་འབྱུང་བའི་ཚེ། །རྟ་ལོ་མིན་པའང་དེ་བཞིན་ནོ། །མིང་གི་རྣམ་པ་སོ་སོ་ཡང་། །ལས་ཀྱི་འབྲས་བུ་གཅིག་པ་ན། །དོན་གྱི་མན་ངག་གཅིག་ཡིན་ནོ། །ཐོག་ལ་དབྱེ་བ་རྣམ་པ་ལྔ། །དང་པོ་གསེར་གྱི་ཐོག་ཡིན་ཏེ། །གཉིས་པ་ལ་ནི་ལྕགས་ཐོག་གོ། །གསུམ་པ་ཟངས་ཐོག་ཡིན་པ་སྟེ། །བཞི་པ་འཁར་བའི་ཐོག་ཡིན་ནོ། །ལྔ་པ་ལ་ནི་རྡོ་རྗེའི་ཐོག །མདོར་ན་རྣམ་པ་ལྔ་རུ་གསུངས། །འདི་ཡི་རྫས་རྣམས་བསྟན་པ་ནི། །ཁྲག་གསུམ་ཉུང་དཀར་རྒྱལ་པོ་དང་། །སྙིང་དང་གུ་གུལ་ནག་པོ་དང་། །སོ་ན་དང་ནི་དེ་ཡི་གྲོགས། །བྱི་ལ་གྭ་པའི་ཁྲག་གམ་ནི། །ན་ཆུང་མ་ཡི་ཁྲག་ཏུ་གསུངས། །འདི་འཕང་བ་ལ་རྣམ་པ་གཉིས། །དྲག་པོ་སྔགས་ཀྱིས་འཕང་བ་དང་། །དྲག་པོ་རྫས་ཀྱིས་འཕང་བ་གཉིས། །དྲག་པོ་སྔགས་ཀྱིས་འཕང་བ་ནི། །མཱ་ར་ཡ་ལ་ཧྲིལ་བཏགས་ལ། །བྷྱོ་ཞེས་རིག་པ་གྲངས་ལ་འཕང་། །འདི་ལ་རྫས་ཀྱིས་འཕང་བ་ནི། །གྲི་མོའི་སྐྲ་ཤད་འུར་ཐོག་ལ། །ཞིང་གི་རས་བལ་དཀྱིལ་བྱས་ལ། །


DNG017_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཡི་གེ་ཡཾ་བཀོད་ལ། །ལན་གསུམ་བསྐོར་ལ་འཕངས་བྱས་ན། །གང་འདོད་གནས་སུ་འབེབས་པར་ངེས། །འདི་ཡི་ཏིང་འཛིན་བསྟན་པ་ནི། །སྙིང་ག་ཆོས་ཀྱི་འཁོར་ལོ་ལ། །མེ་ཡི་འཁོར་ལོ་གྲུ་གསུམ་བསྒོམ། །རྩེ་མོ་སྟེང་སྒོར་བསྟན་པ་དང་། །ཡི་གེ་ཛ་བཞག་གཡས་པར་མ། །གཡོན་པར་རཾ་བཀོད་དཀྱིལ་དུ་ཧཱུཾ། །དེ་འོག་བྷྱོ་ལ་དེ་སྟེང་ཡཾ། །ཕཊ་ཀྱིས་ཀུན་ཏུ་ཁྱབ་པར་བསྒོམ། །མཱ་ར་ཡ་དང་གྲོགས་པོ་ནི། །ཛྭ་ལ་རཾ་ཞེས་མཐར་བཞག་པ། །གསེར་འཇུ་བ་ཡི་དྲག་སྔགས་ཡིན། །མགྲིན་པ་ལོངས་སྤྱོད་འཁོར་ལོ་ན། །པད་དཀྱིལ་མེ་ཡི་འཁོར་ལོ་ནི། །གོང་མ་བཞིན་དུ་བསམ་པར་བྱ། །ཉི་ཤར་ལྟ་བུའི་ཏིང་འཛིན་གྱིས། །འོ་མ་རཀྟ་སྤྲོས་པ་ནི། །བདག་ཉིད་མེ་དཔུང་ཆེན་པོའི་ལས། །ཏིང་འཛིན་སྔགས་ཀྱི་འོད་ཟེར་ལས། །འོ་མ་རཀྟ་སོ་ན་ཞུ། །མེ་ལོང་དཀྱིལ་ནས་བླང་བྱས་ལ། །གོང་གི་རྫས་ཀྱི་དཀྱིལ་དུ་བཞག །སྤེལ་བ་དུ་སྡི་ཧྲིལ་དང་སྤེལ། །མདའ་ལྟ་བུ་ཡི་ཏིང་འཛིན་གྱིས། །གོང་དུ་གཅིག་ཏུ་དྲིལ་བ་དང་། །གསེར་ཐོག་རྒྱལ་བའི་ཏིང་འཛིན་གྱིས། །དཀྱིལ་དུ་བཅུག་ལ་འཕང་བར་བྱ། །གང་འདོད་གནས་སུ་ཐེབས་པར་ངེས། །འདི་ཡི་དུས་ཚོད་བསྟན་པ་ཡང་། །བསྒྲུབ་པའི་དུས་ཚོད་རྟ་ལོ་དང་། །སྦྲུལ་གྱི་ལོ་གཉིས་དུས་ཡིན་ནོ། །ཟླ་བ་དུས་ཀྱི་ངེས་པ་ཡང་། །རྟ་དང་སྦྲུལ་གྱི་ཟླ་བའོ། །ཉི་མའི་དུས་ཀྱི་ངེས་པ་ཡང་། །རྟ་དང་སྦྲུལ་དུ་ངེས་པའོ། །འཇུག་པའི་དུས་ཚོད་བསྟན་པའོ། །ཐེབས་པའི་དུས་ཚོད་བསྟན་པ་ཡང་། །སྤེན་པ་ས་ཁམས་གསེར་གྱི་དུས། །ལྷག་པ་ཕུར་པ་རྡོ་རྗེའི་དུས། །མིག་དམར་ཉི་མ་མེ་ཁམས་ཟངས་དང་ལྕགས། །འདི་ལ་ལས་རྣམས་འགྲུབ་པར་གདོན་མི་ཟ། །གཤེད་མ་སྲོག་ལ་དབབ་པའི་དུས་ཚོད་བསྟན་པ་ནི། །རྡོ་རྗེ་ས་ཁམས་སྤེན་པའི་དུས་སུ་བརྡེག །གསེར་དངུལ་ཟངས་ལྕགས་མིག་དམར་དུས་སུ་བརྡེག །འཕྲོ་བྱེད་ལྕགས་ཀྱི་ཐོག་ནི་ཕུར་པའི་དུས་སུ་བརྡེག །འདི་ལ་ཟོར་བརྒྱབ་ཐེབས་པར་གདོན་མི་ཟ། །


DNG017_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་ས་གཞི་བར་སྣང་ཁམས། །ཐམས་ཅད་ཡེ་ཤེས་མེ་དཔུང་འབར། །དུསྡི་ཧྲིལ་ཞེས་མི་ཐོག་མ་ཉེས་ཡོངས་ཀྱང་འཚིག །འདི་དང་ལྡན་ན་གཟས་པ་གདོན་མི་ཟ། །ངན་སྔགས་གཙུག་ལག་གི་རྒྱུད་ལས། ཐོག་གི་དེ་ཁོ་ན་ཉིད་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་འཇམ་དཔལ་གཤིན་རྗེ་གཤེད་ཀྱིས། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་གསོལ་ཏོ། །སྤྱི་དཔལ་ཆེན་པོ་ཀུན་ཏུ་བཟང་པོ་ལགས། །ལས་རྣམས་གྲུབ་པར་བྱ་བའི་ཕྱིར། །སྔགས་ཀྱི་སོ་རྣམས་བསྟན་དུ་གསོལ། །དེ་སྐད་ཅེས་གསོལ་དང་། སྟོན་པ་ཀུན་ཏུ་བཟང་པོས་བཀའ་སྩལ་པ། ཕྲིན་ལས་ཐམས་ཅད་བྱེད་པ་ཡི། །སྔགས་ཀྱི་སོ་རྣམས་ངས་བཤད་ཀྱི། །འགྲོ་ལ་ཕན་ཕྱིར་གུས་པས་ཉོན། །ཛཿཡིས་བསྙེན་པར་གྲངས་པས་ནི། །ཐམས་ཅད་འགུགས་པར་བྱེད་པའོ། །ཧཱུཾ་གིས་བསྙེན་པར་གྲངས་པས་ནི། །ཐམས་ཅད་དབང་དུ་སྡུད་པར་བྱེད། །ཕཊ་ཀྱིས་བསྙེན་པར་གྲངས་པས་ནི། །ཆེ་བའི་ཆེ་བའི་མཐུ་དཔུང་འཇོམས། །བྷྱོ་ཡིས་བསྙེན་པར་གྲངས་པས་ནི། །ཐམས་ཅད་ལས་ལ་སྐུལ་བར་བྱེད། །ཡ་ཡིས་བསྙེན་པར་གྲངས་པས་ནི། །ཐམས་ཅད་ལས་ལ་འཇུག་པར་བྱེད། །གང་འདོད་དམིགས་པར་སྦྲག་ནས་ནི། །ཛཿཞེས་བྱ་བའི་སྒྲ་བརྗོད་ན། །ཁམས་གསུམ་ཐམས་ཅད་འགུགས་པར་བྱེད། །ཧཱུཾ་གིས་ཐམས་ཅད་སྡུད་པར་བྱེད། །བྷྱོ་ནི་རྦད་པའི་སྔགས་སོ། །ཕཊ་ནི་སྤྲོ་བའི་སྔགས་སོ། །རྦད་ནི་གསོད་ཅིང་གཅོད་པའི་སྔགས་སོ། །མཱ་ར་ཡ་དང་ཕཊ་ཅེས་པ། །གསོད་པའི་དྲག་སྔགས་ཡིན་པར་བཤད། །ཛྭ་ལ་རཾ་ཞེས་བྱ་བ་ནི། །སྲེག་པའི་སྔགས་སུ་ཤེས་པར་བྱ། །ཨ་དང་ཏྲག་དང་ཕྱེ་དང་ཤག །ལྷ་དང་དབྱེ་བའི་སྔགས་སུ་ཤེས་པར་བྱའོ། །མ་དང་ཡ་དང་ཕྱེ་ཞེས་པ། །དགྲ་བོ་གཉན་དང་ཕྲལ་བའི་སྔགས། །མཱ་ར་ཡ་རྦད་ཐུན་དང་བྷྱོ། །ཐུན་དང་ཟོར་གྱི་སྔགས་སུ་བཤད། །མཱ་ར་ཡ་དང་དཀྲུག་དང་ནན། །དགྲ་སྡེ་དཀྲུག་པའི་སྔགས་སུ་བཤད། །


DNG017_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

ཨུ་ཙ་ཏ་ཡ་ཕཊ་ཅེས་པ། །དགྲ་བགེགས་ཐམས་ཅད་བསྐྲད་པའོ། །ཨཱ་ཀཪྵ་ཡ་ཛ་ཞེས་པ། །སྐྱེས་པ་དགུག་པའི་སྔགས་སུ་བཤད། །ཨ་ཀཪྵ་ཡ་ཧྲི་ཞེས་པ། །བུད་མེད་ཐམས་ཅད་འགུགས་པར་བྱེད། །ཤཱནྟིང་ཀུ་རུ་སྭཱ་ཧཱ་ནི། །ཐམས་ཅད་ཞི་བར་བྱེད་པའོ། །པུཥྚིཾ་ཀུ་རུ་སྭཱ་ཧཱ་ནི། །ཐམས་ཅད་རྒྱས་པར་བྱེད་པའོ། །ཝ་ཤཾ་ཀུ་རུ་ཧྲི་ཞེས་པ་ནི། །ཐམས་ཅད་དབང་དུ་སྡུད་པའོ། །པྲ་མ་ཡ་དང་རྦད་དང་ཡ། །དམིགས་པའི་མགོ་བོ་འཁོར་བའོ། །ལས་ནི་སོ་རུ་བཤད་པའོ། །རཀྟ་ཙ་ར་ཡ་དང་ནི། །རྦད་དང་ཡ་ཞེས་བྱ་བ་ནི། །ཁྲག་ཏུ་སྐྱུག་པར་བྱེད་པ་ཡི། །ལས་ཀྱི་སྔགས་སུ་ཤེས་པར་བྱ། །མུར་ཙ་ཡ་དང་རྦད་དང་ཡ། །དྲན་པ་མྱོས་པར་བྱེད་པ་ཡི། །ལས་ཀྱི་སྔགས་སུ་བཤད་པའོ། །མཱ་ར་ཡ་དང་རྦད་དང་ཡ། །གསོད་པར་བྱེད་པའི་སྔགས་སུ་བཤད། །སྟམ་བྷ་ཡ་དང་ནན་ཞེས་པ། །མནན་པའི་སྔགས་སུ་ཤེས་པའོ། །ཏྲིག་ནན་ཞེས་བྱའི་སྔགས་དེ་ནི། །ཐམས་ཅད་གཟིར་བའི་སྔགས་སུ་བཤད། །ཙིཏྟ་རྦད་དང་ནན་ཞེས་པ། །དྲག་པོ་གཟིར་བའི་སྔགས་སུ་བཤད། །རྦད་དང་ནན་ཞེས་བྱ་བ་ནི། །བཙན་ཐབས་གཟིར་བའི་སྔགས་སུ་བཤད། །ཧེ་མ་དུན་དང་ཕོབ་ཅེས་པ། །ལྟས་ངན་བསྒྲུབ་པའི་སྔགས་སུ་བཤད། །ཁུ་བ་ཧེ་དང་ཕཊ་ཅེས་པ། །ལྟས་ངན་འཕང་བའི་སྔགས་སུ་བཤད། །ལི་ཙ་རྦད་ཅེས་བྱ་བ་ནི། །ཐོག་དང་སེར་བ་གཅོད་པའོ། །དུད་ཕྲོམ་ཞེས་པའི་གསང་སྔགས་ནི། །སེར་བ་འདྲིལ་བའི་སྔགས་སུ་བཤད། །ཤར་ལ་བྷྱོ་ཡིས་བསྐུལ་བ་ནི། །སེར་བ་ལམ་བསྟན་སྔགས་སུ་བཤད། །ཆེ་གེ་མོ་ཡི་ལོ་ཏོག་ལ། །ཨཱ་བེ་ཤ་ཡ་ཨ་ཞེས་པ། །གཟན་ལ་དབབ་པའི་སྔགས་སུ་བསྟན། །རཾ་རཾ་ཞེས་པའི་གསང་སྔགས་ནི། །ཐོག་གི་དྲིལ་སྔགས་དག་ཏུ་བཤད། །ཧྲིལ་དང་ཤར་དང་བྷྱོ་ཞེས་པ། །ཐོག་རྣམས་དབབ་པའི་སྔགས་སུ་བཤད། །འདུས་སྡི་ཧྲིལ་དང་བྷྱོ་དང་ཕོབ། །ཐོག་གི་འཕང་སྔགས་དག་ཏུ་བཤད། །ཁྱུག་ཁྱུག་ཡཾ་ཡཾ་ཞེས་པ་ནི། །གློག་དང་རླུང་གི་སྔགས་


DNG017_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བཤད། །འུར་འུར་ཆེམ་ཆེམ་ཞེས་པ་ནི། །འབྲུག་གི་སྙིང་པོ་དག་ཏུ་བཤད། །ཤིང་ཤིང་ཀུ་རུ་ཞེས་པ་ནི། །སྲིན་པོ་གདོང་དམར་སྙིང་པོ་ཡིན། །ཆེ་གེ་མོ་ཞེས་བྱ་བ་ནི། །བཏགས་པ་མིང་གི་སྙིང་པོ་ཡིན། །གསང་བ་སྲོག་གི་སྙིང་པོ་འམ། །བཏགས་པ་མིང་གི་སྙིང་པོའོ། །དམིགས་པས་སྤྲས་ལ་བཟླས་པར་བྱ། །རྒྱུད་ནས་གསུངས་པའི་སྔགས་རྣམས་ལ། །མཁས་པས་འབྱུང་དང་འཇུག་པ་དང་། །དཀྲུག་དང་རྡེག་པ་ཤེས་པར་བྱ། །བཀའ་གསང་རྒྱུད་སྡེ་ཇི་སྙེད་དུ། །གསུངས་པའི་སྔགས་རྣམས་ཐམས་ཅད་ལ། །འདི་བཞིན་ཀུན་ལ་སྦྱར་བར་བྱ། །དེ་ནས་ཡང་དག་བཤད་བྱ་བ། །ཛཿཛཿཧཱུཾ་ཧཱུཾ་བཾ་བཾ་ཧོཿཧོཿ། ཧ་ཧ་ཧི་ཧི་ཧུ་ཧུ། ཧེ་ཧེ་ཧོ་ཧོ་སྭཱ་ཧཱ། ས་མ་སྟྭཾ། བྷྱོ་བྷྱོ། ཡ་ཡ། ཕཊ་ཕཊ། ཛྭ་ལ་རཾ། ཐུཾ་རིལ། ཐུཾ་ཐུཾ། རྦད་རྦད། རྦུད་རྦུད། སད་སད། རྦད་ལིང་། རྦུད་ལིང་། རྦུད་ཐུཾ། རྦད་ཡེ། རྦད་ཕཊ། རྦད་ཤག རྦད་མྱོག །རྦད་ཡ། རྦད་ཐིབ། རྦད་མྱོག །རྦད་མྱག །རྦད་རྨུག །རྦད་རྦུད། རྦད་རཾ། རྦད་ནན་ནན། རཱུ་པ་སད། བཱ་ག་སད། ཙིཏྟ་སད། ཐུཾ་རིལ་སད། རཀྟ་སད། སྡི་སྟ་སད། སྐནྡྷ་སད། རུ་པ་རྦད། བཱག་རྦད། ཙིཏྟ་རྦད། ཐུཾ་རིལ་རྦད། རཀྟ་རྦད། སིཥྚ་རྦད། སྐནྡྷ་རྦད། རྦད་ཐུཾ། ཤིག་ཐུཾ། ཁས་ཁས། ཤག་ཤག །ཤིག་ཤིག །སད་ཡ་རྡུབ་རྡུབ། རྦད་ཁས། ཚལ་པ་ཚལ་པ་རྦད། སིང་ཧྲིང་ཛ་ཛ། ཨཱ་བེ་ཤ་ཡ། ཨཱ་བེ་ཤ་ཡ་ཨཱ། པྲ་བེ་ཤ་ཡ་ཕཊ། བྷིནྡྷ་ཤ་ཡ་རྦད། བཛྲ་ཨངྐུ་ཤ་ཡ་ཛཿ། བཛྲ་པཱ་ཤ་ཧཱུཾ། བཛྲ་སྥོ་ཊ་བཾ། བཛྲ་གྷཎྜ་ཧོཿ། ཛཿཧཱུཾ་བཾ་ཧོཿ། གརྫ་གརྫ་མཱ་ར་ཡ་ཕཊ། ཧ་ན་ཧ་ན་མཱ་ར་ཡ་ཕཊ། ད་ཧ་ད་ཧ་མཱ་ར་ཡ་ཕཊ། པ་ཙ་པ་ཙ་མཱ་ར་ཡ་ཕཊ། བྷནྡྷ་བྷནྡྷ་མཱ་ར་ཡ་ཕཊ། ཧུ་ལུ་ཧུ་ལུ་མཱ་ར་ཡ་ཕཊ། ཏིཥྛ་ཏིཥྛ་མཱ་ར་ཡ་ཕཊ། ཚིནྡ་ཚིནྡ་མཱ་ར་ཡ་ཕཊ། བྷིནྡ་བྷིནྡ་མཱ་ར་ཡ་ཕཊ། སྥོ་ཊ་སྥོ་ཊ་མཱ་ར་ཡ་ཕཊ། རྦ་ན་རྦ་ན་ཕཊ། ཐུན་བྷྱོ་ཐུན་བྷྱོ་ཕཊ། ཧ་ཡ་ཛ་ཡ། བི་ཤ་ཧ་ལ་ཧ་ལ་བྷྱོ་བྷྱོ་ཕཊ། ཨེ་སྭཱ་ཧཱ། རཾ་སྭཱ་ཧཱ། བཾ་སྭཱ་ཧཱ། སུཾ་སྭཱ་ཧཱ། ཨེ་མ་ཧཱ། ཡཾ་མ་ཧཱ། རཾ་མ་ཧཱ། པཾ་མ་ཧཱ།


DNG017_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

སུཾ་མ་ཧཱ། ཨེ་ཆེ་གེ་མོ་མཱ་ར་ཡ་ཕཊ། ཡཾ་ཆེ་གེ་མོ་མཱ་ར་ཡ་ཕཊ། རཾ་ཆེ་གེ་མོ་མཱ་ར་ཡ་ཕཊ། བཾ་ཆེ་གེ་མོ་མཱ་ར་ཡ་ཕཊ། སུཾ་ཆེ་གེ་མོ་མཱ་ར་ཡ་ཕཊ། ཆེ་གེ་མོ་ཨེ་རྦད། ཨེ་ཆེ་གེ་མོ་མཱ་ར་ཡ་ཕཊ། ཆེ་གེ་མོ་ཡཾ་རྦད། ཡཾ་ཆེ་གེ་མོ་མཱ་ར་ཡ་ཕཊ། ཆེ་གེ་མོ་རཾ་རྦད། རཾ་ཆེ་གེ་མོ་མཱ་ར་ཡ་ཕཊ། ཆེ་གེ་མོ་བཾ་རྦད། བཾ་ཆེ་གེ་མོ་མཱ་ར་ཡ་ཕཊ། ཆེ་གེ་མོ་སུཾ་རྦད། སུཾ་ཆེ་གེ་མོ་མཱ་ར་ཡ་ཕཊ། ཨེ་ཆེ་གེ་མོ་མཱ་ར་ཡ་ཕཊ་ཨེ། ཡཾ་ཆེ་གེ་མོ་མཱ་ར་ཡ་ཕཊ་ཡཾ། རཾ་ཆེ་གེ་མོ་མཱ་ར་ཡ་ཕཊ་རཾ། བཾ་ཆེ་གེ་མོ་མཱ་ར་ཡ་ཕཊ་བཾ། སུཾ་ཆེ་གེ་མོ་མཱ་ར་ཡ་ཕཊ་སུཾ། སུཾ་བཾ་རཾ་ཡཾ་ཨེ་ཆེ་གེ་མོ་མཱ་ར་ཡ་ཕཊ། ཨེ་ཨཱ་ཀ་ཤ་མ་དྷ་ལ་ཆེ་གེ་མོ་མཱ་ར་ཡ་ཕཊ།) ཀེཾ་མནྡྷ་ལ་ཆེ་གེ་མོ་མཱ་ར་ཡ་ཕཊ། རཾ་ཛྭ་ལ་མནྡྷ་ལ་ཆེ་གེ་མོ་མཱ་ར་ཡ་ཕཊ། བཾ་ནི་མནྡྷ་ལ་ཆེ་གེ་མོ་མཱ་ར་ཡ་ཕཊ། སུཾ་སྡི་སྟམ་བྷ་ཡ་ཆེ་གེ་མོ་མཱ་ར་ཡ་ཕཊ། མ་ཧཱ་མ་དྷ་ལ་ཆེ་གེ་མོ་མཱ་ར་ཡ་ཕཊ། ཐང་ཐང་ཛ། ཧོ་ཧ་ཡ། ཆེ་གེ་མོ་མ་ཧཱ་ཡ་རྦད་རྦད། ནན་སྟཾ་བྷཾ་ཡ་ནན། ཛ་ལ་པཾ་ཡ། ཛ་ལ་ནི་སྟཾ་བྷ་ནི་མ་ཧཱ་མནྟྲ་ཤ་རི་ཛ་ནི་ཕཊ་ཕཊ་ཕཊ། ངན་སྔགས་གཙུག་ལག་གི་རྒྱུད་ལས། སྔགས་ཀྱི་སོ་བརྒྱ་དང་ལྔ་བཅུ་རྩ་གཅིག་པ་བསྟན་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་འཇམ་དཔལ་གཤིན་རྗེ་གཤེད་པོས། འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བདེ་གཤེགས་བཅོམ་ལྡན་འདས། །རྫས་དང་སྔགས་དང་ཏིང་འཛིན་གྱིས། །ཉམས་སུ་བླང་བ་ཇི་ལྟར་ལགས། །ཞེས་གསོལ་པ་དང་། སྟོན་པ་ཀུན་ཏུ་བཟང་པོས་བཀའ་སྩལ་པ། །སྔོན་དུ་འགྲོ་བའི་ལས་དག་ནི། །རྣམ་པ་གཉིས་སུ་ཤེས་པར་བྱ། །ཡེ་ཤེས་ལྷ་ཡི་བསྙེན་བསྒྲུབ་དང་། །འཇིག་རྟེན་དྲེགས་པའི་བསྙེན་བསྒྲུབ་གཉིས། །ཉམས་སུ་བླང་བའི་རིམ་པ་ནི། །རྣམ་པ་ལྔ་རུ་ཤེས་པར་བྱ། །ཕྱི་བསྒྲུབ་ནང་བསྒྲུབ་གསང་བསྒྲུབ་དང་། །གསང་ཆེན་བསྒྲུབ་པ་དག་དང་ནི། །ཡང་གསང་གཏེར་དུ་བསྒྲུབ་པ་ལྔ། །རྡུལ་ཚོན་དཀྱིལ་འཁོར་ཕྱི་བསྒྲུབ་པོ། །ལུས་ལ་ལྷ་བཀོད་ནང་བསྒྲུབ་པོ། །སྙིང་ལ་ལྷ་བཀོད་གསང་བསྒྲུབ་པོ། །རྩ་ལ་ལྷ་བཀོད་གསང་ཆེན་


DNG017_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །སེམས་ཉིད་ལ་བཀོད་ཡང་གསང་གཏེར། །སྔགས་དང་ཕྱག་རྒྱ་ཏིང་འཛིན་དང་། །ཆོ་ག་ལས་ཀྱི་རིམ་པ་རྣམས། །རང་གི་སྒྲུབ་ཐབས་གཞུང་བཞིན་བྱ། །ལས་ལ་སྦྱར་བའི་རིམ་པ་རྣམས། །རྫས་དང་སྔགས་དང་ཏིང་འཛིན་གྱིས། །སྦྱོར་བ་རྣམ་པ་གསུམ་གྱིས་ནི། །རྟེན་འདྲེལ་འཛོམ་པའི་ནུས་མཐུ་ཡིས། །ལས་རྣམས་འགྲུབ་པར་བྱེད་པའོ། །ལས་ཀྱི་དཀྱིལ་འཁོར་རྣམ་པ་བཞི། །ཞི་བ་ཟླུམ་པོ་དཀར་པོའོ། །རྒྱས་པ་གྲུ་བཞི་སེར་པོའོ། །དབང་ལ་ཟླ་གམ་དམར་པོའོ། །དྲག་པོ་གྲུ་གསུམ་མཐིང་ནག་གོ། །རྟེན་དང་མཆོད་དང་ལས་ཀྱི་རྫས། །འཁོར་ལོ་བསྐོར་དང་ཐུན་གྱིས་རྫས། །ཉུང་དཀར་ཉུང་ནག་ཁྲག་དང་དུག །ལྕགས་ཕྱེ་ཟངས་ཕྱེ་རྡོ་ཕྱེ་དང་། །གནམ་ལྕགས་གྲི་ལྕགས་ཕུར་པ་དང་། །དུག་ཤིང་དག་གི་ཕུར་པས་གདབ། །གང་བྱེད་རང་གི་གཞུང་དང་སྦྱར། །ལས་མཁན་གང་ཡིན་སྲོག་སྙིང་དང་། །དམིགས་པ་གང་ཡིན་སྲོག་སྙིང་དང་། །ཕྲིན་ལས་གང་བྱེད་ལས་ཀྱི་སོ། །མཁས་པས་སྡེབ་ནི་ཤེས་བྱས་ལ། །ལས་ཀྱི་བཟླས་པ་གང་འདོད་བྱ། །བདག་ཉིད་ཡི་དམ་ལྷ་བསྒོམ་བྱ། །སྔགས་ཀྱི་འོད་ཟེར་འཕྲོ་འདུ་ཡིས། །སྔགས་བདག་དམ་ཅན་རྒྱུད་བསྐུལ་བས། །ཇི་ལྟར་འདོད་པའི་ལས་རྣམས་ནི། །ཐོགས་པ་མེད་པར་བྱ་བར་བསྒོམ། །ཞི་དང་རྒྱས་པའི་ཕྲིན་ལས་དང་། །དབང་གི་ལས་དང་རྣམ་པ་གསུམ། །ལས་གཞུག་སྦྱིན་སྲེག་དག་གིས་གཅད། །དྲག་པོའི་ལས་ནི་ཐམས་ཅད་ཀྱི། །ལས་གཞུག་གཅོད་པའི་རིམ་པ་ནི། །སྲེག་དང་ཟོར་དང་མནན་པས་གཅད། །གལ་ཏེ་བསོད་ནམས་ཆུང་འགྱུར་བའི། །སྔགས་པས་ཕྲིན་ལས་མ་གྲུབ་ན། །སྔོན་དུ་བསོད་ནམས་ཚོགས་བསག་བྱ། །དེ་ནས་བསྙེན་བསྒྲུབ་གཞུང་བཞིན་བྱ། །དེ་ནས་ཕྲིན་ལས་ལན་གསུམ་སྤོགས། །ལས་གཞུང་སྔ་མ་ཇི་བཞིན་བྱ། །དེས་ཀྱང་གྲུབ་པར་མ་གྱུར་ན། །སྔོན་དུ་འགྲོ་བ་ཀུན་བྱས་ལ། །དམ་ཅན་གནད་ལ་དབབ་པར་བྱ། །བཟློག་ཅིང་གསད་པར་བྱ་བ་དང་། །དཀྲུག་ཅིང་གསད་པར་བྱ་བ་དང་། །གཟིར་ཅིང་གསད་པའི་
ལས་རྣམས་བྱའོ། །དེ་ནས་སྔགས་པ་དམ་ཅན་དེས། །རང་ལ་བར་ཆོད་མི་ཚུགས་ཕྱིར། །རང་གི་ཡི་དམ་གང་བསྒོམ་པའི། །རྒྱུན་གྱི་ཏིང་འཛིན་བརྩོན་པར་བྱ། །ཐ་མལ་ལུས་སུ་མི་གསལ་ཞིང་། །སྣང་སྟོང་གཉིས་སུ་མེད་པར་བསྒོམ། །དེ་ནས་ལས་རྣམས་གྲུབ་པ་དང་། །འཇིག་རྟེན་འདས་དང་འཇིག་རྟེན་པའི། །སྔགས་བདག་སྲུང་མ་དམ་ཅན་ལ། །མཆོད་པ་འབུལ་ཞིང་དམ་ཚིག་བསྐང་། །རྡོ་རྗེའི་ས་ལ་གནས་ཀྱི་བར། །རང་གི་ཡི་དམ་རྒྱུན་དུ་བསྒོམ། །སྤྱོད་ལམ་བཀའ་ཡི་གཞུང་བཞིན་བྱ། །སྣང་སྟོང་གཉིས་སུ་མེད་པར་བསྒོམ། །ངན་སྔགས་གཙུག་ལག་གི་རྒྱུད་ལས། རྫས་དང་སྔགས་དང་ཏིང་ངེ་འཛིན་གསུམ་གྱི་བསྒོམ་བསྒྲུབ་དང་། ཕྲིན་ལས་ཉམས་སུ་བླང་བའི་ལེའུ་སྟེ་བརྒྱད་པའོ།། །།ངན་སྔགས་གཙུག་ལག་གི་རྒྱུད་ཕྱི་མའི་ཡང་ཕྱི་མ་རྫོགས་སོ།། །།

འཇིག་རྟེན་གསུམ་གྱི་ཤེས་པ་བསྒྲལ་བའི་རྒྱུད།


DNG017_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཏྲི་ལོ་ཀ་བི་དཱ་ར་ཏནྟྲ། བོད་སྐད་དུ།འཇིག་རྟེན་གསུམ་གྱི་ཤེས་པ་བསྒྲལ་བའི་རྒྱུད། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན།བཅོམ་ལྡན་འདས་གསང་བ་གསུམ་གྱི་བདག་པོ་གཉིས་སུ་མེད་པའི་ཐིག་ལེ་འོད་ཟེར་ཁ་དོག་སྣ་ཚོགས་པས་འཁྲིགས་པ། སྐུ་རྡོ་རྗེ་ཕྱོགས་བཅུའི་དེ་བཞིན་གཤེགས་པའི་སྐུ་རྣམ་པར་དག་པའི་བདག་ཉིད། པདྨོ་ཆེན་པོ་ལས་ཡོངས་སུ་གྲུབ་པའི་འབྲས་བུ་དང་བཅས་པའི་གསུང་དྲི་མ་མེད་པའི་རྣམ་པར་དག་པའི་རྡོ་རྗེ་ཡོངས་སུ་འཛིན་པ། ཏིང་ངེ་འཛིན་ལ་མངའ་བརྙེས་པའི་ཐུགས་རང་བཞིན་ལྷན་ཅིག་ཡོངས་སུ་གྲུབ་པའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ། ཡོན་ཏན་ཀུན་གྱིས་བརྒྱན་པའི་རྒྱལ་པོ་རྨོངས་པས་ལྡོངས་པའི་ལམ་མཁན་ཆེན་པོ། གཏི་མུག་གི་མུན་པ་སེལ་བའི་སྒྲོན་མ། ཤིན་ཏུ་སྲ་བའི་བྲག་འཇོམས་པའི་རྡོ་རྗེ། རྒྱ་མཚོ་ཆེན་པོ་སྐམ་པའི་མེ་ཆེན་པོ། རླུང་ཆེན་པོ་ཞི་བར་བྱེད་པའི་བདག་ཉིད། རང་བཞིན་གྱིས་འོད་གསལ་བ་ཀུན་ལ་ཁྱབ་པར་བྱེད་པ། གང་ལ་ཡང་འགག་པ་མེད་པའི་ཕྲིན་ལས་ཀུན་ཏུ་འདུལ་བར་བྱེད་པ། སྐུ་གསུང་ཐུགས་ཀྱི་ས་ཉིད་དོ། །མི་གསུང་


DNG017_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

བསྲུང་བ་མེད་པའི་དམ་ཚིག་ཆེན་པོ། ཕྱོགས་བཅུ་དུས་གསུམ་གྱི་ཆོས་མ་ལུས་པའི་བདག་ཉིད། འཇིག་རྟེན་ཁམས་ན་རྫུ་འཕྲུལ་རྣམ་པ་སྣ་ཚོགས་པ་སྤྲུལ་པའི་མངའ་བདག །མི་མཐུན་པའི་ཕྱོགས་ཐམས་ཅད་ཡོངས་སུ་འདུལ་བར་མཛད་པའི་རྒྱལ་པོ། ཐབས་དང་ཐབས་ལས་བྱུང་བ་ཡོངས་སུ་སྨིན་པར་མཛད་པའི་ཞིང་ས། སྟོབས་དང་སྟོབས་ཀྱིས་ཡོངས་སུ་སྒྲོལ་བའི་གྲུ་ཆེན་པོ། ཉམས་པ་ཐམས་ཅད་སྐོང་བའི་མངའ་བདག །མཚན་མ་ཐམས་ཅད་འཇོམས་པའི་རྡོ་རྗེ་མེད་པ་ལས་ཟློག་པའི་བདག་ཉིད་ཆེན་པོ། ཡོངས་སུ་གྲུབ་ཅིང་རྣམ་པར་དག་པ་ལ་མངའ་བརྙེས་པ་ནི། འོག་མིན་གྱི་གནས་ན་སྐུ་དང་གསུང་དང་ཐུགས་གསང་བ་མཆོག་གི་གནས་དཀྱིལ་འཁོར་ཆེན་པོ་ཡོངས་སུ་གྲུབ་པའི་བཙུན་མོའི་བྷ་ག་ཕོ་བྲང་ལྷུན་གྱིས་གྲུབ་པ། དུར་ཁྲོད་ཀྱི་གཞལ་ཡས་ཁང་བརྩེགས་མ་པདྨ་སྣ་ཚོགས་པས་སྟེང་དང་འོག་ཏུ་བརྒྱན་པ། དབྱིབས་སྣ་ཚོགས་དང་། ཁ་དོག་སྣ་ཚོགས་དང་། འདོད་པའི་ཡོན་ཏན་རྣམ་པ་ལྔ་དང་། རིན་པོ་ཆེ་རྣམ་པ་སྣ་ཚོགས་པའི་རྒྱན་གྱིས་འཁྲིགས་པ། ཡེ་ནས་རྣམ་པར་དག་པའི་རྒྱན། དཔེ་དང་ཚད་ལས་འདས་པའི་ས། ཕྱི་དང་ནང་མེད་པར་ཕྱོགས་བཅུར་འཁྲིགས་ཤིང་། རྣམ་པར་དག་པས་ཁུམས་པ། ཐོག་མ་དང་ཐ་མ་མེད་པར་ཡེ་ནས་རང་བྱུང་གི་གནས་ན། བྱེ་བྲག་གི་རྣམ་པ་ཅན་དུ་བཞུགས་སོ། །རྒྱལ་བ་སངས་རྒྱས་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ། མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། ནམ་མཁའི་མཐའ་ཀླས་པ་དང་། རྣལ་འབྱོར་མ་ཆེན་མོ། ལོངས་སྤྱོད་ཡོངས་སུ་རྫོགས་པའི་བདག་ཉིད་མ་རྣམས་དང་། རྣལ་འབྱོར་ཆེན་པོའི་ཐ་སྙད་ཐམས་ཅད་དང་ལྡན་པ། བཙུན་མོ་ཡོངས་སུ་གྲུབ་པའི་བདག་ཉིད་དང་། ཐམས་ཅད་འབྱུང་བའི་གཞི་དང་ལྡན་པ་དང་། ཧེ་རུ་ཀ་རོལ་པའི་ཚོགས། དཔེ་བྱད་ཐམས་ཅད་ཀྱི་ངོ་བོ། ཡོངས་སུ་གྲུབ་པའི་བདག་ཉིད་ཆེན་པོ་དང་། གཞན་ཡང་རྐྱེན་ལས་སྤྲུལ་པའི་སྲས་ཀྱི་ཚོགས། གྲངས་མེད་ཅིང་བརྗོད་དུ་མེད་པ་རྣམས་དང་། རིག་པ་ལས་ཀྱི་མེད་པའི་སྲས་ཀྱི་ཚོགས་རྣམས། རྣལ་འབྱོར་མའི་ཚོགས་རྣམས་དང་། ཐབས་ཡོངས་སུ་སྒྲུབ་པའི་འཁོར་རྣམས་ཀྱང་། བཅོམ་ལྡན་འདས་དང་ཐབས་ཅིག་ཏུ་མཚན་མ་ལ་སོགས་པས་སྙེམས་པ་མི་མངའ་བར་བཞུགས་པ་ནི། ཉུང་འབྲུ་སྣུམ་གྱིས་གང་བ་བཞིན་


DNG017_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཀུན་ཏུ་གང་ཞིང་ཁྱབ་ནས་བཞུགས་སོ། །ཉིད་ཀྱི་བཙུན་མོ་ཡང་ཉིད་ཀྱི་སྐུ་ལ་དགྱེས་པའི་ཚུལ་གྱིས་འཁྲིལ་ཏེ། བྱང་ཆུབ་སེམས་ཀྱི་ངོ་བོར་ཐམས་ཅད་སྙེམས་པ་མི་མངའ་བར་འདུ་མཛད་དེ། འཁོར་དུ་འདུས་པའི་ཚོགས་དེ་ཉིད་ལ།རྣལ་འབྱོར་གྱི་དབང་ཕྱུག་ཆེན་མོ་རྡོ་རྗེ་ཆོས་རབ་དམ་པ་དང་། བཙུན་མོ་གྲུབ་པ་མོ་དང་། གཉིས་སུ་མེད་པའི་ཚུལ་གྱིས་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ན། བྲན་ཇོ་བོ་ལ་བཀའ་ནོད་པའི་ཚུལ་དུ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེས། སེམས་དང་སེམས་ལས་བྱུང་བའི་ཆོས་ཐམས་ཅད་ནི། ཐིག་ལེ་སྤྲོས་པ་མེད་པ་བཞིན་དུ་གཟིགས་སོ། །འབྱུང་བ་དང་འབྱུང་བ་ལས་གྱུར་པའི་ཆོས་ཐམས་ཅད་ནི། ཤེལ་གྱི་མཚན་ཉིད་དྲི་མ་མེད་པ་ལྟར་གཟིགས་སོ། །དུས་གསུམ་གྱིས་འདུས་པའི་ཆོས་ཐམས་ཅད་ནི་སྣང་བ་ལ་སོགས་པའི་རང་བཞིན་དུ་གཟིགས་སོ། །སྲིད་པ་གསུམ་གྱིས་བསྡུས་པའི་ཆོས་ཐམས་ཅད་ནི། ཡོངས་སུ་གྲུབ་པ་ལ་སོགས་པར་གཟིགས་སོ། །བསམ་གཏན་ལ་སོགས་པའི་ཆོས་ཐམས་ཅད་ནི། ཐམས་ཅད་འབྱུང་བའི་ཆོས་སུ་གཟིགས་སོ། །སྙོམས་པར་འཇུག་པའི་ཆོས་ཐམས་ཅད་ནི། ཏིང་ངེ་འཛིན་གྱི་བྱེ་བྲག་ཏུ་གཟིགས་སོ། །ཏིང་ངེ་འཛིན་གྱི་བྱེ་བྲག་ཐམས་ཅད་བདེན་པའི་རྣམ་པ་ཅན་དུ་གཟིགས་སོ། །སའི་ཁྱད་པར་ལ་སོགས་པའི་ཆོས་ཐམས་ཅད་ནི། སྟོབས་ཀྱི་ཁྱད་པར་ཅན་དུ་གཟིགས་སོ། །ཇི་ལྟར་གྲག་པའི་ཆོས་ཐམས་ཅད་ལ་བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་གྱི་སྤྱན་གྱིས་གཟིགས་སོ། །ཀུན་ལ་ཁྱབ་པར་གཟིགས་སོ། །རྣམ་པར་གཟིགས་སོ། །དེ་བཞིན་དུ་སྔར་འདས་པའི་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སངས་རྒྱས་གྲངས་མེད་པ་རྣམས་ཀྱིས་ཀྱང་གཟིགས་སོ། །རྣམ་པར་གཟིགས་སོ། །དེ་བཞིན་དུ་ཕྱིས་འབྱོན་པའི་རྒྱལ་བ་སངས་རྒྱས་གྲངས་མེད་པ་རྣམས་ཀྱིས་ཀྱང་གཟིགས་སོ། །རྣམ་པར་གཟིགས་སོ། །རྣམ་པར་གཟིགས་ནས་ཀྱང་བརྗོད་པ་ལས་འདས་ཏེ། དོན་དམ་པ་བཅོས་པ་མ་ཡིན་པའི་ངང་ལ་བཞུགས་ཏེ། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་རྒྱན་ཐམས་ཅད་རྫོགས་


DNG017_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེའི་ཚེ་འཁོར་བའི་ཆོས་ཐམས་ཅད་བཅོས་པ་མ་ཡིན་པའི་རྒྱན་དུ་རྣམ་པར་གཟིགས་ལ། མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ནི་ཡང་དག་པའི་ཡེ་ཤེས་སྟོང་པ་ཆེན་པོར་རྣམ་པར་གཟིགས། དེས་ནམ་མཁའི་མཚན་ཉིད་ཙམ་དུ་འདི་ཡིན་ནོ་བར་ཡང་བསྟན་དུ་ཡོད་པ་མ་ཡིན་ནོ། །དེ་ནས་ཡུམ་ཀུན་ཏུ་བཟང་མོས། བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ། དགོངས་པ་ཆོས་ཉིད་ལ་ཆོས་ཀྱི་དབྱིངས་ལ་མནལ་ནས་བཞུགས་པ་ལ་གླུ་འདིས་བསྐུལ་ལོ། །ཨེ་མ། ཡེ་ནས་མ་བཅོས་བདེ་ཆེན་ཀློང་ཡངས་ནི། །རྒྱལ་བ་རྣམས་ཀྱི་དགོངས་པ་དམ་པའི་དབྱིངས། །ཡེ་ནས་མ་བཅོས་རང་བཞིན་དབྱིངས་ཉིད་ནས། །སྙོམས་པའི་ཐིག་ལེ་འབྱུང་བར་མི་དམིགས་ཀྱང་། །ཐབས་ལ་མཁས་པས་སྐུ་ཡི་ཁྱད་པར་ནི། །དབྱིབས་དང་ཁ་དོག་བདག་ལ་བསྟན་དུ་གསོལ། །མ་བཅོས་པ་ནས་བདག་གིས་བསྐུལ་པ་ཡིས། །འོད་ཟེར་སྣ་ཚོགས་བདག་ལ་བསྟན་དུ་གསོལ། །ངོ་བོ་ཉིད་ལས་སེམས་ཅན་དོན་དུ་བསྐུལ། །བརྗོད་མེད་སྐུ་མཆོག་བདག་ལ་བསྟན་དུ་གསོལ། །ཡེ་ནས་རྣམ་དག་ནམ་མཁའི་རང་བཞིན་ལ། །ཁྱབ་པའི་ཐུགས་རྗེ་ཆེན་པོས་དགོངས་སུ་གསོལ། །ཧོ་ཞེས་བསྐུལ་བས་གསང་བ་མཆོག་གི་བདག་པོ་དེས་བསྐུལ་བར་མཁྱེན་ནས། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད། མཚན་ཉིད་དང་བྲལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེའི་ཚེ་ཆོས་ཐམས་ཅད་འོད་ཟེར་ལྡན་པའི་བདག་ཉིད་དུ་གནས་སོ། །དེ་ནས་ཡང་ཡུམ་གོས་དཀར་མོས་གླུ་འདིས་བསྐུལ་ལོ། །ཨེ་མ་ཧོ། ཀུན་ལ་ཁྱབ་པའི་སྙིང་རྗེ་ཡོངས་ལ་ཁྱབ། །མ་བཅོས་དབྱིངས་ནས་གཡོ་བ་སྨོན་ལམ་དབང་། །ཇི་ལྟར་གནས་པ་སྐུ་ཡི་བྱེ་བྲག་ཏུ། །བདེ་ཆེན་ཁྱད་པར་བདག་ལ་བསྟན་དུ་གསོལ། །ཧོ། ཞེས་བསྐུལ་བར་མཁྱེན་ནས། བདེ་བ་ཆེན་པོའི་ངང་ལས་སྨོན་ལམ་གྱི་དབང་གིས། རྟག་པའི་ཆོ་འཕྲུལ་རྣམ་པར་སྟོན་ཏེ། ཟླ་བ་ཉ་གང་བ་ལྟ་བུར་མངོན་དུ་ཕྱུང་ངོ་། །དེའི་ཚེ་ཆོས་ཐམས་ཅད་བརྗོད་པ་དང་བྲལ་བའི་ངང་དུ་གསལ་བར་སྣང་ངོ་། །དེ་ནས་ཡང་ཡུམ་


DNG017_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

མ་མཱ་ཀཱིས་གླུ་འདིས་བསྐུལ་ལོ། །ཨེ་མ་ཧོ། ཅིར་ཡང་གསལ་བའི་སྐུ་མཆོག་མ་བསྒྲིབས་གསལ། །ཡེ་ནས་དག་ལ་རྟོག་པའི་ཡུལ་དང་བྲལ། །དེ་རྟགས་གསལ་ཞིང་རྣམ་པར་དག་པའི་སྐུ། །ཡོངས་སུ་རྫོགས་པའི་སྐུ་མཆོག་བསྟན་དུ་གསོལ། །ཧོཿ། བསྐུལ་བར་མཁྱེན་ནས། སོ་སོའི་སྐུའི་བྱེ་བྲག་ཏུ་རྣམ་པར་གསལ་བར་གྱུར་ཏོ། །དེའི་ཚེ་ཆོས་ཐམས་ཅད་དྲི་མ་དང་བྲལ་བའི་ངང་དུ་གསལ་ལོ། །དེ་ནས་ཡང་ཡུམ་དམ་ཚིག་སྒྲོལ་མས་གླུ་འདིས་བསྐུལ་ལོ། །ཨེ་མ་ཧོ། མ་བསྒྲིབས་གསལ་ཞིང་དྲི་མ་རྣམས་དང་བྲལ། །ཡོངས་སུ་རྫོགས་པའི་སྐུ་ནི་སྣ་ཚོགས་འབྱིན། །སེམས་ཀྱི་དེ་ཉིད་མ་འགགས་གསལ་བའི་འོད། །སོ་སོའི་ལམ་རྣམས་བདག་ལ་བསྟན་དུ་གསོལ། །ཧོཿ། བསྐུལ་བར་མཁྱེན་ནས། སོ་སོའི་སྐུའི་བྱེ་བྲག་ཏུ་གསལ་བར་མཛད་དོ། །དེ་ནས་ཡུམ་སངས་རྒྱས་སྤྱན་གྱིས་རྣམ་པར་མཛེས་པའི་སྤྱན་གྱིས་མི་གཡོ་བར་གཟིགས་ཏེ། རྨད་དུ་བྱུང་བའི་མཆོད་པ་སྣ་ཚོགས་པས་མཆོད་དེ། གླུ་འདིས་བསྐུལ་ལོ། །ཨ་ཧོ་ཧཾ་ཨི་མང་གུ་ཨ་རཱ་ག་མི་ཧཱུཾ་ཐ་ཧ་ཐ། ཞེས་རྣམ་པར་བསྐུལ་བས། རོལ་པའི་སྐུ་ཚུལ་རྣམ་པ་བཞི་དང་ལྡན་ཞིང་ཡེ་ཤེས་ཀྱི་རང་བཞིན་སངས་རྒྱས་ཡབ་ཡུམ་སྲས་དང་བཅས་པ་གཟིགས་པས་གཟིགས་པར་གྱུར་ཏོ། །དེ་ནས་ཡང་ཨོཾ་ཨཱཿཧཱུཾ་ཞེས་བརྗོད་པས། འཁོར་ཇི་སྙེད་པ་ཐམས་ཅད་ཉིད་ཀྱི་སྐུ་ལ་བསྡུ་བར་མཛད་དོ། །དེ་ནས་ཡང་ཡུམ་ཀུན་ཏུ་བཟང་མོས་གླུ་འདིས་བསྐུལ་ལོ། །ཨེ་མ་ཧོ། ཡེ་ནས་རྣམ་པར་དག་པའི་དབྱིངས། །ཡེ་ཤེས་ཆེན་པོའི་ངང་ཉིད་ཅན། །འོད་དང་བཅས་པའི་གཞལ་ཡས་སུ། །བདུད་རྩི་ག་པུར་གནས་པར་མཛོད། །ཧོཿ། བསྐུལ་བར་མཁྱེན་ནས།རོལ་པ་ཆེན་པོའི་ཏིང་ངེ་འཛིན་ལ་གནས་པར་གྱུར་ཏོ། །དེའི་ཚེ་ཆོས་ཐམས་ཅད་རོལ་པ་ཆེན་པོའི་ཏིང་ངེ་འཛིན་ལ་གནས་པར་གྱུར་ཏོ། །དེ་ནས་རོལ་པའི་བདག་ཉིད་མས་གླུ་འདིས་བསྐུལ་ལོ། །ཨེ་མ་ཧོ། སྐྱོན་གྱིས་མ་གོས་པདྨ་རཱ་གའི་མདོག །ཐམས་ཅད་རྒྱན་གྱིས་མ་ལུས་ཡོངས་སུ་བརྒྱན། །བསྲུང་མེད་བདེ་བ་ཆེན་པོའི་བྱང་ཆུབ་སེམས། །ཡེ་ནས་རྣམ་དག་ཆུ་བོའི་རྒྱུན་བཞིན་འབབ། །


DNG017_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

ཧོཿ། ཐམས་ཅད་དྲི་མ་དང་བྲལ་བའི་ཏིང་ངེ་འཛིན་ལ་གནས་པར་གྱུར་ཏོ། །དེའི་ཚེ་ཆོས་ཐམས་ཅད་དྲི་མ་མེད་པའི་རང་བཞིན་དུ་གསལ་བར་གྱུར་ཏོ། །དེ་ནས་ཡང་རབ་ཏུ་མཛེས་མས་གླུ་འདིས་བསྐུལ་ལོ། །ཨེ་མ་ཧོ། རབ་ཏུ་གསང་བའི་བྱང་ཆུབ་སེམས། །ཀུན་གྱི་བདག་ཉིད་ཀུན་གྱི་དངོས། །རབ་ཏུ་བརྟག་དཀའ་ཀུན་གྱི་རྒྱུ། །ཀུན་གྱི་འབྱུང་གནས་ཆེན་པོ་ཡིན། །ཧོཿ། བྱང་ཆུབ་སེམས་ཀྱི་ཏིང་ངེ་འཛིན་ལ་གནས་པར་གྱུར་ཏོ། །དེའི་ཚེ་ཆོས་ཐམས་ཅད་བྱང་ཆུབ་སེམས་ཀྱི་རོལ་པ་ཆེན་པོར་གྱུར་ཏོ། །དེ་ནས་ཡང་ཡུམ་གྱིས་བྱང་ཆུབ་སེམས་ཀྱི་གླུ་འདིས་བསྐུལ་ལོ། །ཨེ་མ་ཧོ། གསང་བ་རོལ་པ་དུར་ཁྲོད་གནས། །རོལ་པར་མཁའ་འགྲོ་ཐམས་ཅད་བཞུགས་པའི་གནས། །མ་བཅོས་ལྷུན་གྱིས་གྲུབ་པའི་གཞལ་ཡས་ཁང་། །དེ་འདྲ་བཅོམ་ལྡན་བདེ་ཆེན་ཆགས་པའི་གནས། །ཧོཿ། བདེ་བ་ཆེན་པོ་རོལ་པ་ལ་ཆགས་པའི་རང་བཞིན་ཅན་དུ་གྱུར་ཏོ། །ཐབས་དང་ཤེས་རབ་གཉིས་སུ་མེད་པ་ལས་གསང་བ་འདི་གསུངས་སོ། །ཨེ་མ་ཧོ་གསང་བའི་བདག་ཉིད་ཅན། །ཨེ་མ་སྔགས་ཀྱི་བདག་པོ་ཅན། །ཨེ་མ་རིག་པའི་བདག་ཉིད་ཅན། །ཨེ་མ་ཧོ་གཟུང་བའི་བདག་ཉིད་ཅན། །བརྟག་པར་བྱ་བའི་ཕྱག་རྒྱ་ཅན། །དུས་གསུམ་སངས་རྒྱས་ཀུན་གྱི་ཐུགས། །སྣོད་བཅུད་ཀུན་གྱི་བདག་པོ་ཡིན། །འོད་ཟེར་སྣ་ཚོགས་འབྱུང་བའི་གཞི། །ཐིག་ལེ་སྤྲོས་མེད་བྱང་ཆུབ་སེམས། །དུས་གསུམ་སངས་རྒྱས་གཤེགས་པའི་ས། །སེམས་ཅན་ཉོན་མོངས་སེལ་བའི་སྨན། །དུག་ལྔ་སེལ་བའི་རྩི་མཆོག་ཡིན། །མ་རིག་མུན་སེལ་སྒྲོན་མེའི་མཆོག །དེ་ཉིད་བདེ་བ་ཆེན་པོ་སྟེ། །རང་རིག་ལྟ་བ་ཤེས་བྱ་མཆོག །སྤྲོས་མེད་བྱང་ཆུབ་སེམས་ཉིད་དེ། །ཡོངས་རྫོགས་བདེ་བ་ཆེན་པོ་འགྲུབ། །ཅེས་གསུངས་སོ། །རྟེན་གྱི་དཀྱིལ་འཁོར་འདི་བྱུང་ངོ་། །ཨེ་སྐྱོང་བ་མེད་པའི་ཏིང་ངེ་འཛིན་འདི་བྱུང་ངོ་། །ཡཾ་སྨིན་པར་བྱེད་པའི་ཏིང་ངེ་འཛིན་འདི་བྱུང་ངོ་། །རཾ་སྡུད་པར་བྱེད་པའི་ཏིང་ངེ་འཛིན་འདི་བྱུང་ངོ་། །བཾ་གནས་པར་བྱེད་པའི་ཏིང་ངེ་འཛིན་འདི་བྱུང་ངོ་། །སུཾ་དག་པར་བྱེད་པའི་ཏིང་ངེ་འཛིན་འདི་བྱུང་ངོ་། །ཧཾ་སྤྲོ་བར་བྱེད་པའི་ཏིང་ངེ་


DNG017_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་འདི་ཕྱུང་ངོ་། །ཕཊ་ཤིན་ཏུ་སྤྲོས་པའི་གླུ་འདི་གསུངས་སོ། །ཨེ་མ་ཧོ་སངས་རྒྱས་ཐམས་ཅད་ཀྱི། །གསང་བ་གསུམ་གྱི་དོན་ལས་བྱུང་། །བདེ་མཆོག་གསང་བ་གསུམ་གྱི་གནས། །རྡོ་རྗེ་འཁོར་ལོ་རིན་ཆེན་རྒྱན། །པདྨ་རལ་གྲི་ཟླ་བའི་རྒྱན། །ཉི་མའི་འོད་ཟེར་ཁ་དོག་མཛེས། །མཆོག་གི་གནས་ལ་མཆོག་གི་རྒྱན། །བླ་རེ་འོད་ཟེར་ལྔ་ཡིས་འཁྲིགས། །རྒྱལ་མཚན་བཞི་ཡིས་རབ་ཏུ་མཛེས། །འབར་བའི་འཕན་གྱིས་ཕྱོགས་བཅུར་འཁྲིགས། །རབ་ཏུ་ཟླུམ་པའི་དཀྱིལ་འཁོར་ལ། །སྒོ་དྲུག་དག་གིས་རབ་ཏུ་བརྒྱན། །གདོད་ནས་དག་པའི་འཁོར་ལོས་འཁྲིགས། །རྣམ་དག་རྒྱན་ནི་མཛེས་པས་བརྒྱན། །འབྱུང་འཇུག་གནས་པ་ཀུན་གྱི་ཞལ། །དུས་གསུམ་བདེ་གཤེགས་སྲས་བཅས་གནས། །ཞེས་གསུངས་སོ། །ཆོས་ཐམས་ཅད་འོད་རྣམ་པར་གསལ་བ་ཞེས་བྱ་བ་ལ་གནས་པར་གྱུར་ཏོ། །ཆེད་དུ་བརྗོད་པའི་གླུ་འདི་གསུངས་སོ། །ཧཱུཾ། ང་ནི་བཅོམ་ལྡན་ཡེ་ཤེས་མཆོག །དུས་གསུམ་སངས་རྒྱས་ཀུན་གྱི་ཡབ། །ཁམས་གསུམ་ཀུན་གྱི་འབྱུང་གནས་གཙོ། །བདེ་བར་གཤེགས་པའི་གཤེགས་ཤུལ་གནས། །ཤིན་ཏུ་གནས་པའི་ཏིང་འཛིན་ཅན། །བརྗོད་བྲལ་བརྗོད་མེད་དེ་ཉིད་གསུངས། །ཐབས་དང་ཤེས་རབ་ལས་བྱུང་འོད། །གཉིས་མེད་བྱང་ཆུབ་སེམས་ཀྱིས་བཞུགས། །ཧཱུཾ་ཨ་ཧཾ། ཞེས་བརྗོད་དེ་ཕོ་བྲང་ཆེན་པོའི་དབུས་སུ་བཞུགས་སོ། །འཇིག་རྟེན་གསུམ་གྱི་ཤེས་པ་བསྒྲལ་བའི་རྒྱུད་ལས། མི་རྒྱ་ཆེན་པོའི་གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས་དཔལ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ། བཅོམ་ལྡན་གསང་བའི་བདག་ཉིད་ཆེ། །ཁམས་གསུམ་ཀུན་གྱི་གཉེན་གཅིག་པོ། །ཉོན་མོངས་དྲ་བ་ལྔ་གཅོད་བདག །ཡེ་ཤེས་ལྔ་ཡི་ངང་ཚུལ་ཅན། །འོད་ཟེར་ལྔ་ཡིས་རབ་ཏུ་འཁྲིགས། །འཁོར་བ་དང་ནི་མྱ་ངན་འདས། །ཐམས་ཅད་ཀུན་ལ་ཁྱབ་ཆེན་པོ། །ཉོན་མོངས་ལྔ་རྣམས་སྦྱོང་བ་དང་། །བགྲོད་པའི་ལམ་ལ་བརྟེན་པའི་ཕྱིར། །རྒྱུད་ཆེན་


DNG017_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་དང་དཀྱིལ་འཁོར་དྲུག །ཉོན་མོངས་གཅོད་པའི་རལ་གྲི་སྟེ། །དངོས་གྲུབ་ཐམས་ཅད་འབྱུང་བ་དང་། །འདི་ལྟའི་དཀྱིལ་འཁོར་དམ་པར་གནས། །བདེ་གཤེགས་བཅོམ་ལྡན་ཐུགས་ལ་གནས། །ཁྱོད་ཀྱི་ངོ་མཚར་རྫུ་འཕྲུལ་ཅན། །གསང་བ་སྦས་པའི་ཐབས་རྣམས་འཆང་། །ཇི་ལྟར་ཇི་ལྟར་ཕན་པའི་སེམས། །རབ་ཏུ་གདུང་བའི་སེམས་འཆང་ཞིང་། །རྣལ་འབྱོར་རྣམས་ལ་ཐུགས་བརྩེའི་ཕྱིར། །བདག་ཅག་འཁོར་བཅས་ཞུ་བར་འཚལ། །ཞེས་གསོལ་པས། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས་བཀའ་སྩལ་པ། ཐབས་དང་བཅས་པའི་དངོས་གྲུབ་མཆོག །བདེ་གཤེགས་རྗེས་འབྲང་སློབ་དཔོན་རྣམས། །དེ་ཡི་མཚན་ཉིད་བཤད་པར་བྱ། །ཕྱི་ནང་རྣམ་རྟོག་མི་སྐྱེ་ཞིང་། །རྒྱུད་དང་མདོ་སྡེ་དག་ལ་མཁས། །ཐབས་མཁས་ཏིང་འཛིན་དྲོད་ཚད་བརྩོན། །སྡེ་སྣོད་གསུམ་ལ་མ་རྨོངས་དང་། །རྟོག་བཅས་ཐེ་ཚོམ་ཐམས་ཅད་སེལ། །གསང་བ་སྦས་པའི་ཐབས་རྣམས་མཁྱེན། །དད་པ་རྣམས་ལ་སྐྱོ་དུབ་མེད། །གསང་བའི་སྡེ་སྣོད་དྲུག་རྣམས་ཀུན། །རྟོག་བཅས་སྣོད་ངན་རྣམས་མི་སྟེར། །གསང་བའི་ཆོས་རྣམས་སེམས་ལ་འཆང་། །འབད་པ་སྟོབས་ཀྱིས་མན་ངག་ཚོལ། །རྩ་བར་བཅས་པ་སྲུང་བྱེད་པ། །ཁྲག་འཐུང་རྒྱལ་པོའི་སློབ་དཔོན་ཡིན། །སྐུ་གསུང་ཐུགས་ཀྱི་དམ་ཚིག་རྣམས། །ཤིན་ཏུ་འདུལ་བ་ཆེན་པོ་སྟེ། །འདི་ལས་འདའ་བར་མི་བྱེད་དང་། །ཡན་ལག་དམ་ཚིག་དང་དུ་ལེན། །སྤྱོད་པའི་བྱེ་བྲག་ཐབས་ཡིན་པས། །མི་སྤང་མི་འདོར་འབད་བསྲུང་ལ། །མདོག་དཀར་གཟུགས་རགས་སྟོབས་དང་ལྡན། །ག་པུར་དྲི་འཆང་རི་མོ་འཆང་། །རྟག་པར་སེམས་ཅན་དོན་ལ་དགའ། །སེམས་ཅན་སྒྲོལ་བའི་ཐབས་ལ་མཁས། །སྐད་གདངས་དུང་སྒྲ་ཡོད་པ་ནི། །བཅོམ་ལྡན་ཁྲག་འཐུང་ཧེ་རུ་ཀའི། །སློབ་དཔོན་བྱ་བར་ཤིས་པའོ། །ཕྱི་ནང་ཆོས་ལ་མ་རྨོངས་མཁྱེན། །ཁྱད་པར་ཤེས་པ་ཕུན་སུམ་ཚོགས། །རིག་པའི་གནས་མཆོག་མ་འགགས་ཤེས། །ཆོས་སྤྱོད་བཅུ་རྣམས་མ་འགགས་སྤྱོད། །སློབ་དཔོན་


DNG017_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

འཁུར་ཞིང་མཆེད་ལ་གདུང་། །སེམས་ཅན་ཅི་དགའ་སྤྱོད་པ་བྱེད། །ཐབས་ཀྱི་བྱེ་བྲག་རྣམས་ལ་མཁས། །གཅིག་གམ་ཐམས་ཅད་མཚན་ཉིད་ཀྱི། །དོན་མཐོང་དགེ་བ་ཐ་དག་ཡོད། །གཤིན་རྗེའི་གཤེད་པོའི་སློབ་དཔོན་ཡིན། །ཐབས་ཀྱི་ཐབས་རྣམས་ཁྱད་པར་སྟོན། །རྟག་པར་ཟློས་ཤིང་ཕྲེང་དུ་དགའ། །སྙིང་པོ་སྔགས་ལ་དད་མོས་ཆེ། །བློ་གསལ་རིག་པ་ཁྱད་པར་ཡོད། །སྤྱོད་ལམ་རྣམ་བཞི་སེང་གེར་སྤྱོད། །གླུ་གར་རོལ་མོ་རྣམས་ལ་དགའ། །མཆོད་པའི་བྱེ་བྲག་ཐབས་མཆོག་མཁས། །ལུང་བསྟན་བཀའ་བཞིན་བྱེད་ཅིང་གསོ། །སྤུན་ལ་དུང་ཞིང་སེམས་ཅན་སྡུད། །པདྨ་དབང་ཆེན་སློབ་དཔོན་ཡིན། །ཕྱི་ནང་གསང་བའི་དབང་ཐོབ་ཅིང་། །སྔགས་རྣམས་མ་འདྲེས་སོ་སོར་མཁྱེན། །ཤེས་རབ་གསལ་ཞིང་བརྩོན་འགྲུས་ཆེ། །ཕྱི་ནང་རྒྱུད་ཤེས་ཆོ་ག་སྐོང་། །ཐབས་ཀྱི་སྤྱོད་པ་སྣ་ཚོགས་ལ། །གང་དང་གང་ལ་མ་རྨོངས་ཤེས། །ལས་ཀྱི་བྱེ་བྲག་ཐམས་ཅད་ལ། །ལྷག་ཆད་མེད་པར་ཐབས་མཁས་ཤེས། །གསང་བ་མཆོག་གི་ཐབས་རྣམས་སྦེད། །ཆེ་མཆོག་ཧེ་རུ་ཀ་ཡི་སློབ་དཔོན་ཡིན། །ཐོས་བརྩོན་ཡོན་ཏན་ཀུན་གྱིས་བརྒྱན། །མདོ་སྡེ་འདུལ་བ་མངོན་པ་གསུམ། །དེ་ཡི་ཐབས་ཀྱིས་ཐམས་ཅད་འདུལ། །དེ་ཡི་སྤྱོད་པ་མ་འགགས་མེད། །བྱམས་དང་སྙིང་རྗེས་གང་འདུལ་བ། །རྗེས་སུ་མཐུན་པའི་ཐབས་མཆོག་གིས། །ཇི་ལྟ་ཇི་ལྟར་འདུལ་མཛད་ཅིང་། །ཐབས་མཁས་དང་ལྡན་ཏིང་འཛིན་གསལ། །གཉིས་མེད་བློ་ལྡན་བརྟུལ་ཞུགས་ཆེ། །མངོན་རྫོགས་རྒྱལ་པོའི་སློབ་དཔོན་ཡིན། །དེ་ནས་སློབ་མའི་མཚན་ཉིད་བསྟན། །ལུས་མཛེས་རྟག་ཏུ་ངག་སྙན་སྨྲ། །མགྲིན་བདེ་དད་ལྡན་སློབ་དཔོན་འཁུར། །འཁོར་ལོའི་ལས་མཁས་སྤུན་ལ་གདུང་། །བདེན་པའི་ཚིག་སྨྲ་སྒྱུར་མི་བཏུབ། །མང་པོ་ཐོས་བརྩོན་སྟོན་མི་ནུས། །པད་དཀར་ཞེས་བྱའི་གང་ཟག་དེ། །ཧེ་རུ་ཀ་ཡི་སློབ་མར་བཟུང་། །ཐབས་དང་སྟོབས་ཀྱི་རྩལ་འཆང་ཞིང་། །རིན་ཆེན་སྣ་ཚོགས་སྦྱིན་པར་


DNG017_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

གཏོང་། །སྤྱོད་ཡངས་ལྷུན་སྡུག་ངག་སྙན་བདེ། །ཇི་ལྟར་ཇི་ལྟའི་སྤྱོད་པ་ཡིས། །དེ་ལྟ་དེ་ལྟར་སློབ་དཔོན་འཁུར། །བླ་མ་ཤེས་རབ་དགོས་འདོད་སྐོང་། །ང་བདག་སྐྱོན་སྤངས་དད་བརྩོན་ཆེ། །དམ་ཚིག་དག་ཅིང་ཤེས་རབ་ལྡན། །རྒྱུད་ཐོས་ལེགས་པར་སྟོན་པ་ནི། །གཤིན་རྗེའི་གཤེད་པོའི་སློབ་མ་ཡིན། །དགེ་བཅུ་རྟག་སྤྱོད་མི་དགེ་སྤང་། །བདེ་འཇམ་ཁྲོ་བའི་སེམས་མི་འབྱུང་། །གླུ་གར་རོལ་མོ་སྣ་ཚོགས་སྟོན། །མདོག་མཛེས་ཙན་དན་དྲི་ངད་ལྡན། །སྟོད་སྨད་ཕྱེད་ཅིང་རྐང་པ་ཕྲ། །ཡན་ལག་བདེ་འཇམ་འབར་འབུར་མེད། །སྐྲ་མཐོ་སེན་མོ་ཟངས་འདྲ་དམར། །སྦྱོར་བའི་ཡན་ལག་ཐབས་ལ་མཁས། །དད་ལྡན་ཐོས་བརྩོན་སྙིང་རྗེ་ཆེ། །པདྨ་ཞེས་བྱའི་གང་ཟག་སྟེ། །པདྨ་དབང་ཆེན་སློབ་མར་བཟུང་། །དཔའ་ཞིང་སྙིང་སྟོབས་ཤིན་ཏུ་ཆེ། །ཕྱི་ནང་འདུལ་བའི་ཆོས་ལ་མཁས། །ལྷུན་སྡུག་ཕྲིན་ལས་དག་ལ་མཁས། །དགོངས་པ་ཉམས་ལེན་མུ་སྟེགས་བཟློག །ལྟ་ལོག་སུན་འབྱིན་ཡང་དག་འགོད། །བདེ་བའི་ལམ་སྟོན་ཐབས་ལ་མཁས། །བཟོ་མཁས་རིག་གསལ་བླ་མ་སྐོང་། །འཛིན་ལ་མཁས་ཤིང་བརྗེད་འགྱུར་བ། །ཨུཏྤལ་ཞེས་བྱའི་གང་ཟག་དེ། །ཆེ་མཆོག་ཧེ་རུའི་སློབ་མ་ཡིན། །རྩ་བ་དང་ནི་ཡན་ལག་གི། །དམ་ཚིག་མ་ཉམས་དེས་ཐུབ་བསྲུང་། །ཤེས་རབ་ཆེ་ཞིང་དད་པ་དཔའ། །སྟོན་པའི་བཀའ་ལུང་དག་ལ་མོས། །སློབ་དཔོན་འཁུར་ཞིང་སྤུན་ལ་གདུང་། །ཉོན་མོངས་སྙིང་རྗེ་སྙིང་རྗེ་ཆེ། །སྤྱོད་བཟོ་ལུས་ལ་ག་པུར་དྲི། །ཐོས་མེད་ང་རྒྱལ་མང་དུ་སྨྲ། །རྗེས་སུ་བཟུང་བའི་དོན་མེད་པ། །ཙནྡན་ཞེས་བྱའི་གང་ཟག་དེ། །ཁྲག་འཐུང་རོལ་པའི་སློབ་མར་བཟུང་། །གོང་གི་ཡན་ལག་ཀུན་ཚང་ཞིང་། །རྒྱལ་པོ་སྡེ་བཅས་ཀུན་གྱིས་བསྟོད། །མུ་སྟེགས་སྡེ་པས་བསྔགས་པ་བརྗོད། །སྡེ་བ་བཞི་ཡིས་སྤྱི་བོར་འཁུར། །དཀྱིལ་འཁོར་ཐ་དག་ལས་ལ་མཁས། །གསང་དྲུག་སྤས་གབ་མན་ངག་ཐུབ། །སློབ་དཔོན་འཁུར་ཞིང་སྤྱོད་པ་ཡངས། །མངོན་རྫོགས་རྒྱལ་པོའི་སློབ་མར་གཟུང་། །


DNG017_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཀྱི་མཚན་ཉིད་བསྟན་པ་ནི། །སྤང་བླང་གཉིས་སུ་ཤེས་པར་བྱ། །རྒྱུད་གཞན་དག་དང་མཐུན་པ་རུང་། །དང་དུ་བླང་བའི་གནས་རྣམས་སུ། །བསྒྲུབ་ན་དངོས་གྲུབ་ཡ་མཚན་ཐོབ། །སློབ་དཔོན་སློབ་བུའི་མཚན་ཉིད་དང་གནས་ཀྱི་མཚན་ཉིད་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་དཔལ་རྡོ་རྗེ་སེམས་དཔས། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་བསྐོར་བ་བྱས་ནས། མཆོད་པ་སྣ་ཚོགས་པ་ཕུལ་ཏེ། ཀྱེ་མ་གསང་བདག་ཀུན་ཏུ་བཟང་། །རྣལ་འབྱོར་གདུག་པ་འདུལ་བ་ལ། །འདི་ཡི་ལས་དང་དོན་ཆེད་དུ། །དཀྱིལ་འཁོར་དམ་པ་མི་འཚལ་ལམ། །འཇིགས་བྱེད་ཆེན་པོས་ལུང་བསྟན་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །རྣལ་འབྱོར་ལས་དང་དོན་ཆེད་དུ། །རྡོ་རྗེ་སེམས་དཔས་ཞུས་པ་ལེགས། །དོན་རྣམས་བདེ་བར་ངས་བཤད་ཀྱི། །མ་ཡེངས་དག་པའི་སེམས་ཀྱིས་ཉོན། །ཡེ་ཤེས་རང་སྣང་དཀྱིལ་འཁོར་ལ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །རང་སྣང་དཀྱིལ་འཁོར་གསལ་བར་བསྒོམ། །ཡེ་ཤེས་རོལ་པའི་ཚོགས་ཆེན་ཀུན། །ཐུགས་དམ་དབང་གིས་རང་བཞིན་བྱོན་པ་རྣམས། །རྣམ་དག་ངང་གི་བདེ་བ་དམ་པར་བཞེངས། །གསང་བའི་རང་བཞིན་ཐབས་དང་ཤེས་རབ་སྟེ། །ངོ་བོ་ཉིད་དག་ངང་གིས་རང་བཞིན་མེད། །བདག་དང་ཚོགས་བཅས་མ་ལུས་དེ་བཞིན་ཏེ། །ཡེ་ཤེས་ཚོགས་ཆེན་རྫོགས་པའི་རང་བཞིན་ཏེ། །དེ་ཐོབ་འབྲས་བུ་མཐར་ཕྱིན་ས་ལ་གནས་པའོ། །ཉི་མའི་དཀྱིལ་འཁོར་དབུས་སུ་བསམ། །བདག་ཉིད་ཡེ་ཤེས་བདེ་བས་གང་བ་དང་། །གཟས་པ་གཤེད་མའི་ཚོགས་ཀྱིས་གང་བ་གཉིས། །སྔགས་ཀྱི་དུག་མདའ་ཁོང་དུ་འཕང་བ་དང་། །རང་གི་གཤེད་མས་སྲོག་ལ་དབབ་པ་དང་། །རང་གི་སྔགས་བཅད་དམོད་པའི་ཡི་གེ་སྟེ། །དྲག་པོའི་དུས་སུ་གསལ་བའི་ཡི་གེར་བཅས། །མཁས་པས་སྤྱི་དང་མན་ངག་གཞུག་པར་བྱ་བ་ཡིན། །ཐ་མར་བསྐུལ་དང་བཅས་པའི་སྙིང་པོ་སྟེ། །གཏན་བཅས་བསྒྲུབ་པར་བྱ་བའི་ཕྱིར་


DNG017_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

ན་ནི། །བརྒྱ་རྩ་བརྒྱད་དང་སྟོང་བཟླས་པར་བྱའོ། །འབུམ་མམ་ཁྲི་རུ་བཟླས་པར་བྱའོ། །གནས་ཡུལ་གཉིས་དང་སྲིན་མོ་དབང་ཕྱུག་ཚོགས། །ཀུན་གྱི་གསོད་པའི་དྲག་སྔགས་འདི་ཡིན་ཏེ། །ཤྭ་ན་བཞི་དང་བསེ་མོ་རེ་མ་ཏི། །འཁོར་ལོ་ཆེན་མོ་བཞི་རུ་གནས་པ་ལ། །དཀྱིལ་དུ་མ་བཀོད་གཡས་སུ་ཡ། །གཡོན་དུ་ར་བཀོད་དབུས་སུ་ཕཊ། །འོག་ཏུ་ནྲྀ་བཀོད་གཡས་སུ་ཛ། །གཡོན་དུ་བྷྱོ་བཀོད་སྟེང་འོག་རྦད་ཀྱང་དགོད། །དེ་ཡིས་ལས་རྣམས་འགྲུབ་པར་ངས་ལུང་བསྟན། །དང་པོར་ཀཱི་ལ་ཡ་སྟེ་འབྲུ་དགུ་ནི། །འབུམ་ཕྲག་དྲུག་ཏུ་བཟླས་པར་བྱའོ། །ཉི་ཁྲི་གསུམ་སྟེ་དྲུག་ཡིན་ནོ། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ། དོན་དམ་སྙིང་པོ་ཡོངས་སུ་གྲུབ་པའི་ཚེ། །བཟླས་དང་མ་བཟླས་ཚིག་གི་ཐ་སྙད་ཡིན། །དེ་ནས་རང་བྱུང་བཟླས་པ་ཆེན་པོ་ནི། །ངོ་བོ་ཉིད་ཀྱི་སྔགས་ཀྱི་རང་བཞིན་ནོ། །དེ་འདྲའི་བཟླས་པ་དོན་གྱི་སྙིང་པོ་ནི། །མ་བཅོས་རང་བྱུང་སྙིང་པོའི་སྔགས་ཡིན་ཏེ། །ཟབ་མོའི་བཟླས་པ་ཡིན་ཞེས་རྒྱ་རུ་བསྟན། །རང་བཞིན་ལྷན་ཅིག་སྐྱེས་པའི་རང་བཞིན་ལས། །མཱ་ར་ཡ་ཡི་བཟླས་པ་བྱ་བ་སྟེ། །བཟླས་པ་མཐར་ཕྱིན་བྱ། །འདི་འདྲའི་བཟླས་པ་ཡེ་ཤེས་མཆོག་ཏུ་འཕགས། །གསང་བའི་བཟླས་པ་ཞེས་ནི་རྒྱ་རུ་བསྟན། །དྭངས་མ་འདུས་པའི་ངོ་བོ་ལས། །འོད་འབར་ཡེ་ཤེས་རབ་བསྐུལ་བས། །ཁྲག་གི་དམིག་བུ་མགོ་དགུ་དག་ཏུ་གསལ། །དབུས་ནི་མགོ་ནི་དབུས་ཀྱི་སྲོག་རྩ་འཛིན། །རྩ་བརྒྱད་ནང་ནས་མགོ་བརྒྱད་ཞུགས་ནས་ནི། །ཡུལ་བརྒྱད་གནས་བརྒྱད་དག་ལ་སྟོབ་པར་བྱེད། །ཉི་མའི་སྙིང་པོ་བཞིན་དུ་འཚེར་ཞིང་གསལ། །བརྗོད་པ་ཀུན་ལས་འདས་པའི་སྙིང་པོ་ཡིན། །སྟེང་སྒོར་འབར་བས་དམིག་བུ་བཅུ་དྲུག་འགྱུར། །དེ་སྟེང་དམིག་བུ་སུམ་ཅུ་རྩ་གཉིས་སོ། །འོག་ཏུ་འཛག་པས་དྲུག་ཅུ་རྩ་བཞི་སྟེ། །དེ་ཡི་འོག་ཏུ་དམིག་བུ་ལྔ་རུ་འགྱུར། །དང་པོ་གནས་པའི་ས་བོན་ལས། །ཕྲེང་བ་ཨོཾ་དང་ཕཊ་ལ་གཏུག །སྤྲོ་བ་མ་ནས་ཕཊ་ལ་གཏུག །བསྐུལ་བ་མ་ནས་བྷྱོ་ལ་གཏུག །མཚོན་ཆ་མ་ནས་རྦད་ལ་གཏུག །འགུགས་པ་མ་


DNG017_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཛ་ལ་གཏུག །མནན་པ་མ་ནས་ནན་ལ་གཏུག །རྦད་ནན་ཞེས་ནི་གཟིར་བར་བྱ། །དྲིལ་བ་མ་ནས་ཕྲོལ་ལ་གཏུག །དབབ་པ་མ་ནས་ཧྲིལ་དང་ཤར་དང་ཕབ་ལ་གཏུག །ཚ་བ་མ་ནས་རཾ་ལ་གཏུག །ཧྲིལ་དང་ཤར་དང་ཕབ་ཀྱི་མཐའ་རུ་ལས་རྣམས་དབྱེ་བཞི། དེ་ཡི་རྟེན་བྱས་དམ་པའི་བྱང་ཆུབ་སེམས། །ཡེ་ཤེས་ལྔ་གསལ་དོན་དམ་དབྱིངས་ནས་བསྐྱོད། །རྟེན་འདྲེལ་གནས་ལུགས་གསང་བའི་གནས་བྱིན་རློབས། །ས་དབུས་དམིགས་དང་བཅས་པས་སྙིང་པོ་ལེན། །ཕྲ་བའི་མཚན་མ་ལྔ་ཡང་ཤུགས་ཀྱིས་འབྱུང་། །བཟླས་པ་མཐར་ཕྱིན་འབྲས་བུ་ཆེན་པོ་ཡིན། །རང་གི་བཟླས་པ་ཡིན་ཞེས་རྒྱ་རུ་བསྟན། །རྣལ་འབྱོར་དམ་པ་རྣམས་ཀྱིས་བཟླས་འདི་བྱ། །གང་ལ་བཏབ་ཀྱང་སྙིང་པོ་ལེན་པར་ངེས། །གལ་ཏེ་བཟླས་པ་འདི་དང་བྲལ་བ་ནི། །དུས་མིན་ཚེ་ལ་བར་ཆད་བྱས་ནས་ནི། །འབྲས་བུ་ངན་སོང་གསུམ་དུ་ལྷུང་བར་ངེས། །བཟླས་པ་འདི་ལ་གནས་པའི་རྣལ་འབྱོར་དམ་པ་ནི། །ཚེ་རིང་ནད་མེད་ཕུན་སུམ་ཚོགས་པ་དང་། །ལུས་མ་བོར་བ་ཉིད་ནས་བྱང་ཆུབ་སེམས་དཔའི་ས། །སངས་རྒྱས་ཉིད་ཀྱི་ས་ལ་གནས་པ་ཡིན། །དགྱེས་པ་ཆེན་པོའི་མཆོད་པ་རྟག་ཏུ་འབུལ། །ཐམས་ཅད་བདུད་རྩི་ལྔ་ལས་རབ་ཏུ་གྲུབ། །རྡོ་རྗེ་གཞོན་ནུ་འཁོར་ལོ་རྒྱས་འདེབས་གཉིས། །ཡེ་ཤེས་ཆུ་ཟླའི་དཀྱིལ་འཁོར་དམ་པ་བསྒོམ། །རྩ་བའི་ལྷ་ཡབ་ཡུམ་དང་། ཀེའུ་སྲིང་ཡན་ཆད་ཀྱི་ཕྲིན་ལས་སོ། །རྩ་བའི་རང་བཞིན་ཡང་དག་གསུངས། །རྩ་བའི་ལྷ་ཡི་བྱེ་བྲག་རྣམས། །ཇི་ལྟར་སྔགས་ཀྱི་མཚན་ཉིད་གསུངས། །སྲུང་མ་རྣམ་གསུམ་ལས་རྣམས་ཀུན། །འདི་ལས་བསད་པ་ཇི་ལྟར་ལགས། །བཅོམ་ལྡན་བདག་ལ་བཀའ་དྲིན་གསུངས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །རྡོ་རྗེ་ངེས་པ་ཁྱེད་ཀྱིས་ནི། །དྲེགས་པ་ཅན་དག་བསྒྲལ་དོན་དུ། །ཞུ་བའི་རྣམ་པ་ལེགས་སོ་ལེགས། །ང་ཡི་བསྟན་པ་བསྲུང་དོན་དུ། །རྣམ་གསུམ་འཁོར་ལོ་བཤད་བྱ་བ། །མ་ཡེངས་ཡིད་ལ་བརྟེན་པར་


DNG017_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས། །དྭངས་མ་འདུས་པའི་ངོ་བོ་ལས། །འོད་འབར་ཡེ་ཤེས་རབ་བསྐུལ་བས། །ཁྲག་གི་དམིག་པ་མགོ་དགུ་དག་ཏུ་གསལ། །སྤྲོ་བསྡུའི་དམིགས་པ་གོང་བཞིན་ཤེས་པར་བྱའོ། །དབུས་སུ་མ་དང་གཡས་པར་ཡ། །གཡོན་པར་ཏ་ཏེ་དབུས་སུ་ཕཊ། །གོང་བཞིན་ཀུན་ལ་བསྒོམ་པར་བྱ། །ཡེ་ནས་གནང་དང་མི་གནང་མེད། །ཤྭ་ན་བཞི་དང་ལྷ་མོ་བཞི། །ས་བདག་མཆེད་བཞི་ལ་སོགས་ཀུན། །རྟག་དང་ཆད་པ་ཡོད་མེད་དང་། །བརྗོད་དང་བྲལ་བསམ་ཡུལ་ལས་འདས། །རང་བཞིན་གནས་པའི་སྙིང་པོ་དེ། །ལེན་པ་ཕྱི་ན་མ་རགས་དང་། །དེ་འདྲའི་དོན་ཆེན་མ་མཐོང་སྟེ། །ཉོན་མོངས་ལྔ་ཡི་དྲི་མར་གསོ། །དེ་ལན་ཕྱིར་ན་འཁོར་ལོ་སྒྱུར། །དེང་གདེང་ན་ཕྱིར་ཡེ་ཤེས་ཀྱི། །བྱེ་བྲག་རྣམ་གསུམ་གསུངས་པ་ཡིན། །དེ་ལ་དབང་བསྒྱུར་ཁྱད་པར་རུ། །ཐབས་མཆོག་དམ་པའི་རང་བཞིན་གྱིས། །གནས་ནས་དབང་བྱས་དེ་མཐོང་ཚེ། །རང་གི་ཡེ་ཤེས་ལེན་ཞེས་བྱ། །སྐུ་གསུང་ཐུགས་ཀྱི་རྒྱ་རུ་བསྟན། །ཕྱི་ནང་གསང་བ་དེ་ཤེས་བྱ། །གསང་ཆེན་དང་ནི་ཡང་གསང་གཏེར། །དེ་དག་རིམ་པར་ཤེས་པར་བྱ། །ཡེ་ཤེས་མཆོག་གྱུར་དམ་པ་ལ། །རང་གི་རང་བཞིན་དེ་བཞིན་ཏེ། །བདེན་པའི་སྙིང་པོ་རང་བཞིན་ལས། །ཡང་དག་དོན་དུ་མཁས་པས་བརྟག །གསུང་བའི་རྒྱ་རུ་འདི་ལུང་བསྟན། །རྡོ་རྗེ་ཕུར་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་སྟོན་པ་ཀུན་བཟང་ལ། །རྡོ་རྗེ་ཆོས་ཀྱིས་འདི་སྐད་ཞུས། །ཨེ་མ་ཧོ། ཐམས་ཅད་དག་མཆོག་ཁྱད་པར་ཅན། །དོན་རྣམས་མ་ལུས་གསུངས་ལགས་ན། །འདི་དོན་འཇུག་འཚལ་རྣལ་འབྱོར་ཏེ། །དུག་ལྔ་དུག་གསུམ་དབང་གིས་ན། །ཞེ་སྡང་དོན་རྣམས་བསྟན་ལགས་ན། །ང་རྒྱལ་བསྒྲལ་བ་ཇི་ལྟར་ལགས། །བཅོམ་ལྡན་བདག་ལ་བཀའ་དྲིན་གསུངས། །འཇམ་དཔལ་གཤེད་པོ་ཁྱོད་ཀྱིས་ནི། །དུག་ལྔ་བསྒྲལ་དོན་ཞུ་བ་ལེགས། །སོ་སོའི་བྱེ་བྲག་ཁྱོད་ལ་བསྟན། །ང་རྒྱལ་དུག་གིས་ཁེངས་པ་རྣམས། །སྤངས་ནས་བསྒྲལ་དོན་རྙེད་པ་མིན། །རབ་ཏུ་བཅིངས་ན་གནས་ངན་ལེན། །སྐྱོན་རྣམས་རྣམ་


DNG017_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

པར་འཕེལ་བར་འགྱུར། །ཡོངས་སུ་ཁེངས་པའི་ང་རྒྱལ་དེ། །ངའོ་སྙམ་པའི་སེམས་འཆང་ཞིང་། །གཞན་ལས་ལྷག་པའི་སྟོབས་འཆང་ཞིང། །དེ་ཡིས་ལོག་པའི་ལམ་གནས་ཏེ། །སྤངས་པའི་བདེན་པའི་ཚིག་མི་རྙེད། །སྤྱད་པས་གསང་བའི་སྔགས་དོན་དང་། །སྦས་པའི་དོན་ཉིད་མ་བཅིངས་པས། །གབ་པའི་མཆོག་དེ་རྙེད་འགྱུར་རོ། །གཞན་ལ་ང་རྒྱལ་དབང་བསྒྱུར་བས། །ཞེན་པའི་ཚིག་གིས་གཞན་དོན་འགེགས། །དེ་ཡི་འབྲས་བུ་ལོག་པར་རྙེད། །དེ་ཡི་བདེན་པའི་ཚིག་མི་འབྱུང་། །སྤང་བས་མུ་སྟེགས་ལམ་དུ་འགྲོ། །སྤྱད་པས་ང་རྒྱལ་ཆེན་པོ་ཡི། །དོན་ལ་མ་ལུས་དེ་གནས་ཚེ། །རྟོག་མེད་བདེ་བའི་ལམ་གནས་ཤིང་། །ཡེ་ཤེས་ཆེན་པོ་དེ་གནས་འགྱུར། །དག་པའི་སྣོད་ཆེན་ཟབ་མོའི་ནང་། །ཟླ་བའི་དཀྱིལ་འཁོར་མཐའ་རུ་ནི། །མཐར་བྱེད་ལྔ་དང་ཁྲོ་བོ་བཅུ། །ཡབ་ཡུམ་གཉིས་མེད་བདེ་བས་གསལ། །ནམ་གྲུ་ནག་མོའི་ཚོགས་བཅས་ཀུན། །རང་རང་རྒྱུད་ལྟར་གསལ་བསྒོམ་སྟེ། །མཱ་ར་ཡ་ཕཊ་ཡི་གེ་ནི། །དབུས་སུ་མཱ་དང་གཡས་སུ་ཡ། །གཡོན་པར་ར་སྟེ་གཡས་སུ་ཕཊ། །འོག་མར་ནྲྀ་བཀོད་གཡས་སུ་ཛ། །གཡོན་དུ་བྷྱོ་བཀོད་སྟེང་དུ་རྦད་ཀྱང་བཀོད། །དེ་ཡིས་ལས་རྣམས་འགྲུབ་པར་ངས་ལུང་བསྟན། །དང་པོར་ཨ་ཀྲོ་འབྲུ་བདུན་ནི། །འབུམ་ཕྲག་བདུན་དུ་བཟླས་པར་བྱ། །ཉི་ཁྲི་གསུམ་སྟེ་དྲུག་ཡིན་ནོ། །ཨཱོཾ་ཨ་ཀྲོ་ཏེ་ཀ་ཧཱུཾ་ཕཊ། བསྲེག་པའི་ས་བོན་མཐར་བཞག་ལ། །བྱང་ཆུབ་སེམས་ཆུང་དམ་པར་འགྱུར། །སྟོང་དང་ལེན་པའི་ཏིང་འཛིན་གྱིས། །མཉམ་པ་ཉིད་ཀྱི་ཡེ་ཤེས་གསལ། །མ་ལས་གྱུར་པའི་བདག་པོ་དེ། །པདྨ་རཱ་གའི་མདོག་འདྲ་བར། །དེ་བཞིན་གཤེགས་པའི་དམ་ཚིག་གིས། །འོད་འབར་ཡེ་ཤེས་རབ་བསྐུལ་བས། །ལྕགས་ཀྱི་སྡིག་པ་མགོ་དགུར་གྱུར། །རྩ་བརྒྱད་ནང་ནས་མགུར་དུ་ཞུགས། །རྣམ་ཤེས་བརྒྱད་ཀྱི་བཅུད་རྣམས་ལེན། །དབུས་ཀྱི་མགོ་ནི་དབུས་ཀྱི་སྲོག་རྩ་འཛིན། །སྟེང་དུ་འཕྲོས་པས་བཅུ་བདུན་ཏེ། །དེ་སྟེང་སུམ་ཅུ་རྩ་གསུམ་མོ། །འོག་ཏུ་འཕྲོས་པས་དྲུག་ཅུ་རྩ་བཞི་སྟེ། །དབུས་མ་དང་ནི་དྲུག་ཅུ་ལྔ། །གསང་བར་འཕྲོས་པས་ལྔ་རུ་གྱུར། །བཅུད་ཀྱི་དྭངས་མ་


DNG017_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་མ་མེད། །རིན་ཆེན་རིགས་ཀྱི་དམ་ཚིག་སྟེ། །མཉམ་ཉིད་ཡེ་ཤེས་ངོ་བོ་ཉིད། །གྲུབ་པས་དེ་ཡི་ངོ་བོ་འོད་དུ་གནས། །ཟོས་པས་དེ་ཉིད་ལས་བྱུང་སྟེ། །མེ་ཏོག་དང་བཅས་ཡི་གེ་རྦད། །ལོག་རྟོག་ཅན་གྱི་ཤེས་པ་ལེན། །འཇམ་དཔལ་རྩ་བའི་རྒྱ་རུ་བསྟན། །དེ་ནས་ཡང་འཇམ་དཔལ་གཤེད་པོས་འདི་སྐད་གསོལ་ལོ། །རྒྱུ་འབྲས་ངོ་བོར་ཞུགས་པ་ནི། །གསང་སྔགས་བདག་པོ་ཁྱོད་ལགས་ན། །དཀྱིལ་འཁོར་ཉམས་སུ་ལེན་བྱེད་པའི། །རྣལ་འབྱོར་དམ་པ་གང་དག་གིས། །ཏིང་འཛིན་ངང་ལ་མི་གནས་ཚེ། །དེ་ཚེ་བཟླས་པ་མི་གནས་སམ། །རྡུལ་ཚོན་དཀྱིལ་འཁོར་བརྙན་མ་སྟེ། །གསང་བའི་དཀྱིལ་འཁོར་དེ་མ་ལགས། །རྫས་ཀྱི་འཁོར་ལོ་མ་ལགས་ཏེ། །འཁོར་ལོ་ཆེན་པོ་བསྒྲུབ་པ་ལས། །གསང་རྒྱུད་ཇི་སྙེད་འབྱུང་གྱུར་པའི། །བཟླས་པའི་གསང་སྔགས་ཇི་ལྟར་ལགས། །བཟླས་པའི་ཐབས་རྣམས་ཇི་ལྟར་ལགས། །དེ་ཡི་འབྲས་བུ་ཇི་ལྟར་འབྱུང་། །ཡང་དག་རྫོགས་ཀྱིས་བཀའ་སྩོལ་ཅིག །འཇམ་དཔལ་གཤེད་པོ་ཁྱོད་ཀྱིས་ནི། །རྣལ་འབྱོར་ལས་དང་དོན་ཆེད་དུ། །སྔགས་དོན་ཞུ་བ་རབ་ཏུ་ལེགས། །སྔགས་དང་བཟླས་ཐབས་འབྲས་བུ་ཀུན། །གསང་བར་བཤད་ཀྱིས་གུས་པས་ཉོན། །དང་པོ་ཨ་ཀྲོ་འབྲུ་བདུན་ནི། །སྐུ་གསུང་ཐུགས་ཀྱི་བཟླས་པ་སྟེ། །འབྱུང་དང་སྡུད་དང་གནས་པ་ཉིད། །གསང་བ་གསུམ་པོ་ལེན་པ་ཡིན། །མ་ནི་རང་དབང་བྱེད་པ་སྟེ། །རུ་ལུ་སྲོག་གི་སྙིང་པོར་གསུང་། །རྦད་ནི་བསད་པའི་སྔགས་ཡིན་ཏེ། །ཐུཾ་རིལ་གཟིར་བའི་སྔགས་སུ་བསྟན། །མ་ར་ཡ་ཞེས་བྱ་བ་ནི། །གོང་བཞིན་ཀུན་ལ་ཤེས་པར་བྱ། །དབང་སྙིང་ཀུན་ལགས་ལ་བྱས་ལ། །ཐུགས་ཀྱི་སྙིང་པོ་གནས་ལ་ཞུགས། །གནས་པའི་ངོ་བོ་གསལ་ལ་འཚེར། །འབྲས་བུ་མཱ་ར་ཡ་ཡི་ལེན། །ཡང་དག་རིག་འཛིན་འབྲས་བུ་འབར་བ་སྟེ། །ཡོན་ཏན་སྙིང་པོ་དམ་པ་ལེན། །གསང་བ་ཐུགས་ཀྱི་བཟླས་པ་སྟེ། །འཕྲོ་འདུ་འབྱུང་བའི་གནས་མཆོག་གིས། །ཐུགས་ཀྱི་འབྲས་བུ་ལེན་པར་བྱེད། །གཤིན་རྗེ་གཤེད་པོའི་རྒྱ་རུ་བསྟན། །འཇམ་དཔལ་གཤིན་རྗེའི་ལེའུ་སྟེ་བཞི་པའོ།། །།དེ་ནས་པདྨ་སེམས་དཔའ་ཡིས། །བཅོམ་ལྡན་འདས་ལ་


DNG017_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སྐད་ཞུས། །ཀྱེ་མ་གསང་བའི་སྔགས་ཀྱི་བདག །ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི། །ཡེ་ཤེས་གསང་བའི་རང་བཞིན་ལས། །ངོ་བོ་ཉིད་ལས་འབྲས་བུར་འབྱུང་། །དབང་ཆེན་གསང་སྔགས་གང་ལགས་པ། །བཅོམ་ལྡན་འདས་ཀྱིས་ལུང་བསྟན་གསོལ། །དེ་ནས་ཀུན་ཏུ་བཟང་པོས་བཀའ་སྩལ་པ། ཨོཾ་ལས་བྱུང་བའི་སྙིང་པོ་དེ། །མ་འོངས་དོན་དུ་ཞུ་བ་ལེགས། །ང་ཡིས་ཁྱོད་ལ་བཤད་པར་བྱ། །ལུས་ངག་ཡིད་གསུམ་གུས་པར་ཉོན། །འདོད་ལ་ཆགས་པའི་རང་བཞིན་གྱིས། །མཚན་མའི་དབང་ལ་འཆེལ་ནས་ནི། །དེ་ཡིས་འབྲས་བུ་རླག་པར་བྱེད། །སྤངས་པས་དོན་རྣམས་རྙེད་པ་མིན། །རབ་ཏུ་བཅིངས་ནས་གནས་ངན་ལེན། །སྐྱོན་རྣམས་རྣམ་པར་འཕེལ་བར་འགྱུར། །ཡོངས་སུ་དག་པའི་འདོད་ཆགས་ཏེ། །སྤྱད་པས་འབྲས་བུ་ཆེན་པོ་ཐོབ། །སྤངས་པས་བདེན་པའི་ཚིག་མི་འགྱུར། །སྤངས་པས་མུ་སྟེགས་ལམ་དུ་འགྲོ། །མེ་ཏོག་དང་བཅས་ཡི་གེ་ཨོཾ། །ཧ་ཡ་གྲཱི་བ་ཧཱུཾ་དྲུག །ཡི་གེ་བདུན་པ་རྩ་བ་ཡིན། །གྲུབ་པ་དེ་ཡི་འོད་དུ་གནས། །ཐ་སྐ་ནི་དང་ཐ་ཏོ་ལ། །དམ་པའི་ཆོས་ལས་འབྱུང་བ་ཡི། །སོ་སོར་རྟོག་པའི་ཡེ་ཤེས་ཏེ། །པདྨ་རིགས་ཀྱི་དམ་ཚིག་གོ། །ཡོངས་རྫོགས་ངོ་བོ་ལས་བྱུང་བ། །དེ་ཚེ་རྒྱུ་ཉིད་འབྲས་བུ་ཡིན། །ཟླ་བའི་དཀྱིལ་འཁོར་དང་བཅས་པས། །འཕྲོ་འདུར་གྱུར་པའི་དྭངས་མ་དང་། །ལེ་བརྒན་ལྟ་བུར་གྱུར་པ་སྟེ། །མཱ་ར་ཡ་ཡི་ཏིང་འཛིན་གྱིས། །ཁྲག་གི་སྦལ་པ་མགོ་དགུར་གྱུར། །རྩ་བརྒྱད་ནང་ནས་མགོ་བརྒྱད་ཞུགས། །དབུས་ཀྱི་མགོ་ནི་དབུས་ཀྱི་སྲོག་རྩ་འཛིན། །གནས་ཡུལ་བཅུ་དྲུག་སྤྱང་མོ་བཅུ་དྲུག་སྟེ། །སྟེང་དུ་འཕྲོས་པས་སྤྱང་མོ་བཅུ་བདུན་ཏེ། །དེ་སྟེང་འཕྲོས་པས་སུམ་ཅུ་གསུམ། །འོག་ཏུ་འཕྲོས་པས་དྲུག་ཅུ་རྩ་ལྔ་སྟེ། །གསང་བ་ལ་ནི་ལྔ་ཡིན་ནོ། །ཡེ་ཤེས་ཚོགས་ཀྱིས་གང་བ་དང་། །སྦལ་པའི་ཚོགས་ཀྱིས་གང་བ་གཉིས། །སྲེག་སྲུང་ལས་འགྲུབ་མཆོག་གི་ལས། །བསམ་ལྡན་གཉིས་ཀྱིས་དེ་འགྲུབ་པོ། །འཁོར་བའི་བག་ཆགས་རྟོག་བཅས་ཐུན། །གནས་ངན་ལེན་པ་ཐམས་ཅད་ཀུན། །གདོད་ནས་སངས་རྒྱས་ཉིད་གནས་པས། །དག་དང་མ་དག་གཉིས་མེད་དེ། །


DNG017_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་རྨོངས་ལ་གསང་བས་ན། །སྐལ་བ་ཅན་དག་གསང་བ་ཉིད་གསལ་བ། །ཉོན་མོངས་ལྔ་དག་གནས་ངན་ལེན། །པདྨའི་གསང་རྒྱུད་ཐམས་ཅད་དུ། །མཱ་ར་ཡ་ཡི་དེ་ཉིད་འདི། །ཐམས་ཅད་ཀུན་ལ་འདི་བཞིན་བརྟག །བདེན་པའི་སྙིང་པོ་རང་བཞིན་པས། །ཁྱབ་པའི་ཡེ་ཤེས་ཆེན་པོ་དེས། །ལྷ་ཡི་གནས་སུ་བསྒོམ་པར་བྱ། །པདྨའི་རྒྱ་རུ་ངས་ལུང་བསྟན། །པདྨ་དབང་ཆེན་གྱི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཀརྨ་ཧེ་རུ་ཀས། །བཅོམ་ལྡན་འདས་ལ་འདི་སྐད་ཞུས། །ཀྱེ་བདེ་གཤེགས་བཅོམ་ལྡན་འདས། །དུག་ལྔས་ཤིན་ཏུ་གཟིར་བ་རྣམས། །སོ་སོའི་བྱེ་བྲག་བསྟན་ལགས་ན། །ཕྲག་དོག་དབང་གྱུར་སེམས་ཅན་རྣམས། །འདི་ལ་ནན་ཏན་ཇི་ལྟར་སྒྲོལ། །བཅོམ་ལྡན་འདས་ཀྱིས་ལུང་བསྟན་གསོལ། །ཕྲག་དོག་སེམས་ཅན་དོན་ཕྱིར་དུ། །ཁྱོད་ཀྱིས་ཞུས་པ་རབ་ཏུ་ལེགས། །ང་ཡིས་བཤད་ཀྱིས་གུས་པར་ཉོན། །དངོས་ལ་གནས་ཤིང་ཚོར་མེད་པས། །དེ་ཡི་འབྲས་བུ་ལེན་པ་མེད། །ལོག་པའི་སེམས་ཅན་ཕྲག་དོག་དེ། །སྤངས་པས་འབྲས་བུ་འབྱུང་མི་འགྱུར། །སྤྱད་པས་ཆོས་ཉིད་དོན་གསལ་འགྱུར། །ཕྲག་དོག་ཅན་གྱི་སེམས་ཅན་དེ། །ངའོ་སྙམ་པའི་སེམས་འཆང་ཞིང་། །གཞན་པས་ལྷག་པའི་སྟོབས་སྙེམས་པ། །དེ་ཡིས་ལོག་པའི་ལམ་བསྟན་ཏེ། །སྤངས་པས་བདེན་པའི་ཚིག་མི་རྙེད། །སྤྱད་པས་གསང་བའི་གསང་དོན་དང་། །སྦས་པའི་དོན་ཉིད་མ་བཅིངས་པས། །གབ་པའི་མཆོག་ཉིད་དེས་རྙེད་འགྱུར། །གཞན་ལ་ཕྲག་དོག་དབང་བསྒྱུར་ནས། །ཞེན་པའི་ཚིག་གིས་གཞན་དོན་འགེགས། །དེ་ཡི་འབྲས་བུ་ལོག་སྙེད་ཀྱི། །དེ་ལས་བདེན་པའི་ཚིག་མི་འབྱུང་། །སྤངས་པས་མུ་སྟེགས་ལམ་དུ་འགྲོ། །སྤྱད་པས་ཕྲག་དོག་ཆེན་པོ་ཡིས། །དོན་ལ་མ་ལུས་དེ་གནས་ཏེ། །རྟོག་མེད་བདེ་བའི་ལམ་ལ་གནས། །ཡེ་ཤེས་ཆེན་པོར་དེ་གནས་འགྱུར། །དེ་ཡི་དོན་ཉིད་བཤད་བྱ་བ། །རྩ་བ་བརྒྱད་ནི་སྙིང་པོའི་མཆོག །ཨོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། འཁོར་བ་རྣམ་གྲོལ་བྱང་ཆུབ་སེམས། །འདི་ལྟར་སྣང་བའི་ཆོས་ཉིད་ནི། །ཡེ་ནས་རང་གི་རང་བཞིན་དག །ངོ་བོ་ཉིད་ཀྱིས་མ་སྐྱེས་པས། །གཟུགས་དང་སྒྲ་ལ་སོགས་པ་ལ། །རབ་ཏུ་བརྟག་གསལ་དངོས་


DNG017_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

མེད་བསྒོམ། །དང་པོ་ཉིད་བསྒྲུབ་བྱང་ཆུབ་སེམས། །དེ་རྟགས་དོན་རབ་གཉིས་སུ་གསལ། །མཚན་དང་དཔེ་ཡི་རྣམ་གྲོལ་ཤེས། །ཉོན་མོངས་མི་གནས་ངོ་བོ་ཉིད། །དེ་རྒྱུ་ཡུལ་དམིགས་ཡེ་ཤེས་མིན། །རྣམ་པར་དག་པའི་སེམས་དེ་ལ། །བདག་གི་ཀུན་གཞིའི་རྣམ་ཤེས་ནི། །འབྲུ་བརྒྱད་དག་ཏུ་ཡང་དག་གནས། །ཇི་ལྟར་བརྟགས་པའི་སྙིང་པོ་ལ། །མཱ་ར་ཡ་ཡི་ཕྲེང་བ་ནི། །རབ་ཏུ་གཡོ་བའི་བྱང་ཆུབ་སེམས། །དྭངས་མ་འདུས་པའི་ངོ་བོ་ནི། །ལེ་བརྒན་འབར་བའི་མདོག་ཏུ་སྣང་། །དེ་ལས་ཤེལ་གྱི་མདོག་ཏུ་སྣང་། །དེ་ལས་ཤེལ་གྱི་སྡིག་པར་གྱུར། །རྩ་བརྒྱད་ནང་ནས་མགོ་བརྒྱད་ཞུགས། །དབུས་ཀྱི་མགོ་ནི་སྲོག་རྩ་འཛིན། །སྟེང་དུ་འཕྲོས་པས་བཅུ་བདུན་ཏེ། །དེ་སྟེང་སུམ་ཅུ་རྩ་གསུམ་མོ། །འོག་ཏུ་འཕྲོས་པས་དྲུག་ཅུ་ལྔ། །དེ་འོག་གསང་བ་ལྔ་རུ་བརྟག་པར་བྱ། །དེ་ལྟར་རབ་ཏུ་རྟགས་གསལ་ན། །བདག་གི་ལུས་འདི་སྒྱུ་མར་སྣང་། །གཟས་པ་གཤེད་མའི་ཚོགས་ཀྱིས་གང་། །དེ་ཡི་དོན་རབ་གཉིས་སུ་འགྱུར། །ལུས་དེས་སེམས་ཀྱི་ངོ་བོར་ལེན། །བསོད་ནམས་མཐུ་ལས་གྲུབ་པ་སྟེ། །སྣང་བ་ཡོངས་སུ་དག་པར་མཛད། །བདེ་གཤེགས་གཞལ་ཡས་བསོད་ནམས་རྫོགས། །དེ་ཡི་རྗེས་འགྲོ་སྣང་བ་དང་། །སྣང་བ་དག་པའི་ཡེ་ཤེས་ཏེ། །རུ་ལུའི་འཕྲོ་འདུ་སྦྱོར་བ་སྟེ། །དཀྱིལ་དུ་མ་བཀོད་གཡས་སུ་ཡ། །གཡོན་དུ་ར་བཀོད་གཡོན་དུ་ཕཊ། །འོག་མར་ནྲྀ་བཀོད་གཡས་སུ་ཛ། །གཡོན་དུ་བྷྱོ་བཀོད་དེ་སྟེང་རྦད་ཀྱང་བཀོད། །དེ་ཡི་ལས་རྣམས་གྲུབ་པར་ངས་ལུང་བསྟན། །བསྟན་པ་ལས་གྲོལ་བྱང་ཆུབ་སེམས། །དེ་བརྟག་མ་ཉིད་མི་གནས་གྱུར། །རྟག་ཏུ་རྒྱུ་ལས་བྱང་ཆུབ་སེམས། །ཆོས་དབྱིངས་དག་པའི་གཞལ་ཡས་ཏེ། །དེ་ལ་སེམས་བརྟན་གསལ་གྱུར་ན། །དོན་ཉིད་མི་སྣང་རྟེན་འདྲེལ་ཤེས། །ཡེ་ཤེས་ལྔ་ཡི་གཟུགས་བརྙན་གྱིས། །ལྟར་སྣང་ཡེ་ཤེས་ལེན་ཞེས་བྱ། །བྱེ་བྲག་མང་པོའི་བྱང་ཆུབ་སེམས། །འབྲས་བུ་ཤེས་པ་ལེན་ཞེས་བྱ། །སྒྱུ་མའི་གསང་རྒྱུད་ཇི་སྙེད་དུ། །གསུངས་པའི་སྔགས་རྣམས་ཐམས་ཅད་ལ། །འདི་བཞིན་ཀུན་ལ་ཤེས་པར་བྱ། །ཀརྨ་ཧེ་རུ་ཀའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་བཛྲ་ཧེ་རུ་ཀས། །བཅོམ་ལྡན་


DNG017_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

འདས་གསང་བདག་དགྱེས་ཆེན་ལ། །བསྐོར་བ་བྱས་ནས་བརྐྱང་ཕྱག་འཚལ། །ཕྱི་ནང་གསང་བའི་མཆོད་པས་མཆོད། །དེ་རྗེས་བསྟོད་པ་དག་ཀྱང་བྱས། །ཨེ་མ་ཧོ་གསང་བ་དགྱེས་པ་ཆེ། །དུས་གསུམ་འདུ་འབྲལ་མེད་པའི་དབྱིངས། །དྲེགས་པས་མྱོས་པའི་སེམས་ཅན་རྣམས། །འདུལ་ལམ་ཚར་བཅད་ཇི་ལྟར་བགྱི། །ཡང་དག་དཔའ་བོས་ལུང་བསྟན་གསོལ། །བཅོམ་ལྡན་དགྱེས་ཆེན་དབང་པོ་ཡིས། །དེ་སྐད་ཞུས་པའི་ཚིག་གསན་ནས། །འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ཀུན། །ཧཱུཾ་ཞེས་བརྗོད་ནས་རང་ལ་བསྡུས། །འཇིག་རྟེན་ཁམས་ཀུན་མི་དམིགས་ཏེ། །ཡི་གེ་གསུམ་གྱི་རང་བཞིན་དུ། །ཐམས་ཅད་མ་ལུས་གསལ་བར་བྱས། །དེ་ནས་བཅོམ་ལྡན་མངོན་རྫོགས་སྐུ། །ཡེ་ཤེས་ལྔ་ལས་རབ་འབར་བའི། །མེ་དཔུང་ནང་ན་རབ་འཇིགས་བཞུགས། །སྣང་ལས་སྔགས་ཀྱིས་རབ་བསྐུལ་བས། །ཕྱག་རྒྱའི་དཀྱིལ་འཁོར་གསལ་བར་གྱུར། །རྟེན་དང་རྟེན་ཅན་དེ་བཞིན་ཏེ། །སྔགས་བཟླས་པ་ཡིས་དེ་ཉིད་གསལ། །ཨོཾ་ཧཱུཾ་ཧ་མ་ཕཊ་བྷྱོ་ཛ། སྔགས་འདིས་བདེ་བའི་ལས་གསལ་ནས། །རྒྱན་དང་རོལ་མོ་ཐམས་ཅད་ཀྱིས། །བདེ་བའི་གནས་མཆོག་ཁྱད་པར་འཕགས། །ཙཀྲ་འཁོར་ལོ་ལས་བྱུང་བ། །གསེར་ལས་བྱས་པའི་འཁོར་ལོ་བཅུ། །གསང་ཆེན་རྫོགས་པའི་བདག་ཉིད་ནི། །ཐུགས་ཀྱི་ས་བོན་ལས་བྱུང་བ། །སྟོབས་དང་བཅས་པའི་དབང་བྱེད་པའི། །གཞི་ལ་འདུས་པའི་དྭངས་མ་རྣམས། །གསེར་གྱི་དམིག་པ་མགོ་དགུར་འགྱུར། །རྩ་བརྒྱད་ནང་ནས་མགོ་བརྒྱད་ཞུགས། །དབུས་ཀྱི་མགོ་ནི་སྲོག་རྩ་འཛིན། །སྟེང་དུ་འཕྲོས་པས་བཅུ་བདུན་ཏེ། །དེ་སྟེང་སུམ་ཅུ་རྩ་གསུམ་སྟེ། །འོག་ཏུ་འཕྲོས་པས་དྲུག་ཅུ་རྩ་ལྔ་སྟེ། །དེ་བས་འོག་རྣམས་ལྔ་ཡིན་ནོ། །འཕྲོ་འདུ་འདི་དག་ཐམས་ཅད་ཀྱང་། །མགོ་ལུས་སྣ་ཚོགས་པ་རུ་བརྟག །དྲེགས་པ་ཐམས་ཅད་བསྒྲལ་ནས་ནི། །ཀུན་རྫོབ་དོན་དམ་གཉིས་ལ་འགོད། །བདེན་གཉིས་ལས་རྣམས་འགྲུབ་པར་འགྱུར། །གསལ་བའི་དཀྱིལ་འཁོར་རྫོགས་པ་ལ། །རང་བཞིན་གྲུབ་པའི་བྱིན་དབབ་ཕྱིར། །གསང་སྔགས་ཟབ་མོ་རབ་བསྐྱོད་པས། །དབྱིངས་ནས་དཀྱིལ་འཁོར་སྤྱན་འདྲེན་མཆོད། །རང་རང་གནས་སུ་


DNG017_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བཞུགས་པས། །དབང་བསྐུར་བྱིན་དབབ་ཐམས་ཅད་རྫོགས། །ཡང་དག་དཔའ་བོ་སྐུ་ལྷུན་གྲུབ། །ཡེ་ཤེས་ལྔ་ལྡན་སངས་རྒྱས་སྐུ། །སྐུ་གསུང་ཐུགས་ཀྱི་བདག་ཉིད་ཅན། །བདེ་བར་གཤེགས་པའི་རང་བཞིན་ཏེ། །སངས་རྒྱས་ལྔ་ཡིས་རབ་ཏུ་འཁྲིགས། །དེ་ཡིས་བསམ་པ་ཐམས་ཅད་རྫོགས། །མངོན་རྫོགས་རྒྱལ་པོའི་རྒྱུད་ཆེན་ཇི་སྙེད་གསུང་བ་རྣམས། །མཱ་ར་ཡ་ནི་འདི་བཞིན་ཀུན་ལ་ཤེས་པར་བྱ། །བདུད་མོས་བསད་པའི་ཡི་གེ་འདི་ཉིད་ནི། །བསྙེན་པར་གནས་ཏེ་འདུ་ཡ་ལིང་། །མཱ་ར་ཡ་ནི་རྣམ་པ་གསུམ་དུ་ཤེས་པར་བྱ། །མ་ཡི་འཁོར་ལོ་ལྔ་རུ་སྡིག་པའི་ཚོགས་སུ་གྱུར། །མ་ལུས་བུང་བའི་ཚོགས་སུ་དེ་བཞིན་གྱུར། །མ་ལུས་སྦྲུལ་གྱི་ཚོགས་སུ་གྱུར་པ་དེས། །མགོ་བོ་དབུ་དགུ་ཀུན་ལ་ཤེས་པར་བྱའོ། །རྩ་བརྒྱད་ནང་དུ་མགོ་བརྒྱད་ཞུགས། །དབུས་ཀྱི་འོག་མ་སྲོག་རྩ་འཛིན། །སྟེང་དུ་འཕྲོས་པས་བཅུ་བདུན་འགྱུར། །དེ་སྟེང་སུམ་ཅུ་རྩ་གསུམ་སྟེ། །འོག་ཏུ་འཕྲོས་པས་དྲུག་ཅུ་རྩ་ལྔར་འགྱུར། །དེ་འོག་རྣམ་པ་ལྔ་ཡིན་ཏེ། །སྤྱི་རུ་སྒྲུབ་ན་སྡིག་པ་ཁོ་ནར་ངེས། །སོ་སོའི་འཁོར་ལོ་ཆེན་པོ་ནི། །སྡིག་པ་བུང་བ་སྦྲུལ་དུ་བརྟག་པར་བྱ། །མཱ་ར་ཡ་ཡི་ཡི་གེ་ནི། །དབུས་སུ་མཱ་དང་གཡས་པར་ཡ། །གཡོན་ར་ལྟེ་བའི་དབུས་སུ་ཕཊ། །འོག་མར་ནྲྀ་བཀོད་གཡས་སུ་ཛ། །གཡོན་པར་བྷྱོ་བཀོད་སྟེང་དུ་རྦད་ཀྱང་བཀོད། །གཡས་པར་ལིང་རྦད་ཙིཏྟ་དབུས་སུ་ཤེས་པར་བྱ། །མངོན་རྫོགས་རྒྱལ་པོའི་རྒྱུད་ཆེན་ཇི་སྙེད་དུ། །འདི་བཞིན་ཐམས་ཅད་ཀུན་ལ་ཤེས་པར་བྱའོ། །མངོན་རྫོགས་རྒྱལ་པོའི་ལེའུ་སྟེ་བདུན་པའོ།། །།དེ་ནས་འཁོར་རྣམས་ཀྱིས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་ཞུས་སོ། །ལོག་པའི་ཤེས་པ་དང་བཅས་པ། །གང་ཞིག་བདེན་པས་མི་འདུལ་བ། །ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །དེ་སྒྲོལ་གསང་སྔགས་ཇི་ལྟར་ལགས། །རང་དབང་མེད་པར་ཇི་ལྟར་འགྱུར། །དེ་ཡི་མན་ངག་ཇི་ལྟར་ལགས། །མངོན་རྫོགས་ཡབ་ཀྱིས་ལུང་བསྟན་གསོལ། །ཞེས་གསོལ་པས། དཔལ་ཀུན་ཏུ་བཟང་པོས་བཀའ་སྩལ་པ། ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །སྐལ་མེད་དད་དང་མི་ལྡན་ལ། །གང་ཞིག་དྲེགས་པས་བསྒྲལ་དོན་དུ། །ཁྱོད་ཀྱིས་ཞུས་པ་རབ་ཏུ་ལེགས། །བདེན་དོན་རབ་ཏུ་རྟོགས་པར་བྱེད། །གདུག་པ་འདུལ་བའི་དོན་སླད་


DNG017_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

དུ། །ང་ཡིས་ཁྱོད་ལ་བསྟན་པར་བྱ། །པདྨའི་སྟེང་དུ་ཧཱུཾ་བསམས་ལ། །ཕྱོགས་བཅུའི་རྒྱལ་བ་རྣམས་བསྐུལ་ཏེ། །ཧཱུཾ་ལས་ཁྲོ་བོའི་སྐུར་བཞེངས་ཏེ། །འཇིག་རྟེན་དྲེགས་པ་སུམ་ཅུ་བཀུག །དེ་ཡིས་རྣལ་འབྱོར་ལས་རྣམས་བྱེད། །མིང་ནི་བསེ་དུང་ལྕགས་དང་གསུམ། །དང་པོ་བསེ་ཡི་མཚན་ཉིད་ནི། །བསེ་དང་ཐུན་གྱི་ནད་ཡམས་གཏོང་། །དེ་ནས་དུང་གི་མཚན་ཉིད་ནི། །སྨྱོ་འབོག་མཛེ་ཤུ་ཞ་གྲུམ་གཏོང་། །དེ་ནས་ལྕགས་ཀྱི་མཚན་ཉིད་ནི། །སྤོས་གྲི་ཆུ་འགག་ནད་རྣམས་གཏོང་། །མཱ་ར་ཡ་ཡིས་ཀུན་ཏུ་གསོད། །འདིས་ནི་ལས་རྣམས་གྲུབ་པ་སྟེ། །མཁའ་དབྱིངས་དག་པའི་རང་བཞིན་ནི། །བསྟན་པའི་དོན་རྣམས་དག་པ་སྟེ། །དག་པ་ཉིད་ན་དག་པ་མེད། །མི་ཤིགས་པ་ཡི་ངོ་བོ་ལས། །དྭངས་མའི་ས་བོན་ལས་བྱུང་བ། །དབུས་སུ་མཱ་བཀོད་གཡས་སུ་ཡ། །གཡོན་དུ་ར་བཀོད་དབུས་སུ་ཕཊ། །འོག་མར་ནྲྀ་བཀོད་གཡས་སུ་ཛ། །གཡོན་དུ་བྷྱོ་བཀོད་སྟེང་འོག་རྦད་ཀྱང་དགོད། །དེ་ཡིས་ལས་གྲུབ་རྒྱ་རུ་བསྟན། །རྩོལ་དང་བྲལ་བའི་རང་བཞིན་ནོ། །དྭངས་མ་ལྔ་འདུས་ངོ་བོ་ནི། །ཤེལ་གྱི་བུང་བ་མགོ་དགུ་དག་ཏུ་གྱུར། །རྩ་བརྒྱད་ནང་ནས་མགོ་བརྒྱད་ཞུགས། །དབུས་ཀྱི་མགོ་ནི་སྲོག་རྩ་འཛིན། །སྟེང་དུ་འཕྲོས་པས་བཅུ་བདུན་ཏེ། །དེ་སྟེང་སུམ་ཅུ་རྩ་གསུམ་མོ། །འོག་ཏུ་འཕྲོས་པས་དྲུག་ཅུ་ལྔ། །དེ་འོག་འཕྲོས་པས་ལྔ་རུ་འགྱུར། །དང་པོ་གཡོ་བར་གྱུར་པ་ནི། །སྔགས་ཀྱི་དུག་མདའ་ཁོང་དུ་འཕེན་ཞེས་བྱ། །བུང་བའི་ཚོགས་ཀྱིས་གང་བ་ནི། །གཤེད་མ་སྲོག་ལ་འབེབས་ཞེས་བྱ། །ཁམས་གསུམ་སེམས་ཅན་ལ་གནོད་ཚེ། །འདི་ཡིས་གདུག་པ་འཇོམས་པ་སྟེ། །འཇོམས་པ་ཉིད་ན་འཇོམས་པ་མེད། །བསྟན་པའི་རང་བཞིན་འོད་འབར་བཅས། །གསལ་བའི་འོད་དང་བཅས་པ་སྟེ། །ཡང་དག་དོན་ཆེན་ཟབ་མོའི་མཆོག །གསལ་བ་ཉིད་ན་གསལ་བ་མེད། །རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱིས། །མཱ་ར་ཡ་ཡི་རྒྱ་རུ་བསྟན། །དཀྱིལ་དུ་མཱ་བཀོད་གཡས་སུ་ཡ། །གཡོན་དུ་ར་བཀོད་དབུས་སུ་ཕཊ། །འོག་མར་ནྲྀ་བཀོད་གཡས་སུ་ཛ། །གཡོན་དུ་བྷྱོ་བཀོད་སྟེང་འོག་རྦད་ཀྱང་དགོད། །འདི་ཡིས་ལས་རྣམས་འགྲུབ་པའི་རྒྱ་རུ་བསྟན། །ཟངས་ཀྱི་དམིག་པ་མགོ་དགུར་གྱུར་པ་དེ། །རྩ་བརྒྱད་ནང་ནས་མགོ་བརྒྱད་ཞུགས། །དབུས་ཀྱི་མགོ་ནི་སྲོག་རྩ་འཛིན། །སྤྲོ་བསྡུའི་རིམ་པ་གོང་བཞིན་ཤེས་པར་བྱའོ། །མཱ་ར་ཡ་ཞེས་བསེ་ཡི་རྒྱ་རུ་བསྟན། །དབུས་སུ་མཱ་
བཀོད་གཡས་སུ་མ། །གཡོན་དུ་ར་བཀོད་དབུས་སུ་ཕཊ། །འོག་མར་ནྲྀ་བཀོད་གཡས་སུ་ཛ། །གཡོན་པར་བྷྱོ་བཀོད་སྟེང་འོག་རྦད་ཀྱང་བཀོད། །སྤྲོ་བསྡུ་སྔགས་ཀྱི་རིམ་པ་གཡོས་པའི་ཚེ། །རྣམ་དག་ངང་གི་ངོ་བོ་དེ་ཉིད་ལེན། །ངོ་བོ་ཉིད་དག་རང་བཞིན་མེད། །བདག་དང་ཚོགས་བཅས་མ་ལུས་དེ་བཞིན་ཏེ། །ཡེ་ཤེས་ཚོགས་ཆེན་རྫོགས་པའི་རང་བཞིན་ཏེ། །དེ་ཐོབ་འབྲས་བུ་མཐར་ཕྱིན་བདེ་བ་གང་། །གཤེད་མས་སྲོག་ལ་འབེབས་པའི་གཤེད་བདག་ནི། །ཉི་མའི་དཀྱིལ་འཁོར་དབུས་སུ་གསལ། །རང་གི་སྔགས་བཅས་དམོད་པའི་ཡི་གེ་སྟེ། །ལྕགས་ཀྱི་དམིག་པ་མགོ་དགུ་དག་ཏུ་གྱུར། །མགོ་བརྒྱད་རྩ་བརྒྱད་ནང་དུ་འཇུག །དབུས་ཀྱི་མགོ་ནི་སྲོག་རྩ་འཛིན། །སྟེང་དུ་འཕྲོས་པས་བཅུ་བདུན་དག་ཏུ་འགྱུར། །དེ་འོག་རྣམ་པ་ལྔ་རུ་འགྱུར། །གཟས་པ་གཤེད་མའི་ཚོགས་ཀྱིས་གང་བ་ནི། །འབྱུང་བ་ལྔ་འཁྲུག་སྡུག་བསྔལ་ཉམས་སུ་མྱོང་། །མ་བཅོས་རང་བྱུང་སྙིང་པོ་ལེན་པར་སེམས། །གསང་བ་བཟློག་མེད་ཐེའུ་རང་རྒྱ་རུ་བསྟན། །བསེ་དུང་ལྕགས་དང་གསུམ་གྱི་ལེའུ་སྟེ་བརྒྱད་པའོ།། །།

དེ་བཞིན་གཤེགས་པ་ཐམས་ཅད་དགོངས་པ་ཁྲོ་བོ་འདུས་པའི་རྒྱུད་ཅེས་བྱ་བ།


DNG017_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། སརྦ་ཏ་ཐཱ་ག་ཏཱ་ཤ་ཡ་ཀྲོ་དྷ་ས་མུ་དཱ་ཡ་ཏནྟྲ་ནཱ་མ། བོད་སྐད་དུ། དེ་བཞིན་གཤེགས་པ་ཐམས་ཅད་དགོངས་པ་ཁྲོ་བོ་འདུས་པའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཆོས་ཐམས་ཅད་ཀྱི་རང་བཞིན་དེ་ཁོ་ན་ཉིད་ཡེ་ཤེས་ཆེན་པོའི་ངོ་བོ། སྐུ་གསུང་ཐུགས་ལྷུན་གྱིས་གྲུབ་པ། རྡོ་རྗེའི་བདག་ཉིད། ཡེ་ཤེས་ཐུགས་རྗེའི་རོལ་པ། གཉིས་སུ་མེད་པའི་ཐིག་ལེ། ཡོངས་སུ་བཀོད་པའི་སྙིང་པོ། ཐམས་ཅད་ནས་ཐམས་ཅད་དུ་ཁྱབ་གདལ་ཏེ། མི་སྐྱེ་མི་འགག་ནམ་མཁའི་ངོ་བོར་ཡེ་ནས་སངས་རྒྱས་པ། ཅིས་ཀྱང་བཙལ་དུ་མེད་པ། མི་འགྱུར་བ་འགྱུར་བ་མེད་པ། མ་བཅོས་པ་བཅོས་པ་མེད་པ། མི་སྣང་བ་སྣང་བ་མེད་པ། མ་གྲུབ་པ་བསྒྲུབ་ཏུ་མེད་པ། གཉིས་སུ་མེད་ཅིང་ཐ་མི་དད་པ། ཐམས་ཅད་སོ་སོ་མ་ཡིན་པའི་སངས་རྒྱས་དེ་ཉིད། ཉིད་ལ་ཉིད་གསུང་དུ་མེད་པའི་དགོངས་པར་ཆོས་ཐམས་ཅད་འདུས་པར་གསུངས་ཏེ། ཆོས་ཐམས་ཅད་བརྗོད་དུ་མེད་ཅིང་བརྗོད་པ་ལས་འདས་པས། འདས་པའི་སངས་རྒྱས་ཐམས་ཅད་ནི་ཆོས་


DNG017_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་མ་སྐྱེས་པའི་རང་བཞིན་དུ་འདུས་སོ། །ཆོས་ཐམས་ཅད་བསམ་དུ་མེད་ཅིང་བསམ་པ་ལས་འདས་པས། ད་ལྟར་གྱི་སངས་རྒྱས་ཐམས་ཅད་ནི་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོར་འདུས་སོ། །ཆོས་ཐམས་ཅད་འགྱུར་བ་མེད་ཅིང་འཕོ་འགྱུར་ལས་འདས་པས། མ་བྱོན་པའི་སངས་རྒྱས་ཐམས་ཅད་ནི། ཡིད་རང་བྱུང་གི་ཡེ་ཤེས་བཙལ་བ་མེད་པར་འདུས་སོ། །དུས་གསུམ་གྱི་སངས་རྒྱས་ཐམས་ཅད་མཉམ་པ་ཉིད་སྤྲོས་པ་མེད་པའི་ཐིག་ལེ་ཆེན་པོར་འདུས་སོ། །དེ་ནས་ཕྱོགས་བཅུའི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་དེ། མཚན་མ་དངོས་པོ་ཐམས་ཅད་ལ་ཡེ་ནས་འདི་འདྲ་བར་གྲུབ་ཅིང་རྟག་པ་མེད་ལ། ཐམས་ཅད་ཆོས་ཉིད་དུ་སངས་རྒྱས་པས། སྟོང་ཞིང་ཆད་པ་མ་ཡིན་ཏེ། ཐམས་ཅད་ཆོས་ཉིད་བདེ་བ་ཆེན་པོའི་ངང་དུ་སངས་རྒྱས་པས། སྐྱེ་འགྲོ་མིང་དང་གཟུགས་ཐམས་ཅད་ཡེ་ནས་ཕྱོགས་དང་རིས། དབྱིབས་དང་ཁ་དོག་གང་དུ་ཡང་གྲུབ་པ་མེད་དེ། ཐམས་ཅད་ཡེ་ཤེས་ཆེན་པོའི་རང་བཞིན་དུ་སངས་རྒྱས་ཏེ། ཆོས་ཀྱི་སྐུའི་རང་བཞིན་གཉིས་སུ་མེད་པའི་བྱང་ཆུབ་སེམས། ཡེ་ནས་སུས་ཀྱང་མ་བྱས་མ་བཙལ་བའི་དོན། ནམ་མཁའ་བཞིན་དུ་ཡེ་ནས་གནས་ཏེ། ཇི་ལྟར་འདུལ་བའི་དོན་ལ་ཇི་བཞིན་པར་གནས་སོ། །དེ་ཡང་སེམས་ཀྱི་མཚན་ཉིད་སོ་སོར་འཛིན་པའི་དོན་གནས་སྐབས་ཀྱིས་མཛད་དེ། ཡང་དག་པར་ན་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་མཛད་པ་ནི། ཆོས་ཀྱི་སྐུ་དུས་གསུམ་དུ་འཕོ་འགྱུར་མེད་པ། མ་བཅོས་པའི་ཆོས་ཉིད། མ་བསླབས་པའི་ཡེ་ཤེས། ཐམས་ཅད་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་སངས་རྒྱས་པར་མཛད་དེ། བྱང་ཆུབ་ཀྱི་སེམས་ཅིར་ཡང་མ་ཡིན་པ་ཉིད། རང་བཞིན་དུ་ལྷུན་གྱིས་གྲུབ་སྟེ་བཙལ་བ་མེད་པའི་དགོངས་པར་འདུས་སོ། །མི་ཟད་པ་རྒྱན་གྱི་འཁོར་ལོ། སྐུ་གསུང་ཐུགས་ཆོས་སྐུ་འགྱུར་བ་མེད་པ། བརྗོད་པ་མེད་པ་གསུང་མི་མངའ་བ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་དགོངས་པར་འདུས་སོ། །ཆོས་ཉིད་དུས་གསུམ་དུ་འགྱུར་བ་མེད་དེ། དབུས་དང་མཐའ་མི་དམིགས་པ།


DNG017_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོས་བྲལ་ཡེ་ཤེས་ཀྱི་སྙིང་པོར། སེམས་ཀྱི་རང་བཞིན་ཅིར་ཡང་མི་སྣང་ཞིང་། ཅིར་ཡང་མི་འགྱུར་བའི་དགོངས་པ་དང་། ལྷུན་གྱིས་གྲུབ་པར་གནས་པ་ལ། བྱིས་པའི་སྤྱོད་པ་ལྟ་བུར་བྱར་མེད་དེ། མ་སྤངས་རྟོག་པ་མེད་པར་ལོངས་སྤྱོད་པས། སྐྱོན་མེད་བདེ་བ་ཆེན་པོ་ཞེས་བྱ་བའི་དགོངས་པ་དང་། ཆོས་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་རང་བཞིན་གྱིས། སེམས་ཉིད་དཀྱིལ་འཁོར་ཆེན་པོར་ལྷུན་གྱིས་གྲུབ་པའི་དགོངས་པ་དང་། སྐྱེ་བ་མེད་པའི་ཆོས་ཀྱི་དབྱིངས་ལས་སེམས་ཀྱིས་དབང་སྒྱུར་བས། རང་རིག་པའི་རྩལ་དབང་ཐོབ་པའི་དགོངས་པ་དང་། ཆོས་ཐམས་ཅད་ནམ་མཁའ་ལྟ་བུ་ལ་བསྲུང་བ་དང་མི་བསྲུང་བའི་ཕྱོགས་དང་བྲལ་བ་སྟེ། དོན་ཆོས་ཉིད་ནམ་མཁའ་ལྟ་བུ་ལས་མི་འདའ་བའི་དགོངས་པ་དང་། དངོས་གྲུབ་ཆེན་པོ་རང་གི་སེམས་ཉིད་དེ། དགོས་འདོད་འབྱུང་བའི་རིན་པོ་ཆེ་ལྟར་དུ། ཇི་ལྟར་དམིགས་ཤིང་བསྒྱུར་བས་འགྲུབ་པ། བསྒྱུར་བའི་དོན་ཐམས་ཅད་རྫོགས་པའི་དགོངས་པ་དང་། ཕྲིན་ལས་རྣམ་པ་བཞི་ལ་སོགས་པས་གང་ལ་གང་གིས་འདུལ་བར་སྟོན་པ་ནི། སངས་རྒྱས་ཀྱི་ཕྲིན་ལས་ཐམས་ཅད་རྫོགས་པའི་དགོངས་པའོ། །དེ་ལྟ་བས་ན་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་དངོས་གཞི་མ་བཅོས་པའི་དེ་ཁོ་ན་ཉིད་དུ་འདུས། ཁམས་གསུམ་དང་དུས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱང་དེ་ཁོ་ན་ཉིད་དུ་འདུས། འཇིག་རྟེན་གྱི་དྲེགས་པ་ཅན་ཐམས་ཅད་ཀྱི་སྲོག་ཀྱང་དངོས་གཞི་མ་བཅོས་པ་དེ་ཁོ་ན་ཉིད་དུ་འདུས་པ་ཐམས་ཅད་ཀྱང་དགོངས་པ་འདིར་འདུས་སོ། །དེ་ལ་ཆེད་དུ་བརྗོད་པ་ནི། ཨེ་མ་ཧོ། སེམས་ཉིད་ཀུན་ཏུ་བཟང་པོ་ཡི། །བྱས་པ་མེད་པར་སྣ་ཚོགས་འགྲུབ། །མ་བརྗོད་སྒྲ་སྐད་ཅིར་ཡང་སྒྲོག །མ་སྤྱད་རོལ་པ་རྒྱན་དུ་ཤར། །སྲིད་གསུམ་རྣམ་དག་ལྷུན་གྱིས་གྲུབ། །ཀུན་ལ་ཁྱབ་པས་ནམ་མཁའ་སྟེ། །སྣ་ཚོགས་འབྱུང་བ་རིག་པའི་གཏེར། །གཏིང་དཔག་དཀའ་བ་རྒྱ་མཚོའི་ཀླུང་། །བདེ་གཤེགས་དགོངས་པ་འདུས་པར་བཤད། །ཅེས་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་


DNG017_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱི་དགོངས་པ་ཁྲོ་བོ་འདུས་པའི་རྒྱུད་ལས་ལེའུ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་ཆོས་ཀྱི་རང་བཞིན་དེ། ཡེ་ཤེས་ཆེན་པོའི་རོལ་པར་ཤར་བར་མཁྱེན་ནས། སྐུ་གསུང་ཐུགས་མཉམ་པ་ཉིད་མི་དམིགས་པར་མཛད་དེ། ཆེད་དུ་བརྗོད་པ། མ་ནོར་མ་བཅོས་དེ་བཞིན་ཉིད། །མི་གནས་མི་རྟོག་བསམ་དང་བྲལ། །མ་ཆགས་ཆགས་བྲལ་ཡུལ་ལས་འདས། །ཅིར་ཡང་མ་ཡིན་ཅིར་མ་ཡིན། །རང་བྱུང་རང་ཞི་བརྗོད་དང་བྲལ། །རྣམ་པར་མི་རྟོག་ཡེ་ཤེས་ཀྱི། །རྟོག་པའི་དངོས་པོ་ཟིལ་གྱིས་གནོན། །སྟོང་པའི་གོ་ཆ་བླ་ན་མེད། །སྐྱེ་མེད་སེམས་ཉིད་ཡི་དམ་ལྷ། །ཞེས་གསུངས་སོ། །ཆོས་སྐུ་སྐྱེ་འགག་མེད་པ་ལས། །ཡེ་ཤེས་ཆེན་པོ་རོལ་པའི་སྐུ། །དངོས་མེད་རྟོག་པ་ཟིལ་གྱིས་གནོན། །མཐིང་ནག་ཞལ་གསུམ་ཕྱག་དྲུག་སྟེ། །རྣམ་པར་ཐར་པའི་དབུ་གསུམ་གྱིས། །སྲིད་པ་གསུམ་པོ་སྒྲོལ་བར་མཛད། །ཕ་རོལ་ཕྱིན་དྲུག་ཕྱག་མཚན་ནི། །འཁོར་ལོ་རལ་གྲི་རྡོ་རྗེ་དང་། །བེ་ཅོན་གཏུན་ཤིང་སྡིགས་མཛུབ་འབར། །རྒྱུད་དྲུག་གནས་པའི་ལོག་ལྟ་སྒྲོལ། །ཚད་མེད་བཞི་དང་རྫུ་འཕྲུལ་རྐང་། །སྐྱེ་བ་རྣམ་བཞི་སྟོང་བདག་མེད། །གླང་ཆེན་ཀོ་རློན་གོས་སུ་གྱོན། །ཞིང་ལྤགས་གཡང་གཞི་ཡ་བས་བསྐོར། །སྟག་གི་པགས་པས་ཤམ་ཐབས་བྱས། །སྐམ་རློན་ཐོད་པས་རྒྱན་དུ་བྱས། །རིགས་བཞིའི་ཀླུ་དང་ས་བདག་གཉན། །དྲེགས་པ་བརྒྱད་པོ་ཕྱོགས་མཚམས་བསྣོལ། །མ་ཧེ་གླང་པོ་བརྫིས་པ་ལ། །ཉི་ཟླ་པདྨའི་གདན་ལ་བཞུགས། །སེམས་ཉིད་ཡི་གེའི་རང་བཞིན་ཏེ། །རྒྱལ་བའི་སྐུ་ཉིད་ཡིན་པར་བཤད། །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །དབུ་ལ་རྫོགས་པའི་རིགས་ལྔའོ། །ཡུམ་ནི་དམིགས་མེད་ཆོས་ཀྱི་དབྱིངས། །གཉིས་སུ་མེད་པར་སྐུ་ལ་གནས། །ཨོཾ་ཡ་མཱནྟ་ཀ་ཧཱུཾ། འདི་ནི་གསང་སྔགས་རྒྱལ་པོ་སྟེ། །ཁྲོ་བོ་དེ་ཉིད་འབར་བ་ཡིན། །ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ །སྐྱེ་མེད་ཡེ་ཤེས་ཁྲོ་བོའི་སྐུ། །གཤིན་རྗེ་གཤེད་པོ་བགེགས་ཀྱི་རྒྱལ། །འགྱུར་མེད་རྡོ་


DNG017_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་སྐུ་རུ་གྱུར། །ཀྲ་ཤ་ཀཱ་ལ་རཱུ་པ། ནག་པོ་ཆེན་པོ་འཇིགས་བྱེད་གཟུགས། །འགག་པ་མེད་པ་རྡོ་རྗེའི་གསུང་། །ཧྲཱྀཿཤྟྲཱིཿཡ་མ་ཡེ། མི་རྟོག་ཡེ་ཤེས་ཆེན་པོའི་ངང་། །རྡོ་རྗེའི་ཐུགས་ཉིད་བརྟན་པར་མཛོད། །རྟོག་མེད་རང་བཞིན་འོད་གསལ་ལོ། །ཆོས་ཀྱི་དབྱིངས་ལས་ངོ་བོའི་སྐུ། །གཤིན་རྗེ་གཤེད་ནག་ལྷུན་གྱིས་གྲུབ། །ཧྲཱྀཿབཛྲ་ཀྲོ་ཏ་ཧྱ་གྲཱི་ཝ་པདྨ་ཏ་ཀྲྀཏ་རཱ་ག་ཙན་དྷ། ཆོས་རྣམས་མ་འདྲེས་སོ་སོར་རྟོག །འདུ་ཤེས་ཕུང་པོ་པདྨའི་གསུང་། །ཧ་ཡ་གྲཱྀ་ཝ་རྟ་མཆོག་དཔལ། །ཆགས་མེད་སྐུ་མདོག་དམར་པོ་ལ། །སྤྱི་གཙུག་རྟ་མགོ་ལྗང་ཞུར་འཚེར། །བདེ་གཤེགས་གསུང་གི་ངོ་བོ་ཉིད། །བཛྲ་པཱ་ཎི་ཙཎྜ་མ་ཧཱ་རོ་ཥ་ཎ། ཆོས་རྣམས་མེ་ལོང་ལྟ་བུ་ཡི། །རྣམ་ཤེས་ཕུང་པོ་རྡོ་རྗེའི་ཐུགས། །ལག་ན་རྡོ་རྗེ་ཁྲོ་བོའི་རྒྱལ། །བཻ་ཌཱུར་སྔོན་པོའི་མདོག་འདྲ་ལ། །ཁྲོས་པས་མཐིང་ནག་འཇིགས་པའི་སྐུ། །བདེ་གཤེགས་ཐུགས་ཀྱི་ངོ་བོ་ཉིད། །བཛྲ་ཀཱི་ལི་ཀཱི་ལ་ཡ་བ་ར་བི་དྷྭནྶ། བྱ་བ་ཐམས་ཅད་གྲུབ་པ་ཡི། །འདུ་བྱེད་དོན་གྲུབ་རྣམ་པ་ནི། །ལས་ཀྱི་རྒྱལ་པོ་ཧེ་རུ་ཀ །བཛྲ་ཀུ་མཱ་ར་ཡི་སྐུ། །ལྗང་ནག་ཆེན་མོ་འཇིགས་པའི་སྐུ། །བདེ་གཤེགས་ཕྲིན་ལས་ངོ་བོ་ཉིད། །ཡེ་ཤེས་ལྷུན་གྱིས་གྲུབ་པ་ནི། །ཕྱག་རྒྱ་རྫོགས་པའི་རྒྱལ་པོའོ། །མ་བཅོས་མི་འགྱུར་ཆགས་པ་མེད། །ཀུན་འབྱུང་བྱ་བ་བྱེད་པ་ཡི། །རིགས་ཀྱི་བདག་པོ་ཀུན་འདུས་པ། །སྐུ་ལྔ་ལྷུན་གྱིས་གྲུབ་པའོ། །དཔྲལ་བར་གྱད་གནོན་ཁྱུང་གཉིས་ནི། །སྤུ་དང་གཤོག་པ་མཚོན་ཆ་མེ། །ཁྱུང་གི་ཁ་ནས་ལྕེ་འབབ་པས། །གདུག་པ་གཟིར་དང་རློག་པར་བྱེད། །སེང་གེ་རལ་པ་སྤྲུག་པ་གཉིས། །ཁ་ནས་རྡོ་རྗེ་མང་པོ་འཕྲོ། །བར་མཚམས་མེད་པར་གདུག་པ་འཇོམས། །སྟག་ཆེན་རྔམས་ཤིང་འཕྱོ་བ་གཉིས། །ཁ་ནས་རལ་གྲི་འབར་བ་འཕྲོ། །མ་ལུས་གཤོག་དང་གཏུབ་པར་མཛད། །སྦྲུལ་གདུག་འབར་བ་ནག་པོ་ལ། །ཁ་ནས་མེ་འབར་འཚུབ་ཅིང་བསྲེག །ཅེ་སྤྱང་མཐིང་སྐྱ་འབར་བ་ལ། །ཞལ་ནས་ལྕགས་ཀྱུས་འགུགས་ཤིང་སྒྲོལ། །ཐམས་ཅད་ཟིལ་གྱིས་གནོན་པ་སྟེ། །རང་སྣང་དབྱེར་


DNG017_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

མེད་རྡོ་རྗེའི་སྐུ། །རྣམ་དག་བསོད་ནམས་རྒྱན་གྱིས་བརྒྱན། །དཔེ་བྱད་འབྲུ་བཀོད་བལྟར་མི་ངོམ། །སྐུ་ལྔ་མཆོག་སྟེ་ཁྱོད་ལ་འདུད། །རྣམ་པར་དག་པ་ནམ་མཁའི་དབྱིངས། །ཅི་གསུངས་སྣ་ཚོགས་སྒྲ་རིག་མཁྱེན། །བསམ་འདས་བརྗོད་མེད་རྡོ་རྗེའི་གསུང་། །གསུང་ལྔ་མཆོག་ལ་ཕྱག་འཚལ་འདུད། །རྡོ་རྗེ་གསང་བ་ནམ་མཁའི་ཐུགས། །མཉམ་ཉིད་མི་གཡོ་སོ་སོར་གསལ། །ཀུན་རིག་སྙིང་པོ་ཡེ་ཤེས་མཆོག །ཐུགས་ལྔའི་མཆོག་ལ་ཕྱག་འཚལ་འདུད། །ཡིད་བཞིན་ནོར་བུ་ཆེན་པོ་སྟེ། །མཁྱེན་པའི་ཡེ་ཤེས་རང་རིག་འབར། །མགོན་པོ་ཡོན་ཏན་བསམ་ལས་འདས། །ལྷུན་གྱིས་གྲུབ་མཛད་ཁྱོད་ལ་འདུད། །མི་མཛད་པ་ཉིད་མཛད་པ་ཆེ། །མ་ཆགས་ཆགས་བྲལ་འདོད་ཆགས་མཛད། །ཐམས་ཅད་མ་ལུས་སྒྲོལ་བ་ཡི། །ཕྲིན་ལས་མཆོག་ལ་ཕྱག་འཚལ་འདུད། །ཅེས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་རང་ལ་རྫོགས་ཤིང་ཆེད་དུ་རང་ལ་བསྟོད་པ་མཛད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་ཁྲོ་བོ་འདུས་པའི་རྒྱུད་ལས་ལེའུ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ཆོས་ཐམས་ཅད་ཡེ་ནས་ལྷུན་གྱིས་གྲུབ་པར་མཛད་དེ། ཨེ་ཡཾ་རཾ་བཾ་ལཾ་ཞེས་ཆེད་དུ་བརྗོད་དོ། །ཨེ་སྟོང་ཉིད་ཡེ་ཤེས་རྡོ་རྗེའི་སྐུ། །ཉོན་མོངས་ཞེ་སྡང་འཇོམས་མཛད་པ། །ནམ་མཁའི་རང་བཞིན་རྡོ་རྗེ་ཉིད། །ཅིས་ཀྱང་མི་ཆོད་མི་ཤིགས་པ། །གདོད་ནས་མ་སྐྱེས་སེམས་ཉིད་དོ། །ཡཾ་གི་ཡེ་ཤེས་ལས་བྱུང་བ། །གཏུམ་ཁྲོ་ཕྲག་དོག་འཇོམས་མཛད་པ། །སྲ་མཁྲེགས་དོང་ཚེ་རྣམ་རྟོག་འཐོར། །རཾ་གྱི་ཡེ་ཤེས་ལས་བྱུང་བས། །སྲད་འཛིན་འདོད་ཆགས་འཇོམས་མཛད་པ། །ཀུན་ཏུ་མེ་འོད་འབར་དང་འཕྲོས། །འདུ་ཀློང་འཁྱིལ་པས་འཁྲིགས་པའོ། །བཾ་གྱི་ཡེ་ཤེས་ལས་བྱུང་བ། །དྲེགས་པའི་ང་རྒྱལ་འཇོམས་མཛད་པ། །ཆུ་རྒོད་སྐྱིན་ཐང་འཁྲུགས་པ་ཡི། །མཚན་མའི་རྟོག་པ་འཇོམས་པར་བྱེད། །ལཾ་གྱི་ཡེ་ཤེས་ལས་བྱུང་བ། །རྨོངས་པའི་གཏི་མུག་འཇོམས་མཛད་པ། །སྲ་མཁྲེགས་བརྟན་པ་རྡོ་རྗེ་ཆེ། །རྡོ་རྗེ་འོད་ཕུང་འཁྲིགས་པ་ཡིས། །རྨོངས་པའི་མུན་ནག་ཆེན་པོ་འཇོམས། །འབྱུང་བ་ཆེན་


DNG017_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

པོ་བཅོམ་ལྡན་འདས། །ཀུན་ལ་རང་བཞིན་གནས་པ་དེ། །ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཀྱིས། །གུར་རམ་ར་བ་སྤྱིལ་པོའི་ཚུལ། །ཅིས་ཀྱང་མི་ཚུགས་ཅིས་མི་ཤིགས། །རྐང་པ་འདི་མེད་པའང་སྣང་། འབྱུང་བ་ལུས་ཀྱི་དཀྱིལ་འཁོར་ནི། །ཡེ་ཤེས་ཆེན་པོའི་རང་བཞིན་གྱི། །རྡོ་རྗེའི་གོ་ཆ་རབ་ཏུ་སྲ། །སྐྱེ་མེད་ནམ་མཁའི་ཆོ་འཕྲུལ་ལས། །འགག་མེད་འབྱུང་བ་ལྷུན་གྱིས་གྲུབ། །ཐམས་ཅད་སྐྱེད་པ་ཡུལ་ཉིད་ཀློང་། །རྟེན་དུ་གྱུར་པ་སྐུ་དང་གནས། །གནས་ཚོགས་འབྱུང་བ་རིག་པའི་གཏེར། །ཉོན་མོངས་འཇོམས་པས་ཡེ་ཤེས་ཏེ། །རྣམ་རྟོག་གཅོད་པས་འཁོར་ལོའོ། །གཅོད་དང་འདྲལ་བས་མཚོན་ཆ་ཡིན། །སྣང་ཙམ་ཉིད་ན་རང་བཞིན་མེད། །བདེན་པ་དབྱེར་མེད་ནམ་མཁའི་ངང་། །སྣང་སྲིད་སྐུ་གསུང་ཐུགས་ཉིད་དེ། །རྣམ་པ་དབྱེར་མེད་ནམ་མཁའི་ངང་། །དེ་ཡི་རང་བཞིན་དེ་ཉིད་དོ། །ཞེས་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་ཁྲོ་བོ་འདུས་པའི་རྒྱུད་ལས་ལེའུ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་ཡེ་ཤེས་ཆེན་པོའི་རོལ་པ། ཡི་གེ་རྣམ་པར་འཕྲུལ་པ་སྐུ་གསུང་ཐུགས་རྡོ་རྗེ་བརྗོད་པ། གསང་སྔགས་དོན་ནི་ལམ་ཡིན་ཏེ། །སྐྱབས་པར་བྱེད་པ་ལས་སུ་འགྱུར། །དེ་ཕྱིར་སྐྱེས་བུ་ཆེན་པོའོ། །ཐུགས་ལས་མགུར་གྱི་བུམ་པར་གྲིལ། །ཟླ་ཁམ་དཀྱིལ་ནས་ལྗགས་རྩེར་བཀྲམ། །ཞལ་དང་སྐུ་ཡི་རྣམ་པ་ལས། །ཀུན་ལ་ཁྱབ་པར་ཤར་བ་པོ། །སྐུ་དང་གསུང་ཐུགས་ལྷུན་གྲུབ་པའི། །ཕྲིན་ལས་རོལ་པ་ཆེན་པོ་སྟེ། །བདེ་གཤེགས་སྤྱི་དྲིལ་སྙིང་པོའོ། །ཐོག་མར་འབྱུང་བའི་ཡི་གེ་ལྔ། །མཁའ་ལྟར་དག་པ་སེམས་ཀྱི་དབྱིངས། །ཆོས་ཀྱི་འབྱུང་གནས་ཆེན་པོ་སྟེ། །དྲག་པོ་དབང་སྡུད་ཡི་གེ་དག །གསང་སྔགས་རྒྱལ་པོ་དབུ་ལ་བཞག །གཡོ་བ་རླུང་ལ་སྲེག་པ་མེ། །སྡུད་པ་ཆུ་ཡིན་སྲ་བརྟན་ས། །འབྱུང་ལྔའི་དབྱིངས་ནས་བླངས་ནས་ཀྱང་། །གསང་སྔགས་ཕྲེང་བའི་གྲལ་ལ་བཞག །ཀུན་གྱི་མཆོག་ཏུ་གྱུར་པ་སྟེ། །ཁོང་ནས་འབྱུང་བའི་ཡི་གེ་དང་། །སྐྱེས་བུ་ཅན་གྱི་རང་བཞིན་དང་། །དེ་བཞིན་སྙན་དང་ཤངས་དང་ཚེམས། །འབྱུང་བའི་ཡི་གེ་ཀློད་པའི་འབྲུ། །


DNG017_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ལྔ་ན་ཡིག་འབྲུ་གྲལ་གནས་པའོ། །དེ་འོག་འགྱུར་གྱི་ཡི་གེ་ལྔ། །བྱ་བའི་ཡི་གེ་ཁྱབ་བྱེད་དང་། །དོན་དུ་འགྱུར་དང་གནས་པ་ཡི། །འཛིན་པ་མེད་པའི་སྒོ་དག་གོ། །དེ་འོག་ཆར་པ་མེད་པ་དང་། །རྒྱུ་རྐྱེན་མེད་དང་རྐྱེན་དང་བྲལ། །བསླང་བ་མེད་པའི་ཡི་གེའོ། །དབྱངས་དང་སྒྲ་ཡི་དབྱིངས་ནས་བླང་། །དེ་འོག་སྐུ་ཡི་ཡི་གེ་ཡང་། །གཤིན་རྗེ་གཤེད་ནག་ཐུགས་ལས་བསླང་། །དེ་བཞིན་གསུང་གི་ཡི་གེ་ཡང་། །གསོད་བྱེད་རྔམ་ཆེན་ཐུགས་ནས་བླང་། །ཐུགས་ཀྱི་ཡི་གེའི་ཕྲེང་བ་སྟེ། །རྡོ་རྗེ་འཇིགས་བྱེད་ཐུགས་ལས་བླང་། །རིམ་པ་བཞིན་དུ་གྲལ་ལ་གཞག །དེ་འོག་གསུམ་ཚན་གསུམ་ཡིན་ཏེ། །གནང་དགུ་འཇོམས་པ་གྲལ་ལ་བཞག །གསང་སྔགས་རྒྱལ་པོ་བརྒྱད་གཉིས་པོ། །པདྨ་འཁྱིལ་པའི་གའུ་ནས། །བླངས་ཏེ་གྲལ་ལ་གནས་པའོ། །ཐུགས་ཀྱི་ཡི་གེ་འབྲུ་བཅུ་སྟེ། །རྡོ་རྗེ་གཏུམ་པོའི་ཐུགས་ལས་བླང་། །དེ་འོག་ཟིལ་གྱིས་མནན་པ་སྟེ། །འབར་བ་བྱ་ཁྱུང་ཐུགས་ནས་སྤྲུལ། །དེ་འོག་གསང་སྔགས་འབྲུ་བརྒྱད་དེ། །གཤིན་རྗེའི་རྒྱལ་པོ་ལས་ཀྱི་བདག །ཕྲིན་ལས་ཐམས་ཅད་བྱེད་པའོ། །དེ་རྗེས་ཕྲིན་ལས་རྫོགས་པའི་སྔགས། །ལས་མཆོག་རྒྱལ་པོའི་ཐུགས་ལས་བླང་། །མཐར་ནི་མཚོན་ཆ་མེ་དཔུང་སྔགས། །འདྲེན་པ་སྟོབས་ཀྱི་དྲག་སྔགས་ཏེ། །གསང་སྔགས་རྒྱལ་པོ་བརྒྱ་དང་བཅུ། །སྔགས་ཀྱི་ཡན་ལག་བཞི་ལྡན་པས། །གསུང་གི་ཆོ་འཕྲུལ་སྒྲ་བསྒྲགས་པས། །སྐུ་བསྐྱེད་སྲོག་གི་ངོ་བོ་ལ། །བསྒྲུབ་དང་ཐུགས་དང་བསྐུལ་བ་དང་། །བསྲུང་དང་བསད་པ་གནང་ལ་དབབ། །ཡིད་བཞིན་ནོར་བུ་ལྟ་བུ་ཡིས། །མ་ལུས་འདུས་པའི་ཐིག་ལེའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་ཁྲོ་བོ་འདུས་པའི་རྒྱུད་ལས་ལེའུ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་ཡེ་ཤེས་ཆེན་པོའི་རོལ་པ་ལ། ཕྲིན་ལས་རྣམ་པར་འཕྲུལ་པ་བརྗོད་པ། སྟོབས་བཅུ་ཕ་རོལ་གནན་པ་ཡི། །འཁོར་ལོ་རིམ་པ་རེ་མིག་བཅུ། །བཅུ་ཕྲག་བཅུ་གཅིག་ཁོང་མིག་ཅན། །བདེ་གཤེགས་ཁྲོ་བོ་འདུས་པ་ཡི། །དྲག་པོ་སྔགས་ཀྱི་གྲོང་ཁྱེར་ཡིན། །


DNG017_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་མར་ནམ་མཁའ་རྡོ་རྗེ་ཕྲེང་། །གཉིས་ནི་འཐོར་བྱེད་རྡོ་རྗེ་ལ། །གསུམ་པ་འབར་བྱེད་རྡོ་རྗེ་ཡི། །བཞི་པ་སྡུད་བྱེད་རྡོ་རྗེ་ལ། །ལྔ་པ་སྲ་བྱེད་རྡོ་རྗེའོ། །དྲུག་པ་སྐྱེ་མེད་རྡོ་རྗེ་ཡིན། །བདུན་པ་རྡོ་རྗེ་སྤྱན་དུ་བཤད། །བརྒྱད་པ་སྙན་ལ་དགུ་པ་ཤངས། །བཅུ་པ་རྡོ་རྗེ་འབར་བ་ཚེམས། །ཡི་གེའི་ཕྲེང་བས་བརྒྱན་པའོ། །མཐའ་ནས་དབུས་སུ་སྡུད་པའི་ཚུལ། །འཁྲུལ་འཁོར་རྒྱལ་པོ་རྣལ་མ་སྟེ། །སྲོག་དང་སྙིང་པོ་ལྡན་པར་བྱ། །ཐེམས་དང་གཟིར་དང་ལྡན་པས་ནི། །སྲེད་མེད་བུ་ཡང་འཇོམས་པར་བྱེད། །དྲེགས་པ་གཞན་ལྟ་སྨོས་ཅི་དགོས། །དབུས་ནས་མཐའ་རུ་སྐྱེལ་བ་དག །ལས་ཀྱི་འཁྲུལ་འཁོར་བཟློག་པའོ། །ལྷ་རྣམས་གནད་ལ་དབབ་པའོ། །ཕྱི་དང་ནང་དུ་འགྲོ་ལྡོག་ལྟོ། །དཀྲུག་པ་ཨར་ལ་གཏད་པ་ཡིན། །མུ་མཐའ་འཁོར་འདས་དྲལ་བར་བྱེད། །ཤི་ས་བསྟན་པ་ཞེས་སུ་བརྗོད། །རྡོ་རྗེ་ནས་ནི་ཚེམས་ཀྱི་བར། །འབར་བའི་འཁོར་ལོས་འཐུབ་པར་བྱེད། །གསང་བ་བཀའ་ཡི་འཁོར་ལོ་འདི། །བདེ་གཤེགས་རྒྱལ་བས་མི་ཐེག་ན། །བདུད་དང་མུ་སྟེགས་ལ་སོགས་པ། །འཇིག་རྟེན་གཞན་དག་ལྟ་ཅི་སྨོས། །འཁོར་ལོའི་རྒྱལ་པོ་འདི་དག་གིས། །བསྲུང་དང་བཟློག་དང་བཤིག་པ་དང་། །གསད་དང་སྟོབས་གནན་གཤེད་དུ་དབབ། །དབྱེ་དང་ཕྲལ་བ་ལ་སོགས་པ། །ལས་རྣམས་མ་ལུས་འགྲུབ་པར་བྱེད། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་ཁྲོ་བོ་འདུས་པའི་རྒྱུད་ལས་ལེའུ་ལྔ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་རོལ་པ་ཆེན་པོའི་ཕྲིན་ལས། གདུག་པ་འདུལ་བའི་རྣམ་པར་འཕྲུལ་པ་ཆེད་དུ་བརྗོད་པ། བདེ་གཤེགས་སྤྱི་དྲིལ་དགོངས་པ་སྟེ། །སྡེ་བརྒྱད་ཀུན་གྱི་སྙིང་པོ་ཡིན། །སྲིན་པོ་གདུག་པ་ལ་སོགས་པ། །མུ་སྟེགས་དྲེགས་པ་རྫུ་འཕྲུལ་ཅན། །ལྷ་སྲིན་དྲེགས་པ་མ་ལུས་འཇོམས། །བྲམ་ཟེ་ངན་སྔགས་ལ་སོགས་པ། །ཐམས་ཅད་བཟློག་ཅིང་བཤིག་པ་སྟེ། །རྡོ་རྗེ་ནང་འགྲས་སྟོབས་འཇོམས་པ། །དྲག་པོ་སྔགས་རྒོད་ལས་མཆོག་འདི། །ཡིད་


DNG017_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

འོང་བཀྲ་ཤིས་ཉམས་དགའ་བར། །དཔལ་བརྟུལ་ལྡན་པའི་སྔགས་པ་ཡིས། །མི་ཤིས་པ་ཡི་ས་གསུམ་ལ། །དྲག་པོ་ལས་ཀྱི་མཎྜལ་བྱ། །ཨེ་ནས་བང་རིམ་གསུམ་དུ་བྱ། །རྫས་ཀྱི་རིམ་པ་འདི་དག་གོ། །རྟེན་ནི་ལིངྒ་ར་རོག་དང་། །སྲིན་རྡོ་ཆ་ལ་རྟེན་བཅས་ཏེ། །ལས་རྣམས་སོ་སོར་བྱ་བ་ཡིན། །གང་ཡིན་བརྣག་པའི་རྫས་བླངས་ཏེ། །དབང་པོ་དོད་ཅིང་ཚད་ལྡན་ལ། །མིང་རུས་སྙིང་པོ་གདབ་པར་བྱ། །ཙ་ར་རོག་པོ་དམིགས་པའི་རྟེན། །གཡས་སུ་ཕོ་རྒྱུད་བྲིས་པ་གདགས། །དེ་བཞིན་གཡོན་དུ་མོ་རྒྱུད་དོ། །སྤྱི་བོར་སྔགས་པ་བྲིས་ལ་གདགས། །ཚོན་གྱི་ཐག་པས་བཅིངས་པ་དང་། །མགོ་དང་གཡས་གཡོན་རིམ་པར་བྲག །ཀ་ར་བཱི་ར་བལ་པོ་སེའུ། །བྱ་མ་བུ་རྒྱ་ཛ་ལས་བདུག །སྲིན་ཚད་དཀར་ནག་དྲག་པོའི་མཚོན། །ཁྲག་དང་དུག་ཆུས་ངར་བླུད་ལ། །གང་དགོས་ཕྱི་ལ་དུས་སུ་བརྡེག །གང་གནོད་ས་ནས་རྫས་བླངས་ལ། །གཟུགས་བཅའ་མིང་དང་ལིངྒ་བྲི། །ཞིང་ལྤགས་རྒྱུ་ལ་དྲག་སྔགས་ཀྱི། །འཁོར་ལོ་བྲིས་པའི་ཁུང་དུ་དྲིལ། །མོན་ནམ་ཕག་པའི་ཐོད་པར་མནན། །གྲི་ལྕགས་ཤེར་ཤིང་ཕུར་པ་ལ། །སྨེ་བའི་ཁྲག་གིས་ངར་བླུད་བརྡེག །གང་ཡིན་ས་དེ་དེར་དམིགས་ལ། །ཞག་གྲངས་གསུམ་དུ་དམོད་པ་དབབ། །གསལ་བ་གསུམ་དང་ལྡན་པ་ཡིས། །སྲས་མཆོག་ཕུར་པ་སྙིང་ལ་གདབ། །དཀའ་བར་གྱུར་ན་བདུན་བདུན་བརྡེག །ཐོན་ནས་ལིངྒ་མཆོད་རྟེན་ནམ། །མགོན་པོ་བྱིན་ཅན་འོག་ཏུ་མནན། །ཞེ་སྡང་དྲག་སྔགས་འདི་དག་བརྗོད་པའོ། །ཆེ་གེ་མོ་ཏྲི་ཨཱ་ཀཪྴ་ཡ་ཛ། སྙིང་ལ་དུན་དུན་ཛ། ཨ་མུ་ཀ་མྱག་རྦད། ཏྲིག་ནན་མྱོག་རྦད། ཨུ་ནན་ཤག་རྦད། སྦུར་ནན་ཐུམ་རིལ་རྦད། ཨེ་ཧུར་ཐུཾ་ཛ། དྲེང་ཤག་རཾ་ཡ་རྦད་ཨེ། ནཱ་ག་སྲོག་དྲེང་དྲེང་དུན་དུན་ཛ་ཛ། ཨ་ཡ་མ་དུ་རུ་ཙ་ནས། མིང་དང་རུས་སུ་བརྡེག་པར་བྱ། །བསད་པ་ལས་ཀྱི་སྤུ་གྲི་འདི། །བདེ་གཤེགས་ནུས་པ་དྲིལ་བའོ། །ཆེ་གེ་མོ་ཏྲིག་ནན། ནྲྀ་ཧུར་ཐུཾ་ཛ། ནྲྀ་མཱ་ར་ཡ་རྦད། ནྲྀ་མྱག་ཐུཾ་རིལ། མཱ་ར་ཡ་རྦད། ཨ་མུ་ཀ་སྟཾ་


DNG017_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

བྷ་ཡ་ཏུ་བཛྲ་རཀྴ་མཱ་ར་ཡ་ཕཊ། ཨ་མུ་ཀ་ཏྲིག་ནན། ཨེ་ཧུར་ཐུཾ་ཛ་མཱ་ར་ཡ་རྦད། མྱག་ཐུཾ་རིལ་མཱ་ར་ཡ་རྦད། དྲག་སྔགས་ནུས་པ་དྲིལ་བའི་མཆོག །ཕྲིན་ལས་ཀུན་གྱི་རྩ་བར་གསུངས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་ཁྲོ་བོ་འདུས་པའི་རྒྱུད་ལས་ལེའུ་སྟེ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་རོལ་པ་ཆེན་པོའི་ཕྲིན་ལས། དྲེགས་པ་ཅན་འདུལ་བའི་རྣམ་པར་འཕྲུལ་པ་བརྗོད་པ། མི་རྟོག་དབྱིངས་ལས་སྐུ་བཞེངས་པ། །བཅོམ་ལྡན་དཔལ་ཆེན་གཤིན་རྗེ་གཤེད། །མཐིང་ནག་ཆེན་པོ་འཇིགས་པའི་སྐུ། །དབུ་ཡི་གཙུག་ན་འབར་བ་ཁྱུང་། །ཕྱག་གཡས་དྲེགས་པ་ལྷ་མ་སྲིན། །སྡེ་བརྒྱད་སྤྱི་ཡི་རང་བཞིན་ཏེ། །ལས་ཀྱི་གཤིན་རྗེ་མགོ་དགུ་པ། །ཕྱག་གཡོན་དྲེགས་པ་དེ་ཡི་ཡུམ། །ལྷ་མོ་ནག་མོ་དབུ་བདུན་མ། །སྤྱན་ནི་སྡང་མིག་ཀུན་ཏུ་བལྟ། །ཞལ་ནས་ཧ་ཧ་ཞེས་སྒྲོག་པ། །རྡོ་རྗེའི་སྐུ་དང་ཡན་ལག་རྣམས། །ཀླུ་རིགས་དུ་མས་བརྒྱན་པར་མཛད། །ཆགས་མེད་པདྨ་རཱ་གའི་མདོག །དབང་གི་རྒྱལ་པོ་དཔངས་བསྟོད་དོ། །རྡོ་རྗེ་དྲག་པོ་བརྗིད་པ་པོ། །ཕྲིན་ལས་རྫོགས་མཛད་ཧེ་རུ་ཀ །གྲུ་གསུམ་མཐིང་ནག་འབར་བའི་དབུས། །བསྐལ་པའི་མེ་དཔུང་འབར་བ་ཡི། །གཉིས་མེད་རོལ་པའི་བྱང་ཆུབ་སེམས། །སྔགས་ཀྱི་འཕྲོ་འདུས་གདུག་པ་འདུལ། །དྲེགས་པ་གཟིར་དང་བྱས་པ་བཤིག །ཞེན་བཟློག་གནས་སྤོར་ཟུག་པ་དབྱུང་། །བཅིངས་གྲོལ་སྡེ་བརྒྱད་དཀྲུག་པ་དང་། །རང་གཤེད་རང་ལ་དབབ་པའོ། །ཞེས་གསང་སྔགས་འདི་དག་འཐོན་ཏེ། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ནན་ཏ་ཀྲ་ཤྲཱི་མཉྫུ་ཀཱ་ལ་རཱུ་པ། ཧྲཱྀཿ ཿཏི་མུ་ཁ་ཡེ། ཨ་ཆེ་གེ་མོ་ཨ། ཨཱིཾ་ཆེ་གེ་མོ་ཨཱིཾ།ཨུ་ཆེ་གེ་མོ་ཨུ། ཨུ་ནེ་ཨུ་ནེ་ཨུ་ནེ། ཨུ་ཨུ་ཨུ། སེངྷ་ཡེ། བྱ་ཙ་ཡེ། དུ་རུ་ཡེ། ཙིཏྟ་ཡེ། བྱི་ཏ་ཡེ། ཧ་ལ་ཡེ། ཆེ་གེ་མོ་ཏྲིག་ནན། ཨེ་ཧུར་ཐུཾ་ཛ། ཆེ་གེ་མོ་མྱག་ཐུཾ་རིལ་རྦད། ཨེ་ཀ་ཧེ་ཏྲི་མ་ཧེ་ཀ །ཏྲི་ཡཾ་ཧེ་ཀ །ཙ་དུར་ཐར་ཀ བྷི་ས་མ་ཛ་ནི་ཛ་སད་ཀ་ར་ཡ་ཧཱུཾ་ཕཊ། བཤིག་པའོ། །ཡ་མ་ཨེ་སརྦ་བུ་ཡ་ཙིཏྟ་སརྦ་དུཥྚན་ཨུ་ཨུ་རྦད་བུ་མ་མཁས་


DNG017_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་རྩ་ཧུ་ར་ཐུཾ་དུན་ཧེ་བྷྱོ། དུན་མ་མ་བྷྱོ་བྷྱོ། ཨུ་ནེ་ཨུ་ནེ་ཨུ་ནེ། སྟཾ་པ་ཀ་ཡ་མཱ་ར་ཡ་ཕཊ། བཟློག་པའོ། །ཧེ་ཡ་མ་མ་ཛ་ར་མ་མ་ཛ་ཛ་ཏིག །ཙ་ག་མེ་སུ་ནན་དུན། ཛ་ཛ་ཏྲི་ཏྲ་ཙ་ཡཀྴ་རྦད་ཚིལ། པུ་དུན་ཧེ་ཡ་མ་སྙིང་ཏོ་མེ། ཧུར་ཧུར་ཛ་ཛཿ། སྤོ་བྷོ་ཤོམ་རྦད་བུ་ཙ་དུ་བྱ་ནི། མ་ནེ་ཡ། མ་སྙིང་ཁྲག་དུ་ཏི་བྷྱོ། མྱག་མྱག་རྦད། སརྦ་དུ་སྟན་ལི་ཏི་ཕྱུག །བི་ཏ་ཕྱུང་ཕུ་ཕཊ། ཕྱུང་ཕྱུང་། དབྱུང་བའོ། །སརྦ་བིགྷྣཾ་ཐུཾ་གཟིར་རྦད། ཙིཏྟ་ཡ་མ་རྦད། མི་ཤིག་ཐིག་ཤིག །ཀུ་དུན་ད་དུན་བྷྱོ། དུན་དྷྲི་ཤ་བྷི་མ་རྦད་ཏྲིག་རྣ་བྷྱོ། རྒོལ་བའོ། །ཡཀྴ་སྙིང་ཁ་རག་དུན་དུན། རྦད་རུ་ཏྲ་ར་ཏྲ་མ་ཏྲཾ་སྲོག་ཏྲི། མ་ཏྲ་རུ་ཏྲ་སྲོག་མ་མ་རྦད། ནག་པོ་ཙིཏྟ་སྙིང་ཁ་རག་བྷིས་སྡི་དུན་དུན་རྦད།དྷིང་ན་བྷིས་མ་སྲོག་དུན་དུན་དྷྲིག་ནན། མ་ཧཱ་རཱ་ཛ་དུན་དུན་རྦད། ར་ཙ་ཧ་ཏི་དུན་རྦད། ཏྲི་ཛ་པ་ལ་ཨ་ཤུག་མེ་སྲོག་ཏྲིག་ནན། ར་ཙ་ཐུཾ་རིལ་རྦད། ཏྲི་ཙི་རན་དུན་དུན་རྦད། ཧེ་ལེ་ཧུ་ལེ་བཾ་རིལ་དུན་རྦད། སྲོག་ཏྲིག་ནན་རྦད། བཛྲ་སཱ་དྷུ་རུ་ཏྲ་དུན་དུན་རྦད། བཛྲ་སཱ་དྷུ་ཨ་ཏྲི་དུན་དུན་རྦད། ཨ་ཀ་ཤ་ཨ་ཏྲ་སྙིང་ཁ་རག་དུན་དུན་རྦད། ཨ་ཏྲ་ཙི་ཏྲ་སྲོག་ལ་མཱ་ར་ཡཾ་རྦད། ཏྲི་ན་ནན། རཱ་ཧུ་ལ་མ་ར་ཙ་ཤ་ཐུཾ་རིལ་ཙ་པ་ཏི་རཱ་ཧུ་ལ་བྱ་ཤ་མི་ཀ་མ་ར་ཤ་སྲོག་དུན་དུན་ཏྲིག་ནན། དུག་བྲག་ནི་རོ་ན་རོ་མ་དུ་སྲོག་པ་ཏྲིག་རྦད། རུ་ལུ་རུ་ལུ་ཐུཾ་རིལ་རྦད། ཨེ་དུ་ན་ས་ནན། ཛ་ར་མ་སད་ཀ་ར་ཡ། མ་མཱ་ར་ཡ་རྦད། ཐུན་གཟིར། ཐུན་བྷྱོ། རག་མོ་རུ་ཏྲི་མུག །དུན་དུན་རག་མོ་རུ་ལུ་ཏྲི་མུག་ཆེ་གེ་མོ་མཱ་ར་ཡ་རྦད། ཁུང་ཏྲ་དུན་དུན་ཀྵེ་མ་ན་གྷྲིག་ནན། ཤོང་བྷྲཱུཾ་མོ་རོ་ནི་མཱ་ར་ཡ་རྦད། ཏྲག་མ་མ་ཡཀྴ་ཁ་རག་རུ་རུ་ཏྲི་དུན་དུན་རྦད། མ་མ་ལྷག་ཞུག །མ་བདུན་སྲོག་ཏྲིག་ནན།རྦད་ཐུཾ་རིལ། །དཀྲུག་དང་མ་གཏང་གཤིག་ལ་སོགས། །རང་གཤེད་དབབ་པ་ལས་ཀྱིས་སོ། །རྒྱལ་བ་དགོངས་པ་འདུས་ནས་ཀྱང་། །སྤུ་གྲི་མངོན་པར་བརྗོད་པའོ། །བསྡེབ་ཀྱི་རྒྱལ་པོ་ལས་ཀུན་བྱེད། །ཡང་ན་རང་གནད་སྟོབས་བཤིག་པ། །འཁོར་ལོ་ཉིད་ཀྱིས་བྱེད་པ་ཡིན། །གདེང་ཆེན་གསུམ་ལྡན་དཔའ་བོ་ཡི། །ཐམས་ཅད་འཁོར་ལོའི་


DNG017_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དུ་བསྐུར། །ཞེས་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་འདུས་པའི་རྒྱུད་ལས་ལེའུ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་རོལ་པ་ཆེན་པོའི་ཕྲིན་ལས། དྲག་པོ་རྣམ་པར་འཕྲུལ་པ་བརྗོད་པ། དྲག་པོས་བསད་པའི་ལས་དག་ནི། །གཉན་ཞིང་གདུག་པ་བྲག་ནག་མཚོ། །སྲིན་པོ་འདུ་དང་གཅན་གཟན་གནས། །ཕུང་ཤུལ་དག་ཏུ་བསྒྲུབ་པ་བརྩམ། །དྲག་པོ་འབར་བའི་མཎྜལ་ལ། །དམེ་ཁྲག་དག་གིས་བྱུག་པར་བྱ། །ཨ་མུ་ཀ་ཡི་རྫས་དྲུག་ལ། །དུག་དང་མནོལ་ཁྲག་ཁ་ཤོག་པ། །མི་རྐང་ཤ་ཟན་སྒྲོ་རྩ་ཡིས། །འཁོར་ལོ་ལིངྒ་བྲི་བར་བྱ། །དུར་ཁྲོད་རོ་ཡི་གོས་ལ་ཤིས། །ཨེ་གནས་གདུག་པའི་མཚོན་གྱིས་བསྐོར། །ནང་དུ་མོན་ནམ་རབས་ཆད་མགོ། །ལིངྒ་བྱད་ཐག་གདགས་པ་ནི། །འཁོར་ལོ་དོང་རྩང་མཁའ་ལ་ལྡེང་། །མཱ་ར་ཡ་ཡི་ལིངྒ་ལ། །ཡིག་འབྲུ་སུམ་ཅུ་རྩ་གཉིས་ཏེ། །འཆི་བདག་གཤིན་རྗེའི་དྲག་སྔགས་རྣམས། །ལུས་གནད་རྩ་ཡི་ནང་ན་གནས། །དེས་བསྐུལ་གནས་བཞིར་འཁོར་བ་ཡིས། །རྩ་བཞི་བཅད་པས་ལས་སུ་འགྱུར། །སྟོང་ཉིད་ངང་ལས་གཤིན་རྗེའི་གཤེད། །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རིགས་ཀྱི་བདག་པོ་ལྔ་ལྡན་པ། །རྫོགས་པར་རང་བཞིན་ལྷུན་གྱིས་གྲུབ། །ཡེ་ཤེས་དཀྱིལ་འཁོར་སྤྱན་དྲངས་བསྡིམས། །རང་སྣང་དབྱེར་མེད་རྡོ་རྗེའི་སྐུ། །རྡོ་རྗེའི་སྐུ་ལྔའི་ཐུགས་ཀ་ནས། །རང་རང་ཐུགས་མཚན་ཡིག་འབྲུ་ལ། །རང་རང་སྔགས་ཀྱིས་བསྐོར་བ་ནི། །བྱང་ཆུབ་ལམ་གྱི་སྒྲོན་མ་ཡིན། །ནག་པོ་དུག་གི་མཚོན་ཆ་ཡིན། །གྲི་ལྕགས་ཤེར་ཤིང་ཕུར་པ་ལ། །སྨེ་བའི་ཁྲག་གིས་ངར་བླུད་ལ། །གུ་གུལ་ཡུངས་ཀར་ལ་སོགས་པས། །གཟི་བརྗིད་འབར་བར་བྱ་བ་ནི། །སྲས་མཆོག་ཡ་མ་རཱ་ཛ་སྟེ། །སྐུ་སྟོད་ཁྲོ་བོ་ཆེན་པོ་ལ། །རལ་གྲིའི་སྐྲ་ལ་ཕུར་པའི་སོ། །སྤྱན་གཉིས་མེ་ཡི་ཚ་ཚ་འཕྲོ། །ལག་ན་རལ་གྲིའི་སྡིགས་མཛུབ་འབར། །སྨད་ནི་ལྕགས་ཕུར་ཟུར་གསུམ་པ། །མཐིང་ནག་འབར་བ་འཇིགས་པར་བསྒོམ། །དེ་ཡི་གསང་སྔགས་རྒྱལ་པོ་འདིས། །


DNG017_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་མ་ར་ཛ་དྷྲཾ་ཀྲི་ར་ཡ། ལས་ཀྱི་གཤིན་རྗེ་ཐམས་ཅད་ཀྱི། །སྲོག་གི་ངོ་བོ་བསྲུང་བའོ། །རྩ་བ་དྲག་པོའི་གསང་སྔགས་ལ། །སྤུ་གྲི་ཉི་མ་བཞི་པ་ཡི། །ཚངས་པ་ལ་སོགས་གནས་རྣམས་བོད། །འཁོར་ལོ་རང་གི་རྒྱུད་ལས་ལྡང་། །ཡ་མ་རཱ་ཛ་ས་དོ་མེ་ཡ། པྲ་མ་ཡ་ཆེ་གེ་མོ་ཀླད་ཁྲག་ཨ་མུ་ཁ་མྱག་རྦད། ཡ་མེ་དོ་རུ་ཎ་ཡོ་ད་ཡ། རཀྟ་ཙ་ར་ཡ་ཆེ་གེ་མོ་མགྲིན་ཁྲག་ཏྲིག་ནན་མྱོག་རྦད། ཡ་ད་ཡོ་ནི་ར་ཡ་ཀྵེ་ཡ། མུར་ཙ་ཡ་ཆེ་གེ་མོ་ལྟེ་ཁྲག་ཨུ་ནན་ཤག་རྦད། ཡ་ཀྵེ་ཡ་ཙྪ་ནི་རཱ་མ་ཡ། མཱ་ར་ཡ་ཆེ་གེ་མོའི་སྙིང་ཁྲག་སྦུར་ནན། ཐུཾ་རིལ་རྦད།ཉི་མ་བཞི་རུ་དྲང་བ་སྟེ། །ཐུན་དུ་སྔགས་ཀྱི་བར་བར་བྲབ། །ནྲྀ་མཱ་ར་ཡ་རྦད། མ་ར་དུ་ཡ་མ་སྙིང་ཡ་མ་ཁྲག་ཆེ་གེ་མོའི་སྲོག་རྩ་ནྲྀ་ཧུར་ཐུཾ་ཛ། དྲེང་ཤག་རཾ་ཡཾ་རྦད་ཨེ། ལྔ་རུ་ལས་ཀྱིས་སྦྱར་བ་བྱ། །མཐའ་བརྟུལ་ལས་ལ་བཅུ་གཅིག་གོ། །ཐུན་བཟུང་འབྲུབ་ཁུང་ཐུན་རྫས་བྲབ། །མཐའ་རུ་ཕུར་གདབ་གཟིར་བྱས་ཏེ། །རལ་པ་ཚལ་དགུའི་ལག་ཏུ་གཏད། །ལྷོ་ཕྱོགས་འོན་ཁྱུང་རྙིང་པ་འམ། །ཡང་ན་བཀའ་རྟེན་བྱིན་ཅན་ནམ། །བྱང་དུ་ཁ་བལྟས་ཆུ་བྲག་འཐབ། །རྒྱ་གྲམ་ལམ་མམ་འཇིགས་པར་མནམས། །དོན་ཡོད་གྲུབ་པའི་ཕོ་བྲང་གདབ། །འཁོར་ལོས་མཐའ་ལས་བཏུལ་བ་ཡིན། །སྲོག་ལ་མིང་རུས་རྟེན་ལ་གདགས། །ཞག་གྲངས་བདུན་གྱི་བར་དག་ཏུ། །ལིངྒ་གསུམ་ལ་རིམ་པས་བྲབ། །ལྷད་ན་ལས་འདི་འགྲུབ་པ་ཡིན། །སྐད་ཆེན་འབྱིན་ན་དྲག་ཏུ་བརྣག །ཐ་མར་དགྲ་བཟློག་ཆེན་པོ་བྱ། །ར་བསྒྲལ་ཁྲག་ལ་ཟོར་བྱས་འཕང་། །སྙིང་གཤག་ནང་དུ་ལིངྒ་གཞུག །ཁང་བཙར་འོག་ཁུང་དག་ཏུ་གནན། །ཡང་ན་ཀླུ་གནས་ས་རུ་གནན། །བརྣག་པ་ལས་ཀྱི་ཐུན་ཁ་སྟེ། །བྱ་བ་སྔས་ན་དུས་མིན་པས། །བདེ་གཤེགས་བཀའ་ཡི་ཆད་པ་ཡིས། །རང་གི་རྒྱུད་ཀྱང་བརླག་བྱས་ནས། །རྡོ་རྗེ་དམྱལ་བར་འཁྱམས་པར་འགྱུར། །བདེ་གཤེགས་སྲས་མཆོག་ཕུར་པ་སྟེ། །དྭངས་མ་འདུས་པའི་སྲོག་རྟེན་ལ། །དཀར་ནག་མཚམས་སུ་མཱ་ར་ཡ། །དྭངས་མ་འདུས་པ་རྩ་བཞིའི་


DNG017_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

མདོ། །ཙིཏྟ་སྲོག་གི་གཞི་ལ་གདབ། །འོད་ཟེར་ཟེ་ཁ་འདུས་པ་བཞིན། །ཕུར་པ་ཉིད་ལ་འདུས་པ་ལས། །ཁོང་སེང་བྱང་ཆུབ་སེམས་བརྒྱུད་ནས། །སྤྱི་བོར་ཕྱུང་སྟེ་རང་ལ་བསྡིམ། །ཚེ་བཀྲག་རང་ལ་བསྡུ་བའོ། །དེ་ལྟར་བསྟན་པའི་ལིངྒ་སྟེ། །གནན་ནམ་ཡང་ན་བསྲེག་པར་བྱ། །དེ་ཡི་གསང་སྔགས་བསྟན་པའོ། །ཀཱི་ལི་ཀཱི་ལ་ཡ་ཏྲིག་ནན་བིག་ནན། སྙིང་གཟེར་སྦུར་ནན་ནྲྀ་ཧུར་ཐུཾ་ཛ། མྱག་ཐུཾ་རིལ་རྦད་ཡ། གནོད་གདུག་རྣམ་གཉིས་གང་ཡང་རུང་། །བཏབ་ན་ལྷ་ཡང་བརླག་པར་བྱེད། །ཅེས་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་ཁྲོ་བོ་འདུས་པའི་རྒྱུད་ལས་ལེའུ་བརྒྱད་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་རོལ་པའི་ཕྲིན་ལས་རྫོགས་པར་བརྗོད་པ། ཆོས་དབྱིངས་སྐྱེ་བ་མེད་པ་ལས། །ཡེ་ཤེས་རོལ་པའི་ཐུགས་རྗེ་ཡིས། །ཡེ་ནས་ཆོས་རྣམས་སྐྱེ་མེད་ལས། །རྟོག་པའི་དབང་གིས་སྡུག་བསྔལ་བ། །དེ་དག་བསྒྲལ་བར་བྱ་བའི་ཕྱིར། །འཕྲུལ་པའི་ཚུལ་དུ་ཕྲིན་ལས་སོ། །བདེ་གཤེགས་ནུས་པ་དྲིལ་བ་ཡིན། །གསང་སྔགས་རྒྱལ་པོ་འདི་ཉིད་ཀྱིས། །འདོད་པའི་དོན་ཀུན་བསྒྲུབ་པའོ། །བཟློག་དང་དཀྲུགས་ཤིང་དྲལ་བྱེད་པ། །འདི་དག་ལས་ཀྱི་མཐའ་དག་སྟེ། །གཅོད་པའི་སྤུ་གྲི་ལྡན་པ་ཡི། །འབྱུང་བ་ལྔ་ཡི་ལུས་ངག་ཡིད། །བླ་གནས་དགུ་འཇོམས་ཚུལ་དུ་བྱ། །མ་ཡེངས་སྲོག་གི་ཏིང་འཛིན་པས། །བདག་ཉིད་སྐུ་ལྔའི་རང་བཞིན་དུ། །ཡེ་ཤེས་ལྷ་ཡི་ཚོགས་ཀྱིས་གང་བ་ཡིན། །ཏིང་འཛིན་དཀྱིལ་འཁོར་མཐའ་ཡས་མཆོག །ལས་སུ་རུང་བའི་རྣལ་འབྱོར་པ། །དེ་ཡིས་མི་འགྲུབ་གང་ཡང་མེད། །ཏིང་འཛིན་ཀློང་དུ་སུ་འདྲིས་པ། །བདེ་གཤེགས་རྒྱལ་བ་དེ་ཡིན་པས། །སངས་རྒྱས་ཞེས་པ་གུད་ན་མེད། །བསྟན་པ་སྟོབས་སུ་གྱུར་པ་ཡིན། །བཀའ་དོན་ལས་ཀྱི་མཚན་མ་དང་། །འདོད་དང་ལོག་པར་དམ་ཉམས་པ། །གནོད་སྦྱིན་གྱུར་པ་བསྒྲལ་བར་བྱ། །བདེན་པའི་དོན་ཉིད་མ་མཐོང་


DNG017_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

བས། །ལུས་ངག་ཡིད་ཀྱི་འདུ་བྱེད་ཀྱིས། །ལུས་དང་སེམས་སུ་སྣང་བའོ། །འབྱུང་བ་ལྔ་ལ་རྟེན་བཅས་ནས། །ཉོན་མོངས་འཁྲུལ་པ་སྣང་བ་དག །རང་ལས་བྱུང་བས་གཤེད་དུ་དབབ། །ཨེ་ཡཾ་ར་བཾ་ལཾ། འབྱུང་བ་གཤེད་དུ་དབབ་པའོ། །ར་ཀ་དེ་བ་མོ་ཧ། དུག་གསུམ་གནད་ལ་དབབ་པའོ། །ར་ཀ་དེ་བ་ན་མོ་ཧེ་ན་མ་ཧི་ཧི་ཤ་བྷྱོ། དུག་ལྔ་གནད་ལ་དབབ་པའོ། །ཀཱ་ཡ་ཝཱཀ་ཙིཏྟ། རྦད་རྦད་ཐུཾ་རིལ། རྦུད་རྦུད་སད་སད་རྦད་ནན། སྲོག་ལ་ཐུཾ་རིལ་བྷྱོ་ནྲྀ་ཛ་རྦད་ནན། སྟཾ་བྷ་ཡ་ནན། གསུམ་དྲུག་དགུ་ཡི་ཐུཾ་རིལ་གྱིས། །ལུས་ངག་ཡིད་གསུམ་གཅོད་པར་བྱེད། །སྤྱི་དང་བྱེ་བྲག་སོ་སོ་ཡི། །སྡེ་བརྒྱད་ལ་སོགས་དྲེགས་པ་ལ། །རང་རང་གཤེད་དུ་དབབ་པའོ། །རིག་སྔགས་ལ་སོགས་གཞན་གྱིས་བྱས། །བཤིག་དང་གཤེད་དུ་དབབ་པ་དང་། །ངག་གནན་ནུས་སྟོབས་དབྲལ་བ་སོགས། །རྒྱབ་དང་ལྡན་པ་ལས་རིམ་སྦྱར། །དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི། །དགོངས་དོན་ཁྲོ་བོ་འདུས་པ་ཡི། །འབྱུང་བ་ཡེ་ནས་ལྷུན་གྲུབ་པའི། །ལུས་ཀྱི་རྣམ་པར་སྣང་བ་འདི། །རྟོག་པའི་དབང་གིས་འཛིན་པ་ལ། །འཁྲུལ་པའི་དབང་གིས་དངོས་པོར་སྣང་། །ཡོངས་མེད་ཡེ་ནས་མངོན་སངས་རྒྱས། །ཡེ་ནས་རྒྱལ་བའི་དཀྱིལ་འཁོར་ཡིན། །རྟོག་མེད་ཡེ་ཤེས་གཞལ་ཡས་ཁང་། །རྡོ་རྗེ་ཕུང་པོ་ཡན་ལག་རྣམས། །ཡེ་ནས་ལྷུན་གྲུབ་རྫོགས་སངས་རྒྱས། །སྐུ་ལྔའི་རང་བཞིན་ཡེ་ཤེས་སྐུ། །བསྐྱེད་པ་མི་དགོས་རང་བཞིན་གནས། །བདེ་གཤེགས་སྐུ་གསུང་ཐུགས་སུ་རྟོགས། །རྒྱ་མཚོ་དྭངས་པའི་གཟའ་སྐར་ལྟར། །སྣང་ལ་རང་བཞིན་མེད་པའོ། །ཐུགས་ནི་ཡེ་ནས་སྟོང་པ་ཉིད། །རྣམ་པར་རྟོག་མེད་ཡེ་ཤེས་སོ། །སྟོང་པ་ཉིད་ཀྱི་ཆོ་འཕྲུལ་ནི། །འགྲོ་བའི་དོན་ལ་དེ་བཞིན་གཤེགས། །སྤྱན་དྲང་མཆོད་བསྟོད་བྱར་མེད་དེ། །རང་སྣང་དབྱེར་མེད་སྤྱན་དྲང་མཆོག །གཉིས་མེད་རོལ་པས་མཆོད་པ་ཡིན། །དེ་ཉིད་གུས་བརྩོན་བསྟོད་ཕྱག་གོ། །ཕྲིན་ལས་སྣ་ཚོགས་རོལ་པའི་རྒྱན། །མཚན་
མར་སྣང་བའི་ཆོས་རྣམས་ལ། །རོལ་པ་ཐབས་ཀྱི་བྱེ་བྲག་རྣམས། །གཉིས་མེད་འབྲས་བུར་རྒྱས་བཏབ་ནས། །མ་འབྱུང་ཀློང་ན་རྫོགས་པ་ཆེ། །ཞེས་ཕྲིན་ལས་ཐམས་ཅད་རྫོགས་པར་བརྗོད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་ཁྲོ་བོ་འདུས་པའི་རྒྱུད་ལས་ལེའུ་དགུ་པའོ།། །།བདེ་གཤེགས་རྒྱལ་བའི་དགོངས་དོན་ཁྲོ་བོ་འདུས་པའི་རྒྱུད་ཅེས་བྱ་བ་རྫོགས་སོ། །བདེ་གཤེགས་རྒྱལ་བའི་དགོངས་དོན་ཞེས་བྱ་བ། དགོངས་པ་སྤྱི་དྲིལ་གྱི་རྒྱུད། དཔལ་ཡུལ་གྱི་རྒྱལ་པོ་བ་སུ་དྷ་ར་དང་། རྡོ་རྗེ་ཡང་དབང་གཏེར་གྱིས་བྷ་ར་སའི་བྲག་ཕུག་ཏུ། བསྒྱུར་ཞུས་གཏན་ལ་ཕབ་པའོ། །སྔགས་དང་མཚོན་ཆ་བཀའི་བདག་པོ་གསུམ་གྱི་རྒྱས་བཏབ་ནས་བཞག་པའོ། །རྒྱ་རྒྱ་རྒྱ། ས་མ་ཡ།། །།

གཤིན་རྗེ་ནག་པོ་ཆུ་ཐིག་སྔོན་མོའི་རྒྱུད་ཅེས་བྱ་བ།


DNG017_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཡ་མ་ཀཱ་ལ་བ་ཏྲ་ནཱི་ལ་ཏནྟྲ། བོད་སྐད་དུ། གཤིན་རྗེ་ནག་པོ་ཆུ་ཐིག་སྔོན་མོའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། སྔོན་གྱི་དུས་ན་བྱང་ཆུབ་སེམས་དཔའི་གནས། ཤིང་དྲུང་རབ་ཏུ་དགའ་བའི་ཚལ་ན། བཅོམ་ལྡན་འདས་མི་གཡོ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ལ།བདུད་དང་ལྷ་བྱིན་གྱིས་མུ་སྟེགས་ལོག་ལྟའི་སྦྱོར་བ་བྱས་པའི་ཚེ། བཅོམ་ལྡན་འདས་ཀྱི་ཐུགས་ཀྱི་འོད་ཟེར་ལས་ལྷོ་ཕྱོགས་རི་བོ་རྩེ་དམར་ནག་འཁྱིལ་པའི་དུར་ཁྲོད་ཀྱི་དབུས་ན། དུར་ཁྲོད་ཀྱི་མ་མོ་དང་། གཤིན་རྗེའི་གནས་ན། གཤིན་རྗེ་ནག་པོ་འཆི་བདག་འཆར་ཀ་ནག་པོ་བྱ་བ་དེ་རབ་ཏུ་ཁྲོ་བས་འབར་བར་བྱེད་པའི་ཏིང་ངེ་འཛིན་ལ་གནས་པ་དེ་ལ་ཏིང་ངེ་འཛིན་གྱིས་བསྐུལ་བ། སྤྱན་གྱི་འོད་ཟེར་དང་། ཐུགས་ཀྱི་སྦྱོར་བ་བཀྱེ་སྟེ་བསྐྱོད་པས། བདུད་ལྷ་བྱིན་རབ་ཏུ་དངངས་སོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། འོད་སྲུངས་དང་། ཅང་ཤེས་ཀོའུ་དི་ནྱ་ལ་སོགས་པས། བྲམ་ཟེ་མ་མྱ་ངན་ལས་འདས་མ་བྱ་བར་བསྐུལ་བས། བྲམ་ཟེ་མ་དེས། འཆི་བདག་ནག་པོ་འཆར་ཀ་ལ་འདི་སྐད་གསོལ་ཏོ། །


DNG017_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱེ་བཅོམ་ལྡན་འདས་ཀྱིས་བདུད་ལྷ་བྱིན་མ་བཏུལ་བས། དུག་ལྔའི་རང་བཞིན་མུ་སྟེགས་ལོག་པའི་བལྟ་བ་ལ་ཞུགས་ནས། སངས་རྒྱས་ཀྱི་བསྟན་པ་ལ་གནོད་པ་འདི་ལ། བཅོམ་ལྡན་འདས་ནི་ཐུགས་རྗེའི་ངང་ལས་མི་གཡོ། འཁོར་ན་གནས་པའི་སྡེ་བརྒྱད་ཀྱི་རང་བཞིན་ཐུགས་རྗེའི་སྦྱོར་བས་མ་ཐུལ་བས། འདི་འདུལ་བའི་སྦྱོར་བ་མཛད་པར་ཞུ་ཞེས་གསོལ་པས། འཆི་བདག་ཆེན་པོ་དེས། འབར་བ་རྔམ་བྱེད་ཁྲོས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཐུགས་ཀ་ནས་འོད་ཟེར་ནག་པོ་བཀྱེ་བས། འཇིགས་པ་དྲག་པོའི་ཐོག་ཕབ་སྟེ། དགའ་རབ་དབང་ཕྱུག་དང་། འདོད་པའི་རྒྱལ་པོ་དང་། བདུད་ལྷ་བྱིན་དཔུང་དང་གཡོག་ཏུ་བཅས་པ་རྣམས་འདར་ཞིང་སྔངས་ནས། བརྒྱལ་ཞིང་འགྱེལ་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་རབ་ཏུ་དགྱེས་པའི་བརྡའ་མཛད་ནས། འཁོར་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། ཚེ་དང་ལྡན་པ་འོད་སྲུངས་དང་། ཅང་ཤེས་ཀོའུ་དི་ནྱ་ལ་སོགས་རྗེས་སུ་ཡི་རང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཤིན་རྗེ་འཆི་བདག་ནག་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ལེགས་སོ་ལེགས་སོ་ཁྱོད་ལེགས་སོ། །བཅོམ་ལྡན་འཇམ་དཔལ་ཁྱོད་ལེགས་སོ། །འཆར་ཀ་ནག་པོ་ཁྱོད་ལེགས་སོ། །བྱང་ཆུབ་སེམས་དཔའ་ཁྱོད་ལེགས་སོ། །ཕྱི་རབས་ཀྱི་རྣལ་འབྱོར་པ་སངས་རྒྱས་ཀྱི་བསྟན་པ་སྲུང་བ་ལ་ཤོད་ཅིག །ཁྱོད་ཀྱིས་རབ་ཏུ་ཤོད་ཅིག །རབ་ཏུ་གནས་པར་གྱིས་ཤིག །ཅེས་བཀའ་སྩལ་ཏོ། །དེ་ནས་འཆི་བདག་གཤིན་རྗེ་ནག་པོ་དེས། དབུ་རི་རབ་ཀྱི་རྩེ་མོར་ཐལ་བས། སྟེང་ལྷའི་འཇིག་རྟེན་དབང་དུ་བསྡུས་སོ། །ཞབས་རྒྱ་མཚོའི་གཏིང་དུ་ཐལ་བས། འོག་ཀླུའི་འཇིག་རྟེན་དབང་དུ་བསྡུས་སོ། །ཕྱག་བར་སྣང་གི་ཁམས་སུ་བརྐྱང་བས། རི་རབ་དང་བར་སྣང་གི་ལྷ་སྲིན་སྡེ་བརྒྱད་དབང་དུ་བསྡུས་སོ། །བ་སྤུ་བྱེ་བ་ས་ཡ་ལས། འོད་ཟེར་བྱེ་བ་ས་ཡ་བཀྱེ་བས། བདུད་ཀྱི་དམག་དཔུང་རྡུལ་དུ་བརླག་གོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་ལ་སྔགས་ཀྱི་རྣམ་པ་མང་པོ་ཕུལ་ལོ། །ཆུ་ཐིག་སྔོན་མོའི་རྒྱུད་ལས།


DNG017_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

གླེང་གཞིའི་ལེའུ་དང་པོའོ།། །།དེ་ནས་འཆི་བདག་ནག་པོས་བཀའ་སྩལ་པ། ཉོན་ཅིག་ང་ཡིས་བསྟན་པར་བྱ། །བྲམ་ཟེ་མཛེས་ལྡན་མ་ལ་བཤད། །སངས་རྒྱས་བསྟན་པ་བསྲུང་བ་ཡིས། །རྣམ་བཞིའི་འཁོར་བཅས་ཐམས་ཅད་ལ། །ལོག་ལྟས་འཚེ་བའི་བདུད་རྣམས་ཀུན། །འདུལ་བའི་ཐབས་ནི་འདི་ལྟ་སྟེ། །བསྒྲུབ་དང་གསད་དང་བསྐང་བ་དང་། །བཟློག་དང་གནན་པའི་ལས་དག་བྱེད། །དང་པོ་བསྒྲུབ་པའི་ལས་དག་ལ། །དྲག་པོ་བསྒྲུབ་པའི་གནས་དག་ཏུ། །དཀྱིལ་འཁོར་བྲི་དང་རྫས་དགྲམ་དང་། །རྟེན་དང་དྲག་པོའི་སྐུ་བཅས་དང་། །བསྐྱེད་དང་དགུག་དང་སྤྲོ་བ་དང་། །བཟླས་དང་མཆོད་དང་ཏིང་འཛིན་དང་། །རྦད་ཅིང་ལས་ལ་སྦྱར་བ་དང་། །ཟོར་དང་ཐུན་དང་མདོས་དང་བཟློག །འཁོར་ལོ་བཅའ་དང་བསྲེག་པ་དང་། །ཁ་ཚར་གསོ་བའི་ལས་དག་དང་། །གནན་པ་དག་ཏུ་ཤེས་པར་བྱ། །དང་པོ་མཎྜལ་བྲི་བ་ནི། །དུར་ཁྲོད་ས་ལ་མཎྜལ་བརྩིག །ཟུར་གསུམ་འཁོར་ལོ་བྲི་བ་ནི། །ནག་པོའི་ཚོན་གྱིས་བྲི་བར་བྱ། །ཨེ་དྲུག་མཐིང་ནག་ཟླ་གམ་ཅན། །མེ་རི་འབར་བའི་ཅོད་པན་ཅན། །མཆོད་བཟློག་བསྲུང་དང་བསད་མནན་གྱི། །དེ་ལ་རྫས་ཀྱི་རྣམ་པ་ནི། །ཚང་བ་དག་ཏུ་དགོད་པར་བྱ། །དེ་དག་རིམ་དུ་དགོད་པ་ནི། །དབུས་སུ་སྐུ་རྟེན་དགོད་པར་བྱ། །དུར་ཁྲོད་ས་ལ་འཆི་བདག་ཉིད། །དྲག་པོའི་ཆས་དང་ལྡན་པར་བྱ། །བསྲུང་ན་བུམ་པ་ཚེ་རྟེན་ཅན། །བཟློག་ན་མཆོད་རྟེན་རབ་གནས་ཅན། །གསོད་ན་སྤུ་གྲི་སྦྲུལ་ཞགས་ཅན། །གནན་ན་མཆོད་རྟེན་དེ་བཞིན་ནོ། །འཁོར་ལོ་བཅས་དང་ལྡན་པ་ནི། །སྲུང་བའི་འཁོར་ལོ་སྤྱི་བོའི་གཙུག །བཟློག་པའི་འཁོར་ལོ་སྙིང་ག་སྟེ། །བསད་པའི་འཁོར་ལོ་ལྟེ་བ་རུ། །མནན་པའི་འཁོར་ལོ་གསང་བ་རུ། །རིགས་བཞི་སྦྲུལ་གྱི་རྒྱན་ཆར་ལྡན། །ས་སྟེང་ས་འོག་གོང་མའི་གནས། །ས་བླའི་ཚོགས་རྣམས་འདུལ་བའི་ཕྱིར། །སྤྱི་གཙུག་རལ་པ་གྱེན་དུ་བརྫེས། །ས་བླ་འདུལ་ཕྱིར་ཡན་ལག་ལ། །གང་ལ་དམིགས་


DNG017_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྟེན་དང་ལྡན། །ས་འོག་འདུལ་ཕྱིར་མཇུག་མ་སྦྲུལ། །རི་རབ་ཚུལ་འདྲའི་གྲུ་གསུམ་སྟེ། །གྲུ་གསུམ་ནང་དུ་དམིགས་པའི་མིང་། །ཐོད་པ་སྦྲམ་པོར་དུག་ཆུ་བླུག །ནང་དུ་བསད་པའི་འཁོར་ལོ་ནི། །གཡས་བསྐོར་གཡོན་བསྐོར་ཁ་སྦྱོར་ལ། །ཚོན་སྐུད་དག་གིས་རྒྱ་གྲམ་བཅིང་། །དེ་ཡི་སྟེང་དུ་རྟེན་དང་ལྡན། །དེ་ཡི་ཕྱོགས་བཞིར་ཕུར་པ་བཞི། །འཆི་བདག་ནག་པོའི་སྤྲུལ་པ་ནི། །བནྡི་ནག་པོ་སྤྱི་གཙུག་སྤྲུལ། །བོན་པོ་སྔོན་པོ་ལྐོག་མའི་འོག །ཞང་བློན་ནག་པོ་ལྟེ་བར་སྤྲུལ། །མོན་པ་ནག་པོ་ཐུགས་ཀ་ནས། །སྤྲུལ་པའི་སྲས་བཞི་ཙར་གྱིས་སྤྲུལ། །དེ་ལ་བསྐོར་ཏེ་དེ་ཡི་གནས། །མ་གཤིན་ལྷ་ཚོགས་རྩང་གིས་དྲངས། །གཏོར་མ་ཆེན་པོའི་དབུས་སུ་ནི། །འཆི་བདག་ཞལ་ཕྱུང་དཔལ་བཤོས་དང་། །ཉི་ཤུ་རྩ་གཅིག་གྲངས་དང་བཅས། །དེ་ཡི་སྤྱན་སྔར་དགོད་པར་བྱ། །འབྲུ་ཟན་ནག་པོ་དེ་རྣམས་ལ། །ཀོང་བུ་ཟུར་གསུམ་རྩང་དང་བཅས། །སྡོང་གཅིག་མ་དང་མེ་རེག་མའི། །འཕངས་རྩེ་རྩང་དང་བཅས་པ་ཡི། །དྲག་པོའི་ཀོང་ཟོར་དུས་སུ་བསྟན། །ཟོར་གྱི་རྣམ་པ་གྲངས་སུ་དགོད། །ཆུ་ཐིག་སྔོན་མོའི་རྒྱུད་ལས། བཅའ་གཞི་བསྟན་པའི་ལེའུ་གཉིས་པའོ།། །།འདི་ཡི་ཏིང་འཛིན་བསྟན་པ་ནི། །བདག་བསྐྱེད་པ་དང་གཞན་བསྐྱེད་པ། །འཁོར་བསྐྱེད་པ་དང་གསུམ་དུ་འདོད། །དེ་ལ་དང་པོ་བདག་བསྐྱེད་པ། །མི་དམིགས་པ་དང་གསལ་བ་དང་། །ཧཱུཾ་གི་རང་བཞིན་གསལ་བ་དང་། །ཡཾ་དང་རཾ་དང་བཾ་དང་ལཾ། །དེ་བྱུང་རླུང་དང་མེ་དང་ཆུ། །ས་དང་རི་རབ་དེ་བཞིན་ཏེ། །བྷྲཱུཾ་ལས་གཞལ་ཡས་ཁང་དུའོ། །ཐོད་པ་རྩིབས་དང་ཞིང་ཆུང་བརྩིག །ཀ་བ་བཞི་ལ་ལྕམ་གདུང་དང་། །དྲལ་གྲབ་བརྐྱང་བ་ཞིང་ལས་བྱས། །སྦྲུལ་གྱི་འཕན་གདུགས་ཟ་ར་ཚགས། །ཁྲག་གི་ཞམ་ཆུ་འབབ་པ་ལ། །མཐོང་ནས་ཉི་ཟླ་འཆར་བའོ། །དེ་ནས་འཁོར་ལོ་རྩིབས་དྲུག་ལ། །རྩིབས་བརྒྱད་མུ་ཁྱུད་སྒོ་དང་ལྡན། །མ་ཏྲང་རོ་དང་གང་དམིགས་དེ། །ཆུ་གླང་སྟེང་དུ་ཉི་ཟླས་མཚན། །དེ་སྟེང་ཧཱུཾ་ལས་རྡོ་རྗེར་གྱུར། ཨོཾ་ཧྲཱྀཿཤྟྲཱིཿབི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ། ཅེས་པའི་སྒྲ་དང་བཅས་པ་ཡི། །ནག་པོ་ཞལ་གཅིག་ཕྱག་


DNG017_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ། །བེ་ཅོན་རལ་གྲི་འཁོར་ལོས་མཚན། །དགྲ་སྟྭ་སྡིགས་མཛུབ་འཕྱར་དང་གདེངས། །དབུ་སྐྲ་ཁམ་ནག་གྱེན་དུ་འཁྱིལ། །གླང་ཆེན་སྟག་དང་ཞིང་གིས་བརྒྱན། །སྦྲུལ་དང་ཐོད་པ་སྐམ་རློན་བརྒྱན། །བརྐྱང་བསྐུམ་བགྲད་པས་འབྱུང་པོ་གནོན། །ནག་མོ་མི་སྡུག་དགྱེས་པར་འཁྲིལ། །ཐོད་རློན་སྟོབས་དང་འཁྱུད་པའི་ཚུལ། །དེ་ཡི་མདུན་དུ་བསྐྱེད་པ་ནི། །འཆར་ཀ་ནག་པོ་སྦྲུལ་གྱི་མཇུག །སྤུ་གྲི་གདེངས་པའི་གདེངས་ཀ་ཅན། །གང་གང་རང་རང་ཆས་དང་ལྡན། །ཞལ་ནི་གང་དམིགས་དེ་རང་ངོ་། །རེ་མ་ཏི་དང་ལྡན་པ་ནི། །ནག་མོ་དྲེད་ཞོན་ཁྲམ་དང་རྐྱལ། །དེ་རྒྱབ་མ་མོ་བདུན་དང་ལྡན། །དཀར་མོ་མགྱོགས་བྱེད་ཁྱུང་ལ་ཞོན། །གནམ་གྱི་དཀར་མོ་དང་སྲིད་པའི་རྒྱལ་མོ་དང་། །སྦས་པའི་མ་མོ་གསུམ་དང་རྡོ་རྗེ་ཁྱུང་གཤོག་ཅན། །དཀར་མོ་ལན་ཕྲན་ཅན་དེ་ཁྱུང་ཞོན་བདུན། །མེ་ལོང་གཡོབ་དང་སེར་བ་འདྲིལ། །ལྷ་རྣམས་བཟློག་བྱེད་མ་མོ་བདུན། །གཡས་ན་མི་ནག་རྟ་ནག་བདུན། །གཡས་པ་དར་ནག་གཡོན་པ་ཤོ་རྡེའུ་འཕེན། །ནག་པོ་བཀྲག་མེད་ཡབ་རྗེ་ནག་པོ་དང་། །སོག་པོ་མི་ཟན་ལྕགས་ཀྱི་བེར་ག་ཅན། །ཁ་ལ་རུ་རྩེ་སྲིད་པ་ཁ་ལ་ཉུལ། །ཟངས་ཀྱི་བྱ་རུ་ཅན་དང་བདུན་པོ་ནི། །རེ་ལྡེ་ནག་པོ་བདུད་ཀྱི་བཤན་པ་ཡིན། །སྲིད་པ་ཕོ་རྒྱུད་རྐྱ་བདུན་བཟློག་པ་ཡིན། །གཡོན་གྱི་ཕྱོགས་ན་མ་མོ་བདུན་གནས་པ། །ཨེ་ཀ་ཛ་ཏི་ནག་མོ་རེ་མ་ཏཱི། །རེ་མ་ཛ་ལ་སོགས་ཏེ་མཆེད་བཞི་དང་། །ལྟོ་འཕྱངས་མ་དང་བལ་མོ་ནག་མོའི་ཚོགས། །ནད་རྐྱལ་ཁུར་ནས་དང་ནག་ལ་འུ་གསོལ། །རལ་པའི་གསེབ་ནས་ཁྲག་གི་བུ་ཡུག་འཚུབས། །ཀླུ་རྣམས་ཟློག་བྱེད་མ་མོ་བདུན་ཡིན་ནོ། །ཕྱ་སངས་དང་ནི་ཏེལ་པ་དང་། །ཚར་དགུ་དང་ནི་ཡ་བ་ཏི། །འབྱུང་པོ་དམར་ནག་རྨིག་པ་དང་། །ཨ་བ་གླང་མགོ་ཆོས་ཀྱི་རྒྱལ་པོ་བདུན། །ཁྲམ་བམ་ནད་ཀྱི་རྐྱལ་པ་ཐོགས་པ་སྟེ། །རོ་ལངས་ལྟོ་འཕྱེའི་ཚོགས་རྣམས་བཟློག་པ་ཡིན། །བནྡི་བོན་པོ་ཞང་བློན་མོན་པ་བཞི། །སྤྲུལ་པ་བཞི་ཡང་ཕྱོགས་བཞི་དག་ན་གནས། །


DNG017_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་གསལ་བར་མོས་པ་བྱས། །ཡིག་འབྲུ་དག་ལས་མི་བསྐྱེད་རང་བཞིན་དྲག་པོའི་ཤུགས། །ཆུ་ཐིག་སྔོན་མོའི་རྒྱུད་ལས། བསྐྱེད་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་དགུག་པའི་ཏིང་འཛིན་ནི། །བདག་གི་ཧཱུཾ་ལས་འོད་ཟེར་འཕྲོས། །རང་བཞིན་གནས་ནས་ཡེ་ཤེས་དགུག །བསྡིམས་ལ་མཆོད་པ་འབུལ་བ་ནི། །བདུད་རྩི་རཀྟ་གཏོར་མ་དང་། །གཉིས་སུ་མེད་པའི་གཏོར་མ་བྱ། །བདག་དོན་གཞན་དོན་གང་ལ་དམིགས། །དེ་ལ་གསོལ་བ་གདབ་ལ་མཆོད། །དེ་བཞིན་གནས་པའི་ཆོ་ག་བྱ། །བསྟོད་པ་བྱ་ཞིང་དངོས་གྲུབ་བླང་། །ཆུ་ཐིག་སྔོན་མོའི་རྒྱུད་ལས། སྡིམ་བྱེད་སྦྱོར་བའི་ལེའུ་སྟེ་བཞི་པའོ།། །།དེ་ནས་དྲག་སྔགས་ཀྱི་སྦྱོར་བ་བསྟན་པ་ནི། ཨོཾ་ཧྲཱྀཿཤྟྲཱིཿབི་ཀྲྀ་ཏཱ་ན་ན་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿཧཱུཾ་ཧྲཱྀཿ། དྷི་ལ་ཨ་མོ་ཀ་དྷི་ཨ་མྲྀ་ཏ། རཀྟ་བ་ལིནྟ་ཁ་ཁ་ཁཱ་ཧི།མཆོད་པ་འབུལ་བའི་སྔགས་སོ། །ཤ་རི་བྷྱོཿ། མ་རི་བྷྱོཿ། ཁྲག་མ་མ་བྷྱོཿ། ཙི་རི་སྙིང་བྷྱོཿ། སྙིང་བྷྱོཿ། མ་རི་ཐོད་ཁྲག་ལ་ཛཿ། ཁྲག་རི་སྙིང་ལ་ཡཿ། ནྲྀ་ཏྲི་ཆོདཿ། མུ་ལོ་ཆོདཿ། ཤ་ལོ་ཆོདཿ། ཤ་ལ་ཀྱིང་ཀྱིང་བྷྱོཿ། ས་མ་ཡ་ཨ་ཏི་པྲ་མ་ནིཿ། པ་ར་དུ་ན་བཟློགཿ། འཆར་ཀ་ནག་པོ་རྩ་བའི་དྲག་སྔགས་སོ། །ཨོཾ་གནམ་ཡེར་བྷྱོཿ། ས་ཡར་བྷྱོཿ། རྐྱང་ཡེར་བྷྱོཿ། རྐྱང་མོ་བྷྱོཿ། སེར་རྐྱང་བྷྱོ་བྷྱོ་བྷྱོཿབྷྱོཿ། རྐྱང་ཡེར་སོདཿ། མུ་ཡེར་སོདཿ། མི་རེང་སོདཿ། དགྲ་སྙིང་ལ་བྷྱོ་བྷྱོཿ། དཀར་མོ་བདུན་གྱི་སྔགས་སོ། །ཨོཾ་རུ་ལུ་རུ་ལུ་ཧ་ཧ་ཡགྴ་བཾ་རིལ་ཁྲག་ལ་རྦདཿ། རུས་ལ་ཆེམསཿ། དགྲ་སྙིང་ལ་བྷྱོ་བྷྱོཿབྷྱོ་བྷྱོཿབྷྱོ་བྷྱོཿབྷྱོཿ། ནག་མོ་བདུན་གྱི་དྲག་སྔགས་སོ། །ཨོཾ་རུ་ལུ་རུ་ལུ་ཙ་པ་ལ་ཨག་ཤུག་མེ་བྷྱོཿ། ཛ་ཛཿ། ཡག་མོ་ཁ་ལ་ཁ་ཚེ་བྷྱོཿ། རག་མོ་ཁ་ལ་ཁ་ཚེ་བྷྱོཿ། ཡག་མོ་ཁ་ལ་ཁ་ཚེ་བྷྱོཿ། ཁ་ཚེ་ཧཱུཾཿ། བྷྱོཿབྷྱོཿབྷྱོཿབྷྱོཿབྷྱོཿབྷྱོཿབྷྱོཿ། རུ་ལུ་རུ་ལུ་ནག་མོ་ཧ་ཧ་ཧཱུཾཿ། བྷྱོཿབྷྱོ་བྷྱོཿབྷྱོཿབྷྱོཿབྷྱོཿབྷྱོ་བྷྱོཿ། མ་མོ་བདུན་དང་རོ་ལངས་བདུན་གྱི་སྔགས་སོ། ཨོཾ་ཡ་མ་སྙིང་བྷྱོཿ། ཡ་མ་ཁྲག་བྷྱོཿ། སརྦ་བྷུ་ཏེ་བྷྱོཿ། ཡ་མ་ར་ཙ་བྷྱོཿ། ཡ་མ་ཐུཾ་ཐུཾ་བྷྱོཿ། དགྲ་སྙིང་ལ་བྷྱོ་བྷྱོ་བྷྱོཿ། གཤིན་རྗེ་བདུན་གྱི་སྔགས་སོ། །ཏྲཀ་རཀྴཿ། རུ་ལུ་རུ་ལུ་བཾ་རིལ་བྷྱོཿ། ནག་པོ་སྲོག་བསྡུས་ཁྱེརཿ།


DNG017_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ཡཀྴ་བཾ་རིལ་བྷྱོཿ། མདོས་འཕང་བའི་སྔགས་སོ། །ནག་པོ་པྲ་མ་ཡཿ། ཧ་རོ་ཡ། ནག་པོ་རཀྴ་ཐུནཿ། ཧེ་ཀྲ་མ་ལ་ཐུནཿ། སྙིང་ལ་ཐུན་བྷྱོཿབྷྱོཿབྷྱོཿབྷྱོཿ། ག་ག་ནི་ལོ་ཙ་ཡ་སྲོག་ལ་ཐུན། མཱ་ར་ཡ་ཐུན། ཧ་ར་ཧ་ར་ཧུ་ར་ཧུ་ར། ཉམས་པའི་སྙིང་ལ་བྷྱོཿ། བདུད་པོ་མི་ཟན་བདུན་གྱི་དྲག་སྔགས་སོ། །ཨོཾ་ཧ་ཧེ་མོ་ཧ་ཧྲི་ཏ་ཡ། བ་ར་ནི་ཧཱུཾ་ཕཊ། བྷྱོ་བྷྱོ་ས་མ་ཡ་བཟློག་བཟློག་ཨ་ལ་ལ་པྲ་མོ་ཧེ་བྷྱོ་བྷྱོ་ས་མ་ཡ་བཟློག་བཟློག །ཀོང་ཟོར་གྱི་སྔགས་སོ། །ཧྲི་ནག་མོ་དུ་ན་མ་སྙིང་པ་ཏྲ་ལ་དུན། བྷྱོ་བྷྱོ་བྷྱོ། ཁྲག་ཟོར་གྱི་སྔགས་སོ། །བྷྱོ་བྷྱོཿབྷྱོཿཧྲཱྀཿབྷྱོཿཨ་བྷྱོཿམུ་བྷྱོཿ། རྡོ་ཟོར་གྱི་སྔགས་སོ། །ཧྲཱྀ་མ་ཧྲཱྀ་མ་ཧཱུཾ་ཧཱུཾ་ཡ་ཡ་ཡཿ། བྷྱོཿབྷྱོཿབྷྱོཿ། མདའ་ཟོར་གྱི་སྔགས་སོ། །རཀྨོ་ཏི་སརྦ་ཧྲཱྀ་རཾ་ཨགྣེ་ཛྭ་ལ་རཾ་མཱ་ར་ཡ་ཕཊཿ། སྦྱིན་སྲེག་གི་སྔགས་སོ། །སརྦ་ཤ་ཏྲུཾ་ནཱ་ཤ་ཡ་མཱ་ར་ཡཿ། བསད་པའི་སྔགས་སོ། །བཛྲ་ཙི་དུན་རྦད་རྦད་སྭཱ་ཧཱཿ། སྙིང་ཁྲག་དུན་ཁུག་རྦད་རྦད་སྭཱ་ཧཱཿ། ཐུཾ་ཤིག་ཁུག་ལིང་རྦད་རྦད་སྭཱ་ཧཱཿ། སྙིང་ཁྲག་ལ་དུན་རྨུགས་རྦད་རྦད་སྭཱ་ཧཱཿ། ཙ་ར་བ་བཞིའི་སྔགས་སོ། །ཀ་ཤ་ཀ་ཤ་བྲག་ཚལ་ཤག་ཤག་མཱ་ར་ཡ་རཀྴ་སྙིང་ཆོད་ཡ་ཡ་བྲང་བྲང་ཞུང་ཞུང་རིལ་རིལ་རྦད་རྦདཿ། ཡ་ཡ་ཁ་ལ་རཀྴ་རྦུད་རྦུད་ཙཀྲ་རགྴ་རྦུད་རྦུདཿ། དུམ་བུ་རཀྴ་རྦུད་རྦུདཿ། ཙིཏྟ་རཀྴ་རྦུད་རྦུདཿ། ལས་ཀྱི་སྔགས་སོ། །ཨོཾ་བུཌྜྷ་པ་ཏྲ་ཧཱུཾ་ན་མ་སྟྲཻ་ཡ་དྷྭི་ཀཱ་ནཱཾ་སརྦ་ཏ་ཐཱ་ག་ཏཱ་ནཾ། སརྦ་ཏྲཱ་པྲ་ཏི་ཧ་ཏཱ་པཱསྡིཿ། དྷརྨ་ཏཱ་བ་ལཱི་ནཱཾཿ། ཨ་ས་མནྟ་ཏོ་མནྟཿ། ཏཱ་པཱ་བྷི་ཤཱས་ནི། ཧ་ར་ཧ་ར། སྨ་ར་སྨ་ར་ཎི། བི་ག་ཏ་རཱ་ག་བུཌྜྷ་དྷརྨ་ཏཱ། ས་ར་ས་ར་ས་མ་པ་ལཱ། ཧ་ས་ཧ་ས་ཏྲ་ཡ་ཏྲ་ཡ། བྷ་ག་བཱན། མ་ཧཱ་བ་ར། ལཀྵ་ཎེ་ཛྭ་ལ་ཛྭ་ལ་ན་སཱ་ག་རེ་སྭཱ་ཧཱ། ཤཱ་རིའི་བུས་བྱིན་གྱིས་བརླབས་པའི་རིང་བསྲེལ་དབུལ་བའི་སྔགས་སོ། །ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷཱ་ཝ། ཧེ་ཏུནྟེ་ཥཱཾ་ཏ་ཐཱ་ག་ཏོ་ཧྱ་ཝ་དཏ་ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་ཝཱ་དཱི་མ་ཧཱ་ཤྲ་མ་ཎཿསྭཱ་ཧཱཿ། རྟེན་འདྲེལ་འདི་འོད་སྲུངས་ཀྱིས་བྱིན་གྱིས་བརླབས་པ་རིང་བསྲེལ་དབུལ་བའི་སྔགས་ཏེ་གཡས་པའི་སྔགས་སོ། །ན་མཿཧྲྀ་ད་སརྦ་ཏ་ཐཱ་ག་ཏ་ཧ་ར་ཧ་ར་ཧཱུཾཿ། ཅང་ཤེས་ཀོའུ་དི་ནྱའི་རིང་


DNG017_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

བསྲེལ་གྱི་སྔགས་ཏེ་གཡོན་པའི་སྔགས་སོ། །བུཌྜྷ་ཧྲཱྀཿབྷྱོཿ། ཡ་མཱནྟ་ཀས་བྱིན་གྱིས་བརླབས་པའི་འཆར་ཀ་ནག་པོ་སྐེམ་བྱེད་ཀྱི་ངན་སྔགས་སོ། །ཆུ་ཐིག་སྔོན་མོའི་རྒྱུད་ལས། སྔགས་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།འཁོར་ལོ་དག་ལ་སྔགས་དང་ལྡན། །རྟེན་འདྲེལ་བཅུ་གཉིས་འཁོར་ལོ་དང་། །བསྲུང་བཟློག་བསད་དང་མནན་པའོ། །བྲི་བའི་ཐབས་ནི་འདི་ལྟ་སྟེ། །ཕྱི་ཡི་འཁོར་ལོ་འཁོར་ཡུག་གསུམ། །ནང་དུ་དུག་གསུམ་གྲུ་གསུམ་ལ། །མཱ་ར་ཡ་ཡི་ལིངྒ་བྲི། །དེ་ལྟར་བསད་སྔགས་མིང་དང་སྤེལ། །དེ་མཐར་འཆར་ཀ་ཉིད་ཀྱི་སྔགས། །འཆར་ཀའི་འོག་ཏུ་རྟེན་འདྲེལ་ནི། །བཅུ་གཉིས་འཁོར་བ་ལུགས་སུ་གཞུག །མཐའ་མ་འཁྱིལ་བྱེད་གཉིས་ཀྱིས་བསྐོར། །དབུས་སུ་མིང་དང་རུས་དང་གཟུགས། །གསད་པའི་སྔགས་ནི་མཱ་ར་ཡ། །གོང་རས་གསད་པའི་སྔགས་ཀྱིས་བསྐོར། །འཆར་ཀ་ནག་པོའི་ལྟོ་བར་རོ། །བཞི་པ་སྲུང་འཁོར་རྩིབས་བརྒྱད་ལ། །རྩིབས་བརྒྱད་དག་ལ་འཆར་ཀ་ཉིད། །བསྲུང་ན་གང་བསྲུང་གོང་རས་ལ། །རཀྵ་ཞེས་ནི་བྲི་བར་བྱ། །དབུས་སུ་གང་བསྲུང་མིང་དང་སྔགས། །ཧྲཱྀཿཤྟྲཱིཿཞེས་པས་མཚན་པའོ། །གོང་རས་ཨཱ་ལི་ཀཱ་ལི་དང་། །སྔགས་ནི་རཀྵ་ཅེས་པ་སྦྱར། །བཟློག་ན་བཟློག་ཅེས་བསྒྱུར་བ་དང་། །གོང་རས་བཟློག་པའི་སྔགས་ཀྱིས་བསྐོར། །དབུས་སུ་མིང་དང་རུས་དང་གཟུགས། །གསད་པའི་སྔགས་ནི་མཱ་ར་ཡ། །གོང་རས་གསད་པའི་སྔགས་ཀྱིས་བསྐོར། །མནན་པའི་སྔགས་ཀྱིས་མཐའ་མར་ནན། །སྲུང་བའི་འཁོར་ལོ་དར་ལ་བྲི། །བཟློག་ན་ཞིང་རས་དག་ལའོ། །གསད་པ་དུར་ཁྲོད་རས་ལ་བྲི། །མནན་པ་དུར་ཁྲོད་གཡམ་པ་ལའོ། །བྲི་དུས་སྔ་དྲོ་བསྲུང་བའོ། །བཟློག་པ་ཉི་མ་ཕྱེད་ལའོ། །གསད་པ་ཉི་རྒས་དག་ལའོ། །མནན་པ་ཐོ་རངས་ཁ་ནའོ། །ཆུ་ཐིག་སྔོན་མོའི་རྒྱུད་ལས། འཁོར་ལོ་བྲི་བའི་ལེའུ་སྟེ་དྲུག་པའོ།། །།འདི་ཡི་མདོས་སུ་བྱ་བ་ནི། །ཁོག་དོན་བཞི་རུ་ཤེས་པར་བྱ། །སྲུང་བའི་མདོས་དང་བཟློག་པའི་དང་། །བསད་པའི་མདོས་དང་


DNG017_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

མནན་པའི་སྟེ། །མ་ཏྲཾ་འབག་ཏུ་བཅའ་བ་དང་། །རཀྟ་དམར་པོས་བཀང་བ་ཡང་འདུག་དྲག་དམ་མ་མོའི་བསྐང་བ་དང་། །བཅའ་བ་ལས་ཀྱི་མན་ངག་བྱ། །རི་རབ་བརྩིག་པ་བང་རིམ་ལྡན། །སྲུང་བ་དག་ལ་གླུད་བརྒྱ་དང་། །མ་གཤིན་བཤོས་བུ་བཅའ་བ་དང་། །བྱང་བུ་བདུན་གསུམ་ཉི་ཤུ་གཅིག །རླུང་གི་ཕྱོགས་སུ་གདབ་པ་དང་། །མཆོད་རྟེན་བཅའ་དང་མར་མེ་བཅའ། །འཁོར་ལོ་ལྟོ་བར་གཞུག་པའོ། །བཟློག་པ་འཆར་ཀ་འདྲ་བ་ལ། །ཀོང་ཟོར་བརྒྱ་འམ་ཉི་ཤུ་གཅིག །བཤོས་བུ་ཟུར་གསུམ་ཁྲག་དུག་ཅན། །མཚེ་དང་ཡུངས་ཀར་རྦབ་རྡོ་མཚོན། །འུར་རྡོ་ཐུན་དང་བཅས་པའོ། །གསད་པ་དྲག་པོ་དགྲ་ཡི་ཕྱོགས། །འཆར་ཀ་དེ་ལ་བསྟན་པ་དང་། །ཀོང་ཟོར་ཉི་ཤུ་རྩ་གཅིག་དང་། །ཁྲག་ཟོར་ཉི་ཤུ་རྩ་གཅིག་དང་། །ལིངྒ་འོག་ཏུ་མནན་པ་དང་། །མ་མོའི་གཏོར་མ་ཟོར་དུ་བཅའ། །འཕངས་ནས་མནན་པའི་ལས་དག་བྱ། །གདོང་ཟོར་བྱས་ལ་མདོས་ཀྱིས་མནན། །འཆར་ཀའི་ཞལ་ཁ་བསྒྱུར་བར་བྱ། །མནན་པ་སྒོ་དྲུང་དག་ཏུ་བྱ། །མཆོད་རྟེན་བཞི་དང་བཅས་པའོ། །བཟློག་པ་འཆར་ཀ་མ་འགྱུར་བ། །སྲུང་ན་འཇམ་དཔལ་ཞལ་དུ་བྱ། །གསོད་ན་གླང་པོ་ཆེ་ཡི་ཞལ། །གནོན་ན་མ་ཧེའི་ཞལ་དུ་བྱ། །སྲུང་བ་རང་གི་གནས་ཁང་དུ། །མཆོད་པ་བྱ་ཞིང་གསོལ་བ་གདབ། །བཟློག་པ་ཁང་སྟེང་མཐོན་པོར་བྱ། །གསད་པ་གྲུ་གསུམ་ནང་དུའོ། །མནན་པ་ཆུ་མིག་ཤུལ་དུ་བྱ། །དྲག་པོ་མདོས་དེའི་ཕྱོགས་སུ་བཏང་། །རོལ་མོའི་བཅས་དང་ལྡན་བྱས་གཞུག །ཟོར་དང་བཅས་ཏེ་གཏང་བར་བྱ། །ཆུ་ཐིག་སྔོན་མའི་རྒྱུད་ལས། མདོས་ཀྱི་སྐོང་གི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །དང་པོ་སྲུང་བའི་ལས་ཀ་ནི། །འཆར་ཀའི་གཟུགས་བརྙན་ཕྱག་ཏུ་ནི། །ཚེ་བུམ་དེ་ཡི་ནང་དུ་ནི། །ཚེ་རྟེན་དཀར་གསུམ་མངར་གསུམ་དང་། །སྲུང་བའི་འཁོར་ལོ་སྔགས་དང་བཅས། །དབུས་སུ་གང་བསྲུང་མིང་དང་བཅས། །བུམ་པར་བཅུག་ལ་བཟླས་པ་དང་། །ནད་པ་ལ་སོགས་སྲུང་བྱེད་ན། །མཎྜལ་


DNG017_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོའི་སྟེང་དུའོ། །གཏོར་མ་སྣ་ཚོགས་རིན་ཆེན་དང་། །བལ་ཚོན་སྣ་ལྔའི་སྲུང་སྐུད་བཅས། །ཡུངས་ཀར་སྔགས་ཀྱིས་ནད་པ་བསྐོར། །དེ་ནས་གཏོར་མའི་ནང་དུ་གཞུག །གཏོར་མས་མཆོད་ཅིང་བཟླས་པ་བྱ། །མཐའ་མ་བསྐོར་ཞིང་སྦྱིན་སྲེག་དང་། །ཀོང་ཟོར་འཕང་བ་ཀུན་ཀྱང་བྱ། །སྲིའུ་དག་ལ་གཏོར་མ་གཏང་། །རྟེན་འདྲེལ་སྔགས་ཀྱི་བུམ་པའི་ཆུས། །བཀྲུ་ཞིང་སྔགས་ཀྱི་སྦྱོར་བ་བྱ། །སེང་ལྡེང་ཕུར་པ་ལྷར་བསྐྱེད་ལ། །སྲུང་བའི་འཁོར་ལོ་སྔགས་དང་བཅས། །ཉུང་དཀར་བརྒྱ་དང་རྩ་བརྒྱད་ལ། །འབྲུ་བདུན་རེ་ལ་སྔགས་འབྲུ་བདུན། །རས་དཀར་ནང་དུ་གཏུམས་པ་དང་། །དེ་ལ་མཆོད་ཅིང་བཟླས་པ་དང་། །མདོས་ལོང་སྔགས་ཀྱིས་ཀོང་ཟོར་འཕང་། །མཛེ་པོ་དག་ལ་དཀར་གཏོར་བཅའ། །སྲུང་སྐུད་མདུད་པ་བརྒྱ་དང་ལྡན། །རིན་པོ་ཆེ་ཡི་བུམ་པ་རུ། །ཆུ་སྣ་བརྒྱ་དང་སྨན་སྣ་བརྒྱ། །རྟེན་འདྲེལ་སྔགས་ཀྱིས་བསྔགས་པ་གདགས། །ཕྱིང་དཀར་སྟེང་དུ་ཁྲུས་བྱའོ། །གུ་གུལ་བདུག་ཅིང་སྔགས་ཀྱིས་བྲབ། །སྦལ་སྦྲུལ་མང་པོའི་གཟུགས་བྱས་ལ། །བསྐོར་ཞིང་གཏོར་མའི་ནང་དུ་བྲུབ། །མདོས་ལོང་ཀོང་བུ་ཟོར་དུ་འཕོང་། །སེར་བ་དག་ནི་བསྲུང་བ་ན། །འཆར་ཀའི་སྐུ་དེ་མཆོད་ཁང་སྟེང་། །ཡང་ན་སེར་མཐོའི་རྩར་བཞག་ལ། །བཟློག་པའི་སྔགས་ཀྱི་འཁོར་ལོ་དང་། །ཕུར་པར་བཅས་པའི་མགུལ་དུ་ནི། །ཐལ་བ་དག་དང་ཉུང་དཀར་ལ། །བསྔགས་ལ་དེ་དང་མཐུན་པར་བྱ། །རིམས་ནད་གཅོད་ན་འཆར་ཀའི་སྐུ། །དམར་གཏོར་བལ་ཚོན་དར་ཚོན་དང་། །ཉུང་དཀར་ཉུང་ནག་སྔགས་དང་བཅས། །ཕོ་མོའི་གཟུགས་དང་བཅས་པ་རྣམས། །ཀོང་ཟོར་བཅས་ལ་འཕང་བར་བྱ། །ཚོན་སྐུད་སྣ་ལྔའི་སྲུང་སྐུད་ལ། །སྔགས་ཀྱི་མདུད་པ་བརྒྱ་དང་ལྡན། །དེ་ནི་བསྲུང་བའི་མཆོག་ཏུ་འགྱུར། །ཡུལ་དང་ཁང་ཁྱིམ་ཕྱོགས་རྣམས་ཀུན། །དྲག་པོའི་རྫས་ཀྱིས་ཐུབ་པར་གྱུར། །གཏོར་མ་སྔགས་དང་བསྐུལ་བས་ཀྱང་། །སྡེ་བརྒྱད་ཀུན་གྱིས་མི་ཚུགས་སོ། །ཆུ་ཐིག་སྔོན་མོའི་རྒྱུད་ལས། སྲུང་བའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཡང་དག་བཤད་


DNG017_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ། །བཟློག་པ་བྱ་བའི་ལས་ཀ་ལ། །བཅས་ཀྱིས་བཟློག་དང་སྔགས་ཀྱིས་བཟློག །འཁོར་ལོས་བཟློག་དང་གཏོར་མས་བཟློག །མདོས་ཀྱིས་བཟློག་དང་ཟོར་གྱིས་བཟློག །སྦྱིན་སྲེག་དང་ནི་བདུན་དུ་བཤད། །བཅས་ནི་འཆར་ཀའི་འདྲ་འབག་ལ། །དུག་ཆུས་སྦྱངས་ལ་ཞལ་གདངས་པ། །ཕུར་པ་ལག་ཏུ་བསྐུར་བའོ། །ཁོ་ཡི་ཕྱོགས་སུ་ཁ་བསྟན་བྱ། །འཁོར་ལོས་བཟློག་པ་རྩིབས་བརྒྱད་ལ། །མིང་རུས་བཅས་པ་དབུས་སུའོ། །རྩིབས་ལ་རྩ་སྔགས་བཟློག་དང་བཅས། །གོང་རས་མིང་དང་བཟློག་ཅེས་བྲི། །མུ་ཁྱུད་བཟློག་པའི་སྔགས་དང་ལྡན། །བཻ་བྷ་སཏྭ་རེ་མ་ཏཱི། །གཡས་སྐོར་བྱས་ཏེ་ཞིང་རས་ལ། །འཆར་ཀའི་ལྟོ་བར་བཅས་པའོ། །གཏོར་མའི་དབུས་སུ་འཆར་ཀའི་སྐུ། །གྲུ་གསུམ་དམར་པོ་དཔལ་བཤོས་དང་། །ཉུང་དཀར་མཚེ་དང་ལྕགས་ཕྱེ་དང་། །དུག་ཁྲག་དག་གིས་བྲབ་པའོ། །མདོས་ནི་འཆར་ཀའི་འཁོར་དང་བཅས། །མ་གཤིན་ཉི་ཤུ་རྩ་བརྒྱད་ཚོགས། །དམར་ནག་དར་དང་ཀོང་ཟོར་ཁྲག །གཏོར་མ་བལ་ཚོན་དར་ཚོན་དང་། །ཟོར་ནི་ཀོང་ཟོར་ཁྲག་ཟོར་དང་། །གཏོར་ཟོར་མདའ་ཟོར་འུར་རྡོ་དང་། །སླང་ཟོར་གཏོར་ཟོར་འཕང་བའོ། །སྦྱིན་སྲེག་འཆར་ཀའི་མདུན་དུ་བྱ། །སྔགས་དང་བསྐུལ་དང་རྫས་དང་བཅས། །ཉི་མ་ཕྱོགས་དང་དུས་དང་གྲངས། །ཡང་ནས་ཡང་དུ་བྱ་བའོ། །ཟོར་ཁ་བཟློག་ན་ཡུངས་ཀར་དང་། །ཁྲག་དུག་ཐོད་པའི་ནང་དུའོ། །རྩ་བའི་སྔགས་དང་གཏོར་ཟོར་སྔགས། །སྤེལ་ཞིང་སྤེལ་ལ་ལས་བཅོལ་བསྐུལ། །རཱ་ཧུ་ལ་ཡི་ཕྱོགས་དང་བསྟུན། །བྱལ་བཟློག་བྱེད་ན་གཏོར་མ་དང་། །འུར་རྡོ་རྡོ་ཟོར་འཕང་བར་བྱ། །འཆི་བ་བསླུ་ན་དཀར་གཏོར་དང་། །དམར་གཏོར་བཅུ་གསུམ་སྔགས་དང་བཅས། །ཆོས་སྟོན་བཅུ་གསུམ་སྔགས་དང་བཅས། །གཙུག་ཏོར་དྲི་མ་མེད་པ་དང་། །རྩ་སྔགས་བཟླས་ཤིང་ལ་གང་དམིགས་བཟླ་དང་གཙོ་མིང་བཟླ། འདྲ་མིན་རྩོལ་བ་བྱ། །རྟེན་འདྲེལ་བཟླས་ཤིང་ཚྭ་ཚྭ་གདབ། །རྨི་ལམ་བཟློག་ན་རྩ་བའི་སྔགས། །བརྒྱ་རྩ་བརྒྱད་དུ་བཟླས་པ་བྱ། །རང་གི་སྔས་ཀྱང་བསྒྱུར་


DNG017_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཉལ། །མཚན་མ་ངན་པ་བཟློག་པ་ན། །ཟོར་དེ་དྲག་ཏུ་འཕང་བར་བྱ། །ལྟས་ངན་བཟློག་ན་མདོས་ཀྱིས་བཟློག །མདོས་ནི་མཎྜལ་སྟེང་དག་ཏུ། །ཁྲི་འཕང་དག་ཏུ་བརྩིག་པར་བྱ། །རུས་སྦལ་བཞི་དང་གླང་ཆེན་བཞི། །མི་ནོར་ལྟོ་འགྲོ་རི་དྭགས་དང་། །གཅན་གཟན་གཟུགས་ལ་སེང་གེ་བཞི། །འདབ་ཆགས་གཟུགས་ལ་བྱ་ཁྱུང་བཞི། །དེ་ཡི་སྟེང་དུ་འཆར་ཀའི་སྐུ། །ཟུར་གསུམ་ནང་དུ་དམིགས་པའི་མིང་། །དེ་ཡི་ཁ་ལ་བརྩིག་པར་བྱ། །དེ་ཡི་མཐའ་མར་མེ་མར་དང་། །ཀོང་ཟོར་སྤེལ་མ་དགོད་པར་བྱ། །བཅུ་གསུམ་པ་ཡི་ཚོགས་སུ་བྱ། །ཆུ་ཐིག་སྔོན་མོའི་རྒྱུད་ལས། བཟློག་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །གསད་པའི་ལས་ནི་འདི་ལ་བརྩོན། །གྲུ་གསུམ་ནང་དུ་ལིངྒ་དང་། །ཐོད་པ་རུ་ནི་བཅའ་བར་བྱ། །སྐྱེར་མདའ་སྐྱེར་གཞུ་སྟོང་པ་དང་། །གདོང་ཟོར་ནག་པོ་དེར་བཅའ་སྟེ། །དེ་ཡི་ཁ་ལ་འཆར་ཀའི་སྐུ། །ཁྲམ་དང་རྒྱུ་ཞགས་བསྐུར་བ་ལ། །གླང་ཆེན་གདོང་ཅན་ཁ་ནང་དུ། །མིང་དང་རུས་བཅས་གཞུག་པར་བྱ། །རབས་ཆད་ཐོད་པར་ར་ཁྲག་དང་། །ཁྲམ་དང་བཅས་ཏེ་བཅའ་བར་བྱ། །དེ་ཡི་ནང་དུ་སོག་པ་ལ། །སྙིང་ག་རུ་ནི་ཤར་རི་བྷྱོ། །མདོམས་སུ་ཙི་རུ་སྙིང་བྷྱོ། །རྐང་མཐིལ་དུ་སྙིང་བྷྱོཿ། །དམིགས་པའི་ལིངྒ་བྲི་བར་བྱ། །ཀོང་ཟོར་ལ་སོགས་ཟོར་གྱི་རྫས། །རྣམ་པ་བཅུ་པོ་བཅུ་འབར་བྱ། །བནྡི་པོན་པོ་ཞང་བློན་དང་། །མོན་པའི་སྔགས་དང་བཅས་པ་བཟླས། །རྩ་སྔགས་ལས་སྔགས་བསད་པའི་སྔགས། །དེ་ལྟར་སྤེལ་མར་བཟླས་པར་བྱ། །ཚེས་གྲངས་རྩིབས་ལ་ཟོར་ཐུན་བརྡེག །གསད་པའི་འཁོར་ལོ་ཚོན་སྐུད་བཅིང་། །འཆར་ཀའི་ལྟོ་བར་མཱ་ར་ཡ། །ཕུར་པས་བཏབ་ལ་སྦྱིན་སྲེག་བྱ། །ཐ་མར་མོན་པ་དཀྲུགས་ཤིང་བཟླས། །ཀོང་ཟོར་ཁྲག་ཟོར་སྤྲུག་ལ་བརྡེག །གསད་མདོས་གཏོར་མའི་ནང་དུ་བཅའ། །ཁང་ས་ཞིང་ས་དུར་ཁྲོད་ས། །རཱ་ཧུ་ལ་ཡི་གཟུགས་བཅས་ལ། །སྦྲུལ་ནག་འཁྱིལ་པས་བསྐོར་བྱས་ལ། །ལིངྒ་དག་དང་བཅས་ལ་འཕང་། །


DNG017_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ཏྲ་མན་ཏྲ་སྤེལ་ཞིང་བཟླས། །སྔགས་ཀྱིས་བསྐུལ་ལ་འཕང་བར་བྱ། །འཆར་ཀ་ཐོད་པ་ཆུ་མིག་མནན། །དེ་ཡིས་ལྷ་བྱིན་མཱ་ར་ཡ། །འཆར་ཀ་ནག་པོའི་ཞལ་ནས་གསུངས། །ཆུ་ཐིག་སྔོན་མོའི་རྒྱུད་ལས། གསད་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་ཡང་དག་བཤད་པར་བྱ། །མནན་པ་དག་ལ་བསྔགས་པ་ནི། །གདོང་གཅིག་མ་དང་མེ་རེག་མ། །སད་ཀྱིས་བསད་པའི་པུཥ྇་དང་། །ཁྱད་པར་དྲུག་གི་སྔགས་ཀྱིས་བསྐོར། །ཙཀྲ་ཧྲི་ན་ཧྲི་རི་ནན། ཨ་ཏྲི་ནན། སུ་ཏྲི་ནན། ཏྲི་དུ་ནན། མཱ་ར་ནན། ནང་དུ་ཁམ་སའི་གཟུགས་དག་ནི། །སྙིང་གར་མནན་པའི་འཁོར་ལོ་གཞུག །ཚོན་སྐུད་དག་གིས་རབ་ཏུ་དཀྲི། །གྲུ་གསུམ་ནང་དུ་བཅུག་པ་ལ། །འཆར་ཀའི་སྐུ་ཡིས་མནན་ལ་བཟླ། །རྩ་སྔགས་བསད་སྔགས་སྤེལ་བ་ལ། །ཐ་མར་མིང་དང་མནན་དང་བཅས། །འཁོར་ལོའི་སྔགས་མཐའ་ནན་དང་བཅས། །བཟླས་པ་བྱ་ཞིང་རྡོ་རྗེས་བརྡེག །རྡོ་རྗེ་རྒྱ་གྲམ་གཡམ་པ་ལ། །ཧྲཱྀཿཤྟྲཱིཿབཟླས་ཤིང་བརྡེག་པར་བྱ། །གཏོར་མ་གཏང་ཞིང་དམོད་བཅོལ་བྱ། །སྔགས་དང་མ་གཤིན་བསྐུལ་ལ་གདབ། །མཱ་ར་དམིགས་པའི་རྟེན་དེ་མནན། །ཆུ་མིག་བྱང་ལྟའི་གཤམ་དུ་མནན། །ཕོ་རྒྱུད་མནན་ན་བྲག་འོག་མནན། །མོ་རྒྱུད་ཡིན་ན་མཚོ་ནང་དུ། །ཐེ་བྲང་རྐང་གཅིག་ཤིང་གི་དྲུང་། །ཕ་བོང་ནག་པོའི་ཀླུ་ལ་ཤིས། །གད་པའི་འོག་ཏུ་བསེན་མོ་མནན། །ཕོ་སྲི་དུར་ས་དག་ཏུ་མནན། །བཙན་ནི་བྲག་དམར་ཐེབས་ལ་མནན། །རྒྱལ་པོ་མཆོད་རྟེན་འོག་ཏུ་མནན། །མནན་པ་གང་རིགས་དམིགས་དང་སྦྱར། །གནོན་པའི་ས་དེ་གྲུ་གསུམ་འབྲུ། །དེ་ཡི་ནང་དུ་ཐོད་པ་ལ། །དེ་ཡི་སྟེང་དུ་སྐུ་གདུང་རྟེན། །དེ་ནས་རྟེན་དང་ཀུན་འཁོར་ལོ། །རྒྱ་གྲམ་དག་གིས་ཁ་བཅད་དེ། །དགའ་བོ་ཀླུ་ཡང་ལྡང་མི་སྲིད། །དེས་ནི་ཀུན་ལྡན་མ་ཡང་གནན། །བསྐལ་པ་རྫོགས་ཀྱང་ཁར་མི་དབྱུང་། །བཀའ་ལས་འདས་ན་དེ་བཞིན་ནོ། །ཆུ་ཐིག་སྔོན་མོའི་རྒྱུད་ལས། མནན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།


DNG017_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཡང་དག་བཤད་བྱ་བ། །བཅའ་བ་ཟོར་གྱི་མན་ངག་ནི། །བྲ་བོ་ནས་ནག་མི་ཁ་ཅན། །ཡང་ན་དུར་ཁྲོད་ས་དག་ནི། །དུག་དང་ཁྲག་གིས་བརྫིས་པ་ལ། །དྲག་པོའི་ཀོང་བུ་ཟུར་གསུམ་པ། །བྲག་ནག་མཚེ་དང་ཡུངས་ཀར་དང་། །དམེ་ཁྲག་ཐིགས་པ་རེ་རེ་ལ། །ཡུགས་མོའི་འཕང་རྩེ་དྲག་པོའི་རྩང་། །སོར་བཞི་པ་རེ་བཙུག་ལ་བཞག །ཕུར་པ་རེ་དང་ཡུངས་ཀར་རེ། །མར་མེ་རེ་དང་ལྷ་བཤོས་རེ། །ཤ་སྣ་རེ་དང་ཁྲག་སྣ་རེ། །རབས་ཆད་ཁང་པའི་དུད་པ་དང་། །ཆང་ཉེས་པ་ཡི་སྦང་མར་སྦྱར། །གསུམ་དང་བདུན་དང་བཅུ་གསུམ་མམ། །ཉི་ཤུ་རྩ་གཅིག་བརྒྱ་རྩ་གཅིག །ཇི་ཙམ་རན་པའི་ཚོད་དུ་སྦྱར། །ཚོན་སྐུད་སྔོན་དམར་འུར་རྡོ་ལ། །ཞིང་ལྤགས་འུར་རྡོའི་མཐིལ་དུ་བྱ། །ཡུགས་སའི་སྐྲ་ཡི་འཇག་ཀྱང་བྱ། །སྔགས་པ་དམར་ནག་ཆས་སུ་ཞུགས། །དུས་དྲུག་ཁོ་ནར་འཕང་བ་ནི། །རྩ་བའི་སྔགས་དང་ཀོང་ཟོར་སྔགས། །བཅོལ་ཞིང་ལས་ལ་འཕང་བར་བྱ། །དུར་ཁྲོད་རྡོ་ལ་དུག་ཆུས་བྱུག །གདེང་དང་ལྡན་པའི་རྣལ་འབྱོར་པས། །གོང་དང་མཉམ་པར་འཕང་བར་བྱ། །སྐྱེར་པའི་མདའ་ལ་ལྟས་ངན་སྒྲོ། །དམེ་པོའི་ཁྲག་གིས་བྱུག་པར་བྱ། །སྔགས་ནི་དྲག་པོའི་སྔགས་བརྡེག་ལ། །ཉི་མའི་འོད་ཟེར་འཕང་བར་བྱ། །བསྙེན་པ་དྲག་པོ་བཟླས་ལ་འཕང་། །སླ་ངའི་ནང་དུ་ཤོད་རྡོ་བླུག །ར་ཡི་སོག་པ་གཡས་ངོས་ལ། །ལིངྒ་བྲིས་ཏེ་ནང་དུ་གཞུག །ཉུང་དཀར་ཉུང་ནག་ནང་དུའོ། །དེ་ལ་དམིགས་པར་ལྡན་པ་ལ། །དེ་ལ་མུ་ཏྲའི་སྦྱོར་བ་བྱ། །བུད་མེད་གཅིག་གིས་སླ་ང་འཁྱེར། །ས་སྣ་འབྲུབ་ཁུང་ལིངྒ་ཅན། །གང་ནས་འོང་བའི་ཕྱོགས་དང་སྦྱར། །གཡོན་སྐོར་བདུན་དང་གཡབ་མོ་བདུན། །དེ་ནས་དེ་ཡི་ནང་དུ་བླུག །མ་གཤིན་བསྐུལ་ཞིང་བྲོ་ཡང་བརྡུང་། །རོལ་མོའི་སྒྲ་དང་བཅས་པས་བྱ། །གང་ལ་དམིགས་པའི་ཟོར་དང་བཅས། །བ་ལིཾ་ཞལ་དང་ལྡན་པ་ལ། །མར་མེ་ལྷ་བཤོས་རྩང་དང་བཅས། །དར་ནག་ཕྲག་པར་གཟུག་པ་དང་། །ཉུང་དཀར་ཁྲག་དུག་སྔགས་དང་བཅས། །འཕང་ཞིང་བསིལ་


DNG017_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་འཁྲབ་དང་བཅས། །ཅང་ཏེའུ་བརྡུང་ཞིང་རཀྟ་བརླབ། །ལྷ་ཚོགས་བསྐུལ་ཞིང་དར་ནག་གཡབ། །གང་དམིགས་དེ་ལ་འཕེན་པར་བྱ། །རུ་ཏྲའི་གོས་ནི་མགོ་མཇུག་བཟློག །རུ་ཏྲའི་ཤུན་དྲེང་ར་དང་ཤ་བའི་ཡང་བརྡབ་པར་བྱ། །མཱ་ར་ཡ་ཡི་རཀྟ་གཟུག །དམ་ཚིག་ཉམས་པའི་ཆད་པ་བརྩི། །ཨོཾ་པ་ལ་ཡི་སྒྲ་ལུང་བྱ། །མུ་བ་ཡ་ཡི་ཉམས་པ་ལ། །དྲག་པོ་གཏོར་མའི་བཟློག་མདོས་འདིས། །གང་ཡང་རུང་བ་རླག་པར་བྱེད། །རང་བསྲུང་བ་ཡི་མཆོག་ཏུ་འགྱུར། །གོད་ཁ་འདུལ་ན་ཤིན་ཏུ་བསྔགས། །གང་ཡང་རུང་བའི་ཐོད་པར་བྲུབ། །རྒྱ་གྲམ་ལམ་སྣེར་མནན་ལ་བྲུབ། །དེ་ཡི་ཐོག་ཏུ་གཏོར་མ་བྲུབ། །རྒྱ་གྲམ་འབར་བའི་ཐེམ་ལ་གཞག །དེས་ནི་ཐམས་ཅད་དབང་དུ་སྡུད། །དྲག་པོའི་ཟོར་གྱི་ལས་ཁ་འདི། །གང་ལ་ཞུགས་ཀྱང་བརྩོན་པར་བྱེད། །རཱ་ཧུ་ལ་ཡི་ལས་སྦྱོར་བྱ། །གཟའ་བརྩི་བ་དང་ཕྱོགས་བརྩིས་ལ། །དེ་ནས་དམིགས་པས་འཕང་བར་བྱ། །ཆུ་ཐིག་སྔོན་མོའི་རྒྱུད་ལས། འཕང་བ་ཟོར་གྱི་ལེའུ་སྟེ་བཅུ་གཉིས་པའོ།། །།གཞན་གྱི་སྔགས་ཟོར་མནན་པ་ནི། །ཧེ་རུ་ཀ་ཡི་ཏིང་འཛིན་ནམ། །ཡང་ན་ཕྱག་ན་རྡོ་རྗེ་བསྒོམ། །ཀརྨ་ཎ་ཡི་ལས་ཀྱང་བྱ། །དགྲ་འམ་ཡང་ན་བགེགས་ཀྱང་རུང་། །ཤོག་བུ་དག་ལ་མིང་རུས་བྲི། །རྩ་བ་བསིལ་བའི་ཐུན་གྱིས་བྲབ། །ཏིང་ངེ་འཛིན་གྱིས་དགུག་གཞུག་བྱ། །གང་ན་ཡོད་པའི་ཕྱོགས་ནས་སུ། །ཕ་རོལ་དམ་ཚིག་ཉམས་རྟགས་སུ། །ཕྱར་བ་ནག་པོ་ཕྱོགས་སུ་བརྡབ། །སྲིད་པའི་ལྷ་འདྲེ་བསླུ་བའི་ཕྱིར། །མིག་བརྒྱ་པ་ཡི་གོས་ཀྱང་གྱོན། །ཆེ་བའི་ང་རྒྱལ་བསྐྱེད་པའི་ཕྱིར། །ཞིང་ལྤགས་དག་ཀྱང་གོན་པར་བྱ། །ཕྱོགས་སུ་ཐར་ས་མེད་པའི་ཕྱིར། །སྟེང་དུ་རྡོ་རྗེ་རྒྱ་གྲམ་བྲི། །ཕྱིན་ཆད་ལམ་བར་དགག་པའི་ཕྱིར། །ལམ་ཡང་མཐོ་དང་རྒྱ་གྲམ་བཅད། །གཏན་ནས་ཐར་ས་མེད་པའི་ཕྱིར། །རྒྱ་གྲམ་དྲུག་གི་བར་དུ་གཞུག །རྩ་སྔགས་གདོང་ཟོར་སྔགས་བཅས་བརྡེག །སྤེལ་མར་ཞག་གསུམ་གཏོར་མར་གདགས། །དེ་འོག་མནན་པས་ལས་རྣམས་འགྲུབ། །དེས་ནི་དམིགས་པ་གདོན་མི་ཟ། །འཆར་ཀ་ནག་པོའི་གོང་གནོན་ཡིན། །ཆུ་ཐིག་སྔོན་མོའི་རྒྱུད་ལས། སྔགས་ཟོར་མནན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །དེ་ནས་རིག་སྔགས་སྤོ་བ་ནི། །དྲག་པོ་རོ་རས་གྲུ་བཞི་ལ། །བཅུ་དང་


DNG017_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སུ་འཁོར་ལོ་བཀོད། །དེ་འོག་བཤན་པ་བཞི་ཡི་སྔགས། །ཕྱོགས་དང་རིམ་པ་དེ་བཞིན་ནོ། །བར་མ་རྩ་བའི་སྔགས་དང་ནི། །མཱ་ར་ཡ་དང་སྤེལ་མ་བྲི། །ཐ་མ་བསད་ཁུང་གྲུ་གསུམ་པར། །མིང་རུས་བྲིས་ལ་མཐའ་མ་བསྐོར། །ཤ་རི་བྷྱོ་ཡི་སྔགས་མགོ་ལ། །མ་རིག་པ་གཉིས་བསྡེབས་ལ་བྲི། །ཡིག་མགོ་གཅིག་གི་ཕྱོགས་མ་ནོར། །གཡས་གཡོན་བསྐོར་ལ་ཚོན་སྐུད་དཀྲི། །འཆར་ཀའི་སྙིང་གར་གཞུག་པར་བྱ། །འཆར་ཀ་ནག་པོའི་སྐུ་ལ་ནི། །དང་པོ་རིན་ཆེན་སྣ་ལྔས་བྱུག །དེ་ནས་ཁྲག་དང་དུག་གིས་བྱུག །མཆོད་རྟེན་གཡས་གཡོན་དམར་པོ་ལ། །དབུས་མའི་མཆོད་རྟེན་མཐིང་ནག་གོ། །ལག་པ་ཕུར་པ་འདྲིལ་བ་ལ། །གཡས་སུ་རྒྱ་གྲམ་དེ་འོག་ཏུ། །ཐོད་སྦྲམ་ལིངྒ་གནན་པ་ལ། །རྒྱ་གྲམ་སྟེང་དུ་འཆར་ཀའི་སྐུ། །རྩ་སྔགས་བཟླས་ལ་གནན་པ་བྱ། །ཆུ་ཐིག་སྔོན་མོའི་རྒྱུད་ལས། རིག་སྔགས་ཟོར་སྤོ་བའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བསྲེག་པ་བྱ་བའི་ལས་ལ་འབད། །ཟུར་དྲུག་འཁོར་ལོ་གནམ་སྒོ་ཅན། །ཚེར་མ་ཅན་གྱི་ཤིང་བརྩེགས་ལ། །བྱ་རོག་འུག་པ་ཁྭ་ཏ་ཡི། །ཚང་རྩི་བསྒྲུགས་ལ་བུད་ཤིང་བྱ། །རྒྱུ་མའི་ཐག་པའི་སྐུད་པས་དཀྲི། །ཁ་ལ་རྩང་དང་རྒྱུ་ཞགས་བསྣོལ། །མར་ནག་ཁྲག་དང་ཤ་དང་ཚིལ། །རུས་པ་ཞུན་དང་དུག་དང་ཁྲག །ཉུང་དཀར་ཉུང་ནག་དག་དང་ལྡན། །དེ་ཡི་རིམ་པ་དེ་ཤེས་བྱ། །ལིངྒ་མང་པོ་གཏུབས་པ་དང་། །སྦྱིན་སྲེག་ཇི་ཙམ་རན་པ་བྱ། །དེ་ཡི་ནང་དུ་འཆི་བདག་བསྐྱེད། །མདུན་དུ་རཱ་ཧུ་ལ་ཡང་བསྐྱེད། །སྡིག་ཅན་མེ་བླང་ཤན་པས་བསྲེག །འཆི་བདག་བཀུག་ནས་མེ་ལ་བསྡིམ། །དང་པོ་བཅོམ་ལྡན་འདས་ལ་འབུལ། །དེ་ནས་འཆར་ཀ་ཉིད་ལ་འབུལ། །ཕྲིན་ལས་རྣམ་བཞིའི་ལས་དང་སྦྱར། །རྩ་སྔགས་དག་དང་སྤེལ་ལ་བཟླས། །ཐ་མ་ཐ་མར་བསྟབ་དང་དབུལ། །ཡང་ནས་ཡང་དུ་དབུལ་བར་བྱ། །འཆར་ཀ་ཉིད་ཀྱི་མདུན་དུ་བྱ། །དབང་དང་དགུག་པའི་སྦྱོར་བ་བྱ། །བསྐུལ་དང་དྲག་སྔགས་སྦྱོར་བ་བྱ། །བདུན་བདུན་རེ་ལ་བ་ལིཾ་འབུལ། །ཡང་ནས་ཡང་དུ་དབུལ་བར་བྱ། །འདི་ནི་དྲག་པོའི་ལས་དག་གི། །སྦྱོར་འདེབས་ཡིན་པས་དབང་དུ་འགྱུར། །འབྱུང་པོ་མ་རུངས་སྟཾ་བྷ་ཡ། །བརྒྱ་འམ་ལྔ་བཅུའི་སྦྱོར་བ་བྱ། །རྡོ་ནག་བགེགས་ཀྱི་བླ་རྡོ་ལ། །རྩ་བའི་སྔགས་ལ་མཱ་ར་ཡ། །དང་པོ་གཤིན་རྗེ་འཇམ་དཔལ་བསྐུལ། །དེ་ནས་འཆར་ཀ་བསྐུལ་བར་བྱ། །སྦྱིན་སྲེག་རེ་ལ་བསྐུལ་བ་རེ། །བཀུག་ཅིང་བསྡིམས་ལ་བསྲེག་


DNG017_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ། །རྩི་སྐྱ་འཇག་མར་ཡི་དྭགས་གཟུགས། །མཁར་ནག་དཀྲིས་ལ་འཆར་ཀར་གཞུག །གུ་གུལ་དུད་པས་བསྐོར་ཞིང་བདུག །གང་གནོན་དེ་ལ་བསྐོར་ཞིང་བསྲེག །རྩ་བའི་སྔགས་ལ་ལས་སྔགས་བཏགས། །ཕུར་པ་བཏབ་ཅིང་དྲག་ཏུ་བསྐུར། །གཏུབ་ལ་སྦྱིན་སྲེག་བྱ་བ་འང་། །བརྒྱ་འམ་ལྔ་བཅུའི་ཚད་དུ་བྱ། །འདིས་ནི་ཀླུ་རྣམས་གདུག་པ་འདུལ། །དབང་དུ་བྱ་བའི་ལས་ཡིན་ཏེ། །དེ་མ་ཐག་ཏུ་འགྲུབ་པར་འགྱུར། །ཐ་མར་གསོ་བའི་ལས་དག་བྱ། །རྩི་སྐྱ་འཇག་མའི་སྦྱོར་བ་དེ། །ཡང་ན་འཆར་ཀའི་འོག་ཏུ་མནན། །ཆུ་ཐིག་སྔོན་མའི་རྒྱུད་ལས། སྦྱིན་སྲེག་གི་ལེའུ་སྟེ་བཅོ་ལྔ་པའོ།། །།ཡང་ནི་བསད་པའི་ལས་དག་ནི། །གཅན་གཟན་ཐོད་པར་ལིངྒ་བཅུག །རྡོ་ནག་བླ་རྡོར་གཞུག་པར་བྱ། །ཕུར་པས་བཏབ་པའི་སྦྱོར་བ་བྱ། །བནྡི་བོན་པོ་ཞང་བློན་དང་། །མོན་པ་ནག་པོའི་སྦྱོར་བ་བྱའོ། །དེ་སྔགས་རྩ་སྔགས་བསྡེབ་པ་དང་། །ལས་སྔགས་བསད་དང་ཐུན་སྔགས་བརྡེག །དེ་ཡི་མདོས་དང་བཅས་པ་བྱ། །ཟུར་གསུམ་དབལ་སྔགས་དག་དང་ནི། །ཁྲམ་དང་ཐོད་པ་དེ་བཞིན་ནོ། །ཡང་ན་དེ་ཡི་སྦྱིན་སྲེག་བྱ། །ཁོ་ན་གཅིག་པུ་བསྔགས་པ་སྟེ། །བདུན་བདུན་དག་ཏུ་སྦྱོར་བ་བྱ། །དྲག་པོའི་སྔགས་དང་སྦྱིན་སྲེག་ཀྱང་། །དེ་རུ་དམིགས་ལ་བཟླས་པ་བྱ། །རྟགས་ནི་དུ་མ་གང་བྱུང་ཡང་། །བརྟགས་ལ་དེ་ཡི་ལས་ལ་སྦྱར། །དང་པོ་འཇམ་དཔལ་བསྟོད་པ་བྱ། །འཆར་ཁ་འཁོར་བཅས་བསྟོད་པ་དང་། །སྲོག་གི་ར་ཙ་བཞི་པོ་ནི། །ཐ་མ་མདེ་འུར་བསྐུལ་བ་འང་། །དེ་ཡང་འདི་ལ་ཤེས་པར་བྱ། །སྔགས་ཀྱང་དེ་བཞིན་བཟླས་པར་བྱ། །བཻ་བྷ་སཏྭ་སེང་གེའི་གདོང་། །གསད་དང་སྦྱིན་སྲེག་དུས་དྲུག་ཏུའང་། །དེ་ཡི་ང་རྒྱལ་བྱ་བ་ཡིན། །བསྙེན་དུས་འཇམ་དཔལ་ཞི་བ་ལ། །ལྟོ་བར་འཆར་ཀ་ནག་པོ་ཡིན། །མཇུག་མ་ཁྱབ་མཇུག་རཱ་ཧུ་ལ། །དེ་ལ་ལྷ་སྲིན་སྡེ་བརྒྱད་འཁོར། །མ་མོའི་འཁོར་བཅས་བྲན་དང་གཡོག །ཆུ་ཐིག་སྔོན་མོའི་རྒྱུད་ལས། གསད་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།ཆུ་ཐིག་སྔོན་མོའི་རྒྱུད་དག་ལས། །མཇུག་མ་ཀླུ་ཡི་སྦྱོར་བ་ནི། །ཁྱབ་འཇུག་རཱ་ཧུ་ལ་དང་སྦྱར། །ཨོཾ་པ་ཤ་མི་ཀི་རཱ་ཧུ་ལ་དུ་རུ། ཛྭ་ལ་ཏི་མི་ཀི་ཏི་སྭཱ་ཧཱ། ཨོཾ་པ་ཤ་མི་ཀི་ཀུ་རུ་བཛྲ་ལོ་ཏི་མ་ཀི་སྭཱ་ཧཱ། རཱ་ཧུ་ལ་ཧཱུཾ་ཛ། འཆར་ཀའི་སྔགས་དང་བསྡེབ་ཅིང་བཅོལ། །ཤ་རུལ་ཉ་རུལ་ཁྲག་དང་བཅས། །བསེ་གབ་ནང་དུ་སྦྱར་ལ་མཆོད། །རྒྱ་མཚོའི་གཏིང་གི་ཀླུ་ཡང་འཁོལ། །རཱ་ཧུ་ལ་ཛ་པ་ནི་ཧཱུཾ། ཡང་སྙིང་སྔགས་ལ་བརྩོན་པར་བྱ། །དབབ་དང་བཅད་པ་ཐོགས་རྡུག་མེད། །བསད་


DNG017_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལས་དག་སྨོས་ཅི་དགོས། །བཟློག་པའི་ལས་ལ་ཤིན་ཏུ་བསྔགས། །ཆུ་ཐིག་སྔོན་མོའི་རྒྱུད་ལས། མཇུག་མ་སྐུའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་སྐུལ་ཚིག་ཏུ་བསྟན་པ་ནི། ཧཱུཾ་མ་འགགས་ལྷུན་རྫོགས་གྲུབ་པའི་གནས། །སྟོང་གསུམ་འཇིག་རྟེན་ཀུན་གྱི་བདག །མཐོ་རིས་ངན་སོང་ཀུན་གྱི་ལམ། །འཆར་ཀ་ནག་པོ་གཤེགས་སུ་གསོལ། །འཇིག་རྟེན་མ་མོ་ཐམས་ཅད་ཀྱང་། །ཁྱོད་ཀྱི་སྐུ་ཡི་ཆ་ལ་བརྟེན། །མ་མོ་འཁོར་བཅས་གཤེགས་སུ་གསོལ། །དྲེགས་པ་བདུད་ཀྱི་ཚོགས་བཅས་ཀྱང་། །ཁྱེད་ཀྱི་ཞེ་སྡང་ཆ་ལ་བརྟེན། །གཤིན་རྗེ་འཁོར་བཅས་གཤེགས་སུ་གསོལ། །གཤིན་རྗེའི་ལས་མཁན་ཐམས་ཅད་ཀྱང་། །ཁྱོད་ཀྱི་ང་རྒྱལ་ཆ་ལ་བརྟེན། །སྲོག་བདག་འཁོར་བཅས་གཤེགས་སུ་གསོལ། །ཕ་ནི་བདུད་ལ་མ་ནི་ཀླུ། །ཀླུ་བདུད་བསྡེབས་པའི་མཐུ་བོ་ཆ། །ནག་པོ་ཆེན་པོ་གཤེགས་སུ་གསོལ། །གནམ་ལ་གནས་པའི་མ་མོ་ཀུན། །འཇིག་རྟེན་སྟེང་གི་ཕྱོགས་ནས་ལས་མཛོད་ཅིག །གཡས་ཀྱི་ཕྱོགས་ནས་མ་མོ་བདུན། །གཡས་ཀྱི་ཕྱོགས་ནས་ལས་མཛོད་ཅིག །གཡོན་གྱི་ཕྱོགས་ནས་གཤིན་རྗེ་བདུན། །གཡོན་གྱི་ཕྱོགས་ནས་ལས་མཛོད་ཅིག །དུར་ཁྲོད་རོ་ལངས་ནག་མོ་བདུན། །འཇིག་རྟེན་གནས་པའི་སྲིན་མོ་བདུན། །བཀའ་ཉན་མོན་པ་ནག་པོ་བདུན། །བན་ནག་བོན་ནག་རྫུ་འཕྲུལ་ཅན། །ཞང་བློན་མོན་པ་མཐུ་བོ་ཆེ། །གཟའ་དང་རྒྱུ་སྐར་ཀླུ་ཡི་ཚོགས། །མ་མོ་མཁའ་འགྲོ་བྲན་དང་གཡོག །ཁྱོད་ཀྱི་བཀའ་ཉན་རྫུ་འཕྲུལ་ཅན། །མ་རུངས་དབང་སྡུད་མཐུ་བོ་ཆེ། །དྲེགས་པ་ཕོ་མོ་ཀླུ་ཡི་ཚོགས། །རྫུ་འཕྲུལ་དྲག་པོས་ཉམས་པ་འདུལ། །མ་ཐོགས་མྱུར་བར་གནས་འདིར་གཤེགས། །བཅོལ་བའི་ལས་རྣམས་འགྲུབ་པར་མཛོད། །གང་ལ་མངག་པ་དོན་མ་ཆུང་། །ཉམས་པ་འདུལ་བའི་དུས་ལ་བབ། །ཆུ་ཐིག་སྔོན་མོའི་རྒྱུད་ལས། བཅོལ་བ་ཕོ་ཉའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།སངས་རྒྱས་བསྟན་པ་སྲུང་བ་དང་། །བདུད་དང་མུ་སྟེགས་འདུལ་སླད་དུ། །རྒྱུད་བཤད་ཕྱི་རབས་རྣལ་འབྱོར་རྣམས། །ཚིམས་པར་གྱུར་ཅིག་གཞན་མ་སྤེལ། །འཇམ་དཔལ་ནག་པོ་བཟློག་པའི་རྒྱུད་ཅེས་བྱ་བ། འཆི་བདག་བེ་བ་ས་ཏའི་རྒྱུད་ཅེས་ཀྱང་བྱ། འཆར་ཀ་ནག་པོ་བཟློག་པའི་རྒྱུད་ཅེས་ཀྱང་བྱ། རཱ་ཧུ་ལ་ནག་པོ་རྔམ་བྱེད་ཀྱི་རྒྱུད་ཅེས་བྱའོ། །ཆུ་ཐིག་སྔོན་མོ་རྩ་བའི་རྒྱུད་རྫོགས་སོ།། །།

གནོད་སྦྱིན་གདོང་གསུམ་པའི་རྒྱུད།


DNG017_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཡཀྵ་དྲ་ས་ཏྲི་མ་ར་ཨ་ཏི་ཏནྟྲ། བོད་སྐད་དུ། གནོད་སྦྱིན་གདོང་གསུམ་པའི་རྒྱུད། བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། སྔོན་གྱི་དུས་ན། བྱང་ཆུབ་ཀྱི་ཤིང་དྲུང་རབ་ཏུ་དགའ་བའི་གནས་ན། བཅོམ་ལྡན་འདས་མི་གཡོ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བདུད་དང་ལྷས་བྱིན་གྱིས་མུ་སྟེགས་ལོག་ལྟའི་སྦྱོར་བ་བྱས་པའི་ཚེ། བཅོམ་ལྡན་འདས་ཀྱི་ཐུགས་ཀྱི་འོད་ཟེར་ལས། ལྷོ་ཕྱོགས་རི་བོ་རྩེ་གཉིས་དམར་ནག་འཁྱིལ་པའི་དུར་ཁྲོད་ཀྱི་དབུས་ན། དུར་ཁྲོད་ཀྱི་མ་མོ་དང་། གཤིན་རྗེའི་གནས་ན། གཤིན་རྗེ་ནག་པོ་བྱ་བ་གཅིག་གནས་ཏེ། རབ་ཏུ་ཁྲོས་པས་འབར་བར་བྱེད་པའི་ཏིང་ངེ་འཛིན་ལ་གནས་ཏེ། ཏིང་ངེ་འཛིན་གྱི་འོད་ཟེར་གྱིས་བསྐུལ་ནས། སྤྱན་གྱི་འོད་ཟེར་ཐུགས་ཀྱི་སྤྲུལ་པ་བཀྱེ་བས། བདུད་ལྷས་བྱིན་རབ་ཏུ་སྔངས་སོ། །དེར་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། འོད་སྲུང་དང་། ཅང་ཤེས་ཀོའུ་དི་ན་ཡ་ལ་སོགས་པས། བྲམ་ཟེ་མྱ་ངན་ལས་འདས་མ་བསྐུལ་བས། བྲམ་ཟེ་དེས་འཆི་བདག་གི་རྒྱལ་པོ་འཆར་ཀ་ནག་པོ་ལ། འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་འདས། བདུད་ལྷས་བྱིན་མ་རུངས་པས། དུག་ལྔའི་རང་བཞིན་མུ་སྟེགས་ལོག་པར་བལྟ་བའི་ལྟ་བ་ལ་ཞུགས་ནས། སངས་རྒྱས་ཀྱི་བསྟན་པ་ལ་གནོད་པ་འདི་ལ། བཅོམ་ལྡན་འདས་ནི་ཐུགས་རྗེའི་ངང་ལས་མི་གཡོ། འཁོར་རྣམས་ནི་སྡེ་བརྒྱད་ཀྱི་རང་བཞིན་ཐུགས་རྗེའི་སྦྱོར་བས་མི་ཐུལ་བས། འཇིགས་བྱེད་འདི་འདུལ་བའི་སྦྱོར་བ་མཛད་པར་ཞུ། ཞེས་གསོལ་པས། འཆི་བདག་ཆེན་པོ་དེས། འབར་བ་རྔམ་བྱེད་འབར་བའི་ཏིང་ངེ་འཛིན་ལ་ཞུགས་ཏེ། འོད་ཟེར་ནག་པོ་ཐུགས་ཀ་ནས་བཀྱེས་ནས། འཇིགས་བྱེད་དྲག་པོའི་ཐོག་ཕབ་པས། བདུད་ལྷ་བྱིན་གཡོག་དང་བཅས་པ་རྣམས། འདར་ཞིང་སྔངས་ནས་བརྒྱལ་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས། རབ་ཏུ་དགྱེས་པའི་བརྡའ་མཛད་ནས། ཚེ་དང་


DNG017_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པ་ཤཱ་རིའི་བུ་དང་། ཚེ་དང་ལྡན་པ་འོད་སྲུང་དང་། ཅང་ཤེས་ཀོའུ་དི་ན་ཡ་ལ་སོགས་པ་རྣམས་ཀྱང་རྗེས་སུ་ཡི་རང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་འཆི་བདག་ནག་པོ་དེ་ལ་བསྟོད་པ་འདིས་བསྟོད་དོ། །ལེགས་སོ་ལེགས་སོ་ཁྱོད་ལེགས་སོ། །བཅོམ་ལྡན་འཇམ་དཔལ་ཁྱོད་ལེགས་སོ། །འཆར་ཀ་ནག་པོ་ཁྱོད་ལེགས་སོ། །བྷཻ་བ་སཏྭ་ཁྱོད་ལེགས་སོ། །ཞེས་བསྟོད་ནས། ཕྱི་རབས་ཀྱི་རྣལ་འབྱོར་པ། སངས་རྒྱས་ཀྱི་བསྟན་པ་བསྲུང་བ་རྣམས་ལ་ཡང་ཤོད་ཅིག །ཁྱོད་ཀྱིས་རབ་ཏུ་གནས་པར་གྱིས་ཤིག །ཅེས་བཀའ་སྩལ་ཏོ། །དེ་ནས་འཆི་བདག་ནག་པོ་དེས། དབུ་རི་རབ་ཀྱི་རྩེ་མོ་ལ་ཐལ་བས། སྟེང་གི་འཇིག་རྟེན་དབང་དུ་བསྡུས་སོ། །ཞབས་རྒྱ་མཚོའི་གཏིང་ལ་ཐལ་བས། ཀླུའི་འཇིག་རྟེན་དབང་དུ་བསྡུས་སོ། །ཕྱག་བར་སྣང་ཁམས་ལ་བརྐྱངས་པས། བར་སྣང་གི་ལྷ་སྲིན་དབང་དུ་བསྡུས་སོ། །བ་སྤུ་བྱེ་བ་ས་ཡ་ལས། འོད་ཟེར་བྱེ་བ་ས་ཡ་བཀྱེ་བས། བདུད་ཀྱི་དམག་དཔུང་རྡུལ་དུ་བརླགས་སོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་ལ། སྔགས་ཀྱི་རྣམ་པ་མང་དུ་ཕུལ་ལོ། །གནོད་སྦྱིན་གདོང་གསུམ་པའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་འཆི་བདག་ཆེན་པོ་དེས་བཀའ་སྩལ་པ། ཉོན་ཅིག་ང་ཡིས་བསྟན་པར་བྱ། ཞེས་བྲམ་ཟེ་མཛེས་ལྡན་ལ་བཀའ་སྩལ་པ་དང་། སངས་རྒྱས་བསྟན་པ་སྐྱོང་བ་ཡི། །རྣམ་བཞིའི་འཁོར་བཅས་ཐམས་ཅད་ཀྱིས། །ལོག་ལྟ་ཆེ་བའི་བདུད་རྣམས་ལ། །འདུལ་བའི་ཐབས་ནི་འདི་ལྟ་སྟེ། །བསྒྲུབ་པ་དང་ནི་བསད་པ་དང་། །བསྐང་བཟློག་པ་ཡི་ལས་དག་གོ། །དང་པོ་སྒྲུབ་པའི་ལས་དག་ལ། །དྲག་པོ་བསྒྲུབ་པའི་གནས་དག་ཏུ། །དཀྱིལ་འཁོར་བྲི་དང་རྫས་བཀྲམ་དང་། །རྟེན་དང་དྲག་པོའི་སྐུ་བཅས་དང་། །བསྐྱེད་དང་དགུག་དང་གནས་སྤྲོ་དང་། །བཟླས་དང་མཆོད་དང་ཏིང་འཛིན་དང་། །རྦད་ཅིང་ལས་ལ་བཏང་བ་དང་། །ཟོར་དང་ཐུན་དང་མདོས་དང་བཟློག །འཁོར་ལོ་བཅའ་དང་སྲེག་པ་དང་། །ཁ་ཚར་གསོ་བའི་


