cover

རྙིང་མ་རྒྱུད་འབུམ་པོད་བཅོ་བརྒྱད་པ། ཚ༽

སྡེ་དགེའི་ཤིང་པར་རྙིང་མ་རྒྱུད་འབུམ།

རྩོམ་མཁན།

Nitartha international

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

དཔལ་པདྨ་དབང་ཆེན་དྲེགས་པ་སྲུང་བཟློག་ཡོན་ཏན་གྱི་རྒྱུད་ཅེས་བྱ་བ།


DNG018_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཤྲཱི་པདྨ་མ་ཧེ་ཤྭ་ར་དུཥྚ་རཀྵྀ་ཏ་ནི་རཱ་ཀྲྀ་ཏཾ་གུ་ཎ་ཏནྟྲ་ནཱ་མ། བོད་སྐད་དུ། དཔལ་པདྨ་དབང་ཆེན་དྲེགས་པ་སྲུང་བཟློག་ཡོན་ཏན་གྱི་རྒྱུད་ཅེས་བྱ་བ། ལྷུན་གྱིས་གྲུབ་པའི་སངས་རྒྱས་དཀྱིལ་འཁོར་ཆེན་པོ་དགུའི་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་བདག་ཉིད་ཡོན་ཏན་ཕྲིན་ལས་མ་ལུས་པའི་བདག་པོ་དེ་ནི། འདི་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་བཙུན་མོའི་བྷ་ག་ལ་དུས་གསུམ་འདུ་འབྲལ་མེད་པ་ཆེན་པོར་བཞུགས་སོ། །དེ་ཉིད་ལས་བརྗོད་ཀྱིས་མི་ལང་བའི་འཁོར་གྱི་གྲངས་དང་བཅས་ནས་བཞུགས་པ་ནི། འདི་ལྟ་སྟེ། བདེ་གཤེགས་ཁམ་རྒྱ་མོ་དང་། རྡོ་རྗེའི་ཁམ་རྒྱ་མོ་དང་། རིན་པོ་ཆེའི་ཁམ་རྒྱ་མོ་དང་། པདྨའི་ཁམ་རྒྱ་མོ་དང་། ལས་ཀྱི་ཁམ་


DNG018_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མོ་དང་། སྣ་ཚོགས་ཁམ་རྒྱ་མོ་དང་།ཁམ་རྒྱ་མོ་མཁའ་འགྲོ་མ་ཆེན་མོ་དྲུག་དང་། གཞན་ཡང་ལོང་བ་རྒྱབ་སྦྲེལ་ཆེན་པོ་བརྒྱད་དང་བཅས་པ་ནི་འདི་ལྟ་སྟེ། མི་བསྐྱོད་ལོང་བ་རྒྱབ་སྦྲེལ་དང་། རྡོ་རྗེ་ལོང་བ་རྒྱབ་སྦྲེལ་དང་། དཀོན་མཆོག་དཔལ་འཛིན་ལོང་བ་རྒྱབ་སྦྲེལ་དང་།རིན་ཆེན་ལོང་བ་རྒྱབ་སྦྲེལ་དང་། ཚེ་མཐའ་ཡས་པའི་ལོང་བ་རྒྱབ་སྦྲེལ་དང་།པདྨའི་ལོང་བ་རྒྱབ་སྦྲེལ་དང་། གྲུབ་པར་གདོན་མི་ཟ་བའི་ལོང་བ་རྒྱབ་སྦྲེལ་དང་། ལམ་གྱི་ལོང་བ་རྒྱབ་སྦྲེལ་དང་། རིགས་བཞིའི་རྒྱལ་བ་ལས་ལོང་བ་རྒྱབ་སྦྲེལ་གཉིས་གཉིས་སུ་སྤྲུལ་པའི་བྱང་ཆུབ་སེམས་དཔའ་རྣམས་དཔའ་བོའི་ཆ་ལུགས་ཀྱིས་འགྲོ་བ་འདུལ་བ་དང་། གཞན་ཡང་དམུས་ལོང་འཁོར་བ་དྲུག་ཅུ་དང་བཅས་པ་ནི་འདི་ལྟ་སྟེ། བདེ་གཤེགས་རྡོ་རྗེའི་རིགས་ཀྱི་དམུས་ལོང་བཅྭ་ལྔ་དང་། བདེ་གཤེགས་རིན་ཆེན་རིགས་ཀྱི་དམུས་ལོང་བཅྭ་ལྔ་དང་། བདེ་གཤེགས་པདྨའི་རིགས་ཀྱི་དམུས་ལོང་བཅྭ་ལྔ་དང་། བདེ་གཤེགས་ལས་ཀྱི་རིགས་ཀྱི་དམུས་ལོང་བཅྭ་ལྔ་སྟེ། རིགས་བཞིའི་བྱང་ཆུབ་སེམས་དཔའ་རྣམས་དཔའ་བོའི་སྐུར་སྤྲུལ་ནས་


DNG018_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་གྱི་དོན་མཛད་པ་དང་། གཞན་ཡང་ཟ་བྱེད་དཔལ་གྱི་ཁྱི་བརྒྱད་ལ་ཡེ་ཤེས་སྤྲུལ་པའི་ཁྱི་བཅུས་བསྐོར་བ་རྣམས་དང་། གཞན་ཡང་སྒོ་བ་ཆེན་པོ་བཞི་རྣམས་ནི་འདི་ལྟ་སྟེ། ཐེག་ཆེན་དགུ་དང་ལྡན་པའི་ཕྱིར་ན་མགོ་དགུ་བརྩེགས་པའི་རྐང་གཅིག་པ་དང་། རྣམ་པར་ཐར་པ་བརྒྱད་དང་ལྡན་པའི་ཕྱིར་ན་མགོ་བརྒྱད་ལག་བརྒྱད་རྐང་བརྒྱད་པ་དང་། ཡེ་ཤེས་དྲུག་དང་ལྡན་པའི་ཕྱིར་ན་མགོ་དྲུག་ལག་དྲུག་རྐང་དྲུག་པ་དང་། སྐུ་གསུང་ཐུགས་དང་ལྡན་པའི་ཕྱིར་ན་མགོ་གསུམ་ལག་གསུམ་རྐང་གསུམ་པ་དང་། གཞན་ཡང་སྤྲུལ་པའི་མེ་འབྲུག་དང་། རླུང་འབྲུག་དང་། ཡང་སྤྲུལ་བསེའི་བྱན་ལག་དམར་པོ་དང་བཅས་པ་རྣམས་ནི། རྗེ་བཙུན་མ་པདྨ་གཟི་ལྡན་མའི་མཁའ་བདེ་བ་ཆེན་པོ་ལས་འགྲོ་བའི་དོན་དུ་སྤྲུལ་ནས་བཞུགས་སོ། །དེ་ནས་ཡུམ་པདྨ་གཟི་ལྡན་མས་རྡོ་རྗེའི་གླུ་འདིས་རྣམ་པར་བསྐུལ་ཏོ། །དོན་དམ་ཆོས་ཉིད་སྤྲོས་པ་མེད་པ་ལས། །རིག་དང་མ་རིག་སྒྱུ་མའི་ཁྱད་པར་གྱིས། །རོལ་པའི་འབྱུང་གནས་འཁོར་བ་མྱ་ངན་འདས། །ལས་ཀྱི་དབང་གིས་དྲེགས་པ་ཁམས་གསུམ་གནས། །དབང་ཆེན་ཆེ་མཆོག་ཁྱད་པར་བསྟན་པའི་ཕྱིར། །དྲེགས་པ་ཐམས་ཅད་དབང་དུ་བསྡུས་ནས་ནི། །སངས་རྒྱས་བསྟན་པ་བསྲུང་བའི་དུས་ལ་བབ། །མི་རྟོག་ཆོས་ཀྱི་སྐུ་ལས་ཕྱག་རྒྱར་བཞེས། །ཞེས་བསྐུལ་ལོ། དེ་ནས་བཅོམ་ལྡན་འདས་པདྨ་དབང་ཆེན་ཉིད་སྐུ་སྐྱེ་བ་མེད་པ་ནམ་མཁའ་ལྟ་བུའི་ངང་ནས། གཟུགས་སྐུ་ཡེ་ཤེས་སྒྱུ་མའི་སྐུར་བཞེངས་ཏེ།སྔགས་ཀྱི་རྒྱལ་པོ་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་བྱུང་ངོ་། །ཨོཾ་པདྨ་མ་ཧཱ་ཤྲཱི་ཧེ་རུ་ཀ་སརྦ་དུཥྚཱན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཕཊ། སྐུའི་གསང་སྔགས་སོ། །ཨོཾ་པདྨ་ཤྲཱི་ཧེ་རུ་ཀ་ཧྲཱྀཿཧ་ཧ་ཧཱུཾ་ཕཊ། གསུང་གི་སྔགས་སོ། །ཨོཾ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཨེ་ཨཱ་ར་ལི་ཧྲིཾ་ཛཿ། ཐུགས་ཀྱི་སྔགས་སོ། །ཨོཾ་པདྨཱནྟ་ཀྲྀཏ་ཤྲཱི་ཧེ་རུ་ཀ་ཧེ་ཧེ་རུ་རུ་ཀཾ་ཀཾ་པདྨ་ཌཱ་ཀི་ནི་ཛྭ་ལ་ཤཾ་བྷ་ར་བ་ཤཾ་ནི་ཧཱུཾ། ཡོན་ཏན་གྱི་སྔགས་


DNG018_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །ཨོཾ་ཧྲི་ཐ་པདྨཱནྟ་ཀྲྀཏ་དི་མ་ད་རི་ཧྲཱྀཿཧ་ཡ་གྲཱི་ཝ་ཨེ་ཀ་ཛ་ཊི་ཧུ་ལུ་ཧུ་ལུ་ཧཱུྃ་ཧྲཱྀཿཛ་ཛཿ། ཕྲིན་ལས་ཀྱི་སྔགས་སོ། །གསང་སྔགས་རྣམ་པ་ལྔ་བརྗོད་པས། །འཇིག་རྟེན་ཁམས་རྣམས་གཡོ་འགུལ་ལྡེག །དྲེགས་པ་ཅན་རྣམས་སྙིང་འཛག་པས། །དབང་ཆེན་པོ་ལ་སྐྱབས་སུ་དེང་། །རང་རང་སྲོག་རྣམས་ཉེ་བར་དབུལ། །ཨ་ཡ་མ་ལ་དུ་རུ་ཙ་ཤ་ན་ལ། ཕུལ་ནས་བྲན་དུ་ཁས་བླངས་ཏེ། །སངས་རྒྱས་བསྟན་པ་བསྲུང་བ་ཡི། །བཀའ་ཡི་སྲུང་མར་དམ་བཅས་སོ། །དེ་ནས་འཁོར་ལ་རབ་གཟིགས་ནས། །ལྟ་བ་དང་ནི་སྤྱོད་པ་དང་། །དབང་གི་དཀྱིལ་འཁོར་དམ་ཚིག་དང་། །སྒྲུབ་དང་ཕྲིན་ལས་རབ་བཤད་བྱ། །སྣོད་ཀྱི་འཇིག་རྟེན་ཆོས་ཀྱི་དབྱིངས། །འགྱུར་བ་མེད་པས་ཆོས་ཀྱི་དབྱིངས། །ཐུགས་རྗེ་རྒྱུན་ཆད་མེད་པས་དབྱིངས། །ཉེས་པའི་སྐྱོན་རྣམས་བྲལ་བས་དབྱིངས། །ཕྲིན་ལས་ཐོགས་པ་མེད་པས་དབྱིངས། །ཆོས་རྣམས་འབྱུང་ཁུངས་གྱུར་པས་དབྱིངས། །བཅུད་ཀྱི་སེམས་ཅན་ཡེ་ཤེས་སྐུ། །ཀུན་གཞི་འགྱུར་མེད་ཆོས་ཀྱི་སྐུ། །ཡིད་ནི་རང་བྱུང་ཡེ་ཤེས་སྐུ། །ཉོན་མོངས་ལྔ་རྣམས་ལོངས་སྤྱོད་རྫོགས། །སྒོ་ལྔ་ཅིར་སྣང་སྤྲུལ་པའི་སྐུ། །ཚོགས་བརྒྱད་སྐུ་གསུམ་ལྷུན་གྱིས་གྲུབ། །ཞེ་སྡང་དམྱལ་བའི་འཇིག་རྟེན་འདི། །འགྱུར་མེད་རྡོ་རྗེ་མེ་ལོང་གསལ། །སེར་སྣས་ཆགས་པ་ཡི་དྭགས་གནས། །མཉམ་ཉིད་ཡེ་ཤེས་རིན་ཆེན་འབྱུང་། །གཏི་མུག་བྱོལ་སོང་ལམ་གནས་པ། །ཆོས་དབྱིངས་རྟག་པ་རྣམ་སྣང་མཛད། །འདོད་ཆགས་མི་སྟེ་བདེ་བར་སྤྱོད། །སོ་སོར་ཀུན་རྟོག་སྣང་མཐའ་ཡས། །ང་རྒྱལ་ལྷ་དང་ལྷ་མ་ཡིན། །བྱ་བ་ནན་ཏན་དོན་ཡོད་གྲུབ། །རིགས་ལྔར་རྟོགས་པ་འདི་ཀུན་ཀྱང་། །འགྲོ་བ་དྲུག་ལ་རང་བཞིན་གནས། །འགྲོ་དྲུག་གཟུགས་སུ་སྣང་བ་ཀུན། །པདྨ་དབང་ཆེན་ང་ཡི་སྐུ། །ལྷ་ཡི་སྲོག་ནི་ཨ་དཀར་པོ། །རི་རབ་རྩེ་གནས་རོལ་མོ་སྤྱོད། །ལྷ་མིན་སུ་


DNG018_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

སེར་སྲོག་ལྡན་པ། །རི་རབ་ཁོང་སེང་གནས་ནས་འཁྲུགས། །གླིང་བཞིར་མི་གནས་ལྗང་གུ་ནྲྀ། །ཕྱི་ནང་འདོད་ཡོན་ལས་ལ་ཆགས། །བྱོལ་སོང་དུད་ཁ་དུ་ཡི་ཚོགས། །ཕྱི་ཡི་རྒྱ་མཚོའི་ནང་ན་གནས། །ཡི་དྭགས་པྲེ་དམར་བཀྲེས་ཤིང་སྐོམ། །གྲོང་ཁྱེར་སེར་སྐྱའི་གནས་ན་སྤྱོད། །དམྱལ་བའི་ཏྲི་ནག་ཚ་གྲང་ཅན། །རྡོ་རྗེ་གདན་འོག་གནས་པ་ཡང་། །འགྲོ་དྲུག་སྲོག་ལས་གསུང་དུ་འབྱུང་། །དེ་ཡང་དབང་ཆེན་ང་ཡི་གསུང་། །རིགས་དྲུག་སེམས་ཀྱི་སྣང་བ་ཡང་། །པདྨ་དབང་ཆེན་ང་ཡི་ཐུགས། །གཟུགས་ཁམས་ཚངས་པའི་གནས་བཞི་རྣམས། །བསམ་གཏན་མུ་བཞི་ཨོཾ་དུ་གནས། །གཟུགས་མེད་སྐྱེ་མཆེད་མུ་བཞི་ཨཱཿ། །ཁམས་གསུམ་ལུས་དང་ངག་ཡིད་རྣམས། །དབང་ཆེན་སྐུ་གསུང་ཐུགས་སུ་གནས། །རྣལ་འབྱོར་སྒྲུབ་པའི་བློ་ཅན་གྱིས། །གཉིས་སུ་མེད་པར་བལྟ་བྱའོ། །དཔལ་པདྨ་དབང་ཆེན་དྲེགས་པ་སྲུང་བཟློག་གི་རྒྱུད་ལས། གླེང་གཞི་དང་གླེང་བསླང་བ་དང་། དྲེགས་པ་དབང་དུ་བསྡུས་ཤིང་གསང་བའི་སྔགས་དང་ཆོས་ཉིད་ཡང་དག་པའི་ལྟ་དགོངས་བསྟན་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་པདྨ་དབང་ཆེན་འཁོར་འདས་ཀྱི་བདག་པོ་ཆེན་པོ་དེ་ལ་དོར་བའི་ཏིང་ངེ་འཛིན་ལ་ཞུགས་ནས་འདི་སྐད་ཅེས་གསུངས་སོ། །རྣལ་འབྱོར་བླ་མ་བསྟན་པའི་ཚེ། །བརྩོན་འགྲུས་ཆེན་པོའི་སྤྱོད་པས་སྤྱད། །འདོད་པའི་ལོངས་སྤྱོད་ལྔ་རྣམས་ཀྱང་། །ཆགས་མེད་གུས་པའི་སྤྱོད་པ་ཡིས། །བླ་མ་མཉེས་པར་བྱ་ཕྱིར་དབུལ། །སྲོག་ལུས་སྲོག་དང་ཆུང་མ་དང་། །བུ་དང་བུ་མོ་མ་ལ་སོགས། །རྡོ་རྗེ་སློབ་དཔོན་བླ་མ་ལ། །ལུས་ངག་ཡིད་གསུམ་མཉེས་ཡོན་འབུལ། །ཆགས་མེད་བུང་བའི་སྤྱོད་པ་སྤྱད། །རྣལ་འབྱོར་སྡེ་སྣོད་མཉན་བསམ་ཚེ། །ལྐོག་ཉལ་ཕ་མའི་སྤྱོད་པ་སྤྱད། །ཁ་སྦུབ་སྐྱོན་སྤངས་མཉན་པར་བརྩོན། །གཞོག་རལ་སྐྱོན་དོར་བསམ་པས་འབད། །ཞབས་རྡོལ་བཀག་ལ་ཡང་ཡང་བསམ། །དུག་ཅན་བཅུད་ནི་ཟ་མི་བཏུབ། །དུག་མེད་ཟས་སྐོམ་ལུས་


DNG018_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བཅུད། །གསང་ཞིང་སྣོད་ལྡན་རྣམས་ལ་སྤེལ། །དགོས་འདོད་འབྱུང་བའི་ནོར་བུ་འམ། །དཔག་བསམ་ཤིང་དང་བུམ་པ་བཟང་། །འདོད་པ་ཐམས་ཅད་འབྱུང་བ་ཡང་། །ཀླུ་དང་ལྷ་དབང་གནོད་སྦྱིན་ལྟར། །རྣལ་འབྱོར་སྤྱོད་པ་སྤྱད་པར་བྱའོ། །རྣལ་འབྱོར་དགོངས་བསྒྲུབ་བྱེད་པའི་ཚེ། །དྲང་སྲོང་དཀའ་ཐུབ་བརྟུལ་ཞུགས་སོམ། །མུ་སྟེགས་བརྟུལ་ཞུགས་སྤྱོད་པ་ལྟར། །ལུས་ངག་ཡིད་གསུམ་འབད་བྱས་ནས། །འདོད་པ་མ་འགྲུབ་བར་དུ་བསྒྲུབ། །བསམ་གཏན་མཉམ་པར་འཇོག་པའི་ཚེ། །ཏིལ་བུམ་སྒྲོན་མ་ལྟ་བུར་སྤྱད། །རྗེས་གཅོད་རྣམ་བཞི་མཛད་པའི་དུས། །རྒྱུན་ཆད་མེད་པར་ཆུ་བོ་བཞིན། །གཞུང་བཞིན་མཐུན་པའི་སྤྱོད་པས་སྤྱད། །ལུས་དང་གྲིབ་མ་མི་འབྲལ་ལྟར། །སེམས་ཉིད་ལྷ་དང་བྲལ་མི་བྱ། །རྣལ་འབྱོར་གསང་སྔགས་ཟློས་པའི་དུས། །བུལ་བ་མ་ཡིན་མྱུར་བ་མིན། །ཆེ་ཆུང་སྒྲ་ཡི་སྐྱོན་སྤངས་ནས། །བུང་བ་རྫ་མར་བཅུག་པ་བཞིན། །སྟོང་གསུམ་གང་བའི་འོད་ཟེར་གྱིས། །མཆོད་པ་འབུལ་ཞིང་དངོས་གྲུབ་ལེན། །མཚོ་ནང་ཆར་པ་བབས་པ་ལྟར། །དངོས་གྲུབ་རླབས་ཆེན་འཁྲིགས་སྤྲིན་འཐིབས། །མགལ་མེའི་འཁོར་ལོའི་སྤྱོད་པ་བྱ། །རྣལ་འབྱོར་དམ་ཚིག་ཉམས་པ་དང་། །ནམ་ཡང་འགྲོགས་པར་མི་བྱ་སྟེ། །ལྷན་ཅིག་མི་གནས་མཚོན་པའི་དཔེ། །སྒྲོན་མེ་དང་ནི་མུན་པ་དང་། །དུག་དང་སྨན་དང་ཆུ་དང་མེ། །ཤ་བ་ཁྱི་དང་དགྲ་ཟུན་བཞིན། །དམ་ཚིག་ཉམས་དང་འགྲོགས་མི་བྱ། །ཝ་ཡི་བརྟུལ་ཞུགས་སྤྱོད་པ་ཡིས། །གྲིབ་ཅན་མ་ལུས་དོར་བར་སྤྱད། །སྤྱོད་པ་འདི་ནི་གསང་སྔགས་ལ། །མཆོག་ཏུ་གཅེས་པར་རབ་ཏུ་བཤད། །མུ་སྟེགས་ལྟ་བུའི་སྤྱོད་པ་ཡིས། །ཞིང་བཅུ་མ་ལུས་སྒྲོལ་བར་བྱ། །མ་ཧཱ་དེ་བའི་སྤྱོད་པ་ཡིས། །གཟུངས་མ་མཚན་ལྡན་ལ་སྦྱར་བ། །ཀྲྀཥྞ་སཱ་རའི་སྤྱོད་པ་ཡིས། །འགྲོ་དྲུག་སྙིང་རྗེས་


DNG018_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱང་བར་བྱ། །གར་མཁན་ལྟ་བུའི་སྤྱོད་པ་ཡིས། །འགྲོ་བ་སོ་སོར་མཐུན་པར་གདུལ། །མིང་སྲིང་ལྟ་བུའི་སྤྱོད་པ་ཡིས། །རྡོ་རྗེའི་མཆེད་ལྕམ་བསྐྱང་བར་བྱ། །དཔའ་བོ་ལྟ་བུའི་སྤྱོད་པ་ཡིས། །བར་ཆད་དགྲ་བགེགས་གཞོམ་པར་བྱ། །བཙོན་རྫི་ལྟ་བུའི་སྤྱོད་པ་ཡིས། །རྩ་བ་ཡན་ལག་དམ་ཚིག་བསྲུང་། །བྱན་མོ་མཛངས་པའི་སྤྱོད་པ་ཡིས། །དམ་རྫས་མ་ལུས་ཚང་བར་བསགས། །རྟག་པར་བསམ་སྦྱོར་སྤྱོད་པ་དང་། །མགོན་པོ་ཀུན་ཏུ་རྒྱུ་བ་དང་། །སྤྱོད་པ་མ་ལུས་ཐམས་ཅད་ཀུན། །ཤེས་བཞིན་རྣམ་པར་སྤྱད་པར་བྱའོ། །ཞེས་གསུངས་སོ། །པདྨ་དབང་ཆེན་དྲེགས་པ་སྲུང་བཟློག་གི་རྒྱུད་ལས། ལུས་ངག་ཡིད་གསུམ་གྱི་སྤྱོད་པ་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་རིམ་པར་བགྲོད་པ་འདི་རྣལ་འབྱོར་པའི་ཆེད་དུ་གསུངས་སོ། །སེམས་ཅན་མ་ལུས་ཐམས་ཅད་ལ། །ལུས་ལ་དབང་བཞི་རྫོགས་པས་ན། །དབང་བཞི་ཡང་དག་སྦྱིན་པར་བྱ། །ཕྱི་དང་ནང་དང་གསང་བ་དང་། །དེ་ཁོ་ན་ཡི་དབང་དུ་གསུངས། །བརྒྱུད་རྣམས་ཀུན་གྱི་དོན་བསྡུས་སོ། །སེམས་ཅན་ཁམས་ནི་མ་ལུས་པའི། །ལུས་ལ་རྩ་ཡི་དཀྱིལ་འཁོར་གནས། །བུམ་པའི་དབང་ཡང་བསྐུར་བ་ནི། །བུམ་པ་མི་བསྐྱོད་ཆུ་ཡི་དབང་། །ལུས་ཀྱི་བག་ཆགས་དག་པར་བྱེད། །ཅོད་པན་རིན་ཆེན་འབྱུང་གནས་དབང་། །བདུད་བཞིའི་ཚོགས་ལས་རྒྱལ་བར་བྱེད། །རྡོ་རྗེ་སྣང་བ་མཐའ་ཡས་དབང་། །ལྟག་ཁུང་འཆི་བདག་བདུད་ཀྱང་འཇོམས། །དྲིལ་བུ་དོན་ཡོད་གྲུབ་པའི་དབང་། །ཆོས་རྣམས་སྒྲ་ཡང་སྒྲོགས་པར་མཛད། །གཟུགས་ཕུང་རྣམ་པར་སྣང་མཛད་ཉིད། །དེ་ལ་རྡོ་རྗེའི་མིང་ཡང་བཏགས། །དུར་ཁྲོད་ཆས་བརྒྱད་དབང་བསྐུར་བས། །དུར་ཁྲོད་བདག་པོར་ཡང་དག་གྲུབ། །ཁ་ཊྭཱཾ་ག་ནི་ལྷ་ཡི་སྐུ། །ཤེས་རབ་ཌཱ་མ་རུ་ཡི་སྒྲས། །ཐབས་དང་ཤེས་རབ་གཉིས་མེད་པར། །མ་དང་མཁའ་


DNG018_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་དབང་དུ་སྡུད། །དེ་སོགས་མཐའ་ཡས་དབང་རྣམས་ཀུན། །མདོར་བསྡུས་རིག་པའི་དབང་ལྔར་གནས། །དེ་ཐོབ་ལུས་ཀྱི་སྒྲིབ་པ་དག །བསྐྱེད་པའི་རིམ་པ་བསྒོམ་པར་དབང་། །ནང་གི་དབང་བསྐུར་བཤད་པ་ན། །བླ་མ་བདེ་བ་འབྱོངས་པ་ནི། །རླུང་གིས་ཐིག་ལེ་འདྲེན་པར་ནུས། །སེམས་ཅན་ཐམས་ཅད་མ་ལུས་ཀྱི། །ལུས་ལ་ཡི་གེ་གནས་པས་ན། །ཡི་གེ་རབ་ཏུ་སྦྱོར་བ་ཡིས། །རྩ་གསུམ་བདེ་བའི་ཁུ་བ་སྦྱང་། །གཟུངས་མ་མཚན་དང་ལྡན་པ་ལ། །ལུས་ཀྱི་སྦྱོར་བས་དལ་བུས་བསྲུབ། །ཏིང་འཛིན་བརྟན་པས་ནང་དུ་གཟུད། །བྱང་སེམས་ཐིག་ལེ་མཁར་འབེབས་ནས། །རབ་ནི་བ་དང་བེའུ་འདྲ། །འབྲིང་ནི་བུང་བ་མེ་ཏོག་བཞིན། །ཐ་མས་བྱ་དང་བྱེའུ་ལྟར་བླངས། །ཧཱུྃ་ལས་ལྷར་གསལ་ལུས་ལ་ཐིམ། །དེ་དག་གིས་ནི་དྲི་མ་དག །བཟླས་པའི་གསང་སྔགས་བགྲང་བར་ནུས། །གསང་བའི་དབང་ཡང་རབ་བརྗོད་བྱ། །སྲིད་གསུམ་སེམས་ཅན་མ་ལུས་ལ། །ལུས་ཁམས་བདུད་རྩི་གནས་པ་ཡང་། །ཁམས་དགུ་འདུས་པའི་དྭངས་མ་ནི། །བདུད་རྩི་ལྔ་ནི་རིགས་ལྔ་ཡབ། །འབྱུང་བ་བཞི་ནི་ཡུམ་དུ་གནས། །བསྙེན་པས་གཟུངས་མ་བཙལ་བར་བྱ། །ཉེ་བའི་བསྙེན་པས་ཡུམ་དེ་ཡི། །གཟུགས་སྒྲ་དྲི་ལ་བརྟག་བྱ་ཞིང་། །དེ་བ་བསྒོམ་པར་བྱས་ནས་ནི། །བསྒྲུབ་པས་བྷ་གར་ལིངྒ་བཞག །རྗེས་སུ་དྲན་པས་བསྒོམ་པར་བྱ། །སངས་རྒྱས་མཉེས་པར་མཆོད་པ་དང་། །སེམས་ཅན་བདེ་བས་ཁྱབ་པར་བྱ། །བསྒྲུབ་ཆེན་རྡོ་རྗེ་པདྨ་བསྲུབ། །ཐིག་ལེ་དབབ་ཅིང་གཟུང་བར་བྱ། །བདེ་བ་དང་ནི་མཆོག་ཏུ་བདེ། །རྣམ་པར་རྟོག་བྲལ་བདེ་བ་དང་། །ལྷན་ཅིག་སྐྱེས་བདེ་ཡེ་ཤེས་བཟུང་། །དབང་དེ་གང་ཐོབ་པར་གྱུར་པས། །ཡིད་ཀྱི་དྲི་མ་དག་པ་ཡིན། །དེ་ཁོ་ན་ཡི་དབང་བཤད་ན། །སྲིད་གསུམ་ཁམས་ཀྱི་སེམས་ཅན་


DNG018_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས། །ལུས་ལ་སྲོག་དང་རྩོལ་བ་གནས། །སྲོག་གི་རླུང་ནི་སེམས་ཉིད་ཡིན། །རྩོལ་བ་ཕྱི་ནང་རྒྱུ་བ་ལས། །བཟུང་ནས་བདེ་བ་གྱེན་དུ་བཟློག །མདོམས་ཀྱི་སྦ་བ་སྦུབས་སུ་ནུབ། །ལྟེ་བ་རྒྱ་ཕོར་བཞིན་དུ་མཁྲེགས། །རོ་སྟོད་སེང་གེའི་ཁོག་པ་འདྲ། །ལྕེ་ཡིས་ཞལ་གྱི་གདོང་ཡང་ཁེབས། །སྨིན་མཚམས་མཛོད་སྤུ་བསྒྲུབ་པ་དང་། །དབུ་ཡི་གཙུག་ཏོར་བརྟན་པའི་དུས། །ཐིག་ལེ་གཡས་འཁྱིལ་དུང་གི་གཟུགས། །རང་ལུས་རྒྱལ་བའི་ཞིང་ཁམས་ན། །འཁོར་འདས་ཐམས་ཅད་སོ་སོར་གསལ། །མ་འདྲེས་ནམ་མཁའི་འཇའ་ལྟ་བུ། །དབྱེར་མེད་བདེ་བ་ཆེན་པོར་ཐིམ། །སངས་རྒྱས་ཀུན་གྱི་བསྟན་པ་རྣམས། །དུས་འདིར་རང་ལ་ཉམས་སུ་མྱོང་། །དེ་ཉིད་པདྨ་དབང་ཆེན་ཡིན། །དབང་ནི་ཐོབ་པར་གྱུར་པ་ན། །ལུས་དང་ངག་དང་ཡིད་གསུམ་གྱི། །དྲི་མ་མ་ལུས་དག་པ་ཡིན། །ཐམས་ཅད་དག་ཅེས་བྱ་བ་ཡང་། །དངོས་པོ་གསལ་དག་མ་ཡིན་ཏེ། །རྒྱུད་ནས་དག་པར་བྱེད་པ་ཡང་། །དཔེར་ན་ས་བོན་བཏབ་པ་ལ། །དུས་སུ་མང་པོར་གྱུར་པ་ལྟར། །དབང་གི་ས་བོན་བཏབ་པ་ཡིས། །རྣལ་འབྱོར་ལུས་ལ་ལོ་ཏོག་སྨིན། །ཞེས་གསུངས་སོ། །པདྨ་དབང་ཆེན་དྲེགས་པ་སྲུང་བཟློག་གི་རྒྱུད་ལས། དབང་བསྐུར་བའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་དཀྱིལ་འཁོར་འདི་གསུངས་སོ། །དཀྱིལ་འཁོར་རབ་ཏུ་གང་ཤེས་འདོད། །སྙིང་པོ་ཆོས་སྐུ་དྲི་མེད་དཀྱིལ། །ལོངས་སྤྱོད་རྒྱལ་བ་རིགས་ལྔ་འཁོར། །རང་བཞིན་མཐར་ཕྱིན་འབྲས་བུ་ཡིན། །སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་། །བཅུད་ཀྱི་སེམས་ཅན་ལྷར་གནས་པར། །རྣལ་འབྱོར་གང་གིས་རྟོགས་པ་དེ། །རང་བཞིན་ཉིད་ཀྱི་དཀྱིལ་འཁོར་ཡིན། །རང་བཞིན་དཀྱིལ་འཁོར་ཆེན་པོ་དེ། །རྟོགས་པར་མི་ལྡན་གང་ཟག་ལ། །མཚོན་ཕྱིར་གཟུགས་བརྙན་


DNG018_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་བསྟན། །ལུགས་མ་བྲིས་སྐུ་འབུར་དང་ཐགས། །མཁས་པས་བྱས་ན་སངས་རྒྱས་མཐོང་། །བདེ་གཤེགས་སྐུ་བཞེངས་བྱིན་རླབས་ཆེ། །འབྱོར་པ་མི་ལྡན་གང་ཟག་ལ། །རྡུལ་ཚོན་དཀྱིལ་འཁོར་ཆེན་པོ་བསྟན། །རབ་ཏུ་ཟླུམ་པོའི་ལྟེ་བ་ལ། །པདྨ་གར་གྱི་དབང་ཕྱུག་ཆེ། །འཁོར་ལོ་དྲུག་དང་གྲུ་ཆད་ལྡན། །རྩིབས་དྲུག་ཁམ་རྒྱ་ཆེན་པོ་དྲུག །བར་ཁྱམས་གཉིས་དང་སྒོ་བཞིར་བཅས། །དང་པོ་ལོང་བ་དམུས་ལོང་ལ། །གཉིས་པར་དཔལ་གྱི་ཁྱི་བརྒྱད་དང་། །ཡེ་ཤེས་སྤྲུལ་པའི་ཁྱི་བཅུར་གནས། །སྒོ་བཞིར་སྒོ་སྲུང་བཞི་རྣམས་ནི། །མཁས་པས་བཀོད་ནས་བྲི་བར་བྱ། །རྟ་བབས་དུར་ཁྲོད་རྡོ་ར་དང་། །མེ་དཔུང་འབར་བས་རབ་ཏུ་འཁྲིགས། །ཡང་ན་ཐུགས་ཀྱི་དཀྱིལ་འཁོར་ནི། །དབུས་སུ་པདྨ་གསང་བའི་སྐུ། །ཧྲཱྀཿནི་པདྨ་ཉི་ཤུ་བཞི། །ཟུར་བཞི་རིན་ཆེན་ཁྲི་རྐང་ནི། །གྲུ་ཆད་བཞི་རུ་རྣམ་པར་གནས། །བར་ཁྱམས་དང་པོ་ཐོད་རུས་ལ། །འཁོར་གྱི་ལོང་བ་བརྒྱད་པོ་དང་། །དམུས་ལོང་དྲུག་ཅུ་དགོད་པ་ཡོང་། །ཕྱོགས་རེར་བཅོ་ལྔ་བཅོ་ལྔ་གནས། །གཉིས་པར་མེ་དཔུང་ཁྱི་སྤྱང་ལ། །སྒོ་བཞི་སྒོ་བ་རྟ་བབས་དང་། །དུར་ཁྲོད་མེ་དཔུང་འབར་བས་འཁྲིགས། །དཀྱིལ་འཁོར་འདི་ནི་གཟི་བརྗིད་ཅན། །ཉི་ཟླ་བཞིན་དུ་གཟི་མདངས་ཆེ། །རྣལ་འབྱོར་སྤྲོས་པ་སྐྱུང་ནས་གནས། །ཏིང་འཛིན་དཀྱིལ་འཁོར་རབ་ཏུ་བསྒོམ། །པདྨ་དབང་ངམ་རྟ་མགྲིན་དབང་། །གང་ལ་མོས་པ་རབ་ཏུ་བསམ། །བསྡུས་ལ་དགའ་བའི་རྣལ་འབྱོར་པས། །པདྨ་དབང་ཆེན་སྐུ་གཅིག་པ། །དབུ་ལྔ་ཕྱག་ནི་བཅུ་དྲུག་པ། །ཞབས་བརྒྱད་པ་ནི་བསྒོམ་པར་བྱ། །ཡང་ན་བློ་ཆུང་མོས་པ་ཅན། །རྟ་མགྲིན་གཡས་དཀར་གཡོན་སྔོ་བ། །དབུས་མ་པདྨ་རཱ་གའི་སྐུ། །རྡོ་རྗེ་ཁ་ཊྭཱཾ་སྦྲུལ་ཞགས་གཡས། །དྲིལ་བུ་དུང་དམར་ལྕགས་སྒྲོག་གཡོན། །


DNG018_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་རལ་གྲི་ཡུམ་ལ་འཁྲིལ། །འདི་ལྟར་བསྒོམ་པར་བྱེད་པ་དེ། །སངས་རྒྱས་ཐོབ་པར་གདོན་མི་ཟ། །རྣམ་པར་སྨིན་པའི་རིག་འཛིན་ནི། །རང་སེམས་ལྷ་སྐུར་ནང་དུ་སྨིན། །བག་ཆགས་ལུས་ནི་ཕྱི་ན་གསལ། །བརྐོས་ཕོར་ནང་གི་སཱཙྪ་འདྲ། །ཡུལ་ནི་སངས་རྒྱས་གདུལ་ཞིང་སྟེ། །བླ་མ་དམ་པས་འདུལ་བར་མཛད། །ཚེ་ལ་དབང་བའི་རིག་འཛིན་ནི། །རང་དོན་ལོ་ནི་སྟོང་དང་ནི། །དྲུག་བརྒྱར་རང་གི་དོན་དུ་བཞུགས། །གཞན་གྱི་དོན་དུ་བཞུགས་འདོད་ན། །བྱིས་པ་ལོ་བརྒྱད་ལོན་ཙམ་དུ། །བརྒྱ་བརྒྱ་དག་ཏུ་བསྣུར་ཞིང་གནས། །པདྨ་དག་ལ་བརྫུས་ནས་སྐྱེ། །ལྷ་མིའི་ལུས་ནི་ཁྱད་པར་ཅན། །སྐྱེ་བ་བཞེས་ནས་འགྲོ་དོན་མཛད། །སྤྲུལ་པ་སྐུ་ཡི་བླ་མ་ལ། །ཞིང་ཁམས་ཀུན་ཏུ་དམ་ཆོས་ཉན། །ཕྱག་རྒྱ་ཆེན་པོའི་རིག་འཛིན་ནི། །རང་ལུས་སངས་རྒྱས་བསྒོམ་འཛིན་པ། །ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་འཁོར། །རྒྱལ་བ་རྣམས་ལས་ཆོས་ཀྱང་ཉན། །ཤར་ན་མངོན་པར་དགའ་བའི་ཞིང་། །རྡོ་རྗེ་སེམས་དཔའི་སྲས་སུ་འཁྲུངས། །ལྷོ་ན་དཔལ་དང་ལྡན་པ་སྟེ། །རིན་ཆེན་འབྱུང་ལྡན་འཁོར་ན་གནས། །ནུབ་ན་བདེ་བ་ཆེན་པོ་ན། །སྣང་མཐའ་ཡས་ལ་ཆོས་ཀྱང་ཉན། །བྱང་ན་རྣམ་དག་བཀོད་པ་རུ། །དོན་ཡོད་གྲུབ་པའི་རིགས་སུ་སྐྱེ། །དབུས་ཕྱོགས་བྱང་ཆུབ་སྙིང་པོ་རུ། །རྣམ་པར་སྣང་མཛད་ཞལ་མཐོང་ནས། །ཕྱག་རྒྱ་ཆེན་པོའི་རིག་འཛིན་ཉིད། །རང་ལུས་ལྷ་སྐུར་སྨིན་པའོ། །ལྷུན་གྱིས་གྲུབ་པའི་རིག་འཛིན་ནི། །མཉམ་པར་གཞག་ཚེ་ཆོས་ཀྱི་སྐུ། །ལངས་ཚེ་ལོངས་སྤྱོད་རྫོགས་ལུས་ཐོབ། །ཞིང་ཁམས་ནམ་མཁའི་མཐའ་དང་མཉམ། །རྒྱན་དང་གདན་དང་འོད་ཟེར་སོགས། །སངས་རྒྱས་ཆེ་བའི་ཡོན་ཏན་ཐོབ། །ཅེས་གསུངས་སོ། །པདྨ་དབང་ཆེན་དྲེགས་པ་སྲུང་བཟློག་གི་རྒྱུད་ལས། དཀྱིལ་འཁོར་གྱི་ལེའུ་སྟེ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་དམ་ཚིག་འདི་དག་གསུངས་སོ། །ཤེལ་སྒོང་དཀར་པོ་དྲི་མེད་འདི། །འདམ་དུ་ནམ་ཡང་བྱིང་མི་བྱ། །ཡིད་


DNG018_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ནོར་བུ་རེ་སྐོང་བ། །མ་རྙེད་བར་དུ་བཙལ་བར་བྱ། །ཆུ་བོ་རབ་མེད་སྒྲོལ་མཁན་ལ། །དྲིན་ནི་ནམས་ཀྱང་བཀུར་བར་བྱ། །རིན་ཆེན་གསེར་གྱི་སྒྲོམ་བུ་ལ། །ཞབས་སུ་བུག་པ་བརྟོལ་མི་བྱ། །ལྷ་ཡི་དབང་པོའི་ལྕགས་ཆེན་པོ། །འཁྱོགས་ཀྱང་བསྲང་བར་མི་བྱའོ། །མེ་ཏོག་ཨུ་དུམ་ཝ་ར་ལ། །ལག་གིས་བརྩེ་བར་མི་བྱའོ། །ཙནྡན་སྨུག་པོའི་སྡོང་པོ་ལ། །བུད་ཤིང་བྱ་བའི་སེམས་མི་གཏོང་། །ལྕགས་ཀྱི་ཐུ་ལུམ་འབར་བ་ལ། །ལག་པས་གཟུང་བར་མི་བྱའོ། །གསེར་གྱི་རི་ལ་འབབ་པའི་ཆུ། །ནམས་ཀྱང་བཏུང་བར་མི་བྱའོ། །སེང་གེ་དཀར་མོའི་ཉལ་ཤུལ་དུ། །མལ་ནི་བཅའ་བར་མི་བྱའོ། །རྒྱ་མཚོ་ཆེན་པོའི་འཇིང་ཆུ་ལ། །གྲུ་ནི་སད་པར་མི་བྱའོ། །རིན་པོ་ཆེ་ཡི་ཟ་མ་ཏོག །དུག་གིས་སྦྱང་བར་མི་བྱའོ། །ཁྱད་པར་དམ་ཚིག་བཅུ་གཉིས་འདི། །རྣལ་འབྱོར་དམ་ལ་གནས་པ་ཡིས། །རང་གི་སྲོག་བཞིན་རྟག་ཏུ་བསྲུང་། །མ་བསྲུངས་ཉམས་པའི་ཆད་པས་འཕོག །རྡོ་རྗེ་དམྱལ་བར་ལྟུང་བར་འགྱུར། །བསྲུངས་ན་ཡོན་ཏན་བསམ་མི་ཁྱབ། །མཆོག་དང་ཐུན་མོང་དངོས་གྲུབ་འཐོབ། །ཅེས་གསུངས་སོ། །པདྨ་དབང་ཆེན་དྲེགས་པ་སྲུང་བཟློག་གི་རྒྱུད་ལས། ས་གཞི་རིན་པོ་ཆེ་ལྟ་བུའི་དམ་ཚིག་བསྟན་པའི་ལེའུ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་བསྒྲུབ་པ་རྣམ་པར་བཀོད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་གསུངས་སོ། །བསྒྲུབ་པའི་དོན་ཡང་གཉིས་ཡོད་དེ། །མཆོག་གི་བསྒྲུབ་པ་བྱ་བ་དང་། །ཐུན་མོང་དངོས་གྲུབ་བསྒྲུབ་པའོ། །མཆོག་གི་བསྒྲུབ་པ་རྣམ་པ་གཉིས། །བསྐྱེད་པའི་རིམ་པ་བསྒོམ་པ་དང་། །རྫོགས་པའི་རིམ་པ་བཟང་པོ་བསྒོམ། །བསྐྱེད་པའི་རིམ་པ་བསྒོམ་བྱ་བ། །སྐུ་གསུང་ཐུགས་རྗེའི་འབྱུང་ཚུལ་གྱིས། །ཏིང་འཛིན་རྣམ་གསུམ་བསྒོམ་པར་བྱ། །ཡུལ་ཉིད་སངས་རྒྱས་ཞིང་ཁམས་ཡིན། །འབྱུང་བ་རིམ་བརྩེགས་སྟེང་དུ་ནི། །དབང་ཆེན་གཞལ་ཡས་ཁང་ཡང་བསྒོམ། །རིན་ཆེན་ཁྲི་རྐང་


DNG018_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

སེང་གེ་དང་། །པདྨ་ཉི་ཟླའི་གདན་སྟེང་དུ། །གར་གྱི་དབང་ཕྱུག་ཆེན་པོ་བསམ། །དབུ་ལྔ་དམར་པོ་གཤོག་པ་བཞི། །ཕྱག་ནི་བཅུ་དྲུག་ཞབས་བརྒྱད་པ། །སྐུ་ལ་བཀོད་པའི་དཀྱིལ་འཁོར་དགུ། །འཁོར་ནི་ཁམ་རྒྱ་ཆེན་མོ་དྲུག །ལོང་བ་བརྒྱད་དང་དེ་ཡི་འཁོར། །དམུས་ལོང་དྲུག་ཅུ་ལྕགས་སྤྱང་བརྒྱད། །ཡེ་ཤེས་སྤྲུལ་པའི་ཁྱི་བཅུ་དང་། །སྒོ་བ་བཞི་དང་མེ་རླུང་འབྲུག །ཡང་སྤྲུལ་བསེ་ཡི་བྱན་ལག་རྣམས། །རིམ་པར་བསྐྱེད་ནས་བརྟན་པར་དམིགས། །དེ་ནས་སྤྱན་དྲང་བཞུགས་སུ་གསོལ། །ཕྱག་དང་མཆོད་པས་མཉེས་པར་བྱ། །དེ་ནས་བཟླས་བརྗོད་བསྙེན་པར་དབུལ། །བསྟོད་ཅིང་བཤགས་ནས་ཕྲིན་ལས་བཅོལ། །དམ་ཚིག་བསྡུས་ལ་ཡེ་ཤེས་གཤེགས། །སྤྱོད་ལམ་ཀུན་ཏུ་ལྷ་ཉིད་བསམ། །ཕྱི་རབས་སྔགས་འཆང་སྒྲུབ་པ་ལ། །ངས་ནི་ཁྱོད་ལ་གསལ་བར་བཤད། །རྫོགས་རིམ་བསྒོམ་པའི་རྣལ་འབྱོར་པས། །གང་ཟག་གཟེར་དང་སྒོམ་ཐབས་དང་། །འབྲས་བུ་བཞི་ནི་དཔའ་བོས་བཤད། །བརྩོན་འགྲུས་ཅན་དང་ལེ་ལོ་ཅན། །བརྩོན་འགྲུས་ཅན་གྱི་གང་ཟག་ནི། །ཚེ་འདིར་མངོན་པར་འཚང་རྒྱ་བར། །ཡན་ལག་རྣམ་པ་བརྒྱད་ལྡན་དགོས། །རྒྱུ་ལ་ནུས་པ་ཐོགས་མེད་པས། །སྔོན་ནས་བསོད་ནམས་བསགས་པ་དང་། །རིགས་ཀྱང་ཁྱད་པར་ཅན་དུ་འཁྲུངས། །ལོངས་སྤྱོད་འབྱོར་བ་ཆེ་བ་དང་། །གཏོང་ཕོད་ཚེ་དང་ཚེ་རིང་བ། །བརྩོན་འགྲུས་ཆེ་ཞིང་དད་པ་ཆེ། །དེ་བརྒྱད་ལྡན་པའི་གང་ཟག་ལ། །བརྩོན་འགྲུས་ཅན་གྱི་གང་ཟག་སྟེ། །བསྒྱུར་བ་བདུན་གྱི་སངས་རྒྱས་ཏེ། །སྔགས་ཀྱིས་སྐུར་ཡང་བསྒྱུར་བ་དང་། །རང་ལུས་བྱིན་གྱིས་རློབས་པ་དང་། །ངག་ཀྱང་བྱིན་གྱིས་རློབས་པ་དང་། །སེམས་ཉིད་བྱིན་གྱིས་རློབས་པ་དང་། །ཀུན་རྫོབ་བདེ་ཆེན་བྱིན་གྱིས་རློབས། །འོད་གསལ་བར་ནི་བྱིན་གྱིས་རློབས། །ཟུང་དུ་འཇུག་པར་བྱིན་རློབས་སོ། །ལེ་ལོ་ཅན་གྱི་གང་ཟག་དེ། །སྲིད་པ་བར་དོར་འཚང་རྒྱ་བས། །ཡན་ལག་བདུན་དང་མན་ངག་གཉིས། །ཡན་ལག་བདུན་དང་ལྡན་པར་


DNG018_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། །གནས་པ་དམིགས་པ་འོད་གསལ་གསུམ། །ཟུང་འཇུག་རིགས་དྲུག་གྲོང་ཁྱེར་དགབ། །རྡོ་རྗེ་སེམས་དཔར་བསྒོམ་པ་གསུམ། །འོད་གསལ་ཟུང་འཇུག་རྩེ་བྲལ་བསྒོམ། །མན་ངག་གཉིས་བསྒོམ་བར་དོ་ལ། །བསྒྱུར་བ་རྣམ་པ་གཉིས་བྱ་སྟེ། །ཡེ་ཤེས་ལྷ་སྐུར་བསྒྱུར་བ་དང་། །ཟུང་འཇུག་སྐུ་རུ་བསྒྱུར་བའོ། །གཟེར་ནི་རྣམ་པ་གཉིས་གདབ་སྟེ། །ཚེ་འདིའི་གཟེར་དང་བར་དོའི་གཟེར། །ཚེ་འདིའི་གཟེར་གཉིས་གདབ་པ་ནི། །ལྟ་བ་བསྒོམ་དུ་མེད་པ་དང་། །སྤྱོད་པ་ཡོངས་སུ་མེད་པ་གཉིས། །རྣལ་འབྱོར་བརྩོན་འགྲུས་ཅན་གྱི་གཟེར། །བར་དོའི་དུས་སུ་གཟེར་གསུམ་ནི། །རིགས་དྲུག་གྲོང་ཁྱེར་གཅད་པ་དང་། །བར་དོའི་ལུས་ནི་ཡི་དམ་བསྒོམ། །འོད་གསལ་ཟུང་འཇུག་རྩེ་བྲལ་བསྒོམ། །གང་ཟག་ལེ་ལོ་ཅན་གྱིས་ནི། །གཟེར་འདི་བར་མ་དོ་རུ་གདབ། །སྒོམ་ཐབས་རྣམ་པ་གཉིས་ཡོད་དེ། །རྣལ་འབྱོར་ཆེན་པོའི་སྒོམ་ཐབས་དང་། །སྲིད་པ་བར་དོའི་སྒོམ་ཐབས་སོ། །རྣལ་འབྱོར་ཆེན་པོའི་སྒོམ་ཐབས་གསུམ། །ལྟ་བ་སྤྱོད་པ་ཏིང་ངེ་འཛིན། །ལྟ་བའི་མཐར་ཐུག་རྣམ་པ་གཉིས། །བརྡར་བཏགས་པ་ཡི་ལྟ་བ་ནི། །ཐེག་པ་སོ་སོའི་ལྟ་བ་ཉིད། །བརྡར་མ་བཏགས་པའི་ལྟ་བ་ནི། །རྣལ་འབྱོར་ཆེན་པོའི་ལྟ་བ་ཡིན། །ཁོ་ན་ཉིད་ཀྱི་ཏིང་འཛིན་དང་། །དེ་དང་རྗེས་མཐུན་སྤྱོད་པ་དང་། །འོད་གསལ་ཟུང་འཇུག་མིང་ཅན་རྣམས། །མིང་ཅན་གཅིག་ཏུ་གྱུར་པ་ནི། །རྣལ་འབྱོར་པ་ཡིས་ཡོངས་ཤེས་བྱ། །སྤྱོད་པའི་མཐའ་རུ་ཐུག་པ་ནི། །འོད་གསལ་བ་དང་ཟུང་འཇུག་ཡིན། །ཏིང་ངེ་འཛིན་ལ་རྣམ་པ་བརྒྱད། །གསོལ་གདབ་སེམས་དོན་རླུང་དང་ནི། །རིལ་པོ་རྗེས་གཞིག་སྣང་བ་དང་། །མཚན་བཅས་མཚན་མ་མེད་པའོ། །བླ་མ་ལ་ནི་གསོལ་བ་གདབ། །བྱིན་རླབས་འབྱུང་བའི་གཞི་མ་ཡིན། །ཤ་དང་རུས་པ་ཁྲག་རྣམས་ཀྱང་། །ཁོང་སྟོང་ཁྱེད་ཀྱི་སྐུ་ལ་མེད། །ནམ་མཁའ་ལ་ནི་འཇའ་ཚོན་ལྟར། །ཁྱོད་ཀྱི་སྐུ་ནི་སྟོན་པར་མཛད། །སེམས་དོན་ཤེས་པར་མ་


DNG018_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ན། །རྣལ་འབྱོར་ལམ་དུ་ཇི་ལྟར་བྱ། །སེམས་ཀྱི་ངོ་བོ་ཆོས་སྐུར་གཅིག །སྒོ་ནི་དབང་པོ་རྣམ་ལྔར་འབྱུང་། །སྤྱོད་ཡུལ་སྣང་བ་རྣམ་པ་གཉིས། །སྣང་བ་གཉིས་དང་མི་སྣང་གཉིས། །འཁྲུལ་པར་འབྱུང་བའི་སྣང་བ་ནི། །ཁམས་གསུམ་གྲོང་ཁྱེར་གསུམ་དུ་སྣང་། །མ་འཁྲུལ་པ་ཡི་སྣང་བ་ནི། །སེམས་ཉིད་འོད་གསལ་རང་བཞིན་ཉིད། །མི་སྣང་བ་ལ་གཉིས་ཡོད་དེ། །འཁྲུལ་པ་དག་གིས་མི་སྣང་བ། །རི་བོང་རྭ་དང་མོ་གཤམ་བུ། །ནམ་མཁའི་མེ་ཏོག་རུས་སྦལ་སྤུ། །སེང་གེའི་ཁ་ཆུ་ལ་སོགས་པ། །མི་སྲིད་པ་ཡི་ཆོས་རྣམས་ཡིན། །མ་འཁྲུལ་པ་ཡི་སྣང་བ་ནི། །འདུས་མ་བྱས་པའི་ཆོས་ཉིད་ནི། །ནམ་མཁར་འཛིན་པ་དང་བྲལ་བ། །ཆོས་སྐུ་དྲི་མ་མེད་པའོ། །སེམས་ཅན་རྣམས་ཀྱི་སྲོག་གྱུར་པ། །རླུང་ཞེས་བྱ་བས་ལས་ཀུན་བྱེད། །འདི་ནི་རྣམ་ཤེས་བཞོན་རྟ་སྟེ། །ལྔ་ཡི་བདག་ཉིད་བཅུ་མིང་ཅན། །རང་བཞིན་ཕྲ་བ་བརྒྱ་དང་ནི། །དྲུག་ཅུ་ཐམ་པ་འདི་དག་ནི། །རླུང་གི་བཞོན་པའི་རྒྱུ་ཡིན་ཏེ། །ཉིན་དང་མཚན་དུ་རྒྱུ་བ་ཡི། །དེ་ཡང་ཇི་ལྟར་རབ་རྒྱུ་བ། །སྲོག་འཛིན་རླུང་ནི་སྲོག་གྱུར་པས། །སེམས་དང་ཐ་དད་མེད་པར་གཅིག །རྟོགས་དང་མ་རྟོགས་ཁྱད་པར་གྱིས། །འཁོར་འདས་ཀུན་གྱི་ལས་བྱེད་དེ། །རླུང་རྣམས་ཀུན་གཞི་ཉོན་མོངས་དང་། །ཡིད་དང་སྒོ་ལྔ་སྣང་བ་ནི། །རླུང་རྣམས་ཕྲ་བའི་གཟུགས་ཀྱིས་ནི། །ཤེས་དང་ཡང་དག་འདྲེས་གྱུར་ནས། །དབང་པོའི་ལམ་ལས་བྱུང་ནས་ནི། །ཡུལ་རྣམས་ཀུན་ལ་འཇུག་པར་འགྱུར། །རྩ་བའི་ཕུང་པོའི་རླུང་ལྔ་ནི། །སྲོག་འཛིན་མེ་མཉམ་ཁྱབ་པར་བྱེད། །གྱེན་དང་ཐུར་དུ་རྒྱུ་བར་འདོད། །ཡན་ལག་དབང་པོའི་རླུང་ལྔ་ནི། །མིག་ལ་མེ་ཡི་རླུང་རྒྱུ་བས། །གཟུགས་རྣམས་ཐམས་ཅད་མཐོང་བར་བྱེད། །རྣ་བར་རླུང་གི་རླུང་རྒྱུ་བས། །སྒྲ་རྣམས་ཐམས་ཅད་ཐོས་པར་བྱེད། །སྣ་ལ་ས་ཡི་རླུང་རྒྱུ་བས། །དྲི་རྣམས་མ་ལུས་ཚོར་བར་བྱེད། །ལྕེ་ལ་ཆུ་ཡི་རླུང་


DNG018_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་བས། །རོ་རྣམས་ཐམས་ཅད་མྱོང་བར་བྱེད། །ལུས་ལ་ནམ་མཁའི་རླུང་རྒྱུ་བས། །རེག་བྱ་མ་ལུས་ཉམས་སུ་མྱོང་། །ཕྱི་དང་ནང་གི་རྟོག་པ་རྣམས། །རྩ་ལ་རླུང་ཞོན་རྒྱུ་བར་བྱེད། །རང་བཞིན་རྟོག་བཅས་བརྒྱད་ཅུ་ཉིད། །རླུང་གི་བཞོན་རྟས་ཉིན་མཚན་རྒྱུ། །དེ་ཕྱིར་རླུང་ཟིན་བསྒོམ་པར་འགྱུར། །རིལ་པོར་འཛིན་པའི་རྣམ་པ་ནི། །མགོ་བོ་ནས་ནི་རྐང་པའི་བར། །ཇི་སྲིད་སྙིང་གར་ཕྱིན་གྱི་བར། །རྣལ་འབྱོར་ཡང་དག་མཐའ་ལ་འཇུག །རིལ་པོར་འཛིན་པ་ཞེས་བཤད་དོ། །དེ་བཞིན་རྗེས་སུ་གཞིག་པ་ནི། །ཇི་ལྟར་དབུགས་ཀྱི་མེ་ལོང་ལ། །མཐའ་ནས་རིམ་གྱིས་དབུས་ཁྱིམ་ལྟར། །རྣལ་འབྱོར་ཡང་དག་མཐའ་ལ་འཇུག །རྗེས་སུ་གཞིག་པ་ཞེས་བཤད་དོ། །སེམས་དེ་ཀུན་ཏུ་སྣང་བ་ནི། །སྒོ་ལྔས་ཡུལ་ལ་སོ་སོར་སྤྱོད། །རང་བཞིན་ཀུན་ཏུ་སྣང་བ་ནི། །ཡིད་ཀྱི་རྣམ་ཤེས་མ་གཡོས་པའོ། །མཚན་བཅས་བསྒོམ་པ་འདི་ལྟར་བྱ། །མཚན་བཅས་ཉིད་དུ་བསྒོམ་པ་དང་། །མཚན་བཅས་མཚན་མ་མེད་པར་བསྒྱུར། །མཚན་བཅས་འབྱུང་བའི་ཆོ་ག་དང་། །བྱུང་ནས་བརྟན་པར་བྱ་བའོ། །མཚན་བཅས་འབྱུང་བའི་ཆོ་ག་ནི། །བལྟས་པས་སྤང་བར་བྱ་བ་དང་། །མ་བསླད་པ་ཡི་གང་ཟག་ལ། །སེམས་གཟུང་ལ་སོགས་བལྟས་པས་འོང་། །བསྒོམ་པས་སྤང་བར་བྱ་བ་ཡང་། །མ་བསླད་གང་ཟག་བསྒོམ་དགོས་པས། །གློ་བུར་སྐུ་ལ་བལྟ་ཞིང་བསྒོམ། །བཤུར་བས་འོང་བར་བྱ་བ་ནི། །ཇི་ལྟར་སྤྲིན་ནི་སྣ་ཚོགས་པ། །མདོག་དང་དབྱིབས་ནི་ཐ་དད་པས། །ནམ་མཁའི་ངང་ལས་བྱུང་ནས་ནི། །དེ་ཉིད་དུ་ནི་ཐིམ་པར་འགྱུར། །དེ་བཞིན་རང་བཞིན་ཐམས་ཅད་ཀུན། །དོན་ནི་བརྒྱད་ཅུ་དེ་ལ་ཡང་། །འདོད་ཆགས་རྟོག་པ་བཞི་བཅུ་དང་། །ཞེ་སྡང་སུམ་ཅུ་རྩ་གསུམ་དང་། །གཏི་མུག་རྟོག་པ་བདུན་སོགས་པ། །སྣང་བ་གསུམ་གྱི་རྒྱུ་ཅན་ཏེ། །མ་ལུས་ཡུལ་ལ་གཞུག་ནས་ནི། །འོད་གསལ་བར་ནི་


DNG018_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པར་འགྱུར། །དེ་འདྲའི་རང་བཞིན་མ་ཤེས་པས། །མི་ཤེས་མུན་པས་ཁེབས་ནས་ནི། །དགེ་དང་མི་དགེའི་ལས་བྱས་ནས། །འགྲོ་བ་ལྔར་ནི་འཁོར་བར་འགྱུར། །ཐབས་ཆེན་རྒྱུད་དང་ལྡན་པ་ལ། །ཉོན་མོངས་བྱང་ཆུབ་ཡན་ལག་བཤད། ། བར་འདི་ནས་ཆད་སྐྱོན་ཞིག་བྱུང་ངམ། ལོག་གནོན་དགོས་ན་བྱ་བར་བཤད། །སྣང་བ་སྐུ་ལ་བལྟ་བར་བྱ། །མི་སྣང་རང་གི་ལུས་ལ་བྱ། །དབུགས་ལ་སྐྱོན་དེ་མ་བྱུང་ན། །དེ་ལ་ལོག་གནོན་བྱ་བ་ནི། །མི་དེ་དཔྱད་དགོས་གོས་ཀྱིས་ཞག་གསུམ་གྲིལ། །སེམས་ནི་མི་འཕྲོ་བཏུབ་ཚད་དགུག །དེ་ནས་སྐུ་བརྟན་དེ་ཡིས་འོད། །མཚན་མ་ཅན་གྱི་མན་ངག་ནི། །དང་པོ་སྐུ་ལ་བལྟ་བར་བྱ། །བལྟས་པས་གོམས་པ་ཐོབ་གྱུར་ནས། །བདག་ཉིད་སྐུ་རུ་བསྒོམ་པར་བྱ། །བདག་ཉིད་སྐུ་ལ་གོམས་གྱུར་ནས། །དེ་ནས་དཀྱིལ་འཁོར་གཞུག་པར་བྱ། །རྣམ་པར་སྨིན་པའི་ལམ་པ་དེ། །དཀྱིལ་འཁོར་བཅུག་ལ་དབང་བསྐུར་བ། །ཐུན་མོང་དབང་དང་ཐུན་མིན་དབང་། །རིག་པའི་དབང་ལྔ་སྐུ་གསུང་ཐུགས། །མཚན་མ་ཅན་གྱི་མན་ངག་ཡིན། །དེ་ལྟར་ཐོབ་པའི་རྟིང་ལ་ནི། །དེ་ལྟར་བརྟན་པའི་ཆོ་ག་བྱ། །དགུན་གྱི་ཉི་མ་སུམ་ཆ་བྱ། །དབྱར་གྱི་ཉི་མ་ཆ་བཞི་བྱ། །ལུགས་སྐུ་ཀུན་ལ་གློ་གློར་ལྟ། །མང་པོར་བསྒོམ་དང་ཆེན་པོར་བསྒོམ། །རང་ཉིད་ལྷ་ཡི་སྐུར་བསྒོམ་མོ། །དེ་ལྟར་ཐོབ་པའི་རྟིང་ལ་ནི། །མཚན་བཅས་མཚན་མེད་བསྒྱུར་བ་ནི། །མཚན་མ་ཅན་ལ་བརྟེན་ན་ནི། །མཚན་མ་མེད་པར་རབ་ཏུ་སྐྱེ། །མྱུར་བར་འདོད་ན་སྤྱོད་པ་བྱ། །སྐུ་དེ་མྱུར་བར་མཚན་མེད་འདོད། །བརྟན་པའི་ཆོ་ག་མ་བྱས་པར། །སྐུ་ཡི་སྣང་བ་བྱ་བ་དང་། །མི་སྣང་ནམ་མཁའ་བཤུར་སྤྱོད་བྱ། །དེས་ནི་མྱུར་བར་མཚན་མེད་འགྲོ། །ཟླ་བ་ཙམ་མམ་ལོ་ཕྱེད་འདོད། །བརྟན་པ་བྱས་ཀྱང་བཤུར་བ་ཡིས། །སྤྱོད་པ་ལ་ནི་ནན་ཏན་བྱ། །དེས་ནི་མཚན་མ་ནུབ་ནས་ནི། །གང་དུ་ཞེན་མེད་མཚན་མ་མེད། །ལོ་གཅིག་ཙམ་ནས་མཚན་མེད་འོང་། །མཚན་མེད་རང་ལ་གཏད་ཅིང་བསྒོམ། །མཚན་མ་རང་བཞིན་ཉིད་


DNG018_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་འགག །མཚན་མེད་མི་རྟོག་པར་ནི་སྤྱོད། །སྤྱོད་པ་བྱ་དང་བཤུར་བ་དང་། །གཏད་ནས་བསྒོམ་པ་གསུམ་པོ་དེས། །མཚན་བཅས་ཐུན་མོང་དངོས་གྲུབ་ཐོབ། །འཇིག་རྟེན་དྲེགས་པའི་ནུས་མཐུ་དང་། །མཚན་མ་ལྷ་སྐུ་ལ་དགའ་ན། །བརྟན་པའི་ཆོ་ག་བྱས་ལ་ནི། །མདོ་ཙམ་བསྒོམ་དང་རེས་མི་བསྒོམ། །མི་གསལ་ན་ཡང་དེ་ལྟར་བསྒོམ། །སེམས་ནི་འཕྲོ་བ་དགག་པར་བྱ། །གཉིས་སུ་མེད་པའི་སྤྱོད་པ་བྱ། །སྤྲོས་བཅས་དང་ནི་སྤྲོས་མེད་དང་། །ཤིན་ཏུ་སྤྲོས་མེད་སྤྱོད་པ་བྱ། །མཚན་མ་ལ་ནི་ནན་ཏན་བརྟག །དེ་ལ་མཚན་མེད་ཤུགས་ཀྱིས་འཆར། །རྣམ་པར་གྲོལ་བའི་ལམ་དེ་ནི། །དེ་ཁོ་ན་ཉིད་མན་ངག་དང་། །དེ་དང་རྗེས་མཐུན་སྤྱོད་པའོ། །མཚན་མ་མེད་ལ་མན་ངག་གཉིས། །བར་ཆད་དགྲ་བསལ་ལམ་ཉིད་བསྒོམ། །དེ་ལ་བར་ཆོད་དགྲར་ཡང་བཞི། །དགྲ་འདུལ་བ་ཡི་མན་ངག་དང་། །དགྲ་དེ་བཙོན་དུ་བཟུང་བ་དང་། །དགྲ་ནི་ཚར་ཡང་གཅད་པ་དང་། །དགྲ་ལ་དགྲར་མི་འཛིན་པ་ཡིན། །དགྲ་འདུལ་བ་ནི་བཤུར་བ་གཉིས། །ཕྱི་བཤུར་བ་དང་ནང་བཤུར་རོ། །ཕྱི་ཡི་བཤུར་ལ་རྣམ་གཉིས་ཏེ། །མངོན་སུམ་བཤུར་བར་བྱ་བ་ནི། །དབང་པོ་རླུང་ལ་འཆོར་ཉན་ཡོད། །ལྐོག་ཏུ་གྱུར་པའི་བཤུར་བ་ནི། །ཡུལ་གཞན་ལྐོག་ཏུ་གྱུར་པའོ། །ནང་གི་བཤུར་བ་གཉིས་ཡོད་དེ། །གཟུགས་ཅན་དག་ལ་བཤུར་བ་ནི། །རྟོག་པ་རགས་པ་གཟུགས་ཅན་བྱུང་། །རྣལ་འབྱོར་པ་ཡིས་མ་ཐུབ་ན། །ཤར་བ་དང་ནི་ནན་ཏན་བྱ། །སྤྲོས་བྲལ་དག་ལ་བཤུར་བ་ནི། །རྟོག་པ་བྱུང་ན་སྣ་ལ་གཏད། །ཡང་ཡང་བཤུར་ཏེ་བཤིག་པར་བྱ། །རྟོག་པ་བྱུང་ཚོར་མན་ངག་གོ། །དགྲ་བོ་བཙོན་བཟུང་སྤྱོད་པ་གཉིས། །ཕྱི་དང་ནང་གི་སྤྱོད་པའོ། །ཕྱིའི་སྤྱོད་སྒོ་ལྔའི་རྣམ་ཤེས་ནི། །ཡུལ་ལ་མི་གཏང་རང་ལུགས་འཇུག །ནང་གི་སྤྱོད་པ་སེམས་མི་འཕྲོ། །དགྲ་དེ་ཚར་ཡང་གཅོད་པར་བྱ། །མི་དམིགས་པ་ཡིས་དུས་དང་ནི། །འོད་གསལ་


DNG018_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

དུས་སུ་བྱུང་བས་སོ། །དགྲ་ལ་དགྲར་མི་འཛིན་པ་ནི། །གཟུགས་སོགས་རྣམ་པར་རྟོག་པ་ནི། །བྱུང་ཡང་དགྲར་མི་འཛིན་པ་སྟེ། །ཟུང་དུ་འཇུག་པའི་དུས་ནའོ། །འདུལ་དང་བཙོན་དུ་བཟུང་བ་གཉིས། །མཉམ་པར་མ་བཞག་དུས་སུའོ། །ཚར་གཅོད་དགྲར་མི་འཛིན་པ་གཉིས། །མཉམ་པར་གཞག་པའི་དུས་ནའོ། །ལམ་ཉིད་བསྒོམ་པའི་མཚན་མེད་བཞི། །གནས་པ་དང་ནི་མི་དམིགས་པ། །འོད་གསལ་ཟུང་དུ་འཇུག་པའོ། །གནས་པ་སེམས་ནི་བཤུར་བར་བྱ། །བཤུར་བ་ཚད་དུ་ཕྱིན་ཙམ་ན། །སེམས་ནི་རང་ལོག་ཉིད་དུ་གྱུར། །བཤུར་བ་ཚད་དུ་ཕྱིན་པ་ཡིན། །ལ་ལ་ཚད་དུ་ཕྱིན་པས་འཐོབ། །ལ་ལ་བདེན་པའི་སྒོ་ནས་འཐོབ། །ལ་ལ་ཤེས་པ་འཚམས་པས་འཐོབ། །ལ་ལ་ཁ་བོ་དག་གིས་ཐོབ། །ལ་ལར་སྤྲོས་པ་བཅད་པས་ཐོབ། །དེ་དང་རྗེས་མཐུན་སྤྱོད་པ་གསུམ། །སྤྲོས་བཅས་སྤྱོད་པ་མཚན་མར་སྤྱོད། །སྤྲོས་མེད་སྤྱོད་པ་གསང་སྤྱོད་དེ། །ཤིན་ཏུ་སྤྲོས་མེད་སྤྱོད་པ་ཡིན། །བུས་པ་རྣམས་ལ་མ་བསྟན་ཏེ། །ནུས་པ་མེད་པས་སྤྱོད་མི་ནུས། །རྒད་པོ་རྣམས་ལ་མ་བསྟན་ཏེ། །རྒས་པའི་ཕྱིར་ན་ནུས་པ་ཤོར། །རྣལ་འབྱོར་མིན་ལ་མི་བསྟན་ཏེ། །ལེ་ལོ་ཅན་གྱི་སྤྱོད་ཡུལ་མིན། །ཤིན་ཏུ་སྤྲོས་མེད་མ་ཡེངས་པ། །རྣལ་འབྱོར་པ་ལ་བསྟན་པ་ཡིན། །བསྒོམ་པ་ཐམས་ཅད་དེ་ལས་བྱུང་། །ལྟ་བ་བསྒོམ་དུ་མེད་པ་ནི། །སྤྱོད་པ་ཡོངས་སུ་མེད་པ་ཡིན། །མཚན་མ་མེད་པའི་མན་ངག་ཡིན། །དེ་ན་གཉིས་མེད་བསྒོམ་པར་བྱ། །གཉིས་མེད་བསྒོམ་པའི་རྟིང་ལ་ནི། །དང་པོར་སེམས་ནི་གནས་པ་སྐྱེ། །དེ་ནས་སེམས་ནི་དམིགས་པ་སྐྱེ། །དམིགས་པ་སྐྱེས་པའི་རྟིང་ལ་ནི། །རང་བཞིན་གྱིས་ནི་འོད་གསལ་སྐྱེ། །འོད་གསལ་སྐྱེས་པའི་རྟིང་ལ་ནི། །ཟུང་འཇུག་བསྒོམ་པ་སྐྱེ་བར་འགྱུར། །མཚན་མེད་པ་ཡི་མན་ངག་ཡིན། །ལེ་ལོ་ཅན་གྱི་རྣལ་འབྱོར་པ། །བར་དོར་འཚང་རྒྱའི་འཆིང་བ་གཉིས། །རིམ་གྱིས་འཆིང་དང་ཅིག་ཅར་འཆིང་། །ཤི་


DNG018_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

བ་དོན་དམ་བདེན་པ་ཡིན། །སྐྱེ་བ་མ་ལུས་ཀུན་རྫོབ་ཡིན། །སྐྱེས་པ་ཟུང་འཇུག་དབྱེར་མེད་དོ། །དེ་ལ་རིམ་གྱིས་འཆི་བ་ཡང་། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །འབྱུང་བ་ཆེན་པོ་བཞི་ལ་ཐིམ། །འབྱུང་བ་ཆེན་པོ་བཞི་པོ་ཡང་། །ས་ནི་ཆུ་ལ་ཐིམ་པར་འགྱུར། །ཆུ་ནི་མེ་ལ་ཐིམ་པར་འགྱུར། །མེ་ནི་རླུང་ལ་ཐིམ་པར་འགྱུར། །རླུང་ནི་རྣམ་པར་ཤེས་ལ་ཐིམ། །རྣམ་ཤེས་སྣང་བ་དེ་ལ་ཐིམ། །སྣང་བ་སྣང་བ་མཆེད་ལ་ཐིམ། །སྣང་མཆེད་སྣང་བ་ཐོབ་ལ་ཐིམ། །སྣང་བ་ཐོབ་པ་བྱ་བ་ནི། །ཐམས་ཅད་སྟོང་པ་ཉིད་ལ་ཐིམ། །དེར་ནི་ཡོངས་རྫོགས་རྣལ་འབྱོར་གྱིས། །གསོལ་བའི་དོན་ནི་བཤད་བྱ་སྟེ། །སྟོང་པ་གསུམ་པོ་རྣམ་དག་གང་། །འོད་གསལ་བ་ནི་འདི་བཤད་དོ། །བསམ་གཏན་འདི་ནི་བསམ་གཏན་མིན། །འདིས་ནི་མཐར་ཐུག་མི་ཐོབ་སྟེ། །ནམ་མཁའ་ལྟ་བུར་ཕྱོགས་གྱུར་པས། །འོད་གསལ་བ་ནི་འདི་དམིགས་ཤིང་། །འོད་གསལ་བ་ནི་གནས་ཐོབ་པས། །རབ་དགའ་གཟུགས་སུ་སྐྱེ་བར་འགྱུར། །དེ་ཚེ་རབ་དགའ་རྡོ་རྗེའི་སྐུ། །ཀུན་གྱི་དབང་ཕྱུག་ཐོབ་པར་འགྱུར། །འདས་པ་དང་ནི་མ་འོངས་པ། །ད་ལྟ་བྱུང་བའི་སྲིད་པ་གསུམ། །འོད་གསལ་བ་ནི་རྣམ་དག་པས། །སྐད་ཅིག་གཅིག་ལ་མ་ལུས་མཐོང་། །ཐམས་ཅད་སྟོང་པ་འོད་གསལ་བ། །ཤི་བ་ཤེས་རབ་ཕ་རོལ་ཕྱིན། །བདེ་བར་གཤེགས་པའི་སྙིང་པོ་ཡིན། །རྣལ་འབྱོར་པ་ཡི་གྲོགས་ཡིན་ནོ། །དེ་ལས་ཆོས་སྐུ་འབྱུང་བ་ནི། །བར་མ་དོ་ཡི་སྐུ་ཡིན་ཏེ། །ཇི་ལྟར་ཆུ་རླུང་དྭངས་པ་ལས། །ཉ་དག་མྱུར་དུ་འཕར་བ་ལྟར། །དེ་བཞིན་ཐམས་ཅད་སྟོང་གསལ་ལས། །རྒྱུ་འདྲ་བ་ནི་འབྱུང་བར་བཤད། །སྔོན་འབྱུང་སྲིད་པའི་ཤ་གཟུགས་ཅན། །དབང་པོ་ཀུན་ཚང་ཐོགས་མེད་ལྡན། །རིགས་མཐུན་ལྷ་མིག་དག་པས་མཐོང་། །བར་མ་དོ་ཡི་སྐུ་དེ་ཡིན། །འགྲོ་བ་རིགས་དྲུག་གྲོང་ཁྱེར་ཏེ། །གཉིས་སུ་མེད་པའི་སྤྱོད་པས་བཅད། །སྤྲོས་པའི་


DNG018_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་ཆོད་གྱུར་ནས། །བར་མ་དོ་ཡི་སྐུ་དེ་ནི། །རྡོ་རྗེ་སེམས་དཔའི་སྐུ་རུ་བསྒོམ། །ཚེ་འདི་ཉིད་ཀྱིས་ཐམས་ཅད་མཁྱེན། །སངས་རྒྱས་ཞིང་ནས་མི་ལྡོག་པས། །བར་མ་དོ་རུ་མངོན་འཚང་རྒྱ། །འོད་གསལ་བ་ནི་བསྒོམ་པར་བྱ། །ཟུང་འཇུག་སྐུ་ཡང་འབྱུང་བར་འགྱུར། །ཀུན་རྫོབ་དང་ནི་དོན་དམ་དག །སོ་སོའི་ཆ་ཡིས་ཕྱེ་གྱུར་ན། །ཡང་དག་ཉིད་དུ་འདྲེས་གྱུར་པས། །ཟུང་དུ་འཇུག་པར་དེ་བཤད་དོ། །ཟུང་དུ་འཇུག་པ་གཉིས་ཡོད་དེ། །སློབ་བཞིན་པ་དང་མི་སློབ་པ། །མི་སློབ་པ་རུ་གྱུར་ཙམ་ན། །བར་མ་དོ་རུ་མངོན་སངས་རྒྱ། །སྣང་བ་ཙམ་དང་གསལ་བ་ཙམ། །སྣང་ལ་རང་བཞིན་མེད་པ་གཉིས། །སངས་རྒྱས་ཞིང་ནས་མི་ལྡོག་པས། །བར་མ་དོ་རུ་མངོན་སངས་རྒྱ། །འབྲས་བུ་སྐུ་གསུམ་ཐོབ་འགྱུར་བ། །ཆོས་སྐུ་དྲི་མ་མེད་པ་དང་། །ལོངས་སྐུ་རྒྱལ་བ་རིགས་ལྔ་དང་། །སྤྲུལ་སྐུ་མཛད་པ་མཐར་ཕྱིན་སྐུས། །བདག་གཞན་མ་ལུས་བསྲུང་བ་དང་། །བགེགས་དང་བར་ཆད་བཟློག་པས་ན། །བདག་དོན་དྲེགས་པ་སྲུང་བཟློག་ཡིན། །ཞེས་གསུངས་སོ། །པདྨ་དབང་ཆེན་དྲེགས་པ་སྲུང་བཟློག་གི་རྒྱུད་ལས། མཆོག་གི་དངོས་གྲུབ་བསྒྲུབ་པ་སྟེ་ལེའུ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་པདྨ་དབང་ཆེན་གྱིས་ཐུན་མོང་གི་དངོས་གྲུབ་བདག་གཞན་གྱི་བར་ཆོད་སྲུང་བཟློག་འདི་གསུངས་སོ། །གཏི་མུག་ཀླུ་གཉན་ས་བདག་དང་། །འདོད་ཆགས་མ་མོ་བདུད་མོ་དང་། །ཞེ་སྡང་གཤིན་རྗེ་ལ་སོགས་པའི། །རང་གི་བར་ཆོད་སྲུང་བ་དང་། །ཕས་ཀྱི་སྦྱོར་བ་བཟློག་པར་གསུངས། ། སྔགས་སོར་བཞག་ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཨེ་ས་ར་ཧཱུྃ་ཕཊ། ཨེ་ཏེ་པྲེ་ཏེ་ཡ་ས་ནན་སྲ་ཏྲོད་ཀ་རཀྵ་རཀྵ། ཕོ་རྒྱུད་ཐམས་ཅད་སྲུང་བའི་སྔགས་སོ། །ཨོཾ་ཨ་ནེ་བེ་ཤཾ་ཏྲཾ་བེ་ཤཾ་རུ་བེ་ཤཾ་བེ་ཤཾ་རུ་བེ་ཤཾ་ཀ་ཐུཾ་བྷྱོ། ཏ་པ་ལི་མུ་ལི་དུ་རུ་རུ་ཧཱུྃ་ཕཊ།ཀརྨ་ཙནྜ་མུ་ཏི་དུ་རུ་ཧཱུྃ་ཕཊ། རཀྴ་མུ་ཏེ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཨེ་ཀ་ཛ་ཊི་ཙ་ར་ལི་པ་ལ་མི་ཤ་དགྲ་བོ་ལ་ཕཊ། ནག་མོ་རེ་མ་ཏི་པདྨ་མི་ཏ་ར་ཏི་རུ་ཏི་རེ་མ་ཏི་ཧ་རྦད་བྷྱོ། མོ་རྒྱུད་ཐམས་ཅད་སྲུང་བའི་སྔགས་སོ། །


DNG018_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ག་རུ་ཌ་ཙ་ལེ་ཙ་ལེ། ཏ་ཀི་ཙ་ར་བི་ཙ་ཏེ་ཧུ་ཡ་ཧུ་ཡ། ཧུ་ལུ་ཧུ་ལུ། སུ་རུ་ཏེ་སུ་རུ་ཏེ། རཀྵ་རཀྵ། ཀླུ་གཉན་ས་བདག་ཐམས་ཅད་སྲུང་བའི་སྔགས་སོ། །ཨེ་ཀ་དུ་ན་བཟློག །སུཾ་ཏྲི་རཱ་ཛ་ཡ་བཟློག །ཨ་ཀྲོ་ཏེ་ཀ་ཤྲི་མཉྫུ་ཡ་མ་རཱ་ཛ་བཟློག །ཡཾ་ཏེ་རྒྱུར་ཐག་ཁྲོལ་བ་ལིང་དུ་བཟློག །ས་མ་ཡ་ས་མ་ཏྲི་བཟློག །ཕོ་རྒྱུད་ཐམས་ཅད་བཟློག་པའི་སྔགས་སོ། །ཨོཾ་ཙ་དུར་མ་མ་སྙིང་ན་བཟློག །མ་མོ་ཙ་ར་ཡ་བཟློག །ཀྵ་ན་ཏྲག་རག་མོ་ཟློག །རཀྵ་རེ་མ་ཏི་ཤ་ན་མུ་རུ་བྷྱོ། རག་མོ་ཀླད་ཁྲི་ས་ལ་ཙ་ཡ་ཟློག །མོ་རྒྱུད་ཐམས་ཅད་བཟློག་པའི་སྔགས་སོ། །ཨོཾ་ག་རུ་ཊ་ཙ་ལེ་ཙ་ལེ་ས་ནཱ་ག་དུ་ན་ཟློག་ཏ་ཀི་ཙ་ཏེ་བི་ཏེ་སུ་མེ་ར་ཙ་བཟློག །ཧུ་ཡ་ཧུ་ཡ་ས་ཁྲག་ར་ཙ་ཡ་ཟློག །ཧུ་ལུ་ཧུ་ལུ་ནཱ་ག་ར་ཙ་ཡ་ཟློག །སུ་རུ་ཏེ་སུ་རུ་ཏེ་ས་ནཱ་ག་རཱ་ཙ་ཡ་བཟློག །ཀླུ་ཐམས་ཅད་དྲིལ་ཏེ་བཟློག་པའི་སྔགས་སོ། །དེ་ནས་རང་གཤེད་དབབ་པ་ནི། །གཤིན་རྗེ་སྐྱེས་པའི་ལྟོ་བར་བྲི། །རབས་ཆད་ཐོད་པའི་ནང་དུ་སྩལ། །སེང་ལྡེང་ཕུར་པས་གཟིར་བའི་སྔགས། །ཡ་མ་ཏྲིག་ནན། ཡ་ཧུར་ཐུམས་ཛ། མཱ་ར་ཡ་རྦད། མ་མོ་ཞིང་གི་པགས་པ་ལ། །བུད་མེད་ལྟོ་བར་འཁོར་ལོ་བྲི། །སྣེལ་གྲིའི་ཐོད་པའི་ནང་དུ་སྩལ། །སེང་ལྡེང་ཕུར་པས་གདབ་པའི་སྔགས། །མ་མ་རུ་ལུ་ཏྲིག་ནན། མ་ཧུར་ཐུམས་ཛ། མཱ་ར་ཡ་རྦད། མུ་སྟེགས་བོན་པོའི་ལྟོ་བར་བྲི། །མོན་ཐོད་ནང་དུ་དུག་ཆུས་བརྡེག །ཏིར་ཏི་ཀ་ཏྲི་ག་ནན། ཐ་ཧུར་ཐུམས་ཛ། མཱ་ར་ཡ་རྦད། །ལྷ་ནི་པི་ཝང་ཁོག་པའམ། །ཤིང་སྡོང་ནང་དུ་བྲི་བར་བྱ། །མི་དཀར་ལྟོ་བར་བྲིས་ནས་ནི། །མཛོ་རྟོལ་ཐོད་པའི་ནང་དུ་གཞུག །གཏོར་མས་བརྡེག་པར་བྱས་ནས་ནི། །ཤིང་གི་ཕུར་པས་གདབ་པར་བྱ། །དེ་པ་ཏྲིག་ནན། ཨ་ཧུར་ཐུམས་ཛ། མཱ་ར་ཡ་རྦད། །ར་དཀར་ལྟོ་བར་བྲི་བ་ཡང་། །སྲིན་པོ་སྲིན་མོའི་གཟུགས་བྲིས་ནས། །རབས་ཆད་ཐོད་པར་ལྕགས་ཕྱེས་བྲབ། །ཀྲི་ལྕགས་ཕུར་པས་བརྡེག་པའི་སྔགས། རག་ཏ་ཏྲིག་ནན། ར་ཧུར་ཐུམས་ཛ། མཱ་ར་ཡ་རྦད། རག་མོ་ཏྲིག་ནན། རཱ་ཧུ་ར་ཐུམས་ཛ། མཱ་ར་ཡ་རྦད།


DNG018_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་པོ་རྟ་ནག་ལྟོ་བར་བྲི། །གཡག་རུར་གུ་གུལ་དུད་པས་བདུག །སྐྱེར་ཕུར་ཐོགས་ལ་སྔགས་འདིས་གཟིར། །རུ་ཏྲ་ཏྲིག་ནན། དུ་ཧུ་ར་ཐུམས་ཛ། མཱ་ར་ཡ་རྦད། བདུད་མོ་འབྲི་ཡི་ལྟོ་བར་བྲིས། །དྲེའུ་ཐོད་ཡུངས་ཀར་དུད་པས་བདུག །ལྕགས་ཕུར་ཐོགས་ལ་སྔགས་འདིས་གཟིར། །དུན་ཏིང་ཏྲིག་ནན། དུ་ཧུར་ཐུམས་ཛ། མཱ་ར་ཡ་རྦད། གནོད་སྦྱིན་ཕོ་མོ་གཟིར་བ་ནི། །ཁ་ནས་མེ་འབར་ལྟོ་བར་བྲིས། །མི་ཚིལ་དུད་པས་རྟ་ཐོད་བདུག །མཆོག་ཕུར་སྔགས་འདིས་གཟིར་བར་བྱ། །ཡཀྴ་ཏྲིག་ནན། ཀྵ་ཧུར་ཐུམས་ཛ། མཱ་ར་ཡ་རྦད། ཡག་མོ་ཏྲིག་ནན། ཀྵ་ཧུར་ཐུམས་ཛ། མཱ་ར་ཡ་རྦད། བཙན་ནི་ཤ་བའི་ལྟོ་བར་བྲིས། །མུ་ཟིའི་དུད་པས་འཁོར་ལོར་བདུག །ཤ་རུའི་ནང་དུ་ལྕགས་ཕུར་གཟིར། །ཡཾ་ཏྲི་ཏྲིག་ནན།ཙ་ཧུར་ཐུམས་ཛ། མཱ་ར་ཡ་རྦད། རྒྱལ་པོ་ར་དཀར་གཡང་གཞིར་བྲིས། །བྱི་བའི་ཐོད་པར་ཡུངས་ཀར་ཐུན། །ལྕགས་ཕུར་གཟིར་བའི་སྔགས་འདིའོ། །རཱ་ཙ་ཏྲིག་ནན། ཙ་ཧུར་ཐུམས་ཛ། མཱ་ར་ཡ་རྦད། དམུ་ནི་ཕུག་རོན་ལྟོ་བར་བྲི། །རྟ་ནག་ཐོད་པར་ཟངས་ཕྱེའི་ཐུན། །བདུག་ནས་བྲི་ཞིང་བྲབ་པའི་སྔགས། །མུན་མུན་ཏྲིག་ནན། ས་ཧུར་ཐུམས་ཛ། མཱ་ར་ཡ་རྦད། རྡོ་རྗེ་ལེགས་པ་ར་ཁམ་ལྟོར། །ཁྱི་ནག་ཐོད་པར་ཡུངས་ཀར་བདུག །སེང་ལྡེང་ཕུར་པར་སྔགས་འདིས་གཟིར། །བཛྲ་སཱ་དྷུ་ཏྲིག་ནན། ཏྲི་ཧུར་ཐུམས་ཛ། མཱ་ར་ཡ་རྦད།རིགས་ངན་བན་དེའི་ལྟོ་བར་བྲིས། །མཛེ་ཐོད་གཏོར་ཟོར་རལ་གྲིས་བརྡེག །རུ་ཏྲ་ཏྲིག་ནན། ནྲྀ་ཧུར་ཐུམས་ཛ། མཱ་ར་ཡ་རྦད། ཡུལ་བདག་ལུག་ནག་ལྟོ་བར་བྲི། །རབས་ཆད་ཐོད་པར་མཚོན་སྣ་ཚོགས། །སྐྱེ་ཚེ་ཐུན་བྲབ་སྔགས་འདིས་གཟིར། །རོ་ལི་ཏྲིག་ནན། ཏྲི་ཧུར་ཐུམས་ཛ། མཱ་ར་ཡ་རྦད། འགོང་པོ་བུས་པའི་ལྟོ་བར་བྲི། །བོང་བུའི་ཐོད་པར་སྲེ་ལོང་ཐུན། །ཧཾ་ཤཾ་ཏྲིག་ནན། ཏྲི་ཧུར་ཐུམས་ཛ། མཱ་ར་ཡ་རྦད། དམ་སྲི་ཁྱི་དམར་ལྟོ་བར་བྲི། །ཁྱི་ཐོད་ནང་དུ་


DNG018_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཕུར་གཟེར། །ཁྱི་དམར་བྲུན་གྱི་ཐུན་གྱིས་བྲབ། །རུ་ཏྲི་ཏྲིག་ནན། ཏྲི་ཧུར་ཐུམས་ཛ། མཱ་ར་ཡ་རྦད། ཀླུ་ནི་ཚངས་པའི་ལྟོ་བར་བྲི། །གླང་དམར་རྭ་ནང་གླ་རྩིས་བྱུགས། །རྟ་རྨིག་ཐུན་གྱིས་བརྡེག་པར་བྱ། །ནཱ་ག་ཏྲིག་ནན། ཕུ་ཧུར་ཐུམས་ཛ། མཱ་ར་ཡ་རྦད། གཉན་ནི་སྡིག་པའི་ལྟོ་བར་བྲི། །སྤྲེའུའི་ཐོད་པར་སྣ་ཚོགས་ཐུན། །གརྦྷ་ཏྲིག་ནན། ས་ཧུར་ཐུམས་ཛ། མཱ་ར་ཡ་རྦད། ས་བདག་སྦས་པའི་ལྟོ་བར་བྲི། །ཕག་ཐོད་ནང་དུ་ཁྱི་ནག་བྲུན། །དུག་སྣ་ཚོགས་ཀྱིས་བྲབ་པར་བྱ། །ས་ག་ཏྲིག་ནན། སུ་ཧུར་ཐུམས་ཛ། མཱ་ར་ཡ་རྦད།དྲེགས་པ་སྤྱི་ལ་གཟིར་བ་ནི། །རཱ་ཧུ་ལ་ཡི་ལྟོ་བར་བྲི། །ར་རོག་ཐོད་པར་སྤྱད་ལག་བྲབ། །ར་མཆིན་དཀར་གསུམ་མངར་གྱིས་བྲབ། །བཛྲ་སརྦ་དུཥྚཱན་ཏྲིག་ནན། ཨེ་ཧུར་ཐུམས་ཛ། མཱ་ར་ཡ་རྦད། གལ་ཏེ་རྫས་རྣམས་མ་ཚོགས་ན། །གཟུགས་རྣམས་གང་བྱེད་བྲིས་ནས་ནི། །ཁམ་ས་རྫ་ཡི་གྲུ་གསུམ་གཞུག །ཞག་གྲངས་ཉི་ཤུ་རྩ་གཅིག་ཏུ། །ཕུར་པས་གཟིར་ནས་རང་གཤེད་འབེབས། །ཀུན་ལ་མེ་ཆུ་འགལ་བ་སྩོགས། །སརྦ་དུཥྚཱན་ཙིཏྟ་རྦད་ན། སརྦ་ཙི་ན་ཙིཏྟ་རྦད་ནན། ཤ་ཏྲུཾ་མཱ་ར་ཡ་རྦད་ནན། དེ་ནས་རང་རང་གནས་སུ་མནན། །ཐོག་དང་སེར་བ་དབབ་པ་ནི། །རཱ་ཧུ་ལ་ཡི་ལྟོ་བར་གཟིར། །བཛྲ་སརྦ་དུཥྚཱན། ཙིཏྟ་རྦད་ནན། ཕྲོམ་ཕྲོམ་ཧྲིལ་ཧྲིལ་ཤར་ཤར་མླཱ་མླཱ་ཕོབ། དྲག་པོས་གཟིར་བའོ། །བཛྲ་སརྦ་དུཥྚཱན་ཏྲིག་ནན། ཕྲོམ་ཕྲོམ་ཧྲིལ་ཧྲིལ་ཤར་ཤར་སྲུཾ་ཕོབ། རང་བཞིན་གྱིས་གཟིར་བའོ། །བཛྲ་སརྦ་དུཥྚཱན། ཙིཏྟ་རྦད་ནན། སརྦ་བིན་ཙིཏྟ་རྦད་ནན། ཕྲོམ་ཕྲོམ་ཧྲིལ་ཧྲིལ་ཤར་ཤར་སྲུཾ་ཕོབ། བཙན་ཐབས་སུ་གཟིར་བའོ། །སརྦ་བིན་ཙིཏྟ་རྦད་ནན། སརྦ་དུཥྚཱན་ཙིཏྟ་རྦད་ནན། ཕྲོམ་ཕྲོམ་ཧྲིལ་ཧྲིལ་ཤར་ཤར་སྲུཾ་ཕོབ། སྤོགས་པས་གཟིར་བའོ། །ལྟས་ངན་སྣ་ཚོགས་གཏོང་བ་ནི། །ཐོད་པར་ལྟས་ངན་སྣ་ཚོགས་གཟུགས། །ཨ་ཡ་མ་དུ་རུ་ཙ་ཤ་ན་ལ། ཨེ་ཙ་ཐུན་ཕོབ། ཏྲིག་


DNG018_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

ནན་ཨེ་ཛ་ཐུན་ཕོབ། ཧུར་ཐུམས་ཛ། མཱ་ར་ཡ་རྦད། །ཅེས་གསུངས་སོ། །པདྨ་དབང་ཆེན་དྲེགས་པ་སྲུང་བཟློག་གི་རྒྱུད་ལས། ཐུན་མོང་གི་བསྒྲུབ་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཕྲིན་ལས་འདི་དག་ཡོངས་སུ་གསུངས་སོ། །གཏི་མུག་ཅན་གྱི་སེམས་ཅན་ལ། །ཞི་བའི་ལས་ཀྱིས་གདུལ་བ་བྱ། །ཆུ་རླུང་རྒྱུ་བའི་དུས་དག་ཏུ། །ཡཱ་ཡི་ཚོགས་ཀྱི་དཀྱིལ་འཁོར་བྱ། །ང་རྒྱལ་ཅན་ལ་རྒྱས་པའི་ལས། །ས་རླུང་རྒྱུ་བའི་དུས་སུ་ནི། །མ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ། །ཚེ་དང་བསོད་ནམས་དབང་ཐང་སྤེལ། །འདོད་ཆགས་ཅན་ལ་དབང་གི་ལས། །མེ་རླུང་རྒྱུ་བའི་དུས་སུ་བྱ། །བཾ་གྱི་ཚོགས་ཀྱི་དཀྱིལ་འཁོར་དུ། །ཡུལ་ཁམས་བུད་མེད་རྒྱལ་པོ་བསྡུ། །ཞེ་སྡང་ཅན་ལ་དྲག་པོའི་ལས། །རླུང་གི་རླུང་རྒྱུས་གཡེང་ཞིང་འཐོར། །ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ། །དགྲ་བགེགས་མ་ལུས་བསྒྲལ་བར་བྱ། །ཕྲིན་ལས་བཞི་ཡི་དུས་དག་ཏུ། །བདག་ཉིད་ཕྱག་རྒྱ་བཞི་ལྡན་བསྒོམ། །གཙོ་བོ་ཕྱག་རྒྱ་ཆེན་པོ་སྟེ། །ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་བསྒོམ། །ཡུམ་ནི་དམ་ཚིག་ཕྱག་རྒྱ་སྟེ། །ཡབ་ནི་དོན་ལས་མི་འདའ་བསྒོམ། །འཕྲོ་འདུ་ལས་ཀྱི་ཕྱག་རྒྱ་སྟེ། །མཆོད་འབུལ་སྒྲིབ་སྦྱང་དངོས་གྲུབ་བླང་། །དེ་དག་མ་ལུས་ཅིར་སྣང་ཡང་། །ཆོས་ཉིད་ངང་ལས་མ་གཡོས་ཀྱང་། །ཞི་བ་ཆོས་ཉིད་ཕྱག་རྒྱ་ཡིན། །འཁོར་དང་མྱ་ངན་འདས་པའི་ཆོས། །ཕྱག་རྒྱ་བཞི་ལ་འཕྲོས་ཤིང་འདུས། །ཨེ་ཝཾ་མ་ཡཱའི་ཡི་གེ་བཞིས། །གསང་སྔགས་རྒྱུད་རྣམས་སྤྲོས་ཤིང་རྒྱས། །བསྡུས་ནས་ཕྱག་རྒྱ་བཞི་རུ་གསལ། །ཨེ་ནི་དྲག་པོའི་ཚར་ཡང་གཅོད། །ཝཾ་ནི་མ་ལུས་དབང་དུ་སྡུད། །མ་ཡིས་རྗེས་བཟུང་རྒྱས་པར་མཛོད། །ཡཱ་ནི་ཐམས་ཅད་ཞི་བར་གནས། །ཆོས་རྣམས་སྐྱེ་བ་མེད་པ་ན། །ཕྲིན་ལས་རྣམ་བཞིའི་ཆོས་རྣམས་རྟོགས། །ཞེས་གསུངས་སོ། །པདྨ་དབང་ཆེན་དྲེགས་པ་སྲུང་བཟློག་གི་རྒྱུད་ལས། ཕྲིན་ལས་ཀྱི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་འཁོར་རྣམས་དགྱེས་ནས། སྟོན་པ་སངས་རྒྱས་རྡོ་རྗེ་འཆང་ཆེན་པོ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ལ། མེ་ཏོག་མནྡ་
ར་བ་དང་མནྡ་ར་བ་ཆེན་པོ། ཀུ་མུ་དཱ་དང་། ནོར་བུ་རིན་པོ་ཆེ་མཐོན་ཀ་དང་མཐོན་ཀ་ཆེན་པོ་དང་། རིན་པོ་ཆེ་སྣ་ཚོགས་པ་དང་། བདུད་རྩི་རྣམ་པ་ལྔ་དང་། ཤ་རྣམ་པ་ལྔས་མཆོད་ནས། ཐམས་ཅད་རྗེས་སུ་ཡི་རང་བར་གྱུར་ཏོ། །སྟོན་པ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད་དེ་ནི་ཆོས་ཀྱི་སྐུ་དྲི་མ་མེད་པའི་ངང་དུ་བཞུགས་སོ། །འཁོར་རྣམས་ནི་སངས་རྒྱས་ཀྱི་བསྟན་པ་བསྲུང་བར་མཛད་དོ། །པདྨ་དབང་ཆེན་དྲེགས་པ་སྲུང་བཟློག་གི་རྒྱུད་ལས། རྗེས་སུ་ཡི་རང་བའི་ལེའུ་སྟེ་དགུ་པའོ།། །། པདྨ་དབང་ཆེན་དྲེགས་པ་སྲུང་བཟློག་གི་རྒྱུད་རྫོགས་སོ། །རྒྱ་གར་གྱི་པཎྜི་ཏ་པདྨ་སམྦྷ་བ་དང་། བོད་ཀྱི་ལོ་ཙཱ་བ་ཁ་ཆེ་ཨཱ་ནན་ཏས་བསྒྱུར་བའོ།། །།

དཔལ་པདྨ་དབང་ཆེན་པདྨ་གར་གྱི་དབང་ཕྱུག་གིས་དྲེགས་པ་ཅན་གཟན་ལ་འབེབས་པའི་ཕྲིན་ལས་ཀྱི་རྒྱུད་ཅེས་བྱ་བ།


DNG018_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཤྲཱི་པདྨ་མ་ཧཱ་བ་ཤ །པདྨ་ནྲྀ་ཏེ་ཤྭ་ར་དུཥྚ་ཁཱ་ད་ནཱ་྅་པེ་ཤ་ན་ཀརྨ་ཏནྟ་ནཱ་མ། བོད་སྐད་དུ། དཔལ་པདྨ་དབང་ཆེན་པདྨ་གར་གྱི་དབང་ཕྱུག་གིས་དྲེགས་པ་ཅན་གཟན་ལ་འབེབས་པའི་ཕྲིན་ལས་ཀྱི་རྒྱུད་ཅེས་བྱ་བ། དཔལ་རྡོ་རྗེ་དབང་ཆེན་པོ་ལྷུན་གྱིས་གྲུབ་པའི་སངས་རྒྱས་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་ཁམས་གསུམ་གྱི་བདག་པོ་ཆེན་པོ་ནི། ཆོས་ཉིད་རྣམ་པར་དག་པའི་གཞལ་ཡས་ཁང་ན། འཁོར་དུས་གསུམ་གྱི་སངས་རྒྱས་རྣམས་དང་དབྱེ་བ་མེད་པར་བཞུགས་སོ། །དེའི་ཚེ་དེའི་དུས། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྣང་བས་གཟིགས་པ་ནི། ཤེས་བྱ་ཇི་ལྟ་བར་མཁྱེན་པའི་ཡེ་ཤེས་ཀྱིས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་པ་རྣམས་ཀྱི་སེམས་ཉིད་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་ཆེན་པོའི་ཐུགས་དབྱེར་མེད་ཅིང་ཐ་མི་དད་དེ་སོ་སོ་མ་ཡིན་ལ། མི་གཉིས་པར་གཅིག་ཏུ་མཁྱེན་ཏོ། །ཤེས་བྱ་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཀྱིས་ནི་ཕྱི་སྣོད་ལ་གཟིགས་པས་ས་མི་འགྱུར་བ་ཆོས་ཀྱི་དབྱིངས་ལས་སངས་རྒྱས་སྤྱན་མ་དང་། ཆུ་རྒྱུན་ཆད་པ་མེད་པ་ཆོས་ཀྱི་དབྱིངས་མཱ་མ་ཀི་དང་། མི་ཉེས་པའི་སྐྱོན་དང་བྲལ་བ་ལས་གོས་དཀར་མོ་དང་། རླུང་


DNG018_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

ཐོགས་པ་མེད་པ་ལས་དམ་ཚིག་སྒྲོལ་མ་དང་། ནམ་མཁའ་ཡངས་ཤིང་གོ་འབྱེད་པ་ལས་ཀུན་ཏུ་བཟང་མོར་གཟིགས་སོ། །གཟུགས་ཀྱི་ཕུང་པོ་ས་ལས་རྣམ་པར་སྣང་མཛད་དང་། རྣམ་པར་ཤེས་པའི་ཕུང་པོ་ནམ་མཁའ་ལས་ནི་མི་བསྐྱོད་པ་དང་། ཚོར་བའི་ཕུང་པོ་ཆུ་ལས་རིན་ཆེན་འབྱུང་ལྡན་དང་། འདུ་ཤེས་ཀྱི་ཕུང་པོ་མེ་ལས་ཚེ་དཔག་མེད་པ་དང་། འདུ་བྱེད་ཀྱི་ཕུང་པོ་རླུང་ལས་དོན་ཡོད་གྲུབ་པ་གདོན་མི་ཟ་བ་དང་། ཕུང་པོ་ལྔ་ཡང་རིགས་ལྔར་གཟིགས་སོ། །མིག་ལ་མེ་རླུང་རྒྱུ་བས་གཟུགས་ཀྱི་མཆོད་པ་དང་། རྣ་བར་རླུང་གི་རླུང་རྒྱུ་བས་སྒྲའི་མཆོད་པ་དང་། སྣ་ལ་སའི་རླུང་རྒྱུ་བས་དྲིའི་མཆོད་པ་དང་། ལྕེ་ལ་ཆུའི་རླུང་རྒྱུ་བས་རོའི་མཆོད་པ་དང་། ལུས་ལ་ནམ་མཁའི་རླུང་རྒྱུ་བས་རེག་པའི་མཆོད་པར་ཡང་གཟིགས་ཤིང་མཁྱེན་ཏོ། །དེ་ལྟར་མྱ་ངན་ལས་འདས་པའི་ཁམས་གསུམ་གཟིགས་ནས། འཁོར་བའི་དྲེགས་པ་ཅན་རྣམས་ལ་གཟིགས་པ་ནི། གཏི་མུག་ལས་ཀླུའི་ངན་གཏད་གཏོང་བར་མཁྱེན་ཏོ། །ཞེ་སྡང་ལས་སྲོག་མཐུ་བྱུང་བར་གཟིགས་སོ། །ང་རྒྱལ་ལས་ཐོག་དང་སེར་བ་བྱུང་བར་མཁྱེན་ཏོ། །འདོད་ཆགས་ལས་དབང་སྡུད་ནོར་བསྒྲུབ་བྱུང་བར་གཟིགས་སོ། །ཕྲག་དོག་ལས་སྔགས་པ་སྟོབས་འཇོམས་པ་ཕྱིར་བཟློག་བྱུང་བར་གཟིགས་ཤིང་མཁྱེན་ཏོ། །དེ་ནས་འགྲོ་བ་རིགས་དྲུག་གི་ལས་ལ་གཟིགས་པ་ནི། ཚད་མེད་པ་བཞིས་ཚངས་པ་ལ་སོགས་པའི་གཟུགས་ཁམས་ཀྱི་གནས་སུ་གཟིགས་སོ། །ལྟ་དགོངས་མ་རྟོགས་པའི་བསམ་གཏན་གྱིས་གཟུགས་མེད་མུ་བཞིར་གཟིགས་སོ། །དགེ་བ་བཅུས་འདོད་ཁམས་མཐོ་རིས་ཐོབ་པར་གཟིགས་སོ། མི་དགེ་བ་བཅུས་འདོད་ཁམས་ངན་སོང་གནས་གསུམ་ཐོབ་པར་གཟིགས་སོ། །དེ་ལྟར་མ་འདྲེས་པར་མཁྱེན་པའི་ཡེ་ཤེས་འཁོར་འདས་ཀྱི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་རྣམས་མཁྱེན་པ་ནི། དཔེར་ན་སྨན་པ་མཁས་པས་ལག་མཐིལ་དུ་སྐྱུ་རུ་ར་རློན་པ་བཞག་པ་བཞིན་དུ་གཟིགས་ཤིང་མཁྱེན་ཏོ། །ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་དབྱེར་མེད་པར་མཁྱེན་པའི་ཡེ་ཤེས་ཀྱིས་ནི་འཁོར་བར་སྣང་བ་ཉིད་མྱ་ངན་ལས་འདས་པ་ཉིད་ལས་མ་གཡོས་ཤིང་། མྱ་ངན་


DNG018_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འདས་པར་སྣང་བ་ཉིད་ལས་གཞན་མེད་དེ། དཔེར་ན་ཆབ་རོམ་དུ་སྣང་བའི་དུས་ཉིད་ན་ཆུར་གནས་པ་ཁོ་ནར་གཟིགས་སོ། །གཟིགས་སུ་ཡང་མེད། གཟིགས་པ་ཡང་མི་འགག །གཟིགས་ཐབས་བསམ་གྱིས་མི་ཁྱབ། གཟིགས་བྱ་དང་གཟིགས་བྱེད་ལས་གྲོལ་ན་ཡང་། སྒྱུ་མའི་ཆོ་འཕྲུལ་ཆེན་པོས་ཁམས་གསུམ་གྱི་གདུལ་བྱ་དྲེགས་པ་ཅན་འདུལ་བར་གཟིགས་སོ། །དེ་ནས་ཡུམ་པདྨ་གཟི་ལྡན་པདྨ་ཅན་གྱིས་གླུ་འདིས་བསྐུལ་ལོ། །ཨེ་མ་ཧོ། ཐབས་ནི་སྙིང་རྗེ་ཆེན་པོ་ཉིད། །ཤེས་རབ་སྟོང་པ་ཉིད་ཀྱི་ངང་། །སྟོང་ཉིད་སྙིང་རྗེ་ཆེན་པོ་ཅན། །ཐབས་དང་ཤེས་རབ་འགྲོ་དོན་མཛོད། །ཨེ་མ་ཧོ། ཤེས་རབ་ཡུམ་གྱི་བྷ་ག་རུ། །ཐབས་མཆོག་ཡབ་ཀྱི་ལིངྒ་ཡིས། །བྷ་གར་ལིངྒ་མཉམ་བཞག་ནས། །སྤྲུལ་པའི་སྲས་ཀྱི་ཕྲིན་ལས་མཛོད། །ཨེ་མ་ཧོ། སྣོད་ཀྱི་འཇིག་རྟེན་ཤེས་རབ་སྟེ། །མི་དམིགས་ཆོས་དབྱིངས་སྟོང་པའི་མཛོད། །བཅུད་ཀྱི་སེམས་ཅན་ཐབས་ཡིན་ཏེ། །མ་འགགས་སེམས་ཀྱི་ཆོ་འཕྲུལ་སྣང་། །སྣོད་བཅུད་གཉིས་མེད་འདྲེལ་པ་ཡི། །བློ་དང་གཉིས་པོ་རྣམ་པར་བསྲེས། །བློ་དངོས་བསྲེས་པའི་ལྟ་དགོངས་ཀྱིས། །འཁོར་བ་མྱ་ངན་འདས་པར་སྤྱོད། །ཤེས་རབ་ཀུན་གཞིས་སྟོང་པ་ནས། །ཐབས་ཀྱི་སེམས་ཉིད་འགག་པ་མེད། །རྣམ་ཤེས་ཚོགས་བརྒྱད་ཀུན་ལྡན་པ། །ཚོགས་བརྒྱད་ཡེ་ཤེས་རྣམ་ལྔར་སྦྱོར། །ཨེ་མ་ཧོ། མ་རིག་འཁོར་བའི་འགྲོ་དྲུག་རྣམས། །བདེ་ཆེན་ཡབ་ཀྱི་སྐུ་ལ་སྦྱོར། །ང་རྒྱལ་དྲེགས་པའི་ལྷ་སྲིན་རྣམས། །སངས་རྒྱས་བསྟན་པ་བསྲུང་བར་མཛོད། །ཨེ་མ་ཧོ། དུས་འདིར་ཕུན་སུམ་ཚོགས་ལྡན་ཞིང་། །འདྲེལ་དང་མ་ཚང་མེད་པའི་ཕྱིར། །པདྨ་དབང་ཆེན་ཧེ་རུ་ཀའི། །རྒྱུད་ཆེན་བཤད་པའི་དུས་ལ་བབས། །ཨེ་མ་ཧོ། དགོངས་དང་དགོངས་མིན་བདག་གབ་སྦས། །དེ་མིན་བཟུང་བར་བདེ་བ་ཡི། །ལུང་ཆེན་རྒྱ་མཚོ་ལྟ་བུ་ལས། །དུས་འདིར་ལུང་ཆེན་བཤད་དུ་གསོལ། །ཨེ་མ་ཧོ། ཀུན་བཟང་ཐུགས་ཀྱི་དཀྱིལ་འཁོར་དུ། །ཟབ་མོར་གནས་པ་བརྡས་


DNG018_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་ནས། །བདག་གི་རྣ་བའི་དབང་པོར་བླུག །མི་བསླུའི་ངེས་དོན་མན་ངག་ཤོད། །ཨེ་མ་ཧོ། རྒྱུད་དང་ལུང་དང་མན་ངག་གསུམ། །དམངས་དང་རྗེ་དང་རྒྱལ་པོའི་ཚུལ། །གཅིག་ལ་གཅིག་དགོས་རྒྱན་དུ་ཆེ། །རྒྱུད་ལུང་མན་ངག་བཤད་དུ་གསོལ། །ཞེས་ཞུས་སོ། །དེ་ནས་བཅོམ་ལྡན་འདས་དཔལ་པདྨ་ཧེ་རུ་ཀ་ཉིད། ཆོས་ཀྱི་དབྱིངས་ནམ་མཁའ་ལྟ་བུའི་ངང་ནས། ཉི་ཟླ་ལྟ་བུའི་སྐུ་བཞེངས་ནས། དབུ་ལྔས་རྟ་གདངས་ཀྱིས་སྐད་ཕྱུང་ནས། ཕྱག་དྲུག་གི་འཇིགས་པའི་མཚོན་ཆ་སྣ་ཚོགས་པ་གསོར་ཞིང་།ཞབས་བརྒྱད་ཀྱིས་འཇིག་རྟེན་ལས་འདས་པའི་ཁྲོ་བོ་བརྒྱད་མནན་ནས། རྡོ་རྗེ་འདེགས་གཤོག་གིས་ལྟ་བའི་དགོངས་པ་འཕངས་བཅད། རིན་ཆེན་འཛུམ་གཤོག་གིས་སེམས་ཅན་ལ་སྦྱིན་པ་ཡིད་བཞིན་ནོར་བུ་རིན་པོ་ཆེ་ལྟར་ཆར་བཞིན་ཕབ་ནས། གསུང་དུ་མེད་པའི་བརྗོད་པ་འདི་མཛད་དོ། །ཨེ་མ་ཧོ། ཐབས་ནི་འགག་པ་མེད་པའི་ཡེ་ཤེས་ཡིན། །སངས་རྒྱས་ཀུན་ལ་མཁྱེན་པའི་ཡེ་ཤེས་མངའ། །ཡེ་ཤེས་མཁྱེན་ལས་མ་གཏོགས་ཐབས་གཞན་མེད། །ཐབས་དེ་མཐོང་ན་ཐབས་གཞན་སྒྱུ་མ་འདྲ། །ཤེས་རབ་འགྱུར་བ་མེད་པའི་ཆོས་ཉིད་ཡིན། །སངས་རྒྱས་རྣམས་ཀྱིས་གསུངས་རུང་མ་གསུངས་རུང་། །སེམས་ཅན་རྣམས་ཀྱིས་རྟོགས་རུང་མ་རྟོགས་རུང་། །ཆོས་ཉིད་འགྱུར་བ་མེད་པར་ཡེ་ནས་གནས། །ཐབས་དང་ཤེས་རབ་དེ་ཉིད་རྟོགས་གྱུར་ན། །གང་གིས་རྟོགས་པའི་འཁོར་བའི་སེམས་ཅན་རྣམས། །བདེ་ཆེན་ཆོས་སྐུ་དྲི་མ་མེད་པ་ཡིན། །དེ་ལྟར་རྟོགས་པའི་རྣལ་འབྱོར་སྒྲུབ་པོ་རྣམས། །དྲེགས་པ་མ་ལུས་འཁོར་ཞིང་བསྟན་པ་བསྲུང་། །དེ་ཕྱིར་དྲེགས་པ་གཟན་འབེབས་རྒྱུད་བཤད་ཀྱིས། །ཕྱི་རབས་མ་འོངས་དོན་དུ་ལེགས་པར་ཉོན། །ཞེས་གསུངས་སོ། །པདྨ་དབང་ཆེན་དྲེགས་པ་གཟན་ལ་འབེབས་པའི་རྒྱུད་ལས། གླེང་གཞི་དང་གླེང་བསླང་བའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱུད་ལུང་མན་ངག་གསུམ་གཅིག་ཏུ་འདྲེལ་པའི་ཨེ་ཝཾ་མ་ཡཱ་འདི་གསུངས་སོ། །རྒྱུད་འདི་དམངས་དང་འདྲ་སྟེ་བྱ་བ་མང་། །ལས་རྣམས་མ་ལུས་རྒྱུད་


DNG018_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་འགྲུབ་པར་བྱེད། །ལུང་འདི་རྗེ་དང་འདྲ་སྟེ་གཟུང་བར་བདེ། །འབངས་རྣམས་ཇི་ལྟར་འདོད་པའི་དགོས་དགུ་འབྱུང་། །མན་ངག་མ་དང་འདྲ་སྟེ་མི་བསླུ་ངེས། །རྒྱལ་པོ་ལྟ་བུར་རང་ས་འཛིན་པའོ། །རྗེ་ཡིས་རང་ས་འཛིན་པར་མ་གྱུར་ན། །རྗེ་ཡིས་འབངས་ཀྱི་ཚིས་ཀྱང་མི་བྱེད་ལ། །འབངས་རྣམས་ལས་ལ་གང་གིས་བཀོལ་མི་ནུས། །དེ་ཕྱིར་རྒྱུད་དང་ལུང་དང་མན་ངག་གིས། །ཨེ་ཝཾ་མ་ཡཱ་རབ་ཏུ་བཤད་ཀྱིས་ཉོན། །རྒྱུད་རྣམས་ཀུན་ལ་ཕུན་སུམ་ཚོགས་པ་ལྔ། །འདི་ནི་ཉེ་བར་མཚོན་པ་ཨེ་རུ་གནས། །ཆོས་དབྱིངས་འོག་མིན་བཙུན་མོའི་བྷ་ག་དང་། །འཛམ་གླིང་ལ་སོགས་སྟོང་གསུམ་གནས་སུ་འདོད། །སྐད་ནི་གསལ་བྱེད་ལས་ནི་ཝཾ་གྱིས་མཚོན། །སྟོང་པ་གསལ་བྱེད་སྐུ་གསུམ་ལ་སོགས་ཏེ། །རང་བཞིན་ཆོས་སྐུ་ལོངས་སྤྱོད་རྫོགས་མཛད་པ། །སྤྲུལ་སྐུས་ཆོས་ཀྱི་དོན་རྣམས་མ་ལུས་གསུངས། །བདག་ནི་མ་སྟེ་འཁོར་དང་སྡུད་པའོ། །ཉིད་ལས་མི་གཞན་འཁོར་ནི་བདེ་བར་གཤེགས། །སྲས་ཚོགས་སེམས་དཔའ་སེམས་མ་ཡབ་ཡུམ་དང་། །གདུག་པ་འདུལ་བྱེད་ཁྲོ་བོ་མང་པོའི་ཚོགས། །བསྟན་པ་སྲུང་བྱེད་ཕྱི་ནང་ལྷ་སྲིན་རྣམས། །དད་པས་གཏམ་ཉན་རིག་འཛིན་ཕོ་མོ་རྣམས། །ཐོས་པས་ཡཱ་སྟེ་བསྟན་པས་རང་རྒྱུད་འདུལ། །ཉོན་མོངས་གདུལ་བྱ་སྟོང་ཕྲག་བརྒྱད་ཅུ་བཞི། །དེ་སྙེད་ཆོས་རྣམས་བཤད་པས་ཉོན་མོངས་ཞི། །རྨད་བྱུང་ཆོས་ཀྱི་འཁོར་ལོ་མ་ལུས་གསུངས། །ཕུན་སུམ་མཆོད་རྟེན་རྒྱུད་དོན་ཚང་བ་ནི། །ལྟ་སྤྱོད་དཀྱིལ་འཁོར་དབང་དང་དམ་ཚིག་དང་། །ཕྲིན་སྒྲུབ་མཆོད་སྔགས་ཏིང་འཛིན་ཕྱག་རྒྱ་སོགས། །ཐབས་དང་སྨན་སྦྱོར་ཆུ་བོའི་དཔེ་ཡིས་མཚོན། །མི་ནུབ་རྒྱས་ཕྱིར་གཏད་ནས་རྗེས་ཡི་རང་། །བདག་རྐྱེན་མཛད་པའི་བཀའ་རྣམས་སྒྲ་ཡིས་བཤད། །ལུང་རྣམས་འདོད་སྤྱོད་བདུན་དུ་ཀུན་གནས་ཀྱང་། །བཟུང་བདེ་ལུང་དང་མཚུངས་པས་ལུང་དུ་གྲགས། །རང་བཞིན་དཀྱིལ་འཁོར་བསྐྱེད་དང་ཡེ་ཤེས་བསྒྲུབ། །རྫོགས་པའི་རིམ་པ་བཟང་པོར་བསྒོམ་པའོ། །རང་བཞིན་དཀྱིལ་འཁོར་གནས་དང་བདག་


DNG018_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཡིན། །ཨེ་ནི་ནམ་མཁའ་གྲུ་གསུམ་ཆོས་ཀྱི་དབྱིངས། །བཾ་ནི་ཁྲག་མཚོ་བདུད་རྩིའི་བུམ་པས་མཚན། །མ་ནི་རྒྱས་བྱེད་ཤ་ཆེན་རི་རབ་བཅས། །ཡཱ་ནི་རླུང་ནག་རྡོ་རྗེ་རྒྱ་གྲམ་གཏམས། །དབང་ཆེན་འབྱུང་བ་ཨེ་བཾ་མ་ཡཱར་གནས། །ཨེ་ནི་གྲུ་གསུམ་དཀྱིལ་འཁོར་ཕོ་བྲང་མཆོག །བཾ་ནི་ཁམས་གསུམ་དབང་སྡུད་ཟླ་གམ་མཛེས། །མ་ནི་རྒྱས་བྱེད་གྲུ་བཞི་སྒོ་ཁྱུད་བཅས། །ཡཱ་ནི་སྤྲོས་བྲལ་ཟླུམ་པོ་འཁོར་ཡུག་བཅས། །ཨེ་ནི་དྲག་པོ་དྲེགས་པ་ཕོ་མོ་རྣམས། །བཾ་ནི་དེ་ཡི་ཡུམ་ཆེན་བུད་མེད་དབང་། །མ་ནི་ཆགས་མེད་རྒྱས་པའི་པདྨའི་གདན། །ཡཱ་ནི་ཉི་ཟླའི་གདན་གྱིས་ཡོངས་སུ་མཛེས། །གནས་དང་གདན་བཅས་ཨེ་བཾ་མ་ཡཱ་ལས། །གྲུབ་པའི་ཕྱིར་ན་རྒྱུད་འདིར་གསལ་བར་བཤད། །གནས་ཀྱི་བདག་པོ་བསྐྱེད་པར་བྱ་བ་ཡང་། །ཨེ་ནི་རྣམ་ཐར་སྒོ་གསུམ་སྐུ་གསུམ་མཚོན། །སྐུ་གསུམ་རང་བཞིན་དབང་ཆེན་ཡབ་ཀྱི་སྐུ། །དཀྱིལ་འཁོར་དགུ་ལྡན་ལྷུན་གྱིས་གྲུབ་པའི་སྐུ། །བཾ་ནི་དབང་སྡུད་གཟི་ལྡན་པདྨ་ཅན། །བདེ་བ་བཞི་ཡི་བདག་ཉིད་ཚེ་གནས་གསུམ། །མ་ནི་ཡིད་སྐྱོབ་བྷ་ག་ལིངྒར་འདྲེལ། །ཐུགས་ཀ་ཡེ་ཤེས་སེམས་དཔའི་སྐུ་ལ་འཁྲིལ། །གཟི་ལྡན་པདྨ་སྦྱོར་བའི་བྱང་ཆུབ་སེམས། །མཁའ་གསང་སྦྱོར་བ་གསང་བའི་སྣ་རྩེ་ལ། །ཐུགས་ཀར་གནས་པས་ནང་གི་སྣ་རྩེ་ཉིད། །བྱང་ཆུབ་སེམས་ནི་རླུང་གིས་བསྐུལ་བ་ལས། །ཤངས་ཀྱི་བུ་གར་དེ་ཉིད་ཐོན་གྱུར་པ། །དེ་ནི་ཕྱི་ཡི་སྣ་རྩེར་རྒྱལ་བས་གསུངས། །ཡཱ་ནི་འཁོར་གྱི་ཚོགས་རྣམས་རྒྱས་པར་བསྐྱེད། །སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་ལྔ། །སྤྱིར་བསྡུས་པ་སྟེ་ཁམ་རྒྱ་ཆེན་པོ་དྲུག །ཆོས་ཉིད་ཆོས་སྐུ་མ་མཐོང་ལོང་བ་བརྒྱད། །ལོངས་སྐུ་སྤྲུལ་སྐུ་མ་མཐོང་དམུས་ལོང་བརྒྱད། །སེམས་ཅན་རྣམས་ལ་བརྡའ་རུ་བསྟན་པའི་འཁོར། །ཟ་བྱེད་ཁྱི་བརྒྱད་ཡེ་ཤེས་ཁྱི་བཅུ་རྣམས། །ཕྲིན་ལས་འགྲོ་བ་མ་ལུས་བསྲུངས་ཤིང་སྐྱོང་། །སྒོ་བཞི་སྒོ་སྐྱོང་སངས་རྒྱས་ལམ་དུ་འདྲེན། །ཐེག་ཆེན་དགུ་དང་རྣམ་པར་ཐར་པ་བརྒྱད། །ཡེ་ཤེས་དྲུག་དང་སྐུ་གསུང་ཐུགས་རྣམས་ཀྱིས། །ཐམས་ཅད་གསང་བའི་དཀྱིལ་འཁོར་ནང་དུ་འདྲེན། །ཨེ་ནི་


DNG018_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ལྔའི་རྒྱལ་བ་ལ་སོགས་རྣམས། །རྡོ་རྗེ་སློབ་དཔོན་ལྟ་བུར་ནམ་མཁར་བྱོན། །བཾ་ནི་རིགས་ཀྱི་ཡུམ་རྣམས་བུམ་པ་ཐོགས། །ལས་ཀྱི་སློབ་མ་ལྟ་བུས་ཆུ་རྒྱུན་འབེབས། །མ་ནི་དབུ་ལ་དབང་རྟགས་རིགས་ལྔར་བཞུགས། །ཡཱས་ནི་སྐུ་དང་གསུང་དང་ཐུགས་རྣམས་ལ། །གསང་བ་ཤེས་རབ་ཡེ་ཤེས་བདེ་ཆེན་གྱིས། །བྱིན་གྱིས་བརླབས་པས་སྐུ་གསུང་ཐུགས་རྣམས་ནི། །མི་ཟད་རྒྱན་གྱི་འཁོར་ལོར་གྱུར་པ་ཉིད། །དབང་དང་བྱིན་རླབས་དོན་དུ་བཤད་པ་ཡིན། །ཡེ་ཤེས་དཀྱིལ་འཁོར་སྤྱན་ཡང་དྲངས་ནས་འགྲུབ། །ཨེ་ནི་ཨེ་ཧྱེ་ཧི་ཞེས་བརྡའ་མཚོན་སྒྲས། །དབྱིངས་ནས་ཡེ་ཤེས་མདུན་དུ་སྤྱན་ཡང་དྲངས། །བཾ་ནི་སྒྲ་ཡི་རྣམ་པར་མཚོན་ནས་ནི། །ས་མ་ཡ་ནི་པ་ཏི་ནན་ཞེས་པ། །ཕབ་ནས་གཉིས་སུ་མེད་པར་བསྡིམ་པར་བྱ། །མ་ཞེས་མ་ཧེན་དྲ་ཡི་སྒྲས་མཚོན་ནས། །ཕྱི་དང་ནང་དང་གསང་བ་དེ་ཁོ་ན། །ཕྱག་མཆོད་མ་ལུས་པ་ཡིས་མཉེས་པར་བྱ། །བཟླས་པས་བསྐུལ་བས་ཐུགས་མཉེས་ཐུགས་དམ་བསྐུལ། །ཡཱ་ནི་ཡ་ཧི་གཙྪ་བརྗོད་པར་བྱས་པ་ཡིས། །དམ་ཚིག་དཀྱིལ་འཁོར་སྒྲུབ་པ་བདག་ལ་བསྡུས། །སྤྱན་དྲངས་རྣམས་ནི་རང་རང་གནས་སུ་གཤེགས། །རྫོགས་པའི་རིམ་པ་བཟང་པོ་གང་བསྒོམ་པ། །ཨེ་ནི་ལྟེ་བ་ཆོས་འབྱུང་གྲུ་གསུམ་ཉིད། །ས་རླུང་རང་གི་གནས་ནས་ཐམས་ཅད་བསྐྱེད། །མ་ལྟེ་བུ་ལྟེར་འདྲེལ་ནས་སྤྲུལ་སྐུ་འབྱིན། །བཾ་ནི་སྙིང་གར་གནས་པས་སྲོག་རྩར་གྱིས། །ཆུ་རླུང་རང་གནས་ལུས་ཀྱི་ཁྲག་རྣམས་རྒྱས། །སྲོག་རྩ་རྩ་བོ་ཆེ་ལས་སྨད་ཁྲག་རྒྱས། །སྲོག་རྩ་ལས་ཀྱིས་རྩེའུ་ཆུང་སྟོད་ཁྲག་རྒྱས། །མ་ནི་མགྲིན་པར་གནས་པས་གསུང་དབྱངས་རྒྱས། །ཟས་དང་སྐོམ་རྣམས་སྤྱད་པས་ལུས་ཟུངས་རྒྱས། །མེ་རླུང་རང་གནས་མགྲིན་པར་ཐམས་ཅད་སྨིན། །སྨིན་པའི་དྭངས་མས་ལུས་ཁམས་བདུད་རྩི་རྒྱས། །ཡཱ་ནི་སྤྱི་བོར་གནས་པས་རླུང་གི་རླུང་། །རླུང་གི་ལས་ཀྱིས་འབྱེད་ཅིང་ཕྲིན་ལས་བྱེད། །ཐ་མ་སྒལ་ཚིགས་རྟ་ལས་བྱང་ཆུབ་སེམས། །ཐུར་དུ་དྲངས་ནས་ས་བོན་འཛག་པ་དང་། །


DNG018_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བའི་སེམས་ཅན་སྐྱེ་བའི་རྒྱུ་ཡང་བྱེད། །རིགས་ལྡན་རྣལ་འབྱོར་དབང་ཕྱུག་ཆེན་པོ་རྣམས། །སྤྱི་གཙུག་ཚངས་པའི་བུ་ག་ཁ་བྱེ་ནས། །འོག་མིན་མཁའ་སྤྱོད་གནས་སུ་སེམས་ཉིད་འགྲོ། །ལུང་རྣམས་གཟུང་བདེ་ལག་ལེན་བསྐྱེད་རྫོགས་ཡིན། །མན་ངག་སྐྱེས་བུའི་ཐུགས་ལ་གང་གབ་པ། །ཨེ་ནི་གྲུ་གསུམ་ཕྱི་དབྱིབས་སྙིང་དུ་གནས། །ནང་དུ་ཀུན་གཞི་མ་བཅོས་བྱང་ཆུབ་སེམས། །དཀར་ནག་ལས་རྣམས་གསོག་པའི་སྣོད་ཡིན་ཡང་། །ཆོས་ཀྱི་དབྱིངས་སུ་ཤེས་པས་གོས་པ་མེད། །བཾ་ནི་མི་ཤིགས་ཐིག་ལེ་རྣམ་ཤེས་ཡིད། །ཕྱི་ནང་ཀུན་ལ་དབང་བསྒྱུར་གང་སྣང་འཆར། །མེ་ལོང་ཡེ་ཤེས་དྲི་མེད་ཆོས་ཀྱི་སྐུ། །ཀུན་ཏུ་བཟང་པོ་ཆོས་སྐུ་དྲི་མ་མེད། །མ་ནི་ཉོན་མོངས་ཡིད་དེ་ཉོན་མོངས་ལྔ། །རིགས་ལྔའི་སངས་རྒྱས་རྣམས་ཀྱང་དུག་ལྔ་ཡིན། །མེ་ལོང་ལྟོ་རྒྱབ་ལོག་པ་ལྟ་བུར་གནས། །དུག་ལྔ་རིགས་ལྔ་དབྱེར་མེད་རྟོགས་པར་བྱ། །མ་རྟོགས་རིགས་དྲུག་འགྲོ་བ་དུག་ལྔ་ཡིན། །རིགས་དྲུག་རིགས་ལྔར་ཤེས་པས་འཁོར་བ་སྟོངས། །ཡཱ་ནི་སྒོ་ལྔའི་རྣམ་པར་ཤེས་པར་གནས། །སྒོ་ལྔའི་རྣམ་ཤེས་འདོད་ཡོན་ལྔ་ལ་སྤྱོད། །མིག་གཟུགས་རྣ་བ་སྒྲ་སྟེ་སྣ་ལ་དྲི། །ལྕེ་ལ་རོ་སྟེ་ལུས་ལ་རེག་བྱར་གནས། །འདི་ལྔ་མཆོད་པའི་ལྷ་མོར་ཤེས་པར་བྱ། །དེ་ལས་མ་རྟོགས་མཆོད་པའི་ལྷ་མོ་མེད། །ཅེས་གསུངས་སོ། །པདྨ་དབང་ཆེན་དྲེགས་པ་གཟན་ལ་འབེབས་པའི་རྒྱུད་ལས།རྒྱུད་ལུང་མན་ངག་མི་ཤེས་པའི་དྲེགས་པ་གཟན་ལ་འབེབས་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་དབང་ཆེན་སྐུ་གསུང་ཐུགས་བསྒོམ་པ་འདི་གསུངས་སོ། །སྐུ་བཞི་གཅིག་ཏུ་བསྒོམ་པའི་ཀུན་ཏུ་ཞལ། །ཞལ་བཞི་སྐུ་མདོག་པདྨ་རཱ་གའི་མདོག །གཡས་ཀྱི་ཕྱག་བརྒྱད་རྡོ་རྗེ་ལྕགས་ཀྱུ་དང་། །སྦྲུལ་གྱི་ཞགས་པ་མུ་སྟེགས་མགོ་བོ་དང་། །ཏྲི་ཤཱུལ་རྩེ་གསུམ་རྡོ་རྗེ་རྩེ་དགུ་དང་། །རྩེ་ལྔ་རྩེ་གསུམ་རྩེ་གཅིག་འབར་བ་བསྣམས། །གཡོན་གྱི་ཕྱག་བརྒྱད་རྡོ་རྗེ་ལྕགས་ཀྱུ་དང་། །ལྕགས་སྒྲོག་སྡིགས་མཛུབ་ཆད་པར་སྙིང་ཡང་བཅུག །ཐོད་པ་རློན་པ་ཁྲག་གིས་བཀང་བ་དང་། །


DNG018_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོ་ཆེན་སྙིང་དང་ཁ་ཊྭཱཾ་རྩེ་གསུམ་དང་། །གཤིན་རྗེའི་དབྱུག་པ་བེ་ཅོན་ཆེན་པོ་དང་། །ཁ་ཊྭཱཾ་ཌ་མ་རུ་ནི་ལྷན་ཅིག་བསྣམས། །བདེ་གཤེགས་སྐུ་ཡི་ཁམ་རྒྱ་མོ། །བདུད་ཀྱི་དྲེད་མོ་རྐང་གསུམ་ཞོན། །འཁོར་ལོ་ཐོད་པ་ལག་ན་ཐོགས། །སྨུག་ནག་གཏི་མུག་ཅན་རྣམས་འདུལ། །པདྨ་གསུང་གི་ཁམ་རྒྱ་མོ། །ལྕགས་ཀྱི་སྤྱང་མོ་མགོ་དགུ་ཞོན། །ཕྱག་ན་པདྨ་ཐོད་པ་བསྣམས། །དམར་མོ་འདོད་ཆགས་དབང་དུ་སྡུད། །རྡོ་རྗེ་ཐུགས་ཀྱི་ཁམ་རྒྱ་མོ། །ཟངས་ཀྱི་འཕར་མོ་མགོ་བརྒྱད་ཞོན། །དཀར་དམར་ཟངས་མདོག་ཞེ་སྡང་འཇོམས། །རྡོ་རྗེ་རྩེ་ལྔ་བྷན་དྷ་བསྣམས། །རིན་ཆེན་ཡོན་ཏན་ཁམ་རྒྱ་མོ། །གཡུ་ཡི་སྤྱང་མོ་རྐང་གསུམ་ཞོན། །མཐིང་ག་རིན་ཆེན་ཐོད་པ་བསྣམས། །ང་རྒྱལ་ཅན་རྣམས་དབང་དུ་སྡུད། །ཕྲིན་ལས་ཕོ་ཉ་ཁམ་རྒྱ་མོ། །གསེར་གྱི་སེང་གེ་རྔམ་པ་ལ། །ལྗང་སེར་མ་མོ་རྒྱ་གྲམ་འཛིན། །རློན་པའི་བྷན་དྷ་ཕྲག་དོག་འཇོམས། །ཁྱབ་པའི་ཡེ་ཤེས་ཁམ་རྒྱ་མོ། །དཀར་མོ་སྟག་མོ་ཆིབས་སུ་ཆིབས། །གྲི་གུག་བྷན་དྷ་ཕྱག་ན་བསྣམས། །ཀུན་ལ་ཐོགས་པ་མེད་པར་རྒྱུག །ཤར་ཕྱོགས་ལོང་བ་རྒྱབ་འདྲེལ་ནི། །འབྲུག་ཆེན་སྔོན་པོ་ཆིབས་སུ་ཆིབས། །ན་བཟའ་ལེ་བརྒན་དཔུང་ཟླུམ་ཅན། །ཡེ་ཤེས་སྒྲོན་མ་རྡོ་རྗེ་ཐོགས། །འཁོར་གྱི་དམུས་ལོང་བཅོ་ལྔས་བསྐོར། །ཕྱག་ན་འོད་ཟེར་སྒྲོན་མ་བསྣམས། །ལྷོ་ཕྱོགས་ལོང་བ་རྒྱབ་འདྲེལ་ནི། །ལྕགས་ཀྱི་དྲེལ་རྟ་ཆིབས་སུ་ཆིབས། །ཕྱག་ན་ལྕགས་ཀྱི་ཁྱུང་སྡེར་བསྣམས། །ན་བཟའ་གསེར་རས་སྒྲོན་མེ་གསོལ། །དམུས་ལོང་བཅོ་ལྔ་འཁོར་དང་བཅས། །ཕྱག་ན་རིན་ཆེན་སྒྲོན་མེ་སྦར། །ཉུང་དཀར་བགེགས་ལ་མདའ་རུ་འཕེན། །ནུབ་ཕྱོགས་ལོང་བ་རྒྱབ་འདྲེལ་ནི། །བན་གླང་དཀར་པོ་ཆིབས་སུ་ཞོན། །ན་བཟའ་ཀླུ་སྦྲུལ་པགས་པ་གསོལ། །སྦྲུལ་ཞགས་ཡེ་ཤེས་སྒྲོན་མ་བསྣམས། །འཁོར་གྱི་དམུས་ལོང་བཅོ་ལྔ་ནི། །འབུད་དུང་གཡས་སུ་འཁྱིལ་པ་དང་། །པདྨའི་སྒྲོན་མ་ཕྱག་ན་བསྣམས། །བྱང་ཕྱོགས་ལོང་བ་རྒྱབ་


DNG018_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེལ་ནི། །ཆུ་སྲིན་དམར་པོ་ཆིབས་སུ་ཆིབས། །ན་བཟའ་གསེར་གྱི་དཔུང་བླུག་ཅན། །ཕྱག་ན་ཞིང་དབྱུག་སྒྲོན་མེ་འབར། །འཁོར་གྱི་དམུས་ལོང་བཅོ་ལྔ་ནི། །མེ་སྒྲོན་བསྣམས་ནས་ཤ་ཁྲག་ཟ། །ཟ་བྱེད་དཔལ་གྱི་ཁྱི་བརྒྱད་ནི། །ཤར་ན་ལྕགས་ཁྱི་མགོ་བརྒྱད་ལ། །མཁའ་འགྲོ་གྲི་གུག་ཐོད་པ་དཀར། །ཤར་ལྷོ་ལྕགས་ཁྱི་མགོ་བརྒྱད་ལ། །དཔའ་བོ་གྲི་གུག་ཐོད་པ་སེར། །ལྷོ་ན་ལྕགས་ཁྱི་མགོ་བརྒྱད་ལ། །དཔའ་བོ་གྲི་གུག་ཐོད་པ་མཐིང་། །ལྷོ་ནུབ་ལྕགས་ཁྱི་མགོ་བརྒྱད་ལ། །ཤུགས་འགྲོ་གྲི་གུག་ཐོད་པ་སྨུག །ནུབ་ན་ལྕགས་ཁྱི་མགོ་བརྒྱད་ལ། །མཁའ་འགྲོ་གྲི་གུག་ཐོད་པ་དམར། །ནུབ་བྱང་ལྕགས་ཁྱི་མགོ་བརྒྱད་ལ། །མཁའ་འགྲོ་གྲི་གུག་ཐོད་པ་སེར། །བྱང་ན་ལྕགས་ཁྱི་མགོ་བརྒྱད་ལ། །དཔའ་བོ་གྲི་གུག་ཐོད་པ་ལྗང་། །བྱང་ཤར་ལྕགས་ཁྱི་མགོ་བརྒྱད་ལ། །མཁའ་འགྲོ་གྲི་གུག་ཐོད་པ་སེར། །ཡེ་ཤེས་སྤྲུལ་པ་ཁྱི་བཅུར་བཅས། །ཤར་ན་མགོ་དགུ་རྐང་གཅིག་པོ། །སྟ་རེ་གཡས་ལ་ལྕགས་ཀྱུ་གཡོན། །ལྷོ་ན་མགོ་བརྒྱད་རྐང་ལག་བརྒྱད། །གཡས་ན་རྡོ་རྗེ་གཡོན་ན་ཕུར། །ནུབ་ན་མགོ་དྲུག་རྐང་ལག་དྲུག །གཡས་པ་ཕུར་པ་གཡོན་གཏོར་མ། །བྱང་ན་མགོ་གསུམ་རྐང་ལག་གསུམ། །ཕྱག་ན་ཤ་ཟ་ཁྲག་ལ་སྤྱོད། །དེ་ནས་པདྨ་དབང་ཆེན་གྱིས། །གསུང་གི་གསང་སྔགས་རབ་ཏུ་བཤད། །གསང་སྔགས་རབ་ཏུ་ངོ་མཚར་རོ། །མཆོག་དང་ཐུན་མོང་ལས་རྣམས་འགྲུབ། །ཨོཾ་པདྨ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚཱ་ན། ཧ་ན་ཏ་ཀ་པ་ཙ་ཧཱུཾ་ཕཊ། སྐུའི་སྔགས་སོ། །ཨོཾ་པདྨ་བི་ཏ་སི་ཏི་ཧ་ཧེ་ཙཀྲ་བྷྱོ་བྷྱོ་ཧཱུཾ་ཧཱུཾ་ཕཊ། གསུང་གི་སྔགས་སོ། །ཨོཾ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཨེ་ཨཱ་ར་ལི་ཧཱུཾ་ཧྲཱྀཿཛ། ཐུགས་ཀྱི་སྔགས་སོ། །ཨོཾ་ཧྲཱྀཿཧ་ཧ་ཧཱུཾ་ཧཱུཾ་ཕཊ། ཡོན་ཏན་གྱི་སྔགས་སོ། །ཧྲི་དི་མ་དྷཱ་རི་ཧ་ཡ་གྷྲི་ཝ་ཨེ་ཀ་ཛ་ཏི་ཧུ་ལུ་ཧུ་ལུ་ཧཱུཾ་ཧྲཱྀཿཛ་ཛ། ཕྲིན་ལས་ཀྱི་སྔགས་སོ། །དེ་ནས་པདྨ་དབང་ཆེན་གྱིས། །ཐུགས་ཀྱི་གསང་བ་རབ་ཏུ་བཤད། །སྲོག་འཛིན་རླུང་ནི་ཀུན་གྱི་བདག །དེ་ཉིད་པདྨ་དབང་ཆེན་སྐུ། །


DNG018_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལས་རྩོལ་བའི་རླུང་བྱུང་བས། །འབྱུང་བ་བཞི་དང་འབྱུང་ཆུང་ལྔ། །དཀྱིལ་འཁོར་དགུ་ཡི་ལྷ་རུ་འགྱུར། །མིག་ལ་མེ་ཡི་རླུང་རྒྱུ་ཡང་། །གཟུགས་མཐོང་སྐུ་ཡི་ཁམ་རྒྱ་མོ། །ལྕེ་ལ་ཆུ་ཡི་རླུང་ཡང་རྒྱུ། །རོ་མྱོང་གསུང་གི་ཁམ་རྒྱ་མོ། །ལུས་ལ་ནམ་མཁའི་རླུང་ཡང་རྒྱུ། །རེག་ཤེས་ཐུགས་ཀྱི་ཁམ་རྒྱ་མོ། །སྣ་ལ་ས་ཡི་རླུང་ཡང་རྒྱུ། །དྲི་ཚོར་ཡོན་ཏན་ཁམ་རྒྱ་མོ། །རྣ་བར་རླུང་གི་རླུང་ཡང་རྒྱུ། །སྒྲ་ཐོས་ལས་ཀྱི་ཁམ་རྒྱ་མོ། །དེ་ལྔ་ཡིད་ཀྱི་ནང་དུ་འདུས། །ཀུན་ཁྱབ་ཡེ་ཤེས་ཁམ་རྒྱ་མོ། །འཁོར་བ་རྣམ་རྟོག་བག་ཆགས་རླུང་། །འདས་པ་རྟོག་མེད་ཡེ་ཤེས་སོ། །འཁོར་འདས་གཉིས་སུ་རྒྱབ་གྱེས་པས། །དེ་ཕྱིར་ལོང་བ་རྒྱབ་འདྲེལ་ཤར། །ཕྱིར་ལྡང་རླུང་ལས་འདོད་ཡོན་ལྔས། །སངས་རྒྱས་མཉེས་ཤིང་སེམས་ཅན་ཚིམས། །ནང་འཇུག་རླུང་ལས་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་དངོས་གྲུབ་ཐོབ། །ཁོང་ནས་རླུང་ལས་ཡེ་ཤེས་ལྔས། །དངོས་གྲུབ་རང་ལ་ཐོབ་པའོ། །འབྱུང་འཇུག་གནས་པ་བཅོ་ལྔ་ལས། །དེ་ཕྱིར་དམུས་ལོང་བཅོ་ལྔའི་འཁོར། །ཐབས་མཆོག་དམངས་ལ་རྒྱ་ཆེ་ཞིང་། །ཤེས་རབ་སྟོང་པ་ཉིད་དུ་ཟབ། །རྣམ་པར་རྟོག་པས་ཡ་བྲལ་བཟུང་། །དེ་ཕྱིར་ལོང་བ་རྒྱབ་འདྲེལ་ལྷོ། །རླུང་འདི་ཕྱིར་ལྡང་ཨོཾ་དུ་འཕྲོ། །དེ་ལས་བདེར་གཤེགས་སྐུ་ལྔར་གསལ། །ནང་དུ་ཧཱུཾ་འཇུག་ཧཱུཾ་དུ་འདུས། །དེ་ལས་སངས་རྒྱས་ཐུགས་ལྔར་ཐིམ། །ཁོང་ནས་རླུང་གི་ཡི་གེ་ཨཱཿ། །རྒྱལ་བའི་གསུང་ལྔས་རྟོགས་པ་སྐྱེ། །དེ་ཕྱིར་རླུང་ལྔའི་དམུས་ལོང་འཁོར། །བེམ་པོ་འབྱུང་བའི་རླུང་དང་ནི། །རིག་པ་སེམས་ཀྱི་རླུང་གཉིས་ལས། །བེམ་རིག་གཉིས་མེད་མ་ཤེས་པས། །དེ་ཕྱིར་ལོང་བ་རྒྱབ་འདྲེལ་ནུབ། །ཕྱིར་ལྡང་ཕོ་རླུང་རྣམ་ལྔར་འཕྲོ། །ཕོ་ཡི་རླུང་གིས་འདར་ཞིང་བསྐྱོད་ཀྱང་དགོད། །ནང་འཇུག་མོ་རླུང་རྣམ་ལྔར་འདུས། །མོ་ཡི་རླུང་གིས་འདར་ཞིང་འཛུམ་འཛུམས། །ཁོང་གནས་མ་ནིང་རླུང་དུ་ཐིམ། །མ་ནིང་མི་རྟོག་ཐོམ་གྱིས་འགྲོ། །ཕོ་མོ་མ་ནིང་བཅོ་ལྔའི་རླུང་། །དེ་ཕྱིར་དམུས་ལོང་བཅོ་ལྔའི་འཁོར། །དབྱིངས་ཀྱི་རླུང་


DNG018_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་ཡུམ་དུ་གསལ། །ཡེ་ཤེས་རླུང་ལྔ་ཡབ་ཏུ་གནས། །ཡབ་ཡུམ་འདྲེལ་བར་མ་ཤེས་པས། །དེ་ཕྱིར་ལོང་བ་རྒྱབ་འདྲེལ་བྱང་། །ཕྱིར་ལྡང་འགྲོ་བའི་དུག་འཇོམས་ནས། །ནང་འདུས་རིགས་ལྔའི་དངོས་གྲུབ་བླང་། །ཁོང་ནས་སྐུ་ལྔ་རང་བྱུང་གསལ། །ལྔ་གསུམ་དེ་ནི་དམུས་ལོང་འཁོར། །དགུན་དུས་ས་ཡི་རླུང་རྒྱུ་འཁྱགས། །དེ་ཡང་ཉིན་མཚན་རྣམ་པ་གཉིས། །དཔྱིད་དུས་རླུང་གི་རླུང་ཡང་རྒྱུ། །དེ་དུས་རླུང་གཉིས་ཉིན་མཚན་གཉིས། །དབྱར་དུས་ཆུ་ཡི་རླུང་རྒྱུ་བས། །ཆུ་རྣམས་འཁྲུགས་པས་ཉིན་མཚན་གཉིས། །སྟོན་དུས་མེ་ཡི་རླུང་རྒྱུ་བས། །འབྲས་བུ་སྨིན་བྱེད་ཉིན་མཚན་གཉིས། །དུས་བཞི་ཉིན་ཞག་བརྒྱད་ཕྱིའི་ཕྱིར། །ཟ་བྱེད་དཔལ་གྱི་ཁྱི་བརྒྱད་བསྟན། །ཕུང་པོ་ལྔ་ལ་གནས་པའི་རླུང་། །དབང་པོ་ལྔ་ལ་འགྲིམ་པའི་རླུང་། །དེ་དག་བཅུ་རུ་གྱུར་པས་ན། །ཡེ་ཤེས་སྤྲུལ་པའི་ཁྱི་བཅུར་གནས། །མཚན་བཅས་བསྒོམ་པར་གང་འདོད་པས། །བལྟས་པས་ལོང་བས་སྐུ་ལ་བལྟ། །བསྒོམ་པས་ཡོངས་རྫོགས་སྐུ་རུ་བསྒོམ། །བཤུར་བས་ལོང་བས་དབུགས་ལ་བཤུར། །མ་བྱུང་ལོག་གནོན་ཞག་གསུམ་བྱ། །འབྱུང་བ་བརྟན་པའི་ཆོ་ག་བྱ། །སྐུ་གྲངས་མང་པོར་བསྒོམ་པ་དང་། །ཆེན་པོ་རགས་པར་བསྒོམ་པ་དང་། །རང་ཉིད་སྐུར་བསྒོམ་དཀྱིལ་འཁོར་ཞུགས། །མཚན་བཅས་ལ་བརྟེན་མཚན་མེད་འགྱུར། །མཚན་བཅས་བསྒོམ་པའི་མན་ངག་དགུ། །དབང་གི་དཀྱིལ་འཁོར་ཆེན་པོ་རུ། །ལས་ཅན་སྐལ་ལྡན་གཞུག་པའི་ཕྱིར། །ཤར་དུ་སྒོ་སྲུང་མགོ་རུ་བསྟན། །མཚན་མེད་བསྒོམ་པར་གང་འདོད་པས། །གནས་པ་དང་ནི་དམིགས་པ་གཉིས། །འོད་གསལ་བ་དང་ཟུང་འཇུག་བཞི། །དེ་ལ་ཡང་ནི་དགྲ་བཞི་སྟེ། །དགྲ་འདུལ་བ་ཡི་མན་ངག་དང་། །དགྲ་ནི་བཙོན་དུ་གཟུང་བ་དང་། །དགྲ་རྣམས་ཚར་ཡང་གཅད་པ་དང་། །དགྲ་ལ་དགྲར་མི་འཛིན་པ་བཞི། །མཚན་མེད་བསྒོམ་པའི་མན་ངག་བརྒྱད། །ལྷོ་ཕྱོགས་སྒོ་སྐྱོང་མགོ་བརྒྱད་བསྟན། །མཚན་བཅས་མཚན་མེད་གཟེར་གདབ་པ། །ལྟ་བ་བསྒོམ་དུ་མེད་པ་


DNG018_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །སྤྱོད་པ་ཡོངས་སུ་མེད་པ་དང་། །ལྟ་སྤྱོད་མི་འབྲལ་འགྲོགས་པ་གསུམ། །ཚེ་འདིའི་གཟེར་དུ་གདབ་པར་བྱ། །རིགས་དྲུག་གྲོང་ཁྱེར་གཅད་པ་དང་། །བར་དོའི་ལུས་འདི་ཡི་དམ་བསྒོམ། །འོད་གསལ་ཟུང་འཇུག་རྩེ་བྲལ་བསྒོམ། །དེ་དག་བར་དོའི་གཟེར་གསུམ་ཡིན། །དེ་ཕྱིར་ནུབ་སྒོར་མགོ་དྲུག་བསྟན། །སྤྲོས་བཅས་མཚན་མའི་སྤྱོད་པ་དང་། །སྤྲོས་མེད་གསང་བའི་སྤྱོད་པ་དང་། །ཤིན་ཏུ་སྤྲོས་མེད་སྤྱོད་པ་གསུམ། །ཞུགས་ཕྱིར་མགོ་གསུམ་བྱང་སྒོ་བསྟན། །བརྩོན་འགྲུས་ལྡན་པའི་མན་ངག་གིས། །ཚེ་འདིར་སངས་རྒྱས་ཐོབ་པ་དང་། །ལེ་ལོ་ཅན་གྱི་གང་ཟག་གིས། །བར་དོར་སངས་རྒྱས་ཐོབ་པ་གཉིས། །དེ་ཕྱིར་མེ་འབྲུག་རླུང་འབྲུག་བསྟན། །ཚེ་འདིར་འབྱུང་བཞི་སེམས་སུ་ཐིམ། །བར་དོར་སེམས་ཉིད་ལྷ་སྐུར་འཆར། །དེ་ཉིད་སངས་རྒྱས་སར་འགྲོ་གསུམ། །དེ་ཕྱིར་སྐུ་གསུང་ཐུགས་རྣམས་ལས། །ཡང་སྤྲུལ་བསེ་ཡི་བྱ་གླག་སོགས། །སྤྲུལ་པ་མང་པོ་བསྟན་པ་ཡིས། །ཉིན་ཞག་དག་ནི་ཕྲུགས་གཅིག་ལ། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་རླུང་། །རྒྱུ་བས་ཕོ་ཉ་འགུགས་འདྲེན་ལས། །དབུ་ཡི་སྤྱི་བོ་མན་ཆད་ནས། །ཞབས་ཀྱི་གདན་ཁྲི་ཡན་ཆད་དུ། །སྤྲུལ་པའི་ཕོ་ཉ་མང་པོར་བསྟན། །ཞེས་གསུངས་སོ། །པདྨ་དབང་ཆེན་དྲེགས་པ་གཟན་འབེབས་ཀྱི་རྒྱུད་ལས། དབང་ཆེན་སྐུ་གསུང་ཐུགས་ཀྱི་སྒྲུབ་པས། འགྲོ་དྲུག་བདེ་ཆེན་ཆོས་སྐུར་སྦྱོར་བའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་པདྨ་དབང་ཆེན་གྱིས་གང་ཟག་གཉིས་སངས་རྒྱས་པའི་ལམ་འདི་གསུངས་སོ། །བརྩོན་འགྲུས་ཅན་དང་ལེ་ལོ་ཅན། །འདི་དང་བར་དོར་སངས་རྒྱས་པའི། །གསང་སྔགས་འབྲས་བུ་བླ་ན་མེད། །རབ་ཏུ་སྦས་པ་བཤད་པར་བྱ། །བརྩོན་འགྲུས་ཅན་གྱི་གང་ཟག་ཏུ། །ཚེ་འདིར་མཚན་བཅས་མཚན་མེད་བསྟན། །དང་པོར་སྐུ་ལ་བལྟ་བར་བྱ། །བལྟས་པས་དགོངས་པ་ཐོབ་གྱུར་ནས། །བདག་ཉིད་སྐུ་རུ་བསྒོམ་པར་བྱ། །བདག་ཉིད་སྐུ་ལ་གོམས་གྱུར་ན། །དེ་ནས་དཀྱིལ་


DNG018_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ཞུགས་པར་བྱ། །མ་བྱུང་ལོག་གནོན་ཞག་གསུམ་བྱ། །དེ་ལྟར་ཐོབ་པའི་རྟིང་ལ་ནི། །དེ་ནས་བརྟན་པའི་ཆོ་ག་བྱ། །དགུན་ནི་ཉི་མ་གསུམ་ཆར་བྱ། །དབྱར་ནི་ཉི་མ་བཞི་ཆ་བྱ། །ལུགས་སྐུ་ཀུན་ལ་བློ་གློར་བལྟ། །དེ་ལྟར་ཐོབ་པའི་རྟིང་ལ་ནི། །མཚན་མ་ཅན་ལ་བརྟེན་ནས་ནི། །མཚན་མ་མེད་པར་རབ་ཏུ་བསྐྱེད། །མྱུར་བར་འདོད་ན་སྤྱོད་པ་བྱ། །སེམས་ནི་འཕྲོ་བ་དགག་པར་བྱ། །གཉིས་སུ་མེད་པའི་སྤྱོད་པ་བྱ། །མཚན་མ་ཅན་གྱི་མན་ངག་ཡིན། །མཚན་མ་མེད་པའི་མན་ངག་ནི། །དང་པོར་རླུང་ལ་གནས་པར་བྱ། །སེམས་ཅན་རྣམས་ཀྱི་སྲོག་གྱུར་པ། །རླུང་ཞེས་བྱ་བས་ལས་ཀུན་བྱེད། །འདི་ནི་རྣམ་ཤེས་ཞོན་རྟ་སྟེ། །ལྔ་ཡི་བདག་ཉིད་བཅུ་མིང་ཅན། །རང་བཞིན་ཕྲ་བ་བརྒྱ་དང་ནི། །དྲུག་ཅུ་ཐམ་པ་འདི་དག་ནི། །རླུང་གི་བཞོན་པའི་རྒྱུ་ཡིན་ཏེ། །ཉིན་དང་མཚན་དུ་རྒྱུ་བའོ། །གཉིས་པར་རིལ་འཛིན་རྗེས་གཞིག་དམིགས། །མགོ་བོ་ནས་ནི་རྐང་པའི་བར། །ཇི་སྲིད་སྙིང་གར་ཕྱིན་གྱི་བར། །རྣལ་འབྱོར་ཡང་དག་མཐའ་ལ་འཇུག །རིལ་པོར་འཛིན་པ་ཞེས་བཤད་དོ། །ཇི་ལྟར་དབུགས་ཀྱི་མེ་ལོང་ལ། །མཐའ་ནས་རིམ་གྱིས་དབུས་ཐིམ་ལྟར། །རྣལ་འབྱོར་ཡང་དག་མཐའ་ལ་འཇུག །རྗེས་སུ་གཞིག་པ་ཞེས་བཤད་དོ། །གསུམ་པར་འོད་གསལ་བསྒོམ་པར་བྱ། །ད་ནི་ཡོངས་རྫོགས་རྣལ་འབྱོར་གྱི། །གསལ་བའི་དོན་ནི་བཤད་བྱ་སྟེ། །སྟོང་པ་གསུམ་པོ་རྣམ་དག་གང་། །འོད་གསལ་བར་ནི་འདིར་བཤད་དོ། །བསམ་གཏན་འདི་ནི་བསམ་གཏན་མིན། །འདིས་ནི་མཐར་ཐུག་མི་འཐོབ་སྟེ། །ནམ་མཁའ་ལྟ་བུར་ཕྱོགས་གྱུར་པས། །འོད་གསལ་བ་ནི་མི་དམིགས་ཏེ། །འོད་གསལ་བ་ཡི་གནས་ཐོབ་ནས། །རབ་དགའི་གཟུགས་སུ་སྐྱེ་བར་འགྱུར། །དེ་ཚེ་རབ་དགའ་རྡོ་རྗེའི་སྐུ། །ཀུན་གྱི་དབང་ཕྱུག་ཐོབ་པར་འགྱུར། །འདས་པ་དང་ནི་མ་འོངས་པ། །ད་ལྟར་བྱུང་བའི་སྲིད་པ་གསུམ། །འོད་གསལ་བར་ནི་རྣམ་དག་པས། །སྐད་ཅིག་གཅིག་ལ་མ་ལུས་མཐོང་། །ཞི་བར་ཟུང་དུ་འཇུག་པ་ནི། །ཀུན་རྫོབ་དང་ནི་དོན་དམ་དག །སོ་སོའི་ཆ་ཡིས་ཕྱེ་གྱུར་ན། །ཡང་དག་ཉིད་དུ་


DNG018_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེས་གྱུར་པས། །ཟུང་དུ་འཇུག་པར་དེ་བཤད་དོ། །མཚན་མེད་བསྒོམ་ལ་དགྲ་བཞི་སྟེ། །དགྲ་འདུལ་མན་ངག་བཤུར་བ་ནི། །ཇི་ལྟར་སྤྲིན་ནི་སྣ་ཚོགས་པ། །མདོག་དང་དབྱིབས་ནི་ཐ་དད་པས། །ནམ་མཁའི་ངང་ལས་བྱུང་ནས་ནི། །དེ་ཉིད་དུ་ནི་ཐིམ་པར་འགྱུར། །དེ་བཞིན་རང་བཞིན་ཐམས་ཅད་ཀུན། །སྣང་བ་གསུམ་གྱི་རྒྱུ་ཅན་ཏེ། །མ་ལུས་ཡུལ་ལ་ཞུགས་ནས་ནི། །འོད་གསལ་བར་ནི་འཇུག་པར་འགྱུར། །དེ་འདྲ་རང་བཞིན་མ་ཤེས་པས། །མི་ཤེས་མུན་པས་ཁེབས་ནས་ནི། །དགེ་དང་མི་དགེའི་ལས་བྱས་ནས། །འགྲོ་བ་ལྔར་ནི་འཁོར་བར་འགྱུར། །ཐབས་ཆེན་རྒྱུད་དང་ལྡན་པ་ལ། །ཉོན་མོངས་བྱང་ཆུབ་ཡན་ལག་བཤད། །དང་པོ་སེམས་ནི་བཤུར་བར་བྱ། །བཤུར་བ་ཚད་དུ་ཕྱིན་ཙམ་ན། །སེམས་ནི་རང་ལོག་ཉིད་དུ་གྱུར། །བཤུར་བ་ཚད་དུ་ཕྱིན་པ་ཡིན། །ལ་ལས་ཚད་དུ་ཕྱིན་པས་ཐོབ། །ལ་ལ་བདེ་བའི་སྒོ་ནས་ཐོབ། །ལ་ལ་ཤེས་པ་འཚམས་པས་ཐོབ། །ལ་ལ་ཁ་བོ་དག་གིས་ཐོབ། །ལ་ལར་སྤྲོས་པ་བཅས་པ་ཐོབ། །དེ་ནས་གཉིས་མེད་བསྒོམ་པར་བྱ། །གཉིས་མེད་བསྒོམ་པའི་རྟིང་ལ་ནི། །དང་པོར་སེམས་ནི་གནས་པ་སྐྱེ། །དེ་ནས་སེམས་ནི་དམིགས་པ་སྐྱེ། །དམིགས་པ་སྐྱེས་པའི་རྟིང་ལ་ནི། །རང་བཞིན་གྱིས་ནི་འོད་གསལ་སྐྱེ། །འོད་གསལ་སྐྱེས་པའི་རྟིང་ལ་ནི། །ཟུང་འཇུག་བསྒོམ་པ་སྐྱེ་བར་འགྱུར། །ལེ་ལོ་ཅན་གྱི་གང་ཟག་དེ། །སྲིད་པ་བར་དོར་སངས་རྒྱ་བས། །ཤི་བ་དོན་དམ་བདེན་པ་ཡིན། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །འབྱུང་བ་ཆེན་པོ་བཞི་ལ་ཐིམ། །འབྱུང་བ་ཆེན་པོ་བཞི་པོ་ཡང་། །ས་ནི་ཆུ་ལ་ཐིམ་པར་འགྱུར། །ཆུ་ནི་མེ་ལ་ཐིམ་པར་འགྱུར། །མེ་ནི་རླུང་ལ་ཐིམ་པར་འགྱུར། །རླུང་ནི་རྣམ་པར་ཤེས་པར་ཐིམ། །རྣམ་ཤེས་སྣང་བ་དེ་ལ་ཐིམ། །སྣང་བ་སྣང་བ་མཆེད་ལ་ཐིམ། །སྣང་མཆེད་སྣང་བ་ཐོབ་ལ་ཐིམ། །སྣང་བ་ཐོབ་པ་བྱ་བ་ནི། །ཐམས་ཅད་སྟོང་པ་ཉིད་ལ་ཐིམ། །ཐམས་ཅད་སྟོང་པ་འོད་གསལ་བ། །ཤི་བ་ཤེས་རབ་ཕ་རོལ་ཕྱིན། །བདེ་བར་གཤེགས་པའི་སྙིང་པོ་ཡིན། །རྣལ་


DNG018_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་པ་ཡི་གྲོགས་ཡིན་ནོ། །དེ་ལས་སྤྲུལ་སྐུ་འབྱུང་བ་ནི། །ཇི་ལྟར་ཆུ་ཀླུང་དྭངས་པ་ལ། །ཉ་དག་མྱུར་དུ་འཕར་བ་ལྟར། །དེ་བཞིན་ཐམས་ཅད་སྟོང་གསལ་ལས། །སྒྱུ་འདྲ་བར་ནི་འབྱུང་བར་བཤད། །དེ་ཉིད་བར་དོའི་སྐུ་ཡིན་ཏེ། །སྔོན་འབྱུང་སྲིད་པའི་ཤ་གཟུགས་ཅན། །དབང་པོ་ཀུན་ཚང་ཐོགས་མེད་ལྡན། །རིགས་མཐུན་ལྷ་མིག་དག་པས་མཐོང་། །བར་མ་དོ་ཡི་སྐུ་དེ་ཡིན། །འགྲོ་བ་རིགས་དྲུག་གྲོང་ཁྱེར་དེ། །གཉིས་སུ་མེད་པའི་སྤྱོད་པ་སྤྱད། །སྤྲོས་པའི་རྣམ་པས་ཆོད་གྱུར་ནས། །བར་མ་དོ་ཡི་སྐུ་དེ་ནི། །རྡོ་རྗེ་སེམས་དཔའི་སྐུ་རུ་བསྒོམས། །འོད་གསལ་ཡང་ནི་བསྒོམ་པར་བྱ། །ཟུང་འཇུག་སྐུ་ཡང་འབྱུང་བར་འགྱུར། །ཟུང་དུ་འཇུག་པ་གཉིས་ཡོད་དེ། །སློབ་བཞིན་པ་དང་མི་སློབ་པ། །མི་སློབ་པ་རུ་གྱུར་ཙ་ན། །སྣང་བ་ཙམ་དང་གསལ་བ་ཙམ། །སྣང་ལ་རང་བཞིན་མེད་པ་གཉིས། །ཚེ་འདི་ཉིད་ཀྱིས་ཐམས་ཅད་མཁྱེན། །སངས་རྒྱས་ཞིང་ནས་མི་ལྡོག་པའི། །བར་མ་དོ་རུ་མངོན་སངས་རྒྱས། །པདྨ་དབང་ཆེན་དྲེགས་པ་གཟན་ལ་འབེབས་པའི་རྒྱུད་ལས། འགྲོ་བ་དྲུག་གི་གང་ཟག་ལེ་ལོ་ཅན་དང་བརྩོན་འགྲུས་ཅན་བདེ་ཆེན་ཆོས་སྐུར་དྲངས་པ་སྟེ་ལེའུ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ལྷ་སྲིན་སྡེ་བརྒྱད་ཀྱི་གཙོ་བོ། གཟའ་བདུད་ཉི་མ་ཁྲོས་པའི་སེར་བ་དབབ་པ་འདི་གསུངས་སོ། །ནཱ་ག་ཤང་ཤང་། རཾ་རཾ་ཡུ་ཡུ། རྦད་རྦད་ཤར་ཤར། ཕོབ་ཕོབ་ད་ཕོབ་ཡ། མ་མ་རག་ཤ་ཕོབ། རག་ཤ་ཨ་ག་ནི་ཕོབ་སྭཱ་ཧཱ། པི་པི་ཕྲོམ་ཕྲོམ་ཤར་ཤར་སྭཱ་ཧཱ། སུ་ར་ཤག་ཏི་ནག་ནག་མྱགས་མྱགས་ཤར་ཤར་སྭཱ་ཧཱ། པི་པི་རིལ་རིལ་སིབ་སིབ་བྷྱོ་ཡ། རུ་ལུ་རུ་ལུ་སྭཱ་ཧཱ། བསྙེན་དང་བསྒྲུབ་དང་ལས་སྦྱོར་གསུམ། །གཅིག་ཏུ་དྲིལ་བའི་གསང་སྔགས་ཡིན། །དབེན་པའི་གནས་སུ་བསྙེན་པ་བྱ། །སེར་ལྡེང་ཕུར་པ་ཡུངས་ཀར་ལ། །གཏོར་མ་མི་དགོས་ཞག་བཅུར་བཟླས། །ཨ་ཙ་ར་ནི་སྨྲ་བ་དང་། །བུད་མེད་ཕྱག་བྱེད་མོན་པ་འབྱུང་། །བསྒྲུབ་པ་ར་རོག་ཁྱི་ནག་ཁྲག །ཉུང་དཀར་གསུམ་ལ་ཞག་བཅུར་བཟླས། །མི་རིང་སྐྱ་ཤར་ཆུ་བོ་དང་། །འཁྱགས་པས་ཡུལ་ཁམས་ཁེངས་པ་འབྱུང་། །དེ་ནས་གཏའ་


DNG018_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་བྱ་བ་ནི། །མི་སོག་གཉིས་ལ་ནང་དུ་སྔགས། །ཕྱི་རོལ་ཡུལ་གྱི་ལྷ་ཀླུ་བྲི། །ལིངྒ་བྲིས་ལ་ཕུར་པ་དྲིལ། །ཐོད་ནང་བཅུག་ལ་ཁེབས་ཀྱིས་གདབ། །ཞག་བདུན་བཟླས་ཤིང་ཐུན་གྱིས་བྲབ། །རྟགས་ནི་ཟོར་བས་འདར་བ་དང་། །ཁ་ལ་འབྲུམ་བུ་ཡོང་བ་དང་། །རྩས་མ་བརྔས་དང་སྒྲུབ་སྟེང་འབབས། །སེར་འབྲུ་བླང་ལ་ཐུན་ཁྲག་བླུགས། །དེ་ནས་ལས་ལ་སྦྱར་བ་ནི། །གུ་གུལ་ཚིལ་ཆེན་ལིངྒར་བདུག །ཞག་གཅིག་བཟླས་ཏེ་གཏའ་ཡང་བསྐྱེལ། །ཧཱུཾ་མུཾ་ཡཾ་ཡཾ་ཤར་ཤར་ག་དུན་ཕོབ། རག་དུན་ཕོབ། རག་ཤ་ཨ་བྷི་ནི་ཕོབ། ཕི་ཕི་ཤར་ཤར་ནི་ཕོབ། མན་ཀ་ནི་ཕོབ། ནཱ་ག་ཤེད་རཾ་རཾ་ཐུག་ཁྲམ། དགྲ་བོ་ཡི་ཡུལ་དུ་ཕོབ། ཆེམ་ཆེམ་ཐོག་ཤོག །ཀི་ཀཾ་དགྲ་ལ་ཕོབ། གཏའ་སྒྲུབ་ཚེ་ན་ཐུན་སྐབས་བྲབ། །ལས་ལ་སྦྱོར་དུས་ཞག་གཅིག་བཟླས། །སོག་པ་གཅིག་ནི་ལྷ་རྟེན་ལ། །གཏའ་དེ་ལྐུགས་པར་གཞུག་པར་བྱ། །སོག་པ་གཅིག་ནི་ཀླུ་གནས་སར། །ནམ་མཁའ་མཐོང་སར་སྦ་བར་བྱ། །ཕུར་པ་སེར་ཐོ་དག་ལ་གཞུག །ཐུན་གྱི་ཁྲག་གིས་གཏའ་ཟམ་འདྲེལ། །གནམ་སྟོང་ལ་ནི་རི་རྩེ་ནས། །ལྷ་རྡེའུ་ཀླུ་རྡེའུ་ཟོར་དུ་འཕེན། །སེར་བས་ཡུལ་ཁམས་ཕུང་བར་འགྱུར། །སངས་རྒྱས་བསྟན་པ་དར་བར་ངེས། །ཞེས་གསུངས་སོ། །པདྨ་དབང་ཆེན་དྲེགས་པ་གཟན་འབེབས་ཀྱི་རྒྱུད་ལས། གཟའ་བདུད་ཉི་མ་ཁྲོས་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་བདུད་ནག་པོ་འཛུམ་མེད་ཀྱི་སེར་བ་དབབ་པའི་མན་ངག་འདི་གསུངས་སོ། །དམ་ཚིག་ལྡན་པའི་དབེན་གནས་སུ། །གྲུ་གསུམ་དཀྱིལ་འཁོར་ཁྲུ་གང་སྟེ། །ཤར་དུ་འབྲུ་ནག་གཏའ་གཏོར་ལ། །ལྷོ་རུ་སྐྱུང་མདའ་དར་ནག་རྟེན། །ནུབ་ཏུ་ཆང་ཕུད་གསེར་སྐྱེམས་བཤམ། །བྱང་དུ་རྒྱུན་གཏོར་ཤ་ཁྲག་བཤམ། །ཟ་འུག་ཧ་ཐབས་སྟེང་ནས་གུར། །ཁྱི་ནག་ར་རོག་གླང་ནག་དང་། །ཕག་རོག་ཁྲག་དང་ཁྱི་ཀླད་རྣམས། །བག་ཕྱེར་སྦྲུས་ལ་རིལ་བུ་བྱ། །ལིངྒར་དྲིལ་ལ་ཁྱི་ཐོད་གཞུག །སྔགས་འདི་ཟླ་བ་གསུམ་དུ་བསྙེན། པྲད་ཉ་ཨཱ་སཏྭ་བྷྱོ། བྷ་ག་ཧ་ཏ་ཡ་བྷྱོ།


DNG018_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

མ་མ་རཀྵ་ནི་བྷྱོ། སེ་ལ་མུ་ཏ་བབ།བདུད་སན་ཏ་ཧ་ར་ཡ་བབ། བ་ལ་ནི་ལ་བབ་ཕོབ་བྷྱོ། རུ་རུ་ཧྲིལ་ཧྲིལ་ཕོབ་ཡ།རི་ལུ་ར་རོག་རུ་ཅོར་གཞུག །ལ་ཆས་ཁ་བཅད་འོད་དཀྱིལ་སྦ། །གཏའ་ལྐུགས་ཐུན་གཏོར་བསྙེན་པའོ། །དེ་ནས་བསྒྲུབ་པ་ཐུན་ལ་བྱ། །ཁྱི་ཐོད་ནང་དུ་ཉུང་དཀར་བྲབ། །བསྙེན་བསྒྲུབ་གཉིས་ཀྱི་སྔགས་དྲིལ་ལ། །ཞག་གྲངས་བཅོ་བརྒྱད་བཟླས་པར་བྱ། །བ་ལ་བ་ཏི་ཏུབ། དུག་ས་ལ་མུ་ཏྲ་བབ། ཙག་མ་ར་ཡ་ཤོ་བབ། ཧ་ཧ་རིལ་རིལ། པ་ལ་ཏྲག་ཏྲག ཤར་ཤར་ཤུར་ཤུར་ཕོབ་ཡ། རྡོ་རྗེ་རྒྱ་གྲམ་མུ་ཁྱུད་ལ། །ཁ་གནོན་སྔགས་བྲིས་ཐུན་ཁ་གཅད། །ཡི་དམ་ང་རྒྱལ་ཐུབ་པར་བྱ། །ཁ་གནོན་སྔགས་འདི་བཅུ་བཅུ་བཟླས། །ཨོཾ་མ་མ་པ་ཏྲ་ནན། རུ་ཏིང་ནན། ག་ག་ཏེ་བ་ཏི་ཀ་ནན། པ་ཏྲ་པ་ཏུ་མི་ཀ་ནན། ནཱ་ག་ཡུ་ལ་པ་ཤ་ནན། ཧཱུཾ་རུ་རག་ཏི་རྦ་ལ་ནན། པྲད་ཉ་ཏྲི་ཀ་རུ་ནན། ཨ་ཀྲོ་ཀཱ་ལ་བབ་ནན། ཨཱརྱ་སཾ་ག་ཏི་ཡ་ནན། དེ་ནི་ཐུན་ཁ་སྡོམ་པའི་སྔགས། །ཐུན་གྱི་ཁ་གཅོད་དག་ལ་བྲིས། །དམུས་ལོང་འཐིབས་ལོང་ཐེབས། དམུས་ལོང་ཉམས་དམུས་ལོང་ཉམས། འུར་ཐིབས་ཤར་ཐིབས། འུར་མ་ཐིབས། ཨེ་ཏ་དྲ་ཐིབས་རྦད། ཧི་ཧི་ལྟིབས་རྦད། རྡེས་སོད་ཁྲག་སྒང་སད། འདར་འདི་ཤར་ཤིག །ཏིང་ན་ཤིག །ཧེ་ན་འདེད་དང་ཐུམས། ཡེ་རཾ་མུག །དེ་ནི་ཐུན་ཁ་སྡོམ་པ་སྟེ། །ཐུན་པར་དག་ཏུ་བཟླས་པར་བྱ། །ལས་སྦྱོར་ཁྲག་ལ་བྱ་བ་སྟེ། །ར་དཀར་བ་དམར་རྟ་དཀར་མོའི། །ཁྲག་གསུམ་གཡས་སུ་གཞག་པར་བྱ། །བ་དམར་འོ་མ་གཡོན་དུ་གཞག །སྐྱེར་པའི་ཤིང་ལ་བེར་ཀ་བྱ། །རྩེ་མོ་ཁྲག་བྱུག་ཁྲག་ནག་དཀྲུག །རྩ་བ་དཀར་པོས་འོ་མ་དཀྲུག །ཞག་གསུམ་དབབ་པའི་སྔགས་འདི་བཟླས། །བྲཾ་ཡག་ཤ་ཚིལ་དྷི་ཐུན། གར་བི་ཚ་བུ་གུ་ལིམ་ཤ་ག་ནེ། ཨད་པུ་ར་ཚེ་ཐུལ་ཐུལ། དགྲ་ཡི་རི་རྩེར་ཟངས་ནང་དུ། །ཁྲག་དང་འོ་མ་ར་གྲོད་བླུགས། །བེ་ཀར་གྲོད་བཏག་ཁྲག་བཟང་ཏིག །ཟང་ཀྱང་ཟངས་ཀར་དབྱུག་པ་ས་ལ་བཏབ། །ཕུད་འདི་ཤར་ལ་གཏོར་བར་བྱ། །སྔགས་འདིས་ཁྲག་ཟོར་དགྲ་ཡུལ་འཕང་། །བཛྲ་སག་ཏྲེ་ཡ། མ་སིང་ཏྲཾ་ཡ། བཛྲ་ཁ་ཊྭཱཾ་ག་ཡ། བཛྲ་ཤན་ཀུ་


DNG018_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

རུ་ཡ། བཛྲ་ཞུང་ཞུང་ཡ། ཏྲི་ཤ་མེ་ཁ་མ། ཡ་ཏྲ་བ་ཡ། བཛྲ་བོང་བོང་ཡ། བཛྲ་ར་ཏྲ་ཡ། བཛྲ་ཞུང་ཞུང་ཡ། མ་ར་ན་རཱ་ཛ་ཡ། བཛྲ་ཏྲ་མཱ་ར་ཡ་མ་ཡ། ཙུ་ཧ་ན་ཏྲི་ཡ་དུ་ཡང་དྲུང་ལཾ་ཏྲི་ཡ། བདུད་པོ་ནག་པོ་འཛུམ་མེད་ནི། །སྟ་རེ་གཡས་ལ་ཁ་ཊྭཱཾ་གཡོན། །སྟག་གཞུ་སྟག་སླག་མུ་སྟེགས་ཆས། །དགྲ་ཡུལ་སེར་བ་འབེབས་པར་བསམ། །ཞེས་གསུངས་སོ། ། པདྨ་དབང་ཆེན་དྲེགས་པ་གཟན་འབེབས་ཀྱི་རྒྱུད་ལས། བདུད་ནག་པོ་འཛུམ་ མེད་གཟན་ལ་དབབ་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་པདྨ་དབང་ཆེན་གྱིས། ལྷ་ཆེན་པོས་སེར་བ་དབབ་པ་འདི་གསུངས་སོ། །དབེན་གནས་དཀྱིལ་འཁོར་གྲུ་གསུམ་དུ། །དབུས་སུ་དམ་རྫས་གཏོར་མ་ལ། །ཟུར་གསུམ་ཕུར་པ་གསུམ་ཡང་གཟུག །ལྷ་ཆེན་སྐུ་ཡང་བསྒོམ་པར་བྱ། །དབུ་ནི་ལྷ་ཡི་ཡུལ་ན་ཡོད། །འགྲམ་གཡས་དཀར་པོས་ཉི་མ་མནན། །གཡོན་པ་སེར་པོས་ཟླ་བ་གནོན། །སྣ་ནི་ནག་པོ་སྡེ་བརྒྱད་སྡུད། །ཕྱག་གཡས་ཡོངས་འདུ་ས་བརྟོལ་བསྐུལ། །ཟིལ་པ་སེར་བ་ཆེན་པོ་འབེབས། །ཕྱག་གཡོན་གནམ་ལྕགས་ཐོག་ཆེན་འབེབས། །སྐེད་པ་མི་ཡི་ཡུལ་ན་ཡོད། །མཇུག་མ་སྦྲུལ་དུ་འཁྱིལ་པ་ལ། །ཞབས་ནི་ཀླུ་ཡི་ཡུལ་དུ་བརྐྱང་། །དེ་རུ་བསྒོམ་ལ་དྲག་སྔགས་ནི། །གཡག་རུ་ཡུངས་ཀར་སྐམ་ཐུན་བྲབ། །ཧུ་ཧ་ནུ་ཨ་རུས་ཐ་རུ་ད་རད་ཧ་ས་ར་པ་རུ། ལྗང་ནི་ང་སོ་ཧེ་ས་ཧ་ས་ན། ལ་ཡོ་དྷི་སེ་ཀ་འཛུ་ཨེ།མུན་དྷ་ཕ་རི། ཨན་འཛུ་ཕ་རི། མུན་དྷ་ལི་ནི། མ་ཧུ་ཨ་རི། ཨ་རི་ན་མོ།ཏི་བྷྲཱུཾ་བྷྲཱུཾ་ཧུབ་ཧུབ། ཀ་ལི་ཤར་ཤར་སྭཱ་ཧཱ། དགུན་ཀ་ཁ་བ་བུ་ཡུག་ཡོང་། །དབྱར་ནི་སེར་བ་དངོས་སུ་འབབ། །གཏོར་མ་ལ་ནི་ཐུན་ཡང་བྲབ། །བྱ་དང་རྟ་ར་མཚལ་བུ་གསུམ། །གཡག་རུ་ནང་དུ་རློན་ཐུན་སྒྲུབ། །ཕོབ་ཕོབ་བྷྲཱུཾ་ཧྲིལ་ཤར་ཕོབ། གོས་དམར་གྱོན་ལ་དཀར་གསུམ་ཟ། །སེར་རྒྱ་ར་མགོར་རྫས་བླུག་སྦ། །ཕུར་པ་གསུམ་ནི་གཟེར་དུ་གདབ། །གཏོར་མ་ཟོར་དུ་འཕང་བར་བྱ། །སེར་བས་ཡུལ་ཁམས་ཁེངས་པར་འགྱུར། པདྨ་དབང་ཆེན་དྲེགས་པ་གཟན་ལ་འབེབས་


DNG018_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱུད་ལས། ལྷ་ཆེན་གདུག་པ་གཟན་ལ་འབེབས་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་གནོད་སྦྱིན་གྱི་དྲག་སེར་དབབ་པ་འདི་གསུངས་སོ། །དཀྱིལ་འཁོར་གྲུ་གསུམ་དབུས་དག་ཏུ། །ཕག་ཁྲག་ཉུང་དཀར་ར་ཐོད་བླུགས། །ལྷ་ཀླུ་སེར་སྲུང་ར་རུ་གསུམ། །གནོད་སྦྱིན་ཕྱག་བཞི་འབྲུག་ལ་ཞོན། །ལྕགས་ཀྱི་བེར་ཀ་བ་དན་གཡས། །ཐོད་ཁྲག་ཟོར་བ་གཡོན་པ་ན། །ཨོཾ་ཏྲི་བྱི་ཤག་པྲ་མ་ཡ། ཏྲི་ལི་ཤག་ཤར་སེར་ཧྲིལ་བྷྱོ། ཏིང་ཁེ་སེར་དྲིལ་ཤར་བྷྱོ། ཛ་ར་ཀ་ར་ཤི་ཧྲིལ་ཤར་བྷྱོ། པྲེ་དུ་ཤ་ཤར་ཤར་བྷྱོ། གྷི་ཏང་བྷ་རི་ཚག་ཤར་བྷྱོ། པྲ་མ་ཡ་གྷར་ཏི་ཕེབས་བྷྱོ། བསྙེན་སྔགས་འབུམ་ཚོ་བདུན་པོ་ལ། །ཨོཾ་ཙན་ཉུང་དཀར་རྭ་ནང་བླུག །དང་པོ་གཉིས་ནི་བདུན་ཚོ་གཉིས། །ཆུ་རིལ་སྔགས་ཏེ་བསྒྲུབ་པར་བྱ། །ཐ་མ་བདུན་པ་དབབ་སྔགས་ནི། །འབེབས་ཁར་མི་ཚིལ་ར་ཚིལ་དང་། །ཁྱི་ཚིལ་གུ་གུལ་དུད་པས་བདུག །གནད་ལ་ཕེབས་ན་མྱུར་དུ་འབབ། །ར་རོག་ཐོད་པ་ཡུལ་དབུས་སྦ། །རཱུ་པ་གསུམ་པོ་གཟེར་དུ་གདབ། །དྲག་སྔགས་བདུན་པས་ཡུལ་ཁམས་ནི། །སེར་བས་འཇོམས་ཏེ་སངས་རྒྱས་ཀྱི། །བསྟན་པ་དམ་པ་རྒྱས་པར་གསུངས། །ཞེས་གསུངས་སོ། །པདྨ་དབང་ཆེན་དྲེགས་པ་གཟན་ལ་འབེབས་པའི་རྒྱུད་ལས། གནོད་སྦྱིན་ལྕགས་ཀྱི་བེར་ཀ་ཅན་གཟན་ལ་འབེབས་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་མ་མོ་ནག་མོ་ཛ་མུན་ཏིས་ཀླུ་གནད་ལ་འབེབས་པའི་སེར་བ་འདི་གསུངས་སོ། །བྱ་རྟ་མཚལ་བུའི་སྙིང་ཁྲག་དང་། །ར་ཁྱི་སེར་སྐྱའི་སྙིང་ཁྲག་བཞི། །མཛེ་ཁྲག་ལྔ་ཡི་ཐུན་ནང་དུ། །གུ་གུལ་ནག་པོའི་ཆུ་ནང་ནས། །ཉུང་དཀར་ཕྱུང་ལ་ཐུན་དུ་བྱ། །ཐུན་ཁྲག་ཆང་ཕུད་གཙང་མས་སྦྱར། །ནཱ་ག་ཏྲག་རཀྵ་ཁ་མུན་ཏྲ། ནཱ་ག་རུ་ལུ་རུ་ལུ་མ་མ་བྷྱོ་བྷྱོ། ནཱ་ག་ཤ་ནི་ཏི་ཤྭ་རྦད། ཐུམ་རི་ལི་ལི། ནཱ་ག་ཏྲག་རཀྵ་མུན་ཛ། ཏྲཀ་མུན་ཏྲ་རུ་ལུ་རུ་ལུ་མ་མ་བྷྱོ། ནཱ་ག་སྙིང་ཁ་རག་མ། ནཱ་ག་ལ་མཱ་ར་ཡ་བྷྱོ་བྷྱོ། བསྙེན་སྔགས་ཞག་ནི་བདུན་དུ་བཟླས། །སྔགས་དབལ་ཁ་ལ་འབྲུམ་བུ་ཡོང་། །སེར་བ་དངོས་སུ་ཐོར་ཐོར་འབབ། །


DNG018_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་ལུགས་རྣམ་པ་གསུམ་ཡོད་དེ། །སྒྲུབ་པ་པོས་ནི་ལོ་ཐོག་མཐོང་། །མཁའ་འགྲོ་མ་ཡིས་ཟས་སུ་མཐོང་། །ཀླུ་ཡིས་དཀོར་ནོར་བང་མཛོད་མཐོང་། །བཛྲ་ཏི་མུག་ཡེ། ནཱ་ག་མ་མར་ཡ་ཕྲོམ་ཕྲོམ། ནཱ་ག་ཧུ་ཡ་ནཱ་ག་ལིང་། མ་ཧཱ་ཨུ་ན་ཡེ་ཕྲོམ་ཕྲོམ། ནཱ་ག་ཧ་ན་ད་ཧ་པ་ཙ་ཧྲིལ་ཧྲིལ། ཤར་ཤར་ཆེ་གེ་མོའི་ལོ་ཐོག་ལ་པྲོཾ་པྲོཾ་ཕོབ་ཡ། །ཆུ་འདྲིལ་དབབ་པ་ཞག་བདུན་བྱ། །ཐུན་སྣོད་མ་ཆག་མ་གས་པར། །རང་ནི་མུན་པ་དག་ལ་བསྡད། །འབེབས་དུས་ཞག་གསུམ་གཡོས་ལ་དབབ། །པདྨ་དབང་ཆེན་དྲེགས་པ་གཟན་འབེབས་པའི་རྒྱུད་ལས། མ་མོ་རལ་པ་གཏིབས་མ་གཟན་ལ་འབེབས་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཀླུའི་སེར་བ་འབེབས་པ་འདི་གསུངས་སོ། །ཉུང་དཀར་ཏིལ་དང་མི་ཁྲག་དང་། །ཤ་ཆེན་ར་དུག་རེ་ལྕག་དང་། །བཙན་དུག་སྤྱང་ཚེར་དུར་སོལ་དང་། །བདུད་རྩི་ལྔ་དང་ཆང་ཕུད་དང་། །ཉ་སྦལ་སྦྲུལ་ཤ་ར་ཁྲག་དང་། །ཁྱི་ཁྲག་ཡུགས་སའི་མངལ་ཁྲག་དང་། །གུ་གུལ་ནག་པོ་སྐྱེ་ཚེ་དང་། །ར་དཀར་འོ་མ་བག་ཕྱེ་དང་། །ཁྱི་དཀར་འོ་མ་སྦྲུལ་གྱི་མགོ །མཆིལ་བའི་ཀླད་པ་དག་དང་ནི། །དེ་བཞིན་སྲེ་མོའི་ཀླད་པ་དང་། །མཛོ་མོའི་འོ་མ་ཀུན་བསགས་ནས། །ཟོ་འམ་པར་བུའི་ནང་དུ་བླུག །བསྙེན་སྔགས་འབུམ་དང་བྱེ་བ་བཟླས། །ཨོཾ་བཛྲ་ཀྲོ་ཏ་ས་མ་ཡ་དཾཥྚོད་ཕཊ། ཧུ་ཡ་ཧུ་ཡ་ཧུ་ལུ་ཧུ་ལུ། བནྡྷ་བནྡྷ། ཐུམ་རི་ལི་རི་ལི། ཤབ་ཏ་ཀ་པ་ལ། མ་ནུ་པྲ་བ་ཧྲི། སྲ་ས་ར་དུ་ས་ནི། བི་ཙ་ལ་ཧཱུཾ། ཏ་ཐཱ་བྷ་བ་ན་སྭཱ་ཧཱ། བསྙེན་པའི་སྔགས་ལ་མ་འབད་ན། །སེར་བ་འབྱུང་བ་མི་མྱུར་བས། །སྔགས་ལ་རབ་ཏུ་ནན་ཏན་བྱ། །བདག་ཉིད་པདྨ་རྟ་མགྲིན་ལ། །ཀླུ་རྣམས་ཐལ་སྦྱར་འཁོར་དུ་བསམ། །ཨཱོཾ་གྷ་ན་ཤ་ནི་ར་ན་བ་ལཾ་བྷུ་ན་ནི་ར་ཧྲི་ཏ་ཀ་ས་ལཾ། ས་ཐ་ར་ར་ནུ་ཧྲི། ཨ་ཀྲོ་ན་ནི་ག་ནན། ཤང་ཀ་པ་ལར་ཙི་ནཾ། ས་ཐར་དྷོ་དྷ་གྷ་ན་ལོང་། ནཱ་ག་རི་ནཾ་ནཾ། ཨཱ་བེ་ཤ་ཡ།སྒྲུབ་སྔགས་འདི་ནི་ཞག་བདུན་ནམ། །བཅུ་གཅིག་ཉི་ཤུ་རྩ་གཅིག་བསྒྲུབ། །རོ་རས་དག་ལ་འཁོར་ལོ་ནི། །དབུས་ཀྱི་ལྟེ་བ་གླིང་དགུ་ལ། །བར་མ་བཅུ་གཉིས་བསྙེན་པའི་