DNG017_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

ལས་དག་དང་། །མནན་པ་དག་དུ་ཤེས་པར་བྱ། །དང་པོ་དཀྱིལ་འཁོར་བྲི་བ་ནི། །དུར་ཁྲོད་ས་ལ་དཀྱིལ་འཁོར་བརྩིགས། །ཟུར་དྲུག་འཁོར་ལོ་བྲི་བ་ནི། །ནག་པོའི་ཚོན་གྱིས་བྲི་བར་བྱ། །ཨེ་དྲུག་མཐིང་ནག་ཟླ་གམ་ཅན། །མེ་རི་འབར་བའི་ཅོན་པན་ཅན། །དེ་ནས་རྫས་ཀྱི་རྣམ་པ་ནི། །ཚང་བ་དག་དུ་དགོད་པར་བྱ། །དེ་ཡི་རང་བཞིན་དགོད་པ་ནི། །དབུས་སུ་སྐུ་རྟེན་དགོད་པར་བྱ། །དུར་ཁྲོད་ས་ལ་ཡང་དྲག་པོ་རས་ལ་འཆི་བདག་ཉིད། །དྲག་པོ་ལས་དང་ལྡན་པར་བྱ། །བསྲུང་ན་བུམ་པ་ཚེ་རྟེན་བཅས། །བཟློག་ན་མཆོད་རྟེན་རབ་གནས་ཅན། །བསད་ན་སྤུ་གྲི་སྦྲུལ་ཞགས་ཅན། །གནོན་ན་མཆོད་རྟེན་དེ་ཡིས་མནན། །འཁོར་ལོ་བཅས་དང་ལྡན་པར་ནི། །བསྲུང་བའི་འཁོར་ལོ་སྤྱི་བོར་གཟུག །བཟློག་པའི་འཁོར་ལོ་སྙིང་གར་ཏེ། །བསད་པའི་འཁོར་ལོ་ལྟེ་བ་རུ། །མནན་པའི་འཁོར་ལོ་གསང་བའི་གནས། །རིགས་བཞི་སྦྲུལ་གྱི་རྒྱན་ཆར་ལྡན། །ས་སྟེང་ས་འོག་དེ་བཞིན་གནས། །ས་བླའི་ཚོགས་རྣམས་འདུལ་བའི་ཕྱིར། །སྤྱི་གཙུག་རལ་པ་གྱེན་དུ་བརྫེས། །ས་བླ་འདུལ་ཕྱིར་ཡན་ལག་ལ། །གསལ་བར་དམིགས་པའི་རྟེན་དང་ལྡན། །ས་འོག་འདུལ་ཕྱིར་གཞུག་མ་སྦྲུལ། །རི་རབ་ཚུལ་འདྲ་གྲུ་གསུམ་སྟེ། །གྲུ་གསུམ་ནང་དུ་དམིགས་པའི་མིང་། །ཐོད་པ་སྦྲམ་པོ་དུག་ཆུས་བྱུག །ནང་དུ་བསད་པའི་འཁོར་ལོ་ནི། །གཡས་སྐོར་གཡོན་སྐོར་ཁ་སྦྱོར་ལ། །ཚོན་སྐུད་དག་གིས་རྒྱ་གྲམ་བཅིང་། །དེ་ཡི་སྟེང་དུ་རྒྱན་དང་ལྡན། །དེ་ཡི་ཕྱོགས་བཞིར་ཕུར་པ་བཞི། །འཆི་བདག་ནག་པོའི་སྤྲུལ་པ་བཞི། །བནྡི་ནག་པོ་སྤྱི་གཙུག་སྤྲུལ། །བོན་པོ་ནག་པོ་ལྐོགས་མའི་འོག །ཞང་བློན་ནག་པོ་ལྟ་བུར་སྤྲུལ། །མོན་པ་ནག་པོ་ཐུགས་ཀ་ནས། །སྤྲུལ་པའི་རྫས་བཞི་རྗེ་ངར་ལྡན། །དེ་ལ་དགོད་ཅིང་དེ་ལ་གནས། །མ་གཤིན་ལྷ་ཚོགས་རྩང་གི་གྲངས། །གཏོར་མ་ཆེན་པོའི་དབུས་སུ་ནི། །འཆི་བདག་ཞལ་ཕྱུང་དཔལ་གཏོར་བཅས། །ཉི་ཤུ་རྩ་གཅིག་གྲངས་དང་བཅས། །


DNG017_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡི་སྤྱན་སྔར་དགོད་པར་བྱ། །འབྲུ་ནི་ནག་པོའི་རྣམ་པ་ལ། །ཀོང་བུ་ཟུར་གསུམ་རྩང་དང་བཅས། །སྡོང་གཅིག་མ་དང་མེས་རེག་མའི། །འཕང་རྩེ་དང་ལྡན་རྩང་དང་བཅས། །དྲག་པོའི་ཀོང་ཟོར་དུས་དང་ལྡན། །ཟོར་གྱི་རྣམ་པ་གྲངས་སུ་དགོད། །གནོད་སྦྱིན་གདོང་གསུམ་པའི་རྒྱུད་ལས། བཅའ་བཞི་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཏིང་འཛིན་བསྟན་པ་ལ། །བདག་བསྐྱེད་པ་དང་གཞན་བསྐྱེད་པ། །འཁོར་བསྐྱེད་པ་དང་གསུམ་དུ་བྱའོ། །དེ་ལ་དང་པོ་བདག་བསྐྱེད་པ་ལ། །མི་དམིགས་པ་རུ་གསལ་བ་ལས། །ཧཱུྃ་གིས་རང་བཞིན་གསལ་བ་ལས། །ཡཾ་དང་རཾ་དང་བཾ་དང་ལཾ། །དེ་འགྱུར་མེ་དང་རླུང་དང་ཆུས། །ས་དང་རི་རབ་དེ་བཞིན་ཏེ། །བྷྲཱུཾ་ལས་གཞལ་ཡས་ཁང་དུའོ། །ཐོད་པ་བརྩེགས་པའི་ཞིང་ཆུར་བརྩིག །ཀ་བ་བཞི་དང་ཕྱམ་གདུང་དང་། །དྲལ་ཕྱམ་རྐྱང་པ་བཞི་ལ་བྱ། །སྤྲུལ་རིགས་གྲབ་ཚག་ཟ་ར་ཚགས། །ཁྲག་གི་ཞམ་ཆུ་འབབ་པ་དང་། །མཐོངས་ནས་ཉི་ཟླ་འཆར་བའོ། །དེ་ནས་འཁོར་ལོ་རྩིབས་བརྒྱད་དང་། །རྩིབས་དྲུག་མུ་ཁྱུད་སྒོ་དང་བཅས། །མ་ཏྲཾ་རོ་དང་གང་དམིགས་ཏེ། །ཆུ་གླང་སྟེང་དུ་ཉི་ཟླས་མཚན། །དེ་སྟེང་ཧཱུཾ་ལས་རྡོ་རྗེར་གྱུར། །ཨོཾ་ཧྲཱྀཿཤྟྲཱིཿཝི་ཀྲི་ཏ་ན་ན་ཧཱུཾ་ཕཊ། ཅེས་པའི་སྒྲ་དང་བཅས་པ་ཡི། །ནག་པོ་ཞལ་གཅིག་ཕྱག་གཉིས་པ། །དགྲ་སྟྭ་སྡིགས་མཛུབ་ཕྱར་དང་གདེངས། །དབུ་སྐྲ་ཁམ་ནག་གྱེན་དུ་འཁྱིལ། །གླང་ཆེན་སྟག་དང་ཞིང་གིས་བརྒྱན། །སྦྲུལ་དང་ཐོད་པ་སྐམ་རློན་ཕྲེང་། །བརྐྱང་བསྐུམ་བགྲད་པས་འབྱུང་པོ་གནོན། །ནག་མོ་མི་སྡུག་མཉེས་པར་འཁྲིལ། །ཐོད་རློན་སྟོབ་དང་འཁྱུད་པའི་ཚུལ། །དེ་ཡི་མདུན་དུ་བསམ་པ་ནི། །འཆར་ཀ་ནག་པོ་སྦྲུལ་གྱི་མདོག །སྤུ་གྲི་གདེངས་པའི་གདེངས་ཀ་ཅན། །གང་ཡང་རང་རང་ཆས་དང་ལྡན། །ཞལ་ནི་གང་དམིགས་དེ་རང་ངོ་། །རེ་མ་ཏི་དང་ལྡན་པ་ནི། །ནག་པོ་དྲེལ་ཞོན་ཁྲམ་དང་རྐྱལ། །དེ་ཡི་མདུན་ན་མ་མོ་བདུན་དང་ལྡན། །དཀར་མོ་


DNG017_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

མགྱོགས་བྱེད་ཁྱུང་ལ་ཞོན། །གནམ་གྱི་རྒྱལ་མོ་སྲིད་པའི་རྒྱལ་མོ་དང་། །སྦས་པའི་མ་བཞི་གསུམ་ཡང་རྡོ་རྗེ་ཁྱུང་གཤོག་ཅན། །དཀར་མོ་ལན་ཕྲན་བདུན་ཏེ་ཁྱུང་ལ་ཞོན། །མེ་ལོང་གཡབ་མོ་དང་ནི་སེར་བ་འདྲིལ། །ལྷ་རྣམས་ཟློག་བྱེད་མ་མོ་བདུན། །གཡས་ན་མི་ནག་རྟ་ནག་བདུན། །གཡས་ན་དར་ནག་གཡོན་གཤོག་གདེངས། །ནག་པོ་བཀྲག་མེད་ཡ་གཞེར་ནག་པོ་དང་། །སོག་པོ་མི་ཟན་ལྕགས་ཀྱི་བེར་ག་ཅན། །ཁ་ལ་རུ་རྩེ་དང་ནི་སྲིད་པའི་ཁ་ལ་ཉུལ། །ཟངས་ཀྱི་བྱ་རུ་ཅན་དང་བདུན་པོ་ནི། །རོ་འདོན་ནག་པོ་བདུན་གྱི་ཤན་པ་ཡིན། །སྲིད་པ་ཕོ་རྒྱུད་རྐྱ་བདུན་བཟློག་པ་ཡིན། །གཡོན་ན་མ་མོ་བདུན་གནས་པ། །ཨེ་ཀ་ཙ་ཏི་དང་ནི་ནག་མོ་རེ་མ་ཏི། །རེ་མ་ཛ་ལ་སོགས་པ་མཆེད་བཞི་དང་། །ལྟོ་འཕྱངས་ཡང་སྟོབས་འཆང་མ་དང་བལ་མོ་ནག་མོའོ། །ནད་ཀྱི་རྐྱལ་པ་ཁུར་ནས་དར་ནག་ལའུ་གོན། །རལ་པའི་གསེབ་ནས་ཁྲག་གི་བུ་ཡུག་འཚུབས། །ཀླུ་རྣམས་ཟློག་བྱེད་མ་མོ་བདུན། །རྒྱབ་ན་གཤིན་རྗེ་བདུན་རྣམས་ནི། །ཕྱ་སངས་དང་ནི་ཏེལ་པ་དང་། །རལ་པ་ཚར་དགུ་དང་ནི་ཡ་བ་ཏི། །འབྱུང་པོ་དམར་ནག་དམིགས་པ་དང་། །ཨ་བ་གླང་མགོ་ཅན་དང་བདུན། །ཁྲམ་བམ་ནད་ཀྱི་རྐྱལ་པ་ཐོགས་པ་སྟེ། །རོ་ལངས་ལྟོ་འཕྱེའི་ཚོགས་རྣམས་ཟློག་པའོ། །བནྡི་བོན་པོ་ཞང་བློན་མོན་པ་སྟེ། །སྤྲུལ་པ་བཞི་ཡང་ཕྱོགས་མཚམས་དག་ན་གནས། །རང་བཞིན་གནས་པས་གསལ་གདབ་མོས་པ་བྱ། །ཡིག་འབྲུ་དག་ལས་མི་བསྐྱེད་རང་རང་དྲག་པོའི་ཤུགས། །གདོང་གསུམ་པའི་རྒྱུད་ལས། བསྐྱེད་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་དགུག་པའི་ཏིང་འཛིན་ནི། །བདག་གི་ཧཱུཾ་ལས་འོད་ཟེར་འཕྲོས། །རང་བཞིན་གནས་ནས་ཡེ་ཤེས་དགུག །བསྡིམ་ལ་མཆོད་པ་འབུལ་བ་ནི། །བདུད་རྩི་རཀྟ་གཏོར་མ་དང་། །གཉིས་སུ་མེད་པའི་མཆོད་པ་བྱ། །བདག་དང་གཞན་དོན་གང་དམིགས་པ། །དེ་ལ་གསོལ་བ་བཏབ་ལ་མཆོད། །རང་བཞིན་གནས་པའི་རྣལ་འབྱོར་ཡང་སྦྱོར་དབྱངས་བྱ། །བསྟོད་པ་བྱ་ཞིང་


DNG017_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་བླང་། །གདོང་གསུམ་པའི་རྒྱུད་ལས། བསྡིམ་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་དྲག་པོ་སྔགས་ཀྱི་སྦྱོར་བ་བསྟན་པ་ནི། ཨོཾ་ཧྲཱྀཿཤྟྲཱིཿཝི་ཀྲི་ཏ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། བཅོམ་ལྡན་འདས་ཀྱི་སྔགས་སོ། །ཨོཾ་ཨཱཿཧཱུཾ་ཧྲཱྀཿཤྟྲཱིཿཨ་མོ་ག་ལ་མི་འབྲི་ཏི་བ་ལིཾ་ཏ་ཁཱ་ཧི་ཁཱ་ཧི། མཆོད་པ་འབུལ་བའི་སྔགས་སོ། །ཤ་རི་བྷྱོ། མ་རི་བྷྱོ། ཁྲག་མ་མ་བྷྱོ། ཙིར་སྙིང་བྷྱོ། སྙིང་བྷྱོ། མ་ཀྲི་ཐོད་ཁྲག་ཛ། ཁྲག་ཏི་སྙིང་ལ་ཡ། ནིར་ཏི་ཆོད། ནཱ་ག་ཆོད། མུ་ལོ་ཆོད། ཤ་ལོ་ཆོད། ཤ་ལ་ཀྱིང་ཀྱིང་། བྷྱོ་བྷྱོ། ས་མ་ཡ་ཨ་ཏི་པྲ་མ་ནི་ས་ར་ན་བཟློག །ནི་ས་ར་ན་བཟློག །འཆར་ཀ་ནག་པོའི་སྔགས་སོ། །ཨོཾ་ག་ན་མ་ཡེར་བྷྱོ། ས་ཡེར་བྷྱོ། རྐྱང་ཡེར་བྷྱོ། རྐྱང་མོ་བྷྱོ། ས་རྐྱང་རྔ་མོ་མ་བྷྱོ་བྷྱོ་བྷྱོ་བྷྱོ། རྐྱང་ཡེར་སོད། མུ་ཡེར་སོད། མོ་རེང་སོད། དགྲ་སྙིང་ལ་བྷྱོ་བྷྱོ། དཀར་མོ་བདུན་གྱི་དྲག་སྔགས་སོ། །ཨོཾ་རུ་ལུ་རུ་ལུ་ཧ་ཧ་ཡགྴ་བཾ་རིལ་ཁྲག་ལ་རྦད་རྦད། རུས་ལ་ཚེཾ། དགྲ་སྙིང་ལ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། ནག་མོ་བདུན་གྱི་དྲག་སྔགས་སོ། །ཨོཾ་རུ་ལུ་རུ་ལུ་ཙ་པ་ལ། ཨ་ཤུག་མེ་ཧཱུཾ་བྷྱོ་ཛ་ཛཿ། ཡག་མོ་ཁ་ལ་ཁ་ཚེ་དུ་བྷྱོ། རག་མོ་ཁ་ལ་ཁ་ཚེ་དུ་བྷྱོ། ནག་མོ་ཁ་ལ་ཁ་ཚེ་བྷྱོ། ཁ་ལ་ཧཱུཾ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། རུ་ལུ་རུ་ལུ་ནག་མོ་ཧ་ཧ་ཧཱུཾ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། མ་མོ་བདུན་དང་རོ་ལངས་བདུན་གྱི་སྔགས་སོ། །ཡ་མ་སྙིང་བྷྱོ། ཡ་མ་ཁྲག་བྷྱོ། སརྦ་འབུ་ཏེ་བྷྱོ། ཡ་མ་རཱ་ཙ་བྷྱོ། ཡ་མ་ཐུཾ་ཐུཾ། ཡ་མ་རཱ་ཛ་བྷྱོ། ཡཾ་ཡཾ་ཐུཾ་ཐུཾ་གཤིན་རྗེའི་སྙིང་ཁྲག་ལ་བྷྱོ། ཡ་མ་དགྲ་སྙིང་ལ་བྷྱོ་བྷྱོ་བྷྱོ། གཤིན་རྗེ་བདུན་གྱི་སྔགས་སོ། །ཏྲག་རཀྴ་རུ་ལུ་རུ་ལུ་བཾ་རིལ་བྷྱོ། ནག་པོ་སྲོག་ལུས་ཁྱེར་ལ། ཡཀྴ་བཾ་རིལ་བྷྱོ། མདོས་འཕང་བའི་སྔགས་སོ། །ནག་པོ་པྲ་མ་ཡང་ཧ་རོ་ཡ། ནག་པོ་རཀྴ་ཐུན། ཧེ་དྲ་བ་ལ་སྙིང་ཐུན། ག་ག་ནི་ནི་ལོ་ཙ་ཡ། སྲོག་ལ་ཐུན། མཱ་ར་ཡ་ཐུན། ཧ་ར་ཧ་ར། ཧུ་ར་ཧུ་རུ། ཉམས་པའི་སྙིང་ལ་བྷྱོ། གདོང་ཟོར་གྱི་སྔགས་སོ། །ཨོ་ཧ་ཧེ་མོ་ཧ་ཧྲྀ་ད་ཡ། སར་ནི་ཧཱུཾ་ཕཊ། བྷྱོ་བྷྱོ་ས་མ་ཡ་བཟློག་བཟློག །ཨ་ལ་ལ་པྲ་མོ་ཧེ་བྷྱོ་བྷྱོ། ཡ་མ་ཡ་བཟློག་བཟློག །


DNG017_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ཀོང་ཟོར་གྱི་སྔགས་སོ། །ཧྲི་ནག་མོ་དུན་མ་སྙིང་པ་དྲ་ལ་དུན། བྷྱོ་བྷྱོ་བྷྱོ། ཁྲག་ཟོར་གྱི་སྔགས་སོ། །བྷྱོ་བྷྱོ་བྷྱོ་ཧྲི་བྷྱོ། ཨ་བྷྱོ་མུ་བྷྱོ། རྡོ་ཟོར་གྱི་སྔགས་སོ། །ཧྲིམ་ཧྲིམ། ཧཱུཾ་ཧཱུཾ། ཡ་ཡ། བྷྱོ་བྷྱོ། མདའ་ཟོར་གྱི་སྔགས་སོ། །རག་མོ་ཧྲི་སརྦ་ཏྭ་ར་ཨག་ནེ་ཛྭ་ལ་རཾ་མཱ་ར་ཡ་ཕཊ། སྦྱིན་བསྲེག་གི་སྔགས་སོ། །སརྦ་ཤ་ཏཱུཾ་ནཱ་ཤ་ཡ་མཱ་ར་ཡ། བསད་པའི་སྔགས་སོ། །བཛྲ་ཙིག་དུན་རྦད་རྦད་སྭཱ་ཧཱ། སྙིང་ཁྲག་དུན་ཁུག །རྦད་རྦད་སྭཱ་ཧཱ། ཐུཾ་ཤིག་ཁུག་ལིང་རྦད་རྦད་སྭཱ་ཧཱ། སྙིང་ཁྲག་ལ་འདུས་རྨུག་རྦད་རྦད་སྭཱ་ཧཱ། ཙ་ར་བ་བཞིའི་སྔགས་སོ། །ཀ་ཤ་ཁ་ཤ་བྲག་ཚལ་པ་ཤག་ཤག །མ་ཏྲ་ཤག །མ་ཏྲ་ཤག །མཱ་ར་ཡ་རཀྴ་སྙིང་གོང་ཆོད་ཡ། ཡ་པར་བྲ་བྲ་ཞུང་ཞུང་། རིལ་རིལ་རྦད་རྦད་ཡཱ་ཡཱ། ཙཏྲ་རཀྴ་རྦུད་རྦུད། ཁལ་རཀྴ་རྦུད་རྦུད། ཏི་ས་དུམ་བུ་རཀྴ་རྦུད་རྦུད། ཏེ་ཙི་ཏ་རཀྴ་རྦུད་རྦུད། ལས་ཀྱི་སྔགས་སོ། །ཨོཾ་བུཌྜྷ་བྷ་དྲ་ཧཱུཾ། ན་མ་སྟྲཻ་ཡ་དྷི་ཀཱ་ནཱཾ། སརྦ་ཏ་ཐཱ་ག་ཏཱ་ནཱཾ། སརྦ་བིད་དྲ་པྲ་ཏི་ཧོ། ཧ་ཧ་བ་ཧ་ཧི། བ་སྨི་བ་ལཱི་ནཱཾ། ཤཱ་རིའི་བུས་བྱིན་གྱིས་བརླབས་པའི་རིང་བསྲེལ་གཡོན་པའི་སྔགས་སོ། །ཨོཾ་ཡ་མ་ཏ་དྲི་ཨ་ནཱཾ། ཏ་ཏ་མ་ཏི་ཤས་ནི། ཧ་ར་ཧ་ར། སྨ་ར་སྨ་ར་ནི། བི་ག་ཏི་རི་ཏུར་ཏ་སྨྲྀ་ཏེ། ས་ར་ས་ར།མ་མ་ས་ལ། ཧ་ས་ཧ་ས། དྲ་ཡ་དྲ་ཡ། ག་ག་ན་ག་ག་ན། མ་ཧཱ་ཡཀྴ་ནེ། ཛྭ་ལ་ཛྭ་ལ་ན། ས་ག་ར་སྭཱ་ཧཱ། རྟེན་འདྲེལ་འོད་སྲུང་གིས་བྱིན་གྱིས་བརླབས་པའི་མཆོད་རྟེན་དབུས་མའི་རབ་གནས་སོ། །ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བ་ཧེ་ཏུན་ཏེ་ཥཱན་ཏ་ཐཱ་ག་ཏོ་ཧྱ་བ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎ་ཡེ་སྭཱ་ཧཱ། ཅང་ཤེས་ཀཽ་དི་ནྱའི་རིང་བསྲེལ་གཡས་པའི་སྔགས་སོ། །ན་མོ་ཧྲྀ་ད་སརྦ་ཏ་ཐཱ་ག་ཏ་ཧ་ར་ཧཱུཾ། ཡ་མཱནྟ་ཀས་བྱིན་གྱིས་བརླབས་པའི་འཆར་ཀ་སྐྱེམ་བྱེད་ཀྱི་སྔགས་སོ། །བུཌྜྷ་ཧྲི་བྷྱོ། སེར་བ་བཟློག་པའོ། །གདོང་གསུམ་པའི་རྒྱུད་ལས། སྔགས་ཀྱི་ལེའུ་སྟེ་ལྔ་པའོ།། །།དེ་ནས་འཁོར་ལོ་བྲི་བར་བྱ། །འཁོར་ལོ་དག་ལ་སྔགས་དང་ལྡན། །རྟེན་འདྲེལ་སྤྱི་ཡི་འཁོར་ལོ་དང་། །


DNG017_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

སྲུང་ཟློག་བསད་དང་མནན་པའོ། །བྲི་བའི་ཐབས་ནི་འདི་ལྟ་སྟེ། །ཕྱི་མ་འཁོར་ལོ་འཁོར་ཡུག་གསུམ། །ནང་དུ་གྲུ་གསུམ་གནས་པ་ལ། །མཱ་ར་ཡ་ཡི་ལིངྒ་བྲི། །དེ་མཐར་སྔགས་དང་མིང་རུས་སྤེལ། །དེ་མཐར་འཆར་ཀ་ཉིད་ཀྱི་སྔགས། །དེ་ཡི་མཐའ་ལ་རྟེན་འདྲེལ་ནི། །བཅུ་གཉིས་འཁོར་ལོ་ལྕགས་སུ་གཞུག །མཐའ་མ་འཁྱིལ་བྱེད་གཉིས་ཀྱིས་བསྐོར། །འཆར་ཀ་ནག་པོའི་ལྟོ་བར་རོ། །ཞི་བའི་འཁོར་ལོ་རྩིབས་བརྒྱད་པ། །རྩིབས་བརྒྱད་དག་ལ་འཆར་ཀ་ཉིད། །བསྲུང་བ་གང་བསྲུང་གོང་རས་ལ། །ནྲྀ་གྲི་རཀྵ་ཅེས་པ་བྲི། །དབུས་སུ་གང་བསྲུང་མིང་དང་སྔགས། །ཧྲཱྀཿཤྟྲཱིཿཅེས་པས་མཚན་པའོ། །གོང་རས་ཨཱ་ལི་ཀཱ་ལིའོ། །སྔགས་ནི་ཙནྟྲ་ཙཀྲ་ཡང་ཅེས་པ་སྦྱར། །བཟློག་ན་བཟློག་ཅེས་བསྒྱུར་བའོ། །གོང་རས་བཟློག་པའི་སྔགས་ཀྱིས་བསྐོར། །དབུས་སུ་མིང་རུས་གཟུགས་དང་བཅས། །བསད་པའི་སྔགས་མཐའ་མཱ་ར་ཡ། །གོང་རས་བསད་པའི་སྔགས་ཀྱིས་བསྐོར། །མནན་པའི་སྔགས་མཐའ་མཱ་ར་ནན། །སྲུང་བའི་འཁོར་ལོ་དར་རས་ལའོ། །བཟློག་པ་ཞིང་ལ་བྲི་བའོ། །བསད་པ་དུར་ཁྲོད་རས་ལ་བྲི། །མནན་པ་དུར་ཁྲོད་གཡམ་པའོ། །བྲི་བ་སྔ་དྲོ་བསྲུང་བའོ། །བཟློག་པ་ཉི་མ་ཕྱེད་ན་བྲི། །བསད་པ་ཉི་མ་རྒས་པའོ། །མནན་པ་ཐོ་རངས་བྲི་བར་བྱ། །གདོང་གསུམ་པའི་རྒྱུད་ལས། འཁོར་ལོ་བྲི་བའི་ལེའུ་སྟེ་དྲུག་པའོ།། །།འདི་ཡི་མདོས་སུ་བྱ་བ་ལ། །ཁོག་དོན་བཞི་རུ་ཤེས་པར་བྱ། །བསྲུང་བའི་མདོས་དང་བཟློག་པའི་མདོས། །བསད་པའི་མདོས་དང་མནན་པའི་མདོས། །མ་ཏྲཾ་འབག་ཏུ་བཅས་པ་དང་། །རཀྟ་དམར་པོས་བཀང་བ་དང་། །བཅའ་བ་ལས་ཀྱི་མན་ངག་བྱ། །རི་རབ་བརྩེགས་པའི་བང་རིམ་ལྡན། །བསྲུང་བ་དག་ལ་གླུད་བརྒྱ་དང་། །མ་གཤིན་བཤོས་བུ་བཅས་པ་དང་། །བྱང་བུ་བདུན་གསུམ་ཉི་ཤུ་གཅིག །གླུད་ཀྱི་ཕྱོགས་སུ་གདགས་པ་དང་། །མཆོད་རྟེན་བཅའ་དང་མེ་མར་བཅའ། །འཁོར་ལོ་ལྟོ་བར་གཞུག་པའོ། །བཟློག་པ་འཆར་


DNG017_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་འདྲ་བ་ལ། །ཀོང་ཟོར་བརྒྱའམ་ཉི་ཤུ་གཅིག །བཤོས་བུ་ཟུར་གསུམ་ཁྲག་དུ་བཅས། །མཚེ་དང་ཉུང་དཀར་རྦབ་དང་མཚོན། །འུར་རྡོ་བདུན་དང་བཅས་པའོ། །བསད་ན་དྲག་པོ་དགྲ་ཕྱོགས་བྱ། །འཆར་ཀ་དེ་ལ་བསྟན་པ་དང་། །ཀོང་ཟོར་ཉི་ཤུ་རྩ་གཅིག་དང་། །ཁྲག་ཟོར་ཉི་ཤུ་རྩ་གཅིག་དང་། །ལིངྒ་ཐུན་གྱིས་བྲབ་པ་དང་། །མ་མོའི་གཏོར་མ་ཟོར་དུ་བཅས། །འཕང་བ་མནན་པའི་ལས་བྱ་བ། །གདོང་ཟོར་བཅས་ལ་མདོས་ཀྱིས་མནན། །འཆར་ཀའི་ཞལ་དུ་བསྒྱུར་ལ་བཅའ། །མནན་པ་རྒོད་རུ་དག་ལ་མནན། །མཆོད་རྟེན་བཞི་དང་བཅས་པའོ། །བཟློག་པ་འཆར་ཀ་མ་བསྒྱུར་བ། །བསྲུང་བ་འཇམ་དཔལ་ཞལ་དུ་བྱ། །གསོད་ན་གླང་པོ་ཆེ་ཡི་ཞལ། །གནོན་ན་མ་ཧེའི་ཞལ་དུ་བྱ། །བསྲུང་བ་རང་གི་གནས་ཁང་དུ། །མཆོད་པ་བྱ་ཞིང་གསོལ་བ་གདབ། །བཟློག་པ་ཁང་སྟེང་མཐོང་བར་བྱ། །གསོད་ན་གནས་ཁང་དག་ཏུའོ། །གནོན་ན་ཆུ་མིག་གཤམ་དུའོ། །དྲག་པོའི་མདོས་དེ་ཕྱོགས་སུ་སྦགས། །རོལ་མོ་དར་དང་བཅས་པ་ཡིས། །ཟོར་དང་བཅས་ཏེ་འཕང་བར་བྱ། །གདོང་གསུམ་པའི་རྒྱུད་ལས། མདོས་གཏང་བའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །དང་པོ་བསྲུང་བའི་ལས་དག་ནི། །འཆར་ཀའི་གཟུགས་བརྙན་ཕྱག་ཏུ་ནི། །ཚེ་ཡི་བུམ་པ་དེ་ནང་དུ། །ཚེ་རྟེན་དཀར་གསུམ་མངར་གསུམ་དང་། །བསྲུང་བའི་འཁོར་ལོ་སྔགས་དང་བཅས། །དབུས་སུ་གང་བསྲུང་མིང་དང་བཅས། །བུམ་པར་བཅུག་ལ་བཟླས་དང་མཆོད། །ནད་པ་ལ་སོགས་སྲུང་བྱེད་ན། །མཎྜལ་དཀར་པོའི་སྟེང་དག་ཏུ། །གཏོར་མ་སྣ་ཚོགས་རིན་ཆེན་དང་། །བལ་ཚོན་སྣ་ལྔའི་བསྲུང་དང་བཅས། །ཉུང་དཀར་སྔགས་ཀྱིས་ནད་པ་བསྐོར། །དེ་ནས་གཏོར་མའི་ནང་དུ་གཞུག །གཏོར་མ་མཆོད་ཅིང་བཟླས་པ་བྱ། །མཐའ་མ་བསྐོར་ཞིང་སྦྱིན་བསྲེག་བྱ། །ཀོང་ཟོར་འཕང་བ་ཀུན་ལ་བྱ། །སྲིའུ་


DNG017_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

དག་ལ་གཏོར་མ་དང་། །རྟེན་འདྲེལ་སྔགས་ཀྱི་བུམ་པའི་ཆུས། །བཀྲུ་བའི་སྔགས་ཀྱི་སྦྱོར་བ་བྱ། །སེང་ལྡེང་ཕུར་བུ་ལྷར་བསྐྱེད་ལ། །བསྲུང་བའི་འཁོར་ལོ་སྔགས་དང་བཅས། །ཉུང་དཀར་བརྒྱ་དང་རྩ་བརྒྱད་ལ། །འབྲུམ་བུ་རེ་ལ་སྔགས་འབྲུ་བདུན། །རས་དཀར་ནང་དུ་གཏུམ་པ་དང་། །དེ་ལ་མཆོད་ཅིང་བསྟོད་བཟླས་བྱ། །མདོས་ལོང་སྔགས་བཟླས་ཀོང་ཟོར་འཕངས། །མཛེ་པོ་དག་ལ་དཀར་གཏོར་བཅའ། །སྲུང་སྐུད་མདུད་པ་བརྒྱ་དང་ལྡན། །རིན་པོ་ཆེ་ཡི་བུམ་པ་དག །འབྲུ་སྣ་བརྒྱད་དང་སྨན་སྣ་བརྒྱད། །རྟེན་འདྲེལ་སྔགས་ཀྱིས་ནད་པ་དག །ཕྱིང་དཀར་སྟེང་དུ་ཁྲུས་བྱའོ། །གུ་གུལ་བདུག་ཅིང་སྔགས་ཀྱིས་བྲབ། །སྦལ་སྦྲུལ་མང་པོའི་གཟུགས་བྱས་ལ། །བསྐོར་ཞིང་གཏོར་མའི་ནང་དུ་གཞུག །མདོས་ལོང་ཀོང་བུ་ཟོར་དུ་འཕངས། །སེར་བ་བསྲུང་ན་འཆར་ཀའི་སྐུ། །ལོ་ཐོག་མཐོང་བར་གཞུག་བྱས་ལ། །མཆོད་རྟེན་དཀར་པོ་དང་ནི་དམར་པོ་འམ། །ཡང་ན་སེར་པོའི་རྩ་རུ་གཟུག་པར་བྱ། །བཟློག་པའི་སྔགས་དང་འཁོར་ལོ་དང་། །ཕུར་པ་བཅས་པའི་མགུལ་དུ་ནི། །ཐལ་ཆེན་དག་དང་ཉུང་དཀར་དང་། །བསྔགས་ལ་དེ་དང་ལྡན་པར་བྱ། །རིམས་ནད་གཅོད་ན་འཆར་ཀའི་སྐུ། །དམར་གཏོར་བལ་ཚོན་དར་སྣ་དང་། །ཉུང་དཀར་ཉུང་ནག་སྔགས་དང་བཅས། །ཕག་མོའི་གཟུགས་དང་བཅས་པ་རྣམས། །ཀོང་ཟོར་བཅས་ལ་འཕང་བར་བྱ། །བལ་ཚོན་སྣ་ལྔའི་སྐུད་པ་ལ། །སྔགས་ཀྱི་མདུད་པ་བརྒྱ་དང་ལྡན། །དེ་ནི་བསྲུང་བའི་མཆོག་ཏུ་འགྱུར། །ཡུལ་དང་ཁང་ཁྱིམ་ཕྱོགས་རྣམས་སུ། །དྲག་པོའི་རྫས་ཀྱིས་ཐུབ་པར་འགྱུར། །གཏོར་མ་སྔགས་ཀྱིས་བསྐུལ་ནས་ཀྱང་། །སྡེ་བརྒྱད་ཀུན་གྱིས་མི་ཚུགས་སོ། །གདོང་གསུམ་པའི་རྒྱུད་ལས། བསྲུང་བའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ཟློག་པ་བྱེད་ན་འདི་ལྟ་སྟེ། །རྣམ་པ་བདུན་དུ་ཤེས་པར་བྱ། །བཅས་ཀྱིས་བཟློག་དང་སྔགས་ཀྱིས་བཟློག །འཁོར་ལོས་བཟློག་དང་


DNG017_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མས་བཟློག །མདོས་ཀྱིས་བཟློག་དང་ཟོར་གྱིས་བཟློག །སྦྱིན་བསྲེག་དག་དང་བདུན་དུའོ། །བཅས་བཟློག་འཆར་ཀའི་འདྲ་འབག་ལ། །དུག་ཆུས་བྱུག་ལ་ཁ་གདངས་པ། །ཕུར་པ་ལག་ཏུ་བསྐུར་བའོ། །ཁོ་ཡི་ཕྱོགས་སུ་ཁ་བསྟན་བྱའོ། །ཕོ་མོའི་བྱང་བུ་བདུན་བདུན་བྱ། །འཕན་ཆེན་དབུས་སུ་ཕྱར་བའོ། །ཀགྣི་རབ་གནས་ལྡན་པའོ། །འཁོར་ལོས་བཟློག་པ་རྩིབས་བརྒྱད་ལ། །མིང་རུས་བཅས་པ་བསྡུས་པའོ། །རྩིབས་ལ་རྩ་སྔགས་བཟློག་དང་བཅས། །གོང་རས་མིང་དང་བཟློག་ཅེས་པ། །མུ་ཁྱུད་བཟློག་པའི་སྔགས་དང་བཅས། །བྷཻ་བ་སཏྭ་རེ་མ་ཏི། གཡས་བསྐོར་བྱས་ལ་ཞིང་ལ་བྲིས། །འཆར་ཀའི་ལྟོ་བར་གཞུག་པའོ། །གཏོར་མའི་དབུས་སུ་འཆར་ཀའི་སྐུ། །གྲུ་གསུམ་དམར་པོ་བཤོས་དང་བཅས། །ཉུང་དཀར་དམར་པོ་དག་དང་ལྡན། །ཉུང་དཀར་མཚེ་དང་ཟངས་དང་ལྕགས། །ཁྲག་དུག་དག་གིས་བྲན་པའོ། །མདོས་ནི་འཆར་ཀ་འཁོར་དང་བཅས། །མ་གཤིན་ཉི་ཤུ་རྩ་བརྒྱད་ཚོགས། །དམར་ནག་དར་དང་བལ་ཚོན་དང་། །ཀོང་ཟོར་དང་ནི་ཁྲག་ཟོར་དང་། །གཏོར་མ་དར་ཚོན་སྣ་ལྔར་ལྡན། །ཟོར་ནི་ཀོང་ཟོར་ཁྲག་ཟོར་དང་། །རྡོ་ཟོར་མདའ་དང་འུར་རྡོ་དང་། །སླང་ཟོར་གཏོར་ཟོར་འཕང་བའོ། །སྦྱིན་སྲེག་བཅས་པའི་བདུན་དུ་བྱ། །སྔགས་དང་བསྐུལ་བའི་རྫས་དང་བཅས། །ཉི་མ་ཕྱོགས་དང་དུས་དང་གྲངས། །ཡང་དང་ཡང་དུ་བྱ་བའོ། །ཟོར་ཁ་བཟློག་ན་ཉུང་དཀར་དང་། །ཁྲག་དང་ཐོད་པའི་ནང་དུའོ། །རྩ་བའི་སྔགས་དང་གདོང་ཟོར་སྔགས། །སྤེལ་ཞིང་བཅོལ་ལ་བཟླས་པའོ། །རཱ་ཧུ་ལ་ཡི་ཕྱོགས་དང་བསྟུན། །བྱོལ་ཁ་བཟློག་ན་གཏོར་མ་དང་། །འུར་རྡོ་གདོང་ཟོར་འཕང་བར་བྱ། །འཆི་བ་བསླུ་ན་དཀར་གཏོར་དང་། །དམར་གཏོར་བཅུ་གསུམ་སྔགས་དང་བཅས། །ཆོས་སྟོན་བཅུ་གསུམ་སྔགས་དང་དྲང་། །གཙུག་ཏོར་དྲི་མ་མེད་པ་ལ། །རྩ་སྔགས་བཟླས་ལ་གང་


DNG017_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་བཟླས། །རྟེན་འདྲེལ་བཟླ་ཞིང་ཚ་ཚ་གདབ། །རྨི་ལམ་བཟློག་ན་རྩ་བའི་སྔགས། །བརྒྱ་རྩ་བརྒྱད་དུ་བཟླས་པར་བྱ། །རང་གི་སྔས་ཀྱང་བསྒྱུར་ལ་ཉལ། །རང་སྔགས་ཕྱོགས་སུ་བསྐོར་བར་བྱ། །མཚན་མ་ངན་པ་བཟློག་པ་ནི། །ཟོར་དེ་དྲག་ཏུ་འཕངས་པའོ། །ལྟས་ངན་བཟློག་ན་མདོས་ཀྱིས་བཟློག །མདོས་ཀྱི་མཎྜལ་སྟེང་དུ་ནི། །ཁྲི་འཕང་གསུམ་དུ་བརྩིག་པར་བྱ། །རུས་སྦལ་བཞི་དང་གླང་ཆེན་བཞི། །མི་ནོར་ལྟོ་འགྲོས་རི་དྭགས་དང་། །གཅན་གཟན་གཟུགས་ལ་སེང་གེ་བཞི། །འདབ་ཆགས་གཟུགས་ལ་བྱ་ཁྱུང་བཞི། །དེ་ཡི་ཁ་ལ་འཆར་ཀའི་གཟུགས། །ཟུར་གསུམ་ནང་དུ་དམིགས་པའི་གཟུགས། །དེ་ཡི་ཁ་ལ་གཙིགས་པར་བྱ། །དེ་ཡི་མཐའ་མར་མེ་མར་དང་། །ཀོང་ཟོར་སྤེལ་ཏེ་དགོད་པར་བྱ། །བཅུ་གསུམ་པ་ཡི་གཟུགས་སུ་བྱའོ། །གདོང་གསུམ་པའི་རྒྱུད་ལས། བཟློག་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བསད་པའི་ལས་ནི་འདི་ལ་བརྩོན། །གྲུ་གསུམ་ནང་དུ་ལིངྒ་དང་། །ཐོད་པ་རུས་དང་བཅས་པ་དང་། །སྐྱེར་མདའ་སྐྱེར་གཞུ་སྟོང་པ་དང་། །གདོང་ཟོར་ནག་པོ་དེར་བཅས་ཏེ། །དེ་ཡི་ཁ་ལ་འཆར་ཀའི་སྐུ། །ཁྲམ་དང་རྒྱུ་ཞགས་བསྣམས་པ་སྟེ། །གླང་ཆེན་གདོང་གི་ཁ་ནང་དུ། །མིང་དང་རུས་བཅས་གཞུག་པར་བྱ། །རབས་ཆད་ཐོད་པར་ར་ཁྲག་དང་། །ཁྲམ་དང་བཅས་ཏེ་བཅའ་བར་བྱ། །དེ་ཡི་ནང་དུ་གཅིག་ཤོས་པ། །དམིགས་པའི་ལིངྒ་བྲི་བར་བྱ། །ཟོར་གྱི་རྣམ་པ་བདུན་པ་བཅའ། །བནྡི་བོན་པོ་ཞང་བློན་དང་། །མོན་པའི་སྔགས་དང་སྤེལ་མ་བྱ། །རྩ་སྔགས་ལས་སྔགས་བསད་པའི་སྔགས། །དེ་ལྟར་སྤེལ་ལ་བཟླས་པར་བྱ། །ཚེས་གྲངས་བརྩིས་ལ་ཟོར་དུ་བརྡེག །བསད་པའི་འཁོར་ལོ་ཚོན་སྐུད་བཅིངས། །འཆར་ཀའི་ལྟོ་བར་མཱ་ར་ཡ། །ཕུར་པ་བཏབ་ལ་སྦྱིན་བསྲེག་བྱ། །ཐ་མ་མོན་པའི་དཀྲུག་སྔགས་དང་། །ཀོང་ཟོར་ཁྲག་ཟོར་སྤྲུག་ཅིང་བརྡེག །བསད་མདོས་གཏོར་མའི་ནང་དུ་


DNG017_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །རྐང་རྗེས་ས་དང་དུར་ཁྲོད་སར། །རཱ་ཧུ་ལ་ཡི་གཟུགས་བྱས་ལ། །སྦྲུལ་ནག་འཁྱིལ་པས་བསྐོར་བྱས་ལ། །ལིངྒ་དག་དང་བཅས་པ་ཡང་། །མནྟྲ་མནྟྲ་སྤེལ་ཞིང་བཟླས། །སྔགས་དང་བསྐུལ་གྱིས་འཕང་བར་བྱ། །འཆར་ཀའི་ཐོད་པ་ཆུ་མིག་མནན། །དེས་ནི་ལྷས་བྱིན་མཱ་ར་ཡ། །འཆར་ཀ་ནག་པོའི་ཞལ་ནས་གསུངས། །གདོང་གསུམ་པའི་རྒྱུད་ལས། བསད་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །མནན་པ་དག་ལས་བཤད་པ་ནི། །སྡོང་གཅིག་མ་དང་མེས་རེག་མ། །སད་ཀྱིས་བསད་པའི་བུ་ཡར་ལང་བྱུང་བསད་ཅིང་མནན་པའི་བུ་ཡིན་ལ། །ཁྱད་པར་དྲུག་གི་སྔགས་ཀྱིས་བསྐོར། །ཙཀྲ་ཧྲི་ནན། ཧྲཱྀཿཤྟྲཱིཿནན། ཨ་ཏྲི་ནན། པྲ་དུ་ནན། ཏྲི་དུ་ནན། མཱ་ར་ནན། ནང་དུ་ཁམ་སའི་གཟུགས་དག་ན། །སྙིང་གར་བརྣག་པའི་འཁོར་ལོ་གཞུག །ཚོན་སྐུད་དག་གིས་རབ་ཏུ་དཀྲི། །གྲུ་གསུམ་ནང་དུ་བཅུག་པ་ལ། །འཆར་ཀའི་སྐུ་ཡིས་མནན་ལ་བཟླས། །རྩ་སྔགས་མནན་སྔགས་སྤེལ་བ་ལ། །ཐ་མ་མིང་དང་ནན་དུ་བཅས། །འཁོར་ལོའི་སྔགས་མཐར་ནན་དུ་བཅས། །བཟླས་པ་བྱ་ཞིང་རྡོ་རྗེས་བརྡེག །རྡོ་རྗེ་རྒྱ་གྲམ་གཡམ་བྲིས་ལ། །ཧྲཱྀཿཤྟྲཱི་བཟླས་ཤིང་བསྡིག་པར་བྱ། །གཏོར་མ་གཏོང་ཞིང་དམོད་བཅོལ་བྱ། །སྔགས་ཀྱིས་བསྐུལ་ཞིང་ལས་ལ་གཏང་། །ཐ་མ་དམིགས་པའི་རྟེན་དེ་མནན། །ཆུ་མིག་བྱང་བལྟས་གཤམ་དུ་མནན། །ཕོ་རྒྱུད་གནོན་ན་བྲག་གི་འོག །མོ་རྒྱུད་མཚོ་ཡི་ནང་དུའོ། །ཐེའུ་རང་རྐང་གཅིག་ཤིང་གི་དྲུང་། །ཕ་བོང་ནག་པོ་ཀླུ་ལ་ཤིས། །གད་པའི་འོག་ཏུ་བསེན་མོ་མནན། །ཕོ་སྲི་དུར་གྱི་ནང་དུ་མནན། །བཙན་ནི་བྲག་དམར་ཐེམ་ལ་མནན། །གཞན་ཡང་གང་གནོན་སྐུ་གདུང་རྟེན། །རྒྱལ་པོ་མཆོད་རྟེན་འོག་ཏུ་མནན། །མནན་ས་གང་རིགས་པ་དང་སྦྱར། །མནན་པའི་དོང་དུ་གྲུ་གསུམ་བྲུ། །དེ་ཡི་ནང་དུ་ཀ་པཱ་ལ། །དེ་ནས་རྟེན་དང་ཀུན་ཁ་འཁོར། །རྒྱ་གྲམ་དག་གིས་ཁ་བཅད་དེ། །


DNG017_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བོ་ཀླུ་ཡང་ལྡང་མི་ནུས། །དེས་ནི་ཀླུ་ཀུན་ཁྱབ་ཡ་མནོན་ཡང་ལྡན་མོང་ཡང་ནོན། །བསྐལ་པ་རྫོགས་ཀྱང་ཁར་མི་འབྱུང་། །བཀའ་ལས་འདས་པར་མི་ནུས་སོ། །གདོང་གསུམ་པའི་རྒྱུད་ལས། མནན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བཅའ་བ་ཟོར་གྱི་ལས་བཤད་པ། །བྲ་བོ་ནས་ནག་མི་ཁ་ཅན། །ཡང་ན་དུར་ཁྲོད་ས་དག་ལ། །ནང་དུ་ཁྲག་གིས་བརྫིས་པ་ལ། །དྲག་པོའི་ཀོང་བུ་ཟུར་གསུམ་པ། །བྲག་ནག་མཚེ་དང་ཡུངས་ཀར་དང་། །དམེ་ཁྲག་ཐིག་པ་རེ་རེ་ལ། །ཡུགས་སའི་མོང་ཙེ་དྲག་པོའི་རྩང་། །སོར་གཅིག་པ་ནི་བཙུག་ལ་བཞག །ཕུར་པ་རེ་དང་ཉུང་དཀར་རེ། །མར་མེ་རེ་དང་ལྷ་བཤོས་རེ། །ཤ་སྣ་རེ་དང་ཁྲག་སྣ་རེ། །རབས་ཆད་ཁང་པའི་དུད་པ་དང་། །ཆང་ཉེས་པ་ཡི་སྦང་མ་སྦྱར། །གསུམ་དང་བདུན་དང་བཅུ་གསུམ་དང་། །ཉི་ཤུ་རྩ་གཅིག་བརྒྱ་རྩ་བརྒྱད། །ཇི་ཙམ་རན་པའི་ཚོད་དང་སྦྱར། །ཚོན་སྐུད་སྔོན་དམར་འགུལ་ཏོག་ལ། །ཞིང་ལྤགས་འུར་རྡོ་མཐིལ་དུ་སྦྱར། །ཡུགས་སའི་སྐྲ་ལ་འཇག་སྣ་བྱ། །སྔགས་པ་བེར་ནག་ཆས་སུ་ཞུགས། །དུས་དྲུག་ཁོ་ནར་འཕང་བ་ནི། །རྩ་བའི་སྔགས་དང་གདོང་ཟོར་སྔགས། །བཅོལ་ཅིང་ལས་ལ་འཕང་བར་བྱ། །དུར་ཁྲོད་རྡོ་ལ་དུག་ཆུས་བྱུག །དེ་དང་ལྡན་པའི་རྣལ་འབྱོར་པས། །གྲངས་དང་མཉམ་པར་འཕང་བར་བྱ། །སྐྱེར་པའི་མདའ་ལ་ལྟས་ངན་སྒྲོ། །དམེ་པོའི་ཁྲག་གིས་བྱུག་པར་བྱ། །སྔགས་ནི་དྲག་པོའི་སྔགས་འདེབས་སྦྱར། །ཉི་མའི་ཟེར་ལ་འཕང་བར་བྱ། །བསྙེན་པ་དྲག་པོ་བཟླས་ལ་འཕངས། །སླ་ངའི་ནང་དུ་ཤོ་རྡེའུ་བླུག །ར་ཡི་སོག་པ་གཡས་གཡོན་ལ། །ལིངྒ་བྱས་ལ་ནང་དུ་གཞུག །ཉུང་དཀར་ཉུང་ནག་ནང་དུའོ། །དེ་དང་དེ་ཡི་དམིགས་པར་ལྡན། །ས་བ་ལ་ཡང་ལུ་མུ་ཏྲིའི་སྦྱོར་བར་བྱ། །བུད་མེད་བདུན་གྱིས་སླ་ང་ཁྱེར། །ས་སྣ་འབྲུབ་ཁུང་ལིངྒ་བཅའ། །གང་ནས་འོང་བའི་ཕྱོགས་དང་སྦྱར། །གཡས་བསྐོར་བདུན་དང་


DNG017_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་བསྐོར་བདུན། །དེ་ནས་དེ་ཡི་ནང་དུ་བླུག །མ་གཤིན་བསྐུལ་ལ་བྲོ་ཡང་བརྡུང་། །རོལ་མོ་སྒྲ་དང་བཅས་པ་དང་། །གང་ལ་དམིགས་པ་ཟོར་དང་སྦྱར། །བ་ལིང་ཞལ་དང་ལྡན་པ་ལ། །མར་མེ་ལྷ་བཤོས་རྩང་དང་བཅས། །དར་ནག་ཕྲག་ལ་གཟུག་པར་བྱ། །ཉུང་དཀར་སྔགས་དང་ཁྲག་ཏུ་བཅས། །འཕང་ཞིང་བསིལ་ཞིང་རཀྟར་བཅས། །ཅང་ཏེའུ་བརྡུང་ཞིང་རཀྟར་བཅས། །ལྷ་མཆོག་བསྐུལ་དང་དར་ནག་གཡབ། །དམིགས་པ་དང་བཅས་འཕང་བར་བྱ། །རཱུ་ཏྲ་གོས་ཀྱི་མགོ་གཞུག་བཟློག །རཱུ་ཏྲའི་ཨ་དྲེང་གདབ་པར་བྱ། །མཱ་ར་ཉིད་དང་རྟ་ར་གཟུགས། །དམ་ཚིག་ཉམས་པའི་ཆད་པ་བརྩམ། །ཨོ་རྟ་ལ་ཡི་སྦྲང་འདུལ་བྱ། །མུ་ལ་ཨ་ལ་ཉམས་པ་ལ། །དྲག་པོའི་གཏོར་མ་བཟློག་མདོས་ནི། །གང་ཡང་རུང་བས་རླག་པར་བྱེད། །རང་བསྲུང་བ་ཡི་མཆོག་ཏུ་འགྱུར། །གོད་ཁ་འདུལ་བར་ཤིན་ཏུ་ཤིས། །ར་དང་ཤ་བའི་ཐོད་པར་བྲུབ། །རྒྱ་གྲམ་མནན་པའི་བྲག་སྣར་བྲུབ། །དེ་ཡི་སྟེང་དུ་གཏོར་མ་བླུག །རྒྱ་གྲམ་འབར་བའི་ཐིབས་ལ་གཞག །དེ་ཡིས་ཐམས་ཅད་དབང་དུ་འགྱུར། །དྲག་པོའི་ཟོར་གྱི་ལས་ཀ་ནི། །གང་ལ་ཞུགས་ཀྱང་འབར་བའི་ཐིབས། །རཱ་ཧུ་ལ་ཡི་སྦྱོར་བ་བྱ། །གཟའ་བརྩི་བ་དང་ཕྱོགས་བརྩི་བ། །དེ་ལ་དམིགས་ལ་འཕང་བར་བྱ། །གདོང་གསུམ་པའི་རྒྱུད་ལས། འཕང་བ་ཟོར་གྱི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བདུན་གྱི་ཏིང་འཛིན་སྔགས་གཟེར་རྣམ་པ་གསུམ། །གཞན་གྱི་སྔགས་རྣམས་མནན་པ་ནི། །ཧེ་རུ་ཀ་ཡི་ཏིང་འཛིན་ནམ། །ཡང་ན་ཕྱག་ན་རྡོ་རྗེར་བསྒོམ། །ཀརྨ་ཧེ་རུ་ཀ་ལས་ཀྱང་བྱ། །དགྲ་འམ་བགེགས་ནི་གང་ཡང་རུང་། །ཤོག་བུ་དག་ལ་མིང་བྲིས་ལ། །འོག་མའི་ཏ་ཐཱའི་ཐུན་གྱིས་བྲབ། །ཏིང་ངེ་འཛིན་གྱིས་དགུག་གཞུག་བྱ། །གང་ན་ཡོད་པའི་ཕྱོགས་སུ་འཕང་། །ཕ་རོལ་དམ་ཚིག་ཉམས་རྟགས་སུ། །ཕྱར་བ་ནག་པོ་ཕྱོགས་སུ་བརྡབ། །སྲིད་


DNG017_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལྷ་འདྲེ་བསླུ་བའི་ཕྱིར། །མིག་བརྒྱ་པ་ཡི་གོས་ཀྱང་གོན། །ཆེ་བའི་ང་རྒྱལ་བསྐྱེད་པའི་ཕྱིར། །ཞིང་ལྤགས་དག་ཀྱང་བགོ་བར་བྱ། །ཕྱོགས་སུ་ཐར་བ་མེད་པའི་ཕྱིར། །སྟེང་དུ་རྡོ་རྗེ་རྒྱ་གྲམ་བྱ། །ཕྱིན་ཆད་བར་ཆད་མེད་པའི་ཕྱིར། །ལམ་ཆེན་ཉིད་དུ་གནན་པར་བྱ། །གཏན་དུ་ཐར་པ་མེད་པའི་ཕྱིར། །རྒྱ་གྲམ་དྲུག་པའི་ཕྱི་རིམ་བར་དུ་བཞག །རྩ་སྔགས་གདོང་ཟོར་དག་ལ་སྡེབ། །སྤེལ་ནས་ཞབས་སུ་གདོང་ཟོར་སྔགས། །དེ་འོག་མནན་པའི་ལས་རྣམས་འགྲུབ། །དེ་ལ་དམིགས་པ་གདོན་མི་ཟ། །འཆར་ཀ་ནག་པོའི་གོང་ནོན་ཡིན། །གདོང་གསུམ་པའི་རྒྱུད་ལས། སྔགས་གཟེར་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་རིག་སྔགས་སྤོ་བ་ནི། །དྲག་པོའི་རོ་རས་གྲུ་བཞི་ལ། །བཅུ་དང་གཉིས་སུ་འཁོར་ལོ་འདོད། །དེ་འོག་ཤན་པ་བཞི་ཡི་སྔགས། །ཕྱོགས་དང་རིམ་པ་དེ་བཞིན་ནོ། །བར་མ་རྩ་བའི་སྔགས་དང་ནི། །མཱ་ར་ཡ་དང་སྤེལ་ཏེ་བྲི། །ཐ་མར་བསད་པ་གྲུ་གསུམ་དུ། །མིང་རུས་བྲིས་ནས་ཐུན་ལ་བསྐོར། །ཤ་རི་བྷྱོ་ཡི་སྔགས་མགོ་དང་། །མ་རིག་པ་གཉིས་བསྡེབ་པ་ལ། །ཡིག་མགོ་གཉིས་གཉིས་བསྡེབ་པ་ལ། །གཡས་གཡོན་བསྐོར་ལ་ཚོན་སྐུད་དཀྲིས། །འཆར་ཀའི་སྙིང་གར་གཞུག་པར་བྱ། །འཆར་ཀ་ནག་པོ་སྐུ་ལ་ནི། །དང་པོ་རིན་ཆེན་སྣ་ལྔས་བྱུག །དེ་ནས་དུག་དང་ཁྲག་གིས་བྱུག །མཆོད་རྟེན་གཡས་དཀར་གཡོན་དམར་བ། །དབུས་གནག་ལག་པས་ཕུར་པ་འདྲིལ། །གཡས་པ་རྒྱ་གྲམ་དེའི་འོག་ཏུ། །ཐོད་སྦྲམ་ལིངྒ་མནན་པ་ལ། །རྒྱ་གྲམ་སྟེང་དུ་འཆར་ཀའི་སྐུ། །རྩ་སྔགས་བཟླས་ལ་གནན་པར་བྱ། །གདོང་གསུམ་པའི་རྒྱུད་ལས། རིག་སྔགས་ཀྱི་ཟོར་སྤོ་བའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བསྲེག་པའི་བྱ་བའི་ལས་ལ་འབད། །ཟུར་དྲུག་འཁོར་ལོ་གནམ་སྒོ་ཅན། །ཚེར་མ་ཅན་གྱི་ཤིང་བརྩིགས་ལ། །བྱ་རོག་འུག་པ་ཁྭ་ཏ་ཡི། །ཚང་རྩི་དུག་ལ་


DNG017_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

ཡམ་ཤིང་བྱ། །རྒྱུ་མའི་ཞགས་པའི་སྐུད་པས་དཀྲིས། །ཁ་ལ་རྩང་དང་རྒྱུ་ཞགས་བསྣོལ། །དམར་ནག་ཁྲག་དང་ཤ་དང་ཚིལ། །རྒྱུས་པ་ཞུན་དང་དུག་དང་ཁྲག །ཉུང་དཀར་ཉུང་ནག་དག་ལྡན་པ། །དེ་ཡི་རིམ་པ་དེར་ཤེས་བྱ། །ལིངྒ་མང་པོ་གཏུབ་པ་དང་། །སྦྱིན་བསྲེག་ཇི་ཙམ་ནུས་པར་བྱ། །མེ་ཡི་ནང་དུ་འཆི་བདག་བསྐྱེད། །མདུན་དུ་རཱ་ཧུ་ལ་ཡང་བསྐྱེད། །སྡིག་ཅན་མེ་བླངས་ཤན་པས་སྦར། །འཆི་བདག་བཀུག་ལ་མེ་ལ་བསྡིམ། །དང་པོ་བཅོམ་ལྡན་འདས་ལ་དབུལ། །དེ་ནས་འཆར་ཀ་ཉིད་ལ་དབུལ། །ཕྲིན་ལས་རྣམ་བཞིའི་ལས་དང་སྦྱར། །རྩ་སྔགས་དག་དང་སྤེལ་ལ་བཟླས། །ཐ་མར་བསྟབ་དང་དབུལ་བར་བྱ། །ཡང་ནས་ཡང་དུ་དབུལ་བར་བྱ། །འཆར་ཀ་ཉིད་ཀྱི་མདུན་དུ་བྱ། །དབང་དང་འགུགས་པའི་སྦྱོར་བ་བྱ། །བསྐུལ་དང་དྲག་ཏུ་བཟླས་པ་བྱ། །བདུན་བདུན་རེ་ལ་བ་ལིཾ་འབུལ། །འདི་ནི་དྲག་པོ་ལས་དག་གི། །སྦྱོར་ཀ་སྡེབ་པས་དབང་དུ་འགྱུར། །འབྱུང་པོ་མ་རུང་གཏེམ་པ་ལ། །བརྒྱ་འམ་ལྔ་བཅུའི་སྦྱོར་བ་བྱ། །རྡོ་ནག་བགེགས་ཀྱི་བླ་རྡོ་ལ། །རྩ་བའི་སྔགས་དང་མཱ་ར་ཡ། །དང་པོ་བཅོམ་ལྡན་གཤིན་རྗེ་བསྐུལ། །དེ་ནས་འཆར་ཀ་ནག་པོ་བསྐུལ། །སྦྱིན་བསྲེག་རེ་ལ་བསྐུལ་བ་རེ། །བཀུག་ཅིང་བསྡིམ་ལ་བསྲེག་པར་བྱ། །རྩི་སྐྱ་འཇག་མ་ཡི་དྭགས་གཟུགས། །མཁར་ནག་དཀྲིས་ལ་མིང་བྱང་གཞུག །གུ་གུལ་དུད་པ་བསྐོར་ཞིང་བདུག །གང་གནོད་དེ་ལ་བསྐོར་ཞིང་བསྲེག །རྩ་བའི་སྔགས་ལ་སྤེལ་སྔགས་གདགས། །ཕུར་པས་བཏབ་ཅིང་དྲག་ཏུ་བསྐུལ། །གཏུབ་ལ་སྦྱིན་བསྲེག་ཐལ་བ་ཡང་། །བརྒྱ་འམ་ལྔ་བཅུའི་ཚད་དུ་བྱ། །འདིས་ནི་ཀླུ་རྣམས་གདུག་པ་འདུལ། །དབང་དུ་བྱས་པའི་ལས་ཡིན་ཏེ། །དེ་མ་ཐག་པས་འགྲུབ་པར་འགྱུར། །ཐ་མ་གསོ་བའི་ལས་ཀྱང་བྱ། །རྩི་སྐྱ་འཇག་མའི་སྦྱོར་བ་དེ། །ཡང་ན་འཆར་ཀའི་འོག་ཏུ་མནན། །གནོད་སྦྱིན་གདོང་གསུམ་པའི་རྒྱུད་ལས། སྦྱིན་སྲེག་གི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་


DNG017_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་བཤད་བྱ་བ། །ཡང་ན་གསད་པའི་ལས་དག་ནི། །གཅན་གཟན་ཐོད་པར་ལིངྒ་བཅུག །རྡོ་ནག་བླ་རྡོ་གཞུག་པ་དང་། །ཕུར་པ་གདབ་པའི་སྦྱོར་བ་བྱ། །བནྡི་བོན་པོ་ཞང་བློན་དང་། །མོན་པ་ནག་པོའི་སྦྱོར་བ་བྱ། །དེ་ལ་རྩ་སྔགས་སྡེབ་པ་དང་། །ལས་སྔགས་གསང་སྔགས་ཐུན་དུ་བརྡེག །དེ་ཡི་མདོས་ཀྱང་བཅའ་བར་བྱ། །ཟུར་གསུམ་དབལ་ལ་སྔགས་དག་ནི། །ཁྲམ་དང་ཐོད་པ་དེ་བཞིན་ནོ། །ཡང་ན་དེ་ཡི་སྦྱིན་བསྲེག་བྱ། །ཁ་ན་གཅིག་པུ་མངགས་པ་སྟེ། །བདུན་བདུན་དག་ཏུ་སྦྱོར་བར་བྱ། །དྲག་པོ་སྔགས་དང་སྦྱིན་བསྲེག་ཀྱང་། །དེ་རུ་དམིགས་ལ་བཟླས་པ་བྱ། །རྟགས་ཀྱི་དུ་མ་གང་དུ་ཡང་། །བརྟག་ལ་དེ་ཡི་བཟླས་པ་བྱ། །དང་པོ་འཇམ་དཔལ་བསྟོད་པ་དང་། །འཆར་ཀ་བཅས་པའི་བསྟོད་པ་དང་། །སྲོག་གི་རཱ་ཛ་བཞི་པོ་ནི། །ཐ་མའི་མདེའུ་ལ་བསྐུལ་བ་དང་། །དེ་ཡང་འདི་ལ་ཤེས་པར་བྱ། །སྔགས་ཀྱང་དེ་བཞིན་བཟླས་པ་བྱ། །བྷཻ་བ་སཏྭ་སེང་གེ་གདོང་། །བསད་དང་སྦྱིན་བསྲེག་དུས་སུ་ཡང་། །དེ་ཡི་ང་རྒྱལ་བྱ་བ་ཡིན། །བསྙེན་དུས་འཇམ་དཔལ་ཞི་བ་ལ། །བསྒྲུབ་དུས་འཆར་ཀ་ནག་པོ་ཡིན། །སྤྲུལ་པ་བཞི་ནི་བཀའ་སྡོད་དེ། །ལས་མཁན་ཁྱབ་འཇུག་རཱ་ཧུ་ལ། །སྐུ་སྟོད་འཇམ་དཔལ་ཞི་བ་ལ། །ལྟེ་བ་འཆར་ཀ་ནག་པོ་ཡིན། །མཇུག་མ་ཁྱབ་མཇུག་རཱ་ཧུ་ལ། །དེ་ལ་ལྷ་སྲིན་སྡེ་བརྒྱད་འཁོར། །མ་མོ་འཁོར་བཅས་བྲན་དང་གཡོག །དངོས་སུ་ལས་ཀྱི་གཤིན་རྗེ་གཟར་སྒྲུབ་པ་ཡིན་ཏེ། །དམ་ཚིག་ཅན་གྱི་ལས་མཁན་ཡིན། །དམ་མེད་པ་ཡི་བདུད་དུ་ཆེ། །སྒྲུབ་པ་པོ་ཡི་གྲོགས་ཀྱི་མཆོག །གཙོ་བོ་འཆར་ཀ་ནག་པོ་ལ། །འཁོར་གྱིས་བསད་ན་ཛ་ར་བཞི། །གདོང་གསུམ་པའི་རྒྱུད་ལས། བསད་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །མཇུག་མ་ཀླུ་ཡི་སྦྱོར་བ་ནི། །ཁྱབ་འཇུག་རཱ་ཧུ་ལ་དང་སྦྱར། །ཨོཾ་པ་ཤ་མི་ཀི་ཏི་རུ་རུ་ཛ་ལ་ཏི་མེ་ཀི་ཏི་སྭཱ་ཧཱ། འཆར་ཀའི་སྔགས་དང་སྡེབས་ཀྱིན་བཅོལ། །ཤ་རུལ་ཉ་རུལ་ཁྲག་དང་བཅས། །བསེ་ཁབ་ནང་དུ་སྦྱར་ལ་མཆོད། །རྒྱ་མཚོའི་གཏིང་དུ་ཀླུ་ཡང་ཁོལ། །རཱ་ཧུ་ལ་ཛྭ་བ་ཏི་ཧཱུཾ། ཡང་སྙིང་སྔགས་ལ་བརྩོན་པར་བྱ། །དབབ་དང་བཅད་ལ་ཐོག་རྡུག་མེད། །


DNG017_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

བསད་པའི་ལས་ལ་སྨོས་ཅི་དགོས། །ཁྱད་པར་བཟློག་པའི་ལས་ལ་བསྔགས། །གདོང་གསུམ་པའི་རྒྱུད་ལས། མཇུག་མ་ཀླུའི་ལེའུ་སྟེ་བཅུ་བདུན་པའོ།། །།ཧཱུཾ་མ་འགགས་ལྷུན་གྱིས་གྲུབ་པའི་གནས། །སྟོང་གསུམ་འཇིག་རྟེན་ཀུན་གྱི་བདག །མཐོ་རིས་ངན་སོང་ཀུན་གྱི་ལམ། །འཆར་ཀ་ནག་པོ་གཤེགས་སུ་གསོལ། །འཇིག་རྟེན་མ་མོ་ཐམས་ཅད་ཀྱང་། །ཁྱོད་ཀྱི་སྐུ་ཡི་ཆ་ལ་བརྟེན། །མ་མོ་འཁོར་བཅས་གཤེགས་སུ་གསོལ། །དྲེགས་པ་བདུད་ཀྱི་ཚོགས་རྣམས་ཀྱང་། །ཁྱོད་ཀྱི་ཞེ་སྡང་ཆ་ལ་བརྟེན། །ཡ་མ་འཁོར་བཅས་གཤེགས་སུ་གསོལ། །གཤིན་རྗེ་ལས་མཁན་ཐམས་ཅད་ཀྱང་། །ཁྱོད་ཀྱི་ང་རྒྱལ་ཆ་ལ་བརྟེན། །སྲོག་བདག་འཁོར་བཅས་གཤེགས་སུ་གསོལ། །ཕ་ནི་བདུད་ལ་མ་ནི་ཀླུ། །ཀླུ་བདུད་དྲེགས་པ་མཐུ་བོ་ཆེ། །ནག་པོ་ཆེན་པོ་གཤེགས་སུ་གསོལ། །གནམ་ལ་གནས་པའི་མ་མོ་བདུན། །སྟེང་གི་ཕྱོགས་ནས་ལས་མཛོད་ཅིག །གཡས་ཀྱི་ཕྱོགས་ནས་མ་མོ་བདུན། །གཡོན་གྱི་ཕྱོགས་ནས་གཤིན་རྗེ་བདུན། །དུར་ཁྲོད་རོ་ལངས་ནག་པོ་བདུན། །འཇིག་རྟེན་གནས་པའི་སྲིན་མོ་བདུན། །བཀའ་ཉན་མོན་པ་ནག་པོ་བདུན། །བན་ནག་བོན་ནག་རྫུ་འཕྲུལ་ཅན། །ཞང་བློན་མོན་པ་མཐུ་བོ་ཆེ། །གཟའ་དང་རྒྱུ་སྐར་ཀླུ་ཡི་ཚོགས། །མ་མོ་མཁའ་འགྲོ་བྲན་དང་གཡོག །ཁྱེད་ཀྱི་བཀའ་ཉན་རྫུ་འཕྲུལ་ཅན། །དབང་དུ་སྡུད་པའི་མཐུ་བོ་ཆེ། །དྲེགས་པ་ཕོ་མོ་ས་བདག་ཀླུ་ཡི་ཚོགས། །རྫུ་འཕྲུལ་དྲེགས་པས་ཉམས་པ་འདུལ། །མ་ཐོགས་མྱུར་དུ་གནས་འདིར་གཤེགས་སུ་གསོལ། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །གང་དུ་མངགས་པར་དོན་མ་ཆུང་། །ཉམས་པ་འདུལ་བའི་དུས་ལ་བབས། །གདོང་གསུམ་པའི་རྒྱུད་ལས། བསྐུལ་པ་ཕོ་ཉའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།སངས་རྒྱས་བསྟན་པ་བསྲུང་བ་དང་། །བདུད་དང་མུ་སྟེགས་གདུལ་བའི་ཕྱིར། །དྲག་པོའི་ལས་དང་ལྡན་པའི་རྣལ་འབྱོར་པས། །དྲག་པོའི་ཤུགས་དང་ལྡན་པས་བསྒྲུབ་པར་བྱ། །ང་ཡིས་སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །འདི་བཤད་རྣལ་འབྱོར་རབ་ཏུ་ཚིམ་གྱུར་ཅིག །འཇམ་དཔལ་ནག་པོ་བཟློག་པའི་རྒྱུད། །འཆར་ཀ་ནག་པོ་རྩ་བའི་རྒྱུད། །འཆི་བདག་བྷེ་བ་སཏྭའི་རྒྱུད། །རཱ་ཧུ་ལ་ནག་པོ་རྔམ་བྱེད་ཀྱི་རྒྱུད་རྫོགས་སོ།། །།སློབ་དཔོན་པདྨས་
གནང་ཞིང་བླ་མ་སྤྲིན་གྱི་ཤུགས་ཅན་གྱིས་བསྒྱུར་བའོ།། །།དེ་ལ་བླ་མ་འགོས་ལྷས་བཙན་གྱིས་ཞུས། དེས་དགེ་བཤེས་ཟངས་དཀར་བ་ལ་བཤད། དེས་སློབ་དཔོན་སྟོན་ཆུང་། དེ་ལས་རིམ་གྱིས་བརྒྱུད་དོ།། །།

གཤིན་རྗེ་ནག་པོ་ངན་སྔགས་ཕྱིར་བཟློག་པའི་རྒྱུད།


DNG017_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཡ་མ་ཀཱ་ལ་ཏནྟྲ་པྲ་ཏྱཾ་གི་ར་ཏན་ཏྲ། བོད་སྐད་དུ། གཤིན་རྗེ་ནག་པོ་ངན་སྔགས་ཕྱིར་བཟློག་པའི་རྒྱུད། དཔལ་འཇོམས་བྱེད་འབར་བ་ལ་ཕྱག་འཚལ་ལོ། །དེ་ནས་ཡང་དག་བཤད་བྱ་བ། །འཇམ་དཔལ་འཆར་ཀ་ནག་པོ་ཡི། །ལས་ཀྱི་བྱེ་བྲག་གསུམ་ཡིན་ཏེ། །བསྙེན་པ་སྒྲུབ་པ་ལས་སྦྱོར་རོ། །དེ་ཡང་དྲག་པོའི་གནས་སུ་ནི། །ཕྱི་བཤགས་ཚུལ་བཞིན་སྔོན་སོང་བས། །སྒྲུབ་པོ་ཆོས་གོས་ལྡན་པ་ཡིས། །ཐུན་མོང་ཁྱད་པར་མཆོད་རྫས་ལ། །བྱིན་གྱིས་བརླབ་པ་ཚུལ་བཞིན་བྱ། །ཕྱི་ནང་གསང་བའི་མཚམས་བཅད་ལ། །བླ་མ་མཆོད་ཅིང་ཚད་མེད་བསྒོམ། །ཏིང་འཛིན་རྣམ་གསུམ་རིམ་པ་ཡིས། །རང་སེམས་ཡ་ཡི་རྣམ་པ་ལས། །ནམ་མཁའ་གྲུ་གསུམ་མཐིང་ནག་ཏུ། །རྣམ་དག་འབྱུང་བའི་རིམ་པ་ལས། །གཞལ་ཡས་ཁང་དང་ལྷ་ཡི་གདན། །དེ་སྟེང་ཡ་ཡི་འཕྲོ་འདུ་ལས། །གཤེད་པོ་ཞལ་གཅིག་ཕྱག་གཉིས་པ། །ཐོད་དབྱུག་གཡས་ལ་སྡིགས་མཛུབ་གཡོན། །ཞབས་གཉིས་བརྐྱང་བསྐུམ་མ་ཧེ་བརྫིས། །སྦྲུལ་ནག་ཐོད་པའི་ཕྲེང་བ་དང་། །ཀོ་རློན་གཡང་གཞི་སྟག་ཤམ་ཅན། །མེ་དཔུང་ནང་ན་བཞུགས་པར་བསྒོམ། །སྙིང་གར་ཆུ་སྐྱེས་ཉི་མའི་གདན། །རྡོ་རྗེ་ཡ་ཡིས་མཚན་པ་ལས། །འོད་འཕྲོས་ཡེ་ཤེས་སྤྱན་དྲང་བསྡིམ། །སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ། །ལྷ་མོ་རྣམས་ཀྱིས་དབང་བསྐུར་ནས། །གཏི་མུག་རྡོ་རྗེས་མཚན་པར་བསྒོམ། །གཡོན་དུ་བཛྲ་བེ་ཏ་ལི། །ནག་མོ་རྒྱན་དང་ཆ་ལུགས་ལྡན། །གཡས་པ་ཏྲི་ཤུལ་ཡབ་ལ་འཁྱུད། །གཡོན་པ་ཐོད་ཁྲག་སྟོབ་པའི་ཚུལ། །འཁོར་དུ་སྤྲུལ་པ་ཡང་སྤྲུལ་དང་། །སུམ་སྤྲུལ་རྣམས་ཀྱིས་བསྐོར་བར་བསམ། །དེ་དག་རྣམས་ཀྱི་ཡེ་ཤེས་པ། །སྤྱན་དྲང་བཞུགས་གསོལ་ཕྱག་འཚལ་བསྟོད། །སྙིང་གའི་ཡེ་ཤེས་སེམས་དཔའ་ནི། །སྐུ་མདོག་སྨུག་ནག་ཞི་བར་བསྒོམ། །དེ་ཡི་ཐུགས་ཀར་པདྨ་ལ། །ཉི་མའི་སྟེང་དུ་རྡོ་རྗེ་ཡི། །ལྟེ་བར་ཡ་ལ་སྔགས་ཀྱིས་བསྐོར། །འོད་ཟེར་ན་ས་གཡས་ནས་འཕྲོས། །འཕགས་པ་མཆོད་ནས་འགྲོ་དོན་བྱས། །ཚུར་འདུས་ན་ས་གཡོན་དུ་ཞུགས། །ཡ་ལ་ཕོག་པས་འོད་དུ་འབར། །སྤྱི་བོ་ཚངས་པའི་


DNG017_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ནས་ཞུགས། །རླུང་དང་མེ་ཡི་འཁོར་ལོར་གྱུར། །གདུག་པ་ཐམས་ཅད་ཚར་བཅད་ནས། །མཚོན་ཆའི་གུར་དུ་གྱུར་པར་བསྒོམ། །ཨོཾ་ཧྲཱྀཿཤྟྲཱིཿབི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། དྲག་པོའི་སྔགས་ལ་བརྩོན་འགྲུས་བསྐྱེད། །བསྐྱེད་པའི་སྐབས་ཏེ་དང་པོའོ།། །།དེ་ནས་ཡང་དག་བཤད་བྱ་བ། །དཀར་པོའི་དུས་ཀྱི་ཉི་ཕྱེད་ན། །གདོང་ཟོར་རྩ་བའི་དཀྱིལ་འཁོར་ནི། །གྲུ་གསུམ་བསྣོལ་མ་སྒོ་ཁྱུད་བཅས། །དབུས་སུ་གཡས་དཀར་གཡོན་དམར་བ། །ཚར་བཅད་ཕན་གདགས་རྫས་རྣམས་བསག །སྔོན་འགྲོ་དབང་ཆེན་གཞལ་ཡས་ཁང་། །གོང་ལྟར་བསྒོམ་ལ་བདག་ཉིད་ནི། །འཇོམས་བྱེད་འབར་བ་གཤིན་རྗེའི་གཤེད། །ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །གཡས་མཐིང་གཡོན་དམར་དབུས་སྨུག་ཞལ། །རལ་གྲི་འཁོར་ལོ་ཙིཏྟ་གཡས། །སྡིགས་མཛུབ་དགྲ་སྟྭ་ཐོད་ཁྲག་གཡོན། །དཔལ་གྱི་ཆས་བརྒྱད་དག་དང་ལྡན། །གཡོན་དུ་སྲིང་མོ་མགོ་འཕྱངས་མ། །ཐོད་རློན་སྟོབ་ཅིང་འཁྱུད་པའི་ཚུལ། །དེ་ལ་ཡེ་ཤེས་བསྡིམ་པ་དང་། །གནས་གསུམ་བྱིན་རླབས་དབང་བསྐུར་རྣམས། །གོང་དུ་བསྟན་པ་བཞིན་དུ་བྱ། །མདུན་དུ་ན་དང་ཏྲི་ལས་ནི། །འཆར་ཀ་སྐུ་མདོག་ནག་པོ་སྟེ། །གཅེར་བུ་མཇུག་མ་སྦྲུལ་དུ་བརྐྱང་། །ཞལ་གཅིག་ཕྱག་གཉིས་ཞབས་གཉིས་བགྲད། །ཐོད་དབྱུག་མེ་ཡི་འཁོར་ལོ་བསྣམས། །དེ་ཡི་གཡོན་དུ་ལས་ཀྱི་ཡུམ། །དམར་མོ་གྲི་གུག་ཐོད་ཁྲག་བསྣམས། །གྲུ་གསུམ་ཟུར་དྲུག་ཧཱུཾ་ལས་ནི། །ཕོ་ཉ་ལས་ཀྱི་གཤིན་རྗེ་དྲུག །སྟག་དང་སེང་གེ་དོམ་བུ་དྲེད། །ཆུ་སྲིན་གླང་གི་མགོ་ཅན་ནི། །སྔོ་ནག་ཞལ་གཅིག་ཕྱག་གཉིས་པ། །སྟྭ་རེ་ཁྲམ་བམ་ལག་ཆར་ལྡན། །དེ་ཡི་ཕྱི་རིམ་བཀའ་འཁོར་དུ། །གཤིན་རྗེ་བདུན་དང་མ་མོ་བདུན། །རེ་རེ་ལ་ཡང་བདུན་བདུན་ནོ། །བན་དེ་བོན་པོ་ཞང་བློན་དང་། །མོན་པ་ནག་པོ་སྒོ་བཞིར་བསྒོམ། །དེ་རྣམས་ཀུན་གྱི་རང་བཞིན་པ། །སྤྱན་དྲང་བཞུགས་གསོལ་ཕྱག་འཚལ་ཞིང་། །བསྟོད་པ་རྣམས་ཀྱིས་རབ་ཏུ་བསྟོད། །དེ་ནས་རང་གི་ཐུགས་ཀ་རུ། །ཡ་ལ་ཡི་གེ་བཅུ་པས་བསྐོར། །དེ་མཐའ་བྱོལ་སྔགས་བརྒྱད་ཀྱིས་བསྐོར། །གསལ་བར་བསམ་ལ་སྔགས་བཟླས་བྱ། །ཤ་རི་བྷྱོ། མ་རི་བྷྱོ། ཉ་རི་བྷྱོ། ཁྲག་མ་མ་བྷྱོ། སྙིང་བྷྱོ། ཁྲག་སྙིང་ལ་བྷྱོ། མ་ཏི་ཐོད་ཁྲག་ཛ། ཁྲག་ཏི་སྙིང་ལ་ཡ་ནྲྀ་ཏྲི་ཆོད། ཤ་ལོ་ཤོད། ཤ་ལ་ཀྱིང་


DNG017_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིང་བྷྱོ། ས་མ་ཡ་ནྲྀ་པ་ར་ན་བཟློག་བཟློག །སྐབས་སུ་འཁོར་རྣམས་ཐམས་ཅད་ལ། །བཟླས་པ་ཅུང་ཟད་ཙམ་རེ་བྱེད། །བསྒྲུབ་པའི་སྐབས་ཏེ་གཉིས་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །ལས་ལ་སྦྱར་བ་གཉིས་ཡིན་ཏེ། །ཚར་གཅད་པ་དང་ཕན་གདགས་པའོ། །དེ་ཡང་བསྲུང་བཟློག་གསད་གནན་བཞི། །ཟོར་དང་མདོས་དང་མནན་དང་བསྲེག །སྤྱི་རུ་གཅེས་པའི་དཀྱིལ་འཁོར་ནི། །དབུས་སུ་གྲུ་གསུམ་བསྣོལ་མ་སྟེ། །ཟུར་དྲུག་པ་ཡི་ཕྱི་རོལ་ཏུ། །འཁོར་ལོ་རྩིབས་བཞི་ལྷ་སྣམས་དང་། །སྒོ་ཁྱུད་རྡོ་རྗེ་མེ་རིར་བཅས། །དབུས་སུ་གཡས་དཀར་གཡོན་དམར་བའོ། །ཟོར་ལ་རྣམ་པ་གསུམ་ཡིན་ཏེ། །རྭ་ཟོར་ཐོང་ཟོར་ཀོང་ཟོར་རོ། །མདོས་ལ་བསྐང་མདོས་སྲུང་མདོས་དང་། །བསད་མནན་བཟློག་པར་ཤེས་པར་བྱ། །དེ་ལ་དང་པོ་བསྐང་མདོས་ནི། །འབྲུ་སྣ་བདུན་ལས་བྱས་པ་ཡི། །རི་རབ་བང་རིམ་བཞི་པ་ལ། །བུམ་པ་ལྕོག་དང་བཅས་པའོ། །བུམ་རྩེར་འཆར་ཀ་ནག་པོའི་གཟུགས། །ཆག་དོ་པ་ལ་ཞལ་བགྲད་པ། །སྐུ་སྟོད་ནག་ལ་སྐུ་སྨད་དམར། །གསང་བའི་མཚན་མ་གྱེན་དུ་བསྒྲེང་། །སྦྲུལ་གྱི་མཇུག་མ་ལྡན་པ་གཞག །སྤྱི་གཙུག་མཆོད་རྟེན་ནག་པོ་ལ། །བུད་དྷ་བྷ་ཏྲའི་སྔགས་དང་ནི། །ཡི་གེ་བརྒྱ་པས་མཚན་པ་གཞག །འཁོར་ལོ་རྩིབས་བརྒྱད་གདུགས་སུ་དབུབ། །ཏོག་དང་ནམ་མཁའ་ནག་པོས་བརྒྱན། །མདའ་ནག་དག་དང་ལྡན་པའོ། །ཕྱག་གཡས་མཆོད་རྟེན་དཀར་པོ་ལ། །རྟེན་འདྲེལ་སྙིང་པོའི་མཇུག་ཏུ་ན། །ནག་པོ་རཀྴ་དགྲ་བོའི་སྲོག་ལུས་བམ་རིལ་རྦད་ཡ། ཞེས་པས་མཚན་པ་གཞུག་བྱ་སྟེ། །ནམ་མཁའ་དཀར་པོ་གདུགས་སུ་དབུབ། །མདའ་དཀར་གླུད་དང་རྣོ་རུ་གཟུག །ཕྱག་གཡོན་མཆོད་རྟེན་དམར་པོ་ལ། །ཤ་རི་བྷྱོ་ཡི་ཤམ་བུ་རུ། ཏྲག་རཀྴ་སྙིང་ཁ་རག་མ་རུ་ལུ་རུ་ལུ་བྷྱོ། ཞེས་པའི་སྔགས་ཀྱིས་མཚན་པའོ། །ནམ་མཁའ་དམར་པོ་གདུགས་སུ་དབུབ། །མདའ་དམར་གླུད་དང་གཏོར་མ་ཡིས། །དེ་རྣམས་བཟློག་པའི་རྫས་ཡིན་ནོ། །བསྐང་བའི་རྫས་ནི་འདི་ལྟ་སྟེ། །འདབ་ཆགས་རྒྱལ་པོ་ཁྱུང་ཆེན་བཞི། །འབྲུག་དང་ཕ་ཝང་རྨ་བྱ་དང་། །ནེ་ཚོ་ཤང་ཤང་ཐི་བ་དང་། །ཁུ་བྱུག་བྱ་རྒོད་བཞི་བཞི་སྟེ། །ཕྱོགས་བཞིར་བཀོད་ལ་གླུད་དུ་དབུལ། །དེ་མཐར་མོན་པ་


DNG017_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་གི་རྫས། །རང་འདྲའི་ངར་གླུད་ནག་པོ་མདའ་ནག་དང་། །བྱ་རོག་དང་ནི་བཤོས་བུ་རྣམས། །དྲུག་དྲུག་གྲངས་སུ་ལྡན་པར་བཤམ། །ཀུན་ལ་མཚེ་དང་ཉུང་དཀར་གཟུག །རི་རབ་བང་རིམ་དང་པོ་ལ། །ཐུགས་ཀྱི་འཁོར་བཞི་དགོད་པ་ནི། །ཤར་དུ་དཀར་མོ་བདུན་གྱི་རྫས། །ངར་གླུད་ཁྱུང་ཞོན་དཀར་མོ་བདུན། །ཁོང་དཀར་དུང་གི་ནམ་མཁའ་བདུན། །མདའ་བཟང་ལྟོང་དཀར་བདུན་རྣམས་དགོད། །ལྷོ་རུ་བདུད་ཕོ་བདུན་གྱི་ཡས། །རང་འདྲའི་ངར་གླུད་རྟ་པ་བདུན། །ཁོང་སྔོན་མཐིང་གི་ནམ་མཁའ་བདུན། །མདའ་ནག་ལྟོང་སྔོན་བདུན་རྣམས་དགོད། །ནུབ་ཏུ་གཤིན་རྗེ་བདུན་གྱི་རྫས། །ངར་གླུད་རང་འདྲ་གླང་ཞོན་བདུན། །ཁོང་དམར་ཟངས་ཀྱི་ནམ་མཁའ་བདུན། །ལྟོང་དམར་ནག་པོའི་མདའ་བདུན་དགོད། །བྱང་དུ་མ་མོ་བདུན་གྱི་རྫས། །ངར་གླུད་བོང་ཞོན་ནག་པོ་བདུན། །ཁོང་སེར་ནམ་མཁའ་ཆུ་རིས་བདུན། །མདའ་ནག་ལྟོང་སེར་བདུན་རྣམས་དགོད། །གཞན་ཡང་སྤྱི་རུ་བསྐང་བའི་རྫས། །རྩལ་གྱི་རྒྱལ་པོ་སེང་གེ་དང་། །སྟག་དང་གཟིག་དང་དོམ་བུ་དང་། །སྤྱང་ཀི་གྲུམ་པ་ཤ་བ་དང་། །འཕར་བ་དྲེད་མོ་དེ་རྣམས་ནི། །རེ་རེ་ལ་ཡང་བཞི་བཞི་སྟེ། །ཕྱོགས་བཞི་དག་ཏུ་དགོད་པར་བྱ། །རི་རབ་བང་རིམ་བར་པ་ལ། །དམག་དཔོན་བཤན་པ་བཞི་པོ་ནི། །ཤར་དུ་བན་དེ་སེང་གེ་ཆིབས། །གཟུགས་གླུད་གསུམ་ལྔ་བདུན་དག་དགོད། །ནམ་མཁའ་ནག་པོ་ཁོང་སྨུག་དང་། །མདའ་ནག་དེ་དང་འདྲ་བར་དགོད། །ལྷོ་རུ་བོན་པོ་ནག་པོའི་གཟུགས། །སྟག་ལ་ཞོན་པའི་ངར་གླུད་དང་། །ནམ་མཁའ་ཁོང་སྔོན་ནག་པོ་དང་། །མདའ་སྔོན་དེ་ལྟར་ཐམས་ཅད་པ། །གསུམ་མམ་ལྔའམ་བདུན་དུ་དགོད། །ནུབ་ཏུ་ཞང་བློན་སྤྱང་ཀི་ཆིབས། །ནམ་མཁའ་ཁོང་དམར་ནག་པོ་དང་། །མདའ་ནག་གསུམ་མམ་ལྔ་འམ་བདུན། །རབ་འབྲིང་ཐ་མར་དགོད་པར་བྱ། །བྱང་དུ་མོན་པ་ལས་ཀྱི་བདག །བོང་བུ་ཞོན་པའི་གླུད་དང་ནི། །ནམ་མཁའ་ནག་པོ་ཁོང་ལྗང་དང་། །མདའ་སེར་ཡང་ན་སྔོ་འམ་ལྗང་། །གྲངས་ནི་གོང་དང་མཐུན་པར་དགོད། །དེ་རྣམས་སྤྱི་རུ་བསྐང་བའི་རྫས། །རྐང་འགྲོས་མ་ཧེ་གླང་རྒོད་


DNG017_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །གླང་པོ་ཆེ་དང་རྟ་དང་ལུག །ར་དང་ཁྱི་དང་འདོད་འཇོའི་བ། །ཁྱིམ་བྱ་བོང་བུ་ཞོན་གླུད་རྣམས། །རེ་རེ་ལ་ཡང་བཞི་བཞི་སྟེ། །ཕྱོགས་བཞི་འཁོར་བར་དགོད་པར་བྱ། །རི་རབ་བང་རིམ་ཐ་ལྟག་ལ། །རྒྱུ་སྦྱོར་ལྷུ་ནི་བཅུ་གཉིས་དང་། །མགོ་དང་བཅུ་གསུམ་དག་གི་གླུད། །ནམ་མཁའ་ནག་པོ་ཁོང་བཀྲ་དང་། །མདའ་ནག་འཕང་ནག་ཕོ་ཐོད་དང་། །འབྲང་རྒྱས་ནག་པོ་དེ་རྣམས་ནི། །རེ་རེ་ལ་ཡང་བཅུ་གསུམ་སྟེ། །ཕྱོགས་རེར་གསུམ་གསུམ་ཟུར་ལ་གཅིག །མཚེ་དང་ཉུང་དཀར་ཀུན་ལ་གཟུག །དེ་ལས་གཞན་ཡང་བཤོས་བུ་དང་། །དུང་དང་བུང་བ་ཉ་མོ་དང་། །རུས་སྦལ་བྱི་བ་ལྕོང་མོ་དང་། །ཟེར་མོ་ཕྱི་བ་སྡིག་པ་རྣམས། །བཞི་བཞི་བྱས་ལ་ཕྱོགས་བཞིར་དགོད། །རི་རབ་བང་རིམ་ཐ་མ་ལ། །རིན་ཆེན་འབྲུ་ཡི་ངར་གླུད་བརྒྱ། །འཁོར་དང་གཡོག་གི་གླུད་དུ་དགོད། །དབང་ཕྱུག་ཉི་ཤུ་རྩ་བརྒྱད་ན། །ཆང་ཟན་གྲངས་དང་མཉམ་པ་དགོད། །ཐང་ལ་གླིང་བཞི་གླིང་ཕྲན་བརྒྱད། །དམར་གཏོར་བཅུ་གཉིས་དཀར་གཏོར་གཅིག །ཁྲག་གི་ཨརྒྷ་ལ་སོགས་པ། །ཁྱད་པར་འཕགས་པའི་མཆོད་པ་ལྔ། །ཚིལ་ཆེན་མར་མེ་ཁ་བཞིར་བལྟམ། །བདུད་རྩི་སྨན་དང་མི་རྐང་དུང་། །ཐོད་པའི་རྔ་ལ་སོགས་པ་བཤམ། །དེ་མཐའ་ལྕགས་རིས་བསྐོར་བ་ལ། །ཤིང་ཆེན་བཞི་དང་ལྗང་བུ་གླུད། །ཇི་ལྟར་འབྱོར་པས་བསྐོར་བྱས་ཏེ། །མགྲོན་གྱི་ལྷ་ལ་གླུད་དུ་དབུལ། །གལ་ཏེ་བཟློག་མདོས་བྱེད་གྱུར་ཏེ། །ཟོར་དང་སྦྲག་ན་ཟོར་ཀོང་གིས། །མཐའ་མ་འཁོར་བར་དགོད་པར་བྱ། །སྐོང་མདོས་ཀྱི་སྐབས་ཏེ་གསུམ་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །བཟློག་པ་ལ་ནི་རྣམ་གཉིས་ལ། །ལྟས་ངན་བཟློག་པའི་ཁ་བསྒྱུར་ནི། །རི་རབ་ཕྱི་ཡི་ལྕགས་རི་ལ། །ཤར་དུ་རྒྱལ་པོ་བཟློག་པའི་ཡས། །ཕྱི་ལ་ཕྱེ་ཡིས་བྱུགས་པ་བརྒྱད། །ཤེལ་གྱི་ནམ་མཁའ་དཀར་པོ་བརྒྱད། །ཤེལ་ལྗང་དཀར་པོ་མཛེས་པ་བརྒྱད། །མདའ་དཀར་བརྒྱད་དང་འཕང་དཀར་བརྒྱད། །མཛེས་པའི་རྒྱན་གྱིས་བརྒྱན་ལ་དགོད། །ལྷོ་རུ་དམུ་རྣམས་


DNG017_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

བཟློག་པའི་ཡས། །དམུ་བྱ་ཕུག་རོན་སྔོན་མོ་དང། །མདའ་འཕང་ཐམས་ཅད་སྔོན་པོ་སྟེ། །བརྒྱད་བརྒྱད་གྲངས་སུ་ཚང་བར་དགོད། །ནུབ་ཏུ་བཙན་རྣམས་བཟློག་པའི་ཡས། །རྟ་པ་དམར་པོ་མཛེས་པས་བརྒྱན། །ནམ་མཁའ་དང་ནི་ལྗང་བུ་དང་། །མདའ་འཕང་དམར་པོ་བརྒྱད་བརྒྱད་དགོད། །བྱང་བུ་གཉན་རྣམས་བཟློག་པའི་ཡས། །སྤྲེའུ་སེར་པོ་གར་བྱེད་བརྒྱད། །ནམ་མཁའ་སེར་པོ་ལྗང་བུ་དང་། །མདའ་འཕང་སེར་པོ་བརྒྱད་བརྒྱད་དགོད། །ལོ་རྒྱུས་བདེན་པའི་སྨྲང་གིས་དཀྲོལ། །ཕྱི་རྗེས་ཟོར་གྱིས་གཅད་པར་བྱ། །ལྟས་ངན་བཟློག་པའི་སྐབས་ཏེ་བཞི་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །དང་པོ་ཁོ་ནར་བསྙེན་པ་ལ། །ཤིན་ཏུ་ནན་ཏན་ཆེར་བྱས་ལ། །སྔོན་འགྲོ་སེམས་བསྐྱེད་མཚམས་བཅད་ཏིང་འཛིན་གསལ། །བསོད་ནམས་ཚོགས་བསག་ཚད་མེད་བསྒོམ། །ཏིང་འཛིན་རྣམ་གསུམ་རིམ་གྱིས་བསྒོམ། །བྷ་ག་གྲུ་གསུམ་མཐིང་ནག་ཏུ། །དབང་ཆེན་དཀྱིལ་འཁོར་རྫོགས་པར་བསྒོམ། །འཇིགས་པའི་གཞལ་ཡས་ལྔ་ལྡན་དུ། །ཐུན་མོང་ཁྱད་པར་གདན་སྟེང་དུ། །ཆོ་ག་གསུམ་གྱི་འཕྲོ་འདུ་ལས། །རང་ཉིད་འཇོམས་བྱེད་འབར་བར་བསྐྱེད། །སྐུ་གསུང་བྱིན་བརླབ་དབང་བསྐུར་བྱ། །མདུན་དུ་ཀེང་རུས་རི་རབ་ལ། །ས་བོན་ཡོངས་སུ་གྱུར་པ་ལས། །སྤྲུལ་པ་འཆི་བདག་ཡབ་ཡུམ་གཉིས། །མཆོད་རྟེན་གསུམ་དང་ལྡན་པར་བསྐྱེད། །དེ་མཐར་གྲུ་གསུམ་འབར་བ་ལ། །ཡང་སྤྲུལ་མགོ་བརྙན་དྲུག་པོ་བསྒོམ། །བང་རིམ་དང་པོའི་ཕྱོགས་བཞི་རུ། །ཤར་དུ་རྗེ་མོ་ལྷོ་རུ་བདུད། །ནུབ་ཏུ་གཤིན་རྗེ་བྱང་དུ་ནི། །མ་མོ་དེ་རྣམས་བདུན་བདུན་བསྒོམ། །རི་རབ་བང་རིམ་བར་པ་ལ། །དམག་དཔོན་བཤན་པ་བཞི་རྣམས་བསྐྱེད། །དེ་དག་ཀུན་གྱི་རང་བཞིན་པ། །སྤྱན་དྲང་ཕྱག་འཚལ་བར་སྣང་ལ། །འོད་ཕུང་འདབ་འདྲེས་ཙམ་དུ་ནི། །མདུན་དུ་བཞུགས་སུ་གསོལ་


DNG017_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ། །ཀུན་ཏུ་བཟང་པོ་ལ་སོགས་པའི། །ཐུན་མོང་ཁྱད་པར་མཆོད་པ་དབུལ། །སྔགས་ཀྱི་བཟླས་པ་ཅི་རིགས་བྱ། །གཏོར་མ་ཕུལ་ལ་ཕྲིན་ལས་བཅོལ། །བསྟོད་དང་དངོས་གྲུབ་བླང་བ་དང་། །སྨོན་ལམ་གདབ་པར་བྱ་བ་ཡིན། །ཚོགས་ཀྱི་མཆོད་པ་དབུལ་བ་དང་། །སྡིག་པ་བཤགས་པར་བྱ་བ་དང་། །རང་རེ་གང་བྱེད་སྲུང་མ་ལ། །བསྐང་གསོའི་རིམ་པ་རྒྱས་པར་བྱ། །བང་རིམ་ཐ་མ་གཉིས་པ་ལ། །གླུད་དང་གནམ་ལ་འཕུར་དགུ་དང་། །བར་ན་འགྲོལ་དགུ་མི་ནོར་དགུ། །ས་ལ་འཛུལ་དགུ་ལ་སོགས་པ། །ནམ་མཁའ་ངར་བུ་མདའ་འཕང་སོགས། །འདོད་ཡོན་རྣམ་ལྔར་བྱིན་བརླབས་ལ། །མདོས་ལ་སྤྱན་དྲང་བསྐུལ་བར་བྱ། །གླུད་རྣམས་རྒྱས་པར་གྲངས་ལ་གདབ། །ཚེ་ཡི་ཆོ་ག་རྒྱས་པར་བྱ། །མདོས་བསྔོ་ཞིང་དབུལ་བའི་སྐབས་ཏེ་ལྔ་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །རྦོད་གཏོང་ལ་སོགས་བཟློག་པ་ན། །དཀྱིལ་འཁོར་ཚུལ་བཞིན་བྲིས་པ་ཡིས། །སྟེང་དུ་འཆར་ཀ་འཁོར་བཅས་རྣམས། །རི་རབ་བུམ་རྩེའི་སྟེང་དུ་དགོད། །བང་རིམ་རྣམས་ལ་གླུད་ཀྱིས་དགང་། །ལྗང་བུ་དམར་ནག་བདུན་ཡང་གཟུག །འཇིག་རྟེན་དར་སྣ་མང་པོས་བརྒྱན། །ཟོར་རྫས་ཚང་བའི་ཀོང་བུ་ནི། །རབ་འབྲིང་གང་འགྲུབ་དཀྱིལ་འཁོར་གྱི། །སྟེང་དུ་དགོད་པར་བྱ་བ་ཡིན། །ཟུར་བཞིར་རྒྱལ་མཚན་བཞི་ཡང་གཟུག །བལ་བུ་ལ་སོགས་ཤིང་སྣ་བཞི། །ཕྱོགས་བཞིར་གཟུག་ཅིང་ལྷ་རྣམས་ལ། །བྱིས་པ་འུར་རྡོ་རྡེག་པ་བདུན། །ཁ་དོག་ནག་པོར་བྱས་ལ་དགོད། །རང་ལ་གང་གནོད་མཐུན་པའི་རྫས། །དཀྱིལ་འཁོར་མཐའ་མར་བཤམ་པར་བྱ། །དེ་ནས་མཚམས་བཅད་ནས་བཟུང་ནས། །ཚོགས་དང་བསྐང་གསོ་ཡན་ཆད་རྣམས། །གང་དང་མཐུན་པར་ཤེས་པར་བྱ། །ཤ་རི་བྷྱོ་ལ་བསྙེན་པ་བསྐྱལ། །གང་གནོད་པ་ཡི་ལིངྒ་ལ། །དགུག་གཞུག་བྱས་ལ་བརྡུངས་ཤིང་བརྡེག །ཉུང་དཀར་གྱིས་ཀྱང་བྲབ་པར་བྱ། །དེ་ནས་མདོས་ཀྱི་ཁ་ཡང་ནི། །དགྲ་


DNG017_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

འམ་གནོད་པ་ཡོད་སར་བསྒྱུར། །རང་གིས་རྒྱབ་ནས་ཆོ་ག་བྱ། །ཏིང་འཛིན་འཆར་ཀ་འཁོར་བཅས་ཀྱི། །ཕྱག་མཚན་མཚོན་ཆ་སྣ་ཚོགས་པས། །དགྲ་འམ་བགེགས་ཏེ་གཏུབས་ཤིང་གཏོར། །སྲེགས་བཅོམ་གཟིར་བཏགས་མཆོད་རྟེན་གྱིས། །རོ་དེ་མནན་ཅིང་བསྐལ་པ་ཡི། །མཐར་ཡང་ཐར་པ་མེད་པར་བསྒོམ། །ཟོར་གྱི་སྣ་འདྲེན་དབང་པོ་གཟུག །ཟོར་བསྐུལ་བྱ་ཞིང་ཟོར་ལས་རྦད། །ཟོར་བཟློག་བྱ་ཞིང་རིག་འཛིན་བསྐུལ། །འཇོམས་བྱེད་བསྐུལ་ཞིང་ཕོ་ཉ་རྦད། །ཟོར་གྱི་གནས་བསྟན་ཟོར་ལམ་དབྱེ། །ཟོར་སྣ་དྲངས་ཤིང་ཟོར་དམག་དཔུང་། །ཟོར་ལམ་དྲངས་ཤིང་བྷྱོ་བཟློག་བྱ། །འཕངས་པའི་ཆོ་ག་རྒྱས་པར་བརྗོད། །དེ་ནས་ལྷག་མའི་ཆོ་ག་བྱ། །ཞུབ་ཅན་བཞི་ཡིས་མདོས་བཏེག་ལ། །ཡུག་ས་མོ་བཞིས་མདོས་ལམ་བྲབ། །གནོད་པའི་ཕྱོགས་སུ་མདོས་འཕང་ཞིང་། །དྲག་པོའི་སྔགས་རྒོད་བྱོལ་སྔགས་ལ། །པ་ར་བིན་དྷ་ན་ཚིནྡྷ་ཚིནྡྷ་བྷྱོ། གཞན་གྱི་རྦོད་གཏོང་ལ་བྷྱོ། མ་མོའི་དལ་ཁ་ལ་བྷྱོ། ཞེས་པ་ལ་སོགས་བཏགས་བྱས་ལ། །ཏིང་འཛིན་བསར་ཏེ་ཟོར་འཕང་ངོ་། །མ་ཉེས་དཔང་གཟུགས་བྷྱོ་ཡིས་གདབ། །རྗེས་ལ་ཕྱི་མིག་མི་བལྟ་བར། །ནང་དུ་འོང་ལ་རྟ་བྲོ་བརྡུང་། །ཚེ་བསྡིམ་ཚེ་ལ་ནན་ཏན་བྱ། །ཞལ་བསྲོ་བཀྲ་ཤིས་བརྗོད་པར་བྱ། །དམིགས་པ་མེད་པའི་བློ་ཡིས་སུ། །དགེ་བའི་རྩ་བ་བསྔོ་བར་བྱ། །ཟོར་གྱི་སྐབས་ཏེ་དྲུག་པའོ།། །།དེ་ནས་གཞན་ཡང་བཤད་པ་ནི། །འཆར་ཀ་ནག་པོ་ནང་ཐུག་ན། །སྐོང་བའི་མདོས་ལ་ནན་ཏན་བྱ། །གཞན་གྱི་རྦོད་གཏོང་གཙོར་བཟློག་ན། །སྔགས་པའི་ལིངྒ་བཅང་བ་དང་། །ཡ་མ་ཏྲག་རག་ཤ་མུ་ཏྲ་མུ་ཏི་སྙིང་ཁ་རག་ཐུན་བྷྱོ། བཟློག་བཟློག །ནྲི་ཤ་ཀུ་རུ་ཐུན་བྷྱོ་བཟློག་བཟློག །མནྟྲ་མནྟྲ་ནན་ས་མནྟྲ་ན་རུ་དྲ་ཡཀྴ་མ་ཎ་དྲ་བཟློག་བཟློག །ཅེས་པའི་ཤམ་བུ་བཏགས་ལ་འཕང་། །ཟོར་གྱི་ལས་ལ་གཙོར་བྱའོ། །གཞན་ཡང་གནན་དང་གསད་པ་ལའང་། །ལས་ཀྱི་ཁྱད་པར་ཤེས་པར་བྱ། །དྲེགས་པ་ཕོ་གདོན་བཟློག་པ་དང་། །སྲིད་པ་མོ་རྒྱུད་བཟློག་པ་དང་། །ཀླུ་ཡི་གནོད་པ་བསལ་བ་དང་། །རྡེའུ་ཁྲོ་བོས་བཟློག་པ་དང་། །དྲག་པོས་ཕུར་མཇུག་བསྡུ་བ་དང་། །


DNG017_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

ཟོར་གྱིས་གསད་པར་བྱ་བ་དང་། །དེ་རྣམས་ཚར་བཅད་རིམ་པ་སྟེ། །ཉེན་ཅན་ནད་པ་གསོ་བ་དང་། །སྲིའུ་གསོ་དང་མཛེ་འཕྲོ་བཅད། །འཆི་བ་བསླུ་དང་རྨི་ལམ་བཟློག །ཕ་ཚན་བྱོལ་པོ་བཟློག་པ་དང་། །དལ་ཡམས་རིམས་ནད་བཅད་པ་དང་། །ཕྱུགས་གོད་བསྲུང་དང་སེར་བ་བསྲུང་། །དམག་དཔུང་བཟློག་དང་ཤི་ཁ་གཅད། །ཤྭ་བུད་སྐྱིན་ཐང་བཟློག་པ་དང་། །ལྟས་ངན་བཟློག་དང་རྦོད་གཏོང་བཟློག །དེ་རྣམས་ཕན་གདགས་རིམ་པ་སྟེ། །ལས་ཀྱི་ཁ་བསྒྱུར་རྫས་དང་སྔགས། །སོ་སོའི་སྦྱོར་བ་ཤེས་པར་བྱ། །ལས་མཇུག་གནན་བསྲེག་འཕང་བ་ནི། །ཀུན་ལ་གཅེས་པས་བསྒྲིམས་ལ་འབད། །གཞན་ཡང་གླང་པོའི་སྤུང་མདོས་དང་། །བདུད་ཤ་ནག་པོའི་མདོས་དང་ནི། །ཟླ་ཚེས་ཚེ་ཡི་མདོས་ཉིད་དང་། །དམག་དཔོན་བཞི་ཡི་སྐོང་མདོས་དང་། །མ་མོ་གཤིན་རྗེ་རྗེ་མོ་བདུད། །སོ་སོའི་སྒོས་མདོས་བྱ་བ་དང་། །ཤིང་གི་མདོས་དང་འབྲུ་ཡི་མདོས། །དེ་སོགས་སྦྱོར་བ་བསམ་ལས་འདས། །རང་རང་འདོད་པ་ཇི་བཞིན་བྱ། །གཞན་ཡང་གསད་པར་འདོད་པ་ན། །གཡག་རུར་ལིངྒ་བཅུག་བྱས་ལ། །དེ་ཡི་སྙིང་གར་སྐྱེར་པ་ཡི། །མདའ་ལ་ལྟས་ངན་བྱ་གསུམ་གྱི། །སྒྲོ་བསྐྱོན་རྩེ་མོ་ཁྲག་གིས་བྱུག །རྭ་རྩེར་བསྟན་ལ་གཟུག་པར་བྱ། །དུག་ཤིང་དག་གི་ཕུར་པ་ལ། །དུག་ཆུས་བྱུགས་ལ་སྙིང་གར་གདབ། །གྲུ་གསུམ་ནང་དུ་བཅུག་བྱས་ལ། །ཁྲག་དང་ཉུང་དཀར་དག་གིས་བྲབ། །ནྲི་མ་ར་ནི་ནྲི་མ་ར་ན། སྙིང་ཏི་ཤི་ཏི་ཤ །ཡ་མ་སྙིང་ཡ་མ་ཁྲག །ཚལ་པ་ཚལ་པ་བམ་རིལ། སི་རིལ་སི་རིལ། དུམ་བུ་དུམ་བུ། ནག་པོ་སྟམ་བྷ་རཀྴ་ནན། སྙིང་ལ་ཐོད་པ་བྲག་ཤ་ནན། ནག་པོ་སྙིང་ཛ་ཛ་རྦད། ནག་པོའི་སྙིང་རྒྱུད་ལ་བམ་རི་ལི་ལི། མཱ་ར་ཡ་སུབས་རིལ་རྦད། ནག་པོ་སྙིང་ལ་ཤང་ཡ་ཤང་ཡ་རྦུད། བཛྲ་ཀཱི་ལི་ཀཱི་ལ་ཡ། ཐུན་ལིས་རྦད་ཡ། ལས་ཕྲན་ཚེགས་ཀྱི་སྐབས་ཏེ་བདུན་པའོ།། །།གཤིན་རྗེ་ནག་པོའི་ངན་སྔགས་ཕྱིར་བཟློག་པའི་རྒྱུད་ཅེས་བྱ་བ། ཆུ་ཐིག་སྔོན་མོའི་རྒྱུད་ཕྱི་མ་རྫོགས་སོ།། །།གནུབས་བན་རྡོ་རྗེ་ཁྲི་གཙུག་གིས་དཀའ་བ་སྤྱད་ནས་བསྒྱུར་བའོ།། །།བར་འདིར་འཆར་ཀ་ནག་པོའི་སྐྱེ་རྒྱུད། མོན་པ་ནག་པོ་སྐུ་ཁྲོས་པའི་རྒྱུད། སྲིན་པོ་སྒོ་བརྡུང་གི་རྒྱུད། གདོང་ཟོར་ནག་པོའམ་གཤིན་རྗེ་སྔགས་བཟློག་གི་རྒྱུད། འཇོམས་བྱེད་འབར་བའི་རྒྱུད་རྣམས་འོང་དགོས་ཀྱང་དཔེ་མ་འབྱོར།

འཕགས་པ་འཇམ་དཔལ་མཆེད་བཞིའི་སྔགས་རྒྱུད་ཅེས་བྱ་བ།


DNG017_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་མ་རུ་ཙེ་ཙ་ཏུ་ར་ས་ཧ་ཛ་མནྟྲ་ཏནྟྲ་ནཱ་མ། བོད་སྐད་དུ། འཕགས་པ་འཇམ་དཔལ་མཆེད་བཞིའི་སྔགས་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་དཔལ་ཁྲོ་བོ་འཇིགས་བྱེད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། འོག་མིན་གྱི་གནས་རང་བཞིན་ལྷུན་གྱིས་གྲུབ་པའི་གནས་མཆོག་ན། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་འགྲོ་བ་རྣམས་ཇི་ལྟར་འདུལ་བ་བཞིན་དགོངས་ནས། འཁོར་རྣམ་པ་བཞི་ལ་གང་ལྟར་འཚམས་པ་བཞིན་དུ་སྟོན་པ་ལ་ཐུགས་རྗེས་བསྟན་པས་བྱིན་རླབས་ཀྱིས། མཁྱེན་པའི་ཡེ་ཤེས་ཐུགས་ཀྱི་དགོངས་པ་ལས། །ཕྱིན་ཅི་ལོག་ཏུ་ཁ་བལྟ་སེམས་ཅན་རྣམས། །བླ་མེད་གནས་སུ་ཐུགས་རྗེས་དྲང་བའི་དོན་སླད་དུ། །ཞི་བའི་སྐུ་ལས་ཁྲོ་བོའི་ཆོ་འཕྲུལ་བསྟན། །དེ་ལྟར་ཁྲོ་བོའི་རྒྱལ་པོ་ཡ་མཱནྟ་ཀ་དེ་འཁོར་གྱི་ཁྲོ་བོ་རྣམས་ཀྱི་དབུས་ན་བཞུགས་སོ། །དེའི་ཚེ་དེའི་དུས་ན། ཁྲོ་བོའི་རྒྱལ་པོ་ཡ་མཱནྟ་ཀ་དཔའ་རྟུལ་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ཉིད་ཀྱི་བྱིན་རླབས་ཡེ་ཤེས་རྣམ་པ་བཞི་ལས། རིགས་བཞིའི་ཁྲོ་བོར་གྱུར་ཏེ། ཡ་མ་རཱ་ཛ་དང་། མྱོས་བྱེད་འབར་བ་དང་། ཨཱརྱ་མ་རུ་དང་། རལ་པ་ཚར་དགུ་དང་བཞི་འཐོན་ཏེ། དེ་བཞིའི་སོ་སོའི་ཐུགས་ཀྱི་སྤྲུལ་པ་ལས། དབང་སྡུད་མ་རུ་ཙེ་མཆེད་བཞིའི་སྐུ་རུ་བསྟན་ནོ། །དུས་ཀྱི་རྣམ་པར་གཙིགས་སུ་ཤེས་པས་འཁོར་རྣམས་དང་། ཐབས་དང་ཤེས་རབ་ཀྱིས་ཐབས་ཅིག་ཏུ་བཞུགས་སོ། །དེའི་ཚེ་དེ་དག་གི་ནང་ནས་འཇིགས་བྱེད་ཡ་མ་རཱ་ཛ་ལ་སོགས་པ་བཞིའི་བྱིན་གྱིས་བརླབས་ཏེ་དཔལ་ཕྱག་ན་རྡོ་རྗེའི་སྤྲུལ་པའི་སྐུར་བཞེངས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་དབུས་ཕྱག་བཙལ་ནས་བསྐོར་བ་བྱས་ཏེ་འདི་སྐད་ཅེས་གསོལ་ཏོ། ཀྱེ་ཀྱེ་བཅོམ་ལྡན་འདས། རང་བཞིན་མེད་པའི་ཆོས་བཤད་པ། །འཁོར་བའི་རྒྱ་མཚོ་དྲང་བའི་ཕྱིར། །མ་འོངས་ཤཱཀྱ་ཐུབ་པ་ཡི། །


DNG017_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

བསྐལ་པ་བསྟན་པའི་ཐ་མ་ལ། །མཚམས་མེད་ལྔ་ཡི་ལས་དག་འབྱུང་། །སངས་རྒྱས་བསྟན་པ་མི་གཉན་པར། །གནོད་སྦྱིན་གདོང་དམར་དབང་དུ་འགྱུར། །དེས་ན་ལྷ་སྲིན་སྡེ་བརྒྱད་ཀྱི། །གཙོ་བོ་ཆེན་པོ་བཞི་རྣམས་ཀྱིས། །ཁྲོ་བོ་རྣམས་ཀྱི་དྲུང་ན་གནས། །རབ་འཇིགས་ཆེན་པོ་བཀའ་སྩོལ་ཅིག །དཔའ་བོ་ཆེན་པོ་བཀའ་སྩོལ་ཅིག །ཅེས་གསོལ་པ་དང་། ཁྲོ་བོ་ཡ་མཱནྟ་ཀས་ཕྱག་ན་རྡོ་རྗེས་གསོལ་པ་ཐུགས་སུ་ཆུད་དེ། ཅང་མི་གསུང་བར་ཞལ་འཛུམ་པར་མཛད་དོ། །དེ་ནས་ཡང་ཕྱག་ན་རྡོ་རྗེས་ཅང་མི་གསུང་བ་ཐུགས་སུ་ཆུད་དེ། འདི་སྐད་ཅེས་གསོལ་ཏོ། །དཔའ་བོ་ཆེན་པོ་ཁྲོ་ཆེན་པོ། །སངས་རྒྱས་བསྟན་པ་གཉན་བྱའི་ཕྱིར། །གནོད་སྦྱིན་གདོང་དམར་འདུལ་བའི་ཕྱིར། །གཙོ་བོ་རྣམས་ལ་བཀའ་སྩོལ་མཛོད། །ཅེས་གླེངས་པས། ལྷ་སྲིན་སྡེ་བརྒྱད་གཙོ་བོ་བཞི་ལ་སོགས་ཏེ། ཁྲོ་བོ་རྣམས་དང་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ཕྱག་ན་རྡོ་རྗེའི་དྲུང་དུ་ཐབས་ཅིག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །མ་ཧཱ་རཀྟ་མཎྜལ་ཞེས་གསུངས་པས། འཇིག་རྟེན་དབང་དུ་བསྡུ་བའི་ཕྱིར། སྟོང་གསུམ་གྱི་སྟོང་གི་འཇིག་རྟེན་ཐམས་ཅད་དམར་པོ་ཁྲག་གི་རང་བཞིན་དུ་གྱུར་ཏོ། །དེ་ནས་ཕྱག་ན་རྡོ་རྗེ་ལ་སོགས་པའི་འཁོར་རྣམས་འཇིགས་ཤིང་རྔམས་ཏེ་ཇི་ལྟ་བུའི་ཆོ་འཕྲུལ་ཡིན་སྙམ་པ་ལས། དེའི་དུས་སུ་སྟོང་གསུམ་གྱི་སྟོང་ཆེན་པོའི་སེམས་ཅན་རྣམས་ཀྱང་བརྒྱལ་བར་འགྱུར་རོ། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆིའོ་ཞེས། ཕྱག་ན་རྡོ་རྗེ་དང་ཐབས་ཅིག་ཏུ་སྨྲས་སོ། །དེ་ནས་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོ་འཕྲུལ་དེ་ཐུགས་སུ་གསལ་ཏེ། ཕྱིན་ཅི་ལོག་དུ་བལྟས་པ་རྣམས་དབང་དུ་བསྡུ་བའི་རྟགས་དབང་གི་རང་བཞིན་དུ་བསྟན་ཏོ་སྙམ་ནས་གཙོ་བོ་ཆེན་པོ་བཞིས་ཀྱང་། འཇིག་རྟེན་གྱི་དབང་གཏོད་པར་ཐུགས་སུ་གསལ་ཏོ། །ཕྱག་ན་རྡོ་རྗེ་དང་ཐབས་ཅིག་གོ། །དེ་ནས་ཡང་དཔལ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་


DNG017_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་འདི་ལྟ་བུའི་བྱིན་རླབས་ངོ་མཚར་ཏོ། །འདི་ལྟ་བུའི་ཆོ་འཕྲུལ་ངོ་མཚར་ཆེའོ། །སེམས་ཅན་ཐུགས་རྗེའི་དཔྱང་ཐག་ཆད་ཅིང་ངན་སོང་དུ་སྐྱེ་བ་རྣམས་ལ་ཆོ་འཕྲུལ་བསྟན་པ་ངོ་མཚར་ཆེའོ། །དེའི་དུས་སུ་དོན་དང་ངེས་ཚིག་བསྟན་དུ་གསོལ་ཅེས་པ་དང་། བཅོམ་ལྡན་འདས་ཡ་མཱནྟ་ཀས་ཐུགས་ཀྱིས་གསང་མཛོད་ནས་ཕྱུང་། མགུར་གསང་བའི་བུམ་པར་དྲིལ། ལྗགས་ཀྱི་དབང་པོ་ལ་བཀྲམ་སྟེ་བཀའ་སྩལ་པ། ཕྱག་ན་རྡོ་རྗེ་ཁྱོད་ཉིད་ཀྱི་ཐུགས་ལ་ཡོད་བཞིན་དུ་འགྲོ་བའི་དོན་དུ། གཙོ་བོ་བཞིའི་དོན་དང་ངེས་ཚིག་དག་ཞུ་བ་ལེགས་སོ། །ད་ངས་བཤད་ཀྱིས་ཉོན་ཅིག །འཁོར་བའི་རྒྱ་མཚོ་དྲང་བའི་ཕྱིར། །གང་ལྟར་འདུལ་བའི་རིམ་པ་བསྟན། །ཕྱིན་ཅི་ལོག་ཏུ་ཁ་བལྟས་པས། །སེམས་ཅན་དྲང་བའི་དོན་སླད་དུ། །གསེར་རམ་གུར་གུམ་ཁ་དོག་ལས། །སྟང་ཟིལ་འདྲ་བའི་སྐུ་རུ་བསྟན། །ཀུན་བཟང་ཞི་བའི་སྐུ་ལས་ནི། །ང་ཉིད་ཁྲོ་བོ་ཆེན་པོར་གནས། །འཇིག་རྟེན་དབང་དུ་བསྡུ་བའི་ཕྱིར། །ཐམས་ཅད་ཁྲོ་བོའི་རང་བཞིན་བསྟན། །ང་ཡི་ཐུགས་ཀྱི་ཡང་སྤྲུལ་ལས། །དམར་པོ་གཙོ་བོ་བཞིན་དུ་བསྟན། །དམར་བ་དབང་གི་རང་བཞིན་ལ། །རུ་ནི་ཆགས་པའི་རང་བཞིན་ཏེ། །ཙེ་ནི་ཞེ་སྡང་ཉི་ཚེ་ཞེས། །དེས་ན་མ་རུ་ཙེ་ཞེས་བྱ། །གཙོ་བོ་བཞི་ཡི་ལག་ན་ནི། །སྐྱེ་འགྲོའི་ཚེ་སྲོག་གནས་བྱའོ། །ཞེས་བཀའ་སྩལ་ཏོ། །འཇམ་དཔལ་མ་རུ་ཙེའི་མཆེད་བཞིའི་སྔགས་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་ཡང་ནི་མཐུ་སྟོབས་ཀྱི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །བདག་ཅག་འདུས་པའི་འཁོར་ཚོགས་དང་། །དུས་ངན་ཐ་མའི་རྣལ་འབྱོར་པས། །གསུང་གི་བསྟན་པ་བསྲུང་བའི་ཕྱིར། །ཕྱོགས་བཅུའི་བདེ་གཤེགས་ཐམས་ཅད་ཀྱིས། །ལྷ་ཆེན་གཙོ་བོ་རྣམས་ལ་ནི། །བྱིན་གྱིས་བརླབས་པར་མཛད་དུ་གསོལ། །བདག་ཅག་རྣམས་ལ་བསྟན་པ་ཡི། །ཇི་ལྟར་བགྱི་བའི་རིམ་པ་བཞིན། །དཔའ་བོ་ཆེན་པོས་བཀའ་སྩོལ་མཛོད། །ཅེས་པའོ། །དཔའ་བོ་ཆེན་པོས་


DNG017_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་སྩལ་པ། །ཉོན་ཅིག་ཁྲོ་བོ་རོལ་པའི་ཚོགས། །གསུང་གི་བསྟན་པ་བསྲུང་བའི་ཕྱིར། །ཡང་དག་ཉིད་དུ་བཤད་པར་བྱ། །ང་ནི་ཁྲོ་བོའི་རྒྱལ་པོ་སྟེ། །རྣམ་ཤེས་ཚོགས་བརྒྱད་ང་ལ་ཉོན། །ང་ཡི་ཐུགས་ཀྱི་ཡང་སྤྲུལ་ལས། །སྒྲོལ་བྱེད་གཤིན་རྗེ་མ་རུ་ཙེ། །འགུགས་བྱེད་སྲིན་པོ་མ་རུ་ཙེ། །དབང་སྡུད་བདུད་ཕོ་མ་རུ་ཙེ། །སྒྲོལ་བྱེད་གནོད་སྦྱིན་མ་རུ་ཙེ། །གཤིན་རྗེ་སྲིན་པོ་བདུད་དང་ནི། །གནོད་སྦྱིན་ལ་སོགས་སྡེ་བརྒྱད་ཀྱི། །ཁ་ལོ་བསྒྱུར་བར་དབང་བསྐུར་ཏེ། །རྩ་བའི་སྔགས་ནི་འདི་རྣམས་སོ། །གནོད་སྦྱིན་ཕྱོགས་ནས་སྐོར་བྱེད་པ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བཻ་ཤྲཱ་མ་ཎ་སྱེ། ན་མ་ཏ་ན་ཀུ་པར་སྱེ། གུ་ཧྱ་ཀ་ཏེ་པ་ཏེ་ཏྱེ་པ་ན་ཀུ་པ་ར་དྷའི་ཤ་མིག །ཨ་ནུ་རུ་པ་སུ་རུ་པ། ཙནྟ་ཁ་ན་ནཱ་ག་ཙ་ཙ་ཀཾ་ཧྱ་མོ་ཧེ་ས། ཀན་ཀུ་སར་ན་ཧེ་མ་ཀན་ཀུ་ཧ་ཀ །ཙ་ལ་ཙ་ལ་པ་ཙ་པ་ཙ། སུ་ལུ་སུ་ལུ་སྭཱ་ཧཱ། བོད་རྦད་དགྱེས་ཏེ་བསད་པ་དང་བཞིའོ། །ཨོཾ་ཏྲི་ལིང་ཤང་ཀ་དུ། དྲི་ཟ་ཡཀྴ་རྦད། པུ་ཕྱེ་མ་ཁ་འདར། རུ་རུ་པྲ་པྲ་དུམ་དུམ། ཤིག་ཤིག །འབོད་རྦད་དགྱེས་ཏེ་བསད་པ་དང་བཞིའོ། །ཨོ་རྣལ་མ་རྣལ་ཏེ་གསོད་ལ་རྔམ། གཤོག་ལ་མེར། པྲིས་ལ་སྡྱ ་ཐུ་བིས་ཐུ། ལྕགས་ཀྱི་སྐྲ། འབོད་རྦད་དགྱེས་ཏེ་བསད་པ་དང་བཞིའོ། །ཨོཾ་བདུད་པྲ་མ་ཡ། བདུད་པྲ་མ་ཡ། སྙིང་མགོ་ཆོད་དུ་རུ་དུ་རུ། ཧར་ཏི་ཧར་ཏི། སྙིང་ལ་ཛ་རི་ནག་པོ་ཏི་པ་ཙ་བི་ཧེ། སྙིང་ལ་པ་ཙ་ཙ་བམ་རིལ་རྦད། ནག་པོ་ཧེར་བམ་རི་ལ་རྦད། ནག་པོ་ཧེ་ར་ཧ། ཧུ་ཡ་ཧུ་ཡ་སྙིང་ལ་དུར་དུར་གློ་ཙ་བཾ་རིལ་རྦད། འབོད་རྦད་དགྱེས་ཏེ་བསད་པ་དང་བཞིའོ། །འཇམ་དཔལ་མ་རུ་ཙེའི་སྔགས་རྒྱུད་ལས། རྩ་བ་སྔགས་ཀྱི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །རྫས་ཀྱི་རིམ་པ་འདི་ལྟ་སྟེ། །གསོད་པའི་ཕྱོགས་ནས་གསད་པར་བྱ། །གནོད་སྦྱིན་ཕྱོགས་ནས་གསད་པར་བྱ། །གནོད་སྦྱིན་དམར་ལྡན་ར་དམར་ལ། །གཤིན་རྗེ་དཀར་པོ་གཉའ་ནག་ལ། །


DNG017_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

སྲིན་པོ་སྲོག་ཆགས་སྡེར་ཆགས་སོ། །བདུད་ཀྱི་དམེ་ལུག་སྨུག་པོས་བྱ། །སྨུག་ཆེན་སྨུག་ཆུང་ལ་སོགས་པའི། །ཤ་དང་ཁྲག་དང་སྙིང་རྣམས་ནི། །བརྟེན་པའི་རྫས་སུ་བསག་པར་བྱ། །ཚིལ་ཆེན་གུ་གུལ་ལ་སོགས་པ། །དབྱེ་བའི་རྫས་སུ་བསག་པར་བྱ། །དྲག་པོ་ལ་སོགས་རྫས་རྣམས་ནི། །བསད་པའི་རྫས་སུ་བསག་པར་བྱ། །བཞི་པོ་སོ་སོར་བསྒྲུབ་ན་ཡང་། །རང་རང་སྲོག་ཆགས་མ་ནོར་དང་། །ཕྱི་མའི་རྫས་རྣམས་གཞུང་བཞིན་བཤམ། །ཙ་ར་དཀར་པོ་གཉའ་ནག་ལ། །བཞི་ཀ་བསྒྲུབ་ཀྱང་སྐྱོན་མེད་ཅེས། །ཁྲོ་བོ་ཆེན་པོས་དོན་དུ་གསུངས། །རྣལ་འབྱོར་དོན་དང་ལྡན་པ་བཞི། །དཀྱིལ་འཁོར་ཕྱོགས་བཞིར་བཞུགས་ནས་སུ། །མཆེད་བཞིའི་སྐུ་ནི་གསལ་བསྒོམས་ལ། །སྤྱན་དྲང་མཆོད་པས་ཐུགས་དམ་བསྐུལ། །ཡང་ན་དཀའ་ཐུབ་ཆེན་པོ་ཡི། །སེམས་ཀྱིས་ཕྱོགས་བཞིར་བསྒོམས་ནས་ནི། །སྤྱན་དྲང་ལ་སོགས་གོང་བཞིན་བྱ། །སྙིང་པོ་གནད་ནས་ཁུགས་ནས་སུ། །བོད་ཅིང་ཐུགས་དམ་རྒྱུད་བསྐུལ་ནས། །གདོང་དམར་གཏད་དེ་དམ་བདར་ན། །སུམ་ཅུ་གསུམ་གྱིས་གདོན་མི་ཟ། །འཇམ་དཔལ་མ་རུ་ཙེའི་སྔགས་རྒྱུད་ལས། རྫས་དང་ལས་ཀྱི་རིམ་པ་སྟེ་ལེའུ་གསུམ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །མཐིང་ནག་གྲུ་གསུམ་དྲག་པོའི་དབུས། །ཟླ་གམ་གསུམ་བསྐོར་དབང་གི་ཚུལ། །ཟླུམ་པོ་ཞི་བའི་རང་བཞིན་ནོ། །འཁོར་ལོ་རྩིབས་བཞི་གཞལ་ཡས་ཁང་། །གྲུ་བཞི་རྒྱས་པའི་རང་བཞིན་ལ། །སྒོ་དང་སྒོ་ཁྱུད་རིམ་བཞིན་ལྡན། །མཐིང་ནག་དབུས་ལ་བསྐྱེད་རྫོགས་ཏེ། །འཁོར་ལོ་བཞི་ལ་གཙོ་བོ་བཞི། །རྫས་ནི་གནོད་སྦྱིན་ཕྱོགས་ནས་བསྐོར། །དུག་གཏོར་དང་ནི་སྒྲུབ་གཏོར་དང་། །ཧོམ་དང་ཕུར་བུ་རིམ་བཞིན་དགོད། །དུག་གི་དབྱེ་བའི་སྔགས་བསྟན་པ། །ཡ་མ་རཱ་ཛ་ཀླུ་ལིང་བ་སང་སང་། ཀུན་པ་སང་སང་། ཀླུ་ལིང་སང་སང་ཀུ་ཏ་ནན། ཡོལ་ལྕགས་སཾ་ཀུ་ཏ་ཀི་ཧཱུཾ་ཕཊ། ཀུན་ལ་བཞི་སྡོམ་སྔགས་སུ་བསྟན། །ཕུར་བུ་དང་ནི་དྲག་


DNG017_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཡི། །དེ་ཡི་དྲག་སྔགས་བཤད་པར་བྱ། །རྩ་བའི་དྲག་སྔགས་བཞི་པོ་ཡི། །མཇུག་ལ་བཏགས་ཏེ་བརྟག་པར་བྱ། །མཱ་ར་ཡ་དང་རྦད་ཅེས་བརྗོད། །ཨོཾ་ཀུ་མཱ་རཱ་ཛ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཀཱི་ལ་ཡ་ཧཱུཾ་ཕཊ། རྩ་བ་བཞི་ལ་བཏགས་ལ་བརྡེག །ཧོམ་ལ་གདོང་དམར་བསྲེག་པའི་སྔགས། །ལུང་དང་ལྡན་པར་བརྗོད་པར་བྱ། །བླ་བྱང་བསྲེག་ཅིང་ཉུང་དཀར་བརྡེག །ཨོཾ་ཀུ་མཱ་རཱ་ཛ་ཧ་ན་ཨུ་མ་མཉྫུ་ཤྲཱི་ཀུ་མཱ་ར་ར་མ་ཁ་རྦད། ཡཀྴ་གདོང་དམར་མཱ་ར་ཡ། མཉྫུ་ཤྲཱི་ཀུ་མཱ་ར་ཧེ་གྲི་བར། ཡཀྴ་ཁ་ལ་སྤུ་གྲི་རྦད། གདོང་དམར་མཱ་ར་ཡ་རྦད། མཉྫུ་ཤྲཱི་དེ་བ་ཏ་ཏ་མཉྫུ་ཤྲཱི་གྲི་བ་ཁ་ལ་དུན་ཏི། གདོང་དམར་མཱ་ར་ཡ། མཉྫུ་ཤྲཱི་དེ་བ་གྲི་བ་ཁ་ལ་ཤག་སྙིང་མགོ་ཆོད། ཡུན་དུང་ཏིང་རྦད། དགྲ་བོ་མཱ་ར་ཡ་རྦད། དེ་བ་མཉྫུ་ཤྲཱི་ཀུ་རུ་མ་ཏ་རུ་པ་ཏ་ཀ་ར་ཧི་ན། ཁ་ལ་ཤག་སྙིང་ཁ་ལ་ཡཾ། མགོ་རྦད་དགྲ་བོ་མཱ་ར་ཡ་རྃ། སྐྱེར་པའི་ཧོམ་ལ་མེ་སྦར་ཏེ། །གཏོར་མའི་ལིངྒ་ལྷག་མ་ཀུན། །སྤགས་ལ་སྦྱིན་སྲེག་རབ་བྱས་ལ། །དམར་པོ་མཆེད་བཞི་ཞལ་གདངས་བསམ། །དགྲ་བོ་གདོང་དམར་གསོལ་བར་བསམ། །དམར་པོ་མཆེད་བཞི་དྲག་སྔགས་རྩ་བཞི་ལ། །གོང་མའི་དྲག་སྔགས་དེ་བཏགས་ཏེ། །གདོང་དམར་ཚིག་པར་རབ་བསྲེགས་ལ། །ཐལ་བར་རླུང་ལ་བསྐུར་བྱས་ལ། །ངེས་པར་མཱ་ར་གདོན་མི་ཟ། །ཤར་གྱི་བདུད་ཀྱི་དམ་རྫས་ནི། །ཤར་གྱི་དམར་གཏོར་བདེན་པའི་རྫས། །རྩ་བའི་སྔགས་ལ་ཁ་རཾ་གདགས། །བོད་ཅིང་བརྟེན་པའི་གཏོར་མའོ། །འཇམ་དཔལ་མ་རུ་ཙེ་མཆེད་བཞིའི་སྔགས་རྒྱུད་ལས། དཀྱིལ་འཁོར་བྲི་བ་དང་། ཕྲིན་ལས་སྔགས་ཀྱི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །རྩ་བ་བཞི་སྡོམ་རྒྱུན་དུ་གྲངས། །ཨོཾ་ཀུ་མཱ་རཱ་ཛ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཀུ་མཱ་རཱ་ཛ། བཅོ་ལྔ་སྔགས་ཀྱི་ཕྲེང་བ་འདི། །མུ་ཏིག་བསྟར་ལ་བརྒྱུས་པ་འདྲ། །རྒྱལ་བ་རྣམས་ཀྱི་བྱིན་གྱིས་བརླབས། །ཨོཾ་ནི་ཡེ་ཤེས་ལྔ་དང་ལྡན། །ཀུ་མ་རང་བཞིན་བསྐྱེད་པའི་སྔགས། །མཉྫུ་འཇམ་པའི་ཁྲོ་བོ་སྟེ། །ཤྲཱི་ནི་བདག་དང་གཞན་གྱི་དཔལ། །ཡ་མཱནྟ་ཀ་གཙོ་བོའི་སྔགས། །


DNG017_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ཀུ་མཱ་རཱ་ཛཱ་བཞི་པོ་ནི། །བཞི་སྙིང་གཅིག་ཏུ་དྲིལ་བ་སྟེ། །ལུས་དང་གྲིབ་མ་བཞིན་དུ་བསྙེན། །བདུན་འབུམ་གྲངས་ནི་ཚང་གྱུར་ན། །ཚེ་དང་ཡེ་ཤེས་ཕུན་སུམ་ཚོགས། །ཅི་འདོད་རང་ལས་འབྱུང་བར་འགྱུར། །གདོང་དམར་འདུལ་བར་འདོད་ཀྱང་རུང་། །ངག་གམ་བསམ་པས་འགྲུབ་པར་འགྱུར། །ས་བོན་སྙིང་པོ་རྒྱུ་དང་འདྲ། །ལྺུ ་ལྺུ ་ལྺུ ་ལྺུ ་ཡང་ན་ཧཱུཾ་གི་བར་དུ་བྱ། །དེ་ནི་བསྐྱེད་པའི་ས་བོན་ཡིན། །བདག་གི་རྣམ་ཤེས་ཚོགས་ལས་བྱུང་། །ཨོཾ་མཉྫུ་ཤྲཱི་ཀུ་མཱ་ར་ཡ་མཱནྟ་ཀ་མ་རུ་ཙེ་རེས་ཡ་ཧཱུཾ་ཕཊ། བཅུ་དགུ་སྔགས་ཀྱི་དྲིལ་སྔགས་འདི། །ཆུ་བུར་རྡོལ་བའི་ཚུལ་བཞིན་དུ། །རྒྱལ་བ་རྣམས་ཀྱི་རྐྱེན་དུ་བརྗོད། །བརྗོད་པས་གཙོ་བོ་བཞི་ཡི་སྐུ། །རྒྱན་དང་སྐུ་མདོག་ཕྱག་མཚན་ལྡན། །རྒྱལ་བའི་སྐུ་གསུང་ཐུགས་ཡིན་ཕྱིར། །བཞི་པོ་དྲིལ་བས་སྐུ་གསུང་ཐུགས། །དེ་དག་སྔགས་སུ་གསུངས་པའོ། །ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཛ་ལ་ཛ་ལ་ཀཱ་ཡ་ཧཱུཾ་ཕཊ། ཨོཾ་ནས་ཧཱུཾ་དང་ཕཊ་ཀྱི་བར། །བཅུ་བདུན་བརྗོད་པ་སྐུ་ཡི་སྔགས། །ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཝཀྐ་ཤ་ཡ་ཧ་ན་ཧ་ན་ཧཱུཾ་ཕཊ། ཨོཾ་ནས་ཧཱུཾ་དང་ཕཊ་ཀྱི་བར། །བཅོ་བརྒྱད་བརྗོད་དེ་གསུང་གི་སྔགས། །ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཙིཏྟ་ས་ན། ཙིནྡྷ་ཙིནྡྷ་ཧཱུཾ་ཕཊ། ཨོཾ་ནས་ཧཱུཾ་དང་ཕཊ་ཀྱི་བར། །བཅུ་དགུ་གསུངས་ཏེ་ཐུགས་སུ་བསྟན། །ས་བོན་སྔགས་དང་བསྐྱེད་པའི་སྔགས། །རྒྱུ་ནི་རྩ་བའི་བཅོ་ལྔའི་ཕྲེང་། །སྐུ་གསུང་ཐུགས་ཀྱི་སྔགས་དང་དྲུག །ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱིས་གསུངས། །མཐུ་དབང་ཆེ་བར་བྱིན་གྱིས་བརླབས། །སྒྲོལ་ཞིང་འདུལ་བའི་དྲག་སྔགས་ནི། །དཔའ་བོ་ཁྲོ་བོས་ཡང་དག་གསུངས། །འཇམ་དཔལ་མ་རུ་ཙེའི་སྔགས་རྒྱུད་ལས། རྒྱལ་བ་རྣམས་ཀྱིས་གསུངས་ཤིང་བྱིན་གྱིས་བརླབས་པའི་སྔགས་ཀྱི་ལེའུ་སྟེ་ལྔ་པའོ།། །།དཔའ་བོ་ཁྲོ་བོས་ཡང་དག་བཤད། །རྒྱལ་བས་གསུངས་པའི་བསྙེན་པ་སྟེ། །ཡོན་ཏན་སྔགས་ནི་ལས་ལ་སྦྱོར། །ཨོཾ་ནུ་ར་ཕཊ། ཨོཾ་ཛོད་བ་གྲིར་སོད་ཏ་སོད། ཨོཾ་རུ་ཏ་རུ་བྷོ་བྷོ་མཱ་ར་ཡ་


DNG017_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ནན། ཨོཾ་ཧྲཱྀཿཤྟྲཱིཿབི་ཀྲྀ་ཏ་མོ་ན་ཏ་དགྲ་བོ་མཱ་ར་ཡ། དེ་ནི་ཡོན་ཏན་སྔགས་སུ་བསྟེན། །ལས་ཀྱི་གཉེར་གཏད་ཐུགས་དམ་བསྐུལ། །དགྲ་བོ་ནི་ཡཾ་ཧཱུཾ་ཏ་ནན། དགྲ་བོ་ཡཾ་ཕཊ་ཕཊ། རུ་རུ་ཏ་དམང་དགྲ་བོ་ནི་མཱ་ར་ཡ་ནན། དུག་ལ་དུང་ཡང་ཕཊ། རུ་ཏ་རུ་མཱ་ར་ཡ་ཛ་ནི་དགྲ་བོ་ཡ་ཡ། ཛོ་ནན་ནན། ཐུགས་དམ་སྐུལ་བའི་སྔགས་ཞེས་བྱ་བ། །དཀྱིལ་འཁོར་བྱིན་བསྐྱེད་སྔགས་བསྟན་པ། །ཨོཾ་ཤྲཱི་མཉྫུ་ཡ་མ་རཱ་ཛ་མ་མ་ཨེ་ཀ་ཛ་ཊཱི་ཛ་ཛ། བཅུ་དྲུག་བརྗོད་དེ་བྱིན་དང་ལྡན། འཇམ་དཔལ་མ་རུ་ཙེའི་སྔགས་རྒྱུད་ལས། ལས་ལ་སྦྱོར་བའི་སྔགས་ཀྱི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །མནན་པའི་ལས་རྣམས་འདི་ལྟ་སྟེ། །ཐོད་པ་གཅིག་ལ་འཁོར་ལོ་བྲི། །དཀྱིལ་དུ་མཱ་ར་ཡ་ཡི་མིང་རུས་གཞུག །ཐལ་འདམ་དག་གིས་ཁ་བཅད་ལ། །ནཱ་ག་གནས་པའི་ལུད་པ་འམ། །དུར་ཁྲོད་ཆེན་པོའི་གཏིང་དུ་སྦ། །གཤིན་རྗེ་རྒྱལ་པོའི་ལག་ཏུ་གཏད། །རཱ་ཛ་བསྒྲལ་བའི་གཡང་གཞི་སྟེ། །ར་སྙིང་ནང་དུ་མིང་རུས་གཞུག །པགས་པའི་ནང་དུ་དྲིལ་ནས་ཀྱང་། །ཀུན་འགྲོ་ལམ་གྱི་བཞི་མདོར་སྦ། །བཏབ་པའི་མིང་རུས་དུ་ནུབ་ཀྱང་ཕུར་འགོད། །ར་ཡི་ཁ་ཡི་བསླང་བར་བྱ། །ཤྭ་གྲོག་སུམ་མདོར་སྦ་བར་བྱ། །སྔགས་ནི་གང་དང་གང་བྱེད་ཀྱང་། །མཆེད་བཞིའི་དམ་ཚིག་སྔགས་ཀྱིས་མནན། །ཨོཾ་ཧྲཱྀཿཤྟྲཱིཿབི་ཀྲྀ་ཏ་མོན་ཏ་དགྲ་བོ་མཱ་ར་ཡ་ནན། ཨོཾ་ཧྲཱྀཿཤྟྲཱིཿབི་ཀྲྀ་ཏ་མོན་ཏ་དགྲ་བོ་མཱ་ར་ཡ་ནན། ཨོཾ་ཧྲཱྀཿཤྟྲཱིཿབི་ཀྲྀ་ཏ་མོན་ཏ་དགྲ་བོ་མཱ་ར་ཡ་ནན། ཨོཾ་ཧྲཱྀཿཤྟྲཱིཿབི་ཀྲྀ་ཏ་མོན་ཏ་དགྲ་བོ་མཱ་ར་ཡ་ནན་ནན། །གཡམ་ལེབ་དག་ལ་བྲིས་ཏེ་མནན། །ཁྲོ་རྒྱལ་རྣམས་ཀྱིས་གསུངས་པ་ཡི། །ཕྲིན་ལས་རྣམ་བཞིའི་བྲོ་ཡང་བརྡུང་། །དོན་ཡོད་གྲུབ་པའི་ཕོ་བྲང་གདབ། །འཇམ་དཔལ་མ་རུ་ཙེའི་སྔགས་རྒྱུད་ལས། མནན་པའི་ལས་དང་སྔགས་བསྟན་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཡང་དག་ངེས་གསུངས་པ། །མི་རྣམས་སྲོག་གི་སྙིང་པོ་ནྲྀ། །ཀླུ་རྣམས་སྲོག་གི་སྙིང་པོ་ནཱ། །ལྷ་རྣམས་སྲོག་གི་སྙིང་པོ་ཏྲ་ས་ཡིན། །གནོད་སྦྱིན་


DNG017_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་གི་སྙིང་པོ་གི་ཡིན་ཏེ། །འདྲེ་རྣམས་སྲོག་གི་སྙིང་པོ་ཏྲག་ཤམ་ཡིན། །ཤ་ཟའི་སྲོག་གི་སྙིང་པོ་ཙི་བ་ཡིན། །སྲིན་པོའི་སྲོག་གི་སྙིང་པོ་ཏྲ་ར་སྟེ། །བྱོལ་སོང་སྲོག་གི་སྙིང་པོ་ཙི་ཏི་ཡིན། །དམྱལ་བའི་སྲོག་སྙིང་དུ་ཞེས་བྱ། །ཐེ་རང་སྲོག་སྙིང་བྱི་ཏྲི་ཡིན། །སྙིང་པོ་དེ་རྣམས་བསྟན་པ་སྟེ། །ཞི་རྒྱས་དབང་དང་མངོན་སྤྱོད་བཞི། །བ་ཡུ་ཤེ་ལ་དུག་གཙང་སྨན། །དཀར་པོ་ཡན་ལག་བུབ་སུག་བཞི་ཡང་པ་བཞིན། །མེ་ཏོག་དཀར་པོ་དུང་བཞིན་འོང་། །དེ་གཉིས་སྦྱར་ཏེ་དམོད་བཙུག་ལ། །རང་གི་དགྲ་དང་བདུད་ནི་ཞི། །དེ་ནི་ཞི་བའི་ལས་སུ་བསྟན། །དེ་ལས་རྒྱས་པར་བྱ་བ་ནི། །ཡིག་འབྲུ་གུར་གུམ་ཉིད་ཀྱིས་བྲིས། །བདག་ཉིད་ཚེ་དང་དབང་ཐང་རྒྱས། །གཟས་པས་ལས་དང་རྣམ་སྨིན་རྒྱས། །དབང་དུ་བྱ་བ་ཁྲག་གིས་བྲི། །མངོན་སྤྱོད་བྱ་བ་ཁྲག་སྣ་གསུམ། །བདག་གི་གོས་དང་རིགས་ཀྱང་བསྟན། །འདུག་སྟངས་ཕྱོགས་ཀྱང་རིམ་བཞིན་ནོ། །ཟུར་བཞི་རྒྱས་པ་གསེར་ཕུར་རོ། །དངུལ་དང་ཟངས་ལྕགས་དེ་བཞིན་ནོ། །ཟླུམ་པོ་ཟླ་གམ་ཟུར་གསུམ་མོ། །ཨོཾ་བྲུཾ་འུཾ་བྲུཾ་འུཾ། ཧཱུཾ་འུཾ་ཨོཾ། སྔགས་དེ་དག་གིས་ལྕེ་བསྒྱུར་ཞིང་། །གང་ལ་བྱ་བ་དགུག་པར་བྱ། །ཨོཾ་ཧཱུཾ་བྲུཾ་མླཱ་བྲུཾ་འུཾ་བྲུཾ་འུ་སུ་འུ་ཛུ་འུ་ཧཱུཾ་འུ་གང་། ན་མོ་བཛྲ་མ་བྷི་ཏ་ཀྲོ་ཏ་ཡ་ཛ་ལ་མར་ཀར་ཡ། ཨོཾ་ཛྭ་ལ་ཛྭ་ལ་པྲ་ཛྭ་ལ་ཡུ་ཏ་སུ་ཏ་སརྦ་ནཱ་ག་ས་ར་ནི། ས་ར་ས་ར་བི་ས་ར་བི་ས་ར། སརྦ་དུ་ཤ་ནི་ཧཱུཾ་ཕཊ། ཤོ་ཤ་ན་ཧཱུཾ་ཧཱུཾ་ཕཊ་ཕཊ། ཨོཾ་ཙྪིནྡ་ཙིནྡ་དུ་ཧ་ན་ཧ་ན་ཧཱུཾ་དྷ་སད་ཏ་ནི་ཙྪིནྡ་ཡ་ཧཱུཾ་ཕཊ། ཁྲོ་བོ་འབར་བའི་ཡང་སྙིང་འདི། །འཇམ་དཔལ་ཁྲོ་བོའི་སྔགས་ཡིན་ཏེ། །ཕྲིན་ལས་རྣམ་བཞིའི་ཕུར་བུའི་སྔགས། །དྲག་སྔགས་ཕྲིན་ལས་མང་བ་གཅིག །ང་ཡིས་སོ་སོར་བཤད་ཀྱིས་ཀྱང་། །ལས་འདི་ཀུན་ལ་བརྩམ་པར་བྱའོ། །འཇམ་དཔལ་དམར་པོའི་སྔགས་རྒྱུད་ལས། ཕྲིན་ལས་རྣམ་པ་བཞིའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཡང་དག་ངེས་གསུངས་པ། །ཉོན་ཅིག་ཕྱག་ན་རྡོ་རྗེ་དང་། །གཙོ་བོ་བཞི་དང་ཁྲོ་བོའི་ཚོགས། །ང་ཡི་བཀའ་སྩལ་རྒྱུད་འདི་གང་། །སངས་རྒྱས་ཀུན་


DNG017_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྐུ་གསུང་ཐུགས། །སྐུ་ཡི་དམ་ཚིག་བཤད་པར་བྱ། །ངེས་པར་སྟོན་པའི་གུ་རུ་དང་། །གཞན་དག་ངེས་པར་སྒྲུབ་པ་ལ། །ངན་སེམས་དཔྱའ་སེམས་མི་བྱ་ཞིང་། །དཀོན་མཆོག་སྤྱི་ལ་གནོད་པ་ཡི། །གནོད་སྦྱིན་གདོང་དམར་ལ་སོགས་པ། །གནོད་པར་བྱེད་ན་ལྷ་ཡང་རུང་། །དེ་དག་ཤིན་ཏུ་བསྒྲལ་བར་བྱ། །གསུང་གི་དམ་ཚིག་འདི་ལྟ་སྟེ། །སྔགས་དང་ཕྱག་རྒྱ་རྒྱུན་མི་གཅད། །ཆོས་ལ་རྔན་དུ་མི་སྨྲའོ། །ཐུགས་ཀྱི་དམ་ཚིག་ཐུབ་པའོ། །ད་ལྟ་བསྟན་པ་ཕན་ཆོད་ནས། །ལྔ་བརྒྱ་མཐའ་མ་ཚུན་ཆད་དུ། །ཤིན་ཏུ་གསང་ཞིང་གབ་པར་གྱིས། །རིགས་ལྔའི་དངོས་གྲུབ་ཕན་ཆད་ནས། །འཇམ་དཔལ་དངོས་གྲུབ་ཡན་ཆད་དུ། །ཡལ་ནས་གྲུབ་ཏུ་མི་འདོད་ཚེ། །དེ་ཚེ་ང་ཡི་བསྟན་པ་འབྱུང་། །རྣལ་འབྱོར་གཞུང་དང་ལྡན་པ་ཡིས། །གཅིག་ནས་གཅིག་ཏུ་བསྟན་པ་ལས། །གཞན་དུ་བསྟན་ན་རང་ཉིད་བརླག །འབྲས་བུ་མནར་མེད་དམྱལ་བར་སྐྱེ། །དམ་ཚིག་མ་ཉམས་དེས་ཐུབ་ན། །རྒྱལ་བ་རྣམས་ཀྱང་དགོངས་པར་མཛད། །ང་ཡི་བསྟན་པ་འབྱུང་བའི་ཚེ། །གཙོ་བོ་བཞི་ཡིས་ཆོས་སྐོར་སྲུངས། །དོན་དང་ལྡན་པའི་རྣལ་འབྱོར་པས། །དགྲ་བྱུང་ངེས་པར་བྲོས་པའི་ཚེ། །གཙོ་བོ་ཁྱེད་བཞིས་གཡེལ་གྱུར་ན། །ཕྱག་ན་རྡོ་རྗེས་དབང་མཛོད་ལ། །ཡེ་ཤེས་ཆེན་པོ་ཁྲོ་ཆེན་པོས། །རང་ལ་རང་མན་རྡུལ་དུ་རློག །དམ་ཚིག་ཉམས་པའི་གཤེད་མ་མཛོད། །སྐུ་གསུང་ཐུགས་ཀྱི་རང་ཉིད་དང་། །ང་ཡི་བསྟན་པ་གཞུང་བཞིན་དུ། །ལག་ཏུ་ལེན་བཞིན་དམ་བསྲུང་ན། །ཅི་འདོད་བསམ་པ་ཡིད་བཞིན་འགྲུབ། །དངོས་གྲུབ་སྐུ་གསུང་ཐུགས་ཐོབ་སྟེ། །སྐུ་ཡི་དངོས་གྲུབ་ཚེ་དཔག་མེད། །འཁོར་དང་འདབ་ཀྱང་ཤིན་ཏུ་རྒྱས། །གསུང་གི་དངོས་གྲུབ་སྒྲ་སྙན་ཐོབ། །ལས་ཀྱི་རྣམ་པ་ཅི་བྱས་ཀྱང་། །ལེགས་ཤིང་སྙན་པའི་སྙན་ཡང་ཐོབ། །ཐུགས་ཀྱི་དངོས་གྲུབ་ཤེས་རབ་སྟེ། །སྐུ་ཚེ་ཕྱི་མའི་དོན་ཀྱང་ཤེས། །ས་བཅུ་རིམ་གྱིས་བགྲོད་པར་འགྱུར། །ཀུན་ཏུ་འོད་ཀྱི་ས་ཡང་ནོན། །ཕྱིར་མི་ལྡོག་པའི་ས་ཡང་ཐོབ། །དེས་ན་བཀའ་སྩལ་ཤིན་ཏུ་ཉོན། །རྒྱུད་འདི་གནས་པའི་དྲུང་
དུ་ཡང་། །གནོད་འཚེ་བསྲུང་དང་མཚམས་ཆོད་ཅིག །ཅེས་ཁྲོ་བོ་ཆེན་པོས་བཀའ་སྩལ་ཏོ། །དེ་ནས་ཕྱག་ན་རྡོ་རྗེ་དང་། གཙོ་བོ་བཞི་ལ་སོགས་པའི་འཁོར་རྣམས་རྗེས་སུ་ཡི་རང་སྟེ། འདི་སྐད་ཅེས་གསོལ་ཏོ། །དཔའ་བོས་བཀའ་སྩལ་རྒྱུད་འདི་ལ། ལེགས་པའི་རྣམ་གྲངས་ཉི་ཚེ་གནས། དེས་ན་ཤིན་ཏུ་གཉན་པར་བྱའོ། །ཤིན་ཏུ་རྗེས་སུ་ཡི་རང་ངོ་། །ཞེས་གཙིགས་སུ་གཏད་དོ། །དེ་ནས་གཙོ་བོ་བཞིས་མགྲིན་གཅིག་ཏུ་སྨྲས་པ། དུས་ཀྱི་ལྔ་བརྒྱ་ཐ་མ་ལ། ཆོས་འཁོར་འཇིག་ཅིང་དཀོན་མཆོག་གི་དབུ་འཕང་ཉམས་པའི་དུས་སུ་དམ་ཚིག་དང་ལྡན་པས་གཞུང་བཞིན་བསྒྲུབ་པའི་རྣལ་འབྱོར་པ་གང་ལ་གནོད་པའི་གདོང་དམར་ལ་སོགས་ཏེ་གང་གིས་གནོད་པར་བྱེད་ཀྱང་བདག་ཅག་རྣམས་ཀྱིས་འདུལ་ཞིང་ཚར་གཅད་དོ། །བཀའ་བཙན་པོ་འདི་གང་ན་གནས་ཀྱང་རུང་སྟེ། དེར་བདག་ཅག་ཀྱང་གནས་པར་བགྱིའོ། །གལ་ཏེ་བདག་ཅག་དུས་ལས་གཡེལ་བར་གྱུར་ན་ནི། ཁྲོ་བོ་རྣམས་ཀྱི་མཐུས་བདག་ཅག་རྣམས་ཀྱི་ལུས་ཁོས་ཤིག །དཔལ་ཕྱག་ན་རྡོ་རྗེས་དཔང་མཛོད་ལ། བདག་ཅག་གཡེལ་བར་གྱུར་ན། ཕྱག་ན་རྡོ་རྗེས་བདག་ཅག་གི་མགོ་བོ་ཚལ་པ་བརྒྱ་རུ་ཁོས་ལ་སྙིང་དུམ་བུ་སྟོང་དུ་གཏུབས་ཤིག་བདག་ཅག་གི་ལུས་ལ་མེ་འབར་བར་ཤོག་ཅིག །ཅེས་དམ་བཅས་ནས་སླར་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །འཇམ་དཔལ་མ་རུ་ཙེ་མཆེད་བཞིའི་སྔགས་རྒྱུད་ལས། རྒྱུད་ལ་དམ་བདར་བ་དང་རྗེས་སུ་ཡི་རང་བའི་ལེའུ་སྟེ་དགུ་པའོ།། །།མ་རུ་ཙེ་མཆེད་བཞིའི་རྩ་བའི་རྒྱུད་རྫོགས་སོ།། །།

འཇམ་དཔལ་གསང་བའི་རྒྱུད་ཕྱི་མ།


DNG017_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་གསང་བའི་རྒྱུད་ཕྱི་མ། དེ་ནས་དེའི་ཚེ་དེའི་དུས་ན། ལྷ་མ་ཡིན་གཡོག་འཁོར་དང་བཅས་ནས་བཅོམ་ལྡན་འདས་ཡ་མཱནྟ་ཀའི་ཐད་དུ་འདུས་ཏེ། དེ་དག་གི་ནང་ནས་གཤིན་རྗེའི་རྒྱལ་པོས་འདི་སྐད་གསུངས་སོ། །ཀྱེ་མ་ཐུགས་རྗེའི་བདག་པོའི་གཙོ། །མ་རུ་ཙེ་ཡི་སྔགས་རྒྱུད་དོན། །ས་མ་ཏི་ཡི་རིམ་པ་དང་། །དབང་བསྐུར་འཁོར་ལོ་


DNG017_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་དུ་གསོལ། །ཧོཿཞེས་ཞུས་པས། བཅོམ་ལྡན་འདས་ཆོས་ཉིད་ལ་བཞེངས་ནས་འདི་སྐད་ཅེས་གསོལ་ཏོ། །རྟོག་མེད་སྤྲོས་བྲལ་ཆོས་དབྱིངས་ནི། །ཆོས་རྣམས་ཀུན་གྱི་དེ་བཞིན་ཉིད། །རང་བཞིན་དངོས་མེད་སྤྲོས་བྲལ་ལ། །རིག་པ་སྤྲོས་བྲལ་མི་རྟོག་བསྒོམ། །ཀུན་ཏུ་སྣང་གི་ཡེ་ཤེས་ནི། །ཆོས་ཉིད་ཀུན་ཁྱབ་ཡེ་ནས་དོན། །མ་རྟོགས་སེམས་ཅན་འཁོར་བ་ལ། །སྙིང་རྗེ་ནམ་མཁའ་ལྟ་བུར་བསྒོམ། །རྒྱུ་ཡི་ཏིང་འཛིན་ཡེ་ཤེས་ནི། །སྐྱེ་བ་མེད་ལས་སེམས་ཉིད་ཧཱུཾ། །སྐྱེ་བའི་ཆོ་འཕྲུལ་དམར་འབར་གསལ། །ཐམས་ཅད་སྐྱེ་བའི་རྒྱུ་རུ་བསྒོམ། །སེམས་ཉིད་ཧཱུཾ་གི་བྱིན་རླབས་ལས། །འབྱུང་བ་དབང་ཆེན་ས་བོན་སྤྲོ། །ཨེ་ཡཾ་ར་བཾ་སུཾ་རཾ་ཀེཾ་བྷྲུཾ། དུར་ཁྲོད་འབར་བའི་གཞལ་ཡས་ཁང་། །ཡེ་ཤེས་འབར་བ་གནས་ཆེན་པོ། །མཐའ་དང་དབུས་མེད་ནམ་མཁའི་རྒྱ། །ཕྱི་དང་ནང་མེད་ཆོས་ཀྱི་མཁའ། །བྷྲཱུཾ་བི་ཤྭ་བི་ཤུདྡྷེ། དེ་དབུས་ཨེ་ལས་གྲུ་གསུམ་ནི། །འབར་བའི་འཁོར་ལོ་རྩིབས་བཞི་པ། །ཕོ་བྲང་ཟླ་གམ་མུ་ཁྱུད་ལྡན། །གྲུ་ཆད་བཞི་རུ་རྣམ་པར་གསལ། །དབུས་སུ་རཀྟ་འཁྲུགས་ཤིང་འཁྱིལ། །དྲེགས་པ་ཉི་ཟླའི་གདན་སྟེངས་སུ། །སེམས་ཀྱི་རང་བཞིན་ཡིག་འབྲུའི་མཆོག །ཧཱུཾ་གི་རྣམ་པ་འདི་ཉིད་ལས། །འགྱུར་བའི་སྐུ་ནི་རྣམ་པར་འཇིགས། །ཨོཾ་མཉྫུ་ཤྲཱི་ཀུ་མཱ་ར། ཡ་མཱནྟ་ཀ་མ་རུ་ཙེ་དེ་བ་ཏ་ཡེ་ཧཱུཾ། ཡང་དག་དཔའ་བོ་ཕྱག་རྒྱ་ཆེ། །གཤིན་རྗེའི་རྒྱལ་པོ་ཉིད་དུ་གསལ། །ཞལ་གཅིག་སྤྱན་གསུམ་ཕྱག་གཉིས་པ། །དུར་ཁྲོད་རྒྱན་ཆ་ཀུན་ལྡན་བསྒོམ། །དཔའ་བོ་དེ་ཡི་ཐུགས་ཀ་དང་། །ལྗགས་དང་ཤངས་ཀྱི་སྤྱན་ནག་ལས། །ཡི་གེ་འབར་བ་ཛ་འཕྲོས་པས། །འཇིག་རྟེན་དྲེགས་པའི་ཚོགས་བཏུལ་ནས། །དཔའ་བོ་བཞི་ཡི་སྐུ་རུ་གསལ། །གོང་བཞིན་བསྐྱེད་པའི་སྙིང་པོ་བརྗོད། །ཀུན་ཀྱང་དམར་པོ་སྐུ་ཆེ་བ། །ཞལ་གཅིག་ཕྱག་གཉིས་གཏུམ་བག་ཅན། །གཙོ་ལ་བཀའ་ཉན་སྒྲོལ་བའི་གིང་། །རྒྱན་རྣམས་སོ་སོར་གསལ་


DNG017_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

བར་བསྒོམ། །དེ་ལ་དབང་བསྐུར་བྱིན་གྱིས་རློབས། །གསང་སྔགས་འདི་ཡིས་རབ་ཏུ་བྱ། །ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ །ཛྭ་ལ་ཛྭ་ལ་ཀཱ་ཡ་ཧཱུཾ་ཕཊ། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་བཱག་ཤ་ཡ་ཧ་ན་ཧ་ན་ཧཱུཾ་ཕཊ། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ །ཙིཏྟ་པ་ན་ཙྪིནྡྷ་ཙྪིནྡྷ་ཧཱུཾ་ཕཊ། དེ་ལྟར་ཏིང་འཛིན་གསལ་རྫོགས་ནས། །དམར་པོའི་འཁོར་ལོ་བཅའ་བ་ནི། །དུར་ཁྲོད་རོ་རས་ཁ་ཚོན་ལ། །ཁྲག་ཆེན་དུག་དང་ཐལ་ཆེན་གྱིས། །མདོག་བསྒྱུར་ཕུར་བཞིར་བརྒྱངས་ཏེ་བསྐམ། །རོ་སོལ་དུག་དང་ཐལ་ཆེན་གསུམ། །དེ་དག་སྦྱར་བའི་སྣག་ཚས་བྲིས། །དེ་ནས་འཁོར་ལོ་བྲི་བ་ནི། །འཁོར་ལོ་རྩིབས་བརྒྱད་ལྟེ་བ་ནས། །ཤར་ནུབ་འཁོར་ལོ་རྩིབས་བཅུར་བྲི། །དེ་ནས་གསང་སྔགས་དགོད་པ་ནི། །མ་དང་ཙ་དང་པ་དང་ཡ། །ཕྱོགས་བཞིར་འཁོར་ལོ་བཞི་ལ་བྲི། །རུ་དང་ཏེ་དང་ཏ་དང་ཧཱུཾ། །མཚམས་ཀྱི་འཁོར་ལོ་བཞི་ལ་བྲི། །ཨོཾ་དང་ཕཊ་ནི་ཤར་ནུབ་བོ། །བསྒྲུབ་བྱའི་མིང་རུས་དབུས་སུ་བྲི། །གནོད་སྦྱིན་ཕྱོགས་ནས་བརྩམ་པར་བྱ། །འཁོར་ལོའི་རྩིབས་ནི་བཅུ་དག་ལ། །ཉི་མའི་མཎྜལ་བཅུ་གཞག་ལ། །ཡ་མ་རཱ་ཛ་ཡབ་ཡུམ་གྱིས། །ཤར་ནུབ་གཉིས་ལ་གཡས་གཡོན་ནོ། །ཕྱོགས་བཞིར་མ་རུ་ཙེ་བཞིའོ། །མཚམས་བཞིར་བསེ་ཡི་མོན་པ་བཞི། །དེ་ལྟར་བསྒོམས་ལ་གསང་སྔགས་བཟླས། །ཕོ་ཉ་བཏང་ལ་བཀུག་ཅིང་གསད། །ཏིང་འཛིན་རྩེ་གཅིག་བཟླས་བརྗོད་བྱ། །གྲངས་ཀྱི་བསྙེན་པ་རྫོགས་པ་དང་། །ཐེབས་བྱེད་མཚོན་པའི་དུས་དག་ཏུ། །འཁོར་ལོ་གཞུང་དང་མཐུན་པས་གནན། །དེས་ནི་མི་འགྲུབ་མི་སྲིད་དོ། །མ་གྲུབ་ལན་གསུམ་སྤོགས་པར་བྱ། །དམར་པོའི་སྔགས་རྒྱུད་ཕྱི་མ་ལས། ས་མ་ཏི་ཡི་རིམ་པ་དང་། དབང་བསྐུར་བ་དང་འཁོར་ལོའི་ལེའུ་སྟེ་དང་པོའོ།། །།དེ་ནས་སྲིན་པོའི་རྒྱལ་པོས་འདི་སྐད་ཅེས་ཞུས་སོ། །བཅོམ་ལྡན་ཡ་མཱནྟ་ཀ་ཡང་། །མི་མངོན་ཆོས་ཀྱི་དབྱིངས་ནས་བཞེངས། །དྲེགས་པའི་འཁོར་ཚོགས་


DNG017_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

འདུལ་བ་དང་། །འགྲོ་བའི་དོན་ལ་གཤེགས་སུ་གསོལ། །འཇམ་དཔལ་སྒྲོལ་གིང་མ་རུ་ཙེ། །གཤིན་རྗེ་བདུད་དང་གནོད་སྦྱིན་རྣམས། །གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས། །དམ་ཉམས་བསྒྲལ་ཕྱིར་གཤེགས་སུ་གསོལ། །ཐོད་པ་མཐུན་པའི་ལས་བཤད་ཕྱིར། །སྲིན་པོ་བདག་གིས་གདུངས་ཏེ་སྨྲས། །བཅོམ་ལྡན་ཉིད་ཀྱིས་བྱིན་བརླབ་མཛོད། །ཅེས་ཞུས་པས། དེ་ནས་དཔའ་བོས་བཀའ་སྩལ་པ། ཛཿཧཱུཾ་བཾ་ཧོཿ། ཨ་མ་ཧ་ན་ས་ནན། ཀ་ནན་ཏ་ཀ་པར་སྱེ། ཛཿཧཱུཾ་བཾ་ཧོཿ། ས་མ་ཡ་ཛ། ང་ཡིས་ཁྱོད་ཀྱི་ལས་དག་བཤད། །ཐོད་ཆེན་བཞི་ཡི་ཝ་ཐོད་བཞི། །ཡང་ན་གཅིག་ལ་རབ་ཏུ་བསྒྲུབ། །རཀྟས་བཀང་ལ་གསང་སྔགས་བྲི། །དཔྲལ་བར་ཡ་ནྲྀ་གཡས་སུ་དུན། །ལྟག་པར་ནན་བྲི་གཡོན་དུ་ཡཾ། །ཧྲཱྀཿཤྟྲཱིཿའི་སྔགས་དང་སྤེལ་བར་བྲི། །སྤྱི་བོར་ཧཱུཾ་བྲི་ཛ་ཡིས་བསྐོར། །མ་བཞི་དེ་ཡི་ཕྱི་རོལ་བསྐོར། །ལྟག་རྩེ་གཡོན་དུ་མིང་རུས་གཞུག །མཁར་ནག་བཅིངས་ལ་དཀྱིལ་འཁོར་གཞག །གསང་བའི་སྔགས་རྣམས་བསྟན་པ་ནི། །ཨོཾ་རུ་ཙེ་ཏེ་པ་ན་པཏྲ་ཡེ་སྭཱ་ཧཱ། དེ་ནི་ཡང་སྙིང་རྩ་བའི་སྔགས། །གསང་བའི་དྲག་སྔགས་བསྟན་པ་ནི། །ཨོཾ་ཤྲཱི་མཉྫུ་ཡ་མ་རཱ་ཛ། ཨེ་ཀ་ཛ་ཏི་ཛ། ནྲྀ་ཛ་ཆེ་གེ་མོ་མཱ་ར་ཡ། ཨོཾ་ས་མཉྫུ་ཤྲཱི་མུ་ཏྲ་ཡ་མཱནྟ་ཀ །ཨ་ཀྲོ་ཏེ་ཀ །བཛྲ་ཏ་ཀྲོ་ཏ་ཀ །དགྲ་བོའི་ཙིཏྟ་རྦད། ཐུམ་རི་ལི་ལི་བྷྱོ། སྔགས་བཟླས་ཡུངས་ཀར་གདབ་པར་བྱ། །རཏྣ་ཏྲ་ཡཱ་ལ་སོགས་པའི། །གཙོ་བཞི་རྩ་བའི་སྔགས་ཀྱིས་བྲབ། །དེ་ནས་བལ་མོའི་དྲག་སྔགས་ནི། །ཨོཾ་མ་མ་མ་ལ་ཡཾ། གྲོ་ལོ་རྣོ་ཆེ་གྲན་ལས་ན་ཡ། མ་ཏི་ཏི་ཏ་རྦད་ན་ཐུམ་རི་ལི་ལི། ཤ་ཏི་ཏི་ཏ་རྦད་ན་ཐུམ་རི་ལི་ལི་ཁཾ་སྡྱ ་ན་ཡ་རྦད་ན་ཐུམ་རི་ལི་ལི། ཡཀྴ་ནི་ཡ་སྡི་རྦད་ན་ཐུམ་རི་ལི་ལི། དགྲ་བོ་ནི་ཡ་རྦད་ན་ཐུཾ་རི་ལི་ལི། བར་བར་ཧྲཱྀཿཤྟྲཱིཿབཞི་བསྐོར་གནན། །ཤིན་ཏུ་རྫོགས་ནས་ཐུན་དུ་འཕང་། །ཐེམས་པ་ཐེམས་ཀྱི་མཚན་མ་རྟགས། །མཇུག་ཏུ་ལུང་དང་ལྡན་པར་བྱ། །ལས་མ་གྲུབ་ཅིང་རྟགས་འགོར་ན། །སྲོག་དང་


DNG017_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲགས་ལ་ཐོད་པར་བསྒྲུབ། །གིང་ལྕམ་ཕོ་མོའི་ཕྲིན་ལས་བྱ། །ཧྲཱྀཿཤྟྲཱིཿདམ་ཚིག་སྔགས་ཀྱིས་གནན། །འཇམ་དཔལ་མ་རུ་ཙེའི་སྔགས་རྒྱུད་ཕྱི་མ་ལས། སྤྱན་དྲང་བ་དང་ཐོད་པ་སྒྲུབ་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་གནོད་སྦྱིན་གྱི་རྒྱལ་པོས་འདི་སྐད་ཅེས་ཞུས་སོ། །ཡ་མཱནྟ་ཀ་གཤིན་རྗེ་གཤེད། །ཐུགས་རྗེ་ཆེན་པོའི་བྱིན་རླབས་ལས། །འཁོར་བའི་དམ་སྲི་གདུལ་བའི་ཕྱིར། །མྱ་ངན་མི་འདའ་བཞུགས་སུ་གསོལ། །ཐུགས་རྗེའི་སྤྲུལ་པ་སྒྲོལ་བའི་གིང་། །གནོད་སྦྱིན་ཆེན་པོ་མ་རུ་ཙེ། །མཐུ་སྟོབས་དྲག་པོའི་བྱིན་རླབས་ཀྱིས། །དམ་ཉམས་བསྒྲལ་ཕྱིར་བཞུགས་སུ་གསོལ། །རྫས་དང་མཐུན་པའི་ལས་བཤད་ཕྱིར། །བདག་ཅག་གིས་ནི་གཉིས་མེད་བཤད། །དཔའ་བོ་ཉིད་ཀྱིས་བྱིན་བརླབ་མཛོད། །ཅེས་ཞུས་པས། ཨོཾ་ཀུ་མ་རཱ་ཛ། ཡཀྴ་མ་རུ་ཙེ་ས་མ་ཡ་ཏིསྟ་ལྷན། ཁྱེད་ཀྱི་ལས་ནི་བཤད་པར་བྱ། །གྲུ་གསུམ་ཟླ་གམ་འཁོར་ལོ་བཞི། །སྒོ་ལྡན་དཀྱིལ་འཁོར་བྲིས་ནས་ནི། །དེ་ལ་རྫས་དགོད་གྲུ་གསུམ་དབུས། །ལྷོ་རྨྱུག་ཚིགས་བཅད་མིང་རུས་གཟུགས། །ཙ་ར་དཀར་པོའི་ཙིཏྟ་དང་། །ཁྱི་ཕག་དམར་ཁྲའི་རཀྟ་དང་། །མཱཾ་ས་ཆེན་པོའི་གཏོར་མ་བཤམ། །རཀྟའི་མཆོད་པ་སྨན་ཕུད་རྣམས། །ཟླ་གམ་གསུམ་ལ་རིམ་བཞིན་དགོད། །འཁོར་ལོ་བཞི་ལ་ཕུར་པ་བཞི། །ཁམ་ཕོར་ནང་དུ་དུག་སྣ་གསུམ། །སྔགས་བཟླས་ཐུན་ཟོར་དབབ་པར་བྱ། །ཡ་མཱ་རཱ་ཛ་ཀླུ་ལིང་བ་སང་སང་། ཀུ་ན་བ་སང་སང་། ཡོ་ལྕགས་སང་ཀུ་ཏ་ཀི་ཧཱུཾ་ཕཊ། མཇུག་ཏུ་ཐོད་པ་གཏོར་མར་བཅས། །ལུང་དང་མཐུན་པའི་གནས་སུ་སྦ། །མ་རུ་ཙེ་རུ་མངའ་གསོལ་ཏེ། །རྨྱུག་མ་ཐོད་པའི་སྟེང་དུ་གཟུག །ཐོད་པ་བཀྲ་མི་ཤིས་པར་བྱ། །འཇམ་དཔལ་མ་རུ་ཙེའི་སྔགས་རྒྱུད་ཕྱི་མ་ལས། བཞུགས་སུ་གསོལ་བ་དང་རྫས་སྒྲུབ་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་བདུད་ཀྱི་རྒྱལ་པོས་འདི་


DNG017_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཅེས་ཞུས་སོ། །སྐུ་གསུང་ཐུགས་ཡོན་རྫོགས་པ་ཡི། །ཡ་མཱནྟ་ཀ་གཤིན་རྗེ་གཤེད། །མ་རིག་མུན་པ་སེལ་མཛད་ལྷ། །རྩེ་གཅིག་དང་བས་ཕྱག་འཚལ་ལོ། །སྐུ་གསུང་ཐུགས་དང་ཕྲིན་ལས་ལས། །སྤྲུལ་པ་སྒྲོལ་གིང་དུག་ལྔའི་གཤེད། །དམ་ཉམས་དབྱིངས་སུ་སྒྲོལ་མཛད་པའི། །མ་རུ་ཙེ་ལ་ཕྱག་འཚལ་ལོ། །སྲོག་སྒྲུབ་མཐུན་པའི་ལས་འཚལ་ཕྱིར། །བདག་ཅག་ལུས་ངག་ཡིད་ཀྱིས་ཕྱག་འཚལ་ལོ། །བཅོམ་ལྡན་གཤིན་རྗེས་བྱིན་བརླབ་མཛོད། །ཅེས་ཞུས་པས། དེ་ནས་དཔའ་བོས་བཀའ་སྩལ་པ། ཨོཾ་མཉྫུ་ཤྲཱི་ཀུ་མཱ་ར་ན་མོ། ཨ་ཏི་པུ་ཧོ། པྲ་ཏི་པུ་ཧོ། ཁྱོད་ཀྱི་ལས་ནི་བཤད་པར་བྱ། །རྨེ་ལུག་དང་ནི་ནག་པོ་ཡི། །སོག་པ་དག་ནི་གཡས་པ་ལ། །གང་ཡིན་དེ་ལ་བཀུག་ཅིང་བསྡིམ། །མ་ཡེངས་བརྩོན་པའི་སྔགས་ཀྱིས་བྲབ། །གཟུགས་དང་ཤེས་དཔྲལ་སྙིང་ཡང་དབྱུང་། །ནང་གྲོལ་གཟུགས་སུ་བཅས་པ་རྣམས། །གཤིན་རྗེའི་ལྷ་ཚོགས་ཀུན་ལ་བསྟབ། །མགོ་ལྤགས་གཡང་གཞི་མ་བྲལ་དགྲམ། །དཀྱིལ་དུ་སྙིང་དང་མིང་རུས་དགྲམ། །དྲག་པོའི་ཕུར་བུ་འདེགས་པར་བྱེད། །སྙིང་དང་མིང་རུས་མགོ་ཡི་ཁར། །བཅུག་ལ་ཕུར་གདབ་སྔོ་དམར་དཀྲི། །གཡང་བཞིའི་ནང་དུ་དྲིལ་གཏུམས་ལ། །ལུང་དང་མཐུན་པའི་གནས་སུ་གནན། །ཐེངས་གསུམ་སྤོགས་པས་མ་གྲུབ་ན། །གཤིན་རྗེ་ཉིད་ཀྱང་བརླག་པར་འགྱུར། །ཁྲག་དང་སོལ་བ་སྦྱར་བ་ཡི། །གཏོར་མ་དགོང་བཏང་ལས་གཉེར་གཏད། །འཇམ་དཔལ་མ་རུ་ཙེའི་སྔགས་རྒྱུད་ཕྱི་མ་ལས། ཕྱག་བཙལ་བ་དང་སྲོག་བསྒྲུབ་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་དྲང་སྲོང་གི་རྒྱལ་པོ་མེ་ལྷས་ཞུས་པ། ཨེ་མ་ཧོ་ཡང་དག་དཔའ་བོ་ཆེ། །ཉོན་མོངས་རུ་དྲ་བསྒྲལ་བའི་ཕྱིར། །མཱཾ་ས་རཀྟ་རུས་པའི་ཚོགས། །དུག་གསུམ་རྣམ་དག་མཆོད་པར་བཞེས། །དཔའ་བོ་སྒྲོལ་གིང་མ་རུ་ཙེ། །དམ་ཉམས་རྡུལ་དུ་


DNG017_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

བརླག་པའི་ཕྱིར། །ཤ་ཁྲག་སྙིང་གི་མཆོད་པ་བཞེས། །དུག་ལྔ་རྩད་གཅོད་མཆོད་པར་བཞེས། །སྦྱིན་བསྲེག་མཐུན་པའི་ལས་འཚལ་ཕྱིར། །བདག་གིས་དགའ་བར་སྨྲས་པ་ལ། །ཡང་དག་དཔའ་བོས་བྱིན་རླབས་མཛོད། །ཅེས་ཞུས་པས། དེ་ནས་དཔའ་བོས་བཀའ་སྩལ་པ། ཨོཾ་མཉྫུ་ཤྲཱི་ཀུ་མཱ་ར་ཁཱ་ཧི། ཨ་ནུ་རུ་པ་ཁཱ་ཧི། སུ་རུ་པ་ན་ཁཱ་ཏི། ཀུ་མ་མ་ར་ཙནྟྲ་ཁཱ་ཧི། ཏ་ཀུ་པ་ར་མ་ཏ་ཁཱ་ཧི། ཁྱེད་ཀྱི་ལས་ནི་ང་ཡིས་བཤད། །ཧོམ་ཁུང་གྲུ་གསུམ་གཏིང་དུ་རཾ། །དུར་ཁྲོད་གདུག་པའི་མེ་སྦར་ལ། །སེང་ལྡེང་ཤིང་ལ་ཡམ་ཤིང་བྱ། །དུག་དང་སྐེ་ཚེ་ར་ཁྲག་གིས། །སྦྲུལ་གྱི་པགས་པ་དག་ལ་ནི། །གཟུགས་དང་མིང་རུས་བྲིས་ལ་བསྲེག །གསང་སྔགས་འདི་ཡིས་སྦྱིན་བསྲེག་དབུལ། །སརྦ་ཤ་ཏྲུཾ། ད་ཧ་ད་ཧ། པ་ཙ་པ་ཙ་ཧཱུཾ་ཕཊ། རྩ་བའི་སྔགས་དང་མེ་སྔགས་སྤེལ། །རབ་འབྲིང་གསུམ་གྱིས་སྦྱིན་བསྲེག་བྱ། །རཾ་ལས་མེ་ལྷ་ཇི་ལྟ་བར། །དེ་ལ་ཡེ་ཤེས་མེ་ལྷ་བསྡིམ། །མཆོད་ཅིང་བསྟོད་ལ་ཕྲིན་ལས་བཅོལ། །དེ་ནས་གཤིན་རྗེའི་མཎྜལ་ལྷ། །རིམ་པས་མཆོད་ཅིང་སྦྱིན་བསྲེག་དབུལ། །བརྩོན་པས་ཡང་ནས་ཡང་སྦྱོར་བྱ། །མཆོད་ལྔ་དབུལ་བའི་མེ་སྔགས་ནི། །དྲག་ཏུ་དྲག་ཏུ་བཟླས་པ་བྱ། །མེ་པྲ་རྟགས་ཀྱི་མཚན་མ་ཡི། །གཟུགས་དང་ཁ་དོག་སྒྲ་དང་དྲི། །དུད་པ་ཚ་ཚ་བརྟག་པར་བྱ། །པྲ་རྟགས་ངན་ན་རབ་ཏུ་སྦོགས། །དེས་ནི་སྦྱིན་བསྲེག་ལས་སུ་འགྱུར། །འཇམ་དཔལ་མ་རུ་ཙེའི་སྔགས་རྒྱུད་ཕྱི་མ་ལས། མཆོད་པ་དང་སྦྱིན་བསྲེག་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཀླུའི་རྒྱལ་པོས་འདི་སྐད་ཅེས་ཞུས་སོ། །མཉམ་ཉིད་མཐུ་མངའ་གཏུམ་ཆེན་འབར་བའི་སྐུ། །དུག་གསུམ་ཟ་བྱེད་བསྐལ་པའི་མེ་ལྟར་འབར། །མ་རུངས་འཇོམས་མཛད་ཁྲོ་བོ་བགེགས་ཀྱི་རྗེ། །མཐར་བྱེད་གཞོན་ནུ་ཁྱོད་ལ་ཕྱག་འཚལ་བསྟོད། །འཇམ་དཔལ་གཤིན་རྗེ་གཤེད་པོ་ཡི། །སྐུ་གསུང་ཐུགས་དང་ཕྲིན་ལས་ལས། །སྤྲུལ་པའི་ཕོ་ཉ་


DNG017_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

མ་རུ་ཙེ། །ཀུ་མ་རཱ་ཛ་སྒྲོལ་བའི་གིང་། །ད་ཤ་བ་བདུད་ཀྱི་གིང་། །ཡ་མ་རཱ་ཛ་གནོད་སྦྱིན་གིང་། །ཁམས་གསུམ་སྒྲོལ་གིང་ཆེན་པོ་བཞི། །སྤུ་གྲི་དབྱུག་ཐོ་རལ་གྲི་དང་། །ཞགས་པ་ཐོགས་པའི་དམག་དཔོན་བཞི། །འཁོར་གྱི་གིང་བྲན་མང་བས་བསྐོར། །ལས་བྱེད་ཆེན་པོ་བཞི་ལ་བསྟོད། །གནན་པ་མཐུན་པའི་ལས་འཚལ་ཕྱིར། །བདག་གིས་བསྟོད་པ་སྨྲས་པ་ལ། །འཇམ་དཔལ་ཉིད་ཀྱིས་བྱིན་བརླབ་མཛོད། །ཅེས་ཞུས་པས། དེ་ནས་དཔའ་བོས་བཀའ་སྩལ་པ། ན་མོ་རཏྣ་ཏྲ་ཡཱ་ཡ། ཙ་ལ་པྲ་ཙ་ལ། ཤིག་ག་མི་ནི་སྭཱ་ཧཱ། ཁྱོད་ཀྱི་ལས་ནི་བདག་གིས་བཤད། །བྱ་རོག་འུག་པའི་དང་རུ་ལ། །འགོ་བའི་ལྷ་དང་མིང་རུས་གདགས། །སྔགས་བཟླས་ཡུངས་ཀྱིས་བྲབ་པར་བྱ། །འཁོར་ལོ་ཐོད་པ་གཡང་གཞི་ལ། །སྔོ་དམར་ལྕགས་ཐག་དཀར་ནག་དཀྲི། །ལ་ཆའི་རྒྱས་བཏབ་རེ་བས་གྲིལ། །ལ་ཆས་རྒྱས་གདབ་ཞབས་མས་གྲིལ། །རྒྱ་ནི་རྡོ་རྗེ་རྒྱ་གྲམ་གདབ། །དཀྱིལ་དུ་ལཾ་བྲིས་རི་རབ་བསྐྱེད། །གནས་པའི་ལས་ནི་རྣམ་གསུམ་སྟེ། །ནཱ་ག་གནས་པའི་ཕོ་བྲང་དང་། །མཁར་པོ་ཆེའི་སྒོ་སྲང་དང་། །ཤྭ་གྲོག་སུམ་མདོ་དག་ཏུ་གནན། །གནོད་སྦྱིན་གནས་པའི་མདུན་སྲང་ངམ། །རྒྱ་གྲམ་ལམ་གྱི་བཞི་མདོ་འམ། །དུར་ཁྲོད་ཆེན་པོའི་གཏིང་དུ་སྦ། །མཎྜལ་ཆེན་པོའི་གཏིང་དུ་བསམ། །ཡང་ན་ཧོམ་ཁུང་ཉིད་དུ་གནན། །ལྷག་མ་རླུང་ལ་ཕྱར་ཏེ་གནན། །གཤིན་རྗེ་འབར་བའི་ལྷ་ཚོགས་དང་། །གནས་ཀྱི་བདག་པོ་ཉིད་ལ་གཏད། །སྔགས་བཟླས་ལོག་པའི་སྨོན་ལམ་གདབ། །ལཾ་ལས་གསེར་གྱི་རི་རབ་སྟེང་། །དེ་བཞིན་གཤེགས་པའི་ཕོ་བྲང་གདབ། །བྱང་ཆུབ་མྱུ་གུ་མ་སྐྱེས་པར། །སུས་ཀྱང་གཏང་བར་མི་འགྱུར་རོ། །འཇམ་དཔལ་མ་རུ་ཙེའི་སྔགས་རྒྱུད་ཕྱི་མ་ལས། བསྟོད་པ་དང་མནན་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཡང་མ་མོ་རྣམས་ཀྱིས་འདི་སྐད་ཅེས་ཞུས་སོ། །བཅོམ་ལྡན་འཇམ་དཔལ་གཤིན་རྗེ་ལ། །མ་རུ་ཙེ་ཡི་འཁོར་གྱིས་བསྐོར། །གཤིན་


DNG017_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཁྱེད་ལ་མཆོད་པའི་བྱིན་རླབས་ཀྱིས། །ཕྱོགས་བཅུའི་འཇིག་རྟེན་ཁམས་རྣམས་སུ། །སངས་རྒྱས་བསྟན་པ་རྒྱས་གྱུར་ནས། །གཤིན་རྗེ་མང་པོ་བསྲུང་བར་ཤོག །ལོག་པར་ལྟ་བའི་སེམས་ཅན་ཀུན། །རྒྱུད་རྣམས་རྟག་ཏུ་བརླག་པར་ཤོག །བླ་མེད་བྱང་ཆུབ་ས་ཐོབ་ནས། །ཁྱེད་དང་མི་འབྲལ་འགྲོགས་པར་ཤོག །ཁྲག་ཐུན་མཐུན་པའི་ལས་འཚལ་ཤོག །བདག་གིས་སྨོན་ལམ་སྨྲས་པ་འདི། །བཅོམ་ལྡན་གཤིན་རྗེས་བྱིན་རླབས་མཛོད། །ཅེས་ཞུས་པས། དེ་ནས་དཔའ་བོས་བཀའ་སྩལ་པ། ཨོཾ་ཨེ་ས་ཧུ། པེ་ས་ཧུ་ས་མ་ཡ་བག་ཤ་ཡ། ཁྱོད་ཀྱི་ལས་ནི་བདག་གིས་བཤད། །ཐོད་པ་རབས་ཆད་ནག་པོ་འམ། །མཚན་ངན་ཐོད་པས་ཐུན་སྣོད་བྱ། །ཁྲག་སྣ་བརྒྱ་འམ་ཡང་ན་ཁྲི། །ཐོད་པར་དུག་དང་བསྲེས་ལ་བླུག །རྒྱུད་ཆེན་གཟུངས་ཐག་བཏགས་ལ་བཟུང་། །རབ་ཏུ་གསང་བའི་ཐུན་སྔགས་བཟླས། །ཏྲི་ལིང་ཤང་ཀ་རུ། སྙིང་ཁྲག་རྩ་ལ་དྲེང་དྲེང་། དགྲ་བོའི་སྲོག་ཙ་དུན་རྦད། སྔགས་དེ་ཡུངས་ཀར་སྐེ་ཚེ་ལ། །སྔགས་ལ་ཐོད་པའི་ཁྲག་ལ་བསྡིམ། །ཁོལ་ལ་རླངས་པ་བྱུང་བ་དང་། །འཚེག་ཅིང་འགུལ་ནས་འཕང་བར་བྱའོ། །བདག་ཉིད་མ་རུ་ཙེ་རུ་སྒོམ། །དབྱུག་ཐོ་ཕྱར་ཏེ་སྟག་ལྤགས་བགོ། །འཇིག་རྟེན་ལྷ་འདྲེ་ཐམས་ཅད་ལ། །བདེན་བདར་ཟོར་ལམ་བསལ་བར་བྱ། །གཤིན་རྗེ་བསྐུལ་ཏེ་ཁྲག་ཐུན་འཕང་། །ཐོད་པ་བུབ་ན་གདོན་མི་ཟ། །གཡས་གཡོན་བལྟས་ན་ཕོ་མོ་ལ། །ཚུར་ལ་བལྟས་ན་རང་ལ་གནོད། །དྭངས་ཀྱིས་སོང་ན་བསྐྱར་ལ་བྱ། །ལོ་ཟླ་གཟའ་སྐར་གདུག་པའི་དུས། །ནམ་ཕྱེད་དག་ལ་བརྡེག་པར་བྱ། །ཞེས་བཀའ་སྩལ་པས། ལྷ་སྲིན་སྡེ་བརྒྱད་རྗེས་སུ་ཡི་རངས་ཏེ། དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །འཇམ་དཔལ་མ་རུ་ཙེའི་སྔགས་རྒྱུད་ཕྱི་མ་ལས། སྨོན་ལམ་དང་ཐུན་དང་རྗེས་སུ་ཡི་རངས་པའི་ལེའུ་སྟེ་བདུན་པའོ།། །།འཇམ་དཔལ་མ་རུ་ཙེའི་སྔགས་རྒྱུད་ཕྱི་མ་རྫོགས་སོ།། །།

འཇམ་དཔལ་མ་རུ་ཙེའི་སྔགས་རྒྱུད་ལས་ཕྱི་མའི་ཕྱི་མ།


DNG017_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་མ་རུ་ཙེའི་སྔགས་རྒྱུད་ལས་ཕྱི་མའི་ཕྱི་མ། དེ་ནས་ཡང་དེའི་ཚེ་དེའི་དུས་ན་དབང་ཕྱུག་ཆེན་པོས་བཅོམ་ལྡན་འདས་ཡ་མཱནྟ་ཀ་ལ་འདི་སྐད་ཅེས་གསོལ་ཏོ། །རང་རིག་ཡེ་ཤེས་བློ་དང་མ་ལྡན་པས། །བསྙེན་པ་མ་རྫོགས་ལས་ལ་བསྐུལ་སྔ་བ། །རྫས་དང་ལག་ཆ་གཞུང་བཞིན་མ་རྫོགས་ཤིང་། །རྟགས་དང་མཚན་མ་དུས་ལ་མ་ཕྱིན་པ། །སྒྲོལ་བདག་ཆེན་པོའི་སྐུ་ལ་བཟོད་པར་གསོལ། །ཞེས་བག་ཆགས་སྦྱངས་ནས་ཡང་འདི་སྐད་ཅེས་ཞུས་སོ། །རྒྱུད་འདིའི་གཞི་རྣམས་དཔའ་བོ་ཡི། །འགྲོ་བའི་དོན་དུ་བདག་ལ་ཤོད། །ཅེས་པས། དེ་ནས་དཔའ་བོས་ཡང་དག་བཤད། །མ་སྐྱེས་པ་ཡི་ཆོས་ཉིད་ལས། །དུས་གསུམ་སྲིད་པས་བསྡུས་པའི་ཆོས། །སྐྱེ་བའི་ཆོ་འཕྲུལ་འབྱུང་བ་ཡི། །གཟུང་འཛིན་འཁྲུལ་པའི་རྒྱུ་ལས་བྱུང་། །དང་པོར་ཞེན་རྟོག་བཟློག་པའི་ཕྱིར། །ཇི་ལྟར་མོས་པ་དམ་པས་འདུལ། །དེ་བས་འདི་ནི་གདོང་དམར་དོན། །སྐུ་མདོག་ཕྱག་མཚན་ཕྱག་རྒྱ་ནི། །ཇི་ལྟར་འདུལ་བ་བཞིན་དུ་བསྟན། །གཞི་ཉིད་སྣང་མེད་གཅིག་གི་ངང་། །དཔེར་ན་སྤྱིར་འདོད་སྒེར་འདོད་པས། །ལས་ཀྱི་བརྩོན་འགྲུས་རིམ་པ་བཞིན། །གཤིན་རྗེ་གཅིག་ལ་ལས་བཅོལ་མྱུར། །དེ་བཞིན་སོ་སོ་ལས་ཉིད་ལ། །བསྙེན་ཞིང་བསྒྲུབ་པ་ལ་སོགས་པའི། །སྒྲོལ་བའི་ལས་ཉིད་བཤད་བྱ་བ། །ཀུ་མ་རཱ་ཛ་བཅོ་ལྔའི་ཕྲེང་། །འཁོར་ལོ་སྒྲུབ་པའི་བསྙེན་པ་སྟེ། །སྒྲུབ་པའི་སྔགས་ཚན་བཞི་པོ་རྣམས། །ནམ་གྱི་གུང་དང་ཐོ་རངས་རྩེ། །ཉི་མ་ཤར་དང་དགོང་གི་བར། །སྔགས་བཟླས་རྫས་ཀྱིས་བྲབ་པར་བྱ། །སྲོག་ལས་དྲང་བའི་བསྙེན་པ་ནི། །ཤྲཱི་མཉྫུ་ཡི་གསང་སྔགས་ལ། །རྟག་ཏུ་གྲངས་པའི་བསྙེན་པ་ཡིན། །དེ་ལ་སྒྲུབ་པའི་གསང་སྔགས་ནི། །རྣལ་མ་ཏྲི་ལང་སྔགས་གཉིས་པོ། །གོང་མ་དེ་ལ་བཏགས་ཏེ་བཟླས། །དྲག་པོ་ཕུར་པའི་སྒྲུབ་སྔགས་སོ། །རྫས་ལ་བགྲང་བའི་བསྙེན་པའོ། །རཏྣ་ཏྲ་


DNG017_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ཡཱའི་བསྙེན་པ་ཡིན། །ཀླུ་ལིང་བྷ་ས་ལ་སོགས་པ། །བསྒྲུབ་ཅིང་ལྷ་དང་དབྱེ་བ་ཡིན། །ཐོད་པའི་བསྙེན་པར་གྲངས་པ་ནི། །ཤྲཱི་མཉྫུའི་གསང་སྔགས་དང་། །མ་རུ་ཙེ་ཡི་གསང་སྔགས་ནི། །ཡི་གེ་བཅུ་གཉིས་ཡང་སྙིང་བགྲང་། །བསྒྲུབ་ཅིང་གནད་ལ་བོར་བ་ནི། །ཤྲཱི་མཉྫུས་དབུ་གནན་ཏེ། །རཏྣ་ཡ་ལ་སོགས་པ་ཡི། །མཆེད་བཞིའི་རྩ་བའི་དྲག་སྔགས་ལ། །བསེ་ཡི་ལྷ་མོའི་དྲག་སྔགས་སྤེལ། །བར་བར་མིང་དང་རུས་བཅུག་ལ། །མཱ་ར་ཡ་ཡི་སྒྲ་དང་བཅས། །ཛོ་ད་བ་ཏྲི་ལ་སོགས་པ། །བདུད་དང་བསེ་མོའི་དྲག་སྔགས་དང་། །སྲིད་པའི་མ་མོའི་དྲག་སྔགས་དང་། །ཟོར་ཐུན་དབབ་པའི་དྲག་སྔགས་དང་། །གཤིན་རྗེའི་ཁམ་སྔགས་བཟླས་པ་དང་། །ཕུར་བུས་གདབ་དང་བསྲེག་གནན་སྔགས། །དྲག་པོའི་ལས་སྔགས་ཞེས་སུ་བཤད། །རང་སེམས་བསྐྱེད་པ་ལྷར་བསྒོམས་པས། །རྟོག་པ་དོར་བའི་དགོངས་པ་ནི། །ཤི་ནས་ལས་ཀྱི་སྲིན་པོར་སྐྱེས། །དེ་ཕྱིར་སྣང་ལ་རང་བཞིན་མེད། །ཡེ་ཤེས་གསལ་བའི་ཐུགས་རྗེ་ཡིས། །ཉོན་མོངས་སྒྲོལ་བ་མ་གཏོགས་པར། །ཞེ་སྡང་གདུག་པས་དམིགས་ལ་སྒྲོལ། །དམྱལ་བར་སྐྱེ་བ་མནར་མེད་ལེན། །དེ་ཕྱིར་ཐུགས་རྗེའི་གཟུངས་ཐག་གཅེས། །སྒྲོལ་བའི་ཕྲིན་ལས་གསུངས་པ་ནི། །རྒྱལ་བའི་ལུང་ལས་གསུངས་པ་ནི། །སྦྱོར་བའི་མཆོད་པས་བསྐང་བ་ནི། །བུ་མོ་ཤིན་ཏུ་མཚན་ལྡན་ལ། །ཆགས་པའི་བུ་མོ་མིང་བཞི་མ། །བཀུག་སྟེ་བསྡིམ་ལ་སྦྱོར་དག་བསྐུལ། །བྷ་ག་གསང་བའི་མདངས་འབུལ་བསམ། །ཐ་ཚིག་ཤིན་ཏུ་བསྲེས་པ་དང་། །མཁའ་གསང་བྱིན་གྱིས་བརླབ་པ་ཙམ། །བྱང་སེམས་མཁའ་ལ་ཕེབས་པ་དང་། །འཕགས་པ་ཡི་དམ་ལྷ་ཡང་མཆོད། །བདག་ཉིད་དངོས་གྲུབ་བླང་བྱས་ནས། །སྲིད་པའི་དབང་ཅན་ཕོ་མོ་རྣམས། །སྤྱན་དྲང་མཆོད་ལ་དེ་དབང་བསྐུར། །མངག་པའི་ལས་ལ་བསྐུལ་བར་བྱ། །
ལུས་ལ་བསྡིམ་པའི་ལྷ་མོ་རྣམས། །དགའ་བའི་ཡིད་ཀྱིས་གཤེགས་སུ་གསོལ། །འབྲས་བུ་ཕྱིན་པར་བྱེད་པ་ནི། །བལྟ་བ་དང་ནི་དམ་ཚིག་ཡིན། །འདི་ཡི་དམ་ཚིག་བསྟན་པ་ནི། །བ་དམར་གླང་དམར་ཤ་ཡང་བསྲུང་། །ཁྱི་དང་སྐྱེས་པ་མཚོན་མི་བསྟེན། །མཐུན་པའི་རྫས་རྣམས་ཚོགས་པར་བྱ། །བདག་ཉིད་བདུད་ཆས་འཇུག་པ་ནི། །ལྷག་པར་སྐུ་ཡི་དམ་ཚིག་ཡིན། །མ་ནོར་སྔགས་བཟླས་ཆུ་བོའི་གཞུང་། །སྐད་མི་གཅིག་དང་སྐྱེས་པ་དང་། །སྨྲ་བ་སྤངས་ཏེ་བཟླས་པ་ནི། །ཚད་དུ་འབྱུང་ཞིང་མཆོད་བསྟོད་བྱ། །དཀོན་མཆོག་སྤྱི་དང་བླ་མ་ལ། །ངག་གི་ཉེས་པ་སྦྱང་བར་བྱ། །ལྷག་པ་གསུང་གི་དམ་ཚིག་ཡིན། །ཏིང་འཛིན་མི་འབྲལ་རྒྱུན་དུ་བྱ། །ལྟ་བ་དང་ནི་སྤྱོད་པ་ནི། །མཐུན་པའི་ཕྱོགས་ནས་སྤྱད་པར་བྱ། །བཤད་ཅིང་བསྟན་པར་མི་བྱ་སྟེ། །སྦྲུལ་ལྟར་གདུག་པའི་ཞེ་སྡང་གནག །བརྣག་པ་ཐུགས་ཀྱི་དམ་ཚིག་ཡིན། །བསྙེན་བསྒྲུབ་ལས་ལ་སྦྱར་དུས་བསྲུང་། །རྒྱུན་ཏུ་སྤྱི་ཡི་དམ་ཚིག་བསྲུང་། །དམ་ཚིག་སྲོག་ལྟར་བསྲུང་བ་གཅེས། །དམ་ཚིག་གཞུང་ལྟར་བསྲུང་བ་དང་། །བཀའ་དབང་གཞུང་དུ་ཞུ་བ་དང་། །ཕྱི་ནང་གསང་བའི་དབང་བསྐུར་ཞིང་། །ལུང་དང་མན་ངག་དེ་ལ་བསྟན། །དེ་མ་ཡིན་ལ་བསྟན་གྱུར་ན། །བདག་ཀྱང་ཕུང་ལ་གཞན་ཀྱང་བརླག །རྒྱུ་དང་ཡི་གེར་བྲིས་པ་འདི། །སྐལ་ལྡན་རྣམས་ལ་སྣང་བར་གྱིས། །ཞེས་བཀའ་སྩལ་པ་དང་དབང་ཕྱུག་ཆེན་པོ་ཤིན་ཏུ་ཡི་རངས་ཏེ་བསྟོད་དོ།། །།འཇམ་དཔལ་མ་རུ་ཙེའི་སྔགས་རྒྱུད་ལས་ཕྱི་མའི་ཕྱི་མ་རྫོགས་སོ།། །།

གནོད་སྦྱིན་མ་རུ་ཙེ་རོ་ལངས་གསང་བའི་རྒྱུད།


DNG017_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་སྦྱིན་མ་རུ་ཙེ་རོ་ལངས་གསང་བའི་རྒྱུད། རྒྱ་གར་སྐད་དུ། ཡཀྵ་མ་རུ་ཙེ་བེ་ཏཱ་ལིགྷུ་ཧྱ་ཏནྟྲ། བོད་སྐད་དུ། གནོད་སྦྱིན་མ་རུ་ཙེ་རོ་ལངས་གསང་བའི་རྒྱུད། བཅོམ་ལྡན་འདས་དྲག་པོ་འདུལ་བ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། རི་བདུན་གྱི་བྱང་ཕྱོགས་ཀྱི་ངོས་ལ། གནོད་སྦྱིན་གྱི་རྒྱལ་པོ་མ་རུ་ཙེ་ཞེས་བྱ་བ་གནས་ཏེ། ལྷ་དང་ལྷ་མ་ཡིན་


DNG017_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་ཐམས་ཅད་དང་གཡུལ་འགྱེད་པ། མི་དང་དུད་འགྲོ་ལ་སོགས་པ་ཐམས་ཅད་གསོད་ཅིང་། མི་ཤ་དང་རྟ་ཤ་མི་ལྤགས་ལ་སོགས་པ་ལ་ལོངས་སྤྱོད་པ། དེ་ལྟ་བུའི་ལས་མཁན་དེ་ལས་ཀྱི་དབང་གིས་གནས་དེར་འཁོད་དོ། །དེ་ནས་འཕགས་པ་ཀུན་དགའ་བོ། ཞིང་བསྣོལ་བའི་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་དྲག་པོ་སྒྲོལ་བ་ལ་ཞུས་པ། ཀྱེ་ཀྱེ་དཔལ་ལྡན་དྲག་པོ་སྒྲོལ་བ་ལགས། །ཐམས་ཅད་གསོད་པའི་སེམས་ཅན་འདི། །མྱུར་དུ་སྒྲོལ་ལམ་འདུལ་བ་དང་། །ལས་ལས་བཟློག་གམ་ཞེན་པ་དགག །ཅེས་གསོལ་པ་དང་། དཔལ་ལྡན་དྲག་པོ་སྒྲོལ་བས་བཀའ་སྩལ་པ། ཨེ་མ་ཧོ་སེམས་ཅན་ཆེན་པོ་འདི། །སྒྲོལ་དང་སྦྱོར་ལ་བརྩོན་པ་ཡིས། །འདིས་ནི་བསྟན་པ་བསྲུང་བ་ཡིན། །དུས་ལ་བབ་པར་བསྟན་པའོ། །ཞེས་བཀའ་སྩལ་པ་དང་། དེ་ནས་འཁོར་འདུས་པའི་ཚོགས་ཀྱིས་བསྐོར་བ་བྱས་ནས། ཤིན་ཏུ་བདེ་བ་དང་བཅས་པས་ཡིད་རང་ངོ་། །རོ་ལངས་གསང་བའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།བཅོམ་ལྡན་འདས་དྲག་པོ་སྒྲོལ་བྱེད་ལ་ཕྱག་འཚལ་ལོ། །རྣམ་བཞི་ལས་དང་ལྡན་པས་མཉམ་པ་དང་། །སྒྲོལ་བརྩོན་ལས་ལ་མཁས་པས་བཤད་པར་བྱ། །ཞེས་དམ་བཅས་སོ། །དེ་ནས་འཕགས་པ་ཀུན་དགའ་བོས་གསོལ་པ། སེམས་ཅན་ལ་སོགས་བདེ་བ་དང་། །བཀའ་ཡི་བསྟན་སྲུང་བཤད་དུ་གསོལ། །ཞེས་གསོལ་པས། རྔམ་པས་བཤད་པས་ཉོན་ཅིག །འཕགས་པ་ཀུན་དགའ་བོ། འདི་སྒྲུབ་རྣལ་འབྱོར་དམ་ཅན་གྱིས། །གཅན་གཟན་དར་མའི་ཐོད་པ་ལ། །དྲག་པོའི་རྒྱན་གྱིས་བརྒྱན་བྱས་ལ། །སྒྲོལ་བདག་གནས་སུ་ཏིང་ངེ་འཛིན། །བླ་རྡོ་གསལ་བའི་རྟེན་གསལ་ཏེ། །གལ་ཏེ་དེ་ཡི་བཀའ་བཅག་ན། །སྒྲོལ་གིང་བདག་པོའི་དམ་ཚིག་བསྟན། །དེ་བས་ལུས་ལ་བཅང་བའོ། །


DNG017_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡི་དམ་ཚིག་ཉམས་གྱུར་ན། །སྒྲོལ་བའི་ཐོད་པ་དྲང་བའི་སྔགས། །འདི་ནི་ཆེད་དུ་གསུངས་པའོ། །ཧཱུཾ་གུ་རུ་ཧྲི་ཀ་པྲ་མ་ཧེ་ཧེ་པྲ་མ་བྷྱོ། ཧྲི་ཀ་རུ་ལུ་པྲ་མ་ཧ་ཏ་དགྲ་བོའི་ཁྱིམ་དུ་འགྲིམས་ཤིག །ནང་ཆ་མ་ཆོ་དགུ་ཐོངས་ཤིག །ཅེས་པ་ནི་འདྲེན་པའོ། །དེ་ནས་བྱིན་རླབས་བཤད་པར་བྱ། །སྔགས་དང་ལྡན་པས་བསྙེན་པའོ། །ཨོཾ་བཛྲ་མ་ཧཱ་དེ་ཝ་ཙིཏྟ་ཛ་ལ་བྷྱོ་བྷྱོ། བཀྲ་ཤིས་གྲངས་ནི་རྩ་གཅིག་གོ། །བཟླས་ཏེ་གཞལ་ཡས་ཁང་ནང་དུ་བསམ་པའོ། །དེ་ཡི་ནང་དུ་བསམ་བྱ་བ། །སྒྲོལ་གིང་སྲོག་བདག་མ་རུ་ཙེ། །ཤ་མེད་སྒེག་ཅིང་ཀེང་རུས་འཆང་། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར། །ཐོད་ཕྲེང་དོ་ཤལ་སྦྲུལ་གྱིས་བརྒྱན། །བེ་ཅོན་གཡས་ལ་ཞགས་པ་གཡོན། །ཡི་དྭགས་ཕོ་མོའི་སྟེང་ན་བཞུགས། །གཡོན་ན་གཉེར་འབྱུང་རོ་ལངས་མ། །ཁམ་ནག་རལ་པ་གྱེན་དུ་འབར། །རལ་གྲི་གཡས་ལ་ཐོད་ཁྲག་གཡོན། །ཧ་ལ་ཧ་ལའི་སྒྲ་འབྱིན་མ། །ཏི་རའི་ཚོགས་དང་བཅས་པའོ། །དཔའ་བོ་རོ་ལངས་གསང་བའི་རྒྱུད་ལས། སྒྲུབ་པ་དང་བཅའ་གཞིའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །རོ་ལངས་གནས་ནས་དགུག་པ་སྟེ། །ཏིང་ངེ་འཛིན་དང་མ་བྲལ་བར། །ཐེ་ཚོམ་མེད་པས་བསྒྲུབ་པ་སྟེ། །རོ་ལངས་གསང་བའི་མ་རུ་ཙེ། །སྙིང་ལ་སྲོག་གི་འཁོར་ལོ་ནི། །འདི་ལྟར་གནས་པར་ཤེས་པར་བྱ། །དབུས་སུ་ཨོཾ་ལས་བསྐོར་བ་སྟེ། །སྒྲོལ་གིང་རྩ་ནི་བཅོ་བརྒྱད་དོ། །གཡས་པའི་རྩ་དགུ་བསྐོར་བའི་སྔགས། །རུ་རུ་ཏྲ་ག་ཤ་ཤ་ལ་ཀྱི་སྦྱང་། །འབྲུ་དགུ་གཡས་པའི་རྩ་ལ་བསྐོར། །རྩ་དགུ་གཡོན་དུ་གསང་སྟེ་བསྐོར། །རོ་ལ་མུ་ཏི་སྙིང་ཁ་རག་བྷྱོ་བྷྱོ། བཅོ་བརྒྱད་རྩ་དང་ཡི་གེ་དག །གནད་དབབ་དཀྲུག་པས་བཅུ་དང་སྲོག །རང་དབང་མེད་པར་མཚན་མ་སྟོན། །དེ་ལྟར་དུ་ནི་བསྒྲུབ་པར་བཤད། །རོ་ལངས་གསང་བའི་རྒྱུད་ལས། རྩ་བའི་འཁོར་ལོ་དབྱེ་བའི་ལེའུ་སྟེ་གསུམ་པའོ།། །།


DNG017_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ནི་དཔའ་བོས་བཀའ་སྩལ་པ། །སྲོག་བདག་གཏོར་མ་བཤད་བྱ་བ། །རི་ལུང་ལ་གནས་འབྲུ་མཆོག་ལ། །གར་མཁན་དཔའ་བོའི་གཏོར་མ་བྱ། །ཙ་ར་དཀར་པོ་གཉའ་ནག་དང་། །གཡུལ་དུ་བསད་པའི་སྐྱེས་བུའི་ཤ །གར་མཁན་དཔའ་བོའི་དམ་རྫས་བྱ། །ལྷ་ལ་ཕོག་པའི་བདུད་རྩི་ཡང་། །བསྲེས་ཏེ་སྔགས་ཀྱིས་དབུལ་བར་བྱ། །ཞེས་བཤད་དེ་དཔའ་བོ་རང་རྒྱུད་པར་འགྱུར་རོ། །རོ་ལངས་གསང་བའི་རྒྱུད་ལས། སྒྲུབ་པ་དང་སྲོག་སྔགས་བསྟན་པའི་ལེའུ་སྟེ་བཞི་པའོ།། །།སྒྲོལ་གིང་དེ་ལ་ཕྱག་འཚལ་ནས། །གང་ལ་བྱ་བ་གནས་ནས་འགུགས། །གྲོ་ག་ཤིང་ཤུན་ཤོག་ཤོག་ལ། །གང་ལ་བྱ་བའི་མིང་རུས་བྲི། །བསད་པའི་དྲག་སྔགས་བཟླས་པར་བྱ། །དེ་ཚེ་དགྲ་བགེགས་གང་ཡིན་པ། །མྱུར་དུ་གནས་ནས་དགུག་པར་བྱ། །ཤ་ཏྲུཾ་སྲོག་གི་རླུང་ཡིན་ཏེ། །སྲོག་རྩ་ནག་པོ་དྲང་བར་བྱ། །རོ་ལངས་ནག་པོ་འཛུམ་པ་འདྲ། །འོད་ཟེར་ནག་པོ་སྟོན་པ་དང་། །ཀཾ་ཀཾ་ཀྱུག་ཀྱུག་འདྲེན་པ་ནི། །གློག་གམ་སྤྲིན་དམར་ཆད་པ་འདྲ། །གང་ཡིན་གནས་ནས་འདྲེན་པའོ། །དེ་ལྡན་པས་ནི་སྔགས་འདི་བཟླ། །ཨོཾ་བཾ་ཧྲི་དགྲ་བོ་སྟམ་པ་ར་སུཾ་ཧྲི་ཧ་ཧཱུཾ་བཛྲ་ཧ་ན་དགྲ་བོ་ཨ་བྷི་ཙརྱ་ཧཱུཾ་ཕཊ། གསང་བའི་གནས་ནས་དགུག་པ་ནི། །ཡང་གསང་དག་ཏུ་བསྟན་པ་ཡིན། །ཧྲཱྀ་ནི་རཀྴ་རྦད། བླ་ཁུག་སྲོག་ཁྱེར་ལ་བྷྱོ། དེ་ཡིས་འགུགས་པར་ཐེ་ཚོམ་མེད། །སྲོག་བདག་སྲོག་ནི་འགུགས་འགྱུར་བས། །དབུགས་རྒྱུད་བསད་པར་བསྟན་པ་ཡི། །རོ་ལངས་གསང་བའི་རྒྱུད་ལས། བླ་འགུགས་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་དཔའ་བོ་གར་མཁན་མཆོག་ལ་ཕྱག་འཚལ་ནས། ནྲྀ་ཏྲི་བསད་པར་བསྟན་པ་ནི། །རོ་ཚས་རས་དང་ཏཱ་ལའི་ཤུན་པ་ལ། །དེ་ལ་དམིགས་པའི་མིང་རུས་བྲི། །བར་མ་ཉི་ཤུ་རྩ་གཅིག་པས། །དེ་ལ་འཁོར་ཞིང་གསོད་པ་ཡི། །དཔལ་


DNG017_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་ལས་ལ་རྔམ་པ་སྟེ། །དེ་ནས་རྔམ་པའི་སྔགས་འདི་གསུངས་སོ། །ཨོཾ་ཏ་ཀི་རཱ་ཛ་བཛྲ་ཏིཥྛ་ཧཱུཾ་ཧཱུཾ། སྙིང་ལ་ཟ་བ་ཙྪིནྡ་ཙྪིནྡ་མཱ་ར་ཡ་ཧཱུཾ་ཕཊ། བཛྲ་ཧ་ན་ཧ་ན་ཏི་པ་ཙཀྲ་ཧཱུཾ་ཕཊ། པུ་ཏྲི་པ་ལ་མ་ཏྲོད་མཱ་ར་ཡ་སྭཱ་ཧཱ། འདི་དག་གསུངས་ལ་གསོད་ལ་རྔམ། །འདིས་ནི་གསོད་པར་གདོན་མི་ཟ། །འཁོར་ནི་སྟག་སྤྱང་མང་པོ་གསོད་ལ་རྔམ། །དེ་ཡིས་ལུས་སྲོག་བྲལ་བར་གདོན་མི་ཟ། །སྤྱུགས་པ་ཀླུ་དང་འཁོར་ཚོགས་ལས་ལ་འགྱེད། །མཆེ་བ་གཙིགས་པས་རང་ལ་འཇིགས་པ་ནི། །སྲིད་པ་གསུམ་པོ་གཡོ་བ་དག་ཏུ་བསྟན། །དེ་བས་དྲག་པོ་སྲིད་གསུམ་བདག་པོ་བཤད། །ཐམས་ཅད་རོ་དང་ཤ་ལ་རྔམས་པས་ན། །དེས་ན་གསང་བའི་ཤ་རྒྱུད་ཡིན་པར་བཤད། །དཔའ་བོ་གར་མཁན་གྱི་རྒྱུད་ལས། རྔམས་ཤིང་བསད་པ་དང་ཤ་ལ་རོལ་པའི་ལེའུ་སྟེ་དྲུག་པའོ།། །།གྲུབ་པའི་དུས་དང་རྟགས་བསྟན་པ། །དཔའ་བོ་ཚུར་ལ་ལོག་པའི་རྟགས། །རབ་འབྲིང་ཐ་མ་ལ་སོགས་པ། །དཔའ་བོ་རྒྱུད་དུ་བཤད་པར་བྱ། །ལས་དང་ལྡན་པ་རྟགས་འདི་འབྱུང་། །རྒྱ་གར་མོན་དང་ཆར་སྤྲིན་དག་བྱུང་ན། །འདི་དག་རབ་ཏུ་འགྲུབ་པར་བཤད། །ཐོད་པ་འགུལ་དང་འོད་འབྱུང་ཞིང་། །སྐུ་དངོས་བསྟན་པ་ནི་གྲུབ་པའོ། །རྡོ་རྗེ་སློབ་དཔོན་བྱུང་ན་དམ་ཚིག་བསྐང་། །མཛེ་ཅན་ལ་སོགས་དམན་པའི་རིགས་བྱུང་ན། །དམ་རྫས་བསྟར་ཞིང་མོད་ལ་བསྟབ་པ་བྱ། །སྤྲིན་དང་སེར་བ་འཚུབ་མ་དག་བྱུང་ན། །ངེས་པར་དྲག་པོ་གྲུབ་པའི་རྟགས། །བསྒྲུབ་ཁང་འཚེག་ཅིང་ཆེམ་སྒྲ་ཆེན་པོ་ནི། །དྲག་པོའི་ལས་ལ་མྱུར་དུ་ཤིས། །རྒྱལ་སྲས་བཙུན་ཆེན་ཞུ་བ་ཅན་དང་། །དེ་ལྟར་བྱུང་ན་དྲག་པོའི་ལས་ལ་ཤིས། །ཧ་ལ་པ་ཏྲི་ཤཱི་ལ་ཡ། དེ་ཡང་དྲག་པོའི་ལས་ལ་ཤིས། །ར་མདའ་ཁུ་ལོག་བྱུང་ན་གནོད་སྦྱིན་འཁྲུགས་པའི་རྟགས། །དེ་ལྟར་བྱུང་ན་འཛབ་དང་བསྙེན་པ་བསྐྱར། །དུས་སུ་རྟགས་རྣམས་མཐོང་ན་མི་འཁྲུགས་བརྟན་པ་ཐོབ། །རོ་ལངས་


DNG017_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བའི་རྒྱུད་ལས། གྲུབ་བྱེད་རྟགས་ཀྱི་ལེའུ་སྟེ་བདུན་པའོ།། །།དེ་ནས་དཔའ་བོ་རྔམ་པ་ཡིས། །དུར་ཁྲོད་མཁའ་འགྲོ་མ་མོའི་ཚོགས། །གནོད་སྦྱིན་དྲག་ཤུལ་སྟོབས་ལྡན་རེ་མ་ཏཱི། །ཁ་ནས་དྲག་པོ་སྔགས་ཀྱི་འོད་འཕྲོ་བ། །འཆི་བདག་གསང་བ་རེ་མ་ཏཱི། །ཀང་ཀང་ཙིག་ཙིག་བསྐལ་པའི་མེ་ལྟར་འབར། །མེ་འབར་དྲག་མོ་གནོད་སྦྱིན་རེ་མ་ཏཱི། །ཁྲག་ལ་རྔུབ་ཅིང་སྲོག་རྩ་གཅོད་པས་ན། །གསོད་བྱེད་དྲག་མོ་མེ་འབར་རེ་མ་ཏཱི། །དེ་དག་གསད་པའི་འཁོར་ལོ་བཤད་པར་བྱ། །འཇིག་རྟེན་དྲག་ཤུལ་ས་ལ་བྱས་པ་ཡི། །སྐོ་ཅན་དུག་ཅན་ས་ནག་ལ། །ཡང་ན་ཁམ་ནག་མདོག་ཅན་ལ། །དཀའ་ཐུབ་ཅན་གྱི་ཁྲུ་གང་བ། །གཏིང་དུ་བྲུ་དང་གྱེན་དུ་བརྩིག་པ་ནི། །དེ་ཡང་དཀའ་ཐུབ་ཅན་གྱི་ཁྲུ་ལ་ཤིས། །ཁ་དོག་ནག་པོ་འཇིགས་པའི་ཚོན་གྱིས་བྲིས། །བང་རིམ་གསང་བའི་ངོ་ལྡན་གསུམ་པ་ལ། །འོག་མ་དམར་པོ་སྲིན་མོའི་མཁར་ཆེན་ལ། །གནམ་ལྕགས་ཨུར་མོའི་གཟེར་ཆེན་བཏབ་པ་ལ། །སྟེང་ན་ཉོན་མོངས་རེ་མ་ཏཱི། །ཁྲམ་སྲང་དང་ནི་གཡོ་ཞིང་ཆད་པ་ནི། །སྐྱེས་པ་ཤི་བའི་ཁྲག་གིས་ཆག་ཆག་བཏབ། །དུག་དང་སྦྱར་བའི་གཏོར་མ་གཏང་བར་བྱ། །རྐང་ཆེན་ལ་སོགས་གླིང་བུ་འབུད་པར་བྱ། །རྒྱ་སྐྱེགས་ཁར་མ་གུ་གུལ་དུད་པས་བདུག །དྲག་པོ་དབྱེ་བའི་སྔགས་ནི་བསྟན་པར་བྱ། །མ་མ་ཏྲག་རཀྴ་རུ་ཏྲ་མཱ་ར་ཡ་ཕྱེ་ཕྱེ། སྲིད་པའི་ལྷ་གཉན་མ་ལྷ་ཞང་ལྷ་དང་། །ལེ་གུ་ལྷ་དང་ཕོ་ལྷ་དགྲ་ལྷ་རྣམས། །བྱ་སྤུ་རླུང་གིས་ཁྱེར་བ་ལྟ་བུར་བསམ། །དེ་ནས་གསང་བའི་འཁོར་ལོ་བསྐོར་བ་ནི། །ཁྲོ་ཆུ་གནམ་ལྕགས་ཞུན་མའི་གཞི་མ་ལ། །སླང་ནག་མནྫིར་དྲག་པོའི་ཐོད་པ་བཅའ། །རྣལ་འབྱོར་པ་ཡི་རིགས་ཀྱི་བྱ་བ་བཤད། །དཀའ་ཐུབ་ཅན་གྱི་ཁ་དོག་དམར་པོ་འཛིན། །ཡང་ན་གཅེར་བུ་ཕྱུང་ལ་སྐྲ་བཤིག་ལ། །ཕོ་མོ་ཆགས་པའི་བདག་ཉིད་དེ། །རཀྟའི་ཐིག་ལེས་བརྒྱན་པར་བྱ། །མི་ནི་ཕྲིན་ལས་


DNG017_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

བདག་མོ་སྟེ། །ཐལ་ཆེན་ལས་ཀྱི་མཚན་མས་མཚན། །ཐོད་པ་ཚེ་སྲོག་དབང་མཛད་པ། །ཞག་ཆེན་གསང་བའི་ཟོ་རིས་བསྣན་པའོ། །གཅེར་བུ་དཔའ་བོའི་ཏིང་འཛིན་བརྟན་པར་བྱ། །ཞིང་ལྤགས་ཏི་རའི་ཚོགས་ཀྱི་གདན་སྟེང་ན། །གདན་མཆོག་ཡིན་ཏེ་དེ་ཚེ་གདིང་བར་བྱ། །ཤ་ཆེན་རྐང་དང་ཚིལ་བུ་ལ་སོགས་པ། །ཕྲེང་བ་མཆོག་ཀྱང་དེ་ཚེ་བགྲང་བར་བྱ། །ཕོ་སྔགས་བསྟན་པའི་བླ་འགུགས་གཡས་ནས་བསྐོར་བ་ནི། །ཟ་བྱེད་ཕོ་ཡི་ཏིང་འཛིན་ལྡན་པར་བཤད། །རོ་ལངས་སྔགས་དང་ལྡན་པའི་དྲག་ཤུལ་ཅན། །དེ་ཚེ་སྔགས་བཟླས་གཡོན་དུ་བསྐོར་བར་བཤད། །སྐྱེས་བུ་དྲག་སྔགས་བཟླས་པ་སྟེ། །གཞན་གྱིས་ཐོས་ན་སྙིང་ཁྲག་འཐུང་བར་བཤད། །གསང་བའི་སྔགས་དེ་གྲངས་དང་བཅས་པ་བཟླ། །ཨོཾ་མ་མ་དུག་བྷྱོ། དགྲ་བོ་ནྲྀ་བཾ་ཧྲི་རོལ་རོལ། གཟེར་མུ་ཏྲི་མ་ཧེ། ནག་མོ་ཐུམ་རིལ་ལི་ལི། སྙིང་འབྱིན་ཏྲིག་ཧོན་ཕྱུང་། ནྲྀ་ཤ་ཀུ་རུ་ཁ་སོ་བ་ཏི་ཡཾ། སེན་མེན་ཡཾ། དགྲ་བོ་པྲ་བེ་ཤ་ཡ་མ། རུ་ཏྲ་ཡཾ་སྙིང་རྩ་ཆོད། སྲོག་པྲིག་པྲིག་ཤཾ་ཤཾ་ཁྱེར་བྷྱོ། ཁུ་ལེ་ཟ་ཁུ་ལེ་ཟ་སྙིང་ལ་རྦུད། ལྕེ་དུར་མ་སོད། དུས་ཚད་ལོག་ན་རང་གི་སྲོག་རྩ་གཅོད། །དེས་ན་གསང་བའི་དྲག་སྔགས་ཡིན་པར་བཤད། །དྲག་པོ་སྔགས་ཀྱི་མཚོན་ཆའི་ཆར་འབེབས་པ་འདི་སྐད་དོ། །ཨོཾ་མ་ཙིཏྟ་རཀྴ་ནིར་མཱ་ར་ཡ་རྦད། རཀྴ་རཀྴ་ནི་མཱ་ར་ཡ་རྦད། ཧྲི་ནི་མཱ་ར་ཡ་རྦད། ག་ཏ་ག་ཏ་ནི་མཱ་ར་ཡ་རྦད། དེ་དག་བཟླས་པ་བྱ་བ་ཡིན། །རོ་ལངས་གསང་བའི་འཁོར་ལོ་བསྐོར་བར་བཤད། །དཔའ་བོ་གར་མཁན་མཆོག་གི་རྒྱུད་ལས། འཁོར་ལོ་དཀྲུག་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་དཔའ་བོ་གར་མཁན་མཆོག །གཤིན་རྗེ་གཤེད་པོའི་དམ་ཚིག་ལུང་དུ་བསྟོད་པའོ། །ཧཱུཾ་ནམ་མཁའ་ཡངས་པའི་དཀྱིལ་འཁོར་ནས། །གཤིན་རྗེ་དམར་པོ་རལ་པ་ཅན། །རཱུ་ཏྲ་མྱུར་དུ་བསྒྲལ་བའི་ཕྱིར། །སྒྲུབ་པའི་གནས་འདིར་དམ་ལ་ཤོག །ཅེས་དམ་བསྒྲགས་ཏེ་བསྟོད་དོ། །དེ་ནས་དཔའ་བོ་གར་མཁན་ལ།
འཁོར་སེམས་དཔའ་དང་སེམས་མ་ལ་སོགས་པས། བསྟོད་པ་གར་དང་བཅས་པ་ནི། ཧཱུཾ། སྔོན་གྱི་རྒྱལ་བའི་ལུང་ཕོག་ལྟར། །ཚེ་སྲོག་བདག་པོ་མ་རུ་ཙེ། །སྒྲོལ་གིང་བྱ་བར་དམ་བཅས་པས། །དམ་རྫས་བདུད་རྩི་འདི་ལ་ཁ་རཾ་ཁཱ་ཧི། ཞེས་གུས་པས་མཆོད་ཅིང་བསྟོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཤད་པ། རྣལ་འབྱོར་ཅན་གྱི་རྟོག་པ་གཞོམ་པའི་ཕྱིར། །མ་རུ་ཙེ་ནི་གར་མཁན་མཆོག་ཉིད་དེ། །གར་མཁན་མཆོག་ཉིད་རྒྱལ་པོ་རྣམ་ཐོས་སྲས། །རྣམ་ཐོས་སྲས་ཉིད་ཀརྨ་ཧེ་རུ་ཀ །དོན་ལ་ཐེ་ཚོམ་མེད་ན་རིགས་ལྔའི་སངས་རྒྱས་འགྲུབ། །དཔའ་བོ་གར་མཁན་མཆོག་གི་རྒྱུད་ལས། གནོད་སྦྱིན་དམར་པོའི་ཏནྟྲ། གསོད་བྱེད་སྤུ་གྲིའི་སོ། ལས་ཀྱི་མཆོག །མན་ངག་གི་ཉིང་ཁུ། བདུད་ཀྱི་མདའ། ལས་ཀྱི་གཤིན་རྗེ་ཞེས་བྱ་བའོ། །གཤིན་རྗེ་ཝ་ཐོད་དམར་པོའི་རྒྱུད་ཚ་རྒོད་དམྱལ་བའི་ལས་རྫོགས། གནུབས་ཀྱི་མན་ངག །དྲག་པོའི་སྔགས་རྒོད། བསྟན་སྲུང་སྤུ་གྲི་ལྟ་བུའི་རྒྱུད་པདྨ་དབང་རྒྱལ་གྱི་བཀའ།། །།

འཇམ་དཔལ་གཤིན་རྗེ་མ་རུ་ཙེའི་སྔགས་རྒྱུད་བསྟན་པ།


DNG017_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་གཤིན་རྗེ་མ་རུ་ཙེའི་སྔགས་རྒྱུད་བསྟན་པ། རྒྱ་གར་སྐད་དུ། མཉྫུ་ཤྲཱི་ཡ་མ་མ་རུ་ཙེ་མནྟྲ་ཏནྟྲ་ཤཱསྟྲ། བོད་སྐད་དུ། འཇམ་དཔལ་གཤིན་རྗེ་མ་རུ་ཙེའི་སྔགས་རྒྱུད་བསྟན་པ། བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། དཔལ་ཕྱག་ན་རྡོ་རྗེ་ཆོས་ཀྱི་སྐུ་ལས་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་ཏེ། འགྲོ་བའི་དོན་མཛད་པ་ལས། བྱང་ཕྱོགས་གནོད་སྦྱིན་གདོང་དམར་བ། གདུལ་བར་དཀའ་ཞིང་གཏུམ་པ་རྣམས་ལ་དཔལ་ཕྱག་ན་རྡོ་རྗེས་མ་རུ་ཙེ་པ་ཏ་ཡེ་ཧཱུཾ། ཞེས་གསུངས་པ་ལས། སྒྲོལ་གིང་གི་བདག་པོ་འཇམ་དཔལ་མ་རུ་ཙེ། སྐུ་འོད་ཟེར་དང་བཅས་ནས་འཐོན་ཏེ། དཔལ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ་བཅོམ་ལྡན་མཐུ་སྟོབས་བདག །ཞེ་སྡང་གདུག་པའི་སེམས་ཅན་དག །ཕྲིན་ལས་ཞི་བས་མི་འདུལ་བར། །གདུག་


DNG017_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་དག་ཇི་ལྟར་གདུལ། །ཞེས་སྨྲས་པས། དེ་ནས་དཔལ་ཕྱག་ན་རྡོ་རྗེས། མ་ཧཱ་རཀྟ་མཎྜ་ལ་ཞེས་བརྗོད་པས། ཁྲག་གི་རྒྱ་མཚོ་མཐའ་དང་དབུས་མེད་པ། རྦ་རླབས་འཁྲུགས་པ་གཅིག་ཏུ་གྱུར་ཏོ། །དེ་ནས་ཨ་ཙནྡྲ་མཎྜ་ལ་ཧཱུཾ། ཞེས་བརྗོད་པས་ཟླ་བའི་དཀྱིལ་འཁོར་བརྡལ་བ་ཆེན་པོ་གཅིག་ཏུ་གྱུར་པར་གནས་སོ། །འཇམ་དཔལ་དམར་པོའི་སྔགས་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་ཡང་རབ་ཏུ་ངོ་མཚར་ཏེ། ཨེ་མ་ཧོ། འདི་ལྟར་ངོ་མཚར་ཆོ་འཕྲུལ་ངོ་མཚར་རབ་ཏུ་ཆེ། །འདི་ཡི་རྗེས་སུ་བསྒྲུབ་པའི་རྣལ་འབྱོར་པས། །བསྒྲལ་བའི་ཚེ་ན་ཇི་ལྟར་བགྱི། །འདུག་པའི་གནས་ནི་གང་དུ་བགྱི། །བསྒྲུབ་པའི་ཞག་གྲངས་ཅི་ཙམ་བགྱི། །གཟའ་སྐར་དུས་ཚོད་གང་ལ་གཏད། །ཅེས་འཇམ་དཔལ་མ་རུ་ཙེས་ཞུས་པ་དང་། དཔལ་ཕྱག་ན་རྡོ་རྗེས་འཇམ་དཔལ་མ་རུ་ཙེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཉོན་ཅིག་འཇམ་དཔལ་མ་རུ་ཙེ། །དང་པོ་གདུག་པ་འདུལ་བའི་ཚེ། །བདག་གི་ལུས་པོའི་ངོ་བོ་དེ། །འཇམ་དཔལ་ཡ་མཱནྟ་ཀར་བསྒོམ། །ལག་གཡོན་སྦྱོར་བའི་ཡུམ་དུ་བསྒོམ། །ལག་པ་གཡས་ན་སྒྲོལ་ཡུམ་བསྒོམ། །ཁ་ནས་སྔགས་བཟླས་དམར་པོར་བསམ། །ཉུང་དཀར་རྒྱལ་པོ་ཕོ་ཉའི་ཚོགས། །གདུག་པ་བསམ་གྱིས་མི་ཁྱབ་བསྒོམ། །ཉུང་དཀར་འཕང་ཞིང་སྒྲ་སྐད་བསྒྲག །ཕུ་དུང་བརྡབ་ཅིང་དཔང་གཟུག་གོ། །མིག་ཀྱང་གནམ་ས་བར་དུ་བལྟ། །བདག་གི་སེམས་ཀྱང་འཁྲུགས་བྱས་ཏེ། །བདག་ཀྱང་ཁྲོས་པ་མ་ཡིན་ཏེ། །བདག་གི་ལྷ་རྣམས་ཁྲོས་པར་འགྱུར། །དུས་ཀྱང་ཞག་བདུན་གདབ་པར་བྱའོ། །འཇམ་དཔལ་དམར་པོའི་སྔགས་རྒྱུད་ལས། གདུག་པ་འདུལ་བ་ཇི་ལྟར་བྱ་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་དག་འདི་ཞུས་པ། །གདུག་པ་བསྒྲུབ་པའི་གནས་ནི་གང་། །ཞེས་ཞུས་པས། གདུག་པ་འདུལ་མཛད་མཉན་པར་བྱོས། །ཤིང་གཅིག་རྩ་དང་བྲག་ཕུག་དང་། །བྲག་


DNG017_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཆུ་འཐབ་སྐྱི་གཡའ་ངོས། །ལྷ་ཁང་སུམ་མདོ་ཤྭ་གྲོག་གམ། །བྲག་དམར་སེང་གེ་རྩལ་རྫོགས་པ། །གནམ་ལ་འཕྱོང་བ་འདྲ་བ་འམ། །བྲག་སྲིན་གདུག་པ་འདུལ་བ་འམ། །སྡོམ་མཁར་སུམ་ཐོག་ཕུང་ཤུལ་ལམ། །ཞི་རྒྱས་དབང་དྲག་གནས་དག་ཏུ། །དང་པོར་མཆོད་སྦྱིན་ཆ་གཅིག་གིས། །དེ་དག་སྣང་དང་མི་སྣང་ལ། །ས་ཕྱོགས་རིན་གྱིས་བསླུ་བ་ཡི། །ཚུལ་དུ་གླུད་དང་མཆོད་སྦྱིན་བྱ། །བསྐྲད་དང་བདེན་བདར་བྱིན་བརླབས་ལ། །མ་གྲུབ་བར་དུ་གཞན་དུ་དེངས། །གྲུབ་གནས་སླར་ཡང་གཏད་བྱ་ཞེས། །རྔན་པ་སྦྱིན་དང་ཕྲིན་ལས་བཅོལ། །ཕྱོགས་བཞིར་སྐྱོང་བའི་རྟེན་བཞི་གཟུག །ཕྱོགས་སྐྱོང་ཕྲིན་ལས་མཆོད་པ་འབུལ། །ལྷ་མོ་སྦྲན་དང་དཔང་ཡང་གཟུག །སྲིད་པའི་སྡེ་བརྒྱད་རྣམས་ཀྱང་མཆོད། །ཕྱི་ནང་བཤགས་སྦྱང་དག་པར་བྱ། །འཇམ་དཔལ་དམར་པོའི་སྔགས་རྒྱུད་ལས། གནས་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་དག་འདི་ཞུས་པས། །བསྙེན་བསྒྲུབ་ཞག་གྲངས་ཇི་ལྟར་ཚད། །རབ་འབྲིང་ཐ་མ་བཤད་དུ་གསོལ། །ཞེས་ཞུས་པ་དང་། རབ་ནི་ཟླ་བ་སུམ་ཅུ་ལ། །འབྲིང་ནི་ཞག་ནི་བཅུ་ཕྲག་གསུམ། །ཐ་མ་ཞག་ནི་བདུན་ཕྲག་གསུམ། །ཡང་ན་བདུན་གྱིས་ཕྲིན་ལས་འགྲུབ། །དེ་ལས་མང་ལ་འདའ་མི་བྱ། །འཇམ་དཔལ་དམར་པོའི་སྔགས་རྒྱུད་ལས། དུས་དང་ཞག་གྲངས་ཀྱི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཡང་དག་འདི་ཞུས་པས། །གཟའ་སྐར་དུས་ཚོད་གཉན་པ་གང་། །དེ་ལ་གཏད་དམིགས་བཤད་དུ་གསོལ། །ལོ་ཟླ་མར་ངོ་དམན་པ་ལས། །སྔགས་པ་མདའ་འཕེན་ཟླ་བ་དང་། །ཉི་མ་སྤུངས་བྱང་བགྲོད་འདྲ་མིན་ནམ་པར་དག་ལ་མིན། །ཟླ་བ་གཟས་ཟིན་པ་དག་དང་། །སྨིན་དྲུག་ས་འོག་སོང་ལ་བྱ། །གཟའ་སྐར་གདུག་པ་དག་ལ་གཏད། །སྤེན་པ་ཕུར་བུ་མིག་དམར་ལག །དབྱུག་པ་རྟ་དང་ཐ་ཆུང་བཞི། །བདུད་ཀྱི་ཉི་མར་


DNG017_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

ཕུར་པས་གདབ། །དུས་ནི་འབྲུག་སྒྲ་ཚུབ་མ་གདབ། །དུས་ནི་གང་ཡིན་གནས་སུ་བྱ། །མཉེས་པར་བྱས་ལ་དམ་ཅན་ལ། །དཔང་གཟུག་འོ་དོད་རབ་ཏུ་འབོད། །གདུག་པའི་རྒྱབ་རྟེན་མ་བྱེད་ཅིག །སྒྲུབ་པ་དང་ནི་ལས་སུ་སྦྱར། །འཇམ་དཔལ་དམར་པོའི་སྔགས་རྒྱུད་ལས། དུས་ཚོད་གདུག་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་སྒྲོལ་གིང་མ་རུ་ཙེས། མཐུ་སྟོབས་ཀྱི་བདག་པོ་དཔལ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་བཅོམ་ལྡན་དཔལ་ཆེན་པོ། །དེ་ལྟར་སྒྲུབ་པའི་རྣལ་འབྱོར་པས། །གཞལ་ཡས་དཀྱིལ་འཁོར་ཇི་ལྟར་བྲི། །དམ་རྫས་གང་དང་གང་ཞིག་བསོག །དེ་ཡི་དམ་རྫས་ཇི་ལྟར་དགོད། །སྤྱི་ཡི་ཡན་ལག་ཇི་ལྟར་བྱ། །ཞེས་ཞུས་པ་དང་། དཔལ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསུངས་སོ། །ཉོན་ཅིག་སྒྲོལ་གིང་མ་རུ་ཙེ། །དཀྱིལ་འཁོར་བྱ་བའི་ཐབས་བསྟན་པ། །སྤྱིར་ན་དཀྱིལ་འཁོར་གཉིས་སུ་དབྱེ། །འཇམ་དཔལ་ལྷ་བསྙེན་དཀྱིལ་འཁོར་དང་། །གདུག་པ་དྲག་པོའི་དཀྱིལ་འཁོར་ཡིན། །དེ་ཡི་དཀྱིལ་འཁོར་བརྩིག་པའི་ཐབས། །འདོམ་གང་གྲུ་བཞི་ལྷམ་པ་ལ། །དབུས་སུ་གྲུ་གསུམ་དོང་ཞིག་བརྐོ། །ཐོད་པ་སྐམ་པོ་གདུག་པ་ལ། །གཟས་པའི་ལིངྒ་བསྒྲིམ་སྟེ་བྲི། །མཱ་ར་ཡ་ཞེས་འཁོར་བར་བསྐོར། །དེ་དག་གོང་མའི་ནང་དུ་གཞུག །གྲུ་གསུམ་ནང་དུ་དེ་བཅུག་ལ། །ས་མར་མཉམ་པའི་བྱི་དོར་བྱ། །ཁྱོད་ཀྱི་ཕོ་བྲང་བཏབ་པར་དམིགས། །ཁྲག་སྣ་གསུམ་གྱིས་ཆག་ཆག་བཏབ། །གནམ་ས་གཉིས་ཀྱང་ཐིག་བྱིན་བརླབ། །མ་ཧཱ་གུ་རུ་པདྨ་ཏི་ཧེ་པྲ་མ། ཞེས་པས་ས་ཐིག་རིམ་པར་བཏབ་ནས་སུ། །དེ་ནས་ཚོན་བརླབ་ཕྱོགས་སུ་བཀྱེ། །དབུས་སུ་གྲུ་གསུམ་མཐིང་ནག་བྲི། །ཕྱི་རིམ་ཟླ་གམ་དབང་གི་ཚུལ། །དེ་ཡི་ཕྱི་རིམ་ཟླུམ་པོ་དཀར། །ཕྱི་རིམ་ཡེ་ཤེས་རྩིབས་བཞི་དགོད། །ཤར་དཀར་ལྷོ་སེར་ནུབ་དམར་དང་བྱང་ལྗང་། །རྩིབས་མཚམས་དམར་པོ་སྒོ་བཞི་རིགས་དང་སྦྱར། །གདུག་པ་


DNG017_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་པོའི་དཀྱིལ་འཁོར་ནི། །ཤར་ལྷོར་འབྲུབ་ཁུང་གྲུ་གསུམ་བྲི། །ཟླ་གམ་དམར་ལ་ཐལ་ཆེན་བསྐོར། །ཁ་ལ་མེ་རི་འབར་བ་བྲི། །མཁས་པས་དེ་དག་རབ་ཏུ་བྲི། །འཇམ་དཔལ་མེ་རུ་ཙེའི་སྔགས་རྒྱུད་ལས། དཀྱིལ་འཁོར་གྱི་ལས་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཡང་སྒྲོལ་གིང་མ་རུ་ཙེས། དཔལ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་ཞུས་སོ། །གསང་བའི་དམ་རྫས་ཕྱི་ནང་དང་། །སྒྲུབ་དང་བསྙེན་རྫས་བསྟན་དུ་གསོལ། །སྒྲུབ་དང་དྲག་པོ་དམ་རྫས་ནི། །བསྒྲུབ་པའི་རྫས་ནི་འདི་རུ་བསྟན། །མ་རུ་ཙེ་ཡི་དམ་རྫས་ནི། །ཁྱི་ཕག་དམར་ཁྲའི་ཤ་ཁྲག་དང་། །ཐུགས་དམ་ཤེལ་གོང་སྨུག་པོས་བསྐང་། །སྤྱན་གཟིགས་ཚོགས་པའི་ཤ་ཁྲག་གཏོར། །དཔལ་ཆེན་ཁྲོ་བོ་མི་བཟད་པར། །ཤ་ཆེན་ཡོད་པའི་ཆ་གཅིག་དབུལ། །ཁྲག་དང་སྨན་ཕུད་དམ་རྫས་བཞག །མཱཾ་ས་ཆེན་པོས་སྣ་དྲངས་ལ། །ཤ་སྣ་ཁྲག་སྣ་ཚོགས་པར་བསགས། །ཚེ་དང་བསྲུང་བའི་རྫས་ཀྱང་བསགས། །སྒྲུབ་དང་བསྙེན་པའི་བྱ་བའོ། །དྲག་པོའི་དམ་རྫས་བསྟན་པ་ནི། །དེ་ཡང་གཉིས་སུ་དབྱེ་བར་བྱ། །རྟེན་དུ་བྱ་དང་གསད་པའི་རྫས། །རྟེན་དུ་བྱ་བའི་དམ་རྫས་ནི། །ཙ་ར་དཀར་པོ་གཉའ་ནག་སྐོར། །གཟས་པའི་གཟུགས་བྱ་ཐིགས་པ་དང་། །གངས་ཀྱི་དུམ་དང་བསྲུང་མའི་ལོ། །བོང་བུའི་བདུད་རྩི་གྲོག་མཁར་ས། །ཁྲག་གིས་སྦྲུས་ལ་ལིངྒ་བྱ། །མིང་དང་རུས་དང་ལོ་ལ་སོགས། །ཤིང་ཤུན་བྲིས་ལ་སྙིང་གར་གླན། །ནཱ་ར་ཡ་དང་རྦད་ཀྱིས་ཀྱང་། །དེ་འཁོར་འདོམས་སུ་མཱ་ར་ཡ། །དེ་ཡི་མགོ་བོ་ཛ་ཡིས་བསྐོར། །དཔྲལ་བ་དག་ཏུ་མིང་བྲིས་ལ། །ཡུགས་སའི་ཞབས་མས་གཏུམས་བྱས་ནས། །དཀར་ནག་བཏགས་ལ་སྐེ་རུ་གདགས། །ཙ་ར་དེ་ལ་གཟས་པར་དམིགས། །གདུག་པ་བསྒྲལ་བའི་རྫས་རྣམས་ནི། །ཕུར་པ་དང་ནི་ཧོམ་ཤིང་དང་། །སྒྲོ་དང་ཉུང་དཀར་ཐལ་ཆེན་དང་། །བཙན་དུག་གུ་གུལ་ཐོད་པ་དང་། །ཚོན་


DNG017_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

སྐུད་ལ་སོགས་རྫས་སུ་བསོག །དྲག་པོའི་དམ་རྫས་གཞན་ཡང་བསོག །འཇམ་དཔལ་མེ་རུ་ཙེའི་སྔགས་རྒྱུད་ལས། དམ་རྫས་བསྟན་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་འཇམ་དཔལ་མེ་རུ་ཙེས། དཔལ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཞུས་སོ། །བསྙེན་བསྒྲུབ་རྫས་ནི་ཇི་ལྟར་དགོད། །གནས་དང་བཞག་པའི་རང་བཞིན་ཞུ། །སྒྲོལ་གིང་གནོད་སྦྱིན་མ་རུ་ཙེའི། །རྫས་རྣམས་དགོད་པ་བསྟན་པ་ནི། །སྒྲུབ་པའི་རྫས་ནི་འདི་ལྟར་དགོད། །མ་རུ་ཙེ་ཡི་རྫས་རྣམས་ནི། །ཤར་གྱི་འཁོར་ལོ་ཉིད་ལའོ། །སྨན་ཕུད་དཔལ་གཏོར་ཤར་ལྷོར་བཞག །བསྒྲུབ་པའི་རྫས་ནི་ཚོགས་པར་བྱ། །དྲག་པོའི་རྫས་ནི་འདི་ལྟ་སྟེ། །ཙ་ར་ལ་སོགས་རྟེན་གྱི་རྫས། །ཤར་ལྷོ་བྱང་ཤར་མཚམས་སུ་བཞག །ཧོམ་ཤིང་ཚེར་མ་ཅན་རྣམས་ནི། །ལྷོ་ཡི་འཁོར་ལོ་ཉིད་ལ་དགོད། །ནུབ་ཏུ་ཕུར་བུ་བྱང་དུ་དུག །སྒྲོ་ཡང་དུག་གི་སྟེང་དུ་གཟུག །གཙང་དང་ཉུང་དཀར་ཐལ་ཆེན་དུག །ཤར་ལྷོ་འབྲུབ་ཁུང་རྩ་རུ་གཟུག །གདུག་པའི་རྫས་རྣམས་མ་ལུས་དགོད། །འཇམ་དཔལ་མ་རུ་ཙེའི་སྔགས་རྒྱུད་ལས། རྫས་དང་ཐུན་དགོད་པའི་ལེའུ་སྟེ་བརྒྱད་པའོ།། །།ཨེ་མ་དཔལ་ཆེན་གསང་བའི་བདག །གསང་སྔགས་བསྒྲུབ་པའི་རྣལ་འབྱོར་པས། །གསང་བ་སྤྱི་ཡི་ཡན་ལག་ནི། །རིམ་པ་བཞིན་དུ་བཤད་དུ་གསོལ། །ཞེས་ཞུས་པ་དང་། དང་པོར་མཚམས་བཅད་གནས་བྱིན་རླབས། །སྒྲིབ་སྦྱང་སྨན་གཏོར་བྱིན་གྱིས་བརླབ། །བརྡའ་དང་གར་གྱིས་སྒོ་དབྱེ་བྱ། །དུས་གསུམ་ཞི་ཁྲོ་རྒྱས་པར་མཆོད། །བསྟོད་དང་བསྙེན་པ་རྒྱུན་དུ་དབུལ། །བལྟ་བ་སྤྱོད་པ་དམ་ཚིག་དང་། །དབང་དང་དངོས་གྲུབ་འདི་ལྟར་བྱུང་། །ཕྱི་དང་ནང་དུ་སྣང་བ་ཀུན། །རང་བཞིན་ཡོད་པ་མ་ཡིན་ཏེ། །རང་རང་རྟོག་སྒོར་སོ་སོར་སྣང་། །སྣང་བ་ཉིད་ན་རང་བཞིན་མེད། །དེས་ན་ཇི་ལྟར་བསམ་པ་འགྲུབ། །གཙང་དང་མི་གཙང་ཤ་དང་ཁྲག །དུས་གསུམ་དག་དང་དུས་དྲུག་ཏུ། །སྤྱད་དང་རང་རེ་གང་སྣང་བ། །གནས་དང་སྐུ་དང་


DNG017_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་སྒྲ་དང་། །སྤྱོད་ལམ་ཀུན་ཏུ་སྤྱོད་ལམ་བྱ། །བླ་མ་མི་སྤང་བླ་མ་བཀུར། །གསང་བ་གསུམ་དང་ལོངས་སྤྱོད་ཀུན། །མཆེད་བཞི་སྔགས་དང་སྒྲ་སྐད་བསྒྲགས། །སྣོད་མེད་གཞན་ལ་རབ་ཏུ་གསང་། །དམ་རྫས་ཚོགས་ཤིང་གསང་ཡང་བསྡམ། །སྐུ་གསུང་ཐུགས་ཀྱི་དབང་ཡང་བྱིན། །དངོས་གྲུབ་རབ་འབྲིང་ཐ་མ་འགྲུབ། །འཇམ་དཔལ་མ་རུ་ཙེའི་སྔགས་རྒྱུད་ལས། སྤྱིའི་ངོ་བོ་བསྟན་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་ཡང་འཇམ་དཔལ་མ་རུ་ཙེས། དཔལ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ་ངོ་མཚར་རབ་ཏུ་ཆེ། །དེ་ལྟར་བགྱིད་པའི་རྣལ་འབྱོར་པས། །ལས་དང་གོ་རིམ་བགྱི་རིམ་དང་། །སྔགས་ཀྱི་ངོ་བོ་བསྟན་དུ་གསོལ། །བསྙེན་པ་སྒྲུབ་པའི་སྔགས་ནི་གང་། །ལས་ལ་སྦྱོར་བའི་སྔགས་ནི་གང་། །ཕྲིན་ལས་དྲག་པོའི་སྔགས་ནི་གང་། །དེ་རྣམས་མ་ལུས་བཤད་དུ་གསོལ། །ཞེས་གསོལ་པ་དང་། ལེགས་སོ། །ཁྱོད་ཀྱིས་འགྲོ་བའི་དོན་དུ་དྲིས་པ་ལེགས་སོ། །ད་ལྟ་ངས་བཤད་ཀྱིས་ཉོན་ཅིག །ཡིད་ཐུད་ལ་སངས་རྒྱས་ཀྱི་བསྟན་པ་སྲུངས་ཤིག །དམ་ལས་མ་གཡེལ་ཅིག །ངས་ཁྱོད་ཀྱིས་སྙིང་པོ་བསྟན་གྱི། དེ་ཡང་དང་པོར་བསྙེན་པའི་སྔགས་བཅུར་ཕྱེ་ལ་བཤད་དོ། །རྒྱུ་མ་ནོར་བ་རྩ་བའི་སྔགས་ནི། ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ། སྙིང་རྗེའི་གཟུགས་བརྙན་ཧཱུཾ་ལ་བྱའོ། །བསྙེན་པའི་རྒྱུན་གྱི་སྔགས་འདིས་བྱའོ། །ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ །ཀུ་མ་རཱ་ཛ། བསྐྱེད་པ་རྐྱེན་གྱི་སྔགས་འདིས་བྱའོ། །ཨོཾ་མཉྫུ་ཤྲཱི་ཀུ་མཱ་ར་ཡ། མ་ཏ་ཀ་མ་རུ། ཙེ་བ་ཏ་ཡེ་ཧཱུཾ། ཡུམ་གྱིས་འདིས་བྱའོ། །ཙབ་ཙབ་རག་མོ་ཤིག་ཤིག་སྙིང་རྩ་མ་ལ་བྷྱོ་བྷྱོ། སྤྱན་འདྲེན་བཞེངས་སུ་གསོལ་བའི་སྔགས་ནི་འདིས་བྱའོ། །ཛཿཧཱུཾ་བཾ་ཧོཿ། ས་མ་ཡ། མཉྫུ་ཤྲཱི་ཨ་ཀྲོ་ཏེ་ཀ །ཨེ་ཀ་ཛ་ཏི། ཨེ་ས་མ་ཡ་སྟྭཾ། ཨོཾ་ཀུ་མ་རཱ་ཡ་ཏི་ཏ་མ་ཏ་ཀ་རཀྴ་མ་རུ་ཙེ་ཛཿ། བཞུགས་སུ་གསོལ་བའི་སྔགས་ནི་འདིས་བྱའོ། །ཨོཾ་ཀུ་མཱ་ར་


DNG017_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

མཉྫུ་ཤྲཱི་ཡ་མཱནྟ་ཀ་ཀུ་མ་རཱ་ཡ། ས་མ་ཡ་ཏིཥྛ་ལྷན། ཕྱག་འཚལ་བའི་སྔགས་ནི་འདིས་བྱའོ། །མཉྫུ་ཤྲཱི་ཀུ་མཱ་རཱ་ཡ་ན་མོ། ཨ་ཏི་ཕུ་ཧོ། པྲ་ཏི་པུ་ཧོ། མཆོད་པ་འབུལ་བའི་སྔགས་ནི་འདིས་བྱའོ། །མཉྫུ་ཤྲཱི་ཀུ་མཱ་ར་ཡ་པཱུ་ཛ་མཱཾ་ས་ཁཱ་ཧི། ཨ་མྲྀ་ཏ་ཁཱ་ཧི། རཀྟ་ཁཱ་ཧི། ཙིཏྟ་ཁཱ་ཧི། ཙཀྴུ་ཁཱ་ཧི། སྐུ་གསུང་ཐུགས་ཀྱི་སྔགས་འདིའོ། །སྐུའི་སྙིང་པོ་ནི། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ །ཛྭ་ལ་ཛྭ་ལ། ཀཱ་ཡ་ཀཱ་ཡ་ཧཱུཾ་ཕཊ། གསུང་གི་སྙིང་པོ་ནི། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཝཱཀྐ་ཡ་ཧཱུཾ། ཧ་ན་ཧ་ན་ཧཱུཾ་ཕཊ། ཐུགས་ཀྱི་སྙིང་པོ་ནི། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཙིཏྟ་པ་ན། ཙྪིནྡྷ་ཙྪིནྡྷ་ཧཱུཾ་ཕཊ། དཀྱིལ་འཁོར་བྱིན་བསྐྱེད་པའི་སྔགས་ནི། ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ །མ་མ་ཨེ་ཀ་ཛ་ཊཱི་ཛཿ། ཨོཾ་རྣལ་མ་རྣལ་ཏེ་གསོད་ལ་རྔམས། བཤོས་ལ་མེར། བྲིས་ལ་ཆུམས། ཐུ་བིས་ཐུ། ལྕགས་ཀྱི་སྐྲ། འཇམ་དཔལ་མ་རུ་ཙེའི་སྔགས་རྒྱུད་ལས། སྔགས་ཀྱི་ལེའུ་སྟེ་བཅུ་པའོ།། །།ཀྱེ་ཀྱེ་དཔའ་བོ་མཐུ་སྟོབས་བདག །ལས་ལ་སྦྱོར་བའི་སྔགས་ནི་གང་། །དེ་ཡི་ཕྲིན་ལས་ཇི་ལྟར་བགྱི། །ཞེས་ཞུས་པ་དང་། དེ་ནས་ཡང་སྦྱོར་བ་དྲག་པོའི་སྔགས་བསྟན་པའོ། །ཨོཾ་ནུ་པ་ཏ་ཕཊ། མཛོད་ཏ་བ་ཀྲི་ཏ་བ་བ་སོད་དྷ་སོད། ཨོཾ་རུས་ཏ་རུས་ཏ། བྷོ་ཧོ་བྷོ་ཧོ། མཱ་ར་ཡ་ནན། དུང་ཨ་དུང་ཡ་བཾ་རྦད། རུས་ཏ་རུས་ཏ། ཡ་མ་རཱ་ཛ་ན་ནི། དགྲ་བོ་མཱ་ར་ཡ་ཛྭ་ནན། ཡ་མ་རཱ་ཛ་ལས་ཀྱི་གཉེར། ཏྲག་རཀྴ་ཕཊ་རྦད། མ་མོ་ལས་ཀྱི་གཉེར་ཡང་གཏད། །རྩང་ལ་དགུག་པའི་དབང་བསྐུར་བ། །ཨོཾ་མ་རུ་ཙེ་པ་ཏ་ཡེ་སྭཱ་ཧཱ། འུག་པའི་སྔགས་གདུག་གསང་བ་འདིའོ། །ཏྲག་རཀྴ་མ་ར་ཡ་ཕྱེ། བྱ་རོག་དབྱེ་བའི་སྔགས་འདིའོ། །ཏྲག་མཁའ་ལྡིང་མཱ་ར་ཡ་ཛ། བྱ་རོག་དང་རུ་གཡས་པ་ལ། །གཟས་པ་གང་གི་མིང་རུས་བྲི། །འུག་པའི་དང་རུ་གཡོན་པ་ལ། །དགྲ་བོའི་ཕོ་ལྷ་བྲི་བར་བྱ། །སྒྲོ་གཉིས་དུག་གི་ནང་དུ་གཞུག །སྲུང་བའི་ལྷ་དང་དཔྲལ་བའི་སྔགས། །ཡ་མ་རཱ་ཛ་ཀླུ་ལིང་བྷ་སང་སང་། ཋཾ་


DNG017_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་བྷ་སང་སང་། ཀླུ་ལིངྒ་སང་ཀུ་ཏ་ན་ནན། ཡོ་ལྕགས་སང་ཀུ་ཏ་ཀི་ཧཱུཾ་ཕཊ། ལྷ་ལྔ་དག་དང་དབྲལ་བར་བྱ། །དུག་དང་ཆང་ལ་སྔགས་ཤིང་སྦངས། །ཡུངས་ཀར་དག་ལ་སྔགས་ལ་བསྡིམ། །ན་མོ་བག་ཏ་བུ་མེ་མེ་བུ་པར་པ་པུ་ནན། ནན་ཏིང་ཙ་ཀ་ལ་སྭཱ་ཧཱ། དུག་གིས་ཡང་བསྐྱར་ངར་ཡང་བླུད། །སུམ་རོ་ཙམ་བྱི་རོ་ལྔ་ཤུ་ནི་ན་མོ་ན་མ་སྭཱ་ཧཱ། འཇམ་དཔལ་མ་རུ་ཙེའི་སྔགས་རྒྱུད་ལས། ལས་ལ་སྦྱོར་བའི་སྔགས་ཀྱི་ལེའུ་སྟེ་བཅུ་གཅིག་པའོ།། །།(དེ་ནས་ཕྲིན་ལས་དྲག་པོའི་སྔགས་བསྟན་པ། དང་པོར་གཟས་པ་དགུག་པའི་སྔགས། །ཏ་ཀུ་ཀ་པ་ར་པ་ར་མར་ཏ་ནི་ཛ། ཨཾ་ཀུ་ཤ་ཛ་ཛ། ལིངྒ་ལ་ཚེ་སྲོག་བསྡིམ་པ། ནྲྀ་ཛ་ཨ་བེ་ཤ་ཡ་ཨ་ཨ། ཛཿཧཱུཾ་བཾ་ཧོཿ། དེ་ལ་བེ་ཅོན་རྡེག་པའི་སྔགས། །དུན་དུན་མུགས་པ་ཤཾ་ཧ་ལ་ཧ་ལ་ཙ་ལ་ཙ་ལ་པ་ཙ་ལ་ཧིམ་ཧིམ། རྦད་ན་རྦད་ན། རྦུད་བུ་ལིང་རྦད་བུའི་མི་ཤ །མཱ་ར་ཡ་མཱ་ར་ཡ། དེ་ནས་ཕུར་པ་གདབ་པའི་སྔགས། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཡ་མཱནྟ་ཀ་མཉྫུ་ཤྲཱི་མཱ་ར་ཡ། ཡ་མ་རཱ་ཛས་རབ་ཏུ་གདབ། མ་རུ་ཙེས་ནི་གདབ་པ་ནི། ཨོཾ་ཀུ་མ་རཱ་ཛ་མཉྫུ་ཤྲཱི། ཡ་མཱནྟ་ཀ་ཀུ་མཱ་ར་ཛ་ནི་ཛ། མཱ་ར་ཡ་རྦད། ཁྱོད་ཀྱི་ཕོ་ཉས་གདབ་པའི་སྔགས། །ཨོཾ་ཡ་མཱནྟ་ཀ་ཀཱི་ལི་ཀཱི་ལ་ཡ། ཤ་མུག་ཙ་ཡ་ཧཱུཾ་ཕཊ། སྐེ་ཚེ་ཉུང་དཀར་ཐལ་ཆེན་སྔགས། །ཨོཾ་ཤྲཱི་མཉྫུ་ཨུ་ཙུས་མ། ཏྲི་ལིང་ཤཾ་ཀ་དུ་ཨུ་ཙུས་མ། ཏྲི་ལིང་ཤང་དུ་ཙ། ཨེ་ཀ་ཛ་ཏི་དགྲ་བོའི་སྲོག་རྩ་མཱ་ར་ཡ། རགྴས་ལིངྒ་བྲབ་པའི་སྔགས། །ཏྲི་ལིང་ཤང་ཀ་དུ། སྙིང་ཁྲག་ལ་རྦུད། དྲི་ཟ་རཀྴ་རྦད་བུ། སྙིང་ཁྲག་རྩ་ལ་དྲེང་དྲེང་། གཟས་པ་པོ་ཡི་སྲོག་རྩ་དུ་ན་རྦུད། མ་མོ་སྲིན་མོ་དམོད་པའི་སྔགས། །ཏྲག་རཀྴ་ཁ་མུ་ཏྲ། རུ་ལུ་རུ་ལུ་བྷྱོ། རཀྨོ་ཏེ་ཀུཾ་ཛ་ཛ། ཁ་ལ་མ་ཧི་བྷྱོ། མ་རུ་ལུ་རུ་ལུ་བྷྱོ། ཏྲག་རཀྴ་ཁ་མུ་ཏྲ་བྷྱོ། རུ་ལུ་རུ་ལུ་མ་མ་མ་ཡཾ། གྲམ་གཡས་ལ་ཡ་ཏིཥྛ་རྦད། །ནཱ་ཐུམ་


DNG017_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

རི་ལི་ལི་རྦད། ཤ་ཏི་ཏིཥྛ་འདི་རྣམས་ལ་ཧེཥྚ་ཡང་འདུག་རྦད་ན་ཐུམ་རི་ལི་ལི་རྦད། མ་ཏི་ཏིཥྛ་རྦད་ཐུམ་རི་ལི་ལི། ཡཀྴ་ནི་ཏི་ན་རྦད་ན་ཐུམ་རི་ལི་ལི། ཁ་ཆུ་ནི་ཡ་ཏིཥྛ་རྦད་ན་ཐུམ་རི་ལི་ལི། ཏྲག་རཀྴ་སྲོག་ཐུམ་ཐུམ། དུ་དུ། ཀཾ་ཀཾ། ཀེཾ་ཀེཾ། སྲོག་ལ་དུན་བྷྱོ། རྐང་ཆེན་གླིང་བུའི་ནང་ན་ཕར། །ཐུན་ནག་སྔགས་ནི་འདི་བཟླས་སོ། །ཏྲི་ལིང་ཤང་ཀ་དུ་ཀཾ་ཀཾ་ཤོཾ་ཤོཾ། རྣལ་མ་རྣལ་ཏེ་ཀཾ་ཀཾ་ཀིང་ཀིང་། ཁྱི་ཁྲིད་ར་ཁྲིད་མ་མོ་རོལ་དུན་བྷྱོ། ཡབ་ཡུམ་གཉིས་མེད་གསང་བའི་སྔགས། ཨོཾ་ཤྲཱི་མཉྫུ་ཡ་མ་རཱ་ཛ། མ་མ་ཨེ་ཀ་ཙ་ཏི་ཛ་ཛ། གནོད་སྦྱིན་དྲག་པོ་གསང་བའི་སྔགས། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བཻ་ཤྲ་མ་ཎ་སྱ། མ་ཧཱ་རཱ་ཛ་སྱ། ན་མོ་ན་ཏ་ཀུ་བེ་ར་སྱ། གུ་ཧྱ་ཀ་ཨ་དྷི་པ་ཏེ་ཏྱི་པ་ཏ། ཀུ་པ་ར་མ་དྷའི་ཤ་མི། ཨ་ནུ་རུ་པ། སུ་རུ་པ། ཙནྡྲ་ཁ་ན་ཙ་ཁཾ། ཧེ་མོ་ཧེ་ས། ཀ་ན་ཏ་ཀུ་པ་ར་ན། ཧེ་མ་ཀ་ན་ཀུ་ཧ་ཀ །ཙ་ལ་ཙ་ལ། པ་ཙ་པ་ཙ། པུ་ལུ་པུ་ལུ་སྭཱ་ཧཱ། སྲིན་པོ་གཏུམ་པོ་གསང་བའི་སྔགས། །ར་དང་མིང་བྱང་རཀྴ་ལ། །དྲག་པོས་སྔགས་ཤིང་བརྡེག་པར་བྱ། །ཨོཾ་རྣལ་མ་རྣལ་ཏེ་གསོད་ལ་རྔམས། གཤོག་ལ་མེར། སྲིས་ལ་ཆུམ། ཐུ་བིས་ཐུ་ལྕགས་ཀྱི་སྐྲ། མཱ་ར་ཡ་ལོར་ཙིཏྟ་འབྱོན་ཙ་ན། ཨོཾ་ནྲྀ་ཤ་ཀུ་རུ་ནྲྀ་ཤ་ཀུ་རུ་ཁ་སོ་མ་ཏི་ཡཾ། རུ་ཏི་ཡཾ། སེཾ་ཡཾ་སཾ་ཡཾ། སྙིང་ཚལ་པ་རྦད། སྙིང་ལ་ཕུར་སྔགས་འདི་ཡིས་གདབ། །རང་རང་སོ་སོའི་སྔགས་བཞག་ལ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཛྭ་ལ་མ་ལ་ཀ་ལ་ཡ། ཨོཾ་ཛྭ་ལ་ཛྭ་ལ། པྲ་ཛྭ་ལ་པྲ་ཛྭ་ལ། སྤུ་ཏ་པུ་ཏ། སརྦ་ནག་པ་ནི། སྤ་ར་སྤ་ར། བི་སྤ་ར་བི་སྤ་ར། སརྦ་དུཥྚཱན་ཧྲི་ད་ཡ། ཤོ་ཏ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཨན་ཏ་ར་ཕན་ཏ་ར། ཙན་ཏ་ར། གན་ཏ་ན་སྭཱ་ཧཱ། ན་མ་ས་མན་ཏ་བི་ཤོ་ཨ་སྭཱ་ཧཱ། བིང་བིང་སྭཱ་ཧཱ། སྒྲོལ་བྱེད་གཤིན་རྗེའི་དྲག་སྔགས་འདི། །དྲག་པོས་སྔགས་ཅིང་ལིངྒ་ལ། །བྲབ་ཅིང་ཡང་དང་ཡང་དུ་བརྡེག །ཨོཾ་ཏྲི་ལིང་ཤང་ཀ་དུ། དྲི་ཟ་ཡཀྴ། རྦད་རྦུད་ཕྱེ་མ་འདར་ཏུ་ཏུས། ཕྲ་ཕྲ་དུམ་དུམ་ཤིག་མཱ་ར་ཡ། གཤིན་རྗེ་དམ་ཚིག་གསང་བའི་སྔགས། །གོང་གི་ལིངྒ་དག་ལ་ནི། །དྲག་པོས་ཕུར་པ་སྔགས་ཤིང་བརྡེག


DNG017_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཧྲཱྀཿཤྟྲཱིཿབི་ཀྲྀ་ཏ་མཱ་ར་ཡ། །ཨོཾ་ཧྲཱྀཿཤྟྲཱིཿཏ་མོན་ཏ་མཱ་ར་ཡ་དུ། ཨོཾ་ཧྲཱྀཿཤྟྲཱིཿབི་ཀྲྀ་ཏ་མཱ་ར་ཡཾ། ཨོཾ་ཧྲཱྀཿཤྟྲཱིཿབི་ཀྲྀ་ཏ་མོན་ཏ་མཱ་ར་ནན། ཨོཾ་ཛྭ་ལ་ཀྲྀ་ཏ་སོད། ནྲྀ་སོད་མཱ་ར་ཡ་སོད། བྷྱོ་བྷྱོ། ཡཾ་ཡཾ། ཨོཾ་ཨཾ་ཏུ་ས་ཏ་སུ་ཏ་མ་ར་དུ། མཱ་ར་ཡཾ་ཡ་ནན། ཚེར་མ་ཅན་གྱི་དུག་ཤིང་ལ། །སྟོང་གསུམ་མེ་ལྷ་བསྐྱེད་བྱས་ཏེ། །མེ་ལྷ་གཞལ་ཡས་ཁང་བྱིན་བརླབ། །གཞུང་དང་མཐུན་པར་རབ་བརྟགས་ཏེ། །ཁྲོ་བོ་འཁོར་བཅས་འཁོར་ལོར་བསྐྱེད། །དགུག་གཞུག་ངོ་བོ་རྫོགས་པ་དང་། །དྲག་པོ་དག་ལ་བསྔགས་པ་ནི། །སོ་སོར་རང་རང་སྔགས་ཀྱིས་སུ། །མཆོད་པ་གཟས་པ་དབུལ་ཞིང་བཅོལ། །བདུད་པོ་ཡམ་ཤོད་ཤིན་ཏུ་སྔགས། །ཨོཾ་བདུད་པྲ་མ་ཡ་བདུད་པྲ་མ་ཡ། སྙིང་མགོ་ཆོད། དུ་རུ་དུ་རུ། ཧ་ར་ཏི་ཧ་ར་ཏི། སྙིང་ལ་ཛ་ཡིས། ནག་པོ་ཏི་པ་ཙ་པའི་ཧེ། སྙིང་ལ་རྩ་བཾ་རིལ་རྦད། ནག་པོ་ཧེ་དུམ་བཾ་རིལ་རྦད། ཧཱུཾ་མ་ཧཱུཾ་ཡ། སྙིང་ལ་དུ་ར་དུ་ར། གློ་རྩ་བཾ་རིལ་རྦད། མྱོས་དང་ལྐུགས་དང་སྨྱོ་འབོག་དང་། །ཚིག་ཆད། བདུན་རྒྱུད་བརླག་པར་འགྱུར། །སྔགས་ཤིང་ལིངྒ་ཧོམ་དུ་དབུལ། །དོན་དང་ལྡན་པར་ཤེས་པར་བྱོས། །དེ་ཡི་གསང་སྔགས་འདིས་ཀྱང་སྦྱར། །ཨོཾ་ཀུ་མཱ་ར། ཧ་ན་ཀུ་མཱ་ར་མཉྫུ་ཤྲཱི་ཀུ་མཱ་ར་མུ་དུ་ཁ་རྦད། ཡཀྴ་རྦད། མཉྫུ་ཤྲཱི་ཀུ་མཱ་ར་མུཌྜྷ་ཧེ་འགྲིབ། ཡཀྴ་ཁ་ལ་ཡུ་ཏི་རྦད། མཱ་ར་ཡ། མཉྫུ་ཤྲཱི་དེ་བ་དཏྟ། མཉྫུ་ཤྲཱི་གྲཱི་བ་ཁ་ལ། དུན་ཏིང་མཱ་ར་ཡ། མཉྫུ་ཤྲཱི་དེ་བ་གྲཱི་བ། ཁ་ལ་ཤག་སྙིང་མགོ་ཆོད། སྤུན་དུན་ཏིང་རྦད། མཱ་ར་ཡ། མཉྫུ་ཤྲཱི་ད་དྷ་ཏ་ཀ་ར་ཧི་ན་ཁ་ལ་ཤག །སྙིང་ཁ་ལ་ཡཾ། མགོ་རྦད་མཱ་ར་ཡ། གདུག་པའི་ཤིང་ལ་མེ་སྦར་ཏེ། །གཏོར་མ་ལིངྒ་རྫས་རྣམས་དབུལ། །ཁྱོད་ཀྱི་རྦད་སྔགས་གསང་བ་ནི། །གཏུམ་པོ་ཡཾ་ཡཾ། སྒྲོལ་གིང་ཡཾ་ཡཾ། མ་རུ་ཙེ་ལས་ལ་ཡཾ་ཡཾ། རྩ་ལ་ཧུར་ཐུཾ། སྲོག་ལ་ཡ། དུ་ན་ཛ་དུ། ལིང་གྲད་དྷི་ཛ་ཛ་ཛ། དེ་ནི་ལིངྒ་གཏུབ་པའི་སྔགས། །ཡོན་ཏན་སྔགས་ལ་རང་ཤམ་དང་། །སྐུལ་ཚིག་བཅས་པས་བརྡེག་པར་བྱ། །


DNG017_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ནི་གདུག་པ་འདི་ཡིས་སོ། །ཨ་ནོ་རང་གི་ཤམ་བུ་ལ། ཨ་ནུ་རཱུ་པ་ཁཱ་ཧི། པུ་རུ་བ་ན་ཁཱ་ཧི། ཨུ་པ་ཏི་ཙ་ན་དྲ་ཁཱ་ཧི། ཏ་ཀུ་པ་ར་མ་ར་ཁཱ་ཧི། བསྐུལ་དང་བཅས་པས་བསྟབ་པར་བྱ། །གདུག་པའི་ཚེ་སྲོག་ཕྲལ་བའི་སྔགས། །ཨཱ་ཡུ་ཥེ་ཤྲཱི་ཀྲ་མ་ཡེ་སྭཱ་ཧཱ།དེ་ཡི་ཚེ་སྲོག་བདག་ལ་ཐིམ། ཨཱ་ཡུ་བང་སང་ཧ་ར་ན་ཧཱུཾ། གདུག་པའི་ཉོན་མོངས་ལྔ་པོ་དེ། །རིགས་ལྔ་བདེ་གཤེགས་སྲས་སུ་བསྐྱེད། །གཡས་གཡོན་སོར་བཅུ་ཡིག་འབྲུ་དགོད། །འཕྲོས་འདུས་སྐུ་ཡི་ངོ་བོར་གྱུར། །སྦྱོར་བའི་སྔགས་སུ་བསྡིམ་དང་སྦྱར། །སྔགས་བརྗོད་བྱིན་གྱིས་བརླབས་ལ་གཞག །མནན་པའི་གདུག་སྔགས་འདིས་སུ་བྱ། །ཨོཾ་ཧྲཱྀཿཤྟྲཱིཿབི་ཀྲྀ་ཏ་མཱ་ར་ཡ་ནན། འཇམ་དཔལ་མ་རུ་ཙེའི་སྔགས་རྒྱུད་ལས། དྲག་པོའི་ཕྲིན་ལས་ཀྱི་སྔགས་ཀྱི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་ཡང་འཇམ་དཔལ་མ་རུ་ཙེས། མཐུ་སྟོབས་ཀྱི་བདག་པོ་དཔལ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ་ཤིན་ཏུ་ངོ་མཚར་ཆེའོ། །བདག་གི་རང་བཞིན་མཚན་ཉིད་བཤད་པ་ངོ་མཚར་ཆེའོ། །དེ་ཡི་འབྲས་བཅས་བཤད་དུ་གསོལ། །དེ་ལྟར་ཤེས་བྱས་རྣལ་འབྱོར་པས། །གྲུབ་པའི་རྟགས་ནི་ཇི་ལྟར་འབྱུང་། །སྔགས་ཀྱི་ཚད་ནི་ཇི་ཙམ་བཟླས། །དུས་ནི་གང་གི་དུས་སུ་དར། །ཕྲིན་ལས་གོ་རིམ་གང་གིས་ཐེབས། །ཞེས་གསོལ་པ་དང་། མཐུ་སྟོབས་ཀྱི་བདག་པོས་བཀའ་སྩལ་པ། ཉོན་ཅིག་སྒྲོལ་གིང་མ་རུ་ཙེ། །གྲུབ་པའི་རྟགས་ནི་འདི་ལྟར་འབྱུང་། །བསྙེན་བསྒྲུབ་དག་ལ་ཞུགས་པའི་ཚེ། །མི་ཤར་འགའ་ཙམ་བྱུང་ནས་སུ། །གོ་ཆ་ཉོ་འམ་འདོད་དམ་ཟེར། །གཅེར་བུ་དག་དང་འགྲོགས་པ་དང་། །ཀུན་ཀྱང་བྲན་དང་བཀའ་ཉན་བྱེད། །ཅི་དང་བསམ་པ་ཡོ་ཡང་མཐུན། །བསྒྲུབ་པ་དག་ལ་ཞུགས་ཙམ་ན། །རང་ཉིད་གོ་ཆ་འཆང་བ་དང་། །མོན་པ་ནག་པོ་འོང་བ་དང་། །མེ་དང་མེ་རི་འོད་དུ་འོང་། །རླུང་འཚུབ་ཕ་ཁུ་ཕུ་ནུ་དང་། །ཞང་བློན་རོགས་པོར་བྱས་ནས་


DNG017_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

སུ། །བྱམས་པའི་ཚུལ་དུ་སྟོན་པ་ནི། །བསྒྲུབ་པ་འོང་བའི་སྔ་ལྟས་ཡིན། །མཐོངས་སུ་གོ་བསར་བྱེད་པ་དང་། །དམག་སྣ་དྲང་དང་འོ་དོད་འབོད། །ར་དང་གཡག་དང་བླ་ཤིང་བཅའ། །བསྐྲད་ནས་དབྱུང་ངམ་བྲིད་དམ་བརྡས། །དེ་དག་བྱུང་ན་གྲུབ་པའི་རྟགས། །འཇམ་དཔལ་མ་རུ་ཙེའི་སྔགས་རྒྱུད་ལས། རྟགས་དང་དྲོད་ཀྱི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །སྔགས་ཀྱི་ཚད་ནི་འདི་ལྟ་སྟེ། །བསྙེན་སྔགས་འབུམ་ཕྲག་གཅིག་ཏུ་བཟླས། །སྒྲུབ་པའི་སྔགས་ནི་ཁྲི་ཕྲག་གཅིག །སྦྱོར་སྔགས་སྟོང་དུ་བཟླས་པར་བྱ། །བརྡེག་སྔགས་བརྒྱ་རྩ་བརྒྱད་དུ་བཟླས། །བསྙེན་པ་ཀུ་མཱ་ར་ཞེས་བརྗོད། །སྒྲུབ་པ་རཏྣ་ཏྲ་ཡཱ་ཡ། །སྦྱོར་སྔགས་ནུ་ཐ་ཞེས་བརྗོད་པ། །བརྡེག་པའི་སྔགས་ནི་གཏུམ་པ་ཡི། །ཡོན་ཏན་སྔགས་ནི་གནན་པ་དང་། །ལས་སྔགས་གཤམ་བཏགས་རབ་ཏུ་བཟླས། །དེ་ལ་སོགས་པའི་སྔགས་རྣམས་ནི། །གོ་རིམ་དང་ཡང་རབ་ཏུ་སྦྱར། །འགྲོ་ཉལ་འདུག་སྡོད་གང་དུ་ཡང་། །བསྙེན་པ་རྒྱུན་དུ་བཟླས་པར་བྱའོ། །བསྒྲུབ་པའི་དྲག་སྔགས་བཅུ་ཚོ་ནི། །དབེན་པར་བསྟུད་ལ་རབ་ཏུ་བཟླས། །ཕྱི་མ་དྲག་པོའི་སྔགས་རྣམས་ནི། །སྡང་བས་བརྙས་ལ་བཟླས་པར་བྱ། །རུང་རུང་ཐོར་ཐོར་བཟླས་མི་བྱ། །དྲག་པོར་མ་ཡིན་བུལ་མ་ཡིན། །གཞན་གྱིས་བར་དུ་ཆོད་པ་མིན། །དེ་བཟླས་ཉམས་པའི་རྒྱུ་རུ་འགྱུར། །རུང་རུང་ཐོར་ཐོར་བཟླས་བྱེད་པ། །ཕྱག་ན་རྡོ་རྗེ་ངས་མ་བཤད། །སྦྱོར་བའི་སྔགས་ཚན་ལྔ་པོ་ནི། །དྲག་པོ་བྱེད་ན་བཟླས་པར་བྱ། །འཇམ་དཔལ་མ་རུ་ཙེའི་སྔགས་རྒྱུད་ལས། བཟླས་པའི་སྔགས་ཚད་ཀྱི་ལེའུ་སྟེ་བཅུ་བཞི་པའོ།། །།ཀྱེ་ཀྱེ་གསང་བའི་ཕྲིན་ལས་བདག །དྲག་པོ་བསྒྲུབ་པ་ཇི་ལྟར་སྦྱར། །ཞེས་གསོལ་པ་དང་། ཕྲིན་ལས་དྲག་པོ་གསང་བར་བྱོས། །གཟས་པ་དགུག་ཅིང་དམིགས་པའི་རྒྱུ། །ཙ་ར་དག་ལ་བཅའ་གཞི་གདབ། །གཟས་པའི་ལིངྒ་དེ་ལ་བསྡིམ། །དུག་དང་སྒྲོ་དང་ཕུར་པས་གདབ། །ལྷ་ལྔ་དག་དང་དབྲལ་བར་བྱེད། །དེ་ཡི་ཕྱི་དེ་ནུབ་


DNG017_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ནི། །ཙ་ར་དགྲ་བཟློག་གཟབ་པར་བྱ། །ར་དང་གཡང་གཞི་མགོ་མི་དབྲལ། །ཙིཏྟའི་ནང་དུ་ལིངྒ་གཞུག །གཡང་གཞིའི་ནང་དུ་བཞག་ནས་ཀྱང་། །རང་སྔགས་ཤམ་བུས་བསྔག་ཅིང་བརྡེག །ཕུར་པ་བཞེངས་ལ་རབ་ཏུ་གདབ། །མིང་བྱང་ཙ་རའི་ཁར་བཅུག་ལ། །ཁྱོད་ཀྱི་མཚན་ཉིད་འཛིན་པ་དེས། །དྲག་པོར་གདགས་ཤིང་དེ་ལ་བརྡེག །བཟླས་པ་རབ་ཏུ་རྫོགས་པ་དང་། །ཚོན་སྣ་ལྔ་ཡི་བྱང་དུ་གཞུག །དེ་ནས་ཧོམ་ལ་མེ་སྤར་ཏེ། །ལིངྒ་ལྷག་མ་བསྲེག་པར་བྱ། །དེ་ནས་ཙ་རའི་གཡང་གཞི་དེ། །དུར་ཁྲོད་ཤྭ་གྲོག་རྒྱ་གྲམ་དང་། །གདུག་པ་གནས་སར་རབ་ཏུ་སྐྱེལ། །ཉ་དང་སྟོང་ལ་མཆོད་པ་གདབ། །ལན་གསུམ་དག་གིས་མ་གྲུབ་ན། །ཁྱོད་ནི་རབ་ཏུ་བརླག་པར་འགྱུར། །འཇམ་དཔལ་མ་རུ་ཙེའི་སྔགས་རྒྱུད་ལས། ཕྲིན་ལས་ཀྱི་ལེའུ་སྟེ་བཅོ་ལྔ་པའོ།། །།དཔའ་བོ་མཐུ་སྟོབས་གསང་བའི་བདག །དེ་ཡི་དུས་ནི་གང་དུ་དར། །དེ་དག་མ་ལུས་བཤད་དུ་གསོལ། །རྒྱལ་བ་རིགས་ལྔའི་སྐུ་གསུང་ཐུགས། །འཇམ་དཔལ་སྐུ་ཡི་རིག་འཛིན་དང་། །ཕུར་པ་ཕྲིན་ལས་དངོས་གྲུབ་དང་། །མ་མོ་རྦོད་གཏོང་དངོས་གྲུབ་ཡལ། །དེ་ཚེ་ང་ཡི་དངོས་གྲུབ་དར། །དཀོན་མཆོག་བསྟན་པ་འཁྲུགས་པ་དང་། །ཆོས་བྱེད་གཅིག་གིས་གཅིག་གསོད་དུས། །དེ་ཚེ་སངས་རྒྱས་བསྟན་པ་སྲུངས། །དཀོན་མཆོག་དབུ་འཕང་དེ་རུ་བསྟོད། །དེ་ཚེ་བསྟན་པ་མ་བསྲུངས་ན། །ཕྱག་ན་རྡོ་རྗེ་ང་ཡི་མཐུས། །ཁྱོད་ཀྱི་རྡུལ་དུ་བརླག་སྟེ་འགྲོ། །ཞེས་བཀའ་བསྒོ་བ་མཛད་དོ། །འཇམ་དཔལ་དམར་པོའི་སྔགས་རྒྱུད་ལས། བསྟན་པ་དང་དུས་ཇི་ཙམ་ན་དར་ཚུལ་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་འཇམ་དཔལ་མ་རུ་ཙེ་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། མ་མོ་བསམ་གྱིས་མི་ཁྱབ་པ་རྣམས་ཀྱིས། འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ་ངོ་མཚར་ཤིན་ཏུ་ཡང་ངོ་མཚར། དེ་ལྟར་བསྟན་པ་ཤིན་ཏུ་ཡང་ངོ་མཚར་ཏེ། གསང་བའི་བདག་པོས་གསུངས་པར་བཀའ་ཉན།
དཀོན་མཆོག་གསུམ་གྱི་བསྟན་པ་ཡང་ཤིན་ཏུ་བསྲུང་སྟེ། དབུ་འཕང་ཡང་ཤིན་ཏུ་བསྟོད། ཅེས་དམ་བཅས་ནས། དཔལ་ཕྱག་ན་རྡོ་རྗེས་གསུངས་པ་ལ་མངོན་པར་རྗེས་སུ་ཡི་རང་སྟེ་ཤིན་ཏུ་བསྟོད་དོ། །ཨེ་མ་ཤིན་ཏུ་གསང་བའི་བདག །མཐུ་དང་གཟི་བརྗིད་རབ་ཏུ་ཆེ། །སྟོང་གསུམ་འཁོར་བའི་གདུག་རྩུབ་ཅན། །ཁྱོད་ཀྱི་བཀའ་ཡི་ཕྲིན་ལས་པ། །ཁྱོད་དང་ཆོས་སྐུ་ཁྱད་པར་གཅིག །གསང་བ་པོ་ལ་ཕྱག་འཚལ་འདུད། །ཅེས་གསང་ཚིག་ལ་ཡི་གེར་བརྟེན་ནས་གསུངས་པའོ། །དེ་ནས་ལྷ་དང་ཀླུ་ཀུན་གྱིས། འཇམ་དཔལ་མ་རུ་ཙེ་ལ་སྐུ་སྟོད་དུར་ཁྲོད་ཀྱི་ཆས་བརྒྱད་ལ་སོགས་པས་ནི་བརྒྱན། ཕྱག་ཆ་རྒྱན་དང་ནི་ལྡན། བདུད་དང་གནོད་སྦྱིན་དང་སྲིན་པོ་དང་སྲིན་མོ་བཏུལ་བ་དེ་ལ་བསྟོད་པ། དཔལ་ལྡན་དབང་ཕྱུག་འཇིག་རྟེན་སྐྱོང་བའི་གཙོ། །ཅེས་པས་བསྟོད་དོ། །འཇམ་དཔལ་མ་རུ་ཙེའི་སྔགས་རྒྱུད་ལས། འཁོར་རྣམས་རྗེས་སུ་ཡི་རངས་ནས་བསྟོད་པའི་ལེའུ་སྟེ་བཅུ་བདུན་པའོ།། །།འཇམ་དཔལ་མ་རུ་ཙེའི་སྔགས་རྒྱུད་རྫོགས་སོ།། །།

དྲེགས་པ་ཕོ་མོ་འདུས་པའི་ལས་ཀྱི་རྒྱུད།


DNG017_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

དྲེགས་པ་ཕོ་མོ་འདུས་པའི་ལས་ཀྱི་རྒྱུད། ཁྲོ་རྒྱལ་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ངོ་བོ། བདེ་བ་ཆེན་པོའི་ངང་ལས་སྤྲུལ་པ་རྣམ་པ་གསུམ་བྱུང་བ་ནི་སྐུའི་སྤྲུལ་པ་འཇམ་དཔལ། ཐུགས་ཀྱི་སྤྲུལ་པ་ཕྱག་ན་རྡོ་རྗེ། གསུང་གི་སྤྲུལ་པ་སྤྱན་རས་གཟིགས་དབང་ཕྱུག་དང་གསུམ་མོ། །དེས་རྣམ་པར་གཟིགས་ནས་དུས་དང་རྣམ་པ་ཐམས་ཅད་དུ་རི་རབ་ཀྱི་བྱང་ཕྱོགས་ལྕགས་རིས་ཡོངས་སུ་བསྐོར་བའི་ནང་ནས། གནོད་སྦྱིན་སྟོང་ཕྲག་བདུན་གནས་ཏེ། དེས་སེམས་ཅན་རྣམས་ཀྱི་སྲོག་ལ་ནི་འཚེ། ཤ་ནི་ཟ་ཁྲག་ནི་འཐུང་བ་ལས། སྤྲུལ་པ་རྣམ་པ་དེ་གསུམ་གྱིས་གདན་ཚོགས་ཀྱིས་བཀའ་བགྲོས་ཆེན་པོ་གཅིག་ཏུ་མཛད་ནས། གདོན་རིས་དང་བཅས་པ་བཏུལ་ལོ། །


DNG017_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོ་བོའི་སྐུར་བསྒྱུར་ཏེ། གཟེངས་ནི་བསྟོད། ཕྱག་བསྡམས་ནས་དམ་ལ་བཏགས་སོ། །གནོད་སྦྱིན་གྱི་རྒྱལ་པོ་དེ་ཡིས་ཁས་བླངས་པ་ནི། སངས་རྒྱས་ཀྱི་བསྟན་པ་བསྲུང་བ་དང་། དཀོན་མཆོག་གསུམ་གྱི་དབུ་འཕང་བསྟོད་པ་དང་། དགེ་འདུན་ཆེ་བ་བསྐྱེད་པར་དམ་བཅས་སོ། །གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་ཁྲོ་བོའི་རྒྱལ་པོ་གཤིན་རྗེའི་གཤེད་ཀྱི་ཐུགས་ཀྱི་སྤྲུལ་པ་ནི། བཀའ་ཉན་གཤིན་རྗེ་སྐུ་མདོག་དམར་པོ་ཁྲོས་པ་ཤིན་ཏུ་ཡང་ཁྲོས་པ། རལ་པ་ཁམ་ནག་གྱེན་དུ་འཁྱིལ་པ། དུར་ཁྲོད་ཀྱི་རྒྱན་རྣམ་པ་སྣ་ཚོགས་པས་བརྒྱན་པ། མེའི་འཁོར་ལོ་གཡས་རླུང་གི་པདྨ་གཡོན། ཞལ་གཅིག་ཕྱག་དང་ཞབས་གཉིས་དང་ལྡན་པ་གཅིག་ཏུ་བྱུང་ངོ་། །དེས་ཏདྱ་ཐཱ་ཧྲྀ་ད་ཡ་ན་ཧཱུཾ་ཞེས་བརྗོད་པས་གནོད་སྦྱིན་གྱི་རྒྱལ་པོ་དེ་གམ་དུ་ནལ་གྱིས་བྱུང་ངོ་། །དེ་ནས་ཨོཾ་ཤྲཱི་མཉྫུ་ཡ་མ་རཱ་ཛ་མ་མ། ཨེ་ཀ་ཛ་ཏི་ནྲྀ་ཛ་ཛ་ཞེས་བརྗོད་པས། ཤིན་ཏུ་ཡང་འཇིགས་པའི་ང་རོས་ཁས་བླངས་པ་ནི། འཇིགས་བྱེད་ཁྲོ་རྒྱལ་སྲས་དང་བཅས་པ་རྣམས་ཀྱི་བཀའ་བཞིན་བགྱིད་དོ་ཞེས་གསོལ་པ་དང་། ཁྲོ་བོའི་རྒྱལ་པོ་ཉིད་ཀྱིས་བཀའ་སྩལ་པ། སྒྲོལ་བྱེད་ཆེན་པོ་ཁྱོད་ཀྱི་འཁོར་གྱི་མཚན་ཉིད་སྟོན་ཅིག་ཅེས་པ་དང་། གནོད་སྦྱིན་གྱི་རྒྱལ་པོ་ཉིད་ཀྱིས། འཁོར་ཡོངས་སུ་བསྡུ་བ་མཛད་པ་ནི། བདུད་ནག་རང་རྟགས་ཤ་ཞུ་ཅན་དང་། རེ་ལྡེ་འགོང་ཡག་དང་། རལ་པ་སྤྱི་བཅིངས་དང་། བདུད་ནག་པོ་འཛུམ་མེད་དང་། ནག་པོ་བཀྲག་མེད་དང་། ག་ལེ་རྒྱས་ལ་སོགས་པ་བདུད་རིས་མང་པོ་དང་། ལྕགས་མཆུ་སྔོན་པོ་དང་། ཤ་ཀ་ལི་ནག་པོ་དང་། ལྕགས་ཐོ་ནག་པོ་ལ་སོགས་པ་གནོད་སྦྱིན་རིགས་མང་པོ་དང་། པྲ་མ་རཱ་ཛ་དང་། ཤེལ་གིང་དཀར་པོ་དང་། ཟངས་ཤུ་ཅན་དང་། བསེ་ཁྲབ་ཅན་དང་། གསེར་གྱི་སློག་པ་ཅན་ལ་སོགས་པ་གིང་གི་ཚོགས་མང་པོ་དང་། ཡ་མ་རཱ་ཛ་དང་ལས་ཀྱི་གཤིན་རྗེ་དང་། ཕྱོགས་སྐྱོང་གི་གཤིན་རྗེ་ལ་སོགས་པ། གཤིན་རྗེའི་རིགས་མང་པོ་དང་།


DNG017_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

ཨེ་ཀ་ཛ་ཊཱི་དང་། ནག་མོ་རལ་པ་ཅན་གཡོག་དང་བཅས་པ་དང་། དམར་མོ་བསེ་ཁྲབ་ཅན་བཞི་གཡོག་དང་བཅས་པ་དང་། སྨུག་ནག་འབུམ་གྱི་གཙོ་མོ་དང་། ནག་མོ་ཁྲག་འཛག་མ་ལ་སོགས་ཏེ། མ་མོའི་རིགས་མང་པོས་བསྐོར་ཏེ་གནས་སོ། །འཁོར་ཡོངས་སུ་བསྡུ་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་སྒྲོལ་གིང་མ་རུ་ཙེས་ཁྲོ་བོའི་རྒྱལ་པོ་ཉིད་ལ་ཞུས་པ། བསྒྲུབ་པའི་གནས་དག་གང་དུ་བྱ། །ས་གཞི་གཟུང་ན་ཇི་ལྟར་གཟུང་། །བསྙེན་པའི་དུས་སུ་ཇི་ལྟར་བྱ། །ལས་ལ་གཟུང་ན་ཇི་ལྟར་བྱ། །གནོད་སྦྱིན་མ་མོ་གིང་རྣམས་དང་། །མཐུན་པའི་དམ་རྫས་ཇི་ལྟར་བསོག །ལས་ཀྱི་མཐའ་སྡུད་ཇི་ལྟར་བྱ། །ཞེས་སྨྲས་སོ། །དམ་ཚིག་གི་མདོ་སྡུད་ཀྱི་ལེའུ་སྟེ་གསུམ་པའོ།། །།སྒྲོལ་བྱེད་ཉིད་ཀྱིས་ཞུས་པའི་མདོ། །དཔའ་བོ་ཆེན་པོས་བཀའ་སྩལ་པ། །དེ་བཞིན་བདག་གིས་སྩལ་པ་ནི། །གནོད་སྦྱིན་སྒྲུབ་པའི་གནས་དག་ནི། །རི་ངོགས་ཤིན་ཏུ་ཟབ་པ་ལ། །བྲག་ཕུག་སྟོང་པ་རོལ་ཁུང་ཡོད། །ཡང་ན་རྒྱ་མཚོ་ཆེན་པོའི་འགྲམ། །བྲག་དམར་སེང་གེ་མཆོངས་པ་འདྲ། །གནོད་སྦྱིན་བསྒྲུབ་པའི་གནས་སུ་ཤིས། །དུར་ཁྲོད་རབ་ཏུ་འཇིགས་པ་དང་། །ནགས་འདབས་ས་ཕུག་སྟོང་པ་རུ། །མ་མོ་བསྒྲུབ་པའི་གནས་སུ་ཤིས། །ལྷ་ཁང་ཀུན་དགའ་ར་བ་དང་། །མཆོད་རྟེན་གཙུག་ལག་ཁང་དག་ཏུ། །གིང་གི་གནས་དག་ཡིན་པར་བཤད། །རྐང་གཅིག་ཤིང་དང་བཞི་མདོ་དང་། །རྒྱ་མཚོའི་འགྲམ་དང་རི་རྩེ་དང་། །ཡང་ན་རང་ཉིད་གང་དགའ་བའི། །ཡིད་དང་མཐུན་པའི་གནས་དག་ཏུ། །དྲེགས་པ་ཕོ་མོ་བསྒྲུབ་པའི་གནས། །གནས་ཀྱི་མཚན་ཉིད་བསྟན་པའི་ལེའུ་སྟེ་བཞི་པའོ།། །།འཇམ་དབྱངས་ཞི་བའི་ཏིང་འཛིན་གྱིས། །རིགས་དྲུག་སེམས་ཅན་ཐམས་ཅད་དང་། །ས་གཞི་དེ་ལ་གནས་པ་ཀུན། །ས་བདག་ལྷ་ཀླུ་གང་དག་དང་། །ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ལ། །སྦྱིན་གཏོར་རྒྱས་པར་བཏང་བ་དང་། །གསེར་སྐྱེམས་བཏང་ལ་ས་རིན་བཅལ། །བསླང་ཞེས་བྱ་བའི་ཚིག་ཀྱང་བརྗོད། །ལྷ་མོ་སྦྲན་ལ་དཔང་དུ་གཟུག །དཀོན་མཆོག་མཆོད་ལ་མཁྱེན་པར་གསོལ། །དེ་ནས་འཇིགས་བྱེད་གཤིན་རྗེ་ཡི། །


DNG017_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ཏིང་ངེ་འཛིན་དུ་ཞུགས་བྱས་ལ། །མངའ་གསོལ་ཕུར་པས་གདབ་པར་བྱ། །གཞན་དུ་མི་འགྲོ་དེར་འདུག་བཟུང་། །ས་གཞི་ཡོངས་སུ་བཟུང་བའི་ལེའུ་སྟེ་ལྔ་པའོ།། །།རྩ་བའི་བསྙེན་པ་དག་དང་ནི། །བདག་ཅག་རྣམས་ཀྱི་སྲོག་སྙིང་དག །མཚན་མ་མ་ཐོབ་བར་དུ་ནི། །གཡེང་བ་མེད་པའི་སེམས་ཀྱིས་བཟླས། །བྱེ་བ་ས་ཡ་ཉི་ཁྲི་དང་། །བདུན་འབུམ་དག་ཏུ་བཟླས་པ་བསྒྲུབ། །རྒྱ་གར་ངན་སྔགས་བཟླས་པ་དང་། །དགེ་སློང་དམ་ཆོས་བཤད་པ་དང་། །སློབ་དཔོན་དབང་ནོད་བྱེད་པ་དང་། །ཀླད་ལ་ཉི་མ་ཤར་བ་དང་། །གོ་མཚོན་བསྟན་པའི་མི་དག་དང་། །སེམས་ཅན་གསོད་པ་དག་མཐོང་ན། །གཡེང་བ་མེད་པའི་སེམས་ཀྱིས་བཟླས། །ཁ་ལ་ཐོར་པ་བྱུང་བ་དང་། །སྙིང་ལ་ཤ་ཁྲག་འདོད་པ་དང་། །མི་དགའ་ཕྱ་སངས་ཁྱེར་བ་དག །སྔགས་རྣམས་གྲུབ་པའི་རྟགས་ཡིན་པས། །བསྐང་གསོ་བྱ་ཞིང་ཏིང་འཛིན་བསར། །སོ་སོའི་མཚན་ཉིད་ཤེས་པར་བྱ། །གྲུབ་པའི་མཚན་མ་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།བསྙེན་པའི་དུས་སུ་བྱ་བ་ནི། །ཁྲོ་བོ་ཆེན་པོ་ཉིད་ཀྱིས་གསུངས། །ཞེས་པས་སྤྲུལ་པའི་ཁྲོ་བོ་དེ་ཉིད་མི་སྣང་བར་བྱས་ནས། སྐད་ཅིག་མ་དེ་ཉིད་ལ་ཤིན་ཏུ་འཇིགས་པར་བྱེད་པའི་ཡེ་ཤེས་ཀྱི་ཁྲོ་བོ་བྱུང་ནས། ཤིན་ཏུ་འཇིགས་པའི་རྒྱན་དང་ལྡན། །གདུག་པའི་མཚོན་ཆ་དབལ་དང་ཆས། །བཅུ་བདུན་ཡི་གེ་སྔགས་ཀྱི་ཚིག །དྲག་ཏུ་ཟློས་ཤིང་གཟི་བྱིན་ལྡན། །འཁོར་རྣམས་རབ་ཏུ་འཇིགས་ཤིང་སྐྲག །ཁྲོ་བོ་ཆེན་པོའི་གཟི་བྱིན་གྱིས། །འཁོར་རྣམས་རབ་ཏུ་སྐྲག་ནས་ནི། །དྲེད་ཤ་འཐོན་ནས་རབ་ཏུ་སྨྲས། །དཔའ་བོ་ཆེན་པོ་སྐྱབས་སུ་མཆི། །འཇིགས་བྱེད་ཆེན་པོ་སྐྱབས་སུ་མཆི། །ཁྲོ་བོ་ཆེན་པོས་བཀའ་སྩོལ་ཅིག །བདག་ཅག་རྣམས་ནི་བཀའ་བཞིན་བགྱིད། །ཡེ་ཤེས་ལྷ་ནི་ཇི་ལྟར་བསྒྲུབ། །བསྙེན་པའི་གྲངས་ནི་ཇི་ལྟར་དབུལ། །ཞེས་གསོལ་པས། ཁྲོ་བོའི་རྒྱལ་པོས་བཀའ་སྩལ་པ། །ཉོན་མོངས་སྒྲོལ་གིང་རྒྱལ་པོ་ཁྱོད། །འཁོར་ན་གནས་པའི་དྲེགས་པ་ཅན། །དཀོན་མཆོག་གསུམ་ལ་སྐྱབས་སུ་གསོལ། །དཀོན་མཆོག་གསུམ་གྱི་བཀའ་འདི་སྲུངས། །འགལ་བྱེད་ཆམ་ལ་དབབ་པའི་ཕྱིར། །


DNG017_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེད་རང་རང་གིས་སྲོག་སྙིང་སྨོས། །ཏིང་འཛིན་རྣམ་གསུམ་རིམ་བཞིན་བསྒོམ། །ཧཱུཾ་ལས་ཡེ་ཤེས་ཁྲོ་བོ་བསྐྱེད། །བཟླས་པའི་ཡི་གེ་བཅུ་བདུན་པོ། །གཡེང་བ་མེད་པའི་སེམས་ཀྱིས་བཟླས། །བྱང་ཆུབ་སེམས་ལ་ནན་ཏན་བསྐྱེད། །ཤེས་རབ་ཆེན་པོས་མདུན་དུ་བསྒོམ། །ཁྲོ་བོའི་རྒྱལ་པོ་སྤྱན་དྲངས་ལ། །ཚོགས་དང་མཆོད་པ་བཟང་དུ་བཤམ། །ཤ་ཁྲག་དམར་གྱི་གཏོར་མ་དབུལ། །གིང་བདུད་མ་མོ་ཁྱེད་རྣམས་ལ། །ཐུན་གཏོར་དམ་རྫས་གཏོར་མ་སྦྱིན། །ཁྱེད་རྣམས་སྲོག་སྙིང་ང་ལ་བསླང་། །ཞེས་བཀའ་སྩལ་ཏོ། །དེ་ནས་འཁོར་རྣམས་ཀྱིས་བག་བཞི་ས་ལ་བརྡབས་ནས། ཨ་ལ་ལ་ཧོ་དཔའ་བོ་ཆེན་པོ་ངོ་མཚར་རོ། །བཀའ་བཞིན་བགྱིད་དོ། །ཞེས་ཁས་བླངས་སོ། །དེ་ནས་རང་ལ་གཤིན་རྗེ་གཤེད་ཀྱིས་སྙིང་ནས་དྲང་བའི་སྔགས་འདི་གསུངས་སོ། །ཛཿཧཱུཾ་བཾ་ཧོཿ། ཨེ་མ་ཧོ་ས་ན་ཀ་ན་ཏ་ཀ་ར་སེ་ན། ཛཿཧཱུཾ་བཾ་ཧོཿ། ས་མ་ཡ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བཻ་ཤྲ་མ་ཎཱ་ཡ་ཧཱུཾ། ཏ་ཀུ་ཏ་ཀུ་པ་ར་མ་ར་ནྲྀ་ཛ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བཻ་ཤྲ་མ་ཎཱ་སྱ་ཧ། ན་མོ་ཏ་ན་ཀུ་བེ་ར་སྱ་ཧཱ། གུ་ཧྱ་ཀ་ཏེ་བ་ཏེ་པ་ཏི་པ་ན་ཀུ་པར། ཨ་ནུ་རུ་པ་སུ་རུ་པ་ན་ཏ། ཀུ་པ་ར་ན། ཙནྡྲ་ཁ་ན་ཙ་ཁཾ་ཧེ་མོ་ཧ་ས་ཀ་ན་ན་ཏ་ཀུ་པ་ར་ན། ཧེ་མ་ཀན། ཀུ་ཧ་ཀ །ཙ་ལ་ཙ་ལ། པ་ཙ་པ་ཙ། པུ་ལུ་པུ་ལུ་སྭཱ་ཧཱ། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཛྭ་ལ་ཛྭ་ལ་ཀཱ་ཡ་ཧཱུཾ་ཕཊ། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་བཱཀྴ་ཡ་ཧཱུཾ། ཧ་ན་ཧ་ན་ཧཱུཾ་ཕཊ། ཨོཾ་ཨ་ཀྲོ་ཏེ་ཀ །ཡ་མཱནྟ་ཀ་ཙིཏྟ་པ་ན་ཙིནྡྷ་ཙིནྡྷ་ཧཱུཾ་ཕཊ། ཨོཾ་ཤྲཱི་མཉྫུ་ཡ་མ་རཱ་ཛ། མ་མ། ཨེ་ཀ་ཛ་ཊཱི་ནྲྀ་ཛ་ཛ། གཏུམ་པོ་ཡཾ་ཡཾ་མ་རུ་ཙེ་ལས་ལ་ཡཾ་ཡཾ། དུ་ཡ་ཏྲཻ་ཏེ་ས་མ་ཡ་བྷྱོ། ཨོཾ་རྣལ་མ་རྣལ་ཏེ་གསོད་ལ་རྔམ་གཤོས་ལ་མེར། པྲིས་ལ་ཆུམ་ཐུ་བིས་ཐུ། ལྕགས་ཀྱི་སྐྲ་དགྲ་བོའི་སྲོག་རྩ་མཱ་ར་ཡ། བདུད་པྲ་མ་ཡ། བདུད་མཱ་ར་ཡ། སྙིང་མགོ་ཆོད། དུ་རུ་དུ་རུ། ཧ་ར་ཏི་ཧ་ར་ཏི། དྲག་པོའི་སྙིང་ལ་ཡའི། ནག་པོ་ཏི་པ་ཙ་བའི། དགྲ་བོའི་སྙིང་ལ་སྲོག་རྩ་བཾ་རིལ་རྦད། ནག་པོ་ཧེར་ཧིའི་རིལ་རྦད། ཧུ་ཡ་ཧུ་ཡ་དགྲ་བོའི་སྙིང་ལ། དུ་ར་དུ་ར་གློ་རྩ་བཾ་རིལ་རྦད། ཡང་ན་སྨྱོ་ཞིང་འབོག་ཏུ་ཆུག །ཡང་ན་རྩ་ལ་བདུན་རྒྱུད་ཆོད། །དྲག་པོའི་སྔགས་རྒོད་ལུང་དང་ལྡན་པར་


DNG017_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པར་བྱའོ། །ཏྲི་ལིང་ཤང་ཀ་དུ་ཏྲི་ཟ་ཡགྴ་རྦད་བུ། ཕྱེ་མ་ཁ་འདར། རུ་རུ་པྲ་པྲ་དུཾ་དུཾ་ཤིག་ཤིག །དགྲ་བོའི་སྲོག་རྩ་མཱ་ར་ཡ། ཀྲོ་ཏ་ནི་ཀྲོ་ཏ་ནི། པྲ་ཏྲ་པྲ་ཏྲ། ཤུ་ལ་ཤུ་ལ། འདར་ཤ་གྲི་བ། གིང་ཁ་རག་ལང་བྷྱོ། ཏྲག་རགྴ་ཁ་མུན་ཏྲ་མ་རུ་ལུ་རུ་ལུ་བྷྱོ། རག་མོ་ཏེ་ཀེ་མ་ཛ་ཛ་བྷྱོ།) རུ་ལུ་རུ་ལུ་མ་ཧི་བྷྱོ། རུ་རུ་རོ་རུ་ཙ་པ་ལ་ནག་མོ་དུན་བྷྱོ། པུ་ཀྲི་པ་ཡ་བར་ཙིཏྟ། ཡོ་གཱི་ཤྭ་ར་ཡ། ཡ་མ་ཙིཏྟ་ཧཱུཾ་ཕཊ། ཏྲག་རཀྴ་རྦད་ཕཊ། ཉི་ཁྲི་བདུན་འབུམ་གྲངས་ཚད་ན། །དེ་མ་ཐག་ཏུ་གསོད་པར་བྱེད། །བྱེ་བ་ས་ཡ་གྲངས་ཚད་ན། །སྨོས་ཅི་དགོས་ཏེ་དེ་ཉིད་ཡིན། །བསྙེན་པ་སྔགས་ཀྱི་ལེའུ་སྟེ་བདུན་པའོ།། །།དེ་ནས་འཇམ་དཔལ་ཁྲོ་བོ་ཡིས། །ལས་ལ་གཟུད་པའི་ཐབས་འདི་གསུངས། །དྲག་པོ་སྔགས་ཀྱིས་བསྒྲུབས་ནས་ནི། །མྱུར་དུ་གསད་པའི་ལས་བྱའོ། །སྲོག་རྩ་བསྡམས་ཤིང་སྙིང་རྩ་གནོན། །དེ་ལ་མཁས་པར་ནན་ཏན་བསྐྱེད། །དྲག་པོ་སྔགས་ཀྱིས་གསད་པ་ནི། །ཨོཾ་ཧྲཱྀཿཤྟྲཱིཿབི་ཀྲྀ་ཏཱ་ན་ན་མོན་ཏ་དགྲ་བོ་མཱ་ར་དུ། ཧྲཱྀཿཤྟྲཱིཿབི་ཀྲྀ་ཏ་མོན་ཏ་དགྲ་བོ་མཱ་ར་ནན། ཨོཾ་ཧྲཱྀཿཤྟྲཱིཿབི་ཀྲྀ་ཏ་མོན་ཏ་དགྲ་བོ་མཱ་ར་ཡ།ཨོཾ་མཛོ་ཏ་བཀྲི་ཧ་སོད། སོད། དགྲ་བོ་ནི་སོད་སོད། མཱ་ར་ན་བོ་བོ་ཡ་ཡ། ཨོཾ་རུ་ཏ་རུ་ཏ་མཱ་ར་ཡ་མ་ར་དུ། དགྲ་བོ་ནྲྀ་མཱ་ར་ཡ་ཕཊ། གཤིན་རྗེ་ལས་ལ་གཟུད་པའི་ལེའུ་སྟེ་བརྒྱད་པའོ།། །།ཨོཾ་ཁྱི་ཁྲིད་ར་ཁྲིད་རོ་ལ་ཁྲག་འཐུང་། ཀཾ་ཀཾ་ཀེཾ་ཀེཾ་ཀ་ཡ། ཙིན་ད་མ་རོ་ལ་ཁྲག་འཐུང་། ཀཾ་ཀཾ་ཀེཾ་ཀཾ་ཀཾ་ཀཾ་ཡ། སྙིང་ལ་ཟ་བའི་ཙིཏྟ་མ་ལ་ཤ་རོལ་ཁྲག་འཐུང་། ཀཾ་ཀཾ་ཀེཾ་ཀེཾ་ཀེཾ་ཀ་ཡ། ཏད་པར་ལ་ཏོ་ཤ་ལ་ཀྱི་ཀྱི་སྡི་ཧཱུཾ་ཕཊ། ཤག་ཤག་རྒྱོབ་རྒྱོབ་ཡ་ཡང་རྦད། ཏྲག་རཀྴ་ཁ་མུན་ཏྲ་ཨེ་ཀ་ཛ་ཏི་སྙིང་ཁ་རག་མ་བྷྱོ། ཏྲག་རཀྴ་ས་མ་ཡ། དགྲ་བོའི་སྙིང་ལིད་རྦུད། མ་མ་སྙིང་ཁ་རག །རག་མོ་དུན་དུན། ཏྲག་ཤ་མ་མ་སྙིང་ཏེ་ཀ་མ་མ་རུ་ལུ་རུ་ལུ་བྷྱོ། མ་མ་ནི་སྙིང་ཙིཏྟ་ཛ་ཛ་ལ་ཐུན་ཐུན། སྙིང་ཁྲག་མ་མ་ཐུན། ཤ་ཏི་ཏ་རྦད། མ་སྙིང་ལ་ཡ་མ་བྷྱོ། མ་མ་ཤ་ཤ །མ་མ་ཧྲིང་ཧྲིང་། མ་མ་ས་མ་ཡ། དགྲ་བོ་ནྲྀ་མཱ་ར་ཡ་སོད་སོད། ཙིཏྟ་ལམ་རིལ་ཐུམ་རིལ་བྷྱོ། མ་མོ་ལས་ལ་གཟུད་པའི་ལེའུ་སྟེ་དགུ་པའོ།། །།རྫས་སུ་བྱས་ན་རྣམ་པ་གཉིས། །རྟེན་པའི་རྫས་དང་བསྒྲུབ་པའི་རྫས། །


DNG017_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་པར་བྱ་བའི་རྫས་དག་ནི། །ཁྱི་ཕག་དམར་ཁྲའི་ཤ་དང་ཁྲག །ཙིཏྟ་དུང་དཀར་དག་དང་བཅས། །ཨ་མྲྀ་ཏ་དང་རཀྟ་དང་། །ཤ་ཆེན་ཡོད་པའི་གཏོར་མ་དང་། །ཤ་ཁྲག་སྣ་ཚོགས་པ་ལི་དང་། །ཤིང་ཐོག་སྣ་ཚོགས་དེ་བཞིན་ནོ། །མར་ཁུ་ཁྲག་དང་འོ་མ་སྦྲང་། །བསེ་ཞལ་ཅན་གྱི་ཟླ་གམ་དང་། །ཞལ་དང་ཆས་པའི་བཤོས་དག་གཞའ། །སྤྱན་གཟིགས་གསེར་སྐྱེམས་གཙང་མ་དང་། །འབྲུ་སྣ་ཚོགས་པའི་གཏོར་མ་བཤམས། །སྒྲུབ་པའི་རྫས་དག་བསྟན་པ་ནི། །ཁྲུ་གང་པ་ཡི་ལྕགས་ཕུར་དང་། །གནམ་ལྕགས་ཤིན་ཏུ་སྦྱངས་པ་ལས། །སོར་བརྒྱད་པ་དག་བསྔགས་པར་བྱ། །ཙ་ར་དཀར་པོ་གཉའ་ནག་དང་། །ར་ཐོད་ལིངྒ་གདུག་པ་སྦྲུལ། །འཇིགས་བྱེད་ཐོད་པ་ནག་པོ་དང་། །གནོད་སྦྱིན་ཐལ་སྦྱར་ནག་པོ་དང་། །དུག་དང་ཉུང་དཀར་ཧོཾ་ནག་དང་། །ཕོ་རོག་འུག་པའི་གང་རུ་དང་། །གུ་གུལ་ནག་པོ་དབྱེ་བའི་རྫས། །ལྕགས་ཀྱི་སྤྱིལ་པོར་དམིགས་པ་བཅའ། །སྒྲུབ་པའི་རྫས་བསྟན་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་སྒྲོལ་བྱེད་དམར་པོས་འཁོར་གྱིས་བསད་པའི་ལས་བསྟན་པ། ཨོ་པ་བ་ཏྲ་ཏྲ་བེ་ཤྲ་མ་རུ་བེ་ཤཾ་ཨ་བ་ཏ་ལོ་ཀེ། ཡ་ན་མ་ཤོ་ཧྭི་ཏི་སྙིང་ཁ་ལ་རགྴ་ག་དུ་ན་ག་དུ་ན། ཨག་གན་རྦད། ཏྲི་ཁར་ལ་མ་རུ་དྲ་རྦད། ཧཱུཾ་ཐུཾ་རུ་ལུ་མ་ཧེ་བྷྱོ། ཨོཾ་ཏྲི་རཀྴ་མུ་ཐུམས་ཏྲལ་ཏྲལ་དུན་དུན་ཡཾ་ཡཾ། ཨོཾ་ཤེལ་གྱི་རུ་གཉེན་དཀར་པོ་ཐུམ་རིལ་རྦད། ཨོཾ་ལིངྒར་ལང་རཀྴ་བཾ་རིལ་རྦད། མ་ཏི་མ་ག་ཏི་རྦད། ཨོཾ་སྙིང་ཁལ་རཀྴ་ག་དུ་ནཱ་ག་དུན་ཨ་ཀེ་ནེ་རྦད། ཏྲོ་ཁར་ལ་མ་དུ་དྲལ་དྲལ་སྙིང་དྲལ། སྲོག་སྲོག་སྙིང་སྲོག །ཐིག་ཐིག་ལ་རྦད། གུ་ཏོ་ཤི་ན་ལིང་ར་ཏི་ཤི་ན་ལིང་ཁུ་ཧོ་ཤི་ན་ལིང་ལ་ཏོ་ཤི་ན་ལིང་། སྙིང་ཏོ་ཤ་ལིང་ཤོ་ཏེ་ཤི་ན་ལིང་ཧུ་ཏེ་ཧར་ཧུ་ལ་བྷྱོ། སུཀ་ཀ་དཀར་པོ་དགྲ་བོ་ལ་བྷྱོ་བྷྱོ། ཐིམ་ཧབ་ཧ་ར་ཏི་ལ་ཏི་མ་ཧབ་ཧབ། གིང་ཀ་ར་གིང་ཀ་ར། ཤུ་ལ་ཤུ་ལ། པ་ཏྲ་པ་ཏྲ། ནི་ཏྲོ་ཏ་ནི་ནི་ཏྲ་ནི། ཡ་མཱནྟ་ཀ །ད་ཤ་གྲཱི་བ་པ་ད་ཤ་གྲཱི་བ། ཧ་ཧ་རུ་ལུ་རུ་ལུ་ཧ་ཧ་རུ་ལུ། ཀརྨ་རཀྴ་ཀརྨ་རཀྴ། ཡཀྴ་ཡགྴ་ཙི་ཏ་ཡ་པ་རི་ཙིཏྟ་ཛ་ཡ་


DNG017_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

བི་ཛ་ཡ། འཁོར་རྣམས་ཀྱིས་བསད་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་འཇམ་དབྱངས་ཁྲོ་བོ་ཡིས། །དཀྱིལ་འཁོར་བྲི་བའི་ཐབས་བསྟན་པ། །དཀྱིལ་འཁོར་གྲུ་གསུམ་ཟླ་གམ་དམར། །འཁོར་ལོ་རྩིབས་བཞི་མུ་ཁྱུད་བཅས། །སྒོ་དང་སྒོ་ནི་མེ་རིའོ། །ཤར་དུ་དམ་རྫས་མེ་ལོང་ནི། །ལྷོ་རུ་མ་ཏྲང་ཧོམ་དང་རྫས། །ནུབ་ཏུ་ཁྲོ་རྒྱལ་བདུན་དང་བཅས། །དུག་དང་ཡུངས་ཀར་ཐལ་ཆེན་དང་། །ལྕགས་ཕྱེ་རྡོ་ཕྱེ་རྫས་སུ་བཅས། །ཧ་ཞལ་བདུད་ཀྱི་བསྒྲུབ་པ་ཡིན། །མ་ར་ཞལ་གྱི་དཀྱིལ་འཁོར་ལ། །ཐ་མ་མནན་པའི་ཐབས་སུ་བཅས། །གང་ལ་བྱ་བ་གདོན་མི་ཟ། །རྣལ་མ་བདུད་ཀྱི་སྒྲུབ་པར་ཤིས། །འབྲུབ་ཁུང་ནག་པོའི་དཀྱིལ་ཁོར་བཅས། །ཏྲི་ལིང་ལྷ་སྲིན་སྡེ་བརྒྱད་ཡིན། །འཁོར་ལོ་དམག་དཔོན་ཞལ་དུ་བཅས། །དུག་བསྒྲུབ་གིང་གི་ཡིན་པར་བཤད། །འབྲུབ་ཁུང་དབང་གི་ཟླ་གམ་བཞི། །ཕུར་ཐུན་དམར་པོ་བསེ་ཁྲབ་ཅན། །གྲུ་གསུམ་ཟླ་གམ་དམར་པོ་དང་། །གྲུ་བཞི་སྒོ་རུ་ཆས་པ་ནི། །ཨེ་ཀ་ཛ་ཊི་ཧོམ་གྱི་ལས། །འཁོར་ལོ་རྩིབས་བཞི་གཤེད་པོ་བཞི། །རི་རབ་རྒྱ་མཚོའི་འོག་ཏུ་མནན། །དཀྱིལ་འཁོར་བཅས་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་འཇམ་དབྱངས་ཁྲོ་བོ་ཡིས། །མཚན་ནི་ཡང་དག་བཤད་པ་ནི། །གདོད་ནས་མ་སྐྱེས་རྣམ་དག་སེམས་ཀྱི་དབྱིངས། །སྙིང་རྗེ་ཆེན་པོས་ཡོངས་ལ་ཁྱབ་མཛད་ཅིང་། །ཧཱུཾ་ང་ཉིད་རྗེས་སུ་དྲན་པས་ཁྲོ་བོའི་རྒྱུ། །དབང་ཆེན་བརྩེགས་པའི་གཞི་སྟེ་གཞལ་ཡས་ཁང་། །དེ་ནས་འཇིགས་བྱེད་ཁྲོ་བོའི་མཚན་ཉིད་ནི། །མཐིང་ནག་ཆར་སྤྲིན་ནག་པོའི་མདོག་འདྲ་བ། །རྣམ་ཐར་གསུམ་ལྡན་དབུ་ནི་རྣམ་པར་འཇིགས། །ཡེ་ཤེས་དྲུག་གི་ཕྱག་ན་བསྣམས་པ་ནི། །རྒྱུད་དྲུག་སྒྲོལ་བའི་ཕྱག་མཚན་རབ་ཏུ་འཇིགས། །དྲེགས་བྱེད་ཚར་གཅོད་གདུག་པ་འདུལ་བའི་ཕྱིར། །དུར་ཁྲོད་འབར་བའི་ཆས་ཀྱིས་རབ་ཏུ་བརྒྱན། །མེ་རི་སྨུག་ནག་འབར་བའི་དཔལ་དུ་བཅས། །གཡོན་ན་ཁྲོ་མོ་ཁྲོ་གཉེར་མ་གནས་པ། །ཁྲོ་གཉེར་འཇིགས་པའི་ཁ་


DNG017_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་གདངས། །གྱེན་དུ་སྐྲ་བརྫེས་གསུས་པོ་ཆེ། །ཏྲི་ཤཱུལ་རྩེ་གསུམ་ཐོད་པ་ཁྱེར། །གཏུམ་མོ་དུག་ཧྲུལ་གོས་གྱོན་མ། །ལུས་ལ་མེ་ལྕེའི་ཕྲེང་བས་བརྒྱན། །གཡས་ན་ཁྲོ་མོ་གནས་པ་ནི། །སྨུག་ནག་ལན་བུ་གྱེན་དུ་བརྫེས། །རིན་ཆེན་སྣ་ལྔའི་དབུ་རྒྱན་བྱས། །སྤུ་གྲི་མཚོན་ཐོགས་གསོད་ལ་དགའ། །ལྕང་ལོ་དམར་བཀང་སྙིང་དུ་བཅས། །གཡས་ནས་བསྐྱེད་པ་ཁྲོ་བོའི་གཟུགས། །དམར་པོ་གཅེར་བུ་རལ་པ་འཁྱིལ། །སུམ་ཅུ་རྩ་གསུམ་དབང་དུ་སྡུད། །གསལ་བྱེད་གཡས་ལ་སྐྱོད་བྱེད་གཡོན། །སྒྲོལ་བྱེད་དམར་པོའི་ཆ་ལུགས་ནི། །དམར་པོ་ཁམ་པ་སྐྲ་ཡང་བརྫེས། །རལ་གྲི་གཡས་ལ་སྡིགས་མཛུབ་གཡོན། །ལྷ་སྲིན་སྡེ་བརྒྱད་འཁོར་གྱིས་བསྐོར། །ཁྲག་དང་ཞག་གི་མཚོ་རུ་འཁྱིལ། །མི་ཤ་རྟ་ཤ་ཐང་མར་བརྡལ། །དེ་ལྟར་ཡན་ལག་རྫོགས་པར་བསྐྱེད། །བསྒོམ་ཁོག་རྩ་བའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་འཇམ་དབྱངས་ཁྲོ་བོ་ཡིས། །དམ་ཚིག་འདི་ནི་རབ་ཏུ་གསུངས། །དཀོན་མཆོག་མཆོད་ཅིང་སློབ་དཔོན་བཀུར། །བྱང་ཆུབ་སེམས་ནི་གཏང་མི་བྱ། །འདི་ནི་ཀུན་བཟང་སྤྱོད་པ་དག །རབ་ཏུ་གནས་པར་བྱ་བ་ཡིན། །ཁ་ནས་གསང་སྔགས་རྒྱལ་པོ་བཟླས། །ཡིད་ལ་ཁྲོ་བོའི་རྒྱལ་པོ་བསྒོམ། །ཆོས་སྤྱོད་དགེ་བ་རྒྱུན་མི་གཅད། །བརྟུལ་ཞུགས་སྡོམ་པ་དང་དུ་བླང་། །ཁྱད་པར་སྤྱོད་པའི་དམ་ཚིག་ནི། །ཁང་པ་ཚིག་པའི་གམ་མི་འགྲོ། །ཡུགས་ས་མོ་དང་ཁ་མི་འདྲེ། །ཆལ་གྱིས་ཕོག་པའི་ཁྲུས་མི་བྱ། །བ་དམར་གླང་དམར་ཤ་མི་ཟ། །བ་དམར་འོ་མ་མི་བཏུང་ངོ་། །འདི་ཡིན་གཞན་ལ་སྨྲ་མི་བྱ། །ཞེས་གསུངས་པས། འཁོར་རྣམས་རབ་ཏུ་དགའ་ནས། ཡིད་རབ་ཏུ་དང་བར་གྱུར་ཏོ། །ས་མ་ཡ་དམ་ཚིག་གི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་ཡང་སྒྲོལ་བྱེད་དམར་པོས་ཞུས་པ། མྱུར་དུ་བསད་ན་ཇི་ལྟར་བསད། །དྲུག་པོའི་སྔགས་ལ་ཇི་ལྟར་འཇུག །ཅེས་སྨྲས་པས། ཁྲོ་བོའི་རྒྱལ་པོས་བཀའ་སྩལ་པ། །ང་ཡིས་བྱིན་གྱིས་བརླབས་པ་ཡི། །སྔགས་འདིས་ཁྱེད་ལ་དབང་བསྐུར་གྱི། །


DNG017_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

མྱུར་དུ་རྒྱུག་ལ་ལས་གྱིས་ཤིག །ཨོཾ་སྒྲོལ་གིང་ཤཾ་ཤཾ་རྩེ་རྩེ་ད་ཤ་ཤ་གིང་ཀར་མ་ནི། ཀྲིང་ཀྲིང་ཡ་ཡ། ཤོག་ཤོག་དུ་དུ། འཐུང་འཐུང་ཁྱེར་ཁྱེར། གིང་ཀ་ར་མ་ན་བྷྱོ་བྷྱོ། ཏྲག་རཀྴ་ཙིཏྟ་ལོང་། དབུགས་ལོང་མྱོགས་ཨ་ལོ་ཤ །ཁ་ཐུན་རྦད། ཁ་ལ་ཡཀྴ་སྙིང་ཏི་ཏ་རྦད། ཆེ་གེ་མོ་ཞིག་མཱ་ར་ཡ་ཧཱུཾ་ཕཊ། གིང་རགྴ་མཱ་ར་ཡ་གཏུམ་པོ་རྒྱུག་ཡ། ཤ་རཾ་སྐུ་དྲིལ། ཤག་རཾ་རྒྱུག་དྲེང་། ཁ་ལོང་། ཁ་ཡགྴ་ཏྲག་དུ་ལོང་ཡ། རག་མོ་རག་མོ། ཐོར་ཐོར་གཤོག །ནིང་ལ་ཏིང་ཏིང་ཁྲག་མ་བྷྱོ། ཏྲག་རགྴ་ནག་མོ་དུན་བྷྱོ། དུན་ཏིང་མ་ལས་ལ་དུན་བྷྱོ། ཆེ་གེ་མོ་གཟེར་ཡ། བསད་པ་དྲག་སྔགས་ཀྱི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་འཇམ་དཔལ་ཁྲོ་བོ་ཡིས། །འདི་སྐད་ཅེས་ནི་བཀའ་སྩལ་ཏོ། །ཉོན་ཅིག་སྒྲོལ་གིང་དམར་པོ་ཁྱོད། །གཞན་གྱི་རིག་སྔགས་བཟློག་འདོད་ན། །སྔགས་པ་ལྷ་དང་བཅས་པ་བྲི། །རབ་ཏུ་དབྱེ་བའི་ཚིག་དག་བྱ། །ཁྲུ་གང་པ་ཡི་མཆོད་རྟེན་བརྩིག །མཆོད་པའི་ལས་རྣམས་བཤམས་ནས་ནི། །བནྡྷའི་བཟེད་ཞལ་ལྕགས་ཀྱི་གཟར། །འཇམ་དཔལ་ནག་པོའི་རབ་གནས་བྱ། །ཆེ་གེ་ནང་དུ་སྩལ་ནས་ནི། །མཆོད་པ་བསྟབ་ཅིང་བསྐོར་བ་བྱ། །ཕྱོགས་རླུང་ལངས་ནས་ཐུན་དག་འཕང་། །རབ་གནས་བཟང་པོའི་འོག་ཏུ་མནན། །དེས་ནི་རིགས་སྔགས་གདོན་མི་ཟ། །བསྙེན་དང་ཐུན་གྱིས་བཟློག་པ་བྱ། །གཞན་གྱི་རིག་སྔགས་གཅད་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་ཡང་ལས་ཀྱི་མཐའ་སྡུད་འདི་གསུངས་སོ། །གང་ལ་བྱ་བ་གནས་གཞི་ས། །མཆོད་རྟེན་ལྷ་ཁང་དུར་ཁྲོད་དང་། །ཆུ་སྲིན་ཁ་དང་སྦྲུལ་གྱི་ལྕེ། །གོང་གསུམ་ཟམ་རྔུར་རྒྱ་གྲམ་ལམ། །བཙན་དང་མ་མོ་ཀླུ་དང་བདུད། །ལྷ་སྲིན་སྡེ་བརྒྱད་གནས་ཡིན་ཏེ། །ཡ་མ་རཱ་ཛའི་ཞལ་དུ་གཙང་། །ནག་པོ་གཤིན་རྗེའི་འོག་ཏུ་གཟིར། །དོན་ཡོད་གྲུབ་པའི་ཕོ་བྲང་གདབ། །ཁུགས་པར་བཀུག་ལ་རྒྱ་ཡིས་གདབ། །དེ་ལྟར་བྱས་ན་གདོན་མི་ཟ། །ལས་ཀྱི་མཐའ་སྡུད་ཀྱི་ལེའུ་སྟེ་བཅུ་བདུན་པའོ།། །།དྲེགས་པ་ཕོ་མོའི་ལས་རྒྱུད་རྫོགས་སོ།། །།དྲེགས་པ་ཕོ་མོ་འདུས་པའི་རྒྱུད་རྡོ་རྗེ་གཏེར་བཞད་རྩལ་ལ་གཏད་པ།། །།

རྟ་མཆོག་རོལ་པའི་རྒྱུད་ཆེན་པོ།


DNG017_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཤྲཱིཿཧ་ཡ་གྲཱི་ཝ་ལ་ལི་ཏ་མ་ཧཱ་ཏནྟྲ། བོད་སྐད་དུ། རྟ་མཆོག་རོལ་པའི་རྒྱུད་ཆེན་པོ། བཅོམ་ལྡན་འདས་དཔལ་པདྨ་དབང་ཆེན་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་དབང་གི་རྒྱལ་པོ། དུས་གསུམ་མ་ལུས་མི་ལུས་ལུས་པ་མེད་པའི་ངོ་བོ། པདྨ་དང་རྡོ་རྗེ་དང་འཁོར་ལོ་དང་རིན་ཆེན་དང་། ལས་ཀྱི་རིགས་ཀྱི་རང་བཞིན། རིགས་དང་ཡེ་ཤེས་ཀྱི་བདག་ཉིད། རོལ་པའི་རྫུ་འཕྲུལ་ལ་མངའ་བརྙེས་པ་དེས། དོན་ཆོས་ཉིད་སྐྱེ་བ་མེད་པ་ལས། རྟགས་འགག་པ་མེད་པ་ཆོ་འཕྲུལ་གྱི་སྐུར་བཞུགས་སོ། །འོག་མིན་གྱི་གནས་གསང་བ་དབང་གི་གནས་ཆེན་པོ་ན། དུས་གསུམ་གྱི་རྒྱལ་བ་རྣམས་གཤེགས་ཤིང་བཞུགས་ཏེ་ཞུགས་པར་གྱུར་པའི་གནས། རྒྱུ་རིན་པོ་ཆེ་དང་། དུར་ཁྲོད་ལ་བྱས་པའི་དབྱིབས་དང་། ཁ་དོག་ཐ་དད་ཅིང་ངོ་བོ་ཉིད་གཅིག་པ་སྟེ། དེ་ཡང་དབྱིངས་ལས་ཡེ་ཤེས་གསལ་བའི་གཞལ་ཡས་ཁང་། ཀུན་ཏུ་ཁྱབ་པར་གདལ་བ་ཆེན་པོ་ན། རིགས་ཀྱི་ཡབ་དང་། རིགས་ཀྱི་ཡུམ་དང་། གཞན་ཡང་སེམས་དཔའ་དང་སེམས་མ་དང་། སྒོ་སྐྱོང་སྤྲུལ་སྐུར་བཅས་པ་ཡང་སྲི་ཞུ་དང་རིམ་གྲོ་པའི་ཚུལ་གྱིས། ཏིལ་ལ་མར་བཞིན་ཁྱབ་པར་གནས་སོ། །འཁོར་གྱི་དཀྱིལ་འཁོར་དེ་ཉིད་ན། པདྨ་ལས་ཀྱི་སེམས་དཔའ་ཉིད། ཉིད་ཀྱི་སྐུ་གསུང་ཐུགས་ལས་ཐོན་ཏེ། སྤྱན་སྔ་ཉིད་ན་བཀའ་ནོད་པའི་སྤོབས་པ་དང་ལྡན་པའི་ཞུ་བ་པོ་ཉིད་དུ་བཞུགས་སོ། །རྟ་མཆོག་རོལ་པའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་དབང་གི་རྒྱལ་པོ་ཆེན་པོ་དེས། དུས་གསུམ་དང་སྲིད་པ་གསུམ་དང་། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ལ། རྫུ་འཕྲུལ་གྱི་སྤྱན་གྱིས་ཁྱབ་པར་གཟིགས་སོ། །དེ་བཞིན་དུ་གཟིགས་པས། ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཀྱི་མཚན་ཉིད། སྟོང་པ་ཆེན་པོའི་རང་བཞིན། སྨྲ་བསམ་ལས་འདས་པའི་དེ་བཞིན་ཉིད་དུ་དེ་ཁོ་ནའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་པདྨ་ལས་ཀྱི་སེམས་དཔའ་དེ་རང་གི་སྟན་ལས་ལངས་


DNG017_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། བཅོམ་ལྡན་འདས་དབང་གི་རྒྱལ་པོ་ལ། ཕྱི་ནང་གི་མཆོད་པའི་སྤྲིན་སྣ་ཚོགས་ཀྱིས་མཆོད་དེ་ལན་བརྒྱ་ཕྲག་སྟོང་དུ་ཕྱག་འཚལ་ནས། དགོངས་པ་ཆོས་ཀྱི་དབྱིངས་ལ་མནལ་བཞིན་དུ། འདི་སྐད་ཅེས་གསོལ་ཏོ། །ཨེ་མ་དབང་མཆོག་གསང་བའི་བདག །དཀྱིལ་འཁོར་རྣམས་ཀྱི་དེ་བཞིན་དོན། །བྱང་ཆུབ་སེམས་ཀྱི་མཚན་ཉིད་དེ། །བདག་ལ་སོགས་ལ་བཤད་དུ་གསོལ། །དེ་ནས་དབང་གི་རྒྱལ་པོས་བཀའ་སྩལ་པ། པདྨ་ལས་ཀྱི་སེམས་དཔའ་ཉོན་ཅིག །ཁྱོད་ཀྱིས་ཞུ་བར་སྤོབས་པ་ལེགས་སོ། །ལེགས་པར་ཡིད་ལ་ཟུང་ཞིག །འདི་ནི་སྔོན་གྱི་རྒྱལ་བ་ཐམས་ཅད་དང་། ད་ལྟར་དང་ཕྱིས་འབྱུང་བའི་རྒྱལ་བ་རྣམས་ཀྱིས་མ་གསུངས་གསུང་བར་མི་འགྱུར་ཞིང་དཀའ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ཁོ་ན་ཉིད་བྱང་ཆུབ་སེམས་ཀྱི་མཚན་ཉིད་དེ་ནི་བརྗོད་དུའང་མེད་ལ། སྣོད་དུ་གྱུར་པ་དཀོན་པའི་ཕྱིར་རོ། །ཁྱོད་ཀྱིས་ང་ལ་དྲིས་ཤིག །ཅེས་བཀའ་སྩལ་ཏེ། ཅི་ཡང་མི་གསུང་བར་བཞུགས་སོ། །དེ་ནས་འཁོར་རིས་མེད་ཀྱིས་པདྨ་སེམས་དཔའ་ལ་བསྒོ་བ་མཛད་དོ། །འགྲོ་བ་རྣམས་ལ་སྣོད་ཇི་ལྟ་བ་བཞིན་དུ་ཆོས་སྟོན་ཅིང་། བྱང་ཆུབ་སེམས་དཔའ་བློ་དམན་པ་རྣམས་ལ་བྱིན་གྱིས་རློབས་ཤིང་། སངས་རྒྱས་རྣམས་ཀྱིས་བསྐུལ་བ་དབང་གི་རྒྱལ་པོའི་ཐུགས་སུ་ཆུད་དེ། སྟོན་པའི་ཞལ་དུ་བལྟས་ཏེ་གནས་སོ། །དེ་ནས་པདྨ་ལས་ཀྱི་སེམས་དཔས། མ་ཆགས་པའི་མཆོད་པས་མཆོད་ནས། དབང་གི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །དོན་དམ་སེམས་ཉིད་སྐྱེ་བ་མེད་པ་ལ། །སྟོན་པ་དང་ནི་གནས་དང་འཁོར། །སྐྱེ་བའི་ཆོ་འཕྲུལ་འབྱུང་བ་ཅི། །ཞེས་གསོལ་ཏོ། །བཀའ་སྩལ་པ། ཆོས་ཀུན་སེམས་ཀྱི་རྩ་བ་སྟེ། །རྩ་བ་དེ་ཉིད་སྟོན་པ་ལས། །གུད་ནས་སྟོན་པས་སྩལ་བ་མིན། །བདག་ཉིད་ཆེན་པོ་བྱང་ཆུབ་སེམས། །རྒྱུ་དང་འབྲས་བུར་བཅས་པའི་ཆོས། །བྱང་ཆུབ་སེམས་ལ་གནས་པ་ལས། །གུད་ན་གནས་པ་མ་ཡིན་ནོ། །དེ་བཞིན་གཞལ་ཡས་བྱང་ཆུབ་སེམས། །འཁོར་བའི་གྲུ་རྟེན་ཕུང་པོ་ལྔ། །འཁོར་བ་གནས་གྱུར་ཕྱག་རྒྱ་ཡིན། །ཕྱག་རྒྱ་དེ་ཉིད་བྱང་ཆུབ་སེམས། །འབྱུང་བ་གནས་གྱུར་ཡུམ་ལྔ་སྟེ། །


DNG017_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་ལྔ་མ་ཆགས་བྱང་ཆུབ་སེམས། །རྣམ་ཤེས་འཁོར་བ་གནས་གྱུར་བྱང་ཆུབ་སེམས། །ཡུལ་བརྒྱད་འཁོར་བ་གནས་གྱུར་སེམས་མ་སྟེ། །གནས་པ་མེད་པའི་བྱང་ཆུབ་སེམས། །རེག་བྱ་རེག་བྱེད་གནས་གྱུར་ཁྲོ་བོའོ། །རྟག་ཆད་གནས་གྱུར་སྒོ་སྲུང་སྟེ། །སྨོན་པ་མེད་པའི་བྱང་ཆུབ་སེམས། །ཡིད་ཆེས་ཀུན་བཟང་ཡབ་ཡུམ་སྟེ། །ཉོན་མོངས་གནས་གྱུར་སྤྲུལ་སྐུ་དྲུག །གཟུང་འཛིན་མེད་པའི་བྱང་ཆུབ་སེམས། །འཁྲུལ་པ་བཟློག་ཕྱིར་ཤར་བ་ལས། །གུད་ནས་སྩལ་བ་མ་ཡིན་ནོ། །རྩ་བ་དེ་ཉིད་རྟོགས་པ་ན། །ཅིར་ཡང་མ་བཀག་ཆོས་ཀྱི་དབྱིངས། །ལྟ་བ་མ་བཀག་སེམས་ཉིད་ཡིན། །སྤྱོད་པ་མ་བཀག་རྒྱ་མཚོ་ཡིན། །བསྒྲུབ་པ་མ་བཀག་སེམས་ཉིད་བསྒྲུབ། །ཕྲིན་ལས་མ་བཀག་སེམས་ཀྱིས་ཀུན་ལ་རོལ། །དམ་ཚིག་མ་བཀག་སེམས་ལ་བསྲུང་དུ་མེད། །མཆོད་པ་མ་བཀག་སེམས་ལས་ལོངས་སྤྱོད་པའོ། །སྙིང་པོ་མ་བཀག་སེམས་ཉིད་བརྗོད་དང་བྲལ། །སེམས་ཉིད་མ་བཀག་སངས་རྒྱའོ། །ཏིང་འཛིན་མ་བཀག་ངང་ལ་ཤར། །འཁོར་རྣམས་མཚན་མ་མེད་པ་ལས། །མཚན་མ་འབྱུང་བ་རྟག་པའི་སྐུ་སེལ་ཏོ། །དེ་ནས་འཁོར་རྣམས་བྱང་ཆུབ་སེམས་ལ་འཁོད་དེ་སྟོང་པའི་ངང་ལས་ཞི་བའི་སྐུར་བཞེངས་ཏེ་འགྲོ་བའི་དོན་མཛད་དོ། །དུས་གསུམ་གྱི་འཁོར་བ་དང་མྱ་ངན་ལས་འདས་པ་རྒྱུ་དང་འབྲས་བུར་བཅས་པ་རྣམས། སྟོང་པ་ཆེན་པོར་གྱུར་པ་ནི། དཔེ་ནམ་མཁའི་མཚན་ཉིད་ཙམ་དུ་ཡང་། རྒྱུན་དུ་ཡོད་པ་མ་ཡིན་ནོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། བྱང་ཆུབ་ཀྱི་སེམས་དེ་ཁོ་ན་ཉིད་ཀྱི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ལས་ཀྱི་སེམས་དཔའ་ཆེན་པོ་དེས། བཅོམ་ལྡན་འདས་དབང་གི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ལས་ཀྱི་སེམས་དཔའ་ཆེན་པོའི་འཁོར། །འགྲོ་བ་ཇི་སྙེད་དད་པ་ལས། །མ་དད་པར་ནི་གྱུར་པ་ཡི། །ལས་ཀྱི་ལོག་ལྟ་མ་དད་པ། །རྒྱུ་དང་རྐྱེན་ནི་གང་ལས་བྱུང་། །མ་དད་པ་ནི་ཅི་ཡི་ཕྱིར། །རིགས་དང་སྡེ་ནི་གང་དུ་གཏོགས། །འབྲས་བུ་སྨིན་པ་ཇི་ལྟར་ལགས། །ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དཀའ་ཐུབ་


DNG017_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གྱི་སེམས་ཅན་དེ། །ལེགས་པའི་རྒྱུ་ལས་མ་བྱུང་སྟེ། །མེད་པའི་གཟུང་འཛིན་རྟོག་ངན་རྒྱུ། །རྐྱེན་ནི་ཆགས་སྡང་ལ་སོགས་ཏེ། །ལྟ་བ་ལོག་པ་ཉོན་མོངས་ལྔ། །དེ་ཡི་ལས་ཀྱི་དབང་བཙན་ནས། །འབྲས་བུ་མ་དད་རྒྱུ་རུ་སྨིན། །རིགས་ནི་འཁོར་བའི་རིགས་ཅན་དེ། །དེ་ནི་འབྱུང་པོའི་རིགས་སུ་གཏོགས། །པདྨ་ལས་ཀྱི་སེམས་དཔའ་དེས་ཡང་གསོལ་པ། བཅོམ་ལྡན་འདས་དབང་གི་རྒྱལ་པོ། །མ་དད་དེ་ནི་ཇི་ལྟར་འདུལ། །བཏུལ་ནས་ཡོན་ཏན་ཇི་ལྟར་ཐོབ། །མ་བཏུལ་བ་ཡི་སྐྱོན་ནི་ཅི། །ཞེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ལོག་ལྟ་མཐུ་བསྙེམས་སེམས་ཅན་དེ། །བདེན་པའི་གཞུང་གིས་གདུལ་བར་བྱ། །མ་བཏུལ་བ་ཡི་སྐྱོན་བསྟན་པ། །ཕྱིན་ཅི་ལོག་ཏུ་ཆོས་སྤྱད་ནས། །ལྷ་དང་མི་ཡི་སྲིད་བརླགས་ཏེ། །དོན་ལས་ཉམས་པའི་སྐྱོན་ཡོད་དོ། །དུག་གསུམ་རྩད་བཅད་འཁོར་དོང་སྤྲུག །སངས་རྒྱས་ཞིང་ཁམས་རབ་ཏུ་རྒྱས། །དེ་ནས་ཞི་བས་འདུལ་བར་གཟིགས་པས། རཱུ་ཏྲ་ནག་པོ་དེས་སེ་གོལ་ལན་ཅིག་བརྡབས་པས། མི་འདུལ་བའི་ང་རྒྱལ་སྐྱེས་ཏེ། གཽ་ཏ་མ་ཁྱོད་ཀྱིས་བདག་འདུལ་བ་ནི་མ་ལགས་ཏེ། རང་རང་གནས་སུ་དཀའ་ཐུབ་ལ་དེངས་ཤིག །ཅེས་སྨྲ་ཞིང་ཁ་ཊྭཱཾ་ག་འཁྲོལ་ཞིང་མཉན་ཏོ། །རྟ་མཆོག་རོལ་པའི་རྒྱུད་ཆེན་པོ་ལས། མ་དད་པའི་སེམས་ཅན་ཆེན་པོ་ཞི་བས་འདུལ་བར་གཟིགས་པས་མ་ཐུལ་བའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་རིགས་ལྔ་རྡོ་རྗེའི་རིགས་དང་། རིན་ཆེན་རིགས་དང་། པདྨའི་རིགས་དང་། དེ་བཞིན་རིགས་དང་། ལས་ཀྱི་རིགས་དང་བཅས་པ་རྣམས་ཀྱིས་ཞི་བས་མ་ཐུལ་ནས། བཀའི་བགྲོ་བ་མཛད་དེ། རྡོ་རྗེ་རིགས་ཀྱིས་བགྲོས་པ། འདས་པའི་དུས་ན་སྔོན་བྱུང་ན། །བདག་ཉིད་ཆེན་པོ་རྟག་པ་ནི། །དེ་ཚེ་སེམས་ཅན་ཐམས་ཅད་ནི། །ཤིན་ཏུ་ཁྲོ་ཞིང་གཏུམ་པར་གྱུར། །ཤིན་ཏུ་ཁྲོ་ཞིང་གཏུམ་པ་ལ། །ཞི་བས་ཕན་པར་མ་གྱུར་ཏེ། །ཤེས་རབ་ཐབས་ཀྱི་རྣལ་འབྱོར་པས། །ཁྲོ་བོ་དེ་བཞིན་གཤེགས་ཀུན་མཛད། །ཁྲོ་བོའི་ཚུལ་ཆེན་ཁྲོས་པས་ཀྱང་། །འཇིག་རྟེན་གསུམ་དག་བསྲེག་བྱེད་ན། །སངས་རྒྱས་ཐམས་ཅད་ཁྲོས་པ་


DNG017_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས། །ཁམས་གསུམ་མ་ལུས་དབང་སྡུད་ན། །མ་དད་སེམས་ཅན་སྨོས་ཅི་དགོས། །ཞེས་བགྲོས་སོ། །དེ་ནས་རིན་ཆེན་རིགས་ཀྱིས་བགྲོས་པ། ཀྱེ་མ་འདུས་པའི་ཚོགས་ཆེན་རྣམས། །ལས་ཀྱིས་མནར་བའི་དུས་ཟད་འདིས། །འཁོར་བ་གཏན་གྱི་གཞི་བྱས་ནས། །ཕྱི་རབས་རྣམས་ཀྱང་གཡང་སར་བསྒྱུར། །རྒྱལ་བའི་ལས་ཀྱིས་གདུལ་བར་འོས། །ཞེས་བགྲོས་སོ། །དེ་ནས་དེ་བཞིན་རིགས་ཀྱིས་བགྲོས་པ། ཀྱེ་མ་སེམས་ཅན་སངས་རྒྱས་ཚོགས་ཅན་རྣམས། །མ་དད་སེམས་ཅན་ཆེན་པོ་འདི། །སྔོན་གྱི་ས་བོན་རྩུབ་མོས་འཕངས། །ཉོན་མོངས་ལྔ་རུ་སྨིན་པ་སྟེ། །ཉོན་མོངས་བདུད་ཀྱི་རྒྱུ་རུ་སྨིན། །འདི་ནི་གདུལ་བར་འོས་པའོ། །ཞེས་བགྲོས་སོ། །དེ་ནས་པདྨའི་རིགས་ཀྱིས་བགྲོས་པ། ཀྱེ་མ་གསང་མཆོག་གསང་བའི་ཚོགས། །མ་དད་པ་ཡི་སེམས་ཅན་འདི། །ཉོན་མོངས་བདུད་ཀྱི་གཞི་བྱས་ཏེ། །སྲིད་པ་མ་ལུས་གཡང་སར་བསྒྱུར། །འདི་ནི་གདུལ་བར་འོས་པའོ། །ཞེས་བགྲོས་སོ། །དེ་ནས་ལས་ཀྱི་རིགས་ཀྱིས་བགྲོས་པ། །ཀྱེ་མ་སངས་རྒྱས་ཚོགས་ཆེན་རྣམས། །མ་དད་པ་ཡི་སེམས་ཅན་འདི། །ཉོན་མོངས་དུག་གསུམ་གཞི་བྱས་ཏེ། །ཐམས་ཅད་མ་ལུས་བརླག་པར་བྱེད། །འཁོར་བ་བསྒྲལ་བའི་དུས་ལ་བབ། །ཅེས་བགྲོས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། བདེ་བར་གཤེགས་པས་བཀའ་བགྲོས་པའི་ལེའུ་སྟེ་བཞི་པའོ།། །།དེ་ལྟར་བགྲོས་པས། དབང་གི་རྒྱལ་པོ་ལ་སོགས་པ་རིགས་ལྔ་དགོངས་པ་གཅིག་ཏུ་གྱུར་ཏེ། ལོག་པའི་སྤྱོད་པ་ཅན་རཱུ་ཏྲ་ལ་སོགས་པ་གདུག་པ་ཅན་ཐམས་ཅད་སངས་རྒྱས་ཀྱི་བསྟན་པ་ལ་མངོན་པར་མ་དད་པ། འཇིག་རྟེན་ཕུང་བར་བྱེད་པ་རྣམས། ཞི་བས་ཕན་པའི་སྐབས་ལ་མ་བབ་སྟེ། རོལ་པའི་མཛད་སྤྱོད་ཀྱིས་འདུལ་བར་གཟིགས་ཏེ་ཐམས་ཅད་དགོངས་པ་གཅིག་ཏུ་གྱུར་ཏོ། །དེ་ནས་དབང་གི་རྒྱལ་པོས། ཧཱུཾ་ཧཱུཾ་ཧཱུཾ་ཞེས་བརྗོད་པས། དཀྱིལ་འཁོར་ཐམས་ཅད་བདག་ལ་བསྡུ་བར་མཛད་དེ་གཉིས་སུ་མེད་པར་གནས་སོ། །སྟོང་པ་ཉིད་ཀྱི་ངང་ལས་དགོངས་ཏེ། སྙིང་རྗེ་ཆེན་པོ་ཙམ་ལ་བརྟེན། འཛིན་རྟོག་ཟིལ་གྱིས་གནོན་པའི་ཏིང་ངེ་འཛིན་མངོན་པར་འདུ་


DNG017_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་དེ། མཚན་མ་རྒྱུའི་སྙིང་པོ་ཡི་གེ་ཧཱུཾ་དམར་པོ་ཡེ་ཤེས་ཀྱི་འོད་དུ་འབར་ཏེ། སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་དུ་ཤར་བར་མཛད་པའི་ཕྱིར། མི་རྟོག་པའི་ཧཱུཾ་དམར་པོ་དེ་ལས། ཆོ་འཕྲུལ་གྱི་སྒྲ་འདི་རྣམས་བརྗོད་དོ། །སྔགས་རྣམས་སོར་བཞག་ཨེ་མ་དེ་ཝ་ཏྲཾ་མ་མཎྜ་ལ་ཀྲོ་ཏ་ཛྭ་ལ་རཾ་ཧཱུཾ་ཡཾ་ཧཱུཾ་ཡཾ། མ་ཧཱ་རཀྟ་ཛྭ་མུན་ཏ་མཎྜ་ལ། ཀེང་ནི་རི་ཏི་ཛྭ་ལ་མཎྜ་ལ་ཀརྨ་མ་ཏིཥྠ་རག་ཤ་ཧཱུཾ་བྷྲཱུཾ། དེ་ནས་འབྱུང་བ་རིམ་དུ་ཤར། །ཞེ་སྡང་འབར་བའི་ནམ་མཁའ་ལ། །ཕྲག་དོག་འབར་བའི་འཚུབ་མར་ལྡན། །ཆགས་པ་རཀྟའི་རྦ་ཀློང་འཁྱིལ། །གཏི་མུག་ཆེན་པོའི་ས་གཞི་ལ། །ང་རྒྱལ་ཆེན་པོའི་མེ་རི་འབར། །དབང་ཆེན་འབྱུང་བར་ཤར་བར་མཛད། །ནང་དུར་ཁྲོད་འབར་བའི་གཞལ་ཡས་ཁང་དུ་ཤར་བར་མཛད། འཁོར་རྣམས་བསྐྱེད་དེ་བཏུལ་ནས་བསྒྲལ་བར་གཟིགས་པས། མ་དད་པ་ཆེན་པོ་དེ། ཞེ་སྡང་གི་མེ་སྦར། ཆགས་པའི་རྒྱ་མཚོ་གཏིང་ནས་གཡོས། མུན་པའི་ཁ་རླངས་སྤྲིན་ལྟར་གཏིབས། ཕྲག་དོག་གི་ཟུག་རྔུ་ནི་བསླང་། ང་རྒྱལ་གྱི་དེའུ་བསྐྱེད་དེ། ཉོན་མོངས་པའི་སྒྲ་རུ་ལུ་དང་ཁ་ཊྭཱཾ་ག་འཁྲོལ་ཞིང་རྩོགས་པར་གཟོ་བ་ལས། དབང་གི་རྒྱལ་པོས་གདུག་པའི་ལག་ཆ་ཕྲོགས། ཁོའི་ཉོན་མོངས་པའི་སྒྲ་རུ་ལུ་ནི། ཨོཾ་དང་ཧཱུཾ་གི་བར་དུ་བཅུག་སྟེ། ཨོཾ་རུ་ལུ་རུ་ལུ་ཧཱུཾ་ཞེས་བཟླས་པས། དྲེགས་པ་ཅན་དེ་སྐྱེས་བུ་ལྕེ་བཅད་པ་བཞིན་ཉམས་སོ། །དབང་གི་རྒྱལ་པོ་དེས། དམ་སྲི་འགམ་པ་རི་ཛ། མཱ་ར་ཡ་རྦད། ལྷུ་གདུམ་ལྷུ་གདུམ། བྷྱོ་གདུམ་བྷྱོ་གདུམ། ཤིག་ཤིག་ཕྲུག་ཅིག །ཨ་ཧཱུ་ཨ་ཧཱུ། ཏྲི་ཧུ་ཏྲི་ཧུ། ཁཾ་རུ་ཁཾ་རུ། སྙིང་སྦུར་རྦད། ཛཿཛཿཛཿཛཿ། དྲག་པོའི་སྔགས་དེས་བརྒྱབ་པས། ལུས་དུམ་བུ་བཅུ་གསུམ་དུ་བཤིག །དུར་ཁྲོད་བརྒྱད་དུ་བཤིག་གོ། །ཁོག་པ་གཞལ་ཡས་ཁང་དུ་བྱས་སོ། །ཆུང་མ་ལ་སོགས་པ་ཐམས་ཅད་འཁོར་དུ་བྱས་ཏེ་སྦྱོར་རོ། །དང་པོ་དེ་ཉིད་དུ་གྲགས་པ་ལས། སྟོང་པའི་ཆོ་འཕྲུལ་གྱི་སྒྲ་འདི་བརྗོད་དོ། །ཤཱུ་ནྱ་ཏཱ་ཛྙཱ་ན་ཨཱདྨ་ཀོ྅ཧཾ། རྣམ་པར་མི་རྟོག་ཡེ་ནས་སྐྱེ་མེད་ཅིང་། །གཟུང་འཛིན་རྟོག་མེད་མཐའ་གཉིས་མ་ཆགས་དབྱིངས། །ཡེ་ནས་མཉམ་ཉིད་རང་བཞིན་ཇི་བཞིན་ངང་། །རྣམ་རྟོག་སྤྲོས་བྲལ་སྨྲ་


DNG017_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་བརྗོད་ལས་འདས། །སྟོང་པའི་ངང་ལས་སྙིང་རྗེ་ཤར། །ཀུན་ཏུ་སྣང་བའི་སྒྲ་ནི་བརྗོད། །དྷརྨཱ་དྷཱ་ཏུ་ཧཱུཾ། མ་ལྟར་བྱམས་པས་ཀུན་ལ་ཁྱབ་པའི་སྐུ། །མཁའ་ལྟར་དག་པ་ཆོ་འཕྲུལ་འབྱུང་བའི་རྒྱུ། །ཀུན་ལ་སྙོམས་པའི་ཡེ་ཤེས་གསལ་བའི་ངང་། །ཡོན་ཏན་རིན་ཆེན་འབྱུང་བ་དབང་ལྡན་ཡུམ། །དེ་ནས་འབྲས་བུ་ཧཱུཾ་དམར་ལ་དྭངས་པ་བྱུང་སྟེ། དེ་ལས་སྐུལ་བའི་སྒྲ་འདི་བྱུང་ངོ་། །ཡི་གེ་ཧཱུཾ་ནི་སེམས་ཀྱི་རང་བཞིན་ཏེ། །ཆགས་པའི་སྐྱོན་བྲལ་པདྨ་རཱ་གའི་མདོག །སངས་རྒྱས་ཆེ་བའི་ཁྱད་པར་བསྟན་པའི་ཕྱིར། །རྒྱ་མཚོའི་རླབས་ལྟར་ཁྲོ་བོའི་སྤྲུལ་པ་འབྱུང་། །ཧཱུཾ་ཡཾ་ཞེས་བརྗོད་དོ། །དེ་ནས་གཞལ་ཡས་སྐུ་དང་། གསུང་དང་། ཐུགས་དང་། ཡི་གེ་མང་པོ་འཕྲོས། ཧཱུཾ་དམར་པོ་ལས་ཡི་གེ་འཕྲོས། གཞལ་ཡས་ཁང་ནི་བསྐྱེད། ཕྱི་རིན་པོ་ཆེ་ལ་ནང་དུར་ཁྲོད་འབར་བ། པདྨའི་གདན། ཕྱི་ནས་བལྟས་ན་ནང་གསལ། ནང་ནས་བལྟས་ན་ཕྱི་གསལ་བར་བསྐྱེད། བདེ་བར་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས། མཾ་ཞེས་བརྗོད་པས། ཟླ་གམ་ཁ་སྤྲོད། མུ་ཁྱུད་བར་ཁྱམས་སྒོ་ཁྱུད་དུ་བཅས་པར་བསམ། ཧཱུཾ་ཞེས་བརྗོད་པས། ཧཱུཾ་དམར་ལ་བཀྲ་བ་ནི་བསམ། ཡེ་ཤེས་ཀྱི་འོད་ནི་འཕྲོ། པདྨ་དྷ་ར་ཧྲཱྀཿ། པདྨ་ཤྲཱི་ཧེ་རུ་ཀ །མ་ཧཱ་རོ་ཥ། ཁ་ལ་རོ་ཤ །ཧྲི་རཾ་ཧྲི་རཾ། གྲི་འདུང་འདུང་། ཨ་སི་མུ་སལ་པྲ་བན་ཤུ་ཀེ་ན། མ་ར་ཁ་ཁཱའི། ཤྲཱི་བཱན་ཁཱའི། མ་ཧཱ་རཀྟ་ཁཱའི། ཤྲཱི་མེན་རུ་རུ་ཏྲཾ། བི་ལང་ཀུ་ཤ་ལ་སྟྭཾ། བན་ཏྲི་ཤ །པདྨ་གལ་ཤ་ཁཱའི། པར་སིད་ཏ། ཨ་མྲྀ་ཏ་ཀུཎྜ་ལི། ཁ་ཁ་རད་ན་གུ་ཧྱ་ཛྙཱ་ན་སིདྡྷི། བཛྲ་ཨ་མོ་ཀ་ཧཱུཾ། ཛ་ལཾ་ཛ་ལཾ་བཛྲ་ཧཱུཾ། སུཾ་བྷ་ནི་སུཾ་བྷ་ནི་ཧཱུཾ་ཕཊ། ཀྲོ་ཏ་རག་ཤ་རུ་ལུ་རུ་ལུ་ཧཱུཾ་ཕཊ། ཞེས་པས་ཆེ་བའི་ང་རྒྱལ་བརྗོད་ཅིང་། ང་རྒྱལ་བསྒྲགས་སོ། །དབང་ཆེན་པདྨ་ཧེ་རུ་ཀ་དབུ་ལྔ་པ། ཕྱག་ཀྱང་བཅུ་དྲུག་པ། ཏྲཾ་དམར་པོ་བརྒྱད་ནས་ཞབས་བརྒྱད་བྱུང་བ། རྡོ་རྗེ་ལྕགས་ཀྱུ་སྦྲུལ་གྱི་ཞགས་པ་བསྣམས། །བེ་ཅོན་རྔེའུ་ཆུང་ཤེལ་གྱི་རྔེའུ་ཆུང་བསྣམས། །ཐོད་རློན་ཁྲག་དང་སྡིགས་མཛུབ་མཛད། །སྦྲུལ་ནག་ཞགས་པ་བསྣམས་པ་སྟེ། །རྡོ་རྗེའི་གཤོག་པ་གཡས་གཡོན་


DNG017_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གདེངས་པའོ། །རྟ་མགོ་ལྗང་གུ་ལྔ་བྱུང་བའོ། །མ་དད་པ་ཆེན་པོ་ཚུལ་དང་བསྟུན་ཏེ་བསྒྲལ་ལོ། །རང་གིས་རང་ལ་ཡི་གེ་ཧཱུཾ་ལ་བསྟོད་པ། ཧཱུཾ་ཧཱུཾ་གིས་སྲིད་གསུམ་མ་ལུས་དབང་དུ་སྡུད། །ཧཱུཾ་གིས་ངན་སོང་གནས་རྣམས་སྟོངས་པར་མཛད། །ཧཱུཾ་གིས་མ་རིག་མུན་ཁང་གཏན་ནས་འཇོམས། །ཧཱུཾ་གིས་ཐམས་ཅད་འཇིགས་ཤིང་ཐམས་ཅད་དབང་དུ་སྡུད། །ཧཱུཾ་གིས་དུས་གསུམ་རྒྱལ་བའི་སྐུ་ཡང་བསྐྱེད། །ཧཱུཾ་གིས་བླ་མེད་བྱང་ཆུབ་གནས་སུ་སྒྲོལ། །ཧཱུཾ་མཛད་ཧཱུཾ་གི་ལྷ་ལ་ཕྱག་འཚལ་ལོ། །དེ་ནས་རང་གི་ཆེ་བའི་ང་རྒྱལ་འདི་བརྗོད་དོ། །སྐུ་བཞི་གཅིག་ཏུ་བསྡུས་པས་ཀུན་ཏུ་ཞལ། །ཕྱོགས་བཞི་རིགས་བཞིར་འབར་བའི་སྐུར་བསྟན་པས། །སྤྱི་མཐུན་ལྔ་ལྔར་སྣང་བ་ནམ་མཁའི་རྒྱན་དུ་སྟོན། །རིགས་ཀྱི་དབང་རྣམས་རྫོགས་པས་ཐམས་ཅད་མ་ལུས་དབང་དུ་སྡུད། །ཧཱུཾ་མཛད་ཁྲོ་བོ་ཆེན་པོ་བརྒྱད་ཀྱི་སྙིང་། །ཆང་པར་བཅུག་ནས་ནང་དང་བསྲེས་ཏེ་གསོལ། །བྱམས་དང་སྙིང་རྗེར་ལྡན་པའི་ཚུལ་མངའ་བས། །རྡོ་རྗེ་ལྕགས་ཀྱུ་སྦྲུལ་གྱི་ཞགས་པ་དང་། །བེ་ཅོན་རྔེའུ་ཆུང་བྷནྡྷ་ཤེལ་གྱི་རྔེའུ་ཆུང་འཛིན། །ཐོད་རློན་ཁྲག་དང་བསྲེས་པ་གསོལ། །ཕྱོགས་བཞིར་ཧཱུཾ་གི་རྒྱུན་དུ་སྒྲ་གྲགས་པས། །རྡོ་རྗེ་བྱིན་ཆེན་འབར་བ་གསོར་ཞིང་བརྡེག །གདུ་བུ་དབུ་རྒྱན་སྦྲུལ་ནག་མི་སྲུན་པ། །ཧཱུཾ་གི་སྒྲ་གྲགས་བསྐལ་པའི་མེ་ཆེན་འབར། །སྡིགས་པའི་རྩེ་ལ་བསྐལ་པའི་མེ་འབར་བས། །མ་རིག་རྨོངས་པའི་མུན་ནག་སེལ། །མི་ལྡོག་ས་ལ་འགྲོ་བ་འདྲེན་པའི་རྟགས། །ཐབས་ཀྱི་ཞགས་པ་རྡོ་རྗེ་ལུ་གུ་རྒྱུད། །རྡོ་རྗེ་རིན་ཆེན་ལས་བྱུང་གཤོག་པ་ནི། །ཉི་མ་འབུམ་གྱིས་བརྒྱན་པའི་ཐེའུ་གཤོག་ཅན། །ཞི་རྒྱས་དབང་དྲག་ཕྲིན་ལས་མངོན་སྤྱོད་ཀྱིས། །ཐམས་ཅད་བླ་མེད་བྱང་ཆུབ་གནས་སུ་གྲོལ་བའོ། །ཏིང་འཛིན་ཟིལ་གྱིས་གནོན་པ་སྟག་གི་ཆས། །རྣོ་གདུག་ཟློག་བྱེད་རྒྱ་བྱེའུ་ལྕགས་ཀྱི་ཆས། །ཤེས་རབ་ཏིང་འཛིན་རྡོ་རྗེ་བཅས་པའི་ཆས། །དབང་གི་བསྭེ་ཁྲབ་སྨུག་པོ་གཟི་འབར་བགྲད་པའི་ཆས། །དཔའ་བརྗིད་མཉེན་ལྕུག་སྦྲུལ་ནག་རྒྱན་གྱིས་བརྒྱན། །དམར་གསལ་དབང་སྡུད་ཏིང་འཛིན་ཆེ་བའི་མཆོག །མཉེན་ལྕུག་ཆུན་འཕྱང་དར་གྱི་ཆས། །སྡུག་


DNG017_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་ཉམ་ཐག་སྐད་ཆེན་འབྱིན། །ཨོཾ་ནཱ་ཤ་སྟཾ་པ་ནི། ཡཀྴ་སུམ་པ། བྷན་དྷ་ཧྲི་ཤ་ཧཱུཾ། ཞེས་ཆེ་བའི་སྒོ་ནས་ཉིད་ལ་བསྟོད་པའོ། །དེ་ནས་ཡང་ཧཱུཾ་ལས། ཨོཾ་ཨ་ཀ་དེ་བིག་དེ་ཀ་ར་ཀ་ར་ག་ཏེ་སྭ་མཾ་ཞེས་བརྗོད་པས། ཡུམ་གཟི་ལྡན་པདྨ་ཅན་རྒྱན་དང་ཆ་ལུགས་གཙོ་དང་མཐུན་པ་ལ། ཚུལ་མོ་བག་ཏུ་གནས་པ་ཞིག་བསྐྱེད་དོ། །གཡས་ན་ཡིད་བཞིན་ནོར་བུ་བསྣམས་པ། གཡོན་ན་རིན་ཆེན་ཟ་མ་ཏོག་བསྣམས་པ། དེ་ལྟ་བུ་ཅིག་བསྒོམ་མོ་བསྡུའོ། །རྟ་མཆོག་རོལ་པའི་ཏན་ཏྲ་ལས། གཞལ་ཡས་ཁང་དང་། ཡབ་ཡུམ་བསྐྱེད་ཅིང་ལས་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་དྲེགས་པ་དེ་དག་ཐམས་ཅད་བདུད་དང་ཚངས་པ་དང་། ལྷ་ཆེན་དང་། ཀླུ་དང་། དབང་ཕྱུག་ཆེན་པོ་དང་། གཟའ་ལ་སོགས་པ་རྣམས། རང་རང་གི་ཆེ་བ་སྟོན་ཅིང་མཉན་ཏོ། །མ་དད་པའི་ཆུང་མ་དང་། འཁོར་དང་བཅས་པ་རྣམས་མ་ཉན་ཏོ། །རྟེན་གྱི་གཞལ་ཡས་ཁང་ལས། བདེ་བར་གཤེགས་པ་རྣམས་ནི་བརླན། ཐུགས་རྗེ་གཡོས་ཏེ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་དབང་གི་རྒྱལ་པོ་ལ་དབང་བསྐུར་ཏོ། །ཡབ་ཡུམ་གཉིས་སྦྱོར་བ་མཛད་དེ། དགྱེས་པའི་བྱང་ཆུབ་ཀྱི་སེམས་སྤྲིན་ལས། སྤྲུལ་པ་བསམ་གྱིས་མི་ཁྱབ་པ་སྤྲོས་ཏེ། ཡུམ་གཟི་ལྡན་པདྨ་ཅན་ལ་སངས་རྒྱས་ཐམས་ཅད་ཀྱི་ཡུམ་དུ་བསྔགས་ཏེ། བྱང་ཆུབ་སེམས་ཀྱི་གཟི་བརྗིད་ལྡན་པར་བྱས། བྱང་ཆུབ་སེམས་སྤྲོས་པ་ལས། འཁོར་བ་རུ་ལྡོག་པའི་ཕྱིར། རུ་དཔོན་ནི་རིགས་ཀྱི་ཧེ་རུ་ཀ་ལྔས་བྱས། དུས་གསུམ་སངས་རྒྱས་ཐམས་ཅད་ནི་ར་མདར་གཉེར། ཤར་ཕྱོགས་སུ་ཛ་ནི་སྤྲོས། ཡེ་ཤེས་དཔག་གིས་འཕེན་དཀའ་སྟེ། མཐར་བྱེད་ཁྲོ་བོ་བཞི་ཕྱོགས་བཞིར་གདན་ཚོགས་བཅས། འཁོར་བའི་ཕྲེང་སྟེ་ཐམས་ཅད་ཟླ་གམ་བྲུབ་ཁུང་བཅས། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཞེས་ཏེ། སྟེང་ཕྱོགས་སུ་སྤྲོས་པས། ཁྲོ་བོ་མཐིང་ནག་གིས་སྟེང་ཁེབས། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཞེས་ཤར་ཕྱོགས་སུ་སྤྲོས་པས། ཁྲོ་བོ་སྨུག་ནག་གིས་ཤར་ཕྱོགས་ཁེབས། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཞེས་ལྷོར་སྤྲོས་པས། ཁྲོ་བོ་སེར་ནག་


DNG017_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ལྷོའི་ཕྱོགས་ཁེབས། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཞེས་ནུབ་ཏུ་སྤྲོས་པས། ཁྲོ་བོ་དམར་ནག་གིས་ནུབ་ཁེབས། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཞེས་བྱང་དུ་སྤྲོས་པས། ཁྲོ་བོ་ལྗང་ནག་གིས་བྱང་ཕྱོགས་ཁེབས། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཞེས་པས་འོག་དང་བར་ཁེབས་ནས། གདུག་པའི་མཚོན་ཆ་སྣ་ཚོགས་ཆར་དུ་ཕབ། རྟོག་ཅིག་ཟུང་ཆིངས་མ་གཏང་ཞེས་དིར་དིར་སྒྲོགས་སོ། །ཡུམ་གྱི་བྷ་ག་གྲུ་གསུམ་གྱི་དབྱིངས་སུ་ཤར། ཡབ་ཀྱི་རྡོ་རྗེ་པདྨར་ཤར། དེ་ནས་དབང་གི་རྒྱལ་པོས་གདུག་པའི་འཁོར་ཡེ་ཤེས་ལས་བསྐྱེད་དོ། །དེ་ནས་ཡང་ཡབ་ཡུམ་མ་ཆགས་པའི་སྦྱོར་བ་མཛད་པའི་སྤྲིན་ལས། ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ། ཞེས་སྤྲོས། ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ། ཞེས་སྤྲོས་པས། ཁྲོ་མོ་དང་མགོ་བརྙན་མང་པོ་བྱུང་ངོ་། །ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཞེས་སྤྲོས་པས། ཁྲོ་བོ་མགོ་དགུ་བརྩེགས་པ་དང་། མགོ་ལྔ་བརྩེགས་པ་དང་། མགོ་བདུན་བརྩེགས་པ་དང་། མགོ་གསུམ་བརྩེགས་པ་རྐང་པ་གཅིག་པ་ཅིག་བྱུང་། དེ་ནས་ཡང་བྱང་ཆུབ་སེམས་ལས། མཱ་མཱ་མཱ་མཱ། ཞེས་སྤྲོས་པས། གསང་བའི་ཡུམ་བཞི་སྤྲོས་སོ། །དེ་ནས་བྱང་ཆུབ་སེམས་ལས། ལི་ལི་ལི་ལི་ལི་ལི་ལི་ལི། ཞེས་ཤར་དུ་སྤྲོས་ལི་ལི་ལི་ལི་ལི་ལི་ལི་ལི། ཞེས་ལྷོར་སྤྲོས། ལི་ལི་ལི་ལི་ལི་ལི་ལི་ལི། ཞེས་ནུབ་ཏུ་སྤྲོས། ལི་ལི་ལི་ལི་ལི་ལི་ལི་ལི། ཞེས་བྱང་དུ་སྤྲོས་སོ། །བརྒྱད་རྩེ་ལོང་བ་སུམ་ཅུ་རྩ་གཉིས་ཕྱོགས་བཞིར་སྤྲོས་སོ། །དེ་ནས་བྱང་ཆུབ་སེམས་ཀྱི་སྤྲིན་ལས། ལུ་ལུ་ལུ་ལུ་ལུ་ལུ་ལུ་ལུ། ཞེས་སྤྲོས་པས། ལོང་བ་བརྒྱད་བྱུང་ངོ་། །དེ་ནས་ཡང་བྱང་ཆུབ་སེམས་ཀྱི་སྤྲིན་ལས། སྡི་སྡི་སྡི་སྡི་སྡི་སྡི་སྡི་སྡི། ཞེས་སྤྲོས་པས། སྤྱང་མོ་བརྒྱད་བྱུང་ངོ་། །དེ་ནས་ཡང་དགྱེས་པའི་སྤྲིན་ལས། ཛ་ཛ་ཛ་ཛ་ཛ་ཛ་ཛ་ཛ། ཞེས་པ་ལས་ཁྱི་བརྒྱད་བྱུང་ངོ་། །ཡང་བྱང་ཆུབ་སེམས་ཀྱི་སྤྲིན་ལས། ཀུ་ཀུ་ཀུ་ཀུ་ཀུ་ཀུ་ཀུ་ཀུ་བརྒྱད་སྤྲོས་པས། ཡེ་ཤེས་ཀྱི་ཁྱི་བརྒྱད་སྤྲོས་པས། མྱུ་ཤ་བྱུ་རུའི་ཁྱི་བརྒྱད་བྱུང་ངོ་། །དེ་ནས་ཡང་བྱང་ཆུབ་སེམས་ཀྱི་སྤྲིན་ལས། ཛ་ཛ་ཛ་ཛ་ཛ་ཛ་ཛ་ཛ་ཛ་ཛ། ཛ་ཛ་ཛ་ཛ་ཛ་ཛ་ཛ་ཛ་ཛ་ཛ། ཛ་ཛ་ཛ་ཛ་ཛ་ཛ་ཛ་ཛ་ཛ་ཛ། ཛ་ཛ་ཛ་ཛ་ཛ་ཛ།


DNG017_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སྤྲོས་པས། ཕོ་ཉ་མ་མགོ་བརྙན་སུམ་ཅུ་རྩ་དྲུག་བསྐྱེད་དོ། །དེ་ནས་བྱང་ཆུབ་སེམས་ཀྱི་སྤྲིན་ལས། ཧུ་ཧུ་ཧུ་ཧུ་ཧུ་ཧུ་ཞེས་ལས་སྒོམ་དྲུག་སྤྲོས། ཡ་ཡ་ཡ་ཡ་ཡ་ཡ་དྲུག་སྤྲོས་པས། ཁམ་པ་རྒྱ་མ་དྲུག་བྱུང་ངོ་། །ཧཱུཾ་ཞེས་བརྗོད་པས་ཁམས་གསུམ་རྒྱལ་བ་བྱུང་ངོ་། །ཧ་ཡ་གྲཱི་ཝ། ཧ་ཡ་གྲཱི་ཝ། ཧ་ཡ་གྲཱི་ཝ། ཧ་ཡ་གྲཱི་ཝ། ཧ་ཡ་གྲཱི་ཝ་ཞེས་བརྗོད་པས། རྟ་མགོ་ཅན་ལྔ་བྱུང་ངོ་། །ཀུ་ཡེ། ཀུ་ཡེ། ཀུ་ཡེ། ཀུ་ཡེ་བྱ་མགོ་ཅན་བཞི་བྱུང་ངོ་། །དུ་རུ་དུ་རུ་དུ་རུ་དུ་རུ་ཞེས་བརྗོད་པས། ཕག་གི་མགོ་ཅན་བཞི་བྱུང་ངོ་། །དྷི་དྷི་དྷི་དྷི། ཧཱུཾ་ཧཱུཾ་ཧཱུཾ་ལ་ཞེས་སེམས་དཔའ་བྱུང་ངོ་། །ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཞེས་ཁྲོ་བོ་བརྒྱད་བྱུང་ངོ་། །དེ་ནས་ཡང་དགྱེས་པའི་སྤྲིན་ལས། སྤྲུལ་པ་བསམ་གྱིས་མི་ཁྱབ་པ་སྤྲོས་སོ། །ཁམས་གསུམ་ཀུན་ཏུ་ཁེངས་པར་སྤྲོས་སོ། །རྟ་མཆོག་རོལ་པའི་ཏན་ཏྲ་ལས། ཡི་གེ་སྤྲོས་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་གཞལ་ཡས་ཁང་གདན་དང་བཅས་པ་གསལ་ཞིང་། དྲག་པོ་མ་རུངས་པ་ཚར་བཅད་དེ། དབང་གི་རྒྱལ་པོ་པདྨ་གར་གྱི་དབང་ཕྱུག་དེས། དབུ་ལྔ་རུ་ཤར་བར་མཛད། དབུའི་སྟེང་དུ། ལེའུ་ཚེ་ལྔ་དགུ་མུ་ཁྱུད་གྲུ་ཆད་རྩིབས་ཁྱུད་དང་སྒོ་རུ་བཅས་པ། རིགས་ཀྱི་ཡབ་ཡུམ་ལྔ་རུ་གསལ། སེམས་དཔའ་སེམས་མས་ནི་བསྐོར། དབུའི་ཐོག་ཏུ་རྟ་མགོ་ལྗང་གུ་ནི་བྱུང་། རྟ་མགོ་ལྗང་གུ་རྔོག་མ་ལེ་བརྒན་ནི། སྤྱན་མིག་ཟུར་གསུམ་རྣ་བ་ཤོག་དྲག །རྔམ་པའི་ཁ་ཚལ། ལྷང་ལྷང་ཙེར་ཙེར་ཕྱོགས་བཅུར་རྟ་སྐད་སྒྲོག་པ་རུ་གསལ། རྡོ་རྗེའི་གཤོག་པ་ནི་གཡས་ནས་གཡོན་དུ་གདེངས། དང་རུ་ནི་དགུ་དགུ་ཡོད་པ། གཡས་ན་གཤོག་པ་རིམ་པ་བཞི། གཡོན་ན་བཞི། གཤོག་པ་བརྒྱད་དུ་ལྡིང་བ། ཡུམ་བཞི་མཆན་དུ་སྦས་པ། སྡེར་མོ་ཅན་ནི་ལྟེབ་ཏུ་སྦས། ཐེབ་གཤོག་ཅན་ནི་འདབ་ཏུ་སྦས། རྡོ་རྗེའི་གཤོག་པ་ལ་བསེའི་རི་མོ་ཅན། གཡས་གཡོན་ན་བསེའི་བྱ་ནག་ལྡིང་བ། གཤོག་པ་བར་མ་གཉིས་ནི་གོལ་མ་སྦས། སྟེང་གི་བར་ན་ཁམ་བརྒྱ་མོ་སྦས། སྤྲུལ་པ་མང་པོ་དང་བཅས་པའོ། །ཕྱག་གཡས་པ་


DNG017_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

ཀཽ་རི་མ་བརྒྱད། གཡོན་པ་ན་སིང་ཧ་མ་བརྒྱད། ཁྲག་འཐུང་བཅུ་དྲུག་གིས་འགྲོ་བ་མ་ལུས་པ་འདུལ་བ། ཁྲོ་བོ་བརྒྱད་ཞབས་ཀྱི་འོག་ཏུ་མནན། དུར་ཁྲོད་ཆེན་པོ་བརྒྱད་དུ་རོལ་ཅིང་གསལ་བ། ཡི་གེ་འབྲུ་ལྔ་གནས་ལྔར་གསལ་བའི་ཕྲེང་བས། ངན་སོང་རྣམ་པར་སྦྱོར་བ། དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་གསེར་གྱི་སེང་གེར་སྦས། ཉི་ཟླ་ཐབས་ཤེས་རབ་ཏུ་ལྡན། པདྨ་སྐྱོན་གྱིས་མ་གོས། སྤྱན་ནས་སྤྲུལ་པ་བྱེ་བ་འགྱེད། ཧཱུཾ་དམར་པོ་ལ་ཕྲེང་བས་དཀྲིས། དམ་ཚིག་ཡེ་ཤེས་རྟ་མགྲིན་ཡི་གེ་འབྲུ་ལྔས་དབང་བསྐུར་དཀྱིལ་འཁོར་བཅུ་བཞི་ནི་དབུ་ལ་བརྒྱན། དྲག་པོ་དབང་གི་དཀྱིལ་འཁོར་བཞི་ནི་ཕྱོགས་བཞིར་བཀོད། སྤྱང་བརྒྱད་ཁྱི་བརྒྱད་ཕྱོགས་བརྒྱད། ཁྲོ་བོ་རྣམ་བཞི་ནི་ཕྱོགས་བཞིར་བཀོད། རྒྱལ་བ་ཀུན་གྱི་བསྔགས་པའི་ཡུམ་ནི་ཐུགས་ཀ་ན། མ་དད་པའི་བདུད་སྡེ་དང་། ལྷ་རྒྱལ་དང་། ཀླུ་དང་ལང་ཀ་ལ་སོགས་པ་དེ་དག་མ་དད་པ་རྣམས་བསྒྲལ་བའི་ཕྱིར་དབང་གི་རྒྱལ་པོ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་དང་། ཡོན་ཏན་གྱི་གནས་ལྔ་ནས། དྲག་སྔགས་འདི་རྣམས་ཐོན་ཏོ། བཛྲ་ཀྲོ་ཏ་ཁཱ་ཧི། མ་རང་ཀ་ཤ་ཁཱ་ཧི། བ་སུ་མུ་ཏྲ་ཁཱ་ཧི། རཱ་ག་རཀྟ་ཁཱ་ཧི། ཤྭ་རི་ཁཱ་ཧི། ཤྭ་རི་ཁཱ་ཧི། ཀྲོ་ཏ་ཡ་ཀྲོ་ཏ་ཡ། སུ་རུ་ཤ་ར་ཏ། རུ་རག་ཤ་ཧ་ལ་ཧ་ལ་ཧཱུཾ་ཕཊ། ཙཎྜ་རཀ་ཤ་ཧ་ལ་ཕཊ། ཀརྨ་བི་མ་ལ་ཧ་ན་ཧ་ན་ཕཊ། ཨོཾ་ཛི་ན་ལ་ཏི་པར། མ་ཏང་ཀ་པུ་ཤེ། ཨུ་ཏོ་ལོ་ཏི་པར། ཤྲཱི་ཧེ་རུ་ཀ །བ་ར་བི་ག་རཾ། མ་ཧཱ་ཀ་ལ་བྲུཾ། ཡག་ཤ་ཀ་ལ་བྲུཾ། རགྴ་ཀ་ལ་བྲུཾ། ཛྙཱ་ན་ཙཀྲ་མཎྜཱ་ལ། ཧཱུཾ་རཏྣ་ལོ་ཀ་བཾ། ཛྙཱ་ན་སུ་ཡ་ཏྲཾ། མ་ཧཱ་རག་ཏྲཾ། ནཱ་ག་དུག་ཕྱུང་། ནཱ་ག་དུག་ཕྱུང་། ཨ་ལེ་ཀ་ལང་པྲ་བེ་ཤ་ཕཊ། བྷ་ག་བཱན་བ་སུ་བན་དྷ་པྲ་བེ་ཤ་ཕཊ། གྷྲི་བ་རོ་ཤ་པྲ་བེ་ཤ་ཕཊ། རུ་རུ་པུ་ར་ཏ། ཤ་མ་དུར་ཀ་ཏེ། ཤ་ཙིཏྟ་བྲུཾ། ཤི་མཾ་རུ་རུ་ཏྲཾ། མ་ཧཱ་པྲ་ཝེ་ཤ་རྦད་ཛ། ས་མ་ཡ་པྲ་བེ་ཤ་སྭཱ་ཧཱ། ཛ་གར་བྷ། ཧ་ཧ་ཧ་ཧཱུཾ། ཨོཾ་བ་རུ་བིད་ན། ག་བིན་དུ། ནཱ་ག་དྷཱི་ར་ཡ། ནཱ་ག་དུང་དུང་རག་ཤ་པྲ་བེ་ཤ་ཕཊ། རག་ཤ་པྲ་བེ་ཤ་ཕཊ། ཧ་ཧེ་ཧཱུཾ་པྲ་བེ་ཤ་ཕཊ། བྷ་ག་བཱན། ཧྲི་ཏི་པྲ་བེ་ཤ་ཕཊ། ནཱ་ག་ལེ་ནཱ་ག་ལེ།


DNG017_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

དུམ་པ་ལེ་དུམ་པ་ལེ། ཨ་ཀ་ལེ་ཨ་ཀ་ལེ། སྥོ་ཊ་སྥོ་ཊ། ཨ་ཀ་ལེ་ཨ་ཀ་ལེ། ཨ་ཀར་བ་ཨིན་དྲ། པྲ་བེ་ཤ་ཕཊ། དུང་པྲཾ་དུང་པྲཾ་པྲ་བེ་ཤ་ཕཊ། རག་ཤ་པྲ་པེ་ཤ་ཕཊ། ཧ་ཧེ་ཧཱུཾ་པྲ་བེ་ཤ་ཕཊ། ཏཱི་ཀྵྞ་པྲ་བེ་ཤ་ཕཊ། བེ་རཾ་བྷ་ག་བཱན་པྲ་བེ་ཤ་ཕཊ། བྱི་ན་ཡང་ཏེ། ཏྲཻ་ལོཀྱ་བི་ཛ་ཡ། པྲ་བེ་ཤ་ཡ་ཕཊ། ཨག་ནེ་པྲ་བེ་ཤ་ཕཊ། བྷ་ག་བཱན། དྷྲྀཥྚ་རཥྚ་པྲ་བེ་ཤ་ཕཊ། པདྨ་ཀེ་ཏུ་ཀྲཾ། རཏྣ་པ་ཏྲ་པྲ་བེ་ཤ་ཕཊ། ཀརྨ་ཀེ་ཏུ་ཀྲཾ། བི་རཱུ་དྷ་ཀ་པྲ་བེ་ཤ་ཕཊ། བཛྲ་ཀེ་ཏུ་ཀྲཾ། བི་རཱུ་པཱཀྵ་ཡེ། པྲ་བེ་ཤ་ཕཊ། རཏྣ་ཀེ་ཏུ་ཀྲཾ། ཀི་པ་ནི་ཧཱུཾ། ཏ་ཀེམ་ཏ་ཀེམ། བྷན་དྷ་ཆོམ། ཏཱི་ཀྵྞ་སྣ་ཏཱི་ཀྵྞ་སྣ་ཤིག །གརྫ་གརྫ། ཙྪིན་ད་ཙྪིན་ད། ཀྲོ་ཏ་རཾ་ཀྲོ་ཏ་རཾ། རག་ཤ་རག་ཤ་ཧཱུཾ། ཧ་ན་ཧ་ན་ཕཊ། ཛྙཱ་ན་ཙཀྲ་ཀེ་ཏུ་ཀྲཾ། ཞེས་པ་རྣམས་ཀྱིས་བསྒྲལ་ལོ། །དེ་ནི་སྤྱིར་དྲིལ་དེ་བསྒྲལ་བའོ། །དེ་བ་མ་ཧཱ་རག་ཏོ་རག་ཏོ་རྦད་ལོང་ཤར་ཤར་ཡ། དྲི་བི་ཤ་ན་ཙན་ལིང་། ཁ་ལ་ཧུར་ཡཾ་རྦད། ཡཾ་བྲོགས་ཡང་། དེ་ནི་ཚངས་པའི་སྒྲོལ་སྔགས་སོ། །ཤོ་རི་ཤོ་རི་ཁ་སུར་ཡང་ཁ་སུར་ཡང་ཁཱ་ཧི། ཤ་ར་ཏ་རྡུབ་རྡུབ་ཧེ་ཕཊ། དབང་ཕྱུག་ཆེན་པོ་བསྒྲལ་ལོ། །རག་ཤ་རག་ཤ་ཚལ་དུ་རྦད་རྦད། སྲིན་མོ་བསྒྲལ་ལོ། །ཧ་ལ་ཡག་ཤ་དྲེང་དྲེང་རྦད། མུ་ལ་ཆོམ་ཆོམ་ཁ་ལ་རྦད་ཡ། སྒྲོལ་སྔགས་འདི་ནི་བདུད་རྣམས་བསྒྲལ། ཨོཾ་ནཱ་ག་ལེ་ནཱ་ག་ལེ། སུཾ་བ་ལེ་རག་ཏོ་ཧུབ་རྦད། ཀླུ་རིགས་རྣམས་བསྒྲལ་ལོ། །མ་ཧཱ་རག་ཤ་ལ་ཐུམས་མ་ཧཱ་རཀྴ་ལ་ཐུམས་གྲ་ཧེ་ཕཊ། ཏྲཾ་ཏྲཾ་རྦད། དེས་མ་ཧཱ་དེ་བ་བསྒྲལ། ཨ་པ་རུ་ཤན་ནཱ་ག་པྲ་བེ་ཤ་རྦད་ཡ་ཞེས་བཏབ་པས། དྲི་ན་མགྲིན་སྔོན་བསྒྲལ་ལོ། །ཨ་དེ་ཤ་ཡ་རྦད་ཡ། བི་ཤ་རྦད་ཡ། ཉ་འགྲི་བ་ཟླ་མེད་སྒྲོལ། ཧ་བ་རི་རག་ཤོ་རྦད་ཡ། ཤ་ལ་ཤ་ལ་ཧེ་བ་ཏ་རྦད། ཉེའུ་ཏུ་ཀྲཾ། ཞེས་བསྒྲལ་བས། ཤོར་བ་གཞོན་ནུ་བསྒྲལ་ལོ། །ས་མ་ཡ་ག་ཏེ་པ་ལ། ག་ཏེ་པ་ལ། ཤར་ཡ་ཤར་ཡ། གཟའ་ཆེན་པོ་བརྒྱད་བསྒྲལ་ལོ། །ཏ་ཀེམ་ཏ་ཀེམ། རོ་པ་ལ་ཤར་ཀྲཾ། ཕྱོགས་སྐྱོང་བཅུ་སྦུབ་བོ། །མུ་ལ་རཾ་མུ་ལ་རཾ་ཏི་ཤ་རྦད་ཡ། ཞེས་པས་རྒྱལ་པོ་བསྒྲལ། རུ་པ་ཤ་ལ་ཡོག །ཧྲི་བ་


DNG017_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་པྲ་བེ་ཤ་ཧུབ། ལྷ་དང་ཀླུ་དང་བདུད་ལ་སོགས་པ་བསྒྲལ་ཏེ། དུར་ཁྲོད་ཀྱི་གཞལ་ཡས་སུ་བྱས་སོ། །སྒྲོལ་སྔགས་ཀྱིས་དེ་དག་མ་ལུས་པར་བསྒྲལ་ལོ། །ཤར་ཕྱོགས་སུ་ཁྱིའི་བརྟུལ་ཤུགས་ཏེ། ལྷོ་རུ་ཕག་གི་བརྟུལ་ཤུགས་བྱས། ནུབ་ཏུ་རྟའི་བརྟུལ་ཤུགས་ཏེ། བྱང་དུ་བྱའི་བརྟུལ་ཤུགས་བྱས་སོ། །བྲོ་ཁ་ཆེན་པོ་བཞིར་བཅས། བསྒྲལ་བའི་ཕུང་པོ་ལ་བྲོ་དིར་དིར་བརྡུངས་སོ། །ཤོར་བ་གཞོན་ནུའི་ལྕང་ལོ་ལ་གདུལ་བའི་བྲོ་ཞིག་བརྡུངས་སོ། །དྲི་ན་མགྲིན་སྔོན་གྱི་གུད་ཤིང་གི་རྩིབ་ལ་བྲོ་ཞིག་བརྡུངས་སོ། །ནང་ཁྲོལ་རྣམས་ལ་བྲོ་བརྡུངས་སོ། །སྙིང་ལ་བྲོ་ཞིག་བརྡུངས་སོ། །དེ་ནས་དབང་ཆེན་པོ་དེས། རང་གི་གཞལ་ཡས་ལ་བསྟོད་པ། ཧཱུཾ་བདེ་གཤེགས་ཕོ་བྲང་རིན་ཆེན་གཞལ་ཡས་ཁང་། །ཡིད་བཞིན་འབྱོར་ལྡན་རྒྱལ་བ་རྒྱ་མཚོའི་ཚོགས། །ཤེས་རབ་ཟབ་མོ་རྣམ་དག་ཡུམ་གྱི་མཁའ། །བྷ་ག་ཀློང་ཡངས་སྤྲུལ་པའི་གཞལ་ཡས་ཁང་། །སྣ་ཚོགས་ཡོན་ཏན་རྒྱས་པ་གསང་བ་མཛོད་ཀྱི་གཏེར། །ཁྲོ་བོ་འབྱུང་གནས་དཔལ་ཆེན་རྔམ་པའི་ཡུམ། །ཏུག་ཆོམ་འབྲུག་སྒྲ་ཁམས་གསུམ་ཡོངས་སུ་ལྡིར། །ནམ་མཁའ་མཉམ་པ་ཆོས་ཉིད་དག་པའི་སྐུ། །ཕྱོགས་བཅུར་རྒྱ་མ་ཆད་པས་ཚད་མེད་དཔག་ལས་འདས། །ཚད་མེད་ཡོན་ཏན་དཔག་གིས་མི་ལང་སྟེ། །ཚངས་པ་ཕོ་མོ་བསྣོལ་བའི་གདུང་ཕྱམ་ལ། །ཏི་ར་ཕོ་མོ་བསྣོལ་བའི་དྲལ་མ་གྲབ། །ཕྱོགས་སྐྱོང་གཡང་གཞི་བར་སྣང་སྤྲིན་ལྟར་འཁྲིགས། །ཉ་ཆེན་འཕན་དང་སྦྲུལ་ནག་ཟ་ར་ཚགས། །ཆུ་སྲིན་སྒོ་དང་གཟའ་རྒྱུ་བད་དུ་བཅས། །སྒོ་སྐྱོང་དགུ་དང་མེ་རི་སྤྲིན་ལྟར་འཁྲིགས། །རྒྱལ་མཚན་ལྔ་དང་རིན་ཆེན་ཀ་བ་བརྒྱད། །ཐོད་རུས་བར་ཁྱམས་རྡོ་རྗེའི་གཟེར་མགོ་ལ། །ཉི་མ་ཟླ་བ་བར་སྣང་ཡོས་ལྟར་བཀོད། །དབུས་ཀྱི་དཀྱིལ་འཁོར་ལྟེ་བ་ཟླུམ་པོ་ལ། །སྐར་མ་རྒྱལ་གྱི་འོད་ཟེར་གདུགས་སུ་བསྐོར། །སྔོན་ཆད་འདས་པ་རྒྱལ་སྲས་རྣམས་ཀྱི་དབྱིངས། །ཐོད་རུས་བར་ཁྱམས་རྡོ་རྗེ་གསེར་མགོ་ལ། །ད་ལྟར་བཞུགས་པ་ཁྲོ་རྒྱལ་རོལ་པའི་སྐུ། །སླད་ནས་འབྱོན་པའི་རྒྱལ་སྲས་གཤེགས་པའི་ཤུལ། །དུས་གསུམ་


DNG017_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དང་བཅས་པའི་བཞུགས་གནས་ལ། །གར་གྱི་དབང་ཕྱུག་སྐུ་ལ་བསྟོད་པའི་ཕྱིར། །རིག་འཛིན་ལྷ་ཡི་བུ་དང་རྣལ་འབྱོར་རྣམས་ཀྱང་བསྟོད། །རྟ་མཆོག་རོལ་པའི་ཏན་ཏྲ་ལས། ལྷ་རྣམས་ཀྱི་ཡི་གེ་སྤྲོ་བ་དང་། གཞན་གྱི་དོན་སྒྲོལ་སྔགས་ཀྱི་བསྒྲལ་བ་དང་། གཞལ་ཡས་ཁང་ལ་ཉིད་ཀྱིས་བསྟོད་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཡང་རང་གིས་ཉིད་ལ་འདི་སྐད་ཅེས་བསྟོད་དོ། །ཧཱུཾ་གར་དབང་ལྷ་ཡི་ལྷ་མཆོག་པདྨ་ཧེ་རུ་ཀ །ཆེ་བར་བསྟོད་པའི་དབང་ཕྱུག་ཡང་ཆེ་དཔལ། །སྲིད་གསུམ་འགྲན་ཟླ་མེད་པ་རྒྱལ་བ་ང་ཡི་མཐུ། །གསང་བ་དབང་དུ་བསྟན་པའི་དབང་ཕྱུག་ཡང་ཆེ་དཔལ། །གར་མཁན་སྒྱུ་འདྲ་གར་གྱི་སྤྱི་གཙུག་རྒྱན། །བདུད་སྡེ་དཔུང་བཅོམ་གསང་བ་དབང་གི་མཐུ། །མ་ལུས་དབང་སྡུད་ཉིད་ཀྱི་རྒྱན་དུ་བྱས། །དབང་མཛད་དབང་གི་ལྷ་ལ་ཕྱག་འཚལ་བསྟོད། །ཨེ་མ་ཧོ། གཉིས་མེད་ཐུགས་ཀར་སྦས་པ་གཟི་ལྡན་པདྨ་ཅན། །བྱང་ཆུབ་སེམས་ཀྱིས་དབང་བསྐུར་གཟི་ཆེན་གསལ། །རྒྱལ་བ་ཀུན་གྱིས་བསྔགས་པའི་གཟི་ལྡན་པདྨ་ཅན། །དགྱེས་པ་སྐོང་མཛད་གསང་ཆེན་ཉིད་ལ་བསྟོད། །རྟ་མཆོག་རོལ་པའི་ཏན་ཏྲ་ལས། དབང་ཆེན་ཉིད་ལ་ཉིད་ཀྱིས་བསྟོད་པའི་ལེའུ་སྟེ་བརྒྱད་པའོ།། །།ཧྲཱྀཿ། དབང་གིས་དབང་གི་ཕྲིན་ལས་མགྱོགས་པའི་མཐུ། །ཡེ་ཤེས་མྱུར་མགྱོགས་ཤེས་རབ་རྩལ་གྱི་ཕ་རོལ་ཕྱིན། །རྩལ་གྱི་རླབས་ཀྱིས་ས་གསུམ་ཅིག་ཅར་གནོན། །འཚེར་སྐད་གདངས་སུ་སྙན་པས་གསང་བའི་ཐུགས་དམ་བསྐུལ། །རྔམ་པའི་ཁ་ཚལ་ཆེ་བས་འཁོར་ཚོགས་དབང་དུ་སྡུད། །སྟབས་དྲུག་འགྲོས་སུ་མགྱོགས་པས་རྒྱུད་དྲུག་ཐབས་སུ་འདྲེན། །རོལ་པའི་རྟ་བྲོས་བདུད་བཞི་ཐལ་བར་རློག །འཇིག་རྟེན་སྒྲོལ་ལ་མཁས་པས་མི་སྡུག་ཐབས་ཀྱིས་འདྲེན། །ཧཱུཾ། རིགས་གཉིས་སྐུ་ལ་ཧཱུཾ་གི་སྒྲ་བསྒྲགས་པས། །སྲིད་གསུམ་འགྲན་ཟླ་མེད་པ་རྒྱལ་བ་ང་ཡི་ཐུགས། །ཆེ་བཙན་འགྲན་ཟླ་མེད་པ་རྒྱལ་བ་ང་ཡི་མཐུ། །ཞེ་སྡང་མེ་ལྟར་འབར་བའི་ཁྲོ་བོ་ཧཱུཾ་སྒྲ་ཅན། །འབར་བ་ལྷ་ཡི་ལྷ་ལ་ཕྱག་འཚལ་ལོ། །ཞེས་བསྟོད་དོ། །


DNG017_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་མཆོག་རོལ་པའི་ཏན་ཏྲ་ལས། བསྟོད་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་དབང་གི་རྒྱལ་པོ་གར་གྱི་དབང་ཕྱུག་ལ། ལས་ཀྱི་པདྨ་སེམས་དཔས་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་གསང་བདག་དབང་གི་རྒྱལ། །བདག་ལ་སོགས་པའི་དོན་སླད་དུ། །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞེས་གསོལ་ཏོ། །དབང་གི་རྒྱལ་པོས་བཀའ་སྩལ་པ། ལས་ཀྱི་སེམས་དཔའ་ཉོན་ཅིག །དཀྱིལ་འཁོར་དམ་པ་བཤད་པར་བྱའོ། །འདི་ནི་རྒྱན་གྱི་དཀྱིལ་འཁོར་ཏེ། །དབུ་ཡི་སྟེང་དུ་བཞག་པས་དཀྱིལ། །ལེའུ་ཚེ་དགུ་དང་མུ་ཁྱུད་དང་། །གྲུ་ཆད་གྲུ་བཞི་སྒོ་དང་ཁྱམས། །དབུས་སུ་རྡོ་རྗེ་དབང་གི་རྒྱལ། །ཤར་དུ་སྣང་མཛད་ལྷོ་རུ་རིན་ཆེན་འབྱུང་། །ནུབ་ཏུ་མཐའ་ཡས་བྱང་དུ་དོན་ཡོད་གྲུབ། །སེམས་དཔའ་བརྒྱད་དང་སེམས་མ་བརྒྱད། །ཀུན་བཟང་ཡབ་ཡུམ་སྤྲུལ་སྐུ་དྲུག །སྒོ་བཞི་ཡུམ་དང་བཅས་པའོ། །དེ་ལ་སྙིང་པོ་སྔགས་དང་བཅས། །དབུས་སུ་རྟ་མཆོག་ལྔ་རུ་བྱུང་། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཏེ། །དེ་ལས་བསྒྱུར་བ་ཁྲོ་བོ་སྟེ། །དེ་ལ་བཟླས་པ་གོང་བཞིན་ཏེ། །དེ་ནི་གསང་བའི་རྒྱན་གྱི་དཀྱིལ་འཁོར་རོ། །དབུས་སུ་རྟ་མཆོག་རྒྱལ་པོ་སྟེ། །དབང་གི་རྒྱལ་པོ་བཞད་པའོ། །དབུས་སུ་ཟླ་གམ་ཁ་སྤྲོད་ལ། །ཟླུམ་པོ་གྲུ་ཆད་གྲུ་བཞི་གཉིས། །སྒོ་དང་ཁྱུད་དུ་བཅས་པ་ལ། །ལྷ་མོ་བཞི་ཡིས་བསྐོར་བ་ནི། །རྟ་མགྲིན་དབང་གི་དཀྱིལ་འཁོར་རོ། །འགྲོ་བ་འདུལ་བའི་དཀྱིལ་འཁོར་ནི། །དབུས་ཀྱི་ཟླུམ་པོ་གྲུ་བཞི་དང་། །འཁོར་ལོ་རྩིབས་བརྒྱད་སྒོ་དང་སྒོ་ཁྱུད་བཅས། །དེ་ལ་དབང་གི་ལྷ་བཀོད་པ། །འགྲོ་བ་འདུལ་བའི་དཀྱིལ་འཁོར་ཡིན། །དབུས་སུ་ཟླ་གམ་སྒོ་གཅིག་པ། །ཟླུམ་པོ་གྲུ་བཞི་སྒོ་དང་སྒོ་ཁྱུད་བཅས། །འབར་བའི་རྒྱན་གྱིས་བརྒྱན་པ་ནི། །དེ་ལ་དབང་གི་ལྷ་བཀོད་པ། །ཁམས་གསུམ་རྒྱལ་བའི་དཀྱིལ་འཁོར་རོ། །དཀྱིལ་འཁོར་གྲུ་བཞི་ཐིག་རྗེས་ལ། །འགྲུས་ཐིག་གཉིས་ལ་བསྐྱོན་པ་ལ། །ཕྱོགས་བཞིར་མ་ཏྲང་མགོ་བོ་སྟེ། །དབུས་སུ་རྐང་ལ་བར་དུ་ལག །ཐ་མ་གདུག་པའི་མཚོན་གྱིས་བསྐོར། །དེ་ལ་དབང་གི་ལྷ་བཀོད་པ། །མ་ཏྲང་ཞལ་གྱི་དཀྱིལ་


DNG017_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ཡིན། །དབུས་ཀྱི་གྲུ་གསུམ་ཟླ་གམ་བཅས། །སྒོ་དང་ཟླུམ་པོ་གྲུ་བཞི་གཉིས། །སྒོ་དང་སྒོ་ཁྱུད་རྣམ་པར་ལྡན། །དེ་ལ་དབང་གི་ལྷ་བཀོད་པ། །དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་ཡིན། །དབུས་ནི་ཟླ་གམ་གསེར་གྱི་འཁོར་ལོ་བརྒྱད། །སྒོ་དང་སྒོ་ཁྱུད་དེ་བཞིན་ཏེ། །དབུས་སུ་དབང་གི་རྒྱལ་པོ་ལ། །ལྷ་མོ་བཞི་ཡིས་བསྐོར་བ་དང་། །ཡི་གེའི་འབྲུ་ཡིས་བསྐོར་བ་ནི། །ངན་སོང་སྦྱོང་བའི་དཀྱིལ་འཁོར་རོ། །ཟླུམ་པོ་དག་ལ་ཨོཾ་ཧཱུཾ་བཀོད། །ཐ་མ་རུ་ལུ་འབྲུ་བརྒྱད་དགོད། །དེ་ལ་དབང་གི་འཕྲོ་འདུ་ནི། །ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་རོ། །ཟླུམ་པོ་ལྔ་ལ་ཡི་གེ་ལྔ། །ཐ་མ་རུ་ལུའི་འབྲུས་བསྐོར་བ། །ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་རོ། །དེ་ནི་རྒྱན་གྱི་དཀྱིལ་འཁོར་རོ། །ལས་ཀྱི་སེམས་དཔའ་ཉོན་ཅིག །འདི་ནི་གྲུབ་པའི་དཀྱིལ་འཁོར་ཏེ། །དབུས་ནི་ཟླ་གམ་སྒོ་གཅིག་པ། །ཕྱི་རོལ་ཟླུམ་པོ་གྲུ་བཞི་དང་། །འཁོར་ལོ་རྩིབས་ནི་བཅུ་དྲུག་བྱ། །ཐ་མ་པདྨ་སུམ་ཅུ་གཉིས། །གྲུ་བཞི་སྒོ་དང་ཁྱུད་དུ་བཅས། །ཐ་མ་རྒྱན་གྱིས་བརྒྱན་པ་ནི། །ཟླ་གམ་དབང་གི་རྒྱལ་པོ་ཡབ་ཡུམ་སྟེ། །གཞན་རྣམས་དབང་གི་ལྷ་ཚོགས་གསལ། །སྒོ་སྲུང་ཁྲོ་བོ་ཁྲོ་མོའོ། །དེ་ནི་སྒྲུབ་པའི་དཀྱིལ་འཁོར་དུ་གསུངས་སོ། །དབུས་ཟླུམ་འཁོར་ལོ་རྩིབས་བརྒྱད་ལ། །དེ་ཡི་ཐ་མ་པདྨ་བརྒྱད་དང་ལྡན། །ཕྱི་མ་སྒོ་ལ་སྒོ་ཁྱུད་ནི། །གསང་བ་དབང་གི་དཀྱིལ་འཁོར་རོ། །ནུབ་ཀྱི་ཟླ་གམ་སྒོ་གཅིག་པ། །ཕྱི་རིམ་ཟླུམ་པོ་དག་གིས་བསྐོར། །དེ་ཡི་ཕྱི་རིམ་ཁྱུད་ཀྱིས་བསྐོར། །ཕྱི་མ་གྲུ་བཞི་སྒོ་དང་བཅས། །དེ་ལ་དབང་གི་ལྷ་བཀོད་པ། །དབང་བསྐུར་ཐབས་ཀྱི་དཀྱིལ་འཁོར་རོ། །དབུས་ནི་གྲུ་བཞི་ལྷམ་པ་ལ། །ཟླུམ་པོས་མཐའ་བསྐོར་བར་ཁྱམས་སྒོ་དང་བཅས། །དབང་གི་ལས་བཞིའི་དཀྱིལ་འཁོར་ཡིན། །ཟླུམ་པོ་གཅིག་ལ་ཚོམ་བུ་ལྔ། །ཡེ་ཤེས་དབང་གི་ལྷ་གསལ་བ། །བསྙེན་པའི་དཀྱིལ་འཁོར་ཆེན་པོར་གསུངས། །རྟ་མཆོག་རོལ་པའི་ཏན་ཏྲ་ལས། དཀྱིལ་འཁོར་རྣམ་པར་སྤྲོས་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་ཡང་བྱང་ཆུབ་ལས་ཀྱི་སེམས་དཔས། དབང་གི་


DNG017_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་དབང་མཆོག་དབང་གི་བདག །གསང་སྔགས་དམ་པ་བཤད་དུ་གསོལ། །ཞེས་གསོལ་པས། དབང་གི་རྒྱལ་པོ་སྔགས་དང་ཕྱག་རྒྱ་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་ལ་ཞུགས་ཏེ། ཧཱུཾ་ཧཱུཾ་ཞེས་སྒྲ་བྱུང་སྟེ། ཧཱུཾ་བཛྲ་དྷྲྀཀ །མཱུཾ་དྷཱ་ཏྭཱི་ཤྭ་རི། ཨོཾ་ཛི་ན་ཛིཀ །ལཱཾ་དྭེ་ཥ་ར་ཏི། སྭཱ་རཏྣ་དྷྲྀཀ །མཱཾ་མོ་ཧ་ར་ཏི། ཨཱཾ་ཨཱ་རོ་ལིཀ ། བྞུ ་རཱ་ག་ར་ཏི། ཧཱ་པྲཛྙཱ་དྷྲྀཀ །ཏཱཾ་བཛྲ་ར་ཏི། བུདྡྷཱ་ཡ་ཏ་སོ་ཏ་ཨ་ཧཾ། བཛྲ་ཡ་ཏ་སྟ་ཐ་པྲ་ཏ་ཨ་ཧྃ་རཏྣ་ཡ་ཏ་ཐ་ཏྲ་ཨ་ཧཾ། པདྨ་ཡ་ཏ་སྟ་ཏ་སྭ་ཨ་ཧཾ། ཀརྨ་ཡ་ཏ་སྟ་ཐ་སོ་ཏ་ཨ་ཧཾ། རིགས་ལྔ་ཡབ་ཡུམ་ཛཿཧཱུཾ་བཾ་ཧོཿ། རིགས་རེ་རེ་ལ་ཡང་ལྷ་མོ་བཞི་བཞིས་བསྐོར་བའོ། །གཽ་རཱི་ཧ། ཙཽ་རཱི་ཧ། པྲ་མོ་ཧེ་ཧ།བེ་ཏ་ལཱི་ཧ། པུཀྐ་སཱི་ཧ། གྷསྨ་རཱི་ཧ། སྨ་ཤ་ནཱི་ཧ། ཙཎྜ་ལཱི་ཧ། བཛྲ་སིངྷ་མུ་ཁཱི་ཧེ། བྱཱ་གྷྲྀ་མུ་ཁཱི་ཧེ། སྲྀ་ག་ལ་མུ་ཁཱི་ཧེ། ཤྭ་ན་མུ་ཁཱི་ཧེ། ཀཾ་ཀ་མུ་ཁཱི་ཧེ། ཀཱ་ཀ་མུ་ཁཱི་ཧེ། གྲྀཌྷ་མུ་ཁཱི་ཧེ། ཨུ་ལཱུ་མུ་ཁཱི་ཧེ། གནས་ཡུལ་དུ་སྤྲོས་པའོ། །ཧ་ཡ་གྲཱི་ཝ་དྷི་དྷི་གན་དྷ་ཧོ། དུ་རུ་དུ་རུ་ཚ་མི་བྷྱོ། ཁ་ཡང་ཀུ་ཀུ་ས་མ་ཡ་ཛ། ཀུ་ལ་ས་མ་ཡ་ཛ་དུ། བརྟུལ་ཞུགས་བཞི་ཡིས་རྣམ་པར་སྤྲོས། །བཛྲ་ཤྭ་ན་མུ་ཁ་ཛ་མན་ཡ། ཁྱི་སྤྱང་བརྒྱད་ཀྱིའོ། །ཨོཾ་བཛྲ་ཨ་མོ་ཀ་ཧི་ཏ་ཤ་ཛ། གསང་བའི་ཡུམ་མོ། །ཨ་མོ་ག་ཧཱུཾ་ཛ། གསང་བའི་ཡུམ་ཆེན་མོ་བཞིའོ། །མ་ཏེ་ཤ་ར་རཾ་པ་ནི། དྲ་བ་མོའི་སྔགས་འཐོན་ནོ། །དྷི་དམ་མ་ཨ་ཤ་མ། གློག་འགྱུ་མའི་སྔགས་འཐོན་ནོ། །ཤྭ་ཏི་ཁ་ལ་དུན་ཏྲི་ཛ་ཡ། ལོང་བརྒྱབ་འདྲེལ་གྱི་འཐོན་པའོ། །རཀྴ་ཀྲ་མ་སང་ཏྲེ་ཡཾ། དམུས་ལོང་གི་འཐོན་ནོ། །ཨོཾ་རུ་ལུ་རུ་ལུ་བཾ་ཏ་ས་མ་ཡ་ཏྲིག་ཤཾ་ཁ་ལ་མ་བྷྱོ། ཁམ་བརྒྱ་མ་དྲུག་གི་འཐོན་ཏོ། །གར་ཛ་ཧ་ན་བིན་དྷ་ཙཀྲ་ད་པ་ལ། ཁྲོ་མོ་རྣམས་ཀྱི་འཐོན་ནོ། །དྷྲི་ཤ་ཡ་རྦད། ཡ་ཏོ་ཧཱུཾ་ཕཊ། སྒོའི་ཁྲོ་བོ་རྣམས་ཀྱི་འཐོན་ནོ། །དེ་རྣམས་ཀྱི་སྒོ་སོ་སོར་འཐོན་ནོ། །ཧཱུཾ་རུ་ལུ་རུ་ལུ་ཕཊ་ཨེ་ཨཱ་ར་ལི་ཧྲི་ཛ། ཞེས་པ་འདི་ནི་དྲིལ་བའི་གནས་ཀྱི་སྙིང་པོའོ། །དེ་ནས་ལས་མ་ལུས་པར་གསུངས་སོ། །རྟ་མཆོག་རོལ་པའི་ཏན་ཏྲ་ལས། གསང་སྔགས་


DNG017_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སྤྲོས་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་ཡང་ཕྱག་རྒྱ་རྣམ་པར་སྤྲོས་ཏེ། རྣམ་པར་གྲོལ་བས་སྒྲོལ་བ་མཚོན་པའི་ཕྱིར། ཕྱག་རྒྱ་ཆེན་པོ་ནི། དབུ་ལྔ་ཕྱག་ཀྱང་བཅུ་དྲུག་སྟེ། །དབུ་ལ་རྨད་དུ་བྱུང་བ་ནི། །ཡེ་ཤེས་ལྔ་ཡི་རང་བཞིན་ཏེ། །ཤར་དུ་གཟིགས་པའི་དབུ་མཆོག་ནི། །དྲི་ཟའི་རྒྱལ་པོ་གནོན་པའི་དབུ། །ལྷོ་རུ་གཟིགས་པའི་དབུ་མཆོག་ནི། །གཤིན་རྗེའི་རྒྱལ་པོ་འཇོམས་པའི་དབུ། །ནུབ་ཏུ་གཟིགས་པའི་དབུ་མཆོག་ནི། །ཀླུ་དབང་རྒྱལ་པོ་གཟིར་བའི་དབུ། །བྱང་དུ་གཟིགས་པའི་དབུ་མཆོག་ནི། །གནོད་སྦྱིན་མྱ་ངན་སྐྱེད་པའི་དབུ། །དབུས་ནི་བདུད་བཞི་འདུལ་བའི་དབུ། །ལྷང་ལྷང་འཚེར་འཚེར་ཕྱོགས་བཅུར་རྟ་སྐད་འཚེར། །སངས་རྒྱས་འདུས་ཤིང་གར་གྱི་ཕྱག་རྒྱར་གསལ། །གཡས་པ་བརྒྱད་ཀྱིས་ཉོན་མོངས་བརྒྱད་རྣམས་སྒྲོལ་ཞིང་ཡེ་ཤེས་བརྒྱད་དུ་སྟོན། །གཡོན་པས་བསྒྲལ་ནས་ཕ་རོལ་ཕྱིན་བཅུར་སྦྱོར། །རྡོ་རྗེའི་གཤོག་པས་ཁམས་གསུམ་ས་རྣམས་གནོན། །ཞབས་བརྒྱད་བགྲད་པས་དུག་ལྔ་ཚོགས་བརྒྱད་འཇོམས། །དཔལ་ཆེན་དབང་གི་རྒྱལ་པོ་ནི། །འབར་བའི་གདན་ལས་བཞེངས་ནས་ཀྱང་། །ཡེ་ཤེས་འཕྲུལ་གྱི་དངོས་གྲུབ་སྩོལ། །ཕྱག་རྒྱ་གཡས་བརྐྱང་གཡོན་མནན་ཏེ། །ལན་གསུམ་བསྒྱུར་ཅིང་མཁའ་ལ་དགྲོལ། །ཕྱག་རྒྱའི་མཆོད་པ་ཆེན་པོར་གསུངས། །རྟ་མཆོག་རོལ་པའི་ཏན་ཏྲ་ལས། ཕྱག་རྒྱ་རྣམ་པར་སྤྲོས་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་ཡང་ལས་ཀྱི་སེམས་དཔས། པདྨ་གར་གྱི་དབང་ཕྱུག་ལ། ལྷ་རྣམས་རྒྱན་དང་ཆ་ལུགས་བཤད་དུ་གསོལ། ཞེས་གསོལ་ཏོ། །དབང་གི་རྒྱལ་པོས་བཀའ་སྩལ་པ། དབང་གི་རྒྱལ་པོ་ལས་དང་སྐབས་དབྱེ་ན། །ལས་དང་རྣམ་པ་འདི་ལྟར་གསུངས། །དུར་ཁྲོད་གར་གྱི་བདག་པོ་ནི། །དབུ་ལྔ་རུ་བྱུང་ངོ་། །ཕྱག་རྒྱ་དྲུག་ཏུ་གསལ་ལོ། །ཏྲཾ་དམར་པོ་བརྒྱད་ལ་ཞབས་དམར་པོ་བརྒྱད་དུ་བགྲད་དོ། །སྦྲུལ་རིགས་རྣམས་ཀྱིས་བརྒྱན། སྟག་ལྤགས་ཞིང་གི་པགས་པ་དང་། གླང་གི་ཀོ་བ། བསེ་ཁྲབ་སྨུག་པོ། ཆས་བརྒྱད། དེ་ལྟར་


DNG017_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

མཆེ་བ་གཙིགས་པ། རྡོ་རྗེའི་གཤོག་པས་ཀུན་ཏུ་གཏམས་པ། གཟི་ལྡན་པདྨ་ཡབ་དང་མཐུན་པར་གསལ་བའོ། །མ་ལུས་གསང་བའི་ཡུམ་ཆེན་མོ། །སྐུ་ཚོན་རིན་པོ་ཆེ་སྣ་ཚོགས་སུ་འབར་བའོ། །ཕྱག་ན་གསང་བའི་ཐོད་པ་རེ་བསྣམས་པའོ། །ལི་ལས་ལོང་བ་སུམ་ཅུ་རྩ་གཉིས་བྱུང་ངོ་། །ཤར་གྱི་ལོང་བ་བརྒྱད། སྐུ་ནི་རིན་ཆེན་འབར་བ་ལས། །ཕྱག་ན་ཤེལ་གྱི་འཁར་བ་བསྣམས་པ། །ཆིབས་སུ་སྟག་མོ་བརྒྱད་ལ་ཆིབས་པ། །དབུ་ལ་སྤྲུལ་པ་ཆར་དུ་འབེབས། །དུང་གི་ཨ་ལོང་ཁྲ་ལ་ལ། །ལྷོ་ཡི་ཕྱོགས་ནས་ལོང་བ་བརྒྱད། །སྐུ་ནི་རིན་ཆེན་འབར་བ་ལ། །ཕྱག་ན་གསེར་གྱི་འཁར་བ་བསྣམས། །དབུ་ལ་རིན་ཆེན་ཐོག་ཆེན་འབེབས། །ཆིབས་སུ་ཆུ་སྲིན་བརྒྱད་ལ་ཆིབས། །གསེར་གྱི་ཨ་ལོང་ཁྲ་ལ་ལ། །ནུབ་ནས་ལོང་བ་བརྒྱད་བྱུང་སྟེ། །རིན་ཆེན་འབར་བའི་སྐུ་ལུས་ལ། །ཕྱག་ན་བྱུ་རུའི་འཁར་བ་བསྣམས། །བ་གླང་དམར་པོ་བརྒྱད་ལ་ཆིབས། །དབུ་ལ་ཐོག་རྒོད་ཆར་ལྟར་འབེབས། །བྱུ་རུ་དམར་པོའི་ཨ་ལོང་འཁྲོལ། །བྱང་ནས་ལོང་བ་བརྒྱད་བྱུང་སྟེ། །རིན་ཆེན་འབར་བའི་སྐུ་ལུས་ལ། །ཕྱག་ན་གཡུ་ཡི་འཁར་བ་བསྣམས། །ཆིབས་སུ་ཁྱུང་ཆེན་བརྒྱད་ལ་ཆིབས། །རིན་ཆེན་འབར་བའི་ཨ་ལོང་ཅན། །དབུ་ལ་ཐོག་ཆེན་ཆར་ཆེན་འབེབས། །དབང་ཆེན་པདྨའི་བཀའ་ལ་སྡོད། །སྡི་བརྒྱད་ལས་སྤྱང་མོ་བརྒྱད་ལ། །བྱུ་རུ་དམར་པོའི་ཨ་ལོང་རེ་རེ་ཡོད་པ། ཡ་འགལ་གསེར་ལ་མ་འགལ་གཡུ། ཁ་གདངས་ཚིག་ཆད་ཛ་བརྒྱད་ལས་ཁྱི་བརྒྱད་བྱུང་སྟེ། དུང་གི་ཁྱི་གསེར་གྱི་ཁྱི་ཟངས་ཀྱི་ཁྱི། གཡུའི་ཁྱི་བརྒྱད་བྱུང་སྟེ། རལ་པ་མདའ་ཚད་ཤར་རེ་འདུག་པ། གཞུག་མ་སོག་ལེར་འདུག་པ། བྱུ་རུའི་ཨ་ལོང་ལ་ཛ་དམར་པོ་རེ་རེ་ཡོད་པ་བྱུང་ངོ་། །ཛ་སུམ་ཅུ་རྩ་དྲུག་ལས། ཕོ་ཉ་མགོ་བརྙན་མང་པོ་བྱུང་ངོ་། །བྷྱོ་བྷྱོ་བརྒྱ་རྩ་བརྒྱད་ལས། སིང་ཧ་ཛམ་བྷ་ལ་བྷྱོ། ཞེས་བརྒྱ་རྩ་བརྒྱད་བརྗོད་པས། གསེར་གྱི་སེང་གེ་ཉི་བརྒྱ་ཡིན་ནམ་ཤུ་རྩ་བརྒྱད་ལ། སྤྱན་གསུམ་པ། འོད་འཛམ་བུ་ཤར་བ་འདྲ་བ། སྐེ་ན་བྱུ་རུ་དམར་པོ་རེ་ཨ་ལོང་རེ་ཡོད་པ། བྷྱོ་རེ་ལ་ཨ་ལོང་རེ་ལ་ཡི་གེ་བྷྱོ་


DNG017_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

དམར་པོ་རེ་ཡོད་པ་དེ་ལྟར་བྱུང་ངོ་། །ཛ་ལས་ཕོ་ཉ་མགོ་བརྙན་མ་དྲུག་ཅུ་རྩ་གཉིས་བྱུང་ངོ་། །འུག་པ་དང་། བཞད་དང་། བྱི་ལའི་མགོ་ཅན་རྣམས་དང་། གཅན་གཟན་གདུག་པའི་མགོ་ཅན་རྣམས་དང་། ཁྱི་སྤྱང་ལ་སོགས་པའི་མགོ་ཅན་མང་པོ་བྱུང་ངོ་། །གཞན་ཡང་གདུག་པའི་མགོ་བོ་ཅན་མང་པོ་ལ་བྱུ་རུའི་ཨ་ལོང་དང་། ལྕགས་ཀྱི་ཨ་ལོང་དང་། དུང་གི་ཨ་ལོང་དང་། ཨ་ལོང་ཅན་མང་པོ་ཡང་དབང་གི་རྒྱལ་པོ་ལ་བལྟས་ཏེ་གནས་སོ། །གོ་ལ་མ་དྲུག་ནི། མཛེས་པའི་ལུས་ལ། ཏི་ར་ཕྲ་མོ་མཛེས་པའི་ཚུལ་ཅན་ནོ། །ཏི་ར་གནས་ཉུལ་མ་ཞེས་བྱ་སྟེ། བུད་མེད་མི་བཟད་གདུག་པའི་ཆ་ལུགས་ཅན། ཞིང་གི་དབྱུག་པ་ལག་ན་ཐོགས་པ། ཏི་ར་ཕྲ་མོ་ཁ་ནས་ཁྱེར་ཏེ་རྒྱུག་པ། ཟ་བྱེད་ཤ་ཁྲག་གི་བདག་མོར་བཞུགས་སོ། །ཨ་ར་ལས་དམུས་ལོང་བརྒྱད་དུང་གི་ཁྱི་མོ་བྱུ་རུའི་ཁོལ་ཐག་ཅན་བརྒྱད་ལ་ཞོན་ནས་རྗེས་ལ་སྣོམ་ཞིང་རྒྱུག་སྟེ། ལོང་བ་ལ་ཟངས་ཀྱི་ཞགས་པ་དང་། ཁྲག་གི་པར་བུ་ཐོགས་ཏེ་དབང་གི་རྒྱལ་པོའི་བཀའ་ཉན་ཅིང་། གསུང་སྡོད་པར་བཞུགས་སོ། །གཞན་ཡང་འཁོར་མང་པོས་བསྐོར་ཏེ་བཞུགས་སོ། །ཤར་གྱི་མགོ་དགུ་བརྩེགས་པ་ནི། ལྕགས་ཀྱུ་བསྣམས་པ། ལྷོའི་མགོ་བདུན་བརྩེགས་པ་ནི་ཟངས་ཀྱི་ཞགས་པ་བསྣམས་པའོ། །ནུབ་ཀྱི་མགོ་ལྔ་བརྩེགས་པ་ནི། ལྕགས་སྒྲོག་ཐོ་བ་བསྣམས་པའོ། །བྱང་གི་མགོ་གསུམ་བརྩེགས་པ་ནི། དྲིལ་བུ་བསྣམས་པའོ། །རྟ་མཆོག་རོལ་པའི་ཏན་ཏྲ་ལས།འཁོར་རྣམས་བསྐྱེད་ཅིང་སྤྲོས་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་ཡང་དབང་གི་རྒྱལ་པོས་དེས། གནས་ལྔ་ནས་ཡི་གེ་ལྔ་བཏོན་ཏེ། ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། སྤྱི་བོ་བདེ་བ་ཆེན་པོའི་གཞལ་ཡས་ཁང་ནས། ཨོཾ་དཀར་པོ་ལས་ཧུ་ལུ་ཧུ་ལུ་ཕཊ་ཨེ་ཨཱ་ར་ལི་ཧཱུཾ་ཧྲཱྀཿཛཿས་བསྐོར་བའོ། །མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོའི་གཞལ་ཡས་ནས། ཨཱཾ་ལས་ཡི་གེ་ཧུ་ལུ་ཧུ་ལུ་ཕཊ་ཨེ་ཨཱ་ར་ལི་ཧཱུཾ་ཧྲཱྀཿཛཿས་བསྐོར་བའོ། །ཙིཏྟ་རིན་པོ་ཆེའི་གཞལ་ཡས་ཁང་ནས། ཧཱུཾ་མཐིང་ག་ལ་ཧུ་ལུ་ཧུ་ལུ་ཕཊ། ཨེ་


DNG017_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱ་ར་ལི་ཧཱུཾ་ཧྲཱྀཿཛཿས་བསྐོར་བའོ། །ལྟེ་བ་སྤྲུལ་པའི་གཞལ་ཡས་ནས། སྭཱ་སེར་པོ་ལས་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཨེ་ཨཱ་ར་ལི་ཧཱུཾ་ཧྲིཿཛཿས་བསྐོར་བའོ། །གསང་བའི་གནས་ཀྱི་མེ་རླུང་ལས་ཀྱི་གཞལ་ཡས་ནས། ཧཱ་ལྗང་གུ་ལ་ཡི་གེ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ་ཨེ་ཨཱ་ར་ལི་ཧྲཱྀཿཛཿས་བསྐོར་བའོ། །བདེ་ཆེན་འཁོར་ལོ་འདབ་མ་སུམ་ཅུ་གཉིས། མགྲིན་པ་ལོངས་སྤྱོད་འཁོར་ལོ་འདབ་མ་བཅུ་དྲུག །ཙིཏྟ་ཆོས་ཀྱི་འཁོར་ལོ་འདབ་མ་བརྒྱད། ལྟེ་བ་སྤྲུལ་པའི་འཁོར་ལོ་དྲུག་ཅུ་རྩ་བཞི། མེ་རླུང་འཁོར་ལོ་གཞུ་དང་བ་དན་དབྱིབས། །དངོས་པོའི་གནས་ལུགས་དེ་ལྟར་གསུངས། །དེ་ནས་བསྡུས་པ་འབྲུ་བརྒྱ་སྤྲོས། །དེ་ལས་སྤྲོས་དང་བསྡུས་པའི། ལྷ་རྣམས་རྫོགས་པ་གསང་བའི་སྙིང་པོའི་དོན། དབང་གི་རྒྱལ་པོས་བཀའ་སྩལ་ཏོ། །དང་པོ་ཞི་བའི་བསྙེན་པ་དབུལ། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལའོ། །བདེ་གཤེགས་ཐུགས་མཉེས་འགྲོ་བའི་སྒྲིབ་པ་སྦྱོང་། །ཨོཾ་ནི་རིགས་ལྔ་ཡབ་ཡུམ་སྙིང་པོའོ། །ཧུ་ལུ་གོང་མ་སེམས་དཔའ་བརྒྱད་དུ་སྟེ། །འོག་མ་སེམས་མ་བརྒྱད་དུའོ། །ཕཊ་ནི་མཆོད་པའི་ལྷ་མོ་སྟེ། །ཨེ་དང་ཨཱ་ར་ལི་ནི་ཐུབ་པ་དྲུག །ཧཱུཾ་ནི་སྒོ་མ་ཆེན་མོ་བཞི། །ཧྲཱྀཿཛཿགཉིས་ནི་ཀུན་བཟང་ཡབ་ཡུམ་སྔགས། །དེ་ལྟར་ཞི་བ་བསྒྲུབ་པར་གསུངས། །དེ་ནས་ཁྲོ་བོར་བསྙེན་པ་ནི། །ཨོཾ་ནི་ཡེ་ཤེས་ལྔ་སྟེ་ཁྲག་འཐུང་ཡབ་ཡུམ་མོ། །ཧུ་ལུ་གོང་མ་གཽ་རཱི་ཁྲོ་མོ་བརྒྱད། །ཧུ་ལུ་འོག་མ་སིང་ཧ་ཕྲ་མེན་བརྒྱད། །ཕཊ་ནི་སྒོ་བ་ཆེན་པོ་བཞི། །ཨེ་ཨཱ་ར་ལི་ནི་དབང་ཕྱུག་ཉི་ཤུ་རྩ་བརྒྱད། ཧཱུཾ་ཧྲཱྀཿནི་ཁྲོ་བོའོ། །ཛཿནི་ཡང་སྤྲུལ་སུམ་སྤྲུལ་དོན། །དེ་ལ་བསྙེན་པ་དབུལ་ཞིང་འགྲོ་བའི་སྒྲིབ་པ་སྦྱོང་། །དེ་ཡིས་བྱང་ཆུབ་འབྲས་བུ་ཐོབ། །དབྱིངས་ཀྱི་ཞི་ཁྲོ་གསང་བའི་སྒྲུབ་པའོ། །ཨོཾ་ནི་ཡེ་ཤེས་ལྔ་ལྡན་པདྨ་ཧེ་རུ་ཀ །ཧུ་ལུ་གོང་མ་དྲབ་མོ་དང་། གློག་འགྱུ་མ། ཧུ་ལུ་འོག་མ་སྡེར་མོ་ཅན་དང་གཤོག་པ་ཅན་ནོ། །ཕཊ་ནི་ཁམ་རྒྱ་མོ་དྲུག །ཨེ་དང་ཨཱ་ནི་ལོང་བ་སྟེ། །ར་དང་ལི་ནི་དམུས་ལོང་ངོ་། །ཧཱུཾ་ནི་མགོ་བརྩེགས་ཁྲོ་བོ་བཞི། །ཧྲཱྀཿནི་སྤྱང་གི་ཟ་བྱེད་བརྒྱད། །ཛཿནི་ཁྱི་བརྒྱད་རྔམ་པའི་ཚོགས། །དེ་ལྟར་


DNG017_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གི་བསྙེན་པའོ། །དེ་ལྟར་དབང་གི་སྔགས་ཆེན་པོ། །གསུང་མཆོག་འགྲུབ་སྟེ་འབྲས་བུ་སངས་རྒྱས་ཐོབ། །རྟ་མཆོག་རོལ་པའི་ཏན་ཏྲ་ལས། ཡི་གེ་འབྲུ་ཡི་ངེས་པ་དང་། སྒྲུབ་པའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་དབང་གི་རྒྱལ་པོ་དེ་ལ་བདུད་དང་ཀླུ་དང་ལང་ཀ་ལ་སོགས་པས། གདུག་པའི་མཚོན་ཆའི་ཆར་དབབ་པའི་ཚེ། དབང་གི་རྒྱལ་པོ་མི་གཡོ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས། གདུག་པའི་མཚོན་ཆ་རྣམས་མེ་ཏོག་དང་ལྷ་མོར་གྱུར་ཏོ། །གདུག་པ་ཐམས་ཅད་གཏན་བརླག་ཞི་སྟེ། དགྱེས་པས་མི་གཡོ་བ་རྣམ་པ་བཅུ་དྲུག་བྱུང་སྟེ། དབང་ཆེན་གྱི་དབུའི་ཐོག་ཏུ། རིགས་ལྔའི་རྒྱལ་བ་རེ་ལ། ལྷ་མོ་བཞི་བཞིས་བསྐོར་ཏེ། ཚོམ་བུ་ལྔའི་དཀྱིལ་འཁོར་ཤར་བའོ། །ཚོམ་བུ་ལྔའི་དཀྱིལ་འཁོར་གྱིས། སྒྲུབ་པ་མ་ལུས་དོན་ཚང་བའོ། །རྟ་མཆོག་རོལ་པའི་ཏན་ཏྲ་ལས། མི་གཡོ་བའི་ངང་ལས་ལྷ་མོ་དང་རིགས་སྒྲུབ་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་དབང་གི་རྒྱལ་པོ་ལ། དབང་ཕྱུག་མ་རྣམས་ཀྱིས། མ་ཆགས་པའི་མཆོད་པས་མཆོད་ནས། དབང་གི་རྒྱལ་པོས་བཀའ་སྩོལ་ཅིག །བདག་ཅག་རྣམས་ལ་གཞན་གྱིས་མི་མཐོང་བའི་དབང་ཞིག་བསྐུར། གསང་བའི་མིང་ཞིག་གདགས་སུ་གསོལ། ཨེ་མར་ག་ར་སིདྡྷི་ནག་ཙན་ཏྲ་ས་མ་ཡ། ཞེས་འབུལ་ལོ། །དམ་བཅའ་འོ། །ཞེས་ཞུས་པས། པདྨ་གར་གྱི་དབང་ཕྱུག་ཆེན་པོས་བཀའ་སྩལ་པ། རིགས་སོ་འཐད་དོ་ལེགས་སོ། །ཁྱེད་རྣམས་བརྩེ་བ་དང་། མ་བྲལ་བ་ན་མར་བྱའོ། །འདུ་འབྲལ་མེད་ན་བདག་གི་གཟུངས་མར་བྱའོ། །སྙིང་ཉེ་ན་བུ་མོར་བྱའོ། །མ་སྲིང་རྒྱ་མཚོར་བྱ་བའི་ཕྱིར། མི་འགྱུར་བའི་གསང་མཚན་སིང་ཧ་ཛམ་བྷ་ལ། དེས་ཁྱེད་རྣམས་མཚན་མའི་རྣམ་པར་རྟོག་པ་གཞོམ་ཞིང་། ཁྱོ་དང་མིང་པོ་བྲན་ཕོ་དང་། །བྲན་མོ་ལ་སོགས་བསྒྲལ་བའི་ཕྱིར། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཐུགས་རྗེའི་གཤོལ་ཆེན་འདི་ཐོགས་ལ། །ཞིང་ཆེན་ཞིང་ཆུང་འདི་རློག་ཅིག །ཅེས་བཀའ་སྩལ་ཏེ། པདྨ་དབང་གི་རྒྱལ་པོ་ཡིས། སྔར་དྲེགས་པ་བསྒྲལ་བའི་


DNG017_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཚོགས་ལ། པཉྩ་ཨ་མྲྀ་ཏ་ཡི་ཚོགས་ཀྱིས་བཏབ། །རྟག་པའི་ཏིང་ངེ་འཛིན་ནི་བསྒྱུར། །དམ་ཚིག་གི་རྗེས་སུ་སློབ་སྟེ། བྷྱོ་ཐང་གསུམ་གྱིས་བསད། བྷྱོ་ཐང་གསུམ་གྱིས་བོས། ཁཱ་ཧི་ཐང་གསུམ་གྱིས་བསྟབ། ལེ་ཐང་གསུམ་གྱིས་སྦྱངས་ནས། རོལ་དུ་བཅུག་པ་ལས། དབང་ཕྱུག་མ་རྣམས་ཀྱིས་གསོལ་པ། གར་གྱི་དབང་ཕྱུག་ངོ་མཚར་ཆེའོ། །དྲི་ཕུན་སུམ་ཚོགས་པ་གདའ་ན་ཡེ་ཤེས་ཀྱི་དྲི་ལགས་སམ། རོ་ཕུན་སུམ་ཚོགས་པ་གདའ་ན། བདུད་རྩིའི་རོ་ལགས་སམ། སྒྲ་ཕུན་སུམ་ཚོགས་པ་གདའ་ན། ཡེ་ཤེས་ཀྱི་སྒྲ་ལགས་སམ། བདག་ཅག་རྣམས་ནི་སྔོན་བས་ཀྱང་མཐུ་སྐྱེས་པ་སྙམ་བགྱིད་དོ། །བདག་ཅག་རྣམས་ནི་སྔོན་བས་ཀྱང་རྫུ་འཕྲུལ་སྐྱེས་པ་སྙམ་བགྱིད་དོ། །རིག་པ་སྐྱེས་པ་སྙམ་བགྱིད་དོ། །ཚོར་བ་སྐྱེས་པ་སྙམ་བགྱིད་དོ། །དུག་སྨན་དུ་གྱུར་པ་ལགས་སམ། ཟས་བདུད་རྩིར་གྱུར་པ་ལགས་སམ། རྫས་དག་པའི་ནུས་མཐུ་ལགས་སམ། ཇི་ལྟར་བསམས་པ་བཞིན་དུ་འགྲུབ་བམ་སྙམ་མོ། །ཞེས་ཞུས་པས་དབང་གི་རྒྱལ་པོ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཧོ་མ་དང་སྲིང་མོ་ཁྱེད་རྣམས་ཀྱིས། དགའ་བ་སྙམ་དུ་བླངས་སོ། །བྱང་ཆུབ་དོན་དུ་གཉེར་བ་ཡིས། །ཞིང་བཅུ་བསྒྲལ་བའི་བྱིན་རླབས་ཀྱི་རྟགས་དུག་སྨན་དུ་གྱུར་པར་ངེས་སོ། །ཟས་བདུད་རྩིར་གྱུར་པ་ངེས་སོ། །དེའི་བྱིན་རླབས་ཀྱིས་ངའི་ཞལ་མཐོང་བ་དང་། རྟའི་དབྱངས་ཐོས་པ་ཡིན་ནོ། །ངའི་ཞལ་མཐོང་བ་དང་རྟའི་དབྱངས་ཐོས་པའི་བྱིན་རླབས་ཀྱིས། ཡབ་ཡུམ་ཐབས་དང་ཤེས་རབ་ཀྱིས་སྒྲིབ་པ་སྦྱངས་ནས། སྒྱུ་ལུས་ཀྱི་འགྱུར་ཤེས་ཀྱི་ཐོགས་པ་མེད་པའི་དབང་ཐོབ་པོ། །དེ་ནས་སིང་ཧ་ཛམ་བྷ་ལ་བི་ས་མི་ཏེ་ཞེས་བརྗོད་པས། སྐད་ཅིག་གིས་ལུས་རྡོས་པ་ཅན་བོར་ནས།གསེར་གྱི་སེང་གེ་སྤྱན་གསུམ་པ། འོད་ཟེར་འབར་བ། རྡོ་རྗེའི་གཤོག་པས་བརྒྱན་པ། སེང་གེའི་མགུལ་པ་ན་བྱུ་རུའི་ཨ་ལོང་དམར་པོ་རེ་ལ་ཡི་གེ་བྷྱོ་དམར་པོ་རེ་ཁ་ཐག་ཏུ་ཡོད་པ། དེ་ནི་དབང་ཆེན་གྱི་ཞབས་ཀྱི་ཁྲིའི་མཐོངས་བཞིར། དྲུག་དྲུག་བཅུག་སྟེ། ཁ་ཕྱིར་སྟོན། མཇུག་བསྐོར་ནང་དུ་བསྣོལ་ཏེ་བཞག་ནས། བྷྱོ་ཟློག་དང་ལས་


DNG017_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

མཁན་དུ་བསྐོས་སོ། །རྟ་མཆོག་རོལ་པའི་ཏན་ཏྲ་ལས། ལས་ཀྱི་དབང་ཕྱུག་མ་དམ་ལ་བཏགས་ཤིང་གདན་དུ་བཏིང་བའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་དབང་གི་རྒྱལ་པོ་ལ། ལས་ཀྱི་པདྨ་སེམས་དཔས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་གར་གྱི་བདག །བསྒུལ་བསྐྱོད་ཕྱག་རྒྱ་དེར་བཤད་དེ། །ཡེ་ཤེས་ལྷ་ཚོགས་འདི་རྣམས་ལ། །དགྱེས་པ་བསྐྱེད་ན་གང་གིས་བསྐྱེད། །གནད་ནས་བསྐུལ་ན་ཇི་ལྟར་ལགས། །དབང་གི་རྒྱལ་པོས་བཤད་དུ་གསོལ། །ཞེས་གསོལ་ཏོ། །བཅོམ་ལྡན་འདས་དབང་གི་རྒྱལ་པོས་བཀའ་སྩལ་པ། ལས་ཀྱི་སེམས་དཔའ་ཉོན་ཅིག །བསྟོད་དང་མཆོད་པའི་ལས་ནི་འདི་ལྟ་སྟེ། །ཟླ་གམ་བསིལ་བའི་དུར་ཁྲོད་ནས། །དབང་གི་རྒྱལ་པོ་གར་གྱི་བདག །རྟོགས་པའི་ཡེ་ཤེས་དབུ་ལྔ་འབར། །དྲི་མེད་ཞལ་གདངས་ཡེ་ཤེས་འོད། །སྐུ་ལུས་དམར་པོ་ཞབས་ནི་སྲིད་གསུམ་སྒྲོལ། །ཡེ་ཤེས་རྒྱུ་ཡི་དོན་དང་ལྡན། །འབར་བ་ཡེ་ཤེས་མཚོན་ཆ་འཛིན། །རྒྱལ་བའི་ཡུམ་ཆེན་ཐུགས་ཀར་སྤྲས། །དྲི་མེད་མ་ཆགས་པདྨའི་སྤྱན། །ན་བཟའ་གསུམ་ནི་བརྗིད་དུ་ཆེ། །ཐུགས་རྗེ་ཡེ་ཤེས་གཤོག་པ་འབར། །ཡེ་ཤེས་མཁའ་འགྲོ་ལས་ལ་འགྱེད། །དབང་གི་རྒྱལ་པོ་ཁྱོད་ལ་བསྟོད། །སྲིད་གསུམ་མ་ལུས་བསྒྲལ་བའི་ཕྱིར། །དཔལ་གྱི་ཁྱི་བརྒྱད་ལས་ལ་ཁྱི། །ཟས་སུ་གཙང་སྨེ་མེད་པར་ཟ། །དེ་ཕྱིར་མཱང་ས་ཤ་ཆེན་ཞིམ། །སྐོམ་དུ་ཁ་མངར་མེད་པར་འཐུང་། །དེ་ཕྱིར་ཁྲག་དང་དྲི་ཆུས་ངོམས། །བང་ནི་ངལ་དུབ་མེད་པར་རྒྱུག །དེ་ཕྱིར་གསང་བའི་དཀྱིལ་འཁོར་སྐྱོང་། །ཤར་གྱི་ཕྱོགས་ནས་རྒྱུག་པའི་ཁྱི། །དྲི་ཟ་འདུལ་ཕྱིར་འབྲུག་སྒྲ་ལྡིར། །འབྲུག་སྒྲ་ལྡིར་ཞིང་ལྷ་ཆེན་འདུལ། །ལྷོ་ཡི་ཕྱོགས་ནས་རྒྱུག་པའི་ཁྱི། །གློག་དམར་ལྗིབས་ཤིང་གཤིན་རྗེ་གནོན། །གཤིན་རྗེའི་རྒྱལ་མོ་ཤ་ཟ་མ། །ནུབ་ཀྱི་ཕྱོགས་ནས་རྒྱུག་པའི་ཁྱི། །རྡོ་རྗེ་ཁྱུང་འབྲུག་ཀླུ་གདོན་འདུལ། །ཀླུ་འབྲུག་སྟོང་གི་སྙིང་འབྱིན་པོ། །བྱང་གི་ཕྱོགས་ནས་རྒྱུག་པའི་ཁྱི། །གནོད་སྦྱིན་སྒལ་ཚིགས་དྲ་བ་འཇོམས། །གནོད་སྦྱིན་སྟོང་གི་སྙིང་འབྱིན་མོ། །ཤར་ལྷོ་མཚམས་ནས་


DNG017_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུག་པའི་ཁྱི། །དྲང་སྲོང་མེ་ལྷ་དཔུང་སྦྲོན་མ། །མེ་ལྷ་སྟོང་གི་སྙིང་འབྱིན་མོ། །ལྷོ་ནུབ་མཚམས་ནས་རྒྱུག་པའི་ཁྱི། །སྲིན་པོའི་ཐོད་རུས་ཟས་སུ་ཟ། །སྲིན་པོའི་ཁྲག་འཐུང་དབང་མོ་ཆེ། །ནུབ་བྱང་མཚམས་ནས་རྒྱུག་པའི་ཁྱི། །རླུང་ལྷ་སྔོན་མོའི་བ་དན་གཅོད། །རླུང་ལྷ་སྟོང་གི་སྙིང་འབྱིན་མོ། །བྱང་ཤར་མཚམས་ནས་རྒྱུག་པའི་ཁྱི། །ཉི་ཟླ་གཟའ་སྐར་ཁ་ལང་ཀ །དབང་ལྡན་སྟོང་གི་སྙིང་འབྱིན་པོ། །ཁྱི་ཡི་བརྟུལ་ཞུགས་ཆེན་པོ་སྟེ། །ཀུན་ཀྱང་མི་བཟད་ཅི་འདྲ་ན། །རལ་པ་སེར་སྤྲིན་འཁྲིགས་པ་འདྲ། །ཕྲ་མེན་ཐོད་རུས་ཁྲ་ལ་ལ། །ཀུ་ཀུ་རཱ་ཙའི་དུས་ལ་བབ། །བྱ་ཡི་བརྟུལ་ཞུགས་ཆེན་པོ་སྟེ། །རྡོ་རྗེའི་གཤོག་པ་གདེངས་པ་ཡིས། །ཁམས་གསུམ་མ་ལུས་ཟིལ་གྱིས་གནོན། །རྡོ་རྗེའི་སྡེར་མོ་བཅུམ་པ་ཡིས། །སྲིད་གསུམ་མ་ལུས་ཟས་སུ་ཟ། །གཟན་གྱི་མཆོག་སྟེ་ཀླུ་རྣམས་ཟ། །དེ་ཕྱིར་ཁྱུང་ཆེན་གཟན་ལ་རོལ། །རྒྱུད་དྲུག་ཅིག་ཅར་ཁྱུར་མིད་བྱེད། །གནམ་དུ་སྟོན་པའི་བྱིན་རླབས་ལས། །དཀར་མོའི་ཚོགས་དང་སེར་མོའི་ཚོགས། །སྔོན་མོའི་ཚོགས་དང་དམར་མོའི་ཚོགས། །ལྗང་གུ་ལ་སོགས་སྣ་ཚོགས་པ། །སེར་སྤྲིན་བཞིན་དུ་འཁྲིགས་པར་བྱེད། །ལ་ལ་འཇོལ་ཞིང་ལ་ལ་ལྡིང་། །ལ་ལ་འབབ་ཅིང་ལ་ལ་རོལ། །ཤ་ཆེན་ཚོགས་ལ་གཤེགས་སུ་གསོལ། །ཀ་ཏག་ཤ་ཀྭ་ཏག་ཤ་ཨ་མུ་ཀ་ཛ། ཕག་གི་བརྟུལ་ཞུགས་ཆེན་པོ་ཡིས། །གཏི་མུག་འཇོམས་པའི་དབང་ཕྱུག་མ། །བླང་དོར་མེད་པའི་མཉམ་པ་ལ། །ཕྱོགས་བཅུ་སྟོང་ཁམས་ང་ཡི་ཁྲོན། །ཁྲོན་དུ་མ་གྱུར་གང་ཡང་མེད། །སྲིད་པའི་ཁྲོན་བརྐོ་ཐབས་རེ་མཁས། །དེ་མཁས་ཐབས་ཀྱི་རྒྱལ་པོ་སྟེ། །ཚེམས་ནི་འབར་བའི་རང་བཞིན་ལ། །ཞལ་ནི་ཕག་རྒོད་མཆེ་བ་སྤྲུལ། །ཤངས་ནི་ངན་སོང་ཁྲོན་པ་བརྐོ། །སྐད་ནི་གྲུལ་བུམ་ཚོགས་ལ་སྒྲོག །སྐྱེ་ཤི་རྩད་ནས་གཅད་པའི་ཕྱིར། །གདུག་པ་མ་ལུས་གཞོམ་པར་བྱའོ། །ཟས་ནི་སྲ་སྙི་མེད་པར་ཟ། །ཚེམས་ནི་སྲ་སྙི་མེད་པར་འཇོམས། །དཔའ་བར་བྱིན་གྱིས་བརླབ་པའི་ཕྱིར། །སྦས་པའི་ཚོགས་ཀྱང་གཞོམ་པར་བྱའོ། །དམྱལ་ཚོགས་མེ་དཔུང་གསད་པའི་ཕྱིར། །སྣང་སྲིད་མ་ལུས་ཟ་བར་


DNG017_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། །གཏི་མུག་གནས་སུ་སྦྱང་བའི་ཕྱིར། །ཧཱུཾ་དང་ཕཊ་ཀྱི་སྟང་སྟབས་བྱའོ། །རུ་ལུ་རུ་ལུ། ཚལ་པ་ཚལ་པ། ཁ་ཡ་ཁ་ཡ། རཀྟ་རཀྟ། བྷན་དྷ་བྷན་དྷ་ཆོམ། མ་ཧང་རུག་ཀ་ཡ། ཞེས་གདུག་པའི་ང་རོ་བསྒྲགས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། བསྟོད་པ་དང་ལས་ལ་བསྐོལ་བའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་དབང་གི་རྒྱལ་པོ་ལ། ལས་ཀྱི་སེམས་དཔས་ཡང་གསོལ་པ། ཀྱེ་མ་དབང་གི་རྒྱལ་པོ་ལས་ཀྱི་བདག །དབང་གི་ལྷ་རྣམས་མ་ལུས་ཀུན། །སྤྱན་དྲངས་པ་ནི་ཇི་ལྟར་ལགས། །གར་གྱི་བདག་པོས་བཤད་དུ་གསོལ། །ཞེས་གསོལ་ཏོ། །དབང་གི་རྒྱལ་པོས་བཀའ་སྩལ་པ། །ཉོན་ཅིག་ལས་ཀྱི་སེམས་དཔའ་ཆེ། །སྤྱན་དྲངས་པ་ཡི་ལས་དག་ནི། །སེ་གོལ་ཙམ་གྱིས་སྙན་གསན་དབབ། །དབྱིངས་ནས་སྤྱན་དྲངས་འདི་ལྟར་གསུངས། །སྐྱེ་མེད་ཆོས་ཀྱི་ཕོ་བྲང་ནས། །ཆོ་འཕྲུལ་འབར་བའི་སྐུར་བསྟན་པ། །ཟླ་གམ་དམར་པོའི་གཞལ་ཡས་ནས། །བཅོམ་ལྡན་དབང་ཆེན་ཧེ་རུ་གཤེགས་སུ་གསོལ། །གཉིས་མེད་ཡེ་ཤེས་ཐུགས་ཀྱི་དཀྱིལ་འཁོར་ནས། །གཟི་ལྡན་པདྨ་ཡབ་ཡུམ་གཤེགས་སུ་གསོལ། །ཡེ་ཤེས་དགུ་ཡི་ངང་ལས་སྐུར་བཞེངས་པ། །དཀྱིལ་འཁོར་དགུ་ཡི་ལྷ་ཚོགས་གཤེགས་སུ་གསོལ། །ཚད་མེད་བཞི་ལས་ཁྲོ་མོའི་སྐུར་བསྟན་བཞི། །སྒོ་བ་གཡོག་འཁོར་བཅས་པ་གཤེགས་སུ་གསོལ། །ཚོམ་བུ་ལྔ་དང་ཡེ་ཤེས་འབར་བའི་དཀྱིལ་འཁོར་ནས། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་མ་ལུས་གཤེགས་སུ་གསོལ། །ཟླ་གམ་ཞལ་སྤྲོད་དཀྱིལ་འཁོར་ནས། །རྟ་མགྲིན་དབང་གི་དཀྱིལ་འཁོར་མ་ལུས་གཤེགས་སུ་གསོལ། །ཟླ་གམ་དགུ་བརྩེགས་དཀྱིལ་འཁོར་ནས། །ཧཱུཾ་མཛད་ཆེན་པོ་འཁོར་བཅས་གཤེགས་སུ་གསོལ། །པདྨ་འབར་བ་འདབ་བརྒྱད་དཀྱིལ་འཁོར་ནས། །ཁམས་གསུམ་རྣམ་རྒྱལ་ཡབ་ཡུམ་གཤེགས་སུ་གསོལ། །གྲུ་བཞི་གདེངས་པའི་དཀྱིལ་འཁོར་ནས། །ངན་སོང་སྦྱོང་བའི་ལྷ་རྣམས་གཤེགས་སུ་གསོལ། །འཁོར་ལོ་རྩིབས་བརྒྱད་འབར་བའི་གཞལ་ཡས་ནས། །འགྲོ་བ་འདུལ་བའི་དཀྱིལ་འཁོར་མ་ལུས་


DNG017_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་སུ་གསོལ། །ཡི་གེ་འཕྲོ་འདུ་འཁྲུགས་པའི་དཀྱིལ་འཁོར་ནས། །ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་འཁོར་བཅས་གཤེགས་སུ་གསོལ། །གཉིས་མེད་རྫོགས་པའི་དཀྱིལ་འཁོར་ནས། །ལྷུན་གྱིས་གྲུབ་པའི་ཚོགས་བཅས་གཤེགས་སུ་གསོལ། །འབར་བའི་ལེའུ་ཚེ་དགུ་ཡི་དཀྱིལ་འཁོར་ནས། །དུར་ཁྲོད་ཆེན་པོའི་ལྷ་ཚོགས་གཤེགས་སུ་གསོལ། །ཞེས་སྤྱན་དྲངས་པའོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། སྤྱན་དྲངས་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།དཀྱིལ་འཁོར་དགུ་ཡི་གཞལ་ཡས་ནས། །ཡི་གེ་དགུ་དང་ཕྱག་རྒྱ་དགུ། །དབྱིངས་ནས་དོན་དུ་སྤྱན་དྲངས་ཏེ། །གདན་ཁྲི་རྣམས་ལ་བཞུགས་སུ་གསོལ། །མཛེས་ཤིང་སྤྲས་པའི་གདན་ཁྲི་ལ། །ཡེ་ཤེས་ལྷ་ཚོགས་བཞུགས་སུ་གསོལ། །ཤ་ཁྲག་རློན་པའི་གདན་ཁྲི་ནི། །མ་དད་བསྒྲལ་བའི་གདན་ཁྲི་ལ། །མཁའ་འགྲོའི་ཚོགས་བཅས་བཞུགས་སུ་གསོལ། །ལྷག་ཐེད་ལྷག་ལྷོག་ག་གོ་ལ། །ལྷག་སྡུད་འཁོར་བཅས་བཞུགས་སུ་གསོལ། །ཨི་ཏ་པ་ཧུ་ལུ་ས་མ་ཡ་ཏིཥྛ་ལྷན། ཞེས་རིམ་པར་བཞུགས་པའོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། དབང་གི་ལྷ་རྣམས་བཞུགས་སུ་གསོལ་བའི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་ཡང་དབང་གི་རྒྱལ་པོ་ལ། པདྨ་ལས་ཀྱི་སེམས་དཔས་འདི་སྐད་ཅེས་གསོལ་ཏོ། །དབང་གི་ལྷ་ཚོགས་འདི་རྣམས་ལ། །ཕྱག་འཚལ་བ་ནི་ཅི་ལྟར་ལགས། །གར་གྱི་དབང་ཕྱུག་ཆེན་པོས་བཤད་དུ་གསོལ། །སྐྱེ་མེད་ཆོས་དབྱིངས་ངང་ལས་སྐུར་བཞེངས་ཏེ། །གདུག་པ་འདུལ་ཕྱིར་དུས་ལས་མི་འདའ་བར། །ཉོན་མོངས་འཇོམས་པའི་ལྷ་ལ་ཕྱག་འཚལ་ལོ། །ཁམས་གསུམ་བསྒྲལ་ཀྱང་ཉེས་པའི་སྐྱོན་མ་གོས། །འདམ་སྐྱེས་པདྨ་ལྟ་བུར་སྐུ་འཁྲུངས་པས། །སྐྱོན་གྱིས་མ་གོས་པདྨ་རཱ་གའི་མདོག །རྒྱལ་བས་བསྔགས་པའི་ཡུམ་ལ་ཕྱག་འཚལ་ལོ། །ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང་། །སྤྲུལ་སྐུ་རིགས་ཀྱི་དཀྱིལ་འཁོར་ལྷར་བཞུགས་པ། །དབྱིངས་ཀྱི་ལྷ་ཚོགས་ཀུན་ལ་ཕྱག་འཚལ་ལོ། །ཕ་རོལ་ཕྱིན་རྫོགས་འགྲོ་བའི་དོན་མཛད་པ། །ཡེ་ཤེས་མ་གཡོས་ཆོས་མཆོག་ངང་ལ་གནས། །དཀྱིལ་འཁོར་དགུ་ཡི་


DNG017_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ལ་ཕྱག་འཚལ་ལོ། །གདུག་པ་འདུལ་ཕྱིར་སྤྲུལ་པའི་ཚོགས། །ལས་མཛད་ཆེན་པོ་ཀུན་ལ་ཕྱག་འཚལ་ལོ། །ཞེས་ཕྱག་འཚལ་བར་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། དབང་གི་ལྷ་ལ་ཕྱག་འཚལ་བའི་ལེའུ་སྟེ་ཉི་ཤུ་པའོ།། །།དེ་ནས་ལས་ཀྱི་སེམས་དཔའ་དེས། གར་གྱི་དབང་ཕྱུག་ཆེན་པོ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་གསང་བ་གར་གྱི་བདག །ཨེ་མ་ངོ་མཚར་ཐུགས་རྗེའི་བདག །མཆོད་པ་ཆེན་པོའི་ལས་དག་བཤད་དུ་གསོལ། །ཞེས་གསོལ་པས། དབང་གི་རྒྱལ་པོས་བཀའ་སྩལ་པ། པདྨ་ལས་ཀྱི་སེམས་དཔའ་ཁྱོད་ཉོན་ཅིག །མཆོད་པ་ཆེན་པོ་བརྒྱད་ཡོད་དེ། །མ་དད་ཆེན་པོ་བསྒྲལ་བ་ནི། །ཕྱག་རྒྱ་ཆེན་པོས་སྒྲོལ་བའོ། །བདེ་བར་གཤེགས་པ་ཐམས་ཅད་ཕྱག་རྒྱས་དགྱེས་པ་བསྐྱེད་པའོ། །དང་པོར་ཕྱི་ནང་ཕྱག་རྒྱ་ཆེན་པོས་མཆོད་དོ། །དེ་ནས་ཆོས་ཐམས་ཅད་མཉམ་པ་ཆེན་པོ་ཡིན་པས། མཉམ་པའི་ངང་ལས་ཀུན་ཏུ་བཟང་པོས་མཆོད། །བདེ་བར་གཤེགས་པ་ཁྲོ་རྒྱལ་གཙོ། །རྒྱལ་བ་རྒྱ་མཚོ་ཡེ་ཤེས་ཀྱི། །སྲིད་པ་རྒྱ་མཚོ་མཐའ་ཡས་ཀུན། །ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ། །ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུད་ག་ཏེ་སྥ་ན་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ལས་ཀྱི་སེམས་དཔའ་ཉོན་ཅིག །ཆོས་ཐམས་ཅད་ནི་ཕྱིའི་ཡུལ་དང་ནང་གིས་སེམས་སུ་འདུས་སོ། །ཕྱི་དག་པར་མཆོད་པའོ། །ཨོཾ་པ་ན་པེ་མ་པེ་ནུ་སུ་ར་ཏི་པ་ར་མུ་སརྦ་ཏ་ཐཱ་ག་ཏ་སི་ཏི་ཧུ། ས་མ་ཡོ་ཏ་མུཿ། བཛྲ་དྷཱུ་པེ། བཛྲ་པུཥ྇། བཛྲ་ཨཱ་ལོ་ཀེ། བཛྲ་གན་དྷི། པཱུ་ཛ་ཁཱ་ཧི། ཞེས་པ་ནི་མཆོད་པའོ། །ལས་ཀྱི་སེམས་དཔའ་ཉོན་ཅིག །མ་དད་པ་ཆེན་པོ་བསྒྲལ་བའི་ཕུང་པོ་འདི་དག་བདུད་རྩིར་བྱིན་གྱིས་བརླབས་ཏེ་རོལ་ལོ། །འདི་ཡང་རྩ་བ་བརྒྱད་དོ། །ལོ་མ་སྟོང་། རྩ་བ་སེམས་རྩ་ཆེན་པོ་བརྒྱད་ལ་རྒྱུ་བས་རྩ་བ་བརྒྱད་དོ། །ཡན་ལག་ཕྲ་བའོ། །དབང་པོ་ནི་ར་སཱ་ཡ་ན་ལ་སོགས་པའོ། །དེ་རྣམས་ནི་བདུད་རྩི་ཆེན་པོའོ། །དེས་ནི་ལྷ་རྣམས་ལ་མཆོད་པའོ། །རང་བྱུང་གདོད་ནས་རྣམ་པར་དག །རྩ་བ་བརྒྱད་དང་ལོ་མ་སྟོང་། །སངས་རྒྱས་ཐམས་ཅད་མཆོད་པའོ། །ཤ་གཏི་མུག །ཞེ་སྡང་རུས། འདོད་ཆགས་


DNG017_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག །དུག་གསུམ་མ་སྤངས་དག་པའི་འདོད་ཡོན་གཏོར་མའོ། །རླན་གྱིས་བསྡུས་པའི་ཁྲག་དང་མཱཾ་ས་དང་། མ་དད་པའི་ཁྲག་རྣམས་སྦྱངས་པ་རཀྟར་རོལ་པའོ། །གཉིས་མེད་སྦྱོར་བའི་བྱང་ཆུབ་སེམས་ནི་གསང་བར་མཆོད་པའོ། །དེ་དག་ཐམས་ཅད་བསྡུས་ཏེ་ཕུལ་བ་ན་སྒྲ་དང་བཅས་པ་ནི་སྟོང་ཚིག་མཆོད་པའོ། །དེ་དག་ཐམས་ཅད་གཉིས་སུ་མེད་པར་མཆོད་པ་ནི། ལྟ་བའི་མཆོད་པའོ། །དེ་ལྟར་སངས་རྒྱས་མཆོད་ན་དངོས་གྲུབ་ཐོབ། །ཅེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། མཆོད་པའི་རིམ་པ་བསྟན་པའི་ལེའུ་སྟེ་ཉེར་གཅིག་པའོ།། །།དེ་ནས་ཡང་ལས་ཀྱི་སེམས་དཔས། གར་གྱི་དབང་ཕྱུག་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་གསང་བ་གར་གྱི་བདག །དབང་གི་ལྷ་ཚོགས་ཐམས་ཅད་ལ། །དེ་ལྟར་མཆོད་ཅིང་བསྟོད་པ་ན། །དངོས་གྲུབ་ལས་ནི་ཇི་ལྟར་འཐོབ། །ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །པདྨ་ལས་ཀྱི་སེམས་དཔའ་ཉོན། །དེ་ལྟར་མཆོད་ཅིང་བསྟོད་པ་ན། །དངོས་གྲུབ་ཆེན་པོ་དེ་ལྟ་བུ། །སྐུ་དང་གསུང་དང་ཐུགས་དང་ནི། །ཡོན་ཏན་ཕྲིན་ལས་དངོས་གྲུབ་ཐོབ། །གཞན་ཡང་འདོད་པ་ཕུན་སུམ་ཚོགས། །ཐམས་ཅད་བྱང་ཆུབ་ཆེན་པོ་ཡི། །ཡི་གེ་གསུམ་དུ་འདུས་པའོ། །སྦྱངས་ཀྱིན་ཟོས་ན་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་འཐོབ། །འཕྲོས་པས་བཅུད་བསྡུས་སླར་བསྡུས་དབྱིངས་སུ་ཐིམ། །ཐུགས་ཀར་ཐིམ་ནས་སྐུ་ཡི་དབྱིག །གསུང་མཆོག་གསུང་གི་དངོས་གྲུབ་ཐོབ། །རྟ་མཆོག་རོལ་པའི་ཏནྟྲ་ལས། དངོས་གྲུབ་བསྟན་པའི་ལེའུ་སྟེ་ཉེར་གཉིས་པའོ།། །།དེ་ནས་ཡང་པདྨ་ལས་ཀྱི་སེམས་དཔའ་དེས། པདྨ་གར་གྱི་བདག་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཨེ་མའོ་བདེ་གཤེགས་བདུད་རྩི་མཆོག་གི་བདག །དྲེགས་པ་མ་དད་ཉོན་མོངས་ལྔ་ལ་ཞེན་པ་ཟག་དང་བཅས། །ལོངས་སྤྱོད་རྣམ་པ་ལྔ་པོ་ཟག་མེད་བདུད་རྩིར་རོལ་པ་དང་། །ཐུགས་རྗེ་ཡོངས་སུ་མཛད་པ་ཡིས། །སྨན་དང་འབྲུ་རྣམས་ཐམས་ཅད་ཀུན། །རྩ་བ་ཡན་ལག་བཅས་པ་ཀུན། །སངས་རྒྱས་སེམས་ཅན་ཀུན་གྱི་གསོས་སུ་མཛད་པའི་ཚེ། །རྗེས་སུ་འཇུག་པ་ཇི་ལྟར་བགྱི། །བདུད་རྩི་མཆོག་


DNG017_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བདག་མཉན་འཚལ། །ཞེས་གསོལ་པས། བདུད་རྩི་མཆོག་གིས་བཀའ་སྩལ་པ། །ཨེ་མའོ་ལས་ཀྱི་སེམས་དཔའ་ཆེ། །ཕྱི་རབས་རྣལ་འབྱོར་དོན་གྱི་ཕྱིར། །བདུད་རྩིའི་དོན་ཞུས་ཡ་མཚན་ཆེའོ། །བདུད་རྩིའི་དོན་འདི་ངས་བཤད་ཀྱིས། །ལས་ཀྱི་སེམས་དཔའ་ཡིད་ལ་ཟུང་། །ཉོན་མོངས་པ་ཡི་བདུད་ཉིད་ལ། །ཐུགས་རྗེ་ཆེན་པོའི་རྩི་བཏང་ནས། །ཁྱབ་པའི་ཡེ་ཤེས་ཆེན་པོ་ཡི། །དབྱིངས་སུ་དཀྱིལ་འཁོར་བདུད་རྩིའི་དོན། །ཀུན་རྫོབ་རྟགས་སུ་བསྒྲུབ་བྱ་ན། །ཀུན་རྫོབ་ཀྱིས་ནི་བསྒྲུབ་པ་དེ། །སྲིད་གསུམ་བྷན་དྷ་བཟང་འཁོར་ཡུག །ཡེ་ནས་མ་བཅོས་རང་བཞིན་སྣོད། །དེ་ཡི་ནང་དུ་བླུགས་པའི་སྨན། །བདུད་རྩི་རྩ་བ་ལོ་མ་རྣམས། །དབྱེར་མེད་ངང་དུ་བསོག་པར་བྱ། །དེ་ལ་ངེས་པའི་བསམ་པ་ཡིས། །ངེས་པ་ཉིད་དུ་བསྒྲུབ་པར་བྱའོ། །མི་ཕྱེད་རྒྱུར་ལྡན་སློབ་དཔོན་གྱིས། །ཐམས་ཅད་མ་ལུས་དོན་བྱའི་ཕྱིར། །བདུད་རྩི་དམ་པ་བསྒྲུབ་པར་བྱའོ། །རིན་ཆེན་རི་དང་སྨན་ལྗོངས་ཡུལ། །རྩི་སྨན་འཁྲུངས་པའི་ས་ཕྱོགས་སམ། །ནགས་ཚལ་མེ་ཏོག་རྒྱས་པར་བསྒྲུབ། །འཁོར་དུ་བྱ་བའི་རིམ་པ་ཡང་། །སྐྱོན་དྲུག་རྣམ་པར་སྤངས་པ་ཡི། །ཉི་ཤུའམ་བཅུ་འམ་ཡང་ན་ལྔ། །ཁྲིམས་དང་སྡོམ་པས་བཅིངས་པ་མིན། །དང་པོར་ར་བའི་ཚེས་བརྒྱད་ལ། །དེར་ནི་བརྩམས་པའི་དུས་ཡིན་ནོ། །རྟགས་ཀྱི་དོན་ཉིད་མཐོང་བ་འམ། །དུས་ནི་བཅུ་དྲུག་ཉིད་ལའོ། །ཡོ་བྱད་མ་ལུས་ལྡན་གྱུར་ན། །འགྲུབ་གྱུར་འདི་ལ་ཐེ་ཚོམ་མེད། །མ་ཚོགས་པ་ནི་འགྲུབ་ཐག་རིང་། །དེ་བས་ཡོ་བྱད་ལྡན་པར་བྱ། །བཀྲ་ཤིས་མཚན་ལྡན་བྷན་དྷ་ལྔ། །དམ་རྫས་ལྔ་དང་ཤ་ལྔ་དང་། །ཕྱི་ནང་གསང་བའི་རྩ་བརྒྱད་སོགས། །དང་པོར་ར་སཱ་ཡ་ན་ཀུན། །སོ་སོའི་རིགས་དང་སྡེ་ཕྱེ་ལ། །སྨན་གྱི་སྲུང་མ་བོས་མཆོད་བསྡིམ། །དམ་རྫས་རྣམས་ཀྱི་རྟོག་པ་གཞོམ། །རིགས་ཀྱི་ཁ་དོག་དར་གྱིས་དགབ། །མཚན་ལྡན་བཀྲ་ཤིས་གཟུངས་ཐག་གདགས། །དེ་ནི་བཀོད་པའི་དཀྱིལ་འཁོར་རོ། །བསྒྲུབ་པའི་ཞག་གྲངས་ཅི་ཙམ་པར། །བར་ཆད་བགེགས་རྣམས་བསལ་བའི་ཕྱིར། །ཕྱི་ནང་གསང་བའི་རྒྱུ་འདྲུལ་བསྡམས། །འབར་བ་མཚམས་ཀྱི་དཀྱིལ་འཁོར་རོ། །ཉོན་མོངས་བག་


DNG017_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་སྦྱང་བའི་ཕྱིར། །འབུམ་ལྔའི་བཤགས་པ་བྱ་བ་སྟེ། །ངན་སོང་སྦྱོང་བའི་དཀྱིལ་འཁོར་རོ། །ཁྲོལ་བུ་ལ་ནི་འཁོར་ལོ་སྟེ། །གདུང་བཞི་ཀ་བ་བརྒྱད་བཏང་བའི། །བཞི་བརྒྱད་སྒོ་དང་བཅས་པའོ། །ཕྱེ་མའི་དུས་ན་བརྒྱད་ཆ་བཞི། །ཀ་བ་འཁོར་ལོ་པདྨ་རིན་ཆེན་སྒོ། །གོང་བུའི་དུས་ན་ཟླ་གམ་ཁ་སྤྲོད་སྒོ་བཞིར་བཅས། །གཟུགས་བརྙན་འགྲོ་བ་འདུལ་བའི་དཀྱིལ་འཁོར་རོ། །རིགས་བརྒྱས་སྦྱང་དང་རིགས་ལྔ་འམ། །གསང་ཆེན་རིགས་གཅིག་བསྙེན་པ་ཡིས། །དེ་ནི་ཁྲོལ་བུ་སྦྱང་བ་སྟེ། །ཡེ་ཤེས་ལྔ་ཡི་འཕྲོ་འདུས་ཕྱེ་མ་སྦྱང་། །དགུ་པའི་སྔགས་ནི་གོང་བུ་ལའོ། །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཧྲཱྀཿཐ། འཕྲོ་འདུ་འཇུ་འདུལ་དཀྱིལ་འཁོར་རོ། །གཏན་པ་ལྔ་ལ་མཁའ་ལྔ་དབྱིངས། །རྡུང་བྱེད་ལྔ་ལ་གསང་བའི་མཚན་བྲིས་ལ། །བཙག་པའི་འཚགས་སྣོད་ཡབ་ཡུམ་སྟེ། །སྲིན་མཐེབ་ཐབས་དང་ཤེས་རབ་པོ། །བཏག་བཙག་བདུད་རྩི་འཁྱིལ་པའི་དཀྱིལ་འཁོར་རོ། །ཟླ་གམ་སྒོ་ཤར་བལྟས་པ་ལ། །པདྨ་འདབ་མ་བརྒྱད་བྲིས་ལ། །རྟ་མགྲིན་དབང་གི་དཀྱིལ་འཁོར་རོ། །ལྟ་བ་བླ་མེད་གདེང་དུ་བལྟ། །སྤྱོད་པ་བླ་མེད་གདེང་དུ་སྤྱད། །དམ་ཚིག་བསྲུང་བ་བླ་མེད་གདེང་། །ཕྲིན་ལས་བླ་མེད་གདེང་དུ་བཤད། །བསྒྲུབ་པ་བླ་མེད་གདེང་ནི་བསྒྲུབ་པའི་གདེང་། །བདུད་རྩི་ཆེན་པོ་བུམ་པ་ཡིས། །ཕྱི་དང་ནང་དང་གསང་བའི་དབང་། །འདོད་པ་དེ་ལ་རབ་སྦྱིན་པ། །དབང་ཆེན་བླ་ན་མེད་པའི་གདེང་། །དངོས་གྲུབ་བླ་ན་མེད་པའི་གདེང་། །བླ་ན་མེད་པའི་གདེང་བརྒྱད་ཀྱིས། །བདུད་རྩི་དམ་པ་མཆོག་བསྒྲུབས་པས། །སངས་རྒྱས་མཆོད་ཅིང་རང་ཟོས་ན། །བདུད་རྩི་དམ་པ་བསྒྲུབ་པ་འགྲུབ། །དངོས་གྲུབ་ཁྱད་པར་ཅན་ཡང་ཐོབ། །དམ་རྫས་སྨན་སྣ་རེ་རེ་ཡང་། །ཡོན་ཏན་བསམ་གྱིས་མི་ཁྱབ་ཅིང་། །བྱིན་བརླབས་མཐུ་བྱིན་དེ་བཞིན་ནོ། །དེ་ཡི་ནུས་མཐུས་དཔག་ལས་འདས། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། བདུད་རྩི་ཆེན་པོ་བསྒྲུབ་པའི་ལེའུ་སྟེ་ཉེར་གསུམ་པའོ།། །།དེ་ནས་ཡང་པདྨ་ལས་ཀྱི་སེམས་དཔའ་དེས། པདྨ་གར་གྱི་བདག་པོ་ལ། མ་ཆགས་པའི་མཆོད་པས་མཆོད་ནས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་སངས་རྒྱས་དབང་གི་མཆོག །མ་དད་ཆེན་པོ་


DNG017_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲལ་བའི་ཚེ། །ཐམས་ཅད་ཡི་གེ་ཨ་འཚེར་བསྡུས། །ཚེ་འུབ་ཚེ་གང་མཛད་པའི་ཚེ། །རྗེས་སུ་འཇུག་པས་ཇི་ལྟར་བགྱི། །ཚེ་དཔག་མེད་པ་བདག་ཉན་འཚལ། །ཞེས་གསོལ་ཏོ། །ཚེ་ཡི་བདག་པོས་བཀའ་སྩལ་པ། །ཨེ་མའོ་ལས་ཀྱི་སེམས་དཔའ་ཆེ། །ཕྱི་རབས་རྣལ་འབྱོར་དོན་གྱི་ཕྱིར། །ཚེ་མཆོག་ལས་ཞུས་ཡ་མཚན་ཆེའོ། །ཚེ་ཡི་ལས་འདི་བཤད་ཀྱིས་སེམས་དཔས་ཟུང་། །འགྲོ་དྲུག་ཚེ་དང་ཤེས་པ་ཀུན། །ཉོན་མོངས་བདུད་ཀྱིས་གླགས་བཙལ་ནས། །ཚེ་ཉམས་པ་དང་ཚེ་འཐོར་དང་། །ཚེ་བྲི་བ་དང་ཚེ་ཡར་རྣམས། །ནྲྀ་ཚེ་ལ་སོགས་འཐོར་བ་ན། །དྲུག་གི་གནས་ནས་བཀུག་ནས་སུ། །ཁྲོ་བོ་འཆོལ་པའི་སྤྲུལ་པས་ཀུན་བཀང་སྟེ། །ཚེ་དཔག་མེད་ནི་ཞི་ཚོགས་ལ། །དེ་ལ་བསྙེན་ཅིང་བསྒྲུབ་སླད་ཕྱག་རྒྱའོ། །ཞི་བའི་ལས་ཀྱིས་མ་འགྲུབ་ན། །ཚེ་དཔག་མེད་ཀྱང་ཁྲོ་བོ་སྟེ། །ལྷ་ཚོགས་མ་ལུས་ཁྲོ་བོར་གསལ། །སྤྲོས་ཞིང་ཁྲོ་བོས་ཀུན་བཀང་སྟེ། །ཐམས་ཅད་མ་ལུས་སྤྲོས་ནས་སུ། །ཁྲོ་བོའི་སྤྲུལ་པ་མ་ལུས་པས། །གཞོམ་དང་གཏུབ་ཅིང་བཅོམ་ནས་སུ། །ཐམས་ཅད་བསྒྲལ་བཅོམ་ཚེ་ཡི་རང་བཞིན་བཀུག །བུམ་པའི་ཚེ་ལ་བསྡིམ་པའོ། །ཡབ་ཡུམ་སྦྱོར་བའི་བྱང་ཆུབ་སེམས། །ཡབ་ཀྱི་བྱང་ཆུབ་སེམས་ཀྱི་ཚེ་འདི་དཀར་ལ་དྭངས། །ཡུམ་གྱི་ཚེ་ནི་དམར་ལ་དྭངས། །ཡབ་ཡུམ་གཉིས་སུ་མེད་པའི་ཚེ་ནི་སྣུམ་ལ་འདྲིལ། །སྤྲོ་བསྡུ་འོད་ཀྱི་རང་བཞིན་ལས། །ཐམས་ཅད་ཚེ་བཀུག་དེ་ལ་བསྡིམ། །དེ་ལ་ཡི་གེ་འཕྲོ་འདུར་གསལ། །ཨོཾ་བྷྲཱུཾ་ཧཱུཾ་བྷྲཱུཾ། ཧཱཾ་བྷྲཱུཾ་ཧྲཱྀཿབྷྲཱུཾ་ཡཾ་བྷྲཱུཾ་ཚེ་བྷྲཱུཾ། ཨོཾ་བྷྲཱུཾ་བཛྲ་ཨཱ་ཡུ་ཥེ་ཧཱུཾ་ཨ། རྩ་བའི་ལྷ་རེའི་སྔགས་གཞུག་ཏུ། །གདགས་ཤིང་དེ་ལ་བཟླས་པའོ། །ཨཱ་ཡུར་གཉའ་ན་ཤི་བི་དུ་གཉའ་ན་ཨ་བ་ལོ་ཀི་ཏི་ས་མན་ཏ། སྥ་ར་ཎ་ར་སྨི་བྷ་བ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲྀ་ད་ཛ་ལ་ནི་བྷྲཱུཾ། བཛྲ་ཨཱ་ཡུ་ཥེ་ཧཱུཾ་ཨ། དུང་དུང་བཛྲ་དུང་ཡ་རཱ་ག་ཧོ། མུག་ཏ་ཧོ། སྐྱེད་པ་དང་ནི་དྲལ་བ་དང་། །གཞོམ་པ་དང་ནི་དགུག་པ་དང་། །བསྡིམ་པ་དང་ནི་སྦ་བའོ། །ཕྱག་རྒྱ་དང་ནི་དབང་བསྐུར་རོ། །མཎྜལ་མཆོད་པ་རྣམ་ལྔ་ཡིས། །ཏིང་འཛིན་གསལ་བའི་ལྷ་མོས་མཆོད། །ཕྱོགས་མཚམས་ཕྱོགས་ཀྱི་རྒྱལ་པོ་བཞི། །བར་མཚམས་མ་ཏང་དེ་བསྒྲལ་ལོ། །གསང་མཚམས་


DNG017_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོ་བོ་རིམ་པ་བཞིན། །བརྒྱ་བྱིན་དབང་ལ་ལས་བཅོལ་ལོ། །དེ་ནས་མཎྜལ་རྡོ་རྗེ་དབྱིངས། །ག་དར་བྱི་དོར་ཐིག་རྣམས་བྱ། །ཚོམ་བུ་ལྔ་ལ་བུམ་པ་རེ། །ཡང་ནི་མཛེས་པའི་དར་གྱིས་བརྒྱན། །ཁ་དོག་དམར་དང་སེར་དང་ལྗང་། །མ་ཉམས་རས་ཀྱིས་མགུལ་པ་བཅིང་། །འབྲས་བུ་ལྡན་པའི་རོ་མཆོག་ཤིང་གིས་ཁ་བརྒྱན་ནོ། །སྙིང་པོ་ལྔ་དང་སྨན་ལྔ་དང་། །འབྲས་བུ་ལྔ་སོགས་ཚུལ་བཞིན་བསགས། །དེར་ནི་ལྷ་རྣམས་བསྐྱེད་བསྡིམ་མཆོད། །གཟུངས་ཐག་ལྔ་དང་ལྡན་པར་བྱ། །ག་འུ་དག་ཏུ་བསགས་པའོ། །དེ་ནས་དབང་གི་དཀྱིལ་འཁོར་ཏེ། །ཟླ་གམ་སྒོ་དང་བཅས་པ་ནི། །བུམ་པ་དག་ནི་དགོད་བཞིན་དང་། །ག་པུར་སྲང་དང་རི་ལུ་དང་། །ཕྱག་རྒྱའི་རྒྱ་དང་འཕེལ་བ་དག །རྒྱ་གྲམ་བསྡམས་པ་འཕེལ་བར་གདགས། །དཀར་དམར་འབྲས་རྒྱས་དེ་བཞིན་ཏེ། །ཚེ་ཡི་ལས་ཀྱི་སྒྲུབ་པ་དེ། །ཐམས་ཅད་ཚེ་ཡི་བསྒྲུབ་པའོ། །བཀྲ་ཤིས་ཚེ་དང་གཟི་བྱིན་ཆེ། །ཚེ་ནི་བཀུག་བསྡིམ་ཕྱག་རྒྱས་བསྡམས། །དེ་ལྟར་བསྒྲུབ་ན་ཚེ་ཆེན་ཐོབ། །ཅེས་གསུངས་སོ། །རྟ་མཆོག་རོལ་པའི་རྒྱུད་ཆེན་པོ་ལས། གཟི་བྱིན་སྒྲུབ་པའི་ལེའུ་སྟེ་ཉེར་བཞི་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་དབང་གི་རྒྱལ་པོ་ལ་པདྨ་ལས་ཀྱི་སེམས་དཔའ་དེས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་དབང་གི་བདག །དབང་མཆོག་འབར་བ་ལྷ་ཡི་ཚོགས། །རྗེས་སུ་འཇུག་པས་ཇི་ལྟར་བསྐང་། །དབང་གི་ལྷ་ལ་བདག་ཉན་ཏོ། །དབང་གི་རྒྱལ་པོས་བཀའ་སྩོལ་ཅིག །ཅེས་གསོལ་ཏོ། །དབང་གི་རྒྱལ་པོས་བཀའ་སྩལ་པ། ལས་ཀྱི་སེམས་དཔའ་ལེགས་པར་ཉོན་ལ་ཡིད་ལ་ཟུང་། །དབང་གི་ལྷ་རྣམས་བསྐང་བ་ན། །མ་དད་སེམས་ཅན་རཱུ་ཏྲ་དེ། །སྙིང་རྗེ་ཆེན་པོས་བསྒྲལ་ནས་སུ། །ཐམས་ཅད་བདུད་རྩིར་བྱིན་བརླབ་ལྷ་རྣམས་རོལ། །དེ་ཡིས་བདེ་གཤེགས་ཐུགས་དམ་བསྐང་། །མཱཾ་ས་རཀྟ་ཀེང་རུས་གཏོར་མར་འབུལ། །དུག་གསུམ་གཏམས་པས་ཐུགས་དམ་བསྐང་། །དེ་ཕྱིར་རྨད་དུ་བྱུང་བའི་གཏོར་མས་བསྐང་། །རཱ་ག་རཀྟ་ཆགས་པས་བསྐང་། །ཐམས་ཅད་གཟུགས་དང་གཟུགས་མེད་དེ་ཡིས་བསྐང་། །དེ་ལྟར་བསྐངས་པས་དངོས་གྲུབ་འཐོབ། །པཉྩ་བདུད་རྩི་ཆེན་པོས་བསྐང་། །རྨད་དུ་བྱུང་བའི་


DNG017_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མས་བསྐང་། །ཐུགས་རྗེ་ཆགས་པའི་རཀྟས་བསྐང་། །བྱ་དང་ལུག་གི་མདངས་ཀྱིས་བསྐང་། །ཐམས་ཅད་བསྐངས་པས་ཐམས་ཅད་བཟློག །དེ་ཕྱིར་སྐོང་ཟློག་ཆེན་པོའོ། །སེམས་ཅན་ཡིད་དང་ཀུན་གཞི་ཡིས། །དབང་ཆེན་ཡབ་ཡུམ་ཐུགས་དམ་བསྐང་། །ཕུང་པོ་ལྔ་དང་འབྱུང་བ་ལྔ། །རྣམ་ཤེས་བརྒྱད་དང་ཡུལ་བརྒྱད་དང་། །ཡིད་ཆོས་མི་དགེ་ལོག་པ་རྣམས། །དབྱིངས་ཀྱི་ལྷ་དང་འགྲོ་བ་འདུལ་བས་བསྐང་། །འབྱུང་བ་ལྔ་དང་སྡེ་བཞི་ཡིས། །དཀྱིལ་འཁོར་དགུ་ཡི་ཐུགས་དམ་བསྐང་། །ནད་དང་སྡེའུ་བཅས་པ་ཡིས། །ཁྱི་སྤྱང་ཚོགས་ཀྱི་ཐུགས་དམ་བསྐང་། །འདི་ཡི་ཚོགས་ལྷག་ཚོགས་རྣམས་ཀྱིས། །ལོང་བ་རྒྱབ་འདྲེལ་ཐུགས་དམ་བསྐང་། །འདི་ཡི་ཡན་ལག་སྡེ་བཞི་ཡིས། །སྒོ་བཞིའི་ཁྲོ་བོའི་ཐུགས་དམ་བསྐང་། །འདི་ཡི་ནང་ཁྲོལ་མ་ལུས་ཀྱིས། །འབུམ་ཕྲག་ཡངས་པའི་ཐུགས་དམ་བསྐང་། །སྒལ་ཚིགས་འདྲ་ཡིན་ནམ་འདིའི་རེ་མིག་ཉི་ཤུ་རྩ་བརྒྱད་ཀྱིས། །གསེར་གྱི་སེང་གེ་ཉི་ཤུ་རྩ་བརྒྱད་ཐུགས་དམ་བསྐང་། །མཚན་མ་གསུམ་དང་རྒྱུ་མཆོག་དང་། །མཁའ་ལ་ལྡིང་བའི་རིག་པ་འདིས། །དབང་གི་ལྷ་ཚོགས་ཐུགས་དམ་བསྐང་། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་རྒྱུད་ལས། ལྷ་རྣམས་ཐུགས་དམ་བསྐང་བའི་ལེའུ་སྟེ་ཉེར་ལྔ་པའོ།། །།དེ་ནས་ཡང་ལས་ཀྱི་སེམས་དཔས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་གསང་བའི་བདག །ཕྱི་རབས་པ་ཡི་དོན་སླད་དུ། །དངོས་གྲུབ་བླང་བ་བདག་མཉན་འཚལ། །ཞེས་གསོལ་ཏོ། །དབང་གི་རྒྱལ་པོས་བཀའ་སྩལ་པ། །ཕྱི་རབས་པ་ཡི་དོན་སླད་དུ། །དངོས་གྲུབ་བླང་བ་འདི་ལྟར་བཤད། །གསང་བའི་ཐབས་དང་ཤེས་རབ་ལ། །ཐབས་ཀྱི་ཡི་གེ་འཕྲོ་འདུ་ལས། །དངོས་གྲུབ་ཐབས་ནི་སྐུ་གསུང་ཐུགས། །དེ་དང་ལྡན་པའི་རྩལ་མཆོག་དེས། །བྱིན་གྱིས་བརླབས་ཤིང་བླང་བར་བྱ། །ཐམས་ཅད་བྱང་ཆུབ་སེམས་སུ་གནས། །སྤྲོས་ཤིང་བསྡུས་ཏེ་དབྱིངས་ལ་ཐིམ། །ཨོཾ་དང་ཨཱཾ་དང་ཧཱུཾ་གསུམ་ནི། །སྐུ་གསུང་ཐུགས་སུ་བསྡུས་ནས་ནི། །དེ་དང་ལྡན་པར་བླང་བྱས་ན། །དངོས་གྲུབ་ཐམས་ཅད་དེས་ཐོབ་གསུངས། །རྟ་མཆོག་རོལ་པའི་ཏནྟྲ་ལས། དངོས་གྲུབ་བླང་བའི་ལེའུ་


DNG017_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་ཉེར་དྲུག་པའོ།། །།དེ་ནས་ཡང་པདྨ་ལས་ཀྱི་སེམས་དཔའ་དེས། དབང་གི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་གསང་མཆོག་གསང་བའི་བདག །གསང་བ་དབང་གི་ལྷ་ཚོགས་ལ། །ཕྲིན་ལས་བཅོལ་བ་བདག་ཉན་འཚལ། །ཞེས་གསོལ་ཏོ། །དབང་གི་རྒྱལ་པོས་བཀའ་སྩལ་པ། །པདྨ་ལས་ཀྱི་སེམས་དཔའ་ཉོན། །གསང་བ་དབང་གི་ལྷ་རྣམས་ལ། །ཕྲིན་ལས་བཅོལ་བ་འདི་སྐད་གསུངས། །ཟླ་གམ་དབང་གི་དཀྱིལ་འཁོར་དུ། །ཐབས་དང་ཤེས་རབ་ལྡན་བྱས་ཏེ། །སྦྱོར་བའི་ཕྲིན་ལས་ལྷ་རྣམས་སྤྲོ། །སྤྲོས་ཤིང་བཀུག་སྟེ་ཐམས་ཅད་དབང་དུ་སྡུད། །དབང་དུ་མ་འདུས་གང་ཡང་མེད། །དབང་གི་རྫས་ཀྱིས་མཆོད་ཅིང་ཕྲིན་ལས་བཅོལ། །མ་དད་པ་ལས་དུར་ཁྲོད་བྱུང་། །དུར་ཁྲོད་ལས་ནི་དབང་གི་དཀྱིལ་འཁོར་བྱས། །དབང་གི་ལྷ་ལ་ཕྱག་འཚལ་ནས། །མཆོད་ཅིང་བསྟོད་ལ་ཕྲིན་ལས་བཅོལ། །དམིགས་པ་མ་ལུས་དབང་དུ་སྡུད། །ཟླུམ་ལ་འཁྱིལ་པའི་དཀྱིལ་འཁོར་དུ། །ཞི་བའི་ལྷ་ནི་ཡབ་ཡུམ་བཅས། །མཆོད་བསྟོད་ཕྲིན་ལས་བཅོལ་ཏེ་ལས་བྱའོ། །གྲུ་བཞི་གདེངས་པའི་དཀྱིལ་འཁོར་ནས། །རྒྱས་པའི་རྫས་དང་ལྷ་རྣམས་བཞུགས། །མཆོད་བསྟོད་ཕྲིན་ལས་བཅོལ་བའོ། །གྲུ་གསུམ་གདེངས་པའི་དཀྱིལ་འཁོར་དུ། །དྲག་པོའི་ལྷ་ལ་དེ་བཞིན་ནོ། །དེ་ཡིས་ཕྲིན་ལས་འགྲུབ་པར་འགྱུར། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ཕྲིན་ལས་བཅོལ་བའི་ལེའུ་སྟེ་ཉེར་བདུན་པའོ།། །།དེ་ནས་ཡང་པདྨ་ལས་ཀྱི་སེམས་དཔས། པདྨ་གར་གྱི་བདག་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་པདྨ་གར་དབང་ལྷ། །སེམས་ཅན་ལས་ཀྱི་དབང་སོང་ན། །ཕྱི་རབས་པ་ཡི་དོན་ཕྱིར་དུ། །དྲག་པོ་སྒྲོལ་བ་བདག་ཉན་འཚལ། །ཞེས་གསོལ་པ་དང་། དབང་མཆོག་རྒྱལ་པོས་བཀའ་སྩལ་པ། །པདྨ་ལས་ཀྱི་སེམས་དཔའ་ཉོན། །གདུག་པ་བསྒྲལ་བའི་ལས་བསྟན་པ། །མ་དད་པ་ལ་རྒྱུ་གཅིག་སྟེ། །མ་དད་པ་དང་ཚུལ་བསྟུན་ཏོ། །ཕྱི་ནི་གྲུ་བཞི་གདེངས་པ་ལ། །ནང་ནི་ཟླ་གམ་འབར་བ་བྲིས། །ཟླ་གམ་ནང་དུ་དམིགས་པ་སྟེ། །ཡན་ལག་གསང་གནས་བཅས་པར་བྲི། །དབང་གི་སྔགས་


DNG017_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་སྤྱི་ནས་གནན། །ཁྱི་སྤྱང་སྔགས་ནི་ཡན་ལག་ལ། །མཁའ་འཁོར་སྔགས་ནི་གཡས་གཡོན་བསྐོར། །དཔྲལ་བར་རུས་ལ་སྙིང་གར་མིང་། །མཱ་ར་ཡ་ནི་འདོམས་སུ་སྟེ། །སྒོ་བཞིར་ཁྲོ་བོ་བཞིའི་སྔགས་དགོད། །དེ་ལྟར་བཅས་ཤིང་ལས་བྱ་སྟེ། །ཕྱོགས་བཞིར་བརྟུལ་ཞུགས་བཞི་ཡི་སྔགས། །ཕྱི་ནས་ཆེ་བའི་ང་རྒྱལ་བསྐུལ། །ཕྱོགས་བཞིར་བརྟུལ་ཞུགས་ཆེན་པོར་བརྡུང་། །གདུག་པའི་མཚོན་ཆའི་ཆར་ཡང་དབབ། །དྲག་སྔགས་བདུན་ནི་སྙིང་གར་བརྡུང་། །ཕུར་བ་བླ་དང་བཅས་པས་གདབ། །གདུག་པའི་མཚོན་དང་ཐོ་བ་ལྕགས་ཀྱུ་དང་། །གུ་གུལ་དང་ནི་ཉུང་དཀར་དང་། །མ་བདུན་དང་ནི་སྨེ་རྫས་བདུག་པས་བརྡེག །སྒྲོལ་སྔགས་རྣམས་ནི་སྤུངས་ལ་བརྡེག །ཕོ་ཉ་དགུག་བསྡིམ་སྔགས་ཀྱིས་གཏུབ། །དུམ་བུར་བསྒྲལ་ཏེ་ལྷ་ལ་བསྟང་། །ལྷག་མ་ལ་ནི་བྲོ་བརྡུང་ངོ་། །དེ་ཡིས་དྲག་པོའི་ལས་འགྲུབ་པོ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། དྲག་པོས་སྒྲོལ་བའི་ལས་བསྟན་པའི་ལེའུ་སྟེ་ཉེར་བརྒྱད་པའོ།། །།དེ་ནས་ཡང་པདྨ་ལས་ཀྱི་སེམས་དཔས་དབང་གི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་དབང་མཆོག་དབང་གི་བདག །འགྲོ་བ་ཕྱི་རབས་དོན་སླད་དུ། །བཟློག་པའི་ལས་ནི་བདག་ཉན་འཚལ། །ཞེས་གསོལ་པས། དབང་གི་རྒྱལ་པོས་བཀའ་སྩལ་པ། །པདྨ་ལས་ཀྱི་སེམས་དཔའ་ཉོན་ཅིག །ཡེ་ཤེས་ལྷ་དང་འཇིག་རྟེན་ལྷ་རྣམས་ནི། །བཟློག་ཅིང་རྦད་ནས་ལས་བྱས་ན། །ཉེ་བར་འཚེ་བ་བཟློག་པར་འགྱུར། །ཟླ་གམ་གྲུ་གསུམ་མཎྜལ་བྱ། །གོང་བཞིན་མཆོད་པ་བསྟབ་པ་སྟེ། །གདེང་བརྒྱད་མི་ཕྱེད་ལྡན་པ་ཡིས། །ཙ་ར་རོག་པོའི་མཁལ་དཀར་རམ། །དམར་ཁམ་སྤུ་མདོག་ཁུག་པ་ཡིས། །དེ་ལ་དམིགས་པའི་རྟེན་བཅས་ཏེ། །དམིགས་པ་དགུག་གཞུག་དེ་ལ་བྱ། །དང་པོ་དཀྱིལ་འཁོར་རྩར་དྲངས་ལ། །བྱིན་གྱིས་བརླབས་ཤིང་གིང་དབང་བསྐུར། །སེམས་ཅན་ཆེན་པོ་དེ་ལ་ནི། །འབྲུ་ལྔའི་ས་བོན་གསལ་བ་ལ། །ངན་སོང་ནས་འདོན་སོ་སོའི་རྩར། །འབྲུ་ལྔའི་ཡི་གེ་དགོད་པར་བྱ། །སྤྱན་དབྱེ་དཀྱིལ་འཁོར་བསྟན་པར་བྱ། །དེ་ནས་ཕུང་པོ་མ་བཤིག་པར་


DNG017_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ནི། །ལྷ་རྣམས་བསྐང་ཞིང་དམིགས་རྣམས་བསྐྱེད་པའོ། །ཏི་རའི་ཏིང་ངེ་འཛིན་ཆེན་པོ་ཡིས། །ཕུང་པོ་དེ་ནི་བསླང་བར་བྱ། །དྲག་སྔགས་སྒྲོལ་སྔགས་དེ་ཡི་ནི། །ཕུང་པོ་སྲུང་བྱེད་དེ་དང་ཕྲལ། །ཁྲོ་བོའི་སྟངས་སྟབས་ཆེན་པོ་དང་། །ཕྲ་མེན་འཇོལ་ཚུལ་ཆེན་པོ་དང་། །མ་མོའི་གར་ཐབས་དག་གིས་བླང་། །རོལ་པའི་བརྟུལ་ཞུགས་ཆེན་པོས་གཞོམ། །ལྷ་ཡི་ངོ་བོར་གསལ་བ་དེ། །དེ་ལ་ཕུང་པོ་སྤྲོས་ནས་ནི། །ཟླ་གམ་དབུས་ལ་སྙིང་གཞག་སྟེ། །ཕུང་པོ་ལྔ་ནི་ཚོམ་བུ་ལ། །རྣམ་ཤེས་རྣམས་ནི་བསྐོར་བའོ། །དེ་ནས་ལྷ་བསྟོད་མཆོད་པར་བྱ། །ལྷ་རྣམས་སོ་སོའི་ཐུགས་དམ་བསྐང་། །སྲོག་བརྗེས་ཟིན་པར་ཤ་ཁྲག་དང་། །དུག་དང་རྫས་ཀྱི་མཆོད་པ་བཟློག་པའོ། །དེ་ལྟར་བཟློག་ན་འཆི་བདག་གཤིན་རྗེ་ཉིད་ཀྱང་བཟློག །ཅེས་གསུངས་པ་ལ་ཐེ་ཚོམ་མེད། །སྟབས་དང་སྤར་དང་སྦྱར་བའོ། །དབང་གི་དཀྱིལ་འཁོར་དགུ་ཤེས་བྱ། །དེ་ལྟར་སྐད་ཅིག་དགེ་སྤྱད་སངས་རྒྱས་རྒྱུ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། བཟློག་པའི་ལེའུ་སྟེ་ཉེར་དགུ་པའོ།། །།དེ་ནས་ཡང་ལས་ཀྱི་པདྨ་སེམས་དཔའ། པདྨ་གར་གྱི་དབང་ཕྱུག་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་དབང་གི་བདག །མ་དད་པ་ཡི་སེམས་ཅན་དེ། །ལུས་སྦྱང་བ་དང་སེམས་སྦྱང་བ། །ཕྱི་རབས་དོན་དུ་བཤད་དུ་གསོལ། །ཞེས་གསོལ་ཏོ། །དབང་གི་བདག་པོས་བཀའ་སྩལ་པ། ལས་ཀྱི་སེམས་དཔའ་ཆེན་པོ་ཉོན་ཅིག །ཕྱི་རབས་དོན་དུ་གནས་སྦྱང་བ། །མ་དད་པ་ཡི་སེམས་ཅན་ལྟར། །ལུས་སྦྱང་བ་དང་སེམས་སྦྱང་བ། །གཉིས་སུ་མེད་པར་སྤྲད་ཅིང་སྟོན། །ལུས་སྦྱང་བ་ཡི་རིམ་པ་ནི། །རྩ་བདུན་ཞག་གྲངས་ཚུན་ཆད་དུ། །ལས་ཀྱི་དགེ་བའི་སྟོངས་སུ་སྟེ། །གནས་པ་ཟིན་ཏེ་མྱུར་བར་ཐོན། །དེ་ནས་གནས་སྤར་རྒྱས་གདབ་ཅིང་། །དེ་ཡང་ཏིང་འཛིན་རབ་ཀྱིས་ཞུགས། །དེ་ལ་སྦྱངས་ནས་འབྱོངས་པར་གསུངས། །རྒྱས་པའི་རིམ་པ་བསྟན་པ་ཡང་། །འདུས་སྤྱད་པ་ཡི་རིམ་པ་ནི། །དང་པོར་སྔགས་དང་གཙང་མས་


DNG017_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲུ། །དེ་ནས་དྲི་ཞིམ་གཙང་མས་བྱུག །དབང་བསྐུར་བསྟོད་དང་མཆོད་པ་སྟེ། །ཕུང་པོ་ལྷ་ལ་མཆོད་པར་འབུལ། །གོ་བགོ་གནས་ལ་ལྷ་རྣམས་དགོད། །སྤྱན་དྲང་མཆོད་ཅིང་བསྟོད་དེ་སྦྱང་བར་གསོལ་བ་གདབ། །མི་སྣང་ལྷ་ཡི་ངོ་བོར་ཐིམ། །རུས་པ་སྐུ་གདུང་མཆོད་རྟེན་དེ། །དུས་གསུམ་མཆོད་པའི་རྟེན་དུ་བཞུགས་པའོ། །སྤྱན་དྲང་རབ་བསྐྱེད་མཆོད་པ་དེ་བཞིན་བྱ། །ཕུང་པོ་རྫས་སུ་བྱ་བ་ནི། །དང་པོར་ཁྲུས་བྱང་བལྟ་བ་བྱ། །དེ་ནས་དབང་དང་ལྷ་གཉིས་བསྐྱེད་པའོ། །དེ་ལ་ཧུ་ལུའི་འབྲུ་ཡི་འཕྲོ་འདུས་སྦྱང་། །ཕུང་པོ་ལྷ་ཡི་གཞུག་གནས་ཏེ། །དུར་ཁྲོད་ལྔ་པོས་མཆོད་པར་འབུལ། །སེམས་ནི་གཉིས་མེད་ངང་དུ་སྤར། །དུག་ལྔ་མ་སྤངས་གནས་སུ་སྦྱང་། །སཱ་ཙྪར་ཕྱི་རབས་དོན་དུ་སྦྱང་། །གཉིས་མེད་ངང་དུ་མཆོད་ཅིང་སྦྱང་། །དངོས་གྲུབ་བླངས་ཤིང་དེའི་ཕུང་པོ་འབྱོངས་པའོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ལུས་སྦྱོང་བའི་ལེའུ་སྟེ་སུམ་ཅུ་ཐམ་པའོ།། །།དེ་ནས་དབང་གི་རྒྱལ་པོས་གསུངས། ལས་ཀྱི་སེམས་དཔའ་ཉོན་ཅིག །སེམས་སྦྱངས་པ་ཡི་རིམ་པ་ནི། །མ་དད་ཆེན་པོ་སྦྱངས་པ་ལྟར། །ཕྱི་རབས་དོན་དུ་སྦྱང་བ་ནི། །ལྷ་རྣམས་མཆོད་ཅིང་བསྟོད་བསྐུལ་ནས། །དེ་ནས་འཕྲོ་འདུས་སེམས་ཀྱི་ངང་དུ་གསལ། །ཏིང་འཛིན་ཆེན་པོ་ལྡན་པ་དེས། །དྲུག་གི་གནས་ནས་བཀུག་ནས་སུ། །སྔ་མའི་རྟེན་ལ་བསྡིམ་པར་བྱ། །ཕུང་པོ་བདག་པོ་བསྐུལ་ནས་སུ། །སྡིག་པ་སྦྱང་ཞིང་ལྷ་ངོ་བསྟན། །བསྡིམ་དང་དབང་བསྐུར་སྡིག་པ་བཤགས། །འོག་མིན་བླ་མེད་གནས་མཆོག་ན། །ཡབ་ཡུམ་གཉིས་མེད་ཕྱག་རྒྱ་ནས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཆེ། །སྦྱོར་བའི་ལྷུམས་སུ་ཕཊ་ཀྱིས་འཕངས། །རྡོ་རྗེ་དབྱིངས་ཀྱི་གྲལ་དུ་དགོད། །ཡི་གེ་དཔའ་བོ་འབྲུ་ལྔ་ཡི། །དུག་ལྔའི་ཡི་གེ་མ་སྤངས་བཅོམ། །རྣམ་ཤེས་རྒྱལ་བའི་སྲས་སུ་བྱས། །དབང་བསྐུར་གཞན་དོན་གསོལ་བ་བཏབ། །སྦྱང་དང་བསྟོད་དང་སྔགས་པའོ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། སེམས་སྦྱངས་པའི་ལེའུ་


DNG017_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་སོ་གཅིག་པའོ།། །།དེ་ནས་ཡང་པདྨ་ལས་ཀྱི་སེམས་དཔས། དབང་གི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་དབང་མཆོག་གསང་བའི་བདག །སྔོན་འགྲོའི་ལས་ནི་ཇི་ལྟར་ལགས། །དབང་གི་སྔོན་འགྲོ་བདག་ཉན་འཚལ། །ཞེས་གསོལ་ཏོ། །དབང་ཆེན་གསང་བས་བཀའ་སྩལ་པ། ལས་ཀྱི་སེམས་དཔའ་ཉོན་ཅིག །ལས་ཀྱི་སྔོན་འགྲོ་བཤད་པར་བྱ། །ལས་ཀྱི་ལྷ་རུ་གསོལ་བ་དེས། །དང་པོ་ས་ཡི་ལྷ་མོར་སྤྱན། །ཕྱག་རྒྱ་ལྔ་ཡི་ས་སྦྱང་ངོ་། །སྔགས་དང་ཕྱག་རྒྱས་སྦྱང་བ་དང་། །ཏིང་ངེ་འཛིན་གྱིས་སྦྱང་བའོ། །གཡར་བ་དང་ནི་བསླང་བའོ། །སྣང་དང་མི་སྣང་ངོ་བོར་བརྟག །མཆོད་བསྟོད་ས་རིན་གུས་པར་དབུལ། །བརྟག་པ་དེ་རུ་གནས་པར་བྱ། །རོ་ལྔ་བསལ་དང་ཡོན་ཏན་བསྟན། །བརྟག་པ་དང་ནི་ཡོན་ཏན་སྐྱོན། །སྤང་བླང་གཉིས་སུ་ཤེས་པར་བྱ། །དེ་རུ་དཀྱིལ་འཁོར་མངའ་གསོལ་བརྩིག །མཐའ་དབུས་མཉམ་སྟེ་ཚད་ལྡན་བྱ། །ལས་ཀྱི་ཕྱག་རྒྱ་གསལ་བར་བྱ། །ཆག་ཆག་རྣམ་གསུམ་རིམ་པར་གདབ། །བ་བྱུང་ལྔ་ཡིས་བྱུག་པ་ཡིས། །ཕྱི་ཡི་མཆོད་པ་དག་ཏུ་ཤེས། །བདུད་རྩི་ལྔ་ཡི་སྦྱོར་བས་ནི། །ཆག་ཆག་གདབ་ཅིང་ལས་བྱའོ། །དམ་རྫས་བདུད་རྩི་ཡེ་ཤེས་ལྔ། །རཀྟའི་ཆག་ཆག་གདབ་པའི་དགུ། །ཆག་ཆག་རྣམ་གསུམ་གདབ་པར་བྱ། །ཨ་མྲྀ་ལས་ཀྱི་སྦྱོར་བའོ། །དམ་རྫས་ཡེ་ཤེས་ལྔ་ལྡན་པས། །གསང་མཆོག་བསྒྲུབ་ཕྱིར་ཆག་ཆག་གདབ། །ཨ་མྲྀ་ཏ་མཎྜ་ལ། ཡེ་ཤེས་ལྷ་ཡི་བཞུགས་གནས་ཏེ། །གཉིས་མེད་མཉམ་པའི་དབྱིངས་སུ་གདབ་པར་བྱའོ། །ཟླ་གམ་དམར་པོའི་གཞལ་ཡས་སུ། །གཉིས་མེད་སྦྱོར་བའི་ངོ་བོ་ལས། །ཐུགས་རྗེ་ཆེན་པོའི་ཆགས་པའི་ཕུལ་བྱུང་བབས། །དབང་གི་རྒྱལ་པོ་ཡབ་ཡུམ་བཞུགས་པའི་གནས། །རཱ་ག་པཱུ་ཛ་ས་མ་ཡེ། མཁའ་གསང་བྱིན་གྱིས་བརླབས་ཤིང་གདབ་པའོ། །དེ་ནས་ཡབ་ཡུམ་གཉིས་སུ་མེད་པའི་མཁའ་དབྱིངས་ནས། །བྱང་ཆུབ་སེམས་ཀྱི་ཐིག་ལེ་འདེབས། །བོ་དྷི་ཙིཏྟ་མཎྜལ། ཚོན་གྱི་རྣམ་པ་ལྔ་པོ་ཡང་། །ཡི་གེ་དཔའ་བོ་


DNG017_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུ་ལྔ་ཡིས། །རིན་ཆེན་ཕྱེ་མར་བརླབས་ཤིང་རིགས་ཀྱི་ངོ་བོར་གསལ། །དེ་ཡིས་དཀྱིལ་འཁོར་བྲི་བའོ། །དང་པོ་ཕྱི་མཚམས་ཆེན་པོ་སྟེ། །རྒྱལ་པོ་བཞི་ལ་ལས་བཅོལ་མཆོད་བསྟོད་བྱ། །བར་གྱི་དབང་པོ་ལས་བཅོལ་བསྟོད། །མཚམས་སུ་གནས་པའི་ལས་བྱའོ། །དེ་ནས་རྫས་རྣམས་དགྲམ་པ་སྟེ། །ཕྱི་ནང་གསང་བ་གསུམ་དུ་ཤེས་སོ། །དེ་ནས་ལྷ་བཀོད་སྤྱན་དྲངས་བསྡིམ། །བྱིན་བརླབ་བཀོད་ཅིང་སྙན་བསྣུན་གསོལ། །བརྟན་པར་བཞུགས་ཤིང་འདོད་དོན་གསོལ། །དང་པོ་བསྙེན་པ་དང་ནི་ཉེ་བསྙེན་བྱ། །དེ་ནས་བསྒྲུབ་པ་དང་ནི་བསྒྲུབ་ཆེན་པོ། །དེ་ལྟར་ལས་ཀྱི་རྣམ་པར་བསྟན་པའོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། སྔོན་དུ་འགྲོ་བའི་རིམ་པ་བསྟན་པའི་ལེའུ་སྟེ་སོ་གཉིས་པའོ།། །།དེ་ནས་ཡང་པདྨ་ལས་ཀྱིས་སེམས་དཔའ་དེས། དབང་གི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །བསྙེན་པའི་ལས་རྣམས་བསྟན་དུ་གསོལ། །ཞེས་གསོལ་ཏོ། །དབང་གི་རྒྱལ་པོས་བཀའ་སྩལ་པ། །ཉོན་ཅིག་ལས་ཀྱི་སེམས་དཔའ་ཆེ། །ལེགས་པར་ཉོན་ལ་ཡིད་ལ་ཟུང་། །བསྙེན་པའི་ལས་རྣམས་བསྟན་པ་ནི། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས། ཡི་གེ་ཕྲེང་བ་འཕྲོ་འདུ་སྟེ། །ཡི་གེ་དེ་ཡི་འཕྲོ་འདུ་ལས། །སྔགས་ཀྱི་ཕྲེང་བ་འབྲུ་བརྒྱད་གསལ། །དང་པོ་འཕྲོ་འདུས་ལྷ་རྣམས་བསྐུལ། །གཉིས་པ་མ་མོ་མཁའ་འགྲོ་བསྐུལ། །གསུམ་པ་ལས་ཀྱི་མཁའ་འགྲོ་བསྙེན། །བཞི་པ་གཉིས་མེད་ངང་དུ་བསྙེན། །འཕྲོ་འདུ་འཕྲོ་བས་མ་དད་བཏུལ། །དེ་ལས་ཕར་མཆོད་ཚུར་དངོས་གྲུབ། །ཚ་ཚའི་ཚུལ་དུ་འཕྲོ་འདུ་བྱ། །དེ་ནི་བསྒྲུབ་པ་ཆེན་པོ་ཞེས། །ཕྲིན་ལས་བསྒྲུབ་པ་ཞེས་བྱ་སྟེ། །གནས་པ་གཉེན་པོ་བསྟེན་ནི་བསྙེན་པ་སྟེ། །འཕྲོ་འདུ་བསྒྲུབ་པ་ཆེན་པོར་གསུངས། །རྟ་མཆོག་རོལ་པའི་ཏནྟྲ་ལས། བསྙེན་བསྒྲུབ་ཀྱི་ལེའུ་སྟེ་སོ་གསུམ་པའོ།། །།དེ་ནས་ཡང་པདྨ་ལས་ཀྱི་སེམས་དཔའ་དེས། བཅོམ་ལྡན་འདས་དབང་གི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་དབང་མཆོག་ལས་ཀྱི་གཙོ། །གནན་པའི་ལས་རྣམས་བཤད་དུ་གསོལ། །ཞེས་གསོལ་ཏོ། །


DNG017_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གི་རྒྱལ་པོས་བཀའ་སྩལ་པ། ཉོན་ཅིག་ལས་ཀྱི་སེམས་དཔའ་ཉོན། །གནན་པའི་ལས་རྣམས་ངས་བཤད་ཀྱིས། །ཁོ་ནར་ངེས་པར་ཡིད་ལ་ཟུང་། །མ་ཏང་ཆེན་པོ་བསྒྲལ་བ་ལ། །ག་ཞོ་ཐ་ཐོད་གནན་པ་ནི། །ལས་མཐར་ཕྱིན་ཕྱིར་གནན་པའོ། །དེ་བཞིན་གནན་པའི་ལས་དག་ནི། །འཁོར་ལོ་རྩིབས་ནི་བརྒྱད་པ་བྲི། །དབུས་སུ་ཡན་ལག་ཉིང་ལག་དང་། །མགོ་དང་བཅས་པའི་གདོང་པ་དེ། །དབང་པོ་ལྔ་དང་ལྡན་པར་བྲི། །ཐ་མར་འཛམ་བུ་གླིང་གི་དབྱིབས། །རྒྱ་གྲམ་རྩེ་ལ་འབར་བའོ། །བཀྲ་མི་ཤིས་པའི་ཐག་པས་བཅིང་། །གདུག་པའི་མཚོན་ཆ་དང་བཅས་པ། །ཤ་ཁྲག་རྫས་དང་བཅས་པ་བཤམ། །མོན་ནམ་རབས་ཆད་ཐོད་པར་གཞུག །ཡང་ན་རི་གསུམ་འོག་ཏུ་གཞུག །རྒྱ་མཚོའི་ངོགས་དང་ཤིང་གཅིག་གི། །དེ་ནི་གནན་པའི་ལས་སུ་ཤིས། །དེ་ལྟར་གནན་ན་ལྡང་མི་འགྱུར། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། གནན་པའི་ལེའུ་སྟེ་སོ་བཞི་པའོ།། །།དེ་ནས་ཡང་པདྨ་ལས་ཀྱི་སེམས་དཔས། བཅོམ་ལྡན་འདས་པདྨ་དབང་གི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་གསང་བའི་བདག །འཁོར་བའི་གདུག་པ་མ་ལུས་དང་། །དྲེགས་ཆེན་མ་ལུས་འདུལ་བའི་ཚེ། །བརྟུལ་ཞུགས་སྤྱོད་པ་ཇི་ལྟར་བགྱི། །ལྟ་བ་ཇི་ལྟར་བལྟ་བར་བགྱི། །དམ་ཚིག་ཇི་ལྟར་བསྲུང་བར་བགྱི། །དབང་གི་རྒྱལ་པོས་བཀའ་སྩོལ་ཅིག །ཅེས་གསོལ་ཏོ། །དབང་གི་རྒྱལ་པོས་བཀའ་སྩལ་པ། །ལས་ཀྱི་སེམས་དཔའ་ཞུ་བ་ལེགས། །ཐེ་ཚོམ་ཐམས་ཅད་གཅད་པར་བྱའོ། །འཁོར་བ་དག་ནི་གདུལ་བའི་ཚེ། །བརྟུལ་ཞུགས་སྤྱོད་པ་འདི་ལྟར་སྤྱད། །ལྟ་བ་བལྟ་བ་འདི་ལྟར་བལྟ། །བདག་ཉིད་ཡེ་ཤེས་ཁྲོ་བོར་བརྟག །འཁོར་བ་བསྒྲལ་བའི་ཞིང་དུ་བལྟ། །དམ་ཚིག་བསྒྲལ་བར་གསུངས་པ་སྟེ། །དམ་ཚིག་བསྒྲལ་བ་ཆེན་པོའོ། །ཐོགས་རྡུག་མེད་པའི་བརྟུལ་ཞུགས་ཀྱིས། །ཐེ་ཚོམ་མེད་པའི་བསྒྲལ་བ་དེ། །བརྟུལ་ཞུགས་ཆེན་པོ་འདི་ལྟར་སྤྱད། །སྨྱོན་པའི་ཆས་སུ་ཞུགས་པ་ནི། །


DNG017_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

ལས་དང་མ་ལུས་བགྲོད་ཀྱང་བགྲོད། །དྲག་པོའི་ལས་ལ་སྨད་མི་བྱ། །ལམ་མི་གཟུར་ལ་ཕྱག་མི་བཙལ། །ཕྲེང་བ་འཁར་བ་དེ་བཞིན་གཟུང་། །ཁྲོས་པའི་ཆ་ལུགས་ཆེན་པོ་ཡིས། །འགྲོ་འདུག་སྟེགས་སུ་བྱས་ནས་ནི། །ཁ་མངར་མེད་པ་ཟས་སུ་བཟའ། །གང་དང་འཕྲད་པ་ཡང་ནི་གནན་ཅིང་བརྡེག་པར་བྱ། །བང་ཡང་ངལ་དུབ་མེད་པར་རྒྱུག །ཁྲོས་པའི་ཚུལ་གྱིས་ལས་རྣམས་བྱ། །བརྟུལ་ཞུགས་བཞི་ཡི་ཆས་སུ་ཞུགས་ནས་ནི། །ཕྱོགས་བཞིར་གདུག་པའི་ང་རོ་གདོན། །རྟ་ཡི་བརྟུལ་ཞུགས་ཆེན་པོ་ནི། །བརྗིད་པའི་ཚུལ་དུ་བྱས་ནས་ནི། །མངར་གསུམ་མཆོངས་ཤིང་ང་རོ་གདོན། །ལག་པ་མདུན་དང་རྐང་པ་རྒྱབ་ཏུ་གདེངས། །ངལ་དུབ་མེད་པར་འདུག་གམ་འཆག །ཧྲཱྀཿལས་རྟ་མཆོག་འབར་བའི་ཚོགས། །ཁྲོ་བོ་གདུག་པའི་ང་རོ་གདེངས། །རྟ་མགོ་ཅན་གྱིས་ཁམས་གསུམ་བཀང་། །འཕྲོ་འདུས་གདུག་པ་མ་ལུས་འདུལ། །རྟ་མཆོག་ཅན་ཡང་ཆར་དུ་འབེབས། །གདུག་པའི་ཚོགས་ལ་བརྡེག་ཅིང་རྒྱུག །འདི་ནི་རྟ་ཡི་བརྟུལ་ཞུགས་ཡིན། །ཁྱི་ཡི་བརྟུལ་ཞུགས་དྲག་འབར་ཏེ། །བརྗིད་པ་གདུག་པའི་ང་རོ་ཅན། །གཡས་པ་ལག་གི་འདུ་བྱེད་དེ། །གཡས་པ་བརྒྱབ་བརྐྱང་མཆོངས་པའི་ཚུལ། །ཛཿཡིས་ཡེ་ཤེས་འབར་བའི་ཁྱི། །ཁྲོ་བོ་གདུག་པའི་ང་རོ་གདེངས། །ཁྱི་མགོ་ཅན་གྱིས་ཁམས་གསུམ་གང་། །གདུག་པའི་ང་རོ་ཕྱོགས་བཅུར་སྒྲོགས། །ཕྱོགས་སྐྱོང་རྒྱལ་རྣམས་འདར་ཁྲག་སྐྱུགས། །ངལ་དུབ་མེད་པའི་ཏིང་འཛིན་གྱིས། །གདུག་པ་མ་ལུས་འཇོམས་པའོ། །བྱ་ཡི་བརྟུལ་ཞུགས་ཆེན་པོ་ཡི། །དྲག་པོ་བརྗིད་དུ་ལྡན་པ་ཡིས། །སྲིད་པའི་གདུག་པ་བསྒྲལ་བ་དེ། །ཀུ་དང་ཡེ་ལས་བྱ་མགོའི་ཚོགས། །འབར་བ་འཕྲོས་པས་ཁམས་གསུམ་སྤྲོས་བཀང་སྟེ། །གཡས་གཡོན་ཐབས་དང་ཤེས་རབ་གཤོག་པ་གདེངས། །སྔོན་དུ་རྡོ་རྗེ་སྡེར་མོས་བཅུམ། །ལྡིང་ཞིང་རོལ་པས་རྒྱུད་དྲུག་སྒྲོལ་ལ་མཁས། །གདུག་པ་མ་ལུས་བསྒྲལ་བའོ། །ཕག་གི་བརྟུལ་ཞུགས་ཆེན་པོ་ནི། །གཏི་མུག་འཇོམས་པའི་ཕག་རྒོད་གདུག་པའི་སྡེ། །དུ་རུ་ལས་ནི་ཕག་གི་ཚོགས། །ཁམས་གསུམ་མ་ལུས་བཀང་བྱས་ཏེ། །ཐམས་ཅད་འཇོམས་


DNG017_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་ཐམས་ཅད་ཟ། །གདུག་པའི་ང་རོ་ཡོངས་སུ་གདེངས། །སྣ་ལ་རྟ་ཡི་འཕྲོ་འདུ་འཁྲུངས། །ལག་པ་ཕག་གི་ཆང་པར་ལྡན། །ཕཊ་ཀྱིས་ལྕགས་ནི་རབ་ཏུ་འཕྲོ། །ཧཱུཾ་གི་འཕྲོ་འདུ་སྟངས་སྟབས་བྱེད། །དུབ་དང་ངལ་མེད་རྒྱུག་ལ་དགའ། །ཁམས་གསུམ་མ་ལུས་འཇོམས་ལ་དགའ། །མི་བཟད་སྤྲུལ་པའི་ཁྲོ་བོ་སྤྲིན་དཔུང་བཞིན་དུ་སྤྲོས། །དཔའ་བོ་ཏིང་འཛིན་ལྡན་པ་ཡིས། །ཐམས་ཅད་འཇོམས་ཤིང་གདུག་པའི་ཀླུ་ཡི་ཚོགས། །དཔའ་དང་ལྡན་པའི་ཏིང་འཛིན་བྱའོ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། བརྟུལ་ཞུགས་བཞི་དཀའ་ཐུབ་སྨྱོན་པའི་ལེའུ་སྟེ་སོ་ལྔ་པའོ།། །།དེ་ནས་ཡང་པདྨ་ལས་ཀྱི་སེམས་དཔའ་དེས། བཅོམ་ལྡན་འདས་དབང་གི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་གསང་བའི་བདག །མ་དད་པའི་སེམས་ཅན་ཆེན་པོ་དེ་བསྒྲལ་བ་ནི། རྩ་རྣམ་པ་དུ་ཞིག་ཡོད། གར་གྱི་དབང་གིས་བཤད་དུ་གསོལ། །ཞེས་གསོལ་ཏོ། །དབང་གི་རྒྱལ་པོས་བཀའ་སྩལ་པ། པདྨ་ལས་ཀྱི་སེམས་དཔའ་ཉོན་ཅིག །ལེགས་པར་ཉོན་ལ་ཡིད་ལ་ཟུང་། །མ་དད་སེམས་ཅན་ཆེན་པོ་ལ། །རྩ་ནི་ཉི་ཁྲི་ཆིག་སྟོང་སྟེ། །དེ་ལས་བསྡུས་པ་སུམ་བརྒྱ་དྲུག་ཅུ་ཡོད། །དེ་ལས་བསྡུས་ན་རྩ་ཆེན་གསུམ། །དེ་ལས་བསྡུ་ན་རྣམ་པ་གཉིས། །གཅིག་ནི་བླ་ཡི་རྩ་རུ་གནས། །གཅིག་ནི་དབུགས་ཀྱི་རྩ་ཡིན་ནོ། །གཅིག་ནི་བླ་དང་འཁྱམས་ཏེ་འགྲོ། །གཅིག་ནི་དབུགས་དང་འགྲོགས་ཏེ་འགྲོ། །རྩ་ཆེན་གསུམ་ནི་སྲོག་ཤིང་སྟེ། །ཕུང་པོ་ལྔ་ནི་འཁོར་ལོ་བརྩེགས་པ་བཞིན། །ས་བོན་ཡི་གེའི་རང་བཞིན་ནོ། །དེ་ལས་ཡན་ལག་བཞི་གྱེས་ཏེ། །སྒོ་བཞི་དྲག་པོའི་འཇུག་པའོ། །ལུག་བཞི་ཁུག་གཉིས་ལྐུགས་པ་སྟེ། །གནས་བཞིར་གཟིར་ཅིང་སྒོ་བཞིར་སྤུང་། །རྒྱུན་ལམ་གསུམ་དུ་གྱེན་ཐུར་བལྟ། །མཐར་ཕྱིན་ལྟ་བུར་བྱང་ཆུབ་སེམས། །དེ་ལ་དུས་དང་སྦྱར་ཞིང་བརྟག །བླ་རྩ་མེད་ན་ཙིཏྟ་འགས། །དབུགས་དེ་དག་དང་འགྲོགས་པ་དེ། །དེ་ལ་དྲག་དལ་ཡོད་པའོ། །རིགས་ནི་རྣམ་པ་བཞི་ཡིན་ཏེ། །རིང་ལ་དལ་ལ་འཇམ་ལ་རིང་། །ཚངས་པ་


DNG017_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཡི་རིགས་ཡིན་ཏེ། །དྲག་པོ་མྱུར་བ་སྲིན་པོ་ཁྲོ་བོ་སྟེ། །གདུག་པ་འདུལ་བ་དབང་ཕྱུག་ཚངས་པ་སྟེ། །གཉིས་མིན་བརྟག་པར་དཀའ་བ་དྲེགས་པ་ཅན་གྱི་རིགས། །དེ་ལ་དྲེགས་པ་རྣམ་པ་དགུ། །ཞེ་སྡང་རང་བཞིན་བདུད་དུ་སྨིན། །བདུད་ནི་རིང་ལ་སྔོ་བའོ། །ང་རྒྱལ་ལས་ནི་བཙན་དུ་སྨིན། །བཙན་ནི་ཐུང་ལ་རྩུབ་པའོ། །གཏི་མུག་རྒྱལ་པོ་ཆེན་པོ་སྟེ། །དལ་བ་དང་ནི་སྡོད་དུ་བཅས། །འཕར་དང་སྡོད་དུ་ཐུང་བ་དང་། །ཕྲང་ལ་ཕྲ་བ་ཐེ་བྲང་སྟེ། །དེ་ལྟར་བརྟག་ཅིང་རབ་ཏུ་བརྟག །དེ་ནི་མ་དད་སེམས་ཅན་ནོ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། མ་དད་པའི་གནས་དང་ཕྱི་རབས་དོན་དུ་རྩའི་དམིགས་བསྟན་པའི་ལེའུ་སྟེ་སོ་དྲུག་པའོ།། །།དེ་ནས་ཡང་ལས་ཀྱི་སེམས་དཔས། དབང་གི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་དབང་གི་རྒྱལ་པོ་ཆེ། །བཅོམ་ལྡན་གསང་བ་ཐུགས་རྗེའི་བདག །ཕྱི་རབས་རྗེས་སུ་འཇུག་པ་ཡིས། །ལྟ་བ་ཇི་ལྟར་བལྟ་བར་བགྱི། །དབང་གི་རྒྱལ་པོས་བཤད་དུ་གསོལ། །ཞེས་གསོལ་ཏོ། །དབང་གི་རྒྱལ་པོས་བཀའ་སྩལ་པ། །ཉོན་ཅིག་ལས་ཀྱི་སེམས་དཔའ་ཆེ། །ལྟ་བ་དམ་པ་ངས་བཤད་ཀྱིས། །ལེགས་པར་ཉོན་ལ་ཡིད་ལ་ཟུང་། །བྱང་ཆུབ་སེམས་ནི་རྨད་དུ་བྱུང་། །ཐམས་ཅད་མ་ལུས་བྱང་ཆུབ་སེམས། །གང་དུ་ཡང་མ་སྦས་པས་མཐོང་བ་ཉིད་དེ་མཐོང་བ་རྨད་དུ་བྱུང་བའོ། །བརྗོད་དུ་རྡུལ་ཙམ་ཡང་མེད་པས་ཀུན་ཏུ་ཁྱབ་པ་ཉིད་དེ་ཁྱབ་པ་རྨད་དུ་བྱུང་བའོ། །མ་ཤེས་འཁྲུལ་པའི་སེམས་ཅན་ཀུན་ཅི་ཡང་ཤེས་པས་སེམས་ཅན་ཏེ་གཉིས་ཀ་རྨད་དུ་བྱུང་བའོ། །སེམས་ལས་བགྲོད་དུ་མེད་པའི་མཐར་ཐུག་པས་རྨད་དུ་བྱུང་བའོ། །ཆོས་ཐམས་ཅད་བསྒོམ་དུ་མེད་པ་སྟེ་བསྒོམ་པ་རྨད་དུ་བྱུང་བའོ། །བསྒྲུབ་པ་ནི་སེམས་ཀྱི་རྩལ་འབྱོངས་པ་སྟེ་བསྒྲུབ་པ་རྨད་དུ་བྱུང་བའོ། །དམ་ཚིག་སེམས་ཀྱི་གཉའ་གནོན་ཏེ་དམ་ཚིག་རྨད་དུ་བྱུང་བའོ། །ཕྲིན་ལས་སེམས་ཀྱི་བྱེད་ལས་ཏེ་ཕྲིན་ལས་རྨད་དུ་བྱུང་བའོ། །དཀྱིལ་འཁོར་སེམས་ཀྱི་གནས་ཡུལ་ཏེ་དཀྱིལ་འཁོར་རྨད་དུ་བྱུང་བའོ། །ཅི་བྱུང་ཅི་ཡང་བྱང་ཆུབ་སེམས་ཏེ་དཀྱིལ་འཁོར་རྨད་དུ་བྱུང་བའོ། །ཇི་ལྟར་སྣང་བ་དང་ནི་མི་


DNG017_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་གཉིས་དང་གཉིས་མེད་དུ་བཅས་པ་སེམས་སུ་བལྟ་སྟེ་ལྟ་བ་རྨད་དུ་བྱུང་བའོ། །ཇི་ལྟར་སྤྱད་པ་ཐམས་ཅད་སེམས་ཀྱི་སྤྱོད་པ་སྟེ་སྤྱོད་པ་རྨད་དུ་བྱུང་བའོ། །ཐམས་ཅད་བྱང་ཆུབ་སེམས་ཀྱི་དབང་སྟེ་རྨད་དུ་བྱུང་བའོ། །བསྲུང་བ་དང་བསྲུང་དུ་མེད་པ་གཉིས་སེམས་ཀྱི་དམ་ཚིག་སྟེ་དམ་ཚིག་བསྲུང་བ་རྨད་དུ་བྱུང་བའོ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། བླ་མེད་བྱང་ཆུབ་སེམས་ཀྱི་ལེའུ་སྟེ་སོ་བདུན་པའོ།། །།དེ་ནས་ཡང་པདྨ་ལས་ཀྱི་སེམས་དཔས། དབང་གི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་བཅོམ་ལྡན་དབང་གི་རྒྱལ། །ཕྱི་རབས་པ་ཡི་དོན་སླད་དུ། །བཀའ་གཞུང་སྤྱོད་པ་རྣམས་ལ་ནི། །དམ་ཚིག་བསྲུང་བ་ཅི་ལྟར་བགྱི། །དབང་གི་རྒྱལ་པོས་བཀའ་སྩོལ་ཅིག །ཅེས་གསོལ་ཏོ། །དབང་གི་རྒྱལ་པོས་བཀའ་སྩལ་པ། །ཉོན་ཅིག་ལས་ཀྱི་སེམས་དཔའ་ཆེ། །ཕྱི་རབས་དོན་དུ་དམ་ཚིག་བཤད་པར་བྱའོ། །བལྟ་བའི་དོན་དུ་དམ་ཚིག་བལྟ་བ་ནི། །བསྲུང་དུ་མེད་པའི་དམ་ཚིག་གོ། །དམ་ཚིག་ཉི་ཤུ་རྩ་བརྒྱད་ལས། །སྐུ་ཡི་དམ་ཚིག་ལྔ་རྣམས་དང་། །གསུང་གི་དམ་ཚིག་ལྔ་རྣམས་དང་། །ཐུགས་ཀྱི་དམ་ཚིག་ལྔ་རྣམས་ཏེ། །ཡོན་ཏན་དམ་ཚིག་ལྔ་དང་ཕྲིན་ལས་དམ་ཚིག་ལྔ། །ལྷ་ཡི་དམ་ཚིག་གསུམ་དུ་གསུངས། །སྐུ་ཡི་དམ་ཚིག་ཉམས་པ་ཚ་ཚ་འབུམ་གྱིས་བཤགས། །གསུང་གི་དམ་ཚིག་ཉམས་པ་གསུང་རབ་འབུམ་གྱིས་བཤགས། །ཐུགས་ཀྱི་དམ་ཚིག་ཉམས་པ་སྲོག་འདོན་འབུམ་གྱིས་བཤགས། །ཡོན་ཏན་དམ་ཚིག་ཉམས་པ་ཚོགས་མཆོད་འབུམ་གྱིས་བཤགས། །ཕྲིན་ལས་དམ་ཚིག་ཉམས་པ་བཤགས་པ་འབུམ་གྱིས་བཤགས། །ལྷག་པའི་དམ་ཚིག་ཉམས་པ་འབུམ་ཕྲག་དགུ་ཡིས་བཤགས། །འབུམ་ལྔའི་བཤགས་པས་སྡིག་པ་མཚམས་མེད་བྱང་བར་འགྱུར། །ལྷ་རྣམས་ཀྱི་དམ་ཚིག་ནི་མཚོན་རྣོན་པོ་ལྟར་བསྲུང་བར་བྱའོ། །སློབ་དཔོན་མིག་གི་སྒྲོན་མ་ལྟ་བུར་བསྲུང་། །མཆོད་པས་བསྲུང་དང་བལྟ་བར་བྱ་ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། དམ་ཚིག་བསྟན་པའི་ལེའུ་སྟེ་སོ་བརྒྱད་པའོ།། །།དེ་ནས་ཡང་པདྨ་ལས་ཀྱི་སེམས་དཔའ་དེས། བཅོམ་ལྡན་འདས་དབང་གི་


DNG017_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་གར་གྱི་བདག །བདག་ལ་སོགས་པའི་དོན་སླད་དུ། །དབང་གི་རིམ་པ་ཇི་ལྟ་བུ། །བཅོམ་ལྡན་མགོན་པོ་རྒྱལ་ལ་བདག་ཉན་འཚལ། །ཞེས་གསོལ་ཏོ། །དབང་གི་རྒྱལ་པོས་བཀའ་སྩལ་པ། པདྨ་ལས་ཀྱི་སེམས་དཔའ་ཆེ། །དབང་མཆོག་བཤད་ཀྱིས་ལེགས་པར་ཟུང་། །དང་པོ་དྲག་པོའི་གནས་ཆེན་དེར། །ས་ཡི་ཆོ་ག་བྱ་བ་དེ། །གོ་མ་ཡེ་དང་གད་བརྡར་བྱའོ། །སྟ་གོན་ལ་ནི་གནས་པར་བྱའོ། །བུམ་པ་སྟ་གོན་དུ་གནས་པ་དང་། །ལྷ་སྟ་གོན་དུ་གནས་པའོ། །དཀྱིལ་འཁོར་དབུས་སུ་ཟླ་གམ་ལ། །སྒོ་གཅིག་པ་ནི་དགོད་པར་བྱའོ། །ཐ་མ་ཟླ་གམ་བརྒྱད་ཀྱིས་བསྐོར། །སྒོ་དང་སྒོ་ཁྱུད་དེ་བཞིན་བྱ། །དེ་ཡི་དབུས་སུ་བུམ་པ་སྟེ། །བྱུ་རུ་དམར་པོའི་བུམ་པ་ལ། །རིན་ཆེན་སྣ་ལྔ་ཚང་བ་དང་། །སྨན་ལྔ་འབྲུ་ལྔ་སྙིང་པོ་ལྔ། །དབང་གི་ལྷ་རྣམས་ཚང་བའོ། །བུམ་པའི་ཁ་རྒྱན་དཔག་བསམ་ཤིང་ལ་བྱ། །མགུལ་ཆིངས་རས་དཀར་གཙང་མ་ལ། །གཟུངས་ཐག་གཙང་མའི་གཟུངས་ཀྱིས་གདགས། །དཀྱིལ་འཁོར་དང་ནི་བུམ་པ་སྟ་གོན་ལ་གནས་པའོ། །དེ་ནས་སློབ་མ་སྟ་གོན་ལ་གནས་པར་བྱའོ། །ལུས་གཙང་གོས་བརྒྱན་ཀུ་ཤའི་གདན། །དེར་ནི་སེམས་བསྐྱེད་བཟླས་པ་བྱ། །དང་པོ་དབང་གི་རྫས་རྣམས་བསོག །སློབ་དཔོན་དབང་དང་ལྡན་པ་དེས། །སློབ་མ་ལ་ནི་བསྐུར་བར་བྱའོ། །བསྐྱེད་དང་སྤྱན་དྲངས་བཞུགས་གསོལ་མཆོད། །བསྟོད་དེ་ཞུ་བ་གསོལ་པའོ། །རྫས་ཀྱི་དབང་དང་བལྟ་བའི་དབང་། །གསང་བའི་དབང་དང་བཅས་པར་བསྐུར། །དང་པོ་མིག་ནི་དབྱེ་བར་བྱ། །སྔོན་གྱི་མིག་མཁན་རྒྱལ་པོ་ཡིས། །ཤེལ་གྱི་གཙག་བུ་ཐོགས་ནས་ནི། །མ་རིག་རབ་རིབ་བསལ་བ་བཞིན། །བུ་ཡི་རབ་རིབ་བསལ་བར་བྱའོ། །ཙཀྵུ་པྲ་བེ་ཤ་ཡ་མ་དྷ་ལ་ཧཱུཾ། ཨེ་མ་རང་བྱུང་བཅོམ་ལྡན་དབང་གི་རྒྱལ་པོའི་སྐུ། །འཁོར་བ་ཡོངས་སུ་སྦྱང་བའི་ཕྱིར། །ཡེ་ཤེས་སེམས་དཔས་དབང་བསྐུར་རོ། །ཛྙཱ་ན་སཏྭ་ཧཱུཾ་ཨཱཿ། སྲིད་པ་གསུམ་ལ་དབང་སྒྱུར་ཞིང་། །ཐམས་ཅད་བྱང་ཆུབ་སེམས་སུ་བསྟན། །ཁམས་གསུམ་ཡེ་ཤེས་བསྐྱེད་པའི་ཕྱིར། །


DNG017_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་ལ་རིགས་ལྔའི་དབང་བསྐུར་བ། །ཨོཾ་ཨཱཾ་ཧཱུཾ་སྭཱ་ཧཱ། ཕ་རོལ་དོན་རྣམས་རྫོགས་པའི་ཕྱིར། །ཕྱག་མཚན་འབར་བས་དབང་བསྐུར་བས། །རྒྱུ་དྲུག་གནས་སུ་སྒྲོལ་བར་ཤོག །མཚན་མ་གསུམ་གྱི་དབང་བསྐུར་བས། །འགྲོ་དོན་མ་ལུས་རྫོགས་མཛད་ནས། །ཡེ་ཤེས་གསུམ་གྱི་དབང་ཐོབ་ཤོག །མ་ཧཱ་ཨ་མྲྀ་ཏ། མ་ཧཱ་རཀྟ། མ་ཧཱ་ཀེང་ནི་རི་ཏི་ཧཱུཾ། གླང་ཆེན་ཀོ་རློན་སྟོབས་དང་ལྡན་པ་དང་། །ཞིང་ཆེན་གཡང་གཞི་ཐབས་ལ་མཁས་པ་དང་། །སྟག་ལྤགས་མི་བཟད་དཔའ་བར་ལྡན་པ་དང་། །ན་བཟའ་གསུམ་དང་རྒྱན་གྱི་དབང་མཆོག་ཐོབ་པར་ཤོག །བསེ་ཁྲབ་སྨུག་པོ་ལ་སོགས་ན་བཟའ་ཆས་རྣམས་ཀྱི། །མ་ལུས་མདའ་བསྙེམས་དཔའ་བ་དང་། །རྩལ་དབང་ཆེ་བའི་དབང་ཐོབ་ཤོག །རྡོ་རྗེའི་གཤོག་པ་རིན་ཆེན་ལས་བྱུང་བ། །གཡས་པ་ཐབས་དང་གཡོན་པ་ཤེས་རབ་སྟེ། །རྡོ་རྗེ་རབ་ཏུ་འབར་བའི་ཚོགས། །འབར་བ་ལྷ་ཡི་དབང་ཐོབ་ཤོག །དཀྱིལ་འཁོར་དགུ་ནི་ཡེ་ཤེས་དག །འབར་བ་ཡེ་ཤེས་དོན་ལྡན་པས། །གཉིས་སུ་མེད་པའི་དོན་ཆེན་པོ། །ཡེ་ཤེས་ལྷ་དགུའི་དབང་བསྐུར་བའོ། །ཐུགས་རྗེ་ཆེན་པོའི་ཅོད་པན་འདི། །ཐབས་དང་ཤེས་རབ་རྟགས་ཡིན་ཏེ། །གཟུང་འཛིན་མཐའ་གཉིས་རྣམ་སྤངས་ནས། །དབྱིངས་དང་ཡེ་ཤེས་དོན་མཚོན་ཤོག །དེ་ནི་མཛད་པའི་ཕྲིན་ལས་དབང་། །དྲག་པོའི་དབང་ནི་སྒྲོལ་དབང་སྟེ། །དབྱིངས་དང་ཡེ་ཤེས་ཕོ་ཉ་དང་། །ཐབས་དང་ཤེས་རབ་རྟགས་ཀྱི་ཕོ་ཉ་མ། །ལས་གཉིས་རྫོགས་མཛད་འཇོམས་བྱེད་བཞི། །བདུད་འདུལ་དབང་གི་ཕྲིན་ལས་ཀྱིས། །བར་ཆད་དགྲ་བགེགས་འདུལ་ཞིང་ཡེ་ཤེས་གཉིས་མེད་དབང་ཐོབ་ཤོག །རྡོ་རྗེ་དབང་གི་ཕུར་པ་འདི་བྱིན་པས། །ཡེ་ཤེས་དབྱིངས་ལ་ཕུར་པ་འདེབས་པར་ཤོག །བཟའ་དང་བཅའ་དང་བཏུང་བ་སོགས། །རོ་མཆོག་ཕུན་སུམ་ཚོགས་པ་ཡི། །བཀྲ་ཤིས་དམ་པ་ཐོབ་པར་ཤོག །དེ་ནས་མངོན་ཤེས་ལྔ་ཡི་དབང་། །མ་ལུས་བུ་ཡིས་ཐོབ་པར་ཤོག །དེ་ནས་གསང་བའི་དབང་ཡང་བསྐུར། །དེ་རིང་ཕན་ཆད་བུ་ཁྱོད་ཀྱིས། །ཕྱག་ན་རྡོ་རྗེ་ང་ཡིན་གྱིས། །ངས་ནི་ཇི་ལྟར་བསྒོ་བ་བཞིན། །ངེས་པ་ཁོ་ནར་བྱ་དགོས་སོ། །བདག་ལ་སྨད་པར་མ་བྱེད་ཅིག །གལ་ཏེ་སྨད་པར་བྱས་ན་ནི། །


DNG017_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཆུ་འདི་ཡིས་རྐྱེན་བྱས་ནས། །རྡོ་རྗེ་དམྱལ་བར་གྱུར་ཏ་རེ། །སྐལ་དང་ལྡན་པ་རིགས་ཀྱི་བུ། །ཁྱོད་ཀྱིས་བསྲུང་བར་བྱ་བ་ནི། །ལྷ་དང་བླ་མ་སྤུན་མི་སྤང་། །སྔགས་དང་ཕྱག་རྒྱ་རྒྱུན་མི་གཅད། །གསང་བ་གཞན་ལ་སྤེལ་མི་བྱ། །སྐུ་གསུང་ཐུགས་ཀྱི་དམ་ཚིག་སྟེ། །རྩ་བ་དམ་ཚིག་ངེས་ཐུབ་ན། །དམ་ཆུ་འདི་ཡིས་རྐྱེན་བྱས་ནས། །ཡེ་ཤེས་སེམས་དཔའ་ཉིད་དུ་འགྱུར། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། དབང་གི་ལེའུ་སྟེ་སོ་དགུ་པའོ།། །།དེ་ནས་ཡང་པདྨ་ལས་ཀྱི་སེམས་དཔས། བཅོམ་ལྡན་འདས་དབང་གི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཨེ་མའོ་བཅོམ་ལྡན་དབང་གི་བདག །བདག་ལ་སོགས་པའི་འཁོར་རྣམས་ལ། །བཀྲ་ཤིས་བརྗོད་པ་བཤད་དུ་གསོལ། །ཞེས་གསོལ་ཏོ། །དབང་གིས་རྒྱལ་པོས་བཀའ་སྩལ་པ། ལས་ཀྱི་སེམས་དཔའ་ཉོན་ཅིག །བཀྲ་ཤིས་དམ་པ་བཤད་པར་བྱའོ། །བཀྲ་ཤིས་དམ་པ་གསོལ་པ་ནི། །དང་པོ་མཚམས་ཀྱི་སྦྱོར་བ་ནི། །ཕྱི་ནང་གང་ཡང་རུང་བས་བྱ། །དེ་ནས་བཀྲ་ཤིས་པའི་ཆོ་ག་བྱ། །བག་ཆགས་སྐྱོན་བྲལ་དག་པ་ཡི། །པདྨ་ཡོངས་སུ་བསིལ་གནས་སུ། །དབང་གི་ཞིང་ཁམས་དམ་པ་ན། །བཅོམ་ལྡན་འདས་ཀྱིས་བདུད་ཀྱི་སྡེ་བཅོམ་ནས། །པདྨའི་གདན་ལ་མངོན་སངས་རྒྱས། །བཀྲ་ཤིས་དམ་པ་བདེ་རྒྱས་ཤོག །བཀྲ་ཤིས་དེ་ཡིས་ཡོངས་སུ་རྫོགས་པའོ། །གསུང་རྫོགས་དམ་པ་ཆོས་ཀྱི་སྐུ། །རྫས་མཆོག་དམ་པ་ལྷ་ཡི་རྫས། །ཡེ་དག་པ་ནི་པདྨའི་སྐུ། །སྐུ་གསུང་ཐུགས་སུ་བཀྲ་ཤིས་ཤོག །ཅེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། བཀྲ་ཤིས་མཆོག་གི་ལེའུ་སྟེ་བཞི་བཅུ་པའོ།། །།དེ་ནས་ཡང་ལས་ཀྱི་སེམས་དཔའ་དེས། བཅོམ་ལྡན་དབང་གི་རྒྱལ་པོ་ལ་གསོལ་པ། བཅོམ་ལྡན་དབང་མཆོག་བདེ་བ་ཆེ། །ཕྱི་རབས་པ་ཡི་དོན་སླད་དུ། །ཐམས་ཅད་སེམས་སུ་འདུས་པར་བཤད་དུ་གསོལ། །ཞེས་གསོལ་ཏོ། །བཅོམ་ལྡན་དབང་གི་རྒྱལ་པོས་བཀའ་སྩལ་པ། ཐམས་ཅད་བྱང་ཆུབ་སེམས་སུ་བྱ་བ་དེ། །སེམས་སུ་མ་འདུས་གང་ཡང་མེད། །ཐམས་ཅད་མ་


DNG017_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་སེམས་ཆེན་པོ། །གཟུགས་སུ་སྣང་བ་བྱང་ཆུབ་སེམས། །གཉིས་ཀར་སྣང་བའང་བྱང་ཆུབ་སེམས། །རྣམ་པ་སོ་སོར་སྣང་ཡང་བྱང་ཆུབ་སེམས། །སྙིང་པོ་མ་ནོར་བྱང་ཆུབ་སེམས། །གཞལ་ཡས་མ་ནོར་བྱང་ཆུབ་སེམས། །ཐམས་ཅད་མ་ལུས་བྱང་ཆུབ་སེམས། །སེམས་ལས་མ་བྱུང་གང་ཡང་མེད། །ཡོད་པ་སེམས་ལ་མེད་པ་སེམས། །གཉིས་ཀ་ཡང་ནི་སེམས་ཉིད་དེ། །ཐམས་ཅད་བྱང་ཆུབ་སེམས་སུ་གསལ། །དེ་ནི་བལྟ་བ་བྱང་ཆུབ་སེམས། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། བལྟ་བ་བྱང་ཆུབ་སེམས་ཀྱི་ལེའུ་སྟེ་ཞེ་གཅིག་པའོ།། །།དེ་ནས་ཡང་པདྨ་ལས་ཀྱི་སེམས་དཔས། པདྨ་གར་གྱི་དབང་ཕྱུག་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་བཅོམ་ལྡན་དབང་གི་བདག །ཕྱི་རབས་པ་ཡི་དོན་གྱི་ཕྱིར། །བསྒྲུབ་པའི་རྣམ་པ་བཤད་དུ་གསོལ། །ཞེས་གསོལ་ཏོ། །བཅོམ་ལྡན་དབང་གི་རྒྱལ་པོས་བཀའ་སྩལ་པ། །པདྨ་ལས་ཀྱི་སེམས་དཔའ་ཉོན་ཅིག །སྒོས་ཀྱི་བསྒྲུབ་པ་བསྟན་པར་བྱའོ། །ཟླ་གམ་གཅིག་གི་དཀྱིལ་འཁོར་དུ། །གར་གྱི་དབང་ཕྱུག་ཡབ་ཡུམ་ལ། །གསང་བའི་མ་བཞིས་བསྐོར་ནས་སུ། །སྒོ་ལ་འཁོར་ལོ་རྐང་གཅིག་བཞི། །དེ་རྣམས་སུ་ནི་བཀོད་ནས་སུ། །ལྷ་སྤྲོ་རང་རེའི་སྔགས་ཀྱིས་བྱ། །ཨོཾ་དང་རུ་ལུ་མ་མ་མ་ལས་བསྐྱེད། །ཤ་ཁྲག་དམར་དང་ལྡ་ལྡི་གུར། །རྟེན་པའི་རྫས་དང་མཆོད་པའི་རྫས། །བརྡེག་པའི་རྫས་དང་རྣམ་གསུམ་མོ། །རྟེན་པའི་རྫས་ནི་ཤ་སྣ་ཁྲག་སྣ་དམར་ལ་རྟེན། །མཆོད་པའི་རྫས་ཀྱང་དེ་བཞིན་ནོ། །བསྒྲུབ་པ་འབྲུབ་ཁུང་ལིངྒ་སྟེ། །གདུག་པའི་རྫས་ཀྱིས་བརྡེག་པའོ། །མ་བཞི་ཡན་ཆད་རྫས་བཀྲམ་ནས། །ཐ་མ་གནན་སྲེག་འཕང་བའོ། །དེ་ཡི་ལས་ཀྱིས་ཐེ་ཚོམ་མེད། །རྟ་མཆོག་རོལ་པའི་ཏནྟྲ་ལས། དབང་གི་མ་བཞི་སྒྲུབ་པའི་ལེའུ་སྟེ་ཞེ་གཉིས་པའོ།། །།དེ་ནས་ལས་ཀྱི་སེམས་དཔས་གསོལ་བ་གསན་ནས་ཀྱང་། བསྒྲུབ་པ་ལས་ཀྱི་རིམ་པ་བཤད། །དང་པོ་སྔོན་དུ་འགྲོ་བ་བྱ། །དེ་ནས་དཀྱིལ་འཁོར་བྲི་བར་བྱ། །ཟླ་གམ་ཟླུམ་པོ་པདྨ་བཞི་ཡིས་བསྐོར། །ཁྱམས་དང་སྒོ་རྣམས་དེ་བཞིན་བྱ། །དེ་ལ་དམ་རྫས་དམར་པོ་བསོག །དང་པོ་ཏིང་འཛིན་རྣམ་གསུམ་


DNG017_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། །གཞལ་ཡས་ཁང་དེ་བསྐྱེད་པ་དེ། །འབྱུང་བའི་རིམ་དང་བྷྲཱུཾ་དང་པཾ། །སྐད་ཅིག་སྔགས་བརྗོད་རྫོགས་ཚུལ་བསྐྱེད། །དེ་ལ་བསྐྱེད་ནས་སྤྱན་དྲང་བཞུགས་སུ་གསོལ། །ཕྱག་རྒྱས་སྔགས་ཀྱིས་ཕྱག་བྱའོ། །དེ་ལ་བདུད་རྩི་གཏོར་མ་རཀྟས་མཆོད། །དངོས་གྲུབ་རྣམ་གསུམ་ཚུལ་བཞིན་བླང་། །མཆོད་ཅིང་བསྟོད་པའོ། །དབང་གི་ལྷ་ནི་དབུས་སུ་སྟེ། །པདྨ་དྲུག་ལ་ཁམ་རྒྱ་དགོད། །སྒོ་རུ་སྒོ་མ་དེ་བཞིན་ནོ། །དེ་ནས་དེ་ལ་ལས་ཀྱང་བཅོལ། །སྨོན་ལམ་བཏབ་ཅིང་བསྙེན་བསྒྲུབ་བྱ། །ལྷ་དགོད་པ་ཡང་རིམ་བཞིན་བྱ། །སྡོང་གཅིག་མ་ཡི་ཁྲག་གིས་ནི། །དུར་ཁྲོད་རས་ལ་ལིངྒ་བྲི། །འབྲུབ་ཁུང་ནང་དུ་དེ་བཅུག་ལ། །དེ་ལ་དགུག་གཞུག་བསྡིམ་གདབ་སྟེ། །བསྒྲལ་ནས་ལྷག་མ་བསྟབ་པ་ཡིས། །རྗེས་ཤུལ་དག་ལ་བྲོ་བརྡུང་ངོ་། །གདུག་པའི་རྫས་རྣམས་མ་ལུས་བརྡེག །མཁར་ནག་སྐེ་ནས་གདགས་པར་བྱའོ། །དེ་ཡིས་དབང་དྲག་ལས་བྱའོ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། དབང་གི་རྒྱལ་པོ་ཁམ་རྒྱ་མ་དྲུག་གིས་བསྐོར་བའི་ལེའུ་སྟེ་ཞེ་གསུམ་པའོ།། །།དེ་ནས་ཡང་པདྨ་ལས་ཀྱི་སེམས་དཔའ་ཡིས། དབང་གི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །དཔའ་བོ་ཆེན་པོ་དབང་གི་བདག །ལས་ཀྱི་བསྒྲུབ་པ་བཤད་དུ་གསོལ། །ཞེས་གསོལ་ཏོ། །དབང་གི་རྒྱལ་པོས་བཀའ་སྩལ་པ། པདྨ་ལས་ཀྱི་སེམས་དཔའ་ཉོན་ཅིག །ལས་ཀྱི་བསྒྲུབ་པ་བཤད་པ་ནི། །ཟླ་གམ་ཟླུམ་པོ་གྲུ་བཞི་དང་། །ཕྱི་རིམ་འཁོར་ལོ་བརྒྱད་བསྐོར་ཏེ། །སྒོ་དང་སྒོ་ཁྱུད་དེ་བཞིན་བྱེད། །དབུས་སུ་དབང་གི་རྒྱལ་པོ་དེ། །ཟླུམ་པོ་དང་ནི་གོ་ལ་མ། །འཁོར་ལོའི་རྩིབས་ལ་སྤྱང་བརྒྱད་དེ། །རྩིབས་མཆན་ལ་ནི་ཁྱི་བརྒྱད་དང་། །གྲུ་བཞི་ལ་ནི་ལོང་བའི་ཚོགས། །སྒོ་བཞི་དག་ལ་ཁྲོ་བོའོ། །གཞན་ཡང་རྫས་ཀྱི་རིམ་པ་དགོད། །དབུས་སུ་ཁང་བུ་ཁ་སྦྱར་ཏེ། །དེ་རུ་དམ་རྫས་བསགས་པའོ། །ཕྱི་མ་རང་རེའི་རྫས་དགྲམ་སྟེ། །རྟེན་རྫས་བསྒྲུབ་རྫས་བརྡེག་པའི་རྫས། །ཤ་སྣ་ཁྲག་སྣ་འབྲུ་རྣམས་ནི། །རྟེན་པའི་རྫས་སུ་བསྟན་པའོ། །