DNG018_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས། །མུ་ཁྱུད་བཅུ་གཅིག་སྒྲུབ་པའི་སྔགས། །སུམ་ཅུ་རྩ་གཉིས་འཁོར་ལོ་སྟེ། །ཐ་མ་ཐོག་འབྲུག་གློག་གིས་བརྒྱན། །ཁྱི་ནག་ཐོད་པར་དྲིལ་བྱས་ནས། །དགྲ་ཡུལ་གཏར་བཅུག་ཐོག་སེར་འབེབས། །ཕེབས་ནས་ཕྱུང་ལ་འོ་མས་བཀྲུ། །སངས་རྒྱས་བསྟན་པ་བསྲུང་བར་འགྱུར། །ཞེས་གསུངས་སོ། །པདྨ་དབང་ཆེན་དྲེགས་པ་གཟན་འབེབས་ཀྱི་རྒྱུད་ལས། ཀླུ་རྣམས་གཟན་ལ་དབབ་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་གནོད་སྦྱིན་ཟངས་ཐོག་གི་སེར་བ་དབབ་པ་འདི་གསུངས་སོ། །དཀྱིལ་འཁོར་འཁོར་ལོ་རྩིབས་བཞི་པ། །འཁོར་ལོའི་རྩིབས་ལ་མི་གཟུགས་རེ། །སྙིང་གར་ཧོམ་བཞི་ཕུར་པ་བཞི། །མདའ་བཞི་དར་སྣ་ལྔ་ཡང་གདགས། །དབུས་ཀྱི་གྲུ་གསུམ་འཕར་ཐོད་ནང་། །ཟས་རྒོད་ཐོག་སྔགས་རྟ་ནག་ཁྲག །ཟླ་གམ་གསུམ་ལ་ཝ་ཁྱི་ཕག །དེ་ནང་རམ་བུའི་རྩ་བ་དང་། །རྟ་ར་ཁྱི་གསུམ་ཁྲག་རྣམས་བླུག །སྒོ་བཞིར་གཏོར་མ་དགོད་པར་བྱ། །ཨོཾ་རཾ་ཏྲ་ཐུན་ཤག །དམུ་བཙན་རོལ་པོ་དགྲ་བོའི་སྲོག་རྩ་རྦད་ཡ། ཐུན་ཐུན་དགྲ་བོའི་ལོ་ཐོག་ལ་ཡཾ་བྷྱོ། ཨ་ཏི་ཡཾ་ཏི་རཀྴ་ཧྲི། ཡབ་ཀྱི་སྔགས་སོ། །ཨོཾ་པ་ཤ་མི་ཀི་ནག་མོ་བལ་ལ། དགྲ་བོའི་སྲོག་རྩ་ལ་རྦད། ཐུན་ཐུན་དགྲ་བོའི་ལོ་ཐོག་ལ་བྷྱོ། དེ་མ་རཀྵ་མ་ཐུན་བྷྱོ། ཡུམ་གྱི་སྔགས་སོ། །ཡབ་དང་ཡུམ་གྱི་སྔགས་དག་ནི། །ཐོག་བསྒྲུབ་བྱ་ན་ཉིས་འབུམ་བཟླས། །སེར་བསྒྲུབ་ཐུན་པར་བཟླས་པ་ཡང་། །བརྒྱ་བརྒྱ་དག་ཏུ་བཟླས་པར་བྱ། །གནོད་སྦྱིན་ཟངས་མདོག་དམར་ནག་སྐུ། །དབུ་ཡི་རྒྱ་མདུད་འཁོར་ལོ་ཅན། །གཡས་པ་རལ་གྲི་གཡོན་པ་མདུང་དམར་བསྣམས། །ཡུམ་ནི་ཟངས་གྲི་གཏུམ་མོ་བསེ་གདོང་མ། །སྔོ་དམར་ཞགས་པ་གཡས་ལ་ནད་རྐྱལ་གཡོན། །དེ་ཡི་རྒྱུན་སྔགས་རྟག་ཏུ་བཟླས་པ་ནི། །བནྡི་གོས་དམར་སྐྱེས་པ་གོ་ཅན་བརྒྱ། །ཆུ་དང་འོད་པ་ལུག་ཁྱུ་འབྲུག་སེར་སྒྲ། །རྟགས་དེ་མ་བྱུང་བར་དུ་འབད་པར་བྱ། །ཨོཾ་ཧ་སྲི་ཡ་ཏྲི་སེམས་པ་ཛ། ཧ་ཏྲི་ཨ་ཏྲ་སེམས་པ་ཛ་དུ།ཁ་ལ་ཡ་ཤོ་ཨ་ཏྲི་སེམས་པ་ཛ་དུ་ཁ་ལ་ཡ་ཤོ་ཨེ་མ་ཀེ་ཏྲ། ཁ་ལ་མུ་ཉིད་ཡ་མན་ཏ་ཀ །དགྲ་བོའི་ཡུལ་འདིར་མཱ་


DNG018_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

ར་ཡན། ཛ་ཏྲི་ཀེ་ཤ་ཡ་མཱ་ནཏ་ཀ་ཧཱུཾ་ཛ། དེ་ནས་སེར་བ་འབེབས་པའི་སྔགས་བཟླས་པས། །བསྙེན་སྔགས་ཉིས་བརྒྱ་འབེབས་སྔགས་བརྒྱ་ཚོ་གཅིག །ཐོད་པ་ལྔ་ཡི་ནང་དུ་ཉུང་དཀར་སྔགས། །སྤྱོད་ལམ་སྒྲུབ་སྟེ་མི་ཁྱི་བསྲུང་བར་བྱ། །ཨ་ཀྲོ་ཏེ་ཀ་ཏ་ཤ་ལ་ཏ་ཤ་ར། ནཱ་ག་ནཱ་ག་དྲག་ཕོབ། ཕོབ་ཕོབ་ཤིག་ཤིག །ཧྲག་མུ་ཏྲག་ཤ་ཁ་ཀ་མུ་ཀ །རུ་ལུ་རུ་ལུ་མ་ཏི་ཀ །གྲོ་ག་གྲི་གིང་། རུ་ལུ་རུ་ལུ་མ་མོ་ཧ་རི་ན། རུ་ལུ་རུ་ལུ་ཙི་ཏ་མ་ལ། རུ་ལུ་རུ་ལུ་ཕྲོམ་ཧྲིལ་ཤར་ཕོབ་བྷྱོ། སྔགས་སྦྲེལ་བསྙེན་བསྒྲུབ་བཞི་འབུམ་བཟླས་པར་བྱ། །ལས་སྦྱོར་འཕར་ཐོད་ཞིང་གི་དཀྱིལ་དུ་སྦ། །ཐོག་འབེབས་ཡུལ་མཁར་ཁང་པའི་རྨང་དུ་སྦ། །སེར་བ་འབེབས་ན་ཁྱི་ཐོད་ཀླུ་ལ་མནན། །ཝ་སྤྱང་ཕག་ཐོད་གསུམ་གྱིས་ཞིང་མཐའ་བསྐོར། །ཐོག་འབེབས་ཡུལ་མཁར་ཐ་མར་སྦ་བར་བྱ། །སྔགས་འདིས་དགྲ་ཡུལ་རི་རྩེར་སྦྱིན་བསྲེག་བྱ། །དུ་ག་ཡ་ནི་ས་མ་ཡ་དུ་ཡ་དགྲ་རམ་ཤྭ་ཤྭ་རི་རི་རཾ་རཾ་ཙག་ཙག་སྭཱ་ཧཱ། ར་རོག་རྟ་ནག་ཁྲག་དང་སོ་བྱའི་སྤུ། །བསྲེག་ནས་ཐལ་འཇིམ་གཏོར་མ་བཏབ་པའི་སྔགས། །བྷཾ་ག་དུ་རུ། ཡོ་ག་ད་ག །ང་རར་ལ་ནི། ཡེ་སེ་མ་ཏོ་ཧི། ཨ་རུ་ག་ཏ། ས་ལོ་བ་མྷུར་ཨེ་སེ་རྩེ་ཏ། སི་ཏང་རེ་ཅོ་དང་། དགྲ་བོའི་ལོག་སི་ཏང་ཁ་སི་ཏིང་ཁ། །ཐལ་འཇིམ་གཏོར་མ་ཟོར་དུ་འཕང་བའི་སྔགས། །འོང་བ་ཡུལ་མཁར་དག་ལ་བརྡེག་པར་བྱ། །ནྲྀ་ཁ་ལ་ཡཀྴ་ཟོར། སྙིང་ཁྲག་ཁ་བུ་ཡུཾ་བུ་མཱ་ར་ཡ་བཟོར། ཀུ་ན་མ་པྲ་ཏི་བཟོར། ད་ར་ཙཀྲ་བཟོར། དགྲ་བོའི་ལོ་ཐོག་ལ་ཏྲེ་ས་མ་ཡ་ཕཊ། གཟའ་རྒོད་བཙན་ཐབས་དབབ་པའི་སྔགས། །རྒྱུ་བའི་དུས་དང་བསྟུན་ལ་དབབ། །ཨོཾ་སུ་བྱི་དུ་ཛ་བས་སྣ་སི་བྷྱོ། ར་མི་འུར་བུར་འུར་བུ་འུར་རུ། ཆེམ་ཆེམ་ས་མ་ཡ་པྲ་ས་ར་དུ། སྔགས་འདིས་རང་ལ་འཁྲིས་ན་བཟློག་པ་དང་། །སེར་ལམ་བསྟན་པའི་སྔགས་སུ་བཟླས། །ཨོཾ་གུཾ་རུ་ཏི་བཾ་རིལ་བཾ་རིལ། དུ་རུ་རྦད། དུ་རུ་རྦད། དགྲ་བོའི་ལོ་ལ་བྷྱོ། སེར་འབེབས་འཁོར་ལོ་བཞི་ལ་ཕུར་པ་བཞི། །ཟུར་བཞི་ཧོམ་ལ་དབུས་སུ་ཐུན་སྣོད་གཞག །རྟ་ནག་ཁྲག་དང་ཉུང་ནག་ཐུན་ལ་བསྒྲུབ། །ཨ་ཏི་ཡཾ་ཏི་དེ་མ་རཀྴ་ལ། ཉིས་འབུམ་ཧ་སྲི་འབུམ་ལ་ཨ་ཀྲོ་འབུམ།
བསྙེན་པ་རྒྱུན་སྔགས་དབབ་པར་ཤེས་པར་བྱ། །ཞེས་གསུངས་སོ། །པདྨ་དབང་ཆེན་དྲེགས་པ་གཟན་ལ་འབེབས་པའི་རྒྱུད་ལས། གནོད་སྦྱིན་ཟངས་ཐོགས་གཟན་ལ་དབབ་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་གིང་གི་སེར་བ་དབབ་པ་འདི་གསུངས་སོ། །ཁྱི་དཀར་སྣ་དམར་ཐོད་པ་རུ། །ར་དཀར་རྟ་དཀར་བྱ་དཀར་ཁྲག །ཉུང་དཀར་བླུག་སྟེ་བཤོས་བུས་མཆོད། །རྟ་ལག་གཡས་གཡོན་སྔགས་བྲིས་ཏེ། །ཏྲི་ཤ་རུ་ཏྲ་བཛྲ་སཱ་དྷུ་ས་མ་ཡ། ཕྲོམ་ཧྲིལ་ཤར་ཕོབ། བཛྲ་སཱ་དྷུ་ཨ་ཏྲི་སེམས་པ་ཛ་དུ། བྷྲཱུཾ་ཧྲི་ལ་ཤར་ཕོབ། མ་སུ་རཀྴ་ཁ་ལ་འུར་འུར་ཧྲིལ་ཧྲིལ་ཕོབ། འབུམ་དུ་བཟླས་ནས་ལས་ལ་སྦྱར། །རྟ་ལག་གཡས་པ་རི་རྩེར་སྦ། །རྟ་ལག་གཡོན་པ་རི་ཐང་མཚམས། །ཁྱི་ཐོད་འོང་སར་ཞིང་དཀྱིལ་སྦ། །བཛྲ་སཱ་དྷུ་ས་མ་ཡ། ཧྲི་ཏྲི་ནགས་མྱགས་ཕོབ། ཨ་ཏྲི་སེམས་པ་ཛ་ཡཾ། ཏྲིག་ནགས་མྱགས་ཕོབ། ཞེས་པ་གིང་གི་སེར་བ་འབེབས། ཞེས་གསུངས་པ་ལས། འཁོར་རྣམས་དགྱེས་ནས་སྟོན་པ་ལ་བསྟོད་པ། སྐུ་ནི་ལོངས་སྤྱོད་རྫོགས་པ་ལ། །གསུང་ནི་སྤྲུལ་པ་ཅིར་ཡང་སྣང་། །ཐུགས་ནི་ཆོས་སྐུ་དྲི་མ་མེད། །སྐུ་གསུམ་དག་ལ་ཕྱག་འཚལ་ལོ། །ཞེས་བསྟོད་ནས་འཁོར་རྣམས་སངས་རྒྱས་ཀྱི་བསྟན་པ་བསྲུང་བར་ཁས་བླངས། ཡེ་ཤེས་ཀྱི་འཁོར་རྣམས་རྗེས་སུ་ཡི་རང་ངོ་། །བཅོམ་ལྡན་འདས་ཉིད་ཆོས་སྐུ་སྐྱེ་བ་མེད་པའི་ངང་དུ་བཞུགས་སོ། །པདྨ་དབང་ཆེན་དྲེགས་པ་གཟན་ལ་འབེབས་པའི་རྒྱུད་ལས། གིང་གི་དྲེགས་པ་གཟན་ལ་འབེབས་པ་དང་། རྗེས་སུ་ཡི་རང་བའི་ལེའུ་བཅུ་གཉིས་པའོ།། །། པདྨ་དབང་ཆེན་དྲེགས་པ་གཟན་འབེབས་ཀྱི་རྒྱུད་རྫོགས་སོ། །པདྨ་འབྱུང་གནས་དང་། ཁ་ཆེ་ཨཱ་ནན་ཏས་བསྒྱུར་བའོ།། །།

དཔལ་པདྨ་དབང་ཆེན་དྲེགས་པ་གནད་འབེབས་ཀྱི་རྒྱུད་ཅེས་བྱ་བ།


DNG018_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཤྲཱི་པདྨ་མ་ཧཱ་ཝ་ཤཾ་དུཥྚ་ནིརྞི་ཡ་ཏནྟྲ་ནཱ་མ།བོད་སྐད་དུ། དཔལ་པདྨ་དབང་ཆེན་དྲེགས་པ་གནད་འབེབས་ཀྱི་རྒྱུད་ཅེས་བྱ་བ། ལྷུན་གྱིས་གྲུབ་པའི་སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་པདྨ་ཧེ་རུ་ཀ་རྒྱལ་བ་ཀུན་


DNG018_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྤྱི་གཟུགས་ཅན་དེ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཙུན་མོའི་བྷ་ག་རྣམ་པར་དག་པ་བདེ་བ་ཆེན་པོ་ལ་བཞུགས་ཏེ། མཁའ་འགྲོ་མ་ཁམ་རྒྱ་མོ་དྲུག་དང་།བྱང་ཆུབ་སེམས་དཔའ་དོན་མཛད་པའི་ལོང་བ་བརྒྱད། དཔའ་བོ་ཆེན་པོ་དམུས་ལོང་འཁོར་བ་དྲུག་ཅུ་དང་། གདུག་པ་འདུལ་བ་ཟ་བྱེད་དཔལ་གྱི་ཁྱི་བརྒྱད་དང་། ཡེ་ཤེས་སྤྲུལ་པའི་ཁྱི་བཅུ་དང་། ཕོ་ཉ་སྒོ་བ་ཆེན་པོ་བཞི་དང་ཐབས་ཅིག་ཏུ་བཞུགས་སོ། །དེ་ནས་ཡུམ་པདྨ་གཟི་ལྡན་མས་གླུ་འདིས་བསྐུལ་ལོ། །ཨོཾ་ཤེས་རབ་ཆོས་དབྱིངས་སྟོང་པའི་ངང་ཉིད་དུ། །ཐབས་མཆོག་སྙིང་རྗེ་ཡེ་ཤེས་ཆེན་པོར་ཤར། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་སྐུ། །ཆོས་སྐུ་དྲི་མ་མེད་པའི་བྱིན་རླབས་ལས། །ལོངས་སྐུ་སྲས་དང་བཙུན་མོ་གཞལ་ཡས་ཁང་། །ལོངས་སྤྱོད་ཕུན་སུམ་ཚོགས་པས་ས་ཆེན་འདུལ། །ཐུགས་རྗེའི་སྤྲུལ་པ་སྣ་ཚོགས་ཕྱོགས་བཅུར་འགྱེད། །མཛད་པ་བཅུ་གཉིས་འགྲོ་དོན་རྫོགས་པར་མཛད། །ཞི་བའི་གདུལ་བྱར་མ་གྱུར་དྲེགས་པ་ཅན། །ཁྲོ་བོའི་སྐུ་ཡིས་ཐུལ་ལ་བསྟན་པ་སྲུང་། །ཞེས་རྡོ་རྗེའི་གླུས་རྣམ་པར་བསྐུལ་ལོ། །དེ་ནས་ཡབ་ཀྱིས་གླུ་འདི་འགྲོ་བའི་ཆེད་དུ་བླངས་སོ། །ཨོཾ་དོན་དམ་སྐྱེ་བ་མེད་པ་འདས་པའི་ཆོས། །ཀུན་རྫོབ་སྒྱུ་མར་སྣང་བ་འཁོར་བའི་ཆོས། །ཀུན་རྫོབ་དོན་དམ་དབྱེར་མེད་ཆོས་ཀྱི་སྐུ། །འཁོར་བ་མ་སྤངས་འདས་པ་བསྒྲུབ་ཏུ་མེད། །ཆོས་སྐུ་དྲི་མ་མེད་པའི་སྙིང་པོ་འདི། །འཁོར་དང་མྱ་ངན་འདས་པའི་ཆོས་སྐུར་སྣང་། །དེ་ཉིད་གཏན་ལ་དབབ་ཕྱིར་རྒྱལ་བ་རྣམས། །དབང་པོ་བསམ་པ་དགོངས་པ་ཐ་དད་མེད། །ཇི་ལྟར་སྣང་བའི་ཆོས་རྣམས་ཆོས་སྐུར་གཅིག །དེ་ལས་མ་གཏོགས་གསང་བའི་ངེས་དོན་མེད། །རང་སེམས་གཟུང་འཛིན་གཉིས་བྲལ་དྲི་མེད་པ། །དེ་ཉིད་སངས་རྒྱས་རྣམས་ཀྱི་ཆོས་སྐུ་ཡིན། །དེ་ལས་མ་གཏོགས་ཆོས་སྐུ་གཞན་ནས་འཚོལ། །བྱ་ལོང་ནམ་མཁའི་མཐའ་ལ་རྩད་གཅོད་འདྲ། །ཨོཾ་ཆོས་སྐུ་མཐོང་བར་དཀའ་བའི་གདུལ་བྱ་རྣམས། །ས་བཅུའི་བྱང་ཆུབ་སེམས་དཔའ་འདུལ་དོན་དུ། །གནས་ལ་མིང་བཏགས་འོག་མིན་ཆེན་པོ་རུ། །སྟོན་པ་རྒྱལ་བ་རིགས་ལྔ་


DNG018_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྤྱོད་རྫོགས། །སེམས་དཔའ་སེམས་མ་ཉེ་བའི་སྲས་ཀྱིས་བསྐོར། །ས་བཅུའི་བྱང་ཆུབ་སེམས་དཔའི་འཁོར་རྣམས་ལ། །དགོངས་པ་བརྡའ་ཡིས་ཆོས་ཀྱི་འཁོར་ལོ་བསྐོར། །ཤེས་བྱའི་སྒྲིབ་དག་ཆོས་ཀྱི་སྐུ་ལ་སྦྱོར། །ལོངས་སྐུའི་འདུལ་བར་མ་གྱུར་འགྲོ་དྲུག་ལ། །སྤྲུལ་སྐུའི་མཛད་པ་བཅུ་གཉིས་དོན་མཛད་པ། །ལྷ་ཡི་ཡུལ་ལ་བབས་ནས་ལྷུམས་སུ་ཞུགས། །ལུམྦིའི་ཚལ་དུ་ལྷུམས་ནས་སྐུ་ཡང་བལྟམས། །ཨངྒ་མ་གྷར་གཞོན་ནུའི་རོལ་རྩེད་མཛད། །རི་བོ་ཁབ་ཅན་ཡུལ་དུ་ཁབ་ཏུ་བཞེས། །མེ་ནེ་ཡ་ཡི་ཡུལ་དུ་རབ་ཏུ་བྱུང་། །ཆུ་བོ་ནཻ་རའི་འགྲམ་དུ་དཀའ་ཐུབ་མཛད། །བ་ར་ཎཱ་སིར་ཆོས་ཀྱི་འཁོར་ལོ་བསྐོར། །འཁོར་མོ་འཇིག་ཏུ་བདུད་ཀྱི་བར་ཆད་བཏུལ། །རྒྱལ་པོའི་ཕོ་བྲང་ཆོ་འཕྲུལ་ཆེན་པོ་བསྟན། །རྡོ་རྗེའི་གདན་ལ་མངོན་པར་སངས་རྒྱས་ནས། །གྱད་ཡུལ་ས་ལ་ཤིང་རྩར་མྱ་ངན་འདས། །གྲོང་ཁྱེར་རྩྭ་མཆོག་དག་ཏུ་སྐུ་གདུང་བགོས། །ཞེས་གསུངས་སོ། །པདྨ་དབང་ཆེན་དྲེགས་པ་གནད་ལ་འབེབས་པའི་རྒྱུད་ལས། སྐུ་གསུམ་གྱི་དོན་གནད་ལ་ཕབ་སྟེ་བསྟན་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་བྱང་ཆུབ་སེམས་དཔའ་ས་བཅུ་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །སྐུ་གསུམ་རྒྱལ་བའི་དགོངས་པས་བཤད་གྱུར་པའི། །རྣལ་འབྱོར་ཆེན་པོ་ལ་སོགས་རྒྱུད་རྣམས་ཀྱི། །བཤད་ཚུལ་མན་ངག་ཁོང་ནས་གབ་པ་ཕྱུང་། །མ་འོངས་འགྲོ་བ་རྣམས་ལ་ངེས་པར་གསུངས། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་གསུངས་སོ། །རྣལ་འབྱོར་ཆེན་པོའི་རྒྱུད་རྣམས་ལ། །བཤད་པའི་རྒྱན་ནི་རྣམ་པ་བདུན། །གླེང་བསླངས་པ་ཡི་གྲངས་ནི་ལྔ། །སངས་རྒྱས་པ་ཡི་ཚུལ་ཡང་བཞི། །རྒྱས་པར་བཤད་པའི་མཐའ་ཡང་དྲུག །བཤད་པའི་ཚུལ་ནི་རྣམ་པ་བཞི། །དབྱེ་བའི་བཤད་པ་རིམ་པ་གཉིས། །སྣོད་ཀྱི་གང་ཟག་རྣམ་པ་ལྔ། །བདེན་པ་གཉིས་ཀྱི་རྣམ་པར་ངེས། །སྤྱིར་བསྡུས་ཉི་ཤུ་རྩ་བརྒྱད་ཀྱིས། །གསང་སྔགས་རྒྱུད་ཀྱི་རྣམ་བཤད་བྱ། །དེ་ཡང་ཇི་ལྟ་བུ་ཞེ་ན། །གླེང་བསླང་བ་ཡི་གྲངས་ལྔ་ནི། །རྒྱུད་ཀྱི་མིང་ནི་གང་བཏགས་མཚན། །འཁོར་


DNG018_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སེམས་ཅན་དོན་དུ་གསུངས། །སྟོན་པ་གཟུགས་སྐུ་རྣམ་པ་གཉིས། །ལྡང་ཚད་ཆོ་ག་ལེའུ་དུམ་བུ་རིམ། །དགོས་ཆེད་ཐུན་མོང་མཆོག་ཏུ་བསྒྲུབ་པའོ། །སངས་རྒྱས་པ་ཡི་ཚུལ་བཞི་ནི། །རྒྱུད་དང་གླེང་གཞི་ངེས་ཚིག་རྒྱུ། །དེ་ཡང་འདོད་ཆགས་སྤང་མ་སྤངས། །འདོད་ཆགས་བཅས་ནས་སངས་རྒྱས་བཞི། །རྒྱུད་ནི་ལྷ་ལུས་རིགས་ལྔ་བསྒོམ། །གླེང་གཞི་རིགས་ལྔ་གཅིག་གྱུར་པ། །ངེས་ཚིག་རྡོ་རྗེ་ལ་སོགས་གསུངས། །རྒྱུ་ནི་སྒེག་པ་ལ་སོགས་སྤྱོད། །འདོད་ཆགས་སྤངས་པའི་ཚུལ་ཡང་བཞི། །རྒྱུད་ནི་མི་ལུས་སྐྱེ་བ་ལ། །གླེང་གཞི་རབ་ཏུ་བྱུང་བ་ཉིད། །ངེས་ཚིག་འདུལ་བའི་སྡོམ་པ་བླངས། །རྒྱུ་ནི་འབྲས་བུས་སངས་རྒྱས་འདོད། །རྒྱས་པར་བཤད་པའི་མཐའ་དྲུག་ནི། །དྲང་དོན་དང་ནི་ངེས་དོན་གཉིས། །དགོངས་བཤད་དགོངས་པ་མ་ཡིན་བཤད། །ཇི་བཞིན་སྒྲ་དང་ཇི་བཞིན་མིན། །དྲང་བའི་དོན་ནི་བཤད་པ་ནི། །སྐལ་ངན་སྦས་བཤད་དྲང་དོན་དུ། །ཐུན་མོང་དངོས་གྲུབ་འདོད་རྣམས་ལ། །མཚན་བཅས་བསྐྱེད་པའི་རིམ་པ་བསྟན། །ངེས་པའི་དོན་དུ་བཤད་པ་ནི། །ཡང་དག་དོན་སྟོན་ངེས་པའི་དོན། །ཉེ་ལམ་དགའ་མཆོག་འདོད་པ་ལ། །དེ་ལ་རྫོགས་པའི་རིམ་པ་བསྟན། །བསྐྱེད་རིམ་རྫོགས་རིམ་འདི་གཉིས་ནི། །དོན་གྱི་མཐའ་ལ་བརྟེན་པའོ། །དེ་ཡང་ཇི་ལྟར་ཡིན་ཞེ་ན། །ཏིང་འཛིན་གསུམ་ལས་གཞལ་ཡས་གདན། །སྐུ་བསྐྱོད་སྤྱན་དྲང་མཆོད་ཕུལ་བསྒྲུབ། །རོ་ལངས་རྐང་མགྱོགས་མིག་སྨན་སོགས། །སྐྱེས་བུའི་སེམས་ལ་ཅི་འདོད་རྣམས། །པདྨ་དབང་ཆེན་དྲེགས་པ་བསྒོམ་པས་བསྒྲུབ། །སྡུག་བསྔལ་ཉིད་ཀྱང་བྱང་ཆུབ་ལ། །འཁོར་བ་ཉིད་ཀྱང་མྱ་ངན་འདས། །སྒྲིབ་པ་གཉིས་ན་མངོན་སངས་རྒྱས། །ངེས་དོན་དེ་ལ་འདུད་པར་བྱོས། །དགོངས་པས་བཤད་པར་བྱ་བ་ནི། །དབང་པོ་རྣོན་པོའི་རིགས་ལ་ནི། །རིག་པའི་རྗེས་སུ་འབྲང་བ་ཡིས། །ཤེས་རབ་ཅན་གྱི་གང་ཟག་རྣམས། །ང་རྒྱལ་བཅག་པར་བྱ་བའི་ཕྱིར། །དབང་པོ་རྣོན་པོ་ལ་དགོངས་ནས། །འགལ་བའི་ཚིག་གིས་དོན་སྟོན་བཤད། །རྒྱལ་བ་རྣམས་ཀྱིས་དེ་ལྟར་


DNG018_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས། །དགོངས་པ་མ་ཡིན་བཤད་པ་ནི། །དབང་པོ་དམན་པའི་གང་ཟག་ལ། །གསལ་བར་སྟོན་པ་དགོངས་མིན་ཚིག །དངོས་བྲལ་འོད་གསལ་ཟུང་དུ་འཇུག །དབང་པོ་རྣོ་རྟུལ་དགོངས་པ་ནི། །འདི་གཉིས་ཚིག་གི་མཐའ་ལ་བརྟེན། །དེ་ཡང་ཇི་ལྟར་བརྟེན་ཞེ་ན། །ཕ་དང་ཁུ་བོ་མེས་པོ་དང་། །བུ་དང་སྤུན་དང་མཛའ་བོ་རྣམས། །ཞེ་སྡང་སེམས་ཀྱིས་བསད་བྱས་ན། །རྡོ་རྗེ་རིགས་ཀྱི་ཞིང་དུ་འགྱུར། །ཆོས་རྣམས་ཀུན་གྱི་དེ་ཁོ་ན། །རང་བཞིན་གྱི་ནི་འོད་གསལ་ཏེ། །བདེན་གཉིས་ཡང་དག་ཟུང་དུ་འཇུག །དངོས་པོ་ཐམས་ཅད་དང་བྲལ་བའོ། །སྒྲ་ནི་ཇི་བཞིན་བཤད་པ་ནི། །རང་གི་སྒྲ་ཡིས་སྟོན་པ་ཡང་། །དཀྱིལ་འཁོར་མཆོད་བསྟོད་དམ་ཚིག་སྤྱོད། །སྒྲ་ནི་ཇི་བཞིན་སྟོན་པའོ། །ཇི་བཞིན་མ་ཡིན་བཤད་པ་ནི། །སྒྲ་གཞན་དག་གིས་རབ་སྟོན་ཏེ། །འཇིག་རྟེན་བསྟན་བཅོས་དག་ལ་མེད། །དེ་བཞིན་གཤེགས་པའི་དགོངས་པ་ཡིན། །ཇི་བཞིན་ཡིན་དང་མ་ཡིན་སྒྲ། །དོན་ཚིག་གཉིས་ཀའི་མཐའ་ལ་བརྟེན། །དེ་ཡང་ཇི་ལྟར་བསྟན་ཅེ་ན། །དཀྱིལ་འཁོར་དག་ཏུ་གཞུག་པར་བྱ། །དབང་བླང་དམ་ཚིག་མི་ཉམས་བསྲུང་། །མཆོད་པ་གཏོར་མས་ལྷ་མཉེས་བྱ། །ཡི་དམ་ཞལ་ཕྱག་གསལ་བ་ཡིས། །མཉམ་གཞག་རྗེས་ལ་སྤྱོད་པས་ཀྱང་། །ཀྲོ་ཏ་ཡཾ་དང་ཤ་ཀ་ཡཾ། །ཀྵ་ཏ་ཡཾ་གི་ས་བོན་ཅན། །ལུས་ལ་རླུང་ལྔར་རབ་ཏུ་གནས། །བཤད་པའི་ཚུལ་བཞི་བསྟན་པ་ཡང་། །ཚིག་གི་དོན་དུ་བཤད་པ་ནི། །ཆོས་ཀུན་མཁས་པས་སྒྲ་ཙམ་ལ། །མཁས་པ་ཚིག་གི་དོན་ཡིན་ཏེ། །ཡི་གེ་འབྲུ་གཉེར་གསལ་སྦྱར་ན། །ཚིག་ལ་མ་རྨོངས་ཚིག་མཐའ་ཡས། །དེ་དང་ནས་ནི་འབྱེད་པའི་ཚིག །ས་དང་ཅན་གྱི་ལྡན་པའི་ཚིག །ཡང་དང་ཀྱང་ནི་བརྣན་པའི་ཚིག །སྟེ་ནི་ལྷག་མ་ཅན་གྱི་ཚིག །འདི་ནི་ཉེ་བར་མཚོན་པ་ལ། །ལ་ནི་བཀར་ནས་སྟོན་པ་སོགས། །ཕྱི་ཡི་དོན་དུ་བཤད་པ་ནི། །མདོ་ལ་བཞུགས་ནས་འགྱོད་པ་བཟློག །སྔགས་ལ་ཞུགས་ན་བསྐྱེད་རིམ་བསྒོམ། །སྦས་ཏེ་བཤད་པར་བྱ་བ་ནི། །ཚོགས་པར་མི་དབྱུང་ཕྱིར་སྦས་གསུམ། །འདོད་ཆགས་དག་གི་ཆོས་སྦས་པ། །


DNG018_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་གསང་དབང་སྙིང་པོ་ཡིན། །ཀུན་རྫོབ་ཆོས་ཀྱི་སྦས་པ་ཡང་། །ཤེས་བྱ་ནང་གྱུར་སྙིང་པོ་ཡིན། །ཡེ་ཤེས་སྦས་པས་སྙིང་པོ་ཡིན། །ཡེ་ཤེས་ཀུན་བརྟགས་མ་ཡིན་པས། །རྣམ་པར་བརྟགས་པའི་སྙིང་པོ་ཡོད། །མཐར་ཐུག་དོན་དུ་བཤད་པ་ཡིན། །འོད་གསལ་གཟུགས་སྐུ་རྣམ་པ་གཉིས། །ཟུང་འཇུག་སྐུ་རུ་ཆོས་ཀྱི་གནས། །ཉན་བཤད་དབྱེ་བ་རྣམ་པ་གཉིས། །ཚོགས་པ་རྣམས་ལ་བཤད་པ་ནི། །ཇི་བཞིན་སྒྲ་དང་དགོངས་མིན་དང་། །དྲང་དོན་སྤྱི་དོན་ཡི་གེའི་དོན། །སློབ་མ་རྣམས་ལ་བཤད་པ་ནི། །སྒྲ་ནི་ཇི་བཞིན་མ་ཡིན་དང་། །ངེས་དོན་དགོངས་ཏེ་བཤད་པ་དང་། །སྦས་བཤད་མཐར་ཐུག་དོན་རྣམས་བཤད། །སྣོད་ཀྱི་གང་ཟག་རྣམ་ལྔ་ནི། །ཨུཏྤལ་ལྟ་བུའི་གང་ཟག་ནི། །སྦྲང་རྩི་མང་ལྟར་ཆོས་མང་ཐོས། །སྦྲང་རྩི་འཛིན་ལྟར་འཛིན་པ་མཁས། །སྦྲང་རྩི་ཡལ་སྐྱེན་བརྗེད་ནས་འགྲོ། །པད་དཀར་ལྟ་བུའི་གང་ཟག་ནི། །སྦྲང་མས་ཆོས་མང་ཐོས་པ་ཡང་། །སྦྲང་རྩི་འཛིན་ལྟར་སྟོན་མི་ནུས། །སྦྲང་མས་སྦྲང་རྩི་བླང་དཀའ་ལྟར། །བུམ་ནང་རས་བལ་ལྟ་བུའོ། །པདྨ་དམར་པོ་ལྟ་བུ་ནི། །ཡིད་དུ་འོང་ལྟར་དད་པར་ལྟར། །པདྨ་ཁ་དོག་དམར་བ་ལྟར། །སྙིང་རྗེ་དང་ནི་ཤེས་རབ་ཆེ། །པདྨ་ཉིན་མོ་ཁ་འབྱེད་ལྟར། །ཐོས་ནས་བློ་ཁ་བྱེ་བ་དང་། །སྦྲང་རྩི་མི་ཐུབ་འཛག་པ་ལྟར། །ཚིག་དོན་མི་འཛིན་བརྗེད་ནས་འགྲོ། །ཙན་དན་ལྟ་བུའི་གང་ཟག་ནི། །སྡོང་པོ་ཆུང་ལྟར་ཐོས་པ་ཉུང་། །དྲི་དང་ལྡན་པས་ང་རྒྱལ་ཆེ། །རྩ་ཕྲ་ཡལ་ག་ལོ་འདབ་རྒྱས། །རྩ་བ་མེད་པར་མང་དུ་སྨྲ། །དུག་སྦྲུལ་འཁྲིལ་པས་བླང་མི་ནུས། །རྗེས་སུ་གཟུང་བར་མི་ནུས་སོ། །འགྱོད་ཤིང་ཅན་གྱི་ཙན་དན་ཡིན། །རིན་ཆེན་ལྟ་བུའི་གང་ཟག་ནི། །ནོར་བུ་རང་བཞིན་དག་པ་ལྟར། །དམ་ཚིག་ཚུལ་ཁྲིམས་དག་པ་དང་། །གཞན་དོན་བྱེད་ཅིང་གཞན་མི་གནོད། །དེ་བཞིན་འཛིན་ལ་མཁས་པ་དང་། །ཅི་འདོད་འབྱུང་ལྟར་ཤེས་རབ་ལྡན། །ནོར་བུས་འགྲོ་དོན་བྱེད་པ་ལྟར། །རྒྱུད་གཅིག་ཐོས་ནས་ལེགས་པར་སྟོན། །བདེན་པའི་དགོངས་པ་གཉིས་པ་ནི། །བསྐྱེད་རིམ་སྒྱུ་ལུས་ཀུན་རྫོབ་བདེན། །འོད་གསལ་དོན་དམ་བདེན་པའོ། །རྣལ་


DNG018_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་རྒྱུད་རྣམས་མཛེས་པ་ཡི། །རྒྱན་བདུན་གསལ་བའི་ལྡེ་མིག་ནི། །རྒྱུད་རྣམས་འབྱེད་ཅིང་འགྲོལ་བར་བྱེད། །ཅེས་གསུངས་སོ། །པདྨ་དབང་ཆེན་དྲེགས་པ་གནད་ལ་འབེབས་པའི་རྒྱུད་ལས། རྒྱུད་ཀྱི་བཤད་ཚུལ་གནད་འབེབས་ཀྱི་ལེའུ་སྟེ་གཉིས་པའོ།། །།དེ་ནས་འཁོར་གྱི་ཚོགས་རྣམས་ཀྱིས། །འདི་སྐད་གསོལ་བ་རབ་ཏུ་བཏབ། །རྒྱུད་དང་ལུང་དང་མན་ངག་རྣམས། །བཤད་པའི་ཚུལ་ནི་དེ་ལྟར་ན། །རྣལ་འབྱོར་དབང་ཕྱུག་ཆེན་པོ་རྣམས། །བསྐྱེད་རྫོགས་ཉམས་སུ་ཇི་ལྟར་བླང་། །བདག་ཅག་རྣམས་ལ་གསང་སྒོ་ཕྱེ། །འགྲོ་བའི་དོན་དུ་ལེགས་པར་གསུངས། །ཞེས་ཞུས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དབང་པོ་ཡང་རབ་རྣལ་འབྱོར་ལ། །བསྐྱེད་པའི་དུས་ནས་རྫོགས་པ་སྟེ། །རྟག་པའི་མཐའ་ལས་རབ་གྲོལ་ནས། །བསོད་ནམས་ཚོགས་ཀྱང་རྫོགས་པ་ཡིན། །གཟུགས་ཀྱི་སྐུ་ཡང་འཐོབ་པར་བྱེད། །རྫོགས་པའི་དུས་ནས་བསྐྱེད་པ་སྟེ། །ཆད་པའི་མཐའ་ལས་གྲོལ་བྱས་ནས། །ཡེ་ཤེས་ཚོགས་ཀྱང་རྫོགས་པར་བྱེད། །ཆོས་སྐུ་དྲི་མ་མེད་པར་འཐོབ། །དབང་པོ་འབྲིང་དང་ཐ་མ་ལ། །ལུས་ཀྱི་སྒྲིབ་པ་བྱང་བའི་ཕྱིར། །བསྐྱེད་པའི་རིམ་པ་བརྟན་པར་བསྒོམ། །ངག་གི་བསགས་པ་སྦྱོང་བ་ནི། །བཟླས་པའི་གྲངས་ཀྱང་རྒྱུན་མི་གཅད། །ཡིད་ཀྱི་དྲན་པ་སྤང་བའི་ཕྱིར། །རྫོགས་པའི་རིམ་པ་བཟང་པོ་བསྒོམ། །བསྐྱེད་པའི་རིམ་པ་གཉིས་ཡོད་དེ། །ཞི་བར་བསྒོམ་དང་ཁྲོ་བོར་བསྒྱུར། །རིགས་གཉིས་ལུང་གིས་བརྒྱུད་པས་ན། །རྡོ་རྗེའི་རིགས་དང་པདྨ་བསྒོམ། །བཅོམ་ལྡན་དཔལ་མཆོག་རྡོ་རྗེ་སེམས། །སྐུ་གསུམ་ལྷུན་གྲུབ་དབུ་གསུམ་ནི། །མཐིང་ག་དཀར་གསལ་པདྨ་དམར། །རྒྱུད་དྲུག་རྩད་གཅོད་ཡེ་ཤེས་དྲུག །རྡོ་རྗེ་འཁོར་ལོ་པདྨ་གཡས། །དྲིལ་བུ་རིན་ཆེན་རལ་གྲི་གཡོན། །རྣམ་པ་ཐམས་ཅད་མཆོག་རབ་ལྡན། །ཐམས་ཅད་རྒྱན་ནི་མ་ལུས་རྫོགས། །པདྨ་རིན་ཆེན་གར་གྱི་དབང་། །ཞལ་གསུམ་ཕྱག་དྲུག་དགའ་མདངས་བརྗིད། །དབུས་ཀྱི་སྐུ་མདོག་དཀར་དམར་མདངས། །གཡས་སྔོ་གཡོན་སེར་བརྗིད་པའི་ཞལ། །པདྨ་རྡོ་རྗེ་རྩེ་གསུམ་མདའ་ནི་གཡས། །བུམ་པ་དཔལ་བེའུ་གཞུ་ནི་གཡོན། །


DNG018_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་སྣ་ཚོགས་ན་བཟའ་མཛེས། །ཡུམ་ནི་པད་དྲིལ་དམར་པོ་འཁྲིལ། །ཁྲོ་བོར་གྱུར་པ་རིགས་ལྔ་དབང་ཆེན་སྐུ། །སྐུ་ཡི་དབང་ཆེན་དམར་པོ་དབུ་ལྔ་པ། །རྟ་མགོ་ལྔ་དང་གཤོག་བཞི་ཞབས་བརྒྱད་པ། །ཤར་དུ་རོལ་པའི་ཕྱག་བཞི་ནི། །ཁྲོ་ཆེན་སྙིང་འབྱིན་ཁ་ཊྭཱཾ་ག །རྡོ་རྗེ་ལྕགས་ཀྱུ་སྦྲུལ་གྱི་ཞགས། །ལྷོ་རུ་རོལ་པའི་ཕྱག་བཞི་ནི། །ཐོད་ཁྲག་རྡོ་རྗེ་ལུ་གུ་རྒྱུད། །གཤིན་རྗེའི་བེ་ཅོན་རྔེའུ་ཆུང་གཡོན། །ནུབ་ཏུ་རོལ་པའི་ཕྱག་བཞི་ནི། །མེ་ཡི་ཞགས་པ་ཁྱུང་གི་ཁྲ། །སྡིགས་མཛུབ་མེ་ཆེན་ཁ་ཊྭཱཾ་ག །བྱང་དུ་རོལ་པའི་ཕྱག་བཞི་ནི། །རྡོ་རྗེ་རྩེ་དགུ་རྩེ་ལྔ་དང་། །རྩེ་གསུམ་དང་ནི་རྩེ་གཅིག་འབར། །གསུང་གི་དབང་ཆེན་དབུ་ལྔ་དམར། །རྟ་གདོང་ལྔ་ལྡན་གཤོག་པ་བཞི། །བཅུ་དྲུག་ཕྱག་ན་བསྣམས་པ་ནི། །རྡོ་རྗེ་ཁ་ཊྭཱཾ་དྲིལ་བུར་བཅས། །ལྕགས་ཀྱུ་སྦྲུལ་དང་ཞགས་པ་དང་། །འཁོར་ལོ་རིན་ཆེན་ཟུར་བརྒྱད་དང་། །རལ་གྲི་རྡོ་རྗེ་ལུ་གུ་རྒྱུད། །གཡས་ཀྱི་ཕྱག་ན་བསྣམས་པ་ནི། །པདྨ་ཡུ་འཛིན་ཐོད་ཁྲག་བཀང་། །ཁྲོ་སྙིང་གཤིན་རྗེའི་དབྱུག་པ་ཐོག །རྒྱ་གྲམ་རྡོ་རྗེ་བེ་ཅོན་དང་། །མེ་ལོང་ཏྲི་ཤཱུལ་ཁྱུང་གི་ཁྲ། །གཡོན་གྱི་ཕྱག་ན་བསྣམས་པའོ། །ཞབས་བརྒྱད་ཁྲོ་བོ་འདས་པ་མནན། །ཐུགས་ཀྱི་དབང་ཆེན་དབུ་ལྔ་པ། །དམར་པོ་རྟ་མགོ་ལྗང་གུ་ལྔ། །གཡས་ཀྱི་ཕྱག་བརྒྱད་ཕྱག་མཚན་ནི། །རྡོ་རྗེ་ལྕགས་ཀྱུ་སྦྲུལ་ཞགས་དང་། །ཅང་ཏེའུ་ཁ་ཊྭཱཾ་ཐོད་རློན་ཁྲག །རྡོ་རྗེ་རྩེ་དགུ་རྩེ་ལྔ་དང་། །རྩེ་གསུམ་དང་ནི་རྩེ་གཅིག་བསྣམས། །གཡོན་གྱི་ཕྱག་བརྒྱད་བསྣམས་པ་ནི། །རྡོ་རྗེ་ལྕགས་ཀྱུ་ལུ་གུ་རྒྱུད། །ཐོད་རློན་ཁྲོ་བོ་བརྒྱད་ཀྱི་སྙིང་། །མེ་ཡི་ཞགས་པ་ཁྱུང་གི་ཁྲ། །སྡིགས་མཛུབ་རྩེ་ལ་མེ་ཆེན་འབར། །ཅང་ཏེའུ་ཁ་ཊྭཱཾ་ལྕགས་ཀྱུ་བསྣམས། །གཤོག་བཞི་ཞབས་བརྒྱད་ཁྲོ་བོ་མནན། །པདྨ་གསང་བ་ཞེས་བྱ་བ། །རྣལ་འབྱོར་ཀུན་གྱི་བསྒོམ་པར་བྱ། །ཡོན་ཏན་དབང་ཆེན་དབུ་ལྔ་པ། །དམར་པོ་རྟ་མགོ་ལྗང་ཞུར་ལྔ། །གཤོག་བཞི་ཞབས་བརྒྱད་བཅུ་དྲུག་ཕྱག །གཡས་ཀྱི་ཕྱག་ན་བསྣམས་པ་ནི། །གཽ་རཱིའི་ཕྱག་ན་རྡོ་རྗེ་ལྕགས་ཀྱུ་བསྣམས། །གཉིས་པ་ཙཽ་རཱི་སྦྲུལ་གྱི་ཞགས་པ་བསྣམས། །གསུམ་པ་པྲ་མོ་ཧ་ནི་རྔེའུ་ཆུང་བསྣམས། །


DNG018_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པ་བེཏྟཱ་ལཱི་ནི་བྷནྡྷ་བསྣམས། །ལྔ་པ་པུཀྐ་རྡོ་རྗེ་རྩེ་དགུ་བསྣམས། །དྲུག་པ་ཙནྡྷ་རྡོ་རྗེ་རྩེ་ལྔ་བསྣམས། །བདུན་པ་སྨ་ཤ་རྡོ་རྗེ་རྩེ་གསུམ་བསྣམས། །བརྒྱད་པ་གྷ་སྨ་རྡོ་རྗེ་རྩེ་གཅིག་བསྣམས། །གཡོན་གྱི་ཕྱག་ན་བསྣམས་པ་ནི། །སིང་ཧ་མུ་ཁ་རྡོ་རྗེ་ལྕགས་ཀྱུ་བསྣམས། །གཅིག་པ་བྱ་གྷྲཱི་ཕྱག་ན་མེ་དཔུང་བསྣམས། །གསུམ་པ་ཤྭ་ན་མུ་ཁ་ལྕགས་སྒྲོགས་བསྣམས། །བཞི་པ་ཛེྨ ་གཱ་ལ་ནི་ཐོད་ཁྲག་བསྣམས། །ལྔ་པ་གྲྀ་སྙིང་ཆེན་བསྣམས། །དྲུག་པ་ཀང་ཀ་ཁ་ཊྭཱཾ་བསྣམས། །བདུན་པ་ཀཱ་ཀ་ཅང་ཏེའུ་བསྣམས། །བརྒྱད་པ་ཨུ་མཱུ་ལྕགས་ཀྱུ་བསྣམས། །གཤོག་བཞི་ཞབས་བརྒྱད་ཁྲོ་བོ་གདན། །ཕྲིན་ལས་དབང་ཆེན་དབུ་ལྔ་དམར། །རྟ་མགོ་ལྗང་གུ་ལྔ་དང་ལྡན། །གཤོག་བཞི་ཕྱག་ནི་བཅུ་དྲུག་ན། །རྡོ་རྗེ་ལྕགས་ཀྱུ་སྦྲུལ་ཞགས་དང་། །མུ་སྟེགས་མགོ་དང་ཁ་ཊྭཱཾ་ག །རྡོ་རྗེ་རྩེ་དགུ་རྩེ་ལྔ་དང་། །རྩེ་གསུམ་རྩེ་གཅིག་གཡས་ན་བསྣམས། །རྡོ་རྗེ་ལྕགས་ཀྱུ་སྡིགས་མཛུབ་མེ། །ཐོད་ཁྲག་ལྷ་ཆེན་བརྒྱད་ཀྱི་སྙིང་། །གཤིན་རྗེའི་དབྱུག་པ་ལྕགས་ཀྱུ་དང་། །རྔེའུ་ཆུང་ཡུ་བ་ཁ་ཊྭཱཾ་ག །གཡོན་གྱི་ཕྱག་ན་རྣམ་པར་བསྣམས། །བཟླས་པའི་སྔགས་ནི་རབ་གསུངས་པ། །ཨོཾ་པདྨ་མ་ཧཱ་ཤྲཱི་ཧེ་རུ་ཀ །མ་ཧཱ་ཙན་དྷ་སརྦ་དུཥྚཱན། ཏ་ཀ་ཧ་ན་པ་ཙ་ཧཱུཾ་ཧཱུཾ་ཕཊ། སྐུའི་སྔགས་སོ། །ཨོཾ་པདྨ་སི་ཏ་སི་ཏ་ཧ་ཧེ་ཙ་ཀྲ་བྷྱོ་བྷྱོ་ཧཱུཾ་ཧཱུཾ་ཕཊ། གསུང་གི་སྔགས་སོ། །ཨོཾ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཨོཾ་ཨཱ་ར་ལི་ཧཱུཾ་ཧྲཱྀཿཛ། ཐུགས་ཀྱི་སྔགས་སོ། །ཨོཾ་ཧྲི་ཧ་ཧ་ཧཱུཾ་ཧཱུཾ་ཕཊ། ཡོན་ཏན་གྱི་སྔགས་སོ། །ཧྲཱྀ་དི་མ་ད་རི་ཧྱ་གྷྲཱི་བ་ཨེ་ཀ་ཛ་ཊཱི་ཧུ་ལུ་ཧུ་ལུ་ཧྲཱྀཿཛཿཛཿ། ཕྲིན་ལས་རྟ་མགྲིན་གྱི་སྔགས་སོ། །ན་མཿས་མནྟ་ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་ནན། ཨོཾ་ཧཱུཾ་ཧཱུཾ་ཧཱུཾ། ཏ་རུ་ལ་བི་རུ་ལ། སརྦ་བི་ཥ་གྷ་ཏ་ཀ་ཛྭ་ལི་ཏ་བི་སྡུ་ལིངྒ་ཨ ་ཧཱ་ས་ནཱ་ད་ས་ཧཱི་ཏ། ཀ་པ་རི་ས་ཧོ་བ་ཏཾ་ཨད་དེ་བ་བཛྲ་ཁུ་ར་གྷ་ཏ་ན། ཙ་ཏ་བ་སུ་དྷ་ཏཱ་ལ་ནི། ཤྭཱ་ས་མ་རུ་ཏ་ཨུ་པྟ་དྷ་ར་ནི་དྷ་ར། བི་ཥ་ན་ཨཊྚ་ཧཱ་ས། ཨ་པ་ར་མི་ཏཱ། བ་ལ་པ་རཱ་ཀྲ་མ། ཨཱརྱ་ག་ཎ་གྷཱི་ཏ། བུཌྜྷ་གུ་ཎ་བུཌྜྷ་བུཌྜྷ། ཧ་ཡ་གྲཱི་བ་ཁ་ད་ཁ་ད་པ་ར་མནྟྲཱ་ནཱཾ། ཙྪིནྡ་ཙྪིནྡ་སིད་ཏི་མི་རི་ཤ །ཨ་བེ་ཤ་ཡ་སརྦ་ཛྭ་ར།བི་ཤ་ཙཱི་ནཾ། སརྦ་གྲ་ཧེ་ཥཱ་པྲ་ཏི་ཧ་ཏོ་བྷ་བ་


DNG018_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

བ་གི་ནན། བཛྲ་དཾཥྟྲི་ཀིཉྩི་རཱ་ཡ་སི།ཨི་དཾ་དུཥྚ་གྲ་ཧ་ཎ་དུཥྚསརྦ་བཱ་དྷུ་ན་དྷུ་ན། མཱ་ཐ་མཱ་ཐ། མརྡ་མརྡ། བ་ཏ་བ་ཏ། པ་ཏ་ཡ་པ་ཏ་ཡ། བྷན་དྷ་བྷན་དྷ། བུཌྜྷ་དྷརྨ། སངྒ་ཨ་ནུ་ཛྙཱ་ན། ཀརྱཾ་ཀུ་རུ། ཤྲི་གྲན་ཧ་ཡ་གྷྲཱི་བཱ་ཡ་ཕཊ། བཛྲ་ཡ་ཕཊ། བཛྲ་ག་རཱ་ཡ་ཕཊ། བཛྲ་ན་ཏྲེ་ཡ་ཕཊ། བཛྲ་དཾ་ཤཱ་ཡ་ཕཊ། བཛྲ་ཁུ་རཱ་ཡ་ཕཊ། བཛྲ་ཁུ་ར་ནིརྒྷ་ཏ་ནཱ་ཡ་ཕཊ། པ་ར་མན་ཏྲ་བི་ནཱ་ཤཱ་ཡ་ཕཊ། ཏྲཻ་ལོཀྱ་བྷ་ཡཾ་ཀ་ར་ཡ་ཕཊ། སརྦ་ཀརྨེ་ཤྭ་ར་པ་ཏི་ཧ་ཏཱ་ཡ་ཕཊ། བཛྲ་ཀུ་ལ་སན་ཏྲ་ས་ནཱ་ཡ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ཁྲོ་བོ་རྟའི་རྒྱལ་པོ་ཐམས་ཅད་ཀྱི་ཕྲིན་ལས་དཔལ་གྱི་ཕྲེང་སྔགས་སོ། །དཔལ་པདྨ་དབང་ཆེན་དྲེགས་པ་གནད་འབེབས་ཀྱི་རྒྱུད་ལས། སྐུ་དང་སྔགས་ཀྱིས་ལོག་འདྲེན་ཅན་ཐམས་ཅད་གནད་ལ་འབེབས་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་སེམས་ཉིད་རྫོགས་པའི་རྣལ་འབྱོར་འདི་སྐུ་དང་གསུང་དང་ཐུགས་དང་ཡོན་ཏན་དང་ཕྲིན་ལས་རྡོ་རྗེ་ལས་ཕྱུང་ངོ་། །སྲ་བས་ས་ཡི་ཁམས་ཡིན་ཏེ། །ཁུ་བས་ཆུ་ཡི་ཁམས་སུ་འདོད། །དྲོ་བས་མེ་ཡི་ཁམས་ཡིན་ཏེ། །རྒྱུ་བས་རླུང་དུ་རབ་ཏུ་གྲགས། །མི་ཤིགས་ཐིག་ལེར་གསུང་བ་སྟེ། །དེ་བས་ནམ་མཁའི་ཁམས་ཡིན་ནོ། །རེག་པ་ལས་ནི་ལྷ་མོ་སྤྱན། །དྲོ་བས་གོས་དཀར་མོ་ཞེས་བྱ། །ཆུ་ནི་མཱ་མ་ཀཱི་ཞེས་བྱ། །འགྲོ་བས་རླུང་དུ་རབ་ཏུ་གྲགས། །བདེ་བས་རྡོ་རྗེ་དབྱིངས་ཕྱུག་མ། །ཐིག་ལེ་ཀུན་སྣང་བདེ་སྐྱོང་མ། །བདེ་ཆེན་བདེ་བ་ཆེན་པོ་ནི། །སྐད་ཅིག་ཙམ་དུ་ཉམས་མྱོང་བས། །འཕྲལ་དུ་ཡིད་ཆེས་བྱེད་པ་སྟེ། །ལོག་རྟོག་མ་ལུས་མཐོང་འགོག་པའོ། །དངོས་དང་དངོས་པོ་ལོག་རྟོག་དག །བཀག་ནས་རྣམ་པར་མི་རྟོག་པས། །བསྐལ་པ་སྟོང་ཕྲག་དུ་མར་ཡང་། །གནས་ནས་ཡེ་ཤེས་སྦྱོར་བར་བྱེད། །ཅུང་ཟད་ཅུང་ཟད་བསྒོམས་བྱས་པས། །གོང་ནས་གོང་དུ་ཁྱད་པར་འགྲོ། །མཐར་ནི་མི་རྟོག་ཏིང་འཛིན་དག །ལྷུན་གྱིས་གྲུབ་པ་ཐོབ་པར་འགྱུར། །མ་རྟོག་ཏིང་འཛིན་ལ་གནས་ནས། །དཔའ་བོ་དང་ནི་དཔའ་མོ་རྣམས། །རིང་ན་བཞུགས་ཀྱང་གཟིགས་འགྱུར་ཏེ། །དོན་ཀུན་


DNG018_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་པར་བྱེད་པའོ། །དགའ་དང་དགའ་བྲལ་དག་གི་དབུས། །མཚན་ཉིད་དམིགས་ལ་བསྟན་བྱས་པས། །ཐུན་ནམ་ཟླ་བྱེད་ཟླ་བ་ལོ། །བསྐལ་པར་ཡེ་ཤེས་ཆེ་ལ་སྦྱོར། །མི་རྟོག་པ་ཡི་ཏིང་འཛིན་གྱིས། །སྒྲིབ་པ་ལྔ་སྤངས་ལྷུན་གྲུབ་པའི། །བདེ་བ་ཆེན་པོ་མངོན་བྱས་ནས། །སྟོབས་སོགས་ཡོན་ཏན་རྣམས་ཀྱིས་བརྒྱན། །འདི་ནི་སེམས་ཅན་མ་ལུས་ལ། །སྤྱི་བའི་དོན་དུ་བཤད་པའོ། །སྟོན་ཀའི་དྲི་མེད་ནམ་མཁའ་ལ། །ཟླ་བ་འོད་ཟེར་ཀུན་སྣང་ལྟར། །གཟུང་འཛིན་སྤང་བའི་ཡེ་ཤེས་ནི། །བདག་གཞན་སྣང་གསལ་བྱེད་པའོ། །སྟོན་ཀའི་སྤྲིན་མེད་ནམ་མཁའ་ལ། །ཉི་མའི་འོད་ཟེར་ཤར་བ་ལྟར། །ཐབས་ཀྱི་ཡེ་ཤེས་གཉིས་པའོ། །དོན་དང་སེམས་ཅན་བཅས་སྣང་བྱེད། །སྤྲོས་མེད་མཁའ་དང་མུན་ལྟ་བུ། །སྣང་བྱེད་ཡེ་ཤེས་བསྒོམ་བྱས་པས། །རང་རིག་ཙམ་ལས་གྲུབ་པ་ཡི། །སྒྱུ་མའི་ལུས་འདི་ལེན་པར་བྱེད། །རང་བཞིན་ཙམ་དུ་འོད་གསལ་བའི། །རླུང་དང་ལྡན་པའི་རྣམ་ཤེས་ཀྱིས། །ཆུ་ཟླ་འདྲ་བའི་གཟུགས་མེད་པའི། །ཆགས་མེད་ལུས་ནི་འགྲུབ་པར་འགྱུར། །ཡིད་ཀྱི་ལུས་དང་ལྡན་པ་ཡི། །རྣལ་འབྱོར་པ་ཡིས་ཁམས་གསུམ་དུ། །བདག་དང་གཞན་གྱི་དོན་བྱས་ནས། །མཐར་ནི་རང་གནས་བདེ་བར་འགྲོ། །སྒྱུ་མའི་ལུས་ལ་ལྟོས་བྱས་ནས། །རིལ་པོར་འཛིན་དང་རྗེས་གཞིག་གིས། །དངོས་པོ་ཐམས་ཅད་བཤིགས་ནས་ནི། །དེ་ནས་སྣང་བ་མེད་པར་འགྲོ། །ཐོགས་པ་མེད་པར་ཐབས་ཀྱི་ཡེ་ཤེས་ཀྱིས། །སྣང་བ་ཐམས་ཅད་ནུབ་བྱས་ནས། །རང་སྣང་ཙམ་ལའང་ཆགས་མེད་པའི། །སྣང་བ་མེད་པའི་དབྱིངས་སུ་འགྲོ། །བདག་དང་གཞན་དུ་རྟོག་པ་ཡི། །རྣམ་རྟོག་དྲ་བ་བསལ་བ་ནི། །མཐའ་མེད་དམིགས་པ་མེད་པ་རུ། །སྣང་བ་མེད་པའི་ཚུལ་དུ་འགྲོ། །སྣང་བ་མེད་པའི་ཏིང་འཛིན་གྱིས། །སྣང་བ་ཙམ་ཡང་འཛིན་སྤངས་ཏེ། །ཡང་དང་ཡང་དུ་དོན་དམ་པའི། །བདེན་པ་མངོན་དུ་བྱས་པས་འགྲོ། །སྒྱུ་མ་ལྟ་བུའི་ལུས་ཀྱི་འབད་མེད་པར། །འདོད་པ་ཆགས་བཅད་ནམ་མཁའ་ལས། །འབད་པ་མེད་པར་རྙེད་འགྱུར་ཏེ། །བདག་དང་གཞན་རྣམས་བདེ་བར་


DNG018_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

འཚོ། །ཡིད་ཀྱི་ལུས་ཚད་བཟུང་ནས་ནི། །བདག་དང་གཞན་གྱི་དོན་འགྲུབ་ཅིང་། །དམིགས་པ་ཐམས་ཅད་ཟད་བྱེད་པར། །འགྲོ་མེད་གནས་སུ་ནམ་ཞིག་འགྲོ། །འདིས་ནི་འགྲོ་བ་སངས་རྒྱས་སར། །དྲང་ཕྱིར་སྦས་པའི་དོན་དུ་བཤད། །དང་པོ་ས་ནི་ཆུ་ལ་ཐིམ། །ཆུ་ཡང་མེ་ལ་ཐིམ་པར་འགྱུར། །མེ་ཡང་རླུང་ལ་ཐིམ་པར་འགྱུར། །རླུང་ཡང་རྣམ་པར་ཤེས་ལ་འཇུག །རྣམ་ཤེས་གཟུང་བ་དེ་དག་ནི། །འོད་གསལ་བར་ནི་འཇུག་པར་འགྱུར། །སྟོབས་ཆེན་པོ་ལ་སོགས་པ་ཡི། །ཆེ་བའི་ཡོན་ཏན་རྣམ་བརྒྱན་པ། །བདེན་གཉིས་སྦྱོར་བ་ཟུང་འཇུག་སྐུ། །བདེ་བ་ཆེན་པོ་དེ་ཐོབ་འགྱུར། །མཁའ་འདྲའི་ཆོས་སྐུ་སྟོང་པ་ལ། །རྟོག་མེད་ཡེ་ཤེས་མཁའ་འདྲ་བ། །ཚོགས་དང་སྨོན་ལམ་སྟོབས་དག་གིས། །འབད་པ་མེད་པར་ལྷུན་གྱིས་གྲུབ། །ཟུང་དུ་འཇུག་པའི་ཏིང་འཛིན་གྱིས། །ཉོན་མོངས་པ་ཡི་སྒྲིབ་པ་དག །བསགས་པའི་སྒྲིབ་པ་རྣམས་སྤངས་ཤིང་། །ཕུན་སུམ་ཚོགས་པ་ཐོབ་འགྱུར་ཏེ། །གང་དུ་རྣམ་པར་ཐར་པ་ཡི། །འདོད་པ་ཙམ་གྱི་འགྲོ་འོང་ལྡིང་། །འཇའ་འདྲའི་ལོངས་སྤྱོད་རྫོགས་སྐུ་ལས། །འབད་པ་མེད་པར་སྤྲུལ་པའི་སྐུ། །མཐའ་ཡས་རྡུལ་བྲལ་ཇི་བཞིན་པར། །སེམས་ཅན་དོན་ཀུན་འགྲུབ་པར་མཛད། །གང་དང་གང་གིས་འདུལ་གྱུར་པ། །དེ་དེ་བཞིན་དུ་སོ་སོར་སྣང་། །མོས་པའི་སྣང་བ་ཐ་དད་པར། །སེམས་ཅན་རྣམས་ནི་འདུལ་བར་འགྱུར། །ལྷུན་གྲུབ་བདེ་བ་ཆེན་པོའི་སྐུ། །རང་སྣང་རིག་མས་ཉེར་བརྒྱན་པ། །འོག་མིན་གནས་སུ་དུས་རྟག་ཏུ། །མཚན་དང་དཔེ་བྱད་བརྒྱན་པས་བཞུགས། །ཡིད་བཞིན་ནོར་ལྟར་བསམས་ཙམ་གྱིས། །འབད་མེད་བདག་དང་གཞན་གྱི་དོན། །ཆེ་བའི་ཡོན་ཏན་རྣམ་བརྒྱན་སྐུ། །བདེ་བ་ཆེ་ལས་འབྱུང་བར་འགྱུར། །རང་སྣང་རླུང་དང་ལྡན་པའི་ལུས། །འཇའ་ཚོན་བཞིན་དུ་མཐའ་མེད་པ། །སྟོང་པ་གསུམ་ལ་གོམས་དབང་གིས། །ཐོགས་པ་མེད་པར་འབྱུང་བར་འགྱུར། །འདི་ནི་འགྲོ་རྣམས་སངས་རྒྱས་ཕྱིར། །མཐར་ཐུག་པ་ཡི་དོན་དུ་བཤད། །ཅེས་གསུངས་སོ། །དཔལ་པདྨ་དབང་ཆེན་དྲེགས་


DNG018_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

པ་གནད་འབེབས་ཀྱི་རྒྱུད་ལས། ཕྱི་སྤྱིའི་དོན་དང་ནང་སྦས་པའི་དོན་དང་གསང་བ་མཐར་ཐུག་དོན་དུ་བཤད་པ་སེམས་རྫོགས་པའི་རིམ་པར་གཏན་ལ་འབེབས་པའི་གནད་འབེབས་པ་སྟེ་ལེའུ་བཞི་པའོ།། །།དེ་ནས་པདྨ་ཧེ་རུ་ཀས་ཧེ་རུ་ཀའི་གནས་བཅུ་ལ་གཟིགས་པ་འདི་གསུངས་སོ། །གནས་དང་ཉེ་བའི་གནས་དང་གཉིས། །ཡུལ་དང་ཉེ་བའི་ཡུལ་དང་གཉིས། །ཞིང་དང་ཉེ་བའི་ཞིང་དང་གཉིས། །དུར་ཁྲོད་ཉེ་བའི་དུར་ཁྲོད་གཉིས། །ཚནྡོ་ཉེ་བའི་ཚནྡོ་གཉིས། །ཕྱོགས་བཅུ་རྣམས་སུ་གཟིགས་པར་གྱུར། །དེ་ནས་པདྨ་ཧེ་རུ་ཀས། །དུར་ཁྲོད་ཆེན་པོའི་གནས་བརྒྱད་དུ་གཟིགས་པ་འདི་གསུངས་སོ། །ཤར་ན་དུར་ཁྲོད་བསིལ་བའི་ཚལ། །ཤར་ལྷོར་དུར་ཁྲོད་ལྷུན་གྱིས་གྲུབ། །ལྷོ་ན་དུར་ཁྲོད་སྐུ་ལ་རྫོགས། །ལྷོ་ནུབ་དུར་ཁྲོད་གསང་ཆེན་རོལ། །ནུབ་ན་དུར་ཁྲོད་པདྨ་བརྩེགས། །ནུབ་བྱང་དུར་ཁྲོད་ཧེ་ཆེན་རོལ། །དུར་ཁྲོད་ཁུ་བྱུག་ཀློང་དགུ་བྱང་། །བྱང་ཤར་དུར་ཁྲོད་འཇིག་རྟེན་སྐྱོང་། །དེ་ནས་པདྨ་ཧེ་རུ་ཀས། །ཁྲོ་བོ་གར་དགུས་འདུལ་མཛད་དེ། །ལྷ་ཆེན་གཞོན་ནུ་གདོང་དྲུག་གིས། །ལྷ་མིན་བ་སུ་ཀ་ར་བསད། །དེ་ལ་དཔའ་བོར་མཚན་བཏགས་པས། །དེ་བཅོམ་དཔའ་བོ་ཧེ་རུ་ཀ །དབང་ཕྱུག་ཆེན་པོ་འཁྱུད་ཉམས་སྒེག །དེ་བཅོམ་སྐུ་ལ་ཡུམ་འཁྲིལ་སྒེག །ཁྱབ་འཇུག་ཕག་སེང་འཇིགས་གཟུགས་ཉམས། །དེ་བཅོམ་ཧེ་རུ་ཀ་འཇིགས་རུང་། །སྐུ་ཡི་གར་གསུམ་བསྟན་པ་ནི། །སྐུ་ལ་ཚོར་བ་བདེ་སྡུག་ནུབ། །ཚངས་པའི་གསུང་དབྱངས་རྟ་སྐད་རྒོད། །དེ་བཅོམ་རྟགས་སུ་ཞལ་གཡས་བཞད། །ཚོགས་ཀྱི་བདག་པོ་གླང་སྣ་གཤེ། །དེ་བཅོམ་ཞལ་གཡོན་ཁྲོ་བར་བཤད། །སྒྲ་གཅན་ཉི་ཟླ་ཁར་མིང་རྔམ། །དེ་བཅོམ་དབུས་ཀྱི་ཞལ་དམར་རྔམ། །གསུང་གི་གར་གསུམ་བསྟན་པ་ནི། །གསུང་ལ་ཚོར་བ་བདེ་སྡུག་ནུབ། །བརྒྱ་བྱིན་ལག་ན་རྡོ་རྗེ་ཐོགས། །ལྷ་རྣམས་སྙིང་རྗེའི་སེམས་ཀྱིས་སྐྱོང་། །དེ་བཅོམ་པས་ནི་སྙིང་རྗེ་མཛད། །ཀླུ་ཆེན་སེ་ཤ་ཙ་ར་ཡིས། །འགྲེ་ལྡོག་བྱས་པས་ས་འགུལ་བྱུང་། །དེ་བཅོམ་ཀླུ་བརྒྱན་ངོ་མཚར་ཆེ། །མེ་ལྷས་སྟོང་གསུམ་མེ་ཡིས་བཤིག །དེ་བཅོམ་མེ་དཔུང་དབུས་ན་


DNG018_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས། །ཐུགས་ཀྱི་གར་གསུམ་བསྟན་པ་ནི། །ཐུགས་ལ་ཚོར་བ་བདེ་སྡུག་ནུབ། །དེ་ནས་པདྨ་ཧེ་རུ་ཀས་དཔལ་གྱི་རྟ་སྐད་ཀྱིས་ཕྱོགས་བཅུའི་དྲེགས་པ་ཅན་བཏུལ་ལོ། །དྭངས་མའི་བདུད་རྩི་ཁྱབ་འཇུག་གཟའ་ཡིས་འཐུངས། །ཕྱག་རྡོར་འཁོར་ལོས་ལུས་ཀྱང་དུམ་བུ་བརྒྱད། །སྙིགས་མ་དུག་ཏུ་གྱུར་ཏེ་གནོད་སེལ་ཕྱིར། །སྤྱན་རས་སྐུ་ཁྲོས་མགུར་དུ་ཐིམ་པ་ནི། །ཁྲོ་བོ་མདོག་སྔོན་གདུག་པ་མ་ལུས་འདུལ། །ལོ་རྒྱུས་དོན་གྱིས་ཕྱི་རབས་ཡིད་ཆེས་བཤད། །སྣོད་ཀྱི་འཇིག་རྟེན་ལྕགས་རི་ནག་པོའི་ནང་། །ཕྱི་ཡི་རྒྱ་མཚོ་ཞོ་ལས་དཀྲུག་པའི་མར། །རི་རབ་སྲུབ་ཤིང་ཀླུ་སྦྲུལ་སྲུབ་ཐག་བཅས། །རྒྱལ་ཆེན་སྡེ་བཞིས་རབ་ཏུ་དཀྲུགས་པ་ལས། །ཚངས་པའི་གསུང་གིས་ཆོས་འཁོར་བསྐུལ་མ་འདེབས། །དེ་འདུལ་གསུང་དབྱངས་དྲུག་ཅུ་ཚངས་པའི་སྐད། །འཇིག་རྟེན་འཁོར་བར་ཡུན་རིང་གནས་ནས་ཀྱང་། །རྟ་མཆོག་རིན་ཆེན་ཡིད་བསྲིང་འགྲོ་དོན་མཛད། །ཅང་ཤེས་རྟ་ཡིས་མྱུར་དུ་བགྲོད་པ་ལྟར། །འགྲོ་དྲུག་འཁོར་བའི་གནས་ནས་འདྲེན་པར་མཛད། །དེ་ནི་འགྲོ་བ་ལམ་འདིར་གཞུག་པའི་ཕྱིར། །གདུལ་བྱར་བཤད་པས་འགྲོ་བ་འདུལ་བར་བྱེད། །གཏི་མུག་ཅན་དང་ང་རྒྱལ་ཅན། །འདོད་ཆགས་ཅན་དང་ཕྲག་དོག་ཅན། །ཞི་བའི་ལས་དང་རྒྱས་པའི་ལས། །དབང་དང་དྲག་པོས་འདུལ་བར་སྟོན། །ལྗང་གུ་དྲག་པོ་དམར་པོ་དབང་། །སེར་པོ་རྒྱས་པ་དཀར་པོ་ཞི། །རྟ་གདོང་ཕྲིན་ལས་བཞི་མཛད་པས། །རྟ་མགོ་ལ་ཡང་རིགས་བཞིའི་མདོག །གདུལ་བྱ་མ་ལུས་ཐམས་ཅད་ཀུན། །འདུལ་ཕྱིར་ཕྲིན་ལས་དག་ཏུ་བཤད། །ཞལ་ནས་རྟ་སྐད་སྒྲ་སྒྲོགས་པས། །ཕེཾ་ཕེཾ་ཧྲིཾ་སོགས་གསང་སྔགས་འདྲེན། །རྟ་ཡི་སྐད་ཅེས་བྱ་བ་ཡང་། །རྟ་ཞལ་གསུང་དུ་སྒྲོགས་པའོ། །བརྡའ་དང་རྟ་སྐད་འགྱིང་སྐད་གསུམ། །རྣལ་འབྱོར་དགོངས་པས་མ་ཤེས་སྐྱོན། །ཐུགས་དམ་མི་འཁྲུལ་དབང་མི་འདུས། །དགྲ་བགེགས་མི་ཐུལ་སྐྱོན་དུ་འགྱུར། །རྣལ་འབྱོར་གང་གིས་རྟ་སྐད་ཀྱི། །དགོད་པ་དོན་ལྡན་ཤེས་པ་ནི། །ཐུགས་རྗེས་བཞེངས་དང་ཁས་བླངས་དྲན། །ཕྲིན་ལས་སྐད་ཅིག་ཡུད་ལ་འགྲུབ། །


DNG018_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཕྱིར་རྟ་སྐད་དགོངས་པ་ཟབ། །ལུས་ངག་ཡིད་གསུམ་སྐུ་གསུམ་ཉིད། །དུག་ལྔ་ཡེ་ཤེས་ལྔར་སྒྲོལ་ནས། །གང་གིས་གདེང་གྱུར་རྣལ་འབྱོར་རབ། །མི་ཞེས་བྱས་ཀྱང་སངས་རྒྱས་ཡིན། །སྣོད་ཀྱི་འཇིག་རྟེན་གཞལ་ཡས་དབྱིངས། །བཅུད་ཀྱི་སེམས་ཅན་ཡེ་ཤེས་ལྷ། །འདྲེལ་པས་བདེ་ཆེན་སྲས་སུ་རིགས། །རྣལ་འབྱོར་འབྲིང་གི་དགོངས་པའོ། །ལུས་ཉིད་ལྷ་ལ་ངག་ཉིད་སྔགས། །སེམས་ཉིད་ཆོས་ཉིད་ཐ་མའོ། །མྱ་ངན་འདས་པའི་ཆོས་རྣམས་ཀུན། །རྟེན་དུ་གྱུར་པས་ཆོས་ཀྱི་སྐུ། །རང་བཞིན་སྐྱེ་མེད་བརྡའ་སྤྲོད་གོ། །དེ་ཉིད་ཆོས་སྐུའི་གསུང་ཡིན་ནོ། །ལོངས་སྐུ་དགོངས་པ་བརྡའ་ཡི་གསུང་། །མེ་ལོང་ནང་གི་བྱད་ལྟ་བུ། །གཙོ་བོའི་སྐུ་ལ་བལྟས་པ་ཡིས། །རང་གི་ཤེས་བྱའི་སྒྲིབ་པ་དག །དེ་ནས་ཆོས་སྐུའི་ས་རུ་འགྲོ། །བྱང་ཆུབ་སེམས་དཔའ་མངོན་སངས་རྒྱས། །སྐུ་གསུང་ཐུགས་ནི་རྣམ་པ་གསུམ། །གསང་བ་བསམ་གྱིས་མི་ཁྱབ་ཅིང་། །ཐམས་ཅད་ས་རུ་གནས་པས་ན། །མི་ཟད་རྒྱན་གྱི་འཁོར་ལོ་ཆེ། །ཨོཾ་ནི་རྣམ་པར་བརྗིད་པའི་སྐུ། །ཨཱཿནི་སྨྲ་བརྗོད་འབྱུང་བས་གསུང་། །ཧཱུཾ་ནི་འདོད་དགུར་མཁྱེན་པས་ཐུགས། །རྒྱལ་བའི་ཞིང་ཁམས་འདི་ཡིས་སྐྱོང་། །ཚངས་པའི་ལྷ་ཡི་གསུང་བཞིན་དུ། །སྲིན་པོ་འདུལ་ཡང་སྐྱོན་མ་གོས། །དཔེར་ན་མེ་ཏོག་པདྨ་སྐྱེས། །འདམ་གྱི་སྐྱོན་གྱིས་ག་ལ་གོས། །དེ་ཉིད་གྲོགས་སུ་གྱུར་པ་སྟེ། །འདམ་མེད་པདྨ་གང་ལས་སྐྱེ། །རི་རབ་རྩེ་ནི་ལྷ་གནས་ཏེ། །རི་རབ་ཁོང་སེང་ལྷ་མིན་ཡུལ། །གླིང་བཞིར་མི་གནས་མཐོ་རིས་གསུམ། །ཕྱི་ཡི་རྒྱ་མཚོ་དུད་འགྲོ་ལ། །གྲོང་ཁྱེར་སེར་སྐྱ་ཡི་དྭགས་ཉིད། །རྡོ་རྗེ་གདན་འོག་དམྱལ་བའི་གནས། །ཀུན་གྱི་སྐད་དུ་ཆོས་སྟོན་པས། །ཐུགས་རྗེའི་རྟ་སྐད་རིགས་དྲུག་འདུལ། །ལུས་ངག་ཡིད་ཀྱི་བརྡའ་སྤྲད་ན། །ཕོ་མོ་མཐུན་པའི་དཔེ་བཞིན་ཤེས། །དཔེར་ན་ཁྭ་ཏས་གཟན་མཐོང་ལྟར། །མ་དང་མཁའ་འགྲོ་འགྲུབ་ནས་བྱོན། །མ་མོ་མཁའ་འགྲོ་ལ་སོགས་ལ། །མཐུན་པའི་ཤ་ཁྲག་གཏོར་མ་འབུལ། །ལས་བཞིའི་ཕྲིན་ལས་བཅོལ་བར་བྱ། །ཇི་ལྟར་དམིགས་པ་བཞིན་དུ་འགྲུབ། །


DNG018_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་ངེས་ཚིག་དབྱེ་བ་དང་། །སྐྱོན་དང་ཡོན་ཏན་རང་བཞིན་བཤད། །རྟ་ཡི་འགྲོས་དགུ་བསྟན་པ་ཡང་། །དཔུང་ལག་སྒྲོག་འགྲོས་ལྷ་དང་མི། །གདོས་པ་ལྕགས་བཅུག་ཉན་ཐོས་འདྲ། །ཕོ་ཉ་སྲུན་འགྲོས་རང་སངས་རྒྱས། །འཇབ་ཚེ་གཟེངས་ནི་མདོ་སྡེ་ཉིད། །གོམ་བུ་མྱོལ་འགྲོས་ཀྲི་ཡ་བ། །སྤྱང་མོ་འདུར་འགྲོས་ཡོ་ག་ཉིད། །རོལ་མོའི་སྟབས་པ་མ་ཧཱ་ཡིན། །མཇལ་མོ་དཀྱུས་འགྲོ་ཨ་ནུ་སྟེ། །དཀྱུས་སུ་ཚར་འགྲོས་ཨ་ཏི་ལ། །རྟ་ཡི་འགྲོས་ནི་དགུར་བསྟན་པས། །པདྨ་དབང་ཆེན་རྟ་གདོང་ཞལ། །རྟ་སྐད་དགོངས་པར་འདུས་པས་གསུངས། །ཁམས་གསུམ་དབང་དུ་སྡུད་པར་བྱེད། །འཁོར་འདས་དབང་གི་སྐུར་རྫོགས་ལ། །ཐེག་པའི་རིམ་པ་རྟོགས་པས་ན། །དཔེ་དང་དོན་དུ་བཤད་པའོ། །ཞེས་གསུངས་སོ། །པདྨ་དབང་ཆེན་དྲེགས་པ་གནད་འབེབས་ཀྱི་རྒྱུད་ལས། རྟ་སྐད་ཀྱི་དགོངས་པ་ཧེ་རུ་ཀའི་གནས་བཅུ་དང་། དུར་ཁྲོད་ཆེན་པོའི་གནས་བརྒྱད་ན་གནས་པ་རྣམས། ཧེ་རུ་ཀའི་གནས་བཅུ་ན་གར་དགུ་མཛད་དེ། འཇིག་རྟེན་དྲེགས་པ་ཅན་རྣམས་འདུལ་བར་གནད་ལ་ཕབ་པ་སྟེ་ལེའུ་ལྔ་པའོ།། །།དེ་ནས་དྲེགས་པ་ཅན་མ་ལུས་པའི་སྲོག་གནད་ལ་འབེབས་པ་རྣམས་གསུངས་སོ། །འདི་ནི་ལྷོ་ཕྱོགས་ཕ་རོལ་གྱི། །དཔག་ཚད་བརྒྱད་ཁྲི་བཞི་སྟོང་འདས། །སྤྲིན་དང་ན་བུན་ཚུ་རོལ་ན། །འཇིག་རྟེན་འདས་དང་མ་འདས་ཀྱི། །ས་མཚམས་ལྷོ་ཕྱོགས་གྱད་ཀྱི་ཡུལ། །བླ་མཚོ་ནག་པོའི་ནང་ཤེད་ན། །ཉིན་བཞིན་བསྐལ་པའི་རླུང་ནག་འཚུབས། །མཚན་བཞིན་འཇིག་དུས་མེ་ལྟར་འབར། །ཐོད་པ་ལྕགས་ཀྱི་གྲོང་ཁྱེར་ན། །གསོན་གཤིན་གཉིས་ཀྱི་ཟམ་ཁ་ན། །གསོན་པོ་སྐོས་ལ་འདེབས་པར་བྱེད། །ཤི་བ་རྣམས་ཀྱི་གཤིན་རྗེ་བྱེད། །དགེ་བྱེད་རྣམས་ཀྱི་སྟོང་འཛིན་ཅིང་། །སྡིག་པ་ཅན་གྱི་ཆད་པ་མཁན། །དམ་ཉམས་ཁྲམ་ལ་འདེབས་བྱེད་ཅིང་། །དམ་ཚིག་ཅན་གྱི་གྲོགས་ལ་བརྩོན། །ཆོས་རྒྱལ་གཤིན་རྗེ་ཞེས་བྱ་བ། །མངོན་ཤེས་རྫུ་འཕྲུལ་བྱིན་རླབས་ཅན། །ཨག་ཙེའི་ཕྱོགས་ན་གནས་བཅས་པ། །ནག་པོ་སེང་གདོང་རལ་པ་ཅན། །


DNG018_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་པ་རྩ་ལ་འཁོར་ལོ་བསྐོར། །རྒྱུངས་པ་དཀར་ལ་རྟ་དཀར་རྒྱུག །རཀྟ་དམར་ལ་རབ་ཏུ་འཇིབ། །རྣམ་པར་ཤེས་པ་ཧུབ་ཀྱིས་འདེབས། །སྐྱེ་འགྲོའི་དབུགས་ལ་སྦར་ཟིན་བྱེད། །འཆི་བདག་བེ་བྷ་སྭ་ཏའི་འཁོར། །གཤིན་རྗེའི་བྱེ་བ་ས་མ་ཡ། །སྙིང་དང་ཀླད་པ་རྩ་ལ་རྒྱུག །སྲོག་གི་དབང་པོའི་བདག་པོ་བྱེད། །འཆི་བའི་བདག་པོས་གསད་པའི་ཐབས། །སྔགས་པ་གཤིན་རྗེའི་ཆས་སུ་ཞུགས། །རབས་ཆད་ཨག་ཙེ་ནག་པོ་ལ། །འཆི་བདག་གཟུགས་བྲིས་དགྲ་དང་སྦྱར། །བྲག་ཕུག་ལྷོར་བལྟའི་ནང་གནས་ལ། །སྐྱེ་ཚེ་སྐྱེ་བ་ཟི་ར་དང་། །ཚ་དང་ཐལ་ཆེན་ཉུང་དཀར་དུག །ཕྱེ་མའི་སྦྱོར་བས་ཀླད་ཁུག་བྲབ། །དགྲ་བོའི་སྟེང་དུ་བབས་པ་དང་། །དེ་མ་ཐག་ཏུ་འཆི་བར་ངེས། །ཨོཾ་ཡ་མ་རཱ་ཙ་ནྲྀ་ཤ་ཀུ་རུ་རྦད། ཐུམ་རིལ་རྦད། མཱ་ར་ཡ་ཆེ་གེ་མོ་སྙིང་ཕྱུང་རྦད་ཕཊ། རྡུབས་ཧྲིལ་རྦད་སོད། རྦད་ཆེ་གེ་མོ་མཱ་ར་ཡ་རྦད། འཆི་བདག་རྒྱལ་པོའི་དམོད་མོའི་སྔགས། །རྣལ་འབྱོར་མན་ངག་གདེང་ལྡན་པས། །ཞག་བདུན་མི་སྨྲ་སྨྲ་བཅད་བཟླས། །ཤ་ཟ་ཁྲག་འཐུང་ངེས་པར་རྒྱུག །ཁྲག་ཟད་སོགས་ཀྱིས་མནར་གྱུར་ནས། །དབུགས་ཀྱིས་བོར་ནས་འཕོ་བར་འགྱུར། །འཆི་བདག་གཤིན་རྗེ་བེ་བྷ་སྭ་ཏའི་དམོད་མོས་གསད་པའི་ཏིང་ངེ་འཛིན་ཏོ། །དུས་གསུམ་བདེ་གཤེགས་ཀུན་གྱི་ཡུམ། །སྲིད་པའི་དམ་ཅན་ཀུན་གྱི་མ། །ལྷ་སྲིན་སྡེ་བརྒྱད་རྗེ་མོ་སྟེ། །མཁའ་ལ་སྲོག་གི་མངའ་མཛད་མ། །སྲིད་པའི་དབང་ཆེན་མ་ཡིས་མཛད། །ལྷ་དང་བདུད་དང་གནོད་སྦྱིན་ཏེ། །མི་སྲུན་པ་རྣམས་མ་མོས་བསྐྱེད། །དེ་ཕྱིར་སྲིད་པའི་ཁམས་འདིར་ནི། །སྐྱེ་འགྲོའི་སྲོག་ལ་དབང་ཆེན་མ། །མ་མོ་རྣམས་ཀྱི་རྒྱལ་མོ་ནི། །ཨེ་ཀ་ཛ་ཏི་གསང་བའི་ཡུམ། །དབུ་གཅིག་ཕྱག་གཉིས་ཞབས་གཉིས་བགྲད། །སྨུག་ནག་རལ་པས་ས་གཞི་ཁེབས། །རལ་པ་སྤྲུགས་པའི་སྐྲ་གསེབ་ནས། །ཕོ་ཉ་དྲུག་ཅུ་རྩ་བརྒྱད་འགྱེད། །ནམ་མཁའི་ཀློང་ནས་མ་མོ་ནི། །ལས་བྱེད་སྟོང་དང་རྩ་བརྒྱད་འགྱེད། །མཆེ་བའི་བར་ན་ཟ་བྱེད་དང་། །སྒྲོལ་བྱེད་མུ་ཁ་བརྒྱད་རྣམས་འགྱེད། །


DNG018_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

སྨིན་མ་གཡས་གཡོན་དཀྱིལ་འཁོར་ནས། །གཟའ་བདུད་བརྒྱད་རྣམས་ལས་ལ་འགྱེད། །རྫི་མ་འཁྲུགས་པའི་བྱིན་རླབས་ལས། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་འགྱེད། །སྤྱན་མིག་གཡས་དང་གཡོན་པ་ན། །ཉི་མ་ཟླ་བའི་ཆོ་འཕྲུལ་གཏོང་། །ཤངས་ཀྱི་རླུང་སྒྲོམ་འབར་བ་ལས། །བསྐལ་པའི་རླུང་ནག་འཚུབས་མར་འཁྱིལ། །ཞལ་གདངས་ཁ་རླངས་ནག་པོ་ལས། །འཇའ་ཚོན་སྤྲིན་ཕུང་འཁྲིགས་པ་ལས། །ནད་རིགས་རྣམ་ལྔའི་ཆར་པ་འབེབས། །སྲིད་པའི་མ་མོས་སྟོང་གསུམ་བཀང་། །ཁ་ནས་མ་མོའི་དམོད་སྔགས་ཟློས། །དེ་ཡི་དབང་ཆེན་མ་ཚོགས་ཀྱིས། །དམ་ལས་འདས་པ་གསང་བའི་ཐབས། །དུར་ཁྲོད་ཆེན་པོའི་གནས་དག་ཏུ། །མ་མོའི་ཆས་སུ་ཞུགས་ནས་སུ། །མནོལ་གྲིའི་ཁྲག་ལ་དམོད་སྔགས་བཟླས། །གཟུགས་བརྙན་སྟེང་དུ་དྲག་ཏུ་སྐྱོམ། །མ་མ་ས་ཡ་ཧིར་ཧིར་ཁྲག་ཏུ་ཏི་བབ་ཏི་བབ་ཆེ་གེ་མོའི་སྲོག་འདྲིལ་བླ་འདྲིལ། ཨི་བ་ཐུམ་མ་ཧཱ་པྲ་འདུ་པྲ་འདུ། སྤྲིག་སྤྲིག་མ་ཙ་རུ་ཏི་ཧིབ་ཧིབ་བྷྱོ་བྷྱོ། ཞག་བདུན་བསྒྲུབ་པ་བྱས་ནས་ནི། །མ་མོའི་དྲག་སྔགས་དམོད་པ་འདི། །ཁྲག་ཐུན་དགྲ་བོའི་རྗེས་ལ་བརྡེག །མོད་ལ་ཁྲག་སྐྱུགས་འཆི་བར་ངེས། །མ་མོའི་རྡེག་སྔགས་དམོད་པས་དགྲ་བགེགས་བསྒྲལ་བའི་ཏིང་ངེ་འཛིན་ཏོ། །སྨུག་ནག་འབར་བའི་མཁར་ནང་ནས། །སྲོག་བདག་བདུད་ཕོ་མི་ཟན་ཏེ། །ཕག་མོ་ཞོན་ནས་སྟོང་གསུམ་རྒྱུག །གཅེར་བུ་རལ་པ་མུན་ལྟར་གཏིབས། །ཤིན་ཏུ་འབར་བ་ཁྲག་གི་མིག །སྣ་ནས་མུ་ལུང་འཚུབས་ནག་འཁྱིལ། །ཟ་བྱེད་ཆེན་པོའི་ཞལ་གདངས་ནས། །གློག་ལྟར་མྱུར་བའི་ལྗགས་འདྲིལ་ཞིང་། །དུང་གི་མཆེ་བས་མནའ་ཟན་སྒྲོལ། །སྐྱེ་འགྲོ་ཀུན་གྱི་དབུགས་ལེན་བྱེད། །ཞལ་ནས་བདུད་ཀྱི་དམོད་སྔགས་ཟློས། །བསྐལ་པ་གསུམ་གྱི་ཕ་རོལ་ན། །འཇིག་རྟེན་མུན་ལྟར་གཏིབས་ནས་རྒྱུག །སྲིད་པ་གསུམ་གྱི་ཡང་རྩེ་ནས། །དྲག་པོའི་ཐོག་ལྟར་འདྲིལ་ཞིང་མཆོང་། །འགྲོ་བ་མི་ལ་གཉའ་ཟུང་བྱེད། །དུད་འགྲོ་ཕྱུགས་ལ་སྦར་ཐེབས་བྱེད། །ལྕགས་ཀྱི་སྤར་མོས་ཧབ་ཐོབ་བྱེད། །


DNG018_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

ཟངས་ཀྱི་སེན་མོས་གློ་སྙིང་འདྲེགས། །སྐྱེ་འགྲོ་ཀུན་གྱི་སྲོག་གཅོད་པོ། །བདུད་ཀྱི་རྒྱལ་པོའི་དྲག་སྔགས་ནི། །སྔགས་པ་བདུད་ཀྱི་ཆས་སུ་ཞུགས། །བདུད་རྩི་རཀྟ་སྨན་སྦྱར་ཏེ། །སྣང་སྲིད་སྲོག་ལ་བདུད་དབང་བསྐུར། །དགྲ་གཟུགས་དུག་གི་ལོ་མར་བྲིས། །བྲག་ནག་རྩ་རུ་གཏུམ་པོས་འདུག །ཉུང་དཀར་ཉུང་ནག་ཐལ་ཆེན་དང་། །མངལ་ཁྲག་ཁྱི་ཁྲག་གཟུགས་ལ་སྐྱོམ། །ཞག་བདུན་མི་བར་མི་གཅད་པར། །བདུད་ཀྱི་དྲག་སྔགས་རབ་ཏུ་ཟློས། །རུ་ཏྲ་རུ་ཏྲ། སུ་རུ་སུ་རུ། ཏི་སྟ་ཏི་སྟ། ཏི་རི་ཏི་རི། འུབ་འུབ་ཛཱ་ཛཱ། བདུད་ནག་པོ་ཙག་གྲུ་ཀཱ་ལ་རུ་ཏྲ་མཱ་ར་ཡ། རྩེ་རམ་དགྲ་བོའི་སྙིང་ལ་ཤོག །ལྷུང་མ་དགྲའི་སྙིང་ལ་ཤོག །ཏྲག་ཕྲོམ་དགྲ་བོའི་སྙིང་ལ་ཤོག །ཞག་བདུན་དགྲ་བོའི་ཚེ་སྲོག་འབྲལ། །གལ་ཏེ་འགོར་ནས་རྟགས་མེད་ན། །བདུད་ཀྱིས་སྙིང་ཕྱུང་ཟོས་བསམ་ནས། །དགྲ་བོའི་ཁྱིམ་དུ་གཏོར་བྱས་ན། །དེ་མ་ཐག་ཏུ་མྱགས་ཀྱིས་འགྲོ། །བདུད་ཀྱི་དྲག་སྔགས་དམོད་མོས་དགྲ་བགྲེགས་གདུག་པ་ཅན་བསྒྲལ་བའི་ཏིང་ངེ་འཛིན་ཏོ། །ཕོ་བྲང་ཡིད་འོང་རྒྱ་མཚོའི་ཆུ། །ངོ་མཚར་ཆུ་བོ་བཞི་འབབ་ས། །འདམ་བུ་མེ་ཏོག་ཚལ་གྱི་གླིང་། །དུག་གི་ན་བུན་སྤྲིན་འཁྲིགས་ནས། །དུག་སྦྲུལ་ར་བ་བདུན་གྱིས་བསྐོར། །རིན་ཆེན་འབར་བའི་གཞལ་ཡས་ནང་། །པདྨ་བརྩེགས་པའི་དཀྱིལ་སྟེང་ན། །ཆུ་སྲིན་འབུམ་གྱི་ཁྲི་སྟེང་ན། །གདུག་པ་ཀླུ་ཡི་རྒྱལ་པོ་ནི། །སྦྲུལ་མགོ་དགུ་ཡི་གདེངས་ཀ་ཅན། །དགུ་ཀ་རིན་ཆེན་འབར་བས་བརྒྱན། །རལ་པ་སྤྲུགས་པའི་སྐྲ་གསེབ་ནས། །སྡོམ་དང་སྡིག་པ་ཆར་དུ་འབེབས། །ཁྲོ་གཉེར་མགོ་ལ་སྦྲུལ་ནག་འཕྲོ། །མཐིང་གའི་འོད་ཟེར་ཕྱོགས་བཅུར་འགྱེད། །སྦྲུལ་ནག་འབུམ་གྱི་དཀྱིལ་ན་བཞུགས། །ནག་པོའི་ཀླུ་རིགས་གྲངས་མེད་འཁོལ། །རོ་ཉེའི་ཁ་ནས་དམོད་སྔགས་ཟློས། །གདུག་པའི་མཛེ་ནད་བཅོ་བརྒྱད་གཏོང་། །ཀླུ་ཡིས་དགྲ་བོ་བསྒྲལ་བའི་ཐབས། །རྒྱ་མཚོའི་འགྲམ་དུ་ཞག་བདུན་འདུག །སྔགས་པ་ཀླུ་ཡི་ཆས་སུ་ཞུགས། །ཁ་ར་སྤང་མ་ཙནྡན་དང་། །ཤ་རུལ་ཉ་རུལ་ཁྲག་རུལ་དང་། །སྦྲང་རྩི་བུ་རམ་སྒོ་ང་དང་། །སྐྱེ་ཚེ་སྒོག་པ་ཕྱེ་མར་བཏག །


DNG018_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

རིལ་བུ་བྱས་པ་བརྒྱ་རྩ་བརྒྱད། །རིལ་བུ་རེ་རེའི་དཀྱིལ་དུ་ནི། །དགྲ་མིང་གྲོ་གར་བྲིས་ལ་གཞུག །རིལ་བུ་རེ་ལ་དྲག་སྔགས་ནི། །བརྒྱ་རྩ་བརྒྱད་དུ་བཟླས་པར་བྱ། །ནཱ་ག་ར་ཙ་ས་མ་ཡ་ཛཿ། ནག་མོ་ཙིཏྟ་མ་རཱ་ཡ་ཛཿ། ནཱ་ག་བྷ་ལིང་དུད་བཱ་ཛཿ། ནཱ་ག་སུ་པྲ་ཏི་ས་མ་ཡཱ་ཛཿ། ནཱ་ག་ཙིཏྟ་ཁྲག་ཏི་མཱ་ར་ཡ་རྦད། ཆེ་གེ་མོའི་ཙིཏྟ་ཙི་ཙི་ཛྭ་ལ་མཱ་ར་ཡ་ཛཿ། ནཱ་ག་ཤིག་ཡཾ་ཡཾ་ཛ་ཛཿ། ཞག་བདུན་ཀླུ་ཡི་དམོད་སྔགས་བཟླས། །ཐེ་ཚོམ་མེད་པར་དགྲ་སྙིང་བསྒྲལ། །ཀླུ་ཡི་དྲག་སྔགས་དམོད་པའི་ཏིང་ངེ་འཛིན་ཏོ། །དམུ་བདུད་ཆེན་པོ་ཧ་ལ་ཀ །བར་སྣང་ཁམས་སུ་རྒྱུག་བྱེད་ཅིང་། །སྐར་ཆེན་འབར་བའི་ཐོད་ཆེན་བཅིངས། །སྔོན་དུ་སུ་འཕྲད་ཁྱུར་མིད་བྱེད། །ལྷ་ཆེན་བརྒྱད་ཀྱི་དབང་པོ་བྲལ། །ཀླུ་ཆེན་བརྒྱད་ཀྱི་དོན་སྙིང་འབྱིན། །རྒྱུ་སྐར་རྣམས་ཀྱི་གྲལ་ཡང་དཀྲུག །བར་སྣང་དགུ་ཚིགས་དུམ་བུར་གཏུབ། །སྲིད་པའི་རི་རབ་ཙོག་པོར་འཕང་། །རྒྱ་མཚོ་ཆེན་པོ་ཞོ་ལྟར་དཀྲུག །ཉི་མ་ཟླ་བ་ཀླད་ལ་བསྐོར། །འཇིག་རྟེན་རྒྱང་མར་འཕེན་པ་ཡི། །གནོད་སྦྱིན་ཆེན་པོའི་དྲག་སྔགས་ནི། །འགྲོ་བ་རྣམས་ལ་བརྒྱབ་པ་ན། །དེ་མ་ཐག་ཏུ་རེངས་པར་འགྱུར། །ཞག་བདུན་ཤིང་གཅིག་རྩ་རུ་འདུག །སྔགས་པ་དམུ་ཡི་ཆས་སུ་ཞུགས། །ཡུངས་ཀར་ཐལ་ཆེན་སྐྱེ་བ་དང་། །གུ་གུལ་ནག་པོ་རྟ་ནག་ཁྲག །ཟེར་མོའི་སྤུ་དང་དགྲ་བོའི་རྗེས། །ཁྱིམ་བྱའི་སྒོང་སྐོགས་སྣོད་ནང་དུ། །གུ་གུལ་ནག་པོར་དམ་སྤོས་སྤོས་ཀྱང་ལ། །ཞག་བདུན་མི་བར་མི་གཅད་པར། །དམུ་བདུད་ཆེན་པོའི་དྲག་སྔགས་བཟླས། །ཙི་བར་ཙི་བར་ར་ཙ་སི་ཏི་ས་མ་ཡ་ཐིབས་ཛ། ཞུང་ཞུང་ར་ཛ་ཨཱ་ཧོ་བྷྲུཾ་རྦད། ཀྲིལ་ཀྲིལ་ཤམ་རུ་ཏྲི་མ་ཧོ་ཛཿ།རྨུགས་རྨུགས་རཀྴ་རཱ་ཙ་དུམ་བུ་ཤིག །ཀྱུགས་ཀྱུགས་ཙིཏྟ་ཟུང་སོང་མ་ལེ་ཐུན་ཐུན་མ་ལེ་ར་ཙི་ཐུན་བྷྱོ། ཐུམས་ཐུམས་རཱ་ཙ་ས་ཏ་མེ་ཙ་ཀྲ་བ་མོ་ལ། ཆེ་གེ་མོ་སྦུད་སྦུད། དམུ་བདུད་ཆེན་པོའི་དམོད་སྔགས་བཟླས། །གང་ལ་བརྒྱབ་པ་ཤིང་བཞིན་རེངས། །གལ་ཏེ་སྔགས་པ་གྲོང་ཁྱེར་ཞུགས། །ཆོམ་རྐུན་དག་གིས་འཚེ་བྱེད་དམ། །ཡང་ན་དུར་ཁྲོད་དགོན་པར་གནས། །སེང་གེ་སྟག་དང་སྤྱང་ཀི་སོགས། །


DNG018_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

གཅན་གཟན་ཁྲོ་བོ་འབྱུང་གྱུར་ན། །སྔགས་འདི་བཟླས་ལ་མགུལ་ཁུག་བཅངས། །ཙི་བར་ཞུང་ཞུང་། ཀྲིལ་ཀྲིལ་རྨུགས་རྨུགས་ཀྱུགས་ཀྱུགས་ཐུམས་ཐུམས་རྦུད་རྦུད། མགུལ་ཁུག་རྫས་ཀྱིས་དེ་ལ་རྒྱོབ། །རེངས་པར་འགྱུར་རོ་དེ་ལྟར་གྱིས། །རང་གི་འཇིགས་མེད་གནས་སླེབས་ཚེ། །དེའི་ཚེ་དྲག་སྔགས་མགོ་ཞབས་བཟློག །དེ་ཡིས་གནོད་པ་གྲོལ་བར་འགྱུར། །དམུ་ཡི་དྲག་སྔགས་དམོད་མོའི་ཏིང་ངེ་འཛིན་ཏོ། །བདེ་གཤེགས་བཀའ་ཡི་བསྟན་པ་ཡིས། །འཇིག་རྟེན་དྲེགས་པ་དམོད་པའི་སྔགས། །གད་མོས་ཏཱ་ལ་མགོ་བཅད་བཞིན། །དྲེགས་པ་བཙན་གྱི་རྒྱལ་པོ་ནི། །ཤུ་བོ་རྡོ་རྗེ་སྲོག་ལེན་ཏེ། །དམར་པོ་སྐྱེ་འགྲོའི་སྲོག་ཀྱང་གཅོད། །བྲག་བཙན་རྒྱལ་པོས་ལྟས་ངན་འགྱེད། །དེ་ཡི་དྲག་སྔགས་དབབ་པའི་ཐབས། །བྲག་དམར་ཆོལ་བཟང་རྩར་སོང་ལ། །སྔགས་པ་བཙན་གྱི་ཆས་སུ་ཞུགས། །གསེར་མིག་ཅན་གྱི་ཐོད་པ་རུ། །གང་ལ་བྱ་བའི་གཟུགས་བཅུག་ལ། །ཐོག་གིས་བསད་པའི་མཆོག་ཕུར་ལ། །ཁྲག་དང་དུག་གིས་ངར་བླུད་སྟེ། །བཙན་གྱི་དྲག་སྔགས་བཟླས་ལ་བརྡེག །ས་མ་ཡ་ཏྲི་ཤི་རྦད་བྷྱོ། ཨོཾ་སྐོར་སོད་ཆུ་མ་ཟློག་དྲིལ། ནོན་ཡཾ་ཡཾ། སྤྲུགས་སྔམས། མྱག་མྱག་དུན་དུན་ཐུམ་རི་ལི་ལི།བཙན་ཤ་ལོང་ལ་བཙན་གྱིས་ཁྲག་འཐུང་། རོ་ཁུར་སྨེ་སྨེ། ཀེ་ཀེ་རིམ་རིམ་ཟེར་སད་བསྟན་པ་འཇིག་པའི་སྲོག་ཆོད་དབུགས་ལོང་། སྙིང་ལ་ཐུམ་སྙིང་ལ་ཐུམ།ཏྲག་ཤ་ཏྲག་ཤ་དགྲ་བོའི་སྙིང་ལ་ཤོག །སྲ་བརྟན་བྲག་གི་མངའ་བདག་དུས་ལ་བབ། དམ་ཉམས་དགྲ་ལ་བདུད་དུ་ཕོབ། བཙན་གྱི་ཤོད་མས་ཐོག་བཙན་གྱི་སེ་ལོང་གིས་མངག་པའི་ལས་ལ་ཁྱོད་མ་ཡེལ་བྷྱོ། རྣལ་འབྱོར་པ་ཡིས་ཞག་བརྒྱད་དུ། །གཉིད་ཀྱི་བར་ཆོད་རབ་སྤངས་ལ། །བཙན་གྱི་དྲག་སྔགས་བར་མེད་ཟློས། །དགྲ་བོའི་ལུས་སེམས་འབྲལ་བར་ངེས། །བཙན་གྱི་དྲག་སྔགས་དམོད་མོའི་ཏིང་ངེ་འཛིན་ཏོ། །གཟའ་བདུད་ཆེན་པོ་རཱ་ཧུ་ལ། །སྒྲ་གཅན་འཛིན་གྱི་དྲག་སྔགས་འདི། །གཟའ་བདུད་གདུག་པའི་ལས་ཡིན་ཏེ། །ཀི་ཀང་དབབ་དང་གཤེད་བཞིའི་ལས། །འཇིག་རྟེན་ཁམས་ནི་ཀུན་ཁྱབ་སྟེ། །ཁྱབ་འཇུག་ཆེན་པོ་རཱ་ཧུ་ལ། །


DNG018_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་དང་ཆུ་འཁྱགས་སེར་བ་འབེབས། །སྲིད་པས་མ་སྲིད་མགར་གྱིས་ནི། །མ་བརྡུངས་ཡེ་སྲིད་བྱུང་བ་ནི། །བྱང་ཆུབ་སེམས་ཀྱི་ངར་དབང་ཅན། །རླུང་གིས་མ་བླུད་བཤད་པ་ངར། །ཡེ་བླུད་མཚོན་དཔལ་ངར་ཅན་དེ། །འབྱུང་བ་གཞན་གྱིས་མི་ཚུགས་ཅིང་། །ཉིད་ཀྱིས་གང་ལ་ཐོགས་མེད་འཇོམས། །དྲག་པོའི་གནམ་ལྕགས་ཐོག་མཚོན་ནི། །དེ་དང་ཆུ་འཁྱགས་མྱུར་དབབ་ཐབས། །རི་གསུམ་རྩེ་ལ་གཅེར་བུར་གནས། །སྔགས་པ་གཟའ་བདུད་ཆས་སུ་ཞུགས། །ཐོག་གྲིར་ཤི་བའི་ཐོད་པའི་ནང་། །གསེར་དང་ཟངས་ལྕགས་འཁར་བ་དངུལ། །ཐོད་པ་ཁ་སྦྱོར་རྒྱུ་མས་བཅིང་། །ནང་དུ་ཐོག་གི་འཁོར་ལོ་ལ། །གཟའ་བདུད་སྔགས་རྣམས་སྤེལ་ལ་བྲི། །ཐོག་གི་སྟེང་དུ་འོང་བར་བྱ། །རཱ་ཧུ་ལ་ཏྲག་ཤ་ཙ་པ་ནི་ཡ། པ་ཤ་མི་ཀི་རུ་རུམ་ཀི་ཛྭ་ལ་ཏི། ཡ་མ་སྙིང་ཡ་མ་ཁྲག་རཱ་ཧུ་ལ་ཧྲིལ་ཧྲིལ་ཕྲོམ་ཕྲོམ་ཤར་ཤར་བྷྱོ་བྷྱོ་ཕཊ། པ་ཐ་ར་ཨཱ་བེ་ཤ་ཕྲོམ་ཧྲིལ་ཤར་ཕོབ། ཞག་བདུན་ཁ་རླངས་མ་ཤོར་བར། །ཉུང་དཀར་སྔགས་ནས་གཏར་བཅུག་ན། །ཐོག་དང་སེར་བས་ཡུལ་མཁར་འཇོམས། །གཟའ་བདུད་རྒྱུ་བའི་དུས་དང་བསྟུན། །གཟའ་བདུད་རཱ་ཧུ་ལའི་དྲག་སྔགས་དམོད་པའི་ཏིང་ངེ་འཛིན་ཏོ། །པདྨ་དབང་ཆེན་དྲེགས་པ་གནད་འབེབས་ཀྱི་རྒྱུད་ལས། དྲེགས་པ་བདུན་གྱི་དྲག་སྔགས་གནད་ལ་འབེབས་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་སྡེ་བརྒྱད་གནད་འབེབས་འདི་གསུངས་སོ། །སྡེ་བརྒྱད་རོལ་པའི་དཀྱིལ་འཁོར་འདིར། །བཀའ་ཐོབ་བསྙེན་པ་ཐོབ་པ་ཡིས། །བརྟགས་པའི་ས་རུ་དཀྱིལ་འཁོར་བྱ། །དབུས་སུ་འབྲུབ་ཁུང་དྲག་པོ་རུ། །དུར་ཁྲོད་ཞིང་གི་རས་ཆེན་ལ། །ཁྲག་ཆེན་རྩིབས་ལ་སྡེ་བརྒྱད་འགོད། །ལྷ་རྒྱལ་མ་ཧཱ་དེ་བ་དང་། །བདུད་རྒྱལ་ཧ་ནུ་པག་ཤ་དང་། །བཙན་རྒྱལ་ཤུ་བོ་སྲོག་ལེན་དང་། །གནོད་སྦྱིན་རག་ཤ་མགོ་དགུ་དང་། །ཀླུ་རྒྱལ་སོག་མ་མེད་དང་ནི། །གཤིན་རྗེ་བྱེ་བ་གུང་རིང་དང་། །སྲིན་མོ་མེད་དཔལ་ནག་མོ་དང་། །བགེགས་ཆེན་བི་ནཱ་ཡ་ག་རྣམས། །རང་རང་ཆ་ལུགས་མཐུན་པར་བྲིས། །དེ་ལ་ཏིང་འཛིན་བསྟན་པ་ནི། །ཡུལ་གསུམ་གསལ་བར་གྱུར་པ་ན། །སྡེ་


DNG018_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་རྟེན་དུ་བྱིན་གྱིས་རླབས། །དམིགས་གསུམ་གསལ་བར་གྱུར་པ་ན། །ཡིད་ཀྱི་འགྱིང་ཕུར་ཐེབས་པ་སྟེ། །སྡེ་བརྒྱད་དངོས་སུ་སྣང་བར་འཆར། །མཁས་པས་བདག་ཉིད་དབང་ཆེན་བསྒོམ། །སྲིད་པའི་ལྷ་སྲིན་ཁམས་གསུམ་བཀང་། །རྣམ་ཤེས་རླུང་འདྲ་བཀུག་ལ་བསྡིམ། །ལྷ་སྲིན་མཚོན་ཆ་སྲོག་སྔགས་བརྡེག །མ་ཧཱ་དེ་བ་ཏི་ཛ་ཏི་ཛ། ལཾ་སྲ་བ་ན་ལ་གར་ཤ་ཀར་ཀ་ལ་ཡ། ཧཱུཾ་དེ་བ་རཱ་ཙ་མ་ཧཱ་ནྲྀ་ཛ་ཧཱུཾ། ནྲྀ་ཐུམ་ཐུམ་རྦད། ཤག་སེ་སེན་ཛ་ཛ་ཧཱུཾ་ཧཱུཾ། མ་ཧཱ་དེ་བ་ཀ་ལ་ཀ་ཏི་ཛ་རེ་ས་རི་ན། ཨེ་ནི་ཧྲི་སེ་བ་ན་ཛ། ནཱ་ག་རུ་རུ་ཧེ་ས་གན། བུ་སེ་ན་ཏཱ་སེ། ཨུ་གེ་ན་སེ་སེ་ཙེ་ད་ཙེ། བུ་ཡེ་ན་དེ་བ་ན་མཱ་ར་ཡ། ཙ་ཏུར་མུ་ཁ་རག་ཤ་པྲ་མ་ན། མ་ཧཱ་དེ་བ་ཆེ་གེ་མོའི་སྲོག་ལ་ལི་པྲ་མ་ནི། དམ་ཉམས་དགྲའི་སྙིང་ལ་ཛཿཛཿ། ནཱ་ག་རུ་རུ་ཧ་སེ། སྲོག་མཱ་ར་ཡ།ཧྲི་དམ་སྲོག་རི་རྩེ་ཐལ་མ་ནི་དམ། ཀྲོ་ཏི་ཀྲོ་ཏི་ཀྲོ་ལ་ཡ། མཱ་ར་ཡ་དམ། སྲོག་ཀཾ་ཏི་ཀཾ་མཱ་ར་ཡ་དམ། སྲོག་གི་ཤཾ་ཏྲི་མཱ་ར་ཡ་དམ། སྲོག་མུ་ཏྲི་ཏྲིའུ་ཏྲི་མཱ་ར་ཡ་ད་མ་ཛཿཛཿ། ལྷ་ཆེན་པོའི་སྲོག་གི་ཆན་པའོ། །རུ་ཏྲ་བདུད་ཏྲི་ནི་ར་པྲ་ན། ཏྲི་ཡ་མ་ཏྲ་ཏྲི་ཡ་བྷྱོ། ཁཾ་ཁཾ་བཾ་བཾ་རྦད། ཆེ་གེ་མོའི་སྲོག་རྩ་ཐུན་ནྲྀ་ཛཿཛཿ། ཡ་བདུད་ཀྱི་སྲོག་གི་ཆན་པའོ། །སྨུ་ཏྲི་ཙན་དྷ་དུམ་དུམ་བུཾ་བཾ། བ་ལ་རག་ཤ་ཐུམ་རི་ལི་ལི། ཁ་ཤ་བཾ་རག་ཐུམ་ཐུམ་རི་ལི། ཆེ་གེ་མོ་མ་ར་ཎ་ནྲྀ་ཛཿཛཿ། དམུ་བདུད་སྲོག་གི་ཆན་པའོ། ཧྲི་དཀར་པོ་ཏྲི་དུལ་དུལ་སྙིང་ཁྲག་རིལ་རིལ་ཆོམ་ཆོམ། རྩ་ཐུན་ཤིག་ཆེ་གེ་མོ་མ་ར་ཎ་ཛཿཛཿ། གནོད་སྦྱིན་སྲོག་གི་ཆན་པའོ། །ནཱ་ག་ཙ་ཙ་ན་ནི་ཨེ་ནན་ཏ། ནཱ་ག་བཛྲ་ལ་ན་ཏི་སན་དྷ་རཀྵ་ན། ཆེ་གེ་མོ་ཙིཏྟ་བྷསྨི་ཀུ་རུ་ཛཿཛཿ། ཀླུའི་དྲག་སྔགས་དམོད་པའི་ཆན་པའོ། །ཡ་མཚན་དྷ་ཧྲི་ཛྭ་ལ། ཙེ་ཏྲ་ད་ར་ན་ཤ་པ། ཆེ་གེ་མོ་ནྲྀ་མཱ་ར་ལ་སོད། ཆོམ་ཆོམ་ཤིག་ཛཿཛཿ། གཤིན་རྗེའི་དྲག་སྔགས་ཆན་པའོ། །མ་ཧཱ་ཙན་དྷ་རཀྵ་ཧྲི་ཐ་ནི་ཡ་མ་ཐ་རུ་རུ་ཏྲ་མཱ་ར་ཡ། ཆེ་གེ་མོའི་རྣ་བྱེ་བྷྱོ་ཛཿཛཿ། སྲིན་པོའི་སྲོག་གི་ཆན་པའོ། །མ་ཧཱ་བ་དུ་པྲ་ཏྲ།བྷྱི་མུ་ཙན་དྷ་ཏུ་སི་ནི། བྱི་ནཱ་ཡ་ག །ཆེ་གེ་མོའི་ཙིཏྟ་ལ་བྷུ་ཛ་ཏ་ཁཱ་ཧི། ཧེ་ཀ་ལི་མ་ཧཱ་ཙན་དྷ། མཱ་ར་ཡ་ནྲྀ་ཁུག་ཛཿཛཿ། བགེགས་ཀྱི་སྲོག་གི་ཆན་པའོ། །ལྷ་མ་སྲིན་ནི་དེ་


DNG018_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི། །རང་རང་དག་གི་སྲོག་སྙིང་ལ། །ལྕགས་ཀྱི་སྡིག་པ་ཁ་བརྒྱད་པས། །ཤིན་ཏུ་མཚན་ནས་གནས་པ་ཡིན། །རང་དབང་མེད་པར་སྙིང་ཁྲག་དྲང་། །དེ་མ་ཐག་ཏུ་སྲོག་དང་བྲལ། །ལྷ་སྲིན་འདུས་པའི་ཆན་པའོ། །དམ་ཉམས་ཀུན་གྱི་སྲོག་གཅོད་པོ། །པདྨ་དབང་ཆེན་དྲེགས་པ་གནད་འབེབས་ཀྱི་རྒྱུད་ལས། ལྷ་མ་སྲིན་སྡེ་བརྒྱད་གནད་ལ་འབེབས་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་དུ་ཐོག་སེར་དབབ་པ་འདི་གསུངས་སོ། །དབེན་པའི་གནས་སུ་དམ་ལྡན་འདུག །གྲིར་ཤི་མི་ཡི་སྙིང་དང་ཁྲག །རྒྱ་བོ་ཁྱི་ཡི་སྙིང་དང་ཁྲག །ར་ཡང་རྒྱ་བོའི་སྙིང་དང་ཁྲག །དོང་བུར་བླུགས་ལ་སྔགས་བཟླའོ། །ཟླ་བ་གཅིག་གམ་གཉིས་སུ་བསྙེན། །ཏྲག་མུ་ཏྲ་ཁ་མུ་ཏྲ་བྷྱོ། ར་ར་ཡ་ཡ་རྦད་རྦད་དུས་ལ་བབ་བོ། །ས་མ་ཡ་བྷྱོ། ས་མ་ཡ་རཀྴ་བྷྱོ། ཀུ་རུ་ཀུ་རུ་རག་ཤ་བྷྱོ། ཧ་ཧེ་ཧ་ཧེ་རཀྴ་བྷྱོ། པདྨ་རཀྟ་ཨ་མྲྀ་ཏ། དྲེ་གུ་གསེར་ཐིག་དག་དང་གསུམ། །རྒྱུན་གཏོར་བྱས་ལ་གཏའ་རུ་གཟུང་། །སྐུ་ནི་བཅུ་གཉིས་ལས་མི་ཉུང། །རང་གི་གཡས་སུ་གཞག་པར་བྱ། །སྒྲུབ་པ་དཀྱིལ་འཁོར་གྲུ་གསུམ་སྟེ། །མི་རྐང་སྒྱེད་པོ་བཞི་བཙུགས་ལ། །རབས་ཆད་ཐོད་པའི་ནང་དུ་ཡང་། །ར་ཁྱི་རྒྱ་བོ་མི་ཁྲག་དང་། །ཆུ་མིག་ཆུ་སྦྱར་བླུགས་པ་སྟེ། །གླང་མའི་བྱང་བུར་སྐུལ་ཚིག་བྲིས། །ཞིང་ལྤགས་ཁ་བཅད་སྟེང་དུ་གཞག །ཁམ་ཀོང་ཟུར་གསུམ་བདུན་ནང་དུ། །ཐུན་བདུན་ལེགས་པར་བཤམ་པར་བྱ། །དང་པོར་ཉུང་དཀར་ར་ཁྲག་བླུག །ཏྲག་ནི་རུ་མ་ཤ་སྭཱ་ཧཱ། གཉིས་པར་དྲེའུ་ཐོད་རུས་ཁྲག་བརྫིས། །མ་མ་དུ་ཡང་ཕཊ། གསུམ་པར་ཐོད་པར་ཡུངས་ནག་ལ། །ཨོཾ་དུབ་ནུར་དུབ་སྭཱ་ཧཱ། བཞི་པར་མི་ཁྲག་ཉུང་དཀར་རོ། །ཨོཾ་ཡ་ཙི་ལ་འདུ་ལུ་ཚལ་པ་ཚལ་པ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ལྔ་པར་ཁྱི་ཁྲག་འོ་མ་ལ། །ཨོཾ་ཧབ་ཧབ་རུབ་རུབ་ཧཱུཾ་ཕཊ་སྭཱ་ཧཱ། དྲུག་པར་སྔོ་སྣ་འོ་མ་མར། །ཨོཾ་དུད་ཤིང་མཱ་ར་ཡ་པ་ཏ་ན་ཕཊ། བདུན་པར་ཤ་རུ་ཚིལ་ཆེན་ཡིན། །ཨོཾ་པྲ་ཤེ་དར་ན་ཧཱུཾ་ཕཊ། ཞག་བདུན་དགུ་བཅུ་རྩ་གཅིག་བཟླས། །མ་མོ་བསྐུལ་


DNG018_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱ་བ་ནི། །གཡའ་ཤིང་དུད་པའི་དབང་མོ་ཆེ། །སྐུ་ནི་མཐིང་ནག་ཆེན་མོ་ལ། །ཕྱག་ན་ཐོག་གི་བུ་ཡུག་བསྣམས། །སྲིད་བདག་ཆེན་མོ་སྲིད་པའི་དཔལ། །སྲིད་བདག་ཆེན་མོ་ཀུན་གྱི་རྗེ། །ཁྲོས་པས་ཀླུ་འབྲུག་བྲན་དུ་འཁོལ། །མ་མོ་ཆེན་མོ་གཤེགས་སུ་གསོལ། །དམ་ཉམས་ཡུལ་དུ་ཐོག་སེར་ཕོབ། །དཀོན་མཆོག་གསུམ་གྱི་བསྟན་པ་སྲུངས། །དེ་ནས་ལས་ལ་སྦྱོར་བ་ནི། །ཐོག་སེར་འབེབས་ན་ཐུན་བདུན་པོ། །ཡུལ་ལྷ་ཀླུ་དང་བཙན་གཉན་ལ། །ཐབ་ཀྱི་སྦྱིན་སྲེག་བྱ་བ་ཡི། །སེར་བ་མུ་ཁྲིད་འབེབས་པ་ན། །བྷནྡྷ་གླང་རུ་གཏར་གཞུག་སྟེ། །གླང་རུའི་ཕྱེ་མ་སྐྱི་འབྲུ་དང་། །ལན་ཚྭ་ཡུངས་ཀར་བརྔོས་པ་ལ། །ལྡོང་རོས་དང་ནི་ཐལ་ཆེན་དང་། །བུད་མེད་ལོ་ནི་བཅུ་བདུན་པའི། །མངལ་ཁྲག་བསྲེས་ལ་བླུག་པར་བྱ། །གླང་རུ་ཞིང་གི་དབུས་སུ་སྦ། །ཐོད་པ་ཞིང་གི་མཐའ་བསྐོར་ནས། །ཞིང་གི་མུ་མ་དག་ལ་སྦ། །རྟ་ཀྱི་ཛ་ཧོ།ཁྲི་ཚོ་ཀླུ་བ་ཡང་ཧཱུཾ་ཡ། རུ་ལུ་རུ་ལུ་སྭཱ་ཧཱ། བརྒྱ་རྩ་བརྒྱད་དུ་བཟླས་པར་བྱའོ། །པདྨ་དབང་ཆེན་དྲེགས་པ་གནད་འབེབས་ཀྱི་རྒྱུད་ལས། མ་མོ་གནད་འབེབས་སེར་བའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཨེ་ཀ་ཛ་ཏིའི་རིག་སྔགས་ཀྱིས་ཞིང་བཅུ་བསྒྲལ་པ་འདི་གསུངས་སོ། །རལ་གཅིག་རོ་ལངས་གསང་བསྒྲུབ་ནི། །དགྲ་ལ་ཁྲག་ནད་གཏོང་བའི་ཐབས། །དྲག་སྔགས་བྱ་བ་འདི་གསུངས་སོ། །བྱི་ཏྲི་པུ་ཏྲ་ལོ་བདུན་པ། །མན་ཆད་ལོན་པའི་ཤ་ཚིལ་ལ། །དང་པོ་གཏོར་མ་གཅིག་བྱ་སྟེ། །དྲག་སྔགས་འདིས་ནི་བོད་པར་བྱ། །སྐུ་དངོས་བྱུང་ན་དངོས་གྲུབ་སྟེར། །དྲི་འུ་དྲི་འུ་ཏྲི་འུ། མ་མ་ཤ་ཤ་ཛ་ཛ་བྷྱོ་བྷྱོ། གསང་སྔགས་ཡི་གེ་བཅུ་གསུམ་འདིས། །ཉི་ཤུ་རྩ་གཅིག་བསྒྲུབ་པ་ན། །རབ་ནི་ཟླ་བ་གཅིག་ན་ཡང་། །མངོན་གསུམ་དག་ཏུ་སྒྲོལ་བར་འགྱུར། །ཏྲག་རག་ཤ་མ་མ་ཛ་ཛ། ས་མ་ཡ་སྙིང་ལ་རྦུད། ཙིཏྟ་རཀྟ་ཐུན་ཛ་བྷྱོ། མ་མ་སྲོག་ཤམ་ཤམ་ཁྱེར་བྷྱོ། ཏྲག་རག་མོ་ཨེ་ཀ་ཛ་ཏི་ཛ། མ་མ་སྙིང་མུ་རག་ཏི་ཤ་ལ་རྦད། མ་མ་ཙ་པ་ལེ་མུ་རུ། ཁྲག་སྙིང་མི་རྦུད། ལིངྒ་ལ་ཉུང་དཀར་བརྡེག །ཙིཏྟ་མངོན་དུ་འོང་བར་འགྱུར། །རལ་གཅིག་རོ་ལངས་གསང་བསྒྲུབ་


DNG018_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །པདྨ་དབང་ཆེན་དྲེགས་པ་གནད་འབེབས་ཀྱི་རྒྱུད་ལས། ཨེ་ཀ་ཛ་ཏིའི་གནད་འབེབས་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཀླུ་ལ་གཏད་པ་འདི་གསུངས་སོ། །གདུག་པ་ཀླུ་ལ་གཏད་བྱ་ན། །ལིངྒ་མཛེ་ཁྲག་བྲི་བར་བྱ། །མཐའ་མ་སྔགས་ཀྱིས་བསྐོར་བར་བྱ། །མཛེ་ཐོད་ནང་བཞུགས་གྲུ་གསུམ་གཞུག །བདག་ཉིད་དབང་ཆེན་གསལ་བ་ཡིས། །བསྙེན་པ་ཞག་ནི་བདུན་དུ་བཟླས། །ནི་ནཱ་གས་ཟུང་ཟུང་ནི།ནཱ་གས་རྦུད་རྦུད། ནི་ནཱ་གས་ཧྲིང་ཧྲིང་། དགྲ་བོའི་ཙིཏྟ་གྱུར་ལིང་ནན།ཐིབས་ཐིབས་ཁྱེར་ཁྱེར། རླག་ཤིང་ལྷར་ཆེ་གེ་མོ་མཱ་ར་ཡ་རྦུད། སྟག་དང་དོམ་དྲེད་སེང་གེ་རྣམས། །རྟགས་སུ་འཁོལ་ན་བཟང་བ་ཡིན། །ནཱ་ག་རཱ་ཙ་ཨ་མྲྀ་ཏེ་གྷ་ཙག་ཁ་ཁཱ་ཧི། ནཱ་ག་དུ་མ་ཐ་ལེ་ནཱ་ག་རཱ་ཙ་ཨ་ནན་ཏེ་སྭཱ་ཧཱ། དཀར་གསུམ་མངར་གསུམ་མཆོད་སྔགས་སོ། །བསྒྲུབ་པ་ཞག་གསུམ་ཐུན་བྲབ་པ། །ཉུང་དཀར་ཉུང་ནག་ཐུན་དུ་བྲབ། །ནཱ་ག་ཧུ་ཡ་བྷ་ལིང་དུང་ས་ཆེ་གེ་མོ་ཐུན་སོད།ཟུང་ནཱ་ག་ཤིག་ཤིག །རོ་ལ་ཐིབས་ཐིབས། མཱ་ར་ཡ་སོད། ཤ་ཏྲ་པ་ཏྲ་ཙིཏྟ་གུ་ལ་ནན། མཱ་ར་ཡ་རྦུད། ལིངྒ་ལ་ཆའི་རི་ལུར་གཞུག །དེ་ནི་མཛེ་ཐོད་གླང་རུར་གཞུག །ཡུགས་སའི་ཞབས་མས་གྲིལ་ལ་གཏད། །རྒྱལ་རིགས་ནམ་མཁའ་འདྲ་སྟེ་གཡེལ། །རྗེའུ་རིགས་ཆུ་འདྲ་འཇོམས་པས་འབྱམས། །བྲམ་ཟེ་ས་འདྲ་འགུལ་ཞིང་ལྕི། །དམངས་རིགས་མེ་འདྲ་ཤིན་ཏུ་དྲག །དེ་ལ་གཏད་ན་མྱུར་བ་ཡིན། །སངས་རྒྱས་བསྟན་པ་བསྲུང་བར་ནུས། །པདྨ་དབང་ཆེན་དྲེགས་པ་གནད་འབེབས་ཀྱི་རྒྱུད་ལས། ཀླུའི་དྲེགས་པ་གནད་ལ་ཕབ་ནས་ཞིང་བཅུ་ཕ་ཚན་མ་ལུས་པར་བསྒྲལ་བའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་འཁོར་གྱི་ཚོགས་མ་ལུས་པ་ཐམས་ཅད་ལས། ཡེ་ཤེས་འཁོར་རྣམས་ནི་འོག་མིན་གྱི་གནས་ན་དགོངས་པ་ལ་སྤྱོད་ཅིང་རྗེས་སུ་ཡི་རང་བར་གྱུར་ཏོ། །འཇིག་རྟེན་གྱི་འཁོར་རྣམས་ཀྱིས་བསྟན་པ་བསྲུངས་ཤིང་བཀའ་བཞིན་ཕྱི་རབས་ཀྱི་རྗེས་སུ་བསྲུང་བར་གྱུར་ཏོ། །བཅོམ་ལྡན་འདས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཅན་ནི།
ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ངང་དུ། ཆོས་སྐུ་དྲི་མ་མེད་པར་བཞུགས་སོ། །མཁའ་འགྲོའི་ཚོགས་ཀྱིས་རྒྱུད་འདི་ཡི་གེར་བྲིས་ནས། ཕྱི་རབས་ཀྱི་གང་ཟག་ཆོས་ཀྱི་སྤྱན་ལམ་ལ་སྤྲོ་བར་གྱུར་ཏོ། །པདྨ་དབང་ཆེན་དྲེགས་པ་གནད་འབེབས་ཀྱི་རྒྱུད་ལས། རྗེས་སུ་ཡི་རང་ཞིང་། རྒྱུད་གཏད་པའི་ལེའུ་སྟེ་བཅུ་གཅིག་པའོ།། །། པདྨ་དབང་ཆེན་དྲེགས་པ་གནད་འབེབས་ཀྱི་རྒྱུད་རྫོགས་སོ། །པཎྜི་ཏ་པདྨ་སམ་བྷ་ཝ་དང་། ལོཙྪ་བ་ཁ་ཆེ་ཨཱ་ནན་ཏས་བསྒྱུར་བའོ།། །།

དཔལ་པདྨ་དབང་ཆེན་དྲེགས་པ་དབང་སྡུད་ཀྱི་རྒྱུད་ཅེས་བྱ་བ།


DNG018_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་འདི་དཔེ་གཅིག་ལས་བསྡུར་ས་མ་འབྱོར། རྒྱ་གར་སྐད་དུ། ཤྲཱི་པདྨ་མ་ཧཱ་བ་ཤ་སཾ་བྷཱ་ཏ་ཏནྟྲ་ནཱ་མ། བོད་སྐད་དུ། དཔལ་པདྨ་དབང་ཆེན་དྲེགས་པ་དབང་སྡུད་ཀྱི་རྒྱུད་ཅེས་བྱ་བ། ལྷུན་གྱིས་གྲུབ་པའི་སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཉིད་དེ་ནི། པདྨ་ཅན་ནམ་བདེ་བ་ཅན་ཞེས་བྱ་བའི་གནས་བཙུན་མོའི་བྷ་ག་ལས་བཞེངས་ཏེ། འདི་ལྟར་འཁོར་གྱི་དཀྱིལ་འཁོར་ལ་གཟིགས་པ་ནི། ས་བཅུའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་གཟིགས་ནས་ཤེས་བྱའི་སྒྲིབ་པ་ཆ་ཕྲ་བ་རྣམས་སྦྱངས་པར་མཛད་དོ། །རང་སངས་རྒྱས་རྣམས་ལ་གཟིགས་ནས་རྟེན་ཅིང་འདྲེལ་པར་འབྱུང་བ་རྣམས་རྣམ་པར་དག་པར་སྟོན་པར་མཛད་དོ། །ཉན་ཐོས་རྣམས་ལ་གཟིགས་ནས་འགོག་པ་ལས་བསླངས་ཤིང་སྦྱངས་པར་མཛད་དོ། །བྱ་བ་ལས་ཀྱི་རྒྱུད་ཀྲི་ཡ་བ་ལ་གཟིགས་ནས་རིགས་གསུམ་གྱི་དོན་རྣམ་པར་དག་པར་མཛད་དོ། །ཆ་མཐུན་སྤྱོད་པའི་རྒྱུད་ཨུ་པ་ཡ་ལ་གཟིགས་ནས་རིགས་བཞིའི་གདུང་རྣམ་པར་དག་པར་མཛད་དོ། །རྣམ་གྲོལ་རིག་པའི་རྒྱུད་རྣལ་འབྱོར་ཐེག་པ་ལ་གཟིགས་ནས་སུམ་ཅུ་རྩ་གཉིས་རྣམ་པར་དག་པར་མཛད་དོ། །རྣལ་འབྱོར་བླ་ན་མེད་པའི་རྒྱུད་བསྐྱེད་རྫོགས་རྣམ་པ་གསུམ་གྱི་ལྟ་སྤྱོད་ཀྱིས་དྲེགས་པ་ཐམས་ཅད་དབང་དུ་སྡུད་པར་མཛད་པར་ཡང་གཟིགས་སོ། །དེ་ནས་འགྲོ་བའི་རིགས་བསམ་ཡས་པ་ལ་གཟིགས་ནས། སེམས་ཉིད་སངས་རྒྱས་པ་ཡིན་པ་ལས། སྣང་བ་སྣོད་དང་བཅུད་དུ་སྣང་བ་འདི་ཐམས་ཅད་ནི། སེམས་ཉིད་ཆོས་སྐུ་ལས་སྣང་བ་ཆོས་སྐུའི་འོད་གསལ་དུ་གཏན་ལ་


DNG018_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

འབེབས་པའི་ཕྱིར། ཉིད་སྐུ་ཞལ་གསུམ་ཕྱག་དྲུག་པར་བསྟན་པ་ནི་འདི་ལྟ་སྟེ། དབུས་ཀྱི་སྐུ་མདོག་དཀར་དམར་པདྨ་རཱ་གའི་མདངས་སུ་གནས། གཡས་ཐུགས་ཀྱི་ཞལ་སྔོ་བ། གཡོན་ཡོན་ཏན་གྱི་ཞལ་སེར་བ། གཡས་དང་པོ་ལ་པདྨའི་སྡོང་བུ། བར་མ་ན་རྡོ་རྗེ་རྩེ་གསུམ། ཐ་མ་ན་མདའ་འཛིན་པ། གཡོན་དང་པོ་ན་བུམ་པ། བར་པ་ན་དཔལ་བེའུ། ཐ་མ་ན་གཞུ་འཛིན་པ། རྒྱན་རིན་ཆེན་སྣ་ཚོགས་པའི་ན་བཟས་མཛེས་པ། ཡུམ་ཕྱག་རྒྱ་མ་དང་བཅས་པ། དམར་མོ་རྡོ་རྗེ་དྲིལ་བུས་འཁྱུད་པ། རིན་ཆེན་སེང་གེ་ཉི་ཟླ་པདྨའི་ཁྲི་ལ། ཡེ་ཤེས་འོད་འཁྱིལ་གོང་བུའི་ནང་ན་བཞུགས་པ། ཞལ་ནས་གསང་བའི་སྔགས་བརྗོད་པ་ནི། ཨོཾ་ཨཱ་རོ་ལིཀ །པཱཾ་རཱ་ག་ར་ཏི་སྟཱཾ་སྭཱ་ཧཱ། ཞེས་བརྗོད་པས་འཁོར་གྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཐོང་བར་གྱུར་ཏེ། དེ་ནས་འཁོར་རྣམས་ཀྱིས་བསྟོད་པ་འདི་མཛད་ནས་བསྟོད་དོ། །ཧཱུཾ་དྲི་མེད་རྣམ་དག་ཞི་བ་ལས། །སྤྲོས་པ་ཐམས་ཅད་རབ་ཞི་བའི། །ཡེ་ཤེས་ཚོགས་མཆོག་མངའ་བརྙེས་པ། །རང་བཞིན་དག་པ་ཆོས་ཀྱི་སྐུ། །ཐུགས་རྗེས་སྡུག་བསྔལ་སེལ་མཛད་པ། །བསོད་ནམས་ཚོགས་རྫོགས་གཟུགས་ཀྱི་སྐུ། །ལས་དང་ཉོན་མོངས་ཤེས་བྱ་ཡི། །དྲི་མ་སྤངས་པའི་སྐུར་གྲུབ་པ། །གསུང་མཆོག་སྐུ་གསུང་དང་བ་དང་། །ལུས་ངག་སེམས་ཀྱིས་ཕྱག་འཚལ་བསྟོད། །ཐུགས་རྗེ་ཆེན་པོས་གཟུང་བ་དང་། །ཡེ་ཤེས་སྣང་བ་གསལ་བར་མཛོད། །དུས་ཀྱིས་མནར་བའི་སྐྱེ་བོ་རྣམས། །འདུལ་ཕྱིར་ཁྲོ་བོར་བཞེངས་སུ་གསོལ། །རྟག་ཆད་མཐའ་ལ་ཞེན་པ་ཡི། །གདུག་པ་ཅན་རྣམས་དབང་དུ་སྡུས། །ཞེས་བསྟོད་དོ། །དེ་ནས་གར་དབང་བདེ་བ་ཆེན་པོའི་སྐུ་དེས། ཧཱུཾ་དྲུག་རོལ་པའི་ཆོ་འཕྲུལ་བསྟན་ནས། ཨོཾ་མ་ཧཱ་པདྨ་ཤྲཱི་ཧེ་རུ་ཀ་པདྨ་ཀྲོ་ཏཱི་ཤྭ་རཱི་ཧཱུཾ། མ་ཧཱ་ཙནྜ་སརྦ་དུཥྚཱ་ན་ཧཱུཾ་ཕཊ། ཅེས་བརྗོད་པས། ཉིད་ཀྱི་སྐུ་ཁྲོ་བོ་ཆེན་པོ་དབུ་ལྔ་ཕྱག་བཅུ་དྲུག་པར་གྱུར་ཏེ། སྐུ་མདོག་དམར་པོ་དབུ་ལྔ་པ། དབུ་ལྔའི་ནང་ན་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་གསལ་བ། ལྟག་པ་ན་རྟ་མགོ་ལྔའི་རྟ་མགྲིན་དབང་གི་དཀྱིལ་འཁོར་དུ་གསལ་བ། གཤོག་པ་


DNG018_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་གསུམ་རྣམ་པར་རྒྱལ་བ་དང་། ཐུགས་ཀ་ཡེ་ཤེས་སེམས་དཔའ་དང་། གཟི་ལྡན་ཡུམ་གྱི་དཀྱིལ་འཁོར་དང་། ཕྱག་གཡས་པ་བརྒྱད་ན་རྡོ་རྗེ་དང་། ཁ་ཊྭཱཾ་དྲིལ་བུར་བཅས་པ་དང་། རྡོ་རྗེ་ལྕགས་ཀྱུ་དང་། སྦྲུལ་གྱི་ཞགས་པ་དང་། འཁོར་ལོ་དང་། རིན་པོ་ཆེ་ཟུར་འཕྱང་བརྒྱད་པ་དང་། རལ་གྲི་དང་། རྡོ་རྗེ་ལུ་གུ་རྒྱུད་ཀྱི་ཕྲེང་བའོ། །ཕྱག་གཡོན་པ་བརྒྱད་ན།པདྨའི་ཡུ་བ་ནས་འཛིན་པ། ཐོད་ཁྲག་སྣོད་བཀང་བ་དང་། ཁྲོ་བོ་ཆེན་པོའི་སྙིང་འབྱིན་པ་དང་། གཤིན་རྗེའི་དབྱུག་པ་ཐོགས་པ་དང་། རྡོ་རྗེ་རྒྱ་གྲམ་དང་། རྡོ་རྗེ་བེ་ཅོན་དང་། མེ་འོད་ཀྱི་ཕྲེང་བ་དང་། ཏྲི་ཤཱུལ་དང་། ཁྱུང་གི་ཁྲ་བསྣམས་པ། ཞབས་ཁྲོ་བོ་བརྒྱད་ཀྱི་གདན་ལ་བཞུགས་པར་གྱུར་ཏེ། ཞལ་ནས་ཉིད་ཀྱི་སྙིང་པོ་ཡི་གེ་བཅུ་བདུན་པ་འཛིན་པ་འདི་བརྗོད་དོ། །ཨོཾ་པདྨ་སིཌྜྷ་སི་དྷོ་ཧ་ཧེ་ཙཀྲ་བྷྱོ། བྷྱོ་ཧཱུཾ་ཧཱུཾ་ཕཊ། ཅེས་བརྗོད་ཅིང་གདུག་པ་ཅན་འདུལ་བའོ། །དེ་ནས་ཉིད་ཀྱི་འཁོར་ནི། སྐུ་ཡི་ཁམ་རྒྱ་དཀར་མོ་འཁོར་ལོ་དང་། གསུང་གི་ཁམ་རྒྱ་དམར་མོ་པདྨ་དང་། ཐུགས་ཀྱི་ཁམ་རྒྱ་ནག་མོ་རྡོ་རྗེ་དང་། ཡོན་ཏན་ཁམ་རྒྱ་སེར་མོ་དྲིལ་བུ་དང་། ལས་ཀྱི་ཁམ་རྒྱ་ལྗང་གུ་རལ་གྲི་དང་། གསད་པའི་ཁམ་རྒྱ་སྣ་ཚོགས་མདོག་ཅན་ཁཱ་ཊྭཱཾ་བསྣམས་པ། ཁམ་རྒྱ་མོ་དྲུག་པོ་ཀུན་ཀྱང་གཡོན་ན་བདུད་རྩིའི་ཐོད་པ་བསྣམས་པ། ཞལ་ནས་རང་སྔགས་བརྗོད་པ།བུཌྜྷ་བཛྲ་ཨོཾ། སཏྭ་བཛྲ་ཧཱུཾ། རཏྣ་བཛྲ་ཏྲཱཾ། དྷརྨཱ་བཛྲ་ཧྲཱྀཿ། ཀརྨ་བཛྲ་ཧཱ།གུ་ཧྱ་བཛྲ་ཕཊ། ཅེས་བརྗོད་ཅིང་འཁོར་ལོ་འབར་བའི་རྩེ་མོ་དྲུག་ལ་བཞུགས་སོ། །ལོང་བ་ཆེན་པོ་བརྒྱད་ནི། ཤར་རྡོ་རྗེའི་ལོང་བ་དཀར་པོ་དང་། ལྷོ་རིན་ཆེན་ལོང་བ་སེར་པོ་དང་། ནུབ་པདྨའི་ལོང་བ་དམར་པོ་དང་། བྱང་ལས་ཀྱི་ལོང་བ་ལྗང་གུ་དང་། མཚམས་ཀྱི་ལོང་བ་ཕྱེད་གཟུགས་ཀྱི་མདོག་ཅན་དང་། ཕྱག་བཞིན་གཡས་པ་ཟངས་གྲི་དང་ཐོད་པ། གཡོན་རྒྱུ་ཕྲེང་དང་སྙིང་བསྣམས་པ། རང་གི་ཞལ་ནས་རང་སྔགས་བརྗོད་པ་ནི། ཨོཾ་ཤྭ་རི་ཁཱ་ཧི་ཧཱུཾ། ཨོཾ་ཤྭ་རི་ཁཱ་ཧི་ཏྲཱཾ།ཨོཾ་ཤྭ་རི་ཁཱ་ཧི་ཧྲིཿ། ཨོཾ་ཤྭ་རི་ཁཱ་ཧི་ཧཱ། ཞེས་བརྗོད་ཅིང་ཐོད་རུས་ཀྱི་བར་ཁྱམས་དང་པོ་ལ། སྐུ་གཅེར་བུའི་ཚུལ་གྱིས་གནས་སོ། །དེ་ཉིད་ཀྱི་གནས་ལ་བཞུགས་པའི་དམུས་ལོང་དྲུག་ཅུ་པོ་རྣམས་ནི།


DNG018_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་རེ་ན་རིགས་ཀྱི་མདོག་ཅན་བཅོ་ལྔ་བཅོ་ལྔ་བཞུགས་ཏེ། ཕྱག་གཡས་ན་ལྕགས་ཀྱུ་གཡོན་ཕུར་བུ་བསྣམས་པའོ། །ཞལ་ནས་རང་སྔགས་བརྗོད་པ་ནི། ཨོཾ་ཤྲཱི་རཾ་ཁཱ་ཧི་ཧཱུཾ། ཨོཾ་ཤྲཱི་རཾ་ཁཱ་ཧི་ཏྲཱཾ། ཨོཾ་ཤྲཱི་རཾ་ཁཱ་ཧི་ཧྲཱྀཿ། ཨོཾ་ཤྲཱཾ་རཾ་ཁཱ་ཧི་ཧཱ། ཞེས་བརྗོད་ཅིང་བར་ཁྱམས་དང་པོ་ལ་གནས་སོ། །ཟ་བྱེད་དཔལ་གྱི་ཁྱི་བརྒྱད་ནི། སྐུ་མདོག་མཐིང་ནག་སྤྱང་ཀིའི་མགོ་ཅན། གཡས་གྲི་གུག །གཡོན་ཐོད་པ་འཛིན་པ། རང་གི་སྤྲུལ་པ་ཅེ་སྤྱང་བརྒྱད་དང་། ཡེ་ཤེས་ཀྱི་སྤྲུལ་པ་ཁྱི་བཅུ་ཡང་། ཞལ་ནས་རང་སྔགས་བརྗོད་པ་ནི། ཨོཾ་དཱིཔྟ་ཙཀྲ་ཤྭ་ན་མུ་ཁ་ཁ་ལོང་ཁ་ཧཱུཾ་ཕཊ། ཀུ་རུ་ཀུ་རུ་ཡཀྴ་ཧཱུཾ་ཕཊ།ཅེས་བརྗོད་ཅིང་བར་ཁྱམས་གཉིས་པ་མེ་རི་དམར་པོ་ལ་བཞུགས་སོ། །འཁོར་གྱི་སྒོ་བ་བཞི་ནི། མགོ་དགུ་པོ་ལ་རྐང་གཅིག་པོ། མདོག་དཀར་ལག་ན་ལྕགས་ཀྱུ་བསྣམས་པ། ཞལ་ནས་ཧཱུཾ་ཧཱུཾ་ཕཊ། ཅེས་བརྗོད་ཅིང་ཤར་སྒོར་བཞུགས་སོ། །འོད་གཤོག་མགོ་བརྒྱད་རྐང་བརྒྱད་པོ་སེར་པོ་ལག་ན་ཞགས་པ་ཐོགས་ཤིང་། ཧཱུཾ་ཏྲཱཾ་ཏྲཱཾ་ཕཊ། ཅེས་བརྗོད་ཅིང་ལྷོ་སྒོར་བཞུགས་སོ། །ཡེ་ཤེས་མགོ་དྲུག་ལག་དྲུག་རྐང་དྲུག་པོ་དམར་པོ་ཕྱག་ན་ལྕགས་སྒྲོག་བསྣམས་ཤིང་། ཞལ་ནས་ཧཱུཾ་ཧྲཱྀཿཧྲཱྀཿཕཊ། ཞེས་བརྗོད་ཅིང་། ནུབ་སྒོར་བཞུགས་སོ། །གསང་བ་མགོ་གསུམ་ལག་གསུམ་རྐང་གསུམ་པོ་ལྗང་གུ་ནི། ཕྱག་ན་དྲིལ་བུ་བསྣམས་ཤིང་། ཞལ་ནས་ཧཱུཾ་ཧཱུཾ་ཧཱ་ཧཱ་ཕཊ། ཅེས་བརྗོད་ཅིང་བྱང་སྒོར་བཞུགས་སོ། །སྒོ་བ་དེ་ཀུན་གྱི་ཕྱག་གཡོན་ན། ཐོད་ཁྲག་ཉིད་ཀྱིས་ལོངས་སྤྱོད་མཛད་པའོ། །མེ་འབྲུག་དམར་པོ་བྷྲིང་གི་རི་ཏི་དང་། རླུང་འབྲུག་སྔོན་པོ་ཀ་ལ་ཤ་ནི། ཨོཾ་ཛི་ན་ལཾ་ཏེ་ཙེ་རཾ། ཡཀྴ་ཀུ་བྷ་ཉྫ་ཧཱུཾ་ཕཊ། ཅེས་བརྗོད་ཅིང་སྟེང་འོག་ཕྱོགས་མཚམས་ཀུན་ཏུ་ཁྱབ་བོ། །ཡང་སྤྲུལ་ཕོ་ཉ་ནི། དུར་བྱ་དང་། ཁྲུང་ཁྲུང་དང་། བསེའི་བྱན་གླག་དང་། ཁྱི་སྤྱང་མ་རྣམས་དང་གདོང་དགུ་གྲངས་མེད་པ་ཡང་། ཨོཾ་ཧ་ཧ་རུ་ལུ་མ་ཧཱ་ཙ་ཤྭ་རཱི་ན་ཡེ་ཨ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཅེས་བརྗོད་པར་བྱེད་ཅིང་། ཕྱི་རོལ་སྒོ་ནས་ར་བའི་མཚམས་ཀྱི་བར་དུ་གནས་སོ། །པདྨ་དབང་ཆེན་དྲེགས་པ་དབང་སྡུད་ཀྱི་རྒྱུད་ལས། ཉིད་ཀྱི་སྐུ་མངོན་པར་བསྟན་པ་རྩ་


DNG018_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དཀྱིལ་འཁོར་གྱི་ལེའུ་སྟེ་དང་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་གསང་སྔགས་ཀྱི་ལས་ཡོངས་སུ་རྫོགས་པ་འདི་གསུངས་སོ། །གསང་སྔགས་ཀུན་གྱི་ངོ་བོ་ནི། །སྤྱི་དང་བྱེ་བྲག་རྣམ་པ་གཉིས། །སྤྱིར་ནི་སྔགས་ཀྱི་ངོ་བོ་ནི། །ཐབས་དང་ཤེས་རབ་རྣམ་པ་གཉིས། །དེ་ལ་ཐབས་ཞེས་བརྗོད་པ་ནི། །ཀུན་རྫོབ་སྒྱུ་མ་ཙམ་དུ་སྣང་། །ཤེས་རབ་ཞེས་ནི་གང་བརྗོད་པ། །དོན་དམ་སྐྱེ་བ་མེད་པའོ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཁྱད་པར་སྔགས་ཀྱི་ངོ་བོ་ནི། །ཁྱེད་ལ་ངས་ནི་རབ་བཤད་ན། །སྔགས་ཀྱི་ངོ་བོ་ལྷ་ཡི་སྐུ། །དྲང་སྲོང་མཐུ་ལས་ཁྱད་པར་འཕགས། །ངེས་ཚིག་སྤྱི་དང་ཁྱད་པར་གཉིས། །སྤྱི་ཡི་ངེས་པའི་ཚིག་བཤད་པ། །སྐྱོབ་པའི་ཕྱིར་ན་སྔགས་ཡིན་ཏེ། །ཡིད་བསྐྱབ་པ་ཡི་དོན་ཡིན་ནོ། །ཁྱད་པར་སྔགས་ནི་ངེས་ཚིག་ནི། །ཤེས་སྐྱོབ་ཡོན་ཏན་ལྡན་པ་ཡིན། །སྔགས་ཀྱི་དབྱེ་བ་རྣམ་པ་གཉིས། །སྤྱི་དང་བྱེ་བྲག་གཉིས་སུ་བཤད། །སྤྱི་ཡི་དབྱེ་བ་རྣམ་གཉིས་ཏེ། །ཀུན་རྫོབ་ཀྱི་ནི་སྔགས་ཞེས་བྱ། །ལྷ་ཡི་དཀྱིལ་འཁོར་ཡིད་ལ་བྱེད། །དོན་དམ་པ་ཡི་སྔགས་ཞེས་པས། །གཉིས་སུ་མེད་པའི་རང་བཞིན་ཏེ། །སྟོང་པ་ཆེན་པོའི་ཡེ་ཤེས་དང་། །དེ་ཡུལ་བྱེད་པའི་ཡེ་ཤེས་ཏེ། །ཡུལ་དང་ཡུལ་ཅན་ཡེ་ཤེས་ཏེ། །རྟོགས་པ་འཁོར་བ་བདག་ལ་སྐྱོབ། །བྱེ་བྲག་སྔགས་ཀྱི་དབྱེ་བ་གསུམ། །གསང་སྔགས་རིག་སྔགས་གསང་སྔགས་ཡིན། །གསང་སྔགས་དོན་ནི་རྣམ་པ་བཞི། །བཟོད་པ་ཐོབ་པའི་རྒྱུར་འགྱུར་གཟུངས། །གསང་སྔགས་གཟུངས་དང་ཆོས་ཀྱི་གཟུངས། །དོན་གྱི་གཟུངས་ཞེས་བྱ་བར་འདོད། །བཟོད་པ་ཐོབ་པའི་རྒྱུར་འགྱུར་བས། །བསྐྱེད་རིམ་མཐར་ཕྱིན་རྣལ་འབྱོར་རམ། །མཚན་བཅས་རྫོགས་རིམ་རྣལ་འབྱོར་རམ། །མཚན་མེད་རྣལ་འབྱོར་ཨ་དང་ཧཱུཾ། །དེ་དག་བརྗོད་བྱ་ཐོབ་བྱེད་རྣམས། །རང་བཞིན་མེད་པར་སེམས་པ་ནི། །དེ་ལྟར་ཡུལ་དང་ཡུལ་ཅན་དེ། །རང་བཞིན་མེད་པར་རྟོགས་པ་ནི། །དགའ་བ་མཆོག་ཏུ་དགའ་ཆེན་སྐྱེས། །དེ་ལ་གཟུངས་ཐོབ་ཅེས་བྱའོ། །དྲན་དང་ཤེས་རབ་གཅིག་ཏུ་བྱས། །བཟོད་པ་འཛིན་པར་བྱེད་པས་གཟུངས། །གཟུངས་ཐོབ་


DNG018_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེས་དེ་མ་ཐག །ཕྱག་རྒྱ་ཆེན་པོའི་ཡེ་ཤེས་སྐྱེ། །མཐུན་པའི་བཟོད་པ་ཆེན་པོ་སྟེ། །དོན་དམ་ཆོས་རྣམས་བཟོད་པ་ནི། །དེ་སྐྱེས་རིང་པོ་མི་ཐོགས་པར། །ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཐོབ། །གསང་སྔགས་ཀྱི་ནི་གཟུངས་ཤེས་པ། །དེ་ཡང་ཕྱག་རྒྱ་ཆེན་པོ་ནི། །ཐོབ་པ་ཡན་ཆད་གང་ཟག་དེས། །རང་གི་ཏིང་ངེ་འཛིན་དང་ནི། །སྔོན་གྱི་སྨོན་ལམ་སྟོབས་བསྐྱེད་པས། །གསང་སྔགས་ཚིག་ནི་འདི་དག་གིས། །སེམས་ཅན་རྣམས་ཀྱི་ནད་སོགས་པ། །མེད་པར་གྱུར་ཅིག་ཅེས་བརྗོད་ཅིང་། །ཏིང་འཛིན་དབང་གི་སྟོབས་ཀྱིས་ནི། །སེམས་ཅན་རྣམས་ཀྱི་ཡམས་ནད་སོགས། །མེད་ཅིང་བྱིན་བརླབས་ལྷར་འགྲུབ་འགྱུར། །དེས་ན་ཏིང་ངེ་འཛིན་གྱི་དབང་། །དེ་ལྟར་གྱུར་པས་གསང་སྔགས་རྣམས། །འཛིན་པར་བྱེད་པས་གསང་སྔགས་གཟུངས། །ཆོས་ཀྱི་གཟུངས་ཞེས་བྱ་བ་ཡང་། །ཕྱག་རྒྱ་ཆེན་པོ་ཐོབ་པ་འམ། །སྟོན་པ་མཁའ་འགྲོའམ་བླ་མ་ཡིས། །སྔོན་ཆད་མ་ཐོབ་མ་ཤེས་པའི། །བདག་ཉིད་གསང་བའི་ཆོས་བཤད་པ། །ཐོས་པ་ཙམ་གྱིས་མི་བརྗེད་འཛིན། །དྲན་པ་ཤེས་རབ་ཆོས་ཀྱི་གཟུངས། །དོན་གྱི་གཟུངས་ནི་དེ་བཞིན་དུ། །གསུངས་པའི་ཆོས་རྣམས་དེ་དག་ནི། །དོན་རྣམས་མི་བརྗེད་འཛིན་པ་ནི། །དྲན་པ་ཤེས་རབ་དོན་གྱི་གཟུངས། །དེ་ལ་རིག་སྔགས་ཞེས་བྱ་བ། །སྟོང་པ་ཆེན་པོའི་ཡེ་ཤེས་དེ། །ཡེ་ཤེས་ཡུལ་དུ་བྱས་རྟོགས་པས། །མ་རིག་སྤངས་ཤིང་རིག་པ་སྐྱེད། །དེ་ཕྱིར་རིག་སྔགས་ཞེས་བྱའོ། །གསང་སྔགས་མཚན་རྒྱུད་སྔགས་དང་དོན། །འདི་ཞེས་ངེས་པར་ཤེས་པར་བྱ། །མཚན་ནི་གསང་སྔགས་ཞེས་བྱ་སྟེ། །སྣོད་མ་ཡིན་ལ་གསང་བ་དང་། །བློ་ཆུང་ཐེག་པ་དམན་ལ་གསང་། །གསང་ཐུབ་དངོས་གྲུབ་མི་ཡལ་ཕྱིར། །སངས་རྒྱས་རྣམས་ཀྱིས་གསང་བར་བསྔགས། །དེ་ཕྱིར་གསང་སྔགས་ངེས་པའི་མཚན། །རྒྱུད་ནི་འདྲེལ་ཕྱིར་རྒྱུད་ཅེས་བྱ། །གཞི་ཐབས་འབྲས་བུའི་འདྲེལ་པའི་ཕྱིར། །གཞི་ནི་བདེན་གཉིས་རང་བཞིན་གནས། །ཐབས་ནི་བསྒྲུབ་པའི་རང་བཞིན་གནས། །འབྲས་བུ་ཆོས་སྐུ་གཟུགས་སྐུར་གནས། །སྔགས་ནི་ནུས་པའི་མཐུ་ཆེན་དེ། །བསྒོམ་པའི་གསང་


DNG018_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་བསྐྱེད་རྫོགས་གཉིས། །སྤྱོད་པའི་གསང་སྔགས་སྦྱོར་སྒྲོལ་གཉིས། །བཟླས་པའི་གསང་སྔགས་ཡེ་ཤེས་ཉིད། །བཟའ་བའི་གསང་སྔགས་བདུད་རྩི་ལྔ། །དོན་ནི་ཀུན་རྫོབ་དོན་དམ་གཉིས། །དོན་དམ་ཡུལ་དང་ཡུལ་ཅན་ཉིད། །ཡུལ་ནི་སྟོང་པའི་ཡེ་ཤེས་ཉིད། །ཡུལ་ཅན་ཞེས་སུ་བྱ་བ་ཡང་། །མི་རྟོག་ཡེ་ཤེས་ཡུལ་བྱས་ཤིང་། །དེ་རྟོགས་གཟུངས་སུ་གྱུར་པ་ཡིས། །གནོད་པའི་འཚེ་བ་ནུབ་པར་བྱེད། །ཀུན་རྫོབ་བསྔགས་དེ་ཐོབ་པའི་ཐབས། །སྔགས་ཀྱི་གཟུངས་དང་སྔགས་ཀྱི་མིང་། །བརྡའ་དང་ཚིག་སོགས་ཐམས་ཅད་ཡིན། །ཞེས་གསུངས་སོ། །པདྨ་དབང་ཆེན་དྲེགས་པ་དབང་སྡུད་ཀྱི་རྒྱུད་ལས། གསང་སྔགས་ཐམས་ཅད་དབང་དུ་སྡུད་པར། སྔགས་ཀྱི་ངོ་བོ་ངེས་ཚིག་དབྱེ་བ་སྟེ་ལེའུ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་གསང་སྔགས་ཀྱི་ལམ་རྣམ་པར་བཀོད་པས་སྔགས་ཐམས་ཅད་དབང་དུ་བསྡུ་བ་འདི་གསུངས་སོ། །འབྲས་བུའི་ཐེག་ཆེན་གསང་སྔགས་འདི། །ཁྱད་པར་གྱུར་ཕྱིར་ཁྱད་པར་ཆེ། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་གྱུར་དང་། །དོན་གཅིག་ཕྱིར་ནའང་མ་རྨོངས་པས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །འབྲས་བུ་ཉིད་དུ་ལམ་ཤེས་པས། །ཚེ་ལུས་གཅིག་ལ་རྫོགས་སངས་རྒྱ། །དེ་ལ་གསང་སྔགས་སློབ་མ་ནི། །སྣོད་དང་ལྡན་པ་གཅེས་པ་སྟེ། །དེ་ཕྱིར་དམ་ཚིག་སྲོག་ལྡན་གཞུག །དམ་ཚིག་མི་ལྡན་སྤང་བར་བྱ། །དམ་ཚིག་དང་ལྡན་བཟློག་པ་ནི། །མཁའ་འགྲོ་མ་ཡི་འཚེ་བ་དང་། །དུས་མ་ཡིན་པར་འཆི་བ་དང་། །ཤི་ནས་དམྱལ་བར་འགྲོ་བའོ། །དམ་ཚིག་མི་ལྡན་བཅུག་པ་ཡང་། །ཚུལ་དེ་ཉིད་དུ་ཤེས་པར་བྱ། །ཐེག་ཆེན་སྔགས་ཀྱི་སྤྱོད་པ་ལ། །སྐྱོན་འདོགས་སྨོད་པ་བྱེད་པ་ནི། །མཁའ་འགྲོ་མ་ཡིས་མྱུར་དུ་གསོད། །དེ་ནས་དམྱལ་བར་སྐྱེ་བར་འགྱུར། །དེས་ན་ཟབ་མོའི་སྤྱོད་པ་ལ། །སྐྱོན་འདོགས་སྨོད་པ་སྤང་བྱའོ། །སྐལ་དང་ལྡན་པའི་གང་ཟག་དེ། །བླ་མ་དམ་པར་གྱུར་པ་ནི། །ཐེག་པ་མཐའ་དག་མ་ལུས་པའི། །གྲུབ་པའི་མཐའ་ལ་མ་རྨོངས་ཤིང་། །རྒྱུད་ཀྱི་དགོངས་པ་ཤེས་པ་དང་། །


DNG018_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་ལ་སོགས་ཀུན་མཁས་ཤིང་། །སྙིང་རྗེ་ཆེན་པོ་དང་ལྡན་པ། །བླ་མའི་བཀའ་ནི་ཐོབ་པ་ལ། །ཚོགས་ཀྱི་འཁོར་ལོའི་དགའ་སྟོན་བྱ། །ཡོན་དབུལ་དབང་བསྐུར་གསོལ་བ་བཏབ། །དེ་ལྟར་གསོལ་བ་བཏབ་པ་དང་། །བླ་མས་ཀྱང་ནི་བསྙེན་པ་དང་། །ས་ཆོག་ལྷག་གནས་ཆོ་ག་དང་། །དཀྱིལ་འཁོར་ཆོ་ག་རྒྱས་པ་དང་། །འཇུག་པ་དབང་བསྐུར་ཡོན་བླང་བྱ། །དེ་ལྟར་སློབ་མས་བླ་མ་ལ། །སེམས་བསྐྱེད་སྡོམ་བླང་དབང་མནོས་ནས། །དེ་ནས་སློབ་མ་དམ་པ་ཡིས། །དབང་སེམས་དེ་ཉིད་དམ་ཚིག་བསྲུང་། །དེ་བས་བསྲུང་ལ་འབད་པར་བྱ། །དམ་ཚིག་བསྲུངས་པའི་ཡོན་ཏན་ཡང་། །མཆོག་དང་ཐུན་མོང་དངོས་གྲུབ་འགྲུབ། །མ་བསྲུངས་པ་ཡི་སྐྱོན་རྣམས་ཀྱང་། །རྡོ་རྗེ་དམྱལ་བར་ངེས་པར་ལྟུང་། །དེ་ཡི་སྡུག་བསྔལ་བཟོད་པར་དཀའ། །མཚན་ཉིད་ཤེས་པར་བྱ་བ་ཡང་། །དེ་ལྟར་སྣོད་དུ་རུང་བ་དང་། །རང་གི་བླ་མ་དམ་པ་ལ། །ཐེག་ཆེན་སྔགས་ཀྱི་རྒྱུད་མཉན་ནས། །སྔགས་སོང་མཚན་ཉིད་ཤེས་པར་བྱ། །དེ་ནས་རང་སེམས་སྦྱང་བར་བྱ། །སེམས་སྦྱང་དོན་ནི་རྣམ་པར་དྲུག །སྐྱོན་ཡོན་ཡུལ་དང་རྒྱུད་ལ་བསྐྱེད། །སྤང་བྱ་སྤོང་ཐབས་འབྲས་བུ་ཡིན། །རྣལ་འབྱོར་རང་སེམས་མ་སྦྱངས་པར། །རྫོགས་པའི་བྱང་ཆུབ་མི་འགྲུབ་ལ། །དེ་མ་གྲུབ་པར་གྱུར་པས་ནི། །གཞན་གྱི་དོན་རྣམས་མི་འགྲུབ་པས། །དེ་ཕྱིར་སེམས་ནི་སྤྱད་པར་བྱའོ། །སེམས་སྦྱང་ཡོན་ཏན་བསམ་མི་ཁྱབ། །དཔག་ཏུ་མེད་པའི་དངོས་གྲུབ་ཐོབ། །ཡུལ་ནི་རྣམ་པ་གཉིས་ཡིན་ཏེ། །འཇུག་པའི་ཡུལ་ནི་སྔོན་བྱུང་གི། །སྟོན་པའི་སྤྱོད་པ་བཞིན་དུ་འཇུག །དམིགས་པའི་ཡུལ་ཡང་རྣམ་པ་གཉིས། །མཚན་བཅས་མཚན་མ་མེད་པ་སྟེ། །ཡེ་ཤེས་ཐིག་ལེ་ཕྱག་མཚན་སྐུ། །དེ་སོགས་མཚན་མ་ཅན་དུ་འདོད། །སྟོང་པ་ཉིད་ཀྱི་རང་བཞིན་ལ། །དམིགས་པ་མེད་པའི་ཚུལ་གྱིས་དམིགས། །ལམ་གྱིས་རྒྱུད་ལ་སྐྱེད་པ་ཡང་། །ཉེ་གྲོགས་ལམ་དངོས་དེ་གྲོགས་གསུམ། །ཉེ་བའི་གྲོགས་ཀྱང་རྣམ་པ་ལྔ། །བསྒྲུབ་པའི་གནས་དང་ཤིས་པའི་དུས། །མཚན་ལྡན་གྲོགས་དང་


DNG018_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་པའི་རྫས། །ཤེས་པའི་སྟོན་པ་ཕུན་སུམ་ཚོགས། །ལམ་དངོས་འདི་ལྟར་འཇུག་པར་བྱ། །ཕྱི་ལམ་དངོས་མཆོག་རིམ་པ་རྣམས། །རྣལ་འབྱོར་བསྒོམ་པས་བསླབ་པར་བྱ། །བྱ་སྤྱོད་རྣལ་འབྱོར་རྒྱུད་གསུམ་ནི། །མཚན་མ་དང་བཅས་བསྒྲུབ་ཐབས་ནི། །མཚན་མ་མེད་པའི་བསྒྲུབ་པར་འདོད། །རྣལ་འབྱོར་རྒྱུད་ལུང་མན་ངག་གསུམ། །བསྐྱེད་རིམ་རྫོགས་རིམ་རྣམ་པ་གཉིས། །རྫོགས་ཆེན་ལམ་ནི་རང་སེམས་ཉིད། །སངས་རྒྱས་རང་སར་གྲོལ་བའོ། །ལམ་དེ་ཆོ་གའི་རིམ་པ་དང་། །དོན་རིམ་དགོས་པའི་རིམ་པ་བཤད། །ཆོ་གའི་རིམ་པ་བྱ་བ་ནི། །རྒྱས་པ་དཔེ་བྱས་བསྡུས་པ་ཡིན། །རྒྱས་པར་འདོད་པའི་རྣལ་འབྱོར་ནི། །བསྒྲུབ་པ་རྟེན་གྱི་གང་ཟག་གིས། །དང་པོ་བླ་མ་དམ་པ་ལས། །དམ་ཚིག་དབང་ཐོབ་བསྲུང་ལ་འབད། །གདམས་ངག་མནོས་ནས་ཉམས་སུ་བླངས། །གནས་གཞི་ཡིད་དུ་འོང་བ་རུ། །གྲོགས་ནི་ཆོས་དང་མཐུན་པའམ། །བདག་ཉིད་གཅིག་པུ་སྒྲུབ་པ་པོས། །དུས་ཚེས་བཟང་པོ་དག་ལ་འཇུག །གཏོར་མ་གཏང་ཞིང་སཱཙྪ་གདབ། །སྦྱིན་སྲེག་ཡི་དམ་བཟླས་པ་བྱ། །ཁྲུས་བྱས་མཎྜལ་མེ་ཏོག་བཀྲམ། །སྲུང་བའི་འཁོར་ལོ་བསྒོམ་པར་བྱ། །སེམས་ཅན་སྡུག་བསྔལ་བྲལ་བར་འདོད། །དེ་ནས་བྱམས་པ་བསྒོམ་པར་བྱ། །སེམས་ཅན་བདེ་དང་ལྡན་པར་འདོད། །དེ་ནས་དགའ་བ་བསྒོམ་པར་བྱ། །བདག་གིས་བྱང་ཆུབ་ཐོབ་པར་བྱ། །སེམས་ཅན་དོན་བྱ་སྤྲོ་བར་བྱ། །དེ་ནས་བཏང་སྙོམས་བསྒོམ་པར་བྱ། །དེ་གསུམ་མི་དམིགས་པར་ཡང་བསྒོམ། །དེ་ནས་ལྷ་དང་བླ་མ་སྤྲུལ། །ཕྱག་འཚལ་མཆོད་དང་སྡིག་བཤགས་སོགས། །བདུན་པོ་རྣམ་དག་བསོད་ནམས་ཚོགས། །དེ་ནས་ཏིང་འཛིན་རྣམ་པ་གསུམ། །ཡེ་ཤེས་ཚོགས་ལས་རང་ཉིད་ལྷ། །བྱ་སྤྱོད་རྣལ་འབྱོར་རྒྱུད་རྣམས་ནི། །སྟོང་པ་ཉིད་ཀྱི་སྔགས་བརྗོད་ནས། །བདག་ཉིད་དམ་ཚིག་སེམས་དཔར་བསྐྱེད། །མདུན་དུ་ཡེ་ཤེས་སེམས་དཔར་སྤྲུལ། །བླ་མེད་རྣལ་འབྱོར་བསྐྱེད་རྫོགས་དང་། །དབང་བསྐུར་སྐུ་གསུང་ཐུགས་བྱིན་བརླབ། །སྤྱན་དྲང་བཞུགས་མཆོད་བསྟོད་


DNG018_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ། །ཡི་གེ་ཕྱག་མཚན་ཐིག་ལེ་སྐུ། །ཕྲ་མོ་སྤྲོ་བསྡུ་འབར་འཛག་ལ། །དམིགས་ནས་རྫོགས་རིམ་བསྒོམ་པར་བྱ། །སྐྱེ་བར་གྱུར་ན་ངག་བཟླས་བྱ། །ཤིན་ཏུ་སྐྱོ་བར་གྱུར་པ་ན། །མཆོད་བསྟོད་བྱས་ལ་སྤྱན་དྲངས་པ། །རང་བཞིན་གནས་སུ་གཤེགས་སུ་གསོལ། །སྤྲུལ་པ་རྣམས་ནི་རང་ལ་བསྡུ། །དེ་ཡང་མཚོན་པའི་དཔེ་བཤད་པ། །སྙིང་རྗེ་རྩ་བ་ལྟ་བུ་ལ། །བྱམས་པ་སྡོང་པོ་ཡིན་པར་འདོད། །དགའ་བ་ཡལ་ག་རྒྱས་པ་སྟེ། །ཚོགས་གཉིས་ལོ་མ་ལྟ་བུ་ལ། །རྣལ་འབྱོར་གཞན་ནི་མེ་ཏོག་འདྲ། །བསྒྲུབ་པའི་རྣལ་འབྱོར་པ་ཡི་རྒྱུད། །ཡོངས་སུ་སྨིན་པ་འབྲས་བུ་ཡིན། །བསྡུས་པའི་ཆོ་ག་རིམ་པ་བཞིན། །བྱ་སྤྱོད་རྣལ་འབྱོར་བསྒོམ་པ་ཡང་། །བདག་ཉིད་ལྷ་རུ་བསྐྱེད་བྱས་ནས། །འཁོར་གྱི་དཀྱིལ་འཁོར་མདུན་དུ་སྤྲུལ། །མར་མེ་གྱེས་པའི་ཚུལ་གཉིས་སུ། །གཅིག་ནི་དཀྱིལ་འཁོར་གཙོ་བོར་སྣང་། །གཅིག་ནི་ལས་ཀྱི་ལྷར་བྱས་ནས། །མཆོད་བསྟོད་དེ་བཞིན་ཐམས་ཅད་བྱ། །དེ་ནི་ཕྱི་ནང་ཐུན་མོང་ཡིན། །ཁྱད་པར་ལམ་དུ་བཤད་པ་ནི། །རྣལ་འབྱོར་བླ་ན་མེད་པ་ནི། །བདག་ཉིད་ལྷ་རུ་གསལ་བྱས་ནས། །དབང་བསྐུར་བྱིན་བརླབ་སྤྱན་དྲངས་ནས། །བདག་དང་གཉིས་སུ་མེད་བྱས་ཏེ། །བདག་ཉིད་ལྷ་ཡི་སྙིང་ག་ནས། །ལྷ་མོར་སྤྲུལ་ནས་བྱ་བ་འམ། །འཁོར་གྱི་ལྷ་མོས་བདག་ཉིད་ལ། །མཆོད་བསྟོད་ལ་སོགས་བྱས་ནས་ནི། །ཡང་ནི་བདག་གི་སྙིང་གའམ། །སྐུ་ལ་སོགས་པར་བསྡུ་བར་བྱ། །བཟླས་པའི་དུས་ནི་ཐམས་ཅད་དུ། །མགལ་མེ་བསྐོར་བ་ལྟ་བུ་འམ། །ཐག་མདུང་འཕེན་པའི་ཚུལ་འདྲ་དང་། །སྒྲོ་ཡི་ཆུན་པོ་འདྲ་བ་དང་། །ཐིག་གུ་བསྒྲིལ་པ་ལྟ་བུ་དང་། །སྒྲོག་སྤེལ་ལྕགས་སྒྲོག་ལྟ་བུ་ནི། །སྐབས་ཀྱི་སྟོབས་ཀྱིས་ཤེས་པར་བྱ། །དེ་ལྟར་བསྒོམས་ཤིང་བསྒྲུབས་པ་ལས། །མཚན་མ་བརྟན་པོ་འབྱུང་བར་འགྱུར། །མཚན་མ་ཐོབ་ནས་མཚན་མེད་བསྒོམ། །མཚན་མ་མེད་པ་མངོན་གྱུར་ནས། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཡིན། །དེ་དག་གསང་སྔགས་ཕྱི་ནང་གི། །ཐུན་མོང་ལམ་དེ་གཉིས་སུ་དབྱེ། །དེ་


DNG018_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དོན་གྱི་རིམ་པ་ནི། །དེ་བཞིན་གཤེགས་པས་ཚད་མེད་བསྒོམས། །ཚོགས་ནི་རྣམ་གཉིས་བསགས་པ་དང་། །བདུད་རྣམས་ཐམས་ཅད་བཏུལ་བ་དང་། །ཐམས་ཅད་ལ་ཡང་མ་ཆགས་དང་། །སྔ་ཕྱི་བྱང་ཆུབ་མཆོག་སེམས་བསྐྱེད། །ཐོས་པའི་ཤེས་རབ་བྱང་བ་དང་། །བསམ་པའི་ཤེས་རབ་དཔྱད་པ་དང་། །བསྒོམ་པའི་ཤེས་རབ་མཐར་ཕྱིན་བསླབ། །དེ་བཞིན་རྣལ་འབྱོར་སྒྲུབ་པ་པོས། །ཚད་མེད་པ་དང་ཚོགས་གཉིས་དང་། །སྲུང་བའི་འཁོར་ལོ་པདྨ་དང་། །ཟླ་བ་དང་ནི་ཡི་གེ་དང་། །ཕྱག་མཚན་སྐུ་རུ་གྱུར་པ་བསྟན། །ཡང་ནི་དེ་བཞིན་གཤེགས་པ་ཡི། །ཚོགས་ཀྱི་ལམ་དང་སྦྱོར་བའི་ལམ། །མཐོང་བའི་ལམ་དང་བསྒོམ་པའི་ལམ། །མི་སློབ་པ་ཡི་ལམ་དང་ནི། །གཞན་དོན་སྐུ་གཉིས་བྱིན་བརླབས་སོ། །དེ་བཞིན་དུ་ནི་སྒྲུབ་པ་པོས། །བསོད་ནམས་ཚོགས་དང་ཡེ་ཤེས་ཚོགས། །ཡི་གེའམ་ཟླ་བ་ཚེས་པ་འམ། །ཟླ་རྒྱས་ཡི་གེ་འཕྲོ་འདུ་དང་། །ཟླ་བའམ་ཟླ་བ་གཉིས་པ་འམ། །ཕྱག་མཚན་དང་ནི་སྐུ་དག་བརྟན། །དེ་བཞིན་གཤེགས་པའི་འཕྲོ་འདུ་ནི། །མཛད་པ་སྤྲོ་དང་བསྡུ་བ་དང་། །བྱིན་གྱིས་བརླབ་པར་བསྟན་པའོ། །དེ་དག་བྱ་སྤྱོད་རྣལ་འབྱོར་འདོད། །ཡང་ནི་བླ་མེད་རྣལ་འབྱོར་པས། །བདུད་རྣམས་གདུལ་ཕྱིར་མཚམས་རྣམས་གཅད། །བསོད་ནམས་རྒྱུད་ལྡན་ཕུད་གཏོར་བརླབ། །མ་དག་རྒྱུད་ལ་བརྟེན་ནས་ནི། །ཚོགས་བསག་ཕྱིར་ན་ཚད་མེད་བསྒོམ། །དག་པ་སངས་རྒྱས་ལ་བརྟེན་ནས། །ཚོགས་བསག་ཕྱིར་ན་ཡན་ལག་བདུན། །བསོད་ནམས་ཚོགས་བསག་བཤགས་པ་བྱ། །ཡེ་ཤེས་ཚོགས་ནི་བསག་པའི་ཕྱིར། །སྐུ་གསུམ་བྱུང་ཚུལ་ཏིང་འཛིན་གསུམ། །སྣོད་རྣམས་སྦྱང་བས་གཞལ་ཡས་གསལ། །བཅུད་རྣམས་སྦྱང་བས་ལྷ་ཚོགས་གསལ། །ལམ་གྱི་དབང་རྣམས་བླང་བའི་ཕྱིར། །ཡེ་ཤེས་རྣམ་ལྔས་དབང་ཡང་བསྐུར། །ཟབ་མོའི་དབང་གསུམ་ལྡན་པས་ན། །སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ། །སངས་རྒྱས་སེམས་ཅན་གཉིས་མེད་ཕྱིར། །ཡེ་ཤེས་དམ་ཚིག་གཉིས་མེད་བསྲེ། །གང་ཡང་བདག་ལས་གཉིས་མེད་ཕྱིར། །


DNG018_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་ཅིང་བསྟོད་དེ་བཟླས་པ་བྱ། །རྟག་པའི་མཐའ་ལ་མི་གནས་ཕྱིར། །སྟོང་ཉིད་རང་གི་ཡུལ་དུ་ཐིམ། །དགོས་པ་དེ་བཞིན་གཤེགས་པ་ཡིས། །བདེན་གཉིས་ལམ་བཞིར་བསྒོམ་བྱས་ཤིང་། །ཚོགས་བསགས་སྐུ་གསུམ་ཐོབ་པ་བཞིན། །རྣལ་འབྱོར་རྣམས་ཀྱིས་ཐུན་གཅིག་ལ། །བསྒོམ་པའི་ཚུལ་ཡང་དེ་བཞིན་སྣང་། །གོམས་པས་ཕྱིས་ཀྱང་དེ་བཞིན་འགྲུབ། །དེ་ཕྱིར་ཁྱད་པར་འབྲས་བུའི་ལམ། །དེ་ཡི་གྲོགས་ནི་རྣམ་པ་ལྔ། །གཏོར་མ་སྦྱིན་སྲེག་རབ་ཏུ་གནས། །ཚ་ཚྭ་བུམ་པས་དབང་བསྐུར་རོ། །བདག་གཞན་བར་ཆད་ཉེར་ཞི་ཕྱིར། །གཏོར་མའི་ཆོ་ག་བྱ་བ་ཡང་། །མ་ཆག་གཏོར་བས་གཏོར་མ་སྟེ། །འབྱུང་པོ་སྤྱི་ཡི་གཏོར་མ་དང་། །ལྷ་མགྲོན་སོ་སོའི་གཏོར་མ་ཡིན། །ལྷ་ཚིམ་བར་ཆད་བགེགས་ལ་སོགས། །ཞི་ཕྱིར་སྦྱིན་སྲེག་ཆོ་ག་བྱ། །རྟོགས་སྒྲིབ་ཉམས་ཆགས་ལ་སོགས་བསྲེག །གང་འདོད་དངོས་གྲུབ་སྦྱིན་པར་བྱེད། །དོན་དམ་སྦྱིན་སྲེག་མི་རྟོག་བསྒོམ། །ཀུན་རྫོབ་སྦྱིན་སྲེག་ཕྱི་དང་ནང་། །ནང་ནི་རང་གིས་བཟའ་བ་ཉིད། །ཕྱི་ཡི་སྦྱིན་སྲེག་རྣམ་པ་གཉིས། །ལས་རྣམས་ཐམས་ཅད་སྦྱིན་སྲེག་དང་། །ལས་བཞི་སོ་སོའི་སྦྱིན་སྲེག་གོ། །དེ་ཉིད་གང་མོས་རིགས་ལྔ་དང་། །ཕྲིན་ལས་དབང་དུ་བྱ་བ་ཡིན། །དངོས་གྲུབ་ཤིན་ཏུ་མྱུར་བ་དང་། །སྐུ་གསུང་ཐུགས་རྟེན་ཁྱད་པར་ཕྱིར། །རབ་གནས་བཟང་པོའི་ཆོ་ག་བྱ། །ཁྱད་པར་གྱུར་པས་རབ་ཏུ་གནས། །རབ་ཏུ་གནས་པ་རྣམ་པ་གསུམ། །སྐུ་གཟུགས་གླེགས་བམ་རྡོ་རྗེ་དྲིལ། །བསོད་ནམས་ཁྱད་པར་ཅན་བསགས་ཕྱིར། །ཚྭ་ཚྭ་གདབ་པའི་ཆོ་ག་བྱ། །མཆོད་པའི་ཡུལ་གྱུར་ཚྭ་ཚྭ་བཤད། །དབྱེ་བ་རྣམ་པ་གཉིས་ཡིན་ཏེ། །ཆོ་ག་རྒྱས་བསྡུས་ཕྲལ་དུ་བྱ། །བག་ཆགས་སྦྱངས་དང་དབང་བསྐུར་ཕྱིར། །བུམ་པའི་ཆོ་ག་རབ་ཏུ་བྱ། །ཡོན་ཏན་ཐམས་ཅད་འདུ་བ་དང་། །དགོས་པ་བྱེད་ཕྱིར་བུམ་པའོ། །བུམ་པ་རྣམ་པ་གཉིས་ཡིན་ཏེ། །སྐབས་སུ་བྱ་དང་དཀྱིལ་འཁོར་བཞེངས། །གནས་སྐབས་ཕྱི་ནང་གསང་བ་དེ། །ཕྱི་ནི་རྫ་པ་རིན་ཆེན་


DNG018_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

སོགས། །ནང་ནི་ཐོད་པ་མཚན་དང་ལྡན། །གསང་བ་ཡུམ་གྱི་བྷ་ག་ཉིད། །དཀྱིལ་འཁོར་དབང་གི་བུམ་པ་དང་། །ཁྲུས་དང་མཆོད་པ་ཚེ་བུམ་ཡིན། །སྤང་བར་བྱ་བ་རྣམ་པ་གཉིས། །ངན་རྟོག་སེམས་བདག་མཚན་འཛིན་དང་། །བཟང་རྟོག་སངས་རྒྱས་བདག་ཏུ་འཛིན། །སྤོང་བའི་ཐབས་ནི་རྣམ་པ་གཉིས། །ངན་རྟོག་བཟང་རྟོག་བདག་གིས་སྤང་། །བཟང་རྟོག་མི་རྟོག་པ་ཡིས་སྤང་། །སྤྱོད་པ་འགྲོ་ཉལ་འདུག་སྡོད་ཀུན། །ཉིད་ཀྱི་ལྷ་ཡི་ང་རྒྱལ་ལྡན། །འགྲོ་དུས་ལྷ་ཡི་སྤྱོད་པ་ཡང་། །ལྷག་པའི་ལྷའམ་རིགས་གསུམ་མམ། །ལྷའམ་ལྷ་མོ་གང་འདོད་བྱ། །སྐབས་སུ་ལུས་ཕྱག་བསྐོར་བ་བྱ། །མཎྜལ་དབུལ་དང་ཡི་དམ་བཟླས། །བརྟུལ་ཞུགས་སྤྱོད་པ་རབ་ཏུ་བྱ། །ཡངས་པའི་འབྲས་བུ་རྣམ་པ་གཉིས། །ཐུན་མོང་དོན་ཤེས་གྲུབ་ཆེན་བརྒྱད། །མཆོག་ལ་རིག་འཛིན་རྣམ་བཞི་དང་། །སྐུ་གསུམ་སྐུ་བཞི་སྐུ་ལྔ་སོགས། །ཕྱག་རྒྱ་ཆེན་པོ་མཆོག་བསྒྲུབ་བོ། །ཞེས་གསུངས་སོ། །པདྨ་དབང་ཆེན་དྲེགས་པ་དབང་སྡུད་ཀྱི་རྒྱུད་ལས། གསང་སྔགས་ཀྱི་ལམ་དབང་དུ་བསྡུ་བ་སྟེ་ལེའུ་གསུམ་པའོ།། །།དེ་ནས་འཁོར་གྱི་བྱང་ཆུབ་སེམས་དཔའ་ལ་སོགས་པ་རྣམས་ཀྱིས། བཅོམ་ལྡན་འདས་གར་གྱི་དབང་ཕྱུག་ཆེན་པོ་ལ་རང་རང་གི་མངོན་པ་དོན་དུ་གཉེར་བར་བྱ་བའི་ཕྱིར། མགྲིན་གཅིག་ཏུ་འདི་སྐད་ཅེས་ཆེད་དུ་བརྗོད་དོ། །ཧཱུཾ་མི་གནས་ཡེ་ཤེས་ཐུགས་ཀྱི་དཀྱིལ་འཁོར་ནས། །འབར་བའི་རྒྱལ་པོ་ཁྲོ་བོ་ཀུན་གྱི་རྗེ། །གར་དགུ་འཇིགས་པའི་ཆ་ལུགས་ཧཱུཾ་སྒྲ་ཅན། །འཁོར་བཅས་ཁྲོ་བོའི་ཚོགས་རྣམས་གཤེགས་སུ་གསོལ། །ཛཿཧཱུཾ་བཾ་ཧོཿ། ཨེ་ཧྱེ་ཧི་བྷ་ག་བཱན་ས་མ་ཡ་སྟྭཾ། སྲིད་གསུམ་འདྲེན་མཛད་ཐར་ལམ་འདྲེན་པའི་དཔལ། །རིགས་ལྔ་བདེ་གཤེགས་སེམས་དཔའ་སྲས་བཅས་ཚོགས། །ཐབས་དང་ཤེས་རབ་གཉིས་མེད་འགྲོ་དོན་མཛད། །རྡོ་རྗེ་བཀོད་པའི་དཀྱིལ་འཁོར་ཚོགས་ལ་ཕྱག་འཚལ་ལོ། །དབང་དྲག་ཀླུ་རྒྱལ་འཇོམས་མཛད་གསུང་ཉིད་ལྷ། །ཐུགས་རྗེ་ཐབས་མཁས་ཕྲ་མེན་འདུལ་མཛད་ཅིང་། །ཕྲིན་ལས་སྣ་ཚོགས་རྟ་མགོ་ལྗང་གུར་སྟོན། །འགྲོ་འདུལ་བརྗིད་པའི་སྐུ་ལ་ཕྱག་འཚལ་ལོ། །ཐིག་ལེ་ཆོས་སྐུ་གདལ་བའི་དཀྱིལ་འཁོར་ནས། །


DNG018_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་མེད་སྣ་ཚོགས་མ་བསྒྲིབས་ས་ལེར་གསལ། །ཐུགས་རྗེ་ཡེ་ཤེས་སེམས་དཔའ་སྔགས་ཀྱི་གནས། །ཕྱག་རྒྱའི་རྟེན་གནས་འཕྲོ་འདུ་མཛད་ལ་ཕྱག་འཚལ་ལོ། །མཁའ་འགྲོ་བཅུ་དྲུག་རབ་ཏུ་རྔམ་ཆེན་སྐུ། །འཇིགས་པའི་མཚོན་ཆས་འགྲོ་བའི་ལས་རྒྱུད་སྟོངས། །གནས་རྣམས་སོ་སོ་སྣ་ཚོགས་སྟོན་པའི་སྐུ། །འགྲོ་བ་འདུལ་བའི་ལྷ་ལ་ཕྱག་འཚལ་ལོ། །དྲེགས་བྱེད་དབང་སྡུད་ཁྲོ་བོ་གནོན་པའི་སྟོབས། །མི་མཐུན་ཚོགས་འཇོམས་གཉེན་པོའི་ཚུལ་དུ་གནས། །བརྗིད་པའི་ཆས་བརྒྱད་ཕྲིན་ལས་བླ་ན་མེད། །བདུད་འདུལ་ཁྲོ་བོའི་ཚོགས་ལ་ཕྱག་འཚལ་ལོ། །ཐུགས་རྗེའི་མཛད་པས་ཁམས་གསུམ་ཟིལ་གྱིས་གནོན། །ཐབས་དང་ཤེས་རབ་འདམ་རྫབ་མུན་པ་སེལ། །གསང་བའི་ཕྱག་རྒྱ་དྲུག་པའི་ཏིང་འཛིན་གསལ། །ཁམས་གསུམ་གནོན་པའི་ལྷ་ལ་ཕྱག་འཚལ་ལོ། །དུས་གསུམ་སངས་རྒྱས་ཀུན་གྱི་རང་བཞིན་ལས། །དཀྱིལ་འཁོར་ཐམས་ཅད་སྐུ་གསུང་ཐུགས་སུ་སྡུད། །གནས་གསུམ་སྟོན་པས་ཆོས་བཤད་རྒྱུད་སྦྱངས་ཤིང་། །བྱིན་རླབས་ནམ་མཁའི་མཛོད་ལ་ཕྱག་འཚལ་ལོ། །བདེ་བར་གཤེགས་པ་ཐམས་ཅད་བསྐྱེད་པའི་ལམ། །ཡུམ་གྱི་ཚུལ་གྱིས་བདེ་ཆེན་དགྱེས་པར་མཛད། །རང་རིག་མཁའ་འགྲོའི་གཙོ་མོ་དབྱིངས་ཀྱི་ཚུལ། །ཆགས་ཆེན་གཟི་ལྡན་གཙོ་ལ་ཕྱག་འཚལ་ལོ། །ཆོས་སྐུ་མཉམ་ཉིད་བདེ་ཆེན་བྱང་ཆུབ་སེམས། །མ་བསྒྲིབས་ཕྱི་ནང་མེད་པའི་བདེ་གསལ་བའི། །ཟབ་མོའི་ཚུལ་གནས་རང་བཞིན་གཡོ་བ་མེད། །སྣང་སྟོང་བདེ་བའི་སྐུ་ལ་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོཿ། པྲ་ཏཱིཙྪ་ཧོཿ། པདྨ་བནྡ་ནཾ་ཀ་རོ་མི། ཨ་ལ་ལ་ཧོཿ། ཨོཾ་དགའ་བོ་རོལ་མོ་གླུ་བྲོ་གར་གྱི་ཚོགས། །འདོད་པའི་ཡོན་ཏན་ཁྱད་པར་འཕགས་པའི་སྤྲིན། །སྟོང་གསུམ་མཐུན་པར་སྣང་བའི་སྤྱོད་ཡུལ་དུ། །ལྷ་མོའི་ཚོགས་བཅས་ཟག་པ་མེད་པར་དབུལ། །ཨཱོཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཏརྔྷེ་ཨུདྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཨཱོཾ་བཛྲ་དྷཱུཾ་བེ་ཧཱུཾ་སྭཱ་ཧཱ། ཨཱོཾ་བཛྲ་པུཥ྇་ཧཱུཾ་སྭཱ་ཧཱ། ཨཱོཾ་བཛྲ་ཨཱ་ལོ་ཀེ་ཧཱུཾ་སྭཱ་ཧཱ། ཨཱོཾ་བཛྲ་ནཻ་བི་དྱ་ཧཱུཾ་སྭཱ་ཧཱ། ཨཱོཾ་བཛྲ་གནྡྷེ་ཧཱུཾ་སྭཱ་ཧཱ། རང་བྱུང་བདུད་རྩི་ལྔ་དང་སྨན་སྣ་ཚོགས། །མཉམ་