DNG017_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུ་བཅུད་སྨན་དང་བཅས་པ་ནི། །དེ་བཞིན་སྙིང་སྣ་དང་བཅས་ཀུན། །དེ་ནི་བསྒྲུབ་པའི་རྫས་སུ་བསྟན། །གུ་གུལ་ཉུང་ནག་རྡོ་ཕྱེ་དུག །དེ་ནི་བརྡེག་པའི་རྫས་ཡིན་ནོ། །གཞན་ཡང་སྐོང་རྫས་ལ་སོགས་བཤམ། །ཏིང་འཛིན་དང་ནི་དབང་མཆོག་རིམ། །གཞན་ཡང་ལྷ་བསྐྱེད་སྤྱན་དྲང་བཞུགས་གསོལ་ཕྱག་འཚལ་མཆོད། །སྨོན་ལམ་གདབ་པ་འདོད་དོན་གསོལ། །དེ་ནས་བསྙེན་བསྒྲུབ་ལས་སུ་བྱ། །དེ་ནས་ལིངྒ་བཅས་ལ་རྫས་དྲག་བསགས། །དེ་ནས་བཏབ་དང་བསྒྲུབ་པ་དང་། །གདབ་དང་དྲག་པོའི་ལས་བྱའོ། །དེ་ཡིས་གང་ལ་དམིགས་པ་འགྲུབ། །ཅེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། དབང་གི་རྒྱལ་པོ་ལ་སྤྱང་བརྒྱད་དང་ཁྱི་བརྒྱད་དང་གོ་ལ་མ་བརྒྱད་དང་ཁྱི་སྤྱང་ལོང་བ་བསྒྲུབ་པའི་ལེའུ་སྟེ་ཞེ་བཞི་པའོ།། །།དེ་ནས་ཡང་ལས་ཀྱི་སེམས་དཔས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཨེ་མའོ་དབང་གི་རྒྱལ་པོ་ཆེ། །སྟོབས་དང་ཏིང་འཛིན་ལྡན་པ་དེས། །ལས་ཀྱི་སྒོམ་སྒྲུབ་བཤད་དུ་གསོལ། །དབང་གི་རྒྱལ་པོས་བཀའ་སྩལ་པ། །སྟོབས་ལྡན་ཏིང་འཛིན་ཆེན་པོ་དེས། །དང་པོ་ལས་ཀྱི་རིམ་པ་བྱ། །དེ་ནས་གཟུགས་བརྙན་དཀྱིལ་འཁོར་བྲི། །དབུས་ནི་ཟླ་གམ་སྒོ་གཅིག་པ། །རེ་མིག་བརྒྱད་དུ་བྲིས་ནས་སུ། །མཐའ་མ་པདྨ་གྲུ་བཞི་སྒོ་དང་བཅས། །དབུས་སུ་དབང་གི་བདག་པོ་སྟེ། །རེ་མིག་རྣམས་ལ་གཽ་རཱི་བརྒྱད། །པདྨ་དབང་ཕྱུག་སིངྷ་མ། །ཉི་ཤུ་རྩ་བརྒྱད་སེང་གེ་དགོད། །སྒོ་ལ་ཁྲོ་བཞི་དེ་བཞིན་དགོད། །ཏིང་ངེ་འཛིན་ཀྱང་དེ་བཞིན་རིག །གཉིས་སུ་མེད་པས་བསྡིམ་པའོ། །ཏིང་འཛིན་རྣམ་གསུམ་རིམ་བཞིན་ཏེ། །ཧཱུཾ་ལས་གཞལ་ཡས་འབྱུང་བས་ཆགས། །རྫོགས་ཚུལ་བསྐྱེད་དང་དགོད་པའོ། །སྤྱན་དྲང་མཆོད་ཅིང་ཕྱག་འཚལ་མཆོད་ལ་ལས་བཅོལ་ལོ། །བསྙེན་པ་དང་ནི་ཉེ་བསྙེན་དང་། །བསྒྲུབ་པ་དང་ནི་བསྒྲུབ་ཆེན་ཏེ། །ཡན་ལག་དེ་དང་ལྡན་པར་བྱ། །ཧ་ཧེ་ལས་ནི་བསྐྱེད་པ་སྟེ། །གཽ་རཱི་ཧ། ཙཽ་རཱི་ཧེ། པྲ་མོ་ཧེ་ཧ། བེ་ཏཱ་ལཱི་ཧ། པུཀྐ་སཱི་ཧ། གྷསྨ་རཱི་ཧ། སྨ་ཤ་ནཱི་ཧ། ཙནྡྷ་ལཱི་


DNG017_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

ཧ། སིངྷ་མུ་ཁཱི་ཧེ། བྱཱ་གྷྲ་མུ་ཁཱི་ཧེ། ཛེྨ ་ག་ལ་མུ་ཁཱི་ཧེ། ཤྭ་ན་མུ་ཁཱི་ཧེ། གྲྀ་ཌྷ་མུ་ཁཱི་ཧེ། ཀངྈ་མུ་ཁཱི་ཧེ། ཀཱ་ཀ་མུ་ཁཱི་ཧེ། ཨུ་ལཱུ་ཀ་མུ་ཁཱི་ཧེ། མ་ནུ་རཀྵ་སཱི། པྲ་ཧྨ་ཎཱི། རཽ་ཏྲཱི། བིཥྞ་བེ། ཀཽ་མཱ་རཱི། ཨིནྡྲ་ནཱི། བཛྲ་པིང་ག་ལམ། ཨ་མྲྀ་ཏཾ། སཽ་མྱ། དཎྜ་དཾ། རཀྵ་སཱི། བྷཀྵ་སཱི། ར་ཏི་བཛྲ། རུ་དྷི་ར་མཏྟཱ། ཨེ་ཀ་ཙ་རི་ཎཱི། ཨེ་ཀ་ར་ཙ་རཾ། མ་ནོ་ཧ་རཾ། སིདྡྷི་ཀཾ། བཱ་ཡ་བེ། མ་ཧ་མ་ར་ཎ། ཨ། ཝ་ར་ཧཱི། ཙ་མུཎྜཱི། སུ་ཏ་ནཾ། བ་རུ་ཎཱི། བཛྲ་མ་ཧཱ་ཀཱ་ལི། ཙ་ཀ་ལཱི། བཛྲ་ཀུམྦྷ་ཀརྞ། བཛྲ་ལཾ་བོ་ད་ར། དེ་ལྟར་བསྐྱེད་མཆོད་ལས་བྱའོ། །དྲག་པོའི་རྫས་དང་ལིངྒ་བཅའ་བ་རྫོགས་པར་བྱ། །ཐ་མ་གནན་བསྲེག་འཕང་དང་སྦྱར། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། དབང་གི་རྒྱལ་པོ་ལ་གཽ་རི་དང་སིངྷ་གསེར་གྱི་སེང་གེས་བསྐོར་བའི་ལེའུ་སྟེ་ཞེ་ལྔ་པའོ།། །།དེ་ནས་ཡང་པདྨ་ལས་ཀྱི་སེམས་དཔས། བཅོམ་ལྡན་འདས་དབང་གི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་དབང་གི་བདག །ཕྱི་རབས་པ་ཡི་དོན་གྱི་ཕྱིར། །དབང་གི་སྐུ་ནི་བསྟན་དུ་གསོལ། །ཞེས་གསོལ་པས། དབང་གི་རྒྱལ་པོས་བཀའ་སྩལ་པ། ལས་ཀྱི་པདྨ་སེམས་དཔའ་ཉོན་ཅིག །དབང་མཆོག་ཉིད་ཀྱི་སྐུ་བསྟན་པ། །སྟོང་པའི་ངང་ལས་ཡི་གེ་སྟེ། །ཡི་གེའི་སྤྲིན་ལས་གཞལ་ཡས་བཅས། །ཡི་གེ་ཧཱུཾ་གི་སྒྲ་བརྗོད་པས། །ཆེ་བའི་ཡོན་ཏན་དཔག་ལས་འདས། །དེ་ལས་དབང་གི་སྐུར་གསལ་ཏེ། །དབུ་ནི་ཉི་ཤུ་རྩ་གཅིག་སྟེ། །ཉི་ཤུ་ལས་ནི་ཡེ་ཤེས་ངོ་བོར་གསལ། །ཕྱག་ནི་བརྒྱད་ཅུ་རྩ་གཉིས་བྱུང་། །ཞབས་ནི་དམར་པོ་བཅུ་རུ་ཤར། །ན་བཟའ་གདུག་པའི་པགས་པ་སྣ་ཚོགས་དང་། །བསེ་ཁྲབ་ལ་སོགས་གསོལ་བའོ། །ལོག་ལྟ་གདུལ་ཕྱིར་རྒྱན་དང་ཆས། །མ་ལུས་ཚང་བར་བསྣམས་པའོ། །ཡུམ་ནི་ཐུགས་ཀར་སྦས་པའོ། །སངས་རྒྱས་སྟོང་གི་འབྱུང་གནས་སོ། །མ་ལུས་སྐུ་ལ་བསྣམས་པ་ཡིས། །མ་ལུས་ཆགས་མེད་ངང་དུ་སྒྲོལ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་


DNG017_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ཏནྟྲ་ལས། དབང་གི་རྒྱལ་པོ་ལས་དང་ཡེ་ཤེས་གྲུབ་ཅིང་ཆེ་བ་བསྟན་པའི་ལེའུ་སྟེ་ཞེ་དྲུག་པའོ།། །།དེ་ནས་ཡང་པདྨ་ལས་ཀྱི་སེམས་དཔས་དབང་གི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་དབང་གི་བདག །ཕྱི་རབས་པ་ཡི་དོན་གྱི་ཕྱིར། །ལྷ་ཚོགས་འདི་རྣམས་བསྒྲུབ་པ་ཡི། །ཐུན་དང་ཟོར་གྱི་རྫས་འདི་གང་། །ལས་ཀྱི་མཐའ་ནི་ཇི་ལྟར་ལགས། །དབང་གི་རྒྱལ་པོས་བཤད་དུ་གསོལ། །དབང་གི་རྒྱལ་པོས་བཀའ་སྩལ་པ། །ལས་ཀྱི་སེམས་དཔའ་ཆེན་པོ་ཉོན། །དྲག་པོའི་ཐུན་དང་རྫས་བསྟན་པ། །སྲུབས་མེད་བསེ་ཕོར་དམར་པོ་རུ། །སྨན་དང་ཤ་ཁྲག་བཅས་པ་ནི། །དམར་པོའི་དར་གྱིས་གྲིལ་བ་ནི། །དབང་གི་རྒྱལ་པོའི་རྫས་ཡིན་ནོ། །ཐོད་པ་ཚལ་པ་བཅུ་དྲུག་ཏུ། །ཁྲག་ཞག་ཉུང་དུག་བཅས་པས་དགང་། །ཡི་གེ་འབྲུ་བརྒྱད་བཀོད་པ་ནི། །ཀཽ་རཱི་སིངྷའི་རྫས་ཡིན་ནོ། །ནག་པོ་དུམ་མེད་ཐོད་པ་རུ། །སྙིང་སྣ་ཚོགས་དང་ཤ་ཁྲག་དང་། །དུག་དང་ཉུང་མངའ་བཅས་པ་ནི། །ཁྱི་སྤྱང་ཚོགས་ཀྱི་རྫས་ཡིན་ནོ། །རྨུ་ལུག་པ་ཡི་ཐོད་པ་རུ། །གདུག་པའི་སེམས་ཅན་ཁྲག་སྣ་དུག་སྣ་རྫས། །བརྡེག་པའི་རྫས་ཀྱིས་བཀང་ནས་ནི། །མཚོན་དང་དུག་གིས་ཁ་བཅད་པ། །ལོང་བའི་ཚོགས་ཀྱི་རྫས་སུ་དགོད། །མཚན་ངན་སྲུབ་མེད་ནང་དུ་ནི། །གདུག་པའི་ཤ་ཁྲག་བསོག་པ་ནི། །ཁམ་རྒྱ་དང་ནི་གོ་ལའི་རྫས། །ལྕང་ལོར་བཅས་པ་ཤ་ཁྲག་བཀང་། །གཽ་རཱི་དང་ནི་ཙཽ་རཱི་སིངྷའི་ཚོགས། །སེང་གེ་ཉི་ཤུ་བརྒྱད་རྣམས་ཀྱི། །ཐུན་དང་ཟོར་གྱི་རྫས་བསྟན་པའོ། །རྣམ་བཞིའི་ལས་དང་བརྡེག་པར་བྱ། །བསྲེག་དང་གནན་པ་རྩ་བའི་སྔགས་གཞུག་ཤམ་བུ་ཅན། །འཕང་བ་ལ་ནི་བྷྱོ་དང་ཐུན། །སྤྱན་དྲངས་སྔགས་ལ་ཛཿགདགས་སོ། །གཞུག་པ་ལ་ནི་ཨཱ་བེ་ཤ །ཕྱག་ན་ཤྲཱི་ན་མོའོ། །མཆོད་དང་བསྟབས་ལ་ཁཱ་ཧི་སྔགས་གཞུག་ཏུ། །ལས་ཀྱི་རྣམ་པ་དེ་ལྟ་སྟེ། །ལྷ་རེ་བསྐུལ་རེ་སྔགས་བཟླས་ཏིང་འཛིན་གསལ་བས་གདབ། །ཏིང་འཛིན་སྔགས་དང་ཚིག་རྣམས་ལ། །བར་ཆད་མེད་པར་བསྒྲིམས་ཏེ་བྱའོ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས།


DNG017_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱི་ཐུན་བསགས་པའི་ལེའུ་སྟེ་ཞེ་བདུན་པའོ།། །།དེ་ནས་ཡང་པདྨ་ལས་ཀྱི་སེམས་དཔས། དབང་གི་བདག་ལ་ཡང་གསོལ་པ། །ཕྱི་རབས་འགྲོ་བའི་དོན་གྱི་ཕྱིར། །མཁའ་འགྲོའི་ཚོགས་རྣམས་བཤད་དུ་གསོལ། །ཞེས་གསོལ་ཏོ། །དེ་སྐད་གསོལ་པ་གསན་ནས་ཀྱང་། །དབང་གི་རྒྱལ་པོས་བཀའ་སྩལ་པ། །མཁའ་འགྲོ་འབར་བའི་ཚོགས་རྣམས་ནི། །བྱང་ཆུབ་སེམས་དཔའི་སྤྲུལ་པ་སྟེ། །གདུལ་བྱ་མ་དད་བཏུལ་བའི་ཚེ། །འཁོར་བའི་འཁོར་རྣམས་དབང་བསྡུས་ཏེ། །འགྲོ་བའི་དོན་དང་བསྟུན་པའི་ཕྱིར། །ཡེ་ཤེས་དང་ནི་ལས་ཀྱི་མཁའ་འགྲོ་མ། །འཕགས་པའི་ལུས་ལ་གདུག་པའི་དབུ། །འབུམ་ཕྲག་གཡས་དང་གཡོན་དུ་གནས། །ལྷག་མ་སྡུད་ཅིང་ལས་རྣམས་མཐར་འབྱིན་པའོ། །ཡེ་ཤེས་མཁའ་འགྲོ་མཆོད་ཅིང་ལས་ཀྱི་མཁའ་འགྲོ་རྣམས། །དམ་ལ་བཏགས་ཏེ་གཉེར་གཏད་ལས་བཅོལ་ལོ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། མཁའ་འགྲོའི་ཚོགས་ཀྱི་ལེའུ་སྟེ་ཞེ་བརྒྱད་པའོ།། །།དེ་ནས་ཡང་པདྨ་ལས་ཀྱི་སེམས་དཔས། དབང་གི་རྒྱལ་པོ་ལ་གསོལ་པ། །ཀྱེ་མ་དབང་གི་རྒྱལ་པོ་ཆེ། །འགྲོ་བའི་དོན་དུ་བཀའ་སྩོལ་ཅིག །དྲག་པོ་ཧོམ་ལས་བདག་ཉན་འཚལ། །ཞེས་གསོལ་ཏོ། །དབང་གི་རྒྱལ་པོས་བཀའ་སྩལ་པ། །ཉོན་ཅིག་ལས་ཀྱི་སེམས་དཔའ་ཆེ། །དྲག་པོ་ཧོམ་གྱི་ལས་དག་ནི། །ཟླ་གམ་གྲུ་གསུམ་ནང་དུ་ནི། །གདུག་པའི་ཤིང་ལ་མེ་སྦར་ཏེ། །འབྱུང་བ་རླུང་གི་བུ་མོ་བཞི་ནི་བསྐུལ། །བ་དན་རྫི་ལ་འཕྱར་ཞིང་འབྱུང་བའི་མེ་ཡང་འབུད། །གདུག་པ་མ་ལུས་ཚོགས་ནི་སྤོར་ཞིང་བརྣགས་པའི་ལས་བྱེད་དོ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ཧོམ་གྱི་ལེའུ་སྟེ་ཞེ་དགུ་པའོ།། །།དེ་ནས་ལས་ཀྱི་སེམས་དཔས་ཡང་གསོལ་པ། །དབང་གི་རྒྱལ་པོ་ཨེ་མ་ཧོ། །དགུག་ཅིང་མྱོས་པའི་ལས་རྣམས་བཤད་དུ་གསོལ། །ཞེས་གསོལ་ཏོ། །དབང་གི་རྒྱལ་པོས་བཀའ་སྩལ་པ། །དབང་གི་རྒྱལ་པོ་ཆེན་པོ་ཡིས། །བཾ་ནི་ལྗགས་ཀྱི་རྩེ་ནས་སྤྲོས། །ཧཱུཾ་དང་ཛཿནི་ཐུགས་ནས་


DNG017_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོས། །ཧོཿནི་གསང་བའི་གནས་ནས་སྤྲོས། །དེ་ལས་ཕྱག་རྒྱའི་ཚོགས་བྱུང་སྟེ། །ལྕགས་ཀྱུ་ཅན་དང་ཞགས་པ་ཅན། །ལྕགས་སྒྲོག་ཅན་དང་དྲིལ་བུ་ཅན། །བཞི་ཡིས་ཕྲིན་ལས་རྣམ་བཞི་རྫོགས། །ལས་ནི་ཐམས་ཅད་འགྲུབ་པར་བྱེད། །ཅེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ཕྱག་རྒྱ་བཞིའི་ལེའུ་སྟེ་ལྔ་བཅུ་པའོ།། །།དེ་ནས་ཡང་པདྨ་ལས་ཀྱི་སེམས་དཔས། དབང་གི་རྒྱལ་པོ་ལ་གསོལ་པ། །ཀྱེ་མ་བཅོམ་ལྡན་དབང་གི་བདག །དམིགས་པའི་རྟེན་ནི་གང་ལ་བགྱི། །ཞེས་གསོལ་ཏོ། །བཅོམ་ལྡན་འདས་དབང་གི་རྒྱལ་པོས་བཀའ་སྩལ་པ། ལིངྒ་བཅའ་བའི་རྒྱུ་ཉིད་ནི། །མི་ཕུང་ས་དང་མ་རུངས་པ། །གལ་གྱི་དུམ་བུ་ཇུ་ཚེ་ཕུབ། །སྲུབ་ཀའི་ལོ་མ་ཏིག་ཏ་རྣམས། །བོང་བུ་ཡི་ནི་བདུད་རྩིས་སྦྲུ། །དེ་ལ་ལིངྒ་མཚན་ལྡན་བྱ། །མགོ་དང་ཡན་ལག་གསང་གནས་བཅས། །ཉོན་མོངས་ལྔ་དང་ལྡན་པར་བྱས། །ཡན་ལག་ཉིང་ལག་རྫོགས་ལ་དོད་པར་བྱས། །ལྷ་ལྔ་དག་དང་ཕྲལ་ནས་ནི། །མ་ཉེས་གཟུ་དང་དཔང་བཙུག་སྟེ། །ཚོན་སྣ་ལྔ་ཡིས་བྱད་དུ་གཞུག །ཚོན་སྣ་ལྔ་ཡི་བྲུངས་ཀྱིས་གནན། །སྨེ་བ་གསུམ་གྱི་ཁྲག་གིས་བྱུག །སྐེ་ནས་མཁར་ནག་དག་གིས་གདགས། །འབྲུབ་ཁུང་གསང་བའི་གནས་སུ་བཅུག །དེ་ལ་དབང་དྲག་ལས་བྱའོ། །དེ་ལ་ཕྱག་རྒྱ་ཆེན་པོ་ཡིས། །བཀུག་ཅིང་བཅིངས་ལ་གདབ་པར་བྱ། །གདུག་པ་དུག་གི་རྒྱུ་དག་ལ། །དེ་ལ་ཕུར་པ་སོར་ལྔ་སྟེ། །ལྕགས་སམ་ཟངས་སམ་དངུལ་དང་གསེར་དག་ལ། །དེ་ལ་བྱིན་བརླབ་དབང་བསྐུར་ཏེ། །ཡབ་ཡུམ་གསང་བའི་གནས་ནས་སུ། །བྱང་ཆུབ་སེམས་ཀྱི་འཕྲོ་འདུ་ལས། །ཡི་གེ་ཨོཾ་དང་ཨཱཾ་དང་ཧཱུཾ། །རིམ་པས་བསྐོར་ཏེ་སྐུ་གསུང་ཐུགས་སུ་བརླབ། །དེ་ལ་སངས་རྒྱས་ཐམས་ཅད་ཀྱིས། །ཕུར་པ་དེ་ཉིད་སྲས་སུ་བྱིན་གྱིས་བརླབ། །མ་ལུས་སྒྲོལ་བའི་དབང་ཡང་བསྐུར། །དེ་ཡིས་གདབ་ཅིང་བསྒྲལ་བྱས་ན། །མི་སྒྲོལ་བ་ནི་གང་ཡང་མེད། །བྱང་ཆུབ་སེམས་ལས་སྤྲོས་པ་ཡི། །ཐུགས་རྗེས་ཁམས་གསུམ་མ་གཡོས་བསྒྲལ། །ཐམས་ཅད་གཉིས་མེད་ངང་དུ་བསྒྲལ། །


DNG017_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ལིངྒ་བཅའ་བ་དང་ཕུར་བུ་གདབ་པའི་ལེའུ་སྟེ་ང་གཅིག་པའོ།། །།དེ་ནས་ཡང་པདྨ་ལས་ཀྱི་སེམས་དཔས་དབང་གི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་དབང་གི་བདག །ཚེ་འདས་ཀྱི་དགེ་བའི་ལས་ཀྱི་སྟོངས་བྱ་ན། །ལས་ཀྱི་རྣམ་པ་ཇི་ལྟར་ལགས། །དབང་གི་རྒྱལ་པོས་བཤད་དུ་གསོལ། །ཞེས་གསོལ་ཏོ། །དབང་གི་རྒྱལ་པོས་བཀའ་སྩལ་པ། །ཚེ་འདས་དགེ་བའི་ལས་ཀྱི་སྟོངས་བྱ་ན། །དང་པོར་ལུས་སྦྱང་སེམས་སྦྱང་གཉིས། །དེ་ནས་ཕུང་པོ་བསྲེག་སྦྱང་ན། །རུས་པ་སྐུ་གདུང་རིང་བསྲེལ་ཏེ། །སྐུ་གདུང་དུས་གསུམ་མཆོད་པའི་རྟེན་དུ་བཞུགས། །དང་པོར་དད་དང་ལྡན་པའི་རྣལ་འབྱོར་པས། །གཟུགས་བརྙན་མཆོད་རྟེན་མངོན་བཞེངས་ན། །སྔགས་མཁན་རབ་ཀྱིས་བློ་ལྡན་པས། །རྩེ་གཅིག་ཏིང་འཛིན་བྱ་བ་ནི། །འོག་གི་འགྲམ་བཏིང་དགེ་བ་བཅུ། །བམ་རིམ་དང་པོ་དྲན་པ་ཉེར་གཞག་བཞི། །གཉིས་པ་ཡང་དག་སྤོང་བ་བཞི། །གསུམ་པ་རྫུ་འཕྲུལ་རྐང་པ་བཞི། །བཞི་པ་སྣང་བའི་དབང་པོ་ལྔ། །བུམ་པའི་རྟེན་ནི་སྟོབས་ཆེན་ལྔ། །ཁ་ཁྱེར་འཕགས་པའི་ཡན་ལག་བརྒྱད། །སྲོག་ཤིང་མཁྱེན་པ་བཅུ་ཡིན་ཏེ། །འཁོར་ལོ་བཅུ་གསུམ་སྟོབས་བཅུ་ཉེར་གཞག་གསུམ། །ཆར་ཁེབས་སྐྱབས་ཆེན་ཐུགས་རྗེའི་བདག་ཉིད་དེ། །བྱ་རུ་ཐབས་དང་ཤེས་རབ་ལ། །ཏོག་ནི་མི་དམིགས་ཆོས་ཀྱི་སྐུ། །དྲིལ་བུ་ཆོས་ཉིད་སྟོང་པའི་སྒྲ། །དར་དཔྱངས་འཁོར་བའི་མཐའ་ལས་འདས། །རྒྱུ་འབྲས་ཆོས་ལས་གྲུབ་པའི་སྐུ་གདུང་ལ། །སྐུ་ཕྱིས་སྐུ་ཁྲུས་གསོལ་ཏེ་བཞུགས་པར་བསམ། །དེ་ཉིད་མ་ནོར་གཞལ་ཡས་བསམ། །སྐུ་གསུམ་ངོ་བོ་གང་ཡང་རུང་བ་འམ། །འདི་ནི་སྤྲུལ་པའི་སྐུ་ཉིད་དེ། །སྤྱན་དྲངས་བསྡིམས་མཆོད་དོན་གསོལ་གདབ། །ཕྱི་མཐའི་མུ་ཡི་བར་དུ་འམ། །འཁོར་བ་མཐར་བརླག་བར་དུ་ནི། །སྐུ་གདུང་མཆོད་པའི་རྟེན་དུ་བཞུགས། །དེ་ནས་ཡང་ནི་བཤད་བྱ་བ། །སྐུ་གཟུགས་ཚ་ཚ་གདབ་པ་ནི། །ཟངས་ལྕགས་གསེར་དངུལ་ལ་སོགས་པ། །ཞུ་ནས་ལུགས་སུ་བླུགས་ཀྱང་རུང་། །དུར་ཁྲོད་ཚོན་


DNG017_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

རྩི་སྣ་ལྔ་ཡིས། །ཁུང་བུ་ལོགས་སམ་ཐང་ཁ་ལ། །ཐབས་ལ་མཁས་པས་བྲིས་པ་འམ། །རྭ་དང་བ་སོ་རྡོ་ཤིང་ས། །ཀུན་ལ་འབུར་དུ་བཏོད་པ་སྟེ། །མཁན་པོ་གང་ཡང་ཤེས་དང་ལྡན་གྱུར་པས། །ལེགས་ཤིང་དོད་དེ་ཚད་དང་ལྡན་པར་བྱ། །རང་འདོད་ལྷ་ཡི་གཟུགས་ཉིད་ལ། །ངེས་པའི་ཏིང་འཛིན་རྩེ་གཅིག་ཏུ། །ཡང་དག་པར་ནི་བསམ་བྱས་ནས། །སྐུ་ཕྱིས་སྐུ་ཁྲུས་གསོལ་པ་དང་། །དབུ་བཤད་སྙན་བསལ་སྤྱན་དབྱེ་ཤངས་སྤུ་འཐོག །ཚེམས་དྲུད་པ་དང་ལྗགས་བཞར་ནས། །རང་བཞིན་གནས་ནས་སྤྱན་དྲང་བསྡིམ། །ཕྱག་བྱ་མཆོད་དེ་བསྒྲུབ་བྱས་ནས། །བཀུར་འོས་ཕྱག་བྱ་མཆོད་པའི་གནས། །འཁོར་བ་མ་སྟོངས་བར་དུ་ནི། །ཞལ་བསྲོ་བཀྲ་ཤིས་མངའ་གསོལ་དབང་བསྐུར་ནས། །སྐུ་གཟུགས་མཆོད་པའི་རྟེན་དུ་བྱའོ། །ཕྲེང་བ་ཡི་གེ་འབྲུ་བརྒྱད་དེ། །ཕྲེང་ཐག་དབུགས་ཀྱི་རྟ་ཉིད་དུ། །ཕར་འཕྲོ་བ་དང་ཚུར་འདུ་བ། །མཐེབ་མཛུབ་གཉིས་ཀྱིས་བགྲང་བྱ་བ། །གསེར་གྱི་བ་ཐག་གཟིངས་བཞིན་ནོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། མཆོད་རྟེན་དང་། ཚ་ཚ་དང་། ཕྲེང་བའི་ལེའུ་སྟེ་ང་གཉིས་པའོ།། །།དེ་ནས་ཡང་པདྨ་ལས་ཀྱི་སེམས་དཔས། བཅོམ་ལྡན་འདས་དབང་གི་རྒྱལ་པོ་ལ། འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་དབང་དྲག་ཆེ། །དབང་གི་རྒྱལ་ལ་བདག་ཉན་འཚལ། །མཆོད་པ་ཆེན་པོ་ཇི་ལྟར་ལགས། །དབང་གི་རྒྱལ་གྱིས་བཀའ་སྩོལ་ཅིག །ཅེས་གསོལ་ཏོ། །དབང་གི་རྒྱལ་པོས་བཀའ་སྩལ་པ། །ཉོན་ཅིག་ལས་ཀྱི་སེམས་དཔའ་ཆེ། །མཆོད་པ་ཆེན་པོ་ཞེས་བྱ་བ། །མ་དད་སེམས་ཅན་ཆེན་པོ་བསྒྲལ་བའི་ཚེ། །ཕུང་པོ་དུར་ཁྲོད་གྱུར་པའི་ཚེ། །བདེ་གཤེགས་རིགས་ཚོགས་མ་ལུས་ལ། །ཐམས་ཅད་རྫས་ཀྱིས་མཆོད་པ་སྟེ། །ཕྱི་ཡི་དྭངས་མ་ལྔ་ནི་མཆོད་པར་ཕུལ། །ཞི་བ་ཆེན་པོའི་ཚུལ་དུ་ཕུལ་བའོ། །རྣམ་ཤེས་དབང་པོ་ཡུལ་བཅས་པ། །ཞི་བ་རྡོ་རྗེ་དབྱིངས་ལ་ཕུལ། །ཐམས་ཅད་ཞི་བས་སྦྱང་བའོ། །ཕུང་པོ་ཁམས་དང་དབང་པོ་ཡུལ་དུས་ཏེ། །ཕུང་པོ་ལྔ་ནི་ཁྲག་འཐུང་ལྔ་ལ་


DNG017_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

ཕུལ། །ཡུལ་ལྔ་ཁྲོ་མོ་ལྔ་ལ་ཕུལ། །རྣམ་ཤེས་བརྒྱད་ནི་གོའུ་རཱི་མ་ལ་ཕུལ། །ཡུལ་ནི་སིང་ཧ་མ་ལའོ། །ཡིད་ཆོས་ཀུན་བཟང་ཡབ་ཡུམ་གཉིས་ལ་ཕུལ། །མི་དགེ་དག་ནི་ཉི་ཤུ་རྩ་བརྒྱད་ནི། །སིང་ཧ་དབང་མོ་རྣམས་ལ་ཕུལ། །མི་དགེ་བརྒྱད་ནི་སྒོ་བ་ཡབ་ཡུམ་ལ། །དེ་ནི་འགྲོ་བ་འདུལ་བར་སྦྱང་བའོ། །གསང་བ་སྤྱི་ཡི་དབང་གི་རྒྱལ་ལ་ཕུལ། །ཡུལ་དང་ཆོས་བཅས་གཟི་ལྡན་ཅན། །ཚོགས་བརྒྱད་ཡུལ་བརྒྱད་ཁྱི་སྤྱང་ཚོགས་ལ་ཕུལ། །དབང་པོ་ལྔ་དང་ཡུལ་ལྔ་ཁམ་རྒྱ་གིར་མ་ལ། །དྭངས་མ་བཞི་ནི་ཡུམ་བཞི་ལ། །རྟོག་ཚོགས་རྣམས་ནི་ལོང་བའི་ཚོགས་ལ་དབུལ། །དུག་ལྔ་དབང་གི་རྒྱལ་དང་བརྟུལ་ཞུགས་བཞི་ལ་སྟེ། །ཡན་ལག་ཁྲོ་བོ་མགོ་བརྩེགས་བཞི་ལ་དབུལ། །ནང་རོལ་ཕོ་ཉ་དང་ནི་མ་ཚོགས་རྣམས་ལ་ཕུལ། །དབང་གི་མ་ཚོགས་གསང་བ་ཡིས། །དུག་ལྔ་དབང་དུ་སྦྱང་བའོ། །རུས་པ་མ་ལུས་མཆོད་པར་ཕུལ། །ཞེ་སྡང་གཏན་ནས་དག་པའོ། །ཤ་ཆེན་མ་ལུས་མཆོད་པར་ཕུལ། །གཏི་མུག་གཏན་ནས་དག་པའོ། །ཆུ་སེར་མ་ལུས་མཆོད་པར་ཕུལ། །ང་རྒྱལ་གཏན་ནས་དག་པའོ། །ཀླད་པ་དག་པའི་མཆོད་པར་དབུལ། །གཉིས་མེད་སེམས་ཀྱི་མཆོད་པ་སྟེ། །ཉོན་མོངས་མ་ལུས་དག་པའོ། །ཐམས་ཅད་བདུད་རྩི་ཆེན་པོར་སྤྲུལ། །གསང་བ་ཡི་ནི་མཆོད་པར་ཕུལ། །གཉིས་སུ་མེད་དང་བླང་དོར་མེད་པ་དག་པའོ། །སྒྲ་ཚོགས་མ་ལུས་མཆོད་པ་སྟེ། །ཉོན་མོངས་གདུངས་པའི་སྒྲ་ནི་ཡེ་ཤེས་གཉིས་མེད་དག་པའོ། །རྡོས་པ་རྣམས་ཀྱང་གཞལ་ཡས་དག་གདན་དུའོ། །ཞེས་གསུངས་པ་ལ་ཐེ་ཚོམ་མེད། །དེ་ལྟར་མ་དད་བསྒྲལ་ཏེ་མཆོད་པ་ཕུལ། །མ་ཆགས་མཆོད་པ་མ་སྤངས་གནས་སུ་དག་པའོ། །ཕྱི་རབས་རྣམས་ཀྱང་དེ་བཞིན་ཏེ། །མཆོད་པ་ཕྱི་ནང་གསང་བར་བྱའོ། །དེ་ཡིས་ལས་གྲུབ་ཐེ་ཚོམ་མེད། །ཅེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། མཆོད་པའི་རིམ་པར་ཕྱེ་བའི་ལེའུ་སྟེ་ང་གསུམ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་དབང་གི་རྒྱལ་པོ་ལ། ལས་ཀྱི་པདྨ་སེམས་དཔའ་དེས། མ་


DNG017_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་པ་ཡི་མཆོད་པ་ཕུལ་ནས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་དབང་གི་བདག །ཕྱི་རབས་པ་ཡི་དོན་གྱི་ཕྱིར། །དྲག་པོའི་ཐོག་སེར་ལས་ནི་བདག་ཉན་འཚལ། །དབང་གི་རྒྱལ་པོས་བཀའ་སྩོལ་ཅིག །ཅེས་གསོལ་ཏོ། །དབང་གི་རྒྱལ་པོས་བཀའ་སྩལ་པ། པདྨ་ལས་ཀྱི་སེམས་དཔའ་ཉོན་ཅིག །དྲག་པོའི་ཐོག་སེར་དབབ་པ་ན། །རྟ་ཡི་ཏིང་འཛིན་ལྡན་པ་ཡིས། །དང་པོ་གནས་ནི་བཙལ་བར་བྱའོ། །གནོད་སྦྱིན་མོ་ཡི་སྤར་རྗེས་སམ། །བྲག་དམར་མཆི་རིས་ཡོད་པ་འམ། །གནོད་སྦྱིན་མཚོན་ཆས་བཤལ་རྗེས་སམ། །རྟེན་དང་འདྲེལ་པ་ཅན་དག་གམ། །ཡང་ན་ས་ནི་ཟླ་གམ་འདྲ་བ་འམ། །གྲུ་གསུམ་སར་ནི་རྣམ་པར་བསྒྲུབ། །དེ་རུ་ཡར་གྱི་ཚེས་ལ་འཇུག །དེ་རུ་བཤགས་ཤིང་བསྙེན་པ་བྱ། །དེ་ནས་ཕྱི་མཆོད་ལས་རྣམས་བྱའོ། །སྲུབས་མེད་སྤྱི་བླུགས་ཐོད་པ་རུ། །དབུས་སུ་ཟླ་གམ་གསུམ་དུ་བྱ། །ཐ་མ་འཁོར་བཞི་པད་བཞི་ནང་། །དེ་རུ་ཐོག་བདག་མ་བཞི་དགོད། །ཟླ་གམ་སྒོ་བདུན་གཟའ་མཆོག་དགོད། །ཕྱི་མ་ལས་དང་དབང་མཆོག་ཚོགས། །དེ་ལྟར་བཀོད་ལ་བསྒྲུབ་པ་སྟེ། །དཀྱིལ་དུ་སེང་གེ་ཕུར་བུ་དགོད། །དབང་གི་རྒྱལ་པོར་མངའ་གསོལ་ལོ། །མདུན་དུ་གཟའ་ཡི་རྒྱལ་པོ་སྟེ། །དྲག་པོ་ཐོག་སེར་ཕྲིན་ལས་བཅོལ། །འཁོར་ལོ་པདྨར་ལས་ཀྱི་གདུག་པ་མོ། །བཞི་ནི་བཀོད་དེ་ཆུ་འཁྱགས་འབེབས། །དེ་ལྟར་གསལ་ཞིང་དབབ་པའོ། །དང་པོ་སྤྱན་དྲང་མཆོད་པའོ། །བསྙེན་པ་དང་ནི་ཉེ་བསྙེན་དང་། །བསྒྲུབ་པ་དང་ནི་བསྒྲུབ་ཆེན་ནོ། །བསྙེན་བསྒྲུབ་བཞི་རུ་ཤེས་པར་བྱ། །དབང་གི་རྒྱལ་པོ་ཡབ་ཡུམ་བར། །མ་ལས་ཐོག་གི་རྒྱལ་མོ་བཞི་རུ་བྱུང་ངོ་། །ཞབས་ཀྱི་གཟའ་ཆེན་པོ་རཱ་ཧུ་ལ། ཡ་མ་ནག་པོ་བཏོན་ཏེ། དེ་ལྟར་བཀོད་དེ་གནས་པ་ལས། །དབུས་སུ་གཙོ་བོ་ཧྲཱྀཿལས་སོ། །དཀྱིལ་འཁོར་དེ་ལ་རིམ་པར་རོ། །ཨོཾ་ཧྲི་རུ་ལུ་ས་མ་ཡ་ཛ། ཡ་མ་སྙིང་ལ་མ་ཁྲག་དུག་སི་ས་མ་ཡ་ཛ། མ་མ་རག་ཤ་ཏྲག་རུ་ཙར་ལི་མ་ཤམ་པ་དེ་ལ་མ་བྷྱོ། རཀྵ་ཁ་ལ་ཏི་ས་མ་ཡ་བྷྱོ། ག་པི་ས་མ་ཡ་རུ་རུ་ཙ་བ་ཙ་བ་དྲག་ཏུ་ཙིར་བྷྱོ། ཆད་པ་ནག་པོའི་ཐོད་པ་རུ། །ལས་ཀྱི་


DNG017_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པ་གོང་བཞིན་ཏེ། །གདུག་པའི་ཤ་ཁྲག་མ་ལུས་དང་། །སྙིང་སྣ་དང་ནི་སྨན་གྱིས་མཆོད། །རག་དུ་རོ་ཤ་ཤ་ལ་ཤ་མ་ར་ཕོབ། དྲག་ལིང་བབ་ལིང་། ས་མ་རུ་ཏི་ཡ་བྷྱོ། དུག་དང་མ་རུངས་སྦྱར་བར་བྱའོ། །གནས་གསུམ་དག་ཏུ་གཏང་རུ་གཞུག །གནམ་ལ་སྐྱ་རེངས་གཟེར་ཆེན་ཏེ། །བར་དུ་ལྷ་གཉན་གདུག་སེར་གཏའ། །ས་ལ་གདུག་པའི་ཁྲག་ཟོར་རོ། །དེ་ཡིས་ལས་རྣམས་གྲུབ་པའོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ཐོག་འབེབས་པ་དང་སེར་བ་འབེབས་པའི་ལེའུ་སྟེ་ང་བཞི་པའོ།། །།དེ་ནས་ལིངྒ་དྲག་པོ་བཅས་ནས་ནི། །མཚན་དང་ལྡན་པའི་ལིངྒ་ལ། །སེང་ལྡེང་ཕུར་པས་བསྡིགས་ཤིང་གཟིར། །ཁྲག་སྣ་འདུས་པ་སྨེ་བར་བཅས། །ཐོད་པ་དག་ཏུ་བླུགས་ནས་ནི། །དུར་ཁྲོད་རྐང་གི་རྨྱུ་གུ་བྱ། །འོ་མ་སྣ་གསུམ་བསྲེས་ནས་ནི། །གདུག་པའི་ཤིང་ལ་མེ་སྦར་ལ། །དུག་སྔགས་བཟླས་ཤིང་ཐབ་བཅས་ལ། །ཐལ་འཇམ་དུར་ཁྲོད་སོལ་བས་ཕྱོགས་བཞིར་གཏོར། །དེ་ཡིས་ཐོག་སེར་འབེབས་པར་བྱེད། །རྟ་མཆོག་རོལ་པའི་ཏནྟྲ་ལས། རྡོ་རྗེ་ཐོག་སེར་འབེབས་པའི་ལེའུ་སྟེ་ང་ལྔ་པའོ།། །།དེ་ནས་ཡང་ལས་ཀྱི་སེམས་དཔས། དབང་གི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་གསང་བ་དབང་གི་བདག །ཕྱི་རབས་དོན་དང་བདག་ལ་ཡང་། །ཟོར་གྱི་ལས་རྣམས་བཤད་དུ་གསོལ། །ཞེས་གསོལ་ཏོ། །བཅོམ་ལྡན་དབང་གིས་བཀའ་སྩལ་པ། །པདྨ་ལས་ཀྱི་སེམས་དཔའ་ཉོན། །དབང་གི་ཟོར་དུ་བསྟན་པ་ནི། །བསྒྲུབ་པ་ཆེན་པོ་རྫོགས་པའི་ཚེ། །དྲག་པོ་ཟོར་དུ་བྱ་བ་ནི། །དབང་གི་རྒྱལ་པོ་སྐྱེས་བུ་ཡིས། །གཤེར་མ་དྲེགས་པའི་བྷན་དྷ་རུ། །ཁྱོ་དགུ་ཤི་བའི་དྲི་མ་ཅན། །དེ་ལྟ་བུ་ཡི་ཐོད་པ་རུ། །དྲག་པོའི་རྫས་རྣམས་མ་ལུས་བསོག །གདུག་པའི་རྫས་ཀྱིས་དེ་བཀང་ལ། །བྱིན་གྱིས་བརླབས་ཤིང་བསྐུལ་བྱས་ཏེ། །གར་དམིགས་གནས་སུ་འཕང་བྱས་ལ། །དེ་ལ་ཟོར་གྱི་གདུག་བདག་བསྐུལ། །ཡི་གེ་བཞི་ཡིས་འཕྲོ་འདུ་བྱ། །ཞེ་སྡང་གདུག་པའི་ཏིང་འཛིན་བསྒོམ། །ཟོར་གྱི་ལས་མཁན་མ་ཚོགས་བསྐུལ། །ཞེ་སྡང་ལྡན་པས་


DNG017_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

བརྡེག་པར་བྱའོ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། དབང་གི་ཟོར་གྱི་ལེའུ་སྟེ་ང་དྲུག་པའོ།། །།དེ་ནས་ཡང་པདྨ་ལས་ཀྱི་སེམས་དཔས། དབང་གི་རྒྱལ་པོ་ལ་གསོལ་པ། ཀྱེ་མ་དབང་གི་རྒྱལ་པོ་ལགས། །ཕྱི་རབས་རྣམས་ཀྱི་དོན་དུ་ནི། །རྒྱུན་དུ་ཏིང་འཛིན་ཇི་ལྟར་ལགས། །དཔའ་བོ་དབང་གི་རྒྱལ་པོས་བཀའ་སྩལ་པ། །ལས་ཀྱི་སེམས་དཔའ་ཉོན་ཅིག །ཕྱི་རབས་རྣམས་ཀྱི་དོན་དུ་རྒྱུན་གྱི་ཏིང་ངེ་འཛིན་བསྟན་པར་བྱའོ། །མངོན་དུ་བཞག་སྟེ་སེམས་བསྐྱེད་དེ། །ཏིང་འཛིན་གསུམ་དང་ལྡན་པར་བྱ། །སྣོད་ནི་དག་པ་གཞལ་ཡས་ལ། །བཅུད་ནི་དག་པ་ལྷ་ཡི་ཚོགས། །གཉིས་སུ་མེད་པར་ལྷ་མོས་མཆོད། །སྤྱན་དྲང་བཞུགས་གསོལ་ཕྱག་བཙལ་ནས། །མཆོད་པ་འདོད་དོན་གསོལ་བ་གདབ། །དགྱེས་པ་བསྐྱེད་དེ་གཤེགས་སུ་གསོལ། །ཨོཾ་བཛྲ་པ་ལེན་ཏ་བི་ཤ་ཙ་ཏྲ་མ། བྷྲཱུཾ་ཨོཾ་དྷྲི་ཤཾ་ཡ་མ་ཡ་ས་མ་ཡ་ཕཊ། བྱིན་བརླབ་མཆོད་དེ་ལྷ་རྣམས་དགྱེས་པ་བསྐྱེད། །བསྟོད་ཅིང་བསྐུལ་ལ་ཕྲིན་ལས་བཅོལ། །བཟའ་བ་ཐམས་ཅད་མཆོད་པ་དེ། །བཏུང་བ་ཐམས་ཅད་བདུད་རྩིར་མཆོད། །ལྷ་མཆོད་བདག་རོལ་དངོས་གྲུབ་ཡིན། །རྟ་མཆོག་རོལ་པའི་ཏནྟྲ་ལས། རྒྱུན་གྱི་ཏིང་ངེ་འཛིན་གྱི་ལེའུ་སྟེ་ང་བདུན་པའོ།། །།པདྨ་ལས་ཀྱི་སེམས་དཔའ་ཉོན། །ཡི་གེ་ཕྲེང་བའི་བཟླས་པ་དང་། །དགོངས་པའི་ཕྲིན་ལས་ཆེན་པོ་ནི། །དང་པོ་ཕྱི་མོ་འཁོར་ལོར་གསལ། །བདེ་བ་ཆེན་པོའི་གཞལ་ཡས་སྤྱི། །འཁོར་ལོ་སུམ་ཅུ་རྩ་གཉིས་སོ། །ཕྱི་མོ་ཡི་གེ་ཨོཾ་དུ་གསལ། །དེ་ལས་འབྲུ་བརྒྱད་ཧུ་ལུའི་ཚོགས། །ཡིག་འབྲུ་རིན་ཆེན་ཕྲེང་བ་སྟེ། །ཡི་གེ་འོད་ཀྱི་ཕྲེང་བར་གནས། །ལོངས་སྤྱོད་འཁོར་ལོ་འདབ་བཅུ་དྲུག །ཕྱི་མོ་ཡི་གེ་ཨཱཾ་དམར་པོ། །དེ་ལ་ཧུ་ལུ་འབྲུ་བརྒྱད་བསྐོར། །ཐིག་ལེ་ལྟ་བུར་བསྐོར་བའོ། །ཆོས་ཀྱི་འཁོར་ལོ་འདབ་མ་བརྒྱད། །ཕྱི་མོ་ཡི་གེ་ཧཱུཾ་དུ་གནས། །ཐ་མ་ཧུ་ལུ་འབྲུ་བརྒྱད་བསྐོར། །རིན་ཆེན་རྩར་ལ་བརྒྱུས་པ་བཞིན། །ཏིལ་འབྲུ་བཞིན་དུ་གནས་པའོ། །ལྟེ་བ་རིན་ཆེན་གཞལ་ཡས་ཏེ། །འཁོར་ལོ་དྲུག་ཅུ་གཉིས་དང་ལྡན། །ཕྱི་མོ་ཡི་གེ་སྭཱ་སེར་པོ། །དེ་ལ་ཧུ་ལུ་འབྲུ་


DNG017_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་བསྐོར། །ཚ་ཚ་ལྟ་བུར་གནས་པའོ། །ལས་ཀྱི་གཞལ་ཡས་འབར་བ་བཞི། །མེ་དང་རླུང་གི་འཁོར་ལོར་གནས། །ཡི་གེ་གཞུ་དང་གྲུ་གསུམ་བ་དན་མཚན། །ཕྱི་མོ་ཡི་གེ་ཧཱ་ལྗང་གུ། །དེ་ལ་ཧུ་ལུ་འབྲུ་བརྒྱད་བསྐོར། །ཚ་ཚ་བཞིན་དུ་གནས་པའོ། །དེ་ལས་འཕྲོ་དང་འདུ་བ་སྟེ། །ཕྲིན་ལས་མ་ལུས་རྫོགས་པའོ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ཡི་གེ་ཕྲེང་བ་བསྟན་པའི་ལེའུ་སྟེ་ང་བརྒྱད་པའོ།། །།དེ་ནས་ཡང་དབང་གི་སེམས་དཔའ་ལ། དབང་གི་རྒྱལ་པོས་བཀའ་སྩལ་པ། །ཉོན་ཅིག་པདྨ་ལས་ཀྱི་སེམས་དཔའ་ཆེ། །ངས་གསུངས་པ་ལ་ཐེ་ཚོམ་མེད། །ང་ཡིས་གསུངས་པའི་རྒྱུད་འདི་ལ། །ཡོན་ཏན་དཔག་གིས་མི་ལང་སྟེ། །ཇི་ལྟར་སྣང་བ་ཡང་ང་ཡི་སྤྱོད་ཡུལ་ལོ། །ཆོས་འདི་ཐམས་ཅད་ང་ཉིད་དོ། །སྐུ་ང་ཉིད་དོ་། །གསུང་ང་ཉིད་དོ། །ཐུགས་ང་ཉིད་དོ། །ཡོན་ཏན་ང་ཉིད་དོ། །ཕྲིན་ལས་ང་ཉིད་དོ། །ཞིང་ཁམས་ཐམས་ཅད་ཀྱང་ང་ཉིད་དོ། །རྒྱུད་འདི་ལ་ནི་སྤྱོད་པ་དག །ཟག་མེད་བདེ་ལྡན་དབྱིངས་ཉིད་དོ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ཆེ་བ་དང་ཡོན་ཏན་བསྟན་པའི་ལེའུ་སྟེ་ང་དགུ་པའོ།། །།སངས་རྒྱས་སྟོན་པ་ཆེ་ལ་བསྟོད། །ཐམས་ཅད་ཀུན་གྱི་རེ་སྐོང་བ། །ཡིད་བཞིན་ནོར་བུ་ལྟ་བུ་སྟེ། །དགོས་འདོད་སྐོང་བ་ཁྱོད་ལ་བསྟོད། །ལོག་རྟོག་འཁོར་བ་མ་ལུས་པ། །བདུད་རྩི་ལྟ་བུར་མཉམ་སྦྱར་ནས། །མ་ལུས་བདེ་བ་ཆེ་འདོད་པས། །བདུད་རྩི་ཆེན་པོ་ཁྱོད་ལ་བསྟོད། །འཁོར་བ་མུན་པ་ལྟ་བུ་ལ། །གསལ་བ་དྲི་མ་མེད་པ་ཡི། །སྒྲོན་མེ་ལྟ་བུའི་སྐུ་མངའ་བ། །སངས་རྒྱས་སྟོན་པ་ཁྱོད་ལ་བསྟོད། །ཅེས་བསྟོད་དོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། འཁོར་གྱིས་བསྟོད་པའི་ལེའུ་སྟེ་དྲུག་ཅུ་པའོ།། །།དེ་ནས་དབང་གི་རྒྱལ་པོས་འཁོར་རྣམས་ལ། ཐམས་ཅད་མ་ལུས་དབང་གི་རྒྱལ། །དབང་རྒྱལ་དམ་པ་འདི་བསྟན་ཏེ། །སེམས་ཉིད་སྐྱེ་བ་མེད་པ་ལ། །སྐྱེ་མཆེད་ངང་ལས་ཐམས་ཅད་འབྱུང་། །འབྱུང་བ་ཉིད་ན་དངོས་པོ་མེད། །


DNG017_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་མེད་ངང་ལ་དེ་བཞིན་གནས། །གནས་པ་ཉིད་ཀྱང་བཅོས་པའོ། །མ་བཅོས་ངང་ལ་རང་བཞིན་གནས། །སངས་རྒྱས་རྣམས་ཀྱི་དགོངས་པའོ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། དབང་གི་རྒྱལ་པོ་པདྨ་ལས་ཀྱི་སེམས་དཔའ་ལ་ཚིག་དྲུག་ལྟ་སྒོམ་ངེས་པའི་དོན་བསྟན་པའི་ལེའུ་སྟེ་རེ་གཅིག་པའོ།། །།དེ་ནས་དབང་གི་རྒྱལ་པོས། པདྨ་ལས་ཀྱི་སེམས་དཔའ་ལ་སོགས་པའི། །འཁོར་རྣམས་ལ་བཀའ་སྩལ་པ། པདྨ་ལས་ཀྱི་སེམས་དཔའ་ལ་སོགས་པའི་འཁོར་རྣམས་ཀྱིས་ངའི་རྒྱུད་འདི་ཆོངས་ཤིག །ཀློགས་ཤིག །རྒྱལ་མཚན་གྱི་རྩེ་མོ་ལ་ཐོགས་ཤིག །ཀུན་ཆུབ་པར་གྱིས་ཤིག །དར་ཞིང་རྒྱས་པར་གྱིས་ཤིག །བསྡི་སྟང་གི་གནས་སུ་གྱིས་ཤིག །གཏད་དོ་ཐུབ་པར་གྱིས་ཤིག །ཅེས་བསྒོ་བ་གཏད་དོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། རྒྱུད་ཡོངས་སུ་བཟུང་ཞིང་གཏད་པའི་ལེའུ་སྟེ་རེ་གཉིས་པའོ།། །།རྟ་མཆོག་རོལ་པའི་རྒྱུད་ཆེན་པོ་རྫོགས་སོ།། །།དེ་ནས་ཡང་པདྨ་ལས་ཀྱི་སེམས་དཔའ་དེས། བཅོམ་ལྡན་འདས་དཔལ་དབང་གི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་དབང་གི་བདག །འགྲོ་བ་དག་གི་དོན་སླད་དུ། །དབང་རྒྱལ་ལས་ནི་བཤད་དུ་གསོལ། །ཞེས་གསོལ་ཏོ། །དབང་གི་རྒྱལ་པོས་བཀའ་སྩལ་པ། །པདྨ་ལས་ཀྱི་སེམས་དཔའ་ཆེ། །འགྲོ་བ་དག་གི་དོན་སླད་དུ། །དབང་གི་ལས་བསྡུས་ཐམས་ཅད་བཤད་པར་བྱའོ། །དབང་ཆེན་ཁྱད་པར་བསྟན་པ་ནི། །དབུ་ཡི་དཀྱིལ་འཁོར་ཆོས་ཀྱིས་བསྒྱིངས་པ་དང་། །ཞབས་ཀྱི་གདན་ཁྲི་གདུལ་བྱ་སྤུངས་པ་ནི། །ཐམས་ཅད་ལུས་པ་མེད་པར་མཉམ་རྫོགས་ཆེན་པོར་སྣང་། །རང་གཞན་ལུས་པ་མེད་པར་མཉམ་ཉིད་ཆེན་པོར་སྣང་། །ཨོཾ་པདྨ་ཤྲཱི་ཧེ་རུ་ཀ །ཨཱ་ཀཪྵ་ཡ། ཨཱ་ཀཪྵ་ཡ། བྷན་དྷ་ཡ། བྷན་དྷ་ཡ། ཏོ་ཤ་ཡ། ཏོ་ཤ་ཡ། ཧཱུཾ་ཧཱུཾ། ས་མ་ཡ་རཱ་ག་ར་ཏི་ཧཱུཾ་ཧྲཱྀཿཧྲཱྀཿ།སྟོང་ཉིད་མཁའ་ལྟར་དག་པའི་དབྱིངས་རུམ་ནས། །ཏིང་འཛིན་རོལ་པའི་རྫུ་འཕྲུལ་སྣ་ཚོགས་ནི། །སྐུ་གསུང་ཐུགས་ཀྱི་བདག་


DNG017_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཧཱུཾ་གི་ངང་། །རྒྱལ་བ་རྒྱ་མཚོ་ཀུན་གྱི་དངོས་གྲུབ་ནི། །འཕྲོ་འདུ་ནམ་མཁར་འཁྲུགས་པའི་བྱིན་རླབས་ལས། །དཔལ་གྱི་ཐུགས་གཅིག་ངེས་པར་བྱུང་བ་ནི། །སྒྱུ་མའི་རང་བཞིན་ཡེ་ཤེས་རྒྱ་མཚོ་སྟེ། །དབང་གི་རང་བཞིན་ཐབས་ཀྱི་ཕྱག་རྒྱར་གསལ། །ཁ་དོག་མེ་འབར་བྱུ་རུའི་འོད་འཁྲིགས་པས། །ས་གསུམ་ཟིལ་གྱིས་གནོན་ཅིང་ཁམས་གསུམ་སྦྱིན་སྲེག་མཛད། །རལ་པ་མར་གད་འཇིག་རྟེན་མཐའ་ལས་འདས། །སྲིད་རྩེར་འབར་བས་ཞེ་སྡང་གདུག་པའི་ཚོགས། །ཁྲོ་བོ་དབང་སྡུད་འཇིགས་པའི་ཧཱུཾ་སྒྲ་ཅན། །སྤྱན་མིག་མེ་འབར་སྟོང་གསུམ་ཉི་ཟླ་འཁྲུགས། །སྨིན་མ་གློག་འགྱུ་དུག་གསུམ་རྩད་ནས་གཅོད། །སྙན་གྱི་འོད་འཕྲོ་རྡོ་རྗེའི་ཁོང་གསེང་ནས། །འབྲུག་གི་སྒྲ་སྒྲོགས་ཁྲོ་བོའི་ཧཱུཾ་སྒྲ་ཅན། །ཤངས་ཀྱི་ཀློང་རུམ་ཁྲོ་བོའི་དཀྱིལ་འཁོར་ནས། །མཚོན་གྱི་ཆར་དང་བསྐལ་པའི་བུ་ཡུག་འབེབས། །ཧོམ་ལྔ་འདྲེལ་བའི་མཁའ་དབྱིངས་ཀློང་རུམ་ནས། །རྒྱུད་ལྔ་སྒྲོལ་མཛད་གངས་རི་འབུམ་གྱིས་གཏམས། །ལེ་བརྒན་མེ་འབར་པདྨ་སྟོང་གི་ལྗགས། །ཨུཏྤལ་དམར་པོ་འོད་ཟེར་གློག་ཏུ་འགྱུ། །ཨག་ཚོམ་མེ་འབར་སྨ་ར་དམར་པོས་ནི། །ལོག་རྟོག་བདུད་ཀྱི་འཇིག་རྟེན་ཐལ་བར་རློག །ཕྱག་གི་ཁྱད་པར་ཤིན་ཏུ་མི་བཟད་དེ། །ཡེ་ཤེས་བཅུ་དྲུག་འཁྲུགས་པའི་དཀྱིལ་འཁོར་ནས། །གདུལ་བྱ་ཐབས་ལ་མཁས་པ་ཕྲ་མེན་ཚོགས། །ཕྱག་དང་ཕྱག་རྒྱར་ཐབས་ཀྱིས་འདྲེལ་པ་ནི། །ཞི་གནས་ལྷག་མཐོང་ཟུང་དུ་གསལ་བ་བཞིན། །བྱམས་དང་སྙིང་རྗེ་ཕྱོགས་རིས་མི་མངའ་ཡང་། །དུར་ཁྲོད་འདུལ་བའི་དོན་ལ་ཐོད་རུས་རཀྟས་འགེངས། །སྲིན་པོ་འདུལ་སླད་ལྕགས་ཀྱུ་ཞགས་པར་བཅས། །ཀླུ་ཆེན་འདུལ་བའི་དོན་ལ་སྡིགས་འཛུབ་བསྐལ་མེར་འབར། །བདུད་བཞི་འདུལ་བའི་དོན་ལ་རྡོ་རྗེ་འབར་བས་རྡེག །ཁྲོ་བོ་ཟིལ་གྱིས་གནོན་པའི་དོན་ལ་རྒྱུ་སྙིང་ཆང་པར་བཅུམས། །ཞབས་ཀྱི་ཁྱད་པར་ཤིན་ཏུ་མི་བཟད་དེ། །ཁྲོ་བརྒྱད་གན་སྤུབ་བསྲེ་ཞིང་སྲིད་གསུམ་ཞབས་ཀྱིས་གནོན། །གདུག་མཛད་གདུག་འཇོམས་ལྷ་ལ་ཕྱག་འཚལ་ལོ། །ཆོས་ཉིད་དབྱིངས་ཀྱི་ཡེ་ཤེས་


DNG017_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་མོ་ནི། །ཀུན་ཏུ་བཟང་མོ་ཡུམ་གྱི་བྷ་ག་ལ། །སྐུ་གསུང་ཐུགས་ཀྱི་ཡོན་ཏན་རིག་པའི་འཕྲུལ། །དབུ་ལྔ་རྨད་དུ་བྱུང་བའི་ཡེ་ཤེས་ལྔ་ཡི་ངང་། །ཕྲིན་ལས་རྨད་དུ་བྱུང་བས་ཞབས་ཀྱི་ཆེ་བ་བརྒྱད། །འཁོར་ཚོགས་ལྷུན་གྱིས་གྲུབ་པའི་ཕྱག་མཚན་བཅུ་དྲུག་ཚོགས། །མཁའ་དབྱིངས་ཡོངས་སུ་ཁྱབ་པའི་རིན་ཆེན་གཤོག་པ་ལས། །ཉི་ཟླ་བགྲད་པས་རྒྱལ་བ་སྟོང་ཕྲག་ཚོགས། །རིན་ཆེན་རྒྱན་གྱིས་ཕུལ་དུ་བྱུང་བས་ནི། །སྲིད་གསུམ་འཁོར་བའི་བག་ཆགས་ཐལ་བར་རློག །རྡོ་རྗེ་ཐིལ་ཕྲན་རིག་པའི་འཕྲོ་འདུ་ལས། །སྤྲུལ་པ་རྡུལ་ཕྲན་ཁམས་གསུམ་ཁྱབ་པར་འཁྲུག །གདུ་བུ་དཔུང་རྒྱན་ཀླུ་རྒྱལ་འབུམ་གྱི་ཞབས། །ཁ་རླངས་སྤྲིན་གྱི་གསེབས་ནས་ལྗགས་ཀྱི་གློག་འགྱུ་མ། །རྡོ་རྗེ་དམར་པོ་འོད་ཀྱི་ལྕེ་འབེབས་ཤིང་། །ཧཱུཾ་གི་འབྲུག་སྒྲས་ནམ་མཁའི་མཐའ་ཀླས་པས། །ཞེ་སྡང་གདུག་པའི་རྒྱལ་པོ་དབང་དུ་སྡུད། །ཐོད་པའི་རྒྱན་གྱི་རྔོམ་བརྗིད་མི་ཆུང་སྟེ། །སྒྲ་ཆེན་དམར་པོ་རིམ་པར་སྤེལ་བ་བཞིན། །ལྕང་ལོར་འཁྲིལ་བའི་འོད་ཟེར་གཞའ་ལྟར་འགྱུ། །ན་བཟའ་རྒྱན་གྱི་ཆ་ལུགས་མི་བཟད་དེ། །ཞིང་ལྤགས་འབུམ་གྱིས་བཀླུབས་པའི་སྨད་གཡོགས་ལ། །ཤ་ཁྲག་འཕྲོ་འདུ་རྒྱུ་སྐར་ཚོམ་བུར་འཁྲུགས། །སྐུ་ལུས་དཔལ་གྱིས་བརྒྱན་པའི་ཡེ་ཤེས་གཟི་འབར་བས། །ཐམས་ཅད་མཁྱེན་པའི་གོ་འཕང་བརྙེས་པའི་མཆོག །ཟབ་མོ་དབྱིངས་སུ་སྦས་པའི་ཐུགས་ཀ་ནས། །གསང་ཆེན་སྙན་ཁུངས་རྒྱུད་པའི་བཙུན་མོ་ནི། །ཁྲོ་མོ་གཟི་ལྡན་རྒྱལ་བ་ཀུན་གྱི་ཡུམ། །འདས་དང་མ་བྱོན་ཀུན་གྱི་འབྱུང་གནས་མ། །གཟི་བྱིན་ཚེ་མཆོག་གནས་སུ་བསྡིམ་པ་དང་། །རྒྱུ་དྲུག་རྣམ་ཤེས་དབྱིངས་སུ་སྡུད་ལ་མཁས། །ཐུགས་དམ་གསེར་འཕྲེང་ཡབ་ཡུམ་ཡེ་ནས་འདྲེལ། །དགྱེས་པའི་ལོངས་སྤྱོད་དོན་དམ་དབྱིངས་ན་ཆེ། །དགའ་བྱེད་དྲེགས་པས་མྱོས་པའི་ལྷ་ཚོགས་མང་པོ་ཀུན། །དབང་དྲག་འཇོམས་པའི་ཞབས་ཀྱིས་བསྣོལ་མར་བརྫིས། །ཚོགས་ཆེན་མདུན་པར་སྡུད་ཅིང་ཉི་ཟླས་སྐུ་ལ་བརྒྱན། །དུག་གསུམ་རྩད་ནས་གཅོད་པའི་ཧོམ་ལྔ་ཞལ་ནས་འབར། །རྟ་སྐད་གཙུག་ནས་སྒྲོགས་ཤིང་


DNG017_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་ཆར་དུ་འབེབས། །ཚོགས་ཆེན་རྫོགས་པ་ཉིད་ལ་ཕྱག་འཚལ་བསྟོད། །རྟ་མཆོག་རོལ་པའི་ཏནྟྲ་ལས། དབང་གི་རྒྱལ་པོའི་ལས་དང་ཁྱད་པར་བསྟན་པའི་ལེའུ་སྟེ་རེ་གསུམ་པའོ།། །།དེ་ནས་ཡང་པདྨ་ལས་ཀྱི་སེམས་དཔས། དབང་གི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་དབང་གི་བདག །དབུ་ཡི་གཞལ་ཡས་ལས་བསྐོར་བ། །དབང་གི་རྒྱལ་པོས་བཤད་དུ་གསོལ། །ཞེས་གསོལ་ཏོ། །དབང་གི་རྒྱལ་པོས་བཀའ་སྩལ་པ། །འབར་བ་དབུ་ཡི་ལས་བཤད་ཉོན། །དབུས་ནི་ཉིད་དང་ཉིད་དུ་ལྡན་པ་སྟེ། །ཤར་དུ་གཟིགས་པའི་དབུ་ཡི་གཞལ་ཡས་ན། །མཛད་བདག་སེམས་མ་བརྟན་མ་རིན་ཆེན་འབར། །ཆོས་དང་ལས་དང་སྡུད་མ་སྐྱོད་མའོ། །ལྷོ་རུ་གཟིགས་པའི་དབུ་ཡི་གཞལ་ཡས་ན། །ལྡན་ལྕང་རིན་ཆེན་ཕྲེང་བ་གཟི་བརྗིད་ཐོགས། །རྒྱལ་མཚན་ཞགས་པ་ཐོགས་པ་བདེ་བའོ། །ནུབ་ཏུ་གཟིགས་པའི་དབུ་ཡི་གཞལ་ཡས་ན། །དབྱངས་དཀར་ཆོས་དང་དབྱངས་ལེན་བློན་པོ་མེ། །འཁོར་ལོ་ལྕགས་སྒྲོག་སྨྲ་བ་བདེ་བའོ། །བྱང་དུ་གཟིགས་པའི་དབུ་ཡི་གཞལ་ཡས་ན། །འཁོར་ལོ་ལྕགས་སྒྲོག་སྒྲོལ་མས་གར་བྱེད་སྲུང་བ་དབྱུག །གནོད་སྦྱིན་དྲིལ་འཁོལ་འབེབས་མའོ། །བསྐྱོད་བཟངས་སེམས་པ་སྒེག་མོ་རྒྱལ་པོ་གདུགས། །འདོད་པ་ལྕགས་ཀྱུ་ལེགས་པར་སྒྲོལ་མའོ། །སྔགས་དང་ཕྱག་རྒྱ་ཏིང་འཛིན་བསྒྱུར་བའོ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ཕྱག་རྒྱ་བསྟན་པའི་ལེའུ་སྟེ་རེ་བཞི་པའོ།། །།དེ་ནས་ཡང་པདྨ་ལས་ཀྱི་སེམས་དཔས། བཅོམ་ལྡན་འདས་དབང་གི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་དབང་གི་བདག །སྲིད་པ་ཀུན་ལ་དབང་བྱེད་མ། །དབང་གི་ལས་བྱེད་སྲིད་པའི་བདག །ཁྲག་གི་མ་མོ་བཅོ་བརྒྱད་ནི། །རིགས་དང་སྡེ་ནི་ཇི་ལྟར་ལགས། །དབང་གི་རྒྱལ་པོས་བཤད་དུ་གསོལ། །ཞེས་གསོལ་ཏོ། །དབང་གི་རྒྱལ་པོས་བཀའ་སྩལ་པ། །པདྨ་ལས་ཀྱི་སེམས་དཔའ་ཉོན། །ཁྲག་གི་མ་མོ་བཅོ་བརྒྱད་འདི། །


DNG017_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

མར་མེ་མཛད་ཀྱི་བསྟན་པ་ལ། །གདུག་བྱེད་བུ་མོ་བཅོ་བརྒྱད་སྟེ། །གདུག་བྱེད་སྤུན་གྱིས་སྨོན་ལམ་བཏབ། །ཤཱཀྱའི་བསྟན་པ་ཆེན་པོ་ལ། །ངེད་ཀྱིས་བསྟན་པ་བསྲུང་བར་ཤོག །དུས་དེར་སྐྱེས་ལ་ལས་བྱེད་ཤོག །ཅེས་སྨོན་ལམ་བཏབ། ཞེ་སྡང་རང་དགར་སྤྱད་པས་བདུད་མོར་སྨིན། །སྨོན་ལམ་དབང་གིས་དུས་དེར་སྐྱེད། །མ་ཏཾ་བསྒྲལ་བའི་ཁྲག་གི་ཐིགས་པ་བཅོ་བརྒྱད་ལས། །ཁྲག་གི་མ་མོ་བཅོ་བརྒྱད་བྱུང་། །སྲོག་སྙིང་ཕུལ་ཏེ་ལས་མཁན་མ། །རག་ཤ་ཁ་ལང་དུར་ཏི་མ་རྦད། རག་ཤ་ནག་མོ་ཧ་ལ་མྱོགས་ཡ། རག་ཏུ་རྦད་ཤམ། ཁ་ལ་རུ་ཏི་རྦད། ས་མ་ཡ་རུ་ཏི་རྦད། ཀི་རི་རྦད་ཡ། མུ་ཏི་རྦད་ཤ །ཤར་མ་རྦད། རུ་རུ་རག་ཤོ་རྦད། མ་མོ་རོ་ཤན་རམ། པ་ཏྲ་རག་ཤོ་རྦད། ཁ་ལ་མ་ཏིང་ཧེར། སུམ་བ་རེ་རྦད། རུ་རུ་རོལ་ཤམ། མ་ཏིང་ཀར་ཤ་ཡ་རྦད། མ་ཏྲཾ་རུ་ཤམ་བྷྱོ། ཀ་ལ་རུ་ཤར་ཡ། རྩ་ལ་ཧ་ར་ཏིར་རྦད། ཅེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ཁྲག་གི་མ་མོ་བཅོ་བརྒྱད་ཀྱི་ཁུངས་དང་སྔགས་ཕུལ་བའི་ལེའུ་སྟེ་རེ་ལྔ་པའོ།། །།དེ་ནས་ཡང་ལས་ཀྱི་ཁྲག་གི་མ་མོ་བཅོ་བརྒྱད་ཀྱི། བསྒྲུབ་པ་བྱ་བ་བྱེད་པའི་ཚེ། །དམ་རྫས་དང་ནི་ལས་རྣམས་གང་། །དབང་གི་རྒྱལ་པོས་བཤད་དུ་གསོལ། །ཞེས་གསོལ་ཏོ། །དབང་གི་རྒྱལ་པོས་བཀའ་སྩལ་པ། །ཁྲག་གི་མ་མོ་འདི་རྣམས་ཀྱི། །སྒྲུབ་པའི་རྫས་དང་རྟེན་པའི་རྫས། །དཀྱིལ་འཁོར་བྲི་ཞིང་བསྒྲུབ་པ་ནི། །བྲག་དམར་ལོགས་སམ་ནགས་ཀྱི་ཚལ། །ཆུ་ཡི་གླིང་ལ་བསྒྲུབ་པ་སྟེ། །དེ་རུ་དཀྱིལ་འཁོར་ཆེན་པོ་བརྩིག །དྲི་རྩི་ལྔ་ཡིས་བྱུག་པར་བྱ། །དབུས་ནི་ཟླ་གམ་སྒོ་གཅིག་པ། །མཐའ་ལ་ཟླ་གམ་བཅོ་བརྒྱད་བསྐོར། །སྒོ་དང་སྒོ་ཁྱུད་ཁྲོ་བོ་གནས། །དབུས་སུ་གཙོ་དང་གསང་བའི་ཡུམ། །པདྨ་ཟླ་གམ་བཅོ་བརྒྱད་ལ། །ཁྲག་གི་མ་མོ་བཅོ་བརྒྱད་དགོད། །སྒོ་ལ་ཁྲོ་བོ་མགོ་བརྩེགས་བཞི། །དེ་ལྟར་དཀྱིལ་འཁོར་བཅའ་བའོ། །རྫས་ཀྱི་རིམ་པ་བསྟན་པ་ནི། །དབུས་སུ་ལྕང་ལོ་མཚན་དང་ལྡན། །དེ་རུ་བདུད་རྩི་ཤ་ལྔ་


DNG017_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག །ཕྱི་ནང་གསང་བའི་མཆོད་པ་གསུམ། །ཟླ་གམ་རེ་ལ་ཐུན་ཕོར་རེ། །ཁྲག་སྣ་དུག་སྣ་སྙིང་སྣ་དང་། །ནུས་མཐུ་ཡོད་པའི་རྫས་རྣམས་བསག །དེ་ལྟར་བསགས་ལ་བསྟེན་ཅིང་བསྒྲུབ། །དེ་ཡིས་ཇི་ལྟར་འདོད་པ་འགྲུབ། །གནན་དང་བསྲེག་དང་འཕང་བར་བྱ། །ཐུན་དང་སྔགས་དང་བསྐུལ་བཅོལ་བྱ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ཁྲག་གི་མ་མོ་བཅོ་བརྒྱད་བསྒྲུབ་པའི་ལེའུ་སྟེ་རེ་དྲུག་པའོ།། །།དེ་ནས་ཡང་པདྨ་ལས་ཀྱི་སེམས་དཔས། དབང་གི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་པདྨ་གར་གྱི་བདག །འགྲོ་བ་ཕྱི་རབས་དོན་དུ་ནི། །དབང་གི་བསྒྲུབ་པ་དེ་ལྟར་ན། །ལས་ཀྱི་མཐའ་ནི་གང་ལ་བགྱི། །ལས་ཀྱི་གཉེར་ནི་གང་ལ་གཏད། །སྲིད་པའི་ལས་བཅོལ་གང་ལ་བཅོལ། །ཞེས་གསོལ་ཏོ། །དབང་གི་རྒྱལ་པོས་བཀའ་སྩལ་པ། །དབང་གི་ལས་ནི་གཉེར་གཏད་པ། །བསྟན་པ་ཐམས་ཅད་བསྲུང་བའི་བདག །མ་དད་པ་ལས་བྱུང་བ་སྟེ། །འབྱུང་བ་ཆུ་ཡི་གཏིང་ཤེད་ན། །གསེར་གྱི་ས་གཞིའི་བར་ཤེད་ན། །འབྲི་མིག་གསུམ་ནི་ཡོད་པ་ལ། །གཅིག་ན་གཡུ་ཡི་ཆུ་མིག་ཡོད། །ཆུ་ནི་སྔོ་ལ་དྭངས་པར་འབྱུང་བ་ཡོད། །དབྱིབས་ནི་ལྕགས་ཀྱི་སྒྲོམ་བུར་ཡོད། །ཕྱི་ནི་རིན་ཆེན་མཆོང་གི་གཟེར་བུ་ཡོད། །དེ་ན་གསང་བ་དབང་གི་སྤྲུལ་པའི་ལས་བྱེད་མ། །དབང་གི་མ་མོ་བཅུ་གསུམ་ཡོད། །ནང་གི་གཡུ་ཡི་ཆུ་མིག་ནས། །ཙ་ཁྲོ་མ་མོ་བཅུ་གསུམ་གནས། །ཕྱི་ན་ལས་ཀྱི་བདུད་མོ་བཅུ་གསུམ་སྟེ། །མཆོང་གི་ཟོ་བ་ཟོར་བའི་ནང་ན་གནས། །བར་མ་འབྱུང་བའི་མ་མོ་བཅུ་གསུམ་གནས། །ལྕགས་ཀྱི་སྒྲོམ་བུ་ཞེས་བྱ་སྟེ། །དེ་ན་ཆུ་མིག་གསུམ་བར་ན། །ཕྱི་ནང་གསང་བའི་མ་མོ་བཅུ་གསུམ་གནས། །སྐྱེ་འགྲོ་འདུལ་བའི་གཉེན་པོ་ཡིན། །དེ་ལ་ལས་བཅོལ་གཉེར་གཏད་བསྒྲུབ་པར་བྱ། །དེ་བཅུ་གསུམ་ནི་སྲིད་པ་ན་དབང་ཆེ་བ་ཡིན། །དེ་ཡིས་ལས་རྣམས་འགྲུབ་པར་བྱེད། །ཅེས་གསུངས་སོ། །པདྨ་ལས་ཀྱི་སེམས་དཔས་ཡང་གསོལ་


DNG017_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

པ། དབང་གི་རྒྱལ་པོ་ཆེན་པོ་དེ་དག་བསྒྲུབ་པར་བྱ་བ་ན། རྟེན་དང་བསྒྲུབ་པ་ཇི་ལྟར་ལགས། དབང་གི་རྒྱལ་པོས་བཀའ་སྩོལ་ཅིག །ཅེས་གསོལ་ཏོ། །དབང་གི་རྒྱལ་པོས་བཀའ་སྩལ་པ། །ཉོན་ཅིག་པདྨ་ལས་ཀྱི་སེམས་དཔའ་ཆེ། །བདུད་མོ་ཆེན་མོ་བཅུ་གསུམ་བསྒྲུབ་པ་ན། །དཀྱིལ་འཁོར་དབུས་ཟླུམ་ནང་ནི་ཟླ་གམ་སྒོ་གཅིག་པ། །ཐ་མ་འཁོར་ལོ་རྩིབས་བཅུ་གསུམ། །དེ་ལ་བདུད་མོ་བཅུ་གསུམ་དགོད། །མཚན་ལྡན་ཞལ་བུ་ཕུད་དང་བཅས། །ཐ་མ་འཁོར་ལོ་བཅུ་གསུམ་ལ། །དབང་གི་མཆོག་ཕུར་བཅུ་གསུམ་དགོད། །དབུས་སུ་ཟངས་ཀྱི་ཕུར་པ་དགོད། །ནག་མོ་རྩིད་མགོའི་ཐོད་པ་རུ། །དེ་རུ་སྙིང་སྣ་ཁྲག་སྣ་དང་། །དུག་དང་ཤ་ཁྲག་མཆོད་པར་བྱ། །འཁོར་ལོ་རེ་ལ་ཐུན་ཕོར་རེ། །ད་ལྟར་གསད་པའི་ལས་བྱ་སྟེ། །རྦོད་དང་རྦད་དང་གསད་དང་བསྐུལ། །དེ་ལ་དྲག་པོའི་ལས་རྣམས་བྱ། །དེ་ཡིས་ལས་རྣམས་མ་ལུས་འགྲུབ། །ཅེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། བདུད་མོ་ཆེན་མོ་བཅུ་གསུམ་སྒྲུབ་པའི་ལེའུ་སྟེ་རེ་བདུན་པའོ།། །།དེ་ནས་ཡང་པདྨ་ལས་ཀྱི་སེམས་དཔས་དབང་གི་རྒྱལ་པོ་ལ་གསོལ་པ། མ་མོ་བཅུ་གསུམ་བསྒྲུབ་པའི་སྔགས་རྣམས་བཤད་དུ་གསོལ། ཞེས་གསོལ་ཏོ། །དབང་གི་རྒྱལ་པོས་བཀའ་སྩལ་པ། །སྲིད་པའི་དམ་ཅན་བསྒྲུབ་པ་ན། །སྔགས་འདི་ཡིས་བསྒྲུབ་པ་སྟེ། །ཨོཾ་རུ་རུ་རག་ཤན་རྦད་ཡ་མ་ན། ཁ་ལ་རུ་ལ་ཤམ་རྦད། མ་ཏིང་ཤམ་བྷྱོ། མ་མ་ཏིང་ལཾ་ཏིང་ལཾ་རྦད། རུ་རུ་ཤམ་རྦད། སྲོག་ཙ་པ་ལ་རག་ཤོ་ནི་རྦད། མ་མ་རུ་ཏི་ཤཾ་ལང་ཤར་ཡང་། པ་ཏ་ཁ་ལོ་ཡཾ་རྦད། ཀ་མ་མ་དུ་རུཾ་རྦད། བེབ་པན་ཤཾ་རྦད་ཁྲི་མུ་ཤན་རྦད། ཤག་ཏི་རྦད། སྨར་རྦད། རུ་རུ་རོ་ཤན་རྦད་བྷྱོ། དེ་ལྟར་བསྙེན་བསྒྲུབ་མཆོད་དང་ལས་བཅོལ་གཏད། །དེ་ཡིས་གང་འདོད་ལས་རྣམས་འགྲུབ། །ཅེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ཙ་ཁྲོ་མ་མོ་བཅུ་གསུམ་སྒྲུབ་པའི་ལེའུ་སྟེ་རེ་བརྒྱད་པའོ།། །།དེ་ནས་ཡང་པདྨ་ལས་


DNG017_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སེམས་དཔའ་དེས། དབང་གི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་དབང་གི་རྒྱལ་པོ་ཆེ། །སྲིད་པའི་རྒྱལ་མོ་བསྒྲུབ་པ་ན། །ལས་རྣམས་གྲུབ་པར་བྱེད་པ་ནི། །དེ་ཡི་དོན་རྣམས་བཤད་དུ་གསོལ། །ཞེས་གསོལ་ཏོ། །དབང་གི་རྒྱལ་པོས་བཀའ་སྩལ་པ། པདྨ་ལས་ཀྱི་སེམས་དཔའ་ཉོན་ཅིག །ལས་རྣམས་བསྒྲུབ་པར་བྱེད་པའི་སྲིད་པའི་རྒྱལ་མོ་ཞེས་བྱ་བ། རྒྱལ་མོ་ཛ་དུར་ཞེས་བྱ་སྟེ། །རྒྱལ་མོ་ཞེས་པ་ཀུན་གྱི་རྗེ། །ཛ་ཞེས་བྱ་བ་འགུགས་པ་སྟེ། །ཐམས་ཅད་གསོད་ཅིང་སྡུད་པས་དུར་ཞེས་བྱ། །རྒྱལ་མོ་ཆེན་མོ་བསྒྲུབ་པ་ན། །སྐྱེད་མོས་ཚལ་ལམ་ཆུ་གླིང་ངམ། །ཡང་ན་འབྲུ་ཤིང་འཚམས་པར་བསྒྲུབ། །དེ་རུ་དཀྱིལ་འཁོར་གྲུ་བཞི་སྒོ་དང་བཅས། །དབུས་སུ་ཟླ་གམ་ཕྱི་ནི་པདྨ་བརྒྱད། །དེ་རུ་མཚན་ལྡན་རྗེ་རིགས་ཐོད་པ་རུ། །འབྱུང་བའི་བཅུད་དང་རྩི་ཐོག་འབྲས་རྣམས་དང་། །ཤ་ཁྲག་ལ་སོགས་བསོག་ནས་ནི། །དེ་ལ་བསྒྲུབ་ཅིང་ལས་བཅོལ་བྱ། །ཧ་ཧ་སྲིད་པའི་རྒྱལ་མོ་ཁྱོད་ཀྱིས། །རང་གི་གསང་བའི་སྔགས་རྣམས་སྨྲོས་ཤིག །ཅེས་པ་བསྒོའོ། །རྒྱལ་མོ་ཆེན་མོས་ཡང་སྨྲས་པ། ཧི་ཧི་མངོན་རྫོགས་དབང་གི་རྒྱལ། །སྲོག་རྩ་གསང་བ་འདི་འབུལ་ཞེས། །བྱིན་གྱིས་རློབས་ལ་དབང་བཞི་སྐུར། །དབང་གི་རྒྱལ་པོས་ཇི་སྐད་བསྒོ་བ་བཞིན་དུ་བགྱིའོ། །སྨོད་པའི་གསང་སྔགས་འདི་རྣམས་ལགས། ཨོཾ་ཨེ་ཀ་ཛ་ར་ཛ་དུ་ས་མ་ཡ་རུ་རུ་ཤཾ་བྷྱོ། ས་མ་ཡག་ཤ་ས་མ་ཕྱུང་རྦད། ཁ་ལ་རག་ཤ་རུ་རུམ་མ་ཏི་རི་རྦད། འདི་ཡིས་ལས་རྣམས་ཀྱང་ནི་འགྲུབ། །དབང་གི་རྒྱལ་པོས་བཀའ་སྩལ་པ། སྲིད་པའི་རྒྱལ་མོ་ཁྱོད་ཀྱིས་འདིའི་ལས་རྣམས་འགྲུབ་པར་གྱིས་ཞེས་བསྒོའོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། རྒྱལ་མོ་ཛ་དུར་བསྒྲུབ་པའི་ལེའུ་སྟེ་རེ་དགུ་པའོ།། །།དེ་ནས་ཡང་དབང་གི་རྒྱལ་པོ་ལ་པདྨ་ལས་ཀྱི་སེམས་དཔས་གསོལ་པ། ཨེ་མ་དབང་གི་རྒྱལ་པོ་ཆེ། །ཁྱི་བརྒྱད་དང་ནི་སྤྱང་བརྒྱད་ཀྱི། །ལས་ཀྱི་བསྒྲུབ་པ་ཇི་ལྟར་ལགས། །སྒོས་སྒྲུབ་དམ་པ་བཤད་དུ་གསོལ། །ཞེས་གསོལ་ཏོ། །དབང་གི་རྒྱལ་པོས་བཀའ་སྩལ་པ། །པདྨ་


DNG017_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱི་སེམས་དཔའ་ཆེ། །ཁྱི་བརྒྱད་བསྒྲུབ་པ་འདི་ལྟ་སྟེ། །བྲག་རིའི་ངོས་ལ་བསྒྲུབ་པ་སྟེ། །ཟླུམ་པོ་དབུས་སུ་ཟླ་གམ་སྒོ། །མཐའ་ལ་པདྨ་བརྒྱད་བྲིས་ལ། །དེ་ནང་ཟླ་གམ་གྲུ་གསུམ་སྟེ། །དབུས་སུ་གཙོ་དང་ཟླ་གམ་གྲུ་གསུམ་བརྒྱད་རྣམས་ལ། །ཁྱི་བརྒྱད་རིམ་པར་དགོད་པར་བྱ། །གྲུ་གསུམ་རེ་ལ་ཐུན་ཕོར་རེ། །དུག་དང་ཁྲག་དང་རྫས་རྣམས་དང་། །ནུས་མཐུ་ཅན་གྱི་འབྲུ་ཡིས་དགང་། །དེ་ལ་བསྙེན་ཅིང་བསྒྲུབ་པར་བྱ། །ཨོཾ་ཀུ་ཀུ་རཀྴ་ཛ་མནྟ་ཕཊ། ཨོཾ་ཀུ་ཀུ་རཀྴ་ཁ་ལ་དུར་ཤཾ། ཀུ་ཀུ་རཀྴ་ཡ་མ་དུན་རྦད། ཀུ་ཀུ་རཀྴ་རྦད་ཁ་ལ་འུར་ཏྲིན་ན། ཀུ་ཀུ་རཀྴ་ཞུང་ཏྲི་རྦད། ཀུ་ཀུ་རཀྴ་ཁ་ཡན་རྦད། ཀུ་ཀུ་རཀྴ་ཁ་ཡན་རྦད་དུ་ཤ །ཀུ་ཀུ་རཀྴ་སེ་སན་ཡམ་རྦད། དེ་ལྟར་བཟླས་ཤིང་ཐུན་དུ་བརྡེག །རྟགས་ཕྱུང་གདབ་དང་བསྟབ་དང་གནན་བསྲེག་འཕང་། །ཁྱི་ཡི་ཤ་ལ་སྦྱིན་བསྲེག་བྱ། །མིང་རུས་དང་ནི་ཁཱ་ཧི་ཞེས། །བསྐུལ་དང་ལས་རྣམས་དེ་བཞིན་ནོ། །དེ་ཡིས་ལས་རྣམས་འགྲུབ་པར་བྱེད། །རྟ་མཆོག་རོལ་པའི་ཏནྟྲ་ལས། ཁྱི་བརྒྱད་བསྒྲུབ་པའི་ལེའུ་སྟེ་བདུན་ཅུ་པའོ།། །།དེ་ནས་ཡང་དབང་གི་རྒྱལ་པོས། སྤྱང་བརྒྱད་བསྒྲུབ་པའི་ལས་འདི་རྣམས་སྨྲས་སོ། །ཟླ་གམ་གཅིག་པའི་དཀྱིལ་འཁོར་དུ། །མོན་པ་ནག་པོའི་ཐོད་པ་རུ། །འཁོར་ལོ་རྩིབས་བརྒྱད་ཟླ་གམ་སྒོ། །དབུས་སུ་གཙོ་དང་མཐའ་མར་སྤྱང་བརྒྱད་དེ། དེ་ལ་གསང་སྔགས། ཛ་ཡ་རག་ཤ་ཤ་མ་ནི་རྦད། ཛ་དུ་པྲ་བེ་ཤ་ཛ། པ་ཏྲི་ཁལ་ཤད། མུ་ཏྲི་པ་ལ་ཡཾ། རུ་བེ་ཏ་རྦད། ཁ་ལ་དུར་ཤད་རྦད། པུ་ར་རྦད་ཡ། ནི་ར་པུ་ཙི་ཚལ་ཚལ་ཡ། དེ་ལྟར་བཟླས་ཤིང་བསྒྲུབ་པ་སྟེ། །ཤ་ཁྲག་རྫས་ཀྱི་མཆོད་པས་མཆོད། །ཐུན་དང་རྫས་དང་ལན་གསུམ་བྱ། །བསྐུལ་དང་ལས་རྣམས་དེ་བཞིན་ཏེ། །སྙན་གསན་དབབ་དང་སྤྱན་དྲང་དང་། །བཞུགས་གསོལ་ཕྱག་འཚལ་མཆོད་པ་དང་། །སྨོན་ལམ་དང་ནི་ལས་བཅོལ་བསྐུལ། །སྔགས་ཐུན་བརྡེག་ཅིང་དྲག་པོའི་ལས་ལ་སྦྱར། །དམིགས་དང་གཏད་དང་གནན་དང་འཕང་། །བསྲེག་ཅིང་ལས་རྣམས་རྫོགས་པར་བྱ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་


DNG017_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ཏནྟྲ་ལས། སྤྱང་བརྒྱད་བསྒྲུབ་པའི་ལེའུ་སྟེ་དོན་གཅིག་པའོ།། །།དེ་ནས་ཡང་དབང་གི་རྒྱལ་པོས། ལོང་བ་རྒྱབ་འདྲེལ་སུམ་ཅུ་རྩ་གཉིས་བསྒྲུབ་པ་འདི་གསུངས་སོ། །དབེན་པ་དང་ནི་འདུས་པའི་གནས་ཆེན་དུ། །དེ་རུ་བསྒྲུབ་པ་ཆེན་པོ་ནི། །ལོང་བའི་ཚོགས་རྣམས་བསྒྲུབ་པར་བྱ། །གྲུ་གསུམ་ཟླ་གམ་དབུས་སུ་སྟེ། །ཐ་མ་ཟླུམ་པོ་ཐོད་པས་བསྐོར། །དེ་ཡི་ཐ་མ་པདྨ་ཟླ་གམ་བཞི། །དེ་ཡི་མཐའ་མ་པདྨ་ཟླ་གམ་སུམ་ཅུ་གཉིས། །དབུས་སུ་གཙོ་དང་ཟླ་གམ་ཡུམ། །པདྨ་ཟླ་གམ་རེ་ལ་ལོང་བ་རེ། །སྤྱི་བླུགས་ཐོད་པར་ཐུན་རྣམས་ཏེ། །དུར་ཁྲོད་ཤ་ཁྲག་དག་གིས་དགང་མཁའ་འགྲོ་ཡང་། །དེ་ལ་བསྒྲུབ་པའི་ལས་རྣམས་བྱ། །བསྐུལ་རྦད་ལས་རྣམས་རྫོགས་པར་བྱ། །ལས་གསུམ་གཞུང་དུ་བསྙེག་པར་བྱ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ལོང་བ་བསྒྲུབ་པའི་ལེའུ་སྟེ་དོན་གཉིས་པའོ།། །།དེ་ནས་དམུས་ལོང་ཁ་འཁྲོས་བསྒྲུབ་པ་ནི། གསང་སྔགས་རྣམ་པ་འདི་རྣམས་ཏེ། །ཨོཾ་ལཾ་དུ་སད་མ་རཾ། ཨ་ཏྲོ་རྦད། ཨི་ཏ་ཀཾ་ས་མུ་ཤཾ། མུ་ཏོ་ཁཾ། དེ་དྲ་རྦད། སུ་ཤོ་མ་འགྲི་རྦད། པཾ་ལཾ་རྦད། མུ་ལ་ཤེ་རྦད། ཀེ་ཏོ་ལམ་རྦད། མུཾ་ས་ལིང་། བ་མ་ཐུམ། ཀུ་ལཾ་མ་བུ་ཤེ་རྦད། དྲུང་རོད་ཡམ། ས་མ་ཏྲཾ་རྦད། ར་ཤོ་ཀཾ། མུ་པུ་ལི་སད། ཀར་ཤེ་རམ། རུ་ཏྲ་རམ། ཤ་མུ་ལོ་རྦད། ཁ་ལ་རུ་ཏྲཾ། པ་ཤོ་པ་ལི་རྦད། པྲ་དུ་ནེ་རྦད། ཀུ་ཀར་རྦད། རོ་སད། མུ་ལི་རྦད། པ་ཏྲེ་ཁཾ་ལཾ། ཁ་ལ་མེ་ཏྲི་རྦད། པཾ་རཾ་ཏྲི་གུཾ། བྷ་རོ་བ་ཏྲི་ལིང་། སུམ་ཅུ་ལས་མ་བྱུང་། དྲེ་ཏོང་ཁ་ལ། དེ་ལྟར་གསང་སྔགས་སྒོས་སུ་ཕུལ། །དྲག་སྔགས་དེ་ཡིས་ཐམས་ཅད་འགྲུབ། །གསད་དང་གསོ་ལ་ཐེ་ཚོམ་མེད། །རྟ་མཆོག་རོལ་པའི་ཏནྟྲ་ལས། ལོང་བ་སུམ་ཅུ་རྩ་གཉིས་གསང་སྔགས་ཀྱིས་བསྒྲུབ་པའི་ལེའུ་སྟེ་དོན་གསུམ་པའོ།། །།དེ་ནས་ཡང་དབང་གི་རྒྱལ་པོས། གསང་བའི་ཡུམ་བཞི་བསྒྲུབ་པ་འདི་གསུངས་སོ། །གསང་བའི་གནས་སུམ་དྷ་ལ་བྱ། །དབུས་ནི་ཟླུམ་པོར་བཅས་པ་ལ། །ནང་དུ་ཟླ་གམ་སྒོ་གཉིས་བརྩེག །


DNG017_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡི་ཕྱི་རིམ་པདྨ་ཟླ་གམ་བཞི་རུ་བྱ། །ཁྱམས་དང་སྒོ་དང་སྒོ་ཁྱུད་བཅས། །དབུས་སུ་དབང་གི་རྒྱལ་པོ་སྟེ། །ཟླ་གམ་བཞི་ལ་ཡུམ་བཞི་དགོད། །བྷན་དྷ་མཚན་ཅན་བཞི་ལ་བསྒྲུབ། །སྒོ་བཞི་ཁྲོ་བོ་མགོ་བརྩེགས་བསྲུང་། །དེ་རུ་གསང་ཐུན་ཐོད་པར་བསག །ཤ་ཁྲག་བཅུད་དང་རྩི་བཅུད་དང་། །མཐུན་པའི་རྫས་ལ་མཆོད་ཅིང་བསྒྲུབ། །གསང་བའི་ཐུན་བཞི་ཐོད་པར་འཕང་། །ཨོཾ་མ་མ་ར་དུ་ཤན་ཤན་མ་རྦད། མ་མ་རག་མོ་རོ་ཤ་ན་རྦད། ར་གོ་པ་ལ་ཚལ་དུ་ཡཾ། ས་མ་ཀ་ར་མ་མ་ཏི་རྦད། དེ་ལྟར་མཆོད་བསྐུལ་ལས་ལ་སྦྱར། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། གསང་བའི་ཡུམ་བཞི་རྦད་པའི་ལེའུ་སྟེ་དོན་བཞི་པའོ།། །།དེ་ནས་ཡང་དབང་གི་རྒྱལ་པོས། གོ་ལ་མ་དང་ཁམ་རྒྱ་མོ་དྲུག་ཅུ་རྩ་གཉིས་བསྒྲུབ་པ་འདི་གསུངས་སོ། །ཟླ་གམ་ཁ་སྤྲོད་མཎྜལ་དུ། །འཁོར་ལོ་རྩིབས་དྲུག་དག་ཏུ་བྱ། །ཕྱི་རིམ་པདྨ་འདབ་མ་དྲུག །སྒོ་དང་སྒོ་ཁྱུད་དེ་བཞིན་བྱ། །དེ་ལ་རྫས་དང་ཕུར་པ་རེ། །ཟངས་ཕུར་དྲུག་དྲུག་དགོད་པའོ། །ཟླ་གམ་ཁ་སྤྲོད་དབང་གི་ཡབ་ཡུམ་སྟེ། །འཁོར་ལོ་དྲུག་ལ་ཁམ་རྒྱ་དྲུག །པདྨ་དྲུག་ལ་གོ་ལ་མ། །སྒོ་ལ་ཁྲོ་བོ་དེ་བཞིན་ནོ། །བྷན་དྷ་ཚལ་བུ་དག་ཏུ་ནི། །དེ་རུ་ཐུན་རྫས་བསགས་ནས་སུ། །དེ་ལ་བསྒྲུབ་པར་བྱ་བའོ། །ཁྲག་དུག་མ་རུངས་ཐུན་རྫས་བསགས། །ཤ་དང་རྐང་དང་གློ་སྙིང་དང་། །དུར་ཁྲོད་རྫས་རྣམས་མ་ལུས་བསགས། །མཆོག་གི་གཞུ་དང་ཉུང་མོའི་མདའ། །ཞིང་གི་ལག་པའི་གཡབ་མོ་དང་། །རྒྱུ་མའི་འཕྲེང་དང་ལྷུ་དུམ་དང་། །ཧ་ཏ་དང་ནི་ཆ་ལང་དང་། །བྷན་དྷ་རྫས་རྣམས་ཚོགས་པར་བསྒྲུབ། །ཅེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། གོ་ལ་མ་དང་ཁམ་རྒྱ་མོ་སྒྲུབ་པའི་ལེའུ་སྟེ་དོན་ལྔ་པའོ།། །།དེ་ནས་ཡང་དབང་གི་རྒྱལ་པོ་ལ། སྒེག་མོ་རལ་གཅིག་མས་འདི་སྐད་ཅེས་སྨྲས་ཏེ། ཧི་ཧི་མངོན་རྫོགས་དབང་གི་རྒྱལ། །སྲིད་པ་གསུམ་ན་དབང་གི་བདག །སྐྱེ་འགྲོ་རལ་གཅིག་སྲིད་པ་སྒྲོལ། །སངས་རྒྱས་བསྟན་པ་བསྲུང་བའི་བདག །སེམས་ཅན་ཀུན་གྱི་དུར་


DNG017_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས་བདག །སྲིད་པ་གསུམ་གྱི་བྱན་མོ་བདག །ཧི་ཧི་མངོན་རྫོགས་ལས་རྣམས་བདག་གི་བགྱི། །སངས་རྒྱས་དགྱེས་པའི་ཕྲིན་ལས་གདགས་པར་བགྱིའོ། །བདག་ལ་དབང་གི་རྒྱལ་པོ་ཡིས། །བྱིན་གྱིས་རློབ་ཅིང་དབང་བསྐུར་མཛོད། །ཅེས་གསོལ་ཏོ། །བསེ་ཕོར་དམར་པོ་སྲུབས་མེད་དུ། །བདུད་རྩི་ལྔ་དང་སྨན་གྱི་མཆོག །མི་སྙིང་དང་ནི་གློ་མཆིན་དང་། །དུག་ཁྲག་སྦྱར་བ་བསགས་ནས་སུ། །དེ་ལ་བསྟེན་ཅིང་བསྒྲུབ་པ་སྟེ། །ཟླ་གམ་ཚོམ་བུ་པདྨའི་དཀྱིལ་འཁོར་ལ། །སྒོ་དང་མེ་རི་རྒྱན་སྤྲས་པའོ། །ཨེ་ཀ་ཛ་ཏི་རག་ཤ་ས་མ་ཡ་མ་མ་ཏིང་རཾ་རྦད། དེ་ལྟར་བསྒྲུབ་ཅིང་འཕང་བའོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། སྒེག་མོ་རལ་གཅིག་བསྒྲུབ་པའི་ལེའུ་སྟེ་དོན་དྲུག་པའོ།། །།དེ་ནས་ཡང་པདྨ་ལས་ཀྱི་སེམས་དཔས། བཅོམ་ལྡན་འདས་དབང་གི་རྒྱལ་པོ་ལ་གསོལ་པ། ཀྱེ་མ་བཅོམ་ལྡན་དབང་གི་མཆོག །དབང་མཆོག་དམ་པ་བསྒྲུབ་པ་ལ། །དངོས་གྲུབ་དམ་པ་བཤད་དུ་གསོལ། །ཞེས་གསོལ་ཏོ། །དབང་གི་རྒྱལ་པོས་བཀའ་སྩལ་པ། །ཉོན་ཅིག་ལས་ཀྱི་སེམས་དཔའ་ཆེ། །དབང་མཆོག་བསྒྲུབ་པའི་དངོས་གྲུབ་ནི། །དབང་གི་དངོས་གྲུབ་བདུད་རྩི་སྟེ། །བདུད་རྩི་སྨན་གྱི་དངོས་གྲུབ་ནི། །བདུད་ནི་མེ་ཆུ་ས་རླུང་ནམ་མཁའ་ལྔ། །འབྱུང་བ་ལྔ་ཡི་ཡུམ་དུ་བྱིན་བརླབ་རྩི་ཡིན་ནོ། །བདུད་ནི་ཉོན་མོངས་ལྔ་ཡིན་ཏེ། །ཡེ་ཤེས་ལྔ་རུ་བརླབ་པ་རྩི་ཡིན་ནོ། །ཨ་ནི་མྲྀ་ཏ་འཆི་བ་མེད་པའི་དོན། །བདུད་རྩི་ཨ་མྲྀ་ཏ་ཞེས་བྱ། །དེ་ཉིད་བླངས་ན་སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ལྔ། །བྱིན་རླབས་མངོན་ཤེས་སྐྱེ་བ་དངོས་གྲུབ་པོ། །ཐམས་ཅད་ལྷ་ཡི་ཕྱག་རྒྱར་གསལ། །དངོས་གྲུབ་རང་ལ་རང་ཆས་ཡོད། །དོན་རྟོགས་དངོས་གྲུབ་དམ་པའོ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། དངོས་གྲུབ་བསྟན་པའི་ལེའུ་སྟེ་དོན་བདུན་པའོ།། །།དེ་ནས་ཡང་པདྨ་ལས་ཀྱི་སེམས་དཔས། དབང་གི་རྒྱལ་པོ་ལ་གསོལ་པ། བཅོམ་ལྡན་དབང་དང་ཚེ་ཡི་བདག །ཚེ་དབང་རྒྱལ་པོ་


DNG017_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ལ་བདག་ཉན་འཚལ། །ཞེས་གསོལ་ཏོ། །ཚེ་དབང་རྒྱལ་པོས་བཀའ་སྩལ་པ། །ཉོན་ཅིག་པདྨ་སེམས་དཔའ་ཆེ། །དབང་ཆེན་དམ་པ་བསྐུར་བ་ནི། །སློབ་པ་ཟིན་པ་ཆོས་ཉིད་དབང་། །རྒྱུ་རྐྱེན་རྟེན་འདྲེལ་ནུས་མཐུའི་དབང་། །འབྲས་བུ་ཆེན་པོ་རྒྱུན་གྱི་དབང་། །གྲགས་པ་ཆེན་པོ་མདོ་སྡེའི་དབང་། །གསང་བའི་དབང་ནི་བྱང་ཆུབ་སེམས། །མངོན་ཤེས་དམ་པ་ལྔ་ཡི་དབང་། །ཏིང་འཛིན་གསལ་བ་སངས་རྒྱས་དབང་། །འདུལ་བའི་དོན་དུ་ཁྲོ་བོ་རྣམས་ཀྱི་དབང་། །ཇི་བཞིན་གསང་བ་ཚོགས་འཁོར་དབང་། །སྙིང་པོ་བཀོད་པ་ཡིག་འབྲུའི་དབང་། །ཐུན་མོང་དུ་ནི་རྫས་ཀྱི་དབང་། །གཉིས་མེད་སེམས་ཀྱི་དབང་དུའོ། །དེ་ཡི་གནས་དང་ལས་ཀྱང་དེ་བཞིན་ནོ། །ལྷ་དང་སློབ་དཔོན་མཆེད་དང་གཟུངས་མི་སྤང་། །དང་པོ་སྟ་གོན་ལ་ནི་གནས་པར་བྱ། །དེ་ནས་རྨི་ལམ་ཉམས་རྣམས་བརྟག །དྲི་ཞིམ་སྟན་ལ་ཉལ་བར་བྱ། །དྲི་དང་ཁྲུས་བྱས་གོས་བརྒྱན་པ། །དེ་ནས་ཉེས་པ་བཤགས་དང་སྔོན་འགྲོ་བྱ། །དེ་ནས་བསྙེན་བསྒྲུབ་ཆོ་ག་གཞུང་། །སྐྱ་རེངས་བར་མ་ཡན་ཆད་ལངས་བྱས་ལ། །ཡོལ་བ་དང་ནི་སྤྱན་དབྱེ་སྟེ། །དཀྱིལ་འཁོར་བསྟན་པ་གང་བཞིན་བྱ། །དེ་ནས་དབང་རྣམས་བསྐུར་བྱ་སྟེ། །རྫས་ཀྱི་དབང་རྣམས་གོང་བཞིན་བསྐུར། །དཀྱིལ་འཁོར་ལྷ་ཚོགས་དབང་རྣམས་བསྐུར། །མངོན་པར་ཤེས་པའི་དབང་ལྔ་བསྐུར། །དེ་ལྟར་གསལ་ལ་དབང་བསྐུར་ཏེ། །ཧཱུཾ་ལྷ་ཡི་སྙན་ནི་རྣམ་དག་པས། །དཀྱིལ་འཁོར་དགུ་ཡི་སྒྲ་ཡང་ཐོས། །ས་ལེར་མཁྱེན་ཅིང་གསན་པ་དང་། །ཡེ་ཤེས་སྒྲ་རྣམས་དབང་ཐོབ་ཤོག །ཧཱུཾ་རྫུ་འཕྲུལ་བཞི་ཡི་ཞབས་དང་ལྡན། །ཐོགས་མེད་ཡེ་ཤེས་རྫུ་འཕྲུལ་ལྡན། །རྫུ་འཕྲུལ་ཆེ་བའི་ཞབས་འདི་སྟེ། །གསང་བའི་དཀྱིལ་འཁོར་བགྲོད་པའི་དབང་ཐོབ་ཤོག །ཧཱུཾ་ལྷ་ཡི་སྤྱན་ནི་རྣམ་དག་པས། །ར་རི་ཁ་ཁོལ་དྲི་མ་མེད། །ཐམས་ཅད་གསལ་བ་ཡེ་ཤེས་སྤྱན། །གསང་བའི་དཀྱིལ་འཁོར་མཐོང་བའི་དབང་ཐོབ་ཤོག །ད་ལྟ་སྔོན་གྱི་གནས་དྲན་པས། །ས་ལེར་གསལ་བའི་ཡེ་ཤེས་ཏེ། །གནས་དང་ལྷ་རྣམས་


DNG017_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

དྲན་པའི་དབང་ཐོབ་ཤོག །ཧཱུཾ་ཕ་རོལ་སེམས་རྣམས་མངོན་ཤེས་པས། །ལྷ་ཡི་དགོངས་པ་ད་ལྟར་ས་ལེ་མཁྱེན། །མ་ཆགས་སྐྱོན་བྲལ་པདྨའི་དཔེ་དེ་བཞིན། །སྐྱོན་གྱིས་མ་གོས་ས་ལེ་མཁྱེན་པའི་དབང་ཐོབ་ཤོག །ཛྙཱ་ན་མཎྜ་ལ་པྲ་བེ་ཤ་ཧཱུཾ། ཧཱུཾ་ཡི་གེ་འབྲུ་ལྔ་ཡེ་ཤེས་ལྔ། །སངས་རྒྱས་ལྔ་ཡི་ཆེ་བའི་རྒྱན། །འབྲུ་ལྔ་ཡེ་ཤེས་རིགས་ལྔའི་སངས་རྒྱས་ཏེ། །སངས་རྒྱས་ལྔ་ཡི་དབང་ཐོབ་ཤོག །ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། རྟོག་ཚོགས་མ་ལུས་རྣམས་སྦྱངས་ནས། །དབྱིངས་ཀྱི་དཀྱིལ་འཁོར་དམ་པར་གསལ། །སངས་རྒྱས་རྩ་གཉིས་རིགས་སུ་གནས། །རྡོ་རྗེ་དབྱིངས་ཀྱི་དབང་ཐོབ་ཤོག །ཛྙཱ་ན་མཎྜ་ལ་ཧཱུཾ་ཨ། ཧཱུཾ་འགྲོ་བ་མ་ལུས་འདུལ་བའི་ཕྱིར། །ཡེ་ཤེས་ཁྲོ་བོ་ལས་བྱུང་བ། །སྦྱང་དང་སྤེལ་བའི་ལས་བྱས་ནས། །ཁྲོ་མཆོག་འགྲོ་བ་འདུལ་བའི་དབང་མཆོག་ཐོབ་པར་ཤོག །བཛྲ་ཀྲོ་ཏ་ཛྙཱ་ན་མཎྜ་ལ་ཧཱུཾ་ཨ། ཐུགས་རྗེ་རྟེན་གྱི་ཡེ་ཤེས་དབང་བརྒྱད་ལ། །དཔལ་བེའུ་འབར་བའི་རིན་ཆེན་ལ། །ཡེ་ཤེས་ལྔ་ཡི་ཐིག་ལེ་འབར། །མ་འདྲེས་ཡོངས་རྫོགས་གསལ་བའི་ཡེ་ཤེས་ཏེ། །ཡེ་ཤེས་སེམས་དཔའི་དབང་ཐོབ་ཤོག །གཉའ་ན་སྭ་ཏ་མ་དྷ་ལ་ཧཱུཾ། དཔལ་བེ་ཡེ་ཤེས་སྒོ་སྲུང་ནི། །ཟླ་གམ་འོད་ཀྱི་ཐིག་ལེ་ཆེ། །འབར་བའི་ཡེ་ཤེས་རྟ་མགོ་ལྔ། །རྟ་མགྲིན་དབང་གི་སྐུ་ཐོབ་ཤོག །ཧ་ཡ་གྲཱི་བ་མ་དྷ་ལ་ཧཱུཾ་ཨ། ཁམས་གསུམ་མ་ལུས་རྣམ་པར་རྒྱལ། །དོན་གྱི་ཡེ་ཤེས་ཐིག་ལེ་ཆེ། །སངས་རྒྱས་སྟོང་གི་དབང་གི་མཆོག །ལས་ལས་རྒྱལ་བའི་དབང་ཐོབ་ཤོག །ཀྲོ་ཏ་མ་དྷ་ལ་ཧཱུཾ། ཧཱུཾ་བདེ་བའི་ཡེ་ཤེས་ལྷུན་གྱིས་གྲུབ། །མ་བཙལ་ལྷུན་རྫོགས་གསང་བའི་ངང་། །འབར་བའི་ཡི་གེ་སྒྲ་དང་ལྡན། །ལྷུན་གྱིས་གྲུབ་པའི་དབང་མཆོག་ཐོབ་པར་ཤོག །ཨ་དྷི་པ་ཏ་མཎྜ་ལ་ཧཱུཾ། ཐམས་ཅད་མ་ལུས་ཧཱུཾ་གི་སྒྲ། །སྒྲ་ཆེན་ལྷ་ནི་གསང་བའི་མཆོག །སངས་རྒྱས་རབ་འབྱམས་ཁྲོས་པའི་དཔལ། །ཧཱུཾ་གིས་ལས་མཛད་དབང་ཐོབ་ཤོག །ཧཱུཾ་ཀྲོ་ཏ་མཎྜ་ལ་ཨ། ཧཱུཾ་ངན་སོང་གནས་རྣམས་འཇོམས་པའི་མགོན། །ཁྲོ་ཚོགས་ཡེ་ཤེས་མེ་ལྟར་འབར། །


DNG017_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོ་འདུ་གསལ་བ་ཡེ་ཤེས་ལྷ། །ངན་སོང་གནས་སྟོངས་ཡེ་ཤེས་དབང་ཐོབ་ཤོག །ཀྲོ་ཏ་ག་ཎ་མ་དྷ་ལ་ཧཱུཾ། ཧཱུཾ་དུར་ཁྲོད་ཆེན་པོ་ཧཱུཾ་གི་ཚོགས། །ཡེ་ཤེས་ཁྲོ་བརྒྱད་འབར་བ་ཆེ། །ཐམས་ཅད་མ་ལུས་འཇོམས་པའི་ཚོགས། །དུར་ཁྲོད་ཁྲོ་ཆེན་དབང་ཐོབ་ཤོག །ཀྲོ་ཏ་ཛྙཱ་ན་མཎྜ་ལ་ཧཱུཾ་ཨ། ཕྱོགས་བཞིར་བརྟུལ་ཞུགས་ཆེན་པོ་བཞི། །ཉོན་མོངས་བདུད་ཀྱི་སྡེ་བཅོམ་ནས། །ཡེ་ཤེས་བཞི་ཡི་འོད་ལས་མ་གཡོས་པར། །ལོག་ལྟ་འདུལ་མཛད་བཞི་ཡི་དབང་ཐོབ་ཤོག །གཉའ་ན་མ་དྷ་ལ་ཀྲོ་ཏ་རཾ་ཧཱུཾ་ཨ། ཧཱུཾ་མ་ལུས་དབང་གི་རྒྱལ་པོ་ཉིད་ཀྱི་སྐུ་ལ་རྫོགས། །འབར་བའི་ལྷ་ཚོགས་གསལ་བར་བཀོད། །ཐམས་ཅད་མ་ལུས་དབང་དུ་འདུས་ཏེ་དབང་གི་རྒྱན་དུ་བྱས། །ཐུགས་ཀྱི་པདྨའི་གའུ་ནས། །གསང་བའི་ཡེ་ཤེས་འོད་དུ་འབར། །འོད་ཀྱི་ཐིག་ལེ་ཚོམ་བུའི་ཚོགས། །དམར་ལ་དྭངས་པའི་འོད་ཀྱི་འཕྲོ་འདུར་གསལ། །སངས་རྒྱས་དབང་གི་དབང་མཆོག་ཐོབ་པར་ཤོག །ཧ་ཡ་གྲཱི་བ་བ་དམ་དྷ་ལ་ཧཱུཾ། གཉིས་མེད་གསང་བ་ཐུགས་ཀྱི་ཡུམ། །སངས་རྒྱས་ཀུན་གྱིས་བསྔགས་པའི་གཟི་ལྡན་པདྨ་ཅན། །དཀར་དམར་ཡེ་ཤེས་འོད་ཀྱི་འཕྲོ་འདུ་འཁྲུགས། །ཡུམ་ཆེན་གསང་བའི་དབང་ཐོབ་ཤོག །གཉའ་ན་མ་དྷ་ལ་ཧཱུཾ་ཨ། སྲིད་གསུམ་སྒྲོལ་ཞིང་སངས་རྒྱས་ལས་མཛད་དམ་སྲུང་མ། །གདུལ་བྱ་དྲག་པོས་འདུལ་བའི་དབང་མོ་ཆེ། །གསང་བའི་ལས་མཛད་མ་སྲིང་དབང་ཐོབ་ཤོག །མ་མ་རུ་ཙམ་དྷ་ལ་ཧཱུཾ། གཉིས་མེད་མཁའ་གསང་དག་པ་ལས། །བྱང་ཆུབ་སེམས་ནི་དྲངས་བསྡིམས་ཏེ། །བྱང་ཆུབ་སེམས་ཀྱི་དབང་བསྐུར་བས། །སྐྱེ་ཤི་མེད་པའི་དབང་ཐོབ་ཤོག །བོ་དྷི་ཙིཏྟ་མ་དྷ་ལ་ཧཱུཾ། རིམ་པར་བསྐུར་བའོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ལྷ་དབང་བསྐུར་བའི་ལེའུ་སྟེ་དོན་བརྒྱད་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་དབང་གི་རྒྱལ་པོ་ལ། པདྨ་ལས་ཀྱི་སེམས་དཔས་གསོལ་པ། བཅོམ་ལྡན་པདྨ་གར་གྱི་བདག །ཚེ་ཡི་ལས་རྣམས་མ་ལུས་པ། །ཚེ་དཔག་མེད་ཀྱིས་བཤད་དུ་


DNG017_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། །ཞེས་གསོལ་ཏོ། །དབང་གི་རྒྱལ་པོས་བཀའ་སྩལ་པ། ཉོན་ཅིག་པདྨ་ལས་ཀྱི་སེམས་དཔའ་ཆེ། །ཚེ་ཡི་ལས་རྣམས་ངས་བཤད་ཀྱིས། །ལེགས་པར་ཉོན་ལ་ཡིད་ལ་ཟུང་། །གསང་བའི་ཚེ་ཡི་ལས་བསྟན་པ། །ངེས་པའི་ཚེ་དང་བསྟན་པའི་ཚེ། །དོན་དམ་ངེས་པའི་ཚེ་ལ་ནི། །རིག་པ་ཉིད་ལ་མཆོག་ཉིད་དོ། །འཕེལ་འགྲིབ་བདེན་པའི་ཚེ་ལ་ཡང་། །དོན་དེ་ཉིད་ལ་རིག་པར་བྱ། །དང་པོ་ཚེ་འདི་གནས་པར་བྱ། །རྫས་ལ་བསྟེན་ཏེ་བསྒྲུབ་པའོ། །བྱུ་རུ་དམར་པོའི་བུམ་པ་རུ། །བར་ཆད་བགེགས་རྣམས་བསྐྲད་བྱས་ནས། །བྷྲཱུཾ་ལས་རིན་ཆེན་གཞལ་ཡས་ཏེ། །ཨོཾ་དང་པཾ་ནི་གདན་དང་བཅས། །སྙིང་པོ་སྔགས་ཀྱིས་གསལ་བ་སྟེ། །ཚེ་དཔག་མེད་ནི་དཀར་པོ་ལ། །ཞལ་གཅིག་ཕྱག་གཉིས་ཕྱག་རྒྱར་གསལ། །པཾ་ལས་མཱུཾ་ཡང་གཙོ་བོ་བཞིན། །བུམ་པའི་མཁའ་ལ་ཟླ་དཀྱིལ་གའུ་ལྟ་བུ་སྟེ། །ཟླ་བའི་དཀྱིལ་འཁོར་ལྟ་བུ་ལ། །གའུ་ལྟ་བུར་གནས་པ་སྟེ། །མ་དྷལ་གྱེན་དུ་བལྟ་བའོ། །དེ་ཡི་དབུས་སུ་ཨ་དཀར་གནས། །ཨཱ་ཡུ་གཉའ་ན་བིན་དུ་ཞེས་བརྗོད་པས། །བྱང་ཆུབ་སེམས་ཀྱི་གཟུགས་བརྙན་ཏེ། །ཟླ་བའི་མཎྜལ་ཐིག་ལེ་ལྟ་བུ་སྟེ། །དེ་ནི་ཨཱ་ཡུའི་གནས་ཉིད་དོ། །དེ་ཡི་ཕྱོགས་བཞིར་རིགས་རྣམས་དེ་བཞིན་ཏེ། །ལྷ་རྣམས་རྫོགས་པར་གསལ་བར་འབར་བའོ། །ཞི་བའི་ལས་ཀྱིས་སྒྲུབ་དེ་བཞིན། །ཚེ་དཔག་མེད་ནི་ཁྲོ་བོ་སྟེ། །ཧཱུཾ་དམར་གསལ་ལ་འཚེར་བ་ལས། །ཁྲོ་བོ་དམར་པོ་གྲངས་མེད་འཕྲོས། །དྲུག་གི་གནས་བཅོམ་ཚེ་ཡི་རང་བཞིན་འགུགས། །དེ་ཡི་ཕྱག་རྒྱ་བཞིས་བཀུག་ནས། །ལྷ་རྣམས་ཐུགས་ཀར་གསལ་བ་ནི། །དབང་དུ་བྱ་བ་ཞེས་བྱའོ། །དེ་ལས་ཡབ་ཡུམ་སྦྱོར་བ་ཡིས། །འཕྲོ་འདུ་གསལ་བའི་སྦྱོར་བ་ཡིས། །བཅུ་དྲུག་ཟླ་གམ་བརྒྱད་པ་ལྟར། །བསྒྱུར་བ་ཨཱ་ཡུ་སྤེལ་བའོ། །དེ་ལས་རྟེན་རྣམས་དམིགས་བྱ་དེ་ལ་བསྡིམ་པ་ལ། །ཕྱག་རྒྱ་བཞི་ཡིས་རྒྱས་བཏབ་སྟེ། །དབང་དུ་བསྡུ་བསྡིམ་ཕྱག་རྒྱས་བསྡམ་པ་ནི། །དེ་ནི་ཨཱ་ཡུ་སྦ་བའོ། །ལྷ་མོ་རྣམས་ཀྱིས་ཚེ་བཀུག་


DNG017_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །མགོན་པོ་ཡབ་ཡུམ་སྦྱོར་བ་ལས། །ཐམས་ཅད་ཚེ་རུ་གྱུར་པ་ལ། །གང་ལ་འདོད་པ་བསྡིམ་པ་ནི། །ཚེ་ཡི་སྒྲུབ་པ་ཞེས་བྱའོ། །ལྷ་རྣམས་བསྡིམ་ཞིང་གོ་བསྐོན་པ། །དབང་བསྐུར་ཆེན་པོ་ཞེས་བྱའོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ཚེ་སྒྲུབ་པའི་ལེའུ་སྟེ་དོན་དགུ་པའོ།། །།དེ་ནས་ཡང་པདྨ་ལས་ཀྱི་སེམས་དཔའ་དེས། བཅོམ་ལྡན་འདས་གར་གྱི་བདག་པོ་ལ། འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་གར་གྱི་བདག །རྟག་ཏུ་ཏིང་འཛིན་རྩེ་གཅིག་གིས། །རང་དབང་བསྒྲུབ་ན་ཇི་ལྟར་བགྱི། །དབང་གི་རྒྱལ་པོས་བཤད་དུ་གསོལ། །ཞེས་གསོལ་ཏོ། །དབང་གི་རྒྱལ་པོས་བཀའ་སྩལ་པ། །པདྨ་ལས་ཀྱི་སེམས་དཔའ་ཆེ། །རྟག་ཏུ་ཏིང་འཛིན་རྩེ་གཅིག་གིས། །རང་དབང་བསྒྲུབ་པ་བཤད་པར་བྱའོ། །དང་པོ་སྟོང་པའི་ངོ་བོ་ལ། །ཁྱབ་པ་སྙིང་རྗེ་ལམ་དུ་ཤར། །དེ་ལས་འབྲས་བུ་ཧཱུཾ་དམར་ཏེ། །དེ་ལས་ཡི་གེ་རིམ་པར་ཆད། །ཨེ་ལས་འབྱུང་བ་ནམ་མཁའ་སྟེ། །ཡཾ་ལས་རླུང་གི་དཀྱིལ་འཁོར་རོ། །ར་ལས་འབྱུང་བ་ཆུ་རུ་ཆགས། །སུཾ་ལས་གསེར་གྱི་ས་གཞིར་འབར། །རཾ་ལས་ཡེ་ཤེས་མེ་རུ་འབར། །ཀེཾ་ལས་རི་རབ་འབར་བ་སྟེ། །བྷྲཱུཾ་ལས་རིན་ཆེན་གཞལ་ཡས་ཁང་། །བ་ལས་དུར་ཁྲོད་འབར་བའོ། །ཡཾ་ལས་ཟླ་གམ་འབར་བ་སྟེ། །བཾ་ལས་ཟླུམ་པོ་དེ་བཞིན་དང་། །དེ་ལས་དབང་ཆེན་རིམ་དུ་འབར། །ཧཱུཾ་ལས་འོད་འབར་ཕྱོགས་བཅུར་འཕྲོས། །བྱིན་བསྡུས་གཞལ་ཡས་ཉིད་ལ་ཐིམ། །དེ་ལས་དབང་གི་རྒྱལ་པོར་གསལ། །གཟི་ལྡན་ཡུམ་ནི་སྐུ་ལ་འཁྲིལ། །སྦྱོར་བ་ཡི་ནི་ཡི་གེར་གསལ། །ཡི་གེའི་ངང་ལས་འཁོར་གྱི་སྐུར་གསལ་ལོ། །དེ་ལ་སྤྱན་དྲང་བསྡིམ་མཆོད་སྔགས་ཀྱིས་བྱ། །སྨོན་ལམ་བཏབ་ལ་ལས་འདི་བཅོལ། །དེ་ཡིས་བསྙེན་དང་བསྒྲུབ་པ་དང་། །བསྙེན་ཆེན་དང་ནི་བསྒྲུབ་ཆེན་པོ། །ལས་བཞི་སྔགས་ཀྱི་འཕྲོ་འདུར་གསལ། །དེ་ནས་དབང་དྲག་ལས་ལ་སྦྱར། །གསང་བ་དབང་གི་སྔགས་ཀྱིས་བརྡེབ། །དེ་ཡིས་དབང་གི་ལས་རྣམས་འགྲུབ། །ཅེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། རྟག་


DNG017_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་རྩེ་གཅིག་དབང་གི་ལྷ་རྣམས་བསྒྲུབ་པའི་ལེའུ་སྟེ་བརྒྱད་ཅུ་པའོ།། །།དེ་ནས་ཡང་ལས་ཀྱི་སེམས་དཔས་དབང་གི་རྒྱལ་པོ་ལ་གསོལ་པ། དབང་གི་ལྷ་རྣམས་མཆོད་པ་ན། །དབང་གི་ལྷ་རྣམས་གང་གིས་མཆོད། །དབང་གི་མ་མོ་དམ་ཅན་གང་གིས་བསྟེན། །ལྷག་པའི་ལྷ་རྣམས་གང་གིས་བསྟེན། །རྫས་དང་དམ་རྫས་བཤད་དུ་གསོལ། །ཞེས་གསོལ་ཏོ། །དབང་གིས་རྒྱལ་པོས་བཀའ་སྩལ་པ། །ཉོན་ཅིག་པདྨ་ལས་ཀྱི་སེམས་དཔའ་ཆེ། །དབང་གི་ལྷ་རྣམས་མཆོད་པ་ན། །སྲུབས་མེད་བྷན་དྷ་བཟང་འཁོར་ཡུག །ཚེ་དང་རིགས་དང་མཚན་དང་ལྡན། །ལྕང་ལོ་མ་ཉམས་རིན་ཆེན་བརྒྱན། །དམ་རྫས་བདུད་རྩི་ལྔས་བཀང་དང་། །དག་པ་ལྷ་ཡི་ཞལ་ཟས་མཆོག །འདོད་ཡོན་ཚང་བའི་གཏོར་མ་དང་། །མ་འདྲེས་དྭངས་མའི་རཀྟ་གསུམ། །དབང་གི་ལྷ་རྣམས་མཆོད་པའོ། །གཉིས་མེད་མཆོད་པའི་ཕྱག་རྒྱ་དང་། །དག་པ་ཕྱི་ཡི་མཆོད་པ་དང་། །གླུ་བྲོ་གར་གྱིས་མཆོད་པ་ནི། །དབང་གི་ལྷ་ཚོགས་མཆོད་པའོ། །དབང་གི་མ་མོ་དམ་ཅན་བསྟེན་པའི་རྫས། །དཔའ་བོ་ཆེན་པོའི་སྙིང་ཁྲག་དང་། །གློ་བ་ནང་ཁྲོལ་བཅས་པ་དང་། །དབང་པོ་རྣམས་དང་བདུད་རྩི་དང་། །ཤ་སྣ་བརྒྱད་དང་ཁྲག་སྣ་བརྒྱད། །ཚིལ་ཆེན་མར་མེ་བཅས་པ་དང་། །ལྕང་ལོ་བྷན་དར་བཅས་པ་དང་། །ཐོད་རྔ་ལ་སོགས་བརྡུང་བའི་དབྱངས། །མ་མོ་བསྟེན་པའི་དམ་རྫས་སོ། །ལྷག་པའི་ལྷ་གསུམ་མཆོད་པའི་རྫས། །དུག་གསུམ་ཤ་ཁྲག་རུས་ཀྱིས་མཆོད། །དེ་ལྟར་ཚོགས་ན་རྫས་ཡིན་ནོ། །དེ་ཡིས་དབང་གི་དངོས་གྲུབ་འཐོབ། །ཅེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། དབང་གི་ལྷ་རྣམས་དམ་རྫས་ཀྱིས་མཆོད་པའི་ལེའུ་སྟེ་གྱ་གཅིག་པའོ།། །།དེ་ནས་ཡང་པདྨ་ལས་ཀྱི་སེམས་དཔས་ཡང་གསོལ་པ། ཀྱེ་མ་བཅོམ་ལྡན་དབང་གི་བདག །དབང་གི་ལྷ་ཚོགས་འདི་རྣམས་ལ། །ལོང་བ་ཆེན་པོ་ཞེས་བྱ་བ། །གནད་ནས་བསྐུལ་པ་ཇི་ལྟར་ལགས། །དབང་གི་


DNG017_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོས་བཤད་དུ་གསོལ། །དབང་གི་རྒྱལ་པོས་བཀའ་སྩལ་པ། །ལོང་བ་ཆེན་པོ་འདི་རྣམས་ནི། །སྐུལ་བའི་ལས་རྣམས་འདི་ལྟར་རོ། །ཧཱུཾ་དམར་ལ་དྭངས་པ་སྤྲུལ་པའི་སྐུ། །འགྲན་ཟླ་མེད་པ་རྒྱལ་བའི་མཐུ། །ཁྱབ་པ་ཡེ་ཤེས་ཐུགས་རྗེའི་རྩི། །དབང་རྒྱལ་བདུད་རྩི་ཁྱེད་ལ་བསྟོད། །སྤྲུལ་པ་ཡེ་ཤེས་མཁའ་འགྲོ་མ། །གདུག་པ་ལོང་བའི་ཚོགས་སུ་སྤྲུལ། །ལོང་བ་ཆེན་པོ་སུམ་ཅུ་གཉིས། །ཤར་ནས་ལོང་བ་བརྒྱད་བྱུང་སྟེ། །ཤེལ་གྱི་སྐུ་ལུས་ལྡེམ་པ་ལ། །ཤིང་དཀར་དཀར་ནི་ལྡེམ་པ་བརྒྱད། །ཆིབས་སུ་སྟག་དགུ་རེ་རེ་ཆིབས། །གཡས་པ་བརྒྱད་ན་ལྕགས་ཀྱུ་རེ་རེ་བསྣམས། །གཡོན་པ་བརྒྱད་ན་སྟ་རེ་ཐོགས། །ལྕགས་ཀྱུས་བཟུང་ནས་སྟ་རེས་གཤག །དབུ་ལ་གཟའ་རྒོད་ཆར་དུ་འབེབས། །རྡོ་རྗེ་རིགས་ཀྱི་ལས་རྣམས་མཛད། །ལྷོ་ནས་ལོང་བ་བརྒྱད་བྱུང་སྟེ། །རིན་ཆེན་གསེར་གྱི་ལོང་བ་བརྒྱད། །ཆིབས་སུ་གསེར་གྱི་གླང་པོ་ཆིབས། །གཡས་པ་བརྒྱད་ན་གསེར་ཞགས་སེར་པོ་ཐོགས། །གཡོན་པ་བརྒྱད་ན་གསེར་གྱི་ཕུར་པ་འདེབས། །ཡ་མ་གཤིན་རྗེ་ཆར་ལྟར་འབེབས། །རིན་ཆེན་རིགས་ཀྱི་ཕྲིན་ལས་མཛད། །ནུབ་ནས་ལོང་བ་བརྒྱད་བྱུང་སྟེ། །རཱ་ག་དམར་པོའི་སྐུ་ལུས་ལ། །ཆིབས་སུ་ཆུ་གླང་སྔོན་པོ་ཆིབས། །གཡས་པ་རིན་ཆེན་ལྕགས་སྒྲོག་བརྒྱད། །གཡོན་པ་ཟངས་ཀྱི་ཕུར་པ་བརྒྱད། །དབུ་ལ་ཟངས་སྟག་ཆར་པར་འབེབས། །པདྨ་རིགས་ཀྱི་ལས་མཛད་པ། །བྱང་ནས་ལོང་བ་བརྒྱད་བྱུང་སྟེ། །ཆིབས་སུ་གཡུ་ཡི་བྱ་ཁྲ་ཆིབས། །གཡས་པ་བརྒྱད་ན་གཡུ་ཡི་དྲིལ་བུ་འཁྲོལ། །གཡོན་པ་བརྒྱད་ན་དྲིལ་ཞགས་འཕེན། །ལས་ཀྱི་རིགས་ཀྱི་ལས་མཛད་མ། །ཁྱེད་ཀྱི་ཕྲིན་ལས་རྫོགས་མཛད་དེ། །ཡེ་ཤེས་ལས་མཛད་ཁྱེད་ལ་བསྟོད། །ཅེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ལོང་བ་བསྐུལ་བའི་ལེའུ་སྟེ་གྱ་གཉིས་པའོ།། །།དེ་ནས་ཡང་དྲག་པོའི་ལིངྒ་བཤད་པར་བྱ། ལིངྒ་བཅའ་བའི་མཚན་ཉིད་ནི། །མ་རུངས་རྫས་ལས་གྲུབ་པ་སྟེ། །དེ་ལ་ནུས་མཐུ་ཡོད་པ་སྟེ། །གངས་ཀྱི་དུམ་བུ་ཇུ་ཚེའི་ཕུབ། །སྲུབ་ཁའི་ལོ་


DNG017_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

མ་བོང་བུའི་བདུད་རྩི་དང་། །མི་ཕུང་ས་དང་དེ་རྗེས་རྣམས། །དེ་ལ་ལིངྒ་བྱ་བའོ། །གྲོག་མཁར་ས་དང་དྲི་མ་རྗེས། །དེ་ཡང་ལིངྒའི་རྒྱུ་རུ་ཤེས། །དེ་ལྟར་སྦྲུས་ལ་ལིངྒ་བཅའ། །ལིངྒའི་ཡན་ལག་ཉིང་ལག་རྫོགས་པར་བྱའོ། །དེ་ལྟར་བསྐྱེད་དང་དགུག་བསྡིམ་གསལ། །དེ་ལ་དྲག་པོའི་ལས་རྣམས་བྱ། །ཞེས་གསུངས་སོ། །མཚན་དང་ལྡན་པའི་ལིངྒ་ལ། །དེ་ལ་བལ་ཚོན་སྣ་ལྔའི་བྲུངས། །མཁར་ནག་སྐུད་པ་དག་གིས་རྒྱ་གྲམ་བསྡམ། །གཏོར་མ་རྡོ་ཕྱེ་དུག་རྣམས་དང་། །མུངྒ་ར་ཡི་ཆན་དང་སྦྱར། །བསེ་བྱ་དམར་ལ་དེ་བཞིན་བསྐྱོན། །ཟླ་གམ་གྲུ་གསུམ་ནང་དུ་གཞུག །དེ་ལྟར་བྱས་ཏེ་ལས་ལ་སྦྱར། །དེ་ཡིས་དྲག་པོའི་ལས་རྣམས་རྫོགས། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ལིངྒ་དང་དྲག་རྫས་བསྟན་པའི་ལེའུ་སྟེ་གྱ་གསུམ་པའོ།། །།དེ་ནས་ཡང་པདྨ་ལས་ཀྱི་སེམས་དཔའ་ཡིས། དབང་གི་རྒྱལ་ལ་འདི་སྐད་གསོལ། །ཀྱེ་མ་དབང་མཆོག་ཧེ་རུ་ཀ །ཐམས་ཅད་དབང་གི་ལྷ་ཞེས་བྱ་བ་ཇི་ལྟ་བུ། །དབང་གི་བདག་པོས་བཤད་དུ་གསོལ། །ཞེས་གསོལ་ཏོ། །དབང་གི་རྒྱལ་པོས་བཀའ་སྩལ་པ། །པདྨ་རཱ་ག་དམར་པོའི་གཞལ་ཡས་སུ། །ཟླ་གམ་དམར་དང་འོད་དུ་བཅས། །པདྨ་འབར་བའི་གདན་རེ་སྟེ། །ལྷ་རེ་ལ་ཡང་པདྨའི་གདན། །དབུས་ནི་པདྨ་བརྩེགས་པའོ། །དེ་ལྟར་དབང་གི་ལྷ་ཚོགས་གསལ་བར་བཀོད། །སྐུ་མདོག་ཐམས་ཅད་དམར་པོ་སྟེ། །པདྨ་མེ་ཏོག་ཕུང་པོས་བསྐོར། །གཡས་པ་ཐམས་ཅད་ལྕགས་ཀྱུ་ལེ་བརྒན་ཅོད་པན་ཅན། །གཡོན་པ་ཐམས་ཅད་བུམ་པ་ཚེ་ཡིས་བཀང་བའོ། །ལྷ་རྣམས་དེ་དག་ཐམས་ཅད་ཀྱི། །ཐུགས་ཀར་དཔལ་བེའུ་བར་ཟླ་གམ། །ཟླ་གམ་ཁ་སྤྲོད་རེ་རེ་ལ། །ཟླ་བའི་དཀྱིལ་འཁོར་རེ་རེ་ལ། །ཚེ་ཡི་རང་བཞིན་ཡི་གེ་ཨ་རེ་གནས། །དཀར་དམར་འོད་ཀྱི་ཐིག་ལེ་ལྔ་ལྔས་བསྐོར། །ཚེ་ཡི་རང་བཞིན་འོད་དུ་འཁྱིལ། །བར་ན་རྟ་མགྲིན་སེམས་དཔའ་རེ། །འཁྲིལ་ཞིང་བསྐོར་བས་ཕྱོགས་བཞི་བསྲུང་། །དེ་ལྟར་ལྷ་རྣམས་གསལ་བ་ལ། །ཚེ་བསླང་ཚེ་དགུག་དེ་ལ་བསྡིམ། །


DNG017_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པའི་མཆོག་ལ་ཚེ་དབང་སྦྱིན། །འདོད་པའི་མཆོག་ལ་ཡང་དེ་བཞིན་ཏེ། །དཀར་དམར་འོད་ཀྱི་ཐིག་ལེ་དེ། །འདོད་པ་དེ་ལ་རབ་བསྡིམས་པས། །འདོད་པ་དེ་ཡི་གནས་ཆེན་ལ། །དཀར་དམར་ཚེ་ཡི་རང་བཞིན་འཁྱིལ། །ཚེ་ནི་ཆར་ལྟར་དེ་ལ་ཕབ། །འདོད་པ་ཚེ་ལུས་རྒྱས་པ་སྟེ། །སྣུམ་ལ་འཁྲིལ་ལ་མཉེན་ལ་འཁྲིལ། །ཚེ་ཡི་གའུར་གཏམས་པ་ལ། །ཁྲོ་བཞི་ལྷ་མོ་བཞི་ཡིས་བསྲུང་། །ཚེ་ཡི་བླ་གནས་དགུ་ལ་ཐིམ། །ཕྱག་རྒྱ་འབར་བས་རྒྱས་བཏབ་པ། །སངས་རྒྱས་ཀྱིས་ཀྱང་མི་གཟིགས་སོ། །དེ་ལ་ཚེ་དབང་ཞེས་བྱའོ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ཚེ་སྒྲུབ་པའི་ལེའུ་སྟེ་གྱ་བཞི་པའོ།། །།དེ་ནས་ཡང་ནི་བཤད་པར་བྱ། །ཚེ་ཞེས་བྱ་བ་སྲོག་ཡིན་ཏེ། །སྲོག་ཅེས་བྱ་བ་ཚེ་ཡིན་ནོ། །ཚེ་སྲོག་བར་ན་ཡི་གེ་གསུམ། །ཨ་དཀར་གསུམ་ནི་ཧཱུཾ་ཞབས་སྦྲེལ། །ཐ་མ་འོད་ཀྱི་ཐིག་ལེར་གནས། །དེ་ལྟར་རྟོགས་པས་ཚེ་བསྒྲུབ་པོ། །དེ་ལ་དབང་ནི་རྣམ་གསུམ་སྟེ། །བྱང་ཆུབ་སེམས་ཀྱི་དབང་བསྐུར་དང་། །ཡི་གེ་ཕྲེང་བའི་དབང་བསྐུར་དང་། །ལྷ་ཡི་ཚོགས་ཀྱིས་བསྐུར་བའོ། །བྱང་ཆུབ་སེམས་ཀྱིས་བསྐུར་བ་ནི། །ལྷ་དང་བླ་མ་མཉེས་པར་བྱ་བའི་ཕྱིར། །གཟུངས་མ་དེ་དང་ལྡན་པས་བྱ། །བྱང་ཆུབ་སེམས་ཀྱི་དབང་བསྐུར་ཏེ། །གཙོ་གཟུངས་སྦྱོར་བའི་བྱང་ཆུབ་སེམས། །བླངས་ལ་དེ་ལ་སྦྱིན་པར་བྱ། །གསང་བ་གཞན་ལ་བསྟན་པ་མིན། །མི་ཕྱེད་དགུ་དང་ལྡན་པ་ལའོ། །ཡི་གེ་ཕྲེང་བའི་དབང་བསྐུར་བ། །འབྲུ་ལྔ་ཡེ་ཤེས་ལྔ་ཡི་དབང་། །འབྲུ་བརྒྱད་ཧུ་ལུ་དབང་གི་ལྷ་རྣམས་ཀྱིའོ། །དེ་ཡི་དབང་བསྐུར་མིག་དང་ལྡན། །ལྷ་ནི་ཚངས་པ་དངོས་སུ་བསྐུར། །གནས་ལྔ་དག་ཏུ་བསྐུར་བའོ། །དེ་ཡིས་འབྲས་བུ་གྲུབ་པའོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ཚེ་དབང་བསྟན་པའི་ལེའུ་སྟེ་གྱ་ལྔ་པའོ།། །།དེ་ནས་ཡང་པདྨ་ལས་ཀྱི་སེམས་དཔས། དབང་གི་རྒྱལ་པོ་ལ་གསོལ་པ། བསྡུས་པའི་དབང་གི་དཀྱིལ་འཁོར་ལ། །ལྷ་རྣམས་དགོད་པ་ཇི་ལྟར་བགྱི། །ཞེས་གསོལ་ཏོ། །དབང་གི་རྒྱལ་པོས་བཀའ་སྩལ་པ། །


DNG017_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་པ་དབང་གི་དཀྱིལ་འཁོར་ལ། །དབང་གི་ལྷ་རྣམས་དགོད་པ་ནི། །དབུས་ཀྱི་ཟླ་གམ་ཆེན་པོ་ལ། །དབང་གི་རྒྱལ་པོ་དགོད་པ་ནི། །གཟི་ལྡན་པདྨ་གཙོ་དང་འཁྲིལ། །འཁོར་ལོ་རྩིབས་ནི་བཅུ་དྲུག་ལ། །གོ་ལ་མ་དྲུག་ཁམ་རྒྱ་དྲུག །གསང་བའི་ཡུམ་བཞི་ལ་སོགས་ཏེ། །བཅུ་དྲུག་རིམ་པར་དགོད་པར་བྱ། །ཕྱི་ཡི་པདྨ་སུམ་ཅུ་རྩ་གཉིས་ལ། །ལོང་བ་སུམ་ཅུ་རྩ་གཉིས་དགོད། །གྲུ་ཆད་བཞི་དང་ཕྱོགས་དག་ལ། །ཁྱི་བརྒྱད་ཚོགས་ནི་དགོད་པར་བྱ། །དེ་ཡི་ཕྱི་རིམ་གྲུ་བཞི་ལ། །སྤྱང་བརྒྱད་དག་ནི་དགོད་པར་བྱ། །ཁྱམས་ལ་མ་མོ་རྣམས་ནི་དགོད། །སྒོ་བཞིར་ཁྲོ་བོ་མགོ་བརྩེགས་དགོད། །གཙོ་བོའི་ཟུར་བརྒྱད་མདུན་རྒྱབ་ཟུར་བཞི་ལ། །བརྟུལ་ཞུགས་ཆེན་པོ་བཞི་ནི་དགོད། །དེ་ལྟར་བཀོད་ལ་བསྒྲུབ་པ་ནི། །རྩ་བའི་དཀྱིལ་འཁོར་གསལ་བའོ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། རྩ་བའི་དཀྱིལ་འཁོར་དགོད་པའི་རིམ་པའི་ལེའུ་སྟེ་གྱ་དྲུག་པའོ།། །།དེ་ནས་ཡང་གསོལ་པ། ཀྱེ་མ་བཅོམ་ལྡན་དབང་གི་བདག །དབང་གི་ལྷ་རྣམས་བསྒྲུབ་པ་ལ། །རྒྱན་གྱི་དཀྱིལ་འཁོར་དགུ་པོ་ལ། །བསྒྲུབ་པ་བྱ་ན་ཇི་ལྟར་བྱ། །རྫས་དང་བསྒྲུབ་པ་ཇི་ལྟར་ལགས། །རྟེན་གྱི་དཀྱིལ་འཁོར་བཅུ་བདུན་ལ། །རྒྱུ་དང་ཚད་ནི་ཇི་ལྟར་ལགས། །དགོད་པའི་རིམ་པ་ཇི་ལྟར་སྦྱར། །ལས་ཀྱི་དཀྱིལ་འཁོར་བརྒྱད་ཅུ་ལ། །བྱ་བའི་ཐབས་ནི་ཇི་ལྟར་ལགས། །ལྷ་དང་དཀྱིལ་འཁོར་ཇི་ལྟར་ལགས། །དབང་གི་རྒྱལ་པོས་བཀའ་སྩོལ་ཅིག །ཅེས་གསོལ་ཏོ། །དབང་གི་རྒྱལ་པོས་བཀའ་སྩལ་པ། །ལས་ཀྱི་སེམས་དཔའ་ཆེན་པོ་ཉོན་ཅིག །རྒྱན་གྱི་དཀྱིལ་འཁོར་དགུ་པོ་ལ། །ལས་ནི་རྣམ་པ་དགུ་རུ་ཡོད། །རྒྱན་གྱི་དཀྱིལ་འཁོར་ལྷ་གྲངས་བཞིན། །སྤར་དང་སྟོད་དང་བསྒྲུབ་པ་སྟེ། །ལས་དེ་བསྒྱུར་ཅིང་བྱ་བའོ། །རྟེན་གྱི་དཀྱིལ་འཁོར་བཅུ་བདུན་ལ། །ཕྱི་ནང་གསང་བ་བསྒྲུབ་པའོ། །ལས་ཀྱི་དཀྱིལ་འཁོར་བརྒྱད་ཅུ་ལ། །ཇི་ལྟར་འདོད་པར་ལས་རྣམས་རྫོགས་པར་སྦྱར། །ལྷ་དང་གདན་ལ་སྔགས་ཚོགས་


DNG017_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། །ཡིག་འབྲུའི་ཚུལ་དུ་དགོད་པའོ། །དེ་ལྟར་གསལ་བར་བཀོད་པ་ནི། །དབང་གི་ལྷ་ཚོགས་མ་ལུས་ལ། །དཀྱིལ་འཁོར་བརྒྱ་དང་རྩ་བརྒྱད་ཀྱིས། །ཇི་ལྟར་འདོད་པ་བཞིན་དུ་བསྒྲུབ། །ཅེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། དཀྱིལ་འཁོར་དབྱེ་བ་བསྟན་པའི་ལེའུ་སྟེ་གྱ་བདུན་པའོ།། །།དེ་ནས་ཡང་དབང་གི་རྒྱལ་པོས་བཀའ་སྩལ་པ། དབང་གི་ལྷ་རྣམས་བསྒྲུབ་པ་ལ། །མཁའ་འགྲོ་འབར་བའི་བསྒྲུབ་པ་གཅེས། །མཁའ་འགྲོ་འབར་བའི་བསྒྲུབ་པ་ནི། །ཏིང་འཛིན་གསུམ་དང་ལྡན་པ་དེས། །མཁའ་འགྲོ་དབང་མོ་དེ་རྣམས་བསྒྲུབ། །དཀྱིལ་འཁོར་ཐིག་བཞི་ལེའུ་ཚེ་དགུ། །གྲུ་བཞི་སྒོ་དང་བཅས་པའོ། །དབུས་སུ་དབང་གི་རྒྱལ་པོའོ། །ཕྱོགས་བཞི་ལིང་ཚེ་བཞི་ལ་ནི། །གཡས་ཀྱི་མཁའ་འགྲོ་བཅུ་དྲུག་བཀོད། །ཟུར་གྱི་ལིང་ཚེ་བཞི་ལ་ནི། །གཡོན་གྱི་མཁའ་འགྲོ་བཅུ་དྲུག་དགོད། །སྒོ་ལ་དེ་བཞིན་ཁྲོ་བོའོ། །དེ་ལ་སྔགས་དང་ཚིག་བསྐུལ་བས། །ནང་གི་ཚུལ་དུ་བསྒྲུབ་པར་བྱའོ། །བ་སྤུ་ཁབ་ཀྱི་དཀྱིལ་འཁོར་ནས། །མགོ་བརྙན་གདུག་པའི་ཚོགས་རྣམས་འབྱུང་། །ཤ་དང་ཁྲག་ལ་རྔམ་པའོ། །སྟག་དང་སེང་གེ་བྱ་རོག་སྟོབས་ལ་རྨིག་བུ་བརྒྱན། །སྲིན་མོའི་གདོང་ལ་ལྷ་མོའི་ངང་ཚུལ་ཅན། །ལ་ལ་ལོང་བ་མཆེ་བ་གཙིགས། །དེ་ལྟར་མཁའ་འགྲོ་གསལ་བར་བསམ། །གནན་བསྲེག་འཕང་དང་ལན་གསུམ་སྦྱར། །ཞེས་གསུངས་སོ། །སྐུ་ལས་སྤྲུལ་པའི་མཁའ་འགྲོ་དང་། །ལས་དང་ཁྱད་པར་རྫོགས་པར་བྱ། །མཁའ་འགྲོ་རྣམས་ལ་ལས་གཉེར་གཏད། །སྤྲིན་དམར་འཁྲིགས་པའི་དཀྱིལ་ཤེད་ནས། །གདུག་པའི་མགོ་བརྙན་མང་པོ་འཕྲོ། །ལས་བསྒྲུབ་གསང་བའི་དམ་བསྲུང་ཚོགས། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། མཁའ་འགྲོ་མ་རྣམས་བསྒྲུབ་པའི་ལེའུ་སྟེ་གྱ་བརྒྱད་པའོ།། །།དེ་ནས་ཡང་པདྨ་ལས་ཀྱི་སེམས་དཔས། དབང་གི་རྒྱལ་པོ་ལ་གསོལ་པ། ཀྱེ་མ་བཅོམ་ལྡན་དབང་གི་ལྷ། །ལས་ཀྱི་རྣམ་པ་ཅི་ཞིག་བྱ། །ཞེས་གསོལ་ཏོ། །དབང་གི་རྒྱལ་པོས་བཀའ་སྩལ་


DNG017_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

པ། །མི་དགེ་གཞོམ་པར་བྱ་བའི་ཕྱིར། །གཉིས་མེད་གཟི་ལྡན་ལྷ་རྣམས་ཀྱིས། །ངན་སོང་གནས་ཀྱི་བྲོ་མཛད་དེ། །གཟི་ལྡན་དཔལ་གྱི་དཀྱིལ་འཁོར་ནས། །པདྨ་དབང་གི་རྒྱལ་པོ་ལ། །དགྱེས་ཕྱིར་གསང་བའི་མཆོད་པས་མཆོད། །ཕྱི་ཡི་མཆོད་པ་ཚིག་དྲུག་ལ། །བྲོ་གླུ་དྲུག་གི་དབྱངས་ཀྱིས་བྱ། །གླུ་ཡི་ཡོན་ཏན་དཔག་ལས་འདས། །གྲུབ་པའི་གླུས་ནི་ཐུགས་དམ་བསྐུལ། །ཚངས་པའི་གླུས་ནི་ཞིང་ཁམས་སྦྱོང་། །གདུང་བའི་གླུས་ནི་མ་སྲིང་མཉེས། །ལས་ཀྱི་གླུས་ནི་ཕོ་ཉ་འགྱེད། །སྒྱུ་མའི་གླུས་ནི་དགོངས་རྒྱུད་གསལ། །ཧཱུཾ་གི་གླུས་ནི་བདུད་བཞི་འདུལ་ཞིང་འཕྲོ་འདུ་འཁྲུགས། །གླུ་དྲུག་རྫོགས་པ་བལྟ་བར་བཞག །བྲོ་དྲུག་རྫོགས་པའི་སྤྱོད་ལམ་བཞི། །གར་གྱི་བྲོས་ནི་བྱིན་རླབས་ཆེ། །དབང་གི་བྲོས་ནི་དུག་གསུམ་འཇོམས། །པདྨའི་བྲོས་ནི་ཆགས་པ་མེད། །ཁྲོ་བོའི་བྲོས་ནི་དྲེགས་ཆེན་འཇོམས། །སྤྱོད་ལམ་ཆེན་པོ་ཡོངས་སུ་རྫོགས། །དང་པོ་དབང་གི་རྟ་ཡི་བྲོ། །འཁོར་གསུམ་བརྡུང་བས་སྲིན་པོ་གནོན། །འདི་ནི་གསང་བ་ངེས་པའི་བྲོ། །ཐུགས་མཆོག་གསང་བའི་སྙིང་པོ་ཡིན། །རྒྱལ་བ་ཀུན་དང་མཉམ་སྦྱར་བས། །མ་ཡི་ཚོགས་ཀྱི་འདུ་འཕྲོ་བསྒོམ། །རྟ་བྲོ་འཁོར་ཅིག་དང་པོ་ལ། །ཁྲོ་བོ་སྤྲིན་གྱིས་དབང་བསྡུས་ན། །དུས་གསུམ་རྒྱལ་བ་རོལ་པ་མཛད། །རྟ་བྲོ་འཁོར་ནི་གཉིས་པ་ལ། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ། །རིག་འཛིན་ཡུམ་དང་རོལ་པ་མཛད། །འདི་ནི་སྐུ་གསུང་ཐུགས་ཀྱི་བྲོ། །པདྨ་གར་གྱི་ཐུགས་དམ་བསྐང་། །འདུལ་བའི་བྲོ་བཞི་བྱུང་བ་ལ། །གསང་བའི་གནས་བཞི་དག་ནས་སུ། །སྤྲུལ་པ་ཆེན་པོ་བཞི་བྱུང་ཞིང་། །ཕྱོགས་བཞི་དག་ཏུ་བྲོ་བཞི་བརྡུང་། །ནུབ་ཀྱི་ཕྱོགས་སུ་བྲོ་གཅིག་བརྡུང་། །ཀླུ་རྣམས་འདུལ་བའི་བྲོ་བོ་ཆེ། །བྱང་གི་ཕྱོགས་སུ་བྲོ་གཅིག་བརྡུང་། །གནོད་སྦྱིན་བསྒྲལ་བའི་སྟེང་ནས་བརྡུང་། །ཤར་གྱི་ཕྱོགས་ནས་བྲོ་གཅིག་བརྡུང་། །དྲི་ཟ་འདུལ་བའི་བྲོ་བོ་ཆེ། །བྲོ་གཅིག་ལྷོ་ཡི་ཕྱོགས་སུ་བརྡུང་། །གྲུལ་བུམ་འདུལ་བའི་


DNG017_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

བྲོ་བོ་ཆེ། །ཡེ་ཤེས་བྲོ་གར་ཆེན་པོ་འབྱུང་། །མཚམས་ནས་བྲོ་བཞི་མཁའ་ལས་བྱུང་། །ཡི་གེ་བཞི་ལས་སྤྲུལ་པ་བརྒྱད། །རྡོ་རྗེའི་བྲོ་ནི་ཤར་ནས་བརྡུང་། །རྟ་ཡི་བྲོ་ནི་ལྷོ་ནས་བརྡུང་། །ཕུར་པའི་བྲོ་ནི་ནུབ་ནས་བརྡུང་། །སྤྲུལ་པའི་བྲོ་ནི་བྱང་ནས་བརྡུང་། །བྱང་ཤར་མཚམས་ནས་གཟིག་གི་མི་ཆེན་བརྒྱད། །ཤར་ལྷོ་མཚམས་ནས་ལྕགས་ཀྱི་ཁྱི་ཡི་བྲོ། །ལྷོ་ནུབ་མཚམས་ནས་བསེ་ཡི་བྱན་ལག་བྲོ། །ནུབ་བྱང་མཚམས་སུ་མཆེ་གཙིགས་ཕག་གི་བྲོ། །ལ་ལ་ཟ་བྱེད་ཆེན་པོ་འདུལ། །ལ་ལ་གཡོ་འགུལ་མེད་པར་གནོན། །ལ་ལ་རྩལ་གྱིས་དབང་དུ་སྡུད། །ལ་ལ་དུག་གསུམ་བཙོན་རར་སྦྱོར། །ལ་ལ་ཕུར་པས་དབྱིངས་སུ་ཐེབས། །ལ་ལ་སྦྱོར་བའི་ལས་རྣམས་འཇོམས། །ལ་ལ་ང་རྒྱལ་གཤོག་པའི་ཕྱིར། །ལ་ལ་ཐམས་ཅད་བརྟན་པར་བྱེད། །ཀུན་ཏུ་བཟང་མོའི་མཁའ་དབྱིངས་ལ། །ཚོམ་བུ་བརྒྱད་ཀྱི་བྲོ་རུ་གཏམས། །རྒྱལ་བ་ཀུན་དང་མཉམ་པར་སྦྱོར། །ཀུན་ཏུ་བཟང་མོ་མཁའ་དབྱིངས་དག་པ་ལ། །རྒྱལ་བ་སྟོང་གི་དཀྱིལ་འཁོར་བཅས། །ཁྲོ་བོ་ཆེན་པོའི་རྟ་བྲོ་སྟེ། །ཚོམ་བུ་བདུན་གྱི་ཕྱོགས་མཚམས་སུ། །ལ་ལ་ཡེ་ཤེས་རོལ་པའི་བྲོ། །ལ་ལ་དཔལ་གྱི་ལོངས་སྤྱོད་བྲོ། །ལ་ལ་དབང་གི་ཡུལ་གྱི་བྲོ། །ལ་ལ་ཐབས་དང་ཤེས་རབ་བྲོ། །གླུ་ནི་བལྟ་བའི་རྒྱལ་པོ་ཡིན། །བྲོ་ནི་ཕྲིན་ལས་ཆེན་པོ་ཡིན། །ཚིག་ནི་འདུ་འབྲལ་མེད་པའི་གཟུངས། །དང་པོ་པདྨ་རོལ་པའི་བྲོ། །ཆགས་པ་མེད་པའི་ཚུལ་གྱིས་བརྡུང་། །ཡུམ་གྱི་མཁའ་དང་སྦྱོར་བའོ། །དེ་ནས་ཤེས་རབ་ཐབས་ཀྱི་བྲོ། །བྷ་གའི་གནས་ནས་རྡོ་རྗེས་བརྡུང་། །དེ་ནས་དབང་པོ་ཡུལ་གྱི་བྲོ། །ལྷ་མོ་བརྒྱད་ལ་ཐབས་ཀྱིས་སྦྱོར། །དེ་ནས་གདུལ་བྱ་དབང་གི་བྲོ། །རྟ་མགྲིན་རྒྱལ་པོས་འཁོར་ལ་བརྡུང་། །དེ་ནས་མོས་པ་བསྐྱེད་པའི་བྲོ། །མ་སྲིང་རྒྱ་མཚོའི་འཁོར་ལ་བརྡུང་། །དེ་ནས་གདུག་བྱེད་ཐབས་ཀྱི་ཕྲིན་ལས་བྲོ། །ཕྱོགས་བཅུ་མ་ལུས་དབང་དུ་སྡུད། །ཐབས་དང་ཤེས་རབ་ལྡན་པའོ། །གླུ་བྲོ་དམ་ཚིག་ཆེན་པོ་ཡིན། །རྟག་པར་བདུད་བཞི་འདུལ་བའི་ཕྱིར། །བྲོ་ནི་བར་ཆད་མེད་པར་བརྡུང་། །ལྟ་བ་ཆེན་པོ་བསྐྱེད་པའི་ཕྱིར། །གླུ་ནི་འདུ་འབྲལ་མེད་པར་བླང་། །དཀྱིལ་


DNG017_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་རང་ལ་གསལ་བའི་ཕྱིར། །ཚིག་ནི་སྙིང་པོ་འཛབ་ཏུ་བཟླས། །ཕུང་པོ་གཏན་ནས་གཞོམ་པའི་ཕྱིར། །བདུད་ཀྱི་ཚོགས་ལ་བྲོ་གཅིག་བརྡུང་། །ཉོན་མོངས་གཏན་པ་གཞོམ་པའི་ཕྱིར། །ཉོན་མོངས་བདུད་ལ་བྲོ་གཅིག་བརྡུང་། །ལྷ་ཡི་བདུད་ནི་གཞོམ་པའི་ཕྱིར། །ལྷ་བདུད་ཚོགས་ལ་བྲོ་གཅིག་བརྡུང་། །སྐྱེ་ཤི་མེད་པར་བྱ་བའི་ཕྱིར། །འཆི་བདག་ཚོགས་ལ་བྲོ་གཅིག་བརྡུང་། །བདུད་བཞི་གཏན་ནས་བརླག་ནས་ནི། །བདེ་བ་ཚད་མེད་བཞི་དང་སྦྱར། །དུག་གསུམ་རྩད་ནས་གཅད་པའི་ཕྱིར། །རྟ་བྲོ་འཁོར་གསུམ་བརྡུང་བར་བྱ། །མཉེས་སྐོང་དགྱེས་པ་ཆེན་པོའོ། །ཚོམ་བུ་ལྔ་ཡི་བྲོ་བརྡུང་བས། །ཉོན་མོངས་རྩད་བཅད་ཡེ་ཤེས་ལྔ། །ལུ་གུ་རྒྱུད་དུ་སྦྲེལ་བས་མི་འབྲལ་གཟུངས། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། གླུ་དང་བྲོ་དང་ལས་ཀྱི་བལྟ་བ་དང་གནས་དང་ངེས་པ་བསྟན་པའི་ལེའུ་སྟེ་གྱ་དགུ་པའོ།། །།དེ་ནས་ཡང་པདྨ་ལས་ཀྱི་སེམས་དཔའ་དེས། བཅོམ་ལྡན་འདས་དབང་གི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་དབང་གི་རྒྱལ། །དབང་གི་ལས་མཆོག་འདི་དག་ལ། །མ་དད་ཀླུ་རྣམས་བཏུལ་བ་ཇི་ལྟར་ལགས། །ཞེས་གསོལ་ཏོ། །དབང་གི་རྒྱལ་པོས་བཀའ་སྩལ་པ། །ཀྱེ་མ་པདྨ་ལས་ཀྱི་སེམས་དཔའ་ཆེ། །དབང་གི་ལྷ་རྣམས་མ་ལུས་ཀྱིས། །མ་དང་ཀླུ་རྣམས་བཏུལ་བ་ནི། །ནུབ་ཕྱོགས་དབང་གི་ཞིང་ཁམས་སུ། །པདྨ་བསིལ་བའི་དུར་ཁྲོད་དུ། །དབང་གི་རྒྱལ་པོ་ཆེན་པོ་དེས། །སྐུ་གསུང་ཐུགས་ལས་སྤྲུལ་པ་གསུམ། །སྐུ་ཡི་སྤྲུལ་པ་ཁྲོ་བོ་རྣམ་རྒྱལ་ཏེ། །གསུང་གི་སྤྲུལ་པ་རྟ་མཆོག་རྒྱལ། །ཐུགས་ཀྱི་སྤྲུལ་པ་གསང་ཆེན་བདག །བསེ་ཁྲབ་སྨུག་པོའི་འོད་ཟེར་ལས། །བསེ་ཡི་བྱན་ལག་སྨུག་པོ་གཅིག །སྤྲུལ་པ་ཆེན་པོ་མཁའ་ལ་ལྡིང་། །ཡེ་ཤེས་སྤྱན་ལ་རིན་ཆེན་མཆུ། །གཤོག་པ་ཉི་ཁྲི་ལྔ་སྟོང་ལ། །བསེ་ཡི་ཁྲོ་མཆོག་ལྔ་སྟོང་གནས། །བྱ་བུ་ལྔ་བརྒྱ་སྤྲུལ་པ་ལྡིང་། །ཡེ་ཤེས་དྲི་མེད་སྤྱན་དང་ལྡན། །ཞེ་སྡང་འཐབ་སྡེར་མེ་འབར་རོ། །དེ་ནི་ལྡིང་ཞིང་འཛུམ་པའི་ཚེ། །རྟ་མཆོག་རྒྱལ་པོས་


DNG017_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་བའི་དབྱངས་ཐོས་ཚེ། །ཀླུ་རྣམས་མ་ལུས་དམྱལ་ཐག་གཅོད། །དྲེགས་པ་འཁོར་བཅས་དབང་བསྡུས་ནས། །ཐམས་ཅད་དབང་གིས་བསྒྲལ་བའོ། །ཞེས་གསུངས་སོ། །ལས་ཀྱི་སེམས་དཔས་ཡང་གསོལ་པ། བཅོམ་ལྡན་དབང་གི་རྒྱལ་པོ་ཆེ། །ཀླུ་རྣམས་གདུག་པ་དེ་དག་ལ། །རྫུ་འཕྲུལ་བསྟན་པ་ཇི་ལྟར་ལགས། །རྫུ་འཕྲུལ་དབྲོག་པ་ཇི་ལྟར་བགྱི། །ལས་ཀྱི་ཐ་མ་ཇི་ལྟར་བགྱི། །ཞེས་གསོལ་ཏོ། །དབང་གི་རྒྱལ་པོས་བཀའ་སྩལ་པ། །ཀླུ་རྒྱལ་ཆེན་པོ་འདི་དག་གི། །རྒྱལ་པོ་བརྒྱད་ནི་རྒྱན་དུ་བྱ། །ཀླུ་བྲན་གཞལ་ཡས་རྒྱན་དུ་བྱ། །རྫུ་འཕྲུལ་སྔགས་ཀྱི་བདེན་པས་དབྲོག །དྲག་པོ་དབང་གི་ལས་བྱས་ན། །མ་བསྒྲལ་ཀྱང་ནི་ལྡང་མི་ནུས། །རྫུ་འཕྲུལ་མཐུ་རྣམས་སྔགས་ཀྱིས་བསྡུ་བའོ། །ཐམས་ཅད་ཞི་བར་བྱའོ་ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ཉིད་ཀྱི་སྐུ་ལས་སྤྲུལ་པ་འཐོན་ཏེ། ཀླུ་ལ་སོགས་པ་བསྒྲལ་བ་དང་། རྫུ་འཕྲུལ་དབྲོག་པའི་ལེའུ་སྟེ་དགུ་བཅུ་པའོ།། །།དེ་ནས་པདྨ་ལས་ཀྱི་སེམས་དཔས། དབང་གི་རྒྱལ་པོ་ལ་གསོལ་པ། བཅོམ་ལྡན་གསང་བ་དབང་གི་བདག །བདག་ལ་སོགས་པའི་དོན་སླད་དུ། །ཆོས་ཐམས་ཅད་དབང་གི་ཞིང་དུ་ཡོངས་དག་གོ། །ཞེས་བགྱི་བ་ཇི་ལྟར་ལགས། དབང་གི་རྒྱལ་པོས་བཤད་དུ་གསོལ། ཞེས་གསོལ་ཏོ། །དབང་གི་རྒྱལ་པོས་བཀའ་སྩལ་པ། ཉོན་ཅིག་པདྨ་ལས་ཀྱི་སེམས་དཔའ་ཆེ། །ཆོས་ཐམས་ཅད་དབང་གི་ཞིང་དུ་ཡོངས་སུ་དག་གོ། །ཞེས་པ་ནི་ཐམས་ཅད་རྩ་བ་སེམས་ཉིད་དེ། །ལོ་མ་ཆོས་ནི་འབྲས་བུའོ། །རྩ་བ་བྱང་ཆུབ་གཉིས་སུ་མེད། །གཉིས་མེད་འབྲས་བུ་སེམས་ཅན་འདི། །ཀུན་ལ་དབང་བས་དབང་ཞེས་བྱ། །སྐྱོན་གྱིས་མ་གོས་ཞིང་ཡིན་ཏེ། །ཀུན་ཏུ་རྟོགས་པས་ཡང་དག་གོ། །སྣོད་ནི་སངས་རྒྱས་ཞིང་དུ་དག །བཅུད་ནི་བྱང་ཆུབ་སེམས་སུ་དག །སྣོད་ནི་དུར་ཁྲོད་གཞལ་ཡས་ཁང་། །བཅུད་ནི་ཁྲག་འཐུང་ཕྱག་རྒྱའི་ཚོགས། །སྣོད་བཅུད་ཡེ་ནས་རྣམ་དག་པས། །དེ་ལས་གོལ་ས་གང་ཡང་མེད། །སྣོད་བཅུད་གཉིས་ཀ་བྱང་ཆུབ་སེམས། །བྱང་ཆུབ་སེམས་ལས་མ་གཏོགས་མེད། །


DNG017_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་མ་ལུས་བྱང་ཆུབ་སེམས། །བྱང་ཆུབ་སེམས་ནི་ཐམས་ཅད་རྟེན། །ཇི་ལྟར་སྣང་བ་སེམས་ཡིན་ཏེ། །རྩ་བ་ཡང་ནི་སེམས་ཉིད་དོ། །སྐད་ཅིག་མ་ཡི་ཏིང་འཛིན་གྱིས། །སྔོན་ནས་བསགས་པའི་བག་ཆགས་སེལ། །ཐམས་ཅད་ཆོས་སུ་མྱ་ངན་འདས། །སེམས་ནི་སངས་རྒྱས་མྱ་ངན་འདས། །སངས་རྒྱས་སེམས་སུ་མྱ་ངན་འདས། །དུག་གསུམ་དག་ལ་སྐུ་གསུང་ཐུགས། །སྐུ་གསུང་ཐུགས་ཀྱང་སེམས་ཅན་མྱ་ངན་འདས། །སེམས་ཅན་ཐམས་ཅད་མྱ་ངན་འདས། །སངས་རྒྱས་སེམས་ཅན་མྱ་ངན་འདས། །རྒྱུ་འབྲས་སངས་རྒྱས་མྱ་ངན་འདས། །སངས་རྒྱས་བྱང་ཆུབ་སེམས་སུ་འདས། །བྱང་ཆུབ་སེམས་ལས་མ་བྱུང་མེད། །ཀུན་ཀྱང་བྱང་ཆུབ་སེམས་ཉིད་དེ། །སེམས་ལས་མ་གཏོགས་སངས་རྒྱས་མེད། །སངས་རྒྱས་ཉིད་ཀྱང་མེད་པ་སྟེ། །སངས་རྒྱས་མིང་དུ་བཏགས་པས་ནོར། །མ་ནོར་མ་བཅོས་དེ་ཉིད་དང་། །རང་བྱུང་རང་ཞི་བདེ་བ་ལ། །ཇི་ལྟར་སྣང་བ་སེམས་ཉིད་དེ། །སེམས་ཉིད་ལ་ནི་དངོས་པོ་མེད། །དངོས་མེད་དངོས་པོ་དེ་ཉིད་དོན། །གཞི་རྩ་མེད་པའི་སེམས་ཉིད་ནི། །ཆོས་རྣམས་ཀུན་གྱི་རྩ་བ་ཡིན། །སེམས་ཉིད་སྣ་ཚོགས་ཅིར་སྣང་ཡང་། །ཆོས་ཀུན་བྱང་ཆུབ་སེམས་སུ་གནས། །ལྷ་རྣམས་སོ་སོའི་སྙིང་པོ་སྒྲ། །དེ་ཉིད་བྱང་ཆུབ་སེམས་ཆེན་པོ། །བྱང་ཆུབ་སེམས་སུ་འདུས་པའོ། །རྣམ་པར་མི་རྟོག་ཡེ་ནས་སྐྱེ་མེད་ཅིང་། །གཟུང་འཛིན་སྐྱོན་བྲལ་མཐའ་གཉིས་མ་ཆགས་དབྱིངས། །ཡེ་ནས་མཉམ་ཉིད་རང་བཞིན་ཇི་བཞིན་ངང་། །རྣམ་རྟོག་སྐྱོན་བྲལ་སྨྲ་བསམ་ཡུལ་ལས་འདས་པ་སྟེ། །དེ་ནི་བྱང་ཆུབ་སེམས་ཆེན་པོ། །ཡོད་པ་དང་ནི་མེད་པ་དང་། །རྟག་པ་དང་ནི་ཆད་པ་དང་། །དངོས་པོ་དང་ནི་མཚན་མ་དང་། །གཟུང་བ་དང་ནི་འཛིན་པ་བརྒྱད། །སྤྲོས་པའི་མཐའ་བརྒྱད་སེམས་ཀྱི་སྒོ་མོ་སྟེ། །དེ་ལྟར་གནས་པའང་ནི་སེམས་ཀྱི་ལས། །སེམས་ཀྱི་ཡུལ་ནི་རྣམ་ཤེས་བརྒྱད། །སེམས་ཀྱི་འབྲས་བུ་སངས་རྒྱས་སོ། །སེམས་ཀྱི་རྩལ་སྦྱོང་བསྒྲུབ་པའོ། །སེམས་ཀྱི་གཉའ་གནོན་དམ་ཚིག་གོ། །ལྟ་བ་གདེང་དང་ལྡན་པར་བལྟ། །


DNG017_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པ་སེམས་ཀྱི་སྲོག་ཤིང་ཡིན། །ཐམས་ཅད་སྐྱེད་དང་ཐམས་ཅད་སྡུད། །ཐམས་ཅད་གཅིག་པ་སེམས་ཉིད་དོ། །དེ་ལྟར་བྱང་ཆུབ་སེམས་ཆེན་པོ། །ཡོད་པར་སྣང་བ་བྱང་ཆུབ་སེམས། །ཆག་པར་སྣང་བ་བྱང་ཆུབ་སེམས། །གཉིས་ཀ་ཡང་ནི་སེམས་ཉིད་དོ། །གཉིས་མེད་དང་ནི་སེམས་ཉིད་དོ། །སེམས་ཉིད་ལ་ཡང་དངོས་པོ་མེད། །གང་དུ་ཡང་མ་སྦས་པས་མཐོང་བ་ཉིད་དོ། །བརྗོད་དུ་རྡུལ་ཙམ་ཡང་མེད་པས། །ཀུན་ཏུ་ཁྱབ་པ་ཉིད་དོ། །མ་ཤེས་འཁྲུལ་པས་སེམས་ཅན་ནོ། །ཅི་ཡང་མེད་པས་ཤེས་རབ་བོ། །བགྲོད་དུ་མེད་པས་མཐར་ཐུག་གོ། །བྱང་ཆུབ་སེམས་ནི་མེ་ལོང་ལྟར། །མ་ནོར་མ་བཅོས་དེ་བཞིན་ཏེ། །རང་བྱུང་རང་བཞིན་དེ་ཉིད་དོ། །སྐད་ཅིག་ཏིང་འཛིན་བྱང་ཆུབ་སེམས་ཀྱི་དོན། །རིག་པས་མཁའ་ལ་རླུང་གིས་སྤྲིན་ཕྱགས་ལྟར། །སྔོན་ནས་བསགས་པའི་བག་ཆགས་སེལ། །དཔེར་ན་མུན་ཁུང་སྒྲོན་བཏེགས་ལྟར། །མུན་ཉིད་སྣང་བར་གྱུར་པ་བཞིན། །བྱང་ཆུབ་སེམས་ཀྱི་དོན་རིག་པས། །འཛིན་རྟོག་ཀུན་ཀྱང་བྱང་ཆུབ་སེམས་སུ་གསལ། །ཡོད་མཐའ་མེད་མཐའ་དེ་རུ་རྫོགས། །རྫོགས་པ་ཆེན་པོ་ཞེས་ཀྱང་བྱ། །དེ་ལྟར་གནས་དེ་ལྟ་བ་ཆེ། །སྤྱོད་པ་མ་བཙལ་ཡངས་པ་ཆེ། །བྱང་ཆུབ་སེམས་ཆེན་ཀུན་ཏུ་བཟང་། །ཀུན་བཟང་ཡངས་པ་ཆོས་ཀྱི་དབྱིངས། །ཐམས་ཅད་མ་ལུས་རྫོགས་པ་ཆེ། །དེ་ལྟར་གནས་པ་ཕུན་སུམ་བདེ། །སེམས་ཀྱི་སངས་རྒྱས་བདེ་བ་ལ། །སྤྲུལ་པ་ཕྱོགས་བཅུའི་སངས་རྒྱས་ཉན། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ཆོས་ཐམས་ཅད་དབང་གི་ཞིང་དུ་ཡོངས་སུ་དག་པ་དང་སེམས་སུ་བསྟན་པའི་ལེའུ་སྟེ་གོ་གཅིག་པའོ།། །།དེ་ནས་ཡང་ནི་བཤད་བྱ་བ། །ལས་ཀྱི་སེམས་དཔའ་ཆེན་པོ་ཉོན། །ཐམས་ཅད་དབང་དུ་བསྡུ་བ་ནི། །ཟླ་གམ་གདེངས་པའི་དཀྱིལ་འཁོར་དུ། །དབང་གི་ལྷ་རྣམས་ཚང་བར་དགོད། །དབང་གི་ལས་ཀྱིས་ཐམས་ཅད་འགུགས་ཤིང་སྒྲོལ། །གདུག་པ་ཤིང་གི་ཕུར་པ་དགོད། །ཐོ་བ་ལྕགས་ཀྱུ་དགྲ་སྟྭ་བསྣམས། །གཞན་ཡང་དབང་གི་དལ་དགྲམ་ལ། །དེ་ཡི་ལས་ཀྱིས་ཐམས་ཅད་


DNG017_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

དགུག །སྤྱན་དྲང་བཞུགས་དང་ཕྱག་འཚལ་མཆོད། །སྨོན་ལམ་བཏབ་ལ་འདོད་དོན་གསོལ། །ཁུགས་པའི་ལྷ་རྣམས་གསལ་བ་དང་། །བསྟོད་བཅོལ་ལས་ལ་བསྒོ་བའོ། །དབང་སྡུད་ལས་ཀྱི་ཏིང་ངེ་འཛིན་དུ་ཞུགས་པ་ཡིས། །སྲིད་པའི་དབང་ཆེན་རྣམས་ཀྱང་ལས་ལ་བརྩོན། །སུམ་བརྒྱ་དྲུག་ཅུ་བཀའ་ཡི་ལས་ལ་བརྩོན། །ཕྲིན་ལས་མཉན་པས་འཁོར་དུ་གྲགས། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། འཁོར་མཁའ་འགྲོ་དབང་དུ་བསྡུ་བའི་ལེའུ་སྟེ་གོ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་དབང་གི་རྒྱལ་པོ་པདྨ་ཧེ་རུ་ཀ་ལ། པདྨ་ལས་ཀྱི་སེམས་དཔས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་དབང་མཆོག་དབང་གི་རྒྱལ། །མ་རུངས་གདུག་པ་ཀླུ་གཉན་འདི། །གདུག་པ་ཆེ་ཞིང་མ་རུངས་པ། །འབྱུང་པོ་ཕལ་ཆེར་ཀུན་གྱི་རྟེན། །འབྱུང་པོ་ཀུན་གྱི་རྟེན་ཡིན་པས། །འདི་ལ་གདུལ་ཐབས་ཇི་ལྟར་ལགས། །དབང་ཆེན་འདུས་པས་བཀའ་སྩོལ་ཅིག །ཅེས་སྨྲས་སོ། །དེ་ནས་དབང་གི་རྒྱལ་པོ་དེས། གསོལ་བའི་དོན་ཐུགས་སུ་ཆུད་ནས། ཏིང་འཛིན་འབུམ་ཕྲག་གི་ནང་ནས། དབང་སྡུད་ལས་ཀྱི་ཏིང་ངེ་འཛིན་དང་། འཇོམས་བྱེད་འབར་བའི་ཏིང་ངེ་འཛིན་དང་། མི་གཡོ་བའི་ཏིང་ངེ་འཛིན་དང་། གཞན་གྱི་རྫུ་འཕྲུལ་འཕྲོག་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མཉམ་པ་ཉིད་ཀྱི་ཏིང་ངེ་འཛིན་དང་། གདུག་པ་སྤ་བཀོང་བའི་ཏིང་ངེ་འཛིན་དང་། རོལ་པ་ཁྱབ་པའི་ཏིང་ངེ་འཛིན་དང་། སྤྲུལ་པ་དགྱེ་བའི་ཏིང་ངེ་འཛིན་དང་། རོལ་པ་ཆེན་པོའི་ཏིང་ངེ་འཛིན་དང་། རྩེ་གཅིག་བསམ་པའི་ཏིང་ངེ་འཛིན་དང་། ཁྱབ་བྱེད་སྤྲུལ་པའི་ཏིང་ངེ་འཛིན་དང་། ཆོས་ཉིད་མི་གཡོ་བའི་ཏིང་ངེ་འཛིན་དང་། འཁྲུགས་པ་མེད་པའི་ཏིང་ངེ་འཛིན་དང་། འཇོམས་བྱེད་ཆེན་པོའི་ཏིང་ངེ་འཛིན་དང་། དཀའ་ཐུབ་དྲག་པོའི་ཏིང་ངེ་འཛིན་དང་། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དང་། ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་དང་། མ་ནོར་རྒྱུའི་ཏིང་ངེ་འཛིན་དང་། གདལ་བ་ཆེན་པོའི་ཏིང་ངེ་འཛིན་དང་། ཐུགས་རྗེས་མི་གཏོང་བའི་ཏིང་ངེ་འཛིན་དང་། སྤྲུལ་པ་གསལ་བའི་ཏིང་ངེ་འཛིན་དང་། སྙིང་


DNG017_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཆེན་པོའི་ཏིང་ངེ་འཛིན་དང་། དང་བ་འདྲེན་པའི་ཏིང་ངེ་འཛིན་ལ་སོགས་པ་སྟེ། དེའི་ནང་ནས་ཀླུ་རྒྱལ་རྫུ་འཕྲུལ་དབྲོག་པ། གདུག་པ་ཅན་ཚར་གཅོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཞུགས་མ་ཐག་ཏུ་ཀླུ་དེ་དག་ཐམས་ཅད་མདངས་ཉམས། རྫུ་འཕྲུལ་ཀླུའི་གདུག་པ་ཐམས་ཅད་ཆད་དེ་གྱ་གྱུ་མེད། རྫུ་འཕྲུལ་ཐམས་ཅད་ཕྲོགས་ཏེ་ཉམས་པར་གྱུར་ཏོ། །དེ་ནས་ཡང་སླར་དྲན་པ་རྙེད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གདུག་པ་ཀླུའི་བུ་འདི་ལ། འདི་ལྟ་བུའི་ལས་འདི་བྱུང་བ་ཅི། ཟེར་ནས་ཡང་ལུས་འདི་ཐམས་ཅད་གདུག་པའི་རྫུ་འཕྲུལ་མགོ་སྟོང་ལྔ་བརྒྱ་རང་གིས་སྦྲེང་བའོ། །དེ་ནས་དབང་གི་རྒྱལ་པོ་དེས། ཏིང་ངེ་འཛིན་དེ་ལས་བཞེངས་ནས། དྲག་པོའི་སྒྲོལ་སྔགས་འདི་བརྗོད་དེ། །ཨོཾ་ནཱ་ག་དུཾ་ཕྱུར། ནཱ་ག་དུཾ་ཕྱུར། ཨ་ལོ་ཀ་ཏ་ལ་པྲ་བེ་ཤ་ཕཊ། བྷ་ག་ཝཱན་བ་སུ་བྷན་དྷ་པྲ་བེ་ཤ་ཕཊ། བྷ་ག་བཱན་གྷྲི་བ་རོ་ཤ་པྲ་བེ་ཤ་ཕཊ། ཨོཾ་རུ་རུ་སྤུ་རུ་ཏ་ཤ་མ་རུར་ཀ་ཏི་བི་ཙ་བྲུཾ་ཤི་ལཾ་རུ་རུ་དྲ་ཨེ་ཧྱེ་ཧི་ས་མ་ཡ་མ་ཏང་པྲ་བེ་ཤ་པྲ་ཏང་ཛ་ལེ་ཡཾ་ཧ་ཧ་ཧི་ཧི་ཧཱུཾ་ཕཊ། ཨོཾ་བ་ཧུ་བིན་དྷ་ནཱ་ག་བིན་དུ་ནཱ་ག་ཧིར་ཡ། ནཱ་ག་དུང་དུང་པྲ་བེ་ཤ་ཕཊ། ཧ་ཧེ་ཧཱུཾ་པྲ་བེ་ཤ་ཕཊ། བྷ་ག་ཝཱན། ཧྲཱྀཿ ཿཔྲ་བེ་ཤ་ཕཊ་བྷ་ག་བཱན། རག་ཤ་པྲ་བེ་ཤ་ཕཊ། བྷ་ག་བཱན། ནཱ་ག་ལེ་ནཱ་ག་ལེ། དུམ་པ་ལེ་དུམ་པ་ལེ། ཨ་ཀ་ལེ་ཨ་ཀ་ལེ། སྥོ་ཊ་སྥོ་ཊ་ལེ། ཨ་ཀར་བ་ཨིནྡྲ་པྲ་བེ་ཤ་ཕཊ། དུང་པྲམ་དུང་པྲམ། པྲམ་པྲམ་ཕཊ་ནཱ་ག་ཀར་ཤ་ཏཱིཀྵྞ་ཧུ་ཡ་ས་མེ་རུ་ནི་ཀར་ཤ་ཡ། ནཱ་ག་པྲམ་པྲམ་ཤག །ནཱ་ག་གེ་རམ་སང་པྲ་གེ་མ་ཏ་ནཱ་ག་ཧུར་པྲ་བེ་ཤ་ཡ་ཛ། ཞེས་བརྗོད་པས། ཀླུ་དེ་དག་ཐམས་ཅད་བསྒྲལ་ཏེ། ཕུང་པོ་ཞབས་དམར་པོ་བརྒྱད་ཀྱི་འོག་ཏུ་དར་གཅིག་བཅུག །དེ་ནས་སླར་ཡང་སྟོན་ཏེ། སྦྲུལ་མགོ་ནས་བཟུང་སྟེ་ཀླད་ལ་བསྐོར་ན་དམྱལ་ཐག་བཅད་དོ། །དར་ཙམ་དུ་སླར་སོས་པས། ཉམ་ཐག་པར་གྱུར་ནས་ད་ཅི་བསྒྲལ་བའི་ཀླུའི་གཟུགས་དང་རོ་དེ་གཞལ་ཡས་ཁང་གི་རྒྱན་དུ་བོར་རོ། །དེ་ནས་ཀླུ་དེ་རྣམས་སླར་སོས་པའི་གཟུགས་ཅན་ཀླུ་རྣམས། ཕྱག་བཅུ་དྲུག་གི་གཡས་


DNG017_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

པ་བརྒྱད་ཀྱི་དང་པོར་དགའ་བོར་ཟུང་ངོ་། །གཉིས་པར་ཉེ་དགའ་བོ་གཟུང་ངོ་། །གསུམ་པར་ཀླུའི་རྒྱལ་པོ་སྟོབས་ལྡན་གཟུང་ངོ་། །བཞི་པར་ལེགས་ལྡན་གཟུང་ངོ་། །ལྔ་པར་སོགས་མེད་གཟུང་ངོ་། །དྲུག་པར་མཐའ་ཡས་སོ། །བདུན་པར་དུང་སྐྱོང་ངོ་། །བརྒྱད་པར་པདྨའོ། །གཡོན་པ་བརྒྱད་དུ། དང་པོ་མགོ་དགུ་པའོ། །གཉིས་པར་མགོ་ལྔ་པའོ། །གསུམ་པར་ཆུ་ལྷའོ། །བཞི་པར་ཀར་ཀོ་ཊའོ། །ལྔ་པ་བ་རུ་ཎའོ། །དྲུག་པར་ཀླུ་གདོལ་པའོ། །བདུན་པར་ཀླུ་མགོ་གསུམ་པའོ། །བརྒྱད་པར་གདོལ་པ་ནག་པོའོ། །དེ་རྣམས་ཕྱག་མཚན་དུ་བསྣམས་པའོ། །བར་བར་ན་ཡང་ཀླུ་བྲན་ཀྱང་འཇུས་པ་ཡིན་ནོ། །དེ་ནས་ཡང་ཀླུ་རྣམས་དམྱལ་བ་ཐག་བཅད་ཅིང་དབང་དུ་བསྡུས་ཏེ། གཤོག་པ་གཡས་གཡོན་གཉིས་སུ་གདེངས། བར་བར་ཟླ་བ་དང་ཉི་མ་སྟོང་སྟོང་གིས་བརྒྱན་གཤོག་པའི་བར་རེ་རེ་ནས། གནམ་ལྕགས་ཀྱི་མཆུ་དང་། ལྕགས་ཀྱི་སྡེར་མོ་བྱུང་། གཤོག་པ་གཡས་གཡོན་གྱི་རྩེ་མོ་ནས། སྤྲུལ་པའི་བྱ་ཁྱུང་རེ་རེ་གཏིབས་ཏེ་ཡོད་པ། བྱུ་རུའི་རྐང་པ་ལ་ལྕགས་ཀྱི་སྡེར་མོར་ཡོད་པ། མིག་མེ་དང་ཆུར་ཡོད་པ། དེ་ལྟར་སྤྲུལ་ནས། གདུག་པའི་ཀླུ་རྣམས་བཟུང་ཞིང་ཟོས་སོ། །པགས་པས་རྒྱལ་མཚན་བྱས། སྦྲུལ་མགོ་ཐམས་ཅད་དྲེགས་ནས་གཤོག་པ་ལ་བརྒྱན་པ། གཏི་མུག་དག་པར་བྱས་པའོ། །དེ་ནས་ཀླུ་གཉན་ཐམས་ཅད་སྡིགས་པའི་སྔགས་ནི་དབང་གི་རྒྱལ་པོའི་སྐུ་དང་གསུང་ལས་འཐོན་ཏོ། །ཨོཾ་ནཱ་ག་པ་ཤ་ཧེར་ཏེ་ཤག་ཚལ་བུ་རམ་སད། ཅེས་གསུངས་སོ། །དེ་ནས་ཡང་ཀླུ་གཉན་ཐམས་ཅད་བསྒྲལ་བའི་སྔགས་འདི་འཐོན་ཏོ། །ཨོཾ་ནཱ་ག་ཧེ་ས་པར་མ་དུཾ་བ་ལེ་སད། པྲ་མེ་ཤམ་སད། ནཱ་ག་ཧེ་ར་མ་དུ་ན་མུ་ཁ་ལོ་རྦད། མ་ར་ལིང་སད་ན་རྦད་ཡ། དེ་ནི་བསད་པའི་སྔགས་སུ་གསུངས་སོ། །དེ་ནས་ཡང་ཀླུ་གཉན་དེ་རྣམས་གསོ་བའི་སྔགས་འདི་འཐོན་ཏོ། །ནཱ་ག་པ་ཤ་ཡུ་ཏི་པ་ལ་ཨ། ཀླུ་རྣམས་གསོ་བའོ། །དེ་ནས་ཡང་ཀླུ་དང་འབྱུང་པོ་ཚར་གཅད་པའི་སྔགས་འདི་གསུངས་སོ། །ཨོཾ་པ་ཤ་ནཱ་ག་དྲིལ་མ་ཏ་པ་ཤག་གན་ས་མ་ཡ་སྭཱ་ཧཱ། ཨོཾ་


DNG017_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

ས་ཏ་པར་ཏི་ཧེ་ར་སད་ཤྠ་ཏྭ་ཧྱ་ཡ། ཐམས་ཅད་ཚར་བཅད་བསྲུང་བའོ། །དེ་ལྟར་དབང་གི་རྒྱལ་པོ་པདྨ་དབང་ཆེན་དེས། གདུག་པའི་ཀླུ་ཚོགས་ཚར་བཅད་དེ་བསྒྲལ་ནས། ལ་ལ་གདན་དུ་བོར། ལ་ལ་ཕྱག་མཚན་དུ་བསྣམས་པའོ། །ལ་ལ་རྒྱལ་མཚན་དུ་བཙུགས་པའོ། །ལ་ལ་ལས་ལ་བཙུད་པའོ། །དེ་ནས་གསོས་ནས་སླར་བཀོད་པའོ། །དེ་ལྟར་བསྲུང་བ་དང་ཚར་བཅད་པ་དང་། །སྤྲུལ་པ་ཡན་ཆད་དབང་དུ་བསྡུས་ཏེ། ཀླུ་རྒྱལ་འབུམ་གྱིས་དབང་གི་སྒོ་བསྲུངས་པའོ། །ཀླུ་དང་གཉན་གྱི་སྡེ་རྣམས་ཀྱང་ཤིན་ཏུ་སྟོན་པས་གསུངས་པ་ལ་རྗེས་སུ་ཡི་རང་ནས། མགུ་བ་དང་རངས་པས་ཀུན་ནས་ཁྱབ་པས་ཀུན་གྱིས་སྟོན་པ་ལ་བལྟས་ཏེ་གནས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ཀླུ་གཉན་དབང་དུ་བསྡུས་ཤིང་བསྒྲལ་ནས་ལས་ལ་བསྐོ་བ་དང་ཚར་བཅད་བསྲུང་བའི་སྔགས་གསུངས་པའི་ལེའུ་སྟེ་གོ་གསུམ་པའོ།། །།དེ་ནས་ཡང་དབང་གི་རྒྱལ་པོ་པདྨ་ཧེ་རུ་ཀ་ལ། ལས་ཀྱི་རྒྱལ་པོ་དང་། པདྨ་སེམས་དཔའ་དང་། ཕྱག་ན་རྡོ་རྗེ་དང་གསུམ་གྱིས་ཞུས་ཤིང་དོན་གཏན་ལ་དབབ་པ་སྟེ། དེ་ནས་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་སངས་རྒྱས་འདུས་པའི་ཡབ། །སངས་རྒྱས་ཀུན་གྱི་དགོངས་པའི་མཆོག །བཅོམ་ལྡན་ཡབ་ལས་བདག་ཉན་འཚལ། །འདུས་པར་ཆོས་ཀྱི་རྣམ་གྲངས་གསུང་། །ཞེས་གསོལ་ཏོ། །དེ་ནས་བཅོམ་ལྡན་དབང་མཆོག་དེས། །སྐྱེ་མེད་ཆོས་ཀྱི་དབྱིངས་ཆེན་ནས། །འགག་པ་མེད་པའི་སྐུར་མཚོན་ནས། །སྤྲུལ་སྐུས་འགྲོ་དོན་མཛད་པའོ། །དེ་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཕྱག་ན་རྡོ་རྗེ་ལ་སོགས་ཉོན། །ཆོས་ཀྱི་རྣམ་གྲངས་དབྱེ་བར་བྱ། །ཆོས་ཀྱི་རྣམ་གྲངས་དབྱེ་བ་ལ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཐུགས་ཀྱི་དགོངས་པ་བསམ་མི་ཁྱབ། །ཐུགས་ནི་ནམ་མཁའི་དབྱིངས་དང་འདྲ། །ནམ་མཁའི་དབྱིངས་ལ་དཔག་ཏུ་མེད། །དཔག་མེད་བསམ་ལས་འདས་པའོ། །ཐུགས་ནི་དཔག་པར་དཀའ་བ་ཡིན། །སྐུ་དང་གསུང་ཡང་དེ་བཞིན་ནོ། །དེ་བཞིན་གཤེགས་པའི་དགོངས་


DNG017_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡང་། །དཔག་པར་དཀའ་བར་གསུངས་པ་སྟེ། །དེ་བཞིན་གསུང་གི་ཆོས་འདི་ལ། །སྐུ་དང་གསུང་དང་ཐུགས་དང་ནི། །དེ་ཡི་རྣམ་པ་བཤད་པ་སྟེ། །དབྱེ་བའི་རྣམ་གྲངས་དཔག་དཀའ་ཡང་། །བསྡུ་ན་གཅིག་ལས་མེད་པར་གསུངས། །བསམ་དུ་མེད་པའི་ཆོས་ཉིད་ལ། །མ་ནོར་རྟོགས་ན་བལྟ་བ་ཡིན། །མ་ནོར་བ་དང་མ་བཅོས་པའི། །ངང་ལ་གནས་ན་བསྒོམ་པར་བསྟན། །ལྟ་བ་མ་ནོར་གདེང་དུ་གཞག །བསྒོམ་པ་མ་བཅོས་མ་ཡེངས་པ། །ཕྲིན་ལས་རོལ་པ་མ་འགགས་པའོ། །ཡོན་ཏན་ཟད་མེད་གཏེར་དང་ལྡན། །གསང་སྔགས་བསྒྲུབ་པར་བསྟན་པ་ནི། །ལྟ་བ་དང་ནི་སྤྱོད་པ་དང་། །དབང་དང་དམ་ཚིག་ཤེས་པ་གཅེས། །སངས་རྒྱས་འདོད་པས་སྟོང་པར་བསྒོམ། །སྟོང་པའི་ངང་ལས་ཡེ་ཤེས་སྐྱེ། །སྐྱེ་བ་མེད་པའི་ཆོས་ཉིད་ལ། །འགག་པ་མེད་པའི་ཡེ་ཤེས་ཤར། །སྐྱེ་འགག་མེད་པའི་ཆོས་ཀྱི་སྐུ། །ཆོས་ཀྱི་སྐུ་ཡང་སེམས་ཡིན་ཏེ། །སེམས་ཉིད་ཡེ་ཤེས་ཤར་བའོ། །ནམ་མཁས་གར་ཁྱབ་སེམས་ཉིད་དེ། །སེམས་ཀྱིས་གར་ཁྱབ་ནམ་མཁའ་ཡིན། །ཅི་སྣང་ཅིར་སྲིད་ཅིར་བསྒོམས་ཀྱང་། །སེམས་ལ་མ་རྫོགས་ཡེ་ཤེས་མེད། །ཐམས་ཅད་སེམས་ཉིད་ངང་དུ་ཤར། །ལྟ་བ་ནམ་མཁའ་འདྲ་བ་ལ། །སྤྱོད་པ་ཡངས་དོག་མེད་པར་སྤྱོད། །རྫོགས་ཁྱབ་རང་བྱུང་ཡེ་ཤེས་ཡིན། །གཅིག་དང་དུ་མའི་སྒྲ་ལས་འདས། །སེམས་ཉིད་ཀུན་ཏུ་བཟང་པོ་ལ། །ཇི་ལྟར་བརྗོད་ཀྱང་གཡོ་བ་མེད། །དེ་ལྟར་རྟོགས་ན་རྫོགས་པའོ། །གསང་བ་ཡང་ནི་བརྗོད་པ་ཡིན། །བྱང་ཆུབ་སེམས་ནི་རྨད་དུ་བྱུང་། །རྨད་བྱུང་བྱང་ཆུབ་སེམས་ཆེན་ལ། །རིག་པ་ཡེ་བརྡལ་ཆེན་པོ་ཡིན། །སེམས་ཉིད་རང་བྱུང་ཡེ་ཤེས་ཡིན། །རིག་པའི་ཡེ་ཤེས་ཀློང་བརྡལ་བས། །བརྡལ་བ་ཆེན་པོའི་ཆོས་ཉིད་གང་། །ངང་ལ་མི་གཡོ་བསྒོམ་པ་ཡིན། །དེ་ལས་བསྒོམ་དུ་མེད་པ་སྟེ། །ངང་ལས་མ་ཡེངས་གནས་པར་བྱ། །ཀུན་བཟང་བདེ་ཆེན་ལྷུན་གྲུབ་པ། །རིག་པའི་ཡེ་ཤེས་སེམས་ཉིད་དེ། །མ་བསྒོམས་བཞག་ན་བསྒོམ་པ་


DNG017_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །མ་བཙལ་བ་ཉིད་རྩོལ་ཉིད་ཡིན། །དེ་ལྟར་རྟོགས་ན་སངས་རྒྱས་ཡིན། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་རྒྱུད་ཆེན་པོ་ལས། ལྟ་བ་བསྟན་པའི་ལེའུ་སྟེ་གོ་བཞི་པའོ།། །།དེ་ནས་ཡང་ནི་གསོལ་པའི་དོན། །དབང་གི་རྒྱལ་པོས་བཀའ་སྩལ་པ། །ཕྱག་ན་རྡོ་རྗེ་ལས་ཀྱི་རྒྱལ། །པདྨ་སེམས་དཔའ་ལ་སོགས་ཉོན། །ཆོས་ཀྱི་རྣམ་གྲངས་བསྟན་པ་ནི། །བྱང་ཆུབ་ཀྱི་ཡན་ལག་བདུན་ལ་གོམས་པར་བྱའོ། །ལམ་གྱི་འབྲས་བུ་འཐོབ་པའོ། །རྫུ་འཕྲུལ་གྱི་རྐང་པ་བཞི་བཟུང་ཞིག །སྐྱོན་གྱིས་མ་གོས་པ་འཐོབ་པའོ། །མངོན་པར་ཤེས་པ་བསྒོམ་བསྒོམས་ཤིག །དངོས་གྲུབ་ཐོབ་ཅིང་ཉེས་པ་མེད་པའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་བཟུང་ཞིང་རིག་པར་གྱིས་ཤིག །གོལ་ས་མེད་པ་འཐོབ་པའོ། །གསུང་རབ་ཡན་ལག་བཅུ་གཉིས་རྟོག་ཅིང་སྤྱོད་ལ་རིག་པར་བྱོས་ཤིག །འབྲས་བུ་རེ་དོགས་མེད་པར་འཐོབ་པའོ། །བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་ཉེ་བར་སྤྱོད་ཅིག །འགག་པ་མེད་པའི་འབྲས་བུ་འཐོབ་པའོ། །ཕ་རོལ་ཏུ་ཕྱིན་པ་བཅུ་ལ་སྤྱོད་ཅིག །ཐབས་དང་ཤེས་རབ་ལ་སོགས་པ་བསྒོམས་པས་འབྲས་བུ་མ་སྤངས་གཉིས་མེད་ཕ་རོལ་ཕྱིན་པའོ། །ཕ་རོལ་ཏུ་ཕྱིན་པ་བཅུ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་ཆགས་མེད་ཡེ་ཤེས་ཆེན་པོ་འཐོབ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་བདེ་བའི་ངང་གི་ཡེ་ཤེས་འཐོབ། བཟོད་པའི་ཕ་རོལ་ཕྱིན་པས་མི་གཡོ་བའི་ཡེ་ཤེས་འཐོབ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་བྱ་བ་ནན་ཏན་ཡེ་ཤེས་འཐོབ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་གསལ་ལ་རྟོག་མེད་ཡེ་ཤེས་འཐོབ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་མེ་ལོང་ལྟ་བུའི་ཡེ་ཤེས་འཐོབ། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པས་མཉམ་པ་ཉིད་ཀྱི་ཡེ་ཤེས་འཐོབ། སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པས་གསལ་ལ་རྙོག་མེད་ཆོས་ཀྱི་ཡེ་ཤེས་འཐོབ། ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པས་སྟོང་པ་ཉིད་ཀྱི་ཡེ་ཤེས་འཐོབ། སྙིང་རྗེའི་ཕ་རོལ་ཏུ་ཕྱིན་པས་གསལ་དག་ཡེ་ཤེས་འཐོབ་པའོ། །ཕ་རོལ་ཕྱིན་པའི་དོན་ཤེས་ན། །སངས་རྒྱས་གཞན་ནས་བཙལ་མི་དགོས། །


DNG017_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་རྣམ་གྲངས་བསྟན་པ་གཅེས། །སྔགས་ཀྱི་མདོ་ལས་ཚིག་གི་སྡེ། །ཡན་ལག་རྣམ་གྲངས་རིག་པ་ཡིས། །གང་ལ་ཐོགས་པ་མེད་པ་ཡིན། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ཆོས་ཀྱི་རྣམ་གྲངས་བསྟན་པའི་ལེའུ་སྟེ་གོ་ལྔ་པའོ།། །།དེ་ནས་དབང་གི་རྒྱལ་པོ་དེས། །མ་དང་དྲེགས་པ་བསྒྲལ་བ་ལས། །གདུག་པའི་འཁོར་ཚོགས་མ་རུངས་པ། །བདུད་ཀྱི་སྡེ་ཚོགས་མང་པོ་འདུས། །མགོ་བརྙན་ཚོགས་དང་སྡེ་མང་ཀུན། །སྤྲུལ་ཅིང་མ་རུངས་བྱུང་བ་ལས། །སྒྲོལ་སྔགས་དྲག་པོ་འདི་རྣམས་སྐུ་དང་གསུང་ཐུགས་ལས་འཐོན་ཏོ། །ཨོཾ་ཡ་མ་ཀྲ་མ་ཧེར་ན་འདུན་སད་རཾ་རཾ་རཾ། པ་ཤ་རུ་ཏྲི་ས་མ་པྲ་བེ་ཤ་ཕཊ་ནན་ཡ། ཀ་ལམ་ཨེ་ནེ་སད་རམ། ཁ་ལ་དུར་བསད་རུ་ཏྲི་པྲ་མ་ཡ་ས་མ་ཡ་པ་ཤཾ་ཀ་ར་ཕཊ། ཡ་མ་སྟམ་བྷ་པྲ་པེ་ཤ་ཕཊ། ཀ་ལམ་དུན་དུན་པྲ་མ་ཡ། མ་དུ་གྲ་ལིང་སད་ཧ་ས་དྷྲི་ག་རྦད། བཾ་རིལ་ཧ་ས་ཙི་ཏ་བུན་ཡ། ས་ཏོ་པྲ་མ་ཤ་ལ་མ་འུར་མཱ་ར་ཡ། གམ་པ་རི་ཛ། པྲ་ཤ་ཁམ། ལིང་རྦད་ཡ། བདུད་རིགས་བཅུ་གསུམ་དེ་ཡིས་བསྒྲལ། །དེ་མ་ཐག་ནས་སྔགས་འདི་བརྗོད། །ཨོཾ་ནཱ་ག་བིན་དུ་གྲ་ཧེ་ནན། ཏྭ་ས་བ་སོ་སད་ན་ཡ། གྲྀ་ཧྞ་པ་རོ་ཤ་ཙ་ལིང་། སྡིས་སྟ་བན་དྷ་བན་ཁང་རཾ་སད། ནཱ་ག་རུ་ཡ་པྲ་ཤ་སཾ། ཀེད་དུ་ཀྲམ་ན་ཤམ་ཁྱེར་ཡ། པྲ་ཤ་ལཾ་སད་ལཾ་བྲ་རོ་ལིང་ཡ། ནཱ་ག་ས་ཡ་ཡཾ་དུ་ན་པ་རོ་སད་ལམ་ཡ། དར་མེ་ཀྲ་མ་ནཱ་གསེ་སེ་ས་ན་ཡཾ། དུམ་པ་ལིང་དུམ་པ་ལིང་། པྲད་ད་ཚལ་ཁལ་ཉེ་སད་ལམ། ནཱ་ག་ཤག་ཚལ། ཧི་ར་ཡ་ཧིར་ཡ་ནན། ནཱ་ག་སད་དུ་རམ། པྲཾ་ཡཾ་པྲཾ་ཡཾ། མུར་ཙས་མུར་ཙས་ཏོ་ནཱ་ག་པྲཾ་ཡ། བུ་དི་རི་རམ་དུ། ཀེ་ནཱ་ག་ཨུ་ལུ་རྦད། ནཱ་ག་མུར་ཤ་བ་ལཾ་ཁང་། ནཱ་ག་ས་དུ་རཾ་པ་ལ། ཧེས་བ་རམ་ཡན་མ་དུན་ནིཥྛ་ལྱཾ་ཧྱ་སེ་ཡ། པྲཾ་ཡ་པྲཾ་ཡ། མུ་ར་པྲཾ་ཡ། ཙ་ཏ་ཙ་ཏ་མུར་གྲ་ལིང་ནན། དུན་ནི་དུན་ནཱ་ཤག་ནཱ་ག་སེ་ས་ཧུར་སད། དེ་ཡིས་གདུག་པའི་ཀླུ་གཉན་བསྒྲལ། །དེ་མ་ཐག་ནས་སྔགས་འདི་འཐོན། །ཨ་ཙ་པ་ཙ་ལ་ཤ་མ་ཡ་ལིང་།


DNG017_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

ཡཀྵ་ཁ་ཐ་ཁ་ཐ་སྲ་མ་ཡཾ་ཡ་རྦད་ན་ལིང་། ས་མ་ཡ་དུར་ཏྲི་ཧེ་ས་པྲད་ལིང་ཡ། མུར་ཙ་ལ་ཡག་ཤ་རག་ཤ་སྟཾ་བྷ་ནི། ཚལ་པ་ཚལ་པ། རྦད་སུ་རྦད་སུ། ཁ་འདར་ཁ་འདར། མུར་གྲ་ལིང་ཡ། དེ་ཡིས་གནོད་སྦྱིན་མ་རུངས་བསྒྲལ། །དེ་མ་ཐག་ནས་སྔགས་འདི་འཐོན། །ཨོཾ་སད་དུ་པྲ་མ་ལམ་བ། ཤ་ནན་པྲ་སཾ་ཡ་ཀཾ་ལཾ་ཧེར་ཡ། ཙི་ཏ་ཀ་ལཾ་སུ་མ་ཀྲི་ཀཾ་རྦད་ཡ། ཁ་ལ་རུ་ཏྲི་མུར་ཙ་ཁ་ལ་དུན། ཤ་ལཾ་པྲ་ག་ལ་ཡཾ། དི་རི་དི་རི། ར་ཙ་དྲ་ཡ་ཐུམས་ཡ། པྲཀ་ཤ་ལཾ་སད་དེ་ནི་ས་རྦད་ན་ལིང་། དེ་ཡིས་གཟའ་དང་སྐར་མ་བསྒྲལ་བ་ཡིན། །དེ་མ་ཐག་ནས་སྔགས་འདི་འཐོན། །ཨོཾ་ཏྲི་ཤ་ཙ་པ་ལ་གུག་ཙར་ལིང་། ཧམ་པ་ཤ་དུར་ཡང་པྲ་པི་ཤ་ལཾ་པ་ཡ། ཁ་ལཾ་མུར་ཏི་ས་ནི་སད། ཏྲི་ལིང་རྦད། གུར་ལ་རྦུད་ཡ། དུཾ་པ་ཤཾ་རྦད། ཏི་ས་དུ་རྦད་ཡ། ཨི་ལཾ་ཏཾ་རྦད། པྲ་མ་ཏྲི་ཤ་དྷི་རཾ་རྦད་ཡ། དེ་ཡིས་འབྱུང་པོ་ཐམས་ཅད་བསྒྲལ། །དེ་ནས་ཡང་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་ལས་སྔགས་འདི་རྣམས་འཐོན་ཏོ། །པྲ་ཤ་ཀར་ཤ་ཏྲ་ས་ཛ། མུར་བྲཾ་ལཾ་ས་དུ་ཁ་ལ་དུན་དུན་ཙི་རི་ཙི་རི། ཏྲཱ་ས་ཡ་ཏྲཱ་ས་ཡ། མུར་པ་ཤ་ལཾ་ཡ། ཁ་ཙ་ལམ་པ་རྦད། པ་ཙ་ཨ་ཏི་པ་ལ་རྦད་རྦད། ཨོཾ་སང་ཀར་དུ་ཡ་མ་དུ་རི་ཡ། ཞེས་རྒྱལ་པོའི་རིགས་ཐམས་ཅད་བསྒྲལ་ལོ། །དེ་ནས་ཡང་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་ལས་སྔགས་འདི་རྣམས་འཐོན་ཏོ། །ཨོཾ་ཙ་ཙ་བ་ལི་གུག་ལིང་། ཙག་ཤ་གུར་པ་ཤ་ཡ། མར་པ་ཤན་མ་བ་ཡ། སེ་ཏེ་པ་ཤ་ལི་ཙར་ལིང་ཡ། ཀ་ཏ་ཀ་ཏེ་མུར་ཙ་ཙག་ཤ་རྦད་ཡ། པྲ་མ་གྲུར་དུ་ལིང་ཡ། སད་དུ་ཙ་ལོ་རོ་པ་ཤ་རྦད་ན་ལིང་ཡ། ཁ་ཡ་དན་དུ་མུར་ཡ། པྲ་ཏ་ཙ་ཀ་ལེ་ཧེ་ས་སད། ཤུ་ལཾ་དུ་ཀ་ལིང་ཡ། ཙ་རོ་པ་ཤ་རྦད་ཡ། མུར་ཏི་ཁ་ཏང་མ་རང་ཁ་ཧི། ས་ཏུ་མེ་ཁ་ཏུ་ཡི་དུ་ཀར་བ་ཡཾ། ས་དུ་ས་མ་ལིང་ཡ། འུར་ཀཾ་བྲ་ཏ་བ་ཙ་ལཾ་ཡ། ཙི་ཏ་པྲ་ཤ་གུགས་ལིང་། ས་ཏོ་རུ་སི་ཏི་ལིང་རྦད་ཡ། ཙ་ཏི་མུར་ཙ་ཁལ་རྦད་ཡ། དེ་ནི་བཙན་གྱི་རིགས་ཐམས་ཅད་བསྒྲལ་བའོ། །སྒྲོལ་སྔགས་དེ་རྣམས་ཀྱིས། དྲེགས་པ་དེ་དག་ཐམས་ཅད་བསྒྲལ་


DNG017_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

ནས། གྱ་གྱུ་མེད་པར་བྱས་སོ། །དེ་བྱས་ཀྱང་དེ་བཞིན་དུ་བསྒྲལ་བའོ། །སྒྲོལ་བའི་སྔགས་དེ་ཐོན་པ་ཡིས། །མ་རུངས་གདུག་ཚོགས་ཐམས་ཅད་བསྒྲལ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། དྲག་པོ་སྒྲོལ་བའི་སྔགས་རྣམས་ཐོན་པའི་ལེའུ་སྟེ་གོ་དྲུག་པའོ།། །།དེ་ནས་ཡང་དབང་གི་རྒྱལ་པོའི་སྐུ་གསུང་ཐུགས་ལས། འབྱུང་པོ་ཏྲི་ཛ་མཱ་ར་ཡ་ཛ། གམ་བྷ་རི་ཛ། པདྨ་དྷ་ར་ཧྲཱྀཿམ་མོ་ག་ཧྲཱྀཿ། ཧ་ཡ་གྷྲཱི་བ་ཧྲཱྀཿ། སུཾ་བ་ན་ནི་ཧྲཱྀཿ། གཾ་ད་ནི་ལཾ་རྦད། བྷན་དྷ་གྲྀ་ཧྞ་རོ་ཥ་ཎ་པ་ཤཾ་པ་རི་ཛ། ས་མ་ཡ་ཁུག །དུམ་པ་དུམ་པ་ཧར་རེ་ཧོར་རེ། ཙི་ལེ་ཙི་ལེ། གུར་བ་གུར་བ། ཤམ་པ་རི་བ་ག་ཀ་མངལ་ཧུ་ར་ཡ། ཏ་ལེ་ཏུ་ལེ། ཀ་པ་རུ་པི་འགྲིབ་ཧབ། དེ་ནི་དོན་གྱིས་ཐོན་པའོ། །འདི་ནི་ཁྱི་བརྒྱད་ཀྱི་དྲག་སྔགས་འཐོན་པའོ། །ཀུ་ཀུ་རཀྴ་ཧྲི་ཁ་ལ་ཚལ་ཚལ་ཆེམ་རྦད། ཀུ་ཀུ་རཀྴ་ཡ་ཁ་ཡ་དུ་མ་ལིང་རྦད། ཀུ་ཀུ་རཀྴ་མེ་ཏ་མེ་ཏ་བཾ་རིལ་རྦད། ཀུ་ཀུ་རཀྴ་ཧྲཱྀ་དུང་དུང་རིལ་རྦད། ཀུ་ཀུ་རཀྴ་ཧྲི་ཁ་ལོང་ཀ་བཾ་རིལ་རྦད། ཀུ་ཀུ་རཀྴ་ཤཾ་ཀ་ར་བཾ་རིལ་རྦད། ཀུ་ཀུ་རཀྴ་ཧཱུཾ་བྷྱོ་དུམ་པ་ལེ་རིལ་རྦད། ཀུ་ཀུ་རཀྴ་ཁ་ལོང་ཀ་ཀ་མ་ལ་རིལ་རྦད། དེ་ནས་སྤྱང་བརྒྱད་ཀྱི་སྔགས་འཐོན་ཏེ། ཨོཾ་ཛ་ཡ་དུ་ཁུག་ལིང་རྦད། ཤོ་ན་ཀ་ཀ་ལིང་ལིང་དུ་ཁུག་ལིང་རྦད། ཙ་ཀ་ཤག་ཀུ་ཀུ་ཤོན་རྦད། མུ་ཏི་ཀ་མ་ལིང་ཧུར་རྦད། སེ་ཏ་ས་ཏ་དྲེང་རྦད། ཀུར་ཤམ་བཾ་ལིང་རྦད། ཁུ་ཡེ་ཤ་ལཾ་རྦད། མུ་རུ་ཁ་ས་ཙམ་ལིང་རྦད། དེ་ནས་ཡང་ལོང་བ་རྒྱབ་སྦྲེལ་སུམ་ཅུ་རྩ་གཉིས་ཀྱི་དྲག་སྔགས་འཐོན་ཏེ། ཨོཾ་ལི་བཾ་རིལ་རྦད། ཁ་རོ་ལི་རྦད། པི་ཤཾ་ལི་རྦད། སུ་མ་པ་སྨེ་ལི་རྦད། ཀར་བི་ལི་རྦད།གུར་བི་ལི་རྦད། ཙིང་ཧེ་ལི་རྦད། འབུ་ཧེ་ལི་རྦད། ཤར་གྱི་ལོང་བ་བརྒྱད་ཀྱིའོ། །ཨོཾ་རད་ཀཾ་ལ་རྦད། མུ་ཀ་ལི་རྦད། སུམ་པ་ཤ་ལི་རྦད། མུ་ཁ་ལི་རྦད། ཀེ་ཙ་ལི་རྦད། ག་ག་ལི་རྦད། ག་ག་ན་སུ་ག་ལི་རྦད། ཡུར་ཏ་ལི་རྦད། ལྷོའི་ལོང་བ་བརྒྱད་ཀྱིའོ། །པ་ད་དྷི་ལི་རྦད། མུ་ཁ་ལི་རྦད། ཁ་པ་ལི་


DNG017_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

རྦད། ས་པ་ལི་རྦད། ཀང་ཀ་ལི་རྦད། ཁ་པ་ལི་རྦད། ས་བ་ཙ་ལི་རྦད། ཀང་ཀི་ལི་རྦད། ནུབ་ཀྱི་ལོང་བ་བརྒྱད་ཀྱིའོ། །ཀརྨ་བར་ལི་རྦད། ཏྲག་ཏུ་ལི་རྦད། སུམ་པ་ལི་རྦད། པ་ཙ་ད་ན་ལི་རྦད། ཧ་ས་པི་ལི་རྦད། ཀརྨ་དུ་ལིང་རྦད། དུ་མི་ལི་རྦད། མུ་ཁ་ཙ་ལི་རྦད། བྱང་གི་ལོང་བ་བརྒྱད་ཀྱིའོ། །དེ་ནས་ཡང་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་གསེར་གྱི་སེང་གེ་ཉི་ཤུ་རྩ་བརྒྱད་དུ་སྤྲུལ་ནས། ལས་ལ་དབང་བའི་དབང་དཔལ་གྱིས་བསྐུར་ཏེ། དྲག་སྔགས་འདི་རྣམས་ཀྱི་སྒྲ་བརྗོད་དོ། །ཨོཾ་སི་ལི་རྦད། རུ་ཏྲི་རྦད། གབ་ལི་རྦད། ཏྲང་ས་ལི་རྦད། མུར་ཙ་རྦད།སུ་ཁ་ཡེ་རྦད། ཧ་ཨེ་རྦད། རེ་ཏྲི་རྦད། ཧ་ས་རྦད། ་རྦད། བཾ་རྦ་ན་རྦད། ཏི་རི་རྦད། ཁ་རོ་རྦད། མ་ཀེ་རྦད། བ་ཏྲི་རྦད། ཁ་ཏ་རྦད། ཧ་ས་ལི་རྦད། ཀ་མ་ལི་རྦད། སི་པ་ལི་རྦད། བ་རོ་རྦད། ད་ལོ་རྦད། ཧྲི་མ་རྦད། ཀར་ཤ་རྦད། ཙཀ་རྦད། མུཀ་རྦད། ར་ཏི་མ་རྦད། ག་རོ་རྦད། ཤ་ལ་མ་ཏི་རྦད། སེང་གེ་ཉི་ཤུ་རྩ་བརྒྱད་ཀྱི་སྔགས་དེ་རྣམས་འཐོན་ཏོ། །དེ་ནས་ཡང་ཁྲོ་བོ་མགོ་དགུ་བརྩེགས་ལ་སོགས་པ་བཞིའི་སྔགས་འདི་རྣམས་འཐོན་ཏོ། །ཀྲོཏ་ཏི་རི་ལིང་རྦད། ཀྲོ་དྷ་ཁུག་ལིང་རྦད། ཀྲོ་ཏ་མཾ་རཾ་ཏི་རྦད། ཀྲོ་དྷ་ཀར་ཤ་མ་བཾ་རིལ་རྦད། སྒོ་བ་མགོ་བརྩེགས་པ་ཁྲོ་བོའི་སྔགས་དེ་རྣམས་འཐོན་ཏོ། །དེ་ལྟར་ཡང་དྲག་སྔགས་འདི་རྣམས་གསུངས་སོ། །དེ་ནས་ཡང་གསང་བ་ཡུམ་གཟི་ལྡན་པདྨ་ཅན་ལ་སོགས་པའི་ཡུམ་རྣམས་ཀྱིས། མ་དད་པ་ཆེན་པོ་དེའི་ཡུམ་དང་། འཁོར་གྱི་རིག་མ་ལ་སོགས་པ་མ་རུངས་པ་གདུག་པའི་མཚོན་ཐོགས་པ་མ་རུངས་པའི་སྒྲ་འབྱིན་པ་དེ་དག་བསྒྲལ་བའི་ཕྱིར། དྲག་པོ་སྒྲོལ་བའི་སྔགས་འདི་རྣམས་འཐོན་ཏོ། །ཨོཾ་ཀརྨ་ནི་ལཾ་མ་མ་ཧ་ས་པྲ་ཤ་ཡ། ཀ་ཏ་ཀེ་ཏ་ཙི་ཏ་མ་ར་ལི། ཧ་སཾ་བ་རོ་ད་རོ་མ་མ་དུམ་པ་ལིང་། ཧས་ས་དུཾ་བ་ཤ་ལིང་ཡ་ཡ། པ་ཙ་ར་གས་མ་ཡ། ས་དུ་པས་ར་མ་ཡཾ་ཁ་ལི་ཧེ་ར་རྦད་ཡ། མ་མ་དུམ་དུམ་ལིང་ཡ་ཡ། ཐུམ་པ་ཐུམ་པ་རྦད། མུ་ལོང་རྔོབས་ཡ། ཀ་ལམ་ས་པ་པྲ་ཀ་ལི་རྦད་ཡ། མུ་ཏི་ཧ་ས་ལཾ་ཙ་ཏ་


DNG017_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

ཙ་ཏི་བཾ་པ་རི་མུག་མུག་ཧར་ཡ་རྡུབས་ལོང་ཡ། ས་མ་ཡ་ད་རུ་ནི་རྦད་ཡ། མཱ་ར་ཡ་མཱ་ར་ཡ། མ་ཏི་མཱ་ར་ཡ། ཁ་ལི་ཧེ་ར་རྦད་ཡ། རུག་རུག་ཆེམ་ཆེམ་ཧི་ཧིད་ཁོ་ཁ་རོ་གསུ་ནི་རྦད་མཱ་ར་ཡ་ནན། གསང་བའི་དྲག་སྔགས་དེ་རྣམས་འཐོན་ཏོ། །དེ་ནས་ཡང་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ཀྱི་སྔགས་འདི་རྣམས་འཐོན་ཏོ། །ཨོཾ་འབུ་བར་འབུ་བར་འབུ་ག་ནན་ཤ་གཏི་ཐ་བ་རི་་པ་རོ་གུ་་ཁྲི་ཧྲི་སད་ད་དུ་གྲ་གྱ་ནུ་མ་བ་ནི་སྐྱ་སད་ཐ་ཡ། དྲག་པོའི་སྔགས་དེ་རྣམས་འཐོན་ཏོ། །དྲག་པོའི་སྔགས་དེ་ཉིད་རྣམས་ཀྱིས་དགུག་པ་དང་དབབ་པ་དང་། བཅིང་བ་དང་གཞོམ་པ་དང་དབབ་ཅིང་ལས་གང་ཡང་འགྲུབ་པར་བྱེད་པའོ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ལྷ་རྣམས་ཀྱི་དྲག་སྔགས་བསྟན་པའི་ལེའུ་སྟེ་གོ་བདུན་པའོ།། །།དེ་ནས་དབང་གི་རྒྱལ་པོ་ཀུན་འདུས་བདག་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་དབང་ཆེན་འདུས་པའི་གཙོ། །སངས་རྒྱས་ཀུན་གྱི་ཡབ་ཆེན་པོ། །གསུང་མཆོག་དམ་པའི་ལྷ་སྒྲུབ་པ། །སངས་རྒྱས་ཀུན་འདུས་གཙོ་ལ་བདག་ཉན་འཚལ། །ཞེས་གསོལ་པས། དབང་གི་རྒྱལ་པོས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་མ་ཉོན་ཅིག་གསང་བདག་ཐུགས་ཀྱི་སྲས། །གསུང་མཆོག་དམ་པའི་ལྷ་བསྒྲུབ་པ། །རྟག་ཏུ་བསྒོམ་པར་བྱ་བ་ནི། །ལེགས་པར་བཤད་ཀྱིས་ངེས་པར་ཟུང་། །གསུང་མཆོག་དམ་པ་བསྒྲུབ་པ་ནི། །བྱང་ཆུབ་ལམ་ནི་ཉེ་བར་བསྒྲུབ། །བར་དུ་གཅོད་པ་ཤུགས་ཀྱིས་བསྒྲལ། །སྔགས་དང་ཕྱག་རྒྱས་འགྲུབ་པ་ཡིན། །ཚིག་དང་ཡི་གེས་འགྲུབ་པ་ཡིན། །གླུ་དང་བྲོ་ཡིས་འགྲུབ་པ་ཡིན། །བརྟུལ་ཞུགས་ཆེན་པོས་འགྲུབ་པ་ཡིན། །གསུངས་པའི་སྔགས་ཀྱིས་འགྲུབ་པ་ཡིན། །བྱང་ཆུབ་ཡན་ལག་དག་གིས་འགྲུབ། །འགྲུབ་ཐག་ཉེ་ལ་འབྲས་བུ་ཆེ། །ཉོན་ཅིག་སེམས་དཔའ་གསང་བའི་བདག །དབང་གི་ལྷ་རྣམས་བསྒྲུབ་པ་ལ། །ཕུན་སུམ་ཚོགས་པ་ལྡན་པར་བྱ། །མེ་ཏོག་ཆུ་གླིང་རིན་ཆེན་གླིང་། །འབྲུ་ཤིང་འཚམས་ལ་ཉམས་དགའི་གནས། །གནམ་ནི་འཁོར་ལོ་རྩིབས་བརྒྱད་འདྲ། །ས་ནི་པདྨ་འདབ་བརྒྱད་འདྲ། །དེ་ལྟ་


DNG017_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ཡི་གནས་སུ་བསྒྲུབ། །ཡང་ན་བྲག་དམར་ཟླ་གམ་འདྲ། །མཛེས་པའི་སྟེགས་བུ་དེ་རུ་བརྩིག །རིན་ཆེན་སྣ་ལྔའི་ཕྱེ་མས་བྲིས། །དབུས་ཀྱི་ཟླ་གམ་དམར་པོ་སྒོ་སྤོད་ལ། །ཐ་མ་པདྨ་འདབ་བརྒྱད་སྟེ། །དེ་མཐའ་གྲུ་ཆད་གྲུ་བཞི་གཉིས། །སྒོ་དང་ཁྱུད་དུ་ལྡན་པར་བྱ། །དོད་ལ་མཛེས་ལ་ཕོ་བྲང་གསལ། །དེ་ལ་དབང་གི་ལྷ་དགོད་དེ། །རྟེན་གྱི་གསུང་གི་ཡི་གེ་དགོད། །དང་པོ་མཆོད་པའི་རྫས་ཀྱང་དགྲམ། །བྱིན་བརླབ་པ་ཡང་དེ་བཞིན་བྱ། །དེ་ནས་ཏིང་འཛིན་རྣམ་གསུམ་རིམ་བཞིན་བསྒོམ། །ཤཱུ་ནྱ་ཏཱ་ཡི་སྒྲ་བརྗོད་པས། །སྟོང་པ་ཉིད་དུ་གསལ་བའོ། །དྷརྨ་དྷཱ་ཏུའི་སྒྲ་བརྗོད་པས། །ཁྱབ་པའི་སྙིང་རྗེ་གསལ་བར་བསྐྱེད། །དེ་ལས་རིག་པ་བྱང་ཆུབ་སེམས། །དམར་ལ་བཀྲ་བའི་ཧཱུཾ་དུ་གསལ། །དེ་ལ་བསྐྱེད་རྫོགས་ཚིག་ཀྱང་བརྗོད། །ཧཱུཾ་ལས་འབྱུང་བའི་ཡི་གེ་ཆད། །དེ་ལས་འབྱུང་བའི་ཆ་ཡང་བསྙམ། །དེ་ལས་བྷྲཱུཾ་དང་མཾ་ཆད་པས། །རིན་ཆེན་འབར་བའི་གཞལ་ཡས་བསྒོམ། །ནང་ནི་དུར་ཁྲོད་ཆེན་པོ་སྟེ། །གདུག་པ་བསྒྲལ་བའི་ཐོད་ལྤགས་མཛེས། །ཀ་བ་ཀ་ཞུ་ཀ་གདན་དང་། །གདུང་དང་ལྕམ་དང་དྲལ་དག་དང་། །རྒྱལ་མཚན་ལ་སོགས་དེ་བཞིན་ཏེ། །དྲེགས་ཆེན་ཀུན་བསྣོལ་གདན་ཚོགས་དང་། །ཉི་ཟླ་པདྨར་བཅས་པའོ། །དེ་ལ་དབང་གི་ལྷ་བསྐྱེད་པ། །དེ་ཡི་སྟེང་དུ་ཧཱུཾ་དམར་རེ། །པདྨ་དྷ་ར་ཧྲི་ཀྲོ་ཏ་ཤྲཱི་ཧེ་རུ་ཀ་ཀྲང་ཀྲང་ཀྲང་ཀྲང་ཀྲང་ཀྲང་ཀྲང་ཀྲང་ཞེས་བརྗོད་པས། དབང་ཆེན་པདྨ་ཧེ་རུ་ཀ །སྐུ་བྱུ་རུའི་སྡོང་བུ་འདྲ་བ། ཕྱག་བཅུ་དྲུག་པ་དབུ་ལྔ་པ། ཞབས་དམར་པོ་བརྒྱད་དུ་གཏམས་པ། ཞེ་སྡང་རྡོ་རྗེ་དང་བཅས་པའོ། །འབར་བའི་གཤོག་པ་བཞིས་བརྒྱན་པ། གཤོག་པའི་རྩེ་གཉིས་ལ་བྱ་ཁྱུང་རེ་རེས་མཚན་པ། དེ་ལྟར་གསལ་བའི་དབུ་རྒྱན་གྱི་ཁང་བུ་ལྔ་ལ། རིགས་ལྔའི་སངས་རྒྱས་ལ་སེམས་དཔའ་དང་སེམས་མ་སྒོ་བ་དང་བཅས་པས་བསྐོར་བ། རིགས་ཀྱི་ཚོམ་བུ་ལྔའི་དཀྱིལ་འཁོར་གསལ་བ། ཁང་བུ་ལྔ་ན་རྟ་མགོ་རེ་རེ་ཡོད་པ། རྟ་མགོ་ལྗང་གུ་རྔོག་མ་ལེ་བརྒན་དཔྲལ་བ་དཀར་ཞུར་ཏེ། དཔྲལ་བ་དཀར་ཞུར་གྱི་ནང་ན་ཚེ་དང་བླའི་གའུ་རེ་གཏམས་པ། རྣ་བ་གཉིས་མིག་


DNG017_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་དང་བཞིན། ཚེའི་ལྷ་མོ་བཞི་གསུང་སྙན་པ། ཚེ་དང་དབང་ཐང་གི་སྒྲ་འབྱུང་བ། ཟླ་གམ་སྒོ་གཅིག་པའི་ནང་ན་བཞུགས་པ། ལྷ་མོ་བཞི་དང་བཅས་པ་གསལ་བའོ། །དབྱིངས་ཀྱི་ཚོམ་བུ་ལྔའི་དཀྱིལ་འཁོར་ན། །སངས་རྒྱས་བཞི་བཅུ་རྩ་གཉིས་བཞུགས་པའོ། །ཐུགས་ཀ་ན་ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་ལ། དཔལ་བེའུ་རིན་ཆེན་ཟུར་བརྒྱད་པའི་དཀྱིལ་འཁོར་ན། སྙིང་པོ་སྔགས་ཀྱིས་བསྐོར་བ་ཡུམ་དང་བཅས་པ་སྟེ། དེ་ནི་ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་རོ། །འགྲོ་བ་འདུལ་བའི་དཀྱིལ་འཁོར་ནི། །ཕྱག་ནི་གཡས་གཡོན་དབུས་ཀྱི་དཀྱིལ་འཁོར་དུ། །རོལ་པའི་ཁྲག་འཐུང་ལྔ་བཅུ་བརྒྱད། །དབུས་ནི་ཟླུམ་པོ་ཕོ་བྲང་ལ། །དེ་དབུས་ཟླ་གམ་སྒོ་གཅིག་པ། །ཟླུམ་པོའི་འཁོར་ལོ་ཐ་མ་རྩིབས་བརྒྱད་སྟེ། །ཕྱི་རོལ་གྲུ་ཆད་གྲུ་བཞི་སྒོ་དང་བཅས། །དེ་ལ་ཁྲག་འཐུང་ལྷ་ཚོགས་གསལ། །གསལ་ལེ་སིང་ངེ་གསལ་བའོ། །འགྲོ་བ་འདུལ་བའི་དཀྱིལ་འཁོར་རོ། །དེ་ནས་གཤོག་པ་གཡས་གཡོན་དབུས་སུ་ནི། །དབུས་ནི་ཟླུམ་པོར་བསྐོར་བ་ལ། །ཐ་མ་ཟླ་གམ་པདྨ་བརྒྱད། །གྲུ་ཆད་བཞི་པོ་སྒོ་དང་བཅས། །ཡུམ་བཞི་ཕྲ་མེན་བསྐོར་བའོ། །རྡོ་རྗེ་ཁམས་གསུམ་རྣམ་རྒྱལ་དཀྱིལ་འཁོར་རོ། །ལྟེ་བ་ངན་སོང་སྦྱོང་བའི་དཀྱིལ་འཁོར་རོ། །དབུས་སུ་ཟླུམ་པོས་བསྐོར་བ་ལ། །ཐ་མ་ཟླ་གམ་བཞི་ཡིས་བསྐོར། །དེ་ལ་རྟག་པའི་རྒྱལ་པོ་གཟི་བརྗིད་འབར། །འཁོར་བཞི་གཙོ་དང་བཅས་པ་དགོད། །ངན་སོང་སྦྱོང་བའི་དཀྱིལ་འཁོར་རོ། །དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་ཏེ། །དབུས་ཀྱི་ཟླུམ་པོས་བསྐོར་བ་ལས། །ཐིག་བཞི་བཏབ་པས་ལིང་ཚེ་དགུ། །ཕྱོགས་བཞི་དབུས་དང་ལྔ་ལ་ནི། །ཕོ་བྲང་རེ་རེས་བསྐོར་བའོ། །གྲུ་བཞི་སྒོ་དང་བཅས་པ་སྟེ། །དེ་ལ་ཡི་གེ་དགོད་པ་ནི། །པདྨ་ལ་མ་མོ་བརྒྱད་ཀྱིས་བསྐོར་བའོ། །དེ་ནི་དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་རོ། །ཧཱུཾ་མཛད་ཆེན་པོའི་དཀྱིལ་འཁོར་ནི། །ཞབས་ཀྱི་འོག་ཏུ་གསལ་བ་སྟེ། །ཐིག་བཞི་བཏབ་པས་ལིང་ཚེ་དགུ། །ནང་དུ་ཟླ་གམ་རེ་ཡིས་བསྐོར། །


DNG017_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

གྲུ་ཆད་གྲུ་བཞི་སྒོ་དང་བཅས། །དེ་ལ་ཁྲོ་བོ་བཅུ་མནན་པ། །ཁྲོ་ཚོགས་འབར་བའི་དཀྱིལ་འཁོར་ཏེ། །ས་ལེ་བར་ནི་གསལ་བའོ། །ཧཱུཾ་མཛད་ཆེན་པོའི་དཀྱིལ་འཁོར་རོ། །ཞབས་ཀྱི་འོག་ཏུ་གསལ་བ་སྟེ། །དབང་ཆེན་སྐུ་ལ་དལ་བརྒྱད་དོ། །གཅིག་ཏུ་བསྡུས་ནས་གཅིག་ཏུ་གསལ་བ་ནི། །རིགས་བསྡུས་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་རོ། །ཡུམ་གཟི་ལྡན་པདྨ་ཅན་གྱིས་ཐུགས་ཀ་ནས་འདུད་པ་དང་འཁྲིལ་བ་དང་སྦྱོར་བར་གནས་པ་ནི། གསང་བ་ཡབ་ལ་སྦྱོར་བའོ། །དེ་ལྟར་བརྟུལ་ཞུགས་ཆེན་པོ་བཞི་དང་། ཕྲ་མེན་མ་གོ་ལ་མ་ཁམ་རྒྱ་མོ་དྲུག་ཁྱི་སྤྱང་དང་ལོང་བ་དང་ཁྲོ་བོ་མགོ་བརྩེགས་ཀྱིས་བསྐོར་བའོ། །རིན་པོ་ཆེའི་ཁྲི་རྐང་གི་བར་ན་དབང་ཕྱུག་མ་གསེར་གྱི་སེང་གེ་ཉི་ཤུ་རྩ་བརྒྱད་གཞུག་བསྣོལ་དུ་འདེགས་སོ། །དེ་ལྟར་གསལ་བ་ལ། ཐུགས་ཀ་ན་རྟེན་ལ་ཧུ་ལུ་ཡིག་འབྲུ་བཅུ་གསུམ་གྱིས་བསྐོར་ནས་གནས་པའོ། །དེ་ལ་འདི་སྐད་བརྗོད་དོ། །ཧཱུཾ་སྐུ་བཞི་གཅིག་ཏུ་བསྡུས་པས་ཀུན་ཏུ་ཞལ། །ཕྱོགས་བཞི་རིགས་བཞི་འབར་བའི་སྐུར་བསྟན་པས། །སྤྱི་མཐོན་སྣ་ལྔར་སྣང་ཡང་ནམ་མཁའི་རྒྱན་དུ་སྟོན། །རིགས་ཀྱི་དབང་རྣམས་རྫོགས་པས་ཐམས་ཅད་མ་ལུས་སྒྲོལ། །ཧཱུཾ་མཛད་ཁྲོ་བོ་ཆེན་པོ་བརྒྱད་ཀྱི་སྙིང་། །ཆང་པར་བཅུག་ནས་ནང་དུ་བསྲེས་ཏེ་གསོལ། །བྱམས་དང་སྙིང་རྗེ་ལྡན་པའི་ཚུལ་མངའ་བ། །རྡོ་རྗེ་ལྕགས་ཀྱུ་སྦྲུལ་གྱི་ཞགས་པ་བསྣམས། །བེ་ཅོན་རྔེའུ་ཆུང་དང་ཤེལ་གྱི་རྔེའུ་ཆུང་འཛིན། །ཐོད་རློན་ཁྲག་དང་ནང་དུ་བསྲེས་ཏེ་གསོལ། །ཕྱོགས་བཞི་རྒྱུན་དུ་ཧཱུཾ་གི་སྒྲ་སྒྲོགས་པས། །རྡོ་རྗེ་བྱིན་ཆེན་འབར་བ་གསོར་ཞིང་བརྡེག །གདུ་བུ་དཔུང་རྒྱན་སྦྲུལ་ནག་མི་སྲུན་པ། །ཧཱུཾ་གི་སྒྲ་སྒྲོགས་བསྐལ་པའི་མེ་ལྕེ་འདྲ། །སྡིགས་མཛུབ་རྩེ་ལས་བསྐལ་པའི་མེ་འབར་བས། །མ་རིག་རྨོངས་པའི་མུན་ནག་འཐིབ་པོ་སེལ། །མི་ལྡོག་ས་ལ་འགྲོ་བ་འདྲེན་པའི་རྟགས། །ཐབས་ཀྱི་ཞགས་པ་རྡོ་རྗེ་ལུ་གུ་རྒྱུད། །རྡོ་རྗེ་རིན་ཆེན་ལས་བྱུང་གཤོག་པ་ནི། །ཉི་མ་སྟོང་གིས་བརྒྱན་པའི་ཐེའུ་གཤོག་ཅན། །ཞི་རྒྱས་དབང་དང་མངོན་སྤྱོད་ཕྲིན་ལས་ཀྱིས། །ཐམས་ཅད་བླ་མེད་བྱང་ཆུབ་གནས་སུ་སྒྲོལ། །དཔའ་བོ་ཏིང་


DNG017_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་རྣོན་པོ་སྟག་གི་ཆས། །རྣོ་གདུག་ཟློག་བྱེད་རྒྱ་བྱེ་ལྕགས་ཀྱི་ཆས། །ཤེས་རབ་ཏིང་འཛིན་རྡོ་རྗེ་འཆོལ་བའི་ཆས། །དབང་གི་བསེ་ཁྲབ་སྨུག་པོ་གཟི་འབར་ཆས། །དཔའ་བརྗིད་མཉེན་ལྕུག་སྦྲུལ་ནག་འཁྲིལ་བའི་ཆས། །དམར་གསལ་དབང་ཕྱུག་ཟ་བྱེད་ཏིང་འཛིན་མཆེ་བའི་ཆས། །མཐིང་ག་ལེ་བརྒན་ཤུ་ཀེན་དར་གྱི་རྒྱན། །གཅན་གཟན་རྒྱལ་པོ་གཏུམ་པ་གཟིག་གི་ཆས། །ཕྱོགས་བཞི་མཚམས་བཞི་བརྒྱད་དུ་ཡང་། །འདུལ་བའི་ཞབས་བརྒྱད་ཕྱོགས་མཚམས་བརྒྱད་དུ་བགྲད། །སྙིང་གར་མཁྲིག་མ་ནུབ་ཅིང་སྒལ་ཚིགས་ཁོང་དུ་འཇོམས། །སྡུག་བསྔལ་ཉམ་ཐག་འབོད་སྒྲོག་སྐད་ཆེན་འབྱིན། །ཨོཾ་ནཱ་ཤ་སྟྭཾ་བྷ་ནི། ཨག་ཤ་སུམ་བྷ་ནི། གར་ནི་ཤ་ཧཱུཾ་ཀཱ་ར་པྲ་བེ་ཤ་ཕཊ། ག་ནད་གན་ཏ་ཧཱུཾ། ཚིནྡྷ་ཙྪིནྡྷ་ཀྲོ་དྷ་ནི་ཀྲོ་དྷ་ནི་ཧཱུཾ། དེ་ལྟར་ཕྱག་རྒྱ་ཆེན་པོ་གསལ་བར་བསྐྱེད། །ཧཱུཾ་དབང་གི་རྟ་གདོང་ཕྲིན་ལས་མགྱོགས་པའི་མཐུ། །ཡེ་ཤེས་མྱུར་མགྱོགས་ཤེས་རབ་རྩལ་གྱི་ཕ་རོལ་ཕྱིན། །རྩལ་གྱི་རླབས་ཀྱིས་ས་གསུམ་ཅིག་ཅར་གནོན། །འཚེར་སྐད་གདངས་སུ་སྙན་པས་གསང་བའི་ཐུགས་དམ་བསྐུལ། །རྔམ་པའི་ཁ་རྩལ་ཚ་བས་འཁོར་ཚོགས་དབང་དུ་སྡུད། །སྟོབས་དྲུག་འགྲོས་སུ་མགྱོགས་པས་རྒྱུད་དྲུག་ཐབས་ཀྱིས་འདྲེན། །རོལ་པའི་རྟ་བྲོ་བརྡུངས་པས་བདུད་བཞི་ཐལ་བར་རློག །འཇིག་རྟེན་སྒྲོལ་ལ་མཁས་པས་མི་མཉམ་ཐབས་ཀྱིས་འདྲེན། །དེ་ནས་ཡུམ་ནི་བསྐྱེད་པར་བྱ། ཨེ་ཧྱེ་ཧི་ས་མ་ཡ་སྟྭཾ་ཨེ་ཧྱེ་ཧི་ས་མ་ཡ་ཧཱུཾ། མ་ཧཱ་ཤྲཱི་ཀ་མ་ལ་ས་མ་ཡ་ཧཱུཾ། མ་ཧཱ་བཛྲ་ཤྲཱི་བཛྲ་ཀ་མ་ལ་ཡ་ས་མ་ཡ་སྟྭཾ། ཨོཾ་ཨ་ཀ་ཏེ་པ་ཏེ་ཏེ་མ་ཧཱ་ཀ་ཏ་ཡེ་སྭཱ་ཧཱ། ཞེས་བརྗོད་པས་ཡུམ་གཟི་ལྡན་པདྨ་ཅན་གྱི་སྐུར་བསྐྱེད་དོ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། དབང་གི་ཕྲིན་ལས་ཀྱི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་སྐྱེད་པའི་ལེའུ་སྟེ་གོ་བརྒྱད་པའོ།། །།དེ་ནས་ཡང་ནི་གསུངས་པ་སྟེ། །རང་བཞིན་དཀྱིལ་འཁོར་སྤྱན་དྲང་ངོ་། །སྐྱེ་མེད་ཆོས་དབྱིངས་དག་པ་ནས། །ཟླ་གམ་དམར་པོ་དབང་གི་དཀྱིལ་འཁོར་


DNG017_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

འདིར། །དབང་ཆེན་ཡབ་ཡུམ་གཤེགས་སུ་གསོལ། །གཉིས་སུ་མེད་པའི་ཚུལ་གྱིས་བཞུགས། །ཆོས་དབྱིངས་དག་པའི་ཕོ་བྲང་ནས། །ཡེ་ཤེས་ཁྱད་པར་གཞལ་ཡས་སུ། །ཡེ་ཤེས་དགུ་བརྩེགས་དཀྱིལ་འཁོར་ཀུན། །གནས་འདིར་བརྩེ་ཕྱིར་གཤེགས་སུ་གསོལ། །ཡེ་ཤེས་ཆེན་པོའི་ཀློང་དཀྱིལ་ནས། །མ་ལུས་གཤེགས་ཤིང་བཞུགས་སུ་གསོལ། །ས་མ་ཡ་ཛ། ས་མ་ཡ་སྟྭཾ། པྲ་བེ་ཤ་ཕཊ། ཨཱ་བེ་ཤ་ཨ།འདོད་ཆགས་དག་པས་ཤེས་རབ་ཕ་རོལ་ཕྱིན། །མ་འགགས་རོལ་པའི་ཕྱག་རྒྱ་ཅིར་ཡང་སྣང་། །བདེ་གཤེགས་ཡབ་ཡུམ་སྐུ་ལ་ཕྱག་འཚལ་ལོ། །ཉོན་མོངས་རྟོག་པའི་དྲ་བ་ཀུན་བཅོམ་ནས། །ཡེ་ཤེས་དགུ་ཡི་དོན་དང་རབ་ལྡན་པ། །དབང་གི་རྒྱལ་པོའི་སྐུ་ལ་བཀོད་གནས་ཚུལ། །རིགས་ཆེན་ལྷ་དགུ་དག་ལ་ཕྱག་འཚལ་ལོ། །གདུག་པ་མ་ལུས་ཀུན་འདུལ་ཞིང་། །ཉོན་མོངས་ཐ་བ་འཇོམས་མཛད་པ། །མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོ། པྲ་ཏཱིཙྪ་ཧོ། ཤྲཱི་ན་མཿ། ཀུན་བཟང་མཆོད་པས་མཉེས་པར་བྱ། །ཡང་དག་དོན་གྱི་སྐུ་ཡང་བསིལ། །དྷཱུ་པེ་པུཥ྇་ཨཱ་ལོ་ཀེ། གནྡྷེ་ལ་སོགས་ལྷ་མོ་བཞི། །མཆོད་པ་དག་པའི་ཚུལ་དུ་འབུལ། །རྩ་བ་བརྒྱད་དང་ཡན་ལག་སྟོང་། །ར་སཱ་ཡ་ན་ལ་སོགས་རྫས། །ལྷ་རྣམས་ཀུན་ལ་དབུལ་བར་བྱ། །དྭངས་མ་མ་འདྲེས་ཁུ་བ་ཁྲག །ཤ་ཆེན་ལ་སོགས་མཆོད་པ་འདི། །དབང་གི་ལྷ་ལ་དབུལ་བར་བྱ། །ཕྱི་ནང་གསང་བའི་མཆོད་པ་འདི། །སོ་སོར་ཇི་ལྟར་འཚམས་པ་བཞིན་དུ་འབུལ། །ཨོཾ་ཨཱཿཧཱུཾ་སྐུ་གསུང་ཐུགས་ཀྱི་བདེ་བ་མཆོག་ཏུ་བསྐྱེད་པར་གྱུར་ཅིག །ས་མ་ཡ་ས་མ་ཡ་དགྱེས་པ་ཆེན་པོ་དམ་ཚིག་མཆོག་ལ་རོལ་ཅིག །མ་ཏྲང་ཁ་མ་ཏྲང་ཁ་གནོད་བྱེད་འབྱུང་། །པོ་ཚོགས་ནི་བསྟབ་པོ་བཞེས་སུ་གསོལ། ཀ་རུག་ཤ་ཀ་རུག་ཤ་བཞད་པའི་གད་རྒྱངས་འབྲུག་སྟོང་མང་པོ་ལྡིར་ཅིག །ཧ་ཧ་ཧེ་ཧ་ཧ་ཧེ་ཐུགས་དམ་བསྐང་བའི་སླད་དུ་ཕྲིན་ལས་གྲུབ་པར་མཛོད་ཅིག །ཨེ་ཧྱེ་ཧི་ཨེ་ཧྱེ་ཧི་སྡང་བའི་དགྲ་བོའི་སྙིང་ནས་དྲོངས་ཤིག་མ་སྲིང་ལས་ཀྱི་བདག །ཤམ་པ་རི་ཤམ་པ་རི་ཁཱ་ཧི་འཇིགས་བྱེད་ཁྲོ་བོའི་ཚོགས་མང་པོར་སྤྲུལ་པར་གྱུར་ཅིག །


DNG017_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་སྐྱོང་བའི་བདག །ཧ་རོ་ཡ་ཧ་རོ་ཡ་ཐབས་ཀྱི་མཆོག་ཏུ་དབུལ་ལོ་བཞེས་སུ་གསོལ་ལོ། །ས་མ་ཡ་ཧོ་ས་མ་ཡ་ཧོ་ཐུགས་དམ་ཡུམ་ལ་བསྐུལ་ལོ་ཐུགས་དམ་སྐོངས་ཤིག །ཅེས་བསྐུལ་ལོ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། རང་བཞིན་དཀྱིལ་འཁོར་སྤྱན་དྲངས་ཤིང་བཞུགས་པ་དང་ཕྱག་འཚལ་བ་དང་། མཆོད་པ་འབུལ་སྨོན་ལམ་བཏབ་པའི་ལེའུ་སྟེ་གོ་དགུ་པའོ།། །།དེ་ནས་ཡང་ཕྲིན་ལས་བཅོལ་ཞིང་སྙན་འབུལ་གསོལ་བར་བྱ་བ་སྟེ། དུས་མཐའ་མེ་ལྟར་འབར་བའི་ཀློང་རུམ་ནས། །ཟ་བྱེད་ཁྲག་འཐུང་ལེ་བརྒན་འབར་བའི་སྐུ། །དབང་གི་ཕྲིན་ལས་རྟ་མགོ་ལྗང་གུ་ལས། །འོད་ཀྱི་གཟི་མདངས་ནམ་མཁའི་མདངས་སུ་ཆེ། །སྤྱན་གྱི་གཟི་མདངས་ཕྲིན་ལས་རྣམ་པ་བཞི། །སྡང་མིག་ལོག་པའི་སྤྱན་དམར་ཟློག་པས་ནི། །ང་དང་བདག་ཏུ་ལྟ་བའི་ཁྲོ་བོ་ཀུན། །ཕྱོགས་མེད་ཟིལ་གྱིས་མནན་པ་སྙན་བསྙུན་གསོལ། །ཟུར་མིག་འཕྲེད་ཀྱིས་གཟིགས་ཐབས་བསྟན་པ་ནི། །གསང་བ་ཡུམ་གྱི་ཚོགས་རྣམས་མ་ལུས་ཀུན། །གདུང་བའི་ཚུལ་གྱིས་སྐུ་ལ་འཁྲིལ་བ་དང་། །ཟླ་གམ་འོད་ཀྱི་འཕྲོ་འདུ་འབུལ་བ་དང་། །བྷ་གའི་གནས་སུ་ལིངྒ་གདབ་པའི་ཕྱིར། །ཐོགས་མེད་ཟིལ་གྱིས་མནན་པར་སྙན་བསྙུན་གསོལ། །ངན་སོང་ཡོངས་སུ་སྦྱོང་བའི་གཟིགས་ཐབས་ཀྱིས། །ལོག་འདྲེན་གཏན་སྲིད་འཁྱམས་པའི་ཡི་དྭགས་དང་། །གཏི་མུག་ཡོངས་སུ་རྨོངས་པའི་བྱོལ་སོང་དང་། །སྡུག་བསྔལ་བཟོད་པར་དཀའ་བའི་དམྱལ་ཚོགས་གསུམ། །ཐར་པ་ཡང་དག་གནས་སུ་དྲང་བའི་ཕྱིར། །འཁོར་བའི་གཡུལ་ལས་བཟློག་པར་སྙན་བསྙུན་གསོལ། །དགྱེས་མདངས་ཞི་བའི་གཟིགས་ཐབས་བསྟན་པ་ནི། །སྲིད་གསུམ་རབ་འབྱམས་འཇིག་རྟེན་མ་ལུས་ཀུན། །མཉམ་ཉིད་དབྱིངས་སུ་ཟིལ་གྱིས་གནན་པའི་ཕྱིར། །ཞེ་སྡང་གཏུམ་ཁྲོ་ཞི་བར་སྙན་བསྙུན་གསོལ། །ཁྲོ་རྒྱལ་སྤྱན་གྱིས་བག་ཆགས་མ་ལུས་ཀུན། །ལོག་པར་ལྟ་བའི་ལིང་ཏོག་བསལ་བའི་ཕྱིར། །པདྨའི་སྤྱན་གྱིས་བྱིན་


DNG017_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

རླབས་བསྐྱེད་དུ་གསོལ། །ཁྲོ་རྒྱལ་སྙན་གྱི་རྡོ་རྗེ་འཁོར་བྱང་ལས། །གསན་པ་མ་འགགས་ཆོས་ཀྱི་སྒྲ་དབྱངས་ཀྱིས། །ཉོན་མོངས་རྣམ་དག་དབྱིངས་སུ་དབང་བསྒྱུར་ཞིང་། །དམིགས་པ་མ་ཆད་སྣ་ཚོགས་སྒྲ་ལ་སོགས། །སྒྲ་མཐའ་ཇི་བཞིན་བསྒོ་བར་སྙན་བསྙུན་གསོལ། །གཞན་གྱི་སྙན་དང་ཐུན་མོང་མ་ལགས་ཏེ། །ཐུགས་རྗེའི་སྙན་གྱིས་ཉམ་ཐག་སྒྲ་ལ་གསན། །ཡེ་ཤེས་སྙན་གྱིས་བསྐུལ་བའི་དབྱངས་ལགས་ན། །ཕྱི་ནང་གསང་བའི་སྙན་གསུམ་རྫོགས་པ་ཡིས། །ཇི་སྙེད་གདུལ་དཀའ་འདུལ་བར་སྙན་བསྙུན་གསོལ། །ཁྲོ་རྒྱལ་འབར་བ་ཤངས་ཀྱི་ཀློང་རུམ་ནས། །དུག་ལྔ་གསོད་པའི་མཚོན་ཆ་ཡེ་ཤེས་སྐུ། །ཁམས་གསུམ་སྒྲོལ་བའི་ཕྲིན་ལས་བཅོལ་བ་ནི། །འདོད་ཆགས་དབང་བསྒྱུར་དྲི་མ་མེད་པའི་སྐུ། །ཆགས་པའི་སྐྱོན་རྣམས་དག་པར་སྙན་བསྙུན་གསོལ། །ཞེ་སྡང་དབང་བསྒྱུར་སྐྱེ་ཤི་མེད་པའི་སྐུ། །སྡུག་བསྔལ་ཕུང་པོ་གཞོམ་པར་སྙན་བསྙུན་གསོལ། །གཏི་མུག་དབང་བསྒྱུར་ཡེ་ཤེས་འཁོར་ལོའི་སྐུ། །མ་རིག་རྨོངས་པ་གསལ་བར་སྙན་བསྙུན་གསོལ། །ང་རྒྱལ་དབང་བསྒྱུར་ཡིད་བཞིན་རིན་ཆེན་སྐུ། །དྲེགས་པའི་ང་རྒྱལ་གཞོམ་པར་སྙན་བསྙུན་གསོལ། །ཕྲིན་ལས་དབང་བསྒྱུར་ཐུགས་རྗེ་ལས་ཀྱི་སྐུ། །སྐྱེ་ཤི་རྩད་ནས་གཅོད་པར་སྙན་བསྙུན་གསོལ། །ཁྲོ་རྒྱལ་རྔམ་པའི་ཞལ་གྱི་ཀློང་རུམ་ནས། །ཧོམ་ལྔ་འདྲེལ་བའི་སྦྱིན་སྲེག་ཆེན་པོར་མཛོད། །ཟ་བྱེད་ཁྲོ་བོ་དཀྱིལ་འཁོར་མ་ལུས་ཀུན། །དུག་གསུམ་ཟ་བའི་མགྲོན་དུ་སྤྱན་འདྲེན་ན། །རྒྱུད་དྲུག་གཏོར་མར་བཞེས་པར་སྙན་བསྙུན་གསོལ། །པདྨ་ལེ་བརྒན་ཅིར་ཡང་བསྒྱུར་བའི་ལྗགས། །ཟླ་གམ་འཕྲོ་འདུ་ཅིར་ཡང་འགྱུར་བའི་གསུང་། །དྲི་མེད་རྒྱལ་པོ་གསུང་རབ་མང་པོ་དག །ཆུ་བོ་རྒྱུན་ལྟར་འབབ་པར་སྙན་བསྙུན་གསོལ། །ཐུགས་ཀྱི་ཁྲོ་བོ་མང་པོ་ཕྲ་མོ་བསྒོམས་པ་ཡིས། །ཕྲ་མོའི་ཏིང་འཛིན་ཡེ་ཤེས་ཧེ་རུ་ཀ །རྡུལ་གཅིག་སྟེང་ན་རྡུལ་སྙེད་སྐུ་སྤྲུལ་པས། །ཆོས་ཀྱི་དབྱིངས་ཀྱིས་བསྡུས་པའི་འཇིག་རྟེན་ན། །མ་རིག་རྨོངས་པས་མདོངས་པའི་སྐྱེ་འགྲོ་དང་། །རྣལ་འབྱོར་དམ་ལ་གནས་པའི་སྒྲུབ་པ་པོ། །ཐོག་མ་མེད་པའི་དུས་ནས་འཁོར་


DNG017_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

བར་འཁོར། །གཟུང་འཛིན་ཆགས་པའི་དབང་གིས་བསགས་པ་ཡིས། །རྒྱུད་དྲུག་བག་ཆགས་མ་ལུས་ཇི་སྙེད་ཀུན། །ཐམས་ཅད་གནས་སུ་དག་པར་སྙན་བསྙུན་གསོལ། །སྐུ་ཡི་ཁྲོ་རྒྱལ་རྔམ་བྱེད་བསྙེན་པའི་ལྷ། །ཐོད་རུས་མེ་ལྟར་འབར་བའི་ཁྲོ་བོ་ཧཱུཾ་སྒྲ་ཅན། །ཞག་ཆེན་ཐིག་ལེ་དམར་ཆེན་ཚོམ་བུས་བརྒྱན། །སྤྲུལ་པའི་རྒྱན་ཚོགས་སྐར་ལྟར་འཁྲུགས་པ་ཡིས། །དུག་ལྔ་སྐྱོན་གྱིས་མྱོས་པའི་སྐྱེ་བོ་རྣམས། །གདུག་པ་མ་ལུས་འདུལ་བར་སྙན་བསྙུན་གསོལ། །ཐུགས་དམ་དབང་གིས་ལོག་འདྲེན་བསྟབ་པའི་ཕྱིར། །དབུ་རྒྱན་ཚོགས་ལ་སྙན་བསྙུན་གསོལ་བ་ནི། །དབང་རྣམས་རྫོགས་པའི་ཕྲིན་ལས་འགྲུབ་པར་མཛོད། །རྟ་མགྲིན་སོགས་ལ་སྙན་བསྙུན་གསོལ་བ་ནི། །སྲིན་པོ་འདུལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཡེ་ཤེས་ཚོགས་ལ་སྙན་བསྙུན་གསོལ་བ་ནི། །མཁྱེན་རབ་རྫོགས་པའི་ཕྲིན་ལས་འགྲུབ་པར་མཛོད། །ཕྱག་མཚན་རྫོགས་པའི་སྙན་བསྙུན་གསོལ་བ་ནི། །འགྲོ་བ་འདུལ་བའི་ཕྲིན་ལས་འགྲུབ་པར་མཛོད། །གཤོག་པའི་ཚོགས་ལ་སྙན་བསྙུན་གསོལ་བ་ནི། །ཀླུ་ཆེན་འདུལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཐོད་སྦྲུལ་ཚོགས་ལ་སྙན་གསན་གསོལ་བ་ནི། །གདུག་བྱེད་བཟློག་པའི་ཕྲིན་ལས་འགྲུབ་པར་མཛོད། །ཁྲོ་རྒྱལ་ཚོགས་ལ་སྙན་བསྙུན་གསོལ་བ་ནི། །ཁྲོ་བོ་འདུལ་བའི་ཕྲིན་ལས་འགྲུབ་པར་མཛོད། །གཟི་ལྡན་ཚོགས་ལ་སྙན་བསྙུན་གསོལ་བ་ནི། །ཡབ་ཡུམ་སྦྱོར་བའི་ཕྲིན་ལས་འགྲུབ་པར་མཛོད། །དཔལ་ཆེན་ཚོགས་ལ་སྙན་བསྙུན་གསོལ་བ་ནི། །ལྷུན་གྱིས་གྲུབ་པའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། སྙན་བསྙུན་གསོལ་བ་དང་བསྟོད་པའི་ལེའུ་སྟེ་བརྒྱ་ཐམ་པའོ།། །།དེ་ནས་ཡང་དབང་གི་རྒྱལ་པོ་པདྨ་ཧེ་རུ་ཀ་ལ། བསྙེན་པ་དབུལ་བར་གསུངས་པ་སྟེ། མགྲིན་པ་ལོངས་སྤྱོད་རྫོགས་པའི་འཁོར་ལོར་གསུང་དག་པ་པདྨ་ལྕེའུ་བཅུ་དྲུག་གིས་མཚན་པ་དེའི་ལྟེ་བ་ལ་གསུང་གི་ཡི་གེ་ཨ་དམར་པོ། དེའི་མཐའ་མར་ཧུ་ལུ་འབྲུ་བཅུ་གསུམ་གྱིས་


DNG017_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར་བས་ཡི་གེའི་ཕྲེང་བར་གནས་པའོ། །སྤྱི་བོར་བདེ་བ་ཆེན་པོའི་འཁོར་ལོ་ལ་ལེའུ་ཚེ་སུམ་ཅུ་སོ་གཉིས། དེའི་དབུས་ན་ཐུགས་ཀྱི་ཡི་གེ་ཨོཾ་དཀར་པོ། ཟ་མ་ཧུ་ལུ་ཡིག་འབྲུ་བཅུ་གསུམ་གྱིས་བསྐོར་བའོ། །དར་དཀར་གྱི་ཡོལ་དུ་དྲེས་པ་དབུལ་གྱི་གཟེར་ཆེན་ལུ་གུ་རྒྱུད་དུ་ཡོད་པའོ། །རིན་ཆེན་སྐྱོགས་ནི་གཙང་མ་ལ། །ཟིལ་པ་བཞིན་དུ་ཡི་གེ་གནས། །སྙིང་ག་ཆོས་ཀྱི་འཁོར་ལོ་འདབ་མ་བརྒྱད་དཔལ་བེའུ་ཆང་ཟུང་དང་བཅས་པའོ། །ཡི་གེ་ཧཱུཾ་དམར་ལ་བཀྲ་བར་གནས། ཟ་མ་ཧུ་ལུ་ཡིག་འབྲུའི་བསྐོར། །ལྟེ་བ་སྤྲུལ་པའི་འཁོར་ལོ་ལ། །འདབ་མ་དྲུག་ཅུ་རྩ་བཞི་སྟེ། །དེའི་དབུས་སུ་སྭཱ་སེར་གནས་པ་ལ། །ཡིག་འབྲུ་བཅུ་གསུམ་སྔར་དང་འདྲ། །མེ་རླུང་ལས་ཀྱི་འཁོར་ལོ་ལ། །གཞུ་ཡི་དབྱིབས་འདྲ་བ་དན་མཚན། །དབུས་སུ་ཡི་གེ་ཧཱ་ལྗང་ངོ་། །སྔགས་ཀྱི་འབྲུ་རྣམས་གོང་དང་འདྲ། །དེ་ལྟར་གནས་པ་གསལ་བ་ལ། །ཨོཾ་ཧུ་ལུ་ཧུ་ལུ་ཕཊ། ཨེ་ཨཱ་ར་ལི་ཧཱུཾ་ཧྲཱྀཿཛཿ། ཞེས་བརྗོད་པས། དུས་གསུམ་གྱི་སངས་རྒྱས་ཀྱི་ཐུགས་དམ་བསྐུལ་བའོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ཧུ་ལུའི་དོན་བསྟན་པའི་ལེའུ་སྟེ་བརྒྱ་དང་གཅིག་པའོ།། །།དེ་ནས་སྟོན་པ་དབང་གི་རྒྱལ་པོ་ལ། སྤོབས་པ་དང་ལྡན་པའི་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་དབང་ཆེན་དབང་གི་བདག །དབང་གི་བདག་ལ་བདག་ཉན་འཚལ། །འགྲོ་བ་ཕྱི་རབས་དོན་གྱི་ཕྱིར། །དབང་གི་དོན་རྣམས་བཤད་དུ་གསོལ། །ཞེས་གསོལ་པས། དབང་གི་རྒྱལ་པོས་བཀའ་སྩལ་པ། །སངས་རྒྱས་ཐུགས་ནི་སྲས་ཆེན་པོ། །ཁྱོད་ལ་སོགས་པར་དབང་རྣམས་བསྐུར། །ལྷ་དབང་རིམ་པས་བསྐུར་བར་བྱ། །དབང་ཆེན་འདུས་པས་དབང་བསྐུར་བས། །སེམས་བསྐྱེད་བསྲེ་དང་བརྡ་ཡིས་བསྟན། །ལེགས་པ་ཉེས་པའི་དགོངས་པ་བརྗོད། །སྣོད་མིན་པ་ལ་བསྟན་པ་མིན། །གསང་སྔགས་ཉེས་དམིགས་འདི་ལྟ་བས། །ད་རུང་ལེགས་པར་གསོལ་བ་གདབ། །དད་ལྡན་ཤིན་ཏུ་ངང་ཚུལ་བཟང་། །ལས་དང་སྲོག་ལ་མི་ཕངས་པར། །དཀའ་ཐུབ་དཀའ་བ་སྤྱོད་པ་ནི། །སློབ་དཔོན་དམ་པ་དེ་ལ་ནི། །


DNG017_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ་བེའུ་བཞིན་དུ་འདྲེང་། །དེ་ལྟ་བུ་ཡི་སློབ་མ་ལ། །དབང་སྟེགས་རིམ་པར་བཅས་ནས་སུ། །སེམས་བསྐྱེད་པ་དང་རྗེས་འཇུག་བྱ། །ཁྲུས་དང་གཙང་སྦྲས་ལུས་བརྒྱན་ལ། །སོ་ཤིང་དང་ནི་གེགས་བསལ་ལོ། །བར་དུ་ལྷ་ཚོན་སྟ་གོན་བྱ། །དབང་གི་དཀྱིལ་འཁོར་བྲི་བ་ནི། །འཁོར་ལོ་རྩིབས་ནི་བརྒྱད་པ་ལ། །དབུས་སུ་ཟླ་གམ་སྒོ་དང་བཅས། །རྩིབས་བརྒྱད་ནང་དུ་ཟླ་གམ་རེ། །གྲུ་བཞི་སྒོ་དང་བཅས་པའོ། །དེ་ལ་དབང་གི་ལྷ་བཀོད་ལ། །རྫས་དང་རྒྱན་རྣམས་ཚང་བར་བསག །དབང་གི་བུམ་པ་དམར་པོ་རུ། །དེ་རུ་གསལ་བར་བསྐྱེད་པའོ། །ལེ་བརྒན་དར་གྱི་གདུགས་སུ་མཚན། །རས་དཀར་མ་ཉམས་ཡོལ་དང་ཆིངས། །བཀྲ་ཤིས་པ་ཡི་རྫས་སུ་བསག །ཞལ་ཟས་མང་པོ་དེ་བཞིན་ནོ། །དང་པོ་བསྙེན་པ་བྱ་བ་དང་། །བར་བར་གྱུར་ནས་མཆོད་པ་དང་། །ནུབ་ནི་ཐ་མར་དབང་བསྐུར་རོ། །མཛེས་པའི་ལུས་རྒྱན་དྲིས་བྱུག་པའི། །སློབ་མ་གདན་བཏིང་ནུབ་ནས་ཤར། །སྔོན་གྱི་མིག་མཁན་རྒྱལ་པོ་ཡིས། །ཤེལ་གྱི་གཙག་བུ་ཐོགས་ནས་ནི། །མ་རིག་ལིང་ཏོག་བསལ་བ་ལྟར། །དེ་རིང་བུ་ཡི་རབ་རིབ་བསལ། །མཎྜལ་པྲ་བེ་ཤ་ཕཊ། འདི་ཡིས་ལྷ་རྣམས་མཐོང་བར་འགྱུར། །ཕྱག་འཚལ་གུས་པས་ལུས་བཏུད་ལ། །ཧཱུཾ་དེ་རིང་ཕན་ཆད་བུ་ཁྱོད་ཀྱང་། །རྒྱལ་བ་ཀུན་གྱི་སྲས་ཡིན་པས། །དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ལྷ་དང་སློབ་དཔོན་འདི་དག་ལ། །སྨད་པ་དག་ཏུ་མ་བྱེད་ཅིག །དེ་ནས་དམ་ཆུ་དེ་བླུད་ལ། །ཁྱེད་ཀྱིས་ལེགས་པར་གསང་བར་བྱོས། །གལ་ཏེ་དེ་ལས་ཉམས་གྱུར་ན། །དམ་ཆུ་དེ་ཡིས་སྐྱོན་བྱས་ནས། །མནར་མེད་པ་ཡི་དམྱལ་བར་འགྲོ། །ཁྱོད་ཀྱིས་ལེགས་པར་བསྲུངས་བྱས་ན། །སངས་རྒྱས་ཀུན་གྱི་སྲས་སུ་འགྱུར། །ཞེས་དམ་བསྒྲག་པའོ། །དེ་ནས་ལྷ་རྣམས་རིམ་པར་དབང་བསྐུར་བ་སྟེ། ཨེ་མ་གསང་མཆོག་གསང་བའི་བདག །རིག་པ་བདེ་ཆེན་རྒྱལ་བའི་ཡབ། །སངས་རྒྱས་ཀུན་འདུས་རྒྱལ་པོ་ཡི། །སྐུ་གསུང་ཐུགས་ཀྱི་དབང་བསྐུར་བས། །རིགས་ཀྱི་དབང་མཆོག་ཐོབ་པར་ཤོག །ཀྲོ་


DNG017_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

དྷ་དྷི་བ་ཨ་ཨ། ཐུགས་ཀར་སྦས་པ་གསང་བའི་ཡུམ། །རྒྱལ་བས་བསྔགས་པའི་གཟི་ལྡན་པདྨ་ཅན། །གསང་མཛོད་ཡུམ་གྱི་དབང་བསྐུར་བས། །ཤེས་རབ་ཕ་རོལ་ཕྱིན་པའི་དབང་ཐོབ་ཤོག །པདྨ་རཱ་ག་ཀྲོ་དྷཱི་ཨ་ཨ། ཧཱུཾ་དུག་ལྔ་གནས་སུ་དག་པ་ཡི། །རིགས་མཆོག་སངས་རྒྱས་ཆེན་པོ་ལྔས། །སྐལ་ལྡན་ཁྱོད་ལ་དབང་བསྐུར་བས། །ཡེ་ཤེས་ལྔ་ཡི་དབང་ཐོབ་ཤོག །ཧཱུཾ་བཛྲ་དྷྲྀཀ །ཨོཾ་ཛི་ན་ཛིཀ །སྭཱ་རཏྣ་དྷྲྀཀ །ཨོཾ་ཨཱ་རོ་ལིཀ །ཧཱ་པྲཛྙཱ་དྷྲྀཀ །ཨོཾ་ཧཱུཾ། ཧཱུཾ་བདེ་ཆེན་གསང་བ་ཡུམ་གྱི་མཆོག །སངས་རྒྱས་ཐུགས་དམ་དགྱེས་སྐོང་མ། །གསང་བ་ཡུམ་གྱི་དབང་བསྐུར་བས། །ཤེས་རབ་ཡེ་ཤེས་དབང་ཐོབ་ཤོག །མཱུཾ་དྷཱ་ཏྭཱི་ཤྭ་རི། ལཾ་དྭེ་ཥ་ར་ཏི། མཾ་མོ་ཧ་ར་ཏི། བྞུ ་རཱ་ག་ར་ཏི། ཏཱཾ་བཛྲ་ར་ཏི་ཨ། རྟོག་པའི་ཚོགས་དག་བདེ་ལྡན་བྱང་ཆུབ་སེམས། །དོན་ལ་སེམས་དཔའ་བརྒྱད་ཀྱི་དབང་བསྐུར་བས། །རིགས་རྣམས་ཀུན་གྱི་དབང་བསྐུར་སྦྱིན། །ཙིཏྟ་པྲ་ཏི་ཨ་ཨ། ཧཱུཾ་ཡུལ་ལས་དག་པ་བྱང་ཆུབ་སེམས་མ་བརྒྱད། །མཛེས་པའི་སྐུ་མཆོག་མཚན་དང་དཔེ་བྱད་ལྡན། །བྱང་ཆུབ་སེམས་མ་བརྒྱད་ཀྱི་དབང་བསྐུར་བས། །མཛེས་མ་བརྒྱད་ཀྱི་དབང་མཆོག་ཐོབ་པར་ཤོག །ཙིཏྟ་མ་ལ་ཡ་ཨ་ཨ། ཆོས་སྐུ་ནམ་མཁའ་ལྟ་བུའི་ངང་ལས་མ་གཡོས་ཀྱང་། །འགྲོ་བའི་དོན་མཛད་ཀུན་བཟང་ཡབ་ཡུམ་སྐུ། །སངས་རྒྱས་འདི་ཡི་དབང་བསྐུར་བས། །བདེ་ཆེན་གསང་བའི་དབང་ཐོབ་ཤོག །དྷརྨ་ཛྙཱ་ན་ཀཱ་ཡ་ཧཱུཾ་ཨ། ཉོན་མོངས་གནས་སུ་དག་པ་ལས། །སྤྲུལ་པའི་བཅོམ་ལྡན་ཐུབ་པ་དྲུག །དེ་རིང་ཁྱོད་ལ་དབང་བསྐུར་བས། །སོ་སོར་འདུལ་མཛད་དབང་ཐོབ་ཤོག །མུ་ནི་ཀྲིཾ་སྭཱ་ཧཱ། མུ་ནི་ཏྲུཾ་སྭཱ་ཧཱ། མུ་ནི་སྲུཾ་སྭཱ་ཧཱ། མུ་ནཾ་པྲཾ་སྭཱ་ཧཱ། མུ་ནི་ཀྵཾ་སྭཱ་ཧཱ། མུ་ནི་ཡེ་སྭཱ་ཧཱ། ཧཱུཾ་ཨ་ཨཱ། ལོག་རྟོག་མཚན་མའི་དངོས་པོ་རྣམ་དག་ནས། །འགྲོ་བའི་དོན་དུ་རིག་པའི་སྒོ་མ་བཞི། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །ཞི་རྒྱས་དབང་དྲག་དབང་རྣམས་ཐོབ་པར་ཤོག །ཛཿཧཱུཾ་བཾ་ཧོཿ། ཧཱུཾ་ཨ། ཧཱུཾ་ཆོས་ཀྱི་དབྱིངས་ལས་རྒྱལ་བའི་སྐུར་


DNG017_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

བཞེངས་ནས། །ཡེ་ཤེས་ལྔ་ལས་རྟ་མགོ་ལྔར་བསྟན་ཏེ། །སངས་རྒྱས་ཀུན་གྱིས་བཀུར་བའི་རྒྱལ་པོ་མཆོག །ལོག་རྟོག་བདུད་རྣམས་འདུལ་བའང་བདེ་ཐོབ་ཤོག །ཧ་ལ་གྷྲཱི་ཝ་ཀྲོ་དྷ་ཨོཾ་ཧཱུཾ་ཨ། ཧཱུཾ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སངས་རྒྱས་ཀུན་གྱི་སྲས་ཆེན་པོ། །ཡེ་ཤེས་སེམས་དཔས་དབང་བསྐུར་བས། །གཉིས་མེད་དེ་ཡི་དབང་ཐོབ་ཤོག །ཛྙཱ་ན་ཙིཏྟ་མཎྜལ་ཧཱུཾ་ཨ། ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང་། །གདུག་པ་འདུལ་ཕྱིར་དུས་ལ་མི་འདའ་བས། །བཅོམ་ལྡན་ཧེ་རུ་ལྔ་ཡི་དབང་བསྐུར་བས། །ལོག་པའི་གདུག་རྩུབ་འཇོམས་པའི་དབང་ཐོབ་ཤོག །ཀྲོ་དྷ་མ་ཧཱ་མཎྜལ་ཧཱུཾ་ཨ། ཁྲོ་མཆོག་ཐུགས་དམ་དགྱེས་སྐོང་མ། །ཀྲོ་ཏཱི་ཤྭ་རཱི་དགྱེས་པའི་ཡུམ། །གསང་བ་ཡུམ་གྱི་དབང་བསྐུར་བས། །ཤེས་རབ་ཡུམ་གྱི་དབང་ཐོབ་ཤོག །ཛྙཱ་ན་ཀོ་ཏཱི་མཎྜལ་ཧཱུཾ་ཨ། ཚོགས་བརྒྱད་གནས་གྱུར་གཽ་རཱི་ཁྲོ་མོ་བརྒྱད། །རིག་པ་རྟགས་ཀྱི་ཕྱག་མཚན་སོ་སོར་འཛིན། །ཁྲོ་མོ་རོལ་པའི་དབང་བསྐུར་བས། །གཉིས་མེད་དོན་གྱི་དབང་ཐོབ་ཤོག །ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧཱུཾ་ཨ། ཡུལ་བརྒྱད་གནས་སུ་དག་པས་ཕྲ་མེན་ཚུལ་དུ་འཛིན། །འགུགས་འདྲེན་ལས་ཀྱིས་དཔལ་གྱི་ཐུགས་དམ་སྐོང་། །ཕྲ་མེན་ཐོགས་མེད་དབང་རྣམས་ཐོབ་པར་ཤོག །ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧཱུཾ་ཨ། རྟག་ཆད་གནས་སུ་དག་པའི་རྟ་གདོང་སྒོ་མ་བཞི། །སོ་སོར་འདུལ་སྐལ་རྣམ་བཞི་རྫོགས་མཛད་པའི། །སྒོ་མ་བཞི་ཡི་དབང་བསྐུར་བས། །ཡེ་ཤེས་བཞི་ཡི་དབང་ཐོབ་ཤོག །བ་མ་ཏ་ཡི་ཧཱུཾ་ཨ། ཁམས་གསུམ་རྒྱལ་པོའི་དཀྱིལ་འཁོར་མ་རུངས་འདུལ། །གཡས་པ་རྡོ་རྗེའི་གཤོག་པ་བརྒྱད་དུ་གདེངས། །གཡོན་པ་རིན་ཆེན་གཤོག་པ་བརྒྱད་དུ་གདེངས། །སྟེང་དང་འོག་དང་བར་བར་ན། །རྡོ་རྗེ་ཐེའུ་གཤོག་རེ་རེས་བརྒྱན། །སྟེང་མ་གཉིས་ནི་རྡོ་རྗེའི་རྒྱུ་ལས་བྱུང་། །གཤོག་པའི་དང་རུ་རྩེ་མཆན་ལ། །དབང་གི་སྤྲུལ་པ་ཆེན་པོ་སྟེ། །བྱ་ཁྱུང་འབར་བའི་སྐུར་བསྟན་པས། །དེ་རིང་ཁྱོད་ལ་དབང་བསྐུར་བས། །ཀླུ་གཉན་འདུལ་བའི་དབང་ཐོབ་ཤོག །ཙིཏྟ་བཛྲ་ག་རུ་ཌ་ཨ།


DNG017_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

འབར་བའི་གཤོག་པ་བཞི་པོ་ལ། །དྲ་བ་མོ་དང་གློག་འགྱུ་མ། །བར་བར་སྐབས་ན་ཉི་མ་སྟོང་གིས་བརྒྱན། །ཁམས་གསུམ་རྒྱལ་དང་མི་གཡོ་མགོན། །ཁྲོ་མཆོག་འབར་བའི་སྐུར་བསྟན་ནས། །ཚོམ་བུ་འབར་བའི་དཀྱིལ་འཁོར་གསལ། །རྫུ་འཕྲུལ་ཀླུ་རྣམས་དབང་དུ་སྡུད། །རྡོ་རྗེ་གཤོག་པའི་དབང་བསྐུར་བས། །ཐམས་ཅད་ཟིལ་གྱིས་གནོན་པའི་དབང་ཐོབ་ཤོག །ཀྲོ་ཏ་བ་བ་ཧི་ཨ། འོག་མ་གཉིས་ནི་རིན་པོ་ཆེ་ཡི་རྒྱུ་ལས་བྱུང་། །བར་བར་སྐབས་སུ་ཟླ་བ་སྟོང་གིས་བརྒྱན། །ཚོམ་བུ་གསང་བའི་ལྷ་མོའི་ཚོགས། །དབང་མཆོག་དེ་ཡི་དབང་བསྐུར་བས། །བཀྲ་ཤིས་ཕུན་སུམ་ཚོགས་པའི་དབང་ཐོབ་ཤོག །ཁམས་གསུམ་རྒྱལ་པོའི་དཀྱིལ་འཁོར་ལྷ་ཚོགས་མང་པོ་ཀུན། །སྐལ་དང་ལྡན་ལ་དབང་བསྐུར་བས། །ཀུན་ལས་རྒྱལ་བའི་དབང་ཐོབ་ཤོག །ཀྲོ་དྷ་ཧཱུཾ་ཨ། ཧཱུཾ་ངན་སོང་གནས་རྣམས་ཡོངས་སུ་སྦྱོང་མཛད་པ། །གཟི་བརྗིད་རྒྱལ་པོ་ཁྲོ་མཆོག་མང་པོའི་ཚོགས། །བདེར་གཤེགས་གཙོ་མཆོག་དབང་བསྐུར་བས། །དུག་གསུམ་ནད་རྣམས་འཇོམས་པའི་དབང་ཐོབ་ཤོག །ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། ཧཱུཾ་རིག་པ་ཚོམ་བུའི་དཀྱིལ་འཁོར་ནས། །མི་དགེ་བཅུ་རྣམས་གནས་སུ་ཚར་བཅད་ནས། །ཕ་རོལ་ཕྱིན་པའི་དབང་མཆོག་འདི་བསྐུར་བས། །བགྲོད་མེད་ས་ལ་ཕྱིན་པའི་དབང་ཐོབ་ཤོག །ཀྲོ་དྷ་སིདྡྷི་ཨ། ཧཱུཾ་དཔལ་གྱི་སྐུ་མཆོག་གཉིས་མེད་རོལ་པའི་སྟབས། །དུར་ཁྲོད་ཆས་བརྒྱད་གསང་བའི་ངང་དུ་རོལ། །དུར་ཁྲོད་ཆེན་པོའི་དབང་མཆོག་འདི་བསྐུར་བས། །ཏན་གཎ་རོལ་པའི་རྟགས་ཆེན་དབང་ཐོབ་ཤོག །ཧཱུཾ་ཀྲོ་ཏ་ཧུ་ལུ་ཧཱུཾ་ཕཊ། ཧཱུཾ་བདེ་གཤེགས་སྐུ་ལ་དཀྱིལ་འཁོར་དགུ་གསལ་བས། །ཡེ་ཤེས་རིགས་འདུས་གསང་བའི་དབང་དང་ལྡན། །དབང་ཆེན་དབང་མཆོག་དེ་ཡི་དབང་བསྐུར་བས། །སངས་རྒྱས་ཀུན་གྱི་དབང་བསྐུར་ཐོབ་པར་ཤོག །ཛྙཱ་ན་དྷརྨ་མཎྜལ་ཧཱུཾ་ཨ། ཧཱུཾ་འདོད་པས་ཆགས་པས་ཉོན་མོངས་དུག་གསུམ་རྒྱུ། །དེ་དག་འདུལ་ཕྱིར་དཀའ་ཐུབ་རྟ་ཡི་དབུ། །ཆགས་པའི་ནད་སྤངས་སངས་རྒྱས་རིགས་ཀྱི་དབང་། །ཁྱོད་


DNG017_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བསྐུར་བས་ཐམས་ཅད་འཇོམས་པའི་དབང་ཐོབ་ཤོག །གནྡ་དྷྲྀཀ་ཨ་ཨ། ཉོན་མོངས་གཏི་མུག་གནས་སུ་དག་བྱའི་ཕྱིར། །བརྟུལ་ཞུགས་གདུག་པ་ཕག་གི་དབུ། །བདེ་གཤེགས་ཞིང་ཁམས་བསྐྱང་བ་དང་། །སྲ་སྙི་མེད་པར་འཇོམས་པའི་དབང་ཐོབ་ཤོག །བ་ར་ཧི་བ་ར་ཨ། ཉོན་མོངས་ང་རྒྱལ་ཞེ་སྡང་གནས་སུ་དག་བྱའི་ཕྱིར། །བརྟུལ་ཞུགས་ཁྱི་ཡི་མགོ་ཅན་སྤྲུལ་པའི་མཆོག །རིན་ཆེན་རིགས་ཀྱི་ཞིང་ཁམས་བསྐྱང་བ་དང་། །རྒྱས་པའི་ལས་ཀྱིས་བདུད་དཔུང་འཇོམས་པའི་དབང་ཐོབ་ཤོག །ཀུ་ཀུ་རཀྴ་ཛྙཱ་ན་གརྦྷ་ཧཱུཾ་ཨ། ཉོན་མོངས་ཕྲག་དོག་གནས་སུ་དག་བྱའི་ཕྱིར། །བརྟུལ་ཞུགས་བྱ་ཡི་མགོ་ཅན་སྤྲུལ་པའི་མཆོག །ལས་ཀྱི་རིགས་ཀྱི་ཞིང་ཁམས་བསྐྱང་བ་དང་། །བརྟུལ་ཞུགས་དྲག་པོས་ལོག་འདྲེན་འཇོམས་པའི་དབང་ཐོབ་ཤོག །ཏྲག་རཀྴ་ཛྙཱ་ན་ཀརྨ་ཧཱུཾ་ཨ། མི་མཐུན་གཉེན་པོས་གཞོམ་པའི་ཕྱིར། །བརྟུལ་ཞུགས་བཞི་ཡི་དབང་བསྐུར་བས། །ས་ལེ་དེ་ནི་རྒོད་པ་དང་། །བརྟུལ་ཞུགས་དབང་ནི་ཐོབ་པར་ཤོག །ཚོགས་བརྒྱད་གནས་སུ་དག་ནས་མཐུན་པའི་སྐུ་རུ་སྦྱོར། །ཕྲ་མེན་རོ་ཤ་སྟོབས་ཀྱི་ཕ་རོལ་ཕྱིན། །གདུག་པ་འདུལ་ཕྱིར་སྤྱང་མོའི་ཚོགས་དང་རོལ། །འགུགས་འདྲེན་ཕྲ་མེན་དབང་མཆོག་ཐོབ་པར་ཤོག །ཛ་ཛ་མ་ཧཱུཾ། ཉོན་མོངས་དུག་གསུམ་ནད་ཀྱིས་གདུངས་པ་ཡི། །བདུད་དང་སྲིན་པོ་འདུལ་བ་དང་། །ལས་ཀྱི་མཐའ་རྣམས་གྲུབ་པར་བྱ་བའི་ཕྱིར། །མཁའ་འགྲོ་དམུས་ལོང་ཚོགས་ཀྱི་དབང་བསྐུར་བས། །རྒྱབ་འདྲེལ་སུམ་ཅུ་རྩ་གཉིས་དབང་ཐོབ་ཤོག །ལི་ཙ་ལི་ཛ་ཧཱུཾ་ཨ། མི་འཇིགས་སྐུ་ནི་སྟོབས་དང་ལྡན། །གསུང་དང་ཐུགས་ནི་ཕྲིན་ལས་མཛད། །གསེར་གྱི་སེང་གེ་ཉི་ཤུ་རྩ་བརྒྱད་དབང་བསྐུར་བས། །བདུད་དཔུང་འཇོམས་པའི་དབང་ཐོབ་ཤོག །སིང་ཧ་ཛམ་བྷ་ལ་ཀར་མ་ནེ་ཧཱུཾ་ཧཱུཾ། ཧཱུཾ་ཡེ་ཤེས་དགུ་ཡི་དོན་ལྡན་ཞིང་། །ཐེག་པ་དགུ་ཡི་བྱེ་བྲག་ཚུལ། །མགོ་དགུ་བརྩེགས་པའི་རྐང་གཅིག་པོ། །དབང་མཆོག་དེ་ཡི་དབང་ཐོབ་ཤོག །ཛྙཱ་ན་ས་མ་ཡ་ཨ། ཧཱུཾ་


DNG017_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་པ་གསང་བའི་ཡུམ། །བཀྲ་ཤིས་དམ་པའི་མཛོད་འཛིན་མ། །གསང་བའི་ཡུམ་བཞིའི་དབང་བསྐུར་བས། །པདྨ་རིགས་ཀྱི་དབང་དང་དངོས་གྲུབ་ཐོབ་པར་ཤོག །མ་མ་ཨ་ཤ་ནི་ཧཱུཾ་སིདྡྷི་སིདྡྷི་ཨ། ཧཱུཾ་དབང་ཆེན་ཐུགས་ཀྱི་དཀྱིལ་ནས་ནི། །ཐུགས་ལས་བཀྱེ་བའི་ཕོ་ཉ་མོ། །འཐོན་ནི་སྤྱན་གྱི་མཐོངས་ནས་འཐོན། །ཕྲིན་ལས་བརྟུལ་ཞུགས་ཐོགས་པ་མེད། །རྩ་ཁྲོ་མ་མོ་བཅུ་གསུམ་ཡིན། །ཁྲོས་ན་རཱུ་ཏྲ་ནག་པོ་སྒྲོལ། །སྒྲུབ་པ་པོ་ལ་དབང་དང་དངོས་གྲུབ་འབེབས། །བདུད་ཀྱི་དཔུང་རྣམས་འཇོམས་པའི་མཐུ་མོ་ཆེ། །མ་མོ་རྩ་ཁྲོ་དེ་ཡི་དབང་བསྐུར་བས། །སྟོང་ཕྲག་བརྒྱད་ཅུ་འདུལ་བའི་དབང་ཐོབ་ཤོག །མ་མ་ཁྲི་མུ་ཀརྨ་ཧཱུཾ་ཨ། ཧཱུཾ་དྲག་པོའི་ལས་རྣམས་བྱེད་པའི་མཆོག །གདན་གྱི་མ་མོ་ཆེན་མོ་སྟེ། །དབང་གི་ཞབས་ཀྱི་བར་ནས་བཏོན། །ཁྲག་གི་མ་མོ་བཅོ་བརྒྱད་བྱུང་། །ལས་རྣམས་ཐོགས་མེད་བྱེད་པའི་མཆོག །དབང་མཆོག་དེ་ཡི་དབང་བསྐུར་བས། །འཇོམས་བྱེད་མ་མོའི་དབང་ཐོབ་ཤོག །མ་མ་ནྲི་མ་ཧེ་ཧཱུཾ་ཛ། ཧཱུཾ་དབུ་ཡི་རལ་པའི་བར་རྩེ་ནས། །འཇོམས་པའི་མ་མོ་ཙ་ཏི་སྟེ། །གདུག་པ་མ་ལུས་ཀུན་འདུལ་བ། །སྤྲུལ་པའི་མ་མོའི་དབང་ཐོབ་ཤོག །ན་མོ་སཾ་ཧཱུཾ་ཨ། ཡེ་ཤེས་དབྱིངས་ལས་གྲུབ་པ་མོ། །རིགས་མཆོག་གསང་བ་འཛིན་པ་སྟེ། །མ་མོ་དེ་ཡི་དབང་བསྐུར་བས། །ཕྲིན་ལས་འགྲོ་དོན་བྱེད་པར་ཤོག །མ་ཏི་ཀ་ལཾ་ཛ། ལས་ཀྱི་སྒོ་མ་ཆེན་མོ་ནི། །དབྱིངས་ནས་གྲུབ་པར་བྱེད་པ་མོ། །དབང་མཆོག་དེ་ཡི་དབང་བསྐུར་བས། །ཕྲིན་ལས་རྒྱ་མཚོ་བྱེད་པར་ཤོག །ཀར་ཤ་ཧཱུཾ་ཨ། སྐུ་ལས་སྤྲུལ་པའི་མཁའ་འགྲོ་མ། །འབུམ་ཕྲག་གཡས་ཀྱི་མཁའ་འགྲོ་མ། །འབུམ་ཕྲག་གཡོན་གྱི་མཁའ་འགྲོ་མ། །མཁའ་འགྲོ་མི་བཟད་དབང་བསྐུར་བས། །རིག་པ་མཐུ་ཡི་དབང་ཐོབ་ཤོག །ཨཱ་ར་ལི་བྷིད་ཏ་བ་ཧཱུཾ་ཨ། ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ལྷ་དབང་བསྐུར་བའི་ལེའུ་སྟེ་བརྒྱ་དང་གཉིས་པའོ།། །།དེ་ནས་མངོན་པར་ཤེས་པ་བཞིའི་དབང་


DNG017_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སོ། །མངོན་ཤེས་དག་དང་ལྡན་པ་ཡི། །མིག་ནི་རྣམ་པར་དག་པ་སྟེ། །ར་རི་ཁལ་ཁོལ་མེད་པ་དང་། །རྣམ་དག་ཀུན་ཏུ་མཐོང་བ་ཡི། །མངོན་པར་ཤེས་པའི་དབང་ཐོབ་ཤོག །ཨ་ཨཱ་ཧོ། སྙན་ནི་མངོན་པར་ཤེས་པ་སྟེ། །ཐམས་ཅད་སྒྲ་དང་གང་དེ་ཐོས་པ་དང་། །བདེན་པ་གཞན་མྱོང་ཐོས་པའི་དབང་། །རྣམ་དག་དབང་ནི་ཐོབ་པར་ཤོག །སྐུ་ཡི་མངོན་ཤེས་བསམ་ཡས་ཏེ། །བྱིང་བ་མེད་ཅིང་རྨུག་པ་མེད། །གང་ལ་ཐོགས་པ་མེད་པ་སྟེ། །མངོན་ཤེས་དབང་ནི་ཐོབ་པར་ཤོག །ཨ་ཐུགས་ནི་མངོན་ཤེས་ལྡན་པ་སྟེ། །ཕ་རོལ་གཞན་གྱི་སེམས་ཤེས་དང་། །སངས་རྒྱས་རྣམས་ཀྱི་ཐུགས་ཤེས་པ། །ཐུགས་ཀྱི་མངོན་ཤེས་དབང་ཐོབ་ཤོག །ཙིཏྟ་ཨ། རྫུ་འཕྲུལ་བཞི་ཡི་དབང་བསྐུར་བས། །ཐོགས་རྡུག་མེད་པའི་དབང་ཐོབ་ཤོག །བྱང་ཆུབ་ཡན་ལག་བདུན་གྱི་དབང་བསྐུར་བས། །རྩ་བ་བྱང་ཆུབ་སེམས་ལ་འདུན་པར་ཤོག །ཡན་ལག་བརྒྱད་ཀྱི་དབང་བསྐུར་བས། །འཕགས་ལམ་བརྒྱད་ཀྱི་དབང་ཐོབ་ཤོག །ཕ་རོལ་ཕྱིན་བཅུའི་དབང་བསྐུར་བས། །མ་སྤངས་མྱ་ངན་འདས་པའི་དབང་ཐོབ་ཤོག །གསུང་རབ་ཡན་ལག་བཅུ་གཉིས་དབང་བསྐུར་བས། །གསུང་དབྱངས་དག་པ་སངས་རྒྱས་དབང་ཐོབ་ཤོག །བདེ་གཤེགས་ཞལ་ནས་གསུངས་པ་ཡི། །མ་འདྲེས་སངས་རྒྱས་ཆོས་ནི་བཅོ་བརྒྱད་དབང་། །དེ་རིང་ཁྱོད་ལ་དབང་བསྐུར་བས། །མངོན་པར་སངས་རྒྱས་དབང་ཐོབ་ཤོག །བྱང་ཆུབ་ཕྱོགས་ནི་བདེན་པའི་ཆོས། །སུམ་ཅུ་རྩ་བདུན་དབང་བསྐུར་བས། །བྱང་ཆུབ་ལམ་དེ་མ་གོལ་བར། །བྱང་ཆུབ་སེམས་ཀྱི་དབང་ཐོབ་ཤོག །བྷོ་དྷི་ཙིཏྟ་ས་མ་ཡ་ཨ་ཨ། ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། གསུང་འགག་པ་མེད་པའི་དབང་གི་ལེའུ་སྟེ་བརྒྱ་དང་གསུམ་པའོ།། །།དེ་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་། །གསང་བའི་དབང་མཆོག་བསྐུར་བ་སྟེ། །ཐབས་དང་ཤེས་རབ་གཉིས་མེད་པའི། །


DNG017_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་པ་བྱང་ཆུབ་སེམས་ཀྱི་དབང་། །མཚན་ལྡན་དེ་དང་དེ་ལ་བླང་། །སངས་རྒྱས་དམ་པ་དེ་ཡིས་ནི། །བརྗོད་པར་བྱ་བ་འདི་དག་གོ། །གསང་བ་ཀུན་གྱི་སྤྱོད་ཡུལ་མིན། །ཐེག་པ་ཆེན་པོའི་རིགས་ཡིན་ནམ། །དཀའ་ཐུབ་དཀའ་སྤྱད་སྤྱོད་ནུས་སམ། །བསྟན་ན་རྟོགས་པ་མི་ཟ་འམ། །བྷ་གར་འོ་བྱེད་མི་རྟོག་གམ། །གསང་བ་གཞན་ལ་མི་སྤེལ་ལམ། །དེས་ན་ད་དུང་བཤོལ་བར་བྱོས། །གལ་ཏེ་ཐེག་པའི་སྣོད་ཡིན་ན། །བུ་ཡི་རྟོག་པ་འདི་རུ་སྨྲོས། །ཞེས་སོ། །དེ་ནས་དེ་རུ་སྨྲས་པ་ནི། །བདག་ནི་ཐེག་པ་ཆེན་པོའི་སྣོད། །དཀའ་ཐུབ་དཀའ་སྤྱོད་སྤྱད་པར་འོས། །བྷ་གར་འོ་བྱེད་མི་རྟོག་དང་། །གསང་བ་གཞན་ལ་བདག་མི་སྤེལ། །དེ་རིང་དམ་པ་བདག་ལ་གསོལ། །ཞེས་སྨྲས་སོ། །དེ་ནས་མཉམ་གཞག་ཏིང་འཛིན་དེས། །ཐབས་དང་ཤེས་རབ་འདྲེལ་བར་བྱེད། །དགའ་བ་ཉི་ཤུ་རྩ་གཅིག་གཟུང་། །གཙང་མའི་སྣོད་ཀྱིས་དབང་བསྐུར་བའོ། །གཟུང་ཐབས་དང་ནི་བསྐུར་ཐབས་སོ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ཤེས་རབ་ཡེ་ཤེས་ཀྱི་དབང་གི་ལེའུ་སྟེ་བརྒྱ་དང་བཞི་པའོ།། །།དེ་ནས་ཡང་ཕྱག་ན་རྡོ་རྗེས་དཔལ་རྟའི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ་རྟ་མཆོག་དབང་ཆེན་འདུས། །དཔག་ཏུ་མེད་པའི་ཚེ་ཡི་བདག །ཚེ་ཡི་བདག་ལས་བདག་ཉན་འཚལ། །ཚེ་ཡི་བདག་པོས་བཀའ་སྩོལ་ཅིག །ཅེས་གསོལ་ཏོ། །དེ་ནས་དབང་གི་རྒྱལ་པོས་བཀའ་སྩལ་པ། ཚེ་དང་ཡེ་ཤེས་དཔག་ཏུ་མེད། །དེ་ཡི་དོན་ནི་བཤད་པར་བྱ། །ཚེ་ཞེས་བྱ་བ་སྲོག་ལ་བྱ། །སྲོག་ཅེས་བྱ་བ་ཚེ་ལ་བྱ། །དེ་ཡི་དོན་དང་ལྡན་པ་ན། །དབང་དང་དངོས་གྲུབ་དེ་ག་ཡིན། །དབང་ལ་རྣམ་པ་གསུམ་དུ་བཤད། །ཚེ་ལ་རྣམ་པ་གསུམ་དུ་བཤད། །ཕྱི་ནང་གསང་བ་གསུམ་དུ་བཤད། །ཚེ་ལ་རྣམ་པ་གསུམ་ཡོད་དེ། །དང་པོ་རྫས་ལ་བསྙེན་པ་ཡིན། །དེ་ནས་ཕྱེ་མ་བསྒྲུབ་པ་ཡིན། །དེ་ནས་རིལ་བུ་གོང་བུ་ཡིན། །དེ་ལ་ཚེ་བསྒྲུབ་བྱ་བ་སྟེ། །དཀྱིལ་འཁོར་རྣམ་གསུམ་དབྱེ་བར་བྱ། །


DNG017_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་བསྙེན། །དེ་ནས་འགྲོ་བ་འདུལ་བའི་དལ་དུ་བསྒྲུབ། །དེ་ནས་རིགས་བསྡུས་དཀྱིལ་འཁོར་དུ། །གོང་བུར་བསྒྲུབ་ཅིང་དབང་དང་དངོས་གྲུབ་བླང་། །དེ་ནས་དཔལ་ལྡན་རྟ་ཡི་རྒྱལ་པོ་དགོད། །མཐའ་མ་ཕྱོགས་བཞིར་སངས་རྒྱས་སོ། །མཐའ་མ་ལྷ་མོ་བརྒྱད་དུ་བསྐོར། །སྒོ་བ་དག་དང་བཅས་པའོ། །བུམ་པ་ལྔ་འམ་དྲིལ་བ་གཅིག །མངར་དང་བུ་རམ་སྦྲང་རྩི་དང་། །རྩི་བཅུད་མར་དང་འབྲས་བུ་དང་། །བཀྲ་ཤིས་པ་ཡི་རྫས་རྣམས་དང་། །དཀར་པོ་བུམ་པའི་མགུལ་ཆིངས་ལ། །ལེ་བརྒན་ཁ་བཅད་དྲིལ་བ་ཡིན། །འབྲང་རྒྱས་ལྔ་དང་བཅས་པ་བཤམ། །དང་པོ་སོ་སོར་ཁྲོལ་བུར་བསྒྲུབ། །གཉིས་པ་ལ་ནི་རིལ་བུ་ཚོམ་བུར་བགོ། །རིགས་མཐུན་དར་གྱིས་ཁ་བཅད་དོ། །གསུམ་པ་སྲང་བཅལ་ག་འུར་དྲིལ། །དང་པོ་སྲང་དང་ཚད་ལས་བཅད། །བར་ཆད་བགེགས་རྣམས་བཟློག་པར་བྱ། །དེ་ལྟར་ཚེ་དང་འབྲང་རྒྱས་དང་། །སྤྱན་གཟིགས་དངོས་གྲུབ་ཞལ་ཟས་བསྐོར། །ཁྲོལ་བུ་ཕྱེ་མ་གོང་བུ་བཞིན། །དེ་ལ་རྟགས་ཀྱི་ལྟས་ཀྱང་བརྟག །དབྲལ་བ་དང་ནི་གཞོམ་པ་དང་། །དགུག་དང་བསྡིམ་དང་བསྲུང་བར་བྱ། །བསྐྱེད་དང་གནས་དང་བསྡིམ་པ་ཡིན། །དེ་ལྟར་ཚེ་ཡི་ལྷ་རྣམས་བསྒྲུབ། །ཚེ་མཆོག་བདག་པོ་ཡབ་ཡུམ་གསལ། །བསྐྱེད་པའི་ཡི་གེ་དེ་བཞིན་བྱ། །དེ་ནས་ལས་ཀྱི་གཞུང་བཙུག་ལ། །སྔགས་ཀྱི་གཞུག་ལ་ཨཱ་ཡུ་ཧཱུཾ་ཛ་སྟེ། བར་དུ་ཕེབས་དང་ཐ་མར་བླང་། །ཨོཾ་ཨཱ་རོ་ལིག་པྱཾ་རཱ་གར་ཏི་བྷྲཱུཾ་བཛྲ་ཨཱ་ཡུ་ཥེ་ཧཱུཾ་ཨཿ། ཧཱུཾ་དབུས་ཕྱོགས་རཱ་ག་དམར་པོའི་གཞལ་ཡས་སུ། །རྨ་བྱ་བསྣོལ་བའི་གདན་སྟེང་དང་། །ཉི་ཟླ་པདྨའི་གདན་སྟེང་དུ། །བཅོམ་ལྡན་ཚེ་མཆོག་སྣང་མཐའ་ཚེ་དཔག་མེད། །སྐུ་མདོག་དམར་པོ་རཱ་གའི་འོད་ཀྱིས་མཛེས། །ཡུམ་ཆེན་ན་བཟའ་དཀར་མོ་གཉིས། །དབང་མཆོག་རོལ་པའི་ཚུལ་དུ་བཞུགས། །བཅོམ་ལྡན་ཡབ་ཀྱི་ཐུགས་ཀ་ནས། །རིན་ཆེན་ཚེ་ཡི་འོད་དུ་འབར། །མུ་ཏིག་དཀར་པོ་ལྟ་བུར་འདྲིལ། །བཅོམ་ལྡན་


DNG017_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་གྱི་མཁའ་དབྱིངས་ནས། །ཡུམ་གྱི་ཚེ་ཡི་རང་བཞིན་ནི། །རཱ་ག་དམར་པོའི་འོད་དུ་འཁྱིལ། །དབང་མཆོག་དབུ་ཡི་གཙུག་རུམ་ན། །རྟ་མཆོག་ཞུར་པོའི་ནང་ཤེད་ན། །རིན་ཆེན་ཚེ་ཡི་ཟ་མ་ཏོག །དར་དཀར་འོད་ཀྱི་ཡོལ་དུ་དྲེས། །གཟེར་ནི་དངུལ་གྱི་གཟེར་དུ་བཏབ། །ནང་ན་ཚེ་ཡི་འོད་དུ་འབར། །བཅོམ་ལྡན་དབང་གི་རྒྱལ་པོ་ཡང་། །ཚེ་དང་ཡེ་ཤེས་འདྲེན་པའི་ལས་ནི་མཛོད། །རྟག་ཏུ་བསྒྲུབས་པའི་ཚེ་ལགས་ཀྱི། །རྡོ་རྗེའི་ཚེ་མཆོག་འགུགས་པའི་ལས་མཛོད་ཅིག །ཨོཾ་བུ་རུ་པུ་རུ་ཧ་ས་དྷི་བ་མ་ཧཱ་པུཎྱེ་པུཎྱ་ཛྙཱ་ན་ཡུ་ཏི་ཛ། ཤར་ཕྱོགས་ཟླ་གམ་གདེངས་པ་ནས། །བཅོམ་ལྡན་རྣམ་པར་སྣང་མཛད་ཀྱང་། །ཚེ་དང་ཡེ་ཤེས་འདྲེན་པའི་ལས་མཛོད་ཅིག །ལྷོ་ཕྱོགས་ཟླ་གམ་གདེངས་པ་ནས། །བཅོམ་ལྡན་རིན་ཆེན་འབྱུང་ལྡན་ཡང་། །ཚེ་དང་ཡེ་ཤེས་འདྲེན་པའི་ལས་མཛོད་ཅིག །ནུབ་ཕྱོགས་ཟླ་གམ་གདེངས་པ་ནས། །བཅོམ་ལྡན་རྡོ་རྗེ་མི་བསྐྱོད་པ། །ཚེ་དང་ཡེ་ཤེས་འདྲེན་པའི་ལས་མཛོད་ཅིག །བྱང་ཕྱོགས་ཟླ་གམ་གདེངས་པ་ནས། །བཅོམ་ལྡན་དོན་ཡོད་གྲུབ་པ་ཡང་། །ཚེ་དང་ཡེ་ཤེས་འདྲེན་པའི་ལས་མཛོད་ཅིག །བྷྲཱུཾ་བཛྲ་ཨཱ་ཡུ་ཥེ་ཧཱུཾ་ཛ། ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། གསང་བ་ཚེ་བསྒྲུབ་པའི་ལེའུ་སྟེ་བརྒྱ་དང་ལྔ་པའོ།། །།དེ་ནས་བཀྲ་ཤིས་པ་ཚེའི་ལྷ་མོ་བསྐུལ་བར་བྱ་སྟེ། ཧཱུཾ་གཞལ་ཡས་གྲུ་ཡི་མཆན་ལ་ནི། །ཚེ་ཡི་ལྷ་མོ་ཆེན་མོ་སྟེ། །ཤར་ཕྱོགས་གངས་རི་དཀར་པོའི་ཞིང་ཁམས་ནས། །དཀར་མོ་མཛེས་མ་འོད་ཀྱི་སྐེད་ཆིངས་ཅན། །ན་བཟའ་དཀར་མོ་ཤེལ་ལྟར་དག །གཡུ་འོད་སྔོན་པོའི་མཐའ་ཆག་ཅན། །ཕྱག་གཡས་དར་དཀར་གཡབ་ཏུ་དོར། །གཡོན་པ་དུང་གི་བུམ་པ་བསྣམས། །བུམ་པ་ཚེ་དང་ཡེ་ཤེས་གཏམས། །ཤར་ནས་འགུགས་པའི་ལས་མཛོད་ཅིག །ཨོཾ་ལ་སྱེ་ས་མ་ཡ་བྷྲཱུཾ་ཛཿཨཱ་ཡུ་ཥེ་ཧཱུཾ་ཨཿ། ཧཱུཾ་ལྷོ་ཕྱོགས་བཻ་ཌཱུརྱ་སྔོན་པོའི་ཞིང་ཁམས་ནས། །སྔོན་མོ་མཛེས་མ་འོད་ཀྱི་མཐའ་ཆག་ཅན། །ན་བཟའ་སྔོན་མོ་འོད་དུ་འབར། །


DNG017_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

མཛེས་པ་གསེར་གྱི་རྒྱན་སྤྲས་པ། །གཡས་པ་དར་གྱི་གཡབ་དོར་མ། །གཡོན་པ་མཐིང་གི་བུམ་པ་བསྣམས། །བུམ་པ་ངེས་པར་ཚེ་ཡིས་གཏམས། །ལྷོ་ནས་འགུགས་པའི་ལས་མཛོད་ཅིག །ཨཱོཾ་མཱ་ལི་ས་མ་ཡ་བྷྲཱུཾ་བཛྲ་ཨཱ་ཡུ་ཥེ་ཧཱུཾ་ཨཿ། ཧཱུཾ་ནུབ་ཕྱོགས་པདྨ་རཱ་གའི་ཞིང་ཁམས་ནས། །དམར་མོ་འོད་ཀྱི་མཐའ་ཆག་ཅན། །རཱ་ག་འོད་ཀྱི་ན་བཟའ་གསོལ། །མཐའ་མ་གསེར་གཡུའི་འོད་ཀྱིས་མཛེས། །གཡས་པ་ལེ་བརྒན་གཡབ་དོར་མ། །གཡོན་པ་བྱུ་རུའི་བུམ་པ་བསྣམས། །བུམ་པ་ཚེ་དང་ཡེ་ཤེས་གཏམས། །ནུབ་ཀྱི་ཕྱོགས་ནས་འགུགས་པའི་ལས་མཛོད་ཅིག །ཨཱོཾ་གཱི་ར་ཏི་ས་མ་ཡ་བྷྲཱུཾ་བཛྲ་ཨཱ་ཡུ་ཥེ་ཧཱུཾ་ཨཿ། བྱང་ཕྱོགས་ཨིནྡྲ་ལྗང་གུའི་ཞིང་ཁམས་ནས། །ལྗང་གུ་མཛེས་མ་འོད་ཀྱི་མཐའ་ཆག་ཅན། །ན་བཟའ་ལྗང་གུ་མཛེས་པ་ལ། །བྱུ་རུའི་འོད་ཀྱིས་ཚོམ་བུས་བརྒྱན། །གཡས་པ་ལྗང་གུ་དར་གྱི་གཡབ་དོར་མ། །གཡོན་པ་གཡུ་ཡི་བུམ་པ་བསྣམས། །བུམ་པ་ངེས་པར་ཚེ་ཡིས་གཏམས། །བྱང་གི་ཕྱོགས་ནས་འགུགས་པའི་ལས་མཛོད་ཅིག །ཨོཾ་ནིརྟི་ས་མ་ཡ་བྷྲཱུཾ་བཛྲ་ཨཱ་ཡུ་ཥེ་ཧཱུཾ་ཨཿ། ཚེ་ཡི་ལྷ་མོ་ཆེན་མོ་བཞི། །བསྐོར་ཅིང་ཚེ་འགུགས་འདི་སྐད་གསུངས། །ཧཱུཾ་ང་ནི་ལཱ་སྱེ་དཀར་མོ་སྟེ། །རྡོ་རྗེ་སེམས་དཔའ་ཐུགས་དམ་སྐོང་། །མ་བསྐངས་བར་དུ་སྐུ་མི་རྒྱ། །ང་ནི་མི་ཡི་ཚེ་གཡང་འགུགས། །སྒྲུབ་པ་པོ་ལ་དངོས་གྲུབ་འབེབས། །སངས་རྒྱས་ཀུན་ལ་དངོས་གྲུབ་བསླང་། །ཚེ་ཉམས་པ་ཡང་སླར་ལ་འགུགས། །ཧཱུཾ་ང་ནི་མཱ་ལེ་སྔོན་མོ་སྟེ། །རིན་ཆེན་འབྱུང་ལྡན་ཐུགས་དམ་སྐོང་། །མ་བསྐངས་བར་དུ་སྐུ་མི་རྒྱ། །བདེ་གཤེགས་རྣམས་ལ་དངོས་གྲུབ་བསླང་། །སྒྲུབ་པ་པོ་ལ་དངོས་གྲུབ་འབེབས། །ཚེ་དང་ཡེ་ཤེས་འབེབས་པར་བྱེད། །ཧཱུཾ་ང་ནི་གཱིརྟི་དམར་མོ་སྟེ། །སྣང་བ་མཐའ་ཡས་ཐུགས་དམ་སྐོང་། །མ་བསྐངས་བར་དུ་སྐུ་མི་རྒྱ། །སངས་རྒྱས་རྣམས་ལ་དངོས་གྲུབ་བསླང་། །སྒྲུབ་པ་པོ་ལ་མི་ཚེ་འགུགས། །ཚེ་དང་ཡེ་ཤེས་ལས་ཀྱང་བྱེད། །ཧཱུཾ་ང་ནི་ནཱིརྟི་ལྗང་


DNG017_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

གུ་སྟེ། །དོན་ཡོད་གྲུབ་པའི་ཐུགས་དམ་སྐོང་། །མ་བསྐངས་བར་དུ་སྐུ་མི་རྒྱ། །བདེ་གཤེགས་རྣམས་ལ་དངོས་གྲུབ་བསླང་། །ཚེ་དང་ཡེ་ཤེས་འགུགས་པར་བྱེད། །བུམ་པ་ཚེ་ཡིས་གཏམས་པར་བྱ། །ཡེ་ཤེས་འོད་དུ་བསྐྱིལ་བར་བྱ། །ཧཱུཾ་འགུགས་པའི་ལྷ་མོ་ལྕགས་ཀྱུ་མ། །དཀར་མོ་མཛེས་མ་ཐུགས་རྗེའི་ལྕགས་ཀྱུ་བསྣམས། །དྲི་ཟའི་ལག་ནས་ཚེ་ཁུག་ཅིག །ཚེ་དང་ཡེ་ཤེས་འགུགས་པའི་ལས་མཛོད་ཅིག །བཛྲ་ཨཾ་ཀུ་ཤ་བྷྲཱུཾ་བཛྲ་ཨཱ་ཡུ་ཥེ་ཧཱུཾ་ཨ་ཛ། ལྷོ་ཡི་ཕྱོགས་ནས་ཚེ་འགུགས་མ། །ཕྱག་རྒྱའི་ལྷ་མོ་ཞགས་པ་མ། །སྔོན་མོ་མཛེས་མ་ཞགས་པ་འཛིན། །གཤིན་རྗེའི་ལག་ནས་ཚེ་ཁུག་ཅིག །ཚེ་དང་ཡེ་ཤེས་འདྲེན་པའི་ལས་མཛོད་ཅིག །བཛྲ་པཱ་ཤ་ཧཱུཾ་བྷྲཱུཾ། བཛྲ་ཨཱ་ཡུ་ཥེ་ཧཱུཾ་ཨ། ནུབ་ཀྱི་ཕྱོགས་ནས་ཚེ་འགུགས་མ། །ཕྱག་རྒྱའི་ལྷ་མོ་ལྕགས་སྒྲོག་མ། །དམར་མོ་མཛེས་མ་ཆེན་མོ་སྟེ། །ཀླུ་དབང་ལག་ནས་ཚེ་དྲོངས་ཤིག །ཚེ་དང་ཡེ་ཤེས་འདྲེན་པའི་ལས་མཛོད་ཅིག །བཛྲ་སྥོ་ཊ་བཾ་བྷྲཱུཾ་བཛྲ་ཨཱ་ཡུ་ཥེ་ཧཱུཾ་ཨ། བྱང་གི་ཕྱོགས་ནས་ཚེ་འགུགས་མ། །ལྗང་གུ་མཛེས་མ་དྲིལ་བུ་བསྣམས། །གནོད་སྦྱིན་ལག་ནས་ཚེ་ཁུག་ཅིག །ཚེ་དང་ཡེ་ཤེས་འདྲེན་པའི་ལས་མཛོད་ཅིག །བཛྲ་གྷཎྜ་ཧོ་བྷྲཱུཾ་བཛྲ་ཨཱ་ཡུ་ཥེ་ཧཱུཾ་ཨ། ཧཱུཾ་བདག་ཅག་ཕྱག་རྒྱའི་ལྷ་མོ་བཞི། །བདེ་གཤེགས་རྣམས་ཀྱི་ཐུགས་དམ་བསྐུལ། །འཇུག་པ་རྣམས་ཀྱི་ཉམས་ཆག་སྐོང་། །ཕྲིན་ལས་འགྲོ་དོན་ཆེན་པོ་མཛད། །ཞིང་ཁམས་བདེ་བའི་གནས་ནས་བསྐྱོད། །མྱ་ངན་འདས་པའི་ཆོས་རྣམས་སྒྲོག །ཅེས་པའོ། །ཁྲོལ་བུ་ཕྱེ་མར་བཏག་པ་དང་། །ཕྱེ་མ་རིལ་བུར་དྲིལ་བ་དང་། །གའུའི་ནང་དུ་སྩལ་བ་དང་། །ཚད་དང་སྲང་ལ་གདབ་པ་དང་། །ཕྱག་རྒྱ་བཞི་ཡིས་རྒྱས་བཏབ་དང་། །ལེ་བརྒན་དར་གྱིས་གྲིལ་བ་དང་། །བུམ་པ་ལྔ་ཡི་དབུས་གནས་དང་། །གཡབ་པ་དང་ནི་འགུགས་པ་དང་། །བསྐྱེད་པ་དང་ནི་སྤེལ་བ་དང་། །བརྟན་པ་དང་ནི་མི་འཕྲོག་དང་། །གནས་པ་


DNG017_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

དང་ནི་གྲངས་རྟེན་དང་། །དྲལ་དང་གཞོམ་དང་འགུགས་པ་ཡིན། །དེ་ལྟར་གསལ་ནས་ཡང་འགུགས་ཤིང་། །ཧཱུཾ་ཕོ་བྲང་དབུས་ཀྱི་ལྟེ་བ་ལ། །བྱུ་རུ་རཱ་ག་དམར་པོའི་གཞལ་ཡས་ན། །ཟླ་གམ་ཁ་སྤྲོད་གཞལ་ཡས་ན། །བཅོམ་ལྡན་ཚེ་དང་ཡེ་ཤེས་དཔག་ཏུ་མེད། །ལྷ་མོ་ཡུམ་དང་བཅས་པ་སྟེ། །བདེ་གཤེགས་རྒྱལ་བ་ཀུན་གྱིས་བསྐོར། །སངས་རྒྱས་ཞིང་ཁམས་བདེ་བའི་གནས། །ཐབས་དང་ཤེས་རབ་འདྲེལ་བ་སྟེ། །ཕྱག་རྒྱ་ལྔ་དང་ལྡན་པ་རྣམས། །ཀུན་ཀྱང་དབང་གི་ལྷ་རུ་སྟེ། །བྱུ་རུའི་བུམ་པ་རེ་རེ་བསྣམས། །ཚེ་དང་ཡེ་ཤེས་གཏམས་པ་སྟེ། །སངས་རྒྱས་ཚེ་ཡང་གའུར་གསོལ། །བཀྲ་ཤིས་ཚེ་ཡང་བུམ་པར་གསོལ། །བདེ་གཤེགས་ཡེ་ཤེས་བུམ་པ་འདི། །སངས་རྒྱས་ཀུན་གྱིས་བྱིན་བརླབ་མཛོད། །བདེ་བར་གཤེགས་པས་དབང་བསྐུར་མཛོད། །ཚེ་དང་ཡེ་ཤེས་ལྷ་མོ་ནི། །དྷཱུ་པེ་མ་དང་པུཥ྇་མ། །ཨཱ་ལོ་ཀེ་དང་གནྡྷེ་མས། །འབྱུང་བ་ལྔ་ཡི་བཅུད་བསྡུས་ལ། །དེང་འདིར་དངོས་གྲུབ་སྩལ་དུ་གསོལ། །ལྷ་མོ་ཆེན་མོ་འགུགས་པ་མོ། །བདེ་གཤེགས་རྣམས་ལ་མཆོད་འབུལ་མ། །རྒྱལ་བ་རྒྱ་མཚོ་མཉེས་མཛད་མ། །ཐུགས་དམ་གཉེན་པོ་སྐུལ་བྱེད་མ། །སངས་རྒྱས་ཀུན་ལ་མཆོད་འབུལ་མ། །དངོས་གྲུབ་མ་ལུས་འབེབས་པའི་བདག །བདེ་གཤེགས་ཐུགས་དམ་རྒྱུད་བསྐུལ་ནས། །མཉེས་པའི་མཆོད་པ་ཕུལ་ནས་ནི། །མངོན་པར་ཤེས་པའི་དངོས་གྲུབ་སྩོལ། །ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ། །བུམ་པ་ཚེ་ཡིས་གཏམས་དུ་གསོལ། །ཚེ་རྣམས་རིལ་བུ་ཐིག་ལེར་དྲིལ། །ཞེས་བསྐུལ་ལོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ཚེ་སྐུལ་བའི་ལེའུ་སྟེ་བརྒྱ་དང་དྲུག་པའོ།། །།བར་ཆད་བགེགས་རྣམས་ཞི་བྱའི་ཕྱིར། །ཕྱི་ནང་གསང་བའི་མཚམས་ཀྱང་བཅད། །འདས་པའི་མ་མོ་རྣམས་ཀྱང་བསྐུལ། །དགུག་དང་བསྡིམ་པའི་ལས་ཀྱང་བྱ། །ཧཱུཾ་བཅོམ་ལྡན་པདྨ་ཧེ་རུ་ཀ །ཁྲོ་མཆོག་ཐབས་ཀྱི་སྐུ་མངའ་སྟེ། །མཛེས་


DNG017_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ན་བཟའ་དམར་པོ་གསོལ། །པདྨ་ཀྲོ་དྷཱི་ཤྭ་རཱི་མ། སྙིང་པོ་ཚེ་ཡི་ཡི་གེ་ཨ། །ཡི་གེ་ཨ་དམར་འོད་དུ་འབར། །ཚེ་ཡི་རང་བཞིན་གནས་པའི་རྟེན། །ཨཱ་ཡུ་དམར་པོ་ཚེ་ཡིས་གཏམས། །མཁའ་དང་མཉམ་པའི་སྐུ་ཡང་མངའ། །མཁའ་དང་མཉམ་པའི་གསུང་ཡང་མངའ། །མཁའ་དང་མཉམ་པའི་ཐུགས་ཀྱང་མངའ། །སྐུ་ཚེ་སྩོལ་ཅིག་རི་བཞིན་བརྟན། །གསུང་ཚེ་སྙན་ཞིང་གྲགས་དང་ལྡན། །ཐུགས་ཚེ་གསལ་ཞིང་མི་ལྡོག་མཁྱེན། །སྐུ་གསུང་ཐུགས་ཀྱི་ཚེ་གཡང་སྩོལ། །བཅོམ་ལྡན་རིགས་ཀྱི་ཁྲོ་བོ་བཞི། །ན་བཟའ་ཆས་བརྒྱད་ལྡན་པར་བསྐྱེད། །བུམ་པ་ཚེ་དང་བཅུད་ཀྱིས་གཏམས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །རིགས་ཀྱི་ཡུམ་བཞི་གསང་བའི་ཡུམ། །ཨཱ་ཡུ་ཚེ་ཡི་དངོས་གྲུབ་སྩོལ། །ཕྱོགས་བཞི་ལྷ་ཡི་ཞིང་ཁམས་ན། །གཽ་རཱི་ལ་སོགས་ཁྲོ་མོ་བརྒྱད། །སྐུ་མདོག་དམར་པོ་འོད་འཕྲོ་མ། །ཕྱག་གཡས་ལེ་བརྒན་གཡབ་རེ་བསྣམས། །གཡོན་པ་བྱུ་རུའི་བུམ་པ་བསྣམས། །ཐུགས་ཀ་ཟླ་གམ་རེ་རེ་ན། །ཨཱ་ཡུ་ཚེ་ཡི་ས་བོན་རེ། །ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ། །སངས་རྒྱས་དག་གི་བྱིན་རླབས་ནི། །འདིར་སྩོལ་ཚེ་དང་ཡེ་ཤེས་སྩོལ། །ཕྲ་མེན་ཆེན་མོ་བརྒྱད་རྣམས་ཀྱང་། །གཡས་པ་གཡབ་ལ་གཡོན་པ་བུམ། །སྐུ་མདོག་དམར་པོ་རྒྱན་དང་ལྡན། །ཨཱ་ཡུ་ཚེ་ཡི་དངོས་གྲུབ་སྩོལ། །མཁའ་འགྲོ་འབར་བའི་ཚོགས་བཅས་ཀྱང་། །ཚེ་དང་ཡེ་ཤེས་འདིར་སྩོལ་ཅིག །སྔོ་དང་དཀར་དང་དམར་དང་སེར། །ལྗང་གུ་ལ་སོགས་སྣ་ཚོགས་ཀུན། །ཀུན་ཀྱང་རཱ་གའི་འོད་དུ་འགྱུར། །ཚེ་དང་ཡེ་ཤེས་འདྲེན་པའི་ལས་མཛོད་ཅིག །ཨཱོཾ་ཨཱ་ཡུ་ཛྙཱ་ན་བིན་དུ་བྷྲཱུཾ། ཚེ་བྷྲཱུཾ། ནྲྀ་བྷྲཱུཾ། ཡུ་ཏི་བྷྲཱུཾ། ཨ་བྷྲཱུཾ། དེ་ནས་རིལ་བུ་གོང་བུ་ལ། །དྲིལ་ལ་དབང་གི་རང་བཞིན་དུ། །གཅིག་པ་ལྷ་ཡི་དཀྱིལ་འཁོར་དུ། །རིགས་གཅིག་ཏུ་ནི་དྲིལ་བ་དང་། །དེ་ལ་ཚེ་དང་ཡེ་ཤེས་དྲིལ། །ཧཱུཾ་བཅོམ་ལྡན་དབང་ཆེན་དབང་གི་བདག །ཚེ་ཡི་བདག་ལ་དབང་གི་བདག །ཚེ་དང་ཡེ་ཤེས་བདག་པོ་སྟེ། །གོང་བུ་གཅིག་ལ་ཐུགས་ཀྱི་


DNG017_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་དུ། །མི་འགྱུར་མི་ཤིགས་རྡོ་རྗེ་ཚེ། །བསླད་པས་མི་འགྱུར་དག་པའི་ཆོས། །སངས་རྒྱས་ཀུན་གྱིས་ཀྱང་ནི་གཟིགས་པར་དཀའ། །ཕྱག་རྒྱ་བཞི་ཡིས་རྒྱས་བཏབ་པས། །རྒྱ་དེ་ཀུན་གྱིས་ཤིགས་མི་འགྱུར། །ཚེ་ནི་ཆོས་ཀྱི་དབྱིངས་ལ་གཞག །ཕྱག་རྒྱ་གསལ་བའི་རང་བཞིན་བདུན། །དང་པོ་ཆོས་ཀྱི་ཕྱག་རྒྱ་སྟེ། །གཉིས་པ་ནུས་པ་སྔགས་ཀྱི་རྒྱ། །གསུམ་པ་སྐུ་དང་ཡེ་ཤེས་རྒྱ། །བཞི་པ་ཡེ་ཤེས་བཞི་ཡི་རྒྱ། །ལྔ་པ་རིགས་ལྔའི་ཡེ་ཤེས་རྒྱ། །དྲུག་པ་རྒྱལ་བ་སྤྱི་ཡི་རྒྱ། །བདུན་པ་ཡེ་ཤེས་བྱང་ཆུབ་རྒྱ། །དེ་ལྟར་རྒྱས་བཏབ་བྱས་ནས་ནི། །ཡང་ནི་རྒྱ་དེ་དབྱེ་བར་བྱ། །དེ་ནས་དངོས་གྲུབ་ཐོབ་པར་བླང་། །དེ་ཉིད་དོན་དང་འཕྲད་པའོ། །དེ་ནས་ཡང་ནི་རྒྱ་བདུན་བཏབ། །དེ་ཡིས་ལྷག་མ་དབྱིངས་སུ་བསྡིམ། །དེ་ལྟར་བྱས་ན་ཚེ་འགྲུབ་པའོ། །རྟེན་པའི་ཚེ་དང་མི་འཕྲོག་པ། །དེ་ཡང་གཉིས་སུ་ཤེས་པར་བྱ། །རྟ་མཆོག་རོལ་པའི་ཏནྟྲ་ལས། རིགས་དང་རྒྱ་དང་བགོ་བ་བསྟན་པའི་ལེའུ་སྟེ་བརྒྱ་དང་བདུན་པའོ།། །།དེ་ནས་ཡང་དབང་གི་རྒྱལ་པོས་བཀའ་སྩལ་པ། གཡས་གཡོན་ཕྱག་ནི་གདེངས་པ་ན། །གནོན་པའི་ཚུལ་དུ་བྱས་པ་ནི། །དབང་ཆེན་ཉིད་ཀྱི་ཕྱག་རྒྱ་ཡིན། །སྲིན་ལག་གཉིས་དང་མཐེ་བོང་བསྣོལ། །མཛུབ་མོ་མཐེའུ་ཆུང་བསྒྲེང་བ་སྟེ། །གུང་མོ་སྦྱར་ལ་དབུས་སུ་བསྒྲེང་། །དེ་ནི་རྟ་མགྲིན་ཕྱག་རྒྱ་ཡིན། །སོར་མོ་བཅུ་པོ་བསྣོལ་བྱས་ནས། །རྩེ་ལྔ་གནས་སུ་བསྒྲེང་བ་ནི། །རིགས་ལྔ་སྤྱི་ཡི་ཕྱག་རྒྱ་ཡིན། །གཡས་གཡོན་ཕྱག་ནི་དབུས་སུ་བསྣོལ། །ལུས་ནི་མི་འགྱུར་དྲང་བཞག་ནས། །མི་གཡོ་བ་ཡི་ཚུལ་བཞག་ན། །ཡེ་ཤེས་སེམས་དཔའི་ཕྱག་རྒྱ་ཡིན། །གཡས་གཡོན་སོར་མོ་གནམ་ལ་བསྒྲེང་། །བརྡེག་པའི་ཚུལ་དུ་བྱས་ན་ནི། །འགྲོ་བ་འདུལ་བའི་ཕྱག་རྒྱ་ཡིན། །སོར་མོ་ལག་པ་གཡས་གཡོན་བསྣོལ་བྱས་ནས། །གཤོག་པའི་ཚུལ་དུ་བྱས་པ་ནི། །ཁམས་གསུམ་རྣམ་རྒྱལ་ཕྱག་རྒྱ་ཡིན། །མཛུབ་གཉིས་ཧཱུཾ་གི་རྒྱ་བཅིངས་པ། །ཧཱུཾ་མཛད་ཆེན་པོའི་ཕྱག་རྒྱ་ཡིན། །


DNG017_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

བརྐྱང་བསྐུམ་བགྲད་པར་གནས་པ་ལ། །གཡས་པ་ཁུ་ཚུར་བཅངས་པ་དང་། །གཡོན་པ་བརྡེག་པའི་ཚུལ་བཅས་པ། །དུར་ཁྲོད་ཆེན་པོའི་ཕྱག་རྒྱ་ཡིན། །སོར་མོ་བཅུ་པོ་དམ་བསྣོལ་ནས། །རིགས་དྲུག་ལམ་ནི་དགག་པའི་ཚུལ། །ངན་སོང་སྦྱོང་བའི་ཕྱག་རྒྱ་ཡིན། །མཐེབ་མོ་གཉིས་པོ་དམ་བསྣོལ་ནས། །བརྒྱད་པོ་གྱེན་ལ་གདེངས་པ་ནི། །རིགས་འདུས་ལྷུན་གྱིས་གྲུབ་པའི་ཕྱག་རྒྱ་ཡིན། །ཕྱག་རྒྱ་རེ་ལ་ཡི་གེ་རེ། །ཡི་གེ་རེ་ལ་འོད་འཕྲོ་བ། །སྔགས་དང་ཕྱག་རྒྱ་འདེབས་པར་གྲགས། །གཞན་ཡང་འཇོ་ཚུལ་སྟངས་སྟབས་དང་། །གར་བསྒྱུར་བ་དང་གར་བྱེད་པ། །ཕྱག་རྒྱའི་མཆོད་པ་ཡིན་པར་བཤད། །ཅེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། སྔགས་དང་ཕྱག་རྒྱ་སྤྲོས་པའི་ལེའུ་སྟེ་བརྒྱ་དང་བརྒྱད་པའོ།། །།དེ་ནས་ཡང་ཕྱག་ན་རྡོ་རྗེས། དབང་གི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ། སངས་རྒྱས་ཀུན་འདུས་རྒྱལ་པོ་ཆེ། །རྟ་ཞེས་བྱ་བ་ཇི་ལྟར་ལགས། །མཆོག་ཅེས་བྱ་བ་གང་ལ་བགྱི། །རོལ་པ་ཞེས་པ་གང་ལ་བགྱི། །ཏནྟྲ་ཞེས་བྱ་ཇི་ལྟར་ལགས། །ཀུན་འདུས་རྒྱལ་པོས་བཀའ་སྩོལ་ཅིག །ཀུན་འདུས་མཆོག་ལས་བདག་ཉན་འཚལ། །ཞེས་གསོལ་ཏོ། །དབང་ཆེན་འདུས་པས་བཀའ་སྩལ་པ། །སྤྲུལ་སྐུ་ཕྱག་ན་རྡོ་རྗེ་ཉོན། །རྟ་ཞེས་བྱ་བའི་དོན་བསྟན་པ། །རྟ་ནི་སེམས་ཀྱི་རྟ་ཕོ་ལ། །ཐམས་ཅད་མཁྱེན་པས་མཆོག་ཅེས་བྱ། །འདས་དང་མ་འདས་གཉིས་ཀ་ཡིན། །སེམས་དང་ཕྱི་མོ་གཉིས་མེད་ཡིན། །ཐམས་ཅད་ཁྲོ་བོའི་རང་བཞིན་ཡིན། །ཐམས་ཅད་ཞི་བའི་རང་བཞིན་ཡིན། །ཐམས་ཅད་གཉིས་ཀའི་རང་བཞིན་ཡིན། །ཐམས་ཅད་གཉིས་མེད་རང་བཞིན་ཡིན། །ཀུན་ཀྱང་ཡིན་ལ་གང་ཡང་མིན། །དེ་ཕྱིར་བཤད་པར་དཀའ་བ་ཡིན། །རོལ་པ་ཞེས་པ་བདེ་གཤེགས་ཀྱི། །དགོངས་པ་ཡིན་པར་རྒྱལ་བས་གསུངས། །ཆོས་ཉིད་ལ་ཡང་ཆོས་ཉིད་རོལ། །དེ་ཕྱིར་རོལ་པ་ཞེས་སུ་གྲགས། །ཏནྟྲ་ཞེས་པ་རྒྱུད་ལ་སྟེ། །བདེ་གཤེགས་དགོངས་པས་བརྒྱུད་པའོ། །ཞེས་གསུངས་སོ། །དེ་ནས་ཡང་


DNG017_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་པ། ཀྱེ་མ་དབང་ཆེན་ཀུན་འདུས་ཆེ། །པདྨ་ཞེས་པ་ཇི་ལྟར་ལགས། །རིགས་ཞེས་བགྱི་བ་ཇི་ལྟར་ལགས། །ཞིང་ཁམས་བགྱི་བ་གང་ལ་བགྱི། །དེ་ཡིས་དོན་དེ་བཤད་དུ་གསོལ། །ཞེས་གསོལ་ཏོ། །དབང་ཆེན་འདུས་པས་བཀའ་སྩལ་པ། །པདྨ་ཞེས་སུ་གྲགས་པ་ནི། །སྐྱོན་གྱིས་མ་གོས་པདྨ་སྟེ། །བྱང་ཆུབ་སེམས་ལ་བཤད་པ་ཡིན། །གོས་པ་མེད་པས་པདྨ་སྟེ། །ནམ་མཁའ་དཔེ་ལ་བཞག་པ་ཡིན། །འགྱུར་བ་མེད་པས་པདྨ་སྟེ། །དེ་ཡང་ནམ་མཁའི་དཔེ་ལ་བཞག །བྱས་པས་གོས་པ་མེད་པ་སྟེ། །རིན་ཆེན་གསེར་གྱི་དཔེ་བཞིན་ལ། །མཛེས་པས་པདྨར་བྱུང་བ་སྟེ། །རིན་པོ་ཆེ་ཡི་དཔེ་ལ་བཞག །གསལ་ལ་དངོས་པོ་མེད་པ་སྟེ། །མེ་ལོང་བཞིན་གྱི་དཔེ་ལའོ། །དེ་ཕྱིར་པདྨ་ཞེས་སུ་གྲགས། །རིགས་ཞེས་བྱ་བར་བསྟན་པ་ནི། །དང་པོ་དེ་ལས་བྱུང་བ་དང་། །བར་དུ་དེ་ཡི་བྱ་བ་བྱེད། །ཐ་མ་དེ་ཡི་རྒྱུད་འཛིན་ཕྱིར། །དེས་ན་རིགས་ཞེས་བྱ་བ་ཡིན། །ཞིང་ཁམས་ཞེས་ནི་བྱ་བའི་དོན། །སྣང་བ་མཐའ་ཡས་ཞིང་ཁམས་ཏེ། །སྣང་བ་སེམས་ཀྱི་སྣང་བ་ཡིན། །ཞིང་ནི་མ་རྟོགས་ཆོས་ཉིད་ངང་དུ་བསྒྲལ་བས་ཞིང་། །ཉོན་མོངས་རྩད་བཅད་ཁམས་ལ་བྱ། །པདྨ་ཀུན་འདུས་རྒྱལ་པོ་ལ། །རིགས་བཞིའི་སངས་རྒྱས་ལ་སོགས་ཏེ། །ཀུན་གྱིས་བསྐོར་བས་པདྨ་རིགས་ཀྱི་ཞིང་ཁམས་ཡིན། གསུང་རྣམ་པར་དག་པས་སྣང་བ་མཐའ་ཡས། བདེ་གཤེགས་གཅིག་བསྒོམ་རྒྱལ་བ་ཀུན་གྱི་ངང་། དེ་ལྟར་གསལ་བར་ཟུང་ཞིག །ཅེས་གསུངས་སོ། །དེ་ནས་ཡང་ནི་བཀའ་སྩལ་པ། །ཐུགས་ལས་རྒྱལ་བ་ཡབ་ལྔ་ཡིན། །འབྱུང་བ་ལྔ་ལས་ཡུམ་ལྔ་བྱུང་། །རྣམ་པར་ཤེས་པའི་ཚོགས་བརྒྱད་ལས། །དེ་ལས་བྱང་ཆུབ་སེམས་དཔའ་བརྒྱད། །ཡུལ་ལས་སེམས་མ་བརྒྱད་དུ་བྱུང་། །གནས་གྱུར་ཁྲོ་མོ་བརྒྱད་དང་ཕྲ་མེན་བརྒྱད། །རྣམ་པར་ཤེས་པའི་ཚོགས་བརྒྱད་ལས། །ཡེ་ཤེས་ཀྱི་ནི་ཁྱི་བརྒྱད་བྱུང་། །རྦད་


DNG017_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཕོ་ཉར་བྱ་བ་དང་། །ཀུན་གྱི་གཉེན་པོར་བྱུང་བ་ཡིན། །ཀུན་གཞི་འོད་ཀྱི་ཐིག་ལེ་ལས། །རྟ་ཡི་བརྟུལ་ཞུགས་བྱུང་བ་ཡིན། །གཏི་མུག་འོད་ཀྱི་ཐིག་ལེ་ལས། །ཕག་གི་བརྟུལ་ཞུགས་བྱུང་བ་ཡིན། །འདོད་ཆགས་ཁྲག་གི་ཐིག་ལེ་ལས། །བྱ་ཡི་བརྟུལ་ཞུགས་བྱུང་བ་ཡིན། །ང་རྒྱལ་དག་གི་ཐིག་ལེ་ལས། །ཁྱི་ཡི་བརྟུལ་ཞུགས་བྱུང་བ་ཡིན། །བརྟུལ་ཞུགས་ཆེན་པོ་བཞི་པོ་འདིས། །ཐམས་ཅད་འཇོམས་ཤིང་དབང་དུ་སྡུད། །སངས་རྒྱས་བདེ་གཤེགས་ཐུགས་དམ་སྐོང་། །ཞིང་ཁམས་ཡོངས་སུ་དག་པའོ། །འདི་ནི་བརྟུལ་ཞུགས་ཆེན་པོ་ཡིན། །དམུས་ལོང་སུམ་ཅུ་རྩ་གཉིས་ནི། །མཁའ་འགྲོ་མ་ཡི་སྤྲུལ་པ་ཡིན། །ད་ནི་ལས་རྣམས་བྱེད་པའི་མཆོག །མ་མོ་རྣམས་ནི་རྩ་དང་ཐིག་ལེའོ། །དེ་ལྟར་གསལ་ན་ལས་རྣམས་ཐམས་ཅད་གསལ་བ་ཡིན། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ཞུ་ལན་དཔེ་དོན་དང་སྤྲུལ་པ་འཕྲོས་པའི་ལེའུ་སྟེ་བརྒྱ་དང་དགུ་པའོ།། །།དེ་ནས་དབང་ཆེན་འདུས་པ་ཆེན་པོས་བཀའ་སྩལ་པ། ཕྱག་ན་རྡོ་རྗེ་ལ་སོགས་ཉོན། །དཀྱིལ་འཁོར་གྲུ་བཞི་ལྷམ་པ་ལ། །དབུས་སུ་ཕོ་བྲང་ཟླུམ་པོར་བསྐོར། །མཐའ་མ་འཁོར་ལོ་རྩིབས་བཅུ་པ། །གྲུ་ཆད་གྲུ་བཞི་སྒོ་དང་བཅས། །མཐའ་མ་མེ་རིས་བསྐོར་བ་སྟེ། །དབང་ཆེན་ཐུགས་ཀྱི་དཀྱིལ་འཁོར་རོ། །དབུས་ནི་ཟླ་གམ་སྒོ་གཅིག་པ། །ཐ་མ་པདྨ་འདབ་མ་བརྒྱད། །གྲུ་ཆད་གྲུ་བཞི་སྒོ་བཏོད་པ། །དེ་མཐའ་གྲུ་བཞིར་བྱས་པ་ནི། །དབང་ཆེན་གསུང་གི་དཀྱིལ་འཁོར་རོ། །དབུས་ནི་ཟླུམ་པོ་དང་ལྡན་པ། །མཐའ་མ་རེ་ཆ་དགུར་གསལ་བ། །གྲུ་བཞི་སྒོ་དང་ཁྱུད་ལྡན་པ། །དབང་ཆེན་སྐུ་ཡི་དཀྱིལ་འཁོར་རོ། །གྲུ་བཞི་ལྷམ་པའི་དཀྱིལ་འཁོར་ལ། །མཐའ་མ་རིན་ཆེན་འབུར་དོད་པ། །དེ་མཐའ་གྲུ་བཞི་སྒོ་དང་བཅས། །དབང་ཆེན་ཡོན་ཏན་དཀྱིལ་འཁོར་རོ། །དབུས་ནི་གྲུ་བཞི་ལྷམ་པ་ལ། །གྲྭ་ལ་ཟླ་གམ་རེ་རེ་བཅད། །ཞལ་བཞི་ཕྱི་ལ་བཏོད་པ་ནི། །དབང་ཆེན་འཕྲིན་ལས་དཀྱིལ་འཁོར་


DNG017_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །དབུས་ནི་ཟླ་གམ་གྲུ་གསུམ་ལ། །ཐ་མ་ཟླ་གམ་བཞིས་བསྐོར་བ། །དབང་ཆེན་བརྟུལ་ཞུགས་དཀྱིལ་འཁོར་རོ། །དཀྱིལ་འཁོར་གྲུ་བཞི་ལྷམ་པ་ལ། །དབུས་སུ་ཟླ་གམ་སྒོ་སྤྲོད་བྱ། །ཐ་མ་གྲུ་གསུམ་བརྒྱད་ཀྱིས་བསྐོར། །གྲུ་བཞི་སྒོ་དང་བཅས་པ་ནི། །ཁྱི་བརྒྱད་དཀྱིལ་འཁོར་བསྟན་པ་ཡིན། །དབུས་ནི་གྲུ་གསུམ་འབར་བ་ལ། །མཐའ་མ་འཁོར་ལོ་རྩིབས་བརྒྱད་ལ། །རྩིབས་རེའི་ནང་དུ་ཟླ་གམ་རེ། །དབུས་སུ་དབང་ཆེན་འདུས་པ་སྟེ། །ཟླ་གམ་རེ་ལ་སྤྱང་མོ་རེ། །གྲུ་ཆད་གྲུ་བཞི་སྒོ་དང་བཅས། །དེ་ལྟར་གསལ་བའི་དཀྱིལ་འཁོར་ནི། །སྤྱང་བརྒྱད་དཀྱིལ་འཁོར་བསྟན་པ་ཡིན། །དབུས་ནི་ཟླུམ་པོ་ཕོ་བྲང་བཅས། །དེ་ཡི་ཕྱི་རིམ་དག་ལ་ནི། །འཁོར་ལོ་རྩིབས་ནི་ལྡན་པ་ལ། །ཚོམ་བུ་ལྔ་རུ་བཤད་པ་ལ། །དབུས་ནི་དབང་གི་རྒྱལ་པོ་ཡིན། །ཤར་གྱི་ཕོ་བྲང་དག་ལ་ནི། །དེ་ལ་འཁོར་ལོ་བརྒྱད་དུ་བྱ། །ལྷོ་རུ་འཁོར་ལོ་བརྒྱད་དུ་བྱ། །དེ་བཞིན་ནུབ་དང་བྱང་ལ་བརྒྱད་བརྒྱད་བྱ། །ཚོམ་བུ་བཞི་ལ་འཁོར་ལོ་རྩིབས་ནི་སུམ་ཅུ་གཉིས། །དེ་ལ་ལོང་བ་རེ་རེ་དགོད། །སྒོ་བ་ཁྲོ་བོ་བཞི་ཡིས་བྱ། །དམུས་ལོང་གསང་བའི་དཀྱིལ་འཁོར་རོ། །དབུས་སུ་ཟླུམ་པོ་བསྐོར་བ་ལ། །ཐ་མ་རྩིབས་བརྒྱད་ལྡན་པ་དང་། །གྲུ་བཞི་སྒོ་དང་སྒོ་ཁྱུད་ལྡན། །གསང་བ་ཡུམ་བཞི་སྤྲུལ་པ་བརྒྱད། །དེ་ལ་བཀོད་པ་སྒྲུབ་པ་སྟེ། །ཡུམ་བཞི་གསང་བའི་དཀྱིལ་འཁོར་ཡིན། །དཀྱིལ་འཁོར་གྲུ་བཞི་ལྷམ་པ་ལ། །ཁྲག་གི་ཟླ་གམ་བཅོ་བརྒྱད་བྱ། །ཁྲག་གི་མ་མོའི་དཀྱིལ་འཁོར་ཡིན། །དཀྱིལ་འཁོར་གྲུ་གསུམ་འབར་བ་ལ། །ཐ་མ་པདྨ་ཟླ་གམ་བཅུ་གསུམ་བྱ། །སྒོ་དང་སྒོ་ཁྱུད་བཅས་པ་སྟེ། །དབུས་སུ་དབང་གི་རྒྱལ་པོ་དགོད། །ཟླ་གམ་རེ་ལ་རྩ་ཁྲོ་མ་མོ་རེ། །སྒོ་བ་དང་བཅས་དེ་བཞིན་ནོ། །དེ་ནི་རྩ་ཁྲོ་མ་མོའི་དཀྱིལ་འཁོར་ཡིན། །དཀྱིལ་འཁོར་གྲུ་བཞི་ལྷམ་པ་ལ། །འཁོར་ལོ་རྩིབས་ནི་དྲུག་པ་བྱ། །དབུས་


DNG017_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཟླ་གམ་རེ་རེ་བྱ། །དབུས་སུ་དབང་གི་རྒྱལ་པོ་སྟེ། །ཟླ་གམ་རེ་ལ་ཁམ་རྒྱ་རེ། །སྒོ་བ་དང་བཅས་བཀོད་པ་ནི། །ཁམ་རྒྱ་དྲུག་གི་དཀྱིལ་འཁོར་རོ། །གྲུ་བཞི་ལྷམ་པའི་དཀྱིལ་འཁོར་ལ། །དབུས་སུ་ཟླུམ་པོ་ཚོམ་བུ་དང་། །ཐ་མ་ཟླ་གམ་དྲུག་བསྐོར་བ། །གོ་ལ་དྲུག་གི་དཀྱིལ་འཁོར་ཡིན། །དབུས་སུ་པདྨ་འདབ་བརྒྱད་ལ། །ཐ་མ་རིན་ཆེན་འབར་བ་བརྒྱད། །སྒོ་དང་སྒོ་ཁྱུད་བཅས་པ་ནི། །རྒྱལ་མོ་ཛ་ཏི་དཀྱིལ་འཁོར་ཡིན། །ཐིག་བཞི་བཏབ་པའི་རེ་ཆ་དགུ། །ཐ་མ་འཁོར་ལོ་རྩིབས་བཅུ་གསུམ། །སྒེག་མོ་རལ་གཅིག་དཀྱིལ་འཁོར་ཡིན། །དབུས་སུ་ཟླ་གམ་འབུར་བ་ལ། །ཕྱོགས་བཞི་གྲུ་གསུམ་བཞི་བྱས་པ། །མགོ་བརྩེགས་ཁྲོ་བོའི་དཀྱིལ་འཁོར་ཡིན། །དཀྱིལ་འཁོར་དེ་རྣམས་བསྟན་པ་ནི། །དམིགས་ཀྱི་དཀྱིལ་འཁོར་བཅུ་བདུན་ཡིན། །གོང་གི་དཀྱིལ་འཁོར་དགུ་པོ་ནི། །རྒྱན་གྱི་དཀྱིལ་འཁོར་བསྟན་པ་ཡིན། །བདུད་རྩི་ཆེན་པོའི་དཀྱིལ་འཁོར་དང་། །དབང་དང་ཚེ་ལ་སོགས་པ་ཡི། །རྩལ་གྱི་དཀྱིལ་འཁོར་བརྒྱད་ཅུ་ཡིན། །ཞེས་གསུངས་སོ། །དཀྱིལ་འཁོར་དེ་ཡི་རིམ་པ་ལ། །ཕྱི་དང་ནང་དང་གསང་བ་དང་། །དེ་བཞིན་རིམ་པར་བགྲང་བར་བྱའོ། །དཀྱིལ་འཁོར་ས་གཞི་བརྟག་པ་དང་། །ལས་དང་བྱ་བས་སྦྱང་བ་དང་། །ཏིང་ངེ་འཛིན་གྱིས་སྦྱང་བ་དང་། །རོ་ལྔ་བསལ་དང་བརྟག་པར་བྱ། །ག་དར་དང་ནི་བྱི་དོར་དང་། །ཆག་ཆག་དང་ནི་ཐིག་གདབ་དང་། །ཚོན་རྣམས་བྱིན་བརླབས་བྲི་བ་ཡིན། །དགེ་བའི་རིམ་པ་མ་ནོར་བྱ། །ཕོ་བྲང་ནས་ནི་དམར་པོ་དགྱེ། །དེ་ལྟར་རིམ་པར་ལྡན་པར་བྱ། །སྐུ་འམ་གསུང་དང་ཕྱག་རྒྱ་ཐུགས། །དེ་ལ་བཀོད་ལ་རིམ་པས་དགོད། །དེ་ལ་གཉིས་མེད་བསྡིམ་པར་བྱ། །དེ་ལྟར་ལས་རྣམས་རྫོགས་པར་བྱ། །རྟ་མཆོག་རོལ་པའི་ཏནྟྲ་ལས། དཀྱིལ་འཁོར་སྤྲོས་པའི་ལེའུ་སྟེ་བརྒྱ་དང་བཅུ་པའོ།། །།དེ་ནས་བཅོམ་ལྡན་འདས་དབང་གི་རྒྱལ་པོ་དེས། མཉམ་པའི་ཏིང་ངེ་འཛིན་ལ་ཞུགས་སོ། །


DNG017_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཏིང་ངེ་འཛིན་དེ་ལས་བཞེངས་ནས། འདི་སྐད་ཅེས་གསུངས་སོ། །དམན་པ་རྣམས་ནི་དོན་དང་འཕྲད་པའི་ཕྱིར། །རྒྱན་གྱི་དབང་རྣམས་བསྐུར་བར་བྱ། །བདུད་དང་སྲིན་པོ་དྲེགས་པ་ཐམས་ཅད་དང་། །གདུག་པའི་ནད་དང་གཅན་གཟན་ཁྲོ་བོ་དང་། །འབྱུང་པོ་མ་རུངས་གཟའ་དང་བྱད་སྟེམས་དང་། །གདོན་དང་མ་མོ་ཤ་ཟ་མཁའ་འགྲོ་མ། །ཟིལ་གྱིས་མནན་ཅིང་མི་ཚུགས་བྱ་བའི་ཕྱིར། །གདུག་པ་འདུལ་རྟགས་རྟ་མགོ་ལྔས་དབང་བསྐུར། །དབང་གི་རྟ་མགོ་ཕྲིན་ལས་མགྱོགས་པའི་མཐུ། །ཡེ་ཤེས་མྱུར་མགྱོགས་ཤེས་རབ་ཕ་རོལ་ཕྱིན། །དོན་ལས་མ་ཉམས་གདུག་པ་སོ་སོར་འདུལ། །བདུད་དང་སྲིན་པོ་ཀླུ་གཉན་ཚར་བཅད་ནས། །ཡེ་ཤེས་ཆེན་པོའི་ངང་དུ་སྦྱོར་བྱེད་པ། །རྟ་མགོ་ལྔ་ཡིས་དབང་བསྐུར་བས། །ཐམས་ཅད་དབང་དུ་བསྡུ་བའི་དབང་ཐོབ་ཤོག །ཨོཾ་ཛྙཱ་ན་ཧྲི་བ་ཡ་ཀྲོ་བི་ཤ་ཧ་ནེ་ཧཱུཾ་སུམ་བྷ་ཧཱུཾ་ཨཱ། ཆོས་ལོངས་སྤྲུལ་སྐུའི་དབང་བསྐུར་མཚོན་པའི་ཕྱིར། །ཐོད་པ་ཚར་གསུམ་གྱིས་དབང་བསྐུར་བར་བྱ་སྟེ། ཧཱུཾ་དུང་ཆེན་རང་བཞིན་སྒྱུ་མའི་ཁོང་སེང་ལ། །ཡུལ་དྲུག་དབང་པོ་སྟོང་གི་རྒྱན་དུ་ཆེ། །དཀར་ལ་འཚེར་བས་སངས་རྒྱས་ཀུན་དང་སྦྱོར། །ཆོས་ཀྱི་སྐུ་ལས་མ་གཡོས་དཀར་བ་སྟེ། །སངས་རྒྱས་རྟགས་ཆེན་སྐམ་པོ་ར་རི་ནི། །སྐལ་ལྡན་ཁྱོད་ལ་དེ་རིང་དབང་བསྐུར་བས། །སྐྱེ་མེད་ཆོས་སྐུའི་དབང་ནི་ཐོབ་པར་ཤོག །དྷརྨཱ་དྷཱ་ཏུ་ཨཱ། ར་རི་ལོངས་སྐུ་མཚོན་པའི་རྟགས། །འདས་དང་མ་བྱོན་ད་ལྟར་གྱི། །དེ་བཞིན་སངས་རྒྱས་ལོངས་སྐུར་ལྡན། །རྫོགས་པའི་རྟགས་ཀྱིས་དབང་བསྐུར་བས། །རྫོགས་ནས་འགྲོ་དོན་བྱེད་པར་ཤོག །དྷརྨ་ཏ་ཀ་ན་མ་ཨ་ཧཱུཾ། ཇི་ལྟར་མཐུན་པས་འདུལ་བ་ཡི། །སོ་སོ་རང་རང་ལས་སྐལ་འདུ། །སྤྲུལ་སྐུ་འབར་བས་དབང་བསྐུར་བས། །མི་འཇིགས་པ་ཡི་སྐུ་ཐོབ་ནས། །གདུག་པ་འདུལ་བའི་དབང་ཐོབ་ཤོག །དྷརྨཱ་དྷཱ་ཏུ་མ་ག་ཏ་ཡ་ཨཱ་ཧཱུཾ། ད་ནི་རྒྱན་གྱི་སྦྲུལ་གྱི་དབང་བསྐུར་བར་བྱ་སྟེ། ཧཱུཾ་སྦྲུལ་ཆེན་གདེངས་ཀ་དཔལ་གྱི་རྒྱན་དུ་ཆེ། །སྐུ་ལ་རྒྱན་དུ་མཛེས་


DNG017_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡབ་ཡུམ་གཉིས་ཀའི་རྒྱན། །ཀླུ་རྒྱལ་འབུམ་གྱིས་དབང་གི་སྒོ་སྲུང་སྟེ། །བཀྲ་ཤིས་གཡུང་དྲུང་རྒྱལ་ས་མི་སྟོངས་པར། །སྦྲུལ་ཆེན་བརྒྱད་ཀྱི་དབང་བསྐུར་ཐོབ་པར་ཤོག །ན་ཡ་ཧ་ཧཱུཾ་ཨ། ཐབས་ལ་མཁས་པའི་ཏིང་འཛིན་རོལ་པའི་རྟགས། །རྣོ་གདུག་ཞེན་པ་བཟློག་པ་བདུད་ཀྱི་དཔུང་བཞི་འཇོམས། །རྒྱལ་བའི་རྟགས་སུ་ན་བཟའ་ཆེན་པོ་གསོལ། །འཇིགས་པ་མེད་པའི་རྟགས་སུ་རྡོ་རྗེའི་གོ་རུ་གཏམས། །རྡོ་རྗེ་གོ་ཆས་དབང་བསྐུར་བས། །ཅིས་ཀྱང་མི་ཤིགས་དབང་ཐོབ་ཤོག །བཛྲ་ལིང་ཀ་ཡེ་ཧཱུཾ། ད་ནི་གསུང་དག་པ་ཞིང་ལྤགས་ཀྱི་དབང་བསྐུར་ཏེ། གསུང་མཆོག་ཐབས་དང་ལྡན་པའི་རྟགས་མཚོན་པ། །གསུང་རབ་ཡན་ལག་དོན་ལ་མ་ཉམས་བརྡས་མཚོན་ནས། །བརྗིད་ཆེན་ཞིང་ལྤགས་དབང་བསྐུར་བས། །ཐབས་ཀྱི་ཕ་རོལ་ཕྱིན་པའི་དབང་ཐོབ་ཤོག །བཾ་ཏཱིཀྵྞཱ་མཎྜ་ལ་ཨ། ད་ནི་གླང་ཆེན་པགས་པས་དབང་བསྐུར་ཏེ། །བདེ་བ་ཆེན་པོའི་སྐུ་མཚོན་ཕྱིར། །བརྗིད་ཆེན་དབང་སྡུད་སྟོབས་དང་ལྡན། །སྐུ་ཡི་ཕྲིན་ལས་རྫོགས་པའི་ཕྱིར། །གླང་གི་པགས་པས་དབང་བསྐུར་བས། །སྟོབས་ཀྱི་ཕ་རོལ་ཕྱིན་པའི་དབང་ཐོབ་ཤོག །ཧ་ཧི་པི་པ་ཤ་ཧཱུཾ་ཕཊ། དེ་ནས་སྟག་གི་པགས་པས་དབང་བསྐུར་ཏེ། །གདུག་ལ་སོ་སོར་མ་ལུས་འདུལ་བ་ཡི། །དཔའ་བར་འགྲོ་བ་ན་བཟའ་རྒྱན་གྱིས་བཀླུབས། །དྲག་པོའི་ལས་ཀྱིས་མ་ལུས་འཇོམས་པ་ཡི། །སྟག་གི་པགས་པས་དབང་བསྐུར་བས། །སྨོན་ལམ་ཕ་རོལ་ཕྱིན་པའི་དབང་ཐོབ་ཤོག །བཾ་ཏི་བྱཱ་གྲི་ཀ་བི་ཧ་ཧཱུཾ་ཕཊ། ད་ནི་བསེ་ཁྲབ་སྨུག་པོས་དབང་བསྐུར་བ། །སྲ་མཁྲེགས་རོལ་པའི་རྫུ་འཕྲུལ་མངའ་བརྙེས་པ། །ན་བཟའ་བརྗིད་འབར་རོལ་པ་སྐུ་ཡི་རྒྱན་དུ་ཆེ། །བསེ་ཁྲབ་སྨུག་པོའི་དབང་ནི་བསྐུར་བྱས་པས། །ཚུལ་ཁྲིམས་ཕ་རོལ་ཕྱིན་པའི་དབང་ཐོབ་ཤོག །ཧེ་ད་རེ་པ་ཤ་ཧཱུཾ། རྣོ་གདུག་ཟློག་བྱེད་ལྕགས་ཀྱི་དབང་བསྐུར་བས། །འབུམ་བྱེ་སྔོན་མོ་ལྕགས་ཀྱི་ཁྲབ། །མི་ཤིགས་མཚོན་གྱིས་དེ་ལ་མིན། །འབུམ་བྱེ་


DNG017_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཡི་དབང་བསྐུར་བས། །བསམ་གཏན་ཕ་རོལ་ཕྱིན་པའི་དབང་ཐོབ་ཤོག །རཏྣ་པུ་ནེ་ཧཱུཾ། དེ་ནས་གཟིག་ལྤགས་ཀྱིས་དབང་བསྐུར་བར་བྱ་སྟེ། དོན་ཕྱིར་ཆགས་དང་ཆགས་གཞན་འཇོམས། །གདུག་པ་མ་ལུས་ཚར་གཅད་ཕྱིར། །གཅན་གཟན་རྒྱལ་པོ་གཏུམ་པ་གཟིག་གི་རྒྱལ། །རྟགས་ཀྱི་ཐིག་ལེ་འདི་ཡི་དབང་བསྐུར་བས། །སྦྱིན་པའི་ཕ་རོལ་ཕྱིན་པའི་དབང་ཐོབ་ཤོག །བ་ར་ནི་ར་ས་ཡ། དེ་ནས་དར་གྱི་རྒྱན་གྱིས་དབང་བསྐུར་བར་བྱ་སྟེ། ཧཱུཾ་མཐིང་ནག་ལེ་བརྒན་ཤུ་ཀན་དར་གྱི་རྒྱན། །ཆོས་སྐུ་འགྱུར་མེད་ཤེས་བྱ་ཐོགས་མེད་པའི། །མཐིང་ནག་ལེ་བརྒན་དར་གྱི་དབང་བསྐུར་བས། །ཤེས་རབ་ཕ་རོལ་ཕྱིན་པའི་དབང་ཐོབ་ཤོག །པྲཛྙཱ་དྷ་ར་མ་དྷཱ་ཏུ་ཨཱ། ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། རྒྱན་དང་ན་བཟས་དབང་བསྐུར་བའི་ལེའུ་སྟེ་བརྒྱ་དང་བཅུ་གཅིག་པའོ།། །།དེ་ནས་ཡང་སྟོན་པས་དབང་བསྐུར་བའི་ལས་འདི་བཀའ་སྩལ་ཏོ། །བྱང་ཆུབ་སེམས་ཀྱི་ཕ་རོལ་ཕྱིན་པ་བཅུའི་དབང་བསྐུར་བ། མཐར་ཐུག་པ་གསང་བ་བྱང་ཆུབ་སེམས་ཀྱི་དབང་བསྐུར་བ། སེམས་བསྐྱེད་སྔོན་དུ་འགྲོ་བ་ཕ་རོལ་ཕྱིན་བཅུའི་དབང་བསྐུར་བ་དང་གསུམ་མོ། །མཐར་ཐུག་བྱང་ཆུབ་སེམས་ཀྱི་དབང་བསྐུར་བ་ནི། །བྱང་སེམས་ཡབ་ཡུམ་བརྡས་བསྐུལ་བ། །བདེ་བ་སྐྱེ་བའི་བར་ནི་མ་ཆད་པ། །འདྲེན་དང་བསྐུལ་དང་དགའ་བ་ཉི་ཤུ་གཅིག །ས་ཡི་དོན་དང་ལྡན་པའི་དུས། །འཕྲུལ་གྱིས་ཕྱི་མ་བླངས་པའི་ཚེ། །དེ་ལ་སྦྱིན་དང་བསྐྱེད་བྱས་ལ། །སྦྱིན་དཀར་གཉིས་མེད་བགྲོད་དོན་དབང་། །ངེས་པར་ལྡན་པས་གསལ་བྱས་ལ། །གསལ་བའི་བསྐུལ་བ་འདི་བརྗོད་ན། །ངེས་པའི་དོན་དང་ཕྲད་པར་ངེས། །ངེས་པར་ལྡན་པས་གསལ་བྱས་ལ། །དེ་བཞིན་གཤེགས་ཀུན་ངོ་བོར་གྱུར། །རིང་བ་མ་ཡིན་ཉེ་བ་མིན། །དེ་ལ་གསལ་དབང་འདི་ཡིས་བསྐུར། །བྱང་སེམས་ཆོས་ཀྱི་སྦྱིན་པ་གཏོང་། །དེ་ལ་རྫོགས་པས་མཐར་ཐུག་གསལ། །སྦྱིན་


DNG017_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕ་རོལ་ཕྱིན་པའི་དབང་ཐོབ་ཤོག །བྱང་ཆུབ་སེམས་ནི་ཚུལ་ཁྲིམས་ལྡན། །ཚུལ་དང་ཁྲིམས་ནི་འབྲས་བུ་གནས། །ཚུལ་ཁྲིམས་ཕ་རོལ་ཕྱིན་པའི་དབང་ཐོབ་ཤོག །བྱང་ཆུབ་སེམས་ནི་བཟོད་པའི་དབང་། །སེམས་ཀྱི་ངོ་བོར་ཀུན་ཀྱང་བཟོད། །བཟོད་པ་སེམས་ཀྱི་ངང་ལ་གནས། །བཟོད་པའི་ཕ་རོལ་ཕྱིན་པའི་དབང་ཐོབ་ཤོག །བྱང་ཆུབ་སེམས་ནི་བརྩོན་འགྲུས་ཆེ། །བརྩོན་ལ་འགྲུས་པ་ཡེ་ཤེས་ཆེ། །བརྩོན་འགྲུས་ཕ་རོལ་ཕྱིན་པའི་དབང་ཐོབ་ཤོག །བྱང་ཆུབ་སེམས་ནི་བསམ་པ་གཏན། །བསམ་མེད་ངང་ལ་གནས་ཏེ་ཕ་རོལ་ཕྱིན། །བསམ་གཏན་ཕ་རོལ་ཕྱིན་པའི་དབང་ཐོབ་ཤོག །བྱང་ཆུབ་སེམས་ནི་ཤེས་རབ་ཆེ། །ཤེས་རབ་ཡེ་ཤེས་གཏིང་དཔག་དོན། །གཉིས་མེད་རོལ་པ་བདེ་བའི་མཆོག །ཤེས་རབ་ཕ་རོལ་ཕྱིན་པའི་དབང་ཐོབ་ཤོག །བྱང་ཆུབ་སེམས་ནི་སྟོབས་པོ་ཆེ། །མི་འགྱུར་ཆོས་ཉིད་དག་པ་ལ། །རྟོག་མེད་རྟོགས་པ་དེ་ཉིད་སྟོབས་དང་ལྡན། །སྟོབས་ཀྱི་ཕ་རོལ་ཕྱིན་པའི་དབང་ཐོབ་ཤོག །ཐབས་དང་ཤེས་རབ་འདྲེལ་བས་ན། །ཤེས་རབ་སྔོན་དུ་ཐབས་སོང་ནས། །བྱང་ཆུབ་སེམས་ནི་ཐབས་ཀྱི་དོན་མཐོང་བ། །ཐབས་ཀྱི་ཕ་རོལ་ཕྱིན་པའི་དབང་ཐོབ་ཤོག །བྱང་ཆུབ་སེམས་ནི་སྨོན་པའི་ལམ། །སྨོན་ལམ་དག་པ་ཆོས་ཉིད་དོན། །སྨོན་ལམ་ཕ་རོལ་ཕྱིན་པའི་དབང་ཐོབ་ཤོག །བྱང་ཆུབ་སེམས་ནི་སྙིང་རྗེ་ཆེ། །སྙིང་རྗེའི་ལམ་མཆོག་ཆོས་ཉིད་དོན། །སྙིང་རྗེ་ཕ་རོལ་ཕྱིན་པའི་དབང་ཐོབ་ཤོག །མ་བགྲོད་ལམ་ལ་ཕ་རོལ་ཕྱིན། །ཅི་ལ་མ་གཡོས་ཐམས་ཅད་སྣང་། །ཕ་རོལ་ཕྱིན་བཅུ་ཡེ་ཤེས་དབང་ཐོབ་ཤོག །བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཨ་ཨ་ཨ་ཧཱུཾ། རྟ་མཆོག་རོལ་པའི་ཏནྟྲ་ལས། གསང་བ་ཤེས་རབ་ཡེ་ཤེས་ཀྱི་བྱང་ཆུབ་སེམས་ཕ་རོལ་ཏུ་ཕྱིན་པ་བཅུའི་དབང་གི་ལེའུ་སྟེ་བརྒྱ་དང་བཅུ་གཉིས་པའོ།། །།དེ་ནས་ཡང་ཕྱག་ན་རྡོ་རྗེས། བཅོམ་ལྡན་འདས་དབང་གི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་དབང་ཆེན་ཀུན་འདུས་ཆེ། །དབང་གི་རྒྱལ་


DNG017_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དབང་རྒྱལ་ཆེ། །དབང་གི་དོན་རྣམས་དེ་ལྟར་ན། །རྫོགས་པའི་དབང་རྣམས་བདག་ཉན་འཚལ། །ཀུན་འདུས་རྒྱལ་པོས་བཀའ་སྩོལ་ཅིག །ཅེས་གསོལ་ཏོ། །དེ་ནས་དབང་གི་རྒྱལ་པོ་དེས། གསོལ་བའི་དོན་ཐུགས་སུ་ཆུད་ནས། འདི་སྐད་ཅེས་བཀའ་སྩལ་ཏོ། །སྤོབས་པ་ཕྱག་ན་རྡོ་རྗེ་ཉོན། །རྫོགས་པའི་དབང་རྣམས་བཤད་པར་བྱ། །དབང་གི་གྲངས་ནི་དེ་བཞིན་ཏེ། །རྫོགས་པའི་དབང་ཞེས་བྱ་བ་ནི། །ཡེ་ཤེས་ལྔ་ཡི་དབང་ཡིན་ཏེ། །ལྔ་ལ་མ་འདུས་གཅིག་ཀྱང་མེད། །ཡེ་ཤེས་ལྔ་ཡི་དབང་བསྐུར་བ། །སངས་རྒྱས་ལྔ་ཡང་དེ་ཉིད་དོ། །འོག་མིན་གནས་ཀྱང་དེ་ཉིད་དོ། །ཆོས་ཀྱི་སྐུ་ཡང་དེ་ཉིད་དོ། །བདེ་གཤེགས་ཀུན་བཟང་དེ་ཉིད་དོ། །ཧཱུཾ་བྱང་ཆུབ་སེམས་ལ་གཡོས་པ་མེད། །གསལ་ལ་དག་པ་ཆོས་ཀྱི་སྐུ། །སྣང་ལ་རང་བཞིན་མེད་པ་སྟེ། །མེ་ལོང་ཡེ་ཤེས་དབང་ཐོབ་ཤོག །ཆོས་རྣམས་སྟོང་པའི་ངོ་བོ་ལ། །ངང་ལས་མ་གཡོས་ཡེ་ཤེས་མཐོང་། །སྟོང་པ་གསལ་བ་ཆོས་ཀྱི་སྐུ། །སྟོང་ཉིད་ཡེ་ཤེས་དབང་ཐོབ་ཤོག །སྟོང་དང་གསལ་བར་སྣང་བ་དང་། །གཉིས་མེད་ངང་ལ་གནས་པ་ཀུན། །ཇི་ལྟར་སྣང་ཡང་སེམས་དང་མཉམ། །མཉམ་ཉིད་ཡེ་ཤེས་དབང་ཐོབ་ཤོག །ཆོས་ཉིད་མ་གཡོས་དབུ་མ་སྟེ། །མཁས་རིགས་རྣམས་ནི་སོ་སོར་རྟོག །གསལ་ལ་མ་འདྲེས་བྱང་ཆུབ་སེམས་ཉིད་དང་། །སོར་རྟོག་ཡེ་ཤེས་དབང་ཐོབ་ཤོག །ཆོས་རྣམས་སོ་སོར་གང་བསྟན་ཀྱང་། །མཉམ་ཉིད་ངང་ལ་གནས་པ་ཡིས། །བྱ་རྩོལ་ཐམས་ཅད་བསམ་མེད་ངང་དུ་འདུས། །བྱ་བ་ནན་ཏན་ཡེ་ཤེས་དབང་། །དེ་ལྟར་ཡེ་ཤེས་རྣམ་ལྔའི་དབང་བསྐུར་བས། །ཡེ་ཤེས་ལྔ་ཡི་དབང་ཐོབ་ཤོག །དབང་རྣམས་ཐམས་ཅད་དེར་འདུས་ཏེ། །དུས་གསུམ་བདེ་གཤེགས་ཀུན་གྱི་དབང་། །དེས་དབང་ཐམས་ཅད་རྫོགས་པ་ཡིན། །དེ་ལྟར་དབང་བསྐུར་འབྲས་བུ་འཐོབ། །ཅེས་གསུངས་སོ། །རྟ་མཆོག་རོལ་


DNG017_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཏནྟྲ་ལས། ཡེ་ཤེས་ལྔ་ཡི་དབང་བསྐུར་བ་བསྟན་པའི་ལེའུ་སྟེ་བརྒྱ་དང་བཅུ་གསུམ་པའོ།། །།དེ་ནས་དབང་གི་རྒྱལ་པོ་ཀུན་འདུས་དེས། འདི་སྐད་ཅེས་བཀའ་སྩལ་ཏོ། །སངས་རྒྱས་ཀུན་གྱི་གནས་ཆེན་པོ། །སྤྲུལ་པ་ཕྱག་ན་རྡོ་རྗེ་ཉོན། །ཚེ་དང་དབང་དང་དངོས་གྲུབ་ནི། །བར་ཆོད་བགེགས་ཀྱི་གླགས་མེད་པས། །དེ་མ་ཐག་ཏུ་བླང་བར་བྱའོ། །ཚེ་དང་ཡེ་ཤེས་དངོས་གྲུབ་རྟེན། །ཕུན་སུམ་ཚོགས་པར་བཀྲམ་པ་ལ། །སིདྡྷི་དངོས་གྲུབ་བླང་བར་བྱའོ། །ཧཱུཾ་སངས་རྒྱས་གསུང་དབྱངས་བསྒྲག་པ་ཡི། །གསུང་མཆོག་པདྨ་རིགས་ཀྱི་དངོས་གྲུབ་རྣམས། །ད་ནི་བླང་བའི་དུས་ལ་བབ། །བསྙེན་པའི་གྲངས་ཀྱང་དེང་ཚང་ངོ་། །སྒྲུབ་པའི་དུས་ཀྱང་དེང་ཡོལ་ལོ། །རིགས་མཆོག་གསང་བའི་ལྷ་རྣམས་ཀྱིས། །དངོས་གྲུབ་མཆོག་ནི་སྩལ་རེ་རན། །དངོས་གྲུབ་དམ་པ་འདིར་སྩོལ་ཅིག །བཅོམ་ལྡན་དབང་གི་ཞིང་ཁམས་ན། །ཟླ་གམ་གདེངས་པའི་དཀྱིལ་འཁོར་ནས། །གསུང་དབྱངས་སྙན་པའི་སངས་རྒྱས་དང་། །ཐུགས་རྗེའི་བྱམས་མགོན་སྐྱབས་དག་གིས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །སངས་རྒྱས་ཀུན་གྱི་དངོས་གྲུབ་སྩོལ། །འགག་མེད་ཡེ་ཤེས་སྒྲས་མཚན་པས། །གསུང་མཆོག་པདྨ་རིགས་ཀྱི་དངོས་གྲུབ་སྩོལ། །སངས་རྒྱས་སྐུ་ཡི་དངོས་གྲུབ་སྩོལ། །རྣམ་པར་སྣང་མཛད་སྐུ་ཡི་མཆོག །རྣམ་དག་སྐུ་ཡི་དངོས་གྲུབ་སྩོལ། །སངས་རྒྱས་ཐུགས་ཀྱི་དངོས་གྲུབ་སྩོལ། །རྡོ་རྗེ་སེམས་དཔའ་ཐུགས་ཀྱི་མཆོག །ཐུགས་ཀྱི་དངོས་གྲུབ་འདིར་སྩོལ་ཅིག །སངས་རྒྱས་ཡོན་ཏན་དངོས་གྲུབ་སྩོལ། །རིན་ཆེན་འབྱུང་ལྡན་ཡོན་ཏན་མཆོག །ཡོན་ཏན་དངོས་གྲུབ་སྩལ་དུ་གསོལ། །སངས་རྒྱས་ཕྲིན་ལས་དངོས་གྲུབ་སྩོལ། །དོན་ཡོད་གྲུབ་པ་ཕྲིན་ལས་མཆོག །ཕྲིན་ལས་དངོས་གྲུབ་སྩལ་དུ་གསོལ། །རྒྱལ་བ་ཀུན་གྱི་ངོ་བོ་ཉིད། །བཅོམ་ལྡན་དབང་ཆེན་རྒྱལ་བའི་མཆོག །རིགས་ཆེན་གསང་བའི་བདག་པོ་ནི། །རིགས་བསྡུས་གསང་ཆེན་འདུས་པ་


DNG017_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ཆོས་སྐུ་གསལ་ལ་རྟོག་མེད་དངོས་གྲུབ་སྩོལ། །ཧཱུཾ་བདེ་གཤེགས་རྒྱལ་བ་མ་ལུས་ཏེ། །ཆོས་སྐུ་ཞི་བའི་ངང་ལས་སྐྱེ་བ་མེད་པ་ལས། །སྐྱེ་བ་གཟུགས་སྐུ་ཕྱག་རྒྱ་ཆེན་པོར་བཞུགས་པ་ཡི། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཡང་། །ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ། །ཡེ་ཤེས་དབྱིངས་ལས་འབར་བའི་སྐུར་བསྟན་པ། །རྟ་མགྲིན་རྒྱལ་པོ་འཁོར་བཅས་ཀྱང་། །ཚེ་དང་ཡེ་ཤེས་ཚོགས་པའི་དངོས་གྲུབ་སྩོལ། །རིགས་པ་ཐུགས་ཀྱི་གཞལ་ཡས་སུ། །ཉི་ཟླ་འོད་ཀྱི་གདན་སྟེང་ན། །ཡེ་ཤེས་སེམས་དཔའི་ཐུགས་ཀའི་གནས། །འཕྲོ་འདུ་དགོངས་པ་ཚང་ལགས་ཀྱི། །འབུམ་ཕྲག་ཏིང་འཛིན་སྤྱོད་པའི་དངོས་གྲུབ་སྩོལ། །ཐུགས་མཆོག་ཞི་བའི་ངང་ལས་མ་གཡོས་ཀྱང་། །འབར་བའི་ཆ་ལུགས་བཞུགས་པ་སྟེ། །ཁྲག་འཐུང་རོལ་པའི་ཕྱག་རྒྱ་འབར་བའི་ཚོགས། །འགྲོ་བ་འདུལ་བའི་ལྷ་དང་ལྷ་མོའི་ཚོགས། །ཁམས་གསུམ་དབང་དུ་བསྡུས་ནས་ཞི་བའི་དངོས་གྲུབ་སྩོལ། །ཚེ་དང་ཡེ་ཤེས་བྱང་ཆུབ་མཆོག་གི་དངོས་གྲུབ་སྩོལ། །གདུག་པའི་ཚོགས་རྣམས་མ་ལུས་ཀུན་བཏུལ་ནས། །བདུད་ལས་རྒྱལ་བའི་རྒྱལ་ཐབས་བདུད་རྩི་བསྣམས། །མཐུ་བྱིན་ལོངས་སྤྱོད་དངོས་གྲུབ་སྩལ་དུ་གསོལ། །ངན་སོང་གནས་རྣམས་མ་ལུས་བཏུལ་ནས་ཀྱང་། །བྱང་ཆུབ་བདེ་བའི་གནས་ལ་འགོད་མཛད་པ། །གཉིས་མེད་བདེ་བའི་དངོས་གྲུབ་སྩལ་དུ་གསོལ། །དུར་ཁྲོད་འབར་བའི་ཆས་དང་རབ་ལྡན་པས། །དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་གདུག་པ་འདུལ། །རིག་པ་མཐུ་ཡི་དངོས་གྲུབ་སྩལ་དུ་གསོལ། །བྱང་ཆུབ་སེམས་ནི་རིག་པའི་གནས། །ཧཱུཾ་མཛད་ཆས་ལྡན་དུར་ཁྲོད་བརྒྱད་དང་ལྡན། །ཁྲག་འཐུང་རོལ་པའི་དངོས་གྲུབ་སྩལ་དུ་གསོལ། །བཀའ་ཡི་ཕོ་ཉ་ཐོགས་མེད་གདུག་པ་འདུལ་བའི་ཚོགས། །མྱུར་མགྱོགས་ལོངས་སྤྱོད་དངོས་གྲུབ་སྩལ་དུ་གསོལ། །ཡེ་ཤེས་བཞི་ལས་གདུག་པའི་སྐུ་སྤྲུལ་ནས། །ཕྲིན་ལས་རྒྱ་མཚོ་འགྲོ་དོན་མཐའ་རུ་ཕྱིན། །རིག་པའི་བརྟུལ་ཞུགས་ཉོན་མོངས་ཐ་བ་འཇོམས། །རྫུ་


DNG017_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲུལ་དྲག་པོས་གང་ལ་དེ་ཡི་ཕྲིན་ལས་སྟོན། །དོན་ལས་མི་ཉམས་བྱང་ཆུབ་སྙིང་པོར་གནས། །དེ་རིང་བརྟུལ་ཞུགས་མཐུ་ཡི་དངོས་གྲུབ་སྩོལ། །དབྱིངས་ལས་འབར་བའི་སྐུར་བསྟན་ནས། །མཁའ་འགྲོ་མི་བཟད་ལས་ཀྱི་མཐའ་སྡུད་པ། །ཅི་འདོད་ཕུན་སུམ་ཚོགས་པའི་དངོས་གྲུབ་སྩལ་དུ་གསོལ། །ཡེ་ཤེས་དབྱིངས་ལས་བསྐྱེད་པའི་མ་མོའི་ཚོགས། །ཐུགས་ཀྱི་ཕྲིན་ལས་སྣ་ཚོགས་མི་དམིགས་ཀྱང་། །གདུག་པ་འདུལ་ཕྱིར་མ་མོའི་སྐུ་སྤྲུལ་ནས། །ཕྲིན་ལས་མྱུར་མགྱོགས་ཕོ་ཉ་མང་པོ་འགུགས། །མཐུ་དང་རྩལ་གྱི་དངོས་གྲུབ་སྩལ་དུ་གསོལ། །ལས་ལས་གྲུབ་དང་མ་མོ་མཁའ་འགྲོ་དང་། །འཇིག་རྟེན་ནོར་དང་ལོངས་སྤྱོད་དང་། །ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས། །གང་ལ་དེས་འདུལ་ཚེ་ཡི་དངོས་གྲུབ་སྩོལ། །དག་པ་བྱང་ཆུབ་དངོས་གྲུབ་ཐོབ། །དགོས་པ་གང་ལ་གང་འདོད་པ། །ནོར་བུ་རིན་ཆེན་དཔེ་བཞིན་དངོས་གྲུབ་སྩོལ། །རྟ་མཆོག་རོལ་པའི་ཏནྟྲ་ལས། དབང་གི་ལྷ་རྣམས་ལ་དངོས་གྲུབ་སློང་བའི་ལེའུ་སྟེ་བརྒྱ་དང་བཅུ་བཞི་པའོ།། །།དེ་ནས་ཡང་དབང་གི་རྒྱལ་པོ་ཀུན་འདུས་ཀྱིས། དབང་གི་ལྷ་རྣམས་ལ། སྐོང་བའི་ལས་ཉམས་ཆག་བཤགས་པ་དང་། བསྐང་བ་འདི་གསུངས་སོ། །འདབ་ཆགས་ཀྱི་བྱ་དམར་སྒྲོ་དང་། ཤེལ་སྨུག་ཚོམ་ཁམ་དང་། དེ་ཡིས་ཐུགས་དམ་བསྐང་བ་སྟེ། །ཉམས་པ་ཆག་པ་བསྐང་བ་དང་། །དངོས་གྲུབ་དམ་པ་འཐོབ་པར་འགྱུར། །རྩ་བརྒྱད་སྟོང་ལས་སྦྱར་བའི་བདུད་རྩི་དང་། །རྡོ་རྗེའི་མདའ་མ་ཕོག་པའི་མངལ་ཁྲག་དང་། །ཐིག་ལེ་ཟགས་པའི་ཁྲག་ཆེན་དང་། །ཤ་ཁྲག་སྦྱར་བའི་གཏོར་མ་དང་། །རྒྱུ་མཆོག་དང་ནི་མཁའ་ལྡིང་དང་། །འདི་ཡིས་ཐུགས་དམ་བསྐངས་བྱས་པས། །པདྨ་རིགས་ཀྱི་ཐུགས་དམ་བསྐང་གྱུར་ཅིག །འདི་ཡི་ཡིད་དང་ཀུན་གཞི་ཡིས། །དབང་ཆེན་ཡབ་ཡུམ་ཐུགས་དམ་བསྐང་། །འདི་ཡིས་གསང་བའི་སྦུབས་ཁྲག་གིས། །རྟ་མགྲིན་རྒྱལ་པོའི་ཐུགས་དམ་བསྐང་། །འདི་ཡི་རྟོག་ཚོགས་བཞི་བཅུ་གཉིས། །རྡོ་རྗེ་དབྱིངས་ཀྱི་ཐུགས་


DNG017_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

དམ་བསྐང་། །འདི་ཡི་གཟུགས་ཀྱི་ཕུང་པོ་ཡིས། །རྣམ་པར་སྣང་མཛད་ཐུགས་དམ་བསྐང་། །འདི་ཡི་ཚོར་བའི་ཕུང་པོ་ཡིས། །རིན་ཆེན་འབྱུང་གནས་ཐུགས་དམ་བསྐང་། །འདི་ཡི་འདུ་ཤེས་ཕུང་པོ་ཡིས། །སྣང་བ་མཐའ་ཡས་ཐུགས་དམ་བསྐང་། །འདི་ཡི་འདུ་བྱེད་ཕུང་པོ་ཡིས། །དོན་ཡོད་གྲུབ་པའི་ཐུགས་དམ་བསྐང་། །འདི་ཡི་རྣམ་ཤེས་ཕུང་པོ་ཡིས། །རྡོ་རྗེ་སེམས་དཔའི་ཐུགས་དམ་བསྐང་། །འདི་ཡི་འབྱུང་བ་ལྔ་རྣམས་ཀྱིས། །སངས་རྒྱས་ཡུམ་ལྔའི་ཐུགས་དམ་བསྐང་། །འདི་ཡི་རྣམ་ཤེས་ཚོགས་བརྒྱད་ཀྱིས། །བྱང་ཆུབ་སེམས་དཔའ་བརྒྱད་ཀྱི་ཐུགས་དམ་བསྐང་། །འདི་ཡི་རྣམ་ཤེས་ཡུལ་བརྒྱད་ཀྱིས། །སེམས་མ་བརྒྱད་ཀྱི་ཐུགས་དམ་བསྐང་། །འདི་ཡི་ཡིད་དང་ཆོས་རྣམས་ཀྱིས། །ཀུན་བཟང་ཡབ་ཡུམ་ཐུགས་དམ་བསྐང་། །འདི་ཡི་ཉོན་མོངས་དྲུག་རྣམས་ཀྱིས། །བཅོམ་ལྡན་ཐུབ་དྲུག་ཐུགས་དམ་བསྐང་། །འདི་ཡི་རྟག་ཆད་བཞི་རྣམས་ཀྱིས། །སྒོ་བ་ཡབ་ཡུམ་ཐུགས་དམ་བསྐང་། །འདི་ཡི་འོད་ཕུང་ལྔ་པོ་ཡིས། །ཡེ་ཤེས་སེམས་དཔའི་ཐུགས་དམ་བསྐང་། །འདི་ཡི་ཕུང་ལྔ་གནས་གྱུར་པས། །ཁྲག་འཐུང་ཧེ་རུ་ལྔ་ཡི་ཐུགས་དམ་བསྐང་། །འདི་ཡི་འབྱུང་ལྔ་གནས་གྱུར་པས། །ཁྲག་འཐུང་ཡུམ་ལྔའི་ཐུགས་དམ་བསྐང་། །འདི་ཡི་རྣམ་ཤེས་ཚོགས་བརྒྱད་གནས་གྱུར་པས། །གཽ་རཱི་ཁྲོ་མོ་བརྒྱད་ཀྱི་ཐུགས་དམ་བསྐང་། །འདི་ཡི་ཡུལ་བརྒྱད་གནས་གྱུར་པས། །སིང་ཧ་ཕྲ་མེན་བརྒྱད་ཀྱི་ཐུགས་དམ་བསྐང་། །འདི་ཡི་རྟག་ཆད་བཞི་པོ་གནས་གྱུར་པས། །སྒོ་མ་བཞི་ཡི་ཐུགས་དམ་བསྐང་། །འདི་ཡི་གཞུང་བུ་ཉི་ཤུ་རྩ་བརྒྱད་ཀྱིས། །གསེར་གྱི་སེང་གེ་ཉི་ཤུ་རྩ་བརྒྱད་ཐུགས་དམ་བསྐང་། །འདི་ཡི་རྩིབ་མ་གཡས་གཡོན་གྱིས། །འགྲོ་བ་འདུལ་བའི་དཀྱིལ་འཁོར་ཐུགས་དམ་བསྐང་། །འདི་ཡི་གཤོག་པ་གཡས་གཡོན་གྱིས། །ཁམས་གསུམ་རྣམ་རྒྱལ་ཐུགས་དམ་བསྐང་། །འདི་ཡི་མདངས་ཆེན་བཞི་པོ་ཡིས། །གསང་བའི་ཡུམ་བཞིའི་ཐུགས་དམ་བསྐང་། །འདི་ཡི་རྩ་སྒོ་རྔུབས་ཆེན་གྱིས། །དུར་


DNG017_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོད་ཧཱུཾ་མཛད་ཆེན་པོའི་ཐུགས་དམ་བསྐང་། །འདི་ཡི་ལྟེ་བ་སྤྲུལ་པ་ཡིས། །ངན་སོང་སྦྱོང་བའི་དཀྱིལ་འཁོར་ཐུགས་དམ་བསྐང་། །འདི་ཡི་ནང་ཁྲོལ་ཤ་ཁྲག་གིས། །དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་ཐུགས་དམ་བསྐང་། །འདི་ཡི་བཅུད་ནི་བཞི་པོ་ཡིས། །བརྟུལ་ཞུགས་བཞི་ཡི་ཐུགས་དམ་བསྐང་། །འདི་ཡི་ཁྲག་བཅུད་སྙིང་མཆིན་གྱིས། །རྟ་ཡི་བརྟུལ་ཞུགས་ཐུགས་དམ་བསྐང་། །འདི་ཡི་བཅུད་རུས་རྐང་ཚིལ་གྱིས། །ཁྱི་ཡི་བརྟུལ་ཞུགས་ཐུགས་དམ་བསྐང་། །འདི་ཡི་སེམས་བཅུད་ཀླད་པ་ཡིས། །བྱ་ཡི་བརྟུལ་ཞུགས་ཐུགས་དམ་བསྐང་། །འདི་ཡི་ཤ་བཅུད་ཚིལ་བུ་ཡིས། །ཕག་གི་བརྟུལ་ཞུགས་ཐུགས་དམ་བསྐང་། །འདི་ཡི་ནང་ཁྲོལ་སྨད་ལྔ་ཡིས། །སྤྱང་མོ་བརྒྱད་ཀྱི་ཐུགས་དམ་བསྐང་། །འདི་ཡི་མཁར་བུ་བརྩིགས་པ་ཡིས། །ལོང་བ་རྒྱབ་འདྲེལ་སུམ་ཅུ་རྩ་གཉིས་ཐུགས་དམ་བསྐང་། །འདི་ཡི་ཁྲག་མཚོ་དྭངས་མ་ཡིས། །མཁའ་འགྲོ་མ་ཚོགས་ཐུགས་དམ་བསྐང་། །འདི་ཡི་ཡན་ལག་སྡེ་བཞི་ཡིས། །མགོ་བརྩེགས་ཁྲོ་བོའི་ཐུགས་དམ་བསྐང་། །འདི་ཡི་དྭངས་མ་འོད་ཆེན་དང་། །འདི་ཡི་ཙིཏྟ་སྲོག་སྦུག་གིས། །རྩ་ཁྲོ་མ་མོ་བཅུ་གསུམ་ཐུགས་དམ་བསྐང་། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། དབང་གི་ལྷ་རྣམས་ཐུགས་དམ་སྐོང་བའི་ལེའུ་སྟེ་བརྒྱ་དང་བཅོ་ལྔ་པའོ།། །།དེ་ནས་དབང་གི་རྒྱལ་པོས་བཀའ་སྩལ་པ། །དེ་ནས་དབང་གི་ཕུར་པ་བཤད་པར་བྱ། །ཡང་དག་སེམས་ཀྱི་ཕུར་པ་དེ། །གཞན་དུ་གདབ་པའི་གནས་མེད་པ། །རང་རིག་བྱང་ཆུབ་སེམས་ལ་གདབ། །བྱང་ཆུབ་སེམས་ཀྱི་ཕུར་པ་དེ། །སེམས་ཅན་མ་ལུས་དག་ལ་གདབ། །ཐབས་ཀྱི་རྡོ་རྗེ་ཕུར་པ་དེ། །བྷ་ག་ཡངས་པའི་དཀྱིལ་དུ་གདབ། །ཐུགས་ལས་བསྐྱེད་པའི་ཕུར་པ་དེ། །མཚན་མ་རྫས་ལ་བརྟེན་ཏེ་གདབ། །་ཏྲ་ནག་པོའི་སྙིང་ལ་གདབ། །ཕུར་པ་བསྐྱེད་པའི་རིམ་པ་ནི། །རིན་ཆེན་བྱུ་རུའི་ཕུར་པ་དེ། །སྟོད་ནི་ཁྲོ་བོའི་རང་བཞིན་ལ། །དབུ་ལ་རྟ་མགོ་ལྗང་གུ་


DNG017_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

འབར། །སྨད་ནི་ཟླ་གམ་དམར་པོ་སྟེ། །དབུ་ལ་རིགས་ལྔ་རྟ་མགོ་ལ། །ཁོང་སྟོད་དབང་ཆེན་དེར་གསལ་དང་། །ཕྱག་ནི་འགྲོ་འདུལ་ལྷ་རུ་གསལ། །གཡས་གཡོན་ཁམས་གསུམ་རྒྱལ་པོར་བསྐྱེད། །ཧཱུཾ་མཛད་དུར་ཁྲོད་སྨད་བརྒྱན་པ། །ཕྱག་ཀྱང་ཟླ་གམ་ཕུར་པ་འདྲིལ། །དུག་གསུམ་གཅད་ཅིང་གསད་པ་དང་། །ཁམས་གསུམ་གདར་ཤ་གཅད་པའི་ཕྱིར། །ཕུར་པ་གཟི་བརྗིད་བསྐྱེད་ཅིང་གདབ། །གསལ་བ་གསུམ་དང་ལྡན་པར་བྱ། །དུག་ལྔའི་རྩ་བ་ཁྲག་ཡིན་པས། །ཁྲག་ནི་འདོད་ཆགས་ཆེན་པོ་སྟེ། །འདོད་ཆགས་རྩད་ནས་གཅད་པའི་ཕྱིར། །དབང་གི་ཕུར་པས་གདབ་པར་བྱ། །ཐུགས་ཀྱི་སྤྲུལ་པ་ཧེ་རུ་བཞི། །གསལ་བར་བསྐྱེད་ཅིང་གདབ་པའོ། །དུག་ལྔ་རྩད་ནས་གཅད་པའི་ཕྱིར། །སྤྲུལ་པ་ཧེ་རུ་བཞིས་ཀྱང་གདབ། །བསྒྲལ་ནས་གདབ་དང་སླར་གསོ་བའོ། །ཨོཾ་པདྨ་ཀཱི་ལ་ཡ། ཨ་མོ་ཀཱི་ལ་ཡ། ཙ་ཙ་མ་མ་ཀཱི་ལི་ཀཱི་ལ་ཡ། ས་མ་ཡ་ཙིཏྟ་ལ་ཕཊ་རྦད་ཡ། དེ་ཡིས་ཐམས་ཅད་སྒྲོལ་བར་འགྱུར། །ལྷ་དང་ཀླུ་ཡང་དེ་དང་འདྲ། །དེ་ཡི་ལས་ཀྱིས་ཐམས་ཅད་དབང་དུ་བསྡུས་ཤིང་བསྒྲལ་བར་བསྟན་པའོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། དབང་གི་ཕུར་པ་གདབ་ཅིང་ལས་བྱ་བའི་ལེའུ་སྟེ་བརྒྱ་དང་བཅུ་དྲུག་པའོ།། །།དེ་ནས་དབང་གི་རྒྱལ་པོ་དེས། །སྦྱིན་སྲེག་ལས་རྣམས་བསྟན་པ་སྟེ། །དེ་ནས་ཡང་ནི་བཀའ་སྩལ་པ། །བསོད་ནམས་ཚོགས་ནི་བསགས་པ་དང་། །ཡང་ན་དམིགས་པ་གཏན་བཅོལ་ལས། །དེ་ཡི་ལས་སུ་སྦྱིན་སྲེག་བྱ། །རིགས་བཞི་ཡན་ལག་ཤེས་པ་དེས། །མེ་ཡི་ཐབ་ནི་བརྩིག་པར་བྱ། །མེ་ཐབ་བྱ་བའི་ལས་རིམ་ནི། །ཟླ་གམ་གདེངས་པའི་དཀྱིལ་འཁོར་བྱ། །དེ་མཐའ་ཟླུམ་པོར་བསྐོར་བའོ། །དེ་མཐའ་གྲུ་གསུམ་དག་ཏུ་བྱ། །ཐ་མ་གྲུ་བཞི་ལྷམ་པར་བྱ། །རྒྱ་ཤུག་དཀར་པོ་ཚེར་མ་ཅན། །དེ་ཡི་ནང་ནི་བརྫོངས་པ་ལ། །དེ་རུ་རྫས་སྣ་བཞི་པོ་དང་། །དབང་གི་རྫས་རྣམས་བསོག་པ་སྟེ། །དམིགས་


DNG017_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

པ་བརྟན་ཞིང་ལས་བྱ་ན། །དབང་དྲག་རྫས་ནི་ལིངྒར་བསྲེག །བསོད་ནམས་ཚོགས་སུ་བྱ་བ་ན། །འབྲས་དཀར་ཆན་དང་ཙནྡན་དང་། །ཞོ་དང་མར་ཁུ་མར་བཅུད་དང་། །འོ་མ་ཁྲེ་དང་བཅས་པ་ནི། །སྦྱིན་སྲེག་བྱ་བའི་ལྷ་ལ་འདུལ། །བསྟོད་དང་སྨོན་ལམ་གདབ་པར་བྱ། །དེ་ཡི་ལས་རིམ་སྦྱར་བས་ཤིས། །བྱ་ཐབས་དང་ནི་ཚིགས་རྣམས་དང་། །སྔགས་དང་ཕྱག་རྒྱ་སྭཱ་ཧཱ་ཤཱན་ཏིང་ངོ་། །དམིགས་པ་སྒྲོལ་ན་དབང་དང་བམ། །མཱ་ར་ཡ་ཁཱ་ཧི་རཾ་དང་བཅས་པ་ཡིན། །དེ་དང་ལྡན་པར་བསགས་ནས་སུ། །ཏིང་འཛིན་ལྡན་པས་སྦྱིན་སྲེག་བྱ། །ཧཱུཾ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་འབྱུང་པོ་ཆེ། །མེ་ལྷའི་རྒྱལ་པོ་དྲང་སྲོང་ཆེ། །འདིར་གཤེགས་བསྲེག་བླུག་མཆོད་པ་བཞེས། །དབང་གི་ཕྲིན་ལས་འགྲུབ་པར་མཛོད། །བཾ་ནི་བ་ཏ་དེ་བ་ཤཱན་ཏིང་ཀུ་རུ་ཤྲཱི་ཛ་ཛ། ལྷ་རྫས་བཟང་པོའི་མཆོད་པ་འདི་དག་ལ། །བྱིན་གྱིས་བརླབས་ཏེ་དབུལ་ལགས་ན། །ཐུགས་རྗེས་དགོངས་ཏེ་བཞེས་སུ་གསོལ། །ཕྱི་མཆོད་དག་པ་རྣམ་ལྔ་སྟེ། །གཙང་མར་སྦྱར་ཏེ་འབུལ་ལགས་ཀྱི། །ཐུགས་རྗེས་དགོངས་ཏེ་བཞེས་སུ་གསོལ། །བཞེས་ནས་དེ་རིང་དགྱེས་པར་མཛོད། །དྷཱུ་པེ་པུཥ྇་ཨཱ་ལོ་ཀེ་གན་དྷི། འབྲས་བུ་སྨན་སྦྱར་དག་པའི་རྫས། །དབང་གི་ལྷ་རྣམས་མཉེས་པར་བྱ་བའི་ཕྱིར། །རྫུ་འཕྲུལ་དད་པས་འབུལ་ལགས་ན། །ཐུགས་རྗེས་དགོངས་ཏེ་བཞེས་སུ་གསོལ། །ཨ་སུ་དེ་དན་ད་པཱུ་ཙ་ཡ་ཧཱུཾ། དཀར་གསུམ་མངར་དང་དག་པའི་རྫས། །སྔགས་དང་ཕྱག་རྒྱས་བྱིན་བརླབས་ནས། །དད་པས་འབུལ་གྱིས་བཞེས་སུ་གསོལ། །བཞེས་ནས་ཕྲིན་ལས་འགྲུབ་པར་མཛོད། །ཨ་འབྲ་བ་ལིང་ཤཱན་ཏིང་ཀུ་རུ་སྭཱ་ཧཱ། ཧཱུཾ་ཟླ་གམ་གདེངས་པའི་དཀྱིལ་འཁོར་དུ། །བཅོམ་ལྡན་དབང་ཆེན་ཀུན་འདུས་ལ། །དག་པའི་སྦྱིན་སྲེག་མཆོད་པ་འབུལ། །ཕྲིན་ལས་དམ་པ་འགྲུབ་པར་མཛོད། །ཤྲཱི་པཱ་པཾ་ནི་ས་ག་ན་སྭཱ་ཧཱ། ཧོམ་ལྔ་འདྲེལ་བའི་དཀྱིལ་འཁོར་དུ། །གདུག་པ་མ་ལུས་བསྒྲལ་བ་དང་། །བྱང་ཆུབ་ལམ་


DNG017_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དགོད་པའི་ཕྱིར། །སྦྱིན་སྲེག་འབར་བའི་མཆོད་པ་འདི། །རྟ་མགྲིན་ཁྲོ་བོའི་སྐུ་ལ་མཆོད་པར་འབུལ། །དམིགས་བྱ་ཆེ་གེ་ཁ་རཾ་ཁཱ་ཧི། །ཧོ། ཚོམ་བུ་ལྔ་ཡི་དཀྱིལ་འཁོར་དུ། །བདེ་གཤེགས་རིགས་ལྔ་ཡབ་ཡུམ་སྲས་འཁོར་བཅས། །དག་པའི་མཆོད་པ་འདི་འབུལ་གྱི། །ཕྲིན་ལས་བསྒྲུབ་ཕྱིར་བཞེས་སུ་གསོལ། །ཧཱུཾ་ཨོཾ་ཨཾ་སྭཱ་ཧཱ། ཤཱན་ཏིང་ཀུ་རུ་སྭཱ་ཧཱ། མེ་ལྟར་འབར་བའི་ཀློང་རུམ་ནས། །ཧོམ་ལྔ་འདྲེལ་བའི་ཀློང་ཡངས་སུ། །ཁྲག་འཐུང་འགྲོ་བ་འདུལ་བའི་ཚོགས། །དམ་རྫས་འབར་བའི་མཆོད་པ་འདི་འབུལ་གྱི། །དྲག་པོའི་ཕྲིན་ལས་བསྒྲུབ་ཕྱིར་བཞེས་སུ་གསོལ། །ཀྲོ་དྷ་ཤྲཱི་ཧེ་རུ་ཀ་མ་ཧཱ་མཱཾ་ས་རཀྟ་པཱུ་ཙ་ཁ་རཾ་ཁཱ་ཧི། ཧཱུཾ་གཡས་གཡོན་ཐབས་ཤེས་འདྲེལ་བའི་ཀློང་དཀྱིལ་དུ། །ཁམས་གསུམ་རྒྱལ་པོའི་དཀྱིལ་འཁོར་མ་ལུས་ལ། །དམ་རྫས་སྦྱིན་སྲེག་འབར་བའི་མཆོད་པ་འབུལ། །དམིགས་པ་བརླག་ཅིང་འཁོར་བ་སྟོངས་པར་མཛོད། །སྟྭཾ་བྷ་གྲྀ་ཧྞ་ཀྲོ་དྷ་མཱ་ར་ཡ་ཁ་རཾ་ཁཱ་ཧི། རིགས་པ་ཧོམ་གྱི་དཀྱིལ་འཁོར་དུ། །ཧཱུཾ་མཛད་ཆེན་པོའི་དཀྱིལ་འཁོར་མ་ལུས་ལ། །དྲག་པོའི་སྦྱིན་སྲེག་འབར་བའི་མཆོད་པ་འབུལ། །དམིགས་པ་གཏན་ནས་འཕོ་བའི་ལས་མཛོད་ཅིག །བ་ལིཾ་པཱུ་ཛ་རཀྟ་པཉྩ་ཁ་རཾ་ཁཱ་ཧི། དུར་ཁྲོད་འབར་བའི་ཀློང་ཡངས་སུ། །ཁྲོ་བོ་འབར་ཚོགས་མི་བཟད་པས། །རིག་པ་ཡེ་ཤེས་མེ་སྦར་བས། །ཉོན་མོངས་གདུག་པ་གཏན་ནས་བསྲེག །དམ་རྫས་སྦྱིན་སྲེག་མཆོད་འབུལ་བས། །ཕྲིན་ལས་རྒྱ་མཚོ་འགྲུབ་པར་མཛོད། །ཨོཾ་རཀྴ་ཀྲོ་དྷ་མཱ་ར་ཡ་ཁཱ་ཧི། བདེ་ཆེན་རིགས་བསྡུས་དཀྱིལ་འཁོར་དུ། །དབང་གི་ལྷ་ཚོགས་བཅས་པ་ལ། །དམ་རྫས་སྦྱིན་སྲེག་འབར་བའི་མཆོད་པ་འདི་འབུལ་བས། །ལྷ་རྣམས་མཉེས་ཤིང་གདུག་པ་འཇོམས་པར་ཤོག །ཤྲཱི་ཧྲཱཾཿབ་ཤཾ་པ་མ་ཏ་ཧཱུཾ་རཾ་སྭཱ་ཧཱ། དེ་ལྟར་མཆོད་པ་ཕུལ་བ་དང་། །ལྷག་མ་ག་གོ་བསྲེག་པ་དང་། །དྲག་པོའི་སྨོན་ལམ་བཏབ་པ་དང་། །ཕྲིན་ལས་རྣམ་


DNG017_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་རྫོགས་པ་དང་། །ཐབས་ལ་དབང་བའི་བྲོ་ཡང་བརྡུང་། །དེ་ཡིས་ལས་ཀྱི་མཐའ་ཡང་འགྲུབ། །ཅེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། དབང་གི་སྦྱིན་སྲེག་བྱ་བའི་ལེའུ་སྟེ་བརྒྱ་དང་བཅུ་བདུན་པའོ།། །།དེ་ནས་ཡང་ནི་བཀའ་སྩལ་པ། །རཱུ་ཏྲ་ནག་པོ་བསྒྲལ་བ་ལྟར། །དེ་ལ་ཕོ་བྲང་བཅའ་བ་དང་། །རཱུ་ཏྲ་བསྒྲལ་བའི་ཤ་ཁྲག་དེ། །བསྟབ་དང་སྦྱིན་སྲེག་བྱ་བའོ། །བསྟབ་པ་འདི་ལྟར་དབང་གི་ལྷ་རྣམས་ལ་བསྟབ་པོ། །མ་དད་ཆེན་པོ་བསྒྲལ་བ་འདི། །ཐུགས་དམ་གཉན་པོ་འདིས་བསྐང་ངོ་། །འདི་ཡི་ཀུན་གཞི་གནས་ཆེན་འདི། །དབང་གི་རྒྱལ་པོ་ཉིད་ལ་བསྟབ། །འདི་ཡི་གཙུག་གི་ཕུད་ཀ་འདི། །རྟ་མགྲིན་རྒྱལ་པོ་ཉིད་ལ་བསྟབ། །འདི་ཡི་བཅུད་དང་འོད་ཚོགས་རྣམས། །རྡོ་རྗེ་དབྱིངས་ཀྱི་ཞལ་དུ་བསྟབ། །འདི་ཡི་འོད་ཆེན་དྭངས་མ་འདི། །ཡེ་ཤེས་སེམས་དཔའ་ཉིད་ལ་བསྟབ། །འདི་ཡི་ཤ་ཁྲག་ཕུང་པོ་འདི། །འགྲོ་བ་འདུལ་བའི་ཞལ་དུ་བསྟབ། །འདི་ཡི་སྤྲུལ་ཆེན་གཞུང་བུ་འདི། །ཁམས་གསུམ་རྒྱལ་པོ་ཉིད་ལ་བསྟབ། །འདི་ཡི་ཞབས་ནི་གཡས་གཡོན་ནི། །ཧཱུཾ་མཛད་ཆེན་པོའི་འཁོར་ལ་བསྟབ། །འདི་ཡི་ཡིད་ནི་ནག་པོ་འདི། །ངན་སོང་སྦྱོང་བའི་ལྷ་ལ་བསྟབ། །འདི་ཡི་དུར་ཁྲོད་ནང་ཁྲོལ་འདི། །དུར་ཁྲོད་ཆེན་པོའི་ལྷ་ལ་བསྟབ། །གསང་བའི་རིགས་ཅན་འདི་དག་ནི། །ལྷུན་གྱིས་གྲུབ་པའི་ལྷ་ལ་བསྟབ། །འདི་ཡི་ཡན་ལག་དཔུང་བཞི་ཡང་། །བརྟུལ་ཞུགས་ཆེན་པོ་བཞི་ལ་བསྟབ། །འདི་ཡི་ནང་ཁྲོལ་སྨད་ལྔ་ནི། །མཁའ་འགྲོ་ཕོ་ཉའི་ཚོགས་ལ་བསྟབ། །ཤ་དང་ཁྲག་དང་རུས་པ་དང་། །དུག་གསུམ་བསྒྲལ་བའི་མཆོད་པ་འདི། །མ་མོ་མཁའ་འགྲོའི་ཚོགས་ལ་བསྟབ། །ཅེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། བསྟབ་པའི་ལས་ཀྱི་རིམ་པའི་ལེའུ་སྟེ་བརྒྱ་དང་བཅོ་བརྒྱད་པའོ།། །།དེ་ནས་ལྷག་མ་ག་གོ་ལ། བྲོ་བརྡུང་བ་འདི་གསུངས་སོ། །སངས་རྒྱས་རྒྱལ་བ་རྣམས་ཀྱི་བཀའ། །གར་གྱི་དབང་ཕྱུག་ཆེན་པོ་སྟེ། །རཀྴ་མ་ལུས་


DNG017_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲལ་བ་སྟེ། །ཕུང་པོ་ལྷག་མ་ག་གོ་ལ། །གདུལ་བྱའི་བྲོ་གཅིག་བརྡུང་བ་ནི། །བྲོ་ནི་བརྟུལ་ཞུགས་ཆེན་པོ་སྟེ། །རྣམ་བཞི་རྫོགས་པའི་བྲོ་བརྡུངས་པས། །ལས་རྣམས་ཐམས་ཅད་འགྲུབ་པའི་བྲོ། །རིགས་བཞི་ཁྲག་འཐུང་འཁྲིགས་པའི་བྲོ། །བདེ་གཤེགས་རྒྱལ་བས་དགོངས་པའི་བྲོ། །མ་སྲིང་རྒྱ་མཚོ་གདུང་བའི་བྲོ། །ངན་སོང་འཁོར་བ་འཇོམས་པའི་བྲོ། །དུག་ལྔ་གནས་སུ་དག་པའི་བྲོ། །དུག་གསུམ་དབྱིངས་སུ་བརྡུང་བའི་བྲོ། །སངས་རྒྱས་དགོངས་པ་འགྲུབ་པའི་བྲོ། །ཉོན་མོངས་གདུང་བ་སེལ་བའི་བྲོ། །རྟ་ཡི་བྲོ་ནི་ནུབ་ནས་བརྡུང་། །ཁྱི་ཡི་བྲོ་ནི་ལྷོ་ནས་བརྡུང་། །ཕག་གི་བྲོ་ནི་ཤར་ནས་བརྡུང་། །བྱ་ཡི་བྲོ་ནི་བྱང་ནས་བརྡུང་། །བྲོ་ར་ཆེན་པོ་བཞི་བཅས་ནས། །དང་པོ་བྲོ་ཡི་གདངས་བཏོན་པ། །དུས་གསུམ་རྒྱལ་བའི་ཐུགས་དམ་བསྐུལ། །བར་དུ་བྲོ་ཡི་གདངས་བཏོན་པ། །སྒྲུབ་པོ་དག་ལ་དངོས་གྲུབ་འབེབས། །ཐ་མར་བྲོ་ཡི་གདངས་སྒྲ་ཡིས། །འཁོར་བ་ངན་སོང་གཏན་ནས་གྲོལ། །བརྡུངས་པས་བྱང་ཆུབ་སེམས་སྤྲིན་འཁྲིགས། །སྐྱེ་འགག་མེད་པའི་དབྱིངས་རུམ་དུ། །བླངས་པས་རྒྱལ་བའི་ཐུགས་དམ་བསྐུལ། །འཁོར་བའི་སྐྱབས་ལིང་ཆེན་པོ་ལ། །ཕྱོགས་བཅུའི་སངས་རྒྱས་རབ་མདར་གཉེར། །ཡེ་ཤེས་དཔག་གི་ཕན་ཀ་ཅན། །རུ་དཔོན་ཡེ་ཤེས་ལྔ་ཡིས་མཛོད། །ཀུན་ཏུ་བཟང་པོའི་མཁའ་དབྱིངས་སུ། །ཁམས་གསུམ་ཡང་སྒྲོལ་ཆེན་པོ་མཛོད། །ལྷག་མ་རྗེས་ཤུལ་དག་ལ་ནི། །བརྟུལ་ཞུགས་ཆེན་པོའི་བྲོ་བརྡུངས་པས། །དུག་གསུམ་རྩད་ནས་གཅོད་པའི་བྲོ། །རྟ་ཡི་བརྟུལ་ཞུགས་བྲོ་བརྡུངས་པས། །སྲིད་གསུམ་མ་ལུས་དབང་དུ་སྡུད། །ཁྲོ་བོ་རྡོ་རྗེ་ག་གོན་པས། །རྟ་སྐད་རྔམ་པའི་ངང་ལས་རོལ། །ཤངས་ཀྱི་རླུང་སྒྲོམ་ཆེན་པོ་ནས། །རྡོ་རྗེ་མཚོན་ཆའི་ཆར་ཕབ་པས། །དབང་གི་རྟ་བྲོ་བརྡུངས་པ་ཡིས། །དང་པོ་ག་གོ་གཞོམ་པར་བྱས། །བར་མས་ལྷག་


DNG017_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

མ་རོལ་པར་བྱས། །ཐ་མས་གདུག་རྩུབ་བྱང་བར་བྱས། །ལྷག་མ་མེད་པར་རྡུལ་དུ་བརླག །དུག་གསུམ་གནས་སུ་སྟོངས་པར་བྱ། །རྟ་ཡི་དབུ་ཡི་གཙུག་རུམ་ནས། །དེ་ཡི་ཕོ་ཉ་སྐར་ཚོགས་སྤྲོས། །མཚོན་ཆ་སྐར་ལྟར་འཁྲུགས་པའི་བྲོ། །དྲག་པོ་གཏུམ་པོ་ལྷན་ནེར་མཛོད། །ཐུགས་ཀའི་ཡི་གེ་ཧྲཱྀཿའཕྲོས་པས། །སྤྲུལ་སྐུ་དབང་དུ་སྡུད་པའི་བྲོ། །ལྷག་མ་མེད་པར་གདར་ཤ་གཅོད། །ལྷོ་ནས་ཁྱི་ཡི་བྲོ་བརྡུངས་ནས། །བརྟུལ་ཞུགས་ཆེན་པོ་ལས་ཀྱི་བྲོ། །དྲག་པོ་གཏུམ་པོ་དབང་དུ་སྡུད། །ཕྱོགས་བཞི་མཚམས་བཞི་བརྒྱད་དག་ཏུ། །སྤྲུལ་པ་ཁྱི་ཡི་བྲོ་བརྡུངས་པས། །ཐམས་ཅད་ཚར་གཅད་བདེ་ལ་བཀོད། །བདེ་གཤེགས་རྣམས་ཀྱི་ཐུགས་དམ་བསྐང་། །འཁོར་བ་ངན་སོང་ཡོངས་སུ་བཅོམ། །བྱང་ནས་བྱ་ཡི་བྲོ་བརྡུངས་པས། །སྲིད་གསུམ་ཁམས་གསུམ་ཟིལ་གྱིས་མནན། །ཀླུ་ལ་སོགས་པའི་གདུག་པ་ཅན། །ཟས་སུ་ཟ་ཞིང་རྔམ་སྟབས་བྱེད། །རྒྱུ་དྲུག་ལིངས་སུ་འདེབས་པར་བྱེད། །སྤྲུལ་པ་ཡོངས་སུ་ལྡིང་བར་བྱེད། །སྤྲུལ་པ་མི་བཟད་མ་རུངས་པ། །ལ་ལ་ལྡིང་དང་ལ་ལ་འཕུར། །ལ་ལ་གཟན་ལ་སྟོད་པའི་ཚུལ། །ལ་ལ་ལྡིང་ཞིང་ལ་ལ་འཇུམས། །ཁ་དོག་སྣ་ལྔ་འབར་བ་ལ། །མི་མཐུན་གདུག་པ་སོ་སོར་འདུལ། །སྤྲུལ་པ་བྱེ་བ་ལས་ལ་འགྱེད། །གདུག་པ་གཏུམ་པོ་གཏན་ནས་འཇོམས། །དབང་གི་བྲོ་གར་ཡོངས་སུ་ལྡིར། །ལྷག་མ་རྗེས་ཤུལ་མེད་པའི་བྲོ། །རྒྱལ་བ་རྣམས་ཀྱི་ཐུགས་དམ་སྐོང་། །བྲོ་གར་ཡོངས་སུ་གདིང་བར་བགྱི། །ཤར་ནས་ཕག་གི་བརྟུལ་ཞུགས་བྱུང་། །གཏི་མུག་འཇོམས་པའི་ལས་ལ་མཁས། །བླང་དང་དོར་མེད་དྲག་པོ་སྟེ། །སྲ་སྙི་མེད་པར་འཇོམས་པའི་བྲོ། །ཕག་གི་བརྟུལ་ཞུགས་ཆེན་པོ་ཡིས། །ཟས་ནི་གཙང་དམེ་མེད་པར་བཟའ། །བང་ནི་ངལ་དུབ་མེད་པར་རྒྱུག །ཚེམས་ནི་སྲ་སྙི་མེད་པར་འཇོམས། །


DNG017_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོན་དུ་མ་གྱུར་གང་ཡང་མེད། །སྲིད་པའི་ཁྲོན་བརྐོ་ང་རེ་མཁས། །ཉོན་མོངས་ཐ་བ་གཏན་ནས་འཇོམས། །འདོད་ཆགས་རྒྱ་མཚོ་གཏིང་ནས་སྐེམ། །ང་རྒྱལ་བྲག་རི་རྩེ་ནས་བསྙིལ། །ཕྲག་དོག་ཟུག་རྔུ་གཏན་ནས་ཆོམས། །གཏི་མུག་མུན་པ་གཏན་ནས་ཆོམས། །ཞེ་སྡང་རྩ་མེ་རུམ་དུ་སོད། །ཅེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ལྷག་མའི་རྗེས་ཤུལ་བྲོ་རྡུང་བའི་ལེའུ་སྟེ་བརྒྱ་དང་བཅུ་དགུ་པའོ།། །།དེ་ནས་དབང་གི་རྒྱལ་པོས་ལས་འདི་དག་གསུངས་སོ། །གསང་བའི་དངོས་གྲུབ་བསྒྲུབ་འདོད་ན། །རྟ་མགྲིན་རྟ་ཡི་རྒྱལ་པོ་ལ། །སྤྲུལ་པའི་ཧེ་རུ་བཞིས་བསྐོར་བ། །དེ་ནི་ཡང་དག་བསྒྲུབ་པར་བྱ། །དེ་ཡི་ཡོན་ཏན་རྫོགས་པས་ནི། །འདི་ཡི་མཐུ་དང་དངོས་གྲུབ་ཐོབ། །བྱང་ཆུབ་སྙིང་པོ་འགྲུབ་པར་ཐེ་ཚོམ་མེད། །རིགས་དང་མཐུན་པའི་གནས་དག་ཏུ། །ཕུན་སུམ་ཚོགས་པའི་སྒྲུབ་པོ་དེས། །ལས་ཀྱི་རིམ་པ་གཞུང་བཞིན་བྱ། །དཀྱིལ་འཁོར་ཟླ་གམ་སྒོ་གཅིག་པ། །ཐ་མ་ཟླ་གམ་བཞིས་བསྐོར་བ། །སྒོ་དང་བཅས་པར་བྱ་བའོ། །ཆག་ཆག་ཐིག་དང་བྲི་བ་དང་། །རྫས་དང་ལྡན་པར་བཤམ་པའོ། །དུག་ཤིང་ཕུར་པ་ལྔ་བསགས་ཏེ། །བྱིན་གྱིས་བརླབ་པ་བྱས་ནས་ནི། །ཟླ་གམ་ལྔ་ལ་དགོད་པར་བྱ། །མཐུན་པའི་ཕྱི་ནང་གསང་བའི་རྫས། །བདུད་རྩི་གཏོར་མ་བཞིན་དུ་སྟེ། །མ་དད་པ་དེ་བསྒྲལ་བ་ལས། །རྔུལ་ལ་སོགས་པའི་ཆུ་གསུམ་གྱིས། །ལྷ་རྣམས་སྐུ་ཡི་ཁྲུས་སུ་གསོལ། །བྱང་ཆུབ་སེམས་དང་དྲི་ཆེན་དང་། །མཱཾ་ས་དང་ནི་རཀྟ་དང་། །དྲི་ཆུ་ར་སཱ་ཡ་ལ་སོགས། །བདུད་རྩི་དམ་པ་སྨན་སྦྱར་ནས། །ལྷ་རྣམས་ཀུན་ལ་དབུལ་བར་བྱ། །མ་དད་པ་དེ་བསྒྲལ་བ་ཡི། །དབུས་ནི་སྙིང་ལ་ཐ་མ་རྩིབ་མ་སྟེ། །ཤ་དང་ཁྲག་གིས་བརྒྱན་པ་དང་། །རྒྱུ་མ་ཀླད་པ་དབང་པོ་དང་། །བཅས་པ་ལྷ་རྣམས་དག་ལ་འབུལ། །རཱུ་ཏྲའི་སྙིང་ཁྲག་དྭངས་མ་སྟེ། །ཁྲག་ཆེན་མཆོད་པ་སྦྲེང་བར་བྱ། །དེ་ལྟར་མཆོད་


DNG017_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

པ་བྱ་བའོ། །དེ་ནས་བསྒྲུབ་པ་བརྩམ་པར་བྱ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། རྟ་མགྲིན་སྒྲུབ་པ་རྫས་དང་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་བརྒྱ་དང་ཉི་ཤུ་པའོ།། །།དེ་ནས་ལས་ཀྱི་གཞུང་བསྟན་ཏེ། །དེ་བཞིན་ཉིད་ཀྱི་ཏིང་འཛིན་ནི། །ཆོས་རྣམས་སྟོང་པའི་རང་བཞིན་བསྒོམ། །ཀུན་ཏུ་སྣང་གི་ཏིང་འཛིན་ནི། །འབྲས་བུ་ལམ་གྱི་གཞི་རུ་གཞག །ཐུན་མོང་མ་ཡིན་ཁྱབ་པའི་སྙིང་རྗེ་ཡིན། །དེ་ཡི་དྲན་བསྐྱེད་སྙིང་རྗེ་མཆོག །སྙིང་རྗེ་ལམ་དུ་གཞག་པ་ཡིན། །དེ་ལས་རྒྱུ་ཤར་ཏིང་འཛིན་ཧཱུཾ། །སེམས་ཀྱི་འབྲས་བུ་བསྟན་པ་ཡིན། །ཧཱུཾ་ལས་འབྱུང་བ་ཨེ་ཤར་བས། །འབྱུང་བའི་གཞི་མོ་ནམ་མཁའ་ཡིན། །ཧཱུཾ་ལས་ཡི་གེ་ཡཾ་ཤར་བས། །རྟེན་པའི་རླུང་ཞེས་ཤར་བ་ཡིན། །ཧཱུཾ་ལས་ཡི་གེ་བཾ་ཤར་བས། །ཆུ་ཡི་འབྱུང་བ་ས་བོན་བརྟན། །ཧཱུཾ་ལས་ཡི་གེ་སུཾ་ཤར་བས། །སྲ་བ་ས་ཡི་རྟེན་དུ་གྱུར། །ཧཱུཾ་ལས་ཡི་གེ་རཾ་ཤར་བས། །སྨིན་ཅིང་བརྟས་པར་བྱས་པ་ཡིན། །ཧཱུཾ་ལས་ཡི་གེ་ཀེཾ་ཤར་བས། །རི་རབ་ཆེན་པོ་བྱུང་བ་ཡིན། །བྷྲཱུཾ་ལས་རི་རབ་གཞལ་ཡས་ཁང་། །རཱ་ག་པདྨ་དམར་པོ་སྟེ། །ར་ཏི་ཞེས་པ་བརྩེགས་པ་ཡིན། །བྷྲཱུཾ་ནི་གཞལ་ཡས་ཟླ་གམ་དམར། །དེ་དཀྱིལ་དམིགས་པའི་རྟེན་མནན་པ། །བདུད་དང་སྲིན་པོ་ལ་སོགས་པ། །ཉི་ཟླ་པདྨ་བརྩེགས་པའི་ཚུལ། །གསང་བའི་གནས་ནི་དཀྱིལ་དུའོ། །དེའི་སྟེང་ཡི་གེ་ཧཱུཾ་ཤར་བས། །དམར་ལ་བཀྲ་བའི་ཡི་གེ་ཧཱུཾ། །དེ་ལས་ས་བོན་སྔགས་བརྗོད་པས། །རྟ་མགྲིན་རྒྱལ་པོར་གྱུར་པ་ཡིན། །དེ་ལ་རིགས་བཞིའི་སྔགས་བརྗོད་པས། །ཧེ་རུའི་རྒྱལ་པོར་གྱུར་པ་ཡིན། །དེ་ལྟར་རང་བཞིན་གསལ་བར་བསྒོམ། །ཨོཾ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། དེ་བརྗོད་རྟ་མགྲིན་རྒྱལ་པོར་གྱུར། །སྭཱ་ཧཱ་ཧེ་རུ་ཀ་ཀཱི་ལ་ཡ་ཧཱུཾ་ཕཊ། ས་མོ་གྷ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ། རཏྣ་ཨ་མོ་གྷ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ། ཀརྨ་ཨ་མོ་གྷ་ཧཱུཾ་ཕཊ། དེ་ལྟར་ཏིང་འཛིན་དཀྱིལ་འཁོར་གསལ་བར་བསྒོམ། རྟ་མཆོག་རོལ་པའི་ཏནྟྲ་ལས། རྟ་མགྲིན་


DNG017_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

ཧེ་རུ་བཞི་དང་བཅས་པ་བསྒོམ་པའི་ལེའུ་སྟེ་བརྒྱ་དང་ཉེར་གཅིག་པའོ།། །།ཧཱུཾ་དུར་ཁྲོད་མེ་ལྟར་འབར་བའི་གཞལ་ཡས་ནས། །ཆོས་དབྱིངས་དག་པ་ལྷ་ཡི་གནས་ཆེན་འདིར། །རྟ་མགྲིན་རྒྱལ་པོ་རྟ་སྐད་འཚེར་ཞིང་གཤེགས་སུ་གསོལ། །གདུག་པ་འདུལ་ཕྱིར་ཀླུ་དབང་གདན་ལ་བཞུགས། །ཆོས་དབྱིངས་དག་པ་ལྷ་ཡི་གནས་ཆེན་ནས། །དུར་ཁྲོད་ཟླ་གམ་གདེངས་པའི་དཀྱིལ་འཁོར་འདིར། །སྤྲུལ་པའི་ཧེ་རུ་ཁྲོ་བོའི་རྒྱལ་པོ་བཞི། །དགྱེས་ཤིང་བརྟན་པར་བཞུགས་ནས་ནི། །དབང་དྲག་ཕྲིན་ལས་རྫོགས་པར་མཛོད། །ཧྲཱྀ་ཨེ་ཨཱ་ར་ལི་ཛཿཧཱུཾ། དབང་དྲག་འཇོམས་མཛད་སྲིན་པོ་འདུལ་བའི་ལྷ། །རྟ་མགྲིན་རྒྱལ་པོ་འཁོར་དང་བཅས་པ་ལ། །བརྐྱང་བསྐུམ་སྲིན་པོ་གུས་པས་ཕྱག་འཚལ་ན། །ཐུགས་རྗེ་མཆོག་གིས་བདག་ལ་དགོངས་སུ་གསོལ། །འདུལ་ཐབས་དྲག་པོའི་ཕྲིན་ལས་མི་བཟད་རྣམ་བཞི་ཡིས། །དྲི་ཟ་གཤིན་རྗེ་ཀླུ་དང་གནོད་སྦྱིན་འདུལ། །ཕྲིན་ལས་དབང་དྲག་དྲག་པོ་ཡིས། །མི་བཟད་གདུག་པ་འདུལ་མཛད་མཆོག །སྤྲུལ་པ་ཧེ་རུ་བཞི་ལ་ཕྱག་འཚལ་ལོ། །ཧཱུཾ་མཛད་ཧཱུཾ་སྟེ་ཧཱུཾ་གི་རྒྱལ་པོ་མཆོག །ལྕང་ལོར་བཅས་པའི་པདྨ་བྷན་དྷ་ལ། །ཚེ་འཛིན་མཆོག་དང་དམར་ཆེན་དམ་པས་བཀང་། །སྦྱོར་དང་སྒྲོལ་གྱིས་ཐུགས་དམ་བསྐང་ལགས་ཀྱིས། །རྟ་མགྲིན་རྒྱལ་པོའི་ཐུགས་དམ་བསྐང་བར་མཛོད། །ཤ་ཆེན་མཁའ་ལྡིང་ཤེལ་སྒོང་གཟུགས་དང་བཅས། །སྨན་ཆེན་ལྔ་དང་ཚེ་འཛིན་བྱི་ན་སེ། །རྡོ་རྗེ་ལས་ཀྱི་ཆུ་དང་པཉྩ་ཨ་མྲྀ་ཏ། །སྦྱོར་དང་སྒྲོལ་བའི་ཐུགས་དམ་མཆོག་ལགས་ཀྱིས། །ཧེ་རུ་བཞི་ཡི་ཐུགས་དམ་བསྐང་བར་མཛོད། །པདྨ་ཟིལ་ཏིག་དྲི་དང་རཀྟ་དང་། །རྡོ་རྗེ་ལས་ཀྱི་ཆུ་དང་པཉྩ་ཨ་མྲྀ་ཏ། །སྦྱོར་དང་སྒྲོལ་གྱིས་ཐུགས་དམ་བསྐང་ལགས་ཀྱིས། །མཁའ་འགྲོ་མ་ཚོགས་ཐུགས་དམ་བསྐང་བར་མཛོད། །པདྨ་བྷན་དྷ་ལྕང་ལོར་བཅས་བདུད་རྩི། །དབང་གི་རྒྱལ་པོ་ཁྲོ་བོ་རྟ་མཆོག་ལ། །བླ་མེད་དམ་རྫས་བདུད་རྩིའི་མཆོད་པ་མཆོག །གཉིས་


DNG017_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མེད་པའི་ཚུལ་གྱིས་འབུལ་ལགས་ན། །ཐུགས་རྗེས་བཞེས་ནས་དབང་གི་དངོས་གྲུབ་སྩོལ། །འབར་བའི་སྤྲུལ་པ་མངོན་པར་ཤར་བ་ནི། །རིགས་ཀྱི་སྤྲུལ་པ་ཁྲོ་བོ་བཞི་རྣམས་ལ། །རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེ་ཆེར་དགོངས་དབང་དང་དངོས་གྲུབ་སྩོལ། །ཞེས་སྨན་མཆོད་དམ་པའོ། །ཡི་གེ་འབྲུ་གསུམ་སྐུ་གསུང་ཐུགས། །བྱིན་རླབས་དམ་པ་མཛད་ནས་སུ། །སྐུ་གསུང་ཐུགས་སུ་མཛད་དུ་གསོལ། །ཀཱ་ཡ་སིདྡྷི་ཨོཾ། ཝཱཀ་སིདྡྷི་ཨཱཾ། ཙིཏྟ་སིདྡྷི་ཧཱུཾ། ཧཱུཾ་སྲིད་པའི་གཅོང་སྙིང་ཟད་པར་བྱ་བའི་ཕྱིར། །བདུད་རྩི་ཆེན་པོ་པཉྩ་ཨ་མྲྀ་ཏ། །བླ་མེད་སྨན་གྱི་མཆོད་པ་འབུལ་ལགས་ན། །འཁོར་བའི་སྡུག་བསྔལ་བཟློག་ཕྱིར་བཞེས་སུ་གསོལ། །བླ་མེད་མཆོག་གི་མཆོད་པ་དམ་པ་སྦྱར་བ་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡི་རབ་བརྒྱན་ནས། །དམ་ཚིག་གསང་བའི་མཆོད་པར་བཞེས་སུ་གསོལ། །ཞེས་མཆོད་པ་དབུལ་ལོ། །དེ་ནས་འདོད་དོན་སྨོན་ལམ་བཏབ། །དངོས་གྲུབ་བླང་དང་ཕྲིན་ལས་བཅོལ། །ཉེ་བར་བསྐུལ་དང་བསྙེན་པ་བསྐྱལ། །དེ་ནས་ལས་ཀྱི་བྱ་བ་བྱ། །ཚོགས་ཀྱི་མཆོད་པ་བྱ་བ་དང་། །བསྐང་བ་དང་ནི་བཤགས་པ་དང་། །ལས་བཅོལ་བ་དང་གདབ་པར་བྱ། །ཨོཾ་ཧྲཱྀཿབ་ཤ་ཀཱི་ལ་ཡ་ཧཱུཾ་ཕཊ། དེས་ནི་དབང་གི་ཕུར་པས་གདབ། །སྭཱ་ཧཱ་ཀཱི་ལ་ཡ་རྦད། ཨ་མོ་ཀཱི་ལ་ཡ་རྦད། རད་ཀ་ཏ་ན་ཀཱི་ལ་ཡ་རྦད། ཀར་ཤ་ཨ་མོ་ཀཱི་ལ་ཡ་ཧཱུཾ་ཕཊ། དེ་ལྟར་གསལ་བས་གདབ་པའོ། །དེ་ནས་བྲོ་དེ་འཁོར་གསུམ་བརྡུང་། །དེ་ནས་མཆོད་པ་དབུལ་བར་བྱ། །བསྟོད་པ་དང་ནི་ལས་བྱའོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། རྟ་མགྲིན་ཧེ་རུ་བཞི་དང་བཅས་པ་བསྒྲུབ་པའི་ལེའུ་སྟེ་བརྒྱ་དང་ཉེར་གཉིས་པའོ།། །།དེ་ནས་ཡང་བསྟོད་པ་འདི་གསུངས་སོ། །ཧཱུཾ་དམར་ནག་ཟླ་གམ་གདེངས་པའི་དཀྱིལ་འཁོར་ནས། །དབང་གི་རྒྱལ་པོ་པདྨ་རྟ་མགྲིན་རྒྱལ། །རྟ་མགྲིན་རྒྱལ་པོ་དྲེགས་པ་འདུལ་བའི་ལྷ། །སྐུ་མདོག་དམར་པོ་མེ་དཔུང་འབར་བ་འདྲ། །འབར་བའི་ཕྱག་གིས་གདུག་པའི་ཕྱག་མཚན་འཛིན། །


DNG017_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

རལ་གྲི་སྦྲུལ་ཞགས་ཐོད་པ་གྲི་གུག་འཛིན། །གདུག་པའི་ཞབས་ཀྱིས་ཀླུ་ཚོགས་གདན་དུ་བཏིང་། །ན་བཟའ་འབར་བ་སྐུ་ཡི་རྒྱན་དུ་སྟོན། །གླང་ཆེན་ཀོ་རློན་བརྗིད་ཆེན་སྐུ་ཡི་རྒྱན། །ཞིང་ལྤགས་གཡང་གཞི་དག་པ་གསུང་གི་ཆས། །སྟག་གི་པགས་པ་དཔའ་བར་འགྲོ་བ་ཐུགས་ཀྱི་ཆས། །གདུ་བུ་དཔུང་རྒྱན་སྦྲུལ་ནག་ཟིལ་གནོན་ཆས། །རྡོ་རྗེའི་གཤོག་པ་གཡས་གཡོན་གདེངས་པ་ཡིས། །ཐབས་དང་ཤེས་རབ་ལྡན་དེ་གདུག་པ་ཟིལ་གྱིས་གནོན། །རྡོ་རྗེ་རྩེ་མོ་བྱ་ཁྱུང་འབར་བས་ཀླུ་གཉན་སྒུམ་བུར་འཐུ། །མཆེ་གཙིགས་རྐན་སྒྲ་དྲག་པོས་བདུད་དཔུང་ཟིལ་གྱིས་གནོན། །སྤྲུལ་པ་མང་པོ་སྐར་ཚོགས་བཀྱེ་བས་ཕོ་ཉ་མང་པོ་འགུགས། །དབུ་ཡི་གཙུག་ན་རྟ་མགོ་འབར་བས་ངན་སོང་འདུལ་བའི་ཐབས་ལ་མཁས། །ལྷང་ལྷང་ཙེར་ཙེར་ལན་གསུམ་སྒྲ་བསྒྲགས་པས། །མྱ་ངན་འདས་པའི་མཚམས་ན་ཙེ་རེ་རེ། །ངན་སོང་གནས་རྣམས་སྟོངས་ཤིང་ཡེ་ཤེས་དོན་ལ་བསྐུལ། །གསུང་རབ་མཉེས་པ་སྒྲ་སྒྲོགས་ཤིང་། །བདེ་གཤེགས་རྣམས་ཀྱི་ཐུགས་དམ་བསྐུལ། །འཁོར་བ་གཏན་ནས་འཇོམས་ཤིང་བྱང་ཆུབ་དོན་ལ་འགོད། །སྙན་པའི་སྒྲ་རྣམས་བསྒྲགས་པས་ལྷ་མོ་དབྱིངས་སུ་དགྱེས། །རལ་པ་དམར་པོ་བསིགས་པས་བདུད་དཔུང་ཟིལ་གྱིས་གནོན། །བདུད་བཞི་བཅོམ་ནས་ཡེ་ཤེས་བཞི་ཡི་ངང་ལ་འཇོག །ངན་སོང་གནས་རྣམས་སྟོངས་ཏེ་བྱང་ཆུབ་ལམ་ལ་འགོད། །དབང་གི་རྒྱལ་པོ་རྟ་སྐད་འཚེར་བ་ཁྱོད་ལ་བསྟོད། །སྤྲུལ་པའི་ཧེ་རུ་ཁྲོ་བོའི་རྒྱལ་པོ་བཞི། །རིགས་བཞིའི་སྤྲུལ་པ་ཁྲོ་བོ་བཞིར་སྤྲུལ་པ། །ཕྱོགས་བཞི་དག་ན་གནས་པ་སྟེ། །གདུག་པ་འདུལ་ཕྱིར་སྐུ་སྤྲུལ་པ། །སྨུག་ནག་རལ་པ་འབར་བའི་ཐོད་ཕྲེང་ཅན། །ན་བཟའ་འབར་བ་གསུམ་མནབས་པ། །ཕྱག་ན་གདུག་པའི་མཚོན་ཆ་བསྣམས། །གཡས་པ་དང་པོ་དགྲ་སྟྭ་ལྕགས་ཀྱུ་དང་། །ཐ་མ་གདུག་པའི་ཕུར་པ་འདྲིལ། །གཡོན་པ་མེ་དཔུང་བ་དན་ནོ། །གདུག་པ་འདུལ་ཕྱིར་དྲག་པོའི་ལས་ལ་བརྩོན། །སྤྲུལ་པ་


DNG017_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

མང་པོ་ཡང་དག་ལས་ལ་བརྩོན། །མི་བཟད་རྔམ་པའི་སྒྲ་སྒྲོགས་ཤིང་། །བདུད་དཔུང་འཇོམས་པའི་རྐན་ཡང་བརྡེབ། །སྲིད་པ་ཡོངས་ལ་ཕན་པའི་བྱ་ར་མཛད། །སྐུ་ནི་འཇིགས་སྟབས་འབར་བའི་སྐུ། །གསུང་ནི་གདུག་པའི་ང་རོ་སྒྲོགས། །ཐུགས་ནི་དབང་གིས་བརྣག་པའི་ཕྲིན་ལས་མཛད། །གཤོག་པའི་བར་བར་ལྕགས་ཀྱུ་འབར་བས་གཏམས། །སྤྲུལ་པ་ཁྲོ་ཆུང་འབར་བས་བ་སྤུའི་བུ་ག་གཏམས། །ཡེ་ཤེས་མཁའ་འགྲོ་མང་པོ་ལས་ལ་འགྱེད། །སྲིད་པའི་རི་རབ་ཡང་ནི་འགྲམ་ནས་བསྙིལ། །རྒྱ་མཚོ་ཆེན་པོའི་གཞུང་ཡང་སྐེམས་པར་བྱེད། །མེ་རི་མེ་དཔུང་འབར་བའི་ཀློང་ན་བཞུགས། །དུར་ཁྲོད་ཆས་ཀྱིས་སྐུ་ལ་རྒྱན་དུ་བྱས། །མཆེ་བ་རྣོན་པོས་སྐྱེ་ཤི་རྩད་ནས་གཅོད། །སྤྱན་མིག་བཟློག་པ་ཙམ་གྱིས་ཁམས་གསུམ་བྲན་དུ་འཁོལ། །ཐུགས་རྗེ་དབྱིངས་སུ་འདྲེན་ཅིང་འཁོར་བ་བླ་མེད་ས་ལ་འཁོད། །རྔམ་ཆེན་ཧེ་རུ་བཞི་ལ་ཕྱག་འཚལ་བསྟོད། །ཅེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། རྟ་མགྲིན་དང་འཁོར་ཧེ་རུ་བཞི་ལ་བསྟོད་པའི་ལེའུ་སྟེ་བརྒྱ་དང་ཉེར་གསུམ་པའོ།། །།དེ་ནས་ཡང་དབང་གི་རྒྱལ་པོས། འདི་སྐད་ཅེས་བཀའ་སྩལ་ཏོ། །ལོང་བ་རྒྱབ་འདྲེལ་བ་སུམ་ཅུ་རྩ་གཉིས་དང་། དམུས་ལོང་ལས་ཀྱི་འཁོར་བརྒྱད་བྱ་བ་ཡོད་དེ། ལོང་བ་རྒྱབ་འདྲེལ་བ་སུམ་ཅུ་རྩ་གཉིས་ནི། མཁའ་འགྲོ་མ་སུམ་ཅུ་རྩ་གཉིས་ཀྱི་སྤྲུལ་པ་ཡིན། དམུས་ལོང་ལས་ཀྱི་འཁོར་བ་བརྒྱད་བྱ་བ་ནི། དབང་གི་རྒྱལ་པོའི་ཐུགས་ཀྱི་སྒོ་སྲུང་བརྒྱད་ཡིན་ཏེ། འཕགས་པའི་ལམ་ཡན་ལག་བརྒྱད་ལས་བསྒལ་ནས། རྩེ་གཅིག་ཏིང་འཛིན་དཀའ་ཐུབ་སྨྱོན་པའི་ཏིང་ངེ་འཛིན་ལ་གནས་སོ། །ཁྲོ་བོ་བརྒྱད་ཡོད་པ་ལྟ་བུ་མ་ཡིན་ཏེ། ཐུབ་པ་དམུས་ལོང་ལས། རྣམ་པར་ཤེས་པའི་གཟུགས་གང་ཡང་མེད་དོ། །ལུས་གོལ་བག་ཆགས་པ་ལས། ཕྱག་བཞི་གདུག་པའི་མཚོན་ཆ་ཐོགས་པའོ། །མིག་མེད་པ་ལ་གར་ཡང་རྒྱུ་བ་དེར་ཐོགས་པ་མེད་པའོ། །སྣ་མེད་པ་ལས་དྲི་ཐམས་ཅད་


DNG017_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཀྱིས་ཚོར་བའོ། །ལྕེ་མེད་པ་ལས་དྲག་པོའི་སྒྲ་ཁོང་ནས་སྨྲ་བའོ། །རྣ་བ་མེད་པ་ལས་སྒྲ་ཐམས་ཅད་ཁོང་ནས་ཐོས་པའོ། །དམུས་ལོང་དེ་ལྟ་བུ་དེས་ལས་གང་ལ་ཡང་ཐོགས་པ་མེད་པར་བྱེད་པའོ། །དེ་ལྟ་བུ་དེ་བསྒྲུབ་པར་བྱ་བ་ནི། དབུས་སུ་རྟ་མཆོག་རྒྱལ་པོ་དེ། །ལེའུ་ཚེ་བརྒྱད་ལ་དམུས་ལོང་བརྒྱད། །ལྷ་དགུ་ས་རུ་བསྒྲུབ་པར་བྱའོ། །དཀྱིལ་འཁོར་ཐིག་བཞི་བཏབ་པས་ལིང་ཚེ་དགུ། །ཚོན་ནི་རིགས་དང་མཐུན་པར་བྱ། །སྒོ་གཅིག་པ་ནི་ཤར་དུའོ། །དེ་ལ་བསྙེན་སྒྲུབ་སྤྱི་ལྟར་བྱ། །དང་པོ་སྔོན་དུ་འགྲོ་བའི་ལས། །རིམ་པ་རྒྱས་པར་ལྡན་པར་བྱ། །དེ་ནས་གཞུང་ལ་འཇུག་པ་སྟེ། །ཏིང་འཛིན་རྣམ་གསུམ་རིམ་བཞིན་བསྒོམ། །དེ་ནས་རིག་པའི་ཧཱུཾ་དེ་ལས། །འབྱུང་བ་ལྔ་པོ་བསྐྱེད་པར་བྱ། །དེ་ལས་རི་རབ་བརྟན་པར་བྱ། །དེ་ལས་ཕྱི་རིན་ཆེན་གཞལ་ཡས་ཁང་། །ནང་དུར་ཁྲོད་འབར་བའི་གཞལ་ཡས་ཁང་། །དབུས་ནི་ཟླ་གམ་གདེངས་པ་འོད་དང་བཅས། །ཐ་མ་མེ་དཔུང་མེ་རི་འབར་བའོ། །དེ་ལ་རཱུ་ཏྲ་གདན་དུ་བསམ། །ཉི་ཟླ་པདྨ་སུམ་བརྩེགས་སོ། །དེ་ལ་ཡི་གེ་གསལ་བ་ནི། །དམར་ལ་བཀྲ་བའི་ཧཱུཾ་ཞིག་བསམ། །ཆོ་ག་གསུམ་གྱི་སྦྱོར་བ་ཡིས། །སྔགས་ཀྱང་བརྗོད་པས་གསལ་བ་སྟེ། །དབང་ཆེན་འདུས་པའི་སྐུ་རུ་གསལ། །དེ་ལས་སྤྲུལ་པའི་བཀྱེ་ཚུལ་བསྐྱེད། །ལི་གཾ་ག་ཏ་ཧཱུཾ་ཕཊ། ལི་ཙ་སཾ་བ་ཧཱུཾ། ལི་ཧཱུཾ་བ་ཏི་ཧཱུཾ། ལི་ཛ་ཨ་ས་མེ་ཧཱུཾ། ལི་བུ་ཤ་ཧཱུཾ། ལི་ཁ་དུ་ཧཱུཾ། ལི་པྲ་མ་ཤ་ར་ཧཱུཾ།ལི་ཁ་མ་ལེ་ཧཱུཾ། སྔགས་དེ་རེ་རེ་བརྗོད་པ་ཡི། །དམུས་ལོང་འཁོར་བ་རེ་རེ་བསྐྱེད། །ལིང་ཚེ་བརྒྱད་ལ་བཀོད་པའོ། །བཅོམ་ལྡན་དབང་ཆེན་ཧེ་རུ་ཀ །ཁྲོ་བོའི་རྒྱལ་པོ་ཧཱུཾ་སྒྲ་ཅན། །ཆེ་བས་བསྟོད་པས་དབང་ཕྱུག་ཡང་ཆེའི་དཔལ། །འབར་བ་ལྷ་ཡི་ལྷ་ལ་ཕྱག་འཚལ་བསྟོད། །གདུག་པ་འདུལ་ཕྱིར་བསྐྱེད་པའི་དམུས་ལོང་བརྒྱད། །སྲིད་པ་དབང་དུ་སྡུད་པ་རྔམས་པའི་ཁྲོ་བོ་ཆེ། །གདུག་པ་མ་ལུས་འདུལ་བས་


DNG017_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

དམུས་ལོང་གྱ་ནོམ་པ། །དབང་གི་ཞིང་ཁམས་ཆེན་པོ་བསྐྱང་བ་དང་། །བདུད་དང་སྲིན་པོ་ཀླུ་རྣམས་ཚར་གཅད་དང་། །དངོས་གྲུབ་དམ་པ་བསྒྲུབ་པའི་ཕྱིར། །དབང་ཆེན་ཀུན་འདུལ་བཀའ་འཁོར་བསྐྱང་བ་དང་། །དབང་དྲག་ལས་ཀྱི་ཕྲིན་ལས་བསྒྲུབ་མཛད་པ། །དམུས་ལོང་ལས་ཀྱི་འཁོར་ལ་ཕྱག་འཚལ་ལོ། །དེ་ནི་བསྐྱེད་དང་བསྟོད་པའོ། །དེ་ནས་སྤྱན་ནི་དྲང་བྱ་སྟེ། །མི་དམིགས་ཆོས་དབྱིངས་དག་པ་ལས། །པདྨ་དབང་ཆེན་གཤེགས་སུ་གསོལ། །གདུག་པ་མ་ལུས་འདུལ་བ་དང་། །དངོས་གྲུབ་མཆོག་རྣམས་སྩལ་བའི་ཕྱིར། །འབར་བའི་གདན་ལ་བཞུགས་སུ་གསོལ། །ཡུལ་དྲུག་རྟེན་དག་གནས་བརྒྱད་ནས། །གདུག་པ་འདུལ་ཕྱིར་ལོང་བའི་ཚོགས་སྤྲུལ་ནས། །དབང་དྲག་ཕྲིན་ལས་འགྲུབ་པར་མཛད་པའི་མཆོག །ཚོམ་བུ་འོད་ཀྱི་གནས་སུ་གཤེགས་སུ་གསོལ། །འབར་བའི་ཞིང་གི་འོད་ལྡན་བཤམས་པ་ལ། །དགྱེས་ཤིང་རོལ་ཏེ་བཞུགས་སུ་གསོལ། །ས་མ་ཡ་ཨེ་ཧྱེ་ཧི་ཛ། རྟ་མཆོག་རོལ་པའི་ཏནྟྲ་ལས། དབང་གི་རྒྱལ་པོ་ལ་དམུས་ལོང་ལས་ཀྱི་འཁོར་ཚོགས་སྤྱན་དྲང་བ་དང་། བསྐྱེད་པའི་ལེའུ་སྟེ་བརྒྱ་དང་ཉེར་བཞི་པའོ།། །།དེ་ནས་ཕྱག་ནི་བཙལ་བར་བྱ། འདོད་ཆགས་ཚུལ་གྱིས་འདོད་ཆགས་འཇོམས་མཛད་པ། །འདོད་ཆགས་རྒྱལ་པོ་པདྨ་ཧེ་རུ་ཀ །དབང་མཆོག་གདུག་པ་འདུལ་ཕྱིར་དུས་ལས་མི་འདའ་བ། །པདྨ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཁམས་གསུམ་འཁོར་བ་རུ་ལས་བཟློག་པའི་ཕྱིར། །གདུག་པའི་ཚོགས་ཆེན་སྐུ་སྤྲུལ་པ། །ལས་ཀྱི་དམུས་ལོང་བརྒྱད་པོའི་ཚུལ། །འབར་བ་ཚོགས་ཆེན་བདག་ལ་ཕྱག་འཚལ་ལོ། །སྲིད་པའི་གདུལ་དཀའ་མ་ལུས་འདུལ་བ་དང་། །བཀའ་ཡི་ཕྲིན་ལས་མ་ལུས་བསྒྲུབ་བྱའི་ཕྱིར། །གསང་བ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོ། འབྱུང་བ་དག་པའི་མཆོད་པ་དང་། །རོལ་མོ་སྒྲ་ཡི་


DNG017_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པ་དང་། །ཕྱི་ནང་གསང་བའི་མཆོད་པས་མཆོད། །དངོས་གྲུབ་བླང་ལ་ལྷག་མ་སྦྲེང་། །སྨོན་ལམ་གདབ་དང་ཕྲིན་ལས་བཅོལ། །ཆག་ཉམས་བཤགས་ལ་རིག་པའི་མེ་ཏོག་དོར། །ཧུ་ལུ་འཛབ་ཀྱི་དགོངས་པ་བྱ། །གྲངས་ཚད་བསྟོད་པས་འཕྲིན་ལས་བཅོལ། །འབྱོར་པ་ཚོགས་ཀྱིས་མཆོད་པ་བྱ། །དམིགས་པས་དགུག་སྟེ་བསྟབ་པར་བྱ། །ལྷག་མ་བཏང་སྟེ་མཁའ་འགྲོ་མཆོད། །འབུམ་ལྔའི་བཤགས་པ་བརྒྱ་པ་འདོན། །ད་ལྟར་བྱས་ལ་སྒྲུབ་པ་པོས། །གནན་པ་དང་ནི་འཕང་བ་དང་། །སྲེག་པའི་ལས་ནི་ཡང་དག་བྱ། །མཐའ་བསྡུ་བ་ཡི་ལས་སུ་གསུངས། །བསྐང་དང་བཟློག་པ་བྱ་བ་ནི། །ལས་གཞུང་བསྲང་བར་བྱ་བའོ། །དྲག་པོའི་བསྐང་དང་བཟློག་པ་བྱ་བ་ནི། །དྲག་པོའི་ལས་གསུམ་བསྟུད་ལ་བྱ་བ་ཡིན། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། དབང་གི་རྒྱལ་པོ་ལ་དམུས་ལོང་དང་བཅས་པའི་ལས་ཀྱི་རིམ་པའི་ལེའུ་སྟེ་བརྒྱ་དང་ཉེར་ལྔ་པའོ།། །།དེ་ནས་དབང་གི་རྒྱལ་པོ་པདྨ་ཧེ་རུ་ཀས་གསུངས་པ། བཅོམ་ལྡན་དབང་ཆེན་ཞབས་བརྒྱད་ཀྱི། །འོག་ན་ཁྲོ་བཅུ་ཡོད་པ་སྟེ། །ཕྱོགས་མཚམས་བརྒྱད་དུ་ཁྲོ་བོ་བརྒྱད། །བསྣོལ་ནས་གན་རྐྱལ་ལ་སོགས་པའོ། །སྟོབས་པོ་ཆེ་དང་ཧཱུཾ་ཀཱ་ར། །དབུས་སུ་གན་རྐྱལ་ཁ་སྦུབ་བོ། །ཞབས་བརྒྱད་ལོང་བུ་མན་ཆད་དེ། །ཁོང་དུ་ནུབ་ནས་མནན་པའོ། །དེ་ནས་དབང་གི་རྒྱལ་པོ་པདྨ་ཧེ་རུ་ཀས། །ཁྲོ་བརྒྱད་འབར་བ་མི་བཟད་སྐུར་བསྟན་པ། །འོག་མིན་དུར་ཁྲོད་འབར་བའི་གདན། །སྟེང་དུ་རྡོ་རྗེ་འབར་བའི་གུར། །བར་དུ་རིན་ཆེན་འབར་བའི་གཞལ་ཡས་ཁང་། །དཀྱིལ་འཁོར་ཐོད་པ་འབར་བའི་གཞལ་ཡས་ན། །ཁྲོ་བོ་ཆེན་པོ་བརྒྱད་ནི་གནས་པ་སྟེ། །དེ་ཡང་བསྒྲུབ་པར་བྱ་བ་སྟེ། །དབང་གི་རྒྱལ་པོ་ཀུན་འདུས་ཏེ། །ཁྲོ་བོ་བཅུ་ཡིས་བསྐོར་བ་བསྒྲུབ། །དཀྱིལ་འཁོར་གྲུ་བཞི་ལྷམ་པ་ལ། །དབུས་


DNG017_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཟླུམ་པོ་ཟླ་གམ་བཅས། །མཐའ་མ་འཁོར་ལོ་རྩིབས་བཅུ་པར། །གྲུ་བཞི་འབུར་དང་སྒོ་བཅས་བྲི། །ལས་ཀྱི་རིམ་པ་དེ་བཞིན་བྱ། །སྐུ་འམ་གསུང་སྟེ་ཕྱག་རྒྱ་ཐུགས། །འཁོར་ལོ་བཅུ་ལ་དགོད་པར་བྱ། །དེ་ལ་རྫས་ནི་དེ་བཞིན་གཞག །རྣམ་གསུམ་རིམ་གྱི་ཏིང་འཛིན་བསྒོམ། །འབྲས་བུ་ལམ་དང་རྒྱུ་རུ་བཤད། །འབྱུང་བ་རིམ་བཞིན་བསྐྱེད་པའོ། །དེ་ལས་གཞལ་ཡས་གསལ་བར་བསྒོམ། །མེ་འབར་ཡེ་ཤེས་འབར་བའི་གཞལ་ཡས་ཁང་། །ཕྱི་དང་ནང་མེད་ཀུན་ཏུ་ནང་། །འབར་བའི་འཁོར་ལོ་རྩིབས་བཅུ་ལ། །གྲུ་ཆད་བར་ཁྱམས་གྲུ་བཞི་ལྡན། །དེ་ལྟར་གསལ་བའི་ཏིང་འཛིན་བསྒོམ། །དེ་ཡི་དཀྱིལ་དུ་ལྷ་རྣམས་སོ། །ཨོཾ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཧཱུཾ་ཀཱ་ར། ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ། བཛྲ་ཀྲོ་དྷ་ནཱི་ལ་དཎྜ། བཛྲ་ཀྲོ་ཏ་ཡ་མཱན་ཏ་ཀ །བཛྲ་ཀྲོ་དྷ་ཨཱརྱ་ཨ་ཙ་ལེ། བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ། བཛྲ་ཀྲོ་དྷ་ཨ་པ་ར་ཛི་ཏ། བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི། བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ། བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུཾ། འཁོར་ལོ་བཅུ་ལ་ཧཱུཾ་དགོད་དེ། །རིམ་པ་ལྟར་དུ་ཤེས་པར་བྱ། །ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། དབུས་སུ་ཧཱུཾ་དམར་ལ་བཀྲ་བ་ཡིན་པར་གསུངས། ཧཱུཾ་ལས་སྔགས་དེ་བརྗོད་པ་ཡིས། །འབར་བའི་ཁྲོ་བོར་གྱུར་པའོ། །དེ་ལྟར་གཞལ་ཡས་ཁང་གི་ནང་ན་ནི། རང་ངོ་བཞུགས་པའི་གཟུགས་དག་པ་བསྐྱེད་པ་དང་། ལྷའི་ཏིང་འཛིན་གྱི་དཀྱིལ་འཁོར་ལོ་ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ཏིང་ངེ་འཛིན་དང་གཟུགས་བརྙན་བསྟན་པའི་ལེའུ་སྟེ་བརྒྱ་དང་ཉེར་དྲུག་པའོ།། །།དེ་ནས་ལྷ་རྣམས་སྤྱན་དྲང་བ། རྣམ་པར་མི་རྟོག་ཆོས་དབྱིངས་དག་པ་ནས། །དབང་ཆེན་རྒྱལ་པོ་ཀུན་འདུས་གཤེགས་སུ་གསོལ། །གཉིས་མེད་རིག་པ་ཐུགས་ཀྱི་གནས་ཆེན་ནས། །ཧཱུཾ་མཛད་ཁྲོ་བོ་འཁོར་བཅས་གཤེགས་སུ་གསོལ། །གཉིས་མེད་རོལ་པ་ཆུབ་པའི་དཀྱིལ་འཁོར་ནས། །སྒོ་བ་མགོ་བརྩེགས་དག་ཀྱང་གཤེགས་སུ་


DNG017_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། །ཀྲོ་དྷ་ས་མ་ཡ་གྲི་ཛ། བདེ་གཤེགས་རྒྱལ་བ་རྣམས་ཀྱི་ཐུགས་ཆེན་པོ། །སངས་རྒྱས་ཀུན་གྱི་ཡབ་ཆེན་པོ། །དབང་མཆོག་ཀུན་འདུལ་བཟང་པོ་ཆེ་བའི་ལྷ། །ཆེ་བས་ཆེ་བར་བསྟོད་པའི་དབང་ཕྱུག་ཡང་ཆེ་དཔལ། །འབར་བ་ལྷ་ཡི་ལྷ་ལ་ཕྱག་འཚལ་ལོ། །སྲིད་གསུམ་གདུག་པ་མ་ལུས་ཀུན་འཇོམས་པ། །གདུག་པ་འདུལ་མཛད་ཡེ་ཤེས་ལྷ་ཡི་ལྷ། །སྟོབས་ཀྱི་རིམ་པའི་ཁྲོ་བོ་ཧཱུཾ་སྒྲ་ཅན། །ཧཱུཾ་མཛད་ཁྲོ་བོ་བཅུ་ལ་ཕྱག་འཚལ་ལོ། །ཐེག་པ་དགུ་ལ་གནས་ཤིང་ས་དགུ་རིམ་གྱིས་སྦྱོར། །ཕ་རོལ་ཕྱིན་བཅུ་རྫོགས་ཤིང་མཐའ་གཉིས་མི་སྤང་ངང་ལ་གནས། །སྒོ་བ་མགོ་བརྩེགས་བཞི་ལ་ཕྱག་འཚལ་ལོ། །དེ་ནས་མཆོད་པ་རིམ་པས་འབུལ། །སྨོན་ལམ་གདབ་དང་འདོད་གསོལ་བྱ། །ལྷ་ཡི་བསྙེན་པ་གྲངས་སུ་བསྐྱལ། །གང་འདོད་དབང་དྲག་ལས་དང་སྦྱར། །དེ་ནས་ལྷ་རྣམས་དག་ལ་བསྟོད། །ཧཱུཾ་ཁྲག་འཐུང་འབར་བའི་སྐུར་བསྟན་པ། །དབུ་ལྔ་ཕྱག་ནི་བཅུ་དྲུག་སྟེ། །འབར་བའི་ཞབས་ནི་བརྒྱད་དུ་གཏམས། །གཤོག་པ་གཡས་གཡོན་གཉིས་སུ་གདེངས། །གཤོག་རྩེ་བྱ་ཁྱུང་འབར་བའོ། །ཉི་མ་ཟླ་བས་འབར་བར་བརྒྱན། །དཔལ་གྱི་ཆས་བརྒྱད་སྐུ་ལ་བརྒྱན། །འབར་བའི་ཕྱག་མཚན་མང་པོ་རྣམས། །དབུ་སྟེང་སངས་རྒྱས་ལྔ་ཡིས་བརྒྱན། །དབུ་ལྔ་རྟ་མགོ་འབར་བ་ལྔ། །ཚོན་གང་འོད་ཀྱི་འབྲུ་དང་བཅས། །དབང་གི་རྒྱལ་པོའི་སྐུ་ལ་ཕྱག་འཚལ་བསྟོད། །ཧཱུཾ་ཁྲོ་བོ་ཆེན་པོ་ཧཱུཾ་ཆེན་འབར། །བརྗིད་པའི་སྟབས་དང་འདེགས་པའི་སྟོབས། །མི་བཟད་གདུག་པ་འདུལ་མཛད་པ། །ཁྲོ་ཆེན་ཧཱུཾ་ཀཱ་ར་ལ་བསྟོད། །ཧཱུཾ་ཉོན་མོངས་ཀུན་ལས་རྣམ་པར་རྒྱལ། །རྒྱལ་བ་རྒྱལ་བའི་རྟགས་བརྙེས་པ། །ཆོས་དབྱིངས་དག་དང་མཉམ་པར་སྦྱོར། །བདུད་འདུལ་རྣམ་པར་རྒྱལ་ལ་བསྟོད། །རྫུ་འཕྲུལ་ངང་ལ་མངའ་བརྙེས་ཤིང་། །རྟགས་ཀྱི་ཆོས་དབྱིངས་དབྱུག་པ་ཡིས། །


DNG017_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་མོངས་དྲ་བ་འཇོམས་མཛད་པ། །འབར་བ་དབྱུག་སྔོན་ཅན་ལ་བསྟོད། །ཆོས་དབྱིངས་དག་པའི་ངང་ཉིད་ལས། །ལྷག་པའི་ཡེ་ཤེས་སྐུར་བསྟན་པས། །ལོག་པར་ལྟ་བའི་གཤིན་རྗེ་སྒྲོལ། །དེ་གཤེད་གཤིན་རྗེའི་གཤེད་ལ་བསྟོད། །ཆོས་ཉིད་མཉམ་པའི་ངང་ཉིད་ལས། །གཡོ་བ་མེད་པ་མི་གཡོ་མགོན། །དེ་སྤྲུལ་བདུད་དང་སྲིན་པོ་ཚར་གཅོད་པ། །ཁྲོ་མཆོག་མི་གཡོ་མགོན་ལ་ཕྱག་འཚལ་བསྟོད། །འདོད་ཆགས་གནས་སུ་དག་བྱེད་པ། །ཐེག་པའི་རྟ་ལ་རབ་བརྒྱུད་ནས། །མཆོག་ཏུ་ཀླུ་དང་གཉེན་པོ་འདུལ། །རྟ་མཆོག་དཔལ་ལ་ཕྱག་འཚལ་བསྟོད། །དག་པའི་དོན་མཆོག་མཚོན་པ་ཡིས། །མཉམ་ཉིད་ངང་གིས་ཐམས་ཅད་འཇོམས། །དེ་ཕྱིར་གཞན་གྱིས་མི་ཐུབ་སྟེ། །གཞན་གྱིས་མི་ཐུབ་པ་ལ་ཕྱག་འཚལ་བསྟོད། །ཆོས་དབྱིངས་དག་པའི་བདུད་རྩི་ཡིས། །ཉོན་མོངས་མ་ལུས་གནས་སུ་བཅོམ། །འཁོར་བའི་བདུད་ལ་ཡེ་ཤེས་རྩི་གཏོང་བ། །བདུད་རྩི་འཁྱིལ་པ་དེ་ལ་བསྟོད། །ཁམས་གསུམ་ཉོན་མོངས་ཀུན་ལས་རྣམ་པར་རྒྱལ། །དེ་དོན་མ་ནོར་དབྱིངས་སུ་སྡུད་བྱེད་པ། །དེ་ཡི་དོན་གྱིས་དུག་གསུམ་གནས་སུ་སྟོངས་པར་བྱེད། །ཁྲོ་ཆེན་ཁམས་གསུམ་རྒྱལ་ལ་ཕྱག་འཚལ་བསྟོད། །ཡེ་ཤེས་སྟོབས་དང་ལྡན་པ་ཡིས། །ཉོན་མོངས་དྲ་བ་གཅོད་བྱེད་པ། །དེ་ལས་མ་གཡོས་སྟོབས་པོ་ཆེ། །འཇོམས་བྱེད་སྟོབས་པོ་ཆེ་ལ་ཕྱག་འཚལ་བསྟོད། །ཅེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ལྷ་ལ་བསྟོད་པ་བསྟན་པའི་ལེའུ་སྟེ་བརྒྱ་དང་ཉེར་བདུན་པའོ།། །།དེ་ནས་དྲག་པོ་གསང་བའི་སྔགས་བསྟན་པ། ཨོཾ་ཧྲཱྀཿཤྟྲཱིཿཧཱུཾ་ཡ་རྦད་ཕཊ། གརྫ་གརྫ་ཧཱུཾ་ཕཊ། ཧ་ན་ཧ་ན་ཧཱུཾ་ཕཊ། ད་ཧ་ད་ཧ་ཧཱུཾ་ཕཊ། པ་ཙ་པ་ཙ་ཧཱུཾ་ཕཊ། བནྡྷ་བནྡྷ་ཧཱུཾ་ཕཊ། ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཏིཥྛ་ཏིཥྛ་ཧཱུཾ་ཕཊ། ཙྪིན་ད་ཙྪིན་ད་ཧཱུཾ་ཕཊ། བྷིན་ད་བྷིན་ད་ཧཱུཾ་ཕཊ། སྥོ་ཊ་སྥོ་ཊ་ཧཱུཾ་ཕཊ། ཅེས་པས་རིམ་པར་གདབ་པར་བྱ། སྤྱི་དྲིལ་ལ་གདབ་པ་ནི། ཨོཾ་བཛྲ་ཀྲོ་དྷ་པ་ར་བི་དྷྭནྶ་ག་གན་ས་མ་ཡ་ཕཊ་རྦད། སྤྱིར་དྲིལ་བས་གདབ་པའོ། །གདབ་ནས་ལྷག་མ་བསྟབ་པར་བྱ། །དེ་ཡི་ལྷག་མའི་རྗེས་ཤུལ་ལ། །ཡི་གེ་ཉི་ཤུའི་


DNG017_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོ་འདུ་ལས། །ཁྲོ་བཅུ་རྣམས་སྤྲོས་བྲོ་བརྡུངས་པས། །ཡང་སྤྲུལ་ཁྲོ་ཆུང་ཚོན་གང་གིས། །དྲག་པོའི་ལས་བྱེད་བྲོ་བརྡུང་ངོ་། །དེ་ནས་མནན་གཟིར་བྱ་བ་ཡིས། །ཡི་གེ་སྔགས་ཀྱི་འཁོར་ལོ་དགོད། །དེ་ལྟར་བསམ་པའི་ལས་རྣམས་རྫོགས། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། སྔགས་ཀྱི་གདབ་པ་དང་བྲོས་མནན་པའི་ལེའུ་སྟེ་བརྒྱ་དང་ཉེར་བརྒྱད་པའོ།། །།དེ་ནས་དཔལ་གྱིས་བཀའ་སྩལ་པ། །དེ་ནས་རིགས་འདུས་གསང་བ་ཡིས། །ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་གྱིས། །ཐམས་ཅད་རྒྱས་པའི་དཀྱིལ་འཁོར་ཏེ། །སྒྲུབ་པ་ཆེན་པོ་བྱེད་པ་དང་། །དྲག་བརྡལ་དྲག་པོ་བྱེད་པ་ན། །རིགས་འདུས་གསང་བའི་དཀྱིལ་འཁོར་གསུངས། །དཀྱིལ་འཁོར་གྲུ་བཞི་ལྷམ་པ་ལ། །དབུས་སུ་ཕོ་བྲང་ཟླུམ་པོ་བསྐོར། །ཐིག་བཞི་བཏབ་པས་ལིང་ཚེ་དགུ། །ལིང་ཚེ་དགུ་ལ་ཕོ་བྲང་དགུ། །དབུས་སུ་པདྨ་ཟླ་གམ་བརྒྱད། །ཤར་གྱི་ལིང་ཚེ་དག་ལ་ནི། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཏེ། །ཚོམ་བུ་ལྔ་ཡི་དཀྱིལ་འཁོར་རོ། །ལྷོ་ཡི་ལེའུ་ཚེ་དག་ལ་འགྲོ་བ་འདུལ་བ་སྟེ། །དབུས་སུ་ཟླ་གམ་མཐའ་མ་འཁོར་ལོ་བརྒྱད། །ནུབ་ཏུ་རྟ་མགྲིན་དབང་གི་སྟེ། །ཟླ་གམ་ཁ་སྤྲོད་དག་དང་ལྡན། །བྱང་དུ་ཁམས་གསུམ་རྣམ་རྒྱལ་ཏེ། །ཟླུམ་པོ་པདྨ་འདབ་བརྒྱད་དོ། །ཤར་ལྷོའི་ལིང་ཚེ་དག་ལ་ནི། །ངན་སོང་སྦྱོང་བའི་དལ་བ་སྟེ། །གྲུ་གསུམ་ཟླ་གམ་བཞིས་བསྐོར་བའོ། །ལྷོ་ནུབ་ལིང་ཚེ་དག་ལ་ནི། །ཧཱུཾ་མཛད་ཆེན་པོའི་དཀྱིལ་འཁོར་ཏེ། །ལེ་ཚེ་དགུ་དང་ལྡན་པའོ། །ནུབ་བྱང་ལེ་ཚེ་དག་ལ་ནི། །དུར་ཁྲོད་ཆེན་པོའི་དལ་བ་སྟེ། །གྲུ་གསུམ་མཐའ་མ་ཟླུམ་པོ་བཞི། །བྱང་ཤར་ཟླ་གམ་སྒོ་གཅིག་པ། །ཡེ་ཤེས་སེམས་དཔའི་དལ་བ་སྟེ། །ཐ་མ་གྲུ་བཞི་སྒོ་ཡིས་བསྐོར། །ལེ་ཚེ་རེ་ཡི་མཐའ་མ་ཡང་། །གྲུ་བཞི་སྒོ་དང་བཅས་པའོ། །གྲུ་ཆད་ཀུན་ལ་ཁྱུང་ནི་འཇུག །དེ་ལ་ལྷ་རྣམས་གསལ་བ་སྟེ། །དེ་ལྟར་གསལ་བར་བྲིས་བསྒོམ་ནས། །དབང་གི་བྱིན་རླབས་ཆེན་པོ་འབྱུང་། །དབང་བསྐུར་དངོས་གྲུབ་བླང་བ་ཡང་། །དེ་ལྟར་བྱས་ན་དངོས་གྲུབ་


DNG017_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ། །ཅེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། དབང་གི་རིགས་ཐམས་ཅད་འདུས་པའི་དལ་གྱི་ལེའུ་སྟེ་བརྒྱ་དང་ཉེར་དགུ་པའོ།། །།དེ་ནས་བཅོམ་ལྡན་འདས་དབང་གི་རྒྱལ་པོས་བཀའ་སྩལ་པ། སེམས་དཔའ་ལ་སོགས་ཁྱོད་རྣམས་ཉོན། །བྱང་ཆུབ་འབྲས་བུ་ཐོབ་འདོད་པས། །དགེ་བའི་ལས་སུ་བསྟན་པ་ནི། །རྟག་ཏུ་མཆོད་པ་བྱེད་པའི་རྟེན། །མཆོད་པ་དད་ཅིང་གུས་བྱས་ནས། །ཡིད་འོང་མཛེས་པའི་ས་གཞི་ལ། །བ་ཡི་རྣམ་ལྔའི་གོ་མ་ཡེ། །སྤོས་ཀྱི་ཆུ་ཡིས་ཆག་ཆག་བཏབ། །མཆོད་རྟེན་པདྨ་བརྩེགས་པ་ཡི། །རིན་ཆེན་སྣ་ཚོགས་གྲུབ་པའི་གཞལ་ཡས་ཁང་། །དེ་ལ་པདྨ་རིགས་ཀྱི་ལྷ་རྣམས་བསྐྱེད། །དུས་རྣམས་རྟག་པར་བཞུགས་པར་བསྒོམ་པའོ། །སྤྱན་དྲངས་པས་ཡང་དེ་ལ་བསྡིམ། །མཆོད་པ་རྣམ་པ་ལྔ་པོ་དང་། །རྨད་དུ་བྱུང་བ་གསུམ་མཆོད་ནས། །དེ་ནས་སྙན་པའི་སྒྲ་བསྒྲགས་ཤིང་། །འགྲོ་བ་རྒྱུད་ལྔའི་འཁོར་ལོས་འཁོར་བ་རུ། །སྡུག་བསྔལ་འཁྲུལ་འཁོར་གཟིར་བའི་འགྲོ་གཟིགས་ནས། །ཐུགས་རྗེས་སྡུག་བསྔལ་མ་ལུས་འཇོམས་མཛད་པ། །ཐུགས་རྗེའི་བདག་ཉིད་ཁྱོད་ལ་ཕྱག་འཚལ་བསྟོད། །སེམས་ཅན་སྨིན་ཅིང་གྲོལ་བར་མཛད་པའི་ཕྱིར། །ཆོས་ཉིད་དེ་བཞིན་ཉིད་ལ་བཞུགས་གྱུར་ནས། །ཆགས་པས་མ་གོས་པདྨ་ལྟར་དག་པའི། །འདོད་ཆགས་དག་པའི་བདག་ཉིད་ཁྱོད་ལ་བསྟོད། །སེམས་ཅན་འཁོར་བའི་རྒྱ་མཚོར་ནུབ་པ་ལ། །ཐུགས་རྗེས་ཐབས་དང་ཤེས་རབ་གྲུར་བཞག་ནས། །ཞི་བ་རིན་ཆེན་རྒྱ་མཚོའི་གླིང་བསྐྱོད་པ། །ཀུན་གྱི་དེད་དཔོན་ཆེན་པོ་ཁྱོད་ལ་འདུད། །སེམས་ཅན་བཀྲེན་པ་ཆོས་ཀྱིས་ཕོངས་གྱུར་པས། །མ་རིག་མུན་འཐིབས་ནང་དུ་སོང་བ་རྣམས། །འཕགས་པའི་ནོར་བདུན་དག་གིས་ཚིམ་མཛད་པ། །ཡེ་ཤེས་སྒྲོན་མ་ཁྱོད་ལ་ཕྱག་འཚལ་བསྟོད། །སེམས་ཅན་ལས་ཀྱི་ཆུ་བོས་བདས་པ་རྣམས། །དམ་ཆོས་བདུད་རྩིའི་ཟམ་པས་སྒྲོལ་མཛད་ཅིང་། །འཕགས་ལམ་ཡན་ལག་བརྒྱད་ལ་འགོད་མཛད་པ། །ཐུགས་རྗེའི་བདག་ཉིད་ཁྱོད་ལ་ཕྱག་འཚལ་བསྟོད། །མཆོད་རྟེན་དེ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་


DNG017_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཐུགས་རྗེ་ཡེ་ཤེས་ཀྱི་རང་བཞིན་དུ་བསམས་ལ། དེའི་བུམ་པའི་ནང་དུ་གནས་པའི་སྙིང་པོ་དང་། མཆོད་རྟེན་ཆེན་པོ་དེ་ལས་འོད་ཟེར་དུ་མ་གྲངས་མེད་ཅིང་བགྲང་དུ་མེད་པས། འཁྲུལ་པའི་སེམས་ཅན་ཐམས་ཅད་ཀྱིས། །ལས་དང་ཉོན་མོངས་སྒྲིབ་པ་ཡིས། །ཚོགས་རྣམས་ཐམས་ཅད་བྱང་བྱས་ནས། །དེ་བཞིན་གཤེགས་པ་ཐམས་ཅད་ཐུགས། །ཡེ་ཤེས་འོད་ཟེར་ཚུལ་གྱིས་བསྡུས་བྱས་ནས། །མཆོད་རྟེན་དེ་ལ་ཐིམ་པ་ཡིས། །མཆོད་རྟེན་ཆེན་པོ་དེ་ཉིད་ནི། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །ཆོས་སྐུ་ལོངས་སྐུ་སྤྲུལ་པའི་སྐུ། །ངོ་བོ་ཉིད་དུ་བསྒོམ་བྱས་ལ། །དེ་ལ་མཆོད་པ་ཀུན་མཆོད་ལ། །རྟེན་དང་འདྲེལ་བའི་སྙིང་པོ་བཟླས། །རིགས་ཀྱི་བསྟོད་པ་ཀུན་བྱས་ལ། །དེ་མ་ཐག་ནས་ཚིག་འདི་བརྗོད། །བཅོམ་ལྡན་འདས་ཏེ་དེ་བཞིན་གཤེགས། །དགྲ་བཅོམ་ཡང་དག་རྫོགས་སངས་རྒྱས། །རིག་པ་ཞབས་ལྡན་བདེ་བར་གཤེགས། །སྐྱེས་བུ་འདུལ་དང་ཁ་ལོ་སྒྱུར། །ལྷ་དང་མི་ཡི་སྟོན་པའི་མཆོག །ངོ་མཚར་ཆོ་འཕྲུལ་ཟུང་ལྡན་པའི། །སངས་རྒྱས་སྐུ་གསུང་ལྷུན་གྲུབ་པ། །དེང་འདིར་བདག་ལ་དགོངས་སུ་གསོལ། །བདག་གི་སེམས་ཅན་ཐམས་ཅད་དབུགས་དབྱུང་ཕྱིར། །བདུད་དང་མུ་སྟེགས་ལ་སོགས་ཕམ་པར་བགྱི་བ་དང་། །སེམས་ཅན་ལས་དང་ཉོན་མོངས་རྟོག་པ་བསལ་བར་བགྱི། །དེ་ལས་བདག་ཅག་རྣམས་ལ་ནི། །བསྐྱབ་ཅིང་སྣང་བ་མཛད་དུ་གསོལ། །དེ་བརྗོད་ལ་ནི་སྨོན་ལམ་བཏབ། །ཅེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། མཆོད་པའི་རྟེན་གྱི་ལེའུ་སྟེ་བརྒྱ་དང་སུམ་ཅུ་པའོ།། །།དེ་ནས་རབ་ཏུ་གནས་པར་བྱ། །ཐུགས་རྗེ་ལྡན་པའི་སྟོན་པ་ཡིས། །འགྲོ་བ་བདེ་ལ་དགོད་པའི་ཕྱིར། །སྐུ་གདུང་དང་ནི་རིང་བསྲེལ་དང་། །མཆོད་པའི་རྟེན་ནི་བཞེངས་པར་གསུངས། །ས་དང་ཕ་རོལ་ཕྱིན་པ་དང་། །སྨིན་པ་དང་ནི་གྲོལ་བའི་ཕྱིར། །མཆོད་རྟེན་ཆེན་པོ་བཞི་ཡང་བཞེང་། །ལྷག་པ་དང་ནི་ཟུང་འཇུག་དང་། །སྐུ་དང་ཡེ་ཤེས་ཐོབ་པའི་ཕྱིར། །མཆོད་རྟེན་བཞི་ཡང་བཞེངས་པར་བྱ། །སྒྲིབ་གཉིས་བྱང་


DNG017_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཚོགས་གཉིས་རྫོགས། །དེ་ཡི་ཕྱིར་ཡང་བཞེངས་པར་བྱ། །ལས་དང་ཉོན་མོངས་སྒྲིབ་བྱང་ནས། །འབྲས་བུ་བྱང་ཆུབ་ཐོབ་པའི་ཕྱིར། །དེ་ཡང་གཟུགས་སྐུ་བཞེངས་པར་བྱ། །བདུད་ཀྱི་བྱ་ར་བ་དང་གནོད་སྦྱིན་མདུན་ས་དང་། །གདུག་པ་ཀླུ་གཉན་འབྱུང་པོའི་རྒྱུན་ལམ་དེ། །ཐུགས་རྗེ་ཞི་བའི་ཕྱིར་ཡང་དགོད་པར་བྱ། །ཐུགས་རྗེས་དེ་ལ་མཆོད་རྟེན་བཞེངས་པ་ནི། །རྒྱུ་ཡི་མཆོད་རྟེན་འབྲས་བུའི་མཆོད་རྟེན་ནོ། །རྒྱུ་དང་འབྲས་བུ་འདྲེལ་བར་སྣང་བས་མཆོད་རྟེན་རང་བཞིན་ཡིན། །ཤར་དུ་ཞི་བའི་རྡོ་རྗེ་རིགས་ཀྱི་མཆོད་རྟེན་བཞེངས་པར་བྱ། །མཆོད་རྟེན་ཟླུམ་པོ་རྡོ་རྗེ་བརྩེགས་པའི་ཀ་བ་ཅན། །འཁོར་ལོ་དང་ལྡན་རིན་ཆེན་ལྔས་སྤྲས་ནས། །འཁོར་ལོ་དང་ནི་གདུག་ཅན་དང་། །བྱུ་རུ་དང་ནི་སྐྱབས་མཛད་པ། །དར་དཔྱངས་དང་ནི་རིན་ཆེན་འཕྲེང་། །མི་འགྱུར་ལྕགས་ཐག་བཞི་ལའོ། །རིན་ཆེན་རིགས་ཀྱི་ཞིང་ཁམས་སུ། །རིན་ཆེན་མཆོད་རྟེན་སྔོན་པོ་ལ། །གྲུ་བཞི་པ་ལ་རིན་ཆེན་བརྩེགས། །ཀ་བ་རིན་པོ་ཆེ་དང་ལྡན། །སྒོ་ནི་རིན་ཆེན་ནོར་བུའི་དབྱིབས། །ནུབ་ཕྱོགས་པདྨ་བརྩེགས་པའི་མཆོད་རྟེན་ལ། །པདྨ་སྟོང་དང་ལྡན་པར་བྱ། །ཞབས་ནི་ཟླ་གམ་ཚུལ་དུ་གནས། །རྡོ་རྗེ་ཀ་བ་རིན་ཆེན་སྒོ། །དམར་པོ་རྒྱན་དང་ལྡན་པའོ། །བྱང་ཕྱོགས་ལས་ཀྱི་རིགས་ཀྱི་མཆོད་རྟེན་ཏེ། །ལྗང་གུ་གྲུ་གསུམ་འབུར་དང་བཅས། །རྒྱ་གྲམ་བརྩེགས་པའི་ཚུལ་དུ་གནས། །རིན་ཆེན་སྣ་ལྔའི་རྒྱན་དང་ཀ་བས་མཚན། །དབུས་སུ་གསེར་གྱི་མཆོད་རྟེན་བཀྲ་ཤིས་སྒོ་མང་ལ། །འཁོར་ལོ་འབར་བ་རྡོ་རྗེས་སྤྲས། །སྙན་པའི་སྒྲ་སྒྲོགས་དྲིལ་བུ་དང་། །བྱུ་རུ་དང་ནི་ཡེ་ཤེས་དང་། །འཁོར་ལོ་ཐུགས་དམ་མཆོད་རྟེན་ཏེ། །འཁོར་ལོ་མི་འགྱུར་ཆོས་སྒྲ་བསྐོར། །དར་དཔྱངས་གཡས་དང་གཡོན་དུ་སྟེ། །གཡས་པ་ཆོས་སྐུ་འགྱུར་བ་མེད། །གཡོན་པ་ཤེས་བྱ་ཐོགས་པ་མེད། །དེ་ལྟར་མཆོད་པའི་རྟེན་བཞེངས་པ། །དེ་ལ་མཆོད་པ་རྣམས་ཀྱིས་ནི། །ཤར་ཕྱོགས་བྱམས་པ་བརྩེགས་པའི་མཆོད་རྟེན་དང་། །སྙིང་རྗེ་རིན་ཆེན་བརྩེགས་པའི་མཆོད་རྟེན་དང་། །དགའ་བ་པདྨ་བརྩེགས་པའི་མཆོད་རྟེན་དང་། །བཏང་སྙོམས་དོན་ཀུན་འགྲུབ་


DNG017_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཆོད་རྟེན་ནི། །ཕྱི་ཡི་ཚད་མེད་མཆོད་རྟེན་ཡིན། །མཆོད་རྟེན་རྒྱུ་ནི་ཆོས་ཀྱི་དབྱིངས་ཉིད་དེ། །བྱིན་གྱིས་བརླབས་དང་ལྡན་པར་བྱ། །ས་གཞི་ཆོས་ཀྱི་དབྱིངས་སུ་བརླབ། །ཁྲི་འཕང་དགེ་བ་བཅུ་དང་ལྡན་པར་བྱིན་གྱིས་བརླབ། །བང་རིམ་བཞི་ནི་དྲན་པ་ཉེར་གཞག་བཞི། །རྫུ་འཕྲུལ་གྱི་རྐང་པ་བཞི། ཡང་དག་པར་སྤོང་བ་བཞི། དབང་པོ་ལྔ། བུམ་གདན་སྟོབས་ལྔ་དང་། བུམ་པ་ནི་བྱང་ཆུབ་ཀྱི་ཡན་ལག་བདུན། དྲེ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་དང་། དེ་ལ་སོགས་པ་བསྐྱེད་པའོ། །ཡིད་ཀྱི་མཆོད་རྟེན་ཏིང་འཛིན་སྐུ། །ནམ་མཁའི་དབྱིངས་དང་རྒྱ་མཚོ་འཇིང་དག་ན། །བྱང་ཆུབ་སེམས་ཀྱི་མཆོད་རྟེན་བྲིས། །དེ་ལ་ཏིང་འཛིན་ཡིད་ཀྱི་མཆོད་པས་མཆོད། །ཡང་ན་མཆོད་པའི་རྟེན་བཤད་པ། །ཁྲི་འཕང་ཡེ་ཤེས་བཞི་རུ་སྟེ། །གྱེན་དུ་ཁྲི་འཕང་རྣམ་ཐར་གསུམ། །ཆགས་མེད་པདྨའི་གདན་སྟེང་དུ། །བུམ་པ་ཟླུམ་པོ་ཆོས་ཀྱི་རྩེ། །གསེར་གྱི་དྲེ་ཕུལ་འོད་ཟེར་འཕྲོ། །སྲོག་ཤིང་དྲང་སྲོང་བླ་ན་མེད། །དག་པ་རྣམ་ལྔའི་མཆོད་པས་མཆོད། །རང་བྱུང་གྲུབ་པའི་མཆོད་རྟེན་བརྒྱད་ལ། །བྱམས་ལྡན་གཏེར་གྱི་མཆོད་རྟེན་དང་། །ཐར་ལེགས་ཡོངས་རྫོགས་མཆོད་རྟེན་དང་། །སྤྲུལ་པའི་མཆོད་རྟེན་དམ་པ་དང་། །ཡིད་བཞིན་ལྷུན་གྱིས་གྲུབ་པའི་མཆོད་རྟེན་དང་། །དཔེ་མེད་བསམ་ལས་འདས་པའི་མཆོད་རྟེན་དང་། །ཡོན་ཏན་བརྩེགས་པའི་མཆོད་རྟེན་དང་། །རྨད་གྲགས་ཆོས་ཉིད་མཆོད་རྟེན་དང་། །ཁམས་གསུམ་བདེ་རྒྱས་སྒྲོན་མའི་མཆོད་རྟེན་ནོ། །དེ་ནི་རང་བྱུང་མཆོད་རྟེན་བརྒྱད། །སྤྲུལ་པའི་མཆོད་རྟེན་ཡང་ན་བཤད། །གྲངས་དང་དཔག་ལས་འདས་པའོ། །རྣམ་པར་ཐར་པའི་ཞིང་ཁམས་ན། །སྐུ་ཡི་མཆོད་རྟེན་བསམ་ལས་འདས། །ཏིང་འཛིན་བརྟན་པའི་མཆོད་པས་མཆོད། །རྣམ་པར་དག་པའི་ཞིང་ཁམས་ནས། །ཤེས་རབ་སྤྱན་དང་རྫུ་འཕྲུལ་སྙན། །སྐུ་ཡི་སངས་རྒྱས་ཀུན་གྱིས་བསྐོར། །རྣམ་པར་དག་པའི་ཞིང་ཁམས་ན། །གསུང་གི་མཆོད་རྟེན་བསམ་ལས་འདས། །གསུང་གི་མཆོད་རྟེན་ཐམས་ཅད་ཀྱང་། །ཚངས་པའི་སྒྲ་སྐད་ཕུན་སུམ་ཚོགས། །


DNG017_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བ་དྲུག་ལ་གསལ་མཛད་པ། །སྒྲ་དང་དབྱངས་དང་སྡེ་ཡིས་མཆོད། །རྣམ་པར་དག་པའི་ཞིང་ཁམས་ན། །ཐུགས་ཀྱི་མཆོད་རྟེན་བསམ་ལས་འདས། །མཁྱེན་པའི་ཡེ་ཤེས་གསལ་བ་ཡིས། །མ་རིག་མུན་པ་སེལ་བར་མཛད། །དམིགས་པ་མེད་པའི་མཆོད་པས་མཆོད། །དེ་ལྟར་དབྱེ་དང་བྱ་བ་སྟེ། །བསྐྱེད་དང་སྤྱན་དྲང་བསྡིམ་པ་དང་། །ཕྱག་འཚལ་བ་དང་མཆོད་པ་འབུལ། །བསྟོད་དེ་འདོད་ཡོན་གསོལ་བའོ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། མཆོད་རྟེན་གྱི་དབྱེ་བ་བསྟན་པ་དང་ངོ་བོ་བསྟན་པའི་ལེའུ་སྟེ་བརྒྱ་དང་སོ་གཅིག་པའོ།། །།དེ་ནས་ཡང་ནི་ལས་གསུངས་པ། །མཆོད་རྟེན་གཞལ་ཡས་བསྐྱེད་པ་དང་། །ལྷ་རྣམས་བསྐྱེད་པ་བསྟན་པ་ཡིན། །རྡོ་རྗེ་རིགས་ཀྱི་མཆོད་རྟེན་དུ། །ཁོག་པར་གཞལ་ཡས་བསྒོམ་པར་བྱ། །ཚོམ་བུ་ལྔ་ཡི་གཞལ་ཡས་ལ། །རིན་ཆེན་དྲ་བས་བརྒྱན་པ་དང་། །རྡོ་རྗེ་ཀ་བས་མཚན་པའོ། །ཀ་བ་གདུང་དང་དྲེ་ཕུལ་རེ་མིག་བརྒྱན། །འཁོར་ལོ་རིན་ཆེན་འོད་འབར་བའོ། །དབུས་སུ་རྡོ་རྗེ་སེམས་དཔའ་ཡིན། །ཐ་མ་རིགས་བཞིའི་སངས་རྒྱས་ཡིན། །དེ་ལ་རང་རང་སེམས་དཔར་ལྡན། །དེ་ལ་མཆོད་དང་ལས་བྱའོ། །རིགས་དང་མཐུན་པའི་མཆོད་པའོ། །རིན་ཆེན་རིགས་ཀྱི་མཆོད་རྟེན་དུ། །ཀ་གདུང་དྲེ་ཕུལ་རེ་མིག་བཞི། །ཚོམ་བུ་ལྔ་ཡི་དཀྱིལ་འཁོར་ལ། །དབུས་སུ་རིན་ཆེན་འབྱུང་ལྡན་ལ། །རིགས་བཞི་སངས་རྒྱས་དག་གིས་བསྐོར། །སེམས་དཔའ་སེམས་མ་འཁོར་དང་བཅས། །དེ་ལ་རིགས་མཐུན་མཆོད་པས་མཆོད། །པདྨ་བརྩེགས་པའི་མཆོད་རྟེན་ལ། །ཚོམ་བུ་ལྔ་ཡི་དཀྱིལ་འཁོར་ཡིན། །དབུས་སུ་སྣང་བ་མཐའ་ཡས་ལ། །ཕྱོགས་བཞི་རིགས་བཞི་སངས་རྒྱས་ཡིན། །རང་རང་སེམས་དཔས་བསྐོར་བའོ། །བྱང་ཕྱོགས་ལས་ཀྱི་རིགས་ཀྱི་མཆོད་རྟེན་དུ། །ཚོམ་བུ་ལྔ་ཡི་དཀྱིལ་འཁོར་ལ། །དབུས་སུ་དོན་ཡོད་གྲུབ་པ་ཡིན། །ཐ་མ་རིགས་བཞི་སངས་རྒྱས་ཏེ། །རང་རང་སེམས་དཔའ་དག་དང་ལྡན། །དེ་ལྟར་རིགས་ཀྱི་མཆོད་པས་མཆོད། །སྔགས་དང་ཕྱག་རྒྱ་གོང་བཞིན་ནོ། །


DNG017_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ཡི་མཆོད་རྟེན་ཆེན་པོ་ནི། །དབུས་སུ་རྣམ་པར་སྣང་མཛད་ལ། །སེམས་དཔའ་སེམས་མས་བསྐོར་བའོ། །གསུང་གི་མཆོད་རྟེན་ཆེན་པོ་ནི། །དབུས་སུ་སྣང་བ་མཐའ་ཡས་ལ། །སེམས་དཔའ་སེམས་མས་བསྐོར་བའོ། །ཐུགས་ཀྱི་མཆོད་རྟེན་ཆེན་པོ་ནི། །དབུས་སུ་རྡོ་རྗེ་སེམས་དཔའ་ལ། །སེམས་དཔའ་སེམས་མས་བསྐོར་བའོ། །དེ་ལ་མཆོད་དང་འདོད་དོན་གསོལ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། མཆོད་རྟེན་ལྷ་བསྐྱེད་པའི་ལེའུ་སྟེ་བརྒྱ་དང་སོ་གཉིས་པའོ།། །།དེ་ནས་ཚིགས་སུ་བཅད་དེ་བཀའ་སྩལ་པ། གཉིས་མེད་དག་པའི་ཞིང་ཁམས་ནས། །རང་བྱུང་མཆོད་རྟེན་ཆེན་པོ་བརྒྱད། །འགྲོ་བའི་དོན་དུ་སྤྱན་དྲངས་ཏེ། །གཟུགས་བརྙན་མཆོད་རྟེན་དམ་པ་ལ། །བྱིན་གྱིས་བརླབས་ཤིང་གཤེགས་སུ་གསོལ། །གསལ་ལ་དག་པའི་གནས་མཆོག་ནས། །སྤྲུལ་པའི་མཆོད་རྟེན་བརྒྱད་པོ་ཡང་། །འགྲོ་བའི་དོན་དུ་སྤྱན་དྲངས་ཏེ། །གཟུགས་བརྙན་མཆོད་རྟེན་དམ་པ་ལ། །བྱིན་གྱིས་བརླབས་ཤིང་གཤེགས་སུ་གསོལ། །རྣམ་པར་དག་པའི་ཞིང་ཁམས་ནས། །སྐུའི་མཆོད་རྟེན་བསམ་ལས་འདས། །ཤེས་རབ་རྩལ་དང་རྫུ་འཕྲུལ་ལྡན། །སྐུ་ཡི་སངས་རྒྱས་ཀུན་གྱིས་བསྐོར། །འགྲོ་བའི་དོན་དུ་སྤྱན་དྲངས་ཏེ། །གཟུགས་བརྙན་མཆོད་རྟེན་དམ་པ་ལ། །བྱིན་གྱིས་བརླབས་ཤིང་གཤེགས་སུ་གསོལ། །རྣམ་པར་དག་པའི་ཞིང་ཁམས་ནས། །གསུང་གི་མཆོད་རྟེན་བསམ་ལས་འདས། །སྒྲ་དང་དབྱངས་དང་སྡེ་ཡི་སྡེ། །མཁྱེན་པའི་ཡེ་ཤེས་གསལ་བ་ཡིས། །མ་རིག་མུན་པ་ཀུན་སེལ་བ། །དམིགས་པ་མེད་པའི་ཏིང་འཛིན་བསྒོམ། །འགྲོ་བའི་དོན་དུ་སྤྱན་དྲངས་ཏེ། །གཟུགས་བརྙན་མཆོད་རྟེན་དམ་པ་ལ། །བྱིན་གྱིས་བརླབས་ཤིང་གཤེགས་སུ་གསོལ། །རྣམ་པར་དག་པའི་ཞིང་ཁམས་ནས། །ཐུགས་ཀྱི་མཆོད་རྟེན་བསམ་ལས་འདས། །མཁྱེན་པའི་ཡེ་ཤེས་གསལ་བ་ཡིས། །མ་རིག་མུན་པ་སེལ་མཛད་པ། །དམིགས་པ་མེད་པའི་ཏིང་འཛིན་བསྒོམ། །འགྲོ་བའི་


DNG017_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དུ་སྤྱན་དྲངས་ནས། །གཟུགས་བརྙན་མཆོད་རྟེན་དམ་པ་ལ། །བྱིན་གྱིས་རློབ་ཅིང་གཤེགས་སུ་གསོལ། །ཡིད་ཀྱི་མཆོད་རྟེན་ཏིང་འཛིན་སྐུ། །ནམ་མཁའི་དབྱིངས་དང་རྒྱ་མཚོའི་འཇིང་། །བྱང་ཆུབ་སེམས་ཀྱི་མཆོད་རྟེན་བྲི། །མ་ལུས་བཞུགས་པ་ཐམས་ཅད་ཀྱང་། །ཏིང་འཛིན་གསལ་བའི་བྱིན་རླབས་ཀྱིས། །འགྲོ་བའི་དོན་ལ་གཤེགས་ནས་ཀྱང་། །གཟུགས་བརྙན་མཆོད་རྟེན་དམ་པ་ལ། །བྱིན་གྱིས་རློབ་ཅིང་གཤེགས་སུ་གསོལ། །རིགས་ཀྱི་མཆོད་རྟེན་ཆེན་པོ་ལྔ། །རང་བྱུང་རྟེན་པའི་གནས་ཡིན་ཏེ། །འགྲོ་བའི་དོན་དུ་སྤྱན་དྲངས་ནས། །གཟུགས་བརྙན་མཆོད་རྟེན་དམ་པ་ལ། །བྱིན་གྱིས་རློབ་ཅིང་གཤེགས་སུ་གསོལ། །ཡང་དག་དོན་དུ་དག་མོད་ཀྱང་། །འགྲོ་བ་རྣམས་ཀྱི་དོན་སླད་དུ། །ཕྱག་དང་ཞབས་གཉིས་བསིལ་ནས་ཀྱང་། །རྡོ་རྗེའི་གདན་ལ་བཞུགས་སུ་གསོལ། །ཨོཾ་ཨ་ཧ་ར་ཨ་ཧ་ར་སརྦ་བི་ཏ་ར་སུ་ཙི་ཏེག་གན་ས་མ་ཡེ་སྭཱ་ཧཱ། དྷཱུ་པེ་པུཥ྇་ཨཱ་ལོ་ཀེ། གན་དྷི། དེ་ལྟར་མཆོད་དང་བསྟོད་པ་བྱ། །སྔགས་ཀྱི་རིམ་པ་བཟླ་བར་བྱ། །ཕྱག་རྒྱ་ཡང་ནི་དེ་བཞིན་གཤེགས། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། མཆོད་པའི་རྟེན་སྤྱན་དྲངས་པའི་ལེའུ་སྟེ་བརྒྱ་དང་སོ་གསུམ་པའོ།། །།དེ་ནས་གཟུངས་སྔགས་འཐོན་པ་སྟེ། ན་མཿས་མནྟ། བུད་དྷཱ་ནཱ་ན། གརྦྷེ་དྷར་མ་དྷཱ་ཏུ་སྭཱ་ཧཱ། ས་གཞི་ཆོས་ཀྱི་དབྱིངས་སུ་བྱིན་གྱིས་བརླབས་པའི་སྔགས་སོ། །ལག་པ་ཐལ་མོ་ཁོང་སྟོང་སྦྱར། །སྔགས་པའི་ཕྱག་རྒྱ་དེ་ཡིས་ནི། །བྱིན་གྱིས་བརླབ་པར་བྱ་བའོ། །ལག་པ་ཐལ་མོ་ཁོང་སྟོང་སྦྱར། །སོར་མོ་རྣམས་ནི་ཕྱིར་བཀྱེད་དེ། །པདྨའི་ཕྱག་རྒྱ་འདྲ་བར་བྱ། །ན་མཿས་མནྟ་ཤུ་ནྱཱ་ཏ་ཛྙཱ་ན་སྭཱ་ཧཱ། རྨད་ཁྲི་བྱིན་གྱིས་བརླབ་པའོ། །ལག་པ་ཐལ་མོ་སྦྱར་བ་ཕྱིར་བཀྱེད་དེ། །མཐེའུ་ཆུང་གཉིས་ནི་ནང་དུ་བཀུག །མཐེ་བོང་གཉིས་ཀྱི་རྩེ་མོ་རུ། །མཛུབ་མོ་གཉིས་ནི་བཀུག་ལ་སྦྱར། །ན་མཿས་མནྟ་བུདྡྷཱ་ནཱན་ཏ་ཐཱ་ག་ཏ་སྨི་ཏི་སྭཱ་ཧཱ། ཧྲི་བ་ཨ་བུད་ག་ག་ནས་མ་ཡ་སྭཱ་ཧཱ། དྲན་པ་ཉེ་


DNG017_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

བར་གཞག་པའི་ཕྱག་རྒྱ་ཡིན། །ལག་པ་ཁོང་སྟོང་ཐལ་མོ་སྦྱར། །མཛུབ་མོ་གཉིས་བསྒྲེང་ཚོགས་ནི་གསུམ་པ་དགུག །ན་མཿས་མནྟ་བུདྡྷཱ་ནཱན། ཨ་ཏི་སུ་ག་ཏ་ས་མནྟ་པྲ་ཏི་བི་ཤུ ཉླྀ ་སྭཱ་ཧཱ། དེ་བཞིན་གཤེགས་པ་སོ་སོ་ཡང་དག་པ་རིག་པའི་སྔགས་དང་ཕྱག་རྒྱ་སྟེ། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔའི་རང་བཞིན་ནོ། །བུམ་རྟེན་སྟོབས་ལྔ་དང་། བུམ་པ་བྱང་ཆུབ་ཡན་ལག་བདུན་དང་། འཁོར་ལོ་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། དེ་བཞིན་གཤེགས་པའི་ཐུན་མོང་མ་ཡིན་པའི་དྲན་པ་ཉེ་བར་གཞག་པ་བཞི་དང་། དེ་ལ་སོགས་པ་འབྲས་བུའི་ཆོས་ཉིད་དབྱིངས་སུ་བྱིན་གྱིས་བརླབ་པའི་སྔགས་དང་ཕྱག་རྒྱ་ནི། སྟོབས་བཅུའི་སྔགས་དང་ཕྱག་རྒྱར་འདུས་ཏེ། ལག་པ་གཉིས་ཐལ་མོ་ཁོང་སྟོང་དུ་སྦྱར་ཏེ། མཐེ་བོང་གཉིས་དང་མཐེ་ཆུང་གཉིས་ནང་དུ་བཅུག་ལ། གཅིག་དང་སྤྲད་ལ་འདི་ནི་སྟོབས་བཅུའི་ཕྱག་རྒྱ་སྟེ། ན་མཿས་མནྟ་བུདྡྷཱ་ནཱན་ད་ཤ་པ་ལ་ཀ་ཏ་ར་ས་ཧཱུཾ་ས་ཛ་སྭཱ་ཧཱ། ཏོག་དཀར་བྱིན་གྱིས་བརླབ་པ་ནི། །ལག་གཉིས་ཁུ་ཚུར་བཅངས་པ་ལ། །གུང་མོ་གཉིས་བསྒྲེངས་ཏེ། ཚིགས་དབུས་མར་དགུག །མཐེ་བོང་གཉིས་དང་མཐེའུ་ཆུང་གཉིས་སོ་སོར་བསྒྲེངས་ཏེ། རྡོ་རྗེ་རྩེ་ལྔ་པར་བྱས་ལ། ན་མཿས་མནྟ་བུདྡྷཱ་ནཱན་དྷརྨ་ཀ་ཡ་སྭཱ་ཧཱ། དར་དཔྱངས་མཉམ་པ་ཉིད་དུ་བྱིན་གྱིས་བརླབ་པ་ནི། ལག་གཉིས་ཐལ་མོ་ཁོང་སྟོང་སྦྱར། མཛུབ་མོ་གཉིས་དགུག་མཐེ་བོང་ནང་དུ་བཟུང་། སྲིན་ལག་གཉིས་ཀྱང་མཐེ་བོང་བར་དུ་མཛུབ་མོ་བཏེགས་པའི་བར་དུ་བཟུང་། ན་མཿས་མནྟ་བུདྡྷཱ་ནཱན། སརྦ་དྷརྨ་ས་མནྟ་པྲ་བ་ཏ་ཐཱ་ག་ཏ་མ་ནུ་ག་ཏ་སྭཱ་ཧཱ། ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པར་བྱེད་པའི་སྔགས་དང་ཕྱག་རྒྱའོ། །དེ་ལྟར་གསལ་བར་བྱས་པ་དང་། །དབང་བསྐུར་སྤྱན་དྲང་ཞལ་སྲོ་དང་། །ལྷ་ཡི་སྤྱན་ནི་དབྱེ་བྱའོ། །བསྐོར་བ་བྱ་དང་སྒྲ་སྙན་བསྒྲག །དར་གྱི་ལྡ་ལྡི་ཕྱང་འཕྲུལ་གདགས། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། སྔགས་དང་ཕྱག་རྒྱའི་ལེའུ་སྟེ་བརྒྱ་དང་སོ་བཞི་


DNG017_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

པའོ།། །།དེ་ནས་ཡང་ཕྱག་ན་རྡོ་རྗེ་རང་གི་སྟན་ལས་ལངས་ཏེ། དབང་ཆེན་འདུས་པའི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །སེམས་ཅན་ཚེ་ཡི་དུས་བྱས་ནས། །ངན་སོང་གནས་སུ་འཁྱམ་པ་ལ། །དེ་ལ་དྲང་ཐབས་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། །ཞེས་གསོལ་པས། དབང་ཆེན་ཀུན་འདུས་བཀའ་སྩལ་པ། །སེམས་ཅན་ལས་ཀྱི་འཁྱམས་པ་དེ། །འཁོར་བ་ངན་སོང་གནས་ནས་དྲང་བ་ནི། །ཐབས་དང་ཤེས་རབ་ལྡན་པས་དྲངས། །ཉོན་ཅིག་རྡོ་རྗེ་སེམས་དཔའ་ཆེ། །སེམས་ཅན་ཚེ་ཡི་དུས་བྱས་ཏེ། །ངན་སོང་འཁོར་བའི་གཏིང་ན་ནི། །རྟོག་པའི་དྲ་བས་བཅིངས་ནས་འཁོར་བའི་རྙི་ཡིས་བཟུང་། །ཚུལ་བཞིན་ཆོས་ཉིད་ངང་དུ་བསྒྲལ་དགོས་པས། །དེ་ནས་སེམས་ཅན་བྱིན་བརླབ་སྟེ། །གཉེན་པོ་རང་ལས་བྱུང་བ་ཡིན། །མིག་ལ་ཡི་གེ་རཾ་དགོད་པས། །ཡེ་ཤེས་མེ་ཡི་དཀྱིལ་འཁོར་གྱུར། །ཡེ་ཤེས་མེ་དང་བྱང་ཆུབ་སེམས་ཀྱི་མེས། །སེམས་ཅན་མཚན་མའི་བག་ཆགས་བསྲེག་པར་མཛད། །སྣ་ལས་རླུང་གི་དཀྱིལ་འཁོར་གྱུར། །བདག་གི་ཏིང་འཛིན་ཡེ་ཤེས་རླུང་། །སྐྱེ་མཆེད་ཆོས་ཀྱི་རླུང་གིས་ནི། །འགག་མེད་དེ་དག་སྟོང་པར་བསྒོམ། །ལྕེ་སྟེངས་ཁ་ནས་ཆུའི་དལ་བྱུང་། །ཏིང་འཛིན་ཡེ་ཤེས་ཆུ་བོ་དང་། །བྱང་ཆུབ་སེམས་ཀྱི་ཆུ་བོ་ཡིས། །བག་ཆགས་དེ་དག་བཀྲུས་པར་བསྒོམ། །དེ་ནས་བྷྲཱུཾ་ཞེས་རབ་བརྗོད་པས། །སེམས་ཅན་ཕུང་པོ་རིན་པོ་ཆེའི། །གཞལ་ཡས་ཁང་དུ་གྱུར་པའོ། །གཞལ་ཡས་ཁང་ནི་དེ་ནང་དུ། །ཏིང་ཧཱུཾ་ཞེས་ནི་བརྗོད་པ་ཡིས། །སེམས་ཅན་ཏི་ཡིག་དུད་ཀར་འདུག །ཐུགས་རྗེ་ཏི་ཡིག་དུད་ཀས་སྦྱངས། །དུད་ཀའི་ཏི་ཉིད་ཡི་གེ་ཧཱུཾ་དུ་གྱུར། །དེ་ལས་དཔའ་བོ་འབྲུ་ལྔ་བྱུང་། །སྤྱི་བོའི་གཙུག་ཏུ་ཨོཾ་ཡིན་ཏེ། །ལྕེ་ལ་ཡི་གེ་ཨཾ་གིས་མཚན། །སྙིང་གར་ཧཱུཾ་ནི་དགོད་པ་སྟེ། །ལྟེ་བར་ཡི་གེ་སྭཱ་ཡིན་ནོ། །རྐང་པའི་མཐིལ་དུ་ཧ་ལྗང་བསྒོམ། །སྭཱ་ཧཱས་བསྡུས་པ་ཡིན་པའོ། །སྭཱ་ཧཱུཾ་ཧཱུཾ་ཧཱུཾ་ཨོཾ་ཨཾ། ཚིག་བཤད་འདི་ཡིས་བག་ཆགས་སྦྱང་། །


DNG017_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ལས་ཡེ་ཤེས་ནམ་མཁར་གྱུར། །ཁྱོད་ཀྱི་བག་ཆགས་དེས་སྦྱང་ངོ་། །ཨོཾ་ལས་ཡེ་ཤེས་ཆུ་སྦྱར་བས། །ཁྱོད་ཀྱི་བག་ཆགས་དེས་བཀྲུའོ། །ཧཱུཾ་ལས་ཡེ་ཤེས་ས་བྱུང་བས། །ཁྱོད་ཀྱིས་ལྔ་ཕུང་དེས་བརྟན་ནོ། །སྭཱ་ལས་ཡེ་ཤེས་མེ་བྱུང་བས། །ཁྱོད་ཀྱི་བག་ཆགས་དེས་བསྲེག་གོ། །ཧ་ལས་ཡེ་ཤེས་རླུང་བྱུང་བས། །ཁྱོད་ཀྱི་སྒྲིབ་པ་དེས་བསལ་ལོ། །རྐང་མཐིང་ཡི་གེ་ཧ་བསྒོམ་པས། །དོན་ཡོད་གྲུབ་པ་ཡབ་ཡུམ་བསྐྱེད། །ཕྱག་རྒྱ་ཆེན་པོ་བཞི་དང་ལྡན། །ཕྱག་རྒྱ་ཆེན་པོའི་བྱིན་རླབས་ཀྱིས། །ཕྲག་དོག་རིགས་ཀྱི་སྒོ་བཅད་དོ། །མི་རྣམས་ཀུན་གྱི་གནས་སྟོངས་སོ། །ལས་ཀྱི་རིགས་ཀྱི་ཐུགས་དམ་སྐོང་། །དོན་ཡོད་གནས་སུ་སྥ་ར་ན་ཕཊ། །ལྟེ་བར་ཡི་གེ་སྭཱ་བསྒོམ་པས། །རིན་ཆེན་འབྱུང་གནས་ཡབ་ཡུམ་བསྐྱེད། །ཕྱག་རྒྱ་ཆེན་པོ་བཞི་དང་ལྡན། །ཕྱག་རྒྱ་ཆེན་པོའི་བྱིན་བརླབས་ཀྱིས། །ང་རྒྱལ་རིགས་ཀྱི་སྒོ་བཅད་པས། །ལྷ་མ་ཡིན་གྱི་གནས་ཀྱང་སྟོངས། །རིན་ཆེན་རིགས་ཀྱི་ཐུགས་དམ་སྐོང་། །འབྱུང་ལྡན་གནས་སུ་སྭ་སྥ་ར་ན་ཕཊ། །སྙིང་གར་ཡི་གེ་ཧཱུཾ་བསྒོམ་པས། །རྡོ་རྗེ་སེམས་དཔའ་ཡབ་ཡུམ་བསྐྱེད། །ཕྱག་རྒྱ་ཆེན་པོ་བཞི་དང་ལྡན། །ཕྱག་རྒྱ་ཆེན་པོའི་བྱིན་རླབས་ཀྱིས། །ཞེ་སྡང་རིགས་ཀྱི་སྒོ་བཅད་ནས། །དམྱལ་བ་རྣམས་ཀྱི་གནས་སྟོངས་སོ། །རྡོ་རྗེ་རིགས་ཀྱི་ཐུགས་དམ་སྐོང་། །སེམས་དཔའི་གནས་སུ་སྥ་ར་ན་ཕཊ། །ལྕེ་སྟེང་ཡི་གེ་ཨོཾ་བསྒོམ་པས། །སྣང་བ་མཐའ་ཡས་ཡབ་ཡུམ་བསྐྱེད། །ཕྱག་རྒྱ་ཆེན་པོ་བཞི་དང་ལྡན། །ཕྱག་རྒྱ་ཆེན་པོའི་བྱིན་རླབས་ཀྱིས། །འདོད་ཆགས་རིགས་ཀྱི་སྒོ་བཅད་པས། །ཡི་དྭགས་རྣམས་ཀྱི་གནས་སྟོངས་སོ། །པདྨ་རིགས་ཀྱི་ཐུགས་དམ་སྐོང་། །མཐའ་ཡས་གནས་སུ་སྥར་ན་ཕཊ། །སྤྱི་བོར་ཡི་གེ་ཨོཾ་བསྒོམ་པས། །རྣམ་པར་སྣང་མཛད་ཡབ་ཡུམ་བསྐྱེད། །ཕྱག་རྒྱ་ཆེན་པོ་བཞི་དང་ལྡན། །ཕྱག་རྒྱ་ཆེན་པོའི་བྱིན་རླབས་ཀྱིས། །གཏི་མུག་རིགས་ཀྱི་སྒོ་བཅད་པས། །བྱོལ་སོང་


DNG017_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་གནས་སྟོངས་སོ། །དེ་བཞིན་གཤེགས་པའི་ཐུགས་དམ་སྐོང་། །སྣང་མཛད་གནས་སུ་སྥ་ར་ན་ཕཊ། །དེ་སྐད་བརྗོད་པའི་སྒོ་ནས་ནི། །ཚོན་གྱི་གྲུ་གུ་བསྒོངས་པ་བཞིན། །ཆོས་ཀྱི་སྐུ་རུ་གྱུར་པའོ། །དེ་ནས་ཕུང་པོ་སྦྱང་བ་དང་། །རྣམ་ཤེས་ཚོགས་བརྒྱད་སྦྱང་བ་ཡི། །དོན་གྱི་འདི་རྣམས་བརྗོད་པར་གསུངས། །ཧཱུཾ་སེམས་ཅན་ཆེན་པོ་ཁྱོད་ཉོན་ཅིག །ཁྱོད་ཀྱི་ལྔ་ཕུང་ཡན་ལག་ནི། །གཟུགས་ཀྱི་ཕུང་པོ་སྣང་མཛད་དོ། །ཚོར་བ་རིན་ཆེན་འབྱུང་ལྡན་ཏེ། །འདུ་ཤེས་སྣང་བ་མཐའ་ཡས་ཡིན། །འདུ་བྱེད་དོན་ཡོད་གྲུབ་པ་ལ། །རྣམ་ཤེས་རྡོ་རྗེ་སེམས་དཔའ་ཡིན། །ཕུང་པོ་ལྔ་ཡང་མངོན་སངས་རྒྱས། །སྙིགས་མ་ལྔ་ཡང་བདེ་ལྡན་གནས། །ཤི་བ་བྱ་བ་མིང་ཡང་མེད། །མི་འགྱུར་བརྟན་ནས་གསེར་བཞིན་ནོ། །སེམས་ཅན་ཆེན་པོ་ཁྱོད་ཉོན་ཅིག །ཁྱོད་ཀྱི་གཟུགས་ཀྱི་ཡན་ལག་ལ། །འབྱུང་བ་ཆེན་པོ་ལྔ་གནས་ཏེ། །ཁྱོད་ཀྱི་ཤ་ནི་ས་ཡིན་ཏེ། །ས་ནི་ཡུམ་ཆེན་སངས་རྒྱས་སྤྱན། །ཁྱོད་ཀྱི་དྲོད་ནི་མེ་ཡིན་ཏེ། །མེ་ནི་ཡུམ་ཆེན་གོས་དཀར་མོ། །ཁྱོད་ཀྱི་ཁྲག་ནི་ཆུ་ཡིན་ཏེ། །ཆུ་ནི་ཡུམ་ཆེན་མཱ་མ་ཀི། །ཁྱོད་ཀྱི་དབུགས་ནི་རླུང་ཡིན་ཏེ། །རླུང་ནི་ཡུམ་ཆེན་དམ་ཚིག་སྒྲོལ། །ཁྱོད་ཀྱི་སེམས་ནི་ནམ་མཁའ་ཡིན། །ནམ་མཁའ་ཀུན་ཏུ་བཟང་མོ་ཡིན། །འབྱུང་བ་ལྔ་ཡང་མངོན་སངས་རྒྱས། །སྙིགས་མ་ལྔ་ཡང་བདེ་ལྡན་གནས། །ཤི་བ་བྱ་བའི་མིང་ཡང་མེད། །མི་འགྱུར་བརྟན་པས་གསེར་བཞིན་ནོ། །སེམས་ཅན་ཆེན་པོ་ཁྱོད་ཉོན་ཅིག །ཁྱོད་ཀྱི་རྣམ་ཤེས་ཚོགས་བརྒྱད་ལ། །བྱང་ཆུབ་སེམས་དཔའ་བརྒྱད་དགོད་དོ། །རྣ་བ་ཕྱག་ན་རྡོ་རྗེ་ལ། །མིག་ནི་ས་ཡི་སྙིང་པོ་ཡིན། །སྣ་ནི་ནམ་མཁའི་སྙིང་པོ་ཡིན། །ལྕེ་ནི་སྤྱན་རས་གཟིགས་དབང་སྟེ། །མགྲིན་པ་འཇམ་དཔལ་གཞོན་ནུ་ཡིན། །ཉོན་མོངས་ཡིད་ནི་སྒྲིབ་སེལ་ཡིན། །རྣམ་ཤེས་ཡིད་ནི་བྱམས་པ་ཡིན། །ཀུན་གཞི་ཀུན་ཏུ་བཟང་པོ་ཡིན། །དེ་ཡི་ཡུལ་བརྒྱད་ལྷ་མོ་བརྒྱད། །རྣམ་ཤེས་བརྒྱད་ཀྱང་མངོན་སངས་རྒྱས། །ཤི་བ་བྱ་བ་མིང་ཡང་མེད། །མི་འགྱུར་བརྟན་པས་


DNG017_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་བཞིན་ནོ། །སེམས་ཅན་ཆེན་པོ་ཁྱོད་ཉོན་ཅིག །ཁྱོད་ཀྱི་ཡན་ལག་སྒོ་བཞི་ནི། །ཁྲོ་བོ་ཆེན་པོ་བཞི་ཡིན་ཏེ། །ལག་པ་གཡས་པ་སྟོབས་པོ་ཆེ། །ལག་པ་གཡོན་པ་གཤིན་རྗེ་གཤེད། །རྐང་པ་གཡས་པ་རྟ་མཆོག་དཔལ། །རྐང་པ་གཡོན་པ་བདུད་རྩི་འཁྱིལ། །དེ་ཡི་ཡུམ་བཞི་ཁྲོ་མོ་བཞི། །མི་ཕམ་མ་དང་ཁྲོ་གཉེར་མ། །རལ་གཅིག་མ་དང་རོ་ལངས་མ། །ཡན་ལག་བཞི་ཡང་མངོན་སངས་རྒྱས། །ཤི་བ་བྱ་བ་མིང་ཡང་མེད། །མི་འགྱུར་བརྟན་པས་གསེར་བཞིན་ནོ། །དེ་ནས་སྤྱོད་པའི་སྐྱེ་འགག་དང་། །ཆོས་ཉིད་རྣམ་དག་དོན་གྱི་ཕྱིར། །སེམས་ཅན་ཐམས་ཅད་བསད་པའི་རྒྱུ། །མ་སྐྱེས་ཕྱིར་ཡང་བསད་པའོ། །སེམས་ཅན་ཐམས་ཅད་ཟ་བའི་རྒྱུ། །གདོད་ནས་སྙིང་པོ་བྱང་ཆུབ་ལུང་། །སེམས་ཅན་ཐམས་ཅད་གཏུབ་པའི་རྒྱུ། །སྐྱེ་མེད་བྱང་ཆུབ་སེམས་སུ་བསྡུ། །སེམས་ཅན་ཐམས་ཅད་བཟའ་བའི་རྒྱུ། །གཉིས་མེད་བྱང་ཆུབ་སེམས་སུ་བསྡིམ། །ཙིཏྟ་སྦུབས་ནས་རཀྟ་གཞིབས། །བྱང་ཆུབ་སེམས་ཀྱི་དོན་དང་ལྡན། །རཱ་ག་ཆགས་པའི་རྒྱུ་ནི་ཁྲག་ཡིན་ཏེ། །ཉོན་མོངས་འཁོར་བའི་བག་ཆགས་སྦྱང་བའོ། །ཧ་ཧ་ཞེས་ནི་ཙིཏྟའི་རཀྟ་གཞིབས། །རཾ་ནི་མེ་སྟེ་ཆགས་པའི་རྒྱུ་ནི་ཁྲག་ཡིན་ཏེ། །འཁོར་བའི་ར་བ་མ་ལུས་བསྲེག་པར་བྱའོ། །རཀྟ་ཆགས་པའི་རྒྱུ་ནི་ཁྲག་ཡིན་ཏེ། །སྡུག་བསྔལ་རྒྱ་མཚོ་མ་ལུས་སྐེམ་པར་བྱའོ། །ཙིཏྟ་མཐོར་ཏོ་ཁ་ཕྱེ་སྟེ། །སྣང་གསལ་སྡོང་བུ་གཅིག་བསམ་མོ། །ཨ་དཀར་ལྟ་བུའི་བྱང་ཆུབ་སེམས། །ལུས་ཀྱི་སྡོང་བུར་སེམས་གནས་ཏེ། །ཛཿཧཱུཾ་བཾ་ཧོཿཐུགས་ཀར་ཐིམ། །རྩེ་མོ་བྱུང་རྒྱལ་བདེ་ཆེན་པོ། །ལྗོན་ཤིང་དམར་པོ་ཐུགས་ཀར་གནས། །ཉི་མ་སྟོང་ཞེས་ཆེ་སྙམ་སྟེ། །དེ་ནས་གཟི་མདངས་འདུས་པའི་ཐིག་ལེ་ཆེ། །རྟག་པ་ཆེན་པོ་དག་ལ་གང་གནས་པ། །རྟག་པ་ཆེན་པོ་ལོངས་སྤྱོད་རྫོགས་པའི་སྐུ། །ཐིག་ལེ་ཆེན་པོ་ཀུན་ནས་ཐམས་ཅད་གནས། །མཁས་པས་བཙལ་ཀྱང་རྙེད་པར་ག་ལ་གྱུར། །མི་འགྱུར་ཡུམ་གྱི་གཞལ་ཡས་སུ། །སྐལ་བ་ལྡན་


DNG017_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཁྱོད་ཉིད་ནི། །རྒྱལ་བའི་སྲས་སུ་བསྐྱེད་པར་བྱའོ། །ཕ་རོལ་ཕྱིན་པ་བཅུ་རྫོགས་ཤེས་རབ་དབྱིངས་ཀྱི་བཞུ། །དམ་ཚིག་སྙིང་རྗེར་འདྲེལ་བའི་ཤུལ་ཕོར་ཞིང་། །དམ་ཚིག་རྒྱན་གྱི་མཆོག་ལ་རིན་ཆེན་གསེར། །ཀ་ལ་པིང་ཀ་ལ་ཡི་རྒྱུད་ཕྲེང་ལ། །མཐའ་གཉིས་བྲལ་བའི་ཡེ་ཤེས་རྨྱུག་མ་ལ། །ཐབས་དང་ཤེས་རབ་འདྲེལ་བའི་མེ་ལ་སྲོས། །ཉོན་མོངས་དུག་གསུམ་འཇོམས་པའི་ཆུ་ཕྱུང་ལ། །ཡེ་ཤེས་མཁའ་འགྲོའི་སྒྲོ་བཞི་དེ་ལ་བསྐྱོན། །རྣོ་དབལ་ཏིང་འཛིན་མདེའུ་ཡིན། །སྐུ་གསུང་ཐུགས་ཀྱི་སྤྲུལ་པ་ཡར་གསུམ་གྱིས། །ང་དང་བདག་ཏུ་འཛིན་པའི་རྟོག་པ་བཅོམ། །སྐུ་ལས་བསྐྱེད་པའི་རྒྱལ་བའི་སྲས་སུ་བསྒོམ། །མི་འགྱུར་ཡུམ་གྱི་མཁའ་དབྱིངས་རྣམ་དག་པས། །རྒྱལ་བའི་སྲས་སུ་མ་ལུས་བསྐྱེད་པར་བྱའོ། །རྒྱལ་བ་དགོངས་པ་ཀུན་འདུས་པ། །དབང་ཡང་དེ་ཉིད་ཉིད་དུ་རྫོགས། །འགྲོ་དོན་ཐབས་ཀྱི་བསྐུལ་བའི་མཆོག །འགྲོ་བའི་དོན་ལ་དེ་བཞིན་གཤེགས། །ཡང་བཞུ་ཡང་བཏུལ་གསེར་དཔེ་བཞིན། །བཞུ་བཏུལ་ཏིང་འཛིན་རྩལ་ཡང་སྦྱང་། །དེ་ལ་ཉེས་པས་གོས་མི་འགྱུར། །ཆོས་ཉིད་ལ་ཡང་ཆོས་ཉིད་རོལ། །དཀྱིལ་འཁོར་ལ་ཡང་དཀྱིལ་འཁོར་ཐིམ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ཉོན་མོངས་འཁོར་བའི་གནས་ནས་དྲང་ཞིང་དོན་ལ་དགོད་པའི་ལེའུ་སྟེ་བརྒྱ་དང་སོ་ལྔ་པའོ།། །།བཅོམ་ལྡན་དབང་ཆེན་ཀུན་འདུས་ལ། །ཕྱག་ན་རྡོ་རྗེས་ཡང་གསོལ་པ། །ཨེ་མ་ཧོ་དབང་ཆེན་ཀུན་འདུས་གཙོ། །བདག་ལ་ལོག་པར་བདག་ཏུ་འཛིན་ཅིང་བལྟ། །དེ་དག་མནན་ནམ་དད་གཞུག་ན། །ལས་ཀྱི་རིམ་པ་ཇི་ལྟར་ལགས། །ཀུན་འདུས་མཆོག་གིས་བཤད་དུ་གསོལ། །ཞེས་གསོལ་ཏོ། །དབང་གི་རྒྱལ་པོ་དེས་གསོལ་བའི་དོན་ཐུགས་སུ་ཆུད་ནས། པདྨའི་རྒྱལ་པོ་ཧེ་རུ་ཀས། །གཟིགས་ཐབས་ཆེན་པོ་ནུབ་ཏུ་མཛད། །ཡེ་ཤེས་རྒྱུ་ཉིད་དག་པ་ལ། །ང་དང་བདག་ཏུ་རྟོག་པ་ཡིས། །ཁམས་གསུམ་འཁོར་བའི་རྒྱུ་རུ་འགྱུར། །ཁམས་གསུམ་འདི་དག་བསྒྲལ་བའི་ཞིང་། །དབང་དུ་བསྡུ་བའི་


DNG017_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

ལས་མཛད་དོ། །སངས་རྒྱས་ཀུན་གྱིས་བྱིན་གྱིས་རློབས། །ཁམས་གསུམ་མ་ལུས་བསྒྲལ་བའི་ཞིང་། །ཏ་ན་ཆེན་པོ་བྱ་བའི་ཕྱིར། །བདེ་གཤེགས་མང་པོ་ཀུན་འདུས་ཤིང་། །བྱམས་དང་སྙིང་རྗེ་ལྡན་པ་ཡིས། །ཉོན་མོངས་འཁོར་བའི་རྒྱ་དྲལ་ཏེ། །བདུད་དང་གཤིན་རྗེ་འཁོར་བཅས་ཀུན། །གཉིས་མེད་རོལ་པའི་ཕྱག་རྒྱ་ཡིས། །དུས་ལ་བབ་པོ་ས་མ་ཡ། །རྣལ་འབྱོར་དབང་ཕྱུག་ཆེན་པོ་སྟེ། །རྩེ་རྒྱལ་བརྟེན་པའི་གནས་ཆེན་དེར། །བོ་དེ་ཙིཏྟའི་དབྱིངས་ཉིད་དུ། །ཁམས་གསུམ་འཁོར་བ་ཀུན་བསྡུ་བའོ། །ཨོཾ་མ་ཧཱ་དེ་བ་མ་ཏྲཾ་ཀ་རུ་དྲ། ཨངྐུ་ཤ་ཛ། དེ་ལྟར་བཀུག་པས་མ་དད་སྟེ། །དམ་བདར་ལེགས་པ་ཉེས་པ་བརྗོད། །ཐར་པའི་ལམ་འབྱེད་དཀྱིལ་འཁོར་འདིར། །བྲོད་པ་ཅན་རྣམས་འོང་བ་ལྟར། །སྐལ་དང་ལྡན་པ་རིགས་ཀྱི་བུ། །དེང་འདིར་འོངས་པ་ལེགས་ཏེ་འོང་། །ཨོཾ་བཛྲ་གྷུ་ཧྱེ་ཏྲི་ཤྱ་ས་མ་ཡ་སྟྭཾ། དེ་ཡིས་ཕྱག་རྒྱ་བརྡའ་ཡང་བསྟན། །ཤར་ཕྱོགས་ལམ་སྒོའི་འཇིག་རྟེན་ན། །ཡང་དག་ཐར་ལམ་སྤྱོད་པ་ཡི། །འབྱུང་པོ་གཏུམ་པོ་ང་རྒྱལ་ཅན། །ཁྱོད་ནི་སྒྲུབ་པ་ཀུན་ལ་སྒྲིབ། །ཡང་དག་ཤེས་རབ་ཡེ་ཤེས་ཀྱི། །རྩ་ཁུངས་རྟག་ཆད་བདག་ལས་བྱུང་། །བདག་འཛིན་བདག་ཏུ་རྟོག་པ་ནི། །བདག་མེད་སྟོང་པའི་ཐོ་བས་གཞོམ། །བདག་པོ་ཐབས་སྟོབས་བརྩོན་འགྲུས་ཀྱིས། །གནས་ངན་ལེན་པའི་དེད་དཔོན་བྱེད། །དེ་ཉིད་བདག་རྟོགས་ཡིན་པས་ན། །བདག་མེད་སྟོང་པའི་སྟོབས་ཀྱིས་གཞོམ། །ཨཱད་མ་ན་ཏི་མ་ཧཱ་ནྱ་ཏ་བཛྲ་མུ་ཀ་ར་ཨ་ཀོ་ཊ་ཡ་ཧཱུཾ་ཕཊ། སརྦ་པཱ་ས་ག་ར་ཧེ་དུག་པྲ་བེ་ཤ་མ་ཏྲ་ད་ཀ་རུ་དྲ་ཧཱུཾ་ཕཊ། ཨ་ཀཪྴ་རུ་དྲ་ཧཱུཾ་ཕཊ། ཁ་ཏྲཾ་ཁ་རུ་དྲ་ཧཱུཾ་ཕཊ། ཨོཾ་ཏྲ་ས་ཏྲི་མུ་ཙལ། ཙྪིན་ད་ཙྪིན་ད་ཧཱུཾ་ཕཊ། སརྦ་སུ་ཀ་སརྦ་ཀརྨ་སརྦ་ཀླེ་ཤ་ཙྪིན་ད་ཙྪིན་ད་ཧཱུཾ་ཕཊ། སརྦ་པ་ཏི་ཙི་ཏྲན། ཁངྒ་ཙྪིན་ད་ཙྪིན་ད་ཧཱུཾ་ཕཊ། དྲེགས་པ་ཅན་ཐམས་ཅད་དུས་གཅིག་ཏུ་སྒྲ་དེའི་འདུས་པའོ། །དེ་ཡིས་མ་ཏྲཾ་བསྒྲལ་བའོ། །ཆོས་ཅན་གྱི་ནི་གོ་གོས་ཏེ། །དབང་ཆེན་སྟོབས་ཀྱང་ཆེ་བའོ། །བདག་སྟོང་མཚོན་ཆ་རྣོན་པོ་ཡིས། །གདབ་པ་དག་ཀྱང་དེ་ཡིས་ཐེབས། །ཆོས་ཀུན་དག་ཏུ་རང་


DNG017_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

གི་ངོ་བོས་སྟོང་། །རྒྱལ་བའི་སྲས་རྣམས་དངོས་ཀུན་རྣམ་པར་འཇིག །སྲིད་པ་ཇི་བཞིན་ཡེ་ནས་སྟོངས་པ་ཡིན། །འཕགས་པ་ཐམས་ཅད་བདག་ལ་གསོན། །འབྱུང་པོ་མང་པོ་ཀུན་ཉོན་ཅིག །རྡོ་རྗེ་རྣོན་པོ་འཇམ་དཔལ་གྱི། །ཤེས་རབ་དང་ནི་སྙིང་རྗེ་དང་། །ཐབས་ལ་མཁས་པའི་བྱིན་རླབས་ཀྱིས། །འགྲོ་བ་ཐམས་ཅད་སྦྱང་བར་མཛད། །འཚོ་བའི་བདག་པོ་ཚེ་དང་སྲོག །གསོན་པ་དག་ཀྱང་བར་གཅོད་པའི། །བདུད་དང་གཤིན་རྗེ་འཁོར་བཅས་ལ། །གཞོམས་ཤིང་བསད་པའི་གཉེན་པོ་ནི། །འཇམ་དཔལ་སྤྲུལ་པ་ཁྲོས་པའི་མཆོག །སྲིད་གསུམ་མཐར་བྱེད་རྔམ་པ་དེས། །ཁ་ཊྭཱཾ་ཐོད་དབྱུག་མི་བཟད་པ། །གཤིན་རྗེ་བཅོམ་ནས་གསད་པར་བྱ། །རོ་ཡང་འཛམ་བུའི་གླིང་དུ་བོར། །ས་གཞི་དུར་ཁྲོད་བརྒྱད་པོ་ཡིས། །བདག་པོ་དྲེགས་པ་བསྣོལ་བ་ཡི། །རོ་ཡི་ཉལ་ཐབས་གན་རྐྱལ་ཏེ། །མགོ་ནི་ལྷོ་ནུབ་མཚམས་སུ་བསྟན། །རྐང་པ་བྱང་ཤར་ཐུག་པ་མེད། །དེ་ཡང་མཁྲིག་གཉིས་བསྣོལ་བའོ། །སྤྱང་ཀི་དང་ནི་ཀང་ཀ་བྱ། །ལག་པ་གཡོན་པའི་མཁྲིག་མ་ལ། །ཁྱི་གཉིས་དང་ནི་བྱ་རྒོད་དེ། །ཐལ་བའི་མདོག་ལ་ལུས་བསྒྲེང་བའོ། །ཨོཾ་ཤྲཱི་པདྨ་ཧེ་རུ་ཀ་མ་ཧཱ་བཛྲ་སརྦ་དུཥྚཱཾ་ས་མ་ཡ་མུ་ཏྲ་པ་བྷན་ཙཀྲ་ཧ་ན་ཧ་ན་ཧཱུཾ་ཕཊ། མི་གཡོ་ཕྱག་རྒྱ་ཆེན་པོའི་ངང་། །མཚོན་པའི་བར་དུ་ཚེ་དང་སྲོག །བདེ་བར་གཤེགས་པས་བསྐྱབ་ཏུ་གསོལ། །འཆི་བའི་སྡུག་བསྔལ་འདིར་འབྱུང་ངོ་། །མ་ཏྲཾ་ཆེན་པོ་དེ་དྲེད་ནས། །ཤི་བས་ཐོན་པའི་ཚིག་ཏུ་བསྟན། །པདྨའི་རྒྱལ་པོ་ཧེ་རུ་ཀས། །འདི་སྐད་ཐུགས་ལས་ཐོན་པའོ། །སྐྱེ་བའི་རྐྱེན་གྱིས་འཆི་བ་ཡིན། །སྡིག་པའི་རྐྱེན་གྱིས་བཅོམ་པས་འཆི། །བདག་དང་དངོས་པོའི་བལྟ་བས་འཇིགས། །ང་ཡི་བསྟན་པ་འདི་ལ་གཟུང་། །འོན་ཀྱང་འཆི་བའི་སྡུག་བསྔལ་བྲལ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིག །ས་མ་ཡ་ཀེ་ཤ་ཙིཏྟ་ཛྭ་ལ་ཧཱུཾ་ཕཊ། དེ་ཡིས་ཟིལ་གྱིས་གནན་པར་བྱ། །དེ་ནས་ཡང་ནི་འདི་སྐད་དོ། །གནས་ཀྱི་སྒོ་འདི་སུ་ཡིས་བཅད། །སེམས་ཀྱི་བདག་པོས་བཅད་དམ་ཅི། །གཟུགས་འཛིན་རྐང་


DNG017_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

ལག་བསྣོལ་བ་ཡིས། །ཡུལ་ལས་འདས་པའི་སྒོ་ཕྱེ་ཞིག །ཧཱུཾ་ཧཱུཾ་ཕཊ་ཕཊ། མ་ཏྲཾ་ཀ་རུ་ཏྲ་སརྦ་ཏེ་ཙོ་སྤྱན་དྲང་། དེ་ཡི་ཁོག་པ་དྲལ་བར་བྱ། །དྲེགས་པ་མ་རུངས་ལྷ་ཆེན་ཁྱོད། །སེམས་ཀྱི་སྒོ་ཀུན་དེང་དབྱེའོ། །རྡོ་རྗེ་འབར་བའི་སྤུ་གྲི་ཡིས། །གནས་ནི་སྒོ་ཀུན་དེས་ཕྱེ་ནས། །སེམས་ཀྱི་བདག་པོ་བཞུགས་པར་བྱ། །པྲ་བེ་ཤ་ཕཊ། ཁོ་ཡི་ཤེས་པ་ཡི་གེས་ཏེ། །དེ་ལ་ཐབས་ཀྱིས་དྲང་བ་ཡིན། །ཁམས་གསུམ་ནས་བྱུང་སེམས་ཅན་རྣམས། །རྡོ་རྗེ་སྐུ་ཡི་ཁྱད་པར་གྱིས། །འོད་ཟེར་ཚུལ་དུ་བསྡུས་ནས་ནི། །དེ་དག་བདག་གི་གཟུགས་ལ་བཟུང་། །ཡི་གེ་དེ་ནི་ཚུར་འདུས་ཐིམ། །ཨོཾ་པྲཛྙཱ་ཀེ་ཤ་ཙིཏྟ་ཛྭ་ལ་ཧཱུཾ་ཕཊ། ཤེས་པ་གཉིས་མེད་གྱུར་པ་ཡིས། །ཡང་དག་བསྒྲལ་ལ་མེད་པར་བསྟན། །ཆོས་ཉིད་སྐྱེ་འགག་མེད་པ་ལ། །བདེ་བར་གཤེགས་པ་འཕྲོ་བ་ཞེས། །དབྱིངས་སུ་བཅུག་པས་གཉིས་སུ་མེད། །ཀུན་ཀྱང་མཉམ་ཉིད་ངོ་བོ་ཉིད། །ཐམས་ཅད་སྙིང་པོ་བྱང་ཆུབ་པས། །མ་སྐྱེས་པས་ཀྱང་འགག་པར་འཇིག །བདག་ཉིད་ཡེ་ནས་མཉམ་པའི་སྐུ། །ཐུགས་རྗེ་ཆེན་པོར་ཅིར་མ་མཛད། །དབང་ཕྱུག་ཆེན་པོ་ཧེ་རུ་ཀས། །དུར་ཁྲོད་བརྒྱད་ཀྱི་མ་མོ་བསྡུས། །གནས་བསྲུང་བ་དང་ལས་བཅོལ་བྱ། །དྲེགས་པ་ཆེན་པོའི་གཞལ་ཡས་སུ། །སྒྲུབ་པ་ཆེན་པོ་གང་བསྒྲུབ་པ། །དུར་ཁྲོད་བརྒྱད་ཀྱི་མ་མོ་ཀུན། །ཁྲག་འཐུང་དམ་ཚིག་ཇི་བཞིན་དུ། །བྱིན་དང་དངོས་གྲུབ་འབེབས་པར་བྱེད། །དེ་ལྟར་ལས་རིམ་བསྟན་པ་ཡིས། །མ་དད་པ་ཡང་དད་ལ་བཙུད། །ལྷག་མ་མེད་པར་དེ་བཀོད་དོ། །དེ་ལྟར་གནས་རྣམས་བསྟན་པའོ། །རྟ་མཆོག་རོལ་པའི་རྒྱུད་ལས། མ་ཏྲཾ་ཆེན་པོ་མནན་པ་དང་གནས་དང་འབྲས་བུ་བསྟན་པའི་ལེའུ་སྟེ་བརྒྱ་དང་སོ་དྲུག་པའོ།། །།དེ་ནས་ཡང་སྟོན་པ་དབང་ཆེན་ཀུན་འདུལ་གྱིས། ཕྱག་ན་རྡོ་རྗེ་ལ་སོགས་པའི། འཁོར་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཐམས་ཅད་ཀུན་ཏུ་བཟང་པོའི་རང་བཞིན་ཏེ། །ཀུན་ནི་ཀུན་གྱི་མཆོག་ཡིན་ནོ། །ཀུན་ནི་ཀུན་གྱི་ངོ་བོ་ཡིན། །ཀུན་ཞེས་མ་ལ་འདྲེལ་བ་ཡིན། །


DNG017_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཞེས་ཉུང་ལ་འདུས་པ་ཡིན། །ཏུ་ནི་ཡོངས་སུ་མ་ཆད་པ། །བཟང་པོ་བཅོས་མེད་རང་ལ་བྱ། །བྱང་ཆུབ་སེམས་ནི་ཀློང་བརྡལ་བས། །ཀུན་ཏུ་བཟང་པོའི་རང་བཞིན་ལ། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །འཁོར་བ་མེད་ཅིང་མྱ་ངན་མེད། །མཐོ་རིས་མེད་ཅིང་ངན་སོང་མེད། །རྫོགས་ཁྱབ་རང་བྱུང་ཡེ་ཤེས་ལ། །དུས་གསུམ་སངས་རྒྱས་དགྲར་ལངས་ཀྱང་། །འདི་ལ་གཟུང་ཞིང་གཅད་དུ་མེད། །རྟོག་མེད་མཉམ་ཉིད་ཆོས་ཀྱི་སྐུ། །གཟུང་དུ་མེད་ཅིང་འཇའ་ཚོན་འདྲ། །གསང་བའི་དཀྱིལ་འཁོར་ཞེས་བྱ་བ། །རྫོགས་པ་ཆེན་པོའི་མན་ངག་གིས། །བྱང་ཆུབ་སེམས་ལས་མ་ཡེངས་ན། །དཀྱིལ་འཁོར་ཐམས་ཅད་འདི་ལ་རྫོགས། །དཀྱིལ་འཁོར་ངེས་དོན་འདི་བསྒོམས་པས། །རྒྱུད་དྲུག་སེམས་ཅན་ཐམས་ཅད་ཀུན། །སངས་མ་རྒྱས་པ་གཅིག་ཀྱང་མེད། །ཐམས་ཅད་བྱང་ཆུབ་སེམས་སུ་འདུས། །ནམ་མཁའ་གར་ཁྱབ་ཆོས་ཀྱིས་ཁྱབ། །ཆོས་ཀྱི་གར་ཁྱབ་སེམས་ཡིན་པས། །ཕྱི་ནང་གཉིས་ཀ་སེམས་སུ་བསྒྲལ། །སེམས་ནི་ཡེ་ནས་མྱ་ངན་འདས། །སྐྱེ་ཤི་གཉིས་ཀྱི་རྒྱུ་ལས་བསྒྲལ། །ཡོད་མེད་གཉིས་ཀྱི་མཐའ་ལས་འདས། །ཇི་ལྟར་སྣང་ཡང་གཟུང་དུ་མེད། །མེད་པ་མ་ཡིན་སྙིང་པོའི་དོན། །འདི་ཞེས་བྱ་བ་བཅོམ་ལྡན་འདས། །གཅིག་པུ་རབ་ཏུ་ཆེ་བའི་ལྷ། །བློ་ལྡན་རབ་ཏུ་སྐལ་ལྡན་པས། །འདི་ནི་བསྒྲལ་བའི་ལུང་ཞེས་བྱ། །འདི་ཞེས་བྱ་བ་རྒྱལ་བའི་སྲས། །འཁོར་བ་ངན་སོང་བལྟ་བས་གསལ། །རྣམ་པར་རྟོག་པ་དགོངས་པས་བཅོམ། །རང་རིག་ཡེ་ཤེས་ལུང་གིས་བསྟན། །རྣམ་པར་མི་རྟོག་ཆོས་ཉིད་གནས། །དེ་ལྟར་དོན་དེ་རྟོགས་པ་ཡིས། །མ་སྤངས་གནས་སུ་དག་པ་ཡིན། །མ་བགྲོད་གནས་སུ་ཕྱིན་པ་ཡིན། །ཕྱི་ཡི་གནས་དང་འཕྲད་པ་ཡིན། །འབྲས་བུ་སངས་རྒྱས་ཐོབ་པ་ཡིན། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། བལྟ་བ་གནས་ཆེན་བསྟན་པའི་ལེའུ་སྟེ་བརྒྱ་དང་སོ་བདུན་པའོ།། །།དེ་ནས་ཀུན་འདུས་མཆོག་གི་བཀའ་སྩལ་པ། ཡི་གེ་རྣམ་པར་སྤྲོས་པ་སྟེ། །སྒྲ་དང་དབྱངས་ཀྱི་ཡི་གེ་བསྟན། །ཨཿ། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་


DNG017_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

དྷ་ན། པ་ཕ་བ་བྷ་མ། ཡ་ཝ་ར་ལ། ཤ་ཥ་ས་ཧ་ཀྵ།ཨ་ཨཱ། ཨི་ཨཱིཾ། ཨུ་ཨཱུ། ཨེ་ཨཻ། ཨོ་ཨཽ། དབྱངས་ཀྱི་ཡི་གེ་བཅུ་དྲུག་ནི། །ཨ་ཨཱ། ཨི་ཨཱིཾ། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ། དེ་ལྟར་ཡི་གེ་རྣམ་པར་སྤྲོས། །ཕྱི་མོའི་ཡི་གེ་བསྟན་པ་དང་། །སྒྲ་ཡི་ཡི་གེ་བསྟན་པ་དང་། །དབྱངས་ཀྱི་ཡི་གེ་བསྟན་པ་དང་། །མ་ནིང་ཡི་གེ་ལ་སོགས་པའོ། །ཡི་གེ་དབྱེ་བ་བསྟན་པ་ཡིན། །སྡེ་དང་ཚན་དུ་དབྱེ་བ་ཡིན། །དེ་ལ་སྡེ་ཚན་ལྔར་དབྱེ་ཡིན། །སྡེ་དང་གྲངས་ནི་བསྟན་པ་དང་། །སྔགས་རྣམས་རབ་ཏུ་བསྡུ་བ་ཡིན། །སྔགས་ཀྱི་རིམ་པ་བསྟན་པ་ནི། །ཕྱི་ནང་གསང་བ་གསུམ་དུ་ཡིན། །རིག་སྔགས་གསང་སྔགས་གཟུངས་སྔགས་དང་། །སྙིང་པོ་ཕྱག་རྒྱ་ལ་སོགས་གསུངས། །རྟ་མཆོག་རོལ་པའི་ཏནྟྲ་ལས། དབྱངས་དང་སྒྲ་ཡིག་བསྟན་པའི་ལེའུ་སྟེ་བརྒྱ་དང་སོ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནས་མཆོད་པའི་རིམ་པ་འདི་གསུངས་སོ། །ཕྱི་ནང་གསང་བའི་མཆོད་པ་དང་། །ཏིང་ངེ་འཛིན་གྱི་མཆོད་པ་དང་། །རོལ་མོ་ཆ་བྱད་སྒྲ་ཡི་མཆོད་པ་དང་། །ནང་གི་ལྷ་མོ་བཞི་ཡི་མཆོད་པ་དང་། །ཕྱི་ཡི་ལྷ་མོའི་མཆོད་པ་དང་། །འདོད་པའི་ཡོན་ཏན་ལྔ་ཡི་མཆོད་པ་དང་། །རང་རིག་མཐའ་དབུས་མེད་པ་ཡིས། །ཡེ་ཤེས་བཞི་འཕྲོ་འཁོར་ལོའི་ཚུལ། །ཚོགས་ཆེན་དཀྱིལ་འཁོར་གཤེགས་སུ་གསོལ། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་ནི། །རིགས་བཞི་ལྷ་དང་ལྷ་མོ་དང་། །འཁོར་གྱི་ཁྲོ་བོ་ཁྲོ་མོ་དང་། །སྒོ་མ་ལ་སོགས་གཤེགས་སུ་གསོལ། །ཞེས་སྤྱན་དྲངས་པའོ། །བདེ་བར་གཤེགས་སོ་བཅོམ་ལྡན་འདས། །བསོད་ནམས་ཅན་དུ་དེང་བདག་གྱུར། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །མཆོད་པ་དམ་པ་བཞེས་སུ་གསོལ། །ཤྲཱི་བཛྲ་ཨཾ་གུ་ཤ་ཛཿ། ཤྲཱི་བཛྲ་པཱ་ཤ་ཧཱུཾ། ཤྲཱི་བཛྲ་སྥོ་ཊ་བཾ། ཤྲཱི་བཛྲ་གཎྜ་ཧོ། ཐུགས་རྗེའི་ལྕགས་ཀྱུས་ཐུགས་རྗེའི་རྒྱུད་བསྐུལ་ཞིང་། །བྱམས་པའི་ཞགས་པས་གནས་ནས་སྤྱན་འདྲེན་གྱི། །ལྕགས་སྒྲོག་བཀའ་ཡི་ཕོ་ཉས་


DNG017_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

གནས་བསྐྱོད་ལ། །བདེར་གཤེགས་བཞུགས་ཤིང་རྣམ་གྲོལ་དགྱེས་པ་བསྐྱེད། །ཤྲཱི་བཛྲ་ལཱ་སྱེ་ཧཱུཾ། ཤྲཱི་བཛྲ་མཱ་ལེ་ཏྲཾ། ཤྲཱི་བཛྲ་གཱིར་ཏི་ཧྲཱྀ། ཤྲཱི་བཛྲ་ནཱིརྟི་ཨ། དུང་མདོག་སྒེག་མོ་རྡོ་རྗེའི་སྤྱན། །སེམས་དཔའ་སྔོན་མོ་ཡེ་ཤེས་འབེབས། །མེ་ལོང་ལྟ་བུའི་ཡེ་ཤེས་ལ། །བཛྲ་ལཱ་སྱེ་མཆོད་པ་རོལ། །ཡིད་བཞིན་རིན་ཆེན་འོད་འབར་མ། །འཇམ་དཔལ་རྣོན་པོའི་དངོས་གྲུབ་འཛིན། །མཉམ་པ་ཉིད་ཀྱི་ཡེ་ཤེས་ལ། །བཛྲ་མཱ་ལེ་མཆོད་པ་རོལ། །པདྨའི་དབྱངས་མཁན་རྨ་བྱའི་མགྲིན། །སྤྱན་རས་གཟིགས་ཀྱི་དངོས་གྲུབ་འཛིན། །སོ་སོར་རྟོག་པའི་ཡེ་ཤེས་ལ། །བཛྲ་གཱིརྟི་མཆོད་པ་རོལ། །གར་མཁན་འགྱིང་མ་གཟི་ལྡན་མ། །ལས་ཀྱི་འཁོར་ལོ་རྣམ་པར་འཇོམས། །བྱ་བ་ནན་ཏན་ཡེ་ཤེས་ལ། །བཛྲ་ནིརྟི་མཆོད་པ་རོལ། །ནང་གི་མཆོད་པ་དམ་པ་ནི། །ཡེ་ཤེས་བཞི་དང་མཉམ་པར་སྦྱོར། །ཨ་ལ་ལ་སྟེ་བཞེས་སུ་གསོལ། །ཤྲཱི་བཛྲ་དྷུ་པེ་དྷུ། ཤྲཱི་བཛྲ་པུཥ྇་པུ། ཤྲཱི་བཛྲ་ཨཱ་ལོ་ཀེ་ཧྲཱྀ། ཤྲཱི་བཛྲ་གྷནྡྷེ་གན། སྤྲོས་ཀྱི་སྤྲིན་ལྡིང་བདུག་པ་མོ། །རྒྱལ་བའི་དཀྱིལ་འཁོར་བདུག་པས་འགེངས། །བྱམས་པའི་ཐབས་དང་ཤེས་རབ་ལ། །བཛྲ་དྷུ་པེ་མཆོད་པ་རོལ། །ཨུཏྤལ་མཐིང་ཀ་མེ་ཏོག་འཐོར། །ཟླ་གམ་རིན་ཆེན་འཕྲོ་འདུར་གསལ། །སྙིང་རྗེ་ཐབས་དང་ཤེས་རབ་ལ། །བཛྲ་པུཥ྇་མཆོད་པ་རོལ། །དབང་གི་ཕྱག་ན་སྒྲོན་མེ་བསྣམས། །ཆོས་ཀྱི་རྒྱལ་མཚན་འབར་བ་འཛིན། །དགའ་བ་ཐབས་དང་ཤེས་རབ་ལ། །བཛྲ་ཨཱ་ལོ་ཀེ་ཡི་མཆོད་པ་རོལ། །ཙནྡན་བདུད་རྩི་ཆར་འབེབས་མ། །དཀྱིལ་འཁོར་གསལ་བའི་ཐིག་ལེ་འབེབས། །བཏང་སྙོམས་ཐབས་དང་ཤེས་རབ་ལ། །བཛྲ་གནྡྷེ་མཆོད་པ་རོལ། །ཕྱི་ཡི་མཆོད་པ་དམ་པ་འདི། །ཚད་མེད་བཞི་དང་མཉམ་པར་སྦྱོར། །ཨ་ལ་ལ་སྟེ་མཆོད་པ་འབུལ། །ཐབས་དང་ཤེས་རབ་ལྡན་གྱུར་ཅིག །བྱང་ཆུབ་སེམས་དང་མ་ཆགས་པའི། །གཉིས་སུ་མེད་པར་ཚིམ་གྱུར་ནས། །ཚོགས་ཆེན་གཉིས་ཀྱང་རྫོགས་པར་ལྡན། །འདོད་ཡོན་ལྔ་པོ་ཐམས་ཅད་དང་། །སྣ་ཚོགས་སྣང་བ་ཐམས་ཅད་ཀུན། །སྣ་ཚོགས་ངོ་བོ་ཉིད་ཀྱི་གཞི། །ཆོས་དབྱིངས་དག་པའི་ཡེ་ཤེས་ཏེ། །རྡོ་རྗེ་ལྷ་མོ་གཟུགས་


DNG017_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

མཛེས་མ། །འདོད་ཡོན་ཕྱག་ན་བསྣམས་པ་སྟེ། །རྐང་པས་སྟབས་བྱེད་ལག་གར་བསྒྱུར། །སྙན་པའི་གླུ་དབྱངས་བླངས་ནས་ནི། །དཀྱིལ་འཁོར་ལྷ་ལ་མཆོད་པར་འབུལ། །ཐམས་ཅད་མ་ལུས་སྒྲ་རྣམས་ནི། །གྲག་སྟོང་ངོ་བོ་ཉིད་ཀྱི་གཞི། །མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། །རྡོ་རྗེ་ལྷ་མོ་འཇམ་མའི་སྒྲ། །འདོད་ཡོན་ཕྱག་ན་བསྣམས་པ་ནི། །རྐང་པས་སྟབས་བྱེད་ལག་གར་བསྒྱུར། །སྙན་པའི་གླུ་དབྱངས་བླངས་ནས་ནི། །དཀྱིལ་འཁོར་ལྷ་ལ་མཆོད་པར་འབུལ། །བདེ་བ་ཚིམས་བྱེད་བསོད་ནམས་མཆོག །ཚིམ་སྟོང་ངོ་བོ་ཉིད་ཀྱི་གཞི། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། །རྡོ་རྗེ་ལྷ་མོ་དྲི་མཆོག་མ། །འདོད་ཡོན་ཕྱག་ན་བསྣམས་པ་སྟེ། །རྐང་པ་སྟབས་བྱེད་ལག་གར་བསྒྱུར། །སྙན་པའི་གླུ་དབྱངས་བླངས་ནས་ནི། །དཀྱིལ་འཁོར་ལྷ་ལ་མཆོད་པར་འབུལ། །བདེ་བ་རོ་ཡིས་ཚིམས་བྱེད་མ། །ཚིམས་སྟོང་ངོ་བོ་ཉིད་ཀྱི་གཞི། །སོ་སོར་རྟོག་པའི་ཡེ་ཤེས་ཏེ། །རྡོ་རྗེ་ལྷ་མོ་བདེ་བ་མོ། །འདོད་ཡོན་ཕྱག་ན་བསྣམས་པ་ནི། །རྐང་པས་སྟབས་བྱེད་ལག་གར་བསྒྱུར། །སྙན་པའི་གླུ་དབྱངས་དུ་མས་བསྟོད། །དཀྱིལ་འཁོར་ལྷ་ལ་མཆོད་པར་དབུལ། །བདེ་མཆོག་དཀྱིལ་འཁོར་ཡང་བྱེད་མ། །རྡོ་རྗེ་ལྷ་མོ་རེག་བྱ་སྟེ། །འདོད་ཡོན་ཕྱག་ན་བསྣམས་པ་ནི། །རྐང་པས་སྟབས་བྱེད་ལག་གར་བསྒྱུར། །སྙན་པའི་གླུ་དབྱངས་བླངས་ནས་ནི། །དཀྱིལ་འཁོར་ལྷ་ལ་མཆོད་པར་འབུལ། །རྟ་མཆོག་རོལ་པའི་ཏནྟྲ་ལས། དབང་གི་རྡོ་རྗེ་དབྱིངས་དང་ལྷ་རྣམས་ལ་བྱང་ཆུབ་རྡོ་རྗེ་ལྕམ་དྲལ་ལྷ་མོ་བཅུ་གཉིས་ཀྱི་མཆོད་པ་འབུལ་བའི་ལེའུ་སྟེ་བརྒྱ་དང་སོ་དགུ་པའོ།། །།དེ་ནས་དབང་གི་རྒྱལ་པོ་དེས། འགྲོ་བ་འདུལ་བའི་ཁྲོ་བོའི་དཀྱིལ་འཁོར་ལ་མཆོད་པ་འབུལ་བ་འདི་གསུངས་སོ། །དབང་ཕྱུག་ཆེན་པོ་ཡབ་ཡུམ་དང་། །བྱང་ཆུབ་རྡོ་རྗེ་ལྕམ་དྲལ་དང་། །ཁྲོ་བོའི་རྒྱལ་པོ་མཐའ་ཡས་དང་། །མ་མོ་མཁའ་འགྲོ་ཚོགས་ཆེན་དང་། །ལྷ་དང་ལྷ་མིན་རྣལ་འབྱོར་པས། །ཐུགས་དང་འཐད་པའི་གནས་ཆེན་འདིར། །ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ། །དམ་ཚིག་བཞིན་ལ་ཅི་


DNG017_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

བདེར་གཤེགས་སུ་གསོལ། །གཟུགས་དང་སྒྲ་དང་དྲི་དང་རོ། །རེག་བྱ་ཆོས་ལ་སོགས་པ་ཡི། །འདོད་ཡོན་ལྔ་ཡི་མཆོད་པ་འདི། །བདེ་བར་གཤེགས་པ་རྣམས་ལ་འབུལ། །ཨ་ལ་ལ་སྟེ་བཞེས་སུ་གསོལ། །ཨ་ལ་ལ་སྟེ་དགྱེས་པར་མཛོད། །བསྟོད་པ་དང་ནི་གཤེགས་པ་དང་། །འགུགས་དང་འདྲེན་དང་བསྒྲལ་དང་གཏུབ། །བཻ་ཌཱུར་སྔོན་པོའི་རི་རབ་རིན་ཆེན་ལ། །ཉི་མ་སྟོང་གི་འོད་ཟེར་བརྡལ་བ་ལྟར། །སེམས་དཔའ་སྔོན་པོ་འོད་ཀྱི་དཀྱིལ་འཁོར་དུ། །དཔལ་དང་གཟི་བརྗིད་འབར་ལ་ཕྱག་འཚལ་ལོ། །འོད་ཕུང་སྡུག་པོ་སྤྲིན་ལྟར་གཏིབས་པ་ཡི། །འཇིགས་བྱེད་རྔམ་སྟབས་བརྐྱང་བསྐུམ་ཚུལ་དུ་བཞུགས། །ཟ་བྱེད་བསྐལ་པའི་མེ་ལྟར་འབར་བ་སྟེ། །གདུག་པ་ཐམས་ཅད་རྡོ་རྗེའི་ཞལ་དུ་འདྲེན། །མི་བཟད་མཆེ་བས་བརྒྱན་པའི་ཞལ་གདངས་ཤིང་། །ཁམས་གསུམ་ཟ་བར་བྱེད་པའི་རྐན་སྒྲ་ཅན། །ཉི་ཟླ་འབར་བའི་སྤྱན་གྱི་སྡང་མིག་གིས། །བགེགས་དཔུང་སྲེག་པར་མཛད་ལ་ཕྱག་འཚལ་བསྟོད། །དེ་ནས་མཆོད་པ་དབུལ་བ་ནི། །ལྷ་རྣམས་མཉེས་པར་བྱ་བ་ཡིན། །དེ་ནས་དབང་གི་ལྷ་རྣམས་ལ། །ཚོགས་ཀྱི་མཆོད་པ་དབུལ་བ་ནི། །ཕྱི་ནང་གསང་བའི་མཆོད་པས་མཆོད། །ཚོགས་རྗེ་ཚོགས་བདག་དཔལ་དང་ལྡན། །ཚོགས་ཀྱི་སློབ་དཔོན་གཤེགས་སུ་གསོལ། །སྐུ་ཡི་བསོད་ནམས་ཚོགས་ཀྱིས་བརྒྱན། །གསུང་ནི་སྤྲུལ་པ་ཚོགས་ཀྱིས་བརྒྱན། །ཐུགས་ནི་ཡེ་ཤེས་ཚོགས་ཀྱིས་བརྒྱན། །དབུ་ནི་རལ་པའི་ཚོགས་ཀྱིས་བརྒྱན། །སྤྱན་ནི་ཉི་ཟླ་ཚོགས་ཀྱིས་བརྒྱན། །ཞལ་ནི་ཧོམ་ལྔའི་རོ་ཡིས་བརྒྱན། །ཚེམས་ནི་རྔོམ་བརྗིད་ཚོགས་ཀྱིས་བརྒྱན། །ཕྱག་ནི་ཕྲ་མེན་ཚོགས་ཀྱིས་བརྒྱན། །ཞབས་ནི་ཁྲོ་བོའི་ཚོགས་ཀྱིས་བརྒྱན། །ཚོགས་ཆེན་སྤྲིན་གྱི་དཀྱིལ་འཁོར་དུ། །སྣ་ཚོགས་ལྷག་ལ་རོལ་ཅིང་གཤེགས་སུ་གསོལ། །སྣ་ཚོགས་རོལ་ཅིང་གཤེགས་ནས་ཀྱང་། །དབུ་ནི་རལ་པའི་ཚོགས་ལ་རོལ། །སྙན་ནི་དུང་ཆེན་སྒྲ་ལ་རོལ། །སྤྱན་ནི་ཉི་ཟླ་ཚོགས་ལ་རོལ། །ཤངས་ནི་རླུང་སྒྲོམ་དྲི་ལ་རོལ། །ལྗགས་ནི་ཧོམ་ལྔའི་རོ་ལ་རོལ། །ཚེམས་ནི་བདུད་བཞིའི་སྙིང་ལ་རོལ། །