DNG018_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དོན་གྱིས་དབྱེར་མེད་རང་བཞིན་གཅིག །དམ་རྫས་ལྔ་པོ་ལེགས་སྦྱར་བྱིན་བརླབས་པས། །གཉིས་མེད་དགྱེས་པའི་དམ་ཚིག་བསྐང་གྱུར་ཅིག །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཧུ་ལུ་ཧུ་ལུ་རཾ་ཛྭ་ལ་ཨོཾ་ཨེ་ཨཱ་ར་ལི། ཛཿཧཱུཾ་བཾ་ཧོཿ།ཨ་ལ་ལ་ཧོ། ཨཱོཾ་མ་ཏྲཾ་རཱུ་ཏྲ་ཧ་ལ་ཧ་ལ་ཧཱུཾ་ཕཊ། དུག་གསུམ་དངོས་པོའི་ཚོགས་རྣམས་སྦྱང་བའི་ཕྱིར། །རྔམ་པའི་ཁྲོ་ཚོགས་སྤྲུལ་པ་ཕྱོགས་བཅུར་སྤྲོས། །ཁྲོ་འཛུམ་ཕྱག་རྒྱའི་ཚོགས་རྣམས་བསྟེན་མཛད་ཅིང་། །ཧ་ཧེ་རུ་ལུ་གསང་སྔགས་དྲག་ཏུ་བརྗོད། །ཧ་ལའི་རྡོ་རྗེའི་བཤུག་པའི་གད་རྒྱངས་ཀྱིས། །བདུད་དང་སྲིན་པོའི་ཚོགས་རྣམས་བརྒྱལ་བར་མཛད། ཨཱོཾ་སརྦ་པཱ་པཾ་ཀ་ར་ཧི་ཏ་ས་བི་ཤྭ་མ་ཏང་རཱུ་ཏྲ་ཧཱུཾ་ཕཊ། ཨཱོཾ་པཱ་པ་ཀ་ར་ཧི་ཏ་ས་བི་ཤྭ་ཁ་ཊྭཱཾ་ག་རཱུ་ཏྲ་ཧཱུཾ་ཕཊ། ཨཱོཾ་སརྦ་པཱ་པ་ཀ་རེ་ཧི་ཏ་ས་བི་ཤྭ་ཨ་ཀ་ར་ཤ་རཱུ་ཏྲ་ཧཱུཾ་ཕཊ། ཧཱུཾ་དཔལ་ཆེན་ཐུགས་ཀྱི་ཕོ་ཉའི་ཚོགས། །དཔལ་ཆེན་རྡོ་རྗེ་ཐོག་ཐོག་སེར་ཆེན་འབེབས། །ཧཱུཾ་དང་ཕཊ་ཀྱིས་སྲིད་གསུམ་འཁོར་བ་འཇིགས། །ཧཱུཾ་ཆེན་ཧཱུཾ་གི་བྱིན་རླབས་བསམ་མི་ཁྱབ། །རྡོ་རྗེ་ཁྲག་འཐུང་ཁྲག་གི་རྒྱ་མཚོ་སྐེམ། །རྡོ་རྗེའི་མཚོན་ཆ་གནམ་ལྕགས་མཐུ་འདྲ་བས། །གསང་སྔགས་ལོག་པར་ལྟ་བའི་བདུད་རྣམས་འཇོམས། །རྡོ་རྗེའི་སེར་ཆེན་རང་བཞིན་ཐོག་བཅས་འཁྲུགས། །ཉམས་པའི་སྙིང་སྲོག་ཁྲག་བཅས་ཐང་ལ་ཕྱུང་། །ཡེ་ཤེས་རྔམ་པའི་ཐུགས་རྗེ་ཨ་ལ་ལ། །ཨཱོཾ་པདྨ་མ་ཧཱ་ཤྲཱི་ཧེ་རུ་ཀ་བྷནྡྷ་བྷནྡྷ་གརྫ་གརྫ་ཧ་ལ་ཧ་ལ་ཧཱུཾ་ཕཊ། ཧཱུཾ་ཐུགས་རྗེ་རྣམ་དག་པདྨའི་རང་བཞིན་ལས། །ཐུགས་རྗེའི་སྤྲུལ་པ་ཐར་ལམ་བྱང་ཆུབ་སེམས། །ཕྱོགས་བཞི་དབུས་ལྔར་བརྗིད་པའི་དབུ་མཆོག་ནི། །གྲུབ་པའི་སངས་རྒྱས་མཁྱེན་ལྔ་ཡེ་ཤེས་ལྔ། །དཔའ་ལུས་ཁྱད་པར་འཕགས་པ་ཞལ་གྱི་དབྱིབས། །དབང་མཆོག་ལྷུན་གྱིས་གྲུབ་པའི་རྟ་སྐད་ཅན། །ཐུགས་ལས་ཐུགས་རྗེ་ཐབས་མཁས་སྤྲུལ་པ་ནི། །ཡེ་ཤེས་བྱིན་རློབ་ཁྲོ་རྒྱལ་འབུམ་དུ་སྟོན། །སྨིན་མཛད་སྨོན་ལམ་ཡུན་རིང་ལས་གྲུབ་པའི། །དམིགས་པའི་མཐའ་བྲལ་པདྨ་ཡུམ་གྱི་ཚུལ། །ཆོས་རྣམས་མ་ལུས་གསལ་བར་གཟིགས་པ་ཡི། །ཆགས་མེད་ཐུགས་རྗེ་པདྨ་སྤྱན་གྱི་ཚུལ། །སྒྲ་སྐད་ཐམས་ཅད་མཐའ་ལས་


DNG018_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་བ་ཡི། །ཟབ་དང་རྒྱ་ཆེ་ཆོས་ཀྱི་མཚན་ཉིད་གསན། །ཤངས་ཀྱི་རླུང་སྒྲོམ་དུག་གསུམ་རྩད་ནས་གཅོད། །ཞལ་གྱི་ཧོམ་ལྔ་གདངས་ལས་རྒྱུད་ལྔ་སྒྲོལ། །རྣོ་དབལ་མཆེ་བས་སྐྱེ་ཤི་རྩད་ནས་གཅོད། །ལེ་བརྒན་ལྗགས་ཀྱིས་གསུང་རབ་རྒྱ་མཚོ་འཆད། །རོལ་པའི་ཕྱག་གིས་འགྲོ་བ་འདུལ་ལ་མཁས། །གཤོག་བཞི་བརྐྱངས་པས་ཕྲིན་ལས་རྣམ་བཞི་མཛད། །ཞབས་བརྒྱད་རོལ་པས་གཟིར་གནོན་མཛད་པའི་ཚུལ། །སྐུ་ཆེ་ཡན་ལག་རགས་ཏེ་རི་བོ་བཞིན། །ཐུགས་མཆོག་ཡེ་ཤེས་སྟོང་གི་ཉི་མ་བརྡལ། །ལྷ་ཡི་ལྷ་མཆོག་བྱིན་རླབས་འབྱུང་བའི་གནས། །ངོ་མཚར་རོལ་པས་ཁྲོ་བོ་ཀུན་གྱི་རྗེ། །དཔའ་བོ་ཐབས་མཆོག་མངའ་ལ་ཕྱག་འཚལ་བསྟོད། །དེ་རྗེས་འཁོར་ལ་དམ་ཚིག་སྦྱིན་མཛད་ཅིང་། །གཏོར་མ་རྒྱ་ཆེན་བྱིན་བརླབ་སྔགས་ཀྱིས་དབུལ། །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ས་མ་ཡོ་ག་སིདྡྷི་ཧཱུཾ། ས་ཧོ་ཀ་མ་ལ་པུ་ར་ཏ་ཧཱུཾ། ཨཱོཾ་བཛྲ་ས་མ་ཡ་མ་ཧཱ་ཀྲོ་ཏ་ཨོཾ་ཨཱཿཧཱུཾ། མ་ཧཱ་ཡོ་ག་ཙིཏྟ་རཾ། བ་མེ་ལ་རཀྟ་ཁཱ་ཧི་ཁཱ་ཧི་ཧཱུཾ། ཨོཾ་ཁ་ཁ་ལེ་ལེ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཨི་དན་ས་མ་ཡ་ཨ་ལ་ལ་ཧོ། ཐུན་སྐབས་ཐ་མའི་གཏོར་མ་ལ། །བསྲེག་སྦྱང་བྱིན་བརླབ་འདོད་ལྔ་བདུད་རྩིའི་ཚོགས། །རང་གི་སྔགས་ཀྱིས་མགྲོན་ཚོགས་ཀུན་བསྡུས་ཏེ། །དེ་དག་སྦྱང་ཞིང་བྱིན་བརླབས་ཕྱག་རྒྱའི་རྒྱུ། །སྐུ་གསུང་ཐུགས་གསལ་རིགས་ཀྱི་ཅོད་པན་ཅན། །མཉམ་སྙོམས་ལོངས་སྤྱོད་བདུད་རྩིས་ཚིམ་གྱུར་ནས། །རང་ཉིད་ལྷ་དང་གཉིས་མེད་གནས་པ་དང་། །རྒྱལ་བའི་བསྟན་པ་བསྲུང་བའི་ཕྲིན་ལས་བཅོལ། །ཨོཾ་ལྷ་ཀླུ་གནོད་སྦྱིན་སྲིན་པོ་གཤིན་རྗེ་ཀླུ། །དྲི་ཟ་གྲུལ་བུམ་མེ་ལྷ་མཁའ་འགྲོའི་ཚོགས། །ལྷ་མིན་འདབ་བཟངས་དབང་ལྡན་སྲུལ་པོ་དང་། །འགྲོ་དྲུག་གནས་པའི་གང་ཟག་རྫུ་འཕྲུལ་ཅན། །སྙིང་རྗེ་ལན་ཆགས་མགྲོན་བཅས་མ་ལུས་ཀུན། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་སྦྱང་བྱས་ནས། །རང་རིག་ལྷས་བརྒྱན་གཉིས་མེད་གནས་པ་དག །བདུད་རྩི་དགའ་བའི་ལོངས་སྤྱོད་འདི་བཞེས་ལ། །བདག་གི་ཞི་རྒྱས་དབང་དྲག་ལས་བསྒྲུབ་ཅིང་། །རྣལ་འབྱོར་འཁོར་བཅས་བསྲུང་བར་མཛད་པ་དང་། །འགྲོ་བ་བདེ་ལེགས་ཕུན་སུམ་ཚོགས་མཛད་ཅིང་། །ནད་རྐྱེན་བར་ཆད་མ་ལུས་བསལ་བ་


DNG018_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །རྒྱལ་བའི་བསྟན་པ་རྗེས་སུ་བསྲུང་མཛོད་ལ། །རང་གི་གནས་སུ་བདེ་བར་གཤེགས་པར་མཛོད། །ཨཱོཾ་ཧྲི་ཧ་ཧ་ཡ་དྷཱོ་ཏ་མ་བི་ན་ས་མ་ཡ་བ་ལིཾ་ཏ་ཁཱ་ཧི། ཨརྒྷཾ་མཱཾ་ས་ཁཱ་ཧི། ཞེས་གསུངས་སོ། །པདྨ་དབང་ཆེན་དྲེགས་པ་དབང་སྡུད་ཀྱི་རྒྱུད་ལས། ཡེ་ཤེས་དཀྱིལ་འཁོར་དབང་སྡུད་མཉེས་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་པདྨ་དབང་ཆེན་ཧེ་རུ་ཀས་རྗེ་བཙུན་འཕགས་པ་གནོད་མཛེས་ཆུ་དབང་གི་སྒྲུབ་པའི་ཐབས་འདི་དག་གསུངས་སོ། །འདི་བསྒྲུབ་པ་ཡི་གང་ཟག་ནི། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ། །སྡོམ་པ་དང་ནི་དམ་ཚིག་ལྡན། །དབང་བསྐུར་ཐོབ་ཅིང་བརྩོན་འགྲུས་ཅན། །བླ་མ་མཆེད་གྲོགས་དག་ལ་གུས། །དེ་ལྟ་བུ་ཡི་སྔགས་པས་བསྒྲུབ། །གནས་ནི་ཡིད་དུ་འོང་བ་དང་། །ཤིན་ཏུ་དབེན་པར་བྱ་བ་འམ། །རང་ཉིད་གང་དུ་གནས་ཀྱང་རུང་། །རྒྱུན་དུ་གང་དུ་འདུག་པར་བསྒྲུབ། །གཉིས་པ་བྱ་ཐབས་རྟེན་བཤད་པ། །གསེར་དངུལ་ཟངས་ཀྱི་ཤོག་བུ་ལ། །པདྨ་འདབ་བརྒྱད་གཉིས་བྱས་ལ། །གཅིག་ལ་གནོད་སྦྱིན་ཕོ་དགུ་བྲི། །གཅིག་ལ་གནོད་སྦྱིན་མོ་དགུ་བྲི། །དེ་ལ་རབ་གནས་ལེགས་བྱས་ནས། །དེ་གཉིས་ཁ་སྦྱར་མཉེས་བསམ་ལ། །མར་དང་སྦྲང་རྩི་ཀ་རས་གྲིལ། །ཟ་མ་ཏོག་གི་ནང་དུ་ནི། །མེ་ཏོག་སེར་པོས་བཀང་བ་ཡི། །དབུས་སུ་གའུ་སྩལ་བྱས་ནས། །མཎྜལ་གྲུ་བཞི་ཁྲུ་བརྒྱད་པ། །བྱི་དོར་ལེགས་བྱས་རྣམ་ལྔས་བྱུག །མེ་ཏོག་སེར་པོ་བཀྲམ་པའི་དབུས། །ཟ་མ་ཏོག་ནི་བཞག་ནས་ཀྱང་། །དུས་གསུམ་མཆོད་བསྟོད་བསྐོར་དང་བཟླས། །དེ་ལྟར་བྱེད་པའི་སྔགས་པ་ལ། །གྲུབ་ཆེན་བརྒྱད་ཀྱང་སྟེར་བྱེད་ན། །དངོས་གྲུབ་ཕལ་ཆེར་ལྟ་ཅི་དགོས། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷ་དང་གསང་སྔགས་བཤད་པ་འདིའོ། །ཨཱོཾ་ཛཾ་བྷ་ལ་ཛ་ལེནྡྲཱ་ཡ་སྭཱ་ཧཱ། དབུས་གནོད་འཛིན་གྱི་སྔགས་སོ། །ཨཱོཾ་མ་ཎི་བྷ་དྲཱ་ཡ་སྭཱ་ཧཱ།ཤར་ནོར་བུ་བཟང་པོའི་སྔགས་སོ། །ཨོཾ་པུརྞ་བྷ་དྲཱ་ཡ་སྭཱ་ཧཱ། ལྷོར་གང་བ་བཟང་པོའི་སྔགས་སོ། །ཨཱོཾ་དྷ་ན་པ་ཏ་ཡེ་སྭཱ་ཧཱ། ནུབ་ནོར་སྦྱིན་གྱི་སྔགས་སོ། །ཨཱོཾ་བཻ་ཤྲཱ་མ་ཎཱ་ཡ་སྭཱ་ཧཱ། བྱང་ནོར་སྦྱིན་ཆེན་པོའི་སྔགས་སོ། །ཨཱོཾ་ཀེ་ལི་མཱ་ལི་ནེ་སྭཱ་ཧཱ། ཤར་ལྷོ་རོལ་པའི་ཕྲེང་བའི་སྔགས་སོ། །ཨོཾ་མུ་ཁེན་དྲཱ་


DNG018_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་སྭཱ་ཧཱ། ལྷོ་ནུབ་སྒོའི་དབང་པོའི་སྔགས་སོ། །ཨཱོཾ་ཙ་རེནྡཱ་ཡ་སྭཱ་ཧཱ། ནུབ་བྱང་སྤྱོད་པའི་དབང་པོའི་སྔགས་སོ། །ཨཱོཾ་ཙི་པི་ཀུནྜ་ལི་ནེ་སྭཱ་ཧཱ། བྱང་ཤར་རྒྱལ་བ་འཁྱིལ་པའི་སྔགས་སོ། །ཨཱོཾ་བ་སུ་དྷཱ་རི་ཎྱཻ་སྭཱ་ཧཱ། དབུས་ནོར་སྦྱིན་མའི་སྔགས་སོ། །ཨཱོཾ་ཙནྡྲཱ་སྐཱནྟཱ་ཡཻ་སྭཱ་ཧཱ། ཤར་དུ་ཟླ་འོད་མའི་སྔགས་སོ། །ཨོཾ་ཨཱརྱ་ཡཻ་སྭཱ་ཧཱ། ལྷོར་འཕགས་མའི་སྔགས་སོ། །ཨོཾ་སུ་དཏྟཱ་ཡཻ་སྭཱ་ཧཱ། ནུབ་རབ་སྦྱིན་མའི་སྔགས་སོ། །ཨོཾ་དཏྟཱ་ཡཻ་སྭཱ་ཧཱ། བྱང་སྦྱིན་མའི་སྔགས་སོ། །ཨོཾ་ས་ར་སྭཏྱཻ་སྭཱ་ཧཱ། ཤར་ལྷོ་དབྱངས་ཅན་མའི་སྔགས་སོ། །ཨཱོཾ་དེ་བྱཻ་སྭཱ་ཧཱ། ལྷོ་ནུབ་ལྷ་མོའི་སྔགས་སོ། །ཨཱོཾ་གུཔྟ་ཡཻ་སྭཱ་ཧཱ། ནུབ་བྱང་སྦས་མའི་སྔགས་སོ། །ཨོཾ་སུ་བྷ་དྲཱ་ཡཻ་སྭཱ་ཧཱ། བྱང་ཤར་བཟང་མོའི་སྔགས་སོ། །ཨོཾ་ཛཾ་ཛཾ་བྷ་ལ་སྭཱ་ཧཱ། བཟླས་པའི་སྔགས་སོ། །ཨོཾ་ཛཾ་ཛཾ་བྷ་ལ་ཛ་ལེནྡྲ་དྷ་ན་མེ་དྷི་ཧྲཱྀཿསྭཱ་ཧཱ། བསྒྲུབ་པའི་སྔགས་སོ། །ཨོཾ་སྭཱ་ཧཱ། ལས་སྦྱོར་ཆུ་འབུལ་བའི་སྔགས་སོ། །གནོད་སྦྱིན་ཆེན་པོ་འདི་བརྒྱད་ཡང་། །སྐུ་མདོག་ཕྱོགས་མཐུན་དབུས་མ་སེར། །གཡས་པའི་ཕྱག་ན་ཨ་རུ་ར། །གཡོན་པ་ནེའུ་ལེའི་རྐྱལ་བུ་འཛིན། །དེ་ཡི་ཆུང་མ་དགུ་པོ་ཡང་། །དབུས་མ་གསེར་མདོག་ཕྱོགས་མཐུན་འཁོར། །གཡས་པ་མཆོག་སྦྱིན་ཕྱག་རྒྱ་ལ། །གཡོན་པ་འབྲས་ཀྱི་སྙེ་མ་འཛིན། །ཡང་ན་ཞལ་གསུམ་ཕྱག་དྲུག་སྟེ། །སྐུ་མདོག་རིགས་མཐུན་ཕྱོགས་ཀྱི་མདོག །གཡས་ན་ལྕགས་ཀྱུ་ཞགས་པ་དང་། །ནེའུ་ལེའི་རྐྱལ་པ་འཛིན་པའོ། །གཡོན་ན་བི་ཛ་པཱུ་ར་དང་། །རྡོ་རྗེ་ལྕགས་ཀྱུ་འཛིན་པ་དང་། །ནེའུ་ལེའི་རྐྱལ་པ་བསྣམས་པ་ནི། །བློ་མཆོག་རྣམས་ཀྱིས་བསྒོམ་པར་བྱ། །དེ་ནས་ཡི་གེ་དགོད་པ་ནི། །སྤྱི་བོར་ཨཱོཾ་སྟེ་ཁ་ལ་ཛཾ། །དཔུང་གཡས་བྷ་སྟེ་དཔུང་གཡོན་ལ། །སྙིང་ཁར་ཛ་སྟེ་བརླ་གཡས་ལེན། །བརླ་གཡོན་དྲ་ལ་གསང་བར་ཡ། །བྱིན་པར་སྭཱ་སྟེ་རྐང་མཐིལ་ཧཱ། །དེ་ནས་ཕྱག་རྒྱས་དགུག་པ་ཡང་། །ལག་གཉིས་སྙིང་གར་ཁུ་ཚུར་བཅང་། །གུང་མོའི་ཚིགས་ནི་དབུས་མ་དང་། །གསུམ་པོ་བཀུག་ལ་ཕྱག་རྒྱའོ། །དེ་ལ་ཆུ་འབུལ་མན་ངག་ནི། །ཟླ་བ་དང་ནི་རྡོ་རྗེ་བསམ། །ཡི་གེ་ཨཱོཾ་ལས་གདུ་བུ་ནི། །སོ་སོར་མཁྲིག་མར་བསམ་པར་བྱ། །བཾ་ནི་ཟླ་བའི་མདོག་ཅན་དེ། །དེ་ལ་


DNG018_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་རབ་འབར་བ། །དྲི་མེད་སོ་སོར་མངོན་ཕྱོགས་པས། །མཁས་པས་བུམ་པ་བཞིན་དུ་བལྟ། །མཛུབ་མོ་ལ་ནི་ནོར་བུ་བཟང་། །གང་བ་བཟང་ཞེས་གུང་མོ་ལ། །སྲིན་ལག་ལ་ནི་ནོར་སྦྱིན་ཏེ། །ནོར་སྦྱིན་ཆེན་པོ་མཐེའུ་ཆུང་ལ། །མཐེ་བོར་ཙི་བི་ཀུནྜ་ལི། །ཀི་ལི་མི་ལི་མཁྲིག་མར་ཏེ། །སྒོ་དབང་སྤྱོད་པའི་དབང་པོ་དག །ལག་པའི་ངོས་ལ་རྣམ་པར་བསམ། །སྔགས་པས་ནོར་འཛིན་ཆུ་དབང་ནི། །ལག་པའི་དབུས་སུ་རྣམ་བཞག་སྟེ། །རང་རང་སྔགས་ཀྱིས་རིམ་བཞིན་བསམ། །དང་པོར་ཡི་གེ་ཨོཾ་དང་ནི། །རཏྣ་བཛྲ་རང་མིང་ལྡན། །བཞི་ཡི་མཐའ་དང་དེ་བཞིན་དུ། །སྭཱ་ཧཱར་བཅས་པ་སྔགས་སུ་དྲངས། །རྡོ་རྗེ་བདུད་རྩི་ལག་པར་བསམ། །འདི་ལྟར་སྤྱི་བོར་ཆོ་ག་བཞིན། །མཁས་པ་ཆུ་ཡི་སྦྱིན་བླུགས་བརྒྱ། །ཉིན་རེ་བཞིན་ནི་ལེགས་པར་དབུལ། །དེ་ནས་གལ་ཏེ་འགྱངས་པ་ན། །ནན་ཏུར་བྱ་བར་རིགས་པ་ཡིས། །བདག་ཉིད་པདྨ་དབང་ཆེན་གྱིས། །ཐུགས་ལས་ཡི་གེ་མཐིང་ནག་ཧཱུཾ། །དེ་ལས་རྡོ་རྗེ་ཧཱུཾ་མཛད་སྤྲུལ། །ཞལ་གཅིག་སྤྱན་གསུམ་ཕྱག་བཞི་པ། །གཡས་གཡོན་དང་པོ་ཕྱག་གཉིས་ན། །རྡོ་རྗེ་དྲིལ་བུ་བསྣོལ་མར་འཛིན། །འོག་མ་ལྕགས་ཀྱུ་ཞགས་པ་ཐོགས། །སྟག་གི་ཤམ་ཐབས་མཛེས་པར་བསམ། །སྤྲ་ཚིལ་སྐུ་གཟུགས་ཆུ་བདག་འདྲ། །དུག་དང་ཚ་བ་གསུམ་དང་ནི། །སྐྱེ་ཚེ་ཚ་བའི་མར་ཁུ་དང་། །ཁྲག་གིས་གཟུགས་ལ་བྱུག་ནས་ནི། །དེ་སྔགས་བཟླས་ཤིང་དུར་ཁྲོད་ཀྱི། །མེ་ལ་བདུག་ན་ཞག་བདུན་གྱིས། །མངོན་སུམ་འདོད་པ་སྟེར་བར་བྱེད། །དེ་ནས་བཟོད་པར་གསོལ་བྱས་ནས། །རྫས་དང་བྲལ་བར་བྱས་པ་ཡི། །མཚན་མ་དབེན་པར་བཞག་ལ་མཆོད། །དེས་ནི་ནན་ཏུར་བསྒྲུབ་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཕགས་པ་ཛཾ་བྷ་ལྷ་ལ་བསྟོད་པ་འདི་གསུངས་སོ། །ནོར་གྱི་དབང་ཕྱུག་རིན་ཆེན་གཏེར་མངའ་བ། །གནོད་སྦྱིན་མང་པོའི་ནོར་འཆང་ཀུན་གྱི་རྗེ། །བྱང་ཕྱོགས་སྐྱོང་བའི་མགོན་པོ་ཛཾ་བྷ་ལ། །བཅོམ་ལྡན་གྲུབ་མཆོག་སྩོལ་ལ་ཕྱག་འཚལ་བསྟོད། །གང་གི་ཐུགས་ནི་སྟོན་ཀའི་ཟླ་བ་ལྟར་དཀར་བ། །ཡོན་ཏན་འོད་ཟེར་ཐམས་ཅད་རབ་རྫོགས་ཤིང་། །ཉེས་པའི་མུན་པ་མ་ལུས་རབ་སེལ་བ། །བཅོམ་ལྡན་ནོར་ལྷའི་པདྨར་རབ་ཏུ་འདུད། །


DNG018_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེའི་དབང་བྱས་བཀྲ་ཤིས་སྐུ་མངའ་བ། །གསེར་གྱི་པདྨ་ལྟ་བུར་ཡིད་འོང་ཞིང་། །དམན་པ་རྣམས་ཀྱིས་མཐོང་དཀའ་དམ་པ་ཡི། །གཙུག་གི་ནོར་བུ་ཁྱོད་ལ་ཕྱག་འཚལ་བསྟོད། །གསུང་གི་ཆུ་འཛིན་ཤིན་ཏུ་སྡུག་པོ་ལས། །ཆོས་དབྱིངས་བདུད་རྩིའི་ཆུ་རྒྱུན་རབ་འབེབས་པས། །དད་པའི་ལྟོ་བ་རབ་རྒྱས་དགེ་བ་ཡི། །པདྨ་སྐྱེད་མཛད་ཁྱེད་ལ་ཕྱག་འཚལ་བསྟོད། །བྱམས་དང་སྙིང་རྗེའི་རང་བཞིན་མི་གཡོ་ཡང་། །ནོར་བུ་རིན་ཆེན་དཔག་བསམ་ཤིང་ལྟ་བུར། །ས་གསུམ་པོ་ཡི་དགོས་པ་དུས་གཅིག་ཏུ། །རྩལ་བར་མཛད་པ་ཁྱེད་ལ་ཕྱག་འཚལ་བསྟོད། །ཡུལ་རྣམས་སྒྱུ་མ་ལྟ་བུར་རབ་མཁྱེན་ཀྱང་། །སྔོན་གྱི་སྨོན་ལམ་ལྗགས་ཀྱི་སོ་བརྡར་བས། །གཏེར་གྱི་དབང་པོ་མ་ལུས་རབ་བསྣམས་པ། །གནོད་སྦྱིན་གཟུགས་འཛིན་ཁྱོད་ལ་ཕྱག་འཚལ་བསྟོད། །མ་རིག་མུན་པས་ཐར་པའི་ལམ་དང་བྲལ། །སྲིད་པའི་གཡང་ས་སྡུག་བསྔལ་མེ་ནང་དུ། །བརྩེ་མེད་སྟོབས་ལྡན་ལས་ཀྱིས་འཕངས་པས་ན། །མགོན་པོ་ཉིད་ཀྱིས་བདག་ལ་མྱུར་དུ་སྐྱོབས། །ཞེས་ནི་རྣལ་འབྱོར་སྒྲུབ་པ་པོ། །གང་གིས་བསྟོད་པ་འདིས་བསྟོད་ན། །ནོར་གྱི་ཆར་པ་མྱུར་དུ་འབེབས། །འབྲུ་ཡི་བང་མཛོད་རྒྱས་པར་འགྱུར། །པདྨ་དབང་ཆེན་དྲེགས་པ་དབང་སྡུད་ཀྱི་རྒྱུད་ལས། ) མགོན་པོ་གནོད་སྦྱིན་ཤིང་རྟའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་བགེགས་ཀྱི་རྒྱལ་པོ་ཚོགས་ཀྱི་བདག་པོ་རྣམས་སྒྲུབ་པའི་ཐབས་རྣམས་གསུངས་སོ། །གང་ཞིག་རྣལ་འབྱོར་སྒྲུབ་པ་པོས། །སྐུ་ཡི་ཚོགས་བདག་དཀར་པོ་བསྒྲུབ། །དབྱི་མོང་ཤིང་ངམ་ཙནྡན་ཤིང་། །མཐེ་བོང་ཙམ་པའི་ཚོགས་བདག་སྐུ། །དཀར་པོ་གླང་ཆེན་གཞོན་ནུའི་གདོང་། །གཡས་ན་ལ་ཕུག་བགྲང་ཕྲེང་དང་། །གཡོན་གཉིས་ལ་དུ་དགྲ་སྟྭ་བསྣམས། །བྱི་བ་སྔོན་པོའི་ཁྲི་ལ་བཞུགས། །དེ་ཡི་གསང་སྔགས་རབ་བཤད་ཀྱིས། །ནོར་གྱི་བདག་པོ་དབང་དུ་བྱེད། །ཨཱོཾ་གུ་མ་ག་ཎ་པ་ཏི་སྭཱ་ཧཱ། བསྙེན་པའི་སྔགས་སོ། །སྔགས་རྣམས་མ་ཕྱི་སོར་བཞག །ཨོཾ་ཧྲི་ཧ་སྡི་མུ་ཁ་ལ་ལ་མ་བྷྱོ་དྷ་ར་ཡ། ཨུ་ཙིཏྟ་མ་ལ་ཡ་མ་ཧཱ་ར་མ་ནི། ཀྲཾ་བྲུམ་ཧྲི་ཧཱུཾ་ཏྲཾ། ཨུ་ཙིཏྟ་ཡ་སྭཱ་ཧཱ། སྙིང་


DNG018_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

པོའོ། །ཨོཾ་བ་ར་ཏ་ཀ་ཨུ་ཙི ཁྠུ ་སྭཱ་ཧཱ། བསྒྲུབ་པའི་སྔགས་སོ། །ཨོཾ་བཛྲ་ཨ་རུ་ཤ་གུ་ཏེ་ས་ཏེ་ཨཱ་ཀར་ཤ་ཡ་ཧཱུཾ་ཛཿ། དངོས་གྲུབ་བླང་བའི་སྔགས་སོ། །ཡར་ངོའི་ཚེས་བརྒྱད་གནམ་སྟོང་བར། །དུས་གསུམ་བརྒྱ་རྩ་བརྒྱད་བཟླས་ན། །ཡུལ་ཁམས་དབང་དུ་འདུ་བར་འགྱུར། །མཆན་ཁུང་གཡོན་དུ་ཚོགས་བདག་སྐུ། །སྦས་ནས་སྔགས་བཟླས་གང་འདོད་པ། །རང་གི་དབང་དུ་བྱེད་པར་འགྱུར། །རྣལ་འབྱོར་གང་ཞིག་སྒྲུབ་པ་པོས། །གསུང་གི་ཚོགས་བདག་དམར་པོར་བསྒྲུབ། །ཟངས་ལ་ཚོགས་བདག་དམར་པོའི་སྐུ། །གླང་ཆེན་གདོང་ཅན་ཕྱག་བཞི་པ། །གཡས་ན་ལ་ཕུག་ནོར་བུ་དང་། །གཡོན་པ་དགྲ་སྟྭ་ཁ་ཊྭཱཾ་ག །གསུས་པོ་ཆེ་ལ་རྒྱན་གྱིས་བརྒྱན། །ཟླ་བའི་གདན་བཞུག་སྔགས་འདིས་བསྒྲུབ། །ཨོཾ་བྷཱུཾ་ག་ཎ་པ་ཏི་ས་ར་ཀ་རཏྣ་སིདྡྷི་ཧཱུཾ། འབོད་པའི་སྔགས་སོ། །ཨཱོཾ་བྷ་ག་ཏྲཻ་ཀ་དང་ཤྚ་བི་དྷ་ཧཱུཾ་ཕཊ། བསྒྲུབ་པའི་སྔགས་སོ། །ཙནྡན་དམར་པོ་བྱུག་པ་ཡི། །མཎྜལ་སྟེང་དུ་ཚོགས་བདག་བཞུགས། །མེ་ཏོག་དམར་པོས་མཆོད་པ་བྱ། །ལྷ་ཀླུ་མི་ཡི་བུ་མོ་ཡིས། །བདག་ལ་བཀུར་སྡི་བྱེད་པར་འགྱུར། །བུད་མེད་ཐམས་ཅད་དབང་དུ་སྡུད། །གང་གི་བསྒྲུབ་པའི་རྣལ་འབྱོར་པས། །ཐུགས་ཀྱི་ཚོགས་བདག་ནག་པོ་བསྒྲུབ། །དུར་ཁྲོད་རས་ལ་སྐུ་བྲིས་ཏེ། །མདུན་དུ་མཎྜལ་སྟེང་དུ་གཞག །མི་ཤ་མར་ཁུ་འབྲས་ལ་སོགས། །གཏོར་མ་ཐོད་པར་བཤམས་ལ་འབུལ། །རང་ཉིད་པདྨ་དབང་ཆེན་བསྒོམ། །མདུན་དུ་ཚོགས་བདག་གླང་གདོང་ནག །རལ་གྲི་གཡས་ལ་ཐོད་པ་གཡོན། །རྩངས་པ་ཞོན་པ་བསམ་པར་བྱ། །ཨཱོཾ་ཧྲི་ཛཾ་བེ་མོ་ཧྲི་སྟམ་བྷི་ཨན་དྷི་ཧཱུཾ་ཧཱུཾ་ཧཱུཾ། ཧ་ཧ་ཧ། བི་ནཱ་ཡ་ཀ་ཧ་ཏི་བྷི་ཤ་ཙི་བ་ལིཾ་གྷྲྀ་ཧྞ་གྲྀ་ཧྞ་ཧཱུཾ་ཕཊ། འབུམ་ཚོ་གསུམ་བཟླས་གཏོར་མ་འབུལ། །མི་ཤ་གླང་ཁྲག་མར་ཁུ་ཡིས། །སྦྱིན་སྲེག་ཁྲི་འབུམ་དངོས་སུ་ཡང་། །དེ་ལ་གང་འདོད་དངོས་གྲུབ་བླངས། །གསད་པར་འདོད་ན་བཙན་དུག་དང་། །གུ་གུལ་ཚ་དང་དགྲ་ཡི་མིང་། །མར་ངོའི་བཅུ་བཞིའི་ནུབ་མོ་ལ། །ཚེར་མའི་ཧོམ་དུ་ཁྲི་ཚོ་གཅིག །བསྲེག་ན་ཞག་བདུན་དག་ན་གསོད། །དེ་ཡི་གསང་སྔགས་འདི་བཟླས་སོ། །ཨཱོཾ་ཧྲི་བི་ནཱ་ཡ་ཀ་ཆེ་གེ་མོ་ཤ་ཏཱུཾ་ན་ཤ་ཡ་སྟྭཾ་


DNG018_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

བྷ་མཱ་ར་ཡ་ཧཱུཾ་ཕཊ། རྣལ་འབྱོར་གང་ཞིག་སྒྲུབ་པ་པོས། །ཡོན་ཏན་ཚོགས་བདག་སེར་པོ་བསྒྲུབ། །རིན་ཆེན་གསེར་སོགས་རྫ་ས་ལ། །ཚོགས་བདག་སེར་པོ་སྤྲེལ་མགོ་ཅན། །ཕྱག་གཉིས་ཐལ་མོ་སྦྱར་བར་བྱ། །ཁོང་དུ་རིན་ཆེན་འབྲུ་སྤོས་དང་། །དར་ཟབ་སྔགས་དང་བཅས་པ་གཞུག །མཎྜལ་གྲུ་བཞི་སེར་པོ་ཡི། །སྟེང་དུ་བཞག་ནས་མཆོད་པར་བྱ། །སྔགས་འདི་བཟླས་ན་འཛམ་གླིང་གི། །ལོངས་སྤྱོད་ནོར་གྱི་ཆར་པ་འབེབས། །གུ་གུལ་དུད་པས་རྟག་ཏུ་བདུག །ཨཱོཾ་རཏྣ་རཏྣ་རཏྣ་རཏྣ་ག་ཎ་པ་ཏི་ག་ག་ག་ག་ག་ག་ག་ག་ག་ཎ་པ་ཏི་ཙུ་རུ་ཙུ་རུ་མ་ནུ་པ་ཏྲ་རུ་རུ་རུ་རུ་ག་ཎ་པ་ཏ་ཡེ་ག་ཎ་པ་ཏ་ཡེ་སྭཱ་ཧཱ། བསྙེན་པ་གོ་བརྒྱད་པའི་སྔགས་སོ། །ཨཱོཾ་བཛྲ་ཨ་རུ་རུ་ཤ་མ་ཧཱ་གུ་ར་བེ། མ་མ་པུཥྚིཾ་ཀུ་རུ། ཨཱ་ཀཪྴ་ཡ་ཧཱུཾ་ཛཿ། སྒྲུབ་པའི་སྔགས་སོ། །འདོད་པའི་ལོངས་སྤྱོད་མ་ལུས་དང་། །གཏེར་ཆེན་པོ་ཡང་རྙེད་པར་འགྱུར། །གང་ཞིག་རྣལ་འབྱོར་སྒྲུབ་པ་པོས། །ཕྲིན་ལས་ཚོགས་བདག་ནག་པོ་བསྒྲུབ། །ཚོགས་བདག་ནག་པོ་གླང་ཆེན་མགོ། །ཕྱག་བཞི་ཞབས་ནི་བརྐྱང་བསྐུམ་བཞུགས། །གཡས་པ་མཆེ་བ་ཞགས་པ་འཛིན། །གཡོན་པ་དགྲ་སྟྭ་ཁ་ཊྭཱཾ་བསྣམས། །ཡུམ་ནི་ཕག་གདོང་དགྲ་ཁ་ཊཱཾ་སྟྭ་དང་། །བྷནྡྷ་ཁྲག་བཀང་ཞལ་དུ་སྟོབ། །ཨཱོཾ་ན་མོ་ག་ཎ་བ་བྷེ་ཛཿ། ཡ་བ་ར་ནེ་ཛྷི་བ་ཏྲི་ཡ་སྭཱ་ཧཱ། འབོད་པའོ། །རཱུ་པ་པཀྵ་བི་ནཱ་ཡ་ཀ་མེ་ར་ཧཱུཾ། ཏྲི་ན་ག་བྷེ་ཐེ་སུ་རུ་བྷ་ཧཱུཾ་ཕཊ། ཡཀྴ་ཀ་ལ་མ་ཧཱ་བྷཻ་ར་བེ་ཏྲི་བྲ་ཙ་ཤ་ཏྲུཾ་ནྲྀ་ཛ་ནྲྀ་ཛ། རྦད་པའི་སྔགས་སོ། །ཡཀྴ་ཀ་ལ། མ་ཧཱ་བྷཻ་ར་བེ། དེ་བ་ཡཀྴ་མ། ནཱ་ག་ཆེ་གེ་མོ་ཐུམ་རིལ་ཡ། རྦད་པའི་སྔགས་གཉིས་པའོ། །ནཱ་ཤ་ཡ་ནཱ་ཤ་ཡ། སེ་ག་ཡ་ས་ཤ་ཡ། ཙཱུ་ར་ཎ་ཙཱུ་ར་ཎ། ཏྲཱ་ས་ཡ། ན་ག་ཡ་ཀ་ཏྲ་ཤ་མཱ་ར་ཡ། ཧ་ན་ཙཀྲ། ཧ་ན་ཙཀྲ། བི་ནཱ་ཡ་ཀ་ཛི་བི་ཏཱནྟ་ཏ་ཀ་རཱ་ཡ།ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ། གསད་པའི་སྔགས་སོ། །ཨཱོཾ་བྷི་གྷ་བྷི་བ་བྷྱི་སརྦ་བིདྱཱ་བི་ཤ་ཡ། ཧྲྀ་ད་ཡཱ་ཧྲྀ་ད་ཡཱ། ཧཱུཾ་ཙི་ཏུ་པ་ཏུ། སྲ་མ་དུ་ཏ་ཡ། ཧ་ན་ཧ་ན་གྲྀ་ཧྞ་གྲྀ་ཧྞ། པ་ཙ་པ་ཙ། བྷྲ་མ་བྷྲ་མ། བྷྲ་མ་ཡ་བྷྲ་མ་ཡ། ཧཱུཾ་ཧཱུཾ་ཕཊ་ཕཊ། གསད་པའི་སྔགས་གཉིས་པའོ། །རྦད་སྔགས་གཉིས་ནི་ཉིན་དང་མཚན། །


DNG018_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་དགྲ་བོ་སྲོག་ནས་འདྲེན། །གཉིས་པ་དགྲ་ལ་རྦད་པར་བྱ། །གསད་སྔགས་གཉིས་ནི་ཉིན་དང་མཚན། །དང་པོ་གསད་པའི་གསད་སྔགས་ཡིན། །གཉིས་པ་ཐུན་གྱིས་གསད་པའི་སྔགས། །དཀྱིལ་འཁོར་གྲུ་གསུམ་ནག་པོ་རུ། །དགྲ་གཟུགས་སྤྲ་ཚིལ་ལས་བྱས་ཏེ། །དེ་ཡི་སྙིང་གར་མིང་རུས་གཞུག །དགྲ་རྫས་རྙེད་ཚད་དེ་ལ་བྱུག །ལ་དུ་ལ་ཕུག་ཉ་ཤ་དང་། །སྒོག་བཙོང་འབྲས་ཆན་དཀར་གསུམ་དང་། །མངར་གསུམ་སྦྱར་བའི་གཏོར་མ་དང་། །ཅེ་སྤྱང་ཐོད་པར་སྐྱེ་ཚེ་དང་། །ཉུང་དཀར་ཉུང་ནག་ཟི་ར་ཡིས། །ཐུན་བྱ་ལིངྒར་བྲབ་པར་བྱ། །ཐ་མར་བཀའ་རྟེན་འོག་ཏུ་གནན། །དགྲ་བགེགས་འབྱུང་པོ་དབང་དུ་བྱེད། །ཚོགས་ཀྱི་བདག་པོས་འདུལ་བར་འགྱུར། །ཞེས་གསུངས་སོ། །པདྨ་དབང་ཆེན་དྲེགས་པ་དབང་སྡུད་ཀྱི་རྒྱུད་ལས། ཚོགས་ཀྱི་བདག་པོས་དབང་དུ་སྡུད་པ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ལེའུ་སྟེ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་སྤྲེའུའི་རྒྱལ་པོ་ཧ་ལུ་མནྡྷའི་སྒྲུབ་པ་འདི་གསུངས་སོ། །ཤེས་རབ་སྙིང་རྗེ་ལྡན་པ་ཡིས། །དབང་དང་དམ་ཚིག་ཐོབ་ནས་ནི། །སེམས་ཅན་ཀུན་ལ་སྙིང་རྗེར་ལྡན། །དེ་ལྟ་བུ་ཡི་གང་ཟག་གིས། །རྒྱལ་གྱི་ཉིན་པར་སྐུ་གཟུགས་འཆའ། །དེ་ཡང་སྔ་དྲོའི་དུས་སུ་ཤིས། །རབ་ནི་གསེར་དངུལ་ཟངས་དང་ལྕགས། །འབྲིང་ནི་སྤྲེའུ་ཤིང་ཞེས་བྱ་དང་། །པྲ་མ་ཙ་རའི་ཤིང་ལ་བྱ། །ཐ་མ་རྫ་ས་དག་ལ་བྱས། །དབང་དང་དམ་ཚིག་ལྡན་པ་ཡི། །བཟོ་བོ་མཁས་པས་བྱ་བ་ཡང་། །ཚད་ནི་རྩེ་སོར་བརྒྱད་པ་ལ། །དབྱིབས་ནི་ཞལ་གསུམ་ཕྱག་བཞི་པ། །རྩ་ཞལ་དབུས་མ་སྤྲེའུ་གདོང་དམར། །གཡས་པ་ཁྱུང་གི་མགོ་ནི་སེར། །གཡོན་པ་སེང་གེའི་དབུ་ཡང་དཀར། །ཕྱག་གཡས་དང་པོ་རིན་པོ་ཆེ། །གཡོན་པ་འབྲས་བུ་ཅན་གྱི་ཤིང་། །འོག་མ་གཉིས་ནི་ཐུགས་ཀར་ནི། །ཐལ་མོ་ཁོང་སྟོང་སྦྱར་བ་ལ། །སྤྲེའུའི་ཞབས་གཉིས་ཙོག་པུར་བཞུགས། །སྐུ་མདོག་སེར་པོ་མཇུག་མ་ཅན། །ལེགས་པར་བྱས་ནས་དབང་པོ་ཚང་། །གདན་ནི་བུམ་པ་པདྨ་དང་། །བྲག་གི་སྟེང་ན་བཞུགས་པར་བྱ། །སྐུ་གཟུགས་ཁོང་སྟོང་ནང་དུ་ནི། །སྤྲེའུའི་སྙིང་དང་རིན་ཆེན་ལྔ། །བྱི་བའི་ཕོ་


DNG018_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་འབྲུ་སྣ་ལྔ། །སྙིང་པོ་ལྔ་དང་སྨན་ལྔ་དང་། །དྲི་སྣ་ལྔ་དང་ཙནྡན་དམར། །དར་ཟབ་གུ་གུལ་དཀར་པོ་རྣམས། །ནང་དུ་བཅུག་ལ་ཞབས་སྡོམ་བྱ། །དེ་ལ་གྷ་ལས་སྐུ་བསྐྱེད་ནས། །སྤྱན་དྲང་རང་རྒྱུད་བསྡིམ་མཆོད་དེ། །རྟེན་འདྲེལ་སྙིང་པོ་བཟླས་ནས་ནི། །དབེན་པའི་གནས་སམ་མཆོད་པའི་གྲལ། །མཎྜལ་སྟེང་དུ་བཞུགས་སུ་གསོལ། །ཡི་གེ་གྷ་ལས་སྐུ་ཡང་བསྐྱེད། །རང་ཉིད་ཡི་དམ་རྟ་མགྲིན་སྐུ། །ཐུགས་ཀའི་ཉི་མའི་དབུས་ཉིད་ནས། །ཧྲཱྀཿལས་འོད་ཟེར་འཕྲོས་ནས་ནི། །རང་རྒྱུད་གནས་ནས་འགུགས་པར་བྱའོ། །ཡི་གེ་ཧྲཱྀཿདམར་འོད་དཔུང་སྟེ། །ནུབ་ཕྱོགས་སྣང་མཛད་ཞིང་ཁམས་ནས། །ཁ་སར་པ་ཎིའི་ནུས་མཐུ་རྣམས། །མདུན་གྱི་སྤྲེའུ་ལ་ཐིམ་པས། །སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ། །དེ་དུས་ཨོཾ་ཨཱཿཧཱུཾ་ཞེས་བརྗོད། །ཁ་སར་པཱ་ཎི་ཐུགས་རྗེ་ཆེ། །དེ་ཡི་བྱིན་རླབས་སྤྲུལ་པ་ཡི། །སྤྲེའུ་ཧ་ལུ་མ་དྷ་ཡི། །སྲོག་ནས་དྲོང་བའི་སྔགས་འདི་ཡིན། །ཨཱོཾ་བ་ར་ཏ་ཀ་ཧ་ཡ་གྲཱི་བ་ཧ་ལུ་མན་དྷ་སྭཱ་ཧཱ། བཞི་གསུམ་བཅུ་གཉིས་ངོ་བོ་ལས། །མགོ་མཇུག་འབྲུ་བཞི་ལྡན་པ་ནི། །བསྙེན་པའི་སྔགས་ཞེས་བྱ་བ་སྟེ། །གསང་སྔགས་ཆེན་པོ་རང་སྲོག་ཡིན། །བསྙེན་པ་འབུམ་དུ་བཟླས་པས་ན། །བུད་མེད་ཐམས་ཅད་དབང་དུ་འདུ། །བསྙེན་པ་ཉིས་འབུམ་བཟླས་གྱུར་ན། །སྐྱེས་པ་ཕོ་རྣམས་དབང་དུ་སྡུད། །བསྙེན་པ་སུམ་འབུམ་བཟླས་གྱུར་ན། །འཇིག་རྟེན་ནོར་རྫས་དབང་དུ་སྡུད། །འདི་དུས་ཐལ་སྦྱར་ཕྱག་གི་ནང་། །སྤྲེའུ་ལ་སྤོས་ཀྱི་རེངས་བུ་དབུལ། །བསྙེན་པ་ཐེམ་པར་གྱུར་ནས་ནི། །སྐར་མ་རྒྱལ་གྱི་དུས་སུ་འམ། །ཡང་ན་ཟླ་སྟོད་བཅོ་ལྔ་ལ། །མཆོད་པ་གཏོར་མ་རྒྱ་ཆེན་འབུལ། །ཁམ་བུའི་གཏོར་རྒྱན་ལ་ཕུག་དང་། །འབྲས་ཆན་གཏོར་མ་དབུལ་བྱ་ཞིང་། །རྩ་སྔགས་བསྙེན་པའི་མཇུག་ཏུ་ཡང་། །དངོས་གྲུབ་བླང་བའི་སྔགས་འདི་གདགས། །རཏྣ་རཏྣ་སིདྡྷི་སིདྡྷི། ཕ་ལ་ཕ་ལ། བ་ཤང་ཀུ་རུ། བ་སུ་དྷ་ར། པུཥྚིཾ་ཀུ་རུ་སྭཱ་ཧཱ། ཞེས་གསུངས་སོ། །པདྨ་དབང་ཆེན་དྲེགས་པ་དབང་སྡུད་


DNG018_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྒྱུད་ལས། བྱང་ཆུབ་སེམས་དཔའ་སྤྲེའུའི་རྒྱལ་པོ་ཧ་ལུ་མ་དྷ་དབང་སྡུད་ཀྱི་ལེའུ་སྟེ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱི་སྐུ་གསུང་ཐུགས་ཀྱི་མཁའ་འགྲོ་མས་དབང་དུ་བསྡུ་བ་འདི་དག་བསྒྲུབ་པར་གསུངས་སོ། །རྡོ་རྗེ་རིན་ཆེན་པདྨ་ཡི། །མཁའ་འགྲོ་རྣམ་གསུམ་བསྒྲུབ་པར་བྱ། །སྐུ་ཡི་རིན་ཆེན་མཁའ་འགྲོ་སེར། །གསུང་གི་པདྨ་མཁའ་འགྲོ་དམར། །ཐུགས་ཀྱི་རྡོ་རྗེ་མཁའ་འགྲོ་ནག །ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་ཏེ། །གཡས་པ་ཡིད་བཞིན་ནོར་བུ་ལ། །གཡོན་པ་གཏེར་གྱི་བུམ་པ་བསྣམས། །དེ་ཡི་གསང་བའི་ཐུགས་ཀྱི་སྔགས། །ཨཱོཾ་ན་མ་སུ་ཏྲི་མུ་ཁྲི་མ་ཧཱ་པི་ཤ་ཙི་རྣ་ཡེ་སྭཱ་ཧཱ། ནོར་འདུ་བའི་སྔགས་སོ། །ཨཱོཾ་གྲྀ་ན་བ་ན་མ་ཧཱ་པི་ཤ་ཙི་ནེ་ཡེ་སྭཱ་ཧཱ། ཟས་འདུ་བའི་སྔགས་སོ། །ཨཱོཾ་མི་ལི་ཀི་ལི་སེ་ལི་ཀི་སྭཱ་ཧཱ། གོས་འདུ་བའི་སྔགས་སོ། །དེ་ནས་གཏོར་མ་བྱ་བ་ནི། །ཆང་གི་ཆང་བུ་གསུམ་བྱས་ནས། །ཨོཾ་དང་ཨཱཿདང་ཧཱུཾ་ཞེས་པ། །བྱིན་བརླབ་བདུད་རྩི་གསོལ་དགྱེས་བསམ། །སྒྲུབ་པོས་འདི་སྐད་བརྗོད་ལ་དབུལ། །མཁའ་འགྲོ་མ་ཁྱེད་གསུམ་གཏོར་མས་མཆོད་པས། ནོར་དང་ཟས་དང་གོས་ཀྱིས་མི་ཕོངས་པའི་དངོས་གྲུབ་དང་། དེ་ཉིད་ཆོས་དང་མཐུན་པའི་གྲོགས་སུ་མཛད་དུ་གསོལ། ཞེས་བརྗོད་གཙང་སར་གཏོར་བ་ཡིས། །སེམས་ཅན་རྣམས་ལ་ཅི་འདོད་པ། །གཏོར་མ་དེ་ལས་འབྱུང་བར་བསམ། །ཏྲཱཾ་ལས་རིན་ཆེན་ཕུང་པོར་བསམ། །པདྨ་དབང་ཆེན་དྲེགས་པ་དབང་སྡུད་ཀྱི་རྒྱུད་ལས། མཁའ་འགྲོ་མ་རྣམ་པ་གསུམ་གྱི་དབང་དུ་སྡུད་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་གནོད་སྦྱིན་གཞན་གྱིས་མི་ཐུབ་པའི་སྒྲུབ་པ་འདི་གསུངས་སོ། །དང་པོ་སྒྲུབ་པར་འདོད་པ་ཡིས། །བྱང་ཕྱོགས་གནས་སུ་དཀྱིལ་འཁོར་ནི། །གྲུ་བཞི་པ་ཡི་རྣམ་ལྔས་བྱུག །དེ་དབུས་དམར་ལ་ཟླུམ་པ་བྱ། །བཤོས་བུ་དག་ལ་རི་བོང་སྙིང་། །ལེའུ་བརྒན་དར་ཡང་གདགས་པར་བྱ། །ཧྲཱྀཿལས་གྲི་གུག་འོད་ཞུ་བས། །གནོད་སྦྱིན་གཞན་གྱིས་མི་ཐུབ་དམར། །གྲི་གུག་གཡས་ལ་ཐོད་པ་གཡོན། །ནེའུ་ལེའི་རྐྱལ་པ་མཆན་ཁུང་བཀལ། །


DNG018_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་ཡུམ་ནོར་སྦྱིན་སྐུ་མདོག་ལྗང་། །རིན་ཆེན་གཡས་ལ་རྐྱལ་བུ་གཡོན། །སྤྱན་དྲང་བཞུགས་མཆོད་སྔགས་འདི་བཟླས། །ཨཱོཾ་ཧྲི་ཨ་པ་ར་ཛི་ཏ་ཡག་ཤ་ཧཱུཾ། ཨཱོཾ་ཨུ་མ་རི་ཧྲིང་ཧྲིང་ཛ་ཛཿ། འབུམ་ཚོ་གསུམ་དུ་བཟླས་པར་བྱའོ། །རྫ་ཡི་གའུ་ཁ་སྦྱོར་དུ། །ཕོ་མོའི་འཁོར་ལོ་རྩིབས་བརྒྱད་བྲི། །གསེར་དངུལ་བྱེ་རུ་མུ་ཏིག་ཤེལ། །དཀར་གསུམ་མངར་གསུམ་བླུག་ལ་བཞག །ཉ་ནས་གཟུག་ལ་ཉ་ལ་གདོན། །གྲངས་ཐེམ་དཀར་གསུམ་མངར་གསུམ་ཟ། །གའུ་དབེན་པར་སྦ་བར་བྱ། །མ་དྷལ་ཙནྡན་ཆུ་ཡིས་བསིལ། །ཨོཾ་ཧྲཱྀཿཨཱཾ་ཧཱུཾ། ཨ་པ་ར་ཛི་ཏ་ཧྲཱྀཿ། ཧཱུཾ་ཨུ་མ་རི་ཧྲིང་ཧྲིང་། ཛོ་པ་རི་ཛོ་པ་རི་ཧྲིང་ཧྲིང་ཧཱུཾ་ཧཱུཾ། ཨཱ་ཀཪྴ་ཡ་ཛཿཛཿ། ཤཱིནྟཾ་ཀུ་རུ་པུཥྚིཾ་ཀུ་རུ་སྭཱ་ཧཱ། བུད་མེད་འདུ་དང་ནོར་འཕེལ་དང་། །དགྲ་ཡི་གནོད་པ་མི་འབྱུང་དང་། །ལྷ་མིན་རྣམས་ཀྱིས་གཏེར་ཆར་འབེབས། །དཀར་གསུམ་འབྲས་ཆན་ཁུ་བ་ཤ །ཤིང་ཐོག་བཟང་དྲུག་གཏོར་མ་ཆང་། །འབྲུ་གསུམ་སྔགས་ཀྱིས་བྱིན་བརླབས་ནས། །རྡོ་རྗེ་གསུམ་གྱི་ཕྱག་རྒྱ་བྱས། །ཨོཾ་ཨ་པ་ར་ཛི་ཏ་ཡག་ཤ་ཧྲིཾ་ཨུ་མ་རི་ཧྲིཾ་ཧྲིཾ་ཧཱུཾ་ཧཱུཾ། བ་ལིཾ་ཏ་ཨ་མྲྀ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། མཱ་ར་ཡ་མཱ་ར་ཡ། པ་ཙ་པ་ཙ། ཧ་ན་ཧ་ན། ཤ་ཏྲུཾ་པ་ཙ་ཡ། ཤཱནྟིཾ་པུཥྚིཾ་ཀུ་རུ་སྭཱ་ཧཱ། སྔགས་བདུན་བརྗོད་ལ་གཏོར་མ་དབུལ། །ཨཱོཾ་འདོད་པ་ལྔ་ལ་ལོངས་སྤྱོད་ཅིང་། །ཁམས་གསུམ་དབང་དུ་སྡུད་བྱེད་པའི། །ཅི་བསམ་ལྷུན་གྱིས་འགྲུབ་པ་ཡི། །དངོས་གྲུབ་ཆེན་པོ་བདག་ལ་སྩོལ། །ཚིག་འདི་ཟངས་ཀྱིས་བྲིས་ནས་ནི། །གུང་མོ་བར་དུ་བཅུག་བྱས་ན། །ཉ་ཡི་ནུབ་མོ་ཁོ་འོང་བས། །རྣལ་འབྱོར་མི་སྨྲ་བརྟན་པར་བྱ། །སྨྲས་ན་བར་ཆད་ཆེན་པོ་འབྱུང་། །བླ་མ་མཆེད་ལ་གནོད་པ་དང་། །སངས་རྒྱས་བསྟན་པ་བསྲུང་བ་ལ། །དཀྱིལ་འཁོར་གྲུ་གསུམ་ནང་དུ་ནི། །རི་བོང་ཐོད་པ་བཞག་བྱས་ལ། །ལྟག་པར་ཕ་དང་མེས་པོ་བྲི། །རྣ་བ་གཡས་པ་ཕ་སྤུན་ལ། །གཡོན་པ་ལ་ནི་བུ་སྲིང་བྲི། །ཁ་རུ་མིང་རུས་གང་ཡིན་གཞུག །ཨཱོཾ་ཡ་ཤ་ཨ་པ་ར་ཛི་ཏ་ཆེ་གེ་མོ་ཨཱ་ཀཪྴ་ཡ་ཛ་ཛཿ། དགུག་པའི་སྔགས་


DNG018_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །ཨ་པ་ར་ཛི་ཏ་འུབ་ཏྲེ་ཡ་ཡཱ། གཟུགས་ལ་དབབ་པའོ། །རྦད་པུ་ནི་རྦད་པུ་ནི་ཙིཏྟ་ལ་ཛ་ཛཿ། ཡག་ཤ་ཆེ་གེ་མོ་ཐུམ་ལཾ་ཐུམ་རིལ་རྦད་ཛ་ཛཿ། ཡག་ཤ་ཚལ་པ་ཛ་ལ་བ་ཡ་ཡཱ། ཆེ་གེ་མོ་མཱ་ར་ཡ་ཨ་པ་ར་ཛི་ཏས་སོད་སོད། ཉུང་དཀར་ཉུང་ནག་དུག་ཁྲག་དང་། །སྐྱེ་ཚེས་བརྡེག་ཅིང་ཟླ་གཅིག་བསྒྲུབ། །དམག་དཔོན་བྱེད་དང་སྲོག་ཆགས་བཤས། །ཨ་ཙར་བསྐོར་བ་བྱེད་པ་ན། །ལིངྒ་མེ་ལ་བསྲེག་པར་བྱ། །ཐལ་བ་ཆུ་ལ་བསྐུར་བར་བྱ། །དགྲ་བོ་མྱུར་དུ་འཆི་བར་འགྱུར། །པདྨ་དབང་ཆེན་དྲེགས་པ་དབང་སྡུད་ཀྱི་རྒྱུད་ལས། གནོད་སྦྱིན་ཆེན་པོ་ཨ་པ་ར་ཛི་ཏ་སྒྲུབ་པའི་ཐབས་བསྟན་པ་སྟེ་ལེའུ་དགུ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སྤྲེའུ་སྒྲུབ་པ་འདི་གསུངས་སོ། །ཐུགས་རྗེ་ཆེན་པོའི་སྤྲུལ་པ་ནི། །བྱང་ཆུབ་སེམས་དཔའ་སྤྲེའུ་རུ་བསྟན། །དང་པོ་བྱང་ཆུབ་སེམས་བསྐྱེད་ནས། །སྟོང་པ་ཉིད་ཀྱི་རང་བཞིན་ལས། །ཨཱོཾ་ལས་བྱང་ཆུབ་སེམས་སྤྲེའུ། །གཡས་ན་རི་བོང་འཛིན་པ་ལ། །གཡོན་ན་ཤིང་ལོ་འདབ་བཅས་འཛིན། །སྔགས་འདིས་དེ་ཉིད་བསྐྱེད་པར་བྱ། །ཨོཾ་སིདྡྷི་ཝརྣ་མུ་ཁམ། རང་འདྲ་སྤྱན་དྲང་བསྡིམ་མཆོད་འབུལ། །ཨཱོཾ་བྷོ་ཏྲེ་བྷོ་ཏྲེ། མ་བྷི་ཤ་མ་བྷི་ཤ །མ་ཛ་ར་མ་ཛ་ར་ཧཱུཾ་ཕཊ་སྭཱ་ཧཱ། ལག་མཐིལ་མཆིལ་མ་བླུགས་ནས་ནི། །རང་གི་སྲིན་ལག་གཡས་པ་ཡིས། །སྨིན་ཕྲག་དག་ཏུ་ཐིག་ལེ་ནི། །ལན་གྲངས་ཉི་ཤུ་རྩ་གཅིག་བྱ། །གནོད་པ་ཀུན་ལས་བསྲུང་བར་འགྱུར། །གལ་ཏེ་ཐིག་ལེ་འཆོར་བ་ན། །ལུས་ཀྱི་གཟུགས་ཀྱིས་བསྲུང་བ་ལ། །ཤིང་ལ་ཕོ་མཚན་གཟུགས་བྱས་ལ། །སྔགས་བྲིས་གུར་གུམ་ཆུས་བྱུགས་ལ། །རང་གི་སྐེད་པར་གདགས་པར་བྱ། །ཁྱེའུ་བུ་མོ་གཙང་མ་ནི། །ཆགས་པ་མ་སྤྱད་གཞོན་པ་ཡིས། །བཀལ་བའི་སྐུད་པ་གསུམ་བསྒྲིལ་ལ། །མདུད་པ་བདུན་ནམ་གསུམ་བྱས་ནས། །བརྒྱའམ་སྟོང་བཏབ་སྐེ་ལ་གདགས། །ཡང་ན་ཁྱི་ཡི་རྔ་མ་དང་། །ར་དག་གི་ནི་ཨོག་ཞོལ་དང་། །ར་ཕོའི་རྨང་ཁའི་སྤུ་གསུམ་ལ། །སྐུད་པ་བྱས་ནས་སྔགས་བཟླས་ཏེ། །སྐེད་པ་དག་ལ་གདགས་པར་བྱ། །ང་ཡི་


DNG018_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་འདི་བཟླས་པ་བྱ། །ཨཱོཾ་ཧ་ར་ཧ་ར། བྷནྡྷ་ནི། ཤུ་ཀྲ་དྷ་ར་ནི། སི་ར་ཐེ་སྭཱ་ཧཱ། ཡང་ནི་ས་བོན་འཛག་པ་ལ། །སེང་གེ་དཀར་མོའི་ཐག་པ་གཅད། །རང་གི་བུ་སྲིང་འདོམས་ཀྱི་སྤུ། །ཁྱི་མོའི་མཇུག་སྤུའི་སྐུད་པ་ཡིས། །གང་འཛག་གསང་བའི་རྡོ་རྗེ་བཅིང་། །སེང་གེ་དཀར་མོའི་ལྕགས་ཐག་གཅད། །གསང་བ་རྡོ་རྗེའི་གཟུགས་བྲིས་ནས། །སྔགས་བྲིས་བུ་མོ་གཙང་མ་ཡིས། །སྐུད་པ་བཀལ་ནས་འཁོར་ལོ་དེ། །བརྒྱ་རྩ་བརྒྱད་བཟླས་རང་སྐེད་གདགས། །ཨཱོཾ་ཤུ་ཀྲ་དྷ་ར་དྷ་ར་སྭཱ་ཧཱ། གཡོན་དུ་བྲིས་པའོ། །ཨཱོཾ་ཤུ་ཀྲ་དྷ་ར་དྷ་ར་ཧཱུཾ་ཧཱུཾ་སྭཱ་ཧཱ། གཡས་སུ་བྲི་བའོ། །འཆང་བ་པོ་ཀ་སྱ་རཀྵ་རཀྵ་སྭཱ་ཧཱ། དབུས་སུ་བྲི་བའོ། །ཨཱོཾ་ཨན་ལྷ་འཚུག་འཚུག་སྭཱ་ཧཱ། རྩེ་མོར་འཁོར་ལོ་ལ་བྲི་བའོ། །རྡོ་རྗེ་ཆེ་བའི་མན་ངག་ལ། །ཐར་ནུ་རེའུ་ལྕགས་ལན་ཚྭ་དང་། །བོང་བུའི་གསང་ཚེར་ཟོ་འཛེར་དང་། །ཁྱི་ཡི་གསང་ཚིལ་སྦྲང་རྩི་སྦྱར། །བྱུགས་ཤིང་མཉེས་ནས་བསྐམ་པར་བྱ། །རྫ་མི་ལྡང་བསྲུང་བ་ནི། རྡོ་རྗེའི་གཟུགས་ནི་བྲིས་ནས་ཀྱང་། །སྔགས་བཀོད་དོར་རྟར་གདགས་པར་བྱ། །དེས་ནི་ལྡང་བར་འགྱུར་བ་ཡིན། །ཏ་ར་སོ་ཕུལ། འབྲས་བུ་གཡོན་པའི་རྩ་བར་བྲི་བའོ། །ཧྱ་ཐེན་ཐེན་ཐེན། འབྲས་བུའི་དབུས་སུ་བཀོད་པའོ། །མོ་རི། ཕོ་ཕུལ། འབྲས་བུ་གཡས་པའི་རྩ་བར་བྲི་བའོ། །ཐས་ཧས་ཁྱི་སིང་ལང་ལང་།འབྲས་བུ་གཉིས་ཀྱི་བར་དུ་བཀོད་པར་བྱའོ། །བྷི་མོ་ཁྱི་གང་ལེ་ལང་ལ། གཡོན་དུ་བྲིའོ། །ཁྱི་ཁ་ལ་ནི་ལང་ལང་། གཡས་སུ་བྲི་བའོ། །མ་ཧེ་སོ་ནི་པར་ལང་ལང་། །དབུས་སུ་བྲིའོ། །པཾང་པཾང་པཾང་པཾང་། འཁོར་ལོ་ལ་བྲིའོ། །པི་ས་ར་ཐ་ཁ་ལ་བྲིའོ། །པདྨ་དབང་ཆེན་དྲེགས་པ་དབང་སྡུད་ཀྱི་རྒྱུད་ལས། ལུས་ཟུངས་དབང་དུ་བྱ་བ་རྩ་བ་རང་གསང་གི་ལེའུ་སྟེ་བཅུ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་ཕུབ་ཁུར་ཞེས་བྱ་བ་འདི་གསུངས་སོ། །དབུས་སུ་ཨཱོཾ་གྱི་ཁོག་པ་ན། །ལུས་ངག་ཡིད་ཀྱི་སྲུང་སྔགས་བྲི། །གྲུ་བཞི་ལོགས་ལ་


DNG018_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱིས་བརྒྱན། །ཨཱོཾ་གྱི་མགོ་མཇུག་ངོས་སུ་ནི། །བརྣག་པའི་ལིངྒ་གནན་པར་བྱ། །ལོགས་གཉིས་རྡོ་རྗེས་མཚན་པར་བྱ། །ཟུར་བཞིར་སྡེ་བརྒྱད་བདུད་དང་ནི། །ཀླུ་དང་ས་བདག་བསྲུང་བར་བྱ། །དེ་ཡི་སྔགས་ནི་འདི་ཡིན་ནོ། །བཛྲ་ཧཱུཾ་སང་ཧ་ཁ་མ། བཛྲ་ཀཱ་ཡ། བཛྲ་བཱཀ །ཙིཏྟ་བཛྲ་ཧ་རི་སང་སང་།རྡོ་རྗེའི་རྒྱལ་པོའི་ལུས་ངག་ཡིད་གསུམ་ལ་ཀ་སྱ་ཡེ་རཀྵ་རཀྵ། ཨཱོཾ་གྱི་ཁོག་པར་བྲི་བའོ། །སང་སང་ཧེར་ཧེར་བྷ་ཛོ། ནེ་ལོ་ཁི་ཁི། ཀ་ལ་སད་མོ་ནི་ན་ཏི། ཛྷ་བ་ཀྱི། གྲུ་བཞི་ལྕགས་རིའི་ནང་དུ་བྲི་བའོ། །ཙཀྲ་བཛྲ་ཧེ་རུ་ཀ་རཀྵ། ཧེ་བཛྲ་མུ་སེང་ཁ་རཀྵ། ཏ་ལོ་ལེ་ས་ར་རཀྵ་རཀྵ། མ་ས་ཛྷ་རཀྵ་རཀྵ། ཟུར་བཞིར་ཤར་དུ་བྲི་བའོ། །ལམ་ལམ་བདུད། ལིམ་ལིམ་ཀླུ། ཕེམ་ཕེམ་ས་བདག །ས་མ་ཡ་སྡེ་བརྒྱད། ཟུར་བཞིར་བྲི་བའོ། །པ་ར་ཡ། སེ་པ་ར་ནི། ཀང་ཁ་མོ་ནི། པ་ར་ཡ། འོག་ཏུ་བྲི་བའོ། །འཁོར་ལོ་ནམ་མཁར་བསྐོར་བྱས་ན། །ལྷ་སྲིན་གནོད་པ་དབང་དུ་བྱེད། །ས་ལ་བརྡུང་ན་ཀླུ་རྣམས་བརྒྱལ། །ཤོག་དྲིལ་མགུལ་དུ་བཏགས་པ་ན། །རྡོ་རྗེའི་ཕུབ་ཁུར་ལྟ་བུ་སྟེ། །ཅིས་ཀྱང་ཚུགས་པར་མི་འགྱུར་རོ། །ཐམས་ཅད་དབང་དུ་སྡུད་པར་བྱེད། །དྲེགས་པ་དབང་སྡུད་ཆེན་པོ་ཡིན། །སྤྲེའུ་ཐལ་སྦྱར་བྱང་ཆུབ་སེམས། །སྤྱན་རས་གཟིགས་སྤྲུལ་ཆེན་པོ་སྟེ། །གཡས་ན་ཁམ་ཤིང་འཛིན་པ་ལ། །གཡོན་ན་འཁོར་ལོ་འཕྱར་བར་བསྒོམ། །པདྨ་དབང་ཆེན་དྲེགས་པ་དབང་སྡུད་ཀྱི་རྒྱུད་ལས། རྡོ་རྗེ་གུར་ཕུབ་ཀྱི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་འདས་ཀྱི་ཆོས་ཐམས་ཅད་ཉིད་ཀྱི་ངང་དུ་རྫོགས་པར་བྱ་བའི་ཕྱིར། གསང་བའི་མན་ངག་འདི་དག་གསུངས་སོ། །རྣམ་པར་ཤེས་དང་བེམ་རིག་ལས། །མགལ་མ་མ་ཐག་བདེ་བ་སྤྲོ། །སྒོ་ང་དག་ལ་བརྟེན་པ་ཡི། །དམིགས་པ་དེ་ལ་གསལ་བ་ན། །མི་རྟ་ཆུ་དང་འོ་མ་བཞིན། །ཡུལ་ལ་འདྲེལ་ནས་བྱུང་བ་སྟེ། །སྣང་དང་མཆེད་གྲོགས་ཉེར་ཐོབ་པས། །གསུམ་གསུམ་དག་ཏུ་གསལ་བ་སྟོང་། །སྣང་སྟོང་གཉིས་མེད་ཕྱོགས་དག་པ། །གསེར་གྱི་བ་ཐག་འདྲ་བར་བྱ། །


DNG018_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་པ་མེ་ལ་གཡོན་རླུང་དང་། །གཉིས་པ་བརྡལ་ཆུ་ཁམས་ཀུན་སྟོང་། །གཙོ་དང་འཁོར་དུ་གང་བྱུང་བ། །ལོ་ཟླ་ཞག་དང་ཉི་མ་ལས། །སྲོག་དང་རྩོལ་བ་བསྒོམ་པར་བྱ། །གསང་སྟོང་རྟོགས་པར་གྱུར་པ་ན། །སྤྱི་མགྲིན་སྙིང་ལྟེ་གསང་བ་རུ། །དགའ་བཞི་བརྒྱད་གཉིས་ཡབ་ཡུམ་ལས། །ལྷན་ཅིག་སྐྱེས་པས་བདེ་ཆེན་བཟླས། །རིག་པ་ཀུན་ཁྱབ་སྲོག་ལ་བྱུང་། །མི་རྟོག་ཐབས་ཀྱི་གནས་སུ་ཚུད། །བདེ་བ་ཡེ་ཤེས་འཆང་བའོ། །རང་བྱུང་ཡེ་ཤེས་ཆེན་པོ་ཡིན། །ཕོ་མོ་མ་ནིང་ཐོད་རྒལ་གཟུད། །ཚ་གྲངས་ནུས་པ་ཡོན་ཏན་ཟིན། །དུ་བ་སྨིག་རྒྱུ་སྲིན་མེ་དང་། །མར་མེ་ཉི་མ་ལུས་སེམས་མཐོང་། །རྡོ་རྗེའི་བཟླས་པ་དེ་ལྟར་བྱ། །གྲུ་གསུམ་ལས་ནི་གཞན་བཟླས་པ། །ཡིད་བཞིན་ནོར་བུ་ལྟ་བུའི་ཨོཾ། །ལྔ་པའི་དང་པོ་བཞི་གསུམ་སྦྱར། །ལྔ་པའི་ཐ་མ་ལྔ་དང་པོ། །སྟེང་དུ་ཨི་ཞེས་བྱ་བ་དང་། །བཞི་ཡི་དང་པོ་བདུན་པའི་གསུམ། །དེ་ལ་ཨི་ཡིས་སྤྲས་པ་ནི། །བཞི་པའི་དང་པོ་ཨིས་སྤྲས་ཏེ། །བདུན་པའི་ཐ་མ་གཉིས་བླངས་པའི། །ཐ་མ་ཨི་ཡིས་བརྒྱན་པར་བྱ། །གཉིས་པའི་དང་པོ་དང་པོའི་གསུམ། །དེ་སྦྱར་དང་པོ་དྲུག་གཉིས་སྤྲས། །ལྔ་པའི་བཞི་པ་ལན་གཉིས་བླངས། །དེ་ལ་དྲུག་པའི་དང་པོ་ནི། །གཉིས་སྦྱར་ཨོ་གཉིས་བརྒྱན་པར་བྱ། །བདུན་པའི་བཞི་པ་ལན་གསུམ་ལ། །ཨུ་གསུམ་སྦྱར་ནས་ཐིག་ལེ་གསུམ། །ལྔ་པའི་གཉིས་ལ་བཞིའི་དང་པོ། །དེ་གཉིས་སྤྲས་པས་བཅུ་བདུན་པའོ། །བཟླས་པའི་སྔགས་རྣམས་འདི་ལས་བྱུང་། །ཀ་ཁ་ག་གྷ་ང་། །ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ། ཨ་ཨཱ། ཨི་ཨཱིཾ། ཨུ་ཨཱུ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ། ཞེས་གསུངས་སོ། །པདྨ་དབང་ཆེན་དྲེགས་


DNG018_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

པ་དབང་སྡུད་ཀྱི་རྒྱུད་ལས། རླུང་རྡོ་རྗེའི་བཟླས་པ་གསང་སྔགས་བསྡུ་བའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཐུགས་ལས་ཧྲཱྀཿཞེས་བརྗོད་པས། པདྨ་ཧེ་རུ་ཀ་དོན་ཡོད་པས། གཡས་དཀར་གཡོན་སྔོ་དབུས་དམར་ཞལ། །རྟ་མགོ་ལྗང་གུ་ཧྲཱྀཿབརྗོད་པ། །གཡས་ན་རྡོ་རྗེ་ཁ་ཊྭཱཾ་ག་དང་ཅང་ཏེའུ། །གཡོན་ན་མེ་དཔུང་ཞགས་པ་ཐོད་ཁྲག་བསྣམས། །ཡུམ་གཟི་ལྡན་མ་དང་འཁྲིལ་བར་གྱུར་ནས།ཉིད་ཀྱི་འཁོར་རྣམས་ལ་བཀའ་སྩལ་པ། རྣམ་པར་རྟོག་བྲལ་གདོད་ནས་སྐྱེ་མེད་དབྱིངས། །མ་བཅོས་མཐའ་ཡས་ཆེན་པོར་གསལ། །མཉམ་ཉིད་བདེ་ཆེན་བྱང་ཆུབ་སེམས་ཀྱི་མཆོག །སྨྲ་བསམ་ཡུལ་འདས་མཐའ་དག་འོད་གསལ་ཞིང་། །དེ་ལྟའི་ཆོས་ཀྱི་སྐུ་ལ་གནས་བཞིན་དུ། །དམིགས་མེད་ཡུལ་བྲལ་སྙིང་རྗེས་ཡོངས་ལ་ཁྱབ། །མཁའ་སྣང་སྟོང་པའི་ཆོ་འཕྲུལ་གསལ་མཛད་ཅིང་། །དེ་ལྟའི་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་ནས། །དྲི་མེད་ཐུགས་རྗེའི་འོད་མདངས་གསལ་བ་ཡིས། །ཐུགས་ཀྱི་རྟགས་སྟོན་འོད་ཟེར་རྒྱལ་བའི་སྐུ། །རྣམ་གསུམ་སེམས་དཔའ་གསང་སྔགས་འོད་ཕྲེང་ཚོགས། །ཆགས་པའི་སྐྱོན་བྲལ་ཡེ་ཤེས་ལྔ་ཡི་མདངས། །དཀྱིལ་འཁོར་སྣ་ཚོགས་འབྱུང་བའི་རྒྱུ་ཉིད་དེ། །རྐྱེན་གྱི་སྔགས་བཅས་མ་ལུས་གསལ་བར་བྱེད། །དེ་ལྟའི་སྤྲུལ་པ་སྐུ་རུ་ཤར་བ་ཡིས། །དབང་སྡུད་དབང་གི་རྒྱུད་ཆེན་གསུངས་པ་ནི། །ཟུང་ལ་མཐའ་ཡས་འགྲོ་བའི་དོན་དུ་སྤྱོད། །ཅེས་གཏད་པས་འཁོར་ཐམས་ཅད་ཀྱིས་རྗེས་སུ་འཛིན་པར་གྱུར་ཏོ། །པདྨ་དབང་ཆེན་དྲེགས་པ་ཟིལ་གནོན་དབང་དུ་སྡུད་པ་ལས། རྒྱུད་གཏད་པའི་ལེའུ་སྟེ་བཅུ་གསུམ་པའོ།། །། དབང་ཆེན་དྲེགས་པ་དབང་སྡུད་ཀྱི་རྒྱུད་རྫོགས་སོ།། །། གུ་རུ་པདྨ་དང་ཁ་ཆེ་ཨཱ་ནནྟས་བསྒྱུར་བའོ།། །།

དབང་ཆེན་འདུས་པའི་རྒྱུད་ཆེན་པོ་ཞེས་བྱ་བ།


DNG018_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། དབང་ཆེན་འདུས་རྒྱུད་དམ་གལ་པོར་གྲགས་པ། རྒྱ་གར་སྐད་དུ། མ་ཧེ་ཤ་ས་མུ་དཱ་ཡ་མ་ཧཱ་ཏནྟྲ་ནཱ་མ། བོད་སྐད་དུ། དབང་ཆེན་འདུས་པའི་རྒྱུད་ཆེན་པོ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཇི་ལྟར་དངོས་གྲུབ་དམ་པ་ཐོབ་པར་འདོད་ན། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་སྟོང་པ་ཉིད་ལས་ལངས་ཏེ། ཡི་གེ་ཧཱུཾ་དུ་བསྒོམ་ལ། ཡིད་ཀྱིས་བར་སྣང་གི་ཁམས་ཐམས་ཅད་གསེར་གྱི་སེང་གེ་སྤྱན་གསུམ་པ་ལ་འོད་ཟེར་འབར་བ་འཁྲིགས་པ་དྲུག་གི་སྟེང་དུ་རིན་པོ་ཆེའི་ཁྲི་ཕྱོགས་བཅུར་འོད་འབར་བའི་སྟེང་དུ་པདྨ་ལེ་བརྒན་འོད་ཕྱོགས་བཅུར་འབར་བ། དེ་བས་ཞབས་གང་ཙམ་གྱིས་མཐོ་བའི་སྟེང་དུ། མ་ལས་ཉི་མའི་དཀྱིལ་འཁོར་གཅིག་ཏུ་གྱུར་པ་དམིགས་ལ། དེའི་སྟེང་དུ་སྦྱོར་བའི་དབང་ཕྱུག་ཆེན་པོ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་བཛྲ་ཧཱུཾ་ཞེས་པ་འདིས་བཅིངས་ནས། མངོན་སུམ་དུ་བསྒྲུབ་པའོ། །ཧཱུཾ་ཞེས་བཟླས་པ་ཙམ་གྱིས་ཕྱོགས་བཞི་མཚམས་བཞིར་རིན་པོ་ཆེའི་ཀ་བ་འཕང་དུ་དཔག་ཚད་བརྒྱད་ཁྲི་བཞི་སྟོང་བས་ཀྱང་དཔགས་པ། ཀ་བ་གཅིག་ལ་ཡང་སྤྲིན་མེད་པའི་ཉི་མ་བདུན་བདུན་གྱིས་བརྒྱན་པ། འོད་ཟེར་སྟོང་གསུམ་གྱི་སྟོང་ཆེན་པོ་བས་ཀྱང་དཔགས་པར་དམིགས་པ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན། སྐྱེ་གནས་བཞི་ལས་སྐྱེས་པའི་སེམས་ཅན་ཐམས་ཅད་དང་། ཉན་ཐོས་དང་རང་སངས་རྒྱས་དང་། རིགས་ངན་ཐམས་ཅད་དང་།རིགས་མེད་པའི་རྣམ་པར་རྟོག་པའི་བག་ཆགས་ཧཱུཾ་ཞེས་ཟེར་བ་ལས། བསྐལ་པའི་མེ་འབར་བ་མང་པོས་བརྒྱན་པའོ། །གཡས་ཀྱི་གཤོག་པ་གཉིས་ནི། སྟེང་མ་རིན་པོ་ཆེའི་རྒྱུ་ལས་བྱུང་བར་ང་རྒྱལ་བསྐྱེད་དོ། །འོག་མ་སེམས་ཅན་ཐམས་ཅད་འདུལ་བའི་ཐབས་ལ་མཁས་པ་ཡིན་པས། རྒྱུན་མི་ཆད་པར་རྡོ་རྗེ་འབར་བས་འཇོམས་པའོ། །ཐེའུ་གཤོག་རྣམས་ནི་གང་གི་སྙིང་ལ་འདྲེན་པ་ཡིན་པས་རྡོ་རྗེ་ལྕགས་


DNG018_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱུ་རྣོན་པོའི་མཆོག་ཀྱང་ཡིན་ལ། སྒྲོལ་བའི་ཐབས་ལ་བརྩོན་པ་ཡིན་པས་གྲོལ་བ་དམ་པའོ། །ཕྱག་གཡོན་གྱི་དང་པོ་ནི་སྡིགས་པའི་མཛུབ་མོ་ལ་བསྐལ་པའི་མེ་ཆེན་པོ་འབར་བའོ། །གཅིག་གིས་ནི་ལུ་གུ་རྒྱུད་ཀྱི་ཞགས་པའོ། །གཅིག་གིས་ནི་ཐོད་པ་ཁྲག་གིས་བཀང་བའོ། །བདག་ཉིད་ཆེན་པོའི་ཞལ་དུ་འབུལ་ལོ། །གཅིག་གིས་ནི་ཁྲོ་བོ་ཆེན་པོ་བརྒྱད་ཀྱི་སྙིང་དང་རྒྱུ་མ་ཀུན་ལྷན་ཅིག་ཏུ་ཆད་པར་བཅུག་ནས་ཟའོ། །གཅིག་གིས་ནི་རྡོ་རྗེ་ཁ་ཊྭཱཾ་ག་དང་། རྔེའུ་ཆུང་དང་།ལྕགས་ཀྱུ་ལྷན་ཅིག་ཏུ་བཟུང་སྟེ་གང་གི་སྙིང་ནས་འདྲེན་པའོ། །ཕྱག་གཡས་དང་གཡོན་པ་བརྒྱད་ཆར་ཡང་སྦྲུལ་ནག་པོ་དང་སྔོ་བཀྲ་དག་གིས་བརྒྱན་པའོ། །ཁ་ནས་ཀྱང་ཧཱུཾ་གིས་སྒྲ་གྲགས་པ་ཤ་སྟག་གོ། །དེ་དག་གིས་སྙིང་པོ་འདི་བརྗོད་པར་བྱའོ། །ཨོཾ་ཧ་ཧ་རུ་ལུ་རུ་ལུ་ཕཊ་ཛཿཞེས་བརྗོད་པས། སྔ་ཕྱིའི་བརྒྱ་བྱིན་དང་།ཚངས་པ་དང་། ཕྲ་མེན་མའི་འཁོར་མང་པོ་དབང་དུ་བསྡུས་ནས། གཞན་ཡང་ཚོགས་ཀྱི་དཀྱིལ་འཁོར་མང་པོ་སྤྲིན་ཕུང་བཞིན་དུ་དབང་དུ་འདུས་ནས། དེའི་སྟེང་དུ་བདག་ཉིད་ཆེན་པོས་ཧཱུཾ་ཐང་གཅིག་བཟླས་པས་ཞབས་དམར་པོ་བརྒྱད་དུས་གཅིག་ལ་བྱུང་བར་བསམ་མོ། །དེ་ནས་ཤར་ཕྱོགས་ཀྱི་ཁམས་འདུལ་བའི་ཞབས་ནི། དྲག་ཤུལ་དཔལ་འབར་ལྡན་པས་སྟག་གི་གདོང་གིས་དཀྲིས་ཏེ།ཤར་ཕྱོགས་ཀྱི་ཧཱུཾ་ཀཱ་རའི་སྙིང་གར་རྡོག་པས་བརྫིས་ཏེ་ཉམ་ཐག་པའི་འབོད་སྒྲོག་ཆེན་པོ་འདོན་པའོ། །ཤར་ལྷོ་མཚམས་སུ་ཨཱརྱ་ཨ་ཙ་ལེ་མདོག་སྔོ་སྐྱ་གན་རྐྱལ་དུ་མནན་པའི་སྙིང་གར་ཞབས་ཀྱི་བོལ་མན་ཆོད་ནུབ་པར་དམིགས་ཏེ། ཞབས་བཻ་ཌཱུརྱ་སྔོན་པོ་ཞུ་བས་གཡོགས་པའོ། །ཞབས་གཅིག་ནི་ལྷོ་ཕྱོགས་ཀྱི་ཁམས་འདུལ་བ་ཡིན་པས་རྡོ་རྗེ་རྩེ་ལྔ་པའི་ན་བཟས་བཀླུབས་ཏེ་ཡ་མཱནྟ་ཀའི་སྙིང་གར་རྡོག་པས་མནན་པས་ཞབས་ཀྱི་བོལ་མན་ཆད་ནུབ་པའོ། །ཞབས་གཅིག་གིས་ལྷོ་ནུབ་ཀྱི་ནཱི་ལ་དཎྜའི་སྙིང་གར་རྡོག་པས་མནན་ཏེ་འབོད་སྒྲོག་གི་སྒྲ་འབྱིན་པར་དམིགས་ལ་ཞབས་པས་ཁྲབ་སྨུག་པོས་སྒྲིབ་པའོ། །ཞབས་གཅིག་ནི་རྡོ་རྗེ་ཕུར་པར་དམིགས་པས་སྦྲུལ་ནག་


DNG018_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

པོས་དཀྲིས་པས་པདྨ་ཀུཎྜ་ལི་མདོག་ནག་པོའི་སྙིང་གར་བཙུགས་ནས་འཁོར་མང་པོ་དབང་དུ་འདུས་པའོ། །ནུབ་བྱང་མཚམས་ཀྱི་འདོད་པའི་ཁམས་དབང་དུ་བསྡུ་བའི་ཕྱིར་ཞབས་དམར་པོའི་མཐིལ་གཉིས་ཁྲོ་བོ་ཆེན་པོའི་ཁར་དམིགས་ལ། རྐང་པའི་ནང་གཞལ་ཡས་ཁང་དུ་དམིགས་ལ། ཞབས་ཀྱི་མཐིལ་ནས་ཁ་དོག་དམར་པོ་ལས་འོད་འཕྲོ་བས་འདོད་པའི་རྒྱལ་པོའི་མགོ་རྐང་གི་ནང་དུ་སོང་བ་དམིགས་ལ། རྡོ་རྗེ་མཆེ་བས་བཅོམ་པར་བལྟས་ནས་འཁོར་མང་པོ་འཕྲོག་པར་བྱེད་དོ། །ཞབས་གཅིག་ནི་ཆུ་སྲིན་གྱི་སྨད་གཡོགས་ཅན་བྱང་ཕྱོགས་སུ་བརྐྱངས་པས་ཨ་མྲྀ་ཏ་ཀུཎྜ་ལི་ཁ་བུབ་ཏུ་མནན་ནས། རྡོག་པས་འགེལ་བ་ཐམས་ཅད་བཅོམ་ནས། བོལ་མན་ཆད་རློན་པའི་ནང་དུ་ནུབ་པར་དམིགས་ལ། སྡུག་བསྔལ་ཐམས་ཅད་མྱོང་བར་བྱས་ཏེ། ཕྱི་མའི་དུས་ན་རྣལ་འབྱོར་དབང་ཕྱུག་ཆེན་པོ་ཐོབ་པར་གྱུར་ཅིག་པར་སྨོན་ལམ་འདེབས་སོ། །ཞབས་གཅིག་ནི་འདོད་པའི་ལྷ་མོས་ཕྱག་བྱས་ལ་གཟིག་གི་མགོ་ཡིས་དཀྲིས་ཏེ། བྱང་ཤར་མཚམས་སུ་མ་ཧཱ་བ་ལའི་ལྡན་པར་མནན་པས་དུང་ཆེན་པོ་བཅོམ་སྟེ། འཁོར་གྱི་ལྷ་མོའི་ཚོགས་དང་། མ་སྲིང་མོ་དང་ཆུང་མ་དང་བུ་མོ་དང་ཚ་བོ་ཚ་མོ་རྣམས་འཕྲོག་གོ། །གཤོག་པ་གཡས་དང་གཡོན་པའི་སྟེང་མ་ནི། རིན་པོ་ཆེའི་རྒྱུ་ལས་བྱུང་བ་འདོད་ཆགས་ཆེན་པོ་ཡིན་ནོ། །གཤོག་པ་འོག་མ་ཁྲོ་བོའི་རྒྱུ་ལས་བྱུང་བས་རྡོ་རྗེ་དྲག་པོའི་ཚོགས་ཡིན་ནོ། །ཐེའུ་གཤོག་རྣམས་ནི་འདོད་པའི་གཙོ་བོ་ཡིན་པས་ཤེས་རབ་ཀྱི་མཆོག་དང་སྦྱོར་བའོ། །སྤྱིའི་གཤོག་པ་བཞི་ཆར་གྱི་བར་བར་ནི་སྦྲུལ་ནག་པོའི་རྒྱུ་ལས་བྱུང་བའོ། །བར་བར་ནི་རྡོ་རྗེ་རྩེ་ལྔ་པ་ལས་བྱས་པའོ། །བར་བར་ནི་རིན་པོ་ཆེའི་རྒྱུ་ལས་བྱས་པའི་ཉི་མ་སྟོང་གིས་བཀླུབས་པའོ། །འདི་དག་ཐམས་ཅད་ཀྱི་བཟླས་པ་ནི། ཨོཾ་ཛྭ་ལ་ཛྭ་ལ་བཛྲ་ཧཱུཾ། ཨོཾ་བཛྲ་ཨ་མོ་གྷ་ཧཱུཾ། ཞེས་བརྗོད་ཅིང་ལས་ཐམས་ཅད་བཅོལ་ལོ། །གོང་མའི་རྡོ་རྗེའི་གྲྭ་ལ་འོག་མིན་ལྷ་མོ་གློག་འགྱུ་མ། དེ་ལ་ཧེ་རུ་ཀ་ཁྲོ་བོ་ཐམས་ཅད་ཀྱི་བཟླས་པ་ནི་འདི་


DNG018_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །ཨཱོཾ་རུ་ལུ་རུ་ལུ་ཧཱུཾ་ཕཊ། ཨེ་ཨ་ར་ལི་ཧྲཱིཾ་ཧཱུཾ་ཛ། ཉེ་བའི་སྙིང་པོ་བཞི་འབུམ་བྱས་ན་ལས་ནུས་སོ། །དེ་ལྟ་བས་ན་དཔལ་ཆེན་ཧེ་རུ་ཀ །ཁྲོ་བོ་མཐའ་དག་གི་མཆོག །ཆོས་ཀྱི་དབྱིངས་ཡིན་པས། འདོད་ཆགས་ཆེན་པོར་སྦྱོར་བ། ཞེ་སྡང་མཆོག་ལ་བརྩོན་པ། ང་རྒྱལ་གྱི་དབང་དུ་འདུས་པ། ཕྲག་དོག་གི་འདོད་པའི་དབང་པོ་ཚུར་བཅས་ནས། དཔལ་དབང་ཆེན་པདྨ་ཧེ་རུ་ཀ་ཉིད་སྒྲུབ་པར་དམ་བཅས་ཏེ།དཔལ་ཆེན་པོའི་སྒྲུབ་པ་ལ་བརྩོན་པ་ལ་སྡང་བ་དང་གནོད་པའི་བགེགས་རྣམས་ཚར་གཅོད་པ་ནི། དཔལ་ཆེན་པོ་ཉིད་བྱུང་བས་དྲག་པོའི་བགེགས་རྣམས་ཀྱི་དབང་དུ་འདུས་པར་མི་འགྱུར་རོ། །དེས་ན་དཔལ་པདྨ་ཧེ་རུ་ཀ་ལ་བརྩོན་ཞིང་སྒྲུབ་པར་བྱེད་པའི་རྒྱལ་སྲས་ཀྱི་མཐུ་བོ་ཆེ་ཞིག་བྱུང་ནས། དེས་དངོས་གྲུབ་ཀྱི་ཁྱད་པར་གཅིག་སྦྱིན་པར་གྱིས། མ་འཇིགས་ཤིག་དང་འདོད་པའི་དབང་པོ་ཐོབ་པར་བྱའོ། །ཞེས་གསུངས་པ་ནི། སྔོན་མཁན་པོ་མཁས་པ་ཞིག་གིས་སྔོན་པདྨ་ཧེ་རུ་ཀ་བསྒྲུབས་ཏེ་ཧེ་རུ་ཀའི་དངོས་གྲུབ་ཀྱི་མཆོག་ཐོབ་བོ། །མན་ངག་གི་གཞུང་ནི་འདི་ཡིན་ནོ། །དེ་ལ་འདི་ལྟ་བུ་དག་འབྱུང་སྟེ། བུད་མེད་ཀྱི་ཚོགས་མང་པོ་དག །རྒྱན་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་ཏེ། རབ་ཏུ་མཛེས་པ་མང་པོ་དག་རྒྱན་མཛེས་པར་བརྒྱན་ནས། འོད་སྲིད་ཀྱིས་དེས་ཆགས་པའི་སེམས་བསྐྱེད་ཅིང་། བར་བར་དུ་ཕྲ་མེན་མའི་ཚོགས་མང་པོ་དག་མིའི་ཐོད་པ་མང་པོས་བརྒྱན་ཏེ། ལག་ན་ཐོད་ཁྲག་དང་མིའི་ཐོད་པ་མང་པོ་ཐོགས། མིག་གདུག་པའི་འབྲུ་ཚུགས་སུ་བལྟ་ཞིང་། མི་སྙན་པའི་ཚུལ་གྱིས་བདག་ལ་གསད་དོ། །བཟའོ་བརྡེག་གོ། ། ཚིག་ཆད་དམ། ཐམས་ཅད་འོད་ཟེར་དེས་བཅོམ་བཏགས་ནས་བླ་ན་མེད་པའི་བྱང་ཆུབ་ལས་བཀོད་པའི་ཐབས་འདིས་བྱའོ། །ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་བདག་ཉིད་རྡོ་རྗེ་སེམས་དཔའི་རང་བཞིན་ཡང་དག་ཡིན་ལ་ཁམས་གསུམ་གྱི་བདག་པོ་ཆེན་པོ་ཡང་དག་ཀྱང་ཡིན་ཞིང་། ཁྲོ་བོ་ཆེན་པོ་ཡང་དག་ཡིན་ནོ་ཞེས་དམིགས་ལ། ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་སྔ་མའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ།


DNG018_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་སེམས་དཔའི་རང་བཞིན་ལས། སྐུ་མདོག་དམར་པོ་དབུ་ལྔ་ཕྱག་བཅུ་དྲུག་ཏུ་དམིགས་ལ་རིན་པོ་ཆེ་དང་། རྡོ་རྗེའི་རྒྱུ་ལས་བྱུང་བའི་གཤོག་པ་བཞི་ཡང་བསྐྱེད་པར་བྱ་སྟེ། དབུ་ལྔ་པོའི་བཞི་ནི་ཕྱོགས་བཞིར་འབར་བའི་གཟུགས་ཀྱིས་བལྟའོ། །དབུས་མའི་ཀླད་པར། རིན་པོ་ཆེའི་གཞལ་ཡས་ཁང་དུ་བྱིན་གྱིས་བརླབས་ནས།དཔལ་རྣམ་པར་སྣང་མཛད་བཞུགས་པར་དམིགས་ལ། ཐོད་པའི་ངོས་བཞི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི། རྡོ་རྗེ་སེམས་དཔའ་སྐུ་མདོག་དམར་པོ་ཕྱག་རྒྱ་ཚུལ་བཞིན་དུ་བཅས་ནས་བསྒོམ་མོ། །གཡས་གཡོན་གྱི་དབུ་ནི་སྐུ་མདོག་དམར་པོ།སྤྱན་གསུམ་དུ་དམིགས་ལ། རལ་པ་དམར་པོའི་དབུས་ནས། རྟ་མགོ་ལྗང་གུ་རེ་རེ་བྱུང་བར་བསམ་མོ། །ལྷག་པར་རྟ་མགྲིན་དངོས་སུ་བྱུང་བར་བསམས་ཏེ།ཧཱུཾ་རྡོ་རྗེ་ཧཱུྃ་ཞེས་བྱ་བའི་སྒྲ་གྲགས་པ་ཙམ་གྱིས། ནུབ་ཕྱོགས་ཀྱི་ཕྲ་མེན་མ་རྣམས་ཀྱིས། འཁོར་མང་པོའི་ཀླུ་ཐམས་ཅད་དྲག་པོའི་བརྟུལ་ཞུགས་ཀྱིས་དབང་དུ་འདུ་བར་བྱའོ། །ལྷོ་དང་བྱང་དུ་བལྟ་བའི་མགོ་ཡང་ཧཱུཾ་ཧཱུཾ་ཞེས་བྱ་བའི་སྒྲ་འབྱིན་པས། གནོད་སྦྱིན་གྱི་འཁོར་ཐམས་ཅད་དང་གྲུལ་བུམ་གྱི་འཁོར་ཐམས་ཅད་དང་། ཕྲ་མེན་གྱི་འཁོར་ཐམས་ཅད་ཀྱིས། ཧཱུཾ་ཧཱུཾ་ཞེས་བསྒྲགས་པ་ཙམ་གྱིས་ཞབས་འོག་ཏུ་སོང་བར་དམིགས་ལ་གནས་ལ་བསྟབ་པར་བྱའོ། །ཤར་ཕྱོགས་སུ་བལྟ་བའི་མཆོག་དམར་པོ་སྤྱན་གསུམ་པའི་ཞལ་ནས་ཀྱང་། ཧཱུཾ་ཞེས་བྱ་བའི་སྒྲ་དྲག་པོ་བསྒྲག་ཅིང་ལྗགས་འདྲིལ་བ་ཙམ་གྱིས་ཀྱང་། སྤྱི་གཙུག་ཏུ་རྡོ་རྗེ་ཁ་ཊྭཱཾ་ག་འབར་བ་གསུམ་གནས་པར་བསམ་མོ། །ཡང་ཤར་ཕྱོགས་སུ་འབར་བའི་གཟུགས་ཀྱིས་བལྟ་བར་བྱའོ། །སྨིན་མ་གློག་བཞིན་འབར་བ། སྨིན་མཚམས་ཀྱི་བར་ཁྲོ་གཉེར་གྱི་རླབས་བསྐྱོད་པར་བྱ་སྟེ། རྡོ་རྗེ་འབར་བའི་ཚིག་གི་ཧཱུཾ་ཞེས་བརྗོད་པ་ཙམ་གྱིས་བརྒྱ་བྱིན་དང་། ཚངས་པ་དང་། དེའི་གནས་ཐམས་ཅད། ཕྲ་མེན་མའི་འཁོར་དང་བཅས་པ་ཞབས་འོག་ཏུ་སོང་བར་དམིགས་ལ། གནས་ལ་བསྟབ་པར་བྱའོ། །ཧཱུཾ་ཀཱ་ར་རྒྱུད་དབང་དུ་བསྡུ་བའི་ཕྱིར། ཕྱག་རྒྱས་


DNG018_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

བཅིངས་ལ་དབང་པོ་ཆེར་ང་རྒྱལ་བསྐྱེད་དོ། །ཕྱག་བཅུ་དྲུག་ལ་གཡས་གཡོན་གཉིས་ན་རྡོ་རྗེ་ལྕགས་ཀྱུའི་ཕྱག་རྒྱས་འགུགས་པའོ། །ཕྱག་གཡས་གཅིག་ན་སྦྲུལ་ནག་གི་ཞགས་པ་བསྣམས་པའོ། །ཕྱག་གཡས་པ་གཅིག་ན་རྔེའུ་ཆུང་དང་ཁ་ཊྭཱཾ་གཅིག་ཏུ་འཛིན་པའོ། །ཕྱག་གཡས་པ་གཅིག་ན་ཐོད་རློན་ཁྲག་གིས་བཀང་བ་ནས་དུང་ནང་བསྲེས་པས། འཇིག་རྟེན་གྱི་ཁམས་ཐམས་ཅད་རབ་འབྱམས་མཐའ་ཀླས་པའི་འོད་ཟེར་བདུད་རྩིར་བྱིན་གྱིས་བརླབས་ཏེ་ཟ་བའོ། །ཕྱག་གཡས་པ་བཞི་ནི། རྒྱུན་མི་ཆད་པར་ཟློས་ཤིང་རྡོ་རྗེ་འབར་བས་བརྡེག་གོ། །ཕྱག་གཡས་པའི་དཔུང་རྒྱན་དང་། གདུ་གུ་སྦྲུལ་ནག་པོ་མི་སྡུག་པ་ཁ་ནས་ཟེར་བ་མང་པོ་སྲིད་ཀྱིས། དེ་ལ་མ་འཇིགས་པར་ཁྲོ་བོ་ཆེན་པོའི་སྐུ་སྒོམས་ཤིག་དང་། བདག་ཉིད་ཏིང་ངེ་འཛིན་ལས་མ་གཡོས་པ་དང་།འཁོར་ཐམས་ཅད་ཀྱིས་རང་དབང་མེད་པར་ཕྱག་བྱེད་ཀྱིས་དངོས་གྲུབ་དང་པོ་གཅིག་དང་སྦྱོར་རོ། །དེའི་འོག་ཏུ་གནོད་སྦྱིན་གྱི་ཚུལ་སྟོན་ཅིང་རལ་པ་འབར་བ་ལ། མི་མགོ་མང་པོས་ལུས་བརྒྱན་ཅིང་། ལག་ན་རྡོ་རྗེ་དང་རལ་གྲི་ཐོགས་པ་དག་མིའི་རྒྱུ་མ་སྐེ་ནས་འདོགས་ཤིང་། སྦྲུལ་ནག་པོ་དག་ལུས་ལ་ཟ་བའི་རྣམ་པར་སྣང་བ་དག་འབྱུང་བས་དཀྲིས་ཏེ། རྩིབ་མ་སྐྲ་ཚོམ་དམ་དུ་བསྡམ་པ་དག་འོང་གིས། དེ་ལ་མ་འཇིགས་ཤིག་དང་། དངོས་གྲུབ་དམ་པ་གཉིས་པ་ཐོབ་པ་ཡིན་ནོ། །དེ་ནས་གནོད་སྦྱིན་དང་གྲུལ་བུམ་གྱི་དབང་པོར་འགྱུར་བ་ཡིན་ནོ། །བར་སྣང་ལ་གནས་པའི་ལྷ་ཁྲོ་བོ་རྣམས་ཀྱིས་སྡིགས་པ་དང་། གནོད་པ་སྣ་ཚོགས་འདྲ་བ་བྱེད་དོ། །ལྷ་གཤེགས་པ་དག་གིས་སྒྲ་དྲག་པོ་དག་འབྲུག་གི་སྒྲ་སྒྲོགས་པ་དང་། སྦྲུལ་ནག་པོ་དག་མེ་དང་དུག་ཁ་ནས་སྐྱུགས་པ་དང་། ཨ་ལ་ལ་ཟེར་ཞིང་སྒྲ་འབྱིན་པ་དང་། མིག་གཡས་གཡོན་ཉི་མར་གྱུར་ཏེ་འབར་བའི་གཟུགས་ཀྱིས་བལྟ་བ་དང་། ལྟོ་བ་ཕྱེས་ནས་མི་རོ་གསར་རྙིང་དག་སྟོན་པ་དང་། ཕོ་མོའི་མཚན་མ་ཐམས་ཅད་ཟ་བའི་ཁར་སྒྱུར་ནས། འཇིགས་ཚོགས་ཀྱི་མཆེ་བ་འདར་བ། རྐང་པ་ཕུར་པར་གྱུར་ཏེ། བདག་ལ་འདེབས་


DNG018_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་གནོད་པར་བྱེད་པར་དེ་ལྟས་མགོ་མི་ལྤགས་རློན་པས་གཡོགས་ཤིང་། ལག་པས་རྡོ་རྗེ་བརྡེགས་པ་དག་འོང་གིས་མ་འཇིགས་ཤིག་དང་། དངོས་གྲུབ་གསུམ་པ་ཐོབ་པ་ཡིན་ནོ། །དེ་ནི་ལྷ་ཐམས་ཅད་ཀྱི་དབང་པོར་གྱུར་ཏོ། །དབང་ཆེན་འདུས་པའི་རྒྱུད་ལས། དེ་མན་ཆད་ཀྱིས་དཔལ་དབང་ཆེན་པདྨ་ཧེ་རུ་ཀའི་གལ་པོ་ལས། སྒྲུབ་པ་དོན་གྱི་ལེའུ་སྟེ་དང་པོའོ།། །།སྐུ་གསུང་ཐུགས་ཀྱི་ཆོ་འཕྲུལ་ཅིར་ཡང་བསྒྱུར་ཞིང་ཅིར་ཡང་སྟོན་པ་ཐམས་ཅད་དུ་གནས་ཏེ། གཅིག་ཏུ་མ་ངེས་པའི་ཕྱིར་ན། ཐུགས་ཀྱི་ཆེ་བ་ཉིད་དང་།སྐུའི་ཆེ་བ་ཉིད་ལ་སོགས་ཏེ། སྐུ་གསུང་ཐུགས་གང་ཡང་མ་འགགས་པའི་སྒོ་ནས།བྱིན་རླབས་སོ་སོར་འབྱུང་སྟེ། ཁམས་གསུམ་རྣམ་པར་གནོན་རབ་ཏུ་གནོན་ཏོ། །དཔེར་ན་ཉན་ཐོས་ཀྱི་དགེ་འདུན་རྣམས་ཀྱིས། ལྟ་བ་ཐེག་པ་ཆེན་པོ་མ་མཐོང་སྟེ། འདུལ་བ་ཉི་ཚེ་ལ་གནས་པའི་སྒོ་ནས་སྦྱངས་པའི་བར་སྣང་ལ་གནས་པ་གནོད་སྦྱིན་མཐུ་བོ་ཆེ་ཤིན་ཏུ་ཉེའོ་ཞེས་དྲན་པ་ཉེ་བར་གཞག་པ། དགེ་བ་ཆུང་བ་ལ་གསལ་བར་འབྱུང་ངོ་། །དེ་བཞིན་དུ་སྦྱར་ཏེ། ཉན་ཐོས་ཀྱི་དགེ་འདུན་རྣམས་ལས། དེ་བཞིན་གཤེགས་པ་དམ་ཚིག་ལ་གནས་པའི་ཁྲོ་བོ་རྣམས་ཤིན་ཏུ་རླབས་ཆེའོ། །དེ་ཡང་ཅིའི་ཕྱིར་ཞེ་ན། ཉན་ཐོས་སྐྱེས་བུ་ཆེན་པོ་རྣམས་ཀྱིས་ཞི་བ་ཕྱོགས་གཅིག་པའི་ཏིང་ངེ་འཛིན་གྱིས་ནི། དམངས་རིགས་རྣམས་འདུལ་བ་དང་། ཉན་ཐོས་ཀྱི་ས་ལ་བཞག་པ་རྣམས། གདོན་ནུས་པར་ཟད་ཀྱི། བླ་ན་མེད་པའི་ཐེག་པ་ཆེན་པོའི་དོན་མི་སྤྱོད་པས། ཁྲོ་བོ་ཆེན་པོ་རྣམས་ཀྱིས་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྣམས་སྤྱོད་པའི་ཡེ་ཤེས་བླ་ན་མེད་པ་སྟོན་པའི་ཡོན་ཏན་ཐོགས་པ་མེད་པར་སྤྱོད་པས། ཉན་ཐོས་པའི་མི་ཉེའོ། །རྒྱུའི་དུས་ན་ཡང་མི་ཉེའོ། །དེ་བཞིན་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ནི། སྙིང་གའི་ཉི་མའི་དཀྱིལ་འཁོར་དུ་གྱུར་པ་ལས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ས་ལེར་སྣང་བཞིན་དུ་མེ་ལོང་ལྟ་བུའི་ཡེ་


DNG018_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་དང་སྦྱོར། སེམས་ཅན་གྱི་གནས་དང་། ལྷ་ཀླུ་གནོད་སྦྱིན་ལ་སོགས་པ། སེམས་ཅན་གྱི་རྒྱུ་ལ་སྣང་བ་ཐམས་ཅད་ཀྱང་བདག་གི་ཡེ་ཤེས་ལ་སྣང་བར་ཟད་ཀྱི། གཞན་སུས་ཀྱང་སྣང་བར་མི་ནུས་སོ། །ཤཱཀྱ་ཐུབ་པའི་ཡེ་ཤེས་ཀྱི་དུས་ཡིན་ནོ། །དཔེར་ན་རི་རབ་ལྷུན་པོའི་རྩེར། དཔལ་སྣང་མཛད་ཀྱི་སྐུར་བརླབས་ནས། ལྷའི་རིགས་འཛིན་གནས་པའི་དུས་ནི། ངའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཡིན་ནོ། །ཞེས་སེམས་བསྐྱེད་དོ། །བདག་དང་འཁོར་ཐམས་ཅད་དབུ་མཐོན་མཐིང་ལྟ་བུར་གྱུར་ཏེ། བར་སྣང་གི་ཁམས་བཀང་སྟེ། ཕྱོགས་བཞི་མཚམས་བཞི་ཁྲོ་བོ་དང་། ཁྲོ་མོས་བཀང་སྟེ། གསེར་གྱི་སེང་གེ་སྤྱན་གསུམ་པ་དང་། གླང་པོ་ཆེ་དང་། རྟ་དང་། རྨ་བྱ་དང་། ནམ་མཁའ་ལྡིང་ལ་སོགས་པའི་ཁྲི་སྟེང་། གྲངས་མེད་པ་ལ་གནས་པའི་དུས་ན། འོག་མིན་གྱི་གནས་ན་ཁྲོ་བོ་རྣམ་པར་རྒྱལ་བ། རྡོ་རྗེ་རབ་ཏུ་འབར་བ་ཞེས་བྱ་བ། སྐུ་མདོག་དུང་དཀར་སྦྱོར་བ་དབུ་གསུམ་ལ་ཚར་གསུམ་པ། ཚར་གསུམ་ཉིད་ཀྱང་བུས་པའི་མགོ་རློན་པ་བཏགས་པ་ཞིག་ལས་ཚར་གསུམ་དུ་གྱུར་པའོ། །ལག་པ་བར་བར་ནི་བཅུ་དྲུག་པ། བར་བར་ནི་ཞི་བའི་ཏིང་ངེ་འཛིན། བར་བར་ནི་མེ་ལོང་ལྟ་བུའི་ཡེ་ཤེས། བར་བར་ནི་ཀློང་ཆེན་པོ།བར་བར་ནི་བར་སྣང་གི་ཁམས་ལྟ་བུ། ཡེ་ཤེས་ཧཱུཾ་གི་ཚོགས་ཀྱིས་ཁེངས་པར་བྱེད་པ་དང་། བར་བར་ནི་ཐིབས་པོས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་བདག་གིས་ལྟོ་བོ་ཆེའི་གཞལ་མེད་ཁང་དུ་ཚུད་པ། མཆེ་བ་དཀར་པོ་སྲིད་པ་མ་ལུས་པའི་ཡང་ཐལ་སུམ་ཅུ་རྩ་གཉིས་ཀྱི་སྟེང་དུ་གཙིགས་པ། རལ་པ་དམར་པོ་དཔག་གིས་མི་ལང་བས་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཟིལ་གྱིས་གནོན་པ་བར་བར་དུ་རྡོ་རྗེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རྣམ་པར་སྣང་མཛད་ཆེན་པོ་ངེས་པར་བསྒྱིང་བས་རྡོ་རྗེའི་གནས་ཐམས་ཅད་རབ་ཏུ་སྲ་བར་གྱུར་པས་ནམ་མཁའ་ཁེངས་པ་རབ་ཏུ་འཁྲུགས་པར་བྱེད་པ། ཆོས་ཀྱི་དབྱིངས་དུར་ཁྲོད་


DNG018_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་ཟིལ་གྱིས་གནོན་པར་བྱེད་པ། ཞམ་འབྲིང་རྡོ་རྗེའི་རོལ་མོ་བྱེད་པ་ཁྲག་ཁྲིག་རྗེས་སུ་འདྲེང་བ། རིགས་སྔགས་ཀྱི་རྒྱལ་པོ་རྟ་མགྲིན་དང་རྡོ་རྗེ་ཁྲོ་བོ་ཐམས་ཅད་ཐབས་ཅིག་ཏུ་གཤེགས་པའི་དུས་ན། མདའ་ཐུར་དུ་འཕངས་ན།སུམ་ཅུ་རྩ་གསུམ་གྱི་ལྷ་ཐམས་ཅད། མཁའ་དག་པ་བྱེད་པའི་གནས་ལ་བཞུགས་པའི་ཚེ་ན། ཡེ་ཤེས་ཀྱི་ལྷ་ལ་བལྟས་ནས། བར་སྣང་གི་ཁམས་བདག་གི་ལྷའི་གཞལ་ཡས་ཁང་། ཉི་མའི་འོད་ཟེར་མཚམས་ཀྱི་བར་ཚིགས་ན་དཔལ་རྣམ་པར་སྣང་མཛད་ཅེས་བྱ་བ། སེང་གེའི་གདན་དང་རིན་པོ་ཆེའི་གཞལ་མེད་ཁང་ན།འཁོར་དང་ལྡན་ཏེ་བཞུགས་པ། ལོངས་སྤྱོད་རྫོགས་པའི་སྐུ་བསྟན་ཏོ། །དཔལ་རྣམ་པར་སྣང་མཛད་ལྕང་ལོ་ཅན་གྱི་ཕོ་བྲང་ན་ལྷའི་འཁོར་མང་པོ་དང་ལྡན་ཏེ། ང་ནི་བྱང་ཆུབ་མཆོག་དང་ལྡན་པས། འདི་ལས་གོང་ན་མེད་དོ། །ཞེས་ང་རྒྱལ་སྐྱེས་པའི་ཚེ་ན། ཁྲོ་བོའི་འཁོར་རྣམས་ཀྱི་ཡེ་ཤེས་ལ་སྣང་བར་གྱུར་ཏེ། དེ་དག་ཀྱང་ང་རྒྱལ་གཞོམ་ཞིང་། རིགས་གཅིག་པའི་མཉམ་པ་ཉིད་ཀྱི་ཡེ་ཤེས་དོན་རྟོགས་པར་བྱ་བའི་ཕྱིར། ཐབས་འདི་ལྟ་བུས་འདུལ་ལོ། །རྡོ་རྗེ་ཁྲོ་བོ་ཧེ་རུ་ཀ་ཁམས་གསུམ་རྣམ་པར་རྒྱལ་བས། བར་སྣང་གི་ཁམས་ཐམས་ཅད་ཡི་གེ་ཧཱུཾ་གིས་བཀང་སྟེ། བདག་ཉིད་ཆེན་པོ་བུས་པའི་ཚུལ་དུ་ཆ་བྱད་དུ་བཞུགས་ནས་སེམས་ཀྱི་ཡེ་ཤེས་ལ་སྣང་བའི་ཚད་ནི་ཉི་མ་འབུམ་འདུས་པའི་དཀྱིལ་འཁོར་བས་ཀྱང་གསལ་བར་བྱས་ལ་བདག་གི་འཁོར་གྱི་ལྷ་མོ་གྲངས་མེད་པ་རྣམས་ཀྱང་བདག་གི་ལུས་ལ་འདུས་ནས་ཕྱག་བཞི་པ་སྐུ་ལུས་ཐམས་ཅད་ཀྱང་སྦྲུལ་ནག་པོ་ཁྲོས་པས་སྤུངས་པ་ལུས་ཀྱི་ཡན་ལག་ཐམས་ཅད་ཀྱང་ཐོད་རློན་གྱི་ཕྲེང་བས་བརྒྱན་པ་དབུ་གསུམ་པ་སྟེ། གཡས་དམར་གཡོན་ནག་པོ་དབུས་མཐིང་ག་སྤྱན་གསུམ་གསུམ་ཐད་ཀར་དྲང་པོར་གནས་པ། དབུའི་རལ་པ་ལས་མེ་སྟག་ཕྱོགས་བཅུར་འཕྲོ་བ། ཕྱག་བཞིས་གཡས་པ་དང་པོ་རྔེའུ་ཆུང་། འོག་མ་ན་མདུང་རྩེ་གསུམ་པ། གཡོན་གྱི་དང་པོ་རྡོ་རྗེ་རྩེ་དགུ་པ། ཐ་མ་ན་རྒྱུ་


DNG018_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

མའི་ཞགས་པ་ཐོགས་པས། འདི་སྐད་ཅེས་སྨྲས་སོ། །ཚར་གསུམ་ཅན་གྱི་རྔེའུ་ཆུང་གིས། །ལྕང་ལོ་ཅན་གྱི་ཕོ་བྲང་འཇོམས། །སྣང་མཛད་ཆེན་པོ་ཨ་ལ་ལ། །གནོད་སྦྱིན་ཆེན་པོ་ཨ་ལ་ལ། །ཆོས་ཀྱི་དབྱིངས་ཉིད་ཨ་ལ་ལ། །སངས་རྒྱས་བདེན་ཚིག་ཨ་ལ་ལ། །སེམས་དཔའ་ཆེན་པོ་ཨ་ལ་ལ། །ཞེས་སྨྲས་ནས། རྔེའུ་ཆུང་ལན་གསུམ་བརྡུངས་པས། སྔ་མས་ལྕང་ལོ་ཅན་གྱི་འཁོར་ཐམས་ཅད་ཀྱང་། རྡུལ་ཕྲ་མོ་ཆ་ཤས་ཙམ་དུ་གྱེས་ཏེ།སྟོང་པ་བདག་མེད་པར་གྱུར་པ་དང་། བར་སྣང་གི་ཁམས་ཡི་གེ་ཧཱུཾ་གིས་བཀང་བ་རྣམས་དེ་ལས། ཧཱུཾ་ཧཱུཾ་ཞེས་བྱ་བའི་སྒྲར་གྱུར་པ་ལས། སྔར་རྡུལ་ཕྲ་མོ་ཆ་ཤས་སུ་གྱུར་པ་དེ་དག་ཐམས་ཅད་དབང་དུ་འདུས་ནས། དེ་དག་ཐམས་ཅད་ཏྲི་ཤཱུལ་དང་ཞགས་པ་ཐོགས་པ་ཤ་སྟག་ཏུ་གྱུར་པ་སྟེ། སྟོང་པ་བདག་མེད་པར་གྱུར་པ་དང་། དེ་དག་ཐམས་ཅད་ཀྱང་ཧེ་རུ་ཀའི་འཁོར་དུ་འདུས་ཏེ། རིགས་གཅིག་ཏུ་ངེས་པར་བྱས་སོ། །རྡོ་རྗེ་རྣམ་པར་རྒྱལ་བ་ཁྲོ་བོ་ཆེན་པོ་བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་སྣང་མཛད་ལ་སྙོམས་པར་ཞུགས་ཏེ། ཁྲོ་བོའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དབུ་མཐོན་མཐིང་ལྕང་ལོ་རིན་པོ་ཆེའི་ཁ་ལ་རེག་པ་དང་། ཨིནྡྲ་ནཱི་ལའི་རྒྱུ་ལས་བྱུང་བ་དང་། རིན་པོ་ཆེ་ཐམས་ཅད་ཀྱི་ལྕང་ལོས་བརྒྱན་པ་རིན་པོ་ཆེ་འབར་བ་ལྔས་གཙུག་ཕུད་བྱས་པ། སེ་མོ་དོ་དང་དོ་ཤལ་དང་། མགུར་ཆུ་ལ་སོགས་པ་ཐམས་ཅད་ཀྱི་འོད་གཅིག་གིས་ཀྱང་ཕྱོགས་བཅུར་འཁྲིགས་པ། སྨད་གཡོགས་མེ་ཏོག་ཨུཏྤ་ལ་དང་། པདྨ་དང་། དཔུང་རྒྱན་དང་། པདྨ་སྟོང་དུ་སྤེལ་བས་སྨད་གཡོགས་བྱས་པ། ཞབས་ཀྱི་མཐིལ་ནས་འོད་གཅིག་གིས་ཀྱང་།ཕྱོགས་བཅུར་འཁྲིགས་པ་འོད་ཟེར་བྱེ་བ་ཕྲག་དྲུག་ཅུ་དུས་གཅིག་ཏུ་འགྱེད་པ། འོད་ཟེར་རྣམས་ཀྱིས་ཀྱང་ལྷ་ཀླུ་བྱེ་བ་ཁྲག་ཁྲིག་ཟིལ་གྱིས་གནོན་པར་བྱེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཉི་མའི་ཚོགས་སྤྲིན་ཕུང་བཞིན་དུ་འདུས་པའི་སྟེང་དུ། བདག་ཉིད་བྱང་ཆུབ་མཆོག་གི་ཕྱག་རྒྱ་བཅིངས་ནས། ཨོཾ་ཨཱཿཧཱུཾ།


DNG018_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བརྗོད་པས་ཚུལ་བཞིན་དུ་གནས་པར་བྱའོ། །དེ་ནས་བདག་གི་ཞབས་ཀྱི་སྤྲུལ་པས། ཁྲོ་བོ་ཆེན་པོ་བརྒྱད་མནན་པ་དེ་དག་ཀྱང་། ལུས་ཀྱི་གཟུགས་དགུ་མ་ལགས། རྨི་ལམ་བཞིན་དུ་བོར་ཏེ། ཡང་དག་པའི་དབང་གིས། གཞན་ཐམས་ཅད་ཟིལ་གྱིས་གནོན་པར་བྱེད་པའི། ཇི་ལས་ཀྱང་མི་ཤིགས་པའི་ཧཱུཾ་ཀཱ་ར་བརྒྱད་དུ་དབང་བསྐུར་ཏེ། ཕྱོགས་བཞི་གླིང་བརྒྱད་བླ་འོག་ཏུ་དབང་ཐོབ་པར་བྱའོ། །དེ་ལྟར་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོས་ཐབས་ཕྲ་བ་ནི་མཚན་ཉིད་མེད་པར་དབྱིངས་གཅིག་སྟེ། མིང་དང་མཚན་མས་མི་ཐོགས་པར་ཚུལ་བཞིན་ཤེས་པར་བྱའོ། །ཆོས་ཀྱི་དབྱིངས་མཉམ་པར་ཉིད་ཡིན་པ་ལས། དཀོན་མཆོག་དཔལ་དང་གཙུག་ཏོར་དང་། ལང་ཀར་ཤེས་པ་བསམ་གཏན་དགྲ་བཅོམ་པ་རྣམས་ཀྱིས་སོ་སོར་ཕྱེ་བ་ལས། རྣལ་འབྱོར་མཁས་པའི་དབང་ཕྱུག་ནི། །བདུད་རྣམས་ཐམས་ཅད་རབ་ཏུ་འཇོམས། །བདེ་གཤེགས་མྱ་ངན་འདས་རྣམས་དང་། །བདུད་རྣམས་ཐམས་ཅད་འཇོམས་པའི་ལྷ། །དཔེར་ན་རྣལ་འབྱོར་དབང་ཕྱུག་ཆེན་པོ་རྣམས་ཐབས་རྣམ་པ་སྣ་ཚོགས་པ་ལ་ཚངས་པ་བརྒྱ་བྱིན་ལ་སོགས་པས་ཡང་དང་ཡང་དུ་མཆོད་པ་དང་། དེས་ཅི་བྱ་བ་ཡོད་པའི་བསྒོ་བ་ཐམས་ཅད་དག་བྱེད་བྲན་གྱི་ཚོགས་ནི་དེ་ཡིན་ནོ། །དཔེར་ན་དམ་ཚིག་མཆོག་རབ་ནི། །སྨད་པར་བྱ་བ་མ་ཡིན་ཏེ། །ཁམས་གསུམ་ཀུན་གྱི་དབང་ཕྱུག་མ། །བཙུན་མོ་རབ་ཏུ་སྡུད་པ་ལས། །དྲག་ཏུ་སྨྲ་བ་གང་བྱེད་པ། །སྒེག་པའི་ཚོགས་ཀྱིས་བརྒྱན་ནས་སུ། །སྲི་ཞུ་སེམས་ཀྱི་གདུང་བ་ལ། །ཡེ་ཤེས་ཚོགས་ཀྱིས་རབ་འབྱོར་བ། །མཉམ་པའི་དབྱིངས་ཉིད་ཡེ་ཤེས་ཏེ། །གཉིས་ཀ་ངེས་པར་མཉམ་ན་ནི། །སྟོང་གསུམ་དབང་བསྒྱུར་གདོན་མི་ཟ། །འཇིག་རྟེན་ཁམས་ན་རྒྱ་མཚོ་བཞིན། །གཟུགས་མེད་ཀུན་ལ་ནམ་མཁའི་སྒྲ། །དཔེར་ན་རང་གི་གནས་ཁང་དུ། །རང་གི་གུར་གུམ་ཆག་ཆག་གདབ། །རང་གི་དྲི་རྣམས་མཎྜལ་བྱ། །མེ་ཏོག་ཕྲེང་


DNG018_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

བས་ཀུན་ཏུ་བརྒྱན། །སྤོས་དང་དུ་རུ་ཨ་ག་རུ། །ལི་ཤི་དང་ནི་ག་བུར་དང་། །ཛ་ཏི་ཕ་ལ་མཆོག་ཏུ་བསྔགས། །ལག་པ་ཕུར་པ་མཆོག་ཡིན་ཏེ། །ཞི་བ་སོར་དྲུག་ཟླུམ་པོ་བྱ། །རྒྱས་པ་སོར་བརྒྱད་ཟུར་ཡང་བརྒྱད། །དབང་ལ་ཟླ་གམ་ངེས་པར་བཟང་། །དྲག་པོ་ལ་ནི་སོར་དྲུག་པའོ། །ཀུན་ཀྱང་རྩེ་མོར་ཧཱུཾ་བཞག་སྟེ། །ངོས་སུ་ཧ་ཧ་རུ་ལུ་རུ་ལུ་བསྒོམ། །རྒྱ་མདུད་ཐོགས་ཏུ་ཨོཾ་བསམ་སྟེ། །ཕོ་ཉའི་འོད་ཟེར་དུད་ཁ་སྤྲོ། །ཧཱུཾ་དང་ཕཊ་ཀྱི་སྒྲ་སྒྲོགས་ཤིང་། །བསྐལ་པའི་བྲག་ཆ་ཆེན་པོ་བཞིན། །ཀུན་ཀྱང་རྩེ་མོར་ཧཱུཾ་བཞག་སྟེ། །མིག་གསུམ་པོ་ལ་ལྕགས་སྡེར་ཅན། །མགོ་གསུམ་པོ་ལ་རྐང་གསུམ་པོ། །མི་ཤ་ཟ་ཞིང་བདུད་ཁྱིམ་འཇོམས། །བལྟས་པས་བདུད་རྣམས་ཚིག་པར་བྱེད། །ཀླུ་ཡི་གནས་རྣམས་རབ་ཏུ་འཇོམས། །མགོ་བརྒྱ་པོ་ལ་ལག་བརྒྱ་པོ། །རྐང་བརྒྱ་པོ་ལ་མིག་ཀྱང་བརྒྱ། །ལག་པ་རྡོ་རྗེ་ཕུར་པ་འཛིན། །རྟ་མགྲིན་གནས་ནི་ངེས་པར་འཇོམས། །རྐང་དྲུག་པོ་ལ་མགོ་དྲུག་པོ། །ལག་པ་དྲུག་ལ་མིག་ཀྱང་དྲུག །ལག་པ་དྲུག་གིས་རྒྱུད་དྲུག་འཇོམས། །གཡོན་པ་གསུམ་ནི་གཏོར་མ་འཐོར། །གཡས་པ་གསུམ་ནི་ཕུར་པ་འཛིན། །མགྱོགས་པའི་རླུང་གི་ཤུགས་དང་འདྲ། །འདི་རྣམས་ཁྲོ་བོའི་ཕོ་ཉ་ཡིན། །ཧ་ཧ་རུ་ལུའི་སྒྲ་སྒྲོགས་ཤིང་། །རང་གི་ཕྱོགས་ལ་སོང་བའི་ཚེ། །ཁྲོ་བོ་ཀུན་ཀྱང་ངེས་པར་འཆི། །གང་ནས་གང་དུ་འགྲོ་བའི་ཚེ། །རང་གི་རྐང་པ་ཕུར་པ་ཡིན། །ལྕགས་ཀྱི་ཕུར་པར་རབ་ཏུ་གྲགས། །འོད་ཟེར་དུད་ཁ་རེག་ན་ནི། །ཚངས་པའི་གནས་ཀྱང་རབ་ཏུ་འཇོམས། །ལག་པ་གཡོན་པ་བརྐྱང་ནས་ནི། །ཕྲ་མེན་རྣམས་ཀྱང་འཁོར་དང་བཅས། །ཀུན་ཀྱང་རལ་པ་འབར་བ་ལ། །ལྕགས་ཀྱི་དགྲ་སྟྭ་རབ་ཐོགས་ཏེ། །ཞིང་ཆེན་རབ་ཏུ་འཛིན་པའོ། །བྱང་གི་ཕྱོགས་སུ་རྒྱུག་པ་ནི། །ལྕགས་ཀྱི་ཁྱི་སྟེ་རྐང་གསུམ་པའོ། །ལྕགས་ཀྱི་ལུས་ལ་ཉི་མའི་གཟུགས། །ཕུབ་ཀྱི་ལྕགས་ཀྱུ་འདྲིལ་བ་བཞིན། །བང་ནི་གློག་གིས་བསྐྱད་དུ་མེད། །སྐད་ནི་ནམ་མཁའི་འབྲུག་པས་ཆེ། །རབ་ཏུ་མི་སྲུན་


DNG018_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

འདི་དག་གིས། །ཕྱག་ན་རྡོ་རྗེའི་མཐུ་ཡང་འཕྲོག །རྐང་གཅིག་གྱེན་དུ་བསྒྲེང་བ་ནི། །ཡ་བདུད་ཆེན་པོའི་སྙིང་ནས་འདྲེན། །དམྱལ་ཚོགས་མེ་དཔུང་རྩད་ནས་གཅོད། །རྐང་གཅིག་མཐུར་དུ་བརྐྱང་བ་ཡི། །མ་བདུད་ཆེན་པོའི་སྙིང་ནས་འདྲེན། །དམྱལ་ཚོགས་མེ་དཔུང་རྩད་ནས་གཅོད། །རྐང་གཅིག་ཐད་ཀར་བྱུང་བ་ཡི། །དགྲ་བོ་རྣམས་ཀྱི་སྙིང་ནས་འདྲེན། །འབྱུང་པོ་དག་ཀྱང་དམྱལ་ཐག་ཆོད། །སྐུ་ནི་ལྕགས་ཐག་འཁྲིལ་པ་འདྲ། །ཚེམས་ནི་སྤུ་གྲི་བཤིབས་པ་འདྲ། །མདངས་ལ་ཟ་ཞིང་རེངས་པར་རྒྱུག །གནོད་སྦྱིན་མང་པོ་བསྒྲལ་བའི་མཆོག །དེ་ནི་དཔལ་གྱི་ཕོ་ཉ་སྟེ། །འཇིག་རྟེན་ཁམས་སུ་ཟ་བ་ཡི། །གནོད་སྦྱིན་ཀུན་གྱི་རྟིང་ན་རྒྱུག །གློ་སྙིང་ནང་ཁྲོལ་འབྱིན་ཅིང་ཟ། །བར་སྣང་དཀྱིལ་དུ་ཁྲོས་པའི་ཚེ། །ཉི་ཟླ་ཀུན་ཀྱང་ཐང་ལ་བཟློག །གཟའ་སྐར་ཀུན་ཀྱང་དུམ་བུར་གཅོད། །ཤིན་ཏུ་འཁྲུགས་ཤིང་རྦད་པའི་ཚེ། །བདུད་ཀྱི་སྙིང་ཁྲག་དྲོན་མོ་འཐུང་། །བར་སྣང་ཁམས་ན་གནོད་སྦྱིན་ཀུན། །རྡུལ་ཕྲན་ཕྲ་མོ་བཞིན་དུ་བརླག །ཛ་ལ་ཛ་ལ་ཡཀྵ་ཁཱ་ཧི། དེ་བས་འདི་རྣམས་བསྟན་པའི་ཕྱིར། །དབང་ཆེན་ཉིད་ཀྱིས་བཀའ་སྩལ་པ། །གླུ་བྲོ་དམ་ཚིག་མཆོག་ཡིན་ཏེ། །སྒྲུབ་པའི་ཆོ་ག་རྫོགས་པའི་ཚེ། །ས་ཡི་འོག་ཏུ་འདོམ་གསུམ་བྱ། ། བྲུ་ཡིན་ནམ་བར་བར་རྡོ་རྗེ་སེམས་དཔའ་ཆེ། །ཆ་ལུགས་ཅི་འདྲ་འཁོར་དང་བཅས། །སེམས་ཀྱིས་མཉམ་པར་དགོད་པར་བྱ། །ཕྲ་མེན་འཁོར་ཚོགས་མང་པོ་ཀུན། །གནོད་སྦྱིན་མང་པོ་དང་རོལ་པར་མཛད་ནས། མང་པོ་བདག་ཉིད་རྣམ་པར་རྒྱལ་བའི་ཏིང་ངེ་འཛིན་ལ་ཞུགས། སྐུ་མདོག་དཀར་པོར་བསྒྱུར་བྱས་ཏེ། གླུ་དང་བྲོ་ནི་བསྟན་པར་བྱའི། འཁོར་མང་པོ་དང་མཉམ་པར་འདུག་པའི་དུས་ན། བདག་གི་སྐུ་མདོག་དམར་པོར་བསྒྱུར་རོ། །ལམ་དུ་ཞུགས་ཏེ་འགྲོ་བའི་དུས་ན། སྐུ་མདོག་ལྗང་གུར་བསྒྱུར་ཏེ། ཧེ་ཧེ་ཞེས་བྱ་སྟེ་དགོད་ཅིང་འགྲོའོ། །གང་དུ་ཕྱིན་པའི་དབུས་སུ་ཧཱུཾ་ཞེས་བྱ་སྟེ་འདུག་པར་བྱའོ། །འོན་ཏང་མ་མོ་ཐམས་ཅད་


DNG018_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དུ་བསྒྱུར་བས་ཉལ་བའི་དུས་ན་ཨ་ཞེས་བྱ་སྟེ་ཙོག་ཙོག་པོར་ཡུད་ཙམ་ཞིག་གནས་པར་བྱའོ། །བདག་ཉིད་གསེར་བཙོ་མའི་ཁ་དོག་བཞིན་དུ་འཚེར་བར་འགྱུར་ཏེ། ཀུན་ཏུ་བཟང་མོ་ནམ་མཁའ་ལ་ལངས་ནས། མངོན་སུམ་དུ་འཛུམ་པར་མཛད་ནས་སྙན་པར་སྨྲ་བ་དང་། འདོད་སྦྱོར་གྱི་ལོངས་སྤྱོད་རྩེ་མོ་ཡང་བྱས་པར་བསམ་མོ། །སའི་འོག་ཏུ་མདའ་འཕངས་པས། །གནམ་གྱི་སྟེང་གི་ལྷ་བྲན་འཆི། །སྤྱོད་ལམ་སྒྲུབ་པ་འདི་ལྟར་རོ། །མཚོན་ཐོགས་ཀུན་གྱི་རྒྱལ་པོ་སྟེ། །རལ་གྲི་འཛིན་པའི་རྒྱལ་པོར་གྱུར། །འཇམ་དཔལ་འཁོར་གྱིས་ཕྱག་བྱས་པའོ། །གཞན་ཞིག་ངེས་པར་སྒྲོལ་བ་ནི། །རྡོ་རྗེ་སྲིན་པོའི་ཏིང་འཛིན་བསྒོམ། །རཀྴ་མིག་གིས་བལྟ་བར་བྱ། །ཁ་ནས་སྔགས་ཀྱི་ཚིག་ཟློས་ཤིང་། །ཕ་རོལ་རྣམ་ཤེས་ཧཱུཾ་གིས་དྲང་། །སྙིང་གར་ཐིམ་པ་དམིགས་བྱས་ན། །ཕ་རོལ་མངོན་སུམ་འཆི་བར་འགྱུར། །མགོ་དང་མིག་དང་རྐང་ལག་དག །ཡ་མཱནྟ་ཀའི་འཁོར་ལ་དབུལ། །གཞན་རྣམས་ལྷག་པར་གང་ཡོད་པ། །ཧེ་རུ་ཀ་དཔལ་དབུལ་བར་བྱ། །མགོ་དགུ་པོ་ལ་རྐང་གཅིག་པོ། །ལུས་ནག་པོ་ལ་འོད་ཕུང་ནག །རལ་པ་ནག་ཅིང་མཆེ་བ་ནག །མིག་ཀྱང་ནག་ཅིང་ལུས་ནག་པོ། །མགྱོགས་ནི་རླུང་གིས་བསྐྱད་དུ་མེད། །འདི་དག་ཕོ་ཉའི་མཆོག་ཡིན་ཏེ། །ཞུམ་པ་མེད་པའི་སྟོབས་ཆེན་འཇོམས། །འདི་དག་དཔལ་གྱི་ཕོ་ཉ་སྟེ། །གཡོན་པ་གསུམ་ནི་ལྕགས་ཀྱུ་འཛིན། །གཡས་པ་གསུམ་ནི་སྟྭ་གྲི་ཕྱར། །ཡན་ལག་སྦྲུལ་ནག་མཆོག་གིས་བརྒྱན། །ལྕགས་ཀྱུ་རྣམས་ཀྱིས་སྙིང་ནས་འདྲེན། །གཡས་ཀྱི་སྟ་གྲིས་ངེས་པར་འཇོམས། །འདི་ནི་སྒོ་སྲུང་མཆོག་ཡིན་ཏེ། །ཕོ་ཉ་ཀུན་ཏུ་མངག་པར་བྱ། །བགེགས་རྣམས་ངེས་པར་ཕུང་བར་བྱེད། །གནོད་སྦྱིན་ཕྲ་མེན་འཁོར་བཅས་ཀྱིས། །བདག་ལ་རབ་ཏུ་གཙེས་གྱུར་ན། །ཕག་གི་བརྟུལ་ཞུགས་ཆེན་པོ་ནི། །ས་ཡི་འོག་ཏུ་མངོན་སུམ་བྱ། །ལས་ཀྱི་ཧཱུཾ་ཞེས་བརྗོད་པར་བྱ། །མཱཾ་ས་དག་ཀྱང་མང་དུ་བཟའ། །ནམ་མཁའ་ལ་ནི་སེམས་དཔའ་བསམ། །


DNG018_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

བགྲང་ཕྲེང་གླད་ལ་བསྐོར་བར་བྱ། །དེ་ལྟར་བྱས་ན་བདག་རྒྱལ་ཞིང་། །ནད་གཏོང་རྣམས་ནི་འཆི་བར་འགྱུར། །རྐང་གཅིག་དག་གི་ཕོ་ཉ་ནི། །ཁ་དོག་ཟླ་བ་ཅི་འདྲ་སྟེ། །གཅིག་ལ་གཅིག་ནི་རབ་ཏུ་འཁྲིལ། །ཡང་ན་ལག་པ་སྦྲེལ་ཏེ་འགྲོ། །མིག་ཀྱང་མེད་དེ་ཅང་མི་སྨྲ། །ལོང་བ་ཀུན་གྱི་མཆོག་ཡིན་ཏེ། །སྟངས་སྟབས་དག་གི་ཕོ་ཉ་ནི། །ལན་འགའ་དྲག་ཏུ་མངགས་པའི་ཚེ། །གཉིས་ཀ་བསྡོངས་ཏེ་དེར་ཕྱིན་ནས། །གང་ལ་དམིགས་པ་ལེན་པར་བྱ། །སུས་ཀྱང་བཟློག་པར་མི་འགྱུར་རོ། །གནོད་སྦྱིན་རྣམས་ནི་འཁོལ་འདོད་ན། །གནོད་སྦྱིན་གཟུགས་ནི་ཁྲག་གིས་བྲི། །དུར་ཁྲོད་ཆེན་པོ་མངོན་སུམ་དུ། །དེ་ཡི་སྙིང་གར་ཕུར་མནན་ནས། །འགུགས་པའི་བརྟུལ་ཞུགས་ཧཱུཾ་ཞེས་བཟླས། །མ་འོངས་པར་དུ་བཟླས་ན་ནི། །ཞག་བདུན་དག་གིས་ཁུག་པར་འགྱུར། །གནོད་སྦྱིན་ཀུན་ལ་ཅི་དགར་སྤྱད། །བདག་གི་བྲན་དང་འདྲ་བར་འགྱུར། །ཕྲ་མེན་རྣམས་ནི་འཁོལ་འདོད་ན། །ཕྲ་མེན་གཟུགས་ནི་ཁྲག་གིས་བྲིས། །ཡན་ལག་ཕུར་པས་བཏབ་ནས་ནི། །སྙིང་གར་རྡོག་པས་རབ་མནན་ཏེ། །དགུག་པའི་བརྟུལ་ཞུགས་ཧཱུཾ་ཞེས་བཟླས། །ཞག་བདུན་གྱིས་ནི་ངེས་པར་འོང་། །ཕྲ་མེན་རྣམས་ནི་དགའ་བར་འཁོལ། །ཁོང་གིས་འགལ་ན་ཁོང་རྣམས་འཆི། །བདག་གིས་འགལ་ན་བདག་ཉིད་ཉམས། །འགྲོ་ཉལ་འདུག་སྡོད་ཅི་བྱེད་ཀྱང་། །འཁོར་དང་བཅས་པའི་བསྙེན་པ་བཟླས། །ནངས་པར་མལ་ནས་ལངས་ནས་ཀྱང་། །ཡི་དམ་མནོས་པའི་ས་ཕྱོགས་སུ། །གོམ་གསུམ་འཕགས་ན་དྲན་པར་བྱ། །བཤང་གཅི་བྱེད་པའི་ས་རྣམས་སུ། །དྲི་ཆེན་ལག་ཏུ་བླངས་ནས་ཀྱང་། །ཕྱོགས་བཅུ་ཀུན་ཏུ་ཁ་བལྟས་ཏེ། །སུས་མ་མཐོང་བར་ཁམས་གསུམ་བཟའ། །དྲི་ཆུ་ཁྱོར་བ་གང་དག་ནི། །སུས་མ་མཐོང་བར་ཐེངས་གསུམ་བཏུང་། །ཤིན་ཏུ་དབེན་པའི་ས་ཕྱོགས་སུ། །ཡན་ལག་བཞི་ནི་ས་ལ་གཟུགས། །ཕག་སྐད་ཐེངས་


DNG018_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ངུར་བར་བྱ། །རུ་ལུ་རུ་ལུ་ཚལ་པ་ཚལ་པ། ཁ་ཡ་ཁ་ཡ། རཀྟ་རཀྟ། བྷནྡྷ་བྷནྡྷ། མ་ཏང་ཁ་རུ་ཤག །ཁ་ཁ་ཁཱ་ཧི་ཞེས་བྱང་གི་ཕྱོགས་སུ་ཁ་བལྟས་ཏེ། གནོད་སྦྱིན་དབང་དུ་བསྡུ་བའི་ཕྱིར། །དྲི་ཆེན་མདུན་དུ་བཞག་ནས་ནི། །མི་སྐད་ཐེངས་གསུམ་བོས་ནས་ནི། །རུ་ལུ་རུ་ལུ་ཁ་ལོང་ཁ་ཁ་ལོང་ཁ། ཀུ་ཀུ་རཀྵ་འགྲིན། ཧ་ལ་ཧ་ལ་ཁཱ་ཧི། ཉིན་དང་མཚན་དུ་ཐུག་ཕྲད་དུ། །རིགས་མ་འཆོལ་བར་སྦྱོར་བར་བྱ། །སྐྱེ་བོས་མཐོང་ན་དམ་ཚིག་ཉམས། །སུས་མ་མཐོང་ན་དངོས་གྲུབ་ཡིན། །བྱང་ཆུབ་སེམས་ནི་ལྕེ་ལ་བཞག །དུས་དང་རྣམ་པ་མེད་པར་ནི། །སྦྱོར་བ་ཁོ་ནས་ལས་སུ་བྱ། །སྐབས་ལ་བབ་པའི་དུས་དུས་སུ། །དུར་ཁྲོད་གནས་སུ་བྱུག་པར་བྱ། །ཞིང་དང་བྷནྡྷ་མང་པོ་བསོགས། །རང་གི་སྨན་སངས་གང་ཡིན་པ། །སྐྱེ་བོ་རྣམས་ལ་ཐག་བསྲིངས་ནས། །སྲོད་དང་ཐོ་རངས་ནམ་གྱི་གུང་། །རོ་དང་ཉིན་ཕྱེད་དགོང་ཀའི་དུས། །དབྱངས་ཀྱི་སྐད་དུ་ཤེས་པར་བྱ། །དུས་དྲུག་ཀུན་ཏུ་རྔེའུ་ཆུང་བརྡུང་། །སྲོད་ལ་འཁོར་གསུམ་བྲོ་བརྡུང་སྟེ། །ནུབ་ཀྱི་ཕྱོགས་སུ་ཁ་བལྟས་ལ། །རྟ་སྐད་འཚེར་བའི་གླུ་སྙན་བླངས། །རུ་ལུའི་བསྙེན་པ་འབུམ་བཟླས་ཤིང་། །སྣུམ་ཆེན་གསུར་གྱི་སྤོས་མེ་བཏང་། །ནམ་གྱི་གུང་ལ་མི་ཉལ་བར། །ཕྲིན་ལས་གོང་མ་བཞིན་དུ་བཟླས། །བྱང་གི་ཕྱོགས་སུ་ཁ་བལྟས་ཏེ། །དབྱངས་ཀྱིས་ཤིན་ཏུ་བརྡུང་བར་བྱ། །དེ་ཡང་བསྙེན་པ་གོང་མ་བཞིན། །དུས་ལ་བབ་པའི་བྲོ་མཆོད་ལ། །ཕྱི་ནང་དྲག་ཏུ་མཚམས་བཅད་ནས། །རྔེའུ་ཆུང་ལྡིར་ལྡིར་ལན་གསུམ་བརྡུང་། །དབྱངས་ནི་ཡིད་ཙམ་གདུང་བར་བྱ། །དེ་ཡང་དུས་དྲུག་ཀུན་ཏུ་བླངས། །ཤ་ཁྲག་གཏོར་མ་མཆོད་པ་བཤམས། །གླུ་བྲོ་ཤར་གྱི་ཕྱོགས་སུ་དབུལ། །གཏོར་མ་ཆ་གསུམ་བཏང་བ་ཡིས། །ཉི་མ་ཕྱེད་ཀྱི་དུས་སུ་ནི། །ལྷོ་ཡི་ཕྱོགས་སུ་ཁ་བལྟས་ཏེ། །གྲུལ་བུམ་སྐད་ནི་གཙོ་རུ་བྱ། །ཕྲིན་ལས་དགོངས་པ་གོང་མ་བཞིན། །དངོས་མཆོད་དུས་ལ་བབ་པའི་ཚེ། །སྒྲིན་པོ་ཀློག་པའི་ཆོ་ག་བྱ། །


DNG018_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

ཧ་ཅང་སྐད་ནི་མི་ཆེ་བར། །དེ་ཡང་རྔེའུ་ཆུང་དིར་དིར་བརྡུང་། །དབྱངས་ནི་ཡིད་ཙམ་གདུང་བར་བླངས། །དེ་ཡང་དུས་དྲུག་ཀུན་དུ་ཡང་། །གསང་བའི་མཆོད་པ་རྒྱུན་མི་གཅད། །མི་ཡི་བུ་མོ་བསྟེན་པར་བྱ། །ལན་འགའ་དེ་དང་མ་ལྡན་ན། །ཀུ་ཀུ་ར་དང་ར་ལ་སོགས། །བ་དང་བུད་མེད་གང་ཡང་རུང་། །ཤིན་ཏུ་དགོན་གནས་མེད་པའི་ཚེ། །བྱེས་དང་འགྲོན་པོ་བྱེད་པ་དང་། །ལུས་ལ་སྤྲུལ་པའི་ལྷ་མོ་ཡིས། །སྦྱར་བའི་དམ་ཚིག་མི་གཅད་དོ། །འདི་ལྟར་བྱས་ན་དངོས་གྲུབ་ཐོབ། །རྒྱུན་དང་རྒྱུན་མི་གཅད་པར་རོ། །སྨན་ནི་ལུས་ལ་བསྲེལ་བར་བྱ། །སྒྲུབ་པ་ཆེན་པོ་བྱེད་པའི་ཚེ། །སྲོག་ལ་བབ་པའི་གལ་ཡོད་ཀྱང་། །དམ་བཅས་དེ་ནི་མ་བྱུང་ཚེ། །མི་དང་འཕྲད་པར་མི་བྱ་སྟེ། །གཏམ་དང་ཁ་རླངས་འདྲེས་པ་བཅད། །དེ་ལྟར་བྱུང་ན་ཞག་གསུམ་དུ། །བདག་གི་ཕྱག་རྒྱ་འབྲལ་མི་བྱ། །ཕྱག་ནད་དག་གིས་འཆི་བར་འགྱུར། །ལས་སུ་དམ་རྫས་བསགས་པར་བྱ། །གྲངས་ཀྱི་ཚད་ནི་འདི་ལྟར་ཏེ། །ཞིང་པ་ཕོ་ཉ་བསླབ་པ་བཞིན། །བྷན་དྷ་བཅུ་གསུམ་ལྕང་ལོ་ཅན། །དགུ་ལས་ཉུང་ན་འགལ་བར་བཤད། །དུང་ཆེན་མཚན་དང་ལྡན་པ་ལ། །ངས་ཐོབ་པ་ཡི་ཡོ་བྱད་རུང་། །ཞལ་བཞིའི་གདོང་གས་མེད་པ་ལ། །ཁ་དོག་ཚོན་གྱིས་མདོག་བསྒྱུར་ཏེ། །ཡང་ན་ལྔའམ་དྲུག་ཙམ་མམ། །མིན་ན་དགུ་འམ་བཅུ་གཅིག་གོ། །ཕྱོགས་སྐྱོང་གཞུང་དང་མཐུན་པར་བསྟན། །མཆོག་ཕུར་གྲངས་ཀྱང་དེ་བཞིན་ཏེ། །ཐོད་པ་བུ་ག་མེད་པ་ལ། །ཁ་དོག་ཚོན་གྱིས་མདོག་བསྒྱུར་ཏེ། །མཐུག་སྲབ་ཆུང་བའི་ཟླུམ་པོ་ནི། །དཀྱིལ་འཁོར་དབུས་སུ་བཞག་པར་ཤེས། །སྐྱོན་མེད་གཞན་ནི་ཕྱོགས་མཚམས་དགོད། །སྨན་དང་རཀྟ་དྲི་ཆུ་དག །མཱཾ་ས་དཀྱིལ་འཁོར་ཁྱབ་པར་དགྲམ། །སྟེགས་བུའི་ཚད་ནི་འདི་ཡིན་ནོ། །འདོམ་གང་གྲུ་བཞི་ལྷམ་པ་རུ། །དབུས་སུ་འཁོར་ལོ་ཟུར་དྲུག་བྲི། །ཡང་ན་པདྨ་ཁ་བརྒྱད་བྲི། །བར་ཁྱམས་ཀུན་དུ་ཐོད་པ་བྲི། །སྒོ་བཞི་ཆུ་སྲིན་ཁ་ཡང་བྲི། །ཐོད་པའི་ཕྱི་རིམ་རེ་རེ་བྲི། །དེ་ཡི་ཐ་མ་རྡོ་རྗེས་


DNG018_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར། །ལེའུ་ཚེ་དགུ་པ་ཡན་ཆད་བགྱིའོ། །དབང་ཆེན་འདུས་པའི་ཏནྟྲ་ལས། གལ་པོ་ལས་རྒྱུད་ཀྱི་ལེའུ་སྟེ་གཉིས་པའོ།། །།ཐོག་མར་གཞལ་ཡས་ཁང་བསྒོམ་སྟེ། །ཚངས་པ་ཆེན་པོ་མངོན་སུམ་དུ། །དམིགས་པའི་ཏིང་འཛིན་སྔགས་ཀྱིས་བསྒྲལ། །ཉན་ཐོས་མདོ་སྡེ་ཀྲི་ཡ་དང་། །ཐེག་པ་ཆེན་པོ་ཡོ་ག་དང་། །གསང་བ་ཡི་ནི་ཐེག་པ་གསུམ། །གཞུང་དང་མཐུན་པའི་གཞལ་ཡས་ཁང་། །སྒོ་བཞི་རྟ་བབས་མུ་ཁྱུད་བཅས། །དྲག་པོ་ཁྲོ་བོའི་ཁྱམས་ལ་སོགས། །ཚངས་པའི་གདུང་ཆེན་གཤག་ཏུ་གཏམས། །ཡང་ན་ཚངས་པའི་གཞལ་ཡས་ནི། །བརྒྱ་བྱིན་ལྷ་ཡི་དབང་པོ་བསྒྲལ། །ཁྱབ་འཇུག་ཆེན་པོ་འཁོར་དང་བཅས། །ཐེག་མཆོག་ཨ་ནུ་ཡོ་ག་ཡི། །ལུགས་ལས་བྱུང་བའི་གཞལ་ཡས་བསྒོམ། །ཡང་ན་ཚངས་པའི་གཞལ་ཡས་ནི། །ཐེག་ཆེན་རྒྱལ་པོ་ཨ་ཏིའི་གཞུང་། །ཁྱབ་དང་གནས་དང་འབྱུང་ལ་སོགས། །རྣམ་པ་གསུམ་པའི་གཞལ་ཡས་ཁང་། །སྣོད་བཅུད་འབྱུང་བའི་ཡུམ་དུ་གསལ། །ཏིང་འཛིན་གསལ་བས་སྐད་ཅིག་ལ། །བསྐྱེད་ནས་གསང་བ་ཡུམ་གྱི་མཁའ། །བྷ་ག་དགྱེས་པའི་ངང་དུ་བསྒོམ། །དེ་ཡི་དཀྱིལ་དུ་བདག་པོ་དམིགས། །དེ་ལ་རང་བཞིན་མེད་པ་སྟེ། །ནམ་མཁའ་ལྟ་བུར་རབ་རྟོགས་ནས། །གཞལ་ཡས་ཁང་ནི་ཞེས་གསུངས་སོ། །དབང་ཆེན་འདུས་པའི་ཏནྟྲ་ལས། གཞལ་ཡས་ཁང་ཚངས་པའི་ལེའུ་སྟེ་གསུམ་པའོ།། །།སྐལ་བར་ལྡན་པའི་རྣལ་འབྱོར་པས། །ལོག་རྟོག་དངོས་པོ་གཞོམ་པ་དང་། །ཆོ་འཕྲུལ་མངོན་དུ་བསྟན་པའི་ཕྱིར། །ཧཱུཾ་མཛད་ཆེན་པོའི་ཏནྟྲ་ལས། །སྐལ་བའི་ཐོག་ཐོས་ཐོག་གསལ་བའི། །ལེའུ་དགོངས་པའི་རྒྱུད་དང་མཐུན་པའི་ཕྱིར། །དང་པོ་ཏིང་འཛིན་རྣམ་གསུམ་ལས། །རྒྱུ་ཡི་ཏིང་འཛིན་ཧཱུཾ་དམར་གསལ། །དེ་ཡི་སྐད་ཅིག་ཏིང་འཛིན་ལས། །ཁ་དོག་ལྔ་ཡི་འབྲུ་བསྒོམ་སྟེ། །དབང་ཆེན་དཀྱིལ་འཁོར་རིམ་པ་བཞིན། །ཁ་དོག་གསུམ་པོའི་འབྲུ་ཉིད་ལས། །དབང་པོ་རྐྱེན་དང་འཚམས་པའི་


DNG018_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

གནས། །ཐུག་པ་མེད་པའི་གཞལ་ཡས་ཁང་། །ཆོས་ཀྱི་དབྱིངས་དང་མཉམ་པར་བསྐྱེད། །དེ་ཡི་ནང་དུ་དམིགས་པ་ཡང་། །ཆོ་ག་གསུམ་དང་ལྡན་པའི་ཧཱུཾ། །དེ་ལས་ཞེ་སྡང་རྡོ་རྗེའི་སྐུ། །རྒྱུ་ལས་པདྨ་ཧེ་རུ་ཀ །པདྨ་ཤྲཱི་ཧེ་རུ་ཀ །ཧ་ཧ་ཧཱུཾ་ཛ། ས་བོན་སྔགས་ཀྱིས་གསལ་བར་གྱུར། །ཧཱུཾ་ཧྲཱྀཿཕཊ། ཨཱོཾ་ཨ་ཧྲཱྀཿམ་ཛ་ཛ་ཧུ་ལུ་ཛ་ཤན་པྲ་བེ་ཤ་ཡ། བཛྲ་བཛྲ་ཛྭ་ལ། ཡཀྴ་བཛྲ་ཧཱུཾ་བྷྱོ། བཛྲ་ཧཱུཾ། ཨཱ་ར་ལི་ཨ་ལིང་ཨ་ཧི་ནི་ཤ་ཙ་ཏ་ཀ་བ་མ་ཏི་ཙཀྲ། སྐུ་བསྐྱེད་གསལ་བར་གྱུར་པ་དང་། །ལོག་རྟོག་གཞོམ་ཕྱིར་འདི་གསུངས་སོ། །ཐོག་སེར་འབར་བ་དབབ་པའི་ཕྱིར། །ཧཱུཾ། དབང་ཆེན་རྒྱལ་པོ་ཐོག་ཐོག་འབེབས། །ཧཱུཾ་དང་ཕཊ་ཀྱིས་སྲིད་གསུམ་འཁོར་བ་འཇིག །ཧཱུཾ་མཛད་ཧཱུཾ་གི་བྱིན་རླབས་བསམ་མི་ཁྱབ། །རྡོ་རྗེ་ཁྲག་འཐུང་ཁྲག་གི་རྒྱ་མཚོ་སྐེམ། །རྡོ་རྗེ་མཚོན་ཆེན་གནམ་ལྕགས་མཐུར་འདྲིལ་བ། །གསང་སྔགས་ལོག་པར་ལྟ་བའི་བདུད་རྣམས་འཇོམས། །འཇིག་རྟེན་འདི་དང་ཕ་རོལ་གཉིས་སུ་ཡང་། །གདུང་བ་སེལ་ཅིང་དུག་གསུམ་རྩད་ནས་གཅོད། །མ་ཧཱ་ཙཎྜ་སརྦ་དུཥྚཾ། ཏ་ཀ་ཧ་ན་པ་ཙ་ཧཱུཾ་ཕཊ། ལོག་རྟོག་དྲེགས་པ་བསྒྲལ་ནས་ཀྱང་། །རབ་ཏུ་རྔམ་པའི་ཚིག་གིས་བསྔགས། །སྐྲག་ཅིང་དབང་དུ་འདུས་པར་འགྱུར། །ཚངས་པ་ལ་སོགས་ལྷ་ཆེན་རྣམས། །ཐོག་ཐོག་དབང་གིས་མྱོས་གྱུར་ཏེ། །སེམས་ནི་བླ་མེད་གནས་སུ་སྤར། །ཙཀྲ་ཞེས་ནི་སྔགས་དག་གིས། །དབང་གི་སྐུ་བསྐྱེད་ཆེ་བཙན་སྐུ། །ཤངས་ཀྱི་སྒོ་ནས་ཐོག་ཐོག་འཁྲིལ། །འཁོར་བ་ལུས་ཀྱི་རྣམ་རྟོག་བཅོམ། །ཨཱོཾ་གྱིས་ཉེས་བྱས་ཐམས་ཅད་སྦྱངས། །ཧཱུཾ་གིས་སེམས་ཀྱི་གཟུང་འཛིན་སྤང་། །སྭཱ་ཡིས་ང་རྒྱལ་རི་བོ་བཤིག །ཧཱ་ཡིས་ཕྲག་དོག་གནས་སུ་དག །ཁམས་གསུམ་རྒྱུད་དྲུག་མ་ལུས་ཀུན། །ཡེ་ཤེས་མཚོན་ཆ་ཐོག་ཐོག་གིས། །སྒྲོལ་བར་མ་གྱུར་ཅིག་ཀྱང་མེད། །ནན་ཏན་ཐུགས་རྗེས་བསྐྱེད་པའི་ཕྱིར། །འཁོར་བའི་དོང་སྤྲུག་ཆེན་པོ་མཛད། །མངོན་སྤྱོད་ཡ་མཚན་ཆེན་པོ་ཡིས། །


DNG018_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་དང་ཙ་ར་འབྱོར་ཚོགས་ལ། །ནན་ཏན་གྱིས་ནི་པྲ་བེ་ཤ །ཧཱུཾ་གིས་རྒྱལ་སྲས་གཞོན་ནུའོ། །གཡུང་དྲུང་ལྟ་བུའི་སྐུ་ཡང་ཐོབ། །འདུ་འབྲལ་མེད་པའི་དབྱིངས་སུའོ། །དེ་ནས་ཕུང་པོ་བཤིག་བྱ་སྟེ། །ལྷག་མ་བརྒྱད་ལ་བྲོ་བརྒྱད་བརྡུངས། །མགོ་ལ་ལིངྒ་གནོན་པའི་བྲོ། །ཙིཏྟ་འཁོར་བའི་བྲོ་མོ་ཆེ། །རྣམ་ཤེས་ཏ་ཀྲྀཏ་བརྒྱད་བྲོའོ། །ཡན་ལག་ལྷ་མོ་ཟ་བྱེད་སྟབས། །ནང་ཁྲོལ་ངན་སོང་གནས་ཀྱི་བྲོ། །གཡང་གཞི་མ་མོ་འཁྲུག་པ་བརྡུང་། །བརླ་བཞིར་ཁྲོ་བོ་ཟིལ་གནོན་བྱ། །ཨོཾ་ནཱ་ཤ་ཡ་སྟྭམ་བྷ་ཡ་ན། ཡཀྴ་སུམ་བྷ།གན་དི་རི་རི་ཤ །བྷནྡྷ་དི་རི་ཤ །ཧཱུཾ་ཀཱ་ར་པྲ་བེ་ཤ་ཕཊ། བྷ་ག་ཝཱན། མ་ཧཱ་ཙྪིནྡ་ཧཱུཾ་ཙྪིནྡ་ཧཱུཾ་ཕཊ། ཀྲོ་དྷ་ནི་ཀྲོ་དྷ་ནི་ཧཱུཾ་ཕཊ། ཚོགས་དང་གཏོར་མའི་ལས་ཀྱང་བྱ། །ཐོག་མངོན་སེར་བ་འབེབས་པ་ཡི། །རྡོ་རྗེ་དུར་མོའི་ཏིང་ངེ་འཛིན། །གསལ་ནས་སྔགས་ནི་བཟླས་པར་བྱ། །མ་ཧཱ་ཙཎྜ་སརྦ་དུཥྚཱན། ཧ་ན་ཏ་ཀ་པ་ཙ་ཧཱུཾ་ཕཊ། ཛྭ་ལ་རཾ། རཾ་ཛྭ་ལ་ཧཱུཾ་རཀྵ་རཀྵ་ཧཱུཾ་རཾ། ཛི་ན་ཏ་མོ་རཾ། མ་ཧཱ་རུ་ལུ་ཤ །ཨེ་ཧྱེ་ཧི་བྷ་ག་ཝཱན། གསེར་ལ་བཏབ་ཏེ་གཏོར་མ་བྱ། །དེ་ཡི་ཚིག་ཀྱང་རབ་ཏུ་བརྗོད། །ཨངྐུ་ཤ་ཞེས་བགྲང་བར་བྱ། །ལས་ནི་ངེས་པར་བསྒྲུབ་བྱ་ན། །མཁའ་ལྡིང་རྫས་ལ་དབང་བཙུག་སྟེ། །ཆུ་མིག་ལྐུགས་པའི་ཀླུ་ལ་གཏད། །ཐོག་ཐོག་འབེབས་ཤིང་དགྲ་བོ་འཆི། །ངེས་པར་འདི་ལ་ཐེ་ཚོམ་མེད། །དབང་ཆེན་འདུས་པའི་རྒྱུད་ལས། ཐོག་འབེབས་ཀྱི་ལེའུ་སྟེ་བཞི་པའོ།། །།གནོད་སྦྱིན་ཕྲ་མེན་འཁོར་བཅས་ཀྱིས། །བདག་ལ་རབ་ཏུ་གཙེས་གྱུར་ན། །དཀའ་ཐུབ་བརྟུལ་ཞུགས་སྨྱོན་པ་ཡིས། །ས་ཡི་འོག་ཏུ་འདོམ་གསུམ་བྱ། །ལས་ཀྱི་ཧཱུཾ་ཞེས་ཅུང་ཟད་འདས། །མཱཾ་ས་དག་ཀྱང་མང་དུ་བཟའ། །ནམ་མཁའ་ལས་ནི་སེམས་དཔའ་བསམ། །བགྲང་འཕྲེང་ཀླད་ལ་ལན་གསུམ་བསྐོར། །དེ་ལྟར་བྱས་ན་བདག་རྒྱལ་ཞིང་། །ནད་གཏོང་རྣམས་ནི་འཆི་བར་འགྱུར། །ཁྱི་ཡི་བརྟུལ་ཞུགས་ཆེན་པོ་ཡིས། །རུ་ལུ་རུ་ལུ་ཁ་ཏང་ཁ། ཀུ་ཀུ་རཀྵ་རཀྵ་གྷྲྀ་ཧྞ་གྷྲྀ་ཧྞ།


DNG018_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

ཧ་ལ་ཧ་ལ། ཛྭ་ལ་ཁ་ཁཱ་ཧི། ཉིན་དང་མཚན་དུ་ཐུག་ཕྲད་དུ། །རིགས་མ་འཆོལ་བར་སྦྱོར་བར་བྱ། །སྐྱེ་བོས་མཐོང་ན་དམ་ཚིག་ཉམས། །སུས་མ་མཐོང་ན་དངོས་གྲུབ་ཡིན། །སྦྱོར་བའི་བྱང་སེམས་ལྕེ་ལ་བཞག །རང་གིས་དབེན་རི་གང་ཡིན་པ། །སྐྱེ་བོའི་གནས་དང་ཐགས་བསྲིངས་ཏེ། །དགུག་པའི་བརྟུལ་ཞུགས་ཆེན་པོ་ཡིས། །དབྱངས་ཀྱང་དྲག་ཏུ་བླང་བར་བྱ། །བྱ་ཡི་བརྟུལ་ཞུགས་ཆེན་པོ་ཡིས། །དབྱངས་ཀྱང་དྲག་ཏུ་བླང་བར་བྱ། །རྟ་ཡི་བརྟུལ་ཞུགས་ཆེན་པོ་ཡིས། །ཁམས་གསུམ་དུམ་བུར་གཏུབ་པར་བྱ། །ཕག་གི་བརྟུལ་ཞུགས་ཆེན་པོ་ནི། །སྲིད་གསུམ་ཁྲོན་དུ་བརྐོ་བར་བྱ། །ཁྱི་ཡི་བརྟུལ་ཞུགས་ཆེན་པོ་ཡིས། །དམྱལ་ཁམས་ཟས་སུ་ཟ་བར་བྱ། །སྲོད་དང་ཐོ་རངས་བྲོ་བརྡུང་བ། །དཀའ་ཐུབ་སྨྱོན་པའི་བྲོ་བརྡུང་སྟེ། །རུ་ལུའི་བསྙེན་པ་འབུམ་བཟླས་ཏེ། །གནོད་སྦྱིན་ཕྲ་མེན་འཁོར་བཅས་ཀྱང་། །བདག་གི་དེ་ནི་དབང་དུ་འགྱུར། །ཀླུ་དབང་གི་སྐད་བྱད་དུ་གཟུགས། །ཁྱི་ཡི་དཀའ་ཐུབ་སྨྱོན་པ་ཡིས། །ནུབ་ཏུ་རྟ་སྐད་འཚེར་བ་བྱ། །རྟ་ཡི་བྲོ་སྟེ་དང་པོ་ཡིན། །ནམ་གྱི་གུང་ལ་ཕག་སྐད་དབྱུང་། །ཕག་གི་བརྟུལ་ཞུགས་ཆེན་པོ་སྟེ། །གནོད་སྦྱིན་བྲན་དུ་འཁོལ་བ་ཡིན། །དེ་ལྟར་བྱས་ན་བརྟུལ་ཞུགས་སུ། །ཧཱུཾ་ཞེས་བྱ་བའི་བརྟུལ་ཞུགས་ཀྱིས། །ཧཱུཾ་ཞེས་བྱ་བའི་དཀྱིལ་འཁོར་ཀུན། །བདག་གི་ལུས་ལ་གཞུག་པར་བྱ། །དུས་ལ་བབ་པའི་བྲོས་མཆོད་ལ། །རྔེའུ་ཆུང་ལན་གསུམ་བརྡུང་བར་བྱ། །དེ་ནས་དགྲ་བགེགས་འདུལ་བའི་ཕྱིར། །བརྟུལ་ཞུགས་ཏིང་འཛིན་ཞུགས་ནས་ཀྱང་། །གླུ་བྲོ་དམ་ཚིག་བཞིན་དུ་བླང་། །སྒྲུབ་པ་ཆེན་པོའི་བར་ཆོད་ལ། །བརྟུལ་ཞུགས་ཆེན་པོས་བསྒྲལ་ནས་ཀྱང་། །དུས་གསུམ་རྒྱལ་བའི་སྲས་སུ་བསྐྱེད། །ལྷོ་ཡི་ཕྱོགས་སུ་ཁ་བལྟས་ནས། །གྲུལ་བུམ་སྐད་དུ་ཀུ་ཅོ་འདོན། །དཀའ་ཐུབ་ཆེན་པོ་ཡིན་པའི་ཕྱིར། །སུ་དང་གཏམ་ཡང་དེ་མི་བྱ། །སྨྱོན་པའི་ཚུལ་དུ་མཆོངས་པ་ཡིས། །གནོད་སྦྱིན་ཕྲ་མེན་རྣམས་ཀྱང་བརྒྱལ། །ནམ་ཡང་བདག་གི་དབང་དུ་འགྱུར། །ཉན་ཐོས་དབང་དུ་བསྡུ་བའི་ཕྱིར། །སྔགས་ཀྱི་དཀའ་ཐུབ་ཆེན་པོ་ཡིས། །བདུད་རྩི་ལྔ་ལ་ལོངས་


DNG018_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་བྱ། །མ་སྤངས་པར་ནི་དབང་དུ་བསྡུ། །ནན་དབང་དྲག་ཤུལ་སྨྱོན་ཐབས་སུ། །སུ་དང་འཕྲད་པ་སྦྱོར་ཞིང་བསྒྲལ། །འདི་ནི་དཔལ་གྱི་ཐུགས་དམ་སྟེ། །རྒྱུན་མི་འཆད་པར་སྤྱད་ན་ནི། །བདག་གི་ཇི་ལྟར་འདོད་པ་བཞིན། །དཀའ་ཐུབ་བསྲུངས་པས་དངོས་གྲུབ་བོ། །འདི་ལ་སོམ་ཉི་ཅི་སྟེ་ཟ། །དབང་ཆེན་འདུས་པའི་ཏནྟྲ་ལས། དཀའ་ཐུབ་སྨྱོན་པའི་ལེའུ་སྟེ་ལྔ་པའོ།། །།སྐལ་དང་ལྡན་པའི་སྒྲུབ་པ་པོས། །ཀླུ་རྒྱལ་ཟིལ་གྱིས་གནོན་པའི་ཕྱིར། །གཞུང་ལས་བྱུང་བའི་ཏིང་འཛིན་བསྒོམ། །ཧཱུཾ་ལས་ཕྱག་རྒྱ་གདན་དང་བཅས། །དམར་པོའི་དབུ་ལྔ་ཕྱག་བཅུ་དྲུག །གསལ་བར་བསྒོམ་པའི་བྱིན་རླབས་ཀྱིས། །ཀླུ་ཆེན་དབང་དུ་བསྡུ་བའོ། །ཕྱག་རྒྱ་ཀླུ་རྣམས་རབ་ཏུ་བསྣམས། །དེ་ལྟར་གསལ་བས་མ་ལུས་བསྒྲལ། །ཀླུ་ཡི་རིགས་བཅས་དབང་དུ་བསྡུས། །གཡས་ཀྱི་དབང་པོ་བསྣམས་པ་ནི། །ཀླུ་ཆེན་རྒྱལ་རིགས་དང་དུ་བསྣམས། །གཡས་ཀྱི་དང་འོག་དུང་སྐྱོང་བསྣམས། །དེ་ཡི་འོག་མ་སྟོབས་རྒྱུ་བསྣམས། །འཁོར་བ་འདི་ལས་སྒྲོལ་བའི་བདག་པོས་སོ། །དེ་ཡི་འོག་མས་ནོར་རྒྱས་བུ། །འོག་མས་མ་དྲོས་བུ་བསྣམས་པའོ། །སོག་མ་མེད་ཀྱང་རབ་ཏུ་བསྣམས། །འོག་མས་སྟོབས་ལྡན་རབ་ཏུ་བསྣམས། །འོག་མ་ཉིད་ཀྱིས་གཟི་ལྡན་འཛིན། །གཡོན་གྱི་ཕྱག་ན་འཛིན་པ་ནི། །ཐོག་མར་ཀར་ཀོ་ཊ་བསྣམས་པའོ། །འོག་མས་བལྟ་ན་སྡུག་ཀྱང་འཛིན། །འོག་མས་སྟོབས་རྒྱུ་རབ་ཏུ་བསྣམས། །འོག་མས་ཟླ་བ་ཅན་ཡང་འཛིན། །འོག་མས་དུང་སྐྱོང་རབ་ཏུ་བསྣམས། །འོག་མས་གང་བ་བཟང་པོ་སྟེ། །དེ་འོག་ནོར་བུའི་མགྲིན་ཡང་བསྣམས། །ཀླུ་ཡི་རྒྱལ་པོ་དེ་རྣམས་ནི། །སྙིང་གར་དབང་གི་ཞབས་ཀྱིས་བརྐྱང་། །ཚམ་རྔམས་སྟབས་དང་ཆས་པའོ། །རྫོགས་པ་ཆེན་པོ་ཡིན་པའི་ཕྱིར། །སྐུ་བསྐྱོད་འོག་ཏུ་གཞལ་ཡས་ཁང་། །སྦྲུལ་ནག་གྲུབ་པའི་འབྱམ་ཀླས་པའི། །མཐའ་དང་མཉམ་པར་དམིགས་པར་བྱ། །དེ་ཡི་དབུས་སུ་བསྒོམ་པ་ཡང་། །གཙོ་བོ་ཡབ་ཡུམ་འཁོར་དང་བཅས། །ཧཱུཾ་ལས་རྫོགས་པའི་ཚུལ་དུ་བསྐྱེད། །དེ་ནས་གསང་བའི་བསྙེན་པ་དབུལ། །བསྙེན་པའི་སྔགས་ནི་འདི་དག་ནི། །པདྨ་


DNG018_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཧཱ་ཤྲཱི་ཧེ་རུ་ཀ །ཨེ་ག་དེ་མ་ཧཱ་སུ་གེ་ཧཱུཾ་ས་མ་ཡ་ཧོ། ནཱ་ག་པྲ་བེ་ཤ་ཛ་ཞེས་བྱ། རྫུ་འཕྲུལ་མཆོག་དང་ཕྱག་རྒྱ་དང་། །དྲག་པོའི་ཕྲིན་ལས་ཉི་ཚེ་བ། །སྒྲུབ་པའི་དུས་སུ་ཀླུ་ཡང་བསྒོམ། །བསྙེན་པ་ཆོས་ཀྱི་དབྱིངས་ནས་གྲངས། །སྒྱུ་འཕྲུལ་འཕྲོག་ཕྱིར་བསྙེན་པར་ཞུགས། །ཀླུ་རྣམས་དབང་དུ་བསྡུ་བའི་ཕྱིར། །མགྲིན་སྔོན་ལ་སོགས་རྣམ་ཤེས་ནི། །གསེར་ཞུན་ལྟ་བུར་གྱུར་ནས་ནི། །གཟི་ལྡན་བྷ་གའི་དབྱིངས་སུ་བླན། །གནས་ཀྱི་རང་བཞིན་ལྷུན་གྱིས་གྲུབ། །སྐུ་ཡི་གཤོག་པ་མཁའ་དང་མཉམ། །བར་ནས་གསེར་གྱི་མེ་ཏོག་འཕྲོ། །བྱེ་མས་འཇིགས་ཞེས་དེ་ལ་སྔགས། །ཁྱུང་ལྟར་གནས་པས་ཀླུ་ཆེན་གནོན། །དབང་དུ་གནས་པས་ཀླུ་རྒྱལ་འདུལ། །རྫུ་འཕྲུལ་ཕྲོགས་པས་དངོས་གྲུབ་ཐོབ། །ཀླུ་ཡི་ལེའུ་ཞེས་པ་བརྗོད། །དཀྱིལ་འཁོར་བསྡུ་བ་སྔ་མ་བཞིན། །ཧཱུཾ་གི་སྤྲོ་བསྡུས་དབྱིངས་སུ་བསྡིམ། །དབང་ཆེན་འདུས་པའི་ཏནྟྲ་ལས། ཀླུ་རྒྱལ་རྫུ་འཕྲུལ་གྱི་ལེའུ་སྟེ་དྲུག་པའོ།། །།ཚངས་པ་གནས་ཀྱི་ཕོ་བྲང་གིས། །ཚངས་པ་དབྱངས་ཀྱི་གླུ་དྲུག་ནི། །དྲེང་ངེ་བ་དང་དུང་ངེ་བ། །ཤ་དྷ་བ་དང་ག་རྫ་བ། །ཅང་ཀ་དེ་དང་པང་ཀ་དེ། །གླུ་དྲུག་བླངས་པས་དོན་དྲུག་འགྲུབ། །དྲེང་ངེ་བ་ཡི་གླུ་བླངས་པས། །ཚངས་པ་ལྷ་ཡི་དཀྱིལ་འཁོར་ནས། །སྐུ་ཡི་དངོས་གྲུབ་ཆེན་པོ་ཐོབ། །དུང་ངེ་བ་ཡི་གླུ་བླངས་པས། །བརྒྱ་བྱིན་ལྷ་ཡི་དབང་པོ་ཡི། །གསུང་གི་དངོས་གྲུབ་ཆེན་པོ་ཐོབ། །ཤ་དྷ་བ་ཡི་གླུ་བླངས་པས། །རྒྱལ་པོ་ཆེན་པོ་བཞི་རྣམས་ཀྱི། །ཡོན་ཏན་ཆེན་པོའི་དངོས་གྲུབ་ཐོབ། །ག་རྫ་བ་ཡི་གླུ་བླངས་པས། །ཕྱོགས་སྐྱོང་ཆེན་པོ་བཅུ་རྣམས་ཀྱི། །ཡོན་ཏན་ཆེན་པོའི་དངོས་གྲུབ་ཐོབ། །ཅང་ཀ་དེའུའི་གླུ་བླངས་པས། །འབུམ་ཕྲག་ཡངས་པའི་མཁའ་འགྲོ་མའི། །དངོས་གྲུབ་རླབས་ཆེན་འཁྲིགས་པ་ཐོབ། །པང་ཀ་དེའུའི་གླུ་བླངས་པས། །སྲིད་པ་དབང་སྡུད་བྲོ་མོ་ཆེ། །དྲེགས་པའི་ཡུལ་དག་དབང་དུ་སྡུད། །པདྨ་གར་གྱི་བྲོ་དྲུག་ནི། །བདུད་བཞི་ཐལ་བར་བརླག་པ་ནི། །འཁོར་བའི་ཕྱི་ནས་འདྲེན་པའི་བྲོ། །དྲེང་ངེ་བ་ཡི་གླུ་དང་སྦྱར། །སྡུག་བསྔལ་ནད་སེལ་ཐུགས་རྗེའི་


DNG018_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

བྲོ། །དུང་ངེ་བ་ཡི་གླུ་དང་སྦྱར། །ཐུགས་དམ་དབྱིངས་སུ་བསྐུལ་བའི་བྲོ། །ཤ་དྷ་བ་ཡི་གླུ་དང་སྦྱར། །ཡེ་ཤེས་རྒྱན་གྱི་བྲོ་མོ་ཆེ། །ག་རྫ་བ་ཡི་གླུ་དང་སྦྱར། །ཚངས་པ་དབྱངས་ཀྱི་གླུ་དང་སྦྱར། །མ་མོ་འཁྲུགས་པའི་བྲོ་མོ་ཆེ། །ཅང་ཀ་དེའུའི་གླུ་དང་སྦྱར། །ལངྈ་བསྒྲལ་བའི་བྲོ་མོ་ཆེ། །པང་ཀ་དེའུའི་གླུ་དང་སྦྱར། །ཚངས་པ་དབྱངས་ཀྱི་གླུ་བླངས་ནས། །པདྨ་གར་གྱི་བྲོ་བརྡུངས་པས། །ཁམས་གསུམ་མ་ལུས་དབང་དུ་འགྱུར། །དབང་ཆེན་འདུས་པའི་ཏནྟྲ་ལས། བུ་མོ་དྲུག་གི་གླུ་བླངས་ཀྱི་བྲོ་ཞེས་བྱ་བའི་ལེའུ་སྟེ་བདུན་པའོ།། །།སྟོང་གསུམ་འཇིག་རྟེན་རབ་འབྱམས་ཀུན། །མཐུ་ཆེན་ལང་ཀའི་རྒྱལ་པོ་ཡི། །ཁྱད་པར་རྫུ་འཕྲུལ་རྣམ་འཕྲུལ་ཏེ། །གཉེན་པོར་གྱུར་པ་གཞན་མེད་ནས། །གཞན་ལས་བཟང་བའི་ཏནྟྲ་ལས། །ངེས་པའི་ལུང་དུ་གསང་བའི་ལེའུ། །ལང་ཀ་གནོན་པ་ཞེས་ཀྱང་བྱ། །སྲིན་པོ་མནན་ཕྱིར་འདི་གསུངས་སོ། །དང་པོ་ཏིང་འཛིན་རྣམ་གསུམ་ལས། །རྒྱུ་ཡི་ཏིང་འཛིན་དམིགས་པ་ཡང་། །ཆོ་ག་གསུམ་དང་ལྡན་པའི་ཧཱུཾ། །འཕྲོ་འདུ་རྡོ་རྗེ་རབ་ཏུ་དམིགས། །དེ་ལས་གར་གྱི་གླུ་གསལ་ཞིང་། །དབུ་ལྔ་བཅུ་དྲུག་བསྒོམ་པ་ཡང་། །སྙིང་པོ་སྔགས་ཀྱི་འཕྲོས་པར་བསྒོམ། །ཧྲཱྀཿཕཊ་ཨོཾ་ཨཱཿཧཱུཾ། ལུ་རཾ་ཨ་བཛྲ་ཨེ་ཨཱ་ར་ལི་ཛ། དེ་ལས་སྤྲོ་བསྡུ་གསལ་བ་ལས། །རྒྱུ་རུ་བརྟན་པར་གྱུར་པ་དང་། །ཉིད་ཀྱིས་འདུལ་བར་ཞལ་འཆེས་ཏེ། །སྡིགས་མཛུབ་ནམ་མཁར་འཕྱར་བ་ཡང་། །བསྐལ་པའི་མེ་ལྕེ་འབར་བ་ལས། །ཨ་ལ་ལ་ཡི་ཐོག་ཐོག་འཁྲུགས། །དེ་ཡང་ཐུགས་རྗེ་གསང་བའི་ཐབས། །ཀླུ་དང་ནམ་མཁའི་སྙིང་ནས་འདྲེན། །སྒྲོལ་སྔགས་དྲག་པོས་རབ་ཏུ་བསྒྲལ། །འདྲེན་པའི་སྙིང་པོས་ཙིཏྟ་ཕྱུང་། །སྲིན་པོ་བཞི་ཡང་རྣམ་པར་སྤྲུལ། །མེ་སྦྲུལ་རྣམས་སུ་དེ་བཞིན་ཏེ། །ཕུང་པོ་ལས་ནི་གཞལ་ཡས་ཁང་། །ཚོགས་བརྒྱད་དུར་ཁྲོད་བརྒྱད་དུ་གྲགས། །བཀའ་དང་མཐུན་པའི་གཞལ་ཡས་སུ། །རྒྱན་དང་ཆ་ལུགས་གསུངས་པ་བཞིན། །དེ་ཡི་ནང་དུ་དམིགས་པ་ཡང་། །འཁོར་ལོ་འབར་བའི་གཞལ་ཡས་བསྒོམ། །གསང་བའི་རྫས་དང་མཆོད་པར་བཅས། །


DNG018_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་ཡོན་ཏན་བསམ་མི་ཁྱབ། །ལྕེ་ལ་རྩིབས་དང་གྲུ་ཆད་དང་། །མུ་ཁྱུད་བར་ཁྱམས་སྒོ་ཁྱུད་བཅས། །སྦས་ཤིང་དབྱིངས་སུ་བསྡིམ་བྱས་ཏེ། །དབྱིངས་ནས་འབར་བའི་སྐུ་ཡང་བསྐྱེད། །སྐད་ཅིག་མ་ཡི་ཏིང་འཛིན་ལས། །ཧཱུཾ་ལས་སྐུ་བསྐྱེད་འབར་བ་ཡིས། །ཀླུ་དང་ལང་ཀ་བཅད་གཏུབ་སྟེ། །ཉོན་མོངས་ལྔ་ཡང་གནན་པར་བྱ། །དེ་ལྟར་བཟླས་ནས་མནན་ནས་ཀྱང་། །འཁོར་གྱི་ལྷ་མོས་བསྟོད་པ་གསུངས། །བསྡུ་བར་བྱ་བའི་ལུང་དུ་གྲགས། །འབར་བའི་ཞབས་གང་འོད་ལྟ་བུ། །མཆོད་རྟེན་ཆེན་པོ་བཞི་ལ་འདུས། །ལོང་བའི་ཚོགས་ལ་རིམ་པ་བཞིན། །ང་སུ་ར་བཞིན་བདག་ཉིད་དེ། །སྐྱེ་བ་མེད་པའི་དབྱིངས་ལ་བསྡུ། །དཀྱིལ་འཁོར་བསྡུ་བར་གསུངས་པ་ཡི། །མཆོད་རྟེན་སྒོ་ཁྱུད་རིམ་པ་བཞིན། །དེ་ནས་བསྒྲུབ་རྫས་བསུ་བ་ཡང་། །ཤ་ཁྲི་མནན་པའི་ཁྲག་ལ་བསུ། །ཁྲག་དང་ཙན་ནི་སྔ་མ་བཞིན། །ལས་ཀྱི་གནན་པ་བྱ་བའི་ཕྱིར། །སྤྲོ་བའི་ཐབས་ནི་འདི་དག་གོ། །སྐུ་གསུང་ཐུགས་དང་ཕྱག་རྒྱ་འཕྲོ། །མཚོན་ཆ་ལ་སོགས་སྔ་མ་བཞིན། །ལས་ཀྱི་རྣམ་པ་བྱ་བའི་ཕྱིར། །ཀླུ་དང་སྲིན་པོ་མནན་པའི་ཐབས། །ཧོམ་ཁུང་དག་ཏུ་མནན་པའི་ཕྱིར། །ལིངྒའི་གནས་སུ་མནན་པར་བྱ། །མེ་ལྷ་གཞུང་བཞིན་བསྒོམས་ལ་བཞག །རབ་གནས་སྦྱིན་སྲེག་བྱ་བའམ། །རྔ་ཡི་རོལ་མོས་དྲངས་ཏེ་བྱའོ། །མི་མཐུན་ཕྱོགས་བཞི་ཧཱུཾ་དུ་གཏམས། །དཀྱིལ་འཁོར་བསྡུ་བ་བསྟན་པའི་ཕྱིར། །སྒོ་ལྔ་ལ་སོགས་དབུས་ནས་ལེན། །དབང་ཆེན་འདུས་པའི་ཏནྟྲ་ལས། ལངྈའི་ལེའུ་སྟེ་བརྒྱད་པའོ།། །།ཐོད་རྒལ་འཇིགས་པའི་ཕྲིན་ལས་ཀྱིས། །རྣལ་འབྱོར་དགྲ་བོ་འདུལ་བའི་ཕྱིར། །རྒྱུད་ལས་འབྱུང་བའི་ངེས་པའི་ལུང་། །འདི་དག་གིས་ནི་བཀྲེས་སྐོམས་འཇོམས། །བདེ་བ་ཆེན་པོའི་ཐུགས་རྗེའི་ལེའུ། །ཕྲ་མེན་རྔམས་ཐབས་ཞེས་ཀྱང་བྱ། །དེ་ལ་ཉི་མ་འབུམ་གྱིས་རབ་བསྐོར་བ། །སྲིད་གསུམ་མ་ལུས་བསྲེག་པའི་དབང་དང་ལྡན། །སྤྲིན་མེད་གསལ་བའི་འོད་ཟེར་འབར་བ་འཕྲོ། །དེ་སྟེང་པདྨ་ཁ་སྟོང་ལྡན་པ་ལས། །རྡོ་རྗེ་རྩེ་གཅིག་པདྨའི་སྙིང་པོར་གནས། །དེ་དབུས་ཧཱུཾ་ལས་བྱོལ་སོང་སྐྱེ་གནས་འཇོམས། །


DNG018_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་གསལ་བྱེད་ཉི་ཟླ་འོད་ཀྱི་ལུང་། །པདྨའི་ལྟེ་བར་གནས་པའི་རྡོ་རྗེའི་དཀྱིལ། །ཧཱུཾ་ལས་འོད་འཕྲོས་མི་རྣམས་བག་ཆགས་སྦྱངས། །འཁོར་ལོ་རྩིབས་སྟོང་ལྡན་པའི་ཧཱུཾ་དུ་གྲགས། །དེའི་སྟེང་བྷཱུཾ་ལས་ཡིད་བཞིན་གཞལ་ཡས་ཁང་། །རྒྱལ་ཆེན་ཕྱོགས་སྐྱོང་ལ་སོགས་ཀ་དང་གདུང་། །མེ་རི་ཐོད་ཕྲེང་ལ་སོགས་སྦྲུལ་གྱིས་བརྒྱན། །དེའི་དབུས་རྡོ་རྗེ་སེམས་དཔའི་ཕྱག་རྒྱར་གསལ། །དེ་ནི་རྡོ་རྗེ་སེམས་དཔའི་ལུང་དུ་གྲགས། །དེ་ལས་ཧཱུཾ་གི་འོད་ཟེར་གསལ་བ་ལས། །ཞེ་སྡང་རྡོ་རྗེའི་སྐུ་རུ་ཐུན་མོང་བསྒོམས་ནས་ཀྱང་། །ཤངས་ནས་ཁྲོ་བོ་ཧཱུཾ་དྲུག་སྒྲ་འཐོན་པས། །རྒྱུད་དྲུག་གནས་པའི་འཁོར་བའི་རྩད་གཅོད་དོ། །སྤྲོས་ནས་རིམ་པ་བཞིན་དུ་ཐིམ་བྱས་ནས། །ཁྲོ་བོར་གྱུར་པའི་ཧཱུཾ་གི་ལེའུའོ། །ཧཱུཾ་དེ་ལས་འབར་བའི་སྐུ་བསྐྱེད་གསལ་བ་ལས། །ལྗགས་ཀྱི་དཀྱིལ་དུ་ཧཱུཾ་ལས་རིན་པོ་ཆེ། །ཨཱོཾ་ལ་སོགས་པའི་འཕྲོ་འདུ་ལས། །དཔལ་ཆེན་འབར་བའི་སྐུར་གསལ་ཏེ། །ཁང་བུ་ལྔ་དང་ལྡན་པར་དམིགས། །དེ་དབུས་རྟ་མགོ་ལྗང་གུར་བསྒོམ། །སྦྲུལ་ནག་སྟོང་གིས་རྒྱན་དུ་མཛེས། །ཐོད་པ་ཚར་གསུམ་བརྗིད་པར་ལྡན། །ཞིང་ལྤགས་གཡས་ན་ཤམ་ཐབས་ཅན། །ཕྱི་ནང་གཤོག་པ་ནམ་མཁའི་མཐའ་དང་མཉམ། །གསང་བའི་ལྷ་མོ་རྡོ་རྗེ་དྲ་བ་ཅན། །འགྲོ་བ་མ་ལུས་དབང་དུ་སྡུད་པའི་ཡུམ། །བཅུ་དྲུག་ཕྱག་ན་མཚོན་ཆ་སྣ་ཚོགས་བསྣམས། །ཞེ་སྡང་གདུག་པའི་དགྲ་བགེགས་མང་པོ་འདུལ། །ཞབས་ཀྱི་ཆས་དང་ཁྲོ་བོ་བརྒྱད་གནོན་སྦྱོར། །དཔའ་བོ་ལ་སོགས་ཏིང་འཛིན་བརྒྱད་དང་སྦྱར། །འཁོར་གྱི་མེ་འབྲུག་རླུང་འབྲུག་ལ་སོགས་ནི། །རང་སྔགས་སྙིང་པོས་ཕྱོགས་མཚམས་ཐིམ་པར་རོ། །ཀླུ་འབྲུག་སྔོན་པོ་རྩ་བའི་སྔགས་ཀྱིས་བསྒོམ། །རླུང་གི་ཤ་བ་ལྗང་གུ་རབ་ཏུ་སྔགས། །ལོང་བ་རྒྱབ་འདྲེལ་མང་པོ་དམིགས་པ་ཡང་། །ཡང་སྤྲུལ་བྱེ་བ་འབུམ་དང་བཅས་པ་སྟེ། །ཕྱོགས་བཞི་ནས་ནི་རྣམ་པར་འཁྲུགས་པའོ། །ཕྱི་རིམ་དམུས་ལོང་འཁོར་བ་ཅན། །ཤྭ་རི་ཀ་ལི་སྒྲས་བསྐྱེད་ཅིང་། །མཐའ་དབུས་མེད་པར་ཁྱབ་པའོ། །ཁམ་རྒྱ་ཆེན་མོ་དྲུག་རྣམས་ནི། །དཀྱིལ་འཁོར་