DNG017_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་ནི་ཁྲོ་བོའི་ཚོགས་ལ་རོལ། །གསུང་ནི་མ་སྲིང་ཚོགས་ལ་རོལ། །ཚོགས་ཆེན་ཚོགས་པའི་དཀྱིལ་འཁོར་དུ། །ལྷ་ཚོགས་མདུན་མར་སྡུད་ཅིང་གཤེགས། །ཐུགས་རྗེའི་ལྕགས་ཀྱུས་ཐུགས་ཀྱི་རྒྱུད་བསྐུལ་ཞིང་། །བྱམས་པའི་ཞགས་པས་གནས་ནས་སྤྱན་ཡང་འདྲེན། །ལྕགས་སྒྲོག་གནས་ནས་ཕོ་ཉས་གནས་བསྐྱོད་ལ། །བདེ་གཤེགས་དགྱེས་པ་བསྐྱེད་ཅིང་བཞུགས་སུ་གསོལ། །གཟུགས་དང་སྒྲ་དང་དྲི་དང་རོ། །རེག་བྱ་ཆོས་ལ་སོགས་པ་ཡི། །འདོད་ཡོན་ལྔ་ཡི་མཆོད་པ་འདི། །བདེ་བར་གཤེགས་ལ་དབུལ་ལགས་ན། །དགྱེས་པའི་དོན་ལ་གཤེགས་སུ་གསོལ། །དེ་ནས་བསྟོད་པ་བྱ་བ་སྟེ། །ཧཱུཾ། དབང་དྲག་མེ་ལྟར་འབར་བའི་དཀྱིལ་འཁོར་ནས། །ཁྲོ་བོའི་རྒྱལ་པོ་ཟ་བྱེད་ཧཱུཾ་སྒྲ་ཅན། །དབུ་ལྔ་ཕྱག་ཀྱང་བཅུ་དྲུག་སྟེ། །འབར་བའི་གཤོག་པ་བཞི་ཡིས་བརྒྱན། །ཞབས་ཀྱང་རྣམ་པ་བརྒྱད་དུ་བགྲད། །དཔལ་གྱི་ཆས་བརྒྱད་སྐུ་ལ་རབ་ཏུ་རྫོགས། །གདུག་པའི་མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས། །རྟ་སྐད་རྔམ་པའི་ཧཱུཾ་སྒྲ་ཙེ་རེ་རེ། །གདུག་པའི་འཁོར་རྣམས་མང་པོ་ལས་ལ་འགྱེད། །དབང་མཆོག་འབར་བའི་སྐུ་ལ་ཕྱག་འཚལ་བསྟོད། །རྟ་མཆོག་རོལ་པའི་ཏནྟྲ་ལས། ཚོགས་ཀྱི་མཆོད་པའི་ལེའུ་སྟེ་བརྒྱ་དང་བཞི་བཅུ་པའོ།། །།དེ་ནས་དབང་གི་རྒྱལ་པོ་དེས། །རོལ་མོ་སྒྲ་ཡི་མཆོད་པ་གསུངས། །དེ་ནས་ཡང་ནི་ལས་གསུངས་པ། །གསང་བའི་མཆོད་པའི་ལས་བྱའོ། །དཀར་དམར་སེམས་ཀྱི་འཕྲོ་འདུ་ལས། །བྱང་ཆུབ་སེམས་སུ་བྱིན་བརླབས་ནས། །ལྷ་ལ་མཆོད་ཅིང་ལས་རྣམས་བཅོལ། །གསང་བ་བྱང་ཆུབ་སེམས་ཀྱི་མཆོད་པ་ཡིས། །སངས་རྒྱས་སྤྲིན་ཚོགས་མ་ལུས་ལ། །དགྱེས་མཉམ་མཆོག་གི་མཆོད་པ་སྟེ། །གཉིས་སུ་མེད་པའི་མཆོད་པ་སྟེ། །རྒྱུ་ཉིད་དག་པའི་ངོ་བོ་བསྟན། །དག་པའི་དོན་གྱིས་དེ་ཉིད་དོན། །ཆོས་ཉིད་ལ་ཡང་ཆོས་ཉིད་རོལ། །དཀྱིལ་འཁོར་ལ་ཡང་དཀྱིལ་འཁོར་ཐིམ། །སྤྲུལ་པ་ཆོས་ཉིད་ངང་དུ་རོལ། །དུས་གསུམ་དག་


DNG017_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རང་བཞིན་ལ། །སྐུ་གསུང་ཐུགས་ཀྱི་ངོ་བོར་སྣང་། །ཆོས་དབྱིངས་དག་པའི་ངོ་བོ་ནི། །དུག་གསུམ་དག་པའི་འབྲས་བུ་ལ། །མཉམ་པ་ཉིད་དུ་གསལ་བའོ། །མཉམ་ཉིད་བདེ་བའི་མཆོད་པ་ནི། །ཆོས་ཀྱི་དབྱིངས་སུ་རོ་གཅིག་པའོ། །ཕྱི་ནང་གསང་བའི་མཆོད་པ་ཡིས། །ལྷ་རྣམས་མཉེས་ཤིང་དངོས་གྲུབ་འབེབས། །གསང་བ་བྱང་ཆུབ་སེམས་ཀྱི་མཆོད་པ་ཡིས། །དག་པའི་འབྲས་བུ་དེ་ཉིད་དོ། །དབྱིངས་ལ་ཡེ་ཤེས་ཤར་བ་ཡིན། །དབྱིངས་དང་ཡེ་ཤེས་གཉིས་མེད་ཆོས་ཀྱི་སྐུ། །སླར་ཡང་མི་གནས་མྱ་ངན་འདས། །སྟོང་པའི་ངང་ལས་བདེ་མཉམ་པ། །རྟོག་མེད་འགག་མེད་མཉམ་པའི་དབྱིངས། །དེ་ལྟར་རྟོགས་མཆོད་དག་པ་ནི། །དེ་ཉིད་མངོན་སངས་རྒྱས་པའོ། །སངས་རྒྱས་པས་ཀྱང་སངས་རྒྱས་མིང་ཡང་མེད། །ཅེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། གསང་བའི་མཆོད་པའི་དོན་བསྟན་པའི་ལེའུ་སྟེ་བརྒྱ་དང་ཞེ་གཅིག་པའོ།། །།དེ་ནས་བསྟོད་པའི་ལས་གསུངས་ཏེ། ཨེ་མ་ཧོ་སངས་རྒྱས་སྟོན་པས་གསུངས། །ཆེ་བའི་སྒོ་ནས་ཉིད་ལ་བསྟོད། །ཧཱུཾ། ཟླ་གམ་དབང་གི་གཞལ་ཡས་ནས། །བཅོམ་ལྡན་དབང་མཆོག་པདྨ་ཧེ་རུ་ཀས། །དབུ་ལྔ་ཡེ་ཤེས་རྫོགས་པའི་སངས་རྒྱས་གསུངས། །འབར་བའི་ཕྱག་གི་ཕྲ་མེན་དབྱིངས་སུ་སྡུད། །གདུག་པའི་ཞབས་བརྒྱད་བདུད་དང་ཀླུ་སྲིན་འདུལ། །འབར་བའི་གཤོག་པས་ཀླུ་ཆེན་ཟིལ་གྱིས་གནོན། །བྱ་ཁྱུང་གཤོག་སྡེར་འབར་བས་ཀླུ་གཉན་སྒུམ་བུར་འཐུ། །གསང་བའི་ཡུམ་བཞི་ཚད་མེད་བཞི་དང་སྦྱོར། །རྟ་མགོ་ལྔ་ཡི་ངན་སོང་གནས་ནས་སྦྱོང་། །ན་བཟའ་བརྒྱད་ཀྱི་གདུག་པའི་ཚོགས། །བཅོམ་ལྡན་དཔལ་གྱིས་རྒྱན་དུ་སྟོན། །གླང་ཆེན་ཀོ་རློན་སྐུ་ཡི་རྒྱན་དུ་ཆེ། །ཞིང་ཆེན་གཡང་གཞི་གསུང་གི་གདངས་སུ་ལྡན། །སྟག་གི་པགས་པ་ཐུགས་ཀྱི་དཔལ་བར་འགྲོ། །སྦྲུལ་ནག་རྒྱན་གྱིས་དགྱེས་མཉམ་གདུག་པ་སྐོང་། །ཀླུ་རྒྱལ་འབུམ་གྱིས་དབང་གི་སྒོ་བསྲུངས་མཛད། །སྡིགས་མཛུབ་མེ་ཡི་མ་རིག་རྨོངས་པ་བསྲེག །ཚམ་རྔམས་དྲག་པོ་ཧཱུཾ་གི་སྒྲ་ཡང་སྒྲོགས། །ཐུགས་རྗེ་ཁམས་གསུམ་ཧཱུཾ་གིས་སྒྲ་བསྒྲགས་པས། །དུག་


DNG017_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་མ་ལུས་གཏན་ནས་བརླག་ནས་ནི། །སངས་རྒྱས་ས་གསུམ་དག་ལ་དགོད་པར་མཛད། །འབར་བ་ལྷ་ཡི་ལྷ་ལ་ཕྱག་འཚལ་ལོ། །ཐུགས་ཀར་སྦས་པ་གསང་བའི་ཡུམ་ཆེན་སྦྱོར་བ་མོ། །སངས་རྒྱས་ཀུན་གྱིས་བསྔགས་པའི་གཟི་ལྡན་པདྨ་ཅན། །བདེ་ཆེན་དབྱིངས་སུ་སྦྱོར་ཞིང་ཆགས་མེད་པདྨ་རཱ་གའི་མདོག །གཉིས་སུ་མེད་པར་སྦྱོར་བ་རྟགས་ཀྱི་ཕྱག་རྒྱ་འཛིན། །སྲས་ཀྱི་སངས་རྒྱས་ཀུན་ལ་སྤྲུལ། །རྒྱལ་བའི་ཡུམ་ཆེན་མ་ལ་བསྟོད། །ཅེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས།) དབང་གི་རྒྱལ་པོ་ལ་བསྟོད་པའི་ལེའུ་སྟེ་བརྒྱ་དང་ཞེ་གཉིས་པའོ།། །།ཧཱུཾ། ཨེ་མ་སངས་རྒྱས་ཞི་བའི་ཚོགས། །སྐུ་ཡི་ཞི་བའི་རྟགས་བསྟན་པ། །མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་འཇམ་པའི་མདངས་དང་ལྡན། །གསུང་གི་ཞི་བའི་རྟགས་བསྟན་པ། །སྙན་པའི་དབྱངས་དང་འཇམ་པའི་ཚིག་ཏུ་ལྡན། །ཐུགས་ཀྱི་ཞི་བའི་རྟགས་བསྟན་པ། །ཀུན་ལ་བྱམས་དང་ལྡན་ཞིང་རྟག་ཏུ་བརྩེ། །ཞི་བ་འདུས་པ་ལྷ་ཡི་ཚོགས། །ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང་། །འགྲོ་དོན་ཡིད་བཞིན་ཐུགས་ལས་མཛད་སླད་དུ། །སངས་རྒྱས་མཛེས་པའི་སྐུ་ཡིས་འགྲོ་བའི་དོན་ཡང་མཛད། །མཚན་དང་དཔེ་བྱད་ལྡན་ཞིང་རབ་ཏུ་ཞི་བའི་འཕྲིན་ལས་མཛད། །སངས་རྒྱས་ས་ལ་ཡེ་ཤེས་ལྔ་ཡི་སྐུར་བསྟན་པ། །ཉོན་མོངས་ལྔ་རྣམས་ཐུགས་རྗེའི་ཐབས་ཀྱིས་བསྒྲལ་ནས་སངས་རྒྱས་ས་ལ་འགོད། །སྐྱོན་གྱིས་མ་གོས་ཡེ་ཤེས་རང་རྟགས་འཛིན། །ཐུགས་རྗེ་སྐྱབས་ཆེན་མཛད་པས་སངས་རྒྱས་གཙོ། །བདེ་གཤེགས་རྒྱལ་བ་ལྔ་ལ་ཕྱག་འཚལ་བསྟོད། །ཉོན་མོངས་གནས་སུ་འདྲེན་མཛད་སངས་རྒྱས་སྲས་ཡབ་ཡུམ། །ཐུགས་རྗེ་བྱམས་པའི་སེམས་པ་སེམས་མ་ཁྱོད་ལ་བསྟོད། །དབྱིངས་དང་ཡེ་ཤེས་དོན་མཚོན་ནས། །བྱེད་པ་པོ་དང་བྱ་བ་མོ། །སངས་རྒྱས་དགྱེས་མཆོག་ཡབ་ཡུམ་གཉིས་ལ་བསྟོད། །ཆོས་སྐུ་མཉམ་པའི་ངང་ཉིད་ལས། །སྤྲུལ་སྐུ་དེ་ལ་དེས་འདུལ་སྟོན། །བཅོམ་ལྡན་ཐུབ་པ་དྲུག་ལ་ཕྱག་འཚལ་ལོ། །ཆོས་སྐུ་ཞི་བའི་ངང་ཉིད་ལས། །


DNG017_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

གདུག་པ་འདུལ་ཕྱིར་ཁྲོ་བོ་བཞི། །ཞི་རྒྱས་དབང་དྲག་ཕྲིན་ལས་སྒྲུབ་བྱེད་པ། །ཁྲོ་བོ་སྒོ་བ་བཞི་ལ་བསྟོད། །ཚད་མེད་བཞི་ལ་མངའ་བརྙེས་སྒོ་མ་བཞི། །བྱང་ཆུབ་ཐུགས་རྗེས་འགྲོ་བའི་དོན་བྱེད་པ། །ཡེ་ཤེས་སྒོ་མ་བཞི་ལ་བསྟོད། །རྟ་མཆོག་རོལ་པའི་ཏནྟྲ་ལས། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལ་བསྟོད་པའི་ལེའུ་སྟེ་བརྒྱ་དང་ཞེ་གསུམ་པའོ།། །།དེ་ནས་ཕྱག་ན་རྡོ་རྗེ་དེས། དབང་གི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་དབང་ཆེན་འདུས་པའི་གཙོ། །བདེ་གཤེགས་རིགས་ལྔ་ལས་དང་བཅས་པ་འདི། །དབང་ཆེན་འདུས་པས་བཀའ་སྩོལ་ཅིག །ཅེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་དབང་གི་རྒྱལ་པོ་དེས། གསོལ་བའི་དོན་ཐུགས་སུ་ཆུད་ནས། ཡང་བཀའ་སྩལ་པ། སྡུད་པ་ཕྱག་ན་རྡོ་རྗེ་ཆེ། །སྤོབས་པ་ལྡན་པ་ང་ཉོན་ཅིག །རིགས་ལྔ་འཁོར་དང་བཅས་པའི་དོན། །དབུ་དེ་གཞལ་ཡས་བསྐྱེད་གསལ་ལོ། །ཆོས་དབྱིངས་ཡོན་ཏན་ཀུན་འབྱུང་གཞལ་ཡས་ཁང་། །རྒྱལ་བ་འཁོར་བཅས་རིགས་ལྔའི་ཅོད་པན་འཛིན། །ཕྱོགས་བཞི་དབུས་སུ་རིགས་ལྔའི་སྐུར་བསྟན་པས། །སྤྱི་ཚན་ལྔ་ལྔར་སྟོན་པས་ནམ་མཁའི་རྒྱན་དུ་ཆེ། །ཉོན་ཅིག་སངས་རྒྱས་འདུས་པའི་ཐུགས། །ཙཀྲ་ཨོཾ་དང་བྷྲཱུཾ་བརྗོད་པས། །དབུས་སུ་དབུ་ཡི་ཐོག་ཏུ་ནི། །འཁོར་ལོ་འབར་བའི་གཞལ་ཡས་གསལ། །ཙཀྲ་ཧཱུཾ་དང་བྷྲཱུཾ་བརྗོད་པས། །ཤར་གྱི་དབུ་ཐོག་གཞལ་ཡས་སུ། །རྡོ་རྗེ་འབར་བའི་གཞལ་ཡས་ཁང་། །ཙཀྲ་ཏྲཾ་དང་བྷྲཱུཾ་བརྗོད་པས། །ལྷོ་ཕྱོགས་དབུ་ཡི་ཐོག་ཏུ་ནི། །རིན་ཆེན་འབར་བའི་གཞལ་ཡས་ཁང་། །ཙཀྲ་ཧྲི་དང་བྷྲཱུཾ་བརྗོད་པས། །ནུབ་ཕྱོགས་དབུ་ཡི་ཐོག་ཏུ་ནི། །པདྨ་འབར་བའི་གཞལ་ཡས་བསྒོམ། །ཙཀྲ་ཧ་དང་བྷྲཱུཾ་བརྗོད་པས། །བྱང་གི་ཕྱོགས་ཀྱི་དབུ་ཐོག་ཏུ། །རལ་གྲི་འབར་བའི་གཞལ་ཡས་ཁང་། །དབུས་ཀྱི་གཞལ་ཡས་དེ་ཉིད་དུ། །བུཌྜྷ་སཏྭ་སྭཱ་ཧཱ་ཨ་ཧང་བརྗོད་པ་ཡིས། །རྣམ་པར་སྣང་མཛད་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། །རྡོ་རྗེ་རིན་ཆེན་པདྨ་ལས་ཀྱི་ཡུམ། །རིགས་ཀྱི་ཡུམ་བཞིས་བསྐོར་བར་བསྒོམ། །ཤར་གྱི་གཞལ་ཡས་ཁང་ནང་དུ། །བཛྲ་


DNG017_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

ཧ་སྟ་ཐ་ཨ་ཧཾ་བརྗོད་པ་ཡིས། །རྡོ་རྗེ་སེམས་དཔའ་ས་གནོན་ཕྱག་རྒྱ་ཅན་དེ་ལ། གསང་བའི་ཡུམ་བཞིས་བསྐོར་བར་བསྒོམ། །ལྷོ་ཡི་དབུ་ཡི་གཞལ་ཡས་སུ། །རཏྣ་ཡ་ཧ་སྟ་ཏ་ཐ་ཨ་ཧཾ། ཞེས་བརྗོད་པས། རིན་ཆེན་འབྱུང་ལྡན་མཆོད་སྦྱིན་ཕྱག་རྒྱ་ཅན། །ལཱ་སྱེ་མཱ་ལེ་གཱིར་ཏི་ནཱིར་ཏི་བཞི། །མཛེས་པའི་ལྷ་མོས་བསྐོར་བར་བསྒོམ། །ནུབ་ཀྱི་དབུ་ཐོག་གཞལ་ཡས་ཁང་ནང་དུ། །པདྨ་ཡ་སྟ་ཏ་ཐ་ཨ་ཧཾ་ཞེས་བརྗོད་པས། །སྣང་བ་མཐའ་ཡས་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན་ལ། །དྷཱུ་པེ་པུཥ྇་ཨཱ་ལོ་ཀེ་གནྡྷེ་ལ་སོགས་བཞིས་བསྐོར་བསྒོམ། །བྱང་ཕྱོགས་དབུ་ཡི་རལ་གྲིའི་གཞལ་ཡས་སུ། །ཀརྨ་ཡ་ཐ་ས་ཏོ་ཨ་ཧཾ་ཞེས་བརྗོད་པས། །བྱང་གི་དབུ་ཡི་གཞལ་ཡས་སུ། །དོན་ཡོད་གྲུབ་པ་སྐྱབས་སྦྱིན་ཕྱག་རྒྱ་ཅན། །དེ་ལྟར་གསལ་བར་བསྐྱེད་པ་ལ། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་མ་དང་བཞིས། །རིམ་པ་བཞིན་དུ་བསྐོར་བར་བསྒོམ། །དེ་ལྟར་གསལ་བར་བསྐྱེད་པ་དང་། །དབུ་ལ་ཚོམ་བུ་རིགས་ལྔའི་དཀྱིལ་འཁོར་བསྒོམ་པའོ། །དེ་ལ་རང་རང་ལས་ཀྱི་ཚོམ་བུའི་རྒྱན། །རིགས་ཀྱི་གཙོ་བོ་ལྔ་ལ་ལྷ་མོ་ཉི་ཤུས་བསྐོར་བའོ། །དེ་ལྟར་གསལ་བའི་ལས་བྱས་པས། །བྱིན་རླབས་འབྲས་བུར་ལྡན་པའོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། དབུ་སྟོང་ཚོམ་བུའི་ལེའུ་སྟེ་བརྒྱ་དང་ཞེ་བཞི་པའོ།། །།རིག་པ་དབུ་ཡི་གཞལ་ཡས་ནས། །རྟ་མགོ་ལྗང་གུ་དབུ་ཡི་རྒྱན་དུ་སྟོན། །རྟ་མགྲིན་རྟ་སྐད་འཚེར་ཏེ་ཁྲོ་བོའི་རྒྱལ་པོ་ཡིན། །རྟ་མགོ་ལྗང་གུ་རྔོག་མ་ལེ་བརྒན་ཏེ། །སྤྱན་མིག་ཟུར་གསུམ་སྐར་ལྟར་འཁྲུགས། །རྣ་བ་ཤོ་བྲག་འདས་དང་མ་འདས་སྒྲ་ལ་གསན། །སྤྱན་མིག་ཟུར་གསུམ་དབང་དྲག་ཕྲིན་ལས་མཛད། །རྟ་མགོ་ལྗང་གུ་ཡེ་ཤེས་མྱུར་མགྱོགས་པ། །རྔོག་མ་ལེ་བརྒན་དབང་གི་རང་བཞིན་གསལ། །དཔྲལ་བ་དཀར་ཞུར་རིན་ཆེན་ཟ་མ་ཏོག །ཟ་མ་ཏོག་ནི་ཚེ་ཡི་རང་བཞིན་བལྟམས། །དཔྲལ་བའི་ཞུར་པོ་ཚེ་ཡི་གའུ་དེ། །ཟླ་གམ་ཁ་སྤྲོད་ཚེ་བལྟམས་པས། །ཨཱ་ཡུ་ཚེ་ཡིས་བལྟམས་ནས་ནི། །ཡབ་དང་ཡུམ་གྱི་ཚུལ་ཡིན་ཏེ། །


DNG017_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་དང་ཤེས་རབ་འདྲེལ་བའི་ཚེ། །ཨ་ཡུ་དཀར་པོ་འོད་འབར་བ། །དབྱིངས་དང་ཡེ་ཤེས་འདྲེལ་བའི་ཚེ། །དཀར་པོ་མི་འགྱུར་དག་པའི་ཚེ། །ཆོས་ཉིད་བྱང་ཆུབ་སེམས་ཀྱི་ཚེ། །ཨཱ་ཡུ་དམར་པོ་འོད་འབར་བ། །ཤེས་རབ་དབྱིངས་མ་ཡུམ་གྱི་ཚེ། །དཀར་ལ་གསལ་འཁྱིལ་ཡབ་ཀྱི་ཚེ། །སྣུམ་འདྲིལ་ཡབ་ཡུམ་གཉིས་མེད་ཚེ། །ཚེ་ཡི་གའུ་བལྟམས་པ་སྟེ། །ཚེ་དང་ཡེ་ཤེས་བདག་ལ་བསྟོད། །སྐུ་མདོག་དམར་པོ་བསྐལ་པའི་མེ་ལྟར་འབར། །གདུག་པའི་མཚོན་ཆ་སྐར་ལྟར་འཁྲུགས། །དམར་ནག་ཁྲོ་ཆུང་སྤྲིན་ལྟར་གཏིབས། །རྔམ་པའི་ཚུལ་གྱིས་བདུད་དང་སྲིན་པོ་འཇོམས། །ལྷང་ལྷང་ཚེར་ཚེར་སྒྲ་བསྒྲགས་པས། །དུས་གསུམ་སངས་རྒྱས་ཐུགས་དམ་བསྐུལ། །ངན་སོང་གསུམ་པོ་གཏན་ནས་འཇོམས། །དབུ་ཡི་རལ་པ་གདུག་རྩུབ་འཁྱིལ། །དབང་དྲག་འཇོམས་པའི་ལྷ་ལ་ཕྱག་འཚལ་ལོ། །ཧཱུཾ་གི་སྒྲ་བསྒྲགས་གདུག་པ་ཟིལ་གྱིས་གནོན། །ཚམ་རྔམས་སྟངས་སྟབས་བདུད་དང་སྲིན་པོ་གཉན་རྣམས་འཇོམས། །དབང་གི་རྒྱལ་པོ་ཡང་ཆེ་དཔལ་ལ་བསྟོད། །ཅེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། རྟ་མགྲིན་དབང་གི་རྒྱལ་པོ་ལ་བསྟོད་པའི་ལེའུ་སྟེ་བརྒྱ་དང་ཞེ་ལྔ་པའོ།། །།ཧཱུཾ། འགྲོ་བ་མ་ལུས་ཐར་ལམ་འདྲེན་པའི་གཙོ། །སངས་རྒྱས་སྲས་ཆེན་དམ་པའི་གནས། །གསང་བའི་གནས་ཆེན་ལྷ་ཡི་ཕོ་བྲང་ནས། །དུས་གསུམ་རྒྱལ་བའི་འབྱུང་གནས་ཡུམ། །རྒྱལ་བ་ཀུན་གྱི་ཐུགས་ལ་གནས་པ་སྟེ། །ཚོན་གང་འོད་དུ་ཤར་བས་ཕོ་བྲང་ལྷ་ཡི་གནས། །ཡེ་ཤེས་སེམས་དཔའ་གཙོ་ཆེན་མ་ལུས་པ། །གསལ་འཚེར་ལྷུན་སྡུག་འོད་འབར་བདེ་བའི་གནས། །རྒྱལ་བའི་ཡུམ་ཆེན་ཀུན་ལ་བྱམས་བརྩེ་བ། །ཐུགས་ལ་གནས་པའི་ཡེ་ཤེས་སེམས་དཔའ་ཆེ། །ཚོན་གང་འོད་འབར་དེ་ལ་ཡེ་ཤེས་ཀུན་གྱིས་བསྐོར། །སངས་རྒྱས་མང་པོ་འདུས་པའི་ལྷ་ཚོགས་ཀྱང་། །རྒྱལ་བ་ཀུན་གྱི་གནས་ཆེན་བསྐོར་བའི་གཞི། །གསལ་བའི་ཡི་གེ་འབྲུས་བསྐོར་བས། །དམ་ཚིག་དབང་དང་དངོས་གྲུབ་འབེབས་པར་བྱེད། །གསལ་བ་


DNG017_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

འོད་འབར་ཚོན་གང་སྐུ། །འཕྲོ་འདུ་ཏིང་འཛིན་དགོངས་པ་གསལ་བར་བྱེད། །གསང་བའི་འོད་ཀྱི་འཕྲོ་འདུ་ཀུན་ཏུ་རྒྱས། །བདེ་གཤེགས་རྒྱལ་བ་ཀུན་གྱི་ཐུགས་དམ་བསྐུལ། །མ་དག་སྒྲིབ་པ་འོད་ཀྱིས་སྦྱོང་བར་བྱེད། །ཚེ་དང་ཡེ་ཤེས་དབང་དང་དངོས་གྲུབ་འདྲེན། །བདེ་གཤེགས་དགོངས་པ་མ་ལུས་ཀུན་གསལ་ནས། །ཐམས་ཅད་བླ་མེད་བྱང་ཆུབ་ས་ལ་དགོད། །འཕྲོ་འདུ་མུ་ཏིག་དཀར་པོ་ཁུ་འཕང་འདྲིལ། །ཐུགས་རྗེ་བྱིན་རླབས་འགྲོ་ལ་གནས། །དེ་དོན་མཆོད་ཅིང་ཡང་དག་དངོས་གྲུབ་འབེབས། །འཕྲོ་འདུ་འཕྲིན་ལས་སྒྲིབ་སྦྱང་ཚོགས་བསྐྱེད་པ། །རྒྱལ་བ་སེམས་དཔའི་སྐུ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་དོ། །རྟ་མཆོག་རོལ་པའི་རྒྱུད་ལས། ཡེ་ཤེས་སེམས་དཔའི་སྐུ་ལ་བསྟོད་པའི་ལེའུ་སྟེ་བརྒྱ་དང་ཞེ་དྲུག་པའོ།། །།ཧཱུཾ། མ་ཏྲཾ་ཆེན་པོ་བསྒྲལ་བའི་དུས། །ཞི་བས་ཕན་པར་མ་གྱུར་ན། །ཁྲོ་བོ་དེ་བཞིན་གཤེགས་ཀུན་མཛད། །ཁྲོ་བོ་ཁྲག་འཐུང་རོལ་པའི་ཚོགས། །འཇིགས་བྱེད་འབར་བའི་དྲག་ཤུལ་ཅན། །ཡེ་ཤེས་ཁྲོ་བོ་མི་བཟད་པ། །མཐིང་ནག་འབར་བའི་སྐུ་ལུས་ལ། །རལ་པ་མཐིང་ནག་གྱེན་དུ་འཁྱིལ། །ཕྱག་ན་གདུག་པའི་མཚོན་ཆ་དང་། །རྡོ་རྗེ་དུང་ཆེན་རང་རྟགས་འཛིན། །དུར་ཁྲོད་ཆས་བརྒྱད་སྐུ་ལ་རྒྱན་དུ་གསོལ། །ཁྲོ་མོ་འབར་བའི་ཚོགས་དང་འཁྲིལ། །ཚམ་རྔམས་དྲག་པོའི་སྒྲ་སྒྲོགས་ཤིང་། །གདུག་པ་མ་ལུས་ཀུན་འདུལ་བ། །ཁྲོ་མཆོག་འབར་བ་ཁྱོད་ལ་བསྟོད། །སྨུག་ནག་གདེངས་པའི་དཀྱིལ་འཁོར་ནས། །ཁྲོ་བོ་སྨུག་ནག་རལ་པ་འཛིངས། །དཔལ་གྱི་ཆས་བརྒྱད་རབ་ཏུ་བརྒྱན། །འབར་བའི་ཕྱག་མཚན་མང་པོ་འཛིན། །ཁྲོ་མོ་ཡུམ་མཆོག་མ་དང་གཉིས་སུ་མེད། །སྨུག་ནག་འཇིགས་པའི་ལྷ་ལ་ཕྱག་འཚལ་བསྟོད། །སེར་ནག་གདེངས་པའི་དཀྱིལ་འཁོར་ནས། །སྐུ་མདོག་སེར་ནག་མེ་དཔུང་འབར། །ཕྱག་མཚན་མང་པོ་རབ་ཏུ་བསྣམས། །ཁྲོ་མོ་ཡུམ་དང་བཅས་ལ་བསྟོད། །དམར་ནག་འབར་བའི་དཀྱིལ་འཁོར་ནས། །ཁྲོ་མོ་དམར་ནག་རལ་པ་བསྒྱིངས། །


DNG017_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་གྱི་ཆས་བརྒྱད་རྒྱན་དུ་བྱས། །ཕྱག་མཚན་མང་པོ་རབ་ཏུ་བསྣམས། །ཁྲོ་མོ་རྔམ་པས་རབ་འཇིགས་པ། །པདྨའི་རྒྱལ་པོ་ཡུམ་དང་བཅས་པ་ཁྱོད་ལ་བསྟོད། །ལྗང་ནག་འབར་བའི་དཀྱིལ་འཁོར་ནས། །ཁྲོ་མཆོག་ཀརྨ་ཧེ་རུ་ཀ །ལྗང་ནག་ཞལ་གསུམ་ཕྱག་དྲུག་པ། །མི་བཟད་ཁྲོ་བོའི་ཆས་དང་ལྡན། །གདུག་པའི་ཕྱག་མཚན་མང་པོ་བསྣམས། །ཕྲིན་ལས་ཐམས་ཅད་སྒྲུབ་བྱེད་པ། །ཁྲོ་མོ་ཡུམ་དང་བཅས་ལ་བསྟོད། །ཧཱུཾ། ཁྲོ་བོ་ཁྲོ་མོའི་ཚུལ་དུ་བགྲད། །ཁྲོ་མོ་ཆེན་མོ་ཉིད་དུ་གསལ། །དུར་ཁྲོད་རྫས་ལ་ལོངས་སྤྱོད་ཅིང་། །ཁྲག་འཐུང་མི་བཟད་རལ་པ་ཅན། །དཔལ་གྱི་དགྱེས་པ་རབ་བསྐང་མ། །སྲིད་གསུམ་འཇོམས་བྱེད་དབྱུག་ཐོགས་གཽ་རཱི་མ། །དམ་ཚིག་མདའ་འགེངས་མཛེས་ལྡན་ཙཽ་རཱི་མ། །སྟོང་གསུམ་མངའ་མཛད་རྒྱལ་བྱེད་པྲ་མོ་ཧ། །མ་ལུས་ཐལ་བྱེད་རྡོར་ཐོགས་བེ་ཏཱ་ལི། །བཀུག་ནས་ཞལ་དུ་གསོལ་བྱེད་གྷསྨ་རི། །མ་ལུས་འཇོམས་བྱེད་པུཀྐ་མ། །ཉོན་མོངས་གནས་ནས་འདྲེན་བྱེད་སྨ་ཤ་ནི། །འབར་བས་སྟོང་གསུམ་སྲེག་མཛད་ཙཎྜ་ལི། །ཁྲོ་མོ་ཆེན་མོ་བརྒྱད་ལ་བསྟོད། །སིང་ཧ་ལ་སོགས་ཕྲ་མེན་བརྒྱད། །འགྲོ་བའི་སྡུག་བསྔལ་རྒྱུན་གཅོད་སིང་ཧ་མ། །འཆི་བདག་བདུད་ཀྱི་སྡེ་འཇོམས་བྱཱ་གྲི་མ། །དུར་ཁྲོད་བགེགས་ཀྱི་ཚོགས་འཇོམས་སྲི་ལ་མ། །རྡོ་རྗེ་དོན་གྲུབ་ཟ་བྱེད་ཤྭ་ན་མ། །མགྱོགས་པས་སྙེགས་བྱེད་ཁྲག་འཐུང་ཀྲི་ཏ་མ། །སྡུག་བསྔལ་ཐར་བྱེད་ཀང་ཀ་མ། །བདག་ཉིད་ཡིད་བཞིན་དུར་ཁྲོད་ཁ་ཁ་མ། །སྟོང་གསུམ་མངའ་མཛད་ཨུ་ལུ་ཀ །སིང་ཧ་ཕྲ་མེན་བརྒྱད་ལ་བསྟོད། །སྒོ་སྐྱོང་དབང་ཕྱུག་ལ་སོགས་པ། །སྟག་གདོང་སེང་གདོང་ཕག་གདོང་དང་། །སྦྲུལ་གདོང་ལ་སོགས་བཞི་པོ་དང་། །སྒོ་བ་ཡབ་ཡུམ་དེ་ལ་བསྟོད། །དབང་མོ་ལ་སོགས་ཉི་ཤུ་བརྒྱད། །ཁྲོ་མོ་མི་བཟད་དཔལ་གྱི་ལས་མཛད་མ། །སྲིད་པའི་ལས་བྱེད་སངས་རྒྱས་ཐམས་ཅད་ཐུགས་དམ་སྐོངས། །མ་ལུས་དཔལ་གྱི་ཆས་མཛེས་མ། །རང་རང་ལས་ཀུན་འདུལ་མཛད་མ། །ཡེ་ཤེས་ལས་ལ་གྲུབ་པ་མོ། །ཕྲིན་ལས་བསྒྲུབ་


DNG017_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་དེ་ལ་བསྟོད། །ཅེས་བསྟོད་དོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། འགྲོ་བ་འདུལ་བའི་ལྷ་ལ་བསྟོད་པའི་ལེའུ་སྟེ་བརྒྱ་དང་ཞེ་བདུན་པའོ།། །།ཧཱུཾ་དཔལ་ཆེན་དབང་གི་རྒྱལ་པོ་སྟེ། །རྡོ་རྗེ་གཤོག་པ་གཡས་གཡོན་ལས། །འབར་བའི་དཀྱིལ་འཁོར་འོད་འབར་ཕོ་བྲང་མཆོག །ཁམས་གསུམ་རྒྱལ་པོ་ཁྲོ་མཆོག་མི་བཟད་གཙོ། །མ་ལུས་གནས་སུ་སྒྲོལ་ཅིང་དཔལ་གྱི་ས་ལ་སྦྱོར། །ཁམས་གསུམ་རྒྱལ་དང་མི་གཡོ་མགོན། །དྲ་བ་མོ་དང་གློག་འགྱུ་མ། །སྡེར་མོ་ཅན་དང་ཐེའུ་གཤོག་ཅན། །རྩེ་ལ་བྱ་ཡི་ཁྱུང་ལྡིང་འཇུམས། །བར་བར་ཉི་མ་ཟླ་བ་སྟོང་གིས་བརྒྱན། །མི་བཟད་འབར་བའི་གཞལ་ཡས་ན། །ལྷ་ཚོགས་སྤྲིན་ལྟར་འདུས་མཛད་པ། །སྦྲུལ་ནག་སྤུངས་པའི་གདན་སྟེང་ན། །ཁྲོ་བོ་ཁྲོ་མོ་སྒྲོལ་བྱེད་སོགས། །དབྱིངས་དང་ཡེ་ཤེས་རོལ་པ་ལས། །ཐབས་དང་ཤེས་རབ་ཁྲོ་བོ་ཁྲོ་མོའི་ཚོགས། །ཀུན་ཀྱང་དུར་ཁྲོད་མཛེས་པའི་ཆས། །མཚོན་ཆ་འབར་བ་བསྣམས་པ་སྟེ། །དཔལ་མཆོག་དྲག་པོའི་ལས་མཛད་པ། །ཁམས་གསུམ་རྒྱལ་པོ་འཁོར་དང་བཅས་ལ་བསྟོད། །ཅེས་བསྟོད་དོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ཁམས་གསུམ་རྒྱལ་པོ་གཙོ་འཁོར་ལ་བསྟོད་པའི་ལེའུ་སྟེ་བརྒྱ་དང་ཞེ་བརྒྱད་པའོ།། །།ཧཱུཾ་ངན་སོང་ཐམས་ཅད་ཀུན་སྦྱོང་བ། །སྤྲུལ་པའི་ཁྲོ་བོ་གདུགས་དཀར་ཅན། །གཡས་པ་ཐུགས་རྗེ་ལྕགས་ཀྱུ་བསྣམས། །གཡོན་པ་ཤེས་རབ་རལ་གྲི་བསྣམས། །ཡི་གེའི་འཕྲོ་འདུ་ཁྲོ་ཆུང་གིས། །ངན་སོང་གནས་རྣམས་མ་སྤངས་བཅོམ་ནས་ནི། །དབང་གི་ཞིང་ལ་བཀོད་མཛད་པ། །ཁྲོ་རྒྱལ་གདུགས་དཀར་ཁྱོད་ལ་བསྟོད། །ཉོན་མོངས་དྲ་བ་གཅོད་མཛད་པ། །ཡོངས་སུ་སྦྱོང་བ་ཁྱོད་ལ་བསྟོད། །ཅེས་བསྟོད་དོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ངན་སོང་སྦྱོང་བའི་ཚོགས་ལ་བསྟོད་པའི་ལེའུ་སྟེ་བརྒྱ་དང་ཞེ་དགུ་པའོ།། །།དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་ནས། །དཔལ་གྱི་ཕོ་ཉ་འབར་བའི་ཚོགས། །རོལ་པ་ཆུབ་པའི་ཕྲིན་ལས་མཆོག །ཡེ་ཤེས་རོལ་པའི་ཚོགས་ལ་བསྟོད། །ཅེས་བསྟོད་དོ། །རྟ་མཆོག་


DNG017_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་པའི་ཏནྟྲ་ལས། དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་ལ་བསྟོད་པའི་ལེའུ་སྟེ་བརྒྱ་དང་ལྔ་བཅུ་པའོ།། །།ཧཱུཾ། འབར་ཀློང་བརྡལ་བའི་དཀྱིལ་འཁོར་ནས། །ཁམས་གསུམ་གདུག་པ་འདུལ་བའི་མཆོག །ཧཱུཾ་མཛད་ཁྲོ་བོའི་ཚོགས་མང་པོ། །སྔོ་ནག་ཚངས་པའི་བདག་པོ་སྟེ། །ཧཱུཾ་ཆེན་ཀཱ་ར་ཁྱོད་ལ་བསྟོད། །འཆལ་པའི་འདོད་པ་གནོན་མཛད་པ། །རྣམ་པར་རྒྱལ་ལ་ཕྱག་འཚལ་བསྟོད། །དབྱེན་གྱི་ལས་སྤོང་བྱེད་པ་ཡིས། །དབྱུག་པ་སྔོན་པོ་དེ་ལ་བསྟོད། །སྲོག་གཅོད་མི་དགེ་སེལ་མཛད་པ། །གཤིན་རྗེའི་གཤེད་པོ་དེ་ལ་བསྟོད། །ཚིག་གི་མི་དགེ་སེལ་མཛད་པ། །མི་གཡོ་མགོན་པོ་ཁྱོད་ལ་བསྟོད། །འཐིབས་པོའི་ནད་རྣམས་སེལ་བྱེད་པ། །རྟ་མཆོག་ཁྲོ་བོ་ཁྱོད་ལ་བསྟོད། །ཚིག་འཁྱལ་གནས་སུ་སྦྱོང་བྱེད་པ། །གཞན་གྱིས་མི་ཐུབ་པ་ལ་བསྟོད། །ཤ་ཟའི་ལྡོག་པ་སེལ་བྱེད་པ། །བདུད་རྩི་འཁྱིལ་པ་དེ་ལ་བསྟོད། །ཀུན་ཏུ་བར་གཅོད་སེལ་བྱེད་པ། །ཁམས་གསུམ་རྒྱལ་པོ་ཁྱོད་ལ་བསྟོད། །གཏུམ་པོ་མ་ལུས་འཇོམས་བྱེད་པ། །སྟོབས་ཀྱི་རྒྱལ་པོ་ཆེ་ལ་བསྟོད། །ལོག་པར་ལྟ་བ་གནས་སུ་དག །བདེ་བའི་བྱང་ཆུབ་གནས་སུ་འགོད་མཛད་པ། །ཁྲོ་ཚོགས་མང་པོའི་སྐུ་ལ་ཕྱག་འཚལ་བསྟོད། །མི་དགེ་གནས་སུ་དག་ནས་ཕ་རོལ་ཕྱིན་བཅུ་རྫོགས། །དེ་དོན་བྱང་ཆུབ་ངང་དུ་སྟོན་མཛད་མ། །ཁྲོ་མོ་འབར་བའི་ཚོགས་ལ་བསྟོད། །ཅེས་བསྟོད་དོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ཧཱུཾ་མཛད་ཁྲོ་བོའི་དཀྱིལ་འཁོར་ལ་བསྟོད་པའི་ལེའུ་སྟེ་བརྒྱ་དང་ང་གཅིག་པའོ།། །།དེ་ནས་དབང་གི་རྒྱལ་པོ་ལ། ཕྱག་ན་རྡོ་རྗེ་དང་དབང་ལས་རྒྱལ་དེས། འདི་སྐད་ཅེས་གསོལ་ཏོ། །ཨེ་མ་དབང་ཆེན་འདུས་པའི་གཙོ། །རིགས་ཀྱི་ངེས་པར་འདི་ལྟར་གནས། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལས། །བསྡུས་པའི་རིགས་གཅིག་འདུས་པ་གང་། །ཁྲོ་བོ་འགྲོ་བ་འདུལ་བ་ལ། །བསྡུས་པའི་དཀྱིལ་འཁོར་ཇི་ལྟར་ལགས། །པདྨའི་རྒྱལ་པོ་ཧེ་རུ་ཀ །ཁྲོ་མོས་བསྐོར་བ་ཇི་ལྟར་བསྒྲུབ། །དབང་གི་རྒྱལ་པོས་བཤད་དུ་གསོལ། །ཞེས་གསོལ་ཏོ། །དབང་


DNG017_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་འདུས་པས་བཀའ་སྩལ་པ། །ཞི་བ་པདྨ་རིགས་ཀྱི་བསྒྲུབ་པ་ལ། །དབུ་ཡི་ཚོམ་བུ་འབར་བ་ལ། །དེ་ལས་ཁང་བུ་གཞལ་ཡས་ལྔ་རུ་གྱུར། །དེ་ཡི་པདྨ་སྣང་མཐའ་ཡས། །དེ་ལ་ཞི་བའི་ལྷས་བསྐོར་བ། །པདྨ་རིགས་ཀྱི་སྒྲུབ་པ་ཡིན། །ཁྲོ་བོ་འབར་བའི་ལས་གསུངས་པ། །ངེས་པ་ལས་ནི་རྡོ་རྗེ་ཆེ། །དེ་ལས་དབང་ཆེན་ཧེ་རུ་ཀ །འབར་བ་ཆེན་པོ་གར་དགུ་ཡི། །འཇིགས་པ་ཡིས་ནི་དུས་ལྟར་དྲག །པདྨ་ཀྲོ་ཏ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ། པདྨ་ཀྲོ་ཏི་ཤྭ་རི་ཧཱུཾ་སརྦ་དུཥྚན་ཧཱུཾ་ཕཊ། བདག་ཉིད་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་བདག །ཁྲོ་རྒྱལ་ཡེ་ནས་ཡིན་པའི་ཕྱིར། །དེ་བཞིན་ཉིད་ཀྱི་དབྱིངས་ལས་ནི། །ཁྲོ་མོ་དབྱིངས་ཕྱུག་མངོན་ཕྱུང་སྟེ། །ཧི་ཧི་དགྱེས་པའི་གཟི་མདངས་ཀྱིས། །རིན་ཆེན་པདྨ་རྒྱས་མཛད་ནས། །གཉིས་མེད་དགྱེས་པའི་གར་གྱིས་བསྡིམ། །བྷི་ཤྭ་ཕཊ་ཀྱི་སྒྲ་བརྗོད་པས། །ཁྲོ་བོའི་སྤྲུལ་པས་ཡོངས་སུ་གང་། །ཐུགས་དམ་གཉན་པོ་རྗེས་སུ་བསྐུལ། །ཨོཾ་སྔོན་གྱི་ཐུགས་དམ་ཆེན་པོ་ནི། །འཇིག་རྟེན་མ་ལུས་ཐམས་ཅད་ཀུན། །རྒྱལ་བའི་ཞིང་དུ་སྦྱོར་བས་ན། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ཐབས་དང་ཤེས་རབ་གཉིས་མེད་པའི། །ཡེ་ཤེས་ཟེར་གྱིས་ལུས་རྟོག་སྦྱངས། །གསེར་ཞུན་ལྟ་བུའི་སེམས་དག་ལས། །གསུང་གི་བྱིན་རླབས་འོད་ཀྱི་འབྲུ། །ཐུགས་ཀར་ཐིམ་ནས་སྐུ་ཡི་དབྱིབས། །རྡོ་རྗེ་ལམ་བྱུང་ཡུམ་གྱི་མཁའ། །ཆོས་སྐུ་བྱང་ཆུབ་སེམས་སུ་གནས། །ལྷ་རྣམས་སོ་སོའི་སྙིང་པོའི་སྒྲ། །འདི་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཚིག་གི་སྒྲ་དེ་བརྗོད་པ་ཡིས། །སྙིང་པོ་ཆོས་སྐུར་ཤར་བའོ། །ཨོཾ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཨོཾ། མ་ཧཱ་ཙཎྜ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་མ་ཧཱ་དྷ་ར་མ་ཧཱ་ཀྲོ་དྷཱི་ཤྭ་རི་ཛྭ་ལ་ནི་ཧཱུཾ་ཕཊ། ཨོཾ་ཏ་ཐཱ་ག་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ །མ་ཧཱ་ཙཎྜ་སརྦ་དུཥྚན་ཏ་ཀ་ཧན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཏ་ཐཱ་ག་ཏ་མ་ཧཱ་ཀྲོ་དྷཱི་ཤྭ་རི་སརྦ་དུཥྚན་ཧཱུཾ་ཕཊ། ཨོཾ་རཏྣ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་སརྦ་དུཥྚཾ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཕཊ། ཨོཾ་མ་ཧཱ་སུརྱ་རཏྣ་མ་ཧཱ་ཀྲོ་དྷཱི་ཤྭ་རི་བི་ཏ་མ་ཧཱུཾ་ཕཊ། ཨོཾ་པདྨ་མ་ཧཱ་ཤྲཱི་ཧེ་རུ་


DNG017_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་མ་ཧཱ་ཙཎྜ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཧྲི་ཤྭ་ཏ་པདྨ་མ་ཧཱ་ཀྲོ་དྷཱི་ཤྭ་རི་ཧཱུཾ་ཕཊ། ཨོཾ་ཀརྨ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙནྟྲ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཕཊ། ཨོཾ་སརྦ་ཨ་མོ་གྷ་མ་ཧཱ་ཀྲོ་ཏི་བི་ཤྭ་ཧཱུཾ་ཕཊ། ཞི་བ་རྡོ་རྗེ་དབྱིངས་ལས་ཁྲོ་བོ་རྡོ་རྗེ་དབྱིངས་སུ་རོང་གིས་གྱུར་པའོ། །དེ་ལྟར་གསལ་ཞིང་འཕྲོ་བསྒོམ་པས། །འགྲོ་བའི་དོན་རྣམས་བྱེད་པར་འགྱུར། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ཁྲོ་བོ་རྡོ་རྗེ་དབྱིངས་སུ་བསྒྱུར་བའི་ལེའུ་སྟེ་བརྒྱ་དང་ང་གཉིས་པའོ།། །།བཅོམ་ལྡན་པདྨ་ཧེ་རུ་ཀ །ཡུམ་ཆེན་ཀྲོ་ཏི་ཤྭ་རི་མ་དང་གཉིས་སུ་མེད་པའི་བྱིན་རླབས་ལ། ཡི་གེ་འདི་རྣམས་སྤྲོས་སོ། །ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ། ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ། དེ་རྣམས་སྤྲོས་པ་ལས། བཛྲ་གཽ་རི་ཧ། བཛྲ་ཙཽ་རི་ཧ། བཛྲ་པྲ་མོ་ཧ། བེ་ཏ་ལི་ཧ། པུཀྐ་སི་ཧ། གྷསྨ་རི་ཧ། སྨ་ཤ་ནི་ཧ། ཙཎྜ་ལི་ཧ། བཛྲ་སིངྷ་མུ་ཁ་ཧེ། བྱཱ་གྷྲི་མུ་ཁ་ཧེ། སྲིལ་མུ་ཁ་ཧེ། ཀྲི་ཏ་མུ་ཁ་ཧེ། ཤྭ་ན་མུ་ཁ་ཧེ། ཀང་ཀ་མུ་ཁ་ཧེ། ཁ་ཁ་མུ་ཁ་ཧེ། ཧུ་ལུ་མུ་ཁ་ཧེ། ཞེས་པ་དེ་ཡི་སྒྲ་བརྗོད་པས། །ཟླ་གམ་བཅོ་བརྒྱད་དག་ལ་ནི། །ཁྲོ་མོ་བརྒྱད་དང་ཕྲ་མེན་བརྒྱད། །འབར་བ་རྒྱན་ལྡན་བཅུ་དྲུག་གིས། །ཡབ་ཡུམ་གཉིས་ལ་བསྐོར་བའོ། །ཁྲོ་ཚུལ་འགྱིང་བག་དུར་ཁྲོད་ཆས་དང་ལྡན། །གཽ་རི་མ་ནི་སྔོན་མོ་ལ། །ཞིང་གི་པགས་པ་ཡ་བས་བསྐོར། །གཡས་པ་བྱིས་པའི་དབྱུག་ཏོ་ཐོགས། །གཡོན་པ་ཐོད་པ་སྟངས་སྟབས་འཛིན། །བགྲད་པའི་སྟབས་སུ་གནས་པའོ། །ཙཽ་རི་ཁྲོ་མོ་སེར་མོ་ལ། །ཐོད་འཕྲེང་ཞིང་ལྤགས་མཛེས་པ་སྟེ། །ཐབས་དང་ཤེས་རབ་མདའ་གཞུ་འགེངས། །ཐུགས་ཀར་གཟིར་ཞིང་ཉོན་མོངས་དབྱིངས་ནས་འབྱིན། །སྤྱན་གཟིགས་ཐབས་དང་ལྡན་པའོ། །པྲ་མོ་དམར་མོ་བརྗིད་པ་ལ། །དུར་ཁྲོད་ཆས་དང་ལྡན་པ་ཡི། །གཡས་པ་ཆུ་སྲིན་རྒྱལ་མཚན་འཕྱར། །གཡོན་པ་འཛིན་སྟབས་བགྲད་པའོ། །བེ་ཏ་ཁྲོ་མོ་ནག་མོ་ལ། །དུར་ཁྲོད་ཆས་དང་ལྡན་པ་སྟེ། །གཡས་པ་བགྲད་པས་རྡོ་རྗེ་གདེངས། །གཡོན་པ་བྱིས་པའི་མགོ་ནས་


DNG017_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

ཟ། །བརྗིད་པའི་སྟོབས་དང་ལྡན་པའོ། །པུཀྐ་ཁྲོ་མོ་དམར་སེར་ལ། །ཞིང་ཆེན་པགས་པ་ཡ་བ་བསྐོར། །གཡས་པ་བྱིས་རྒྱུ་ཞལ་དུ་འདྲེན། །སྒེག་པའི་ཚུལ་གྱིས་གནས་པའོ། །གྷསྨ་རི་ནི་ལྗང་གུ་ལ། །མཛེས་པའི་ཆས་དང་ལྡན་པའོ། །གཡོན་པ་བྷནྡྷ་རཀྟས་བཀང་། །གཡས་པ་རྡོ་རྗེས་དཀྲུག་ཅིང་གསོར། །བགྲད་པའི་སྟབས་སུ་བཞུགས་པའོ། །སྨ་ཤ་ཁྲོ་མོ་མཐིང་ནག་མ། །བྱིས་པའི་སྙིང་ལ་ཟ་བའོ། །ཙཎྜ་ཁྲོ་མོ་སེར་སྐྱ་ལ། །གཡས་གཡོན་བྱིས་པའི་མཆོག་ལུས་འབྲལ། །བགྲད་པའི་སྟབས་དང་ལྡན་པའོ། །སིངྷ་ཁ་རོ་གདུག་པ་མོ། །བྱཱ་གྲི་བསྣོལ་མ་གནས་དང་སྟག །སྲི་ལ་ནག་མོ་བྱི་ལྡག་ཝ། །ཤྭ་ན་འདྲལ་ལྟ་མཐིང་ག་སྤྱང་། །ཀྲི་ཏ་གྲི་དམར་རྒྱུ་འདྲེན་རྒོད། །ཀང་ཀ་སྣར་མོ་ཞིང་ཕྲག་ཁུར། །ཀཱ་ཀ་ཁ་རོ་བན་གྲིའོ། །ཨུ་ལཱུ་མཐིང་ནག་ལྕགས་ཀྱུའོ། །དེ་ལྟར་འབར་བའི་ཚོགས་ཀྱིས་བསྐོར། །དེ་ལ་བསྙེན་དང་བསྒྲུབ་པ་དང་། །དེ་ལ་ལས་རྣམས་བྱས་གྱུར་ནས། །པདྨ་རིགས་ཀྱི་དངོས་གྲུབ་ཐོབ། །ཅེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། དབང་གི་རྒྱལ་པོ་པདྨ་ཧེ་རུ་ཀ་ཡབ་ཡུམ་ལ་གནས་ཡུལ་གྱི་ལྷ་མོས་བསྐོར་བའི་ལེའུ་སྟེ་བརྒྱ་དང་ང་གསུམ་པའོ།། །།ཨཱོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཨོཾ་མ་ཧཱ་ཨཱ་དཪྴ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཨོཾ་མ་ཧཱ་པྲཏྱ་བེ་ཀྵ་ཎ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཨོཾ་མ་ཧཱ་ས་མ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཨོཾ་མ་ཧཱ་ཀྲྀ་ཏྱཱ་ནུཥྞ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་བཱག་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། །དེ་ལྟར་ཡེ་ཤེས་ལྔ་ཡི་དབང་བསྐུར་ནས། །སྐུ་གསུང་ཐུགས་སུ་རྟགས་གྱུར་པའོ། །དེ་ཡི་དོན་རྣམས་བཤད་པ་ཡི། །ཕྱི་ནང་གསང་བ་གསུམ་དུ་བཤད། །ཕྱི་ལྟར་མངོན་པར་བྱང་ཆུབ་ལྔ། །ནང་ལྟར་ཡེ་ཤེས་ཆེན་པོ་ལྔ། །མེ་ལོང་ལྟ་བུའི་ཡེ་ཤེས་དང་། །སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། །


DNG017_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། །སོ་སོར་རྟོག་པའི་ཡེ་ཤེས་དང་། །བྱ་བ་གྲུབ་པའི་ཡེ་ཤེས་དང་། །གསང་བ་ཆོས་སྐུ་བདེ་ཆེན་ལྔ། །དེ་ལྟར་དབང་བསྐུར་འབྲས་བུ་དེ། །དེ་ལྟར་གཞན་ཞིག་ག་ལ་ཡོད། །རྒྱལ་བས་བཙལ་ཡང་མི་རྙེད་དོ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ཁྲོ་བོ་རྡོ་རྗེ་དབྱིངས་ཀྱི་དབང་བསྐུར་བའི་ལེའུ་སྟེ་བརྒྱ་དང་ང་བཞི་པའོ།། །།ཕྱོགས་དུས་དཀྱིལ་འཁོར་བདག་ཉིད་ཆེ། །མི་དམིགས་ཐུགས་ཀྱི་དཀྱིལ་འཁོར་ལས། །དཀྱིལ་འཁོར་ཐམས་ཅད་སྤྱན་དྲང་ངོ་། །རང་སྣང་དབྱེར་མེད་དཀྱིལ་འཁོར་ནི། །འཇུག་པའི་མཚན་ཉིད་མཉམ་སྦྱོར་བས། །ཕྱོགས་དུས་ཀུན་ནས་གཤེགས་པ་ཡི། །བསྙེན་པའི་དཀྱིལ་འཁོར་རབ་ཏུ་རྫོགས། །ཉེ་བར་གྱུར་པ་དམ་ཚིག་མཆོག །ཛཿཧཱུཾ་བཾ་ཧོཿ། ཁྲོ་ལ་ཁྲོས་པས་ཞི་མཛད་པ། །ཐུགས་རྗེ་ཁྲོ་དཔལ་རྔམ་པའི་ཚོགས། །འབར་བའི་བྱིན་རླབས་རྨད་པོ་ཆེ། །དེ་ཉིད་དུ་ནི་བདག་ལ་སྩོལ། །ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་སྟྭཾ། ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་ཧོ། དེ་ཡིས་གཤེགས་དང་འདོད་དོན་གསོལ། །ལས་ལ་རབ་ཏུ་བཀོད་པ་ཡིན། །འབྲས་བུ་ཆེན་པོ་ཉེ་བར་བླང་། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། བརྟན་པའི་འདོད་དོན་བསྟན་པའི་ལེའུ་སྟེ་བརྒྱ་དང་ང་ལྔ་པའོ།། །།དེ་ནས་བཅོམ་ལྡན་དབང་གི་རྒྱལ་པོ་དེས། ཐམས་ཅད་ཡེ་ཤེས་ཆེན་པོ་གསལ་བའི་གཞལ་ཡས་ནི། དབུའི་སྟེང་དུ་བསྐྱེད། རིག་པའི་ཁྲོ་མོ་ནི། དོན་གྱི་གསལ། དབུའི་གཞལ་ཡས་ཁང་གི་ནང་ན། ཕྱི་རིན་པོ་ཆེའི་ཕོ་བྲང་འབར་བ། ནང་རཱ་ག་དམར་པོ་གསལ་བའི་གཞལ་ཡས་ལ། བྱི་རུའི་ཟླ་གམ་སྒོ་གཅིག་པ་རེ་རེ་ཡོད་པ། མཐའ་མ་གསེར་གྱི་པདྨ་རྩིབས་བཞི་པ་རེས་བསྐོར་བ། དེའི་ནང་ན་གདན་གསེར་གྱི་སེང་གེ་རེ་ཡོད་པ། དེའི་སྟེང་ན་རིགས་བཞིའི་སངས་རྒྱས་རྒྱན་དང་ཆ་ལུགས་སུ་ལྡན་པར་བཞུགས་སོ། །དབུས་གསེར་གྱི་སེང་གེ་ལ་རྣམ་པར་སྣང་མཛད། དེ་ལྟར་རིགས་ལྔའི་ཡེ་ཤེས་ལྷར་


DNG017_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བ་ལས། དེ་ལ་མེ་ཏོག་གི་ཚོམ་བུའི་དཀྱིལ་འཁོར་བྱས་ལ། རྟག་ཏུ་དེ་ལ་ཕྱག་འཚལ་ཞིང་། མཆོད་པ་དང་བསྟོད་པ་དང་། སྨོན་ལམ་བཏབ་པ་ལ་སོགས་པ་བྱས་ན། འབྲས་བུ་ཉེ་བར་འཐོབ་པར་གསུངས་སོ། །དེ་ལ་འཕྲོ་འདུ་རང་གི་དབུ་སྟེང་ན་གསལ་བར་བྱའོ། །ཕོ་བྲང་བདེ་ཆེན་གཞས་ཡས་ན། །སྟོན་པ་རིགས་ལྔའི་སངས་རྒྱས་བཞུགས། །ཐུགས་ཀ་དཔལ་བེའུ་འཁྱིལ་པའི་གནས། །སྐུ་ནི་ཆོས་སྐུ་མཛེས་ལྡན་པ། །མ་འདྲེས་རང་སར་སོ་སོར་གསལ། །གསུང་ནི་འཛབ་དབྱངས་ཕུན་སུམ་ཚོགས། །ཡུམ་ནི་གཉིས་མེད་ངང་དུ་འཁྲིལ། །བདེ་གཤེགས་ལྔ་ཡི་ཐུགས་ཀ་ན། །མུ་ཏིག་དཀར་པོ་ཁུ་འཕང་འདྲིལ། །བྱང་ཆུབ་སེམས་ཀྱི་གནས་ཆེན་པོ། །བདེ་གཤེགས་ཡུམ་ལྔའི་མཁའ་དབྱིངས་ལ། །པདྨ་རཱ་ག་འོད་དུ་འཁྱིལ། །དཀར་དམར་འཁྱིལ་པའི་བྱིན་རླབས་ལས། །བྱང་ཆུབ་སེམས་ཀྱི་འཕྲོ་འདུ་འཕྲོས། །ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ། །ཞེས་པས་བསྐུལ་ཞིང་འཕྲོ་འདུ་བྱ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། དབུའི་གཞལ་ཡས་བདེ་གཤེགས་རིགས་ལྔ་ལ་ནར་མར་མཆོད་པའི་ལེའུ་སྟེ་བརྒྱ་དང་ང་དྲུག་པའོ།། །།དེ་ནས་དབང་གི་རྒྱལ་པོ་དེས། །སྐུ་དང་གསུང་དང་ཐུགས་ལས། སྔགས་འདི་རྣམས་འཐོན་ཏོ། །ལི་ལི་ལི་ལི་ལི་ལི་ལི་ལི། ལི་ལི་ལི་ལི་ལི་ལི་ལི་ལི། ལི་ལི་ལི་ལི་ལི་ལི་ལི་ལི། ལི་ལི་ལི་ལི་ལི་ལི་ལི་ལི། སྒྲ་འཐོན་ཏེ་བརྗོད་པ་ཙམ་གྱིས། ལོང་བ་རྒྱབ་འདྲེལ་སུམ་ཅུ་རྩ་གཉིས། ཟླ་གམ་གསང་བའི་དཀྱིལ་འཁོར་ལ་འཁོད་དོ། །དེ་ནས་ལོང་བ་དེ་དག་བདེ་ཆེན་འཁོར་ལོ་སུམ་ཅུ་རྩ་གཉིས་ལ། དམུས་ལོང་གི་ཚུལ་དུ་ཐིག་ལེར་གནས་པའོ། །དེ་ལ་མཁའ་འགྲོ་མའི་སྐུར་གནས་པའོ། །དེ་རྣམས་དྲག་པོ་དབང་དྲག་ལས། ལས་ལ་མྱུར་ཞིང་ཐམས་ཅད་འགྲུབ་པར་བྱེད་པ་སྟེ། ལི་ཛ་ལི་ཛ་ཞེས་བརྗོད་པས་ལས་ལ་བསྐུལ་བའོ། །ས་མ་ཡ་ལི་ཛ། ས་མ་ཡ་ལི་ཛ། ཞེས་བརྗོད་པས་རབ་ཏུ་ལས་བསྐུལ་བའོ། །ལི་ཏྲཾ་ག་ལམ་པི་པག་ག་ནི་ས་ཛ་ཛ། ཞེས་པ་དེ་བརྗོད་པས་འདི་སྐད་མཚོན། ཧཱུཾ། དམུས་


DNG017_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

ལོང་བརྒྱད་པོ་མ་རུངས་པ། །སུམ་ཅུ་རྩ་གཉིས་རྒྱུད་འཛིན་ཅིང་། །རིགས་ཀྱི་སངས་རྒྱས་ཀུན་ལ་བསྐོར། །ཞིང་ཁམས་ཆེན་པོ་ཡོངས་སུ་སྐྱོང་། །འབར་བའི་ལས་ཀུན་འགྲུབ་པར་བྱེད། །དཔལ་གྱི་དགྱེས་པ་རབ་ཏུ་སྐོང་། །མི་བཟད་འབར་བའི་སྐུ་ལུས་ལ། །ར་རིའི་གདོང་ལ་ཀེང་ཐོད་འཛིན། །སྤྲུལ་པ་ཡོངས་སུ་གཏོང་བར་བྱེད། །སངས་རྒྱས་རྣམས་ཀྱི་ཕྲིན་ལས་བསྒྲུབ། །བདེ་གཤེགས་ལྔ་ཡི་ཐུགས་དམ་བསྐུལ། །རིག་པ་ཆོས་ཉིད་ངང་དུ་ཤར། །འཕྲོ་འདུའི་དགོངས་པས་འགྲོ་དོན་མཛད། །ཤར་དུ་ལོང་བ་བརྒྱད་དུ་བྱུང་། །དཀར་པོ་ར་རི་ཀེང་ཐོད་འཛིན། །ཐོད་པ་ཁྲག་བཀང་མ་མོའི་སྐུ་ལ་སྟོབ། །གར་སྟབས་བྱེད་ཅིང་གདུག་རྩུབ་འཇོམས། །སྨྲ་མེད་ཁོང་ནས་འབྲུག་སྟོང་ལྡིར། །སྙན་མེད་ཡེ་ཤེས་ཁོང་ནས་གསལ། །མིག་མེད་ཡེ་ཤེས་ཁོང་ནས་བལྟ། །ལྕེ་མེད་བྱང་ཆུབ་དོན་དུ་གཉེར། །སྣ་མེད་དྲི་ཡང་ཁོང་ནས་མྱོང་། །ཁ་མེད་རོ་ནི་བདེ་བར་ལྡན། །རྣ་མེད་སྒྲ་ནི་ཁོང་ནས་གསལ། །ཐོད་སྐྱའི་མགོ་ལ་གྱད་ཀྱི་ལུས། །ཆིབས་སུ་སྟག་གུ་རི་བཀྲ་ཆིབས། །གང་ལྟར་མངགས་པའི་ས་ཕྱོགས་དེར། །གཟའ་རྒོད་མིག་དམར་ཆར་དུ་འབེབས། །རྡོ་རྗེ་རིགས་ཀྱི་ཞིང་ཁམས་སྐྱོང་། །ལྷོ་ནས་ལོང་བ་བརྒྱད་དུ་བྱུང་། །ར་རི་གདོང་ལ་ཀེང་ཐོད་འཛིན། །སྐར་མདའ་དམར་པོ་ཆར་དུ་འབེབས། །ཆིབས་སུ་གཟིག་མོ་ཐིག་ལེ་ཆིབས། །སྤྲུལ་པ་ཡོངས་སུ་གང་བ་སྟེ། །རིན་ཆེན་རིགས་ཀྱི་ཞིང་ཁམས་སྐྱོང་། །ནུབ་ནས་ལོང་བ་བརྒྱད་དུ་བྱུང་། །ར་རི་གདོང་ལ་ཀེང་ཐོད་འཛིན། །ཆིབས་སུ་ཆུ་གླང་སྔོན་པོ་ཆིབས། །ཐོག་ཆེན་བར་སྣང་ཐིག་ཏུ་འདྲེན། །པདྨ་རིགས་ཀྱི་ཞིང་ཁམས་སྐྱོང་། །སངས་རྒྱས་ཀུན་གྱི་དགྱེས་སྐོང་མཛད། །བྱང་ནས་ལོང་བ་བརྒྱད་དུ་བྱུང་། །ར་རི་གདོང་ལ་ཀེང་ཐོད་འཛིན། །ཆིབས་སུ་ཁྱུང་ཆེན་བརྒྱད་ལ་ཆིབས། །གང་དུ་རྒྱུག་པའི་ས་ཕྱོགས་དེར། །ལྕགས་ཀྱི་ཚ་ཚ་སྐར་ལྟར་འཁྲུགས། །སངས་རྒྱས་ཀུན་གྱི་ཐུགས་དམ་སྐོང་། །ལས་ཀྱི་རིགས་ཀྱི་ཞིང་ཁམས་སྐྱོང་། །དམུས་ལོང་འཁོར་བའི་དུས་ལ་བབ། །ཅེས་གསུངས་སོ། །རྟ་མཆོག་རོལ་པའི་


DNG017_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

ཏནྟྲ་ལས། དམུས་ལོང་སྤྲོ་ཞིང་ལས་ལ་བཏང་བའི་ལེའུ་སྟེ་བརྒྱ་དང་ང་བདུན་པའོ།། །།ཆོས་ཀྱི་འཁོར་ལོ་འདབ་མ་བརྒྱད་ལས། ཡེ་ཤེས་ཀྱི་ཕོ་ཉ་རྣམ་པར་ཤེས་པའི་ཟེར་བརྒྱད་ལ་རྒྱུ་བས། ཡེ་ཤེས་ཁྱི་བརྒྱད་བཀྱེ་སྟེ། ཀུ་ཛ་ཀུ་ཛ་ཀུ་ཛ་ཀུ་ཛ་ཀུ་ཛ་ཀུ་ཛ་ཀུ་ཛ་ཀུ་ཛ། དེ་ལ་ཡེ་ཤེས་ཀྱི་ཁྱི་བརྒྱད་ནི། སྤུ་ལྕགས་ཀྱུ་གཏམས་པ། བ་སྤུ་རྩང་ཕུར་དུ་གཏམས་པ། གཞུག་མ་ལྕགས་ཀྱུ། སྡེར་མོ་ལྕགས་ཤར་དུ་འདུག་པ། བྱུ་རུའི་ཨ་ལོང་རེ་རེ་བཏགས་པ་ལ་ཛ་རེས་མཚན་པ། དེ་ལྟར་མཆེ་བ་གཏམས་པ། མཆེ་བ་བཞི་བསྣོལ་མར་གཙིགས་པ། དེ་ལྟར་གསལ་བ་ལ་སྒྲ་འདི་སྐད་བསྐུལ་ཞིང་རྦད་པར་བྱ། དཔལ་གྱི་ཕོ་ཉ་ཆེན་མོ་ནི། །ཤར་གྱི་ཕྱོགས་ནས་རྒྱུག་པའི་ཁྱི། །དུང་གི་ཁྱི་ལ་གཡུ་རལ་ཅན། །ཟངས་མིག་བྱི་རུའི་ཨ་ལོང་ཅན། །རྐང་ལག་རྩེ་གསུམ་འབར་བའོ། །ཁ་ནས་ཁྲོ་ཆུའི་སྐྱུག་པ་སྐྱུགས། །མིག་ནས་མེ་ཡི་ཚ་ཚ་འཕྲོ། །གང་ལ་བྱ་བའི་ལས་ཀུན་བྱེད། །ལྷོ་ཡི་ཕྱོགས་ནས་རྒྱུག་པའི་ཁྱི། །གསེར་གྱི་ཁྱི་སྟེ་རྐང་གསུམ་མ། །དུང་གི་རལ་པ་ཤ་ར་ར། །དུང་གི་མིག་ལ་གཡུ་ཡི་ཨ་ལོང་ཅན། །ཁ་ནས་མེ་ཡི་སྐྱུག་པ་སྐྱུགས། །མིག་ནས་ཁྲག་གི་བུ་ཡུག་འབེབས། །སྙན་ནས་ཐོག་ཆེན་ཐིག་ཏུ་འབེབས། །གང་ལ་བབ་པའི་ལས་གྱིས་ཤིག །ནུབ་ཀྱི་ཕྱོགས་ནས་རྒྱུག་པའི་ཁྱི། །ཟངས་ཀྱི་ཁྱི་སྟེ་རྐང་རྩེ་གསུམ། །དུང་གི་རལ་པ་ཤ་ར་ར། །གཡུ་མིག་སྔོན་མོ་ཆི་ལི་ལི། །བྱི་རུའི་ཨ་ལོང་ཁྲ་ལ་ལ། །མིག་ནས་མེ་ཡི་བུ་ཡུག་འབེབས། །ཤངས་ནས་རླུང་འཚུབས་ཧ་ལི་ལི། །ཁ་ནས་སྐྱུག་པ་ཚ་ཚ་འཕྲོ། །གང་ལ་བཅོལ་བའི་ལས་གྱིས་ཤིག །བྱང་གི་ཕྱོགས་ནས་རྒྱུག་པའི་ཁྱི། །ལྕགས་ཀྱི་ཁྱི་སྟེ་ཟངས་མིག་མ། །དུང་གི་ཨ་ལོང་ཁྲ་ལ་ལ། །རྐང་ལག་རྩེ་གསུམ་མཆོངས་སྟབས་ཅན། །བསེ་ཡི་རལ་པ་སི་ལི་ལི། །མིག་ནས་ཁྲག་འཛག་ཐུ་ལུ་ལུ། །སྣ་ནས་གློག་དམར་ལྗིབས་སེ་ལྗིབ། །ཁ་ནས་མེ་ཡི་སྐྱུག་པ་སྣགས། །གང་ལ་བཅོལ་བའི་ལས་གྱིས་


DNG017_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག །ཤར་ལྷོ་མཚམས་ནས་རྒྱུག་པ་ཡི། །གཡུ་ཡི་ཁྱི་སྟེ་དུང་རལ་ཅན། །གཟི་ཡི་མིག་ལ་བྱི་རུའི་ཨ་ལོང་ཅན། །མིག་ནས་འོད་འབར་ལམ་མེ་ལམ། །ཁ་ནས་ངན་སྐྱུག་དུག་འབེབས་མ། །གང་ལ་བབ་པའི་ལས་གྱིས་ཤིག །ལྷོ་ནུབ་མཚམས་ནས་རྒྱུག་པའི་ཁྱི། །མཐིང་གི་ཁྱི་ལ་བསེ་རལ་ཅན། །གསེར་མིག་སེར་པོ་ཆི་ལི་ལི། །མིག་ནས་མེ་འབར་སྣ་ནས་རླུང་མཚུབས་མ། །སྙན་ནས་འབྲུག་སྟོང་དི་རི་རི། །ཁ་ནས་དུག་མདའ་ཁོལ་མའི་སྐྱུག་པ་སྐྱུགས། །གང་ལ་བབ་པའི་ལས་གྱིས་ཤིག །ནུབ་བྱང་མཚམས་ནས་རྒྱུག་པའི་ཁྱི། །བྱི་རུའི་ཁྱི་སྟེ་གཡུ་རལ་ཅན། །དུང་མིག་དཀར་པོ་ཏ་ལ་ལ། །དུང་གི་ཨ་ལོང་ཁྲ་ལ་ལ། །མིག་ནས་ཁྲག་འཛག་སྣ་ནས་དུད་པ་འཐུལ། །ཁ་ནས་བསེ་ཐོག་སྐྱུག་པ་སྐྱུགས། །གང་ལ་བབ་པའི་ལས་གྱིས་ཤིག །བྱང་ཤར་མཚམས་ནས་རྒྱུག་པའི་ཁྱི། །ར་གན་ཁྱི་སྟེ་རྐང་གསུམ་མ། །དུང་གི་རལ་པ་ཤ་ར་ར། །གཡུ་མིག་སྔོན་པོ་ཆི་ལི་ལི། །བྱི་རུ་དམར་པོའི་ཨ་ལོང་ཅན། །མིག་ནས་མེ་འབར་སྣ་ནས་རླུང་འཚུབས་མ། །ཁ་ནས་ལྕགས་ཀྱི་ཚ་ཚ་སྐྱུགས་པར་འདོན། །གང་ལ་བྱ་བའི་ལས་གྱིས་ཤིག །ཧཱུཾ་ཡེ་ཤེས་ཆེན་པོ་སྤྲུལ་པའི་ཁྱི། །ཞལ་ནི་ཧོམ་ཁུང་གདངས་པ་འདྲ། །སྤྱན་ནི་ཉི་ཟླ་ཤར་བ་འདྲ། །རལ་པ་སེར་སྤྲིན་འཁྲིགས་པ་འདྲ། །ཕྱོགས་བཞི་མཚམས་བཞི་སྟེང་འོག་བཅུའི། །གདུག་པའི་ལོག་འདྲེན་རྡུལ་དུ་རློག །ཛྙཱ་ན་ཀུ་ཀུ་རཀྴ་ཡཀྴ་ས་མ་ཡ་ཁཱ་ཧི་རྦད་ལིང་ཛ་ཛ། ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ཁྱི་བརྒྱད་ཡེ་ཤེས་ཀྱི་སྤྲུལ་པའི་ལེའུ་སྟེ་བརྒྱ་དང་ང་བརྒྱད་པའོ།། །།འདབ་བརྒྱད་འབར་བའི་རྩིབས་མཆན་ལ། ཡེ་ཤེས་ཕོ་ཉ་མོ་རྣམ་པར་ཤེས་པའི་ཡུལ་བརྒྱད་ལ་རྒྱུ་བ། ཡེ་ཤེས་ཀྱི་སྤྱང་མོ་བརྒྱད་དེ། ཁུ་ཁུ་ཁུ་ཁུ་ཁུ་ཁུ་ཁུ་ཁུ་ཛཿཛཿ། དེ་ལྟར་ཡེ་ཤེས་ཀྱི་སྤྱང་མོ་བརྒྱད་སྤྲུལ་པ་དང་ལྡན་པ། རལ་པ་སྤྲུག་པ་སྟབས་དྲག་པོ་དང་ལྡན་པར་བསྐུལ་བའོ། །ཡེ་ཤེས་རྟགས་ཀྱི་ཕོ་ཉ་མོ། །འབར་བ་ཐུགས་བརྩེའི་དཀྱིལ་འཁོར་ནས། །སྤྱང་མོ་ལས་མཁན་ཕོ་ཉ་བརྒྱད། །སྤྱང་མོ་མི་བཟད་རྔམ་སྟབས་ཅན། །སྐུ་ནི་སྤྱང་མོ་འབར་བ་ལ། །རལ་པ་སྔོན་པོ་སི་ལི་ལི། །


DNG017_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

བ་སྤུ་རྩང་ཕུར་སི་ལི་ལི། །མཇུག་མ་ལྕགས་ཀྱི་སོག་ལེ་འདྲ། །མཆི་མ་ཁྲག་གི་ཐིགས་པ་ལས། །སྤྱང་མོ་རྔམ་པ་བརྒྱད་བྱུང་སྟེ། །དྲག་པོའི་གདངས་སྒྲ་ལན་གསུམ་བསྒྲགས་པ་ཡིས། །སངས་རྒྱས་རྣམས་ཀྱི་ཐུགས་དམ་བསྐུལ། །འགྲོ་བ་ཀུན་ལ་སྙན་པར་སྒྲོགས། །ངན་སོང་གནས་རྣམས་འཇོམས་པར་བྱེད། །སྲིད་པའི་རོལ་རྣམས་ཡེ་ཤེས་གཤོལ་པས་བཤལ། །བྱང་ཆུབ་བླ་མེད་གནས་ལ་དགོད་པར་མཛད། །དཔལ་གྱི་ཞིང་ཁམས་ཆེན་པོ་སྐྱོང་། །སངས་རྒྱས་རྣམས་ཀྱི་ཐུགས་དམ་སྐོང་། །ཏ་ན་ག་ཎའི་ཕྲིན་ལས་བྱེད། །སྐྱེ་ཤི་མེད་པའི་ལས་ལ་སྦྱོར། །འཆིང་གྲོལ་མེད་པའི་འབྲས་བུ་འགྲུབ། །ཤར་གྱི་ཕྱོགས་སུ་རྒྱུག་པའི་ཚེ། །དྲི་ཟའི་གྲོང་ཁྱེར་གཏན་ནས་འཇོམས། །ལྷོ་ཡི་ཕྱོགས་སུ་རྒྱུག་པའི་ཚེ། །གཤིན་རྗེའི་སྲོག་གཅོད་སྒྲོལ་བར་ནུས། །ནུབ་ཀྱི་ཕྱོགས་སུ་རྒྱུག་པའི་ཚེ། །ཀླུ་དབང་གདོན་རྣམས་གཏན་ནས་འཇོམས། །བྱང་གི་ཕྱོགས་སུ་རྒྱུག་པའི་ཚེ། །གནོད་སྦྱིན་མ་རུངས་གདུག་རྩུབ་འཇོམས། །ཤར་ལྷོ་མཚམས་ནས་རྒྱུག་པའི་ཚེ། །དྲང་སྲོང་མེ་ལྷ་གནས་སུ་སྒྲོལ། །ལྷོ་ནུབ་མཚམས་སུ་རྒྱུག་པའི་ཚེ། །སྲིན་པོའི་གདོན་རྣམས་ཚར་གཅོད་ཅིང་། །ནུབ་བྱང་མཚམས་ནས་རྒྱུག་པའི་ཚེ། །རླུང་ལྷའི་གདོན་རྣམས་ཚར་གཅོད་པའོ། །བྱང་ཤར་མཚམས་ནས་རྒྱུག་པའི་ཚེ། །དབང་ལྡན་འབྱུང་པོ་ཚུལ་བཞིན་སྒྲོལ། །ཡེ་ཤེས་སྤྱང་བརྒྱད་དུས་ལ་བབས། །ཅེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ཡེ་ཤེས་སྤྱང་བརྒྱད་ཀྱི་ལེའུ་སྟེ་བརྒྱ་དང་ང་དགུ་པའོ།། །།དེ་ནས་ཡང་གསང་བ་བདེ་བ་ཆེན་པོའི་སྒོ་བཞི་ནས། ཡེ་ཤེས་ཀྱི་ཁྲོ་བོ་མགོ་དགུ་བརྩེགས་པའི་རྐང་གཅིག་དང་། མགོ་བདུན་བརྩེགས་པའི་རྐང་གཅིག་དང་། མགོ་ལྔ་བརྩེགས་པའི་རྐང་གཅིག་དང་། མགོ་གསུམ་བརྩེགས་པའི་རྐང་གཅིག་དང་བཞི་འཐོན་ཏེ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཧྲཱྀཿཧྲཱྀཿཧྲཱྀཿཧྲཱྀཿ། ཛཿཧཱུཾ་བཾ་ཧོཿ། དྲག་པོའི་སྔགས་དེ་བརྗོད་པ་ཡིས། །ཡེ་ཤེས་མགོ་བརྩེགས་ཁྲོ་བོ་ཤར། །རིགས་


DNG017_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་འབར་བའི་སྐུ་མདོག་ལ། །གདུག་པའི་ཕྱག་མཚན་བསྣམས་པ་ཡིས། །ལོག་པའི་ཚོགས་རྣམས་བཅོམ་ནས་ཡེ་ཤེས་བཞི་ལ་སྦྱོར། །ཧཱུཾ། ཡེ་ཤེས་སྒོ་བཞིར་འབར་བའི་ཚོགས། །གཞལ་ཡས་དབང་གི་ཤར་སྒོ་ན། །པདྨ་ཞིང་ཆུང་གདན་སྟེང་ནས། །ཁྲོ་བོ་ཆེན་པོ་སྒོ་སྲུང་བ། །ཞི་བའི་ལས་མཛད་ཡེ་ཤེས་དགུ་ལ་སྦྱོར། །ཕྲིན་ལས་ཆེན་པོ་བསྒྲུབ་པར་མཛད། །ལྕགས་ཀྱུ་དགྲ་སྟྭ་རབ་ཏུ་བསྣམས། །ཤར་ནས་ཞི་བའི་ལས་མཛོད་ཅིག །གཞལ་ཡས་དབང་གི་ལྷོ་སྒོ་ན། །པདྨ་ཞིང་ཆུང་གདན་སྟེང་ནས། །ཁྲོ་བོ་མགོ་བདུན་བརྩེགས་པའི་རྐང་གཅིག་པ། །གཡས་པ་ཞགས་པ་གཡོན་པ་མདའ། །རྒྱས་པའི་ཕྲིན་ལས་འགྲུབ་པར་མཛོད། །གཞལ་ཡས་དབང་གི་ནུབ་སྒོ་ན། །པདྨ་ཞིང་ཆུང་གདན་སྟེང་ནས། །ཁྲོ་བོ་མགོ་ལྔ་བརྩེགས་པའི་རྐང་གཅིག་པ། །གཡས་པ་ལྕགས་སྒྲོག་གཡོན་པ་རྟགས། །དབང་གི་ཕྲིན་ལས་འགྲུབ་པར་མཛོད། །གཞལ་ཡས་དབང་གི་བྱང་སྒོ་ན། །ཞིང་ཆུང་པདྨའི་གདན་སྟེང་ནས། །ཁྲོ་བོ་མགོ་གསུམ་བརྩེགས་པའི་རྐང་གཅིག་པ། །) གཡས་པ་དྲིལ་བུ་གཡོན་པ་ཤེས་རབ་སྟབས། །དྲག་པོའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། སྒོ་བཞི་ཁྲོ་བོའི་ལེའུ་སྟེ་བརྒྱ་དང་དྲུག་ཅུ་པའོ།། །།དེ་ནས་དབང་གི་རྒྱལ་པོས་བཀའ་སྩལ་པ། ཚངས་སོགས་ཞིང་ཁམས་སྦྱང་བའི་ཕྱིར། །དབྱངས་དྲུག་རྟོགས་པའི་བལྟ་བར་བཞག །བྲོ་དྲུག་རྫོགས་པའི་སྤྱོད་ལམ་ཡིན། །དབྱངས་དྲུག་གདེང་དུ་བླང་བ་ནི། །གྲུབ་པའི་དབྱངས་ཀྱིས་ཐུགས་དམ་བསྐང་། །ཚངས་པའི་དབྱངས་ཀྱིས་ཞིང་ཁམས་སྦྱངས། །གདུང་བའི་དབྱངས་ཀྱིས་མ་སྲིང་མཉེས། །ལས་ཀྱི་དབྱངས་ཀྱིས་ཕོ་ཉ་འགྱེད། །སྒྱུ་མའི་དབྱངས་ཀྱིས་དགོངས་རྒྱུད་གསལ། །འབར་བའི་དབྱངས་ཀྱིས་བདུད་བཞི་འདུལ། །ཧཱུཾ་གི་དབྱངས་ཀྱིས་འཕྲོ་འདུ་འཁྲུགས། །གར་གྱི་བྲོ་བརྡུང་བྱིན་རླབས་ཆེ། །དབང་གི་བྲོ་བརྡུང་དུག་གསུམ་འཇོམས། །པདྨའི་བྲོ་བརྡུང་ཆགས་པ་མེད། །


DNG017_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོ་བོའི་བྲོ་བརྡུང་དྲེགས་པ་འཇོམས། །ཕྲ་མེན་བྲོ་ནི་འགུགས་སྦྱོང་བྱེད། །རྫོགས་པའི་བྲོ་ནི་ལས་རྣམས་འགྲུབ། །གདངས་ཀྱི་དབྱངས་ཀྱང་བླང་བར་བྱ། །དྲག་པོའི་བྲོ་ཡང་བརྡུང་བར་བྱ། །རྟ་མཆོག་རོལ་པའི་ཏནྟྲ་ལས། དབྱངས་དང་བྲོའི་ལེའུ་སྟེ་བརྒྱ་དང་རེ་གཅིག་པའོ།། །།དེ་ནས་ཡང་ནི་བྲོ་བརྡུང་བ། །རྟ་བྲོ་འཁོར་གསུམ་སྲིན་པོ་གནོན། །འདི་ནི་གསང་ཚིག་ངེས་པའི་བྲོ། །ཐུགས་མཆོག་གསང་བའི་སྙིང་པོ་ཡིན། །རྒྱལ་བ་ཀུན་དང་མཉམ་སྦྱོར་བས། །དགོངས་རྒྱུད་དག་ཅིང་གསལ་བར་བསྒོམ། །རྟ་བྲོ་འཁོར་གསུམ་དང་པོ་ལ། །ཁྲོ་བོའི་སྤྲིན་གྱིས་དབང་བསྡུས་ནས། །དུས་གསུམ་རྒྱལ་བས་རོལ་པ་མཛད། །རྟ་བྲོ་འཁོར་གཉིས་བར་པ་ལ། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ། །རིགས་ཀྱི་ཡུམ་དང་རོལ་པར་མཛད། །རྟ་བྲོ་འཁོར་གསུམ་ཐ་མ་ལ། །མ་སྲིང་རྒྱ་མཚོའི་འཁོར་བསྡུས་ནས། །ཕྲ་མེན་བདུན་དང་རོལ་པ་མཛད། །འདི་ནི་སྐུ་གསུང་ཐུགས་ཀྱི་བྲོ། །པདྨ་གསང་བའི་ཐུགས་དམ་བསྐང་། །དེ་ཡང་རྟ་བྲོ་གསང་བའི་བྲོ། །བྲོ་ལ་ཡོན་ཏན་བསམ་མི་ཁྱབ། །བྲོ་ཡི་ཡོན་ཏན་བསྟན་པ་ནི། །ངན་སོང་གནས་འཇོམས་བྲོ་བརྡུངས་པས། །འཁོར་བ་རུ་ནས་བཟློག་པའི་བྲོ། །ངན་སོང་གནས་ནས་འཇོམས་པར་མཛད། །བདེ་གཤེགས་རྒྱལ་བའི་ཐུགས་དམ་བསྐང་། །མི་འགྱུར་ཆོས་ཉིད་ངང་ལ་དགོད། །སྤྱོད་པ་ཆོས་ཉིད་ངང་ལ་སྤྱོད། །བལྟ་བ་ཆོས་ཉིད་ངང་ལ་མཉམ། །མཉམ་པ་ཉིད་དུ་ཀློང་བརྡལ་བ། །མ་སྤངས་གནས་སུ་མངོན་སངས་རྒྱས། །བྲོ་ཡི་ཡོན་ཏན་བསྟན་པ་ཡིན། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། གསང་བའི་རྟ་བྲོ་འཁོར་གསུམ་གྱི་ལེའུ་སྟེ་བརྒྱ་དང་རེ་གཉིས་པའོ།། །།དེ་ནས་རིགས་བཞི་མཉེས་པའི་ཕྱིར། །གདུལ་བྱའི་བྲོ་བཞི་བྱུང་བ་ནི། །ནུབ་ཀྱི་ཕྱོགས་སུ་བྲོ་གཅིག་བྱུང་། །ཀླུ་འབྲུག་འདུལ་བའི་བྲོ་བོ་ཆེ། །ཁ་ཡང་ནུབ་ཏུ་བལྟས་བྱས་ཏེ། །གྲུ་མོ་གདེངས་ནས་རྐང་པས་བརྡུང་། །ཁ་ནས་སྔགས་ཚིག་འདི་སྐད་བཟླ། །གྲུ་ན་ལེ་


DNG017_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་ཏྲུཾ་མཱ་ར་ཡ། ཀླུ་འབྲུག་དོན་སྙིང་རྩད་ནས་ཕྱུང་། །ཀླུ་རྣམས་ཀུན་ཀྱང་ཞབས་ཀྱིས་བཙིར། །དེ་ཡང་གསང་ཚིག་ངེས་པའི་བྲོ། །གདུལ་བྱའི་བྲོ་གཅིག་བྱང་ནས་བྱུང་། །གནོད་སྦྱིན་འདུལ་བའི་བྲོ་བོ་ཆེ། །ལག་པ་གཡས་གཡོན་མགོ་ལ་ཁྱེར། །བྱང་གི་ཕྱོགས་སུ་ཁ་བལྟས་ཏེ། །བག་ཏུ་མ་བཾ་རི་ལ་ཡ། །གནོད་སྦྱིན་དཔྲལ་བའི་སྟེང་ནས་བརྡུང་། །གདུལ་བྱའི་བྲོ་གཅིག་ཤར་ནས་བྱུང་། །དྲི་ཟའི་རྒྱལ་པོ་འདུལ་བའི་བྲོ། །ལག་པ་གར་སྟབས་བསྐྱོད་བྱས་ཏེ། །ལྷ་ཚོགས་མང་པོ་དབང་དུ་བསྡུས། །བག་ཏི་ཤ་བཾ་ནི་ཡཾ། གདུལ་བྱའི་བྲོ་གཅིག་ལྷོ་ནས་བྱུང་། །གྲུལ་བུམ་འདུལ་བའི་བྲོ་བོ་ཆེ། །མ་ར་ཏི་ཤ་ཡཾ། ལ་ལ་རླུང་ལྷ་འདུལ་བའི་བྲོ། །ལ་ལ་བགེགས་ཆེན་འདུལ་བའི་བྲོ། །རྟ་ཡི་བྲོ་ནི་ཤར་ནས་བརྡུང་། །ཁྱི་ཡི་བྲོ་ནི་ལྷོ་ནས་བརྡུང་། །བྱ་ཡི་བྲོ་ནི་ནུབ་ནས་བརྡུང་། །ཕག་གི་བྲོ་ནི་བྱང་ནས་བརྡུང་། །མཚམས་བཞིའི་བྲོ་བཞི་བྱུང་བ་ནི། །བྱང་ཤར་མཚམས་ནས་གཟི་ཡི་བྲོ། །ཤར་ལྷོ་མཚམས་ནས་ལྕགས་ཀྱི་བྲོ། །ལྷོ་ནུབ་མཚམས་ནས་བསེ་ཡི་བྲོ། །ནུབ་བྱང་མཚམས་ནས་མཆེ་བའི་བྲོ། །ལ་ལ་ཟ་བྱེད་ཆེན་པོ་འདུལ། །ལ་ལ་གཡོ་འགུལ་མེད་པར་གནོན། །ལ་ལ་རྩལ་གྱིས་དབང་དུ་བསྡུས། །ལ་ལ་དུག་གསུམ་བཙོན་ར་སྦྱོང་། །ལ་ལ་དབང་ཆེན་དབྱིངས་སུ་འདེབས། །ལ་ལ་སྦྱོར་བའི་ངན་སྔགས་གཅོད། །ལ་ལ་ང་རྒྱལ་གཤོག་པའི་བྲོ། །ལ་ལ་ཐམས་ཅད་བརྟན་པར་བྱེད། །ཀུན་ཏུ་བཟང་མོའི་མཁའ་དབྱིངས་ལ། །ཚོམ་བུ་བརྒྱད་ཀྱི་བྲོ་བརྡུངས་པས། །ཁྲོ་མོ་ཀུན་དང་མཉམ་པར་སྦྱོར། །ཤེས་རབ་ཕ་རོལ་ཕྱིན་པའི་བྲོ། །འདི་ནི་དཔལ་གྱི་ཐུགས་དམ་ཡིན། །འདི་ནི་མ་སྲིང་དངོས་གྲུབ་ཡིན། །འདི་ནི་ཕོ་ཉའི་ལོངས་སྤྱོད་ཡིན། །དེ་ཕྱིར་གླུ་བྲོ་རྒྱུན་མི་འཆད། །ཀུན་ཏུ་བཟང་མོའི་མཁའ་དབྱིངས་ལ། །རྒྱལ་བ་སྟོང་གི་དཀྱིལ་འཁོར་གནས། །རྒྱལ་བ་སྟོང་གི་དཀྱིལ་འཁོར་དུ། །ཁྲོ་བོ་ཅན་གྱི་རྟ་བྲོ་སྟེ། །ཚོམ་བུ་བདུན་གྱི་ཕྱོགས་ཕྱོགས་སུ། །ལ་ལ་ཡེ་ཤེས་རོལ་པའི་བྲོ། །ལ་ལ་ལོངས་སྤྱོད་དཔལ་གྱི་བྲོ། །ལ་ལ་དབང་པོ་ཡུལ་གྱི་བྲོ། །ལ་ལ་རྡོ་རྗེ་པདྨའི་


DNG017_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

བྲོ། །ལ་ལ་འཇིག་རྟེན་དབང་སྡུད་བྲོ། །ལ་ལ་དྲག་པོ་ཤུགས་ཀྱི་བྲོ། །ལ་ལ་མོས་པ་རྒྱན་གྱི་བྲོ། །ལ་ལ་ལོངས་སྤྱོད་དཔལ་གྱི་བྲོ། །ལ་ལ་སྤོར་བ་གནས་ཀྱི་བྲོ། །བྲོ་ལ་རྣམ་གྲངས་བསམ་མི་ཁྱབ། །གླུ་ལ་ཡོན་ཏན་དཔག་མི་ལང་། །ཚིག་ལ་མན་ངག་སྣ་ཚོགས་ཏེ། །བྲོ་ཡི་མིང་ནི་གྷཎྜ་ཧོ། །གླུ་ཡི་མིང་ནི་པཱ་ཤ་ཧཱུཾ། །ཚིག་གི་མིང་ནི་ཨངྐུ་ཤ །འདི་ཡང་སྐུ་གསུང་ཐུགས་ཀྱི་ལུང་། །ཐབས་ཀྱི་རྒྱལ་པོ་རྟོགས་པའི་དབང་། །ཆེ་བ་ལུང་གི་ཁྱད་པར་ལ། །བྲོ་ནི་ཕྲིན་ལས་ཆེན་པོར་སྦྱོར། །གླུ་ནི་བལྟ་བའི་རྒྱལ་པོར་བཞག །ཚིག་ནི་འབྲལ་བ་མེད་པའི་དོན། །རྒྱལ་བ་ཀུན་དང་མཉམ་སྦྱོར་བས། །སྔགས་ཀྱི་ཐ་ཚིག་ཆེན་པོ་ཡིན། །སྣ་ལ་པདྨ་རོལ་པའི་བྲོ། །འགག་པ་མེད་པའི་ཚུལ་གྱིས་བརྡུང་། །ཡུམ་གྱི་མཁའ་དང་སྦྱོར་བའོ། །དེ་ནས་ཤེས་རབ་ཐབས་ཀྱི་བྲོ། །བྷ་གའི་གནས་སུ་ལིངྒས་བརྡུང་། །དེ་ནས་དབང་པོ་ཡུལ་གྱི་བྲོ། །ལྷ་མོ་བརྒྱད་ལ་ཐབས་ཀྱིས་རོལ། །དེ་ནས་གདུལ་བྱ་དབང་གི་བྲོ། །རྟ་མགྲིན་རྒྱལ་པོའི་འཁོར་ལ་བརྡུང་། །དེ་ནས་མོས་པ་རྒྱན་གྱི་བྲོ། །མ་སྲིང་རྒྱ་མཚོའི་འཁོར་ལ་བརྡུང་། །དེ་ནས་སྡུད་བྱེད་ཐབས་ཀྱི་བྲོ། །ཕྱོགས་བཅུའི་རྣལ་འབྱོར་མ་ལུས་བརྡུང་། །ཐབས་དང་ཤེས་རབ་ལྡན་སྦྱོར་ན། །གླུ་བྲོ་དམ་ཚིག་རྒྱལ་པོ་ཡིན། །རྟག་པར་བདུད་བཞི་འདུལ་བའི་ཕྱིར། །བྲོ་ནི་བར་ཆད་མེད་པར་བརྡུང་། །བལྟ་བ་དྲང་པོར་བྱ་བའི་ཕྱིར། །གླུ་ནི་འདུ་འབྲལ་མེད་པར་བླང་། །དཀྱིལ་འཁོར་རང་ལ་གསལ་བའི་ཕྱིར། །ཚིག་ནི་སྙིང་པོ་འཛབ་ཏུ་བཟླ། །ཕུང་པོ་གཏན་ནས་གཞོམ་པའི་ཕྱིར། །ཚིག་ཆད། ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། གླུ་བྲོ་གསང་བའི་ལེའུ་སྟེ་བརྒྱ་དང་རེ་གསུམ་པའོ།། །།འཇིག་རྟེན་རིམ་གྱིས་སྦྱང་བའི་ཕྱིར། །ད་ནི་ལྷ་ལ་བྲོ་བརྡུང་སྟེ། །བྲོ་ཡི་མིང་ནི་ཨཱ་ཀར་ཤ །གླུ་ཡི་མིང་ནི་ཨཱ་ཡུ་ར། །ཚིག་གི་མིང་ནི་ཨ་མན་ཙེ། །དྲེགས་པ་ལྷ་ཆེན་སྙིང་གར་བརྡུང་། །འཁོར་ཚོགས་མ་ལུས་ཐབས་ཀྱིས་འདྲེན། །ལོངས་སྤྱོད་བཞི་ལ་ཆགས་པའོ། །བསོད་ནམས་ཆེན་པོ་དབང་དུ་སྡུད། །ན་མཿ


DNG017_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

ས་མནྟ་བཛྲཱ་ཎཱཾ། ད་ནི་བདུད་ལ་བྲོ་བརྡུང་སྟེ། །བྲོ་ཡི་མིང་ནི་མ་ར་དུ། །གླུ་ཡི་མིང་ནི་མ་ཤ་ཁ། །ཚིག་གི་མིང་ནི་མ་ནུ་ཀ །བདུད་ཀྱི་སྙིང་ལ་བྲོ་བརྡུངས་པས། །ཞེ་སྡང་རྒྱལ་པོ་ཐལ་བར་རློག །འཁོར་ནི་ངག་སྙན་ཚིག་གི་རྟེན། །བདུད་ཀྱི་ལོངས་སྤྱོད་དབྲོག་པར་བྱ། །ན་མཿས་མནྟ་བཛྲཱ་ཎཱཾ། ད་ནི་ཀླུ་ལ་བྲོ་བརྡུང་སྟེ། །བྲོ་ཡི་མིང་ནི་པ་ལ་ཏ། །གླུ་ཡི་མིང་ནི་ནཱ་ག་ཡུ། །ཚིག་གི་མིང་ནི། །ཀླུ་འབྲུག་སྙིང་གར་བྲོ་བརྡུངས་པས། །གཏི་མུག་རྒྱལ་པོ་ཐལ་བར་རློག །འཁོར་ནི་སྒྲ་སྙན་ཚིག་གི་རྟེན། །ཀླུ་ཡི་དངོས་གྲུབ་དབྲོག་པར་བྱ། །ན་མཿས་མནྟ་བཛྲཱ་ཎཱཾ། ནཱ་ག་དུང་དུང་། ད་ནི་ལྷ་མིན་འཇོམས་པའི་བྲོ། །བྲོ་ཡི་མིང་ནི་ཨ་ཀྲི་ཤ །གླུ་ཡི་མིང་ནི་ཐ་རམ་རྒྱུ། །ཚིག་གི་མིང་ནི་ཨཱ་ཀར་ཤ །བྲོ་བརྡུང་ལྷ་མིན་སྙིང་གར་བརྡུང་། །ང་རྒྱལ་ཆེན་པོ་རྡུལ་དུ་རློག །ལྷ་མིན་དངོས་གྲུབ་དབྲོག་པར་བྱེད། །ན་མཿས་མནྟ་བཛྲཱ་ཎཱཾ། ཏྲི་ཤ་ན་ཡ་ནན། ད་ནི་བྲོ་བརྡུང་བགེགས་ཆེན་འཇོམས། །བྲོ་ཡི་མིང་ནི་བི་ནཱ་ཀ །གླུ་ཡི་མིང་ནི་བྱི་རུ་ཀ །ཚིག་གི་མིང་ནི་ཙི་མུན་ཤ །བགེགས་ཀྱི་སྙིང་ལ་བྲོ་བརྡུངས་པས། །ཕྲག་དོག་རྒྱལ་པོ་རྡུལ་དུ་རློག །ཅེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། འཇིག་རྟེན་གྱི་བྲོའི་ལེའུ་སྟེ་བརྒྱ་དང་རེ་བཞི་པའོ།། །།དེ་ནས་ངག་གི་དབང་ཕྱུག་གིས། བཅོམ་ལྡན་འདས་དབང་ཆེན་འདུས་པ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་དབང་ཆེན་འདུས་པའི་གཙོ། །སེམས་ཅན་ཚེ་ཡི་དུས་བྱས་ནས། །ངན་སོང་གནས་སུ་འགྲོ་བ་ལ། །དེ་ལས་བཟློག་ཐབས་སྟོན་པས་གསུངས། །ཞེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་དབང་ཆེན་འདུས་པས་བཀའ་སྩལ་པ། །ཉོན་ཅིག་ངག་གི་དབང་ཕྱུག་ཆེ། །སེམས་ཅན་དེ་དག་བཟློག་པ་ནི། །སེམས་ཅན་དབུགས་དང་བྲལ་མ་ཐག །དེ་ལ་ལས་ནི་གཉིས་ཡོད་དེ། །དགེ་བ་ཅན་དང་སྡིག་པ་ཅན། །ལས་ཀྱི་ཤུགས་ཀྱིས་འཕེན་པ་ཡིན། །དེ་ཚེ་དུས་ལ་བབ་པའི་ཚེ། །ཤི་ནས་བར་མ་དོ་རུ་དེ། །བཞི་བཅུ་རྩ་དགུའི་བར་དུ་གནས། །དེ་ལ་ལས་རྣམས་ཅི་བྱས་


DNG017_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

དྲན། །དེ་ལ་སྐྱེ་བ་རྣམ་བཞི་སྟེ། །དེ་ལས་རིས་དྲུག་ལམ་དུ་འགྲོ། །དེ་ཡི་སྡུག་བསྔལ་མྱོང་བར་འགྱུར། །བཅོ་བརྒྱད་པོ་ཡང་ཁ་བརྒྱུད་པའོ། །དེ་ལ་ལམ་དེར་མི་གཏང་ཞིང་། །དེ་ལས་བཟློག་པར་བྱ་བ་ན། །དེ་ནི་དབུགས་དང་བྲལ་མ་ཐག །ལྷར་བསྒོམ་བཟླས་པའི་སྔགས་ཆུ་ཡིས། །ཁྲུས་བྱས་མཛེས་པས་དཀྲིས་ནས་གཞག །གྲུ་བཞི་དཀྱིལ་འཁོར་གསལ་བ་ལ། །གཡས་ནས་ཁྲོ་བོ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དགབ། །དེ་ཡི་སྟེང་དུ་ཞི་བ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གཞག །དེ་སྟེང་མཐིང་ནག་དར་ཏེ་འོག་མིན་གནས། །དཀྱིལ་འཁོར་ཁ་སྦྱོར་བར་དུ་ནི། །མདུན་དུ་མཆོད་པའི་རྣམ་པ་བསག །དེ་ནས་གསང་བ་མེ་ཁྲག་མཚམས། །དེ་ནས་བུམ་པ་གཞལ་ཡས་བཞེང་བར་བྱ། །དེ་ནས་ཉམས་པ་བཤགས་པར་བྱའོ། །བྱིན་གྱིས་བརླབ་པ་བྱས་ནས་སུ། །ལས་ཀྱི་དཀྱིལ་འཁོར་བསྐྱེད་པར་བྱ། །ཨེ་དང་ཡཾ་གྱི་འཕྲོ་འདུ་ཡིས། །གྲུ་གསུམ་མཐིང་ནག་འབར་བ་ལ། །ནང་དུ་ཁྲོ་བོའི་གཞལ་ཡས་བསྐྱེད། །དེ་ནས་ལྷ་རྣམས་བསྐྱེད་པར་བྱ། །མཆོད་པ་རིམ་པར་བྱ་བ་སྟེ། །འཛབ་དང་བསྙེན་པ་དེ་བཞིན་ཏེ། །དེ་ནས་བསྙེན་པའི་དཀྱིལ་འཁོར་ལ། །ཁྲོ་བོའི་དཀྱིལ་འཁོར་གསལ་བ་ལ། །དྲུག་ཅུ་རྩ་བརྒྱད་ཁྲོ་བོ་བསྐྱེད། །བཛྲ་ཧེ་རུ་ཀ་ཡི་དབུ་སྟེང་ཁྲོ་མོ་སྟེ། །དེ་ཡི་སྟེང་དུ་ཆེ་མཆོག་བསྐྱེད། །སྤྱན་དྲང་བསྡིམ་པ་ལ་སོགས་བྱ། །འཕྲོ་འདུའི་འོད་ཀྱིས་དཀྱིལ་འཁོར་མཉེས། །དེ་ཡི་འཕྲོ་འདུས་སེམས་ཅན་དོན་བྱས་ནས། །ཐམས་ཅད་སྒྲིབ་པ་བྲལ་བའོ། །ཞི་བའི་དཀྱིལ་འཁོར་ལ་ཡང་དེ་བཞིན་བྱ། །ཁྲོ་བོ་གསང་བའི་དཀྱིལ་འཁོར་གྱིས། །འདས་པ་དེ་ལ་བྱིན་གྱིས་རློབས། །ཚེ་ལས་འདས་པའི་ཤེས་པ་དེ། །བཀུག་ལ་ཕུང་པོ་དེ་ལ་བསྡིམ། །དེ་ནས་སྙིང་པོས་སྦྱངས་བྱས་ལ། །དྲུག་གི་ལམ་བཀག་རྒྱལ་བའི་སྲས། །བསྒྲུབ་བྱ་ལྷ་རུ་བསྐྱེད་པ་སྟེ། །ཧེ་རུ་ཀ་ཡི་མཁར་གཞག་པའོ། །ལྷ་རྣམས་སྦྱོར་བ་མཛད་པ་ལས། །བྱང་སེམས་འོད་ཀྱི་འཕྲོ་འདུ་དེས། །མ་རིག་པ་ཡི་མུན་གསལ་ནས། །


DNG017_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

རིས་དྲུག་ལམ་བཀག་བདེ་ལ་བཀོད། །དེ་ནས་རིགས་ལྔ་ཆེ་མཆོག་དང་། །དྲུག་སྦྱོར་བ་ཡི་བྱང་ཆུབ་སེམས། །དེ་ཉིད་སེམས་དཔའ་ཕྲུ་གུ་སྙིང་དཀྱིལ་ན། །རྩ་ལ་རིགས་དྲུག་གི་ས་བོན་དྲུག་ཡོད་པ་དེ་སྦྱངས་ནས། ཆོས་ཉིད་རྩ་ལ་ལྷ་དང་མི། །དུད་འགྲོར་སྐྱེ་བའི་འོད་སེར་པོར་གྱུར། །སྙིང་པོ་སུ་དང་ཏྲི་ཡིན་ནོ། །ཡེ་ཤེས་རྩ་ལ་ལྷ་དང་མིར་སྐྱེ་བའི་ས་བོན་འོད་མཐིང་ག་སྟེ། སྙིང་པོ་ཨ་དང་ནྲྀ་ཡིན་ནོ། །རང་རྒྱུད་ཀྱི་རྩ་ལ་དམྱལ་བ་དང་ཡི་དྭགས་སུ་སྐྱེ་བའི་སྙིང་པོ་འོད་དམར་པོར་གྱུར། སྙིང་པོ་དུ་དང་པྲེ་ཡིན་ནོ། །དེ་ལས་འོད་ཀྱི་གོང་བུར་གྱུར་པ་དེ་ནི། རྣམ་པར་ཐར་པའི་ངོ་བོ་ཡིན་ཏེ། ཨོཾ་དཀར་ལ་སོགས་པའི་ཡི་གེ་གསུམ་བསྒོམས། རྡོ་རྗེ་སེམས་དཔའ་བྱམས་པ་དག་པ་དང་། སྤྱན་རས་གཟིགས་དབང་གསུམ་དུ་བསྐྱེད། དེ་ལྟར་ཁམས་གསུམ་ཡི་གེར་གྱུར་ནས་སུ། ཡབ་ཡུམ་དྲུག་ཏུ་གསལ་ཙམ་ན། པདྨ་ཅན་གྱི་ས་ལའོ། །དེ་ནས་སེམས་དཔའ་ཕྲུ་གུ་དེས། ཧེ་རུ་ཀ་གསང་བའི་སྦུབས་ཞུགས་ནས། ཉིད་ཀྱི་དབུ་ཡི་སྟེང་དུ་ནི། ཆེ་མཆོག་མཁའི་ནང་དུ་ཕྱིན་པའོ། །དེ་ལ་ཆེ་མཆོག་ཡབ་ཡུམ་དབང་བསྐུར་བས། ལྷ་གསུམ་ཧེ་རུ་གསུམ་འགྱུར་ཏེ། དེ་གསུམ་ཡབ་ཡུམ་ལྡན་པ་ལ། དབང་མཆོག་ཡབ་ཡུམ་རོལ་པའི་སྟོབས་ཀྱིས་བཞུ་ནས། ཆེ་མཆོག་མཁའ་ལ་བསྡུའོ། །ཤེས་རབ་ཡེ་ཤེས་དབང་དང་ལྡན། །ལུས་ལ་སྟོང་ཕྲག་རྩ་ཡོད་དེ། །བདེ་བ་རྒྱས་ནས་ཆོས་ཉིད་མི་རྟོག་པའི། །ཡེ་ཤེས་ཆེན་པོ་གསལ་ཙ་ན། །ཕྱོགས་བཅུའི་སངས་རྒྱས་དཀྱིལ་འཁོར་ལྷུན་གྱིས་གྲུབ། །འཁོར་ལོ་ཚོགས་ཆེན་ས་ལ་ཕྱིན། །ཐམས་ཅད་རིགས་ནི་ལྷུན་གྱིས་གྲུབ། །ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཡིན། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ཚེའི་དུས་བྱས་པ་ལ་དོན་བྱ་བའི་ལེའུ་སྟེ་བརྒྱ་དང་རེ་ལྔ་པའོ།། །།དེ་ནས་ཡང་དབང་གི་རྒྱལ་པོས་བཀའ་སྩལ་པ། ངག་གི་དབང་ཕྱུག་ད་ཉོན་ཅིག །སྦྱིན་པའི་ཕ་རོལ་ཕྱིན་པ་ནི། །སྟོང་ཉིད་སྟོང་ཉིད་འགག་མེད་དང་། །སྙིང་རྗེ་ཆེན་པོའི་སྙིང་པོ་ཅན། །སྦྱིན་པ་ལ་སོགས་བསོད་ནམས་ཡིན། །ཡེ་ཤེས་ཚོགས་ནི་མཐའ་དག་བསྒྲུབ། །དེ་ལ་མངོན་


DNG017_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

པར་བརྩོན་པར་བྱ། །རྒྱུ་ཡི་ཚོགས་དང་འབྲས་བུའི་ཚོགས། །ཚོགས་ལ་ཡོན་ཏན་བསམ་མི་ཁྱབ། །འདུས་བྱས་དགེ་བ་འདི་བྱས་པས། །ལྷ་དང་མི་ཙམ་ཐོབ་པ་དེ། །སྐྱེ་ཤི་མེད་པའི་ས་ལ་སངས་མི་རྒྱ། །སྦྱིན་པ་བསྲུང་བ་དེ་ཉིད་ཀྱིས། །བསོད་ནམས་ཚོགས་ནི་ཆོས་ལ་བསྒོམ་པའོ། །དེ་ལྟར་མཉམ་པར་བཞག་ནས་སངས་རྒྱས་འབྲས་བུ་ཐོབ། །མཚན་ཅན་བསྒོམ་པས་མཚན་མེད་ཐོབ། །སྣང་བ་དེ་ཉིད་སྟོང་པ་ཡིན། །དེ་ཡི་ངང་ལས་གནས་པར་བྱ། །དེ་ལྟར་བསྒོམ་པས་སངས་རྒྱས་ཡིན། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའི་ལེའུ་སྟེ་བརྒྱ་དང་རེ་དྲུག་པའོ།། །།ངག་གི་དབང་ཕྱུག་ལེགས་པར་ཉོན། །ཚུལ་ཁྲིམས་ཕ་རོལ་ཕྱིན་པ་ནི། །བསྒོམ་པའི་གསལ་དམིགས་བསྟན་པ་ནི། །ཚུལ་ཁྲིམས་བསྲུང་བའི་ཡོན་ཏན་གྱིས། །གཟུགས་དང་མཐུན་པ་འཐོབ་པ་སྟེ། །ཐམས་ཅད་ཟིན་དང་མ་ཟིན་པ། །ཐམས་ཅད་མཁྱེན་པའི་རྒྱ་མཚོར་ཞུགས་པ་ནི། །ཡིད་བཞིན་ནོར་བུ་རིན་ཆེན་ལྟར། །སེམས་ཅན་མཐའ་དག་ཉེར་འཚོ་བའི། །ཡོན་ཏན་ཕུང་པོ་དག་དང་ལྡན། །དོན་དམ་པར་སེམས་ནི་ནང་དུ་ཡང་མི་གནས། ཕྱི་རོལ་དུ་ཡང་མི་གནས། གཉིས་ཀ་མེད་པར་ཡང་མི་དམིགས་སོ། །འདས་པའི་སེམས་ཀྱང་མི་དམིགས། མ་འོངས་པའི་སེམས་ཀྱང་མི་དམིགས། སེམས་སྐྱེ་བའི་ཚེ་ཡང་གང་ནས་ཀྱང་མ་འོངས། འགག་པའི་ཚེ་གང་དུ་ཡང་མི་འགྲོ་སྟེ། བྱང་ཆུབ་སེམས་མ་བཅོས་པའི་ཚུལ་ལ་གནས་པའོ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའི་ལེའུ་སྟེ་བརྒྱ་དང་རེ་བདུན་པའོ།། །།ངག་གི་དབང་ཕྱུག་ད་ཉོན་ཅིག །བཟོད་པའི་ཕ་རོལ་ཕྱིན་པ་ནི། །བཟོད་པའི་ངང་ལ་གནས་པར་བྱས་ཏེ། །འཁོར་བ་འདི་དག་ཐམས་ཅད་མི་རྟག་སྟེ། །འཁོར་བའི་ཆོས་འདི་ཐམས་ཅད་ནི། །ཐམས་ཅད་མི་རྟོག་རང་བཞིན་ཏེ། །དོན་དམ་པར་བརྟགས་དབེན་པའོ། །བསྒོམ་པ་ཞི་གནས་ལྷག་མཐོང་


DNG017_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས། །བྱིང་རྒོད་འཕྲོ་དང་གཡོ་དང་བཞི། །དེ་བཞིའི་དོན་ནི་ཤེས་པའོ། །ཞི་བ་མཉམ་པར་གནས་པ་དང་། །ལྷག་པ་ཡེ་ཤེས་མཐོང་བ་དང་། །དེ་ལྟར་ངང་ལ་བསྒོམ་པའོ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའི་ལེའུ་སྟེ་བརྒྱ་དང་རེ་བརྒྱད་པའོ།། །།དེ་ནས་ཡང་ངག་གི་དབང་ཕྱུག་ཉོན་ཅིག །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། དེ་ཡི་འབྲས་བུ་བསྟན་པ་ལ། །བརྩོན་འགྲུས་དྲག་པོ་སྤྱད་བསྒོམ་པས། །འཁོར་བའི་མཐའ་ལས་ཡང་དག་ཐར། །བྱིང་རྒོད་གཉིས་ཀྱི་དགྲ་སྤངས་ནས། །མཉམ་པ་ཉིད་ལ་རབ་ཞུགས་ཏེ། །དེ་ལྟར་བསྒོམས་པས་འབྲས་བུ་ཆོས་ཉིད་ངང་། །མ་བཙལ་ཉིད་ལ་ཤར་བའོ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། བརྩོན་འགྲུས་བསྒོམ་པའི་ལེའུ་སྟེ་བརྒྱ་དང་རེ་དགུ་པའོ།། །།དེ་ནས་ཡང་ངག་གི་དབང་ཕྱུག་ཉོན་ཅིག །བསམ་གཏན་ཕ་རོལ་ཕྱིན་པ་ནི། །བསྒོམ་པའི་བྱེ་བྲག་བསྟན་པ་ནི། །སྟོང་པ་ཉིད་དུ་བསྒོམ་པ་ལ། །ཕ་རོལ་ཡང་ནི་མ་ཡིན་ཏེ། །ཚུ་རོལ་ཡང་ནི་མ་ཡིན་ནོ། །དེ་ཡི་བར་ཡང་མ་ཡིན་ཏེ། །དེ་ལ་ཡང་ནི་མི་གནས་པ། །བདེན་པ་རྣམ་པ་གཉིས་ལས་ནི། །ཀུན་རྫོབ་མེད་ན་རྒྱུ་འབྲས་ཆོས་དང་འགལ། །འདྲེལ་བ་མེད་པའི་སྐྱོན་དུ་འགྱུར། །སྤྲོས་པ་བཅད་པས་སེམས་བཀུག་པ། །ཡན་པར་མི་གཏང་གཏོང་བ་མིན། །སྟོང་པ་དོན་དམ་ཕ་རོལ་ཕྱིན། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའི་ལེའུ་སྟེ་བརྒྱ་དང་བདུན་ཅུ་པའོ།། །།ངག་གི་དབང་ཕྱུག་ཉོན་ཅིག །ཤེས་རབ་ཕ་རོལ་ཕྱིན་པ་ནི། །ཤེས་རབ་བསྒོམ་པ་བསྒོམ་པ་ལས། །ལྷག་མཐོང་ཤས་ཆེར་གྱུར་པའི་ཚེ། །ཞི་གནས་ཆུང་བས་མར་མེ་རླུང་གིས་བསྐྱོད་པ་བཞིན། །སེམས་ནི་རབ་ཏུ་གཡོ་བར་འགྱུར། །ཕ་རོལ་དོན་དེ་དེ་ལྟར་བསྒོམ། །རྟོགས་ན་ཉོན་མོངས་འཁོར་བ་བཟློག །དེ་ཉིད་ངང་ལ་གནས་ན་དོན་དང་ལྡན། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ཤེས་རབ་བསྒོམ་པའི་ལེའུ་སྟེ་བརྒྱ་དང་དོན་གཅིག་པའོ།། །།


DNG017_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཡང་བཅོམ་ལྡན་འདས་དབང་གི་རྒྱལ་པོས་བཀའ་སྩལ་པ། སེམས་ཅན་ཚེ་ཡི་དུས་བྱས་ནས། །འཁོར་བ་ངན་སོང་དག་ཏུ་ལྷུང་བ་ལས། །དགེ་བའི་སྟོངས་ནི་འདི་ལྟར་བྱ། །དེ་ནི་ཚེ་ཡི་དུས་བྱས་ནས། །བར་མ་དོ་རུ་གནས་པ་ལ། །རིགས་དྲུག་ལམ་དུ་བགྲོད་པ་འམ། །དམྱལ་བའི་གནས་སུ་སོང་བ་ལ། །ཐུགས་རྗེས་དྲང་བ་འདི་ལྟར་བཤད། །ཀུན་ཏུ་བཟང་པོའི་ཐུགས་ལས་ནི། །ཐུགས་རྗེའི་བྱིན་རླབས་འོད་ཟེར་ལྔ་བཀྱེ་ནས། །མར་སོང་རིགས་དྲུག་གནས་སུ་སྦྱངས་ནས་སུ། །འོད་ཟེར་ཡི་གེ་ལྔ་ཡི་འཕྲོ་འདུ་ཡིས། །བཞུ་ཞིང་བཏུལ་ནས་གོང་བུར་གྱུར། །གོང་བུ་དེ་དག་གསལ་བ་ལས། །ཡེ་ཤེས་ཆེན་པོའི་ངོ་བོ་སྟེ། །ཀུན་ལ་གནས་ཏེ་ངོ་མ་ཤེས། །མ་སྤངས་གནས་སུ་དག་པ་སྟེ། །སྟོན་པ་སངས་རྒྱས་དེ་ཉིད་དེ། །ཡེ་ཤེས་ཆེན་པོ་གསལ་བ་ཡིན། །དེ་ལས་བྱང་ཆུབ་ཡེ་ཤེས་དེ། །འཁོར་བ་ཡང་ནི་དེ་ཉིད་ལ། །རྟོགས་པ་ཡང་ནི་དེ་ཉིད་ལས། །བགྲོད་པར་བྱེད་པའང་དེ་ཉིད་ལ། །གནས་པར་བྱེད་པའང་དེ་ཉིད་ཡིན། །མཐར་ཐུག་པ་ཡང་དེ་ཉིད་དོ། །དེ་ལྟར་རྟོགས་པའི་དུས་ཉིད་ན། །སངས་རྒྱས་སེམས་ཅན་དབྱེར་མེད་དོན། །དེ་དོན་རྟོགས་ན་མ་བགྲོད་མངོན་སངས་རྒྱས། །དེ་ལ་ཚིག་ཏུ་འདི་སྐད་བརྗོད། །ཀུན་ཏུ་བཟང་པོའི་རང་ཉིད་ལས། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །མཐོ་རིས་མེད་ཅིང་ངན་སོང་མེད། །འཁོར་བ་མེད་ཅིང་མྱང་འདས་མེད། །རྫོགས་ཁྱབ་རང་བྱུང་ཡེ་ཤེས་ལ། །དུས་གསུམ་སངས་རྒྱས་དགྲར་ལངས་ཀྱང་། །འདི་ལ་གཟུང་མེད་བགྲོད་དུ་མེད། །ཅེས་གསུངས་སོ། །དེ་ནས་ཡང་ཕྱག་ན་རྡོ་རྗེས་སྟོན་པ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་དབང་གི་རྒྱལ་པོ་ཆེ། །སྲོག་བསྡུས་སེམས་ཅན་ཐམས་ཅད་ཀུན། །དེ་ལྟར་གདོད་ནས་སངས་རྒྱས་ན། །བགྲོད་མེད་ཕྱི་མོ་དེ་ཡིན་ནོ། །ཉམ་ཐག་སྡུག་བསྔལ་མྱོང་བ་དང་། །འཁོར་བ་འཁོར་ཞིང་སྐྱེ་བའི་ཁ་བརྒྱུད་ནས། །ཤིན་ཏུ་སྡུག་བསྔལ་ཉམ་ཐག་པ། །དེ་ཡི་རྒྱུ་ནི་ཇི་ལྟར་ལགས། །དབང་གི་རྒྱལ་པོས་བཤད་དུ་གསོལ། །ཞེས་གསོལ་ཏོ། །དེ་ནས་དབང་གི་རྒྱལ་པོས་བཀའ་


DNG017_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

སྩལ་པ། །འདི་དག་སྡུག་བསྔལ་མྱོང་བ་ནི། །ཐམས་ཅད་བྱང་ཆུབ་སེམས་ཡིན་ཏེ། །ཡེ་ཤེས་ཆེན་པོ་དེ་ཡིན་ཏེ། །དུག་གསུམ་འཁོར་བ་རང་ལས་བྱུང་། །རྟོག་པའི་དབང་གིས་འཁོར་བ་ལས། །གཞན་ནས་བྱུང་བ་མ་ཡིན་ནོ། །ཞེས་གསུངས་སོ། །དེ་ནས་ཡང་ཕྱག་ན་རྡོ་རྗེས་གསོལ་པ། རྟོགས་པའི་ཐབས་ནི་ཇི་ལྟར་བགྱི། །དབང་གི་རྒྱལ་པོས་བཀའ་སྩོལ་ཅིག །ཅེས་གསོལ་ཏོ། །དེ་ནས་དབང་གི་རྒྱལ་པོ་དེས་བཀའ་སྩལ་པ། ཕྱག་ན་རྡོ་རྗེ་ཁྱོད་ཉོན་ཅིག །ཐམས་ཅད་བྱང་ཆུབ་སེམས་ཡིན་པས། །ཇི་ལྟར་སྤྱད་པ་སེམས་ཉིད་ཡིན། །ཇི་ལྟར་གནས་པའང་སེམས་ཉིད་གནས། །ཇི་ལྟར་རྟོགས་ན་སེམས་ཉིད་རྟོགས། །ཅི་སྤྱད་ཅི་བསྒོམས་ཅི་བསྒྲུབས་ཀྱང་། །སེམས་ལས་མ་གཏོགས་ཡེ་ཤེས་མེད། །ཐམས་ཅད་སེམས་ཀྱི་ངང་དུ་མཉམ་པར་གནས། །སེམས་ཉིད་མཉམ་པའི་ངང་དུ་བཞག་ནས་ནི། །ལྟེམ་མེ་མེར་རེར་གནས་པ་ནི། །གནས་ཀྱི་དམ་པ་དེ་ཡིན་ནོ། །སངས་རྒྱས་ཆོས་སྐུ་དེ་ཡིན་ནོ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ལྟ་བ་ལ་གནས་པའི་ལེའུ་སྟེ་བརྒྱ་དང་དོན་གཉིས་པའོ།། །།དེ་ནས་དབང་གི་རྒྱལ་པོ་དེས། །ཕྱག་ན་རྡོ་རྗེ་ལས་ཀྱི་རྒྱལ། །དོན་ནི་བསྟན་པའི་རབ་ཏུ་བཟུང་། །ཐམས་ཅད་ཆོས་ཉིད་དབྱིངས་ཀྱི་དོན། །དབྱིངས་ལས་ཡེ་ཤེས་གསལ་བ་སྟེ། །ཡེ་ཤེས་རྣམ་པ་དགུ་རུ་གསལ། །ཡེ་ཤེས་ཆེན་པོ་དགུ་ཡི་རྟགས། །དཀྱིལ་འཁོར་དགུ་རུ་ཤར་བ་ཡིན། །དཀྱིལ་འཁོར་ཚོམ་བུ་དགུ་ལ་ནི། །དེ་ལས་སྐུ་ནི་དགུ་རུ་གསལ། །དེ་ལས་ལོངས་སྤྱོད་རྫོགས་པའི་སྐུ། །དེ་ལས་སྤྲུལ་སྐུ་གསལ་བ་སྟེ། །དེ་ཡིས་དོན་རྣམས་གསལ་བར་བྱེད། །འགྲོ་བ་ཀུན་གྱི་གནས་སུ་ཡང་། །མཐུན་པའི་སྐུ་ཡིས་འདུལ་ཞིང་འཆང་། །དེ་ལྟར་རྟོགས་པའི་སྐུ་དེ་ཡིས། །འགྲོ་བའི་སྡུག་བསྔལ་རིམ་གྱིས་སྦྱོང་། །སྤྲུལ་པའི་སྐུ་ཡིས་སྤྲུལ་པ་ཡིས། །ཆོས་ཀྱི་འཁོར་ལོ་བསྐོར་ཞིང་འགྲོ་དོན་བྱེད། །དེ་ཡིས་ལས་རྣམས་འགྲུབ་པ་ཡིན། །ལས་ཀྱི་རྒྱལ་པོས་ཡང་གསོལ་པ། །ཡེ་ཤེས་དཀྱིལ་འཁོར་དགུ་


DNG017_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དེ། །ངོ་བོ་གཅིག་ཏུ་འདུས་པ་ཡིན། །ཐམས་ཅད་ལས་ནི་གྲུབ་བྱེད་ན། །ཡེ་ཤེས་ཆེན་པོ་ལྷ་དགུ་སྟེ། །ཡེ་ཤེས་དགུ་བརྩེགས་ལྷང་ངེ་བ། །གསལ་ལ་མ་ཡེངས་བསྒོམ་པ་དེར། །འགྲོ་འམ་ཉལ་ལམ་འདུག་ཀྱང་རུང་། །དེ་ཡི་ངང་ལས་མ་ཡེངས་བསྒོམ། །སལ་ལེ་གསལ་དང་ཏིང་འཛིན་མཆོད་པས་མཆོད། །དེ་ཡི་ངང་ལ་གནས་པ་ན། །མ་བགྲོད་སངས་ནི་རྒྱས་པ་ཡིན། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ཡེ་ཤེས་ལྷའི་ལེའུ་སྟེ་བརྒྱ་དང་དོན་གསུམ་པའོ།། །།དེ་ནས་སྲས་ཀྱི་དམ་པ་ཕྱག་ན་རྡོ་རྗེས་ཡང་གསོལ་པ། ཀྱེ་མའོ་དབང་མཆོག་གསང་བའི་བདག །སྲིད་པ་ཀུན་ལ་རབ་ཏུ་གནོད། །མ་རུངས་པ་ཡི་རུ་དྲ་ནི། །ལོག་པར་བལྟ་བའི་སེམས་ཅན་དེ། །འདི་ལ་ལས་ནི་ཇི་ལྟར་བགྱི། །དབང་གི་རྒྱལ་པོས་བཀའ་སྩོལ་ཅིག །ཅེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་དབང་གི་རྒྱལ་པོས་བཀའ་སྩལ་པ། མ་རུངས་ལོག་པར་བལྟ་བ་ཡི། །ཞེ་སྡང་མེ་ལྟར་འབར་བ་དང་། །གཏི་མུག་མུན་ལྟར་གཏིབས་པ་དང་། །ང་རྒྱལ་བསེ་ལྟར་ཁེངས་པ་དང་། །འདོད་ཆགས་མཚོ་ལྟར་འཁྱིལ་པ་དང་། །ཕྲག་དོག་རླུང་ལྟར་འཚུབས་པ་དང་། །ཆོས་ལ་ཕྱོགས་ཆར་འཛིན་པ་དང་། །བལྟ་བ་སྒོས་ཁུར་བྱེད་པ་དང་། །ཀུན་ལ་འཚེ་བར་བྱེད་པ་ནི། །འདི་ནི་བསྒྲལ་བའི་དམིགས་ཡིན་ནོ། །ཕ་དང་ཁུ་བོ་མེས་པོ་ཡང་། །ཞེ་སྡང་སེམས་ཀྱིས་བསད་བྱས་ན། །རྡོ་རྗེ་རིགས་ཀྱི་ཞིང་དུ་འཁྲུངས། །མ་དང་བུ་མོ་འདོད་པ་མོ། །མཆོད་པའི་སེམས་ཀྱིས་བདག་བྱས་ན། །པདྨའི་རིགས་སུ་སྐྱེ་བར་ངེས། །ཉམས་པ་བསྒྲལ་ན་བདེ་ཆེན་འཐོབ། །དེ་ལ་བསྒྲལ་བའི་ཐབས་བསྟན་པ། །བདག་ཉིད་དབང་ཆེན་ཉིད་ཡིན་ཏེ། །གཞལ་ཡས་འབར་བ་རབ་བསམ་ལ། །བི་ཤྭ་ཕཊ་ཀྱི་སྒྲ་བརྗོད་པས། །དམར་ནག་ཁྲོ་བོས་ཁམས་བཀང་ནས། །དམིགས་པར་བྱ་བ་དེ་དག་ནི། །ལྕགས་ཀྱུས་བཟུང་ཞིང་ཞགས་པས་བསྡམས། །ལྕགས་སྒྲོག་བསྡམས་དང་དྲིལ་བུས་མྱོས། །ཐོ་བས་བསྙལ་ཞིང་ཕབ་པའོ། །དེ་ལྟར་གནས་


DNG017_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

དེར་བཀུག་པ་དེས། །གཟུགས་ལ་ཕབ་པར་བྱ་བ་དང་། །ཉུང་མོ་མདའ་ཡིས་ཐལ་དུ་དབྱུང་། །མྱོས་སེ་བླ་མེད་པར་བྱས་ནས། །བདག་ཉིད་དབང་ཆེན་གསལ་བ་དེས། །རང་གི་ཐུགས་ལས་འཕྲོ་བའི་མཚོན། །དམར་པོ་གཅེར་བུ་སྨད་ཀྱི་ཟླ་གམ་དབལ། །རྒྱ་མདུད་ཟླ་གམ་དག་ཏུ་ནི། །སྨད་ནི་དབང་དྲག་ཟུར་གསུམ་ཡིན། །ལྷ་དགུས་དབང་བསྐུར་བྱིན་བརླབས་པས། །དམིགས་པའི་མ་དད་དེ་ལ་གདབ། །སེམས་ཀྱི་རྩད་བཅད་སྙིང་ལ་གདབ། །རྩ་རྣམས་བསྡུས་ཤིང་རྣམ་ཤེས་ཕྲོག །དྭངས་མ་ལྔ་པོ་འོད་ལ་བསྡུ། །འོད་ཀྱང་ཡི་གེ་རྟེན་ལ་བསྡུ། །དཀར་དང་ནག་པའི་རྩད་ཀྱང་བཅད། །སེམས་ཀྱི་དཔྱིས་ཕྱུང་ཀུན་གཞི་རྩད་ཀྱང་བཅད། །ཚེ་ཡང་ཕྲོགས་ཏེ་བདག་ལ་བསྡུ། །སྐྱེ་དང་སྡུད་པ་གཉིས་ཀ་ནི། །ཡི་གེ་ཨ་དེ་བདག་ལ་བསྡུ། །ཚེ་ཡི་མཐུད་མ་ལྟ་བུར་བྱས། །ཕུང་པོ་ག་ག་ཐད་ཐེད་དང་། །གྱ་གྱུ་བྲང་དྲེང་ལྷག་མ་ལ། །དུག་གསུམ་རྩད་ནས་གཅོད་པའི་ཕྱིར། །རྟ་བྲོ་འཁོར་གསུམ་བརྡུང་བར་བྱ། །འཁོར་བ་ཡོངས་སུ་སྦྱང་བའི་ཕྱིར། །རིགས་དྲུག་གནས་ཀྱི་བྲོ་ཡང་བརྡུང་། །སྲིད་པ་རིམ་གྱིས་སྦྱང་བར་བྱ། །ཟ་བྱེད་ཁྱི་སྤྱང་འགུགས་བྱེད་དེ། །སྤྲུལ་པ་དྲུག་གིས་གནས་སུ་བསྟབ། །དགྱེས་པའི་གད་རྒྱངས་བཏབ་པ་ཡིས། །བསྟབ་པ་ཆོས་ཀྱི་དབྱིངས་སུ་བསྟབ། །འཁོར་བ་རྒྱུན་བཅད་མྱ་ངན་འདས། །གདབ་པའི་ཕུར་པ་དགུ་ཡིན་ཏེ། །དབྱིངས་ཀྱི་ཕུར་པ་ཞི་བས་གདབ། །རྟ་མགྲིན་དབང་དྲག་ཕུར་པས་གདབ། །ཡེ་ཤེས་སེམས་དཔའ་གསང་བའི་ཕུར་པས་གདབ། །འགྲོ་བ་འདུལ་བ་བརྗིད་པའི་ཕུར་པས་གདབ། །ཁམས་གསུམ་རྒྱལ་པོ་རྒྱས་པའི་ཕུར་པས་གདབ། །ངན་སོང་སྦྱོང་བ་སྙིང་པོའི་ཕུར་པས་གདབ། །ཧཱུཾ་མཛད་ཆེན་པོ་དྲག་པོའི་ཕུར་པས་གདབ། །དུར་ཁྲོད་ཆེན་པོ་མགྱོགས་པའི་ཕུར་པས་གདབ། །ལྷུན་གྱིས་གྲུབ་པ་བསྙེན་པའི་ཕུར་པས་གདབ། །གསོ་བའི་ལས་སུ་བསྟན་པ་ནི། །ཡེ་ཤེས་དབྱིངས་ཀྱི་ངང་དུ་གསོ། །འཁོར་བ་མྱང་འདས་ངང་དུ་གསོ། །ཀུན་རྫོབ་དོན་དམ་ངང་དུ་གསོ། །ཐམས་ཅད་གཉིས་མེད་ངང་དུ་གསོ། །བསྟབ་པའི་


DNG017_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སུ་བསྟན་པ་ནི། །ཤ་ཁྲག་ལྷ་ཚོགས་ཞལ་དུ་བསྟབ། །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་བསྟབ། །ག་གོ་ཡེ་ཤེས་ཐབ་ཏུ་བསྟབ། །ཅེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། བསྒྲལ་བའི་ཞིང་བསྟན་པ་དང་ཕུར་པས་གདབ་ཅིང་གསོ་བ་དང་བསྟབ་པའི་ལེའུ་སྟེ་བརྒྱ་དང་དོན་བཞི་པའོ།། །།དེ་ནས་ཡང་ཕྱག་ན་རྡོ་རྗེས་གསོལ་པ། ཀྱེ་མ་དབང་གི་རྒྱལ་པོ་ཆེ། །ཉམས་པ་མ་ལུས་བསྒྲལ་བ་ལ། །དགུག་ཅིང་དྲང་བའི་ཕོ་ཉ་གང་། །དབང་གི་རྒྱལ་པོས་བཤད་དུ་གསོལ། །ཞེས་གསོལ་ཏོ། །དེ་ནས་དབང་གི་རྒྱལ་པོས་བཀའ་སྩལ་པ། །ཉམས་པ་དེ་དག་བསྒྲལ་བའི་ཕྱིར། །བླ་འགུགས་ཕོ་ཉ་གཏང་བ་ནི། །དེ་ནི་ལས་ལ་གཏང་བའོ། །ཧཱུཾ་དམར་ནག་ཟླ་གམ་དཀྱིལ་འཁོར་ནས། །མཁའ་འགྲོ་མི་བཟད་བླ་འགུགས་མ། །སྐུ་ནི་ལེ་བརྒན་འབར་བ་ལ། །བྱེ་རུ་དམར་པོའི་མདངས་རལ་ཅན། །མཁའ་འགྲོའི་གདོང་ལ་རྔམ་བག་ཅན། །རྒྱུག་པའི་སྟབས་ནི་སྤྱང་མོ་འདྲ། །ཁ་ནས་ཁྲག་མདའ་ཏ་ལ་ལ། །མིག་ནས་མེ་འབར་ལམས་སེ་ལམ། །སྣ་ནས་དུད་འཐུལ་ཕྱུ་རུ་རུ། །རྣ་བའི་གཙུག་ཏོག་གཡས་གཡོན་ལས། །ལྕགས་ཀྱི་བྱ་ཁྱུང་རེ་རེ་ཡོད། །རྟ་མགྲིན་དབང་གི་སྒྲ་ཐོས་པས། །དཔག་ཚད་དག་ཏུ་རྒྱུག་པའི་ཚེ། །གདུག་པའི་སྒྲ་སྐད་ཙེ་རེ་རེ། །ཚངས་རིས་ལྷ་ཡང་མདུན་མར་སྡུད། །རྒྱ་མཚོའི་གཏིང་དུ་རྒྱུག་པའི་ཚེ། །ཀླུ་རྣམས་ཀུན་ལ་རྦད་ཁཾ་གཏོང་། །ཉམས་པའི་བླ་ཚེ་འགུགས་ཤིང་སྒྲོལ། །ཉམས་པའི་སྲོག་རྩ་གཡས་གཡོན་ནས། །ལྕགས་ཀྱུས་བཟུང་ཞིང་ཁྲིད་ནས་འོང་། །དཔལ་ཆེན་འབར་བའི་ཕོ་ཉ་སྟེ། །དབང་གི་ཞིང་ཁམས་ཆེན་པོ་སྦྱོང་། །དྲག་ཏུ་རྒྱུག་ལ་ཁུག་ལ་ཤོག །བཀུག་ཅིང་བསྡམས་ཏེ་བསྒྲལ་བར་བྱའོ། །ཨོཾ་ཙ་ཙ་པ་ལ་ཤ་མ་ནི་ཀུ་རཾ་རྦད་ཁཾ། ཞེས་བྱའོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ཉམས་པ་བསྒྲལ་བ་དང་བླ་འགུགས་པའི་ཕོ་ཉའི་ལེའུ་སྟེ་བརྒྱ་དང་དོན་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་དབང་གི་རྒྱལ་པོའི་གཙུག་གི་གཞལ་ཡས་ནས། འབར་བའི་འོད་ཟེར་


DNG017_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ལྔ་བཀྱེ་སྟེ། དུས་གསུམ་གྱི་རྒྱལ་བ་རྣམས་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ། ཐུགས་ཀ་ནས་རྟ་མགྲིན་རྒྱལ་པོ་འཐོན་ཏེ། དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་གི་བདག་པོར་དབང་བསྐུར་ཏེ། དབང་གི་རྒྱལ་པོ་དེས། རྟ་མགོ་ལྔ་ཕྱུང་སྟེ། རྟ་མགོ་ལྔས་སྒྲོལ་བའི་སྔགས་རེ་རེ་ཞལ་ནས་གསུངས་སོ། །རྟ་མགོ་ལྗང་གུའི་ཞལ་ནས། སྲིན་པོ་དང་བདུད་སྒྲོལ་བའི་སྔགས་འདི་གསུངས་སོ། །ཨ་ཁ་ལེ་ཨ་ཁ་ལེ་བི་ཛ་རཾ་བི་ཤག་རི་རྦད། ཅེས་གསུངས་སོ། །དེ་ནས་ཤར་གྱི་རྟ་མགོའི་ཞལ་ནས། དྲི་ཟ་འདུལ་བ་དང་དབང་དུ་བསྡུ་བའི་སྒྲོལ་སྔགས་འདི་གསུངས་སོ། །རག་ཏོ་པ་ལ་སི་མུ་པ་ལ་ཡ་དྲག་པ་ཡ་སྟམ་བྷ་ཀ་ར་རྦད་ཡ། ཞེས་གསུངས་སོ། །ལྷོའི་རྟ་མགོའི་ཞལ་ནས། གཤིན་རྗེ་སྒྲོལ་བའི་དྲག་སྔགས་འདི་རྣམས་འཐོན་ཏོ། །ཧྲི་པ་ཏ་ཡ་ཁ་ལ་ཡ་མ་དན་ཏིང་མ་ར་ཁཱ་ཧི་མ་ར་ཁཱ་ཧི་མ་ར་ཁཱ་ཧི་ཧ་རི་ཡ། ཞེས་གསུངས་སོ། །ནུབ་ཏུ་གཟིགས་པའི་རྟ་མགོའི་ཞལ་ནས། ཀླུ་དབང་སྒྲོལ་བའི་སྔགས་འདི་རྣམས་འཐོན་ཏོ། །ཙག་ཤཱ་ནཱ་ག་པ་ར་ཧྲི་ཤམ་བག་མ་ར་ཁཾ་ཡ་ཡ། ཞེས་གསུངས་སོ། །བྱང་དུ་གཟིགས་པའི་རྟ་མགོའི་ཞལ་ནས། གནོད་སྦྱིན་གདོན་ཚོགས་བསྒྲལ་བའི་སྒྲོལ་སྔགས་འདི་རྣམས་འཐོན་ཏོ། །ཨོཾ་ཁ་ཙ་བ་ལ་ཧེ་ས་དམ་མ་དུ་ཙ་ར་ཡེ་རྦད་ཡ། ཞེས་གསུངས་སོ། །སྒྲོལ་སྔགས་དེ་རྣམས་ཀྱིས་རིགས་བཞི་དབུས་དང་ལྔའི་གདོན་རྣམས་སྒྲོལ་བའོ། །དེ་ནས་ཉིད་ཀྱིས་ཉིད་ལ་བསྟོད་པ་སྟེ། །ཧྲཱྀཿདབང་ཆེན་རྟ་གདོང་ཕྲིན་ལས་མགྱོགས་པའི་སྐུ། །ཡེ་ཤེས་མྱུར་མགྱོགས་ཤེས་རབ་ཕ་རོལ་ཕྱིན། །མཁའ་ལ་འགྲོ་བས་མཁའ་འགྲོ་ཟིལ་གྱིས་གནོན། །རྩིས་ལས་འདས་པའི་སྤྲུལ་སྐུ་ཆར་དུ་འབེབས། །རིགས་ཀྱི་དབང་རྣམས་རྫོགས་པས་མ་ལུས་སྒྲོལ། །བྱོལ་སོང་འབྲས་བུ་སྨིན་པའི་ངན་སོང་འདུལ་བའི་ཐབས་ལ་མཁས། །འགྲོས་དྲུག་སྟབས་སུ་མགྱོགས་པས་རྒྱུད་དྲུག་ཐབས་སུ་འདྲེན། །རྩལ་གྱི་རླབས་ཀྱིས་ས་གསུམ་ཅིག་ཅར་གནོན། །རོལ་པའི་རྟ་བྲོས་བདུད་བཞི་ཐལ་བར་རློག །འབར་བ་ལྷ་ཡི་ལྷ་ལ་ཕྱག་འཚལ་ལོ། །རྟ་


DNG017_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་རོལ་པའི་ཏནྟྲ་ལས། རྟ་མགྲིན་སྒྲོལ་སྔགས་དང་རང་ལ་བསྟོད་པའི་ལེའུ་སྟེ་བརྒྱ་དང་དོན་དྲུག་པའོ།། །།དེ་ནས་དབང་གི་ལྷ་ཚོགས་དེ་རྣམས་ཀྱིས། མ་དད་པ་ཐམས་ཅད་ནི་དབྱིངས་སུ་བསྒྲལ། བྲོ་ཀ་ཆེན་པོ་བཞི་ནི་བཅས། དགྱེས་པ་གདུང་བའི་དབྱངས་སྙན་པོ་སྣ་ཚོགས་ཡོངས་སུ་ལྡིར་རོ། །གླུ་བྲོ་གར་གྱི་མཆོད་པ་མང་པོ་ནི་མཛད། གདུང་བའི་དབྱངས་སྙན་མང་པོ་ནི་དཔལ་གྱི་མགུར་ནས་བཞེངས། ཆེ་བའི་སྟོབས་ཀྱི་ཡོན་ཏན་མང་པོ་ནི་བརྗོད། འཁོར་ཚོགས་མང་པོ་ནི་བདེ་བའི་གནས་ལ་བཀོད། དབང་གི་ཡང་དག་ཞིང་མཆོག་དམ་པར་བསྟོད། །དགྱེས་པའི་སྒྲ་ནི་ཡོངས་སུ་ལྡིར། །མདངས་དགའི་སྤྲིན་ཕུང་མང་པོ་གཏིབས། །དབྱངས་དག་པ་ཚངས་པའི་སྒྲ་ནི་བཏོན། །ཐམས་ཅད་དབང་གི་ཞིང་ཡོངས་སུ་དག་པ་ལ་གནས་ཏེ། བསྒྲལ་བའི་དུར་ཁྲོད་ལ། ལྷག་པར་རོལ་པའི་བྲོ་མང་པོ་བརྡུངས་སོ། །འདུལ་བའི་བྲོ་བཞི་བྱུང་བ་ལ། ཤར་ནས་ཞི་བའི་བྲོ་བརྡུངས་པས། །གདུག་རྩུབ་ཐམས་ཅད་གཏན་ནས་ཞི། །ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ལྷོ་ནས་རྒྱས་པའི་བྲོ་བརྡུངས་པས། །སྒྲུབ་པའི་ཚེ་དང་དབང་ཐང་རྒྱས། །པུཥྚིཾ་ཀུ་རུ་སྭཱ་ཧཱ། ནུབ་ནས་དབང་གི་བྲོ་བརྡུངས་པས། །དགྲ་བགེགས་ཐམས་ཅད་དབང་དུ་བསྡུས། །པ་ཤཾ་ཀུ་རུ་སྭཱ་ཧཱ། བྱང་ནས་དྲག་པོའི་བྲོ་བརྡུངས་པས། །ཐམས་ཅད་དྲག་པོས་བསྒྲལ་བར་བྱ། །མཱ་ར་ཡ་སྭཱ་ཧཱ། རྟ་མཆོག་རོལ་པའི་ཏནྟྲ་ལས། མ་དད་པ་བསྒྲལ་ནས། ཐམས་ཅད་དགྱེས་པ་དང་། གདུལ་བའི་བྲོ་བཞིའི་ལེའུ་སྟེ་བརྒྱ་དང་དོན་བདུན་པའོ།། །།དེ་ནས་ཡང་ནི་བཀའ་སྩལ་པ། །དབང་གི་ཕྲིན་ལས་བཤད་པར་བྱ། །དང་པོ་ཏིང་འཛིན་རྣམ་གསུམ་སྟེ། །ཆོས་ཉིད་གཏན་ལ་དབབ་པ་དང་། །ཁྱབ་པ་སྙིང་རྗེ་ཆེན་པོ་ཡིས། །གཞི་རྣམས་བཟུང་ཞིང་ས་བོན་བཙལ། །ས་བོན་སེམས་ཀྱི་འབྲས་བུ་སྟེ། །ཡི་གེ་ཧཱུཾ་དེ་འབར་བ་ཡིན། །དམར་ལ་བཀྲ་བར་བསྟན་པ་ནི། །ཧཱུཾ་ནི་སེམས་ཀྱི་རང་བཞིན་ཏེ། །འབྲས་བུ་ཡང་ནི་དེ་ཉིད་ཡིན། །ས་བོན་ཡང་ནི་དེ་


DNG017_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཡིན། །དེ་ལྟར་དབྱེར་མེད་རྟོགས་པ་དེ། །རྟོག་མེད་ཀྱང་ནི་སེམས་ཉིད་ཡིན། །ཡུལ་དུ་སྣང་ཡང་སེམས་ཀྱི་ཡུལ། །དེ་ནི་བྱང་ཆུབ་སེམས་ཆེན་ཏེ། །སྟོན་པ་ཡང་ནི་སེམས་ཉིད་ཡིན། །འབྲས་བུ་ཡང་ནི་སེམས་ཉིད་ཡིན། །རྒྱུ་ཡང་སེམས་ཉིད་དེ་ཉིད་ཡིན། །མངོན་དུ་རྟོགས་པ་བྱང་ཆུབ་སེམས། །གཟུགས་མེད་པ་ཡང་བྱང་ཆུབ་སེམས། །གཟུགས་སུ་རྟོགས་པ་བྱང་ཆུབ་སེམས། །བདེ་ལྡན་པ་ཡང་བྱང་ཆུབ་སེམས། །གཉིས་མེད་པ་ཡང་བྱང་ཆུབ་སེམས། །རྟོག་པར་སྣང་བ་བྱང་ཆུབ་སེམས། །ཐམས་ཅད་བྱང་ཆུབ་སེམས་ཡིན་པས། །སེམས་ཀྱིས་ཇི་ལྟར་བརྟག་པ་ཡང་། །ཡེ་ཤེས་ཆེན་པོ་དེ་ཉིད་ཡིན། །ཀུན་ཏུ་བཟང་པོ་དེ་ཉིད་ཡིན། །ཐམས་ཅད་སེམས་སུ་རྟོགས་པར་གཅིག །མཐོ་རིས་ངན་སོང་རྟོག་པའི་གནས། །དོན་ལ་གཅིག་ལས་མེད་པར་བཤད། །ཀུན་ཀྱང་བྱང་ཆུབ་བདེ་ཆེན་པོ། །ཐམས་ཅད་ཐམས་ཅད་སེམས་ལ་འདུ། །སེམས་ལས་མ་གཏོགས་གང་ཡང་མེད། །རྟོག་པ་མེད་པ་བྱང་ཆུབ་སེམས། །གཉིས་ཀ་ཡང་ནི་བྱང་ཆུབ་སེམས། །དེ་ལྟར་སེམས་ཀྱི་ངོ་བོ་ཡི་གེ་ཧཱུཾ། །དཀར་དམར་ལྗང་དང་ནག་པ་དང་། །སེར་པོ་ལ་སོགས་ལྔ་ག་ཚང་། །ཧཱུཾ་ལ་ཁ་དོག་སྣ་ལྔའོ། །དམར་ལ་དྭངས་ལ་བཀྲ་བའོ། །ཁ་དོག་སྣ་ལྔ་འོད་འབར་བ། །དམར་ལ་བཀྲ་བ་ཞེས་སུ་གྲགས། །ཧཱུཾ་ཆེན་དམར་ལ་བཀྲ་བ་སྟེ། །བྱང་ཆུབ་སེམས་སྲོག་བདེ་ཆེན་པོ། །དེ་ཡིས་ཐམས་ཅད་བསྐྱེད་པ་ཡིན། །དེ་ཡིས་ཐམས་ཅད་གནས་པ་ཡིན། །ཡི་གེ་ཐམས་ཅད་དེ་ལས་བསྐྱེད། །འབྱུང་བ་ལྔ་ཡང་དེ་ལས་ཆད། །སྤྲུལ་པའི་སྐུ་དེ་ཐམས་ཅད་མཐུན། །ཞི་བའི་སྐུ་དེ་བྱང་ཆུབ་སེམས། །ཀུན་ཏུ་ལོངས་པས་ལོངས་སྤྱོད་རྫོགས། །དེ་ལྟར་ཨ་ཧཱུཾ་དེ་བསྒོམ་ཡིན། །དེ་ཉིད་རྟོགས་པ་ཆོས་ཀྱི་སྐུ། །ཞེས་གསུངསསོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ཧཱུཾ་དམར་ལ་བཀྲ་བ་རྒྱུའི་ས་བོན་བཤད་པའི་ལེའུ་སྟེ་བརྒྱ་དང་དོན་བརྒྱད་པའོ།། །།དེ་མ་ཐག་ནས་བཀའ་སྩལ་པ། །གཞལ་ཡས་


DNG017_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་བསྒོམ་པ་ནི། །འབྱུང་བ་ལྔ་ཡིས་བསྐྱེད་པ་ཡིན། །ཐམས་ཅད་འབྱུང་བ་ལྔ་ལ་ཚང་། །འབྱུང་བ་ལྔ་ནི་ཆོས་ཀྱི་གནས། །ཕྱི་ཡི་འབྱུང་བ་བཤད་པ་ནི། །ནམ་མཁའ་ཁྱབ་པར་གནས་པ་ལ། །ནམ་མཁའི་ཁམས་རྣམས་ཐམས་ཅད་གསལ། །ནམ་མཁའ་སྣང་སྟོང་གཉིས་ཡིན་ཏེ། །ཆོས་ཉིད་ཆེན་པོའི་དཔེ་རུ་བཤད། །ནམ་མཁའ་དེ་ཉིད་གསལ་བ་ལས། །འབྱུང་བ་ཐམས་ཅད་བསྐྱེད་པའི་གཞི། །མ་ནོར་བཞི་རུ་བཤད་པ་ཡིན། །དེ་ལས་འབྱུང་བ་རླུང་ཡིན་ཏེ། །ཐམས་ཅད་འདེགས་དང་ཡང་ཞིང་གཡོ། །གསལ་ལ་མ་འདྲེས་ཁ་དོག་གསལ། །བསྐྱེད་དང་གཡོ་དང་སྟོང་པ་གསུམ། །ས་བོན་ཚུལ་དུ་བརྟེན་པ་གསུམ། །ས་བོན་ཚུལ་དུ་བསྟན་པ་ཡིན། །དེ་ལས་འབར་བ་གཟུགས་ཚད་བཤད། །ཐམས་ཅད་རིག་འཛིན་གསལ་བྱེད་མེ། །མེ་ཡི་རང་བཞིན་སྲེག་པ་ཡིན། །དེ་བཞིན་རང་བཞིན་བརྟན་པ་ཡིན། །མེ་ཡི་རང་བཞིན་སྨིན་ཅིང་བརྟས། །དེ་ཡི་གཡོ་བའི་མཚན་ཉིད་བཤད། །དེ་ཡིས་ཐམས་ཅད་བསྐྱེད་པར་བཤད། །དེ་ལས་མཚན་མའི་ཆུ་ཡིན་ཏེ། །ཆུ་ཡིས་ཐམས་ཅད་འདེགས་པ་དང་། །ཆུ་ཡིས་ཐམས་ཅད་བསྐྱེད་པ་དང་། །རླན་དང་ས་དང་བདུད་རྩིར་འཛིན། །རོ་དང་བཅུད་དུ་ལྡན་པ་སྟེ། །གཤེར་ཞིང་རླན་པའི་མཚན་ཉིད་ཡིན། །དེ་ལས་འབྱུང་བ་བཞི་རུ་བཤད། །དེ་ལས་འབྱུང་བ་ས་ཡིན་ཏེ། །ས་ནི་ཐམས་ཅད་རྟེན་གནས་པ། །སྲ་ཞིང་ཐམས་ཅད་འཛིན་པར་བྱེད། །ལས་དང་བྱ་བ་ཀུན་ལ་སོགས། །ཐམས་ཅད་གནས་པའི་གཞི་རུ་བཤད། །ས་ཡིས་ཐམས་ཅད་བསྐྱེད་པ་དང་། །ས་ལས་གཞལ་ཡས་སྤྲིས་བརྟེན་པས། །དེ་ལས་འབྱུང་བའི་གནས་སུ་བཤད། །འབྱུང་བ་ལྔ་པོ་དེ་བརྟན་པས། །བརྟན་པའི་གཞལ་ཡས་རི་རབ་ཡིན། །དེ་ལས་གཞལ་ཡས་དཀྱིལ་འཁོར་གསལ། །དཀྱིལ་འཁོར་ལྷ་ཡི་བཞུགས་གནས་ཡིན། །དེ་ནི་ཕྱི་ཡི་འབྱུང་བ་ཡིན། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། འབྱུང་བ་ཕྱིའི་ཚུལ་རིམ་བསྟན་པའི་ལེའུ་སྟེ་བརྒྱ་དང་དོན་


DNG017_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་པའོ།། །།ནང་གི་འབྱུང་བ་བསྟན་པ་ནི། །འབྱུང་བ་ཆེན་པོ་ལྔ་ཡིན་ཏེ། །སྣང་བ་གསལ་བ་ནམ་མཁའ་ཡིན། །ཐམས་ཅད་ཀུན་གྱི་གཞི་མ་ལ། །དེ་ལས་འབྱུང་བ་བསྐྱེད་པ་སྟེ། །ནམ་མཁའ་སེམས་ཀྱི་ཡུལ་དུ་བཤད། །འབྱུང་བ་དེ་ལྟར་གནས་པ་ལ། །ཡང་ན་གཡོ་བ་དབུགས་སུ་བཤད། །འབྱུང་བ་ཁྲག་ལས་འདེགས་ཤིང་གཡོ། །འབྱུང་བ་ཤ་ནི་སྲ་བརྟན་ལ། །འབྱུང་བ་དྲོད་ནི་འབེབས་འཛིན་པ། །འབྱུང་བ་དབུགས་ནི་ཡང་གཡོ་བ། །དེ་ལྟར་གསལ་ཞིང་གཡོ་བ་ཡིན། །གཉིས་མེད་གསལ་ལྡན་འབྱུང་བ་ལྔ། །རུས་པ་ཙེག་པུ་རི་རབ་ལ། །དེ་ལ་ཐམས་ཅད་བརྟེན་པའི་ཚུལ། །པདྨ་འདབ་བརྒྱད་གཞལ་ཡས་ལ། །གཟེར་དུ་རྩ་བརྒྱད་གྱེས་པ་ཡིན། །སྒོ་ནི་དེ་དང་ལྡན་པ་དེ། །ཕུང་པོ་འབྱུང་བ་ལྔ་ཡིན་ཏེ། །དེ་ལས་ལྷ་ཡི་དཀྱིལ་འཁོར་གསལ་བ་ཡིན། །དེ་ལྟར་གསལ་བ་དེ་དག་ནི། །འབྱུང་བ་ནང་གི་གཞལ་ཡས་ཡིན། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ནང་གི་འབྱུང་བ་ལྔ་བཤད་པའི་ལེའུ་སྟེ་བརྒྱ་དང་བརྒྱད་ཅུ་པའོ།། །།དེ་ནས་འབྱུང་བ་གསང་བ་བཤད། །འབྱུང་བ་ཆེན་པོ་ལྔ་ལ་ནི། །དེ་ནི་གསང་བའི་འབྱུང་བ་སྟེ། །ཐམས་ཅད་སྙིང་པོ་བྱང་ཆུབ་དོན། །འབྱུང་བ་ཚང་བར་བཤད་པ་ཡིན། །མ་བྱུང་བ་ནི་འབྱུང་བ་ནམ་མཁའ་སྟེ། །མ་འགགས་པ་ནི་རླུང་དུ་བཤད། །མ་སྐྱེས་པ་ནི་འབྱུང་བ་ཆུ། །མི་གནས་པ་ནི་འབྱུང་བ་ས་ཡིན་ཏེ། །མི་གཡོ་བ་ནི་འབྱུང་བ་མེ། །དེ་ལྟར་གནས་པ་རི་རབ་སྟེ། །གསལ་བ་མི་རྟོག་དཀྱིལ་འཁོར་ཡིན། །དེ་ལས་སེམས་བྱུང་འབྱུང་བ་ཡིན། །ལྔ་ནི་ཡེ་ཤེས་གསལ་བའི་དོན། །དེ་ལྟར་རྟོགས་པས་གསལ་བསྒོམས་པས། །རྟོགས་པའི་འབྱུང་བ་ཆེན་པོར་བཤད། །ཅེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས།) འབྱུང་བ་གསང་བའི་ལེའུ་སྟེ་བརྒྱ་དང་གྱ་གཅིག་པའོ།། །།དེ་ལྟར་ལས་རིམ་ཀུན་བཤད་ནས། །ད་ནི་དཀྱིལ་འཁོར་གསལ་བར་བཤད། །གཟུགས་བརྙན་རིས་སུ་བྲིས་པ་ནི། །རྟེན་པ་ལྷ་ཡི་དཀྱིལ་འཁོར་ཡིན། །སྐུ་དང་


DNG017_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་དང་ཐུགས་བཀོད་པ། །འཁོར་ལོའི་ཚུལ་དུ་གནས་པ་ནི། །དེ་ནི་ནང་གི་དཀྱིལ་འཁོར་ཆེན་པོར་བཤད། །གསལ་ལ་མ་འདྲེས་དཀྱིལ་འཁོར་ཏེ། །བྱང་ཆུབ་སེམས་ལ་གསལ་བ་ལ། །གསང་བའི་དཀྱིལ་འཁོར་ཆེན་པོར་བཤད། །ར་རེ་ཁལ་ཁོལ་མེད་པ་དང་། །ཡི་གེ་ཕྲེང་བར་གནས་པ་ནི། །བཟླས་བརྗོད་བསྙེན་པའི་དཀྱིལ་འཁོར་ཡིན། །དེ་ལྟར་ལྷ་གསལ་མ་ནོར་བར། །དཀྱིལ་འཁོར་རྣམ་གསུམ་གསལ་གྱུར་ན། །སྤྲུལ་པའི་སྐུ་དང་ཆོས་ཀྱི་སྐུ། །ལོངས་སྐུ་ལ་སོགས་གསལ་བ་ཡིན། །འབྲས་བུ་ཆོས་སྐུར་ཤར་བ་ཡིན། །འགྲོ་དོན་སྤྲུལ་སྐུར་ཤར་བའོ། །དེ་ལྟར་གསལ་བར་རྟོགས་པ་དང་། །དཀྱིལ་འཁོར་ཡང་དག་ལྡན་པ་ཡིན། །སྤྲུལ་སྐུའི་འགྲོ་དོན་མཛད་པ་ཡིན། །དེ་ཡི་བྱིན་རླབས་ཆེན་པོ་ཡིས། །མ་བགྲོད་འབྲས་བུ་ཐོབ་པ་ཡིན། །གཞན་ནས་མ་བཙལ་དེ་ཉིད་དོན། །རང་ལ་རང་བྱུང་ཀུན་ལ་ཁྱབ། །དེས་ན་རྩ་བར་གནས་པའོ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ཕྱི་ནང་གསང་བའི་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་བརྒྱ་དང་གྱ་གཉིས་པའོ།། །།དེ་ནས་ཡང་ནི་བཤད་བྱ་བ། །ལྷ་རྣམས་རིམ་པ་བསྟན་པ་ནི། །ལྷ་ལ་བསྐྱེད་པ་རྣམ་པ་གསུམ། །ཕྱི་ནང་གསང་བ་གསུམ་དུ་བསྟན། །ཕྱི་ལྟར་ལྷ་རྣམས་བསྐྱེད་པ་ནི། །ཕྱི་ཡི་འབྱུང་བ་ལྔ་བསྟན་པ། །ཡི་གེ་རིམ་གྱིས་སྤྲོས་པ་ལས། །དང་པོ་རྩ་བའི་ཡི་གེ་ཧཱུཾ། །ཨོཾ་དང་ཧཱུཾ་དང་ལི་དང་ཛ། །མ་ལ་སོགས་པའི་ཡི་གེ་རྣམས། །འབྱུང་བ་ཡང་ནི་དེ་བཞིན་བསྐྱེད། །དེ་ལས་ཡི་གེ་སྤྲོ་བ་ན། །སྐུ་གསུང་ཐུགས་ཀྱི་གནས་ནས་བཏོན་པ་ལས། །དེ་ལས་རྟགས་ཀྱི་ཙཀྲ་སྤྲོས། །དེ་ལས་སྤྲོས་དང་བསྡུས་པ་ཡིས། །གསུང་གི་ཡི་གེ་འབྲས་བུར་གྱུར་པའོ། །དེ་ལས་ཐུགས་ཀྱི་ཕྱག་མཚན་གྱུར། །དེ་ལས་སྤྲོས་ཤིང་བསྡུས་པ་ཡིས། །ཕྱག་མཚན་གསལ་དང་ལྡན་པའོ། །དེ་ལས་སྤྲོས་དང་བསྡུས་པ་དང་། །ཡི་གེ་དེ་ཡི་སྤྲོ་བསྡུ་ཡིས། །ཕྱག་མཚན་རྟགས་ཀྱི་གསལ་བ་ལས། །རང་རང་སྔགས་ནི་བརྗོད་བྱས་པས། །ལྷ་རུ་རང་


DNG017_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

གིས་གསལ་བ་ལས། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་དང་། །དེ་སྩོགས་པ་ནི་གསལ་བ་དང་། །དབང་བསྐུར་བྱིན་བརླབ་ལ་སོགས་བྱ། །འགྲོ་དོན་བྱེད་པར་བསྐུལ་བ་ནི། །ཕྱི་ཡི་ཚུལ་དུ་ལྷ་རྣམས་བསྐྱེད་པའོ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། དབང་གི་ལྷ་རྣམས་ཕྱིའི་ཚུལ་དུ་བསྐྱེད་པའི་ལེའུ་སྟེ་བརྒྱ་དང་གྱ་གསུམ་པའོ།། །།དེ་ནས་ནང་ལྟར་བསྐྱེད་པ་གསུངས། །ནང་གི་ཚུལ་དུ་བསྐྱེད་པ་ནི། །གཙོ་བོ་ལྷ་ཡི་ངོ་བོ་ལས། །ཐུགས་ཀའི་ཡི་གེ་ཛས་བཏོན་ནས། །ཡི་གེ་རྣམས་ནི་རྣམ་པར་སྤྲོས། །རང་རང་བཞུགས་གནས་དེར་བཀོད་དོ། །སྙིང་པོ་སྔགས་ཀྱིས་བསྐུལ་བྱས་ཏེ། །ཕྱོགས་བཅུ་དུས་གསུམ་རྒྱལ་བ་རྣམས་ཀྱིས་བྱིན་བརླབས་པས། །དེ་ལས་བྱིན་རླབས་ངེས་པའི་མཐུ། །དབང་བསྐུར་བྱིན་བརླབ་ཚུལ་བཞིན་བྱ། །གསང་བའི་སྔགས་དང་བཅས་པས་བསྐྱེད། །རྒྱན་དང་ཆ་ལུགས་ལྡན་པ་དེ། །ཆོ་ག་གསུམ་གྱིས་བསྐྱེད་པ་དེས། །གསང་བའི་སྔགས་ཀྱིས་བྱིན་གྱིས་བརླབ། །ལྷ་རྣམས་རིམ་པར་གསལ་བྱས་ནས། །འབར་བའི་གནས་ལ་བཀོད་ནས་ནི། །གདེང་དང་ལྡན་པར་གསལ་བ་ནི། །ཕྱི་ཡི་སྒོ་ཡང་ཁྲོ་ཆུང་གིས་མཚན་ཏེ། །རྟགས་དང་རང་རང་རིགས་ཀྱིས་བརྒྱན། །དེ་ལྟར་ལྷ་རྣམས་གསལ་བ་སྟེ། །ནང་གི་ཚུལ་དུ་བསྐྱེད་པ་ཡིན། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། དབང་གི་ལྷ་རྣམས་ནང་གི་ཚུལ་དུ་བསྐྱེད་པའི་ལེའུ་སྟེ་བརྒྱ་དང་གྱ་བཞི་པའོ།། །།དེ་ནས་ལས་རིམ་རྫོགས་པར་བཤད། །གསང་བའི་ཚུལ་དུ་ལྷ་རྣམས་བསྐྱེད་པ་སྟེ། །བསྐྱེད་པའི་རིམ་པ་བསྟན་པ་ནི། །ཐབས་དང་ཤེས་རབ་གཉིས་མེད་ལས། །གཙོ་བོ་ཡབ་ཡུམ་གསལ་བ་སྟེ། །བདེ་བའི་གནས་དང་ལྡན་པ་ལ། །ཐབས་ལྡན་བརྡའ་ཡིས་བསྐུལ་བ་ཡིས། །ཐམས་ཅད་བྱང་ཆུབ་སེམས་སུ་གཡོས། །དེ་ལས་འཕྲོ་དང་འདུ་བ་ཡིས། །སྦྱོར་བ་མཛད་པའི་བྱིན་རླབས་ལས། །ཆོས་སྐུ་འབྲས་བུ་སྨིན་པའི་ལྷ། །རང་རང་སྔགས་རྣམས་བརྗོད་པ་ཡིས། །དབང་གི་ལྷ་


DNG017_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

རེ་གསལ་བ་སྟེ། །བརྗོད་པས་ལྷ་རེ་ཀྲོང་ཀྲོང་བསྐྱེད། །ཕྱོགས་དུས་ཀུན་གྱི་བྱིན་བརླབས་ལས། །ལྷ་རྣམས་གཟི་བརྗིད་ལྡན་པར་བསྐྱེད། །དེ་ཡི་བྱིན་རླབས་ཆེན་པོ་ཡིས། །ཐམས་ཅད་བྱིན་བརླབ་དེ་ཉིད་ཡིན། །རང་རང་འབར་བའི་གནས་བཀོད་པས། །ཕྲིན་ལས་རྒྱ་མཚོས་འགྲོ་དོན་མཛད། །མཆོད་དང་ལས་བཅོལ་བྱ་བ་དང་། །བསྙེན་པ་གྲངས་སུ་བསྐྱལ་བ་དང་། །ལས་རྣམས་རྫོགས་པར་བྱས་གྱུར་ན། །འབྲས་བུ་དེ་ཉིད་ཡིན་པར་བཤད། །བསྐྱེད་པའི་རིམ་པ་དེ་བཞིན་གྱིས། །གསང་བ་རྫོགས་པའི་ལྷ་རྣམས་ཡིན། །དབང་གི་རྒྱལ་པོ་དེ་ཉིད་ལ། །དཀྱིལ་འཁོར་གསང་བའི་ལས་ལ་བཀོད། །འབྲས་བུ་སྐུ་གསུང་ཐུགས་སུ་འགྲུབ། །ཅེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། དབང་གི་ལྷ་རྣམས་གསང་བའི་ཚུལ་དུ་བསྐྱེད་པའི་རིམ་པ་སྟེ་ལེའུ་སྟེ་བརྒྱ་དང་གྱ་ལྔ་པའོ།། །།དེ་ནས་ཡང་ནི་བཀའ་སྩལ་པ། །མཆོད་པའི་རིམ་པ་བསྟན་པ་ནི། །ཕྱི་ནང་གསང་བ་གསུམ་ཡིན་ཏེ། །ཕྱི་མཆོད་དག་པ་རྣམ་པ་ལྔ། །དང་པོ་སྐུ་ཁྲུས་རྣམ་གསུམ་ཡིན། །ཕྱག་དང་སྐུ་དང་ཞབས་གཉིས་བསིལ་བའོ། །མཆོད་པ་རྣམ་པ་ལྔ་པོ་སྟེ། །ལྷ་མོ་རྣམ་ལྔ་མཆོད་པ་ཡིན། །དྷཱུ་པེ་དཀར་མོ་སྤོས་འབུལ་ཏེ། །པུཥ྇་སེར་མོ་མེ་ཏོག་འཐོར། །ཨཱ་ལོ་ཀེ་ནི་མར་མེའོ། །གྷནྡྷེ་ལྗང་གུ་དྲི་ཆབ་ཡིན། །དག་པ་བཤོས་ནི་སྤྱི་རུའོ། །ནང་གི་མཆོད་པ་རྣམ་པ་གསུམ། །རཀྟ་བ་ལིཾ་ཨ་མྲྀ་ཏ། །གསང་བ་བྱང་ཆུབ་སེམས་དཀར་དམར། །དེ་ལྟར་བྱིན་བརླབ་ལྡན་བྱས་ནས། །ལྷ་རྣམས་ལ་ནི་དབུལ་བ་སྟེ། །དེ་ལ་ཡང་ནི་རྣམ་པ་གསུམ། །གསུམ་གསུམ་དགུ་རུ་དབྱེ་བའོ། །དེ་ལྟར་མཆོད་པ་བསྟན་པ་ནི། །རྨད་དུ་བྱུང་བ་དེ་ཡིན་ཏེ། །ཐམས་ཅད་མཉེས་པ་ཨ་མྲྀ་ཏ། །དེ་ལས་ཐམས་ཅད་མཆོད་བྱས་པས། །བདེ་གཤེགས་རྒྱལ་བའི་དགོངས་པ་བསྒྲུབས། །གསང་བའི་དངོས་གྲུབ་འཐོབ་པར་བྱེད། །ལས་དང་བྱ་བ་ཀུན་ཀྱང་འགྲུབ། །བདེ་གཤེགས་མ་ལུས་ཀུན་འདུས་པ། །མཆོད་པ་དག་གིས་མཉེས་བྱས་


DNG017_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

པས། །དངོས་གྲུབ་དམ་པ་གསལ་བར་རིག །དངོས་གྲུབ་དམ་པ་འཐོབ་པར་འགྱུར། །མཆོད་པའི་ཏིང་འཛིན་མཆོད་པ་དང་། །མཆོད་རྫས་མཆོད་དེ་དེ་ཉིད་དང་། །ཡོངས་སུ་དགེ་བར་བྱ་མཆོད་དང་། །དེ་ལྟར་མཆོད་པ་བྱ་བ་ཡིན། །མཆོད་པ་ཆེན་པོས་ཐམས་ཅད་མཉེས། །རྒྱུ་དང་ལམ་དང་འབྲས་བུ་དང་། །བྱ་བ་རྣམ་གསུམ་གཞུང་བཞིན་བྱ། །དེ་ལྟར་ཁྱབ་པས་མཆོད་པ་ཆེ། །བྱིན་རླབས་ཆེན་པོ་ཤུགས་ལས་འབྱུང་། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ཕྱི་ནང་གསང་བ་དབང་གི་མཆོད་པའི་ལེའུ་སྟེ་བརྒྱ་དང་གྱ་དྲུག་པའོ།། །།དེ་ནས་ཡང་ནི་བཀའ་སྩལ་པ། །སྔགས་དང་ཏིང་འཛིན་ཤེས་པར་བྱ། །དེ་ལ་བསྟོད་པར་གསུངས་པ་ནི། །ཕྱི་ནང་གསང་བར་བསྟོད་པ་ཡིན། །ཕྱི་ལྟར་ཚིག་གིས་བསྟོད་པ་དང་། །ནང་ལྟར་སྔགས་ཀྱིས་བསྟོད་པ་དང་། །གསང་བ་བརྡ་ཡིས་བསྟོད་པའོ། །ཕྱི་ལྟར་ཚིག་གིས་བསྟོད་པ་ནི། །རྟགས་ཀྱི་སྒོ་ནས་བསྟོད་པ་དང་། །དོན་གྱི་སྒོ་ནས་བསྟོད་པ་དང་། །ཆེ་བའི་སྒོ་ནས་བསྟོད་པའོ། །སྔགས་ཀྱི་སྒོ་ནས་བསྟོད་པ་ནི། །བསྙེན་པ་རུ་ལུའི་སྒྲ་ཡིས་བསྟོད་པ་དང་། །སྒྲུབ་པ་རྩ་བའི་རྒྱུད་ཀྱིས་བསྟོད་པ་དང་། །དྲག་པོ་བསད་པའི་སྒོ་ནས་བསྟོད་པ་ཡིན། །གསང་བ་བརྡ་ཡི་སྒོ་ནས་བསྟོད་པ་ནི། །ཕྱི་བརྡ་སྤྱུགས་པས་བསྟོད་པ་དང་། །ནང་བརྡ་ཕྱག་རྒྱས་བསྟོད་པ་དང་། །གསང་བརྡ་རྡོ་རྗེ་པདྨས་བསྟོད་པའོ། །དེ་ལྟར་བསྟོད་ནས་ལས་བཅོལ་ན། །ཐུགས་རྗེའི་བྱིན་རླབས་དེ་ལས་འབྱུང་། །གང་ལ་བསམ་པའི་ཕྲིན་ལས་འགྲུབ། །རྒྱལ་བ་རྣམས་ཀྱིས་དངོས་གྲུབ་འབེབས། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ཕྱི་ནང་གསང་བས་བསྟོད་པའི་ལེའུ་སྟེ་བརྒྱ་དང་གྱ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་དབང་གི་རྒྱལ་པོ་པདྨ་ཧེ་རུ་ཀས། གདུལ་ཐབས་རྣམ་པ་བརྒྱད་དུ་བཀའ་སྩལ་ཏོ། །བདུད་དང་སྲིན་པོ་མ་རུངས་པ། །དྲག་པོ་ཤུགས་ཀྱིས་འདུལ་བ་དང་། །ལྷ་ཆེན་སྟོབས་ཀྱིས་འདུལ་བ་དང་། །རྒྱལ་ཆེན་བདེན་པས་འདུལ་བ་དང་། །ཀླུ་གཉན་རྫུ་འཕྲུལ་


DNG017_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

བརྗིད་པས་འདུལ་བ་དང་། །བཙན་རྣམས་ངག་གིས་འདུལ་བ་དང་། །ཐེའུ་ཚོགས་ཤུགས་ཀྱིས་འདུལ་བ་ཡིན། །མ་མོ་མ་ཡམས་སྟོབས་ཀྱིས་འདུལ་བ་དང་། །སྲིད་པའི་ལྷ་སྲིན་དཀའ་ཐུབ་ཀྱིས་འདུལ་བའོ། །འདུལ་ཐབས་བརྒྱད་དུ་འདུལ་བའོ། །དྲག་པོ་བརྒྱད་དུ་བྱ་བ་དང་། །གླུ་བྲོ་གར་དུ་དགྱེས་པ་དང་། །བསྒྲལ་དང་སྟོབ་དང་མནན་པ་དང་། །སྲེག་དང་འཕང་དག་བྱ་བ་ཡིན། །དེ་ལྟར་ལས་རྣམས་བྱས་གྱུར་པས། །དྲག་པོ་གཏུམ་པོ་མ་རུངས་ཚར་བཅད་ནས། །གནས་ལུགས་བར་དུ་བདེ་བ་དང་། །བྱང་ཆུབ་ལམ་ལ་འགོད་པར་མཛད། །དེ་ལྟར་འཁོར་བའི་རཱུ་ཏྲ་མ་ལུས་ཚར་བཅད་ནས། །ཐམས་ཅད་བྱང་ཆུབ་བདེ་ལ་གནས། །དེ་ཡི་གནས་རབ་ཐོབ་པར་གསུངས། །རྟ་མཆོག་རོལ་པའི་ཏནྟྲ་ལས། མ་དད་པ་འདུལ་ཐབས་བསྟན་པའི་ལེའུ་སྟེ་བརྒྱ་དང་གྱ་བརྒྱད་པའོ།། །།དེ་ནས་ལས་ཀྱི་རྒྱལ་ཐེབས་ཕྱག་ན་རྡོ་རྗེས། དབང་གི་རྒྱལ་པོ་དབང་ཆེན་འདུས་པས་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ་དབང་ཆེན་འདུས་པའི་མཆོག །ཐམས་ཅད་དབང་གི་རང་བཞིན་ལ། །ཐམས་ཅད་དབང་གི་ཞིང་ཁམས་ན། །ཐམས་ཅད་དབང་དྲག་ཕྲིན་ལས་ནས། །རྒྱལ་བའི་ཞིང་ཁམས་ལྔ་པོ་དེ། །འདི་ཡང་དབང་གི་རང་བཞིན་ནམ། །འདི་ཡི་འབྲས་བུ་ཇི་ལྟར་ལགས། །དབང་ཆེན་འདུས་པས་བཀའ་སྩོལ་ཅིག །ཅེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་དབང་གི་རྒྱལ་པོ་དེས། གསོལ་བའི་དོན་ཐུགས་སུ་ཆུད་ནས། ཏིང་ངེ་འཛིན་ལས་བཞེངས་ནས་འདི་སྐད་ཅེས་གསུངས་སོ། །ཕྱག་ན་རྡོ་རྗེ་ལས་ཀྱི་རྒྱལ། །སྤོབས་པ་ལྡན་པ་རྒྱལ་བའི་སྲས། །འདི་བཤད་ལེགས་པར་ཡིད་ལ་ཟུང་། །ཐམས་ཅད་དབང་གི་རང་བཞིན་ལ། །དབང་གིས་མ་གྱུར་མེད་པ་སྟེ། །རྒྱལ་བ་རིགས་ལྔས་ངེས་གསུངས་པ། །ཐམས་ཅད་བདེ་གཤེགས་གཅིག་གི་ངང་། །ཇི་ལྟར་བཤད་པ་དེ་ལྟར་སྣང་། །འཁྲུལ་པའི་ངོ་ལ་རྟོག་པ་ལས། །དོན་དམ་ངང་ལ་གཅིག་ལས་མེད། །གཅིག་ལས་མི་གནས་ཐ་དད་བྱུང་། །དེ་ཡི་རང་


DNG017_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དེ་བསྟན་པ། །བདེ་གཤེགས་རིགས་ལྔ་ཡེ་ཤེས་ལྔ། །བདེ་བའི་ངང་དུ་ཐམས་ཅད་གཅིག །དབང་མཆོག་དབང་གི་རྒྱལ་པོ་དེ། །རྒྱལ་བ་ཀུན་འདུས་ཐུགས་ཆེན་པོ། །རིགས་ལྔ་ལྔ་རུ་སྣང་བ་ཡང་། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་དེ། །དེ་ལྔ་ཕྲིན་ལས་ཆེན་པོ་ཡིན། །དེ་ལྔ་སངས་རྒྱས་བདེ་བ་ཡིན། །དེ་ལྔ་ཐམས་ཅད་ངོ་བོ་ཡིན། །དེ་ལྔ་ཡེ་ཤེས་ལྔ་ཡི་ངོ་བོ་ཡིན། །ཡེ་ཤེས་ལྔ་ཡང་ཀུན་ཏུ་བཟང་པོ་ཡིན། །ཀུན་ཏུ་བཟང་པོ་ཐིག་ལེ་ཆེན་པོ་ཡིན། །ཐིག་ལེ་མི་དམིགས་ཆོས་ཀྱི་དབྱིངས། །ཆོས་སྐུ་བདེ་ཆེན་ངང་དུ་གནས། །བདེ་བའི་ངང་ལ་མ་གཡོས་ས་ལེར་གསལ། །དེ་ནི་ཐམས་ཅད་ཡོངས་ལ་དབང་། །དབང་གི་ཞིང་ཞེས་གྲགས་པ་ཡིན། །སྐྱོན་གྱིས་མ་གོས་པདྨའི་རིགས། །དེ་ལྔར་རྟོགས་པ་བདེ་གནས་པ། །ཕྲིན་ལས་དབང་དྲག་བཤད་པ་ནི། །གསུང་མཆོག་པདྨའི་རིགས་སུ་བཤད། །གསུང་མཆོག་རྡོ་རྗེའི་རིགས་སུ་བཤད། །གསུང་མཆོག་རིན་ཆེན་རིགས་སུ་བཤད། །གསུང་མཆོག་ལས་ཀྱི་རིགས་སུ་བཤད། །གསུང་མཆོག་དག་པ་གྲུབ་པར་བཤད། །གསུང་མཆོག་བྱང་ཆུབ་སེམས་སུ་བཤད། །གསུང་མཆོག་ཕ་རོལ་ཕྱིན་པར་བཤད། །གསུང་མཆོག་འཇམ་དཔལ་གཞོན་ནུར་བཤད། །གསུང་མཆོག་གསུང་བའི་རབ་ཏུ་བཤད། །གསུང་མཆོག་བྱང་ཆུབ་སེམས་སུ་བཤད། །གསུང་མཆོག་འཕགས་པའི་ཐུགས་རྗེར་བཤད། །གསུང་མཆོག་དྲག་པོ་ཕུར་པར་བཤད། །གསུང་མཆོག་བསྟན་པའི་ཆོས་སུ་བཤད། །ཐམས་ཅད་ཐམས་ཅད་གསུང་ལ་འདུ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ཐམས་ཅད་པདྨའི་རིགས་སུ་གསུངས་པའི་ལེའུ་སྟེ་བརྒྱ་དང་གྱ་དགུ་པའོ།། །།དེ་ནས་དབང་གི་རྒྱལ་པོ་དེས། དབང་གི་ལྷ་ཚོགས་རྣམས་ལ་དགྱེས་པ་ནར་མར་དབུལ་བ་ཚོགས་ཀྱི་མཆོད་པ་འདི་གསུངས་སོ། །བདེ་གཤེགས་པདྨ་རིགས་ཀྱི་ལྷ་རྣམས་ལ། །ཚོགས་ཀྱི་མཆོད་པ་ཚོགས་ཀྱི་དམ་པ་བཤད་པའོ། །བདེ་བ་རིན་ཆེན་གཞོང་དག་དུ། །ཡང་ན་གང་མཛེས་སྣོད་ཆེན་དུ། །ཤ་དང་ཤ་ཆེན་གཞན་སྩོགས་དང་། །ཁྲག་


DNG017_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཤ་ཆེན་ལ་སོགས་དང་། །འཚོ་བའི་ཡོ་བྱད་མང་པོ་དང་། །བཟའ་བའི་བྱེ་བྲག་སྤུང་བར་བྱ། །བདུད་རྩི་དང་ནི་རོ་ལྡན་རྫས། །དེ་ལྟར་བཀང་བ་དེ་དག་ལ། །རཾ་ཡཾ་ཁཾ་གིས་བསྲེག་སྦྱང་བཀྲུས། །སེམས་བསྐྱེད་གཞལ་ཡས་གསལ་བར་བྱ། །དེ་ལྟར་མདུན་དུ་ལྷ་བསྐྱེད་ལ། །དབང་གི་ལྷ་རྣམས་གསལ་བར་བསྐྱེད། །དབང་མཆོག་དམ་པའི་ལྷ་གསལ་ལ། །སྔགས་བརྗོད་ཡན་ལག་རྫོགས་པར་གསལ། །དེ་ལ་དཀྱིལ་འཁོར་ལྷ་རྣམས་ནི། །བདེ་གཤེགས་ཡེ་ཤེས་དགུ་བརྩེགས་ལྷ། །ཡན་ལག་ཚང་བར་གསལ་བར་བསྐྱེད། །དེ་ནས་གཏོར་མ་བྱིན་བརླབས་ཏེ། །ལན་གསུམ་རིམ་པར་བྱས་ནས་ནི། །འདོད་ཡོན་དྲུག་གི་ལྷ་མོ་ནི། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། །འདོད་པ་དག་གིས་བརྒྱན་པའོ། །བདུད་རྩི་ཏ་ན་སྐྱེ་ཤི་མེད། །ག་ཎ་འཆིང་གྲོལ་མེད་པ་ཡིན། །ཐབས་དང་ཤེས་རབ་གཉིས་མེད་པའི། །མུ་ཏིག་དྲི་མ་མེད་པ་ལྟར། །རཀྟ་ཆགས་པ་ལྡན་པའོ། །དེ་ལྟར་གསལ་བར་བྱིན་བརླབས་ལ། །ལྷ་རྣམས་སྤྱན་དྲངས་དེ་ལ་བསྡིམ། །ཛཿཧཱུཾ་བཾ་ཧོཿཔདྨ་ཧཱ་རཱ་གར་ཏི་བྲུཾ། ཨོཾ་རུ་ལུ་རུ་ལུ་ཕཊ། ཨེ་ཨ་ར་ལི་ཧཱུཾ་ཧྲཱྀ་ཛཿ། དེ་ལྟར་གསལ་བར་བསྐྱེད་པ་ལ། །སྤྱན་དྲངས་པ་ཡང་བསྡིམ་པར་བྱ། །དེ་ནི་བརྟན་པར་གྱུར་པ་སྟེ། །པདྨ་དྷ་ར་ཏིཥྛ་བཛྲ་སྟྭམ། དེ་ལ་མོས་པས་ཕྱག་འཚལ་ལ། །ཧཱུཾ་སྲིད་གསུམ་འཇོམས་མཛད་ཐར་ལམ་འདྲེན་པའི་གཙོ། །ཡེ་ཤེས་དགུ་བརྩེགས་ལྷ་རྣམས་ལྷུན་གྱིས་གྲུབ། །དབང་དྲག་ལས་བཞིའི་ཕྲིན་ལས་འགྲུབ་མཛད་པ། །དབང་གི་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ལོ། །བདེ་བར་གཤེགས་ལ་ཕྱག་འཚལ་ནས། །མཆོད་པ་དེ་བཞིན་བྱས་ནས་ནི། །མ་ཧཱ་པཉྩ་བ་ལིཾ་ཏ་རཀྟ་ཁཱ་ཧི། དེ་ལྟར་མཆོད་པ་ཕུལ་ནས་ནི། །བསྟོད་དང་སྨོན་ལམ་བཏབ་པ་ཡིན། །ཧཱུཾ་དབང་གི་ལྷ་ཚོགས་མ་ལུས་ལ། །ཕྱི་ནང་དག་པའི་མཆོད་ཕུལ་བས། །མཉེས་པ་མཆོག་གིས་ཕོག་ནས་ནི། །བདེ་གཤེགས་ཐུགས་དམ་སྐོང་གྱུར་ཅིག །ཧཱུཾ་དབང་དྲག་འཇོམས་པའི་ལྷ་ལ་ཕྱག་འཚལ་ལོ། །བདེ་གཤེགས་པདྨ་རིགས་ཀྱི་གཙོ། །


DNG017_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་བས་ཆེ་བར་བསྟོད་པ་དབང་ཕྱུག་ཡང་ཆེའི་དཔལ། །འབར་བ་ལྷ་ཡི་ལྷ་ལ་ཕྱག་འཚལ་ལོ། །ཆོས་ཉིད་སྐྱེ་མེད་ངང་ལས་མ་གཡོས་ཀྱང་། །སྤྲུལ་སྐུ་ཁྲོ་བོས་འགྲོ་བའི་དོན་མཛད་པ། །ཁྲོ་མཆོག་རོལ་པའི་ཚོགས་ལ་ཕྱག་འཚལ་ལོ། །དེ་ལྟར་བསྟོད་དང་སྨོན་ལམ་སྟེ། །དེ་ནས་བསྔོ་བའི་རིམ་པ་གསུངས། །དགྱེས་མཉམ་མཆོག་གི་མཆོད་པ་ཆེན་པོ་འདི། །འདོད་པའི་ཡོན་ཏན་ལྷ་མོར་བྱིན་བརླབས་ནས། །པདྨ་རཀྟ་པཉྩ་ཨ་མྲྀ་ཏ། དམ་ཚིག་བཞིན་དུ་ཅི་བདེར་བཞེས་སུ་གསོལ། །ཧ་ཧེ་པྲ་ཝེ་ཤ་ཡག་ཤ་རག་ཤ་ས་མ་ཡ་ཨ་ར་ལི་ཁཱ་ཧི། དེ་ལྟར་བསམ་སྟེ་དབུལ་བ་ཡིན། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ཚོགས་ཀྱི་གཏོར་མ་བཏང་བའི་ལེའུ་སྟེ་བརྒྱ་དང་དགུ་བཅུ་པའོ།། །།ཡང་ནི་བར་མ་ཆད་པ་ནས། །དམ་ཚིག་དམ་པ་འདི་གསུངས་སོ། །མི་གཡོ་གསལ་བྱ་མཉམ་པ་ལ། །ས་མ་ཡ་ནི་དམ་ཚིག་སྟེ། །བདེ་བའི་དོན་དང་ལྡན་པའི་ཕྱིར། །གཉིས་སུ་མེད་པའི་དོན་འགྲུབ་ཕྱིར། །རྩ་བ་སྲོག་བདག་དམ་ཚིག་བསྲུང་། །བྱང་ཆུབ་མྱུ་གུ་གཏན་མི་སྤང་། །རྩ་བ་ཡན་ལག་བསྐམ་མི་བྱ། །བསྲུང་བ་སྤང་བར་མི་བྱའོ། །བྱང་ཆུབ་མྱུ་གུ་བསྐམ་པ་མིན། །རྒྱལ་མཚན་ཆེན་པོ་བསྣུབ་པ་མིན། །རཱ་ག་སྐྱེ་ཤི་གཅད་པ་མིན། །སྲིད་པའི་ཐག་པ་གཅད་པ་མིན། །ལས་ཀྱི་ཕྲིན་ལས་ཆེན་པོ་སྟེ། །ཏིང་འཛིན་འཕྲོ་བ་གཅད་པ་མིན། །རྡོ་རྗེ་ཆུ་བོའི་འོལ་ག་ནི། །བསྒྱུར་བར་བྱ་བ་མ་ཡིན་ནོ། །བྱ་རྒྱལ་ཁྱུང་གི་གཤོག་བརྒྱངས་ནི། །བཅག་པར་བྱ་བ་མ་ཡིན་ནོ། །གཅིག་པུ་སེང་གེ་གནས་པ་ནི། །གཙེ་བར་བྱ་བ་མ་ཡིན་ནོ། །རྡོ་རྗེ་གནས་པ་ལུ་གུ་རྒྱུད། །དྲལ་བར་བྱ་བ་མ་ཡིན་ནོ། །བྱང་ཆུབ་སེམས་ཀྱི་འབྲས་བུ་ལ། །སྤང་བླང་བྱ་བ་མ་ཡིན་ནོ། །རིག་པའི་ཐུགས་རྗེ་ལྕགས་ཀྱུ་ལ། །སྨད་པར་བྱ་བ་མ་ཡིན་ནོ། །དབྱིངས་ཀྱི་པདྨ་འབུར་བ་ལ། །སྨད་པར་བྱ་བ་མ་ཡིན་ནོ། །མི་ནུབ་པ་ཡི་རྒྱལ་མཚན་ལ། །དེ་ལ་རྟོག་པར་བྱ་བ་མིན། །གསང་བའི་ཐབས་དང་ཤེས་རབ་ལ། །དེ་ལ་གནས་པ་སྨད་པ་མིན། །ཐུགས་རྗེ་འདྲེན་པའི་ལུ་གུ་རྒྱུད། །གཏང་བར་བྱ་བ་མ་ཡིན་ནོ། །


DNG017_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་གཉིས་མེད་དོན་རྟོགས་ཤིང་། །དམ་ཚིག་གདེང་དང་ལྡན་པ་ལ། །བྱང་ཆུབ་དེ་ལ་ལྟུང་གནས་མེད། །ཅེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། དམ་ཚིག་བསྟན་པའི་ལེའུ་སྟེ་བརྒྱ་དང་གོ་གཅིག་པའོ།། །།དེ་ནས་སྟོན་པས་བཀའ་སྩལ་པ། །རྩ་བ་བྱང་ཆུབ་སེམས་ཉིད་ལ། །ལྟ་བ་མ་གོལ་སྤྱོད་པ་མ་གོལ་བ། །དམ་པ་མཆོག་གིས་འདི་གསུངས་སོ། །ཐམས་ཅད་བྱང་ཆུབ་སེམས་ཡིན་པས། །སེམས་ནི་རང་བཞིན་བལྟ་བ་ཡིན། །ལྟ་བ་མ་ནོར་གདེང་ལྡན་ན། །དེ་ཡི་ངང་ལ་གནས་པ་སྟེ། །དེ་ཡི་ངང་ལ་གནས་པ་ནི། །སྒོམ་པ་ཆེན་པོར་བསྟན་པ་ཡིན། །མ་བཅོས་པ་ནི་གཉིས་མེད་དོན། །གསལ་ལ་མ་འདྲེས་སོ་སོ་དག །གཅིག་དང་ཐ་དད་ཀུན་གྱི་ངོ་བོ་སྟེ། །དེ་ཡང་ལྟ་བའི་རྒྱལ་པོ་ཡིན། །བྱང་ཆུབ་སེམས་ནི་སངས་རྒྱས་ཏེ། །སངས་རྒྱས་བྱང་ཆུབ་སེམས་ཉིད་ཡིན། །སེམས་ནི་ཀུན་གྱི་ངོ་བོར་སྣང་། །སྣང་བ་ཉིད་ལ་དངོས་པོ་མེད། །མེད་པ་མ་ཡིན་ཀུན་ཡང་བྱུང་། །རྟག་པ་མ་ཡིན་ངོ་བོ་མེད། །ཆད་པ་མ་ཡིན་ཀུན་ཏུ་སྣང་། །གཉིས་ལ་མི་གནས་དེ་ཡི་ངང་། །ལྟ་བ་ཕྱོགས་རིས་མེད་པ་དང་། །ཡངས་དོག་མེད་པར་བལྟ་བ་ཡིན། །བྱེད་པ་མེད་པས་བྱ་བ་མེད། །ཀུན་ནས་མ་བཅོས་གསལ་བ་ཡིན། །རང་བྱུང་ཡེ་ཤེས་ཆེན་པོ་སྟེ། །ཡེ་ནས་མ་བཅོས་རང་བཞིན་ངང་གིས་གནས། །དེ་ལ་ས་དང་རིམ་པ་མེད། །རྫོགས་ཁྱབ་རང་བྱུང་ཡེ་ཤེས་ཡིན། །ཐམས་ཅད་བྱང་ཆུབ་སེམས་ལ་འདུས། །སེམས་ལས་མ་གཏོགས་ཡེ་ཤེས་མེད། །མེད་པ་མ་ཡིན་དྲན་ཞིང་ཚོར། །འདི་ནི་གསང་བ་རྟོག་གེ་ལ། །ནམས་ཀྱང་ཞེས་སུ་གསུང་བར་ཟད། །རྟོག་པ་ཐམས་ཅད་ཆོས་ཉིད་ལྟ། །སྤྱོད་པ་ཐམས་ཅད་མ་འགགས་པ། །ཅི་སྤྱད་ཅི་སྤྱོད་ཅི་བསྒྲུབས་ཀྱང་། །སེམས་ལས་མ་གཏོགས་ཡེ་ཤེས་མེད། །ཐམས་ཅད་བྱང་ཆུབ་སེམས་སུ་ལྟ། །ལྟ་བའི་གདེང་དང་ལྡན་གྱུར་པས། །གོལ་ས་མེད་དེ་འབྲས་བུ་འཐོབ། །སྤང་བསྒྲུབ་མ་ཡིན་དོན་རིག་པའོ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས།


DNG017_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བ་བསྟན་པའི་ལེའུ་སྟེ་བརྒྱ་དང་གོ་གཉིས་པའོ།། །།བར་མ་ཆད་པ་བཀའ་སྩལ་པ། །ཅི་སྤྱད་པ་ཡི་ལས་རྣམས་ནི། །ཆོས་ཀྱི་དབྱིངས་སུ་སྤྱད་པའོ། །རྩ་བ་དམ་རྫས་ལྔ་པོ་ལ། །གཙང་དམེ་མེད་པར་བལྟ་བས་སྤྱད། །དམ་ཚིག་སྤང་བླང་མེད་པ་ལ། །གོལ་ས་མེད་པར་སྤྱོད་པར་བྱ། །སྤྱད་པ་མེད་པའི་སྤྱོད་པ་ཡིན། །སྤྱོད་པའི་རྒྱལ་པོ་སྤྱད་པ་ཡིན། །སྤྱོད་པ་ཐམས་ཅད་བྱ་བ་ནི། །ཆོས་ཀྱི་དབྱིངས་སུ་སྤྱད་པ་ཡིན། །རོལ་པ་ཆེན་པོ་མ་འགགས་པ། །སྤྱོད་པ་ཆེན་པོ་དབྱིངས་སུ་སྤྱད། །སྤྱོད་པ་གདེང་དང་ལྡན་པ་ཡིས། །མ་ནོར་ལམ་དུ་བསྟན་པ་ཡིན། །གསང་བའི་དམ་ཚིག་གསུངས་པ་དང་། །གསང་བའི་སྤྱོད་པ་སྤྱད་པ་ཡིན། །སྤྱོད་པ་ལ་དོར་ཆོས་ཀྱི་དབྱིངས། །གཙང་དམེ་མེད་པར་སྤྱོད་པ་དང་། །སྤང་ལེན་མེད་པའི་སྤྱོད་པ་དང་། །བླང་དོར་མེད་པའི་སྤྱོད་པ་དང་། །མཉམ་པ་ཉིད་ཀྱི་སྤྱོད་པའོ། །གར་དང་གླུ་ཡི་རོལ་མོ་ཡང་། །མ་འགགས་པ་ཡི་སྤྱོད་པ་ཡིན། །སྤྱོད་པ་སྤྱད་པ་དམ་པ་ཡིན། །ཆོས་ཀྱི་དབྱིངས་ཀྱི་སྤྱོད་པ་ཡིན། །མི་འགྱུར་དག་པའི་དབྱིངས་སུ་སྤྱད། །དག་པ་ལྷ་ཡི་སྤྱོད་པ་ཡིན། །ཅི་སྤྱོད་ཆོས་ཀྱི་དབྱིངས་སུ་སྤྱད། །དོར་བ་མེད་པའི་དབྱིངས་སུ་སྤྱད། །སྤྱོད་པ་མ་ནོར་སྤྱད་པ་ཡིན། །འབྲས་བུ་བྱང་ཆུབ་ངང་དུ་གནས། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། སྤྱོད་པ་མ་ནོར་གདེང་དང་ལྡན་པ་བསྟན་པའི་ལེའུ་སྟེ་བརྒྱ་དང་གོ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་དབང་གི་རྒྱལ་པོ་པདྨ་ཧེ་རུ་ཀའི་སྐུ་ལས། སྐུའི་བ་སྤུའི་བུ་ག་རེ་རེ་ནས། འོད་ཟེར་བསམ་གྱིས་མི་ཁྱབ་པ་བཀྱེ་སྟེ། ཐམས་ཅད་བདེ་བའི་སྤྲུལ་པ་འོད་ཟེར་དཀར་པོ་དང་། དམར་པོ་དང་སེར་པོ་དང་། མཐིང་ག་དང་ལྗང་གུ་ལ་སོགས་པ་འཕྲོས་པ་ལས། དེ་ལས་དེ་བཞིན་གཤེགས་པའི་ཁམས་ཐམས་ཅད་ཁྱབ་པའི་སྤྲུལ་པ་འཕྲོས། མཁའ་འགྲོ་མང་པོ་འོད་ཟེར་ལས་སྤྲུལ་ནས། སྐུའི་གནས་བཅུ་ནས། སྐུ་ལས་སྤྲུལ་པའི་མཁའ་འགྲོ་མ། གཟུགས་ནི་ཇི་སྙེད་པར་སྟོན་པ། ལ་ལ་འོད་དུ་རྒྱུ་བ། ལ་ལ་སེམས་ཅན་གདུག་པའི་གཟུགས་ཅན། ལ་ལ་ཐག་པ་


DNG017_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

གཟིངས་པ་ལྟ་བུ་དང་། དེ་ལ་སོགས་པ་མང་པོ་འཐོན་ནས། དབང་གི་ཞིང་ཡོངས་སུ་སྦྱོང་བའོ། །དེ་ནས་མཁའ་འགྲོ་མ་དེ་རྣམས་ཤ་ལ་རྔམ་པ་དང་། ཁྲག་ལ་རྔུབ་པའི་ཚུལ། ཀེང་རུས་འཆའ་བའི་ཚུལ་འཛིན་པ་སྟེ། དེ་ལས་སྙིང་པོ་འདི་འཐོན་ཏོ། །ཨེ་ཨེ་ཨེ་ཨེ་ཨེ་ཨེ། ཨ་ཨ་ར་ལི་ཡག་ཤ་སྟཾ་ཧེ་ཤ་ཧུ་ལུ་ཀ་ཏ་མ་ཧེ་བྷྱོ། དེ་ལྟ་བུའི་སྙིང་པོ་ཐོན་ཏེ་གནས་ལ་འཁོད་དོ། །དེ་ནས་གཡས་ཀྱི་བ་སྤུ་འབུམ་ཕྲག་ལས་འབུམ་ཕྲག་གཡས་ཀྱི་མཁའ་འགྲོ་མ་དང་གཡོན་གྱི་བ་སྤུ་འབུམ་ཕྲག་ལས། འབུམ་ཕྲག་གཡོན་གྱི་མཁའ་འགྲོ་མ་འཐོན་ནོ། །དེ་རྣམས་ཁྭ་དང་འུག་པ་དང་བཞད་དང་། ཀང་ཀ་དང་ཅེ་སྤྱང་གི་འབུ་སྲིན་གྲོལ་མ་དང་མེ་འབྲུག་དང་། ཆུ་གླང་དང་། བ་གླང་དང་། རྔ་མོ་བོང་བུའི་གཟུགས་ཀྱི་ཆ་ཚུལ་མཐུན་པར་འཛིན་ཏེ། ཤ་ལ་རྔམ་པ་དང་། ཁྲག་ལ་རྔུབ་པ་དང་། རུས་པ་འཆའ་བ་ལ་སོགས་པའི་ཚུལ་འཛིན་ཏེ། ཡེ་ཤེས་ཀྱི་མཁའ་འགྲོ་མའོ། །ལྷག་མ་བདུན་གྱི་ཕུད་ཉུལ་བ་ནི། དབང་མོ་ལ་སོགས་པ་རྣམས་དུར་ཁྲོད་བསིལ་བའི་ཚལ་དུ་དབང་གི་སྐུ་ལས་འཐོན་ཏེ། སེམས་ཅན་མི་མཐུན་པའི་གཟུགས་སྣ་ཚོགས་པར་ཚུལ་དང་མཐུན་པར་འཐོན་ཏེ། དེ་ལྟར་འཐོན་ནས་ཐམས་ཅད་ལས་བྱེད་པའོ། །དེ་རྣམས་ནི་སྐུའི་མཁའ་འགྲོ་མ་འབུམ་ཕྲག་གཡས་གཡོན་གྱི་མཁའ་འགྲོ་མ་དང་དབང་མོ་སྟེ། ཡེ་ཤེས་ཀྱི་མཁའ་འགྲོའོ། །མ་དད་པའི་བུ་མོ་དང་སྲིང་མོ་ལ་སོགས་པ། དེ་རྣམས་ནི་ལས་ཀྱི་མཁའ་འགྲོ་མའོ། །ཡེ་ཤེས་ཀྱི་མཁའ་འགྲོ་མས། ལས་ཀྱི་མཁའ་འགྲོ་མ་ལས་ལ་འགྱེད་པའོ། །འདས་དང་མ་འདས་མཁའ་འགྲོ་མ་གཉིས་སོ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། མཁའ་འགྲོ་མའི་ལས་ཀྱི་ལེའུ་སྟེ་བརྒྱ་དང་གོ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་དབང་གི་རྒྱལ་པོ་པདྨ་ཧེ་རུ་ཀ་དེས། ཕྱག་ན་རྡོ་རྗེ་དང་། པདྨ་ལས་ཀྱི་སེམས་དཔའ་དང་། ལས་ཀྱི་རྒྱལ་པོ་གསུམ་ལ་སོགས་པ་ལ་འདི་སྐད་ཅེས་གསུངས་སོ། །ཀྱེ་མ་འདུས་པའི་འཁོར་ཚོགས་རྣམས། །ཐམས་ཅད་དབང་གི་ཞིང་དུ་དག་གོ། །ཐམས་


DNG017_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་བདེན་པས་རབ་ཏུ་གྲོལ་ལོ། །ཐམས་ཅད་མྱ་ངན་ལས་འདས་སོ། །ཐམས་ཅད་ཕ་རོལ་ཏུ་ཕྱིན་ཏོ། །ཐམས་ཅད་བདེ་བ་ལ་བཀོད་དོ། །འཁོར་བ་དོན་དམ་མྱ་ངན་འདས། །སེམས་ནི་སངས་རྒྱས་མྱ་ངན་འདས། །ཡུལ་ནི་ཆོས་སུ་མྱ་ངན་འདས། །སེམས་ཅན་སངས་རྒྱས་མྱ་ངན་འདས། །ཀུན་རྫོབ་དོན་དམ་མྱ་ངན་འདས། །ཕུང་པོ་རིགས་སུ་མྱ་ངན་འདས། །ཁམས་ནི་དབྱིངས་སུ་མྱ་ངན་འདས། །སྐྱེ་མེད་དོན་དམ་མྱ་ངན་འདས། །འབྱུང་བ་དབྱིངས་སུ་མྱ་ངན་འདས། །རྣམ་ཤེས་ཡེ་ཤེས་མྱ་ངན་འདས། །ཉོན་མོངས་མཉམ་དུ་མྱ་ངན་འདས། །རྟག་ཆད་མ་ནོར་ཐིག་ལེར་གནས། །ཐིག་ལེ་ཆོས་སྐུ་མྱ་ངན་འདས། །མྱ་ངན་ཐམས་ཅད་མྱ་ངན་འདས། །རྣམ་རྟོག་ཡེ་ཤེས་མྱ་ངན་འདས། །སྡུག་བསྔལ་ཆོས་ཉིད་མྱ་ངན་འདས། །མྱ་ངན་ཐམས་ཅད་དབྱིངས་སུ་འདས། །ཐམས་ཅད་ཀུན་བཟང་ངང་དུ་གནས། །མྱ་ངན་འདས་པའི་དོན་རྟོགས་ནས། །སྐྱེ་ཤི་གཉིས་ཀྱི་རྒྱུད་ལས་བརྒལ། །ཡོད་མེད་གཉིས་ཀྱི་མཐའ་ལས་འདས། །ཐམས་ཅད་ཆོས་དབྱིངས་མཉམ་གནས་པའོ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ཐམས་ཅད་མྱ་ངན་འདས་པར་བསྟན་པའི་ལེའུ་སྟེ་བརྒྱ་དང་གོ་ལྔ་པའོ།། །།དེ་ནས་ཡང་ནི་བཀའ་སྩལ་པ། །ཐམས་ཅད་བྱང་ཆུབ་སེམས་ཀྱི་ངང་། །ཐམས་ཅད་དབང་གི་རྒྱལ་པོའི་ལུང་། །ཐམས་ཅད་དབང་གི་རྒྱལ་པོའི་དབང་། །ཐམས་ཅད་དབང་གི་རྒྱལ་པོའི་ཚེ། །ཐམས་ཅད་དབང་གི་ཕྲིན་ལས་ཡིན། །ཇི་ལྟར་སྣང་བ་ཐམས་ཅད་ཀྱང་། །བྱང་ཆུབ་སེམས་སུ་འདུས་པའོ། །རྟོགས་པ་མངོན་གྱུར་བལྟ་བའི་ལུང་། །དབྱིངས་སུ་སྤྱད་པ་སྤྱོད་པའི་ལུང་། །ཐམས་ཅད་བསྡུས་པ་དབང་གི་དབང་། །མི་འགྱུར་བརྟན་པ་ཚེ་ཡི་ལུང་། །གདེང་གྱུར་བསྲུང་བ་དམ་ཚིག་ལུང་། །དྲག་པོ་བསྒྲལ་བ་ཕྲིན་ལས་ལུང་། །གཞལ་ཡས་གསལ་བ་དཀྱིལ་འཁོར་ལུང་། །བཀོད་པ་གསལ་བ་ལྷ་ཡི་ལུང་། །གོལ་ས་མེད་པ་དོན་དམ་ལུང་། །བདེན་པ་ཐོབ་པ་རྩོལ་བའི་ལུང་། །གཉིས་སུ་མེད་པ་རྟོགས་པའི་ལུང་། །ཐམས་ཅད་གཅིག་པས་སེམས་ཀྱི་ལུང་། །


DNG017_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་ཆེན་ཟབ་མོར་སྣང་བའོ། །ཇི་ལྟར་བདེན་པ་ཐོབ་པས་དབང་མཆོག་དམ་པ་ཡིན། །ཐམས་ཅད་བྱང་ཆུབ་སེམས་ལ་གནས། །སེམས་ཀྱི་དོན་རྟོགས་རྡོ་རྗེ་ཆེ། །རྟོགས་པས་མངོན་དུ་བསྒྲལ་གྱུར་ཕྲིན་ལས་ཡིན། །ཏིང་འཛིན་འཕྲོ་འདུ་གསལ་བས་དོན་བྱེད་པ། །ཏིང་འཛིན་འཕྲོ་འདུ་ཕྲིན་ལས་མཆོག །མ་དད་བདུད་ཀྱི་སྡེ་བཏུལ་བ། །ལོག་པ་འཇོམས་པའི་ཕྲིན་ལས་ཡིན། །ཐམས་ཅད་ཐུགས་རྗེས་བསྒྲལ་བ་རྣམས། །ཐུགས་རྗེས་གཞན་སྒྲོལ་ཕྲིན་ལས་ཡིན། །དོན་རྟོགས་འབྲས་བུ་ཐོབ་པ་ནི། །རྟོགས་པ་བདག་བསྒྲལ་ཕྲིན་ལས་ཡིན། །ཐམས་ཅད་དབང་བསྡུས་བསྒྲལ་བ་ནི། །དབང་སྡུད་ལས་ཀྱི་ཕྲིན་ལས་ཡིན། །ཐམས་ཅད་བྱང་ཆུབ་སེམས་ཀྱི་ཚེ། །ཐམས་ཅད་བདེན་པའི་ཕྲིན་ལས་ཡིན། །དེ་ལྟར་ཕྲིན་ལས་རྒྱ་མཚོ་ཡིས། །འགྲོ་དོན་མཐའ་རུ་ཕྱིན་པའོ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། དབང་གི་ཆོས་ཐམས་ཅད་ལུང་དང་། སེམས་དང་ཚེ་དང་། ཕྲིན་ལས་སུ་བསྟན་པའི་ལེའུ་སྟེ་བརྒྱ་དང་གོ་དྲུག་པའོ།། །།དེ་ནས་དབང་ཆེན་འདུས་པས། ཆོས་ཐམས་ཅད་སེམས་ཡིན་པས། སེམས་ལས་རྟོགས་པའི་དོན་རང་གྲོལ་བསྒོམ་པ་བདེ་བར་བསྟན་པའོ། །གསལ་ལ་རྟོག་མེད་ཡེ་ཤེས་བསྒོམ། །སྣང་སྟོང་གཉིས་ཀྱི་གོལ་ས་བཅད། །མི་གཡོ་བ་ཡི་ཏིང་འཛིན་བསྒོམ། །རྣམ་པར་འཕྲོ་བའི་གོལ་ས་བཅད། །ཤེས་བྱ་རིགས་བཅད་བསྒོམ་པ་བསྒོམ། །མ་བདལ་གོལ་ས་བཅད་པར་བྱ། །ལྟ་བ་མ་ནོར་བསྒོམ་པ་བསྒོམ། །བསྒོམ་དུ་མེད་པའི་གོམས་པ་ལ། །ཡེངས་སུ་མེད་པའི་ཏིང་འཛིན་བྱ། །དེ་ཡི་ངང་ལ་བསྒོམ་པ་ལ། །དམིགས་པ་ཕྲ་མོའི་གོལ་ས་བཅད། །སྒོམ་པ་མ་ནོར་གདེང་ལ་མནོས། །བསམ་གཏན་པ་ཡི་སྒོམ་པ་ནི། །མར་མེ་རླུང་གིས་མ་བསྐྱོད་བཞིན། །ལྟེམ་མེ་མེར་རེ་གནས་པར་བྱའོ། །རྣམ་པར་འཕྲོ་བ་བཅད་པ་ཡིན། །བྱང་ཆུབ་སེམས་ནི་རྩ་བས་ཏེ། །གཞི་ནི་གཅིག་ཏུ་མ་ངེས་པས། །ཐམས་ཅད་ཕྱོགས་ཀྱི་བདག་ཉིད་ཡིན། །རྟོགས་


DNG017_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར་པ་ལྟ་བ་ཡིན། །དེ་ཡི་ངང་ལ་གནས་པ་བསྒོམ་པ་ཡིན། །དེ་ལྟར་གྱུར་པ་སྒོམ་པ་སྟེ། །ཀུན་གྱི་ངོ་བོ་བྱང་ཆུབ་སེམས། །རིག་པ་རང་སྣང་གསལ་བའོ། །དེ་ལྟར་བསྒོམས་པས་བསྒོམ་པར་བྱ། །སྒོམ་པ་ཅིར་བསྒོམ་ཧད་པོ་ཆེ། །དེ་ལ་གནས་ཤིང་མི་ཡེངས་པ། །གསེབ་ལམ་གསང་བའི་བསྒོམ་པ་ཡིན། །སྒོམ་པ་དེ་ཡི་དོན་རྟོགས་པས། །ཐམས་ཅད་སེམས་ནི་གཅིག་གི་ངང་། །གཅིག་ལས་མ་གཡོས་ཐ་དད་སྣང་། །སྣང་བ་ཉིད་ལ་དངོས་པོ་མེད། །དངོས་མེད་ངང་ལ་དེ་གནས་པའོ། །དེ་ལྟར་བསྒོམ་པའི་བྱིན་རླབས་ཀྱིས། །དེ་མ་ཐག་ཏུ་སངས་རྒྱས་པའོ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། སྒོམ་པའི་རིམ་པ་བསྟན་པའི་ལེའུ་སྟེ་བརྒྱ་དང་གོ་བདུན་པའོ།། །།དེ་ནས་དབང་ཆེན་ཀུན་འདུས་ཀྱིས། ཕྱག་ན་རྡོ་རྗེ་ལ་སོགས་པ་རྣམས་ལ། ཆོས་ཐམས་ཅད་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔར་འདུས་པས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་བསྐུར་བ་འདི་གསུངས་སོ། །པདྨ་བརྒྱད་དང་ལྡན་པ་ལ། །དབུས་སུ་ཡི་གེ་ཧཱུཾ་དམར་ལ་བཀྲ་བ་ལ། ཐ་མ་ཨོཾ་དང་སྭཱ་དང་ཧཱུཾ་དང་ཨཾ་དང་ཧས་བསྐོར་བའོ། །དབང་བསྐུར་བ་སྟེ། ཧཱུཾ། གསུང་དབྱངས་སྙན་པས་འཁོར་བའི་གནས་ནས་སྒྲོལ། །སྐྱོན་གྱིས་མ་གོས་ཆགས་མེད་པདྨ་སྟེ། །གསུང་གི་ཡི་གེ་ཧཱུཾ་དམར་ལ་སོགས་འདི་ཡི་དབང་བསྐུར་བས། །འདོད་ཆགས་དག་པས་སོ་སོ་མངོན་པར་བྱང་ཆུབ་དབང་ཐོབ་ཤོག །པདྨ་མཎྜ་ལ་ཨོཾ་ཧཱུཾ་ཨ། གསེར་གྱི་འཁོར་ལོ་དེ་ཐོགས་ནས། །ཧཱུཾ། ཆོས་སྐུ་སྤྲོས་མེད་བདེ་ཆེན་ཐིག་ལེ་ཆེ། །འགྲོ་བའི་དོན་མཛད་ལོངས་སྐུ་སྤྲུལ་སྐུ་འཛིན། །གཏི་མུག་རྣམ་དག་སྐུ་མཆོག་ཀུན་ལ་ཁྱབ། །ཉོན་མོངས་རྩད་གཅོད་སྟོང་ཉིད་མངོན་པར་བྱང་ཆུབ་དབང་ཐོབ་ཤོག །ཙཀྲ་ཀཱ་ཡ་མཎྜ་ལ་ཨཾ་ཨ། ཐུགས་ཀྱི་མཚན་མ་རྡོ་རྗེ་དེ་ཐོགས་ལ། །ཧཱུཾ། རྟགས་ཀྱི་རྡོ་རྗེ་དབྱིངས་སུ་ཆེར་འབར་བ། །ཐུགས་མཆོག་འབར་བ་རྡོ་རྗེ་རྟགས་ཀྱི་ཧཱུཾ། །རྒྱལ་བ་རྣམས་ཀྱི་སྐུ་རྣམས་མཚོན་བྱེད་པ། །ཞེ་སྡང་རྩད་བཅད་མེ་ལོང་ཡེ་ཤེས་ཏེ། །མངོན་པར་བྱང་ཆུབ་དབང་ཐོབ་ཤོག །ཙིཏྟ་


DNG017_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

མཎྜ་ལ་ཧཱུཾ། རིན་ཆེན་འབར་བ་ཐོགས་ལ། ཧཱུཾ། འདོད་པ་ཐམས་ཅད་རབ་ཏུ་སྦྱིན་མཛད་པ། །ཡིད་བཞིན་ནོར་བུ་རིན་ཆེན་མཛོད། །ཕོངས་པ་རྣམས་ཀྱི་རེ་བ་སྐོང་མཛད་དེ། །ང་རྒྱལ་གནས་དག་མཉམ་ཉིད་ཡེ་ཤེས་ཏེ། །མངོན་པར་བྱང་ཆུབ་དབང་ཐོབ་ཤོག །རཏྣ་མཎྜ་ལ་སྭཱ་ཧཱུཾ་ཨ། དེ་ནས་རྒྱ་གྲམ་ཐོགས་ལ། ཕྲིན་ལས་རྒྱ་མཚོས་འགྲོ་བའི་དོན་མཛད་དེ། །ཐམས་ཅད་བྱང་ཆུབ་གནས་སུ་སྒྲོལ་ཞིང་བདེ་ཆེན་དབྱིངས་ལ་འགོད། །ལས་ཀྱི་རིགས་མཆོག་དེ་བཞིན་གཤེགས་པའི་ཡུམ། །ཕྲག་དོག་རང་གྲོལ་བྱ་བ་གྲུབ་པའི་ཡེ་ཤེས་དེ། །མངོན་པར་བྱང་ཆུབ་དབང་ཐོབ་ཤོག །ཨོཾ་ཀརྨ་མཎྜ་ལ་ཧཱ་ཧཱུཾ་ཨ། དེ་ལྟར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་དབང་བསྐུར་བས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་ཐོབ་པའོ། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་དབང་བསྐུར་བའི་ལེའུ་སྟེ་བརྒྱ་དང་གོ་བརྒྱད་པའོ།། །།དེ་ནས་མྱུར་མགྱོགས་དབང་གི་མཐུས། །ཚེ་ཡི་སྒྲུབ་པ་ཡིད་ཀྱིས་བསྒྲུབ། །དང་པོ་ཚེ་ཡི་རྟེན་གནས་ལ། །སྤྲུལ་པ་བཀྱེ་ཞིང་དྲལ་ཞིང་བཅོམ། །ཚེ་བཀུག་རྟེན་ཆེན་དེ་ལ་བསྡིམ། །གཞལ་ཡས་བསྐྱེད་དང་ཚེ་དཔག་མེད། །ཡུམ་དང་ལྷ་མོ་བཞིས་བསྐོར་བསྒྲུབ། །དགུག་ཅིང་བསྡིམ་ལ་ཚེ་དེ་ཡང་། །གང་གནས་དེ་ལ་བསྐུར་ཞིང་བསྡིམ། །ཨཾ་ཨཱ་རོ་ལིག །་རཱ་ག་ར་ཏི། ཛཿཧཱུཾ་བཾ་ཧོཿ། བྷྲཱུཾ་བཛྲ་ཨངྐུ་ཤ་ཛཿཧཱུཾ་ཨ། པཱ་ཤ་ཧཱུཾ་སྥོ་ཊ་བཾ། གྷཎྜ་ཧོཿ། ཨོཾ་བཛྲ་ཨཱ་ཡུརྫྙཱ་ན་བིནྡུ་བྷྲཱུཾ།ཚེ་བྷྲཱུཾ་ཡུ་བྷྲཱུཾ་ཎི་བྷྲཱུཾ་ཨ་བྷྲཱུཾ། ཧཱུཾ་པདྨ་རཱ་གའི་གཞལ་ཡས་ནས། །བཅོམ་ལྡན་སྣང་བ་མཐའ་ཡས་དང་། །ཡུམ་ཆེན་གོས་དཀར་མོ་དང་གཉིས། །གཉིས་མེད་རོལ་པའི་ཚེ་ཡི་གནས། །ཡབ་ཀྱི་ཚེ་ནི་དཀར་ལ་དྭངས། །ཡུམ་གྱི་ཚེ་ནི་དམར་ལ་དྭངས། །ཡབ་ཡུམ་གཉིས་སུ་མེད་པའི་ཚེ་ནི་སྣུམ་ལ་འདྲིལ། །ཚེ་དང་ཡེ་ཤེས་དབང་གི་གནས། །རྩེ་གཅིག་བསྒྲུབ་པའི་ཚེ་ལགས་ཀྱི། །ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ། །


DNG017_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱའི་ལྷ་མོ་ཆེན་མོ་བཞི། །འགུགས་དང་འདྲེན་དང་འབེབས་དང་སྩོལ་བའི་ལས་མཛད་མ། །བཅོམ་ལྡན་ཚེ་མཆོག་འགུགས་པའི་ལས་མཛོད་ཅིག །ཤར་ཕྱོགས་དུང་གི་གཞལ་ཡས་ནས། །དཀར་མོ་ཞི་བ་མགྱོགས་པའི་ལས་མཛད་མ། །ཚེ་དང་ཡེ་ཤེས་འདྲེན་པའི་ལས་མཛོད་ཅིག །ས་མ་ཡ་དེ་བཱི་ཨངྐུ་ཤ་ཛ། ལྷོ་ཕྱོགས་རིན་ཆེན་གཞལ་ཡས་ནས། །སྔོན་མོ་རྒྱས་པའི་ལས་མཛད་མ། །ཚེ་དང་ཡེ་ཤེས་འདྲེན་པའི་ལས་མཛོད་ཅིག །ས་མ་ཡ་དེ་བཱི་པཱ་ཤ་ཧཱུཾ། ནུབ་ཕྱོགས་རཱ་གའི་གཞལ་ཡས་ནས། །དམར་མོ་དབང་གི་ལས་མཛད་མ། །ཚེ་དང་ཡེ་ཤེས་འདྲེན་པའི་ལས་མཛོད་ཅིག །དེ་བཱི་ཛ་སྥོ་ཊ་བཾ། བྱང་ཕྱོགས་ཨིནྡྲ་ནཱི་ལའི་ཞིང་ཁམས་ནས། །ལྗང་གུ་དྲག་པོའི་ལས་མཛད་མ། །ཚེ་དང་ཡེ་ཤེས་འདྲེན་པའི་ལས་མཛོད་ཅིག །ས་མ་ཡ་དེ་བཱི་ཛ་གྷཎྜ་ཧོཿ། ཚེ་འགུགས་ཤིང་གང་ལ་གནས་པ་དེ་ལ་བསྡིམ་པའོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ཚེའི་ལེའུ་སྟེ་བརྒྱ་དང་གོ་དགུ་པའོ།། །།དེ་ནས་དབང་ཆེན་ཀུན་འདུས་དེས། །ནར་མར་མཆོད་པ་བྱ་བའི་རྟེན། །རིན་ཆེན་རྒྱུའམ་ས་གཞི་ལ། །པདྨ་བརྩེགས་པའི་མཆོད་རྟེན་ལ། །ཁྲུ་གང་རབ་ཏུ་བརྩིགས་པར་བྱ། །དེ་ལ་དབང་གི་ལྷ་བཀོད་དེ། །བསྙེན་ནས་མཆོད་པ་བྱས་ནས་སུ། །རྟག་ཏུ་བསྐོར་བ་བྱ་ཞིང་ཕྱག་འཚལ་ན། །འཁོར་བ་ངན་སོང་ལས་བརྒལ་ནས། །པདྨ་རིགས་ཀྱི་དངོས་གྲུབ་འཐོབ། །ས་ལ་སོགས་པར་ཕྱག་རྒྱ་བྱས། །རྣམ་གྲོལ་རིམ་པ་ཐོབ་པར་འགྱུར། །སྐུའམ་འབུར་དུ་བརྐོས་པའོ། །དེ་ལ་བསྙེན་བཀུར་མཆོད་བྱས་ན། །ཐེ་ཚོམ་མེད་པར་རྒྱལ་བའི་སྐུ་ཡང་འཐོབ། །གཞན་ཡང་མཆོད་པའི་རིམ་པ་ནི། །རྟག་ཏུ་དབང་གི་ལྷ་བསྒོམ་ཞིང་། །སྤྱན་དྲངས་མཆོད་དང་བསྟོད་པ་དང་། །དེ་ལ་གུས་པ་ཕུལ་བྱས་ན། །འབྲས་བུ་ངེས་པར་ཐོབ་པར་འགྱུར། །བཟའ་བ་དང་ནི་བཏུང་བ་དང་། །མྱང་བ་དང་ནི་བགོ་བ་ཡིས། །དབང་གི་ལྷ་ལ་དེ་བཞིན་བྱ། །དེ་ལྟར་ཏིང་འཛིན་དེ་ལྡན་ན། །འབྲས་བུ་དབང་དང་དངོས་གྲུབ་འཐོབ། །ཅེས་གསུངས་སོ། །


DNG017_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་མཆོག་རོལ་པའི་ཏནྟྲ་ལས། མཆོད་པ་དང་ཏིང་འཛིན་གྱི་རིམ་པ་བསྟན་པའི་ལེའུ་སྟེ་ཉིས་བརྒྱ་ཐམ་པའོ།། །།དེ་ནས་སྒོ་བ་ཁྲོ་བོ་མ་རུངས་པའི། །ལས་ཀྱི་རྣམ་པ་འདི་རྣམས་བཤད། །གསང་བའི་ལས་སུ་བསྟན་པ་ལས། །ཐབས་དང་ཤེས་རབ་འདྲེལ་བ་ལ། །སྒོ་བ་ཡབ་ཡུམ་དེ་བཤད་དོ། །བྱང་ཆུབ་སེམས་ཀྱི་སྤྲིན་ཚོགས་ལས། །ཕྱོགས་བཞི་དག་ཏུ་སྤྲོས་པ་ལས། །ཁྲོ་བོ་ལུས་གཅིག་འབར་བ་ལ། །མགོ་དགུ་བརྩེགས་པའི་ཆ་བྱད་བྱུང་། །གཅིག་ནི་སྣང་ལ་རང་བཞིན་མེད། །བརྒྱད་ནི་ཡེ་ཤེས་འོད་དང་ལྡན། །དེ་ཡི་སྟེང་དུ་དབུ་རེ་བྱུང་། །དབུ་ནི་ཁྲོ་བོ་འབར་བ་སྟེ། །ཀུན་ཀྱང་དཀར་ལ་གཙིགས་པར་བྱུང་། །ཕྱག་མཚན་ཀུན་ཀྱང་ལྕགས་ཀྱུ་བསྣམས། །པགས་པ་གསུམ་གྱི་ཆས་ལྡན་པ། །ཤར་གྱི་སྒོ་ལ་གནས་པའོ། །བྱང་ཆུབ་སེམས་ཀྱི་འོད་ཟེར་ལས། །ཁྲོ་བོའི་ལུས་ལ་མགོ་བདུན་བརྩེགས། །སེར་ལ་ཨག་ཚོམ་འབར་བ་སྟེ། །ཕྱག་མཚན་ཞགས་པ་རེ་རེ་བསྣམས། །པགས་པ་དུར་ཁྲོད་ཆས་དང་ལྡན། །སྤྲུལ་པས་བ་སྤུ་བལྟམས་པ་སྟེ། །ཞིང་ཆུང་གདན་ལ་བགྲད་པའོ། །གཞལ་ཡས་ལྷོ་སྒོའི་ཕྱོགས་ན་གནས། །བྱང་ཆུབ་སེམས་ཀྱི་སྤྲིན་སྤྲོས་པས། །ཁྲོ་བོའི་ལུས་ལ་ཞལ་བགྲད་པ། །དམར་པོ་རལ་པ་འགྱེང་བ་སྟེ། །མགོ་ལྔ་བརྩེགས་པ་དུར་ཁྲོད་ཆས། །ལྕགས་སྒྲོག་རེ་རེ་བསྣམས་པ་སྟེ། །ཞིང་གི་གདན་ལ་ཡང་དག་གནས། །གཞལ་ཡས་ནུབ་ཕྱོགས་སྒོ་ལ་གནས། །བྱང་ཆུབ་སེམས་ཀྱི་སྤྲིན་སྤྲོས་པས། །ཁྲོ་བོའི་ལུས་ལ་མགོ་གསུམ་བརྩེགས། །ལྗང་གུའི་མདོག་ལ་མཆེ་བ་ཅན། །དུར་ཁྲོད་ཆས་དང་ལྡན་པའོ། །ཞིང་ཆུང་གདན་ལ་བཞུགས་པ་སྟེ། །གཞལ་ཡས་བྱང་སྒོ་ཕྱོགས་ལ་གནས། །དེ་ལྟར་སྒོ་བ་བཞི་རུ་གནས། །རྣམ་བཞིའི་ལས་ཀུན་རྫོགས་པར་བྱེད། །སྥོ་ཊ་བཾ་པཱ་ཤ་ཤ་ཛ་མིང་ཤ་ཡ། དེ་ལྟར་སྔགས་བརྗོད་པས་ལས་ལ་བསྐུལ་བའོ། །ཞེས་གསུངས་སོ། །རྟ་མཆོག་


DNG017_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་པའི་ཏནྟྲ་ལས། སྒོ་བ་མགོ་བརྩེགས་དོན་གྱི་ལེའུ་སྟེ་ཉིས་བརྒྱ་གཅིག་པའོ།། །།དེ་ནས་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ངང་ལ་གནས་པ་ལ། དེའི་དོན་གསལ་བར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོའི་དོན་འདི་གསུངས་སོ། །ཨོཾ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཨེ་ཨ་ར་ལི་ཧཱུཾ་ཧྲཱྀཿཛ་ཨོཾ་ཨཱཿཧཱུཾ། ཞེས་པ་དེ་དག་གསུངས་པ་དེ། །དེ་ཡི་ལས་རྣམས་བཤད་པ་ནི། །ཨོཾ་ནི་ཡེ་ཤེས་ཀུན་གྱི་སྙིང་། །ཕྱི་མོ་ཡི་གེ་ཕྲེང་བ་སྟེ། །གསལ་བའི་ཕྲེང་བས་གསུངས་པ་སྟེ། །རིག་སྔགས་དང་ནི་གསང་སྔགས་དང་། །སྙིང་པོ་དང་ནི་གཟུངས་སྔགས་སོ། །ཡབ་ཀྱི་གསང་སྔགས་དམ་པར་གསུངས། །ཡུམ་གྱི་རིག་སྔགས་དམ་པར་རོ། །གཉིས་མེད་དྲིལ་བའི་སྙིང་པོ་ནི། །མི་འགྱུར་བ་ཡི་གཟུངས་སྔགས་སོ། །ཀུན་ལ་སྤྲོས་དང་ཕྱག་བྱའོ། །དེ་ལྟར་ཡི་གེ་དེ་རྟོགས་ན། །སྔགས་རྣམས་ཐམས་ཅད་གྲངས་ཆ་འགྲོ། །བདེ་གཤེགས་ཀུན་གྱི་སྙིང་པོ་སྟེ། །ཐམས་ཅད་དེ་ལ་གནས་པའོ། །དེ་ཡིས་ལས་རྣམས་བྱས་པ་ན། །བྱིན་རླབས་ཆེན་པོ་དེ་ལས་འབྱུང་། །བྱིན་རླབས་སྔགས་དང་ཕྱག་རྒྱ་ཡིན། །རྒྱལ་བ་གཅིག་འགྲུབ་ཀུན་ཀྱང་འགྲུབ། །སངས་རྒྱས་རྣམས་ཀྱི་དགོངས་པ་སྟེ། །ཐམས་ཅད་གཅིག་པར་ཀུན་གྱིས་མཁྱེན། །དེས་ན་དགོངས་པ་གཅིག་པའོ། །དེ་ལྟར་སྙིང་པོ་དེ་བརྗོད་པས། །སྔགས་ལས་འོད་ཟེར་འཕྲོས་པ་ཡིས། །དེ་བཞིན་གཤེགས་ཀུན་ཐུགས་བསྐུལ་ནས། །བདེ་གཤེགས་རྒྱལ་བ་ཀུན་འདུས་ཏེ། །གསང་བའི་དངོས་གྲུབ་དེ་ལ་འབེབས། །ཡེ་ཤེས་ཆེན་པོ་རབ་ཏུ་གསང་། །བྱང་ཆུབ་ཆེན་པོ་རབ་ཏུ་གསང་། །སངས་རྒྱས་དངོས་གྲུབ་རབ་ཏུ་གསང་། །མ་རྟོགས་པ་དང་ལོག་པར་རྟོག །དེ་དག་ལ་ནི་རབ་ཏུ་གསང་། །སྔགས་ཀྱི་དངོས་གྲུབ་དམ་པ་འབེབས། །དངོས་གྲུབ་དམ་པ་འདིར་སྩལ་བས། །གང་འདོད་བསམ་པ་འགྲུབ་པར་འགྱུར། །གསང་སྔགས་གསང་བར་སྒྲུབ་པ་སྟེ། །གསང་བའི་མཆོག་སྟེ་སྙིང་པོའི་དོན། །སྙིང་པོ་དམ་པ་གཟུངས་དང་ལྡན། །དེ་དོན་རྒྱལ་བའི་སྙིང་པོ་ཡིན། །


DNG017_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་བྱིན་རླབས་དེ་འབྱུང་བས། །སྔགས་དང་སྙིང་པོའི་དོན་ལ་རབ་ཏུ་འབད། །ཅེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། སྙིང་པོ་སྔགས་དང་རིག་སྔགས་གཟུངས་སྔགས་བསྟན་པའི་ལེའུ་སྟེ་ཉིས་བརྒྱ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་དབང་ཆེན་ཀུན་འདུས་དེས། དེ་ནས་ཡེ་ཤེས་ཀྱི་མཁའ་འགྲོ་མ་འཐོན་ནས། ལས་ཀྱི་མཁའ་འགྲོ་མ་ལས་ལ་གཏང་བ་འདི་གསུངས་སོ། །མཁའ་འགྲོ་མ་རྣམས་དབང་དུ་བསྡུས་ནས། གསང་བའི་དམ་ཕོག་སྟེ། ལས་བཅོལ་བའོ། །དབང་མོ་དང་། སྲིན་མོ་དང་། ཤ་ཟ་མ་དང་། མོན་གྲུ་མ་དང་། སྐེམ་བྱེད་མ་དང་། གཏོར་ལེན་མ་དང་། བྱ་རོག་གདོང་དང་། འུག་པ་གདོང་དང་། ཁྱི་གདོང་དང་། སྤྱང་མོ་གདོང་དང་། གཅན་གཟན་གདུག་པའི་གཟུགས་འཛིན་མ་དང་། རོ་ལངས་མ་དང་། འབར་མ་དང་། བླ་རྐུན་མ་དང་། མི་བཟད་མ་རྣམས་དབང་དུ་བསྡུས་ཏེ། ཨོཾ་ར་ཏྲི་ཁ་ལ་ཧེ་ཏྲི་ཤ་ཡ་ཤ་མ་གྃ་གྃ་ཧེ་ཕཊ། ཅེས་བརྗོད་ཅིང་ལས་ཀུན་བྱེད་པར་དབང་བསྐུར་ཏེ། དབང་གི་ལས་ཐམས་ཅད་བྱེད་པར་དམ་བཅས་སོ། །དེ་ནས་ཡང་གཏོར་མ་སྦྱིན་པའི་སྔགས་འདི་དག་གསུངས་སོ། །ཨོཾ་རག་ཤྣ་ཀྣི་ནི་མ་མེ་ཤ་ལིཾ་པཱུ་ཛ་ཧོ། དེ་ཡིས་གཏོར་མ་སྦྱིན་པའོ། །ཨོཾ་ཀརྨ་ད་ཤ་ས་མ་ཡ་ནི་བྷྱོ། དེས་ནི་མཁའ་འགྲོ་རྣམས་ལ་ལས་བཅོལ་བའོ། །ཡ་ཏྲ་པ་ནི་ཨིན་ཤྣ་ལྱ་བྷྱེ་ཧ་བྷྱོ། ཨི་དན་སྱཾ་མཾ་བྱ། དམ་སྦྱིན་པའོ། །དེ་ནས་མཁའ་འགྲོ་མ་དེ་དག་སོ་སོ་རང་རང་གི་ལས་དང་འདུལ་སྐལ་ལ་བཀོད་དོ། །དེ་ནས་ཨེ་ཀ་མ་དང་། རལ་པ་མ་དང་། ཁྲག་མདོག་མ་དང་། དེ་རྣམས་ཀྱང་གོང་དུ་བསྟན་པ་དེ་བཞིན་ལས་རྣམས་ཐམས་ཅད་འགྲུབ་པར་བྱེད་པའོ། །དེ་ལྟར་ཇི་ལྟར་བསྒོ་ཞིང་ཀུན་ཀྱང་བྱེད། མཁའ་འགྲོ་མ་རྣམས་ཀྱིས་དབང་གིས་ལས་ཐམས་ཅད་འགྲུབ་པར་བྱེད་པའོ། །གཞན་ཡང་ཕོ་ཉ་དང་། མགོ་བརྙན་དང་། སྤྲུལ་པ་དང་། ཡང་སྤྲུལ་དང་། སུམ་སྤྲུལ་དུ་བྱེད་པས་ལས་བྱེད་པའོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། ལས་ཀྱི་མཁའ་འགྲོ་མ་ལས་ལ་བསྒོ་བའི་ལེའུ་སྟེ་


DNG017_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

ཉིས་བརྒྱ་གསུམ་པའོ།། །།དེ་ནས་དབང་གི་རྒྱལ་པོ་དབང་ཆེན་ཀུན་འདུས་དེས། མ་རུངས་པའི་དྲེགས་པ་བདུད་དང་སྲིན་པོ་དང་། རཱུ་ཏྲ་མ་རུངས་པ་མ་ཏྲཾ་ཀ །མ་ཏྲང་རཱུ་ཏྲ། ཨ་ཀར་རཱུ་ཏྲ། དྲི་ཟ་དང་། མེ་ལྷ་དང་། གཤིན་རྗེ་དང་། ལངྈ་དང་། གདུག་པ་མ་རུངས་པ་དང་། བསྟན་པ་ལ་གནོད་པ་འཁོར་བའི་རཱུ་ཏྲ་དེ་དག་ཐམས་ཅད་བསྒྲལ། ཕུང་པོ་དུར་ཁྲོད་གཞལ་ཡས་སུ་བྱས་པ། ག་གོ་གདན་དུ་བོར། མ་རུངས་པའི་གནས་བཅོམ། ཤ་ཟོས་ཁྲག་འཐུང་རུས་པ་འཆོས། འཁོར་བའི་འདམ་དུ་བྱིང་བ་དེ་རྣམས་བསྒྲལ་ཀྱང་། ད་དུང་གྱ་གྱུ་དང་། ལྷག་མ་ལ་ཞེན་པ་དེ་དག །ངན་སོང་འཁོར་བའི་གཞི་འཛིན་པ། ལྟ་བ་ལོག་པ་དེ་དག །གནས་ཡང་དག་པར་མཛད་པའི་ཕྱིར། སྦྱང་བ་ཕྲིན་ལས་ཀྱི་གནས་འདི་གསུངས་སོ། །སེམས་ཅན་དེ་དག་ཀུན་གྱི། དུག་གསུམ་སྦྱང་བའི་སླད་དུ། །མ་དད་ཆེན་པོ་ཁྱོད་ལུས་ལ། །དུག་གསུམ་ཞེ་སྡང་མེ་ལྟར་འབར། །མེ་ཡི་སྙིང་པོ་རཾ་ཡིན་ཏེ། །ཡེ་ཤེས་ཆེན་པོའི་མེ་བྱུང་བས། །དྲོད་ཀྱི་ཀུན་རྟོག་དུག་གསུམ་བསྲེག་རཾ། །མ་དད་ཆེན་པོ་ཁྱོད་ལུས་ལ། །དུག་གསུང་ང་རྒྱལ་རླུང་དུ་འཚུབ། །ཡེ་ཤེས་ཆེན་པོའི་རླུང་བྱུང་བས། །དུག་གསུམ་ང་རྒྱལ་འབུད་པར་བྱའོ་ཡཾ། །མ་དད་ཆེན་པོ་ཁྱོད་ལུས་ལ། །དུག་གསུམ་འདོད་ཆགས་ཆུ་ལྟར་འབྲུབ། །ཡེ་ཤེས་ཆེན་པོའི་ཆུ་བྱུང་བས། །དུག་གསུམ་འདོད་ཆགས་བཀྲུ་བར་བྱའོ་ཁཾ། །ངན་སོང་ཕུང་པོ་གསུམ་པོ་ལ། །དཔའ་བོ་འབྲུ་ལྔའི་གནས་བཀོད་པས། །རྒྱུད་ལྔ་འཁོར་བའི་རྒྱུན་ལམ་བཅད། །དེ་དག་རྒྱལ་བའི་སྲས་སུ་བསྐྱེད། །ཀུན་ཏུ་བཟང་པོའི་ངང་ཉིད་ལ། །སངས་རྒྱས་སེམས་ཅན་གཉིས་མེད་པས། །གཉིས་མེད་དོན་གྱི་ལུས་ལ་དགོད། །སེམས་ནི་མི་ལྡོག་དབྱིངས་སུ་བསྒྲལ། །ཕུང་པོ་རང་གྲོལ་སངས་རྒྱས་རྣམས། །འབྱུང་བའི་ཡུལ་ནི་དེ་བཞིན་ནོ། །ཙིཏྟ་རྒྱལ་བའི་གནས་སུ་སྟེ། །འོག་མིན་བླ་མེད་གནས་མཆོག་ན། །ཡབ་ཡུམ་ཕྱག་རྒྱ་དབྱིངས་རྒྱ་ནས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཆེ། །རྡོ་རྗེ་དབྱིངས་ཀྱི་གྲལ་དུ་དགོད། །ཨ་ཨ་ཡཾ་སྥ་ར་ཎ་ཕཊ། བཏབ་པས། ཡབ་ཡུམ་གནས་སུ་རྡོ་རྗེ་སེམས་དཔར་བསྐྱེད། །སེམས་


DNG017_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་འཕྲུལ་དགུ་གསལ་བ་ལ། །རྣམ་གསུམ་དབང་ཡང་བསྐུར་བར་བྱ། །དང་པོ་ཆོས་ཀྱི་གཟུགས་བརྙན་ཡིན། །གཉིས་པ་ལྷག་པར་བྱང་ཆུབ་དབང་། །གསུམ་པ་བདུད་རྩི་ཆེན་པོ་ཡིན། །དེ་ལྟར་དབང་བསྐུར་དོན་དུ་བྱ། །གཞན་ཡང་མོས་པ་ཚིག་གིས་བསྟོད། །སྤར་བ་བླ་མེད་པ་ལ་སྟེ། །བསྟོད་པ་འོག་མིན་པ་ལ་བསྟོད། །སྨོན་ལམ་རྫོགས་པ་ཆེན་པོར་གདབ། །ཧཱུཾ། ཕོ་བྲང་པདྨའི་གདན་སྟེང་ན། །དེ་བཞིན་གཤེགས་པའི་ལྷ་རྣམས་ཀྱིས། །སྤར་དང་བསྟོད་པའི་ལས་མཛད་ལ། །ཉོན་མོངས་འཁོར་བ་ཞི་བར་མཛོད། །ཅེས་བསྟོད་དོ། །དེ་ནས་རྒྱུད་དང་ལུང་དག་དང་། །མན་ངག་ལ་སོགས་སྨོན་ལམ་བཏབ། །དེ་ལྟར་དེ་ཡི་བྱིན་རླབས་ཀྱིས། །འབྲས་བུ་མཐོ་རིས་འཐོབ་པའོ། །གསང་བའི་རྫོགས་པའི་ས་ལ་དགོད། །ཅེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། མ་དད་པ་འཁོར་དང་བཅས་པ་བསྒྲལ་བ་དེ་གནས་བདེ་བ་ལ་དགོད་པ་གསང་བའི་ལེའུ་སྟེ་ཉིས་བརྒྱ་བཞི་པའོ།། །།དེ་ནས་གསང་བའི་ལས་སྦས་པའི་ཐིག་ལེ་ཕ་རོལ་ཕྱིན་པའི་གནས་དམ་པ་ཐོབ་པ། སྤྱོད་པ་བཅུ་གནས་སུ་དག་ནས། གནས་མཆོག་མ་བགྲོད་བདེ་བ་ཐོབ་པའི། ལས་ཀྱི་རྣམ་པ་འདི་རྣམས་གསུངས་སོ། །ལས་ཀྱི་རྒྱལ་དང་ཕྱག་ན་རྡོ་རྗེ་དང་། །པདྨ་སེམས་དཔའ་ཁྱེད་རྣམས་ཉོན། །བྱང་ཆུབ་ལམ་ལ་དགོད་པའི་ཕྱིར། །ཆོས་ཀྱི་སྤྱོད་པ་བཅུ་ཡང་སྤྱོད། །རྣམ་དཀར་དགེ་བ་ལ་འདུན་ཕྱིར། །སྦྱིན་པ་རྣམ་གཉིས་རྟག་ཏུ་ཐོང་། །བརྗོད་དུ་མེད་པའི་དོན་རྟོགས་ཀྱང་། །སྒྲིབ་པ་ས་ལམ་རིམ་པར་སྦྱོང་། །སེམས་ལས་མ་གཏོགས་སངས་རྒྱས་གཞན་མེད་ཀྱང་། །རྟག་ཏུ་སངས་རྒྱས་རྣམས་ལ་མཆོད། །ཀུན་གཞི་ཆོས་ཀྱི་མཛོད་ཡིན་ཡང་། །ཆོས་ཀྱི་སྒོ་དང་རྣམ་གྲངས་ལ། །རིམ་པ་དེ་ལ་སྤྱོད་པར་གྱིས། །གཙང་དང་དམེ་བ་གཉིས་མེད་ཀྱང་། །བྱང་ཆུབ་ཆུ་རྒྱུན་ཁྲུས་རྣམས་ཀྱིས། །སྐྱེ་བ་མེད་པའི་དོན་རྟོགས་ཀྱང་། །སྦྱིན་པ་རྣམ་བཞི་རྟག་ཏུ་ཐོང་། །སངས་རྒྱས་སེམས་ཅན་གཉིས་མེད་ཀྱང་། །རྩོལ་བ་དྲག་པོས་བརྩོན་འགྲུས་སྐྱེད། །ཅེས་གསུངས་སོ། །དེ་ནས་ཡང་བཀའ་སྩལ་པ། སེམས་དཔའ་


DNG017_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་ཁྱོད་རྣམས་ཉོན། །ཐེག་པའི་རིམ་པ་བསམ་ཡས་ཀྱང་། །རྟོགས་པའི་དོན་ལ་གཅིག་ལས་མེད། །ཆོས་ཀྱི་འབྲས་བུ་བསམ་ཡས་ཀྱང་། །རྟོགས་ན་བྱང་ཆུབ་སེམས་ལས་མེད། །གནས་ཀྱི་བྱེ་བྲག་བསམ་ཡས་ཀྱང་། །རྟོགས་ན་བགྲོད་མེད་གནས་ལས་མེད། །ཆོས་ཀྱི་སྒོ་མོ་བསམ་ཡས་ཀྱང་། །རྟོགས་ན་འཇུག་སྒོ་གཅིག་ལས་མེད། །ཐམས་ཅད་བྱང་ཆུབ་སེམས་ཆེན་པོ། །དེ་ལ་རྟག་ཏུ་སྒོམ་པར་གྱིས། །ཞེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། འཇུག་སྒོ་བསྟན་པའི་ལེའུ་སྟེ་ཉིས་བརྒྱ་ལྔ་པའོ།། །།དེ་ནས་དབང་ཆེན་འདུས་པ་དེས། །པདྨ་སེམས་དཔའ་ལ་སོགས་ཉོན། །ཐམས་ཅད་སེམས་ཉིད་ཡིན་པ་ལ། །བྱང་ཆུབ་སེམས་ཞེས་བཤད་པ་ཡང་། །ཆོས་ཀྱི་སྒོ་མོ་དེ་གསུངས་ཀྱང་། །གཉེན་པོ་ཉིད་དུ་གསུངས་པ་ཡིན། །ཉོན་མོངས་བརྒྱད་ཁྲི་བཞི་སྟོང་ཡང་། །རྩ་བ་ཉོན་མོངས་ལྔ་རུ་འདུས། །དེ་ལས་རྩ་བ་གསུམ་དུ་འདུས། །ཉོན་མོངས་རྩ་བ་འདོད་ཆགས་ཡིན། །དེ་ཉིད་འདུལ་བའི་གཉེན་པོ་ནི། །འདུལ་བ་ཉི་ཁྲི་ཆིག་སྟོང་ཡིན། །དག་བྱེད་གཉེན་པོ་གཅིག་ལས་མེད། །ཉོན་མོངས་དུག་སྡོང་ཆེན་པོ་ཞེ་སྡང་ཡིན། །དེ་ཡི་འདུལ་བའི་གཉེན་པོ་ནི། །མདོ་སྡེ་ཉི་ཁྲི་ཆིག་སྟོང་ཡིན། །ཅིག་ཅར་གཉེན་པོ་གཅིག་ལས་མེད། །ཉོན་མོངས་དུག་སྡོང་གཏི་མུག་ཡིན། །དེ་ཡི་འདུལ་བའི་གཉེན་པོ་ནི། །མངོན་པ་ཉི་ཁྲི་ཆིག་སྟོང་གསུངས། །སྤྱོད་བྱེད་གཉེན་པོ་གཅིག་ལས་མེད། །དེ་ལྟར་རྟོགས་པས་དེ་དག་ནི། །སྡུག་བསྔལ་ཆོས་ཉིད་ཉིད་དུའོ། །ཉོན་མོངས་ལྔ་ཡང་ཡེ་ཤེས་ལྔ། །ཡེ་ཤེས་ལྔ་ཡང་དེ་ཉིད་དོན། །ཐམས་ཅད་གཉིས་མེད་དོན་དུ་བཤད། །ཐབས་དང་ཤེས་རབ་གཉིས་མེད་པའོ། །སྐུ་དང་ཐིག་ལེ་གཉིས་མེད་པའོ། །དབྱིངས་དང་ཡེ་ཤེས་གཉིས་མེད་པའོ། །སངས་རྒྱས་སེམས་ཅན་གཉིས་མེད་པའོ། །འདི་དང་ཕ་རོལ་གཉིས་མེད་པའི། །སྐྱེ་དང་འགག་པ་གཉིས་མེད་པའོ། །ཅེས་གསུངས་སོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། འཁོར་རྣམས་ལ་ཆོས་གཉེན་པོ་དང་གཉིས་སུ་མེད་པའི་དོན་བསྟན་པའི་ལེའུ་སྟེ་ཉིས་བརྒྱ་དྲུག་པའོ།། །།དེ་ནས་པདྨ་


DNG017_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱི་སེམས་དཔའ་དང་། ཕྱག་ན་རྡོ་རྗེ་དང་། ལས་ཀྱི་རྒྱལ་པོ་རྣམས་ཀྱིས། དབང་གི་རྒྱལ་པོ་ལ་མགྲིན་གཅིག་ཏུ་བསྟོད་དོ། །ཨེ་མ་ཧོ་དབང་གི་རྒྱལ་པོ་ཆེ། །སངས་རྒྱས་ཀུན་གྱི་ཡབ་ཆེན་པོ། །ཐམས་ཅད་ཀུན་བཟང་ཡངས་པའི་གནས། །སངས་རྒྱས་གཙོ་མཆོག་ཁྱོད་ལ་བསྟོད། །ཨེ་མ་ཧོ། བདེ་བར་གཤེགས་པ་མང་པོའི་སྲས། །སངས་རྒྱས་ཀུན་འདུས་ཀུན་མཁྱེན་དཔལ། །ཐམས་ཅད་ཀུན་གྱི་མཛོད་འཛིན་པ། །སྟོན་པའི་སྒྲོན་མ་ཁྱོད་ལ་བསྟོད། །ཨེ་མ་ཧོ་བདེ་གཤེགས་ཐུགས་རྗེ་ཆེ། །ཆོས་ཀྱི་ཆར་ཆེན་འབེབས་མཛད་པ། །ཐམས་ཅད་གནས་སུ་འདྲེན་མཛད་པའི། །སངས་རྒྱས་ཐུགས་རྗེ་གཙོ་ལ་བསྟོད། །ཨེ་མ་ཧོ་བདེ་གཤེགས་བཅོམ་ལྡན་འདས། །སེམས་ཅན་ཀུན་གྱི་སྐྱབས་མཛད་ཅིང་། །ཕོངས་པ་རྣམས་ཀྱི་རེ་བ་སྐོང་། །ཐུགས་རྗེ་མགོན་སྐྱབས་ཁྱོད་ལ་བསྟོད། །ཨེ་མ་ཧོ་པདྨ་མཛོད་འཛིན་ཅིང་། །ལོངས་སྤྱོད་དོན་དམ་གཏེར་འཛིན་ཅིང་། །དགོས་འདོད་ཐམས་ཅད་སྐོང་མཛད་པ། །ནོར་བུ་རིན་ཆེན་ཁྱོད་ལ་བསྟོད། །ཨེ་མ་ཧོ་ཐུགས་རྗེ་ཆེ་ལྡན་ཅིང་། །མ་རིག་རྨོངས་པའི་མུན་པ་སེལ། །ཐམས་ཅད་ཐུགས་རྗེ་འོད་ཀྱིས་འདྲེན་མཛད་པ། །སྟོན་པའི་སྒྲོན་མ་ཁྱོད་ལ་བསྟོད། །ཨེ་མ་ཧོ་ཐུགས་རྗེ་མགོན་སྐྱབས་ལྡན། །ཐམས་ཅད་ཉེ་བའི་མགོན་སྐྱབས་མཛད། །སྐྱབས་ཆེན་དམ་པ་གདུགས་ཀྱི་མཆོག །ཐུགས་རྗེའི་མགོན་སྐྱབས་ཁྱོད་ལ་བསྟོད། །ཨེ་མ་ཧོ་འདོད་ཆགས་ཆགས་པ་ཆེ། །ཆགས་པས་ཆགས་པའི་ནད་རྣམས་སེལ། །ཆགས་པ་དག་པ་ཡེ་ཤེས་མཆོག །དག་པའི་གཙོ་མཆོག་ཁྱོད་ལ་བསྟོད། །ཨེ་མ་ཧོ་སངས་རྒྱས་སྟོན་པའི་མཆོག །མ་རིག་ནད་ཀྱིས་ཟིན་པ་ལ། །དམ་ཆོས་བདུད་རྩིས་འཚོ་བྱེད་པ། །སྨན་གྱི་རྒྱལ་པོ་ཁྱོད་ལ་བསྟོད། །སངས་རྒྱས་སྟོན་པ་ཐུགས་རྗེའི་བདག །བྱམས་མགོན་ཐུགས་རྗེ་ལྡན་པའི་མཆོག །ཐམས་ཅད་ལམ་གནས་བདེར་འགོད་པ། །བྱམས་མགོན་ཐུགས་རྗེའི་བདག་


DNG017_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བསྟོད། །ཅེས་མགྲིན་གཅིག་ཏུ་བསྟོད་པའོ། །རྟ་མཆོག་རོལ་པའི་ཏནྟྲ་ལས། འཁོར་རྣམས་བཅོམ་ལྡན་འདས་དབང་གི་རྒྱལ་པོས་གསུངས་པ་ལ་ཡི་རངས་ནས་བསྟོད་པའི་ལེའུ་སྟེ་ཉིས་བརྒྱ་བདུན་པའོ།། །།དེ་ནས་དབང་གི་རྒྱལ་པོས་བཀའ་སྩལ་པ། པདྨ་ལས་ཀྱི་སེམས་དཔའ་དང་། ལས་ཀྱི་རྒྱལ་པོ་དང་། ཕྱག་ན་རྡོ་རྗེ་ལ་སོགས་པའི་འཁོར་ཁྱེད་རྣམས་ཀྱིས། ངའི་རྒྱུད་འདི་ཟུང་ཞིག །འཆོངས་ཤིག །ལྷོགས་ཤིག །ཁ་ཏོན་དུ་གྱིས་ཤིག །ཐུབ་པར་གྱིས་ཤིག །དར་ཞིང་རྒྱས་པར་གྱིས་ཤིག །ཡོངས་སུ་སྒྲོགས་ཤིག །ཤོད་ཅིག །སྟོན་ཅིག །རྒྱུད་འདི་བདུད་རྩི་དམ་པ་ཡིན་ནོ། །འདི་ནི་དངོས་གྲུབ་དམ་པ་ཡིན་ནོ། །འདི་ནི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །རྒྱུད་ནི་ཐབས་དང་ཤེས་རབ་དང་། དབྱིངས་དང་ཡེ་ཤེས་ཕ་རོལ་ཕྱིན་པའི་གདེང་འདི་བཟུང་བས་མཆོག་ཏུ་གྱུར་པས་རྟ་མཆོག་རོལ་པའི་རྒྱུད་ཅེས་བྱ་བར་ཟུང་ཞིག །འདི་ལས་དགོས་པ་ཐམས་ཅད་འབྱུང་བས། ནོར་བུ་རིན་པོ་ཆེའི་རྒྱུད་ཅེས་བྱ་བར་ཟུང་ཞིག །རྟོག་པ་ཐམས་ཅད་སེལ་བར་བྱེད་པས། རྟོག་པ་སེལ་བའི་རྒྱུད་ཅེས་བྱ་བར་ཟུང་ཞིག །ཐམས་ཅད་སྒྲོལ་བར་བྱེད་པས། སྒྲོལ་བྱེད་ཆེན་པོའི་རྒྱུད་ཅེས་བྱ་བར་ཡང་ཟུང་ཞིག །ཅེས་གདམས་སོ། །དེ་ནས་པདྨ་ལས་ཀྱི་སེམས་དཔའ་དང་། ལས་ཀྱི་རྒྱལ་པོ་དང་། ཕྱག་ན་རྡོ་རྗེ་ལ་སོགས་པའི་འཁོར་དེ་རྣམས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་རྗེས་སུ་ཡི་རངས་པར་གྱུར་ནས། མིག་མི་འཛུམ་པར་བལྟས་ཏེ་གནས་པའོ། །དེ་ནས་འཁོར་དེ་རྣམས་རང་རང་གི་ས་ལ་འཁོད་དོ། །རྟ་མཆོག་རོལ་པའི་ཏན་ཏྲ་ལས། རྒྱུད་ཡོངས་སུ་བཟུང་ཞིང་གཏད་པའི་ལེའུ་སྟེ་ཉིས་བརྒྱ་བརྒྱད་པའོ།། །།རྟ་མཆོག་རོལ་པའི་རྒྱུད་ཆེན་པོ་རྫོགས་སོ།། །།རྒྱ་གར་སྐད་ལས་བོད་སྐད་དུ་བསྒྱུར་བའི་ལོཙྪ་བ་ནི། རཀྵྀ་སིདྡྷི་དང་། ལྕེ་ཀུ་ཀུ་རཱ་ཛས་བསྒྱུར་ཅིང་གཏན་ལ་ཕབ་པའོ།། །།

དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་དང། ཡོན་ཏན་དང་། ཕྲིན་ལས་གསང་བར་བཀའ་བགྲོས་པ། དབང་རྒྱས་རྟ་མཆོག་རོལ་པའི་རྒྱུད་ཆེན་པོ།


DNG017_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀ་ཙིཏྟ་གུ་ཎ་ཀརྨ་གྷུ་ཧྱ་ཨཱཛྙཱ་སམྨ་ཏ་བ་ཤ་པུཥྚ་པྲ་ཧ་ཡ་ལ་ལི་ཏ་མ་ཧཱ་ཏན་ཏྲ། བོད་སྐད་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་དང་། ཡོན་ཏན་དང་། ཕྲིན་ལས་གསང་བར་བཀའ་བགྲོས་པ། དབང་རྒྱས་རྟ་མཆོག་རོལ་པའི་རྒྱུད་ཆེན་པོ། ལྷུན་གྱིས་གྲུབ་པའི་སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཡོན་ཏན་གསང་བའི་བདག་ཉིད་ཆེ་མཆོག་དབང་མཆོག་དམ་པ་སོ་སོ་མ་ཡིན་པའི་རང་བཞིན་ཏེ། མཐའ་དབུས་མེད་པའི་འོག་མིན་གྱི་གནས། དྲག་པོ་མཐིང་ནག་འབར་བའི་གཞལ་ཡས་ཁང་ཀུན་ཏུ་ཟླ་གམ་དུ་གྱུར་པ། གཞི་ཚད་མེད་པ་ཡེ་ཤེས་ཀྱི་འཁོར་ལོ་ལས་གྲུབ་པ། རྒྱུ་རིན་པོ་ཆེ་སྣ་ཚོགས་འབར་བ། འཇིགས་བྱེད་འབར་བའི་རྒྱན་མང་པོས་བཀླུབས་པ། ནམ་མཁའི་མཐའ་དང་མཉམ་པ། ཕོ་བྲང་ལྷུན་གྱིས་གྲུབ་པ། བྱང་ཆུབ་སེམས་ཀྱི་རང་བཞིན། སྤྲུལ་པ་མེ་འབྲུག་དང་རླུང་འབྲུག་གིས་དུས་བཞིར་ཕྱེ་བ། ཐུག་ཆོམ་དང་འུར་སྒྲས་འདིར་ཅིང་སྒྲ་འབྱིན་པ། ཁྲོ་བོ་མང་པོའི་ཡུལ་དུ་གྱུར་པ། གསང་བ་ཐམས་ཅད་ཀྱི་མཛོད་དུ་གྱུར་པ། དྲག་ཤུལ་སྔགས་ཀྱི་རྒྱབ། དབང་ཆེན་ཤུགས་ཀྱིས་བསྒྲལ་བས། ཁམས་གསུམ་དབང་དུ་བསྡུས་ཏེ། ལྷ་ཆེན་པོ་བརྒྱད་ཀྱི་རྩིག་རྨང་བྱས་པ། ཕྱོགས་སྐྱོང་བཅུ་བཞིས་བརྩིག་པར་བརྩིགས་པ། ཀླུ་ཆེན་པོ་བརྒྱད་ཀྱིས་གདུང་ཕྱམ་དུ་དྲེས་པ། གཟའ་ཆེན་པོ་བརྒྱད་ཀྱིས་བད་དང་དྲལ་མར་བྱས་པ། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཀྱིས་བསིབ་བྱས་པ། ཐོད་རུས་ཀྱི་བར་ཁྱམས་ལ། གནམ་ལྕགས་ཀྱི་གཟེར་གྱིས་བརྒྱན་པ། ཉི་མ་དང་ཟླ་བས་སྤྲས་པ། ཞིང་ཆེན་བླ་དྲེ་དང་འཕན་གདུགས་ཀྱིས་བརྒྱན་པ། ཉ་ཆེན་གྱི་འཕན་དང་།


DNG017_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

སྦྲུལ་ཆེན་ཟ་ར་ཚགས་སུ་གནས་པ། ཆུ་སྲིན་གྱི་སྒོ་དང་། མེ་རི་དམར་ནག་སྤྲིན་ལྟར་གཏིབས་པ། དབུས་ཀྱི་ཕོ་བྲང་ལ་སྐར་མ་རྒྱལ་གྱི་འོད་ཟེར་གདུགས་སུ་བསྐོར་བ་དེ་ན། ཕྱོགས་བཅུ་དུས་བཞིའི་སངས་རྒྱས་གར་གྱི་དབང་ཕྱུག་ཆེན་པོ། ཐུགས་ཆགས་པ་ཆེན་པོར་གྱུར་པ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་དང་ལྡན་པ། ཀུན་ཏུ་ཞལ་པདྨ་དང་། འཁོར་ལོ་དང་། རྡོ་རྗེ་དང་། རིན་པོ་ཆེ་དང་། ལས་ཀྱི་རིགས་སུ་གྱུར་པ་དང་། གྲངས་དང་། ཕྱག་རྒྱ་དང་། ཁ་དོག་ལ་སོགས་པའི་ངོ་བོར་བཞུགས་སོ། །དེ་ཡང་རིགས་ཀྱི་ཡབ་དང་། ཡུམ་དང་། སེམས་དཔའ་དང་། སེམས་མ་དང་། ཁྲོ་བོ་དང་། ཁྲོ་མོར་བཅས་པ་བཞུགས་སོ། །དེ་ཡང་ཀུན་ནས་ཉོན་མོངས་པ་མཚན་མར་བཅས་པས་རོལ་པར་མཛད། ཆེ་བའི་ཆེ་མཆོག་དབང་མཆོག་དམ་པ་དེས། ཕྲིན་ལས་རྣམ་པ་བཞིས་དོན་མཛད་དེ། ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་བསྐོར་ནས་བཞུགས་པ་ནི། རོལ་པ་ཆེན་པོ་མི་བསྐྱོད་པ་དང་། རྡོ་རྗེ་སེམས་དཔའ་དང་། མི་འཁྲུགས་པ་དང་། བདེ་ཆེན་རྡོ་རྗེ་འཛིན་ཐ་མི་དད་པའི་ཕྱི་རིམ་ན། ཀུན་རིག་ཆོས་ཀྱི་རྗེ་དང་། རྣམ་པར་སྣང་མཛད་གངས་ཆེན་མཚོ་ཁྱབ་སྣང་མཛད་དང་། ཀུན་ཏུ་ཞལ་དང་། མངོན་པར་བྱང་ཆུབ་དང་། ཉེ་བར་གྱུར་པའི་ཕྱི་རིམ་ན། རོལ་པ་ཆེན་པོ་དཀོན་མཆོག་འབྱུང་གནས་དང་། རིན་ཆེན་འབྱུང་གནས་དང་། ནམ་མཁའ་མཛོད་དང་། རིན་ཆེན་དྲ་བ་དང་། རོལ་པ་རིན་ཆེན་ཏོག་དང་། བྱིན་བརླབ་ཐེག་པའི་འཁོར་རྣམས་ནི། རོལ་པ་ཆེན་པོ་འོད་དཔག་མེད་དང་། ཚེ་མཐའ་ཡས་དང་། ཆོས་ཀྱི་དཔལ་དང་། ཆགས་མེད་མྱ་ངན་འཇོམས་པ། ཐུགས་རྗེ་སྤྲུལ་པའི་འཁོར་རྣམས་ནི། །ལས་མཆོག་རྡོ་རྗེ་གར་དང་དོན་ཡོད་གྲུབ། །རྡོ་རྗེ་དབང་སྡུད་རྡོ་རྗེ་གནོད་སྦྱིན་དང་། །རྡོ་རྗེ་བརྩོན་འགྲུས་ཤུགས་ཀྱིས་རོལ་པར་མཛད། །གཞན་ཡང་ཐུགས་རྗེའི་འཁོར་རྣམས་ནི། །


DNG017_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་དང་དཔེ་བྱད་ཀུན་ལས་འཕྲོ། །རྔམ་ཞིང་གཏུམ་དང་ཞི་བའི་སྐུ། །དཀྱིལ་འཁོར་རྣམ་གསུམ་ཚུལ་དུ་བྱུང་། །འཁོར་ལོ་ཚོགས་ཆེན་བྱིན་རླབས་ཡིན། །ཡེ་ཤེས་ཆེན་པོའི་བྱིན་རླབས་ལས། །ཐམས་ཅད་རོལ་པར་མཛད་པ་ནི། །ས་ཡི་སྙིང་པོ་ནམ་མཁའི་སྙིང་པོ་དང་། །སྤྱན་རས་གཟིགས་དབང་ལག་ན་རྡོ་རྗེ་དང་། །འཇམ་དཔལ་གཞོན་ནུ་བྱམས་པ་མཻ་ཏྲི་དང་། །སྒྲིབ་པ་སེལ་དང་ཀུན་ཏུ་བཟང་པོ་དང་། །སྒེག་མོ་ཕྲེང་དང་དབྱངས་དང་གར་མཁན་མ། །སྤོས་དང་མེ་ཏོག་མར་མེ་དྲི་ཆབ་མ། །གཞན་ཡང་རོལ་པ་ཆེན་པོའི་འཁོར་རྣམས་ནི། །རྣམ་རྒྱལ་གཤིན་རྗེ་རྟ་མགྲིན་བདུད་རྩི་འཁྱིལ། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུར་བཅས། །དཀྱིལ་ཉིད་འཁོར་ཡིན་འཁོར་ཉིད་དཀྱིལ་ཡིན་ཕྱིར། །གཞན་ཡང་རོལ་པའི་འཁོར་རྣམས་ནི། །ཟག་མེད་ལོང་བ་རྒྱབ་འདྲེལ་བརྒྱད། །དམུས་ལོང་འཁོར་བ་དྲུག་ཅུ། །ལྕགས་སྤྱང་བརྒྱད་དང་ཡེ་ཤེས་ཁྱི། །བཅུ་དྲུག་དྲེགས་པ་རོལ་པར་མཛད། །ཐེག་དགུ་རྣམ་ཐར་བརྒྱད་དང་ནི། །ཡེ་ཤེས་དྲུག་དང་སྐུ་གསུང་ཐུགས། །རྟགས་སུ་སྒོ་བ་ཆེན་པོ་བཞི། །ཡོན་ཏན་ཡེ་ཤེས་དྲུག་ལྡན་པས། །ཁམ་རྒྱ་ཆེན་མོ་དྲུག་གི་ཚོགས། །རྣམ་ཤེས་ཚོགས་བརྒྱད་དག་པའི་དབྱིངས། །དཀྱིལ་འཁོར་བརྒྱད་ཀྱི་བདག་ཉིད་ཆེ། །རྟ་མགྲིན་དབང་དང་རྡོ་རྗེ་དབྱིངས། །བདེ་ཆེན་དཀྱིལ་འཁོར་ཡིན་པའི་ཕྱིར། །ཡེ་ཤེས་སེམས་དཔའ་གཟི་ལྡན་མ། །དབྱིངས་ལས་རིག་པ་ཤར་བས་མན་ངག་མཆོག །ཐུགས་ཀྱི་དཀྱིལ་འཁོར་རིམ་པ་གཉིས། །ཤེས་རབ་རིག་པ་མཛོད་ཀྱི་དབྱིངས། །དབུས་ཀྱི་དཀྱིལ་འཁོར་རིམ་པ་གཉིས། །མི་ནུབ་རྒྱལ་མཚན་འཁོར་ལོ་ཆེ། །འགྲོ་བ་འདུལ་བའི་དཀྱིལ་འཁོར་ནི། །དཀར་མོའི་ཚོགས་དང་རྐུན་མོའི་ཚོགས། །སྦོས་མོའི་ཚོགས་དང་གཏུམ་མོའི་ཚོགས། །རྨོངས་མོའི་ཚོགས་དང་ཐལ་མོའི་ཚོགས། །


DNG017_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

སྨེ་ཤ་ཅན་དང་མ་ཚོགས་མ། །སེང་གདོང་ཚོགས་དང་རྟ་གདོང་ཚོགས། །ཝ་གདོང་ཚོགས་དང་ཁྱི་གདོང་ཚོགས། །བཞད་གདོང་ཚོགས་དང་དུར་བྱའི་ཚོགས། །བྱ་རོག་གདོང་དང་འུག་གདོང་ཚོགས། །འཇིགས་པའི་ཕྱག་མཚན་བཅུ་དྲུག་ཆེ། །སྐྱེ་བཞི་ལས་བཞི་སྒྲོལ་མཛད་གཤོག་བཞིར་ལྡན། །དྲ་བ་ཅན་དང་གློག་འགྱུ་མ། །སྡེར་མོ་ཅན་དང་མ་མོ་དེ། །ཕྱི་ནང་གསང་བ་མཐར་ཐུག་གི། །པདྨ་ལས་བྱུང་སྐྱེ་མེད་པ། །སྟོང་རྩ་གཉིས་ཀྱི་སངས་རྒྱས་ཀྱང་། །ཉི་སྟོང་རྩ་གཉིས་ཐབས་ཀྱི་རྒྱུད། །ཟླ་སྟོང་རྩ་གཉིས་ཤེས་རབ་རྒྱུད། །ཐབས་དང་ཤེས་རབ་གཉིས་མེད་པས། །དུག་ལྔ་དངོས་པོ་རོལ་པར་མཛད། །ས་བཅུ་དུས་གཅིག་ཟིལ་གནོན་པས། །ཕ་རོལ་ཕྱིན་བཅུ་རབ་ཏུ་རྫོགས། །སྟོབས་བཅུ་ཐོགས་མེད་རབ་ལྡན་པས། །ཁྲོ་རྒྱལ་གཟིར་ནས་ཕྲིན་ལས་བཞི། །ལྷུན་གྱིས་གྲུབ་པའི་གནོན་བཟློག་གིས། །ཚར་གཅོད་མཛད་པའི་ངོ་མཚར་ནི། །མཚུངས་མེད་ཆེ་བའི་ཁྱད་པར་རབ་བསྟན་ཕྱིར། །ང་རྒྱལ་དཔུང་བསྙོལ་བདུད་ཀྱི་དཔུང་བཅོམ་ནས། །འཇིག་རྟེན་འདས་པའི་བདེ་བ་ཆེན་པོ་བརྒྱད། །ཆེ་བའི་རྟགས་དང་དབང་ཕྱུག་ཡང་ཆེས་གནོན། །སྨོན་ལམ་དབང་དང་ཐུགས་རྗེའི་བྱིན་རླབས་ཀྱིས། །འཇིག་རྟེན་དྲུག་དང་དུས་བཞི་ཕྱོགས་བཅུ་ན། །གཟུགས་ཁམས་མ་ལུས་དབང་དུ་བསྡུ་བ་དང་། །དྲེགས་པའི་ལྷ་བརྒྱད་ང་རྒྱལ་གཞོམ་པའི་ཕྱིར། །ལྷ་བརྒྱད་བཟུང་ནས་གཞལ་ཡས་རྨང་དུ་བཏིང་། །གཏི་མུག་མ་ལུས་ཡེ་ཤེས་བསྐྱེད་པ་དང་། །བྱོལ་སོང་ཀླུ་རྣམས་དགེ་ལ་གཟུད་པའི་ཕྱིར། །ཀླུ་བརྒྱད་བཟུང་ནས་གཞལ་ཡས་གདུང་དུ་དྲེས། །འདོད་ཁམས་མ་ལུས་དབང་དུ་བསྡུ་བ་དང་། །ཕྱོགས་མཚམས་སྲིན་པོའི་དྲེགས་པ་གཞོམ་པའི་ཕྱིར། །རྒྱལ་ཆེན་ཕྱོགས་སྐྱོང་བཟུང་ནས་རྩིག་པར་བརྩིགས། །སྐུ་བཞི་དཔལ་བརྒྱད་ཚང་བར་བྱ་


DNG017_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྱིར། །རྒྱལ་ཆེན་རིགས་བཞི་བཟུང་ནས་ཀ་བར་བཙུགས། །ཐེག་པའི་རིམ་པ་དགུ་ལས་སྤགས་པའི་ཕྱིར། །གླང་ཆེན་ཀ་ལ་འགིང་གིས་ཀ་རྟེན་བྱས། །གླིང་བཞིའི་མི་རྣམས་དགོས་འདོད་བསྐང་བ་དང་། །ཚིག་ཆད་དམ་བརྟག །གཟའ་བརྒྱད་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་རྣམས། །གདན་དང་མིག་ཚགས་བྱས་པས་དུས་བཞི་འགྱུར་ལྡོག་མེད། །འཇིག་རྟེན་ཐམས་ཅད་ཟིལ་གྱིས་མནན་པའི་ཕྱིར། །སེང་གེ་ཀ་ལ་ཤ་ཡིས་ཀ་ཞུ་བྱས། །འཁོར་བའི་གཅོང་སྙིང་གཏན་ནས་སྦྱང་བའི་ཕྱིར། །སེང་གེའི་ཁ་ནས་བདུད་རྩིའི་འོ་མ་འཛག །དཀྱིལ་འཁོར་ཐམས་ཅད་བདུད་རྩིར་གྱུར་པ་ཡིས། །ཕྱི་རོལ་སྣོད་ཀྱི་ཁམས་དང་ནམ་མཁའ་དང་། །ས་དང་ཆུ་དང་མེ་དང་རླུང་དང་རི། །ནགས་ཚལ་ལ་སོགས་ཀུན་ལ་ཐིམས། །བཅུད་ཀྱི་ཁམས་ཀྱི་སེམས་ཅན་དང་། །སེམས་དང་སེམས་ལས་བྱུང་བ་དང་། །གཡོ་བ་དང་ནི་འགུལ་བ་དང་། །དམྱལ་བ་ཡི་དྭགས་བྱོལ་སོང་དང་། །མི་དང་ལྷ་དང་ལྷ་མིན་དང་། །ལྷ་རིས་སོ་སོའི་ཁམས་དང་ནི། །བསམ་གཏན་བཞི་དང་ཚད་མེད་དང་། །གཟུགས་མེད་ཁམས་དང་མུ་སྟེགས་ཁམས། །བདུད་ཆེན་པོ་དང་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོ་ནམ་མཁའ་ལྡིང་། །མི་འམ་ཅི་དང་རཱུ་ཏྲ་དང་། །རུ་ཏྲ་ཅན་ལ་སོགས་པ་རྣམས། །ངོ་མཚར་རྨད་དུ་བྱུང་བའི་ཆོ་འཕྲུལ་གྱིས། །རང་དབང་མེད་པར་འཁོར་དུ་འདུས། །དབང་ཕྱུག་དྲེགས་པའི་ཆུང་མ་རྣམས། །དབང་མོ་ཉི་ཤུ་དང་ནི་བརྒྱད། །ཇི་སྙེད་དེ་སྙེད་འཁོད་པ་ཡི། །ཕྲ་མེན་མ་ཡི་ཚོགས་བཅས་དང་། །མ་དང་བུ་མོ་ཆུང་མ་དང་། །བྲན་དང་གཡོག་དང་ཡང་གཡོག་དང་། །བདག་དང་གཞན་པའི་ཤེས་པའི་རྒྱུད། །ཐམས་ཅད་མ་ལུས་ཞི་བ་དང་། །དབང་དང་རྒྱས་དང་དྲག་པོ་དང་། །དགུག་དང་བཅིང་དང་གཏང་བ་དང་། །དགྲོལ་དང་དྲང་དང་རེངས་པ་དང་། །རྨུགས་པ་དང་ནི་དབྲལ་བ་