DNG018_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

གྲྭ་རྣམས་སུ་ཡང་གསལ། །ཡེ་ཤེས་དཔལ་གྱི་ཁྱི་བརྒྱད་ནི། །ཕྱོགས་བཞི་དང་ནི་མཚམས་ནས་དགྱེས། །མ་ལུས་དགྲ་རྣམས་མཆེ་བས་གཅོད། །ཕྱི་རིམ་ལྕགས་ཀྱི་སྤྱང་མོ་བརྒྱད། །དགྲ་བོ་རྣམས་ལ་རྦད་པར་བྱ། །དེ་ལྟར་ཕྱག་རྒྱ་རྫོགས་པ་དང་། །སྐུ་ཉིད་འཁོར་ལ་སྦས་པ་སྟེ། །ཕྱོགས་བཞི་དབུས་ལྔ་ཁང་བུར་སྦ། །རྟ་མགོ་ལ་སོགས་རིམ་པ་བཞིན། །དེ་ཡང་ཆོས་ཀྱི་དབྱིངས་སུ་བསྡུ། །ད་ནི་ཕུར་པའི་ལས་བྱ་སྟེ། །རྒྱ་མདུད་འཁོར་ལོའི་ཚུལ་དུ་སྦ། །སྤྱི་བོར་པདྨ་ཁྲག་འཐུང་སྟེ། །ཟུར་བརྒྱད་ལོགས་བརྒྱད་རྒྱབ་འདྲེལ་ཚོགས། །རྒྱ་མདུད་འོག་མར་དམུས་ལོང་དམིགས། །རྩེ་མོར་ལྕགས་ཀྱི་ཁྱི་མོ་བསམ། །ངོས་ལ་ལྕགས་ཀྱི་སྤྱང་མོ་སྟེ། །རྩེ་མོར་ཁྲོ་བོ་དམིགས་བྱ་ལ། །མགོ་དགུ་བརྩེགས་པ་ཟུར་ལའོ། །ད་ནི་བསྡུ་བར་བྱ་བ་ཡང་། །སྒོ་སྲུང་སྤྱང་མོ་ཉིད་ལའོ། །སྤྱང་མོ་ཞབས་ཀྱི་ཆས་བརྒྱད་ལའོ། །སྤྱང་མོ་རྣམ་ཤེས་བརྒྱད་པོ་ལའོ། །དེ་ཡང་དུར་ཁྲོད་བརྒྱད་ལ་འདུས། །དུར་ཁྲོད་ཡེ་ཤེས་ཆེན་པོ་སྟེ། །དེ་ཡང་མི་གནས་ཡེ་ཤེས་ལའོ། །མེ་འབྲུག་གཤོག་པ་ཉིད་ལ་འདུས། །གཤོག་པ་སྐུ་ཡི་རྒྱན་ལའོ། །དེ་ཡང་ཚོན་སྣ་ལྔ་ལ་འདུས། །ཚོན་སྣ་དབུ་རྒྱན་ལྔ་ལའོ། །དེ་ཡང་རིན་ཆེན་ཁང་བུ་སྟེ། །དེ་ཡང་སྐུ་གསུང་ཐུགས་ལ་བསྡུ། །དེ་ཡང་ཆོས་ཀྱི་དབྱིངས་སུ་བསྡུ། །དབྱིངས་ཀྱང་ཀུན་གཞི་ཉིད་དུ་སྟེ། །མི་དམིགས་ཆོས་སྐུ་ཆེན་པོར་གནས། །དབང་ཆེན་འདུས་པའི་ཏནྟྲ་ལས། ཡན་ལག་སྤྲོས་པའི་ལེའུ་སྟེ་དགུ་པའོ།། །།ཨཱོཾ་དྷརྨ་དྷཱ་ཏུ་བྷ་ག་མཎྜ་ལ་གུ་ཧྱ་སི་ཏི་ཧཱུཾ་ཞེས་བརྗོད་པས། རིན་པོ་ཆེའི་གཞལ་ཡས་ཁང་ནམ་མཁའ་དང་མཉམ་པ་གཅིག་བསྒོམ། ཡང་འོད་ཟེར་གྲངས་མེད་པ་གཅིག་འཕྲོས་ནས་ཡང་འདུས་པ་ལས། བཛྲ་སཏྭ་ཧཱུཾ། ཡ་ཐ་བཛྲ་སརྦ་ཏ་ཐཱ་ག་ཏ། ཏ་ཐཱ་ཨ་ཧཱུཾ་ཞེས་བརྗོད་པས། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དབུ་གསུམ་ཕྱག་དྲུག་པ། གཡས་དང་པོ་རྡོ་རྗེ། བར་མ་འཁོར་ལོ། ཐ་མ་རིན་པོ་ཆེ། གཡོན་


DNG018_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་དྲིལ་བུ། བར་མ་པདྨ། ཐ་མ་རལ་གྲི་སྐུ་རྣམས་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཞིག་བསྒོམ། ཧཱུཾ་དྲག་ཏུ་བརྗོད་པས་ལྷའི་ཤངས་ནས། ཧཱུཾ་དམར་པོ་འཇིག་རྟེན་གྱི་ཁམས་གང་བར་བསྒོམ། འཕྲོས་འདུས་པ་ལས་འདི་སྐད་དོ། །ཧཱུཾ་གིས་སྲིད་གསུམ་མ་ལུས་དབང་དུ་བསྡུས། །ཧཱུཾ་གིས་ཉོན་མོངས་དུག་གསུམ་མུན་ཁང་འཇོམས། །ཧཱུཾ་གིས་ཐམས་ཅད་འཇིགས་ཤིང་ཐམས་ཅད་བསྡུ། །ཧཱུཾ་གིས་བླ་མེད་བྱང་ཆུབ་གནས་སུ་སྒྲོལ། །ཧཱུཾ་གིས་ངན་སོང་གནས་ཀུན་སྟོངས་པར་བྱེད། །ཧཱུཾ་གིས་དུས་གསུམ་རྒྱལ་བ་ཐམས་ཅད་བསྐྱེད། །ཨཱོཾ་པདྨ་ཤྲཱི་ཧེ་རུ་ཀ །པདྨ་ད་ར་ཧྲིཾ་ཞེས་བརྗོད་པས། བཅོམ་ལྡན་འདས་པདྨ་ཧེ་རུ་ཀ་སྐུ་ཆེ་ལ་ཡན་ལག་རགས་པ། སྐུ་མདོག་ཉི་མ་དམར་ཐག་འདྲ་བ། དབུ་ལྔ་ཕྱག་བཅུ་དྲུག་པ་ཞབས་དམར་པོ་བརྒྱད་པ་ཞིག་གསལ་བར་བསྒོམ། དེ་ནས་ལག་པ་གཡོན་པའི་མཛུབ་མོ་བསྒྲེངས་ནས། ཁམས་གསུམ་སྡིགས་པར་བྱས་ནས་འདི་སྐད་དུ། ཕྱག་རྒྱ་ཆེན་པོ་འདིས་བཅིངས་ལ། །ཁྲོ་རྒྱལ་དཀྱིལ་འཁོར་ཐམས་ཅད་ཀྱིས། །བདུད་ནི་རྣམ་པར་སྡིགས་ཞེས་བྱ། །ཕུང་བྱེད་ཐམས་ཅད་འཇིགས་པར་བྱེད། །བདུད་དང་མུ་སྟེགས་ཐམས་ཅད་འཇིགས་པར་བྱེད། །བགེགས་དང་ལོག་འདྲེན་ཐམས་ཅད་འཇིགས་པར་བྱེད། །ཐམས་ཅད་མ་ལུས་དབང་དུ་སྡུད། །ཨོཾ་པདྨ་ཤྲཱི་ཧེ་རུ་ཀ །ད་ཤ་བ་ལ་ཏེ་ཛོ་བ་ལེ་མ་མ་ཧེ་མེ་དྲ། དཔྱིད་ཀ་སྟེ་པ་པ་ཤང་ཀུ་རུ་ཧཱུཾ་ཞེས་བརྗོད་པས། ཤར་དྲི་ཟ། ལྷོར་གཤིན་རྗེ། ནུབ་ཀླུ་དབང་། བྱང་གནོད་སྦྱིན་ལ་སོགས་པ་རྣམས། གཅེར་བུ་ལྷགས་པས་བཏང་བ་བཞིན། །རྫུ་འཕྲུལ་བསྙེན་ཅིང་མཐུར་ལྡན་པས། །ཐུགས་རྗེ་ཆེན་པོས་ནན་ཏན་གྱིས། །རྒྱུད་དྲུག་གནས་སུ་བསྒྲལ་བ་དང་། །སྡང་བའི་དགྲ་བགེགས་གསད་པའི་ཕྱིར། །ཕ་རོལ་སྙིང་དག་དབྱུང་བར་བྱ། །དམར་ཆེན་ཁྲག་དང་བཅས་པ་ཡང་། །ཞལ་དུ་གསོལ་ཞིང་འདྲེན་པར་བྱ། །དམར་འབྱིན་ལེའུ་ཞེས་དེ་ལ་སྔགས། །རྫོགས་པའི་ཏིང་འཛིན་སྐད་ཅིག་མས། །བདག་ཉིད་ཕྱག་རྒྱའི་སྐུར་བསྒོམས་ལ། །ཧཱུཾ་ཞེས་པ་ནི་རྫོགས་པའོ། །དབྱིངས་


DNG018_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཡེ་ཤེས་གཞུག་ཚུལ་དུ། །དུ་མར་བརྗོད་ཅིང་དྲང་བར་བྱ། །ཁཱ་ཧི་རཾ་ལས་འོད་འཕྲོས་འདུས། །ཛ་ཡི་ལྕགས་ཀྱུས་དྲང་བ་ཡང་། །རྡོ་བར་ལྕགས་ནི་འདུ་ཚུལ་དུ། །དུ་མར་བརྗོད་ཅིང་དྲང་བར་བྱ། །བདག་གི་ཕྱག་རྒྱ་གསལ་བ་དང་། །འདྲེན་ཞིང་སྒྲོལ་བའི་ཕོ་ཉ་ནི། །གང་ཡང་རུང་བའི་སེམས་ཅན་དེའི། །ལུས་ངག་ཡིད་ལ་རྦད་པར་བྱ། །རྟ་མཆོག་རོལ་པའི་ཤངས་ལྔ་ཡང་། །རླུང་གི་མགོ་ལ་སྤྱང་ཀིའི་གདོང་། །མཆེ་བ་བདུད་ཀྱི་སྙིང་རྩ་གཅོད། །རྣ་བ་སྦྲུལ་གྱི་འཛུལ་ཁུང་ནས། །སྦྲུལ་གྱི་མི་ལ་སྤྱང་ཀིའི་གདོང་། །ཁ་རླངས་སྤྲིན་གྱི་དཀྱིལ་འཁོར་ནས། །འོད་ཀྱི་མི་ལ་གཞའ་ཚོན་གདོང་། །རལ་པ་ཁྲག་གི་ཟར་བུ་ལ། །ཁྲག་གི་མིག་ལ་སྤྱང་ཀིའི་གདོང་། །སྤྱན་མིག་གྲུ་གསུམ་འབར་བ་ལ། །ཟངས་ཀྱི་མི་ལ་སྤྱང་ཀིའི་གདོང་། །ཁ་ལ་རོ་ཤ་རྦད། དགུང་ཏྲི་དུན་དུན་རྦད། གང་ལ་བྱ་བའི་སེམས་ཅན་དེའི། །ལུས་ངག་ཡིད་ལ་རྦད་པར་བྱ། །བདག་ཉིད་ཕྱག་རྒྱར་གསལ་བ་དང་། །འདྲེན་ཅིང་སྒྲོལ་བའི་ཕོ་ཉ་ནི། །གཤོག་པ་རྡོ་རྗེ་གདེངས་པ་ཡིས། །ཕོ་ཉ་ཡིད་མགྱོགས་རླུང་བས་མྱུར། །ལྕགས་ཀྱི་མིག་ལ་མཁའ་གཤོག་ཅན། །ཕྱག་ནི་བཅུ་དྲུག་འབར་བ་ལས། །ལྕགས་ཀྱི་ཁྱི་མོ་བརྒྱད་སྤྲུལ་པ། །ལྕགས་གཤོག་ཁྱུང་གི་འདབ་མ་ཅན། །སྐུ་གསུང་ཐུགས་ལས་སྤྲུལ་པ་ནི། །ལ་ལ་བྱན་ལག་མགོ་བོ་ལ། །ལུས་ནི་ལྕགས་ཀྱི་སྤྱང་མོར་སྤྲུལ། །ལ་ལ་ཁྱུང་གི་མགོ་བོ་ལ། །ལུས་ནི་ཟངས་ཀྱི་ཝ་མོར་སྤྲུལ། །ལ་ལ་ཁྲ་ཡི་མགོ་བོ་ལ། །ལུས་ནི་དྲིལ་ནག་རྐང་གསུམ་པའོ། །ལ་ལ་ཁྲ་ཡི་མགོ་བོ་ལ། །ལུས་ནི་སྡིག་པ་རྐང་གཅིག་པ། །ལ་ལ་ཆུན་ལག་མགོ་བོ་ལ། །ལུས་ནི་དུང་གི་སྤྱང་མོར་སྤྲུལ། །ལ་ལ་ཆུ་བྱིའི་མགོ་བོ་ལ། །ལུས་པོ་བཅུ་དྲུག་ཚང་མར་སྤྲུལ། །ལ་ལ་བཞད་ཀྱི་མགོ་བོ་ལ། །ལུས་ནི་བྱི་རུའི་སེང་གེར་སྤྲུལ། །ལ་ལ་ཀང་ཀའི་མགོ་བོ་ལ། །ལུས་ནི་ལྕགས་དྲིའུ་རྐང་གསུམ་པོ། །ལ་ལ་འུག་པའི་མགོ་བོ་ལ། །ལུས་ནི་དུང་པགས་དཀར་མོར་སྤྲུལ། །ལ་ལ་པུ་ཤུད་མགོ་བོ་ལ། །ལུས་ནི་


DNG018_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་ཀྱི་སྡིག་པར་སྤྲུལ། །ལ་ལ་མཐིང་རིལ་མགོ་བོ་ལ། །ལུས་ནི་དྲེལ་ནག་རྐང་གསུམ་པའོ། །ལ་ལ་སྐྱིན་གྱི་མགོ་བོ་ལ། །ལུས་ནི་བྱི་ལ་རྩལ་པོ་ཆེ། །ལ་ལ་བྱ་རྒོད་མགོ་བོ་ལ། །ལུས་ནི་གསེར་སྟག་སེར་པོར་སྤྲུལ། །གང་ལ་བྱ་བའི་སེམས་ཅན་དེའི། །རྒྱུད་དྲུག་འཁོར་བའི་རྩད་བཅད་ནས། །དམྱལ་ཁམས་བཅུ་དྲུག་ཁྲིམས་བསད་དེ། །ཐུགས་རྗེ་ཆེན་པོས་བྱིན་བརླབས་ཏེ། །འདི་ལ་བྱིན་གྱིས་བརླབས་ནས་ཀྱང་། །དམར་སེར་འབྱིན་པའི་ཕོ་ཉ་འགྱེད། །དུས་ལས་མ་གཡེལ་ཕྲིན་ལས་མཛོད། །བདག་ཀྱང་ཕྱག་རྒྱར་གསལ་བྱས་ལ། །གནོད་སྦྱིན་པ་ཡི་གསང་སྔགས་བཟླས། །ལས་འགྲུབ་པ་ལ་ཐེ་ཚོམ་མེད། །རྡོ་རྗེ་སྡེར་མོ་ཅན་གྱིས་གསང་སྔགས་ཀྱིས་དྲང་ངོ་། །དབང་ཆེན་འདུས་པའི་ཏནྟྲ་ལས། དམར་བྱིན་གྱི་ལེའུ་སྟེ་བཅུ་པའོ།། །།སྐལ་བར་ལྡན་པའི་རྣལ་འབྱོར་པས། །རིགས་གཉིས་ལུང་གི་བརྒྱུད་པའི་ལུང་། །ཆོས་ཀུན་གཉིས་མེད་མཉམ་པ་ལས། །འཛིན་རྟོག་དངོས་པོ་ཐ་བ་ནི། །ཞིང་ལ་གནས་འགྱུར་གསུངས་པ་ནི། །གདེང་དང་ལྡན་ན་ཐ་དད་མེད། །ས་བོན་ལས་ནི་འབྲས་བུའི་ཚུལ། །རྟོག་པའི་ཀློང་དུ་འདྲེས་པ་ལས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །སྣང་མཛད་ལས་གྱུར་ཀུན་ཏུ་གཟིགས། །བྱང་ཆུབ་སེམས་དཔའ་ཉིད་ལ་རྫོགས། །མི་བསྐྱོད་པ་སོགས་ཤར་དུའོ། །རིན་ཆེན་འབྱུང་བ་ལྷོ་ཉིད་དོ། །མཐའ་ཡས་ལ་སོགས་ནུབ་ཏུའོ། །དོན་ཡོད་བྱང་གི་ཕྱོགས་སུ་འགྱུར། །འབྱུང་བ་ཡུམ་གྱི་གནས་གྱུར་པ། །ས་བོན་ལས་ནི་མྱུ་གུའི་ཚུལ། །བཟང་མོ་ལས་གྱུར་གཟི་དང་ལྡན། །སྤྱན་ནི་འགྱུ་བ་གློག་འགྱུ་སྟེ། །མཱ་མ་ཀཱི་ནི་དྲ་བ་འགྱུར། །ན་བཟའ་དཀར་མོ་སྡེར་མོ་ཅན། །སྒྲོལ་མ་ལས་བྱུང་གཤོག་པ་ཅན། །ཡབ་ཡུམ་བཅུ་ནི་རབ་སྦྱོར་ཏེ། །སྐྱེས་པའི་དབྱིངས་སུ་བསྟན་པ་ལས། །བྱང་ཆུབ་སེམས་ནི་ཆགས་པའི་གཞི། །རྟ་མགོ་ལྗང་གུ་ཡིན་པར་གྲགས། །དབུ་ལྔ་ཡེ་ཤེས་ལྔ་ཡི་དབྱིངས། །སེམས་དཔའ་བརྒྱད་འཆར་དམུས་ལོང་ཚོགས། །སེམས་མ་ལས་གྱུར་རྒྱབ་འདྲེལ་


DNG018_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། །སེམས་དཔའ་སེམས་མ་ལྡན་སྦྱོར་བས། །བྱང་ཆུབ་སེམས་ནི་ཆགས་པའི་རྒྱུ། །མཁའ་ལ་འཕྲོས་པའི་འོད་ཟེར་ནི། །སྤྲུལ་པ་ཡིན་པར་སྤྱང་མོ་བརྒྱད། །དབྱིངས་སུ་འདྲེན་པའི་ཡེ་ཤེས་ཀྱི། །ལྕགས་ཀྱུ་ལ་སོགས་སྒོ་མ་བཞི། །བསྒྱུར་བས་དབུ་དགུ་རབ་ཏུ་བརྩེགས། །སྤྲུལ་སྐུ་ཐུབ་དྲུག་ལས་སྤྲུལ་པ། །ཁམ་རྒྱ་དག་ཏུ་སྤྲུལ་པ་ཡིན། །གནས་ནི་མ་ནོར་ཆོས་ཀྱི་དབྱིངས་སུ་དོན་རྟོགས་ན། །དབྱིངས་ལ་ཡེ་ཤེས་རོལ་པ་ནི། །གནས་འགྱུར་མཆོག་གི་ལེའུ་ཞེས་བྱ། །ཞི་བ་མི་གཡོ་ཆོས་སྐུ་ལས། །ཁྲོ་བོར་གྱུར་པའི་དཀྱིལ་འཁོར་འདིར། །སྟོན་པའི་བཀའ་དང་མི་འགལ་བར། །ཕྱི་རབས་རྣལ་འབྱོར་སྐལ་རབ་ལ། །ངེས་པའི་ལུང་དུ་བརྩམས་པ་སྟེ། །རྟོགས་ན་ཐེ་ཚོམ་མེད་པར་འགྲུབ། །དབང་ཆེན་འདུས་པའི་ཏནྟྲ་ལས། ཞི་བ་གནས་འགྱུར་མཆོག་ གི་ལེའུ་སྟེ་བཅུ་གཅིག་པའོ།། །།རིག་འཛིན་དབང་ཕྱུག་ཆེན་པོ་ཡི། །སྙན་ཁུང་བརྒྱུད་ནས་འགྲོ་དོན་དུ། །ཁྲག་འཐུང་ཆེན་པོ་ཧཱུཾ་གི་ལེའུ། །བལྟ་བ་ཆེན་པོ་འདི་གསུངས་པའོ། །ཧཱུཾ་ལས་འབྱུང་བ་ཡུམ་གྱི་དབྱིངས། །གཞལ་ཡས་ཧཱུཾ་ཉིད་བྷ་གའི་ཀློང་། །འདུས་མ་བྱས་ཏེ་རྣམ་པར་དག །ཧཱུཾ་ལས་ཁྲག་འཐུང་རིགས་བཞིར་འབར། །སྤྲོས་མེད་ཐིག་ལེར་གནས་པའི་ཕྱིར། །མ་བཅོས་ལྷུན་གྱིས་གྲུབ་པར་གནས། །མ་ཚོགས་ཧཱུཾ་གིས་དབང་ཕྱུག་མ། །སེང་གེ་ལྟ་བུའི་སྒྲ་སྒྲོགས་ཤིང་། །སྒྲ་ཉིད་སྒྲ་ལྟར་སྟོང་པའི་ཕྱིར། །སྟོང་པའི་ཡེ་ཤེས་རྣམ་པར་དག །མངའ་བདག་ཆེན་པོ་ཧཱུཾ་ཉིད་དེ། །ཐམས་ཅད་ཡོངས་སུ་ཁྱབ་པའི་ཕྱིར། །ཐུགས་རྗེའི་ཉི་མ་རྣམ་པར་དག །ཧཱུཾ་ལས་པདྨ་ཁ་སྟོང་ལྡན། །གསང་བ་བྷ་གར་ལྷུན་གྱིས་གྲུབ། །ཉི་ཟླ་དུམ་བུར་བརྩེགས་པ་ཡང་། །ཤེས་རབ་ཐབས་སུ་འདྲེལ་པ་ཡི། །ཕྱག་རྒྱ་བསྐྱོད་པའི་དཀྱིལ་འཁོར་ཆེ། །ཧཱུཾ་ལས་ཞེ་སྡང་རྡོ་རྗེའི་སྐུ། །འབར་བྱེད་ཆེན་པོར་གྱུར་པ་ནི། །སྐྱེ་མེད་ཆོས་དབྱིངས་རྣམ་པར་དག །སྤྲུལ་པའི་འཁོར་ཚོགས་ཐམས་ཅད་ཀྱང་། །ཡེ་ཤེས་ཐུགས་


DNG018_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རང་བཞིན་ཏེ། །ཐིག་ལེ་ཧཱུཾ་ལས་རྒྱན་གྱིས་བྱེ་བྲག་རྣམས། །དབྱིངས་ལས་ཡེ་ཤེས་འཇུག་པར་བྱེད། །དབྱིངས་ཉིད་ལྷུན་གྱིས་གྲུབ་པའི་རྒྱན། །ཧཱུཾ་ལས་འབར་བའི་སྐུར་གྱུར་པས། །ཆོས་སྐུ་གཅིག་པུར་སྦྱོར་བའི་དོན། །ཧཱུཾ་ལས་དབུ་ལྔར་སྣང་བ་ནི། །ཡེ་ཤེས་ལྔ་ཉིད་དབྱིངས་ལ་བྱོན། །ཧཱུཾ་ལས་སྤྱན་ལྔར་གྲགས་པ་ཡང་། །དབང་པོ་ཡུལ་ལྔར་རྣམ་པར་གྲགས། །ཧཱུཾ་ལས་ལྗགས་ལྔར་གྲགས་པ་ཡང་། །དབང་པོ་རོ་ལ་སྦྱོར་བའོ། །ཧཱུཾ་ལས་ཤངས་ལྔའི་འཚུབས་མ་ཡང་། །དབང་པོ་དྲི་ལ་རྣམ་པར་དག །ཧཱུཾ་ལས་སྙན་ལྔར་གསན་པ་ཡང་། །མ་འགགས་སྒྲ་ལ་ཅི་བདེར་སྦྱོར། །ཧཱུཾ་ལས་ཞལ་ལྔར་གདངས་པ་ཡང་། །སྲིད་གསུམ་དབྱིངས་སུ་ཟ་བའོ། །ཧཱུཾ་ལས་རྟ་མགོ་ལྗང་གུ་ཡང་། །ཚངས་པ་དབང་དུ་བསྡུ་ནས་ནི། །མ་ཆགས་དབྱིངས་ལ་ཡེ་ཤེས་རོལ། །ཨེ་མ་ཧོ་ཡ་མཚན་དབང་གི་སྐུ། །སྣ་ཚོགས་ཅིར་ཡང་སྟོན་མོད་ཀྱི། །སྤྲོས་མེད་ཐིག་ལེ་རྣམ་དག་པས། །འདི་ནི་རྣམ་དག་ཧཱུཾ་གི་ལེའུ་འོ། །ཐམས་ཅད་སྟོང་པའི་དབྱིངས་སུ་བལྟ། །དབང་ ཆེན་འདུས་པའི་ཏནྟྲ་ལས། ཁྲག་འཐུང་གི་ལེའུ་སྟེ་བཅུ་གཉིས་པའོ།། །།སྐལ་དང་ལྡན་པའི་རྣལ་འབྱོར་པས། །འགྲོ་དྲུག་ཐབས་ཀྱིས་འདུལ་བ་ཡང་། །ངན་སོང་གནས་ནས་འདྲེན་པའི་ཕྱིར། །བསྐྱེད་རྫོགས་ཆེན་པོ་འདི་གསུངས་སོ། །ཏིང་འཛིན་བསྐྱེད་པའི་ས་བོན་སྔགས། །ཨེ་དང་ཡཾ་སོགས་རིམ་པ་བཞིན། །མ་ནོར་ཙམ་དུ་བསྒོམ་པར་བྱའོ། །བྷྲཱུཾ་ལས་རིན་ཆེན་གཞལ་ཡས་ཁང་། །རིན་ཆེན་རྒྱན་ལ་སོགས་པས་མཛེས། །དེ་ཡི་ནང་དུ་དམིགས་པ་ནི། །ཙཀྲ་ལ་སོགས་འཁོར་ལོ་ཆེ། །རྩིབས་དང་རྩིབས་ཀྱི་མུ་ཁྱུད་དང་། །ལྟེ་བ་བར་ཁྱམས་སྒོ་ཁྱུད་སོགས། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལྡན། །ལྟེ་བ་ཟླུམ་པོར་གྱུར་པ་ལ། །དཔའ་བོ་ཧཱུཾ་ལས་རྡོ་རྗེ་ཆེ། །དེ་ལས་ཕྱག་རྒྱ་བསྐྱེད་པ་ནི། །ཞེ་སྡང་རྒྱལ་པོ་རྣམ་པར་བསྒོམ། །འཁོར་ལོ་མདུན་གྱི་དང་པོ་ནི། །དཔའ་བོ་ཨོཾ་ལས་འཁོར་ལོ་ཆེ། །མ་སྐྱེས་པ་ལས་ཕྱག་རྒྱའི་སྐུ་བསྐྱེད་པ། །གཏི་མུག་རྒྱལ་པོ་རྣམ་པར་བསྒོམ། །གཡས་སུ་ལྟ་བའི་འཁོར་ལོ་ལ། །དཔའ་བོ་སྭཱ་ལས་རིན་ཆེན་


DNG018_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ། །དེ་ལ་ཕྱག་རྒྱའི་སྐུར་བསྐྱེད་པ། །ང་རྒྱལ་རྒྱལ་པོ་རྣམ་པར་བསྒོམ། །ནུབ་ཏུ་ལྟ་བའི་འཁོར་ལོ་ལ། །དཔའ་བོ་ཨཱོཾ་ལས་པདྨ་སྟེ། །དེ་ལས་ཕྱག་རྒྱའི་སྐུར་བསྐྱེད་པ། །འདོད་ཆགས་རྒྱལ་པོ་རྣམ་པར་བསྒོམ། །གཡོན་གྱི་རྩིབས་ལ་དམིགས་པ་ནི། །དཔའ་བོ་ཧཱ་ལས་རྒྱ་གྲམ་སྟེ། །དེ་ལས་ཕྱག་རྒྱའི་སྐུར་བསྐྱེད་པ། །ཕྲག་དོག་རྒྱལ་པོ་རྣམ་པར་བསྒོམ། །དཔའ་བོ་འབྲུ་ལྔར་གྱུར་པའི་སྐུ། །ཡབ་ཡུམ་ཕྱག་རྒྱར་སྦྱོར་བ་ལས། །བྱང་ཆུབ་སེམས་ཀྱི་ས་བོན་ནི། །དབང་ཆེན་པདྨ་གར་གྱི་སྐུ། །རྫོགས་པ་ཆེན་པོ་བསྒོམ་པ་ཡང་། །དཔའ་བོ་ལྔ་ལས་བསྐྱེད་པ་ནི། །རྟགས་སུ་དབུ་ལྔ་རབ་ཏུ་བརྟག །ཧཱུཾ་ལས་ཀུན་ཏུ་ཐལ་བའི་དབུ། །འདོད་ཁམས་དབང་དུ་སྡུད་པའོ། །ཨོཾ་ལས་དྲི་ཟ་གནོན་པའི་དབུ། །སྭཱ་ལས་གྲུལ་བུམ་དབང་དུ་སྡུད། །ཨཱཾ་ལས་ཀླུ་ཡང་གྲོལ་བར་བྱེད། །ཧཱ་ལས་གནོད་སྦྱིན་དབང་པོ་འདུལ། །ཐར་པ་བརྒྱད་དང་ལྡན་པའི་ཞབས། །ཁྲོ་བོ་བརྒྱད་ལ་ཁྱབ་པར་སྦྱོར། །བཀྲ་ཤིས་ཡུམ་དང་སྤྲུལ་པའི་འཁོར། །དབང་ཆེན་སྐུ་ལ་ཡོངས་སུ་རྫོགས། །དབང་ཆེན་འདུས་པའི་ཏནྟྲ་ལས། བསྐྱེད་རྫོགས་ཀྱི་ལེའུ་སྟེ་བཅུ་གསུམ་པའོ།། །།ཐུགས་རྗེ་བྱིན་རླབས་རྨད་པོ་ཆེ། །འཇིག་རྟེན་ཡོངས་གྲགས་མཛད་པ་ཆེ། །སྔོན་གྱི་ལས་དབང་དྲག་པོ་ཡིས། །གཟུང་དང་འཛིན་པའི་རྣམ་རྟོག་དང་། །ལྷན་ཅིག་ལྡན་པའི་བག་ཆགས་རྣམས། །མནན་པའི་དོན་དུ་འདི་གསུངས་སོ། །མཚན་ཡང་གདོན་གཟིར་དྲག་པོའི་ལེའུ། །ཕྱི་རབས་སྔགས་འཆང་རྣལ་འབྱོར་པའི། །དོན་དུ་ཆོ་ག་འདི་རྣམས་སོ། །ན་ཤ་སྟྭཾ་བྷ་ན་དྷ་ཡཀྴ་སུམྦྷ་ན། གནྡ་རི་རི་ཤ་གནྡ་རེ་ཤ་མ་མ་ཙ་དུར་ནན། སུམྦྷ་ནི་སུམྦྷ་ཧཱུཾ། སྐད་ཅིག་མ་ཡི་ཏིང་འཛིན་གྱིས། །འབར་བ་ཆེན་པོར་བདག་བསྐྱེད་ལ། །ལྔ་དང་བཅུ་དྲུག་ཕྱག་ཆར་ལྡན། །ཏིང་འཛིན་བརྒྱད་ཀྱི་བྱིན་རླབས་ལས། །དམར་བའི་མདངས་དང་ལྡན་པའི་ཞབས། །བག་ཆགས་མི་ལྡང་གནོན་པའི་ཕྱིར། །ཚམ་རྔམས་ཆེན་པོ་འདི་སྐད་བརྗོད། །མཚུངས་མེད་ཆེ་བའི་ཁྱད་པར་རབ་སྟོན་ཅིང་། །


DNG018_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

ང་རྒྱལ་དཔའ་བསྙེམས་བདུད་ཀྱི་དཔུང་བཅོམ་ནས། །འཇིག་རྟེན་འདས་པའི་ཁྲོ་བོ་བརྒྱད། །ཆེ་བའི་རྟགས་དང་ལྡན་པས་དབང་ཕྱུག་ཡང་ཆེ་མནན། །བདག་ཉིད་ཆེན་པོར་གསལ་བ་ལས། །ཞབས་དམར་པོ་བརྒྱད་འབར་བའི་ཆས་དང་ལྡན་པར་དམིགས་ལ། འདི་སྐད་ཅེས་བསྐུལ་ཞིང་གཟིར་བར་བྱའོ། །འདུལ་བའི་ཞབས་བརྒྱད་ཕྱོགས་མཚམས་བརྒྱད་དུ་བགྲད། །སྙིང་གར་མཁྲིག་མ་ནུབ་ཕྱིར་སྒལ་རྩིབ་ཁོང་དུ་འཇོམས། །སྡུག་བསྔལ་ཉམ་ཐག་འབོད་སྒྲོག་དི་རི་རི། །ཞེས་བརྗོད་པས། ཚམ་རྔམས་ཆེན་པོ་དང་བཅས་པས། ལན་ཅིག་གཟིར་བར་བྱའོ། །གདུལ་བའི་ཞབས་གཅིག་ཤར་དུ་བགྲད། །དཔའ་བོ་སྟག་གི་ཆས་དང་ལྡན། །ཧཱུཾ་ཀཱ་ར་ལ་རྣམ་པར་གཟིར། །ཚམ་རྔམས་ཆེན་པོ་མཉམ་པར་སྦྱོར། །གདུལ་བའི་ཞབས་གཅིག་ཤར་ལྷོ་མཚམས། །གནོད་གདུག་ཟློག་བྱེད་ལྕགས་དང་ལྡན། །ཨཱརྱ་ཨ་ཙ་ལ་ནུབ་པར་གཟིར། །ཚམ་རྔམས་ཆེན་པོ་མཉམ་པར་སྦྱོར། །གདུལ་བའི་ཞབས་གཅིག་ལྷོ་ཕྱོགས་སུ། །ཤེས་རབ་ཏིང་འཛིན་ཆས་དང་ལྡན། །ཡ་མཱནྟ་ཀའི་སྙིང་གར་གཟིར། །ཚམ་རྔམས་ཆེན་པོ་མཉམ་པར་སྦྱོར། །གདུལ་བྱའི་ཞབས་གཅིག་ལྷོ་ནུབ་མཚམས། །དབང་གི་བསེ་ཁྲབ་ཆས་དང་ལྡན། །ནཱི་ལ་དཎྜའི་སྙིང་གར་ནུབ། །ཚམ་རྔམས་ཆེན་པོ་མཉམ་པར་སྦྱོར། །གདུག་པའི་ཞབས་གཅིག་ནུབ་ཏུ་བགྲད། །དཔའ་བརྗིད་སྦྲུལ་གྱིས་ཆས་དང་ལྡན། །པདྨ་ཀུཎྜ་ལི་ཡི་སྙིང་གར་ནུབ། །ཚམ་རྔམས་ཆེན་པོ་མཉམ་པར་སྦྱོར། །གདུལ་བྱའི་ཞབས་གཅིག་ནུབ་བྱང་མཚམས། །དམར་གསལ་ཆེ་བའི་ཆས་དང་ལྡན། །ཊཱཀྐི་རཱ་ཛའི་བྷནྡ་མནན། །མཆེ་བས་ཕྱེ་མ་བཞིན་དུ་བཏགས། །ཚམ་རྔམས་ཆེན་པོ་མཉམ་པར་སྦྱོར། །གདུལ་བྱའི་ཞབས་གཅིག་བྱང་དུ་བགྲད། །མཉེན་ལྕུག་ཆུ་སྐྱེས་ཆས་དང་ལྡན། །ཨ་མྲྀ་ཏ་མགྲིན་སྒལ་རྩིབ་བཅོམ། །ཚམ་རྔམས་ཆེན་པོ་མཉམ་པར་སྦྱོར། །གདུལ་བྱའི་ཞབས་གཅིག་བྱང་ཤར་མཚམས། །གཏུམ་ཆེན་གཟིག་གི་ཆས་དང་ལྡན། །མ་ཧཱ་བ་ལའི་ལྡན་པར་གཟིར། །འཁོར་རྣམས་དབང་དུ་བསྡུས་ནས་ཀྱང་། །ཚམ་རྔམས་ཆེན་པོ་


DNG018_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པར་སྦྱོར། །ཧཱུཾ་ཀཱ་ར་པྲ་བེ་ཤ་ཕཊ་ནན། ཨཱརྱ་ཨ་ཙ་ལ་པྲ་བེ་ཤ་ཕཊ་ནན། ཡ་མཱནྟ་ཀ་པྲ་བེ་ཤ་ཕཊ་ནན།ནཱི་ལ་དཎྜ་པྲ་བེ་ཤ་ཕཊ་ནན། པདྨ་ཀུཎྜ་ལི་པྲ་བེ་ཤ་ཕཊ་ནན། ཌཱཀྐི་རཱ་ཛ་པྲ་བེ་ཤ་ཕཊ་ནན། ཨ་མྲྀ་ཏ་ཀུཎྜ་ལི་པྲ་བེ་ཤ་ཕཊ་ནན། མ་ཧཱ་བ་ལ་པྲ་བེ་ཤ་ཕཊ་ནན། ཕྱག་རྒྱ་ཆེན་པོའི་སྐུར་བསྒོམས་ལ། །གཟིར་གནོན་དྲག་པོའི་ལས་བྱས་ན། །སྡུག་བསྔལ་ཆུ་བོའི་རྒྱུན་སྐམ་པ། །སྔོན་གྱི་རྒྱལ་བ་རྣམས་ཀྱི་བཀའ། །ཞི་བས་ཐམས་ཅད་ཚིམ་པར་བརྗོད། །རྒྱས་པས་མ་ལུས་མངོན་སངས་རྒྱས། །དབང་དུ་མ་བསྡུས་གང་ཡང་མེད། །མངོན་སྤྱོད་བྱིན་རླབས་རྨད་པོ་ཆེ། །ཐབས་ལ་མཁས་པའི་མཛད་སྤྱོད་ཀྱིས། །བསད་ཅིང་མནན་པ་མ་ལུས་ཀུན། །ཕྲ་མོའི་སྐུ་མེད་སྐུ་དོན་བྱས། །སླར་འདུས་ཆོས་ཀྱི་དབྱིངས་སུ་ཐིམ། །དམིགས་སུ་མེད་པའི་ཆོས་སྐུར་བསྒོམ། །དབང་ཆེན་འདུས་པའི་ཏནྟྲ་ལས། གདོན་གཟིར་དྲག་པོའི་ལེའུ་སྟེ་བཅུ་བཞི་པའོ།། །།རྒྱུད་ལ་གོམས་ཤིང་དོན་ལ་ཡིད་ཆེས་ཀྱང་། །དབང་བསྐུར་དབང་རྟགས་ལག་ཏུ་མ་བྱིན་ན། །ནོར་བུའི་རྒྱལ་ས་ཟིན་པར་ག་ལ་འགྱུར། །དེ་བས་དབང་གི་ཁྱད་པར་འདི་གསུངས་སོ། །རྣམ་གྲངས་བཅུ་པོ་འདི་དག་ནི། །རྒྱལ་ཐབས་སྤྱི་བླུགས་ཐེག་པའི་དབང་། །བསྐུར་བ་ཙམ་གྱིས་ཐོབ་པའོ། །དེ་ལ་ཐབས་གང་གིས་དབང་བ་དང་། དོན་ཆེད་ཅི་ལ་དབང་བ་དང་། དབང་གི་དངོས་གཞི་བསྟན་པ་དང་། དབང་གི་གྲངས་བསྟན་པ་དང་། དབང་གི་རྟགས་བསྟན་པ་དང་། དབང་ཡུལ་སྤྱི་ལ་བསྒྱུར་བ་བསྟན་པ་དང་། དབང་བསྐུར་བའི་ཐབས་བསྟན་པ་དང་། དབང་གི་ཁྱད་པར་དང་། དབང་གི་མན་ངག་དང་། དབང་གི་ཡོན་ཏན་བསྟན་པའོ། །དེ་ལྟ་བས་ན་ཕྱི་ནང་གསང་བའི་ཐེག་པའི་རིམ་པ་ཇི་སྙེད་གསུངས་མོད་ཀྱང་། དེའི་ནང་ནས་འབྲས་བུའི་ཐེག་རྒྱལ་གསང་སྔགས་ཞེས། འབྲས་བུའི་ཐེག་རྒྱལ་ནང་ནས་དབང་བསྐུར་གཅེས། ཤེས་དབང་མེད་རློམ་སེམས་ཀྱིས། ཁ་ཅིག་ཡ་མ་བརླ་དང་གསོབ་འདྲ་ལ། །དོན་དང་ལྡན་པའི་སྐྱེས་བུ་དབང་ཆེན་ལ། །རྟགས་དང་འདྲེལ་པས་དབང་བསྐུར་ཤིན་ཏུ་རིགས། །


DNG018_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

དབང་མེད་ཁ་ཅིག་རང་དབང་ཟོས་གྱུར་ཅིང་། །ཐུག་ཐུབ་ཁོང་ལོངས་ཤེས་ཐོབ་ཆོད་བཞག་ནས། །ཆེ་གཞི་མེད་བཞིན་ཡོད་པའི་ལས་སྤྱོད་པ། །ངན་སོང་གསུམ་གྱི་ས་བོན་འདི་ཡིན་པས། །སྲིད་ལམ་འཁྱམས་ཤིང་ཆོས་ལམ་རིང་པས་ན། །བཀའ་ལ་བརྟེན་ནས་དབང་མེད་བཀའ་རྐུན་ལ། །དབང་ལུང་ཚད་མར་གྱུར་པའི་སྐྱེས་བུ་ཡིས། །བསྐུར་ཡང་མི་ཐོབ་ནོར་བུའི་སྤྱོད་པ་བཞིན། །ཐོབ་པར་མི་འགྱུར་ཆགས་པར་མི་འགྱུར་རོ། །དབང་ཆེན་འདུས་པའི་ཏནྟྲ་ལས། དབང་གི་ཁྱད་པར་གྱི་ལེའུ་སྟེ་བཅོ་ལྔ་པའོ།། །།རྨད་བྱུང་བྱང་ཆུབ་སེམས་ཀྱི་ལེའུ། །འབར་བའི་དབུ་ལྔ་རྨད་དུ་བྱུང་བ་ནི། །ཡེ་ཤེས་ལྔ་དང་ཡབ་ལྔ་དབང་པོར་སྦྱོར། །མཉམ་པ་ཆེན་པོའི་ངང་དུ་ལྷན་ནེར་བསྒོམ། །འབར་བའི་རལ་པ་རྨད་དུ་བྱུང་བ་ནི། །དབྱིངས་ལས་མ་གཡོས་ཆོས་སྐུ་མཉམ་པ་ལ། །ཁྲོ་བོ་མུན་ཛའི་ཅོད་པན་བྱེ་བ་འབུམ། །སྤྲུལ་སྐུའི་འགྲོ་དྲུག་སྒྲོལ་བར་ལྷན་ནེར་བསྒོམ། །འབར་བའི་ཤངས་ལྔ་རྨད་དུ་བྱུང་བ་ནི། །དབང་པོ་དྲི་དང་གཉིས་མེད་སྦྱོར་བ་ཡིས། །གསུང་བ་མཆོག་གི་བྱེ་བྲག་སོ་སོར་ཡང་། །ཚོར་བ་ཉམས་སུ་མྱོང་ཞིང་ཚིམ་གྱུར་ནས། །སྐྱེ་འགག་མེད་པའི་ངང་ལ་ལྷན་ནེར་བསྒོམ། །འབར་བའི་སྙན་ལྔ་རྨད་དུ་བྱུང་བ་ནི། །གསན་པ་མ་འགགས་སྒྲ་མཐའ་སོ་སོ་ཡང་། །དེ་ཉིད་སྒྲ་མཐའ་སྟོང་པ་ཆོས་ཀྱི་སྐུ། །མེད་ལ་ཟད་མེད་ཤེས་པར་ལྷན་ནེར་བསྒོམ། །འབར་བའི་ཞལ་ལྔ་རྨད་དུ་བྱུང་བ་ནི། །ཧོམ་ལྔ་འདྲེལ་པས་སྡུག་བསྔལ་བསྲེག་པའི་ཕྱིར། །འབར་བའི་མེ་དཔུང་རབ་ཏུ་འཕྲོ་བ་ཡི། །སྤྲུལ་པའི་འཕྲོ་འདུ་ཉིད་དུ་སྣང་མོད་ཀྱི། །གར་ཡང་མ་འཕྲོས་དབྱིངས་སུ་ལྷན་ནེར་བསྒོམ། །འབར་བའི་ལྗགས་ལྔ་རྨད་དུ་བྱུང་བ་ནི། །བདེན་པའི་དོན་སྟོན་གསུང་རབ་མང་པོ་འཆད། །སྡེ་སྣོད་རྒྱུད་ལ་རྨོངས་པ་མི་མངའ་བའི། །ལེ་བརྒན་ལྗང་ནག་སྒྲོལ་བར་བསྒོམ། །འབར་བའི་ཨག་ཚོམ་རྨད་དུ་བྱུང་བ་ནི། །ཆོས་སྐུ་མཚན་མ་མེད་པའི་ངོ་བོ་ལས། །གཟུགས་སྐུ་གཞའ་ཚོན་ལྟ་བུར་སྤྲུལ་པར་བསྒོམ། །འབར་བའི་ཚེམས་ལྔ་རྨད་དུ་བྱུང་བ་ནི། །འཁོར་བ་རྩད་


DNG018_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་ཡེ་ཤེས་ཆེན་པོ་ལྔས། །སྐྱེ་མེད་དོན་རྟོགས་དབྱིངས་སུ་བཞུགས་པའི་ཕྱིར། །མ་གཡོས་ཆོས་ཀྱི་དབྱིངས་སུ་ལྷན་ནེར་བསྒོམ། །འབར་བའི་ཕྱག་མཚན་རྨད་དུ་བྱུང་བ་ནི། །རྡོ་རྗེ་ལྕགས་ཀྱུ་སྦྲུལ་གྱི་ཞགས་པ་དང་། །ཁྲོ་ཆེན་སྙིང་འབྱིན་རྡོ་རྗེ་ཁ་ཊྭཱཾ་འཛིན། །ཐོད་རློན་ཁྲག་དང་རྡོ་རྗེ་ལུ་གུ་རྒྱུད། །རྡོ་རྗེ་བེ་ཅོན་དང་ནི་རྔེའུ་ཆུང་འཛིན། །མེའི་ཞགས་པ་དང་ནི་ཁྱུང་གི་ཁྲ། །སྡིགས་མཛུབ་རྩེ་ལ་མེ་འབར་ཁ་ཊྭཱཾ་འཁྲོལ། །རྡོ་རྗེ་རྩེ་ལྔ་རྩེ་དགུ་པ་དང་ནི། །རྩེ་གསུམ་རྩེ་གཅིག་འབར་བ་གསོར་ཞིང་བརྡེག །སོ་སོའི་ཕྱག་མཚན་མངོན་དུ་གསལ་བ་ཡང་། །སྣང་ཙམ་ཉིད་ལ་རང་བཞིན་མེད་པས་ན། །སྟོང་པ་ཆེན་པོའི་ཐིག་ལེ་ས་ལེར་བསྒོམ། །འབར་བའི་སྐུ་རྒྱན་རྨད་དུ་བྱུང་བ་ནི། །རྡོ་རྗེ་རིན་ཆེན་ལས་བྱུང་གཤོག་པ་དང་། །ཐོད་རློན་སྦྲུལ་དང་གླང་ཆེན་སྟག་ལ་སོགས། །རྔོམ་བརྗིད་ལྡན་པའི་ཆ་ལུགས་ཅིར་སྟོན་པ། །ནམ་མཁའ་ལྟ་བུའི་དབྱིངས་སུ་ལྷན་ནེར་བསྒོམ། །འབར་བའི་ཞབས་ལྔ་རྨད་དུ་བྱུང་བ་ནི། །ཕྱིན་ཅི་ལོག་པའི་དངོས་པོ་གཞོམ་པ་ནི། །རྡོ་རྗེ་མཚན་མ་སྣ་ཚོགས་མཚན་མེད་པས། །སོ་སོའི་ན་བཟའ་གོ་ཆ་ཅི་འདྲ་བ། །ཡེ་ཤེས་དབྱིངས་ལ་སྦྱོར་བ་ཉིད་དུ་བསྒོམ། །འབར་བའི་གདན་ཁྲི་རྨད་དུ་བྱུང་བ་ནི། །གཞན་གྱི་དངོས་གྲུབ་བདག་གིར་བྱ་བ་དང་། །མཉམ་པ་ཆེན་པོའི་དོན་ལ་དགོད་པའི་ཕྱིར། །དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པར་བསྒོམ། །འབར་བའི་གཞལ་ཡས་རྨད་དུ་བྱུང་བ་ནི། །སྣ་ཚོགས་མང་པོའི་རྒྱན་དག་དགྲམ་པ་ཡང་། །ནམ་མཁའི་མཐའ་དང་དབྱེར་མེད་སྟོང་པས་ན། །སྤྲོས་མེད་ཐིག་ལེ་བྱང་ཆུབ་སེམས་སུ་བསྒོམ། །དེ་ལྟ་བས་ན་རྨད་དུ་བྱུང་བའོ། །དབང་ཆེན་འདུས་པའི་ཏནྟྲ་ལས། རྨད་དུ་བྱུང་བའི་ལེའུ་སྟེ་བཅུ་དྲུག་པའོ།། །།རྩེ་རྒྱལ་བསྟན་པའི་ཐེག་པ་ལས། །ཡང་རྒྱལ་མ་ཧཱ་ཡོ་གའི་གཞུང་། །མ་སྤངས་ལྷན་ཅིག་བསྒྲུབ་པ་ནི། །སྒྲུབ་ཐབས་ཟབ་མོའི་སྤྱི་བསྟན་པ། །ཕུན་སུམ་ཚོགས་པའི་ལེའུ་འདི་གསུངས་སོ། །སྒྲུབ་པ་ཆེན་པོ་གང་མཛད་ཀྱང་། །ཕུན་སུམ་ཚོགས་དང་ལྡན་ནས་བརྩམ། །


DNG018_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཕུན་སུམ་ཚོགས་པ་བཙལ་བ་དང་།དུས་ཕུན་སུམ་ཚོགས་པ་བཙལ་བ་དང་། འཁོར་ཕུན་སུམ་ཚོགས་པ་དང་ལྡན་པ་བཙལ་བ་དང་། རྫས་ཕུན་སུམ་ཚོགས་པ་བཙལ་བ་དང་། ཡོ་བྱད་ཕུན་སུམ་ཚོགས་པ་བསགས་པ་དང་། ཏིང་འཛིན་ཕུན་སུམ་ཚོགས་པ་གསལ་བ་དང་། ཕྲིན་ལས་ཕུན་སུམ་ཚོགས་པ་སྤྱད་པ་དང་། དངོས་གྲུབ་ཕུན་སུམ་ཚོགས་པ་བསྡུ་བའོ། །དེ་ལྟ་བས་ན་སྒྲུབ་པ་ཆེན་པོའི་དུས་དག་ཏུ། །གནས་མ་བརྟག་དང་དུས་ལས་ཡོལ། །འཁོར་དང་མི་ལྡན་རྫས་མི་རྙེད། །ཡོ་བྱད་མ་ཚང་ཏིང་འཛིན་གཡེལ། །ཕྲིན་ལས་མ་གྲུབ་དངོས་གྲུབ་ཡལ། །འདི་རྣམས་བསྒྲུབ་པའི་སྐྱོན་བརྒྱད་དོ། །ཕྱི་རབས་སྔགས་འཆང་སྒྲུབ་པ་པོས། །དོན་ལ་ཡིད་ཆེས་མ་གྱུར་ཀྱང་། །ཐོས་ལ་རྩེ་གཅིག་སེམས་ཀྱིས་ནི། །རྟགས་དང་ཕུན་སུམ་ཚོགས་བྱས་ནས། །སྒྲུབ་པའི་འབྲས་བུ་ཡལ་མི་འགྱུར། །འདི་ལ་ཐེ་ཚོམ་ཅི་སྟེ་ཟ། །དབང་ཆེན་འདུས་པའི་ཏནྟྲ་ལས། ཕུན་སུམ་ཚོགས་པའི་ལེའུ་སྟེ་བཅུ་བདུན་པའོ།། །།དངོས་གྲུབ་བརྙེས་པའི་རྣལ་འབྱོར་པས། །རིགས་གཉིས་རྒྱུད་པའི་ཏནྟྲ་ལས། །རོ་སྦྱོར་བདུད་རྩི་བྱ་བའི་ཕྱིར། །སྒྲུབ་ཐབས་གསང་བ་འདི་གསུངས་སོ། །དང་པོར་ཕུན་སུམ་ཚོགས་ལྡན་ནས། །ཡིད་དུ་འོང་བའི་དགོན་གནས་སུ། །བསླང་དང་བྱིན་གྱིས་བརླབ་པ་དང་། །མཚམས་ལ་སོགས་པའི་རིམ་པ་བཞིན། །མཎྜལ་འདོམ་གང་གྲུ་བཞི་པ། །བཀའ་དང་མཐུན་པའི་ཆག་ཆག་བཏབ། །ཐིག་བཞི་བཏབ་པའི་མཐའ་སྐོར་ལ། །རཱུ་ཏྲ་རྣམ་གསུམ་བསྣོལ་ཏེ་མནན། །དབུས་སུ་ཟླ་གམ་བཞི་པ་སྟེ། །དེ་དབུས་མཐིང་ནག་གྲུ་གསུམ་པའོ། །ཁ་བཞི་པ་ལ་སྦྱིན་སྲེག་བྱའོ། །མཐའ་སྐོར་འབར་བའི་འོད་ཀྱིས་སོ། །མཐུན་པའི་རྫས་རྣམས་གནས་པའི་སར། །དྲུག་གཉིས་ལྡན་པའི་ཏིང་འཛིན་གྱིས། །མཚན་མས་བཏབ་སྟེ་ཧཱུཾ་ཞེས་བསྐོར། །བརྟུལ་ཞུགས་ཆེན་པོ་སྤྲོས་པས་ནི། །གར་གྱི་དབང་ཕྱུག་ཆེན་པོའི་བྲོ། །བརྡུངས་པ་ཙམ་གྱིས་ལས་རྣམས་འགྲུབ། །ཕུད་ཉུལ་ཆེན་པོས་ལས་མཛད་མཉེས། །བདག་ཉིད་ཆེན་པོའི་སྐུར་བསྒོམས་ནས། །


DNG018_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

གཙུག་གི་རྟ་མགོ་ལྗང་གུ་ལས། །རྟ་ཡི་བརྟུལ་ཞུགས་ཆེན་པོ་སྟེ། །ཧྲཱྀཿཞེས་དུ་མར་བརྗོད་ཅིང་བསྡུ། །བདག་ཉིད་ཆེན་པོའི་སྐུར་བསྒོམས་ནས། །ཞབས་ལས་སྤྲུལ་པའི་ཁྱི་བརྒྱད་ཀྱིས། །བག་ཆགས་གནས་སུ་སྦྱང་བའི་ཕྱིར། །ཁྱི་ཡི་བརྟུལ་ཞུགས་ཆེན་པོ་སྟེ། །ཀུ་ཀུ་རཱ་ཞེས་རྦད་ཅིང་བརྡུང་། །བདག་ཉིད་ཆེན་པོའི་སྐུར་བསྒོམས་ནས། །གཤོག་པ་རྡོ་རྗེ་གཏམས་པ་ལས། །གཟུང་འཛིན་གནས་སུ་གསད་པའི་ཕྱིར། །བྱ་ཡི་བརྟུལ་ཞུགས་ཆེན་པོ་ཡང་། །ཛཿཞེས་བརྗོད་ཅིང་མགྱོགས་པར་རོ། །བདག་ཉིད་ཆེན་པོའི་སྐུར་བསྒོམས་ལ། །མི་དམིགས་སྐུ་ཡི་སྦྲུལ་མགོ་ལས། །ཕག་གི་བརྟུལ་ཞུགས་ཆེན་པོ་ཡིས། །གཏི་མུག་གནས་སུ་སྦྱང་བའི་ཕྱིར། །དགུག་པའི་བརྟུལ་ཞུགས་ཧཱུཾ་དང་བཅས་པར་བརྡུང་། །ཆས་བརྒྱད་ལས་ཀྱི་སྤྱང་མོར་དམིགས། །ཐོད་པ་དབྱེ་བ་སྡེར་མོ་ཉིད། །ངན་སོང་གནས་ཀྱི་འདུལ་ཕྱིར་སྦྱོར། །ཏིང་འཛིན་ཕྱག་རྒྱར་བཅས་པས་དབྱེ། །རྫོགས་ནས་མཎྜལ་ཉིད་དུ་དགྲམ། །རྟེན་ནི་དྲུག་གསུམ་ཉིད་དུ་སྟེ། །ལྔ་ནི་ཟླ་གམ་བཞི་པ་ལའོ། །སྙིགས་མ་བར་ཁྱམས་གྲྭ་བཞི་ལ། །རྩེ་མོ་མ་ཏྲཾ་ཀ་ལའོ། །སྒོ་ཟུར་ལ་ནི་བརྡེག་པ་རྣམས། །སྒོ་ཡི་ནང་རོལ་རྡོ་རྗེ་སྟེ། །ཕྱག་མཚན་བཅུ་དྲུག་ཕྲག་གཉིས་ལའོ། །ཡན་ལག་བར་དུ་བ་སུ་ཏ། །འོད་ལ་རཀྟ་ཁྲག་དང་བཅས། །ཤུན་ཆེན་བླ་རེ་ཉིད་དུའོ། །རྫི་མ་སྐྲ་དང་ཁ་སྤུ་རྣམས། །མཆོད་པའི་ཕྱིར་ན་གཏོར་མའོ། །སུལ་མང་དབང་གི་བྷནྡྷ་ལ། །ཕྱེ་མ་རཀྟར་བཅས་པ་རྣམས། །གཡོས་སམ་ཡང་ན་བརྫིས་པ་ལ། །སྟེང་ནས་བཅིངས་ཏེ་རྒྱས་བཏབ་སྟེ། །སྐུ་གསུམ་ཐོད་པ་ཤར་ཕྱོགས་སུ། །རཀྟ་ཆང་དང་སྦྱར་བ་ལ། །སྟེང་ནས་རྡོ་རྗེ་རྒྱ་གྲམ་བཏབ། །གླིང་གསུམ་པ་ནི་ལྷོ་ཕྱོགས་ཏེ། །རཀྟ་འོ་མར་སྦྱར་བ་ལ། །སྟེང་ནས་རིན་ཆེན་རྒྱས་བཏབ་ནས། །དབང་དུ་བསྡུ་བའི་བྷནྡྷ་རུ། །རཀྟ་སྦྲང་རྩི་མར་ལ་སོགས། །སྟེང་ནས་པདྨའི་རྒྱས་བཏབ་ནས། །གླིང་བཞི་རྒྱ་གྲམ་བྱང་ཕྱོགས་ཏེ། །རཀྟ་མངར་དང་ཆ་བསྙམས་པ། །སྟེང་ནས་ལས་ཀྱི་རྒྱས་བཏབ་བོ། །རྫོགས་


DNG018_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཏིང་འཛིན་ཆས་སུ་བསལ། །མཚམས་དང་བསྲུངས་དང་གོ་ཆའོ། །ཕྱག་རྒྱ་བསྐྱེད་དང་གོ་ཆ་དང་། །དྲོད་ཚད་བསླང་དང་ཐུགས་རྗེ་དབབ། །ཚེ་གནས་བསྡིམ་དང་ལྔ་པའོ། །ཡང་ནས་ཡང་དུ་བསྙེན་པར་བྱ། །ཕྲིན་ལས་སྐབས་དང་སྦྱར་ནས་བཅོམ། །དབང་དང་ཐེ་ཚོམ་མི་ཟ་སྟེ། །ཞི་བ་མ་ཡང་དཀྱིལ་འཁོར་གྱི། །འཕྲོ་འདུ་རིམ་གྱིས་བསྙེམ་པས་སྦྱང་། །བསྐུལ་དང་དོན་བྱས་འདུས་པ་དང་། །ཆོ་ག་གསུམ་གྱིས་སྣང་མཛད་སྐུ། །སེམས་སུ་ཞུ་ནས་དབྱིངས་སུ་ཐིམ། །སྐྱེ་མེད་དབྱིངས་ནས་དངོས་མེད་སྐུ། །ཧཱུཾ་དུ་གྱུར་ནས་རྩེ་ལྔ་འབར། །བསྐུལ་ནས་དོན་བྱས་མི་བསྐྱོད་སྐུ། །སེམས་སུ་ཞུ་ནས་དབྱིངས་ཉིད་དོ། །སྐྱེ་མེད་དབྱིངས་ནས་དངོས་མེད་སྐུ། །སྭཱ་ལས་རིན་ཆེན་ཟུར་བརྒྱད་འཕྲོ། །བསྐུལ་དང་དོན་བྱས་འབྱུང་ལྡན་ཉིད། །སེམས་སུ་ཞུ་ནས་དབྱིངས་ཉིད་དོ། །སྐྱེ་མེད་དབྱིངས་ནས་དངོས་མེད་སྐུ། །ཨཱཾ་ལས་པདྨར་གསལ་བ་དང་། །བསྐུལ་དང་དོན་བྱས་སྣང་མཐའ་ཡས། །སེམས་སུ་ཞུ་ནས་དབྱིངས་ཉིད་དོ། །སྐྱེ་མེད་དབྱིངས་ནས་གཉིས་མེད་སྐུ། །ཧཱ་ལས་རྒྱ་གྲམ་འབར་འཕྲོ་བས། །བསྐུལ་ནས་དོན་བྱས་དོན་གྲུབ་པའོ། །སེམས་སུ་ཞུ་ནས་དབྱིངས་ཉིད་དོ། །འཕྲོ་འདུ་གསལ་དང་ལས་སུ་རུང་། །དངོས་གྲུབ་འགྲུབ་ནས་མྱ་ངན་འདས། །མང་དུ་སྤེལ་ཕྱིར་བསྙེན་པར་བྱ། །གྲུབ་ནས་དངོས་གྲུབ་གསོལ་བ་དང་། །བརྟན་པར་བྱ་ཕྱིར་བདུད་རྩིའི་སྣོད། །ཡུམ་གྱི་གསང་བའི་ཚིག་ཏུའོ། །སྔགས་དང་ལྡན་པས་དབང་བསྐུར་ཏེ། །གནས་ལྔ་དག་ཏུ་བསྡིམ་པར་བྱ། །དེ་ནས་རྒྱ་བཤིག་མདུད་པ་དགྲོལ། །བཀྲ་ཤིས་མཚན་དང་ལྡན་པའི་ཡུམ། །དར་ལ་བབ་པས་སྐུལ་བའི་དབྱངས། །པྲ་བེ་ཤ་ཡིས་མདུད་པ་དགྲོལ། །ཆ་གཅིག་འཕགས་པ་མཆོད་ཕྱིར་དབུལ། །ཆ་གཅིག་སློབ་དཔོན་ཉིད་ལའོ། །གཅིག་ནི་ཡོངས་ལ་སྦྱིན་པར་གསུངས། །དེ་ནས་བདུད་རྩི་དམ་པའི་སྣོད། །དེ་ནི་སྤྱི་བོར་བླངས་ནས་ཀྱང་། །བཀྲ་ཤིས་ཚིགས་སུ་བཅད་པ་བསྒྲག །རང་བཞིན་དཀྱིལ་འཁོར་རྫོགས་པ་ཡང་། །གཟུགས་བརྙན་བུཌྜྷ་ཉིད་ལ་


DNG018_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ། །ཙིཏྟ་ལ་སོགས་རང་བཞིན་རྫས། །རང་བཞིན་མཆོད་པ་ཉིད་དུའོ། །རྣ་བ་སྒྲ་ཡི་མཆོད་པ་ཡིས། །གློག་འགྱུ་ཉིད་དེ་དབྱིངས་སུ་བསྡིམ། །དྲི་ནི་ཨ་མི་དྷི་བ་སྟེ། །སྤྲོས་པ་མེད་པའི་ངང་ལའོ། །མིག་ནི་རྡོ་རྗེ་སྡེར་མོ་སྟེ། །མཐའ་གཉིས་བྲལ་བའི་དབྱིངས་སུ་གཞག །ལྕེ་ནི་རྡོ་རྗེ་དྲ་བ་མོ། །མི་འགྱུར་དབྱིངས་སུ་ཡང་དག་ཉིད། །རང་བཞིན་མཆོད་པ་རྫོགས་པར་ལྡན། །གཟུགས་བརྙན་དཀྱིལ་འཁོར་དྲ་བ་ལ། །ཡོངས་སུ་བསྔོ་བར་བྱ་བ་ནི། །ཕོ་བ་ཤར་ཕྱོགས་བར་ཁྱམས་ན། །དབྱངས་དང་བཅས་པས་དབུལ་བ་ནི། །རྡོ་རྗེ་ཁམ་རྒྱ་ཆེན་མོ་ལ། །ཕུལ་བས་གཟི་ལྡན་དབྱིངས་སུ་ཐིམ། །གྲོད་པ་ལྷོ་ཕྱོགས་ཉིད་ལ་སྟེ། །རིན་ཆེན་ཁམ་རྒྱ་ཆེན་མོ་ལ། །དབྱངས་དང་བཅས་པ་སྔ་མ་བཞིན། །ཕུལ་བས་གཟི་ལྡན་དབྱིངས་སུ་ཐིམ། །གཉེ་མ་ནུབ་ནས་སྔ་མ་བཞིན། །མ་ཆགས་པདྨའི་ཁམ་རྒྱ་ལ། །ཕུལ་བས་གཟི་ལྡན་བྷ་ག་ལའོ། །ལོང་ཀ་བྱང་ནས་རིམ་པ་བཞིན། །དོན་རབ་ལྷུན་གྲུབ་ཁམ་རྒྱ་ལ། །དབྱངས་ཀྱིས་བསྟོད་ནས་མཉེས་པར་བྱའོ། །གཟི་ལྡན་ལ་ནི་འདུ་འཕྲོའི་ཚུལ། །སུལ་མང་ཤར་ལྷོ་མཚམས་སུ་སྟེ། །དེ་བཞིན་ཁམ་རྒྱ་ཉིད་ལའོ། །དབྱིངས་དང་ལྡན་པའི་ཡེ་ཤེས་དང་། །རྒྱུ་མ་ལྷོ་ནུབ་མཚམས་སུ་སྟེ། །དེ་བཞིན་ཁམ་རྒྱ་ཉིད་ལ་མཆོད། །ལྒང་པ་ཡེ་ཤེས་ཁམ་རྒྱ་ལའོ། །དབྱངས་དང་ཚིག་ལྡན་སྔ་མའི་ངང་། །སྒལ་ཚིགས་ཕྱོགས་བཞི་གྲུ་ཆད་ལ། །ལོང་བའི་ཚོགས་ལ་དབུལ་བ་ཡང་། །དབྱངས་དང་ལྡན་པའི་ཚིག་དག་གིས། །ཡེ་ཤེས་ལྔ་ཡི་ངང་ལ་གཞག །དཀྱིལ་འཁོར་ཡན་ལག་བར་བར་ནས། །དམུས་ལོང་ཚོགས་ལ་དབུལ་བ་ནི། །ནེའུ་སེག་དབྱངས་དང་ལྡན་པ་ཡིས། །ཕུལ་བས་ཡེ་ཤེས་ལྔ་ཡི་དབྱིངས་ལ་སྦྱོར། །གསང་བའི་ཆུ་བ་ནང་སྒོ་ནས། །དབུ་དགུ་རབ་ཏུ་བརྩེགས་པ་ལ། །དབྱངས་ཀྱི་མཉེས་པར་སྔ་མའི་ཚུལ། །མེ་རི་ལ་ནི་བ་སུ་ཏ། །སྤྱང་མོ་བརྒྱད་ལ་མཆོད་པ་ཡང་། །དབྱངས་ཚིག་ལྡན་པས་དབྱིངས་ལ་ཐིམ། །ཁྲག་གི་ལྕེ་ཡི་བར་བར་ནས། །ཟ་བྱེད་ཡེ་ཤེས་ཀུ་ཀུ་རཱ། །བརྒྱད་ལ་དབྱངས་ཀྱི་མཆོད་པ་ཡང་། །མ་སྐྱེས་དབྱིངས་ལ་ཐིམ་པར་བྱ། །


DNG018_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུ་བའི་ཐབས་ནི་འདི་དག་གསུངས། །དབྱིངས་ཀྱི་ཆོ་འཕྲུལ་རབ་སྤྲོས་ཏེ། །མཐའ་སྐོར་ཟ་བྱེད་ཡེ་ཤེས་ཀྱི། །སྤྱང་མོ་མགོ་དགུ་བརྩེགས་པ་ལ། །དབུ་དགུ་ཉིད་ཀྱང་དམུས་ལོང་སྟེ། །དམུས་ལོང་ལོང་བའི་ཚོགས་ལ་འཕྲོས། །ལོང་བ་ཁམ་རྒྱ་ཆེན་མོ་ལ། །དེ་ཉིད་གཙོ་བོ་ཡབ་ཡུམ་ལའོ། །ཡུམ་ཡང་དཔལ་བེའུའི་ཐུགས་ལ་བསྡུ། །དཔལ་བེའུ་སྐྱེ་མེད་དབྱིངས་སུ་སྟེ། །བརྗོད་པ་མེད་པའི་དབྱིངས་སུ་ཐིམ། །བདག་དང་དཀྱིལ་འཁོར་ཇི་བཞིན་ཏེ། །བདག་ཉིད་མཎྜལ་ཉིད་ལས་འཕྲོས། །མཎྜལ་ཟླ་གམ་ཉིད་ལ་སྟེ། །ཟླ་གམ་གཟི་ལྡན་ཡུམ་གྱི་མཁའ། །ཡང་ན་བདག་ཉིད་ཆེན་པོས་ཏེ། །སྐྱེ་བ་མེད་པའི་དབྱིངས་སུ་ཐིམ། །མཎྜལ་ཡེ་ཤེས་ལྔ་ལ་འདུ། །དམ་རྫས་གསང་བའི་བྷ་གར་བསྡུ། །ཡོངས་སུ་སྤྲོས་ཞིང་བསྡུ་བ་རྣམས། །སྐྱེ་བ་མེད་པའི་ངང་ལ་གཞག །ཅུང་ཟད་སྐྱེ་མེད་བསྒོམས་ནས་ཀྱང་། །གོང་མ་བཞིན་དུ་རིམ་པར་བསྡུ། །དབང་བསྐུར་བ་དང་འབྱུང་བ་དང་། །ཚེ་དང་དངོས་གྲུབ་ལེན་པ་དང་། །བཟོད་པར་གསོལ་དང་སྨོན་ལམ་གདབ། །གཏོར་མ་གཏང་བ་གཞུང་བཞིན་བྱ། །དབང་ཆེན་འདུས་པའི་ཏནྟྲ་ལས། རོ་སྦྱོར་བདུད་རྩིའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།རིགས་འཛིན་གོ་འཕང་ཐོབ་པ་ཡིས། །རིམ་གཉིས་ལུང་གི་བརྒྱུད་པའི་ལུང་། །ས་བོན་ལས་ནི་འབྲས་བུ་བཞིན། །ཁྲག་འཐུང་འབར་བའི་དཀྱིལ་འཁོར་ལས། །དབང་ཆེན་དབང་གི་དཀྱིལ་འཁོར་རྒྱུད། །དུར་ཁྲོད་འབར་བའི་གཞལ་ཡས་ལས། །ལྷ་ཆེན་འཁོར་བཅས་བསྒྲལ་བའི་ཕྱིར། །རྒྱལ་མཚན་ལྔ་དང་ཀ་བར་བཅས། །འཕན་དང་ཟ་རམ་བླ་རེ་རྣམས། །ཁམས་གསུམ་དབང་དུ་སྡུད་པར་གྱུར། །ཧཱུཾ་ལས་རིན་ཆེན་ཁྲི་བཞི་ཡང་། །འཁོར་བ་ཐབས་ཀྱིས་གནོན་པ་དང་། །སྲིན་པོ་རུ་ཏྲ་སྒྲོལ་བ་དང་། །ཁྱད་པར་གཞན་ལས་འཕགས་པའི་ཕྱིར། །ཁྲག་འཐུང་ཆེན་པོའི་སྐུ་བཞིར་བརྒྱུད། །དབང་ཕྱུག་ཉི་ཤུ་རྩ་བརྒྱད་ནི། །ཐབས་ཀྱི་རྩལ་འཕང་སེང་གེར་བརྒྱུད། །གདན་ཁྲི་སེང་གེ་ཁྲ་བརྒྱད་ནི་བཞི་ཆེན་འཁྲིལ་སྐྱོང་ནི། །ཉི་ཟླ་པདྨ་བརྩེགས་པར་བརྒྱུད། །ཞེ་སྡང་ཁྲག་འཐུང་འབར་བའི་སྐུ། །ངག་གི་དབང་ཕྱུག་ཉིད་དུ་བརྒྱུད། །ཀྲོ་དྷཱི་ཤྭ་རི་ལ་སོགས་


DNG018_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ། །གཟི་ལྡན་གསང་བའི་ཡུམ་ཉིད་དོ། །རིགས་ལ་དབང་རྣམས་མི་ཟ་བར། །ཐམས་ཅད་ཡོངས་སུ་རྫོགས་པའི་ཕྱིར། །ཁྲག་འཐུང་ལྔ་པོའི་དབུ་ལ་བརྒྱུད། །ཁྲོ་བོ་ཆེན་པོ་མཐུ་ཆེན་བརྒྱད། །བསྒྲལ་ནས་ཞབས་ཀྱི་གདན་ལ་བརྒྱུད། །རྫོགས་པ་ཆེན་པོ་ཡིན་པའི་ཕྱིར། །ཏིང་འཛིན་བརྒྱད་དང་ལྡན་པར་དམིགས། །རྒྱན་གྱི་བྱེ་བྲག་མང་པོ་རྣམས། །རྡོ་རྗེ་རིན་ཆེན་ལས་བྱུང་བའི། །གཤོག་པ་དག་ཏུ་རྣམ་པར་བརྒྱུད། །སྒོ་བ་ཁྲོ་བོ་ཡབ་ཡུམ་བརྒྱད། །དབུ་ལྔ་བརྩེགས་པའི་རྐང་གཅིག་པོ། ། འཇིགས་ཀྱང་། རིགས་དང་བཅས་པ་ཉིད་དུ་བརྒྱུད། །རྒྱས་འདེབས་ལ་སོགས་ལྷ་མོ་ནི། །ཁམ་རྒྱ་ཆེན་མོར་བརྒྱུད་པས་ཏེ། །སྤྲུལ་པ་ཡང་སྤྲུལ་བསམ་ཡས་པ། །ལོང་བའི་ཚོགས་དང་ཁྱི་སྤྱང་དུ། །བརྒྱུད་པ་ཡིན་ཞེས་འདྲེན་པས་བསྟན། །ཕྲ་མེན་བཅུ་དྲུག་ཐུགས་ཀྱི་ཡུམ། །ཕྱག་རྒྱ་བཅུ་དྲུག་དཀྱིལ་འཁོར་དུ། །ལྕགས་ཀྱི་རྡོ་རྗེ་ལ་སོགས་པའི། །ཕྱག་མཚན་བཅུ་དྲུག་ཉིད་དུ་བརྒྱུད། །གསང་བ་བས་ཀྱང་ཆེས་གསང་བ། །ཡང་གསང་ཐུགས་ལ་གབ་པ་སྟེ། །འདི་ནི་མན་ངག་བརྒྱུད་པའི་ལུང་། །རྗེས་སུ་རྣལ་འབྱོར་རྣམས་ཀྱིས་སྤྱོད། །དབང་ཆེན་འདུས་པའི་ཏནྟྲ་ལས། རིགས་འཛིན་གོ་འཕང་ཐོབ་པའི་ལེའུ་སྟེ་བཅུ་དགུ་པའོ།། །།མཁའ་ལྡན་ཆེན་པོས་གསུངས་པ་ལས། །འདའ་དཀའ་དམ་ཚིག་ལེའུ་གསུངས། །རྣལ་འབྱོར་གང་ཞིག་རྩོམ་པ་ཡང་། །མཉམ་པ་ཆེན་པོ་རྟོགས་པ་ཡང་། །དོན་ལས་ནམ་ཡང་འདའ་མི་བྱ། །བསྡམས་པར་བྱ་བའི་དམ་ཚིག་ནི། །སྲོག་གི་ཕྱིར་ཡང་མི་འདའ་བའི། །སྣ་ཚོགས་དངོས་པོ་སྣང་བ་ཡང་། །དངོས་པོ་མེད་པའི་སྐུར་གསལ་བས། །རྟོགས་པའི་དོན་ལས་ཡོངས་མི་འདའ། །སྒྲ་མཐའ་སྣ་ཚོགས་སྒྲོགས་པ་ཡང་། །སྨྲ་བ་མེད་པའི་གསུང་དུ་རིག །རིག་པའི་དོན་ལས་འདའ་མི་བྱ། །བསམ་དུ་མེད་པའི་སེམས་གང་ཡིན། །དེ་ནི་ཐུགས་ཀྱི་རང་བཞིན་ཏེ། །དེ་ལས་འདའ་བ་མ་ཡིན་ནོ། །སྐུ་གསུང་ཐུགས་ལས་མ་གཡོས་ཀྱང་། །ཆེ་བའི་ཡོན་ཏན་སྣ་ཚོགས་འབྱུང་། །འོན་ཀྱང་ཟད་མེད་འཕེལ་མེད་པས། །


DNG018_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་དམ་ཚིག་ཡིན་པར་གྲགས། །དེ་ལས་འདའ་བར་ཡོངས་མི་བྱ། །རྩོལ་བ་མེད་པའི་ལས་གང་ཡིན། །དེ་ནི་ཐབས་ཀྱི་སྤྱོད་པ་བས། །ཕྲིན་ལས་དམ་ཚིག་འདའ་དཀའ་འོ། །ལྔ་པོ་འདི་ལ་གང་གནས་པ། །རྣལ་འབྱོར་སྐལ་ལྡན་དམ་པའོ། །བསྒྲུབ་བྱའི་དམ་ཚིག་ཆེན་པོ་ནི། །བྱང་ཆུབ་སེམས་དང་ཤ་རྣམས་དང་། །ཁྲག་དང་དྲི་ཆུ་དྲི་ཆེན་པོ། །དབང་པོ་ལྔ་དང་བཅས་པ་ནི། །བདེ་གཤེགས་ལྔ་ཡི་ཐུགས་དམ་སྟེ། །བསྒྲུབ་ལ་གནས་པས་མི་སྤང་ཞིང་། །འདའ་བར་བྱ་བ་མ་ཡིན་ནོ། །བརྟུལ་ཞུགས་དམ་ཚིག་ཆེན་པོ་ནི། །དཀའ་ཐུབ་སྡོམ་ལ་གནས་པའི་ཕྱིར། །བདུད་རྩི་དམ་རྫས་རྐྱེན་བཅས་ལ། །ཐོགས་པ་མེད་པའི་བརྟུལ་ཞུགས་ཀྱིས། །སྤང་ལེན་མེད་པར་རོལ་བྱའོ། །བསྙེན་པའི་དམ་ཚིག་ཆེན་པོ་ནི། །ལྷ་དང་རྫས་དང་ཚེ་ལ་སོགས། །སྙིང་པོ་ཡིག་འབྲུ་བཅས་པ་རྣམས། །གཉིས་སུ་མེད་པར་རྟོགས་བྱས་ནས། །མཉམ་པ་ཆེན་པོའི་དབྱིངས་སུ་གཞག །སྤྱད་པར་བྱ་བའི་དམ་ཚིག་ནི། །པདྨ་ཅན་དང་དུང་ཅན་མ། །བན་གླང་མ་དང་རི་མོ་ཅན། །བུ་མོ་མིག་རིང་ལ་སོགས་ཀུན། །ཕྲད་པར་གྱུར་ནས་སྦྱར་བ་ཡང་། །མཐོང་བ་ཙམ་གྱི་དམ་ཚིག་སྟེ། །དབང་པོའི་ཡུལ་དང་ཤེས་མཚོན་ལྡན། །བསྒྲུབ་པར་བྱ་བའི་དམ་ཚིག་ནི། །ཉོན་མོངས་ལྔ་པོ་གནས་སུ་དག །སྐུ་དང་ཡེ་ཤེས་ལྡན་སྦྱོར་ཞིང་། །ཐམས་ཅད་ལྷ་ཡི་ཕྱག་རྒྱར་གསལ། །ཤེས་པར་བྱ་བའི་དམ་ཚིག་ནི། །འཁོར་བའི་ཆོས་ལྔ་མ་སྤངས་ཤིང་། །སྤྱད་པས་གྲོལ་ཏེ་མྱ་ངན་འདས། །ཕྱི་ནང་སྣོད་བཅུད་མ་ལུས་ཀུན། །ཕྱག་རྒྱ་ཆེན་པོའི་དཀྱིལ་འཁོར་རོ། །དང་དུ་བླང་བའི་དམ་ཚིག་ནི། །ཏན་གཎ་ལ་སོགས་སྤྱད་པ་ཡང་། །འདས་པའི་སངས་རྒྱས་རྣམས་ཀྱི་བཀའ། །མ་བྱིན་པ་ཡང་བླང་བ་དང་། །མི་ཚངས་པ་ཡང་སྤྱད་བྱ་ཞིང་། །ལྷ་དང་སློབ་དཔོན་མཆེད་ལ་སོགས། །འཚེ་ལ་རྫུན་གྱི་ཚིག་སྨྲ་ཞིང་། །བརླང་པོ་གང་གིས་ཞེར་གདབ་བོ། །གླུ་བྲོ་གསང་བའི་དམ་ཚིག་ནི། །དབྱིངས་ཉིད་གསང་བའི་ས་གཞི་ལ། །བྷུཌྜྷ་ཁྲག་འཐུང་རོལ་པའི་བྲོ། །གཏི་མུག་གནས་སུ་འཇོམས་པ་སྟེ། །འདའ་


DNG018_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

དཀའ་སྐུ་ཡི་དམ་ཚིག་གོ། །མེ་ལོང་གསལ་བའི་ས་གཞི་ལ། །རྡོ་རྗེ་ཁྲག་འཐུང་རོལ་པའི་བྲོ། །ཞེ་སྡང་གནས་སུ་འཇོམས་པ་སྟེ། །འདའ་དཀའ་ཐུགས་ཀྱི་དམ་ཚིག་གོ། །མཉམ་པ་ཆེན་པོའི་ས་གཞི་ལ། །རིན་ཆེན་ཁྲག་འཐུང་རོལ་པའི་བྲོ། །ང་རྒྱལ་གནས་སུ་འཇོམས་པ་སྟེ། །ཡོན་ཏན་ལྷུན་གྲུབ་དམ་ཚིག་གོ། །སོ་སོར་རྟོགས་པའི་ས་གཞི་ལ། །པདྨ་ཁྲག་འཐུང་རོལ་པའི་བྲོ། །འདོད་ཆགས་གནས་སུ་འཇོམས་པའི་བྲོ། །སྒྲ་མཐའ་ཆུབ་པའི་དམ་ཚིག་གོ། །ནན་ཏན་ཆེན་པོའི་ས་གཞི་ལ། །ཀརྨ་ཁྲག་འཐུང་རོལ་པའི་བྲོ། །ཕྲག་དོག་གནས་སུ་འཇོམས་པ་སྟེ། །ཕྲིན་ལས་འདའ་དཀའི་དམ་ཚིག་གོ། །སྟོང་ཉིད་ཡེ་ཤེས་ས་གཞི་ལ། །དབང་ཆེན་ཁྲག་འཐུང་རོལ་པའི་བྲོ། །དུག་ལྔ་གནས་སུ་འཇོམས་པ་སྟེ། །སྐུ་ལྔ་ལྷུན་སྦྱོར་དམ་ཚིག་གོ། །དབྱིངས་ཕྱུག་ལྔ་ཡི་ས་གཞི་ལ། །ཡེ་ཤེས་ལྔ་ཡི་བྲོ་བརྡུངས་ཤིང་། །དུག་ལྔ་འཇོམས་པའི་གླུ་བླངས་པས། །སྡུག་བསྔལ་ཆུ་བོའི་གཞུང་བསྐམས་ནས། །འཁོར་བའི་རྒྱ་མཚོ་གཏིང་བསྐམས་ཏེ། །སྐུ་གསུང་ཐུགས་སུ་རྒྱས་བཏབ་ནས། །བདེ་བ་ཆེན་པོར་རྣམ་སྦྱར་ཏེ། །དམྱལ་ཚོགས་མེ་དཔུང་གནས་སུ་བསད། །འདི་ནི་དཔལ་གྱི་བྲོ་མོ་ཆེ། །ཐོས་པ་ཙམ་གྱིས་རྟོགས་པ་དང་། །བརྡུངས་པ་ཙམ་གྱི་ཐུགས་དམ་སྐོང་། །འདི་ནི་གླུ་བྲོའི་དམ་ཚིག་སྟེ། །ཐམས་ཅད་ཆོས་སྐུ་གདལ་བ་ཆེ། །དབང་ཆེན་འདུས་པའི་ཏནྟྲ་ལས། འདའ་དཀའ་དམ་ཚིག་གི་ལེའུ་སྟེ་ཉི་ཤུ་པའོ།། །།ཚེ་ལ་དབང་ཐོབ་རིག་འཛིན་བརྙེས་པའི་ས། །དུས་གསུམ་རྒྱལ་བ་མཉེས་པར་བྱ་བ་དང་། །རྣལ་འབྱོར་ཕྱི་རབས་དངོས་གྲུབ་ཐོབ་པའི་ཕྱིར། །རྡོ་རྗེ་གསང་བའི་ལེའུ་འདི་གསུངས་སོ། །ཆོ་ག་སྲུང་དང་ཏིང་འཛིན་བཅས་པའི་ས། །བདག་ཉིད་ཕྱག་རྒྱ་ཆེན་པོའི་ང་རྒྱལ་བསྐྱེད། །དེ་ལ་ཡེ་ཤེས་རྒྱན་གྱི་གླུ་བླངས་པ། །ཨོཾ། གཙུག་ཏུ་འཁོར་ལོ་རྩིབས་བརྒྱད་འབར། །ཆོ་ག་གསུམ་ལྡན་སྣང་མཛད་ཆེ། །ཡབ་ཡུམ་གཉིས་མེད་སྦྱོར་བ་ལས། །འཁོར་ལོ་སྙིང་གི་དབུས་སུ་བསྒོམ། །དེ་ཡང་རང་བཞིན་མེད་པར་དམིགས། །


DNG018_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ། དཔྲལ་བར་རྡོ་རྗེ་རྩེ་ལྔ་འབར། །ཆོ་ག་གསུམ་ལྡན་སེམས་དཔའ་ཆེ། །ཡབ་ཡུམ་གཉིས་མེད་སྦྱོར་བ་ལས། །རྡོ་རྗེ་སྙིང་གི་དཀྱིལ་དུ་བསྒོམ། །དེ་ཡང་རང་བཞིན་མེད་པར་དམིགས། །སྭཱ། གཡས་སུ་རིན་ཆེན་ཟུར་དྲུག་འབར། །ཆོ་ག་གསུམ་ལྡན་རིན་པོ་ཆེ། །ཡབ་ཡུམ་གཉིས་མེད་སྦྱོར་བ་ལས། །རིན་ཆེན་སྙིང་གི་དབུས་སུ་བསྒོམ། །དེ་ལ་རང་བཞིན་མེད་པར་དམིགས། །ཨཱཾ། རྒྱབ་ཏུ་པདྨ་འདབ་བརྒྱད་འབར། །ཆོ་ག་གསུམ་ལྡན་མཐའ་ཡས་ཆེ། །ཡབ་ཡུམ་གཉིས་མེད་སྦྱོར་བ་ལས། །པདྨ་སྙིང་གི་དབུས་སུ་བསྒོམ། །དེ་ལ་རང་བཞིན་མེད་པར་དམིགས། །ཧཱ། གཡོན་དུ་རྡོ་རྗེ་རྒྱ་གྲམ་འབར། །ཆོ་ག་གསུམ་ལྡན་དོན་ཡོད་གྲུབ། །ཡབ་ཡུམ་གཉིས་མེད་རོལ་པ་ལས། །རྒྱ་གྲམ་སྙིང་གི་དབུས་སུ་བསྒོམ། །དེ་ལས་རང་བཞིན་མེད་པར་དམིགས། །སྐུ་གསུང་ཡོན་ཏན་ཕྲིན་ལས་ལྔ། །རིགས་ལྔ་དཔལ་གྱི་གླུ་བླངས་པས། །གསང་བའི་ཡུམ་གྱི་བྲོ་བརྡུངས་ཤིང་། །དཔའ་བོ་འབྲུ་ལྔས་དབང་བསྐུར་བས། །ཐམས་ཅད་མ་ལུས་ཕྱག་རྒྱའི་སྐུ། །ལུས་པ་མེད་པ་ཆོས་ཀྱི་དབྱིངས། །ཧྲཱྀཿ། རྟ་མགྲིན་གཙུག་ན་ནོར་བུ་འབར། །ཆོ་ག་གསུམ་ལྡན་ཧ་ཡ་གྲཱི། །ཡབ་ཡུམ་གཉིས་མེད་རོལ་པ་ལས། །ནོར་བུ་སྙིང་གི་དབུས་སུ་བསྒོམ། །དེ་ལ་རང་བཞིན་མེད་པར་དམིགས། །ཧཱུཾ། གཡས་པ་བརྒྱད་ན་ལྕགས་ཀྱུ་འབར། །ཆོ་ག་གསུམ་ལྡན་ཕྲ་མེན་མ། །གཙོ་དང་གཉིས་མེད་འཁྲིལ་པ་ལས། །ལྕགས་ཀྱུ་སྙིང་གི་དབུས་སུ་བསྒོམ། །དེ་ལ་རང་བཞིན་མེད་པར་དམིགས། །གཡོན་པ་བརྒྱད་ན་མཚོན་ཆ་འབར། །ཆོ་ག་གསུམ་ལྡན་བཛྲ་སྟེ། །གཙོ་དང་གཉིས་མེད་འཁྲིལ་བ་ལས། །མཚོན་ཆ་སྙིང་གི་དབུས་སུ་བསྒོམ། །དེ་ལ་རང་བཞིན་མེད་པར་དམིགས། །ཏྲུཾ་ཧཱུཾ ། ཞབས་བརྒྱད་ཕོ་ཉ་ཟ་བྱེད་བརྒྱད། །ཆོ་ག་གསུམ་དང་ལྡན་པ་མོ། །གཙོ་དང་གཉིས་མེད་འཁྲིལ་བ་ལས། །ཆས་བརྒྱད་སྙིང་གི་དབུས་སུ་བསྒོམ། །དེ་ལ་རང་བཞིན་མེད་པར་དམིགས། །ཕཊ། སྐུ་གསུང་ཐུགས་ལས་རྣམ་འཕྲུལ་པའི། །སྒོ་སྐྱོང་ཁྲོ་བོ་མགོ་དགུ་བརྩེགས། །ཁམ་རྒྱ་མོ་དང་ལོང་བའི་ཚོགས། །


DNG018_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

དམུས་ལོང་དང་ནི་ཁྱི་སྤྱང་ཚོགས། །དཔལ་ཆེན་སྐུ་ལ་རབ་ཏུ་འབར། །ཆོ་ག་གསུམ་ལྡན་སྤྲུལ་ཚོགས་ལྡན། །དེ་ཡང་ཡབ་ཡུམ་སྦྱོར་བ་ལས། །འཁོར་རྣམས་སྙིང་གི་དཀྱིལ་དུ་བསྒོམ། །དེ་ལ་རང་བཞིན་མེད་པར་དམིགས། །འདི་ནི་ཡེ་ཤེས་རྒྱན་གྱི་གླུའོ། །རྒྱན་ཉིད་ཡེ་ཤེས་གླུ་བླངས་པས། །སྐད་ཅིག་མ་ཡི་ཏིང་འཛིན་གྱིས། །བདག་ཉིད་ཕྱག་རྒྱ་རྟ་མཆོག་འབར། །ཨཱོཾ། འཁོར་ལོ་ཡེ་ཤེས་ཅན་རྣམས་ཀྱིས། །འཁོར་ལོ་རྡོ་རྗེ་བསྒོམ་བྱས་ན། །དེ་ཉིད་ཆོས་སྐུ་ནམ་མཁའ་ཆེ་ཧོ། །ཧཱུཾ། རྡོ་རྗེ་ཡེ་ཤེས་ཅན་རྣམས་ཀྱིས། །རྡོ་རྗེ་རྡོ་རྗེ་བསྒོམ་བྱས་ན། །དེ་ཉིད་ཆོས་ཉིད་ངང་ལ་རྫོགས་ཧོ། །སྭཱ། རིན་ཆེན་ཡེ་ཤེས་ཅན་རྣམས་ཀྱིས། །རིན་ཆེན་རྡོ་རྗེ་བསྒོམ་བྱས་ན། །དེ་ཉིད་ལོངས་སྤྱོད་ལྷུན་གྱིས་འགྲུབ་ཧོ། །ཨཱཾ། པདྨ་ཡེ་ཤེས་ཅན་རྣམས་ནི། །པདྨ་རྡོ་རྗེ་བསྒོམ་བྱས་ན། །དེ་ཉིད་བརྟེན་པར་གྱུར་པ་མེད། །ཧཱ། རྒྱ་གྲམ་ཡེ་ཤེས་ཅན་རྣམས་ནི། །རྒྱ་གྲམ་རྡོ་རྗེ་བསྒོམ་བྱས་ན། །དེ་ཉིད་སྤྲུལ་སྐུ་ངོ་མཚར་ཆེ་ཧོ། །རྒྱན་ཉིད་ཡེ་ཤེས་གླུ་བླངས་པས། །བསྐུལ་དང་དོན་བྱས་འདུས་པ་དང་། །ཐམས་ཅད་ཨ་སྟེ་དངོས་མེད་སྐུ། །སྟོང་པ་ཆེན་པོའི་ངང་ལ་གཞག་ཧོ། །དབང་ཆེན་འདུས་པའི་ཏནྟྲ་ལས། གླུའི་ལེའུ་སྟེ་ཉེར་གཅིག་པའོ།། །།ཚར་གསུམ་པ་ཡི་རྔ་བརྡུངས་པས། །ལྕང་ལོ་ཅན་གྱི་ཕོ་བྲང་འཇོམས། །སྣང་མཛད་ཆེན་པོ་ཨ་ལ་ལ། །ཞེས་བརྗོད་དེ། གཞུང་བཞིན་ལྔའི་དོན་ཤེས་པར་བྱའོ། །དང་པོར་རྒྱུ་དང་རང་བཞིན་དང་། །དོན་དང་བསྒོམ་དང་གྲངས་དང་ནི། །བསྙེན་པར་བྱ་དང་ཐབས་ལ་སོགས། །བདུན་པོ་འདི་ལ་རྔ་ཞེས་བྱ། །དེ་ལ་རྔ་ཡི་རྒྱུ་དག་ནི། །ཕྱི་ཡི་རྒྱུ་དང་ནང་གི་རྒྱུ། །གསང་བའི་རྒྱུ་དང་གསུམ་དུ་བསྟན། །རང་བཞིན་ལ་ཡང་གསུམ་གསུམ་སྟེ། །རྔའི་རང་བཞིན་དང་། སྐད་ཀྱི་རང་བཞིན་དང་། ལྕགས་ཀྱི་རང་བཞིན་ནོ། །དོན་ལ་ཡང་གཉིས་ཏེ། རྔ་ཀུན་ནས་ཟླུམ་པོར་གྱུར་པ་དང་། རྔ་ཀུན་ནས་ཡོངས་སུ་རྣམ་པར་གྲགས་པའོ། །བསྒོམ་པ་ལ་ཡང་གསུམ་སྟེ། བལྟ་


DNG018_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

བར་བསྒོམ་པ་དང་། ལྷའི་སྐུ་ཕྱག་རྒྱར་བསྒོམ་པ་དང་། སྤྲུལ་པ་བསྒོམ་པ་དང་། རྔའི་གྲངས་ལ་ཡང་གསུམ་སྟེ། སྒྲུབ་པ་ལས་ཀྱི་རྔ་དང་། གསང་བ་ཡུམ་གྱི་རྔ་དང་། རོལ་མོ་དབྱངས་ཀྱི་རྔའོ། །བསྙེན་པ་ལ་ཡང་གཉིས་ཏེ། བསྙེན་པ་དང་ཉེ་བའི་བསྙེན་པའོ། །བརྡུང་ཐབས་ལ་ཡང་རྣམ་པ་དྲུག་སྟེ། དཔལ་ཆེན་རང་བཞིན་གྱི་རྔ་བརྡུང་ཐབས་དང་།དུར་ཁྲོད་མ་མོའི་བརྡུང་ཐབས་དང་། རྦོད་གཏོང་ཕོ་ཉ་རྦད་པའི་བརྡུང་ཐབས་བསྟན་པའོ། །ཕྲ་མེན་གཽ་རི་ལང་ཀ་འདུ་བའི་བརྡུང་ཐབས་དང་། ཕྱོགས་སྐྱོང་ཟིལ་གྱིས་མནན་པའི་བརྡུང་ཐབས་དང་། དངོས་གྲུབ་ཉེ་བར་ལེན་པའི་བརྡུང་ཐབས་དང་དྲུག་ཏུ་གསུངས་སོ། །དབང་ཆེན་འདུས་པའི་ཏནྟྲ་ལས། རྔ་བརྡུང་བའི་ལེའུ་སྟེ་ཉེར་གཉིས་པའོ།། །།དབང་གི་རྣལ་འབྱོར་པ་རྣམས་ཀྱིས། །གནོད་སྦྱིན་རྣམས་ནི་འཁོར་འདོད་ན། །གནོད་སྦྱིན་གཟུགས་ནི་ཁྲག་གིས་བྲི། །དུར་ཁྲོད་ཆེན་པོར་མངོན་སུམ་དུ། །དུར་ཁྲོད་དཀྱིལ་འཁོར་གྲུ་བཞི་སྟེ། །དབུས་ཀྱི་གྲུ་གསུམ་མཐིང་ནག་ལ། །མཐའ་སྐོར་ཟླ་གམ་བརྒྱད་ཀྱིས་བསྐོར། །དབུས་སུ་ཡུམ་ཆེན་གཟི་ལྡན་མ། །ཟླ་གམ་བརྒྱད་ལ་བཞག་པ་ཡང་། །མཚན་དང་ལྡན་པའི་བྷན་དྷ་ལ། །བསྒྲུབ་པའི་མ་མོ་བརྒྱད་བྲིས་ཏེ། །དུར་ཁྲོད་མ་མོ་དགོད་པ་ཡང་། །ཤར་དུ་རྡོ་རྗེ་སྡེར་མོ་དང་། །ལྷོ་རུ་མ་མོ་གློག་འགྱུ་མ། །ནུབ་ཏུ་རྡོ་རྗེ་དྲ་བ་མོ། །བྱང་དུ་ཨར་མོ་དེ་ལ་བཞག །ཤར་ལྷོ་མཚམས་སུ་དགོད་པ་ཡང་། །རྡོ་རྗེ་ཁམ་རྒྱ་ཆེན་མོའོ། །ལྷོ་ནུབ་མཚམས་སུ་དགོད་པ་ཡང་། །རིན་ཆེན་ཁམ་རྒྱ་དགོད་པར་བྱ། །ནུབ་བྱང་མཚམས་སུ་པདྨ་རྒྱ། །བྱང་ཤར་མཚམས་སུ་ལས་ཀྱི་རྒྱ། །ཕྱི་རིམ་བར་ཁྱམས་ཆེན་པོ་ལ། །ཟླ་གམ་དམར་པོ་བཅུ་དྲུག་ལ། །ཕྲ་མེན་བཅུ་དྲུག་རིམ་པ་བཞིན། །སྒོ་བཞིར་ཟླ་གམ་བཞི་བྲིས་ཏེ། །སྟེང་དུ་ལྕགས་ཀྱུ་ལ་སོགས་དགོད། །དེ་ལྟར་བཤམ་པའི་དཀྱིལ་འཁོར་དུ། །གནོད་སྦྱིན་གཟུགས་ནི་ཁྲག་གིས་བྲི། །སྙིང་གར་རྡོག་ཕུར་མནན་ནས་སུ། །


DNG018_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

དགུག་པའི་བརྟུལ་ཞུགས་ཧཱུཾ་བཟླས་པས། །གནོད་སྦྱིན་མ་འོངས་བར་དུ་ནི། །སྡོད་ན་ཞག་བདུན་ནས་ཁུགས་འགྱུར། །གནོད་སྦྱིན་ཀུན་ལ་ཅི་དགར་སྤྱོད། །རྣལ་འབྱོར་པ་ཡི་བྲན་དུ་འགྱུར། །ཕྲ་མེན་རྣམས་ནི་འཁོལ་འདོད་ན། །དཀྱིལ་འཁོར་དེ་ཡི་དབུས་དག་ཏུ། །རོ་རས་གྲོ་ག་ཤིང་ཤུན་ལ། །ཕྲ་མེན་གཟུགས་ནི་ཁྲག་གིས་བྲི། །དབང་པོ་ཡན་ལག་ཕུར་པས་གདབ། །སྙིང་གར་རྡོག་པས་མནན་ནས་ནི། །དགུག་པའི་བརྟུལ་ཞུགས་ཧཱུཾ་ཞེས་བཟླས། །གོང་མ་བཞིན་དུ་བདུན་གྱིས་འོང་། །བདག་ཉིད་ཇི་ལྟར་འདོད་པ་བཞིན། །ཕྲ་མེན་རྣམས་ནི་ཅི་དགར་འཁོར། །ཁོང་གིས་འགལ་ན་ཁོང་དག་འཆི། །བདག་གིས་ཉམས་ན་བདག་ཉིད་ཉམས། །མ་མོ་སྒྲུབ་པའི་དུས་དག་ཏུ། །ནང་པར་མལ་ནས་ལངས་ནས་ཀྱང་། །ཡི་དམ་གནས་པའི་ས་ཕྱོགས་སུ། །གོམ་གསུམ་འཕགས་ནས་སྐུ་གསུམ་དྲན། །བཤང་གཅི་བྱེད་པའི་ས་ཕྱོགས་སུ། །དྲི་ཆེན་ལག་ཏུ་བླངས་ནས་སུ། །སུས་མ་མཐོང་བར་ཁམས་གསུམ་བཟའ། །དྲི་ཆུ་ཁྱོར་བ་གང་བླུགས་ནས། །སུས་མ་མཐོང་བར་ཐེངས་གསུམ་བཏུང་། །ཕྲ་མེན་ཆེན་མོ་བཀོལ་བའི་ཕྱིར། །ཤིན་ཏུ་དབེན་པའི་དུར་ཁྲོད་དུ། །རྐང་གཅིག་ས་ལ་བཙུགས་ནས་ཀྱང་། །ཕག་སྐད་ཐེངས་གསུམ་ངུར་བར་བྱ། །བྱང་གི་ཕྱོགས་སུ་ཁ་བལྟས་ཏེ། །གནོད་སྦྱིན་དབང་དུ་བསྡུ་བའི་ཕྱིར། །དྲི་ཆེན་མདུན་དུ་བཞག་ནས་ཀྱང་། །ཁྱི་སྐད་ཐེངས་གསུམ་ཟུག་པར་བྱ། །ནུབ་ཀྱི་ཕྱོགས་སུ་ཁ་བལྟས་ཏེ། །རྟ་སྐད་འཚེར་བའི་གླུ་དབྱངས་བླངས། །ཕྲ་མེན་རྣམས་ལ་ཅི་དགར་སྤྱོད། །འདི་ནི་མ་མོ་བསྐོལ་བའི་ལེའུའོ། །དཀྱིལ་འཁོར་འདི་ལ་བཀྲམ་པ་ཡང་། །དབུས་སུ་བཀྲམ་པའི་འདི་དག་སྟེ། །གཉིས་ལྡན་བྱང་ཆུབ་སེམས་ཆེན་པོ། །འོ་མ་དང་ནི་བསྲེས་ལ་གཞག །འཕྱར་ཞིང་མ་མོ་རྟེན་དབྱངས་བླངས། །ཕྱོགས་བཞིར་བདུད་རྩི་བཞི་རྣམས་ནི། །རིམ་པ་བཞིན་དུ་ཟླ་གམ་ལའོ། །ཡི་གེའི་འཕྲོ་འདུ་བྱས་ནས་ཀྱང་། །མ་མོ་རྟེན་དབྱངས་བླངས་ཤིང་འཕྱར། །མཐའ་སྐོར་ཤར་ལྷོ་མཚམས་


DNG018_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ནི། །རྫས་སུ་ཁྱོ་ཚོ་བཅུ་དྲུག་ལ། །རཀ་ཏ་ཁྲག་དང་བསྲེས་པ་ཡི། །སྔ་མ་བཞིན་དུ་འཕྱར་ཞིང་གཞག །ཕྱི་རིམ་ཕྲ་མེན་བཅུ་དྲུག་ལ། །རྫས་སུ་ཁྱོ་རྫོགས་བཅུ་དྲུག་དགོད། །དེ་ཡི་སྟེང་དུ་སྙིང་པོ་བྲི། །རཀྟ་ཁྲག་དང་བསྲེས་པ་ཡི། །ཁ་ཆེས་བོས་ལ་འཕྱར་ཞིང་གཞག །སྒོ་པ་རྣམས་ནི་དགོད་པ་ཡང་། །བྱང་སྐྱ་གནག་བཅས་བྲིས་པ་ལ། །ཁ་ལི་ལི་བོས་འཕྱར་ལ་གཞག །འདི་ལྟར་རྟོགས་ནས་བསྒོམ་པ་དང་། །གནོད་སྦྱིན་བྲན་མོ་ལས་བྱེད་དང་། །མ་མོ་མངག་གཞུག་དྲག་མོ་ལས་བྱེད་དང་། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །གཏོར་མ་ཆོ་ག་གཞུང་བཞིན་བྱ། །སློབ་མར་རཀྟས་དབང་བསྐུར་རོ། །དངོས་གྲུབ་བརྟེན་ཕྱིར་བཟླས་པ་ལས། །སྲོད་ལ་འཁོར་གསུམ་བྲོ་བརྡུང་བ། །ཐོ་རངས་སྦྱོར་བའི་ལས་ཀྱང་བྱ། །བྱང་ཆུབ་སེམས་ཀྱི་དབང་བསྐུར་ན། །དངོས་གྲུབ་རབ་ཏུ་བརྟན་པར་འགྱུར། །དབང་ཆེན་འདུས་པའི་ཏནྟྲ་ལས། མ་མོ་བཀོལ་བའི་ལེའུ་སྟེ་ཉི་ཤུ་གསུམ་པའོ།། །།ཆས་ཀྱི་བློ་དག་ལས་གོལ་ཚིག་ཟབ་མོ་དང་། གདུག་བྱེད་ཕོ་ཉའི་ལེའུ།བསྐུལ་བའི་ལས་དག་འབད་པའི་ཕྱིར། །གདུག་བྱེད་ཞབས་ཀྱི་འོད་ཟེར་ནི། །དཔལ་མཆོག་དྲག་ཤུལ་སྟག་གི་ཆས། །ཁྲོ་བོ་ཡབ་ཡུམ་སྦྱོར་བའི་བྱིན་རླབས་ལས། །སྟག་མགོ་དམར་པོ་དབུ་ལྔ་མེ་ལྟར་འབར། །སྟག་ལག་ཁྲོ་མོ་ཞེ་སྡང་གློག་སྟོང་འཁྱུག །རྐང་གཅིག་མགྱོགས་མ་ཤིན་ཏུ་མི་བཟད་དེ། །ཤར་ཕྱོགས་ཁྱབ་པར་རྒྱུག་ཅིང་དཔལ་གྱི་བཀའ་ཉན་མ། །དྲི་ཟ་དབང་སྡུད་གདོན་བགེགས་ཐལ་བར་རློག །གདུག་བྱེད་ཞབས་ཀྱི་འོད་ཟེར་འཕྲོས་པས་ནི། །གནོད་གདུག་ཟློག་བྱེད་རྒྱ་བྱེའུ་ལྕགས་ཀྱི་ཆས། །ཁྲོ་བོ་ཡབ་ཡུམ་སྦྱོར་བའི་བྱིན་རླབས་ལས། །ལྕགས་མགོ་སྔོན་པོ་དབུ་ལྔ་མེ་ལྟར་འབར། །ལྕགས་ལག་ཁྲོ་མོ་ཞེ་སྡང་གློག་སྟོང་འཁྱུག །རྐང་གཅིག་མགྱོགས་མ་ཤིན་ཏུ་མི་བཟད་དེ། །ཤར་ལྷོ་ཁྱབ་པར་རྒྱུག་ཅིང་དཔལ་གྱི་བཀའ་ཉན་མ། །དྲང་སྲོང་དབང་སྡུད་གདོན་བགེགས་ཐལ་བར་རློག །གདུག་བྱེད་ཞབས་ཀྱི་འོད་ཟེར་འཕྲོས་པ་ནི། །ཤེས་རབ་ཏིང་འཛིན་རྡོ་རྗེ་འཆོལ་པའི་ཆས། །ཁྲོ་བོ་


DNG018_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་ཡུམ་སྦྱོར་བའི་བྱིན་རླབས་ལས། །རྡོ་རྗེ་དམར་མོ་དབུ་ལྔ་མེ་ལྟར་འབར། །རྡོ་རྗེ་ལག་པས་ཞེ་སྡང་གློག་སྟོང་འཁྱུག །རྐང་གཅིག་མགྱོགས་མ་ཤིན་ཏུ་མི་བཟད་དེ། །ལྷོ་ཕྱོགས་ཁྱབ་པར་རྒྱུག་ཅིང་དཔལ་གྱི་བཀའ་ཉན་མ། །གཤིན་རྗེ་དབང་དུ་སྡུད་ཅིང་གདོན་བགེགས་ཐལ་བར་རློག །གདུག་བྱེད་ཞབས་ཀྱི་འོད་ཟེར་འཕྲོས་པ་ནི། །རྔོམ་བརྗིད་མཉེན་ལྕུག་སྦྲུལ་ནག་འཁྱིལ་པའི་ཆས། །ཁྲོ་བོ་ཡབ་ཡུམ་སྦྱོར་བའི་བྱིན་རླབས་ལས། །སྦྲུལ་མགོ་ནག་པོའི་དབུ་ལྔ་མེ་ལྟར་འབར། །སྦྲུལ་ནག་ཁྲོ་མོ་ཞེ་སྡང་གློག་སྟོང་འཁྱུག །རྐང་གཅིག་མགྱོགས་མ་ཤིན་ཏུ་མི་བཟད་དེ། །ལྷོ་ནུབ་ཁྱབ་པར་རྒྱུག་ཅིང་དཔལ་གྱི་བཀའ་ཉན་མ། །སྲིན་པོ་དབང་སྡུད་གདོན་བགེགས་ཐལ་བར་རློག །གདུག་བྱེད་ཞབས་ཀྱི་འོད་ཟེར་འཕྲོས་པ་ནི། །དབང་གི་བསེ་ཁྲབ་གཟི་ལྡན་བགྲད་པའི་ཆས། །ཁྲོ་བོ་ཡབ་ཡུམ་སྦྱོར་བའི་བྱིན་རླབས་ཀྱིས། །བསེ་མགོ་དམར་པོ་དབུ་ལྔ་མེ་ལྟར་འབར། །བསེ་ལག་ཁྲོ་མོ་ཞེ་སྡང་གློག་སྟོང་འཁྱུག །རྐང་གཅིག་མགྱོགས་མ་ཤིན་ཏུ་མི་བཟད་དེ། །ནུབ་ཕྱོགས་ཁྱབ་པར་རྒྱུག་ཅིང་དཔལ་གྱི་བཀའ་ཉན་མ། །ཀླུ་སྲིན་དབང་སྡུད་གདོན་བགེགས་ཐལ་བར་རློག །གདུག་བྱེད་ཞབས་ཀྱི་འོད་ཟེར་འཕྲོས་པ་ནི། །ཟ་བྱེད་ཆེན་པོ་ཏིང་འཛིན་མཆེ་བའི་ཆས། །ཁྲོ་བོ་ཡབ་ཡུམ་སྦྱོར་བའི་བྱིན་རླབས་ལས། །ཟ་བྱེད་མཆེ་བའི་དབུ་ལྔ་མེ་ལྟར་འབར། །མཆེ་བའི་ལག་པ་ཞེ་སྡང་གློག་སྟོང་འཁྱུག །རྐང་གཅིག་མགྱོགས་མ་ཤིན་ཏུ་མི་བཟད་དེ། །ནུབ་བྱང་ཁྱབ་པར་རྒྱུག་ཅིང་དཔལ་གྱི་བཀའ་ཉན་མ། །རླུང་ལྷ་དབང་སྡུད་གདོན་བགེགས་ཐལ་བར་རློག །གདུག་བྱེད་ཞབས་ཀྱི་འོད་ཟེར་འཕྲོས་པ་ནི། །གཟི་ལྡན་ཤུ་ཀན་སྨད་གཡོགས་དར་གྱི་ཆས། །ཁྲོ་བོ་ཡབ་ཡུམ་སྦྱོར་བའི་བྱིན་རླབས་ལས། །དྲང་སྲོང་དམར་པོ་དབུ་ལྔ་མེ་ལྟར་འབར། །དར་ལག་ཁྲོ་མོ་ཞེ་སྡང་གློག་སྟོང་འཁྱུག །རྐང་གཅིག་མགྱོགས་མ་ཤིན་ཏུ་མི་བཟད་དེ། །བྱང་ཕྱོགས་ཁྱབ་པར་རྒྱུག་ཅིང་དཔལ་གྱི་བཀའ་ཉན་མ། །གནོད་སྦྱིན་དབང་སྡུད་གདོན་བགེགས་ཐལ་བར་རློག །གདུག་


DNG018_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཞབས་ཀྱི་འོད་ཟེར་འཕྲོས་པ་ནི། །གཅན་གཟན་རྒྱལ་པོ་གདུག་པ་གཟིག་གི་ཆས། །ཁྲོ་བོ་ཡབ་ཡུམ་སྦྱོར་བའི་བྱིན་རླབས་ལས། །གཟིག་མགོ་ཁྲ་མོ་དབུ་ལྔ་མེ་ལྟར་འབར། །གཟིག་ལག་ཁྲོ་མོ་ཞེ་སྡང་གློག་སྟོང་འཁྱུག །རྐང་གཅིག་མགྱོགས་མ་ཤིན་ཏུ་མི་བཟད་དེ། །བྱང་ཤར་ཁྱབ་པར་རྒྱུག་ཅིང་དཔལ་གྱི་བཀའ་ཉན་མ། །དབང་ལྡན་དབང་སྡུད་གདོན་བགེགས་ཐལ་བར་རློག །ཕྱོགས་བཞི་མཚམས་བརྒྱད་དྲེགས་པའི་དཔུང་འཇོམས་མ། །ཟ་བྱེད་མཆེ་བས་བདུད་ཀྱི་དཔུང་ཚོགས་འཇོམས། །ང་རྒྱལ་བསྙེམས་པས་ཕ་རོལ་ཟིལ་གྱིས་གནོན། །ཐུགས་ཆོམ་འབྲུག་སྒྲས་སྲིན་པོའི་ཐོད་རུས་འཇོམས། །ཛཿཧཱུཾ་བཾ་ཧོཿས་སྲིན་པོ་དབང་དུ་སྡུད། །ཧཱུཾ་དང་ཕཊ་ཀྱིས་སྲིད་གསུམ་འཁོར་བ་འཇིག །ཕྲིན་ལས་དུས་ལ་བབ་པོ་གཤེགས་སུ་གསོལ། །མ་མ་བགྱིས་པས་མ་མོ་བསྐུལ། །ཛ་ཛ་བགྱིས་པས་ཁྲོ་བོ་རྦད། །ཧ་ཧ་བགྱིས་པས་ཕོ་ཉ་འགྱེད། །ཧྲཱྀཿཧྲཱྀཿབགྱིས་པས་རྟ་མགྲིན་རྔམ། །བྷྱོ་བྷྱོ་བགྱིས་པས་དབང་ཕྱུག་འབོད། །དབྱངས་སུ་ཚངས་པའི་གླུ་དྲུག་བླང་། །ལས་སུ་དགྲ་བགེགས་མ་ལུས་བསྒྲལ། །རྟགས་སུ་གསང་བའི་རྔ་ཆུང་བརྡུང་། །དཔལ་གྱི་ཕྲིན་ལས་དུས་ལ་བབ། །དབང་ཆེན་འདུས་པའི་ཏནྟྲ་ལས། ཆས་ཀྱི་ཕོ་ཉ་མངག་པའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པའོ།། །།ཚད་མར་གྱུར་པའི་རྣལ་འབྱོར་པས། །ཧཱུཾ་མཛད་ཆེན་པོའི་ཏནྟྲ་ལས། །ཉེ་བར་བསྒྲུབ་པའི་མན་ངག་ནི། །སྦྱོར་བའི་དམ་ཚིག་འདི་གསུངས་སོ། །ཕྱི་རབས་སྐལ་བར་རབ་ལྡན་པའི། །མི་ཉམས་ཙམ་དུ་བཅས་པ་ལས། །ཐེ་ཚོམ་མེད་ཅིང་ངེས་པར་འགྲུབ། །ལུས་ངག་ཡིད་གསུམ་རྒྱ་ཆེ་ལ། །དབྱིངས་ནས་གསང་བའི་ཡུམ་བསྐྱེད་པ། །སྙིང་པོ་འབྲུ་དང་བཅས་པས་སོ། །མཉམ་པས་མཉམ་པའི་ཕྱག་རྒྱར་གསལ། །གཉིས་སུ་མེད་པའི་སྦྱོར་བའི་ཕྱིར། །གསང་བའི་རྩེ་མོར་ཨོཾ་སེར་པོ། །ཡེ་ཤེས་ལྔ་ཡི་ས་བོན་བསམ། །རྡོ་རྗེ་རྩེ་ལྔར་གྱུར་པར་དམིགས། །དེ་དཀྱིལ་ཨ་ལས་ཟླ་བ་སྟེ། །ཐབས་ཀྱི་ཕྱག་རྒྱའི་ཆོ་འཕྲུལ་ལོ། །གཟི་ལྡན་གསང་


DNG018_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཨེ་གྲུ་གསུམ། །དེ་དཀྱིལ་མ་ལ་ཉི་མ་སྟེ། །དེའི་སྟེང་བཾ་ལས་པདྨར་བཏག །ཤེས་རབ་ཕྱག་རྒྱའི་ཆོ་འཕྲུལ་ལོ། །སྐུ་བསྐྱེད་ཕྱག་རྒྱ་གསལ་བ་ལས། །སོ་སོར་གསལ་བའི་བརྡས་མཚོན་ཏེ། །བསྟོད་ཅིང་བསྐུལ་ནས་ལྡན་བྱས་ན། །ཨོཾ་དང་མུཾ་གྱི་འཕྲོ་འདུ་ལས། །ཆོ་ག་གསུམ་གྱིས་བྱིན་རླབས་ནས། །པྲ་བེ་ཤ་ཡི་སྒོ་དབྱེ་ལ། །འདབ་བརྒྱ་པདྨ་ཉི་མར་བཅས། །དེ་དབུས་གསང་བའི་རྡོ་རྗེ་དབུལ། །ཧཱུཾ་གིས་གསོར་ཅིང་ཧ་ཡིས་བསྐྱོད། །ཡང་དང་ཡང་དུ་བསྐྱོད་པ་ཡིས། །སྐུ་གསུམ་དབྱིངས་སུ་བསྡུ་བའོ། །ཧཱུཾ་ནི་ཡབ་ཀྱི་བྱང་ཆུབ་སེམས། །གོ་རོ་ཙ་ནའི་དབྱིངས་ནས་བཏོན། །སྲོག་དག་གསང་བའི་དབྱིངས་སུ་སྦྱངས། །ལྗགས་ཀྱི་དབང་པོར་འཁྱིལ་པ་ཡང་། །ནཱ་སའི་དབྱིངས་ནས་ཀླད་པར་བསྐུལ། །ཚོར་བ་ཉམས་སུ་མྱོང་ནས་ནི། །སྒལ་པའི་རྩ་རུ་བརྒྱུད་ནས་ཀྱང་། །གསང་བའི་རྡོ་རྗེའི་ལམ་དུ་བྱུང་། །བྷ་ག་གསང་བའི་དཀྱིལ་འཁོར་དུ། །ཡང་དང་ཡང་དུ་སྤྲོ་ཞིང་བསྡུ། །ཉི་མ་ཟླ་བ་པདྨ་དང་། །རྡོ་རྗེ་ལ་སོགས་འདྲེན་པ་དང་། །སྦྱོར་བའི་བྱང་ཆུབ་རབ་སྤྲོས་པས། །ཕྱོགས་བཅུ་རྒྱལ་བའི་ཐུགས་དམ་བསྐུལ། །མཐའ་ཡས་སེམས་ཅན་ལས་དོན་བྱས། །སླར་འདུས་ཕྱག་རྒྱའི་སྐུར་གྱུར་པས། །ཡེ་ཤེས་སེམས་དཔའ་ཚོན་གང་པའོ། །དེ་ཡང་ཡབ་ཡུམ་སྦྱོར་བ་ལས། །བྱང་ཆུབ་སེམས་ནི་སྤྲིན་ཆེན་བླངས། །རྫས་ལས་ཚེ་ཡི་དངོས་གྲུབ་གསོལ། །འདི་ནི་སྦྱོར་བའི་ལུང་དུ་གྲགས། །བྱང་ཆུབ་སེམས་ཀྱི་འོད་ཟེར་ལས། །སླར་ཡང་ཡུམ་གྱི་དབྱིངས་སུ་ཐིམ། །དེ་ལས་ཕྱག་རྒྱའི་སྐུར་བསྒོམས་པས། །དོང་ཚེ་ཙམ་གྱི་ཟླ་དཀྱིལ་དུ། །ཡེ་ཤེས་སེམས་དཔའ་ཚོན་གང་དམར། །འབྲུ་གསུམ་ཙམ་གྱི་སྒྲོ་མཚམས་ལ། །གཡས་པ་ཡིད་བཞིན་ནོར་བུ་བསྣམས། །གཡོན་པ་རིན་ཆེན་ཟ་མ་ཏོག །དེ་ལྟར་དཀྱིལ་འཁོར་གསལ་བ་དང་། །སྤྲུལ་པས་གཞན་གྱི་དོན་བྱས་ནས། །ཐམས་ཅད་མ་ལུས་ཕྱག་རྒྱའི་སྐུར། །སྦྱོར་བ་ཆེན་པོས་བསྐྱེད་པའོ། །རྫོགས་ནས་མཐོལ་བཤགས་བཟོད་པར་གསོལ། །ཟ་བྱེད་ཐམས་ཅད་ཆོས་ཀྱི་དབྱིངས། །དབང་


DNG018_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་འདུས་པའི་ཏནྟྲ་ལས། སྦྱོར་བའི་ལེའུ་སྟེ་ཉི་ཤུ་རྩ་ལྔ་པའོ།། །།དཔལ་མཆོག་པདྨ་ཧེ་རུ་ཀའི། །སྐུ་གསུང་ཐུགས་ཀྱི་རྔོམ་བརྗིད་ནི། །སྐྱེ་མེད་ཐབས་ཀྱི་ཕྱག་རྒྱ་ཆེ། །འདི་ནི་དཔའ་བོ་ཆེན་པོའི་སྐུ། །ཁོ་བོ་རྔོམ་བརྗིད་རྒྱལ་པོའི་ལེའུ། །བློ་གདེང་ལྡན་པའི་རྣལ་འབྱོར་གྱིས། །སྐུ་ལ་རྔོམ་བརྗིད་བཞིར་གྲགས་པ། །ནམ་མཁའི་རང་བཞིན་ཕྱག་རྒྱ་རྔོམ། །ཅིར་ཡང་བསྒྱུར་བའི་བཞུགས་ཐབས་རྔོམ། །ཟིལ་གྱིས་གནོན་པའི་གདན་མཆོག་རྔོམ། །ཚམ་རྔམས་ཆེན་པོ་སྟབས་ཀྱི་རྔོམ། །གསུང་ལ་རྔོམ་པ་བཞིར་གྲགས་པ། །ཧོམ་ལྔར་འདྲེལ་པས་ཞལ་གྱི་རྔོམ། །ཟླ་གམ་ཅིར་ཡང་བསྒྱུར་བ་ལྗགས་ཀྱི་རྔོམ། །སྐྱེ་ཤི་རྩད་ནས་གཅོད་པ་ཚེམས་ཀྱི་རྔོམ། །གསུང་སྒྲ་འབྲུག་ལྟར་སྒྲོགས་པ་དབྱངས་ཀྱི་རྔོམ། །ཐུགས་ཀྱི་རྔོམ་པ་བཞིར་གྲགས་པ། །ཏིང་འཛིན་ནམ་མཁའ་རྒྱན་གྱི་སྐར་ལྟར་རྔོམ། །ཕྲིན་ལས་རྒྱ་མཚོ་རྒྱན་གྱི་རླབས་ལྟར་རྔོམ། །ཡོན་ཏན་ས་གཞི་རྩི་ཤིང་ལྟ་བུར་རྔོམ། །མཛད་པ་རོལ་མོ་རྒྱན་གྱི་གར་སྟབས་རྔོམ། །ཡོན་ཏན་རྔོམ་པ་བཞིར་གྲགས་པ། །རཱུ་ཏྲ་བཅོམ་པའི་གནས་ལྔར་རྔོམ། །ལྷ་ཆེན་མནན་པའི་གདན་གྱི་རྔོམ། །ཁམས་གསུམ་བསྒྲལ་བའི་ཞིང་གི་རྔོམ། །རྟོག་འཇོམས་སྤྱོད་པའི་བརྟུལ་ཞུགས་རྔོམ། །སྐུ་ཡི་བརྗིད་པ་བཞིར་གྲགས་པ། །སྐུ་ཆེ་ཡན་ལག་རགས་པས་བརྗིད་ཀྱང་ཆེ། །གྲངས་མང་རྐྱེན་དང་མཚམས་པས་བརྗིད་ཀྱང་ཆེ། །བཀུར་འོས་གཙོ་བོར་མཐོང་བས་བརྗིད་ཀྱང་ཆེ། །ཁྱད་ཞུགས་བླ་མ་ཡིན་པས་བརྗིད་ཀྱང་ཆེ། །གསུང་གི་བརྗིད་པ་བཞིར་གྲགས་པ། །གདངས་ཚེ་སྟོང་གསུམ་གང་བས་བརྗིད་ཀྱང་ཆེ། །ཚིག་མྱུར་ཐེ་ཚོམ་གཅོད་པས་བརྗིད་ཀྱང་ཆེ། །གསལ་བས་མཐའ་གཉིས་སྤངས་པས་བརྗིད་ཀྱང་ཆེ། །ཐུགས་ཀྱི་བརྗིད་པ་བཞིར་གྲགས་པ། །ཡངས་པ་རེ་དོགས་མེད་པས་བརྗིད་ཀྱང་ཆེ། །ཐུགས་རྗེ་ཐུགས་དམ་མཐར་ཕྱིན་བརྗིད་ཀྱང་ཆེ། །མ་བཀག་ས་ལེར་མཁྱེན་པས་བརྗིད་ཀྱང་ཆེ། །མ་རྨོངས་ཅིར་ཡང་སྤྲུལ་པས་བརྗིད་ཀྱང་ཆེ། །ཡོན་ཏན་བརྗིད་པ་བཞིར་གྲགས་པ། །མེད་པ་


DNG018_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་མི་ཤེས་པས་བརྗིད་ཀྱང་ཆེ། །གཅིག་ལས་འདོད་དགུར་བསྒྱུར་བས་བརྗིད་ཀྱང་ཆེ། །གནོད་སྦྱོར་ཕམ་པར་མཛད་པས་བརྗིད་ཀྱང་ཆེ། །ཐབས་མཁས་སྐྱོན་གྱིས་མ་གོས་བརྗིད་ཀྱང་ཆེ། །ཕྲིན་ལས་བརྗིད་པ་བཞིར་གྲགས་པ། །མི་བསྙེངས་ཉམས་བག་རོལ་པས་བརྗིད་ཀྱང་ཆེ། །འཁོར་བ་ཡུན་རིང་མི་བསྙེངས་བརྗིད་ཀྱང་ཆེ། །མགོན་སྐྱབས་རྒྱུན་དུ་མཛད་པས་བརྗིད་ཀྱང་ཆེ། །དགོངས་པའི་དོན་རྣམས་འགྲུབ་པས་བརྗིད་ཀྱང་ཆེ། །དེ་ལྟར་དཔལ་ཆེན་ཡོན་ཏན་སུམ་ཅུ་རྩ་དྲུག་གིས། །དུག་གསུམ་སྐུ་གསུང་ཐུགས་སུ་སྦྱར། །སྡུག་བསྔལ་བདེ་བ་ཆེན་པོར་གཅད། །དབྱིངས་ལས་ཡེ་ཤེས་ཆེན་པོ་སྟེ། །ངན་འགྲོ་མཐོ་རིས་སྐྱས་བཏབ་པས། །དམྱལ་ཚོགས་དོང་སྤྲུགས་ཆེན་པོ་མཛད། །རྒྱལ་བ་གང་གི་ཐུགས་རྗེས་ཀྱང་། །འདི་ལ་རྡུལ་ཙམ་བསྐྱད་དུ་མེད། །སྲིད་གསུམ་དབང་དུ་བསྡུས་ནས་ནི། །ཁམས་གསུམ་དུས་གཅིག་དབྱིངས་སུ་ཐིམ། །ཐིག་ལེ་ཆོས་སྐུར་ཡེ་གནས་པས། །དབང་ཆེན་ཞེས་ཀྱང་འདི་ལ་བསྔགས། །དབང་ཆེན་འདུས་པའི་ཏནྟྲ་ལས། ཁྲོ་བོ་རྔོམ་བརྗིད་རྒྱལ་པོའི་ལེའུ་སྟེ་ཉི་ཤུ་རྩ་དྲུག་པའོ།། །།དངོས་གྲུབ་བསྙེམས་པའི་རྣལ་འབྱོར་པས། །རྟ་མཆོག་རོལ་པའི་ཏནྟྲ་ལས། །རྡོ་རྗེ་ཚེ་མཆོག་སྒྲུབ་པའི་ཕྱིར། །ངེས་པའི་དོན་ལ་འདི་གསུངས་སོ། །བཀྲ་ཤིས་གསང་ཆེན་ཚེ་ཡི་ལུང་། །གཟི་མདངས་ལྡན་པ་སྒྲུབ་པའོ། །ཡིད་དུ་འོང་བའི་གནས་མཆོག་ཏུ། །ཕུན་སུམ་ཚོགས་དང་ལྡན་བྱས་ནས། །བཀྲ་ཤིས་དཀྱིལ་འཁོར་ཟླུམ་པོ་ལ། །འདོམ་གང་ཚད་དང་ལྡན་པའོ། །པདྨ་འདབ་མ་བརྒྱད་པ་ལ། །སྟེང་དུ་ཟླ་གམ་རེ་རེ་དགོད། །ཕྱོགས་བཞིའི་ཟླ་གམ་བཞི་པོ་ལ། །གཤོག་པ་མོ་ལ་སོགས་པ་བཞི། །སྟེང་དུ་བྷན་དྷ་བཞི་དང་བཅས། །མཚམས་ཀྱི་ཟླ་གམ་བཞི་པོ་ལ། །ཟ་བྱེད་ལ་སོགས་ཡུམ་བཞི་ཡང་། །བྷན་དྷ་བཞི་ལ་རྡོ་རྗེས་མཚན། །ཤིན་ཏུ་བརྟགས་ཏེ་དགོད་པར་བྱ། །དབུས་ཀྱི་ལྟེ་བ་ཟླུམ་པོ་ལ། །ཡུམ་མཆོག་གཟི་ལྡན་པདྨ་ཅན། །ཟླ་གམ་ཁ་སྤྲོད་ཐོད་པར་བཅས། །སྙིང་པོ་སྔགས་དང་བཅས་པ་དགོད། །མཚན་མ་མེད་པའི་ཆོས་སྐུ་ལ། །


DNG018_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མའི་རྣམ་རྟོག་མི་མངའ་ཡང་། །བདུད་དང་གཤིན་རྗེ་འདུལ་བ་དང་། །ཚེ་དང་བསོད་ནམས་བརྟན་པའི་ཕྱིར། །རྡོ་རྗེའི་ར་བས་ཀུན་ཏུ་བསྐོར། །རྣལ་འབྱོར་གང་ཞིག་སྐལ་ཡོད་ལ། །དཀྱིལ་འཁོར་འདི་ཡི་དོན་ཡང་བཤད། །རྫས་ལས་དངོས་གྲུབ་གསོལ་བ་དང་། །ཚེ་ཡི་རིག་འཛིན་ཐོབ་པའི་ཕྱིར། །ཚེ་བུམ་བྷན་དྷ་སྲུབས་མེད་ལ། །མགུལ་ཆིངས་གསང་བའི་རས་ཀྱིས་དཀྲི། །ནང་དུ་དཔའ་བོ་སྨན་དང་བཅས། །སྙིང་པོ་ཡུམ་གྱི་སྐུར་བསྐྱེད་ཅིང་། །གསང་བའི་བསྙེན་པ་དགུ་འབུམ་དབུལ། །བུམ་པར་བསྡུ་ཞིང་དབྱིངས་སུ་བསྡིམ། །སྦྱོར་བའི་བྱང་ཆུབ་སེམས་དང་བཅས། །མཁའ་ལ་སྤྲོ་ཞིང་དབྱིངས་སུ་བསྡིམ། །དེ་ལས་སེམས་དཔའི་སྐུར་བསྒོམ་པ། །ཚོན་གང་སྐུ་ཡིས་སྟོང་གསུམ་དགང་། །ཚེ་གནས་སྤྲུག་པའི་དགོངས་པ་སྟེ། །སྤེལ་བའི་ཆོ་ག་ཡིན་པར་གསུངས། །རྣལ་འབྱོར་ཡབ་ཡུམ་སྦྱོར་བའི་སེམས། །དམར་པོ་ཧྲཱྀཿདང་ལྡན་སྤྲོས་ནས། །གཟི་ལྡན་ཐུགས་ཀར་བསྡིམས་བྱས་ཏེ། །གཉིས་སུ་མེད་པར་གྱུར་པ་ནི། །སྡིམ་པའི་ཆོ་ག་ཡིན་པར་གསུངས། །སྦྱོར་བའི་སེམས་ལ་འདུ་འཕྲོ་ནི། །ཁམས་གསུམ་གང་ནས་འདུས་པ་དང་། །གཟི་ལྡན་ལྟེ་བའི་གཞལ་ཡས་སུ། །ཐིམ་གྱུར་རྒྱ་གྲམ་གཏམས་པས་གཅད། །བདུད་དང་མུ་སྟེགས་གང་གིས་ཀྱང་། །འདི་ལ་མཐོང་བར་མི་ནུས་པས། །སྦ་བའི་ཆོ་ག་ཡིན་པར་གསུངས། །སྦྱོར་བའི་བྱང་ཆུབ་ལྕགས་ཀྱུ་འཕྲོས། །ཛཿཛཿསྤྲིན་ཕུང་འདུ་འཕྲོ་ལས། །ཀླུ་དང་སྲིན་པོ་འཁོར་བཅས་ཀྱི། །ཚེ་དང་གཟི་བྱིན་བཀུག་ནས་ཀྱང་། །བུམ་པའི་གཟི་ལྡན་ཐུགས་ཀར་བཅུག །འདི་ནི་དགུག་པའི་ཆོ་གར་གསུངས། །སྦྱོར་བའི་སེམས་ལས་ཧཱུཾ་དཀར་སྤྲོས། །དེ་ལས་རྩེ་གསུམ་རྡོ་རྗེ་ལྕགས་ཀྱུ་ཡིས། །ཚེ་ཉམས་འདེགས་པའི་སྦྱོར་བ་ཡིས། །ལུས་ངག་ཡིད་གསུམ་བརླབས་ནས་ནི། །སྐུ་གསུང་ཐུགས་སུ་གསལ་བ་དང་། །ནྲྀ་ཡང་ཧཱུཾ་དུ་བྱིན་བརླབས་ཏེ། །ཤིན་ཏུ་གང་ངམ་རྒྱས་པ་ནི། །གསོ་བའི་ཆོ་ག་ཡིན་པར་གསུངས། །ཐམས་ཅད་གཅིག་ཏུ་གྱུར་པ་དང་། །མཉམ་


DNG018_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཆོས་སྐུ་དག་པ་ཡིས། །སྲིད་གསུམ་དབང་དུ་གྱུར་པ་ནི། །དབང་དུ་བསྡུ་བའི་ཆོ་ག་ཡིན། །ཅིར་སྣང་ཅི་སྲིད་བྱང་ཆུབ་སེམས། །དེ་ལས་ཕྱག་རྒྱའི་དཀྱིལ་འཁོར་ཆེ། །གཡོ་དང་མི་གཡོ་སྣ་ཚོགས་ཀུན། །མི་ནུབ་ལྡན་པའི་ཨཱ་ཡུཿའོད། །དམར་པོས་དབང་བསྡུས་རྒྱས་བཏབ་པ། །རྒྱས་བཏབ་ཆོ་ག་ཡིན་པར་གསུངས། །ཐམས་ཅད་མ་ལུས་གཟི་ལྡན་ཡུམ། །དཀྱིལ་འཁོར་བུམ་པར་བཅས་པ་ཀུན། །མི་དམིགས་གཟི་ལྡན་མཁའ་ལ་འཁྱིལ། །ཚོན་གང་གསལ་བའི་སྐུར་བསྐྱེད་ནས། །མུ་ཏིག་ནས་ཙམ་ཕྱག་ན་བསྣམས། །དེ་ཉིད་ཡེ་ཤེས་ཕྱག་རྒྱ་ལ། །གཉིས་སུ་མེད་པར་གྱུར་པ་དང་། །སྐྱེ་མེད་ཆོས་སྐུར་རྟོགས་པ་ནི། །གནས་ཀྱི་ཆོ་ག་ཡིན་པར་གསུངས། །སོ་སོའི་ཕོ་ཉ་གཏང་བ་ཡང་། །སྤེལ་བའི་དུས་ན་གཤོག་པ་མོ། །བསྡིམ་པའི་དུས་ན་དྲ་བ་ཅན། །སྦ་བའི་དུས་ན་སྡེར་མོ་ཅན། །དགུག་པའི་དུས་ན་གློག་འགྱུ་མ། །གསོ་བའི་དུས་ནི་མགོ་བརྙན་ཅན། །དབང་དུ་བསྡུ་བ་དམར་མོའི་ཚོགས། །རྒྱས་འདེབས་དུས་ན་གསང་ཡུམ་བཞིའོ། །བསྒྲུབ་པ་ཆེན་པོ་རྫོགས་པ་དང་། །དངོས་གྲུབ་གསོལ་དང་དབང་བསྐུར་དང་། །སྨོན་ལམ་གདབ་དང་པྲ་ལ་སོགས། །ཕྲིན་ལས་གཞོལ་དང་གཏོར་མ་གཏང་། །གཞུང་ལས་བྱུང་བ་བཞིན་དུ་བྱ། །དབང་ཆེན་འདུས་པའི་ཏནྟྲ་ལས། བཀྲ་ཤིས་ཚེའི་ལུང་གི་ལེའུ་སྟེ་ཉི་ཤུ་རྩ་བདུན་པའོ།། །།ཕྱི་རབས་སྔགས་འཆང་བསྒྲུབ་པ་པོས། །དཔལ་ཆེན་འཁོར་བཅས་བསྒྲུབ་པ་དང་། །ཚེ་དང་གཟི་བརྗིད་སྤེལ་བའི་ཕྱིར། །གཟི་བརྗིད་ཆེ་བའི་ལེའུ་གསུངས། །དང་པོ་ཕུན་སུམ་ཚོགས་ལྡན་ནས། །བཀའ་དང་མཐུན་པའི་དགོན་གནས་སུ། །དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། །དབུས་སུ་གྲུ་གསུམ་ཚད་དུ་ནི། །ཁྲུ་གསུམ་ཁྲུ་གང་འཕང་དུ་བརྩིག །ངོས་སུ་ཟླ་གམ་བཞི་པ་ལ། །བར་ཁྱམས་སྒོ་དང་སྒོ་ཁྱུད་བཅས། །མེ་དཔུང་འབར་བས་མཐའ་བསྐོར་ཞིང་། །ཤིན་ཏུ་མཛེས་དང་ལྡན་པར་བྲི། །ལག་ཆ་ཕུན་སུམ་


DNG018_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་བྲིས་ལ། །གཟི་ལྡན་མཚན་དང་ལྡན་པ་དེས། །ཐོད་པ་མ་གས་ཁྱད་པར་ཅན། །ལྕང་ལོ་འབར་བས་བརྒྱན་པ་ལྔ། །དབུས་དང་ཕྱོགས་བཞིའི་ཟླ་གམ་ལའོ། །སྨན་དང་ཛ་གད་རྒུན་ཆང་དང་། །མར་དང་སྦྲང་རྩི་འོ་མ་ལས། །ཇི་ཙམ་འབྱོར་པའི་ཡོ་བྱད་རྣམས། །གོང་མའི་སྣོད་རྣམས་རབ་ཏུ་དགང་། །དེ་ནས་རྣལ་འབྱོར་དབང་ཕྱུག་གིས། །ཚེ་དང་གཟི་བརྗིད་སྤེལ་བའི་ཕྱིར། །ཐབས་ལ་མཁས་པས་འདི་སྐད་གསུངས། །སྦྱང་དང་སྤེལ་དང་བསྒོམ་པ་དང་། །ཡིག་འབྲུ་འཕྲོ་འདུས་བཀུག་པ་དང་། །རིགས་ཀྱི་ཕོ་ཉ་བཏང་བ་དང་། །བསྙེན་པའི་གྲངས་རྣམས་རྒྱས་བཏབ་དང་། །ཕྲ་དང་རིག་པ་མངོན་སུམ་དུ། །བལྟས་པས་ལྷན་ནེ་གསལ་བའོ། །དེ་ལ་སྦྱང་བར་བྱ་བ་ཡང་། །སྔགས་དང་ཕྱག་རྒྱའི་ཕོ་ཉ་དང་། །ཆོས་ཉིད་དག་པའི་ངང་གིས་སོ། །སྤེལ་བའི་དོན་དང་རང་བཞིན་ནི། །ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། །མཚན་མའི་ཕྱག་རྒྱ་མཁའ་ལྟར་ཁྱབ། །དེ་ནི་སྤེལ་བའི་ལུང་ཞེས་བྱ། །བསྒོམ་པར་བྱ་བ་འདི་དག་སྟེ། །སྣོད་བཅུད་ཡུམ་གྱི་དབྱིངས་སུ་བསྒོམ། །སྣང་སྲིད་ཕྱག་རྒྱའི་ཚོགས་སུ་བསྒོམ། །ཡིག་འབྲུ་སྤྲོ་བར་བྱ་བ་ནི། །ཨཱ་ཡུཿདམར་པོ་དབང་གི་སྐུ། །བསྐྱེད་པའི་ས་བོན་ཉིད་དུ་སྤྲོ། །བསྐུལ་དང་དོན་བྱས་བསྡུ་བ་དང་། །གཟི་དང་ལྡན་མའི་དཔལ་བེའུ་ནས། །སེམས་དཔའི་སྐུ་དང་ལྡན་པར་བྱ། །འདི་ནི་བསྡུ་བའི་ལུང་དུ་གསུངས། །རིགས་ཀྱི་ཕོ་ཉ་བཏང་བ་ནི། །ཤར་ནས་རྡོ་རྗེ་ཕོ་ཉ་མོ། །གཤོག་པའི་ལུས་ལ་རྡོ་རྗེ་སྦྲུལ་གྱི་གདོང་། །རྒྱན་ལ་སོགས་པའང་དེ་བཞིན་བསྐུལ། །ལྷོ་ནས་རིན་ཆེན་གཤོག་པ་མོ། །གཤོག་པའི་ལུས་ལ་རྡོ་རྗེ་རིན་ཆེན་གདོང་། །རྒྱན་ལ་སོགས་པའང་དེ་བཞིན་བསྐུལ། །ནུབ་ནས་སྦྲུལ་ནག་གཤོག་པ་མོ། །གཤོག་པའི་ལུས་ལ་སྦྲུལ་གྱི་གདོང་། །རྒྱན་ལ་སོགས་པ་དེ་བཞིན་བསྐུལ། །བྱང་ནས་རྡོ་རྗེ་ཐེའུ་གཤོག་མ། །སྤྲུལ་པའི་ལུས་ལ་ཐེའུ་གཤོག་གདོང་། །རྒྱན་ལ་སོགས་པ་


DNG018_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་སྤྲུལ། །དབུས་ནས་མགྱོགས་པའི་བཀའ་ཉན་མ། །མུ་མེན་ལུས་ལ་འཁོར་ལོའི་གདོང་། །རྒྱན་ལ་སོགས་པ་དེ་བཞིན་སྤྲུལ། །བསྙེན་པའི་གྲངས་ནི་འདི་དག་སྟེ། །ཨཱ་ཡུཿསེམས་ཀྱི་རང་བཞིན་ཏེ། །གདོད་ནས་མ་སྐྱེས་ནམ་མཁའི་རང་བཞིན་ལ། །པུཎྱེ་མ་བཀག་ཅི་བདེར་ཡིན། །རྟོགས་ནས་ཞག་གཅིག་དྲུག་སྟོང་སྟེ། །དེ་ལྟར་རྟོགས་ནས་གྲངས་རྫོགས་ཏེ། །མཁས་ལྡན་ཆེན་པོས་རྒྱས་བཏབ་ནས། །ཐམས་ཅད་མཉམ་ཉིད་ཆོས་སྐུ་ལ། །གཅིག་ཏུ་བསྡུས་ནས་གཟི་ལྡན་རྒྱ། །ཐུགས་ཀར་རྡོ་རྗེ་རྒྱ་གྲམ་གྱིས། །འགྱུར་བ་མེད་པར་བསྡིམ་ལ་བཞག །འཕྲལ་མ་དབབ་པར་བྱ་བ་ནི། །རིན་ཆེན་མེ་ཏོག་དོར་ནས་ཀྱང་། །གང་ལ་བབ་པའི་ཚེ་དབང་བསྐུར། །རིག་པས་སྐུ་གསལ་འབར་བ་དང་། །ལྟ་བ་ཐམས་ཅད་སངས་རྒྱས་པའོ། །དེ་ལྟར་བསྐུར་ཞིང་དོན་བྱའོ། །ཡིད་ལ་གང་གི་བྱ་བ་དང་། །ཡང་ན་དཔལ་གྱི་ཐུགས་ཀ་ནས། །ལྕགས་ཀྱུ་ཞགས་པ་ཕོ་ཉ་རྣམས། །ཚེ་དང་གཟི་མདངས་འཕྲོག་ཕྱིར་བསྐུལ། །ལྕགས་ཀྱུས་བསྐུལ་བས་གཤིན་རྗེ་འཛིན། །ཞགས་པ་ཐོགས་པས་འབྱུང་པོ་འཇོམས། །སྒྲོག་གིས་ཐམས་ཅད་འཇོམས་པར་བྱེད། །དྲིལ་བུས་ལུས་སེམས་སྤྲོ་བ་བསྐྱེད། །ཚེ་ལ་བར་ཆད་བྱེད་པའི་བགེགས། །གང་ན་གནས་པ་ཐམས་ཅད་ཀུན། །བཀུག་ནས་རྣམ་ཤེས་ཨ་དཀར་དམིགས། །འཕྲོ་འདུ་བྱས་ནས་སླར་འདུས་ནས། །ཨཱ་ཡུཿསྐྱེ་མེད་དང་པོར་གནས། །འདུས་ནས་ཆོས་ཀྱི་དབྱིངས་སུ་ཐིམ། །ཚེ་དང་གཟི་བརྗིད་འཕེལ་རྒྱས་ཤིང་། །སྡུག་བསྔལ་བདེ་བར་བྱིན་བརླབས་ནས། །གཟི་བརྗིད་འདི་ལ་སྔགས་རྫས་དང་། །སྨན་ལ་སོགས་པའི་བྱེ་བྲག་རྣམས། །མཁས་ལྡན་ཆེན་པོ་འདི་ལྟར་རོ། །སྣ་ཚོགས་མཚན་མར་སྣང་བ་ནི། །རྫས་དང་ལག་ཆའི་མཚན་མ་ཀུན། །སོ་སོའི་མཚན་མ་མངོན་སུམ་ལས། །སྒྱུ་མ་ལྟ་བུར་མངོན་བྱས་ཏེ། །སྒྱུ་མ་ཉིད་ལ་སྒྱུ་མ་རོལ། །ཡེ་ཤེས་ཉིད་ལ་ཡེ་ཤེས་ཐིམ། །ཐིམ་གྱུར་དབྱིངས་ནས་ཕྱག་རྒྱ་ཆེ། །འདི་ནི་བྱང་ཆུབ་སེམས་ཀྱི་རྒྱུ། །མ་བཏང་བཞིན་དུ་ཡོངས་ལ་གསལ། །སྐྱེ་ཤི་མེད་པའི་ཆོས་སྐུར་དམིགས། །འདུ་འབྲལ་མེད་པའི་གསུང་


DNG018_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འགྱུར། །འགྱུར་བ་མེད་པའི་སྐུ་བརྙེས་ནས། །དབང་ཆེན་འདུས་པའི་ཏནྟྲ་ལས། གཟི་བྱིན་ཚེའི་ལེའུ་སྟེ་ཉི་ཤུ་རྩ་བརྒྱད་པའོ།། །།བསྡུས་ན་ཡིད་བཞིན་རིན་པོ་ཆེ། །ཡིད་བཞིན་གཏེར་དུ་གྱུར་པས་སྦས་པ་ཡིན། །ཕྲིན་ལས་ཞི་ཁྲོ་ལྟ་བུ་ཡང་། །སྤྲུལ་པ་མང་པོ་ཇི་ལྟར་སྟོན་པ་ཡང་། །དུས་གསུམ་སྒྲོལ་བའི་ནུས་མཐུ་བསམ་ཡས་ཀྱང་། །ལྷུན་གྱིས་གྲུབ་པའི་དབྱིངས་སུ་སྦས་པ་ཡིན། །སྣང་སྲིད་འཁོར་བའི་ཆོས་རྣམས་མ་ལུས་པ། །ཡབ་ཡུམ་བདེ་བའི་ངང་དུ་རོ་གཅིག་སྟེ། །རྟག་པར་བདེན་པའི་བྱིན་རླབས་ཆེན་པོ་ཡང་། །ཡེ་ནས་བཙལ་བ་མེད་པར་ལྷུན་གྱིས་གནས། །སྡུག་བསྔལ་ཉིད་ཀྱང་བདེ་བའི་ལོངས་སྤྱོད་དཔལ། །མ་བཙལ་གཞན་ན་མན་ངག་སྦས་པ་ཡིན། །ལྟ་བ་འདི་ལ་སྐལ་ལྡན་གང་གནས་པ། །ད་ལྟ་ཉིད་དུ་ལྟ་བ་དབྱེ་བསལ་མེད། །སྤྱོད་པ་འདི་ལ་སུ་ཞིག་གང་བརྩོན་པ། །ད་ལྟ་ཉིད་ནས་ཕྲིན་ལས་ལྷུན་གྱིས་གྲུབ། །དམ་ཚིག་འདི་ལ་སྐྱེས་བུ་གང་སྡོམ་པ། །ཀློང་དུ་གྱུར་པས་བསྲུང་དུ་མེད་པའོ། །ངང་གིས་མ་ལྟོས་དངོས་གྲུབ་ཡིན་པས་ན། །མ་བསྒྲུབས་ལྷུན་གྱིས་གྲུབ་པས་བཞག་པ་ཡིན། །ཆོས་རྣམས་ཐམས་ཅད་འབྱུང་བ་རོ་གཅིག་པས། །ས་ཆུ་ལ་སོགས་རྣམ་པ་ཐ་དད་པ། །མཚན་མ་མངོན་དུ་གསལ་བར་གྱུར་ན་ཡང་། །དོན་གྱི་ལྷ་མོ་བཞི་ཡི་དབྱིངས་ལ་རྫོགས། །མན་ངག་སྦས་པའི་ལུང་དུ་གྲགས་པའོ། །ས་ལ་གནས་པའི་སྐྱེས་བུ་ཡང་། །རབ་ཀྱི་གདམས་ངག་རྣ་བརྒྱུད་པ། །འདི་རྟགས་ཆེ་རབས་ངེས་པའི་རྣལ་འབྱོར་པས། །རིགས་དང་ཚད་མ་སྦྱོར་བའི་ངེས་བློ་ཡིན། །སེམས་ཀྱི་གཏིང་དུ་ཞེན་པ་གྱུར་པ་ནི། །སྦས་པའི་མན་ངག་སྣོད་དང་མི་འགལ་བས། །ལྟ་བས་ཇི་ལྟར་ཆོད་བཞིན་གདོན་མི་ཟ། །དབང་ཆེན་འདུས་པའི་ཏནྟྲ་ལས། མན་ངག་སྦས་པའི་ལེའུ་སྟེ་ཉི་ཤུ་རྩ་དགུ་པའོ།། །།ལྟ་བ་རྒྱ་མཚོའི་ལེའུ་འདི། །སྣོད་ལྡན་རྣལ་འབྱོར་དོན་དུ་གསུངས། །བདེན་པ་གཉིས་ཀྱིས་ལམ་མཚོན་ཏེ། །ས་དང་ས་ཡི་རིམ་པ་བཞིན། །བགྲོད་ནས་ཕྱིན་པར་འདོད་པ་གང་། །མདོངས་པས་ནམ་མཁར་བསྙེག་པ་བཞིན། །ཕྱིན་པའི་


DNG018_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

གནས་མེད་ཁྱབ་པ་ལ། །གནས་ལས་འཕོས་པ་མེད་པས་ནས། །ལྟ་བ་རྒྱ་མཚོ་བཞིན་དུ་བལྟ། །རྟེན་ཅིང་འདྲེལ་པར་བཅས་པ་ཡི། །ཕྱི་ནང་འབྲས་བུ་རྒྱུར་བཅས་ཀུན། །ལུགས་དང་ལུགས་ལས་ལྡོག་པ་ནི། །ས་ཡི་རིམ་པར་འདོད་པ་དག །སྨིག་རྒྱུ་བཞིན་དུ་ཆུར་དམིགས་ཏེ། །ཕྲད་པར་མི་འགྱུར་ཕྱིན་མི་འགྱུར། །འོན་ཀྱང་མ་བགྲོད་སར་བཞག་པས། །ལྟ་བ་རྒྱ་མཚོ་བཞིན་དུ་བལྟ། །དམིགས་སུ་མེད་པར་དམིགས་བྱ་བ། །དེ་ཉིད་དམིགས་པ་ཆེན་པོ་སྟེ། །མཚན་མ་མིང་དང་བཅས་པ་ཡང་། །མཚོན་པ་ཡུལ་དང་བྲལ་ལོ་ཞེས། །ཐམས་ཅད་དམིགས་པའི་ཡུལ་ལས་འདས། །བླ་མེད་གོ་འཕང་བགྲོད་པ་ཡང་། །མ་བགྲོད་ཕྱིན་པས་བླ་ན་མེད། །ལྟ་བ་རྒྱ་མཚོ་བཞིན་དུ་བལྟ། །དག་པའི་དོན་ཕྱིར་རང་གི་རིག་རྟོགས་པས། །བྲན་དང་རྗེ་བོ་ལྟ་བུའི་ཚུལ་གྱིས་ཀྱང་། །སངས་རྒྱས་ས་ཡི་གོ་རིམ་བཙལ་བར་འདོད། །ཕྱི་ནང་དག་པའི་རྒྱུ་རྐྱེན་ཚོགས་པ་ཡིས། །མཐོ་རིས་ལྷ་ཡི་གནས་ཐོབ་གང་ཡིན་པ། །ལྟ་བ་འདི་ཡི་ལུང་དུ་ལྷན་ནེ་བ། །རྒྱ་མཚོ་བཞིན་དུ་གཡོ་བ་མེད་པར་བལྟ། །དེ་ཉིད་གཞི་དང་ལྡན་པར་བསྒོམ་པ་ཡང་། །གང་ལ་མི་རྟོག་ཅི་ལ་མི་ཆགས་ཏེ། །མེ་ལོང་བཞིན་དུ་རིག་པ་མངོན་སུམ་ཡལ། །འབྲས་བུ་ལམ་དུ་མ་ནོར་རྩོལ་བ་ནི། །བསྒོམ་པའི་མཐུ་ཡོད་འཕགས་ལམ་རིང་བ་ཡང་། །ལྟ་བ་རྒྱ་མཚོ་བཞིན་དུ་བལྟ། །བྱིན་རླབས་ཆེན་པོ་སངས་རྒྱས་ཁྱད་པར་ཅན། །ཐམས་ཅད་ལྷ་ཡི་དངོས་གྲུབ་པས། །རིག་པ་སྒོམ་པར་བཅས་པ་ཡིས། །ས་དང་ས་ཡི་རིམ་པ་བགྲོད་པ་ཡང་། །ཐེག་པ་མཆོག་གི་ངང་ལ་ཡེ་གནས་པས། །ལྟ་བ་རྒྱ་མཚོ་བཞིན་དུ་ཟབ་མོར་བལྟ། །འབྱུང་དང་འབྱུང་འགྱུར་ཡབ་ཡུམ་ཡིན་པས་ན། །དུག་ལྔ་ཉིད་ཀྱང་ཡེ་ནས་སངས་རྒྱས་པས། །སྡུག་བསྔལ་ཆུ་བོར་བྱིང་བའི་འགྲོ་བ་རྣམས། །སྒྲོལ་དང་སྦྱོར་བའི་ཕྲིན་ལས་ཟབ་མོ་ཡིས། །ཞིང་བཅུ་གནས་སུ་སྒྲོལ་བའི་སངས་རྒྱས་ཀྱང་། །ལྟ་བ་འདི་ཡི་ངང་དུ་སངས་རྒྱས་པས། །ལྟ་བ་རྒྱ་མཚོ་


DNG018_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་ལྷུན་གྱིས་གྲུབ། །སྣ་ཚོགས་ཀུན་ཏུ་བཟང་པོ་རྡོ་རྗེ་སེམས། །དེ་ཉིད་མ་སྐྱེས་པ་ནི་ཡུམ་གྱི་མཁའ། །སྣང་ལ་རང་བཞིན་མེད་པར་ཡབ་ཀྱི་དབྱིངས། །དེ་ཡང་དབྱེར་མེད་འབྲས་བུ་སྐུ་གསུང་ཐུགས། །རྩོལ་དང་བྲལ་བའི་ས་ལ་དགོད་པ་ཡང་། །ལྟ་བའི་ངང་ལ་རྒྱ་མཚོ་ཇི་བཞིན་དུ། །རྒྱ་མཚོ་ཆེན་པོར་ཆུ་བོ་ཀུན་འབབ་ལྟར། །ཐེག་པའི་རྒྱལ་པོ་ཀུན་ཏུ་བཟང་པོ་འདི། །བདེ་མཆོག་ལྷུན་གྱིས་གྲུབ་པའི་མན་ངག་པས། །མིང་དང་མཚན་མའི་སྤྱོད་ཡུལ་མ་ཡིན་ཏེ། །དབྱེ་བ་མེད་པའི་ངང་དུ་རྫོགས་སངས་རྒྱས། །ལྟ་བ་རྒྱ་མཚོའི་ཏིང་འཛིན་ཡེ་ནས་དག །དེ་བས་ལྟ་བ་རྒྱ་མཚོ་བཞིན་དུ་བལྟ། །གུ་ཡ་ས་མ་ཡ་ཡི་ཐུགས་ཀ་ནས། །སྐལ་ལྡན་འགའ་ཡི་དོན་དུ་གསུངས་པ་ནི། །སྣོད་མིན་ཕལ་གྱི་སྤྱོད་ཡུལ་མ་ཡིན་པས། །ཆུ་སྲིན་དང་ནི་ནོར་བུ་རིན་ཆེན་ཚུལ། །རྒྱ་མཚོའི་གཏིང་གི་རྡོ་ལྟར་ཁར་ཕྱུང་མིན། །རྨོངས་ཤིང་འཆལ་བས་གལ་ཏེ་ཁར་ཕྱུང་ན། །རང་གཞན་ངན་སོང་གསུམ་དུ་ངེས་འཁྱམས་ན། །གདེང་དང་ལྡན་པའི་སྐྱེས་བུའི་ཐུགས་ལ་བརྣག །དབང་ཆེན་འདུས་པའི་ཏནྟྲ་ལས། ལྟ་བ་རྒྱ་མཚོའི་ལེའུ་སྟེ་སུམ་ཅུ་པའོ།། །།དངོས་གྲུབ་བརྙེས་པའི་རྣལ་འབྱོར་དབང་ཕྱུག་གིས། །སྒྲུབ་པའི་མན་ངག་སྦས་པ་ནི། །ཕྱི་རབས་རྣལ་འབྱོར་སྐལ་རབ་ལ། །སྙན་ཁུང་བརྒྱུད་ནས་གསུངས་པ་དག །མན་ངག་སྦས་པའི་ལེའུ་ཞེས་བྱ་སྟེ། །སྔོན་ཚེ་མན་ངག་སྦས་པའི་བཀའ། །དབང་ཕྱུག་གོ་འཕང་ཐོབ་པའི་རྒྱུ། །སྐུ་གསུང་ཐུགས་སུ་བསྒྲུབ་པ་ལ། །བདུད་དང་གཤིན་རྗེ་དྲེགས་པ་ཡིས། །དངོས་གྲུབ་བར་དུ་གཅོད་པ་ལ། །དཔལ་གྱི་ཐུགས་རྗེས་ནན་ཏན་གྱིས། །བདུད་དང་སྲིན་པོ་བསྒྲལ་བ་དང་། །ཕྱི་རབས་སྔགས་འཆང་སྒྲུབ་པ་པོ། །དབང་ཕྱུག་གྲལ་དུ་བཞག་པའི་ཕྱིར། །སྦས་པའི་ཏནྟྲ་གསུངས་པ་ལས། །མན་ངག་སྦས་པ་འདི་རྣམས་སོ། །ཕོ་བྲང་རིན་ཆེན་གཞལ་ཡས་ཁང་། །གདན་དང་འབྱུང་བར་གྱུར་པ་རྣམས། །དབང་ཆེན་


DNG018_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱི་སྐུ་བསྐྱེད་པའི། །འབྱུང་ལྔ་ཡི་གེ་ཧཱུཾ་ལ་སྦས། །རིགས་ལ་དབང་བའི་ཧེ་རུ་ཀ །རིན་ཆེན་ཁྲི་བཞིར་སྦས་པའོ། །མ་ཚོགས་དབང་ཕྱུག་ཉི་ཤུ་བརྒྱད། །འདེགས་པའི་གདན་དུ་སྦས་པར་བཤད། །མ་བདུན་གསང་བའི་ཕྱག་རྒྱ་ཡང་། །ཉི་མ་བདུན་དུ་སྦས་པ་ཡིན། །གདན་ཁྲི་པདྨར་བརྩེགས་པ་ཡང་། །ཤེས་རབ་ཡུམ་གྱི་རང་བཞིན་ཏེ། །གསང་བ་ཡུམ་གྱི་བྷ་གར་སྦས། །ཞེ་སྡང་རྡོ་རྗེའི་ཕྱག་རྒྱ་ཡང་། །མན་ངག་གསང་བར་བརྒྱུད་པས་ནི། །གར་གྱི་དབང་ཕྱུག་སྐུ་ལ་སྦས། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་རྣམས། །དབུ་ལྔའི་གཞལ་ཡས་ཉིད་ལ་སྦས། །ཁྲོ་རྒྱལ་ཐབས་ཀྱིས་བརྒྱུད་པའི་སྐུ། །དམར་པོ་སྲོག་གི་རང་བཞིན་ནི། །ཧ་ཡ་གྲཱི་བའི་རྟ་མགོར་སྦས། །ཧཱུཾ་ཀཱ་ར་དང་ཁྲོ་བོ་བརྒྱད། །འཁོར་བ་ཟིལ་གྱིས་གནན་པའི་ཕྱིར། །ཆས་དང་ཏིང་འཛིན་ཞབས་སུ་སྦས། །དུར་ཁྲོད་གསང་བའི་ཡུམ་རྣམས་ནི། །ལྷ་མོ་བཞི་ཡང་རབ་བརྒྱུད་ནས། །རིན་ཆེན་གཤོག་པར་སྦས་པའོ། །ཏ་ཀྲྀཏ་བཅུ་དྲུག་ཁྲོས་པ་ཡང་། །དུར་ཁྲོད་ཕྲ་མེན་བཅུ་དྲུག་ནི། །ཐབས་དང་ཤེས་རབ་ཚུལ་གྱིས་སུ། །ཕྱག་མཚན་བཅུ་དྲུག་ཉིད་ལ་སྦས། །སྤྲུལ་པའི་འཁོར་དུ་གྲགས་པ་ཀུན། །ལོང་བའི་ཚོགས་སུ་སྦས་པའོ། །སྒོ་བ་ཆེན་པོ་ཡུམ་དང་བཅས། །མགོ་དགུ་བརྩེགས་པ་ཉིད་དུ་སྦས། །བཀའ་ཉན་ལས་ཀྱི་མངག་གཞུག་མ། །ཅིར་ཡང་སྣང་ཞིང་མཛད་པ་པས། །དམིགས་པ་བཞིན་དུ་གཞལ་ནས་ནི། །དངོས་པོ་མེད་པའི་ཐིག་ལེ་ཆེ། །ཕྱི་ནང་སྣོད་བཅུད་མ་ལུས་ཕྱག་རྒྱའི་སྐུ། །དངོས་དང་དངོས་མེད་མཚན་མ་ཐམས་ཅད་ཀྱང་། །དང་པོ་ཉིད་ཀྱང་སྐྱེ་འགག་མེད་པའི་ངང་། །དབྱིངས་ནས་མ་གཡོས་གཡོས་པའི་མཐུ་དང་བྲལ། །མཉམ་པ་ཆེན་པོར་གཅིག་པས་སྦས་པ་ཡིན། །དེ་ལྟ་བས་ན་དོན་ལ་མི་གཉིས་ཀྱང་། །སྒྲ་མཐའ་མང་པོ་ཇི་སྐད་བརྗོད་པ་ནི། །དེ་ཉིད་སྒྲ་མཐར་སྟོང་པས་


DNG018_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་དུ་མེད། །བསམ་དུ་བརྗོད་མེད་ཆོས་དབྱིངས་ནམ་མཁའ་འདྲ། །དེ་ཡི་ངང་ལས་རྡུལ་ཙམ་མ་གཡོས་ཀྱང་། །བྱིན་རླབས་སོ་སོའི་རིགས་དང་ཁ་དོག་ཀུན། །མ་འདྲེས་བཞིན་དུ་བྱེ་བྲག་གསལ་བ་ཡང་། །ངོ་བོ་གཅིག་ཉིད་དུ་མར་སྦས་པ་ཡིན། །འབར་བའི་བྱིན་རླབས་རྨད་དུ་བྱུང་བ་ནི། །ཆེ་བའི་ཡོན་ཏན་དཔག་གིས་མི་ལང་བས། །འུབ་ཀྱིས་གཅིག་པར་དབྱེར་མེད་པ། །སྟོང་པ་ཆེན་པོའི་འབྲས་བུ་མྱ་ངན་འདས། །གསལ་བའི་ཕྱག་མཚན་བཅུ་དྲུག་འབར་བ་ནི། །སྤྲུལ་པས་ཀླུ་སྲིན་འདུལ་བར་ཁྲོ་བསར་ཡང་། །ཡེ་ཤེས་དབྱིངས་ལ་སྦྱོར་བ་མྱ་ངན་འདས། །དབུ་རྒྱན་ཚར་གསུམ་ཕྲེང་བས་བཀླུབས་པ་ནི། །དུག་གསུམ་སྒྲོལ་ཞིང་མཛེས་པར་སྣང་བ་ཡང་། །དངོས་གཞི་བྱང་ཆུབ་སེམས་སུ་མྱ་ངན་འདས། །ན་བཟའ་རྡོ་རྗེའི་གོ་ཆས་བརྒྱན་པ་ནི། །གདུལ་བྱར་ཐབས་སུ་བརྗིད་པར་བསྟན་པ་ཡང་། །རང་བཞིན་ཉིད་ནི་ཆོས་སྐུར་གཅིག་པའི་ཕྱིར། །མ་སྐྱེས་སེམས་ཀྱི་ངང་ལ་མྱ་ངན་འདས། །རྟ་མགོ་ལྗང་གུའི་རྒྱན་གྱི་བྱེ་བྲག་ཀྱང་། །འཁོར་བ་མྱ་ངན་འདས་པར་འཛིན་པའི་ཕྱིར། །རཀྟ་ཡུམ་གྱི་ཀློང་དུ་མྱ་ངན་འདས། །སྦྲུལ་ནག་གདུ་བུ་ལ་སོགས་བརྒྱན་པ་རྣམས། །ཀླུ་རྒྱལ་དབང་དུ་བསྡུ་ཕྱིར་སྣང་བ་ནི། །བཀྲ་ཤིས་ཀླུ་ཡི་རྒྱལ་ས་གཟུང་བའི་ཕྱིར། །ནག་པོ་སེར་པོ་དམར་པོ་བསྣམས་པ་ཡང་། །མཚན་མ་ཆོས་ཀྱི་དབྱིངས་སུ་མྱ་ངན་འདས། །སྟོང་ཁམས་ཁྱབ་པའི་རལ་པ་དམར་པོ་ཡང་། །སྤྱན་དང་ཤངས་དང་སྙན་ལ་སོགས་པ་ཡི། །དབང་པོ་ལྔ་ཡི་ཁྱབ་པའི་བྱེ་བྲག་ལས། །མཚན་མའི་ཆོ་འཕྲུལ་མང་པོ་རབ་ཏུ་སྤྲུལ། །སྤྱི་མཐུན་ལྔ་ལྔ་སོ་སོའི་སྣང་བ་ཡང་། །སྟོང་པ་ཆེན་པོ་དབྱིངས་སུ་མྱ་ངན་འདས། །འཁོར་དང་སྤྲུལ་པའི་ཁྱད་པར་མ་ལུས་ཀུན། །སྣང་ཙམ་ཉིད་ནས་ཅིར་ཡང་མི་དམིགས་པས། །གཟི་ལྡན་ཡུམ་གྱི་དབྱིངས་སུ་མྱ་ངན་འདས། །ཕྱག་རྒྱ་ལ་སོགས་མཚན་མ་ཐམས་ཅད་ཀུན། །ཀུན་བཟང་གཉིས་མེད་ནམ་མཁའི་དབྱིངས་ཡངས་ན། །རྩོལ་བ་མེད་པར་


DNG018_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུན་གྱིས་གྲུབ་པའི་ཕྱིར། །གསང་བ་མྱ་ངན་འདས་ཞེས་སྟོན་པས་གསུངས། །དབང་ཆེན་འདུས་པའི་ཏནྟྲ་ལས། མྱ་ངན་འདས་པའི་ལེའུ་སྟེ་སོ་གཅིག་པའོ།། །།རིགས་གཉིས་ལུང་གི་བརྒྱུད་པ་ལས། །དངོས་གྲུབ་ལྡན་པའི་རྣལ་འབྱོར་པས། །ལྟ་བ་བྱང་ཆུབ་སེམས་ལེའུ། །ཟབ་མོའི་དོན་དུ་འདི་གསུངས་སོ། །ཏིང་འཛིན་ཐབས་ཀྱི་བརྒྱུད་པའི་བྱེ་བྲག་ལས། །དབང་ཆེན་དཀྱིལ་འཁོར་རིམ་པ་ཅིར་སྣང་བ། །ཡབ་ཡུམ་གཉིས་མེད་བྱང་ཆུབ་སེམས་སུ་བལྟ། །གཞལ་ཡས་ཡིད་བཞིན་ལྷུན་གྱིས་གྲུབ་པ་ཡང་། །སྐྱོན་མེད་ཡོན་ཏན་ཕུན་སུམ་ཚོགས་ལྡན་པས། །ཡབ་ཡུམ་གཉིས་མེད་བྱང་ཆུབ་སེམས་སུ་བལྟ། །མེ་རི་དམར་པོ་ཕྱོགས་བཞིར་འཕྲོ་བ་ཡང་། །སྟོང་ཁམས་ཡོངས་སུ་བསྲེག་པའི་མཐུར་ལྡན་པས། །ཡབ་ཡུམ་གཉིས་མེད་བྱང་ཆུབ་སེམས་སུ་བལྟ། །མེ་སྦྲུལ་དམར་པོ་ནག་པོར་སྣང་བ་ཡང་། །ཞེ་སྡང་གདུག་པའི་དགྲ་བགེགས་འདུལ་བ་དང་། །གཉེན་པོ་གཞན་ན་མེད་པའི་མཐུར་ལྡན་པས། །ཡབ་ཡུམ་གཉིས་མེད་བྱང་ཆུབ་སེམས་སུ་བལྟ། །ཀ་བ་གདུང་མ་ཉི་མས་བརྒྱན་པ་ཡང་། །རྒྱལ་བའི་དཀྱིལ་འཁོར་འདེགས་པའི་མཐུ་ལྡན་པས། །ཡབ་ཡུམ་གཉིས་མེད་བྱང་ཆུབ་སེམས་སུ་བལྟ། །འཕན་དང་ཟ་ར་ཚགས་དང་བ་དན་དང་། །བླ་རེ་རྒྱལ་མཚན་ལ་སོགས་མང་པོ་ཀུན། །ཆོས་ཀྱི་རུ་མཚོན་ཆེན་པོ་འཕྱར་བ་ཡིས། །བདུད་བཞི་བསྙལ་བའི་མགོ་བོ་གནན་པའི་ཕྱིར། །གདུག་པའི་གཉེན་པོ་གཞན་མེད་པས། །ཕ་རོལ་ཟིལ་གྱིས་གནོན་པའི་མཐུ། །ཡབ་ཡུམ་གཉིས་མེད་བྱང་ཆུབ་སེམས་སུ་བལྟ། །རིན་ཆེན་ཁྲི་རྐང་ཕྱོགས་བཞིར་གསལ་བ་ཡང་། །སྤྲིན་མེད་ཉེ་བདུན་གསལ་བའི་མཐུར་ལྡན་པའི། །ཡབ་ཡུམ་གཉིས་མེད་བྱང་ཆུབ་སེམས་སུ་བལྟ། །གསེར་གྱི་སེང་གེ་ཉི་ཤུ་བཞིར་སྣང་བ། །སྟོབས་ཀྱི་དཔག་ཚད་གཞན་ལས་འཕགས་པའི་ཕྱིར། །ཐེག་པའི་ནང་ནས་རྒྱལ་པོའི་བལྟ་བ་སྟེ། །ཐེག་པ་ཕྲ་མོ་འདུལ་


DNG018_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

བའི་མཐུ་ལྡན་པས། །ཡབ་ཡུམ་གཉིས་མེད་བྱང་ཆུབ་སེམས་སུ་བལྟ། །པདྨ་ཁ་སྟོང་ལྡན་པར་སྣང་བ་ཡང་། །སྣ་ཚོགས་འབྱུང་ཞིང་སྐྱེ་བའི་རྒྱུ་དང་ལྡན། །ཉེས་པའི་སྐྱོན་དང་བྲལ་བའི་མཐུ་ཡོད་པས། །ཡབ་ཡུམ་གཉིས་མེད་བྱང་ཆུབ་སེམས་སུ་བལྟ། །ཡིད་བཞིན་རིན་ཆེན་ཉི་ཟླའི་འོད་སྣང་བས། །འཇིག་རྟེན་ཡོངས་སུ་སྒྲོན་ལྟར་འབར་བ་ཡང་། །སྟོང་གསུམ་མུན་ནག་སེལ་བའི་མཐུ་ལྡན་པས། །ཡབ་ཡུམ་གཉིས་མེད་བྱང་ཆུབ་སེམས་སུ་བལྟ། །ཞེ་སྡང་རྡོ་རྗེ་ཕྱག་རྒྱའི་སྐུར་གསལ་བས། །རྒྱལ་བ་མང་པོ་ཐུགས་ཀྱི་དངོས་གཞི་སྟེ། །གཅིག་ལས་འདོད་དགུར་བསྒྱུར་བའི་མཐུ་ལྡན་པས། །ཡབ་ཡུམ་གཉིས་མེད་བྱང་ཆུབ་སེམས་སུ་བལྟ། །རྨད་བྱུང་པདྨ་གར་གྱི་སྐུར་གསལ་བས། །ཁམས་གསུམ་མ་ལུས་དབང་དུ་བསྡུ་བ་དང་། །ངན་སོང་གནས་སུ་སྟོངས་པའི་མཐུ་ལྡན་པས། །ཡབ་ཡུམ་གཉིས་མེད་བྱང་ཆུབ་སེམས་སུ་བལྟ། །དབུ་གཙུག་རྟ་མགོ་ལྗང་གུར་བསྟན་པ་ནི། །ཀླུ་ཡི་རྒྱལ་པོའི་རྫུ་འཕྲུལ་འཕྲོག་པ་དང་། །ཐུགས་རྗེ་ཆགས་པས་འགྲོ་བ་སྒྲོལ་བའི་མཐུ། །ཡབ་ཡུམ་གཉིས་མེད་བྱང་ཆུབ་སེམས་སུ་བལྟ། །རྡོ་རྗེ་རིན་ཆེན་ལས་བྱུང་གཤོག་པ་ནི། །རྫུ་འཕྲུལ་ལ་སོགས་གར་ཡང་ཐོགས་པ་མེད། །མྱུར་བའི་ཤུགས་ལྡན་ནམ་མཁའི་དབྱིངས་ཕྱུག་མ། །ཐུགས་རྗེ་ཀུན་ལ་སྙོམས་པའི་མཐུར་ལྡན་པའི། །ཡབ་ཡུམ་གཉིས་མེད་བྱང་ཆུབ་སེམས་སུ་བལྟ། །བཅུ་དྲུག་ཕྱག་ན་མཚོན་ཆ་བསྣམས་པ་ཡང་། །ཕྲ་མེན་བཅུ་དྲུག་དབྱིངས་ལ་རོལ་པ་དང་། །མི་མཐུན་གཉེན་པོས་འདུལ་བའི་མཐུར་ལྡན་པས། །ཡབ་ཡུམ་གཉིས་མེད་བྱང་ཆུབ་སེམས་སུ་བལྟ། །ཐོད་པ་ཚར་གསུམ་འཕྲེང་བ་ལྡན་པ་ནི། །དུག་གསུམ་ཚོགས་ལ་ཞེན་པ་བཟློག་པ་དང་། །དུག་གསུམ་དབྱིངས་སུ་སྒྲོལ་བའི་མཐུ་ཡོད་པས། །ཡབ་ཡུམ་གཉིས་མེད་བྱང་ཆུབ་སེམས་སུ་བལྟ། །མཉེན་ལྕུག་སྦྲུལ་གྱི་ཆུན་པོར་སྣང་བ་ཡང་། །སྐུ་ལ་ཞེ་སྡང་གདུག་པ་མི་མངའ་ཡང་། །མི་མཐུན་དྲེགས་པ་ཞི་བར་བྱ་བ་དང་། །ཀླུ་དབང་


DNG018_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་གྱིས་དབང་བསྐུར་མཐུར་ལྡན་པས། །ཡབ་ཡུམ་གཉིས་མེད་བྱང་ཆུབ་སེམས་སུ་བལྟ། །ཞབས་ཀྱི་ཁྲོ་བརྒྱད་གཟིར་གནོན་གཏོང་བ་ཡང་། །ས་བཅུ་འདས་ཤིང་ཕ་རོལ་ཕྱིན་རྫོགས་ཏེ། །དབང་བཅུ་རིམ་པར་རྫོགས་པའི་མཐུ་ལྡན་པས། །ཡབ་ཡུམ་གཉིས་མེད་བྱང་ཆུབ་སེམས་སུ་བལྟ། །ཕྱག་རྒྱ་ཆེན་པོར་གཅིག་ཏུ་མ་ངེས་པས། །འཁོར་གྱི་ཕོ་ཉ་ཡང་སྤྲུལ་མང་པོ་ཡང་། །དབང་གི་སྐུ་གསུང་ཐུགས་ལས་མ་གཡོས་ཀྱང་། །ལོག་རྟོག་འདུལ་ཕྱིར་རྣམ་པར་སྤྲུལ་པ་ནི། །སྐུ་གསུམ་ཉིད་ལས་གཡོས་པ་མེད་པས་ན། །ཐམས་ཅད་མ་ལུས་སྤྲོས་མེད་ཐིག་ལེ་ཆེ། །འབྱུང་བ་ལྔ་ལ་སོགས་པས་བསྡུས་པ་ཀུན། །ཡེ་ནས་སྤྲོས་མེད་བྱང་ཆུབ་སེམས་སུ་བལྟ། །བལྟ་བ་འདི་ལ་གང་ཞིག་གོམས་པ་ནི། །ད་ལྟ་ཉིད་དུ་ལྷ་དང་སྐལ་བ་མཉམ། །དབང་ཆེན་འདུས་པའི་ཏནྟྲ་ལས། བལྟ་བ་བྱང་ཆུབ་སེམས་ཀྱི་ལེའུ་སྟེ་སོ་གཉིས་པའོ།། །།ཕུན་སུམ་ཚོགས་པ་ལྔ་ལྡན་པ། །དེ་ཡང་གསང་བར་ཤེས་པར་བྱ། །མཎྜལ་ཟླ་གམ་བྱེ་བྲག་ཀྱང་། །མཁས་པས་དབྱིངས་སུ་ཤེས་པར་བྱ། །དེ་ཕྱིར་བསྒྲུབ་པ་ཟབ་མོའམ། །ཉེ་ལམ་ཞེས་ཀྱང་དེ་ལ་བརྗོད། །དེ་ལྟར་གྱུར་པའི་དཀྱིལ་འཁོར་དུ། །དབང་གི་རྒྱལ་པོའི་སྐུ་བསྐྱེད་ཅིང་། །གདན་ལྔ་རིམ་གྱིས་བཀོད་པ་ཡང་། །ཟབ་མོའི་དོན་དུ་ཤེས་པར་བྱ། །རྫོགས་པ་ཆེན་པོ་ཡིན་པའི་ཕྱིར། །གཞལ་ཡས་བརྡལ་བ་ཆོས་ཀྱི་དབྱིངས། །ནམ་མཁའ་ལྟ་བུར་གནས་མི་དམིགས། །དེ་ལྟའི་དབུས་སུ་སྐུ་བསྐྱེད་པ། །པདྨ་གར་གྱི་དབང་ཕྱུག་དང་། །གཉིས་སུ་མེད་པར་གཟི་དང་ལྡན། །རྟོགས་ནས་གདེང་དུ་ལོན་པ་ནི། །ཟབ་མོ་ཞེས་ཀྱང་དེ་ལ་བརྗོད། །དེ་ནས་ཡུམ་རྣམས་བསྒྲུབ་པ་ཡང་། །དྲ་བ་ཅན་ལ་སོགས་པ་བཞི། །སྤྲོས་དང་བྲལ་བར་ཤེས་པར་བྱ། །ཟབ་མོ་ཞེས་ནི་མཁས་པས་གསུངས། །དཀྱིལ་འཁོར་ཆེན་པོ་ཡིན་པའི་ཕྱིར། །སྒོ་སྲུང་ཁྲོ་བོ་མགོ་དགུ་བརྩེགས། །ཐེག་ཆེན་དགུ་ཡི་རིམ་པ་བཞིན། །དེ་ཉིད་གསང་བར་ཤེས་པར་བྱ། །དེ་ཕྱིར་ཐེག་རྒྱལ་ཉེ་ལམ་པ། །དེ་ལྟར་


DNG018_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་རྫོགས་པ་དང་། །རྒྱལ་པོ་འཁོར་དང་ལྡན་པ་བཞིན། །ཕྱི་རོལ་ལོང་བ་རྒྱབ་འདྲེལ་ཡང་། །ཆོས་སྐུར་གཅིག་པས་ཐ་དད་མིན། །དེ་ཡི་ཕྱི་རིམ་དམུས་ལོང་རྣམས། །མི་འགྱུར་དབྱིངས་སུ་མྱ་ངན་འདས། །འཁོར་བ་མ་སྤངས་མྱ་ངན་འདས། །དེ་ཕྱིར་དམུས་ལོང་འཁོར་བ་ཅན། །ཕྱི་རིམ་ཁམ་རྒྱ་ཆེན་མོ་དྲུག །གཟི་ལྡན་སྤྲུལ་པར་གྲགས་པས་ན། །ཉུང་དཀར་ཚུལ་བཞིན་ཟླུམ་པོར་བཞུགས། །འཁོར་བ་དབྱིངས་སུ་ཐིམ་པའི་ཕྱིར། །ཕྱི་རིམ་སྤྱང་མོ་སྒྲུབ་པ་ནི། །ཞབས་ཀྱི་སྤྲུལ་པ་ཡིན་པས་ན། །ཕོ་ཉར་བཟང་ཞིང་མངག་པར་མགྱོགས། །དེ་ཡང་ཆོས་ཉིད་ཡིན་པའི་ཕྱིར། །ཟབ་མོའི་དོན་དུ་ཤེས་པར་བྱ། །ཁྱི་བརྒྱད་བཀྱེ་ཞིང་བསྒྲུབ་པ་ཡང་། །གསང་བའི་སྤྲུལ་པ་ཡིན་པའི་ཕྱིར། །ཕྲ་མེན་སྤྲུལ་པར་ཤེས་པར་བྱ། །སྤྲུལ་པ་མེ་འབྲུག་ནག་པོ་རྣམས། །ཡབ་ཡུམ་འདུ་འབྲལ་མེད་པ་ཡི། །སྤྲུལ་པ་ཡིན་པར་བསྟན་པ་ཡང་། །ཡང་གསང་སྲིད་པའི་རྒྱལ་མོར་ཐེམ། །རྩ་བའི་དཀྱིལ་འཁོར་བསྒྲུབ་པ་ནི། །ཕུང་པོ་ལྔ་ཉིད་གཞལ་ཡས་ཁང་། །ཙིཏྟ་དཔལ་བེའུ་སེམས་ཀྱི་རྟེན། །དབང་ཆེན་ཡབ་ཡུམ་ཕྱག་རྒྱར་གསལ། །མ་བཞི་བུ་བརྒྱད་དབྱིངས་ཕྱུག་བཞི། །དེ་ཡང་མཚན་མེད་སྤྲོས་དང་བྲལ། །དབུ་ལྔ་རིགས་ལྔ་ཡབ་ཡུམ་ལྔ། །དེ་ཡང་མཚན་མེད་སྤྲོས་དང་བྲལ། །རྣམ་ཤེས་བརྒྱད་པོ་གནས་པ་ཡང་། །ལོང་བ་རྒྱབ་འདྲེལ་ཡེ་ནས་དག །དམུས་ལོང་འཁོར་བར་ཡེ་ནས་གནས། །ཞབས་ཀྱི་ཆས་བརྒྱད་གནས་སུ་དག །ལྕགས་ཀྱི་སྤྱང་མོར་ཡེ་ནས་གནས། །ཁྱི་བརྒྱད་སྤྱང་མོ་བརྒྱད་དང་གཅིག །ཞབས་ཀྱི་སྤྲུལ་པར་རབ་ཏུ་གྲགས། །དེ་རྣམས་རྩ་བར་བསྡུས་པའི་ཕྱིར། །ཟབ་མོར་བསྒྲུབ་པར་ཤེས་པར་བྱའོ། །ཡང་ནི་ཟབ་མོ་ཞེས་བྱ་བ། །དབྱིངས་ལས་ཡེ་ཤེས་བསྒྲུབ་པའི་ཕྱིར། །ཡེ་ཤེས་དབྱིངས་སུ་བཞུགས་པ་ལ། །རྟག་ཏུ་གཟི་ལྡན་ཐུགས་ཀར་སྦས། །ཟབ་མོ་ཞེས་ཀྱང་དེ་ལ་བསྔགས། །ལོང་བ་རྒྱབ་འདྲེལ་ཡེ་ཤེས་འཁོར། །མགོ་དགུ་བརྩེགས་པ་ཡན་ཆད་ཀུན། །འཁོར་ནི་ཆོས་


DNG018_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དབྱིངས་སུ་ཐིམ། །གཙོ་བོ་ཡབ་ཡུམ་ཡེ་ཤེས་ཏེ། །དབྱིངས་ལ་ཡེ་ཤེས་སྦྱོར་བའི་ཕྱིར། །སྟོང་པ་ཆེན་པོ་རབ་བསྒོམས་ནས། །ཟབ་མོ་ཞེས་ཀྱང་དེ་ལ་བརྗོད། །དེ་ཡང་དབྱིངས་ལས་མ་གཡོས་ཀྱང་། །མཚན་མའི་དངོས་པོ་བཤིག་པ་དང་། །ལོག་པར་ལྟ་བ་གཞོམ་པའི་ཕྱིར། །ཕོ་ཉ་རྣམས་ཞེས་བཤད་པའོ། །བདག་ཉིད་ཆེན་པོར་རབ་རྟོགས་ཏེ། །རྩོལ་བ་མེད་པ་དབྱིངས་གཅིག་ན། །ཕོ་ཉ་ཞེས་ཀྱང་དེ་ལ་བྱ། །བྱ་དང་བྱེད་པ་མི་དམིགས་ཤིང་། །འཕྲོ་འདུ་ལ་སོགས་མི་བརྩམ་ན། །དགྱེ་བ་ཞེས་ཀྱང་དེ་ལ་བྱ། །ཕོ་ཉའི་དོན་དྲུག་བཤད་པ་ནི། །སྐུ་དང་རྔམ་དང་ཡེ་ཤེས་དང་། །བསྒྲུབ་དང་སྤྲུལ་པ་ཡིག་འབྲུའོ། །ཡང་ན་ཕོ་ཉ་གསུམ་དུ་བཤད། །དོན་དང་ལས་དང་རིགས་ལ་སོགས། །ཕོ་ཉ་རྣམས་ནི་དགྱེ་བར་བྱ། །ཞེས་པ་བཤད་བསྒྲུབ་བྱང་ཆུབ་སེམས། །ཟབ་མོའི་ལེའུ་ཞེས་ཀྱང་བྱའོ། །དབང་ཆེན་འདུས་པའི་ཏནྟྲ་ལས། ཉེ་ལམ་བྱང་ཆུབ་སེམས་ཀྱི་ལེའུ་སྟེ་སུམ་ཅུ་སོ་གསུམ་པའོ།། །།སྐལ་དང་ལྡན་པའི་རྣལ་འབྱོར་སྒྲུབ་པ་པོས། །རོ་བསྲེགས་ཐལ་བ་བསྒྲུབ་པའི་ཕྱིར། །ཧཱུཾ་མཛད་རོལ་པའི་ལེའུ་སྟེ། །བསྡུས་ཏེ་གསུངས་པའི་སྒྲུབ་ཐབས་ནི། །ཕུན་སུམ་ཚོགས་པ་ལྔར་ལྡན་པའི། །ཡིད་དུ་འོང་བའི་དམ་པ་རྩལ། །དང་པོ་ས་བསླང་དབང་བྱ་བྱིན་གྱིས་བརླབ། །བརྟག་པའི་གནས་ཀྱི་མཎྜལ་ཡང་། །འདོམ་གང་གྲུ་བཞི་ཁྱུད་འཁོར་བཅས། །སྟེང་དུ་རཀྟའི་གོ་མ་ཡེ། །ཆགས་པའི་དམ་ཚིག་སྔགས་ཀྱིས་བྱུག །དེ་ནས་མཚན་དང་ལྡན་པའི་ཡུམ། །ཁྲུས་བྱས་དར་ལྡན་གོས་ཀྱིས་བཀླུབ། །དུར་ཁྲོད་བཀའ་དང་མཐུན་པ་ཡི། །གསང་བའི་ཐིག་སྐུད་བཀལ་ནས་ཀྱང་། །སྤྱི་བོར་བཞག་སྟེ་དབང་བསྐུར་བས། །ཆགས་པ་ཆེན་པོར་མཆོད་པའི་སྔགས། །ལན་གསུམ་བཟླས་ཏེ་གཟི་ལྡན་དུ། །གྱུར་པ་དམིགས་ཏེ་དགྱེས་པར་བྱ། །ཟླ་གམ་ཁ་སྤྲོད་ཟླུམ་པོ་ལ། །དཀྱིལ་དུ་ཧེ་ཞལ་གྲུ་གསུམ་པ། །གྲུ་གསུམ་འཕང་དུ་བརྩིག་པར་བྱ། །ས་ཚོན་མགར་བའི་སོ་དོག་གམ། །ཡང་ན་སྦྲམ་ཆེན་


DNG018_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

བསྲེགས་པའི་ས། །ནག་པོའི་ས་ལས་ཧེ་ཞལ་བྲི། །མཱུ་ལ་རཀྟས་ཟླ་གམ་བཀང་། །འོད་ཕུང་མཐའ་བསྐོར་སྤྲུགས་ནས་སྔགས། །དམར་པོ་ཡོན་ཏན་དབང་དུ་སྡུད། །ཧེ་ཡི་དབུས་སུ་སྔགས་པའི་རྫས། །དམར་པོ་དབང་དང་ལྡན་པའི་ཤིང་། །བཤུས་ལ་སོགས་པའི་སྣུམ་པོར་བསྔོ། །ཧེ་ཡི་དབུས་སུ་ཡངས་པར་བཤམས། །དེ་ཡི་འགྲམ་མམ་སྟེང་དག་ཏུ། །ཐོད་པ་རྣམ་གཉིས་བཅུད་དང་ལྡན། །འཕྲོ་འདུ་དམིགས་པའི་སྟེང་དུ་གཞག །མཐའ་སྐོར་མེ་རི་དམར་པོ་ལ། །ཕུར་པ་དང་ནི་རྫས་རྣམས་དགྲམ། །མེ་སྔགས་བཏབ་སྟེ་གཞག་པར་བྱ། །གསང་བའི་གཟུངས་ཐག་དམར་པོ་གཅིག །ཟླ་གམ་སྟེང་དུ་ལོངས་སྤྱོད་དགྲམ། །དེ་ནས་ཐལ་བ་བསྒྲུབ་པའི་ཕྱིར། །བམ་གྱི་རི་བོའི་ཤར་ཕྱོགས་སུ། །མ་མོའི་གོམ་པ་དྲུག་ཅུའི་སར། །རྡོ་རྗེའི་འགྲོས་སུ་སོང་ནས་སུ། །རྡོ་རྗེ་དཔུང་གི་ས་ཕྱོགས་སུ། །བཅུ་དྲུག་རོལ་པའི་ཕོ་ཉ་འགྱེད། །བཀྲ་ཤིས་ཆེན་པོའི་རྔམ་བྲོས་བསྐོར། །ཡི་གེ་ཧཱུཾ་གིས་རྔམ་ཁྲོ་འམ། །ཕྱུང་ནས་ཤུལ་དུ་དམིགས་པ་ཡང་། །ཁྲོ་བོའི་རྫས་ལ་དམིགས་ནས་གདབ། །བྱང་ཤར་མཚམས་སུ་བཤིག་པ་ལས། །ལུ་གུ་རྒྱུད་ཀྱི་བྲོ་བསྐོར་ཏེ། །དུར་ཁྲོད་དག་ལས་སྤྱན་དྲངས་ཏེ། །བཤིག་ནས་མངོན་སྤྱོད་ལེགས་པར་བསྒོམ། །སྙིང་ནི་དྲན་པའི་རྟེན་ཡིན་པས། །ཧེ་ཡི་སྟེང་དུ་གཞག་པར་བྱ། །བྷན་དྷ་བཟང་པོ་ལྔ་ཡི་རྟེན། །ཕྲལ་ནས་ཟླ་གམ་དབུས་སུ་གཞག །གཟི་ལྡན་ས་ཡི་ལྷ་མོ་ལྔ། །སྟེང་དུ་དབང་པོ་ལྔ་ཡང་གཞག །རེའུ་ཆ་ལ་ནི་ནང་ཁྲོལ་ཏེ། །རྐང་ལག་སྒོ་བཞི་རྣམས་སུའོ། །ཐོག་ཐག་ཏུ་ནི་སྒལ་རྩིབ་སྟེ། །མེ་རི་ལ་ནི་རྒྱུ་ཕྲེང་ངོ་། །ཤུན་གྱི་ཡང་དང་རླུང་གི་ཕྱོགས། །སྣ་ཚོགས་ཡམ་ཤིང་བརྫངས་ནས་གཞག །དེ་ནས་ཐལ་བའི་ས་བོན་མཆོག །དེ་ཡི་ཁྲོད་དུ་འབྲུག་རུས་དང་། །བྱི་ལ་བ་གླང་རྔ་མོ་དང་། །མཁའ་ལྡིང་ལ་སོགས་འབྲས་བུ་ལྔ། །ཉི་མ་ལ་སོགས་ས་ཡང་སྟེ། །མར་ལ་སོགས་པ་བྱུག་ལ་སྩལ། །མཚན་


DNG018_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པའི་ཤེས་རབ་ཀྱིས། །ཐལ་མོ་སྦྱར་ནས་འདི་སྐད་དོ། །པཱུ་ཛ་མེ། དེ་ཡི་འོག་ཏུ་མེ་ཡི་ལྷ། །རྒྱལ་པོ་བསྒོམ་པའི་ཏིང་ངེ་འཛིན། །སྙིང་པོ་བཟླས་ཏེ་གཡོགས་ནས་བསྡམ། །བསྙེན་པ་ཉི་ཁྲི་བཏོན་ནས་ཀྱང་། །མཆོད་ཅིང་སྦྱིན་པའི་ལས་བྱའོ། །ཏིང་འཛིན་མཆོད་པས་ཚིམས་བྱས་ནས། །དེ་ནས་རྫས་ཀྱི་དམ་པས་མཆོད། །མཚན་ཉིད་གསུམ་པའི་ཤེས་རབ་ཀྱི། །ཙིཏྟ་བླངས་ཏེ་རུས་པར་བཅས། །ཕུལ་ནས་བདག་ལ་དབྱིངས་སུ་བསམ། །མཚན་དང་རུས་པ་དེ་བཞིན་ཏེ། །རྣ་བ་དང་ནི་རུས་དང་མིག །ལྕེ་དང་སྣ་དང་ཁྲག་ལ་སོགས། །ཤ་དང་རྐང་ཡང་དེ་བཞིན་ཏེ། །ཚིལ་དང་སྐྲ་ལ་སོགས་པ་དབུལ། །དེ་ནས་བ་སུ་ཏ་ཡི་རྫས། །མཚན་དང་ལྡན་པས་བླངས་ཏེ་དབུལ། །ཕོ་ཉ་མཆོད་པའི་སྦྱིན་སྲེག་སྟེ། །གཏུན་ཁུང་ཆེན་མོར་སྔ་མ་བཞིན། །དེ་ནས་བགེགས་ཆེན་བརྡུང་བའི་ཕྱིར། །རྩེ་འཇོ་བྲོ་ཡང་འདི་སྐད་དོ། །ཧ་ན་ད་ཧ་པ་ཙ་ཧཱུཾ་ཕཊ། མཆོད་ལ་སོགས་པའི་ཤེས་ཚོགས་ལྡན། །གང་ཡང་རུང་བ་དྲང་བའི་ཕྱིར། །སྙིང་ལ་རྩེ་འཇོ་ཐབས་ཀྱི་བྲོ། །ལུ་གུ་རྒྱུད་ཀྱིས་འདི་སྐད་དོ། །ཨངྐུ་ཤ་ཛཿ། དེ་ནས་དབང་པོ་ལྔ་རྣམས་ལ། །རྩེ་འཇོའི་ཚུལ་གྱིས་གར་བྱེད་ཅིང་། །བརྗིད་པའི་སྟབས་ཀྱིས་འདི་སྐད་དོ། །པཱ་ཤ་ཧཱུཾ། སྥོ་ཊ་བཾ། གྷཎྜ་ཧོཿ། དེ་དག་ཞིང་བཅུ་སྒྲོལ་བའི་ཚིག །དཀྱིལ་འཁོར་དེ་ཡི་དོན་ཡང་བཤད། །འདོམ་གང་གྲུ་བཞི་གྲུ་ཆད་ཅན། །ཟླ་གམ་ཁ་སྤྲོད་གསང་བའི་མཁའ། །ཟླུམ་པོ་སྤྲོས་པ་མེད་པའི་དོན། །ཧེ་ནི་དབྱིངས་ཕྱུག་གཟི་ལྡན་དབྱིངས། །ཡམ་ཤིང་བྱང་ཆུབ་སེམས་སུ་ཤེས། །མེ་ནི་གཉིས་མེད་སྤྲུལ་པ་ཡིན། །དམ་རྫས་ལྷ་མོ་མང་པོ་དགྲམ། །དེ་ནས་རུས་པའི་ཡོན་ཏན་བཤད། །འབྲས་བུ་ལྔ་ནི་རིགས་ལྔར་བཤད། །རུས་སྦལ་ཀླུ་ཆེན་ཟིལ་གྱིས་གནོན། །འབྲུག་ནི་མཁའ་འགྲོ་དབང་


DNG018_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སྡུད། །བྱི་ལས་ཕྲ་མེན་དངོས་གྲུབ་འདུ། །བ་གླང་སྟོབས་ཀྱིས་བགེགས་ཆེན་འདུལ། །རྔ་མོ་སྲིན་པོའི་མཐའ་ཡང་འཕྲོག །འདབ་ཆགས་ཕོ་ཉ་མངག་པའི་མཆོག །མི་རུས་ཐལ་བའི་དུས་སུ་ཟ། །དེ་ནས་སྦྱིན་བསྲེག་བྱ་བ་ནི། །རཱ་ག་པཱུ་ཛ་སྥ་ར་ཎ་ཧཱུཾ་ཛཿཛཿ། མཆོད་ཅིང་བསྲེག་པའི་ལས་བྱའོ། །དེ་ནས་ཐུགས་དམ་གཞུང་བཞིན་བསྐུལ། །དེ་ཡི་དུས་སུ་དགོད་པ་ཡང་། །རཱུ་ཏྲ་ཅན་གྱི་སྣོད་ནང་དུ། །རུས་པ་བཏགས་པའི་ཕྱེ་མ་བླུག །དམིགས་པ་གཞུང་ལ་བྱུང་བ་བཞིན། །ནང་དུ་བླུགས་ནས་དུས་ལ་གཞག །དེ་ནས་རྡོ་རྗེ་ལྕམ་དྲལ་གྱིས། །བསྐོར་ཏེ་དབྱངས་བླང་དབུས་སུ་གཞུག །དེ་ནས་དཀྱིལ་འཁོར་རྫོགས་པ་ཡང་། །རྡོ་རྗེའི་གོ་ཚགས་གཞུང་བཞིན་སྤེལ། །ཕྲིན་ལས་བཅོལ་བ་སྔ་མ་བཞིན། །ཡབ་ཡུམ་གཉིས་མེད་སྦྱོར་བ་ལས། །སེམས་ཀྱི་ཁ་དོག་དཀར་པོའི་ཡི་གེ་སྟེ། །ཧྲཱྀཿ། མཁའ་མཉམ་སྤྲོས་ཤིང་སླར་ཡང་བསྡུ། །དངོས་པོ་མེད་ཅིང་སྟོང་པར་གྱུར་པར་དམིགས། །ལྷ་མོ་མགོ་དགུ་མ་དང་རོལ་པ་ལས། །བྱང་ཆུབ་སེམས་ནི་གུ་ཧྱ་དམར་པོ་སྤྲོ། །རུས་པ་མཚན་མེད་རཱ་ག་བཞིན། །དྲ་བ་མོ་དང་གཉིས་མེད་རོལ་པ་ལས། །བྱང་ཆུབ་སེམས་ནི་ཧཱུཾ་གིས་སྟོང་ཁམས་གང་། །བསྐུལ་ཞིང་འདུས་བྱས་འབར་བ་འཕྲོས་པར་དམིགས། །ཨ་མོ་དེ་བས་གཉིས་མེད་གཉིས་གྱུར་ནས། །སེམས་ནི་ཁ་དོག་དཀར་དམར་བསྣོལ་མ་ཡང་། །སྐར་ཚོགས་ལྟ་བུར་རབ་ཏུ་འཁྲིགས་པས་བསྐུལ། །བསྡུས་པས་ཚིམས་གྱུར་བཙོ་མའི་ཁ་དོག་བཞིན། །སྡེར་མོ་ཅན་གྱི་ས་ལྟར་བྱང་ཆུབ་སེམས། །རིན་ཆེན་ཞུན་མ་ལྟ་བུར་བསྐུལ་སྦྱངས་ནས། །དངོས་མིན་བྱང་ཆུབ་སེམས་སུ་ཞུ། །དེ་ནས་དངོས་གྲུབ་བླང་བའི་ཕྱིར། །སྒྲུབ་པ་དེ་ཡི་མཚན་ལྡན་ཡོ་བྱད་པས། །རཱ་ག་པཱུ་ཛ་ཞེས་བརྗོད་ཅིང་། །ཐལ་ཆེན་འོད་དུ་ཞུ་བར་དམིགས། །ཏཾ་


DNG018_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རླུང་གིས་བཏེགས་ནས་ཀྱང་། །གཟི་ལྡན་གསང་བ་བྷ་ག་ལས། །རང་བཞིན་མེད་པའི་ཆོས་སྐུར་གསལ། །མཐར་ཕྱིན་བསྙེམས་ཤིང་འགྲོ་རྒྱུད་སྦྱང་། །སླར་ཡང་མི་གཡོ་དབྱིངས་སུ་ཐིམ། །དེ་ནས་གསང་བའི་མདུད་པ་གྲོལ། །སྣུམ་ལ་འཕེལ་གྱུར་གྲུབ་པའི་རྟགས། །ཉུང་ན་སྤོགས་ཤིང་ཏིང་འཛིན་ལས། །གྲུབ་ནས་ངོ་ལ་མཚན་མས་གདབ། །མཚན་ལྡན་ལག་མཐིལ་ཨ་བསམས་ཏེ། །བྲོས་བསྐོར་དབང་བསྐུར་བྱིན་གྱིས་བརླབ། །དེ་ནས་དངོས་གྲུབ་གོ་སྐབས་དབྱེ། །ས་མ་ཡེ་པདྨ་དྷ་ར་པཱུ་ཙ་མེ། དང་པོ་དེ་བཱི་བསྟན་པར་བྱ། །དེ་ནས་ཚེ་དང་རིམ་པ་བཞིན། །ཆད་ན་བར་ཆད་ཆེན་པོ་འབྱུང་། །ལྷག་ན་རིམ་པ་བཞིན་དུ་འགྲོ། །རྡོ་རྗེ་སློབ་དཔོན་ཡབ་ཡུམ་དང་། །མཆེད་དང་དགོངས་པའི་ཚད་དང་སྦྱར། །དེ་ནས་ལུས་ལ་རྟག་བཅངས་ན། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ། །ལུས་ཀྱང་དར་ལ་བབ་ཅིང་སྲ། །ལོངས་སྤྱོད་ལྡན་ཞིང་བདེ་སྐྱིད་འགྱུར། །དེ་ནས་ལྷག་མའི་གཏོར་མ་གཏང་། །དཀྱིལ་འཁོར་བསྡུ་ཞིང་བཀྲ་ཤིས་གསོལ། །ཡལ་བར་མི་དོར་མ་མོ་བསྟན། །གླུ་དང་དབྱངས་དང་རྔ་ལ་སོགས། །རྩེད་འཇོ་མང་པོ་ལུགས་བཞིན་བྱ། །དབང་ཆེན་འདུས་པའི་ཏནྟྲ་ལས། ཐལ་ཆེན་བསྒྲུབ་པའི་ལེའུ་སྟེ་སུམ་ཅུ་སོ་བཞི་པའོ།། །།དང་པོ་ཕུན་སུམ་ཚོགས་ལྡན་ནས། །དཀྱིལ་འཁོར་ཚད་དང་ལྡན་པ་ལ། །ཐིག་བཞི་བཏབ་པས་ལེའུ་ཚེ་དགུ། །དབུས་སུ་གྲུ་གསུམ་འབར་བའོ། །རྒྱ་ཡི་ཚད་ནི་ཁྲུ་གང་ལ། །འཕང་དུ་ཁ་ཁྱེར་མཁྱིད་གང་བའོ། །ཁ་དོག་མཛེས་པའི་ཚོན་རྩི་ལྔ། །ལེ་ཚེ་བརྒྱད་ལ་རིམ་པ་བཞིན། །དབུས་སུ་མཐིང་ནག་ཡིག་འབྲུ་བཅས། །རྒྱན་དང་གདགས་པ་ལ་སོགས་པས། །མཚན་དང་ལྡན་པའི་ཡམ་ཤིང་དང་། །དབང་


DNG018_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པའི་བྷན་དྷ་རྣམས། །ཧེ་ཡི་དབུས་སུ་བརྫངས་ལ་དགབ། །དཔལ་དང་མ་མོ་མཆོད་པའི་རྫས། །བྱང་ཆུབ་སེམས་དང་རྡོ་རྗེའི་ཆུ། །ཟིལ་དངར་རཀྟ་ཤ་ལ་སོགས། །རིམ་པར་བཀྲམ་པའི་ས་ཕྱོགས་ནི། །དབུས་སུ་བྱང་ཆུབ་སེམས་ཆེན་པོ། །ཤར་གྱི་གླིང་ལ་རྡོ་རྗེ་ཆུ། །ཟིལ་པ་རཀྟ་ལྷོ་ཕྱོགས་སུ། །ཤ་ནི་ནུབ་ཏུ་དགྲམ་པར་བསྔགས། །དྲི་ལ་སོགས་པ་བྱང་དུའོ། །ཤ་ཁྲག་གཏོར་མ་ལ་སོགས་ཀུན། །འབར་བའི་དཀྱིལ་འཁོར་ཐོག་ཐག་ཏུ། །ཕོ་ཉ་རིམ་པ་བཞིན་དུ་དགོད། །སྐད་ཅིག་མ་ཡི་ཏིང་འཛིན་གྱིས། །བསྒོམ་དང་བསྙེན་དང་བསྒྲུབ་པ་དང་། །འཛབ་ལ་སོགས་པ་མ་རྫོགས་ཚེ། །བཅུ་གཅིག་ཕྲིན་ལས་གཞུང་བཞིན་འབད། །བསྙེན་པ་ཉི་ཁྲི་རྫོགས་པ་དང་། །དཔལ་དང་མ་མོ་མཆོད་པའི་ཕྱིར། །སྦྱིན་བསྲེག་གཞུང་བཞིན་བརྩོན་པར་འབད། །གར་གྱི་དབང་ཕྱུག་ཆེན་པོ་ལ། །བྱང་ཆུབ་སེམས་ཀྱི་མཆོད་པ་ཡིས། །མཆོད་ཅིང་བསྲེག་པའི་ལས་བྱའོ། །རྡོ་རྗེ་ཆུ་ནི་གཟི་ལྡན་ལའོ། །ཟིལ་དངར་ལྷོ་ཡི་ཕྱོགས་སུ་སྟེ། །ཤ་ཆེན་ནུབ་ཀྱི་ཕྱོགས་སུ་དབུལ། །དྲི་ལ་སོགས་པ་བྱང་དུ་དབུལ། །ཡུམ་བཞི་ལ་ཡང་དེ་བཞིན་ཏེ། །མཆོད་སྦྱིན་བསྲེག་པའི་ལས་བྱའོ། །ཤ་ཁྲག་གཏོར་མ་ཕོ་ཉ་ལ། །མཆོད་ཅིང་བསྲེག་པའི་ལས་བྱས་ནས། །བསྙེན་པ་ཆོས་ཀྱི་དབྱིངས་ནས་དྲངས། །བསྒྲུབ་པ་གཉིས་མེད་མཉམ་པར་གཞག །འཛབ་ནི་གཞུང་བཞིན་བགྲང་བྱར་བྱ། །སྐབས་སུ་ལས་ནི་བཅུ་གཅིག་ཙམ། །ཞག་གྲངས་དག་ནི་ཚང་བ་དང་། །དངོས་གྲུབ་བླང་བའི་ཆོ་ག་དང་། །དབང་བསྐུར་བ་དང་དཀྱིལ་འཁོར་ནས། །རིམ་པ་བཞིན་དུ་དབྱུང་བར་བྱ། །དེ་ནས་གཏོར་མ་ལ་སོགས་པའོ། །ལྷག་མ་སྐྱོང་ཞིང་ཕོ་ཉ་བསྙེན། །ལས་ཀྱི་གོ་རིམ་མ་ནོར་བར། །མཆོད་སྦྱིན་བསྲེག་པའི་ལས་ལ་འབད། །དེ་ནས་རྫས་དང་ལག་ཆ་དང་། །དཀྱིལ་འཁོར་ལྷ་དང་བྱེ་བྲག་རྣམས། །རིམ་པ་བཞིན་དུ་མཐའ་ནས་སྤྲོ། །བསྐུལ་དང་དོན་བྱས་


DNG018_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

སླར་འདུས་ཤིང་། །བདག་དང་བཅས་པར་རབ་ཞུགས་ནས། །རིམ་པ་བཞིན་དུ་དབུས་སུ་བསྡིམ། །སྙིང་པོ་དང་ནི་ཕྱག་མཚན་ཆས། །རྟེན་པར་གྱུར་ནས་དབྱིངས་སུ་གཞག །ཚོན་རྩི་དང་ནི་སོལ་བ་དང་། །གཞན་པ་ ལྷག་མ་ཅི་ཡོད་རྣམས། །ཐལ་བའི་ཚོགས་དང་བཅས་པ་ཀུན། །གྲུ་གསུམ་ཡུམ་གྱི་མཁའ་ལ་བསྡིམ། །དེ་ཡང་མཆོད་སྦྱིན་བསྲེག་པར་སྦྱར། །དེ་ནས་བཤགས་དང་སྦྱང་བ་དང་། །གླུ་བྲོ་ལ་སོགས་ལོངས་སྤྱོད་རྣམས། །མ་མོ་དང་ནི་མཁའ་འགྲོ་དང་། །ཕོ་ཉ་མ་མོ་བསྟན་པའི་ཕྱིར། །ཆས་དང་ལྡན་པར་འབར་བར་བྱའོ། །དབང་ཆེན་འདུས་པའི་ཏནྟྲ་ལས། སྦྱིན་བསྲེག་གི་ལེའུ་སྟེ་སུམ་ཅུ་སོ་ལྔ་པའོ།། །།ཀུན་གཞི་གཏན་ལ་འབེབས་པའི་ལེའུ་འདི། །སྔ་རབས་འདས་པའི་དགོངས་པ་བསྟུན་ནས་ཀྱང་། །དེ་ཡང་ཆོས་རྣམས་རྩ་བ་ཀུན་གཞིར་འདུས། །ཀུན་གཞིའི་རྩ་བ་ཡེ་ཤེས་ལྔར་སྣང་ཡང་། །དེ་ལྟ་བུ་ཡི་དོན་ལ་མཉམ་བཞག་པས། །ཀུན་གཞི་གནས་གྱུར་པ་ཡང་དེ་བཞིན་ཉིད། །ཡེ་ཤེས་ལྔ་ཉིད་དེ་ན་ཚང་བས་ན། །ཡེ་ཤེས་ལྔ་པོ་གཅིག་ཏུ་འདུས་རིག་བྱ། །སེམས་ཅན་ཀུན་གཞིའི་རྩ་བ་དོན་རྟོགས་ནས། །ཡེ་ནས་སངས་རྒྱས་པས་ན་བཅོས་མེད་པར། །དང་པོའི་ས་ཉིད་ནོན་པར་མཁས་པས་གསུངས། །གནས་སྐབས་དེ་ན་ཡོད་མེད་ལྟ་མཐར་ཐུག །སེམས་ཀྱི་རང་བཞིན་ཇི་ལྟར་ཡིན་པ་དང་། །སེམས་ལ་མཚན་མ་ཡོད་མེད་བརྟག་པར་བྱ། །སེམས་དེ་ཉིད་ལ་བལྟ་བ་ཇི་ལྟ་བུ། །སེམས་དེ་སྣང་བ་ཡིན་ནམ་མི་སྣང་ཡིན། །སེམས་དེ་སངས་རྒྱས་ཡིན་ནམ་སངས་རྒྱས་མིན། །སེམས་ལས་སངས་རྒྱས་གུད་ན་ཡོད་དམ་མེད། །དེ་ལྟར་བལྟ་བ་ཅེར་གཞག་ཟིན་བྱ་དགོས། །དེ་ལྟར་རྟོགས་ནས་གདེང་དུ་གྱུར་པ་དང་། །འདུས་བྱས་དགེ་རྩ་མི་དགག་ནུས་ཚད་སྤྱད། །འོན་ཏང་ཆོས་ཀུན་རང་གི་སེམས་


DNG018_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

སུ་འདུས། །བསམས་ཤིང་བསྒོམ་མེད་ངང་ལ་གཞག་པ་ན། །ཅིར་སྣང་ཅིར་སྲིད་མཚན་མེད་དབྱིངས་གཅིག་པས། །འདུ་འབྲལ་མེད་པའི་ཆོས་ཉིད་ཡེ་སངས་རྒྱས། །དོན་དམ་བརྗོད་དུ་མེད་པ་མ་བཙལ་ཡང་། །ལྷུན་གྲུབ་ས་དེ་ད་ལྟ་ཉིད་ནས་ནོན། །དེ་ལྟའི་དོན་རྟོགས་ཉམས་སུ་གསལ་ན་ཡང་། །ཆོས་ཀུན་སྒོ་དང་མི་འགལ་བསྟན་པའི་ཕྱིར། །ཏིང་འཛིན་གསུམ་ལྡན་གོལ་སའི་སྒོ་བཀག་ནས། །དྲོད་ཆེན་གསུམ་གྱིས་སངས་རྒྱས་དགོངས་པ་མྱོང་། །དེ་བས་ཏིང་འཛིན་རྣམ་གསུམ་རབ་བསྒོམས་པས། །འབྲས་བུ་ཕ་རོལ་ཕྱིན་དྲུག་རང་བཞིན་རྫོགས། །རང་སེམས་ནམ་མཁའ་མ་གཡོས་ངང་ལ་གཞག །འོན་ཏང་དྲང་བཞིའི་རྟོག་པ་ཅི་བྱུང་ཡང་། །ཆོས་ཉིད་མ་གཡོས་རྟོག་པ་མ་བཅད་པས། །ངང་གིས་མ་བཅོས་ཡོངས་ཀྱིས་འོད་གསལ་ཞེས། །སྔ་རབས་མཁས་ལྡན་རྣམས་ཀྱིས་རབ་ཏུ་བསྔགས། །ཡིད་དང་སེམས་ལ་གསལ་བྱེད་ཏིང་འཛིན་ཏེ། །ཡོ་ག་གསུམ་དོན་གནས་སྐབས་དབང་ཆེན་གསལ། །དོན་དེ་བས་ན་སྙན་ཁུང་རབ་བརྒྱུད་ནས། །སེམས་ཉིད་སངས་རྒྱས་དོན་དུ་ཤེས་པར་བྱའོ། །དེ་ལྟ་བུ་ཡི་དོན་རྟོགས་སྐྱེས་བུ་ལ། །ཅི་ཡང་མི་བརྩེག་ཡོན་གྱི་རྣམ་གྲངས་དབུལ། །འོན་ཏང་བྱས་ཟིན་དོན་རྟོགས་ནས། །ཡེ་ནས་བདག་ཉིད་རྣམ་པར་དག་ཅེས་བྱ། །དེ་ལ་འཛིན་ཆགས་བདེ་སྡུག་ཅི་བྱུང་ཡང་། །ཚོགས་གཉིས་དུས་གཅིག་རྫོགས་པར་དམ་བཅའོ། །རྣམ་པར་མི་རྟོག་ཏིང་འཛིན་མཚན་མ་རྣམ་པར་དག །ཆོས་ཉིད་མངོན་སུམ་གྱུར་ན་ཆེ་ཡོན་རྒྱུན་མི་འཆད། །སྒྲིབ་པ་གཉིས་བྱང་ཚོགས་གཉིས་རྫོགས་པས་ན། །ཕྱི་ནང་བཤད་དང་མཐུན་པར་ས་རྣམས་ནོན། །འདི་ནི་བདེ་གཤེགས་དགོངས་སྤྱོད་ཟབ་མོ་ཡིན། །སེམས་ཅན་ཕལ་གྱི་སྤྱོད་ཡུལ་མ་ཡིན་ནོ། །སངས་རྒྱས་རྣམས་ཀྱིས་མཉམ་པའི་དོན་རྟོགས་ཀྱང་། །འགྲོ་བ་སེམས་ཅན་རྣམས་ཀྱིས་མ་རྟོགས་པས། །གདོད་ནས་ཞེན་པའི་བག་ཆགས་སྦྱང་དཀའ་བ། །ས་དང་ས་ཡི་འདོད་སྟོངས་ཁྱད་ཡོད་གསུངས། །


DNG018_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པར་རྟོགས་དང་མ་རྟོགས་གཉིས་མེད་གསལ་དུས་སུ། །སངས་རྒྱས་ཆེ་བའི་ཡོན་ཏན་ལྷུན་གྱིས་གྲུབ་བརྙེས་སོ། །སྟོང་དང་རང་བཞིན་མེད་ཅིང་མ་སྐྱེས་ཁྱད་པར་ཅི། །ཡོད་མེད་རྟག་ཆད་བྱ་བཙལ་ལ་སོགས་པ། །ཐམས་ཅད་ལྷུན་གྱིས་གྲུབ་པར་ཡེ་གནས་པའོ། །རྒྱུ་དང་འབྲས་བུ་ཅིར་སྣང་ཅིར་སྲིད་ཀྱང་། །བུཌྜྷ་ཉག་གཅིག་སྐུ་ཡི་རྒྱན་དུ་སྣང་། །དེ་ཉིད་མ་བཀག་དཀྱིལ་འཁོར་རྫོགས་པའི་ཚུལ། །གོང་འོག་ལ་སོགས་སྐྱོན་ཡོན་གཉིས་པོ་དག །རྟོགས་དང་མ་རྟོགས་རེ་རྩོལ་གནས་པའི་སྐྱོན་ཙམ་གྱིས། །རྒྱུ་འབྲས་སོ་སོར་གསལ་བར་སྨྲ་ན་ཡང་། །ལྟ་སྤྱོད་མཉམ་པའི་དོན་དེ་ཤེས་བྱ་དགོས། །ལྟ་སྤྱོད་ཡེ་ནས་འདུ་འབྲལ་མེད་བཞིན་དུ། །མི་སྣང་སྣང་བའི་སྤྱོད་ཡུལ་ཅིར་སྣང་ཡང་། །ཕྱག་རྒྱའི་དཀྱིལ་འཁོར་མ་གྱུར་གང་ཡང་མེད། །གནས་སྐབས་དེ་ན་ཚོགས་རྫོགས་ཐབས་དང་ཤེས་རབ་འདྲེལ། །དེ་ཙམ་ཉིད་ན་དགོངས་པ་ཆོས་ཐམས་ཅད། །དོན་དུ་ཡེ་ཤེས་ཆེན་པོའི་སེམས་སུ་འདུས། །སེམས་ནི་ཡེ་ནས་ངང་གིས་མ་བཅོས་པས། །ཏིང་ངེ་འཛིན་གྱི་དམིགས་པ་ཐམས་ཅད་བྲལ། །དེ་ལྟ་བུ་ཡི་བྱང་ཆུབ་བདེ་ཆེན་ནི། །བགྲོད་པའི་ས་དང་ལྟ་བའི་གཟུགས་མེད་པས། །མཚན་མར་བཏགས་པའི་སྐྱོན་ཡོན་མ་ལུས་མཁྱེན། །ཐེག་རྒྱལ་ཡང་རྩེས་ཐེ་ཚོམ་གེགས་བསལ་ཞིང་། །བླ་མེད་དངོས་གྲུབ་ཆེན་པོར་ལ་བཟླའོ། །དེ་བས་དབུ་མའི་བལྟ་བ་ཆ་ཕྲ་བ། །ཐམས་ཅད་མ་ལུས་དབང་དུ་རབ་བསྡུས་ཏེ། །གཞན་ལས་སྤགས་པའི་དོན་དུ་འདི་གསུངས་སོ། །མདོ་སྡེ་ལ་སོགས་ཕྱི་ནང་ཡུལ་དག་པས། །དག་པའི་མཚན་མ་ཙམ་དུ་གནས་པ་དང་། །རྣལ་འབྱོར་སྤྱོད་པས་ཆོས་རྣམས་སེམས་སུ་འདུས། །མཐའ་གཉིས་ངང་གིས་བསལ་ཞེས་སྨྲ་བ་ཡང་། །མཉམ་པར་རྟོགས་ལས་གུད་ན་ཆོས་མེད་དོ། །གཞན་ན་ཡོད་པར་འདོད་ན་བག་ཆགས་སྐྱོན་ཡིན་ནོ། །དེ་བས་སྒོས་ཆོས་སོ་སོར་ཅིར་སྣང་ཡང་། །བྱིས་པའི་སྤྱོད་ཡུལ་འཁྲུལ་སྣང་ཉིད་སྣང་ཡིན། །སངས་རྒྱས་སེམས་ཅན་སྒྱུ་མ་སྨིག་རྒྱུའི་ཚུལ། །ཡེ་ཤེས་སྐྱེ་འགག་མེད་པས་ནམ་མཁའ་བཞིན། །དེ་ཡི་དུས་


DNG018_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

ན་འདས་ཏེ་མཐོང་བ་མེད། །དེ་ཡང་མི་སྣང་ཉིད་ན་སྐྱོན་མེད་ཡིན། །འཁྲུལ་པ་ཡིན་པས་བཏུབ་པ་མ་ཡིན་ནོ། །མཐོང་དང་མ་མཐོང་སྣང་ལ་རང་བཞིན་མེད། །དགོངས་སྤྱོད་ཟབ་མོའི་མན་ངག་ཐམས་ཅད་ནི། །རང་རིག་ཡེ་ཤེས་མངོན་དུ་གསལ་དུས་ན། །དག་པའི་ཡེ་ཤེས་སངས་རྒྱས་མཐོང་ཞེས་བྱ། །དེ་ལྟར་ཡེ་ཤེས་སངས་རྒྱས་མཐོང་བའི་ཚེ། །བག་ཆགས་མེད་ཅིང་མཐོང་ཡུལ་ལས་འདས་ཚེ། །བྱ་མེད་སྣང་མེད་མི་བཙལ་བཞག་པ་ཡིན། །དམིགས་པའི་ཡུལ་མེད་ཆོས་ལམ་བག་ཆགས་སྤང་། །མཐོང་ཚོར་བདེ་བའི་ལམ་ཉིད་མུ་མེད་བརྡལ་བའི་དབྱིངས། །འགྲོ་ལྡོག་སྤྱི་ཚུགས་ཡེ་ཤེས་དབྱིངས་མི་གཡོ། །དེ་ཡང་ཐ་ཚིག་མདོ་སྡེ་ཟབ་མོ་ནང་། །དེ་ལྟའི་དོན་ལ་སངས་རྒྱས་སྤྱོད་ཡུལ་མཛད་མི་མངའ། །ཆོས་རྣམས་ཐམས་ཅད་རིག་པའི་ཡེ་ཤེས་སྣང་། །དེས་འདྲེལ་ཕན་ཆད་གདོད་ནས་མ་སྐྱེས་ཏེ། །རྒྱུ་དང་འབྲས་བུར་བཏགས་པ་ཡོང་ཡེ་མེད། །འདི་ལྟར་རིག་ན་ཆོས་ཉིད་ལྷུན་གྱིས་གྲུབ། །དོན་ལ་མཉམ་པར་གཞག་པའི་སྐྱོན་ཆེན་ནི། །ལུང་དང་འགལ་ཞིང་དོན་དང་ཕྲད་མི་འགྱུར། །དོན་ལ་ངེས་བློས་ཁྱབ་པར་བཏང་བ་ནི། །མི་འགལ་རང་བཞིན་ཡེ་ཤེས་དག་པ་སྟེ། །རིགས་གསལ་ངང་ན་ཐམས་ཅད་གཉིས་སུ་མེད། །བྱང་ཆུབ་སྙིང་པོ་རྒྱུ་འབྲས་ལྷུན་གྱིས་གྲུབ་པའོ། །དེ་ཡི་དུས་ན་དྲོད་གསུམ་མན་ངག་རྫོགས། །སྣང་དང་མི་སྣང་རྟག་ཆད་ལ་སོགས་པ། །ཤེས་རབ་ཟབ་མོ་ངེས་པའི་གཏིང་བརྟོལ་ཏེ། །ཕྱི་ནང་ཐེ་ཚོམ་བལྟ་བའི་ཕུག་གཏིབ་བོ། །འདི་ཡི་དོན་ལ་གསང་ཐུབ་སྲན་ཚུགས་ཤིང་། །ཚིག་དང་དོན་དུ་འདྲེལ་པས་ཐག་ཆོད་ན། །རིག་འཛིན་རྡོ་རྗེ་གཡུང་དྲུང་ལྷུན་གྱིས་གྲུབ། །དབང་ཕྱུག་ཡིན་པས་དེ་ལ་ཀུན་ཕྱག་འཚལ། །གཡོ་སྒྱུ་མེད་པར་གཙུག་གི་ནོར་བུ་བཞིན། །དབང་ཆེན་འདུས་པའི་ཏནྟྲ་ལས། ཀུན་གཞི་གཏན་ལ་ཕབ་པའི་ལེའུ་སྟེ་སུམ་ཅུ་སོ་དྲུག་པའོ།། །།དཔལ་གྱི་མགུར་ནས་གསུངས་པའི་མན་ངག་འདི། །ཕྱི་རབས་རྣལ་འབྱོར་འགའ་ཡི་སྤྱོད་ཡུལ་བས། །མིང་ཙམ་རྣལ་འབྱོར་རྣམས་ཀྱི་ཐུན་མོང་མིན། །གཏན་དུ་ནུབ་པར་མི་བྱ་ཡང་དབང་གཏེར་དུ་སྦས་ཤིང་བརྒྱུད། དབང་ཆེན་འདུས་པའི་ཏནྟྲ་རྫོགས་སོ།། །།རྒྱ་གར་གྱི་མཁས་པ་རག་ཤི་སིདྡྷི་དང་། བོད་ཀྱི་བནྡི་ཀུ་ཀུ་རཱ་ཛས་བསྒྱུར་བའོ། །ཕྱིས་གནུབས་སངས་རྒྱས་ཡེ་ཤེས་ཀྱིས་ཀྱང་ཞུས་ཤིང་གཏན་ལ་ཕབ་པའོ།། །།

བང་ཆེན་བསྡུས་པའི་ཏནྟྲ།


DNG018_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཆེན་བསྡུས་པའི་ཏནྟྲ་ཡིན། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཚེ་ལ་དབང་ཐོབ་རིག་འཛིན་རྣལ་འབྱོར་གྱིས། །རྩིས་འགོས་གཏན་ལ་དབབ་པའི་ཕྱིར། །དབང་ཆེན་བསྡུས་པའི་ཏནྟྲ་ལས། །འགོ་ནན་རྩིས་འགོའི་ལེའུ་འདི་གསུངས་སོ། །འགོ་ནན་རྩིས་འགོའི་ལེའུ་འདི་ལ་དོན་རྣམ་པ་བརྒྱད་ཀྱིས་བསྟན་ཏེ། དེ་ཡང་གང་དང་གང་ཞེ་ན། ལུང་ལས། འཇིག་རྟེན་ཁམས་ན་དཀོན་པའི་བཀའ་གསང་རིན་པོ་ཆེ། །ཤེས་རབ་རིག་པ་མཛོད་ཀྱི་ཁ་ཕྱེ་ནས། །ཡེ་ཤེས་རིག་པ་ཉིད་ལ་ཉིད་ཀྱིས་སྟོན་པ་འདི། །སྟོབས་ལྡན་དབང་ཕྱུག་རྒྱལ་བ་གང་གི་མཐུ། །རྒྱལ་སྲས་ཁྲོ་བོ་སྙན་ཁུང་བརྒྱུད་པའི་ལུང་། །དབྱིངས་ལ་རིག་པ་གབ་པས་མན་ངག་མཆོག །གསུང་རབ་རྒྱ་མཚོ་ཐུགས་ཀྱི་ཉིང་ཁུ་འདི། །དགོངས་རྒྱུད་ཟབ་མོས་སྦས་པའི་ཏནྟྲ་གང་ནས་ཕྱུང་། །བསྒོམ་བསྒྲུབ་འཆད་ཅིང་མན་ངག་དཔྱིས་འབྱིན་པས། །བདག་གཞན་སེམས་ཀྱི་མདུད་པ་དམ་པོ་རྣམས། །མང་པོ་རྩིས་ཀྱི་ཀློང་ནས་འགྲོལ་མཛད་པ། །མཁྱེན་རབ་རྩལ་གྱི་སློབ་དཔོན་གང་གིས་མཛད། །དགོངས་རྒྱུད་ཐབས་ཀྱིས་འདྲེལ་བའི་ཕྱག་རྒྱ་ལ། །བལྟ་བདེ་བརྟག་པར་སླ་བའི་དོན་ཆེད་དུ། །ལེའུ་དང་གྲངས་སུ་བཅད་པའི་གསུངས་རབ་འདི། །ཡོན་ཏན་གྲངས་སུ་བཅད་པའི་དགོས་ཆེད་དུ་ཡིས་བསྟན། །གབ་པའི་སྦས་པའི་མ་རྟོགས་འཁྲུལ་པ་ཡིས། །སྔོན་གྱི་བག་ཆགས་རྩུབ་མོས་མཚམས་སྦྱར་ཏེ། །རྣམ་སྨིན་ལས་ཀྱི་དུག་གསུམ་མེར་འབར་བ། །བདུད་བཞིའི་དཔུང་འཇོམས་གདུལ་བྱ་གང་གི་ཆེད་དུ་མཛད། །ཁྱད་པར་གཞན་ལས་འཕགས་པའི་ཡ་མཚན་རྨད་ཀྱི་བཀའ། །ཐོས་པའི་སྐལ་དང་ལྡན་པའི་གང་ཟག་སྔ་རབས་འདས། །མི་སྲིད་སྲིད་པར་སྦྱོར་བས་འཇིག་རྟེན་དམ་པའི་དཔེ། །ཕུང་པོ་ལྷག་མ་མེད་པར་མངོན་སངས་གང་དང་གང་རྣམས་རྒྱས། །གསང་བའི་ཕྲིན་ལས་བག་ཡངས་བསྒྲུབ་པའི་གནས། །སེང་གེ་ཁྲོ་བོ་མ་མོ་གནས་པའི་ས། །སེམས་དགའ་ཡིད་འོང་བཀྲ་ཤིས་དབེན་པའི་གནས། །གྲུབ་པའི་དགོན་གནས་གང་དང་གང་དུ་མཐར་རུ་ཕྱིན། །ལུང་རྒྱུད་ལྟ་བས་བསྒྱིངས་པའི་


DNG018_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

མན་ངག་རྒྱ་མཚོ་འདི། །ཆེ་བཙན་འགྲན་གྱི་བླ་མེད་རྒྱལ་བའི་བཀའ། །བརྟགས་ན་ད་ལྟ་ཉིད་ནས་སངས་རྒྱས་འདི། །ཡེ་ཤེས་མཚོན་གྱི་ཁྱད་པར་དོན་ལས་ཇི་ལྟར་གསལ། །དབང་ཆེན་བསྡུས་པའི་ཏནྟྲ་ལས། འགོ་ནན་རྩིས་འགོའི་ལེའུ་སྟེ་དང་པོའོ།། །།ཚེ་ལ་དབང་ཐོབ་རིག་འཛིན་རྣལ་འབྱོར་གྱིས། །ལོ་རྒྱུས་གཏན་ལ་དབབ་པའི་ཕྱིར། །དབང་ཆེན་བསྡུས་པའི་ཏནྟྲ་ལས། །བཅས་ཀ་གླེང་གཞིའི་ལེའུ་འདི་གསུངས་སོ། །བཅས་ཀ་གླེང་གཞིའི་ལེའུ་འདི་ལ་ཡང་དོན་གསུམ་སྟེ། དེ་ཡང་གང་དང་གང་ཞེ་ན། གདུལ་བྱ་མང་པོ་ཐབས་གང་གིས་བརྒྱུད་པ་ནི་རྒྱུད་ཀྱི་གླེང་གཞིའོ། །བཀའ་རྒྱུད་ཟབ་མོ་རྒྱལ་བའི་སྙན་ཁུང་ནས་གང་ཟག་གི་རྣ་བ་བརྒྱུད་པ་ནི་ལུང་གི་གླེང་གཞིའོ། །ཏིང་ངེ་འཛིན་ཐབས་ཀྱིས་བརྒྱུད་པ་ནི་མན་ངག་གི་གླེང་གཞིའོ། །གདུལ་བྱ་མང་པོ་ཐབས་ཀྱིས་བརྒྱུད་པའི་རྒྱུད་ཀྱི་གླེང་གཞི་ལ་ཡང་དོན་རྣམ་པ་ལྔ་སྟེ། ལྷ་ཆེན་པོ་འཁོར་དང་བཅས་པ་ཐབས་ཀྱིས་གདུལ་བ་དང་། ཀླུ་ཆེན་པོ་འཁོར་དང་བཅས་པ་དབང་གིས་གདུལ་བ་དང་། ཕྱོགས་སྐྱོང་འཁོར་དང་བཅས་དོན་གྱིས་གདུལ་བ་དང་། རྒྱལ་ཆེན་རིགས་བཞི་སྐུས་གདུལ་བ་དང་།གཟའ་དང་རྒྱུ་སྐར་དགོངས་པས་གདུལ་བའི་གདུལ་བྱའོ། །བཀའ་རྒྱུད་ཟབ་མོ་རྒྱལ་བའི་སྙན་ཁུང་ནས་གང་ཟག་གི་རྣ་བར་བརྒྱུད་པ་དང་། ཏིང་ངེ་འཛིན་ཐབས་ཀྱིས་བརྒྱུད་པའོ། །དབང་ཆེན་བསྡུས་པའི་ཏནྟྲ་ལས། བཅས་ཀ་གླེང་ གཞིའི་ལེའུ་སྟེ་གཉིས་པའོ།། །།ཚེ་ལ་དབང་ཐོབ་རིག་འཛིན་རྣལ་འབྱོར་གྱིས། །དོན་གྱི་ས་རྣམས་བཅད་པའི་ཕྱིར། །དབང་ཆེན་བསྡུས་པའི་ཏནྟྲ་ལས། །དོན་གྱི་ས་གཅོད་ལེའུ་འདི་གསུངས། །ལེའུ་འདི་ལ་ཡང་དོན་ཆེན་ལྔ་སྟེ། ལུང་ཆེན་པོ་ཉི་ཤུས་ས་གསལ་བར་བཅད་པ་དང་། མན་ངག་ཆེན་པོ་བཅུ་དྲུག་གིས་རིགས་གཉིས་བརྒྱུད་པའི་ལྷ་གསལ་བར་བསྒོམ་པ་དང་། དཀྱིལ་འཁོར་ཆེན་པོ་བརྒྱད་ཀྱིས་བསྒྲུབ་པ་མ་བསླད་པ་བརྩམ་པ་དང་། དབང་ཉི་ཤུ་རྩ་གཅིག་གིས་ཐབས་ཆེ་བའི་ཡོན་ཏན་ལྷུན་གྱིས་གྲུབ་པར་བསྟན་པ་དང་། དྲོད་ཆེན་པོ་གསུམ་གྱིས་མགོ་མཇུག་གི་བྱ་བ་ཆུད་མ་ཟོས་པར་བསྟན་པའོ། །དབང་ཆེན་བསྡུས་པའི་ཏནྟྲ་ལས། དོན་


DNG018_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ལེའུ་སྟེ་གསུམ་པའོ།། །།ཚེ་ལ་དབང་ཐོབ་རིག་འཛིན་རྣལ་འབྱོར་གྱིས། །ཕྱག་རྒྱ་ཆེན་པོའི་རིག་འཛིན་བསྒྲུབ་པའི་ཕྱིར། །དབང་ཆེན་བསྡུས་པའི་ཏནྟྲ་ལས། །བསྒྲུབ་པ་ཟབ་མོའི་ལེའུ་འདི་གསུངས། །བསྒྲུབ་པ་ཟབ་མོའི་ལེའུ་འདི་ལ་ཡང་དོན་རྣམ་པ་བརྒྱད་དེ།དེ་ཡང་གང་དང་གང་ཞེ་ན། གནས་ཕུན་སུམ་ཚོགས་པ་དང་། དུས་ཕུན་སུམ་ཚོགས་པ་དང་། འཁོར་ཕུན་སུམ་ཚོགས་པ་དང་། རྫས་ཕུན་སུམ་ཚོགས་པ་དང་། ཡོ་བྱད་ཕུན་སུམ་ཚོགས་པ་དང་། ཏིང་ངེ་འཛིན་ཕུན་སུམ་ཚོགས་པ་དང་། ཕྲིན་ལས་ཕུན་སུམ་ཚོགས་པ་དང་། དངོས་གྲུབ་ཕུན་སུམ་ཚོགས་པ་རྣམས་སོ། །དེ་ལ་གནས་ལ་ཡང་གསུམ་སྟེ། སེང་གེའི་དགོན་གནས་དང་། ཁྲོ་བོའི་དགོན་གནས་དང་། མ་མོའི་དགོན་གནས་སོ། །དུས་ལ་ཡང་གསུམ་སྟེ།ཉི་ཟླ་གཟའ་སྐར་མཚན་མའི་དུས་དང་། དབྱར་དགུན་སྟོན་དཔྱིད་རིགས་ཀྱི་དུས་དང་། ཕྱི་ནང་རྒྱུ་རྐྱེན་ཡོ་བྱད་ཀྱི་དུས་སོ། །འཁོར་ལ་ཡང་གསུམ་སྟེ། གང་ཟག་ཕོ་མོ་ཕྱིའི་འཁོར་དང་། རྒྱལ་བ་ཡབ་ཡུམ་ནང་གི་འཁོར་དང་། ཤེས་རབ་གཟུངས་མ་གསང་བ་ཡུམ་གྱི་འཁོར་རོ། །ཡོ་བྱད་ལ་ཡང་གསུམ་སྟེ། རྩི་འབྲས་བཅུད་ཀྱི་ཡོ་བྱད་དང་། ཞིང་བཅུ་གལ་གྱི་ཡོ་བྱད་དང་། བྱང་ཆུབ་སེམས་ཀྱི་ཡོ་བྱད་དོ། །རྫས་ལ་ཡང་གསུམ་སྟེ། རྟེན་འདྲེལ་ཡོ་བྱད་ཀྱི་རྫས་དང་། དམ་ཚིག་གི་རྫས་དང་། ལོངས་སྤྱོད་རྫོགས་པའི་རྫས་སོ། །ཏིང་ངེ་འཛིན་ཕུན་སུམ་ཚོགས་པ་ལ་ཡང་ལྔ་སྟེ། མཉམ་པ་ཉིད་ཀྱི་ཏིང་ངེ་འཛིན་གྱིས་ཕྱི་ནང་གི་ཆོས་ཐམས་ཅད་བྱིན་གྱིས་བརླབ་པ་དང་། དབང་བསྒྱུར་ཐབས་ཀྱི་ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབ་པའོ། །ཕྱག་རྒྱ་ཆེན་པོའི་ཏིང་ངེ་འཛིན་གྱིས་འཁོར་བྱིན་གྱིས་བརླབ་པ་དང་། གིང་ཆེན་སྒྲོལ་བའི་ཏིང་ངེ་འཛིན་གྱིས་རྒྱུ་དང་ཡུམ་བྱིན་གྱིས་བརླབ་པ་དང་། ཚོགས་ཆེན་འདུས་པའི་ཏིང་ངེ་འཛིན་གྱིས་རྫས་བྱིན་གྱིས་བརླབ་པའོ། །ཕྲིན་ལས་ཕུན་སུམ་ཚོགས་པ་ལ་ཡང་བཅུ་སྟེ། དང་པོར་ཞེ་སྡང་མཚམས་ཀྱི་ཕྲིན་ལས་དང་། དམིགས་པ་རྟེན་གྱི་ཕྲིན་ལས་དང་། རྒྱན་གཟུངས་སྡེབས་པའི་ཕྲིན་ལས་དང་། བསྙེན་པ་དབུལ་


DNG018_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྲིན་ལས་དང་། ཐུགས་དམ་བསྐུལ་བའི་ཕྲིན་ལས་དང་། གླུ་བྲོ་གར་གྱི་ཕྲིན་ལས་དང་། བརྟུལ་ཞུགས་ཆེན་པོའི་ཕྲིན་ལས་དང་། དབུགས་ཆེན་འབྱིན་པའི་ཕྲིན་ལས་དང་། བཀྲ་ཤིས་བསྡུས་པའི་ཕྲིན་ལས་དང་། དངོས་གྲུབ་ཕུན་སུམ་ཚོགས་པ་ལ་ཡང་གསུམ་སྟེ། མཚན་རྟགས་ཀྱི་དངོས་གྲུབ་དང་། མཚན་མ་མེད་པའི་དངོས་གྲུབ་དང་། གཉི་གར་འདྲེལ་བའི་དངོས་གྲུབ་བོ། །དབང་ཆེན་བསྡུས་པའི་ཏནྟྲ་ལས། བསྒྲུབ་པ་ཟབ་མོའི་ལེའུ་སྟེ་བཞི་པའོ།། །།ཚེ་ལ་དབང་ཐོབ་རིག་འཛིན་རྣལ་འབྱོར་གྱིས། །སྔགས་པ་གཏན་ལ་དབབ་པའི་ཕྱིར། །དབང་ཆེན་བསྡུས་པའི་ཏནྟྲ་ལས། །མན་ངག་འདྲེལ་བའི་ལེའུ་འདི་གསུངས། །མན་ངག་འདྲེལ་བའི་ལེའུ་འདི་ལ་ཡང་དོན་གསུམ་སྟེ། བལྟ་བ་ཉམས་དྲོད་ཀྱི་འདྲེལ་བ་དང་། དམ་ཚིག་ཡུམ་གྱི་འདྲེལ་བ་དང་། ཐུགས་རྗེ་ཕྲིན་ལས་ཀྱི་འདྲེལ་བའོ། །ལྟ་བ་ཉམས་དྲོད་ཀྱི་འདྲེལ་བ་ལ་ཡང་བཞི་སྟེ། ལུང་དང་། མན་ངག་དང་། རིགས་པ་དང་། གཏན་ཚིགས་སོ། །དམ་ཚིག་ཡུམ་གྱི་འདྲེལ་བ་ཡང་གཉིས་ཏེ། སྒྲོལ་བ་ཐུགས་རྗེའི་འདྲེལ་བ་དང་། སྦྱོར་བ་ཆོས་ཉིད་ཀྱི་འདྲེལ་བའོ། །ཐུགས་རྗེ་ཕྲིན་ལས་ཀྱི་འདྲེལ་བ་ཡང་གཉིས་ཏེ། མཛད་པའི་ཕྲིན་ལས་དང་། མི་མཛད་པའི་ཕྲིན་ལས་སོ། །དབང་ཆེན་བསྡུས་པའི་ཏནྟྲ་ལས། མན་ངག་འདྲེལ་བའི་ལེའུ་སྟེ་ལྔ་པའོ།། །།ད་ནི་གལ་པོ་དཀྱུས་ཀྱི་ལེའུ་འབྱུང་སྟེ། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ།ཇི་ལྟར་དངོས་གྲུབ་དམ་པ་གཅིག་ཐོབ་པར་འདོད་ན། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་སྟོང་པ་ཉིད་ལས་ལངས་ཏེ། ཡི་གེ་ཧཱུཾ་དུ་བསྒོམས་ལ། ཡིད་ཀྱིས་བར་སྣང་གི་ཁམས་ཐམས་ཅད། གསེར་གྱི་སེང་གེ་སྤྱན་གསུམ་པ་ལ་འོད་ཟེར་འབར་བས་འཁྲིགས་པ་དྲུག་དྲུག་གི་སྟེང་དུ། རིན་པོ་ཆེའི་ཁྲི་ཕྱོགས་བཅུར་འོད་འབར་བ་བཞིའི་སྟེང་དུ་པདྨའི་ལེའུ་བརྒན་འོད་ཟེར་ཕྱོགས་བཅུར་འབར་བ། དེ་བས་ཆག་གང་ཙམ་གྱིས་མཐོ་བའི་སྟེང་དུ། མ་ལས་ཉི་མའི་དཀྱིལ་འཁོར་དུ་གྱུར་པར་དམིགས་ལ། དེའི་སྟེང་


DNG018_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

དུ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རྡོ་རྗེ་སེམས་དཔའ་ཧཱུཾ་ཞེས་བྱ་བའི་ཕྱག་རྒྱ་བཅིངས་ནས་མངོན་སུམ་གྱི་བསྒྲུབ་པར་བྱའོ། །དེ་ནས་ཡང་ཧཱུཾ་ཞེས་བཟླས་པས། ཕྱོགས་བཞི་མཚམས་བཞིར། རིན་པོ་ཆེའི་ཀ་བ་དཔངས་སུ་དཔག་ཚད་བརྒྱད་ཁྲི་བཞི་སྟོང་བས་ཀྱང་ཀླས་པ། ཀ་བ་གཅིག་ལ་ཡང་སྤྲིན་མེད་པའི་ཉི་མ་བདུན་བདུན་གྱིས་བརྒྱན་པ། འོད་ཟེར་གྱི་སྟོང་གསུམ་གྱི་སྟོང་ཆེན་པོ་བས་ཀྱང་ཀླས་པར་དམིགས་ལ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན། སྐྱེ་གནས་བཞི་ལས་སྐྱེས་པའི་སེམས་ཅན། ཉན་ཐོས་དང་རང་སངས་རྒྱས་དང་། རིགས་ངན་དང་རིགས་མེད་པ་ཐམས་ཅད་ཀྱི་རྣམ་པར་རྟོག་པའི་བག་ཆགས་ཐམས་ཅད་འོད་ཟེར་འབར་བ་དེས་བཅོམ་བརླགས་ནས། བླ་ན་མེད་པའི་བྱང་ཆུབ་ལ་དགོད་པའི་ཐབས་འདིས་བྱའོ། །ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་བདག་ཉིད་རྡོ་རྗེ་སེམས་དཔའི་རང་བཞིན་ཡང་ཡིན་ལ། ཁམས་གསུམ་གྱི་བདག་པོ་ཆེན་པོ་ཡང་བདག་ཉིད་ཡིན་ལ། ཁྲོ་བོ་ཆེན་པོ་ཡང་བདག་ཡིན་ནོ་ཞེས་དམིགས་ལ། ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་སྔ་མའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རྡོ་རྗེ་སེམས་དཔའི་རང་བཞིན་སྐུ་མདོག་དམར་པོ་དབུ་ལྔ་ཕྱག་བཅུ་དྲུག་པར་དམིགས་ལ། རིན་པོ་ཆེ་དང་རྡོ་རྗེ་ལས་བྱས་གཤོག་པ་བཞི་ཡང་བསྐྱེད་པར་བྱའོ། །དབུ་ལྔ་ལས་བཞིན་ཕྱོགས་བཞིར་འབར་བའི་གཟུགས་ཀྱིས་བལྟ་བའོ། །དབུ་དབུས་མ་ཀླད་པར་ནི་རིན་པོ་ཆེའི་གཞལ་ཡས་ཁང་དུ་བྱིན་གྱིས་བརླབས་ནས། དཔལ་རྣམ་པར་སྣང་མཛད་འཁོར་དང་བཅས་པ་བཞུགས་པར་དམིགས་ལ། ཐོད་པའི་ངོས་བཞིར་ཡང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རྡོ་རྗེ་སེམས་དཔའི་སྐུ་མདོག་དམར་པོ་ཕྱག་རྒྱ་ཚུལ་བཞིན་དུ་གནས་པར་བསྒོམ་མོ། །གཡས་གཡོན་གྱི་དབུ་ནི་སྐུ་མདོག་དམར་པོ་སྤྱན་གསུམ་པར་དམིགས་ལ། དབུ་རལ་པའི་དབུས་ནས་རྟ་མགོ་ལྗང་གུ་རེ་རེ་བྱུང་བ། ལྷག་པར་དཔལ་རྟ་མགྲིན་དངོས་སུ་བྱུང་བར་བསམ་སྟེ། རྡོ་རྗེ་ཧཱུཾ་ཞེས་བྱ་བའི་སྒྲ་བསྒྲགས་པ་ཙམ་གྱིས། ནུབ་ཕྱོགས་ཀྱི་ཕྲ་མེན་མ་རྣམས་ཀྱིས། འཁོར་མང་པོ་ཀླུ་ཐམས་ཅད་དྲག་


DNG018_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་བརྟུལ་ཞུགས་ཀྱིས་དབང་དུ་བསྡུ་བར་བྱའོ། །ལྷོ་དང་བྱང་དུ་བལྟས་པའི་རྟ་མགོ་ལྗང་གུས་ཀྱང་ཧཱུཾ་ཧཱུཾ་ཞེས་བྱ་བའི་སྒྲ་འབྱིན་པས། གནོད་སྦྱིན་གྱི་འཁོར་ཐམས་ཅད་དང་། གྲུལ་བུམ་གྱི་འཁོར་ཐམས་ཅད་དང་། ཕྲ་མེན་མའི་འཁོར་ཐམས་ཅད་ཀྱང་། ཧཱུཾ་ཧཱུཾ་ཞེས་བསྒྲགས་པ་ཙམ་གྱིས་ཞབས་འོག་ཏུ་སོང་བར་དམིགས་ལ། གནས་བརྟན་པར་བྱའོ། །ཞལ་ཤར་ཕྱོགས་སུ་བལྟས་པའི་མདོག་དམར་པོ་སྤྱན་གསུམ་པ་ཞལ་ནས་ཀྱང་ཧཱུཾ་ཞེས་བྱ་བའི་སྒྲ་བསྒྲགས་པ་ཙམ་གྱིས། ལྗགས་འདྲིལ་ཞིང་སྤྱི་བོའི་གཙུག་ཏུ་རྡོ་རྗེ་ཁ་ཊྭཱཾ་ག་འབར་བ་གསུམ་གནས་པར་བསམ་མོ། །ཡང་ཤར་ཕྱོགས་འབར་བའི་གཟུགས་ཀྱིས་བལྟ་བར་བྱ་སྟེ། སྨིན་མ་གློག་བཞིན་དུ་འགྱུ་བ། སྨིན་མཚམས་ཁྲོ་གཉེར་གྱི་རླབས་བསྐྱོད་པར་བྱས་ལ། རྡོ་རྗེ་ཧཱུཾ་ཞེས་བྱ་བའི་སྒྲ་བརྗོད་པ་ཙམ་གྱིས། བརྒྱ་བྱིན་དང་། ཚངས་པའི་གནས་ཐམས་ཅད་དང་། ཕྲ་མེན་མའི་འཁོར་དང་བཅས་པ་ཞབས་འོག་ཏུ་སོང་བར་དམིགས་ལ་གནས་བརྟན་པར་བྱའོ། །ཕྱག་བཅུ་དྲུག་གཡས་གཡོན་དང་པོ་གཉིས་ནི་རྡོ་རྗེ་ལྕགས་ཀྱུ་འབར་བས་འགུགས་པའོ། །གཡས་པ་གཅིག་ནི་སྦྲུལ་གྱི་ཞགས་པ་བསྣམས་པར་བྱའོ། །གཡས་པ་གཅིག་ན་ནི་རྔེའུ་ཆུང་དང་ཁ་ཊྭཱཾ་ག་ལྷན་ཅིག་འཛིན་པའོ། །གཡས་པ་གཅིག་ན་ནི་ཐོད་རློན་ཁྲག་གིས་བཀང་བ་ནད་དང་བསྲེས་པས་འཇིག་རྟེན་གྱི་ཁམས་རབ་འབྱམས་མཐའ་ཀླས་པ་འོད་ཟེར་བདུད་རྩིར་བྱིན་གྱིས་བརླབས་ནས་ཟ་བའོ། །ཕྱག་གཡས་པ་བཞི་ནི་རྒྱུན་མི་འཆད་པར་ཧཱུཾ་ཞེས་ཟློས་ཤིང་རྡོ་རྗེ་འབར་བས་བརྡེགས་པའོ། །ཕྱག་གཡས་པ་རྣམས་ཀྱི་དཔུང་རྒྱན་དང་གདུ་བུ་ཡང་།སྦྲུལ་ནག་པོ་མི་སྲུན་པའི་ཁ་ནས་ཧཱུཾ་ཞེས་ཟེར་བ་བསྐལ་པའི་མེ་འབར་བ་མང་པོས་བརྒྱན་པའོ། །གཡོན་གྱི་འོག་མ་གཉིས་ནི། སྟེང་མ་རིན་པོ་ཆེའི་རྒྱུ་ལས་འབྱུང་བས་ང་རྒྱལ་བསྐྱེད་པའོ། །འོག་མ་ནི་སེམས་ཅན་ཐམས་ཅད་འདུལ་བའི་ཐབས་ལ་མཁས་པ་ཡིན་པས། རྒྱུན་མི་ཆད་པར་རྡོ་རྗེ་འབར་བས་འཇོམས་པའོ། །ཐེའུ་གཤོག་རྣམས་ནི་གང་གི་སྙིང་ལས་འདྲེན་པ་ཡིན་པས། རྡོ་རྗེ་ལྕགས་ཀྱུ་


DNG018_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

རྣོ་བའི་མཆོག་ཀྱང་ཡིན་ལ་སྒྲོལ་བ་ཐམས་ཅད་ལ་བརྩོན་པ་ཡིན་པས་བསྒྲལ་བ་དམ་པའོ། །ཕྱག་གཡོན་པ་གཅིག་ན་སྡིགས་པའི་མཛུབ་མོའི་རྩེ་ལ་བསྐལ་པའི་མེ་ཆེན་འབར་བའོ། །གཅིག་ནི་ལུ་གུ་རྒྱུད་ཀྱི་ཞགས་པའོ། །གཅིག་ལ་ནི་ཐོད་རློན་ཁྲག་གིས་བཀང་ནས་བདག་ཉིད་ཆེན་པོའི་ཞལ་དུ་འབུལ་བའོ། །གཅིག་གིས་ནི་ཁྲོ་བོ་བརྒྱད་ཀྱི་སྙིང་རྒྱུ་མ་དང་ལྷན་ཅིག་ཏུ་ཆང་པར་བཅུག་ནས་ཟ་བའོ། །གཅིག་གིས་ནི་རྔེའུ་ཆུང་དང་ཁ་ཊྭཱཾ་ལྕགས་ཀྱུ་གསུམ་ལྷན་ཅིག་ཏུ་བཟུང་སྟེ་གང་གི་སྙིང་ལས་འདྲེན་པའོ། །ཕྱག་གཡོན་པ་བརྒྱད་ཆར་ཡང་སྦྲུལ་ནག་པོ་དང་སྔོ་བཀྲ་ཤ་དག་གིས་བརྒྱན་པ། ཁ་ནས་ཀྱང་ཧཱུཾ་གི་སྒྲ་སྒྲོགས་པ་ཤ་དག་གོ། །དེ་དག་གི་སྙིང་པོ་ནི་ཨཱོཾ་ཧ་ཧ་རུ་ལུ་ཧཱུཾ་ཕཊ་ཅེས་བརྗོད་པས། སྔ་མའི་བརྒྱ་བྱིན་དང་ཚངས་པ་དང་།ཕྲ་མེན་མ་ཡི་ཚོགས་མང་པོ་དབང་དུ་བསྡུས་ནས་སྤྲིན་ཕུང་བཞིན་དུ་བསྡུས་པའི་སྟེང་དུ་བདག་ཉིད་ཆེན་པོའི་ཧཱུཾ་ཐང་གཅིག་བཟླས་པས། ཞབས་དམར་པོ་བརྒྱད་དུས་གཅིག་ཏུ་བྱུང་བར་བསམ་མོ། །དེ་ལ་སྟེང་ཕྱོགས་ཀྱི་ཁམས་འདུལ་བའི་ཞབས་ནི། དྲག་ཤུལ་དཔའ་བར་ལྡན་པས་སྟག་གི་འགིང་དཀྲིས་ཏེ། སྟེང་ཕྱོགས་ཀྱི་ཧཱུཾ་ཀཱ་རའི་སྙིང་གར་རྡོག་པས་བརྫིས་ཏེ། ཉམ་ཐག་པའི་འབོད་སྒྲོགས་ཀྱི་སྒྲ་ཆེན་པོ་འབྱིན་པའོ། །ཞབས་གཅིག་གིས་ནི་ལྷོ་ནུབ་མཚམས་སུ་ཨཱརྱ་ཨ་ཙ་ལ་མདོག་སྔོ་སྐྱ་གན་རྐྱལ་དུ་མནན་པའི་སྙིང་གར་ཞབས་ཀྱི་བོལ་མན་ཆད་ནུབ་པར་མནན་ཏེ། ཞབས་ཀྱང་བཻ་ཌཱུརྱ་སྔོན་པོ་ཞུན་ཁྲབ་ཀྱིས་གཡོགས་པའོ། །ཞབས་གཅིག་གིས་ནི་ལྷོ་ཕྱོགས་ཀྱི་ཁམས་འདུལ་བ་ཡིན་པས། ཡ་མཱནྟ་ཀའི་སྙིང་གར་རྡོག་པས་མནན་ནས། ཞབས་ཀྱི་བོལ་ཐམས་ཅད་མན་ཆད་ནུབ་པར་དམིགས་ལ།ཞབས་ཀྱང་རྡོ་རྗེ་འཆོལ་པའི་ན་བཟས་བཀླུབས་པའོ། །ཞབས་གཅིག་གིས་ནི་ཤར་ལྷོ་མཚམས་ཀྱི་ནཱི་ལ་དནྡྲའི་སྙིང་གར་རྡོག་པས་མནན་ཏེ་འབོད་སྒྲོགས་ཀྱི་སྒྲ་འབྱིན་པར་དམིགས་ལ། ཞབས་ཀྱང་བསེ་ཁབ་སྨུག་པོས་དཀྲིས་པའོ། །ཞབས་གཅིག་གིས་ནི་ནུབ་ཕྱོགས་


DNG018_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཁམས་འདུལ་བ་ཡིན་པས་པདྨ་ཀུཎྜ་ལའི་མདོག་ནག་པོའི་སྙིང་གར་ཞབས་ཀྱི་རྡོ་རྗེ་ཕུར་པ་བཙུགས་པ་ཞབས་ཀྱང་སྦྲུལ་ནག་པོས་དཀྲིས་ཏེ། འཁོར་མང་པོ་དབང་དུ་བསྡུས་པའོ། །ཞབས་གཅིག་གིས་ནི་ནུབ་བྱང་གི་མཚམས་གདུལ་ཕྱིར་ཏ་ཀི་རཱ་ཙ་ཁ་སྦུབ་ཏུ་མནན་པའི་སྤྱི་བོར། ཞབས་དམར་པོའི་མཐིལ་ཁྲོ་བོ་ཆོལ་པའི་ཁར་དམིགས་ལ། རྐང་གི་ནང་གཞལ་ཡས་ཁང་དུ་བྱིན་གྱིས་བརླབས་ལ། ཞབས་ཀྱི་མཐིལ་ཁྲོ་བོ་ཆོལ་པའི་ཁ་དམར་པོའི་འོད་དུ་འཕྲོས་པའི་ནང་དུ་འདོད་པའི་དབང་པོ་ཏ་ཀི་ར་ཙའི་མགོ་རྐང་ནི་ནང་དུ་སོང་བར་དམིགས་ལ། ཞབས་ཀྱང་རྡོ་རྗེའི་མཆེ་བས་དཀྲིས་ཏེ། འཁོར་མང་པོས་ཕྱག་བྱེད་པའོ། །ཞབས་གཅིག་ནི་ཤུ་ཀེན་གྱི་སྨད་གཡོགས་ཅན། བྱང་ཕྱོགས་སུ་བརྐྱང་བས་ཨ་མྲྀ་ཏ་ཀུཎྜ་ལི་ཁ་སྦུབ་ཏུ་མནན་ནས། རྡོག་པས་སྒལ་པ་ཐམས་ཅད་བཅོམ་ནས་བོལ་མན་ཆོད་རློན་པའི་ནང་དུ་ནུབ་པར་དམིགས་ལ། སྡུག་བསྔལ་ཐམས་ཅད་བྱང་བར་བྱས་ཏེ། ཕྱི་མའི་དུས་ན་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོའི་གྲལ་ཐོབ་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་སོ། །ཞབས་གཅིག་གིས་ནི་བྱང་ཤར་མཚམས་མ་ཧཱ་བ་ལའི་ལྡན་སར་མནན་པས་དུང་ཆེན་པོ་བཅོམ་སྟེ། འདོད་པའི་ལྷ་མོས་ཕྱག་བྱས་ནས་ཞབས་ཀྱང་གཟིག་གི་བགོ་བས་དཀྲིས་ཏེ། འཁོར་གྱི་ལྷ་མོའི་ཚོགས་དང་། མ་དང་ཆུང་མ་དང་བུ་མོ་དང་ཚ་མོ་རྣམས་ཕྲོགས་པའོ། །གཡོན་གྱི་གཤོག་པ་ནི་རིན་པོ་ཆེའི་རྒྱུ་ལས་བྱུང་བས་འདོད་ཆགས་ཆེན་པོའི་རྒྱུ་ཡིན་ནོ། །ཐེའུ་གཤོག་རྣམས་ནི་འདོད་པའི་གཙོ་བོ་ཡིན་པས་ཤེས་རབ་ཀྱི་མཆོག་དང་སྦྱར་རོ། །སྤྱིར་གཤོག་པ་བཞི་ཆར་འབར་བ་ནི་སྦྲུལ་ནག་པོའི་རྒྱུ་ལས་བྱུང་བ། བར་བར་ནི་རྡོ་རྗེ་རྩེ་ལྔ་པའི་རྒྱུ་ལས་བྱུང་བའོ། །བར་བར་ནི་རིན་པོ་ཆེའི་རྒྱུ་ལས་བྱུང་བ་ཉི་མ་སྟོང་གིས་བརྒྱན་པའོ། །དེ་དག་ཐམས་ཅད་ཀྱི་བཟླས་པ་ནི། ཨཱོཾ་ཛྭ་ལ་ཛྭ་ལ་བཛྲ་ཧཱུཾ། བཛྲ་ཨ་མོ་ཀ་ཏྲཾ་ཞེས་བརྗོད་ཅིང་ལས་ཐམས་ཅད་བཅོལ་ལོ། །སྔགས་གོང་མ་ནི་རྡོ་རྗེ་དྲ་བ་མ། འོག་མ་ནི་ལྷ་མོ་གློག་འགྱུ་མའོ། །དེ་ལ་ཧེ་རུ་ཀ་ཁྲོ་བོ་ཐམས་ཅད་ཀྱི་བཟླས་པ་ནི་འདི་ཡིན་ཏེ། ཨཱོཾ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ་ཨཱརྱ་ལ་ཧྲཱྀཿཛཿཉེ་བའི་སྙིང་པོ་ལན་བཞི་འབུམ་བཟླས་ན་ལས་ཅི་བྱ་བ་


DNG018_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་བོ། །དེ་ལྟ་བས་ན་དཔལ་པདྨ་ཧེ་རུ་ཀ་བསྒྲུབ་པ་ལ། དྲག་པོའི་བགེགས་ཀྱི་དབང་དུ་འགྱུར་བར་མི་འབྱུང་སྟེ། བྱུང་ན་ཡང་བར་ཆོད་དང་དངོས་གྲུབ་གཉིས་དུས་གཅིག་ཏུ་འབྱུང་སྟེ། དེ་ལ་བུད་མེད་ཀྱི་ཚོགས་མང་པོ་དག་རྒྱན་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་ཏེ་མཛེས་པར་བྱས་ནས་འོང་སྲིད་ཀྱིས། དེ་ལ་ཆགས་པའི་སེམས་མ་བསྐྱེད་ཅིག །བར་བར་དུ་ཕྲ་མེན་མའི་ཚོགས་མང་པོ་དག་མིའི་ཐོད་པ་མང་པོས་བརྒྱན་ཏེ། ལག་ན་ཐོད་ཁྲག་དང་མི་རོ་ཐོགས་ནས་མི་སྡུག་པའི་འབྲུ་ཚུགས་སུ་བལྟ་ཞིང་། མི་སྙན་པའི་ཚུལ་གྱི་བདག་ལ་བསད་དོ་བཅད་དོ། །བརྡེག་གོ་ཟེར་བ་དག་འོང་སྲིད་ཀྱིས། དེ་ལ་མ་འཇིགས་པར་དབང་ཆེན་གྱི་སྐུར་སྒོམས་ཤིག །འཁོར་དེ་རྣམས་ཀྱིས་རང་དབང་མེད་པར་ཕྱག་བྱེད་ཀྱིས། དངོས་གྲུབ་ཀྱི་རྟགས་དང་པོ་གཅིག་དང་སྦྱར་རོ། །དེའི་འོག་ཏུ་གནོད་སྦྱིན་གྱི་ཚུལ་སྟོན་ཅིང་རལ་པ་འབར་བ་ལ་མི་མགོ་མང་པོས་ལུས་བརྒྱན་ཅིང་། ལག་ན་མདུང་ཐུང་དང་རལ་གྲི་ཐོགས་པ་དག་མིའི་རྒྱུ་མས་བདག་གི་སྐེ་ནས་འདོགས་ཤིང་། སྦྲུལ་ནག་པོ་དག་བདག་གི་ལུས་ལ་ཟ་ཞིང་དམ་དུ་དཀྲིས་ཏེ། རྩིབ་མ་དག་ཅོམ་ཅོམ་དམ་དུ་སྡོམ་པ་དག་འོང་སྲིད་ཀྱིས། དེ་ལ་མི་འཇིགས་པར་དབང་ཆེན་གྱི་སྐུར་བསྒོམ་དང་། གནོད་སྦྱིན་དང་གྲུལ་བུམ་གྱི་དབང་པོར་གྱུར་ཏེ། དངོས་གྲུབ་ཀྱི་རྟགས་གཉིས་པ་ཡིན་ནོ། །དེའི་འོག་ཏུ་བར་སྣང་ལ་གནས་པའི་ལྷ་ཁྲོ་བོ་རྣམས་ཀྱིས་བསྡིག་པ་དག་འབྱུང་སྟེ། བར་སྣང་ལ་གཤེ་བའི་སྒྲ་འབྲུག་སྐད་དྲག་པོ་སྒྲོགས་ཤིང་། སྦྲུལ་ནག་པོ་ཁ་ནས་མེ་དང་དུག་སྐྱུགས་པ་དང་། ཨ་ལ་ལ་ཟེར་ཞིང་སྒྲ་འབྱིན་པ་དང་། མིག་གཡས་གཡོན་ཉི་མར་བསྒྱུར་ཏེ་འབར་བའི་གཟུགས་ཀྱིས་བལྟ་བ་དང་། རང་གི་ཁོག་པ་ཁ་ཕྱེ་ནས་མི་རོ་གསར་རྙིང་བདག་ལ་སྟོབ་པ་དང་། ཕོ་མོའི་མཚན་མ་ཐམས་ཅད་ཟ་བའི་ཁར་བསྒྱུར་ནས། འཇིག་ཚོགས་ཀྱི་མཆེ་བ་བརྡར་ནས་རྐང་པ་ཕུར་པར་བསྒྱུར་ཏེ་བདག་ལ་འདེབས་ཤིང་གནོད་པ་བྱེད་པ་དང་། མི་མགོ་པགས་པ་རློན་པས་གཡོགས་ཤིང་། ལག་པས་རྡོ་རྗེ་བརྡེག་པ་དག་འོང་སྲིད་ཀྱིས། དེ་ལ་མ་འཇིགས་དང་ལྷ་ཐམས་ཅད་


DNG018_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དབང་པོར་འགྱུར་ཏོ། །དངོས་གྲུབ་ཀྱི་རྟགས་གསུམ་པ་ཡིན་ནོ། །ད་ལྟར་དངོས་གྲུབ་ཀྱི་རྟགས་དང་བར་ཆད་དང་ཉམས་ལེན་ནི་དུས་གཅིག་ཏུ་འབྱུང་བས་ངོ་ཤེས་པར་བྱའོ། །དེ་བས་ན་དཔལ་པདྨ་ཧེ་རུ་ཀའི་སྐུ་གསུང་ཐུགས་ཀྱི་ཆོ་འཕྲུལ་ནི་ཅིར་ཡང་སྟོན་ཅིང་ཅིར་ཡང་སྣང་སྟེ། གཅིག་ཏུ་ངེས་པ་མེད་པའི་ཕྱིར་ན། སྐུའི་ཆེ་བ་དང་། གསུང་གི་ཆེ་བ་དང་། ཐུགས་ཀྱི་ཆེ་བའོ། །སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཅིས་ཀྱང་མ་བསྒྲིབས་པས་ན།ཁམས་གསུམ་རྣམ་པར་རྒྱལ་བའི་དོན་ཟབ་ཏུ་བསྟན་ཏོ། །སྐུའི་ཆེ་བ་ལ་ཡང་གསུམ་སྟེ། ཆོས་ཀྱི་སྐུ་གདལ་བ་ཆེན་པོ། ལོངས་སྤྱོད་རྫོགས་པའི་སྐུ་མཚན་དང་དཔེ་བྱད། སྤྲུལ་པའི་སྐུ་ཇི་ལྟར་འདུལ་བཞིན་སྟོན་པའོ། །གསུང་གི་ཆེ་བ་ལ་ཡང་གསུམ་སྟེ། ཚིག་གི་གསུང་དང་། རིག་པའི་གསུང་དང་། དོན་གྱི་གསུང་ངོ་། །ཐུགས་ཀྱི་ཆེ་བ་ལ་ཡང་གསུམ་སྟེ། འཇིག་རྟེན་མཁྱེན་པའི་ཐུགས་དང་།མྱ་ངན་ལས་འདས་པའི་ཐུགས་དང་། གཉིས་སུ་མེད་པའི་ཐུགས་སོ། །དེ་ལྟར་ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ་བ་སྐུ་གསུམ་དུ་ནི་གྲུབ། གསུང་གསུམ་དུ་ནི་བསྟན། ཐུགས་གསུམ་དུ་ནི་དགོངས་ནས། སྐུ་གསུམ་གྱི་ཐ་མ་སྤྲུལ་པའི་སྐུ་ལ།གསུང་གསུམ་གྱི་ཐ་མ་ནི་ཚིག་གི་གསུང་བསྒྲགས། ཐུགས་གསུམ་གྱི་ཐ་མ་འཇིག་རྟེན་མཁྱེན་པའི་ཐུགས་ཀྱིས་དགོངས་ནས་འགྲོ་བ་འདུལ་བའི་དོན་དུ་སྐུ་མདོག་མཐིང་ག་ཞལ་གསུམ་ཕྱག་དྲུག་པ། གཡས་དཀར་གཡོན་དམར་དབུས་མཐིང་ག །ཕྱག་གཡས་པ་ན་རྡོ་རྗེ་དང་རྔེའུ་ཆུང་དང་མདུང་རྩེ་གསུམ། གཡོན་པ་དྲིལ་བུ་དང་རྒྱུ་ཞགས་དང་ཐོད་རློན་གསུམ། བསྐལ་པའི་མེ་རི་དང་སྦྲུལ་ནག་སྤུངས་པ་དང་ཐོད་རློན་གྱི་ཕྲེང་བས་རྒྱན་དུ་བརྒྱན་ཏེ། ཉིད་ཀྱིས་ཉིད་ལ་ཆེ་བ་རྔོམ་པའི་ཚིག་འདི་སྨྲས་སོ། །ང་ནི་ཁྲོ་བོ་རྣམ་པར་རྒྱལ། །ཆོས་སྐུ་གདལ་བ་ཆེན་པོས་ནི། །སྐྱེ་བ་མེད་པའི་ཆོས་དབྱིངས་སུ། །མཚན་མ་མེད་པའི་ཆོས་རྣམས་བཤད། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །ལོངས་སྤྱོད་རྫོགས་སྐུ་མཚན་དང་དཔེ་བྱད་ཀྱིས། །སེང་གེ་གླང་ཆེན་ཁྲི་སྟེང་ནས། །དུས་གསུམ་སངས་རྒྱས་ཐམས་ཅད་ལ། །


DNG018_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་དང་མེད་པའི་ཆོས་ཀྱང་བསྟན། །མེ་ལོང་ལྟ་བུའི་ཡེ་ཤེས་སོ། །སྤྲུལ་པ་འགྲོ་དོན་བྱེད་པའི་སྐུས། །འཇིག་རྟེན་ཕལ་པའི་ས་རྣམས་སུ། །དངོས་པོ་མཚན་མའི་ཆོས་བསྟན་པས། །བྱ་བ་ནན་ཏན་ཡེ་ཤེས་སོ། །དབང་ཆེན་བསྡུས་པའི་ཏནྟྲ་ལས། སྐུ་གསུང་ཐུགས་ཀྱི་ཆེ་བ་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་གསང་བའི་བདག་པོ་ལ་བཀའ་བསྒོས་པ། གསང་བའི་བདག་པོ་རྡོ་རྗེ་འཆང་། །དབྱིངས་ལས་ཐབས་མཆོག་སྤྲུལ་པའི་ཕྱིར། །ཚར་གསུམ་ཅན་གྱི་རྔེའུ་ཆུང་གིས། །ལྕང་ལོ་ཅན་གྱི་ཕོ་བྲང་བཅོམ། །སྣང་མཛད་ཆེན་པོ་ཨ་ལ་ལ། །གནོད་སྦྱིན་ཆེན་པོ་ཨ་ལ་ལ། །ཆོས་ཀྱི་དབྱིངས་ཉིད་ཨ་ལ་ལ། །སངས་རྒྱས་བདེན་ཚིག་ཨ་ལ་ལ། །ཚར་གསུམ་ཅན་གྱི་རྔེའུ་ཆུང་གིས། །འཇིག་རྟེན་ཕལ་པའི་སར་བརྡུངས་པས། །མཚན་མ་དངོས་པོའི་ཆོས་རྣམས་ལས། །ཡོད་མེད་ཆོས་ལ་སྤྱོད་པར་ཤོག །ཚར་གསུམ་ཅན་གྱི་རྔེའུ་ཆུང་གིས། །འོག་མིན་གནས་ཀྱི་སར་བརྡུངས་པས། །ཡོད་མེད་ཆོས་ལ་སྤྱོད་པ་རྣམས། །རང་བཞིན་མེད་པའི་དོན་རྟོགས་ཤོག །དེ་སྐད་ཅེས་གསུངས་པས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་ལྟར་མ་གྱུར་པ་གཅིག་ཀྱང་མེད་དོ། །དེའི་ཚེ་གསང་བའི་བདག་པོ་ལག་ན་རྡོ་རྗེས་གསོལ་པ། སྣང་བ་ཀུན་རྫོབ་ཚུལ་གནས་པས། །རྔ་ཡི་དོན་གཞུང་གང་ལགས་པ། །བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། །ཞུས་པའི་ལན་འདི་གསུངས་པ་ལ། །དང་པོ་རྒྱུ་དང་རང་བཞིན་དང་། །དོན་དང་བསྒོམ་པ་གྲངས་དང་ནི། །བསྙེན་པར་བྱ་དང་ཐབས་ལ་སོགས། །རྒྱུ་ནི་ཕྱི་ནང་གསང་བ་གསུམ། །བྷ་ག་ཡངས་པའི་སྡོང་པོ་དང་། །བྷནྡ་ལྟག་སྤྲོད་རྔ་ཤིང་དང་། །ཙནྡན་དཀར་པོའི་ཤིང་སོགས་ལའོ། །ལྕག་དང་སྐད་དང་རྔའི་རང་བཞིན། །དབྱིངས་དང་ཡེ་ཤེས་རིག་པའི་སྒྲ། །རང་བཞིན་དོན་དུ་ཤེས་པར་བྱོས། །དོན་ལ་རྣམ་པ་གཉིས་ཡོད་དེ། །མཐའ་གཉིས་སྤངས་པ་ཟི་ལྡན་པའི། །བྷ་ག་མི་གནས་ཡེ་ཤེས་ཡིན། །བལྟ་བར་བསྒོམ་དང་ལྷ་ཡི་སྐུ། །སྤྲུལ་པར་བསྒོམ་པ་བསྒོམ་པའི་དོན། །སྒྲུབ་པ་ལས་ཀྱི་རྔ་དང་གསང་བ་ཡུམ་གྱི་རྔ། །རོལ་མོ་


DNG018_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་ཀྱི་རྔ་སྟེ་གྲངས་ཡིན་ནོ། །བསྙེན་པ་དང་ནི་ཉེ་བསྙེན་དང་། །བསྒྲུབས་པའི་འབྲས་བུ་བསྙེན་པའི་ཐབས། །འདི་ནི་རྡུང་བའི་ཐབས་ཡིན་ནོ། །དཔལ་ཆེན་རྔ་ཡི་རྡུང་ཐབས་ནི། །རྡོ་རྗེ་ནམ་གྱི་ཆ་ཕྱེད་ན། །དཀྱིལ་འཁོར་སྟེང་དུ་བདག་འདུག་སྟེ། །སེང་གེའི་ཕྱག་རྒྱ་བཅས་ནས་ཀྱང་། །མཚན་མ་ཆེན་པོ་དེ་ལ་གདབ། །མདུན་དུ་བྷནྡ་སྲུབས་མེད་བཞག །སྟེང་དུ་རྔ་གཞག་ལྕག་གིས་བརྡུང་། །འོན་ཏང་དངོས་གྲུབ་མོད་ལ་ཐོབ། །དེ་ནས་རྡུང་བའི་ཐབས་མཆོག་ནི། །རྔ་ནི་གར་གྱི་དབང་ཕྱུག་སྟེ། །རྔ་ལྕག་གཟི་ལྡན་པདྨ་ཅན། །རྔ་སྐད་རྡོ་རྗེ་གཤོག་པ་མོ། །གཟི་ལྡན་པདྨར་གྱུར་ནས་ཀྱང་། །མི་བརྡུང་མི་བསྐྱོད་དབྱིངས་སུ་བཞག །དུར་ཁྲོད་མ་མོའི་རྡུང་ཐབས་ནི། །རྔ་ནི་ཐབས་ཀྱི་རང་བཞིན་ལ། །ལྕག་ནི་ཤེས་རབ་ཡུམ་གྱི་ངང་། །ཡབ་ཡུམ་འདྲེལ་བའི་གར་ཐབས་ཀྱིས། །རྔ་སྐད་ཟབ་མོའི་དབྱངས་བླངས་པས། །ཐུགས་དམ་མ་ལུས་ཡོངས་སུ་བསྐང་། །ནམ་ཚོད་སྐྱ་རེངས་དང་པོ་ལ། །དཀྱིལ་འཁོར་སྟེང་དུ་བདག་འདུག་ལ། །གཡས་ཀྱི་མཐེ་བོང་མཐེའུ་སྦྱར། །ཁ་ཊྭཱཾ་ཕྱག་རྒྱ་བཅས་ནས་ཀྱང་། །སྲིན་ལག་ཁ་ལ་རྔ་བསར་ཏེ། །ཉི་མ་ཤར་གྱི་བར་དུ་ནི། །རྔ་སྐད་མི་གྲག་དལ་བུར་བརྡུང་། །མ་མོ་རྣམས་ནི་བྲན་བཞིན་འཁོལ། །རྦོད་གཏོང་ཕོ་ཉའི་རྡུང་ཐབས་ནི། །མཆོག་ཆེན་བརྐོས་པའི་རྩིབ་རུས་ལ། །མཆོག་ཆེན་ཉིད་ཀྱི་པགས་ཀྱིས་གཡོགས། །མཆོག་ཆེན་ཕུར་པས་ལན་དགུ་དྲག་ཏུ་བརྡུང་། །ཉི་ཚོད་གྲིབ་སོ་ཕྲིལ་ལི་ལི། །དུས་ཀྱི་ཉུ་ལོ་ཤ་ར་ར། །ཕོ་ཉ་ལས་བྱེད་ཁྲིགས་སེ་ཁྲིག །གཡས་ཀྱིས་རྔ་ལྕག་བཟུང་ནས་སུ། །གྲུལ་བུམ་སྐད་ལྟར་ཀུ་ཅོ་འདོན། །ཐེངས་དགུ་དྲག་ཏུ་བརྡུངས་ནས་ནི། །ལས་བདག་མ་ལུས་འདུར་གམ་ཆད། །ཕྲ་མེན་ཀེའུ་རི་ཚོགས་པའི་རྡུང་ཐབས་ནི། །ལས་ཀྱི་གཞུག་གུ་ཟུང་ནི་ལྟག་སྤྲོད་ལ། །ཅ་ར་ཤེལ་སྒོང་ཤུན་གྱིས་གཡོགས་ནས་ཀྱང་། །བཅུ་དྲུག་ཕྱག་རྒྱ་རོལ་པ་ཡིས། །ཁམས་གསུམ་སྲིད་གསུམ་དབང་དུ་བསྡུས། །ཚངས་པའི་ཐེའུ་བྲང་དམྱལ་ཐག་གཅོད། །རྔ་ནི་ཐབས་ཀྱི་རང་བཞིན་ལ། །ལྕག་ནི་ཤེས་རབ་ཡུམ་གྱི་ཚུལ། །


DNG018_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

རྔ་སྐད་བྱང་ཆུབ་སེམས་ཀྱི་ངང་། །དཔལ་གྱི་རྔ་སྐད་ཐེངས་གཅིག་གིས། །དཔལ་ཆེན་ཡབ་ཡུམ་ཐུགས་དམ་བསྐུལ། །དཔལ་གྱི་རྔ་སྐད་ཐེངས་གཉིས་ཀྱིས། །མ་མོ་མཁའ་འགྲོའི་རེ་བ་སྐོང་། །དཔལ་གྱི་རྔ་སྐད་ཐེངས་གསུམ་གྱིས། །དབང་ཕྱུག་ཆེན་པོ་དབང་དུ་སྡུད། །ཚངས་པའི་རི་ལ་རྔ་བརྡུངས་པས། །གཟུགས་ཁམས་ལྷ་ཚོགས་དབང་དུ་སྡུད། །ལྔ་ཡིས་རི་རབ་རྩེ་མོ་ལ། །ལྷ་ཡི་དབང་པོ་བརྒྱ་བྱིན་ཡང་། །ལོངས་སྤྱོད་ལྔ་དང་ལྡན་པར་འགྱུར། །དྲུག་གིས་འཇིག་རྟེན་ཁམས་སུ་སྒྲ་བསྒྲགས་པས། །མི་ཡི་གནས་སུ་ཐིམ་པར་འགྱུར། །ཐུགས་རྗེ་ཐབས་ཀྱི་རོལ་པ་མཛད། །ཕྱོགས་སྐྱོང་ཟིལ་གྱིས་མནན་པའི་རྡུང་ཐབས་དང་། །དངོས་གྲུབ་ཉེ་བར་ལེན་པའི་རྡུང་ཐབས་ནི། །གྲི་ན་མགྲིན་སྔོན་ཅན་དུ་དྲེགས་ནས་ནི། །མགྲིན་སྔོན་ཉིད་ཀྱི་པགས་ཀྱིས་གཡོགས་ནས་ཀྱང་། །ཞིང་གི་གཟར་བུས་ལན་གསུམ་དྲག་ཏུ་བརྡུངས་ནས་ནི། ཉི་མ་ཤར་གྱི་ཟེར་ཀ་ལ། །དཀྱིལ་འཁོར་སྟེང་དུ་བདག་འདུག་ལ། །གཡོན་གྱི་མཐེ་བོང་གནམ་དུ་བསྒྲེང་། །རྔ་སྐད་གྲངས་སུ་བཅད་པ་ནི། །དྲུག་ཅུ་རྩ་གཉིས་དྲག་ཏུ་བརྡུང་། །མ་མོ་བཅུ་དྲུག་དངོས་གྲུབ་འཐོབ། །ཅེས་གསུངས་སོ། །དབང་ཆེན་བསྡུས་པའི་ཏནྟྲ་ལས། འོག་མིན་དང་། ལྕང་ལོ་ཅན། རི་རབ་རྩེ་མོ། འཇིག་རྟེན་ཕལ་པའི་གནས་རྣམས་སུ་ཚར་གསུམ་པོའི་རྔ་བརྡུང་བའི་ལེའུ་སྟེ་བདུན་པའོ།། །།དེ་ནས་བཅོམ་ལྡན་པདྨ་གར་དབང་གིས། ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་གཞལ་ཡས་ཁང་དུ་བྱིན་གྱིས་བརླབ་པ་དང་། ཕྱི་རབས་ཀྱི་རྣལ་འབྱོར་པའི་བར་གཅོད་དུ་འགྱུར་བའི་བསྒྲལ་བའི་ཞིང་བཅུ་ཞེ་གཅོད་པའི་ཕྱིར་བཀའ་སྩལ་པ། གསང་བའི་བདག་པོ་ལ་སོགས་པའི། །རོལ་པའི་འཁོར་ཚོགས་ཐམས་ཅད་ཉོན། །དཔེར་ན་དམ་ཚིག་མཆོག་རབ་ནི། །སྨད་པར་བྱ་བ་མ་ཡིན་ཏེ། །གཙོ་བོ་རབ་ཏུ་སྡུག་པ་ལ། །དྲང་དུ་སྨྲ་བ་གང་བྱེད་པ། །བསྒྲགས་པའི་ཚིག་གིས་བརྒྱན་ནས་སུ། །སྲི་ཞུ་སེམས་ཀྱི་གདུང་བ་ལ། །


DNG018_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཚོགས་ཀྱིས་རབ་བསྐོར་བ། །མཉམ་པའི་དབྱིངས་ཉིད་ཡེ་ཤེས་ཏེ། །གཉིས་ཀ་ངེས་པར་མཉམ་པ་ནི། །སྟོང་གསུམ་དབང་པོར་གདོན་མི་ཟ། །འཇིག་རྟེན་ཁམས་ན་རྒྱལ་པོ་བཞིན། །དུས་གསུམ་ཀུན་གྱི་གནས་དང་རྟེན། །དེས་ན་རང་གི་གནས་ཁང་དུ། །རང་གི་དྲི་ཆེན་མཎྜལ་བྱ། །རང་གི་གུར་གུམ་ཆག་ཆག་གདབ། །སྤོས་དང་དུ་རུ་ཨ་ག་རུ། །ལི་ཤི་དང་ནི་ག་པུར་དང་། །ཛ་ཏི་ཕ་ལ་མཆོག་ཏུ་བསྔགས། །མེ་ཏོག་ཕྲེང་བས་ཀུན་ཏུ་བརྒྱན། །དེ་ལྟ་བུ་ཡི་གནས་མཆོག་ཏུ། །གཞན་ཞིག་ངེས་པར་བསྒྲལ་ན་ནི། །རྡོ་རྗེ་སྲིན་པོའི་ཏིང་འཛིན་བསྒོམ། །རཀྴའི་མིག་གིས་བལྟ་བར་བྱ། །ཁ་ནས་སྔགས་ཀྱི་ཚིག་ཟློས་ཤིང་། །ཕ་རོལ་རྣམ་ཤེས་ཧཱུཾ་གིས་དྲང་། །སྙིང་གར་མངོན་སུམ་དམིགས་བྱས་ན། །ཕ་རོལ་མངོན་སུམ་འཆི་བར་འགྱུར། །མགོ་དང་སྙིང་དང་རྐང་ལག་དག །ཡ་མཱན་ཏ་ཀའི་འཁོར་ལ་དབུལ། །གཞན་ཡང་ལྷག་མ་ཅི་ཡོད་པ། །ཧེ་རུ་ཀ་ལ་ཡོན་དུ་དབུལ། །གནས་ལུང་འཕྲུལ་གྱི་དགོངས་པའོ། །དེ་ལྟ་བུ་ཡི་དུས་དག་ཏུ། །ལག་ཆ་ཕུར་པ་མཆོག་ཡིན་ཏེ། །ཞི་བའི་སོར་ནི་བདུན་པར་བྱ། །རྒྱས་པའི་སོར་བརྒྱད་ཟུར་ཡང་བརྒྱད། །དབང་ལ་ཟླ་གམ་ངེས་པར་བཟང་། །དྲག་པོ་སོར་དྲུག་ཟུར་གསུམ་པའོ། །ཀུན་གྱི་རྩེ་མོར་ཧཱུཾ་གཞག་སྟེ། །དངོས་སུ་ཧ་ཧ་རུ་ལུ་བསྒོམ། །རྒྱ་མདུད་ཐོག་ཏུ་ཨཱོཾ་བསམ་མོ། །དེ་ལྟ་བུ་ཡི་དུས་དག་ཏུ། །ཕོ་ཉ་འོད་ཟེར་དུད་ཀ་སྤྲོ། །ཤར་གྱི་ཕྱོགས་སུ་མངག་པ་ནི། །མགོ་དགུ་པ་ལ་རྐང་གཅིག་པོ། །ལུས་ནག་པོ་ལ་འོད་ཕུང་གནག །རལ་པ་གནག་ཅིང་མཆེ་བ་གནག །མིག་ཀྱང་གནག་ཅིང་ལག་པ་གནག །མགྱོགས་ནི་རླུང་གིས་ཕྱོགས་སུ་བསྐྱད་དུ་མེད། །འདི་དག་དཔལ་གྱི་ཕོ་ཉ་སྟེ། །ཞུམ་པ་མེད་ཅིང་སྟོབས་ཆེན་འཇོམས། །གཡས་པ་གསུམ་ནི་སྟ་རེ་ཕྱར། །གཡོན་པ་གསུམ་ནི་ལྕགས་ཀྱུ་འཛིན། །ཡན་ལག་སྦྲུལ་ནག་མཆོག་གིས་བརྒྱན། །གཡོན་གྱི་ལྕགས་ཀྱུས་སྙིང་ནས་དྲངས། །གཡས་ཀྱི་སྟ་རེས་ངེས་པར་བཅོམ། །འདི་ནི་སྒོ་སྲུང་མཆོག་ཡིན་ཏེ། །ཕོ་ཉ་རྒྱུན་དུ་མངག་པར་བྱ། །བགེགས་རྣམས་ངེས་པར་ཕུང་བར་བྱེད། །རྐང་གཅིག་དེ་ཡི་ཕོ་ཉ་ནི། །ཁ་དོག་འབར་བ་ཅི་འདྲ་ན། །གཅིག་ལ་གཅིག་ནི་རབ་ཏུ་


DNG018_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲིལ། །ཡང་ན་ལག་པ་སྦྲེལ་ཏེ་འགྲོ། །མིག་ཀྱང་མེད་ཅིང་ཅང་མི་སྨྲ། །ལོང་བ་ཀུན་གྱི་མཆོག་ཡིན་ཏེ། །རྟ་བབས་ཀུན་གྱི་སྒོར་བསྒོམས་ཏེ། །ལན་འགའ་དྲག་ཏུ་མངག་པའི་ཚེ། །གཉིས་ཀ་སོང་ནས་དེར་ཕྱིན་ནས། །གང་ལ་དམིགས་པ་ལེན་པར་བྱེད། །སུས་ཀྱང་བཟློག་པར་མི་ནུས་སོ། །ལྷོ་ཡི་ཕྱོགས་ནས་དགྱེ་བ་ནི། །མགོ་བརྒྱད་པོ་ལ་ལག་བརྒྱད་པོ། །རྐང་པ་བརྒྱད་ལ་མིག་ཀྱང་མེད། །གཡས་པ་བཞི་ནི་རྡོ་རྗེ་འཛིན། །གཡོན་པ་བཞི་ནི་ཕུར་པ་འཛིན། །ཧ་ཧ་རུ་ལུའི་སྒྲ་སྒྲོགས་ཤིང་། །གཤིན་རྗེའི་གནས་རྣམས་ངེས་པར་འཇོམས། །མགོ་བརྒྱད་དེ་ཡི་ཕོ་ཉ་ནི། །ཧཱུཾ་དང་ཕཊ་ཀྱི་སྒྲ་སྒྲོགས་ཤིང་། །བསྐལ་པའི་འབྲུག་སྒྲ་ཆེན་པོ་བཞིན། །ཀུན་ཀྱང་མགྱོགས་པ་རླུང་དང་མཚུངས། །ཧ་ཧ་རུ་ལུའི་སྒྲ་སྒྲོགས་ཤིང་། །གང་ལ་དམིགས་པ་ལེན་པར་བྱེད། །ནུབ་ཀྱི་ཕྱོགས་ནས་དགྱེ་བ་ནི། །མགོ་དྲུག་ལག་དྲུག་རྐང་དྲུག་པོ། །གཡས་པ་གསུམ་ནི་ཕུར་པ་འདྲིལ། །གཡོན་པ་གསུམ་ནི་གཏོར་མ་གཏོང་། །མགྱོགས་ནི་རླུང་གི་ཤུགས་དང་འདྲ། །འདི་ནི་དཔལ་གྱི་ཕོ་ཉ་ཡིན། །ཧ་ཧ་རུ་ལུའི་སྒྲ་སྒྲོགས་ཤིང་། །རང་གི་རླུང་ཕྱོགས་སོང་བའི་ཚེ། །ཁྲོ་བོ་ཀུན་ཀྱང་ངེས་པར་འཆི། །རྐང་དྲུག་དེ་ཡི་ཕོ་ཉ་ནི། །ལྕགས་ཀྱི་སྤྱང་མོ་རྐང་གསུམ་མ། །གང་ནས་གང་དུ་འགྲོ་བའི་ཚེ། །གཟུགས་ལ་རྡོག་པས་བརྡེག་ཅིང་འགྲོ། །རང་གི་རྐང་པ་ཕུར་པ་ཡིན། །ལྕགས་ཀྱི་ཕུར་པ་རབ་ཏུ་དྲག །འོད་ཟེར་དུད་ཀས་རེག་པས་ནི། །ཚངས་པའི་གནས་ཀྱང་འཇིགས་བྱེད་ན། །གཟུགས་ཅན་དགྲ་བོར་སྨོས་ཅི་དགོས། །བྱང་གི་ཕྱོགས་ནས་དགྱེ་བ་ནི། །མགོ་གསུམ་ལག་དྲུག་རྐང་གསུམ་པོ། །ལག་པ་དྲུག་ནི་རྒྱུད་དྲུག་འཇོམས། །མི་ཤ་ཟ་ཞིང་བདུད་རྣམས་སྒྲོལ། །གནོད་སྦྱིན་གནས་རྣམས་ངེས་པར་འཇོམས། །རྐང་གསུམ་དེ་ཡི་ཕོ་ཉ་ནི། །བྱང་གི་ཕྱོགས་ནས་རྒྱུག་པ་མོ། །ལྕགས་ཀྱི་ཁྱི་སྟེ་རྐང་གསུམ་ལ། །ལྕགས་ཀྱི་ལུས་ལ་ཉི་མའི་མིག །སྤུ་ནི་ལྕགས་ཀྱུ་བསྒྲིལ་བ་བཞིན། །བང་ནི་གློག་གིས་བསྐྱད་དུ་མེད། །སྐད་ནི་གནམ་གྱི་འབྲུག་པས་ཆེ། །རབ་ཏུ་མི་བསྲུན་འདི་དག་ནི། །ཕྱག་ན་རྡོ་རྗེའི་མཐུ་ཡང་འཕྲོག །རྐང་གཅིག་གྱེན་དུ་བསྒྲེངས་


DNG018_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

པས་ནི། །ཡ་བདུད་རྒྱལ་པོའི་སྙིང་ནས་འདྲེན། །རྐང་གཅིག་མཐུར་དུ་ཕྱུང་བས་ནི། །མ་བདུད་ཆེན་པོའི་སྙིང་ནས་འདྲེན། །རྐང་གཅིག་ཐད་ཀར་ཕྱུང་བས་ནི། །དགྲ་བོ་མ་ལུས་སྙིང་ལས་འདྲེན། །འབྱུང་པོ་མ་ལུས་དམྱལ་ཐག་གཅོད། །སྐུ་ནི་ལྕགས་ཐག་བསྒྲིལ་བ་འདྲ། །ཚེམས་ནི་སྤུ་གྲི་གཤིབས་པ་འདྲ། །མཱཾ་ས་ཟ་ཞིང་རི་ལུང་རྒྱུག །འཇིག་རྟེན་ཁམས་ཀུན་ཟ་བ་པོ། །གནོད་སྦྱིན་ཀུན་གྱི་སྟེང་ན་རྒྱུག །གློ་སྙིང་ནང་རོལ་འབྱིན་ཅིང་ཟ། །བར་སྣང་ཁམས་སུ་ཁྲོས་པའི་ཚེ། །ཉི་ཟླ་དག་ཀྱང་ཐང་ལ་རློག །གཟའ་སྐར་ཀུན་ཀྱང་དུམ་བུ་གཅོད། །ཤིན་ཏུ་ཁྲོ་ནས་རྦད་པའི་ཚེ། །བདུད་ཀྱི་སྙིང་ཁྲག་དྲོན་མོ་འཐུང་། །བར་སྣང་ཁམས་ནས་གནོད་བྱེད་ཀུན། །རྡུལ་ཆ་ཙམ་ཡང་ མེད་པར་མཛོད། །ཀུ་ཀུ་ར་ཙ་ཁ་ལང་ཁཱ་ཧི། ཞེས་བརྗོད་ཅིང་རྦད་དོ། །དབང་ཆེན་བསྡུས་པའི་ཏནྟྲ་ལས། གནས་བསྟན་པ་དང་། ཕུར་བུས་གདབ་པ་དང་། སྒོ་བཞིའི་ཕོ་ཉ་མངགས་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་འདི་རྣམས་བསྟན་པའི་ཕྱིར། །དབང་ཆེན་ཉིད་ཀྱིས་བཀའ་སྩལ་པ། །བསྒྲུབ་པའི་ཆོ་ག་རྫོགས་པའི་ཚེ། །བར་སྣང་རྡོ་རྗེ་སེམས་དཔའ་ཡིས། །ཆ་ལུགས་ཅི་འདྲ་འཁོར་དང་བཅས། །སེམས་ཀྱིས་མཉམ་པར་དགོད་པར་བྱ། །བདག་ཕྲ་མེན་མ་ཡི་འཁོར་མང་པོ་དང་། གནོད་སྦྱིན་གྱི་འཁོར་མང་པོ་དང་རོལ་པར་འདོད་ན། བདག་དབང་ཆེན་གྱི་ཏིང་ངེ་འཛིན་དུ་ཞུགས་ཏེ། སྐུ་མདོག་དཀར་པོར་བསྒྱུར་ཏེ་ཀླུ་དང་བྲོས་བསྟེན་པར་བྱའོ། །བདག་འཁོར་མང་པོ་དང་མཉམ་པར་འདུག་པའི་དུས་ན་སྐུ་མདོག་དམར་པོར་བསྒྱུར་ཏེ། ལམ་དུ་ཞུགས་ནས་འགྲོ་བའི་དུས་ན། སྐུ་མདོག་ལྗང་གུར་བསྒྱུར་ཏེ་ཧེ་ཧེ་ཞེས་བྱ་སྟེ་དགོད་ཅིང་འགྲོའོ། །གང་དུ་ཕྱིན་པའི་གནས་སུ་ཧཱུཾ་ཞེས་བྱས་ལ་འདུག་གོ། །འོན་ཏང་མ་མོ་ཐམས་ཅད་དབང་དུ་འདུའོ། །ཉལ་བའི་ཚེ་ན་ཨ་ཞེས་བྱས་ལ་ཙོག་ཙོག་པོར་ཡུད་ཙམ་ཞིག་གནས་པར་བྱའོ། །བདག་ཉིད་གསེར་བཙོ་མའི་ཁ་དོག་བཞིན་འཚེར་བར་བསྒྱུར་ནས། ཀུན་ཏུ་བཟང་མོ་ནམ་མཁའ་ལས་ལངས་ནས་མངོན་སུམ་དུ་འཛུམ་པ་མཛད་པ་དང་། སྙན་པར་སྨྲ་བ་དང་། འདོད་སྦྱོར་བའི་


DNG018_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྤྱོད་ཀྱི་རྩེད་མོ་ཡང་བྱས་པར་བསམ་མོ། །དེ་ལྟར་བསམ་པའི་ཡོན་ཏན་ནི། །ས་ཡི་འོག་ཏུ་འདའ་འཕང་བས། །གནམ་གྱི་སྟེང་གི་ལྷ་བྲན་འཆི། །སྤྱོད་ལམ་འགྲུབ་པ་འདི་ལྟ་བུ། །མཚོན་ཐོགས་ཀུན་གྱི་རྒྱལ་པོ་སྟེ། །རལ་གྱི་འཛིན་པ་ཆེན་པོར་འགྱུར། །འཇམ་དཔལ་འཁོར་གྱིས་ཕྱག་བྱས་པའོ། །ཞེས་སྨྲས་སོ། །དེ་ལྟ་བུ་ཡི་དུས་དག་ཏུ། །གནོད་སྦྱིན་ཕྲ་མེན་འཁོར་རྣམས་ཀྱིས། །བདག་ལ་རབ་ཏུ་བརྩེས་གྱུར་ན། །ཕག་གི་བརྟུལ་ཞུགས་ཆེན་པོ་ཡིས། །ས་ཡི་འོག་ཏུ་མངོན་སུམ་བྱ། །ངག་གིས་ཧཱུཾ་ཞེས་བརྗོད་པར་བྱ། །མཱཾ་ས་དག་ཀྱང་མང་དུ་བཟའ། །ནམ་མཁའ་ལ་ནི་སེམས་དཔའ་བསམ། །བགྲང་ཕྲེང་ཀླད་ལ་ལན་གསུམ་བསྐོར། །དེ་ལྟར་བྱས་ན་བདག་རྒྱལ་ཞིང་། །ནད་གཏོང་མ་ནི་འཆིང་བར་འགྱུར། །དེ་ལྟ་བུ་ཡི་དུས་དག་ཏུ། །གནོད་སྦྱིན་རྣམས་ནི་འཁོལ་འདོད་ན། །དེ་ཡི་གཟུགས་ནི་ཁྲག་གིས་བྲིས། །དུར་ཁྲོད་ཆེན་པོར་སོང་ནས་ནི། །སྙིང་གར་ཕུར་པས་མནན་ནས་ནི། །དགུག་པའི་བརྟུལ་ཞུགས་ཧཱུཾ་ཞེས་བཟླས། །མ་འོངས་བར་དུ་བསྡད་ན་ནི། །ཞག་བདུན་གྱིས་ནི་ཁུག་པར་འགྱུར། །གནོད་སྦྱིན་རྣམས་ལ་ཅི་དགར་སྤྱོད། །བདག་གི་བྲན་དང་འདྲ་བར་འོང་། །ཕྲ་མེན་རྣམས་ནི་འཁོལ་འདོད་ན། །ཕྲ་མེན་གཟུགས་ནི་ཁྲག་གིས་བྲི། །ཡན་ལག་ཕུར་པས་མནན་ནས་སུ། །སྙིང་གར་རྡོག་པས་མནན་བྱས་ཏེ། །དགུག་པའི་བརྟུལ་ཞུགས་ཧཱུཾ་ཞེས་བཟླས། །ཞག་བདུན་གྱིས་ནི་ངེས་པར་འོང་། །ཕྲ་མེན་རྣམས་ནི་ཅི་དགར་འཁོལ། །ཁོང་གིས་ལན་ན་ཁོང་དག་འཆི། །བདག་གིས་ལན་ན་བདག་ཉིད་ཉམས། །གཉིས་གཙོ་ལས་ལ་འཁོལ་འདོད་ན། །དེ་ཡི་གཟུགས་ནི་ཁྲག་གིས་བྲིས། །ཕུར་བུ་སྙིང་དང་ཁ་རུ་གདབ། །དགུག་པའི་བརྟུལ་ཞུགས་ཧཱུཾ་ཞེས་བཟླས། །ཞག་བདུན་གྱིས་ནི་དབང་དུ་འདུ། །ཕྱག་ན་རྡོ་རྗེ་དགའ་བར་འགྱུར། །མི་མོ་ལས་ལ་འཁོལ་འདོད་ན། །བུད་མེད་བོངས་ཚད་ཁྲག་གིས་བྲིས། །སྙིང་གར་རྡོག་པས་མནན་ནས་ནི། །ཕུར་བུ་འདྲིལ་ཞིང་བསྒོམ་པར་བྱ། །ཞག་བདུན་གྱིས་ནི་ངེས་པར་དུ། །ཅི་བགྱི་གསུངས་ཞེས་ཟེར་ཏེ་འོང་། །དེ་ནས་བདག་གིས་སྤྱད་པར་བྱ། །བུད་མེད་རྣམས་ནི་ཅི་དགར་


DNG018_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

འཁོལ། །བགེགས་རྣམས་ལས་ལ་འཁོལ་འདོད་ན། །སོ་སོའི་གཟུགས་དག་ཁྲག་གིས་བྲིས། །ཕུར་བུའི་རྩེ་མོར་མིང་བྲི་ཞིང་། །གོང་དུ་ཧཱུཾ་གཅིག་བཞག་ནས་ནི། །ཚོན་སྐུད་སྣ་ལྔའི་སྐུད་པས་གདགས། །ལན་གསུམ་བསྐོར་ཏེ་གདབ་བྱས་ན། །བདག་གི་དབང་དུ་འདུ་བར་འགྱུར། །ཇི་ལྟར་བསྒོ་བ་ཉན་པར་བྱེད། །འགྲོ་ཉལ་འདུག་སྡོད་ཅི་བྱེད་ཀྱང་། །འཁོར་དང་བཅས་པའི་བསྙེན་པ་འབུལ། །ནང་པར་མལ་ནས་ལངས་ནས་ཀྱང་། །ཡི་དམ་གནས་པའི་ས་ཕྱོགས་སུ། །གོམ་གསུམ་སྤགས་ནས་དྲན་པར་བྱ། །གཤང་གཅི་བྱེད་པའི་ས་དག་ཏུ། །དྲི་ཆེན་ལག་ཏུ་བླངས་ནས་ཀྱང་། །ཕྱོགས་བཅུ་ཀུན་ཏུ་ཁ་བལྟས་ཏེ། །སུས་མ་མཐོང་བར་ཁམ་གསུམ་བཟའ། །དྲི་ཆུ་ཁྱོར་བར་བླུགས་ནས་ནི། །སུས་མ་མཐོང་བར་ཧུབ་གསུམ་བཏུང་། །ཤིན་ཏུ་དབེན་པའི་ས་ཕྱོགས་སུ། །དྲི་ཆེན་མདུན་དུ་བཞག་ནས་ནི། །ཡན་ལག་བཞི་ནི་ས་ལ་གཟུག །ཕག་སྐད་ཐེངས་གསུམ་ངུར་བར་བྱེད། །རུ་ལུ་རུ་ལུ་ཚལ་པ་བཟླས། །བྱང་གི་ཕྱོགས་སུ་ཁ་བལྟས་ཏེ། །གནོད་སྦྱིན་དབང་དུ་བསྡུ་བའི་ཕྱིར། །དྲི་ཆུ་མདུན་དུ་བཞག་ནས་ནི། །ཁྱི་སྐད་ཐེངས་གསུམ་ངུས་ནས་ནི། །རུ་ལུ་རུ་ལུ་ཁ་ལོང་ཁ། །ཀུ་ཀུ་རཱ་ཙ་ཁ་ལོང་ཁཱ། །ཉིན་དང་མཚན་དུ་ཐུག་ཕྲད་དུ། །རིགས་མ་འཆོལ་བར་སྦྱོར་བ་བྱ། །སྐྱེ་བོས་མཐོང་བར་གྱུར་ན་ཉམས། །སུས་མ་མཐོང་ན་དངོས་གྲུབ་ཡིན། །བྱང་ཆུབ་སེམས་ནི་ལྕེ་ལ་བཞག །དུས་དང་རྣམ་པར་མེད་པར་ནི། །སྦྱོར་བ་ཁོ་ན་ལས་སུ་བཟང་། །སྐབས་ལ་བབ་པའི་དུས་དུས་སུ། །དུར་ཁྲོད་གནས་སུ་བྱུག་པར་བྱ། །ཞིང་དང་བྷནྡ་མང་དུ་བསགས། །རང་གི་དབེན་ས་གང་ཡིན་པར། །སྐྱེ་བོ་རྣམས་ལས་ཐག་བསྲིངས་ཏེ། །སྲོད་དང་ཐོ་རངས་ནམ་གྱི་གུང་། །དྲོས་དང་ཉི་ཕྱེད་དགོངས་ཀའི་དུས། །དབྱངས་དང་སྐད་དྲུག་ཤེས་པར་བྱ། །དུས་དྲུག་ཀུན་ཏུ་རྔེའུ་ཆུང་བརྡུང་། །སྲོད་ལ་འཁོར་གསུམ་བྲོ་བརྡུངས་ཏེ། །ནུབ་ཀྱི་ཕྱོགས་སུ་ཁ་བལྟས་ལ། །རྟ་སྐད་འཚེར་བའི་གླུ་སྐད་བླང་། །རུ་ལུའི་བསྙེན་པ་འབུམ་བཟླས་ཤིང་། །སྣུམ་ཆེན་གསུར་གྱི་སྤོས་མེ་གཏོང་། །ནམ་གྱི་གུང་ལ་མ་ཉལ་བར། །ཕྲིན་ལས་


DNG018_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

གོང་མ་བཞིན་དུ་བྱ། །བྱང་གི་ཕྱོགས་སུ་ཁ་བལྟས་ཏེ། །གླུ་དབྱངས་ཁྱི་སྐད་ཐེངས་གསུམ་ཟུག །ཐོ་རངས་ལངས་ནས་ཕྱག་རྒྱར་གསལ། །བྱང་ཤར་མཚམས་སུ་ཁ་བལྟས་ལ། །དབྱངས་ནི་ཤིན་ཏུ་གདུང་བར་བྱེད། །དེ་ཡང་བསྙེན་པ་གོང་མ་བཞིན། །དུས་ལ་བབ་པའི་བྲོ་མཆོད་ལ། །ཕྱི་ནང་དྲག་ཏུ་མཚམས་བཅད་དོ། །རྔེའུ་ཆུང་དིར་དིར་ལན་གསུམ་བརྡུང་། །ཤ་ཁྲག་གཏོར་མ་རྒྱུན་མི་གཅད། །གླུ་བྲོ་ཤར་གྱི་ཕྱོགས་སུ་དབུལ། །ཉི་མ་ཕྱེད་ཀྱི་དུས་སུ་ནི། །ལྷོ་ཡི་ཕྱོགས་སུ་ཁ་བལྟས་ཏེ། །གྲུལ་བུམ་སྐད་དུ་ཀུ་ཅོ་བྱས། །ཕྲིན་ལས་དགོངས་པ་གོང་མ་བཞིན། །དགོངས་མཆོད་དུས་ལ་བབ་པའི་ཚེ། །གྲིབ་སོ་བཟློག་པའི་ཆོ་ག་བྱ། །ཧ་ཅང་སྐད་ནི་མི་ཆེ་བར། །དེར་ཡང་རྔེའུ་ཆུང་དིར་དིར་བརྡུང་། །དབྱངས་ནི་ཡིད་ཙམ་གདུང་བར་བླང་། །དེར་ཡང་དུས་དྲུག་ཀུན་ཏུ་ཡང་། །གསང་བའི་མཆོད་པ་རྒྱུན་མི་གཅད། །མི་ཡི་བུ་མོ་བསྟེན་པར་བྱ། །ལན་འགའ་དེ་དང་མ་ལྡན་ན། །ཀུ་ཀུ་ར་དང་ར་ལ་སོགས། །བ་དང་བུད་མེད་གང་ཡང་རུང་། །ཤིན་ཏུ་དཀོན་ནས་མེད་པའི་ཚེ། །བྱེས་དང་འགྲོན་པོ་བྱེད་པ་ན། །ལུས་ལས་སྤྲུལ་པའི་ལྷ་མོ་ཡིས། །སྦྱོར་བའི་དམ་ཚིག་མི་གཅག་གོ། །དེ་ལྟར་བྱས་ན་དངོས་གྲུབ་ཐོབ། །རྒྱུན་དང་རྒྱུན་མེད་རྟག་པར་ནི། །སྨན་ནི་ལུས་ལ་བསྲེལ་བར་བྱ། །དབང་ཆེན་བསྡུས་པའི་ཏནྟྲ་ལས། ཕྲིན་ལས་མཐར་ཕྱིན་ཐམས་ཅད་དབང་དུ་བསྡུ་བའི་ལེའུ་སྟེ་དགུ་པའོ།། །།ཚངས་པའི་གཞལ་ཡས་ཁང་བསྟན་པ། །ཉན་ཐོས་མདོ་སྡེ་ཀྲི་ཡ་དང་། །ཐེག་པ་ཆེན་པོ་ཡོ་ག་དང་། །གསང་བ་ཡི་ནི་ཐེག་པ་གསུམ། །གཞུང་དང་མཐུན་པའི་གཞལ་ཡས་ཁང་། །སྲིན་པོ་རཀྴ་ཡ་བསྒྲལ། །དེ་ཡི་ཁོག་སྦུབས་སྐྱེ་མཆེད་ལས། །གཞལ་ཡས་ཁང་གི་རྒྱུ་ཡིན་ཏེ། །སྒོ་བཞི་རྟ་བབས་མུ་ཁྱུད་བཅས། །དྲག་པོའི་ཁྲོ་བོའི་ཁྱམས་ལ་སོགས། །ཚངས་པའི་གདུང་ཆེན་གཤག་ཏུ་གཏམས། །ཡང་ན་ཚངས་པའི་གཞལ་ཡས་ནི། །བརྒྱ་བྱིན་ལྷ་ཡི་དབང་པོ་བསྒྲལ། །ཁྱབ་འཇུག་གཏུམ་པོ་འཁོར་དང་བཅས། །


DNG018_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་མཆོག་ཨ་ནུ་ཡོ་ག་ཡི། །གཞུང་ལས་བྱུང་བ་བཞིན་དུ་བསྒོམ། །ཡང་ན་ཚངས་པའི་གཞལ་ཡས་ནི། །ཐེག་རྒྱལ་ཨ་ཏི་ཡོ་གའི་གཞུང་། །ཁྱབ་དང་གནས་དང་འབྱུང་ལ་སོགས། །རྣམ་པ་གསུམ་པོ་གཞལ་ཡས་ཁང་། །སྣོད་བཅུད་འབྱུང་བའི་ཡུམ་དུ་གསལ། །ཏིང་འཛིན་གསལ་བ་སྐད་ཅིག་ལ། །བསྐྱེད་ནས་གསང་ཡུམ་བཞི་ཡི་མཁར། །བྷ་ག་དགྱེས་པའི་ནང་དུ་བསྒོམ། །དེ་ཡི་དཀྱིལ་དུ་བདག་པོ་དམིགས། །དེ་ལ་རང་བཞིན་མེད་པ་སྟེ། །ནམ་མཁའ་ལྟ་བུར་རབ་རྟོགས་ནི། །གཞལ་ཡས་ཁང་ཞེས་མཁས་པས་གསུངས། །དབང་ཆེན་བསྡུས་པའི་ཏནྟྲ་ལས། གཞལ་ཡས་ཁང་ཚངས་པའི་ལེའུ་སྟེ་བཅུ་པའོ།། །།ཚེ་ལ་དབང་ཐོབ་རིག་འཛིན་རྣལ་འབྱོར་གྱིས། །ཏིང་འཛིན་གཏན་ལ་དབབ་པའི་ཕྱིར། །དབང་ཆེན་བསྡུས་པའི་ཏནྟྲ་ལས། །བསྒོམ་ཁོག་རྩ་བའི་ལེའུ་འདི་གསུངས། །བསྒོམ་ཁོག་རྩ་བའི་ལེའུ་འདི་ལ་ཡང་ལེའུ་རྣམ་པ་བཞི་སྟེ། གང་དང་གང་ཞེ་ན། བསྒོམ་ཁོག་རྩ་བའི་ལེའུ་དང་། གསང་བ་ཚེའི་ལེའུ་དང་།སྒྲོལ་བ་ཐུགས་རྗེའི་ལེའུ་དང་། མཛད་པ་ཕྲིན་ལས་ཀྱི་ལེའུ་དང་བཞིའོ། །དང་པོར་བསྒོམ་ཁོག་རྩ་བའི་ལེའུ་འབྱུང་སྟེ། འདི་སྐད་ཅེའོ། །རྣམ་པར་མི་རྟོག་ཡེ་ཤེས་སྐྱེ་མེད་ཅིང་། །གཟུང་འཛིན་རྟོག་པའི་མཐའ་གཉིས་མ་ཆགས་དབྱིངས། །ཐམས་ཅད་སྤྲོས་བྲལ་མཉམ་ཉིད་ཇི་བཞིན་ངང་། །རྣམ་རྟོག་བརྗོད་མེད་སྨྲ་བསམ་ཡུལ་ལས་འདས། །ཨཱོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱདྨ་ཀོ྅ཧཾ། མ་ལྟར་བྱམས་པའི་སྙིང་རྗེས་ཡོངས་ལ་ཁྱབ། །མཁའ་ལྟར་གོ་འབྱེད་ཆོ་འཕྲུལ་འབྱུང་བའི་ཡུམ། །ཀུན་ལ་ཁྱབ་པས་ཡེ་ཤེས་གསལ་བའི་ངང་། །རིན་ཆེན་གཏེར་ལྡན་ཆེ་བའི་ཁྱད་པར་སྟོན། །ཨཱོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཡི་གེ་ཧཱུཾ་ནི་སེམས་ཀྱི་རང་བཞིན་ཏེ། །ཆགས་པའི་སྐྱོན་བྲལ་རིན་ཆེན་སྣ་ལྔའི་མདོག །འབྱུང་བ་ལྔ་དང་ཡུམ་ལྔ་ཡེ་ཤེས་ལྔ། །གདུལ་བྱའི་ཕྲིན་ལས་རྣམ་པ་ལྔ་རུ་སྦྱོར། །བཛྲ་ཙིཏྟ་ཧཱུཾ། ཞབས་བསྐྱེད་མཐིང་གའི་སྤྲོ་བསྡུས་ལས། །གསལ་བའི་གོ་འབྱེད་ནམ་མཁར་འགྱུར། །དུས་གསུམ་འགྱུར་བ་མེད་པས་ཀུན་ཏུ་བཟང་། །


DNG018_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

གཏོས་ནི་འབྱུང་བ་ཀུན་ལ་ཁྱབ། །རྣ་རུ་ལྗང་གུའི་སྤྲོ་བསྡུ་ལས། །རྒྱ་གྲམ་རླུང་གི་དཀྱིལ་འཁོར་ཤར་བར་གསལ། །ཐམས་ཅད་སྐྱོད་བྱེད་ཡུམ་ཆེན་དམ་ཚིག་སྒྲོལ། །གཏོས་ནི་ནམ་མཁའི་མཐའ་དང་མཉམ། །མ་ཉིད་དམར་པོའི་འཕྲོ་འདུ་ལས། །རཀྟ་ཁྲག་གི་རྒྱ་མཚོ་འཁྱིལ། །ཐམས་ཅད་བསྐྱེད་པའི་ཡུམ་ཆེན་མཱ་མ་ཀི། །གཏོས་ནི་ནམ་མཁའི་མཐའ་དང་མཉམ། །ཐིག་ལེ་སྔོ་སྐྱའི་འཕྲོ་འདུ་ལས། །ཀེང་རུས་ཆེན་པོའི་རི་རབ་སྟེ། །ཐམས་ཅད་རྟེན་པའི་ཡུམ་ཆེན་སངས་རྒྱས་སྤྱན། །གཏོས་ནི་ནམ་མཁའི་མཐའ་དང་མཉམ། །ཧ་ཉིད་སེར་པོའི་འཕྲོ་འདུ་ལས། །བསྐལ་པའི་མེ་དཔུང་ཆེན་པོར་འབར། །འབྱུང་བ་དྲོད་སྙོམས་ཡུམ་ཆེན་ན་བཟའ་དཀར། །གཏོས་ནི་ནམ་མཁའི་མཐའ་དང་མཉམ། །ཧཱུཾ་མཛད་ཧཱུཾ་གི་བྱིན་རླབས་བསམ་མི་ཁྱབ། །འབྱུང་ལྔར་སྤྲོས་པས་ཡུམ་ལྔའི་དཀྱིལ་འཁོར་གསལ། །དབང་ཆེན་ཡུམ་དུ་བརྩེགས་པའི་བྱིན་རླབས་ཀྱིས། །ཡི་གེ་ཧཱུཾ་ཡང་ནམ་མཁའི་དབྱིངས་ན་གསལ། །ཡི་གེ་ཧཱུཾ་གི་བྱིན་རླབས་ཀྱིས། །དབང་ཆེན་ཡུམ་ལྔའི་མཁའ་དཀྱིལ་དུ། །གཟུགས་ཁམས་དབང་དུ་བསྡུ་བའི་ཕྱིར། །ལྷ་ཆེན་བརྒྱད་ནི་རྨང་དུ་བཏིང་། །འདོད་ཁམས་དབང་དུ་བསྡུ་བའི་ཕྱིར། །ཕྱོགས་སྐྱོང་བཅུ་ནི་རྩིག་པར་བརྩིགས། །སྐུ་བཞི་དཔལ་བརྒྱད་ཚང་བའི་ཕྱིར། །རྒྱལ་ཆེན་བཞི་ནི་ཀ་བར་བཙུག །གཏི་མུག་ལ་སོགས་ཡེ་ཤེས་བསྐྱེད་པའི་ཕྱིར། །ཀླུ་ཆེན་བརྒྱད་ནི་གདུང་དུ་དྲེས། །གཞལ་ཡས་མ་བསྒྲིབས་ཡོངས་སུ་གསལ་བའི་ཕྱིར། །གཟའ་ཆེན་བརྒྱད་ནི་གདན་དུ་བོར། །དུས་བཞི་འགྱུར་ལྡོག་མེད་པར་བྱ་བའི་ཕྱིར། །རྒྱུ་སྐར་རྣམས་ནི་ཕྱོགས་ནས་མིག་ཚགས་བྱས། །རྒྱལ་མཚན་བཞི་དང་བླ་རེར་བཅས། །ཉ་སྦྲུལ་མཆོག་ཕྲན་ཟ་ར་ཚགས། །བདེ་གཤེགས་གཞལ་ཡས་ཁང་གི་རང་བཞིན་ནོ། །ཨཱོཾ་དྷི་བ་ཀ་པཱ་ལ་བྷྲཱུཾ། དྷི་བ་ཀ་པཱ་ལ་བྷྲཱུཾ། དྷི་བ་ཀ་པཱ་ལ་བྷྲཱུཾ། ཨཱོཾ་རཀྴ་ཀ་པཱ་ལ་བྷྲཱུཾ། རཀྴ་ཀ་པཱ་ལ་བྷྲཱུཾ། རཀྴ་ཀ་པཱ་ལ་བྷྲཱུཾ། ཨཱོཾ་རཱ་ཛ་ཀ་པཱ་ལ་བྷྲཱུཾ། རཱ་ཛ་ཀ་པཱ་ལ་བྷྲཱུཾ། རཱ་ཛ་ཀ་པཱ་ལ་བྷྲཱུཾ། ནཱ་ག་ཀ་པཱ་ལ་བྷྲཱུཾ། ནཱ་ག་ཀ་པཱ་ལ་བྷྲཱུཾ། ནཱ་ག་ཀ་པཱ་ལ་བྷྲཱུཾ། སཱུརྻ་ཀ་པཱ་ལ་


DNG018_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

བྷྲཱུཾ། སཱུརྻ་ཀ་པཱ་ལ་བྷྲཱུཾ། སཱུརྻ་ཀ་པཱ་ལ་བྷྲཱུཾ། ཀྲོ་ཏ་ཀ་པཱ་ལ་བྷྲཱུཾ། ཀྲོ་ཏ་ཀ་པཱ་ལ་བྷྲཱུཾ། ཀྲོ་ཏ་ཀ་པཱ་ལ་བྷྲཱུཾ། ཧ་ཧ་རུ་ལུ་ཧཱུཾ་ཕཊ། ཧ་ཧ་རུ་ལུ་ཧཱུཾ་ཕཊ། ཧ་ཧ་རུ་ལུ་ཧཱུཾ་ཕཊ། ཛཿཧཱུཾ་བཾ་ཧོཿ། དེ་ལྟ་བུ་ཡི་དབུས་ཉིད་དུ། །དཀྱིལ་འཁོར་གྲུ་བཞི་མན་དྷ་ལ། །དབུས་ནི་ཟླ་གམ་ཨེ་ཡི་དཀྱིལ། །བཅུ་དྲུག་འཁོར་ལོའི་མཐའ་བསྐོར་ཞིང་། །ཧྲཱྀཿལས་པདྨ་ཉི་ཤུ་བཞི། །ཟུར་བཞི་རིན་ཆེན་ཁྲི་རྐང་ལ། །སྤྲིན་མེད་ཉི་མ་བདུན་གྱིས་བརྒྱན། །བར་ཁྱམས་གཉིས་དང་སྒོ་བཞིར་ལྡན། །བདེ་གཤེགས་བཞུགས་པ་གནས་ཀྱི་དབྱིབས་ཉིད་དེ། །རྡོ་རྗེའི་གཞལ་ཡས་ནམ་མཁའི་ཚད་མཉམ་པ། །ཀ་བ་ཡིད་བཞིན་བུམ་པ་བརྒྱད་དུ་བསྟན། །རིན་ཆེན་མཆོག་སྦྱིན་དབང་གི་ཡུམ་དུ་སྟོན། །ཀུན་ཏུ་རོལ་པས་ཅིར་ཡང་སྒྲོལ་བའི་དབྱིངས། །བྷ་ག་མ་དྷ་ལ་གྷུ་ཡ་སིདྡྷི་ཧཱུཾ། ཧཱུཾ། དབང་ཕྱུག་མར་བསྡུས་སིངྷ་ཛམ་བྷ་ལ། །དྲུག་གསུམ་ཟིལ་གནོན་རྣམ་དག་འཇོམས་མཛད་པའི། །མཐུ་རྩལ་ཆེ་བའི་ཁྱད་པར་ཀུན་ལས་འཕགས། །དོན་དམ་གསང་སྦས་དབང་ཕྱུག་རྒྱལ་བའི་བཀའ། །སིངྷ་ཛམ་བྷ་ལ་བི་མ་ལ་སི་ཏི་ཧཱུཾ། ཧཱུཾ། རིན་ཆེན་ཁྲི་རྐང་འབར་བའི་སྐུར་སྟོན་པ། །ཡོན་ཏན་དྲུག་སྟོང་དཔག་ཚད་འཕངས་དང་མཉམ། །སྤྲིན་མེད་ཉི་མ་བདུན་བརྩེགས་གསལ་བས་བརྒྱན། །རིགས་བཞི་ཁྲག་འཐུང་སྐུ་ཡི་ངོ་བོར་རྫོགས། །རཏྣ་ཏྲཱཾ། ཧཱུཾ། འདམ་གྱི་སྐྱོན་བྲལ་རཱ་གའི་མདོག །དྲི་ཞིམ་དབྱིབས་ལེགས་ཁ་དོག་སོ་སོར་གསལ། །ཆོས་དབྱིངས་ཆེ་བའི་ཁྱད་པར་རབ་སྟོན་ཕྱིར། །རིགས་མཆོག་བརྗིད་ལྡན་གསང་བ་ཡུམ་གྱི་མཁའ། །པདྨ་དྷ་ར་ཧྲཱྀཿ།ཧཱུཾ། འཇིག་རྟེན་འོད་ཀྱི་རྒྱལ་པོ་ཉི་ཟླའི་དཀྱིལ་འཁོར་ནི། །ཐབས་མཆོག་བརྗིད་ལྡན་འོད་ཟེར་ཕྱོགས་བཅུར་འགྱེད། །སྟོང་གསུམ་མུན་ནག་གཏིང་ནས་སེལ་མཛད་པའི། །ཡེ་ཤེས་གསལ་བའི་མེ་ལོང་མཱ་མ་ཀི། །སཱུརྻ་མ་དྷ་ལ་ཧཱུཾ། ཙནྡྲ་ཨ། ཉི་ཟླ་དེ་དཀྱིལ་གདན་སྟེངས་སུ། །ནམ་མཁའི་ཡི་གེ་ཧཱུཾ་བབ་སྟེ། །རྣམ་གསུམ་ཚུལ་གྱིས་སྐུ་ཉིད་རྫོགས། །ཕྱག་རྒྱ་ཆེན་པོ་བཞི་དང་ལྡན། །ཨཱོཾ་བཛྲ་སཏྭ་ཡ་ཏ་ཨཱདྨ་ཀོ྅ཧཾ། བཅོམ་ལྡན་དཔལ་མཆོག་རྡོ་རྗེ་སེམས་དཔའ་ནི། །སྐུ་གསུམ་


DNG018_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུན་གྲུབ་དབུ་གསུམ་བརྗིད་པར་ལྡན། །མཐིང་ག་དཀར་གསལ་པདྨ་རཱ་གའི་ཞལ། །རྒྱུད་དྲུག་རྩད་གཅོད་ཡེ་ཤེས་དྲུག་གི་ཕྱག །གཡས་པས་རྡོ་རྗེ་འཁོར་ལོ་པདྨ་འཛིན། །གཡོན་པས་དྲིལ་བུ་རིན་ཆེན་རལ་གྲི་འཛིན། །རྣམ་པ་ཐམས་ཅད་མཆོག་དང་རབ་ལྡན་པས། །ཐམས་ཅད་རྒྱན་གྱི་མ་ལུས་ཡོངས་སུ་རྫོགས། །སྤྱན་དྲངས་མཆོད་པ་རྫོགས་པ་དང་། །བསྒྲུབ་པའི་དོན་དུ་མཆོད་པ་འབུལ། །དབང་དང་བྱིན་རླབས་དངོས་གྲུབ་སྩོལ། །གསོལ་བྱས་དེ་གནང་ཐོབ་དམིགས་ལ། །བདག་ཉིད་ཞེ་སྡང་རྡོ་རྗེ་ལས། །རིགས་གཉིས་ལུང་གི་བརྒྱུད་པ་དང་། །འགྲོ་དྲུག་གནས་ནས་དྲང་བའི་ཕྱིར། །ཡི་གེ་ཧཱུཾ་དྲུག་ཆོ་འཕྲུལ་བསྟན། །ཁྲོ་བོའི་རྒྱལ་པོ་ཁྲོ་བའི་ཧཱུཾ་སྒྲ་ཅན། །ཧཱུཾ་གིས་ཁམས་གསུམ་མ་ལུས་དབང་དུ་སྡུད། །ཧཱུཾ་གིས་མ་རིག་དུག་གསུམ་མུན་ཁང་འཇོམས། །ཧཱུཾ་གིས་དུས་གསུམ་རྒྱལ་བ་ཐམས་ཅད་བསྐྱེད། །ཧཱུཾ་གིས་ཐམས་ཅད་འཇིགས་ཤིང་ཐམས་ཅད་སྡུད། །ཧཱུཾ་གིས་ངན་སོང་གནས་རྣམས་སྟོངས་པར་བྱེད། །ཧཱུཾ་གིས་བླ་མེད་བྱང་ཆུབ་གནས་སུ་སྒྲོལ། །ཧཱུཾ་མཛད་ཧཱུཾ་གི་བྱིན་རླབས་བསམ་མི་ཁྱབ། །ཧཱུཾ་ཡིག་དྲུག་ལས་འོད་ཟེར་འབུམ་སྤྲོས་པས། །ལྷུན་གྱིས་རྫོགས་པའི་སངས་རྒྱས་ཐུགས་དམ་བསྐུལ། །ཉོན་མོངས་འཁོར་བའི་སེམས་ཅན་སྡིག་སྦྱངས་ཏེ། །བླ་མེད་བྱང་ཆུབ་བདེ་ཆེན་དབྱིངས་སུ་བསྡུས། །ཨཱོཾ་པདྨ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚན་ཧ་ན་ཏ་ཀ་པ་ཙ་ཧཱུཾ་ཕཊ། སྐུ་བཞི་གཅིག་ཏུ་བསྒོམས་པས་ཀུན་ཏུ་ཞལ། །སྐུ་མདོག་པདྨ་རྒྱས་པའི་དབུ་ལྔར་ལྡན། །དབུ་སྐྲ་ཁམ་ནག་རལ་པ་གྱེན་དུ་འཁྱིལ། །བཅོ་ལྔའི་སྤྱན་བཟློག་སྨིན་མཚམས་ཁྲོ་གཉེར་བརྗིད། །སྙན་བཅུས་གསན་ཅིང་ཤངས་ལྔས་སྒྲ་ཆེན་འབྱིན། །ཞལ་ལྔ་རྔམ་ཞིང་བརྗིད་པའི་སྨང་ར་འཁྱུག །ལྗགས་ལྔ་འགྲིལ་ཞིང་དཀར་བའི་མཆེ་བ་གཙིགས། །བཅུ་དྲུག་ཕྱག་ན་མཚོན་ཆ་སྣ་ཚོགས་བསྣམས། །ཞབས་བརྒྱད་ཟིལ་གནོན་སྟངས་སྟབས་ཚུལ་དུ་བཞུགས། །གཡས་ཀྱི་ཕྱག་བརྒྱད་ཕྱག་ན་བསྣམས་པ་ནི། །རྡོ་རྗེ་ལྕགས་ཀྱུ་སྦྲུལ་གྱི་ཞགས་པ་དང་། །ཅང་ཏེའུ་ཁ་ཊྭཱཾ་ཐོད་རློན་ཁྲག་གིས་


DNG018_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

བཀང་། །རྡོ་རྗེ་རྩེ་དགུ་དང་ནི་རྩེ་ལྔ་དང་། །རྩེ་གསུམ་རྩེ་གཅིག་འབར་བ་གསོར་ཞིང་བརྡེག །གཡོན་གྱི་ཕྱག་བརྒྱད་ཕྱག་ན་བསྣམས་པ་ནི། །རྡོ་རྗེ་ལྕགས་ཀྱུ་སྡིགས་མཛུབ་ལུ་གུ་རྒྱུད། །ཐོད་རློན་ཞལ་དུ་སྟོབ་དང་ཁྲོ་བོ་བརྒྱད་སྙིང་འཛིན། །ཅང་ཏེའུ་ཁ་ཊྭཱཾ་ལྕགས་ཀྱུ་ལྷན་ཅིག་བསྣམས། །ཧ་ཧ་རུ་ལུ་ཧཱུཾ་ཕཊ། ཧ་ཧ་རུ་ལུ་ཧཱུཾ་ཕཊ། ཆོས་དབྱིངས་ཡོན་ཏན་འབྱུང་གནས་གཞལ་མེད་ཁང་། །རྒྱལ་བ་འཁོར་བཅས་དབུ་ལྔའི་ཅོད་པན་འཛིན། །ཕྱོགས་བཞི་དབུས་དང་རིགས་ལྔའི་སྐུར་སྟོན་པ། །སྤྱི་མཐུན་ལྔ་ལྔར་སྣང་བས་ནམ་མཁའི་རྒྱན་དུ་ཆེ། །ཨཱོཾ་ཙཀྲ་ཨཱོཾ་བྷྲཱུཾ། ཙཀྲ་ཧཱུཾ་བྷྲཱུཾ། ཙཀྲ་ཏྲཱཾ་བྷྲཱུཾ། ཙཀྲ་ཧྲཱྀཿབྷྲཱུཾ། ཙཀྲ་ཧཱ་བྷྲཱུཾ། བྷུཌྜྷ་ཡ་ཐཱ་ཏ་ཏྭ་ཨ་ཧཾ། བཛྲ་ཡ་ཐཱ་ཏ་ཏྭ་ཨ་ཧཾ། རཏྣ་ཡ་ཐཱ་ཏ་ཏྭ་ཨ་ཧཾ། པདྨ་ཡ་ཐཱ་ཏ་ཏྭ་ཨ་ཧཾ། ཀརྨ་ཡ་ཐཱ་ཏ་ཏྭ་ཨ་ཧཾ། ཀ་མ་ལ་མུ་ཁ། ཀ་མ་ལ་སི་ཏི། ཀ་མ་ལ་ཤ་ཛ་ཨོཾ་ཨཱཾཿཧཱུཾ། དབུ་གཙུག་ལྷག་པར་རྟ་མགོ་ལྗང་ནག་ལྔ། །ཕྱོགས་བཅུ་ཁྱབ་པར་གཟིགས་ཤིང་དབང་གི་རྟ་སྐད་སྒྲོགས། །དབང་གི་རྟ་གདོང་མགྱོགས་པའི་ཕྲིན་ལས་ནི། །རྣམ་ཤེས་ཡིད་མྱུར་གློག་གི་རྒྱན་དུ་སྣང་། །ཨཱོཾ་ཤྲཱི་པདྨ་བི་མོཀྵ་ཡོ་གཱི་ཤྭ་རཱི། ཧ་ཡ་གྷྲཱི་བ་ཧྲིཾ་ཧྲིཾ། སྐྱེ་བ་མེད་ལས་སྐྱེས་པའི་ཚུལ། །མཚན་མ་མེད་ལས་མཚན་མར་སྣང་། །ཐུགས་ཀར་དཔལ་བེའུ་ཤར་བ་ནི། །སྐྱེས་བུ་ཆེན་པོ་ཉིད་ཀྱི་རྟགས། །ཨཱོཾ་ཛྙཱ་ན་སཏྭ་ཧཱུཾ་ཛཿཨཱོཾ་ཨཱཾ་ཧཱུཾ། རྡོ་རྗེ་རིན་ཆེན་སྦྲུལ་ནག་གཤོག་པ་ནི། །རྟོགས་པས་འཕང་གཅོད་ཕྲིན་ལས་རླབས་ཀྱིས་སྡུད། །ཉི་མ་སྟོང་གིས་བརྒྱན་པའི་ཐེའུ་གཤོག་ཅན། །མཁའ་འགྲོ་རྒྱལ་པོ་རྒྱལ་མོའི་སྤྲུལ་པ་འགྱེད། །ཨཱོཾ་ཛྭ་ལ་ཛྭ་ལ་ཨ་མུ་ཀ་ཧཱུཾ། ཛྭ་ལ་ཛྭ་ལ་ཨ་མོ་ཀ་ཏྲཱཾ། མཚུངས་མེད་ཆེ་བའི་ཁྱད་པར་རབ་སྟོན་ཕྱིར། །ང་རྒྱལ་མཐུ་བསྙེམས་བདུད་ཀྱི་དཔུང་བཅོམ་ནས། །འཇིག་རྟེན་འདས་པའི་ཁྲོ་བོ་ཆེན་པོ་བརྒྱད། །ཆེ་བའི་རྟགས་དང་ལྡན་པས་དབང་ཕྱུག་ཡང་ཆེན་གནོན། །ཨཱོཾ་ནཱ་ན་ཡ་སྟམྦྷ་ནི། ནཱ་ཤ་ཡ་སྟམྦྷ་ནི་ཧཱུཾ། སུཾ་བྷ་ནི་སུཾ་བྷ་ཧཱུཾ། ཞབས་བརྒྱད་ཏིང་འཛིན་བརྒྱད་ཀྱི་ཆས་དང་ལྡན། །བཀའ་དང་དམ་ཚིག་གནས་པར་བྱ་བའི་ཕྱིར། །སྙིང་གར་མཁྲིག་མ་བསྣུབས་ཤིང་སྒལ་ཚིགས་འཇོམས། །ཉོན་མོངས་


DNG018_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

ཉམ་ཐག་འབོད་སྒྲོགས་སྒྲ་ཆེན་འབྱིན། །དཔའ་བོ་རབ་བརྗིད་ཏིང་འཛིན་སྟག་གི་ཆས། །རྣོ་གདུག་ཟློག་བྱེད་རྒྱ་བྱེའུ་ལྕགས་ཀྱི་ཆས། །ཤེས་རབ་ཏིང་འཛིན་རྡོ་རྗེ་ཕྱེད་པའི་ཆས། །དབང་གི་བསེ་ཁྲབ་སྨུག་པོ་གཟི་འབར་ཆས། །དཔའ་བརྗིད་མཉེན་ལྕུག་སྦྲུལ་ནག་འཁྲིལ་བའི་ཆས། །དབང་ཕྱུག་དམར་གསལ་མཆེ་བ་ཆགས་པའི་ཆས། །ཤུ་ཀེང་སྨད་གཡོགས་ཆུ་རིས་དར་གྱི་ཆས། །གཅན་གཟན་རྒྱལ་པོ་ཐབས་མཆོག་གཟིག་གི་ཆས། །ཞབས་ཀྱི་ཆས་བརྒྱད་ཏིང་འཛིན་བྱེ་བྲག་གིས། །ཕྱོགས་མཚམས་ཁྲོ་བོ་ཚུལ་བཞིན་གནས་པར་བྱའོ། །ཧཱུཾ་ཀཱ་ར་དང་མི་གཡོ་མགོན། །གཤིན་རྗེ་གཤེད་དང་དབྱུག་སྔོན་ཅན། །གཡས་ཀྱི་ཞབས་བཞིའི་གདན་དུ་བཏིང་། །པྲ་བེ་ཤ་ཡ་ཕཊ། ས་མ་ཡ་ཧོ། ས་མ་ཡ་སྟྭཾ། པདྨ་འཁྱིལ་དང་འདོད་པའི་རྒྱལ། །བདུད་རྩི་འཁྱིལ་དང་སྟོབས་པོ་ཆེ། །གཡོན་གྱི་ཞབས་བཞིའི་གདན་དུ་བཏིང་། །པྲ་བེ་ཤ་ཕཊ། ས་མ་ཡ་ཧོ། ས་མ་ཡ་སྟྭཾ། རཾ། འབར་བ་འཕྲོ་བ་ཡེ་ཤེས་ཐུགས་རྗེར་ལྡན། །གདུག་པའི་ཚོགས་འཇོམས་ཉོན་མོངས་དུག་བསྲེག་ཅིང་། །ཤེས་རབ་གསལ་བས་མ་རིག་མུན་པ་སེལ། །བསྐལ་པའི་མེ་དཔུང་འབར་བ་སྟོང་ལ་གནས། །རཾ་ཛ་ལ་སྥ་ར་ཎ་ཧཱུཾ། དུང་ཆེན་ཁོང་གསེང་རྒྱུ་མའི་ཐོད་ཕྲེང་ནི། །དུས་གསུམ་སངས་རྒྱས་ཡེ་ཤེས་ལྔ་དང་ལྡན། །སྐུ་གསུང་ཐུགས་ལྡན་རྡོ་རྗེ་རྩེ་གསུམ་འབར། །དབང་པོ་དབྱེར་མེད་སྟོང་པའི་རྒྱན་དུ་སྣང་། །ཨཱོཾ་རཏྣ་ཀྲོ་ཏཱི་ཤྭ་རཱི་སྨ་ཤ་ནི་བ་བི་ཤ་ན། ནི་ལ་ཛ་ལ་མ་ལ་མ་ཀུ་ཏེ་མ་ཧཱ་པྲ་དཾ་པྲ་བེ་ཤ་ཀ་པ་ལ།རུ་ལུ་ར་ལི་ཧ་སྡི་ཁ་ཊྭཱཾ་ག་ཏྲི་ཤཱུ་ལ། ཏུན་དུ་མ་ལ་ཧཱུཾ་ཧཱུཾ་ཕཊ། ཐོད་སྦྲུལ་མཉེན་ལྕུག་འཇིགས་བྱེད་རྒྱན་དུ་ཆེ། །སྦྲུལ་ནག་སྟོང་གིས་བརྒྱན་པའི་རྔོམ་བརྗིད་ཅན། །ཀླུ་ལྔས་མཆོད་ཕྱིར་སྐུ་ཡི་གནས་ལྔར་འཁྲིལ། །དུག་ལྔ་མ་སྤངས་དབང་གི་རྟགས་སུ་བསྟན། །ནཱ་ག་རཱ་ཛ་ཧ་ར་རུ་ལུ་ཧཱུཾ་ཕཊ། རྣོ་གདུག་ཞེན་པ་བཟློག་པས་བདུད་བཞི་འཇོམས་པ་དང་། །ཁམས་གསུམ་གཡུལ་ལས་རྒྱལ་བའི་རྟགས་སུ་བསྟན། །ཞིང་ལྤགས་གོས་སུ་གསོལ་བས་དུར་ཁྲོད་བདག །འགྲོ་སྲེ་འདོམས་སུ་བསྡུས་པས་ཕྱི་ནང་གསང་བར་གཅིག །གླང་ཆེན་ཀོ་རློན་བརྗིད་


DNG018_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཆེ་བ་དང་། །སྟག་ཆེན་ཤམ་ཐབས་དཔའ་བར་ལྡན་པ་དང་། །ཞིང་ལྤགས་རློན་པ་ཐབས་ལ་མཁས་པ་ཡི། །ན་བཟའ་རྒྱན་གྱིས་སྐུ་ལ་མངའ་གསོལ་ལོ། །བམ་སྣིག་ཏ་ཛྭ་ལ་ཧཱུཾ། སྐྱེ་མེད་དབྱིངས་ནས་སྐྱེ་བའི་ཆོ་འཕྲུལ་བསྟན། །མི་གནས་དབང་ཆེན་ཐུགས་ཀྱི་དཀྱིལ་འཁོར་ནས། །ཕྱོགས་བཅུ་དུས་གསུམ་སངས་རྒྱས་འབྱུང་བའི་ཡུམ། །ཀྲོ་ཏཱི་ཤྭ་རཱི་གཟི་ལྡན་ཕྱག་རྒྱར་གསལ། །ཨཱོཾ་ཨེ་ཀ་བི་ཀ་ཏེ་མ་ཏ་ཀ་ཏེ་སྭཱ་ཧཱ། ཛ་ཨཱོཾ་ཨཱཾ་ཧཱུཾ། ཟུར་གསུམ་ལོགས་གསུམ་གདན་སྟེངས་སུ། །ཕྱག་རྒྱ་ཆེན་པོ་བཞི་ལས་མ་གཡོས་ཏེ། །གནས་པ་བྱང་ཆུབ་སེམས་ལ་རྟག་བཞུགས་ཀྱང་། །འཇུག་དང་སྨོན་དང་ལྡན་པས་འགྲོ་དོན་མཛད་སླད་དུ། །རིགས་མཆོག་གསང་ཡུམ་ཁམ་རྒྱ་དྲུག་ཏུ་གསལ། །བྷུཌྜྷ་བཛྲ་ཨཱོཾཿ། སརྦ་བཛྲ་ཧཱུཾ། རཏྣ་བཛྲ་ཏྲཱཾ།པདྨ་བཛྲ་ཧྲཱྀཿ། ཀརྨཱ་བཛྲ་ཧཱ། གྷུ་ཎ་བཛྲ་ཕཊ། ཐོད་རུས་ཉི་ལྟར་ཤར་བའི་བར་ཁྱམས་དང་པོ་ལ། །ཆོས་ཉིད་སྤྲོས་དང་བྲལ་བའི་རང་བཞིན་ལས། །མཚན་མའི་དངོས་པོ་རྟོག་པ་མི་མངའ་ཡང་། །ཁམས་གསུམ་འཁོར་བ་རྣམས་ཀྱི་དོན་སླད་དུ། །སྤྲུལ་སྐུ་ལོང་བ་བརྒྱད་དང་དམུས་ལོང་དྲུག་ཅུར་གསལ། །ཨཱོཾ་ཤྭ་རི་ཁཱ་ཧི་ཤྭ་རི་ཁཱ་ཧི་ཧཱུཾ། མེ་རི་སྤྲིན་ལྟར་འཁྲིགས་པའི་བར་ཁྱམས་ཐ་མ་ལ། །དེ་བའི་བདུད་འཇོམས་འབར་བའི་ཞབས་བརྒྱད་ལ། །སྐྱེ་མེད་དོན་རྟོགས་ལྕགས་ཀྱི་སྤྱང་མོ་བརྒྱད། །ཕྱི་ནང་གཉིས་མེད་རྟོག་འཇོམས་ཁྱི་བརྒྱད་གཉིས། །རྩ་བ་རང་སྔགས་བརྗོད་པས་ཕྱག་རྒྱར་གསལ། །ཏིཔྟ་ཙཀྲ་ཤྭ་ན་མུ་ཁ་ཁ་ལོ་ཁ། ཀུ་ཀུ་རཱ་ཙ་རཀྴ་ཁ་ལོ་ཁ་ཧཱུཾ་ཕཊ། འབར་ཆེན་དཀྱིལ་འཁོར་ཕྱོགས་བཞིའི་སྒོ་བཞི་ན། །ཐེག་ཆེན་དགུ་དང་ལྡན་པའི་ཕྱིར། །མགོ་དགུ་པོ་ལ་རྐང་གཅིག་པོ། །རྣམ་ཐར་བརྒྱད་ལ་གཟུད་པའི་ཕྱིར། །མགོ་བརྒྱད་ལག་བརྒྱད་རྐང་བརྒྱད་པོ། །ཡེ་ཤེས་དྲུག་ལྡན་རྟོགས་པའི་ཕྱིར། །མགོ་དྲུག་ལག་དྲུག་རྐང་དྲུག་པོ། །སྐུ་གསུང་ཐུགས་དང་དབྱེར་མེད་ཕྱིར། །མགོ་གསུམ་ལག་དྲུག་རྐང་གསུམ་པོ། །སྔགས་བརྗོད་ཙམ་གྱིས་ཕྱག་རྒྱར་གསལ། །ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཏྲཱཾ་ཧཱུཾ་ཕཊ། ཧྲཱྀཿཧཱུཾ་ཕཊ།ཧཱ་ཧཱུཾ་ཕཊ། སྟེང་འོག་ཕྱོགས་མཚམས་ཐབས་དང་ཤེས་རབ་ལས། །བྱང་


DNG018_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་ཀྱི་རང་བཞིན་མེ་དབལ་རླུང་། །འཁོར་བ་དོང་སྤྲུག་བག་ཆགས་བསྲེག་པའི་ཕྱིར། །སྔགས་བརྗོད་ཙམ་གྱིས་མེ་རླུང་འབྲུག་ཏུ་གསལ། །ཛི་ན་ཁ་ཏོ་ཙེ་རེ་མ། ཡཀྴ་ཀུ་བ་ན་ཙ་ཧཱུཾ། ཧཱུཾ། བདེ་གཤེགས་ཕོ་བྲང་རིན་ཆེན་གཞལ་ཡས་ནི། །ཡིད་བཞིན་འབྱོར་ལྡན་རྒྱལ་བ་རྒྱ་མཚོའི་དབྱིངས། །ཤེས་རབ་ཟབ་མོ་རྣམ་དག་ཡུམ་གྱི་མཁའ། །བྷ་གའི་ཀློང་ནས་སྤྲུལ་པ་མང་པོ་འབྱུང་། །སྣ་ཚོགས་ཡོན་ཏན་གསང་བ་མཛོད་ཀྱི་གཏེར། །ཁྲོ་བོ་འབྱུང་གནས་དཔལ་ཆེན་རྔམ་པའི་ཡུམ། །ཏུག་ཆོམ་འབྲུག་སྒྲས་སྟོང་གསུམ་ཡོངས་སུ་ལྡིར། །ནམ་མཁའི་མཐའ་དང་མཉམ་པས་ཆོས་ཀྱི་དབྱིངས། །ཕྱོགས་བཅུ་རྒྱ་མ་ཆད་པས་དཔག་ཅིང་ཚད་ལས་འདས། །ཚད་མེད་ཡོན་ཏན་དཔག་གིས་མི་ལང་སྟེ། །ཀླུ་ཆེན་ཕོ་མོ་བསྣོལ་བའི་གདུང་ཕྱི་ལ། །རྒྱལ་ཆེན་རིགས་བཞི་གཞིབས་པའི་ཀ་བ་བཙུགས། །ལྷ་ཆེན་དྲེགས་པ་བཅོམ་པའི་བརྩིག་རྨང་ལ། །ཕྱོགས་སྐྱོང་ཕོ་མོ་བསྣོལ་བའི་བརྩིག་ཏུ་བརྩིགས། །གཟའ་བརྒྱད་བད་དུ་བཀྲམ་པའི་དྲལ་དྲབ་ལ། །རྒྱུ་སྐར་རྣམས་ཀྱིས་ཕྱོགས་ནས་མིག་ཚགས་བྱས། །ཞིང་ཆེན་བླ་རེ་མཆོག་ཕྲན་འཕན་གདུགས་དང་། །ཉ་ཆེན་བླུད་བུ་སྦྲུལ་ཆེན་ཟ་ར་ཚགས། །ཆུ་སྲིན་སྒོ་དང་མེ་རི་སྤྲིན་ལྟར་འཁྲིགས། །ཐོད་རུས་བར་ཁྱམས་རྡོ་རྗེའི་གཟེར་མགོ་ལ། །ཉི་མ་ཟླ་བ་བར་སྣང་ཡོས་ལྟར་བསྐད། །དབུས་ཀྱི་འཁོར་ལོ་ལྟེ་བ་ཟླུམ་པོ་ལ། །སྐར་མ་རྒྱལ་གྱི་འོད་ཟེར་གདུབ་བུར་བསྐོར། །སྔ་མ་འདས་པའི་རྒྱལ་སྲས་གསང་བའི་གནས། །སླད་ཀྱིས་འབྱོན་པའི་རྒྱལ་སྲས་གཤེགས་པའི་ཤུལ། །ད་ལྟར་བཞུགས་པའི་ཁྲོ་བོའི་གཞལ་ཡས་ལ། །གར་གྱི་དབང་ཕྱུག་ཆེན་པོས་བསྟོད་པའི་ཕྱིར། །ཏིང་འཛིན་ལྷ་ཡི་བུ་དང་གང་ཟག་རྣལ་འབྱོར་པས། །སྨོན་ལམ་མཐུན་པའི་ཚུལ་གྱིས་ཕྱག་འཚལ་བསྟོད། །ཨཱོཾ་དྷརྨ་དྷཱ་ཏུ་གྷུ་ཧྱ་མ་དྷ་ལ་རཱ་ག་སིདྡྷི་བྷྲཱུཾ། དེ་ལྟར་བསྐྱེད་པའི་དཀྱིལ་འཁོར་དུ། །རང་བཞིན་དཀྱིལ་འཁོར་འཁོར་དང་བཅས། །སྤྱན་དྲངས་མཆོད་པ་རྫོགས་ནས་ནི། །བསྒྲུབ་པའི་དོན་དུ་བསྙེན་པ་འབུལ། །དབང་དང་བྱིན་རླབས་


DNG018_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་སྩོལ། །གསོལ་བས་དེ་གནང་ཡིད་ཀྱིས་དམིགས། །དཀྱིལ་འཁོར་བསྡུས་ལ་བཀྲ་ཤིས་གསོལ། །ལུས་བསྲུང་བ་དང་གོ་བགོ་བྱ། །དབང་ཆེན་བསྡུས་པའི་ཏནྟྲ་ལས། བསྒོམ་ཁོག་རྩ་བའི་ལེའུ་སྟེ་བཅུ་གཅིག་པའོ།། །།གང་དུ་བསྐྱེད་པའི་གཞལ་ཡས་སུ། །ལྷ་རྣམས་སྔགས་ཀྱིས་བསྐྱེད་བྱས་ནས། །གཙོ་བོའི་སྐུ་མདོག་ཕྱག་མཚན་ནི། །གོང་དུ་སྨོས་པའི་གཞུང་དང་མཐུན། །ཡུམ་གྱི་སྐུ་མདོག་ཕྱག་མཚན་ནི། །ཞལ་གཅིག་ཕྱག་ཀྱང་གཉིས་པ་སྟེ། །གཡས་པས་ཡིད་བཞིན་ནོར་བུ་འཛིན། །གཡོན་པས་རིན་ཆེན་ཟ་མ་ཏོག །གསང་བའི་དཀྱིལ་འཁོར་བསྐྱེད་པའི་ཕྱིར། །གཟི་ལྡན་ཐུགས་ཀྱི་དཀྱིལ་འཁོར་དུ། །གྲུ་གསུམ་མཱུཾ་དང་བཅས་པར་དམིགས། །གཙོ་བོ་ཡབ་ཀྱི་ཐུགས་ཀ་རུ། །རྩེ་ལྔ་ཨཱོཾ་དང་བཅས་པར་དམིགས། །མཱུཾ་དང་ཨོཾ་དུ་ལྡན་བྱས་ཏེ། །ཡི་གེ་འབྲུ་བཅུ་བཞིའི་ཕྲེང་བ་ཡིས། །ཐུགས་ནས་སྐུ་ཡི་གསང་བརྒྱུད་པས། །དང་པོ་གསུང་གི་ཡིག་འབྲུ་ལ། །གཉིས་པ་ཐུགས་ཀྱི་ཕྱག་མཚན་ཏེ། །གསུམ་པ་སྐུར་འགྲུབ་ཡུངས་འབྲུའི་ཚུལ། །ཨཱོཾ་ལས་དབང་ཆེན་ཡབ་ཡུམ་སྐུ། །ཡན་ལག་བཞི་ལས་གྱུར་པ་ནི། །རིགས་བཞི་ཡབ་ཡུམ་བརྒྱད་ཀྱི་སྐུ། །ཧུ་ལུ་གོང་མ་ཏ་ཀི་མ་མོ་བརྒྱད། །ཧུ་ལུ་འོག་མ་ཏ་ཀི་ཕྲ་མེན་བརྒྱད། །དེ་ཡི་ཡོན་ཏན་ཕྲིན་ལས་ལས། །སྐུ་གསུང་ཐུགས་སུ་གྲུབ་པ་ནི། །ཁམ་རྒྱ་ཆེན་མོ་དྲུག་གི་སྐུ། །ཧཱུཾ་ལས་སྒོ་སྲུང་བཞི་རུ་འགྱུར། །ཕྲ་ལས་ལོང་བ་དམུས་ལོང་ཚོགས། །ཏ་ལས་སྤྱང་མོ་ཁྱི་ཡི་ཚོགས། །ཨེ་ལས་ཡུམ་གྱི་གཞལ་ཡས་ཁང་། །དཀྱིལ་འཁོར་གཞུང་དང་མཐུན་པར་དམིགས། །ཡེ་ཤེས་འབྲུ་ལས་བསྐྱེད་པ་ཡིས། །དཀྱིལ་འཁོར་ལྷ་རྣམས་བཞུགས་སུ་གསོལ། །ཨཱ་ནི་མ་སྐྱེས་ཆོས་ཀྱི་དབྱིངས། །ར་ལི་རིག་པ་བྱང་ཆུབ་སེམས། །ཧྲིཾ་ནི་སྐུ་གསུང་ཐུགས་ཀྱི་བདག །ཛཿས་ནི་ཐམས་ཅད་དབང་དུ་བསྡུས། །དེ་ནི་ཡིག་འབྲུ་བཅུ་བཞི་ལས། །གསང་བའི་དཀྱིལ་འཁོར་བསྒྲུབ་པའོ། །དབང་ཆེན་ཐུགས་ཀྱི་དཀྱིལ་འཁོར་ནས། །ཡི་གེ་བཅུ་བཞི་འོད་དུ་འཕྲོས། །གཟི་ལྡན་ཡུམ་གྱི་གཞལ་ཡས་སུ། །ཐུགས་


DNG018_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྐུ་ཡི་གསང་བརྒྱུད་དེ། །གསེར་ཞུན་ལྟ་བུར་འཁྱིལ་པ་ལ། །ཛྙཱ་ན་སཏྭ་ཞེས་བརྗོད་པས། །ཡེ་ཤེས་སེམས་དཔའི་སྐུར་གྱུར་ཏེ། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར། །གཡས་པས་ཡིད་བཞིན་ནོར་བུ་འཛིན། །གཡོན་པས་རིན་ཆེན་ཟ་མ་ཏོག །གསང་བ་ཚེ་ཡི་དངོས་གྲུབ་སྟེ། །བྱང་ཆུབ་སེམས་ཀྱི་གྲུབ་རྟགས་སོ། །གཙོ་བོ་ཡབ་ཡུམ་ཐུགས་ཀ་ནས། །ཧཱུཾ་དང་ཨེ་ཡི་སྤྲོ་བསྡུ་ལས། །རྡོ་རྗེ་པདྨ་བྱིན་བརླབས་ནས། །ཡུམ་གྱིས་ཡབ་ལ་འདི་སྐད་བསྐུལ། །ཧཱུཾ། བདེ་གཤེགས་གཉིས་མེད་རྣལ་འབྱོར་ཟབ་མོ་ལ། །ཐབས་དང་ཤེས་རབ་ཟུང་དུ་ཡེ་འདྲེལ་ཡང་། །འགྲོ་དོན་ཡིད་བཞིན་ཤུགས་ཀྱིས་མཛད་སླད་དུ། །བྱང་ཆུབ་སེམས་ཀྱི་སྤྲོ་བསྡུ་གཏང་བའི་ཕྱིར། །གཉིས་མེད་སྦྱོར་བ་ད་ནི་དུས་ལ་བབ། །ཨ་ལ་ལ་ཧོ། ཡབ་ཀྱིས་ཡུམ་ལ་འདི་སྐད་བསྐུལ། །ཧཱུཾ། རྡོ་རྗེ་རྒྱལ་པོ་ཀུན་འཇུག་ཕྱིར། །རིན་ཆེན་རྡོ་རྗེ་བླ་ན་མེད། །ཆོས་ཀྱི་རྡོ་རྗེའི་གླུ་བླངས་པས། །ལས་ཀྱི་རྡོ་རྗེ་གར་བྱེད་འགྱུར། །བྱང་ཆུབ་སེམས་ཀྱི་འོད་ཟེར་ལས། །ནན་ཏན་མཆོད་པ་འབུལ་བས་ནི། །ཚིམ་འགྱུར་གཉི་གར་སྤྲོ་བར་བྱ། །ཨ་ལ་ལ་ཏེ་དུས་ལ་བབ། ཨཱོཾ་བྷྲཱུཾ། ཧཱུཾ་བྷྲཱུཾ། ཏྲཱཾ་བྷྲཱུཾ། ཧྲཱྀཿབྷྲཱུཾ། ཨཱཿབྷྲཱུཾ། ནྲྀ་བྷྲཱུཾ། བདེ་གཤེགས་རིགས་ལྔའི་དཀྱིལ་འཁོར་ནས། །ཛཿལས་ལྷ་མོ་ལྕགས་ཀྱུ་ཅན། །སྟོང་ཁམས་ཁྱབ་པར་སྤྲོས་པའི་ཚེ། །འགྲོ་བ་ཡོངས་ཀྱི་ཚེ་ལ་མངའ་མཛད་མ། །རྡོ་རྗེའི་རིག་འཛིན་ཚེ་ལ་དབང་བསྒྱུར་ཞིང་། །རི་རབ་རྨང་དྲལ་རྒྱ་མཚོའི་གཏིང་དྲལ་ཏེ། །དྲེགས་པ་གཤིན་རྗེའི་ལག་ན་གནས་པའི་ནྲྀ། །ཇི་ལྟར་ལྕགས་ཀྱུས་ཉ་རྣམས་དྲངས་པ་བཞིན། །ཟླ་གསལ་དྲི་མེད་ཐུགས་ཀྱི་དཀྱིལ་འཁོར་དུ། །ཨཱ་ཡུ་ཚེ་ཡི་ལས་རྣམས་འགྲུབ་པར་མཛོད། །ཨཱོཾ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཨེ་ཨཱ་ར་ལི་ཧྲཱིཾ་ཛཿཧཱུཾ་ཕཊ། གསང་ཆེན་ཐུགས་ཀྱི་དཀྱིལ་འཁོར་དུ། །ཡིག་འབྲུ་བཅུ་བཞིའི་འཕྲོ་འདུ་ཡིས། །ནྲྀ་ཡི་རང་བཞིན་ཧཱུཾ་དུ་གྱུར། །ཧཱུཾ་ལས་ཡེ་ཤེས་སེམས་དཔའི་སྐུ། །སྲན་ཟླུམ་ཙམ་གྱི་ཟླ་དཀྱིལ་དུ། །ཡུངས་འབྲུ་ཙམ་གྱི་ཕྱག་རྒྱ་གསལ། །ཡིད་བཞིན་རིན་ཆེན་ཟ་མ་ཏོག །མི་འཛིན་འཛིན་པའི་ཚུལ་དུ་གནས། །མི་


DNG018_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

གནས་གནས་པའི་སྦ་ཐབས་ནི། །སྐྱེ་བ་མེད་པའི་དབྱིངས་སུ་སྦ། །གསང་བ་ཡུམ་གྱི་མཁའ་ལ་སྦ། །རང་རིག་ཡེ་ཤེས་གདེང་ལ་སྦ། །དེ་གསུམ་དང་དུ་ལོན་ནས་ནི། །འདུ་འབྲལ་བྱ་བའི་མིང་ཡང་མེད། །དབང་ཆེན་བསྡུས་པའི་ཏནྟྲ་ལས། གསང་གནས་ཚེ་ཡི་ལེའུ་སྟེ་བཅུ་གཉིས་པའོ།། །།གང་དུ་བསྐྱེད་པའི་གཞལ་ཡས་སུ། །དཀྱིལ་འཁོར་ལྷ་རྣམས་སྔགས་ཀྱིས་བསྐྱེད། །སྤྱན་དྲང་མཆོད་པ་རྫོགས་ནས་ནི། །ཁམས་གསུམ་རྒྱུད་དྲུག་བསྒྲལ་བའི་དོན་སླད་དུ། །སྔོན་གྱི་རྒྱལ་བས་ཐུགས་དམ་བཞེས་པ་ནི། །ལོག་རྟོག་འཁྲུལ་པའི་ཞེན་པ་བཟློག་པ་དང་། །སྐྱེ་འཆི་འཁོར་བའི་འདམ་ནས་དབྱུང་བའི་ཕྱིར། །རྟོག་པས་བདག་བསྒྲལ་དོན་དང་ལྡན་པ་ལ། །ཐུགས་རྗེ་ཆེན་པོས་བཟུང་ནས་བདག་བསྒྲལ་རྣམས། །ཕྲིན་བཏགས་གནང་བའི་ཚིག་སྩལ་ནས། །བརྟུལ་ཞུགས་ཆེན་པོ་དྲུག་གི་བྲོ། །ཞིང་བཅུའི་སྒྲིབ་པ་རྒྱུན་གཅོད་དོ། །དེ་ལྟར་སྒྲིབ་པ་རྒྱུན་བཅད་ནས། །སྒྲོལ་བྱེད་གིང་གི་དབང་དྲུག་སྦྱིན། །དེ་ཡང་གང་དང་གང་ཞེ་ན། ཡི་གེ་འཁོར་ལོ་ཕྲ་དགོད་པའི་དབང་དང་། དྲི་མེད་ཡེ་ཤེས་པདྨ་སྤྱན་གྱི་དབང་དང་། ཤེས་རབ་སྣང་བ་ཀུན་ཏུ་འོད་ཀྱི་དབང་དང་། སྒྲོལ་བ་ཤུགས་ཀྱིས་བསྡུས་པ་གསང་བ་ཡུམ་གྱི་དབང་དང་། རྡོ་རྗེ་དང་པདྨར་ལྡན་པ་བྱང་ཆུབ་སེམས་ཀྱི་དབང་དང་། འདེབས་པ་ཕྱག་མཚན་ཐུགས་རྗེ་མཆོག་གི་དབང་ངོ་། །འདེབས་པ་ཕྱག་མཚན་ཐུགས་རྗེ་ཡིས། །ཉོན་མོངས་འཁོར་བའི་རྒྱ་དྲལ་ནས། །པྲ་བེ་ཤ་ཕཊ་ཅེས་སྒོ་ཕྱེ་སྟེ། །སེམས་ཀྱི་བདག་པོ་ནྲྀ་དུད་ཀ །བཟུང་བས་ཏི་ཡི་དངོས་གཞིར་གྱུར། །ཐུགས་ཀྱི་ས་བོན་ཧཱུཾ་བར་དུ། །སྐད་ཅིག་གསལ་བའི་ཏིང་འཛིན་གྱིས། །ཏི་ཧཱུཾ་ཏི་ཧཱུཾ་ཞེས་བརྗོད་པས། །ཏི་ཡང་ཧཱུཾ་དུ་གྱུར་ནས་ནི། །སྐུ་གསུང་ཐུགས་སུ་གནས་ནས་ནི། །དུག་གསུམ་དངོས་ལ་འབིགས་པར་བྱེད། །ཁམས་གསུམ་ཡོངས་ལ་ཁྱབ་པར་གདལ། །ཆོས་དབྱིངས་གནས་ཀྱི་མཐར་རུ་ཕྱིན། །གསང་ལུང་འཕྲུལ་གྱི་དགོངས་པའོ། །དེ་ལྟར་གྱུར་པའི་དུཿཁ་ནས། །བསྒྲལ་བའི་ཡོན་ཏན་བཅུ་བཞི་སྟེ། །དེ་ཡང་གང་དང་གང་ཞེ་ན། འཁོར་


DNG018_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

བའི་གནས་མྱ་ངན་ལས་འདས་པའི་དབྱིངས་སུ་བསྐྱས་པ་དང་། ཉོན་མོངས་པའི་དམག་ཚོགས་ཀྱི་ནང་དུ་མི་འཇིགས་པ་ཆོས་ཉིད་ཀྱི་དཔུང་བསྙིལ་བ་དང་། གཏི་མུག་གི་མུན་ཁང་དུ་ཡེ་ཤེས་ཀྱི་སྒྲོན་མ་བཏེགས་པ་དང་། མ་རིག་པའི་རྒྱུ་དང་བཅས་པའི་སེམས་ཕྲལ་ནས། རིག་པའི་ཡེ་ཤེས་ཀྱི་གཏེར་བཅུག་པ་དང་། འཁོར་བའི་རུ་མཚོན་ཆེན་པོ་བཅག་པ་དང་། མྱ་ངན་ལས་འདས་པའི་གཡུལ་སོ་བསྟོད་པ་དང་། དུག་གསུམ་གྱི་མདུད་པ་བཀྲོལ་བ་དང་། དཔལ་ཐར་པའི་སྒོ་ཕྱེ་བ་དང་། ཡེ་ཤེས་མཚོན་གྱི་ཆར་ཕབ་པ་དང་། རྒྱུ་དྲུག་འཁོར་བའི་གནས་སྦར་བ་དང་། སྐྱེ་ཤི་མེད་པའི་ཡུལ་དུ་ཕྱིན་པ་དང་། འདུ་འབྲལ་མེད་པའི་གྲོགས་དང་ཕྲད་པ་དང་། རང་བཞིན་མེད་པའི་སྐུ་ཐོབ་པ་དང་། གཡུང་དྲུང་བརྟན་པའི་ས་རྙེད་པའོ། །ཀུན་གྱི་ཐུན་མོང་མ་ཡིན་ཡང་། །བདག་དང་གཞན་གྱི་དོན་སླད་དུ། །དང་དུ་བླངས་ནས་བྱ་བར་གསུངས། །ཕུང་པོ་ལྷག་མའི་རྗེས་ཤུལ་ལ། །གནས་ཀྱི་བྲོ་བརྒྱད་བརྡུང་བར་གསུངས། །མགོ་ལ་ལང་ཀ་མནན་པའི་བྲོ། །ནང་གྲོལ་ཙིཏྟ་འཁོར་བའི་བྲོ། །རྣམ་ཤེས་ཚོགས་བརྒྱད་ཏ་ཀྲྀཏ་བརྒྱད་ཀྱི་བྲོ། །ཕུང་པོ་ཁམས་དང་སྐྱེ་མཆེད་ཞབས་ཀྱི་ཆས་བརྒྱད་བྲོ། །ཡན་ལག་བཞི་ལ་ལྷ་མོ་ཟ་བྱེད་བཞི་ཡི་བྲོ། །ནང་གྲོལ་སྲིད་པའི་གྲོང་ན་ངན་སོང་གནས་ཀྱི་བྲོ། །གཡང་གཞི་མ་མོ་ལས་ལ་འཁྲུགས་པའི་བྲོ། །སླ་བཞི་ཁྲོ་བོ་གཟིར་ཆེན་གནོན་པའི་བྲོ། །དེ་ལྟར་བྲོ་བརྒྱད་བརྡུངས་ནས་ནི། །སྨོན་ལམ་བཏབ་ནས་ཕུང་པོ་གྲོལ། །ཚོགས་ལ་རོལ་ནས་ལྷག་མ་བསྐྱོད། །དབང་ཆེན་བསྡུས་པའི་ཏནྟྲ་ལས། ཐུགས་རྗེ་སྒྲོལ་བའི་ལེའུ་སྟེ་བཅུ་གསུམ་པའོ།། །།གང་དུ་བསྐྱེད་པའི་གཞལ་ཡས་སུ། །ལྷ་རྣམས་སྔགས་ཀྱིས་བསྐྱེད་ནས་ནི། །སྤྱན་དྲངས་མཆོད་པ་རྫོགས་པ་དང་། །མ་བསྒྲལ་བ་ཡི་ཕུང་པོ་ལ། །བརྟུལ་ཞུགས་བྲོ་དྲུག་བརྡུང་བར་གསུངས། །བདག་ཉིད་ཆེན་པོའི་སྐུར་བསྒོམས་ལ། །ངན་སོང་གསུམ་གྱི་ཕུང་པོ་ལ། །འཁོར་བའི་ལམ་ལྔ་དགག་པའི་ཕྱིར། །དཔའ་བོ་འབྲུ་ལྔ་ཕྲ་བཀོད་པས། །རྒྱུད་དྲུག་འབྲོས་ཁུངས་གཅོད་པའི་


DNG018_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད། །ལུས་ངག་སེམས་ཀྱི་ས་གཞི་ལ། །ཡིག་འབྲུ་འཁྲིགས་པའི་བྲོ་བརྡུངས་པས། །དུག་གསུམ་རྡུལ་ཕྲན་བཞིན་དུ་བཤིག །ཕུང་པོ་ཁམས་དང་སྐྱེ་མཆེད་ཚོགས། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ། །སྐུ་གསུང་ཐུགས་སུ་བདག་སྦྱོར་བས། །ཕྱག་རྒྱ་ཆེན་པོར་དབང་སྒྱུར་ཅིག །ཚོན་ལྔས་རྒྱས་པའི་དཀྱིལ་འཁོར་དུ། །ཁམས་གསུམ་བསྐོར་བའི་བྲོ་བརྡུངས་པས། །འཁོར་ལོས་སྒྱུར་བའི་རྒྱལ་པོར་བཤད། །ཐིག་ལེ་གསང་བའི་དཀྱིལ་འཁོར་དུ། །རྡོ་རྗེ་ལས་ཀྱི་བྲོ་བརྡུངས་པས། །དབང་ཕྱུག་གར་གྱི་རྒྱལ་པོར་གྱུར། །རྫོགས་སངས་རྒྱས་པའི་དཀྱིལ་འཁོར་དུ། །དཔའ་བོ་རྡོ་རྗེའི་བྲོ་བརྡུང་བ། །དགྲ་བོ་ཀུན་གྱི་ཀླད་ལ་བརྡུང་། །མ་ཚོགས་འདུས་པའི་དཀྱིལ་འཁོར་དུ། །རྐང་པ་ཕུར་པའི་བྲོ་བརྡུང་བ། །བགེགས་དང་འབྱུང་པོའི་སྙིང་ལ་བརྡུང་། །གིང་ཆེན་འདུས་པའི་དཀྱིལ་འཁོར་དུ། །འཁོར་ལོ་ཐབས་ཀྱི་བྲོ་བརྡུང་བ། །མ་སྲིན་རྣམས་ཀྱི་སྙིང་ལ་བརྡུང་། །ཕོ་ཉ་འདུས་པའི་དཀྱིལ་འཁོར་དུ། །བསྐལ་པ་བརྒྱད་ཀྱི་བྲོ་བརྡུང་བ། །རྒྱབ་ཉན་རྐུན་བུའི་སྙིང་ལ་བརྡུང་། །ཀུན་ཏུ་བཟང་མོའི་མཁའ་དཀྱིལ་དུ། །ཙིཏྟ་འབར་བའི་བྲོ་བརྡུང་བ། །མཉམ་པ་ཉིད་ཀྱི་དབྱིངས་ལ་བརྡུང་། །གསང་བ་ཡུམ་གྱི་བྷ་ག་ལ། །ལས་ཀྱི་ལིངྒའི་བྲོ་བརྡུང་བ། །བག་ཆགས་སྟུག་པོའི་ཚོགས་ལ་བརྡུང་། །ཚོགས་ཆེན་འདུས་པའི་དཀྱིལ་འཁོར་དུ། །ཡུངས་ཀར་གསེར་གྱི་བྲོ་བརྡུང་བ། །བཀའ་ལས་འདས་པའི་སྙིང་ལ་བརྡུང་། །ཟ་བྱེད་ཆེན་པོའི་དཀྱིལ་འཁོར་དུ། །རྡོ་རྗེ་མཆེ་བའི་ཚེམས་བདར་བས། །བཀའ་ལས་འདས་པའི་སྙིང་ལ་བརྡུང་། །ཧ་ཧ་རུ་ལུ་ཧ་ཧ་རུ་ལུ་ཧཱུཾ་ཕཊ། ངན་སོང་གནས་ཀྱི་བྲོ་སྟེ་དང་པོའོ།། །།རྟ་ཡི་བརྟུལ་ཞུགས་ཆེན་པོས་ནི། །བདག་ཉིད་ཆེན་པོའི་སྐུར་བསྒོམས་ཏེ། །ཞིང་བཅུ་བསྒྲལ་བའི་ཕུང་པོ་ལ། །གཏུམ་ཆེན་རྔམ་པའི་སྒྲ་སྒྲོགས་ཤིང་། །དབང་མཆོག་རྟ་སྐད་ཙེ་རེ་རེ། །ཁྲོ་བོའི་འབྲུག་སྒྲ་འུ་རུ་རུ། །དཔལ་གྱི་རྔ་སྒྲ་ལྡི་རི་རི། །རོལ་པའི་རྟ་བྲོ་ཆེམས་སེ་ཆེམ། །གསང་བའི་བཤུགས་པ་ཀྱུ་རུ་རུ། །བསྐལ་པའི་གློག་དམར་ལྗིབས་སེ་ལྗིབ། །


DNG018_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཐོག་འབེབས་ལམས་སེ་ལམ། །ཧཱུཾ་གིས་དབང་བསྐུར་ཁམས་གསུམ་གཡོ། །ཕཊ་ཀྱིས་སྐུ་སྤྲུལ་འཇིག་རྟེན་ཁྱབ། །རཾ་གྱིས་མེ་འབར་ཐམས་ཅད་བསྲེག །གཅན་གཟན་མུ་ཁ་སྤྲིན་ལྟར་གཏིབས། །ཀཾ་ཀ་འདབ་ཆགས་སྐར་ལྟར་འཁྲུགས། །སྔོན་གྱི་ཐུགས་དམ་བསྐང་བའི་ཕྱིར། །ཀུན་ཏུ་བཟང་མོའི་མཁའ་དབྱིངས་སུ། །ཁམས་གསུམ་མངོན་བསྒྲལ་མཛད་པ་ཆེ། །ཟ་བྱེད་ཆེན་པོའི་དཀྱིལ་འཁོར་འདིར། །རུས་པའི་ཕུང་པོ་སྤུངས་པ་ལ། །གཅན་གཟན་མཆེ་བའི་བྲོ་བརྡུངས་པས། །བདག་ཏུ་བལྟ་བའི་ཞེ་སྡང་བཅོམ། །ཁྲག་འཐུང་ཆེན་པོའི་དཀྱིལ་འཁོར་དུ། །རཀྟའི་རྒྱ་མཚོ་འཁྱིལ་པ་ལ། །མ་ཚོགས་མཁའ་འགྲོ་བྲོ་བརྡུངས་པས། །འདོད་ཆགས་ངོ་བོ་རྩད་ནས་བཅོམ། །རྔམ་ཆེན་འཁྲུགས་པའི་དཀྱིལ་འཁོར་དུ། །ཤ་ཆེན་ཕུང་པོ་སྤུངས་པ་ལ། །སྡེར་ཆགས་འདུས་པའི་བྲོ་བརྡུངས་པས། །བདག་ཏུ་ལྟ་བའི་ང་རྒྱལ་བཅོམ། །གཏུམ་ཆེན་རྔམ་པའི་དཀྱིལ་འཁོར་དུ། །དབང་པོ་ཡན་ལག་ཚོགས་པ་ལ། །གཤོག་པ་རླབས་ཀྱི་བྲོ་བརྡུངས་པས། །བདག་ཏུ་རྟོག་པའི་ཕྲག་དོག་བཅོམ། །འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་དུ། །སྦུབས་ཀྱི་ཁྲི་རྐང་ཟླུམ་པོ་ལ། །རྡོ་རྗེ་མཆུ་ཡི་བྲོ་བརྡུངས་པས། །གཏི་མུག་རྨོངས་པའི་ངོ་བོ་བཅོམ། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ། །དུག་གསུམ་གཞོམ་པའི་ལས་བྱས་པས། །སྔོན་གྱི་དམ་ཚིག་ཆེན་པོ་སྐོང་། །མ་བདུན་མཁའ་འགྲོའི་དཀྱིལ་འཁོར་དུ། །ཏན་གཎ་འཕྲུལ་པའི་ལས་བྱས་པས། །རྣལ་འབྱོར་སྐོང་བའི་ཆོ་ག་རྫོགས། །དབང་ཆེན་གར་གྱི་དཀྱིལ་འཁོར་དུ། །བདུད་བཞི་འདུལ་བའི་ལས་བྱས་པས། །ཁམས་གསུམ་བསྒྲལ་བའི་ཆོ་ག་རྫོགས། །ཕྱག་བརྙན་ཚོགས་ཀྱི་དཀྱིལ་འཁོར་དུ། །བཀའ་འདས་བསྒྲལ་བའི་ལས་བྱས་པས། །དགྲ་བོ་མནན་པའི་ཆོ་ག་རྫོགས། །ཧ་ཡ་གྷྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། རྟའི་བྲོ་སྟེ་གཉིས་པའོ།། །།ཁྲག་འཐུང་ཆེན་པོའི་བརྟུལ་ཞུགས་ནི། །ཞིང་བཅུ་བསྒྲལ་བའི་ཕུང་པོ་ལ། །བདག་ཉིད་ཆེན་པོའི་


DNG018_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

སྐུར་བསྒོམས་ཏེ། །དབུ་ནི་རིགས་ལྔའི་ཚོགས་ལ་རོལ། །ཐུགས་ནི་སྐྱེ་མཆེད་དབྱིངས་ལ་རོལ། །ཕྱག་ནི་ཕྲ་མེན་ཚོགས་ལ་རོལ། །གཤོག་པ་གཏི་མུག་ཀླུ་ལ་རོལ། །ཞབས་ནི་ཁྲོ་ཆེན་བརྒྱད་ལ་རོལ། །སྐུ་ནི་རྔོམ་བརྗིད་ཆས་ལ་རོལ། །རྡོ་རྗེ་གསང་བའི་ཡུམ་ལ་རོལ། །གསུང་ནི་ཕོ་ཉའི་ཚོགས་ལ་རོལ། །འཁོར་བའི་སྐྱམས་ལིངས་ཆེན་པོ་ལ། །ཕྱོགས་བཅུའི་སངས་རྒྱས་ར་མདར་གཉེར། །ཁོང་སྙིང་ཡུམ་གྱི་བྷ་ག་ལ། །ཁམས་གསུམ་ཡོངས་སྒྲོལ་མཛད་པའི་ཚེ། །ཡེ་ཤེས་ལྔ་ཡིས་རུ་དཔོན་མཛད། །ཁྲོ་བོ་རྡོ་རྗེའི་གོ་ཚགས་སྡོམས། །སྤྲུལ་པའི་ཕོ་ཉས་དང་རུ་ཆུམ། །དུག་གསུམ་དཔལ་གྱི་མདའ་ཁར་འགྲིམ། །རྡོ་རྗེ་མཚོན་གྱི་ཆར་པ་ཕོབ། །ལུས་ནི་རྡུལ་ཕྲན་བཞིན་དུ་ཤིག །སེམས་ནི་ཡུམ་གྱི་མཁའ་ལ་སྟོབ། །ཧ་ཧ་རུ་ལུ་ཧཱུཾ་ཕཊ། ཁྲག་འཐུང་ཁྲོ་བོའི་བྲོ་སྟེ་གསུམ་པའོ།། །།ཞེ་སྡང་ཞབས་ཀྱི་ཆ་ལུགས་ལས། །ཁྱི་ཡི་བརྟུལ་ཞུགས་ཆེན་པོ་ཡིས། །ཞིང་བཅུ་བསྒྲལ་བའི་ཕུང་པོ་ལ། །བདག་ཉིད་ཆེན་པོའི་སྐུར་བསྒོམས་ནས། །ཁམས་གསུམ་མ་ལུས་བཟའ་བའི་ཕྱིར། །དཔལ་གྱི་ཁྱི་བརྒྱད་ལས་ལ་བཀྱེ། །ཚེམས་ནི་སྲ་སྙི་མེད་པར་རྣོ། །སྐད་ནི་ཕྱི་ནང་མེད་པར་ཟུགས། །དེ་ཕྱིར་བདུད་ཀྱི་མེལ་ཚེ་བ། །བང་ནི་ངལ་དུབ་མེད་པར་མགྱོགས། །དེ་ཕྱིར་ཡེ་ཤེས་སྤྲུལ་པའི་ཁྱི། །ཟས་སུ་གཙང་སྨེ་མེད་པར་བཟའ། །དེ་ཕྱིར་མཱཾ་ས་དྲི་ཆེན་ཟ། །སྐོམ་དུ་ཁ་མངར་མེད་པར་འཐུང་། །དེ་ཕྱིར་ཁྲག་དང་དྲི་ཆུ་འཐུང་། །ཤར་གྱི་ཕྱོགས་ནས་རྒྱུག་པའི་ཁྱི། །འབྲུག་སྒྲ་ལྡིར་བས་ལྷ་ཆེན་འདུལ། །ལྷོ་ཡི་ཕྱོགས་ནས་རྒྱུག་པ་ནི། །གློག་དམར་ལྗིབ་ཀྱིས་གཤིན་རྗེ་སྒྲོལ། །ནུབ་ཀྱི་ཕྱོགས་ནས་རྒྱུག་པ་ནི། །རྡོ་རྗེ་ཁྱུང་གཤོག་ཀླུ་འབྲུག་འདུལ། །བྱང་གི་ཕྱོགས་ནས་རྒྱུག་པ་ནི། །གནོད་སྦྱིན་ཕོ་མོའི་སྒལ་རྩིབ་འཇོམས། །ཤར་ལྷོ་མཚམས་ནས་རྒྱུག་པ་ནི། །དྲང་སྲོང་བདུད་འདུལ་ཆམ་ལ་འབེབས། །ལྷོ་ནུབ་མཚམས་ནས་བྱུག་པ་ནི། །ཟ་བྱེད་སྲིན་པོའི་དོན་སྙིང་འབྱིན། །ནུབ་བྱང་མཚམས་ནས་རྒྱུག་པ་ནི། །རླུང་ལྷ་སྔོན་པོའི་བ་དན་གཅོད། །བྱང་ཤར་མཚམས་ནས་རྒྱུག་པ་ནི། །བགེགས་ཆེན་