DNG017_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །བཟའ་དང་བཏུང་དང་བཅའ་བ་དང་། །བསད་དང་མནན་དང་སྦར་བ་དང་། །འཕམ་དང་རྒྱལ་ལ་སོགས་བྱེད་ཅིང་། །ཐམས་ཅད་རལ་པའི་གྲལ་དུ་འཁོད། །དེ་ནས་གཟི་ལྡན་པདྨ་ཅན། །ཀུན་ཏུ་བཟང་མོ་ཞེས་བྱ་བ། །དབང་མཆོག་དམ་པའི་སྐུ་ལ་འཁྲིལ་ཏེ་བཞུགས། །སྣོད་བཅུད་ཁམས་རྣམས་མ་ལུས་ཀུན། །པདྨར་གྱུར་པ་སྐྱེ་བའི་རྒྱུད། །ཆགས་མེད་མཁའ་རུ་རྣམ་དག་གོ། །རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏན་ཏྲ་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་དབང་མཆོག་དམ་པའི་རྡོ་རྗེའི་སྐུ་དེས། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན། དུས་བཞིའི་རྒྱལ་བ་རྣམས་དང་། དུས་བཞིའི་དཀྱིལ་འཁོར་དུ་གྱུར་པ་ཐམས་ཅད་ལ་གཟིགས་སོ། །རྣམ་པར་གཟིགས་སོ། །ཀུན་ཏུ་གཟིགས་སོ། །གཟིགས་ནས་སྨྲ་བསམ་ལས་འདས་པ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ཏེ། ཅང་མི་དགོངས། དེ་ནས་ཅང་མི་མཛད། རྣམ་པར་མི་མཛད་མི་གསུང་། རྣམ་པར་མི་གསུང་། རྣམ་པར་མི་རོལ། ཀུན་ཏུ་མི་རོལ། འཇིག་རྟེན་དྲུག་གི་ཕྱོགས་བཅུ་དང་། དུས་བཞི་དང་། ཁམས་གསུམ་དག་ན། ས་དང་སའི་ཁྱད་པར་དང་། དཀྱིལ་འཁོར་དུ་གྱུར་པ་ཐམས་ཅད་ལ། རྣམ་པར་མི་གཟིགས་ཀུན་ཏུ་མི་གཟིགས། གཟིགས་ཤིང་དགོངས་པ་ཡང་མི་འགོག །མི་འགོག་པ་ཡང་མི་གནས་སོ། །རྣམ་པར་མ་འགོག་མི་གནས་སོ། །དེ་ནས་ཏིང་འཛིན་དེ་ལ་ཞུགས་མ་ཐག་ཏུ། འཁོར་གྱི་དཀྱིལ་འཁོར་དེ་དག་དང་། སྣོད་ཀྱི་ཁམས་དེ་དག་དང་། སའི་ཁྱད་པར་ཐམས་ཅད་དཔེར་ན་ནམ་མཁའ་ལྟ་བུ་སྟེ། ཇི་ལྟ་བུའི་ངོ་བོར་ཡང་གདགས་སུ་མེད་དོ། །དེ་ལྟར་ན་དོན་དམ་པ་བྱང་ཆུབ་ཀྱི་སེམས་དེ་ཡང་། ཆོས་ཐམས་ཅད་ལས་ཀྱང་འདས་ལ། སྨྲ་བསམ་ལས་ཀྱང་འདས་སོ། །དེ་ལྟར་སྐུའི་ངང་དུ་བརྗོད་དུ་མེད་པ་དེ་ལ་མནལ་བཞིན་དུ། ཐམས་ཅད་ཀྱི་


DNG017_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་གཟི་ལྡན་པདྨ་ཅན་ཀུན་ཏུ་བཟང་མོ་ཞེས་བྱ་བ་དེས། སྟོང་པ་ཉིད་ཀྱི་ངང་ལས་གླུ་འདིས་བསྐུལ། ཨོཾ་སྣང་སྟོང་སྟོང་པ་རྡོ་རྗེ་ཆོས་ཀྱི་སྐུ། །སྨྲ་བསམ་ལས་འདས་དོན་དམ་བྱང་ཆུབ་སེམས། །སྟོང་ཉིད་ངང་ལས་མི་འདའི་དམ་ཚིག་གིས། །སྙིང་རྗེ་ནམ་མཁའི་ངོ་བོ་བསྟན་དུ་གསོལ། །དེ་སྐད་ཅེས་ནི་བསྐུལ་བ་དང་། །རྐྱེན་དུ་གྱུར་པས་ཐུགས་ཆུད་ནས། །སྟོང་པ་ཉིད་ཀྱི་ཏིང་འཛིན་ལས། །རིག་པའི་ཡེ་ཤེས་ཉི་ལྟ་བུའི། །སྙིང་རྗེ་ཀུན་ཏུ་ཁྱབ་གདལ་ཏེ། །འཁོར་གྱི་དཀྱིལ་འཁོར་ཁྱབ་པར་མཛད། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན། །སྣོད་དང་བཅུད་དུ་གྱུར་པ་ལ། །སྙིང་རྗེ་ཆེན་པོས་ཀུན་ཁྱབ་མཛད། །རི་ཉིལ་སྙིང་རྗེ་བྱང་ཆུབ་སེམས་ཀྱིས་ཀྱང་། །སྟོང་པ་ཉིད་ཀྱི་ངང་ལས་ཀུན་ཏུ་ཁྱབ་པར་གནས། །དེ་ཚེ་དབང་མཆོག་དམ་པ་སྐུ་གསུང་ཐུགས་ཀྱི་བདག་ཉིད་དེས། །ཏིང་ངེ་འཛིན་དེ་ལས་ལངས་ནས་ཀྱང་། སྙིང་རྗེ་འབྱུང་བའི་ཏིང་ངེ་འཛིན་དེ་ལ་རབ་ཏུ་ཞུགས་ཏེ། ཀུན་ཏུ་སྣང་བས་ཁྱབ་པར་མཛད་པ་ནི། །ཏིང་ངེ་འཛིན་དེ་རྩེ་གཅིག་མཐུ་ཡིན་ནོ། །གཟི་ལྡན་པདྨ་ཅན་དེས་ཀུན་ཏུ་བཟང་མོའི་གླུ་འདི་བླངས། །མ་ལྟར་བྱམས་པའི་ཐུགས་རྗེ་ཡོངས་ལ་ཁྱབ། །མཁའ་ལྟར་གོ་འབྱེད་ཆོ་འཕྲུལ་གནས་པ་ལ། །ལོངས་སྤྱོད་རྫོགས་སྐུ་ཐུགས་རྗེ་སྤྲུལ་པའི་སྐུ། །འབར་བའི་སྐུ་མཆོག་བདག་ལ་བསྟན་དུ་གསོལ། །ཨ་ལ་ལ་ཧོ། དེ་སྐད་ཅེས་ནི་གསོལ་བཏབ་པས། །དབང་ཆོག་དམ་པ་རྡོ་རྗེའི་སྐུ་དེས་ནི། །ཆོས་རྣམས་བྱང་ཆུབ་སེམས་ལ་ཤར་བར་མཁྱེན། །མི་དམིགས་ནམ་མཁའི་དབྱིངས་ནས་རྡོ་རྗེའི་སྐུ་མངོན་ཕྱུང་། །དཔེར་ན་ཉི་མ་མཁའ་ལ་སྤྲིན་མེད་ཤར་བ་འདྲ། །རྡོ་རྗེའི་སྐུ་ལས་འོད་ཟེར་རྣམ་པར་འཕྲོ་བ་ནི། །ཉི་མ་སྟོང་གི་འོད་ཟེར་དུས་གཅིག་ཤར་ལྟ་བུའི། །དབང་མཆོག་དམ་པ་རྡོ་རྗེའི་སྐུ་དེས་ནི། །ཏིང་འཛིན་དེ་ལས་ལངས་ནས་ཀྱང་། །


DNG017_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཆགས་རྡོ་རྗེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་ལ་ཞུགས་སོ། །གཟི་ལྡན་པདྨ་ཅན་ལ་གཟིགས་ཏེ་འཛུམ་པར་མཛད། །གཟི་ལྡན་པདྨ་ཅན་གྱི་འགྱིང་ཚུལ་གྱིས། །སྤྱན་གྱི་གཟིགས་ཐབས་ཟིམ་བག་ཚུལ་དུ་དགོངས། །ལན་གྲངས་བརྒྱ་སྟོང་ཕྱག་ཀྱང་བཙལ། །གཡེལ་བ་སློང་བའི་གླུ་འདིས་རྣམ་པར་བསྐུལ། །བསོད་ནམས་ཡེ་ཤེས་ཚོགས་ཆེན་རྫོགས་པའི་སྐུ། །རྡོ་རྗེ་གར་གྱི་ཚུལ་གྱིས་རོལ་པ་མཛད། །དགའ་མཆོག་རྡོ་རྗེ་བྱང་ཆུབ་སེམས་ཆེན་དེས། །འཛུམ་ཞིང་འཁྱིལ་ལ་པདྨའི་གནས་སུ་ཕོབ། །ཧོ་དཀར་ལ་འཚེར་བའི་བྱང་ཆུབ་སེམས་སྤྲིན་དེ། །དམར་པོ་དབང་གི་རང་བཞིན་དུ། །གཉིས་མཉམ་འཕྲོས་པའི་བྱིན་རླབས་ལས། །ཡེ་ཤེས་ལྷ་ཚོགས་སྤྲུལ་སྐུ་བསམ་ཡས་འཐོན། །མ་རིག་མུན་པས་མདོངས་པའི་དོན་གྱི་ཕྱིར། །དགོན་དུང་གནས་ནས་བྱང་ཆུབ་མྱུ་གུ་བསྐྱེད། །ཞི་བ་འགོག་པའི་ས་ལས་རྣམ་པར་སློངས། །དེ་སྐད་ཅེས་ནི་གླུ་བླངས་པས། །གཉིས་མེད་རོལ་ཅིང་རྣམ་པར་རོལ། །བརྗིད་དང་བཅས་པས་གར་མཛད་དང་། །འཛུམ་པ་མཛད་དང་འདོར་བ་དང་། །བསྐུམ་དང་བསྒྱིངས་དང་སྤྱན་མཛེས་བལྟ། །སྨིན་རིང་བསྐྱེད་ཅིང་འགྱུར་བ་དང་། །རྡོ་རྗེ་ཕུར་པས་གཡན་པ་སློང་། །འདོར་ཞིང་བསྐུམ་དང་འཇོ་སྒེག་དང་། །རྣམ་པར་རོལ་པའི་གར་གྱིས་ཀྱང་། །ནམ་མཁའི་ཁམས་ཀུན་ཁྱབ་མཛད་དོ། །རྣམ་པར་རོལ་པ་ངེས་འབྱུང་བས། །བྱང་ཆུབ་སེམས་ནི་ཞི་ཞིང་འཁྱིལ། །རོལ་པའི་ཆར་ནི་མངོན་ཕབ་པས། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན། །སྣོད་ཀྱི་ཁམས་དང་བཅུད་ཁམས་ནི། །མ་ལུས་གྱུར་པ་ཐམས་ཅད་ན། །བྱང་ཆུབ་སེམས་ཀྱི་རོལ་པ་ལས། །སྒེག་དང་འཁྱུད་དང་སྡོམ་པ་དང་། །སྦྱོར་དང་བསྡིམ་དང་མཉེས་པ་དང་། །ཀུན་དུ་རབ་ཏུ་རྒྱས་པར་བྱས། །ཡང་དག་བདེ་ལ་རབ་གནས་སོ། །དེ་ཚེ་ཐུགས་མཆོག་རྣམ་དག་ལས། །མཁའ་


DNG017_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

ཀློང་རྣམ་པར་དག་པ་ནས། །རིག་པའི་བྱང་ཆུབ་སེམས་ཆེན་པོ། །འོད་ཟེར་འབྱམས་ཀླས་ཤར་བ་དེ། །གསུང་གི་ཡི་གེ་འཁོར་ལོའི་ཚོགས། །རྒྱུན་མི་འཆད་པར་རབ་སྣང་ངོ་། །ཡིག་འབྲུ་དེ་ཉིད་ཕྱག་མཚན་ཏེ། །ཐུགས་ཀྱི་མཚན་མ་དམ་ཚིག་རྒྱ། །གྱུར་པས་འཕྲོས་ཤིང་འདུས་པའི་ཚུལ། །རྣལ་འབྱོར་དབང་ཕྱུག་ཆེན་པོ་ནི། །རྒྱལ་བ་ཡབ་ཡུམ་སེམས་དཔའ་དང་། །སེམས་མ་རྣམས་སུ་འཁོད་པ་དང་། །ཐུབ་པ་རྣམས་དང་འཇོམས་པའི་ཚོགས། །སྐུ་རུ་གསལ་བར་གྱུར་པ་ནི། །རང་རང་དམ་ཚིག་ཕྱག་རྒྱ་བྱས། །དབང་ཆེན་ལ་ནི་མདུན་གྱིས་བལྟས། །རྡོ་རྗེ་རོལ་པའི་གྲལ་དུ་འཁོད། །དེ་དག་རེ་རེ་ལ་ཡང་སངས་རྒྱས་འཁོར། །སངས་རྒྱས་ཞབས་འབྲིང་དང་བཅས་པ། །འབྱམས་ཀླས་ནམ་མཁའི་མཐའ་མཉམ་པ། །ལྷུན་གྱིས་གྲུབ་པ་རབ་སྣང་ངོ་། །ཡང་དག་འོད་ཟེར་རེ་རེ་ལས། །ཧེ་རུ་ཀ་ནི་མང་པོའི་ཚོགས། །ཤར་རོ་རབ་ཏུ་སྣང་ཤར་རོ། །ཧེ་རུ་ཀ་ནི་རེ་རེ་ལས། །སངས་རྒྱས་འབུམ་ཕྲག་སོ་སོའི་འཁོར། །ཞབས་འབྲིང་དང་བཅས་ལྷུན་གྱིས་གྲུབ། །ཧེ་རུ་ཀ་ཡི་ཚོགས་དག་ལས། །རིག་པའི་ཉི་མའི་ཆར་བབས་ཏེ། །མུན་ནག་ཀློང་ཀུན་གསལ་བར་མཛད། །ཆོས་ཀྱི་གླུ་དང་གར་མཛད་ཅིང་། །ཆོས་ཀྱི་ཆར་འབེབས་མཆོད་པ་ཆེ། །མཆོད་པ་ཆེན་པོ་འདོད་ཆགས་ཆེ། །ཆོས་ཀྱི་མཆོད་པ་རྨད་དུ་བྱུང་། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན། །རོལ་པའི་ཆོ་འཕྲུལ་ལིང་ལོང་བྱེད། །དེ་ཚེ་སངས་རྒྱས་མང་པོའི་ཚོགས། །ཧེ་རུ་ཀ་ཡི་འོད་ཕྲེང་དེས། །བདུད་དང་རཱུ་ཏྲ་སྲིན་པོ་དང་། །གནོད་སྦྱིན་དང་ནི་དབང་ཕྱུག་དང་། །དབང་ཕྱུག་ཉི་ཤུ་རྩ་བརྒྱད་སོགས། །རང་རང་ང་རྒྱལ་མཐུ་སྟོན་པ། །ཞི་ཞིང་རབ་ཏུ་དུལ་བར་འགྱུར། །རང་རང་དག་གི་དབང་ཕྲོགས་ནས། །སངས་རྒྱས་བསྟན་ལ་དད་གྱུར་ཏེ། །འདུས་སོ་ཀུན་ཏུ་རབ་ཏུ་འདུས། །དེ་ཡི་བྱང་


DNG017_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་ཆེན་པོའི། །འོད་ཟེར་ཀུན་ཏུ་ཁྱབ་དེ་ལ། །འདུ་ཤེས་མེད་དང་འགོག་གནས་པའི། །མུར་སྟུག་ས་བོན་མེས་ཚིག་འདྲར། །དྲི་མ་མེད་པའི་བྱང་ཆུབ་སེམས། །རིན་ཆེན་ཆུ་དེས་དབང་བསྐུར་བས། །བྱང་ཆུབ་སེམས་ལ་དབང་ཐོབ་སྟེ། །འགྲོ་བའི་དོན་བྱེད་ནུས་པར་གྱུར། །ས་དང་ས་ཡི་ཁྱད་པར་གནས་པ་རྣམས། །ས་ལ་སྐྱོ་སེམས་རབ་སྐྱེས་པ། །ལས་ཀྱི་ཚེ་བཀའ་བྱང་ཆུབ་སེམས། །སངས་རྒྱས་བསྟན་པ་འདི་ཉིད་འདོད། །དེ་ནས་འདུས་པའི་འཁོར་ཚོགས་རྣམས། །ཨེ་མའོ་ངོ་མཚར་རབ་ཏུ་ཆེ། །སྐྲག་ཅིང་རབ་ཏུ་དངངས་གྱུར་ནས། །ཤིན་ཏུ་སྐྲག་སྟེ་གསོལ་བཏབ་པ། །ཨེ་མའོ་ཨེ་མའོ་ཡ་མཚན་ཆེ། །བཅོམ་ལྡན་འདས་པ་ཡ་མཚན་ཆེ། །གཉིས་མེད་རོལ་པ་ཡ་མཚན་ཆེ། །བདག་ཅག་འཁོར་ཚོགས་འདུས་པ་རྣམས། །དྲི་མེད་དག་པ་ཡ་མཚན་ཆེ། །འོད་ཟེར་འཕྲོ་འདུ་ཡ་མཚན་ཆེ། །བྱང་ཆུབ་སྤྲིན་ཡང་ཡ་མཚན་ཆེ། །སངས་རྒྱས་འབྱུང་བ་ཡ་མཚན་ཆེ། །སྤྲུལ་པ་འབྱུང་བ་ཡ་མཚན་ཆེ། །ཁྲོ་བོ་འབྱུང་བ་ཡ་མཚན་ཆེ། །བྱིན་རླབས་ཆོ་འཕྲུལ་ཡ་མཚན་ཆེ། །དགོན་དུང་སྤངས་པ་ཡ་མཚན་ཆེ། །འགོག་པ་གསོ་བ་ཡ་མཚན་ཆེ། །བདག་ཅག་འཁོར་ཚོགས་འདུས་པ་རྣམས། །དམ་ཚིག་ཅན་དུ་བྱིན་རླབས་མཛོད། །བླ་འོག་རིམ་པ་ཇི་བཞིན་དུ། །རྡོ་རྗེ་རོལ་པའི་ཚིག་ཏུ་འཁོད། །དེ་སྐད་ཅེས་གསོལ་བ་བཏབ་པས། བཅོམ་ལྡན་འདས་དབང་མཆོག་དམ་པ་ཆགས་པ་ཆེན་པོ་རྡོ་རྗེའི་སྐུ་དེས། སྐུ་གསུང་ཐུགས་གཉིས་སུ་མེད་པའི་སྒོ་ནས། འཁོར་རྣམ་པར་སྦྱོང་བ་རྡོ་རྗེའི་རྒྱན་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོ་མཐར་ཕྱིན་པ་འཇམ་དཔལ་གཞོན་ནུར་གྱུར་པ་དང་། གསུང་མི་ཟད་པ་རྒྱན་གྱི་འཁོར་ལོ་མཐར་ཕྱིན་པ་སྤྱན་རས་གཟིགས་དབང་ཕྱུག་དང་། ཐུགས་མི་ཟད་པ་རྒྱན་གྱི་


DNG017_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་མཐར་ཕྱིན་པ་ཕྱག་ན་རྡོ་རྗེས་བསྐུལ་པ་རིག་ནས། བཙུན་མོ་ཀུན་ཏུ་བཟང་མོ་གཟི་ལྡན་པདྨ་ཅན་དང་སྦྱོར་ཞིང་། ཚིག་ཆད་དམ། རང་གི་སྟན་ལས་རབ་ཏུ་ལངས་ཏེ། བྱང་ཆུབ་སེམས་ཀྱི་མཚན་མ་གནས་ལྔར་བཏགས་པས། ལྕེ་པདྨའི་སྟེང་དུ་ལས་ཀྱི་རྡོ་རྗེ་བཞག་སྟེ། བརྐྱང་ཕྱག་བཙལ་ནས། སེང་གེའི་ལྟ་སྟངས་ཀྱིས་སྟོན་པའི་ཞལ་དུ་བལྟས་ནས། དོན་བསྡུས་པར་གསོལ་བ་བཏབ་པ། རྣལ་འབྱོར་དབང་ཕྱུག་ཆེན་པོ་ཡབ་ཡུམ་དགོངས་སུ་གསོལ། འདུས་པའི་འཁོར་ཚོགས་མ་ལུས་དགོངས་སུ་གསོལ། དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་འདི། ཆོས་ཀྱི་རྒྱལ་པོས་བཤད་དུ་གསོལ། ཞེས་གསོལ་བ་བཏབ་པས། སྐུ་གསུང་ཐུགས་ཀྱི་སངས་རྒྱས་དེ་གསུམ། སྐུ་རྡོ་རྗེའི་བཀའ། གསུང་པདྨ་བཀའ། ཐུགས་རིན་པོ་ཆེའི་བཀའ། ཀལ་པར་བྱིན་གྱིས་བརླབས་པའི་ཕྱིར། ཐུགས་གསང་བའི་མཁའ་ལ། བྱང་ཆུབ་ཀྱི་སེམས་སྤྲོས་པས། འཁོར་ལོ་དང་། པདྨ་དང་། རྡོ་རྗེ་ལག་ཏུ་ལྷན་གྱིས་བཞག་སྟེ། དབང་བསྐུར་བས་མིང་ཡང་འགྲོ་བ་ཀུན་གྱི་དཔལ་དུ་གྱུར་པས། འཇམ་དཔལ་གཞོན་ནུར་གྱུར་པར་བཏགས། སྙིང་རྗེ་ཕྱོགས་རིས་མེད་པས། སྤྱན་རས་གཟིགས་ཀྱི་དབང་ཕྱུག་བཏགས། གསང་སྔགས་ཀྱི་མཛོད་དུ་གྱུར་པས། གསང་བའི་བདག་པོ་ལག་ན་རྡོ་རྗེར་བཏགས་ཏེ། སྐུ་གསུང་ཐུགས་ཀྱི་དབང་ཐོབ་པར་འགྱུར་རོ། །སྨྲ་བའི་སེང་གེ་སྨྲ་བའི་སེང་གེ་ཞེས་མིང་བཏགས་ཏེ། ཆོས་ཀྱི་སྨྲ་བའི་དབང་ཐོབ་བོ། །དེ་ནས་ལས་ཀྱི་འཁོར་ལོ་བཅུ་གཉིས་ཡོད་པས། འཁོར་རྣམས་སྣོད་དུ་རུང་བར་བྱིན་གྱིས་བརླབ་པའི་ཕྱིར། ཆོས་ཀྱི་འཁོར་ལོ་བཅུ་གཉིས་རབ་ཏུ་བསྐོར་ཏེ། ཆོ་འཕྲུལ་འདི་དག་རྣམ་པར་བསྟན་ཏེ། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་གཡོས། རབ་ཏུ་གཡོས། འགུལ་རབ་ཏུ་འགུལ། ལྡེག་རབ་ཏུ་ལྡེག །འཁྲུགས་རབ་ཏུ་འཁྲུགས། འུར་འུར་རབ་ཏུ་འུར། ཀུན་ཏུ་རབ་ཏུ་འུར་འུར། ཆེམ་ཆེམ་རབ་ཏུ་ཆེམ་ཆེམ། ཀུན་ཏུ་རབ་


DNG017_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ཆེམ་ཆེམ་མོ། །དེ་ནས་བྱང་ཆུབ་སེམས་ཀྱི་མཚན་མ་ཡིས། །འདུས་པའི་འཁོར་ཚོགས་གནས་ལྔར་རེག་པར་བྱས། །ཧཱུཾ་བཛྲ་ས་མ་ཡ་གུ་ཧྱ་ས་མ་ཡ། ཀྲོ་དྷ་ས་མ་ཡ། རྡོ་རྗེ་རོལ་པ་བསྡུས་པ་ཡིས། །འདུས་པ་ཆེན་པོའི་འཁོར་ཚོགས་རྣམས། །གོང་འོག་རིམ་པ་ཇི་བཞིན་དུ། །རྡོ་རྗེ་གསང་བའི་གྲལ་དུ་གནོས། །སྐལ་བཟང་དམ་ཚིག་ཆེན་པོ་སྟེ། །དེ་ལས་འདས་ནས་བརླག་པར་འགྱུར། །དེ་སྐད་ཅེས་ནི་བཀའ་བསྒོ་བས། །འདུས་པའི་འཁོར་རྣམས་སེམས་རང་བྱས། །དམ་ཚིག་ཐོབ་ནས་གྲལ་འཁོད་དོ། །དེ་ནས་གསང་བའི་བདག་པོ་ནི། །དབང་ཐོབ་ལས་མཛོད་ཆེན་པོ་དེས། །བཅོམ་ལྡན་འདས་ལ་གཙུག་གི་ཕྱག །རྣལ་འབྱོར་ལུགས་སུ་བྱས་ནས་ནི། །ཕྱི་ནང་གསང་བའི་མཆོད་པས་མཆོད། །མཉེས་ནས་གསོལ་བ་རབ་ཏུ་བཏབ། །འདི་ལྟར་རྨད་བྱུང་ངོ་མཚར་ཆེ། །སངས་རྒྱས་རྣམས་ཀྱི་དབང་ཕྱུག་ཆེ། །མངོན་སྤྱོད་ཡ་མཚན་སྟོན་པར་སྤྱོད། །བཀའ་ཡི་འཁོར་ལོ་དམ་པ་དེ། །སྨྲ་བརྗོད་ཡུལ་ལས་རབ་འདས་ཀྱང་། །ངག་གི་ལམ་ནས་རབ་འདོན་ཅིང་། །དཔེས་མཚོན་ཚིག་གི་ལྡེ་མིག་གིས། །ཡི་གེ་མིང་དང་ཚིག་ཚོགས་ཀྱིས། །གསལ་བར་མཚོན་ཏེ་གོ་བར་མཛོད། །ཨ་ལ་ལ་ཧོ་གོ་བར་མཛོད། །སྟོན་པ་དབང་ཕྱུག་དམ་པ་དེས། །གསོལ་བ་བཏབ་པ་མཁྱེན་ནས་ཀྱང་། །བརྗོད་དུ་མེད་པའི་ཏིང་འཛིན་ལ། །སྙོམས་པར་ཞུགས་ནས་མི་གསུང་བཞུགས། །དེ་ནས་འདུས་པའི་འཁོར་ཚོགས་ཀྱིས། །སྨྲ་བའི་སེང་གེ་ཆེན་པོ་ལ། །ལོགས་སུ་བཏུད་ནས་ཕྱག་འཚལ་ནས། །རྨད་བྱུང་མཆོད་པ་སྣ་ཚོགས་བྱས། །གསོལ་བཏབ་སྨྲ་བའི་སེང་གེ་ཁྱོད། །བདག་ཅག་ཞུའོ་གནང་སྐབས་ཕྱེས། །སྨྲ་བའི་སེང་གེ་གསང་བདག་གིས། །འདུས་པའི་འཁོར་ཚོགས་ཁྱོད་ཉོན་ཅིག །བདག་ལ་ཞུས་ཤིག་སྤོབས་པར་བྱོས། །འདུས་པའི་འཁོར་ཚོགས་རྣམས་ཀྱིས་ཀྱང་། །སྨྲ་བའི་སེང་གེ་གསང་བདག་ཁྱོད། །སངས་རྒྱས་


DNG017_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་ཡབ་ཀྱང་ལགས། །བྱང་ཆུབ་སེམས་དཔའི་རྗེ་བཙན་ལགས། །ཆོས་རྣམས་ཐམས་ཅད་མཛོད་ལགས་ན། །བཅོམ་ལྡན་གསང་མཆོག་དམ་པ་དེས། །གསང་སྔགས་ལམ་རྣམས་མི་སྟོན་པ། །རྒྱུ་དང་རྐྱེན་ནི་གང་ལགས་པ། །བདག་ཅག་རྣམས་ལ་བསྟན་དུ་གསོལ། །ལེགས་པར་ཚིག་ཏུ་བསྟན་དུ་གསོལ། །སྨྲ་བའི་སེང་གེས་བཀའ་སྩལ་པ། །ཨོཾ་ཨཱཿཧཱུཾ་ཨ་ལ་ལ་ཧོ། སངས་རྒྱས་རྣམས་ནི་ཅང་མི་གསུང་། །མ་གསུངས་པ་ཉིད་རྒྱ་ཆེར་བཤད། །བཤད་དུ་མེད་པའི་དོན་དེ་ནི། །རྒྱལ་བ་རྣམས་ཀྱིས་མ་བཤད་དེ། །ད་ལྟར་སྟོན་པ་རྒྱལ་མཆོག་ཀྱང་། །རྣལ་འབྱོར་བརྗོད་པར་མི་མཛད་དེ། །བཀའ་མི་སྩལ་བར་དགོངས་པའོ། །འདུས་པའི་འཁོར་ཚོགས་རྣམས་ཉོན་ཅིག །བྱང་ཆུབ་དམ་པའི་སྙིང་པོ་ནི། །སྨྲ་བསམ་ལས་འདས་བརྗོད་མེད་པས། །ཚིག་ཏུ་བརྗོད་པ་ལེགས་མ་ཡིན། །ཚིག་ཏུ་སྨྲ་བའི་དུས་ཉིད་ནི། །གོལ་བ་ཡིན་པར་བདག་ཉིད་ནི། །འདས་པའི་སངས་རྒྱས་རྣམས་ཀྱིས་བཤད། །ད་ལྟར་ཉིད་ཀྱང་དེར་དགོངས་པས། །མ་གསུངས་མི་གསུང་གསུང་དུ་མེད། །དེ་ཡང་སེམས་དཔའི་སྙིང་པོ་ནི། །སྤྲོས་དང་བྲལ་བ་མ་ཡིན་ཀྱང་། །ཀུན་རྫོབ་བདེན་པའི་དབང་ཙམ་དུ། །མཚན་མ་ཚིག་གི་རྣལ་འབྱོར་རྣམས། །དོན་དམ་རྟོགས་དཀའ་བཀྲི་བའི་ཕྱིར། །རྒྱལ་བས་ཚིག་གི་སྒོ་གསུངས་ཡིན། །འདུས་པའི་འཁོར་ཚོགས་ཀྱིས་ཞུས་པ། །སྨྲ་བའི་སེང་གེ་དེ་ལྟར་ན། །བདག་ཅག་མ་འོངས་རྣལ་འབྱོར་པ། །ཚིག་གི་རྗེས་འབྲང་དོན་དང་ཡང་། །གསང་བའི་ལམ་བརྗོད་གསལ་བྱེད་པ། །སྨྲ་བའི་སེང་གེ་ཆེན་པོ་ཁྱོད། །དབང་བསྐུར་བས་ན་ཞུ་བར་སྤོབས། །བཅོམ་ལྡན་དབང་མཆོག་དམ་པ་ལའང་། །ཞུས་ཤིག་སྨྲ་བའི་སེང་གེ་ཁྱོད། །སྨྲ་བའི་སེང་གེ་གསང་བདག་གིས། །འདུས་པའི་འཁོར་རྣམས་རྣམ་རྟོག་མཁྱེན། །བཅོམ་ལྡན་དབང་མཆོག་དམ་པ་ལ། །ཕྱག་འཚལ་རྨད་


DNG017_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་མཆོད་པས་མཆོད། །རྡོ་རྗེའི་ཚིག་ཏུ་འདི་སྐད་གསོལ། །ཨེ་མའོ་སྟོན་པ་ངོ་མཚར་ཁྱོད། །ཕྱོགས་བཅུ་སངས་རྒྱས་ཐམས་ཅད་ཀྱིས། །བྱང་ཆུབ་སེམས་ཀྱི་མཚན་ཉིད་ནི། །ཚིག་ཏུ་བརྗོད་པ་མ་ལགས་ཀྱང་། །མཚན་མའི་རྗེས་འབྲང་རྣལ་འབྱོར་པ། །དོན་ལ་རྩིང་ཞིང་ཚིག་ལ་ཞིབ། །ཚིག་གིས་བསམ་པ་རང་བྱའི་ཕྱིར། །སྙིང་པོ་བྱང་ཆུབ་དོན་འདི་ལ། །དཔེས་མཚོན་ཚིག་གི་ལྡེ་མིག་གིས། །གསང་བའི་དེ་ཉིད་བསྟན་དུ་གསོལ། །གསོལ་བ་བཏབ་པས་གསང་བདག་པོའི། །ཞུས་མཁྱེན་འདུས་པའི་འཁོར་གྱིས་ནི། །སེམས་ཀྱི་རྟོག་པ་མཁྱེན་པ་ཡང་། །མ་འོངས་རྣལ་འབྱོར་རྗེས་འབྲང་བ། །ཚིག་ལ་དཀའ་བ་ཐུགས་ཆུད་ནས། །ཡེ་ཤེས་ལྔ་དང་ལྡན་པའི་དབུ། །ཀུན་ཏུ་ཞལ་དུ་རབ་གཟིགས་ཏེ། །ཡེ་ཤེས་རྡོ་རྗེ་རྩེ་ལྔ་པ། །ཡང་ནས་ཡང་དུ་གསོར་བྱེད་ཅིང་། །ཐམས་ཅད་པདྨར་གྱུར་པ་ཡི། །རྨད་བྱུང་ཆོས་ཀྱི་སྒྲ་ཆེན་བསྒྲགས། །ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། བྷོ་དྷི་ཙིཏྟ་གུ་ཧྱ་ས་མ་ཡ་ཨ། འདི་ནི་གསུངས་མ་ཐག་ཏུ་ཡང་། །སངས་རྒྱས་གྲགས་པ་ཆེན་པོ་ཡང་། །རབ་ཏུ་དངངས་ཤིང་བརྒྱལ་བར་གྱུར། །ཐམས་ཅད་མ་ལུས་སྨོས་ཅི་དགོས། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས། །བཀའ་སྩལ་རིགས་ཀྱི་བུ་རྣམས་ཉོན། །ཚིག་བརྗོད་ཐམས་ཅད་ཀུན་རྫོབ་བདེན་པ་ཡིན། །ཇི་སྲིད་བརྗོད་དུ་མེད་པའི་ཆོས་གང་ནི། །དེ་ནི་དོན་དམ་བདེན་པའོ། །ཚིག་དང་ཡི་གེ་ལ་འདས་པ་ནི་ཆོས་སྐུའོ། །ཚིག་དང་ཡི་གེ་བརྗོད་དུ་རུང་བ་ནི་གཟུགས་ཀྱི་སྐུའོ། །སྔགས་ཀྱི་ལྟ་བ་སྤྱོད་པ་དེ་ཉིད་ཡིན། །ཆོས་ཀྱི་སྐུ་གང་ཡིན་པ་དེ། །སྔགས་ཀྱི་བལྟ་བར་ཤེས་པར་བྱ། །དེ་ཉིད་སྒྱུ་མའི་ཚུལ་དུ་གནས་པ་དང་། །འབྲས་བུའི་ཚུལ་དུ་ཀུན་རྫོབ་བདེན་པ་དང་། །གཟུགས་ཀྱི་སྐུར་སྣང་མེ་ལོང་ལྟ་བུའི་ཚུལ། །ཇི་ལྟར་སྤྱད་དང་སྤྱོད་དུ་རུང་བ་ནི། །སྤྱོད་པ་རྣལ་འབྱོར་ཅན་གྱི་ལྟ་བའོ། །དེ་སྐད་ཅེས་ནི་བཀའ་སྩལ་ནས། །ཨ་ལ་ལ་ཡི་སྒྲ་


DNG017_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་དོ། །སྨྲ་བའི་སེང་གེས་དྲི་བ་དྲིས། །དེ་ལྟར་ལགས་ན་བཅོམ་ལྡན་འདས། །སྔགས་ཀྱི་ལྟ་བར་བློ་གནས་གང་། །སྤྱོད་པ་འབའ་ཞིག་བློ་གནས་གང་། །དབང་མཆོག་དམ་པས་བཀའ་སྩལ་པ། །སྨྲ་བའི་སེང་གེ་གསང་བདག་ཁྱོད། །འདི་དོན་ཞུ་བར་སྤོབས་པ་ལེགས། །སྔགས་ཀྱི་ལྟ་བ་སངས་རྒྱས་ཀྱིས། །མཉམ་པའི་དོན་རྟོགས་སྤྱོད་ཡུལ་ཡིན། །ཅི་ཕྱིར་ཞེ་ན་ཀུན་རྫོབ་བདེན་པ་ཡིན། །བདེན་པ་གཉིས་སུ་དབྱེར་མེད་ཕྱིར། །ཀུན་རྫོབ་བདེན་པ་ག་ལ་ཡོད། །བལྟ་དང་སྤྱོད་ལ་བློ་གནས་ཤིང་། །རྣལ་འབྱོར་ས་ཐོབ་ས་གཉིས་ཡིན། །ཅི་ཕྱིར་ཞེ་ན་རྣལ་འབྱོར་མཉམ་ཉིད་དེ། །བདེན་པ་རྣམ་གཉིས་ཚུལ་འདོད་དེ། །མི་བསྐྱེད་ཚུལ་དུ་བློར་ཆུད་ལ། །ཀུན་རྫོབ་མཚན་མ་ཐབས་ཀྱིས་སུ། །ཕྱག་རྒྱ་སྒྱུ་མའི་ཚུལ་དུ་ནི། །མེད་པ་མ་ཡིན་མཚན་མེད་པའི། །རྣལ་འབྱོར་གཉིས་དང་ལྡན་པའི་ཕྱིར། །སློབ་པའི་རྣལ་འབྱོར་གཉིས་བརྟེན་ནས། །ལྷུན་གྱིས་གྲུབ་པའི་ས་གོམས་པས། །ཆེ་ཆུང་གིས་ནི་གྲུབ་པ་ཡིན། །བསྟན་པ་བདེན་པ་གཉིས་ལ་གནས། །སྒྲ་ཡི་རྗེས་འབྲང་རྣལ་འབྱོར་ནི། །དོན་ལ་རང་རྒྱུད་སྤྱོད་ལ་གནས། །ཅི་ཕྱིར་ཞེ་ན་ལོག་པ་ཡི། །ཀུན་རྫོབ་འབའ་ཞིག་བློ་རྟོག་གིས། །ཡང་དག་པ་ཡི་ཀུན་རྫོབ་ནི། །ལྷ་ཡི་དཀྱིལ་འཁོར་མཐོང་མེད་ཕྱིར། །སྨྲ་བའི་སེང་གེ་དེ་བས་ན། །ལོག་པའི་ཀུན་རྫོབ་སོ་སོའི་སྐྱེ་བོ་ཡིས། །དེ་ལྟ་བུ་ཡི་ཆོས་ལ་བརྟེན་ནས་ཀྱང་། །ཡང་དག་པ་ཡི་ཀུན་རྫོབ་ཀྱིས། །བདེན་པའི་ལྷ་དང་ལྷ་མོ་ཡི། །ཆོས་རྣམས་དཀྱིལ་འཁོར་དུ་ཤེས་བྱའོ། །ཡང་དག་ཀུན་རྫོབ་བདེན་རྟོགས་ནས། །དོན་དམ་བདེན་པ་ཁོང་ཆུད་ནུས། །དེ་ནི་རིག་པའི་སྐྱེས་བུར་གྲགས། །སྨྲ་བའི་སེང་གེ་དེ་བས་ན། །ཡང་དག་ཀུན་རྫོབ་ལ་བརྟེན་ནས། །དོན་དམ་བདེན་པ་རྟོགས་པར་བྱའོ། །རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། ལྟ་སྤྱོད་


DNG017_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་གཉིས་ཀྱི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་སྙིང་པོ་བྱང་ཆུབ་ལ་དགོངས་པ་ངེས་པར་འགྲེལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཞུགས་ནས་ཀྱང་འདུས་པའི་འཁོར་ཚོགས་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཆོས་རྣམས་ཐམས་ཅད་བྱང་ཆུབ་སེམས་སུ་འདུས། །བྱང་ཆུབ་སེམས་སུ་སྣང་བར་ཤེས་པར་གྱིས། །ཅི་ཕྱིར་ཞེ་ན་ཆོས་རྣམས་ཐམས་ཅད་ནི། །ལུས་དང་ངག་དང་སེམས་སུ་འདུས་པས་ན། །ལུས་དང་ངག་དང་སེམས་ཉིད་ཆོས་ཀྱི་རྣམ་པར་སྣང་། །འདུས་པའི་འཁོར་ཚོགས་རྣམས་ཀྱིས་ལུས་དང་ངག་དང་སེམས་དག་ནི། །བདག་ཅག་རྣམས་ཀྱིས་ཅི་ལྟར་འཚལ་བར་བགྱི། །དབང་མཆོག་དམ་པས་བཀའ་སྩལ་པ། །ལུས་དང་ངག་དང་སེམས་ཀྱི་མཚན་ཉིད་ནི། །སེམས་ཀྱང་ལུས་དང་ངག་གི་རྣམ་པ་ལྟ་བུའོ། །ངག་ཀྱང་ལུས་དང་སེམས་ཀྱི་རྣམ་པ་ལྟ་བུའོ། །ལུས་ཀྱང་ཚིག་བརྗོད་སེམས་ཀྱི་རྣམ་པ་ལྟ་བུའོ། །རང་རང་ལུས་དང་ངག་དང་སེམས་རྟོགས་ཤིག །འོན་ཏང་བྱང་ཆུབ་སེམས་ཡིན་བསྐྱེད་པར་འགྱུར། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཨེ་མ་ཧོ་དངོས་པོ་དང་བྲལ་བས། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །གཟུང་དང་འཛིན་པ་རྣམ་པར་སྤང་། །ཆོས་བདག་མེད་པ་མཉམ་ཉིད་པས། །རང་སེམས་གདོད་ནས་མ་སྐྱེས་པས། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞེས་གསུངས་སོ། །དེ་ནས་ཡང་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཨེ་མའོ་ངོ་མཚར་ཡ་མཚན་གྱི། །སངས་རྒྱས་ཀུན་གྱི་གསང་བའི་ཐུགས། །ཆོས་ཀུན་སྐྱེ་བ་མེད་པ་ལ། །སྐྱེ་བ་འདི་ནི་རབ་ཏུ་བསྒྲགས། །སྐྱེ་དང་མི་སྐྱེ་མེད་པ་སྟེ། །བྱང་ཆུབ་ཚུལ་དུ་བསྟན་པའོ། །


DNG017_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་སོ། །དེ་ནས་ཡང་མེ་ལོང་ལྟ་བུར་གསལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཨེ་མ་ཧོ་ངོ་མཚར་ཡ་མཚན་གྱི། །སངས་རྒྱས་ཀུན་གྱི་གསང་བའི་ཐུགས། །ཆོས་ཀུན་འགག་པ་མེད་པ་ལས། །འགག་པ་འདི་ནི་རབ་ཏུ་བསྒྲགས། །འགགས་དང་མི་འགག་མེད་པ་སྟེ། །བྱང་ཆུབ་ལ་ནི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་ཡང་ཆོས་མཉམ་པ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཨེ་མའོ་ངོ་མཚར་ཡ་མཚན་གྱི། །སངས་རྒྱས་ཀུན་གྱི་གསང་བའི་ཐུགས། །ཆོས་ཀུན་གནས་པ་མེད་པ་ལས། །གནས་པ་འདི་ནི་རབ་ཏུ་བསྒྲགས། །གནས་དང་མི་གནས་མེད་པ་སྟེ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་ཡང་ཆོས་ཐམས་ཅད་སོ་སོར་ཀུན་ཏུ་རྟོག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཨེ་མའོ་ངོ་མཚར་ཡ་མཚན་གྱི། །སངས་རྒྱས་རྣམས་ཀྱི་གསང་བའི་ཐུགས། །ཆོས་ཀུན་དམིགས་སུ་མེད་པ་ལས། །དམིགས་པ་འདི་ནི་རབ་ཏུ་བསྒྲགས། །དམིགས་དང་མི་དམིགས་མེད་པ་སྟེ། །བྱང་ཆུབ་སེམས་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་ཡང་ཆོས་ཐམས་ཅད་བྱ་བ་ནན་ཏན་དུ་ཞུགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཨེ་མའོ་ངོ་མཚར་ཡ་མཚན་གྱི། །སངས་རྒྱས་ཀུན་གྱི་གསང་བའི་ཐུགས། །ཆོས་ཀུན་སྤྲོས་པ་མེད་པ་ལས། །སྤྲོས་དང་བསྡུ་བར་རབ་ཏུ་བསྒྲགས། །སྤྲོ་བསྡུ་ཡོད་དང་མེད་པ་ནི། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་སྨྲ་བའི་སེང་གེ་གསང་བའི་བདག་པོ་དེས། ཨ་ལ་ལ་ཞེས་སྒྲ་ཕྱུང་སྟེ། བྱང་ཆུབ་སེམས་ལ་བསྟོད་པ། ཨེ་མའོ་སྟོང་ཉིད་བྱང་ཆུབ་སེམས། །ཨེ་མའོ་དག་པ་


DNG017_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་མ་མེད། །ཨེ་མའོ་མི་སྒྲིབ་གསལ་བ་ཆེ། །ཨེ་མའོ་མཉམ་ཉིད་དབྱེར་མེད་ཆོས། །ཨེ་མའོ་སོ་སོ་རང་རིག་སེམས། །ཨེ་མའོ་བྱར་མེད་ལྷུན་གྱིས་གྲུབ། །བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །ཞེས་བསྟོད་དོ། །བཅོམ་ལྡན་འདས་ཀྱང་བྱང་ཆུབ་སེམས། །བྱང་ཆུབ་ཉིད་ཀྱང་ཐུགས་ཆུད་པའོ། །བདག་ཅག་རིག་འཛིན་ཚོགས་པ་རྣམས། །བྱང་ཆུབ་སེམས་ལ་སྨོན་པར་འཚལ། །འཇུག་དང་ལྡང་དང་གནས་པ་སྟེ། །རང་རང་སེམས་ནི་གཡོ་བར་བགྱི། །རེག་པར་བགྱི་ཞིང་ཉེ་བར་བགྱི། །ཉམས་སུ་མྱོང་བར་འཚལ་ལགས་ན། །སྙིང་རྗེ་ཆེན་པོས་དགོངས་སུ་གསོལ། །བདེ་བར་གཤེགས་པ་དགོངས་སུ་གསོལ། །དེ་སྐད་ཚིག་ཏུ་གསོལ་བཏབ་པས། །བཅོམ་ལྡན་སྙིང་པོས་འདི་སྐད་གསུངས། །ཨེ་མའོ་ཡེ་ནས་རྣམ་དག་ཆོས། །སྣ་ཚོགས་སྣང་ལ་རྟོག་པ་སྣང་། །ངོ་བོ་ཉིད་ནི་བརྗོད་དུ་མེད། །སྣོད་མ་ཡིན་ལ་བསྟན་པར་དཀའོ། །ཨེ་མའོ། སྲིད་གསུམ་ཡེ་ནས་རྣམ་པར་དག་པའི་རང་བཞིན་ལས། །བདག་ཏུ་རྟོགས་པའི་སྲིད་རྩེའི་ཉེས་དམིགས་ཀྱིས། །ཡུན་རིང་དུས་ནས་འཁྱམས་པའི་འགྲོ་བ་རྣམས། །མི་མཐུན་བདེ་སྡུག་གནས་རྣམས་སོ་སོར་བཟུང་། །ལོག་རྟོག་ནོར་བའི་སེམས་ཀྱི་ཀུན་རྟོག་ཀྱང་། །རང་བཞིན་ཉིད་ལས་ཉམས་པ་རྡུལ་ཙམ་མེད། །ཡེ་ནས་དོན་གྱི་སངས་རྒྱས་མིན་མོད་ཀྱང་། །རྨོངས་པའི་དབང་གིས་འཁོར་བའི་འཁོར་ལོར་འཁྱམས། །ལོག་རྟོག་ཉིད་ཀྱང་དངོས་མེད་བྱང་ཆུབ་སེམས། །འཁྲུལ་འཁོར་ཉིད་ཀྱང་མི་ཟད་རྒྱན་དུ་ཆེ། །སྙིགས་མ་ལྔ་ཉིད་བདེ་ལྡན་གནས་སུ་གསལ། །ཕུང་པོ་ལྔ་ཉིད་མངོན་པར་རྫོགས་པའི་སྐུ། །སྲིད་རྩེའི་ཉེས་དམིགས་བྱང་ཆུབ་སྙིང་པོར་གསལ། །ཕྱི་ནང་སྣོད་བཅུད་བྱང་ཆུབ་ངང་དུ་གསལ། །ཞེས་གསུངས་པས། ཆོས་ཐམས་ཅད་བྱང་ཆུབ་ཀྱི་ངང་དུ་གནས་སོ། །རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་ཆེན་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། བྱང་ཆུབ་སེམས་


DNG017_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ལེའུ་སྟེ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་སྙིང་པོ་རྡོ་རྗེ་རྩེ་གཅིག་པདྨར་གནས་པ་དེས། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས། །དཀྱིལ་འཁོར་འབྱུང་བར་བཞེད་ནས་ནི། །ཤེས་རབ་ཐབས་སུ་རོལ་པ་མཛད། །རྡོ་རྗེ་རྒྱན་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དཀྱིལ་འཁོར་གྱི་ནི་དོན་འདི་གསུངས། །འདུས་པའི་འཁོར་ཚོགས་རྣམས་ཉོན་ཅིག །གསང་སྔགས་བྱིན་རླབས་བསམ་ཡས་ལས། །དཀྱིལ་འཁོར་བསམ་ཡས་བརྗོད་མི་ལང་། །མདོར་བསྡུས་རྣམ་པ་གསུམ་ཡིན་ཏེ། །རང་བཞིན་ལྷུན་གྲུབ་དཀྱིལ་འཁོར་དང་། །ཏིང་འཛིན་གསལ་བའི་དཀྱིལ་འཁོར་དང་། །བཀྲི་དྲང་རྡུལ་ཚོན་དཀྱིལ་འཁོར་དང་། །གསུམ་པོ་དག་ཏུ་རྒྱལ་བས་གསུངས། །ཞེས་ཆེད་དུ་གླེང་ངོ་། །སྨྲ་བའི་སེང་གེ་གསང་བདག་གིས། །བཅོམ་ལྡན་འདས་སོ་བདག་ཅག་རྣམས། །དཀྱིལ་འཁོར་གསུམ་དུ་མཐོང་ལགས་སོ། །དེ་ནས་འདི་སྐད་གསོལ་བ་བཏབ། །ཡེ་ནས་ལྷུན་གྱིས་གྲུབ་པའི་བདག །དཀྱིལ་འཁོར་ཀུན་གྱི་འབྱུང་གནས་གཙོ། །རྡོ་རྗེ་རྒྱལ་ལ་ཕྱག་འཚལ་ལོ། །ཆོས་ཀུན་ཡེ་ནས་སངས་རྒྱས་པའི། །རང་བཞིན་དག་པ་དྲི་མ་མེད། །རང་བཞིན་ལྷུན་གྲུབ་བཟང་པོའི་དོན། །བཅོམ་ལྡན་སྙིང་པོས་བཤད་དུ་གསོལ། །ཨ་ལ་ལ་ཧོ། པདྨའི་སྙིང་པོ་བཅོམ་ལྡན་འདས། །རང་བཞིན་དོན་དམ་དཀྱིལ་འཁོར་ནི། །སྤྲོས་དང་བྲལ་བ་འདི་གསུངས་སོ། །ཨེ་མའོ། སངས་རྒྱས་ཀུན་གྱི་བྱང་ཆུབ་སེམས། །བླ་ན་མེད་པ་རྟོགས་གྱུར་པ། །རྒྱལ་བས་གསུངས་པའི་ཡེ་ཤེས་གང་། །དེ་ནི་དཀྱིལ་འཁོར་སྙིང་པོ་ཡིན། །ཞེས་གསུངས་སོ། །ཡང་ནི་འདི་སྐད་རབ་གསུངས་ཏེ། །རང་བཞིན་དོན་དམ་དཀྱིལ་འཁོར་འདི། །ལྷུན་གྱིས་གྲུབ་པ་བསྡུས་ཏེ་གསུངས། །སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་པ་དྲི་མ་མེད། །


DNG017_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

ཕུང་པོ་ལྔ་དོན་སངས་རྒྱས་ལྔ། །འབྱུང་བ་ལྔ་དོན་དབྱིངས་ཕྱུག་ཡུམ། །ཁམས་དང་སྐྱེ་མཆེད་མང་པོ་ཀུན། །སེམས་དཔའ་སེམས་མའི་དཀྱིལ་འཁོར་ཡིན། །དེ་བས་སྲིད་གསུམ་དཀྱིལ་འཁོར་ཆེ། །རྒྱུ་དང་འབྲས་བུའི་གཟུགས་རྣམས་ཀུན། །རྣམ་པར་སྣང་མཛད་རང་བཞིན་ཡིན། །ཚོར་བ་རིན་ཆེན་རང་བཞིན་ཡིན། །འདུ་ཤེས་སྣང་བ་མཐའ་ཡས་ཏེ། །འདུ་བྱེད་དོན་ཡོད་གྲུབ་པའོ། །རྣམ་པར་ཤེས་པ་རྡོ་རྗེ་སེམས། །སྲ་བས་སངས་རྒྱས་སྤྱན་ཡིན་ཏེ། །ཆུ་ཡི་ཁམས་ནི་མ་མ་ཀཱི། །མེ་ཁམས་ན་བཟའ་དཀར་མོ་སྟེ། །རླུང་ཁམས་དམ་ཚིག་སྒྲོལ་མ་ལ། །ནམ་མཁའ་ཀུན་ཏུ་བཟང་མོའོ། །སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱི། །མིག་ནི་ས་ཡི་སྙིང་པོ་ལ། །རྣ་བ་ཕྱག་ན་རྡོ་རྗེའོ། །སྣ་ནི་ནམ་མཁའི་སྙིང་པོའོ། །ལྕེ་ནི་སྤྱན་རས་གཟིགས་དབང་ཡིན། །གཟུགས་མཛེས་ལཱ་སྱེའི་རང་བཞིན་ལ། །དྲི་རུ་གྱུར་པ་མཱ་ལྱེའོ། །སྒྲ་ཡི་ཚོགས་ནི་ནིར་ཏིའོ། །རོ་རུ་གྱུར་པ་གཱིརྟི་ཡིན། །མིག་གི་དབང་པོ་གང་ཡིན་པ། །བྱམས་པ་མཻ་ཏྲིའི་རང་བཞིན་ཡིན། །རྣ་བའི་དབང་པོ་སྒྲིབ་པ་སེལ། །སྣ་ཡི་དབང་པོ་འཇམ་དཔལ་ཉིད། །ལྕེ་ཡི་དབང་པོ་ཀུན་ཏུ་བཟང་། །རྒྱུ་དང་འབྲས་བུ་རྣམ་པར་དཔྱད། །སྔོན་འདས་དུས་སུ་རྣམ་པར་གྲགས། །སྔོན་འདས་དཔྱིད་ནི་སྤོས་མེ་མ། །ད་ལྟར་དབྱར་ནི་མེ་ཏོག་མ། །འབྱོན་མ་རག་སྟོན་ཨཱ་ལོ་ཀེ། །མ་འོངས་དགུན་ནི་གནྡི་ཡིན། །སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱི། །རེག་ཤེས་གཤིན་རྗེ་འཇོམས་པ་ཡིན། །རེག་བྱ་རྣམ་པར་རྒྱལ་བ་སྟེ། །རེག་པར་བྱེད་པ་རྟ་མཆོག་དཔལ། །རེག་པ་བདུད་རྩི་འཁྱིལ་པ་སྟེ། །གསུམ་འདུས་རེག་པའི་མཚན་ཉིད་ཡིན། །མི་རྟག་པ་དང་སྟོང་པ་དང་། །གཟུང་དང་འཛིན་པ་རྣམ་པ་བཞི། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ། །ཕྱིན་ཅི་མ་ལོག་ལྷ་མོ་བཞི། །བཅོམ་ལྡན་སྙིང་པོས་རབ་ཏུ་གསུངས། །སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱི། །ཆོས་


DNG017_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀུན་ལ་ངེས་རྟོགས་པ། །ཀུན་ཏུ་བཟང་པོའི་རང་བཞིན་ཡིན། །འདུས་བྱས་མ་བྱས་ཆོས་རྣམས་ཀུན། །ཡིད་ཀྱི་རྣམ་ཤེས་ཡུལ་ཡིན་པས། །ཀུན་ཏུ་བཟང་མོ་ཡིན་པར་གྲགས། །དེ་ལ་སོགས་ཏེ་མཐའ་ཡས་མཆོག །ཆོས་དབྱིངས་མཉམ་དང་མི་མཉམ་པ། །ནམ་མཁའ་དབྱིངས་ཀྱི་མཐའ་ཀླས་པས། །ཇི་སྙེད་སྣང་གྲག་ཡོད་པའི་ཆོས། །ཀུན་ཀྱང་ཕྱག་རྒྱའི་རང་བཞིན་པས། །རྣམ་གྲངས་ཡིན་པར་བདེ་གཤེགས་གསུངས། །ཞེས་ཆེད་དུ་བརྗོད་པས་ཆེད་དུ་གླེང་ངོ་། །དེ་ནས་ཡང་བཅོམ་ལྡན་འདས་པདྨའི་སྙིང་པོས། རང་བཞིན་ཀུན་རྫོབ་ཀྱི་དཀྱིལ་འཁོར་འདི་གསུངས་སོ། །ཀུན་ནས་མཚན་མའི་གནས་ཆེན་ཡང་། །འོག་མིན་བླ་མེད་གནས་མཆོག་གམ། །ལྕང་ལོ་ཅན་དང་བདེ་བ་ཅན། །པདྨ་ཅན་ལ་སོགས་པ་ཡི། །རང་བཞིན་ལྷུན་གྲུབ་དཀྱིལ་འཁོར་དེ། །མཚན་མའི་ངང་རོལ་རྣལ་འབྱོར་སྣང་། །དེ་ཡང་ཇི་ལྟ་བུ་ཞེ་ན། །མཁའ་འམ་ཡིད་ཀྱི་ནམ་མཁའ་ལ། །བདེ་གཤེགས་སྙིང་པོ་ཧཱུཾ་བསྒོམས་ཏེ། །འབྱུང་ཆེན་བརྩེགས་པ་ལྷུན་གྱིས་གྲུབ། །དབུས་ནི་ཁམས་གསུམ་དབང་སྡུད་པའི། །ལྷུན་གྱིས་གྲུབ་པའི་གཞལ་ཡས་ཁང་། །ཐོད་རུས་བར་ཁྱམས་ཉི་ཟླས་བརྒྱན། །མེ་རིའི་བར་ཁྱམས་བྱིན་རླབས་ཆེ། །སྒོ་ནི་ཆུ་སྲིན་ཁར་གྱུར་པས། །སྒོ་གཏན་འཕོ་བའི་གཞལ་ཡས་ཁང་། །རྒྱལ་ཆེན་ཀ་བས་རྣམ་པར་མཛེས། །ཕོ་བྲང་དེ་ཡི་རྒྱན་མཆོག་ཀྱང་། །སྒོ་བཞི་སྒོ་ཁྱུད་རྣམས་ཀྱིས་བརྒྱན། །རྟ་བབས་བརྒྱད་དང་ཡང་དག་ལྡན། །དབུས་ན་རིན་ཆེན་ཁྲི་རྐང་བརྒྱན། །དེ་སྟེང་པདྨ་མཁའ་སྟོང་ལྡན། །ལྟེ་བར་བཅས་ཤིང་རྩིབས་བཅུ་དྲུག །ཕྱོགས་བཅུ་འོད་ཟེར་འབར་བས་འཁྲུགས། །ཉི་ཟླ་ནོར་བུ་རིན་ཆེན་འབར། །ནོར་བུའི་དོ་ཤལ་རྒྱལ་མཚན་དང་། །ཟ་ར་ཚགས་སུ་རྣམ་པར་གནས། །བསམ་གྱིས་མི་ཁྱབ་མཐའ་ཡས་མཆོག །མ་བཙལ་ཡེ་ནས་ལྷུན་གྱིས་གྲུབ། །རྟ་བབས་རྣམས་ཀྱི་ཙོང་ཙོང་ལ། །གསེར་གྱི་


DNG017_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

དྲིལ་བུ་འབར་བ་དག །དཀོན་མཆོག་གསུམ་གྱི་མཚན་ཡང་བརྗོད། །རྟ་མཆོག་འབར་བའི་བསོད་ནམས་ཀྱིས། །རྒྱུ་ལས་གྲུབ་པ་རྒྱལ་བས་གསུངས། །གཞལ་ཡས་དེ་ནང་ལྷུན་གྲུབ་པའི། །རིན་ཆེན་ཁྲི་རྐང་ཕྱོགས་བཅུར་འོད་འབར་བའི། །བརྒྱད་དུ་བསྟན་པ་ཧེ་རུ་ཀ །བསྙེན་བཀུར་མཆོད་ཕྱིར་མཉེས་བྱེད་པ། །གསེར་གྱི་སེང་གེ་རྒྱན་གསུམ་པ། །དྲུག་བཞི་རྩ་འཕགས་བཞི་སྟེ་ཉི་ཤུ་བརྒྱད། །ཐུགས་རྗེ་ཆེ་བས་ཉི་ཤུ་བརྒྱད། །འཇིགས་པ་སྤངས་པས་སེང་གེ་ཉི་ཤུ་བརྒྱད། །སྤྲུལ་སྐུ་མཐོན་པས་དབང་མོ་ཉི་ཤུ་བརྒྱད། །ཀུན་ཏུ་འོད་ཀྱི་ས་ལ་རབ་གནས་པས། །རིན་ཆེན་ཁྲི་རྐང་འདེགས་པའི་སྟོབས་དང་ལྡན། །དགོན་གནས་དབེན་གནས་གཞན་གྱིས་མཐོང་བར་དཀའ། །རང་གབ་སྦས་པ་ཆོས་ཉིད་ལུང་། །ལུང་གི་སྒྲ་དབྱངས་ཐུན་མོང་མ་ཡིན་པས། །མངོན་དུ་ཕྱུང་བའི་ཐུགས་རྗེ་ཤར་བ་ནི། །ཁམས་གསུམ་དོན་མཛད་ཡེ་ཤེས་རྩལ་དང་ལྡན། །མ་བདུན་ཚོགས་པས་ནུས་མཐུར་ལྡན། །ཕྲིན་ལས་རྣམ་ཐར་བརྒྱད་ཀྱི་ཀ་བ་འདེགས། །རྩལ་གྱི་ཤུགས་དང་རབ་ལྡན་པས། །རྒྱ་ཁྱོན་ཀུན་ཤོང་ཡངས་པ་ཡིན། །རིགས་བཞི་ཁྲག་འཐུང་ཧེ་རུ་ཀ །བཞུགས་གནས་མི་འགྱུར་ཆོས་ཀྱི་སྐུ། །དེ་ནི་ཀུན་ཏུ་འོད་ཀྱི་ལུང་། །པདྨ་ལེ་བརྒན་ཕྱོགས་བཅུར་འོད། །སངས་རྒྱས་ཐམས་ཅད་སྐྱེ་བཞིའི་ཚུལ། །ཆགས་པར་གྱུར་པ་མེད་པས་པདྨ་སྟེ། །ཆེ་བའི་ཡོན་ཏན་མ་ལུས་ལུང་དུ་སྟོན། །མཁའ་དབྱིངས་ཡང་དག་དྲི་མེད་པདྨར་བསྟན། །མ་ཆགས་པདྨ་ཅན་གྱི་ལུང་། །སྟོང་ཞིང་གསལ་བས་ཞབས་གང་འཕགས། །ཉི་ཟླའི་དཀྱིལ་འཁོར་བརྩེགས་པ་ནི། །ཡི་གེ་འཁོར་ལོ་ཚོགས་ཆེན་ཡང་། །ཐབས་དང་ཤེས་རབ་ཡེ་འདྲེལ་བས། །སྤྲོས་མེད་ངང་གིས་ཟླུམ་པ་ཡིན། །མ་སྐྱེས་པ་ནི་ཆོས་ཀྱི་ལུང་། །འོད་ཆེན་གསལ་བར་འཚེར་བས་ན། །ཡང་གསང་སྦས་པ་ཡེ་ཤེས་ལུང་། །འཕྲོ་འདུ་ཁྱད་པར་གྱུར་པས་སྡུག་བསྔལ་གསོས་སུ་གྱུར། །


DNG017_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་རིགས་ཀྱི་ལྷ་མོ་གསང་བའི་ཡུམ་དུ་བསྟན། །དེ་སྟེང་རྣལ་འབྱོར་དབང་ཕྱུག་ཆེན་པོ་ནི། །ཡོངས་སུ་མཛེས་པའི་རྒྱན་གྱིས་བརྒྱན། །རྡོ་རྗེ་སེམས་དཔའ་གཉེན་པོ་རྐྱེན་དང་བྲལ་བས་མི་འགྱུར་ཆོས་ཀྱི་ལུང་། །གསང་བའི་ཐུགས་ཀར་སྦས་ཏེ་བདེ་ཆེན་དབྱིངས་ནས་རོལ་པས་བདེ་བ་ལོངས་སྤྱོད་ལུང་། །དབུ་གསུམ་ཞབས་གཉིས་བརྐྱང་བར་མཛད་པས་ཐུགས་རྗེ་སྤྲུལ་པའི་ལུང་། །རིགས་གཉིས་ལུང་གི་བརྒྱུད་པས་ཏིང་འཛིན་རྣམ་གཉིས་ཐབས་ཀྱི་རྒྱུད། །དེ་ཡང་གཙོ་དང་གཟུངས་སུ་འདྲེལ། །སྐུ་མདོག་མཐིང་ག་རབ་ཏུ་བསྟན། །མཐིང་ནག་དཀར་དང་དམར་བའི་ཞལ། །ལྷ་མཆོག་དེ་ཡི་སྤྱན་སྔ་ན། །རྣམ་པར་སྣང་མཛད་ཕྱག་རྒྱ་ཆེ། །གསེར་མདོག་ལྟ་བུ་རྣམ་པར་དྭངས། །རང་རྟགས་འཁོར་ལོ་ཟུར་བརྒྱད་འཛིན། །གཡས་ན་རིན་ཆེན་འབྱུང་ལྡན་གཙོ། །བཻ་ཌཱུར་སྔོན་པོའི་མདོག་འདྲ་ལ། །རང་རྟགས་རིན་ཆེན་ཟུར་བརྒྱད་འཛིན། །རྒྱབ་ཕྱོགས་སྣང་བ་མཐའ་ཡས་གཙོ། །པདྨ་རཱ་གའི་མདོག་འདྲ་ལ། །རང་རྟགས་པདྨ་འདབ་བརྒྱད་འཛིན། །གཡོན་དུ་དོན་ཡོད་གྲུབ་པ་སྟེ། །རིན་ཆེན་མརྒད་མདོག་འདྲ་ལ། །རང་རྟགས་རལ་གྲི་དེ་བཞིན་ནོ། །ཀུན་ཀྱང་ཞི་བའི་ཆ་ལུགས་ཏེ། །ཐོར་ཚུགས་རིགས་ལྔས་དབུ་ལ་བརྒྱན། །རྫོགས་པའི་སྐྱིལ་མོ་ཀྲུང་དུ་བཞུགས། །དོ་ཤལ་དཔུང་རྒྱན་སེ་མོ་དོ། །ཕྱག་གདུབ་སྙན་ཆས་སྐུ་ལ་མཛེས། །མཚན་དང་དཔེ་བྱད་ཡང་དག་རྫོགས། །དེ་དག་གི་ནི་གཡོན་ཕྱོགས་ན། །ཀུན་ཏུ་བཟང་དང་ལོ་ཙ་ན། །མཱ་མ་གོས་དཀར་སྒྲོལ་མ་རྣམས། །གཡས་པ་ཐབས་ཀྱི་གཙོ་ལ་འཁྱུད། །གཡོན་པ་རང་རྟགས་དྲིལ་བུ་འཛིན། །ཆ་ལུགས་གཞན་ཡང་ཡང་དང་འདྲ། །ཕྱི་ཡི་གོང་ར་མཛེས་པ་ལ། །ལག་ན་རྡོ་རྗེ་ལྗང་སྐྱ་རྡོ་རྗེ་རྩེ་གསུམ་འཛིན། །ས་སྙིང་ལྗང་སྔོན་རིན་ཆེན་མྱུ་གུ་འཛིན། །རྒྱབ་ཏུ་ནམ་མཁའི་སྙིང་པོ་མཐིང་ནག་རལ་གྲི་འཛིན། །གཡོན་ན་སྤྱན་རས་གཟིགས་དབང་དམར་སྐྱ་པདྨ་འཛིན། །


DNG017_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

ཐོར་ཚུགས་ཡེ་ཤེས་སེམས་དཔས་བརྒྱན། །སེམས་དཔའི་སྐྱིལ་མོ་ཀྲུང་དུ་བཞུགས། །རྒྱན་དང་ཆ་ལུགས་ཀུན་གྱིས་བརྒྱན། །དེ་དག་གི་ནི་གཡོན་རོལ་ན། །སྒེག་མོ་ཕྲེང་དང་དབྱངས་དང་གར། །གཡས་པ་ཐབས་ཀྱི་གཙོ་ལ་འཁྱུད། །གཡོན་པ་གར་དང་མེ་ལོང་ཕྲེང་། །པི་ཝང་འཛིན་ཅིང་ཆ་ལུགས་རྒྱན། །གཙོ་བོ་ཉིད་དང་མཐུན་པའོ། །མཛེས་པའི་གྲུ་ཆད་རྣམས་ལ་ནི། །བྱམས་པ་དཀར་པོ་ཀླུ་ཤིང་འཛིན། །སྒྲིབ་སེལ་མཐིང་ནག་འཁོར་ལོ་འཛིན། །འཇམ་དཔལ་དམར་སྐྱ་ཨུཏྤལ་འཛིན། །ཀུན་བཟང་ལྗང་སེར་སྙེ་མ་འཛིན། །ཤར་ལྷོ་ལྷོ་ནུབ་ནུབ་བྱང་དང་། །བྱང་ཤར་མཚམས་ཀྱི་གྲུ་ཆད་ལ། །འཁོར་བར་འཛུམ་པའི་མདངས་ཀྱིས་འཁོད། །དེ་དག་གི་ནི་གཡོན་རོལ་ན། །སྤོས་དང་མེ་ཏོག་མར་མེ་དྲི། །གཡས་པ་ཐབས་ཀྱི་གཙོ་ལ་འཁྱུད། །གཡོན་པ་རང་རྟགས་འཛིན་པ་སྟེ། །ཆ་ལུགས་གཙོ་དང་མཐུན་པར་གནས། །གཤིན་རྗེ་མཐིང་ག་མི་མགོ་གདེངས། །ཤར་གྱི་སྒོར་ནི་རྣམ་པར་གནས། །རྣམ་རྒྱལ་སེར་ནག་རྡོ་རྗེ་འཛིན། །ལྷོ་ཡི་སྒོ་ནི་རྣམ་པར་གནས། །རྟ་མཆོག་དམར་ནག་ཐོད་སྦྲུལ་བསྣམས། །ནུབ་ཀྱི་སྒོར་ནི་རྣམ་པར་གནས། །བདུད་རྩི་ལྗང་ནག་རྒྱ་གྲམ་འཛིན། །བྱང་གི་སྒོར་ནི་རྣམ་པར་གནས། །དུར་ཁྲོད་རྒྱན་གྱིས་རྣམ་པར་བརྒྱན། །རྣམ་པར་གཙིགས་པ་འཇིགས་འཇིགས་ལྟ། །མེ་དཔུང་འབར་བའི་ཀློང་དཀྱིལ་དུ། །ཧཱུཾ་དང་ཕཊ་ཀྱི་སྒྲ་ཆེར་སྒྲོགས། །འཇོམས་མ་བཞི་ཡང་སྐུ་ལ་འཁྲིལ། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དང་། །དྲིལ་བུ་ཐོགས་ཤིང་རབ་ཏུ་རྔམ། །ཆ་ལུགས་འཇོམས་པ་དག་དང་འདྲ། །སྒོ་བཞི་དག་ཏུ་ལྷུན་གྱིས་གྲུབ། །ཐོད་རུས་བར་ཁྱམས་མཛེས་པ་ལ། །སྤྲུལ་སྐུ་ཐུབ་པ་ཆེན་པོ་དྲུག །ཅིས་འདུལ་ཐབས་ཀྱི་སྐུར་སྟོན་པས། །ཆ་ལུགས་མ་ངེས་འདུལ་བར་སྟོན། །མཛེས་པའི་བར་ཁྱམས་དེ་ཉིད་ལ། །མདུན་དང་རྒྱབ་ཀྱི་ཕྱོགས་རོལ་དུ། །བྱེད་པ་པོ་དང་བྱ་བ་མོ། །ཏིང་ངེ་འཛིན་དུ་ལྡན་པར་གནས། །དེ་ལ་སོགས་ཏེ་མཐའ་ཡས་མཆོག །དཀྱིལ་འཁོར་བསམ་ཡས་


DNG017_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུན་གྱིས་གྲུབ། །ལྷ་ཡི་ཚོགས་མཆོག་དེ་དག་གི། །ཐུགས་ཀར་ཡེ་ཤེས་སེམས་དཔའ་གནས། །ཚོན་གང་འོད་དང་བཅས་པའོ། །ལྗགས་ལ་རང་རྟགས་ཡི་གེ་རྣམས། །རང་རྟགས་ཕྱག་རྒྱའི་སྟེང་དུ་གསལ། །དེ་ལྟའི་སྐུ་མཆོག་རེ་རེ་ལ། །ཚུལ་དགུ་དག་ཏུ་ལྡན་པ་སྟེ། །མཉེན་དང་ལྕུག་དང་འཁྲིལ་བ་སྟེ། །ལྡེམ་བག་ཆགས་དང་གཞོན་ཚུལ་དང་། །གསལ་དང་འཚེར་དང་ལྷུན་སྡུག་དང་། །གཟི་བྱིན་འབར་བར་རབ་ཏུ་གནས། །མེ་རི་བར་ཁྱམས་དམར་ནག་ནི། །ལྷུན་གྱིས་གྲུབ་པའི་ཕྲིན་ལས་མཛད། །དེ་ལྟའི་རང་བཞིན་དཀྱིལ་འཁོར་ལ། །ཕྱི་རབས་སྔགས་འཆང་རྣལ་འབྱོར་པས། །སྤྱན་དྲང་མཆོད་པ་དབུལ་བར་བྱ། །ཞེས་གསུངས་པས། ཆོས་ཐམས་ཅད་རང་བཞིན་གྱི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པའོ། །ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པ་དང་། རང་རིག་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་། གསང་སྔགས་རྒྱ་མཚོ་ཐུགས་རྗེ་བསམ་གྱིས་མི་ཁྱབ་པ་དང་། སྤྲུལ་པ་བསམ་གྱིས་མི་ཁྱབ་པ་དང་། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན་འགྲོ་བ་ཐམས་ཅད་ལ་ཆོས་སྟོན་པ་བསམ་གྱིས་མི་ཁྱབ་པ་ཡང་ལྷུན་གྱིས་གྲུབ་པོ། །རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། རང་བཞིན་དཀྱིལ་འཁོར་གྱི་ལེའུ་སྟེ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་པདྨའི་སྙིང་པོར་གནས་པ་དེས། མི་གཡོ་བ་འཕྲོ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་འདི་གསུངས་སོ། །ཆོས་རྣམས་ཐམས་ཅད་ཏིང་ངེ་འཛིན་གྱིས་དབང་བསྒྱུར་རོ། །ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་ཏིང་ངེ་འཛིན་གྱིས་ཇི་ལྟར་འདོད་བཞིན་དབང་བསྒྱུར་རོ། །གསང་སྔགས་རྨད་བྱུང་རྒྱལ་པོ་ལ། །ཏིང་འཛིན་དཀྱིལ་འཁོར་བསམ་ཡས་ཀྱང་། །མདོར་བསྡུས་རྣམ་པ་གསུམ་ཡོད་དེ། །བསྒོམ་པ་ཏིང་འཛིན་དཀྱིལ་འཁོར་དང་། །བསྐྱེད་དང་ལྷག་པའི་


DNG017_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

ཏིང་འཛིན་ནོ། །ཐོག་མར་རྣལ་འབྱོར་བདག་བསྒོམས་ཏེ། །དཀྱིལ་འཁོར་ཡིན་པར་རྒྱལ་བས་གསུངས། །དེ་ཡང་ཇི་ལྟར་བསྒོམ་ཞེ་ན། །ཏིང་འཛིན་ལ་ཡང་རྣམ་པ་གསུམ། །དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན། །སྟོང་པ་ཆེན་པོའི་ཏིང་ངེ་འཛིན། །གཉིས་པ་ཀུན་སྣང་ནམ་མཁའི་ངང་། །སྙིང་རྗེའི་ཡུལ་གྱིས་ཁྱབ་པའི་ཕྱིར། །མཚམས་སྦྱོར་ཆེན་པོའི་ཏིང་འཛིན་བསྒོམ། །གསུམ་པ་རང་གི་ས་བོན་ཏེ། །རབ་ཏུ་དྲག་པོའི་ཡི་གེ་ཨ། །དེ་ལས་ཕྲ་མོའི་ཨ་འཕྲོས་འདུས། །སྤྲོས་ཤིང་བསྡུས་ཀྱང་འཕེལ་འགྲིབ་མེད། །དེ་ལས་བདག་ཉིད་ཆེན་པོ་ནི། །ཐམས་ཅད་རྫོགས་པར་བསྐྱེད་པར་བྱའོ། །རྒྱས་བཏབ་བྱིན་བརླབས་དབང་བསྐུར་བས། །རྩ་བའི་དཀྱིལ་འཁོར་རབ་ཏུ་རྫོགས། །དེ་བཞིན་ཉིད་ལ་གསལ་བས་ན། །བདག་ཉིད་ཆེན་པོ་གཡོན་དུ་སྟེ། །མཁའ་དབྱིངས་རྡོ་རྗེ་པདྨར་གནས། །དེ་ནི་བསྒོམ་པའི་དཀྱིལ་འཁོར་ཡིན། །བསྐྱེད་པ་ཡི་ནི་དཀྱིལ་འཁོར་ན། །ལྷ་ཚོགས་བདག་གི་སྲས་སུ་བསྐྱེད། །དེ་ནི་བསྐྱེད་པའི་དཀྱིལ་འཁོར་ཡིན། །དེ་བས་ཇི་ལྟར་བསྐྱེད་ཅེ་ན། །ཐོག་མར་ཡབ་ཡུམ་མཁའ་གསང་གཉིས། །རྡོ་རྗེ་པདྨར་བྱིན་གྱིས་བརླབས། །གཉིས་མེད་འཁྲིལ་བར་དགྱེས་པ་ལས། །བྷ་གའི་དཀྱིལ་དུ་ལིངྒ་ལ། །སྤྲོས་བསྡུས་དབྱིངས་སུ་འཁྱིལ་པ་ལས། །དབང་ཆེན་ས་བོན་འབྲུ་ལྔར་གྱུར། །ཨེ་ཡཾ་བཾ་སུཾ་བྷྲཱུཾ། ཨེ་ལས་ནམ་མཁའ། ཡཾ་ལས་རླུང་གི་དཀྱིལ་འཁོར། བཾ་ལས་རྒྱ་མཚོ། སུཾ་ལས་གསེར་གྱི་ས་གཞི། བྷྲཱུཾ་ལས་རིན་པོ་ཆེའི་གཞལ་ཡས་ཁང་། དབྱིབས་དང་ཁ་དོག་བསམ་ཡས་མཆོག །འཁོར་ལོ་གདན་དང་རོལ་མོའི་ཚོགས། །རང་བཞིན་དཀྱིལ་འཁོར་དང་འདྲ་བའོ། །དེ་རུ་ལྷ་ཚོགས་བསྐྱེད་པ་ནི། །བརྟེན་འབྱུང་ནམ་མཁའི་ཡེ་ཤེས་


DNG017_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

ཨ། །འཕེལ་མེད་འགྲིབ་མེད་གནས་པ་ལ། །གཉིས་མེད་དགྱེས་པའི་འཕྲོ་འདུ་ལས། །བཞི་བཅུ་རྩ་གཉིས་འོད་དུ་ཤར། །ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཏ་ཐ་ད་དྷ་ན། ཊ་ཋ་ཌ་ཌྷ་ཎ། པ་ཕ་བ་བྷ་མ། ཡ་ར་ལ་ཤ་ཥ་ས་ཧ་ཀྵཿ། ཨ་ཨི་ཨཱིཾ། ཨུ་ཨཱུ། ཨེ་ཨཻ། ཨོ། གསུང་གི་དཀྱིལ་འཁོར་བཞི་བཅུ་གཉིས། །སྤྲོ་བསྡུས་གསལ་བར་གྱུར་པ་ལས། །ཐུགས་མཚན་བཞི་བཅུ་རྩ་གཉིས་འབར། །དེ་ལས་མངོན་རྫོགས་སྐུར་གསལ་བ། །ཏ་ལ་སོགས་པའི་ཡི་གེ་ལྔ། །ཕུང་པོ་ལྔ་ཡི་ས་བོན་ཡིན། །ཋ་ལ་སོགས་པ་འབྱུང་བ་ལྔ། །བསྐྱེད་པའི་ས་བོན་ཡིན་པར་གསུངས། །ཀ་སོགས་ལྔ་ནི་རྣམ་ཤེས་ལྔ། །ཙ་སོགས་ལྔ་ནི་དབང་པོ་ལྔ། །པ་སོགས་ལྔ་ནི་སྐྱེ་མཆེད་ལྔ། །ཡ་སོགས་བཞི་ནི་དུས་བཞིར་གྲགས། །ཤ་སོགས་བཞི་ནི་འཇོམས་མ་བཞི། །ཨི་སོགས་དྲུག་ནི་ཐུབ་པ་དྲུག །ཀྵ་ནི་ཡིད་ཀྱི་རྣམ་ཤེས་ཁམས། །ཨ་ནི་ཆོས་ཀྱི་ཁམས་སུ་བཤད། །སོ་སོའི་ཐུགས་སོགས་ལྔ་ནི་སྐྱེ་མཆེད་ལྔ། །ཡ་སོགས་བཞི་ནི་དུས་བཞིར་གྲགས། །ཤ་སོགས་བཞི་ནི་འཇོམས་མ་བཞི། །ཨི་སོགས་དྲུག་ནི་ཐུབ་པ་དྲུག །ཀྵ་ནི་ཡིད་ཀྱི་རྣམ་ཤེས་ཁམས། །ཨ་ནི་ཆོས་ཀྱི་ཁམས་སུ་བཤད། །སོ་སོའི་ཐུགས་མཚན་གསལ་བར་ལས། །ས་བོན་རྣམས་ཀྱིས་མངོན་སུམ་བསྐྱེད། །ཧཱུཾ་བཛྲ་དྷྲྀཀ །ཨོཾ་ཛི་ན་ཛིཀ །སྭ་རཏྣ་དྷྲྀཀ །ཨཱཾ་ཨཱ་རོ་ལྀཀ །ཧ་པྲཛྙཱ་དྷྲྀཀ །མཱུཾ་དྷཱ་ཏྲཱི་ཤྭ་རི། ལཱཾ་དྭེ་ཥ་ར་ཏི། མཱཾ་མོ་ཧ་ར་ཏི། པཱཾ་རཱ་ག་ར་ཏི། ཏཱཾ་བཛྲ་ར་ཏི། ཀྵིཾ་ཧི་ར་ཛཱ་ཡ། ཏྲཱཾ་ཨཱ་གརྦྷཱ་ཡ། ཧྲཱིཾ་པདྨ་པད་མ། ཛིཾ་ཀུ་རུ་པཱ་ཎ། ཧཱུཾ་ལ་སྱེ། ཏྲཾ་མཱ་ལེ། ཧྲཱིཾ་གཱི་ཏི། ཨཾ་རྟི། མཻ་དྷ་ར་ཎེ་སྭཱ་ཧཱ། ་ནིསྶ་རཾ་བྷཱ་ཡ་སྭཱ་ཧཱ། ཧཱུཾ་སྭ་རཱ་ཛཱ་ཡ། མཱུཾ་ཤྲཱི་ཨཾ་རཱ་གཱ་ཡ། ཛ་དྷུ་པེ། ཧཱུཾ་པུཥ྇། བཾ་དི་པཾ། ཧོ་གྷནྡྷེ། ཧཱུཾ་ཡ་མཱན་ཏ་ཀྲྀཏ་ཕཊ། ཧཱུཾ་པྲནྡྷཱ་ཏ་ཀྲྀཏ་ཕཊ། ཧཱུཾ་པདྨཱནྟ་ཀྲྀཏ་ཕཊ། ཧཱུཾ་བིགྷྣཱཾ་ཏ་ཀྲྀཏ་ཕཊ། ཛ་བཛྲ་ཀྲོ་དྷཱི། ཧཱུཾ་རཏྣ་ཀྲོ་དྷཱི། བཾ་པདྨ་ཀྲོ་དྷཱི། ཧོ་ཀརྨ་ཀྲོ་དྷཱི། ཧཱུཾ་བཛྲ་ཙིཏྟ། ཨ་བཛྲ་ཙིཏྟ། མུ་ནེ་ཀྲིཾ། མུ་ནེ་ཏྲུཾ། མ་ནེ་སྲུཾ། མུ་ནེ་སྲཾ། མུ་ནེ་ཀྵཾ།


DNG017_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

མུ་ནེ་ཡེ། དེ་ལྟར་སོ་སོའི་སྙིང་པོ་ལས། །མངོན་རྫོགས་སྐུར་ནི་གསལ་བ་དང་། །ཡེ་ཤེས་ལྔ་ཡི་དབང་བསྐུར་ཏེ། །སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ། །ཨོཾ་བཛྲ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཨོཾ་ཨཱ་དཪྴ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཨཱོཾ་ས་མནྟཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཨོཾ་མ་ཧཱ་པྲ་ཏི་པྲ་ཏྱ་བེ་ཀྵ་ཎ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཨོཾ་མ་ཧཱ་ཀྲི་ཏྱཱ་ཨ་ནུ་ར་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏཱ་ཝཱཀ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཨོཾ་སརྦ་ཏ་ཐཱ་ཏ་ག་ཏ་མ་ཧཱ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། དེ་ལྟར་རྫོགས་པའི་སངས་རྒྱས་རྣམས། །སྐུ་མདོག་ཕྱག་མཚན་སོ་སོ་རྣམས། །ཐོར་ཚུགས་ལ་སོགས་བཞུགས་ཚུལ་དང་། །རང་བཞིན་ཀུན་རྫོབ་བཞུགས་ཚུལ་དང་། །བསྐྱེད་པའི་དཀྱིལ་འཁོར་ཏིང་འཛིན་འདི། །རྣལ་འབྱོར་རིག་པའི་རྩལ་ཡིན་ཏེ། །ནམ་མཁའི་དབྱིངས་ཀྱི་དབུས་སུ་བསམ། །ཡང་ན་གཟུགས་བརྙན་དཀྱིལ་འཁོར་ལའོ། །ལྷག་པའི་ཏིང་འཛིན་དཀྱིལ་འཁོར་ནི། །ཡོངས་སུ་བསྒོམ་པར་བྱ་བ་ནི། །དེ་ལྟར་གསལ་བའི་རྣམ་པ་ཀུན། །ཡུམ་གྱི་མཁའ་ལ་གསལ་བར་བསྒོམ། །རྣལ་འབྱོར་རིག་པའི་ཁྱད་པར་ཡིན། །ཞེས་གསུངས་པས། རོལ་པའི་འཁོར་ཚོགས་རྣམས་ཀྱིས། ཆོས་ཐམས་ཅད་ཏིང་ངེ་འཛིན་གྱིས་དབང་བསྒྱུར་བ་མཐོང་ངོ་། །རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གྱི་རིམ་པ་རྣམ་པར་ཕྱེ་བའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་པདྨའི་སྙིང་པོ་དེས། གཟུགས་བརྙན་ལྟ་བུའི་རྣམ་པར་འཕྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ལས་དང་པོའི་རྣལ་འབྱོར་པ་ཡིད་ཆེས་པར་བྱ་བའི་ཕྱིར། འདི་སྐད་ཅེས་བཀའ་སྩལ་ཏོ། །རོལ་པ་འདུས་པའི་འཁོར་ཚོགས་རྣམས། །ཆོས་རྣམས་


DNG017_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་བརྙན་ལྟ་བུར་ཤེས། །ཅིའི་ཕྱིར་ཞེ་ན་དེ་ལས་མ་འདས་ཕྱིར། །དེ་བས་གཟུགས་བརྙན་དཀྱིལ་འཁོར་བཤད་པར་བྱ་ཡིས་ཉོན། །འདི་ནི་གཟུགས་བརྙན་སྒྱུ་མའི་རྣམ་གྲངས་ཡིན། །མ་རིག་རྨོངས་པའི་འགྲོ་རྣམས་ལ། །མཚོན་པས་གསལ་བའི་དོན་བསྟན་ཕྱིར། །གཟུགས་བརྙན་དཀྱིལ་འཁོར་བཤད་པར་བྱ། །དར་རམ་རས་སམ་གྲོ་ག་ལ། །ཁ་དོག་ལྔ་ཡི་གཟུགས་བྲིས་ན། །དངོས་གྲུབ་རྟེན་དུ་གྱུར་པར་བཤད། །ར་འམ་བ་སོའི་འབུར་བཏོད་དང་། །རྡོ་དང་ཤིང་དང་རྩིག་ལོགས་དང་། །གསེར་དངུལ་ལ་སོགས་ལུགས་བླུགས་ལ། །ཡག་ལག་མ་ཉམས་གཟུགས་མཛེས་བྱས། །དེ་ཡང་དངོས་གྲུབ་རྟེན་དུ་འགྱུར། །མཉེན་དང་ལྕུག་དང་སྨིན་པ་དང་། །ཕྱག་རྒྱའི་གཟུགས་སུ་ལེགས་བྱས་ན། །དེ་ཡང་མཚན་མའི་རྟེན་དུ་འགྱུར། །ས་སྟེགས་དཀྱིལ་འཁོར་དབྱིབས་ལེགས་མཛེས་པ་ལ། །ཚོན་རྩི་ལྔ་ཡིས་ལེགས་བྲིས་ན། །དེ་ཡང་དངོས་གྲུབ་འབྱུང་བའི་རྟེན། །རེ་ཞིག་ལས་ནི་དང་པོ་པས། །ས་སྟེགས་དཀྱིལ་འཁོར་བྱ་བར་ཤིས། །འདི་ནི་གནས་ཀྱི་མཚན་ཉིད་དེ། །སྐྱོན་ཡོན་བྱེ་བྲག་ཤེས་པར་བྱ། །གངས་རི་བྲག་དཀར་འདབ་ཆེན་ནི། །ཞི་བ་བསྒྲུབ་པའི་གནས་སུ་ཤིས། །བྲག་ཆེན་རྡོ་རྗེས་གཏམས་པ་སྟེ། །གཅན་གཟན་ཁྲོ་བོའི་གནས་སྐྱི་གཡའ། །མངོན་སྤྱོད་ཆེན་པོ་བསྒྲུབ་པའི་གནས། །དུར་ཁྲོད་གནས་དང་ངམ་གྲོག་དང་། །སུམ་མདོ་གྲོང་གླིང་དབང་སྡུད་གནས། །ནགས་ཚལ་མང་པོ་གཏིབས་པ་དང་། །ཤིན་ཏུ་བཙན་དང་འཇིགས་པའི་ངོགས། །འདོད་པ་བསྒྲུབ་པའི་གནས་ཡིན་ནོ། །མཚོ་གླིང་རྒྱ་མཚོ་ནེའུ་སེང་ཅན། །ལས་རྣམས་ཀུན་ལ་དེར་ཤེས་སོ། །གཞན་ཡང་སྤང་བར་བྱ་བ་ནི། །གཤིན་རྗེའི་མདུང་རྩེ་སྲིན་མོ་ངུས་པའི་མཆི་མ་དང་། །གནོད་སྦྱིན་སྤར་རྗེས་འབྱུང་པོའི་འདུ་ས་དང་། །གདུག་པའི་ཀླུ་སྲང་འབྱུང་པོ་རྒྱུ་བའི་ལམ། །སྦྲུལ་གདུག་འོང་ས་ཁ་ན་མ་ཐོ་བའི། །ཉེན་དང་འདྲེལ་དང་མདུན་སར་མི་འགྲོའོ། །ཝ་ཡི་


DNG017_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

བརྟུལ་ཞུགས་ཆེན་པོ་ཡིས། །ལོ་ཡིས་བསྲིང་སྟེ་སྤང་བར་བྱ། །དེ་ནས་བསླང་བའི་ལས་རྣམས་ཀྱང་། །མངོན་དང་མི་མངོན་བདག་པོ་ལ། །རྩོད་པ་ཉེ་བར་ཞི་བའི་ཕྱིར། །སེར་སྣ་སྤང་བའི་ལས་ཀྱིས་ནི། །རིན་དང་བདེན་པས་བསྒོས་ལ་བསླང་། །དེ་ནས་སློབ་དཔོན་བདག་ཉིད་ཀྱང་། །རྡོ་རྗེ་དྲིལ་བུ་རབ་ལྡན་ཞིང་། །རྩེ་གསུམ་འགྲོས་ཀྱིས་ཀུན་ཏུ་བསྐོར། །ཁྲོས་པའི་ཧཱུཾ་གིས་ང་རྒྱལ་བྱ། །དངོས་གྲུབ་བར་དུ་གཅོད་པའི་བགེགས། །དེངས་ཤིག་ཅེས་སུ་བསྒོ་ནས་ཀྱང་། །ཁྲོ་བོར་བྱིན་བརླབ་གདབ་པར་བྱ། །དེ་ནས་དབང་གྱུར་ལྷ་མོ་ནི། །བསྐྱེད་དང་སྤྱན་དྲང་གཉིས་མེད་པར། །མཆོད་བསྟོད་ཚུལ་བཞིན་བྱས་ནས་ནི། །བདུད་བཏུལ་མངོན་པར་རྫོགས་པའི་ཚེ། །རཱུ་ཏྲའི་ཚོགས་ཀྱིས་རྒོལ་བ་ལས། །དགེ་བ་ལས་ཀྱི་འགོ་དྲངས་ཏེ། །སྤྱན་ལྡན་དེ་ལ་དབང་པོ་བཅོལ། །མཚན་མས་མཚན་མ་གཞོམ་པའི་ཕྱིར། །ས་ཡི་རོ་ལྔ་བརྟག་པར་བྱ། །དགེ་བའི་རྟགས་ནི་དངོས་གྲུབ་མྱུར། །ཤིས་པར་མ་གྱུར་སྤོ་བར་བྱ། །ཡང་ན་སྦྱིན་སྲེག་བྱ་བར་བསྟན། །གནས་དེར་བསོད་ནམས་གཏེར་ལྡན་ཕྱིར། །རིན་ཆེན་ལྔ་དང་སྨན་ལྔ་དང་། །སྤོས་ལྔ་འབྲུ་ལྔ་སྙིང་པོ་ལྔ། །གའུའི་ནང་དུ་བླུགས་ནས་ནི། །ས་གཏེར་སྦས་ན་བཀྲ་ཤིས་སོ། །དག་པའི་བདུད་རྩི་རྣམ་ལྔ་ཡིས། །རྩ་བརྒྱད་སྟོང་ལ་སྦྱར་ནས་ནི། །གྲུ་བཞི་དབྱིབས་ལེགས་སྐྱང་ནུལ་བྱ། །དེ་ནས་དཀྱིལ་འཁོར་ལྷ་ཚོགས་ཀྱི། །སྔགས་དང་ཕྱག་རྒྱས་སྦྱང་བར་བྱ། །ཏིང་ངེ་འཛིན་གྱིས་ངེས་པར་སྦྱང་། །ཚོན་ཐིག་རྣམ་པ་ལྔ་པོ་ལ། །སངས་རྒྱས་ལྔ་ཡི་བྱིན་རླབས་ཏེ། །སྤྲུལ་པའི་འཕྲོ་འདུ་རྒྱུན་མི་གཅད། །སྤོས་སམ་ལྕེ་པོག་ནག་པོ་ཡི། །དུད་པ་རྒྱུན་མི་འཆད་པར་གཏང་། །ཁྲོས་པས་དྲག་པོའི་སྔགས་བཟླས་སོ། །ན་མོ་བིག་ཀྲ་མ་ལ་བི་ད་མ་ལ། ཛྭ་ལ་ཛྭ་ལ། པྲ་ཛ་ལ་པྲ་ཛ་ལ། ཀཱི་ལི་ཀཱི་ལི། ཧ་ན་ཧ་ན། ཧཱུཾ་ཕཊ། ཉི་ཤུ་རྩ་གཅིག་བཟླས་པ་ཡིས། །བདེ་བར་གཤེགས་པའི་ཐུགས་དམ་བསྐུལ། །སྐུད་པ་གསར་པ་གཙང་མ་ལ། །གསང་བའི་


DNG017_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

ལྕང་ལོར་འཁྱིལ་ལངས་སམ། །རྡོ་རྗེའི་རྒྱུན་ཐག་ལ་སོགས་ལ། །ཡུམ་གྱི་གྲངས་དང་མཐུན་པར་བསྒྲིལ། །རྡོ་རྗེ་རྩེ་ལྔའི་ལུ་གུ་རྒྱུད། །བྱང་ཆུབ་སེམས་སུ་བྱིན་གྱིས་བརླབ། །ཐིག་གཡོག་ལས་ཀྱི་སེམས་མ་སྟེ། །མཚན་ལྡན་བྱིན་བརླབ་ཕྱག་རྒྱར་བཅས། །རང་བཞིན་དཀྱིལ་འཁོར་གནམ་ཐིག་གདབ། །ས་ཐིག་གདབ་པ་འདུལ་བའི་དབང་། །མཎྜལ་ཚད་ནི་ངེས་པ་མེད། །དེ་ཡི་སྔགས་ནི་འདི་བརྗོད་དོ། །ཨོཾ་ཛྙཱ་ན་ཙཀྲ་སུ་ཏྲ་མ་ཏི་ཀྲ་མ། ཚོན་དབྱེ་བ་ནི་འདི་ལྟ་སྟེ། །དཀར་དང་དམར་དང་སེར་དང་ལྗང་། །ཐ་མ་ལྕགས་རི་ནག་པོས་བསྐོར། །གཙོ་བོ་གཟུགས་སུ་རྫོགས་པར་བྲི། །འཁོར་རྣམས་ཕྱག་རྒྱ་དག་དང་བྲི། །རྒྱན་རྣམས་མང་པོ་བྲི་བར་བྱ། །དབྱངས་དང་གར་དང་མཆོད་པ་ཆེ། །རོལ་མོའི་ཡོ་བྱད་ཇི་སྙེད་པ། །མཛེས་པའི་དཀྱིལ་འཁོར་རྒྱན་དུ་བྱས། །གསེར་དངུལ་ལས་བྱས་བུམ་པ་ལ། །རས་དཀྲི་མེ་ཏོག་འབྲས་བུས་བརྒྱན། །བདུད་རྩི་ལྔ་ཡིས་དགང་བྱས་པ། །སྨན་དང་རིན་ཆེན་འབྲུ་སྣ་ལྔས། །གང་པ་བརྒྱད་དམ་བཅུ་དྲུག་བཞག །རྣམ་རྒྱལ་བུམ་པ་དེ་བཞིན་དུ། །དཀྱིལ་འཁོར་བདག་པོས་སྔགས་པ་ཡི། །དཀྱིལ་འཁོར་དབུས་སུ་གཞག་པར་བྱ། །རྨད་དུ་བྱུང་བའི་གཏོར་མ་དགྲམ། །འདི་ནི་ལུས་ཀྱི་འཕེན་སྡུད་ཀྱི། །སྤྱི་རུ་བསྡུས་ཏེ་བཤད་པའོ། །རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། གཟུགས་བརྙན་གྱི་དཀྱིལ་འཁོར་རྣམ་པར་ཕྱེ་བའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཕྲ་མོ་སྦྱོར་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་གསུངས་སོ། །སྔགས་པ་ཏིང་འཛིན་མཉམ་བཞག་སྟེ། །ཏིང་འཛིན་དཀྱིལ་འཁོར་གསལ་བར་བསྒོམ། །གསལ་བ་གཉིས་མེད་དཀྱིལ་འཁོར་དུ། །རང་བཞིན་ཀུན་རྫོབ་སྤྱན་དྲང་ངང་། །དབབ་དང་གཞུག་དང་བརྟན་པ་དང་། །མི་གཡོ་དམ་ཚིག་ཟིལ་གནོན་དང་། །ཕྱག་བཙལ་མཆོད་པ་རྫོགས་པ་དང་། །གསང་བ་མཆོག་


DNG017_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

གི་དཀྱིལ་འཁོར་དུ། །འཇུག་དང་དངོས་གྲུབ་གསལ་བ་དང་། །དབང་བསྐུར་བ་ཡི་ལས་རྣམས་བྱ། །སངས་རྒྱས་ཉིད་ཀྱང་འཐོབ་འགྱུར་ན། །དངོས་གྲུབ་གཞན་ལྟ་སྨོས་ཅི་དགོས། །དེ་བས་སྙིང་པོ་ཕྲ་བར་བསྒོམ། །པདྨ་ཡེ་ཤེས་ཅན་དག་གིས། །པདྨ་སྙིང་གི་དབུས་སུ་བསྒོམ། །པདྨ་སྙིང་གའི་དབུས་གནས་པས། །པདྨའི་སྔགས་དོན་བསྒོམ་པར་བྱ། །འཁོར་ལོ་ཡེ་ཤེས་ཅན་རྣམས་ཀྱིས། །འཁོར་ལོ་སྙིང་གི་དབུས་སུ་བསྒོམ། །འཁོར་ལོ་སྙིང་ག་དབུས་གནས་པས། །འཁོར་ལོའི་སྔགས་དོན་བསྒོམ་པར་བྱ། །རྡོ་རྗེ་ཡེ་ཤེས་སྤྱན་རྣམས་ཀྱིས། །རྡོ་རྗེ་སྙིང་ག་དབུས་སུ་བསྒོམ། །རྡོ་རྗེ་སྙིང་ག་དབུས་གནས་པས། །རྡོ་རྗེའི་སྔགས་དོན་བསྒོམ་པར་བྱ། །རིན་ཆེན་ཡེ་ཤེས་ཅན་རྣམས་ཀྱིས། །རིན་ཆེན་སྙིང་གའི་དབུས་སུ་བསྒོམ། །རིན་ཆེན་སྙིང་གའི་དབུས་གནས་པས། །རིན་ཆེན་སྔགས་དོན་བསྒོམ་པར་བྱ། །རྒྱ་གྲམ་ཡེ་ཤེས་ཅན་རྣམས་ཀྱིས། །རྒྱ་གྲམ་སྙིང་ག་དབུས་སུ་བསྒོམ། །རྒྱ་གྲམ་སྙིང་ག་དབུས་གནས་པས། །རྒྱ་གྲམ་སྔགས་དོན་བསྒོམ་པར་བྱ། །སྙིང་པོ་མ་ངེས་འཕྲོ་འདུ་ཡིས། །སེམས་ཅན་ལས་ལས་སྐྱེ་བ་བཞིན། །དབྱིངས་ལས་ཡེ་ཤེས་སྐྱེ་བས་ན། །མི་རྟོག་ཡེ་ཤེས་ཆོས་སྐུ་ཐོབ། །ཆོས་ཅན་མཚན་མ་ལས་སྐྱེས་པའི། །ཆོས་ཉིད་ངང་ལས་སྐྱེ་བས་གནས། །རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། ཏིང་ངེ་འཛིན་ཕྲ་བར་སྦྱོང་བའི་ལེའུ་སྟེ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་པདྨའི་སྙིང་པོ་རྡོ་རྗེར་གནས་པ་དེས། རྒྱལ་བར་སྦྱིན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། སངས་རྒྱས་སེམས་ཅན་གཉིས་མེད་པས། །ཁམས་གསུམ་སེམས་ཅན་འཇིགས་ཚོགས་ཀྱི། །སྙོམས་པར་འཇུག་མིའི་སྲིན་བུ་ཡིན། །ཐིག་ལེ་ཆེན་པོའི་ངང་འདུས་པས། །མ་བགྲོད་པ་རུ་མཐའ་རུ་ཕྱིན། །མ་བསྒྲུབས་ལྷུན་གྱིས་གྲུབ་སྟེ་མཉམ། །སོ་སོ་མ་ཡིན་དབྱེར་མེད་པས། །དབང་བསྐུར་སློབ་དཔོན་གོང་


DNG017_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

ན་མེད། །དབང་ནོད་སློབ་མ་འོག་ན་མེད། །ཐིག་ལེ་ཆེན་པོ་གཅིག་གི་ངང་། །ཐམས་ཅད་སངས་རྒྱས་ལྷུན་གྱིས་གྲུབ། །འབྱུང་བ་ཆེན་པོ་བཅོམ་ལྡན་འདས། །འགྲོ་བ་ཀུན་ལ་རང་བཞིན་གནས། །ཆུབ་པར་གནས་པས་བཅོམ་ལྡན་འདས། །འདི་ནི་ཡེ་རྒྱ་སྤྱི་ཡི་དབང་། །མ་རིག་རྨོངས་ལ་ཞེན་པ་རྣམས། །ཁྱད་པར་རིམ་པར་བགྲོད་པའི་ལམ། །སྙིང་པོར་གནས་པས་བྱང་ཆུབ་སྟེ། །རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ། །སངས་རྒྱས་སེམས་ཅན་རང་བཞིན་གཅིག །དེ་ཡང་འདི་དོན་འདི་ལ་དབང་། །སེམས་ཐབས་གང་གིས་དབང་བ་དང་། །དོན་ཆེད་ཅི་ལ་དབང་བ་དང་། །དབང་གི་རྣམ་གྲངས་བསྟན་པ་དང་། །དབང་རྟགས་ཅི་འཆང་བསྟན་པ་དང་། །དབང་ཡུལ་ཅི་ལ་བསྒྱུར་བ་དང་། །དབང་གི་དུས་ཚོད་བསྟན་པ་དང་། །དབང་གི་ཚད་ཀྱང་བསྟན་པ་དང་། །དབང་གི་སྐུར་ཐབས་བསྟན་པ་དང་། །དབང་གི་ཁྱད་པར་བསྟན་པ་དང་། །དབང་གི་མན་ངག་བསྟན་པ་དང་། །དབང་གི་དྲོད་ཚད་བསྟན་པ་དང་། །རྣམ་པ་བཅུ་གཅིག་བཀའ་སྩལ་ཏོ། །དེ་བས་ཕྱི་ནང་གསང་བ་ཡི། །དབང་གི་རིམ་པ་ཤེས་པར་བྱ། །གསང་བའི་དབང་གི་མདོར་བསྟན་པ། །ལྷ་སྦྱིན་བརྡའ་སྤྲོད་བུམ་པའི་དབང་། །བག་བཙུན་སྐྲ་བཟང་དབུ་རྒྱན་དབང་། །པདྨར་རྡོར་བཅུག་རྡོ་རྗེའི་དབང་། །རྡོ་རྗེ་པད་བསྐྱོད་དྲིལ་བུའི་དབང་། །པདྨར་བྱང་ཆུབ་སེམས་ལྕེས་ལོན། །འདི་ནི་དམ་ཚིག་གསུམ་ཡིན་ནོ། །རྡོ་རྗེའི་ལྕེས་ལན་བརྟུལ་ཞུགས་མཆོག །དེ་ཡི་འབྲས་བུ་དེ་དག་ནི། །དགའ་དང་དགའ་མེད་རབ་ཏུ་དགའ། །རབ་ཏུ་བསྔགས་པས་ཡོན་ཏན་ཐོབ། །སེམས་བསྐྱེད་པ་དང་འཇིགས་པ་མེད། །རྣམ་རྟོག་སྤང་དང་ཏིང་འཛིན་ཐོབ། །ཤེས་བྱ་ཀུན་ལ་ཐོགས་མེད་པའི། །ཚད་མེད་བཞི་ལ་རབ་གནས་ན། །འདི་ནི་མི་ལྟུང་སངས་རྒྱས་ཡིན། །སྡུག་བསྔལ་ཐམས་ཅད་བྱང་བར་འགྱུར། །དེ་བས་ཕྱི་ནང་གསང་བ་ཡི། །མཐར་ཐུག་ཚུལ་དུ་རིམ་པར་བགྲོད། །ཐེག་པ་ཇི་སྙེད་གཅིག་གསུངས་ཀྱང་། །དབང་བསྐུར་གནང་བ་མ་ཐོབ་ན། །


DNG017_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་བཞིན་དབང་མེད་རྣལ་འབྱོར་རློམ་སེམས་ཅན། །ཁ་ཅིག་ཡ་མ་བརླ་དང་གསོབ་འདྲ་ལ། །དོན་དང་མཐུན་པའི་སྐྱེས་བུ་དབང་ཆེན་ལ། །རྟགས་དང་འདྲེལ་བས་དབང་བསྐུར་ཤིན་ཏུ་རིགས། །དབང་མེད་ཁ་གཅིག་རང་དབང་ཟོས་གྱུར་ན། །ཐུག་ཐུབ་ཁོང་ལངས་ཤེས་ཐོབ་ཚོད་བཞག་ནས། །ཆེ་བཞི་མེད་བཞིན་ཡོད་པའི་ལས་སྤྱོད་པ། །ངན་སོང་གསུམ་གྱི་ས་བོན་དེ་ཡིན་པས། །སྲིད་ལམ་འཁྱམས་ཤིང་ཆོས་ལམ་རིང་བར་སྣང་། །བཀའ་ལ་བརྟེན་ནས་དབང་མེད་བཀའ་བརྐུས་པ། །དབང་ལུང་ཚད་མར་གྱུར་པའི་སྐྱེས་བུ་ཡིས། །བསྐུར་ཡང་མི་ཐོབ་དབུལ་མོའི་གཏེར་དང་འདྲ། །ཐོབ་པར་མི་འགྱུར་ཆགས་མི་འགྱུར། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། ཁྱད་པར་དབང་གི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་པདྨའི་སྙིང་པོ་རྡོ་རྗེ་རྩེ་གཅིག་ཏུ་གནས་པ་དེས། མི་འདའ་བ་རྡོ་རྗེ་རྒྱན་གྱི་ཏིང་འཛིན་ལ་སྙོམས་པར་ཞུགས་ནས། འདའ་དཀའ་ཐུགས་ཀྱི་དམ་ཚིག་འདི་གསུངས་སོ། །བསྡམ་པར་བྱ་བའི་དམ་ཚིག་ནི། །སྲོག་གི་ཕྱིར་ཡང་མི་གཏང་ངོ་། །སྣ་ཚོགས་དངོས་པོར་སྣང་བ་ཡང་། །དངོས་པོ་མེད་པའི་སྐུར་གསལ་བས། །རྟོགས་པའི་དོན་ལས་མི་འདའ་འོ། །སྒྲ་མཐའ་སྣ་ཚོགས་གྲགས་པ་ཡང་། །སྨྲ་བ་མེད་པའི་གསུང་ཡིན་པས། །རིག་པའི་དོན་ལས་མི་འདའ་འོ། །བསྟན་དུ་མེད་པའི་བསམ་པ་ནི། །དེ་ནི་ཐུགས་ཀྱི་རང་བཞིན་ཏེ། །དེ་ལས་འདའ་བར་མི་བྱའོ། །སྐུ་གསུང་ཐུགས་ལས་མ་གཡོས་ཀྱང་། །ཆེ་བའི་ཡོན་ཏན་སྣ་ཚོགས་འབྱུང་། །འོན་ཀྱང་ཟད་མེད་འཕེལ་བ་མེད། །ཡོན་ཏན་དམ་ཚིག་ཡིན་པར་གྲགས། །དེ་ལས་འདའ་བར་ཡང་མི་བྱ། །རྩོལ་བ་མེད་པའི་ལས་གང་ཡིན། །དེ་ནི་ཐབས་ཀྱི་སྤྱོད་པ་ལས། །ཕྲིན་ལས་དམ་ཚིག་འདའ་དཀའ་འོ། །ལྔ་པོ་དེ་ལ་གང་གནས་པ། །རྣལ་འབྱོར་སྐལ་ལྡན་དམ་པའོ། །བསྒྲུབ་པའི་དམ་ཚིག་ཆེན་པོ་ནི། །


DNG017_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དང་ཤ་རྣམས་དང་། །ཁྲག་དང་དྲི་ཆུ་དྲི་ཆེན་པོ། །དབང་པོ་ལྔ་དང་བཅས་པ་ནི། །བདེ་གཤེགས་ལྔ་ཡི་ཐུགས་དམ་ནི། །བསྒྲུབ་ལ་གནས་པས་མི་སྤང་སྟེ། །འདའ་བར་བྱ་བ་མ་ཡིན་ནོ། །བརྟུལ་ཞུགས་དམ་ཚིག་ཆེན་པོ་ནི། །དཀའ་ཐུབ་སྡོམ་ལ་གནས་པའི་ཕྱིར། །བདུད་རྩི་དམ་ཚིག་རྐྱེན་དང་བཅས། །ཐོགས་པ་མེད་པའི་བརྟུལ་ཞུགས་ཀྱིས། །སྤང་ལེན་མེད་པར་རོལ་པར་བྱ། །བསྟེན་པའི་དམ་ཚིག་ཆེན་པོ་ནི། །ལྷ་དང་རྫས་དང་ཚེ་ལ་སོགས། །སྙིང་པོ་ཡིག་འབྲུར་བཅས་པ་རྣམས། །གཉིས་སུ་མེད་པར་རྟོགས་བྱས་ནས། །མཉམ་པ་ཆེན་པོའི་དབྱིངས་སུ་གཞག །སྤྱད་པར་བྱ་བའི་དམ་ཚིག་ནི། །པདྨ་ཅན་དང་དུང་ཅན་དང་། །བན་གླང་ཅན་དང་རི་མོ་ཅན། །བུ་མོ་མིག་རིང་ལ་སོགས་ཀུན། །ཕྲད་པར་གྱུར་པ་སྦྱར་བ་ཡིན། །མཐོང་བ་ཙམ་གྱི་དམ་ཚིག་སྟེ། །དབང་པོ་ཡུལ་དང་ཤེས་མཚོན་ལྡན། །གྲུབ་པར་བྱ་བའི་དམ་ཚིག་ནི། །ཉོན་མོངས་ལྔ་པོ་གནས་སུ་དག །སྐུ་དང་ཡེ་ཤེས་ལྡན་སྦྱོར་ཞིང་། །ཐམས་ཅད་ལྷ་ཡི་ཕྱག་རྒྱར་གསལ། །ཤེས་པར་བྱ་བའི་དམ་ཚིག་ནི། །འཁོར་བའི་ཆོས་ལྔ་མ་སྤངས་ཤིང་། །སྤྱད་པས་གྲོལ་ཏེ་མྱ་ངན་འདས། །ཕྱི་ནང་སྣོད་བཅུད་མ་ལུས་ཀུན། །ཕྱག་རྒྱ་ཆེན་པོའི་དཀྱིལ་འཁོར་རོ། །དང་དུ་བླང་བའི་དམ་ཚིག་ནི། །ཏན་གཎ་ལ་སོགས་སྤྱད་པར་ཡང་། །འདས་པའི་སངས་རྒྱས་རྣམས་ཀྱི་བཀའ། །མ་བྱིན་པར་ཡང་བླང་བ་དང་། །མི་ཚངས་པ་ཡང་སྤྱད་བྱ་ཞིང་། །ལྷ་དང་སློབ་དཔོན་མཆེད་ལ་སོགས། །སྤངས་ཤིང་ཉམས་པ་བསྒྲལ་བར་བྱ། །དེ་ལ་རྫུན་གྱི་ཚིག་སྨྲ་ཞིང་། །བརླང་པོའི་ངག་གིས་གཞེར་བཏབ་པོ། །གླུ་བྲོ་གསང་བའི་དམ་ཚིག་ནི། །དབྱིངས་ཉིད་གསང་བའི་ས་གཞི་ལ། །བུཌྜྷ་ཁྲག་འཐུང་རོལ་པའི་བྲོ། །གཏི་མུག་གནས་སུ་འཇོམས་པ་སྟེ། །འདའ་དཀའ་སྐུ་ཡི་དམ་ཚིག་གོ། །མེ་ལོང་གསལ་བའི་ས་གཞི་ལ། །རྡོ་རྗེ་ཁྲག་འཐུང་རོལ་པའི་བྲོ། །ཞེ་སྡང་གནས་སུ་འཇོམས་


DNG017_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟེ། །འདའ་དཀའ་ཐུགས་ཀྱི་དམ་ཚིག་གོ། །མཉམ་པ་ཆེན་པོའི་ས་གཞི་ལ། །རིན་ཆེན་ཁྲག་འཐུང་རོལ་པའི་བྲོ། །ང་རྒྱལ་གནས་སུ་འཇོམས་པ་སྟེ། །ཡོན་ཏན་ལྷུན་གྲུབ་དམ་ཚིག་གོ། །སོ་སོར་རྟོག་པའི་ས་གཞི་ལ། །པདྨ་ཁྲག་འཐུང་རོལ་པའི་བྲོ། །འདོད་ཆགས་གནས་སུ་འཇོམས་པ་སྟེ། །སྒྲ་མཐའ་ཆུབ་པའི་དམ་ཚིག་གོ། །ནན་ཏན་ཆེན་པོའི་ས་གཞི་ལ། །ཀརྨ་ཁྲག་འཐུང་རོལ་པའི་བྲོ། །ཕྲག་དོག་གནས་སུ་འཇོམས་པ་སྟེ། །ཕྲིན་ལས་དམ་ཚིག་འདའ་དཀའ་འོ། །སྟོང་ཉིད་ཡེ་ཤེས་ས་གཞི་ལ། །དབང་ཆེན་ཁྲག་འཐུང་རོལ་པའི་བྲོ། །དུག་ལྔ་གནས་སུ་འཇོམས་པ་སྟེ། །སྐུ་ལྔ་ལྷུན་སྦྱོར་དམ་ཚིག་གོ། །དབྱིངས་ཕྱུག་ལྔ་ཡི་ས་གཞི་ལ། །ཡེ་ཤེས་དྲུག་གི་བྲོ་བརྡུངས་ཤིང་། །དུག་ལྔ་འཇོམས་པའི་གླུ་བླངས་པས། །སྡུག་བསྔལ་ཆུ་བོའི་གཞུང་བསྐམས་ནས། །འཁོར་བའི་རྒྱ་མཚོ་གཏིང་བསྐམས་ཏེ། །སྐུ་གསུང་ཐུགས་སུ་རྒྱས་བཏབ་ནས། །བདེ་བ་ཆེན་པོར་རྣམ་སྦྱར་ཏེ། །དམྱལ་སོགས་མེ་དཔུང་གནས་སུ་བསད། །འདི་ནི་དཔལ་གྱི་བྲོ་བོ་ཆེ། །ཐོས་པ་ཙམ་གྱིས་རྟོགས་པ་དང་། །བརྡུངས་པ་ཙམ་གྱིས་ཐུགས་དམ་སྐོང་། །འདི་ནི་གླུ་བྲོའི་དམ་ཚིག་སྟེ། །ཐམས་ཅད་ཆོས་སྐུ་བརྡལ་བ་ཆེ། །རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། འདའ་དཀའ་དམ་ཚིག་གི་ལེའུ་སྟེ་དགུ་པའོ།། །།དེ་ནས་བཅོམ་ལྡན་འདས་རྡོ་རྗེ་རྩེ་གཅིག་པདྨར་གནས་པ་དེས། དེ་བཞིན་ཉིད་ལ་དམིགས་ནས། ཅང་མི་གསུང་བར་བཞུགས་སོ། །དེའི་ཚེ་རིགས་ལྔ་རྒྱ་མཚོ་བདེ་གཤེགས་འཁོར་རྣམས་ཀྱིས། །འདུལ་ཐབས་སྣ་ཚོགས་འགྲོ་བ་འདུལ་བར་འགྱུར། །སྐུ་ཡི་དོན་མཛད་སྡིག་སྤོང་སོ་སོར་འདུལ་བ་ནི། །དམྱལ་བའི་གཤེད་པོའི་གཟུགས་ལ་ཡི་དྭགས་ཁ་འབར་གཟུགས། །བྱོལ་སོང་སེང་གེ་མི་ཡི་འཇིག་རྟེན་དུ། །འཁོར་ལོས་སྒྱུར་རྒྱལ་ལྷ་ཡི་གཟུགས་སུ་བསྟན། །ལྷ་མིན་ཐགས་བཟང་ལྷ་ལ་བརྒྱ་བྱིན་ནོ། །ཚངས་རིས་ཚངས་ཆེན་ཆགས་བྲལ་དགྲ་བཅོམ་མོ། །རང་རྒྱལ་བསེ་རུ་ས་བཅུའི་


DNG017_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའ་ལ། །རྣམ་སྣང་ཚུལ་དང་ཇི་ལྟར་འདུལ་འདུལ་བསྟན། །མཐུན་བྱས་སྣ་ཚོགས་འགྲོ་བ་ཇི་ལྟར་འདུལ་བ་བཞིན། །ཆོས་ཀྱི་འཁོར་ལོ་སྣ་ཚོགས་རབ་ཏུ་བསྐོར་བ་ནི། །སྡེ་སྣོད་གསུམ་དང་ལ་ལར་གསུང་རབ་བཅུ་གཉིས་བསྐོར། །ལ་ལར་བརྒྱད་ཁྲི་བཞི་སྟོང་བསྐོར། །གཏི་མུག་རྨོངས་པའི་སེམས་ཅན་ལ། །སངས་རྒྱས་འཁོར་ལོས་འཁོར་ལོ་བསྐོར། །ཞེ་སྡང་ཅན་ལ་རྡོ་རྗེ་སྟེ། །ང་རྒྱལ་ཅན་ལ་རིན་པོ་ཆེ། །འཁོར་ལོ་བླ་ན་མེད་པ་བསྐོར། །འདོད་པས་འཆེལ་ལ་པདྨ་ཡིས། །ཕྲག་དོག་ཅན་ལ་ལས་སྣ་ཚོགས། །འཁོར་ལོ་བླ་ན་མེད་པ་བསྐོར། །འགྲོ་དྲུག་སོ་སོའི་སྐད་རྣམས་ཇི་ཙམ་པར། །དེ་སྙེད་སྒྲ་སྐད་ཐ་དད་སྟོན་པར་མཛད། །གསུང་གཅིག་དག་གིས་གསུང་མོད་ཀྱང་། །དུ་མ་ཉིད་དུ་སོ་སོར་གོ། །ལ་ལར་ལྷུམས་གཤེགས་ལྷུམས་ནས་བལྟམས་ཤིང་གཞོན་ནུ་རོལ་པར་སྟོན། །ལ་ལར་ཁབ་བཞེས་ཁབ་ནས་རབ་བྱུང་དཀའ་ཐུབ་དཀའ་བ་སྤྱོད། །ལ་ལར་བྱང་ཆུབ་སེམས་བསྐྱེད་བདུད་བཞི་བཏུལ་དང་རྡོ་རྗེའི་གདན་ལ་གཤེགས། །ལ་ལར་བྱང་ཆུབ་ཤིང་དྲུང་བཞུགས་དང་ལ་ལར་བསྐུལ་བའི་ས་ལ་གཤེགས། །ལ་ལར་རྣམ་པ་བཅུ་གཉིས་ལན་གསུམ་དག་ཏུ་འཁོར་ལོ་བསྐོར། །ལ་ལར་ཆོ་འཕྲུལ་སྟོན་དང་མྱ་ངན་འདས་དང་སྐུ་གདུང་རིང་བསྲེལ་སྟོན། །ལ་ལར་གླེགས་བམ་སྟོན་དང་ཕྱི་རོལ་འབྱུང་དང་ཆོས་མཐུན་སྒྲ་སྐད་འབྱུང་། །ལ་ལར་མུ་སྟེགས་ཚུལ་དང་བསམ་གཏན་བསྒོམ་དང་ས་བཅུ་རིམ་གྱིས་ལ་ལར་འབྱུང་། །ལ་ལར་སྤྱན་ལྔ་རྣམ་དག་ལ་ལར་མངོན་ཤེས་ཕ་རོལ་ཕྱིན། །ཁྱབ་འཇུག་དབང་ཕྱུག་ཆེ་དང་ལ་ལར་འཇིག་རྟེན་སྐྱོང་བའི་ཚུལ། །འགྲོ་རྣམས་ཇི་ལྟར་འདུལ་ཞིང་བྱིན་རླབས་ཆོ་འཕྲུལ་དེ་ལྟར་སྟོན། །དེ་ཚེ་འགྲོ་བ་ཐམས་ཅད་ལས་ཀྱི་སྟོབས་ཀྱི་དབང་གྱུར་པ། །ལོག་ལྟའི་ཤུགས་བསྙེམས་མ་གཏོགས་གཞན་རྣམས་སངས་རྒྱས་བསྟན་ལ་དད་པར་འགྱུར། །བྱང་ཆུབ་སྤྱོད་སྒོ་ཇི་སྙེད་དེ་སྙེད་འབྲས་བུ་བདེ་ལ་བཀོད། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་


DNG017_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་མཆོག་རོལ་པའི་ཏནྟྲ་ལས། ཐུགས་རྗེ་འདུལ་བའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་བཅོམ་ལྡན་འདས་རིགས་སོ་སོའི་བདེ་བར་གཤེགས་པ་ལ་སོགས་པ་དགོངས་པ་གཅིག་ཏུ་གྱུར་ཏེ། ལོག་པའི་ལམ་དངོས་པོ་ལ་མངོན་པར་འཆེལ་བ། མངོན་པའི་ང་རྒྱལ་གྱི་མཐུས་བསྙེམས་པ། སངས་རྒྱས་ཀྱི་བསྟན་པ་ལ་མ་དད་པས་འཇིག་རྟེན་གྱི་ཁམས་ཕུང་བར་བྱེད་པ་རྣམས། ཞི་བས་ཕན་པའི་སྐབས་ལ་མ་བབ་སྟེ། རོལ་པའི་མཛད་སྤྱོད་ཀྱིས་འདུལ་བར་གཟིགས་ནས། བདེ་བར་གཤེགས་པས་བཀའི་བགྲོ་བ་མཛད་དོ། །བཅོམ་ལྡན་འདས་ཁྲག་འཐུང་གི་སྙིང་པོས་བགྲོས་པ། ཀྱེ་མ་འདུས་པའི་ཚོགས་ཆེན་དག །འདས་པའི་དུས་ན་སྔོན་བྱུང་ལྟར། །ད་ལྟའི་དུས་འདིར་འབྱུང་བ་སྟེ། །དེ་བཞིན་གཤེགས་པའི་གསུང་རབ་ལ། །བདག་ཉིད་ཆེན་པོ་རྟོག་པ་ཡི། །ཁྲོ་བོའི་ཚུལ་དུ་སྔོན་བྱུང་བ། །དེ་ཚེ་སེམས་ཅན་ཐམས་ཅད་ཀུན། །ཤིན་ཏུ་ཁྲོ་དྲག་གཏུམ་པར་གྱུར། །འོ་དོད་འབོད་པར་ལྟུང་བར་གྱུར། །མི་བཟོད་སྡུག་བསྔལ་མཐའ་ལ་ཞེན། །ཇི་ལྟ་བ་ཡི་ཐབས་ཀྱིས་གདུལ། །ཞེས་གསུངས་སོ། །གཏི་མུག་ཚོགས་ཀྱིས་བགྲོས་པ་ནི། །ཤིན་ཏུ་གཏུམ་པའི་སེམས་ཅན་འདི། །དེར་བཞག་བག་ཆགས་ངན་པ་ཡིས། །བདུད་འཕེལ་རིག་འཛིན་རྒྱུན་གཅོད་ཅིང་། །སྟོན་པའི་གསུང་རབ་འཇིག་པར་འགྱུར། །ལས་ཀྱི་མུན་པས་འགྲོ་བ་འཁྱམས། །དུག་ནད་རིམས་ནད་ཕྲ་མེན་མ། །གནོད་སྦྱིན་གདོན་དང་ལོག་འདྲེན་གནོད། །སྲིད་གསུམ་འཇིག་ཅིང་དམ་ཚིག་འདྲལ། །ཇི་ལྟ་བུ་ཡི་ཐབས་ཀྱིས་གདུལ། །ཞེས་བགྲོས་སོ། །བདེ་གཤེགས་ང་རྒྱལ་ཆེན་པོའི་ཚོགས་ཀྱིས་བགྲོས་པ་ནི། འདས་དུས་སྔོན་བྱུང་རཱུ་ཏྲ་དེས། །ད་ལྟར་འདི་ཚེ་འབྱུང་བ་ཡི། །དུག་གསུམ་བརྩེགས་པའི་རི་བོ་འདི། །རྒྱལ་བ་འདས་པ་སྦྱོར་བ་ཡིས། །ཇི་ལྟར་འཚམས་པ་བཞིན་དུ་འོས། །སངས་རྒྱས་ཐམས་ཅད་འདུས་ནས་ཀྱང་། །མངོན་སྤྱོད་རོལ་པའི་ཐབས་ཆེན་གྱིས། །འཁོར་


DNG017_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

བ་བསྒྲལ་བའི་དུས་ལ་བབ། །ཅེས་བགྲོས་སོ། །བདེ་གཤེགས་ཆགས་པ་ཆེན་པོའི་ཚོགས་ཀྱིས་བགྲོས་པ་ནི། ཤིན་ཏུ་གདུག་ཅིང་གཏུམ་པ་ལ། །ཞི་བས་ཕན་པར་མི་འགྱུར་ཏེ། །ཤེས་རབ་ཐབས་ཀྱི་ངོ་བོ་ལས། །ཁྲོ་བོར་དེ་བཞིན་གཤེགས་ཀུན་མཛད། །ཁྲོ་བོའི་ཚུལ་ཅན་ཁྲོས་པས་ཀྱང་། །འཇིག་རྟེན་གསུམ་དག་བསྲེག་བྱེད་ན། །སངས་རྒྱས་ཐུགས་རྗེ་ཁྲོས་པ་ཡིས། །ཁམས་གསུམ་མ་ལུས་སྨོས་ཅི་དགོས། །ཞེས་བགྲོས་སོ། །བདེ་གཤེགས་ཕྲག་དོག་ཆེན་པོའི་ཚོགས་ཀྱིས་བགྲོས་པ་ནི། རང་བཞིན་དག་པའི་ངོ་བོ་ལ། །ལོག་རྟོག་ཕྱིན་ཅི་ལོག་གིས་བཅིངས། །དངོས་པོ་རང་དགར་ཞེན་པ་ཡི། །གདུལ་དཀའ་མ་ལུས་འདུལ་བ་དང་། །དམ་ཚིག་ལ་སྡང་རྣམ་གཅད་ཕྱིར། །དུར་ཁྲོད་གར་གྱི་ཕྱག་རྒྱར་མཛོད། །ཅེས་བགྲོས་སོ། །རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། བཀའ་མོལ་བ་མཛད་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་དེས། འཁོར་འདུས་པའི་ནང་ནས། རིགས་ལྔ་བདེ་བར་གཤེགས་པ་རྡོ་རྗེ་རྩེ་གཅིག་པདྨར་གནས་པ་དེ་དག་ལ་འདི་སྐད་ཅེས་གསོལ་ཏོ། །བདེ་བར་གཤེགས་པ་དཀའ་ཐུབ་ཅན་གྱི་སེམས་ཅན་འདི། །རྒྱུ་རྐྱེན་གང་ཡིན་འབྲས་བུ་ཅིར་སྨིན་རིགས་སྡེ་གང་དུ་གཏོགས། །ལས་སྐལ་ཅི་བྱེད་བཏུལ་དང་མ་བཏུལ་སྐྱོན་ཡོན་ཅི་ལྟར་ཐོབ། །བདེ་གཤེགས་བཀའ་སྩལ་ལོག་པའི་སེམས་ཅན་ཆེན་པོ་འདི། །གཟུང་འཛིན་རྟོག་ངན་རྒྱུ་ཡིན་ལོག་པར་སྤྱད་པས་རྐྱེན། །འབྲས་བུ་དུག་ལྔ་སྨིན་ཅིང་འཁོར་བའི་རིགས་ཆེན་འདི། །གདོལ་པའི་འབྱུང་པོར་གཏོགས་ཤིང་ལས་སྐལ་ཆགས་སྡང་སྤྱོད། །མ་བཏུལ་ལྷ་མིའི་སྲིད་བརླག་ཁ་ལོ་ལོག་པར་བསྒྱུར། །སངས་རྒྱས་ཞིང་ཁམས་སྟོངས་ཤིང་འཁོར་བ་དམན་ལ་ངན། །སངས་རྒྱས་དམན་རིས་ལུས་ནས་དོན་ལ་མི་ཕན་སྐྱོན། །བཏུལ་ན་ཡོན་ཏན་དུག་གསུམ་རྩད་གཅོད་འཁོར་བ་ཆོས་ཉིད་འགྱུར། །ཞིང་ཁམས་དག་པས་ཡོན་ཏན་ཆེན་


DNG017_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

པོ་འཐོབ། །ཅེས་གསུངས་པས། གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་ཤིན་ཏུ་བསྐུལ་ཏེ། ཨེ་མའོ་བདེ་བར་གཤེགས་པ་རྣམས། །ཐུགས་རྗེ་ཆེན་པོའི་མངའ་བདག་ཅན། །དུས་ལ་བབ་པའི་བསྐལ་ཆེན་འདིར། །ལས་ལ་བབ་པའི་ཐུགས་རྗེ་ཡིས། །རྣམ་པར་སྨིན་པའི་འབྱུང་པོ་འདི། །བསྒྲལ་བར་གྱུར་ནི་ཐུགས་རྗེའི་མཆོག །ཅེས་ཉེ་བར་བསྐུལ་བས། སྤྲུལ་པའི་ཆོ་འཕྲུལ་མངོན་པར་འདུ་མཛད་དེ། །ཡེ་ཤེས་སྤྲིན་དམར་ཆར་སྤྲིན་བཞིན། །འབར་བའི་ཕྱག་རྒྱ་སྣ་ཚོགས་བཞེངས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །བདེན་པའི་གཞུང་གིས་འདུལ་བར་གཟས། །རཱུ་ཏྲ་ནག་པོས་སེ་གོལ་བརྡེབ། །བདག་ཉིད་མི་འདུལ་ངོ་མཚར་ཆེ། །གོའུ་ཏ་མ་ཁྱོད་ཀྱིས་བདག་མི་འདུལ། །རང་རང་དཀའ་ཐུབ་བདེ་ལ་གནོས། །དེ་སྐད་ཟེར་ཏེ་མ་ཉན་ནོ། །དེ་ནས་ཁྲོ་བོ་ཆེན་པོ་རྣམས། །ཁྲོ་བོའི་འཁོར་རྣམས་བསྡུ་བའི་ཕྱིར། །རྡོ་རྗེ་རྟ་ཡི་ཚོགས་སུ་སྤྲུལ། །ཁྲོ་བོ་རྟ་མཆོག་ཚོགས་མཆོག་ལ། །རཱུ་ཏྲ་ཐུལ་བར་བཀའ་བསྒོ་བས། །དཔལ་གྱི་རྒྱལ་པོ་རྟ་མགྲིན་གྱིས། །ཚངས་པའི་གསུང་དབྱངས་ལྟ་བུ་ཡིས། །སྲིན་པོ་མ་སྲིན་དབང་བསྡུས་ནས། །འདུལ་བ་འདྲིད་པར་བྱས་ན་ཡང་། །ཁོ་མ་ཉན་ཏེ་མ་ཐུལ་ལོ། །དེ་ནས་ཆོས་དབྱིངས་ཕོ་བྲང་དུ། །ཡེ་ཤེས་སྤྲིན་ཚོགས་ཆར་སྤྲིན་བཞིན། །གཏིབས་ནས་གཟུགས་སྐུ་རགས་པར་བཞེངས། །སྣང་སྲིད་ཡེ་ཤེས་སྤྱན་གྱིས་གཟིགས། །རཱུ་ཏྲ་སྲོག་ཆགས་སྐྱམས་ལིངས་སུ། །གཟིགས་ནས་ཀུན་རྫོབ་སྒྱུ་མའི་ཚུལ། །མཐུན་པར་མཛད་དེ་རྣམ་པར་རོལ། །རྡོ་རྗེ་རྟ་གདོང་ཚོགས་རྣམས་ལ། །སོང་ཞིག་རབ་ཏུ་ཀུན་ཏུ་སོང་། །འཇིག་རྟེན་ཁམས་ན་བདུད་ཀྱི་ཚོགས། །སྲོག་ཆགས་སྐྱམས་ལིངས་བྱེད་པ་ལ། །སོ་ཚུགས་ཞེས་ནི་བཀའ་བསྒོ་ནས། །རྟ་མགྲིན་རྒྱལ་པོས་འཇིག་རྟེན་དུ། །ཆོ་འཕྲུལ་བསྟན་ནས་འཇིག་རྟེན་དུ། །གནམ་ལྕགས་ཡོད་པའི་རི་ཡི་རྩེ། །མ་ལ་ཡ་ལས་སོ་བཙུགས་སོ། །དེ་ལྟར་ཡུམ་རལ་གཅིག་མ་དང་། །པདྨ་བྲི་གུ་ར་གཉིས་མཉེས། །དཔལ་ཆེན་


DNG017_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་གར་གྱི་དབང་ཕྱུག་གིས། །འཇིག་རྟེན་ཁམས་སུ་ཀུན་རྫོབ་བྱིས་པའི་སྤྱོད་མཐུན་བྱས། །ཆོ་འཕྲུལ་ཞབས་ཀྱིས་བཅགས་ཏེ་སྲིན་པོའི་གླིང་ཁམས་བྱོན། །ཉོན་མོངས་འདམ་རྫབ་ཞེ་སྡང་རྫོང་ཞེན་དང་། །འདོད་པའི་མཚོ་ལ་ཆགས་ཕྱིར་ཁྲག་གི་རྒྱ་མཚོས་བསྐོར་བ་བདུད་རྩིར་རོལ། །མི་གཙང་འདམ་རྫབ་བསྐོར་བའི་དྲི་ཆེན་བདུད་རྩིར་རོལ། །གོ་རོ་ཙ་ན་རྐང་ཚོགས་བཅུད་འཁྱིལ་ཟིལ་མངར་བདུད་རྩིར་རོལ། །ཆུ་སེར་རྣག་སོགས་དྲི་ཆུའི་རྒྱ་མཚོ་བདུད་རྩིར་རོལ། །འབུ་དང་འབུ་ཆེན་ལྕགས་ཀྱི་སྦྲང་མ་སོགས། །བསྒྲལ་བའི་ཤ་རུས་མཱཾ་སའི་བདུད་རྩིར་རོལ། །སྲིན་པོའི་བུ་མོའི་ཚོགས་དང་རྐུན་མོའི་ཚོགས་དག་ལ། །ཐབས་ཀྱི་ག་ཎས་སྲས་རྣམས་འཕགས་པའི་ལུས། །སེམས་ཅན་མགོ་རྟགས་མང་པོའི་ཚོགས་སུ་བྱུང་། །འཁོར་རྣམས་འདུལ་ཕྱིར་ཕྲ་མེན་ཚོགས་སུ་བསྟན། །སྲིན་པོའི་སྒོ་སྲུང་གྲོང་ཁྱེར་ཕྱི་རོལ་ན། །རྟ་གདོང་ཕག་གདོང་བྱ་གདོང་ཁྱི་གདོང་རྣམས། །ཤར་ལྷོ་ནུབ་བྱང་དག་ན་གནས་པ་ལ། །བརྟུལ་ཞུགས་ཆེན་པོ་བཞི་ཡང་མཛད། །དབུས་ཀྱི་ཀེང་རུས་གྲོང་ཁྱེར་ན། །ཐོད་བརྩིགས་ནང་ན་སྲིན་མོ་རལ་གཅིག་གནས། །བམ་གྱི་ཁྲི་ལ་དུང་ཁྲག་འཐུང་། །པདྨ་གར་གྱི་དབང་ཕྱུག་གིས། །སྲིན་པོའི་གཟུགས་སུ་སྤྲུལ་ནས་བྱོན། །དུང་ཕོར་ཚོ་ཞལ་བསྟབས་ཏེ་གསོལ། །གཞན་ཡང་བརྟབ་སྟེ་ཡིད་མ་ཆེས། །བཟང་ཞིང་མདངས་ཆེན་འབར་བ་མཐོང་། །བདག་གི་གཙོ་བོ་དེ་བས་གཟི་བྱིན་ཆེ། །དེ་སྐད་ཅེས་པས་སྲིན་སྐད་བརྗོད། །རུ་ལུ་གསུངས་ནས་ག་ཎ་མཛད། །སྲིན་མོ་དེ་ལས་མ་ཐར་རོ། །དེ་ནས་རྟ་མཆོག་ཚོགས་དག་གིས། །སྲིན་པོ་བྱུང་བའི་མཚན་མ་གཟིགས། །རྡོ་རྗེ་བྱ་གདོང་སྒྲོན་ཆེན་མཛད། །འདུར་ཆེན་རྟ་འགྲོས་སྟབས་ཀྱིས་གཤེགས། །དགེས་ཚུལ་འདུར་གླུ་བླངས་ནས་སྦྲན། །དེ་དུས་པདྨ་གར་དབང་གིས། །ལྷག་པའི་བྱང་ཆུབ་སེམས་འཕྲོ་འདུ། །ཡི་གེ་ཨཱཾ་གི་ཚོགས་སྤྲུལ་ནས། །བྷ་གའི་ཟླ་བའི་དཀྱིལ་འཁོར་ལ། །འཁྱིལ་ཞིང་གསལ་ཏེ་


DNG017_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་གྱིས་བརླབས། །སྲིན་མོའི་མཁའ་ལ་རབ་ཏུ་བཞག །ཡི་གེ་འཁོར་ལོ་ཚོགས་ཆེན་པོ། །དབྱིངས་ཀྱི་ངང་དུ་མི་དམིགས་གྱུར། །སྲིན་མོ་རང་གི་གནས་སུ་ཕྱིན། །ལོངས་སྤྱོད་མི་སྣང་འཁོར་རྣམས་བྱེར། །སྔོན་མ་མཐོང་བའི་ཕྲ་མེན་མ། །ཚོགས་ཀྱིས་བསྐོར་ཏེ་ཡིད་མི་དགའ། །རྟོག་པ་སྐྱེས་ཏེ་ཨེ་མའོ། །བདག་གི་གནས་འདི་ཇི་ལྟ་བུ། །སྲིན་མོས་མདུན་བསུ་ཨེ་མའོ། །དེ་ལྟ་བུ་ཡི་ཚིག་ནི་མ་གསུངས་ཤིག །ཁྱོད་ཀྱི་དགོངས་པ་བདག་གིས་བསྒྲུབ། །འཁོར་ལ་མ་གསུངས་ལྷུམས་མི་བདེ། །རིགས་ཤིག་འཚོ་བ་ན་ཅི་ཞིག་འཁྲུངས། །སྲིན་མོའི་གཟུགས་མཐོང་སྐྲག་ལྡན་མ། །བདག་གི་རིགས་འཛིན་ངེས་འབྱུང་སྙམ། །འདོད་སྦྱར་ཞི་བའི་སྐབས་སུ་ནི། །སྲིན་མོར་རཱུ་ཏྲ་སྐྱེ་ཚུལ་དུ། །རཱུ་ཏྲས་སྐད་ནི་ཐེངས་གསུམ་ཕྱུང་། །དཔལ་རྔམ་སྐད་ཕྱུང་སྲིན་ཚོགས་བརྒྱལ། །བརྒྱལ་སངས་བལྟས་ནས་འཇིགས་མེད་པ། །བདུད་ཀྱི་རྒྱལ་པོ་བདུད་ཀྱི་བདག །འབར་བའི་ཞལ་གྱིས་ཀུན་ཏུ་གཟིགས། །སྲིན་མོ་ལ་བརྟེན་ཚུལ་གྱིས་ཀྱང་། །སྲིན་མོ་ཀྲོ་དྷཱི་ཤྭ་རཱིར་འགྱུར། །མཚན་ཡང་རྡོ་རྗེ་སྲིན་མོར་གསོལ། །སྲིན་མོ་སེམས་བརྟས་ང་རྒྱལ་སྐྱེས། །སྲིན་པོའི་བསྐུལ་བྱས་རུ་ལུའི་སྒྲ། །ཆོ་འཕྲུལ་གྲངས་མེད་དྲན་པ་ལས། །དེ་དག་རེ་རེ་ལ་ཡང་སྤྲུལ་པ་འཕྲོས། །སྲིན་མོ་དག་གིས་སྲིན་སྐད་བཟླས། །ཨོཾ་དང་ཧཱུཾ་བར་རུ་ལུ་བཅུག །དཔལ་ཆེན་ཁྲོ་བོའི་སྲོག་སྙིང་བཟླས། །སྲིན་སྐད་བརྗོད་ཅིང་ང་རྒྱལ་སྐྱེས། །ལུས་ཆེན་བསམ་གྱིས་མི་ཁྱབ་ལ། །རྐང་པ་མི་ཡུལ་མགོ་ནི་སྲིད་རྩེར་རེག །ནད་ཀྱི་བསྐལ་པ་ཁ་ནས་གཏོང་། །འཇིགས་བྱེད་ཆེན་པོ་ཕྱག་རྒྱའི་སྐུ། །ཅིར་ཡང་མ་ངེས་གཟུགས་སུ་སྤྲུལ། །ངག་གིས་ངག་ཕྲོགས་གླེན་པ་འདྲ། །ལྕེ་མེད་སྨྲ་བའི་སྟོབས་དང་བྲལ། །འབྲོས་པར་གཟས་ན་གར་དབང་གིས། །ས་མ་ཡ་ཧོ་དམ་ཚིག་བསྐུལ། །སྲིན་པོས་སྔོན་དུས་བཀའ་ནོས་ཤིང་། །ཐ་ཚིག་བསྟན་པ་རྗེས་དྲན་པས། །རང་སྲོག་མ་བཟོད་མདུན་གྱིས་བལྟས། །གར་དབང་ཁ་ཊྭཱཾ་


DNG017_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་བསྟན། །གངས་རི་རྒྱུད་ཆད་བཞིན་དུ་འགྱེལ། །རྡོ་རྗེ་གར་གྱི་ཕྱག་རྒྱས་བཟུང་། །སྐེད་བཟུང་ཞལ་དུ་མིད་པས་སུ། །རཱུ་ཏྲས་སྔོན་དུས་གསང་བའི་བཀའ། །སྤྱད་ནོར་ཉོན་མོངས་ཐག་པས་བཅིངས། །དུག་ལྔ་མ་ཆོམས་ས་གཞི་ལྟ་བུ་དེ། །ངོ་གཅིག་སྦྱངས་པས་ཆོས་ཀྱི་ཕོ་བྲང་མཐོང་། །འཁོར་བ་དང་ནི་མྱ་ངན་འདས། །ཆོས་རྣམས་ཐམས་ཅད་ཡེ་ཤེས་ཏེ། །སྐྱེ་བ་བྱེ་མ་སྙེད་གྲངས་མཉམ། །ལུས་བླངས་སྡིག་སྤྱད་ཀུན་ཀྱང་དྲན། །ལྟ་ལོག་ཀུན་ཤེས་དགེ་སྡིག་གི། །ལས་རྣམས་དག་ནི་མི་བསླུ་བའོ། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །འདུས་ནས་ཐབས་ཅིག་བགྲོས་གྱུར་པ། །དེ་དག་ཀུན་ཀྱང་ཉམས་སུ་མྱོང་། །དེ་མ་ཐག་ཏུ་བཅོམ་ལྡན་གྱིས། །སྣམ་དུ་བཏོན་པས་ཁོ་མི་དགའ། །གདུང་བ་སྐྱེས་ནས་ངུས་ཏེ་ཞུས། །ཨེ་མའོ་དཔའ་བོ་ཐུགས་རྗེ་ཆུང་། །ཤིན་ཏུ་དབེན་པའི་གནས་ཤིག་ནས། །སྣམ་དུ་བཏོན་པ་ཐུགས་རྗེ་ཆུང་། །གལ་ཏེ་བཀའ་ལས་འདའ་གྱུར་ན། །བདག་ཅག་རྣམས་ཀྱི་མགོ་ལུས་སྙིང་། །རུལ་མྱག་ནས་ནི་ཚིག་པར་གྱུར། །མ་དང་སྲིང་མོ་བུ་མོ་རྣམས། །འབངས་སུ་འབུལ་ལོ་བཀའ་ལ་ཐོགས། །དབུས་སུ་མཆིས་པའི་སྐལ་མེད་ཀྱི། །ཉིད་ཀྱི་དཀྱིལ་འཁོར་མཐའ་ལ་ཞོག །ཕུད་ལ་འཚལ་བའི་སྐལ་མེད་ཀྱི། །ལྷག་མ་ཁ་ཆུས་བྲོན་ལ་སྩོལ། །འབངས་ལ་ནན་ཏན་མ་ཆུང་ཞིག །ཞེས་ཏེ་སྨེངས་སུ་གསོལ་བཏབ་པ། །ཐུགས་རྗེ་ཆེན་པོ་བཅོམ་ལྡན་རྡོ་རྗེ་སེམས། །དྲི་མེད་དུང་མདོག་མཆོག་ཏུ་གཟུགས་བཟང་བ། །རྣམ་དག་འོད་གསལ་ཟླ་བའི་དཀྱིལ་འཁོར་མཛེས། །ཇི་ལྟར་མཁའ་ལ་འོད་སྟོང་ཤར་བ་བཞིན། །སྲིད་པ་གསུམ་གྱི་ས་མཁན་སྟོན་པར་གྲགས། །ཁམས་གསུམ་འགྲོ་བ་ཀུན་གྱི་བཤེས་གཉེན་པོ། །བྱམས་མགོན་ཐུགས་རྗེའི་ལྷ་ཁྱོད་དགོངས་སུ་གསོལ། །བདག་ཅག་ཐོག་མ་མེད་པའི་དུས་མཐའ་ནས། །ལམ་སྟོར་ལམ་ནོར་སྲིད་པའི་འཁོར་ལོར་འཁྱམས། །སྔོན་ཚེ་


DNG017_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ལོག་སྡིག་པ་སྤྱད་པས་ནོངས། །སྡིག་པའི་ལས་རྣམས་ཅི་སྤྱད་རབ་གནོང་འགྱོད། །དཔའ་བོ་ཆེན་པོ་ཁྱོད་ལ་སྐྱབས་སུ་མཆི། །གར་གྱི་དབང་ཕྱུག་གསན་ཅིང་དགོངས་སུ་གསོལ། །དར་ཅིང་དྲག་པའི་ལས་དབང་དེ་བཙན་པས། །འཁོར་བའི་སྡུག་བསྔལ་རྒྱ་མཚོར་བྱིངས་གྱུར་ཏེ། །ཞེ་སྡང་འབར་བའི་མེས་ནི་རང་རྒྱུད་བསྲེགས། །གཏི་མུག་མུན་པ་འཐིབས་པོས་ཤེས་རབ་མདོངས། །ང་རྒྱལ་ཆེན་པོའི་རི་བོས་ངན་འགྲོར་མནན། །ཕྲག་དོག་རླུང་དམར་འཚུབས་མས་འཁོར་བར་གཡེངས། །བདག་ཏུ་བལྟ་བའི་མདུད་པ་དམ་པོས་བཅིངས། །འདོད་པའི་མེ་མདག་འདྲ་བའི་འོབས་སུ་ཆུད། །སྡུག་བསྔལ་དྲག་པོ་མི་བཟད་ཆར་ལྟར་འབབ། །འདི་འདྲའི་སྡུག་བསྔལ་ཆེན་པོ་བཟོད་དཀའ་ཞིང་། །སྡིག་པའི་ལས་དབང་དྲག་པོ་མེ་འབར་བས། །རྣམ་ཤེས་དབང་པོའི་མྱུ་གུ་གདུངས་གྱུར་ཏེ། །ཕུང་པོ་སྒྱུ་མའི་ལུས་ཀྱིས་མི་བཟོད་ན། །བྱམས་མགོན་ཐུགས་རྗེ་ཅན་གྱིས་བཟོད་ལགས་སམ། །བདག་ཅག་དོན་སླད་ལུས་འདི་བཞེས་སུ་གསོལ། །གཟི་བྱིན་རྒྱལ་པོའི་མངའ་བདག་དགོངས་སུ་གསོལ། །བདག་འདྲ་བླུན་རྨོངས་ལས་ངན་སྡིག་པོ་ཆེ། །ལས་ཀྱི་དབང་གིས་འདོད་པའི་ཁམས་འདིར་སྐྱེས། །སྐྱེས་པས་འགྱོད་དོ་ལས་ལ་ཡི་རེ་ཆད། །ཡི་ཆད་འགྱོད་ཀྱང་ལས་དབང་བཅོས་སུ་མེད། །ལས་ཀྱི་ཤུགས་ནི་ཆུ་བོའི་ཀླུང་དང་འདྲ། །ལས་དབང་ཆུ་ཀླུང་འཕྲལ་དུ་ག་ལ་བཟློག །རྣམ་སྨིན་ཐམས་ཅད་རང་གི་ལས་ལས་བྱུང་། །འདི་ལྟར་ལས་ཀྱི་རླུང་དམར་འདིས་བཏབ་པས། །བསྐལ་པ་གྲངས་མེད་བར་དུ་བདག་ཅག་རྣམས། །འཁོར་བའི་བཙོན་ར་མུན་པར་འཁྱམས་ལགས་ན། །ཁྱེད་ཀྱི་ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །ལས་དང་ཉོན་མོངས་སྒྲིབ་པ་ཀུན་བྱང་ནས། །མ་ལྟར་བྱམས་པའི་ཞབས་དྲུང་ད་ལྟ་འཁོད། །སྐྱོབ་པ་དཔའ་བོ་ཆེན་པོས་དགོངས་སུ་གསོལ། །ཉི་ལྟར་འོད་འབར་ཟླ་ལྟར་མདངས་གསལ་བའི། །ཐུགས་རྗེའི་ཞལ་ཉིད་བལྟ་བར་འཚལ་


DNG017_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

ལགས་ན། །ཐོག་མ་མེད་ནས་མ་རིག་ལིང་ཏོག་གིས། །མདོངས་པའི་ཆུ་བུར་མིག་གིས་མ་མཐོང་ན། །འགྲོ་བའི་མགོན་སྐྱབས་དེ་སྔ་ག་ལ་བཞུགས། །ལས་དབང་དྲག་པོ་ཤིན་ཏུ་སྐྱི་གཡའ་བས། །ཤིན་ཏུ་སྐྲག་ཅིང་སྐྱི་གཡའ་རབ་འཇིགས་ནས། །དུང་དུང་གདུང་བའི་སྨྲེ་སྔགས་འདི་བཏོན་ཅིང་། །ཉམ་ཐག་ཕོངས་པའི་འོ་དོད་འབོད་ལགས་ན། །བྱམས་མགོན་ཐུགས་རྗེས་དུས་འདིར་མ་གཟིགས་ན། །ནམ་ཞིག་འཆི་འཕོ་ལུས་སེམས་འབྲལ་བའི་ཚེ། །དགེ་བཤེས་གྲོགས་དང་བྲལ་ཏེ་གཤིན་རྗེས་ཁྲིད། །དེ་ཚེ་འཇིག་རྟེན་ཉེ་དུས་མི་སྟོངས་ཏེ། །ལས་ཀྱི་དབང་གིས་བདག་ཉིད་གཅིག་པུར་འཁྲིད། །དུས་དེར་བདག་ལ་མགོན་སྐྱབས་མ་མཆིས་ན། །གང་གིས་ཕྱི་བཤོལ་དུས་ལས་མ་གཡེལ་བར། །ད་ལྟ་ཉིད་དུ་བཏུད་དེ་མངོན་སྤྱོད་མཛོད། །ལས་ཀྱིས་མནར་བའི་སྐྱེ་བོ་བདག་འདྲ་བ། །ཁམས་གསུམ་འཁོར་བའི་གནས་ནས་མ་ཐར་ཏེ། །བསྐལ་པ་དཔག་མེད་སྐྱེ་བ་ཇི་སྙེད་དུ། །རྡོས་བཅས་ལུས་བླངས་གྲངས་མེད་ཞིག་གྱུར་ཏེ། །ཤ་རུས་བསགས་ན་འཇིག་རྟེན་གཏོས་དང་མཉམ། །རྣག་ཁྲག་བསགས་ན་རྒྱ་མཚོ་ཆེན་པོ་ཙམ། །ལས་འཕྲོ་བསགས་ན་བསམ་འདས་བརྗོད་མི་ལང་། །ཁམས་གསུམ་བགྲང་ཞིང་སྐྱེ་ཤིའི་ཁ་བརྒྱུད་ཀྱང་། །བྱས་པའི་ལས་ལ་དོན་མེད་ཆུད་རེ་ཟོས། །སྐྱེ་བ་གྲངས་མེད་ཇི་སྙེད་དེ་ཙམ་ལས། །སྐྱེ་བ་ཚེ་གཅིག་ཁོ་ན་ཙམ་གྱི་ལས། །བླ་མེད་བྱང་ཆུབ་དོན་དུ་རབ་སྤྱད་ན། །དེ་ཙམ་བྱས་པའི་ལས་ལ་དོན་ཡོད་ན། །ལས་ཀྱི་དབང་བཙན་ཉོན་མོངས་སྟོབས་ཆེ་བས། །ཤ་རུས་དྲ་བའི་ལུས་བླངས་འཁོར་བར་འཁྱམས། །སྡུག་བསྔལ་བཟོད་དཀའ་འཁོར་བའི་བཙོན་རར་ཚུད། །མི་བཟད་སྡུག་བསྔལ་དྲག་པོ་འདི་ལྟ་བུ། །ཉེས་བྱས་ཐམས་ཅད་རང་གི་ལས་ལས་བྱུང་། །ཐུགས་རྗེ་ཆེན་པོས་ལས་དབང་རྒྱུན་བཅད་དེ། །ཉོན་མོངས་ལས་ཀྱི་རླུང་འདི་བཟློག་ཏུ་གསོལ། །མ་རིག་ལོག་པའི་ལས་ཀྱི་དབང་བཙན་ཏེ། །མི་ཤེས་མུན་པའི་ནང་དུ་གཏན་འཁྱམས་ན། །ཡེ་ཤེས་སྒྲོན་མེའི་ཟེར་གྱིས་མི་སྟོངས་སམ། །ཉེས་བྱས་ལས་ཀྱི་འབྲས་བུ་མི་བཟོད་ན། །ཐུགས་རྗེ་ཆེན་པོའི་ཕྲིན་ལས་མི་མཛད་དམ། །དུག་གསུམ་བཟོད་དཀའི་ནད་ཀྱིས་གདུངས་


DNG017_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

ལགས་ན། །ཐབས་མཁས་ཐུགས་རྗེའི་སྨན་གྱིས་མི་གསོ་འམ། །ཕྱིན་ཅི་ལོག་གི་གཡང་སར་ལྟུང་ལགས་ན། །ཐུགས་རྗེ་མྱུར་མགྱོགས་ཕྱག་གིས་མི་འཛིན་ནམ། །ལས་ཀྱི་སྡུག་བསྔལ་རྣམ་སྨིན་མེར་འབར་ན། །ཐུགས་རྗེ་བསིལ་བའི་ཆུ་རྒྱུན་མི་འབེབས་སམ། །སྡུག་བསྔལ་འཁོར་བའི་འདམ་དུ་བྱིངས་གྱུར་ན། །ཐབས་མཁས་ཐུགས་རྗེའི་ལྕགས་ཀྱུས་མི་འདྲེན་ནམ། །ཁམས་གསུམ་འཁོར་བའི་གནས་སུ་སྦྱངས་སྦྱངས་ནས། །ནམ་ཞིག་རང་རིག་འབྲས་བུ་ཐོབ་པའི་ཚེ། །འཕགས་པའི་ཐུགས་རྗེས་ཅི་འཚལ་དོན་མ་མཆིས། །བདག་ཅག་ལས་འཕྲོའི་དབང་བཙན་བཞག་ལགས་ན། །ཐུགས་རྗེ་ཆེ་ཞེས་སུ་ལ་ཅི་ཞིག་བགྱི། །དཔའ་བོ་ཁྱོད་ལ་ཐུགས་རྗེའི་སྟོབས་མངའ་ན། །ཡལ་ཡོལ་བཏང་སྙོམས་ལེ་ལོ་མ་མཛད་པར། །སྙིང་ནས་ད་གཟིགས་ཐུགས་རྗེ་རྒྱལ་བའི་ལྷ། །དཔའ་བོ་ཆེན་པོ་ཁྱོད་ལ་བཟོད་པར་གསོལ། །མི་བསྒྲིབ་ཚངས་པའི་དངོས་གྲུབ་སྩལ་དུ་གསོལ། །ཨ་ལ་ལ་ཧོ། ཞེས་གསོལ་བ་བཏབ་པས། བཅོམ་ལྡན་རྡོ་རྗེ་སེམས་དཔའ་པདྨའི་སྙིང་པོར་གནས་པ་དེས། ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཐམས་ཅད་ལྷུན་གྱིས་གྲུབ་པས་སངས་རྒྱས་སྲས་སུ་བསྐྱེད་པའི་ཕྱིར། འཇིག་རྟེན་དྲུག་གི་ཕྱོགས་བཅུར། ཧཱུཾ་ཧཱུཾ་ཧཱུཾ་ཞེས་ལན་དྲུག་གསུངས་པས། རིགས་གཉིས་ལུང་གིས་བརྒྱུད་པའི་ཕྱིར། །ཕྱི་ནང་སྣོད་བཅུད་ལུང་ལས་གྱུར་པ་ཡིན། །ཡེ་ཤེས་རྣམ་གཉིས་དོན་གྱི་རྒྱུད། །སྤྲུལ་སྐུ་རྣམ་གཉིས་ཐབས་ཀྱི་རྒྱུད། །ཕྲིན་ལས་རྣམ་གཉིས་ཐུགས་རྗེའི་རྒྱུད། །དྲུག་ལས་བདུན་བྱུང་ཧཱུཾ་གི་རང་བཞིན་ལས། །ཆོ་ག་གསུམ་ལྡན་འཕྲོ་འདུ་གསལ་བ་ཡིས། །འོད་ཟེར་བདུན་གྱིས་རྒྱུད་བསྐུལ་སྡིག་སྦྱངས་ཏེ། །དུར་ཁྲོད་བདག་པོ་གསང་བ་ཉིད་དུ་སྐྱེ། །དེ་སྐད་ཅེས་གསུངས་པས། ཕྱོགས་བཞི་མཚམས་བཞི་རིན་པོ་ཆེའི་ཀ་བ་དཔག་ཚད་བརྒྱད་ཁྲི་བཞི་སྟོང་པས་ཀྱང་དཔགས་པ། ཀ་པ་རེ་རེ་ལ་ཡང་། སྤྲིན་མེད་པའི་ཉི་མ་བདུན་བདུན་གྱིས་བརྒྱན་པ། འོད་ཟེར་གྱིས་འཇིག་རྟེན་དྲུག་གི་


DNG017_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་བཅུ་ཐམས་ཅད་དུ། སྐྱེ་གནས་བཞི་ལས་སྐྱེས་པའི་སེམས་ཅན། ཉན་ཐོས་དང་རང་སངས་རྒྱས་དང་། རིགས་དམན་དང་། རིགས་མེད་པ་ཐམས་ཅད་ཀྱི་རྣམ་པར་རྟོག་པའི་བག་ཆགས་ཐམས་ཅད་འོད་ཟེར་འབར་བ་དེས་བཅོམས་བཏགས་ནས། བླ་ན་མེད་པའི་བྱང་ཆུབ་ལ་འགོད་པར་བྱས་སོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཡང་འདི་སྐད་ཅེས་གསུངས་སོ། །ཐབས་དང་ཤེས་རབ་ཆེ་བའི་རྟགས། །ཉི་ཟླའི་དཀྱིལ་འཁོར་འོད་ཟེར་དེར། །བཞུགས་ནས་བཅོམ་ལྡན་འདི་སྐད་གསུངས། །བདག་ནི་རྡོ་རྗེ་སེམས་དཔའ་ཡིན། །ཁམས་གསུམ་དབང་གི་སྐུ་གསུང་ཐུགས། །སྲིད་པ་གསུམ་གྱི་བདག་པོ་ཡིན། །དབང་གི་ཁྲོ་བོ་ཆེན་པོ་ཡིན། །ཞེས་གསུངས་ནས། ཁམས་གསུམ་དང་སྲིད་གསུམ་དུ་རྟོག་པ་ཐམས་ཅད། དུག་གསུམ་བརྩེགས་པའི་དབང་གིས། གཅིག་ལ་གཅིག་འཕྱ་བ་དང་། བསྡིངས་པ་དང་། མི་དགེ་བཅུ་སྤྱད་པས། ངན་སོང་གསུམ་དུ་གྲངས་མེད་པར་སྐྱེས་སོ། །ལྷ་དང་མིར་སྐྱེས་ན་ཡང་། དཀའ་ཐུབ་དང་སྡོམ་པ་དང་རང་རང་གི་ལེགས་པ་ཐོབ་ཏུ་རེ་བའི་དམ་ཚིག་གཉན་པོ་དག་ལས་ཉམས་པར་གྱུར་པས། ཁམས་གསུམ་སྲིད་པ་གསུམ་དུ་གཏོགས་པ་ཐམས་ཅད་ལས་ཀྱི་དབང་གིས་སྡུག་བསྔལ་བར་འགྱུར་རོ། །རབ་ཏུ་སྡུག་བསྔལ་བར་འགྱུར་རོ། །ཞེས་གསུངས་ནས། ཧཱུཾ་ཧཱུཾ་ཧཱུཾ་ཞེས་བརྗོད་པས་འཁོར་ཐམས་ཅད་རང་རང་གི་ཐུགས་ཀར་འདུས་པས། གཉིས་སུ་མེད་པའི་དབྱིངས་སུ་མི་སྣང་བར་མཛད་དོ། །གནས་ཀྱི་དཀྱིལ་འཁོར་ལ་སོགས་པ་ཐམས་ཅད་ཀྱང་། ཉིད་ཀྱི་སྐུ་ལ་བསྡུས་ཏེ་མི་སྣང་བར་མཛད་དོ། །དེ་ནས་པདྨ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཕཊ། ཅེས་སྒྲ་བརྗོད་ཅིང་། ཁྲོ་བོ་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཁྲོས་པའི་སྐུར་མངོན་པར་འདུ་མཛད་དེ། དབུ་ལྔ་ལས་བཞི་ཕྱོགས་བཞིར་འབར་བའི་གཟུགས་ཀྱིས་བལྟ་བ། དབུ་


DNG017_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་མ་ཞི་བའི་ཞལ་སྤྱན་གསུམ་པ་ཀུན་ཐལ་བྱུང་བའོ། །སྐུའི་ལྟེ་བ་ཨེ་གྲུ་གསུམ་གྱི་འབྱུང་གནས་ལས། རྡོ་རྗེ་དང་རིན་པོ་ཆེ་ལས་བྱུང་བའི་གཤོག་པ་བཞི་ཡང་འཐོན་ཏེ། ཕྱོགས་བཅུ་དྲུག་རོལ་པའི་ཚུལ་དུ་འཐོན་ཏོ། །སྒེག་པ་ཆེན་པོ་ཡིན་པས་ཞབས་བརྒྱད་ཀྱང་ཆས་བརྒྱད་དང་ལྡན་པར་སྣང་བའི་ཐུགས་ཀ་ནས། རིག་པའི་ཡི་གེ་ཧཱུཾ་རིན་པོ་ཆེ་སྣ་ལྔ་ལྟ་བུར་ལྡན་པའི། འབྱུང་བ་ལྔ་དང་། ཡུམ་ལྔ་དང་། ཡེ་ཤེས་ལྔ་དང་། གདུལ་བྱའི་ཕྲིན་ལས་རྣམ་པ་ལྔ་རུ་སྦྱོར་བའི་ཚུལ། རྡོ་རྗེའི་དཀྱིལ་འཁོར་ལ་བརྟེན་པའི་ཚུལ། དབང་ཆེན་ཡུམ་ལྔའི་དཀྱིལ་འཁོར་ནི། །འདི་ནི་རིག་པ་ཧཱུཾ་གི་སྒྲ། །འབྱུང་བ་རེ་རེ་ལ་ཡང་རྒྱལ་པོ་རེ་རེ་སྟེ། །འཇིག་རྟེན་ཆགས་ཚུལ་འབྱུང་བ་ནི། །ཆུ་ཞེང་རྔམས་སུ་བསྟན་པ་ཡང་། །གྲངས་དང་ཚད་ནི་བརྗོད་དུ་མེད། །རླུང་མཚོ་ནམ་མཁའི་མཐའ་དབུས་སུ། །རླུང་གི་ཤ་བ་ལྗང་གུ་ལ། །ལུས་ཀྱི་གཏོས་ནི་མཁའ་དང་མཉམ། །ཁ་ནི་ནུབ་བྱང་མཚམས་སུ་བལྟ། །རྐང་ལག་བཞི་ནི་མཐུར་དུ་བཙུགས། །རླུང་ཕུར་ཟུར་དྲུག་རབ་ཏུ་སྣང་། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན། །སྲིད་གསུམ་གཡོ་འགུལ་ཐམས་ཅད་དང་། །སྐྱེ་ཤི་ལས་སྐྱེས་སེམས་ཅན་རྣམས། །ཐམས་ཅད་རླུང་གིས་བསྐྱེད་པ་ཡིན། །འདི་ནི་ཡི་གེ་ཧཱུཾ་གིས་སྒྲ། །རླུང་མཚོ་མཁའ་མཉམ་རླུང་གི་སྐྱེ་མཆེད་ཀྱིས། །ཉི་མ་མེ་ཤེལ་སྤྱན་མིག་གཡས་སུ་བྱུང་། །རླུང་ཉིད་གྲང་བ་ཟླ་མིག་གཡོན་དུ་འབྱུང་། །རླུང་གི་ཤ་བ་རུ་བཅུ་གྱེན་དུ་བསྒྲེང་བ་ནི། །བ་དན་ལྕེ་དགུ་འཐོར་རླུང་ཤུགས་ཀྱིས་བར་སྣང་ཁྱབ་པར་འབུད། །རྣ་བ་རྫུ་འཕྲུལ་ནང་ནས་རླུང་སྔོན་དྲུག་དྲུག་འབྱུང་། །རབ་ཏུ་དྲག་པོ་སྐད་ཆེན་དགུ་དགུ་བྱུང་བ་ཡང་། །འཇིག་རྟེན་ཁམས་འདིར་རྩིབ་མ་རྡོ་རྗེའི་གུར་ཕུབ་པ། །བསྐལ་པ་རྡོ་རྗེ་རྒྱ་གྲམ་གནས་པ་རླུང་ཡིན་ཏེ། །རྫི་ནི་ལང་ཚོ་རྩེ་རཾ་པརྞ་ཤ་ཝ་རི། །དྲག་པོ་དཔལ་གྱི་གཟེར་གྱིས་རྒྱུན་མི་འཆད། །ཞེ་སྡང་འབར་བའི་རྡོ་རྗེ་ཆར་བཞིན་འབེབས། །མེ་འབྲུག་དམར་པོ་བྲི་ཏི་ཧི། །


DNG017_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

བྲིཥྞ་ཀ་ལ་ཤ་ལྔ་རཱ་གས་མུན་ཛ། །བསྲེག་པར་དཔལ་ཆེན་གདུག་པའི་འོད་ཟེར་འཕྲོ། །ཕྱོགས་རེར་ཞིང་བརྒྱ་བརྒྱད་ཁྲི་བཞི་སྟོང་གནས། །ནམ་མཁར་ཁྱབ་པར་རྒྱུག་པའི་ཞལ། །རྡོ་རྗེ་དམར་མོའི་ལྕེ་ཡང་འབེབས། །མཇུག་མ་མེ་རི་སྤྲིན་མནབས་ནས། །ནམ་མཁའ་སྟོང་པའི་མཐའ་ནས་གཡོ། །མཆེ་བ་ཟང་ཡག་ལོག་རྟོགས་ཁམས་གསུམ་གཟིར། །ལྷ་མིན་གྲོང་ཁྱེར་འཇོམས་ཤིང་འཇིག་རྟེན་དུས། །རྡོ་རྗེ་འབར་བའི་གུར་ཕུབ་ནས། །དྲག་ཤུལ་ཆེམ་སྒྲས་འཆི་བདག་ཀླད་པ་འགེམས། །འདི་ནི་མེ་འབྲུག་རླུང་འབྲུག་གི། །རིགས་པ་གསུངས་པའི་སྒྲ་ཡིན་ནོ། །ཡེ་ནས་ཀུན་བཟང་ཆོས་དབྱིངས་གདལ་བ་ལ། །འོད་ཟེར་འབུམ་དུ་འཕྲོས་ཏེ་འོད་ཟེར་དཀྱིལ་འཁོར་གྲུབ། །རྒྱུད་དྲུག་གནས་པའི་སེམས་ཅན་རྣམ་རྟོག་སྦྱངས། །ནམ་མཁའི་རང་བཞིན་ཀུན་ཏུ་བཟང་མོ་སྟེ། །འདི་ནི་ནམ་མཁའ་ཀུན་བཟང་རིག་པའི་བཀའ། །ཀུན་བཟང་ཆོས་དབྱིངས་ཡེ་ནས་གདལ་བ་ལ། །མཚན་མའི་སྤྱོད་ཡུལ་སྣ་ཚོགས་ཅིར་སྣང་ཡང་། །མཉམ་པ་ཆེན་པོ་རོ་གཅིག་སྟེ། །རླུང་གི་དཀྱིལ་འཁོར་འཁྱིལ་ཞིང་འཕྲོ། །དམ་ཚིག་སྒྲོལ་མ་རླུང་གི་སྒྲ། །ཡེ་ནས་ལྷུན་གྲུབ་བརྡལ་བ་ལ། །མཉམ་པ་ཆེན་པོར་ཆོས་ཀུན་གཅིག །སྤྱོད་ཡུལ་སྣ་ཚོགས་ཅིར་སྣང་ཡང་། །མཉམ་པ་ཆེན་པོར་རོ་གཅིག་སྟེ། །ཆུ་ཡི་དཀྱིལ་འཁོར་འཁྱིལ་ཞིང་འཕྲོ། །མཱ་མ་ཀི་ནི་ཆུ་ཡི་སྒྲ། །ཆོས་དབྱིངས་ཀུན་ཏུ་བཟང་མོ་ལས། །ཡེ་ནས་དངོས་མེད་སྟོང་པའི་ངང་། །པད་ལྟར་འབར་ཞིང་བག་ཆགས་བསྲེག །ཀུན་ལ་ཁྱབ་པར་རོ་གཅིག་སྟེ། །མེ་ཡི་དཀྱིལ་འཁོར་ལྟ་བུ་འཕྲོ། །ན་བཟའ་དཀར་མོ་མེ་ཡི་སྒྲ། །ཆོས་དབྱིངས་གནས་པ་བརྟེན་པའི་སྟོབས། །འདེགས་བྱེད་རྡོ་རྗེ་ལྟ་བུའི་ངང་། །གནས་པ་མེད་པར་ཡེ་གནས་པ། །ས་ཡི་དཀྱིལ་འཁོར་ལྟ་བུར་འཁྱིལ། །སངས་རྒྱས་སྤྱན་ནི་ས་ཡི་སྒྲ། །དེ་སྐད་ཞེས་ནི་དབང་ཆེན་ཡུམ་ལྔར་བརྩེགས་


DNG017_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྒྲ་བྱུང་ངོ་། །དེ་ནས་ཡི་གེ་ཧཱུཾ་ལས་འོད་ཟེར་འབུམ་དུ་འཕྲོས་ནས། །ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཐམས་ཅད་འཕྲོས་ཏེ། རྣམ་པར་རོལ་པར་གྱུར་ཏོ། །དེའི་ཚེ་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ནི་གཡོས་རབ་ཏུ་གཡོས། ཀུན་ཏུ་རབ་ཏུ་གཡོས་སོ། །འཁྲུགས་རབ་ཏུ་འཁྲུགས། ཀུན་ཏུ་རབ་ཏུ་འཁྲུགས་སོ། །ཚིག་རབ་ཏུ་ཚིག །ཀུན་ཏུ་རབ་ཏུ་ཚིག་གོ། །འཐོར་རབ་ཏུ་འཐོར། ཀུན་ཏུ་རབ་ཏུ་འཐོར་རོ། །དེའི་ཁམས་གསུམ་གྱི་སྲིད་པ་བརླག་པར་བྱེད་པ། ལྷ་ཆེན་པོ་བརྒྱད་བསྒྲལ་བའི་ཕྱིར། །ཁྲོ་བོ་ཆེན་པོ་བརྒྱད་ཞབས་འོག་ཏུ་བཏིང་སྟེ། དབང་ཆེན་ཤུགས་ཀྱི་སྒྲ་དྲག་པོའི་སྔགས་གཟེར་གྱིས་བརྒྱབ་སྟེ། ཧཱུཾ་ཀཱ་ར་པྲ་བེ་ཤ་ཕཊ། ནཱི་ལ་དཎྜ་པྲ་བེ་ཤ་ཕཊ། ཡ་མཱནྟ་ཀ་པྲ་བེ་ཤ་ཕཊ། ཨཱརྱ་ཨ་ཙ་ལ་པྲ་བེ་ཤ་ཕཊ། པདྨ་ཀུཎྜ་ལི་པྲ་བེ་ཤ་ཕཊ། ཊཀྐི་རཱ་ཛ་པྲ་བེ་ཤ་ཕཊ། མ་ཧཱ་བ་ལ་པྲ་བེ་ཤ་ཕཊ། ཨ་མྲྀ་ཏ་ཀུཎྜ་ལི་པྲ་བེ་ཤ་ཕཊ། ནཱ་ཤ་སྟྭཾ་བྷ་ནི་ནཱ་ཤ་སྟྭཾ་བྷ་ནི། ཡཀྴ་སུཾ་བྷ་ནི། ཡཀྴ་སུཾ་བྷ་ནི། ཞེས་གསུངས་ནས། ཁྲོ་བོ་ཆེན་པོ་བརྒྱད་གཟིར་ཅིང་མནན་པས། གདུག་པའི་མཆི་མ་འཛག་ཅིང་། འབོད་གྲོགས་ཀྱི་སྒྲ་བཏོན་པས། ལྷ་ཆེན་པོ་བརྒྱད་ནི་ང་རྒྱལ་བཅག །བདུད་ཀྱི་རྒྱལ་པོ་རྣམས་ཀྱིས་ནི་ཤུགས་རིང་འབྱིན། ཀླུའི་རྒྱལ་པོ་རྣམས་ཀྱིས་ཡེ་ཤེས་བསྐྱེད། རྒྱལ་པོ་ཆེན་པོ་བཞིའི་སྐུ་བཞི་དང་དཔལ་བརྒྱད་ཕྲོགས། གཟའ་དང་རྒྱུ་སྐར་རྣམས་ནི་དུས་བཞི་ལས་འགྱུར་ལྡོག་མེད་པ་སྟེ། དེ་ཡང་ཡོན་ཏན་དང་ཁྱད་པར་ལགས་སོ། །དེ་ནས་དབང་དུ་བསྡུ་ཞིང་གནན་གཟིར་བྱ་བའི་ཕྱིར། མ་ཧཱ་དེ་ཝ་པྲ་བེ་ཤ་ཡ་ཕཊ། དེ་བ་ཀ་པཱ་ལ་བྷྲཱུཾ། ཞེས་བརྗོད་པས་ལྷ་ཐམས་ཅད་བརྒྱལ་བར་གྱུར་ཏེ། གཟུགས་ཁམས་ཀྱི་གཙོ་བོ་མ་ཧཱ་དེ་ཝ་དང་ཁྱབ་འཇུག་འཁོར་ལོ་ཅན་དང་། །བྷྲྀཾ་གི་རི་ཏི་དགའ་བྱེད་དབང་ཕྱུག་དང་། །གཞོན་ནུ་སྨིན་དྲུག་ཚོགས་ཀྱི་བདག །ལེགས་ལྡན་སྟོབས་བཟང་ལ་སོགས་པ། །གཞལ་ཡས་ཁང་གི་རྨང་དུ་བཏིང་། །འདི་


DNG017_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

ནི་བསྡུས་ཏེ་བྱིན་རླབས་ཡིན། ནཱ་ག་པྲ་བེ་ཤ་ཕཊ། ནཱ་ག་ཀ་པཱ་ལ་བྷྲཱུཾ། ནཱ་ག་ཀ་པཱ་ལ་བྷྲཱུཾ། ནཱ་ག་ཀ་པཱ་ལ་བྷྲཱུཾ། མཐའ་ཡས་འཇོག་པོ་སྟོབས་ཀྱི་རྒྱུ། །ནོར་རྒྱས་དུང་སྐྱོང་པདྨ་དང་། །ཆུ་ལྷ་ལ་སོགས་ཀླུ་ཡི་འཁོར། །གཞལ་ཡས་ཁང་གི་གདུང་དུ་དྲེས། །རགྴ་པྲ་བེ་ཤ་ཕཊ། རགྴ་ཀ་པཱ་ལ་བྷྲཱུཾ། བརྒྱ་བྱིན་མེ་ལྷ་གཤིན་རྗེ་དང་། །བདེན་བྲལ་ཆུ་བདག་རླུང་གི་ལྷ། །གནོད་སྦྱིན་དབང་ལྡན་ས་ཡི་ལྷ། །ཉི་མ་ཟླ་བ་ལ་སོགས་འཁོར། །བསྒྲལ་ནས་གཞལ་ཡས་བརྩིག་པར་བརྩིགས། །རཱ་ཛ་པྲ་བེ་ཤ་ཕཊ། རཱ་ཛ་པྲ་བེ་ཤ་བྷྲཱུཾ། རཱ་ཛ་ཀ་པཱ་ལ་བྷྲཱུཾ། ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ། །མིག་མི་བཟང་དང་རྣམ་ཐོས་སྲས། །གན་བུབ་བསྲེས་ནས་བསྒྲལ་བར་བྱ། །ཀ་བ་དང་ནི་རྒྱལ་མཚན་བཙུགས། །འདོད་པའི་ཡོན་ཏན་ཀུན་ལྡན་པའི། །རིན་ཆེན་སྣ་བདུན་དབྲོག་པའི་ཕྱིར། །ཙཀྲ་བརྟི་པྲ་བེ་ཤ་ཡ་ཕཊ། འཁོར་ལོས་སྒྱུར་རྒྱལ་བསྒྲལ་ནས་ནི། །པགས་པས་དབང་གི་བླ་དྲེ་བྱས། །ཕུང་པོ་ཚོགས་ཀྱི་མཆོད་པར་རོལ། །འཁོར་ལོས་སྒྱུར་རྒྱལ་དབང་ཕྲོགས་སོ། །ཨཱརྱ་ཏྲི་ཏི་པྲ་བེ་ཤ་ཕཊ། སཱུརྱ་པྲ་བེ་ཤ་ཕཊ། སཱུརྱ་ཀ་པཱ་ལ་བྷྲཱུཾ། ཉི་མ་དང་ནི་ཟླ་བ་དང་། །དམག་དཔོན་གཟའ་ལྷག་ཕུར་བུ་དང་། །པ་ཝ་སངས་དང་སྤེན་པ་དང་། །རཱ་ཧུ་ལ་སྟེ་གཟའ་ཡི་ཚོགས། །བསྒྲལ་ནས་བད་དང་དྲལ་མ་བྱས། །སྨིན་དྲུག་དང་ནི་སྣར་མ་དང་། །མགོ་དང་ལག་དང་ནབ་སོ་དང་། །རྒྱལ་ལ་སོགས་པ་ཤར་ཕྱོགས་བསྒྲལ། །མཆུ་དང་གྲེ་དང་སྦོ་དང་ནི། །མེ་བཞི་ནག་པ་ས་རི་དང་། །ས་ག་ལྷོ་ཕྱོགས་རྣམ་པར་བསྒྲལ། །ལྷ་མཚམས་སྣྲོན་དང་སྣྲུབས་དང་ནི། །ཆུ་སྟོད་ཆུ་སྨད་གྲོ་བཞིན་དང་། །བྱི་ཞུན་རྣམས་ནི་ནུབ་ཏུ་བསྒྲལ། །མོན་དྲེ་དང་ནི་མོན་གྲུ་དང་། །ཁྲུམས་སྟོད་དང་ནི་ཁྲུམས་སྨད་དང་། །ནམ་གྲུ་ཐ་སྐར་བྲ་ཉེ་རྣམས། །བྱང་གི་ཕྱོགས་སུ་རྣམ་པར་བསྒྲལ། །དེ་ཝ་ཨིར་ཡ་པྲ་བེ་ཤ་ཕཊ། རཀྴ་ཨིར་ཡ་པྲ་བེ་ཤ་


DNG017_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

ཕཊ། རཱ་ཛ་ཨིརྱ་པྲ་བེ་ཤ་ཕཊ། ནཱ་ག་ཨིར་ཡ་པྲ་བེ་ཤ་ཕཊ། སཱུརྱ་ཨིརྱ་པྲ་བེ་ཤ་ཕཊ། གྲ་ཧ་དྷུ། གྲ་ཧ་དྷུ། ལྷ་རྣམས་མ་ལུས་བསྒྲལ་བའི་ཕྱིར། །ཊཀྐི་ནི་ཧཱུཾ་ཏ་ཀེཾ་ཏ་ཀེཾ་ཕཊ། བྷནྡྷ་བྷནྡྷ་ཆོམས། ཏིཀྵྞཱ་ཏིཀྵྞཱ་ཆོད། གརྫ་གརྫ་ཧཱུཾ། ཚིནྡྷ་ཚིནྡྷ་ཕཊ། ཕྱོགས་སྐྱོང་ཐམས་ཅད་བསྒྲལ་བའི་ཕྱིར། ཀྲོ་ཏ་ཀྲོ་ཏ་རཾ། ཧ་ལ་ཧ་ལ་ཁཾ། རགྴ་རགྴ་ཧཱུཾ། ཧ་ན་ཧ་ན་ཕཊ། རྒྱལ་ཆེན་འཁོར་ལོས་སྒྱུར་བ་རྣམས། ཀེ་ཏུ་ཀེ་ཏུ་ཏྲཾ། རྒྱལ་མཚན་དག་ཏུ་བཙུགས་གྱུར་ཏོ། །ཀླུ་རྣམས་མ་ལུས་བསྒྲལ་བའི་ཕྱིར། ནཱ་ག་བིན་དུ་ནཱ་ག་ཨིརྱ་ནཱ་ག་དུང་དུང་ཛ། དུང་དུང་རཀྴ། ཕུད་ཕུད་ནཱ་ག་ལེ་ནཱ་ག་ལེ། ཨ་ག་ལེ། ཨ་ག་ལེ། དུཾ་པ་ལེ། དུཾ་པ་ལེ། ཏ་པ་ལེ། ཏ་པ་ལེ། ཧུ་ཡ། ཧུ་ཡ། སྥོ་ཊ་སྥོ་ཊ། རོ་ཥ་ན་རོ་ཥ་ན། ཨཱ་ཀཪྵ་ཡ་ནཱ་ཤ་ཡ་ཧཱུཾ་ཕཊ་སྭཱ་ཧཱ། དེ་སྐད་ཅེས་བརྗོད་པས། དབུས་ཁམས་གསུམ་དབང་དུ་སྡུད་པའི་གཞལ་ཡས་ཁང་། ཐོད་རུས་འབར་བའི་བར་ཁྱམས་དང་། མེ་རི་འབར་བའི་ཁྱམས་དང་། ཆུ་སྲིན་གྱི་ནི་སྒོ་བཞི་དང་། ཐུག་པ་མེད་པའི་གཞལ་ཡས་ཁང་དེ་ན། ནམ་མཁའ་དང་མཉམ་པ། འཇིགས་བྱེད་ཀྱི་རྒྱལ་མཚན་མང་པོས་བརྒྱན་པ། ལྷུན་གྱིས་གྲུབ་པར་གྱུར་ཏོ། །རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། ཁམས་གསུམ་དབང་དུ་བསྡུས་ཤིང་བདུད་བཏུལ་བའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་གར་གྱི་དབང་ཕྱུག་ལྷ་མཆོག་དམ་པ་དེས། གདན་ལྔ་རིམ་པར་བརྩིགས་པ་ལ་སྙོམས་པར་ཞུགས་ཏེ། དཔལ་གྱི་གཟི་བརྗིད་གླུ་ཚངས་པའི་མགུར་བཞེངས་ནས་ལུང་བསྟན། ཁ་ཊྭཱཾ་གའི་ཕྱག་རྒྱ་ཡང་བསྟན། དམ་ཚིག་བསྒྲགས། དེ་དག་གི་རྒྱལ་པོ་རྣམས་ཕྱིར་མི་ལྡོག་པའི་ས་ལ་བཀོད། རཱུ་ཏྲ་ཉིད་ནི་རྡོ་རྗེ་རྣམ་པར་རོལ་པའི་རྒྱལ་པོ་ཞེས་བྱ་བར་ལུང་བསྟན། རཱུ་ཏྲའི་འཁོར་ཉེ་གནས་རྣམས།


DNG017_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

སླས་དང་བྱི་མོར་བཟུང་ཞིང་བྱིན་གྱིས་བརླབས། བྲན་ཕོ་དང་བྲན་མོ་རྣམས་ནི་བཀའ་ལ་བཏགས་ཏེ། དཀྱིལ་འཁོར་གྱི་མཐའ་སྐོར་ལ་བཞག་གོ། །དེ་དག་གིས་གསོལ་པ། བདག་ཅག་གི་སྲོག་གི་སྙིང་པོ་ནི། རུ་ལུ་རུ་ལུ་ཞེས་བགྱི་བ་ལགས་ཏེ། ལས་ལ་མྱུར་བ་དངོས་གྲུབ་ཏུ་གྱུར་པ་དང་། མ་ལྟར་ཉེ་ཞིང་སྲིང་ལྟར་གདུང་བ་དང་། མཛའ་མོ་ལྟར་ཡིད་གཅུགས་པ་དང་། བྲན་མོ་ཁོལ་མོར་ལས་བགྱིད་དོ་ཞེས་སྨྲས་པས། འཁོར་གྱི་གཙོ་བོ་དུག་ལྔའི་བདག་པོ་མ་ཧཱ་དེ་ཝ་ལ་སོགས་རྣམས་ནི། ལུས་ཕུལ་བས་ཉོན་མོངས་པའི་སྒྲིབ་པ་བྱང་ཞིང་། བསོད་ནམས་ཀྱི་ཚོགས་རྫོགས། རྣ་བས་ཆོས་ཐོས་པས་ཤེས་བྱའི་རྒྱུད་བཀྲོལ་ཞིང་། ཤེས་བྱའི་སྒྲིབ་པ་བྱང་སྟེ། ཡེ་ཤེས་ཀྱི་ཚོགས་རྫོགས་པར་བྱེད་པས། བྱང་ཆུབ་སེམས་དཔའི་ས་ལ་བཞག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གདན་རྣམ་པ་བཞིའི་སྟེང་། ཐབས་དང་ཤེས་རབ་ཀྱི་གདན་འོག །ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དེ་ལ་ཧཱུཾ་ཧཱུཾ་ཞེས་དབང་དུ་བསྡུས་ཤིང་། གར་མཛད་ཅིང་བཞུགས་པར་གྲགས་སོ། །རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། ལུང་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་ལྷུན་གྱིས་གྲུབ་པའི་བཅོམ་ལྡན་འདས། གར་གྱི་དབང་ཕྱུག་དེ་དཀྱིལ་འཁོར་ཆེན་པོ་བརྒྱད་དང་ལྡན་པར་བཞུགས་སོ། །དེ་ནས་དབུས་རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་རྣམས་ཀྱིས་གསུངས་པ། ཆོས་དབྱིངས་ཡོན་ཏན་འབྱུང་གནས་གཞལ་མེད་ཁང་། །རྒྱལ་བའི་དཀྱིལ་འཁོར་འཁོར་བཅས་རིགས་ལྔའི་ཅོད་པན་འཛིན། །རིགས་ཀྱི་དབང་རྣམས་མ་ལུས་ཐམས་ཅད་སྒྲོལ། །ཞེས་གསུངས་སོ། །རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་


DNG017_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུན་གྱིས་གྲུབ་པའི་སངས་རྒྱས་དེས། ཐམས་ཅད་རྒྱན་གྱི་རོལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་སྐད་ཅེས་གསུངས་སོ། །དབང་ལྔ་ཡུམ་དང་བཅས་པའི་རིགས་ལྔ་སྐུ་དང་ལྡན། །ཤེས་རབ་ཐབས་དང་ཡབ་ཡུམ་འདུ་འབྲལ་མེད། །དུག་གསུམ་གཅིག་ཏུ་བསྒྲལ་བར་ཚར་གསུམ་རྒྱན་དུ་རོལ། །ཁམས་གསུམ་ཡོངས་སྒྲོལ་མཛད་ཕྱིར་རྒྱན་དུ་ཆེ། །ཞེས་གསུངས་སོ། །རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། དབུ་རྡོ་རྗེ་དབྱིངས་ཀྱི་རྒྱན་བཀོད་པ་ཞེས་བྱ་བའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་ལྷུན་གྱིས་གྲུབ་པའི་སངས་རྒྱས་དེས། རྫུ་འཕྲུལ་མྱུར་དུ་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་སྐད་གསུངས་སོ། །མི་གནས་མྱ་ངན་འདས་པས་གསུང་རབ་རྒྱ་མཚོ་སྒྲོག །མི་སྒྲིབ་ཡེ་ནས་གསལ་བས་གོ་འཕང་འཛེགས་པར་མཐོ། །མི་ལྡོག་ཡུལ་ལས་སྒྲོལ་བས་སྟབས་དྲུག་འགྲོས་སུ་མགྱོགས། །གར་ཡང་ཐོགས་པ་མེད་པས་བྱིན་རླབས་ཤུགས་དང་ལྡན། །འཚེར་སྐད་གདངས་སུ་སྙན་པས་མི་སྲིན་སྤྲོ་བ་བསྐྱེད། །རལ་པ་དམར་པོའི་དབུས་ནས་དབུ་བྱུང་བ། །དཔྲལ་བ་ཞུར་པོ་བརྗིད་པའི་ཁྱད་པར་དང་། །རྟ་མགྲིན་མེ་ལྟར་འབར་བའི་ཁྱད་པར་ནི། །དོན་དང་མཐུན་པའི་བྱེ་བྲག་འདི་འདྲ་སྟེ། །ལྗང་གུ་མེ་འབར་རྟ་མགོའི་རང་བཞིན་ནི། །འགྱུར་མེད་ཡེ་ཤེས་ཆོས་སྐུ་ཇི་བཞིན་གསལ། །བྱམས་པའི་མདངས་ཀྱིས་ཁམས་གསུམ་ཁྱད་པར་གཟིགས། །རྔོག་མ་ལེ་བརྒན་འབར་བའི་ཁྱད་པར་ནི། །སྟུག་པོ་བཀོད་པའི་ཞིང་ཁམས་རབ་འབྱམས་ནས། །རྡུལ་གཅིག་སྟེང་ན་རྡུལ་སྙེད་ཁྲོ་བོ་ཀུན། །ཞིང་ཁམས་མཐའ་ཀླས་མ་ལུས་དབང་དུ་སྡུད། །ཤེས་རབ་ཐབས་དང་འདྲེལ་བའི་རྟ་སྐད་ནི། །གྲུབ་པའི་དབྱངས་དང་ཚངས་པའི་དབྱངས་ཡིན་ཏེ། །གྲུབ་པའི་དབྱངས་ནི་རྒྱལ་བའི་ཞིང་ཁམས་སྒྲོག །ཚངས་པའི་དབྱངས་ནི་རི་རབ་


DNG017_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་ལ་འཚེར། །འཚེར་སྐད་གདངས་སུ་སྙན་པའི་ཁྱད་པར་ནི། །རྒྱུད་དྲུག་མདུད་པས་བཅིངས་པ་ཐར་ལམ་སྟོན། །སྤྱན་མིག་གློག་ལྟར་འགྱུར་བའི་ཁྱད་པར་ནི། །ཤ་ཁྲག་རློན་པ་ཟ་བའི་སྲིན་པོ་འཇོམས། །འཚེར་བག་ཡིད་ལ་གདུངས་པའི་རྟ་སྐད་ནི། །མཐའ་ནས་རྨོངས་པའི་མུན་པ་སེལ་བར་བྱེད། །ཅེས་གསུངས་སོ། །རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། རྟ་མགྲིན་དབང་གི་དཀྱིལ་འཁོར་གྱི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་ཡང་ལྷུན་གྱིས་གྲུབ་པའི་སངས་རྒྱས་དེས། ཀུན་ཏུ་གཟིགས་ཤིང་ཀུན་ཏུ་རོལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་སྐད་གསུངས་སོ། །རྒྱུད་དང་དབྱིབས་དང་གྲངས་དང་གཟིགས་ཐབས་རྟོགས་པའི་དོན། །གང་བྱུང་རྒྱུ་ནི་ཧཱུཾ་ལས་དཔལ་ཆེན་ཁྲོ་བོའི་དཀྱིལ་འཁོར་བསྐྱེད། །གང་སྐྱེས་གནས་ནི་སྣ་ཡི་དབུགས་རིང་དྲོ་བ་ལས། །ཕྱག་རྒྱའི་ཚུལ་དུ་ཕྱག་རྒྱ་འབྱུང་། །ཤངས་ཀྱི་རླུང་སྒྲོམ་ཡངས་པས་ཡེ་ཤེས་དབུགས་སྒྲོམ་ནས། །གསང་བའི་འཚུབས་མ་ལངས་པས་སྡུག་བསྔལ་གཅོང་རྙིང་སྦྱོང་། །རྒྱ་ཡངས་མ་ཆད་བག་ཆགས་ཚར་གཅོད་དེ། །དེ་ཡང་འཁོར་བ་ལུགས་ལས་བཟློག་པ་ཡི། །རླུང་དམར་དུག་ལྔའི་དབྱིངས་སུ་སྒྲོལ། །ཟླུམ་དང་དཀར་དང་གཟའ་རིང་དང་། །རྣོ་དང་ལྡང་བའི་ཚེམས་དང་ནི། །ཞལ་དུ་བཏང་བས་བྱང་ཆུབ་སེམས། །མ་སྐྱེས་ཆོས་ཉིད་ཀུན་ལ་རོལ། །ཞི་རྒྱས་དབང་དང་དྲག་པོ་ཡི། །ཅིར་ཡང་འགྱུར་བའི་ཧོམ་ཁུང་སྟེ། །ཧོམ་ལྔར་འདྲེལ་བས་ཞལ་ཞེས་བྱ། །འཁོར་བ་ཡོངས་སུ་སྨིན་པ་དང་། །ལས་དང་ཉོན་མོངས་དབང་བཙན་པས། །དགེ་དང་མི་དགེ་ལུང་མ་བསྟན། །དེ་དག་སྨིན་པས་སྨིན་མར་བཤད། །འཇོ་སྒེག་ཅིར་ཡང་འགྱུར་བ་དང་། །རྗོད་བྱེད་གཉིས་ཀའི་རྟེན་གྱུར་པས། །འཕྱར་བའི་ཕྱིར་ན་ལྗགས་ཞེས་བྱ། །རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས།


DNG017_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཏུ་རོལ་པ་ཞེས་བྱ་བའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་ལྷུན་གྱིས་གྲུབ་པའི་སངས་རྒྱས་དེས། ཡེ་ཤེས་ལ་རོལ་ཅིང་ཡེ་ཤེས་ལ་དབང་བསྒྱུར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་གསུངས་སོ། །ཡིག་འབྲུའི་རྒྱུ་ནི་བདེ་གཤེགས་ཐུགས་ཀྱི་རྒྱུ། །རྡོ་རྗེ་མྱུ་གུ་ཏིང་འཛིན་དམིགས་པའི་རྟེན། །འོད་ཟེར་འཕྲོ་འདུ་ཉོན་མོངས་རྣམ་རྟོག་འཇོམས། །རིག་བྱེད་ཡེ་ཤེས་ཕྱག་རྒྱ་དང་། །ཡིག་འབྲུ་ས་བོན་ཕྱག་རྒྱ་དང་། །ཕྱག་རྒྱ་ཆེ་བའི་ཕྱག་རྒྱའོ། །རིག་པ་ལ་ཡང་རྣམ་གསུམ་སྟེ། །བལྟ་བ་རིག་པ་དང་ནི་རྒྱུད་ཀྱི་རིག །ལས་ཀྱི་རིག་པ་གསུམ་དུ་བཤད། །དེ་ནས་ཡེ་ཤེས་རོལ་པ་ནི། །སྙིང་པོ་ཕྱག་མཚན་ཕྲ་མོ་དག །བརྟན་པར་གྱུར་ནས་མཁའ་ལ་ནུབ། །ཅེས་གསུངས་སོ། །རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་གྱི་ལེའུ་སྟེ་བཅོ་བརྒྱད་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ལྷུན་གྱིས་གྲུབ་པའི་སངས་རྒྱས་དེས། ཆོས་ཐམས་ཅད་དུར་ཁྲོད་རོལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་གསུངས་སོ། །ཤར་དུ་རོལ་པའི་ཕྱག་བཞི་ནི། །ཁྲོ་ཆེན་སྙིང་འབྱིན་ཁ་ཊྭཱཾ་འབར་བ་བསྣམས། །རྡོ་རྗེ་ལྕགས་ཀྱུ་སྦྲུལ་གྱི་ཞགས་པ་རོལ། །ལྷོ་རུ་རོལ་པའི་ཕྱག་བཞི་ནི། །ཁྲོ་ཆེན་ཐོད་རློན་ཁྲག་གིས་བཀང་དང་རྡོ་རྗེ་ལུ་གུ་རྒྱུད། །རྡོ་རྗེ་བེ་ཅོན་དང་ནི་རྔེའུ་ཆུང་འཛིན་པས་རོལ། །ནུབ་ཏུ་རོལ་པའི་ཕྱག་བཞི་ནི། །མེ་ཡི་ཞགས་པ་དང་ནི་ཁྱུང་གི་ཁྲ། །སྡིགས་མཛུབ་རྩེ་ལ་ཡེ་ཤེས་མེ་ཆེན་འབར། །རྡོ་རྗེ་ཁ་ཊྭཱཾ་ག་ནི་རབ་ཏུ་འཁྲོལ། །བྱང་དུ་རོལ་པའི་ཕྱག་བཞི་ནི། །རྡོ་རྗེ་རྩེ་དགུ་དང་ནི་རྩེ་ལྔ་དང་། །རྩེ་གསུམ་རྩེ་གཅིག་འབར་བ་གསོར་ཞིང་བརྡེགས། །རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། འགྲོ་བ་འདུལ་བའི་དཀྱིལ་འཁོར་གྱི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་ཡང་ལྷུན་གྱིས་གྲུབ་པའི་སངས་


DNG017_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་བཅོམ་ལྡན་འདས་དེས། ཁམས་གསུམ་ལས་རྣམ་པར་རྒྱལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་གསུངས་སོ། །ཡེ་ནས་སྐྱེ་མེད་སྐྱེ་བའི་ཆོ་འཕྲུལ་སྟོན། །ཡེ་ཤེས་ལྔ་ཡི་ཡོན་ཏན་ཁྱད་པར་ནི། །རིན་པོ་ཆེ་དང་འདྲ་བས་སངས་རྒྱས་སྟོང་གིས་བརྒྱན། །དཔེར་ན་ཀླུ་ནག་འདྲ་སྟེ་ཐབས་དང་ཤེས་རབ་ཀྱི། །ལྟེ་བ་ཨེ་སྟེ་གྲུ་གསུམ་སྐུ་གསུང་ཐུགས། །སྤྲུལ་པས་དོན་མཛད་ཕོ་ཉ་ཐམས་ཅད་སྟོན། །གསང་བའི་ཡུམ་བཞི་སྐུ་ལ་འཁྲིལ་བ་ནི། །རྡོ་རྗེ་དྲ་བ་མོ་དང་རིན་ཆེན་གློག་འགྱུ་མ། །ཁྱུང་གཤོག་ཨ་མོ་དེ་དང་ཐེའུ་གཤོག་སྡེར་མོ་ཅན། །སངས་རྒྱས་སྟོང་རྩ་གཉིས་ཀྱི་ཐུགས་རྗེ་ཤར། །ཐབས་མཆོག་ཉིས་སྟོང་རྩ་གཉིས་གཡས་ནས་བརྐྱང་། །ཤེས་རབ་ཟླ་སྟོང་རྩ་གཉིས་གཡོན་ནས་བརྐྱང་། །ཐབས་དང་ཤེས་རབ་འདྲེལ་བས་བྱིན་རླབས་ཆེ། །སྤྲུལ་པའི་ཕྲེང་བ་དུས་གསུམ་རྒྱུན་མི་འཆད། །ཅེས་གསུངས་སོ། །རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས།) གཤོག་པ་ཁམས་གསུམ་རྣམ་པར་རྒྱལ་བའི་ལེའུ་སྟེ་ཉི་ཤུ་པའོ།། །།དེ་ནས་ཡང་ལྷུན་གྱིས་གྲུབ་པའི་སངས་རྒྱས་བཅོམ་ལྡན་འདས་དེས། སྣ་ཚོགས་རྣམ་པར་རོལ་པའི་རྒྱན་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་སྐད་ཅེས་གསུངས་སོ། །དཔའ་རྟགས་སྟག་གིས་སྟེང་ཕྱོགས་འདུལ་ཞབས་བརྒྱན། །རྒྱ་བྱེའུ་ལྕགས་ཀྱིས་ཤར་ལྷོའི་ཞབས་བརྒྱན་ཏེ། །རྡོ་རྗེ་འཆོལ་པས་ལྷོ་ཕྱོགས་ཞབས་བརྐྱངས་བརྒྱན། །བསེ་ཁྲབ་སྨུག་པོས་ལྷོ་ནུབ་བརྐྱངས་པ་བརྒྱན། །གཅན་གཟན་གཟིག་གིས་བྱང་ཤར་བརྐྱངས་པ་བརྒྱན། །ཤུ་ཀེན་དར་གྱིས་བྱང་ཕྱོགས་ཞབས་བརྐྱངས་བརྒྱན། །མཆེ་བ་དམར་པོས་ནུབ་བྱང་བརྐྱངས་པ་བརྒྱན། །སྦྲུལ་ནག་འཁྱིལ་པས་འོག་ཕྱོགས་འདུལ་བ་བརྒྱན། །ཁྲོ་བརྒྱད་གཟིར་ནས་རོལ་པ་ནི། །དུང་ཆེན་བཅོམ་ཞིང་སྒལ་ཚིགས་མནན་པ་དང་། །བྲང་མནན་ལྡན་པ་བཅོམ་པ་དང་། །འཁོར་ཉིད་སྐུ་ལ་སྦས་


DNG017_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། །སྐུ་ཉིད་འཁོར་ལ་སྦས་པ་ཡི། །རོལ་པས་གཞལ་ཡས་ཁང་དུ་བསྟན། །རོལ་པས་ཧཱུཾ་མཛད་ཧཱུཾ་གི་རྒྱ། །ས་བཅུ་ཟིལ་གནོན་སྟོབས་བཅུའི་དབང་དང་ལྡན། །དེ་བས་སྣ་ཚོགས་རོལ་པ་ཡིན། །ཞེས་གསུངས་སོ། །རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། ཞབས་ཁྲོ་ཆེན་བརྒྱད་ཀྱི་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་ཉི་ཤུ་གཅིག་པའོ།། །།དེ་ནས་ཡང་ལྷུན་གྱིས་གྲུབ་པའི་སངས་རྒྱས་བཅོམ་ལྡན་འདས་དེ། དམ་ཚིག་རྒྱན་དུ་རོལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་སྐད་ཅེས་གསུངས་སོ། །དཔེར་ན་དམ་ཚིག་མཆོག་རབ་ནི། །ཀུན་ཏུ་བཟང་མོ་ཡིན་པའི་ཕྱིར། །ཇི་སྙེད་བུད་མེད་ཡོད་པ་ལ། །གསུང་གི་རྡོ་རྗེ་མི་སྨད་དོ། །གཙོ་ལ་རབ་ཏུ་གཏུགས་པ་ལ། །དྲང་དུ་སྨྲ་བ་གང་བྱེད་པ། །འགེགས་པའི་ཚིག་གིས་བརྒྱན་ནས་སུ། །སྲི་ཞུའི་སེམས་ཀྱི་གདུང་བ་ལ། །ཡེ་ཤེས་ཚོགས་ཀྱིས་རབ་བསྐོར་ནས། །མཉམ་པའི་དབྱིངས་ཉིད་ཡེ་ཤེས་ཏེ། །གཉིས་ཀའི་ངེས་པར་མཉམ་ན་ནི། །སྟོང་གསུམ་དབང་པོར་གདོན་མི་ཟ། །འཇིག་རྟེན་ཁམས་ན་རྒྱལ་པོ་བཞིན། །དུས་ཀུན་དུ་ནི་གནས་དང་རྟེན། །ཅི་ཕྱིར་ཞེ་ན་འཇིག་རྟེན་གྱི། །དུས་བཞི་དང་ནི་འཇིག་རྟེན་དྲུག །ཕྱོགས་བཅུར་གྱུར་པ་ཐམས་ཅད་ན། །དམ་ཚིག་ལ་བརྟེན་ཀུན་ཏུ་བཟང་། །ཕྱི་ནང་གསང་བ་མཐར་ཕྱིན་པའི། །ཐམས་ཅད་པདྨ་ཡིན་པས་ན། །སྐྱེ་བའི་ཆོ་འཕྲུལ་པདྨ་ཡིན། །ཞེས་གསུངས་སོ། །རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། ཡུམ་པདྨ་གཟི་ལྡན་མ་པདྨ་ཅན་གྱི་ལེའུ་སྟེ་ཉི་ཤུ་གཉིས་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ལྷུན་གྱིས་གྲུབ་པའི་སངས་རྒྱས་དེས། སྲེད་བྱེད་རྣམ་པར་རོལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་གསུངས་སོ། །དམར་པོ་ཐུགས་རྗེ་ཆགས་པ་དབང་གི་མེ་ལྕེ་འདིས། །ཐམས་ཅད་མ་ལུས་སྲེག་བྱེད་པས། །


DNG017_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆགས་པས་བག་ཆགས་བསྲེག་པར་མཛད། །གདུག་པའི་ཚོགས་འཇོམས་ཉོན་མོངས་དུག་གསུམ་བསྲེག །ལྷུན་གྱིས་གྲུབ་པས་ཀུན་ཏུ་འཇོམས་པ་ཡིན། །ཅི་ཕྱིར་ཞེ་ན་ཕྱོགས་བཅུ་དུས་བཞི་ཡི། །སྙིགས་མ་ལྔར་ལྡན་དུས་ཀྱི་ཐ་མ་ལ། །སྲིད་གསུམ་འཁོར་བའི་སེམས་ཅན་གདུལ་དཀའ་བ། །ཡེ་ཤེས་འཕྲོ་བས་ཀུན་ཏུ་བསྲེག་ཅིང་རོལ། །རྣམ་སྨིན་ལས་མ་ཟད་པའི་སེམས་ཅན་དག །སངས་རྒྱས་རྣམས་ལ་ལས་ཀྱང་མང་པོ་མངའ། །ཞེས་གསུངས་སོ། །རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་གྱི་ལེའུ་སྟེ་ཉི་ཤུ་གསུམ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ལྷུན་གྱིས་གྲུབ་པའི་སངས་རྒྱས་དེ། དངོས་གྲུབ་ཐམས་ཅད་ཀྱི་ཡེ་ཤེས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཧེ་རུ་ཀ་ཁྲོ་བོ་ཐབས་ཀྱི་དྲག་པོ་བསྒྲལ་བའི་སྔགས་གསུངས་སོ། །ཨོཾ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཨེ་ཨཱ་ར་ལི་ཧཱུཾ་ཧྲི་ཛཿ། ཉེ་བའི་སྙིང་པོ་ཞེས་བྱ་བ། འདི་དག་བཞི་འབུམ་བཟླས་གྱུར་ན། །ལས་རྣམས་བྱ་བ་ཐམས་ཅད་འགྲུབ། །ཅེས་གསུངས་པས། གསང་བའི་བདག་པོ་ལག་ན་རྡོ་རྗེས་འདི་སྐད་ཅེས་བསྐུལ་ཏོ། །བཅོམ་ལྡན་འདས་གསང་སྔགས་ཀྱི་ཆོས་རྒྱ་མཚོ་ལྟ་བུ་འདི། ཐོག་མར་དགེ་བ་བར་དུ་དགེ་བ། ཐ་མར་དགེ་ཞིང་དོན་བཟང་བ་དྲི་མ་མེད་པར་དག་པ་འདི་ལ། ཕྱི་རབས་ཀྱི་རྣལ་འབྱོར་པ་རྣམས་རྗེས་སུ་བསྒྲུབ་ཅིང་དང་དུ་ལེན་ན། བགེགས་རྣམས་ཀྱི་དབང་དུ་མི་འགྱུར་རམ། བར་མ་དོར་ལྟུང་བར་མི་འགྱུར་རམ། ཞེས་སྒྲ་བསྒྲགས་པས། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་གསན་ནས་འདི་སྐད་ཅེས་གསུངས་སོ། །ཕྱི་རབས་རྣལ་འབྱོར་སྒྲུབ་པ་པོས། །གསང་སྔགས་བསྒྲུབ་ཅིང་རིག་འཛིན་པ། །ཐམས་ཅད་སངས་རྒྱས་རྣམས་ཀྱི་སྲས། །དེ་ལ་བར་གཅོད་འབྱུང་བ་ན། །བར་གཅོད་དངོས་གྲུབ་དུས་གཅིག་འབྱུང་། །དང་པོ་ཀླུ་ཡི་བུ་མོ་རྣམས། །


DNG017_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་གྱིས་བརྒྱན་ཅིང་མཛེས་བྱས་ནས། །རྣལ་འབྱོར་དྲོད་ཉུལ་འོང་སྲིད་ཀྱིས། །དེ་ལ་ཆགས་པ་མ་བསྐྱེད་དང་། །བར་བར་ཕྲ་མེན་མ་ཡི་ཚོགས། །མི་ཡི་ཐོད་པ་མང་པོས་བརྒྱན། །མི་སྡུག་འབྲུ་ཚུགས་བལྟ་བའི་ཚུལ། །བདག་ལ་མི་ཉན་བསད་བཅད་ཟེར། །བྱུང་བར་གྱུར་ན་མ་འཇིགས་པར། །དབང་ཆེན་གར་གྱི་སྐུར་སྒོམས་ཤིག །འཁོར་དུ་གྱུར་པ་དེ་རྣམས་ཀྱིས། །རང་དབང་མེད་པར་ཕྱག་བྱེད་ཀྱི། །དངོས་གྲུབ་དང་པོའི་རྟགས་སུ་སྦྱར། །དེ་འོག་གནོད་སྦྱིན་ཚུལ་སྟོན་ཅིང་། །རལ་པ་འབར་བ་མི་མགོས་བརྒྱན། །མི་ཡི་རྒྱུ་མས་སྐེར་འདོགས་ཤིང་། །སྦྲུལ་ནག་མང་པོ་དག་གིས་བརྒྱན། །ལུས་ལ་ཟང་ཟིང་དམ་དཀྲིས་ཏེ། །ཙིག་ཙིག་ཆོམ་ཆོམ་དག་ཏུ་སྡོམ། །འོང་སྲིད་དེ་ལ་མ་འཇིགས་ཤིག །གར་གྱི་དབང་ཕྱུག་སྐུར་བསྒོམས་ན། །གནོད་སྦྱིན་རྣམས་དང་གྲུལ་བུམ་གྱི། །དབང་པོར་གྱུར་ཏེ་དངོས་གྲུབ་རྟགས། །གཉིས་པ་ཡིན་པར་ཤེས་པར་བྱ། །དེ་འོག་བར་སྣང་ལ་གནས་པའི། །ལྷ་ཡི་ཁྲོ་བོ་རྣམས་བྱུང་སྟེ། །འབྲུག་སྒྲ་དྲག་པོའི་སྒྲ་སྒྲོགས་ཤིང་། །བར་སྣང་ལ་གཤེགས་སྒྲོགས་པ་དག །སྦྲུལ་ནག་ཁ་ནས་མེ་དུག་སྐྱུག །ཨ་ལ་ལ་ཞེས་སྒྲ་འབྱིན་ཅིང་། །མིག་ཀྱང་གཡས་གཡོན་ཉི་མར་བསྒྱུར། །འབར་བའི་གཟུགས་ཀྱིས་བལྟ་བ་དང་། །རང་གི་ཁོག་པ་ཁ་ཕྱེ་ནས། །མི་རོ་གསར་རྙིང་བདག་ལ་སྟོན། །ཕོ་མོའི་མཚན་མ་ཟ་བའི་ཁར། །ཐམས་ཅད་བསྐྱུར་ནས་མཆེ་བ་བརྡར། །རྐང་པ་ཕུར་གྱུར་བདག་ལ་འདེབས། །མི་མགོ་ལྤགས་པ་རློན་པས་གཡོགས། །ལག་པས་རྡོ་རྗེས་བརྡེག་པ་དག །བྱུང་བར་གྱུར་ན་མ་འཇིགས་པར། །གར་གྱི་དབང་ཕྱུག་སྐུར་བསྒོམས་ན། །དངོས་གྲུབ་རྟགས་གྱུར་གསུམ་པ་ཡིན། །དེ་ལྟར་ཐམས་ཅད་དངོས་གྲུབ་འགྱུར། །བར་གཅོད་ཉམས་ལེན་དུས་གཅིག་འབྱུང་། །གསང་བའི་བདག་པོས་ཤེས་པར་གྱིས། །ཞེས་གསུངས་སོ། །རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་


DNG017_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས་ཐམས་ཅད་དངོས་གྲུབ་ཏུ་གྱུར་པའི་ལེའུ་སྟེ་ཉི་ཤུ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་གསང་བའི་བདག་པོ་ལག་ན་རྡོ་རྗེ་ལ་བོས་ཏེ། གོང་དུ་བསྟན་པ་དེ་བས་ན། །བཅོམ་ལྡན་པདྨ་ཧེ་རུ་ཀའི། །སྐུ་གསུང་ཐུགས་ཀྱི་ཆོ་འཕྲུལ་ནི། །ཅིར་ཡང་སྟོན་ཅིང་ཅིར་ཡང་སྣང་། །གཅིག་ཏུ་ངེས་པ་མེད་པའི་ཕྱིར། །སྐུ་ཆེ་གསུང་ཆེ་ཐུགས་ཆེ་བས། །སྐུ་གསུང་ཐུགས་དང་ཡོན་ཏན་དང་། །ཕྲིན་ལས་ཅིས་ཀྱང་མ་བསྒྲིབས་པས། །ཁམས་གསུམ་རྣམ་པར་རྒྱལ་བར་བསྟན། །སྐུ་ལའང་རྣམ་པ་གསུམ་དུ་བཤད། །ཆོས་ཀྱི་སྐུ་དང་ལོངས་སྤྱོད་རྫོགས། །སྤྲུལ་སྐུ་སྣ་ཚོགས་འདུལ་བའོ། །གསུང་ལ་རྣམ་པ་གསུམ་དུ་བཤད། །ཚིག་གི་གསུང་དང་རིག་པའི་གསུང་། །དོན་གྱི་གསུང་སྟེ་རྣམ་གསུམ་མོ། །ཐུགས་ཀྱི་ཆེ་བ་ཡང་ནི་རྣམ་གསུམ་སྟེ། །འཇིག་རྟེན་མཁྱེན་པའི་ཐུགས་དང་མྱ་ངན་འདས་པའི་ཐུགས། །གཉིས་སུ་མེད་པའི་ཐུགས་དང་གསུམ། །དེ་ལྟར་དགོངས་པའི་ཁྱད་པར་ནི། །འགྲོ་བ་མཐའ་དག་འདུལ་དོན་དུ། །རྣམ་པར་ཐར་པའི་དབུ་གསུམ་བསྟན། །གཡས་དཀར་གཡོན་དམར་དབུས་མཐིང་ག །ཡེ་ཤེས་དྲུག་གི་ཕྱག་མཚན་ནི། །གཡས་པ་རྡོ་རྗེ་རྔེའུ་ཆུང་དང་། །མདུང་རྩེ་གསུམ་པ་འཛིན་པས་རོལ། །དྲིལ་བུ་རྒྱུ་ཞགས་ཐོད་རློན་གཡོན་གྱིས་འཛིན། །བསྐལ་པའི་མེ་རི་སྦྲུལ་ནག་ཐོད་རློན་ཕྲེང་བས་བརྒྱན། །ཉིད་ཀྱིས་ཉིད་ལ་ཆེ་བའི་རྔམ་ཚིག་འདི་སྨྲས་སོ། །ང་ནི་ཁྲོ་བོ་རྣམ་པར་རྒྱལ། །སྐྱེ་བ་མེད་པའི་ཆོས་དབྱིངས་སུ། །མཚན་མ་མེད་པའི་ཆོས་བཤད་པས། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །ལོངས་སྤྱོད་རྫོགས་སྐུ་མཚན་དང་དཔེ་བྱད་ཀྱིས། །སེང་གེ་གླང་ཆེན་ཁྲི་སྟེང་ན། །དུས་གསུམ་སངས་རྒྱས་ཐམས་ཅད་ལ། །ཡོད་དང་མེད་པའི་ཆོས་ཀྱང་བསྟན། །མེ་ལོང་ལྟ་བུའི་ཡེ་ཤེས་སོ། །སྤྲུལ་པའི་འགྲོ་དོན་བྱེད་པའི་སྐུས། །འཇིག་རྟེན་ཕལ་པའི་


DNG017_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

ས་རྣམས་སུ། །དངོས་པོ་མཚན་མའི་ཆོས་བསྟན་པས། །བྱ་བ་ནན་ཏན་ཡེ་ཤེས་སོ། །ཞེས་གསུངས་ནས། དེ་ནས་ཡང་བཅོམ་ལྡན་འདས་ཀྱི་ཞལ་ནས། ལྷུན་གྱིས་གྲུབ་པའི་སངས་རྒྱས་རྣམས། །གར་གྱི་དབང་ཕྱུག་ཡིན་པའི་ཕྱིར། །ནམ་མཁའི་རང་བཞིན་ཕྱག་རྒྱ་རྔམ། །ཅིར་ཡང་འགྱུར་བའི་བཞུགས་ཐབས་རྔམ། །ཟིལ་གྱིས་གནོན་པའི་གདན་མཆོག་རྔམ། །ཚམ་རྔམས་ཆེན་པོའི་སྟོབས་རྔམ་སྟེ། །འདི་ནི་སྐུ་ཡི་རྔམ་ཡིན་ནོ། །དེ་ཡང་ཀུན་རྫོབ་ཏུ་རང་བཞིན་མེད་པ། ནམ་མཁའ་ལ་སྤྲིན་དྭངས་པའི་ཚུལ་དང་། ལྷ་དང་འཕགས་པ་དང་། ཚངས་པ་དང་། སྨོན་ལམ་ཅིར་ཡང་འགྱུར་བའི་བཞུགས་ཐབས་ཀྱི་ཚུལ་དང་། སྲིད་པའི་འཁོར་ལོ་ཟིལ་གྱིས་གནོན་པ། དྲི་མེད་ཉི་ཟླ་པདྨ་འོད་ཀྱི་རྟགས་ཏེ། གདན་ཁྲིའི་ཚུལ་དུ་བཤད། ཧོམ་ལྔ་འབྲལ་བར་འབྱུང་བའི་ཞལ་རྔམ། ཟླ་ཁམ་ཅིར་ཡང་འགྱུར་བའི་ཞལ་རྔམ། སྐྱེ་བཞི་རྩད་ནས་གཅོད་པའི་ཚེམས་རྔམ། འབྲུག་ལྟར་སྒྲོགས་པའི་དབྱངས་རྔམ། འདི་ནི་གསུང་རྔམ་བཞི་སྟེ། དེ་ཡང་ཞལ་ཡེ་ཤེས་ཀྱི་ཕྱག་རྒྱ་ལས་རོ་རྣམ་པ་ལྔའི་བསྲེག་ཁུང་དུ། རོ་རྣམ་པ་ལྔས་འཚམས་པའི་མཆོད་པས་འདྲེལ་བའི་ཚུལ་དང་། གསུང་དབང་ཚུལ་གྱི་འདུས་བྱས་དང་། རང་བཞིན་ཟུར་མ་འདྲེས་པས་སྟོན་པའི་ཚུལ་དང་། ཆེ་བ་ཡེ་ཤེས་ཀྱི་ཕྱག་རྒྱས་དུག་ལྔ་རྣམ་ཤེས་ཀྱི་རྩ་བ་གཅོད་པའི་ཚུལ་དང་། འབྲུག་ལྟར་བསྒྲག་པའི་ཡན་ལག་བཅུ་དྲུག་གིས་དབྱངས་ཀྱིས་བསྙད་པའི་མདོ་སྡེ་གོ་བར་སྒྲོགས་ཤིག །ཟིལ་གྱིས་གནོན་པའི་ཚུལ་དང་བརྒྱད་དུ་བསྟན། ཏིང་འཛིན་ནམ་མཁའི་རྒྱན་གྱི་སྐར་ཚོགས་ལྟ་བུར་རྔམ། ཕྲིན་ལས་རྒྱ་མཚོ་རྒྱན་གྱི་རླབས་ལྟ་བུར་རྔམ། ཡོན་ཏན་མི་ཟད་རྒྱན་གྱི་རྩི་ཤིང་ལྟ་བུར་རྔམ། མཛད་པའི་རོལ་མོ་རྒྱན་གྱི་གར་ཐབས་ལྟ་བུར་རྔམ། འདི་ནི་ཐུགས་ཀྱི་རྔམ་བཞིའོ། །དེ་ལ་རྒྱན་ཆེན་པོ་བཞི་ནི། རང་བཞིན་དང་རྒྱན་དུ་དབྱེའོ། །ལྷག་མཐོང་གི་རང་བཞིན་ལས།


DNG017_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་མཐོང་གི་རྒྱན་མ་གཡོས་པའི་ཚུལ་དང་། ཞི་གནས་ཀྱི་རང་བཞིན་ལས། ཞི་གནས་ཀྱི་རྒྱན་ཁྱབ་པར་འབྱུང་བའི་ཚུལ་དང་། ཞི་གནས་ཅན་གྱིས་རང་བཞིན་བཟོད་པ་ལས། ལྷག་མཐོང་གི་རྒྱན་གྱིས་ཕན་འདོགས་པའི་ཚུལ་དང་། ཞི་གནས་ཀྱི་རང་བཞིན་མ་གོད་མི་ཟད་པ་ལས། ལྷག་མཐོང་གིས་ཅིར་ཡང་འགྱུར་ཞིང་དགའ་བ་བསྐྱེད་པའི་ཚུལ་ལོ། །རཱུ་ཏྲ་བཅོམ་པའི་གནས་རྔམ། ཟིལ་གྱིས་གནོན་པའི་གདན་རྔམ། ཁམས་གསུམ་བསྒྲལ་བའི་ཞིང་རྔམ། རྟོག་འཇོམས་བྱེད་པའི་བརྟུལ་ཞུགས་རྔམ། ཡོན་ཏན་རྔོམ་བརྗིད་བཞིར་གྲགས་སོ། །དེ་ཡང་གནས་ཁྱད་པར་ཅན་བཀྲ་ཤིས་ཤིང་། ཅིས་ཀྱང་མི་ཚུགས་པའི་ཚུལ་དང་། གདན་ཁྱད་པར་ཅན་ཟིལ་གྱིས་མནན་པའི་ཚུལ་དང་། ཞིང་ཁྱད་པར་ཅན་ཁམས་གསུམ་ཡོངས་སུ་སྒྲོལ་བའི་ཚུལ་དང་། སྤྱོད་པ་ཁྱད་པར་ཅན་སྲིད་གསུམ་དུས་གཅིག་ཏུ་འཇོམས་པའི་ཚུལ་ལོ། །དེ་ལྟར་རྔམ་སུམ་ཅུ་རྩ་གཉིས་དང་ལྡན་ནོ། །དེ་ལ་སྐུ་ཆེ་ཡན་ལག་རགས་པས་བརྗིད་ཆེ། གྲངས་མང་རྐྱེན་དང་འཚམས་པས་བརྗིད་ཆེ། བཀུར་འོས་གཙོ་བོར་མཐོང་བས་བརྗིད་ཆེ། ཁྱད་ཞུགས་བླ་མ་ཡིན་པས་བརྗིད་ཆེ། དེ་ཡང་ཆོས་ཀྱི་སྐུ་དང་མཉམ་པར་འབྱུང་བའི་སྒོ་ནས་ཆེ། ཐུགས་རྗེ་དང་ཕྲིན་ལས་ཀྱི་སྒོ་ནས་ཡིད་དང་འཐད། མཉམ་པར་འབྱུང་བའི་སྒོ་ནས་སྤྲུལ་པར་གྲགས། འདུ་བྱེད་མཉམ་པར་འབྱུང་བའི་སྒོ་ནས་གྲངས་མང་། སྨོན་ལམ་སྒོ་ནས་རིགས་དང་མཐུན། སྤྱོད་ལམ་གྱི་སྒོ་ནས་བཀུར་བར་འོས། རིགས་བཙུན་པའི་སྒོ་ནས་གཙོ་བོར་མཐོང་། རང་བཞིན་གྲུབ་པའི་སྒོ་ནས་ཁྱད་ཞུགས། ཕྲིན་ལས་ཀྱི་སྒོ་ནས་ཡིད་དང་འཐད། གསུང་གི་བརྗིད་བཞིར་གྲགས་པ། གདངས་ཆེན་སྟོང་གསུམ་གང་བས་བརྗིད་ཆེ། ཚིག་མྱུར་ཐེ་ཚོམ་གཅོད་པས་བརྗིད་ཆེ། དོན་ལ་ཉི་ཚེར་སྟོན་པས་བརྗིད་ཆེ། ཁྱད་ཞུགས་ཡོན་ཏན་སྟོན་པས་བརྗིད་ཆེ། དེ་ཡང་ཁྱབ་པས་གདངས་ཆེ། སྒྲ་ཐ་


DNG017_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

དད་པས་སྟོང་གསུམ་ཁེངས། སྐད་ཀྱི་དབྱངས་ཀུན་གྱིས་གོ་བས་མྱུར། དགོངས་པ་གཅིག་གིས་ཐེ་ཚོམ་ཆོད། ཀུན་ལ་བྱམས་པས་གཟིགས་པས་དོན་དུ་དྲིལ་ནས་གསུང་ཤེས་པས་ཁྱད་པར་ཞུགས། སྔགས་ཀྱི་སྒོ་ནས་ཀུན་ཀྱང་འདུལ་བས་ཡོན་ཏན་སྟོན་པའོ། །ཐུགས་ཀྱི་བརྗིད་པ་བཞིར་གྲགས་པ། །ཡངས་པ་རེ་དོགས་མེད་པས་བརྗིད། །གསལ་བས་མཐའ་གཉིས་སྤངས་པས་བརྗིད། །ཐུགས་རྗེའི་ཐུགས་དམ་མཐར་ཕྱིན་བརྗིད། །མ་རྨོངས་ཐབས་ཀྱིས་འདུལ་བས་བརྗིད། །དེ་ཡང་གཉིས་སུ་མེད་པས་ཡང་། །མཐའ་མི་དམིགས་པས་དེ་དོགས་མེད། །ལྷག་མཐོང་གིས་དབུ་མར་གསལ། །ཞི་གནས་ཀྱིས་མི་འགྱུར་བའི་མཐའ་སྤངས། །ཐུགས་རྗེ་རྒྱུན་མི་འཆད་པས་འཁོར་བ་སྟོང་གི་བར་དུ་བཞུགས། །ཤེས་རབ་ཀྱིས་མ་རྨོངས་པས་ཏིང་ངེ་འཛིན་གྱིས་འདུལ། །ཡོན་ཏན་བརྗིད་བཞིར་གྲགས་པ་དང་། །མེད་པ་ཟད་མི་ཤེས་པས་བརྗིད། །གཅིག་ལ་འདོད་དགུར་གྱུར་པས་བརྗིད། །གནོད་སྦྱོར་ཕམ་པར་མཛད་པས་བརྗིད། །ཐབས་མཁས་སྐྱོན་གྱིས་མ་གོས་བརྗིད། །དེ་ཡང་བདག་ཏུ་མི་འཛིན་པས་ཟད་མི་ཤེས་པ་དང་། ཡེ་ཤེས་ཀྱི་སྒོ་ནས་གཅིག་ལ་བསམ་པའི་དབང་དུ་འདོད་དགུར་སྟོན། སེམས་བསྐྱེད་ཀྱི་སྒོ་ནས་གནོད་པ་སྦྱོར། བསོད་ནམས་ཐམས་ཅད་སེམས་ཅན་ལ་བསྔོ། ཤེས་བྱའི་སྒོ་ནས་ཐབས་ལ་མཁས། །སྤྱོད་པའི་སྒོ་ནས་སྐྱོན་མ་གོས། །ཕྲིན་ལས་བརྗིད་པ་བཞིར་གྲགས་པའི། །མི་བསྙེངས་ཉམས་བག་རོལ་པས་བརྗིད། །འཁོར་བ་ཡུན་རིང་མི་བསྙེངས་བརྗིད། །མགོན་སྐྱབས་རྒྱུན་ཏུ་མཛད་པས་བརྗིད། །དགོངས་པའི་དོན་རྣམས་གྲུབ་པས་བརྗིད། །དེ་ཡང་སྒྱུ་མར་སྟོན་པ་དང་། །རང་བཞིན་གྱིས་བདེ་བླག་ཏུ་རོལ་པ་དང་། ཇི་སྲིད་འཚོ་བའི་བར་དུ་སྨོན་ལམ་གྱིས་བཞུགས་པ་དང་། བྱ་རྒྱུ་མེད་པས་མི་བསྙེངས་པ་དང་། མཐུ་ཆེ་བས་མགོན་སྐྱབས་མཛད་པ་དང་། དམ་བཅས་པས་འགྲོ་དོན་རྒྱུན་དུ་མཛད་པ་དང་། ཡེ་ཤེས་རྩེ་གཅིག་གི་དོན་ལ་དགོངས་


DNG017_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། ནན་ཏན་གྱི་སྒོ་ནས་བྱ་བ་གྲུབ་པའོ། །དེ་ལྟར་དབང་ཆེན་ཧེ་རུ་ཀའི། །ཡོན་ཏན་སུམ་ཅུ་རྩ་དྲུག་གིས། །དུག་གསུམ་སྐུ་གསུང་ཐུགས་སུ་སྦྱངས། །སྡུག་བསྔལ་བདེ་བ་ཆེན་པོར་སྤྱད། །དབྱིངས་ལས་ཡེ་ཤེས་ཆེན་པོ་སྟེ། །ངན་འགྲོ་མཐོ་རིས་སྐྱེས་བཏབ་པས། །དམྱལ་ཚོགས་དོང་སྤྲུག་ཆེན་པོར་མཛད། །རྒྱལ་བ་གང་གི་ཐུགས་རྗེས་ཀྱང་། །འདི་ལ་རྡུལ་ཙམ་བསྐྱད་དུ་མེད། །སྲིད་གསུམ་དབང་དུ་བསྡུས་ནས་ནི། །ཁམས་གསུམ་དུས་གཅིག་དབྱིངས་སུ་ཐིམ། །ཐིག་ལེ་ཆོས་སྐུར་ཡེ་གནས་པ། །དབང་ཆེན་ཞེས་ཀྱང་དེ་ལ་བསྔགས། །ཞེས་གསུངས་སོ། །རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། ཁྲོ་བོ་རྔོམ་བརྗིད་ཁམས་གསུམ་རྣམ་པར་རྒྱལ་བའི་ལེའུ་སྟེ་ཉི་ཤུ་ལྔ་པའོ།། །།(དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཕྲིན་ལས་ཀུན་ཏུ་རོལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། གསང་བའི་བདག་པོ་ལག་ན་རྡོ་རྗེ་ལ་བཀའ་བསྒོ་བའི་ཕྱིར། གསང་བའི་བདག་པོ་རྡོ་རྗེ་འཆང་དབྱིངས་ལས་ཐབས་མཆོག་སྤྲུལ་པའི་ཕྱིར། ཚར་གསུམ་ཅན་གྱི་རྔེའུ་ཆུང་གིས། །ལྕང་ལོ་ཅན་གྱི་ཕོ་བྲང་བཅོམ། །སྣང་མཛད་ཆེན་པོ་ཨ་ལ་ལ། །གནོད་སྦྱིན་ཆེན་པོ་ཨ་ལ་ལ། །ཆོས་ཀྱི་དབྱིངས་ཉིད་ཨ་ལ་ལ། །སངས་རྒྱས་བདེན་ཚིག་ཨ་ལ་ལ། །ཚར་གསུམ་ཅན་གྱི་རྔེའུ་ཆུང་གིས། །འཇིག་རྟེན་ཕལ་པའི་སར་བརྡུངས་པས། །མཚན་མ་དངོས་པོའི་ཆོས་རྣམས་ལས། །ཡོད་མེད་ཆོས་ལ་སྤྱོད་པར་ཤོག །ཚར་གསུམ་ཅན་གྱི་རྔེའུ་ཆུང་གིས། །འོག་མིན་གནས་ཀྱི་སར་བརྡུངས་པས། །ཡོད་མེད་ཆོས་ལ་སྤྱོད་པ་རྣམས། །རང་བཞིན་མེད་པའི་དོན་རྟོགས་ཤོག །དེ་སྐད་ཅེས་ནི་གསུངས་པ་ནི། །སྟོང་གསུམ་འཇིག་རྟེན་ཁམས་ཐམས་ཅད། །དེ་ལྟར་མ་གྱུར་གཅིག་ཀྱང་མེད། །བཀའ་བསྒོས་ཤིང་བྱིན་གྱིས་བརླབས་པས། གསང་


DNG017_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བདག་པོ་ལག་ན་རྡོ་རྗེས་གསོལ་པ། སྣང་བ་ཀུན་རྫོབ་ཚུལ་གནས་པས། །རྔ་ཡི་དོན་གཞུང་གང་ལགས་པ། །བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། །ཞུས་པའི་ལན་ནི་གསུངས་པ་ལ། །དང་པོ་རྒྱུ་དང་རང་བཞིན་དང་། །དོན་དང་བསྒོམ་པ་གྲངས་དང་ནི། །བསྙེན་པར་བྱ་དང་ཐབས་ལ་སོགས། །རྒྱུ་ནི་ཕྱི་ནང་གསང་བ་གསུམ། །བྷ་ག་ཡངས་པའི་སྡོང་པོ་དང་། །བྷན་དྷ་ལྟག་སྤྲོད་རྔ་ཤིང་དང་། །ཙནྡན་དཀར་པོའི་ཤིང་སོགས་ལའོ། །ལྕག་དང་སྐད་དང་རྔའི་རང་བཞིན། །དབྱིངས་དང་ཡེ་ཤེས་རིག་པའི་སྒྲ། །རང་བཞིན་དོན་དུ་ཤེས་པར་བྱོས། །དོན་ལ་རྣམ་པ་གཉིས་ཡོད་དེ། །མཐའ་གཉིས་སྤངས་པའི་གཟི་ལྡན་མའི། །བྷ་ག་མི་གནས་ཡེ་ཤེས་ཡིན། །ལྟ་བར་བསྒོམ་དང་ལྷ་ཡི་སྐུ། །སྤྲུལ་པར་བསྒོམ་པ་བསྒོམ་པའི་དོན། །སྒྲུབ་པ་ལས་ཀྱི་རྔ་དང་གསང་བ་ཡུམ་གྱི་རྔ། །རོལ་མོ་དབྱངས་ཀྱི་རྔ་སྟེ་གྲངས་ཡིན་ནོ། །བསྙེན་པ་དང་ནི་ཉེ་བསྙེན་དང་། །བསྒྲུབ་པའི་འབྲས་བུ་བསྙེན་པའི་ཐབས། །འདི་ནི་བརྡུང་བའི་ཐབས་ཡིན་ནོ། །དཔལ་ཆེན་རྔམ་པའི་རྡུང་ཐབས་ནི། །རྡོ་རྗེ་ནམ་གྱི་ཆ་ཕྱེད་ན། །དཀྱིལ་འཁོར་སྟེང་དུ་བདག་འདུག་སྟེ། །སྟེང་གེའི་ཕྱག་རྒྱ་བཅས་ནས་ཀྱང་། །མཚན་མ་ཆེན་པོས་དེ་ལ་གདབ། །མདུན་དུ་བྷན་དྷ་སྲུབ་མེད་བཞག །སྟེང་དུ་རྔ་བཞག་ལྕག་གིས་བརྡུང་། །འོན་ཀྱང་དངོས་གྲུབ་མོད་ལ་ཐོབ། །དེ་ནས་བརྡུང་བའི་ཐབས་མཆོག་ནི། །རྔ་ནི་གར་གྱི་དབང་ཕྱུག་སྟེ། །རྔ་ལྕག་གཟི་ལྡན་པདྨོ་ཅན། །རྔ་སྐད་རྡོ་རྗེ་གཤོག་པ་མོ། །གཟི་ལྡན་པདྨར་གྱུར་ནས་ཀྱང་། །མི་བརྡུང་མི་བསྐྱོད་དབྱིངས་སུ་གཞག །དུར་ཁྲོད་མ་མོའི་རྡུང་ཐབས་ནི། །རྔ་ནི་ཐབས་ཀྱི་རང་བཞིན་ལ། །ལྕག་ནི་ཤེས་རབ་ཡུམ་གྱི་ངང་། །ཡབ་ཡུམ་འདྲེལ་བའི་གར་ཐབས་ཀྱིས། །རྔ་སྐད་ཟབ་མོའི་དབྱངས་བླངས་པས། །ཐུགས་དམ་མ་ལུས་ཡོངས་སུ་བསྐང་། །ནམ་ཚོད་སྐྱ་རེངས་


DNG017_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ལ། །དཀྱིལ་འཁོར་སྟེང་དུ་བདག་འདུག་ལ། །གཡས་ཀྱི་མཐེ་བོང་མཐེའུ་ཆུང་སྦྱར། །ཁ་ཊྭཱཾ་ཕྱག་རྒྱ་བཅས་ནས་ཀྱང་། །སྲིན་ལག་ཁ་ལ་རྔ་བསར་ཏེ། །ཉི་མ་ཤར་གྱི་བར་དུ་ནི། །རྔ་སྐད་མི་གྲག་དལ་བུར་བརྡུང་། །མ་མོ་རྣམས་ནི་བྲན་བཞིན་འཁོལ། །རྦོད་གཏོང་ཕོ་ཉའི་རྡུང་ཐབས་ནི། །མཆོག་ཆེན་བརྐོས་པའི་རྩིབ་རུས་ལ། །མཆོག་ཆེན་ཉིད་ཀྱི་ལྤགས་ཀྱིས་གཡོགས། །མཆོག་ཆེན་ཕུར་པས་ལན་དགུ་དྲག་ཏུ་བརྡུང་། །ཉི་ཚོད་གྲིབ་སོ་སི་ལི་ལི། །དུས་ཀྱི་ཉུ་ལེ་ཤ་ར་ར། །ཕོ་ཉ་ལས་བྱེད་ཁྲིགས་སེ་ཁྲིག །གཡས་ཀྱིས་རྔ་ལྕག་བཟུང་ནས་སུ། །གྲུལ་བུམ་སྐད་ལྟར་ཀུ་ཅོ་འདོན། །ཐེངས་དགུ་དྲག་ཏུ་བརྡུངས་ནས་ནི། །ལས་བདག་མ་ལུས་འདུར་གམ་ཆད། །ཕྲ་མེན་ཀོའུ་རི་འཚོགས་པའི་རྡུང་ཐབས་ནི། །ལས་ཀྱི་གཞུག་གུ་ཟུང་ནི་ལྟག་སྤྲོད་ལ། །ཙ་ར་ཤེལ་སྒོང་ཤུན་གྱིས་གཡོགས་ནས་ཀྱང་། །བཅུ་དྲུག་ཕྱག་རྒྱ་རོལ་པ་ཡིས། །ཁམས་གསུམ་སྲིད་གསུམ་དབང་དུ་སྡུད། །ཚངས་པའི་ཐེའུ་བྲང་དམྱལ་ཐག་གཅོད། །རྔ་ནི་ཐབས་ཀྱི་རང་བཞིན་ལ། །ལྕག་ནི་ཤེས་རབ་ཡུམ་གྱི་ཚུལ། །རྔ་སྐད་བྱང་ཆུབ་སེམས་ཀྱི་ངང་། །དཔལ་གྱི་རྔ་སྐད་ཐེངས་གཅིག་གིས། །དཔལ་ཆེན་ཡབ་ཡུམ་ཐུགས་དམ་བསྐུལ། །དཔལ་གྱི་རྔ་སྐད་ཐེངས་གཉིས་ཀྱིས། །མ་མོ་མཁའ་འགྲོའི་རེ་བ་སྐོང་། །དབང་ཕྱུག་ཆེན་པོ་དབང་དུ་སྡུད། །ཚངས་པའི་རི་ལ་རྔ་བརྡུངས་པས། །གཟུགས་ཁམས་ལྷ་ཚོགས་དབང་དུ་བསྡུས། །ལྔ་ཡིས་རི་རབ་རྩེ་མོ་ལ། །ལྷ་ཡི་དབང་པོ་བརྒྱ་བྱིན་ཡང་། །ལོངས་སྤྱོད་ལྔ་དང་ལྡན་པར་འགྱུར། །དྲུག་གིས་འཇིག་རྟེན་ཁམས་སུ་སྒྲ་བསྒྲགས་པས། །མི་ཡི་གནས་སུ་ཐིམ་པར་འགྱུར། །ཐུགས་རྗེ་ཐབས་ཀྱི་རོལ་པ་མཛད། །ཕྱོགས་སྐྱོང་ཟིལ་གྱིས་མནན་པའི་རྡུང་ཐབས་དང་། །དངོས་གྲུབ་ཉེ་བར་ལེན་པའི་རྡུང་ཐབས་ནི། །གྲི་ན་མགྲིན་སྔོན་ཅན་དུ་དྲེགས་ནས་ནི། །མགྲིན་སྔོན་ཉིད་ཀྱི་ལྤགས་ཀྱིས་གཡོགས་ནས་ཀྱང་། །ཞིང་གི་གཟར་བུས་ལན་གསུམ་བརྡུངས་ནས་ནི། །


DNG017_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་མ་ཤར་གྱི་ཟེར་ཀ་ལ། །དཀྱིལ་འཁོར་སྟེང་དུ་བདག་འདུག་ལ། །གཡོན་གྱི་མཐེ་བོང་གནམ་དུ་བསྒྲེང་། །རྔ་སྐད་གྲངས་སུ་བཅད་པ་ནི། །དྲུག་ཅུ་རྩ་གཉིས་དྲག་ཏུ་བརྡུང་། །མ་མོ་བཅུ་དྲུག་དངོས་གྲུབ་ཐོབ། །ཅེས་གསུངས་སོ། །རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། འོག་མིན་གྱི་གནས་དང་། ལྕང་ལོ་ཅན་གྱི་གནས་དང་། རི་རབ་རྩེ་མོའི་གནས་དང་། འཇིག་རྟེན་ཕལ་པའི་ས་རྣམས་སུ་ཚར་གསུམ་པའི་རྔ་བརྡུང་བའི་ལེའུ་སྟེ་ཉི་ཤུ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་ལྷུན་གྱིས་གྲུབ་པའི་སངས་རྒྱས་དེས། སྤྲུལ་པའི་ཕྲེང་བ་རྒྱུན་དུ་འཕྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྡོ་རྗེ་རྩེ་གཅིག་པདྨར་གནས་པའི་སྙིང་པོ་འདི་ཐུགས་ལས་ཕྱུང་ངོ་། །བུཌྜྷ་བཛྲ་ཨོཾ། སཏྭ་བཛྲ་ཧཱུཾ། རཏྣ་བཛྲ་ཏྲཱཾ། དྷརྨ་བཛྲ་ཧྲཱྀཿ། ཀརྨ་བཛྲ་ཧཱ། གུཧྱ་བཛྲ་ཕཊ། འདི་ནི་བརྗོད་མ་ཐག་ཏུ་ཡང་། །ཁམ་རྒྱ་ཆེན་པོ་དྲུག་ཏུ་གྱུར། །རྫོགས་པ་ཨ་ནུ་ཡོ་གའི་གཞུང་། །གསང་བའི་མཁའ་ལ་རྣམ་པར་འཁྲིལ། ཤྲཱི་ཁཱ་ཧི། ཤྲཱི་ཁཱ་ཧི། ཨོཾ་ཤྲཱི་ཁཱ་ཧི་ཧཱུཾ། ཤྲཱི་ཁཱ་ཧི་ཏྲཱཾ། ཤྲཱི་ཁཱ་ཧི་ཧྲཱྀཿ། ཤྲཱི་ཁཱ་ཧི་ཧཱ། དེ་སྐད་ལན་གྲངས་བརྒྱད་གསུངས་པས། །ལོང་བ་རྒྱབ་སྦྲེལ་བརྒྱད་རྣམས་རྫོགས། །ཤྲཱི་ཁཱ་ཧི་ཧཱུཾ། ཤྲཱི་ཁཱ་ཧི་ཧཱུཾ། དྲུག་ཅུ་རྩ་གཉིས་ཕྱུང་བས་ཀྱང་། །དམུས་ལོང་འཁོར་བ་རབ་ཏུ་རྫོགས། །ཐོད་རུས་བར་ཁྱམས་རྣམས་སུ་འཁོད། །རྫོགས་པ་ཨ་ནུ་ཡོ་གའི་ལུང་། །ཏིཔྟ་ཙཀྲ་ཤྭ་ན་མུ་ཁ་ཁ་ལོང་ཁ། །འདི་ནི་ཕྱུང་མ་ཐག་ཏུ་ཡང་། །ལྕགས་ཀྱི་ཁྱི་སྤྱང་བརྒྱད་དུ་བསྟན། །ཀུ་ཀུ་ར་ཙ་རཀྴ་ཁ་ལོང་ཁ། ཧཱུཾ་ཕཊ། འདི་ནི་ཕྱུང་མ་ཐག་ཏུ་ཡང་། །ཡེ་ཤེས་སྤྲུལ་པའི་ཁྱི་བཅུར་བསྟན། །མེ་རི་སྤྲིན་ལྟར་འཁྲིགས་པའི་བར་ཁྱམས་ཐ་མ་ལ། །ཁྱི་སྤྱང་རོལ་པ་རྔམས་པར་འཁོད། །ཧཱུཾ་ཧཱུཾ་ཕཊ།


DNG017_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

ཏྲཱཾ་ཧཱུཾ་ཕཊ། ཧྲཱྀཿཧཱུཾ་ཕཊ། ཧཱ་ཧཱུཾ་ཕཊ། འདི་ནི་ཕྱུང་མ་ཐག་ཏུ་ཡང་། །མགོ་དགུ་བརྩེགས་པའི་རྐང་གཅིག་དང་། །མགོ་བརྒྱད་ཕྱག་བརྒྱད་རོལ་པ་དང་། །མགོ་དྲུག་ལག་དྲུག་རྐང་དྲུག་དང་། །མགོ་གསུམ་ལག་གསུམ་རྐང་གསུམ་པོ། །ཤར་ལྷོ་ནུབ་བྱང་སྒོ་བཞི་རུ། །སྙིང་རྗེ་ཆེན་པོ་བཞི་ཡིས་རོལ། །སྤྲུལ་པར་རོལ་པ་དེ་རྣམས་ནི། །རྫོགས་པ་ཨ་ནུ་ཡོ་གའི་གཞུང་། །བ་སྤུ་ཕོ་ཉའི་ལུང་དུ་བསྟན། །དེ་དག་རོལ་པའི་བྱིན་རླབས་ལས། །སྟེང་འོག་ཕྱོགས་མཚམས་མ་ལུས་པའི། །ཐབས་དང་ཤེས་རབ་བྱང་ཆུབ་སེམས། །རང་བཞིན་མེ་དང་རླུང་ཡིན་ཏེ། །དཔེར་ན་སྲིད་པའི་རྒྱལ་པོ་མེ་ཆུ་ཤག་བཟང་དང་། །ན་ཟའི་རྒྱལ་མོ་ཀུ་མཱ་ར། །དེ་གཉིས་ཡོངས་སུ་འཐབས་པའི་སྒྲ། །འབྲུག་ཏུ་གྲགས་པ་དང་འདྲ་བར། །འཁོར་བ་དོང་སྤྲུག་བག་ཆགས་བསྲེག །མེ་འབྲུག་རླུང་འབྲུག་ཕྱག་རྒྱར་གསལ། །རབ་ཏུ་རྫོགས་པའི་ཚུལ་དུ་བྱུང་། །ཛི་ན་ལང་ཏོ་ཙེ་རཾ། ཡཀྴ་ཀུ་བ་ན་ཛ་ཧཱུཾ། ཞེས་གསུངས་པས། བ་སྤུ་ཐམས་ཅད་པདྨའི་འོད་ཟེར་དུ་གྱུར་ཏོ། །རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། སྤྲུལ་པ་བཏོན་པའི་ལེའུ་སྟེ་ཉི་ཤུ་བདུན་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ལྷུན་གྱིས་གྲུབ་པའི་སངས་རྒྱས་དེས། རབ་ཏུ་ཆེ་ལ་རྔམ་པའི་ཏིང་ངེ་འཛིན་ལ་རབ་ཏུ་ཞུགས་ནས། འཇོམས་པར་བྱེད་པ་འདི་གསུངས་སོ། །ཨོཾ་ཧུ་ལུ་ཧུ་ལུ་རཾ་ཛྭ་ལ། བཛྲ་ཨེ་ཨཱ་ར་ལི་ཛ། ཞེས་གསུངས་ཏེ།འཁོར་ཐམས་ཅད་རྔམ་ཞིང་ཀུན་རོལ་པར་གསུངས་སོ། །དཔལ་ཆེན་པོ་ཉིད་ཀྱིས་ཞེ་སྡང་ཅན་དང་འདོད་ཆགས་ཅན་དང་། གཏི་མུག་ཅན་ལ་སོགས་པ་འདུལ་བར་ཞལ་གྱིས་བཞེས་པས། སྡིགས་མཛུབ་ནམ་མཁར་འཕྱར་བ་ཡང་། །བསྐལ་པའི་མེ་དབལ་མེ་ལྕེ་འབར། །སྟོང་གསུམ་འཇིག་རྟེན་ཁམས་ཐམས་ཅད། །མེ་ཡི་དཀྱིལ་འཁོར་འབར་མཛད་ནས། །གསུང་ནི་དྲག་པོར་བཀའ་སྩལ་པས། །ཁྲོ་


DNG017_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

མཛུབ་ཕྱག་རྒྱ་འདི་བསྟན་པས། །ཨ་ལ་ལ་ཡི་ཐོག་ཐོག་འཁྲུགས། །བདུད་དང་སྲིན་པོ་མ་ལུས་ཀུན། །བགེགས་དང་ལོག་འདྲེན་གཞན་མ་རྣམས། །ཀླུ་དང་ལང་ཀའི་སྙིང་ནས་འདྲེན། །ཐམས་ཅད་མ་ལུས་དབང་དུ་སྡུས། ཀྵེ་ཏྲ་པཱ་ལ་ཏེ་ཛོ་པྲ་བེ་ཤ་མི་ཐུབ་ཆུ་ཐུབ། ཤཱཾ་ཏི་བ་ཤཾ་ཀུ་རུ་ཧཱུཾ། སྒྲོལ་སྔགས་དྲག་པོས་དྲག་ཏུ་བསྒྲལ། །པདྨ་མ་ཧཱ་ཤྲཱི་ཧེ་རུ་ཀ །མ་ཧཱ་ཙཎྜ་སརྦ་དུཥྚཱན་ཧ་ན་ད་ཧ་པ་ཙ་ཧཱུཾ་ཕཊ། བསྐལ་པའི་ཐོག་ཐོག་དབབ་པའི་ཕྱིར། །ཧཱུཾ་དབང་ཆེན་རྒྱལ་པོ་ཐོག་ཐོག་འབེབས། །ཧཱུཾ་དང་ཕཊ་ཀྱིས་སྲིད་གསུམ་འཁོར་བ་འཇིགས། །ཧཱུཾ་མཛད་ཧཱུཾ་གི་བྱིན་རླབས་བསམ་མི་ཁྱབ། །རྡོ་རྗེ་ཁྲག་འཐུང་ཁྲག་གི་རྒྱ་མཚོ་སྐེམ། །རྡོ་རྗེའི་མཚོ་མདེའུ་གནམ་ལྕགས་ཐུ་ལུམ་འདྲིལ། །གསང་སྔགས་ལོག་པར་ལྟ་བའི་བདུད་རྣམས་འཇོམས། །རྡོ་རྗེའི་སེར་ཕྲན་ཐོག་ཐོག་འཁྲུག །འདྲེན་པའི་སྙིང་པོའི་ཙིཏྟ་དབྱུང་། །ཡེ་ཤེས་རྔམ་པའི་ཐུགས་རྗེ་ཨ་ལ་ལ། བནྡྷ་བནྡྷ་ཆོམས། གརྫ་གརྫ་ཧཱུཾ་ཙིཏྟ་ཕཊ། ཙིཏྟ་དྲོངས། ཧ་ལ་ཕཊ། ཀྲོ་དྷ་རཾ། ནཱ་ག་བིན་དུ། ནཱ་ག་ཨིཏྱ། མ་ཧཱ་རཀྴ། ཞེས་གསུངས་སོ། །ཕྲ་མེན་གྱི་མེ་སྦྲུལ་མང་པོ་ཡང་བྱུང་སྟེ། ཁ་ནས་མ་ཧཱ་རཀྴ་ཞེས་བཟླས་སོ། །ལང་ཀའི་རྗེས་ཤུལ་ཐམས་ཅད་ཀུན། ཚོགས་བརྒྱད་དུར་ཁྲོད་བརྒྱད་དུ་བསྒྲལ་ཏེ་བཀའ་དང་མཐུན་པའི་གཞལ་ཡས་ཁང་དུ་བྱིན་གྱིས་བརླབས་སོ། །འཁོར་བ་རྩད་བཅད་ནས་མི་འཁོར་བའི་དབྱིངས་སུ་བཀོད། ནང་ཁྲོལ་ཐམས་ཅད་གསང་བའི་རྫས་ཀྱི་མཆོད་པར་གྱུར། ཀླུ་དང་ལང་ཀ་བཅད་ཅིང་གཏུབས་ཏེ། དཀྱིལ་འཁོར་ལྔ་རུ་བྱིན་གྱིས་བརླབས། ཞི་བ་དང་རྒྱས་པ་དང་། དབང་དང་། དྲག་པོ་དང་། ཅིར་ཡང་འགྱུར་བའི་དཀྱིལ་འཁོར་རོ། །ང་རྒྱལ་ཅན་གྱི་སྤྱི་བོ་མནན། །ཞེ་སྡང་ཅན་གྱི་སྙིང་ག་མནན། །ཕྲག་དོག་ཅན་གྱི་ལག་པ་མནན། །གཏི་མུག་ཅན་ཁ་བུབ་ཏུ་མནན། །འདོད་ཆགས་ཅན་གན་རྐྱལ་དུ་མནན་ནོ། །དེའི་ཚེ་འཁོར་གྱི་ལྷ་མོ་མང་པོས་བཅོམ་ལྡན་འདས་


DNG017_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བསྟོད་པ། རྫོགས་སངས་རྒྱས་ཀྱི་ལྷ་ལ་ཕྱག་འཚལ་ལོ། །ཁྲོ་རྒྱལ་ཁྱོད་ཀྱི་དབུ་ནི་ཅི་འདྲ་ན། །གྲུབ་པའི་སངས་རྒྱས་མཁྱེན་ལྔ་ཡེ་ཤེས་ལྔ། །ཁྲོ་རྒྱལ་ཁྱེད་ཀྱི་རྟ་མགོ་ཅི་འདྲ་སྟེ། །དབང་མཆོག་ལྷུན་གྱིས་གྲུབ་པའི་རྟ་སྐད་ཅན། །ཁྲོ་རྒྱལ་ཁྱོད་ཀྱི་ཟར་བུ་ཅི་འདྲ་སྟེ། །ལང་ཀ་ཟ་བྱེད་ཁྲོ་རྒྱལ་འབུམ་དུ་སྤྲུལ། །ཁྲོ་རྒྱལ་ཁྱོད་ཀྱི་སྨིན་མ་ཅི་འདྲ་སྟེ། །སྨིན་མ་མ་ཆགས་པདྨ་ཡུམ་གྱི་ཚུལ། །ཁྲོ་རྒྱལ་ཁྱོད་ཀྱི་སྤྱན་ནི་ཅི་འདྲ་སྟེ། །ཆགས་མེད་ཐུགས་རྗེས་པདྨ་ཅན་དུ་སྟོན། །ཁྲོ་རྒྱལ་ཁྱོད་ཀྱི་སྙན་ནི་ཅི་འདྲ་སྟེ། །ཐུགས་རྗེ་བྱང་ཆུབ་སྤྲུལ་པ་ཕྱོགས་བཅུར་འགྱེད། །ཤངས་ཀྱི་རླུང་སྒྲོམ་དུག་གསུམ་རྩད་ནས་བཅད། །ཞལ་གྱི་ཧོམ་ལྔ་འདྲེལ་བས་རྒྱུད་ལྔ་སྒྲོལ་བར་བྱེད། །རྣོ་དབལ་མཆེ་བས་སྐྱེ་བཞི་རྩད་ནས་གཅོད། །པདྨ་ལེ་བརྒན་ལྗགས་ཀྱིས་གསུང་རབ་རྒྱ་མཚོ་འཆད། །རོལ་པའི་ཕྱག་གིས་འགྲོ་བ་འདུལ་ལ་མཁས། །གཤོག་བཞི་བརྐྱངས་པས་ཕྲིན་ལས་རྣམ་བཞི་མཛད། །ཞབས་བརྒྱད་རོལ་པས་གཟིར་གནོན་མཛད་པའི་ཚུལ། །སྐུ་ལུས་དཔལ་གྱི་རི་བོ་ལ། །ཡེ་ཤེས་དཔལ་གྱི་ཉི་སྟོང་བརྡལ། །ཡེ་ཤེས་ལྷ་མཆོག་ཁྱོད་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་དོ། །རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། ལང་ཀ་བཏུལ་བའི་ལེའུ་སྟེ་ཉི་ཤུ་བརྒྱད་པའོ།། །།དེ་ནས་ཡང་ལྷུན་གྱིས་གྲུབ་པའི་སངས་རྒྱས་བཅོམ་ལྡན་འདས་དེས། ཞེ་སྡང་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། གསང་བའི་བདག་པོ་རྡོ་རྗེ་འཆང་ལ་འདི་སྐད་ཅེས་གསུངས་སོ། །གསང་བའི་བདག་པོ་རྡོ་རྗེ་འཆང་། །ཐོག་མ་མེད་པའི་དུས་མཐའ་ནས། །བདུད་དང་དབང་ཕྱུག་དྲེགས་པ་དེས། །འཇིག་རྟེན་ཁམས་ཀུན་ཟ་བྱེད་པར། །འཇིགས་བྱེད་ཆེན་པོ་ཁྲག་འཐུང་གིས། །ཤོར་བ་གཞོན་ནུ་ལ་སོགས་པའི། །བདུད་དང་གཤིན་རྗེ་དྲེགས་པ་དེ། །ཐུགས་རྗེ་ཚད་མེད་བཞིས་བསྒྲལ་ནས། །ཕུང་པོའི་ཉལ་ཐབས་གན་རྐྱལ་ཏེ། །སྲིན་མོ་ཟ་ར་ཡག་མོར་


DNG017_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

བཅས། །དྲག་པོའི་སྔགས་ཀྱི་བསྒྲལ་བར་བྱས། །ཀ་ད་རི་རི་ཤ །པྲ་བེ་ཤ་ནི་ཧཱུཾ་ཧཱུཾ་པྲ་བེ་ཤ་ཡ་ཕཊ། རཏྣ་བི་ལག་ཤ་ན་མ་ར་ཏ་བ་ག་ལིང་ག་ཏ། ཏི་ལིང་གི་ལིང་། སརྦ་པུ་རི་མུག་རཏྣ་བན་དྷ་ཀྟི་ཀ །ཀ་ལ་བི་ལ། མུ་ཁ་ཤ་ཤ་ད་ར་ག་ཏི་ཤ །པྲ་དུན་དུན། སུ་ཤ་ར་ག་ཤ །རོ་བིན་དུང་། བི་མ་རན་ཏ་ཀ །སྒྲོལ་སྔགས་དྲག་པོས་བསྒྲལ་ནས་ནི། །འཛམ་གླིང་ལྷོ་ཡི་གླིང་ཁམས་སུ། །རོ་ལས་ས་གཞིར་གྱུར་པས་ན། །རོ་ཡི་སྲུང་མ་ཆེན་མོ་ནི། །མ་མོ་ཆེན་མོ་བརྒྱད་བཞག་གོ། །དེ་ཡི་གནས་རྟེན་ཆེན་པོ་ཡང་། །རང་བྱུང་རེ་རེ་བཞག་ནས་ནི། །དུར་ཁྲོད་ཆེན་པོ་ཡིན་པའི་ཕྱིར། །ཚངས་པའི་གཞལ་ཡས་ཁང་ཞེས་བྱ། །ཞེས་གསུངས་པས། གསང་བའི་བདག་པོས་གསོལ་པ། འོ་ན་ཅི། ཆེ་བཙན་འགྲན་གྱི་ཟླ་མེད་གར་གྱི་དབང་ཕྱུག་ཆེ། གསང་སྔགས་ཀྱི་ཆོས་འདི་ལྟར་བྱིན་རླབས་ཆེ་བ་འདི་ལྟར་བདུད་འདུལ་བ་ལ་མཁས་པ་ཡིན་ན། མ་མོའི་མིང་ནི་གང་། དུར་ཁྲོད་ཀྱི་མིང་ནི་གང་། མཆོད་རྟེན་གྱི་མིང་ནི་གང་། ཚངས་པའི་གཞལ་ཡས་ཇི་ལྟ་བུ། ཕྱི་རབས་ཀྱི་རྣལ་འབྱོར་པ་རྣམས་ཀྱིས་ནི་ཇི་ལྟར་རྟོགས་པར་བགྱི། ཞེས་ཞུས་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །གསང་བདག་རྡོ་རྗེ་གསང་ཆེན་པོ། །རཱུ་ཏྲའི་མགོ་ནི་ལྷོ་ནུབ་མཚམས། །རྐང་པ་བྱང་ཤར་མཚམས་སུ་བསྟན། །ལག་པ་གཉིས་ནི་གཡས་གཡོན་གདེངས། །ཀུན་ཀྱང་ཐུག་པ་མེད་པར་བརྐྱང་། །དེ་བས་འཛམ་གླིང་ས་འདི་ཀུན། །བཀྲ་ཤིས་ཡ་མཚན་ཐུགས་རྗེར་ལྡན། །ཆོས་དང་རྫུ་འཕྲུལ་འབྱུང་བའི་གནས། །ཆོ་འཕྲུལ་འབྱུང་བར་ངས་གསུང་གིས། །རཱུ་ཏྲའི་ལུས་ནི་འཛམ་བུའི་གླིང་། །སྙིང་ནི་མ་ག་དྷཱ་ཡི་ལྗོངས། །དུར་ཁྲོད་མིང་ནི་བསིལ་བའི་ཚལ། །གཟི་ལྡན་མ་དང་གོའུ་རིས་སྲུང་། །རང་བྱུང་མཆོད་རྟེན་བདེ་བྱེད་རྟེན། །མཁས་དང་སྙིང་སྟོབས་གཉིས་ཀར་ལྡན། །རཱུ་ཏྲའི་མགོ་ནི་ལྷོ་ཡི་ཕྱོགས། །དུར་ཁྲོད་སིང་ག་གླིང་ཕྲན་ཏེ། །གཤོག་པ་མོ་དང་ཙོའུ་རིས་སྲུང་། །མཐོང་ཐོས་འཕྲུལ་དང་ལྡན་པ་


DNG017_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

མངའ། །མཆོད་རྟེན་རི་བོ་ཏ་ལའོ། །རཱུ་ཏྲའི་ལག་པ་གཡས་ཤར་ལྷོའི། །མཚམས་ཏེ་དུར་ཁྲོད་བལ་ཡུལ་ཡིན། །གློག་འགྱུ་མ་དང་པུ་ཀས་སྲུང་། །ལོངས་སྤྱོད་དག་དང་ལྡན་པ་ཡིན། །མཆོད་རྟེན་ཁ་ཤོར་བྱ་རི་ཁ། །ལག་གཡོན་ལྷོ་ནུབ་མཚམས་ཏེ་དུར་ཁྲོད་སཱ་ལའི་ཡུལ། །སྡེར་མོ་ཅན་དང་བེ་ཏཱས་སྲུང་། །མཐུ་དབང་ཆེ་བ་དེ་ན་གནས། །རང་བྱུང་མཆོད་རྟེན་གོ་མ་ས་ལ་ཡིན། །རྐང་གཡས་བྱང་ཤར་མཚམས་སུ་ཏེ། །དུར་ཁྲོད་མིང་ནི་ལི་ཡི་ཡུལ། །དྲ་བ་མོ་དང་ཙན་དྷས་སྲུང་། །མེ་ཆུ་འགྲུབ་པ་དེ་ན་གནས། །མཆོད་རྟེན་མིང་ནི་གེའུ་ཏི་ཤན། །རྐང་གཡོན་ནུབ་བྱང་མཚམས་ཏེ་དུར་ཁྲོད་ཁ་ཆེའི་ཡུལ། །ཐེའུ་གཤོག་མ་དང་པྲ་མོས་སྲུང་། །དེ་ན་བདེ་སྐྱིད་ཕུན་སུམ་ཚོགས། །མཆོད་རྟེན་མིང་ནི་ཀ་ནི་ཀ །ཕོ་མཚན་སྟེང་ཕྱོགས་དུར་ཁྲོད་ཨུ་རྒྱན་ཡུལ། །མགྱོགས་བྱེད་མ་དང་གྷ་སྨས་སྲུང་། །གཟི་ཡི་མཆོད་རྟེན་ཆེན་པོ་སྟེ། །དངོས་གྲུབ་ཐོབ་པ་དེ་ན་མང་། །རཱུ་ཏྲའི་ནང་ཁྲོལ་དུར་ཁྲོད་ཟ་ཧོར་ཡུལ། །ལང་ཀ་པུ་རངས་སྲིན་པོའི་གནས། །ཨ་མོ་དེ་དང་སྨ་ཤས་སྲུང་། །སྲིན་པོ་སྲིན་མོ་ཤ་ཟ་དང་། །འབྱོར་པ་ལོངས་སྤྱོད་ཀུན་དང་ལྡན། །མཆོད་རྟེན་བདེ་བྱེད་གཞོན་ནུའོ། །ཚངས་པའི་གཞལ་ཡས་ཁང་བསྟན་པ། །ཉན་ཐོས་མདོ་སྡེ་ཀྲི་ཡཱ་དང་། །ཐེག་པ་ཆེན་པོ་ཡོ་ག་དང་། །གསང་བ་ཡི་ནི་ཐེག་པ་གསུམ། །གཞུང་དང་མཐུན་པའི་གཞལ་ཡས་ཁང་། །སྲིན་མོ་རཀྨོ་ཡ་བསྒྲལ། །དེ་ཡི་ཁོག་སྦུབས་སྐྱེ་མཆེད་ལས། །གཞལ་ཡས་ཁང་གི་རྒྱུ་ཡིན་ཏེ། །སྒོ་བཞི་རྟ་བབས་མུ་ཁྱུད་བཅས། །དྲག་པོ་ཁྲོ་བོ་ཁྱམས་ལ་སོགས། །ཚངས་པའི་གདུང་ཆེན་ཞིག་གཤག་གཏམས། །ཡང་ན་ཚངས་པའི་གཞལ་ཡས་ནི། །ཐེག་མཆོག་ཨ་ནུ་ཡོ་གའི་གཞུང་། །ཡང་ན་ཚངས་པའི་གཞལ་ཡས་ནི། །ཐེག་རྒྱལ་ཨ་ཏི་ཡོ་གའི་ཚུལ། །ཁྱབ་དང་གནས་དང་འབྱུང་ལ་སོགས། །རྣམ་པ་གསུམ་པོའི་གཞལ་ཡས་ཁང་། །སྣོད་བཅུད་འབྱུང་བའི་ཡུལ་དུ་


DNG017_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

གསལ། །བྷ་ག་དགྱེས་པའི་ནང་དུ་བསྒོམ། །དེ་ལ་རང་བཞིན་མེད་པ་སྟེ། །ནམ་མཁའ་ལྟ་བུར་རབ་རྟོགས་ན། །གཞལ་ཡས་ཁང་ཞེས་བྱ་བ་ཡིན། །དེ་བས་ཕྱི་རབས་རྣལ་འབྱོར་པས། །དཔལ་གྱི་ཐུགས་རྗེའི་བྱིན་གྱིས་བརླབས། །ཏ་ནས་བཏུལ་ནས་བསྒྲལ་བའི་ཕྱིར། །ས་གཞིའི་དཀྱིལ་འཁོར་དམ་པ་འདིར། །འདས་པའི་དུས་ན་སྔོན་བྱུང་བའི། །སངས་རྒྱས་ཀུན་གྱིས་བྱིན་གྱིས་བརླབས། །ཕྱི་རབས་སྔགས་འཆང་སྒྲུབ་པ་པོས། །འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་ནི། །བཀའ་བཞིན་བསྐྱེད་ནས་བྱིན་བརླབས་པས། །སྔགས་མཆོག་བདུད་རྩི་བསྒྲུབ་པའི་ཕྱིར། །བསྒྲུབ་པའི་རྒྱུ་དང་དམ་རྫས་ཀུན། །སངས་རྒྱས་བསྒྲུབ་པའི་རྒྱུ་དང་གཞི། །དམ་ཚིག་དམ་པ་བསྒྲུབ་པའི་རྫས། །འབྲས་བུ་ཆེན་པོ་ལྔ་ཡིན་པས། །བདུད་དང་གཤིན་རྗེ་ལ་སོགས་དང་། །མཆོག་གི་དབང་པོའི་འབྱོར་ཚོགས་ལ། །ལེ་ལོ་སྤང་བའི་བརྩོན་འགྲུས་ཀྱིས། །བར་ཆོད་མེད་པར་འབད་ལ་བསྒྲལ། །རྣམ་ཤེས་ཧཱུཾ་དུ་གྱུར་བྱས་ཏེ། །བྱང་ཆུབ་སེམས་ཀྱི་དབང་བསྐུར་ནས། །ཡང་དག་ས་གསུམ་འདས་པར་བྱས། །དེ་ལྟར་ཏ་ནའི་དཀྱིལ་འཁོར་འདིར། །དུར་ཁྲོད་བདག་པོ་བཏུལ་ནས་ནི། །འཁོར་བཅས་མ་ལུས་དབང་དུ་བསྡུས། །སྲིད་པ་ཡོངས་སྒྲོལ་ཆེན་པོར་མཛད། །ས་ནས་ས་ཡི་རིམ་པ་བཞིན། །མི་ལྡོག་དབྱིངས་སུ་ཐིམ་པར་བྱ། །བདུད་དང་སྲིན་པོ་མ་ལུས་ཀུན། །སྔོན་གྱི་རྒྱལ་བས་གསུངས་པ་བཞིན། །བཏུལ་ནས་ཡང་དག་སྒྲོལ་མཛད་པ། །འདི་ནི་སྒྲོལ་བའི་ཕྲིན་ལས་སོ། །རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། ཤོར་བ་གཞོན་ནུ་ལ་སོགས་པ་བཏུལ་ཞིང་། གཞལ་ཡས་ཁང་དུ་བྱིན་གྱིས་བརླབས་པའི་ལེའུ་སྟེ་ཉི་ཤུ་དགུ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཕྱི་རབས་ཀྱི་རྣལ་འབྱོར་པ་རྣམས་ཀྱི་དོན་དུ། གཉིས་སུ་མེད་པར་སྦྱོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཕྱི་རབས་རྣལ་འབྱོར་སྐལ་ལྡན་རྣམས་ལ་འདི་གསུངས་སོ། །


DNG017_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ངག་ཡིད་གསུམ་ཕྱག་རྒྱ་ཆེན་པོ་སྟེ། །དབྱིངས་ནས་གསང་བའི་ཡུམ་བསྐྱེད་སྙིང་པོས་བསྐུལ། ཨ་ཀ་ཏེ་བི་ཀ་ཏེ་མ་ཏང་ཀ་ཏེ་སྭཱ་ཧཱ། མཉམ་པས་མཉམ་པའི་ཕྱག་རྒྱ་གསལ། །གཉིས་སུ་མེད་པར་སྦྱོར་བའི་ཕྱིར། །རྡོ་རྗེ་པདྨར་ལྡན་བྱས་པ། །ཐབས་ཀྱི་ཕྱག་རྒྱའི་ཆོ་འཕྲུལ་ལ། །གཟི་ལྡན་གསང་བར་ཨེ་གྲུ་གསུམ། །ཉི་མ་པདྨ་ཤེས་རབ་ལྡན། །སོ་སོར་གསང་བའི་བརྡས་མཚོན་ཏེ། །ཨོཾ་དང་མཱུཾ་གྱི་འཕྲོ་འདུ་ལས། །བྱིན་རླབས་རྣམ་པར་འཕྲོ་བ་ཡིས། །འདབ་བརྒྱད་པདྨ་ཉི་མར་བཅས། །དེ་དབུས་གསང་བའི་རྡོ་རྗེ་སྟེ། །ཧཱུཾ་གིས་གསོར་ཞིང་ཧ་ཡིས་བསྐྱོད། །ཡང་ནས་ཡང་དུ་བསྐྱོད་པ་ནི། །སྐུ་གསུང་དབྱིངས་སུ་བསྐུལ་བའོ། །ཧཱུཾ་ནི་ཐུགས་སེམས་ལུས་ངག་རྒྱུ། །གོ་རོ་ཙ་ན་དབྱིངས་ནས་སྟོན། །སྲོག་དག་གསང་བའི་དབྱིངས་སུ་དྲངས། །ལྗགས་ཀྱི་དབང་པོར་བསྐྱིལ་བ་དང་། །ནཱ་སའི་དབྱིངས་ནས་ཀླད་པར་བསྐུལ། །ཚོར་བ་མྱོང་ནས་སྒལ་རྩར་བརྒྱུད། །གསང་བའི་རྡོ་རྗེའི་ལམ་དུ་སྦྱངས། །བྷ་ག་ཡངས་པའི་དཀྱིལ་འཁོར་དུ། །ཉི་མ་ཟླ་བ་པདྨ་དང་། །རྡོ་རྗེ་ལ་སོགས་འདྲེས་པ་དང་། །སྦྱོར་བའི་བྱང་ཆུབ་རབ་སྤྲོས་པས། །ཕྱོགས་བཅུའི་རྒྱལ་བའི་ཐུགས་དམ་བསྐུལ། །མཐའ་ཡས་སེམས་ཅན་ལས་དོན་བྱས། །སླར་འདུས་ཕྱག་རྒྱའི་སྐུར་གྱུར་པས། །ཡེ་ཤེས་སེམས་དཔའ་ཚོན་གང་བའོ། །དེ་ཡང་ཐབས་དང་ཤེས་རབ་ལས། །བྱང་ཆུབ་སེམས་ནི་ལྕེ་ལ་བཞག །རྫས་ལ་ཚེ་ཡི་དངོས་གྲུབ་བླང་། །འདི་ནི་སྦྱོར་བའི་ལུང་དུ་གྲགས། །ཀུན་རྫོབ་ཕྱག་རྒྱའི་སྐུར་གསལ་བ། །གཉིས་མེད་བྱང་སེམས་འོད་ཟེར་ལས། །དོང་ཙེ་ཙམ་གྱི་ཟླ་དཀྱིལ་ན། །ཡེ་ཤེས་སེམས་དཔའ་ཚོན་གང་དམར། །ཉུང་འབྲུ་ཙམ་གྱི་གོ་མནབས་པ། །གཡས་པས་ཡིད་བཞིན་ནོར་བུ་བསྣམས། །གཡོན་ན་ཚེ་ཡི་ཟ་མ་ཏོག །དེ་ལྟར་དཀྱིལ་འཁོར་ལྷུན་གྲུབ་པས། །སྤྲུལ་པས་བདག་གཞན་དོན་བྱས་པས། །ཐམས་ཅད་མ་ལུས་ཕྱག་རྒྱའི་སྐུ། །སྦྱོར་


DNG017_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཆེན་པོས་བསྐྱེད་པའོ། །བསྙེན་པ་བཞི་འབུམ་བཏོན་ནས་ཀྱང་། །ཚེ་ཡི་རིག་འཛིན་ཐོབ་འདོད་ན། །ཞག་ནི་སུམ་ཅུ་ཕྲག་བཞི་འམ། །ཕྲག་དྲུག་ཕྲག་བརྒྱད་དག་གིས་བསྒྲུབ། །ཅེས་གསུངས་སོ། །རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། སྦྱོར་བ་ཆོས་ཉིད་ཀྱི་ལེའུ་སྟེ་སུམ་ཅུ་པའོ།། །།དེ་ནས་བཅོམ་ལྡན་འདས་ཆེ་བཙན་འགྲན་གྱི་ཟླ་མེད་གར་གྱི་དབང་ཕྱུག་དེ་ལ། ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཐམས་ཅད་དང་། ལྷ་དང་ཀླུ་དང་གནོད་སྦྱིན་སྲིན་པོ་དང་། ལྷ་མ་ཡིན་དང་། དྲི་ཟ་དང་། ལྟོ་འཕྱེ་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་ལ་སོགས་པའི་འཁོར་དང་བཅས་པ་ཐམས་ཅད་ཀྱིས། བཅོམ་ལྡན་འདས་དབང་མཆོག་དམ་པ་དེ་ལ། གླུ་དྲུག་བླངས་ཏེ། བཅོམ་ལྡན་འདས་ཀྱི་འཁོར་རྣམས་ཀྱིས་ཀྱང་། ཚིག་དང་དོན་དང་ལྡན་པའི་གླུ་དྲུག་བླངས་ཏེ། དེ་དག་གི་བྲིང་ངེ་བ་དང་དུང་ངེ་བ་དང་། ཤ་ཏ་པ་དང་གར་དྷ་བ། ཅང་ཀ་དེའུ་པད་ཀ་དེའུ་སྟེ། དེ་ཚེ་གླུ་དྲུག་བླངས་པས་དོན་དྲུག་འགྲུབ། །དྲེང་ངེ་བ་ཡི་གླུ་བླངས་པས། །འཇིག་རྟེན་སྒྲོན་མ་ཐམས་ཅད་ལ། །དམ་ཆོས་འཁོར་ལོ་བསྐོར་ཚུལ་གྱིས། །ཚངས་པ་ལྷ་ཡི་དཀྱིལ་འཁོར་ནས། །སྐུ་ཡི་དངོས་གྲུབ་ཆེན་པོ་ཐོབ། །དུང་ངེ་བ་ཡི་གླུ་བླངས་པས། །འཇིག་རྟེན་སྒྲོན་མ་ཐམས་ཅད་ལ། །མཐོ་རིས་ཆོས་བཟང་ལྷ་ཡི་མདུན་ས་ནས། །ཉེ་དབང་སུམ་ཅུ་རྩ་གཉིས་དང་། །སྡེ་དཔོན་ཉི་ཤུ་རྩ་བརྒྱད་སོགས། །བརྒྱ་བྱིན་ལྷ་ཡི་དབང་པོ་ཡི། །གསུང་གི་དངོས་གྲུབ་ཆེན་པོ་ཐོབ། །ཤ་ཏ་པ་ཡི་གླུ་བླངས་པས། །དཔལ་དང་ལྡན་པའི་རྒྱལ་ཆེན་བཞི། །མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས། །སྒྲ་སྐད་རྟོགས་པ་མ་ལུས་ཀུན། །ལྷ་ཡི་གསུང་དུ་རྟོགས་པར་གྱུར། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས། །དྲན་བྱེད་རྣམ་ཤེས་མ་ལུས་ཀུན། །ལྷ་ཡི་ཐུགས་སུ་རྟོགས་པར་གྱུར། །སོ་སོར་རྟོག་པའི་ཡེ་ཤེས་ཀྱིས། །གཟུགས་མཛེས་སྣ་ཚོགས་མ་ལུས་ཀུན། །མཚན་དང་དཔེ་བྱད་ཐོབ་


DNG017_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར། །བྱ་བ་ནན་ཏན་ཡེ་ཤེས་ཀྱིས། །གཟུགས་མི་སྡུག་དང་ལས་ངན་རྣམས། །ཡི་གེ་བཅུ་སྤངས་དགེ་བའི་དོན། །རྒྱལ་པོ་ཆེན་པོ་བཞི་རྣམས་ཀྱི། །ཡོན་ཏན་ཆེན་པོའི་དངོས་གྲུབ་ཐོབ། །གར་དྷ་བ་ཡི་གླུ་བླངས་པས། །དབང་པོ་རྡོ་རྗེ་འཆང་རྒྱལ་ཏེ། །ལྷ་ཡི་རྒྱལ་པོ་གདོན་གྱི་བདག །དེ་ལ་སོགས་པའི་ཕྱོགས་སྐྱོང་བ། །སོ་སོར་རྟོག་པའི་ཡེ་ཤེས་ཀྱིས། །ཐམས་ཅད་དབྱིངས་སུ་རྟོགས་གྱུར་ནས། །དབྱིངས་ཀྱི་དོན་ལ་རབ་རྟོགས་ཏེ། །མ་སྲིང་རྒྱ་མཚོ་དམ་ལ་བཏགས། །སྲིད་པ་གསུམ་གྱི་བྲོ་སྒྲ་དིར། །རང་བཞིན་མེད་པའི་བྲོ་བརྡུངས་པས། །ཕྱོགས་སྐྱོང་ཆེན་པོ་བཅུ་རྣམས་ཀྱི། །ཡོན་ཏན་ཆེན་པོའི་དངོས་གྲུབ་ཐོབ། །ཅང་ཀ་དེའུའི་གླུ་བླངས་པས། །མ་མོ་བདུན་དང་སྲིན་མོ་བཞི། །ནག་མོ་ཆེན་མོ་རལ་གཅིག་སོགས། །བྱ་བ་གྲུབ་པའི་ཡེ་ཤེས་ཀྱིས། །ཁམས་གསུམ་དབྱིངས་སུ་སྒྲོལ་བས་ན། །དོན་ནི་ལྷུན་གྱིས་གྲུབ་པའི་ཕྱིར། །སྲིད་གསུམ་དབང་སྡུད་མཐུ་མོ་ཆེ། །དྲེགས་པའི་ཡུལ་བདག་དབང་དུ་སྡུད། །པང་ཀ་དེའུའི་གླུ་བླངས་པས། །གཞོན་ནུའི་སྐུ་མཆོག་རྫུ་འཕྲུལ་དབང་གི་འཕགས། །གླང་ཆེན་བརྗིད་པས་ལྷ་དབང་གཡུལ་དུ་བསྟོད། །དམག་གྲགས་ཆེན་མོ་དགེ་བསྙེན་ཆེན་མོ་དང་། །ལྷ་སྲས་གཞོན་ནུ་ཀླུ་སྲས་གཞོན་ནུ་དང་། །དྲང་སྲོང་གཞོན་ནུ་རིག་འཛིན་གཞོན་ནུ་དང་། །བྱིན་ཤུགས་བརྟན་པའི་གཞོན་ནུ་ལྔ་བརྒྱ་སྤུན། །གནོད་སྦྱིན་གཞོན་ནུ་ཀིརྟི་ཀ་ལ་སོགས། །གནོད་སྦྱིན་གྲུལ་བུམ་སྲིན་པོ་མི་འམ་ཅི། །འབྱུང་པོ་ཤ་ཟ་ཡུལ་བདག་འདྲེ་ལ་སོགས། །དངོས་གྲུབ་རླབས་ཆེན་འཁྲིགས་པ་ཐོབ། །དེ་ནས་དེའི་ཚེ་པདྨ་གར་གྱི་བྲོ་དྲུག་ནི། །བདུད་བཞི་ཐལ་བར་བརླག་པའི་ཕྱིར། །འཁོར་བ་སྤྱི་ནས་འདྲེན་པའི་བྲོ། །འདི་ནི་སྡུག་བསྔལ་ནད་སེལ་བྲོ། །སངས་རྒྱས་རྣམས་ཀྱི་ཡེ་ཤེས་ནི། །འགྲོ་བ་འདྲེན་པའི་དཔལ་དུ་ཤར། །ཁྲག་འཐུང་ཐུགས་དམ་རྒྱུད་ཀྱང་བསྐུལ། །གྲི་བཱ་མགྲིན་སྔོན་སྙིང་ལ་བརྡུང་། །ཀླུ་ཚོགས་མང་པོ་དབང་དུ་སྡུད། །དབང་ཕྱུག་