DNG018_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ཕོ་མོའི་ཚོགས་ལ་རོལ། །སྟེང་གི་ཕྱོགས་ནས་རྒྱུག་པ་ནི། །ཉི་ཟླ་གཟའ་སྐར་ཁ་ལོ་ཁ། །འོག་གི་ཕྱོགས་ནས་རྒྱུག་པ་ནི། །ས་བདག་ཕོ་མོའི་ཐིབས་ཀྱིས་གནོན། །ཀུན་ཀྱང་མི་བཟད་ཅི་འདྲ་ན། །མཆེ་བ་རྒྱ་ཟོར་བཀུག་པ་འདྲ། །སྤྱན་ནི་ཉི་ཟླ་ཞུན་མ་འདྲ། །རལ་པ་ཉི་ཟེར་འཛིངས་པ་འདྲ། །སྡེར་མོ་གནམ་ལྕགས་ཞུན་མ་འདྲ། །ཁྱོད་ཀྱི་ཕྲིན་ལས་དུས་ལ་བབ། །ཀུ་ཀུ་རཱ་ཙ་ཁ་ལོ་ཁ་ཧཱུཾ་ཕཊ། ཁྱི་ཡི་བྲོ་སྟེ་བཞི་པའོ།། །།ཕག་གི་བརྟུལ་ཞུགས་ཆེན་མོ་ནི། །ཞིང་བཅུ་བསྒྲལ་བའི་ཕུང་པོ་ལ། །བདག་ཉིད་ཆེན་པོའི་སྐུར་བསྒོམས་ཏེ། །བླང་དོར་མེད་པའི་མཉམ་པ་ལ། །ཕྱོགས་བཅུ་ཟས་སུ་བཟའ་བའི་ཕྱིར། །འབར་བའི་ཁྲོན་བརྐོ་ང་རེ་མཁས། །ཁྲོན་དུ་མ་གྱུར་གང་ཡང་མེད། །སྐུ་ནི་འབར་བའི་ཆ་ལུགས་ལ། །གནམ་ལྕགས་ཨུར་མོའི་ཟེ་བས་བརྒྱན། །ཞལ་ནི་ཕག་རྒོད་མཆེ་བར་སྤྲུལ། །གསུང་ནི་གྲུལ་བུམ་ཕྱོགས་བཅུར་སྒྲོགས། །ཚེམས་ནི་སྲ་སྙི་མེད་པར་རྣོ། །ཤངས་ནི་ཉོན་མོངས་ཐ་བ་རློག །རྦད་ནས་ཁྲོས་པའི་བྲོ་བརྡུངས་ཚེ། །སྲིད་གསུམ་མ་ལུས་དབང་དུ་སྡུད། །དམྱལ་ཚོགས་མེ་དཔུང་རྩད་ནས་གཅོད། །དུ་རུ་དུ་རུ་ཚལ་པ་ཚལ་པ་ཧཱུཾ་ཕཊ། ཕག་གི་བྲོ་སྟེ་ལྔ་པའོ།། །། རྡོ་རྗེ་གཤོག་པའི་བྱིན་རླབས་ལ། །བྱ་ཡི་བརྟུལ་ཞུགས་ཆེན་པོ་ནི། །ཞིང་བཅུ་བསྒྲལ་བའི་ཕུང་པོ་ལ། །བདག་ཉིད་ཆེན་པོའི་སྐུར་བསྒོམས་ཏེ། །རྡོ་རྗེའི་གཤོག་ཆེན་གདེངས་པའི་ཚེ། །ཁམས་གསུམ་ཁྱབ་པར་གཟན་ལ་རོལ། །རྡོ་རྗེའི་གཤོག་ཆེན་བཅུམ་པའི་ཚེ། །རྒྱུད་དྲུག་སེམས་ཅན་སྤར་མོར་འཛུད། །རྡོ་རྗེ་མཆུ་ཆེན་གདེངས་པའི་ཚེ། །རྒྱུད་དྲུག་སེམས་ཅན་རིལ་མིད་མཛད། །བྱ་ཡི་བརྟུལ་ཞུགས་ཆེན་པོ་ནི། །ཞིང་བཅུ་བསྒྲལ་བའི་ལྷག་རོལ་ལ། །དཀར་པོའི་ཚོགས་དང་དམར་པོའི་ཚོགས། །དབྱར་གྱི་ཆར་སྤྲིན་འཁྲིགས་པ་བཞིན། །ལྡིང་ཤིང་འབབས་ལ་འབབས་ཤིང་གཞོལ། །གཏན་ནས་ལེན་པའི་ལས་མཛོད་ཅིག །མ་མོ་ཀོ་དཀྵ་ཡ་ཧ་ཧ་རུ་ལུ་ཧཱུཾ་ཕཊ། བྱ་ཡི་བྲོ་སྟེ་དྲུག་པའོ།། །།བསྒོམ་ཁོག་རྩ་བའི་


DNG018_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ལེའུ་ལས། མཛད་པ་ཕྲིན་ལས་ཀྱི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ཡན་ཆད་དུ་མ་བསྒྲལ་བའི་ཕུང་པོ་ལ་བརྟུལ་ཞུགས་ཆེན་པོ་དྲུག་གི་བྲོས་རྒྱུའི་བག་ཆགས་ཀྱི་སྒྲིབ་པ་སྦྱང་བ་དང་གནོད་བྱེད་ཀྱི་དགྲ་བགེགས་བཏུལ་བ་བསྟན་ནས། འདི་མན་ཆད་དུ་བསྒྲལ་བའི་ལྷག་མ་ལ། སྒྲོལ་བ་གནད་ཀྱི་བྲོ་བརྒྱད་བརྡུང་བར་གསུངས་ཏེ། དེ་ཡང་མགོ་ལ་ལང་ཀ་མནན་པའི་བྲོ་ཞེས་པའོ། །ཧཱུཾ། རཱུ་ཏྲ་བསྒྲལ་བའི་ངོ་བོ་ལ། །ལུ་གུ་རྒྱུད་དུ་སྦྲེལ་བསྡམས་པ། །བདག་ཉིད་ཆེན་པོའི་སྐུར་བསྒོམས་ཏེ། །ཁྲག་འཐུང་འབར་བའི་དབུ་གཙུག་ཏུ། །མཐིང་ནག་གྲུབ་པའི་དཀྱིལ་འཁོར་བསྒོམ། །ཧྲཱྀཿལས་གྲུབ་པའི་རྟ་མགོ་ལ། །ཧཱུཾ་གི་འབྲུག་སྒྲ་ལྡི་རི་རི། །དེ་ཡི་བྱིན་རླབས་ཆེན་པོ་ལས། །ལང་ཀ་མནན་པའི་བྲོ་བརྡུང་འཚལ། །རྟ་གདོང་ཆེན་པོས་སྟོང་གསུམ་གཡོས། །རྟ་སྐད་རྔམ་པའི་ཐུགས་དམ་བསྐུལ། །བཀའ་བཞིན་ལས་ལ་གཤེགས་སུ་གསོལ། །ཨེ་ཧྱེ་ཧི་བྷ་ག་བཱན་ཧྲཱིཾ་ཧྲཱིཾ། ཞེས་དྲུག་ཏུ་བརྗོད་དོ། །ལང་ཀ་གནོན་པའི་བྲོ་སྟེ་དང་པོའོ།། །། ཙིཏྟ་འཁོར་བའི་བྲོ་ཞེས་པ། །ཧཱུཾ། ལང་ཀ་བསྒྲལ་བའི་ཙིཏྟ་ལ། །ལུ་གུ་རྒྱུད་དུ་སྦྲེལ་བསྡམས་ཤིང་། །ཁྲག་འཐུང་འབར་བའི་ཐུགས་དཀྱིལ་ནས། །ཧཱུཾ་ལས་གྲུབ་པའི་དཔལ་བེའུ་ལས། །ཡེ་ཤེས་ལྔ་ཡི་ཕྱག་རྒྱ་འཁྲུགས། །དེ་ཡི་བྱིན་རླབས་ཆེན་པོ་ལས། །རིགས་ལྔ་ཁྲག་འཐུང་སྤྲིན་ལྟར་གཏིབས། །ཙིཏྟ་འཁོར་བའི་རི་དྭགས་ལ། །ཡེ་ཤེས་ལྔ་ཡི་ཁྱི་བཀྱེ་སྟེ། །དུས་གསུམ་སངས་རྒྱས་ར་མདར་གཉེར། །ཁོང་སྙིང་ཡུམ་གྱི་བྷ་ག་ལ། །རྒྱུ་དྲུག་འཁོར་བའི་ལིངས་འདེབས་སོ། །རྣམ་ཤེས་བརྒྱད་ཀྱི་དཀྱིལ་འཁོར་དུ། །དུར་ཁྲོད་བརྒྱད་ཀྱི་ལམ་ཕྱུང་སྟེ། །འཁོར་བའི་རྒྱུན་གཅོད་ཐུགས་རྗེའི་བྲོ། །སྲིན་པོ་བསྒྲལ་བའི་སྙིང་ལ་བརྡུང་། །ཛྙཱ་ན་སིདྡྷི་སྥ་ར་ཎ་ཡཾ་ཡཾ་ཞེས་བརྗོད་དོ། །ཙིཏྟ་འཁོར་བའི་བྲོ་སྟེ་གཉིས་པའོ།། །།རྣམ་ཤེས་ཚོགས་བརྒྱད་ཏ་ཀྲྀཏ་བརྒྱད་ཀྱི་བྲོ་ཞེས་པའོ། །ཧཱུཾ་རཱུ་ཏྲ་བསྒྲལ་བའི་རྣམ་ཤེས་ལ། །ལུ་གུ་རྒྱུད་དུ་སྦྲེལ་བསྡམས་ཏེ། །བདག་ཉིད་ཆེན་པོའི་སྐུར་བསྒོམས་ཏེ། །མཚུངས་མེད་ཆེ་བའི་


DNG018_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་བསྟན་པའི་ཕྱིར། །ང་རྒྱལ་མཐུ་བསྙེམས་བདུད་ཀྱི་དཔུང་བཅོམ་ནས། །འཇིག་རྟེན་འདས་པའི་དེ་བ་ཆེན་པོ་བརྒྱད། །ཆེ་བའི་རྟགས་དང་ལྡན་པས་དབང་ཕྱུག་ཡང་ཆེས་གནོན། །དྲག་ཤུལ་ཆེན་པོས་འདུལ་བར་བཀའ་སྩལ་ཏོ། །ཧཱུཾ་དང་ཀཱ་ཡི་འཕྲོ་འདུ་ལས། །ཁྲོ་བོ་མཐིང་ནག་སྤྲིན་ལྟར་འཁྲིགས། །ཁྲོ་ཆུང་ཚོན་གང་སྐར་ལྟར་འཁྲུགས། །ཧཱུཾ་ཆེན་ཀཱ་རའི་ཕྱག་རྒྱར་གསལ། །ཉི་ཟླ་བསྒྲལ་བའི་རྣམ་ཤེས་ལ། །ཏ་ཀྲྀཏ་ཆེན་པོ་དོག་ལ་གཤེགས། །དགྲ་ནི་ཐལ་བར་རློག་པའི་བྲོ། །བདུད་ནི་ཕྱེ་མར་འཐག་པའི་བྲོ། །རུས་པ་ཐལ་ཆེན་ས་ལ་ལ། །རླུང་ནག་འཚུབས་མས་ཕྱོགས་བཅུར་འཁྲིགས། །འོད་ཆེན་རྡོ་རྗེའི་བུ་ཡུག་འཚུབས། །ཨཱ་དང་ཏྱ་ཡི་འཕྲོ་འདུ་ལས། །ཁྲོ་བོ་ལྗང་སྔོན་སྤྲིན་ལྟར་འཁྲིགས། །ཁྲོ་ཆུང་ཚོན་གང་སྐར་ལྟར་འཁྲུགས། །མི་གཡོ་མགོན་པོའི་ཕྱག་རྒྱར་གསལ། །མེ་ལྷ་བསྒྲལ་བའི་རྣམ་ཤེས་ལ། །ཏ་ཀྲྀཏ་ཆེན་པོ་དོག་ལ་གཤེགས། །དགྲ་ནི་ཐལ་བར་རློག་པའི་བྲོ། །བདུད་ནི་ཕྱེ་མར་འཐག་པའི་བྲོ། །རུས་པ་ཐལ་ཆེན་ས་ལ་ལ། །རླུང་ནག་འཚུབས་མས་སྤྲིན་ལྟར་འཁྲིགས། །འོད་ཆེན་རྡོ་རྗེའི་བུ་ཡུག་འཚུབས། །ཡ་དང་མ་ཡི་འཕྲོ་འདུ་ལས། །ཁྲོ་བོ་མཐིང་ནག་སྤྲིན་ལྟར་གཏིབས། །ཁྲོ་ཆུང་ཚོན་གང་སྐར་ལྟར་འཁྲུགས། །གཤིན་རྗེ་གཤེད་པོའི་ཕྱག་རྒྱར་གསལ། །གཤིན་རྗེ་བསྒྲལ་བའི་རྣམ་ཤེས་ལ། །ཏ་ཀྲྀཏ་ཆེན་པོ་དོག་ལ་གཤེགས། །དགྲ་ནི་ཐལ་བར་རློག་པའི་བྲོ། །བདུད་ནི་ཕྱེ་མར་འཐག་པའི་བྲོ། །རུས་པ་ཐལ་ཆེན་ས་ལ་ལ། །རླུང་ནག་འཚུབས་མས་ཕྱོགས་བཅུར་འཁྲིགས། །འོད་ཟེར་རྡོ་རྗེའི་བུ་ཡུག་འཚུབས། །ནཱི་དང་ལ་ཡི་འཕྲོ་འདུ་ལས། །ཁྲོ་བོ་སྔོན་པོ་སྤྲིན་ལྟར་གཏིབས། །ཁྲོ་ཆུང་ཚོན་གང་སྐར་ལྟར་འཁྲུགས། །དབྱུག་པ་སྔོན་པོའི་ཕྱག་རྒྱར་གསལ། །སྲིན་པོ་བསྒྲལ་བའི་རྣམ་ཤེས་ལ། །ཏ་ཀྲྀཏ་ཆེན་པོ་དོག་ལ་གཤེགས། །དགྲ་ནི་ཐལ་བར་རློག་པའི་བྲོ། །བདུད་ནི་ཕྱེ་མར་འཐག་པའི་བྲོ། །རུས་པ་ཐལ་ཆེན་ས་ལ་ལ། །རླུང་ནག་འཚུབས་མས་ཕྱོགས་བཅུར་འཁྲིགས། །འོད་ཆེན་རྡོ་རྗེའི་བུ་ཡུག་འཚུབས། །བད་དང་མ་ཡི་འཕྲོ་འདུ་ལས། །


DNG018_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོ་བོ་དུད་ཀ་སྤྲིན་ལྟར་གཏིབས། །ཁྲོ་ཆུང་ཚོན་གང་སྐར་ལྟར་འཁྲུགས། །པདྨ་འཁྱིལ་པའི་ཕྱག་རྒྱར་གསལ། །ས་བདག་བསྒྲལ་བའི་རྣམ་ཤེས་ལ། །ཏ་ཀྲྀཏ་ཆེན་པོ་དོག་ལ་གཤེགས། །དགྲ་ནི་ཐལ་བར་རློག་པའི་བྲོ། །བདུད་ནི་ཕྱེ་མར་འཐག་པའི་བྲོ། །རུས་པ་ཐལ་ཆེན་ས་ལ་ལ། །རླུང་ནག་འཚུབས་མས་ཕྱོགས་བཅུར་འཁྲིགས། །འོད་ཆེན་རྡོ་རྗེའི་བུ་ཡུག་འཚུབས། །ཊ་དང་ཀི་ཡི་འཕྲོ་འདུ་ལས། །ཁྲོ་བོ་དམར་སྐྱ་སྤྲིན་ལྟར་གཏིབས། །ཁྲོ་ཆུང་ཚོན་གང་སྐར་ལྟར་འཁྲུགས། །ཊཀྐི་རཱ་ཛའི་ཕྱག་རྒྱར་གསལ། །རླུང་ལྷ་བསྒྲལ་བའི་རྣམ་ཤེས་ལ། །ཏ་ཀྲྀཏ་ཆེན་པོ་དོག་ལ་གཤེགས། །དགྲ་ནི་ཐལ་བར་རློག་པའི་བྲོ། །བདུད་ནི་ཕྱེ་མར་འཐག་པའི་བྲོ། །རུས་པ་ཐལ་ཆེན་ས་ལ་ལ། །རླུང་ནག་འཚུབས་མས་ཕྱོགས་བཅུར་འཁྲིགས། །འོད་ཆེན་རྡོ་རྗེའི་བུ་ཡུག་འཚུབས། །ཨ་དང་མྲྀ་ཡི་འཕྲོ་འདུ་ལས། །ཁྲོ་བོ་ལྗང་ནག་སྤྲིན་ལྟར་གཏིབས། །ཁྲོ་ཆུང་ཚོན་གང་སྐར་ལྟར་འཁྲུགས། །བདུད་རྩི་འཁྱིལ་པའི་ཕྱག་རྒྱར་གསལ། །གནོད་སྦྱིན་བསྒྲལ་བའི་རྣམ་ཤེས་ལ། །ཏ་ཀྲྀཏ་ཆེན་པོ་དོག་ལ་གཤེགས། །དགྲ་ནི་ཐལ་བར་རློག་པའི་བྲོ། །བདུད་ནི་ཕྱེ་མར་འཐག་པའི་བྲོ། །རུས་པ་ཐལ་ཆེན་ས་ལ་ལ། །རླུང་ནག་འཚུབས་མས་ཕྱོགས་བཅུར་འཁྲིགས། །འོད་ཆེན་རྡོ་རྗེའི་བུ་ཡུག་འཚུབས། །མ་དང་ཧཱ་ཡི་འཕྲོ་འདུ་ལས། །ཁྲོ་བོ་སེར་ནག་སྤྲིན་ལྟར་གཏིབས། །ཁྲོ་ཆུང་ཚོན་གང་སྐར་ལྟར་འཁྲུགས། །མ་ཧཱ་བ་ལའི་ཕྱག་རྒྱར་གསལ། །བགེགས་ཆེན་བསྒྲལ་བའི་རྣམ་ཤེས་ལ། །ཏ་ཀྲྀཏ་ཆེན་པོ་དོག་ལ་གཤེགས། །དགྲ་ནི་ཐལ་བར་རློག་པའི་བྲོ། །བདུད་ནི་ཕྱེ་མར་འཐག་པའི་བྲོ། །རུས་པ་ཐལ་ཆེན་ས་ལ་ལ། །རླུང་ནག་འཚུབས་མས་ཕྱོགས་བཅུར་འཁྲིགས། །འོད་ཆེན་རྡོ་རྗེའི་བུ་ཡུག་འཚུབས། །ཧ་ན་ཧ་ན་རྒྱོབ། གརྫ་གརྫ་སྒྲོགས། ད་ཧ་ད་ཧ་སྲེགས། པ་ཙ་པ་ཙ་ཚོས། བནྡྷ་བནྡྷ་ཆིངས། ཧུ་ལུ་ཧུ་ལུ་ཞུགས། བྷིནྡ་བྷིནྡ་ཕུག །ཙྪིནྡ་ཙྪིནྡ་ཆོད། ཏིཥྛ་ཏིཥྛ་གནས། སྥོ་ཊ་སྥོ་ཊ་སྥོར། ཞེས་གསུངས་ཤིང་དྲག་པོར་རོལ་ལོ། །དབང་ཆེན་བསྡུས་པའི་ཏནྟྲ་ལས། ཏ་ཀྲྀཏ་བརྒྱད་ཀྱི་བྲོ་ཡི་ལེའུ་སྟེ་བཅོ་ལྔ་


DNG018_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས། བསྒྲལ་བའི་ཞིང་བཅུའི་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་ཞབས་ཀྱི་ཆས་བརྒྱད་ཀྱི་བྲོ་བརྡུང་བ་ཞེས། ཧཱུཾ། སྲིན་པོ་རཱུ་ཏྲ་བསྒྲལ་བའི་ཕུང་ཁམས་སྐྱེ་མཆེད་ལ། །ལུ་གུ་རྒྱུད་དུ་སྦྲེལ་བསྡམས་ནས། །བདག་ཉིད་ཆེན་པོའི་སྐུར་བསྒོམས་ཏེ། །མི་གནས་ཡེ་ཤེས་བརྒྱད་ཀྱི་དཀྱིལ་འཁོར་དུ། །ལྷ་ཆེན་མགོ་བཅུ་དུར་ཁྲོད་བརྒྱན་དུ་སྤྲུལ། །ཞེ་སྡང་གདུག་པའི་ཚོགས་བརྒྱད་གནས་སུ་བསྒྲལ། །ཕྱོགས་བཞི་མཚམས་བརྒྱད་དྲེགས་པ་འདུལ་བའི་ཕྱིར། །ཞབས་ཀྱི་ཆས་བརྒྱད་རྣམ་ཤེས་བརྒྱད་ཀྱི་ངང་། །བྱང་ཆུབ་སེམས་དཔའ་བརྒྱད་ཀྱི་འཕྲོ་འདུ་དང་། །ཕྲ་མེན་མུ་ཀ་བརྒྱད་ཀྱི་འབྱོན་ཚུལ་གྱིས། །ཏ་ཀྲྀཏ་བརྒྱད་ཀྱི་ཐུགས་དམ་བསྐང་བའི་ཕྱིར། །གར་དང་བརྡ་ཡི་མཚོན་ནས་སྤྱན་འདྲེན་ན། །དམ་ཚིག་གསང་བའི་བྲོ་ལ་གཤེགས་སུ་གསོལ། །དཔའ་བོ་ཏིང་འཛིན་སྟག་གི་ཆས་མཆོག་གིས། །དྲེགས་པའི་མགོ་བཅད་བྷནྡྷ་གསང་བའི་བྲོ། །རྣོ་གདུག་ཟློག་བྱེད་རྒྱ་བྱེའུ་ཆས་མཆོག་གིས། །རྟོག་འཇོམས་སྤྱོད་པ་བརྟུལ་ཞུགས་ཆེན་པོའི་བྲོ། །ཤེས་རབ་ཏིང་འཛིན་རྡོ་རྗེའི་ཆས་མཆོག་གིས། །མི་འགྱུར་གཡུང་དྲུང་སྐྱིད་རྟགས་དཔལ་གྱི་བྲོ། །དམག་གི་བསེ་ཁྲབ་གཟི་འབར་ཆས་མཆོག་གི། །ཁམས་གསུམ་དབང་བསྡུད་རཀྟ་ཆགས་པའི་བྲོ། །དཔའ་བརྗིད་མཉེན་ལྕུག་སྦྲུལ་ནག་ཆས་མཆོག་གིས། །མཁའ་དབྱིངས་རྣམ་དག་གསང་བ་ཡུམ་གྱི་བྲོ། །དབང་ཕྱུག་དམར་གསལ་ཆེ་བའི་ཆས་མཆོག་གིས། །སྡུག་བསྔལ་ནད་སེལ་ཟུག་རྔུ་གཅོད་པའི་བྲོ། །ཤུ་ཤ་ཆེན་སྣང་ཀེན་སྨད་གཡོགས་དར་གྱི་ཆས་མཆོག་གིས། །དུར་ཁྲོད་གནས་སུ་མ་མོ་མཉེས་པའི་བྲོ། །གཅན་གཟན་རྒྱལ་པོ་གཟིག་གི་ཆས་མཆོག་གིས། །འདུལ་སྦྱོང་དྲག་པོ་ལས་ཀྱི་ཚར་གཅོད་བྲོ། །འདུལ་བྱེད་ཞབས་ཀྱིས་ཐམས་ཅད་ཟིལ་གྱིས་གནོན། །ཛཿཧཱུཾ་བཾ་ཧོཿས་སྤྱན་དྲངས་ཚུར་གཤེགས་ལ། །ངག་གི་དབང་ཕྱུག་ཐུགས་དམ་བསྐང་བའི་ཕྱིར། །དབང་ཆེན་ཡུམ་དུ་བརྩེགས་པའི་ས་གཞི་ལ། །ང་རྒྱལ་དབང་དུ་བསྡུ་བའི་བྲོ་ར་བཙུག །དྲེགས་པ་འདུལ་ཕྱིར་ཟིལ་གནོན་


DNG018_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་ཀྱི་ཚུལ། །སྲིད་གསུམ་མ་ལུས་དབྱིངས་སུ་བསྒྲལ་བ་དང་། །ལྷ་ཆེན་ཁྱབ་འཇུག་ཟིལ་གྱིས་གནོན་པ་དང་། །གསང་བའི་རཱུ་ཏྲ་ཐལ་བར་བརླག་པའི་ཕྱིར། །ཕུང་པོ་ཁམས་དང་སྐྱེ་མཆེད་དོན་ལ་གཤེགས་སུ་གསོལ། །ཏྲག་རཀྴ་རཱུ་ཏྲ་མ་ཧཱ་ཙིཏྟ་ཛ་ཛཿ། ཞེས་དྲག་ཏུ་བསྐོར་རོ། །ཕུང་པོ་ཁམས་དང་སྐྱེ་མཆེད་ཞབས་ཀྱི་ཆས་བརྒྱད་ཀྱི་བྲོ་སྟེ་བཞི་པའོ།། །།ཡན་ལག་བཞི་ལྷ་མོ་ཟ་བྱེད་ཀྱི་བྲོ་ཞེས་པ། ཧཱུཾ། སྲིན་པོ་རཱུ་ཏྲ་བསྒྲལ་བའི་ཡན་ལག་ལ། །ལུ་གུ་རྒྱུད་དུ་སྦྲེལ་བསྡམས་ནས། །བདག་ཉིད་ཆེན་པོའི་སྐུར་བསྒོམས་ཏེ། །ཐོགས་མེད་ལས་ཀྱི་དབང་སྡུད་མ་མོ་སྟེ། །ཡན་ལག་ཆེན་པོ་གསེར་གྱི་ས་གཞི་ལ། །ལྕགས་ཀྱུ་དམར་པོས་འཁོར་བའི་ནད་ཁྲག་འབྱིན། །ཨ་མོ་དེ་བ་འདིར་གཤེགས་ཨཾ་ཀུ་ཤ །ཡོན་ཏན་ལྷུན་གྲུབ་ཅིར་ཡང་སྤྲུལ་པའི་ཡུམ། །དུར་ཁྲོད་གསང་བའི་ལྷ་མོ་གློག་འགྱུ་མ། །རྡོ་རྗེ་ཞགས་པས་ཁམས་གསུམ་ཅིག་ཆར་འཆིངས། །ལྷ་མོ་གློག་འགྱུ་འདིར་གཤེགས་པཱ་ཤ་ཧཱུཾ། །གསུང་གིས་ཐམས་ཅད་ཟིལ་གྱིས་གནོན་པའི་ཡུམ། །རྡོ་རྗེ་དྲ་བ་བཀའ་ཡི་རྗེས་གཅོད་མ། །ལྕགས་སྒྲོག་དམར་པོས་རྒྱུད་དྲུག་ཅིག་ཆར་སྡོམ། །རྡོ་རྗེ་དྲ་བ་འདིར་གཤེགས་སྥོ་ཊ་བམ། །སྐུ་མཆོག་མི་བཟད་འབར་བའི་ཡུམ་གཅིག་མ། །རྡོ་རྗེ་སྡེར་མོ་རལ་པའི་ཅོད་པན་ཅན། །རྡོ་རྗེ་དྲིལ་བུས་མ་ལུས་དགྱེས་པ་བསྐྱེད། །དུར་ཁྲོད་སྒྲ་ཡིས་འཚོག་འགྱུར་གྷཎྜ་ཧོ། །ཞེས་བརྗོད་ལ་དྲག་ཏུ་བསྐོར་རོ། །ཡན་ལག་བཞི་ལ་ལྷ་མོ་ཟ་བྱེད་མ་བཞིའི་བྲོ་སྟེ་ལྔ་པའོ།། །།ནང་རོལ་ངན་སོང་གནས་ཀྱི་བྲོ་ཞེས་པ། །ཧཱུཾ། སྲིན་པོ་རཱུ་ཏྲ་བསྒྲལ་བའི་སློ་ཤུལ་ལ། །ལུ་གུ་རྒྱུད་དུ་སྦྲེལ་བསྡམས་ནས། །བདག་ཉིད་ཆེན་པོའི་སྐུར་བསྒོམས་ནས། །སྡུག་བསྔལ་ཡོངས་སྒྲོལ་མཛད་པའི་ཕྲིན་ལས་ཀྱིས། །ངན་སོང་གཏིང་ནས་སྦྱང་བའི་ཕྲིན་ལས་མཛོད། །མཁའ་ལྡིང་ཤུགས་ཀྱིས་འགྲོ་བའི་བརྩོན་འགྲུས་དང་། །ཕྲ་མེན་མགོ་བརྙན་ཚོགས་ཀྱི་རྐན་སྒྲ་ཡིས། །ཁམས་གསུམ་འཁོར་བ་སྔངས་པའི་གླུ་བླངས་ཏེ། །ལྷག་ཕུད་མེད་པའི་ནང་གྲོལ་སྤུངས་པ་ལ། །བྱ་རོག་འུག་པ་བཞད་དང་ཁྭ་ལ་སོགས། །སྟག་སེང་སྤྱང་ཀི་འཇིགས་


DNG018_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གདོང་རྣམས་ནི། །ལ་ལ་ལྡིང་ཞིང་ལ་ལ་འབབས། །ལ་ལ་འཇོལ་ཞིང་ལ་ལ་འཐོག །ཧ་ཧ་རུ་ལུའི་སྒྲ་སྒྲོགས་ཤིང་། །ཞིང་བཅུ་གནས་ནས་བླང་ཕྱིར་གཤེགས་སུ་གསོལ། །ཞེས་བརྗོད་ལ། ནང་གྲོལ་ཁ་ཕྱེ་ལ་སྡང་མིག་གིས་བལྟ་ཞིང་གཏུམ་བག་གིས་དྲག་ཏུ་བསྐོར་རོ། །ནང་གྲོལ་ངན་སོང་གནས་ཀྱི་བྲོ་སྟེ་དྲུག་པའོ།། །།གཡང་གཞི་མ་མོ་འཁྲུགས་པའི་བྲོ་ཞེས་པ། །ཧཱུཾ། སྲིན་པོ་རཱུ་ཏྲ་བསྒྲལ་བའི་གཡང་གཞི་ལ། །ལུ་གུ་རྒྱུད་དུ་སྦྲེལ་བསྡམས་ནས། །བདག་ཉིད་ཆེན་པོའི་སྐུར་བསྒོམས་ལ། །ཤ་ཁྲག་དམར་ལ་དགྱེས་པའི་མཁའ་འགྲོ་རྣམས། །གསང་བའི་གོད་བསྲུང་གསང་བའི་དཀྱིལ་འཁོར་སྐྱོང་། །མ་བདུན་ལས་ལ་འཁྲུགས་པའི་དཀྱིལ་འཁོར་དུ། །འཁོར་བའི་གཏིང་བསྙེག་ཞིང་བཅུའི་ནང་གྲོལ་ལ། །དུག་གསུམ་རྔུབས་པའི་ཤུགས་ཀྱིས་འདིར་གཤེགས་ཤིག །གསང་བའི་ཤུན་ཆེན་བརྡལ་བའི་ས་གཞི་ལ། །ཕྱོགས་སྐྱོང་རྒྱལ་པོ་ལས་ལ་འཁྲུགས་པའི་བྲོ། །སྲིན་པོ་སྨུག་ནག་ཐུགས་རྗེ་ཆགས་པའི་བྲོ། །གླིང་བཞི་ཀུན་འབྱམས་རབ་ཏུ་རྔམ་པའི་བྲོ། །བརྟན་མ་བཅུ་གཉིས་མ་ཆེན་འཁྲུགས་པའི་བྲོ། །གཡང་གཞི་ཤུན་གྱི་བྲོ་གྲ་འདིར་གཤེགས་ལ། །ཁྱི་ཕག་བྱ་དང་རྡོ་རྗེའི་བརྟུལ་ཞུགས་ཀྱིས། །ང་དང་བདག་ཏུ་ལྟ་བའི་མུན་ཁང་ཤིག །རཱུ་ཏྲའི་གནས་བཅོམ་ཤ་ཟའི་མན་དྷལ་ལ། །ཤ་ཟན་སྟོང་གི་ཆུན་ལག་དེངས་སེ་དེང་། །རཀྟ་དམར་གྱི་རྦ་ཀློང་འཁྱིལ་པ་ལ། །ཁྲག་འཐུང་སྟོང་གི་རྐན་སྒྲ་ཆི་ལི་ལི། །རུས་པ་ཚོགས་ཀྱི་མཁར་བུ་གཏམས་པ་ལ། །མཆེ་བ་དུང་གི་སོ་སྒྲ་ཐམས་སེ་ཐམ། །གཡང་གཞི་སྤྲིན་གྱི་བ་དན་ལྷུབས་སེ་ལྷུབས། །འདི་འདྲའི་དུར་ཁྲོད་འབར་བའི་ས་གཞི་ལ། །དབང་ཆེན་འཁྲུགས་པའི་བྲོ་གྲ་དི་རི་རི། །སྐྱེས་བུ་གིང་ཆེན་འདུས་པའི་ས་གཞི་ལ། །མ་མོ་ལས་ལ་འཁྲུགས་པའི་བྲོ་བརྡུངས་པས། །བདུད་དང་སྲིན་པོའི་མིག་འབྲས་ཐང་ལ་རློག །གཏི་མུག་ཀླུ་དབང་སྙིང་ཁྲག་ཁ་ནས་སྐྱུགས། །ལང་ཀ་གདོན་གྱི་ཁ་སོ་སིལ་བུར་ལྷོགས། །རཀྴ་རཱུ་ཏྲ་ཧ་ཧ་རུ་ལུ་ཧཱུཾ་ཕཊ་ཅེས་བརྗོད་ལ་དྲག་ཏུ་བསྐོར་རོ། །གཡང་གཞི་མ་མོ་འཁྲུགས་པའི་བྲོ་སྟེ་བདུན་པའོ།། །།


DNG018_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

རྐང་ལག་ཁྲོ་བོ་ཟིལ་གནོན་བྲོ་ཞེས་པ། །ཧཱུཾ། སྲིན་པོ་རཱུ་ཏྲ་བསྒྲལ་བའི་སླ་བཞི་ལ། །ལུ་གུ་རྒྱུད་དུ་སྦྲེལ་བསྡམས་ནས། །བདག་ཉིད་ཆེན་པོའི་སྐུར་བསྒོམས་ལ། །རྐང་ལག་རྡོ་རྗེ་ཕུར་པའི་བྲོ། །ཡ་ག་ཅན་གྱི་སྙིང་ལ་བརྡུང་། །རྡོ་རྗེ་ཁྲོ་བོའི་ཐུགས་ཀ་ནས། །ཁྲོ་མོ་འབར་བའི་ཐུགས་ཀ་རུ། །སུམྦྷ་ནི་ཡི་སྒྲ་བསྒྲགས་ནས། །སྔགས་དང་ཕྱག་རྒྱ་རོལ་པའི་བྲོ། །ཞེ་སྡང་ཅན་གྱི་སྙིང་ལ་བརྡུང་། །བསྐལ་པ་མཐའ་ཡས་མི་ལྡང་ཕྱིར། །བརྗིད་པའི་སྟབས་དང་སྔགས་ཀྱིས་འཆམས། །ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ། གྷྲྀ་ཧྞ་གྷྲྀ་ཧྞ་ཧཱུཾ། གྷྲྀ་ཧྞཱ་པ་ཡ་གྷྲྀ་ཧྞཱ་པ་ཡ་ཧཱུཾ། ཨ་ན་ཡ་ཧོ། བྷ་ག་ཝཱན་བིདྱ་རཱ་ཛ་ནན། ཞེས་བརྗོད་ལ་མནན་ནོ། །ཁྲོ་བོ་ཟིལ་གནོན་བྲོ་སྟེ་བརྒྱད་པའོ།། །། དབང་ཆེན་བསྡུས་པའི་ཏནྟྲ་ལས། མཛད་པ་ཕྲིན་ལས་ཀྱི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་བར་ཅིས་ཀྱང་མ་ཆོད་པར་སྒྲོལ་བ་གནས་ཀྱི་སྨོན་ལམ་འདི་གསུངས་ཏེ། ཧོཿ། སྨོན་ལམ་དུ་གསོལ་བ་ནི། མི་གནས་ཡེ་ཤེས་ཐུགས་ཀྱི་དཀྱིལ་འཁོར་དུ།དཔལ་དུར་ཁྲོད་ཀྱི་མངའ་བདག །ཧེ་རུ་ཀ་མ་བདུན་ཕྲ་མེན་ཚོགས་ཀྱི་ཐུགས་དམ་བསྐང་བ་དང་། རྒྱུ་དུག་གསུམ་གྱི་རྩ་བ་གཅད་ནས། འབྲས་བུ་ངན་སོང་གསུམ་སྟོངས་པར་བགྱི་བའི། རྒྱུ་ཉོན་མོངས་པའི་སེམས་ཅན་འདི་དག་ལ།དཔའ་བོ་འབྲུ་ལྔ་ལུས་ལ་བཀོད་པས་དེ་བཞིན་གཤེགས་པའི་སྙིང་པོ་ལྡན་ཏེ། ཕུང་པོ་ལྔ་རིགས་ལྔའི་སངས་རྒྱས་སུ་གྱུར་ཅིག །ཤ་ཁྲག་མང་པོ་མཆོད་པའི་ཚོགས་སུ་རོལ་པས། ཟས་ཀྱི་རོ་བདེ་བ་ཉམས་སུ་བསྟར་བས་འབྱུང་བ་ཆེན་པོ་བཞི་རིགས་ཀྱི་ཡུམ་ཆེན་མོ་བཞིར་གྱུར་ཅིག །རྣམ་པར་ཤེས་པའི་ཚོགས་བརྒྱད་ཡེ་ཤེས་བརྒྱད་ཀྱི་བདག་ཉིད་དུ་བསྒྱུར་བས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མང་པོའི་སྒོ་ནས། ཅིས་ཀྱང་མ་བསྒྲིབས་པར་གྱུར་ཅིག །ཁོག་པ་ནི་རིན་པོ་ཆེ་གཞལ་ཡས་ཁང་དུ་ཕུལ་བས། རིན་པོ་ཆེའི་འོད་ཟེར་སྣ་བདུན་ལས་གྱུར་པའི་གཞལ་ཡས་ཁང་། རྒྱན་སྣ་ཚོགས་མཛེས་པ་ནམ་མཁའི་མཐའ་དང་མཉམ་པར་གྱུར་ཅིག །ནང་ཁྲོལ་སྣོད་ཀྱི་དཀྱིལ་འཁོར་དུར་ཁྲོད་ཀྱི་གཞལ་ཡས་ཁང་གནས་ཐུན་མོང་མ་ཡིན་པ་ནས།


DNG018_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

གློ་བ་ལས་ཀྱི་ཧེ་རུ་ཀ་ལ་ཕུལ་བས། གློ་མ་བུ་ཐབས་དང་ཤེས་རབ་འདྲེལ་བ་ལས་ཧཱུཾ་དབུགས་ཀྱི་རང་བཞིན་སྒྲ་ཆེན་པོ་འབྱུང་བས། བདེ་བར་གཤེགས་པའི་གསུང་དབྱངས་ཀྱི་སྒྲ་བསྒྲགས་ནས་རྣམ་སྨིན་དབང་དུ་འདུ་བར་གྱུར་ཅིག །མཆིན་པ་པདྨ་ཧེ་རུ་ཀའི་ཚོགས་སུ་ཕུལ་བས། མཆིན་གྲི་དབང་གི་བླ་རེ་སྤྲིན་གྱིས་ཁེབས་པས། གཏི་མུག་ཀླུ་དབང་ནི་དབང་དུ་བསྡུས། མཁྲིས་པ་ཆོས་ཉིད་བདུད་རྩི་ཕུལ་བ་ལ། ཆོས་ཀྱི་བདུད་རྩིའི་ཆར་ཆེན་པོ་འབབས་པར་གྱུར་ཅིག །མཁལ་མ་གཡས་གཡོན་རྡོ་རྗེ་རིགས་ཀྱི་ཕ་ལམ། རིན་པོ་ཆེའི་རིགས་དང་རྡོ་རྗེའི་རིགས་ལ་ཕུལ་བས། རིན་པོ་ཆེའི་རིགས་ལ་ཕུལ་བས་ནི་དགོས་འདོད་ཀྱི་རེ་བ་ཡིད་བཞིན་སྐོང་བར་གྱུར་ཅིག །རྡོ་རྗེའི་རིགས་ལ་ཕུལ་བས་དུས་གསུམ་དུ་འགྱུར་བ་མེད་དེ་སྲ་མཁྲེགས་རྡོ་རྗེ་དང་འདྲ་བར་གྱུར་ཅིག །ཙིཏྟ་སྡུག་བསྔལ་གྱི་ཚོགས་ཡེ་ཤེས་སེམས་དཔའ་ལ་ཕུལ་བས། ཆོས་ཉིད་སྒྱུ་མའི་དོན་ཡེ་ཤེས་སྒྱུ་མས་རྟོགས་ནས་སྤྲུལ་པ་སྒྱུ་མའི་སྐུ་མངོན་དུ་ཕྱུང་སྟེ། རྣལ་འབྱོར་པ་མང་པོས་འགྲོ་བའི་དོན་བྱེད་པར་གྱུར་ཅིག །ལྷུ་བཅུ་གཉིས་ལྷ་མོ་བཅུ་གཉིས་ཀྱི་ཚོགས་རྫུ་འཕྲུལ་ཡང་སུ་ཕུལ་པས། སྐྱེ་མཆེད་བཅུ་གཉིས་ལྷ་མོ་བཅུ་གཉིས་སུ་གནས་བསྒྱུར་ཏེ། རྡོ་རྗེའི་གདན་ལ་མངོན་པར་རྫོགས་པར་སངས་རྒྱས་ནས། ཆོས་ཀྱི་གདན་ཚོམས་ཆེན་པོ་མཛད་པར་གྱུར་ཅིག །སྒྱུ་མ་ཤེས་རབ་ཀྱི་ལམ་དུ་ཕུལ་བས། རྒྱུ་ཡི་ཆོས་ཉོན་མོངས་པ་ལྔ་དང་དུག་གསུམ་ལས། འབྲས་བུའི་ཆོས་སྐུ་གསུམ་ཡེ་ཤེས་ལྔ་ལས། གཞན་དུ་འགྱུར་འོང་མེད་པར་ཉིད་ལས་ཉིད་དུ་སངས་རྒྱས་པར་གྱུར་ཅིག །གཉེ་མ་ཐབས་ཀྱི་དཀྱིལ་འཁོར་དུ་ཕུལ་བས། ཐབས་མཁས་པའི་ཐུགས་རྗེའི་མཛད་ཕྱོགས་ཀྱིས་འཁོར་བ་ནི་དབྱིངས་སུ་ཟླུམ་པས། ཕྱི་དང་ནང་གཉིས་སུ་མེད་པའི་དོན་རྟོགས་པར་གྱུར་ཅིག །རྣམ་པར་ཐར་པའི་སྒོ་བཞི་ལ།མིད་པ་ཆོས་མཐར་བྱེད་ཀྱི་སྒོ་སྲུང་དུ་ཕུལ་བས། ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་། ནམ་དུ་ཡང་ནུབ་པའི་དུས་མེད་པར་གྱུར་ཅིག །


DNG018_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོ་བ་ཤེས་རབ་མཐར་བྱེད་ཀྱི་སྒོ་སྲུང་དུ་ཕུལ་བས། ཕྱི་ནང་གི་གསང་རྒྱུད་ཕུན་སུམ་ཚོགས་པ་ནམ་དུ་ཡང་ནུབ་པའི་དུས་མེད་པར་གྱུར་ཅིག །ཆུ་སོ་བགེགས་མཐར་བྱེད་ཀྱི་སྒོ་སྲུང་དུ་ཕུལ་བས། འདས་པ་དང་ད་ལྟ་དང་མ་བྱོན་པ་དང་དུས་གསུམ་གྱི་བདེ་བར་གཤེགས་པ་རྣམས་གདུང་རྒྱུད་མཐའ་ནམ་དུ་ཡང་མི་འཆད་པར་གྱུར་ཅིག །ཚིལ་ནག་གཤིན་རྗེ་མཐར་བྱེད་ཀྱི་སྒོ་སྲུང་དུ་ཕུལ་བས། གཤིན་རྗེ་དང་བཅས་པའི་མ་མོ་མཚམས་འདྲལ་བའི་འབྱུང་པོ་ཚར་བཅད་ནས། གཞལ་ཡས་ཁང་དུས་གསུམ་དུ་བཀྲ་ཤིས་པར་གྱུར་ཅིག །མགོ་མངོན་པར་བྱང་ཆུབ་པའི་དཀྱིལ་འཁོར་དུ་ཕུལ་བས། མིག་ཤེས་རབ་ཀྱི་སྒྲོན་མས་མ་རིག་པའི་མུན་པ་སེལ་བར་གྱུར་ཅིག །ཁ་ཟ་བྱེད་ཀྱི་ཧོམ་གྱིས་རྒྱུད་དྲུག་གི་རྩ་བ་གཏོར་མར་བཞེས་པར་གྱུར་ཅིག །སོ་ལས་ཀྱི་ཁྲོ་བོས་དུག་གསུམ་རྩད་ནས་གཅོད་པར་གྱུར་ཅིག །ལྕེ་འཇིག་རྟེན་སྲིད་པའི་མེ་དཔུང་དུ་ཕུལ་བས། འཁོར་བའི་བག་ཆགས་བསྲེག་པའི་གཉེན་པོར་གྱུར་ཅིག །སྣ་སྡུག་བསྔལ་སྣ་ཚོགས་འབུད་པའི་རླུང་དུ་ཕུལ་བས། སྐྱོན་གྱི་བག་ཆགས་སེལ་ཞིང་འཐོར་བའི་གཉེན་པོར་གྱུར་ཅིག །རྣ་བ་ཡོན་ཏན་མ་འགགས་པའི་སྒོ་མོར་ཕུལ་བས། གསུང་རབ་རྒྱ་མཚོ་ཆོས་ཉིད་ཀྱི་སྒྲ་ཐོས་པས་ཕྲིན་ལས་ཀྱི་རྒྱ་མཚོ་ཇི་ལྟར་བཅོལ་པ་བཞིན་ཐོས་ཤིང་འགྲུབ་པར་གྱུར་ཅིག པགས་པ་དབང་གི་བླ་རེ་ཕུལ་བས་ཡེ་ཤེས་ཐིབས་སུ་ཆེ་བའི་ཁྱད་པར་ལས། བ་སྤུ་ཉག་རེ་ལས་ཀྱང་སྤྲུལ་པ་ལྕམ་དྲལ་གྱིས་འཇིག་རྟེན་ཡོངས་སུ་འཁྲིགས་པས། འགྲོ་བའི་དོན་ཡིད་བཞིན་དུ་བྱེད་པར་གྱུར་ཅིག །ཟིན་ལག་གཡོན་པ་གྱེན་དུ་བསྒྲེངས་པས་ནི། བཀའ་དྲིན་ཆེན་པོ་ནི་ཞར་ཡང་མི་ནུབ་པའི་གཡུང་དྲུང་གི་རྒྱལ་མཚན་ཆེན་པོ་ནི་བཙུགས། གསང་སྔགས་ཕྱོགས་བཅུར་དར་བའི་དབང་གིས་བདུད་བཞི་བསྙལ་ཞིང་མགོ་མནན་པས། ཆོས་ཀྱི་རུ་མཚོན་ཆེན་པོ་ཕྱར་བའི་མཐུས། འཁོར་བའི་གཡུལ་སོ་ནི་མྱ་ངན་ལས་འདས་པའི་དབྱིངས་སུ་བཟློག །དབལ་སོ་རྣོན་པོ་ནི་དུག་གསུམ་གྱི་དགྲ་ལ་བཙུགས་པས། ཕྲིན་ལས་རྒྱལ་ཐབས་ཆེན་པོ་བརྙེས་ཏེ་ཉོན་མོངས་པའི་རྒྱུ་ངན་སོང་


DNG018_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ནི་སྟོངས། སངས་རྒྱས་པའི་རྒྱུ་གསང་སྔགས་ཆོས་ཀྱི་དབུ་རྨོག་ནི་བཙན། འབྲས་བུ་ཡེ་ཤེས་ལྷ་ཡི་རྒྱལ་སྲིད་ནི་མཐོ་བར་གྱུར་ཅིག །དགྲ་ལག་གཡས་པ་ཐུར་དུ་བཅག་པས་ནི། མུ་སྟེགས་ལྟ་བ་སུམ་བརྒྱ་དྲུག་ཅུའི་ཀླད་པ་འགེམས་པ་གསང་བའི་གཎྜི་ཡུམ་གྱི་མཁའ་དབྱིངས་སུ་བརྡུངས་པས་ནག་པོ་ཕྱིན་ཅི་ལོག་གི་བསྟན་པ་ནི་བཤིག །ཚེ་ལ་བར་དུ་གཅོད་པའི་བདུད་བཞི་ནི་བཏུལ།མཚན་མ་ལོག་པར་སྟོན་པའི་དགྲ་བགེགས་མང་པོ་ནི་བྲི། དུས་ཉེ་བར་ལྷུང་བའི་ཡེ་འབྲོག་མང་པོ་ནི་བཟློག །བྱུར་ཆག་མང་པོ་ཀུན་ནས་སྡང་བའི་དགྲ་བགེགས་མང་པོ་ནི་བཅིངས་ནས། བདག་ཅག་རྡོ་རྗེ་ཆེ་གེ་མོ་རྣམས་ཡེ་ཤེས་བླ་མའི་ས་ནོན། དབང་ཕྱུག་ཆེན་པོའི་གྲལ་ཐོབ། ཕྱག་རྒྱ་ཆེན་པོའི་དོན་རྟོགས་པར་གྱུར་ཅིག །དེ་སྐད་ཅེས་གསུངས་སོ། །དབང་ཆེན་བསྡུས་པའི་ཏནྟྲ་ལས། སྒྲོལ་བ་གནས་ཀྱི་སྨོན་ལམ་གྱི་ལེའུ་སྟེ་བཅུ་བདུན་པའོ།། །།མཛད་པ་ཕྲིན་ལས་ཀྱི་ལེའུ་བཞིས་བསྟན་པའི་ཐ་མ་མཉེས་པ་མཆོད་པའི་ལེའུ་འབྱུང་སྟེ། མཉེས་པ་མཆོད་པའི་ལེའུ་ལའང་རང་བཞིན་གནས་ནས་སྤྱན་འདྲེན་ལེའུ་དང་། བསྡི་གནས་བཞུགས་གསོལ་གྱི་ལེའུ་དང་། བསྐུར་འོས་ཕྱག་འཚལ་གྱི་ལེའུ་དང་། མཉེས་པ་མཆོད་པའི་ལེའུ་དང་། རྟོགས་པས་བདག་བསྒྲལ་ལེའུ་དང་། ཐུགས་རྗེས་གཞན་བསྒྲལ་མཆོད་པའི་ལེའུ་དང་། བཅོལ་པའི་ཕྲིན་ལས་ཀྱི་ལེའུ་དང་། ཕྲིན་ལས་ཁ་སྐོང་ཕྱག་རྒྱའི་ལེའུ་བརྒྱད་ཀྱིས་བསྟན་ཏེ། དེ་ལ་དང་པོར་རང་བཞིན་གནས་ནས་སྤྱན་འདྲེན་གྱི་ལེའུ་འབྱུང་སྟེ། གོང་དུ་བསྐྱེད་པའི་དབུ་ལྔའི་གཞལ་ཡས་ཁང་དུ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་སྤྱན་དྲང་བ་འདི་སྐད་དོ། །ཧཱུཾ། དུས་གསུམ་བདེ་གཤེགས་རྒྱལ་བ་ཀུན་གྱི་གཙོ། །རྣམ་པར་སྣང་མཛད་རིགས་ལྔ་འཁོར་དང་བཅས། །དབང་རྣམས་རྫོགས་པར་མཛད་པའི་དོན་སླད་དུ། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་མ་ལུས་ཀུན། །རིགས་ལྔ་སྤྱི་ཡི་ཕྱག་རྒྱས་སྤྱན་འདྲེན་ནོ། །གར་གྱི་སྤྱི་གཙུག་རྒྱན་དུ་གཤེགས་སུ་གསོལ། །ཛཿཧཱུཾ་བཾ་ཧོཿ། ཨཱོཾ་ཛི་ན་ཛིཀ་ལཱ་མ་དྭེ་ཥ་ར་ཏི། ཧཱུཾ་བཛྲ་དྷྲྀཀ་མཱུཾ་དྷཱ་ཏྭཱི་ཤྭ་རི། སྭཱ་རཏྣ་དྷྲྀཀ །མཱཾ་མོ་ཧ་ར་ཏི། ཨཱཾ་ཨཱ་རོ་ལིཀ །


DNG018_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

པྱཾ་རཱ་ག་ར་ཏི། ཧ་པྲཛྙཱ་དྷྲྀཀ །ཏཱཾ་བཛྲ་ར་ཏི། ཀ་མ་ལ་མུ་ཀ །ཀ་མ་ལ་པ་འདི། ཀ་མ་ལ་ལ་སེ། ཀ་མ་ལ་ལ་ཤྐ། ས་མ་ཡ་ཧོ། ས་མ་ཡ་སྟྭམ། སྔ་མ་བསྐྱེད་པའི་དཀྱིལ་འཁོར་དུ། རྟ་མགྲིན་དབང་གི་དཀྱིལ་འཁོར་སྤྱན་དྲང་བ་འདི་སྐད་དོ། །ཧཱུཾ། དབང་གི་རྒྱལ་པོ་ཁྲོ་བོ་རྟ་མཆོག་དཔལ། །ཕྲིན་ལས་མྱུར་མགྱོགས་གར་ཡང་ཐོགས་པ་མེད། །དྲག་ཤུལ་སྲིན་པོ་འདུལ་བའི་དོན་སླད་དུ། །རྟ་མགྲིན་དབང་གི་དཀྱིལ་འཁོར་མ་ལུས་ཀུན། །རྟ་གདོང་ཞལ་གྱི་ཕྱག་རྒྱས་སྤྱན་འདྲེན་ན། །དབང་གི་རྟ་སྐད་འཚེར་ཞིང་གཤེགས་སུ་གསོལ། །ཛཿཧཱུཾ་བཾ་ཧོཿ། ཨཱོཾ་ཤྲཱི་པདྨ་བཌ་མུ་ཁ་ཡོ་གཱི་ཤྭ་རི་ཧ་ཡ་གྷྲཱི་ཝ་ཨེ་ཧྱེ་ཧི་ཧྲིཾ་ཧྲིཾ། གོང་དུ་བསྐྱེད་པའི་དཀྱིལ་འཁོར་དུ་ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་སྤྱན་དྲང་བ་འདི་སྐད་དོ། །ཧཱུཾ། མཁྱེན་རིག་ཡེ་ཤེས་མངའ་བ་འཕྲུལ་པའི་གནས། །ཕྲ་མོའི་ཏིང་འཛིན་ཁྲོ་བོ་དཔལ་གྱི་ཐུགས། །ཚོན་གང་གསལ་བར་ཤར་བས་མ་རིག་རྨོངས་པ་སེལ། །ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་མ་ལུས་ཀུན། །རིག་བྱེད་ལྕགས་ཀྱུའི་ཕྱག་རྒྱས་སྤྱན་འདྲེན་ནོ། །ཤེས་རབ་སྒྲོན་དང་བཅས་ནས་གཤེགས་སུ་གསོལ། །ཛཿཧཱུཾ་བཾ་ཧོཿ། ཛྙཱ་ན་སཏྭ་ཧཱུཾ། ས་མ་ཡ་ཧོ། ས་མ་ཡ་སྟྭམ། གོང་དུ་བསྐྱེད་པའི་དཀྱིལ་འཁོར་དུ། འགྲོ་བ་འདུལ་བའི་དཀྱིལ་འཁོར་སྤྱན་དྲང་བ་འདི་སྐད་དོ། །ཧཱུཾ། འཁོར་བའི་རྒྱ་མཚོ་ཅིག་ཆར་སྐེམ་པའི་ཕྱིར། །ཐབས་ལྡན་འཕྲུལ་གྱི་ཕྱག་མཚན་སྣ་ཚོགས་ཀྱིས། །འགྲོ་དྲུག་གནས་ནས་དྲང་བའི་དོན་སླད་དུ། །འགྲོ་བ་འདུལ་བའི་དཀྱིལ་འཁོར་མ་ལུས་ཀུན། །ལུ་གུ་རྒྱུད་ཀྱི་ཞགས་པས་སྤྱན་འདྲེན་ན། །སྡུག་བསྔལ་ཕུང་པོ་འཇོམས་ཕྱིར་གཤེགས་སུ་གསོལ། །ཛཿཧཱུཾ་བཾ་ཧོཿ། ཧ་ཧ་རུ་ལུ་ཧཱུཾ་ཕཊ། ཧ་ཧ་རུ་ལུ་ཧཱུཾ་ཕཊ་ས་མ་ཡ་ཧོ། ས་མ་ཡ་སྟྭམ། གོང་དུ་བསྐྱེད་པའི་དཀྱིལ་འཁོར་དུ། །ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་སྤྱན་དྲང་བ་འདི་སྐད་དོ། །ཧཱུཾ།མཁའ་ལྟར་ཁྱབ་པའི་ཐུགས་རྗེ་ཉི་མའི་སྐུ། །འགྲོ་བའི་དཔལ་བསྐྱེད་འཕགས་ལམ་འགྲོ་བའི་དཔལ། །རྨད་བྱུང་ཕྲིན་ལས་སྣ་ཚོགས་སྐུར་བསྟན་པའི། །ཁམས་གསུམ་རྣམ་རྒྱལ་དཀྱིལ་འཁོར་མ་ལུས་ཀུན། །


DNG018_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱུང་ཆེན་གཤོག་པའི་ཕྱག་རྒྱས་སྤྱན་འདྲེན་ནོ། །གདུག་པའི་ཀླུ་ཚོགས་འདུལ་ཕྱིར་གཤེགས་སུ་གསོལ། །ཛཿཧཱུཾ་བཾ་ཧོཿ། ཨཱོཾ་ཛྭ་ལ་ཛྭ་ལ་ཨ་མོ་གྷ་སིདྡྷི་ཧཱུཾ། ཛྭ་ལ་ཛྭ་ལ་ཨ་མོ་གྷ་སིདྡྷི་ཏྲཾ། ས་མ་ཡ་ཧོ། ས་མ་ཡ་སྟྭམ། གོང་དུ་བསྐྱེད་པའི་དཀྱིལ་འཁོར་དུ། ཧཱུཾ་མཛད་ཁྲོ་བོ་ཞབས་ཀྱི་དཀྱིལ་འཁོར་སྤྱན་དྲང་བ་འདི་སྐད་དོ། །ཧཱུཾ། སྲིད་པ་མ་ལུས་དཀྱིལ་འཁོར་རབ་འབྱམས་འདིར། །འཇིག་རྟེན་འདས་པ་དབང་དུ་བསྡུ་བའི་ཕྱིར། །ཟིལ་གནོན་དྲག་པོ་འདུལ་བའི་དོན་སླད་དུ། །ཧཱུཾ་མཛད་ཞབས་ཀྱི་དཀྱིལ་འཁོར་མ་ལུས་ཀུན། །བརྐྱང་བསྐུམ་ཕུར་པའི་ཕྱག་རྒྱས་སྤྱན་འདྲེན་ན། །གནོན་མཛད་སྟོབས་ཀྱི་རྒྱལ་པོར་གཤེགས་སུ་གསོལ། །ཨཱོཾ། ཛཿཧཱུཾ་བཾ་ཧོཿ། ནཱ་ཤ་ཡ་སྟྭཾ་བྷ་ནི། སུམྦྷ་ནི་སུམྦྷ་ནི། ས་མ་ཡ་ཧོ། ས་མ་ཡ་སྟྭཾ། གོང་དུ་བསྐྱེད་པའི་དཀྱིལ་འཁོར་དུ། གསང་མཆོག་ཐུགས་ཀྱི་དཀྱིལ་འཁོར་སྤྱན་དྲང་བ་འདི་སྐད་དོ། །ཧཱུཾ།ཤེས་རབ་སེམས་མ་ཡུམ་གྱི་གཞལ་ཡས་འདིར། །རང་བྱུང་ཡེ་ཤེས་ཐུགས་ཀྱི་ས་བོན་རྒྱུ། །རྡོ་རྗེ་ཆེ་མཆོག་བསྐུལ་བའི་དོན་སླད་དུ། །གསང་མཆོག་ཡུམ་གྱི་བྷ་ག་མ་ལུས་ཀུན། །དམ་ཚིག་སྦྱོར་བའི་ཕྱག་རྒྱས་སྤྱན་འདྲེན་ན། །བདེ་མཆོག་དབྱིངས་ལ་རོལ་ཅིང་གཤེགས་སུ་གསོལ། །ཨཱོཾ་ཛཿཧཱུཾ་བཾ་ཧོཿ། ཛྙཱ་ན་སིདྡྷི། ཨཱོཾ་རཱ་ག་སིདྡྷི་ཨཱོཾ། ས་མ་ཡ་ཧོ། ས་མ་ཡ་སྟྭམ། གོང་དུ་བསྐྱེད་པའི་དཀྱིལ་འཁོར་དུ། ཡོན་ཏན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་སྤྱན་དྲང་བ་འདི་སྐད་དོ། །ཧཱུཾ།ཆགས་པའི་སྐྱོན་བྲལ་པདྨ་རཱ་གའི་མདོག །ཡོན་ཏན་ལྷུན་གྱིས་གྲུབ་པ་གར་གྱི་དབང་ཕྱུག་སྟེ། །ལོག་པར་ལྟ་བ་གཏན་དུ་རྒྱུན་གཅད་ཕྱིར། །ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་མ་ལུས་ཀུན། །གླུ་བྲོ་གར་གྱི་ཕྱག་རྒྱས་སྤྱན་འདྲེན་ན། །ཚོགས་ཆེན་འདུན་སར་འདུས་ཤིང་གཤེགས་སུ་གསོལ། །ཨཱོཾ་ཛཿཧཱུཾ་བཾ་ཧོཿ། པདྨ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚཱན་ཧ་ན་ཏ་ཀ་པ་ཙ་ཧཱུཾ་ཧཱུཾ་ཕཊ། ས་མ་ཡ་ཧོ།ས་མ་ཡ་སྟྭམ། དབང་ཆེན་བསྡུས་པའི་ཏནྟྲ་ལས། རྡོ་རྗེའི་ཚིག་དྲུག་པས་རང་བཞིན་གནས་ནས་སྤྱན་འདྲེན་གྱི་ལེའུ་


DNG018_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་བཅོ་བརྒྱད་པའོ།། །།ད་ནི་སྤྱན་དྲངས་པའི་དཀྱིལ་འཁོར་དེར་བཞུགས་སུ་གསོལ་ཏེ་འདི་སྐད་དོ། །རིན་ཆེན་ཕོ་བྲང་ཀླད་པའི་གཞལ་ཡས་སུ། །འོད་ཟེར་མང་པོའི་གདན་ཁྲི་བཤམས་པ་ལ། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་མ་ལུས་ཀུན། །སྤྲོས་པ་མེད་པའི་ཚུལ་གྱིས་བཞུགས་སུ་གསོལ། །གདུལ་བྱ་དྲག་པོ་ཐོད་རུས་གཞལ་ཡས་སུ། །ཏི་ར་གསར་རྙིང་གདན་ཁྲི་བཤམས་པ་ལ། །རྟ་མགྲིན་དབང་གི་དཀྱིལ་འཁོར་མ་ལུས་ཀུན། །རྔོམ་བརྗིད་བསྒྱིངས་པའི་ཚུལ་གྱིས་བཞུགས་སུ་གསོལ། །སྐྱེ་མེད་ཙིཏྟ་ཐུགས་ཀྱི་གཞལ་ཡས་སུ། །དྲི་མེད་ཟླ་གསལ་གདན་ཁྲི་བཤམས་པ་ལ། །ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་མ་ལུས་ཀུན། །མཉམ་པ་ཉིད་ཀྱི་ཚུལ་གྱིས་བཞུགས་སུ་གསོལ། །ཟ་བྱེད་དུར་ཁྲོད་ཕྱག་གི་གཞལ་ཡས་སུ། །མོས་པ་འཐད་པའི་གདན་ཁྲི་བཤམས་པ་ལ། །འགྲོ་བ་འདུལ་བའི་དཀྱིལ་འཁོར་མ་ལུས་ཀུན། །དགྱེས་པ་རོལ་པའི་ཚུལ་གྱིས་བཞུགས་སུ་གསོལ། །རྫུ་འཕྲུལ་ཆེན་པོ་ཀླུ་ཡི་གཞལ་ཡས་སུ། །སྦྲུལ་ནག་སྤུངས་པའི་གདན་ཁྲི་བཤམས་པ་ལ། །ཁམས་གསུམ་རྣམ་རྒྱལ་དཀྱིལ་འཁོར་མ་ལུས་ཀུན། །ཁྱུང་ཆེན་རྫོགས་པའི་ཚུལ་གྱིས་བཞུགས་སུ་གསོལ། །ཁྲོ་བོ་ཆེན་པོ་ཐུགས་ཀྱི་གཞལ་ཡས་སུ། །ཤ་ཁྲག་རློན་པའི་གདན་ཁྲི་བཤམས་པ་ལ། །ཧཱུཾ་མཛད་ཞབས་ཀྱི་དཀྱིལ་འཁོར་མ་ལུས་ཀུན། །ཟིལ་གནོན་བགྲད་པའི་ཚུལ་གྱིས་བཞུགས་སུ་གསོལ། །གཟི་ལྡན་པདྨ་ཐུགས་ཀྱི་གཞལ་ཡས་སུ། །ལོངས་སྤྱོད་དགྱེས་པའི་གདན་མཆོག་བཤམས་པ་ལ། །གསང་མཆོག་ཐུགས་ཀྱི་དཀྱིལ་འཁོར་མ་ལུས་ཀུན། །བདེ་བ་ཆེན་པོའི་ཚུལ་གྱིས་བཞུགས་སུ་གསོལ། །ཡེ་ཤེས་ལྷ་ཡི་ཕོ་བྲང་གཞལ་ཡས་སུ། །ཉི་ཟླ་འོད་ཀྱི་གདན་མཆོག་བཤམས་པ་ལ། །ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་མ་ལུས་ཀུན། །ཡོན་ཏན་རྫོགས་པའི་ཚུལ་གྱིས་བཞུགས་སུ་གསོལ། །ཨཱོཾ་ཏིཥྛ་བཛྲ་ས་མ་ཡ་ཧཱུཾ། དབང་ཆེན་བསྡུས་པའི་ཏནྟྲ་ལས། རྡོ་རྗེའི་ཚིག་བཞི་པས་བསྡི་གནས་བཞུགས་གསོལ་གྱི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ལྟར་བཞུགས་སུ་གསོལ་བ་ནས་དཀྱིལ་འཁོར་ལ་ཕྱག་


DNG018_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་འདི་སྐད་དོ། །སྲིད་གསུམ་འཇོམས་མཛད་ཐར་ལམ་འདྲེན་པའི་ལྷ། །རྣམ་པར་སྣང་མཛད་རིགས་ལྔ་འཁོར་དང་བཅས། །སྤྱི་གཙུག་རྒྱལ་བའི་ཡིད་ཀྱིས་ཕྱག་འཚལ་ན། །ཐུགས་རྗེ་མཆོག་གིས་བདག་ལ་དགོངས་སུ་གསོལ། །དབང་དྲག་འཇོམས་བྱེད་སྲིན་པོ་འདུལ་བའི་ལྷ། །རྟ་མགོ་ལྗང་གུ་འཁོར་དང་བཅས་པ་ལ། །བརྐྱང་བསྐུམ་སྲིན་པོའི་ཚུལ་གྱིས་ཕྱག་འཚལ་ན། །ཐུགས་རྗེ་མཆོག་གིས་བདག་ལ་དགོངས་སུ་གསོལ། །ཐིག་ལེ་ཆེན་པོ་ཀློང་གི་དཀྱིལ་འཁོར་ནས། །ཡེ་ཤེས་སེམས་དཔའི་འཁོར་དང་བཅས་པ་ལ། །མི་གཡོ་བསམ་གཏན་ཚུལ་གྱིས་ཕྱག་བགྱི་ན། །ཐུགས་རྗེ་མཆོག་གིས་བདག་ལ་དགོངས་སུ་གསོལ། །ཏ་ཀྲྀཏ་བཅུ་དྲུག་ཐབས་ཀྱི་བརྒྱུད་པའི་ཚོགས། །སྤྲུལ་པའི་ཕྲ་མེན་ཕྱག་མཚན་འཁོར་བཅས་ལ། །མ་མོ་འཛུམ་པའི་ཚུལ་གྱིས་ཕྱག་བགྱི་ན། །ཐུགས་རྗེ་མཆོག་གིས་བདག་ལ་དགོངས་སུ་གསོལ། །གཏི་མུག་གསུམ་སེལ་འཇིག་རྟེན་སྒྲོན་མའི་ལྷ། །ཁམས་གསུམ་རྣམ་རྒྱལ་འཁོར་དང་བཅས་པ་ལ། །ཀླུ་འབྲུག་འབྲོས་པའི་ཚུལ་གྱིས་ཕྱག་འཚལ་ན། །ཐུགས་རྗེ་མཆོག་གིས་བདག་ལ་དགོངས་སུ་གསོལ། །ཁམས་གསུམ་དབང་སྡུད་ཁྲོ་བོ་ནོན་པའི་ལྷ། །ཧཱུཾ་མཛད་ཞབས་ཀྱི་དཀྱིལ་འཁོར་མ་ལུས་ལ། །དྲང་སྲོང་ཙོག་པུའི་ཚུལ་གྱིས་ཕྱག་འཚལ་ན། །ཐུགས་རྗེ་མཆོག་གིས་བདག་ལ་དགོངས་སུ་གསོལ། །བདེ་བ་ཆེན་པོ་བྱང་ཆུབ་སེམས་ཀྱི་གནས། །གཟི་ལྡན་པདྨ་འཁོར་དང་བཅས་པ་ལ། །མ་མོ་མདངས་ཀྱི་ཚུལ་གྱིས་ཕྱག་འཚལ་ན། ། ) ཐུགས་རྗེ་མཆོག་གིས་བདག་ལ་དགོངས་སུ་གསོལ། །བསོད་ནམས་ཡེ་ཤེས་ཚོགས་ཀྱིས་བརྒྱན་པའི་སྐུ། །པདྨ་དབང་ཆེན་གར་གྱི་དབང་ཕྱུག་ལ། །ཐལ་སྦྱར་མི་ཡི་ཚུལ་གྱིས་ཕྱག་འཚལ་ན། །ཐུགས་རྗེ་མཆོག་གིས་བདག་ལ་དགོངས་སུ་གསོལ། །ཨ་ལ་ལ་ཧོ། ཨ་ཏི་པུ་ཧོ། པྲ་ཏཱིཙྪ་ཧོ། དབང་ཆེན་བསྡུས་པའི་ཏནྟྲ་ལས། རྡོ་རྗེ་ཚིག་བཞི་པས་བཀུར་འོས་ཕྱག་འཚལ་ལེའུ་སྟེ་ཉི་ཤུ་པའོ།། །།ད་ནི་མཉེས་པ་མཆོད་པའི་ལེའུ་འབྱུང་སྟེ། མཉེས་པ་མཆོད་པའི་ལེའུ་ལ་ཡང་རྣམ་པ་བཞི་སྟེ། སྣང་སྲིད་ཀྱི་མཆོད་པ་དང་།


DNG018_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

གླུ་བྲོ་གར་གྱི་མཆོད་པ་དང་། རང་བྱུང་བདུད་རྩིའི་མཆོད་པ་དང་། དམ་ཚིག་རྫས་ཀྱི་མཆོད་པ་དང་བཞིའོ། །དེ་ལ་དང་པོར་སྣང་སྲིད་ཀྱི་མཆོད་པ་འབྱུང་སྟེ་འདི་སྐད་དོ། །ཧཱུཾ་བདེ་བར་གཤེགས་སོ་བཅོམ་ལྡན་འདས། །བདེ་བར་གཤེགས་སོ་ཁྲོ་རྒྱལ་གཙོ། །བདེ་བར་གཤེགས་སོ་ཨཱ་ར་ལི། །རྒྱལ་བ་རྒྱ་མཚོ་ཡེ་ཤེས་ཀྱིས། །སྲིད་པ་རྒྱ་མཚོ་མཐའ་དག་ཀུན། །ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ། །ཨཱོཾ་མ་ཧཱ་ཤཱུ་ནྱ་ཏཱ་སྭ་བྷཱ་བ་ཨཱདྨ་ཀོ྅ཧཾ། གཉིས་པ་གླུ་བྲོ་གར་གྱི་མཆོད་པ་འབུལ་བ་འདི་སྐད་དོ། །ཧཱུཾ། ལྷ་ཡི་ལྷ་མོ་གླུ་བྲོ་གར་གྱི་ཚོགས། །དགའ་ལྡན་ལོངས་སྤྱོད་བསོད་ནམས་གྲུབ་པའི་རྟགས། །མཐུན་པར་སྣང་བའི་ལོངས་སྤྱོད་ལ། །མཛེས་པར་འགྱུར་བའི་གར་དང་ཚངས་པ་དབྱངས་ཀྱི་གླུ། །མི་གནས་རོལ་པའི་བྲོ་དང་ཐུགས་དམ་བསྐུལ་བའི་ཚིག །སྤྲུལ་པ་མཆོག་གི་རྐྱེན་དུ་འཚམས་པའི་ཕྱིར། །བདེ་བར་གཤེགས་པ་རྣམས་ལ་འབུལ་ལགས་ན། །ཀུན་ཏུ་བཟང་པོའི་ངང་གིས་བཞེས་སུ་གསོལ། །ཨཱོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་སྭ་བྷཱ་བ་ཨཱདྨ་ཀོ྅ཧཾ། གསུམ་པ་རང་བྱུང་བདུད་རྩིའི་མཆོད་པ་འབུལ་བ་ནི། རྒྱུད་ལས། མཚན་དང་ལྡན་པའི་བྷནྡ་ལ། །བདུད་རྩི་ལྔ་དང་ཛ་གད་བཅས། །རཾ་ཡཾ་ཁཾ་གི་ཡིག་འབྲུ་ཡིས། །མཚན་ཉིད་མེད་པར་སྟོང་བྱས་ནས། །བདག་ཉིད་ཆེན་པོའི་ཐུགས་ཀ་ནས། །ཡིག་འབྲུ་བཅུ་ཡི་འོད་འཕྲོས་པས། །མཚན་ཉིད་མེད་པའི་སྟོང་པ་ལས། །ཨཱོཾ་ལས་དབང་ཆེན་ཡབ་ཡུམ་སྐུ། །ཧུ་ལུ་གོང་མ་ཏ་ཀྲྀཏ་བཅུ་དྲུག་ལ། །ཧུ་ལུ་འོག་མ་ཕྲ་མེན་བཅུ་དྲུག་སྐུ། །ཧཱུཾ་ལས་ཁམ་རྒྱ་དམུས་ལོང་སྐུ། །ཕཊ་ལས་ཁྱི་སྤྱང་སྒོ་སྲུང་སྐུ། །ཨེ་ལས་ཡུམ་གྱི་བྷ་གར་གྱུར། །ཨཱས་ནི་མ་སྐྱེས་མཉམ་པ་ཉིད། །ར་ལིས་གསང་བའི་རྡོ་རྗེ་ལས། །ཡིག་འབྲུ་བཅུ་བཞིའི་རང་བཞིན་ནི། །རིན་ཆེན་ཕྲེང་བ་བརྒྱུས་པ་འམ། །མགལ་མེ་ཀླད་ལ་བསྐོར་བ་བཞིན། །ཧྲཱྀཿཡིས་ཐམས་ཅད་དབང་དུ་བསྡུ། །ཛཿཡིས་ཡབ་ཡུམ་ཐུགས་དམ་བསྐུལ། །ཡབ་ཡུམ་གཉིས་མེད་སྦྱོར་བ་ལས། །བྱང་ཆུབ་སེམས་ཀྱི་རང་བཞིན་ནི། །དུས་གསུམ་སངས་རྒྱས་མཆོད་པའི་རྫས། །དེ་ཕྱིར་རང་བྱུང་བདུད་རྩིར་བསྔགས། །ཞེས་བྱ་


DNG018_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། རང་ལ་མཆོད་ཅིང་རང་གིས་བཟའ། །རིན་ཆེན་ཕོ་བྲང་ཀླད་པའི་གཞལ་ཡས་ན། །རྣམ་སྣང་མི་བསྐྱོད་རིན་ཆེན་མཐའ་ཡས་གྲུབ། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་མ་ལུས་ལ། །དུག་ལྔ་སྨན་དུ་བསྒྱུར་བའི་མཆོད་པ་འབུལ། །དབང་རྣམས་རྫོགས་པའི་དངོས་གྲུབ་སྩལ་དུ་གསོལ། །ཐོད་རུས་མེ་ལྟར་འབར་བའི་གཞལ་ཡས་ན། །རྟ་མགྲིན་དབང་གི་དཀྱིལ་འཁོར་མ་ལུས་ལ། །དུག་ལྔ་སྨན་དུ་བསྒྱུར་བའི་མཆོད་པ་འབུལ། །རྫུ་འཕྲུལ་མྱུར་མགྱོགས་དངོས་གྲུབ་སྩལ་དུ་གསོལ། །དྲི་མེད་ཟླ་གསལ་འོད་ཀྱི་དཀྱིལ་འཁོར་ན། །ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་མ་ལུས་ལ། །དུག་ལྔ་སྨན་དུ་བསྒྱུར་བའི་མཆོད་པ་འབུལ། །མཁྱེན་རིག་གསལ་བའི་དངོས་གྲུབ་སྩལ་དུ་གསོལ། །ཟ་བྱེད་དུར་ཁྲོད་ཕྱག་གི་གཞལ་ཡས་ན། །རྟ་མགྲིན་མ་མོ་ཕྲ་མེན་མ་ལུས་ལ། །དུག་ལྔ་སྨན་དུ་བསྒྱུར་བའི་མཆོད་པ་འབུལ། །དུར་ཁྲོད་བརྒྱད་ཀྱི་དངོས་གྲུབ་སྩལ་དུ་གསོལ། །རྡོ་རྗེ་རིན་ཆེན་སྦྲུལ་ནག་གཤོག་པ་དང་། །ཁམས་གསུམ་རྣམ་རྒྱལ་དཀྱིལ་འཁོར་མ་ལུས་པ། །དུག་ལྔ་སྨན་དུ་བསྒྱུར་བའི་མཆོད་པ་འབུལ། །ཁྱུང་ཆེན་རྫོགས་པའི་དངོས་གྲུབ་སྩལ་དུ་གསོལ། །ཁྲོ་བོ་ཆེན་པོ་ཐུགས་ཀྱི་གཞལ་ཡས་ན། །ཧཱུཾ་མཛད་ཞབས་ཀྱི་དཀྱིལ་འཁོར་མ་ལུས་ལ། །དུག་ལྔ་སྨན་དུ་བསྒྱུར་བའི་མཆོད་པ་འབུལ། །ཟིལ་གནོན་དྲག་པོའི་དངོས་གྲུབ་སྩལ་དུ་གསོལ། །གཟི་ལྡན་པདྨ་ཐུགས་ཀྱི་དཀྱིལ་འཁོར་ན། །གསང་མཆོག་ཐུགས་ཀྱི་དཀྱིལ་འཁོར་མ་ལུས་ལ། །དུག་ལྔ་སྨན་དུ་བསྒྱུར་བའི་མཆོད་པ་འབུལ། །སྐྱེ་འཆི་མེད་པའི་དངོས་གྲུབ་སྩལ་དུ་གསོལ། །ཡེ་ཤེས་ལྷ་ཡི་ཕོ་བྲང་གཞལ་ཡས་ན། །ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་མ་ལུས་ལ། །དུག་ལྔ་སྨན་དུ་བསྒྱུར་བའི་མཆོད་པ་འབུལ། །འདུ་འབྲལ་མེད་པའི་དངོས་གྲུབ་སྩལ་དུ་གསོལ། །ཟུར་གསུམ་ལོགས་གསུམ་གདན་སྟེང་ན། །ཁམ་རྒྱ་ཆེན་མོ་དྲུག་རྣམས་ལ། །དམ་ཚིག་མཆོག་གི་མཆོད་པ་འབུལ། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ཐོད་སྐམ་འབར་བའི་བར་ཁྱམས་ལ། །ལོང་བ་རྒྱབ་སྦྲེལ་བརྒྱད་རྣམས་དང་། །


DNG018_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་སྐུ་དམུས་ལོང་དྲུག་ཅུ་ལ། །དམ་ཚིག་མཆོག་གི་མཆོད་པ་འབུལ། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །མེ་རི་སྨུག་པོའི་བར་ཁྱམས་ན། །ཡེ་ཤེས་དཔལ་གྱི་ཁྱི་སྤྱང་ལ། །དམ་ཚིག་མཆོག་གི་མཆོད་པ་འབུལ། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །དཀྱིལ་འཁོར་ཕྱོགས་བཞི་སྒོ་བཞི་ན། །སྒོ་བ་ཆེན་མོ་བཞི་རྣམས་དང་། །མེ་འབྲུག་རླུང་འབྲུག་ལ་སོགས་ལ། །དམ་ཚིག་མཆོག་གི་མཆོད་པ་འབུལ། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །བཞིས་བསྟན་པའི་ཐ་མ་དམ་ཚིག་རྫས་ཀྱི་མཆོད་པ་འབུལ་བ་འདི་སྐད་དོ། །ཡབ་ཡུམ་གཉིས་མེད་དགྱེས་པར་སྦྱོར་བའི་རྫས། །དབང་པོ་དབྱེར་མེད་བདེ་བ་ཆེན་པོའི་ངང་། །བྱང་ཆུབ་སེམས་ཀྱི་མཆོད་པ་དམ་པ་འདི། །གཉིས་སུ་མེད་པའི་ཚུལ་གྱིས་འབུལ་ལགས་ན། །བླང་དོར་མེད་པའི་ངང་དུ་བཞེས་སུ་གསོལ། །སྲིད་པའི་གཅོང་སྙིང་ཟད་པར་བྱ་བའི་ཕྱིར། །ཁམས་གསུམ་ནད་པ་གསོ་བའི་གཉེན་པོའི་རྫས། །བདུད་རྩི་ཆེན་པོ་པཉྩ་ཨ་མྲྀ་ཏ། །བླ་མེད་སྨན་པའི་ཚོགས་ལ་འབུལ་ལགས་ན། །འགྲོ་བའི་རིམས་ནད་གཅད་ཕྱིར་བཞེས་སུ་གསོལ། །ཉོན་མོངས་མ་རིག་ལས་ཀྱི་འཁྲུལ་པའི་དུག །འཇིག་རྟེན་སྐྱེ་ཤི་རྩད་ནས་གཅད་པའི་ཕྱིར། །དུང་ཆེན་དམར་གྱིས་བཀང་བའི་དམ་རྫས་འདི། །གཉིས་སུ་མེད་པའི་ཚུལ་གྱི་འབུལ་ལགས་ན། །བླང་དོར་མེད་པའི་ངང་གིས་བཞེས་སུ་གསོལ། །ཡིད་ལ་གདུང་བའི་རིག་པ་འཕྲེང་བའི་ཕྱིར། །ཡབ་ཡུམ་ཐབས་དང་ཤེས་རབ་ཡེ་འདྲེལ་ཡང་། །ཟླ་གམ་འདུ་འབྲལ་མེད་པའི་མཆོད་པ་འདི། །གཉིས་སུ་མེད་པའི་ཚུལ་གྱིས་འབུལ་ལགས་ན། །བླང་དོར་མེད་པའི་ངང་གིས་བཞེས་སུ་གསོལ། །རང་རྒྱུད་བཤིག་པའི་ཕུང་པོ་རྡོས་པ་ཅན། །བདག་མེད་རྒྱལ་བའི་ཞིང་དུ་སྦྱོར་བའི་ཚེ། །ཞིང་ཆེན་རྫས་ཀྱི་མཆོད་པ་དམ་པ་འདི། །གཉིས་སུ་མེད་པའི་ཚུལ་གྱིས་འབུལ་ལགས་ན། །བླང་དོར་མེད་པའི་ངང་དུ་བཞེས་སུ་གསོལ། །ཨཱོཾ་རུ་རུ་པ་ཏི་མ་ཧཱ་སུ་ཁ་སིདྡྷི་ཨ་ལ་ལ་ཧོ། མ་ཧཱ་ཡོ་གི་ནི་ཁ་རཾ། མ་ཧཱ་ཏ་ཀི་ནི་ཁ་རཾ། ཁ་ཁ་ལེ་ལེ་ཧྲཱྀཿབྷྱོ། སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི་ཁཱ་ཧི། དབང་ཆེན་བསྡུས་


DNG018_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཏནྟྲ་ལས། མཉེས་པ་མཆོད་པ་ལྔས་མཆོད་པའི་ལེའུ་སྟེ་ཉེར་གཅིག་པའོ།། །།ད་ནི་རྟོགས་པས་བདག་བསྒྲལ་གྱི་མཆོད་པ་འབྱུང་སྟེ་འདི་སྐད་དོ། །ཧཱུཾ།ཁམས་གསུམ་རྒྱུ་དྲུག་བསྒྲལ་བའི་དོན་སླད་དུ། །སྔོན་གྱི་རྒྱལ་བས་ཐུགས་དམ་བཞེས་པ་ནི། །ལོག་རྟོག་འཁྲུལ་པའི་ཞེན་པ་བཟློག་པ་དང་། །སྐྱེ་འཆི་འཁོར་བའི་འདམ་ནས་དབྱུང་བའི་ཕྱིར། །རྟོགས་པས་བདག་བསྒྲལ་བསམ་དང་ལྡན་པ་ཡིས། །ཐུགས་རྗེ་ཆེན་པོས་བཟུང་ནས་གཞན་བསྒྲལ་རྣམས། །སྙིང་པོ་བྱང་ཆུབ་སེམས་སུ་དགོད་པའི་ཕྱིར། །རབ་འབྱམས་སྲིད་པའི་འཇིག་རྟེན་མ་ལུས་ཀུན། །སྐད་ཅིག་ཆ་ལ་ཏིང་འཛིན་གྱིས། །ཤེས་རབ་ཟབ་མོ་ཡུམ་གྱི་མཁའ་དབྱིངས་སུ། །སྔགས་དང་ཕྱག་རྒྱའི་སྨོན་ལམ་མཐུ་སྟོབས་ཀྱིས། །རྒྱལ་བའི་སྲས་སུ་འབྲས་བུ་གྲུབ་པར་བསྔོ། །ཤ་ཁྲག་དྲོད་དང་དབུགས་ཀྱི་ཚོགས་ལ་སོགས། །ས་ཆུ་མེ་རླུང་འབྱུང་བ་ཆེན་པོ་བཞི། །ཤེས་རབ་ཡུམ་གྱི་པདྨར་རབ་བསྡིམས་པས། །དགྱེས་པར་རོལ་པའི་དམ་རྫས་བདུད་རྩི་འདིས། །སྐུ་གསུང་ཐུགས་ཀྱི་ཐུགས་དམ་བསྐང་གྱུར་ཅིག །གཟུགས་དང་ཚོར་བ་འདུ་ཤེས་བྱ་བྱེད་རྣམས། །ཕུང་པོ་ལྔ་ཡི་འཁོར་དང་བཅས་པ་རྣམས། །བདེ་གཤེགས་རིགས་ལྔའི་ཐུགས་སུ་རབ་བསྡིམས་པས། །དགྱེས་པར་རོལ་པའི་དམ་རྫས་བདུད་རྩི་འདིས། །སྐུ་གསུང་ཐུགས་ཀྱི་ཐུགས་དམ་བསྐང་གྱུར་ཅིག །ཁམས་དང་སྐྱེ་མཆེད་འདུ་བྱེད་མང་པོ་རྣམས། །རྟ་མཆོག་འབར་བའི་ཚོགས་སུ་རབ་བསྡིམས་པས། །དགྱེས་པར་རོལ་པའི་དམ་རྫས་བདུད་རྩི་འདིས། །སྐུ་གསུང་ཐུགས་ཀྱི་ཐུགས་དམ་བསྐང་གྱུར་ཅིག །ཀུན་གཞི་ཡིད་དང་ཉོན་མོངས་སྒོ་ལྔའི་འཁོར། །རྣམ་པར་ཤེས་པ་འཁོར་དང་བཅས་པ་འདི། །མཁྱེན་རབ་ཡེ་ཤེས་ཚོགས་སུ་རབ་བསྡིམས་པས། །དགྱེས་པར་རོལ་པའི་དམ་རྫས་བདུད་རྩི་འདིས། །སྐུ་གསུང་ཐུགས་ཀྱི་ཐུགས་དམ་བསྐང་གྱུར་ཅིག །མིག་དང་རྣ་བ་སྣ་དང་ལྕེ་ཡི་ཚོགས། །དབང་པོ་ལྔ་ཡི་འཁོར་དང་བཅས་པ་འདི། །སྤྲུལ་པ་རྒྱ་མཚོའི་ཚོགས་སུ་རབ་བསྡིམས་པས། །དགྱེས་པར་རོལ་པའི་


DNG018_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

དམ་རྫས་བདུད་རྩི་འདིས། །སྐུ་གསུང་ཐུགས་ཀྱི་ཐུགས་དམ་བསྐང་གྱུར་ཅིག །གཟུགས་དང་སྒྲ་དང་དྲི་དང་རོ་རེག་ཆོས། །འདོད་པ་ལྔ་ཡི་འཁོར་དང་བཅས་པ་འདི། །རྡོ་རྗེ་གཤོག་པའི་ཚོགས་སུ་རབ་བསྡིམས་པས། །དགྱེས་པར་རོལ་པའི་དམ་རྫས་བདུད་རྩི་འདིས། །སྐུ་གསུང་ཐུགས་ཀྱི་ཐུགས་དམ་བསྐང་གྱུར་ཅིག །འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ཕྲག་དོག་ཆེ། །ཉོན་མོངས་ལྔ་ཡི་འཁོར་དང་བཅས་པ་འདི། །ཁྲོ་རྒྱལ་འབར་བའི་ཚོགས་སུ་རབ་བསྡིམས་པས། །དགྱེས་པར་རོལ་པས་དམ་རྫས་བདུད་རྩི་འདི། །སྐུ་གསུང་ཐུགས་ཀྱི་ཐུགས་དམ་བསྐང་གྱུར་ཅིག །གཟུགས་ཀྱི་ཁོག་སྟོང་དུར་ཁྲོད་གཞལ་ཡས་སུ། །ནམ་མཁའི་མཐའ་དང་མཉམ་པར་རབ་སྤྲུལ་ནས། །རྒྱལ་བ་ཡབ་ཡུམ་སྲས་དང་བཅས་པ་འདི། །བཞུགས་གནས་དམ་པར་དམིགས་ཏེ་འབུལ་ལགས་ན། །ཕོ་བྲང་བླ་མེད་ཐུགས་དམ་བསྐང་གྱུར་ཅིག །ནང་ཁྲོལ་གློ་སྙིང་མཁལ་མ་མཆིན་པ་དང་། །རྒྱུ་ལོང་ལ་སོགས་སྣོད་དང་བཅས་པ་འདིས། །དུར་ཁྲོད་འབྱུང་བའི་དཀྱིལ་འཁོར་ཆེན་པོར་བསྔོ། །ཐབས་ལ་མཁས་པས་བྱིན་གྱིས་བརླབས་ནས་ཀྱང་། །སྒོ་སྐྱོང་འཁོར་བཅས་ཐུགས་དམ་བསྐང་གྱུར་ཅིག །པགས་ཆེན་གཡང་གཞི་སྡུག་བསྔལ་གསོབ་ཀྱི་ཚོགས། །ཁྲོ་རྒྱལ་གིང་གི་ན་བཟར་རབ་སྤྲུལ་ནས། །བཀྲ་ཤིས་ཆེན་པོར་བྱིན་གྱིས་བརླབས་ནས་ནི། །གླང་ཆེན་ཀོ་རློན་བརྗིད་དུ་ཆེ་བ་དང་། །སྟག་ཆེན་ཤམ་ཐབས་དཔའ་བར་ལྡན་པ་དང་། །ཞིང་ལྤགས་རློན་པ་ཐབས་ལ་མཁས་པ་ཡི། །ན་བཟའ་རྒྱན་གྱིས་ཐུགས་དམ་བསྐང་གྱུར་ཅིག །ཨ་ལ་ལ་ཧོ། ཨ་ཏི་པུ་ཧོ། པྲ་ཏི་པུ་ཧོ། དབང་ཆེན་བསྡུས་པའི་ཏནྟྲ་ལས། རྟོགས་པས་བདག་བསྒྲལ་གྱི་ལེའུ་སྟེ་ཉེར་གཉིས་པའོ།། །།ད་ནི་ཐུགས་རྗེ་ཆེན་པོས་ཁམས་གསུམ་ཡོངས་བསྒྲལ་གྱི་མཆོད་པ་དབུལ་བ་འབྱུང་སྟེ་འདི་སྐད་དོ། །ཧཱུཾ། ཁམས་གསུམ་ཡོངས་སྒྲོལ་མཛད་པའི་ཤ་ཁྲག་ལ། །གཏུམ་ཆེན་མེ་ལྟར་འབར་བའི་གཞལ་ཡས་སུ། །གདུག་པའི་འཁོར་དང་ཕྲ་མེན་སྲིན་མོའི་ཚོགས། །


DNG018_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

གཅན་གཟན་དོམ་དྲེད་ཝ་སྤྱང་མང་པོ་འབྱུང་། །ཟ་བྱེད་མཆེ་བ་དར་མས་དཀར་དང་དམར་ལ་རོལ། །ནང་ཆ་དོན་སྙིང་ཐོད་ཁྲག་དབང་པོའི་ཚོགས། །འཇིག་རྟེན་སྲིད་པའི་དོན་སྙིང་སྔོན་གྱི་ལུགས་བཞིན་འབུལ། །མི་མཇེད་སྟོང་གི་གནས་མཆོག་དམ་པ་རུ། །ཚངས་པ་ཁྱོ་ཤུག་བསྒྲལ་བའི་ཕུང་པོ་ཡིས། །དཔལ་ཆེན་སྤྱན་གྱི་ཐུགས་དམ་བསྐང་གྱུར་ཅིག །དགའ་བྱེད་བསྟེན་པས་མྱོས་པའི་འཇིག་རྟེན་ན། །སུམ་ཅུ་རྩ་གསུམ་ལྷ་དབང་དབང་བསྒྱུར་གཙོ། །བརྒྱ་བྱིན་ཁྱོ་ཤུག་བསྒྲལ་བའི་ཕུང་པོ་ཡིས། །དཔལ་ཆེན་ཞལ་གྱི་ཐུགས་དམ་བསྐང་གྱུར་ཅིག །གཞན་འཕྲུལ་དབང་བྱེད་བསོད་ནམས་གྲུབ་པའི་མཐུས། །བདུད་ཀྱི་རྒྱལ་པོ་ཁྱོ་ཤུག་བསྒྲལ་བའི་ཕུང་པོ་ཡིས། །དཔལ་ཆེན་མཆེ་བའི་ཐུགས་དམ་བསྐང་གྱུར་ཅིག །ལྟ་བ་ལོག་པར་རྟོགས་པའི་མུ་སྟེགས་ལྷ། །མ་ཧཱ་དེ་བ་ཁྱོ་ཤུག་བསྒྲལ་བའི་ཕུང་པོ་ཡིས། །དཔལ་ཆེན་ཤངས་ཀྱི་ཐུགས་དམ་བསྐང་གྱུར་ཅིག །འཇིག་རྟེན་དུག་གསུམ་དབང་གིས་མྱོས་པའི་ལྷ། །ཞེ་སྡང་སྲིན་པོ་ཁྱོ་ཤུག་བསྒྲལ་བའི་ཕུང་པོ་ཡིས། །རྟ་མགོ་ལྗང་གུའི་ཐུགས་དམ་བསྐང་གྱུར་ཅིག །དུས་ངན་ལས་ཀྱི་མནར་བའི་འཁོར་བའི་ལྷ། །ཉི་ཟླ་གཟའ་སྐར་ཁྱོ་ཤུག་བསྒྲལ་བའི་ཕུང་པོ་ཡིས། །དཔལ་ཆེན་སྙན་གྱི་ཐུགས་དམ་བསྐང་གྱུར་ཅིག །རྣམ་སྨིན་ཞེ་སྡང་བརྡར་བའི་འཆི་བདག་ལྷ། །གཤིན་རྗེ་ཁྱོ་ཤུག་བསྒྲལ་བའི་ཕུང་པོ་ཡིས། །དཔལ་ཆེན་ཕྱག་གི་ཐུགས་དམ་བསྐང་གྱུར་ཅིག །འཇིག་རྟེན་ལས་ཀྱི་གྲུབ་པའི་མཐུ་བོ་ཆེ། །ཀླུ་ཆེན་ཁྱོ་ཤུག་བསྒྲལ་བའི་ཕུང་པོ་ཡིས། །དཔལ་ཆེན་གཤོག་པའི་ཐུགས་དམ་བསྐང་གྱུར་ཅིག །དུར་ཁྲོད་གསང་བའི་ལོངས་སྤྱོད་ཅི་འདྲ་བ། །ཏི་ར་གསར་རྙིང་ཞིང་ཆུང་ཚོགས་ལ་སོགས། །ཀེཾ་རུས་གནས་སུ་གྱུར་པའི་རི་རབ་ཀྱིས། །དཔལ་ཆེན་ཞབས་ཀྱི་ཐུགས་དམ་བསྐང་གྱུར་ཅིག །ཉོན་མོངས་ལྔ་དང་བཅས་པའི་ཕུང་པོ་ལྔ། །སྡུག་བསྔལ་ནད་དང་བཅས་པའི་འབྱུང་བ་བཞི། །འདོད་ཆགས་རྐྱེན་དང་བཅས་པའི་དབང་པོ་ལྔ། །སྐུ་ལྔ་


DNG018_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ལྔ་དབྱེར་མེད་ཡེ་ཤེས་ལྔ། །ཀུན་ཏུ་བཟང་མོ་མཁའ་དབྱིངས་བདེ་བ་ལ། །མཉམ་ཉིད་དོན་གྱིས་དབྱིངས་ནས་བཞེས་སུ་གསོལ། །སྐུ་གསུང་ཐུགས་ཀྱི་བདེ་བ་མཆོག་སྐྱེད་ཅིག །ཨོཾ་ཨཱཿཧཱུཾ། དགྱེས་པ་ཆེན་པོ་དམ་ཚིག་མཆོག་ལ་རོལ་ཅིག་ས་མ་ཡ། །བཞད་པའི་གད་མོས་འབྲུག་སྟོང་སྒྲོགས་ཤིག་ཧ་ཧ་ཧེ། །ཧ་ཧ་ཧེ། གནོད་པའི་འབྱུང་པོ་ཟ་བྱེད་ཚོགས་སུ་བསྟབ་པོ་མ་ཏང་ཁ་མ་ཏང་ཁ། །སྡང་བའི་དགྲ་བགེགས་ཚུལ་བཞིན་དྲོངས་ཤིག་ཀ་རུཀྴ་ཀ་རུཀྴ། །དབྱིངས་ཀྱི་བདེ་བ་འབུལ་ལོ་མལ་ལུ་ཕེ་ཁཱ་ཧི། །ཀུན་རྫོབ་ཆོ་འཕྲུལ་བསྐྱེད་ཅིག་ཧ་ལེ་ཧུ་ལེ་ཁཱ་ཧི། །ཤེས་རབ་ཐབས་སུ་རོལ་ཅིག་མ་ཙེ་མེ་ཙ་ཁཱ་ཧི། །ཡབ་ཡུམ་ཟུང་དུ་འཁྲིལ་ཏེ་རཀྟ་རུག་ཏི་ཁཱ་ཧི། །འཇིགས་བྱེད་དཀྱིལ་འཁོར་བསྐྱེད་ཅིག་ཀྲོ་ཏ་ཤམ་བྷ་རི། །ཐུགས་དམ་ཆེན་པོ་སྐོངས་ཤིག་ཨ་ལ་ལ་ཧོ། །དངོས་གྲུབ་དབྱིག་མཆོག་སྩོལ་ཅིག །བསམ་པ་རྒྱ་མཚོ་སྒྲུབས་ཤིག །བདུད་དཔུང་ཆེན་པོ་ཆོམ་ཞིག །དགྲ་དཔུང་ཆེན་པོ་ཆོམ་ཞིག །ཨ་ལ་ལ་ཧོ། དབང་ཆེན་བསྡུས་པའི་ཏནྟྲ་ལས། ཐུགས་རྗེས་ཁམས་གསུམ་ཡོངས་སྒྲོལ་གྱི་ལེའུ་སྟེ་ཉེར་གསུམ་པའོ།། །།ད་ནི་མཉེས་པའི་མཆོད་པའི་ལེའུ་ལས་སྤྱི་དོན་བདུན་པ། བཅོལ་པ་ཕྲིན་ལས་ཀྱི་ལེའུ་འབྱུང་སྟེ་འདི་སྐད་དོ། །དུས་མཐའི་བསྐལ་པ་མེ་ལྟར་འབར་བའི་ཀློང་རུམ་ནས། །ཟ་བྱེད་ཁྲག་འཐུང་ལེ་བརྒན་འབར་བའི་སྐུ། །དབང་གི་རྟ་གདོང་ཕྲིན་ལས་ལྗང་གུ་ནི། །འོད་ཀྱི་གཟི་བྱིན་ནམ་མཁའི་མདངས་སུ་ཆེ། །སྤྱན་གྱི་གཟིགས་ཐབས་ཕྲིན་ལས་རྣམ་བཞི་ནི། །སྡང་མིག་ལོག་པའི་སྤྱན་དམར་བཟློག་པ་ནི། །ང་མེད་བདག་ཏུ་ལྟ་བའི་ཁྲོ་བོ་ཀུན། །ཕྱོགས་མེད་ཟིལ་གྱིས་མནན་པར་ཐུགས་དམ་བསྐུལ། །ཟུར་མིག་འཕྲེད་ཀྱི་གཟིགས་ཐབས་བསྟན་པ་ནི། །གསང་བ་ཡུམ་གྱི་ཚོགས་ཆེན་མ་ལུས་ཀུན། །གདུང་བའི་ཚུལ་གྱིས་སྐུ་ལ་འཁྲིལ་བ་དང་། །ཟླ་གམ་འོད་ཀྱི་འཕྲོ་འདུ་འབུལ་བ་དང་། །བྷ་གའི་གནས་སུ་ལིངྒ་བསྟེན་པའི་ཕྱིར། །ཐོགས་མེད་ཟིལ་གྱིས་མནན་པར་ཐུགས་དམ་བསྐུལ། །ངན་སོང་ཡོངས་སུ་སྦྱོང་བའི་གཟིགས་ཐབས་


DNG018_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས། །ལོག་འདྲེན་གཏན་དུ་འཁྱམས་པའི་ཡི་དྭགས་དང་། །གཏི་མུག་ཡུན་དུ་རྨོངས་པའི་བྱོལ་སོང་གཉིས། །སྡུག་བསྔལ་བཟོད་པར་དཀའ་བའི་དམྱལ་བ་གསུམ། །ཐར་ལམ་ཡང་དག་གནས་སུ་བསྒྲལ་བའི་ཕྱིར། །འཁོར་བ་གཡུལ་བཟློག་ཕྲིན་ལས་ཐུགས་དམ་བསྐུལ། །དགྱེས་མདངས་ཞི་བའི་གཟི་མདངས་བསྟན་པས་ནི། །སྲིད་པ་རབ་འབྱམས་འཇིག་རྟེན་མ་ལུས་ཀུན། །ཕྱོགས་མེད་དབྱིངས་ཀྱིས་ཟིལ་གྱིས་མནན་པ་དང་། །ཞེ་སྡང་ཁྲོ་གཏུམ་གཞིལ་བར་ཐུགས་དམ་བསྐུལ། །སྙན་གྱི་ཁྲོ་རྒྱལ་དུང་གི་ཁོང་གསེང་ནས། །གསན་པ་མ་འགགས་ཆོས་ཉིད་སྒྲ་དབྱངས་ཀྱིས། །ཉོན་མོངས་སྒྲ་རྣམས་དབྱིངས་སུ་དབང་བསྒྱུར་ཞིང་། །དམིགས་པ་མ་ཆད་སྣ་ཚོགས་སྒྲ་ལ་སོགས། །སྒྲ་མཐའ་ཇི་བཞིན་གོ་བར་ཐུགས་དམ་བསྐུལ། །གཞན་གྱི་སྙན་དང་ཐུན་མོང་མ་ལགས་ཏེ། །ཡེ་ཤེས་སྙན་གྱིས་འབོད་སྒྲོགས་མང་པོ་གསོན། །ཐུགས་རྗེའི་སྙན་གྱིས་ཉམ་ཐག་སྒྲ་ལ་གསོན། །ཐབས་ཀྱི་དབྱངས་ལ་བསྐུལ་བའི་དབྱངས་ལ་གསོན། །ཕྱི་ནང་གསང་བའི་སྙན་གསུམ་རྫོགས་པ་ཡིས། །ཇི་སྐད་བསྐུལ་བར་གསན་པའི་ཐུགས་དམ་བསྐུལ། །ཤངས་ནི་ཁྲོ་རྒྱལ་འབར་བའི་ཀློང་རུམ་ནས། །དུག་ལྔ་གསོད་པའི་མཚོན་ལྔ་ཡེ་ཤེས་སྐུ། །ཁམས་གསུམ་བསྒྲལ་བའི་ཕྲིན་ལས་བཅོལ་བ་ནི། །ཨཱཾ། འདོད་ཆགས་དབང་བསྒྱུར་དྲི་མེད་པདྨའི་སྐུ། །ཆགས་པའི་སྐྱོན་རྣམས་སྦྱང་བར་ཐུགས་དམ་བསྐུལ། །ཧཱུཾ། ཞེ་སྡང་དབང་བསྒྱུར་སྐྱེ་མེད་རྡོ་རྗེའི་སྐུ། །སྡུག་བསྔལ་ཕུང་པོ་བཤིག་པར་ཐུགས་དམ་བསྐུལ། །ཨཱོཾ། གཏི་མུག་དབང་བསྒྱུར་ཡེ་ཤེས་འཁོར་ལོའི་སྐུ། །མ་རིག་རྨོངས་པ་བསལ་བར་ཐུགས་དམ་བསྐུལ། །སྭཱ། ང་རྒྱལ་དབང་བསྒྱུར་ཡིད་བཞིན་རིན་ཆེན་སྐུ། །དྲེགས་པའི་རྒྱལ་པོ་བཤིག་པར་ཐུགས་དམ་བསྐུལ། །ཧཱ། ཕྲག་དོག་དབང་བསྒྱུར་བདེ་ཆེན་གར་གྱི་སྐུ། །སྐྱེ་འཆི་རྩད་ནས་གཅོད་པར་ཐུགས་དམ་བསྐུལ། །ཞལ་ནི་ཁྲོ་རྒྱལ་འབར་བའི་ཀློང་རུམ་ན། །ཧོམ་ལྔར་འདྲེལ་བའི་སྦྱིན་བསྲེག་ཆེན་པོ་མཛད། །ཟ་བྱེད་ཁྲོ་བོའི་དཀྱིལ་འཁོར་


DNG018_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལུས་ཀུན། །དུག་གསུམ་བཟའ་བའི་མགྲོན་དུ་སྤྱན་འདྲེན་ནོ། །རྒྱུ་དྲུག་གཏོར་མར་བཞེས་པའི་ཐུགས་དམ་བསྐུལ། །པདྨ་ལེ་བརྒན་ཅིར་ཡང་འགྱུར་བའི་ལྗགས། །ཟླ་གམ་འཕྲོ་འདུ་དབྱིངས་སུ་འགྱུར་བའི་གསུང་། །དྲི་མེད་རྒྱལ་བའི་གསུང་རབ་བདུད་རྩིའི་ཆར། །བདེ་ཆེན་ཆུ་བོའི་རྒྱུན་ལྟར་སྤྲོ་བར་ཐུགས་དམ་བསྐུལ། །ཐུགས་ནི་ཁྲོ་རྒྱལ་ཕྲ་བར་བསྒོམ་པའི་ལྷ། །ཕྲ་མོའི་ཏིང་འཛིན་ཡེ་ཤེས་ཧེ་རུ་ཀ །རྡུལ་གཅིག་སྟེང་ན་རྡུལ་སྙེད་སྐུར་སྤྲུལ་ཞིང་། །ཆོས་ཉིད་དབྱིངས་ཀྱིས་བསྡུས་པའི་འཇིག་རྟེན་ན། །མ་རིག་རྨོངས་པས་ལྡོངས་པའི་སྐྱེ་འགྲོ་དང་། །རྣལ་འབྱོར་དམ་ལ་གནས་པའི་སྒྲུབ་པ་པོ། །ཐོག་མ་མེད་པའི་དུས་ནས་འཁོར་བའི་རྒྱུ། །གཟུང་འཛིན་སྐྱོན་གྱི་བག་ཆགས་མ་ལུས་ཀུན། །གཏན་ནས་སྦྱང་བར་ཐུགས་དམ་ཆེན་པོ་བསྐུལ། །སྐུ་ནི་ཁྲོ་རྒྱལ་རྔོམ་བརྗིད་བསྒྱིངས་པའི་ལྷ། །ཐོད་སྦྲུལ་མེ་ལྟར་འབར་བའི་ཧཱུཾ་སྒྲ་ཅན། །ཞག་ཆེན་ཐིག་ལེ་དམར་ཆེན་ཚོམ་བུས་བརྒྱན། །སྤྲུལ་པ་རྒྱ་མཚོ་འཁྲིགས་པའི་སྤྲིན་ཚོགས་ལ། །འདོད་ཆགས་ཞེ་སྡང་གཉིད་ཀྱིས་རྨོངས་པ་རྣམས། །གདུག་པ་མ་ལུས་འདུལ་བར་ཐུགས་དམ་བསྐུལ། །ཕྲིན་ལས་རྒྱན་གྱི་ཐུགས་དམ་བསྐུལ་བ་ནི། །ཐུགས་དམ་དབང་གི་ལོག་འདྲེན་འདུལ་བའི་ཕྱིར། །དབུ་རྒྱན་ཚོགས་ལ་ཐུགས་དམ་བསྐུལ་བ་ནི། །དབང་རྣམས་རྫོགས་པའི་ཕྲིན་ལས་འགྲུབ་པར་མཛོད། །རྟ་མཆོག་ཚོགས་ལ་ཐུགས་དམ་བསྐུལ་བ་ནི། །སྲིན་པོ་འདུལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཡེ་ཤེས་ཚོགས་ལ་ཐུགས་དམ་བསྐུལ་བ་ནི། །ཐབས་ལ་མཁས་པ་གསང་བའི་ཐུགས་དམ་འགྲུབ་པར་མཛོད། །ཕྱག་མཚན་ཚོགས་ལ་ཐུགས་དམ་བསྐུལ་བ་ནི། །དུར་ཁྲོད་གཞོམ་པའི་ཕྲིན་ལས་འགྲུབ་པར་མཛོད། །གཤོག་པའི་ཚོགས་ལ་ཐུགས་དམ་བསྐུལ་བ་ནི། །ཀླུ་ཆེན་འདུལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཞབས་ཀྱི་ཚོགས་ལ་ཐུགས་དམ་བསྐུལ་བ་ནི། །གཟིར་གནོན་བགྲད་པའི་ཕྲིན་ལས་འགྲུབ་པར་མཛོད། །གཟི་ལྡན་ཚོགས་ལ་ཐུགས་དམ་བསྐུལ་བ་ནི། །


DNG018_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་གནས་གསང་བའི་ཕྲིན་ལས་འགྲུབ་པར་མཛོད། །དཔལ་ཆེན་ཚོགས་ལ་ཐུགས་དམ་བསྐུལ་བ་ནི། །ལྷུན་གྱིས་རྫོགས་པའི་ཕྲིན་ལས་འགྲུབ་པར་མཛོད། །ཨཱོཾ་ཡེ་ཤེས་ལྔ་ལས་སྤྲུལ་ཅིག་ཨ་ལ་ལ། །གྷུ་ཧྱ་གསང་བའི་ཚིག་ཏུ་སྡུས་ཤིག་ཨ་ལ་ལ། །སྭ་སྡི་གྲུབ་པ་མང་པོ་ཚོགས་ལ་རོལ་ཅིག་ཨ་ལ་ལ། །ཡོ་གི་ནཱི་རྣལ་འབྱོར་མང་པོའི་ཚོགས་སུ་སྡུས་ཤིག་ཨ་ལ་ལ། །ཧྲཱིཾ་ཧྲཱིཾ་སྔོན་གྱི་འབོད་པའི་བརྡ་སྐད་ལགས་པ་ཨ་ལ་ལ། །བྷྱོ་བྷྱོ་ཕྲིན་ལས་བཅོལ་བ་བརྡ་སྐད་མང་པོ་ཨ་ལ་ལ། །ཁ་ཁ་ཁ་ལེ་ལེ་བྷྱོ་ཞལ་དུ་བསྟབ་པ་ལགས་པ་ཛྙཱ་ན་སིདྡྷི་བྷྱོ། གཉིས་སུ་མེད་པར་སྦྱོར་ཅིག་སྟ་ན་སིདྡྷི་བྷྱོ། སྐྱེ་འཆི་མེད་པར་སྒྲོལ་ཅིག་ཡཀྴ་སིདྡྷི་བྷྱོ། སྲིན་པོ་མ་ལུས་སྒྲོལ་ཅིག་ཡཀྴ་སིདྡྷི་བྷྱོ། གནོད་སྦྱིན་མ་ལུས་སྒྲོལ་ཅིག །ཐུགས་དམ་སྐོངས་ཤིག །དངོས་གྲུབ་སྩོལ་ཅིག །ཨ་ལ་ལ་ཧོ། དབང་ཆེན་བསྡུས་པའི་ཏནྟྲ་ལས། བཅོལ་པ་ཕྲིན་ལས་ཀྱི་ལེའུ་ཞེས་བྱ་སྟེ་ཉི་ཤུ་རྩ་བཞི་པའོ།། །།ཡེ་ཤེས་ཆོས་ཉིད་མཉམ་པ་ལ། །བྱ་བ་བྱེད་པར་མི་དམིགས་ཀྱང་། །སྐུ་གསུམ་ཕྱག་རྒྱར་བརྟག་པའི་ཕྱིར། །ཕྲིན་ལས་ཕྱག་རྒྱ་ལེའུ་འདི་གསུངས་སོ། །ལག་པ་གཡས་པའི་སོར་མོ་ལ། །ཡབ་ལྔའི་དཔའ་བོ་འབྲུ་ལྔ་དགོད། །ལག་པ་གཡོན་པའི་སོར་མོ་ལ། །ཡུམ་ལྔའི་དཔའ་མོ་འབྲུ་ལྔ་དགོད། །ཡབ་ཡུམ་གཉིས་མེད་སྦྱོར་བ་ལས། །རིགས་ལྔའི་ཕྱག་རྒྱ་འབྱུང་བའི་རྒྱུ། །གཡོན་གྱི་རྡོ་རྗེ་ཁུ་ཚུར་ནང་། །གཡས་ཀྱི་མཛུབ་མོ་བཅུག་ནས་ནི། །སྙིང་གར་བཞག་སྟེ་བསྒོམ་པ་ནི། །རྣམ་སྣང་དཔལ་གྱི་ཕྱག་རྒྱའོ། །གཡས་པའི་ཐལ་མོ་སྙིང་གར་བརྐྱང་། །གཡོན་གྱི་ཐལ་མོ་ས་ལ་གཏུགས། །མི་འཁྲུགས་པ་ཡི་ཕྱག་རྒྱའོ། །གཡས་ཀྱི་ཐལ་མོ་སྙིང་གར་བརྐྱང་། །གཡོན་གྱི་ཐལ་མོ་བཀན་ནས་བརྐྱང་། །སྦྱིན་པའི་ཚུལ་དུ་སྟོན་པ་ནི། །རིན་ཆེན་འབྱུང་བའི་ཕྱག་རྒྱའོ། །ལག་པ་གཡས་ཀྱིས་གཡོན་མནན་ནས། །སྙིང་གར་བཞག་སྟེ་བསྒོམ་པ་ནི། །འོད་དཔག་མེད་པའི་ཕྱག་རྒྱའོ། །གཡོན་གྱི་ཐལ་མོ་སྙིང་གར་བརྐྱང་། །གཡས་པས་སྐྱོབ་པ་ལྟར་བྱེད་


DNG018_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

པ། །གདོན་མི་ཟ་བའི་ཕྱག་རྒྱའོ། །ལག་གཉིས་རྡོ་རྗེ་བསྡམས་པ་ལས། །གུང་མོ་མཐེའུ་ཆུང་རྩེ་སྦྱར་ནས། །མཛུབ་གཉིས་ལྕགས་ཀྱུ་ལྟར་བཀུག་སྟེ། །མཐེ་བོང་ཕྲལ་ནས་བསྒྲེང་བ་ནི། །རྟ་གདོང་ཞལ་གྱི་ཕྱག་རྒྱའོ། །ལག་གཉིས་རྡོ་རྗེ་བསྡམས་པ་ལས། །མཛུབ་གཉིས་ལྕགས་ཀྱུ་ལྟར་བཀུག་ནས། །བསྐུལ་ཞིང་འདྲེན་པ་ལྟར་བྱེད་པ། །རིག་བྱེད་ལྕགས་ཀྱུའི་ཕྱག་རྒྱའོ། །ལག་གཉིས་རྒྱབ་སྦྱར་སྲིན་ལག་བསྒྲེང་། །མཐེ་བོང་གུང་མོ་སོ་སོར་སྦྱར། །ལུ་གུ་རྒྱུད་ཀྱི་ཞགས་པའོ། །ལག་གཉིས་མཐེ་བོང་སྦྲེལ་བ་ལས། །ལྷག་མ་ལོ་མ་ལྟར་བརྐྱངས་ཏེ། །སྟ་ཟུར་གཡས་གཡོན་བརྐྱང་བ་ནི། །ཁྱུང་ཆེན་གཤོག་པའི་ཕྱག་རྒྱའོ། །ལག་གཉིས་ཐེ་བོང་སྦྲེལ་ནས་ནི། །གཡས་ཀྱི་སོར་མོ་བསྐུམ་བྱས་ནས། །གཡོན་པ་བརྐྱང་སྟེ་ཐུར་དུ་བཙུགས། །བརྐྱང་བསྐུམ་ཕུར་པའི་ཕྱག་རྒྱའོ། །ལག་པ་གཡས་གཡོན་ཐལ་མོ་སྦྱར། །རྩེ་བསྣོལ་གདུགས་ཕུབ་ལྟར་བྱས་ལ། །དམ་ཚིག་སྦྱོར་བའི་ཕྱག་རྒྱའོ། །ལག་པ་གཡས་གཡོན་གར་བསྒྱུར་ཞིང་། །ཁ་ནས་སྔགས་དང་ཚིག་ཟློས་པ། །གླུ་བྲོ་གར་གྱི་ཕྱག་རྒྱའོ། །ལག་པ་གཡས་པའི་སོར་མོ་བརྐྱང་། །གཡོན་གྱི་སོར་མོ་ཕྱེད་སླེབ་སྦྱར། །སྤྱི་བོར་བཞག་སྟེ་ཕྱག་བྱས་པ། །སྤྱི་གཙུག་རྒྱལ་བའི་ཕྱག་རྒྱའོ། །རྐང་པ་གཡས་བསྐུམ་གཡོན་བརྐྱང་ནས། །ལག་པ་ཐལ་སྦྱར་ཕྱག་བྱས་པ། །བརྐྱང་བསྐུམ་སྲིན་པོའི་ཕྱག་རྒྱའོ། །ལག་པ་གཡས་གཡོན་སྙིང་གར་བསྣོལ། །མིག་གཉིས་བཙུམས་ནས་ཕྱག་བྱས་པ། །མི་གཡོ་བསམ་གཏན་ཕྱག་རྒྱའོ། །གཡས་པའི་ཐལ་མོ་སྙིང་གར་སྦྱར། །གཡོན་གྱི་ཐལ་མོ་སྨིན་ཕྲག་བསྒྲེང་། །མ་མོ་འཛུམ་པའི་ཕྱག་རྒྱའོ། །གཞོགས་གཡས་ས་ལ་བསྙེས་ནས་ནི། །ལག་གཉིས་ས་ལ་རྡེབས་པ་ནི། །ཀླུ་འབྲུག་འབྲོས་པའི་ཕྱག་རྒྱའོ། །རྐང་གཉིས་ལོང་བུ་སྦྱར་ནས་ནི། །ལག་གཉིས་ཐལ་སྦྱར་ཙོག་ཙོག་འདུག །དྲང་སྲོང་ཙོག་པུའི་ཕྱག་རྒྱའོ། །ལག་པ་གཡས་པའི་ཐལ་མོ་ལ། །མདངས་ཆེན་ཕྱུང་ནས་བལྟ་བ་ནི། །ལྷ་མོ་མདངས་ཀྱི་ཕྱག་རྒྱའོ། །ལག་པ་ཐལ་སྦྱར་ལུས་བཏུད་ནས། །གུས་པའི་སེམས་ཀྱིས་བསྐོར་བ་ནི། །


DNG018_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ་སྦྱར་མི་ཡི་ཕྱག་རྒྱའོ། །དབང་ཆེན་བསྡུས་པའི་ཏནྟྲ་ལས། མཉེས་པ་མཆོད་པའི་ལེའུ་ལ་བརྒྱད་ཀྱིས་བསྟན་པའི་ཐ་མ་ཕྲིན་ལས་ཁ་སྐོང་ཕྱག་རྒྱའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་རྩ་ལྔ་པའོ།། །།བསྒོམ་ཁོག་རྩ་བའི་ལེའུ་རྣམས་ལས། །ཀུན་རྫོབ་ཆོ་འཕྲུལ་ཅིར་བསྟན་ཡང་། །སྐྱེ་མེད་དབྱིངས་སུ་གཅིག་པའི་ཕྱིར། །གསང་བ་མྱ་ངན་འདས་པའི་ལེའུ་འདི་གསུངས་སོ། །ཁམས་གསུམ་དབང་དུ་སྡུད་པའི་གཞལ་ཡས་ཁང་། །ནམ་མཁའི་མཐའ་མཉམ་ཆོ་འཕྲུལ་ཅིར་ཡང་སྟོན། །སྐྱེ་མེད་བྱང་ཆུབ་སེམས་ལས་མ་གཡོས་ཕྱིར། །གསང་བ་ཡུམ་གྱི་བྷ་གར་མྱ་ངན་འདས། །འགྱུར་མེད་འཇིགས་སྤངས་སེང་གེའི་ཁྲི་གཅལ་ནི། །དབང་ཕྱུག་མངར་བསྡུས་ཆོ་འཕྲུལ་ཅིར་སྟོན་ཡང་། །སྐྱེ་མེད་བྱང་ཆུབ་སེམས་ལས་མ་གཡོས་ཕྱིར། །གསང་བ་ཡུམ་གྱི་བྷ་གར་མྱ་ངན་འདས། །རིན་ཆེན་འབར་བའི་ཁྲི་རྐང་བཞི་སྣང་བས། །རིགས་བཞི་ཁྲག་འཐུང་ཆོ་འཕྲུལ་བཞིར་སྣང་ཡང་། །སྐྱེ་མེད་བྱང་ཆུབ་སེམས་ལས་མ་གཡོས་ཕྱིར། །གསང་བ་ཡུམ་གྱི་བྷ་གར་མྱ་ངན་འདས། །པདྨ་ལེ་བརྒན་ཁ་དོག་འབར་བ་ལས། །ཀུན་ཏུ་བཟང་མོའི་ཆོ་འཕྲུལ་ཅིར་སྟོན་ཡང་། །སྐྱེ་མེད་བྱང་ཆུབ་སེམས་ལས་མ་གཡོས་ཕྱིར། །གསང་བ་ཡུམ་གྱི་བྷ་གར་མྱ་ངན་འདས། །སྤྲུལ་སྐུ་ཉི་ཟླའི་དཀྱིལ་འཁོར་འབར་བ་ལས། །ཐབས་དང་ཤེས་རབ་ཆོ་འཕྲུལ་ཅིར་ཡང་སྟོན། །སྐྱེ་མེད་བྱང་ཆུབ་སེམས་ལས་མ་གཡོས་ཕྱིར། །གསང་བ་ཡུམ་གྱི་བྷ་གར་མྱ་ངན་འདས། །རང་སེམས་ཡི་གེ་ཧཱུཾ་གི་བྱིན་རླབས་ལས། །རྡོ་རྗེའི་སེམས་དཔའི་ཆོ་འཕྲུལ་ཅིར་སྣང་ཡང་། །སྐྱེ་མེད་བྱང་ཆུབ་སེམས་ལས་མ་གཡོས་ཕྱིར། །གསང་བ་ཡུམ་གྱི་བྷ་གར་མྱ་ངན་འདས། །ཡི་གེ་ཧཱུཾ་དྲུག་ཆོ་འཕྲུལ་ཆེན་པོ་ལས། །གར་དབང་ལྷ་ཡི་ཆོ་འཕྲུལ་ཅིར་སྣང་ཡང་། །སྐྱེ་མེད་བྱང་ཆུབ་སེམས་ལས་མ་གཡོས་ཕྱིར། །གསང་བ་ཡུམ་གྱི་བྷ་གར་མྱ་ངན་འདས། །བརྗིད་པའི་དབུ་རྒྱན་རིགས་ལྔའི་དཀྱིལ་འཁོར་ལས། །རྡོ་རྗེ་དབྱིངས་ཀྱི་ཆོ་འཕྲུལ་ཅིར་སྣང་ཡང་། །སྐྱེ་མེད་བྱང་ཆུབ་སེམས་ལས་མ་གཡོས་ཕྱིར། །


DNG018_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བ་ཡུམ་གྱི་བྷ་གར་མྱ་ངན་འདས། །སྲིན་པོ་འདུལ་བྱེད་རྟ་མགོ་ལྗང་གུ་ནི། །རྫུ་འཕྲུལ་མྱུར་མགྱོགས་ཆོ་འཕྲུལ་ཅིར་སྣང་ཡང་། །སྐྱེ་མེད་བྱང་ཆུབ་སེམས་ལས་མ་གཡོས་ཕྱིར། །གསང་བ་ཡུམ་གྱི་བྷ་གར་མྱ་ངན་འདས། །གསང་བ་ཐུགས་ཀྱི་དཔལ་བེའུའི་སྒྲོམ་བུ་ནས། །ཡེ་ཤེས་སེམས་པའི་ཆོ་འཕྲུལ་ཅིར་སྣང་ཡང་། །སྐྱེ་མེད་བྱང་ཆུབ་སེམས་ལས་མ་གཡོས་ཕྱིར། །གསང་བ་ཡུམ་གྱི་བྷ་གར་མྱ་ངན་འདས། །ཟ་བྱེད་དུར་ཁྲོད་ཕྱག་གི་གཞལ་ཡས་ནས། །ཏ་ཀྲྀཏ་ཕྲ་མེན་ཆོ་འཕྲུལ་ཅིར་སྣང་ཡང་། །སྐྱེ་མེད་བྱང་ཆུབ་སེམས་ལས་མ་གཡོས་ཕྱིར། །གསང་བ་ཡུམ་གྱི་བྷ་གར་མྱ་ངན་འདས། །རྫུ་འཕྲུལ་ཆེན་པོ་གཤོག་པའི་གཞལ་ཡས་ནས། །ཁམས་གསུམ་རྣམ་རྒྱལ་ཆོ་འཕྲུལ་ཅིར་སྣང་ཡང་། །སྐྱེ་མེད་བྱང་ཆུབ་སེམས་ལས་མ་གཡོས་ཕྱིར། །གསང་བ་ཡུམ་གྱི་བྷ་གར་མྱ་ངན་འདས། །གནོན་མཛད་ཡོངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས། །འཇིགས་བྱེད་ཁྲོ་བོའི་ཆོ་འཕྲུལ་ཅིར་སྣང་ཡང་། །སྐྱེ་མེད་བྱང་ཆུབ་སེམས་ལས་མ་གཡོས་ཕྱིར། །གསང་བ་ཡུམ་གྱི་བྷ་གར་མྱ་ངན་འདས། །སྐུ་རྒྱན་དཔལ་གྱི་ཆས་སུ་བསྟན་པ་དང་། །ཐུགས་གཏེར་གསང་ཡུམ་སྐུ་ལ་འཁྲིལ་བ་གཉིས། །བཀའ་སྡོད་ཕོ་ཉའི་ཚོགས་སུ་བསྟན་པ་གསུམ། །གདུལ་བྱའི་བྱེ་བྲག་སོ་སོར་ཅིར་སྣང་ཡང་། །སྐྱེ་མེད་བྱང་ཆུབ་སེམས་ལས་མ་གཡོས་ཕྱིར། །གསང་བ་ཡུམ་གྱི་བྷ་གར་མྱ་ངན་འདས། །དབང་ཆེན་བསྡུས་པའི་ཏནྟྲ་ལས། གསང་བ་མྱ་ངན་འདས་པའི་ལེའུ་སྟེ་ཉི་ཤུ་རྩ་དྲུག་པའོ།། །།ཚེ་ལ་དབང་ཐོབ་རིག་འཛིན་རྣལ་འབྱོར་པས། །དབང་ཆེན་བསྡུས་པའི་ཏནྟྲ་ལས། །རོ་བསྲེགས་ཐལ་བ་བསྒྲུབ་པའི་ཕྱིར། །བསྡུས་ཏེ་གསུང་བའི་སྒྲུབ་ཐབས་འདི། །ཕུན་སུམ་ཚོགས་པ་ལྔར་ལྡན་ཞིང་། །ཡིད་དུ་འོང་བས་དམ་པ་བཙལ། །དང་པོ་ས་བླངས་བྱིན་གྱིས་བརླབས། །བརྟགས་པའི་གནས་སུ་མ་དྷལ་བྱ། །འདོམ་གང་གྲུ་བཞིར་ཁྱུད་ཀོར་བཅས། །སྟེང་དུ་རཀྟའི་གོ་མ་ཡེ། །ཆགས་པའི་དམ་ཚིག་སྔགས་ཀྱིས་བྱུག །དེ་ནས་མཚན་དང་ལྡན་པའི་ཡུམ། །ཁྲུས་བྱས་དར་ལྡན་རྒྱན་


DNG018_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བཀླུབ། །དུར་ཁྲོད་བཀའ་དང་མཐུན་པ་ཡིས། །གསང་བའི་ཐིག་སྐུད་བཀལ་ནས་ཀྱང་། །སྤྱི་བོར་བཞག་སྟེ་དབང་བསྐུར་ནས། །ཆགས་པ་ཆེན་པོར་མཆོད་པའི་སྔགས། །ལན་གསུམ་བཟླས་ཏེ་གཟི་ལྡན་དུ། །གྱུར་པར་དམིགས་ཏེ་དགྱེ་བར་བྱ། །ཟླ་གམ་ཁ་སྤྲོད་ཟླུམ་པོ་ལའི། །དཀྱིལ་དུ་ཧེ་ཞལ་གྲུ་གསུམ་ལ། །གྲུ་གང་ཁ་བསྐོར་འཕང་དུ་བརྩིག །ས་བོན་མགར་བའི་སོ་དོག་གམ། །ཡང་ན་སྣུམ་ཆེན་བསྲེག་པའི་ས། །ནག་པོ་ས་ལས་ཧེ་ཞལ་བྲི། །མུ་ལ་རཀྟ་ཟླ་གམ་དུ། །འོད་ཕུང་མཐའ་སྐོར་ཡུག་རྣམས་བསྔགས། །དམར་པོ་ཡོན་ཏན་དབང་དུ་སྡུད། །དེ་ཡི་དབུས་སུ་བསགས་པའི་རྫས། །དམར་པོ་དཔལ་དང་ལྡན་པའི་ཤིང་། །བཤུལ་ལ་སོགས་པའི་སྣུམ་པོ་བརྔོ། །ཧེ་ཡི་དབུས་སུ་ཡོངས་པས་བཤམས། །དེ་ཡི་འགྲམ་མམ་སྟེང་དག་ཏུ། །ཐོད་པ་རྣམ་གཉིས་ཧཱུཾ་དང་ལྡན། །འཕྲོ་འདུ་དམིགས་པའི་རྟེན་དུ་གཞག །མཐའ་སྐོར་མེ་རི་དམར་པོ་ལ། །ཕུར་པ་དང་ནི་རྫས་རྣམ་བཀྲམ། །མེ་སྔགས་བཏབ་སྟེ་གཞག་པར་བྱ། །གསང་བའི་གཟུངས་ཐག་དམར་པོས་བཅིངས། །ཟླ་གམ་སྟེང་དུ་ལོངས་སྤྱོད་བཀྲམ། །དེ་ནས་ཐལ་བ་བསྒྲུབ་པའི་ཕྱིར། །བམ་གྱི་རོ་ཡི་ས་ཕྱོགས་སུ། །མ་མོ་གོམ་པ་དྲུག་ཅུ་ཡིས། །རྡོ་རྗེའི་འགྲོས་སུ་སོང་ནས་ཀྱང་། །རྡོ་རྗེའི་དཔུང་གི་ས་ཕྱོགས་སུ། །བཅུ་དྲུག་རོལ་པའི་ཕོ་ཉ་དགྱེ། །བཀྲ་ཤིས་ཆེན་པོའི་རྟ་བྲོས་བསྐོར། །ཕྱུང་ནས་ཤུལ་དུ་དམིགས་པ་ཡང་། །ཁོ་བོ་རྫས་ལས་དམིགས་ནས་གདབ། །བྱང་ཤར་མཚམས་སུ་བཤིག་པ་ཡང་། །ལུ་གུ་རྒྱུད་ཀྱི་བྲིས་བསྐོར་ཏེ། །དུར་ཁྲོད་ལས་བདག་སྤྱན་དྲངས་ཏེ། །བཤིགས་ནས་མངོན་སྤྱོད་རོལ་པར་བསྒོམ། །སྙིང་ནི་དྲན་པའི་རྟེན་ཡིན་པས། །ཧེ་ཡི་སྟེང་དུ་གཞག་པར་བྱ། །བྷནྡ་དབང་པོ་ལྔ་ཡི་རྟེན། །ཕྲལ་ནས་ཟླ་གམ་དབུས་སུ་གཞག །གཟི་བརྗིད་ལྡན་པའི་ལྷ་མོ་ལྔ། །སྟེང་དུ་དབང་པོ་ལྔ་ཡང་གཞག །རེ་ཁཱ་ལ་ནི་ནར་གྲོལ་ཏེ། །རྐང་ལག་སྒོ་བཞི་རྣམས་སུའོ། །ཐོད་སྐམ་བར་ཁྱམས་སྒལ་ཚིགས་ཏེ། །མེ་རི་ལ་ནི་རྒྱུ་ཕྲེང་ངོ་། །ཤུན་གྱི་གཡབ་དང་རླུང་གི་ཕྱོགས། །སྣ་ཚོགས་ཡམ་


DNG018_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་བརྫངས་ནས་གཞག །དེ་ནས་ཐལ་བའི་ས་བོན་མཆོག །དེ་ཡི་འཕྲད་དུ་འབྲུག་རུས་དང་། །བྱི་ལ་བན་གླང་རྔ་མོ་དང་། །མཁའ་ལྡིང་ལ་སོགས་འབྲས་བུ་ལྔའི། །གསང་དང་གཉིད་ལ་སོགས་པ་ཡང་། །མར་ལ་སོགས་པས་བྱུགས་ལས་སྩལ། །མཚན་དང་ལྡན་པའི་ཤེས་རབ་ཀྱིས། །ཐལ་མོ་སྦྱར་ནས་འདི་སྐད་དོ། །པུ་ཙ་མེ། དེ་ཡི་འོག་ཏུ་མེ་ཡི་ལྷ། །རྒྱལ་པོ་བསྒོམ་པའི་ཏིང་ངེ་འཛིན། །སྙིང་པོ་བཟླས་ཏེ་གཡོགས་ནས་བསྡམ། །བསྙེན་པ་ཉི་ཁྲི་བཏོན་ནས་ཀྱང་། །མཆོད་ཅིང་བསྙེན་པའི་ལས་བྱའོ། །ཏིང་འཛིན་མཆོད་པས་ཚིམ་བྱས་ནས། །དེ་ནས་རྫས་ཀྱི་མཆོད་པས་མཆོད། །མཚན་གསུམ་དཔེ་ཡིས་ཤེས་རབ་ཀྱིས། །ཙིཏྟ་བླངས་ཏེ་རུས་པར་བཅས། །ཕུལ་ནས་རྣམ་དག་དབྱིངས་སུ་བསྟན། །མཚན་དང་རུས་པ་དེ་བཞིན་ཏེ། །རྣ་བ་རུས་པ་མིག་དང་ལྕེ། །སྣ་དང་ཁྲག་ལ་སོགས་པ་ཡིས། །ཤ་དང་རྐང་དང་དེ་བཞིན་ཏེ། །ཚིལ་དང་སྐྲ་ལ་སོགས་པ་དབུལ། །དེ་ནས་བ་སུ་ཏ་ཡི་རྫས། །མཚན་དང་ལྡན་པ་བླངས་ཏེ་དབུལ། །ཕོ་ཉ་མཆོད་པའི་སྦྱིན་སྲེག་སྟེ། །གཏུན་ཁུང་ཆེན་མོ་སྔ་མ་བཞིན། །དེ་ནས་བགེགས་ཆེན་འདུལ་བའི་ཕྱིར། །རྩེད་འཇོའི་བྲོ་ཡང་འདི་སྐད་དོ། །ཧ་ན་ཧ་ན་པ་ཙ་ཧཱུཾ་ཕཊ། མཆོག་ལ་སོགས་པའི་ཤེལ་ཚོགས་ལྡན། །གང་ཡང་རུང་བ་བསྒྲལ་བའི་ཕྱིར། །སྙིང་ལ་རྩེད་འཇོ་ཐབས་ཀྱི་བྲོ། །ལུ་གུ་རྒྱུད་ཀྱི་འདི་སྐད་དོ། །ཨཾ་ཀུ་ཤ་ཛཿ། དེ་ནས་དབང་པོ་ལྔ་རྣམས་ལ། །རྩེད་འཇོའི་ཚུལ་གྱིས་གར་བྱེད་ཅིང་། །བརྗིད་པའི་སྟབས་ཀྱིས་འདི་ལྟར་རོ། །སྥོ་ཊ་བཾ། པཱ་ཤ་ཧཱུཾ། གྷཎྜ་ཧོཿ། དེ་དག་ཞིང་བཅུ་བསྒྲལ་བའི་ཚིག །དཀྱིལ་འཁོར་དེ་ཡི་དོན་ཡང་བཤད། །འདོམ་གང་གྲུ་བཞི་ཁྲུ་ཚད་ཙམ། །ཟླ་གམ་ཁ་ཡོད་གསང་བའི་མཁའ། །ཟླུམ་པོ་སྤྲོས་པ་མེད་པའི་དོན། །ཧེ་ནི་དབྱིངས་ཕྱུག་གཟི་ལྡན་དབྱིངས། །ཡམ་ཤིང་བྱང་ཆུབ་སེམས་ཀྱི་གསུང་། །མེ་ནི་གཉིས་མེད་སྤྲུལ་པ་ཡིན། །དམ་རྫས་ལྷ་ཚོགས་མང་པོར་བཀྲམ། །དེ་ནས་རུས་པའི་ཡོན་ཏན་བཤད། །འབྲས་བུ་ལྔ་ནི་རིགས་ལྔ་འགྲུབ། །


DNG018_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

རུས་སྦལ་གླང་ཆེན་ཟིལ་གྱིས་གནོན། །འབྲུག་ནི་མཁའ་འགྲོ་དབང་དུ་སྡུད། །བྱི་ལ་ཕྲ་མེན་དངོས་གྲུབ་འདུ། །བན་གླང་སྟོབས་ཀྱིས་བགེགས་ཆེན་འདུལ། །རྔ་མོ་སྲིན་པོའི་རྒྱལ་པོའི་མཐུ་ཡང་ཕྲོག །འདབ་ཆགས་ཕོ་ཉ་མངག་པའི་མཆོག །མིང་རུས་ཐལ་བའི་དུས་སུ་ཡང་། །དེ་ནས་བསྲེག་པར་བྱ་བ་ནི། །རཱ་ག་པཱུ་ཙ་ཡ་ཏྱ་ན་ཧཱུཾ་ཛཿཛཿ། མཆོད་སྦྱིན་བསྲེག་པའི་ལས་རྣམས་བྱའོ། །དེ་ནས་ཐུགས་དམ་གཞུང་བཞིན་བསྐུལ། །འདི་ཡི་དུས་སུ་དགོངས་པ་ཡང་། །པུ་ཏྲ་ཅན་གྱི་སྣོད་ནང་དུ། །རུས་པ་བཏགས་པའི་ཕྱེ་མ་བླུགས། །དམིགས་པ་གསུམ་ལས་འབྱུང་བ་བཞིན། །ནང་དུ་བླུགས་ཏེ་བཏུལ་ལ་གཞག །དེ་ནས་རྡོ་རྗེ་ལྕམ་དྲལ་གྱིས། །བསྐོར་ཏེ་དབྱངས་བླངས་དབུས་སུ་གཞག །དེ་ལྟར་དཀྱིལ་འཁོར་རྫོགས་པ་ཡང་། །རྡོ་རྗེ་གོ་ཚགས་གཞུང་བཞིན་སྤེལ། །ཕྲིན་ལས་བཅོལ་བ་སྔ་མ་བཞིན། །ཡབ་ཡུམ་གཉིས་སུ་མེད་པར་སྦྱངས་པ་ལས། །སེམས་ཀྱི་ཁ་དོག་དཀར་པོ་ཡི་གེ་ཧྲཱྀཿ། །མཁའ་མཉམ་སྤྲོས་ཤིང་སླར་ཡང་བསྡུ། །དངོས་མེད་སྟོང་པར་གྱུར་པར་དམིགས། །ལྷ་མོ་གློག་འགྱུ་མ་དང་རོལ་པ་ལས། །བྱང་ཆུབ་སེམས་ནི་ཨཱ་ཡུ་དམར་པོར་སྤྲོ། །རུས་པ་མཚན་མེད་འདྲ་བ་བཞིན། །དྲ་བ་མོ་དང་གཉིས་མེད་རོལ་པ་ལས། །བྱང་ཆུབ་སེམས་ནི་གཉིས་མེད་སྟོང་ཁམས་གང་། །བསྐུལ་ཞིང་དོན་བྱས་འབར་བ་འཕྲོ་ལ་དམིགས། །ཨ་མོ་དེ་བས་གཉིས་མེད་མཉེས་གྱུར་ནས། །སེམས་ཀྱི་ཁ་དོག་དམར་དཀར་བསྣོལ་བ་ཡང་། །སྐར་ཚོགས་ལྟ་བུས་རབ་ཏུ་འཁྲིགས་པས་བསྒྲུབ། །གསུངས་པས་ཚིམ་ལྟར་བཙོ་མའི་ཁ་དོག་བཞིན། །སྡེར་མོ་ཅན་གྱིས་དགྱེས་པར་བྱང་ཆུབ་སེམས། །རིན་ཆེན་ཞུན་མ་ལྟ་བུའི་སྐུ་སྦྱངས་ནས། །དངོས་མེད་བྱང་ཆུབ་སེམས་སུ་ཞུ་བ་ལས། །བདེ་བའི་དངོས་གྲུབ་བླང་བའི་ཕྱིར། །བསྒྲུབ་པ་དེ་བྱི་མཚན་ཡོད་པའི། །རཱ་ག་པཱུ་ཙ་ཞེས་བརྗོད་ཅིང་། །ཐལ་ཆེན་འོད་དུ་ཞུ་བར་དམིགས། །ཡཾ་ལས་རླུང་གིས་བཏེགས་ནས་ཀྱང་། །གཟི་ལྡན་གསང་བའི་བྷ་ག་ལ། །རང་བཞིན་མེད་པའི་ཆོས་སྐུར་གསལ། །མཐར་ཕྱིན་མཉེས་ཤིང་འགྲོ་རྒྱུད་སྦྱང་། །དེ་ཡང་མི་གཡོ་


DNG018_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་སུ་ཐིམ། །དེ་ནས་གསང་བའི་མདུད་པ་དགྲོལ། །སྣུམ་ལ་འཕེལ་གྱུར་གྲུབ་པའི་རྫས། །ཉུང་ན་སྤངས་ཤིང་ཏིང་འཛིན་བསྐྱར། །གྲུབ་ན་དངོས་ལ་མཚན་མས་གདབ། །མཚན་ལྡན་ལག་མཐིལ་ཨ་བསམ་སྟེ། །བྲོས་བསྐོར་དབང་བསྐུར་བྱིན་གྱིས་བརླབ། །དེ་ནས་དངོས་གྲུབ་གོ་སྐབས་དབྱེ། །ས་མ་ཡ་པདྨ་དྷ་ར་པཱུ་ཙ་མེ། དང་པོར་དེ་བྱི་གདབ་པར་བྱ། །དེ་ནས་གཙོ་དང་རིམ་པ་བཞིན། །ཆད་ན་བར་ཆད་ཆེན་པོ་འབྱུང་། །ལྷག་ན་རིམ་པ་བཞིན་དུ་དགོད། །རྡོ་རྗེ་སློབ་དཔོན་ཡབ་ཡུམ་དང་། །མཆེད་ཀྱང་དགོངས་པའི་ཚད་དང་སྦྱར། །དེ་ནས་ལུས་ལ་རྟག་བཅངས་ན། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ། །ལུས་ཀྱང་དར་ལ་བབ་ཅིང་སྲ། །ལོངས་སྤྱོད་ལྡན་ཞིང་བདེ་སྐྱིད་འབྱུང་། །དེ་ནས་ལྷག་མའི་གཏོར་མ་བཏང་། །དཀྱིལ་འཁོར་བསྡུ་ཞིང་བཀྲ་ཤིས་གསོལ། །ཡལ་བར་མི་གཏོང་མ་མོའི་རྟེན། །གླུ་དང་དབྱངས་དང་རྔ་ལ་སོགས། །རྩེ་འཇོ་མང་པོ་ལུགས་བཞིན་བྱ། །དབང་ཆེན་བསྡུས་པའི་ཏན་ཏྲ་ལས། ཐལ་ཆེན་བསྒྲུབ་པའི་ལེའུ་སྟེ་ཉི་ཤུ་རྩ་བདུན་པའོ།། །།ཚེ་ལ་དབང་ཐོབ་རིག་འཛིན་རྣལ་འབྱོར་གྱིས། །ལོག་རྟོག་དངོས་པོ་གཞོམ་པ་དང་། །ཆོ་འཕྲུལ་མངོན་དུ་བསྟན་པའི་ཕྱིར། །དབང་ཆེན་བསྡུས་པའི་ཏན་ཏྲ་ལས། །བསྐལ་པའི་ཐོག་ཐོག་གསང་བའི་ལེའུ། །དགོངས་པའི་རྒྱུད་དང་མཐུན་པར་གསུངས། །དང་པོར་ཏིང་འཛིན་རྣམ་གསུམ་ལས། །རྒྱུ་ཡི་ཏིང་འཛིན་ཧཱུཾ་དམར་གསལ། །དེ་ཡི་སྐད་ཅིག་ཏིང་འཛིན་ལས། །ཁ་དོག་ལྔ་ཡི་འབྲུ་བསྒོམས་ལ། །དབང་ཆེན་དཀྱིལ་འཁོར་རིམ་པ་བཞིན། །ཁ་དོག་གསུམ་པོའི་འབྲུ་ཉིད་ལས། །བདག་པོའི་རྐྱེན་དང་འཚམས་པའི་གནས། །ཐུག་པ་མེད་པའི་གཞལ་ཡས་ཁང་། །ཆོས་ཀྱི་སྐུ་དང་མཉམ་པར་བསྐྱེད། །དེ་ཡི་ནང་དུ་དམིགས་པ་ཡང་། །ཆོ་ག་གསུམ་དང་ལྡན་པའི་གསུང་། །དེ་ལས་ཞེ་སྡང་རྡོ་རྗེའི་སྐུ། །བརྒྱུད་པས་པདྨ་ཧེ་རུ་ཀ །སྐུ་བསྐྱེད་སྙིང་པོ་འདི་ཉིད་དོ། །པདྨ་མ་ཧཱ་ཤྲཱི་ཧེ་རུ་ཀ །ཧ་ཧ་ཧཱུཾ་ཛཿ། ས་བོན་སྔགས་ཀྱིས་གསལ་བར་བསྒྱུར། །


DNG018_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ། ཧྲཱྀཿ།ཕཊ། ཨཱོཾ། ཨཱ། ཧི། མ། ཛཿཛ། རུ་ལུ། ཛ་ས། གྷུ་ཤ་བ་ག་པྲ་བེ་ཤ །བཛྲ་བཛྲ། ཡཀྴ་བཛྲ་ཧཱུཾ་བྷྱོ། བཛྲ་ཧཱུཾ། ཨཱ་ར་ལི། ཨ་ཧི་ཤ་ཛ་ཀྲ་ཏྲི། དཱིཔྟ་ཙཀྲ། སྐུ་བསྐྱེད་གསལ་བར་གྱུར་པ་ན། །ལོག་རྟོག་གཞོམ་ཕྱིར་འདི་གསུངས་སོ། །ཐོག་ཐོག་འབར་བ་དབབ་པའི་ཕྱིར། །ཧཱུཾ། དབང་ཆེན་རྒྱལ་པོ་རྡོ་རྗེ་ཐོག་ཐོག་འབེབས། །ཧཱུཾ་དང་ཕཊ་ཀྱིས་སྲིད་གསུམ་འཁོར་བ་འཇིག །ཧཱུཾ་མཛད་ཧཱུཾ་གི་བྱིན་རླབས་བསམ་མི་ཁྱབ། །རྡོ་རྗེ་ཁྲག་འཐུང་ཁྲག་གི་རྒྱ་མཚོ་སྐེམ། །རྡོ་རྗེའི་མཚོན་མེ་གནམ་ལྕགས་ཐོ་ལུམ་འདྲ། །གསང་སྔགས་ལོག་པར་ལྟ་བ་རབ་ཏུ་འཇོམས། །འཇིག་རྟེན་འདི་དང་ཕ་རོལ་གཉིས་སུ་ཡང་། །གདུག་པ་སེལ་ཅིང་དུག་གསུམ་རྩད་ནས་གཅོད། །མ་ཧཱ་ཙནྡྷ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཕཊ། ལོག་རྟོག་དངོས་པོ་བསྒྲལ་ནས་ཀྱང་། །རབ་ཏུ་རྔམ་པའི་ཚིག་གིས་བསྔང་། །སྐྲག་ཅིང་དབང་དུ་འདུས་པར་འགྱུར། །ཚངས་པ་ལ་སོགས་ལྷ་ཆེན་རྣམས། །ཐོག་ཐོག་དཔལ་གྱིས་མྱོས་གྱུར་ཏེ། །སེམས་ནི་བླ་མེད་གནས་སུ་ཡང་། །ཙཀྲ་ཞེས་པའི་སྔགས་དག་གིས། །དབང་གི་སྐུར་བསྐྱེད་ཚངས་པའི་མཆེ་བ་གཙིགས། །ཤངས་ཀྱི་སྒྲོམ་ནས་ཐོག་ཐོག་འབེབས། །ཨཱོཾ་འཁོར་ལོས་ལུས་ཀྱི་རྣམ་རྟོག་བཅོམ། །ཨཱཾ་གིས་ངག་གི་ཉེས་པ་སྦྱང་། །ཧཱུཾ་གིས་སེམས་ཀྱི་གཟུང་འཛིན་སྤང་། །སྭཱ་ཡིས་ང་རྒྱལ་རི་བོ་བཤིག །ཧཱ་ཡིས་ཕྲག་དོག་གནས་སུ་དག །ཁམས་གསུམ་མ་ལུས་རྒྱུ་དྲུག་ཀུན། །ཡེ་ཤེས་མཚོན་ཆ་ཐོག་ཐོག་གིས། །སྒྲོལ་བར་མ་གྱུར་གཅིག་ཀྱང་མེད། །ནན་ཏན་ཐུགས་རྗེས་འགྲོ་བ་བསྒྲལ་བའི་ཕྱིར། །འཁོར་བ་དོང་སྤྲུག་ཆེན་པོ་མཛད། །མངོན་སྤྱོད་ཡ་མཚན་ཆེན་པོ་ཡི། །མཆོག་དང་ཙརྱ་འབྱོར་ཚོགས་ལ། །ནན་ཏན་གྱིས་ནི་པྲ་བེ་ཤ །ཧཱུཾ་གིས་རྒྱལ་སྲས་གཞོན་ནུའོ། །གཡུང་དྲུང་ལྟ་བུའི་སྐུ་ཡང་ཐོབ། །འདུ་འབྲལ་མེད་པའི་དབྱིངས་སུ་དེ། །དེ་ནས་ཕུང་པོ་བཤིག་བྱས་ཏེ། །ལྷག་མ་བརྒྱད་ལ་བྲོ་བརྒྱད་བརྡུང་། །མགོ་ལ་ལང་ཀ་གནོན་པའི་བྲོ། །ཙིཏྟ་འཁོར་བའི་བྲོ་བོ་


DNG018_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ། །རྣམ་ཤེས་ཏ་ཀྲྀཏ་ཆས་བརྒྱད་བྲོ། །ཕུང་པོ་ཁམས་དང་སྐྱེ་མཆེད་ལ། །ཞབས་ཀྱི་དཔལ་གྱི་ཆས་བརྒྱད་བྲོ། །ཡན་ལག་བཞི་ལ་ལྷ་མོ་ཟ་བྱེད་བཞི་ཡི་བྲོ། །ནང་ཁྲོལ་ངན་སོང་རྣམས་ཀྱི་བྲོ། །གཡང་གཞི་མ་མོ་འཁྲུགས་པའི་བྲོ། །སླ་བཞི་ཁྲོ་བོ་ཟིལ་གནོན་བྲོ། །ཨཱོཾ་ནཱ་ཤ་ཡ་སྟྭམ་བྷ་ཡ་ནན། ཡཀྴ་སུམྦྷ་ནི་གན་དྷ་རི་རི་ཤ་ཧཱུཾ་ཀཱ་ར་པྲ་བེ་ཤ་ཕཊ། བྷ་ག་ཝཱན་ཚིནྡྷ་ཚིནྡྷ་ཧཱུཾ། ཀྲོ་དྷ་ནི་ཀྲོ་དྷ་ནི་ཧཱུཾ། རྫོགས་དང་མཐར་ཕྱིན་ལས་ཀྱང་བྱ། །ཐོག་ཐོག་མངོན་པར་བཏང་བ་ནི། །རྡོ་རྗེ་ངུར་མོའི་ཏིང་ངེ་འཛིན། །གསལ་ནས་སྔགས་འདི་བཟླས་པར་བྱ། །མ་ཧཱ་ཙནྡ་སརྦ་དུཥྚན་ཧ་ན་ཏ་ཀ་པ་ཙ་ཧཱུཾ་ཕཊ། ཛྭ་ལ་རཾ་རཾ་ཛྭ་ལ་རཾ། རཀྴ་རཀྴ་ཧཱུཾ་རཾ། མ་ཧཱ་རུ་ལུ་ཤ །ཨེ་ཧྱེ་ཧི་ཧཱུཾ་བྷ་ག་བཱན། གསེར་ལ་བཏབ་སྟེ་གཏོར་བར་བྱ། །དེ་ཡི་ཚིག་ཀྱང་རབ་ཏུ་བརྗོད། །ཟས་སུ་ཤ་ཆེན་དྲང་བར་བྱ། །ལས་འདི་ངེས་པར་བསྒྲུབ་པར་བྱ། །མཁའ་ལྡིང་རྫས་ལ་དབང་བཙུགས་ཏེ། །ཆུ་མིག་ལྐུགས་པའི་ཀླུ་ལ་གཏད། །ཐོག་ཐོག་འབེབས་ཤིང་དགྲ་བོ་འཆི། །ངེས་འགྱུར་འདི་ལ་ཐེ་ཚོམ་མེད། །དབང་ཆེན་བསྡུས་པའི་ཏན་ཏྲ་ལས། རྡོ་རྗེ་ཐོག་འབེབས་ཀྱི་ལེའུ་སྟེ་ཉི་ཤུ་རྩ་བརྒྱད་པའོ།། །།ཚེ་ལ་དབང་ཐོབ་རིག་འཛིན་རྣལ་འབྱོར་གྱིས། །འབྱུང་པོ་དགྲ་བགེགས་ཚར་གཅད་ཕྱིར། །དབང་ཆེན་བསྡུས་པའི་ཏན་ཏྲ་ལས། །ཕོ་ཉ་མངག་པའི་ལས་འདི་གསུངས། །ཁྲག་འཐུང་འབར་བའི་ཐུགས་ཀ་ནས། །ལས་དང་ཐུགས་ལས་སྤྲུལ་པ་ཡི། །ཡེ་ཤེས་གསང་བར་བསྡུས་པ་ལས། །རྡོ་རྗེ་ཐུགས་ཀྱི་གོ་ལ་མ་འདི་རྣམས་དཔེ་ཁ་ཅིག་ཏུ་གོ་མ་ལ་ཡང་སྣང་། །རྡོ་རྗེ་ཁྲག་འཐུང་གཟུངས་མ་སྟེ། །འདུ་འབྲལ་མེད་པའི་ངང་ཉིད་ཀྱིས། །གང་ལ་བྱས་པའི་གནས་དག་ཏུ། །ཁམས་གསུམ་སྒྲོལ་བའི་ལས་མཛོད་ཅིག །ཁྲག་འཐུང་འབར་བའི་དབུ་གཙུག་ནས། །རྡོ་རྗེ་སྐུ་ཡི་གོ་ལ་མ། །དེ་བཞིན་གཤེགས་པའི་གཟུངས་མ་སྟེ། །འདུ་འབྲལ་མེད་པའི་ངང་ཉིད་ཀྱིས། །གང་ལ་བྱ་བའི་གནས་དག་ཏུ། །ཁམས་གསུམ་སྒྲོལ་བའི་ལས་མཛོད་ཅིག །ཁྲག་འཐུང་


DNG018_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

འབར་བའི་ལྗགས་ལས་ཀྱང་། །རྡོ་རྗེ་གསུང་གི་གོ་ལ་མ། །པདྨ་ཁྲག་འཐུང་གཟུངས་མ་སྟེ། །འདུ་འབྲལ་མེད་པའི་ངང་ཉིད་ཀྱིས། །གང་ལ་བྱ་བའི་གནས་དག་ཏུ། །ཁམས་གསུམ་སྒྲོལ་བའི་ལས་མཛོད་ཅིག །ཁྲག་འཐུང་འབར་བའི་ལྟེ་བ་ནས། །ཡོན་ཏན་རྡོ་རྗེ་གོ་ལ་མ། །རིན་ཆེན་ཁྲག་འཐུང་གཟུངས་མ་སྟེ། །འདུ་འབྲལ་མེད་པའི་ངང་ཉིད་ཀྱིས། །གང་ལ་བྱ་བའི་གནས་དག་ཏུ། །ཁམས་གསུམ་སྒྲོལ་བའི་ལས་མཛོད་ཅིག །ཁྲག་འཐུང་འབར་བའི་ཞབས་ལས་ཀྱང་། །རྡོ་རྗེ་ལས་ཀྱི་གོ་ལ་མ། །ལས་རབ་ཁྲག་འཐུང་གཟུངས་མ་སྟེ། །འདུ་འབྲལ་མེད་པའི་ངང་ཉིད་ཀྱིས། །གང་ལ་བྱ་བའི་གནས་དག་ཏུ། །ཁམས་གསུམ་སྒྲོལ་བའི་ལས་མཛོད་ཅིག །ཁྲག་འཐུང་སྐུ་ཡི་འོད་ཟེར་ལས། །རྡོ་རྗེ་ལས་ཀྱི་གོ་ལ་མ། །དཔལ་དང་ཁམ་རྒྱའི་ཚོགས་སུ་སྦྱོར། །གཉིས་སུ་མེད་པའི་འོད་ཟེར་ནི། །མི་ཡི་ལུས་ལ་དྲེད་མོའི་མགོ། །མངག་པའི་ལས་ལ་མ་གཡེལ་ཅིག །ཁྲག་འཐུང་སྐུ་ཡི་མེ་ལྕེ་ལས། །ཕྲ་མེན་ལས་ཀྱི་གོ་ལ་མ། །དཔལ་དང་སྤྱང་མོའི་ཚིགས་སུ་སྦྱོར། །གཉིས་སུ་མེད་པའི་འོད་ཟེར་ནི། །མི་ཡི་ལུས་ལ་ལྕགས་སྤྱང་མགོ། །ཕྲ་མེན་ཉིད་པས་ལས་ལ་བརྩོན། །མངག་པའི་ལས་ལ་མ་གཡེལ་ཅིག །ཁྲག་འཐུང་ཞབས་ཀྱི་གདན་ཁྲི་ལས། །ཁྲག་འཐུང་ལས་ཀྱི་གོ་ལ་མ། །དཔལ་དང་ཁྱི་མོའི་ཚོགས་སུ་སྦྱོར། །གཉིས་སུ་མེད་པའི་འོད་ཟེར་ནི། །མི་ཡི་ལུས་ལ་ཁྱི་ཡི་མགོ། །མངག་པའི་ལས་ལ་མ་གཡེལ་ཅིག །ཁྲག་འཐུང་འབར་བའི་བ་སྤུ་ལས། །ཕྲ་མེན་ལས་ཀྱི་གོ་ལ་མ། །དཔལ་དང་ལོང་བའི་ཚོགས་སུ་སྦྱོར། །གཉིས་སུ་མེད་པའི་འོད་ཟེར་ནི། །མི་ཡི་ལུས་ལ་ཁྱི་ཡི་མགོ། །ཕྲ་མེན་ཉིད་པས་ལས་ལ་བརྩོན། །མངག་པའི་ལས་ལ་མ་གཡེལ་ཅིག །ཁྲག་འཐུང་འབར་བའི་གཞལ་ཡས་ལས། །ཕྲ་མེན་ལས་ཀྱི་གོ་ལ་མ། །དཔལ་དང་དམུས་ལོང་ཚོགས་སུ་སྦྱོར། །


DNG018_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སུ་མེད་པའི་འོད་ཟེར་ནི། །མི་ཡི་ལུས་ལ་དམུས་ལོང་མགོ། །ཕྲ་མེན་ཉིད་པས་ལས་ལ་བརྩོན། །མངག་པའི་ལས་ལ་མ་གཡེལ་ཅིག །དཔལ་ཆེན་པདྨ་ཧེ་རུ་ཀའི། །དབུ་ཡི་དཀྱིལ་འཁོར་མན་ཆད་ནས། །ཞབས་ཀྱི་གདན་ཁྲི་ཡན་ཆད་དུ། །ཐུགས་དམ་ངང་ལས་སྤྲུལ་པ་ཡི། །རྡོ་རྗེ་ལས་ཀྱི་གོ་ལ་མ། །མངག་པ་ཙམ་གྱིས་ལས་མཛོད་ཅིག །མ་མ་ཛཿཛཿབྷྱོ་བྷྱོ་ལས་ལ་བྷྱོ། དབང་ཆེན་བསྡུས་པའི་ཏན་ཏྲ་ལས། ཕོ་ཉ་མངག་པའི་ལེའུ་སྟེ་ཉི་ཤུ་རྩ་དགུ་པའོ།། །།ཚེ་ལ་དབང་ཐོབ་རིག་འཛིན་རྣལ་འབྱོར་གྱིས། །བདུད་དང་སྲིན་པོ་འདུལ་བའི་ཕྱིར། །དབང་ཆེན་བསྡུས་པའི་ཏནྟྲ་ལས། །ཕོ་ཉ་མངག་པའི་ལེའུ་འདི་གསུངས། །ཏི་ར་ཆེན་པོའི་གནས་ཉུལ་མ། །རྣལ་འབྱོར་དབང་ཕྱུག་ཆེན་པོ་ལ། །བཀའ་དང་དམ་ཚིག་མ་ཉམས་པར། །བསྒྲུབ་པ་རྣམས་ལ་དངོས་གྲུབ་སྩོལ། །གང་ཞིག་བཀའ་ལས་འདའ་བྱེད་པ། །སྒྲུབ་པ་པོ་ལ་བར་གཅོད་པའི། །མ་བདག་ལས་ཀྱི་ཉུལ་མ་མོ། །སྲིད་པ་གསུམ་ལ་བྱ་ར་མཛད། །ཤར་ནས་ཏི་རའི་གནས་ཉུལ་མ། །རྡོ་རྗེ་ནམ་གྱི་སྲོད་ལ་རྒྱུག །ནག་མོ་ཁྲག་གི་རལ་པ་ཅན། །ཏི་ར་ཆེན་མོ་ཁ་ན་ཐོགས། །གཟི་ལྡན་པདྨའི་སྤྲུལ་པ་སྟེ། །ཉམས་པའི་ཁྲག་འཐུང་དབང་མོ་ཆེ། །སྲིན་མོ་ཐོད་ཕྲེང་ཡིན་པར་གྲགས། །ལྷོ་ནས་ཏི་རའི་གནས་ཉུལ་མ། །རྡོ་རྗེ་ནམ་གྱི་ཕྱེད་ན་རྒྱུག །ནག་མོ་ཞག་གི་རལ་པ་ཅན། །ཏི་ར་ཆེན་མོ་ཁ་ན་ཐོགས། །གཤོག་པ་ཅན་གྱི་སྤྲུལ་པ་སྟེ། །ཉམས་པའི་ཁྲག་འཐུང་དབང་མོ་ཆེ། །སྲིན་མོ་སྐམ་མ་ཡིན་པར་གྲགས། །ནུབ་ནས་ཏི་རའི་གནས་ཉུལ་མ། །རྡོ་རྗེ་ནམ་གྱི་ཐོ་རང་རྒྱུག །ནག་མོ་དུང་གི་རལ་པ་ཅན། །ཏི་ར་ཆེན་མོ་ཁ་ན་ཐོགས། །དྲ་བ་མོ་ཡི་སྤྲུལ་པ་སྟེ། །ཉམས་པའི་ཁྲག་འཐུང་དབང་མོ་ཆེ། །སྲིན་མོ་ར་རོ་ཡིན་པར་གྲགས། །བྱང་ནས་ཏི་རའི་གནས་ཉུལ་མ། །རྡོ་རྗེ་ཉི་མའི་ཟེར་ལ་རྒྱུག །ནག་མོ་གཡུ་ཡི་རལ་པ་ཅན། །ཏི་ར་ཆེན་མོ་ཁ་ན་ཐོགས། །སྡེར་མོ་ཅན་གྱི་སྤྲུལ་


DNG018_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟེ། །ཉམས་པའི་ཁྲག་འཐུང་དབང་མོ་ཆེ། །སྲིན་མོ་ཆང་འཐུང་ཡིན་པར་གྲགས། །སྟེང་ནས་ཏི་རའི་གནས་ཉུལ་མ། །རྡོ་རྗེ་ཉི་མ་ཕྱེད་ན་རྒྱུག །ནག་མོ་གསེར་གྱི་རལ་པ་ཅན། །ཏི་ར་ཆེན་མོ་ཁ་ན་ཐོགས། །གློག་འགྱུ་མ་ཡི་སྤྲུལ་པ་སྟེ། །ཉམས་པའི་ཁྲག་འཐུང་དབང་མོ་ཆེ། །སྲིན་མོ་ཕོར་ཐོགས་ཡིན་པར་གྲགས། །འོག་ནས་ཏི་རའི་གནས་ཉུལ་མ། །རྡོ་རྗེ་ཉི་མའི་གྲིབ་སོ་སྡུད། །ནག་མོ་ཟངས་ཀྱི་རལ་པ་ཅན། །ཏི་ར་ཆེན་པོ་ཁ་ན་ཐོགས། །ཐེའུ་གཤོག་མ་ཡི་སྤྲུལ་པ་སྟེ། །ཉམས་པའི་ཁྲག་འཐུང་དབང་མོ་ཆེ། །སྲིན་མོ་གཞོང་ཐོགས་ཡིན་པར་གྲགས། །དུས་དྲུག་མ་མོ་ཁྱེད་རྣམས་ཀྱང་། །སྔོན་གྱི་ཐུགས་དམ་ཇི་བཞིན་དུ། །བསྒྲུབ་པ་ལས་ཀྱི་བྱ་ར་མཛོད། །གང་ཞིག་ཉམས་པའི་ཁྲག་ལ་རོལ། །མ་ཉམས་རྣམས་ལ་དངོས་གྲུབ་སྩོལ། །བཅོལ་བའི་ལས་རྣམས་འགྲུབ་པར་མཛོད། །དབང་ཆེན་བསྡུས་པའི་ཏན་ཏྲ་ལས། ཕོ་ཉ་ཏི་རའི་གནས་ཉུལ་ གྱི་ལེའུ་སྟེ་སུམ་ཅུ་པའོ།། །།ཚེ་ལ་དབང་ཐོབ་རིག་འཛིན་རྣལ་འབྱོར་གྱིས། །བདུད་དང་དྲེགས་པ་བསྒྲལ་པའི་ཕྱིར། །དབང་ཆེན་བསྡུས་པའི་ཏན་ཏྲ་ལས། །ཤོར་བ་གཞོན་ནུའི་ལེའུ་འདི་གསུངས་སོ། །ཐོག་མ་མེད་པའི་དུས་མཐའ་ནས། །བདུད་དང་དབང་ཕྱུག་དྲེགས་པ་དེས། །འཇིག་རྟེན་ཁམས་ཀུན་ཟ་བྱེད་པར། །འཇིགས་བྱེད་ཆེན་པོ་ཁྲག་འཐུང་གིས། །ཤོར་བ་གཞོན་ནུ་ལ་སོགས་པའི། །བདུད་དང་གཤིན་རྗེ་དྲེགས་པ་དེ། །ཐུགས་རྗེ་ཚད་མེད་བཞིས་བསྒྲལ་ནས། །ཕུང་པོ་ཉལ་ཐབས་གན་རྐྱལ་ཏེ། །འཛམ་གླིང་ལྷོ་ཡི་གླིང་ཁམས་སུ། །རོ་ལངས་ས་གཞིར་གྱུར་པར་བཤད། །རཱུ་ཏྲའི་མགོ་ནི་ལྷོ་ནུབ་མཚམས། །རྐང་པ་བྱང་ཤར་མཚམས་སུ་སྟེ། །ལག་པ་གཉིས་ནི་གཡས་གཡོན་གདེངས། །ཀུན་ཀྱང་ཐུག་པ་མེད་པར་བརྐྱང་། །དེ་བས་འཛམ་གླིང་ས་འདི་ཀུན། །བཀྲ་ཤིས་ཡ་མཚན་ཐུགས་རྗེར་ལྡན། །ཆོས་དང་རྫུ་འཕྲུལ་འབྱུང་བའི་གནས། །ཆོ་འཕྲུལ་འབྱུང་བར་བཀའ་སྩལ་ཏོ། །རཱུ་ཏྲའི་ལུས་ནི་འཛམ་བུའི་གླིང་། །སྙིང་ནི་མ་ག་


DNG018_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

དྷཱ་ཡི་གནས། །དུར་ཁྲོད་མིང་ནི་བསིལ་བའི་ཚལ། །གཟི་ལྡན་མ་དང་གོའུ་རིས་བསྲུངས། །མཁས་དང་སྙིང་སྟོབས་གཉི་གར་ལྡན། །རཱུ་ཏྲའི་མགོ་ནི་ལྷོ་ཕྱོགས་ཀྱི། །དུར་ཁྲོད་སིང་གའི་གླིང་ཕྲན་དེ། །གཤོག་པ་མོ་དང་ཙོའུ་རིས་བསྲུངས། །མཐོང་ཐོས་འཕྲུལ་དང་ལྡན་པ་མངའ། །རཱུ་ཏྲའི་ལག་གཡས་ཤར་ལྷོའི་མཚམས། །དུར་ཁྲོད་བལ་ཡུལ་ཡིན་པ་སྟེ། །གློག་འགྱུ་མ་དང་པུཀྐས་བསྲུངས། །དེ་ན་ཟས་དང་ལོངས་སྤྱོད་ལྡན། །རཱུ་ཏྲའི་ལག་གཡོན་ལྷོ་ནུབ་མཚམས། །དུར་ཁྲོད་ཆེན་པོ་སཱ་ལའི་ཡུལ། །སྡེར་མོ་ཅན་དང་བེ་ཏཱས་བསྲུངས། །མཐུ་དང་དབང་ཆེན་གྱད་ཀྱི་གནས། །རཱུ་ཏྲའི་རྐང་གཡས་བྱང་ཤར་མཚམས། །དུར་ཁྲོད་ཆེན་པོ་ལི་ཡི་ཡུལ། །དྲ་བ་མོ་དང་ཙཎྜས་བསྲུངས། །ཤ་ཀི་ནི་སྟེ་མེ་ཆུ་འགྲུབ། །རཱུ་ཏྲའི་རྐང་གཡོན་ནུབ་བྱང་མཚམས། །དུར་ཁྲོད་ཆེན་པོ་ཁ་ཆེའི་ཡུལ། །ཐེའུ་གཤོག་མ་དང་པྲ་མོས་བསྲུངས། །དེ་ན་བདེ་སྐྱིད་ཕུན་སུམ་ཚོགས། །རཱུ་ཏྲའི་ཕོ་མཚན་སྟེང་ཕྱོགས་ན། །དུར་ཁྲོད་ཆེན་པོ་ཨུ་རྒྱན་ཡུལ། །མགྱོགས་མེ་མ་དང་གྷས་མས་བསྲུངས། །འབྱོར་ལྡན་ཚོགས་ནི་དངོས་གྲུབ་འཆང་། །དངོས་གྲུབ་ཐོབ་པ་དེ་ན་མང་། །རཱུ་ཏྲའི་ནང་ཁྲོལ་མ་ལུས་ཀུན། །དུར་ཁྲོད་ཆེན་པོ་ཟ་ཧོར་ཡུལ། །ལང་ཀ་པུ་རི་སྲིན་པོའི་གནས། །ཨ་མོ་དེ་དང་སྨ་ཤས་བསྲུངས། །སྲིན་པོ་སྲིན་མོ་ཤ་ཟ་དང་། །འབྱོར་པའི་ལོངས་སྤྱོད་ཀུན་དང་ལྡན། །དཔལ་གྱི་ཐུགས་རྗེའི་བྱིན་རླབས་ཀྱིས། །ཏ་ནས་བཏུལ་ནས་བསྒྲལ་བ་ཡི། །ས་གཞི་དཀྱིལ་འཁོར་དམ་པ་འདིར། །འདས་པའི་དུས་ན་སྔོན་བྱུང་བ། །སངས་རྒྱས་ཀུན་གྱིས་བྱིན་གྱིས་བརླབས། །དེ་ལྟར་གྱུར་པའི་འཛམ་གླིང་འདི། །སྐྱེ་ཤི་གནས་པའི་ཡུལ་ཡིན་པས། །ཕྱི་རབས་སྔགས་འཆང་སྒྲུབ་པ་པོས། །འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་ནི། །བཀའ་བཞིན་བསྐྱེད་ནས་བྱིན་བརླབས་ནས། །སྔགས་མཆོག་བདུད་རྩི་བསྒྲུབ་པའི་ཕྱིར། །བསྒྲལ་བའི་རྒྱུ་དང་དམ་རྫས་ཀུན། །སངས་རྒྱས་སྒྲུབ་པའི་རྒྱུ་དང་གཞི། །དམ་ཚིག་དམ་པར་སྲུང་བའི་རྫས། །


DNG018_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་ཆེན་པོ་ལྔ་ཡིན་པས། །བདུད་དང་གཤིན་རྗེ་ལ་སོགས་དང་། །ཚོགས་དང་ཙ་རྱའི་འབྱོར་ཚོགས་པ། །ལེ་ལོ་སྤངས་པའི་བརྩོན་འགྲུས་ཀྱིས། །བར་ཆད་མེད་པར་འབད་ལ་བསྒྲལ། །རྣམ་ཤེས་ཧཱུཾ་དུ་བསྒྱུར་བྱས་ཏེ། །བྱང་ཆུབ་སེམས་ཀྱི་དབང་བསྐུར་ནས། །ཡང་དག་གནས་སུ་བསྡུ་བར་བྱ། །དེ་ལྟའི་ཏ་ནའི་དཀྱིལ་འཁོར་འདིར། །དུར་ཁྲོད་བདག་པོ་བཏུལ་ནས་ནི། །འཁོར་བཅས་མ་ལུས་དབང་དུ་བསྡུས། །སྲིན་པོ་ཡོངས་སྒྲོལ་ཆེན་པོ་མཛད། །ས་ནས་ས་ཡི་རིམ་པ་བཞིན། །གོང་ནས་གོང་དུ་ཡང་ནས་ཡང་། །མི་ལྡོག་དབྱིངས་སུ་ཐིམ་པར་བྱས། །བདུད་དང་སྲིན་པོ་མ་ལུས་ཀུན། །སྔོན་གྱི་རྒྱལ་བས་གསུངས་པ་བཞིན། །བཏུལ་ནས་ཡང་དག་སྒྲོལ་མཛད་པ། །འདི་ནི་སྒྲོལ་བའི་ཕྲིན་ལས་སོ། །དབང་ཆེན་བསྡུས་པའི་ཏནྟྲ་ལས། ཤོར་བ་གཞོན་ནུའི་ལེའུ་སྟེ་སོ་གཅིག་པའོ།། །།ཚེ་ལ་དབང་ཐོབ་རིག་འཛིན་རྣལ་འབྱོར་གྱིས། །ཁམས་གསུམ་འཁོར་བའི་སེམས་ཅན་རྣམས། །ཉེ་ལམ་བྱང་ཆུབ་བསྟན་པའི་ཕྱིར། །དབང་ཆེན་བསྡུས་པའི་ཏནྟྲ་ལས། །བསྒྲུབ་པ་ཟབ་མོའི་ལེའུ་འདི་གསུངས། །ཕུན་སུམ་ཚོགས་པ་ལྔར་ལྡན་ཞིང་། །དེ་ཡང་གསང་བར་ཤེས་པར་བྱ། །མཎྜལ་ཟླ་གམ་བྱེ་བྲག་ཀྱང་། །མཁས་པས་དབྱིངས་སུ་ཤེས་པར་བྱ། །དེ་ཕྱིར་བསྒྲུབ་པ་ཟབ་མོའམ། །ཉེ་ལམ་ཞེས་ཀྱང་དེ་ལ་བརྗོད། །དེ་ལྟར་གྱུར་པའི་དཀྱིལ་འཁོར་དུ། །དབང་གི་རྒྱལ་པོའི་སྐུ་བསྐྱེད་ཅིང་། །གདན་ལྔ་རིམ་གྱིས་བཀོད་པ་ཡང་། །ཟབ་མོའི་དོན་དུ་ཤེས་པར་བྱ། །རྫོགས་པ་ཆེན་པོ་ཡིན་པའི་ཕྱིར། །གཞལ་ཡས་གདལ་བ་ཆོས་ཀྱི་དབྱིངས། །ནམ་མཁའ་ལྟ་བུ་གནས་མི་དམིགས། །དེ་ལྟའི་དབུས་སུ་སྐུ་བསྐྱེད་པ། །པདྨ་གར་གྱི་དབང་ཕྱུག་དང་། །གཉིས་སུ་མེད་པར་གཟི་དང་ལྡན། །རྟོགས་ནས་གདེང་དུ་ལོན་པ་ནི། །ཟབ་མོ་ཞེས་ཀྱང་དེ་ལ་བརྗོད། །དེ་ནས་ཡུམ་རྣམས་བསྒྲུབ་པ་


DNG018_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་། །དྲ་བ་ཅན་ལ་སོགས་པ་བཞི། །སྤྲོས་དང་བྲལ་བ་ཤེས་པར་བྱ། །ཟབ་མོ་ཞེས་ནི་མཁས་པས་གསུངས། །དཀྱིལ་འཁོར་ཆེན་པོ་ཡིན་པའི་ཕྱིར། །སྒོ་སྲུང་ཁྲོ་བོ་མགོ་དགུ་བརྩེགས། །ཐེག་ཆེན་དགུ་ཡི་རིམ་པ་བཞིན། །དེ་ཉིད་གསང་བར་ཤེས་པར་བྱ། །དེ་ཕྱིར་ཐེག་ཆེན་ཉེ་ལམ་པ། །དེ་ལྟར་དཀྱིལ་འཁོར་རྫོགས་པ་དང་། །རྒྱལ་པོ་འཁོར་དང་ལྡན་པ་བཞིན། །ཕྱི་རོལ་ལོང་བ་རྒྱབ་སྦྲེལ་ཡང་། །ཆོས་སྐུར་གཅིག་པས་ཐ་དད་མིན། །དེ་ཡི་ཕྱི་རིམ་དམུས་ལོང་རྣམས། །མི་འགྱུར་དབྱིངས་སུ་མྱ་ངན་འདས། །འཁོར་བ་མ་སྤངས་མྱ་ངན་འདས། །དེ་ཕྱིར་དམུས་ལོང་འཁོར་བ་ཅན། །ཕྱི་རིམ་ཁམ་རྒྱ་ཆེན་མོ་དྲུག །གཟི་ལྡན་སྤྲུལ་པར་གྲགས་པས་ན། །ཡུངས་ཀར་ཚུལ་བཞིན་ཟླུམ་པོར་བཞུགས། །འཁོར་བ་དབྱིངས་སུ་ཟླུམ་པའི་ཚུལ། །ཕྱི་རིམ་སྤྱང་མོ་བསྒྲུབ་པ་ནི། །ཞབས་ཀྱི་སྤྲུལ་པ་ཡིན་པས་ན། །ཕོ་ཉར་བཟང་ཞིང་མངག་པར་མགྱོགས། །དེ་ཡང་ཆོས་ཉིད་ཡིན་པའི་ཕྱིར། །ཟབ་མོའི་དོན་དུ་ཤེས་པར་བྱ། །ཁྱི་བརྒྱད་དགྱེ་ཞིང་བསྒྲུབ་པ་ཡང་། །གསང་བའི་སྤྲུལ་པ་ཡིན་པའི་ཕྱིར། །ཕྲ་མེན་སྤྲུལ་པ་ཤེས་པར་བྱ། །སྤྲུལ་པ་མེ་འབྲུག་ནག་པོ་རྣམས། །ཡབ་ཡུམ་འདུ་འབྲལ་མེད་པ་ཡི། །སྤྲུལ་པ་ཡིན་པར་བསྟན་པ་ཡང་། །ཡང་ན་སྲིད་པའི་རྒྱལ་པོར་དམིགས། །རྩ་བའི་དཀྱིལ་འཁོར་བསྒྲུབ་པ་ནི། །ཕུང་པོ་ལྔ་ཉིད་གཞལ་ཡས་ཁང་། །ཙིཏྟ་དཔལ་བེའུ་སེམས་ཀྱི་རྟེན། །དབང་ཆེན་ཡབ་ཡུམ་ཕྱག་རྒྱར་གསལ། །མ་བཞི་བུ་བརྒྱད་དབྱིངས་ཕྱུག་བཞི། །དེ་ཡང་མཚན་མེད་སྤྲོས་དང་བྲལ། །རྣམ་ཤེས་བརྒྱད་པོ་གནས་སུ་དག །ལོང་བ་རྒྱབ་སྦྲེལ་ཡེ་ནས་གནས། །ཤེས་པའི་ཡུལ་བརྒྱད་གནས་སུ་དག །དམུས་ལོང་འཁོར་བར་ཡེ་ནས་གནས། །ཞབས་ཀྱི་ཆས་བརྒྱད་གནས་སུ་དག །ལྕགས་ཀྱི་སྤྱང་མོར་ཡེ་ནས་གནས། །ཁྱི་བརྒྱད་སྤྱང་མོ་བརྒྱད་དང་བཅས། །ཞབས་ཀྱི་སྤྲུལ་པར་རབ་ཏུ་གྲགས། །དེ་རྣམས་རྩ་བར་བསྡུས་པའི་ཕྱིར། །ཟབ་མོར་བསྒྲུབ་པར་ཤེས་པར་བྱའོ། །དབྱིངས་ལས་ཡེ་ཤེས་བསྒྲུབ་པའི་ཕྱིར། །ཡེ་ཤེས་དབྱིངས་སུ་


DNG018_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པ་ལ། །རྟགས་སུ་གཟི་ལྡན་ཐུགས་ཀར་སྦས། །ཟབ་མོ་ཞེས་ཀྱང་དེ་ལ་བསྔགས། །ལོང་བ་རྒྱབ་སྦྲེལ་ཡེ་ཤེས་འཁོར། །མགོ་དགུ་བརྩེགས་པ་ཡན་ཆད་ཀུན། །འཁོར་གྱི་ཆོས་ཀྱི་དབྱིངས་སུ་དམིགས། །གཙོ་བོ་ཡབ་ཡུམ་ཡེ་ཤེས་ཏེ། །ཡེ་ཤེས་དབྱིངས་ལ་སྦྱོར་བའི་ཕྱིར། །སྟོང་པ་ཆེན་པོར་རབ་བསྒོམས་ན། །ཟབ་མོ་ཞེས་ཀྱང་དེ་ལ་བརྗོད། །དེ་ལྟར་དབྱིངས་ལས་མ་གཡོས་ཀྱང་། །མཚན་མའི་དངོས་པོ་བཤིག་པ་དང་། །ལོག་པར་བལྟ་བ་གཞོམ་པའི་ཕྱིར། །ཕོ་ཉ་རྣམས་ཞེས་བཤད་པར་བྱའོ། །བདག་ཉིད་ཆེན་པོར་རབ་རྟོགས་ཏེ། །བཙལ་བ་མེད་པར་དབྱིངས་གཅིག་ན། །ཕོ་ཉ་ཞེས་ཀྱང་དེ་ལ་བྱ། །བྱ་དང་བྱེད་པར་མི་དམིགས་ཤིང་། །འཕྲོ་འདུ་ལ་སོགས་མི་བརྩམ་ན། །འགྱེད་པ་ཞེས་ཀྱང་དེ་ལ་བྱ། །ཕོ་ཉའི་དོན་དྲུག་བཤད་པ་ནི། །སྐུ་དང་རྔམས་དང་ཡེ་ཤེས་དང་། །བསྒྲུབ་དང་སྤྲུལ་པ་ཡིག་འབྲུའོ། །ཡང་ན་ཕོ་ཉ་གསུམ་དུ་བཤད། །དོན་དང་ལས་དང་རིགས་ལ་སོགས། །ཕོ་ཉ་རྣམས་ནི་དགྱེ་བར་བྱ། །ཞེས་བཤད། དབང་ཆེན་བསྡུས་པའི་ཏནྟྲ་ལས། ཉེ་ལམ་བྱང་ཆུབ་སེམས་ཀྱི་ལེའུ་སྟེ་སོ་གཉིས་པའོ།། །།ཚེ་ལ་དབང་ཐོབ་རིག་འཛིན་རྣལ་འབྱོར་གྱིས། །ཀླུ་རྒྱལ་ཟིལ་གྱིས་གནན་པའི་ཕྱིར། །དབང་ཆེན་བསྡུས་པའི་ཏནྟྲ་ལས། །གཞུང་ཕྱུང་བ་ཡི་ཏིང་འཛིན་བསྒོམ། །ཧཱུཾ་ལས་ཕྱག་རྒྱ་གདན་དང་བཅས། །དམར་པོ་དབུ་ལྔ་བཅུ་དྲུག་ཕྱག །གསལ་བར་བསྒོམ་པའི་བྱིན་རླབས་ཀྱིས། །ཀླུ་ཆེན་དབང་དུ་བསྡུ་བའོ། །དེ་ལྟར་ཕྱག་ན་ཀླུ་རྣམས་བསྣམས། །དེ་ལྟར་གསལ་བ་མ་ལུས་ཀུན། །གཡས་ཀྱི་དང་པོར་བསྣམས་པ་ནི། །ཀླུ་ཆེན་རྒྱལ་རིགས་དབང་བསྡུས་མཐའ་ཡས་བསྣམས། །གཡས་ཀྱི་དང་འོག་དུང་སྐྱོང་བསྣམས། །དེ་ཡི་འོག་མ་འཇོག་པོ་བསྣམས། །དེ་ཡི་འོག་མ་ནོར་རྒྱས་བུ། །འོག་མ་མ་དྲོས་བུ་བསྣམས་སོ། །དེ་འོག་སོག་མ་མེད་བསྣམས་ཤིང་། །འོག་མ་གཟི་ཅན་འཛིན་


DNG018_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྲགས། །དེ་འོག་རིགས་ལྡན་འཛིན་པའོ། །གཡོན་གྱི་ཕྱག་ན་བསྣམས་པ་ནི། །དང་པོར་བ་རུ་ཎ་ཡང་འཛིན། །འོག་མར་ཀརྐོ་ཊ་བསྣམས་ཤིང་། །འོག་མ་ལྟ་ན་སྡུག་ཀྱང་འཛིན། །དེ་འོག་སྟོབས་བཟང་རབ་ཏུ་བསྣམས། །འོག་མ་བ་ལང་ཅན་ཡང་འཛིན། །འོག་མ་པདྨ་རབ་ཏུ་བསྣམས། །འོག་མ་གང་བ་བཟང་པོ་སྟེ། །དེ་འོག་ནོར་བུའི་མགྲིན་ཡང་བསྣམས། །ཀླུ་ཡི་རྒྱལ་པོ་དེ་རྣམས་ནི། །སྙིང་གར་དབང་གི་ཞབས་ཀྱི་ནི། །ཚམ་རྔམས་སྟོང་དང་ཆས་པའི་ཕྱིར། །སྐུ་བསྐྱེད་འོག་ཏུ་གཞལ་ཡས་ཁང་། །སྦྲུལ་ནག་གྲུབ་པ་འབྱམས་ཀླས་པའི། །མཉམ་དང་མཉམ་པར་དམིགས་པར་བྱའོ། །དེ་ཡི་དབུས་སུ་བསྒོམ་པ་ཡང་། །གཙོ་བོ་ཡབ་ཡུམ་འཁོར་དང་བཅས། །ཧཱུཾ་ལས་རྫོགས་པའི་ཚུལ་དུ་བསྐྱེད། །དེ་ནས་གསང་བའི་བསྙེན་པ་འབུལ། །བསྙེན་པའི་སྔགས་ནི་འདི་དག་གོ། །པདྨ་ཤྲཱི་ཧེ་རུ་ཀ་ཨེ་ཀ་ཏེ་མ་ཧཱ་སུ་ཁ་ཧཱུཾ། ནཱ་ག་པྲ་བེ་ཤ་ཛཿཅེས་བྱའོ། །རྫུ་འཕྲུལ་སྔགས་དང་ཕྱག་རྒྱ་དང་། །དྲག་པོའི་ཕྲིན་ལས་ཉི་ཚེ་བ། །བསྒྲུབ་པའི་དུས་སུ་ཀླུ་ཡང་བསྒྲལ། །བསྙེན་པ་ཆོས་ཀྱི་དབྱིངས་ནས་གྲངས། །རྫུ་འཕྲུལ་འཕྲོག་ཕྱིར་སྨྱོན་པར་བཞུགས། །ཀླུ་རྣམས་དབང་དུ་བསྡུ་བའི་ཕྱིར། །མགྲིན་སྔོན་ལ་སོགས་རྣམ་ཤེས་ནི། །གསེར་ཞུན་ལྟ་བུར་གྱུར་ནས་ནི། །གཟི་ལྡན་པདྨའི་དབྱིངས་སུ་བསླན། །གནས་ཀྱི་རང་བཞིན་ལྷུན་གྱིས་གྲུབ། །སྐུ་ཡི་གཤོག་པ་མཁའ་དང་མཉམ། །བར་ནས་གསེར་གྱི་མེ་སྟག་བཞིན། །གློག་འགྱུའི་འོད་ཟེར་རྣམ་པར་འཕྲོ། །ཀླུ་ཡི་ཕུང་པོ་རྡུལ་ཕྲན་བཞིན། །ཡན་ལག་ཀུན་ཀྱང་རབ་ཏུ་ཉམས། །ཀླུ་ཡི་ཆོ་འཕྲུལ་ཞི་བར་གྱུར། །གཤོག་པ་ཁྱུང་གི་འཇིགས་པར་གྱུར། །བྱེ་མ་སྙེད་ཀྱི་མེ་སྟག་འཕྲོ། །བྱེ་མས་འཇིགས་ཞེས་དེ་ལ་བསྔགས། །ཁྱུང་ལྟར་གནས་པས་ཀླུ་ཆེན་གནོན། །དབང་དུ་བསྡུས་པས་ཀླུ་རྒྱལ་འདུལ། །རྫུ་འཕྲུལ་ཕྲོགས་པས་དངོས་གྲུབ་ཐོབ། །ཀླུའི་ལེའུ་ཞེས་དེ་ལ་བརྗོད། །དཀྱིལ་འཁོར་བསྡུ་བ་སྔ་མ་བཞིན། །ཧཱུཾ་གི་སྤྲོ་བསྡུས་དབྱིངས་


DNG018_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཐིམ། །དབང་ཆེན་བསྡུས་པའི་ཏནྟྲ་ལས། ཀླུ་རྒྱལ་འཕྲུལ་གྱི་ལེའུ་སྟེ་སོ་གསུམ་པའོ།། །།ཚེ་ལ་དབང་ཐོབ་རིག་འཛིན་རྣལ་འབྱོར་གྱིས། །སྡང་བའི་དགྲ་བགེགས་བསྒྲལ་བའི་ཕྱིར། །དབང་ཆེན་བསྡུས་པའི་ཏནྟྲ་ལས། །སྤྱང་མོ་རོ་བཤལ་ལེའུ་འདི། །དབུ་ཡི་དཀྱིལ་འཁོར་མན་ཆད་ནས། །ཞབས་ཀྱི་གདན་ཁྲི་ཡན་ཆད་དུ། །སྤྱང་མོ་རོ་བཤལ་རྦད་པར་བྱ། །དབུ་ལྔ་འབར་བའི་གཞལ་ཡས་ན། །དཔལ་གྱི་ཕོ་ཉ་རོ་བཤལ་བསྐུལ། །དབང་པོ་ལྔ་པོ་རྡུལ་ཕྲན་བཞིན། །སྡང་མིག་འབར་བ་གྲུ་གསུམ་ནས། །དཔལ་གྱི་ཕོ་ཉ་རོ་བཤལ་བསྐུལ། །གཟུགས་ཀྱི་རྣམ་ཤེས་ཐལ་བར་རློགས། །ཁྲོ་རྒྱལ་ཤངས་ཀྱི་རླུང་སྒྲོམ་ནས། །དཔལ་གྱི་ཕོ་ཉ་རོ་བཤལ་བསྐུལ། །དྲི་ཡི་རྣམ་ཤེས་ཐལ་བར་རློགས། །འབར་བ་ཞལ་གྱི་ཧོམ་ལྔ་ནས། །དཔལ་གྱི་ཕོ་ཉ་རོ་བཤལ་བསྐུལ། །རོ་ཡི་རྣམ་ཤེས་རྡུལ་དུ་རློགས། །ཁྲོ་རྒྱལ་སྐུ་ཡི་བ་སྤུ་ནས། །དཔལ་གྱི་ཕོ་ཉ་རོ་བཤལ་བསྐུལ། །རེག་བྱ་ཐལ་བ་བཞིན་དུ་རློགས། །འབར་བའི་ཕྱག་མཚན་མང་པོ་ནས། །དཔལ་གྱི་ཕོ་ཉ་མང་པོ་བསྐུལ། །དགྲ་སྲོག་གཅོད་ཅིང་དགྲ་སྙིང་འབྱིན། །ཁྲོ་བོ་རྔམ་པའི་གཤོག་པ་ནས། །དུར་ཁྲོད་ཕོ་ཉ་རོ་བཤལ་བསྐུལ། །མགྱོགས་བྱེད་ལས་ཏེ་མྱུར་བར་བསྐུལ། །ཞབས་བརྒྱད་བརྐྱངས་ཏེ་ཁྲོ་བརྒྱད་གཟིར། །དྲག་ཤུལ་སྟག་གི་ཕོ་ཉ་མོ། །ཁ་ན་རོ་བཤལ་དགྲ་བགེགས་འགུགས། །རྣོ་གདུག་ལྕགས་ཀྱི་ཕོ་ཉ་མོ། །ཁ་ན་རོ་བཤལ་ཡིད་འཕྲོག་བྱེད། །རྡོ་རྗེ་རོལ་པའི་ཕོ་ཉ་མོ། །ཁ་ན་རོ་བཤལ་སྤྱང་མོ་གདོང་། །མཆེ་བ་བདུད་བཞི་ཟིལ་གྱིས་གནོན། །དབང་གི་གཟི་འབར་ཕོ་ཉ་མོ། །ཁ་ན་རོ་བཤལ་དུར་ཁྲོད་འཇོམས། །སྦྲུལ་ནག་འཁྲིལ་བའི་ཕོ་ཉ་མོ། །ཁ་ན་རོ་བཤལ་རི་ལུང་འཕྱང་། །མགྱོགས་ཀྱང་རླུང་གིས་བསྐྱད་དུ་མེད། །ཟ་བྱེད་ཆེ་བའི་ཕོ་ཉ་མོ། །ཁ་ན་རོ་བཤལ་ང་རོ་སྒྲོགས། །སྲིད་པའི་ལྷ་བྲན་ཟས་སུ་ཟ། །ཤུ་ཀེན་དར་གྱི་ཕོ་ཉ་མོ། །ཁ་ན་རོ་བཤལ་འཇིགས་པའི་གཟུགས། །འོད་ཟེར་འབར་བས་སྟོང་ཁམས་


DNG018_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

བསྲེག །གཅན་གཟན་གཟིག་གི་ཕོ་ཉ་མོ། །ཁ་ན་རོ་བཤལ་གད་མོས་འདེབས། །སྔགས་པས་ལན་གསུམ་རྦད་པ་དང་། །ཞུ་གླག་མེད་པར་ཕུང་བར་བྱེད། །གདན་ཁྲི་སེང་གེའི་བར་བར་ན། །སེང་གེའི་ཁ་ནས་རོ་བཤལ་བསྐུལ། །སྲིད་པ་གསུམ་ཡང་དབང་དུ་སྡུད། །རིན་ཆེན་ཁྲི་རྐང་བར་བར་ན། །འཇའ་ཚོན་སྣ་ལྔའི་སྤྱང་མོ་ལ། །ཁ་ནས་རོ་བཤལ་འདུར་གོམ་མཆོད། །ཉི་ཟླ་བརྩེགས་པའི་བར་བར་ན། །ལྕགས་ཀྱི་སྤྱང་མོ་མགོ་དགུ་མ། །ཁ་ན་རོ་བཤལ་སྟོབས་ཆེན་འཇོམས། །ཉི་ཟླ་གཟའ་སྐར་ཙོག་པོར་འཕེན། །གདན་ཁྲི་པདྨའི་བར་བར་ན། །དུང་གི་སྤྱང་མོ་མགོ་གསུམ་མ། །སྤྱན་གསུམ་དུར་ཁྲོད་གནས་སུ་གཟིགས། །ཁ་ནས་རོ་བཤལ་རཱུ་ཏྲ་འཇོམས། །རིགས་གཉིས་བརྒྱུད་པའི་བཀའ་ཉན་མ། །ལས་ལ་བབ་པོ་ཕོ་ཉའི་ཚོགས། །ཁ་ལོ་ཁ་ལ་ལོ་ཁ། དབང་ཆེན་བསྡུས་པའི་ཏནྟྲ་ལས། སྤྱང་མོ་རོ་བཤལ་གྱི་ལེའུ་སྟེ་སུམ་ཅུ་སོ་བཞི་པའོ།། །།ཚེ་ལ་དབང་ཐོབ་རིག་འཛིན་རྣལ་འབྱོར་གྱིས། །དབང་ཆེན་བསྡུས་པའི་ཏནྟྲ་ལས། །ཚངས་དབྱངས་གླུ་ཡི་ལེའུ་གསུངས། །ཚངས་པ་དབྱངས་ཀྱི་གླུ་དྲུག་ནི། །དྲེང་ངེ་བ་དང་དུང་ངེ་བ། །ཤརྔྷ་བ་དང་གརྔྷ་བ། །ཅང་ཀ་དེའུ་དང་པང་ཀ་དེའུ། །གླུ་དྲུག་བླངས་པས་དོན་དྲུག་གྲུབ། །དྲེང་ངེ་བ་ཡི་གླུ་བླངས་པས། །ཚངས་པ་ལྷ་ཡི་དཀྱིལ་འཁོར་ནས། །སྐུ་ཡི་དངོས་གྲུབ་ཆེན་པོ་ཐོབ། །དུང་ངེ་བ་ཡི་གླུ་བླངས་པས། །བརྒྱ་བྱིན་ལྷ་ཡི་དབང་པོ་ཡི། །གསུང་གི་དངོས་གྲུབ་ཆེན་པོ་ཐོབ། །ཤ་རྡ་བ་ཡི་གླུ་བླངས་པས། །རྒྱལ་པོ་ཆེན་པོ་བཞི་རྣམས་ཀྱི། །ཡོན་ཏན་ཆེན་པོའི་དངོས་གྲུབ་ཐོབ། །གརྔྷ་བ་ཡི་གླུ་བླངས་པས། །ཕྱོགས་སྐྱོང་ཆེན་པོ་བཅུ་རྣམས་ཀྱི། །ཡོན་ཏན་ཆེན་པོའི་དངོས་གྲུབ་ཐོབ། །ཅང་ཀ་དེའུའི་གླུ་བླངས་པས། །སྲིད་པའི་དབང་སྡུད་མཐུ་བོ་ཆེ། །པང་ཀ་དེའུའི་གླུ་བླངས་པས། །དྲག་པོའི་ཡུལ་བདག་དབང་དུ་སྡུད། །པདྨ་གར་གྱི་བྲོ་བརྡུངས་པ། །བདུད་བཞི་ཐལ་བར་རློག་པའི་བྲོ། །སྲིད་པའི་དཀྱིལ་འཁོར་འདྲེན་པའི་བྲོ། །དྲེང་ངེ་བ་ཡི་གླུ་


DNG018_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྦྱར། །སྡུག་བསྔལ་ནད་སེལ་ཐུགས་རྗེའི་བྲོ། །དུང་ངེ་བ་ཡི་གླུ་དང་སྦྱར། །ཐུགས་དམ་དབྱིངས་ནས་བསྐུལ་བའི་བྲོ། །ཤརྔྷ་པ་ཡི་གླུ་དང་སྦྱར། །ཡེ་ཤེས་རྒྱལ་བའི་བྲོ་བོ་ཆེ། །གརྔྷ་བ་ཡི་གླུ་དང་སྦྱར། །མ་མོ་འཁྲུག་པའི་བྲོ་བོ་ཆེ། །ཅང་ཀ་དེའུའི་གླུ་དང་སྦྱར། །ལངྈ་བསྒྲལ་བའི་བྲོ་བོ་ཆེ། །པང་ཀ་དེའུའི་གླུ་དང་སྦྱར། །ཚངས་པའི་དབྱངས་ཀྱི་གླུ་བླངས་པས། །པདྨ་གར་གྱི་དབང་ཕྱུག་མས། །ཁམས་གསུམ་མ་ལུས་དབང་དུ་འགྱུར། །དབང་ཆེན་བསྡུས་པའི་ཏན་ཏྲ་ལས། ཚངས་པ་དབྱངས་ཀྱི་གླུ་དྲུག་གི་ལེའུ་སྟེ་སུམ་ཅུ་སོ་ལྔ་པའོ།། །།ཚེ་ལ་དབང་ཐོབ་རིག་འཛིན་རྣལ་འབྱོར་གྱིས། །དབང་ཆེན་བསྡུས་པའི་ཏན་ཏྲ་ལས། །མ་མོ་བཀོལ་བའི་ལེའུ་འདི་གསུངས། །དུར་ཁྲོད་ཆེན་པོར་མངོན་སུམ་དུ། །དུར་ཁྲོད་དཀྱིལ་འཁོར་གྲུ་བཞི་སྟེ། །དབུས་ཀྱི་མཐིང་ནག་གྲུ་གསུམ་ལ། །མཐའ་སྐོར་ཟླ་གམ་བརྒྱད་ཀྱིས་བསྐོར། །དབུས་སུ་ཡུམ་ཆེན་གཟི་ལྡན་དང་། །ཟླ་གམ་བརྒྱད་ལ་གཞག་པ་ཡང་། །མཚན་དང་ལྡན་པའི་བྷནྡྷ་ལ། །གྲུབ་པའི་མ་མོ་བརྒྱད་བྲིས་ཏེ། །དུར་ཁྲོད་མ་མོ་དགོད་པ་ཡང་། །ཤར་དུ་རྡོ་རྗེ་སྡེར་མོ་ཅན། །ལྷོ་རུ་མ་མོ་གློག་འགྱུ་མ། །ནུབ་ཏུ་རྡོ་རྗེ་དྲ་བ་མོ། །བྱང་དུ་མ་མོ་དེ་བ་གཞག །ཤར་ལྷོ་མཚམས་སུ་དགོད་པ་ཡང་། །རྡོ་རྗེ་ཁམ་རྒྱ་ཆེན་མོའོ། །ལྷོ་ནུབ་མཚམས་སུ་དགོད་པ་ཡང་། །རིན་ཆེན་ཁམ་རྒྱ་དགོད་པར་བྱ། །ནུབ་བྱང་མཚམས་སུ་པདྨ་རྒྱ། །བྱང་ཤར་མཚམས་སུ་ལས་ཀྱི་རྒྱ། །ཕྱི་རིམ་བར་ཁྱམས་ཆེན་མོ་ལ། །ཟླ་གམ་དམར་པོ་བཅུ་དྲུག་ལ། །ཕྲ་མེན་བཅུ་དྲུག་རིམ་པ་བཞིན། །སྒོ་བཞིར་ཟླ་གམ་བཞི་བྲིས་ཏེ། །སྟེང་དུ་ལྕགས་ཀྱུ་ལ་སོགས་དགོད། །དེ་ལྟར་བཤམས་པའི་དཀྱིལ་འཁོར་དུ། །གནོད་སྦྱིན་གཟུགས་ནི་ཁྲག་གིས་བྲིས། །སྙིང་གར་རྡོག་པས་མནན་ནས་སུ། །དགུག་པའི་བརྟུལ་ཞུགས་ཧཱུཾ་བཟླས་པས། །གནོད་སྦྱིན་མ་འོངས་བར་དུ་ནི། །རྦད་ནས་ཞག་བདུན་གྱིས་ཀྱང་ཁུག །


DNG018_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་སྦྱིན་ཀུན་ལ་ཅི་དགར་སྤྱད། །རྣལ་འབྱོར་པ་ཡི་བྲན་དུ་འགྱུར། །ཕྲ་མེན་ལས་ལ་འཁོལ་འདོད་ན། །དཀྱིལ་འཁོར་དེ་ཡི་དབུས་དག་ཏུ། །རས་སམ་གྲོ་ག་ཤིང་ཤུན་ལ། །ཕྲ་མེན་གཟུགས་ནི་ཁྲག་གིས་བྲིས། །དབང་པོ་ཡན་ལག་ཕུར་པས་མནན། །སྙིང་གར་རྡོག་པས་མནན་ནས་ནི། །དགུག་པའི་ཧཱུཾ་ཞེས་བརྟུལ་ཞུགས་བཟླས། །གོང་མ་བཞིན་དུ་བདུན་གྱིས་འོང་། །བདག་ཉིད་ཇི་ལྟར་འདོད་པ་བཞིན། །ཕྲ་མེན་རྣམས་ནི་ཅིར་དགར་འཁོལ། །ཁོང་གིས་འགལ་ན་ཁོང་དག་འཆི། །བདག་གིས་འགལ་ན་བདག་ཉིད་ཉམས། །མ་མོ་བསྒྲུབ་པའི་དུས་དག་ཏུ། །ནད་པར་མལ་ནས་ལངས་ནས་ཀྱང་། །ཡི་དམ་གནས་པའི་ས་ཕྱོགས་སུ། །གོམ་གསུམ་སྤགས་ནས་སྐུ་གསུམ་དྲན། །བཤང་གཅི་བྱེད་པའི་ས་ཕྱོགས་སུ། །དྲི་ཆེན་ལག་ཏུ་བླངས་ནས་ཀྱང་། །སུས་མ་མཐོང་བར་ཁམ་གསུམ་བཟའ། །དྲི་ཆུ་ཁྱོར་བར་བླུགས་ནས་ཀྱང་། །སུས་མ་མཐོང་བར་ཐང་གསུམ་བཏུང་། །ཕྲ་མེན་ཆེན་མོ་བཀོལ་བའི་ཕྱིར། །ཤིན་ཏུ་དབེན་པའི་ས་ཕྱོགས་སུ། །རྐང་བཞི་ས་ལ་བཙུགས་ནས་ནི། །ཕག་སྐད་ཐེངས་གསུམ་ངུར་བར་བྱ། །བྱང་གི་ཕྱོགས་སུ་ཁ་བལྟས་ཏེ། །དྲི་ཆེན་མདུན་དུ་བཞག་ནས་ཀྱང་། །ཁྱི་སྐད་ཐེངས་གསུམ་ཟུག་པར་བྱ། །ནུབ་ཀྱི་ཕྱོགས་སུ་ཁ་བལྟས་ཏེ། །རྟ་སྐད་འཚེར་བའི་གླུ་སྐད་བླངས། །ཕྲ་མེན་རྣམས་ལ་ཅི་དགར་སྤྱོད། །འདི་ནི་མ་མོ་བཀོལ་བའི་ལེའུ། །དཀྱིལ་འཁོར་འདི་ལ་བཀྲམ་པ་ཡང་། །དབུས་སུ་བཀྲམ་པ་འདི་དག་སྟེ། །གཉིས་ལྡན་བྱང་ཆུབ་སེམས་ཆེན་པོ། །འོ་མ་དང་ནི་བསྲེས་ལ་བཞག །ཕྱར་ཞིང་མ་མོ་སྙན་དབྱངས་བླངས། །ཕྱོགས་བཞི་བདུད་རྩི་བཞི་རྣམས་ཀྱིས། །རིམ་པ་བཞིན་དུ་ཟླ་གམ་ལའོ། །ཡི་གེ་འཕྲོ་འདུས་སྦྱངས་ནས་ཀྱང་། །ཕག་མོ་བསྟེན་དབྱངས་བླངས་ཤིང་ཕྱར། །མཐའ་སྐོར་ཤར་ལྷོའི་མཚམས་སུ་ནི། །རྫས་ཀྱི་གྱོ་ཚལ་བཅུ་དྲུག་ལ། །རཀྟ་ཁྲག་དང་བསྲེས་པ་ཡིས། །ཁ་ཞེས་བོས་ལ་ཕྱར་ལ་གཞག །སྒོ་མ་རྣམས་ལ་དགོད་པ་ཡང་། །བྱང་བུ་སྣག་ཚས་བྲིས་པ་ལ། །ཁ་ཁ་ལེ་ལེས་བོས་ལ་སྦྱར། །འདི་ལྟར་རྟོགས་ནས་བསྒོ་


DNG018_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡང་། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །གཏོར་མ་ཆོ་ག་གཞུང་བཞིན་གཏང་། །སློབ་མ་རཀྟས་དབང་བསྐུར་རོ། །དངོས་གྲུབ་བརྟན་ཕྱིར་བཟླས་པའི་ལས། །སྲོད་ལ་འཁོར་གསུམ་བྲོ་བརྡུངས་ལ། །ཐོ་རངས་སྦྱོར་བའི་ལས་ཀྱང་བྱ། །བྱང་ཆུབ་སེམས་ཀྱི་དབང་བསྐུར་རོ། །དངོས་གྲུབ་ཏུ་ནི་རྟག་འགྱུར་རོ། །དབང་ཆེན་བསྡུས་པའི་ཏན་ཏྲ་ལས། མ་མོ་བཀོལ་བའི་ལེའུ་སྟེ་སུམ་ཅུ་སོ་དྲུག་པའོ།། །།ཚེ་ལ་དབང་ཐོབ་རིག་འཛིན་རྣལ་འབྱོར་གྱིས། །མཐུ་ཆེན་ལངྈ་འདུལ་བའི་ཕྱིར། །དབང་ཆེན་བསྡུས་པའི་ཏན་ཏྲ་ལས། །སྲིན་པོ་གནན་ཕྱིར་འདི་གསུངས་སོ། །དང་པོར་ཏིང་འཛིན་རྣམ་གསུམ་ལས། །རྒྱུ་ཡི་ཏིང་འཛིན་དམིགས་པ་ཡང་། །ཆོ་ག་གསུམ་དང་ལྡན་པའི་ཧཱུཾ། །འཕྲོ་འདུ་རྡོ་རྗེར་རབ་ཏུ་དམིགས། །དེ་ལས་གར་གྱི་སྐུར་གསལ་ཞིང་། །དབུ་ལྔ་བཅུ་དྲུག་བསྒོམ་པ་ཡང་། །སྙིང་པོ་སྔགས་ཀྱིས་ཁྲོས་པར་བསྒོམ། །ཧྲཱྀ་ཕཊ། ཨཱོཾ་ཧཱུཾ་རུ་ལུ་རཾ་ཛཿ། བཛྲ་ཨེ་ཨཱ་ར་ལི་ཛཿ། དེ་རྣམས་སྤྲོ་བསྡུ་གསལ་བ་ལས། །སྐུར་གྱུར་བརྟན་པར་གྱུར་པ་དང་། །ཉིད་ཀྱིས་འདུལ་བར་ཞལ་འཆེས་ཏེ། །སྡིགས་མཛུབ་ནམ་མཁར་ཕྱར་བ་ཡང་། །བསྐལ་པའི་མེ་འབར་མེ་ལྕེ་ལས། །ཨ་ལ་ལ་ཡི་ཐོག་ཐོག་འཁྲུགས། །དེ་ཡང་ཐུགས་རྗེ་གསང་བའི་ཐོག །ཀླུ་དང་ལངྈའི་སྲིང་པོར་འདྲིལ། །བསྒྲལ་སྔགས་དྲག་པོས་རབ་ཏུ་བསྒྲལ། །འདྲེན་པའི་སྙིང་པོ་ཙིཏྟ་ཕྱུང་། །སྲིན་མོ་བཞིར་ནི་རྣམ་པར་སྤྲུལ། །མེ་སྤྲུལ་རྣམས་སུ་དེ་བཞིན་ཏེ། །ཕུང་པོ་ལྔ་ནི་གཞལ་ཡས་ཁང་། །ཚོགས་བརྒྱད་དུར་ཁྲོད་བརྒྱད་དུ་དྲང་། །བཀའ་དང་མཐུན་པའི་གཞལ་ཡས་ནི། །རྒྱན་དང་ཆ་ལུགས་གསུངས་པ་བཞིན། །དེ་ཡི་ནང་དུ་དམིགས་པ་ཡང་། །འཁོར་ལོ་འབར་བའི་གཞལ་ཡས་ཁང་། །གསང་བའི་རྫས་དང་མཆོད་པར་བཅས། །འཁོར་ལོའི་ཡོན་ཏན་བསམ་མི་ཁྱབ། །མཐའ་ལ་རྩིབས་དང་གྲུ་ཆད་དང་། །མུ་ཁྱུད་བར་ཁྱམས་སྒོ་ཁྱུད་བཅས། །སྤྲོས་ཤིང་དབྱིངས་སུ་


DNG018_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

བསྡིམ་བྱས་ཏེ། །དབྱིངས་ལས་འབར་བའི་སྐུ་ཡང་བསྐྱེད། །སྐད་ཅིག་མ་ཡི་ཏིང་འཛིན་ལས། །ཧཱུཾ་དུ་སྐུར་བསྐྱེད་འབར་བ་ཡིས། །ཀླུ་དང་ལངྈ་བཅད་གཏུབས་ཏེ། །ཉོན་མོངས་ལྔ་ཡང་གནན་པར་བྱ། །དེ་ལྟར་བྱས་ནས་མནན་ནས་ཀྱང་། །འཁོར་གྱི་ལྷ་མོས་བསྟོད་པ་བྱས། །བསྡུ་བར་བྱ་བའི་ལུང་དུ་གྲགས། །འབར་བའི་གཞལ་ཡས་འོད་ལྟ་བུ། །མཆོད་རྟེན་ཆེན་པོ་བཞི་ལ་འདུས། །ལོང་བའི་ཚོགས་ལ་རིམ་པ་བཞིན། །དད་དམ་རང་བཞིན་བདག་ཉིད་དོ། །སྐྱེ་བ་མེད་པའི་དབྱིངས་ལ་བསྡུ། །དཀྱིལ་འཁོར་བསྡུ་བར་གསུངས་པ་ནི། །མཆོད་རྟེན་སྒོ་ཁྱུད་རིམ་པ་བཞིན། །དེ་ནས་སྒྲུབ་རྫས་བསྡུ་བ་ཡང་། །ཤ་དྲི་མནན་པའི་ཁྲག་ལ་བསྡུ། །ཁྲག་དང་ཙནྡན་སྔ་མ་བཞིན། །ལས་ཀྱི་རྣམ་པ་བྱ་བའི་ཕྱིར། །སྤྲོ་བའི་ཐབས་ནི་འདི་དག་གོ། །སྐུ་གསུམ་ཕྱག་རྒྱ་འོད་དུ་འཕྲོ། །མཚོན་ཆ་ལ་སོགས་སྔ་མ་བཞིན། །ལས་ཀྱི་གནན་པ་བྱ་བའི་ཕྱིར། །ཀླུ་དང་སྲིན་པོ་མནན་པའི་ཐབས། །ཧོམ་ཁུང་དག་ཏུ་གནན་པ་བྱ། །ལང་ཀའི་གནས་སུ་གནན་པའི་ཕྱིར། །མེ་ལྷ་གཞུང་བཞིན་བསྒོམས་ལ་གཞག །སྤར་ནས་སྦྱིན་སྲེག་བྱ་བ་ཡང་། །རྔ་ཡི་རོལ་མོས་དྲངས་ཏེ་བྱའོ། །མི་མཐུན་ཕྱོགས་ནི་ཧོམ་ཁུང་བསྟབ། །དཀྱིལ་འཁོར་བསྡུ་བར་བསྟན་པའི་ཕྱིར། །སྒོ་ལྔ་ལ་སོགས་དབྱིངས་སུ་བཅུན་པར་བྱ། །དབང་ཆེན་བསྡུས་པའི་ཏན་ཏྲ་ལས། ལངྈ་མནན་པའི་ལེའུ་སྟེ་སུམ་ཅུ་སོ་བདུན་པའོ།། །།ཚེ་ལ་དབང་ཐོབ་རིག་འཛིན་རྣལ་འབྱོར་པས། །ཐོད་རྒལ་འཇིགས་པའི་ཕྲིན་ལས་ཀྱིས། །རྣལ་འབྱོར་དགྲ་བགེགས་གདུལ་བའི་ཕྱིར། །རྒྱུད་ལས་ངེས་པའི་གཞུང་འདི་གསུངས། །དང་པོར་ཏིང་འཛིན་རྣམ་གསུམ་བསྒོམ། །རྒྱུ་ནི་ཧཱུཾ་དམར་སྤྲོས་པ་ལས། །འོད་ཀྱིས་དམྱལ་བའི་ཉེས་སྐྱོན་སྦྱངས། །འདི་ནི་ཁྲག་འཐུང་ཧཱུཾ་གི་ལེའུ། །དམར་པོ་ཧཱུཾ་གི་འཕྲོ་འདུ་ལས། །ཡི་དྭགས་རྣམས་ཀྱི་བཀྲེས་སྐོམ་འཇོམས། །བདེ་བ་ཆེན་པོའི་ཐུགས་རྗེའི་ལེའུ། །ཕྲ་མེན་རྔ་ཐབས་ཞེས་ཀྱང་བྱ། །དེ་ལ་ཉི་མ་བདུན་གྱིས་རབ་བསྐོར་བ། །སྲིད་གསུམ་


DNG018_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལུས་བསྲེག་པའི་དབང་དང་ལྡན། །སྤྲིན་མེད་གསལ་བའི་འོད་ཟེར་འབར་བ་སྤྲོས། །དེ་སྟེང་པདྨ་ཁ་སྟོང་ལྡན་པ་ལས། །རྡོ་རྗེ་རྩེ་གཅིག་པདྨའི་སྙིང་པོར་གནས། །དེ་དབུས་ཧཱུཾ་ལས་བྱོལ་སོང་སྐྱེ་གནས་འཇོམས། །འདི་ནི་གསལ་བྱེད་ཉི་ཟླ་འོད་ཀྱི་ལུང་། །པདྨའི་ལྟེ་བར་གནས་པའི་རྡོ་རྗེའི་དཀྱིལ། །ཧཱུཾ་ལས་འོད་འཕྲོས་མི་རྣམས་བག་ཆགས་སྦྱངས། །འཁོར་ལོ་རྩིབས་སྟོང་ལྡན་པའི་ཧཱུཾ་དུ་གྲགས། །དེ་སྟེང་བྷྲཱུཾ་ལས་ཡེ་ཤེས་གཞལ་ཡས་ཁང་། །རྒྱལ་ཆེན་ཕྱོགས་སྐྱོང་མ་ལུས་ཀ་དང་གདུང་། །མེ་རི་ཐོད་ཕྲེང་སྦྲུལ་ལ་སོགས་པས་བརྒྱན། །དེ་དབུས་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་གསལ། །འདི་ནི་རྡོ་རྗེ་སེམས་དཔའི་ལུང་དུ་གྲགས། །དེ་ལས་ཧཱུཾ་གི་འོད་ཟེར་གསལ་བ་དང་། །ཞེ་སྡང་རྡོ་རྗེ་སེམས་དཔའི་སྐུར་བསྒོམས་ནས། །ཤངས་དང་ཁྲོ་བོ་ཧཱུཾ་དྲུག་སྒྲ་བཏོན་པས། །རྒྱུད་དྲུག་གནས་པའི་འཁོར་བ་རྩད་བཅད་དེ། །སྤྲོས་ནས་རིམ་པ་བཞིན་དུ་ཐིམ་བྱས་ནས། །ཁྲོ་བོར་གྱུར་པའི་ཧཱུཾ་གི་ལེའུ་ཞེས་བྱའོ། །ཧཱུཾ་ལས་འབར་བའི་སྐུ་བསྐྱེད་གསལ་བ་དང་། །ལྗགས་ཀྱི་དཀྱིལ་དུ་བྷྲཱུཾ་ལས་རིན་པོ་ཆེ། །ཨཱོཾ་ལ་སོགས་པའི་འཕྲོ་འདུ་ལས། །དཔལ་ཆེན་འབར་བའི་སྐུར་གསལ་ཏེ། །ཁང་བུ་ལྔ་དང་ལྡན་པར་དམིགས། །དེ་དབུས་རྟ་མགོ་ལྗང་གུ་བསྒོམ། །སྦྲུལ་ནག་སྟོང་གི་རྒྱན་དུ་མཛེས། །ཐོད་པ་ཚར་གསུམ་བརྗིད་པར་ལྡན། །ཞིང་ལྤགས་སྟོད་ལ་གཡང་གཞི་ཤམ་ཐབས་ཅན། །ཕྱི་ནང་གཤོག་པ་ནམ་མཁའི་ཁམས་དང་མཉམ། །གསང་བའི་ལྷ་མོ་རྡོ་རྗེ་དྲ་བ་མོ། །འགྲོ་བ་མ་ལུས་དབང་དུ་སྡུད་པའི་ཡུམ། །བཅུ་དྲུག་ཕྱག་ན་མཚོན་ཆ་མ་ལུས་བསྣམས། །ཞེ་སྡང་གདུག་པའི་དགྲ་བགེགས་མང་པོ་འདུལ། །ཞབས་ཀྱི་ཆས་བརྒྱད་ཁྲོ་བོ་གནོན་དང་སྦྱོར། །དཔའ་བོ་ལ་སོགས་ཏིང་འཛིན་བརྒྱད་དང་ལྡན། །འཁོར་གྱི་མེ་འབྲུག་རླུང་འབྲུག་ལ་སོགས་ནི། །རང་སྔགས་སྙིང་པོས་ཕྱོགས་མཚམས་ཁྱབ་པར་རོ། །རླུང་འབྲུག་སྔོན་མོ་རྩ་བའི་སྔགས་ཀྱིས་བསྒོམ། །ལོང་བ་རྒྱབ་སྦྲེལ་མང་པོ་དམིགས་པ་ཡང་། །ཡང་སྤྲུལ་བྱེ་བ་འབུམ་དང་བཅས་པ་སྟེ། །ཕྱོགས་བཞི་ནས་ནི་རྣམ་


DNG018_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

པར་འཁྲུགས་པའོ། །ཕྱི་རིམ་དམུས་ལོང་འཁོར་བ་ཅན། །ཤོ་རི་ཁ་ཡི་སྒྲས་བསྐྱེད་ཅིང་། །མཐའ་དབུས་མེད་པར་ཁྱབ་པའོ། །ཁམ་རྒྱ་ཆེན་མོ་དྲུག་རྣམས་ནི། །དཀྱིལ་འཁོར་གྲྭ་ཡི་ཕྱོགས་སུ་གསལ། །ཡེ་ཤེས་དཔལ་གྱི་ཁྱི་བརྒྱད་ནི། །ཕྱོགས་བཞི་དང་ནི་མཚམས་ནས་འགྱེད། །མ་ལུས་དགྲ་བགེགས་མཆེ་བས་གཅོད། །ཕྱི་རིམ་ལྕགས་ཀྱི་སྤྱང་མོ་བརྒྱད། །དགྲ་བོ་རྣམས་ལ་རྦད་པར་བྱ། །དེ་ལྟར་ཕྱག་རྒྱ་རྫོགས་པ་དང་། །སྐུ་ཉིད་འཁོར་ལ་སྦས་པ་སྟེ། །ཕྱོགས་བཞི་དབུས་ལྔར་ཁང་བུར་སྦ། །རྟ་མགོ་ལ་སོགས་རིམ་པ་བཞིན། །དེ་ཡང་ཆོས་ཀྱི་དབྱིངས་སུ་སྡུད། །ད་ནི་ཕུར་པའི་ལས་བྱས་ཏེ། །རྒྱ་མདུད་འཁོར་ལོའི་ཚུལ་དུ་བྱ། །སྤྱི་བོར་པདྨ་ཁྲག་འཐུང་སྟེ། །ཟུར་བརྒྱད་ལོང་བ་རྒྱབ་སྦྲེལ་ཚོགས། །རྒྱ་མདུད་འོག་མར་དམུས་ལོང་དམིགས། །ངོས་ལ་ལྕགས་ཀྱི་སྤྱང་མོ་སྟེ། །རྩེ་མོར་ཁྲོ་བོ་དམིགས་བྱ་བ། །མགོ་དགུ་བརྩེགས་པའི་རྐང་གཅིག་པོ། །ད་ནི་བསྡུ་བར་བྱ་བ་ཡང་། །སྒོ་སྲུང་སྤྱང་མོ་ཉིད་ལའོ། །སྤྱང་མོ་ཞབས་ཀྱི་ཆས་བརྒྱད་ལའོ། །དེ་ཡང་དུར་ཁྲོད་བརྒྱད་ལ་འདུས། །དུར་ཁྲོད་ཡེ་ཤེས་ཆེན་པོ་སྟེ། །དེ་ཡང་མི་གནས་ཡེ་ཤེས་ལའོ། །མེ་འབྲུག་གཤོག་པ་ཉིད་ལ་འདུས། །གཤོག་པ་སྐུ་ཡི་རྒྱན་དང་ལྡན། །དེ་ཡང་ཚོན་སྣ་ལྔ་ལ་འདུས། །ཚོན་སྣ་ལྔ་ནི་དབུ་རྒྱན་ལྔའོ། །དེ་ཡང་རིན་ཆེན་ཁང་བུ་སྟེ། །དེ་ཡང་སྐུ་གསུང་ཐུགས་ལ་འདུས། །དེ་ཉིད་ཆོས་ཀྱི་དབྱིངས་ལ་འདུས། །དབྱིངས་ཀྱང་ཀུན་གཞི་ཉིད་དུ་སྟེ། །མི་དམིགས་ཆོས་སྐུ་ཆེན་པོར་གནས། །དབང་ཆེན་བསྡུས་པའི་ཏན་ཏྲ་ལས། ཐོད་རྒལ་འཇིགས་པའི་ལེའུ་སྟེ་སུམ་ཅུ་སོ་བརྒྱད་པའོ།། །།ཚེ་ལ་དབང་ཐོབ་རིག་འཛིན་རྣལ་འབྱོར་གྱིས། །གནོད་སྦྱིན་ཕྲ་མེན་འཁོར་བཅས་ཀྱིས། །བདག་ལ་རབ་ཏུ་གཙེས་འགྱུར་ན། །དབང་ཆེན་བསྡུས་པའི་ཏན་ཏྲ་ལས། །དཀའ་ཐུབ་སྨྱོན་ཐབས་འདི་གསུངས་སོ། །ས་ཡི་འོག་ཏུ་མངོན་སུམ་བྱ། །ངག་གི་ཧཱུཾ་ཞེས་ཅུང་ཟད་བཟླས། །མཱང་ས་དག་ཀྱང་མང་དུ་བཟའ། །ནམ་མཁའ་ལ་ནི་སེམས་དཔའ་


DNG018_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

བསམ། །བགྲང་འཕྲེང་ཀླད་ལ་ལན་གསུམ་བསྐོར། །དེ་ལྟར་བྱས་ན་བདག་རྒྱལ་ཞིང་། །ནད་གཏོང་མ་ནི་འཆི་བར་འགྱུར། །ཉིན་དང་མཚན་དུ་ཐུག་ཕྲད་དུ། །རིགས་མ་འཆོལ་བར་སྦྱོར་བར་བྱ། །སྐྱེ་བོས་མཐོང་ན་དམ་ཚིག་ཉམས། །སུས་མ་མཐོང་ན་དངོས་གྲུབ་ཡིན། །སྦྱོར་བའི་བྱང་སེམས་ལྕེ་ལ་གཞག །རང་གི་དབེན་རིགས་གང་ཡིན་པར། །སྐྱེ་བོ་འདུ་འཛི་ཐག་བསྲིངས་ཏེ། །དགུག་པའི་བརྟུལ་ཞུགས་ཆེན་པོ་ནི། །དབྱངས་ཀྱང་དྲག་ཏུ་བླང་བར་བྱ། །བྱ་ཡི་བརྟུལ་ཞུགས་ཆེན་པོས་ནི། །ཁམས་གསུམ་སྒུམ་བུར་བཏུ་བར་བྱ། །ཕག་གི་བརྟུལ་ཞུགས་ཆེན་པོས་ནི། །སྲིད་གསུམ་ཁྲོན་དུ་བརྐོ་བར་བྱ། །ཁྱི་ཡི་བརྟུལ་ཞུགས་ཆེན་པོས་ནི། །དམྱལ་ཁམས་ཟས་སུ་ཟ་བར་བྱ། །སྲོད་དང་ཐོ་རངས་བྲོ་བརྡུངས་པ། །དཀའ་ཐུབ་སྨྱོན་པའི་བྲོ་བརྡུངས་པ། །རུ་ལུའི་བསྙེན་པ་འབུམ་བཟླས་ནས། །གནོད་སྦྱིན་ཕྲ་མེན་འཁོར་རྣམས་ཀྱང་། །བདག་གི་དབང་དུ་འདུ་བར་འགྱུར། །གླུ་དབྱངས་ཁྱི་སྐད་བྱང་དུ་ཟུག །ཁྱི་ཡི་དཀའ་ཐུབ་སྨྱོན་པ་ཡིན། །རྟ་སྐད་ནུབ་ཀྱི་ཕྱོགས་སུ་འཚེར། །རྟ་ཡི་དཀའ་ཐུབ་སྨྱོན་པ་ཡིན། །བྱ་སྐད་ནུབ་ཀྱི་ཕྱོགས་སུ་ཅོང་། །བྱ་ཡི་དཀའ་ཐུབ་སྨྱོན་པ་ཡིན། །ཕག་སྐད་ལྷོ་ཡི་ཕྱོགས་སུ་ངུར། །ཕག་གི་དཀའ་ཐུབ་སྨྱོན་པ་ཡིན། །དེ་ལྟར་བྱས་ནས་བརྟུལ་ཞུགས་ཀུན། །ཧཱཾ་ཞེས་བྱ་བའི་དབྱངས་བླངས་ནས། །བདག་གི་ལུས་ལ་ཞུགས་པར་བྱ། །དུས་ལ་བབ་པའི་བྲོས་མཆོད་པ། །རྔེའུ་ཆུང་ལན་གསུམ་བརྡུང་བར་བྱ། །དེ་ནས་དགྲ་བགེགས་འདུལ་བའི་ཕྱིར། །བརྟུལ་ཞུགས་ཏིང་འཛིན་ཞུགས་ནས་ཀྱང་། །གླུ་བྲོ་དམ་ཚིག་བཞིན་དུ་བླངས། །བསྒྲུབ་པ་ཆེན་པོའི་བར་གཅོད་པ། །བརྟུལ་ཞུགས་ཆེན་པོས་བསྒྲལ་ནས་ཀྱང་། །དུས་གསུམ་རྒྱལ་བའི་སྲས་སུ་བསྐྱེད། །དཀའ་ཐུབ་ཆེན་པོ་ཡིན་པའི་ཕྱིར། །སུ་དང་གཏམ་ཡང་བསྲེ་མི་བྱ། །སྨྱོན་པའི་ཚུལ་དུ་མཆོངས་པ་ཡིས། །གནོད་སྦྱིན་ཕྲ་མེན་རྣམས་ཀྱང་བརྒྱལ། །ནམས་ཀྱང་བདག་གིས་དབང་དུ་


DNG018_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། །ཉན་ཐོས་དབང་དུ་བསྡུ་བའི་ཕྱིར། །སྔགས་ཀྱི་དཀའ་ཐུབ་ཆེན་པོ་ཡིས། །བདུད་རྩི་རྣམ་ལྔའི་ལོངས་སྤྱོད་བྱ། །མ་སྤངས་པར་ནི་དབང་དུ་སྡུད། །ནན་ཏན་དྲག་ཤུལ་སྨྱོན་ཐབས་སུ། །སུ་དང་ཕྲད་པར་སྦྱར་ཞིང་བསྒྲལ། །འདི་ནི་དཔལ་གྱི་ཐུགས་དམ་སྟེ། །རྒྱུན་མི་ཆད་པར་སྤྱད་ན་ནི། །བདག་གིས་ཇི་ལྟར་འདོད་པ་བཞིན། །དཀའ་ཐུབ་བསྲུངས་པས་དངོས་གྲུབ་ཐོབ། །འདི་ལ་སོམ་ཉི་ཇི་སྟེ་ཟ། །དབང་ཆེན་བསྡུས་པའི་ཏན་ཏྲ་ལས། བརྟུལ་ཞུགས་དཀའ་ཐུབ་སྨྱོན་པའི་ལེའུ་སྟེ་སུམ་ཅུ་སོ་དགུ་པའོ།། །།ཚེ་ལ་དབང་ཐོབ་རིག་འཛིན་རྣལ་འབྱོར་གྱིས། །བསྒྲུབ་མཆོག་གང་ཞིག་རྟོགས་འདོད་ཕྱིར། །དབང་ཆེན་བསྡུས་པའི་ཏན་ཏྲ་ལས། །མན་ངག་བསྡུས་པའི་ལུང་འདི་གསུངས་སོ། །དེ་ལ་དབང་གི་རྒྱལ་པོ་འདིའི་མགོ་མཇུག་ཏུ། སྤྱི་དོན་བཞིས་སྟོན་ཏེ། གང་ཞེ་ན། རྒྱན་གསུམ་གྱི་དོན་དཔེ་གསུམ་གྱི་སྒོ་ནས་བསྟན་པ་དང་། རྩིས་འགོ་རྣམ་པ་བརྒྱད་ཀྱིས་ཇི་ལྟར་བསྒོམ་པའི་དོན་བསྟན་པ་དང་། དཀྱིལ་འཁོར་བརྒྱད་ཀྱིས་ཆེ་བ་རྣམ་པ་བརྒྱད་མཐར་ཕྱིན་པར་བསྟན་པ་དང་། རྟོགས་པ་རྣམ་པ་བདུན་གྱིས་རེ་དོགས་ཀྱི་ཐག་གཅད་པའོ། །དེ་ལ་རྒྱན་གྱི་དོན་དཔེ་གསུམ་གྱིས་བསྟན་པ་གང་ཞེ་ན། སྐུ་རྫོགས་པའི་དཀྱིལ་འཁོར་ཐམས་ཅད་ཕུན་སུམ་ཚོགས་པའི་རྒྱན་དུ་བསྟན་པ་དང་། རྒྱན་གྱི་དཀྱིལ་འཁོར་ཐམས་ཅད་སྐྱེ་བ་མེད་པའི་དབྱིངས་སུ་བསྟན་པ་དང་། དེ་སྐད་གསུང་བ་ཐམས་ཅད་བྷ་ག་མཎྜ་ལ་མན་ངག་རྒྱ་མཚོའི་དཀྱིལ་འཁོར་དུ་བསྟན་པའོ། །རྩིས་འགོ་རྣམ་བརྒྱད་ཀྱིས་ཇི་ལྟར་བསྒོམ་པའི་དོན་བསྟན་པ་ཡང་། དང་པོར་མཉམ་པ་ཆེན་པོ་དེ་བཞིན་ཉིད་ཀྱི་རྩིས་འགོ་དང་། གསང་བའི་དབང་ཕྱུག་ཡི་གེ་ཧཱུཾ་གི་རྩིས་འགོ་དང་། ཤེས་རབ་ཐབས་སུ་རོལ་པས་གཞལ་ཡས་ཡུམ་གྱི་རྩིས་འགོ་དང་། ཁམས་གསུམ་དོན་མཛད་སེང་གེ་རྩལ་གྱི་རྩིས་འགོ་དང་། ཡོན་ཏན་ཚང་བར་རྫོགས་པས་རིན་ཆེན་ཁྲིའི་རྩིས་འགོ་དང་། མཁའ་དབྱིངས་དབྱིངས་སུ་དག་པ་དྲི་མེད་པདྨའི་རྩིས་འགོ་དང་། སྤྲུལ་སྐུ་འགྲོ་དོན་ལ་འཁོད་པས་ཉི་ཟླ་འོད་ཀྱི་རྩིས་འགོ་དང་།


DNG018_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་གཉིས་ལུང་གི་བརྒྱུད་པས་ཞེ་སྡང་རྡོ་རྗེའི་རྩིས་མགོ་དང་བརྒྱད་དོ། །དཀྱིལ་འཁོར་བརྒྱད་ཀྱི་ཆ་བ་རྣམ་པ་བརྒྱད་མཐར་ཕྱིན་པ་ནི།དབུས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱིས་དབང་རྣམས་རྫོགས་པའི་མཐར་ཕྱིན། ཐོད་རུས་རྟ་མགྲིན་དབང་གི་དཀྱིལ་འཁོར་གྱིས་སྲིན་པོ་འདུལ་བའི་ཆེ་བ་མཐར་ཕྱིན། ཐུགས་ཀར་ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་གྱིས་མཁྱེན་རིགས་གསལ་བའི་ཆེ་བ་མཐར་ཕྱིན། ཟ་བྱེད་དུར་ཁྲོད་ཕྱག་གི་དཀྱིལ་འཁོར་གྱིས་ཐབས་དང་ཤེས་རབ་རོལ་པའི་ཆེ་བ་མཐར་ཕྱིན། གཤོག་པ་ཁམས་གསུམ་རྣམ་རྒྱལ་དཀྱིལ་འཁོར་གྱིས་ཀླུ་ཆེན་ཟིལ་གྱིས་མནན་པའི་ཆེ་བ་མཐར་ཕྱིན། ཞབས་བརྒྱད་ཁྲོ་བོ་བརྒྱད་མནན་པའི་དཀྱིལ་འཁོར་གྱིས་ས་བཅུ་ཟིལ་གྱིས་མནན་པའི་ཆེ་བ་མཐར་ཕྱིན། གཟི་ལྡན་ཐུགས་ཀར་སྦས་པའི་ཆེ་བས་གནས་ལྷུན་གྱིས་གྲུབ་པའི་ཆེ་བ་མཐར་ཕྱིན། ལྷུན་གྲུབ་སྐུ་ལ་རྫོགས་པའི་དཀྱིལ་འཁོར་གྱིས་ཡོན་ཏན་རྫོགས་པའི་ཆེ་བ་མཐར་ཕྱིན་པ་སྟེ་བརྒྱད་དོ། །རྟོགས་པ་བདུན་གྱིས་རེ་དོགས་ཀྱི་དམིགས་པ་བསལ་བ་ནི། གོང་མ་ལྟར་གོང་གིས་རྟོགས་པ་ནི་ཛྙཱ་ན་ཙིཏྟ་ཛྭ་ལ་ཡེ་ཤེས་སུ་རྟོགས་པའོ། །བུཌྜྷ་ཙིཏྟ་ཛྭ་ལས་སངས་རྒྱས་སུ་རྟོགས་པའོ། །བོ་དྷི་ཙིཏྟ་ཛྭ་ལས་བྱང་ཆུབ་ཏུ་རྟོགས་པའོ། །གོང་མ་ལྟར་མ་རྟོགས་ཏེ་དངོས་སུ་བཟུང་ན་ནི།རཀྴ་ཙིཏྟ་ཛྭ་ལས་སྲིན་པོར་རྟོགས་པའོ། །ཡཀྴ་ཙིཏྟ་ཛྭ་ལས་གནོད་སྦྱིན་དུ་རྟོགས་པའོ། །ཀརྨཱ་ཙིཏྟ་ཛྭ་ལས་སྲིན་པོར་རྟོགས་པའོ། །ན་ར་ཀ་ཙིཏྟ་ཛྭ་ལས་དམྱལ་བར་རྟོགས་པའོ། །དབང་ཆེན་བསྡུས་པའི་ཏན་ཏྲ་ལས། མན་ངག་བསྡུས་པའི་ལེའུ་སྟེ་བཞི་བཅུ་པའོ།། །།ཚེ་ལ་དབང་ཐོབ་རིག་འཛིན་རྣལ་འབྱོར་གྱིས། །རོ་སྦྱོར་བདུད་རྩིར་བྱ་བའི་ཕྱིར། །དབང་ཆེན་བསྡུས་པའི་ཏནྟྲ་ལས། །སྒྲུབ་ཐབས་གསང་བ་འདི་གསུངས་སོ། །དང་པོར་ཕུན་སུམ་ཚོགས་ལྡན་ནས། །ཡིད་དུ་འོང་བའི་དགོན་གནས་སུ། །བསླང་དང་བྱིན་གྱིས་བརླབ་པ་དང་། །མཚམས་ལ་སོགས་པ་རིམ་པ་བཞིན། །མན་དྷལ་འདོམ་གང་གྲུ་བཞི་སྟེ། །བཀའ་དང་མཐུན་པའི་ཆག་


DNG018_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ཆག་གདབ། །ཐིག་བཞི་གདབ་པའི་མཐའ་སྐོར་ལ། །རཱུ་ཏྲ་རྣམ་གསུམ་བསྣོལ་ཏེ་གནས། །དབུས་སུ་ཟླ་གམ་བཞི་པ་སྟེ། །དེའི་དབུས་མཐིང་ནག་གྲུ་གསུམ་པའོ། །ཁ་བཞི་པ་ལ་སྦྱིན་སྲེག་པའོ། །མཐའ་སྐོར་འབར་བའི་འོད་ཀྱིས་སོ། །མཐུན་པའི་དམ་རྫས་གནས་པའི་ཕྱིར། །དྲུག་གཉིས་ལྡན་པའི་ཏིང་འཛིན་གྱིས། །མཚན་མས་བཏང་སྟེ་ཧཱུཾ་ཞེས་བསྐོར། །བརྟུལ་ཞུགས་ཆེན་པོས་ཁྲོས་པ་ནི། །གར་གྱི་དབང་ཕྱུག་ཆེན་པོའི་བྲོ། །བརྡུངས་པ་ཙམ་གྱིས་ལས་རྣམས་འགྲུབ། །ཕུད་ཉུལ་ཆེན་མོས་ལས་མཛད་ངེས། །བདག་ཉིད་ཆེན་པོའི་སྐུར་བསྒོམ་ནས། །གཙུག་གི་རྟ་མགོ་ལྗང་གུ་ལས། །རྟ་ཡི་བརྟུལ་ཞུགས་ཆེན་པོ་སྟེ། །ཧཱུཾ་ཞེས་དུ་མར་བརྗོད་ཅིང་བརྡུང་། །བདག་ཉིད་ཆེན་པོའི་སྐུར་བསྒོམས་ནས། །ཞབས་ལས་སྤྲུལ་པའི་ཁྱི་བརྒྱད་ཀྱིས། །བག་ཆགས་གནས་སུ་སྦྱང་བའི་ཕྱིར། །ཁྱི་ཡི་བརྟུལ་ཞུགས་ཆེན་པོ་སྟེ། །ཀུ་ཀུ་ར་ཞེས་རྦད་ཅིང་བརྡུང་། །བདག་ཉིད་ཆེན་པོའི་སྐུར་བསྒོམས་ནས། །གཤོག་པ་རྡོ་རྗེས་གཏམས་པ་ལས། །གཟུང་འཛིན་གནས་སུ་དག་བྱའི་ཕྱིར། །བྱ་ཡི་བརྟུལ་ཞུགས་ཆེན་པོ་ཡིས། །ཛཿཞེས་བརྗོད་ཅིང་མགྱོགས་པར་རོ། །བདག་ཉིད་ཆེན་པོའི་སྐུར་བསྒོམས་ནས། །མི་དམིགས་སྐུ་ཡི་སྦྲུལ་མགོ་ལས། །ཕག་གི་བརྟུལ་ཞུགས་ཆེན་པོས་ནི། །གཏི་མུག་གནས་སུ་དག་པའི་ཕྱིར། །དགུག་པའི་བརྟུལ་ཞུགས་ཧཱུཾ་དང་བཅས་པར་བརྡུང་། །ཆས་བརྒྱད་ལས་ཀྱི་སྤྱང་མོར་དམིགས། །ཐོ་བས་དབྱེ་བ་སྡེར་མོ་ཉིད། །ངན་སོང་གནས་ཀྱི་གདུལ་སྦྱང་བྱ། །ཏིང་འཛིན་ཕྱག་རྒྱར་བཅས་པར་དབྱེ། །རྫོགས་ནས་མ་དྷལ་ཉིད་དུ་གྲགས། །རྟེན་ནི་དུག་གསུམ་ཉིད་དུ་རྟེན། །ལྔ་ནི་ཟླ་གམ་ཉིད་དུ་སྟེ། །སྙིགས་མ་བར་ཁྱམས་གྲྭ་བཞི་ལ། །རྩེ་མོ་མ་ཏང་ཀ་ཉིད་ལའོ། །སྒོ་ཟུར་ལ་ནི་བརྟག་པ་རྣམས། །སྒོ་ནི་ནང་རོལ་རྡོ་རྗེ་སྟེ། །ཕྱག་མཚན་བཅུ་ཕྲག་གཉིས་ལའོ། །ཡན་ལག་བར་དུ་བ་སུ་ཏ། །འོད་ལ་རཀྟ་ཁྲག་དང་བཅས། །ཤུན་ཆེན་བླ་རེ་ཉིད་དུའོ། །རྫི་མ་སྐྲ་དང་ཁ་སྤུ་རྣམས། །མཆོད་པའི་ཕྱིར་ན་གཏོར་བའོ། །ས་ལ་དབང་བའི་བྷནྡྷ་ལ། །


DNG018_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱེ་མར་རཀྟར་བཅས་པ་རྣམས། །སྤྱོས་སམ་ཡང་ན་བརྫིས་པ་ལ། །སྟེང་ནས་བཅིངས་ཏེ་རྒྱས་བཏབ་དང་། །སྐུ་གསུམ་ཐོད་པ་ཤར་ཕྱོགས་སུ། །རཀྟ་ཆང་དང་སྦྱར་བ་ལ། །སྟེང་ནས་རིན་ཆེན་རྡོ་རྗེས་རྒྱ་ཡིས་བཏབ། །གླིང་གསུམ་པ་ནི་ལྷོ་ཕྱོགས་ཏེ། །རཀྟ་འོ་མར་སྦྱར་བ་ལ། །སྟེང་ནས་རིན་ཆེན་རྒྱ་ཡིས་བཏབ། །དབང་དུ་སྡུད་པའི་བྷནྡ་རུ། །རཀྟ་སྦྲང་རྩི་མར་ལ་སོགས། །སྟེང་ནས་པདྨས་རྒྱ་ཡིས་བཏབ། །གླིང་བཞི་རྒྱ་གྲམ་བྱང་ཕྱོགས་དེར། །རཀྟ་ཆུ་དང་ཆ་བསྙམས་ནས། །སྟེང་ནས་ལས་ཀྱི་རྒྱས་བཏབ་བོ། །རྫོགས་ནས་ཏིང་འཛིན་ཚོགས་སུ་སྩལ། །མཚམས་དང་སྲུང་བའི་གོ་ཆའོ། །ཕྱག་རྒྱ་བསྐྱེད་དང་འཕྲོ་འདུ་དང་། །དྲོད་ཚད་དབབ་དང་ཐུགས་རྗེ་དབབ། །ཚེ་གནས་བསྡིམ་དང་ལྔ་པའོ། །ཡང་ནས་ཡང་དུ་བསྙེན་པ་བྱ། །ཕྲིན་ལས་སྐབས་དང་སྦྱར་ནས་བཅོལ། །དབང་དང་དམ་ཚིག་མི་བཟའ་སྟེ། །ཞི་བ་ལ་སོགས་དཀྱིལ་འཁོར་གྱི། །འཕྲོ་འདུ་རིམ་གྱིས་བསྙེན་པས་སྦྱང་། །བསྐུལ་དང་དོན་བྱས་འདུས་པ་དང་། །ཆོ་ག་གསུམ་གྱིས་སྣང་མཛད་སྐུ། །སེམས་སུ་ཞུ་ནས་དབྱིངས་སུ་ཐིམ། །སྐྱེ་མེད་དབྱིངས་ནས་དངོས་མེད་སྐུ། །ཧཱུཾ་དུ་གྱུར་ནས་རྩེ་ལྔ་འབར། །བསྐུལ་དང་དོན་བྱས་མི་བསྐྱོད་སྐུ། །སེམས་སུ་ཞུ་ནས་དབྱིངས་སུ་ཐིམ། །སྐྱེ་མེད་དབྱིངས་ནས་དངོས་མེད་སྐུ། །སྭཱ་ལས་རིན་ཆེན་ཟུར་བརྒྱད་འཕྲོ། །བསྐུལ་དང་དོན་བྱས་འབྱུང་ལྡན་ཉིད། །སེམས་སུ་ཞུ་ནས་དབྱིངས་ཉིད་དུའོ། །སྐྱེ་མེད་དབྱིངས་ནས་དངོས་མེད་སྐུ། །ཨཱཾ་ལས་པདྨར་གསལ་བ་དང་། །བསྐུལ་དང་དོན་བྱས་སྣང་མཐའ་ཡས། །སེམས་སུ་ཞུ་ནས་དབྱིངས་སུ་ཐིམ། །སྐྱེ་མེད་དབྱིངས་ནས་དངོས་མེད་སྐུ། །ཧཱ་ལས་རྒྱ་གྲམ་འབར་འཕྲོ་བ། །བསྐུལ་དང་དོན་བྱས་དོན་ཡོད་གྲུབ། །སེམས་སུ་ཞུ་ནས་དབྱིངས་སུ་ཐིམ། །འཕྲོ་འདུ་གསལ་དང་ལས་སུ་རུང་། །དངོས་གྲུབ་ཐོབ་ནས་མྱ་ངན་འདས། །མང་དུ་འཕེལ་ཕྱིར་བསྙེན་པ་སྦྱང་། །གྲུབ་ནས་དངོས་གྲུབ་གསོལ་བ་དང་། །བརྟན་པར་བྱ་ཕྱིར་བདུད་རྩིའི་སྣོད། །


DNG018_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་གྱི་གསང་བའི་ཚིག་ཏུའོ། །སྔགས་དང་ལྡན་པས་དབང་བསྐུར་ཏེ། །གནས་ལྔ་དག་ཏུ་ཐིམ་པར་བྱ། །དེ་ནས་རྒྱ་བཤིག་མདུད་པ་དགྲོལ། །བཀྲ་ཤིས་མཚན་དང་ལྡན་པའི་ཡུམ། །དར་ལ་བབས་པས་བསྐུལ་བའི་དབྱངས། །པྲ་བེ་ཤ་ཞེས་མདུད་པ་གྲོལ། །ཆ་གཅིག་འཕགས་པ་མཆོད་ཕྱིར་འབུལ། །ཆ་གཅིག་སློབ་དཔོན་ཉིད་ལའོ། །གཅིག་ནི་ཡོངས་ལ་སྦྱིན་པར་གསུངས། །དེ་ནས་བདུད་རྩི་དམ་པའི་སྣོད། །དེ་ནི་སྤྱི་བོས་བླངས་ནས་ཀྱང་། །བཀྲ་ཤིས་ཚིགས་སུ་བཅད་པར་གསུངས། །རང་བཞིན་དཀྱིལ་འཁོར་རྫོགས་པ་ཡང་། །གཟུགས་བརྙན་ཉིད་འདྲ་ཉིད་ལ་དབུལ། །ཙིཏྟ་ལ་སོགས་རང་བཞིན་རྫས། །རང་བཞིན་མཆོད་པ་ཉིད་དུའོ། །རྣ་བ་སྒྲ་ཡི་མཆོད་པ་ཡིས། །གློག་འགྱུ་ཉིད་དེ་དབྱིངས་སུ་ཐིམ། །དེ་ནི་ཨ་མོ་དེ་བ་སྟེ། །སྤྲོས་པ་མེད་པའི་ངང་ལའོ། །མིག་ནི་རྡོ་རྗེ་སྡེར་མོ་སྟེ། །མཐའ་གཉིས་བྲལ་བའི་དབྱིངས་སུ་གཞག །ལྕེ་ནི་རྡོ་རྗེ་དྲ་བ་མོ། །མི་འགྱུར་དབྱིངས་སུ་ཡང་དག་ཉིད། །རང་བཞིན་མཆོད་པ་རྫོགས་པར་ལྡན། །གཟུགས་བརྙན་དཀྱིལ་འཁོར་འདྲ་བ་ལ། །ཡོངས་སུ་བསྔོ་བར་བྱ་བ་ནི། །ཕོ་བ་ཤར་ཕྱོགས་བར་ཁྱམས་ལ། །དབྱངས་དང་བཅས་པས་དབུལ་བ་ནི། །རྡོ་རྗེ་ཁམ་རྒྱ་ཆེན་མོ་ལ། །ཕུལ་བས་གཟི་ལྡན་དབྱིངས་སུ་ཐིམ། །གྲོད་པ་ལྷོ་ཕྱོགས་ཉིད་ནས་ནི། །རིན་ཆེན་ཁམ་རྒྱ་ཆེན་མོ་ལ། །དབྱངས་དང་བཅས་པ་སྔ་མ་བཞིན། །ཕུལ་བས་གཟི་ལྡན་དབྱིངས་སུ་ཐིམ། །གཉེ་མ་ནུབ་ནས་སྔ་མ་བཞིན། །མ་ཆགས་པདྨའི་ཁམ་རྒྱ་ལ། །ཕུལ་བས་གཟི་ལྡན་བྷ་ག་ལ། །ལང་ཀ་བྱང་ནས་རིམ་པ་བཞིན། །དོན་རབ་ལྷུན་གྲུབ་ཁམ་རྒྱ་ལ། །དབྱངས་ཀྱིས་བསྟོད་ནས་མཉེས་པར་བྱའོ། །གཟི་ལྡན་ལ་ནི་འདུ་འཕྲོའི་ཚུལ། །སུལ་མང་ཤར་ལྷོའི་མཚམས་སུ་སྟེ། །དེ་བཞིན་ཁམ་རྒྱ་ཉིད་ལ་མཆོད། །དབྱངས་དང་ལྡན་པས་ཡེ་ཤེས་དང་། །སྒྱུ་མ་ཡེ་ཤེས་ལྷོ་ནུབ་སྟེ། །དེ་བཞིན་ཁམ་རྒྱ་ཉིད་ལ་མཆོད། །ཁྱབ་པ་ཡེ་ཤེས་ཁམ་རྒྱའོ། །དབྱངས་དང་ཚིག་


DNG018_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་སྔ་མའི་ངང་། །སྒལ་ཚིགས་ཕྱོགས་བཞི་གྲུ་ཆད་ལ། །ལོང་བའི་ཚོགས་ལ་དབུལ་བ་དང་། །དབྱངས་དང་ལྡན་པའི་ཚིག་དག་གིས། །ཡེ་ཤེས་ལྔ་ཡི་ངང་ལ་གཞག །དཀྱིལ་འཁོར་ཡན་ལག་བར་བར་ནས། །དམུས་ལོང་ཚོགས་ལ་དབུལ་བ་ཡང་། །ནེའུ་སེག་དབྱངས་དང་ལྡན་པ་ཡིས། །ཕུལ་བས་ཡེ་ཤེས་ལྔ་ཡི་དབྱིངས་ལ་སྦྱོར། །གསང་བའི་ཆུ་བོ་ནང་སྒོ་ནས། །དབུ་དགུ་བར་དུ་བརྩེགས་པ་ལ། །དབྱངས་ཀྱིས་མཉེས་པར་སྔ་མ་བཞིན། །མེ་རི་ལ་ནི་བ་སུ་ཏ། །སྤྱང་མོ་བརྒྱད་ལ་མཆོད་པ་ཡང་། །དབྱངས་ཚིག་ལྡན་པས་དབྱིངས་ལ་ཐིམ། །ཁྲག་གི་ལྕེ་ཡི་བར་བར་ནས། །ཟ་བྱེད་ཡེ་ཤེས་ཀུ་ཀུ་ར། །བརྒྱད་ལ་དབྱངས་ཀྱིས་མཆོད་པ་ཡང་། །མ་སྐྱེས་དབྱིངས་ནས་ཐིམ་པར་བྱ། །བསྡུ་བའི་ཐབས་ནི་འདི་དག་གསུངས། །དབྱིངས་ལས་ཆོ་འཕྲུལ་རབ་སྤྲོས་ཏེ། །མཐའ་བསྐོར་ཟ་བྱེད་ཡེ་ཤེས་ཀྱི། །སྤྱང་མོ་མགོ་དགུ་བརྩེགས་པའོ། །དབུ་དགུ་ཉིད་ཀྱང་དམུས་ལོང་སྟེ། །དམུས་ལོང་ལོང་བའི་ཚོགས་ལ་བསྡུས། །ལོང་བ་ཁམ་རྒྱ་ཆེན་མོ་ལའོ། །དེ་གཉིས་གཙོ་བོ་ཡབ་ཡུམ་ལའོ། །ཡུམ་ཡང་དཔལ་བེའུ་ཐུགས་ལ་བསྡུས། །དཔལ་བེའུ་སྐྱེ་མེད་དབྱིངས་སུ་སྟེ། །བརྗོད་པ་མེད་པའི་ངང་ལ་ཐིམ། །བདག་དང་མ་དྷལ་ཇི་བཞིན་ཏེ། །བདག་ཉིད་མ་དྷལ་ཉིད་ལ་སྤྲོ། །མ་དྷལ་ཟླ་གམ་ཉིད་ལ་སྟེ། །ཟླ་གམ་གཟི་ལྡན་ཡུམ་གྱི་ངང་། །ཡང་ན་བདག་ཉིད་ཆེན་པོ་ནི། །སྐྱེ་བ་མེད་པའི་དབྱིངས་སུ་ཐིམ། །མ་དྷལ་ཡེ་ཤེས་ལྔ་ལ་བསྡུ། །དམ་རྫས་གསང་བའི་བྷ་ག་ལ། །ཡོངས་སུ་བསྡུ་ཞིང་བསྡུ་བ་རྣམས། །སྐྱེ་བ་མེད་པའི་ངང་ལ་གཞག །ཅུང་ཟད་སྐྱེ་མེད་བསྒོམ་ནས་ཀྱང་། །གོང་མ་བཞིན་དུ་རིམ་པར་བསྡུ། །དབང་བསྐུར་བ་དང་འབྱུང་བ་དང་། །ཚེ་དང་དབང་དང་དངོས་གྲུབ་རྣམས། །བཟོད་པར་གསོལ་དང་སྨོན་ལམ་གདབ། །གཏོར་མ་གཏོང་བ་གཞུང་བཞིན་བྱ། །དབང་ཆེན་བསྡུས་པའི་ཏན་ཏྲ་ལས། རོ་སྦྱོར་བདུད་རྩིའི་ལེའུ་སྟེ་ཞེ་གཅིག་པའོ།། །།ཚེ་ལ་དབང་ཐོབ་རིག་འཛིན་རྣལ་འབྱོར་གྱིས། །མཐའ་གཉིས་དོན་ལ་སློང་བའི་བདུད་


DNG018_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

རྩི་བསྒྲུབ་པའི་ཕྱིར། །དབང་ཆེན་བསྡུས་པའི་ཏན་ཏྲ་ལས། །ཤ་རཱི་རམ་བསྒྲུབ་པའི་ལེའུ་འདི་གསུངས་སོ། །མི་འགལ་ཙམ་དུ་སྤྱད་བྱ་བ། །གསང་བའི་རྫས་མཆོག་སྤྲོས་ནས་ཀྱང་། །ལས་སུ་བྱ་བའི་རྣམ་གྲངས་ནི། །གྲུབ་པའི་རྟགས་སུ་བསྒྲུབས་ནས་ནི། །མཐའ་གཉིས་སྤངས་པའི་སྤྱོད་དང་ལྡན་པ་ནི། །འབྲས་བུ་ཐོབ་པའི་རྫས་མཆོག་སྟེ། །རྒྱུ་འབྲས་ལྔ་ཉིད་སྐྱེ་མེད་ཨ་མྲྀ་ཏ། །མཐའ་གཉིས་དོན་ལ་སློང་བའི་བདུད་རྩི་བསྒྲུབ། །དེ་ཡང་དང་པོར་རབ་བརྟགས་ཏེ། །བཞེད་དང་མཐུན་པའི་ས་གཞི་ལ། །མ་དྷལ་འདོམ་གང་གྲུ་བཞི་ལ། །དབུས་སུ་གྲུ་གསུམ་བརྐོ་བར་བྱ། །འཕང་དུ་ཁྲུ་གང་ཁ་ཁྱེར་ལ། །ལྕགས་ཀྱུ་མདའ་གཞུ་ཐོད་པར་བཅས། །སྟེང་དུ་ཁྲུ་ཕྱེད་ཟུར་གསུམ་བརྐོ། །ཧེ་ཞལ་མཚོན་རྩི་ནག་པོ་བཀྱེ། །གྲུ་གསུམ་བརྐོས་པའི་ཕུག་གསུམ་དུ། །ས་བོན་ཡི་གེ་རཾ་ཡང་བྲིས། །དཀྱིལ་དུ་རང་རྟགས་ཨ་ཡང་བྲི། །ཕྱོགས་མཚམས་སོར་བཞིའི་ཐོག་དག་ཏུ། །འདྲེན་བྱེད་སྙིང་པོས་བསྐོར་ལ་གཞག །དམར་པོ་སྣུམ་ཆེན་བརྔོས་པས་བརྫངས། །མཐོ་བཞི་བརྟན་པར་གཟུག་པར་བྱ། །རྒྱ་ཤུགས་ཙནྡན་ལ་སོགས་པ། །བུ་རམ་སྦྲང་རྩི་བསྲེས་ལ་གཞག །ཡམ་ཤིང་སྣ་ཚོགས་ཚེར་མ་ཅན། །ཡང་ན་དངོས་གྲུབ་བསྡུ་བའི་ཕྱིར། །ཚེར་མ་མེད་པར་མཁས་པས་བསྔགས། །སྟེང་འོག་ཤུན་གྱི་བླ་རེར་དྲེ། །འོག་ཏུ་ཤ་ཆེན་ལང་ལིང་དང་། །ཞིང་ཆེན་རས་རོས་རིམ་པ་བཞིན། །དངོས་གྲུབ་མ་ཉམས་གཡང་གཞི་ནི། །རླུང་གི་ཕྱོགས་སུ་གཟུག་པར་བྱ། །རྫས་ལ་སོགས་པ་མང་དུ་བསག །མེ་སྔགས་བཏབ་སྟེ་གཞག་པར་བྱ། །གཞུང་དང་མཐུན་པའི་ཕྲིན་ལས་བྱ། །རྫས་མཆོག་ཡོད་པའི་ས་ཕྱོགས་དེར། །གདུལ་སྦྱང་ལས་ནི་རིམ་པ་བཞིན། །བཀྲོའམ་ཡང་ན་བསྒྲུབ་ཀྱང་རུང་། །སྣ་ཚོགས་བཅོས་པའི་རས་ཀྱིས་དཀྲིས། །བསྔགས་པའི་དཀྱིལ་དུ་གཞག་བྱ་སྟེ། །ཐོག་ཐག་ཡམ་ཤིང་བརྫངས་ཏེ་གཞག །ཏིང་འཛིན་གསལ་བས་རིམ་པ་བཞིན། །སྤར་ནས་མཆོད་པ་དབུལ་བ་ནི། །རཀྟ་དམར་ལ་སོགས་པས་མཆོད། །སྣུམ་ཆེན་གསུར་གྱིས་སྤོས་མེ་བཏང་། །


DNG018_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

མཉེས་པའི་མཆོད་པ་དམ་པའོ། །བསྒྲུབ་པ་ཆེན་པོའི་དུས་དག་ཏུ། །ཞི་བ་ལ་སོགས་ཕྲིན་ལས་ནི། །མནན་བཟློག་གཉིས་དྲུག་བསྐྱར་ལ་འབད། །མ་དྷལ་དེ་བཞིན་རྫོགས་པ་དང་། །དངོས་གྲུབ་བསྡུ་བ་སྔ་མ་བཞིན། །དེ་ནས་ལྷད་དག་མ་ཤོར་བར། །རྣམ་གྲངས་སུ་ནི་དབྱེ་བར་བྱ། །ཤ་རི་རམ་དང་ལྡེར་སོ་དང་། །མཆོད་རྟེན་དག་ཏུ་གྱུར་ན་སྔགས། །ཡ་མཚན་རྟགས་དག་འབྱུང་བར་ངེས། །འཆི་མེད་བདུད་རྩི་རྣམ་ལྔར་བསྒྲུབ། །རྣམ་གྲངས་གཉིས་མེད་བསྲེ་དང་ནི། །བརྟགས་ནས་བྱིན་གྱིས་བརླབས་པ་དང་། །བཅག་དང་གཅལ་བའི་ལས་རྣམས་ནི། །ཐབས་ལ་མཁས་པས་རིམ་པ་བཞིན། །དཔལ་དང་ལྡན་པའི་སྣོད་དུ་བླུག །ཐིག་བཞི་བཏབ་པའི་དབུས་སུ་གཞག །གསུང་གི་ཡིག་འབྲུ་ཧྲཱྀཿཞེས་བྱ། །ཁྲག་འཐུང་ཕྱག་རྒྱར་གྱུར་པར་བསྒོམ། །གཟི་ལྡན་ཐུགས་ལས་མངོན་ཕྱུང་སྟེ། །གཉིས་མེད་འཕྲོ་འདུས་སྦྱང་བའོ། །དཀར་དང་འདྲིལ་བའི་རང་བཞིན་ལས། །ཧཱུཾ་བཞིས་གསལ་ནས་རིམ་པ་བཞིན། །འཕྲོ་འདུས་རྒྱས་འདེབས་ལ་སོགས་པ། །རིམ་པ་བཞིན་དུ་བསྐྱེད་པར་བྱ། །དབྱིངས་དང་ཡེ་ཤེས་གཉིས་མེད་པའི། །ཡེ་ཤེས་ཟེར་གྱིས་རྣམ་རྟོག་སྦྱང་། །བདེ་བའི་འབྲུ་མཆོག་ཆ་བཞིན་གསལ། །དེ་ལས་ལྷ་མོ་བཞི་ཡི་རྒྱ། །གཉིས་སུ་མེད་པའི་རོལ་པ་ལས། །ཡིག་འབྲུར་བཅས་པའི་སྤྲུལ་པ་ཡིས། །སྣོད་བཅུད་བཅས་པའི་མཚན་མ་སྦྱང་། །དེ་ལྟར་འཕྲོ་འདུ་གསལ་བའི་ལས། །བསྐུལ་དང་དོན་བྱས་རིམ་པ་བཞིན། །ཏིང་འཛིན་རྩེ་གཅིག་བསྒོམ་པར་བྱ། །སྐྱེ་མེད་དབྱིངས་སུ་ལྷན་ནེར་གཞག །དེ་ནས་བདུད་རྩི་དམ་པ་འདི། །གསལ་ཞིང་དག་པའི་འབྱོར་པ་ལག་ཏུ་བླང་། །དབྱངས་དང་ཚིག་གིས་བསྡིམ་པའི་ལས་བྱའོ། །མཉེས་ནས་སྐུ་གསུམ་དངོས་གྲུབ་ཐོབ། །བཅུ་དྲུག་ཕྱག་རྒྱའི་རིམ་པར་བསྐོར། །དགའ་བའི་གད་མོ་ཧ་ཧ་ཧེ་ཧེས་འདེབས། །གཉིས་མེད་རྟོག་པའི་གླུ་བྲོ་བླང་། །ཐབས་ལ་མཁས་པའི་དཔའ་བོ་ཡིས། །རྟགས་དང་ལྡན་པའི་ཐིག་ལེས་གདབ། །སྐུ་གསུམ་དངོས་གྲུབ་ཐོབ་པར་


DNG018_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས། །དེ་ནས་བྱིན་བརླབ་དབང་བསྐུར་རིམ་པ་བཞིན། །གཏོར་མ་གཏོང་བའི་བྱ་བྱེད་རྣམས། །སྣང་བ་ཉིད་ནས་གཉིས་མེད་བསྒོམ་པས་ནི། །སྐྱེ་མེད་ངང་ལ་ལྷན་ནེ་གཞག་པར་བྱ། །དབང་ཆེན་བསྡུས་པའི་ཏན་ཏྲ་ལས། ཤ་རཱི་རམ་སྒྲུབ་པའི་ལེའུ་ཞེས་བྱ་སྟེ་བཞི་བཅུ་ཞེ་གཉིས་པའོ།། །།ཚེ་ལ་དབང་ཐོབ་རིག་འཛིན་རྣལ་འབྱོར་གྱིས། །ཆོས་སྐུ་གཉིས་མེད་མཉམ་པ་ལས། །འཛིན་རྟོག་དངོས་པོའི་མཐའ་བསལ་ཞིང་། །ཞིང་ལས་ནས་འགྱུར་གསུངས་པ་བཞིན། །གདེང་དང་ལྡན་ནས་ཐ་དད་མེད། །ས་བོན་ལས་ནི་འབྲས་བུའི་ཚུལ། །རྟོགས་པའི་རླུང་དུ་འདྲིས་པས་གང་། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །སྣང་མཛད་ལས་གྱུར་ཀུན་ཏུ་གཟིགས། །བྱང་ཆུབ་སེམས་དཔའ་ཉིད་ལ་རྫོགས། །མི་བསྐྱོད་ལ་སོགས་ཤར་དུ་སྟེ། །རིན་ཆེན་འགྱུར་བ་ལྷོ་ཉིད་དོ། །མཐའ་ཡས་ལ་སོགས་ནུབ་ཏུའོ། །དོན་ཡོད་བྱང་གི་ཕྱོགས་སུ་གྱུར། །འབྱུང་ལྔ་ཡུམ་གྱི་གནས་འགྱུར་བ། །ས་བོན་ལས་ནི་མྱུ་གུའི་ཚུལ། །བཟང་ལས་འགྱུར་བ་གཟི་དང་ལྡན། །སྤྱན་ལས་འགྱུར་བ་གློག་འགྱུར་ཏེ། །མཱ་མ་ཀཱི་ནི་འདྲ་བར་འགྱུར། །ན་བཟའ་དཀར་ནི་སྡེར་མོ་ཅན། །སྒྲོལ་ལས་གྱུར་པ་གཤོག་པ་མོ། །ཡབ་ཡུམ་བཅུ་ནི་རབ་སྦྱར་ཏེ། །དགྱེས་པའི་དབྱིངས་སུ་གྱུར་པ་ལས། །བྱང་ཆུབ་སེམས་ནི་ཆགས་པའི་གཞི། །རྟ་མགོ་ལྗང་གུ་ཡིན་པར་གྲགས། །དབུ་ལྔ་ཡེ་ཤེས་ལྔ་ཡི་དབྱིངས། །སེམས་དཔའ་བརྒྱད་སྦྱར་དམུས་ལོང་ཚོགས། །སེམས་མ་ལས་བསྒྱུར་རྒྱབ་སྦྲེལ་ནི། །སེམས་དཔའ་སེམས་མ་ལྡན་སྦྱོར་བས། །བྱང་ཆུབ་སེམས་ནི་ཆགས་པའི་རྒྱུ། །མཁའ་སྤྲོས་པ་ཡི་འོད་ཟེར་ནི། །སྤྲུལ་པ་ཡིན་པར་སྤྱང་མོ་བརྒྱད། །དབྱིངས་སུ་འདྲེན་པས་ཡེ་ཤེས་ཁྱི། །ལྕགས་ཀྱུ་ལ་སོགས་སྒོ་མ་བཞི། །གྱུར་པས་དབུ་དགུ་རབ་ཏུ་བརྩེགས། །སྤྲུལ་སྐུ་ཐུབ་དྲུག་ལས་སྤྲུལ་པ། །ཁམ་རྒྱ་དྲུག་ཏུ་སྤྲུལ་པ་ཡིན། །གནས་ནི་མ་ནོར་ཆོས་ཀྱི་དབྱིངས་སུ་དོན་རྟོགས་ནས། །དབྱིངས་ལས་ཡེ་ཤེས་རོལ་པས་ནི། །གནས་འགྱུར་མཆོག་གི་ལེའུ་ཞེས་བྱ། །ཞི་བ་མི་གཡོ་ཆོས་སྐུ་ལས། །ཁྲོ་བོར་


DNG018_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པའི་དཀྱིལ་འཁོར་འདིར། །སྟོན་པའི་བཀའ་དང་མི་འགལ་བར། །ཕྱི་རབས་རྣལ་འབྱོར་སྐལ་རབ་ལ། །ངེས་པའི་ལུང་དུ་བརྩམ་པ་སྟེ། །རྟོགས་ན་ཐེ་ཚོམ་མེད་པར་འགྲུབ། །དབང་ཆེན་བསྡུས་པའི་ཏན་ཏྲ་ལས། གཞི་གནས་འགྱུར་མཆོག་གི་ལེའུ་སྟེ་ཞེ་གསུམ་པའོ།། །།ཚེ་ལ་དབང་ཐོབ་རིག་འཛིན་རྣལ་འབྱོར་གྱིས། །དབང་ཆེན་བསྡུས་པའི་ཏན་ཏྲ་ལས། །མན་ངག་ལུང་གི་བརྒྱུད་པའི་ལུང་། །ས་བོན་ལས་ནི་འབྲས་བུ་བཞིན། །ཁྲག་འཐུང་འབར་བའི་དཀྱིལ་འཁོར་ལས། །ཡང་ཆེ་དབང་གི་དཀྱིལ་འཁོར་བརྒྱུད། །དུར་ཁྲོད་འབར་བའི་གཞལ་ཡས་ནས། །ལྷ་ཆེན་འཁོར་བཅས་བསྒྲལ་བའི་ཕྱིར། །རྒྱལ་མཚན་ལྔ་དང་ཀ་བར་བཅས། །འཕན་དང་ཟ་རང་བླ་རེ་རྣམས། །ཁམས་གསུམ་དབང་སྡུད་ཡུམ་གྱི་བྷ་གར་བརྒྱུད། །རིན་ཆེན་འབར་བའི་ཁྲི་བཞི་ཡང་། །འཁོར་བ་ཐབས་ཀྱིས་འདུལ་བ་དང་། །སྲིན་པོ་རཱུ་ཏྲ་བསྒྲལ་བ་ཡང་། །ཁྱད་པར་གཞལ་ཡས་དཔག་པའི་ཕྱིར། །ཁྲག་འཐུང་ཆེན་པོའི་སྐུ་བཞིན་བརྒྱུད། །དུར་ཁྲོད་མ་མོ་བདུན་རྣམས་ཀྱང་། །སྣང་བྱེད་ཉི་མ་བདུན་དུ་བརྒྱུད། །དབང་ཕྱུག་ཉི་ཤུ་རྩ་བརྒྱད་ནི། །ཐབས་ཀྱི་རྩལ་འཕགས་སེང་གེར་བརྒྱུད། །ཐབས་དང་ཤེས་རབ་རང་བཞིན་ནི། །ཉི་ཟླ་པདྨ་བརྩེགས་པར་བརྒྱུད། །ཞེ་སྡང་ཁྲག་འཐུང་འབར་བའི་སྐུ། །ངག་གི་དབང་ཕྱུག་ཉིད་དུ་བརྒྱུད། །ཀྲོ་དྷཱི་ཤྭ་རཱི་ལ་སོགས་ཀུན། །གཟི་ལྡན་གསང་བའི་ཡུམ་ཉིད་དེ། །རིགས་ལ་དབང་རྣམས་མི་བཟའ་བར། །ཐམས་ཅད་ཡོངས་སུ་རྫོགས་པའི་ཕྱིར། །ཁྲག་འཐུང་ལྔ་པོ་དབུ་ལྔར་བརྒྱུད། །ཁྲོ་བོ་ཆེན་པོ་མཐུ་ཆེན་བརྒྱད། །བསྒྲལ་བ་ཞབས་ཀྱི་གདན་དུ་བརྒྱུད། །རྫོགས་པ་ཆེན་པོ་ཡིན་པའི་ཕྱིར། །ཏིང་འཛིན་བརྒྱད་དང་ལྡན་པར་དམིགས། །རྒྱན་གྱི་བྱེ་བྲག་མང་པོ་རྣམས། །རྡོ་རྗེ་རིན་ཆེན་ལས་བྱུང་བའི། །གཤོག་པ་དག་ཏུ་རྣམ་པར་བརྒྱུད། །སྒོ་བ་ཁྲོ་བོ་ཡབ་ཡུམ་བརྒྱད། །དབུ་དགུ་བརྩེགས་པའི་རྐང་གཅིག་པོ། །འཇིགས་དང་ཆས་པ་ཉིད་དུ་བརྒྱུད། །རྒྱས་འདེབས་ལ་སོགས་ལྷ་མོ་ནི། །ཁམ་རྒྱ་ཆེན་མོ་


DNG018_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་ཏུ་བརྒྱུད་པ་སྟེ། །སྤྲུལ་པ་ཡང་སྤྲུལ་བསམ་ཡས་ལ། །ལོང་བའི་ཚོགས་ཀྱི་ཆ་བྱད་དུ། །བརྒྱུད་པ་ཡིན་ཞེས་འདྲེན་པས་བསྟན། །ཕྲ་མེན་བཅུ་དྲུག་ཐབས་ཀྱིས་བརྒྱུད། །ཕྱག་རྒྱ་བཅུ་དྲུག་ཐབས་ཀྱི་དཀྱིལ་འཁོར་དུ། །ལྕགས་ཀྱུ་རྡོ་རྗེ་ལ་སོགས་པའི། །ཕྱག་མཚན་བཅུ་དྲུག་ཉིད་དུ་བརྒྱུད། །གསང་བ་བས་ཆེར་གསང་བ་ཡི། །ཡང་གསང་ཐུགས་ལ་གབ་པ་སྟེ། །འདི་ནི་མན་ངག་བརྒྱུད་པའི་ལུང་། །རྗེས་སུ་རྣལ་འབྱོར་རྣམས་ཀྱིས་སྤྱོད། །དབང་ཆེན་བསྡུས་པའི་ཏན་ཏྲ་ལས། མན་ངག་བརྒྱུད་པའི་ལེའུ་སྟེ་བཞི་བཅུ་ཞེ་བཞི་པའོ།། །།ཚེ་ལ་དབང་ཐོབ་རིག་འཛིན་རྣལ་འབྱོར་གྱིས། །དབང་ཆེན་བསྡུས་པའི་ཏན་ཏྲ་ལས། །ཁྲག་འཐུང་ཆེན་པོ་ཧཱུཾ་གི་ལེའུ། །ལྟ་བ་ཆེན་པོ་འདི་གསུངས་སོ། །ཧཱུཾ་ལས་འབྱུང་ལྔ་ཡུམ་གྱི་དབྱིངས། །གཞལ་ཡས་ཧཱུཾ་ཉིད་བྷ་གའི་ཀློང་། །འདུས་བྱས་མ་བྱས་རྣམ་པར་དག །ཧཱུཾ་ལས་ཁྲག་འཐུང་ཁྲི་བཞིར་འབར། །སྤྲོས་མེད་ཐིག་ལེར་གནས་པའི་ཕྱིར། །མ་བཅོས་ལྷུན་གྱིས་གྲུབ་པར་གནས། །མ་ཚོགས་ཧཱུཾ་གི་དབང་ཕྱུག་མ། །སེང་གེ་ལྟ་བུའི་སྒྲ་སྒྲོགས་ཤིང་། །སྒྲ་ཉིད་སྒྲ་མཐར་སྟོང་པའི་ཕྱིར། །སྟོང་ཉིད་ཡེ་ཤེས་རྣམ་པར་དག །ཧཱུཾ་ལས་པདྨ་ཁ་སྟོང་ལྡན། །གསང་བའི་བྷ་གར་ལྷུན་གྱིས་གྲུབ། །ཧཱུཾ། ཉི་ཟླ་ཟུང་དུ་བརྩེགས་པ་ཡང་། །ཤེས་རབ་ཐབས་སུ་འདྲེལ་བ་ཡིས། །ཕྱག་རྒྱ་ཡོད་པའི་དཀྱིལ་འཁོར་ཆེ། །ཧཱུཾ་ལས་ཞེ་སྡང་རྡོ་རྗེའི་སྐུ། །འབྱུང་བྱེད་ཆེན་པོར་གྱུར་པས་ནས། །སྐྱེ་མེད་དབྱིངས་སུ་རྣམ་པར་དག །སྤྲུལ་པའི་འཁོར་ཚོགས་མ་ལུས་ཀུན། །ཡེ་ཤེས་ཐུགས་ཀྱི་རང་བཞིན་ཏེ། །ཐིག་ལེ་ཧཱུཾ་གི་བདག་ཉིད་ཆེ། །ཧཱུཾ་ལས་རྒྱན་གྱི་བྱེ་བྲག་རྣམས། །དབྱིངས་ལས་ཡེ་ཤེས་འཇུག་པའི་ཕྱིར། །དབྱིངས་ཉིད་ལྷུན་གྱིས་གྲུབ་པའི་རྒྱན། །ཧཱུཾ་ལས་འབར་བའི་སྐུར་གྱུར་པ། །ཆོས་སྐུར་གཅིག་པུར་སྦྱོར་བའི་དོན། །ཧཱུཾ་ལས་དབུ་ལྔར་སྣང་བ་ནི། །ཡེ་ཤེས་ལྔ་ཉིད་དབྱིངས་ལ་འཕྱོ། །ཧཱུཾ་ལས་སྤྱན་ལྔ་བགྲད་པ་ཡང་། །དབང་པོ་ཡུལ་


DNG018_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྣམ་པར་དག །ཧཱུཾ་ལས་ལྗགས་ལྔར་འབར་བ་ཡང་། །དབང་པོ་རོ་ལ་སྦྱོར་བའོ། །ཧཱུཾ་ལས་ཤངས་ལྔའི་འཚུབ་མ་ཡང་། །དབང་པོ་དྲི་མ་རྣམ་པར་དག །ཧཱུཾ་ལས་སྙན་ལྔའི་གསན་པ་ཡང་། །མ་བཀག་བསྒྲལ་བ་ཅི་བདེར་སྦྱོར། །ཧཱུཾ་ལས་ཞལ་ལྔར་གདངས་པ་ཡང་། །སྲིད་གསུམ་དབྱིངས་སུ་ཟ་བའོ། །ཧཱུཾ་ལས་རྟ་མགོ་ལྗང་གུ་ཡང་། །ཆགས་པས་དབང་དུ་བསྡུས་ནས་ནི། །མ་ཆགས་དབྱིངས་ལ་ཡེ་ཤེས་རོལ། །ཨེ་མ་ཡ་མཚན་དབང་གི་སྐུ། །སྣ་ཚོགས་ཅིར་ཡང་སྟོན་མོད་ཀྱང་། །སྤྲོས་མེད་ཐིག་ལེ་རྣམ་དག་པས། །འདི་ནི་རྣམ་དག་ཧཱུཾ་ལེའུ། །ཐམས་ཅད་སྟོང་པའི་དབྱིངས་སུ་བལྟའོ། །དབང་ཆེན་བསྡུས་པའི་ཏན་ཏྲ་ལས། ཁྲག་འཐུང་ཧཱུཾ་གི་ལེའུ་སྟེ་བཞི་བཅུ་ཞེ་ལྔ་པའོ།། །།ཚེ་ལ་དབང་ཐོབ་རིག་འཛིན་རྣལ་འབྱོར་གྱིས། །འགྲོ་དྲུག་ཐབས་ཀྱིས་འདུལ་བ་དང་། །ངན་སོང་གནས་ནས་འདོན་པའི་ཕྱིར། །དབང་ཆེན་བསྡུས་པའི་ཏན་ཏྲ་ལས། །བསྐྱེད་རྫོགས་ཆེན་པོའི་ལེའུ་འདི་གསུངས། །ཏིང་འཛིན་བསྐྱེད་པའི་ས་བོན་སྔགས། །ཨེ་ཡཾ་སོགས་ལས་རིམ་པ་བཞིན། །གཞལ་ཡས་ཁང་དུ་བསྒོམ་པར་བྱ། །རིན་ཆེན་རྒྱན་ལ་སོགས་པས་མཛེས། །དེ་ཡི་ནང་དུ་དམིགས་པ་ནི། །ཙཀྲ་ལ་སོགས་འཁོར་ལོ་ཆེ། །རྩིབས་དང་རྩིབས་ཀྱི་མུ་ཁྱུད་དང་། །ལྟེ་བ་བར་ཁྱམས་སྒོ་ཁྱུད་དང་། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལྡན། །ལྟེ་བ་ཟླུམ་པོར་གྱུར་པ་ལ། །དཔའ་བོ་ཧཱུཾ་ལས་རྡོ་རྗེ་ཆེ། །དེ་ལས་ཕྱག་རྒྱ་བསྐྱེད་པ་ཡིས། །ཞེ་སྡང་རྒྱལ་པོ་རྣམ་པར་བསྒོམ། །འཁོར་ལོའི་མདུན་གྱི་དྲང་པོར་ནི། །དཔའ་བོ་ཨཱོཾ་ལས་འཁོར་ལོ་ཆེ། །དེ་ལ་ཕྱག་རྒྱའི་སྐུར་བསྐྱེད་པ། །གཏི་མུག་རྒྱལ་པོ་རྣམ་པར་བསྒོམ། །གཡས་སུ་ལྟ་བའི་འཁོར་ལོ་ལས། །དཔའ་བོ་སྭཱ་ལས་རིན་པོ་ཆེ། །དེ་ལ་ཕྱག་རྒྱའི་སྐུར་བསྐྱེད་པ། །ང་རྒྱལ་རྒྱལ་པོ་རྣམ་པར་བསྒོམ། །རྒྱབ་ཀྱི་འཁོར་ལོ་བསམ་པ་ཡང་། །དཔའ་བོ་ཨཱོཾ་ལས་པདྨ་ཆེ། །དེ་ལས་ཕྱག་རྒྱའི་སྐུར་བསྐྱེད་པ། །འདོད་ཆགས་རྒྱལ་པོ་རྣམ་པར་བསྒོམ། །གཡོན་གྱི་རྩིབས་ལ་དམིགས་པ་ནི། །དཔའ་བོ་ཧཱ་ལས་རྒྱ་གྲམ་སྟེ། །


DNG018_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལས་ཕྱག་རྒྱའི་སྐུར་བསྐྱེད་པ། །ཕྲག་དོག་རྒྱལ་པོ་རྣམ་པར་བསྒོམ། །དཔའ་བོ་འབྲུ་ལྔས་འགྱུར་བའི་སྐུ། །ཡབ་ཡུམ་ཕྱག་རྒྱར་གསལ་བ་ལས། །བྱང་ཆུབ་སེམས་ཀྱི་ས་བོན་ནི། །དབང་ཆེན་པདྨ་གར་གྱི་སྐུ། །རྫོགས་པ་ཆེན་པོར་བསྒོམ་པ་ཡང་། །དཔའ་བོ་འབྲུ་ལྔས་བསྐྱེད་པ་ཡང་། །རྟགས་སུ་དབུ་ལྔར་རབ་ཏུ་བསྟན། །ཧཱུཾ་ལས་ཀུན་ཏུ་ཐལ་བའི་དབུ། །འདོད་ཁམས་དབང་དུ་སྡུད་པའོ། །ཨོཾ་ལས་དྲི་ཟ་གནོན་པའི་དབུ། །སྭཱ་ལས་གྲུལ་བུམ་དབང་དུ་སྡུད། །ཨཱཾ་ལས་ཀླུ་ཡང་དབང་དུ་སྡུད། །ཧཱ་ལས་གནོད་སྦྱིན་དབང་དུ་སྡུད་པའོ། །ཐར་པ་བརྒྱད་དང་ལྡན་པའི་ཞབས། །ཁྲོ་བོ་བརྒྱད་ལ་ཁྱབ་པར་སྦྱོར། །གཟི་ལྡན་ཡུམ་དང་སྤྲུལ་པའི་འཁོར། །དབང་ཆེན་སྐུ་ལ་ཡོངས་སུ་རྫོགས། །བསྐྱེད་རྫོགས་ལེའུ་ཞེས་དེ་ལ་བྱ། །དབང་ཆེན་བསྡུས་པའི་ཏན་ཏྲ་ལས། བསྐྱེད་རྫོགས་ཆེན་པོའི་ལེའུ་སྟེ་བཞི་བཅུ་ཞེ་དྲུག་པའོ།། །།ཚེ་ལ་དབང་ཐོབ་རིག་འཛིན་རྣལ་འབྱོར་གྱིས། །རྒྱུད་དྲུག་གནས་སུ་བསྒྲལ་བའི་ཕྱིར། །དབང་ཆེན་བསྡུས་པའི་ཏན་ཏྲ་ལས། །དམར་འབྱིན་རཀྟའི་ལེའུ་འདི་གསུངས་སོ། །རྫོགས་པའི་ཏིང་འཛིན་སྐད་ཅིག་མས། །བདག་ཉིད་ཕྱག་རྒྱའི་སྐུར་བསྒྱུར་བར། །ཧཱུཾ་ཞེས་པས་ནི་རྫོགས་པར་རོ། །དབུ་ལྔ་པ་ལ་ཕྱག་བཅུ་དྲུག །དབུ་ལ་དཀྱིལ་འཁོར་ལྔ་ཡང་རྫོགས། །བཅུ་དྲུག་ཕྱག་ན་མཚོན་ཆ་ཐོགས། །ཞབས་བརྒྱད་དུར་ཁྲོད་བརྒྱད་ལ་སྦྱོར། །ཕྱག་རྒྱ་དེ་ལྟར་གསལ་བ་དང་། །གང་ལ་བྱ་བའི་སེམས་ཅན་དེའི། །སྤྱི་བོར་ཛཿལས་ལྕགས་ཀྱུ་ཡིས། །དབྱིངས་ལ་ཡེ་ཤེས་འཇུག་ཚུལ་དུ། །དུ་མར་བརྗོད་ཅིང་དྲང་བར་བྱ། །ཁ་ཡི་རཾ་ལས་འོད་འཕྲོས་འདུས། །ཛཿཡིས་ལྕགས་ཀྱུས་དྲངས་པ་དང་། །རྡོ་ལ་ལྕགས་ནི་འདུ་ཚུལ་དུ། །དུ་མར་བརྗོད་ཅིང་དྲང་བར་བྱ། །སྙིང་གར་ཡཾ་ལས་འོད་འཕྲོ་འདུས། །རླུང་གི་འཁོར་ལོ་ཟུར་དྲུག་པའི། །འཁོར་ལོས་རབ་ཏུ་གཅོད་ཚུལ་དུ། །ཕ་རོལ་སྙིང་རྩ་གཅད་པའི་ཕྱིར། །དུ་མར་བརྗོད་ཅིང་དྲང་བར་བྱ། །བདག་ཉིད་ཕྱག་རྒྱར་གསལ་བ་དང་། །འདྲེན་ཅིང་སྒྲོལ་བའི་ཕོ་ཉ་ནི། །གང་ཡང་རུང་བའི་སེམས་ཅན་དེའི། །ལུས་


DNG018_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

ངག་ཡིད་ལ་རྦད་པར་བྱ། །རྟ་མཆོག་འབར་བའི་ཤངས་ལྔ་ལས། །རླུང་གི་མི་ལ་སྤྱང་ཀུའི་གདོང་། །མཆེ་བས་བདུད་ཀྱི་སྙིང་རྩ་གཅོད། །རྣ་བ་སྦྲུལ་གྱི་འཛུལ་ཁུང་ནས། །སྦྲུལ་གྱི་མི་ལ་སྤྱང་ཀུའི་གདོང་། །ཁ་རླངས་སྤྲིན་གྱི་དཀྱིལ་འཁོར་ནས། །འོད་ཀྱི་མི་ལ་འཇའ་ཚོན་གདོང་། །རལ་པ་ཁྲག་གི་ཟར་བུ་ལས། །ཁྲག་གི་མི་ལ་སྤྱང་ཀུའི་གདོང་། །སྤྱན་མིག་གྲུ་གསུམ་འབར་བ་ལས། །ཟངས་ཀྱི་མི་ལ་སྤྱང་ཀུའི་གདོང་། །ཁ་ལ་རོ་ཤལ་རྦད། གུང་གི་དུན་དུན་རྦད། གང་ལ་བྱ་བའི་སེམས་ཅན་དེའི། །ལུས་ངག་ཡིད་ལ་རྦད་པར་བྱ། །བདག་ཉིད་ཕྱག་རྒྱར་གསལ་བ་དང་། །འདྲེན་ཅིང་སྒྲོལ་བའི་ཕོ་ཉ་ནི། །གཤོག་པ་རྡོ་རྗེ་གདེངས་པ་ཡིས། །ཕོ་ཉ་ཡིད་མགྱོགས་རླུང་བས་མྱུར། །ལྕགས་ཀྱི་མི་ལ་མཁའ་གཤོག་ཅན། །ཕྱག་རྒྱ་བཅུ་དྲུག་འབར་བ་ལ། །ལྕགས་ཀྱི་མི་མོ་བརྒྱད་སྤྲུལ་པ། །ལྕགས་གཤོག་ཁྱུང་གི་འདབ་མ་ཅན། །སྐུ་གསུང་ཐུགས་ལས་སྤྲུལ་པ་ནི། །ལ་ལ་བྱན་ལག་མགོ་བོ་ལ། །ལུས་ནི་ལྕགས་ཀྱི་སྤྱང་མོར་སྤྲུལ། །ལ་ལ་ཁྱུང་གི་མགོ་བོ་ལ། །ལུས་ནི་ཟངས་ཀྱི་ཝ་མོར་སྤྲུལ། །ལ་ལ་ཁྲ་ཡི་མགོ་བོ་ལ། །ལུས་ནི་དྲེའུ་ནག་རྐང་གསུམ་མོ། །ལ་ལ་ཁྭ་ཡི་མགོ་བོ་ལ། །ལུས་ནི་སྡིག་པ་རྐང་གཅིག་པ། །ལ་ལ་ཆུན་ལག་མགོ་བོ་ལ། །ལུས་ནི་དུང་གི་སྤྱང་མོར་སྤྲུལ། །ལ་ལ་ཆུ་བྱའི་མགོ་བོ་ལ། །ལུས་ནི་བཅུ་དྲུག་ཚང་མར་སྤྲུལ། །ལ་ལ་བཞད་ཀྱི་མགོ་བོ་ལ། །ལུས་ནི་བྱུ་རུའི་སེང་གེར་སྤྲུལ། །ལ་ལ་ཀངྈའི་མགོ་བོ་ལ། །ལུས་ནི་ལྕགས་དྲེའུ་རྐང་གཅིག་པོ། །ལ་ལ་འུག་པའི་མགོ་བོ་ལ། །ལུས་ནི་དུང་ཕག་དཀར་མོར་སྤྲུལ། །ལ་ལ་པུ་ཤུད་མགོ་བོ་ལ། །ལུས་ནི་ལྕགས་ཀྱི་སྡིག་པར་སྤྲུལ། །ལ་ལ་མཐིང་རིལ་མགོ་བོ་ལ། །ལུས་ནི་དྲེའུ་ནག་རྐང་གསུམ་པོ། །ལ་ལ་སྐྱིན་གྱི་མགོ་བོ་ལ། །ལུས་ནི་བྱི་ལ་རྩལ་པོ་ཆེ། །ལ་ལ་བྱ་རྒོད་མགོ་བོ་ལ། །ལུས་ནི་གསེར་སྟ་གསེར་པོར་སྤྲུལ། །གང་ལ་བྱ་བའི་སེམས་ཅན་དེའི། །རྒྱུ་དྲུག་འཁོར་བའི་སེམས་


DNG018_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་རྣམས། །དམྱལ་ཁམས་བཅུ་དྲུག་ཁ་བྲིམས་ཏེ། །ཐུགས་རྗེ་ཆེན་པོའི་བྱིན་བརླབས་ཀྱིས། །འདི་ལ་བྱིན་གྱིས་བརླབས་ནས་ཀྱང་། །དམར་པོ་འབྱིན་པའི་ཕོ་ཉ་འགྱེད། །དུས་ལས་མ་གཡེལ་ཕྲིན་ལས་མཛོད། །བདག་ཕྱག་རྒྱར་གསལ་བར་བྱས་ལ། གཅོད་པ་དང་བྱིན་གྱིས་བརླབ་པའི་སྔགས་འབུམ་བཟླས། ལས་གྲུབ་པ་ལ་ཐེ་ཚོམ་མེད། རྡོ་རྗེ་སྡེར་མོ་ཅན་གྱི་གསང་སྔགས་ཀྱིས་དྲང་ངོ་། །དབང་ཆེན་བསྡུས་པའི་ཏན་ཏྲ་ལས། དམར་འབྱིན་གྱི་ལེའུ་སྟེ་བཞི་བཅུ་ཞེ་བདུན་པའོ།། །།ཚེ་ལ་དབང་ཐོབ་རིག་འཛིན་རྣལ་འབྱོར་གྱིས། འབྱུང་པོ་དགྲ་བགེགས་འདུལ་བའི་ཕྱིར། །དབང་ཆེན་བསྡུས་པའི་ཏན་ཏྲ་ལས། །ཆོས་ཀྱི་ཕོ་ཉའི་ལེའུ་འདི་གསུངས། །བསྐུལ་པའི་ལས་དག་རྦད་པའི་ཕྱིར། །གདུག་བྱེད་ཞབས་ཀྱི་འོད་ཟེར་ནི། །དཔའ་མཆོག་དྲག་ཤུལ་སྟག་གི་ཆས། །ཁྲོ་བོ་ཡབ་ཡུམ་སྦྱོར་བའི་བྱིན་རླབས་ལས། །སྟག་མགོ་དམར་པོ་དབུ་ལྔ་མེ་ལྟར་འབར། །སྟག་ལག་ཁྲ་མོ་ཞེ་སྡང་གློག་སྟོང་འགྱུ། །རྐང་གཅིག་མགྱོགས་མ་ཤིན་ཏུ་མི་བཟད་དེ། །ཤར་ཕྱོགས་ཁྱབ་པར་རྒྱུག་ཅིང་དཔལ་གྱི་བཀའ་ཉན་མ། །དྲི་ཟ་དབང་སྡུད་གདོན་བགེགས་ཐལ་བར་རློགས། །གདུག་བྱེད་ཞབས་ཀྱི་འོད་ཟེར་འཕྲོས་པ་ནི། །རྣོ་གདུག་ཟློག་བྱེད་རྒྱ་བྱེའུ་ལྕགས་ཀྱི་ཆས། །ཁྲོ་བོ་ཡབ་ཡུམ་སྦྱོར་བའི་བྱིན་རླབས་ལས། །ལྕགས་མགོ་སྔོན་མོ་དབུ་ལྔ་མེ་ལྟར་འབར། །ལྕགས་ལག་ཁྲ་མོ་ཞེ་སྡང་གློག་སྟོང་འགྱུ། །རྐང་གཅིག་མགྱོགས་མ་ཤིན་ཏུ་མི་བཟད་དེ། །ཤར་ལྷོར་ཁྱབ་པར་རྒྱུག་ཅིང་དཔལ་གྱི་བཀའ་ཉན་མ། །དྲང་སྲོང་དབང་སྡུས་དགྲ་བགེགས་ཐལ་བར་རློགས། །གདུག་བྱེད་ཞབས་ཀྱི་འོད་ཟེར་འཕྲོས་པ་ནི། །ཤེས་རབ་ཏིང་འཛིན་རྡོ་རྗེ་འཆོལ་བའི་ཆས། །ཁྲོ་བོ་ཡབ་ཡུམ་སྦྱོར་བའི་བྱིན་རླབས་ལས། །རྡོ་རྗེ་དམར་པོའི་དབུ་ལྔ་མེ་ལྟར་འབར། །རྡོ་རྗེའི་ལག་པ་ཞེ་སྡང་གློག་སྟོང་འགྱུ། །རྐང་གཅིག་མགྱོགས་མ་ཤིན་ཏུ་མི་བཟད་དེ། །ལྷོ་ཕྱོགས་ཁྱབ་པར་རྒྱུག་ཅིང་དཔལ་གྱི་བཀའ་ཉན་མ། །གཤིན་རྗེ་དབང་སྡུད་དགྲ་བགེགས་ཐལ་བར་རློགས། །གདུག་བྱེད་ཞབས་ཀྱི་འོད་ཟེར་འཕྲོས་པ་


DNG018_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །དཔའ་བརྗིད་མཉེན་ལྕུག་སྦྲུལ་ནག་འཁྲིལ་བའི་ཆས། །ཁྲོ་བོ་ཡབ་ཡུམ་སྦྱོར་བའི་བྱིན་རླབས་ལས། །སྦྲུལ་མགོ་ནག་པོའི་དབུ་ལྔ་མེ་ལྟར་འབར། །སྦྲུལ་ལག་ཁྲ་མོ་ཞེ་སྡང་གློག་སྟོང་འགྱུ། །རྐང་གཅིག་མགྱོགས་མ་ཤིན་ཏུ་མི་བཟད་དེ། །ལྷོ་ནུབ་ཁྱབ་པར་རྒྱུག་ཅིང་དཔལ་གྱི་བཀའ་ཉན་མ། །སྲིན་པོ་དབང་སྡུད་དགྲ་བགེགས་ཐལ་བར་རློགས། །གདུག་བྱེད་ཞབས་ཀྱི་འོད་ཟེར་འཕྲོས་པ་ནི། །དབང་གི་བསེ་ཁྲབ་གཟི་འབར་བགྲད་པའི་ཆས། །ཁྲོ་བོ་ཡབ་ཡུམ་སྦྱོར་བའི་བྱིན་རླབས་ལས། །བསེ་མགོ་དམར་པོ་དབུ་ལྔ་མེ་ལྟར་འབར། །བསེ་ལག་ཁྲ་མོ་ཞེ་སྡང་གློག་སྟོང་འགྱུ། །རྐང་གཅིག་མགྱོགས་མ་ཤིན་ཏུ་མི་བཟད་དེ། །ནུབ་ཕྱོགས་ཁྱབ་པར་རྒྱུག་ཅིང་དཔལ་གྱི་བཀའ་ཉན་མ། །ཀླུ་སྲིན་དབང་སྡུད་གདོན་བགེགས་ཐལ་བར་རློགས། །གདུག་བྱེད་ཞབས་ཀྱི་འོད་ཟེར་འཕྲོས་པ་ནི། །ཟ་བྱེད་ཆེན་པོ་ཏིང་འཛིན་མཆེ་བའི་ཆས། །ཁྲོ་བོ་ཡབ་ཡུམ་སྦྱོར་བའི་བྱིན་རླབས་ལས། །ཟ་བྱེད་མཆེ་བའི་དབུ་ལྔ་མེ་ལྟར་འབར། །མཆེ་བའི་ལག་པ་ཞེ་སྡང་གློག་སྟོང་འགྱུ། །རྐང་གཅིག་མགྱོགས་མ་ཤིན་ཏུ་མི་བཟད་དེ། །ནུབ་ཕྱོགས་ཁྱབ་པར་རྒྱུག་ཅིང་དཔལ་གྱི་བཀའ་ཉན་མ། །རླུང་ལྷ་དབང་སྡུད་དགྲ་བགེགས་ཐལ་བར་རློགས། །གདུག་བྱེད་ཞབས་ཀྱི་འོད་ཟེར་འཕྲོས་པ་ནི། །གཟི་མདངས་ཤུ་ཀེན་སྤྲུལ་པ་དར་གྱི་ཆས། །ཁྲོ་བོ་ཡབ་ཡུམ་སྦྱོར་བའི་བྱིན་རླབས་ལས། །དར་མགོ་དམར་པོ་དབུ་ལྔ་མེ་ལྟར་འབར། །དར་ལག་ཁྲ་མོ་ཞེ་སྡང་གློག་སྟོང་འགྱུ། །རྐང་གཅིག་མགྱོགས་མ་ཤིན་ཏུ་མི་བཟད་དེ། །བྱང་ཕྱོགས་ཁྱབ་པར་རྒྱུག་ཅིང་དཔལ་གྱི་བཀའ་ཉན་མ། །གནོད་སྦྱིན་དབང་སྡུད་གདོན་བགེགས་ཐལ་བར་རློགས། །གདུག་བྱེད་ཞབས་ཀྱི་འོད་ཟེར་འཕྲོས་པ་ནི། །གཅན་གཟན་རྒྱལ་པོ་གདུག་པ་གཟིག་གི་ཆས། །ཁྲོ་བོ་ཡབ་ཡུམ་སྦྱོར་བའི་བྱིན་རླབས་ལས། །གཟིག་མགོ་དམར་མོ་དབུ་ལྔ་མེ་ལྟར་འབར། །གཟིག་ལག་ཁྲ་མོ་ཞེ་སྡང་གློག་སྟོང་འགྱུ། །རྐང་གཅིག་མགྱོགས་མ་ཤིན་ཏུ་མི་བཟད་དེ། །བྱང་ཤར་ཁྱབ་པར་རྒྱུག་ཅིང་དཔལ་གྱི་བཀའ་ཉན་མ། །དབང་ལྡན་དབང་


DNG018_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

སྡུད་གདོན་བགེགས་ཐལ་བར་རློགས། །ཕྱོགས་བཞི་མཚམས་བརྒྱད་དྲེགས་པའི་དཔུང་འཇོམས་མ། །ཟ་བྱེད་མཆེ་བས་གདུག་པའི་དཔུང་ཡང་འཇོམས། །ང་རྒྱལ་བསྙེམས་པས་ཕ་རོལ་ཟིལ་གྱིས་གནོན། །ཏུག་ཆོམ་འབྲུག་སྒྲས་སྲིན་པོའི་ཐོད་རུས་འཇོམས། །ཛཿཧཱུཾ་བཾ་ཧོཿས་སྲིད་པ་དབང་དུ་སྡུད། །ཧཱུཾ་དང་ཕཊ་ཀྱིས་སྲིད་གསུམ་འཁོར་བ་འཇིག །ཕྲིན་ལས་དུས་ལ་བབ་པོ་གཤེགས་སུ་གསོལ། །མ་མ་བགྱིས་པས་མ་མོ་བསྐུལ། །ཛཿཛཿབགྱིས་པས་མཁའ་འགྲོ་རྦད། །ཧེ་ཧེ་བགྱིས་པས་ཕྲ་མེན་དགྱེ། །ཧྲཱྀཿཧྲཱྀཿབགྱིས་པས་རྟ་མགྲིན་མངག །བྷྱོ་བྷྱོ་བགྱིས་པས་དབང་ཕྱུག་བོད། །དབྱངས་སུ་ཚངས་པའི་གླུ་དྲུག་བླངས། །ལས་སུ་དགྲ་བགེགས་མ་ལུས་བསྒྲལ། །རྟགས་སུ་གསང་བའི་རྔེའུ་ཆུང་བརྡུང་། །དཔལ་གྱི་ཕྲིན་ལས་དུས་ལ་བབ། །དབང་ཆེན་བསྡུས་པའི་ཏན་ཏྲ་ལས། གློ་རྡེག་ཆས་ཀྱི་ཕོ་ཉ་མངག་པའི་ལེའུ་སྟེ་ཞེ་བརྒྱད་པའོ།། །།ཚེ་ལ་དབང་ཐོབ་རིག་འཛིན་རྣལ་འབྱོར་གྱིས། །རྡོ་རྗེ་ཆེ་མཆོག་བསྒྲུབ་པའི་ཕྱིར། །དབང་ཆེན་བསྡུས་པའི་ཏན་ཏྲ་ལས། །བཀྲ་ཤིས་གསང་བའི་ལེའུ་འདི་གསུངས། །ཡིད་དུ་འོང་བའི་གནས་མཆོག་ཏུ། །ཕུན་སུམ་ཚོགས་དང་ལྡན་བྱས་ནས། །བཀྲ་ཤིས་མ་དྷལ་ཟླུམ་པོ་ལ། །འདོམ་གང་ཚད་དང་ལྡན་པར་བྱ། །པདྨ་འདབ་མ་བརྒྱད་པ་ལ། །སྟེགས་བུ་ཟླ་གམ་རེ་རེ་བཀོད། །ཕྱོགས་བཞིར་ཟླ་གམ་བཞི་པ་ལ། །གཤོག་པ་མོ་ལ་སོགས་པ་བཞི། །སྟེང་དུ་བྷནྡ་བཞི་དང་བཅས། །མཚམས་ཀྱི་ཟླ་གམ་བཞི་པོ་ལ། །ཟ་བྱེད་ལ་སོགས་ཡུམ་བཞི་ཡང་། །བྷནྡ་བཞི་ལ་རྡོ་རྗེས་མཚན། །ཤིན་ཏུ་བརྟགས་ཏེ་བཀོད་པར་བྱ། །དབུས་ཀྱི་ལྟ་བ་ཟླུམ་པོ་ལ། །ཡུམ་མཆོག་གཟི་ལྡན་པདྨ་ཅན། །ཟླ་གམ་ཁ་སྤྲོད་ཐོད་པར་བཅས། །སྙིང་པོ་སྔགས་དང་བཅས་པར་དགོད། །མཚན་མའི་རྣམ་རྟོག་མི་མངའ་ཡང་། །བདུད་དང་གཤིན་རྗེ་གདུལ་བ་དང་། །ཚེ་དང་བསོད་ནམས་བརྟན་པའི་ཕྱིར། །རྡོ་རྗེའི་ར་བས་ཀུན་ཏུ་བསྐོར། །རྣལ་འབྱོར་གང་ཞིག་སྐལ་ཡོད་པ། །དཀྱིལ་འཁོར་དེ་ཡིས་དོན་ཡང་བཤད། །རྫས་ལ་དངོས་


DNG018_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་གསོལ་བ་གདབ། །ཚེ་ཡི་རིག་འཛིན་ཐོབ་པའི་ཕྱིར། །ཚེ་བུམ་བྷནྡ་སྲུབ་མེད་ལ། །མགུལ་ཆིངས་གསང་བའི་རས་ཀྱིས་དཀྲི། །ནང་དུ་དཔའ་བོ་སྨན་དང་བཅས། །སྙིང་པོ་ཡུམ་གྱི་སྐུར་བསྐྱེད་ཅིང་། །གསང་བའི་བསྙེན་པ་དགུ་འབུམ་དབུལ། །བུམ་པར་བསྡུ་ཞིང་དབྱིངས་སུ་ཐིམ། །སྦྱོར་བའི་བྱང་ཆུབ་སེམས་དང་བཅས། །མཁའ་ལ་སྤྲོས་ཤིང་དབྱིངས་སུ་བསྡུ། །དེ་ལས་སེམས་ཀྱིས་སྐུར་བསྒོམ་པས། །ཚོན་གང་སྐུ་ཡིས་སྟོང་གསུམ་གང་། །ཚེ་གནས་འཕྲུལ་གྱི་དགོངས་པ་ཆེ། །སྤེལ་བའི་ཆོ་ག་ཡིན་པར་གསུངས། །རྣལ་འབྱོར་ཡབ་ཡུམ་སྦྱོར་བའི་སེམས། །དམར་པོ་ཧྲཱྀཿདང་ལྡན་སྤྲོས་ནས། །གཟི་ལྡན་ཐུགས་ཀར་ཐིམ་བྱས་ཏེ། །གཉིས་སུ་མེད་པར་གྱུར་པ་ནི། །བསྡིམ་པའི་ཆོ་ག་ཡིན་པར་གསུངས། །སྦྱོར་བའི་སེམས་ལ་འཕྲོ་འདུ་ན། །ཁམས་གསུམ་གང་ནས་འདུས་པ་དང་། །གཟི་ལྡན་ལྟེ་བའི་གཞལ་ཡས་སུ། །ཐིམ་གྱུར་རྒྱ་གྲམ་གཏམས་པས་བཅད། །བདུད་དང་མུ་སྟེགས་གང་གིས་ཀྱང་། །འདི་ལ་མཐོང་བར་མི་ནུས་པས། །སྦ་བའི་ཆོས་གང་ཡིན་པར་གསུངས། །སྦྱོར་བའི་བྱང་ཆུབ་སེམས་ཀྱི་སྤྲིན། །ཛཿཛཿསྤྲིན་ཕུང་འཕྲོ་འདུ་ལས། །ཀླུ་དང་སྲིན་པོ་འཁོར་བཅས་ཀྱི། །ཚེ་དང་གཟི་བརྗིད་བཀུག་ནས་ཀྱང་། །བུམ་པ་གཟི་ལྡན་ཐུགས་ཀར་བསྡུ། །འདི་ནི་འགུགས་པའི་ཆོ་གར་གསུངས། །སྦྱོར་བའི་བྱང་སེམས་ཧཱུཾ་དཀར་སྤྲོ། །དེ་ལ་རྩེ་གསུམ་རྡོ་ལྕགས་ཀྱུ། །ཚེ་ཉམས་ལྡེག་པའི་སྦྱོར་བ་ཡིས། །ལུས་ངག་ཡིད་གསུམ་བརླབས་ནས་ནི། །སྐུ་གསུང་ཐུགས་སུ་གསལ་བ་དང་། །ནྲྀ་ཡང་ཧཱུཾ་དུ་བྱིན་བརླབས་ཏེ། །ཤིན་ཏུ་གང་ངམ་རྒྱས་པ་ནི། །གསོ་བའི་ཆོ་ག་ཡིན་པར་གསུངས། །ཐམས་ཅད་གཅིག་ཏུ་གྱུར་པ་དང་། །མཉམ་ཉིད་ཆོས་སྐུ་དག་པ་ཡིས། །དབང་དུ་བསྡུ་བའི་ཆོ་ག་ཡིན། །ཅིར་སྣང་ཅི་སྲིད་བྱང་ཆུབ་སེམས། །དེ་ལས་ཕྱག་རྒྱའི་དཀྱིལ་འཁོར་ཆེ། །གཡོ་དང་མི་གཡོ་སྣ་ཚོགས་ཀུན། །མི་ནུབ་ལྡན་པའི་ཨཱ་ཡུ་སེམས། །དམར་པོ་དབང་བསྡུས་རྒྱས་བཏབ་པ། །རྒྱས་གདབ་ཆོ་ག་ཡིན་པར་གསུངས། །ཐམས་ཅད་མ་


DNG018_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་གཟི་ལྡན་ཡུམ། །དཀྱིལ་འཁོར་བུམ་པར་བཅས་པ་ཀུན། །མི་དམིགས་གཟི་ལྡན་མཁའ་ལ་ཐིམ། །ཚོན་གང་གསལ་བའི་སྐུ་བསྐྱེད་ནས། །མུ་ཏིག་ནས་ཙམ་ཕྱག་ན་བསྣམས། ། རྐང་པ་འདི་གཉིས་དཔྱད་དགོས་དེ་ཉིད་ཡེ་ཤེས་ཕྱག་ན་བསྣམས། །གཉིས་སུ་མེད་པར་གྱུར་པ་དང་། །སྐྱེ་མེད་ཆོས་ཀུན་རྟོགས་པ་ནི། །གནས་ཀྱི་ཆོ་ག་ཡིན་པར་གསུངས། །སོ་སོར་ཕོ་ཉ་གཏང་བ་ཡང་། །སྤེལ་བའི་དུས་ན་གཤོག་པ་མོ། །བསྡིམ་པའི་དུས་ན་དྲ་བ་ཅན། །སྦ་བའི་དུས་ན་སྡེར་མོ་ཅན། །དགུག་པའི་དུས་ན་གློག་འགྱུ་མ། །གསོ་བའི་དུས་ན་མགོ་བརྙན་ཅན། །དབང་དུ་བསྡུ་བ་དམར་མོའི་ཚོགས། །རྒྱས་འདེབས་དུས་ན་གསང་ཡུམ་བཞི། །བསྒྲུབ་པ་ཆེན་པོ་རྫོགས་པ་དང་། །དངོས་གྲུབ་གསོལ་དང་དབང་བསྐུར་དང་། །སྨོན་ལམ་གདབ་དང་པྲ་ལ་སོགས། །ཕྲིན་ལས་བཅོལ་དང་གཏོར་མ་གཏང་། །གཞུང་ལས་འབྱུང་བ་བཞིན་དུ་བྱ། །དབང་ཆེན་བསྡུས་པའི་ཏན་ཏྲ་ལས། བཀྲ་ཤིས་ཚེ་ཡི་ལེའུ་སྟེ་བཞི་བཅུ་ཞེ་དགུ་པའོ།། །།ཚེ་ལ་དབང་ཐོབ་རིག་འཛིན་རྣལ་འབྱོར་གྱིས། །ཕྱི་རབས་རྣལ་འབྱོར་རྟོགས་པ་བསྐྱེད་པའི་ཕྱིར། །དབང་ཆེན་བསྡུས་པའི་ཏན་ཏྲ་ལས། །ལྟ་བ་བྱང་ཆུབ་སེམས་ཀྱི་ལེའུ་འདི་གསུངས། །ཏིང་འཛིན་ཐབས་ཀྱི་བརྒྱུད་པའི་བྱེ་བྲག་ལ། །དབང་ཆེན་དཀྱིལ་འཁོར་རིམ་པ་ཅིར་སྣང་བ། །ཡབ་ཡུམ་གཉིས་མེད་བྱང་ཆུབ་སེམས་སུ་བལྟ། །གཞལ་ཡས་ཡིད་བཞིན་ལྷུན་གྱིས་གྲུབ་པ་ཡང་། །སྐྱོན་མེད་ཡོན་ཏན་ཕུན་སུམ་ཚོགས་ལྡན་པས། །ཡབ་ཡུམ་གཉིས་མེད་བྱང་ཆུབ་སེམས་སུ་བལྟ། །མེ་རི་དམར་པོ་ཕྱོགས་བཞིར་འཕྲོ་བ་ཡང་། །སྟོང་ཁམས་ཡོངས་སུ་བསྲེགས་པའི་མཐུ་ལྡན་པས། །ཡབ་ཡུམ་གཉིས་མེད་བྱང་ཆུབ་སེམས་སུ་བལྟ། །མེ་འབྲུག་དམར་མོ་ནག་མོར་སྣང་བ་ཡང་། །ཞེ་སྡང་གདུག་པའི་དགྲ་བགེགས་གདུལ་བ་དང་། །གཉེན་པོ་གཞན་མ་མེད་པའི་མཐུ་ལྡན་པས། །ཡབ་ཡུམ་གཉིས་མེད་བྱང་ཆུབ་སེམས་སུ་བལྟ། །འཕན་དང་རྒྱལ་མཚན་བ་དན་དང་། །བླ་རེ་རྒྱལ་མཚན་ལ་སོགས་མང་པོ་ཀུན། །ཆོས་ཀྱི་རུ་མཚོན་ཆེན་པོ་འཕྱར་བ་ཡིས། །བདུད་བཞི་


DNG018_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

བསྙལ་མགོ་གནན་པའི་ཕྱིར། །གདུག་པའི་གཉེན་པོ་གཞན་མེད་པས། །ཕ་རོལ་ཟིལ་གྱིས་གནོན་པའི་མཐུ། །ཡབ་ཡུམ་གཉིས་མེད་བྱང་ཆུབ་སེམས་སུ་བལྟ། །རིན་ཆེན་ཁྲི་རྐང་ཕྱོགས་བཞིར་གསལ་བ་ཡང་། །སྤྲིན་མེད་ཉི་བདུན་གསལ་བའི་མཐུ་ལྡན་པས། །ཡབ་ཡུམ་གཉིས་མེད་བྱང་ཆུབ་སེམས་སུ་བལྟ། །གསེར་གྱི་སེང་གེ་ཉི་ཤུ་བཞིར་སྣང་བ། །སྟོབས་ཀྱི་དཔག་ཚད་གཞན་ལས་དཔག་པའི་ཕྱིར། །ཐེག་པའི་བ་དན་རྒྱ་མཚོ་ལྟ་བུ་སྟེ། །ཐེག་པ་ཕྲ་མོ་འདུལ་བའི་མཐུ་ལྡན་པས། །ཡབ་ཡུམ་གཉིས་མེད་བྱང་ཆུབ་སེམས་སུ་བལྟ། །པདྨ་སྟོང་དང་ལྡན་པར་སྣང་བ་ཡང་། །སྣ་ཚོགས་འབྱུང་ཞིང་སྐྱེ་བའི་གཞི་དང་ལྡན། །ཉེས་པའི་སྐྱོན་དང་བྲལ་བའི་མཐུ་ཡོད་པས། །ཡབ་ཡུམ་གཉིས་མེད་བྱང་ཆུབ་སེམས་སུ་བལྟ། །ཡེ་ཤེས་རིན་ཆེན་ཉི་ཟླའི་འོད་སྣང་བས། །འཇིག་རྟེན་ཡོངས་སུ་སྒྲོན་ལྟར་འབར་བ་དང་། །སྟོང་གསུམ་མུན་ནག་སེལ་བའི་མཐུ་ལྡན་པས། །ཡབ་ཡུམ་གཉིས་མེད་བྱང་ཆུབ་སེམས་སུ་བལྟ། །ཞེ་སྡང་རྡོ་རྗེ་ཕྱག་རྒྱའི་སྐུར་གསལ་བ། །རྒྱལ་བ་མང་པོའི་ཐུགས་ཀྱི་དངོས་གཞི་སྟེ། །གཅིག་ལས་འདོད་དགུར་བསྒྱུར་བའི་མཐུ་ལྡན་པས། །ཡབ་ཡུམ་གཉིས་མེད་བྱང་ཆུབ་སེམས་སུ་བལྟ། །རྨད་བྱུང་པདྨ་གར་གྱི་སྐུར་གསལ་བས། །ཁམས་གསུམ་མ་ལུས་དབང་དུ་བསྡུ་བ་དང་། །ངན་སོང་གནས་སུ་སྟོང་པའི་མཐུ་ལྡན་པས། །ཡབ་ཡུམ་གཉིས་མེད་བྱང་ཆུབ་སེམས་སུ་བལྟ། །དབུ་གཙུག་རྟ་མགོ་ལྗང་གུ་བསྟན་པ་ནི། །ཀླུ་ཡི་རྒྱལ་པོའི་རྫུ་འཕྲུལ་ཕྲོག་པ་དང་། །ཐུགས་རྗེ་ཆགས་པས་འགྲོ་བ་བསྒྲལ་བའི་མཐུ་ལྡན་པས། །ཡབ་ཡུམ་གཉིས་མེད་བྱང་ཆུབ་སེམས་སུ་བལྟ། །རྡོ་རྗེ་རིན་ཆེན་ལས་བྱུང་གཤོག་པ་ནི། །རྫུ་འཕྲུལ་ལ་སོགས་གང་ཡང་ཐོགས་པ་མེད། །མྱུར་བའི་ཤུགས་ལྡན་མཁའ་ལ་དབྱིངས་ཕྱུག་མ། །ཐུགས་རྗེ་ཀུན་ལ་སྙོམས་པའི་མཐུ་ལྡན་པས། །ཡབ་ཡུམ་གཉིས་མེད་བྱང་ཆུབ་སེམས་སུ་བལྟ། །བཅུ་དྲུག་ཕྱག་ན་མཚོན་ཆ་བསྣམས་པ་ཡང་། །ཕྲ་


DNG018_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

མེན་བཅུ་དྲུག་དབྱིངས་ལ་རོལ་པ་དང་། །མི་མཐུན་གཉེན་པོས་འདུལ་བའི་མཐུ་ལྡན་པས། །ཡབ་ཡུམ་གཉིས་མེད་བྱང་ཆུབ་སེམས་སུ་བལྟ། །སྐུ་ལ་ཚར་གསུམ་ཕྲེང་དང་ལྡན་པ་ནི། །དུག་གསུམ་ཚོགས་ལ་ཞེན་པ་བཟློག་པ་དང་། །དུག་གསུམ་དབྱིངས་སུ་སྒྲོལ་བའི་མཐུ་ཡོད་པས། །ཡབ་ཡུམ་གཉིས་མེད་བྱང་ཆུབ་སེམས་སུ་བལྟ། །མཉེན་ལྕུག་སྦྲུལ་གྱི་ཆུན་པོར་སྣང་བ་ཡང་། །སྐུ་ལ་ཞེ་སྡང་གདུག་པ་མི་མངའ་ཡང་། །མི་མཐུན་དྲེགས་པ་གཞིལ་བར་བྱ་བ་དང་། །ཀླུ་དབང་འཁོར་གྱིས་དབང་བསྐུར་མཐུ་ལྡན་པས། །ཡབ་ཡུམ་གཉིས་མེད་བྱང་ཆུབ་སེམས་སུ་བལྟ། །ཞབས་ཀྱིས་ཁྲོ་བརྒྱད་ཟིལ་གནོན་གཏང་བ་ཡང་། །ས་བཅུ་འདས་ཤིང་ཕ་རོལ་ཕྱིན་རྫོགས་ཏེ། །དབང་བཅུ་ཅིག་ཆར་རྫོགས་པའི་མཐུ་ལྡན་པས། །ཡབ་ཡུམ་གཉིས་མེད་བྱང་ཆུབ་སེམས་སུ་བལྟ། །ཕྱག་རྒྱ་ཆེན་པོ་གཅིག་ཏུ་མ་ངེས་ཏེ། །འཁོར་གྱི་ཕོ་ཉ་ཡང་སྤྲུལ་མང་པོ་དང་། །དབང་གི་སྐུ་གསུང་ཐུགས་ལས་མ་གཡོས་ཀྱང་། །ལོག་རྟོག་འདུལ་ཕྱིར་རྣམ་པར་སྤྲུལ་པ་ནི། །སྐུ་གསུང་ཉིད་ལས་གཡོས་པ་མེད་པ་ནི། །ཐམས་ཅད་མ་ལུས་སྤྲོས་མེད་ཐིག་ལེ་ཆེ། །འབྱུང་བ་ལྔ་ལ་སོགས་པས་བསྡུས་པ་ཀུན། །ཡེ་ནས་སྤྲོས་མེད་བྱང་ཆུབ་སེམས་སུ་བལྟ། །ལྟ་བ་འདི་ལ་གང་ཞིག་བསྒོམ་པ་ནི། །ད་ལྟ་ཉིད་ནས་སྐལ་བ་བྱང་ཆུབ་མཉམ། །དབང་ཆེན་བསྡུས་པའི་ཏན་ཏྲ་ལས། ལྟ་བ་བྱང་ཆུབ་སེམས་ཀྱི་ལེའུ་ཞེས་བྱ་སྟེ་ལྔ་བཅུ་པའོ།། །།ཚེ་ལ་དབང་ཐོབ་རིག་འཛིན་རྣལ་འབྱོར་གྱིས། །ཉེ་བར་བསྒྲུབ་པའི་མན་ངག་ཏུ། །དབང་ཆེན་བསྡུས་པའི་ཏན་ཏྲ་ལས། །སྦྱོར་བའི་དམ་ཚིག་འདི་གསུངས་སོ། །ཕྱི་རབས་སྐལ་བ་ལྡན་པ་ཡིས། །མ་ཉམས་བརྩོན་པས་སྤྱད་བྱས་ནས། །ཐེ་ཚོམ་མེད་ཅིང་ངེས་པར་འགྲུབ། །ལུས་དང་ངག་ཡིད་ཕྱག་རྒྱ་ཆེ། །དབྱིངས་ནས་གསང་བའི་ཡུམ་བསྐྱེད་པ། །སྙིང་པོ་འབྲུ་དང་བཅས་པས་སོ། །མཉམ་པས་མཉམ་པའི་ཕྱག་རྒྱར་གསལ། །གཉིས་སུ་མེད་པར་སྦྱར་བའི་ཕྱིར། །གསང་བའི་རྩེ་མོར་ཨཱོཾ་སེར་པོ། །ཡེ་ཤེས་ལྔ་ཡི་ས་བོན་བསམ། །རྡོ་རྗེ་རྩེ་ལྔར་གྱུར་


DNG018_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

པར་དམིགས། །དེ་དཀྱིལ་ཨཱཿལས་ཟླ་བ་སྟེ། །ཐབས་ཀྱི་ཕྱག་རྒྱའི་ཆོ་འཕྲུལ་ལོ། །གཟི་ལྡན་གསང་བར་ཨེ་གྲུ་གསུམ། །དེ་དཀྱིལ་མ་ལས་ཉི་མ་སྟེ། །དེ་སྟེང་པདྨ་བཾ་ལས་བརྟག །ཤེས་རབ་ཕྱག་རྒྱའི་ཆོ་འཕྲུལ་ལོ། །སྐུ་བསྐྱེད་ཕྱག་རྒྱ་གསལ་བ་དང་། །སོ་སོར་གསང་བའི་བརྡ་མཚོན་ཏེ། །བསྟོད་ཅིང་བསྐུལ་དང་ལྡན་བྱས་ནས། །ཨཱོཾ་དང་མཱུཾ་གྱི་འཕྲོ་འདུ་ལས། །ཆོ་ག་གསུམ་གྱི་བྱིན་རླབས་ལས། །པྲ་བེ་ཤ་ཞེས་སྒོ་ཕྱེ་སྟེ། །འདབ་བརྒྱད་པདྨ་ཉི་མར་བཅས། །དེ་དབུས་གསང་བའི་རྡོ་རྗེ་དབུལ། །ཧཱུཾ་གིས་གསོར་ཞིང་ཧ་ཡིས་བསྐྱོད། །ཡང་ནས་ཡང་དུ་བསྐྱོད་པ་ནི། །སྐུ་གསུང་དབྱིངས་སུ་བསྐུལ་བའོ། །ཧཱུཾ་ནི་ཡབ་ཀྱི་བྱང་ཆུབ་སེམས། །གོ་རོ་ཙ་ནའི་དབྱིངས་ནས་བཏོན། །སྲོག་ཆགས་གསང་བའི་སྦུབས་སུ་སྦྱང་། །ལྗགས་ཀྱི་དབང་པོར་བསྐྱིལ་བ་དང་། །ནཱ་སའི་དབྱིངས་ནས་ཀླད་པར་བསྐུལ། །ཚོར་བ་ཉམས་སུ་མྱོང་ནས་ནི། །སྒལ་བའི་རྩར་དུ་བརྒྱུད་ནས་ཀྱང་། །གསང་བའི་རྡོ་རྗེའི་ལམ་དུ་སྦྱང་། །བྷ་ག་གསང་བའི་དཀྱིལ་འཁོར་དུ། །ཡང་ནས་ཡང་དུ་སྤྲོ་ཞིང་བསྡུ། །ཉི་མ་ཟླ་བ་པདྨ་དང་། །རྡོ་རྗེ་ལ་སོགས་འདྲེན་པ་དང་། །སྦྱོར་བའི་བྱང་ཆུབ་རབ་སྤྲོས་པས། །ཕྱོགས་བཅུ་རྒྱལ་བའི་ཐུགས་དམ་བསྐུལ། །མཐའ་ཡས་སེམས་ཅན་དོན་ཡང་བྱ། །སླར་འདུས་ཕྱག་རྒྱའི་སྐུར་འགྱུར་བ། །ཡེ་ཤེས་སེམས་དཔའ་ཚོན་གང་པོ། །དེ་ཡང་ཡབ་ཡུམ་སྦྱོར་བ་ཡིས། །བྱང་ཆུབ་སེམས་ནི་ལྕེ་ལ་གཞག །རྫས་ལས་ཚེ་ཡི་དངོས་གྲུབ་གསོལ། །འདི་ནི་སྦྱོར་བའི་ལུང་དུ་གྲགས། །བྱང་ཆུབ་སེམས་ཀྱི་འོད་ཟེར་ལས། །སླར་ཡང་ཡུམ་གྱི་དབྱིངས་སུ་ཐིམ། །དེ་ལས་ཕྱག་རྒྱའི་སྐུར་བསྒོམ་ལ། །དོང་ཙེ་ཙམ་གྱི་ཟླ་དཀྱིལ་དུ། །ཡེ་ཤེས་སེམས་དཔའ་ཚོན་གང་དམར། །ཡུང་འབྲུ་ཙམ་གྱི་གོ་མནབས་པ། །གཡས་པས་ཡིད་བཞིན་ནོར་བུ་བསྣམས། །གཡོན་པས་རིན་ཆེན་ཟ་མ་ཏོག །དེ་ལྟར་དཀྱིལ་འཁོར་གསལ་བ་ལྟར། །སྤྲུལ་པས་བདག་གཞན་དོན་བྱས་པ། །ཐམས་ཅད་མ་ལུས་ཕྱག་རྒྱའི་སྐུ། །སྦྱོར་བ་ཆེན་པོས་བསྐྱེད་པའོ། །རྫོགས་ནས་མཐོལ་བཤགས་བཟོད་


DNG018_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

པར་གསོལ། །དབང་ཆེན་བསྡུས་པའི་ཏན་ཏྲ་ལས། སྦྱོར་བའི་ལེའུ་སྟེ་ང་གཅིག་པའོ།། །།ཚེ་ལ་དབང་ཐོབ་རིག་འཛིན་རྣལ་འབྱོར་གྱིས། །སྐུ་གསུང་ཐུགས་ཀྱི་རྔོམ་བརྗིད་ནི། །སྐྱེ་མེད་ཐབས་ཀྱི་ཕྱག་རྒྱ་ཆེ། །འདི་ནི་དཔའ་བོ་ཆེན་པོའི་སྐུ། །ཁྲོ་བོ་རྔོམ་བརྗིད་རྒྱལ་པོའི་ལེའུ། །བློ་དང་ལྡན་པའི་རྣལ་འབྱོར་གྱིས། །ཕྱི་རབས་སྐལ་ལྡན་དོན་ཕྱིར་གསུངས། །སྐུ་ལས་རྔམ་པ་བཞིར་གྲགས་པ། །ནམ་མཁའི་རི་མོ་ཕྱག་རྒྱ་དེས། །ཅིར་ཡང་འགྱུར་བའི་བཞུགས་ཐབས་རྔམ། །ཟིལ་གྱིས་གནོན་པའི་གདན་མཆོག་རྔམ། །ཚམ་རྔམས་ཆེན་པོའི་སྟོངས་ཐབས་རྔམ། །གསུང་ལས་རྔམ་པ་བཞིར་གྲགས་པ། །ཧོམ་ལྔར་འདྲེལ་བའི་ཞལ་རྔམ། ཟླ་གམ་ཅིར་ཡང་འགྱུར་བའི་ལྗགས་རྔམ། སྐྱེ་ཤི་རྩད་ནས་གཅོད་པའི་ཚེམས་རྔམ།གསུང་སྒྲ་འབྲུག་ལྟར་སྒྲོགས་པའི་དབྱངས་རྔམ། ཐུགས་ཀྱི་རྔམ་བཞིར་གྲགས་པ།ཏིང་འཛིན་ནམ་མཁའི་རྒྱན་གྱི་སྐར་ཚོགས་ལྟ་བུ་རྔམ། ཕྲིན་ལས་རྒྱ་མཚོ་རྒྱན་གྱི་རླབས་ལྟ་བུ་རྔམ། ཡོན་ཏན་ས་གཞི་རྒྱན་གྱི་རྩི་ཤིང་ནགས་ཚལ་ལྟ་བུ་རྔམ།མཛད་པའི་རོལ་མོ་རྒྱན་གྱི་གར་ཐབས་ལྟ་བུ་རྔམ། ཡོན་ཏན་གྱི་རྔམ་བཞིར་གྲགས་པ། རཱུ་ཏྲ་བཅོམ་པའི་གནས་རྔམ། ལྷ་ཆེན་མནན་པའི་གདན་རྔམ།ཁམས་གསུམ་བསྒྲལ་བའི་ཞིང་རྔམ། རྟོག་འཇོམས་སྤྱོད་པའི་བརྟུལ་ཞུགས་རྔམ།སྐུ་ཡི་བརྗིད་པ་བཞིར་གྲགས་པ། སྐུ་ཆེ་ཡན་ལག་རགས་པས་བརྗིད་ཆེ། གྲངས་མང་རྐྱེན་དང་འཚམས་པས་བརྗིད་ཆེ། བཀུར་འོས་གཙོ་བོར་མཐོང་བས་བརྗིད་ཆེ། ཁྱད་ཞུགས་བླ་མ་ཡིན་པས་བརྗིད་ཆེ། གསུང་གི་བརྗིད་པ་བཞིར་གྲགས་པས། གདངས་ཆེ་སྟོང་གསུམ་གང་བས་བརྗིད་ཆེ། ཚིག་ཉུང་ཐེ་ཚོམ་གཅོད་པས་བརྗིད་ཆེ། དོན་ལ་ཉི་ཚེར་སྟོན་པས་བརྗིད་ཆེ། གསལ་བས་མཐའ་གཉིས་སྤངས་པས་བརྗིད་ཆེ། ཐུགས་ཀྱི་བརྗིད་པ་བཞིར་གྲགས་ལ། ཐུགས་རྗེས་ཐུགས་དམ་མཐར་ཕྱིན་བརྗིད་ཆེ། མ་རྨོངས་ཐབས་ཀྱིས་འདུལ་བ་བརྗིད་


DNG018_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ། མ་བཀག་ས་ལེར་མཁྱེན་པས་བརྗིད་ཆེ། སྣ་ཚོགས་ཅིར་ཡང་སྟོན་པས་བརྗིད་ཆེ།ཡོན་ཏན་བརྗིད་པ་བཞིར་གྲགས་པ། མེད་ལ་ཟད་མི་ཤེས་པས་བརྗིད་ཆེ།གཅིག་ལས་འདོད་དགུར་བསྒྱུར་བས་བརྗིད་ཆེ། གནོད་སྦྱོར་ཕན་པར་མཛད་པས་བརྗིད་ཆེ། ཐབས་མཁས་སྐྱོན་གྱིས་མ་གོས་པས་བརྗིད་ཆེ། ཕྲིན་ལས་བརྗིད་པ་བཞིར་གྲགས་པ། ཕྲིན་ལས་རྒྱུན་དུ་མཛད་པས་བརྗིད་ཆེ། མི་བསྙེངས་ཉམས་བག་རོལ་པས་བརྗིད་ཆེ། འཁོར་བ་ཡུན་རིང་མི་བསྙེངས་བརྗིད་ཆེ། མགོན་སྐྱབས་རྒྱུན་དུ་མཛད་པས་བརྗིད་ཆེ། དགོངས་པའི་དོན་རྣམས་མཛད་པས་བརྗིད་ཆེ། དེ་ལྟར་དབང་ཆེན་ཧེ་རུ་ཀའི། །ཡོན་ཏན་སུམ་ཅུ་རྩ་དྲུག་གིས། །དུག་གསུམ་སྐུ་གསུང་ཐུགས་སུ་སྦྱར། །སྡུག་བསྔལ་བདེ་བ་ཆེན་པོར་སྦྱར། །དབྱིངས་ལས་ཡེ་ཤེས་ཆེན་པོ་སྟེ། །ངན་འགྲོ་མཐོ་རིས་སྐྱས་བཏབ་པས། །དམྱལ་ཚོགས་དོང་སྤྲུག་ཆེན་པོར་མཛད། །རྒྱལ་བ་གང་གི་ཐུགས་རྗེས་ཀྱང་། །འདི་ནི་རྡུལ་ཆ་བསྐྱད་དུ་མེད། །སྲིད་གསུམ་དབང་དུ་བསྡུས་ནས་ནི། །ཁམས་གསུམ་དུས་གཅིག་དབྱིངས་སུ་ཐིམ། །ཐིག་ལེ་ཆོས་སྐུར་ཡེ་གནས་པས། །དབང་ཆེན་ཞེས་ཀྱང་འདི་ལ་བསྔགས། །དབང་ཆེན་བསྡུས་པའི་ཏན་ཏྲ་ལས། ཁྲོ་བོ་རྔོམ་བརྗིད་རྒྱལ་པོའི་ལེའུ་སྟེ་ལྔ་བཅུ་ང་གཉིས་པའོ།། །།ཚེ་ལ་དབང་ཐོབ་རིག་འཛིན་རྣལ་འབྱོར་གྱིས། །ཚེ་དང་དབང་ཐང་སྤེལ་བའི་ཕྱིར། །དབང་ཆེན་བསྡུས་པའི་ཏན་ཏྲ་ལས། །གཟི་བྱིན་ཚེ་ཡི་ལེའུ་འདི་གསུངས་སོ། །དང་པོར་ཕུན་སུམ་ཚོགས་ལྡན་ནས། །བཀའ་དང་མཐུན་པའི་དགོན་གནས་སུ། །མན་དྷལ་འདོམ་གང་གྲུ་བཞི་ལ། །དབུས་སུ་གྲུ་གསུམ་ཚད་དུ་ནི། །ཁྲུ་གང་གྲུ་གསུམ་འཕང་དུ་བརྩིག །ངོས་སུ་ཟླ་གམ་བཞི་པ་ལ། །བར་ཁྱམས་སྒོ་དང་སྒོ་ཁྱུད་བཅས། །མེ་དཔུང་འབར་བས་མཐའ་བསྐོར་ཞིང་། །ཤིན་ཏུ་མཛེས་དང་ལྡན་པར་བྲི། །ལཀྵ་ཕུན་སུམ་ཚོགས་པ་ཡང་། །གཟི་ལྡན་མཚན་དང་ལྡན་པར་བྲི། །ཐོད་པ་མ་གས་ཁྱད་པར་ཅན། །ལྕང་ལོ་འབར་བས་


DNG018_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱན་པ་ལྔ། །དབུས་དང་ཕྱོགས་བཞི་ཟླ་གམ་ལའོ། །སྨན་དང་ཛ་གད་རྒུན་ཆང་ངམ། །མངར་དང་སྦྲང་རྩི་འོ་མ་སོགས། །ཇི་ཙམ་འབྱོར་བའི་ཡོ་བྱད་རྣམས། །གོང་མའི་སྣོད་རྣམས་རབ་ཏུ་དགང་། །དེ་ནས་རྣལ་འབྱོར་དབང་ཕྱུག་གི། །ཚེ་དང་གཟི་བརྗིད་སྤེལ་བའི་ཕྱིར། །ཐབས་ལ་མཁས་པས་འདི་སྐད་གསུངས། །སྦྱང་དང་སྤེལ་དང་བསྒོམ་པ་དང་། །ཡིག་འབྲུ་སྤྲོ་དང་བསྡུ་བ་དང་། །རིགས་ཀྱི་ཕོ་ཉ་གཏང་བ་དང་། །བསྙེན་པའི་གྲངས་དང་རྒྱས་གདབ་དང་། །ཕྲ་དང་རིག་པས་མངོན་སུམ་བསྡུ། །བལྟ་བས་ལྷན་ནེར་གསལ་བའོ། །དེ་ལ་སྦྱང་བར་བྱ་བ་ཡང་། །སྔགས་དང་ཕྱག་རྒྱ་ཕོ་ཉ་དང་། །ཆོས་ཉིད་དག་པའི་ངང་གིས་སོ། །སྤེལ་བའི་དོན་དང་རང་བཞིན་ནི། །ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། །མཚན་མའི་ཕྱག་རྒྱ་མཁའ་ལྟར་ཁྱབ། །འདི་ནི་སྤེལ་བའི་ལུང་དུ་གསུངས། །བསྒོམ་པར་བྱ་བ་འདི་དག་སྟེ། །སྣོད་བཅུད་ཡུམ་གྱི་དབྱིངས་སུ་བསྒོམ། །སྣང་སྲིད་ཕྱག་རྒྱའི་ཚོགས་སུ་བསྒོམ། །འདི་ནི་བསྒོམ་པའི་ལུང་དུ་གསུངས། །ཡིག་འབྲུ་སྤྲོ་བར་བྱ་བ་ནི། །ཨཱ་ཡུ་དམར་པོ་དབང་གི་སྐུ། །བསྙེན་པའི་ས་བོན་ཉིད་དུ་སྤྲོ། །འདི་ནི་སྤྲོ་བའི་ལུང་དུ་གསུངས། །བསྐུལ་དང་དོན་བྱས་འདུས་པ་དང་། །གཟི་དང་ལྡན་པའི་དཔལ་བེའུ་ན། །སེམས་དཔའི་སྐུ་དང་ལྡན་པར་བྱ། །རིགས་ཀྱི་ཕོ་ཉ་དགྱེ་བ་ནི། །ཤར་ནས་རྡོ་རྗེའི་ཕོ་ཉ་མོ། །གཤོག་པའི་ལུས་ལ་ཕོ་ཉའི་གདོང་། །ལྷོ་ནས་རྡོ་རྗེ་ཕོ་ཉ་མོ། །གཤོག་པའི་ལུས་ལ་རིན་ཆེན་གདོང་། །ནུབ་ནས་རྡོ་རྗེ་ཕོ་ཉ་མོ། །གཤོག་པའི་ལུས་ལ་སྦྲུལ་གྱི་གདོང་། །བྱང་ནས་རྡོ་རྗེའི་ཕོ་ཉ་མོ། །ཐེའུ་གཤོག་ལུས་ལ་སྤྲུལ་པའི་གདོང་། །དབུས་ནས་མགྱོགས་པའི་ཕོ་ཉ་མོ། །བ་མན་ལུས་ལ་འཁོར་ལོའི་གདོང་། །རྒྱན་དང་ཆ་ལུགས་སྨོས་པར་མཐུན། །བསྙེན་པའི་གྲངས་ནི་འདི་དག་གི། །ཨཱ་ཡུ་སེམས་ཀྱི་རང་བཞིན་ནི། །གདོད་ནས་མ་སྐྱེས་ནམ་མཁའ་བཞིན། །བུན་ནེ་མ་བཀག་ཅི་བདེར་ཡན། །རྟོགས་ནས་ཞག་གཅིག་དྲུག་སྟོང་


DNG018_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

བཟླ། །དེ་ལྟར་རྟགས་ནས་གྲངས་རྫོགས་པ། །འདི་ནི་བསྙེན་པའི་ལུང་དུ་གསུངས། །མཁས་ལྡན་ཆེན་པོས་རྒྱས་གདབ་པ། །ཐམས་ཅད་མཉམ་ཉིད་ཆོས་སྐུ་ལ། །གཅིག་ཏུ་བསྡུས་ནས་གཟི་ལྡན་རྒྱ། །ཐུགས་ཀར་རྡོ་རྗེ་རྒྱ་གྲམ་གྱིས། །འགྱུར་བ་མེད་པར་བསྡིམ་ལ་གདབ། །འདི་ནི་རྒྱས་བཏབ་ལུང་དུ་གསུངས། །པྲ་ལ་དབབ་པར་བྱ་བ་ནི། །རིན་ཆེན་མེ་ཏོག་བོར་ནས་ཀྱང་། །གང་ལ་བབ་པའི་ཚེ་དབང་བསྐུར། །འདི་ནི་པྲ་དབབ་ལུང་དུ་གསུངས། །རིག་པས་སྐུར་གསལ་བྱ་བ་དང་། །བལྟ་བ་ཐམས་ཅད་སངས་རྒྱས་པའོ། །འདི་ནི་མངོན་སུམ་ལུང་དུ་གསུངས། །དེ་ནས་བསྐུལ་ཅིང་དོན་བྱ་བ། །བདག་ཉིད་དཔལ་གྱི་ཐུགས་ཀ་ནས། །ལྕགས་ཀྱུ་ཞགས་པའི་ཕོ་ཉ་རྣམས། །ཚེ་དང་གཟི་མདངས་ཕྲོག་ཕྱིར་བསྐུལ། །ལྕགས་ཀྱུས་བསྐུལ་བས་གཤིན་རྗེ་འཛིན། །ཞགས་པས་བསྡམས་པས་འབྱུང་པོ་འདུལ། །སྒྲོག་གིས་ཐམས་ཅད་སྡོམ་པར་བྱེད། །དྲིལ་བུས་ལུས་སེམས་མྱོས་པར་བྱེད། །ཚེ་ལ་བར་ཆད་བྱེད་པའི་བགེགས། །གང་ན་གནས་པ་ཐམས་ཅད་ཀུན། །བཀུག་ནས་རྣམ་ཤེས་ཨཱ་ཡུར་དམིགས། །འཕྲོ་འདུས་དོན་བྱས་སླར་འདུས་དང་། །ཨཱ་ཡུ་སྐྱེ་མེད་དང་པོའི་གནས། །ས་ནས་ཆོས་ཀྱི་དབྱིངས་སུ་བསྡུ། །ཚེ་དང་གཟི་བརྗིད་འཕེལ་རྒྱས་ཤིང་། །སྡུག་བསྔལ་བདེ་བར་བྱིན་རློབས་པས། །གཟི་བྱིན་ལེའུ་འདི་ལ་བསྔགས། །དེ་ནས་རྫས་དང་ལག་ཆ་དང་། །སྨན་ལ་སོགས་པའི་བྱེ་བྲག་རྣམས། །མཁས་ལྡན་ཆེན་པོས་འདི་ལྟར་རོ། །སྣ་ཚོགས་མཚན་མར་སྣང་བ་ཡི། །རྫས་དང་ལག་ཆའི་མཚན་མ་ཀུན། །སོ་སོའི་མཚན་ཉིད་མངོན་སུམ་ཡང་། །སྒྱུ་མ་ལྟ་བུར་མངོན་བྱས་ཏེ། །སྒྱུ་མ་ཉིད་ལ་སྒྱུ་མ་རོལ། །ཡེ་ཤེས་ཉིད་ལ་ཡེ་ཤེས་ཐིམ། །ཐིམ་གྱུར་དབྱིངས་ནས་ཕྱག་རྒྱ་ཆེ། །འདི་ནི་བྱང་ཆུབ་སེམས་ཀྱི་རྒྱ། །མ་བཏབ་བཞིན་དུ་ཡོངས་ལ་གསལ། །སྐྱེ་ཤི་མེད་པའི་ཆོས་སྐུར་དམིགས། །འདུ་


DNG018_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

འབྲལ་མེད་པའི་གཟུངས་སུ་འགྱུར། །འགྱུར་བ་མེད་པའི་སྐུ་བརྙེས་པས། །གཟི་བྱིན་ཚེ་ཡི་ལེའུ་འོ། །ཞེས་གསུངས་སོ། །དབང་ཆེན་བསྡུས་པའི་ཏན་ཏྲ་ལས། གཟི་བྱིན་ཚེའི་ལེའུ་སྟེ་ལྔ་བཅུ་གསུམ་པའོ།། །།ཚེ་ལ་དབང་ཐོབ་རིག་འཛིན་རྣལ་འབྱོར་གྱིས། །ཕྱི་རབས་རྣལ་འབྱོར་རྣམས་ཀྱི་དོན་ཆེད་དུ། །དབང་ཆེན་བསྡུས་པའི་ཏན་ཏྲ་ལས། །ཕུན་སུམ་ཚོགས་པ་བརྒྱད་ཀྱི་ལེའུ་འདི་གསུངས། །དེ་ཡང་གང་དང་གང་ཞེ་ན། གནས་ཕུན་སུམ་ཚོགས་པ་བཅའ་བ་དང་། དུས་ཕུན་སུམ་ཚོགས་པ་འདུ་བ་དང་། འཁོར་ཕུན་སུམ་ཚོགས་པ་དང་ལྡན་པ་དང་། རྫས་ཕུན་སུམ་ཚོགས་པ་བཙལ་བ་དང་། ཡོ་བྱད་ཕུན་སུམ་ཚོགས་པ་བསག་པ་དང་། ཏིང་ངེ་འཛིན་ཕུན་སུམ་ཚོགས་པ་བསར་བ་དང་། ཕྲིན་ལས་ཕུན་སུམ་ཚོགས་པ་སྤྱད་པ་དང་། དངོས་གྲུབ་ཕུན་སུམ་ཚོགས་པ་བསྡུ་བའོ། །དེ་ལྟར་ཕུན་སུམ་ཚོགས་པ་བརྒྱད་དང་ལྡན་པར་བྱ་དགོས་ཏེ། ཏན་ཏྲ་མ་མོ་ལས་ཀྱང་། བསྒྲུབ་པ་ཆེན་པོའི་དུས་དག་ཏུ། །གནས་མ་བརྟགས་དང་དུས་ལས་ཡོལ། །འཁོར་དང་མི་ལྡན་རྫས་མ་རྙེད། །ཡོ་བྱད་མ་ཚང་ཏིང་འཛིན་གཡེལ། །ཕྲིན་ལས་མ་འགྲུབ་དངོས་གྲུབ་ཡལ། །འདི་རྣམས་བསྒྲུབ་པའི་སྐྱོན་བརྒྱད་ཡིན། །ཕྱི་རབས་སྔགས་འཆང་སྒྲུབ་པ་པོས། །དོན་ལས་ཡིད་ཆེས་མ་གྱུར་ཀྱང་། །ཐོས་པའི་སེམས་ནི་རྩེ་གཅིག་གིས། །བསྒྲིམ་ནས་ཕུན་སུམ་ཚོགས་བྱས་ན། །བསྒྲུབ་པའི་འབྲས་བུ་ཡལ་མི་འགྱུར། །འདི་ལ་ཐེ་ཚོམ་ཅི་སྟེ་ཟ། །ཞེས་གསུངས་སོ། །དབང་ཆེན་བསྡུས་པའི་ཏན་ཏྲ་ལས། ) ཕུན་སུམ་ཚོགས་པ་བརྒྱད་ཀྱི་ལེའུ་སྟེ་ལྔ་བཅུ་བཞི་པའོ།། །།ཚེ་ལ་དབང་ཐོབ་རིག་འཛིན་རྣལ་འབྱོར་གྱིས། །ཕུན་སུམ་ཚོགས་པ་བརྒྱད་དང་ལྡན་བྱས་ནས། །ཕྱི་རབས་རྣལ་འབྱོར་རྣམས་ཀྱི་དོན་ཆེད་དུ། །དབང་ཆེན་བསྡུས་པའི་ཏན་ཏྲ་ལས། །ཁྱད་པར་དབང་གི་ལེའུ་འདི་གསུངས། །དེ་ཡང་གང་དང་གང་ཞེ་ན། ཡེ་རྒྱ་སྤྱི་ཡི་དབང་དང་། ཁྱད་པར་རིམ་པའི་དབང་ངོ་། །ཡེ་


DNG018_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་སྤྱི་ཡི་དབང་ནི་རྒྱུད་ལས་འདི་སྐད་དོ། །རྒྱལ་ཐབས་སྤྱི་བླུག་ཐེག་ཆེན་ཨ་ཏིའི་དབང་། བསྐུར་རོ་ཙམ་གྱིས་ཐོབ་པའོ། །ཁྱད་པར་རིམ་པའི་དབང་ལ་ཡང་། ཐབས་གང་གིས་དབང་བ་དང་། དོན་ཆེན་ཅི་ལ་དབང་བ་དང་།དབང་གི་དངོས་གཞི་བསྟན་པ་དང་། དབང་གི་གྲངས་བསྟན་པ་དང་། དབང་རྟགས་ཅི་འཆང་བ་བསྟན་པ་དང་། དབང་བ་ཡུལ་ཅི་ལ་བསྒྱུར་བསྟན་པ་དང་།དབང་གི་ཚད་བསྟན་པ་དང་། དབང་བསྐུར་བའི་དུས་བསྟན་པ་དང་། དབང་བསྐུར་བའི་ཐབས་བསྟན་པ་དང་། དབང་གི་ཁྱད་པར་བསྟན་པ་དང་། དབང་གི་མན་ངག་བསྟན་པ་དང་། དབང་གི་ཡོན་ཏན་བསྟན་པའོ། །དེ་ལྟ་བས་ན་ཕྱི་ནང་གསང་བ་ཡི། །ཐེག་པའི་རིམ་པ་ཅི་སྙེད་གསུངས་མོད་ཀྱི། །དེ་ཡི་ནང་ནས་འབྲས་བུ་ཐེག་རྒྱལ་བསྔགས། །འབྲས་བུ་ཐེག་རྒྱལ་ནང་ནས་དབང་ལུང་གཅེས། །ཤེས་བཞིན་དབང་མེད་རློམས་སེམས་ཅན། །ཁ་ཅིག་ཡ་མ་བརླ་དང་གསོབ་འདྲ་བས། །དོན་དང་མཐུན་པའི་སྐྱེས་བུ་དབང་ཆེན་ལ། །རྟགས་དང་ལྡན་པས་དབང་བསྐུར་ཤིན་ཏུ་རིགས། །དབང་མེད་ཁ་ཅིག་རང་དབང་ཟོས་གྱུར་ཅིང་། །ཐུག་ཐུབ་ཁོང་ཡངས་ཤེས་ཐོས་གཙོར་བཞག་ནས། །ཆེ་བཞི་མེད་བཞིན་ཡོད་པའི་ལས་སྤྱོད་པ། །ངན་སོང་གསུམ་གྱི་ས་བོན་དེ་ཡིན་པས། །སྲིད་པར་འཁྱམས་ཤིང་ཆོས་ལམ་རིང་བར་སྣང་། །བཀའ་ལ་བརྟེན་ནས་དབང་མེད་བཀའ་རྐུན་ལ། །དབང་ལུང་ཚད་མར་བརྒྱུད་པའི་སྐྱེས་བུ་ཡིས། །བསྐུར་ཡང་མི་ཐོབ་བོང་བུའི་སྤྱོད་པ་བཞིན། །ཐོབ་པར་མི་འགྱུར་ཆགས་པར་མི་འགྱུར་རོ། །དབང་གི་ཁྱད་པར་བསྟེན་པའི་ལེའུ་སྟེ་ལྔ་བཅུ་ལྔ་པའོ།། །།ཚེ་ལ་དབང་ཐོབ་རིག་འཛིན་རྣལ་འབྱོར་གྱིས། །ཕུན་སུམ་ཚོགས་པ་བརྒྱད་དང་ལྡན་བྱས་ནས། །ཕྱི་རབས་རྣལ་འབྱོར་རྣམས་ཀྱི་དོན་ཆེད་དུ། །དབང་གི་ཁྱད་པར་རིམ་པར་བསྐུར་ནས་ཀྱང་། །འདའ་ཀ་ཐུགས་ཀྱི་དམ་ཚིག་འདི་གསུངས་སོ། །བསྡམ་པར་བྱ་བའི་དམ་ཚིག་ནི། །སྲོག་གི་ཕྱིར་ཡང་མི་འདའ་འོ། །


DNG018_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་དངོས་པོར་སྣང་བ་ཡང་། །དངོས་པོ་མེད་པའི་སྐུར་གསལ་བས། །རྟོག་པའི་དོན་ལས་མི་འདའོ། །སྒྲ་མཐའ་སྣ་ཚོགས་གྲགས་པ་ཡང་། །སྨྲ་བ་མེད་པའི་གསུང་ཡིན་པས། །རིག་པའི་དོན་ལས་མི་འདའོ། །བསྟན་དུ་མེད་པའི་བསམ་པ་ནི། །དེ་ཡི་ཐུགས་ཀྱི་རང་བཞིན་ཏེ། །དེ་ལས་འདའ་བར་མི་བྱའོ། །སྐུ་གསུང་ཐུགས་ལས་མ་གཡོས་ཀྱང་། །ཆེ་བའི་ཡོན་ཏན་སྣ་ཚོགས་འབྱུང་། །འོད་ཡང་ཟད་མེད་འཕེལ་མེད་པ། །ཡོན་ཏན་དམ་ཚིག་ཡིན་པར་གྲགས། །འདི་ལས་འདའ་བར་མི་བྱའོ། །བཙལ་བ་མེད་པའི་ལས་གང་ཡིན། །དེ་ཉིད་ཐབས་ཀྱི་སྤྱོད་མཆོག་པས། །ཕྲིན་ལས་དམ་ཚིག་འདའ་དཀའ་བའོ། །ལྔ་པོ་འདི་ལ་གང་གནས་པ། །རྣལ་འབྱོར་སྐལ་ལྡན་དམ་པའོ། །བསྒྲུབ་པའི་དམ་ཚིག་ཆེན་པོ་ནི། །བྱང་ཆུབ་སེམས་དང་ཤ་རྣམས་དང་། །ཁྲག་དང་དྲི་ཆུ་དྲི་ཆེན་པ། །དབང་པོ་ལྔ་དང་བཅས་པ་འདི། །བདེ་གཤེགས་ལྔ་ཡི་ཐུགས་དམ་སྟེ། །བསྒྲུབ་པ་གནས་པས་མི་སྤང་ཞིང་། །འདའ་བར་བྱ་བ་མ་ཡིན་ནོ། །བརྟུལ་ཞུགས་ཆེན་པོའི་དམ་ཚིག་ནི། །དཀའ་ཐུབ་སྡོམ་ལ་གནས་པའི་ཕྱིར། །བདུད་རྩི་དམ་རྫས་རྐྱེན་བཅས་ལ། །ཐོགས་པ་མེད་པའི་བརྟུལ་ཞུགས་ཀྱིས། །སྤང་ལེན་མེད་པའི་རོལ་པ་བྱ། །དེ་ལས་འདའ་བར་མི་བྱའོ། །བསྙེན་པའི་དམ་ཚིག་ཆེན་པོ་ནི། །ལྷ་དང་རྫས་དང་ཚེ་ལ་སོགས། །སྙིང་པོ་ཡིག་འབྲུར་བཅས་པ་རྣམས། །གཉིས་སུ་མེད་པར་རྟོགས་བྱས་ནས། །མཉམ་པ་ཆེན་པོའི་དབྱིངས་སུ་གཞག །དེ་ལས་འདའ་བར་མི་བྱའོ། །སྤྱད་པའི་དམ་ཚིག་ཆེན་པོ་ནི། །པདྨ་ཅན་དང་དུང་ཅན་དང་། །བ་གླང་ཅན་དང་རི་མོ་ཅན། །མི་མོ་མིག་རིང་ལ་སོགས་ལ། །ཕྲད་པར་གྱུར་པ་སྦྱར་བ་ཡིན། །མཐོང་བ་ཙམ་གྱི་དམ་ཚིག་སྟེ། །དབང་པོ་ཡུལ་དུ་ཤེས་མཚོན་བྱ། །དེ་ལས་འདའ་བར་མི་བྱའོ། །གྲུབ་པར་བྱ་བའི་དམ་ཚིག་ནི། །ཉོན་མོངས་ལྔ་པོ་གནས་སུ་དག །སྐུ་ལྔ་ཡེ་ཤེས་ལྔར་སྦྱར་ཅིང་། །ཐམས་ཅད་ལྷ་ཡི་ཕྱག་རྒྱར་གསལ། །འདི་ལས་འདའ་བར་མི་བྱའོ། །ཤེས་པར་བྱ་བའི་


DNG018_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་ནི། །འཁོར་བའི་ཆོས་ལྔ་མ་སྤངས་པར། །སྤྱད་པས་གྲོལ་ཏེ་མྱ་ངན་འདས། །ཕྱི་ནང་སྣོད་བཅུད་མ་ལུས་ཀུན། །ཕྱག་རྒྱ་ཆེན་པོའི་དཀྱིལ་འཁོར་འདུས། །འདི་ལས་འདའ་བར་མི་བྱའོ། །དང་དུ་བླང་བའི་དམ་ཚིག་ནི། །ཏན་གཎ་ལ་སོགས་སྤྱད་པ་ཡང་། །འདས་པའི་སངས་རྒྱས་རྣམས་ཀྱི་བཀའ། །མ་བྱིན་པར་ཡང་བླང་བ་དང་། །མི་དབང་པར་ཡང་སྤྱོད་པ་དང་། །ལྷ་དང་སློབ་དཔོན་མཆེད་ལ་སོགས། །དེ་ལ་རྫུན་གྱི་ཚིག་སྨྲ་ཞིང་། །བརླང་པོའི་ཚིགས་ཀྱིས་ཞེ་བགམ་པ། །དེ་ལས་འདའ་བར་མི་བྱའོ། །གླུ་བྲོ་གསང་བའི་དམ་ཚིག་ནི། །དབྱིངས་ཉིད་རྟོགས་པའི་ས་གཞི་ལ། །བྷུཌྜྷ་ཁྲག་འཐུང་རོལ་པའི་བྲོ། །གཏི་མུག་གནས་སུ་འཇོམས་པ་སྟེ། །འདའ་དཀའ་སྐུ་ཡི་དམ་ཚིག་གོ། །མེ་ལོང་གསལ་བའི་ས་གཞི་ལ། །རྡོ་རྗེ་ཁྲག་འཐུང་རོལ་པའི་བྲོ། །ཞེ་སྡང་གནས་སུ་འཇོམས་པ་ཡིས། །འདའ་དཀའ་ཐུགས་ཀྱི་དམ་ཚིག་གོ། །མཉམ་པ་ཆེན་པོའི་ས་གཞི་ལ། །རིན་ཆེན་ཁྲག་འཐུང་རོལ་པའི་བྲོ། །ང་རྒྱལ་གནས་སུ་འཇོམས་པ་སྟེ། །ཡོན་ཏན་ལྷུན་གྲུབ་དམ་ཚིག་བྲོ། །སོ་སོར་རྟོག་པའི་ས་གཞི་ལ། །པདྨ་ཁྲག་འཐུང་རོལ་པའི་བྲོ། །འདོད་ཆགས་གནས་སུ་འཇོམས་པ་སྟེ། །སྒྲ་མཐའ་གསུང་གི་དམ་ཚིག་གོ། །ནན་ཏན་ཆེན་པོའི་ས་གཞི་ལ། །ཀརྨ་ཁྲག་འཐུང་རོལ་པའི་བྲོ། །ཕྲག་དོག་གནས་སུ་འཇོམས་པ་སྟེ། །ཕྲིན་ལས་འདའ་དཀའི་དམ་ཚིག་གོ། །སྟོང་ཉིད་ཡེ་ཤེས་ས་གཞི་ལ། །དབང་ཆེན་ཁྲག་འཐུང་རོལ་པའི་བྲོ། །དུག་ལྔ་གནས་སུ་འཇོམས་པ་སྟེ། །སྐུ་ལྔ་ལྷུན་སྦྱོར་དམ་ཚིག་གོ། །དབྱིངས་ཕྱུག་ལྔ་ཡི་ས་གཞི་ལ། །ཡེ་ཤེས་དྲུག་གི་བྲོ་བརྡུངས་ཤིང་། །དུག་ལྔ་འཇོམས་པའི་གླུ་བླངས་པས། །སྡུག་བསྔལ་ཆུ་བོའི་གཞུང་བསྐམས་ནས། །འཁོར་བའི་རྒྱ་མཚོ་གཏིང་བསྐམས་ཏེ། །སྐུ་གསང་ཐུགས་སུ་རྒྱས་བཏབ་པས། །བདེ་བ་ཆེན་པོའི་སར་གནས་ཏེ། །དམྱལ་ཚོགས་མེ་དཔུང་གནས་སུ་བསད། །འདི་ནི་དཔལ་གྱི་བྲོ་བོ་ཆེ། །ཐོས་པ་ཙམ་གྱིས་རྟོག་པ་འབྱང་། །བརྡུང་བ་ཙམ་


DNG018_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ཐུགས་དམ་བསྐང་། །འདི་ནི་གླུ་བྲོའི་དམ་ཚིག་སྟེ། །འདི་ལས་འདའ་བར་མི་བྱའོ། །ཐམས་ཅད་ཆོས་སྐུ་གདལ་བ་ཆེ། །དབང་ཆེན་བསྡུས་པའི་ཏན་ཏྲ་ལས། འདའ་དཀའ་ཐུགས་ཀྱི་དམ་ཚིག་གི་ལེའུ་སྟེ་ལྔ་བཅུ་དྲུག་པའོ།། །།ཚེ་ལ་དབང་ཐོབ་རིག་འཛིན་རྣལ་འབྱོར་གྱིས། །ཕྱི་རབས་རྣལ་འབྱོར་རྣམས་ཀྱི་དོན་ཆེད་དུ། །དབང་ཆེན་བསྡུས་པའི་ཏན་ཏྲ་ལས། །མན་ངག་སྦས་པའི་ལེའུ་འདི་གསུངས། །ཕོ་བྲང་རིན་ཆེན་གཞལ་ཡས་ཁང་། །གདན་དང་འབྱུང་བར་བཅས་པ་རྣམས། །དབང་ཆེན་རིམ་གྱིས་བསྐྱེད་པ་ཡི། །འབྱུང་བ་ལྔ་ཡི་ཡི་གེ་ཧཱུཾ་ལ་སྦས། །རིགས་བཞི་སྦས་པའི་ཧེ་རུ་ཀ །རིན་ཆེན་ཁྲི་རྐང་བཞི་ལ་སྦས། །མ་ཚོགས་དབང་ཕྱུག་ཉི་ཤུ་བརྒྱད། །འདེགས་པའི་སེང་གེའི་གདན་དུ་སྦས། །མ་བདུན་གསང་བའི་ཕྱག་རྒྱ་ནི། །གསང་བའི་ཉི་མ་བདུན་དུ་སྦས། །གདན་ཁྲི་པདྨར་བརྩེགས་པ་ཡང་། །ཤེས་རབ་ཡུམ་གྱི་རང་བཞིན་ཏེ། །གསང་བ་ཡུམ་གྱི་བྷ་གར་སྦས། །ཞེ་སྡང་རྡོ་རྗེའི་ཕྱག་རྒྱ་ཡང་། །མན་ངག་གསང་བར་བརྒྱུད་པ་ནི། །གར་གྱི་དབང་ཕྱུག་སྐུ་ལ་སྦས། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་རྣམས། །དབུ་ལྔའི་གཞལ་ཡས་ཉིད་ལ་སྦས། །གསུང་དབྱངས་སྔགས་ཀྱི་དཀྱིལ་འཁོར་ནི། །དབུ་ཡི་རྟ་མགོ་ལྗང་གུར་སྦས། །སྐྱེ་མེད་ཡེ་ཤེས་སེམས་དཔའ་ནི། །ཐུགས་ཀའི་དཔལ་གྱི་བེའུར་སྦས། །དུར་ཁྲོད་ཕྲ་མེན་བཅུ་དྲུག་ནི། །འཇིགས་པའི་ཕྱག་མཚན་བཅུ་དྲུག་ཉིད་ལ་སྦས། །གདུལ་བྱ་ཕྱག་གི་བྱེ་བྲག་བཅུ་དྲུག་ནི། །ཏ་ཀྲྀཏ་བཅུ་དྲུག་ངོ་བོ་ཉིད་ལ་སྦས། །ཚེ་གནས་གསང་བའི་ཡུམ་ཆེན་གཟི་ལྡན་མ། །གསང་མཆོག་ཐུགས་ཀྱི་རྡོ་རྗེ་ཉིད་ལ་སྦས། །སྤྲུལ་པའི་འཁོར་ཚོགས་མང་པོ་ཀུན། །ཆོས་སྐུ་དངོས་པོར་མི་མཐོང་བས། །དམུས་ལོང་འཁོར་བའི་ཚོགས་སུ་སྦས། །བཀའ་ཉན་ལས་ཀྱི་ཕོ་ཉ་ཀུན། །དབྱིངས་ལ་རྟོགས་པ་མི་མངའ་བས། །ཁྱི་དང་སྤྱང་ཀུའི་ཚོགས་སུ་སྦས། །སྒོ་སྲུང་ཡབ་ཡུམ་བརྒྱད་རྣམས་ཀྱང་། །སྤྲུལ་སྐུ་དབྱིངས་སུ་གཅིག་པའི་ཕྱིར། །མགོ་དགུ་རྐང་གཅིག་ཉིད་དུ་སྦས། །མེ་འབྲུག་


DNG018_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་འབྲུག་ལ་སོགས་ཀུན། །སྒྲ་ཉིད་སྒྲ་མཐར་སྟོང་པའི་ཕྱིར། །སྟོང་པ་ཆེན་པོ་ཉིད་ལ་སྦས། །དེ་ལྟར་གང་ཞིག་རྟོགས་པ་ནི། །དཀྱིལ་འཁོར་བྱ་བ་དེ་ཉིད་ཡིན། །ཞེས་གསུངས་སོ། །དབང་ཆེན་བསྡུས་པའི་ཏན་ཏྲ་ལས། མན་ངག་སྦས་པའི་ལེའུ་སྟེ་ལྔ་བཅུ་བདུན་པའོ།། །།ཚེ་ལ་དབང་ཐོབ་རིག་འཛིན་རྣལ་འབྱོར་གྱིས། །ཕྱི་རབས་རྣལ་འབྱོར་རྣམས་ཀྱི་དོན་ཆེད་དུ། །དབང་ཆེན་བསྡུས་པའི་ཏན་ཏྲ་ལས། །ཡང་དག་དོན་གྱི་རྣམ་གྲངས་ལེའུ་འདི་གསུངས་སོ། །དེ་ཡང་གང་དང་གང་ཞེ་ན། མ་ནོར་བར་རྟོགས་པའི་བལྟ་བ་ཡང་དག་པ་དང་། མ་བགྲོད་པར་ཕྱིན་པའི་ས་ཡང་དག་པ་དང་། མ་བསྒྲུབས་པའི་དངོས་གྲུབ་ཡང་དག་པ་དང་། གཉིས་སུ་མི་འབྱེད་པའི་སྤྱོད་པ་ཡང་དག་པ་དང་། བསྲུང་དུ་མེད་པའི་དམ་ཚིག་ཡང་དག་པ་དང་། འབད་པ་མེད་པའི་བརྩོན་འགྲུས་ཡང་དག་པ་དང་། བྲིས་པ་མེད་པའི་དཀྱིལ་འཁོར་ཡང་དག་པ་དང་། བསྒོམ་དུ་མེད་པའི་ལྷ་ཡང་དག་པ་དང་། བསྐུར་བ་མེད་པའི་དབང་ཡང་དག་པ་དང་། མ་སོང་བར་ཕྱིན་པའི་གནས་ཡང་དག་པ་དང་། བརྗོད་དུ་མེད་པའི་ཚིག་ཡང་དག་པ་དང་བཅུ་གཅིག་ཏུ་བཀའ་སྩལ་ཏོ། །དེ་ལ་མ་ནོར་བར་རྟོགས་པའི་བལྟ་བ་ཡང་དག་པ་ནི། རྒྱུད་ལས། བལྟ་བ་འདི་ལ་གང་གནས་པ། །རྣལ་འབྱོར་འདི་ནི་སྐལ་བ་བཟང་ཅེས་འབྱུང་། །མ་བགྲོད་པར་ཕྱིན་པའི་ས་ཡང་དག་པ་ནི། རྒྱུད་ལས། ཀུན་ཏུ་འོད་ཀྱི་ས་ལས་འདས་ནས་ནི། །པདྨ་ཅན་དུ་གྱུར་པ་ན་ཅེས་འབྱུང་། །མ་བསྒྲུབས་པར་གྲུབ་པའི་དངོས་གྲུབ་ཡང་དག་པ་ནི། རྒྱུད་ལས། ངང་ལ་གནས་པ་དངོས་གྲུབ་ཡིན། །ཀློང་དུ་གྱུར་པས་བསྒྲུབ་ཐབས་སོ། །ཞེས་འབྱུང་། གཉིས་སུ་མི་འབྱེད་པའི་སྤྱོད་པ་ཡང་དག་པ་ནི། རྒྱུད་ལས། བླ་མེད་ཐེག་པར་རབ་ངེས་ན། །ཉོན་མོངས་འདོད་ལྔ་ཀུན་སྤྱད་ཀྱང་། །པདྨ་ལ་ནི་འདམ་བཞིན་ཏེ། །དེ་ནི་ཚུལ་ཁྲིམས་ཕུན་སུམ་ཚོགས་ཞེས་འབྱུང་། །བསྲུང་དུ་མེད་པའི་དམ་ཚིག་ཡང་དག་པ་ནི། རྒྱུད་ལས། གཏི་མུག་ཞེ་སྡང་ང་རྒྱལ་དང་། །འདོད་ཆགས་ཕྲག་དོག་ཆེན་པོ་ནི། །


DNG018_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་གཤེགས་ལྔ་ཡི་རང་བཞིན་པས། །བསྲུང་དུ་མེད་པའི་སྡོམ་པ་ཅན། །ཞེས་འབྱུང་། འབད་པ་མེད་པའི་བརྩོན་འགྲུས་ཡང་དག་པ་ནི། རྒྱུད་ལས། མི་ལེན་བྱང་ཆུབ་སྤྱོད་པ་ལ། །བྱེད་པ་མེད་པ་ལས་ཡིན་ཏེ། །མི་བཙལ་བཞག་པ་བརྩོན་འགྲུས་སོ། །ཞེས་འབྱུང་། བྲི་བ་མེད་པའི་དཀྱིལ་འཁོར་ཡང་དག་པ་ནི། རྒྱུད་ལས། འབྱུང་བ་ཡུམ་གྱི་གཞལ་ཡས་ན། །སྣང་སྲིད་ཕྱག་རྒྱའི་དཀྱིལ་འཁོར་ཡིན། །བྲི་བར་བྱ་བ་མིང་ཡང་མེད། །ཅེས་འབྱུང་། བསྒོམ་དུ་མེད་པའི་ལྷ་ཡང་དག་པ་ནི། རྒྱུད་ལས། བདག་ཉིད་ཆེན་པོའི་དོན་རྟོགས་ནས། །སངས་རྒྱས་ཀུན་གྱི་ཉིང་ཤ་ཅན། །བསྒོམ་པས་གཞན་ནས་མི་རྙེད་དོ། །ཞེས་འབྱུང་། བསྐུར་བ་མེད་པའི་དབང་ཡང་དག་པ་ནི། རྒྱུད་ལས། དབྱིངས་དང་ཡེ་ཤེས་དོན་རྟོགས་ན། །ཐབས་དང་ཤེས་རབ་དབང་ཆེན་ཡིན། །རྡོ་རྗེ་དྲིལ་བུ་རིག་པས་བཟུང་། །ཞེས་འབྱུང་། མ་སོང་བར་ཕྱིན་པའི་གནས་ཡང་དག་པ་ནི། རྒྱུད་ལས། ཁམས་གསུམ་ཡུམ་གྱི་བྷ་ག་ལས། །གང་ལྟར་སོང་ཡང་གནས་ཀྱི་མཆོག །ཅེས་འབྱུང་། བརྗོད་དུ་མེད་པའི་ཚིག་ཡང་དག་པ་ནི། རྒྱུད་ལས། མཚན་མ་མིང་དུ་བཏགས་པ་ཡང་། །མཚན་མ་མེད་པའི་ཆོས་ཡིན་པས། །ཚིག་ཏུ་བརྗོད་པའི་ཐ་སྙད་བྲལ། །ཞེས་འབྱུང་། དོན་དེ་ལྟ་བས་ན་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོས། དོན་དེ་ལྟར་ཡིད་ཆེས་ནས། རྟོགས་པ་ཀླུང་དུ་གྱུར་ནས་བསྒོམ་པ་ནི། བྷུཌྜྷ་ཙིཏྟ་ཛྭ་ལ་ཡིན་ནོ། །ཛྙཱ་ན་ཙིཏྟ་ཛྭ་ལ་ཡིན་ནོ། །བོ་བྷི་ཙིཏྟ་ཛྭ་ལ་ཡིན་ནོ། །དོན་འདི་ལ་ཡིད་མ་ཆེས་ཤིང་། ཡིན་མ་ཡིན་ཞེའམ། འདི་ལྟ་བུའི་ལྟ་བས་གཏན་ལ་མི་ཕེབས་ཞེས་སྐུར་པ་འདེབས་ཤིང་རྟོགས་པ་ཀླུང་དུ་མ་གྱུར་ན་ནི། ཀརྨ་ཙིཏྟ་ཛྭ་ལ་ཡིན་ནོ། །རཀྴ་ཙིཏྟ་ཛྭ་ལ་ཡིན་ནོ། །ནཱ་ག་ཙིཏྟ་ཛྭ་ལ་ཡིན་ནོ། །དབང་ཆེན་བསྡུས་པའི་ཏན་ཏྲ་ལས། ཡང་དག་དོན་གྱི་རྣམ་གྲངས་ཀྱི་ལེའུ་སྟེ་ལྔ་བཅུ་བརྒྱད་པའོ།། །།ཚེ་ལ་དབང་ཐོབ་རིག་འཛིན་རྣལ་འབྱོར་གྱིས། །ཕྱི་རབས་རྣལ་འབྱོར་རྣམས་ཀྱི་དོན་སླད་དུ། །དབང་ཆེན་བསྡུས་པའི་ཏན་ཏྲ་ལས། །


DNG018_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

རྨད་བྱུང་བྱང་ཆུབ་སེམས་ཀྱི་ལེའུ་འདི་གསུངས་སོ། །འབར་བའི་དབུ་ལྔ་རྨད་དུ་བྱུང་བ་ནི། །ཡེ་ཤེས་ལྔ་དང་ཡུམ་ལྔ་དབང་པོ་སྦྱོར། །མཉམ་པ་ཆེན་པོའི་ངང་དུ་ལྷན་ནེ་བསྒོམ། །འབར་བའི་རྟ་མགོ་རྨད་དུ་བྱུང་བ་ནི། །ལངྈ་ལ་སོགས་ཧེ་རུ་གསུམ་དུ་སྣང་། །སྐུ་གསུང་ཐུགས་ལས་མ་གཡོས་ལྷན་ནེར་བསྒོམ། །འབར་བའི་རལ་པ་རྨད་དུ་བྱུང་བ་ནི། །དབྱིངས་ལས་མ་གཡོས་ཆོས་སྐུ་འབར་བ་ལས། །ཁྲོ་བོ་མུན་ཛའི་ཅོད་པན་བྱེ་བ་འབུམ། །སྤྲུལ་སྐུའི་འགྲོ་དོན་སྒྲོལ་བར་ལྷན་ནེར་བསྒོམ། །འབར་བའི་སྤྱན་ལྔ་རྨད་དུ་བྱུང་བ་ནི། །དབང་པོ་ཡུལ་དང་གཉིས་མེད་སྦྱོར་བ་ཡིན། །ཡིན་དང་མ་ཡིན་རྣམ་པའི་བྱེ་བྲག་རྣམས། །ཅིག་ཆར་བཅད་ནས་དབྱིངས་སུ་ལྷན་ནེར་བསྒོམ། །འབར་བའི་ཤངས་ལྔ་རྨད་དུ་བྱུང་བ་ནི། །དབང་པོ་ཡུལ་དང་གཉིས་མེད་སྦྱོར་བ་ཡིན། །བསྲུང་བ་ཆོས་ཀྱི་བྱེ་བྲག་སོ་སོ་ཡང་། །ཚོར་བ་ཉམས་སུ་མྱོང་ཤིང་ཚིམས་གྱུར་ནས། །སྐྱེ་འགག་མེད་པའི་ངང་ལ་ལྷན་ནེར་བསྒོམ། །འབར་བའི་སྙན་ལྔ་རྨད་དུ་བྱུང་བ་ནི། །གསན་པ་མ་འགགས་སྒྲ་མཐའ་སོ་སོ་ཡང་། །དེ་ཉིད་སྒྲ་མཐར་སྟོང་པས་ཆོས་ཀྱི་སྐུ། །མེད་པ་ཟད་མི་ཤེས་པ་ལྷན་ནེར་བསྒོམ། །འབར་བའི་ཞལ་ལྔ་རྨད་དུ་བྱུང་བ་ནི། །ཧོམ་ལྔར་འདྲེལ་བས་རྒྱུད་ལྔ་བསྲེག་པའི་ཕྱིར། །སྤྲུལ་པའི་འཕྲོ་འདུ་ཉིད་དུ་སྣང་མོད་ཀྱི། །གར་ཡང་མ་འཕྲོས་དབྱིངས་སུ་ལྷན་ནེར་བསྒོམ། །འབར་བའི་ལྗགས་ལྔ་རྨད་དུ་བྱུང་བ་ནི། །བདེན་པའི་དོན་སྟོན་གསུང་རབ་མང་པོ་འཆད། །སྡེ་སྣོད་རྒྱུད་ལ་རྨོངས་པ་མི་མངའ་བའི། །ལེའུ་བརྒན་ཆགས་པས་འགྲོ་བ་སྒྲོལ་བར་བསྒོམ། །འབར་བའི་ཨག་ཚོམས་རྨད་དུ་བྱུང་བ་ནི། །ཆོས་སྐུ་མཚན་མ་མེད་པའི་ངོ་བོ་ལས། །གཟུགས་སྐུ་འཇའ་ཚོན་ལྔ་བུར་སྤྲུལ་པར་བསྒོམ། །འབར་བའི་ཚེམས་ལྔ་རྨད་དུ་བྱུང་བ་ནི། །འཁོར་བ་རྩད་གཅོད་ཡེ་ཤེས་ཆེན་པོ་ལྔས། །སྐྱེ་མེད་དོན་རྟོགས་དབྱིངས་སུ་གཞུག་པའི་ཕྱིར། །མ་གཡོས་ཆོས་ཀྱི་དབྱིངས་སུ་ལྷན་ནེར་བསྒོམ། །འབར་བའི་ཕྱག་མཚན་རྨད་དུ་བྱུང་བ་ནི། །རྡོ་རྗེ་ལྕགས་ཀྱུ་སྦྲུལ་གྱི་ཞགས་པ་དང་། །ཁྲོ་ཆེན་


DNG018_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་འབྱིན་རྡོ་རྗེ་ཁ་ཊྭཱཾ་ག །ཐོད་རློན་ཁྲག་དང་རྡོ་རྗེ་ལུ་གུ་རྒྱུད། །རྡོ་རྗེ་ལྕགས་ཀྱུ་དང་ནི་རྔེའུ་ཆུང་འཛིན། །སྡིགས་མཛུབ་རྩེ་ལ་མེ་འབར་རྡོ་རྗེ་ཁ་ཊྭཱཾ་སྒྲོལ། །རྡོ་རྗེ་རྩེ་གཅིག་རྩེ་གསུམ་རྩེ་ལྔ་རྩེ་དགུ་འབར་བ་གསོར་ཞིང་བརྡེག །སོ་སོའི་ཕྱག་མཚན་དངོས་སུ་གསལ་བ་ཡང་། །སྣང་ཙམ་ཉིད་ན་རང་བཞིན་མེད་པས་ན། །སྟོང་པ་ཆེན་པོའི་ཐིག་ལེ་ས་ལེར་བསྒོམ། །འབར་བའི་སྐུ་རྒྱན་རྨད་དུ་བྱུང་བ་ནི། །རྡོ་རྗེ་རིན་ཆེན་ལས་བྱུང་གཤོག་པ་ཅན། །ཐོད་རློན་སྦྲུལ་དང་གླང་ཆེན་སྟག་ལ་སོགས། །རྔོམ་བརྗིད་ལྡན་པའི་ཆ་ལུགས་ཅིར་སྟོན་པ། །ནམ་མཁའ་ལྟ་བུའི་དབྱིངས་སུ་ལྷན་ནེར་བསྒོམ། །འབར་བའི་ཞབས་བརྒྱད་རྨད་དུ་བྱུང་བ་ནི། །ཕྱིན་ཅི་ལོག་གི་དངོས་པོ་འཇོམས་པས་ན། །མཚན་མ་སྣ་ཚོགས་མཚན་མ་མེད་བྱས་པས། །སོ་སོའི་ན་བཟའ་གོ་ཆ་ཅི་འདྲ་ཡང་། །ཡེ་ཤེས་དབྱིངས་ལ་སྦྱོར་བ་ཉིད་དུ་བསྒོམ། །འབར་བའི་གདན་ཁྲི་རྨད་དུ་བྱུང་བ་ནི། །གཞན་གྱི་དངོས་གྲུབ་བདག་གིར་བྱ་བ་དང་། །མཉམ་པ་ཆེན་པོའི་དོན་ལ་དགོད་པའི་ཕྱིར། །དབྱིངས་དང་ཡེ་ཤེས་གཉིས་སུ་སྦྱོར་བར་བསྒོམ། །འབར་བའི་གཞལ་ཡས་རྨད་དུ་བྱུང་བ་ནི། །སྣ་ཚོགས་མང་པོ་རྒྱན་དང་བཀྲམ་པ་ཡང་། །ནམ་མཁའི་མཐའ་དང་དབྱེར་མེད་སྟོང་པས་ན། །སྤྲོས་མེད་ཐིག་ལེ་བྱང་ཆུབ་སེམས་སུ་བསྒོམ། །དབང་ཆེན་བསྡུས་པའི་ཏན་ཏྲ་ལས། རྨད་བྱུང་བྱང་ཆུབ་སེམས་ཀྱི་ལེའུ་སྟེ་ལྔ་བཅུ་དགུ་པའོ།། །།ཚེ་ལ་དབང་ཐོབ་རིག་འཛིན་རྣལ་འབྱོར་གྱིས། །ཕྱི་རབས་རྣལ་འབྱོར་རྣམས་ལ་ཕན་གདགས་ཕྱིར། །དབང་ཆེན་བསྡུས་པའི་ཏན་ཏྲ་ལས། །ལྟ་བ་རྒྱ་མཚོའི་ལེའུ་འདི་གསུངས། །བདེན་པ་བཞི་ཡིས་ལམ་མཚོན་ཏེ། །ས་དང་ས་ཡི་རིམ་པ་བཞིན། །བགྲོད་ནས་ཕྱིན་པར་འདོད་པ་གང་། །ལྡོངས་པས་ནམ་མཁར་བསྙེགས་པ་ལྟར། །ཕྱིན་པའི་གནས་སུ་ཁྱབ་པ་ཡང་། །གནས་ལས་འཕོས་པ་མེད་པས་ན། །ལྟ་བ་རྒྱ་མཚོ་བཞིན་དུ་བལྟ་བར་བྱ། །རྟེན་ཅིང་འདྲེལ་བར་བཅས་པ་ཡིས། །ཕྱི་ནང་འབྲས་བུ་རྒྱུ་བཅས་ཀུན། །ལུགས་དང་ལུགས་ལས་བཟློག་པ་ལ། །ས་ཡི་རིམ་པར་འདོད་


DNG018_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

པ་དག །སྨིག་རྒྱུ་བཞིན་དུ་ཆུར་དམིགས་ཏེ། །ཕྲད་པར་མ་གྱུར་ཕྱིན་མི་འགྱུར། །འོན་ཀྱང་མ་བགྲོད་སར་གཞག་པས། །ལྟ་བ་རྒྱ་མཚོ་བཞིན་དུ་བལྟ་བར་བྱ། །དམིགས་སུ་མེད་པས་དམིགས་བྱ་བས། །དེ་ཉིད་དམིགས་པ་ཆེན་པོ་སྟེ། །མཚན་མ་མིང་དུ་བཅས་པ་ཡང་། །མཚོན་པ་ཚུལ་དུ་བཅས་སོ་ཞེས། །ཐམས་ཅད་དམིགས་པའི་ཡུལ་འདས་པས། །བླ་མེད་གོ་འཕང་བགྲོད་པ་ཡང་། །མ་བགྲོད་ཕྱིན་པས་བླ་ན་མེད། །ལྟ་བ་རྒྱ་མཚོ་བཞིན་དུ་བལྟ། །དག་པའི་དོན་ཉིད་རང་གིས་རིག་རྟོགས་པས། །བྲན་དང་ཇོ་བོ་ལྟ་བུའི་ཚུལ་གྱིས་ཀྱང་། །སངས་རྒྱས་ས་ཡི་གོ་རིམ་བཙལ་བར་འདོད། །ཕྱི་ནང་དག་པའི་རྒྱུ་རྐྱེན་ཚོགས་པ་ཡིས། །མཐོ་རིས་ལྷ་ཡི་གནས་ཐོབ་གང་ཡིན་པ། །ལྟ་བ་འདི་ཡི་ལུང་དུ་ལྷན་ནེ་བ། །རྒྱ་མཚོ་བཞིན་དུ་གཡོས་པ་མེད་པར་བལྟ། །དེ་ཉིད་བཞི་དང་ལྡན་པར་བསྒོམ་པ་དང་། །གང་ལ་མི་རྟོག་ཅི་ལ་མི་ཆགས་ཏེ། །མེ་ལོང་བཞིན་དུ་རིག་པ་མངོན་སུམ་ཕུལ། །འབྲས་བུ་མ་ནོར་ལམ་དུ་ཚོལ་བ་ཡིས། །གོམས་པའི་མཐུ་མེད་འཕགས་ལམ་རིང་ན་ཡང་། །ལྟ་བ་རྒྱ་མཚོ་བཞིན་དུ་བལྟ་བར་བྱ། །བྱིན་རླབས་ཆེན་པོས་སངས་རྒྱས་ཁྱད་པར་ཅན། །ཐམས་ཅད་ལྷ་ཡིན་པས་ན་མངོན་སུམ་པས། །རིག་པ་དང་ནི་གོམས་པར་བཅས་པ་ཡིན། །ས་དང་ས་ཡི་རིམ་པར་བགྲོད་པ་ཡང་། །ཐེག་མཆོག་འདི་ཡི་ངང་ལ་ཡེ་གནས་པས། །ལྟ་བ་རྒྱ་མཚོ་བཞིན་དུ་ཟབ་མོར་བལྟ། །འབྱུང་དང་འབྱུང་འགྱུར་ཡབ་ཡུམ་ཡིན་པས་ན། །དུག་ལྔ་ཉིད་ཀྱང་ཡེ་ནས་སངས་རྒྱས་ལས། །སྡུག་བསྔལ་ཆུ་བོར་འབྱུང་བའི་འགྲོ་བ་རྣམས། །སྒྲོལ་དང་སྦྱོར་བའི་ཕྲིན་ལས་ཟབ་མོ་ཡིས། །ཞིང་བཅུ་གནས་སུ་སྒྲོལ་བའི་སངས་རྒྱས་ཀྱང་། །ལྟ་བ་འདི་ཡི་ངང་དུ་སངས་རྒྱས་པས། །ལྟ་བ་རྒྱ་མཚོ་བཞིན་དུ་ལྷུན་གྱིས་གནས། །སྣ་ཚོགས་ཀུན་ཏུ་བཟང་པོ་རྡོ་རྗེ་སེམས། །དེ་ཉིད་མ་སྐྱེས་པས་ནི་ཡུམ་གྱི་མཁའ། །སྣང་ལ་རང་བཞིན་མེད་པས་ཆོས་ཀྱི་དབྱིངས། །དེ་ཡང་དབྱེར་མེད་འབྲས་བུ་སྐུ་གསུང་