DNG017_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་མཁའ་ལ་བརྡུང་། །གསང་བའི་ཐུགས་དམ་དབྱིངས་ནས་བསྐུལ། །གླུ་ཡི་རྫུ་འཕྲུལ་ཨ་ལ་ལ། །དངོས་གྲུབ་རླབས་ཆེན་ཨ་ལ་ལ། །ཞེས་དཔལ་ཆེན་པོ་གར་གྱི་དབང་ཕྱུག་གི་བརྗིད་གླུའོ། །པི་ཝང་གི་སྒྲ་ལྟ་བུར་བླངས་སོ། །སྡུག་བསྔལ་ནད་སེལ་ཐུགས་རྗེའི་བྲོ། །དུག་ལྔ་རྣག་ཁྲག་འབྱིན་པའི་བྲོ། །མ་རིག་མུན་པ་གཏིབས་པར་བརྡུང་། །པདྨ་དབང་ཆེན་ཁྲག་འཐུང་གིས། །འཁོར་བ་སྐྱམས་ལིངས་ཆེན་པོ་མཛད། །སྡུག་བསྔལ་གཅོང་འབྱིན་ནད་ལ་བརྡུང་། །མ་སྲིན་རྒྱ་མཚོ་དམ་ལ་བཏགས། །ཐ་ཚིག་གཉན་པོ་འདའ་མི་བྱེད། །བདག་ཅག་རྣམས་ཀྱི་མགོ་ལུས་སྙིང་། །རུལ་མྱགས་ནས་ནི་ཚིག་འགྱུར་བས། །སྲོག་གི་སྙིང་པོ་ང་གསུངས་ཤིག །ཨོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ་ཛ། །འདི་ལས་བདག་ཅག་མི་འདའ་འོ། །བདེ་བ་ཆེན་པོ་ཨ་ལ་ལ། །ཞེས་གསོལ་ཏོ། །གླིང་བུའི་སྒྲ་ལྟར་གླུ་བླངས་སོ། །ཐུགས་དམ་དབྱིངས་ནས་བསྐུལ་བའི་བྲོ། །རྣམ་དག་པདྨ་རྡོ་རྗེའི་བདག །མ་གོས་པདྨའི་ཚུལ་སྟོན་པ། །དྲེགས་པ་ལ་སོགས་འཇོམས་མཛད་པའི། །ཆོས་དབྱིངས་རྣམ་དག་སྐྱོན་བྲལ་བས། །བཅུ་གཅིག་འོད་ལ་ཐུགས་རྗེ་ཤར། །པདྨའི་སྤྱན་ལ་གཟིགས་ནས་ཀྱང་། །ཐབས་དང་ཤེས་རབ་འདྲེལ་བ་ཡིས། །ཐུགས་རྗེ་ཕྲིན་ལས་ཆེན་པོ་ཡིས། །ཁྲོ་བོ་བརྒྱད་ལ་གཟིར་མནན་མཛད། །འབོད་སྒྲོགས་མང་པོ་དི་རི་རི། །གདུང་བའི་མཆི་མ་ཤ་ར་ར། །རཱུ་ཏྲ་ཐལ་བར་རློག་པའི་བྲོ། །བདུད་ནི་ཕྱེ་མར་འཐག་པའི་བྲོ། །སྐྱེ་མེད་དངོས་གྲུབ་ཨ་ལ་ལ། །ཞེས་གསུངས་སོ། །ཧྭ་ཤང་གི་སྒྲ་ལྟར་བླངས་སོ། །ཡེ་ཤེས་རྒྱན་གྱི་བྲོ་བོ་ཆེ། །ཨོཾ་གཙུག་ཕུད་འཁོར་ལོ་རྩིབས་བརྒྱད་འབར། །ཆོ་ག་གསུམ་ལྡན་སྣང་མཛད་ཆེ། །ཡབ་ཡུམ་གཉིས་མེད་སྦྱོར་བ་ལས། །འཁོར་ལོ་སྙིང་གི་དབུས་སུ་བསྒོམ། །དེ་ལ་རང་བཞིན་མེད་པར་དམིགས། །ཧཱུཾ་དཔྲལ་བར་རྡོ་རྗེ་རྩེ་ལྔ་འབར། །ཆོ་ག་གསུམ་ལྡན་སེམས་དཔའ་ཆེ། །ཡབ་ཡུམ་གཉིས་མེད་


DNG017_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བ་ལས། །རྡོ་རྗེ་སྙིང་གི་དབུས་སུ་བསྒོམ། །དེ་ལ་རང་བཞིན་མེད་པར་དམིགས། །སྭཱ་ལས་རིན་འབྱུང་ཟུར་བརྒྱད་འབར། །ཆོ་ག་གསུམ་ལྡན་རིན་ཆེན་འབར། །ཡབ་ཡུམ་གཉིས་མེད་སྦྱོར་བ་ལས། །རིན་ཆེན་སྙིང་གི་དབུས་སུ་བསྒོམ། །དེ་ལ་རང་བཞིན་མེད་པའོ། །ཨཱཾ་ལས་པདྨ་འདབ་བརྒྱད་འབར། །ཆོ་ག་གསུམ་ལྡན་སྣང་མཐའ་ཡས། །ཡབ་ཡུམ་གཉིས་མེད་སྦྱོར་བ་ལས། །པདྨ་སྙིང་གི་དབུས་སུ་བསྒོམ། །དེ་ལ་རང་བཞིན་མེད་པའོ། །ཧཱ་ལས་རྡོ་རྗེ་རྒྱ་གྲམ་འབར། །ཆོ་ག་གསུམ་ལྡན་དོན་ཡོད་གྲུབ། །ཡབ་ཡུམ་གཉིས་མེད་སྦྱོར་བ་ལས། །རྒྱ་གྲམ་སྙིང་གི་དབུས་སུ་བསྒོམ། །དེ་ལ་རང་བཞིན་མེད་པའོ། །སྐུ་གསུང་ཡོན་ཏན་ཕྲིན་ལས་ལྔ། །རིགས་ལྔ་དཔལ་གྱི་གླུ་བླངས་པས། །གསང་བ་ཡུམ་གྱི་བྲོ་བརྡུང་ཞིང་། །དཔའ་བོ་འབྲུ་ལྔས་དབང་བསྐུར་བས། །ཐམས་ཅད་མ་ལུས་ཕྱག་རྒྱའི་སྐུ། །ལུས་པ་མེད་པ་ཆོས་ཀྱི་དབྱིངས། །ཧྲཱྀཿ། རྟ་མགྲིན་གཙུག་ན་ནོར་བུ་འབར། །ཆོ་ག་གསུམ་ལྡན་ཧ་ཡ་གྲཱི། །ཡབ་ཡུམ་གཉིས་མེད་སྦྱོར་བ་ལས། །ནོར་བུ་སྙིང་གི་དབུས་སུ་བསྒོམ། །དེ་ལ་རང་བཞིན་མེད་པའོ། །ཧཱུཾ། གཡས་པ་བརྒྱད་ན་ལྕགས་ཀྱུ་འབར། །ཆོ་ག་གསུམ་ལྡན་ཕྲ་མེན་མ། །གཙོ་དང་གཉིས་མེད་འཁྲིལ་བ་ལས། །ལྕགས་ཀྱུ་སྙིང་གི་དབུས་སུ་བསྒོམ། །དེ་ལ་རང་བཞིན་མེད་པའོ། །གཡོན་པ་བརྒྱད་ན་མཚོན་ཆ་འབར། །ཆོ་ག་གསུམ་ལྡན་བཛྲ་སྟེ། །གཙོ་དང་གཉིས་མེད་འཁྲིལ་བ་ལས། །མཚོན་ཆ་སྙིང་གི་དབུས་སུ་བསྒོམ། །དེ་ལ་རང་བཞིན་མེད་པའོ། །མླཱ། ཞབས་བརྒྱད་ཟ་བྱེད་ཆས་བརྒྱད་འབར། །ཆོ་ག་གསུམ་ལྡན་ཡུམ་གྱི་མཁའ། །གཙོ་དང་གཉིས་མེད་འཁྲིལ་བ་ལས། །ཆས་བརྒྱད་སྙིང་གི་དབུས་སུ་བསྒོམ། །དེ་ལ་རང་བཞིན་མེད་པའོ། །ཕཊ། སྐུ་གསུང་ཐུགས་ལས་སྤྲུལ་པ་ཡི། །སྒོ་སྐྱོང་ཁྲོ་བོ་མགོ་དགུ་བརྩེགས། །ཁམ་རྒྱ་མ་དང་ལོང་བའི་ཚོགས། །དམུས་ལོང་ཚོགས་དང་ཁྱི་སྤྱང་ཚོགས། །དཔལ་


DNG017_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་སྐུ་ལ་རབ་ཏུ་འབར། །ཆོ་ག་གསུམ་ལྡན་སྤྲུལ་པའི་ཚོགས། །ཡབ་ཡུམ་གཉིས་མེད་སྦྱོར་བ་ལས། །འཁོར་རྣམས་སྙིང་གི་དབུས་སུ་བསྒོམ། །དེ་ལ་རང་བཞིན་མེད་པ་སྟེ། །འདི་ནི་ཡེ་ཤེས་རྒྱན་གྱི་གླུ། །རྒྱན་ཉིད་ཡེ་ཤེས་གླུ་བླངས་པས། །བདག་ཉིད་ཕྱག་རྒྱ་རྟགས་མཆོག་འབར། །ཨོཾ། འཁོར་ལོ་ཡེ་ཤེས་ཅན་རྣམས་ནི། །འཁོར་ལོ་རྡོ་རྗེར་བསྒོམ་བྱས་ནས། །དེ་ཉིད་ཆོས་སྐུ་ནམ་མཁར་ཆེ་ཧོ། །ཧཱུཾ། ཡེ་ཤེས་རྡོ་རྗེ་ཅན་རྣམས་ནི། །རྡོ་རྗེ་རྡོ་རྗེར་བསྒོམས་བྱས་ནས། །དེ་ཉིད་ཆོས་ཉིད་ངང་ལ་རྫོགས། །ཧོ། རིན་ཆེན་ཡེ་ཤེས་ཅན་རྣམས་ནི། །རིན་ཆེན་རྡོ་རྗེར་བསྒོམ་བྱས་ནས། །དེ་ཉིད་ལོངས་སྤྱོད་ལྷུན་གྱིས་གྲུབ་ཧོ། །པདྨ་ཡེ་ཤེས་སྤྱན་རྣམས་ནི། །པདྨ་རྡོ་རྗེར་བསྒོམ་བྱས་ཏེ། །དེ་ཉིད་བརྟན་པར་འགྱུར་བ་མེད་ཧོ། །རྒྱ་གྲམ་རིན་ཆེན་ཅན་རྣམས་ནི། །རྒྱ་གྲམ་རྡོ་རྗེར་བསྒོམ་བྱས་ནས། །དེ་ཉིད་སྤྲུལ་སྐུ་ངོ་མཚར་ཆེ་ཧོ། །རྒྱན་ཉིད་ཡེ་ཤེས་གླུ་བླངས་པས། །བསྐུལ་དང་དོན་བྱས་འདུས་པ་དང་། །ཐམས་ཅད་སྐུ་སྟེ་གཉིས་མེད་སྐུ། །སྟོང་པ་ཆེན་པོའི་ངང་ལ་བཞག་ཧོ། །ཞེས་གར་དྷ་བའི་སྒྲ་ལྟར་བླངས་སོ། །འདི་ནི་མ་མོ་འཁྲུགས་པའི་བྲོ་བོ་ཆེ། །བདུད་བཞི་ཐལ་བར་རློག་པའི་བྲོ། །ལང་ཀ་སྲིན་པོའི་སྙིང་ལ་བརྡུང་། །འབུམ་ཕྲག་ཡངས་པའི་མཁའ་འགྲོ་མ། །ཁམས་གསུམ་ཀུན་གྱི་དབང་ཕྱུག་མ། །ཚངས་པ་དབྱངས་ཀྱི་གླུ་བླངས་པས། །སྲིད་པ་གསུམ་གྱི་ལས་ཐམས་ཅད། །གར་དང་དབྱངས་ཀྱིས་མཆོད་ནས་ཀྱང་། །དཔལ་ཆེན་འབར་བའི་དཀྱིལ་འཁོར་དུ། །ཕྲ་མེན་འདུས་པའི་གླུ་བླངས་ཤིང་། །སྲིན་པོ་བསྒྲལ་བའི་བྲོ་བརྡུངས་པས། །དཔལ་དང་མ་མོའི་ཐུགས་དམ་སྐོང་། །ཡེ་ཤེས་འཁྲུགས་པའི་དཀྱིལ་འཁོར་ནས། །ཁྲོ་བོ་ཆེན་པོའི་བྲོ་བརྡུངས་ཏེ། །མ་མོ་བསྟེན་པའི་གླུ་བླངས་པས། །དཔལ་གྱི་གཙུག་འབྱམ་ཨ་ལ་ལ། །ཞེས་ཅང་ཏེའུའི་སྒྲ་ལྟར་བླངས་སོ། །ལང་ཀ་བསྒྲལ་བའི་བྲོ་བོ་ཆེ། །བདུད་བཞི་ཐལ་བར་རློག་པའི་བྲོ། །ལང་ཀ་སྲིན་པོའི་


DNG017_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་ལ་བརྡུང་། །བདུད་ཀྱི་མིག་འབྲས་ཐང་ལ་རློག །སྙིང་ཁྲག་དྲོན་མོ་ཁ་རུ་སྐྱུགས། །དུག་ལྔ་བརྩེགས་པའི་རི་བོ་ལ། །འདི་ནི་ལང་ཀ་བསྒྲལ་བའི་བྲོ། །རུས་པ་ཐལ་ཆེན་ཁྲ་ལ་ལ། །རོལ་པའི་རྟ་བྲོ་ཆེམས་སེ་ཆེམ། །ཧཱུཾ་དང་ཕཊ་ཀྱི་སྒྲ་སྐད་འཁྲུགས། །ཁམས་གསུམ་དངོས་གྲུབ་ཨ་ལ་ལ། །དེ་སྐད་པང་ཀ་དེའུའི་གླུ་ལྟར་བླངས་སོ། །རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། ཚངས་པ་དབྱངས་ཀྱི་གླུ་དྲུག་གི་ལེའུ་སྟེ་སུམ་ཅུ་གཅིག་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་དངོས་པོ་ཐམས་ཅད་སྲེག་པ་རྒྱུན་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། གསུང་མི་ཟད་པ་རྒྱན་གྱི་འཁོར་ལོ་ལས་བྱུང་བ། སྤྱན་རས་གཟིགས་ཀྱི་དབང་ཕྱུག་ལ་བོས་ཏེ། སེམས་དཔའ་ཆེན་པོ། ངས་སྔོན་ལང་ཀ་སྲིན་པོ་ལ་སོགས་པའི། རོ་འམ་བེམ་པོར་གྱུར་པ་རྣམས། །བསྲེགས་ནས་དངོས་མེད་སྟོང་པའི་ངང་། །དེ་བས་ཁྱོད་ལ་སོགས་པ་ཡི། །ཕྱི་རབས་རྣལ་འབྱོར་རྫས་བསྒྲུབ་པས། །རོ་བསྲེག་ཐལ་བ་བསྒྲུབ་པའི་ཕྱིར། །ཕུན་སུམ་ཚོགས་པ་ལྔ་ལྡན་ཞིང་། །རྟགས་པའི་གནས་སུ་མཎྜལ་བྱ། །དང་པོ་ས་བླངས་བྱིན་གྱིས་བརླབ། །འདོམ་གང་གྲུ་བཞི་ཁྱུད་སྐོར་བཅས། །ཟླ་གམ་དམར་པོ་དབང་གི་གཞལ་ཡས་སུ། །རཀྟ་ཆགས་པ་རྫས་ཀྱི་མྱུལ་བྱུགས་དང་། །སྲིད་གསུམ་དབང་སྡུད་དམར་གྱི་གོ་མ་ཡེ། །དབང་ཕྱུག་ཆེན་པོ་འཁོར་བཅས་བཞུགས་པའི་གནས། །ཤེས་རབ་ཕ་རོལ་ཆེན་པོ་བཞུགས་པའི་ཐུགས་ཀ་ནས། །རཀྟ་བསྒྲལ་བ་ཆུ་བོའི་རྒྱུན་ལྟར་འབབ། །རཀྟ་མཎྜ་ལ། དེ་ནས་མཚན་དང་ལྡན་པའི་ཡུམ། །དུར་ཁྲོད་བཀའ་དང་མཐུན་པ་ཡིས། །གསང་བའི་ཐིག་སྐུད་བཀལ་བ་ཡང་། །ཁྲུས་བྱས་དང་ལྡན་རྒྱན་གྱིས་བཀླུབ། །སྤྱི་བོར་བཞག་ལ་དབང་བསྐུར་བྱ། །ཆགས་པ་ཆེན་པོར་མཆོད་པ་ཡང་། །ཐུགས་ལས་སྤྲུལ་པ་པདྨ་རཱ་ག་ཡིས། །འཆི་བདག་གདུག་པ་ལང་ཀའི་ཚོགས་བཅོམ་སྟེ། །རྒྱུ་ཕྲེང་ཁྲག་དང་བཅས་


DNG017_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཐིག་ལེ་ཡིས། །ཐབས་དང་ཤེས་རབ་འདུ་འབྲལ་མེད་པའི་གཙུག །ཆགས་པས་དབང་བསྐུར་འཁོར་བ་ཟིལ་གྱིས་གནོན། །ཀུན་བཟང་ཡངས་པའི་མཁའ་ལ་ཐིག་འདེབས་སོ། །རཀྟ་པུཙྪ་མེ། ལན་གསུམ་བཟླས་ཏེ་གཟི་ལྡན་དུ། །གྱུར་པར་དམིགས་ཏེ་དབྱེ་བར་བྱ། །ཟླ་གམ་ཁ་སྤྲོད་ཟླུམ་པོ་ལྔའི། །དཀྱིལ་འཁོར་ཨེ་ཞལ་གྲུ་གསུམ་ལ། །གྲུ་གང་མཐའ་བསྐོར་འཕང་དུ་བརྩིག །ས་ཚོན་མགར་བའི་སོ་དོག་གམ། །ཡང་ན་སྣུམ་ཆེན་བསྲེགས་པའི་ས། །ནག་པོའི་ས་ལ་ཨེ་ཞལ་བྲི། །མཱུ་ལ་རཀྟ་ཟླ་གམ་སྐུ། །འོད་ཕྱུང་མཐའ་བསྐོར་བུ་ཡུག་རྣམས། །དམར་པོ་ཡོན་ཏན་དབང་དུ་སྡུད། །དེ་ཡི་དབུས་སུ་སྔགས་ཀྱི་རྫས། །དམར་པོ་དཔལ་དང་ལྡན་པའི་རྫས། །བཤུལ་ལ་སོགས་པའི་སྣུམ་པར་སྔོ། །དེ་ཡི་དབུས་སུ་ཡངས་པར་བཤམ། །འགྲམ་མམ་སྟེང་དུ་སྔགས་ཀྱི་རྫས། །ཐོད་པ་རྣམ་གཉིས་བཅུད་དང་ལྡན། །འཕྲོ་འདུ་དམིགས་པའི་རྟེན་དུ་བཞག །མཐའ་སྐོར་མེ་རི་དམར་པོ་ལ། །ཕུར་པ་དང་ནི་རྫས་རྣམས་དགྲམ། །མེ་སྔགས་བཏབ་སྟེ་གཞག་པར་བྱ། །གསང་བའི་གཟུངས་ཐག་དམར་པོས་བཅིངས། །དེ་ནས་ཐལ་བ་བསྒྲུབ་པའི་ཕྱིར། །ཟླ་གམ་སྟེང་དུ་ལོངས་སྤྱོད་དགྲམ། །བམ་གྱི་རི་བོའི་ས་ཕྱོགས་སུ། །མ་མོའི་གོམ་པ་དྲུག་ཅུ་ཡིས། །རྡོ་རྗེའི་འགྲོས་སུ་སོང་ནས་ཀྱང་། །རྡོ་རྗེའི་དཔུང་གིས་ས་ཕྱོགས་སུ། །བཅུ་དྲུག་རོལ་པའི་ཕོ་ཉ་དགྱེ། །ཧྲཱྀཿ། དབང་ཆེན་དཔལ་གྱི་ཐུགས་ཀ་ནས། །བཅུ་དྲུག་རོལ་པའི་ཕོ་ཉ་མོ། །ཟངས་ཀྱི་འཕར་བ་རྐང་གཅིག་དེ། །ཁ་བརྒྱད་ཟླ་གམ་ཚོགས་ལ་རོལ། །མིག་བརྒྱད་སྡང་མིག་ཞེ་ལ་གནོན། །སྤུ་ཏོག་ལྕགས་ཀྱུ་དམར་པོ་ལ། །དུང་གི་ཚ་ཚ་དཀར་པོ་འཕྲོ། །མཆེ་བ་ཟང་ཡག་འབར་བ་ལ། །མ་མོ་བཅུ་དྲུག་རོལ་པ་ཉིད། །ང་རོ་འབྲུག་སྟོང་ལྡིར་བ་ལས། །ཏ་ཀྲྀཏ་རྒྱལ་མོ་རོལ་པ་ཉིད། །དམ་རྫས་བདུད་རྩིའི་ཆར་འབེབས་མ། །གང་ལ་བྱ་བའི་གནས་དག་ཏུ། །ཐེ་ཚོམ་མེད་པར་དམྱལ་ཐག་གཅོད། །ཛཿཛཿ།


DNG017_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བསྐུལ་ལོ། །དེ་ནས་སྤྱན་རས་གཟིགས་དབང་གིས། །བདུད་རྩིའི་ཆར་འབེབས་མཐོང་ནས་ཀྱང་། །དབང་ཆེན་གར་གྱི་དབང་ཕྱུག་ཆེ། །བཀྲ་ཤིས་རྟ་བྲོ་ཇི་ལྟར་བསྐོར། །ཕྱུང་ནས་ཤུལ་དུ་ཇི་ལྟར་དམིགས། །བྱང་ཤར་མཚམས་སུ་ཇི་ལྟར་བཤིག །རོལ་པ་མཛད་ན་ཅི་ལྟར་མཛད། །སྙིང་དང་བྷན་དྷ་གང་གི་རྟེན། །དབང་པོ་ལྔ་ནི་གང་ལ་གཞག །རྐང་ལག་རྒྱུ་ཕྲེང་གང་ལ་གཞག །ཤུན་དང་ཐོད་པ་གང་ལ་གཞག །བདུད་རྩིའི་ཆར་ནི་ཇི་ལྟར་དབབ། །དེ་སྐད་ཅེས་ནི་ཞུས་པས་ན། །གར་དབང་གསུང་གིས་བཀའ་སྩལ་པ། །སེམས་དཔའ་ཆེན་པོ་སྤྱན་རས་གཟིགས། །ཡི་གེ་ཧཱུཾ་གི་རྟ་བྲོས་འཆམ། །ཁྲོ་བོ་རྫས་ལ་དམིགས་ནས་གདབ། །དུར་ཁྲོད་ལས་དག་སྤྱན་དྲངས་ཏེ། །ཧེ་ཡི་སྟེང་དུ་གཞག་པར་བྱ། །བྷན་དྷ་དབང་པོ་ལྔ་ཡི་རྟེན་ཕྲལ་ནས། །ཟླ་གམ་དབུས་སུ་གཞག་པར་བྱ། །གཟི་བརྗིད་ལྡན་པའི་ལྷ་མོ་ལྔའི། །རྟེན་དུ་དབང་པོ་ལྔ་ཡང་གཞག །རེའུ་ཆ་ལ་ནི་ནང་ཁྲོལ་ཏེ། །སྒོ་བཞི་ལ་ནི་རྐང་ལག་སྟེ། །བར་ཁྱམས་ལ་ནི་སྒལ་ཚིགས་གཞག །མེ་རི་ལ་ནི་རྒྱུ་ཕྲེང་ངོ་། །ཤུན་གྱི་གཡབ་དང་རླུང་གི་ཕྱོགས། །སྣ་ཚོགས་ཡམ་ཤིང་རྫས་ལ་གཞག །དེ་སྐད་གསུངས་མ་ཐག་ཏུ་ནི། །སྤྱན་རས་གཟིགས་དབང་ལ་སོགས་པའི། །རོལ་པའི་འཁོར་ཚོགས་མང་པོ་ཡིས། །ལུ་གུ་རྒྱུད་ཀྱི་བྲོས་བསྐོར་ཏེ། །གར་གྱི་དབང་ཕྱུག་ཆེན་པོ་ཡི། །བྱིན་རླབས་ཡོངས་སུ་རྫོགས་པ་ཡི། །ཐུགས་དམ་བསྐུལ་ཕྱིར་འདི་གསུངས་སོ། །གར་དབང་ཉིད་དུ་བདག་ཅག་རྣམས། །བདག་ཉིད་ཆེན་པོའི་དབང་ཐོབ་ཕྱིར། །རྒྱུ་དྲུག་གནས་པའི་སེམས་ཅན་རྣམས། །དཔའ་བོ་འབྲུ་ལྔས་དབང་བསྐུར་གྱིས། །ངན་སོང་གསུམ་གྱི་ཕུང་པོ་ལ། །འཁོར་བའི་ལམ་ལྔ་དགག་པའི་ཕྱིར། །དཔའ་བོ་འབྲུ་ལྔའི་ཕྲ་བཀོད་པས། །རྒྱུ་དྲུག་འབྲོས་ཁུང་གཅོད་པའི་རྒྱ། །ལུས་ངག་སེམས་ཀྱི་ས་གཞི་ལ། །ཡིག་འབྲུ་འཁྲིགས་པའི་བྲོ་བརྡུངས་པས། །དུག་གསུམ་རྡུལ་ཕྲན་བཞིན་དུ་བཤིག །ཕུང་པོ་ཁམས་དང་སྐྱེ་མཆེད་


DNG017_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ། །སྐུ་གསུང་ཐུགས་སུ་དག་སྦྱོར་བས། །ཕྱག་རྒྱ་ཆེན་པོར་བདག་གྱུར་ཅིག །ཚོན་ལྔ་རྒྱས་པའི་དཀྱིལ་འཁོར་དུ། །ཁམས་གསུམ་འཁོར་བའི་བྲོ་བརྡུངས་པས། །འཁོར་ལོས་སྒྱུར་བའི་རྒྱལ་པོར་བཤད། །ཐིག་ལེ་གསང་བའི་དཀྱིལ་འཁོར་དུ། །རྡོ་རྗེ་ལས་ཀྱི་བྲོ་བརྡུངས་པས། །དབང་ཕྱུག་གར་གྱི་རྒྱལ་པོར་གྱུར། །རྫོགས་སངས་རྒྱས་པའི་དཀྱིལ་འཁོར་དུ། །དཔའ་བོ་རྡོ་རྗེའི་བྲོ་བརྡུངས་པས། །དགྲ་བོ་ཀུན་གྱི་ཀླད་པ་བརྡུང་། །མ་ཚོགས་འདུས་པའི་དཀྱིལ་འཁོར་དུ། །རྐང་པ་ཕུར་པའི་བྲོ་བརྡུངས་པས། །བགེགས་དང་འབྱུང་པོའི་སྙིང་ལ་བརྡུང་། །གིང་ཆེན་འདུས་པའི་དཀྱིལ་འཁོར་དུ། །འཁོར་ལོ་ཐབས་ཀྱི་བྲོ་བརྡུངས་པས། །མ་སྲིང་རྣམས་ཀྱི་སྙིང་ལ་བརྡུང་། །ཕོ་ཉ་འདུས་པའི་དཀྱིལ་འཁོར་དུ། །རྐང་པ་རྒྱན་གྱི་བྲོ་བརྡུངས་པས། །རྒྱབ་ཉན་རྐུན་བུའི་སྙིང་ལ་བརྡུང་། །ཀུན་ཏུ་བཟང་མོའི་མཁའ་དབྱིངས་སུ། །ཙིཏྟ་འབར་བའི་བྲོ་བརྡུངས་པས། །མཉམ་པ་ཉིད་ཀྱི་དབྱིངས་ལ་བརྡུང་། །གསང་བ་ཡུམ་གྱི་བྷ་ག་ལ། །ལས་ཀྱི་ལིངྒའི་བྲོ་བརྡུངས་པས། །བག་ཆགས་གདུག་པའི་ཚོགས་ལ་བརྡུང་། །འཁོར་ཆེན་འདུས་པའི་དཀྱིལ་འཁོར་དུ། །ཉུང་དཀར་གསེར་གྱི་བྲོ་བརྡུངས་པས། །བཀའ་ལས་འདས་པའི་སྙིང་ལ་བརྡུང་། །ཟ་བྱེད་ཆེན་པོའི་དཀྱིལ་འཁོར་དུ། །རྡོ་རྗེ་མཆེ་བའི་ཚེམས་བརྡར་བས། །བཀའ་ལས་འདས་པའི་སྙིང་ལ་བརྡུང་། །ཧ་ཧ་རུ་ལུ་ཧ་ཧ་རུ་ལུ་ཧཱུཾ་ཕཊ། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། ངན་སོང་གནས་ཀྱི་བྲོའི་ལེའུ་སྟེ་སུམ་ཅུ་གཉིས་པའོ།། །།དེ་ནས་ཡང་བརྩོན་འགྲུས་ཆུང་བ་རྣམས་དབུགས་དབྱུང་བའི་ཕྱིར། ཤར་ཕྱོགས་སུ་མིའམ་ཅིའི་འཁོར་རྟ་མགོ་ཅན་འདུལ་བའི་ཕྱིར་འདི་གསུངས་སོ། །ཞིང་བཅུ་བསྒྲལ་བའི་ཕུང་པོ་ལ། །གཏུམ་ཆེན་རྔམ་པའི་སྒྲ་སྒྲོགས་ཤིང་། །དབང་ཆེན་རྟ་སྐད་ཙེ་རེ་རེ། །དཔའ་བོའི་འབྲུག་སྒྲ་འུ་རུ་རུ། །དཔལ་གྱི་རྔ་སྒྲ་


DNG017_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

དི་རི་རི། །རོལ་པའི་རྟ་བྲོ་ཆེམས་སེ་ཆེམ། །གསང་བའི་བཤུག་པ་ཀྱུ་རུ་རུ། །རྔམ་པའི་གློག་འབར་ལྗིབས་སེ་ལྗིབ། །རྡོ་རྗེའི་ཐོག་འབེབ་ལམས་སེ་ལམ། །ཧཱུཾ་གི་དབང་བསྐུར་ཁམས་གསུམ་གཡོ། །ཕཊ་ཀྱི་སྐུ་སྤྲུལ་འཇིག་རྟེན་ཁྱབ། །རཾ་གྱི་མེ་འབར་ཐམས་ཅད་བསྲེགས། །གཅན་གཟན་མུ་ཁ་སྤྲིན་ལྟར་གཏིབས། །ཀང་ཀ་འདབ་ཆགས་སྐར་ལྟར་འཁྲུགས། །སྔོན་གྱི་ཐུགས་དམ་བསྐང་བའི་ཕྱིར། །ཀུན་ཏུ་བཟང་མོའི་མཁའ་དབྱིངས་སུ། །ཁམས་གསུམ་ཡོངས་སྒྲོལ་མཛད་པའི་ཕྱིར། །ཟ་བྱེད་ཆེན་པོའི་དཀྱིལ་འཁོར་འདིར། །རུས་པའི་ཕུང་པོ་སྤུངས་པ་ལས། །གཅན་གཟན་ཆེན་པོའི་བྲོ་བརྡུངས་པས། །བདག་ཏུ་བལྟ་བའི་ང་རྒྱལ་བཅོམ། །ཁྲག་འཐུང་ཆེན་པོའི་དཀྱིལ་འཁོར་དུ། །རཀྟའི་རྒྱ་མཚོ་འཁྱིལ་པ་ལ། །མ་ཆོགས་མཁའ་འགྲོའི་བྲོ་བརྡུངས་པས། །འདོད་ཆགས་ངོ་བོ་རྩད་ནས་བཅོམ། །རྔམ་ཆེན་འཁྲུགས་པའི་དཀྱིལ་འཁོར་དུ། །ཤ་ཆེན་ཕུང་པོ་སྤུངས་པ་ལ། །སྡེར་ཆགས་འདུས་པའི་བློ་བརྡུངས་པས། །བདག་ཏུ་རྟོག་པའི་ཞེ་སྡང་བཅོམ། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ། །དུག་གསུམ་གཞོམ་པའི་ལས་བྱས་པས། །སྔོན་གྱི་དམ་ཚིག་ཆེན་པོར་སྐོང་། །མ་བདུན་མཁའ་འགྲོའི་དཀྱིལ་འཁོར་དུ། །ཏན་གཎ་སྤྲུལ་པའི་ལས་བྱས་པས། །རྣལ་འབྱོར་བསྐང་བའི་ཕྲིན་ལས་རྫོགས། །དབང་ཆེན་གར་གྱི་དཀྱིལ་འཁོར་དུ། །བདུད་བཞི་འདུལ་བའི་ལས་བྱས་པས། །ཁམས་གསུམ་བསྒྲལ་བའི་ཆོ་ག་རྫོགས། །ཕྱག་རྒྱ་ཆེན་པོའི་དཀྱིལ་འཁོར་དུ། །བཀའ་འདས་བསྒྲལ་བའི་ལས་བྱས་པས། །རཱུ་ཏྲ་མནན་པའི་ཆོ་ག་རྫོགས། །ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཅེས་གསུངས་སོ། །རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། རྟ་བྲོའི་ལེའུ་སྟེ་སུམ་ཅུ་གསུམ་པའོ།། །།འདུ་ཤེས་ཆུང་བ་རྣམས་དབུགས་དབྱུང་བའི་ཕྱིར། བཅོམ་ལྡན་འདས་ཁྲག་འཐུང་ཆེན་པོའི་བརྟུལ་ཞུགས་ཀྱི་


DNG017_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་སྐད་གསུངས་སོ། །ཁྲག་འཐུང་ཆེན་པོའི་བརྟུལ་ཞུགས་ནི། །ཞིང་བཅུ་བསྒྲལ་བའི་ཕུང་པོ་ལ། །བདག་ཉིད་ཆེན་པོར་བསྒོམ་བྱས་ཏེ། །དབུ་ནི་རྟ་མཆོག་ཚོགས་ལ་རོལ། །ཐུགས་ནི་སྐྱེ་མེད་དབྱིངས་ལ་རོལ། །ཕྱག་ནི་ཕྲ་མེན་ཚོགས་ལ་རོལ། །གཤོག་པ་གཏི་མུག་ཀླུ་ལ་རོལ། །ཞབས་ནི་ཁྲོ་ཆེན་བརྒྱད་ལ་རོལ། །སྐུ་ནི་རྔམ་བརྗིད་ཆས་ལ་རོལ། །རྡོ་རྗེ་གསང་བའི་ཡུམ་ལ་རོལ། །གསུང་ནི་ཕོ་ཉའི་ཚོགས་ལ་རོལ། །འཁོར་བའི་སྐྱམས་ལིངས་ཆེན་པོ་ལ། །ཕྱོགས་བཅུའི་སངས་རྒྱས་ར་མདར་གཉེར། །ཁོང་སྙིང་ཡུམ་གྱི་བྷ་ག་ལ། །ཁམས་གསུམ་ཡོངས་སྒྲོལ་མཛད་པ་ལས། །ཡེ་ཤེས་ལྔ་ཡི་རུ་དཔོན་མཛད། །ཁྲོ་བོ་རྡོ་རྗེའི་གོ་ཚགས་སྡོམས། །སྤྲུལ་པའི་ཕོ་ཉས་དང་རུ་ཚུགས། །དུག་གསུམ་དཔལ་གྱི་མདའ་མཁར་འགྲིམ། །རྡོ་རྗེ་མཚོན་གྱི་ཆར་པ་ཕོབ། །ལུས་ནི་རྡུལ་ཕྲན་བཞིན་དུ་རློགས། །སེམས་ནི་ཡུམ་གྱི་མཁའ་ལ་སྟོབ། །ཧ་ཧ་རུ་ལུ་ཧཱུཾ་ཕཊ། ཅེས་གསུངས་སོ། །རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། ཁྲག་འཐུང་རོལ་པའི་བྲོའི་ལེའུ་སྟེ་སུམ་ཅུ་བཞི་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཞེ་སྡང་ཅན་རྣམས་དབུགས་དབྱུང་བའི་ཕྱིར། བྱམས་པ་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། གནོད་སྦྱིན་གྱི་སྒོ་སྲུང་སྲིན་པོའི་འཁོར་ཁྱིའི་མགོ་ཅན་རྣམས་འདུལ་བའི་ཕྱིར་འདི་གསུངས་སོ། །ཁྱི་ཡི་བརྟུལ་ཞུགས་ཆེན་པོ་ནི། །ཞིང་བཅུ་བསྒྲལ་བའི་ཕུང་པོ་ལ། །ཁམས་གསུམ་མ་ལུས་བསྒྲལ་བའི་ཕྱིར། །དཔལ་གྱི་ཁྱི་བརྒྱད་ལས་ལ་དགྱེ། །ཚེམས་ནི་སྲ་སྙི་མེད་པར་རྣོ། །སྐད་ནི་ཕྱི་ནང་མེད་པར་ཟུག །དེ་ཕྱིར་བདུད་ཀྱི་མེལ་ཚེ་བ། །བང་ནི་ངལ་དུབ་མེད་པར་མགྱོགས། །དེ་ཕྱིར་ཡེ་ཤེས་སྤྲུལ་པའི་ཁྱི། །ཟས་སུ་གཙང་སྨེ་མེད་པར་འཐུང་། །དེ་ཕྱིར་ཁྲག་དང་དྲི་ཆུ་འཐུང་། །ཤར་གྱི་ཕྱོགས་ནས་རྒྱུག་པ་ནི། །འབྲུག་སྒྲ་ལྡིར་བས་ལྷ་ཆེན་འདུལ། །


DNG017_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

ལྷོ་ཡི་ཕྱོགས་ནས་རྒྱུག་པ་ནི། །གློག་དམར་ལྗགས་ཀྱིས་གཤིན་རྗེ་སྒྲོལ། །ནུབ་ཀྱི་ཕྱོགས་ནས་རྒྱུག་པ་ནི། །རྡོ་རྗེ་ཁྱུང་གཤོག་ཀླུ་འབྲུག་འདུལ། །བྱང་གི་ཕྱོགས་ནས་རྒྱུག་པ་ནི། །གནོད་སྦྱིན་ཕོ་མོའི་སྒལ་རྩིབ་འཇོམས། །ཤར་ལྷོ་མཚམས་ནས་རྒྱུག་པ་ནི། །དྲང་སྲོང་བདུད་འདུལ་བཅར་ལ་འདེབས། །ལྷོ་ནུབ་མཚམས་ནས་རྒྱུག་པ་ནི། །ཟ་བྱེད་སྲིན་པོའི་དོན་སྙིང་འདྲེན། །ནུབ་བྱང་མཚམས་ནས་རྒྱུག་པ་ནི། །རླུང་ལྷ་སྔོན་མོའི་བ་དན་བསྐྱོད། །བྱང་ཤར་མཚམས་ནས་རྒྱུག་པ་ནི། །བགེགས་ཆེན་ཕོ་མོའི་ཤ་ལ་རོལ། །སྟེང་གི་ཕྱོགས་ནས་རྒྱུག་པ་ནི། །ཉི་ཟླ་གཟའ་སྐར་ཁ་ལོང་ཁ། །འོག་གི་ཕྱོགས་ནས་རྒྱུག་པ་ནི། །ས་བདག་ཕོ་མོ་ཐིབས་ཀྱིས་གནོན། །ཀུན་ཀྱང་མི་བཟད་ཅི་འདྲ་ན། །མཆེ་བ་རྒྱ་ཟོར་འགུགས་པ་འདྲ། །སྤྱན་ནི་ཉི་ཟླ་ཞུན་མ་འདྲ། །རལ་པ་ཉི་ཟེར་འཛིངས་པ་འདྲ། །སྡེར་མོ་གནམ་ལྕགས་ཞུན་མ་འདྲ། །ཁྱོད་ཀྱི་ཕྲིན་ལས་དུས་ལ་བབ། །ཀུ་ཀུ་ར་ཙ་ཁ་ལོང་ཁ་ཧཱུཾ་ཕཊ། ཅེས་བསྐུལ་ལོ། །ཞེས་གསུངས་སོ། །རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། ཁྱིའི་བརྟུལ་ཞུགས་ཀྱི་བྲོའི་ལེའུ་སྟེ་སུམ་ཅུ་ལྔ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་གཏི་མུག་ཅན་འདུལ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། སྲིན་པོའི་འཁོར་ལྷོ་ཕྱོགས་གྲུལ་བུམ་གྱི་སྒོས་ཕག་གདོང་ཅན་རྣམས་འདུལ་བའི་ཕྱིར་འདི་གསུངས་སོ། །ཕག་གི་བརྟུལ་ཞུགས་ཆེན་པོས་ནི། །ཞིང་བཅུ་བསྒྲལ་བའི་ཕུང་པོ་ལ། །བླང་དོར་མེད་པར་མཉམ་པ་ལ། །ཕྱོགས་བཅུ་ཟས་སུ་ཟ་བའི་ཕྱིར། །འབར་བའི་ཁྲོན་བརྐོ་ང་རེ་མཁས། །ཁྲོན་དུ་མ་གྱུར་གང་ཡང་མེད། །སྐུ་ནི་འབར་བའི་ཆ་ལུགས་ལ། །གནམ་ལྕགས་དུར་མོའི་གཟེར་གྱིས་བརྒྱན། །ཞལ་ནི་ཕག་གདོང་མཆེ་བར་སྤྲུལ། །གསུང་ནི་གྲུལ་བུམ་ཕྱོགས་སུ་སྒྲོགས། །ཚེམས་ནི་སྲ་སྙི་མེད་པར་རྣོ། །ཤངས་ནི་ཉོན་


DNG017_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་ཐལ་བར་རློག །རྦད་ནས་ཁྲོས་པས་བྲོ་བརྡུང་ཚེ། །སྲིད་གསུམ་མ་ལུས་དབང་དུ་སྡུད། །དམྱལ་ཚོགས་མེ་དཔུང་རྩད་ནས་གཅོད། །དུ་རུ་དུ་རུ་ཚལ་པ་ཚལ་པ་ཧཱུཾ་ཕཊ། ཅེས་གསུངས་སོ། །རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། ཕག་གི་བརྟུལ་ཞུགས་ཀྱི་ལེའུ་སྟེ་སུམ་ཅུ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས། འདོད་ཆགས་བྱའི་བརྟུལ་ཞུགས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ནུབ་ཕྱོགས་སྲིན་པོའི་འཁོར། ཀླུ་འདབ་བཟང་གི་གྲོང་ཁྱེར་གྱི་སྒོ་སྲུང་། བྱ་མགོ་ཅན་དང་འདོད་ཆགས་ཅན་གདུལ་བའི་ཕྱིར་འདི་གསུངས་སོ། །རྡོ་རྗེ་གཤོག་པའི་བྱིན་རླབས་ལས། །བྱ་ཡི་བརྟུལ་ཞུགས་ཆེན་པོ་ནི། །ཞིང་བཅུ་བསྒྲལ་བའི་ཕུང་པོ་ལ། །རྡོ་རྗེའི་གཤོག་ཆེན་གདེངས་པའི་ཚེ། །ཁམས་གསུམ་ཁྱབ་པར་གཟན་ལ་ཚོལ། །རྡོ་རྗེའི་སྡེར་ཆེན་བཅུམ་པའི་ཚེ། །རྒྱུད་དྲུག་སེམས་ཅན་སྦར་མོར་འཛུད། །རྡོ་རྗེའི་མཆེ་སྡེར་ཆེན་པོ་གདེངས་པའི་ཚེ། །རྒྱུད་དྲུག་ཅིག་ཆར་རིལ་མིད་མཛད། །བྱ་ཡི་བརྟུལ་ཞུགས་ཆེན་པོ་ནི། །ཞིང་བཅུ་བསྒྲལ་བའི་ལྷག་རོལ་ལ། །དཀར་པོའི་ཚོགས་དང་དམར་པོའི་ཚོགས། །དབྱར་གྱི་ཆར་སྤྲིན་འཁྲིགས་པ་བཞིན། །ལྡིང་ཞིང་འབབ་ལ་འབབས་ཤིང་འཇོམ། །གཏན་ནས་ལེན་པའི་ལས་མཛོད་ཅིག །མ་མ་ཀོ་ཏཀྴ་ཡ། མ་མ་ཀོ་ཏཀྴ་ཡ། ཧ་ཧ་རུ་ལུ་ཧ་ཧ་རུ་ལུ་ཧཱུཾ་ཕཊ། ཅེས་གསུངས་སོ། །རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། བྱའི་བརྟུལ་ཞུགས་ཀྱི་བྲོའི་ལེའུ་སྟེ་སུམ་ཅུ་བདུན་པའོ།། །།དེ་ནས་གསང་བའི་བདག་པོས་འཇིག་རྟེན་དྲུག་གི་བྱང་ཤར་མཚམས་སུ། དུར་ཁྲོད་གསང་བ་བཀྲོལ་ཏེ་རོལ་པའི་ཕྱིར། །གར་དབང་ལྷ་མཆོག་པདྨ་ཧེ་རུ་ཀ །འོག་མིན་གནས་མཆོག་དམ་པའི་དུར་ཁྲོད་ནས། །འོག་མིན་ལྕང་ལོ་ཅན་གྱི་ཕོ་བྲང་དུ། །ཐུགས་རྗེ་ཆེན་པོ་མངའ་བས་དགོངས་སུ་གསོལ། །དུར་ཁྲོད་གསང་བའི་དཀྱིལ་འཁོར་འདིར། །གྲུ་


DNG017_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་མཐིང་ནག་འབར་བའི་ཀློང་། །རྒྱ་གྲམ་ཁྲག་གི་རྦ་རླབས་འཁྱིལ། །ཀེང་ཐོད་གསར་རྙིང་གཤག་ཏུ་གཏམས། །ཀེང་རུས་གཞིབས་པའི་དྲག་ཤུལ་གྱི། །དབང་ཆེན་ཐོག་ཐོག་སེར་ཆེན་འབེབས། །ཧཱུཾ་གི་སྒྲ་སྐད་འབྲུག་སྟོང་ལྡིར། །ཏ་ཀྲྀཏ་རྒྱལ་པོ་དུག་གསུམ་འཇོམས། །རོལ་ཅིག་དཀྲུགས་ཤིག་ཕོ་ཉའི་ཚོགས། །བམ་གྱི་རི་བོ་སྤུངས་པ་ལ། །ལས་བདག་འཁོར་བཅས་གཤེགས་སུ་གསོལ། །ཨེ་ཧྱེ་ཧི་བྷ་ག་ཝཱན་སརྦ་ཊཱཀྐི་ནི་སྟྭཾ། ཞེས་གསུངས་པས། ཆེ་བཙན་འགྲན་གྱི་ཟླ་མེད་གར་གྱི་དབང་ཕྱུག་ཆེན་པོས་རྣམ་པར་རོལ་པར་མཛད་དེ། ཕྱི་མའི་ཚེ་ཕྱི་མའི་དུས་ན། སྙིགས་མ་ལྔ་ལ་བབས་པའི་སེམས་ཅན་རྣམས། དུག་གསུམ་དབང་གི་རཱུ་ཏྲའི་རྗེས་བསྲུང་བ། ད་ལྟའི་གདུག་པ་ཅན་རྣམས་བསྒྲལ་བའི་བག་ཆགས་མནན་པ་དང་། ཕྱི་མའི་ཚེ་ཕྱི་མའི་དུས་ཀྱི་ཞིང་བཅུ་བསྒྲལ་བའི་ཕྱིར། བསྒྲལ་བའི་ཕུང་པོའི་ལྷག་མ་ལ། སྒྲོལ་བའི་དུས་དང་དུས་སུ། གནས་ཀྱི་བྲོ་བརྒྱད་བརྡུང་བར་བྱ། ཞེས་གསུངས་ཏེ། དུག་གསུམ་གྱི་གནས་མགོ་ལ་ལང་ཀ་མནན་པའི་བྲོ་བརྡུངས་ཏེ། ཧཱུཾ་རཱུ་ཏྲ་བསྒྲལ་བའི་ཕུང་པོ་ལ། །ལུ་གུ་རྒྱུད་དུ་སྦྲེལ་བསྡམས་ནས། །ཁྲག་འཐུང་འབར་བའི་དབུ་གཙུག་ཏུ། །མཐིང་ནག་གྲུབ་པའི་དཀྱིལ་འཁོར་དུ། །ཧྲཱྀཿལས་གྲུབ་པའི་རྟ་མགོ་ལྔ། །ཧཱུཾ་གི་འབྲུག་སྟོང་ལྡི་རི་རི། །དེ་ཡི་བྱིན་རླབས་ཆེན་པོ་ལས། །ལང་ཀ་མནན་པའི་བྲོ་བརྡུང་འཚལ། །རྟ་སྡེར་ཆེན་པོས་སྟོང་གསུམ་གཡོས། །རྟ་སྐད་རྔམ་པས་ཐུགས་དམ་བསྐུལ། །བཀའ་བཞིན་ལས་ལ་གཤེགས་སུ་གསོལ། །ཨེ་ཧྱེ་ཧི་བྷ་ག་ཝཱན་ཧྲིཾ་ཧྲིཾ། ཞེས་དྲག་ཏུ་བསྐོར་ཞིང་བཞུགས་སོ། །རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། ལང་ཀ་མནན་པའི་བྲོའི་ལེའུ་སྟེ་སུམ་ཅུ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས། ཙིཏྟ་ནི་འཁོར་བའི་འཁོར་ལོ་ཡིན་པས། ཙིཏྟ་དཀྱིལ་འཁོར་ལ་བྲོ་


DNG017_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

བརྡུང་ཞེས་གསུངས་ཏེ། ཧཱུཾ་ལང་ཀ་བསྒྲལ་བའི་ཕུང་པོ་ལ། །ལུ་གུ་རྒྱུད་དུ་སྦྲེལ་བསྡམས་ཤིང་། །ཁྲག་འཐུང་འབར་བའི་དཀྱིལ་འཁོར་ནས། །ཧཱུཾ་ལས་གྲུབ་པའི་དཔལ་བེའུ་ལྔས། །ཡེ་ཤེས་ལྔ་ཡི་ཕྱག་རྒྱར་འཁྲུགས། །དེ་ཡི་བྱིན་རླབས་ཆེན་པོ་ལས། །རིགས་ལྔའི་ཁྲག་འཐུང་སྤྲིན་ལྟར་འཁྲིགས། །ཙིཏྟ་འཁོར་བའི་རི་དྭགས་ལ། །ཡེ་ཤེས་ལྔ་ཡི་ཁྱི་བཀྱེ་སྟེ། །དུས་གསུམ་སངས་རྒྱས་ར་མདར་གཉེར། །གློ་སྙིང་ཡུམ་གྱི་བྷ་ག་ལ། །རྒྱུད་དྲུག་འཁོར་བའི་ལིངས་འདེབས་སོ། །ཡེ་ཤེས་བརྒྱད་ཀྱི་དཀྱིལ་འཁོར་དུ། །དུར་ཁྲོད་བརྒྱད་ཀྱི་ཡུལ་ཕྱུང་སྟེ། །འཁོར་བ་རྒྱུན་གཅོད་ཐུགས་རྗེའི་བྲོ། །སྲིན་པོ་བསྒྲལ་བའི་སྙིང་ལ་བརྡུང་། །ཛྙཱ་ན་སིདྡྷི་སྥ་ར་ཎ་ཡ། ཞེས་གསུངས་སོ། །རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། ཙིཏྟ་འཁོར་བ་བྲོའི་ལེའུ་སྟེ་སུམ་ཅུ་དགུ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས། རྣམ་པར་ཤེས་པའི་ཚོགས་བརྒྱད་དག་པར་བྱ་བའི་ཕྱིར། དུར་ཁྲོད་བརྒྱད་དུ་རོལ་ཏེ། ཧཱུཾ་རཱུ་ཏྲ་བསྒྲལ་བའི་རྣམ་ཤེས་ལ། །ལུ་གུ་རྒྱུད་དུ་སྦྲེལ་བསྡམས་ཏེ། །མཚུངས་མེད་ཆེ་བའི་ཁྱད་པར་བསྟན་པའི་ཕྱིར། །ང་རྒྱལ་མཐུ་བསྙེམས་བདུད་ཀྱི་དཔུང་བཅོམ་ནས། །འཇིག་རྟེན་འདས་པའི་དེ་བ་ཆེན་པོ་བརྒྱད། །ཆེ་བའི་དྲག་དང་ལྡན་པས་དབང་ཕྱུག་ཡང་ཆེ་གནོན། །དྲག་ཤུལ་ཆེན་པོས་འདུལ་བར་བཀའ་སྩལ་པ། །ཧཱུཾ་དང་ཀཱ་ཡི་འཕྲོ་འདུ་ལས། །ཁྲོ་བོ་མཐིང་ནག་སྤྲིན་ལྟར་གཏིབས། །ཁྲོ་ཆུང་ཚོན་གང་སྐར་ལྟར་འཁྲུགས། །ཧཱུཾ་ཀཱ་ར་ཡི་ཕྱག་རྒྱར་གསལ། །ཉི་ཟླ་བསྒྲལ་བའི་རྣམ་ཤེས་ལ། །ཏ་ཀྲྀཏ་ཆེན་པོ་དོག་ལ་གཤེགས། །རཱུ་ཏྲ་ཐལ་བར་རློག་པའི་བྲོ། །བདུད་ནི་ཕྱེ་མར་འཐག་པའི་བྲོ། །རུས་པ་ཐལ་ཆེན་བརྡལ་བ་ལ། །རླུང་ནག་འཚུབས་མ་ཕྱོགས་བཅུར་འཁྲིགས། །འོད་ཆེན་རྡོ་རྗེའི་བུ་ཡུག་འཚུབས། །ཧཱུཾ་དང་ཨཱརྱའི་འཕྲོ་འདུ་ལས། །ཁྲོ་བོ་ལྗང་སྔོན་སྤྲིན་ལྟར་གཏིབས། །ཁྲོ་ཆུང་ཚོན་གང་སྐར་ལྟར་འཁྲུགས། །མི་གཡོ་མགོན་པོའི་ཕྱག་རྒྱར་གསལ། །


DNG017_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

སྲིན་པོ་བསྒྲལ་བའི་རྣམ་ཤེས་ལ། །ཏ་ཀྲྀཏ་ཆེན་པོ་དོག་ལ་གཤེགས། །རཱུ་ཏྲ་ཐལ་བར་རློག་པའི་བྲོ། །བདུད་ནི་ཕྱེ་མར་འཐག་པའི་བྲོ། །རུས་པ་ཐལ་ཆེན་བརྡལ་བ་ལ། །རླུང་ནག་འཚུབས་མ་ཕྱོགས་བཅུར་འཁྲིགས། །འོད་ཆེན་རྡོ་རྗེའི་བུ་ཡུག་འཚུབས། །ཡ་དང་མ་ཡི་འཕྲོ་འདུ་ལས། །ཁྲོ་བོ་མཐིང་ག་སྤྲིན་ལྟར་གཏིབས། །ཁྲོ་ཆུང་ཚོན་གང་སྐར་ལྟར་འཁྲུགས། །གཤིན་རྗེ་གཤེད་པོའི་ཕྱག་རྒྱར་གསལ། །གཤིན་རྗེ་བསྒྲལ་བའི་རྣམ་ཤེས་ལ། །ཏ་ཀྲྀཏ་ཆེན་པོ་དོག་ལ་གཤེགས། །རཱུ་ཏྲ་ཐལ་བར་རློག་པའི་བྲོ། །བདུད་ནི་ཕྱེ་མར་འཐག་པའི་བྲོ། །རུས་པ་ཐལ་ཆེན་བརྡལ་བ་ལ། །རླུང་ནག་འཚུབས་མ་ཕྱོགས་བཅུར་འཁྲིགས། །འོད་ཕུང་རྡོ་རྗེའི་བུ་ཡུག་འཚུབས། །ནཱི་དང་ལ་ཡི་འཕྲོ་འདུ་ལས། །ཁྲོ་བོ་ལྗང་སྔོན་སྤྲིན་ལྟར་གཏིབས། །ཁྲོ་ཆུང་ཚོན་གང་སྐར་ལྟར་འཁྲུགས། །དབྱུག་པ་སྔོན་པོའི་ཕྱག་རྒྱར་གསལ། །དྲང་སྲོང་བསྒྲལ་བའི་རྣམ་ཤེས་ལ། །ཏ་ཀྲྀཏ་ཆེན་པོ་དོག་ལ་གཤེགས། །རཱུ་ཏྲ་ཐལ་བར་རློག་པའི་བྲོ། །བདུད་ནི་ཕྱེ་མར་འཐག་པའི་བྲོ། །རུས་པ་ཐལ་ཆེན་གདལ་བ་ལ། །རླུང་ནག་འཚུབས་མ་ཕྱོགས་བཅུར་འཁྲིགས། །འོད་ཆེན་རྡོ་རྗེའི་བུ་ཡུག་འཚུབས། །པད་དང་མ་ཡི་འཕྲོ་འདུ་ལས། །ཁྲོ་བོ་དུད་ཁ་སྤྲིན་ལྟར་གཏིབས། །ཁྲོ་ཆུང་ཚོན་གང་སྐར་ལྟར་འཁྲུགས། །པདྨ་འཁྱིལ་པའི་ཕྱག་རྒྱར་གསལ། །ཆུ་བདག་བསྒྲལ་བའི་རྣམ་ཤེས་ལ། །ཏ་ཀྲྀཏ་ཆེན་པོ་དོག་ལ་གཤེགས། །རཱུ་ཏྲ་ཐལ་བར་རློག་པའི་བྲོ། །བདུད་ནི་ཕྱེ་མར་འཐག་པའི་བྲོ། །རུས་པ་ཐལ་ཆེན་བརྡལ་བ་ལས། །རླུང་ནག་འཚུབས་མ་ཕྱོགས་བཅུར་འཁྲིགས། །འོད་ཆེན་རྡོ་རྗེའི་བུ་ཡུག་འཚུབས། །ཊཱ་དང་ཀི་ཡི་འཕྲོ་འདུ་ལས། །ཁྲོ་བོ་དམར་སྐྱ་སྤྲིན་ལྟར་གཏིབས། །ཁྲོ་ཆུང་ཚོན་གང་སྐར་ལྟར་འཁྲུགས། །ཊཱ་ཀི་རཱ་ཛའི་ཕྱག་རྒྱར་གསལ། །རླུང་ལྷ་བསྒྲལ་བའི་རྣམ་ཤེས་ལ། །ཏ་ཀྲྀཏ་ཆེན་པོ་དོག་ལ་གཤེགས། །རཱུ་


DNG017_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

ཏྲ་ཐལ་བར་རློག་པའི་བྲོ། །བདུད་ནི་ཕྱེ་མར་འཐག་པའི་བྲོ། །རུས་པ་ཐལ་ཆེན་བརྡལ་བ་ལ། །རླུང་ནག་འཚུབས་མ་ཕྱོགས་བཅུར་འཁྲིགས། །འོད་ཆེན་རྡོ་རྗེའི་བུ་ཡུག་འཚུབས། །ཨ་དང་མྲྀ་ཡི་འཕྲོ་འདུ་ལས། །ཁྲོ་བོ་ལྗང་ནག་སྤྲིན་ལྟར་གཏིབས། །ཁྲོ་ཆུང་ཚོན་གང་སྐར་ལྟར་འཁྲུགས། །བདུད་རྩི་འཁྱིལ་པའི་ཕྱག་རྒྱར་གསལ། །གནོད་སྦྱིན་བསྒྲལ་བའི་རྣམ་ཤེས་ལ། །ཏ་ཀྲྀཏ་ཆེན་པོ་དོག་ལ་གཤེགས། །རཱུ་ཏྲ་ཐལ་བར་རློག་པའི་བྲོ། །བདུད་ནི་ཕྱེ་མར་འཐག་པའི་བྲོ། །རུས་པ་ཐལ་ཆེན་བརྡལ་བ་ལ། །རླུང་ནག་འཚུབས་མ་ཕྱོགས་བཅུར་འཁྲིགས། །འོད་ཆེན་རྡོ་རྗེའི་བུ་ཡུག་འཚུབས། །མ་དང་ཧཱ་ཡི་འཕྲོ་འདུ་ལས། །ཁྲོ་བོ་སེར་ནག་སྤྲིན་ལྟར་གཏིབས། །ཁྲོ་ཆུང་ཚོན་གང་སྐར་ལྟར་འཁྲུགས། །མ་ཧཱ་བ་ལའི་ཕྱག་རྒྱར་གསལ། །བགེགས་ཆེན་བསྒྲལ་བའི་རྣམ་ཤེས་ལ། །ཏ་ཀྲྀཏ་ཆེན་པོ་དོག་ལ་གཤེགས། །རཱུ་ཏྲ་ཐལ་བར་རློག་པའི་བྲོ། །རུས་པ་ཐལ་ཆེན་བརྡལ་བ་ལས། །རླུང་ནག་འཚུབས་མ་ཕྱོགས་བཅུར་འཁྲིགས། །འོད་ཆེན་རྡོ་རྗེའི་བུ་ཡུག་འཚུབས། །ཧ་ན་ཧ་ན་རྒྱོབ། གརྫ་གརྫ་སྒྲོགས། ད་ཧ་ད་ཧ་སྲེགས། པ་ཙ་པ་ཙ་ཚོས། བྷནྡྷ་བྷནྡྷ་ཆིངས། ཧུ་ལུ་ཧུ་ལུ་ཞུགས། བྷིན་དྷ་བྷིན་དྷ་ཕུག །ཚིནྡྷ་ཚིནྡྷ་ཆོད། ཏིཥྛ་ཏིཥྛ་གནས། སྥོ་ཊ་སྥོ་ཊ་སྤོར། ཞེས་གསུངས་ཤིང་དྲག་པོར་རོལ་ལོ། །རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། ཏ་ཀྲྀཏ་བརྒྱད་ཀྱི་བྲོའི་ལེའུ་སྟེ་བཞི་བཅུ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས། བསྒྲལ་བའི་ཞིང་བཅུའི་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་ཀྱི་དོན་ལ་རོལ་ཅིང་སྦྱང་བའི་ཕྱིར། ཞབས་ཀྱི་ཆས་བརྒྱད་བྲོ་བརྡུངས་ཏེ། ཧཱུཾ་སྲིན་པོ་རཱུ་ཏྲ་བསྒྲལ་བའི་ཕུང་ཁམས་སྐྱེ་མཆེད་ལ། ལུ་གུ་རྒྱུད་དུ་སྦྲེལ་བསྡམས་ཏེ། །མི་གནས་ཡེ་ཤེས་ཐུགས་ཀྱི་དཀྱིལ་འཁོར་དུ། །ལྷ་ཆེན་མགོ་བཅད་དུར་ཁྲོད་བརྒྱད་དུ་སྤྲུལ། །ཞེ་སྡང་གདུག་པའི་ཚོགས་བརྒྱད་གནས་སུ་བསྒྲལ། །


DNG017_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་བཞི་མཚམས་བརྒྱད་དྲེགས་པ་འདུལ་བའི་ཕྱིར། །ཞབས་ཀྱི་ཆས་བརྒྱད་རྣམ་ཤེས་བརྒྱད་དུ་སྤྲུལ། །བྱང་ཆུབ་སེམས་དཔའ་བརྒྱད་ཀྱི་འཕྲོ་འདུ་དང་། །ཕྲ་མེན་མུ་ཁ་བརྒྱད་ཀྱི་འཇོ་ཚུལ་དང་། །ཏ་ཀྲྀཏ་བརྒྱད་ཀྱི་ཐུགས་དམ་བསྐང་བའི་ཕྱིར། །གར་དང་བརྡ་ཡིས་མཚོན་ནས་སྤྱན་འདྲེན་ན། །དམ་ཚིག་གསང་བའི་བྲོ་ལ་གཤེགས་སུ་གསོལ། །དཔའ་བོ་ཏིང་འཛིན་སྟག་གི་ཆས་མཆོག་གིས། །དྲེགས་པའི་མགོ་བཅད་བྷནྡ་གསང་བའི་བྲོ། །གནོད་གདུག་ཟློག་བྱེད་རྒྱ་བྱེའུའི་ཆས་མཆོག་གིས། །རྟོག་འཇོམས་སྤྱོད་པ་བརྟུལ་ཞུགས་ཆེན་པོའི་བྲོ། །ཤེས་རབ་ཏིང་འཛིན་རྡོ་རྗེའི་ཆས་མཆོག་གིས། །མི་འགྱུར་གཡུང་དྲུང་སྐྱིད་རྟགས་དཔལ་གྱི་བྲོ། །དབང་གི་བསེ་ཁྲབ་གཟི་འབར་ཆས་མཆོག་གིས། །ཁམས་གསུམ་དབང་སྡུད་རཀ་ཏ་ཆགས་པའི་བྲོ། །དཔལ་བརྗིད་མཉེན་ལྕུག་སྦྲུལ་ནག་ཆས་མཆོག་གིས། །མཁའ་དབྱིངས་རྣམ་དག་གསང་བ་ཡུམ་གྱི་བྲོ། །དབང་ཕྱུག་དམར་གསལ་མཆེ་བའི་ཆས་མཆོག་གིས། །སྡུག་བསྔལ་ནད་སེལ་ཟུག་རྔུ་གཅོད་པའི་བྲོ། །ཤུ་ཀེན་སྨད་གཡོགས་དར་གྱི་ཆས་མཆོག་གིས། །དུར་ཁྲོད་གནས་སུ་མ་མོ་མཉེས་པའི་བྲོ། །གཅན་གཟན་རྒྱལ་པོ་གཟིག་གི་ཆས་མཆོག་གིས། །འདུལ་སྦྱོར་དྲག་པོ་ལས་ཀྱི་ཚར་གཅོད་བྲོ། །འདུལ་བྱེད་ཞབས་ཀྱིས་ཐམས་ཅད་ཟིལ་གྱིས་གནོན། །ཛཿཧཱུཾ་བཾ་ཧོཿསྤྱན་འདྲེན་གཤེགས་སུ་གསོལ། །ངག་གི་དབང་ཕྱུག་ཐུགས་དམ་བསྐང་བའི་ཕྱིར། །དབང་ཆེན་ཡུམ་ལྔར་བསྐྱེད་པའི་ས་གཞི་ལ། །ང་རྒྱལ་དབང་དུ་སྡུད་པའི་བྲོ་གྲྭ་བཙུགས། །དྲེགས་པ་གཞོམ་ཕྱིར་གཟིར་གནོན་སྟོབས་ཀྱི་ཚུལ། །སྲིད་གསུམ་མ་ལུས་དབྱིངས་སུ་བསྒྲལ་བ་དང་། །ལྷ་ཆེན་ཁྱབ་འཇུག་ཟིལ་གྱིས་མནན་པ་དང་། །གསང་བའི་རཱུ་ཏྲ་ཐལ་བར་རློག་པའི་ཕྱིར། །ཕུང་པོ་ཁམས་དང་སྐྱེ་མཆེད་དོན་ལ་གཤེགས་སུ་གསོལ། །རཀྴ་རཱུ་ཏྲ་མ་ཧཱ་ཙིཏྟ་ཛ་ཛ། ཅེས་དྲག་ཏུ་བསྐོར་རོ། །རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་


DNG017_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

ཏནྟྲ་ལས། ཕུང་པོ་ཁམས་དང་སྐྱེ་མཆེད་ལ་ཞབས་ཆས་བརྒྱད་ཀྱི་བྲོའི་ལེའུ་སྟེ་བཞི་བཅུ་གཅིག་པའོ།། །།དེ་མ་ཐག་ཏུ་ལྷ་མོ་ཟ་བྱེད་བཞིས། །ཡན་ལག་བཞི་ལ་བྲོ་བརྡུངས་པ། །ཧཱུཾ་སྲིན་པོ་རཱུ་ཏྲ་བསྒྲལ་བའི་ཡན་ལག་ལ། །ལུ་གུ་རྒྱུད་དུ་སྦྲེལ་བསྡམས་ནས། །ཐོགས་མེད་ལས་ཀྱིས་དབང་སྡུད་ཨ་མོ་དེ། །ཡན་ལག་ཆེན་པོ་གསེར་གྱི་ས་གཞི་ལ། །ལྕགས་ཀྱུ་དམར་པོས་འཁོར་བའི་ནད་ཁྲག་འབྱིན། །ཨ་མོ་དེ་བ་འདིར་གཤེགས་ཨཾ་ཀུ་ཤ །ཡོན་ཏན་ལྷུན་གྲུབ་ཅིར་ཡང་སྤྲུལ་པའི་སྐུ། །དུར་ཁྲོད་གསང་བའི་མ་མོ་གློག་འགྱུ་མ། །རྡོ་རྗེ་ཞགས་པས་ཁམས་གསུམ་ཅིག་ཅར་བཅིངས། །ལྷ་མོ་གློག་འགྱུ་འདིར་གཤེགས་པཱ་ཤ་ཧཱུཾ། །གསུང་གིས་ཐམས་ཅད་ཟིལ་གྱིས་གནོན་པའི་ཡུམ། །རྡོ་རྗེའི་དྲ་བ་བཀའ་ཡི་རྗེས་གཅོད་མ། །ལྕགས་སྒྲོག་དམར་པོས་རྒྱུད་དྲུག་ཅིག་ཅར་བསྡམ། །རྡོ་རྗེ་དྲ་བ་འདིར་གཤེགས་སྥོ་ཊ་བཾ། །སྐུ་མཆོག་མི་བཟད་འབར་བའི་སྐུ་གཅིག་མ། །རྡོ་རྗེ་སྡེར་མོ་རལ་པའི་ཅོད་པན་ཅན། །རྡོ་རྗེ་དྲིལ་བུས་མ་ལུས་དགྱེས་པ་བསྐྱེད། །དུར་ཁྲོད་སྒྲ་ཡི་ཚོགས་འགྱུར་གྷཎྜ་ཧོཿ། །ཞེས་གསུངས་ཏེ་དྲག་པོར་རོལ་ལོ། །རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། ཡན་ལག་བཞི་ལ་ལྷ་མོ་ཟ་བྱེད་བཞིའི་བྲོ་བརྡུངས་པའི་ལེའུ་སྟེ་བཞི་བཅུ་གཉིས་པའོ།། །།དེ་མ་ཐག་ཏུ་ནང་ཁྲོལ་ལ། ངན་སོང་གནས་སུ་སྦྱོང་བའི་ཕྱིར་བྲོ་གྲྭ་བཙུགས་པ་ལ། ཧཱུཾ་སྲིན་པོ་རཱུ་ཏྲ་བསྒྲལ་བའི་ནང་ཁྲོལ་ལ། །ལུ་གུ་རྒྱུད་དུ་སྦྲེལ་བསྡམས་ནས། །སྡུག་བསྔལ་ཡོངས་སྒྲོལ་མཛད་པའི་ཕྲིན་ལས་ཀྱིས། །ངན་སོང་གཏིང་ནས་སྦྱོང་བའི་བྲོ་བརྡུང་འཚལ། །མཁའ་ལྡིང་ཤུགས་ཀྱིས་བསྒྲལ་བའི་བརྩོན་འགྲུས་དང་། །ཕྲ་མེན་མགོ་བརྙན་ཚོགས་ཀྱི་རྐན་སྒྲ་ཡིས། །ཁམས་གསུམ་འཁོར་བ་སྔངས་པའི་གླུ་བླངས་ཏེ། །ལྷག་ཕུད་མེད་པའི་ནང་ཁྲོལ་སྤུངས་པ་ལ། །བྱ་རོག་འུག་པ་བཞད་དང་ཁྭ་ལ་སོགས། །སྟག་དང་སེང་གེ་སྤྱང་ཀི་འཇིགས་


DNG017_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གདོང་རྣམས་ནི། །ལ་ལ་ལྡིང་ཞིང་ལ་ལ་འབབ། །ལ་ལ་འཇོམས་ཤིང་ལ་ལ་འཐོག །ཧ་ཧ་རུ་ལུའི་སྒྲ་སྒྲོགས་པ། །ཞིང་བཅུ་གནས་ནས་སྦྱང་ཕྱིར་གཤེགས་སུ་གསོལ། །ཛཿཛཿཞེས་གསུངས་པས། ཕྲ་མེན་མ་རྣམས་ཀྱིས་ནང་ཁྲོལ་ཁ་ཕྱེ་ནས། སྡང་མིག་ཏུ་བལྟ་ཞིང་གཏུམ་བག་གིས་དྲག་ཏུ་བསྐོར་རོ། །རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། ནང་ཁྲོལ་ངན་སོང་གནས་ཀྱི་བྲོའི་ལེའུ་སྟེ་བཞི་བཅུ་གསུམ་པའོ།། །།དེ་མ་ཐག་ཏུ་གཡང་གཞི་ལ། །མ་མོ་འཁྲུགས་པའི་བྲོ་བརྡུངས་པས། །ཧཱུཾ་སྲིན་པོ་རཱུ་ཏྲ་བསྒྲལ་བའི་ཕུང་པོ་ལ། །ལུ་གུ་རྒྱུད་དུ་སྦྲེལ་བསྡམས་ནས། །ཤ་ཁྲག་དམར་ལ་དགྱེས་པའི་མ་མོ་མཁའ་འགྲོའི་ཚོགས། །གསད་པའི་གོ་བསྲུང་གསང་བའི་དཀྱིལ་འཁོར་སྐྱོང་། །མ་བདུན་ལས་ལ་འཁྲུགས་པའི་དཀྱིལ་འཁོར་དུ། །འཁོར་བའི་གཏིང་སྐེམས་ཞིང་བཅུའི་ནང་ཁྲོལ་ལ། །དུག་གསུམ་གདུག་པའི་ཤུགས་ཀྱིས་འདིར་གཤེགས་ཤིག །གསང་བའི་ཤུན་ཆེན་བརྡལ་བའི་ས་གཞི་ལ། །ཕྱོགས་སྐྱོང་རྒྱལ་མོ་ལས་ལ་འཁྲུགས་པའི་བྲོ། །སྲིན་མོ་སྨུག་ནག་ཐུགས་རྗེ་ཆགས་པའི་བྲོ། །གླིང་བཞི་ཀུན་འབྱམས་རབ་ཏུ་རྔམས་པའི་བྲོ། །བརྟན་མ་བཅུ་གཉིས་མ་ཆེན་འཁྲུགས་པའི་བྲོ། །གསང་བ་ཤུན་གྱི་བྲོ་གྲྭ་འདིར་གཤེགས་ལ། །ཁྱི་ཕག་བྱ་དང་རྡོ་རྗེ་རྟའི་བརྟུལ་ཞུགས་ཀྱིས། །ང་དང་བདག་ཏུ་ལྟ་བའི་མུན་ཁང་ཤིག །རཱུ་ཏྲའི་གནས་བཅོམ་ཤ་ཟའི་མཎྜལ་ལ། །ཤ་ཟན་སྟོང་གི་ཆུན་ལ་གདེངས་སེ་དེང་། །རཀྟ་དམར་གྱི་རྦ་ཀློང་འཁྱིལ་པ་ལ། །ཁྲག་འཐུང་སྟོང་གི་རྐན་སྒྲ་ཆིལ་ལི་ལི། །རུས་པ་ཚོགས་ཀྱི་མཁར་དུ་གཏམས་པ་ལ། །མཆེ་བ་དུང་གི་སོ་སྒྲ་ཐིབས་སེ་ཐིབ། །གཡང་གཞི་སྤྲིན་གྱི་བ་དན་ལྷུབས་སེ་ལྷུབ། །འདི་འདྲའི་དུར་ཁྲོད་གསང་བའི་ས་གཞི་ལ། །དབང་ཆེན་འཁྲུགས་པའི་བྲོ་སྒྲ་དིར་རི་རི། །སྐྱེས་བུ་གིང་ཆེན་འདུས་པའི་ས་གཞི་ལ། །མ་མོ་ལས་ལ་འཁྲུགས་


DNG017_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བྲོ་བརྡུངས་པས། །བདུད་དང་སྲིན་པོའི་མིག་འབྲས་ཐང་ལ་ལྷུང་། །གཏི་མུག་ཀླུ་དབང་སྙིང་ཁྲག་ཁོང་ནས་སྐྱུག །ལང་ཀ་གདོན་གྱི་ཁ་སོ་སིལ་བུར་རློགས། །རཀྴ་རཱུ་ཏྲ་ཧ་ཧ་རུ་ལུ་རུ་ལུ་ཧཱུཾ་ཕཊ། ཅེས་གསུངས་ཏེ་དྲག་ཏུ་བསྐོར་རོ། །རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། གཡང་གཞི་ལ་མ་མོ་འཁྲུགས་པའི་བྲོ་བརྡུངས་པའི་ལེའུ་སྟེ་བཞི་བཅུ་བཞི་པའོ།། །།དེ་མ་ཐག་ཏུ་རྐང་བཞི་ལ། །ཁྲོ་བོ་གཟིར་གནོན་བྲོ་བརྡུངས་ཏེ། །ཧཱུཾ་སྲིན་པོ་རཱུ་ཏྲ་བསྒྲལ་བའི་ཕུང་པོ་ལ། །ལུ་གུ་རྒྱུད་དུ་སྦྲེལ་བསྡམས་ནས། །རྐང་ལག་རྡོ་རྗེ་ཕུར་པའི་བྲོ། །ཡ་ག་ཅན་གྱི་སྙིང་ལ་བརྡུང་། །ཁྲོ་བོ་རྡོ་རྗེའི་ཐུགས་ཀ་ནས། །ཁྲོ་མོ་འབར་བའི་ཐུགས་ཀ་རུ། །སུམ་བྷ་ནི་ཡི་སྒྲ་བསྒྲགས་པས། །སྔགས་དང་ཕྱག་རྒྱ་རོལ་པའི་བྲོ། །ཞེ་སྡང་ཅན་གྱི་སྙིང་ལ་བརྡུང་། །བསྐལ་པའི་མཐར་ནི་མི་ལྡང་ཕྱིར། །བརྗིད་པའི་སྟབས་དང་སྔགས་ཀྱིས་འཆམ། །ཨོཾ་སུཾ་བྷ་ནི་སུཾ་བྷ་ཧཱུཾ་ཕཊ། གྷྲྀ་ཧྞ་གྷྲྀ་ཧྞ་ཧཱུཾ། གྷྲྀ་ཧྞཱ་པ་ཡ་གྷྲྀ་ཧྞཱ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ། བྷ་ག་ཝཱན། བིདྱཱ་རཱ་ཛ་ནན། ཞེས་གསུངས་ཏེ་མནན་ནོ། །རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། ཁྲོ་བོ་གཟིར་གནོན་གྱི་བྲོའི་ལེའུ་སྟེ་བཞི་བཅུ་ལྔ་པའོ།། །།དེ་ནས་ཡང་ངོ་མཚར་སྐྱེས་ནས་ཀྱང་། སྤྱན་རས་གཟིགས་ཀྱི་དབང་ཕྱུག་གིས། །གར་དབང་ཆེ་ལ་ཞུ་བ་ཞུས། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན། །བདུད་རྩིའི་ཆར་དབབ་ཅི་ལྟར་འབེབས། །དེ་ནས་ཐལ་བའི་ས་བོན་མཆོག །དེ་ཡི་འཕྲོད་དུ་གང་དང་གང་། །དེ་སྐད་ཅེས་ནི་ཞུས་པ་དང་། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་རུ། །ཐམས་ཅད་རོལ་པར་བྱིན་གྱིས་བརླབ། །དུག་ལྔ་འཇོམས་པའི་བདུད་རྩི་མཆོག །ཡེ་ཤེས་ཆེན་པོར་བྱིན་གྱིས་བརླབ། །ཐལ་བའི་ས་བོན་འཕྲོད་དུ་ནི། །འབྲུག་རུས་བྱི་ལ་བན་གླང་དང་། །རྔ་མོ་མཁའ་ལྡིང་ལ་སོགས་པའི། །འབྲས་བུ་ལྔ་པོ་གསར་རྙིང་དང་། །མར་ལ་སོགས་པ་བྱུག་ལ་སྩལ། །དེ་ནས་བསྒྲུབ་པ་བྱ་བ་


DNG017_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །དངོས་མེད་བསྲེག་དང་བདུད་རྩིར་བསྒྲུབ། །འདི་མཚམས་དཔེ་འཁྲུགས་ཤིག་ཡོད་འདྲ་ཡང་བསྡུར་གཞི་མ་རྙེད། ཅེས་གསུངས་པས། གཟི་ལྡན་པད་མ་ཅན་གྱི་ས། །བཅོམ་ལྡན་འདས་ལ་འདི་སྐད་གསོལ་ཏོ། །བཀའ་གསང་རྨད་བྱུང་ཐུགས་ཀྱི་དཀྱིལ་འཁོར་དུ། །གར་དབང་ལྷ་མཆོག་པདྨ་ཧེ་རུ་ཀ །སྲིད་གསུམ་འཇོམས་མཛད་བསྐལ་པའི་མེ་དཔུང་ནི། །སྡིགས་མཛུབ་རྩེ་ལ་བསྐལ་པའི་མེ་སྟག་འཕྲོ། །ཁམས་གསུམ་དབང་སྡུད་ཁྲག་གི་རྒྱ་མཚོ་ནི། །ཧེ་བརྡལ་གྲུ་གསུམ་ཞལ་ནས་འབབ་ཅིང་འཁྱིལ། །ཆེ་བ་རྨད་བྱུང་སྐུ་གསུམ་ལྷུན་གྱིས་གྲུབ། །གདུག་པའི་ཚོགས་འཇོམས་མེ་དཔུང་སྤུ་གྲིའི་སོ། །ཤ་ཆེན་ཚོགས་ལ་རོལ་ཅིང་བཞུགས་སུ་གསོལ། །པཱུ་ཙ་མེ་གྷ་ས་མ་ཡ་ཧཱུཾ། ཞེས་གསུངས་ནས་གར་གྱི་དབང་ཕྱུག་གིས། ཁམས་གསུམ་དབང་སྡུད་ཁྲག་གི་རྒྱ་མཚོ་ནས་རྣམ་པར་རྟོག་པ་མཁྱེན་པས་ཡུམ་གཟི་ལྡན་པདྨ་ཅན་དང་། གསུང་གི་སྒྲས་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། ཆེ་བཙན་འགྲན་གྱི་ཟླ་མེད་གར་གྱི་དབང་ཕྱུག་ཅེས་བྱ་བ་ལ་མཆོད་པ་ཕུལ་བ་ན། དུས་གསུམ་གྱི་སངས་རྒྱས་མཉེས་པར་འགྱུར་རོ། །མེའི་ལྷའི་རྒྱལ་པོ་ཡང་མཉེས་པར་འགྱུར་རོ། །སེམས་ཅན་ཐམས་ཅད་ཚིམ་པར་འགྱུར་རོ། །ཞེས་གསུངས་པ་ལ། སྤྱན་རས་གཟིགས་དབང་ཕྱུག་གིས། ཐེ་ཚོམ་སྐྱེས་ནས། མཁྱེན་བཞིན་དུ་ཕྱི་རབས་རྣལ་འབྱོར་པའི་རྟོག་པ་བསལ་བའི་ཕྱིར། གར་གྱི་དབང་ཕྱུག་ཅིའི་ཕྱིར་ཞེས་ཞུས་པས། ཉོན་ཅིག་སྤྱན་རས་གཟིགས་དབང་ཕྱུག །སྡིགས་མཛུབ་རྩེ་ལ་བསྐལ་པའི་མེ་སྟག་འཕྲོ་བ་མ་མཐོང་ངམ། །ལྷུན་གྲུབ་སངས་རྒྱས་ཕྲིན་ལས་མ་མཐོང་ངམ། །དེ་སྐད་གསུངས་པའི་བྱིན་རླབས་ཀྱིས། །མཐོང་བར་གྱུར་ནས་འདི་སྐད་སྨྲས། །ཨེ་མའོ། ལྷུན་གྲུབ་སངས་རྒྱས་རྣམས། །སངས་རྒྱས་ཕྲིན་ལས་ཡ་མཚན་ཆེ། །ཁྲོ་བོ་སྡིགས་མཛུབ་ཡ་མཚན་ཆེ། །བསྐལ་པའི་མེ་ཆེན་ཡ་མཚན་ཆེ། །ཞེས་གསོལ་པས། གར་གྱི་དབང་ཕྱུག་ཆེན་པོ་ཡིས། །དེ་བས་སྤྱན་རས་གཟིགས་ཀྱི་དབང་། །ཕྱི་མའི་རྣལ་འབྱོར་རྣམས་


DNG017_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཀྱང་། །ལྷུན་གྲུབ་སངས་རྒྱས་གྲུབ་འདོད་པས། །མཚན་དང་ལྡན་པའི་ཤེས་རབ་བསྟན། །འགྲོ་ན་སྟབས་སྡུག་འདུག་ཚུལ་ཤིས། །བསྟེན་ན་ལྷ་ཉེར་གྱུར་པ་ཡི། །གཟུངས་མའི་མཚན་ཡང་བརྟག་པར་བྱ། །པདྨ་ནཱི་དང་ཧསྡི་ནཱི། །ཤངྒ་ནཱི་དང་ཙི་ཏྲ་ནཱི། །དེ་ཡང་པདྨ་ཅན་དང་དུང་ཅན་དང་། །བན་གླང་ཅན་དང་རི་མོ་ཅན། །དེ་ལྟའི་བུ་མོ་བསྟེན་པར་བྱ། །བསྙེན་པ་བཞི་ཁྲི་བཏོན་ནས་ཀྱང་། །མཚན་དང་ལྡན་པའི་ཤེས་རབ་ཅན། །མཆོད་ཅིང་བསྟན་པའི་ལས་བྱའི་ཕྱིར། །ཏིང་འཛིན་མཆོད་པས་ཚིམས་བྱས་ནས། །དེ་ནས་རྫས་ཀྱི་མཆོད་པས་མཆོད། །ཅེས་གསུངས་པས། རོལ་པའི་འཁོར་ཚོགས་རྣམས་རང་རང་ངོ་མཚར་དུ་གྱུར་ནས་ཀུན་ཏུ་བཟང་མོ་གཟི་ལྡན་པདྨ་ཅན་གྱིས་མཆོད་པར་ཡོངས་སུ་རོལ་པར་བྱ་བའི་ཕྱིར། ལང་ཀ་སྲིན་པོ་ལ་སོགས་པའི་འཁོར་བསྒྲལ་བའི་ཞིང་བཅུའི་ཙིཏྟ་བླངས་ཏེ། ཙིཏྟ་དཔལ་བེའུ་ཐུགས་ཀྱི་རང་བཞིན་འདི། །ཆོས་ཉིད་ལྟ་བུའི་རང་བཞིན་ལ། །ཡེ་ཤེས་སྒྱུ་མ་ལྟ་བུར་རོལ་པའི་ཕྱིར། །གར་གྱི་དབང་ཕྱུག་ཡུམ་དང་བཅས་པ་ལ། །བླ་ན་མེད་པའི་དམ་རྫས་མཆོད་པར་འབུལ། །ཞེས་བསྐུལ་ལོ། །མཚན་དང་རུས་པ་བླངས་ཏེ་ཕུལ་བ་ནི། །ཡིད་བཞིན་རིན་ཆེན་ལྟ་བུ་ཆར་གྱི་རྒྱུན། །ཕོ་བྲང་ཡིད་འོད་འབར་བའི་དུར་ཁྲོད་ན། །ཕྱིན་ཅི་ལོག་བཞི་འཇོམས་པའི་དབང་ཕྱུག་ལ། །སྐུ་གསུམ་ཆེ་བར་བརྗིད་པའི་རྫས་མཆོག་འདི། །དཔལ་ཆེན་འབར་བའི་སྐུ་ལ་མཆོད་པ་འབུལ། །རྣ་བ་མཆོད་པར་འབུལ་བ་ནི། །གསུང་གི་རང་བཞིན་མ་འགགས་སོ་སོར་གསན། །སྣ་ཚོགས་སྒྲ་ལྟར་སྣང་བ་བརྗོད་དུ་མེད། །སྟོང་ཉིད་སྟོང་ལ་རོལ་པས་སྟོང་པའི་དབྱིངས། །མཁའ་དང་མཉམ་པའི་དངོས་དང་དངོས་མེད་པའི། །ཅིར་ཡང་ཐབས་ཀྱིས་འདུལ་ལ་མཆོད་པ་འབུལ། །དེ་ལ་བསྐུལ་མ་བཏབ་པ་ནི། །གློག་འགྱུའི་སྤྲུལ་པས་དགྱེས་པའི་ཕྱིར། །ཉོན་མོངས་སྡུག་བསྔལ་ཆུ་བོའི་རྒྱུན་གཅོད་དང་། །རྡུལ་ཕྲན་རྡུལ་གྱི་མི་གོས་ཆགས་པའི་མཆོག །བདག་རྟོག་ལས་ལ་དབང་བསྒྱུར་སྤྲུལ་


DNG017_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྐུ། །སྲིན་པོའི་ཚོགས་ལ་རོལ་མཛད་སྡིགས་པའི་ཚུལ། །ཟ་བྱེད་གསོད་ལ་དགྱེས་པའི་ཕོ་ཉ་སྟེ། །མི་གནས་དོན་གྱི་ལྷ་མོ་གློག་འགྱུ་མ། །མིག་གི་དབང་པོ་མཆོད་པ་འབུལ་བ་ནི། །ཐམས་ཅད་སྐྱེ་མེད་ཡུམ་གྱི་རང་བཞིན་ལ། །མེ་ལོང་ལྟ་བུར་གསལ་ཅིང་དབྱེར་མེད་པའི། །ཡོན་ཏན་ལྷུན་གྲུབ་འབྱུང་གནས་ཆེན་པོའི་སྐུ། །གཉིས་མེད་རྟོག་བྲལ་ཡིད་ཀྱི་མཆོད་པ་འབུལ། །སྨྲ་བྱེད་ལྕེ་ཡི་མཆོད་པ་འབུལ་བ་ནི། །སྣ་ཚོགས་རོ་ལྟར་གཟུང་བའི་དཀྱིལ་འཁོར་དུ། །འཇིག་རྟེན་བསྲེག་ཕྱིར་ཐུགས་རྗེའི་མེ་སྦར་ཏེ། །རྒྱུད་དྲུག་འཁོར་བའི་སྡུག་བསྔལ་གཏིང་སྦྱོང་བ། །གར་དབང་ལྷ་མཆོད་རྟ་ཡི་རྒྱལ་པོའི་སྐུ། །དབང་པོ་རོ་ལ་སྦྱོར་བའི་མཆོད་པ་འབུལ། །སྣོམ་བྱེད་སྣ་ཡི་མཆོད་པ་འབུལ་བ་ནི། །འདི་ནས་ཆག་ཆད་དང་གོ་རིམ་འཁྲུགས་པ་ཞིག་ཡོད་འདྲ། གབ་པ་སྦས་པ་ཡུམ་མཆོག་གཟི་དང་ལྡན། །ཁྲོ་རྒྱལ་ཀུན་གྱི་རང་བཞིན་ཐུགས་ལ་གནས། །མཚན་དང་དཔེ་བྱད་རྒྱན་གྱིས་རབ་ཏུ་བསྒྱིངས། །མཁའ་དབྱིངས་པདྨ་དམར་ལ་མཚར་བའི་ཀློང་། །རྡོ་རྗེ་དམར་པོའི་འཕྲོ་འདུ་ཆར་བཞིན་འབེབས། །ཡང་གསང་རྨད་འབྱུང་སྐུ་ལ་མཆོད་པ་འབུལ། །རཀྟ་ཁྲག་གི་མཆོད་པ་འབུལ་བ་ནི། །གནས་དང་ཡུལ་གྱི་ཕྱག་རྒྱ་དགྱེས་ཏེ་རྨད། །རྡོ་རྗེ་སྒེག་མོ་ཕྲིན་ལས་རྫོགས་པའི་སྐུ། །ཡེ་ཤེས་སྐུ་འཆང་སྡེར་མོས་ལོག་རྟོག་འཇོམས། །ཆགས་མེད་ཡིད་ཀྱིས་སྦྱོར་ལ་རབ་བརྩོན་ཞིང་། །མ་བཀག་ཅིར་ཡང་ས་ལེར་མཁྱེན་པའི་སྤྱན། །ལོག་རྟོག་ཕྱིན་ཅི་ལོག་གི་རྒྱུ་སྦྱོང་བ། །བདེ་ཆེན་ངང་ལ་གནས་པའི་དྲ་བ་ཅན། །ཁྲོ་གཏུམ་གདུག་པ་གཞན་ལྟ་མ་ཡིན་ཏེ། །མ་ཆགས་མི་གནས་དུར་ཁྲོད་འབར་བའི་སྐུ། །གུ་ཧྱ་གསང་བའི་ལྷ་མོ་ཨུཏྤལ་མདོག །དུག་གསུམ་མ་སྤངས་སྐུ་གསུམ་ལྷུན་གྲུབ་པའི། །ཁྲོ་གཏུམ་ང་རྒྱལ་སྐུ་ལ་མཆོད་པ་འབུལ། །རྐང་དང་སྐྲ་དང་ཚིལ་དང་ཤ །བ་སུ་ཏ་ཡི་རྫས་མཆོག་ནི། །གཅིག་ཏུ་བཅས་ནས་དབུལ་བར་བྱ། །ཁྲོ་རྒྱལ་བ་སྤུ་ཕོ་ཉའི་ལུང་། །ཁམས་གསུམ་དབང་སྡུད་ཁྲག་གི་ལན་ཕྲན་ཅན། །དུག་གསུམ་ཟིལ་གནོན་མགྱོགས་པའི་


DNG017_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་སྡོད་མ། །ཏ་ཀྲྀཏ་ཁྲོ་བོ་བརྒྱད་ལ་སྦྱོར་བར་བརྩོན། །ཐུན་མོང་གཉེན་པོའི་རྐྱེན་དང་བྲལ། །སྲིད་གསུམ་འཇོམས་པ་ཨ་མོ་དེ་ཝ་དང་། །དུག་གསུམ་ཡེ་ཤེས་ཆེན་པོའི་རང་བཞིན་ལ། །གཉིས་མེད་སྦྱོར་བའི་མཆོད་པ་བཞེས་སུ་གསོལ། །ཕོ་ཉ་མཆོད་པའི་སྦྱིན་སྲེག་ནི། །གཏོར་མའི་མཆོད་པ་ཀུན་ཏུ་ཐིམ། །ཁྲོ་བོ་མགོ་དགུ་བརྩེགས་པ་རྐང་གཅིག་པོ། །ཞལ་ནས་བསྐལ་པའི་མེ་འབར་སྟོང་གསུམ་བསྲེག །ཤངས་ནས་རྡོ་རྗེ་རྩེ་ལྔའི་འཐོར་རླུང་བསྐྱིལ། །སྤྱན་མིག་གྲུ་གསུམ་དམྱལ་ཚོགས་གཏིང་ནས་སྦྱོང་། །སྐྱེ་བ་རྣམ་བཞི་འགྲོ་བ་རིགས་དྲུག་ཀུན། །ཁྲོ་རྒྱལ་ཁྱོད་ཀྱི་དབང་དུ་མི་འདུ་མེད། །རཱུ་ཏྲ་བཤས་བཅོམ་དམར་ཆེན་ཁྲག་དང་བཅས། །ཏ་ཀྲྀཏ་རྒྱལ་པོ་འདོད་པའི་ལོངས་སྤྱོད་ལྡན། །ཁྲོ་རྒྱལ་ཁྱེད་ཀྱི་དབང་དུ་མི་འདུ་མེད། །ནན་ཏན་མཆོད་པ་བཞེས་ཤིང་རོལ་དུ་གསོལ། །གཏུན་ཁུང་ཆེན་པོ་རྔམ་པ་ལ། །དེ་ནས་བགེགས་ཆེན་འདུལ་བའི་ཕྱིར། །རྩེ་འཇོའི་བྲོ་གླུ་འདི་སྐད་ལེན། །རྩེ་འཇོ་ཐབས་ཀྱི་བྲོ་བརྡུངས་པས། །ཁྲག་འཐུང་འབར་བ་གཤེགས་སུ་གསོལ། །ཕྲིན་ལས་གསང་བའི་བྲོ་གར་འདི། །གད་རྒྱངས་དུར་ཁྲོད་སྒྲ་ཡི་བྲོ། །དགྱེས་པ་ཆེན་པོའི་ཚོགས་ལ་བརྡུང་། །བྲོ་དང་གླུ་ཡི་བརྡས་མཚོན་ཏེ། །འབྲས་བུ་བྱང་ཆུབ་སེམས་ཀྱི་གླུ། །ཕྲ་མེན་ལོངས་སྤྱོད་ཆེན་པོ་ལ། །རྩེ་འཇོའི་ཐབས་ཀྱིས་རོལ་ཅིང་གཤེགས་སུ་གསོལ། །གར་དབང་ལོངས་སྤྱོད་རྫོགས་པའི་སྐུ། །སྲིད་གསུམ་འཇོམས་པའི་ལྷ་ལ་ཕྱག་འཚལ་ལོ། །མི་སྐྱེ་མི་འགག་མཁའ་དབྱིངས་རྣམ་དག་ན། །པདྨ་ཁྲག་འཐུང་རོལ་པའི་རྟ་བྲོ་བརྡུང་། །ཧ་ན་ད་ཧ་པ་ཙ་ཧཱུཾ་ཕཊ། དེ་སྐད་ཅེས་བསྐོར་ནས། དབང་དུ་བསྡུ་བའི་ཕྱིར་འདི་གསུངས་སོ། །དགོད་དང་གཤེ་དང་འཇིགས་པའི་ཞལ་གདངས་ཤིང་། །ཙིཏྟ་ཡེ་ཤེས་དབུས་སུ་ཧཱུཾ་གི་གནས། །ཀུན་ཏུ་བཟང་མོ་ཡུམ་གྱི་མཁའ་ལ་བསྡུ། །མི་གནས་ཡེ་ཤེས་ཐུགས་ཀྱི་དཀྱིལ་འཁོར་དུ། །འཇིག་ཚོགས་ཡོངས་སྒྲོལ་ཙིཏྟ་རྫ་ལྟར་ལྷགས། །སྲིད་གསུམ་དབང་སྡུད་ཁྲག་གི་རྒྱ་


DNG017_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ་ལ། །དུག་གསུམ་ནད་ཀྱི་རྦ་རླབས་དྲག་པོ་འཁྲུགས། །ཉོན་མོངས་སྦྱང་ཕྱིར་ཐུགས་རྗེའི་དབྱིངས་ནས་འཕྲོ། །ཞེ་སྡང་ཆེན་པོ་འདིར་གཤེགས་ཨཾ་ཀུ་ཤ །ཡོན་ཏན་ལྷུན་གྲུབ་དགའ་བའི་དཀྱིལ་འཁོར་འདིར། །རེ་བ་ཀུན་སྐོང་ཡིད་བཞིན་འབར་བའི་སྐུ། །གསེར་མདོག་སྡུག་ལ་མཛེས་པའི་ཆ་ལུགས་ཅན། །དྲག་ཤུལ་སྤྱོད་པས་དགྱེས་པར་རོལ་པའི་ཚོགས། །ཞིང་བཅུ་གཏན་ནས་བསྒྲལ་ཕྱིར་སྙེམས་པའི་མཆོག །ང་རྒྱལ་ལོག་རྟོག་འཇོམས་པ་འདིར་གཤེགས་པཱ་ཤ་ཧཱུཾ། །དབང་ཆེན་ཟླ་གམ་དཀར་དམར་འཕྲོ་བའི་གནས། །མེ་རི་ཏུག་ཆོམ་སྒྲ་སྐད་བསམ་མི་ཁྱབ། །ཉིད་ཀྱི་སྐུ་ལ་ལོངས་སྤྱོད་རྫོགས་མངའ་བ། །གཞན་གྱི་སྡུག་བསྔལ་སེལ་མཛད་པདྨའི་སྐུ། །སྨྲ་བསམ་བརྗོད་མེད་གསེར་གྱི་ས་གཞི་ལ། །ཞི་བས་དབང་སྡུད་པདྨ་ཧེ་རུ་ཀ །འགྲོ་དྲུག་སྒྲོལ་བར་མཛད་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོས་ངན་འགྲོ་སྒྲོལ་ལ་མཁས། །འདོད་ཆགས་ཆེན་པོ་འདིར་གཤེགས་སྥོ་ཊ་བཾ། །དྲག་པོ་འདུལ་བར་འདུལ་བའི་ཆ་ལུགས་འཆང་། །སྐུ་མདོག་ཨིནྡྲ་ནཱི་ལ་བརྗིད་པའི་དབུ། །འཇིགས་པའི་མཚོན་ཐོགས་རྒྱུ་འཕྲེང་ཁྲག་རྔམས་དང་། །ཞིང་ལྤགས་གཡང་གཞི་འཇིགས་པའི་ཤམ་ཐབས་ཅན། །ཕྲག་དོག་རྒྱལ་པོ་འདིར་གཤེགས་གྷཎྜ་ཧོཿ། །སྤྲུལ་པའི་ཚོགས་གྱུར་འདི་དག་ནི། །དབང་དྲག་འཇོམས་པའི་ཕྲིན་ལས་ཅིར་ཡང་མཛད། །ཁྲོ་གཏུམ་རྔམས་པ་གཞན་ལྟར་མ་ཡིན་ཏེ། །སྲིད་པ་ཡང་བསྒྲལ་ཐལ་བའི་ཚོམ་བུ་འདི། །གཏི་མུག་ཆེན་པོའི་སྐུ་ལ་རྒྱན་དུ་སྣང་། །ཞིང་བཅུ་འདུལ་ཕྱིར་མ་ལུས་རོལ་ཅིང་བཞེས། །རཀྟ་པཱུ་ཙ་སྥ་ར་ཎ་ཧཱུཾ་ཛཿཛཿཞེས་གསུངས་ཤིང་བསྐུལ་ལོ། །དེ་ནས་སྤྱན་རས་གཟིགས་ཀྱི་དབང་ཕྱུག་གིས། །གར་དབང་ཆེ་ལ་ཞུ་བ་ཞུས། །བདུད་རྩི་བབ་པའི་སྣོད་ནི་གང་། །ཐལ་བ་བླུགས་པའི་ཐབས་ནི་གང་། །ཐུགས་དམ་བསྐུལ་བའི་ཐབས་ནི་གང་། །ཕྲིན་ལས་མཛད་པའི་ཐབས་ནི་གང་། །ཐབས་དང་ཤེས་རབ་རོལ་པ་གང་། །དངོས་གྲུབ་བླང་བའི་ཐབས་


DNG017_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

ནི་གང་། །དངོས་གྲུབ་དབྱེ་བའི་ཐབས་ནི་གང་། །ཉུང་ན་སྤོགས་པའི་ཐབས་ནི་གང་། །གང་བར་གྱུར་ན་ཡོན་ཏན་གང་། །ཞེས་ཞུས་པས། དབང་ཆེན་ཉིད་ཀྱིས་བཀའ་སྩལ་པ། །པ་ཏྲ་ཅན་གྱི་སྣོད་གང་དུ། །རུས་པ་བཏགས་པའི་ཕྱེ་བླུགས་ནས། །ཐུགས་དམ་བསྐུལ་ཕྱིར་འདི་སྐད་དོ། །སྐྱེ་མེད་དུར་ཁྲོད་འབར་བའི་གཞལ་ཡས་སུ། །འབྲས་བུ་མ་ནོར་བྱང་ཆུབ་སེམས་ཀྱི་དབྱིངས། །ཀེང་ཐོད་སྣ་ཚོགས་བསགས་པའི་རི་རབ་ལ། །འཁོར་བ་རྒྱུད་སྦྱངས་ཡེ་ཤེས་མེ་སྤར་ཏེ། །རུས་པ་ཐལ་ཆེན་ཚོམ་བུ་སྐར་ལྟར་འཁྲུགས། །རྒྱལ་བ་རྒྱ་མཚོའི་ཐུགས་དམ་བསྐང་བའི་ཕྱིར། །གུ་ཧྱ་གསང་བའི་ཕྱག་རྒྱས་བླངས་ནས་ཀྱང་། །སྐྱེ་ཤི་ཡེ་ནས་མེད་པའི་རྟགས་སུ་གྲུབ། །དེ་ནི་སྣོད་དང་སྒྲུབ་པའི་ཐབས། །ཐུགས་དམ་གཞུང་བཞིན་བསྐུལ་བ་ནི། །བདེ་གཤེགས་བསྐུལ་བའི་ས་གནས་པས། །བཀུར་སྡི་བསྐྱེད་ཕྱིར་འདི་སྐད་བསྐུལ། །རྣམ་དག་པདྨའི་ལྟེ་བ་ཟླུམ་པོ་ལ། །དུག་ལྔ་ཡེ་ཤེས་ལྔ་ཉིད་སྦྱོར་བ་ཡིས། །ང་རྒྱལ་བཙན་ཐབས་དབང་ཆེན་བརྗིད་པའི་སྐུ། །དྲག་ཤུལ་རྔམས་པས་བསྐལ་པའི་འབྲུག་ཆེན་ཅན། །ཆེ་བས་ཆེ་ལ་གནས་ཤིང་ཆེར་བསྙེམས་པའི། །ཁྲོ་བོའི་རྒྱལ་པོ་འཇིགས་བྱེད་ཞབས་ཀྱིས་གནོན། །ཐུགས་རྗེ་ཐབས་ཀྱིས་གདུག་པ་ཚར་གཅོད་ཕྱིར། །དབུ་མང་ཕྱག་ཆ་འཇིགས་པའི་ཁ་ཊྭཱཾ་གིས། །ལོག་འདྲེན་ཕྱིན་ཅི་ལོག་གི་དངོས་པོ་འཇོམས། །རུས་པ་ཐལ་ཆེན་འཕྲོ་འདུའི་དཀྱིལ་འཁོར་དུ། །ཁྲག་དང་ཞག་གི་རྦ་རླབས་ཅི་ལི་ལི། །ཏིང་འཛིན་མཆེ་བ་རྣོ་དབལ་ཟང་ཡག་གིས། །ང་དང་བདག་ཏུ་ལྟ་བའི་དངོས་པོ་གཅོད། །དབང་གི་ཟླ་གམ་མཚོ་ལྟར་འཁྱིལ་པ་ལ། །འགྱུར་མེད་ཀེང་རུས་དཀར་པོ་རྫ་ལྟར་ལྷགས། །གནམ་ལྕགས་ཐོག་ཐོག་འབར་བའི་འབྲུག་འཁྲུགས་པས། །དུས་གསུམ་རྒྱལ་བའི་ཐུགས་དམ་བསྐང་བ་དང་། །རྣལ་འབྱོར་དངོས་གྲུབ་དམ་པ་བླང་བའི་ཕྱིར། །ཐབས་དང་ཤེས་རབ་གཉིས་མེད་སྦྱོར་བ་ལས། །མཁའ་ལ་བྱང་ཆུབ་སེམས་སྤྲིན་བསྣོལ་བ་


DNG017_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ཟླ་གམ་ལྗགས་ཀྱི་གཟི་བྱིན་བསྐྱེད་པ་དང་། །རུས་པ་རྟགས་ཀྱི་ཐལ་བ་བསྒྲུབ་པའི་ཕྱིར། །གཉིས་མེད་སྦྱོར་བའི་ཕྲིན་ལས་མཛད་དུ་གསོལ། །ཐལ་བ་བླུགས་ནས་སྣོད་བཞག་པ། །རབ་དགྱེས་མཁའ་ལ་སྦྱོར་བའི་དུར་ཁྲོད་ན། །དབང་བདག་རྒྱལ་པོ་སྐུ་མདོག་ལེ་བརྒན་ཞལ། །དབུ་མང་ཕྱག་ཆ་འཇིགས་པའི་མཚོན་ཐོགས་ཤིང་། །ང་རྒྱལ་དྲེགས་པ་བདུད་ཀྱི་དཔུང་འཇོམས་པ། །དབང་ཆེན་འབར་བའི་སྐུ་ལ་ཕྱག་འཚལ་ལོ། །གཉིས་མེད་ཐུགས་ཀྱི་གའུ་ཁ་འབྱེད་ཅིང་། །གསུང་རབ་རྒྱ་མཚོ་ལྟ་བུའི་སྒྲ་སྒྲོགས་པས། །རྡོ་རྗེ་གཟི་ལྡན་བཀའ་ཡི་དབྱིངས་ཕྱུག་དང་། །གཉིས་མེད་སྦྱོར་བའི་མཁའ་དབྱིངས་དག་པ་འདིར། །འདུ་འབྲལ་མེད་ཅིང་བརྟན་པར་བཞུགས་སུ་གསོལ། །བདེ་གཤེགས་ཕྲིན་ལས་བསྐུལ་བ་ནི། །རྣམ་དག་པདྨ་འཁྱིལ་པའི་གཞལ་ཡས་སུ། །འབྲས་བུ་སྐུ་གསུང་ཐུགས་སུ་སྦྱོར་བའི་ཕྱིར། །མ་ཆགས་ཡུམ་གྱི་མཁའ་དབྱིངས་ཡངས་པ་ན། །རུས་པ་ཚོགས་ཀྱི་ཐལ་ཆེན་རི་ལྟར་སྤུངས། །བྱིན་གྱིས་བརླབ་ཅིང་བརྟན་པར་བཞུགས་ནས་ཀྱང་། །ཐལ་བ་བདུད་རྩིར་སྦྱོར་བའི་ཕྲིན་ལས་མཛོད། །ཐབས་དང་ཤེས་རབ་རོལ་པ་ནི། །ཡང་གསང་ཐུགས་ཀྱི་དཀྱིལ་འཁོར་ཆེན་པོ་ནི། །མི་གཡོ་རྟ་མཆོག་རོལ་པའི་དབུ་རྒྱན་ཅན། །སྲིད་གསུམ་སྒྲོལ་མཛད་མ་རིག་མཚོ་སྐེམས་པ། །དབང་ཕྱུག་ཡང་ཆེར་དཔལ་གྱི་མཆོད་པ་འབུལ། །ཨིནྡྲ་ནི་ལའི་མདོག་འདྲ་འབར་བའི་སྤྱན། །སྡུག་བསྔལ་གཅོང་སྙིང་ཟུག་རྔུའི་ཤིང་བསྲེག་པ། །རྫུ་འཕྲུལ་མྱུར་མགྱོགས་དུར་ཁྲོད་གློག་འགྱུ་མ། །ཤེས་རབ་ཕ་རོལ་ཕྱིན་མའི་བྷ་ག་ལ། །གསང་བའི་ལིངྒ་ཐོགས་མེད་བསྐྱོད་པ་ཡིས། །ཚིམ་གྱུར་མཆོད་སྤྲིན་ཆར་གྱི་རྒྱུན་བཞིན་འབེབས། །དེ་ཉིད་བྱང་ཆུབ་སེམས་དཔའ་དབང་ཆེན་གཙོ། །ཤེས་དང་ཤེས་བྱའི་བག་ཆགས་སྦྱང་བ་དང་། །རྣལ་འབྱོར་དམ་ཅན་ཐ་ཚིག་བསྒོ་བའི་ཕྱིར། །གཉིས་མེད་རཀྟ་ཆགས་པ་མཁའ་ལ་གདབ། །ཆགས་པས་སྒྲོལ་བྱེད་པདྨ་


DNG017_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་དང་། །མྱུར་བྱེད་རྫུ་འཕྲུལ་མངའ་བདག་གཤོག་པ་མོ། །འདུ་འབྲལ་མེད་པའི་མཁའ་དབྱིངས་གཞལ་ཡས་འདིར། །བྱང་ཆུབ་དཀར་དམར་འདུ་འཕྲོ་སྣ་ཚོགས་ཀྱིས། །སྟུག་པོ་བཀོད་པའི་སངས་རྒྱས་མན་ཆད་དང་། །ན་རག་འཁོར་བའི་དམྱལ་ཁམས་ཡན་ཆོད་དུ། །དུག་གསུམ་བསྒྲལ་ནས་སྐུ་གསུམ་ལྷུན་སྦྱོར་བའི། །བྱང་ཆུབ་སེམས་ནི་དབྱིངས་ལྟར་མཛེས་པའི་སྐུ། །སྤྲོས་པས་རྒྱུད་བསྐུལ་གཟི་མདངས་བསྐྱེད། །གཤོག་པ་མོ་དང་རོལ་པ་ཡིན། །དྲ་བ་མོ་དང་རོལ་པ་ནི། །དབྱིངས་སུ་འགྲོ་བ་མ་ལུས་བསྒྲལ་བ་ནི། །གར་དབང་ལྷ་མཆོག་པདྨ་དབང་གི་སྐུ། །ཁྲོས་པའི་ཞལ་དང་འཇིགས་པའི་སྡང་མིག་ཅན། །བཅུ་དྲུག་ཕྱག་གི་ཕྲ་མེན་ཚོགས་དང་སྦྱོར། །དྲ་བ་མོ་དང་གཉིས་མེད་སྦྱོར་བ་ཡིས། །རྒྱལ་བ་འཁོར་བཅས་ཐུགས་དམ་བསྐང་བ་དང་། །སྲིད་པ་རྒྱ་མཚོ་དབྱིངས་ནས་སྤྱོད་པ་དང་། །མ་སྲིན་རྒྱ་མཚོ་དམ་ལ་གདགས་པའི་ཕྱིར། །བྱང་ཆུབ་སེམས་སྤྲིན་མཁའ་ལ་དབབ་ཏུ་གསོལ། །སྡེར་མོ་ཅན་དང་རོལ་པ་ནི། །བཀྲ་ཤིས་གསང་བའི་དཀྱིལ་འཁོར་འདིར། །ཟླ་གམ་དབང་གི་འཕྲོ་འདུ་དང་། །རཀྟ་འབར་བའི་ཀློང་ཡངས་ནས། །རྫུ་འཕྲུལ་མངའ་མཛད་པདྨ་ཧེ་རུ་ཀ །སྦས་པའི་ལྷ་མོ་གསང་བའི་སྡེར་མོ་ཅན། །དབང་མོ་གཅིག་ལ་སྦྱོར་བའི་བྷ་ག་ལ། །བྱང་ཆུབ་སེམས་ནི་བཻ་ཌཱུརྱ་ཡི་མདོག །ཀེང་རུས་གསར་རྙིང་རི་ལྟར་སྤུངས་པ་ལ། །ཁྲོ་བོ་མེ་རི་འབར་འཕྲོ་ཀློང་དུ་འཁྱིལ། །གདུག་པའི་ཚོགས་བཅོམ་ང་རྒྱལ་རི་རབ་ལ། །རཀྟ་དམར་གྱི་ཆུ་བོ་གཞུང་བཞིན་འཕྱོ། །གཙུག་ཏོར་ཆེན་པོའི་འཐོར་རླུང་འཚུབས་མར་འཁྲུགས། །ང་རྒྱལ་གདུག་པའི་ཚོགས་བཅོམ་ང་རྒྱལ་རི་རབ་ལ། །མ་རིག་མདོངས་པའི་མུན་ནག་རབ་ཏུ་གཏིབས། །ཕྲག་དོག་བསྒྲལ་བའི་འཐོར་རླུང་ཤུགས་ཀྱིས་འགྲོ། །རུས་པ་ཐལ་ཆེན་བྱིན་གྱིས་བརླབ་པ་དང་། །བསྒྲུབ་པ་ཆེན་པོའི་དངོས་གྲུབ་འདིར་སྩོལ་ཅིག །སྙིང་པོ་རྒྱུན་མི་གཅད་པར་བཟླས། །


DNG017_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཨེ་ཨཱ་ར་ལི་ཧྲིཾ་ཛ། དེ་ནས་དངོས་གྲུབ་བླང་བ་ནི། །དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །རུས་པ་ཐལ་ཆེན་མཚན་མ་བསྒྲུབ་པ་དང་། །ལྷག་པ་རྟགས་ཀྱི་དབང་བསྐུར་དང་། །གསང་བའི་མཆོད་པ་དབྱིངས་སུ་བསྡིམ་པ་དང་། །ཙིཏྟ་ཐུགས་ཀྱི་དངོས་གྲུབ་བླང་བ་དང་། །དེ་ཕྱིར་མཚན་ལྡན་གསང་བའི་རྒྱུད་ལྡན་གྱིས། །འཁོར་ཚོགས་ཆེན་པོར་ཟིལ་གྱིས་མནན་པའི་ཕྱིར། །ལོག་འདུལ་ཐབས་ཀྱིས་ཉོན་མོངས་སྦྱང་བ་དང་། །དོན་དམ་ཀློང་དུ་འགྲོ་དྲུག་བསྒྲལ་བའི་ཕྱིར། །དུང་ཁང་དཀར་པོ་རྒྱལ་བའི་ཕོ་བྲང་ན། །དུང་དང་རུས་པའི་འཕྲོ་འདུ་སྤྲིན་ལྟར་གཏིབས། །ཡེ་ཤེས་ལྔ་དང་བདུད་རྩི་རབ་སྦྱོར་བས། །དཔལ་གྱི་ཕོ་བྲང་རྒྱ་མདུད་ཕྱག་རྒྱ་དགྲོལ། །དངོས་གྲུབ་དབྱེ་བའི་ཐབས་ཀྱང་ཡིན། །སྣུམ་ལ་འཕེལ་འགྱུར་སྒྲུབ་པའི་རྫས། །ཉུང་ལ་སྤོགས་ཤིང་ཏིང་འཛིན་བསྐྱར། །གྲུབ་ནས་རོ་ལ་མཚན་མས་གདབ། །མཚན་ལྡན་ལག་མཐིལ་ཨ་བསམས་ཏེ། །བྲོས་བསྐོར་དབང་བསྐུར་བྱིན་བརླབས་པ། །གསང་ཆེན་ཐུགས་ལ་རོལ་པའི་དཀྱིལ་འཁོར་དུ། །སྙོམས་པའི་ཐུགས་རྗེ་བསྒྲལ་བའི་མེ་ལྟ་བུས། །འཁྲུལ་དང་རྟོག་པ་དབྱིངས་སུ་བསྲེགས་ནས་ཀྱང་། །རུས་པ་ཐལ་ཆེན་བརྡལ་བའི་དཀྱིལ་འཁོར་དུ། །སྡུག་བསྔལ་གཏན་ནས་སེལ་བའི་བྲོ་སྟོང་ལྡིར། །པདྨ་ཁྲག་འཐུང་དགྱེས་ཤིང་རོལ་དུ་གསོལ། །དུར་ཁྲོད་རབ་ཏུ་འབར་བའི་ཀློང་ཡངས་སུ། །ལྷག་པའི་ཐལ་ཆེན་མཚན་མ་འདི་བཏབ་པས། །རབ་དགྱེས་ཧེ་རུ་ཀ་ཡི་གནས་བཅུ་དང་། །ཟབ་སྦྱོར་དུར་ཁྲོད་ཆེན་པོའི་གནས་བརྒྱད་དང་། །དབང་མཆོག་པདྨ་ཐབས་ཀྱིས་བསྡུས་པ་དང་། །བདག་ཉིད་ཆེན་པོ་རབ་ཏུ་སྦྱོར་བ་ཡིན། །འདི་ནི་སྔོན་གྱི་ཐུགས་དམ་ཟབ་མོ་ཡིན། །འདི་ཡང་རྟགས་ཀྱི་ཕྱག་རྒྱ་དམ་པ་ཡིན། །ས་མ་ཡ། པདྨ་དྷ་ར་པཱུ་ཙ་མི། དེ་སྐད་ཅེས་ནི་གསུངས་ནས་ཀྱང་། །དངོས་གྲུབ་བགོ་ཕྱིར་བདུད་རྩིའི་དོན། །སོ་སོར་ཐོབ་པར་མ་གྱུར་པར། །ཆད་ན་བར་ཆད་ཆེན་པོར་འགྱུར། །


DNG017_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

སྔ་རབས་འདས་དང་ད་ལྟ་རུ། །བཞུགས་པའི་རྡོ་རྗེ་སློབ་དཔོན་དང་། །ཡི་དམ་ལྷ་སྟེ་བཀའ་དྲིན་ཅན། །མི་གཡོ་རི་རབ་ལྷུན་པོའི་ཚུལ། །རྒྱུན་དང་རྒྱུན་མེད་རྟག་པར་ནི། །སྨན་ནི་ལུས་ལ་བསྲེལ་བར་བྱ། །གཉིས་སུ་མེད་པའི་ཐུགས་རྗེ་མཐུ་སྟོབས་ཀྱིས། །བསྐལ་པ་དུ་མར་མི་ཟད་གཏེར་གྱི་མཆོག །ལྷག་པའི་ཐལ་ཆེན་མཚན་མ་འདི་དབུལ་ན། །ཐུགས་རྗེས་བཞེས་ལ་འཁོར་ལ་བྱིན་གྱིས་རློབས། །བདེ་གཤེགས་རིགས་གཉིས་ལུང་གི་རྒྱུད། །ཡབ་ཡུམ་སྦྱོར་བའི་བྱིན་རླབས་རྨད་པོ་ཆེ། །རྡོ་རྗེ་སློབ་དཔོན་གཟུངས་མར་བཅས་པ་ཡི། །ཕྲིན་ལས་རྣམ་པར་དག་པའི་བཀའ་དྲིན་དང་། །མཆེད་དང་ལྕམ་དྲལ་ལྷག་པའི་བརྟུལ་ཞུགས་ཀྱིས། །འབར་བའི་སྐུ་བསྐྱེད་མཚན་མའི་རྟགས་བཏབ་པས། །དུས་གསུམ་རྒྱལ་སྲས་ཆུ་བོའི་རྒྱུན་བཞིན་སྐྱོང་། །ལྷག་པའི་རྟགས་ཀྱི་མཆོད་པ་འདི་བྱས་པས། །རྒྱལ་བའི་གདུང་འཚོབ་བཀའ་དྲིན་རྗེས་བཟུང་ཕྱིར། །གཡེལ་བ་མེད་པར་རྟག་ཏུ་ལུས་ལ་བཅངས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་འཐོབ། །ལུས་ཀྱང་དར་ལ་བབ་ཅིང་སྲ། །ལོངས་སྤྱོད་ལྡན་ཞིང་བདེ་སྐྱིད་འགྱུར། །དེ་ནི་གྲུབ་པའི་ཡོན་ཏན་ཡིན། །ཕྱི་རབས་རྣལ་འབྱོར་རྣམས་ཀྱིས་ཀྱང་། །སྨན་རྣམས་ཡོངས་སུ་བསྒྲུབ་པར་བྱ། །ཡལ་བར་མི་གཏང་མ་མོ་བརྟེན། །སྨན་རྣམས་གྲུབ་ན་དངོས་གྲུབ་ཐོབ། །དེ་ནས་ལྷག་མའི་གཏོར་མ་གཏང་། །བསྒྲུབ་པ་ཆེན་པོ་བྱེད་པའི་ཚེ། །སྲོག་ལ་བབ་པའི་ཉེན་ཡོད་ཀྱང་། །དམ་བཅས་དེ་ལས་མ་བྱུང་ཚེ། །མི་དང་འཕྲད་པར་མི་བྱ་སྟེ། །གཏམ་དང་ཁ་རླངས་འདྲེས་ན་བསྐྱར། །དེ་ལས་བྱུང་ནས་ཞག་གསུམ་དུ། །བདག་གི་ཕྱག་ཀྱང་ཕར་མི་བཙལ། །མཁའ་འགྲོ་མ་རྣམས་རྔམ་པ་ཡི། །ཁྲག་ནད་དག་གིས་འཆི་བར་འགྱུར། །ལས་སུ་སྒྲུབ་རྫས་བསག་པར་བྱ། །གྲངས་ཀྱི་ཚད་ཀྱང་འདི་ལྟར་རོ། །ཞིང་སར་ཕོ་རྫ་བརླག་པ་འདྲ། །བྷནྡ་བཅུ་གསུམ་ལྕང་ལོ་ཅན། །བརྒྱད་ལས་ཉུང་ན་འགལ་བར་འགྱུར། །གཡང་གཞི་གད་གོད་མེད་པ་ལ། །ཁ་


DNG017_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

དོག་ཚོན་གྱིས་མདོག་བསྒྱུར་ལ། །ཡང་ན་ལྔ་འམ་དྲུག་གཙོ་ལ། །བཅུ་གཅིག་ཕྱོགས་སྐྱོང་གྲངས་དང་མཐུན། །མཆོག་ཕུར་གྲངས་ཀྱང་དེ་བཞིན་ནོ། །གཟུགས་བརྙན་དཀྱིལ་འཁོར་བྲི་བ་ནི། །དཀྱིལ་འཁོར་འདོམ་གང་གྲུ་བཞི་པ། །དབུས་ནི་ཟླ་གམ་ཨེ་ཡི་དཀྱིལ། །བཅུ་དྲུག་འཁོར་ལོས་མཐའ་བསྐོར་ཏེ། །ཧྲཱྀཿལས་པདྨ་ཉི་ཤུ་བཞི། །མཚམས་བཞིར་རིན་ཆེན་ཁྲི་རྐང་ལ། །སྤྲིན་མེད་ཉི་མ་བདུན་གྱིས་བརྒྱན། །བར་ཁྱམས་གཉིས་དང་སྒོ་བཞིར་ལྡན། །དེ་ལྟ་བུ་ཡི་གནས་ཁང་དུ། །རྩེ་འཇོ་མང་པོ་ལུང་བཞིན་བྱ། །ཞེས་གསུངས་པས། སྤྱན་རས་གཟིགས་ཀྱི་དབང་ཕྱུག་ལ་སོགས་པའི་དཀྱིལ་འཁོར་རོལ་པའི་འཁོར་ཚོགས་རྣམས་ཀྱིས། ཨ་ལ་ལ་ཞེས་ཟེར་ཞིང་། སྤྱི་གཙུག་གི་གར་གྱི་དབང་ཕྱུག་ལ་ཕྱག་བྱས་ཏེ། འོག་མིན་གྱི་གནས་རི་རབ་ཀྱི་རྩེ་མོ་ལ་བདུད་རྩི་ཆེན་པོའི་དོན་ལ་སྙོམས་པར་ཞུགས་སོ། །རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། ཐལ་ཆེན་བསྒྲུབ་ཅིང་གཟུགས་བརྙན་གྱི་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་བཞི་བཅུ་ལྔ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་གར་དབང་ལྷ་མཆོག་པདྨ་ཧེ་རུ་ཀས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད། འོག་མིན་གྱི་གཞལ་ཡས་ཁང་དུ་བྱིན་གྱིས་བརླབས་ཏེ། ཕྱི་རབས་རྣལ་འབྱོར་མཐའ་དག་གིས། །ལྷུན་གྱིས་གྲུབ་པའི་གཞལ་ཡས་ཁང་། །མི་ཟད་རྒྱན་གྱི་འཁོར་ལོ་ཡི། །སྐུ་ཡི་སྲས་གྱུར་འཇམ་དཔལ་ཁྱོད། །ལྷུན་གྱིས་གྲུབ་པ་ང་ལ་ཉོན། །བལྟ་བ་འདི་ལ་གང་གནས་པའི། །རྣལ་འབྱོར་འདི་ནི་སྐལ་བ་བཟང་། །ཡང་དག་མ་བགྲོད་ཕྱིན་པའི་གནས། །ཀུན་ཏུ་འོད་ཀྱི་ས་ལས་འདས་ནས་ནི། །པདྨ་ཅན་དུ་གྱུར་པ་ཡིན། །ཡང་དག་མ་བགྲོད་ཕྱིན་པའི་ས། །ངང་ལ་གནས་པ་དངོས་གྲུབ་ཡིན། །ཀློང་དུ་གྱུར་པས་སྒྲུབ་ཐབས་སོ། །ཡང་དག་མ་བསྒྲུབས་དངོས་གྲུབ་ཡིན། །བླ་མེད་ཐེག་པར་རབ་གནས་ངེས། །ཉོན་མོངས་འདོད་ལྔ་ཀུན་སྤྱད་ཀྱང་། །པདྨ་ལ་ནི་འདམ་


DNG017_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ནོ། །འདི་ནི་ཚུལ་ཁྲིམས་ཕུན་སུམ་ཚོགས། །ཀློང་དུ་གྱུར་པའི་སྒྲུབ་ཐབས་སོ། །ཡང་དག་གཉིས་མེད་སྤྱོད་པ་ཡིན། །གཏི་མུག་ཞེ་སྡང་ང་རྒྱལ་དང་། །འདོད་ཆགས་ཕྲག་དོག་ཆེན་པོ་ནི། །བདེ་གཤེགས་ལྔ་ཡི་རང་བཞིན་ལས། །བསྲུང་དུ་མེད་པའི་དམ་པ་ཅན། །ཡང་དག་དམ་ཚིག་བསྲུང་དུ་མེད། །མི་ལེན་བྱང་ཆུབ་སྤྱོད་པ་ལ། །བྱེད་པ་མེད་པ་ལས་ཡིན་ཏེ། །དེ་ནི་མི་རྩོལ་བརྩོན་འགྲུས་སོ། །ཡང་དག་འབད་མེད་བརྩོན་འགྲུས་ཡིན། །འབྱུང་བ་ཡུམ་གྱི་གཞལ་ཡས་ན། །སྣང་སྲིད་ཕྱག་རྒྱའི་དཀྱིལ་འཁོར་གསལ། །བྲི་བར་བྱ་བའི་མིང་ཡང་མེད། །བདག་ཉིད་ཆེན་པོའི་དོན་རྟོགས་ནི། །སངས་རྒྱས་ཀུན་གྱི་བདག་ཉིད་ཅན། །བསྒོམས་པས་གཞན་ནས་མི་རྙེད་དོ། །སངས་རྒྱས་གཞན་ནས་མ་ཚོལ་ཅིག །ཡང་དག་བསྒོམ་དུ་མེད་པའི་ལྷའོ། །དབྱིངས་དང་ཡེ་ཤེས་དོན་རྟོགས་ན། །ཐབས་དང་ཤེས་རབ་དབང་ཆེན་ཡིན། །རྡོ་རྗེ་དྲིལ་བུའི་རིག་པ་བཟུང་། །ཡང་དག་བསྐུར་དུ་མེད་པའི་དབང་། །ཁམས་གསུམ་ཡུམ་གྱི་བྷ་ག་ལ། །གང་ལྟར་སོང་ཡང་གནས་ཀྱི་མཆོག །ཡང་དག་མ་སོང་ཕྱིན་པའི་གནས། །མཚན་མ་མིང་དུ་བཏགས་པ་ཡང་། །མཚན་མ་མེད་པའི་ཆོས་ཡིན་པས། །ཚིག་ཏུ་བརྗོད་པའི་ཐ་སྙད་བྲལ། །ཡང་དག་བརྗོད་མེད་ཚིག་ཡིན་ནོ། །དེ་བས་འཇམ་དཔལ་ཡེ་ཤེས་སྐུ། །ཕྱི་མའི་རྣལ་འབྱོར་དབང་ཕྱུག་གིས། །དེ་ལྟར་རྟོགས་ནས་ཡིད་ཆེས་ན། །བུད་དྷ་ཙིཏྟ་ཛྭ་ལ་ཡིན། །ཛྙཱ་ན་ཙིཏྟ་ཛྭ་ལ་ཡིན། །བྷོ་དྷི་ཙིཏྟ་ཛྭ་ལ་ཡིན། །དེ་ལྟར་ཡིད་ཆེས་མ་གྱུར་ན། །དོན་དེ་གཏན་ལ་མི་ཕེབ་ཟེར། །སྒྲོ་འདོགས་སྐུར་པ་འདེབས་པ་དང་། །རྟོགས་པ་ཀློང་དུ་མ་གྱུར་ན། །ཀརྨ་ཙིཏྟ་ཛྭ་ལ་ཡིན། །རཀྴ་ཙིཏྟ་ཛྭ་ལ་ཡིན། །ནཱ་ག་ཙིཏྟ་ཛྭ་ལ་ཡིན། །ཞེས་གསུངས་སོ། །རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། ཡང་དག་དོན་གྱི་ལེའུ་སྟེ་ཞེ་དྲུག་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་གར་གྱི་དབང་ཕྱུག་པདྨ་ཧེ་རུ་ཀས། འཇམ་དཔལ་ཡེ་


DNG017_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་སེམས་དཔའ་ལ་བཀའ་སྩལ་མ་ཐག་ཏུ། ཐོད་རྒལ་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་སྐད་ཅེས་གསུངས་སོ། །ཧཱུཾ་ཡེ་ཤེས་ཁྲག་འཐུང་རྣམ་རྟོག་མི་མངའ་ཡང་། །ས་ལེར་མཁྱེན་པའི་སྐུ་གསུང་ཐུགས། །ཐུགས་རྗེ་ཆེ་བས་རྨད་དུ་བྱུང་། །འདི་ནི་གསལ་བ་ཐུགས་རྗེའི་འོད། །འབར་བས་ཡེ་ཤེས་མུན་པ་སེལ། །འོད་ཀྱིས་དམྱལ་བའི་ཉེས་སྐྱོན་སྦྱང་། །རྨད་བྱུང་རིན་ཆེན་ཁྲི་ཡི་ལུང་། །བག་ཆགས་སྦྱངས་པས་རྣམ་རྟོག་ཕྱིར་སངས་པའི། །ཡེ་ཤེས་ཁྲག་འཐུང་ཚོགས་ལ་ཕྱག་འཚལ་བསྟོད། །གསེར་མདོག་བདེ་ཆེན་ཡེ་ཤེས་ཕྲ་མེན་མ། །ཉི་ཟླ་འབུམ་དུ་འཆར་བའི་འོད། །ཡེ་ཤེས་ཆེན་པོ་བརྩེགས་ལ་ཕྱག་འཚལ་བསྟོད། །ཡི་དྭགས་རྣམས་ཀྱི་བཀྲེས་སྐོམས་འཇོམས། །བདེ་བ་ཆེན་པོ་ཐུགས་རྗེའི་ལུང་། །ཕྲ་མེན་རྔམ་ཐབས་ཞེས་ཀྱང་བྱ། །མ་ཆེན་དབང་ཕྱུག་སིང་ཧ་ཛཾ་བྷ་ལ། །དོན་དམ་གསང་སྦས་ཆེ་བའི་དཔལ་ལྡན་མ། །གཅིག་ཏུ་བདེ་བ་ཆེན་པོ་ཐུགས་རྗེའི་འོད་ཟེར་ཅན། །འཇིག་རྟེན་འདས་པའི་འོད་ཀྱིས་དེ་བསྲེགས་ནས། །ཐུགས་རྗེའི་དཀྱིལ་ན་ཉི་མའི་འོད་ལྟར་འབྱུང་། །སྲིད་གསུམ་བསྲེག་པར་མཛད་ལ་ཕྱག་འཚལ་ལོ། །དེ་ལ་ཉི་མ་བདུན་གྱིས་རབ་བསྐོར་བ། །སྲིད་གསུམ་མ་ལུས་བསྲེག་པའི་དབང་དང་ལྡན། །སྤྲིན་མེད་གསལ་བའི་འོད་ཟེར་འབར་བ་འཕྲོ། །དེ་སྟེང་པདྨ་ཁ་སྟོང་ལྡན་པ་ལས། །རྡོ་རྗེ་རྩེ་གཅིག་པདྨའི་སྙིང་པོར་གནས། །རྣམ་དག་པདྨའི་ལྟེ་བ་ཟླུམ་པོ་ལ། །ཡེ་ཤེས་རྒྱ་མཚོའི་ཀློང་དུ་འཁྱིལ་པ་ནི། །ཐིག་ལེ་ཆེན་པོ་གསང་བ་ཡུམ་གྱི་མཁའ། །རྡོ་རྗེ་རྩེ་གཅིག་ཆེ་བས་དེ་ལ་བསྟོད། །མ་ཆགས་པདྨའི་རང་བཞིན་མཉེས་པའི་ཡུམ། །དགའ་ལྡན་ཀུན་ཏུ་བཟང་ལ་ཕྱག་འཚལ་བསྟོད། །འདི་ནི་དྲི་མེད་པདྨའི་ལུང་། །དེ་དབུས་ཧཱུཾ་ལས་བྱོལ་སོང་སྐྱེ་གནས་འཇོམས། །བདེན་གཉིས་ཐུགས་ལས་རོལ་པའི་ཉི་མ་ལ། །འོད་ཟེར་འབུམ་གྱིས་བསྐོར་བ་ཡུམ་ཆེན་མོ། །ཤེས་རབ་ཉི་མའི་འོད་ལ་ཕྱག་


DNG017_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

འཚལ་བསྟོད། །འདི་ནི་གསལ་བྱེད་ཉི་ཟླ་འོད་ཀྱི་ལུང་། །ཆགས་མེད་སྐྱོན་བྲལ་ཉི་ཟླའི་འོད་དུ་སྣང་། །ཐུགས་རྗེ་ཁྱབ་པས་འགྲོ་བའི་དོན་བྱེད་པ། །ཉི་ཟླ་ཐབས་དང་ཤེས་རབ་ཚུལ་དུ་གནས། །འོད་ཟེར་ཐུགས་རྗེ་བྱང་ཆུབ་སེམས་སུ་སྣང་། །ཡུམ་ཆེན་མཱ་མ་ཀཱི་ལ་ཕྱག་འཚལ་བསྟོད། །པདྨའི་ལྟེ་བར་གནས་པ་རྡོ་རྗེའི་དཀྱིལ། །ཧཱུཾ་ལས་འོད་འཕྲོས་མི་རྣམས་བག་ཆགས་སྦྱང་། །ཧཱུཾ་ལས་འཁོར་ལོ་རྩིབས་སྟོང་ལྡན་པར་གྲགས། །དེ་སྟེང་ཧཱུཾ་ལས་ཡིད་བཞིན་གཞལ་ཡས་ཁང་། །རྒྱལ་ཆེན་ཕྱོགས་སྐྱོང་མ་ལུས་ཀ་དང་གདུང་། །མི་རོ་ཐོད་རློན་སྦྲུལ་ནག་ལ་སོགས་བརྒྱན། །ཏ་ཀྲྀཏ་རྒྱལ་པོ་ཁྲོ་བོ་དེ་ན་བཞུགས། །གདན་ཁྲི་དྲུག་ལྡན་ཡེ་ཤེས་བཞི་ཡི་ངང་། །ཁྲོ་ཆེན་ཁྲོས་པའི་མཚན་ཉིད་གདན་དུ་བཏིང་། །ཏ་ཀྲྀཏ་རྒྱལ་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །དེ་དབུས་རྡོ་རྗེ་སེམས་དཔའི་ཕྱག་རྒྱར་གསལ། །འདི་ནི་རྡོ་རྗེ་སེམས་དཔའི་ལུང་དུ་གྲགས། །རྡོ་རྗེ་ལྟ་བུར་མི་གཡོ་འཛིན་པ་མེད། །ཆོས་སྐུ་དག་པ་ལྟ་བུའི་ཚུལ་དུ་སྣང་། །མི་མཉམ་མཉམ་པའི་ལྷ་མཆོག་དམ་པ་ལ། །སེམས་དཔའ་ལ་སོགས་འཁོར་གྱིས་བསྐོར་བ་དང་། །ཐུགས་རྗེའི་དབྱིངས་སུ་སྣང་བས་མངོན་པ་མེད། །རྡོ་རྗེ་སེམས་དཔའ་ཆེ་ལ་ཕྱག་འཚལ་བསྟོད། །ཞེ་སྡང་རྡོ་རྗེ་སེམས་དཔའི་སྐུ་མངོན་ནས། །ཤངས་ནས་ཁྲོ་བོ་ཧཱུཾ་དྲུག་སྒྲ་བཏོན་ནས། །རྒྱུད་དྲུག་གནས་པའི་འཁོར་བ་རྩད་བཅད་དེ། །དེ་ནས་རིམ་བཞིན་གནས་ནས་ཐིམ། །ཁྲོ་བོར་གྱུར་པ་ཧཱུཾ་གི་ལུང་ཞེས་བྱ། །ཞལ་ནི་ཀུན་ཏུ་གཟིགས་པའི་དབུ། །བྷྲཱུཾ་ལས་གཞལ་ཡས་ཁང་པ་ལྔ། །ལྷུན་གྲུབ་སངས་རྒྱས་རབ་ཏུ་རྫོགས། །ཡབ་ཡུམ་གཉིས་མེད་བྱང་ཆུབ་སེམས། །ངག་གི་དབང་ཕྱུག་ལྷུན་གྲུབ་པས། །དབང་གི་མདོག་དམར་བསྐལ་པའི་མེ་ལྟར་འབར། །རྔམ་ཆེན་ཐུགས་ཀྱི་སྤྲུལ་པ་ཕྱོགས་བཅུར་གཟིགས། །དབུ་ལྔ་ལྗང་གུ་རྟ་གདོང་འོད་ཀྱིས་བརྒྱན། །རིགས་ལྔའི་སངས་རྒྱས་འབར་བའི་དབུ་ལ་གདངས། །སྦྲུལ་ནག་སྟོང་གིས་རྒྱན་དུ་མཛེས། །ཐོད་པ་ཚར་གསུམ་བརྗིད་


DNG017_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

པར་ལྡན། །ཞིང་ལྤགས་སྟོད་ལ་གཡང་གཞིའི་ཤམ་ཐབས་ཅན། །ཕྱི་ནང་གཤོག་པ་ནམ་མཁའི་མཐའ་དང་མཉམ། །གསང་བའི་ལྷ་མོ་རྡོ་རྗེ་དྲ་བ་མོ། །འགྲོ་བ་མ་ལུས་དབང་དུ་སྡུད་པའི་ཡུམ། །བཅུ་དྲུག་ཕྱག་ན་ཡེ་ཤེས་མཚོན་ཆ་བསྣམས། །ཤར་དུ་གཟིགས་པའི་ཕྱག་བཞིའི་ཕྱག་མཚན་ནི། །རྡོ་རྗེ་ལྕགས་ཀྱུ་སྦྲུལ་གྱི་ཞགས་པ་དང་། །རྡོ་རྗེ་ཁ་ཊྭཱཾ་ག་དང་ཐོད་རློན་ཁྲག་གིས་བཀང་། །ལྷོ་རུ་གཟིགས་པའི་ཕྱག་བཞིའི་ཕྱག་མཚན་ནི། །རྡོ་རྗེ་ལྕགས་ཀྱུ་སྡིགས་མཛུབ་ལུ་གུ་རྒྱུད། །ཐོད་པ་ཞལ་དུ་སྟོབ་དང་ཁྲོ་བརྒྱད་སྙིང་འཛིན་ཅིང་། །ནུབ་ཏུ་གཟིགས་པའི་ཕྱག་བཞིའི་ཕྱག་མཚན་ནི། །མེ་ཡི་ཞགས་པ་དང་ནི་ཁྱུང་གི་ཁྲ། །སྡིགས་མཛུབ་རྩེ་ལ་བསྐལ་པའི་མེ་ཆེན་འབར། །རྡོ་རྗེ་ཁ་ཊྭཱཾ་དག་ནི་རབ་ཏུ་འཁྲོལ། །བྱང་དུ་གཟིགས་པའི་ཕྱག་བཞིའི་ཕྱག་མཚན་ནི། །རྡོ་རྗེ་རྩེ་དགུ་དང་ནི་རྩེ་ལྔ་དང་། །རྩེ་གསུམ་རྩེ་གཅིག་འབར་བ་གསོར་ཞིང་བརྡེག །ཞེ་སྡང་གདུག་པའི་དགྲ་བགེགས་མང་པོ་འདུལ། །ཞབས་ཀྱི་ཆས་བརྒྱད་ཁྲོ་བོ་བརྒྱད་དུ་སྦྱོར། །དཔའ་བོ་ལ་སོགས་ཏིང་འཛིན་བརྒྱད་དང་ལྡན། །འཁོར་བའི་མེ་དཔུང་དམར་པོ་ལ་སོགས་ནི། །རང་གི་སྙིང་པོས་ཕྱོགས་བཞི་མཚམས་བརྒྱད་ཐིམ། །ཡེ་ཤེས་འབར་བའི་ཀློང་ཆེན་ན། །ཐུགས་རྗེ་ཆགས་པས་དུག་གསུམ་རྩད་ནས་གཅོད། །ཡེ་ཤེས་དཔལ་གྱི་སྐུ་སྟེ་བདག་ཉིད་མ། །ཕྱག་གཉིས་ཕྱག་རྒྱ་མེ་དང་སྦྲུལ་བསྣམས་ཏེ། །སྤྱན་མིག་གནམ་ལྕགས་ཐོག་ཐོག་ཨ་ལ་ལ། །དཔལ་ཆེན་ཞལ་དུ་སྟོབ་ཅིང་མཆོད་པའི་བདག །མེ་འབྲུག་དམར་པོ་ཆེ་ལ་ཕྱག་འཚལ་བསྟོད། །རླུང་འབྲུག་སྔོན་མོ་རྩ་བའི་སྔགས་ཀྱིས་བསྐྱེད། །བདེན་གཉིས་ལྷུན་གྱིས་གྲུབ་པའི་ཡུམ་ཆེན་མོ། །འཁོར་བ་མི་སྤོང་མྱ་ངན་མི་འདའ་ཞིང་། །ཐོད་རློན་དྲག་པོའི་ཤུགས་ཀྱིས་འགྲོ་བ་སྟེ། །མི་མཉམ་པ་ཡི་ཀླུ་ཚོགས་དབང་དུ་སྡུད། །ནམ་མཁར་མཉམ་པའི་སྐུ་ལུས་ཚད་མངའ་བ། །རླུང་འབྲུག་སྔོན་མོ་ཉིད་ལ་ཕྱག་འཚལ་


DNG017_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

ལོ། །ལོང་བ་རྒྱབ་སྦྲེལ་མང་པོ་གནས་པ་ཡང་། །ཡང་སྤྲུལ་བྱེ་བ་འབུམ་དང་བཅས་པ་སྟེ། །ཕྱོགས་བཞི་ནས་ནི་རྣམ་པར་འཁྲུག་པའོ། །ཤར་ཕྱོགས་ལོང་བ་རྒྱབ་སྦྲེལ་ཏེ། །འབྲུག་ཆེན་སྔོན་མོ་ཆིབས་སུ་བཅིབས། །འཁོར་བ་མ་སྤངས་མྱ་ངན་འདས། །མིག་ཀྱང་མེད་དེ་ཅང་མི་སྨྲ། །མདུན་དང་རྒྱབ་མེད་གཅིག་གི་ངང་། །སྐྱེ་བ་མེད་པའི་དབྱིངས་སུ་བསྟན། །ལོང་བ་རྒྱབ་སྦྲེལ་ཆེ་ལ་ཕྱག་འཚལ་ལོ། །ལྷོ་ཕྱོགས་ལོང་བ་རྒྱབ་སྦྲེལ་ནི། །མེ་རི་སྔོན་དམར་ཆིབས་སུ་ཆིབས། །སྐྱེ་མེད་དབྱིངས་ནས་ཆོ་འཕྲུལ་བསྟན། །འོད་ཟེར་མཐིང་ག་འཕྲོ་བ་ཡིས། །འོ་དོད་དྲག་པོ་ཕྱོགས་བཅུར་འབོད། །ནུབ་ཕྱོགས་ལོང་བ་རྒྱབ་སྦྲེལ་ནི། །འབྲུག་ཆེན་གཤིབས་པའི་གདན་ལ་བཞུགས། །ཟག་མེད་ཤེས་རབ་ཕ་རོལ་ཕྱིན། །སྐྱེ་བ་མེད་པའི་ཆོ་འཕྲུལ་སྟོན། །བྱང་ཕྱོགས་ལོང་བ་རྒྱབ་སྦྲེལ་ནི། །རླུང་ནག་འཚུབས་མ་ཆིབས་སུ་ཆིབས། །སྐྱེ་བ་མེད་པའི་ཆོ་འཕྲུལ་སྟོན། །འོད་ཟེར་དམར་ནག་འབར་བ་འཕྲོ། །དེ་དག་རྣམས་ཀྱི་སྐུ་མདོག་ཀྱང་། །གནག་དང་དམར་ལ་རབ་ཏུ་འཚེར། །ཕྱི་རིམ་དམུས་ལོང་འཁོར་བ་ཅན། །ཤྭ་རི་ཁ་ཡིས་སྐུ་བསྒྲུབས་པས། །མཐའ་དབུས་མེད་པར་ཁྱབ་པར་གནས། །ཤར་ཕྱོགས་དམུས་ལོང་འཁོར་བ་ཅན། །ལུས་ནི་མི་མངོན་དབྱིངས་ན་བཞུགས། །ཡན་ལག་མེད་ཅིང་ཉུང་དཀར་འདྲ། །འོད་ཟེར་ཆེན་པོ་ཕྱོགས་བཅུར་འགྱེད། །གཡོ་བ་མེད་པར་དབང་དུ་བསྡུ། །ལྷོ་ཕྱོགས་དམུས་ལོང་འཁོར་བ་ཅན། །མིག་ནི་ཡེ་ནས་མེད་པ་ལ། །སྤྱན་ནི་མེ་རི་སྔོན་དམར་ཅན། །ཞབས་ཀྱང་མེད་ལ་ཉུང་དཀར་འདྲ། །ཁྱོད་ནི་གདུང་རྒྱུད་དང་པོ་སྟེ། །ལན་འགའ་དྲག་ཏུ་མངགས་པའི་ཚེ། །འོད་ཟེར་ཆེན་པོ་ཕྱོགས་བཅུར་འགྱེད། །ནུབ་ཕྱོགས་དམུས་ལོང་འཁོར་བ་ཅན། །བདུད་ཀྱི་ཤ་ཁྲག་རློན་པ་ཟ། །ཡན་ལག་མེད་ཅིང་དབང་པོ་མེད། །ལུས་ཀྱང་ཅི་རུ་མི་མངོན་པའི། །ཆོས་ཀྱི་དབྱིངས་སུ་རོལ་པ་མཛད། །ཅི་བགྱི་ཞེས་དང་ཆས་ཏེ་གནས། །བྱང་ཕྱོགས་དམུས་ལོང་འཁོར་བ་


DNG017_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། །མགོ་ཡང་མེད་ཅིང་ལག་ཀྱང་མེད། །རྐན་གྱི་སྒྲ་ཡིས་སྟོང་གསུམ་བཀང་། །དུང་གི་ཚུལ་དུ་གནས་པ་ལ། །ཁྲག་གི་མི་ལ་ཁྲག་ཤ་ཟ། །མིག་དང་རྣ་བ་སྣ་ཡང་མེད། །འོད་ཟེར་དྲག་པོ་ཕྱོགས་བཅུར་འགྱེད། །ཁམ་རྒྱ་ཆེན་མོ་དྲུག་རྣམས་ནི། །དཀྱིལ་འཁོར་གྲྭ་ཡི་ཕྱོགས་སུ་གནས། །ཕྱག་རྒྱ་ཆེན་པོ་ལས་ལ་གཡོས། །གནས་པ་བྱང་ཆུབ་སེམས་ལ་རྟག་གནས་པ། །འཇུག་དང་སྨོན་ལམ་དང་ལྡན་པས། །འགྲོ་དོན་མ་ལུས་མཛད་སླད་དུ། །ཁམ་རྒྱ་ཆེན་མོ་དྲུག་གི་སྐུ། །ཡེ་ཤེས་དཔལ་གྱི་ཁྱི་བརྒྱད་ནི། །ཕྱོགས་བཞི་དང་ནི་དབུས་ནས་དགྱེ། །མ་ལུས་དགྲ་བགེགས་མཆེ་བས་གཅོད། །ཕྱི་རིམ་ལྕགས་ཀྱི་སྤྱང་མོ་བརྒྱད། །དགྲ་བོ་རྣམས་ལ་རྦད་པར་བྱ། །དེ་ལྟར་ཕྱག་རྒྱ་རྫོགས་ནས་ཀྱང་། །སྐུ་ཉིད་འཁོར་ལ་སྦས་ཏེ་བཞུགས། །ཕྱོགས་བཞི་དབུས་དང་ལྔ་རུ་སྦས། །དེ་ཡང་ཆོས་དབྱིངས་ཆེ་བའི་རྟགས། །ཞེས་གསུངས་སོ། །རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། ཐོད་རྒལ་འཇིགས་པའི་ལེའུ་སྟེ་བཞི་བཅུ་བདུན་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་གར་གྱི་དབང་མཆོག་གིས། སེང་གེ་རྣམ་པར་བསྒྱིངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་སྤྱན་རས་གཟིགས་དབང་པོས། །གར་དབང་ཆེ་ལ་ཞུ་བ་ཞུས། །ཕྱོགས་བཅུ་འཇིག་རྟེན་དྲུག་གྱུར་པའི། །ཆུ་ཀླུང་རྒྱ་མཚོ་ཇི་སྙེད་དང་། །མེ་ཏོག་འབྲས་བུ་ཡལ་གའི་ཚོགས། །སྣང་དང་མི་སྣང་ལ་སོགས་དང་། །འདོད་པའི་ཡོན་ཏན་ལྔ་པོ་འདི། །ཀླུ་རྒྱལ་རྫུ་འཕྲུལ་ཡིན་པའི་ཕྱིར། །ཀླུ་རྒྱལ་ཟིལ་གྱིས་གནོན་པར་མཛོད། །དབང་ཕྱུག་ཆེན་པོ་ལོངས་སྤྱོད་རྫོགས་པའི་སྐུ། །དུག་གསུམ་དབང་སྡུད་སྐུ་གསུམ་ཐུགས་སུ་སྦྱོར། །ང་རྒྱལ་ཁྲོ་གཏུམ་དབང་གི་རྟ་མགོ་ཅན། །ཆེ་ལ་བརྗིད་པས་ཆེ་བའི་ཡེ་ཤེས་དང་། །རྣོ་ལ་འབིགས་པས་ཐུགས་རྗེའི་ལྕགས་ཀྱུ་ཡིས། །མཐའ་ཡས་དུང་སྐྱོང་ལ་སོགས་ཀླུ་ཡི་འཁོར། །དབང་དུ་བསྡུས་


DNG017_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

ནས་མངོན་དུ་བསྒྲལ་བ་དང་། །ཕྱག་མཚན་རྟགས་སུ་བསྣམས་ལ་ཕྱག་འཚལ་ལོ། །དེ་སྐད་ཅེས་ནི་བསྐུལ་ནས་ཀྱང་། །བཅོམ་ལྡན་འདས་ཀྱིས་འདི་སྐད་གསུངས། །ཁམས་གསུམ་ཁྲག་ཏུ་དམིགས་པའི་ས་གཞི་ལ། །འདོད་ཆགས་རྩད་གཅོད་ཁྲག་གི་རྒྱ་མཚོ་འཁྲུགས། །རྒྱལ་རིགས་ཡོངས་བསྒྲལ་དུར་ཁྲོད་རྒྱན་དུ་སྤྲུལ། །གཏི་མུག་མཐའ་ཡས་ནཱ་ག་པྲ་བེ་ཤ །དུག་ལྔ་ཕུང་པོ་བཤིག་པའི་ས་གཞི་ལ། །ཞེ་སྡང་རྩད་གཅོད་ཀེང་རུས་རི་རབ་འཁྲུགས། །དམངས་རིགས་ཡོངས་བསྒྲལ་དུར་ཁྲོད་བརྒྱད་དུ་སྤྲུལ། །གཏི་མུག་དུང་སྐྱོང་ནཱ་ག་པྲ་བེ་ཤ །རྒྱུད་དྲུག་གཅིག་ཆར་བསྒྲལ་བའི་ས་གཞི་ལ། །ང་རྒྱལ་རྩད་གཅོད་ཁྲག་གི་མེ་འཚུབས་འཁྲུགས། །རྗེ་རིགས་ཡོངས་བསྒྲལ་དུར་ཁྲོད་བརྒྱད་དུ་སྤྲུལ། །གཏི་མུག་འཇོག་པོ་ནཱ་ག་པྲ་བེ་ཤ །ས་གསུམ་ལྷུན་གྱིས་གྲུབ་པའི་ས་གཞི་ལ། །ཕྲག་དོག་རྩད་གཅོད་རླུང་གི་དཀྱིལ་འཁོར་འཁྲུགས། །རིགས་ངན་ཀླུ་ཚོགས་དབང་དུ་བསྡུས་ནས་ཀྱང་། །དབང་གི་མཐུ་བསྐྱེད་དུར་ཁྲོད་བརྒྱད་དུ་སྤྲུལ། །གཏི་མུག་ནོར་རྒྱས་ནཱ་ག་པྲ་བེ་ཤ །དུར་ཁྲོད་མེ་རི་འབར་བའི་ས་གཞི་ལ། །ལས་བདག་ཕྲ་མེན་འབུམ་གྱི་ང་རོ་འཁྲུགས། །དབང་ཆེན་ལྷུན་གྱིས་གྲུབ་པའི་སྐུ་ལ་བརྒྱན། །དུར་ཁྲོད་བདག་པོ་གསང་བའི་རྒྱན་དུ་སྤྲུལ། །གཏི་མུག་མ་དྲོས་ནཱ་ག་པྲ་བེ་ཤ །ཚོགས་ཆེན་འདུས་པར་བསྡུས་པའི་ས་གཞི་ལ། །འཁོར་བ་རྒྱུན་གཅོད་ཞེ་སྡང་མཚོན་ཆ་འཁྲུགས། །ང་རྒྱལ་དྲེགས་པ་ཀླུ་དབང་ཡོངས་བསྒྲལ་ནས། །གཡང་གཞི་འབར་བས་ས་གསུམ་ཟིལ་གྱིས་གནོན། །གཏི་མུག་སོག་མ་མེད་ཀྱང་ནཱ་ག་པྲ་བེ་ཤ །གཏུམ་ཆེན་རོལ་པས་དགྱེས་པའི་ས་གཞི་ལ། །མ་ཆེན་དབང་ཕྱུག་གད་རྒྱངས་སྒྲ་ཆེན་འཁྲུགས། །ཕྱག་རྒྱ་རྟགས་ཀྱིས་ཀླུ་དབང་ཡོངས་བསྒྲལ་ཏེ། །དུར་ཁྲོད་བདག་པོ་གསང་བའི་རྒྱན་དུ་སྤྲུལ། །གཏི་མུག་གཟི་ཆེན་ནཱ་ག་པྲ་བེ་ཤ །ཁྲོ་བོའི་གཤག་ཏུ་གཏམས་པའི་ས་གཞི་ལ། །ཛཿཧཱུཾ་བཾ་ཧོཿས་བསྒྲལ་བའི་ཕྱག་རྒྱ་འཁྲུགས། །ཆོ་འཕྲུལ་ཆེན་པོས་བདུད་ཀྱི་དཔུང་བཤིག་སྟེ། །དབང་ཆེན་ཡུམ་དང་


DNG017_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པའི་རྒྱན་དུ་སྤྲུལ། །གཏི་མུག་རིགས་ལྡན་ནཱ་ག་པྲ་བེ་ཤ །ཕྲ་མེན་སྐར་ལྟར་འཁྲུགས་པའི་ས་གཞི་ལ། །གློག་སྟོང་འབར་བའི་ཕྲིན་ལས་ཆེན་པོ་འཁྲུགས། །ཞེ་སྡང་མེ་ལྟར་འབར་བའི་འབྲུག་སྒྲ་ཡིས། །བྲམ་ཟེ་ཀླུ་ཡི་རྒྱལ་པོ་འཁོར་ལོས་གཏུབས། །དུར་ཁྲོད་དཔལ་གྱི་ཕྱག་རྒྱ་ཆེན་པོར་སྤྲུལ། །གཏི་མུག་བ་རུ་ཎ་ཡང་ནཱ་ག་པྲ་བེ་ཤ །ཕྲིན་ལས་རྣམ་བཞི་རྫོགས་པའི་ས་གཞི་ལ། །བཀའ་ཉན་མགྱོགས་མ་སྟོང་གི་ཕོ་ཉ་འཁྲུགས། །དུར་ཁྲོད་བརྒྱད་ཀྱི་རྒྱན་དུ་སྤྲུལ། །གཏི་མུག་ཀར་ཀོ་ཊ་སྟེ་པྲ་བེ་ཤ །དབང་དུ་བསྡུས་པའི་ས་གཞི་ལ། །གིང་ཆེན་བཅོ་བརྒྱད་རོལ་པའི་ཕྱག་རྒྱ་འཁྲུགས། །ཚངས་པ་སྟོབས་ཀྱི་ཀླུ་དབང་ཡོངས་བསྒྲལ་ནས། །ཕྱག་རྒྱ་འཇིགས་ཤིང་རྔམ་པའི་སེ་རལ་ཁ། །གཏི་མུག་ནོར་བུ་འཛིན་པ་པྲ་བེ་ཤ །ཞིང་ཆེན་གཅལ་དུ་བཀྲམ་པའི་ས་གཞི་ལ། །ཕྲ་མེན་གོའུ་རི་འདུས་པའི་སྒྲ་སྐད་འཁྲུགས། །ཁ་དོག་སྣ་ཚོགས་ཅིར་ཡང་སྣང་བའི་སྐུ། །དྲག་ཤུལ་ཀླུ་རྒྱལ་རྔམ་པའི་ཤུགས་ཀྱིས་བསྒྲལ། །གསང་བའི་ཡུམ་ཆེན་སྤྲུལ་པའི་རྒྱན་དུ་སྤྲུལ། །གཏི་མུག་བལྟ་ན་སྡུག་ཀྱང་པྲ་བེ་ཤ །ཏ་ཀྲྀཏ་རྒྱལ་པོ་བསྣོལ་བའི་ས་གཞི་ལ། །ར་རོ་ཁྲག་འཐུང་མ་ཆེན་ལས་ལ་འཁྲུགས། །མྱུར་ལ་མགྱོགས་པའི་ཐབས་ཀྱིས་ཀླུ་དབང་བསྒྲལ། །དུར་ཁྲོད་རྒྱལ་པོ་དབང་གི་ཐུགས་དམ་བསྐུལ། །གཏི་མུག་སྟོབས་བཟང་ནཱ་ག་པྲ་བེ་ཤ །ཟླ་གམ་སྐར་ལྟར་འཁྲུགས་པའི་དཀྱིལ་འཁོར་ལ། །ཅི་བགྱིས་བཀའ་སྡོད་མང་པོའི་ཚོགས་ནི་འཁྲུགས། །ཁ་དོག་སྣ་ཚོགས་ཅིར་ཡང་སྤྲུལ་པའི་སྐུ། །ཀླུ་ཆེན་ཡོངས་བསྒྲལ་གསང་བའི་རྒྱན་དུ་བཀླུབས། །གཏི་མུག་ཟླ་བ་ཅན་ཡང་པྲ་བེ་ཤ །ཁྲོ་བོ་ཡ་མཱན་ཏ་ཀའི་ཐུགས་ཀ་ནས། །འདུལ་སྦྱོང་ལས་ཀྱི་ཕོ་ཉ་མངག་གཞུག་གཞན་ཡང་འཁྲུགས། །ཧ་ཧ་རྔམ་པའི་ཕྱག་རྒྱས་ཀླུ་བརྒྱད་འདུལ། །བསྡིམ་པའི་སྟོབས་ཀྱི་གད་མོར་གཡབ་མོས་འདེབས། །གཏི་མུག་དུང་སྐྱོང་ནཱ་ག་པྲ་བེ་ཤ །ཧཱུཾ་དང་ཕཊ་ཀྱིས་གསང་བའི་ཐུགས་དམ་བསྐུལ། །


DNG017_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་མཚན་ཕྱག་ན་ཀླུ་ཆེན་འབུམ་བསྣམས་པ། །གསང་བའི་གཡུང་དྲུང་རྒྱལ་ས་རྟག་ཏུ་འཛིན། །ནཱ་ག་ཨོཾ་ནཱ་ག་ཧཱུཾ། དེ་གནས་གསང་བའི་མཆོད་འབུལ་བ། །བསྙེན་པའི་སྔགས་ནི་འདིས་འབུལ་ལོ། །ཨོཾ་པདྨ་ཤྲཱི་ཧེ་རུ་ཀ །ཨེ་ཀ་ཏ། མ་ཧཱ་སུ་ཁ་ཧཱུཾ། ས་མ་ཡ་ཧོ། ནཱ་ག་པྲ་བེ་ཤ་ཛ། རྫུ་འཕྲུལ་དབྲོག་དང་ཕྱག་རྒྱ་དང་། །དྲག་པོའི་ཕྲིན་ལས་ཉི་ཚེ་བའོ། །དེ་སྐད་ཅེས་བཀའ་སྩལ་པས། ལ་ལ་འདོད་ཆགས་ཀྱིས་འགྲོ་བ་སྒྲོལ། ལ་ལ་ཞེ་སྡང་གི་གདུག་སེམས་ལས་འཕྲོ་བྱེད། ལ་ལ་ང་རྒྱལ་གྱི་དབང་གིས་ཆེ་བར་བསྙེམས་ཤིང་འགྲོ་བའི་རྒྱུད་སྦྱོང་། ལ་ལ་གཏི་མུག་དབང་གིས་ངོ་བོ་ཉིད་ཀྱི་རྒྱུད་བསྲེག །ལ་ལ་ཕྲག་དོག་དབང་གིས་ང་དང་བདག་ཏུ་བཟུང་ནས་ལུས་སེམས་ལ་ཉོན་མོངས་ལྔ་སྨིན་པར་བྱེད་ཅིང་། གདུག་པའི་ཤས་དང་མ་བྲལ་བ་ལས། ཀླུའི་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པར་གནས་པ་ལ། དབང་ཆེན་གྱིས་གདུག་པ་ཅན་དུ་མ་གཅིག་ཏུ་དབང་དུ་བསྡུས་ནས། ཉོན་མོངས་པ་ལྔའི་བག་ཆགས་གདར་ཤ་བཅད་ནས། མགྲིན་སྔོན་ལ་སོགས་པའི་རྣམ་པར་ཤེས་པའི་རང་བཞིན་ཡང་གསེར་བཞུས་པའི་ཁ་དོག་ལྟ་བུར་གྱུར་ཏེ། ཡུམ་གཟི་ལྡན་པདྨ་ཅན་གྱི་ཐུགས་གསང་བའི་བྷ་ག་ལ་བསླབ་པའི་དཀྱིལ་འཁོར་ལ། གློག་སྟོང་འབར་བའི་ཕྲིན་ལས་ཆེན་པོར་འཁྲུགས། །ཞེ་སྡང་མེ་ལྟར་འབར་བའི་འབྲུག་སྒྲ་ཡིས། །བྲམ་ཟེ་ཀླུ་ཡི་རྒྱལ་པོ་འཁོར་ལོས་གཏུབས། །དུར་ཁྲོད་དཔལ་གྱི་ཕྱག་རྒྱ་ཆེན་པོར་འཁྲུགས། །དེ་རིང་ས་རུ་ཀླུ་ཡི་རྫུ་འཕྲུལ་མིང་ཡང་མེད། །རིགས་རྣམས་སོ་སོའི་གནས་རྣམས་བསྲུངས་ཤིང་བཞུགས་པ་ལས། བཅོམ་ལྡན་འདས་ཀྱི་སྐུ་ལ་རིན་པོ་ཆེའི་གཤོག་པ་ནམ་མཁའི་མཐའ་དང་མཉམ་པའི་བར་བར་ནས། གསེར་གྱི་མེ་སྟག་ནི་མེ་ཆེན་འབུམ་དུ་འཕྲོ་ཞིང་། ལྷ་མོ་གློག་འགྱུ་མས་སྤྲུལ་པ་བཏང་བ་ལས། ཀླུ་མགྲིན་སྔོན་གྱི་ལུས་ལ་ཕོགས་པས་ལུས་ཚིག་གོ། །སེམས་ལ་ཕོགས་པས་དྲན་པ་བརླག་གོ། །ངག་ལ་ཕོགས་པས་སྨྲ་བའི་དབང་པོ་དང་བྲལ། ཡན་ལག་ཉིང་ལག་ལ་ཕོགས་པས་ཞ་བོ་གྲུམ་པོར་གྱུར་ཏེ། བྱེ་ཚན་དང་ཁྱུང་གི་འཇིགས་


DNG017_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་དེ་ལ་བྱའོ། །དེ་བས་ན་ཕྱི་མའི་དུས་ཀྱི་རྣལ་འབྱོར་པས། དངོས་གྲུབ་ཐོབ་པར་འདོད་ན། ཀླུའི་རྫུ་འཕྲུལ་དབྲོག་པར་བྱའོ། །ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ལ་གནས་པར་བྱའོ། །དེ་ཅིས་མངོན་ཞེ་ན་ཀླུའི་གཞལ་ཡས་ཁང་། སྦྲུལ་ནག་ཀུན་གྱི་ཁ་ནས་ཀྱང་དངོས་གྲུབ་ཀྱི་ཆར་འབབ་སྟེ། ལ་ལའི་ཁ་ནས་མེ་ཏོག་ཨུཏྤལ་ལ། ལ་ལའི་ཁ་ནས་པདྨ་དམར་པོ། ལ་ལའི་ཁ་ནས་ཨུ་དུམ་བཱ་རའི་ཆར་དུ་འབབ་སྟེ། ཡིད་བཞིན་ནོར་བུའི་གཏུན་ཁུང་དུ་འཁྱིལ་པས། ཀླད་པའི་རྒྱས་སུ་ཕྱུང་སྟེ། མངོན་པར་ཤེས་པ་དྲུག་གི་དབང་ཐོབ་པར་གྱུར་ཏོ། །ཟ་མ་ཏོག་ཆར་དུ་བབས་པས་སྐུའི་དབྱིངས་སུ་འཁྱིལ་ཏེ། ཐུགས་ཀྱི་གནས་སུ་ཐིམ་པས། མཁྱེན་རབ་འཇམ་དཔལ་གྱི་དངོས་གྲུབ་ཐོབ་པར་གྱུར་ཏོ། །ཨུཏྤལ་སྔོན་པོ་ཆར་དུ་ཕབ་པས། ཕྱག་གི་གནས་སུ་ཐིམ་སྟེ། ཕྱག་ན་རྡོ་རྗེའི་དངོས་གྲུབ་ཐོབ་པར་གྱུར་ཏོ། །པདྨ་དམར་པོའི་ཆར་དུ་ཕབ་པས། ཞབས་ཀྱི་གཡས་སུ་འཁྱིལ་ཏེ། རྐང་གི་སྦུབས་སུ་ཐིམ་པས། སྒྲིབ་པ་རྣམ་པར་སེལ་བའི་སྒོ་ནས་དངོས་གྲུབ་ཐོབ་སྟེ། ལུས་མི་སྣང་བར་སྦེད་ཅིང་། ཐོགས་པ་མེད་པར་རྒྱུག་ནུས་པར་གྱུར། ཨུ་དུམ་བཱ་ར་ཆར་བཞིན་དུ་བབས་པས། ཡུམ་གྱི་མཁའ་གསང་ལ་འཁྱིལ་ཏེ། བྷ་གའི་དབྱིངས་སུ་ཐིམ་སྟེ། སྤྱན་རས་གཟིགས་ཀྱི་དངོས་གྲུབ་དང་དབང་ཐོབ་སྟེ། སྤྲུལ་པ་མང་པོ་འགྱེད་ནུས་པར་གྱུར་ཏོ། །ཞེས་གསུངས་པས། སྤྱན་རས་གཟིགས་དབང་ཕྱུག་ལ་སོགས་པ་ཐམས་ཅད་རྗེས་སུ་ཡི་རང་བའི་མཆོག་གིས་རྗེས་སུ་ཡང་ཆེད་དུ་བརྗོད་དོ། །རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། ཀླུ་རྒྱལ་རྫུ་འཕྲུལ་གྱི་ལེའུ་སྟེ་བཞི་བཅུ་བརྒྱད་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་གར་གྱི་དབང་ཕྱུག་དེས། ཐམས་ཅད་མྱ་ངན་ལས་འདས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རོལ་པའི་འཁོར་ཐམས་ཅད་ལ་འདི་སྐད་ཅེས་གསུངས་སོ། །ཁམས་གསུམ་


DNG017_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དུ་སྡུད་པའི་གཞལ་ཡས་ཁང་། །ནམ་མཁའི་མཐའ་མཉམ་ཆོ་འཕྲུལ་ཅིར་སྟོན་པ། །སྐྱེ་མེད་བྱང་ཆུབ་སེམས་ལས་མ་གཡོས་ཕྱིར། །གསང་བ་ཡུམ་གྱི་བྷ་གར་མྱ་ངན་འདས། །འགྱུར་མེད་འཇིགས་སྤངས་སེང་གེའི་ཁྲི་གཅལ་ནི། །དབང་ཕྱུག་མངར་བསྡུས་ཆོ་འཕྲུལ་ཅིར་སྟོན་ཀྱང་། །སྐྱེ་མེད་བྱང་ཆུབ་སེམས་ལས་མ་གཡོས་ཕྱིར། །གསང་བ་ཡུམ་གྱི་བྷ་གར་མྱ་ངན་འདས། །རིན་ཆེན་འབར་བའི་ཁྲི་རྐང་བཞིར་སྣང་བས། །རིགས་བཞིའི་ཁྲག་འཐུང་ཆོ་འཕྲུལ་ཅིར་སྟོན་ཀྱང་། །སྐྱེ་མེད་བྱང་ཆུབ་སེམས་ལས་མ་གཡོས་ཕྱིར། །གསང་བ་ཡུམ་གྱི་བྷ་གར་མྱ་ངན་འདས། །པདྨ་ལེ་བརྒན་ཁ་དོག་འབར་བ་ལ། །ཀུན་ཏུ་བཟང་མོའི་ཆོ་འཕྲུལ་ཅིར་སྟོན་ཀྱང་། །སྐྱེ་མེད་བྱང་ཆུབ་སེམས་ལས་མ་གཡོས་ཕྱིར། །གསང་བ་ཡུམ་གྱི་བྷ་གར་མྱ་ངན་འདས། །སྤྲུལ་སྐུ་ཉི་ཟླའི་དཀྱིལ་འཁོར་འཆར་བ་ཡང་། །ཐབས་དང་ཤེས་རབ་ཆོ་འཕྲུལ་ཅིར་སྣང་ཡང་། །སྐྱེ་མེད་བྱང་ཆུབ་སེམས་ལས་མ་གཡོས་ཕྱིར། །གསང་བ་ཡུམ་གྱི་བྷ་གར་མྱ་ངན་འདས། །རང་སེམས་ཡི་གེ་ཧཱུཾ་གི་བྱིན་རླབས་ལས། །ཡེ་ཤེས་སེམས་དཔའི་ཆོ་འཕྲུལ་ཅིར་སྣང་ཡང་། །སྐྱེ་མེད་བྱང་ཆུབ་སེམས་ལས་མ་གཡོས་ཕྱིར། །གསང་བ་ཡུམ་གྱི་བྷ་གར་མྱ་ངན་འདས། །ཡི་གེ་ཧཱུཾ་དྲུག་ཆོ་འཕྲུལ་ཆེན་པོ་ལས། །གར་དབང་ལྷ་ཡི་ཆོ་འཕྲུལ་ཅིར་སྣང་ཡང་། །སྐྱེ་མེད་བྱང་ཆུབ་སེམས་ལས་མ་གཡོས་ཕྱིར། །གསང་བ་ཡུམ་གྱི་བྷ་གར་མྱ་ངན་འདས། །བརྗིད་པའི་དབུ་རྒྱན་རིགས་ལྔའི་དཀྱིལ་འཁོར་ནས། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཅིར་སྟོན་ཀྱང་། །སྐྱེ་མེད་བྱང་ཆུབ་སེམས་ལས་མ་གཡོས་ཕྱིར། །གསང་བ་ཡུམ་གྱི་བྷ་གར་མྱ་ངན་འདས། །སྲིན་པོ་འདུལ་བྱེད་རྟ་མགོ་ལྗང་གུ་ནི། །རྫུ་འཕྲུལ་མྱུར་མགྱོགས་ཆོ་འཕྲུལ་ཅིར་སྟོན་ཀྱང་། །སྐྱེ་མེད་བྱང་ཆུབ་སེམས་ལས་མ་གཡོས་ཕྱིར། །གསང་བ་ཡུམ་གྱི་བྷ་གར་མྱ་ངན་འདས། །གསང་བ་ཐུགས་ཀྱི་དཔལ་བེའུ་སྒྲོམ་བུ་ནས། །ཡེ་ཤེས་སེམས་དཔའི་ཆོ་འཕྲུལ་ཅིར་སྟོན་ཀྱང་། །


DNG017_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་མེད་བྱང་ཆུབ་སེམས་ལས་མ་གཡོས་ཕྱིར། །གསང་བ་ཡུམ་གྱི་བྷ་གར་མྱ་ངན་འདས། །རྫུ་འཕྲུལ་ཆེན་པོ་གཤོག་པའི་གཞལ་ཡས་ནས། །ཁམས་གསུམ་རྣམ་རྒྱལ་ཆོ་འཕྲུལ་ཅིར་སྟོན་ཀྱང་། །སྐྱེ་མེད་བྱང་ཆུབ་སེམས་ལས་མ་གཡོས་ཕྱིར། །གསང་བ་ཡུམ་གྱི་བྷ་གར་མྱ་ངན་འདས། །གནོད་མཛེས་ཞབས་ཀྱི་དཀྱིལ་འཁོར་ཆེན་པོ་ལས། །འཇིགས་བྱེད་ཁྲོ་བོའི་ཆོ་འཕྲུལ་ཅིར་སྣང་ཡང་། །སྐྱེ་མེད་བྱང་ཆུབ་སེམས་ལས་མ་གཡོས་ཕྱིར། །གསང་བ་ཡུམ་གྱི་བྷ་གར་མྱ་ངན་འདས། །སྐུ་ཡི་རྒྱན་ཆ་དཔལ་གྱི་ཆ་ལུགས་དང་། །ཐུགས་ཀྱི་གསང་ཡུམ་སྐུ་ལ་འཁྲིལ་བ་ཡི། །བཀའ་སྡོད་ཕོ་ཉའི་ཚོགས་སུ་བསྟན་པ་བསྲུང་། །གདུལ་བྱའི་ཆོ་འཕྲུལ་ཁྲོ་བོ་སོ་སོར་ཅིར་སྣང་ཡང་། །སྐྱེ་མེད་བྱང་ཆུབ་སེམས་ལས་མ་གཡོས་ཕྱིར། །གསང་བ་ཡུམ་གྱི་བྷ་གར་མྱ་ངན་འདས། །དེ་སྐད་ཅེས་གསུངས་ནས། མི་གནས་པ་ལྷུན་གྱིས་གྲུབ་པར་བཞུགས་སོ། །རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། གསང་བ་མྱ་ངན་ལས་འདས་པའི་ལེའུ་སྟེ་བཞི་བཅུ་དགུ་པའོ།། །།དེའི་ཚེ་འཇམ་དཔལ་ཡེ་ཤེས་སེམས་དཔས་གར་གྱི་དབང་ཕྱུག་ཆེན་པོ་ལ་གསོལ་བ་བཏབ་པ། མྱ་ངན་ལས་འདས་པ་ཅིའི་ཕྱིར། གསང་བར་གྱུར་པ་ཅིའི་ཕྱིར། ཟབ་མོའི་དོན་དུ་གྱུར་པ་རྣམས། །བདག་ཅག་རྣམས་ལ་བཤད་དུ་གསོལ། །ཞེས་ཞུས་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཡེ་ཤེས་སེམས་དཔའ་ཉོན། །ཁམས་གསུམ་འཁོར་བའི་སེམས་ཅན་རྣམས། །ཉེ་ལམ་བྱང་ཆུབ་བསྟན་པའི་ཕྱིར། །ཕུན་སུམ་ཚོགས་པ་ལྔ་ལྡན་པ། །དེ་ཡང་གསང་བར་ཤེས་པར་བྱ། །ཉེ་ལམ་ཞེས་ཀྱང་དེ་ལ་བརྗོད། །དེ་ལྟར་གྱུར་པའི་དཀྱིལ་འཁོར་དུ། །དབང་ཆེན་རྒྱལ་པོའི་སྐུ་རྫོགས་པ། །གདན་ལྔ་རིམ་གྱིས་རྫོགས་པ་དང་། །རྫོགས་པ་ཆེན་པོ་ཡིན་པའི་ཕྱིར། །གཞལ་ཡས་གདལ་བ་ཆོས་ཀྱི་དབྱིངས། །ནམ་མཁའ་ལྟ་བུས་ཁྱབ་པ་དང་། །ཟབ་མོའི་དོན་དུ་ཤེས་པར་བྱོས། །དེ་དབུས་གར་གྱི་དབང་ཕྱུག་དང་། །གཉིས་སུ་མེད་པ་གཟི་ལྡན་མ། །ཟབ་མོ་ཞེས་ཀྱང་དེ་ལ་བརྗོད། །དྲ་བ་ཅན་ལ་སོགས་པ་བཞི། །གསང་བའི་ཡུམ་བཞི་ཡིན་པས་ན། །


DNG017_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་མོ་ཞེས་ནི་རྒྱལ་བས་གསུངས། །དཀྱིལ་འཁོར་ཆེན་པོ་ཡིན་པའི་ཕྱིར། །སྒོ་སྲུང་ཁྲོ་བོ་མགོ་དགུ་བརྩེགས། །ཐེག་ཆེན་དགུ་ཡི་རིམ་པ་བཞིན། །དེ་ཉིད་གསང་བར་ཤེས་པར་བྱ། །དེ་ལྟར་དཀྱིལ་འཁོར་རྫོགས་པ་ཡང་། །རྒྱལ་པོ་འཁོར་དང་ལྡན་པ་བཞིན། །ཕྱི་རོལ་ལོང་བ་རྒྱབ་སྦྲེལ་ཡང་། །ཆོས་སྐུ་གཅིག་པས་ཐ་དད་མིན། །དེ་ཕྱིར་དམུས་ལོང་འཁོར་བ་རྣམས། །མི་འགྱུར་དབྱིངས་ལས་མྱ་ངན་འདས། །འཁོར་བ་མ་སྤངས་མྱ་ངན་འདས། །དེ་ཕྱིར་དམུས་ལོང་འཁོར་བ་ཅན། །དེ་ཕྱིར་ཁམ་རྒྱ་ཆེན་མོ་བཅུ་དྲུག་གི། །གཟི་ལྡན་སྤྲུལ་པར་གྲགས་པས་ན། །ཉུང་དཀར་ཚུལ་བཞིན་ཟླུམ་པོར་བཞུགས། །འཁོར་བ་དབྱིངས་སུ་བཟླུམ་པའི་ཕྱིར། །དེ་ཕྱིར་སྤྱང་མོ་བརྒྱད་པོ་ཡང་། །ཞབས་ཀྱི་སྤྲུལ་པ་ཡིན་པས་ན། །ཕོ་ཉ་བཟང་ཞིང་མངགས་པར་མགྱོགས། །དེ་ཡང་ཆོས་ཉིད་ཡིན་པའི་ཕྱིར། །ཟབ་མོའི་དོན་དུ་ཤེས་པར་བྱ། །ཁྱི་བརྒྱད་དགྱེ་ཞིང་མངག་པ་ཡང་། །གསང་བའི་སྤྲུལ་པ་ཡིན་པའི་ཕྱིར། །ཕྲ་མེན་སྤྲུལ་པར་ཤེས་པར་བྱ། །སྤྲུལ་པ་མེ་འབྲུག་དམར་པོ་རྣམས། །ཡབ་ཡུམ་འདུ་འབྲལ་མེད་པ་ཡི། །སྤྲུལ་པ་ཡིན་པར་བསྟན་པ་ཡང་། །ཡང་ན་སྲིད་པའི་རྒྱལ་མོར་དམིགས། །རྩ་བ་དཀྱིལ་འཁོར་བསྒྲུབ་པ་ཡིན། །ཕུང་པོ་ལྔ་ཉིད་གཞལ་ཡས་ཁང་། །ཙིཏྟ་དཔལ་བེའུ་སེམས་ཀྱི་རྟེན། །དབང་ཆེན་ཡབ་ཡུམ་ཕྱག་རྒྱར་གསལ། །མ་བཞི་བུ་བརྒྱད་དབྱིངས་ཕྱུག་མ། །དེ་ཡང་མཚན་མ་སྤྲོས་དང་བྲལ། །རྣམ་ཤེས་བརྒྱད་པོ་གནས་སུ་དག །ལོང་བ་རྒྱབ་སྦྲེལ་ཡེ་ནས་དག །ཤེས་པ་ཡུལ་བརྒྱད་གནས་སུ་དག །དམུས་ལོང་འཁོར་བར་ཡེ་ནས་གནས། །ཞབས་ཀྱི་ཆས་བརྒྱད་གནས་སུ་དག །ལྕགས་ཀྱི་སྤྱང་མོར་ཡེ་ནས་གནས། །ཁྱི་བརྒྱད་སྤྱང་མོ་བརྒྱད་དང་བཅས། །ཞབས་ཀྱི་སྤྲུལ་པར་རབ་ཏུ་གྲགས། །དེ་རྣམས་རྩ་བར་བསྡུས་པའི་ཕྱིར། །ཟབ་མོའི་བསྒྲུབ་པ་ཤེས་པར་བྱ། །དབྱིངས་སུ་ཡེ་ནས་བསྒྲུབ་པའི་ཕྱིར། །


DNG017_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་དབྱིངས་ལ་ཞུགས་པ་ལ། །རྟག་ཏུ་གཟི་ལྡན་ཐུགས་ཀར་སྦས། །ཟབ་མོ་ཞེས་ཀྱང་དེ་ལ་བསྔགས། །ལོང་བ་རྒྱབ་སྦྲེལ་ཡེ་ཤེས་འཁོར། །མགོ་དགུ་བརྩེགས་པ་ཡན་ཆད་ཀུན། །འཁོར་ནི་ཆོས་ཀྱི་དབྱིངས་སུ་དམིགས། །གཙོ་བོ་ཡབ་ཡུམ་ཡེ་ཤེས་ཏེ། །ཡེ་ཤེས་དབྱིངས་ལས་སྦྱོར་བའི་ཕྱིར། །རྟོགས་པ་ཆེན་པོར་རབ་རྟོགས་ན། །ཟབ་མོ་ཞེས་ཀྱང་དེ་ལ་བརྗོད། །དེ་ལྟར་དབྱིངས་ལས་མ་གཡོས་ཀྱང་། །མཚན་མའི་དངོས་པོ་བཤིག་པ་དང་། །ལོག་པར་ལྟ་བ་གཞོམ་པའི་ཕྱིར། །ཕོ་ཉ་རྣམས་སུ་བཤད་པར་བྱ། །བདག་ཉིད་ཆེན་པོ་རབ་རྟོགས་ཏེ། །རྩ་བ་མེད་པའི་དབྱིངས་གཅིག་ན། །ཕོ་ཉ་ཞེས་ཀྱང་དེ་ལ་བྱ། །བྱ་དང་བྱེད་པ་མི་དམིགས་ཤིང་། །འཕྲོ་འདུ་ལ་སོགས་མི་རྩོལ་ན། །འགྱེད་པ་ཞེས་ཀྱང་དེ་ལ་བྱ། །ཕོ་ཉའི་དོན་དྲུག་བཤད་པ་ནི། །རྒྱུ་དང་རྔམ་དང་ཡེ་ཤེས་དང་། །སྒྲུབ་དང་སྤྲུལ་པའི་ཡིག་འབྲུའོ། །ཡང་ན་ཕོ་ཉ་གསུམ་དུ་བཤད། །དོན་དང་ལས་དང་རིག་ལ་སོགས། །ཕོ་ཉ་རྣམས་ནི་དགྱེ་བར་བྱ། །ཞེས་བཤད་དོ། །རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། ཉེ་ལམ་བྱང་ཆུབ་སེམས་ཀྱི་ལེའུ་སྟེ་ལྔ་བཅུ་པའོ།། །།དེ་ནས་བཅོམ་ལྡན་འདས་པདྨ་གར་དབང་གིས། ཕྱོགས་བཅུ་དུས་དྲུག་གི་འཇིག་རྟེན་ཐམས་ཅད་གཞལ་ཡས་ཁང་དུ་བྱིན་གྱིས་བརླབ་པ་དང་། ཕྱི་རབས་ཀྱི་རྣལ་འབྱོར་པའི་བར་ཆོད་དུ་གྱུར་པ་བསྒྲལ་བའི་ཞིང་བཅུ་ཞེ་གཅད་པའི་ཕྱིར། གསང་བའི་བདག་པོ་ལ་སོགས་པ་རོལ་པའི་འཁོར་ཚོགས་རྣམས་ཉོན། དབེན་ནམ་རང་གི་གནས་ཁང་དུ། །རང་གི་དྲི་ཆེན་མཎྜལ་བྱ། །རང་གི་གུར་གུམ་ཆག་ཆག་གདབ། །སྤོས་དང་དུ་རུ་ཨ་ཀ་རུ། །ལི་ཤི་དང་ནི་ག་པུར་དང་། །ཛཱ་ཏི་ཕ་ལ་མཆོག་ཏུ་བསྔགས། །མེ་ཏོག་ཕྲེང་བས་ཀུན་ཏུ་བརྒྱན། །དེ་ལྟ་བུ་ཡི་གནས་མཆོག་ཏུ། །གཞན་ཞིག་ངེས་པར་བསྒྲལ་ན་ནི། །རྡོ་རྗེ་སྲིན་པོའི་ཏིང་འཛིན་བསྒོམ། །རཀྴའི་མིག་གིས་བལྟ་བར་བྱ། །


DNG017_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ནས་སྔགས་ཀྱི་ཚིག་ཟློས་ཤིང་། །ཕ་རོལ་རྣམ་ཤེས་ཧཱུཾ་གིས་དྲངས། །སྙིང་གར་མངོན་སུམ་དམིགས་བྱས་ན། །ཕ་རོལ་མངོན་སུམ་འཆི་བར་འགྱུར། །མགོ་དང་སྙིང་དང་རྐང་ལག་རྣམས། །ཡ་མཱན་ཏ་ཀའི་འཁོར་ལ་དབུལ། །གཞན་ཡང་ལྷག་མ་ཅི་ཡོད་པ། །ཧེ་རུ་ཀ་ལ་ཡོན་དུ་འབུལ། །གནས་ལུང་འཕྲུལ་གྱི་དགོངས་པའོ། །དེ་ལྟ་བུ་ཡི་དུས་དག་ཏུ། །ལག་ཆ་ཕུར་པ་མཆོག་ཡིན་ཏེ། །ཞི་བའི་སོར་བདུན་ཟླུམ་པོར་བྱ། །རྒྱས་པའི་སོར་བརྒྱད་ཟུར་ཡང་བརྒྱད། །དབང་ལ་ཟླ་གམ་ངེས་པར་བཟང་། །དྲག་པོའི་སོར་དྲུག་ཟུར་གསུམ་པོ། །ཀུན་གྱི་རྩེ་མོར་ཧཱུཾ་བཞག་སྟེ། །ངོས་སུ་ཧ་ཧ་རུ་ལུ་བསྒོམ། །དེ་ལྟ་བུ་ཡི་དུས་དག་ཏུ། །སེམས་ཀྱི་ཕུར་པ་རང་བྱུང་བ། །འདུ་བྱེད་ལག་གིས་བྲལ་བས་ཐེབས། །དེ་བས་ཕོ་ཉ་མངག་པར་བྱ། །ཕོ་ཉ་འོད་ཟེར་དུད་ཁ་འཕྲོ། །ཧཱུཾ་དང་ཕཊ་ཀྱི་སྒྲ་སྒྲོགས་ཤིང་། །བསྐལ་པའི་འབྲུག་སྒྲ་ཆེན་པོ་བཞིན། །ཀུན་ཀྱང་མགྱོགས་པའི་རླུང་དང་མཚུངས། །ཤར་གྱི་ཕྱོགས་ནས་མངག་པ་ནི། །མགོ་དགུ་པོ་ལ་རྐང་གཅིག་པོ། །ལུས་ནག་པོ་ལ་འོད་ཕུང་གནག །རལ་པ་གནག་ཅིང་མཆེ་བ་གནག །མིག་ཀྱང་ནག་ཅིང་ལག་ནག་པོ། །མགྱོགས་ཀྱང་རླུང་གིས་བསྐྱད་དུ་མེད། །འདི་དག་དཔལ་གྱི་ཕོ་ཉ་སྟེ། །ཞུམས་པ་མེད་ཅིང་སྟོབས་ཆེན་འཇོམས། །གཡས་པ་གསུམ་ནི་སྟ་རེ་འཕྱར། །གཡོན་པ་གསུམ་ནི་ལྕགས་ཀྱུ་འཛིན། །ཡན་ལག་སྦྲུལ་ནག་མཆོག་གིས་བརྒྱན། །གཡོན་གྱི་ལྕགས་ཀྱུས་སྙིང་ནས་འདྲེན། །གཡས་ཀྱི་སྟ་རེས་ངེས་པར་འཇོམས། །འདི་ནི་སྒོ་སྲུང་མཆོག་ཡིན་ཏེ། །ཕོ་ཉའི་རྒྱུད་དུ་མངག་པར་བྱ། །བགེགས་རྣམས་ངེས་པར་ཕུང་བར་བྱེད། །རྐང་གཅིག་དེ་ཡི་ཕོ་ཉ་ནི། །ཁ་དོག་འབར་བ་ཅི་འདྲ་ན། །གཅིག་ལ་གཅིག་ནི་རབ་ཏུ་འཁྲིལ། །ཡང་ན་ལག་པ་སྦྲེལ་ཏེ་འགྲོ། །མིག་ཀྱང་མེད་དེ་ཅང་མི་སྨྲ། །ལོང་བ་ཀུན་གྱི་མཆོག་ཡིན་ཏེ། །རྟ་བབས་ཀུན་གྱི་སྒོར་བསྒོམས་ཏེ། །ལན་འགའ་དྲག་ཏུ་མངག་པའི་ཚེ། །གཉིས་ཀ་སོང་ནས་དེར་ཕྱིན་ནས། །གང་ལ་


DNG017_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་ལེན་པར་བྱེད། །སུས་ཀྱང་བཟློག་པར་མི་བྱེད་དོ། །ལྷོ་ཡི་ཕྱོགས་ནས་དགྱེ་བ་ནི། །མགོ་བརྒྱད་པོ་ལ་ལག་བརྒྱད་པ། །རྐང་པ་བརྒྱད་ལ་མིག་ཀྱང་བརྒྱད། །གཡས་པ་བཞི་ནི་རྡོ་རྗེ་འཛིན། །གཡོན་པ་བཞི་ནི་ཕུར་བུ་འཛིན། །ཧ་ཧ་རུ་ལུའི་སྒྲ་སྒྲོགས་ཤིང་། །གང་ལ་དམིགས་པ་ལེན་པར་བྱེད། །གཤིན་རྗེའི་གནས་རྣམས་ངེས་པར་འཇོམས། །རྐང་བརྒྱད་དེ་ཡི་ཕོ་ཉ་ནི། །ཧཱུཾ་དང་ཕཊ་ཀྱི་སྒྲ་སྒྲོགས་ཤིང་། །བསྐལ་པའི་འབྲུག་སྒྲ་ཆེན་པོ་བཞིན། །ཀུན་ཀྱང་མགྱོགས་པ་རླུང་དང་མཚུངས། །ཧ་ཧ་རུ་ལུའི་སྒྲ་སྒྲོགས་ཤིང་། །གང་ལ་དམིགས་པ་ལེན་པར་བྱེད། །ནུབ་ཀྱི་ཕྱོགས་ནས་དགྱེ་བ་ནི། །མགོ་དྲུག་ལག་དྲུག་རྐང་དྲུག་པོ། །གཡས་པ་གསུམ་ནི་ཕུར་པ་འདྲིལ། །གཡོན་པ་གསུམ་ནི་གཏོར་མ་གཏོང་། །མགྱོགས་པ་རླུང་གིས་བསྐྱད་དུ་མེད། །འདི་ནི་དཔལ་གྱི་ཕོ་ཉ་ཡིན། །ཧ་ཧ་རུ་ལུའི་སྒྲ་སྒྲོགས་ཤིང་། །རང་གི་རླུང་ཕྱོགས་སོང་བའི་ཚེ། །ཁྲོ་བོ་ཀུན་ཀྱང་ངེས་པར་འཆི། །རྐང་དྲུག་དེ་ཡི་ཕོ་ཉ་ནི། །ལྕགས་ཀྱི་སྤྱང་མོ་རྐང་གསུམ་མ། །གང་ནས་གང་དུ་འགྲོ་བའི་ཚེ། །གཟུགས་ལ་རྡོག་པས་བརྡེག་ཅིང་འགྲོ། །རང་གི་རྐང་པ་ཕུར་པ་ཡིན། །ལྕགས་ཀྱི་ཕུར་པ་རབ་ཏུ་དྲག །འོད་ཟེར་དུད་ཁས་རེག་པས་ནི། །ཚངས་པའི་གནས་ཀྱང་འཇིགས་བྱེད་ན། །གཟུགས་ཅན་དགྲ་བོར་སྨོས་ཅི་དགོས། །བྱང་གི་ཕྱོགས་ནས་དགྱེ་བ་ནི། །མགོ་གསུམ་ལག་དྲུག་རྐང་གསུམ་པོ། །ལག་པ་དྲུག་ནི་རྒྱུད་དྲུག་གཅོད། །མཱཾ་ས་ཟ་ཞིང་བདུད་རྣམས་སྒྲོལ། །གནོད་སྦྱིན་གནས་རྣམས་ངེས་པར་འཇོམས། །རྐང་གསུམ་དེ་ཡི་ཕོ་ཉ་ནི། །བྱང་གི་ཕྱོགས་ནས་རྒྱུག་པ་མོ། །ལྕགས་ཀྱི་ཁྱི་སྟེ་རྐང་གསུམ་ལ། །ལྕགས་ཀྱི་ལུས་ལ་ཉི་མའི་མིག །སྤུ་ནི་ལྕགས་ཀྱུ་སྒྲིལ་བ་བཞིན། །བང་ནི་གློག་གིས་བསྐྱད་དུ་མེད། །སྐད་ནི་གནམ་གྱི་འབྲུག་བས་ཆེ། །རབ་ཏུ་མི་སྲུན་འདི་དག་ནི། །ཕྱག་ན་རྡོ་རྗེའི་མཐུ་ཡང་འཕྲོག །རྐང་གཅིག་གྱེན་དུ་བསྒྲེང་བ་ནི། །ཡ་བདུད་ཆེན་པོའི་


DNG017_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་ནས་འདྲེན། །སེང་གེ་དྲིལ་ཆེན་དམྱལ་ཐག་གཅོད། །རྐང་གཅིག་ཐུར་དུ་ཕྱུང་བས་ནི། །མ་བདུད་ཆེན་པོའི་སྙིང་ནས་འདྲེན། །དམྱལ་ཚོགས་མེ་དཔུང་རྩད་ནས་འབྱིན། །རྐང་གཅིག་ཐད་ཀར་ཕྱུང་བ་ཡིས། །དགྲ་བོ་མ་ལུས་སྙིང་ནས་འདྲེན། །འབྱུང་པོ་མ་ལུས་དམྱལ་ཐག་གཅོད། །སྐུ་ནི་ལྕགས་ཐག་སྒྲིལ་མ་འདྲ། །ཚེམས་ནི་སྤུ་གྲི་གཤིབས་པ་འདྲ། །མཱཾ་ས་ཟ་ཞིང་རི་ཀླུང་རྒྱུག །གནོད་སྦྱིན་རྣམས་ཀྱི་སྐལ་བ་གཅོད། །འདི་ནི་དཔལ་གྱི་ཕོ་ཉ་སྟེ། །འཇིག་རྟེན་ཁམས་ཀུན་ཟ་བ་མོ། །གནོད་སྦྱིན་ཀུན་གྱི་སྟེང་ན་རྒྱུག །གློ་སྙིང་ནང་ཁྲོལ་འབྱིན་ཅིང་ཟ། །བར་སྣང་ཁམས་སུ་ཁྲོས་པའི་ཚེ། །ཉི་ཟླ་ཀུན་ཀྱང་ཐང་ལ་རློག །གཟའ་སྐར་ཀུན་ཀྱང་དུམ་བུར་གཅོད། །ཤིན་ཏུ་འཁྲུགས་ནས་བསྐུལ་བའི་ཚེ། །བདུད་ཀྱི་སྙིང་ཁྲག་དྲོན་མོ་འཐུང་། །བར་སྣང་ཁམས་ནས་གནོད་བྱེད་ཀུན། །རྡུལ་ཆ་ཙམ་ཡང་མེད་པར་མཛོད། །ན་མོ་བི་ཙ་ར་བྷྱོ། ཧ་ཧ་རུ་ལུ་བྷྱོ། ཀུ་ཀུ་ར་ཙ་ཁ་ལོང་ཁཱ་ཧི་ཞེས་རྦད་ཅིང་བརྗོད་དོ། །རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། གནས་བསྟན་པ་དང་ཕུར་བུས་གདབ་པ་བསྟན་པ་དང་། སྒོ་བཞིའི་ཕོ་ཉ་མངག་པའི་ལེའུ་སྟེ་ལྔ་བཅུ་གཅིག་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་དམར་པོ་ཙིཏྟ་དབྱུང་བའི་ཕྱིར། འདི་སྐད་གསུངས་སོ། །གང་ལ་བྱ་བའི་སེམས་ཅན་དེ། །སྤྱི་བོ་ཛཿལས་ལྕགས་ཀྱུ་ཡིས། །དབྱིངས་ལས་ཡེ་ཤེས་འཇུག་ཚུལ་དུ། །དུ་མར་བརྗོད་ཅིང་དྲང་བར་བྱ། །ཧོམ་ལྔ་སྦྲེལ་བའི་གཞལ་ཡས་ཀྱང་། །རཾ་ལས་འོད་ཀྱི་འཕྲོ་འདུ་འབྱུང་། །ཛཿཡི་ལྕགས་ཀྱུས་དྲངས་པ་ཡང་། །རྡོ་ལ་ལྕགས་ནི་འཇུ་ཚུལ་དུ། །དུ་མར་བརྗོད་ཅིང་དྲང་བར་བྱ། །སྙིང་གར་ཡི་གེ་འོད་འཕྲོས་འདུས། །རླུང་གི་དཀྱིལ་འཁོར་ཟུར་དྲུག་པ། །འཁོར་ལོས་རབ་ཏུ་གཅོད་ཚུལ་དང་། །ཕ་རོལ་སྙིང་རྩ་གཅོད་པའི་ཕྱིར། །དུ་མར་བརྗོད་ཅིང་དྲང་བར་བྱ། །བདག་ཉིད་གར་དབང་ཆེན་པོ་ཡིས། །འདྲེན་ཅིང་སྒྲོལ་བའི་ཕོ་ཉ་ནི། །གང་ཡང་


DNG017_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

རུང་བའི་ཞིང་བཅུ་དེའི། །ལུས་ངག་ཡིད་ལ་རྦད་པར་བྱ། །རྟ་མཆོག་རོལ་པའི་ཤངས་ལས་བྱུང་། །རླུང་གི་མི་ལ་སྤྱང་ཀུའི་གདོང་། །མཆེ་བས་བདུད་ཀྱི་སྙིང་རྩ་གཅོད། །རྣ་བ་སྦྲུལ་གྱི་འཛུལ་ཁུང་ནས། །སྦྲུལ་གྱི་མི་ལ་སྤྱང་ཀུའི་གདོང་། །ཁ་རླངས་སྤྲིན་གྱི་དཀྱིལ་འཁོར་ནས། །འོད་ཀྱི་མི་ལའང་འཚོ་ན་གདོང་། །རལ་པ་ཁྲག་གི་ཟར་བུ་ལས། །ཁྲག་གི་མི་ལ་སྤྱང་ཀུའི་གདོང་། །སྤྱན་མིག་གྲུ་གསུམ་འབར་བ་ལས། །ཟངས་ཀྱི་མི་ལ་སྤྱང་ཀུའི་གདོང་། །ཁ་ལ་དོ་ཤལ་རྦད། གུམ་ཏྲི་དུན་དུན་རྦད། དེ་ལས་བང་ཆེན་བཏང་བ་ནི། །འདྲེན་ཅིང་སྒྲོལ་བའི་ཕོ་ཉ་ནི། །གཤོག་པ་རྡོ་རྗེ་གདེངས་པ་ལ། །ཕོ་ཉ་ཡིད་མགྱོགས་རླུང་བས་མྱུར། །ལྕགས་ཀྱི་མི་ལ་ཁ་གཤོག་ཅན། །ཕྱག་རྒྱ་བཅུ་དྲུག་འབར་བ་ལས། །ལྕགས་ཀྱི་སྤྱང་མོ་བརྒྱད་སྤྲུལ་པ། །ལྕགས་གཤོག་ཁྱུང་གི་འདབ་མ་ཅན། །སྐུ་གསུང་ཐུགས་ལས་སྤྲུལ་པ་ནི། །ལ་ལ་བྱན་ལག་མགོ་བོ་ལ། །ལུས་ནི་ལྕགས་ཀྱི་སྤྱང་མོར་སྤྲུལ། །ལ་ལ་ཁྱུང་གི་མགོ་བོ་ལ། །ལུས་ནི་ཟངས་ཀྱི་ཝ་མོར་སྤྲུལ། །ལ་ལ་ཁྲ་ཡི་མགོ་བོ་ལ། །ལུས་ནི་དྲེལ་ནག་རྐང་གསུམ་པོ། །ལ་ལ་ཁྲ་ཡི་མགོ་བོ་ལ། །ལུས་ནི་སྡིག་པ་རྐང་གཅིག་པའོ། །ལ་ལ་ཆུན་ཡག་མགོ་བོ་ལ། །ལུས་ནི་དུང་གི་སྤྱང་མོར་སྤྲུལ། །ལ་ལ་ཆུ་བྱའི་མགོ་བོ་ལ། །ལུས་ནི་བཅུ་དྲུག་ཚང་མར་སྤྲུལ། །ལ་ལ་བཞད་ཀྱི་མགོ་བོ་ལ། །ལུས་ནི་བྱུ་རུའི་སེང་གེར་སྤྲུལ། །ལ་ལ་ཀང་ཀའི་མགོ་བོ་ལ། །ལུས་ནི་ལྕགས་དྲེལ་རྐང་གསུམ་པའོ། །ལ་ལ་འུག་པའི་མགོ་བོ་ལ། །ལུས་ནི་དུང་ཕག་དཀར་མོར་སྤྲུལ། །ལ་ལ་པུ་ཤུད་མགོ་བོ་ལ། །ལུས་ནི་ལྕགས་ཀྱི་སྡིག་པར་སྤྲུལ། །ལ་ལ་མཐིང་རིལ་མགོ་བོ་ལ། །ལུས་ནི་དྲེལ་ནག་རྐང་གསུམ་པོ། །ལ་ལ་སྐྱིན་གྱི་མགོ་བོ་ལ། །ལུས་ནི་བྱི་ལ་རྩལ་པོ་ཆེ། །ལ་ལ་བྱ་རྒོད་མགོ་བོ་ལ། །ལུས་ནི་གསེར་སྟག་སེར་པོར་སྤྲུལ། །གང་ལ་བྱ་བའི་སེམས་ཅན་དང་། །རྒྱུད་དྲུག་འཁོར་བའི་སེམས་ཅན་


DNG017_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས། །དམྱལ་ཁམས་བཅུ་དྲུག་ཁ་བྲིམས་ཏེ། །ཐུགས་རྗེ་ཆེན་པོའི་བྱིན་བརླབས་ཀྱིས། །འདི་ལ་བྱིན་གྱིས་བརླབས་ནས་ཀྱང་། །དམར་པོ་འབྱིན་པའི་ཕོ་ཉ་འགྱེད། །དུས་ལས་མ་གཡེལ་ཕྲིན་ལས་མཛོད། །ན་མཿསརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀྐ་ཙིཏྟ་བཛྲཱ་ཎ་ན། ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་དུཥྚཱན་ཀཱི་ལི་ཀཱི་ལ་ཡ། སརྦ་པཱ་པཾ། བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཏི་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ། དེ་བས་ཕྱི་མའི་རྣལ་འབྱོར་གྱིས། །གཅོད་དང་སྦྱིན་སྔགས་འབུམ་དུ་བཟླས། །ལས་གྲུབ་པ་ལ་ཐེ་ཚོམ་མེད། །ཅེས་གསུངས་སོ། །རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། ཙིཏྟ་དམར་འབྱིན་གྱི་ལེའུ་སྟེ་ལྔ་བཅུ་གཉིས་པའོ།། །།དེ་ནས་བང་ཆེན་བཏང་བ་ནི། །ཡང་གཅིག་ཆོ་འཕྲུལ་མཛད་པ་ལས། །འབྱུང་པོ་དགྲ་བགེགས་འདུལ་བའི་ཕྱིར། །བསྐུལ་པའི་ལས་དག་རྦད་པར་བྱ། །གདུག་བྱེད་ཞབས་ཀྱི་འོད་ཟེར་འཕྲོས་པ་ནི། །དཔལ་མཆོག་དྲག་ཤུལ་སྟག་གི་ཆས། །ཁྲོ་བོ་ཡབ་ཡུམ་སྦྱོར་བའི་བྱིན་རླབས་ལས། །ཞབས་ལས་བྱུང་བའི་ཕོ་ཉ་ནི། །སྟག་མགོ་དམར་པོ་དབུ་ལྔ་མེ་ལྟར་འབར། །སྟག་ལག་ཁྲོ་མོ་ཞེ་སྡང་གློག་སྟོང་འགྱུ། །རྐང་གཅིག་མགྱོགས་མ་ཤིན་ཏུ་མི་བཟད་དེ། །ཤར་ཕྱོགས་ཁྱབ་པར་རྒྱུག་ཅིང་དཔལ་གྱི་བཀའ་ཉན་མ། །དྲི་ཟ་དབང་སྡུས་གདོན་བགེགས་ཐལ་བར་རློག །གདུག་བྱེད་ཞབས་ཀྱི་འོད་ཟེར་འཕྲོས་པ་ནི། །གནོད་གདུག་ཟློག་བྱེད་རྒྱ་བྱེའུ་ལྕགས་ཀྱི་ཆས། །ཁྲོ་བོ་ཡབ་ཡུམ་སྦྱོར་བའི་བྱིན་རླབས་ལས། །ཞབས་ལས་སྤྲུལ་པའི་ཕོ་ཉ་ནི། །ལྕགས་མགོ་སྔོན་པོ་དབུ་ལྔ་མེ་ལྟར་འབར། །ལྕགས་ལག་ཁྲ་བོ་ཞེ་སྡང་གློག་སྟོང་འཁྱུག །རྐང་གཅིག་མགྱོགས་མ་ཤིན་ཏུ་མི་བཟད་དེ། །ཤར་ལྷོ་ཁྱབ་པར་རྒྱུག་ཅིང་དཔལ་གྱི་བཀའ་ཉན་མ། །དྲང་སྲོང་དབང་སྡུས་གདོན་བགེགས་ཐལ་བར་རློགས། །གདུག་བྱེད་ཞབས་ཀྱི་འོད་ཟེར་འཕྲོས་པ་ནི། །ཤེས་རབ་ཏིང་འཛིན་མཆོད་ཁྲབ་དབང་གི་ཆས། །ཁྲོ་བོ་ཡབ་ཡུམ་སྦྱོར་བའི་བྱིན་རླབས་ལས། །ཞབས་ལས་


DNG017_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པའི་ཕོ་ཉ་ནི། །རྡོ་རྗེ་དམར་མོ་དབུ་ལྔ་མེ་ལྟར་འབར། །རྡོ་རྗེ་ཞེ་སྡང་ལག་པ་གློག་སྟོང་འཁྱུག །རྐང་གཅིག་མགྱོགས་མ་ཤིན་ཏུ་མི་བཟད་དེ། །ལྷོ་ཕྱོགས་ཁྱབ་པར་རྒྱུག་ཅིང་དཔལ་གྱི་བཀའ་ཉན་མ། །གཤིན་རྗེ་དབང་སྡུས་གདོན་བགེགས་ཐལ་བར་རློགས། །གདུག་བྱེད་ཞབས་ཀྱི་འོད་ཟེར་འཕྲོས་པས་ནི། །དཔའ་བརྗིད་མཉེན་ལྕུག་སྦྲུལ་ནག་འཁྲིལ་བའི་ཆས། །ཁྲོ་བོ་ཡབ་ཡུམ་སྦྱོར་བའི་བྱིན་རླབས་ལས། །ཞབས་ལས་སྤྲུལ་པའི་ཕོ་ཉ་ནི། །སྦྲུལ་མགོ་ནག་པོ་དབུ་ལྔ་མེ་ལྟར་འབར། །སྦྲུལ་ལག་ཕྲ་མོ་ཞེ་སྡང་གློག་སྟོང་འཁྱུག །རྐང་གཅིག་མགྱོགས་མ་ཤིན་ཏུ་མི་བཟད་དེ། །ལྷོ་ནུབ་ཁྱབ་པར་རྒྱུག་ཅིང་དཔལ་གྱི་བཀའ་ཉན་མ། །སྲིན་པོ་དབང་སྡུས་གདོན་བགེགས་ཐལ་བར་རློགས། །གདུག་བྱེད་ཞབས་ཀྱི་འོད་ཟེར་འཕྲོས་པ་ནི། །དབང་གི་བསེ་ཁྲབ་གཟི་འབར་བགྲད་པའི་ཆས། །ཁྲོ་བོ་ཡབ་ཡུམ་སྦྱོར་བའི་བྱིན་རླབས་ལས། །ཞབས་ལས་སྤྲུལ་པའི་ཕོ་ཉ་ནི། །བསེ་མགོ་དམར་པོ་དབུ་ལྔ་མེ་ལྟར་འབར། །བསེ་ལག་ཁྲ་མོ་ཞེ་སྡང་གློག་སྟོང་འགྱུ། །རྐང་གཅིག་མགྱོགས་མ་ཤིན་ཏུ་མི་བཟད་དེ། །ནུབ་ཕྱོགས་ཁྱབ་པར་རྒྱུག་ཅིང་དཔལ་གྱི་བཀའ་ཉན་མ། །ཀླུ་སྲིན་དབང་སྡུས་དགྲ་བགེགས་ཐལ་བར་རློགས། །གདུག་བྱེད་ཞབས་ཀྱི་འོད་ཟེར་འཕྲོས་པས་ནི། །ཟ་བྱེད་ཆེན་པོ་ཏིང་འཛིན་མཆེ་བའི་ཆས། །ཁྲོ་བོ་ཡབ་ཡུམ་སྦྱོར་བའི་བྱིན་རླབས་ལས། །ཞབས་ལས་སྤྲུལ་པའི་ཕོ་ཉ་ནི། །ཟ་བྱེད་མཆེ་བའི་དབུ་ལྔ་མེ་ལྟར་འབར། །མཆེ་བའི་ལག་པ་ཞེ་སྡང་གློག་སྟོང་འགྱུ། །རྐང་གཅིག་མགྱོགས་མ་ཤིན་ཏུ་མི་བཟད་དེ། །ནུབ་ཕྱོགས་ཁྱབ་པར་རྒྱུག་ཅིང་དཔལ་གྱི་བཀའ་ཉན་མོ། །རླུང་ལྷ་དབང་སྡུས་གདོན་བགེགས་ཐལ་བར་རློགས། །གདུག་བྱེད་ཞབས་ཀྱི་འོད་ཟེར་འཕྲོས་པས་ནི། །ཤུ་ཀེན་སྨད་གཡོགས་ཆུ་རིས་དར་གྱི་ཆས། །ཁྲོ་བོ་ཡབ་ཡུམ་སྦྱོར་བའི་བྱིན་རླབས་ལས། །ཞབས་ལས་སྤྲུལ་པའི་ཕོ་ཉ་ནི། །དར་མགོ་དམར་པོ་དབུ་ལྔ་མེ་ལྟར་འབར། །དར་ལག་ཁྲ་བོ་ཞེ་སྡང་གློག་སྟོང་འགྱུ། །


DNG017_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

རྐང་གཅིག་མགྱོགས་མ་ཤིན་ཏུ་མི་བཟད་དེ། །བྱང་ཕྱོགས་ཁྱབ་པར་རྒྱུག་ཅིང་དཔལ་གྱི་བཀའ་ཉན་མ། །གནོད་སྦྱིན་དབང་སྡུས་གདོན་བགེགས་ཐལ་བར་རློགས། །གདུག་བྱེད་ཞབས་ཀྱི་འོད་ཟེར་འཕྲོས་པས་ནི། །གཅན་གཟན་རྒྱལ་པོ་གདུག་བྱེད་གཟིག་གི་ཆས། །ཁྲོ་བོ་ཡབ་ཡུམ་སྦྱོར་བའི་བྱིན་རླབས་ལས། །ཞབས་ལས་སྤྲུལ་པའི་ཕོ་ཉ་ནི། །གཟིག་མགོ་དམར་པོ་དབུ་ལྔ་མེ་ལྟར་འབར། །གཟིག་ལག་ཁྲ་མོ་ཞེ་སྡང་གློག་སྟོང་འགྱུ། །རྐང་གཅིག་མགྱོགས་མ་ཤིན་ཏུ་མི་བཟད་དེ། །བྱང་ཤར་ཁྱབ་པར་རྒྱུག་ཅིང་དཔལ་གྱི་བཀའ་ཉན་མ། །དབང་ལྡན་དབང་སྡུས་གདོན་བགེགས་ཐལ་བར་རློགས། །ཕྱོགས་བཞི་མཚམས་བརྒྱད་དྲེགས་པའི་དཔུང་འཇོམས་མ། །ཟ་བྱེད་མཆེ་བས་བདུད་ཀྱི་དཔུང་ཡང་འཇོམས། །ང་རྒྱལ་བསྙེམས་པས་ཕ་རོལ་ཟིལ་གྱིས་གནོན། །དུག་བཅོམ་འབྲུག་སྒྲས་སྲིད་པའི་ཐོད་རུས་འཇོམས། །ཛཿཧཱུཾ་བཾ་ཧོཿས་སྲིན་པོ་དབང་དུ་བསྡུས། །ཧཱུཾ་དང་ཕཊ་ཀྱིས་སྲིད་གསུམ་འཁོར་བ་འཇིག །ཕྲིན་ལས་བཅོལ་ཐབས་ཡིན་པའི་ཕྱིར། །མ་མ་བགྱིས་པས་མ་མོ་བསྐུལ། །ཛཿཛཿབགྱིས་པས་མཁའ་འགྲོ་རྦད། །ཧེ་ཧེ་བགྱིས་པས་ཕྲ་མེན་དགྱེ། །ཧྲཱྀཿཧྲཱྀཿབགྱིས་པས་རྟ་མགྲིན་མངགས། །བྷྱོ་བྷྱོ་བགྱིས་པས་དབང་ཕྱུག་བོད། །དབྱངས་སུ་ཚངས་པའི་གླུ་དྲུག་བླང་། །ལས་སུ་དགྲ་བགེགས་མ་ལུས་སྒྲོལ། །རྟགས་སུ་གསང་བའི་རྔེའུ་ཆུང་བརྡུང་། །དཔལ་གྱི་ཕྲིན་ལས་དུས་ལ་བབ། །དེ་སྐད་ཅེས་གསུངས་སོ། །རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། གློ་རྡེག་ཆས་ཀྱི་ཕོ་ཉ་མངགས་པའི་ལེའུ་སྟེ་ལྔ་བཅུ་གསུམ་པའོ།། །།གར་དབང་ཆེན་པོའི་ཆོ་འཕྲུལ་ནི། །དེ་ནས་བང་ཆེན་བཏང་བ་ནི། །ཡང་གཅིག་སྤྲུལ་པའི་ཕོ་ཉ་ནི། །དབུས་ནས་སྤྲུལ་པའི་ལས་བདག་མོ། །རྟ་མཆོག་རོལ་པའི་ཁྲི་ལ་བཞུགས། །གཡུ་ཡི་སྤྱང་མོ་དགུ་འབུམ་གྱིས། །ཁ་རླངས་བར་སྣང་ཆར་དུ་འབེབས། །ཁྲག་འཐུང་རྟ་ཡི་དབུ་ལྔ་ལས། །


DNG017_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

དུང་གི་སེར་ཕྲེང་ལྔ་ལྔ་འདྲིལ། །རྒྱུད་ལྔར་གནས་པའི་འགྲོ་བ་རྣམས། །འབར་བའི་ཞལ་དུ་བསྡུས་ནས་ཀྱང་། །བསྐལ་པ་བྱེ་བ་གྲངས་པ་ཡི། །སྡུག་བསྔལ་ཟུག་རྔུ་སྦྱང་དུ་གསོལ། །དབང་པོ་རྡུལ་དུ་རློག་ཏུ་གསོལ། །དུར་ཁྲོད་སྤྱང་མོས་ལས་མཛོད་ཅིག །སྤྱན་གྱི་སྡང་མིག་འབར་བ་ནས། །སྤྲུལ་པའི་ཕྲ་མེན་རབ་འབར་སྣང་། །ཐབས་ལ་མཁས་པས་སྲིད་གསུམ་དབང་དུ་སྡུད། །ཚངས་པའི་གནས་ཀྱང་འཇིགས་བྱེད་ན། །བར་གཅོད་དགྲ་བགེགས་སྨོས་ཅི་དགོས། །དུར་ཁྲོད་སྤྱང་མོས་ལས་མཛོད་ལ། །དབང་ལྡན་ཕྱོགས་ཀྱང་རྫོགས་པར་གཡེངས། །གདུག་པའི་དུར་ཁྲོད་བརྒྱད་ལ་རོལ། །བགེགས་ཀུན་ཐལ་བར་བརླག་པར་མཛོད། །ཤངས་ཀྱི་རླུང་སྒྲོམ་འཚུབས་མ་ལས། །སྤྲུལ་པའི་ཕོ་ཉ་རབ་འབར་མ། །རླུང་ནག་རྡོ་རྗེའི་ས་མོ་ལ། །རླུང་གི་འཚུབས་མ་འབུམ་ཡང་འཁྱིལ། །རླུང་འབྲུག་སྔོན་མོའི་ཁྲི་ལ་བཞུགས། །རླུང་གི་གཡང་གཞི་ལུས་ལ་གྱོན། །ཁ་ནས་རླུང་གི་བསྐལ་པ་གཏོང་། །ཡང་སྤྲུལ་ལྕགས་ཀྱི་སྤྱང་མོ་འབུམ། །ཁ་ནས་རོ་ཡི་ཁོག་སྟོང་བཤལ། །དྲི་ལ་གནས་པའི་དགྲ་བགེགས་ཀུན། །ཐལ་བ་བཞིན་དུ་བརླག་པར་མཛོད། །བསྐལ་པ་མེ་ཡི་མི་མོ་ལ། །ཡེ་ཤེས་དབུ་ལྔའི་འོད་ཟེར་འཕྲོ། །ཞལ་གྱི་ཧོམ་ལས་རྒྱུད་ལྔ་སྒྲོལ། །མེ་ཡི་བསྐལ་པས་ཁམས་གསུམ་སྲེག །མེ་འབྲུག་དམར་མོ་ཆིབས་སུ་བཅིབས། །མེ་སྦྲུལ་དམར་མོའི་སྐེད་ཆིངས་ཅན། །མུ་མེན་ཕྲ་ཆས་སི་ལི་ལི། །ན་བཟའ་སྦྲུལ་གྱི་གཡང་གཞི་གསོལ། །འོ་དོད་འབོད་ཅིང་གཡབ་ནག་འདོར། །མེ་ཡི་རལ་པ་དམར་པོ་ལ། །གཟའ་ཆེན་མིག་དམར་ཚོམ་བུར་གསལ། །ཞལ་ནས་ཧཱུཾ་གི་སྒྲ་བསྒྲགས་པས། །དུག་དང་མེ་ཡི་སྐྱུགས་པ་འབྱིན། །མཆེ་བ་རྒྱ་ཟོར་བཀུག་པ་འདྲ། །རྒྱུ་སྐར་འབུམ་གྱི་ཚོམ་བུར་བཅས། །སྔགས་པས་གདུང་ནས་བོས་པའི་ཚེ། །མཆི་མ་ཁྲག་གི་གྲུ་ཆར་འབེབས། །རོ་ལ་གནས་པའི་དགྲ་བགེགས་རྣམས། །ཐལ་བ་བཞིན་དུ་


DNG017_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

བརླག་པར་མཛོད། །རྡོ་རྗེ་ཕྲ་མེན་གཏུམ་མོ་ཡུམ། །སྦྲུལ་ནག་སྟོང་གིས་ལུས་བརྒྱན་ཅིང་། །དཀར་ཁྲས་སེ་རལ་མཛད་པས་རྒྱལ་རིགས་དབང་དུ་སྡུས། །དམར་ཁྲས་དཔུང་རྒྱན་མཛད་པས་བྲམ་ཟེ་དབང་དུ་སྡུད། །སེར་ཁྲས་ཕྱག་གདུབ་མཛད་པས་རྗེས་རིགས་དབང་དུ་སྡུད། །སྦྲུལ་ནག་ཞབས་གདུབ་མཛད་པས་གདུག་པ་འདུལ་བའི་མཆོག །ལུས་ལ་གནས་པའི་དགྲ་བགེགས་རྣམས། །ཐལ་བ་བཞིན་དུ་བརླག་པར་མཛོད། །སྤྲུལ་པའི་ཕོ་ཉ་ཕྲ་མོ་ནི། །ཞེ་སྡང་ཁྲག་གི་ལན་ཕྲན་ཅན། །སྐད་ནི་དུང་སྐད་སྒྲོག་པ་ལ། །ཁ་རླངས་སྤྲིན་དམར་གློག་སྟོང་འགྱུ། །ཤངས་ནས་དུད་ཐུལ་གཡབ་མོ་འདོར། །རྐང་ལག་སྡེར་མོ་ཕུར་པ་ལས། །སྟ་རེ་ལྕགས་ཀྱི་ཚ་ཚ་འཁྲུགས། །དགྲ་ལ་བརྡེག་ཅིང་དགྲ་སྙིང་འབྱིན། །དུར་ཁྲོད་སྤྱང་མོས་ལས་མཛོད་ཅིག །རྔམས་བྱེད་འབར་བའི་གཤོག་པ་ལས། །གཡས་པ་རྡོ་རྗེའི་གཤོག་པ་ལ། །ནག་མོ་སྦྲུལ་འདབ་ཆེན་མོ་སྤྲུལ། །མེ་ཡི་རལ་པས་སྟོང་གསུམ་ཁེབས། །མེ་ཁྲག་སྤྱང་མོ་རོ་ཁྱེར་བས། །རཱུ་ཏྲའི་མིག་འབྲས་ཐང་ལ་ལྷུང་། །དགྲ་བགེགས་མ་ལུས་རྡུལ་དུ་རློགས། །དུར་ཁྲོད་སྤྱང་མོས་ལས་མཛོད་ཅིག །གཡོན་པ་རིན་ཆེན་གཤོག་པ་ལ། །རྡོ་རྗེ་རླུང་འདེགས་ཆེན་མོར་སྤྲུལ། །རླུང་གི་བ་དན་རྩེ་དགུ་འཕྱར། །བསྐལ་པའི་འཚུབས་མས་སྲིད་པ་གཡོ། །བ་དན་ལྕེ་ལ་མེ་འབར་བས། །འབྱུང་པོའི་ཁ་སོ་སིལ་བུར་རློགས། །དེ་ཡི་ཐུགས་ལས་སྤྲུལ་པ་ནི། །ལྕགས་ཀྱི་སྤྱང་མོ་མགོ་དགུ་ལ། །ཁ་ནས་རོ་བཤལ་དགྲ་བགེགས་འདུལ། །ལྕགས་ཀྱི་མཆེ་བ་ཟང་ཡག་ལ། །རྡོ་རྗེ་ངར་སྒོང་གསེར་ཕྲན་འདྲིལ། །བདུད་ཀྱི་དཔུང་ལ་ས་མ་ཡ། །དྲག་ཤུལ་སྟག་ལས་སྤྲུལ་པ་སྟེ། །ཕྲ་མེན་སྟག་གི་མགོ་བོ་ལ། །ཞིང་གི་གཡང་གཞི་ལུས་ལ་གྱོན། །མཆེ་བ་རྡོ་རྗེ་རྩེ་གསུམ་ལ། །གནམ་ལྕགས་ཐོག་གི་སྐར་མདའ་འཕེན། །དུར་ཁྲོད་སྤྱང་མོས་ལས་མཛོད་ཅིག །ལྕགས་ཀྱི་སྤྱང་མོ་མགོ་དགུ་ལ། །ས་ལེ་དུང་གི་མཆེ་བ་ཅན། །ཧསྟ་


DNG017_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་པ་ལག་ན་ཐོགས། །ཁ་མིག་སྣ་ཡི་བུ་ག་ནས། །འདོད་ཆགས་ཁྲག་གི་རྒྱ་མཚོ་འཁྲུགས། །དུས་ལ་བབ་པོ་ས་མ་ཡ། །དུར་ཁྲོད་སྤྱང་མོས་ལས་མཛོད་ཅིག །ཤེལ་གྱི་སྤྱང་མོ་གདོང་བརྒྱ་ལ། །རྡོ་རྗེ་རྩེ་ལྔའི་མགོ་བོ་ཅན། །ལན་འགའ་དྲག་ཏུ་རྦད་པ་དང་། །དབང་གི་སྔགས་པས་བསྐུལ་བའི་ཚེ། །མེ་ལྷའི་གནས་སུ་གནས་བཅས་ཏེ། །གཤིན་རྗེའི་ཁམས་ཀུན་རྡུལ་དུ་རློགས། །རྡོ་རྗེ་རྩེ་ལྔའི་འཕྲོ་འདུ་ལས། །ལྕགས་ཀྱི་མི་ལ་སྤྱང་ཀུའི་གདོང་། །ཁ་ནས་རོ་བཤལ་སྟོང་གསུམ་ཁྱབ། །མགྱོགས་པ་རླུང་གིས་བསྐྱད་དུ་མེད། །མཆེ་བ་ཟངས་ཀྱི་ཁ་ཊྭཱཾ་ག །རྡོ་རྗེའི་ཟིལ་གྱིས་གནན་པར་མཛོད། །དུས་ལ་བབ་པོ་ས་མ་ཡ། །དུར་ཁྲོད་སྤྱང་མོས་ལས་མཛོད་ཅིག །བསེ་ཡི་སྤྱང་མོ་གདོང་བརྒྱད་མ། །ཆུ་སྲིན་འབུམ་གྱི་གདེངས་ཀ་ཅན། །གཡུ་འབྲུག་ཁྲོས་པའི་གདན་ལ་བཞུགས། །ནུབ་ཀྱི་ཕྱོགས་སུ་གཅིག་མི་གཏོང་། །ཀླུ་ཡི་རིགས་ལ་དབང་བསྒྱུར་ཞིང་། །ལུས་ལ་མཛེས་པའི་ལེའུ་གསོལ། །ལག་ན་ལྕགས་ཀྱི་ཚ་ཚ་འཁྲུགས། །ཁ་ནས་ཁྲོ་ཆུ་ཁོལ་མ་འཛག །ཁྲོ་ཆུའི་རྦ་རླབས་འཁྲུགས་པ་ལས། །ལྕགས་ཀྱི་མི་མོ་དགུ་ཁྲི་འབྱུང་། །ཁ་ནས་རོ་བཤལ་རི་ལུང་གཡེངས། །དུར་ཁྲོད་བདག་པོ་མ་ཏྲཾ་འཇོམས། །སྲིན་པོ་འཁོར་བཅས་དབང་དུ་སྡུད། །དུར་ཁྲོད་སྤྱང་མོས་ལས་མཛོད་ཅིག །སྦྲུལ་གྱི་མི་མོ་བརྒྱད་ཁྲི་ལ། །གཏུམ་ཆེན་དོམ་གྱི་མགོ་ཅན་ཞོན། །ལག་ན་སྦྲུལ་གྱི་ཞགས་པ་ཐོགས། །འགལ་བྱེད་མ་ལུས་འཆིང་ཞིང་སྡོམ། །རབ་ཏུ་ཁྲོས་པའི་ཐུགས་ཀ་ནས། །ཟངས་ཀྱི་སྤྱང་མོ་ཝ་མགོ་ཅན། །ཁ་ནས་རོ་བཤལ་རི་ལུང་འཕྱག །མགྱོགས་པའི་ཚད་ནི་རླུང་དང་འདྲ། །ངལ་བ་མེད་པར་ལས་ལ་བརྩོན། །གཙང་མའི་རིགས་དྲུག་ལྷ་རྣམས་དབང་དུ་སྡུད། །དུར་ཁྲོད་སྤྱང་མོས་ལས་མཛོད་ས་མ་ཡ། །ལུས་ནི་ཅིར་ཡང་མི་མངོན་ཏེ། །ཆོས་ཀྱི་དབྱིངས་ལ་རོལ་པ་མཛད། །སྤྲུལ་པ་སྤྱང་མོ་བརྒྱད་ཁྲི་འགྱེད། །ཁ་ནས་རོ་བཤལ་ང་རོ་སྒྲོགས། །འབར་བའི་


DNG017_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཊྭཱཾ་ཁུས་འདེབས་མ། །སྟོང་གསུམ་གང་མའི་རྔེའུ་ཆུང་བརྡུང་། །དབུ་སྟོད་རལ་པ་སི་ལི་ལི། །རྡོ་རྗེ་འབྲུག་གི་སྤྱང་མོ་གྲོལ། །དེ་ལ་ཟས་ཀྱི་སྐལ་ཕོབ་ལ། །སྲིད་པའི་ལྷ་བྲན་ཟས་སུ་ཟ། །ནམ་མཁའི་ཆུ་བོ་སྐོམ་དུ་འཐུང་། །ཕྲིན་ལས་ཆེན་པོའི་དུས་ལ་བབ། །དུར་ཁྲོད་སྤྱང་མོས་ལས་མཛོད་ཅིག །ཤེལ་གྱི་སྤྱང་མོ་གདོང་བརྒྱ་མ། །ལག་ན་ཆུ་སྲིན་འཁོར་ལོ་ཐོགས། །སྤྱན་མིག་གཡས་ཀྱི་དཀྱིལ་འཁོར་ནས། །གདུང་བའི་མཆི་མ་ཁྲག་ཏུ་འཛག །དམ་ལས་འདས་པའི་སྙིང་ཟན་མ། །དམ་ལ་གནས་པའི་ཚེ་འཛིན་མ། །ཡང་སྤྲུལ་གཡུ་ཡི་སྤྱང་མོ་ལ། །མཆེ་བ་ཟང་ཡག་གཏམས་པ་ལ། །བྱུ་རུའི་སྤྱང་མོ་དགུ་འབུམ་འཕྲོ། །ཁ་ནས་རོ་བཤལ་ཟ་ཞིང་སྟོད། །མ་ཐོབ་བར་དུ་ངུད་མོས་འདེབས། །སྔགས་པས་ལན་འགའ་རྦད་པ་དང་། །འཁོར་བའི་ས་ནས་ཞུ་བཟློག་མེད་པར་འགྲོ། །གསོ་བླག་མེད་པར་དམྱལ་ཐག་གཅོད། །དུར་ཁྲོད་སྤྱང་མོས་ལས་མཛོད་ཅིག །མེ་ཟ་ཁྲག་འཐུང་སྤྱང་མོ་ལ། །རྦ་རླབས་མཛེས་པར་སྦ་བས་བསྐོར། །རལ་པ་ཁམ་ནག་འཇིགས་པ་ལ། །གདུག་པའི་འོད་ཟེར་འབུམ་འབུམ་འཕྲོ། །རཀྴ་སྲིན་པོ་སྒྲོལ་ལ་བརྩོན། །ཁྲོས་པས་བསྐུལ་ནས་མངག་པའི་ཚེ། །ཤངས་ཀྱི་རླུང་སྒྲོམ་གཡས་གཡོན་ནས། །ཕ་ཝང་ལུས་ལ་སྤྱང་མོའི་གདོང་། །ཁ་ནས་རོ་བཤལ་ཆོ་ངེས་འདེབས། །ཁམས་གསུམ་ཁྲག་ཏུ་དམིགས་ཏེ་རོལ། །སྤྱང་མོ་རོ་བཤལ་དུས་ལ་བབ། །དྲག་པོ་ལས་ཀྱི་ཕོ་ཉ་མོ། །སེང་གེ་གཏམས་པའི་རྔམས་ཁྲི་ལ། །མི་མོ་སེང་གེའི་གཟུགས་ཅན་ཞོན། །སྐྲ་ཡང་སེང་གེའི་ལན་ཕྲན་ཅན། །རལ་པ་ཉག་མ་རེ་རེ་ལ། །གཟའ་ཆེན་སྒྲ་གཅན་ཆར་དུ་འབེབས། །སེང་གེའི་ཁ་ནས་རོ་བཤལ་བས། །སྲིད་པ་ལས་ཀྱི་དགྲ་བགེགས་འདུལ། །མ་ལུས་དབང་དུ་སྡུད་ལ་བརྩོན། །ཕྲིན་ལས་དུས་ལ་བབ་པའི་ཚེ། །ཟས་སུ་སྙིང་གི་ཕྱེད་ཚལ་ལ། །སྐོམ་དུ་གློ་བའི་ཁྲག་མཚོ་འཐུང་། །མི་ཤ་ཟ་ཞིང་བདུད་ཁྱིམ་འཇོམས། །དུས་ལ་བབ་པོ་ས་མ་ཡ། །རིན་ཆེན་འབར་བའི་མི་མོ་ལ། །ཆུ་དྲི་གཏམས་པའི་མགོ་བོ་ཅན། །ཁྲོས་ནས་གཉེན་པོས་རྦད་པ་ན། །གཞའ་ཚོན་སྣ་ལྔའི་སྤྱང་མོ་ལ། །ཟ་བའི་ཕྱིར་ཡང་སྤྱང་མོ་ལ། །ཁ་ནས་རོ་བཤལ་འདུར་ཁམ་ཅན། །དུས་


DNG017_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བབ་པོ་ས་མ་ཡ། །དུས་གཉིས་ལས་ཀྱི་ཕོ་ཉ་མོ། །སྔགས་པས་ལན་གཅིག་རྦད་པའི་ཚེ། །ལྕགས་ཀྱི་སྤྱང་མོ་མགོ་དགུ་ལ། །མཆེ་བ་རོ་བཤལ་སྟོབས་ཆེན་འཇོམས། །ལག་པ་གཟའ་སྐར་ཚོག་པོར་འཕེན། །དུས་ལ་བབ་པོ་ས་མ་ཡ། །ལྕགས་ཀྱི་སྤྱང་མོ་ཆེན་མོ་ལ། །གདན་ཁྲི་པདྨའི་ཆོ་འཕྲུལ་ནི། །ཆུ་སྲིན་དམར་པོའི་མཆེ་བ་ཅན། །མཆེ་བ་གཙིགས་པའི་བར་བར་ནས། །དུང་གི་སྤྱང་མོ་མགོ་གསུམ་སྦྲུལ། །སྤྱན་གསུམ་དུར་ཁྲོད་བརྒྱད་ལ་གཟིགས། །སྡང་མིག་ཞེ་ལ་གནོན་པའི་ཚེ། །བདུད་ཀྱི་བཤན་པ་གདུག་པའི་ཚོགས། །ཁ་ནས་རོ་ཁྱེར་དུར་ཁྲོད་འཇོམས། །ཀེང་རུས་དཀར་པོ་ཟས་སུ་ཟ། །རཀྟ་དམར་པོ་སྐོམ་དུ་འཐུང་། །ཐལ་བའི་མཚན་མས་ལུས་ལ་བརྒྱན། །ངོ་ལ་ཁྲག་གིས་བྱུགས་ནས་ཀྱང་། །སྤྱང་མོའི་ངུར་སྐད་ཐེངས་གསུམ་གྱིས། །དགྲ་བོ་མ་ལུས་རྡུལ་ཕྲན་བཞིན། །དབང་ཆེན་གར་གྱི་ཞབས་དྲུང་དུ། །ལས་ལ་བབ་པོ་སྤྱང་མོའི་ཚོགས། །ཤྭ་ན་མུ་ཁ་ཁ་ལོང་ཁ། ཁ་ལོང་ཁ། ཧ་ན་ཧ་ན། ཕྱེ་མ་ཕྱེ་མ། རྡུལ་ཕྲན་རྡུལ་ཕྲན། ཐལ་བ་ཐལ་བ། ཞེས་གསུངས་སོ། །རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། སྤྱང་མོ་རོ་བཤལ་གྱི་ལེའུ་སྟེ་ལྔ་བཅུ་བཞི་པའོ།། །།ཡང་གཅིག་ཆོ་འཕྲུལ་བསྟན་པ་ནི། །འབྱུང་པོའི་དགྲ་བགེགས་ཚར་གཅད་ཕྱིར། །ཁྲག་འཐུང་འབར་བའི་ཐུགས་ཀ་ནས། །ལས་དང་ཤུགས་ལས་སྤྲུལ་པ་ཡི། །ཡེ་ཤེས་གསང་བར་བསྡུས་པ་ལས། །རྡོ་རྗེ་ཐུགས་ཀྱི་གོ་མ་ལ། །རྡོ་རྗེ་ཁྲག་འཐུང་གཟུངས་མ་སྟེ། །འདུ་འབྲལ་མེད་པའི་ངང་ཉིད་ཀྱིས། །གང་ལ་བྱ་བའི་གནས་དག་ཏུ། །ཁམས་གསུམ་སྒྲོལ་བའི་ལས་མཛོད་ཅིག །ཁྲག་འཐུང་འབར་བའི་དབུ་གཙུག་ནས། །རྡོ་རྗེ་སྐུ་ཡི་གོ་མ་ལ། །དེ་བཞིན་ཁྲག་འཐུང་གཟུངས་མ་སྟེ། །འདུ་འབྲལ་མེད་པའི་ངང་ཉིད་ཀྱིས། །གང་ལ་བྱ་བའི་གནས་དག་ཏུ། །ཁམས་གསུམ་སྒྲོལ་བའི་ལས་མཛོད་ཅིག །ཁྲག་འཐུང་འབར་བའི་ལྗགས་དག་ལས། །རྡོ་རྗེ་གསུང་གི་གོ་མ་ལ། །པདྨ་ཁྲག་འཐུང་གཟུངས་མ་སྟེ། །འདུ་འབྲལ་མེད་པའི་ངང་ཉིད་ཀྱིས། །གང་ལ་བྱ་བའི་གནས་དག་ཏུ། །འདི་རྣམས་ལ་གོལ་ས་ཡང་འདུག །ཁམས་གསུམ་སྒྲོལ་བའི་ལས་


DNG017_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད་ཅིག །ཁྲག་འཐུང་འབར་བའི་ལྟེ་བ་ལས། །ཡོན་ཏན་རྡོ་རྗེ་གོ་མ་ལ། །རིན་ཆེན་ཁྲག་འཐུང་གཟུངས་མ་སྟེ། །འདུ་འབྲལ་མེད་པའི་ངང་ཉིད་ཀྱིས། །གང་ལ་བྱ་བའི་གནས་དག་ཏུ། །ཁམས་གསུམ་སྒྲོལ་བའི་ལས་མཛོད་ཅིག །ཁྲག་འཐུང་འབར་བའི་ཞབས་དག་ལས། །རྡོ་རྗེ་ལས་ཀྱི་གོ་མ་ལ། །ལས་རབ་ཁྲག་འཐུང་གཟུངས་མ་སྟེ། །འདུ་འབྲལ་མེད་པའི་ངང་ཉིད་ཀྱིས། །གང་ལ་བྱ་བའི་གནས་དག་ཏུ། །ཁམས་གསུམ་སྒྲོལ་བའི་ལས་མཛོད་ཅིག །ཁྲག་འཐུང་འབར་བའི་འོད་ཟེར་ལས། །རྡོ་རྗེ་ལས་ཀྱི་གོ་མ་ལ། །དཔལ་གྱི་ཁམ་རྒྱའི་ཚོགས་སུ་སྦྱོར། །གཉིས་སུ་མེད་པའི་འོད་ཟེར་ནི། །མི་ཡི་ལུས་ལ་དྲེད་མོའི་མགོ། །ཕྲ་མེན་ཉིད་པས་ལས་ལ་བརྩོན། །མངག་པའི་ལས་ལ་མ་གཡེལ་ཅིག །ཁྲག་འཐུང་སྐུ་ཡི་མེ་ལྕེ་ལས། །ཕྲ་མེན་ལས་ཀྱི་གོ་མ་ལ། །དཔལ་དང་ཁྱི་མོའི་ཚོགས་སུ་སྦྱོར། །གཉིས་སུ་མེད་པའི་འོད་ཟེར་ནི། །མི་ཡི་ལུས་ལ་ཁྱི་ཡི་གདོང་། །ཕྲ་མེན་ཉིད་པས་ལས་ལ་བརྩོན། །མངག་པའི་ལས་ལ་མ་གཡེལ་ཅིག །ཁྲག་འཐུང་འབར་བའི་བ་སྤུ་ལས། །ཕྲ་མེན་ལས་ཀྱི་གོ་མ་ལ། །དཔལ་དང་ལོང་བའི་ཚོགས་སུ་སྦྱོར། །གཉིས་སུ་མེད་པའི་འོད་ཟེར་ནི། །མི་ཡི་ལུས་ལ་ལོང་བའི་མགོ། །ཕྲ་མེན་ཉིད་པས་ལས་ལ་བརྩོན། །མངག་པའི་ལས་ལ་མ་གཡེལ་ཅིག །དབང་ཆེན་པདྨ་ཧེ་རུ་ཀའི། །དབུ་ཡི་དཀྱིལ་འཁོར་མན་ཆད་ནས། །ཞབས་ཀྱི་གདན་ཁྲི་ཡན་ཆད་དུ། །ཐུགས་དང་ལས་ལས་སྤྲུལ་པ་ཡི། །རྡོ་རྗེ་ལས་ཀྱི་གོ་མ་ལ། །མངགས་པ་ཙམ་གྱིས་ལས་མཛོད་ཅིག །མ་མ་ཛ་ཛ་བྷྱོ་བྷྱོ་ལས་ལ་བྷྱོ། ཞེས་གསུངས་སོ། །རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། གོ་མ་ལ་མངག་པའི་ལེའུ་སྟེ་ལྔ་བཅུ་ལྔ་པའོ།། །།དེ་ནས་གར་དབང་ལྷ་མཆོག་གིས། །ཆོ་འཕྲུལ་ལྷུན་གྲུབ་བསྡུ་བའི་ཕྱིར། །རོལ་པའི་འཁོར་ཚོགས་རྣམས་ལ་ནི། །བརྗིད་པའི་གར་གྱིས་བཀའ་སྩལ་པ། །ཞིང་བཅུའི་ཚོགས་རྣམས་རོལ་ནས་ཀྱང་། །དབང་ཆེན་ཚེ་ཡི་དངོས་གྲུབ་ཐོབ། །ཚེ་དབང་ལྷུན་གྱིས་གྲུབ་པར་བྱ། །ཨོཾ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཨེ་ཨཱ་ར་ལི་ཧཱུཾ་ཧྲི་ཛ། ཡིག་འབྲུ་བཅུ་བཞིའི་


DNG017_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོ་འདུ་ཡིས། །གསང་ཆེན་ཐུགས་ཀྱི་དཀྱིལ་འཁོར་དུ། །ནྲྀ་ལས་ཧཱུཾ་དུ་གྱུར་ནས་ཀྱང་། །ཧཱུཾ་ལས་ཡེ་ཤེས་སེམས་དཔའི་སྐུ། །སྲན་འབྲུ་ཙམ་གྱི་ཟླ་དཀྱིལ་དུ། །ཉུང་འབྲུ་ཙམ་གྱི་ཕྱག་རྒྱར་གསལ། །ཡིད་བཞིན་རིན་ཆེན་ཟ་མ་ཏོག །མི་འཛིན་འཛིན་པའི་ཚུལ་དུ་གནས། །མི་གནས་གནས་པའི་སྦ་ཐབས་ནི། །སྐྱེ་མེད་དབྱིངས་ནས་གསང་བའི་མཁའ། །རང་རིག་ཡེ་ཤེས་དབྱིངས་ལ་སྦ། །དེ་གསུམ་གདེང་དུ་ལོན་ནས་ནི། །འདུ་འབྲལ་མེད་དེ་ལྷུན་གྱིས་གྲུབ། །དེ་བས་འདི་རྣམས་བསྟན་པའི་ཕྱིར། །སྒྲུབ་པའི་ཆོ་ག་རྫོགས་པའི་ཚེ། །བར་སྣང་རྡོ་རྗེ་སེམས་དཔའ་ཡིས། །ལུས་ནི་ཅི་འདྲ་འཁོར་དང་བཅས། །སེམས་ཀྱིས་མཉམ་གཞག་དགོད་པར་བྱ། །བདག་ཉིད་ཕྲ་མེན་འཁོར་མང་དང་། །གནོད་སྦྱིན་འཁོར་མང་རོལ་པར་འདོད། །དེས་ནི་དབང་ཆེན་ཏིང་འཛིན་ཞུགས། །གླུ་དང་བྲོས་ཀྱང་བརྟན་པར་བྱ། །བདག་ཉིད་འཁོར་མཉམ་འདུག་དུས་ན། །དེ་ཚེ་སྐུ་མདོག་དམར་པོར་བསྒྱུར། །ལམ་དུ་ཞུགས་ནས་འགྲོ་དུས་ནི། །ལྗང་གུར་བསྒྱུར་ཏེ་ཧེ་ཧེ་ཞེས། །དགོད་ཅིང་འགྲོ་བར་བྱ་བ་ཡིན། །གང་དུ་ཕྱིན་པའི་གནས་ཁང་དུ། །ཧཱུཾ་ཞེས་བྱས་ལ་དེར་འདུག་གོ། །འོན་ཏང་མ་མོ་ཐམས་ཅད་དབང་དུ་བསྡུ། །ཉལ་བའི་ཚེ་ཡང་ཨ་ཞེས་བྱ། །ཙོག་ཙོག་ཡུད་ཙམ་གནས་པར་བྱ། །བདག་ཉིད་གསེར་བཙོ་བཞིན་བསྒྱུར་ཏེ། །ཀུན་ཏུ་བཟང་མོ་ནམ་མཁའ་དག་ལ་འོང་། །མངོན་སུམ་འཛུམ་མཛད་སྙན་སྨྲ་དང་། །འདོད་སྦྱོར་རྩེད་མོ་བྱེད་པར་བསམ། །དེ་ལྟར་བསམ་པའི་ཡོན་ཏན་ནི། །ས་ཡི་འོག་ཏུ་མདའ་འཕངས་པས། །གནམ་གྱི་སྟེང་གི་ལྷ་བྲན་འཆི། །སྤྱོད་ལམ་གྲུབ་པ་འདི་ལྟ་བུ། །མཚོན་ཐོགས་ཀུན་གྱི་རྒྱལ་པོ་སྟེ། །རལ་གྲི་འཛིན་པ་ཆེན་པོར་འགྱུར། །འཇམ་དཔལ་འཁོར་གྱི་ཕྱག་བྱའོ། །དེ་ལྟ་བུ་ཡི་དུས་དག་ཏུ། །གནོད་སྦྱིན་ཕྲ་མེན་འཁོར་རྣམས་ཀྱིས། །བདག་ལ་རབ་ཏུ་གཙེས་གྱུར་ན། །ཕག་གི་བརྟུལ་ཞུགས་ཆེན་པོ་ཡིས། །ས་ཡི་འོག་ཏུ་མངོན་སུམ་བྱ། །ངག་གིས་ཧཱུཾ་ཞེས་ཅུང་ཟད་བཟླས། །མཱཾ་ས་དག་ཀྱང་མང་དུ་བཟའ། །ནམ་མཁའ་ལ་ནི་སེམས་དཔའ་བསམ། །བགྲང་ཕྲེང་ཀླད་ལ་ལན་གསུམ་བསྐོར། །དེ་ལྟར་བྱས་ནས་བདག་


DNG017_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་ཞིང་། །ནད་གཏོང་མ་ནི་འཆི་བར་འགྱུར། །ཉིན་དང་མཚན་དུ་ཐུག་ཕྲད་དུ། །རིགས་མ་འཆོལ་བར་སྦྱོར་བར་བྱ། །སྐྱེ་བོས་མཐོང་ན་དམ་ཚིག་ཉམས། །སུས་མ་མཐོང་ན་དངོས་གྲུབ་ཡིན། །སྦྱོར་བའི་བྱང་སེམས་ལྕེ་ལ་གཞག །རང་གི་དབེན་རིས་གང་ཡིན་པར། །སྐྱེ་བོ་འདུ་འཛི་ཐག་བསྲིངས་ཏེ། །དགུག་པའི་བརྟུལ་ཞུགས་ཆེན་པོ་ཡིས། །དབྱངས་ཀྱང་དྲག་ཏུ་བླང་བར་བྱ། །ཛྭ་ལ་ཛྭ་ལ་ཁ་ཁཱ་ཧི། རུ་ལུ་རུ་ལུ་ཁ་ལོང་ཁ། ཀུ་ཀུ་ར་ཙ་ཁ་ལོང་ཁ། རཀྴ་གྷྲྀ་ཧྞ་གྷྲྀ་ཧྞ་ལ། བྱ་ཡི་བརྟུལ་ཞུགས་ཆེན་པོ་ཡིས། །ཁམས་གསུམ་སྒུམ་བུར་བཏུ་བར་བྱ། །ཕག་གི་བརྟུལ་ཞུགས་ཆེན་པོ་ཡིས། །སྲིད་གསུམ་ཁྲོན་དུ་བརྐོ་བར་བྱ། །ཁྱི་ཡི་བརྟུལ་ཞུགས་ཆེན་པོ་ཡིས། །དམྱལ་ཁམས་ཟས་སུ་ཟ་བར་བྱ། །དཀའ་ཐུབ་སྨྱོན་པའི་བྲོ་བརྡུངས་ནས། །རུ་ལུའི་བསྙེན་པ་འབུམ་བཟླས་ན། །བདག་གི་དབང་དུ་འདུ་བར་འགྱུར། །གླུ་དབྱངས་ཁྱི་སྐད་བྱང་དུ་ཟུག །ཁྱི་ཡི་དཀའ་ཐུབ་སྨྱོན་པ་ཡིས། །རྟ་སྐད་ནུབ་ཀྱི་ཕྱོགས་སུ་འཚེར། །རྟ་ཡི་དཀའ་ཐུབ་སྨྱོན་པ་ཡིས། །བྱ་སྐད་ནུབ་ཀྱི་ཕྱོགས་སུ་ཙོང་། །ཁྱི་ཡི་དཀའ་ཐུབ་སྨྱོན་པ་ཡིས། །ཕག་སྐད་བྱང་གི་ཕྱོགས་སུ་ངུར། །ཕག་གི་དཀའ་ཐུབ་ཆེན་པོ་ཡིས། །དེ་ལྟར་བྱས་ན་བརྟུལ་ཞུགས་ཀུན། །ཧཱུཾ་ཞེས་བྱ་བའི་དབྱངས་བླངས་ནས། །བདག་གི་ལུས་ལ་གཞུག་པར་བྱ། །དུས་ལ་བབ་པར་བྲོ་མཆོད་ལ། །རྔེའུ་ཆུང་ལན་གསུམ་བརྡུང་བར་བྱ། །དེ་ནས་དགྲ་བགེགས་འདུལ་བའི་ཕྱིར། །བརྟུལ་ཞུགས་ཏིང་འཛིན་ཞུགས་ནས་ཀྱང་། །གླུ་བྲོ་དམ་ཚིག་བཞིན་དུ་བླང་། །བསྒྲུབ་པ་ཆེན་པོའི་བར་གཅོད་པ། །བརྟུལ་ཞུགས་ཆེན་པོས་བསྒྲལ་ནས་ཀྱང་། །དུས་གསུམ་རྒྱལ་བའི་སྲས་སུ་བསྐྱེད། །དཀའ་ཐུབ་ཆེན་པོ་ཡིན་པའི་ཕྱིར། །སུ་དང་གཏམ་ཡང་བསྲེ་མི་བྱ། །སྨྱོན་པའི་ཚུལ་དུ་མཆོངས་པ་ཡིས། །གནོད་སྦྱིན་ཕྲ་མེན་རྣམས་ཀྱང་བརྒྱལ། །ནམས་ཀྱང་བདག་གི་དབང་དུ་འགྱུར། །ཉན་ཐོས་དབང་དུ་བསྡུ་བའི་ཕྱིར། །སྔགས་ཀྱི་དཀའ་ཐུབ་ཆེན་པོ་ཡིས། །བདུད་རྩི་ལྔ་ཡི་ལོངས་སྤྱོད་བྱ། །མ་སྤངས་པ་ནི་དབང་དུ་བསྡུ། །ནན་དབང་དྲག་ཤུལ་སྨྱོན་ཐབས་སུ། །སུ་དང་འཕྲད་པ་བསྒྲལ་ཞིང་སྦྱར། །འདི་ནི་དཔལ་གྱི་ཐུགས་དམ་སྟེ། །རྒྱུན་མི་འཆད་པར་སྤྱད་


DNG017_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

ན་ནི། །བདག་གིས་ཇི་ལྟར་འདོད་པ་བཞིན། །དཀའ་ཐུབ་བསྲུངས་པས་དངོས་གྲུབ་ཐོབ། །རོལ་པའི་འཁོར་ཚོགས་མང་པོ་ཀུན། །འདི་ལ་སོམ་ཉི་ཅི་སྟེ་ཟ། །དེ་སྐད་ཅེས་ནི་གསུངས་ནས་ཀྱང་། །ལུང་དུ་བསྟན་པ་ཆེན་པོ་ཡིན། །རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། ཚེ་ལྷུན་གྱིས་གྲུབ་པར་བྱ་བ་དང་། བར་གཅོད་མེད་པའི་གཟུངས་བསྟན་པ་དང་། བརྟུལ་ཞུགས་ཆེན་པོ་མཛད་པའི་ལེའུ་སྟེ་ལྔ་བཅུ་རྩ་དྲུག་པའོ།། །།དེ་མ་ཐག་ཏུ་ལྷུན་གྲུབ་པའི། །པདྨ་གར་གྱི་དབང་ཕྱུག་གིས། །རོལ་པའི་གསུང་ནི་འདི་སྐད་དུ། །དེ་ལྟ་བུ་ཡི་དུས་དག་ཏུ། །གནོད་སྦྱིན་རྣམས་ནི་འཁོལ་འདོད་ན། །དུར་ཁྲོད་ཆེན་པོར་སོང་ནས་ནི། །དེ་ཡི་གཟུགས་ནི་ཁྲག་གིས་བྲི། །སྙིང་གར་ཕུར་བུས་མནན་ནས་ནི། །དགུག་པའི་བརྟུལ་ཞུགས་ཧཱུཾ་ཞེས་བཟླས། །མ་འོངས་བར་དུ་བསྡད་ནས་ནི། །ཞག་བདུན་གྱིས་ནི་ཁུགས་པར་འགྱུར། །གནོད་སྦྱིན་རྣམས་ལ་ཅི་དགར་སྤྱོད། །རྣལ་འབྱོར་པ་ཡི་བྲན་དུ་གྱུར། །ཕྲ་མེན་རྣམས་ནི་འཁོལ་འདོད་ན། །རས་སམ་གྲོ་ག་ཤིང་ཤུན་ལ། །ཕྲ་མེན་གཟུགས་ནི་ཁྲག་གིས་བྲིས། །ཡན་ལག་ཕུར་བུས་མནན་ནས་ནི། །སྙིང་གར་རྡོག་པས་མནན་བྱས་ཏེ། །དགུག་པའི་བརྟུལ་ཞུགས་ཧཱུཾ་ཞེས་བཟླས། །ཞག་བདུན་གྱིས་ནི་ངེས་པར་འོང་། །ཕྲ་མེན་རྣམས་ནི་ཅི་དགར་རོལ། །ཁོང་གིས་ལན་ན་ཁོང་དག་འཆི། །བདག་གིས་ལན་ན་བདག་ཉིད་ཉམས། །རྐང་གཉིས་ལས་ལ་འཁོལ་འདོད་ན། །དེ་ཡི་གཟུགས་ནི་ཁྲག་གིས་བྲིས། །ཕུར་བུ་སྙིང་དང་ཁ་རུ་གདབ། །ཁྲོས་ཏེ་རབ་ཏུ་མནན་ནས་སུ། །དགུག་པའི་བརྟུལ་ཞུགས་ཧཱུཾ་ཞེས་བཟླས། །ཞག་བདུན་གྱིས་ནི་དབང་དུ་འདུ། །ཕྱག་ན་རྡོ་རྗེ་དགའ་བར་འགྱུར། །མ་མོ་ལས་ལ་འཁོལ་འདོད་ན། །བུད་མེད་བོངས་ཚད་ཁྲག་གི་བྲིས། །སྙིང་གར་རྡོག་པས་མནན་ནས་ནི། །ཕུར་བུས་འདྲིལ་ཅིང་བསྒོམ་པར་བྱ། །ཞག་བདུན་གྱིས་ནི་ངེས་པ་རུ། །ཅི་བགྱི་གསུང་ཞེས་ཟེར་ཏེ་འོང་། །དེ་ནས་བདག་གིས་སྤྱད་པར་བྱ། །བུད་མེད་རྣམས་ནི་ཅི་དགར་འཁོར། །བགེགས་རྣམས་ཀུན་ནི་འཁོལ་འདོད་ན། །སོ་སོའི་གཟུགས་དག་ཁྲག་གིས་བྲིས། །ཕུར་བུའི་རྩེ་མོར་མིང་བྲི་ཞིང་། །གོང་དུ་ཧཱུཾ་གཅིག་བཞག་ནས་ནི། །ཚོན་སྐུད་སྣ་ལྔའི་སྐུད་པས་གདགས། །ལན་གསུམ་བསྐོར་ཏེ་གདབ་བྱས་ན། །


DNG017_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གི་དབང་དུ་འདུས་ནས་ནི། །ཇི་ལྟར་བསྒོ་བ་ཉན་པར་བྱེད། །འགྲོ་ཉལ་འདུག་སྡོད་ཅི་བྱེད་ཀྱང་། །འཁོར་དང་བཅས་པའི་བསྙེན་པ་བཟླས། །ནང་པར་མལ་ནས་ལངས་ནས་ཀྱང་། །ཡི་དམ་གནས་པའི་ས་ཕྱོགས་སུ། །གོམ་གསུམ་སྤགས་ནས་དྲན་པར་བྱ། །གཤང་གཅི་བྱེད་པའི་ས་ཕྱོགས་སུ། །དྲི་ཆེན་ལག་ཏུ་བླངས་ནས་སུ། །ཕྱོགས་བཅུ་ཀུན་ལ་ཁ་བལྟས་ཏེ། །སུས་མ་མཐོང་བར་ཁམ་གསུམ་བཟའ། །དྲི་ཆུ་ཁྱོར་གང་བླུགས་ནས་ནི། །སུས་མ་མཐོང་བར་ཁྱོར་གསུམ་བཏུང་། །ཤིན་ཏུ་དབེན་པའི་ས་ཕྱོགས་སུ། །དྲི་ཆེན་མདུན་དུ་བཞག་ནས་ནི། །ཡན་ལག་བཞི་ནི་ས་ལ་གཟུག །རྟ་སྐད་ཐེངས་གསུམ་འཚེར་བར་བྱ། །རུ་ལུ་རུ་ལུ་ཚལ་པ་བཟླས། །བྱང་གི་ཕྱོགས་སུ་ཁ་བལྟས་ཏེ། །གནོད་སྦྱིན་དབང་དུ་བསྡུ་བའི་ཕྱིར། །དྲི་ཆུ་མདུན་དུ་བཞག་ནས་ནི། །ཁྱི་སྐད་ཐེངས་གསུམ་ངུས་ནས་ཀྱང་། །རུ་ལུ་རུ་ལུ་ཁ་ལོང་ཁ། །ཀུ་ཀུ་ར་ཙ་ཁ་ལོང་ཁ། །ཉིན་དང་མཚན་དུ་ཐུག་ཕྲད་དུ། །རིགས་མ་འཆོལ་བར་སྦྱོར་བ་བྱ། །སྐྱེ་བོས་མཐོང་ན་དམ་ཚིག་ཉམས། །སུས་ཀྱང་མ་མཐོང་དངོས་གྲུབ་ཡིན། །བྱང་ཆུབ་སེམས་ནི་ལྕེ་ལ་གཞག །དུས་དང་རྣམ་པ་མེད་པ་ཡིན། །སྦྱོར་བ་ཁོ་ན་ལས་སུ་བཟང་། །སྐབས་ལ་བབ་པའི་དུས་དུས་སུ། །དུར་ཁྲོད་གནས་སུ་བྱུག་པར་བྱ། །ཞིང་དང་བྷནྡྷ་མང་དུ་བསགས། །རང་གི་དབེན་པ་གང་ཡིན་པར། །སྐྱེ་བོ་རྣམས་ལས་ཐག་བསྲིངས་ལ། །སྐུ་དྲུག་ཡེ་ཤེས་དྲུག་ཏུ་ཤེས་ཤིང་རྟོགས་པར་བྱ། །སྲོད་དང་ཐོ་རངས་ནམ་གྱི་གུང་། །དྲོ་དང་ཉིན་ཕྱེད་དགོང་ཁའི་དུས། །དབྱངས་སུ་སྐད་དྲུག་ཤེས་པར་བྱ། །དུས་དྲུག་ཀུན་ཏུ་རྔེའུ་ཆུང་བརྡུང་། །སྲོད་ལ་འཁོར་གསུམ་བྲོ་བརྡུངས་ཏེ། །ནུབ་ཀྱི་ཕྱོགས་སུ་ཁ་བལྟས་ནས། །རྟ་སྐད་འཚེར་བའི་གླུ་སྐད་བླང་། །རུ་ལུའི་བསྙེན་པ་འབུམ་བཟླས་ཤིང་། །སྣུམ་ཆེན་གསུར་གྱི་སྤོས་མེ་གཏང་། །ནམ་གྱི་གུང་ལ་མི་ཉལ་བར། །ཕྲིན་ལས་གོང་མ་བཞིན་དུ་བྱ། །དུས་ལ་བབ་པའི་བྲོ་མཆོད་ལ། །ཕྱི་ནང་དྲག་ཏུ་མཚམས་ཀྱང་གཅད། །རྔེའུ་ཆུང་དིར་དིར་ལན་གསུམ་བརྡུང་། །ཤ་ཁྲག་གཏོར་མ་རྒྱུན་མི་གཅོད། །གླུ་བྲོ་ཤར་གྱི་ཕྱོགས་སུ་དབུལ། །མི་ཡི་བུ་མོ་འཁོར་དང་བཅས། །གྲུལ་བུམ་བུ་མོ་འཁོར་དང་བཅས། །གནོད་སྦྱིན་སྲིན་པོའི་བུ་མོ་འཁོར་བཅས་ཀྱིས། །ཐབས་དང་ཤེས་རབ་སོ་


DNG017_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

སོར་འཁྱུད། །ཕར་ཡང་ཟུར་འགྲོས་བྱེད་པ་ལ། །ཟུར་འགྲོས་བྱེད་ཅིང་འོང་བ་ལ། །ཐ་ཚིག་གླུ་དང་དམ་ཚིག་བྲོ། །ཀླུ་ཡི་བུ་མོ་བསྟེན་པའི་བྲོ། །ཐབས་དང་ཤེས་རབ་སོ་སོར་འཁྱུད། །ལག་པ་གཡོན་པ་བསྟན་བྱས་ཏེ། །བྱང་གི་ཕྱོགས་སུ་ཁ་བལྟས་ཏེ། །ཐ་ཚིག་གླུ་དང་དམ་ཚིག་བྲོ། །གནོད་སྦྱིན་བུ་མོ་བསྟེན་པའི་བྲོ། །ཐབས་ཀྱི་རྐང་པ་བརྐྱང་ནས་སུ། །ཡུམ་གྱི་རྐང་པའི་བར་དུ་བཅུག །དེ་ནས་བསྐོར་བ་བྱེད་པ་ནི། །ཐ་ཚིག་གླུ་ལ་དམ་ཚིག་བྲོ། །ཐབས་དང་ཤེས་རབ་སོ་སོར་འཁྱུད། །འབྲུ་ཚུགས་བལྟ་ཞིང་ཁྲོས་པར་བསྒོམ། །ཤ་ཁྲག་གཏོར་མ་བདུད་རྩིར་བཅས། །དེ་ལ་བསྐོར་བ་བྱེད་པ་ནི། །ལྷོ་ནུབ་མཚམས་སུ་ཁ་བལྟས་པས། །སྲིན་པོའི་བུ་མོ་བསྟེན་པའི་བྲོ། །ཐབས་དང་ཤེས་རབ་སོ་སོར་འཁྱུད། །ལག་པ་གཡོན་པ་བཟུང་ནས་བཞིན། །འཛུམ་པའི་མདངས་ཀྱིས་བལྟ་བ་དང་། །རྟགས་སུ་བྱང་ཆུབ་སེམས་བཅས་པ། །མི་ཡི་བུ་མོ་བསྟེན་པའི་བྲོ། །མནའ་དང་དམ་ཚིག་བསྒྲག་པར་བྱ། །ཉི་མ་ཕྱེད་ཀྱི་དུས་སུ་ནི། །ལྷོ་ཡི་ཕྱོགས་སུ་ཁ་བལྟས་ཏེ། །གྲུལ་བུམ་སྐད་དུ་ཀུ་ཅོ་བྱ། །ཕྲིན་ལས་དགོངས་པ་གོང་མ་བཞིན། །དགོང་མཆོད་དུས་ལ་བབ་པའི་ཚེ། །གྲིབ་སོ་བཟློག་པའི་ཆོ་ག་བྱ། །ཧ་ཅང་སྐད་ནི་མི་ཆེ་བར། །དེ་ཡང་རྔེའུ་ཆུང་དིར་དིར་བརྡུང་། །དབྱངས་ནི་ཡིད་ཙམ་གདུང་བར་བླང་། །དེ་ཡང་དུས་དྲུག་ཀུན་ཏུ་ཡང་། །གསང་བའི་མཆོད་པ་རྒྱུན་མི་གཅད། །མི་ཡི་བུ་མོ་བསྟེན་པར་བྱ། །ལན་འགའ་དེ་དང་མ་ལྡན་ན། །ཀུ་ཀུ་ར་དང་ར་ལ་སོགས། །བ་དང་བུད་མེད་གང་ཡང་རུང་། །ཤིན་ཏུ་དཀོན་ནས་མེད་པའི་ཚེ། །བྱེས་དང་མགྲོན་པོ་བྱེད་པ་ན། །ལུས་ལས་སྤྲུལ་པའི་ལྷ་མོ་ཡིས། །སྦྱོར་བའི་དམ་ཚིག་མི་བཅག་གོ། །དེ་ལྟར་བྱས་ན་དངོས་གྲུབ་ཐོབ། །རྒྱུན་དང་རྒྱུན་མིན་རྟག་པར་ནི། །སྨན་ནི་ལུས་ལ་བསྲེལ་བར་བྱེད། །ཅེས་གསུངས་སོ། །རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། ཕྲིན་ལས་མཐར་ཕྱིན་ཅིང་ཐམས་ཅད་དབང་དུ་བསྡུ་བའི་ལེའུ་སྟེ་ལྔ་བཅུ་རྩ་བདུན་པའོ།། །།དེ་མ་ཐག་ཏུ་བཅོམ་ལྡན་འདས། །གར་དབང་ལྷ་མཆོག་ཆེན་པོ་ཡིས། །རོལ་པའི་ཚོགས་ལ་བཀའ་སྩལ་པ། །སྤྱན་རས་གཟིགས་དབང་ལྷུན་གྲུབ་པ། །མཎྜལ་ཚད་


DNG017_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པར་བྱ། །ཐིག་བཞི་གདབ་པའི་ལིང་ཚེ་དགུ། །དབུས་སུ་གྲུ་གསུམ་བསྐོར་བར་བྱ། །གཏིང་ཁུང་གྲུ་གང་ཁ་ཁྱེར་ལ། །མཁྱུད་གང་ཁ་དོག་མཛེས་པར་བྲི། །ལེའུ་ཚེ་བརྒྱད་ལ་ཚོན་རྩི་ལྔ། །དབུས་སུ་མཐིང་ག་ལེའུ་ཚེར་བཅས། །རྒྱན་དང་གདུགས་ལ་སོགས་པ་དང་། །མཚན་དང་ལྡན་པའི་ཡམ་ཤིང་ལ། །དཔལ་དང་ལྡན་པའི་བྷན་དྷ་རྣམས། །ཨེ་ཡི་དབུས་སུ་རྫས་དགྲམ་པ། །འདི་རྣམས་བསྒྲུབ་པའི་རྒྱུ་རུ་གསུངས། །དེ་མ་ཐག་ཏུ་སྤྱན་རས་གཟིགས། །ཐེ་ཚོམ་སྐྱེས་ནས་ཞུས་པའི་ཚིག །གར་དབང་ལྷ་མཆོག་རོལ་པའི་ཚོགས། །མཆོད་སྦྱིན་བསྲེག་པའི་ལས་ཚུལ་གང་། །རྫས་རྣམས་དགོད་པའི་རིམ་པ་གང་། །བསྙེན་བསྒྲུབ་མཐར་ཕྱིན་ཕྲིན་ལས་གང་། །གར་དབང་ལྷ་ཡིས་བཀའ་སྩལ་པ། །འཇིག་རྟེན་ཁམས་ནི་རབ་འབྱམས་ན། །ཆགས་པར་གྱུར་པའི་སེམས་ཅན་ལ། །དབང་དུ་བྱ་བ་སྦྱར་བར་གསུངས། །ཟླ་མཚན་ཅན་ནམ་ཆུ་གླིང་དུ། །སྡོང་གཅིག་མ་ཡི་གཟུངས་མ་གཟུང་། །པདྨ་དབང་ཆེན་སྐུར་བསྒོམས་ཏེ། །ཟླ་གམ་དམར་པོའི་དཀྱིལ་འཁོར་ལ། །འོད་ཟེར་འཕྲོས་པའི་མདའ་གཞུས་བརྒྱན། །དམར་སྨུག་ཁྲོས་པའི་ལྷ་མཆོག་རྣམས། །རྡོ་རྗེ་དབྱུག་པས་རབ་དྲངས་ཏེ། །དགའ་ཆགས་ཡིད་ཀྱིས་མཆོད་སྦྱིན་བྱ། །གར་གྱི་དབང་ཕྱུག་ཆེན་པོ་ལ། །བྱང་ཆུབ་སེམས་ཀྱི་མཆོད་པ་ཡིས། །མཆོད་ཅིང་བསྲེག་པའི་ལས་བྱའོ། །ཧཱུཾ། སྐྱེ་མེད་བློ་ལྡན་བྱང་ཆུབ་སེམས་ཀྱི་རྫས། །མེ་ལོང་ཡེ་ཤེས་དག་པར་རབ་སྦྱངས་ཏེ། །དུས་གསུམ་རྒྱལ་བའི་སྐུ་ལ་མཆོད་པ་འབུལ། །ཧཱུཾ། སྐྱེ་མེད་བློ་ལྡན་དྲི་མེད་གསང་བའི་ཆུ། །མཉམ་ཉིད་ཡེ་ཤེས་གསལ་བར་རབ་སྦྱངས་ཏེ། །དུས་གསུམ་རྒྱལ་བའི་སྐུ་ལ་མཆོད་པ་འབུལ། །ཧཱུཾ། སྐྱེ་མེད་བློ་ལྡན་རཀྟ་གསང་བའི་རྫས། །རྟོགས་པའི་


DNG017_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཆེན་པོར་རབ་སྦྱངས་ཏེ། །དུས་གསུམ་རྒྱལ་བའི་གསུང་ལ་མཆོད་པ་འབུལ། །ཧཱུཾ། སྐྱེ་མེད་བློ་ལྡན་མཱཾ་ས་རིན་པོ་ཆེ། །འགྲོ་བ་ཀུན་གྱི་རེ་འདོད་སྐོང་བ་སྟེ། །ཆོས་དབྱིངས་ཡེ་ཤེས་དག་པས་རབ་སྦྱངས་ཏེ། །དུས་གསུམ་རྒྱལ་བའི་སྐུ་ལ་མཆོད་པ་འབུལ། །ཧཱུཾ། སྐྱེ་མེད་བློ་ལྡན་སྐྱེ་མེད་ཟག་པའི་ཆུ། །སྐྱེ་ཤི་འདུ་འབྲལ་མེད་པར་གྲོགས་ཀྱིས་བཟུང་། །ནན་ཏན་ཡེ་ཤེས་དག་པར་རབ་སྦྱངས་ཏེ། །ཕྲིན་ལས་རླབས་ཀྱི་འགྲོ་དྲུག་སྒྲོལ་བར་མཛད། །གདུག་པའི་ཚོགས་ཀུན་འཇོམས་ལ་མཆོད་པ་འབུལ། །དེ་ནས་རྫས་མཆོག་བསྟེན་པའི་ཕྱིར། །རྡོ་རྗེ་ཆུ་ནི་གཟི་ལྡན་ནོ། །ཟིལ་མངར་ལྷོ་ཡི་ཕྱོགས་སུ་སྟེ། །ཤ་ཆེན་ནུབ་ཀྱི་ཕྱོགས་སུ་དབུལ། །དྲི་ལ་སོགས་པ་བྱང་དུ་དགོད། །ཤ་ཁྲག་གཏོར་མ་ལ་སོགས་ཀུན། །ཕོ་ཉ་རིམ་པ་བཞིན་དུ་དགོད། །སྐད་ཅིག་མ་ཡི་ཏིང་འཛིན་གྱིས། །བསྒོམ་དང་བསྙེན་དང་བསྒྲུབ་པ་དང་། །འཛབ་ལ་སོགས་པ་མ་རྫོགས་ཚེ། །བཅུ་གཅིག་ཕྲིན་ལས་གཞུང་བཞིན་མཛད། །བསྙེན་པ་བཞི་ཁྲི་རྫོགས་པ་དང་། །དཔལ་དང་མ་མོ་མཆོད་པའི་ཕྱིར། །སྦྱིན་སྲེག་གཞུང་བཞིན་བརྩོན་པར་བྱ། །དབང་དུ་བསྡུས་ནས་དབྱིངས་སུ་རོལ། །ཞེས་གསུངས་སོ། །རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། སྦྱིན་སྲེག་གི་ལེའུ་སྟེ་ལྔ་བཅུ་རྩ་བརྒྱད་པའོ།། །།དེ་མ་ཐག་ཏུ་གར་དབང་ལྷུན་མཆོག་གིས། །ཐུགས་རྗེའི་སྟོབས་ཀྱི་ཕྲིན་ལས་འདི་གསུངས་སོ། །ཐུགས་རྗེའི་ཕྲིན་ལས་རྨད་པོ་ཆེ། །སྔོན་གྱི་ལས་དབང་དྲག་པོ་དང་། །གཟུང་དང་འཛིན་པའི་རྣམ་རྟོག་གིས། །ལན་ཅིག་ལྡང་བའི་བག་ཆགས་མནན། །ཨོཾ་ནཱ་ག་སྟྭམྦྷ་ནི། ནཱ་ཤ་སྟྭམྦྷ་ནི། ཡཀྵ་སུཾ་བྷ། ཡཀྵ་ནི་སུཾ་བྷ་ཧཱུཾ། གྲྀ་ཧྞ་གྲྀ་ཧྞ་ཧཱུཾ། གྲྀ་ཧྞཱ་པ་ཡ། གྲྀ་ཧྞཱ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ། བྷ་ག་ཝཱན་


DNG017_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

བིདྱཱ་རཱ་ཛ་ཧཱུཾ་ཕཊ། མཚུངས་མེད་ཆེ་བའི་ཁྱད་པར་རབ་སྟོན་ཕྱིར། །ང་རྒྱལ་མཐུ་བསྙེམས་བདུད་ཀྱི་དཔུང་བཅོམ་ནས། །འཇིག་རྟེན་འདས་པའི་དེ་བ་ཆེན་པོ་བརྒྱད། །ཆེ་བའི་རྟགས་དང་ལྡན་པ་དབང་ཕྱུག་ཡང་ཆེ་གནོན། །ཞབས་བརྒྱད་ཏིང་འཛིན་བརྒྱད་ཀྱི་ཆས་ལྡན་པས། །བཀའ་དང་དམ་ཚིག་གནས་པར་བྱ་བའི་ཕྱིར། །སྙིང་གར་མཁྲིག་མ་ནུབ་ཅིང་སྒལ་ཚིགས་འཇོམས། །ཉོན་མོངས་ཉམ་ཐག་འབོད་སྒྲོག་དི་རི་རི། །ཧཱུཾ་ཀཱ་ར་པྲ་བེ་ཤ་ཡ་ཕཊ་ནན། ནཱི་ལ་དཎྜ་པྲ་བེ་ཤ་ཡ་ཕཊ་ནན། ཡ་མཱནྟ་ཀ་པྲ་བེ་ཤ་ཕཊ་ནན། ཨཱརྱ་ཨ་ཙ་ལ་པྲ་བེ་ཤ་ཕཊ་ནན། ཊཱཀྐི་རཱ་ཛ་པྲ་བེ་ཤ་ཕཊ་ནན། ཨ་མྲྀ་ཏ་ཀུཎྜ་ལི་པྲ་བེ་ཤ་ཕཊ་ནན། མ་ཧཱ་བ་ལ་པྲ་བེ་ཤ་ཕཊ་ནན། པདྨ་ཀུནྡ་ལི་པྲ་བེ་ཤ་ཕཊ་ནན། ཕྱག་རྒྱ་ཆེན་པོའི་སྐུར་བསྒོམས་ནས། །གཟིར་གནོན་དྲག་པོའི་ལས་བྱས་པས། །སྡུག་བསྔལ་ཆུ་བོའི་རྒྱུན་བསྐམས་པས། །སྔོན་གྱི་རྒྱལ་བ་རྣམས་ཀྱི་བཀས། །ཞི་བས་ཐམས་ཅད་ཚིམ་པར་མཛད། །རྒྱས་པས་མ་ལུས་མངོན་སངས་རྒྱས། །དབང་གིས་དབང་དུ་མ་འདུས་མེད། །མངོན་སྤྱོད་བྱིན་རླབས་རྨད་པོ་ཆེ། །གསད་ཅིང་གནན་དང་སྤར་བར་མཛོད། །ཅེས་གསུངས་སོ། །རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། གཟིར་གནོན་དྲག་པོའི་མཛད་པའི་ལེའུ་སྟེ་ལྔ་བཅུ་རྩ་དགུ་པའོ།། །།སྤྱན་རས་གཟིགས་ཀྱིས་དེ་ལྟར་མནན་ཅིང་གཟིར་བས། དོན་ནི་དབྱིངས་དང་ཡེ་ཤེས་ཏེ། །རྟགས་ནི་ཐབས་དང་ཤེས་རབ་བོ། །མི་དམིགས་ངང་དུ་ཐིམ་པས་ན། །དེ་བས་ང་སྔོན་སངས་རྒྱས། །ད་ལྟར་རྒྱུད་འདི་བཤད་དུས། །ཚིག་ཏུ་བརྗོད་པ་མེད་དོ། །ཕྱི་མའི་རྣལ་འབྱོར་རྣམས་ལ་འང་། །ལྷུན་གྱིས་གྲུབ་པར་སངས་རྒྱས། །དེ་དོན་སྣང་བར་གྱིས་ཤིག །འདི་ལྟའི་རྒྱུད་འདི་གཏད་ཀྱིས། །ཕྱག་རྒྱ་ཆེན་པོའི་བྱིན་རློབས། །སྤྱན་རས་གཟིགས་


DNG017_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དབང་ཕྱུག །གསུང་དུ་ཡོངས་སུ་སྒྲོགས་ཤིག །དེ་སྐད་ཅེས་བཀའ་སྩལ་པས། པདྨ་དབང་ཆེན་གར་གྱི་དབང་ཕྱུག་ལྷ། གསང་སྔགས་འདིའི་མཚན་གྱི་ཁྱད་པར་གང་ལགས། ཅི་ལྟར་བསྒྲག་པར་བགྱི། ཞེས་གསོལ་པ་དང་། གར་དབང་ལྷ་མཆོག་གིས་བཀའ་སྩལ་པ། རྒྱུད་འདིའི་མིང་ནི། དབང་རྒྱས་རྟ་མཆོག་རོལ་པ་ཞེས་བྱ་བར་ཟུང་ཞིག །གསུང་རབ་རྒྱ་མཚོའི་བཅུད་ཀྱི་ཉིང་ཁུ་ཞེས་བྱ་བར་ཡང་ཟུང་ཞིག །དོན་དམ་གསང་སྦས་དབང་ཕྱུག་རྒྱལ་བའི་བཀའ་ཞེས་བྱ་བར་ཟུང་ཞིག །དེ་སྐད་ཅེས་གསུངས་སོ། །དེ་ནས་རོལ་པའི་འཁོར་ཚོགས་དང་། མ་འོངས་པ་རྣམས་ཀྱི་ལམ་ཆེན་པོར་གྱུར་ཏོ། །བསྐྱེད་པའི་ཡུམ་དུ་གྱུར་ཏོ། །བཞུགས་པའི་གཞལ་ཡས་ཁང་དུ་གྱུར་ཏོ། །པདྨ་གར་གྱི་དབང་ཕྱུག་ཆེན་པོ་ཅི་ཡང་མི་གསུང་བར་གྱུར་ཏོ། །རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ལས། ཡོངས་སུ་གཏད་པའི་ལེའུ་སྟེ་དྲུག་ཅུ་ཐམ་པའོ།། །།རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དབང་རྒྱས་རྟ་མཆོག་རོལ་པའི་ཏནྟྲ་ཆེན་པོ་རྫོགས་སོ།། །།ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་བོད་ཀྱི་ལོཙྪ་བ་གཉགས་ཛྙཱ་ན་ཀུ་མཱ་རས་བསྒྱུར་ཅིང་གཏན་ལ་ཕབ་པའོ།། །།