DNG018_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས། །བཙལ་དང་བྲལ་བའི་ས་ལ་བགྲོད་པ་དང་། །ལྟ་བ་འདི་ཡི་ངང་ལ་རྒྱ་མཚོ་བཞིན། །རྒྱ་མཚོ་ཆེན་པོར་ཆུ་བོ་ཀུན་འབབ་ལྟར། །ཐེག་པའི་རྒྱལ་པོ་ཀུན་ཏུ་བཟང་པོ་འདི། །བདེ་མཆོག་ལྷུན་གྱིས་གྲུབ་པའི་མན་ངག་པས། །མིང་དང་མཚན་མའི་སྤྱོད་ཡུལ་མ་ཡིན་ཏེ། །དབྱེ་བ་མེད་པའི་ངང་དུ་རྫོགས་སངས་རྒྱས། །ལྟ་བ་རྒྱ་མཚོའི་གཏིང་ལྟར་ཡེ་ནས་དག །དེ་བས་ལྟ་བ་རྒྱ་མཚོ་བཞིན་དུ་བལྟ། །གྷུ་ཧྱ་ས་མ་ཡ་ཡི་ཐུགས་ཀ་ནས། །སྐལ་ལྡན་འགའ་ཡི་རྐྱེན་དུ་གསུངས་པ་འདི། །སྣོད་མེད་ཕལ་གྱི་སྤྱོད་ཡུལ་མ་ཡིན་པས། །ཆུ་སྲིན་དང་ནི་ནོར་བུ་རིན་ཆེན་ཚུལ། །རྒྱ་མཚོའི་གཏིང་གི་རྡོ་ལྟར་ཁར་དབྱུང་མིན། །རྨོངས་ཤིང་འཆལ་པས་གལ་ཏེ་ཁར་ཕྱུང་ན། །རང་རྒྱུད་ངན་སོང་གསུམ་དུ་ངེས་འཁྱམས་པས། །གདེང་དང་ལྡན་པའི་སྐྱེས་བུའི་ཐུགས་ལ་བརྣག །དབང་ཆེན་བསྡུས་པའི་ཏན་ཏྲ་ལས། ལྟ་བ་རྒྱ་མཚོའི་ལེའུ་སྟེ་དྲུག་ཅུ་པའོ།། །།ཚེ་ལ་དབང་ཐོབ་རིག་འཛིན་རྣལ་འབྱོར་གྱིས། །དབང་ཆེན་བསྡུས་པའི་ཏན་ཏྲ་ལས། །ཆོས་རྣམས་ཀུན་གྱི་གཞི་རྩ་ནི། །སེམས་དང་ཀུན་གཞིར་ལྡན་པའི་ཕྱིར། །གཏན་ལ་དབབ་པའི་ལེའུ་འདི་གསུངས། །དེ་ཡང་ཆོས་རྣམས་རྩ་བ་ཀུན་གཞི་ཉིད་ལ་འདུས། །ཀུན་གཞི་གནས་འགྱུར་ཡེ་ཤེས་ལྔར་སྣང་བ། །དེ་ལྟའི་དོན་ལ་མཉམ་པར་བཞག་པས་ན། །ཀུན་གཞི་གནས་འགྱུར་བ་ཡང་དེ་ཉིད་ཡིན། །ཡེ་ཤེས་ལྔ་ཉིད་དེ་ལ་ཚང་བས་ན། །ཡེ་ཤེས་ལྔ་པོ་གཅིག་ཏུ་འདུས་རིགས་བྱ། །སེམས་དང་ཀུན་གཞི་རྩ་བའི་དོན་རྟོགས་ན། །ཡེ་ནས་སངས་རྒྱས་པས་ན་བཅོས་མེད་པར། །དང་པོར་ས་ཉིད་ནོན་པ་མཁས་པས་གསུངས། །གནས་སྐབས་དེ་ན་བལྟ་མཐར་ཡོད་མེད་ཐུག །སེམས་ཀྱི་རང་བཞིན་ཇི་ལྟར་ཡོད་པ་དང་། །སེམས་ལ་མཚན་མ་ཡོད་མེད་རྟོགས་པར་བྱ། །སེམས་དེ་ཉིད་ལ་ལྟ་བས་ཇི་ལྟར་བལྟ་བར་བྱ། །སེམས་ཉིད་སྣང་བ་ཡིན་ནམ་མི་སྣང་བ། །སེམས་དེ་སངས་རྒྱས་ཡིན་ནམ་སངས་རྒྱས་མིན། །སེམས་ལས་གུད་ན་སངས་རྒྱས་ཡོད་དམ་མེད། །དེ་ཡང་ཅིར་བཞག་བལྟ་བས་ཟིན་བྱ་དགོས། །དེ་ལྟར་རྟོགས་ནས་གདེང་དུ་གྱུར་པ་ན། །འདུས་


DNG018_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་དགེ་རྩ་མི་དགག་ནུས་ཚད་བྱ། །འོན་ཀྱང་ཆོས་ཀུན་རང་བཞིན་སེམས་ལ་འདུས། །དེ་ལ་བསམ་ཞིང་བསྒོམ་མེད་ངང་ལ་བཞག་པ་ན། །ཅིར་སྣང་ཅི་སྲིད་མཚན་མེད་དབྱིངས་གཅིག་པས། །འདུ་འབྲལ་མེད་པའི་ཆོས་ཉིད་ཡེ་སངས་རྒྱས། །དོན་དེ་མ་བརྗོད་པ་ན་མ་བཙལ་ཡང་། །ལྷུན་གྲུབ་ས་དེ་ད་ལྟ་ཉིད་ནས་ནོན། །དེ་ལྟའི་དོན་རྟོགས་ཉམས་སུ་གསལ་ན་ཡང་། །ཆོས་ཀུན་སྒོ་དང་མི་འགལ་བསྟན་པའི་ཕྱིར། །ཏིང་འཛིན་གསུམ་ལྡན་གོལ་བའི་སྒོ་བཀག་ནས། །དྲོད་ཆེན་གསུམ་གྱིས་སངས་རྒྱས་དགོངས་པ་མྱོང་། །དེ་བས་ཏིང་འཛིན་རྣམ་པ་གསུམ་བསྒོམ་པས། །འབྲས་བུ་ཕ་རོལ་ཕྱིན་དྲུག་རང་བཞིན་རྫོགས། །རང་སེམས་ནམ་མཁའ་མ་གཡོས་ངང་ལ་གཞག །འོན་ཀྱང་དྲན་ཞིང་རྟོག་པ་ཅི་བྱུང་བས། །ཆོས་ཉིད་མ་གཡོས་རྟོགས་པས་མ་བཅད་པས། །ངང་གིས་མ་བཅོས་ཡོང་གིས་འོད་གསལ་ཞེས། །སྔ་རབས་མཁས་ལྡན་རྣམས་ཀྱིས་རབ་ཏུ་བསྔགས། །ཡིད་དང་སེམས་གསལ་བྱེད་ཉིད་ཏིང་འཛིན་ཏེ། །ཡོ་ག་གསུམ་དོན་གནས་སྐབས་དེ་ལ་གསལ། །དེ་ལྟ་བས་ན་སྙན་ཁུང་ཡང་བརྒྱུད་ནས། །སེམས་ཉིད་སངས་རྒྱས་དོན་དུ་ཤེས་པར་བྱ། །དེ་ལྟའི་དོན་སྟོན་སྐྱེས་བུ་ཡང་རབ་ལ། །ཅི་ལ་མི་བརྩེག་ཡོན་གྱི་རྣམ་གྲངས་དབུལ། །འོན་ཀྱང་བྱ་བཙལ་མེད་པའི་དོན་རྟོགས་ནས། །ཡེ་ནས་བདག་ཉིད་རྣམ་པར་དག་ཅེས་བྱ། །དེ་ན་འཛིན་ཆགས་བདེ་སྡུག་ཅི་བྱུང་ཡང་། །ཚོགས་གཉིས་དུས་གཅིག་རྫོགས་པར་དམ་བཅའོ། །རྣམ་པར་མི་རྟོག་ཏིང་འཛིན་མཚན་མ་རྣམ་པར་དག །ཆོས་ཉིད་མངོན་དུ་གྱུར་ན་ཆེ་ཡོན་རྒྱུན་མི་འཆད། །སྒྲིབ་པ་གཉིས་བྱང་ཚོགས་གཉིས་རྫོགས་པས་ན། །ཕྱི་ནང་བཞེད་དང་མཐུན་པར་ས་རྣམས་ནོན། །འདིར་ནི་བདེ་གཤེགས་དགོངས་སྤྱོད་ཟབ་མོ་ཡིན། །སེམས་དཔའ་ཕལ་གྱི་སྤྱོད་ཡུལ་མ་ཡིན་ནོ། །སངས་རྒྱས་རྣམས་ཀྱིས་མཉམ་པའི་དོན་རྟོགས་ཀྱང་། །འགྲོ་བ་སེམས་ཅན་རྣམས་ཀྱིས་མ་རྟོགས་པས། །གདོད་ནས་ཞེན་པའི་བག་ཆགས་སྦྱང་དཀའ་འོ། །ས་དང་ས་ཡི་འདོད་སྟོངས་ཁྱད་ཡོད་གསུངས། །མཉམ་པར་རྟོགས་དང་མ་རྟོགས་གཉིས་མེད་གསལ་དུས་ན། །


DNG018_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཆེ་ཡོན་ལྷུན་གྱིས་གྲུབ་ངེས་སོ། །སྟོང་དང་རང་བཞིན་མེད་ཅིང་མ་སྐྱེས་ཁྱད་པར་ནི། །ཡོད་མེད་རྟག་ཆད་བྱ་བཙལ་ལ་སོགས་པ། །ཐམས་ཅད་ལྷུན་གྱིས་གྲུབ་པར་ཡེ་གནས་པ། །རྒྱུ་དང་འབྲས་བུ་ཅིར་སྣང་ཅི་སྲིད་ཀྱང་། །བུཌྜྷ་ཉག་གཅིག་སྐུ་ཡི་རྒྱན་དུ་སྣང་། །དེ་ཉིད་མ་བཀག་དཀྱིལ་འཁོར་རྫོགས་པའི་ཚུལ། །གོང་འོག་ལ་སོགས་སྐྱོན་ཡོན་གཉིས་པོ་དག །རྟོགས་དང་མི་རྟོགས་རེ་རྩོལ་གནས་པ་ཡིས། །རྒྱུ་འབྲས་སོ་སོར་གསལ་བ་སྨྲ་ན་ཡང་། །བལྟ་སྤྱོད་མཉམ་པའི་དོན་དུ་ཤེས་བྱ་དགོས། །བལྟ་སྤྱོད་ཡེ་ནས་འདུ་འབྲལ་མེད་བཞིན་དུ། །མི་མཉམ་མཉམ་པའི་སྤྱོད་ཡུལ་ཅིར་སྣང་ཡང་། །ཕྱག་རྒྱའི་དཀྱིལ་འཁོར་མ་གཏོགས་གང་ཡང་མེད། །གནས་སྐབས་དེ་ན་ཐབས་ཤེས་ཚོགས་འདྲེལ་ཡང་། །དེ་ཙམ་ཉིད་ལ་དགོངས་པ་ཆོས་ཉིད་ཀུན། །དོན་དུ་ཡེ་ཤེས་ཆེན་པོའི་སེམས་ལ་འདུས། །སེམས་ནི་ཡེ་ནས་ངང་གིས་མ་བཅོས་པས། །ཏིང་ངེ་འཛིན་གྱི་དམིགས་པ་ཐམས་ཅད་བྲལ། །དེ་ལྟར་བྲལ་བའི་བྱང་ཆུབ་བདེ་ཆེན་ནི། །བགྲོད་པའི་ས་དང་ལྟ་བའི་གཟུགས་མེད་པས། །མཚན་མར་བཏགས་པའི་སྐྱོན་ཡོན་མ་ལུས་དག །ཐེག་རྒྱལ་ཡངས་རྩེས་ཐེ་ཚོམ་གེགས་བསལ་ཞིང་། །བླང་མེད་དངོས་གྲུབ་ཆེན་པོས་ལ་བཟླས་པ། །དེ་བས་དབུ་མའི་ལྟ་བ་ཆ་ཕྲ་བ། །ཐམས་ཅད་མ་ལུས་དབང་དུ་རབ་འདུས་ཏེ། །གཞན་ལས་དཔག་པའི་དོན་ནི་འདི་གསུངས་སོ། །མདོ་སྡེ་ལ་སོགས་ཕྱི་ནང་ཡུལ་དག་པས། །དག་པའི་མཚན་མ་ཙམ་དུ་གནས་པ་དང་། །རྣལ་འབྱོར་སྤྱོད་པས་ཆོས་རྣམས་སེམས་སུ་འདུས། །མཐའ་གཉིས་ངང་གིས་གསལ་ཞེས་སྨྲ་བ་ཡང་། །ཉམས་རྟོགས་ལྟ་བ་གུད་ན་ཡང་མེད་དོ། །གཞན་ན་ཡོད་པར་འདོད་པ་བག་ཆགས་སྐྱོན་ཡིན་ནོ། །དེ་བས་བསྒོམ་ཆོས་སོ་སོར་ཅིར་སྣང་ཡང་། །ལྟུང་བའི་སྤྱོད་ཡུལ་འཁྲུལ་པ་ཉིད་སྣང་ཡིན། །སངས་རྒྱས་སེམས་ཅན་སྒྱུ་མ་སྨིག་རྒྱུའི་ཚུལ། །ཡེ་ཤེས་སྐྱེ་འགགས་མེད་པས་ནམ་མཁའ་བཞིན། །དེ་ཡི་དུས་ན་འདས་ཏེ་མཐོང་བ་མེད། །དེ་ཡང་མི་སྣང་ཉིད་ན་སྐྱོན་ཡིན་པ། །འཁྲུལ་པ་ཡིན་པས་བཏུབ་པ་མ་ཡིན་ནོ། །མཐོང་དང་མ་མཐོང་


DNG018_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་ལ་རང་བཞིན་མེད། །དགོངས་སྤྱོད་ཟབ་མོའི་མན་ངག་ཐམས་ཅད་ནི། །རང་རིག་ཡེ་ཤེས་མངོན་སུམ་སྣང་དུས་ན། །དག་པའི་ཡེ་ཤེས་སངས་རྒྱས་མཐོང་ཞེས་བྱ། །དེ་ལྟར་ཡེ་ཤེས་སངས་རྒྱས་མཐོང་བའི་ཚེ། །བག་ཆགས་མེད་ཅིང་མཐོང་ཡུལ་འདས་པ་སྟེ། །བྱར་མེད་སྣང་མེད་མ་བཙལ་བཞག་པ་ཡིན། །དམིགས་པའི་ཡུལ་མེད་ཆོས་ལམ་བག་ཆགས་སྤང་། །མཐོང་ཚོར་བདེ་བའི་ལམ་ཉིད་མུ་མེད་གདལ་བའི་དབྱིངས། །འགྲེའུ་ལོག་སྤྱིའུ་ཚུགས་ཡེ་ཤེས་དབྱིངས་མི་གཡོ། །དེ་ཡང་གཏན་ཚིགས་མདོ་སྡེ་ཟབ་མོའི་ནང་། །དེ་ལྟའི་དོན་ལ་སངས་རྒྱས་སྤྱོད་མི་མཛད། །ཆོས་རྣམས་ཐམས་ཅད་རིག་པའི་ཡེ་ཤེས་སྣང་། །དེས་འདྲེལ་ཕན་ཆད་གདོད་ནས་མ་སྐྱེས་ཏེ། །རྒྱུ་དང་འབྲས་བུར་བཏགས་པ་ཡང་ཡེ་མེད། །འདི་ལྟར་རིག་ན་སྐྱེ་འགག་གཉིས་མེད་ལྷུན་གྱིས་གྲུབ། །དོན་ལ་མཉམ་པར་བཞག་པའི་སྐྱོན་ཆེན་ནི། །ལུང་དང་འགལ་ཞིང་དོན་དང་འཕྲད་མི་འགྱུར། །དོན་ལ་ངེས་བློ་ཁྱབ་པར་བཏང་བ་ནི། །མི་འགལ་ཡེ་ཤེས་རང་བཞིན་དག་པ་སྟེ། །རིག་པས་གསལ་ནས་ཐམས་ཅད་གཉིས་སུ་མེད། །བྱང་ཆུབ་སྙིང་པོར་རྒྱུ་འབྲས་ལྷུན་གྲུབ་བོ། །དེ་ཡི་དུས་ན་དྲོད་གསུམ་མན་ངག་རྫོགས། །སྣང་དང་མི་སྣང་རྟག་ཆད་ལ་སོགས་པ། །ཤེས་རབ་ཟབ་མོས་ངེས་པའི་གཏིང་བརྟོལ་ཏེ། །ཕྱི་ནང་ཐེ་ཚོམ་བལྟ་བའི་ཕུགས་གཏིབ་པོ། །འདི་ཡི་དོན་ལ་གསང་ཐུབ་སྲན་ཆེ་ཞིང་། །ཚིག་དང་དོན་དུ་འདྲེལ་བས་ཐག་ཆོད་ན། །རིག་འཛིན་རྡོ་རྗེ་གཡུང་དྲུང་ལྷུན་གྱིས་འགྲུབ། །དབང་ཕྱུག་ཡིན་པས་དེ་ལ་ཀུན་ཕྱག་འཚལ། །གཡོ་སྒྱུ་མེད་པས་གཙུག་གི་ནོར་བུ་བཞིན། །དབང་ཆེན་བསྡུས་པའི་ཏན་ཏྲ་ལས། ཀུན་གཞི་གཏན་ལ་དབབ་པའི་ལེའུ་སྟེ་རེ་གཅིག་པའོ།། །།ཚེ་ལ་དབང་ཐོབ་རིག་འཛིན་རྣལ་འབྱོར་གྱིས། །ཕྱི་རབས་རྣལ་འབྱོར་རྣམས་ཀྱི་དོན་ཆེད་དུ། །དབང་ཆེན་བསྡུས་པའི་ཏན་ཏྲ་ལས། །སྦྱིན་སྲེག་མཆོད་སྦྱིན་གྱི་ལེའུ་འདི་གསུངས། །དང་པོར་ཕུན་སུམ་ཚོགས་ལྡན་ནས། །མཎྜལ་ཚད་དང་ལྡན་པ་ལ། །ཐིག་བཞི་གདབས་པས་ལེ་ཚེ་དགུ། །དབུས་སུ་གྲུ་གསུམ་འབར་བའོ། །སྒོ་ཡི་ཚད་ནི་ཁྲུ་གང་ལ། །འཕང་དུ་ཁ་ཁྱེར་མཁྱུད་གང་ངོ་། །ཁ་དོག་མཛེས་པའི་ཚོན་རྩི་ལྔ། །ལེ་ཚེ་བརྒྱད་ལ་རིམ་པ་བཞིན། །དབུས་སུ་མཐིང་ནག་ཡིག་


DNG018_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུར་བཅས། །རྒྱན་དང་གདགས་པ་ལ་སོགས་པ། །མཚན་དང་ལྡན་པའི་ཡམ་ཤིང་དང་། །དཔལ་དང་ལྡན་པའི་བྷནྡ་རྣམས། །ཧེ་ཡི་དབུས་སུ་བརྫངས་ལ་གདབ། །དཔལ་དང་མ་མོ་མཆོད་པའི་རྫས། །བྱང་ཆུབ་སེམས་དང་རྡོ་རྗེ་ཆུ། །ཟིལ་དང་རཀྟ་ཤ་ལ་སོགས། །རིམ་བཞིན་དགྲམ་པའི་ས་ཕྱོགས་ནི། །དབུས་སུ་བྱང་ཆུབ་སེམས་ཆེན་པོ། །ཤར་གྱི་གླིང་ལ་རྡོ་རྗེ་ཆུ། །ཟིལ་མངར་རཀྟ་ལྷོ་ཡི་ཕྱོགས། །ཤ་ནི་ནུབ་ཀྱི་ཕྱོགས་སུ་དབུལ། །དྲི་ལ་སོགས་པ་བྱང་དུ་དགོད། །ཤ་ཁྲག་གཏོར་མ་ལ་སོགས་ཀུན། །འབར་བའི་དཀྱིལ་འཁོར་ཐོག་ཐག་ཏུ། །ཕོ་ཉའི་རིམ་པ་བཞིན་དུ་དགོད། །སྐད་ཅིག་མ་ཡི་ཏིང་འཛིན་གྱིས། །འཛབ་ལ་སོགས་པ་མ་རྫོགས་ཚེ། །བཅུ་གཅིག་ཕྲིན་ལས་གཞུང་བཞིན་འབད། །བསྙེན་པ་ཉི་ཁྲི་རྫོགས་པ་དང་། །དཔལ་དང་མ་མོ་མཆོད་པའི་ཕྱིར། །སྦྱིན་སྲེག་གཞུང་བཞིན་བརྩོན་པར་འབད། །གར་གྱི་དབང་ཕྱུག་ཆེན་པོ་ལ། །བྱང་ཆུབ་སེམས་ཀྱི་མཆོད་པ་ཡིས། །མཆོད་སྦྱིན་བསྲེག་པའི་ལས་བྱའོ། །རྡོ་རྗེ་ཆུ་ན་གཟི་ལྡན་ལའོ། །ཟིལ་མངར་ལྷོ་ཡི་ཕྱོགས་སུ་སྟེ། །ཤ་ཆེན་ནུབ་ཀྱི་ཕྱོགས་སུ་དབུལ། །དྲི་ལ་སོགས་པ་བྱང་དུ་དབུལ། །ཡུམ་བཞི་ལ་ཡང་དེ་བཞིན་ཏེ། །མཆོད་སྦྱིན་བསྲེག་པའི་ལས་བྱའོ། །ཤ་ཁྲག་གཏོར་མ་ལ་སོགས་པ། །ཕོ་ཉ་རྣམས་ལ་མཆོད་པའི་ཕྱིར། །མཆོད་སྦྱིན་བསྲེག་པའི་ལས་བྱའོ། །བསྙེན་པ་ཆོས་ཀྱི་དབྱིངས་ནས་དྲངས། །བསྒྲུབ་པ་གཉིས་མེད་མཉམ་པར་བཞག །སྐབས་སུ་ལས་ནི་བཅུ་གཅིག་བརྩམ། །ཞག་གྲངས་སུ་ནི་གྲངས་པ་དང་། །དབང་བསྐུར་དཀྱིལ་འཁོར་ལུགས་བཞིན་དབྱུང་། །དེ་ནས་གཏོར་མ་ལ་སོགས་ཏེ། །ལྷག་མ་བསྐྱང་ཞིང་ཕོ་ཉ་བསྙེན། །ལས་ཀྱི་གོ་རིམ་མ་ནོར་བར། །མཆོད་སྦྱིན་བསྲེག་པའི་ལས་ལ་འབད། །དེ་ནས་རྫས་དང་ལག་ཆ་དང་། །དཀྱིལ་འཁོར་ལྷ་དང་བྱེ་བྲག་རྣམས། །རིམ་པ་བཞིན་དུ་མཐའ་ནས་སྤྲོ། །བསྙུལ་དང་དོན་བྱས་སླར་འདུས་ནས། །བདག་དང་བཅས་པ་རབ་ཏུ་ཞུ། །རིམ་པ་བཞིན་དུ་དབུས་སུ་བསྡིམ། །ཚོན་རྩི་དང་ནི་སོལ་བ་དང་། །གཞན་ཡང་ལྷག་མ་ཅི་ཡོད་རྣམས། །གྲུ་གསུམ་ཡུམ་གྱི་


DNG018_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་ལ་བསྡིམ། །དེ་ནས་བཤགས་དང་སྦྱང་བ་དང་། །གླུ་བྲོ་ལ་སོགས་ལོངས་སྤྱོད་རྣམས། །མ་མོ་དང་ནི་མཁའ་འགྲོ་དང་། །ཕོ་ཉ་མ་མོ་བསྟེན་པའི་ཕྱིར། །ཆས་རབ་ལྡན་པས་འབད་ལ་བྱའོ། །དབང་ཆེན་བསྡུས་པའི་ཏན་ཏྲ་ལས། སྦྱིན་སྲེག་མཆོད་སྦྱིན་གྱི་ལེའུ་སྟེ་དྲུག་ཅུ་རེ་གཉིས་པའོ།། །།ཚེ་ལ་དབང་ཐོབ་རིག་འཛིན་རྣལ་འབྱོར་གྱིས། །དུས་གསུམ་སངས་རྒྱས་ཐམས་ཅད་མཉེས་པའི་ཕྱིར། །དབང་ཆེན་བསྡུས་པའི་ཏན་ཏྲ་ལས། །རྡོ་རྗེ་གླུ་ཡི་ལེའུ་འདི་གསུངས། །ཆོ་ག་གསུམ་དང་ཏིང་འཛིན་བཅས་པ་ཡིས། །བདག་ཉིད་ཕྱག་རྒྱ་ཆེན་པོའི་ང་རྒྱལ་བསྐྱེད། །རྡོ་རྗེ་གསང་བའི་གླུ་འདི་བླང་། །ཨཱོཾ།གཙུག་ཏུ་འཁོར་ལོ་རྩིབས་བརྒྱད་འབར། །ཆོ་ག་གསུམ་ལྡན་སྣང་མཛད་ཆེ། །ཡུམ་དང་གཉིས་མེད་སྦྱོར་བ་ལས། །འཁོར་ལོ་སྙིང་གི་དབུས་སུ་བསྒོམ། །དེ་ལ་རང་བཞིན་མེད་པར་དམིགས། །ཧཱུཾ། དཔྲལ་བར་རྡོ་རྗེ་རྩེ་ལྔ་འབར། །ཆོ་ག་གསུམ་ལྡན་རྡོ་རྗེ་སེམས། །ཡབ་ཡུམ་གཉིས་མེད་སྦྱོར་བ་ལས། །རྡོ་རྗེ་སྙིང་གི་དབུས་སུ་བསྒོམ། །དེ་ལ་རང་བཞིན་མེད་པར་དམིགས། །སྭཱ་ལས་རིན་ཆེན་ཟུར་དྲུག་འབར། །ཆོ་ག་གསུམ་ལྡན་འབྱུང་ལྡན་ཆེ། །ཡབ་ཡུམ་གཉིས་མེད་སྦྱོར་བ་ལས། །རིན་ཆེན་སྙིང་གི་དབུས་སུ་བསྒོམ། །དེ་ལ་རང་བཞིན་མེད་པར་དམིགས། །ཨཱ་ལས་པདྨ་འདབ་བརྒྱད་དམར། །ཆོ་ག་གསུམ་ལྡན་སྣང་མཐའ་ཡས། །ཡབ་ཡུམ་གཉིས་མེད་སྦྱོར་བ་ལས། །པདྨ་སྙིང་གི་དབུས་སུ་བསྒོམ། །དེ་ལ་རང་བཞིན་མེད་པར་དམིགས། །ཧཱ་ལས་རྡོ་རྗེ་རྒྱ་གྲམ་དང་། །ཆོ་ག་གསུམ་ལྡན་དོན་ཡོད་གྲུབ། །ཡབ་ཡུམ་གཉིས་མེད་སྦྱོར་བ་ལས། །རྒྱ་གྲམ་སྙིང་གི་དབུས་སུ་བསྒོམ། །དེ་ལ་རང་བཞིན་མེད་པར་དམིགས། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལྔ། །རིགས་ལྔ་དཔལ་གྱི་གླུ་བླངས་ལ། །གསང་བ་ཡུམ་གྱི་བྲོ་བརྡུངས་ཤིང་། །དཔའ་བོ་འབྲུ་ལྔས་དབང་བསྐུར་བས། །ཐམས་ཅད་མ་ལུས་ཕྱག་རྒྱའི་སྐུ། །ལུས་པ་མེད་པ་ཆོས་ཀྱི་དབྱིངས། །ཧྲཱྀཿརྟ་མགྲིན་གཙུག་ན་ནོར་བུ་འབར། །ཆོ་ག་གསུམ་ལྡན་ཧ་ཡ་གྷྲཱི། །ཡབ་ཡུམ་གཉིས་མེད་སྦྱོར་བ་ལས། །


DNG018_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་བུ་སྙིང་གི་དབུས་སུ་བསྒོམ། །དེ་ལ་རང་བཞིན་མེད་པར་གསལ། །ཧཱུཾ། གཡས་པ་བརྒྱད་ན་ལྕགས་ཀྱུ་འབར། །ཆོ་ག་གསུམ་ལྡན་ཕྲ་མེན་མ། །གཙོ་བོ་གཉིས་མེད་སྦྱོར་བ་ལས། །ལྕགས་ཀྱུ་སྙིང་གི་དབུས་སུ་བསྒོམ། །དེ་ལ་རང་བཞིན་མེད་པར་དམིགས། །གཡོན་པ་བརྒྱད་ན་མཚོན་ཆ་འབར། །ཆོ་ག་གསུམ་ལྡན་བཛྲ་སྟེ། །གཙོ་བོ་གཉིས་མེད་སྦྱོར་བ་ལས། །མཚོན་ཆ་སྙིང་གི་དབུས་སུ་བསྒོམ། །དེ་ལ་རང་བཞིན་མེད་པར་དམིགས། །མླཱ། ཞབས་བརྒྱད་འབར་བའི་ཆོས་བརྒྱད་འབར། །ཆོ་ག་གསུམ་ལྡན་ཡུམ་གྱི་མཁའ། །གཙོ་དང་གཉིས་མེད་འཁྲིལ་པ་ལས། །ཆས་བརྒྱད་སྙིང་གི་དབུས་སུ་བསྒོམ། །དེ་ལ་རང་བཞིན་མེད་པར་དམིགས། །ཕཊ། སྐུ་གསུང་ཐུགས་ལས་རྣམ་སྤྲུལ་པའི། །སྒོ་སྐྱོང་ཁྲོ་བོ་མགོ་དགུ་བརྩེགས། །ཁམ་རྒྱ་མ་དང་ལོང་བའི་ཚོགས། །དམུས་ལོང་དང་ནི་ཁྱི་སྤྱང་རྣམས། །དབང་ཆེན་སྐུ་ལ་རབ་ཏུ་འབར། །ཆོ་ག་གསུམ་ལྡན་སྤྲུལ་པའི་ཚོགས། །ཡབ་ཡུམ་གཉིས་མེད་སྦྱོར་བ་ལས། །འཁོར་རྣམས་སྙིང་གི་དབུས་སུ་བསྒོམ། །དེ་ལ་རང་བཞིན་མེད་པར་དམིགས། །འདི་ནི་ཡེ་ཤེས་རྒྱན་གྱི་གླུ། །རྒྱན་ཉིད་ཡེ་ཤེས་གླུ་བླངས་པས། །སྐད་ཅིག་མ་ཡི་ཏིང་འཛིན་གྱིས། །བདག་ཉིད་ཕྱག་རྒྱ་རྟགས་མཆོག་འབར། །ཨཱོཾ། འཁོར་ལོ་ཡེ་ཤེས་ཅན་རྣམས་ཀྱིས། །འཁོར་ལོ་རྡོ་རྗེ་བསྒོམ་བྱས་ན། །དེ་ཉིད་ཆོས་སྐུ་ནམ་མཁའ་ཆེ་ཧོ། །ཧཱུཾ། ཡེ་ཤེས་རྡོ་རྗེ་ཅན་རྣམས་ནི། །རྡོ་རྗེ་རྡོ་རྗེ་བསྒོམ་བྱས་ན། །དེ་ཉིད་ཆོས་དབྱིངས་ངང་ལ་རྫོགས་ཧོ། །རིན་ཆེན་ཡེ་ཤེས་ཅན་རྣམས་ནི། །རིན་ཆེན་རྡོ་རྗེ་བསྒོམ་བྱས་ནས། །དེ་ཉིད་ལོངས་སྤྱོད་ལྷུན་གྱིས་གྲུབ་ཧོ། །པདྨ་ཡེ་ཤེས་ཅན་རྣམས་ནི། །པདྨ་རྡོ་རྗེར་བསྒོམ་བྱས་ན། །དེ་ཉིད་བརྟན་པར་འགྱུར་བ་མེད་ཧོ། །རྒྱ་གྲམ་རྡོ་རྗེ་ཅན་རྣམས་ནི། །རྒྱ་གྲམ་རྡོ་རྗེ་བསྒོམ་བྱས་ནས། །དེ་ཉིད་སྤྲུལ་སྐུ་ངོ་མཚར་ཆེ་ཧོ། །རྒྱན་ཉིད་ཡེ་ཤེས་གླུ་བླངས་པས། །བསྐུལ་དང་དོན་བྱས་འདུས་པ་དང་། །ཐམས་ཅད་སྐུ་སྟེ་དངོས་མེད་སྐུ། །སྟོང་པ་ཆེན་པོའི་ངང་ལ་བཞག་ཧོ། །དབང་ཆེན་བསྡུས་པའི་ཏན་ཏྲ་ལས། རྡོ་རྗེ་གསང་བའི་གླུའི་ལེའུ་སྟེ་དྲུག་ཅུ་རྩ་གསུམ་པའོ།། །།ཚེ་ལ་དབང་ཐོབ་རིག་འཛིན་རྣལ་འབྱོར་གྱིས། །འཇིག་


DNG018_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ཡོངས་སྒྲོལ་མཛད་པའི་ཚེ། །དབང་ཆེན་བསྡུས་པའི་ཏན་ཏྲ་ལས། །ཟིལ་ནོན་དྲག་པོའི་ལེའུ་འདི་གསུངས། །ཨཱོཾ་ནཱ་ཤ་ཡ་སྟམྦྷ་ཡ། ནཱ་ཤ་སྟམྦྷ་ཡ། སུམ་བྷ་ནི་སུམ་བྷ་ཧཱུཾ། གྲྀ་ཧྞ་གྲི་ཧྞ་ཧཱུཾ། གྲྀ་ཧྞཱ་པ་ཡ་ཧཱུཾ། གྲྀ་ཧྞཱ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ་བྷ་ག་བཱན། བིདྱཱ་རཱ་ཛ་ནན་ནན། སྐད་ཅིག་མ་ཡི་ཏིང་འཛིན་གྱིས། །འབར་བ་ཆེན་པོར་བདག་བསྐྱེད་ལ། །དབུ་ལྔ་བཅུ་དྲུག་ཕྱག་རྒྱ་ལྡན། །ཏིང་འཛིན་བརྒྱད་ཀྱིས་བྱིན་བརླབས་པས། །དམར་པོ་ཞབས་བརྒྱད་ལྡན་པ་ཡིས། །བག་ཆགས་མི་ལྡན་གནན་པའི་ཕྱིར། །ཚམ་རྔམས་ཆེན་པོས་འདི་སྐད་དོ། །མཚུངས་མེད་ཆེ་བའི་ཁྱད་པར་རབ་སྟོན་ཅིང་། །ང་རྒྱལ་མཐུ་བསྙེངས་བདུད་ཀྱི་དཔུང་བཅོམ་ནས། །འཇིག་རྟེན་འདས་པའི་དེ་བ་བརྒྱད། །ཆེ་བའི་རྟགས་དང་ལྡན་པས་དབང་ཕྱུག་ཡང་ཆེན་གནོན། །ཞབས་བརྒྱད་ཏིང་འཛིན་བརྒྱད་ཀྱི་ཆས་དང་ལྡན། །བཀའ་དང་དམ་ཚིག་གནས་པར་བྱ་བའི་ཕྱིར། །སྙིང་གར་མཁྲིག་མ་ནུབ་ཅིང་སྒལ་ཚིགས་འཇོམས། །ཉོན་མོངས་ཉམ་ཐག་འབོད་སྒྲོག་དིར་རི་རི། །ཞེས་བརྗོད་ལ། གདུལ་བྱའི་ཞབས་གཅིག་ཤར་དུ་བགྲད་པས། དཔའ་བོ་སྟག་གི་ཆས་དང་ལྡན་པས། ཧཱུཾ་ཀ་ར་ལ་བོལ་ནུབ་པར་གཟིར་བས། ཚམ་རྔམས་ཆེན་པོས་ཉམ་ང་བར་བྱའོ། །གདུལ་བྱའི་ཞབས་གཅིག་ཤར་ལྷོ་མཚམས་སུ་བགྲད་པས། རྣོ་གདུག་ཟློག་བྱེད་རྒྱ་བྱེའུ་ཆས་དང་ལྡན་པས། ཨཱརྱ་ཨ་ཙ་ལ་བོལ་ནུབ་པར་གཟིར་བས་ཚམ་རྔམས་ཆེན་པོས་ཉམ་ང་བར་བྱའོ། །གདུལ་བྱའི་ཞབས་གཅིག་ལྷོ་ཕྱོགས་སུ་བགྲད་པས། ཤེས་རབ་ཏིང་འཛིན་རྡོ་རྗེ་འཆོལ་བའི་ཆས་དང་ལྡན་པས་ཡ་མན་ཏ་ཀ་ལ་བོལ་ནུབ་པར་གཟིར་བས་ཚམ་རྔམས་ཆེན་པོས་ལྡན་པར་བྱའོ། །གདུལ་བྱའི་ཞབས་གཅིག་ལྷོ་ནུབ་ཏུ་བགྲད་པས། དབང་གི་བསེ་ཁྲབ་ཆས་དང་ལྡན་པས། ནཱི་ལ་དཎྜ་ལ་བོལ་ནུབ་པར་གཟིར་བས། ཚམ་རྔམས་ཆེན་པོས་ཉམས་པར་བྱའོ། །གདུལ་བྱའི་ཞབས་གཅིག་ནུབ་ཏུ་བགྲད་པས། དཔའ་བརྗིད་མཉེན་ལྕུག་སྦྲུལ་ནག་འཁྱིལ་པའི་ཆས་དང་ལྡན་པས། པདྨ་ཀུཎྜ་ལི་ལ་བོལ་ནུབ་པར་གཟིར་བས། ཚམ་རྔམས་ཆེན་པོས་ཉམ་ང་བར་བྱས་སོ། །གདུལ་བྱའི་ཞབས་གཅིག་ནུབ་བྱང་དུ་བགྲད་


DNG018_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

པས། དམར་གསལ་མཆེ་བའི་རྫས་དང་ལྡན་པས། ཏ་ཀི་རཱ་ཛ་ལ་བོལ་ནུབ་པར་གཟིར་བས། ཚམ་རྔམས་ཆེན་པོས་ཉམ་ང་བར་བྱའོ། །གདུལ་བྱའི་ཞབས་གཅིག་བྱང་ཕྱོགས་སུ་བགྲད་པས། ཤུ་ཀེན་ཆུ་རིས་དར་གྱི་ཆས་དང་ལྡན་པས། ཨ་མྲྀ་ཏ་ཀུཎྜ་ལི་ལ་བོལ་ནུབ་པར་གཟིར་བས།ཚམ་རྔམས་ཆེན་པོས་ཉམ་ང་བར་བྱའོ། །གདུལ་བྱའི་ཞབས་གཅིག་བྱང་ཤར་མཚམས་སུ་བགྲད་པས། གཅན་གཟན་གཟིག་གི་ཆས་དང་ལྡན་པས། མ་ཧཱ་བ་ལ་ལ་བོལ་ནུབ་པར་གཟིར་བས། །ཚམ་རྔམས་ཆེན་པོས་ཉམ་ང་བར་བྱས་ཏེ།འདི་སྐད་ཅེས་བརྗོད་དོ། །ཧཱུཾ་ཀཱ་ར་པྲ་བེ་ཤ་ཡ་ཕཊ་ནན། ཨཱརྱ་ཨ་ཙ་ལ་པྲ་བེ་ཤ་ཡ་ཕཊ་ནན། ཡ་མཱནྟ་ཀ་པྲ་བེ་ཤ་ཡ་ཕཊ་ནན། ནི་ལ་དཎྜ་པྲ་བེ་ཤ་ལ་ཕཊ་ནན། པདྨ་ཀུཎྜ་ལི་པྲ་བེ་ཤ་ཡ་ཕཊ་ནན། ཏ་ཀི་རཱ་ཛ་པྲ་བེ་ཤ་ཡ་ཕཊ་ནན། ཨ་མྲྀ་ཏ་ཀུཎྜ་ལི་པྲ་བེ་ཤ་ཡ་ཕཊ་ནན། མ་ཧཱ་བ་ལ་པྲ་བེ་ཤ་ཡ་ཕཊ་ནན། དེ་ལྟར་གནོན་ཅིང་གཟིར་བ་ཡང་། །དོན་དུ་དབྱིངས་དང་ཡེ་ཤེས་ལ། །རྟགས་ནི་ཐབས་དང་ཤེས་རབ་བོ། །ཕྱག་རྒྱ་ཆེན་པོའི་སྐུར་བསྒོམས་ནས། །ཟིལ་གནོན་དྲག་པོའི་ལས་བྱས་པས། །སྡུག་བསྔལ་ཆུ་བོ་རྒྱུན་བསྐམས་ཏེ། །སྔོན་གྱི་རྒྱལ་བ་རྣམས་ཀྱི་བཀའ། །ཞི་བས་ཐམས་ཅད་ཚིམ་པར་མཛོད། །རྒྱས་པས་མ་ལུས་མངོན་སངས་རྒྱས། །དབང་གིས་དབང་དུ་མ་འདུས་མེད། །མངོན་སྤྱོད་བྱིན་གྱིས་བརླབ་པ་ནི། །ཐབས་ལ་མཁས་པའི་མཛད་སྤྱོད་ཀྱིས། །བསད་ཅིང་མནན་པ་མ་ལུས་ཀུན། །ཕྲ་མོའི་སྐུར་བསྐྱེད་བསྐུལ་དོན་བྱས། །སླར་འདུས་ཆོས་ཀྱི་དབྱིངས་སུ་ཐིམ། །དམིགས་པ་མེད་པའི་ཆོས་སྐུར་བསྒོམ། །དབང་ཆེན་བསྡུས་པའི་ཏན་ཏྲ་ལས། ཟིལ་གནོན་དྲག་པོའི་ལེའུ་སྟེ་དྲུག་ཅུ་རྩ་བཞི་པའོ།། །། རྫོགས་སོ།། །།དཔལ་གྱི་མགུར་ནས་གསུངས་པའི་དབང་ཆེན་ཏན་ཏྲ་འདི། །ཕྱི་རབས་རྣལ་འབྱོར་འགའ་ཡི་སྤྱོད་ཡུལ་མ་གཏོགས་པ། །མིང་ཙམ་རྣལ་འབྱོར་ཀུན་གྱི་ཐུན་མོང་མིན། །ཡོན་ཏན་གཏན་དུ་ནུབ་པར་མི་བྱའི་ཕྱིར། །ཡང་དབང་གཏེར་དུ་སྦས་ཤིང་འགའ་དང་འགའ་ལ་བརྒྱུད། །པདྨ་དབང་ཆེན་ལ་སྤྱིར་ལེའུ་བདུན་ཅུ་བཞུགས་པ་ལས། འདི་ལ་ལེའུ་དྲུག་ཅུ་རྩ་བཞི་ལས་མི་གསུངས་ཏེ་ལེའུ་དྲུག་ཙམ་མ་འདུས་སོ།།

དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་ལུང་བསྟན་པ། རྣལ་འབྱོར་ཆེན་པོའི་གསང་བ་རྣམ་པར་ཕྱེ་བ་རྣལ་འབྱོར་སྤྱོད་པའི་ས། དཔལ་རྡོ་རྗེ་ཕྲེང་བའི་མངོན་པར་བརྗོད་པ། རྟ་མཆོག་རོལ་པའི་ལུང་རྒྱུད་ཐམས་ཅད་ཀྱི་སྙིང་པོ། དབང་ཆེན་འདུས་པའི་རྒྱུད་ཅེས་བྱ་བ།


DNG018_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། སརྦ་ཏ་ཐཱ་ག་ཏཱ་ཤ་ཡ་བྱཱ་ཀ་ར་ཎ། མ་ཧཱ་ཡོ་ག་གུ་ཧྱ་སཾ་བྷོད། ཡོ་ག་ཙ་རྱ་བྷུ་མི་ཤྲཱི་བཛྲ་མཱ་ལ་ཨ་བྷི་དྷཱ་ན་པྲ་ཧ་ཡ་ལ་ལི་ཏ་ཨཱ་ག་མ་ཏནྟྲ་སརྦ་ཧྲྀ་ད་ཡ་མ་ཧེ་ཤ་ས་མུ་དཱ་ཡ་ཏནྟྲ་ནཱ་མ། བོད་སྐད་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་ལུང་བསྟན་པ། རྣལ་འབྱོར་ཆེན་པོའི་གསང་བ་རྣམ་པར་ཕྱེ་བ་རྣལ་འབྱོར་སྤྱོད་པའི་ས། དཔལ་རྡོ་རྗེ་ཕྲེང་བའི་མངོན་པར་བརྗོད་པ། རྟ་མཆོག་རོལ་པའི་ལུང་རྒྱུད་ཐམས་ཅད་ཀྱི་སྙིང་པོ། དབང་ཆེན་འདུས་པའི་རྒྱུད་ཅེས་བྱ་བ། ལྷུན་གྱིས་གྲུབ་པའི་སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བདག་ཉིད། རྡོ་རྗེ་བཙུན་མོའི་བྷ་ག་ལ་བཞུགས་སོ། །དེ་ཉིད་ཀྱི་ཁྱད་པར་ལས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་ལ་ཕྱོགས་པ་ནི། དེ་བཞིན་གཤེགས་པ་རྡོ་རྗེ་རྟག་པ་དང་། དེ་བཞིན་གཤེགས་པ་རྡོ་རྗེ་ཞེ་སྡང་དང་། དེ་བཞིན་གཤེགས་པ་རྡོ་རྗེ་ཡེ་ཤེས་དང་། དེ་བཞིན་གཤེགས་པ་རྡོ་རྗེ་ཆགས་པ་དང་། དེ་བཞིན་གཤེགས་པ་རྡོ་རྗེ་དམ་ཚིག་དང་བཅས་པ་དང་། གཞན་ཡང་རིགས་དང་འདྲེལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོར་གྱུར་པ་ནི། བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་དམ་ཚིག་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་ཆོས་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་ཕྱག་དང་།བྱང་ཆུབ་ཆེན་པོ་རྡོ་རྗེ་བློ་གྲོས་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་ཀུན་ཏུ་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་རྒྱལ་པོ་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་ལོངས་སྤྱོད་དང་བཅས་པ་དང་། གཞན་ཡང་གདུག་པ་འདུལ་བ་ལ་ཕྱོགས་པ་ནི། གཤིན་རྗེ་མཐར་བྱེད་དང་། ཤེས་རབ་མཐར་བྱེད་དང་། ཆོས་མཐར་བྱེད་དང་། བགེགས་མཐར་བྱེད་དང་བཅས་པ་དང་། གཞན་ཡང་རྡོ་རྗེ་སྙིང་པོ་ལ་སོགས་པ་དང་། འདུས་པ་རྣམས་ལྷན་ཅིག་ཏུ་བཞུགས་པ་ནི། དཔེར་ན་ཏིལ་གྱི་གང་བུ་ཁ་བྱེ་བ་བཞིན་དུ་བཞུགས་སོ། །དབང་ཆེན་འདུས་པའི་ཏན་ཏྲ་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོས།


DNG018_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ཡི་བྱིན་གྱིས་རླབས་ལས། བ་སྤུའི་བུ་ག་ནས་འོད་ཟེར་བརྒྱ་སྟོང་དུ་མ་འཕྲོས་པས་རྡོ་རྗེ་སྙིང་པོ་ལ་ཕོག་པར་གྱུར་ཏོ། །དེའི་ཚེ་རྡོ་རྗེ་སྙིང་པོ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ལ་ལྷ་རྫས་ཀྱི་མཆོད་པ་མང་པོས་མཆོད་ནས། འདི་སྐད་ཅེས་བསྐུལ་ཏོ། །རྣམ་པར་རྟོག་བྲལ་གདོད་ནས་སྐྱེ་མེད་དབྱིངས། །མ་བཅོས་མཐའ་ཡས་ཡེ་ཤེས་ཆེན་པོར་གསལ། །སྨྲ་བསམ་ཡུལ་འདས་མཐའ་དག་འོད་གསལ་ཞིང་། །དམིགས་མེད་ཡུལ་བྲལ་སྙིང་རྗེས་ཡོངས་ལ་ཁྱབ། །མཁའ་ནང་སྟོང་པའི་ཆོ་འཕྲུལ་གསལ་མཛད་ཅིང་། །དྲི་མེད་ཐུགས་རྗེའི་འོད་མདངས་གསལ་བ་ཡིས། །ཐུགས་ཀྱི་རྟགས་སྟོན་འོད་ཟེར་རྒྱལ་བའི་སྐུ། །རྣམ་གསུམ་སེམས་དཔའ་གསང་སྔགས་འོད་ཕྲེང་ཚོགས། །ཆགས་པའི་སྐྱོན་བྲལ་ཡེ་ཤེས་ལྔ་ཡི་མདངས། །སྐུ་གསུང་ཡེ་ཤེས་རྣམ་ལྔའི་དགོངས་པ་རྣམས། །བདག་གཞན་འབྲས་བུ་ཐོབ་ཕྱིར་བཤད་དུ་གསོལ། །ཞེས་གླུས་བསྐུལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གཟུངས་ཀྱི་དཀྱིལ་འཁོར་འབྱིན་པ་ཞེས་བྱ་བའི་དགོངས་པ་སྟོན་པ་ནི། གཟུངས་ཀྱི་རྒྱལ་མོ་ནམ་མཁའི་རྡོ་རྗེ་མ་དང་། ས་རྡོ་རྗེ་མ་དང་། ཆུ་རྡོ་རྗེ་མ་དང་། མེ་རྡོ་རྗེ་མ་དང་། རླུང་རྡོ་རྗེ་མ་ལ་འཁྲིལ་བར་གྱུར་ཏེ། གཟུངས་ཀྱི་བྱང་ཆུབ་ཆེན་མོ། འདས་པའི་རྡོ་རྗེ་དང་། མ་འོངས་པའི་རྡོ་རྗེ་དང་། ད་ལྟར་བྱུང་བའི་རྡོ་རྗེ་དང་། མ་བྱོན་པའི་རྡོ་རྗེ་དང་། གཟུགས་རྡོ་རྗེ་མ་དང་། སྒྲ་རྡོ་རྗེ་མ་དང་། དྲི་རྡོ་རྗེ་མ་དང་།རོ་རྡོ་རྗེ་མ་དང་། གཞན་གཟུགས་ཀྱི་ལས་མཛད་མ། འཛིན་བྱེད་རྡོ་རྗེ་མ་དང་། འཆིང་བྱེད་རྡོ་རྗེ་མ་དང་། སྡོམ་མཛད་རྡོ་རྗེ་མ་དང་། དགྱེས་པའི་རྡོ་རྗེ་མ་རྣམས་བཏོན་ཏེ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རོ་བདེ་བ་ཆེན་པོས་རྒྱས་པར་མཛད་ནས། ཉིད་ཀྱི་ཐུགས་ལས་གར་གྱི་དབང་ཕྱུག་བདེ་ཆེན་ཕྱུང་སྟེ། ཞལ་གསུམ་ནི་སྔོན་པོ་དང་། སེར་པོ་དང་། དཀར་དམར་པདྨའི་མདངས་ཅན།ཕྱག་དྲུག་ན་པདྨའི་སྡོང་བུ་དང་། བུམ་པ་དང་། རྡོ་རྗེ་རྩེ་གསུམ་དང་།དཔལ་བེའུ་དང་། མདའ་དང་། གཞུ་འཛིན་པར་གྱུར་ཏེ། འདི་སྐད་ཅེས་གསུངས་སོ། །ཆོས་དང་ལོངས་སྤྱོད་སྤྲུལ་པ་དང་། །


DNG018_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་དབྱིངས་མེ་ལོང་མཉམ་ཉིད་དང་། །སོ་སོར་ཀུན་རྟོག་བྱ་བ་གྲུབ། །བདག་དང་གཞན་གྱི་ཕྱིར་སྤྱོད་པ། །ལྟ་སྤྱོད་དཀྱིལ་འཁོར་དབང་དམ་དང་། །ཕྲིན་བསྒྲུབ་མཆོད་དང་ཏིང་འཛིན་རྒྱ། །གཞི་ལམ་འབྲས་བུ་རྡོ་རྗེའི་བདག །གསང་སྔགས་ང་ཡིས་བཤད་ཀྱིས་ཉོན། །ཞེས་གསུངས་སོ། །དབང་ཆེན་འདུས་པའི་རྒྱུད་ལས། གླེང་བསླང་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་སྐུ་རྡོ་རྗེ་ཡོངས་སུ་རྫོགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ཉིད་ལས་སྐུའི་ཚོགས་ཡོངས་སུ་གསལ་བ་ཞེས་བྱ་བ་འདི་ཆེད་དུ་བརྗོད་དོ། །སྤྱི་གཙུག་འཁོར་ལོ་རྩིབས་བརྒྱད་ལ། །སངས་རྒྱས་རྣམ་སྣང་རང་བྱུང་སྐུ། །ཀང་ཀ་རི་ཤ་ཤེལ་ལྟར་དག །བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། །གཉིས་མེད་དམ་ཚིག་རྡོ་རྗེའི་སྐུ། །ཏིང་ངེ་འཛིན་གྱིས་འདི་སྐད་གསུངས། །དག་པ་དེ་བཞིན་གཤེགས་ཀུན་གྱིས། །ཕུང་པོ་ཁམས་སོགས་རྣམ་སྤངས་ཤིང་། །གཟུང་དང་འཛིན་པ་ལས་སྒྲོལ་ཞིང་། །ཆོས་བདག་མེད་པའི་སྟོང་ཉིད་ཅན། །ཞེས་གསུངས་སོ། །ཐུགས་ཀར་ཉི་མའི་གདན་སྟེངས་སུ། །སངས་རྒྱས་མི་བསྐྱོད་རང་བྱུང་སྐུ། །མཐིང་ག་ས་གནོན་ཕྱག་རྒྱ་ཅན། །ཀུན་གྱི་གཉིས་མེད་མི་ཟད་པའི། །ཡེ་ཤེས་ཏིང་འཛིན་སྙོམས་ཞུགས་ཏེ། །བྱང་ཆུབ་སེམས་ནི་འདི་གསུངས་སོ། །དངོས་པོ་འདི་དག་མ་སྐྱེས་པས། །ཕུང་པོར་གྲགས་པའི་ཆོས་ཉིད་མེད། །ནམ་མཁའ་ལྟ་བུར་བརྟག་དཀའ་བའི། །བདག་མེད་བྱང་ཆུབ་སེམས་ཞེས་བྱ། །ཞེས་གསུངས་སོ། །མགྲིན་པ་པདྨ་འདབ་བརྒྱད་ལས། །སངས་རྒྱས་སྣང་མཐའ་རང་བྱུང་སྐུ། །པདྨ་རཱ་ག་མཉམ་བཞག་རྒྱ། །ཡེ་ཤེས་སྒྲོན་འབར་ངང་ནས་གསུངས། །མ་སྐྱེས་པ་ཡི་ཆོས་རྣམས་ལ། །དངོས་པོ་མེད་ཅིང་བསྒོམ་པའང་མེད། །ནམ་མཁའི་གནས་སུ་སྦྱོར་བ་ཡིས། །ངོ་བོ་ཞེས་ནི་རབ་ཏུ་བཤད། །ཅེས་གསུངས་སོ། །ལྟེ་བ་རིན་ཆེན་ཟུར་བརྒྱད་ལས། །སངས་རྒྱས་རིན་འབྱུང་རང་བྱུང་སྐུ། །འཛམ་བུ་ན་དའི་གསེར་འོད་འདྲ། །སྦྱིན་པ་གཏོང་བའི་ཕྱག་རྒྱ་ཅན། །བདག་མེད་རྡོ་རྗེའི་ཏིང་འཛིན་ལ། །


DNG018_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

སྙོམས་པར་ཞུགས་ནས་འདི་དག་གསུངས། །ཆོས་རྣམས་ཐམས་ཅད་དངོས་མེད་ཅིང་། །ཆོས་ཀྱི་མཚན་ཉིད་རྣམ་པར་སྤངས། །བདག་མེད་ཆོས་ལས་ཡང་དག་བྱུང་། །བྱང་ཆུབ་ཚུལ་ནི་བསྟན་པའོ། །ཞེས་གསུངས་སོ། །གསང་གནས་རྡོ་རྗེ་རྒྱ་གྲམ་ལ། །སངས་རྒྱས་དོན་གྲུབ་རང་བྱུང་སྐུ། །སྦྱིན་གཏོང་ཨིནྟྲ་ནཱི་ལིའི་མདོག །ཟིལ་གནོན་རྡོ་རྗེའི་ངང་ནས་གསུངས། །ཆོས་འདི་རང་བཞིན་འོད་གསལ་ཞིང་། །གདོད་ནས་དག་པས་མཁའ་དང་མཉམ། །བྱང་ཆུབ་མེད་ཅིང་མངོན་རྟོག་མེད། །བྱང་ཆུབ་སེམས་ནི་ཡིན་པར་བཤད། །ཅེས་གསུངས་སོ། །ཨེ་མ་ཧོ། ཞེས་གསུངས་པས་ཐམས་ཅད་ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་སེམས་ཀྱིས་ཁྱབ་པར་གྱུར་ཏོ། །དེ་ནས་ནམ་མཁའི་དབྱིངས་ཕྱུག་མས་འདི་གསུངས་སོ། །སྣོད་བཅུད་སྣང་བའི་རང་བཞིན་འདི། །རྒྱུ་རྐྱེན་འབྲས་བུ་ངང་གིས་སྟོང་། །དེ་ཉིད་མ་སྐྱེས་ཆོས་ཀྱི་དབྱིངས། །ཆོས་རྣམས་ཡོངས་ཀྱི་འབྱུང་གནས་སོ། །དེ་ནས་སངས་རྒྱས་སྤྱན་གྱིས་འདི་གསུངས་སོ། །རང་བཞིན་འོད་གསལ་སེམས་ཉིད་འདི། །མེད་ལས་ཡོད་སྣང་སྒྱུ་མར་སྣང་། །མེ་ལོང་ལྟ་བུར་རང་གསལ་བས། །ཡོངས་ལ་ཁྱབ་པར་དེ་འགྱུར་རོ། །དེ་ནས་མཱ་མ་ཀཱིས་འདི་གསུངས་སོ། །འཁོར་བ་མྱ་ངན་འདས་པའི་ཆོས། །སྤྱི་དང་རང་གི་མཚན་ཉིད་རྣམས། །མ་འདྲེས་ཡོངས་སུ་རྫོགས་པའི་དོན། །རང་བཞིན་ངང་གིས་མཉམ་པ་ཉིད། །དེ་ནས་གོས་དཀར་མོས་འདི་གསུངས་སོ། །སྟོང་ཉིད་ཡེ་ཤེས་སྙིང་པོ་ནི། །ཕྱོགས་གཞན་རང་སར་རྟོགས་པའི་བློས། །སོ་སོའི་རང་གཞུང་ངེས་རྟོགས་ནས། །ཀུན་ཏུ་རྟོགས་པར་རབ་ཤེས་བྱོས། །དེ་ནས་དམ་ཚིག་སྒྲོལ་མས་འདི་གསུངས་སོ། །ཆོས་རྣམས་ཡོངས་སུ་རྫོགས་པའི་དོན། །དབྱེར་མེད་ངང་དུ་གནས་པ་ནི། །བྱ་བ་ཐམས་ཅད་ འགྲུབ་པ་སྟེ། །དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད། །ཨ་ཧོ་ཞེས་བརྗོད་པས། འཆད་པའི་སྐྱེས་བུ་ཉིད་དགྱེས་པར་གྱུར་ཏོ། །དབང་ཆེན་འདུས་པའི་རྒྱུད་ལས། བྱང་ཆུབ་མཆོག་ཏུ་སེམས་ངེས་པར་བསྐྱེད་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་


DNG018_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་པ་ཐམས་ཅད་རབ་ཏུ་གསལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེའི་ཚེ་འདི་སྐད་ཅེས་གསུངས་སོ། །ཡེ་ཉིད་ཇི་བཞིན་ལྷུན་གྲུབ་ནི། །ནམ་མཁའ་དང་ནི་ཉི་མ་བཞིན། །ཡངས་ཤིང་རྒྱ་ཆེ་འོད་གསལ་བ། །འཁོར་འདས་འབྱུང་བའི་རང་བཞིན་ཅན། །སྲིད་རྩ་བདག་ལས་ལྷན་ཅིག་བྱུང་། །ཀུན་ཏུ་བརྟགས་པའི་རྟོགས་པས་བསླད། །དགེ་སྡིག་ལས་གསུམ་བག་ཆགས་ཅན། །ཉོན་མོངས་ལྔ་ཡིས་རྣམ་པར་བསྐྱེད། །སྣོད་བཅུད་གཉིས་ལས་མ་གཏོགས་པའི། །འགྲོ་བ་གཞན་ན་མི་མངའ་སྟེ། །ལས་དང་ལོངས་སྤྱོད་སོ་སོར་སྣང་། །གཅིག་ལས་དྲུག་རིགས་བསམ་ལས་འདས། །ཐོག་མཐའི་དོན་ལས་གོལ་ནས་སུ། །ཕྱི་ནང་རྟེན་ཅིང་འདྲེལ་འབྱུང་འཁོར། །བྱང་ཆུབ་སེམས་ཀྱི་སྣང་བ་འདི། །དེ་ཡང་སྣང་ཡང་སངས་རྒྱས་ཡིན། །ཞེས་གསུངས་སོ། །དེ་ནས་སངས་རྒྱས་ཀྱི་མཁྱེན་པས་གཟིགས་ནས་ཐུགས་རྗེའི་ཡེ་ཤེས་ཆེན་པོར་བསྐྱེད་པའི་གཞི་འདི་སྐད་ཅེས་གསུངས་སོ། །རྫོགས་སངས་རྒྱས་དང་དམྱལ་བ་ཡང་། །སེམས་ཉིད་རང་བཞིན་འོད་གསལ་ཏེ། །དེ་ལ་གཞི་དང་རྩ་བ་མེད། །ཆོས་སྐུ་ཉིད་པས་གཞན་མི་མངའ། །ཇི་ལྟར་ཐ་དད་སྣང་གྱུར་པ། །ཐམས་ཅད་མཁྱེན་པའི་སྤྱན་གྱིས་གཟིགས། །མངོན་ཤེས་དྲུག་གི་ཡུལ་དུ་སྣང་། །ལས་དང་ཐུགས་རྗེས་འདྲེལ་པའི་སྟོབས། །མུན་པའི་ནང་དུ་འཁོར་བ་ཀུན། །མ་རྟོགས་འཆལ་བ་རྒྱང་འཕེན་པ། །དམངས་རིགས་དང་ནི་རིགས་མ་དེས། །རིགས་ཆད་པ་དང་འདུ་ཤེས་ཅན། །ལོག་པར་རྟོག་པའི་མུ་སྟེགས་པ། །རང་བཞིན་དབང་ཕྱུག་རྒྱུར་འདོད་དང་། །རྡུལ་ཕྲན་ངོ་བོ་ཉིད་གྱུར་སྨྲ། །བྱེད་པ་རིག་བྱེད་རྟག་པར་བལྟ། །ཚེ་ལ་སྔ་ཕྱི་མེད་འདོད་ཅིང་། །ཡོན་ཏན་ལས་འབྲས་ཆད་པར་འདོད། །ཆོས་དང་གང་ཟག་བདག་ཏུ་འཛིན། །རྡུལ་ཕྲན་སྨྲ་བ་ཉན་ཐོས་ཅན། །ཕྱི་ནང་རྟེན་ཅིང་འདྲེལ་པ་དང་། །ལུགས་འབྱུང་དེ་ལྡོག་རང་སངས་རྒྱས། །དོན་དམ་བློ་ཡི་དང་སྟོང་ཞིང་། །ཀུན་རྫོབ་སྒྱུ་མར་སྣང་བ་དེས། །དབྱེ་གཞི་ལ་སོགས་རྣམ་པ་ཡིས། །བྱང་ཆུབ་སེམས་དཔའ་ཕལ་ཆེན་ཏེ། །དག་


DNG018_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡེ་ཤེས་ཆོས་ཉིད་དུ། །རིགས་གསུམ་མགོན་ལ་སྤྱོད་པ་བལྟ། །འོག་སྤྱོད་གོང་ལ་བལྟ་བ་ཡིས། །ཨུ་པ་ཡ་ཞེས་དེ་ལྟར་སྣང་། །རྣམ་པར་སྣང་མཛད་ཆེན་པོ་ཡིས། །རྡོ་རྗེ་དབྱིངས་ཀྱི་རྣལ་འབྱོར་བལྟ། །ལོངས་སྤྱོད་རྫོགས་པའི་སྐུ་དག་ལ། །བདེན་པ་དབྱེར་མེད་མ་ཧཱ་ཡིན། །རྩོལ་བྲལ་དབྱེར་མེད་ཤིན་ཏུ་རྫོགས། །འདིར་ནི་སྤྲུལ་སྐུ་དམ་པ་ཡིས། །དབྱིངས་དང་ཡེ་ཤེས་གཉིས་སུ་མེད། །འོག་ཏུ་གྱུར་དང་སྟེང་ན་སྤྱོད། །མཐོ་དམན་ཐེག་པའི་གཏན་ཚིགས་ནི། །ཁྱད་པར་ཆེ་ལ་གཅིག་པའི་ཚུལ། །ཀུན་བརྟགས་འཁོར་བའི་རང་བཞིན་ནི། །གཞན་དབང་དེ་བཞིན་གཤེགས་པ་སྟེ། །ཡོངས་སུ་གྲུབ་པ་ཆོས་ཀྱི་སྐུ། །རྒྱུ་བདུན་འདོད་པས་འབྲས་བུ་འཕགས། །རང་སེམས་མངོན་སུམ་ལྷ་སྐུར་འབེབས། །རྗེས་ཀྱི་ཤེས་པ་ལྷ་སྐུར་རྟོགས། །རྫོགས་པ་ཨ་ནུ་ཡོ་ག་ནི། །མུ་བཞི་མཐའ་བྲལ་ཆོས་ཀྱི་དབྱིངས། །གཅིག་དང་དུ་མར་དེ་མ་གྲུབ། །རང་བྱུང་ཡེ་ཤེས་རྡོ་རྗེ་སྟེ། །ཀུན་ཏུ་བཟང་པོ་ཡབ་ཏུ་སྣང་། །དབྱིངས་དང་ཡེ་ཤེས་གཉིས་མེད་པ། །རྟེན་ཅིང་འདྲེལ་པའི་བདེ་ཆེན་སྲས། །སྤྲུལ་པའི་ལོངས་སྤྱོད་རྒྱུན་མི་ཆད། །ཅེས་གསུངས་སོ། །དབང་ཆེན་འདུས་པའི་རྒྱུད་ལས། བལྟ་བ་རིམ་པར་ཕྱེ་བའི་ལེའུ་སྟེ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་འོད་ཟེར་འཕྲོ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་འདི་གསུངས་སོ། །དམ་པའི་རྒྱུད་ལུང་མན་ངག་མཛོད། །ལྟ་སྤྱོད་ཏིང་འཛིན་གདེང་ལྡན་ལ། །རང་བཞིན་སྦྱངས་པ་ཁྱད་པར་སྣོད། །བདེན་སྨྲ་མི་བསླུ་བཀའ་བཞིན་བྱ། །ལྟ་སྤྱོད་མི་བསླུ་དོན་ལྡན་ནས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། །དེ་བཞིན་ཉིད་ཀྱི་ཏིང་འཛིན་ནི། །སྟོང་པ་ཉིད་ཀྱི་ཏིང་འཛིན་བསྒོམ། །གཉིས་པ་ཀུན་སྣང་ནམ་མཁའི་ངང་། །སྙིང་རྗེའི་ཡུལ་གྱིས་ཁྱབ་པའི་ཕྱིར། །མཚམས་སྦྱོར་ཆེན་པོའི་ཏིང་འཛིན་བསྒོམ། །གསུམ་པ་རང་གི་ས་ནོན་ཏེ། །རབ་ཏུ་བརྟན་པའི་ཡེ་ཤེས་ལ། །དེ་ནས་ཕྲ་མོའི་ཨ་འཕྲོ་འདུ། །སྤྲོས་ཤིང་བསྡུས་ཀྱང་འཕེལ་འགྲིབ་མེད། །དེ་ལས་བདག་ཉིད་ཆེན་པོ་ནི། །ཐམས་ཅད་རྫོགས་པར་བསྐྱེད་བྱའོ། །རྒྱས་


DNG018_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ་བྱིན་བརླབ་དབང་བསྐུར་བས། །རྩ་བའི་དཀྱིལ་འཁོར་རབ་ཏུ་རྫོགས། །ཐོག་མར་ཡབ་ཡུམ་རྣམ་གཉིས་མཁའ། །རྡོ་རྗེ་པདྨར་བྱིན་གྱིས་བརླབ། །གཉིས་མེད་འཁྲིལ་བར་དགྱེས་པ་ལས། །བྷ་གའི་དཀྱིལ་དུ་ལིངྒ་ལ། །སྤྲོ་བསྡུས་དབྱིངས་སུ་འཁྱིལ་པ་ལས། །དབང་ཆེན་ས་བོན་འབྲུ་ལྔར་གྱུར། །ཨེ་ལས་ནམ་མཁའ་ཡཾ་ལས་རླུང་། །བཾ་ལས་རྒྱ་མཚོ་སུཾ་ལས་གསེར། །བྷྲཱུཾ་ལས་རིན་ཆེན་གཞལ་ཡས་ཁང་། །དབྱིབས་དང་ཁ་དོག་བསམ་ཡས་མཆོག །འཁོར་ལོ་གདན་དང་རོལ་མོའི་ཚོགས། །གདན་དང་རྒྱན་བཅས་ཡོངས་སུ་གྲུབ། །རྟེན་འབྱུང་ནམ་མཁའི་ཡི་གེ་ཨ། །འཕྲེལ་འགྲིབ་མེད་པར་གནས་པ་ལས། །གཉིས་མེད་དགྱེས་པའི་འཕྲོ་འདུ་ལས། །བཞི་བཅུ་རྩ་གཉིས་འོད་དུ་འབར། །གསུང་གི་དཀྱིལ་འཁོར་བཞི་བཅུ་གཉིས། །སྤྲོ་བསྡུ་གསལ་བར་གྱུར་པ་ལས། །ཐུགས་མཆོག་བཞི་བཅུ་རྩ་གཉིས་འབར། །དེ་ལས་མངོན་རྫོགས་སྐུར་གསལ་ལོ། །གཟུགས་དང་རྣམ་ཤེས་ཚོར་བ་དང་། །འདུ་ཤེས་འདུ་བྱེད་ཕུང་པོའི་སྐུ། །ནམ་མཁའ་ས་ཆུ་མེ་རླུང་དབྱིངས། །རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས། །ས་དང་ནམ་མཁའ་སྤྱན་རས་ཕྱག །སྒེག་མོ་ཕྲེང་བ་དབྱངས་དང་གར། །བྱམས་པ་སྒྲིབ་སེལ་ཀུན་བཟང་འཇམ། །མེ་ཏོག་སྤོས་དང་མར་མེ་དྲི། །ཕྱི་ནང་སེམས་དཔའི་ངོ་བོ་སྟེ། །རང་གི་རིགས་སུ་ངེས་པར་གསལ། །སྲིད་ཐུབ་འཛིན་དང་རྣམ་པར་རྒྱལ། །ཤཱཀྱ་སེངྒེ་རྣམ་པར་གནོན། །རྣམ་པར་སྣང་བྱེད་ཆོས་ཀྱི་རྒྱལ། །ཀུན་ཏུ་བཟང་པོ་བཟང་མོ་དང་། །གཤིན་རྗེ་སྟོབས་ཆེན་རྟ་མགྲིན་དང་། །བདུད་རྩི་ལྕགས་ཀྱུ་ཞགས་པ་དང་། །སྒྲོག་དང་དྲིལ་བུ་འཛིན་པ་ཉིད། །བཞི་བཅུ་རྩ་གཉིས་ལྷུན་གྱིས་གྲུབ། །དཀར་སེར་དམར་ལྗང་མཐིང་གའི་མདོག །འོད་ཟེར་བྱེ་བ་ཕྲག་རྣམས་འགྱེད། །ཅེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དཀྱིལ་འཁོར་རབ་ཏུ་འདུས་པ་འདི་གསུངས་སོ། །དཀྱིལ་འཁོར་གྲུ་བཞི་སྒོ་བཞི་པ། །ཐིག་བཞི་བཏབ་པའི་ཕོ་བྲང་དུ། །དབུས་སུ་མི་བསྐྱོད་ཡབ་ཡུམ་འཁྲིལ། །


DNG018_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡི་ཕྱག་ན་རྡོ་རྗེ་བསྣམས། །བརྒྱ་བྱིན་ཕྱོགས་སུ་རྣམ་སྣང་མཛད། །དེ་ཡི་ཕྱག་ན་འཁོར་ལོ་བསྣམས། །གཤིན་རྗེ་ལ་ནི་དཀོན་མཆོག་དཔལ། །དེ་ཡི་ཕྱག་ན་རིན་ཆེན་བསྣམས། །ནུབ་ཏུ་འོད་དཔག་མེད་པ་བྲི། །དེ་ཡི་ཕྱག་ན་པདྨ་བསྣམས། །གནོད་སྦྱིན་ཕྱོགས་སུ་གདོན་མི་ཟ། །དེ་ཡི་ཕྱག་ན་རྒྱ་གྲམ་འཛིན། །མེ་ཡི་ཕྱོགས་སུ་དབྱིངས་ཕྱུག་མ། །བདེན་བྲལ་ཕྱོགས་སུ་མཱ་མ་ཀཱི། །རླུང་གི་ཕྱོགས་སུ་གོས་དཀར་མོ། །དབང་ལྡན་མཚམས་སུ་སྒྲོལ་མ་ཉིད། །ཤར་གྱི་སྒོར་ནི་གཤིན་རྗེ་ལ། །ལྷོར་ནི་སྟོབས་ཆེན་ནུབ་ཏུ་རྟ། །བྱང་དུ་བདུད་རྩི་འཁྱིལ་པ་སྟེ། །ཞལ་གསུམ་ཕྱག་དྲུག་རྣམ་པར་བསམ། །དེ་ནས་བཅོམ་ལྡན་འདས་ཀྱིས་དཀྱིལ་འཁོར་ཤིན་ཏུ་བསྡུས་པ་ཞེས་བྱ་བ་འདི་གསུངས་སོ། །དུས་གསུམ་བདེ་གཤེགས་སྐུ་འདུས་པ། །བཅོམ་ལྡན་རྣམ་པར་སྣང་མཛད་བསྒོམ། །གསུང་ནི་ཐམས་ཅད་མཚོན་པས་ན། །བཅོམ་ལྡན་སྣང་བ་མཐའ་ཡས་བསྒོམ། །ཐམས་ཅད་མ་ལུས་ཀུན་འདུས་པ། །རྡོ་རྗེ་སེམས་དཔའ་ཐུགས་སུ་བསྒོམ། །ཞེས་གསུངས་སོ། །དབང་ཆེན་འདུས་པའི་རྒྱུད་ལས། སྐུ་ཡོངས་སུ་རྫོགས་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་འདི་དག་ཆེད་དུ་བརྗོད་དོ། །ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཏ་ཐ་ད་དྷ་ན། ཊ་ཋ་ཌ་ཌྷ་ཎ། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ། ཨ་ཨཱ། ཨི་ཨཱིཾ། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ། ཨཱོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཨོཾ་དྷརྨ་དྷཱ་ཏུ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། བྷྲཱུཾ་བྷི་ཤ་བྷི་ཤུདྡྷེ་ཛྙཱ་ན་མཎྜ་ལ་བྷྲཱུཾ། ཨོཾ་ཛི་ན་ཛིཀ །མུཾ་དྷཱ་ཏྭཱི་ཤྭ་རི། ཧཱུཾ་བཛྲ་དྷྲྀཀ །ལཾ་དྭེ་ཥ་ར་ཏི། སྲཱ་རཏྣ་དྷྲྀཀ །མཱཾ་མོ་ཧ་ར་ཏི། ཨཱཾ་ཨ་རོ་ལིཀ །པྱཾ་རཱ་ག་ར་ཏི། ཧ་པྲཛྙཱ་དྷྲྀཀ །ཏཱཾ་བཛྲ་ར་ཏི། ཀྵིཾ་ཧི་རཱ་ཛ་ཡ། ཧཱུཾ་ལཱ་སྱེ། ཏྲཾ་ཨ་གརྦྷཱ་ཡ། ཏྲཱཾ་མཱ་ལེ། ཧྲི་ཧ་ཧཱུཾ་པདྨ་པཱ་ད་མ། ཧྲཱྀ་གིརྟི། ཛྙིཾ་ཀུ་རུ་པཱ་ཎ་ཧྲི། ཨཱཾ་ནི་ར་ཏི། མཻ་དྷ་ར་ཎེ་སྭཱ་ཧཱ། ཛ་དྷཱུ་པ། ་ནི་སྶ་རཾ་བྷཱ་ཡ། ཧཱུཾ་པུཥྤ། ཧཱུཾ་ས་རཱ་ཛ་ཡ། བཾ་


DNG018_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

དི་བ། མུཾ་ཤྲཱི་ཨཾ་རཱ་གཱ་ཡ། ཧོ་གནྡྷེ། ཨཱོཾ་མུཾ་ནི་ཀྲིཾ། ཨཱོཾ་མུ་ནི་ཏྲུཾ། ཨཱོཾ་མུ་ནི་སྲུཾ། ཨཱོཾ་མུ་ནི་བྲཾ། ཨཱོཾ་མུ་ནི་ཀྵཾ། ཨཱོཾ་མུ་ནེ་ཡེ་སྭཱ་ཧཱ། ཨཱོཾ་བཛྲ་ཙིཏྟ་ཧཱུཾ། ཨོཾ་བཛྲ་བྷ་དྲཱ་ཨོཾ། ཧཱུཾ་ཡ་མཱན་ཏ་ཀྲྀཏ་ཧཱུཾ་ཕཊ། ཛ་བཛྲ་ཀྲོ་དྷཱི། ཧཱུཾ་པྲཛྙཱ་ན་ཏ་ཀྲྀཏ་ཕཊ། ཧཱུཾ་རཏྣ་ཀྲོ་དྷཱི། ཧཱུཾ་པདྨཱན་ཏ་ཀྲྀཏ་ཕཊ། བཾ་པདྨ་ཀྲོ་དྷཱི། ཧཱུཾ་བིགྷྣཱཾ་ཏ་ཀྲྀཏ་ཕཊ། ཧོ་ཀརྨ་ཀྲོ་དྷཱི།ཨཱོཾ་མ་ཧཱ་ནྱ་ཏ་ཛྙཱ་ན་བཛྲ་སྭཱ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཨོཾ་མ་ཧཱ་ཨཱ་དཪྴ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཨོཾ་མ་ཧཱ་ས་མ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཨཱོཾ་མ་ཧཱ་པྲཏྱ་བེ་ཀྵ་ཎ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཨཱོཾ་མ་ཧཱ་ཀྲྀ་ཏྱ་ནུཥྛ་ན་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨདྨ་ཀོ྅ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱཀྐ་བཛྲ་སྭ་བྷཱ་ཨཱདྨ་ཀོ྅ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཨོཾ་མ་ཧཱ་སུ་ཁ་བོ་དྷཱི་ཙིཏྟ་ཛྙཱ་ན་དྷཱ་ཏུ་ཨ། ཞེས་གསུངས་སོ། །དབང་ཆེན་འདུས་པའི་ཏན་ཏྲ་ལས། གསུང་གི་ལེའུ་སྟེ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཐུགས་ཡོངས་སུ་དག་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་གསུངས་སོ། །ཉི་ཟླ་འབྲུ་ལྔའི་འོད་ཟེར་ལས། །སྒྱུར་བའི་ཕྱག་རྒྱ་རྣམ་པར་བསྒྱུར། །འཁོར་ལོ་རྡོ་རྗེ་རིན་པོ་ཆེ། །པདྨ་རལ་གྲི་དྲིལ་བུར་བཅས། །རིན་ཆེན་མྱུ་གུ་རལ་གྲི་དང་། །པདྨ་དཀར་པོ་རྡོ་རྗེ་དང་། །ཀླུ་ཤིང་ཆོས་ཀྱི་འཁོར་ལོ་དང་། །ཨུཏྤལ་རིན་ཆེན་སྙེ་མ་འཛིན། །མེ་ལོང་ཕྲེང་བ་པི་ཝང་གར། །མེ་ཏོག་བདུག་པ་མར་མེ་དང་། །དྲི་ཆབ་འཐོར་བས་དགྱེས་པར་རོལ། །པི་ཝང་གོ་ཆ་གསེག་པར་དང་། །ཆོས་ཀྱི་པོ་ཏི་རིན་ཆེན་སྒྲོམ། །མེ་ཆུ་མཉམ་གཞག་འོད་ཟེར་འཕྲོ། །ཐོད་དབྱུག་རྡོ་རྗེ་སྦྲུལ་ཞགས་རྒྱ། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ། །དམ་ཚིག་རང་གི་ཡོན་ཏན་དངོས། །རྒྱལ་སྲས་རྣམས་ཀྱིས་རྒྱས་བཏབ་པ། །ལས་ཀྱི་རྣམ་སྨིན་ངེས་པ་ཡིས། །ཀུན་ནས་རྒྱས་བཏབ་ལྟ་བུར་གནས། །གང་ཡང་འདི་ནི་ལས་གང་གིས། །དེ་འབྲས་ཇི་ལྟ་བཞིན་དུ་འགྱུར། །ཆོས་མེད་རང་བཞིན་མེད་པ་ཉིད། །རང་བཞིན་གྱིས་ནི་རྒྱས་བཏབ་ནས། །སྟོང་དང་སྙིང་རྗེ་མི་ཕྱེད་པ། །སངས་རྒྱས་ཞིང་ནི་རྣམ་སྦྱོང་


DNG018_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

བ། །དེ་བཞིན་གཤེགས་པའི་ཕྲིན་ལས་ནི། །ཡོངས་སུ་དག་པར་མཛད་པའི་ལས། །དེ་ཡི་རང་བཞིན་རང་བཞིན་མེད། །ཕྱག་རྒྱ་ཆེན་པོ་ཞེས་ནི་བརྗོད། །བདེ་གཤེགས་རྣམས་ཀྱི་ཐུགས་འཛིན་པ། །སྲོག་ཤིང་དབང་པོ་མྱོང་བ་དང་། །ཟ་བྱེད་ཀུན་ཏུ་རྒྱུ་བ་དང་། །ཀླུ་དང་རུས་སྦལ་རྩངས་པ་དང་། །ལྷ་སྦྱིན་དང་ནི་གཞུ་ལས་རྒྱལ། །ཕུང་པོ་རྣམ་ཤེས་མ་ལུས་ཀུན། །འདི་དོན་ཤེས་ནས་གཟུང་བར་བྱ། །བྱེད་པ་ཅན་གྱི་རླུང་འདི་ཡང་། །རྣམ་ཤེས་ཁམས་དང་འདྲེས་ནས་སུ། །དབང་པོའི་སྲང་ནས་ཐོན་འགྱུར་ཏེ། །ཡུལ་རྣམས་ཀུན་ལ་འཇུག་པས་ན། །སྣང་དང་མཆེད་དང་ཐོབ་པ་དང་། །ཉེ་བར་ཐོབ་པར་བྱེད་པ་དང་། །ཡུལ་ཅན་གཞན་པ་ལོག་པ་ན། །ཡུལ་ལ་དངོས་པོར་སུ་ཞིག་འཛིན། །རྣམ་ཤེས་ནང་དུ་འཇུག་པ་ཡང་། །རླུང་ལ་དངོས་པོར་མ་གྲུབ་པས། །སེམས་ལ་དངོས་པོར་སུ་ཞིག་འཛིན། །ཡུལ་སེམས་རབ་ཏུ་རྟོགས་གྱུར་ན། །གང་བལྟས་པདྨ་དབང་གི་ལྷ། །ཇི་ལྟར་སྤྱད་ཀྱང་སྐྱོན་མེད་པས། །དབང་ཆེན་ཞེས་ཀྱང་དེ་ལ་བྱ། །གང་ཟག་ཉེ་ལམ་བསྒྲུབ་འདོད་པས། །གནས་ཁང་ཤིན་ཏུ་མུན་ནག་སར། །རྡོ་རྗེ་གཙུག་ཏོར་ལྟ་སྟངས་ཀྱི། །ངེས་པ་ཁོ་ན་འགྲུབ་པ་སྟེ། །དེ་ལྟར་ཇི་ལྟར་བསྒོམ་ཞེ་ན། །ཞབས་ཀྱིས་རྡོ་རྗེ་བཅའ་བ་དང་། །ཕྱག་གཉིས་ཁུ་ཚུར་སྟ་ཟུར་མནན། །སྤྱན་གཉིས་རི་རབ་ནང་དུ་སྦ། །ལྕེ་རྩེ་གྱེན་གཏད་ཞལ་ཡང་གདངས། །སྲོག་གི་རྩ་ནས་ཡེ་ཤེས་རླུང་། །སྤྱི་བོ་ཚངས་པའི་བུ་གར་འདོན། །འཇའ་ཚོན་སྣ་ལྔའི་འོད་ལ་བལྟ། །ངེས་པར་ཐོབ་འགྱུར་ཐེ་ཚོམ་མེད། །ཅེས་གསུངས་སོ། །དབང་ཆེན་འདུས་པའི་ཏན་ཏྲ་ལས། ཐུགས་ཡོངས་སུ་རྣམ་པར་དག་པའི་སྤྱོད་ཡུལ་བསྟན་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་དཀྱིལ་འཁོར་ཡོངས་སུ་གསལ་བ་འདི་གསུངས་སོ། །དམིགས་པ་ཕྲ་བའི་རིག་པ་ནི། །གཙོ་བོའི་བསྙེན་པ་འབུམ་དུ་བྱ། །འཁོར་རྣམས་ལ་ནི་ཁྲི་ཡིན་ཏེ། །དགེ་སློང་རྡོ་རྗེ་འཛིན་པས་བྱ། །དུར་ཁྲོད་དང་ནི་ཁང་ཁྱིམ་དང་། །རི་བོ་དབེན་གནས་ས་ཕྱོགས་སུ། །ས་དང་བར་སྣང་ནམ་མཁའ་བརྟག །འབྲུ་ལྔ་ཕྲ་བཀོད་སོར་མོ་ཡིས། །


DNG018_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གི་ཕུར་པ་སོར་བཞི་པས། །གདབ་པར་བྱ་ཞིང་མེ་ཡིས་སྦྱང་། །ལས་དང་བྱ་བ་ཏིང་འཛིན་སྦྱང་། །དེ་ན་གནས་པའི་འབྱུང་པོ་ལ། །འཚེ་བྱེད་བསྐྲད་ལ་ཐལ་མོ་བརྡབ། །ས་ལ་ལན་གསུམ་སྔགས་ཀྱིས་སྦྱང་། །ཨོཾ་བཛྲ་ཀྲོ་དྷ་ཛྭ་ལ་ཨ་ན་ལཱརྐ་ཧཱུཾ་ཕཊ། ཨོཾ་ཨུངྒཙྪ་ཏ། ཨོཾ་ཨུངྒཙྪ་ཏ། སརྦ་བྷུ་ཏ་གྲ་ཧ་ཨཱདྨ། ཨོཾ་ཨཱཿཧཱུཾ། བཛྲ་སཏྭ་ཨཱ་བེ་ཤ་ཏེ་ཧཱུཾ་ཕཊ། གསེག་མ་མགལ་དུམ་སྦུན་པ་དང་། །བ་ཚ་གྱོ་མོ་སྤང་པ་ཡི། །མཉམ་ཞིང་མེ་ལོང་ལྟར་འཇམ་པ། །རྣམ་པ་ལྔ་ཡིས་བྱུག་པར་བྱ། །ཕྱི་ནང་གསང་བའི་སྐུད་པ་ཡིས། །རབ་ཏུ་མཉམ་གྱུར་གྲུ་བཞི་པ། །སྐུ་གདུང་ཉི་ཤུ་ལྔ་ཡང་སྦ། །སྐུ་གསུང་ཐུགས་ལས་བྱུང་བ་ཡི། །དཔའ་བོ་འབྲུ་ལྔས་བསྐྲད་པར་བྱ། །ཚངས་ཐིག་བཏབ་ནས་ཐིག་སྐུད་ལ། །ཞལ་བསིལ་ཆུ་ཡིས་གསང་བར་བྱ། །ཨཱོཾ་ཨ་མོ་གྷ་པདྨ་བ་སུ་དྷ་ར་དྷ་ར། དྷ་ར་ཎི་མཎྜ་ལ་ཧཱུཾ། ཤར་ལྷོ་ནུབ་བྱང་ལ་སོགས་པ། །ཇི་ལྟར་འདོད་པའི་ཆ་ཕྱེད་ནས། །ནོར་འཁྲུལ་མེད་པའི་དགོངས་ལྡན་གདབ། །རིན་ཆེན་འབྲུ་དང་རྡུལ་ཚོན་དང་། །དུར་ཁྲོད་རྫས་ཀྱིས་བྲི་བར་བྱ། །སྐུ་གསུང་ཐུགས་རྟེན་དགོད་པ་དག །རོལ་མོ་རྒྱན་རྣམས་བྲི་བར་བྱ། །རབ་ཏུ་མཛེས་པ་ཁོ་ནར་བྱ། །ཕྱོགས་མཚམས་ཕུར་བུས་གདབ་པར་བྱ། །ཁྲོ་བོའི་རྐང་སྟབས་བསྐོར་བ་དང་། །དྲ་བ་ར་བས་བཅིང་སོགས་པ། །མཚམས་ཀྱི་རིམ་པས་བསྲུང་བར་བྱ། །བུམ་པ་རྒྱུ་དབྱིབས་ཚད་ལྡན་དུ། །བྱུག་བདུག་བསྐྲངས་རླབས་རྫས་ཀྱིས་དགང་། །སྨན་འབྲུ་སྙིང་པོ་རིན་ཆེན་ལྔ། །དྲི་དང་མེ་ཏོག་དཔག་བསམ་ཤིང་། །བྱིན་བརླབ་ལས་བུམ་རྣམ་རྒྱལ་དང་། །ལྷ་གྲངས་མཉམ་པར་དགོད་པར་བྱ། །རང་གནས་དྲི་ཡི་ཐིག་ལེ་ལས། །བསྐྱེད་དྲང་མཆོད་སོགས་ལྷག་གནས་བྱ། །སྔགས་བརྗོད་མེ་ཏོག་དོར་ནས་ནི། །ལྷ་གནས་དོར་ནས་རང་བཞིན་མཐོང་། །སྐུ་ཁྲུས་རབ་ཏུ་གསོལ་བར་བྱ། །མེ་དང་ཉུང་དཀར་ཁྲོ་བོ་ཡིས། །རབ་ཏུ་སྦྱར་ཞིང་ཉོན་མོངས་སེལ། །ཨཱོཾ་སརྦ་ཨ་བ་ར་ཎ་ཤུཌྜྷ་སརྦ་པཱ་པཾ་བི་ཤུད་དྷ་བཛྲ་ཧཱུཾ་ཕཊ་


DNG018_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

སྭཱ་ཧཱ། ཕྱི་ནང་གསང་བའི་རྫས་མཆོད་དེ། །རང་གི་མིང་སྔགས་དག་གིས་དབུལ། །ཨཱོཾ་སརྦ་ཏ་ཐཱ་ག་ཏ་པུཥྤ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཤྲི་ཡེ་ཨཱཿཧཱུཾ། ཆོས་དང་ལྡན་པའི་སློབ་དཔོན་གྱིས། །ཆོ་ག་ཇི་བཞིན་རབ་ཏུ་གནས། །ཨོཾ་སུ་པྲ་ཏིཥྛ་བཛྲ་སྭཱ་ཧཱ། ལས་རྣམས་བྱ་བ་མང་པོ་དག །གཏོར་མའི་རྫས་མཆོག་སྣོད་བཟང་པོར། །བཤམས་ཏེ་ཀུན་ལ་དབུལ་བར་བྱ། །ཨཱོཾ་བྲ་ཧྨ་དྷི་བ་ཏཱ་སརྦ་ཨིནྡྲ་ད་ཤ་ལོ་ཀ་རཀྵ་ཀ་ནཱ་ག་གན་དྷརྦ་ཀུམྦྷཱཎྜ། ཡཀྵ་བྷཱུ་ཏ་ག་ཎཱཿ། ཏ་ཐཱ་པྲེ་ཏ་ཨུནྨ་ད་ཏ་པི་ཤཱ་ཙི་ཨ་པ་སྨཱ་ར་ཌཱ་ཀི་ནཱི་གྲ་ཧ་བི་གྷྣཱཾ་མ་ཏྲྀ་ག་ཎཱཿསརྦ་ཏ་ཐཱ་ཨ་ནུ་ནེ་མ་ར་བེ་གྷྲ་ཧ། ཨོཾ་ཛོ་བྷ་ཀྵ་མ་ཧཱ་ཏེ་ཛ་མ་ནུ་ཥྱཱ་ནཱཾ་བི་ཧི་ས་ཀ་མུ་དྲཱ་མནྟྲ་ཨ་དྷི་དོ་བྷྱཤྩ། གྲ་ཧཱ་ན་ཀྵ་ཏྲ་མ་ནུ་ཥྱ་ཨི་མཾ་བ་ལིཾ་པྲ་ཏི་གྲྀ་ཧྞནྟུ། སིདྡྷིམྨེ་པྲ་ཡཙྪནྟུ་མེ་ས་དཱ་ས་མ་ནེ་ཥུ་ཀ་ར་མེ་ཥུ། ས་ཏ་ས་ཧ་ཡ་བྷ་བནྟུ་ཙ། དྷ་ན་དྷ་ན་སུ་བ་སུ་བ་ར་ནཉྩ། ད་དན་ཏུ་མ་མ་ཧོ་ཥི་ཏ་ཨི་ཏི་ཨུ་པ་ཏྲཱ་ཎ་རོ་ཥ་ཎི། སཏྭཱ་ནཱ་མ་ནཱ་ཤ་ཡནྟུ་ཙ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། རྡོ་རྗེའི་སྣོད་དང་ལྡན་པ་རྣམས། །དད་ཆུས་སེམས་ཀྱི་དྲི་མ་བཀྲུ། །གོས་གཙང་གོན་ལ་གཙང་ཁང་བྱུང་། །རས་ཀྱི་ཡོལ་བས་གཅད་པར་བྱ། །གདོང་བསལ་སྤྱན་རས་དགབ་པར་བྱ། ཨོཾ་ཙཀྵུ་ཙཀྵུ་ས་མནྟ་ཙཀྵུ་མཻ་ཏྲི་སིཌྜྷ་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ། སྐུད་པ་ལེགས་པ་ཚད་ལྡན་ལ། །བསང་དར་རྡོ་རྗེའི་མདུད་པ་གསུམ། །མེ་ཏོག་གཏོར་ཞིང་དཔུང་གཡོན་བཅིངས། ཨོཾ་ལོ་ཙ་ནི་ཡ་ཐ་ཏྭད་ཏཾ་སཾ་པྲ་ཏཾ་མི་བྷ་བི་ཤུད་དྷི་རཾ་རཏྣ་ཏྲ་ཡཱ་ཡ་སིདྡྷི་ན་ནི་ད་ད་ཤཱ་ཡ་སྭཱ་ཧཱ། སོ་ཤིང་བཟང་པོའི་ཕུར་བུ་དེ། །བྱིན་བརླབ་ལག་གཏད་སློབ་མས་དོར། ཨོཾ་པྲ་ཏི་བཛྲ་ས་མནྟ་ཨཱིཾ་ཤྭ་རི་ཨཱཿཧཱུཾ་སྭཱ་ཧཱ། ཕྱོགས་བལྟས་དུར་བའི་སྔས་གདན་གྱིས། །ཉལ་ནས་ཇི་ལྟར་མཐོང་བ་སྨྲ། །གོ་བདེའི་རྣམ་པ་བླ་མས་བཤད། །ཞི་བའི་ལས་ཀྱི་སྡིག་སྒྲིབ་རྣམས། །བགེགས་རྣམས་ཞི་བ་དོན་དུ་བསྲེག །གོས་བཟང་བགོས་པའི་ཤིཀྵ་ཡིས། །ཐལ་སྦྱར་འཇུག་པར་གསོལ་བ་བཏབ། །གནང་བ་སྦྱིན་ཞིང་ཡི་དམ་ལྷས། །ཐུགས་རྗེས་གཟུང་བར་གསོལ་བ་གདབ། །དམ་ཚིག་ཆུ་བྱིན་གསང་བ་བསྒྲག །ཡེ་ཤེས་ལྷ་ཡི་བྱིན་རླབས་དབབ། །ཨཱོཾ་ཏིཥྛ་མ་ཧཱ་ཀྲོ་དྷ་ཨཱ་བེ་ཤཱ་ཡ་ཧཱུཾ། བཛྲ་སཏྭ་ཧི་མ་ཧེ་བིདྱཱ་རཱ་ཛཱ་ཡ་བྷྱོ་མ་ཧེ་ཕཊ།


DNG018_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་མཆོག་གི་བསྟན་པར་བྱ། །རང་བཞིན་དཀྱིལ་འཁོར་རང་གནས་མཐོང་། །སླར་ཡང་དབང་བསྐུར་གསོལ་གདབ་བསྐུར། །བུམ་པ་མི་བསྐྱོད་རྡོ་རྗེའི་ཆུ། །མགོ་ཐོག་རྣམ་ཤེས་ཕུང་པོར་བསྐུར། ཨོཾ་མ་ཧཱ་ས་མ་ཡ་ཨཱིཾ་ཤྭ་ར་ཏཾ་ཨ་བྷི་ཥིཉྩཱ་མི་སྭཱ་ཧཱ། ཨཱོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲི་ཡེ་ཨཱཿཧཱུཾ། དབུ་རྒྱན་ཅོད་པན་བཟང་པོ་ཡིས། །ཡོན་ཏན་རིན་ཆེན་འབྱུང་ལྡན་བསྒོམ། །ཨཱོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་མུ་ཀུ་ཊ་པུ་ཛཱ་ཡ་ཨ་དྷིཥྛ་ཡཱ་མི་ཨཱཿཧཱུཾ། རྡོ་རྗེ་ཡེ་ཤེས་ལྔ་རྫོགས་པའི། །འོད་དཔག་མེད་པ་ལག་གཡས་སྦྱིན། །ཀུན་བཟང་བརྟུལ་ཞུགས་རྡོ་རྗེ་ལོངས། །དངོས་གྲུབ་བཟང་པོ་ཟ་བར་གྱིས། ཨཱོཾ་བཛྲ་པཱ་ཎི་ཨ་བྷི་ཥཱིཉྩ་ཧཱུཾ། དྲིལ་བུ་རལ་གྲི་དོན་གྲུབ་ནི། །ལག་པ་གཡོན་པ་དོན་ཡོད་གྲུབ། །ཨཱོཾ་དྷཱ་ཏུ་ཨ་བྷི་ཥཱིཉྩ་ཧཱུཾ། རྣམ་པར་སྣང་མཛད་ངོ་བོ་དེ། །རང་བཞིན་གསལ་བར་གྱུར་པ་དང་། །རྡོ་རྗེའི་མིང་གི་དབང་ཡང་བསྐུར། །གཟུགས་ཀྱི་ཕུང་པོ་རྣམ་པར་བསྒོམ། ཨཱོཾ་སརྦ་ཏ་ཐཱ་ག་ཏ་ཆེ་གེ་མོ་བཛྲ་སཏྭཾ་ཨ་བྷི་ཥིཉྩ་མི་སྭཱ་ཧཱ། དེ་ཡིས་རྡོ་རྗེ་སློབ་དཔོན་དང་། །ཉན་དང་འཆད་དང་ཕྲིན་ལས་དང་། །རྡོ་རྗེ་རྒྱལ་པོ་འགྲུབ་པ་ཡི། །དབང་མཆོག་འདོད་པ་ཚིམ་པར་བྱ། །གཟུངས་མ་བསྟན་པ་ཞུ་བའི་ཕྱིར། །གདོལ་པ་མོ་དང་ཁྲུས་མཁན་འོང་། །སྨེ་ཤ་ཅན་དང་གར་མཁན་མ། །རོ་སྲེག་མོ་དང་བྲམ་ཟེ་མོ། །འགྲུབ་འགྱུར་དོན་དུ་རྣལ་འབྱོར་པས། །བདག་ཉིད་རོ་གཅིག་གནས་པར་བྱ། །རིན་ཆེན་པདྨ་དེ་བཞིན་ལས། །འཁོར་ལོའི་རིགས་སུ་ཤེས་པར་བྱ། །རྡོ་རྗེའི་རིགས་སུ་བརྗོད་པ་དེའོ། །མ་དང་སྲིང་མོ་བུ་མོ་དང་། །ཆུང་མ་མནའ་མའམ་སྒྱུག་མོ་དང་། །ལུགས་ལས་ལྡོག་པར་ཤེས་པ་ཡིན། །སེམས་དང་ངག་ལུས་སྲོག་དང་ནི། །ཐུར་སེལ་དབུ་མའི་རླུང་ཞེས་བྱ། །ས་ཆུ་མེ་རླུང་ནམ་མཁའ་དང་། །ནམ་མཁའ་ཆེན་པོར་རབ་ཤེས་ནས། །མངར་སྐྱུར་ཁ་བ་ལན་ཚྭ་རོ། །བསྐ་བ་ཚ་བ་དངོས་གྲུབ་སྟེ། །དེ་དག་ཤེས་ནས་རང་བཞིན་མེད། །དེ་ལ་དངོས་གྲུབ་བླང་བར་བྱ། །དགའ་བ་མཆོག་དགའ་དགའ་བྲལ་དང་། །


DNG018_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ། །བ་དང་བེའུ་བྱ་དང་བྱིའུ། །བུང་བ་མེ་ཏོག་ལས་ཤེས་ཏེ། །རང་བཞིན་བདེ་བ་བླང་བྱ་ཞིང་། །སངས་རྒྱས་རྣམས་ལ་མཆོད་པ་འབུལ། །ཤིན་ཏུ་ཆགས་བྲལ་ཆགས་ཆེན་པོས། །བདེ་བ་ཆེན་པོ་བླང་བར་བྱ། །རང་ལུས་སྲོག་དང་རྒྱལ་སྲིད་དང་། །གཅེས་པའི་རྣམ་པས་མཉེས་པར་བྱ། །འདི་དང་ཕྱི་མར་བདེ་ལྡན་པའི། །ཡོན་ཏན་བརྗོད་ལས་འདས་པར་འགྱུར། །གང་ཡིན་བགེགས་ལ་གཏོར་མས་མཆོད། །རྟག་ཏུ་དམ་ཚིག་ལག་ནས་བྱ། །ཨུཙྪིཥྚ་ཀྵེ་ཏྲ་པཱ་ལ་ཨེ་ཧྱེ་ཧི་ཙཀྲ་ཨུཙྪིཥྚ་སུ་བྷོ་ཛ་ནཾ་བི་བ་པི་བ་བྷཀྵ་བྷཀྵ་སརྦ་སིདྡྷིམྨེ་པྲ་ཡཙྪ་མེ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། ཞེས་གསུངས་སོ། །དབང་ཆེན་འདུས་པའི་རྒྱུད་ལས། དཀྱིལ་འཁོར་དང་དབང་བསྐུར་བའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་མཉེས་པ་ཆེན་པོ་འདི་གསུངས་སོ། །ཨོཾ་བསོད་ནམས་ཡེ་ཤེས་ཚོགས་རྫོགས་སྐུ། །རྡོ་རྗེའི་གསུང་དབྱངས་དྲུག་ཅུར་སྒྲོག །མི་རྟོག་ཐམས་ཅད་མཁྱེན་པའི་ཐུགས། །ཡོན་ཏན་མ་ལུས་རེ་བ་སྐོང་། །ཞི་རྒྱས་དབང་དྲག་ལྷུན་གྲུབ་པ། །རྡོ་རྗེ་དབྱིངས་ལ་ཕྱག་འཚལ་ལོ། །ཨ་ཧོ། ཧཱུཾ་དྲི་མེད་རྣམ་དག་ཞི་བ་ལས། །སྤྲོས་པ་ཐམས་ཅད་རབ་ཞི་བའི། །ཡེ་ཤེས་ཚོགས་མཆོག་མངའ་བརྙེས་པ། །རང་བཞིན་དག་པས་ཆོས་ཀྱི་སྐུ། །ཐུགས་རྗེས་སྡུག་བསྔལ་སེལ་མཛད་པ། །བསོད་ནམས་ཚོགས་རྫོགས་གཟུགས་ཀྱི་སྐུ། །ལས་དང་ཉོན་མོངས་ཤེས་བྱ་ཡི། །དྲི་མ་སྤངས་པའི་སྐུར་སྤྲུལ་པ། །གསུང་མཆོག་སྐུ་གསུམ་དག་པ་ལ། །ལུས་ངག་སེམས་ཀྱིས་ཕྱག་འཚལ་བསྟོད། །ཐུགས་རྗེ་ཆེན་པོས་གཟུང་བ་དང་། །ཡེ་ཤེས་སྣང་བ་གསལ་བར་མཛོད། ཨ་ཧོ། ཨོཾ་ཆོས་དབྱིངས་སྐྱེ་བ་མེད་པ་ལས། །ཐུགས་རྗེའི་དབང་གིས་སྐུར་བཞེངས་པ། །དབང་མཆོག་རྡོ་རྗེ་སེམས་དཔའ་ནི། །སངས་རྒྱས་ཀུན་གྱི་གསང་བའི་ཐུགས། །རབ་ཏུ་མི་རྟོག་དངོས་མེད་པ། །ཐུགས་མཆོག་ཁྱོད་ལ་ཕྱག་འཚལ་བསྟོད། །དབང་ཆེན་འདུས་པའི་ཏན་ཏྲ་ལས། བསྟོད་ཅིང་ལས་བཅོལ་པའི་གུས་པ་བསྟན་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་བཅོམ་


DNG018_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་གདུག་པ་འདུལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་ལས་མ་དག་པའི་སྣང་བ་ཞེས་བྱ་བ་འདི་གསུངས་སོ། །ཀུན་ཏུ་བཀོད་པའི་བསྐལ་པ་ལ། །མངོན་པར་དགའ་བའི་ཞིང་ཁམས་སུ། །དགེ་སློང་ཐུབ་དཀའ་གཞོན་ནུ་ལ། །ཐར་པ་ནག་པོ་དན་ཕག་གཉིས། །གསང་དོན་ཡན་ལག་རབ་ཞུས་པ། །ཇི་བཞིན་ཉིད་དེ་མ་བཅོས་ན། །དངོས་པོ་བཞི་ལ་གནས་སྤྱད་ཀྱང་། །ནམ་མཁའ་ལ་ནི་སྤྲིན་བཞིན་ཏེ། །རྣལ་འབྱོར་དེ་ཉིད་དམ་པའི་ལམ། །དེ་ཉིད་ལ་ནི་སོ་སོར་གོལ། །གཏུམ་ཚིག་ཞེ་གཅོད་དེ་ཉིད་ཉམས། །དམྱལ་བ་ཡི་དྭགས་དུད་འགྲོ་སོགས། །རྡོ་རྗེའི་སྔགས་ཀྱི་རྣམ་སྨིན་ཕོག །སྲུལ་ནས་སྨད་འཚོང་མ་ཡི་བུ། །དུག་ཤིང་ནལ་བྱི་གདོང་ནག་ཏུ། །ཤ་ཟ་མ་ཡི་དུར་ཁྲོད་བདག །ལྷ་སྲིན་ཡོངས་ཀྱི་འཁོར་གྱིས་བསྐོར། །ལྷ་ཡི་སྡེ་དཔོན་ཀ་རུ་དང་། །སྲིན་པོ་ལང་ཀ་མགྲིན་བཅུ་དང་། །ལྷ་ཀླུ་མི་རྣམས་ལམ་ལོག་སྤྱོད། །ངན་སོང་གསུམ་དུ་འཁོར་བ་ལས། །ཐུགས་རྗེའི་ཞིང་དུ་དེ་གཟིགས་ཏེ། །བདེ་གཤེགས་བཀའ་བགྲོས་བཅད་པ་ཡིས། །ཞི་བས་ཕན་པར་མ་གྱུར་ཏེ། །དེ་བཞིན་གཤེགས་ཀུན་ཁྲོ་བོར་གྱུར། །ཤ་རུས་ཁྲག་ལ་ལོངས་སྤྱོད་ཅིང་། །དུག་གསུམ་མ་ལུས་ཁོང་དུ་ཟོས། ཨོཾ་སརྦ་པཱ་པ་ཀ་ར་ཧེ་ཏ་པ་བི་ཤྭ་མ་ཏྲ་རུ་ཏྲ་ཧཱུཾ་ཕཊ། ཨཱོཾ་སརྦ་པཱ་པ་ཀ་ར་ཧེ་ཏ་ས་བྱི་ཤྭ་ཁ་ཏོང་ཁ་རུ་ཏྲ་ཧཱུཾ་ཕཊ། ཨོཾ་སརྦ་པཱ་པ་ཀ་ར་ཧེ་ཏ་པ་བྱི་ཤྭ་ཨ་ཤ་རུ་དྲ་ཧཱུཾ་ཕཊ། ཧྲི་པདྨཱནྟ་ཀྲྀཏ་བཛྲ་མ་ཧཱ་ཀྲོ་དྷ་ཧ་གྲཱི་བ་ཧཱུཾ་ཕཊ།ཏྲི་ཐུམ་བྷྲཱུཾ་ཛ། ཏེ་ཛ། བ་ཏྲི་ཡཾ་བུ་ཛ། ཡ་ད་ཤོ་ཛ། ག་ན་ཛ། ག་ག་ན་གྲ་ཙི་ཏི་ཙི་ཏི་ཛ། མ་མ་ཆུ་ག་ཛ། མཱ་ར་ཡ་ཧཱུཾ་ཕཊ། དེ་དག་སྣམ་ནས་བཏོན་ནས་ནི། །སྒྲིབ་སྦྱང་བཤགས་ཏེ་སྲོག་སྙིང་ཕུལ། །འཁོར་རྣམས་བྲན་དུ་འཁོལ་ནས་ནི། །དཀྱིལ་འཁོར་སྐྱོང་བར་ཁས་བླངས་ཏེ། །ཐལ་པའི་དབང་པོར་ལུང་བསྟན་ནས། །འདིར་ནི་བསྟན་པ་བསྲུང་བའི་ཕྱིར། །སྲོག་སྔགས་འདི་དག་དངོས་པོར་ཕུལ། །ཤོག་ཧེར་ནི་ཤོག །ཧེ་མ་དུ་མ་རིལ་ཤོག །དེར་ཤོག་འདིར་ཤོག །འདིར་དུཾ་འདིར་དུཾ། ཙི་ཏ་བཾ་ཙི་རྦད།


DNG018_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ཏྲག་རཀྴ་ཐུན་བྷྱོ། ཏྲག་རཀྴ་ཁཾ་ཁཾ། བུཾ་བུཾ་ཤན་ཏི་ཏ་ཤག །ཨཱོཾ་རཀྴ་ཤ་ར་ཏི། མ་ཧཱ་ཀཱ་ལ་ཀཱ་ལ་ཡ་སྟོ་ཡ་ཕཊ། ཡ་སྟོ་ཡ་ཁུག་ཁུག་ནི་ག་ཏ་ཡ་ག་ཏ་ཡ། བེ་ཛེ་བེ་ཛེ་དྲུངས་ཕྱུང་རྩད་ཆོད། ཏྲག་རཀྴ་ཐུམས། ཁ་དུམ་རྦད་རྦད་ཛ་ཛ། ཅེས་སྲོག་ལས་དང་བཅས་པ་ཕུལ་ལོ། །དེ་ཡི་ཆོ་ག་འདི་ཡིན་ནོ། །བྲུབ་ཁུང་ནག་པོ་གྲུ་གསུམ་ནང་། །ཕུར་བུ་ལྕགས་ཀྱི་ཁང་སྒྲོམ་འབར། །མདའ་དང་གསིལ་བྱེད་མཚོན་ཆ་ལ། །ཕུ་རུང་ཆས་གོས་ནག་པོར་ཤེས། །རུ་ཏྲ་ཀཱ་ལ་གྲི་གུག་ཐོད། །བེང་དང་བཅས་པ་བཟླས་པ་བརྩམ། །སློབ་དཔོན་ཆོས་གྲོགས་ཕ་བུ་དང་། །ཡུལ་དཔོན་བཙུན་ཆེན་ཉེ་བ་དང་། །མིང་དང་དོན་སྙིང་ཟ་ན་འགྲུབ། །སྤྲང་པོ་དབྱུག་པ་ཐོགས་པ་ངན། །བླ་འབྱེད་ཁྲི་ཚོས་འདྲེལ་བ་དང་། །ལུས་ངག་སེམས་ཀྱི་ལས་སུ་ནི། །བསྐོར་བ་བཟླས་བརྗོད་ཏིང་འཛིན་ཡིན། །བསྙེན་པ་ཐབས་ཀྱིས་བསྐོར་བར་བྱ། །རྦད་བསད་ཤེས་རབ་མེ་དང་མཚུངས། །སྦྱིན་བསྲེག་ཐལ་བ་ཕྱར་རམ་མནན། །དམ་ཚིག་ལ་སྡང་སྨོས་ཅི་དགོས། །དབང་ཆེན་འདུས་པའི་ཏན་ཏྲ་ལས། ་ཏྲ་བསྒྲུབ་པ་ཁྲོ་བོའི་གླེང་གཞི་བཅས་པ་སྟེ་ལེའུ་བཅུ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཁྲོ་བོ་ཐམས་ཅད་རབ་ཏུ་གསལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་སྐད་དོ། །བདེ་བ་ཆེན་པོ་གར་དབང་ཕྱུག །པདྨ་རཱ་ག་ཀུན་ཏུ་ཞལ། །དབུ་ལྔ་མགོ་ལྔ་གཤོག་པ་བཞི། །ཤར་དུ་རོལ་པའི་ཕྱག་མཚན་ནི། །ཁྲོ་ཆེན་སྙིང་འབྱིན་ཁ་ཊྭཱཾ་ག །རྡོ་རྗེ་ལྕགས་ཀྱུ་སྦྲུལ་ཞགས་དང་། །ལྷོ་རུ་རོལ་པའི་ཕྱག་མཚན་ནི། །ཐོད་ཁྲག་རྡོ་རྗེ་ལུ་གུ་རྒྱུད། །རྡོ་རྗེ་བེ་ཅོན་རྔེའུ་ཆུང་། །ནུབ་ཀྱི་ཕྱག་བཞིར་བསྣམས་པ་ནི། །མེ་ཡི་ཞགས་པ་ཁྱུང་གི་ཁྲ། །སྡིགས་མཛུབ་མེ་འབར་ཁ་ཊྭཱཾ་འཁྲོལ། །བྱང་གི་ཕྱག་བཞིར་བསྣམས་པ་ནི། །རྡོ་རྗེ་དགུ་ལྔ་གསུམ་གཅིག་བརྡེག །ཞབས་བརྒྱད་ཁྲོ་བརྫིས་རྒྱན་དང་ལྡན། །སྐུ་ཡི་དབང་ཆེན་འདི་གསུངས་སོ། །སྲོག་དང་རྩོལ་པའི་བདག་ཉིད་ཅན། །འཇུག་གནས་ལྡང་བས་ཕྱི་དང་ནང་། །དེ་གཉིས་འདྲེལ་བའི་བདག་ཉིད་ཅན། །དེ་ཉིད་


DNG018_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

ཁོ་ན་ངོ་བོར་གསལ། །ཚོགས་ཆེན་ཡོངས་འདུས་གར་གྱི་དབང་། །དབུ་ལྔ་དམར་པོ་རྟ་མགོ་ལྔ། །ཕྱག་ནི་བཅུ་དྲུག་གཤོག་པ་བཞི། །ཞབས་བརྒྱད་རྔོམ་བརྗིད་དུར་ཁྲོད་བརྒྱན། །གཡས་ཀྱི་ཕྱག་བརྒྱད་བསྣམས་པ་ནི། །རྡོ་རྗེ་ཁ་ཊྭཱཾ་དྲིལ་བུར་བཅས། །རྡོ་རྗེ་ལྕགས་ཀྱུ་སྦྲུལ་ཞགས་དང་། །འཁོར་ལོ་རིན་ཆེན་ཟུར་བརྒྱད་དང་། །རལ་གྲི་རྡོ་རྗེ་ལུ་གུ་རྒྱུད། །པདྨ་ཡུ་འཛིན་ཐོད་ཁྲག་བཀང་། །ཁྲོ་སྙིང་གཤིན་རྗེའི་དབྱུག་པ་དང་། །རྒྱ་གྲམ་རྡོ་རྗེ་བེ་ཅོན་དང་། །མེ་ཕྲེང་ཏྲི་ཤཱུལ་ཁྱུང་གི་ཁྲ། །གསུང་གི་དབང་ཆེན་འདི་གསུངས་སོ། །སྲོག་དང་ཐུར་སེལ་གྱེན་རྒྱུ་དང་། །མཉམ་དུ་གནས་དང་ཁྱབ་པར་བྱེད། །ལྡང་ཤིང་རྒྱུ་བ་རྣམ་པར་རྒྱུ། །ཡང་དག་རབ་ཏུ་ངེས་པར་རྒྱུ། །པདྨ་གསང་བ་དབང་ཆེན་སྐུ། །པདྨ་གསང་བའི་སྐུར་བྱུང་བས། །དབུ་ལྔ་དམར་པོ་གཤོག་པ་བཞི། །ཞབས་བརྒྱད་བཅུ་དྲུག་ཕྱག་རྒྱ་ཆེ། །རྡོ་རྗེ་ལྕགས་ཀྱུ་སྦྲུལ་ཞགས་དང་། །ཅང་ཏེའུ་ཁ་ཊྭཱཾ་ཐོད་རློན་ཁྲག །རྡོ་རྗེ་རྩེ་དགུ་རྩེ་ལྔ་དང་། །རྩེ་གསུམ་རྩེ་གཅིག་འབར་བ་དང་། །རྡོ་རྗེ་ལྕགས་ཀྱུ་ལུ་གུ་རྒྱུད། །ཐོད་རློན་སྟོབས་དང་ཁྲོ་བརྒྱད་སྙིང་། །མེ་ཡི་ཞགས་པ་ཁྱུང་གི་ཁྲ། །སྡིགས་མཛུབ་མེ་འབར་ཁ་ཊྭཱཾ་འཁྲོལ། །ཐུགས་ཀྱི་དཔལ་ཆེན་འདི་གསུངས་སོ། །སྙིང་ག་གསང་བ་ལྐོག་མ་དང་། །ལྟེ་བ་དང་ནི་ཚིགས་རྣམས་ལ། །རྒྱས་དང་རྣམ་པར་རྒྱས་པ་དང་། །མྱོང་ལྟུང་མཛའ་བའི་རྩ་ལ་གནས། །མིག་དང་རྣ་བ་སྣ་དང་ནི། །ལྕེ་དང་ལུས་དང་སྐྱེ་མཆེད་ལ། །རླུང་གི་ཆ་དང་སྣ་དང་ནི། །བསྙེན་བཀུར་ལྐོག་ཤལ་མཆིན་པར་གནས། །ཤེས་རབ་རྟ་མགྲིན་དབང་གི་སྐུ། །དབུ་གསུམ་རྟ་མགོ་ལྗང་གུ་ནི། །རལ་པ་དམར་པོ་གྱེན་དུ་འཁྱིལ། །ལྕགས་སྒྲོག་རལ་གྲི་དགྲ་སྟྭ་གཡས། །ལྕགས་སྒྲོག་གཤོལ་དང་ཐོ་བ་གཡོན། །བརྐྱང་བསྐུམ་ཆུ་བདག་ཉི་སྟེང་བགྲད། །ཨེ་ཀ་དམར་ནག་དུར་ཁྲོད་ཆས། །ཁ་ཊྭཱཾ་ཐོད་རློན་དམར་བཀང་སྟོབ། །ཕྲ་མེན་བྱི་ལ་པུ་ཤུད་མགོ། །དམར་ནག་བསྐལ་པའི་མེ་འབར་བ། །ལྕགས་ཀྱུ་ཕུར་པ་འཛིན་ཅིང་འདེབས། །རྩ་


DNG018_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ལྷ་བཞི་འདི་གསུངས་སོ། །བག་ཆགས་ཉོན་མོངས་རླུང་ངོ་བོ། །དབང་པོ་གཉིས་དང་མཉམ་སྦྱོར་འཇུག །སྲོག་རླུང་ཉ་འདྲ་དང་པོར་འཕོ། །གཉིས་པ་ཐུར་སེལ་རུས་སྦལ་འདྲ། །གསུམ་པ་གྱེན་རྒྱུ་ཕག་རྒོད་འདྲ། །དྲུག་པ་ཁྱབ་བྱེད་སེང་གེ་འཕོ། །ལྔ་པར་མཉམ་གནས་མི་ཡི་གཟུགས། །དྲུག་པ་ལས་རླུང་ས་ཁམས་མིག །བདུན་པ་རྣ་བར་རུས་སྦལ་ཆུ། །བརྒྱད་པ་རྩ་རླུང་སྣ་བུག་མེ། །དགུ་པར་ལྷ་སྦྱིན་རླུང་ཁམས་རོ། །བཅུ་པ་གཞུ་རྒྱབ་ལུས་ཁམས་ཅན། །སངས་རྒྱས་སྤྲུལ་པའི་སྐུ་འདྲ་བ། །རབ་ཏུ་སྐྱེ་བར་དེ་ཡིས་བྱ། །པདྨ་གར་གྱི་དབང་ཕྱུག་ནི། །ཞལ་གསུམ་ཕྱག་བརྒྱད་ཞབས་བཞིར་བགྲད། །དཀར་དང་དམར་ནག་ལྗང་ནག་ཞལ། །དབུ་གཙུག་རྟ་མགོ་ལྗང་གུ་ནི། །གྱེན་དུ་ཁ་གདངས་རྟ་སྐད་འཚེར། ༈ །ཁ་ཊྭཱཾ་རལ་གྲི་རྔེའུ་ཆུང་དང་། །དགྲ་སྟྭ་གཡས་ཀྱི་ཕྱག་ན་འཛིན། །ཡེ་ཤེས་མདའ་དང་དབྱིངས་ཀྱི་གཞུ། །མདུང་ཐུང་གསེར་གྱི་ཞགས་པ་གཡོན། །སྤྱི་གཙུག་ཡེ་ཤེས་ཁྱུང་ཆེན་རྫོགས། །ཐུགས་ལ་རྡོ་རྗེ་གཏུམ་པོ་འབར། །པདྨ་གར་གྱི་དབང་མོ་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར། །གཡས་པ་རྡོ་རྗེ་ཡབ་ལ་འཁྱུད། །གཡོན་པ་བདུད་རྩི་ཡབ་ལ་སྟོབ། །དྲག་པོ་གསུམ་སྦས་འདི་གསུངས་སོ། །ལུས་ཀྱི་སྲོག་རྣམས་གསུམ་འཛིན་ཅིང་། །རླུང་རྣམས་ཕྲ་བའི་གཟུགས་ཀྱིས་ནི། །ཤེལ་དང་ཡང་དག་འདྲེས་གྱུར་ནས། །དབང་པོའི་ལམ་ནས་བྱུང་ནས་ནི། །ཡུལ་རྣམས་ལ་ནི་འཇུག་པར་བྱེད། །སྣང་བ་གསུམ་དུ་གྱུར་ནས་ནི། །རང་བཞིན་རྟོག་བཅས་བརྒྱད་ཅུ་པའོ། །ཡོངས་ལ་འཆར་ཞིང་འཇུག་པ་ནི། །རྟ་མཆོག་རཱ་གའི་མདོག་ལྡན་པ། །ཞལ་གསུམ་ཕྱག་དྲུག་ཞབས་བཞིར་གནས། །དམར་དང་དཀར་བ་མཐིང་གའི་གཟུགས། །རྟ་མགོ་ལྗང་གུ་འཁྲུལ་མར་འགྱུར། །དང་པོ་རྡོ་རྗེ་བྷན་དམར་འཕྱར། །བར་གཉིས་ལུ་གུ་རྒྱུད་བསྣམས་པ། །ཐ་མ་རྡོ་རྗེ་ཕུར་བུ་འདྲིལ། །ཁྲོ་གཉེར་མ་ནི་འབར་འདྲ་འཁྲིལ། །མོ་ཡི་རྟགས་ལྡན་བྱང་ཆུབ་སེམས། །མཐར་བྱེད་རྟ་ཡིས་འདི་དག་གསུངས། །ཐོག་མར་ལོ་བཅུ་


DNG018_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

ལོན་པའི་དུས། །རྒྱགས་པས་མྱོས་པས་གཞུ་རྒྱལ་ཟ། །ལོ་བཅུས་དེ་ཡིས་ལྷ་སྦྱིན་ཟ། །ལོ་བཅུས་རྒྱགས་རླུང་རྩངས་པ་ཟ། །ལོ་བཅུ་བཏང་བཟུང་རུས་སྦལ་ཟ། །རླུང་དང་བཏང་བཟུང་ནུས་སྟོབས་མཚུངས། །གནོད་པ་མེད་པ་ལོ་བཅུ་ཡིན། །བཅུ་གཞན་རྒྱགས་མྱོས་བཏང་བཟུང་ཟ། །བཅུ་པས་མྱོས་ཆུ་ཚེ་འཕེལ་བྱ། །བཅུ་གཞན་མྱོས་པའི་རླུང་ཟ་བྱེད། །མེ་རླུང་བཏང་བཟུང་ལོངས་སྤྱོད་འཕེལ། །མེ་ཆུ་རླུང་རྒྱས་ཆུ་རླུང་འདྲེས། །དེ་ལྟར་ལོ་བཅུ་གཞན་དུ་ཕྱིན། །ཆུ་བཞི་འབྲས་བུ་བཞིན་དུ་འགྱུར། །རང་སེམས་ཐིག་ལེ་རོལ་པའི་སྐུ། །གཡས་དཀར་གཡོན་སྔོ་དབུས་དམར་བ། །རྟ་མགོ་ལྗང་གུ་རྟ་སྐད་འཚེར། །རྡོ་རྗེ་རལ་གྲི་ལྕགས་སྒྲོག་དང་། །ཐོད་པ་ལྕགས་ཀྱུ་ཞགས་པ་རྣམས། །ཞབས་བཞི་རིགས་བཞི་ཀླུའི་སྟེངས་ན། །ངོ་བོ་ཉིད་ཀྱི་ཡུམ་དང་འཁྲིལ། །ཐིག་ལེ་རོལ་པས་འདི་གསུངས་སོ། །མཐར་ནི་མི་གནས་འཕོ་བ་ཡིས། །མི་ཤིགས་འཆི་བ་འོད་གསལ་བྱེད། །སྣང་བ་གསུམ་དང་རླུང་མཉམ་པས། །བར་དོར་དངངས་ཤིང་ལུས་རྣམས་ལེན། །ཞལ་གསུམ་དཀར་དམར་བཻ་ཌཱུརྱ། །སྐུ་གསུང་ཐུགས་ཀྱི་ཁྱུང་གསུམ་རྫོགས། །ཞིང་དབྱུག་རལ་གྲི་རྩེ་དགུ་དང་། །ལྟོ་འགྲོའི་ཞགས་པ་གཡོན་པ་སྟེ། །བེ་ཅོན་མགོ་གཉིས་རྡོ་རྗེ་བསྣམས། །ཡེ་ཤེས་ཆེན་པོས་འདི་གསུངས་སོ། །རླུང་དང་རྣམ་ཤེས་འདྲེས་པའི་ལས། །ཇི་ལྟར་ལྷ་ཡི་སྐུ་རྣམས་ནི། །ཡོངས་སུ་གསལ་བར་བསྐྱེད་པ་ཡི། །བྱ་བ་ཀུན་ཡང་འགྲུབ་པར་བྱེད། །དཀར་དམར་སྔོ་བའི་ཞལ་གསུམ་མདོག །རྡོ་རྗེ་རིན་ཆེན་དབྱུག་པ་གཡས། །ཁྲོ་འཛུམ་མ་ཆགས་པདྨ་གཡོན། །བདེ་བ་ཆེན་པོས་འདི་གསུངས་སོ། །བདེ་ཆེན་པདྨའི་གསང་སྦུབས་སུ། །ས་ཡི་རླུང་ཆེན་རྣམ་པར་རྒྱུ། །བྱང་ཆུབ་སེམས་ཀྱི་ཐིག་ལེ་འདི། །བདེ་བ་ཆེན་གྱི་ཡེ་ཤེས་ཐོབ། །དམར་པོ་ཞལ་གསུམ་ཕྱག་དྲུག་པ། །ཞལ་ནི་དེ་བཞིན་མཚུངས་པ་ལ། །པདྨ་རལ་གྲི་གཏུན་ཤིང་གཡས། །དྲིལ་བུ་དགྲ་སྟྭ་མེ་ཡི་ཞགས། །འཕགས་པ་


DNG018_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་མགྲིན་འདི་གསུངས་སོ། །ཡི་གེ་ཨོཾ་ནི་སྐུ་ཡིན་ཏེ། །ཨཱཿཞེས་བྱ་བ་གསུང་དུ་འགྱུར། །ཧཱུཾ་ནི་མི་རྟོག་ཡེ་ཤེས་ཐུགས། །རྡོ་རྗེའི་བཟླས་པ་འགྲུབ་པ་ཡིན། །ཞལ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །དཀར་དང་དམར་དང་སྔོ་བའི་མདོག །མུཉྫའི་གསེབ་ནས་ལྗང་ཞུར་ཅན། །གྱེན་དུ་ཁ་གདངས་ཧྲཱྀཿསྒྲ་འབྱིན། །གཡས་རྡོར་གཡོན་པ་དུང་ཕོར་འཛིན། །ཐ་མས་ཐབས་ཤེས་མདའ་གཞུ་ཅན། །གསང་བའི་ཡུམ་བཞི་འཁོར་དུ་གནས། །གྲི་གུག་ཐོད་པ་གཡས་གཡོན་འཛིན། །རྟ་མགྲིན་ལྷ་ལྔས་འདི་གསུངས་སོ། །རླུང་ལྔ་ལ་ནི་དབང་ཐོབ་ནས། །དེ་ལས་སེམས་གསུམ་སྐྱེ་བ་དང་། །མ་དག་པ་ཡི་སྒྱུ་མ་འགྲུབ། །བསམ་གཏན་གཉིས་ཀྱི་འོད་གསལ་དུ། །དེ་ཉིད་མངོན་དུ་བྱེད་པ་སྟེ། །དག་པའི་སྒྱུ་མའང་འགྲུབ་པ་ཡིན། །གཡས་དཀར་དབུས་དམར་གཡོན་མཐིང་ལྗང་། །སངས་རྒྱས་འོད་ཀྱི་གོང་བུ་ན། །རྡོ་རྗེ་ཁ་ཊྭཱཾ་སྦྲུལ་ཞགས་གཡས། །དྲིལ་བུ་བྷན་དམར་ལྕགས་སྒྲོག་གཡོན། །ཨེ་ཀ་ཙ་ཏི་དམར་ནག་འཁྲིལ། །ཁ་ཊྭཱཾ་ཐོད་པ་ཞལ་གསུམ་འདྲེན། །ཀུན་ཏུ་ཁ་སྦྱོར་འདི་གསུངས་སོ། །ལ་ལས་རང་སྲོག་འཛིན་པ་དང་། །དྲི་ཆུ་ཁུ་བ་ཐུར་དུ་སེལ། །ཟས་དང་བཏུང་བ་འཇུ་བ་དང་། །གཏམ་སོགས་སྒྲ་ནི་འབྱུང་བ་དང་། །འགྲོ་དང་ལྡོག་པའི་ལས་ཆེན་དེ། །སྲོག་ཐུར་མེ་གྱེན་ཁྱབ་པའི་ལས། །དམར་པོ་པདྨ་སྡིགས་མཛུབ་གཡོན། །ཁྱུང་ཆེན་དཀར་གསལ་ཐུགས་ལ་རྫོགས། །ཀླུ་རྣམས་འདུལ་མཛད་རྒྱན་དུ་ཆེ། །ནཱ་ག་གནོད་འདུལ་འདི་གསུངས་སོ། །རྒྱུ་བ་གཟུང་འཛིན་རྣམ་རྒྱུ་སྒྲ། །ཡང་དག་དྲིལ་བ་རབ་རྒྱུའོ། །ངེས་པར་རྒྱུ་བ་རེག་བྱ་སྟེ། །དབང་པོ་རབ་ཏུ་ལས་ཀྱི་བདག །ཧྲཱྀཿསྒྲ་རྡོ་རྗེའི་སྐུར་རྫོགས་པ། །དབུ་གསུམ་དེ་བཞིན་ཕྱག་རྒྱ་དྲུག །རྡོ་རྗེ་པདྨ་རྒྱུ་མ་དང་། །དུང་ཆེན་རྔེའུ་ཆུང་ཁ་ཊྭཱཾ་འཁྲོལ། །དམར་སྐྱ་རྡོ་རྗེ་ཐོད་ཅན་ཡུམ། །དཔལ་ཆེན་འབར་བས་འདི་གསུངས་སོ། །རྟེན་ནི་ཟུང་དུ་འཇུག་ལ་གནས། །རྡོ་རྗེའི་བཟླས་པས་ལས་བཞི་འགྲུབ། །ཁྱབ་བྱེད་རྣལ་


DNG018_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་བར་མ་དོར། །རང་བཞིན་འོད་གསལ་ཉམས་སུ་མྱོང་། །ཧྲཱྀཿལས་སྐྱེས་པའི་ཕྱག་རྒྱ་ཆེ། །དཀར་དང་དམར་དང་ལྗང་སྔོན་ཞལ། །དང་པོ་ཁ་ཊྭཱཾ་རྔེའུ་ཆུང་འཛིན། །བར་གཉིས་སྙིང་འདྲེན་ཕྱག་བྱས་པ། །མཐའ་གཉིས་ཞིང་དབྱུག་བྷནྡྷ་འཛིན། །རྟ་མགྲིན་གཏུམ་པོས་འདི་གསུངས་སོ། །རྡོ་རྗེ་སྤྱན་ལ་སོགས་པ་ཡི། །མངོན་པར་ཤེས་པ་ལྔ་དང་ལྡན། །དེ་ཀུན་ཟག་པ་ཡོད་མེད་པ། །གནས་སྐབས་དང་ནི་མཐར་ཐུག་གོ། །སྟོང་ཉིད་ཡེ་ཤེས་ཁྱབ་པའི་སྐུ། །ཞལ་གཅིག་ཕྱག་བཞི་བརྐྱང་བསྐུམ་ཞབས། །གཡས་པ་ཐོད་དབྱུག་སྡིགས་མཛུབ་མེ། །ཆོས་འཁོར་སྐྱོན་མེད་པདྨ་འཛིན། །བརྐྱང་བསྐུམ་ཞབས་དང་ལྡན་པ་ཡི། །དཔའ་བོ་གཅིག་པས་འདི་གསུངས་སོ། །ཕུང་པོ་ཁམས་ནི་ལྔ་འགྲུབ་བྱེད། །ཡུལ་ལྔའི་རང་བཞིན་ཀུན་དང་ལྡན། །དམར་པོ་པདྨ་གཡོན་དྲིལ་བུ། །དམར་པོ་གྲི་གུག་ཐོད་པ་འཛིན། །ཡབ་ཡུམ་ཞལ་གཅིག་ཕྱག་གཉིས་ཞབས། །པདྨ་ཁྲོ་རྒྱལ་འདི་གསུངས་སོ། །ཆུ་ནི་ཞེ་སྡང་རྡོ་རྗེ་ལ། །ས་ནི་ང་རྒྱལ་རིན་པོ་ཆེ། །མེ་ནི་ཆོས་རྗེ་འོད་དཔག་མེད། །རླུང་ནི་རྟ་མཆོག་ཀུན་ཏུ་ལས། །རྟེན་དང་བརྟེན་པར་བཟུང་བ་ནི། །རྣམ་པར་སྣང་མཛད་ཀུན་ཏུ་གསལ། །དམར་པོ་གྲི་གུག་ཐོད་པ་ཅན། །འཇིགས་བྱེད་དཔལ་གྱིས་འདི་གསུངས་སོ། །ཆོས་དབྱིངས་སྲོག་ལ་མཉམ་ཉིད་ཐུར། །སོར་རྟོག་གྱེན་ལ་མེ་མཉམ་གྲུབ། །ཁྱབ་པ་མེ་ལོང་ཡེ་ཤེས་སོ། །རཱ་གའི་མདོག་འདྲ་དབྱུག་པ་ཅན། །སྡིགས་མཛུབ་མཛད་པས་འདི་གསུངས་སོ། །གཟུགས་སྒྲ་དྲི་རོ་རེག་བྱ་ཡི། །ཆོས་ཀྱི་ལྷ་མོས་མཆོད་པར་བྱེད། །ཞལ་གསུམ་པ་ལ་འཇིགས་འཇིགས་བལྟ། །རྡོ་རྗེ་དུང་དམར་དབྱུག་པ་དང་། །ཞགས་པ་མཛུབ་མོ་རིགས་ལྔའི་ཁྱུང་། །ཁྱུང་གཤོག་མ་ཡིས་འདི་གསུངས་སོ། །ས་ཆུ་མེ་རླུང་རྣམ་པ་བཞི། །ཕྱི་རོལ་སྟོན་དཔྱིད་དབྱར་རྒུན་རྒྱུ། །ཟླ་བ་ཉིན་ཞག་བཅས་པ་ལ། །གཡས་པ་ནས་ནི་འབྱུང་བའི་ཁམས། །མེ་ཡི་དཀྱིལ་འཁོར་ཉིད་ཡིན་ཏེ། །ཁ་


DNG018_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

དོག་དམར་བ་བཟང་པོ་འདི། །བཅོམ་ལྡན་ཆགས་པ་ཆེན་པོའོ། །གཡོན་པ་དག་ནི་འབྱུང་བའི་ཁམས། །རླུང་གི་དཀྱིལ་འཁོར་དང་འདྲེས་པས། །ལྗང་སེར་དག་ཏུ་སྣང་བ་སྟེ། །བཅོམ་ལྡན་ལས་རབ་ཆེན་པོ་རབ། །གཉིས་པ་ལས་ནི་འབྱུང་བའི་ཁམས། །གསེར་གྱི་མདོག་ཏུ་སྣང་བ་སྟེ། །དབང་ཆེན་གྱི་ནི་དཀྱིལ་འཁོར་ཉིད། །བཅོམ་ལྡན་དཀོན་མཆོག་དཔལ་ཡིན་ནོ། །དལ་ཞིང་རྒྱུ་བ་མེད་པའི་ཁམས། །དག་པའི་ཤེལ་ལྟར་སྣང་བ་ནི། །འདི་ནི་ཆུ་ཡི་དཀྱིལ་འཁོར་ཏེ། །བཅོམ་ལྡན་རྡོ་རྗེ་བརྟན་པའོ། །ཁམས་ཀུན་ལས་ནི་ཡང་དག་བྱུང་། །རྟེན་དང་བརྟེན་པར་བཟུང་བ་ནི། །རྣམ་པར་སྣང་མཛད་རང་བཞིན་ཏེ། །འཆི་བའི་མཐར་ནི་འབྱུང་བར་གྱུར། །གཙོ་ལ་འཁོར་དུ་སྣང་བ་ནི། །གྱེན་ལ་མེ་སྟེ་གསེག་ལ་རླུང་། །ཐུར་དུ་ཆུ་ལ་ཐད་ཀར་ས། །གྲངས་ནི་ཤེས་རབ་ཉིན་མཚན་ཐབས། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱར་འགྱུར། །ཞལ་གསུམ་དཀར་སྔོ་དམར་བ་ལ། །གཡས་པ་གསུམ་ན་བསྣམས་པ་ནི། །རྡོ་རྗེ་ཁ་ཊྭཱཾ་ཅང་ཏེའུ་ལ། །མེ་དཔུང་ཞགས་པ་ཐོད་ཁྲག་གཡོན། །གཟི་ལྡན་རྡོ་རྗེ་ཐོད་ཁྲག་འཁྲིལ། །པདྨ་དོན་ཡོད་འདི་གསུངས་སོ། །འཛིན་པ་དཀར་ལ་སེལ་བྱེད་སེར། །མཉམ་གནས་ལྗང་ནག་གྱེན་ནི་དམར། །ཁྱབ་པ་ནམ་མཁའ་སྔོ་བསངས་ཏེ། །ཡན་ལག་རྩ་བའི་རྗེས་སུ་འབྲང་། །ཞལ་གཅིག་པ་ལ་མདངས་ཀྱང་བཟང་། །གཡས་པ་རྡོ་རྗེ་གདེངས་པ་ལ། །གཡོན་པ་པད་སྡོང་ཐོད་པར་བཅས། །པདྨ་གསང་ཆུང་འདི་གསུངས་སོ། །དེ་དག་ཀུན་གྱི་དགོས་པ་ཡང་། །རླུང་གི་དེ་ཉིད་འཇུག་འགྱུར་ཞིང་། །རྡོ་རྗེ་ཡི་ནི་བཟླས་པ་འགྲུབ། །རྫོགས་པའི་རིམ་བསྒོམས་འཕྲལ་ནད་འཇོམས། །རྡོ་རྗེ་རིག་པ་འཛིན་པ་ཡི། །རིག་འཛིན་དངོས་གྲུབ་མཆོག་ཐོབ་ནས། །དག་པའི་སངས་རྒྱས་ཞིང་དུ་བྱེད། །དབང་ཆེན་འདུས་པའི་ཏན་ཏྲ་ལས། དབང་ཆེན་སྐུའི་ངོ་བོ་གསལ་བར་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་གྱི་ཚོགས་རབ་ཏུ་གསལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་འདི་གསུངས་


DNG018_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །རྡོ་རྗེ་དབྱིངས་དང་རྟ་མགྲིན་དབང་། །ཡེ་ཤེས་སེམས་དཔའ་གཟི་ལྡན་མ། །འགྲོ་འདུལ་ཁམས་གསུམ་རྣམ་པར་རྒྱལ། །ཧཱུཾ་མཛད་དུས་གསུམ་བྱང་ཆུབ་སེམས། །ཁམ་རྒྱ་དྲུག་དང་ལོང་བ་བརྒྱད། །དམུས་ལོང་དྲུག་ཅུ་ལྕགས་སྤྱང་བརྒྱད། །ཡེ་ཤེས་ཁྱི་བཅུ་སྒོ་བ་བཞི། །མེ་རླུང་འབྲུག་རྣམས་ཡོངས་སུ་རྫོགས། །བདེ་ཆེན་ཕོ་བྲང་རྣམ་སྣང་དང་། །མི་བསྐྱོད་རིན་ཆེན་སྣང་མཐའ་ཡས། །དོན་གྲུབ་ཡབ་ཡུམ་ལ་སོགས་པ། །སྐུ་མདོག་ཕྱག་རྒྱ་གདན་རྒྱན་བཞུགས། །ཐེག་པའི་འགྲོས་ལྡན་རྟ་མགོ་ལྔ། །དམར་པོ་གྲི་ཐོད་སྲིན་པོ་འཇོམས། །རྡོ་རྗེ་རིན་ཆེན་ཁྱུང་གཤོག་སྤྲུལ། །ཨ་མོ་དྷི་བ་གློག་འགྱུ་མ། །དཀར་སེར་དམར་ལྗང་གྲུ་གསུམ་ཀློང་། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ། །ཐོད་པ་རྟ་མགོ་སྨན་བླ་དང་། །སྣང་མཐའ་དོན་གྲུབ་སྐུར་སྣང་ངོ་། །ཕྱག་རྒྱ་བཅུ་དྲུག་འཇིགས་པའི་མཚོན། །བདུད་དཔུང་སྤ་བཀོང་ཐལ་བར་བྱེད། །ཐུགས་ཀྱི་ཡེ་ཤེས་ཁ་སྦྱོར་བ། །དམར་པོ་འཁོར་ལོ་ཟ་མ་ཏོག །དམར་སྐྱ་ནོར་བུ་ཟ་མ་ཏོག །ཕྱག་རྒྱ་ཡེ་ཤེས་སྔགས་དང་བཅས། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱའོ། །དཔའ་བོ་སྟག་ཆས་ཧཱུཾ་ཆེན་བཅོམ། །རྒྱ་བྱེའུ་ལྕགས་ཀྱིས་མི་གཡོ་བ། །རྡོ་རྗེའི་གཤོག་པ་གཤིན་རྗེའི་གཤེད། །བསེ་ཁྲབ་སྔོན་པོ་དབྱུག་སྔོན་ཅན། །སྦྲུལ་ནག་པདྨ་འཁྱིལ་པ་སྟེ། །མཆེ་བ་འདོད་པའི་རྒྱལ་པོ་ལ། །ཤུ་ཀེན་དར་གྱིས་བདུད་རྩི་འཁྱིལ། །གཅན་གཟན་གཟིག་གིས་སྟོབས་ཆེན་མནན། །ས་སྟོབས་དབང་ལྡན་སྦས་པས་རོལ། །གཉིས་མེད་བྱང་སེམས་ལྷུན་གྱིས་གྲུབ། །དེ་བཞིན་རྡོར་རིན་པད་གྲུབ་གསང་། །དཀར་སེར་སྔོ་དམར་ལྗང་གུ་ནག །ཟངས་གྲི་ཐོད་པ་རྒྱུ་ཕྲེང་སྙིང་། །རང་སྔགས་བརྗོད་པ་ཐོད་པའི་གནས། །དམུས་ལོང་དྲུག་ཅུ་བཅོ་ལྔ་ཕྱོགས། །ལྕགས་ཀྱུ་ཕུར་པ་ཁ་དོག་རིགས། །མགོ་བརྙན་སྤྲུལ་པ་ཅེ་སྤྱང་བརྒྱད། །མཐིང་ནག་གྲི་གུག་ཐོད་པ་ཁྲག །ལྕགས་སྤྱང་བརྒྱད་ཀྱི་ཁྲི་ལ་བཞུགས། །རང་གི་བརྒྱད་དང་ཡེ་ཤེས་བཅུ། །སྔགས་ལས་གྲུབ་པའི་མེ་དཔུང་


DNG018_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

ཀློང་། །མགོ་དགུ་རྐང་གཅིག་ལྕགས་ཀྱུ་དཀར། །འོད་གཤོག་བརྒྱད་ལྡན་ཞབས་པ་སྔོ། །ཡེ་ཤེས་དྲུག་དྲུག་ལྕགས་སྒྲོག་དམར། །གསང་བ་གསུམ་ལྡན་དྲིལ་བུ་ལྗང་། །ཐོད་ཁྲག་སྔགས་སྒྲུབ་སྒོ་བཞིར་གནས། །མེ་རླུང་འབྲུག་བརྒྱད་ཕྱོགས་བཅུར་ཁྱབ། །དུར་ཁྲོད་སྤྲུལ་པ་ཀུན་དང་རོལ། །དཀྱིལ་འཁོར་བརྒྱད་རྣམས་ཡོངས་སུ་གསལ། །མི་ཐོད་སྦྲུལ་དང་དུར་ཁྲོད་རྒྱན། །ཟུར་གསུམ་ལོགས་གསུམ་ཁམ་རྒྱ་དྲུག །རིགས་མདོག་ཐོད་པ་གྲི་གུག་བཅས། །ཐོད་ཁྱམས་ལོང་བ་དམུས་ལོང་རྣམས། །གཡུ་འབྲུག་ལྕགས་རྟ་བ་གླང་དང་། །ཆུ་སྲིན་ལ་ནི་ཆིབས་སུ་མཛད། །ལེ་བརྒན་སེ་རལ་སྦྲུལ་དང་རླུང་། །སྐུ་ལ་ན་བཟའ་རབ་ཏུ་གྱོན། །མེ་དཔུང་ཁྱུང་སྡེར་སྦྲུལ་ཞགས་སྙིང་། །དམུས་ལོང་སྤྱིར་ཡང་སྤྲུལ་པར་མཛད། །ཡེ་ཤེས་སྒྲོན་མ་ཕྱོགས་མཐུན་མཚམས། །མེ་དཔུང་ལྕགས་ཀྱི་སྤྱང་མོ་བརྒྱད། །ཡེ་ཤེས་སྤྲུལ་པའི་ཁྱི་བཅུར་བཅས། །ཤར་དུ་མགོ་དགུ་རྐང་གཅིག་ནག །སྟ་རེ་ལྕགས་ཀྱུ་གཡོན་དང་བཅས། །ལྷོ་རུ་མགོ་བརྒྱད་རྡོ་རྗེ་ཕུར། །ནུབ་ཏུ་མགོ་དྲུག་ཕུར་པ་གཏོར། །བྱང་དུ་མགོ་གསུམ་སྙིང་དྲུག་ཟ། །མེ་འབྲུག་དམར་པོ་མེ་དང་སྦྲུལ། །རླུང་འབྲུག་སྔོན་པོ་རླུང་ཐོད་སྦྲུལ། །རང་སྔགས་སྐུར་བྱུང་འཁོར་དུ་གནས། །ཞེས་གསུངས་སོ། །དབང་ཆེན་འདུས་པའི་རྒྱུད་ལས། འཁོར་གྱི་དཀྱིལ་འཁོར་ཡོངས་སུ་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཡོངས་སུ་སྒྲུབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་འདི་གསུངས་སོ། །ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། མཱུཾ་ལཱཾ་བྞུ ་ཏཱཾ་མཾ་ཛ།ཨཱོཾ་པདྨཱནྟ་ཀྲྀཏ་བཛྲ་མ་ཧཱ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧྲཱྀཿཛ། ཨོཾ་བཛྲ་ཛྙཱ་ན་སཏྭ་ཧཱུཾ། ཨཱོཾ་ཧ་ཧ་རུ་ལུ་ཧཱུཾ་ཕཊ། ཨཱོཾ་བཛྲ་པཱ་ཤ་ཧཱུཾ། སྤོ་ཊ་བཾ། ཨཾ་ཀུ་ཤ་ཛ། གྷཎྜ་ཧོ། ཨཱོཾ་བཛྲ་ཀྲོ་ཏ་ཨཱ་བེ་ཤ་ཨཱཿཧཱུཾ་ཛ། ཨཱོཾ་ཀ་ཏི་ཀ་ཏཾ་བཾ་ཛ། ཨཱོཾ་ཨ་ཀ་ཊེ་བི་ཀ་ཊེ་ཀ་ཊཾ་ཀ་ཊེ་ཧཱུཾ་ཕཊ། ཨཱོཾ་པདྨ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ། བྷུཌྜྷ་བཛྲ་ཨོཾ། སཏྭ་བཛྲ་ཧཱུཾ། རཏྣ་བཛྲ་ཏྲཾ། དྷརྨ་བཛྲ་ཧྲཱྀཿ། ཀརྨ་བཛྲ་ཧཱ། གུ་ཎ་


DNG018_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་ཕཊ། ཨཱོཾ་ཤྭ་རཱི་ཁཱ་ཧི་ཧཱུཾ། ཤྭ་རཱི་ཁཱ་ཧི་ཏྲཱཾ། ཤྭ་རཱི་ཁཱ་ཧི་ཧྲཱྀཿ། ཤྭ་རཱི་ཁཱ་ཧི་ཧོ། ཤྭ་རཱི་ཁཱ་ཧི་ཧཱ། ཨཱོཾ་ཤྭ་རཱི་ཧཱུཾ། ཤྲཱི་ཁཱ་ཧི་ཏྲཱཾ། ཤྲཱི་ཁཱ་ཧི་ཧྲཱྀཿ། ཤྲཱི་ཁཱ་ཧི་ཧཱ། ཨཱོཾ་དཱིཔྟ་ཙཀྲ་ཤྭ་ན་མུ་ཁ་ཁུར་མོར་ཁ་ཧཱུཾ་ཕཊ། ཀུ་རུ་ཀུ་རུ་ཡཀྴ་ཧཱུཾ་ཕཊ། ཀུ་ཀུ་ར་ཙ་ཁ་ལོང་ཁ་ཧཱུཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཧཱུཾ་ཏྲཱཾ་ཏྲཱཾ་ཕཊ། ཧཱུཾ་ཧྲཱྀཿཧྲཱྀཿཕཊ། ཧཱུཾ་ཧཱ་ཧཱ་ཕཊ། ཨཱོཾ་ཛི་ན་ལཾ་ཏེ་ཙ་རམ། ཡཀྴ་ཀུ་པན་ཙ་ཧཱུཾ་ཕཊ། འཁོར་གྱི་དཀྱིལ་འཁོར་གྱི་སྔགས་སོ། །ཨཱོཾ་པདྨ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚན། ཧ་ན་ད་ཧ་པ་ཙ་ཧཱུཾ་ཕཊ། སྐུའི་སྔགས་སོ། །ཨཱོཾ་པདྨ་བྷ་ཏ་སི་ཏི་ཧ་ཧེ་ཙཀྲ་བྷྱོ་བྷྱོ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། གསུང་གི་བསྙེན་སྔགས་སོ། །ཨཱོཾ་རུ་ལུ་རུ་ལུ་ཧཱུཾ་ཕཊ། ཨེ་ཨཱ་ར་ལི་ཧཱུཾ་ཧྲཱྀཿཛ། ཐུགས་ཀྱི་བསྙེན་སྔགས་སོ། །ཨཱོཾ་ཧྲཱྀཿཧྲཱྀཿཧ་ཧ་ཧཱུཾ་ཧཱུཾ་ཕཊ། ཡོན་ཏན་གྱི་བསྙེན་སྔགས་སོ། །ཨཱོཾ་ཧྲི་དི་མ་ད་རི་ཧ་ཡ་གྲཱི་ཝ་ཨེ་ཀ་ཛཱ་ཊི་ཧུ་ལུ་ཧུ་ལུ་ཧཱུཾ་ཧྲཱྀ་ཛ་ཛ། ཕྲིན་ལས་ཀྱི་བསྙེན་སྔགས་སོ། །གསང་སྔགས་ལྔ་པོ་འདི་དག་ལ། །གང་གིས་བསྙེན་པ་བསྐྱལ་བ་དེ། །རིག་འཛིན་ས་ལ་གདོན་མི་ཟ། །བདུད་དང་འབྱུང་པོ་སྨོས་ཅི་དགོས། །བཅོམ་ལྡན་འདས་པ་དེ་ཉིད་ཡིན། །དབང་ཆེན་འདུས་པའི་ཏན་ཏྲ་ལས། སྔགས་ཀྱི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཁྲོ་བོའི་ཕྱག་རྒྱ་འདི་དག་གསུངས་སོ། །རིགས་ལྔ་སྤྱི་ཡི་ཕྱག་རྒྱ་ཡིས། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གསལ། །སྤྱི་གཙུག་རྒྱལ་བའི་ཚུལ་ཕྱག་འཚལ། །རྟ་གདོང་ཞལ་གྱི་ཕྱག་རྒྱ་ཡིས། །རྟ་མགྲིན་བརྐྱང་བསྐུམ་སྲིན་པོའི་ཕྱག །རིག་བྱེད་ལྕགས་ཀྱུས་ཕྱག་རྒྱ་ཡིས། །སེམས་དཔའ་བསམ་གཏན་མི་གཡོའི་ཕྱག །ལུ་གུ་རྒྱུད་ཀྱི་འགྲོ་བ་འདུལ། །མ་མོ་འཛུམ་པའི་མདངས་དང་ལྡན། །རྣམ་པར་རྒྱལ་བ་ཁྱུང་གཤོག་རྫོགས། །ཀླུ་འབྲུག་འབྲོས་པའི་རྒྱ་དང་བཅས། །བརྐྱང་བསྐུམ་ཕུར་པ་ཧཱུཾ་མཛད་འདྲེན། །དྲང་སྲོང་ཙོག་པུའི་ཚུལ་ཕྱག་འཚལ། །ལྷ་མོ་འཛུམ་མདངས་གཟི་དང་ལྡན། །དམ་ཚིག་སྦྱོར་བའི་ཚུལ་ཕྱག་བྱ། །གླུ་བྲོ་གར་ཕྱག་པདྨ་དབང་། །


DNG018_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ་སྦྱར་མི་ཡི་ཕྱག་ཀྱང་འཚལ། །སྦྲུལ་ནག་ཞགས་པ་སྤྲུལ་པ་རྣམས། །དམ་ཚིག་སྦྱོར་བའི་ཚུལ་དུ་བྱ། །དབང་ཆེན་འདུས་པའི་ཏན་ཏྲ་ལས། ཕྱག་རྒྱའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་དང་དུ་བླང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་གསུངས་སོ། །ཐོག་མར་ཤེས་པ་དམ་པ་སྟེ། །དེ་ཡང་ལུང་དང་མན་ངག་ཤེས། །མི་འཁྲུགས་སྦྱོར་བའི་རྒྱུ་བཙལ་ནས། །བརྡའ་སྐད་ཚོགས་ལ་མཁས་པའི་གིང་། །ལས་དང་ཕྱག་རྒྱ་ལེན་ཤེས་ན། །མང་པོའི་དོན་དུ་བྱེ་བ་རུང་། །དགྱེས་པ་བསྐྱེད་དང་ཐུགས་དང་འཐད། །མཆོད་སྟོབ་རྡུལ་ཕྱག་འཁོར་དུ་བཅས། །ཏིང་འཛིན་མཆོག་དང་བཀྲ་ཤིས་ཤིང་། །ཡིད་འོང་ཉམས་དགའ་ལ་སོགས་པར། །དུས་དང་འཚོ་བ་ལ་སོགས་བསྒྲུབ། །རིགས་དང་ཡོ་བྱད་མཚན་མ་དང་། །ལང་ཚོ་མན་ངག་ལྡན་པའི་དུས། །བཟའ་བ་བཅའ་བ་བཏུང་བ་བགོ། །རབ་ཏུ་འབད་པས་གནོད་བྲལ་བའི། །དག་པའི་རྫས་ཀྱང་ལྡབ་ཏུ་བྱ། །མ་དག་དམ་ཚིག་སྐོང་ཡོ་བྱད། །གོ་ཆ་སོགས་དགོད་དུད་པ་དང་། །འབྱུང་བཞིའི་ཁམས་ཀྱི་བཅུད་དང་བཅས། །བརྡ་ཡི་བྱེ་བྲག་སྒྲ་སྒྲོག་པ། །མཆོད་དམ་སྐྱོ་བ་སེལ་བར་བྱེད། །སྒྲུབ་པ་སྐུ་དང་གསུང་ཐུགས་རྟེན། །བཀྲ་ཤིས་དག་པ་སྒྲུབ་མཆོག་ཞིང་། །དེ་དག་དང་པོ་བཞི་རུ་ངེས། །དཀོན་མཆོག་མགོན་པོ་སྙིང་རྗེ་བགེགས། །མདོ་བཞི་ཐབས་ཀྱི་བར་ཆད་མཆོད། །རྒྱལ་པོ་ཁྲོ་བོའི་སྟངས་སྟབས་དང་། །དམ་སྲི་སྒོ་བྱང་མ་ཏྲཾ་མནན། །རྒྱན་བསྡེབ་མེ་ཁྲག་སྟོང་པས་བསྲུང་། །དཀྱིལ་འཁོར་བྱུག་པ་ཚོན་ཐིག་གི། །རྡོ་རྗེ་དྲིལ་བུ་སྐུ་རྫས་དགོད། །བླ་རེ་བཟའ་བཏུང་རྒྱན་གྱིས་བསྐོར། །རང་བཞིན་མེད་ལ་གོམས་པ་ཡིས། །ཅི་ཡང་འབྱུང་བའི་ཆོ་འཕྲུལ་དུ། །གནས་རྫས་འཁོར་སོགས་རབ་ཏུ་གནས། །སྲི་མནན་འདྲེས་དང་མ་འདྲེས་ལ། །རང་བཞིན་དཀྱིལ་འཁོར་བསྐྱེད་པ་དང་། །ཡེ་ཤེས་དཀྱིལ་འཁོར་སྤྱན་ཡང་དྲང་། །དྲེང་ངེ་བ་དང་དུང་


DNG018_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ངེ་བ། །ཤ་དྷ་བ་དང་གྷ་ར་དྷ་བ། །ལྕང་ཀ་དེའུ་པང་དེའུ། །འཁོར་བ་སྤྱི་ནས་འདྲེན་པའི་བྲོ། །སྡུག་བསྔལ་ནད་མེད་ཐུགས་རྗེའི་བྲོ། །ཐུགས་ཀྱི་དབྱིངས་ནས་བསྐུལ་བའི་བྲོ། །ཡེ་ཤེས་རྒྱན་གྱི་བྲོ་བོ་ཆེ། །མ་མོ་མཁའ་འགྲོ་འཁྲུགས་པའི་བྲོ། །ལངྈ་སྲིན་པོ་བསྒྲལ་བའི་བྲོས། །བདུད་བཞི་མ་ལུས་འཇོམས་པ་དང་། །འདས་དང་མ་འདས་དངོས་གྲུབ་ཐོབ། །དངོས་གྲུབ་བཟང་པོའི་མཚན་མ་ལ། །ཉམས་ལེན་བར་ཆད་གསལ་ཞིང་བླང་། །སྤྱོད་ལམ་རྒྱུན་གྱི་རྣལ་འབྱོར་པས། །མ་ཉམས་བལྟ་བའི་གདེང་དང་ལྡན། །ཞེས་གསུངས་སོ། །དབང་ཆེན་འདུས་པའི་ཏན་ཏྲ་ལས། བསྒྲུབ་པའི་དོན་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ས་གཞི་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་འདི་སྐད་གསུངས་སོ། །བླ་མ་དང་ནི་མཆེད་ལྕམ་ལ། །ལུས་ངག་ཡིད་ཀྱིས་གུས་པར་བྱ། །སྔགས་དང་ཕྱག་རྒྱ་རྒྱུན་མི་གཅད། །ཡི་དམ་ལྷ་དང་གསང་བའི་བཅུད། །མི་སྤང་སྣོད་ངན་སྤེལ་མི་བྱ། །འདི་ནི་སྐུ་གསུང་ཐུགས་ཀྱི་དམ། །གཟུངས་མ་མཚན་ལྡན་དང་དུ་བླང་། །ཞིང་བཅུ་ཡལ་བར་དོར་མི་བྱ། །ཁྱད་པར་རྫས་ལ་བླང་བར་བྱ། །བཅུད་འཐིག་སྣོད་ངན་ངག་འཁྱལ་དང་། །ཚིག་རྩུབ་ལྟ་ངན་ཞེ་ཡང་བཅད། །གླང་པོ་མི་རྟ་བྱ་ཁྱི་དང་། །དྲི་ཆེན་དྲི་ཆུ་བྱང་ཆུབ་སེམས། །མཱཾ་ས་པདྨ་རཀྟ་རྣམས། །དག་པའི་བདུད་རྩི་ཆེན་པོ་ཡིན། །ཉོན་མོངས་ལྔ་ཉིད་རྣམ་དག་པས། །སྤང་བར་བྱ་བའི་རྒྱུ་ཡང་མེད། །རང་གི་ཕུང་པོ་ལྷར་ཤེས་ནས། །རིགས་ལྔའི་སངས་རྒྱས་ལོགས་ན་མེད། །ཡོན་ཏན་མཐའ་དག་ལྡན་གྱུར་ན། །བསྒྲུབ་ཅིང་དང་དུ་ཡོངས་ཀྱིས་བླང་། །རྒྱལ་བློན་ཕལ་པ་ལྷ་སྲིན་ལྡང་། །ནད་མང་ནོར་འབྲི་ཚེ་ཐུང་བས། །མྱུར་དུ་གསོ་བའི་ལས་ལ་འབད། །མཆོད་པ་སྣ་ཚོགས་གཏོར་བསྐང་བས། །རྩ་བ་ལ་ནི་གསུམ་ཡིན་ཏེ། །ཡན་ལག་རྒྱུན་དུ་བསྐང་བ་དང་། །རྩ་བ་ཉམས་པའི་རྣལ་འབྱོར་པས། །བསྐལ་པ་གཅིག་གཉིས་གསུམ་བར་དུ། །རྡོ་རྗེའི་དམྱལ་


DNG018_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

བར་སེམས་རྒྱུན་འཚིག །ཡན་ལག་ཉམས་ན་ངན་འགྲོར་ལྟུང་། །ཚེ་འདིར་བསམ་པ་འགྲུབ་པ་དང་། །ཕྱི་མར་སངས་རྒྱས་ས་ལ་འགྲོ། །དེ་ཕྱིར་རྣལ་འབྱོར་དམ་ཚིག་བསྲུང་། །ཁྱད་པར་སྒྲུབ་པ་བྱེད་པའི་ཚེ། །ལུས་ངག་ཡིད་ཀྱི་བྱ་བ་ཡིས། །སྟོན་པའི་བཀའ་བཞིན་བསྲུང་བར་བྱ། །དེ་བས་མ་ཡི་ངག་ལྟར་ཉོན། །དབང་ཆེན་འདུས་པའི་རྒྱུད་ལས། དམ་ཚིག་གི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་བརྟུལ་ཞུགས་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་གསུངས་སོ། །ཁྱུང་ཆེན་བརྟུལ་ཞུགས་ལྟ་འཕང་བཅད། །གླང་ཆེན་ལྟ་བུར་སྤྱོད་པ་དོར། །ཝ་ལྟར་ཆོས་དང་མི་མཐུན་དོར། །གྱི་ལིང་ལྟ་བུར་བརྩོན་འགྲུས་མྱུར། །ཁྱི་ཕག་ལྟ་བུར་གཙང་སྨེ་སྤང་། །བུ་ཆུང་ལྟ་བུར་བླང་དོར་བྲལ། །སྨྱོན་པ་ལྟ་བུར་འཇིགས་མེད་སྤྱད། །བུང་བ་ལྟ་བུའི་བདུད་རྩི་བླང་། །དྲང་སྲོང་སྤྱོད་པས་བརྩོན་འགྲུས་བསྒྲུབ། །བུ་བཞིན་མ་ཡི་ངག་ལ་སྤྱད། །དཀའ་བ་ཐམས་ཅད་དང་དུ་བླང་། །བགེགས་དང་འབྱུང་པོ་ཐོག་བརྫིས་བྱ། །ལུས་ངག་ཡིད་གསུམ་ལྷ་སྐུར་སྦྱར། །ཕག་གི་བརྟུལ་ཞུགས་ཆེན་པོ་ཡིས། །ཁམས་གསུམ་ཁྲོན་ཏུ་བརྐོ་བར་བྱ། །ཁྱི་ཡི་བརྟུལ་ཞུགས་ཆེན་པོ་ཡིས། །བདུད་རྩི་ཟས་སུ་ཟ་བར་བྱ། །རྡོ་རྗེ་རྟ་ཡི་བརྟུལ་ཞུགས་ཀྱིས། །རྟ་སྐད་ཐེངས་གསུམ་འབོད་པར་བྱ། །དཔལ་གྱི་རྟ་སྐད་ཆེན་པོ་ཡིས། །ཡང་དག་སྐུ་གསུམ་དབྱིངས་ནས་བསྐུལ། །མ་མོའི་བརྡའ་སྐད་སྦྲན་པ་ཡིས། །བརྡའ་སྐད་ཀློང་རྡོལ་ལས་ལ་རྦད། །རྣལ་འབྱོར་གསང་བ་བརྡའ་སྐད་ཀྱིས། །མཉམ་དང་བསྐུལ་དང་རྟགས་ཙམ་འཛིན། །ཤ་རུལ་དོང་དུ་བཅུག་པ་ལ། །ཤ་སྦྲང་ཤིན་ཏུ་འདུ་བ་དང་། །སྤྱང་དང་ལུག་བཞིན་དྲེད་པ་དང་། །ཁྱི་དང་ཕག་བཞིན་རྦད་པར་འགྲོ། །དཔལ་གྱི་ཕེཾ་བརྡབས་ཧཱུཾ་སྒྲ་ལས། །བསྒྲུབ་པའི་དབྱངས་དང་ཚངས་པ་ཡིས། །ཞིང་ཁམས་རི་རབ་རྩེ་ལ་བླངས། །གསུམ་ཞེས་བྱ་བ་དགུ་ཡི་ཆོས། །ལྟ་བ་སྤྱོད་དང་བསྒོམ་པ་དང་། །འབྲས་བུ་བཞིན་དུ་གར་གྱུར་པ། །རྦད་པས་ཐལ་བ་བཞིན་དུ་རློག །


DNG018_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་སྲིན་ཐམས་ཅད་དབང་དུ་སྡུས། །དཔལ་གྱི་སྐུ་དང་གཉིས་སུ་མེད། །འདི་ནི་རྣལ་འབྱོར་སྤྱོད་པ་ཡིན། །དབང་ཆེན་འདུས་པའི་རྒྱུད་ལས། སྤྱོད་པ་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ནམ་མཁའ་དྭངས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་གསུངས་སོ། །སྔགས་ལ་རྒྱུ་འབྲས་ཐམས་ཅད་ཀྱང་། །ཆོས་རྣམས་རྒྱུ་འབྲས་མི་བསླུ་བས། །སྐད་ཅིག་མ་ཡི་ཏིང་འཛིན་གྱིས། །གར་གྱི་དབང་ཕྱུག་སྐུར་གསལ་བ། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར། །ཐམས་ཅད་གཅིག་ཏུ་བསྡུས་པས་ན། །རྡོ་རྗེ་པདྨ་འཛིན་པའོ། །དེ་ཡི་ཐུགས་ཀར་ཀུན་རྫོབ་ནས། །སྐུ་གསུམ་ལྷུན་གྱིས་གྲུབ་པས་ན། །ཟག་པ་མེད་པའི་འཕྲོ་འདུ་འགྱེད། །རིན་ཆེན་གཡུ་ཡི་ཆུ་མིག་ལ། །ཡིད་བཞིན་བདུད་རྩི་བབས་པ་ལས། །སྐལ་ལྡན་གང་ཞིག་བསྒྲུབ་པ་ནི། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཆོས་ཉིད་སྐྱེ་མེད་རྒྱ་མཚོ་བཞིན། །མི་སྐྱེ་མི་འགག་མི་གཡོ་དང་། །དྭངས་ཤིང་རྟོག་མེད་རྒྱ་མཚོའི་དབྱིངས། །སྒྱུ་མའི་ཕྱག་རྒྱ་གསལ་བ་ནི། །དཔལ་ཆེན་ཡུམ་ནི་ཆོས་ཀྱི་སྐུ། །ངོ་བོ་ཉིད་ཀྱིས་གཉིས་སུ་མེད། །དངོས་པོའི་ཚུལ་གྱིས་སྦྱོར་ཞིང་འཁྲིལ། །འཕྲོ་འདུ་བྱང་སེམས་འོད་ཟེར་ནི། །གསང་ཡུམ་ཕོ་ཉའི་ཚོགས་ལ་སོགས། །དངོས་པོ་སྤྲུལ་སྐུ་སྤྱིར་སྣང་མོད། །དོན་འདུས་ཆོས་དབྱིངས་རྒྱ་མཚོ་འདྲ། །དེ་ལ་སྤྲོས་ཀྱང་འཕེལ་འགྲིབ་མེད། །ལྟ་བ་རྒྱ་མཚོ་རིན་ཆེན་བཞིན། །དེ་བསྡུས་ཉུང་ཞིང་འགྲིབ་པ་མེད། །རྒྱ་མཚོའི་རླབས་ལྟར་དབྱིངས་སུ་ཐིམ། །འདི་རྟོགས་རྣལ་འབྱོར་སྐལ་བར་ལྡན། །སྤྱོད་པ་མཁའ་ལ་སྤྲིན་ཚོགས་ལྡིང་། །ཇི་ལྟར་བལྟས་ཀྱང་དབྱིངས་ན་ཡན། །ནམ་མཁའི་བྱ་བཞིན་ལྟུང་གནས་མེད། །དམ་ཚིག་ལྡན་པའི་རྣལ་འབྱོར་པས། །ངེས་པའི་དོན་རྟོགས་གནས་རབ་བགྲོད། །ཅེས་གསུངས་སོ། །དབང་ཆེན་འདུས་པའི་རྒྱུད་ལས། ལྟ་བ་གཡུའི་ཆུ་མིག་གི་ལེའུ་སྟེ་བཅོ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་པཱུ་ཛ་སྣ་ཚོགས་


DNG018_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་འདི་གསུངས་སོ། །མེ་ཏོག་བདུག་པ་མར་མེ་དྲི། །དཀར་སེར་དམར་ལྗང་ལྷ་མོ་ཡིས། །སྤྱན་ཤངས་ཐུགས་ལ་དབུལ་བར་བྱ། །ཚད་མེད་བཞི་དང་ལྡན་པར་འགྱུར། །ཨཱོཾ་ནཱ་མཿསརྦ་ཏ་ཐཱ་ག་ཏ། པུཥ྇། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། པཱུ་ཛཱ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། རྡོ་རྗེ་ལྷ་མོ་གཟུགས་མཛེས་མ། །རིན་ཆེན་ལྷ་མོ་དཔལ་འཕྲེང་ཅན། །པདྨའི་ལྷ་མོ་གླིང་བུའི་སྒྲ། །ལས་ཀྱི་ལྷ་མོ་གར་མཁན་མ། །ཡེ་ཤེས་བཞི་དང་མཉམ་པར་རོལ། ཨོཾ་ཨཱཿཧཱུཾ།ལཱ་སྱེ་ཧཱུཾ། མཱ་ལེ་ཏྲཱཾ། གིརྟི་ཧྲཱྀཿ། ནིར་ཏི་ཨ། འཁོར་ལོ་རིན་ཆེན་མུན་པ་སེལ། །གླང་པོ་རིན་ཆེན་སྟོབས་དང་ལྡན། །བློན་པོ་རིན་ཆེན་དམ་ཆོས་སྐྱོང་། །བཙུན་མོ་རིན་ཆེན་དབྱིངས་དང་ལྡན། །རྟ་མཆོག་རིན་ཆེན་རྫུ་འཕྲུལ་ཤུགས། །ནོར་བུ་རིན་ཆེན་ཕོངས་པ་སེལ། །དམག་དཔོན་རིན་ཆེན་བདུད་བཞི་འདུལ། །རྒྱལ་སྲིད་མཆོད་པ་བླ་ན་མེད། །རཏྣ་པཱུ་ཛཱ་མེ་གྷ་ཧཱུཾ། དཔལ་ལྡན་པདྨ་ལྕང་ལོ་རུ། །གླང་པོ་མི་རྟ་བྱ་ཁྱིའི་ཤ །སངས་རྒྱས་ཡེ་ཤེས་འོད་ཟེར་འཕྲོ། །དམ་རྫས་ལྔ་ཡི་མཆོད་པ་འདིས། །མངོན་པར་ཤེས་པ་ལྔ་ཐོབ་བྱེད། །ཨོཾ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏི་གྷུ་ཧྱ་ས་མ་ཡེ་སྭཱ་ཧཱ། དཔལ་གྱི་ཞལ་བུ་ཕོ་བྲང་དུ། །རང་བྱུང་རྣམ་དག་བདུད་རྩི་ལྔ། །རིན་ཆེན་རྣམ་སྣང་ཆོས་ཀྱི་དབྱིངས། །བྱང་སེམས་ཞེ་སྡང་མེ་ལོང་ཐུགས། །མཱཾ་ས་མཉམ་ཉིད་རིན་ཆེན་རིགས། །པདྨ་རཀྟ་འོད་དཔག་མེད། །དྲི་ཆུ་ཆེན་པོ་བྱ་བ་གྲུབ། །དུག་ལྔ་ཡེ་ཤེས་ལྔར་རྟོགས་བྱེད། །ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཞིང་གི་ཆོས་དབྱིངས་རྣམ་པར་དག །ཡེ་ཤེས་ཅན་གྱི་སྤྱོད་ཡུལ་དུ། །གཟུགས་དང་སྒྲ་དང་དྲི་དང་རོ། །རེག་བྱ་ཆོས་ཀྱི་ལོངས་སྤྱོད་རྣམས། །དཀྱིལ་འཁོར་ལ་ཡང་དཀྱིལ་འཁོར་ཐིམ། །ཡེ་ཤེས་ལ་ཡང་ཡེ་ཤེས་རོལ། །ཆོས་ཉིད་ལ་ཡང་ཆོས་ཉིད་བཞེས། །ཀུན་ཏུ་བཟང་པོས་མཉེས་གྱུར་ཅིག །ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བྷི་ཤྭ་མུ་ཁེ་བྷྱཿ། སརྦ་ཐཱ་ཁཾ་ཨུད་ག་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱ་ཧཱ། བདག་རྟོག་ཕུང་ཁམས་སྤྱོད་ཡུལ་རྣམས། །ཡེ་ཤེས་ལྷ་དང་གཉིས་མེད་པས། །དགྱེས་པར་རོལ་པའི་


DNG018_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པ་འདི། །གཉིས་མེད་བླང་དོར་མེད་པར་བཞེས། །འཁོར་བ་མ་རིག་མུན་པ་ལས། །སྟོབས་ཆེན་ཡོངས་བསྒྲལ་ཤ་དང་ཁྲག །དགྱེས་པར་རོལ་པའི་དམ་རྫས་ཀྱིས། །སྐུ་གསུང་ཐུགས་ཀྱི་དམ་ཚིག་སྐོང་། །དབང་ཆེན་འདུས་པའི་རྒྱུད་ལས། མཆོད་སྦྱིན་དམ་པའི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ལས་སྣ་ཚོགས་གསལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་འདི་གསུངས་སོ། །གང་གི་ཚེ་ཉམས་ཚེ་ཡར་བ། །དྲོད་ཚད་ལྡན་པའི་སློབ་དཔོན་གྱིས། །དཀྱིལ་འཁོར་རྩིབས་དྲུག་གང་རུང་ཡང་། །བུམ་པ་ཞལ་ཟས་རྫས་བཤམས་ཏེ། །གཟི་ལྡན་མ་དང་ཁམ་རྒྱ་དྲུག །གཤོག་པའི་མ་མོ་བཞི་བསྐྱེད་ནས། །ཚེ་བསྐུལ་བསྒྲུབ་དང་དགུག་པ་དང་། །གཟུང་དང་བསྡིམ་དང་སྦ་བ་དང་། །དབང་བསྐུར་དངོས་གྲུབ་བླང་བ་དང་། །རྒྱས་བཏབ་ལྷ་དང་ཚེ་ཚད་མཉམ། །ཨཱོཾ་ན་མོ་བྷ་ག་ཝ་ཏེ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ་ཏ་ཐཱ་ག་ཏཱ་ཡ། སརྦ་སཾ་སྐཱ་ར་པ་རི་ཤུདྡྷེ་དྷརྨ་ཏེ་ག་ག་ན་ས་མུད་ག་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝ་རེ་སྭཱ་ཧཱ། གང་གི་ལས་ཀྱིས་ཚེ་འཕོས་པས། །དངོས་གྲུབ་ཆེན་པོ་བལྟ་བ་གཅད། །རིན་ཆེན་གའུ་རིན་ཆེན་བླངས། །མཆོད་སྦྱིན་སྲད་པ་ཆེན་པོ་བྱ། །གཞལ་ཡས་ཁང་དུ་བྷྲཱུཾ་ལས་བསྐྱེད། །རྡོ་རྗེ་རོལ་མོའི་གར་གྱིས་ཁྱེར། །དྲི་ཞིམ་དག་གི་ཆུ་ཡིས་བཀྲུ། །བར་དོའི་ཤེས་པ་རྟེན་ལ་དགུག །ངན་སོང་སྦྱོང་བའི་བྲོ་ཡིས་སྦྱོང་། །སྐྱབས་གསོལ་སེམས་ལྡན་དཀྱིལ་འཁོར་གཞུག །ལྷ་དང་རིག་པ་མཁའ་ལ་གཞུག །དགྲ་དང་བགེགས་ཀྱི་ཤེས་པ་བསྡིམ། །དུག་གསུམ་འཁོར་བའི་ཆུ་ལས་བསྒྲལ། །ལྷ་དང་མཆོད་པའི་དམ་རྫས་བསྐྱེད། །ལས་ངན་སྡིག་སྒྲིབ་མེ་ལ་སྦྱང་། །ཐལ་བ་སྐུ་གདུང་མཆོད་པའི་རྟེན། །གཤེད་ལྕགས་ལྡང་བ་མེད་པར་མནན། །ལོངས་སྤྱོད་བདག་ཉིད་རོལ་པ་ཡིན། །ཨཱོཾ་སུམྦྷ་ནི་སུམྦྷ་ཧཱུཾ། གྲཱྀ་ཧྞ་གྲཱྀ་ཧྞ་ཧཱུཾ། གྲཱྀ་ཧྞཱ་པ་ཡ་གྲཱྀ་ཧྞཱ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ། བྷ་ག་ཝཱན། བིདྱ་ར་ཛཱ་ཡ་ཧཱུཾ། ཧྲཱྀ་ལས་བྱུང་བ་དམར་མོའི་སྐུ། །གྲི་གུག་ཐོད་པ་ཕྱག་ན་བསྣམས། །ནེའུ་


DNG018_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

ལེའི་རྐྱལ་པ་མཆན་ན་བསྣམས། །རྡོ་རྗེའི་སྔགས་ཆུ་བདག་ཉིད་བཏུང་། །ཟས་ནོར་འདོད་པས་མཆོག་ཏུ་སྔགས། །ཨཱོཾ་ཛམྦྷ་མོ་ཧི་ཧི་ཐི་ཧྲི་ད་ཡ་མ་བར་པ་ནི་ཧཱུཾ་ཕཊ་སྭཱ་ཧཱ། ཨཱོཾ་ཛྷཾ་བེ་མོ་ཧེ་ཐི་པི་ནི་རི་ཧ་མ་མ་བ་སུ་པུཥྚིཾ་ཀུ་རུ་ཧྲིང་ཛ། གནོད་སྦྱིན་མོ་ནི་ནོར་འཁྱིལ་མ། །མོན་ནག་སྤྱན་དམར་གཡས་པ་ན། །རིན་ཆེན་བུམ་པ་ཐུགས་ཀ་ན། །གཡོན་པ་ནེའུ་ལེ་རིན་ཆེན་སྐྱུགས། །གོས་ནོར་ཟས་ཀྱི་བདག་མོ་ཡིན། །ཆངས་བུ་ལན་བདུན་གསུམ་དུ་ནི། །ཁྱིམས་དང་སྐྱེ་རགས་གཙང་མའི་ས། །ཨཱོཾ་ཏདྱ་ཐཱ་ཨ་ན་ལེ་ཀུཎྜ་ལི་བྷ་ན་བི་ཤ་ཙི་ན་ཡེ་སྭཱ་ཧཱ། ཨཱོཾ་ན་མོ་ཁྲ་མོ་ཁྲི་ཡེ་སྭཱ་ཧཱ། ཨཱོཾ་ན་མོ་ཁྲི་ཁ་མུ་མ་ཧཱ་ཁྲ་མོ་མ་ཧཱ་ཙི་ན་ཡེ་སྭཱ་ཧཱ། ལྟས་ངན་འདི་ཡང་བསྒྲུབ་ཁང་དང་། །རྟོལ་མོ་རོག་མོ་ཁ་མཛེར་ཅན། །སྲིན་པོའི་ལག་པ་འཕར་སྤྱང་ལྕེ། །རྫས་སྣ་གསུམ་གྱི་རིལ་བུ་བྱ། །གཏོར་མ་དུས་དྲུག་རང་ཉིད་ཀྱང་། །ཚ་བའི་ཟས་སོགས་ཤ་ཆང་བཟའ། །སྟག་གཡག་སྐྱེས་པ་བུད་མེད་ཞོན། །མདུན་དུ་མི་ལ་བྲིད་པའི་སྐུ། །མི་སྨྲ་མི་འཕྲོ་མི་ཡུར་ཞིང་། །ལྷ་བསྙེན་གོང་དུ་སོང་བས་བཟླས། །རྫས་མེད་གྲུབ་པར་མི་འགྱུར་རོ། །ཤན་ནི་པ་སིན་ཏྲ་ས་མ་ཡ་ཛ། ཤད་ནེ་མ་སེན་ཏ་མཱ་ར་ཡ་ཕཊ།མཱ་ར་ཡ་ཛ། ཆེ་གེ་མོའི་ཙིཏྟལ་ཆུམས། ཐུམས་ལིང་། རྦད་སུ་ལིང་། ཤང་ཤན་རྒྱུག་རྒྱུག །རྦུད་རྦུད་ས་མ་ཡ་ཕཊ་ཛ། གང་གི་རྐང་ལག་རེང་བྱེད་པ། །སྣག་ཚ་ནང་དུ་མཚོན་རྩི་བརྡར། །རབ་པོ་འཁོར་ལོ་རབ་གནས་བྲི། །དབང་གི་སྐུར་བསྒོམས་བཟླས་པས་འགྲུབ། །ཨཱོཾ་ན་ཏྲ་མུ་ལ་ནི་སྭཱ་ཧཱ། མ་མ་སརྦ་དུ་ཁྲ།མུ་ཁ་སྟཾ་བྷ་ཡ། ཧ་ས་ཏ་བྷན་ཐཱ་ཡས་ཐད་བྷན་དྷ་ཡ། ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱ་ཧཱ། རྡོ་རྗེ་གོ་ཆ་གོན་བྱེད་པ། །རིམ་པ་བཞི་པའི་འཁོར་ལོ་ལ། །རྡོ་རྗེ་རྡོ་རྗེའི་ག་ལོགས་བྲི། །ཀ་དང་ཀ་ཡི་ཡ་ཏ་ཅན། །འཆང་བ་བསྲུང་བའི་མིང་གིས་བསྐོར། །སྔགས་བཅས་རྡོ་རྗེ་ཕྱེད་པ་བཟློག །བྲིས་ནས་བཏགས་ན་སྲུང་བའི་མཆོག །རྡོ་རྗེའི་གོ་ཆ་བླ་ན་མེད། །ཨཱོཾ་ཀྲུ་ཡེ་ཝ་ཁར་ལྕེ་མར་ཐཾ་སུཾ་འབྱུང་ཀླག་ཙ་ར་ནི་རྣམ་པ་དུག་རྣམས་བཟློག །ཡུལ་ཁམས་རབ་ཏུ་སྲུང་བྱེད་པ། །རིན་ཆེན་རྫ་ཡི་ག་འུ་རུ། །དཀར་གསུམ་མངར་བའི་རྣམ་པ་དང་། །


DNG018_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ལྔ་དང་འཇའ་ཚོན་ལྔ། །ཀླུ་དང་སྲིན་མོའི་འོ་མ་དང་། །སྔགས་ཀྱི་འབྲུ་གུ་རྨུ་ཡི་དཀར། །དེ་ནི་སེར་བའི་གདོང་དུ་གཏད། །སེར་བའི་ཁལ་རྟ་མགོ་བཅད་དེ། །རིལ་བུ་སྔགས་རྫས་རྒྱས་བཏབ་ནས། །གཤེད་ཀྱི་ཐོད་པ་སྟེང་དུ་སྐྱོན། །སེར་སྒོ་སེར་བའི་སྲང་ཡང་བཅད། །དྲོད་ཀྱི་དཔག་བསམ་གཞུ་བྱ་སྟེ། །དྲག་པོའི་མདའ་ལ་བཙན་བྱའི་སྒྲོ། །སྲིན་གྱི་རྔ་མས་རྒྱུད་སྦྱར་ཏེ། །གདོང་བཟློག་མདེའུ་རྩེ་གནམ་དུ་གཏད། །བདག་ཉིད་རྟ་གདོང་ཨོཾ་ཚུགས་བསྒོམ། །ཨེ་ཀ་ཛ་ཏི་ཕོ་ཉར་མངག །དྲག་པོའི་རྫས་སྣ་ཚོགས་ཚད་ལ། །བསྙེན་ཅིང་གདོང་དུ་གདབ་པར་བྱ། །ཨཱོཾ་ཏདྱ་ཐ་ཙ་ཏི་ཙ་ཏི། གུ་གུ་ཏི། ཤར་ཤར་ཤུར་ཤུར། མ་ལི་མ་ལི། ཀྱིལ་ཀྱིལ་བྷྱོ་བྷྱོ། སུ་པྲ་ཏི་ཛ་ཡ། མི་ལི་མི་ལི། མ་མ་རུ་ལུ་རུ་ལུ། ཧཱུཾ་བྷྱོ་ཧཱུཾ་ཕཊ་ཏ་ར། ཨོཾ་ན་ག་ཤེ་དུམ་པ་ཤེ། ནན་ཏི་ས་མ་ཡ། ཤཀྱ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་འབྲུག་ཐོག་ཕྱིར་རུཾ་སྭཱ་ཧཱ། ཞིང་བཅུ་བསྒྲལ་བའི་ལས་བྱ་ན། །རིན་ཆེན་དབང་གི་གཞོང་པ་རུ། །པདྨ་རཀྟ་མཚལ་ཆེན་དང་། །ཟེ་མ་ཀ་ལ་བིང་འདྲའི་སྙིང་། །འདོད་ཆགས་རང་གཤེད་ཐོད་པ་རུ། །ཁྲག་དུག་སྙིང་སྣ་མང་པོའི་སྙིང་། །བྱ་མོ་ནག་མོའི་གྲི་སྙིང་ནང་། །དོན་པོ་ལེ་བརྒན་ཁ་ཡང་བཅད། །མདུན་དུ་མུཾ་ལས་བྱང་ཆུབ་མ། །དམར་སེར་གྲི་དང་བྷན་དྷ་བསྣམས། །མ་མོ་ནག་མོ་དུན་བྷྱོ། མ་མོ་དུན་ཏིང་མ་ལས་ལ་དུན་བྷྱོ། ཏྲག་རཀྴ་ཛ་མུན་ཏི་སྙིང་ཤད་ཤད་ནྲྀ་ཛ་དུན་བྷྱོ། འུར་སྐམ་མེ་ཤ་རཾ་ཁ་ཁ་ཧ་ཧ་གྲ་ཏ་ཧྲི་ཛ་ཛ། ཙ་ཐུན་མཱ་ར་ཡ་ཐུན་སོད། ཤག་ཐུན་མཱ་ར་ཡ་ཐུན་སོད། རུ་རུ་རག་མོ་མཱ་ར་ཡ་ཐུན་སོད། མ་མ་མུག་ཏི་གྷྲི་ན་ཐུན་སོད། མ་མ་ཤ་ཐུན་ཏི་ཐུན་སོད། མ་མ་ཐུན་ཐུན་མཱ་ར་ཡ་ཐུན་སོད། ཤག་ཤག་མ་ཐུན་མུག་ཤག་ཐུན་སོད། མ་མ་རག་མོ་མ་ཏི་ཛ་ཛ། རཀྴ་རུ་རུ་ཙ་མུན་ཏི་ཀཱི་ལ་ཡ་རྦད་རྦད། ཏྲག་རཀྴ་ཙ་མུན་ཏི་ཀཱི་ལ་ཡ་རྦད་རྦད། མ་མ་སྙིང་ཁ་རག་ནྲྀ་ཛ། བ་ལ་ནི་ས་ནི་མུགས་མུགས། རག་མོ་ནི་ཧེ་ཧེ་ཛ། ཐུམ་རི་ལི་རྦད་རྦད། ཏྲག་རཀྴ་མུ་ཏྲ་སྙིང་ཁ་རག་མོ་དུན་བྷྱོ། སྲིད་གསུམ་དབང་དུ་སྡུད་པ་ཡི། །བདག་ཉིད་དམར་


DNG018_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ཉིད་དུ་བསམ། །མདའ་དང་ལྕགས་ཀྱུ་གཞུ་དང་ནི། །ཨུཏྤལ་འཛིན་མ་བསམ་ལ་བཟླས། །ཨོཾ་ཀུ་རུ་ཀུལླེ་ཧྲཱྀཿསྭཱ་ཧཱ། འབུམ་ཁྲི་བྱེ་བ་བདུན་འབུམ་གྱིས། །ཕྱུག་བདག་ལྷ་མིན་རྒྱལ་པོ་དང་། །སྐྱེ་དགུའི་འཇིག་རྟེན་དབང་དུ་གྱུར། །དམ་ལ་མི་གནས་བསྒྲལ་བའི་ཞིང་། །ཕོ་མོ་ཐོད་པ་དམར་ནག་ཏུ། །ཁྲག་དུག་སྙིང་སྣའི་རྫས་ལ་འདོད། །དང་པོར་བཅུ་པ་བསྒྲིམས་ཏེ་གྲངས། །གཟེར་རམ་ཁོང་ཁྲག་ཡོད་གྱུར་ན། །དགོས་པའི་སྔགས་བྱང་འབྲུ་གཅིག་དབྱུང་། །བཅུ་གཉིས་དག་ཏུ་གཏོར་བའོ། །བླ་དྭགས་དག་ནི་བྱུང་གྱུར་ན། །བཅུ་གསུམ་དག་ཏུ་རྦད་བྷྱོ་བཟློག །ཤན་དམར་གློ་དམར་རྟགས་བྱུང་ན། །དགུ་པ་གཏོར་ལ་འབྲུ་གཅིག་དབྱུང་། །ཁྱི་ནག་མ་མོ་བཟློག་གྱུར་ན། །ལྔ་དང་དྲུག་པ་མཐའ་བརྟུལ་དབྱུང་། །བདུན་དུ་གཏོར་བ་མན་ངག་ཡིན། །ཐོག་མར་འབྲུ་བཞི་འཁོར་ལོའི་སྔགས། །བཅུན་ཡིན་བཅུག་པས་ཆོ་འཕྲུལ་འཇིལ། །ལྔ་རུ་གཏོར་བ་མན་ངག་ཡིན། །མུན་ལྟར་གཏིབས་པའི་མ་མོ་དམར། །ལྕགས་ཀྱུ་ཞགས་ཐོགས་སྔགས་འདི་ཡིན། །མུ་རཀྴ་ཛ་མུན་ཏི་ཁ་ལ་བྷྱོ་རྦད། །རླུང་སེམས་སྲོག་རྩོལ་ལྡན་པ་ཡིས། །སྲིད་གསུམ་སེམས་ཅན་ལས་ལ་སྤྱོད། །སྲིད་པའི་བར་དོར་གནས་པ་ཀུན། །པདྨ་དབང་ཆེན་ཁྲག་འཐུང་གིས། །རིགས་དྲུག་བཀུག་ལ་རྟེན་ལ་བསྡིམ། །སྐྱབས་གསོལ་སེམས་བསྐྱེད་ས་ལ་བཞག །དཀྱིལ་འཁོར་གཞུག་པ་གཉིས་པ་སྟེ། །བསྙེན་པར་སྣང་བ་བྱ་བ་དང་། །ཉེ་བསྙེན་དང་ནི་བསྒྲུབ་པ་དང་། །སྒྲུབ་ཆེན་ཐོབ་ནས་སྐུ་གསུམ་གྱི། །ས་ལ་བཞག་པ་བདུན་པ་སྟེ། །བག་ཆགས་ལས་ངན་བྱང་བའི་སྔགས། །ངན་སོང་རིགས་དྲུག་གཞོམ་པར་བྱ། །ཨཱོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུཾ་ཧཱུཾ་ཕཊ། ཨཱོཾ་སརྦ་དུརྒ་སརྦ་ག་མཾ་སརྦ་ཀླེ་ཤ་ཧེ་ཏུཾ་ཧཱུཾ་ཕཊ། ཨཱོཾ་པ་ར་བིད་ཁངྒ་ཙྪིནྡ་ཧཱུཾ་ཕཊ། ཚོན་སྣ་ལྔ་ལྡན་སྲད་བུ་ལ། །རྡོ་རྗེ་གསུམ་གདབ་མདུད་པའི་རྒྱ། །ཡེ་ཤེས་ལྷ་བསྡིམ་འོད་ཞུ་ནས། །སྐྱབས་འགྲོ་གསོལ་གདབ་ལུས་ལ་གདགས། །གྲོ་ག་ཤིང་ཤུན་དྲི་ལྡན་ཆུས། །ཡི་དམ་སྔགས་དང་ཕྱག་རྒྱ་བྲིས། །རབ་ཏུ་གནས་ཏེ་གང་ཡིན་ལ། །བཏགས་ན་གདོན་བགེགས་འཇོམས་པར་ནུས། །


DNG018_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲིན་མེད་དྭངས་པའི་ཆོས་དབྱིངས་སུ། །ཚེ་ཡི་ཕྱག་རྒྱ་བཞི་བཅིངས་ནས། །དེའི་ཚེ་ཐུབ་དང་མི་ཐུབ་པའི། །བར་ཆད་ངེས་པར་བརྟག་པར་བྱ། །ཚེ་བསླུ་ཚེ་བསྐྱེད་ལ་སོགས་པས། །རྣལ་འབྱོར་ཚེ་སྲོག་བརྟན་པར་གཟུང་། །རང་རིག་བསྒོམ་ལ་གཞོལ་བ་ཡིས། །མདུན་གྱིས་དམིགས་པ་འགུལ་གྱུར་ན། །ཧཱུཾ་གི་སྒྲ་དང་སེམས་སུ་བཅས། །ཡི་དམ་ལྷ་ཡི་ཐུགས་ཀར་འགྲོ། །དང་པོ་ཞི་བའི་དུས་ཉིད་དུ། །ཤར་དུ་ཁ་བལྟས་ནམ་མཁའི་གནས། །བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །མདོག་དཀར་བདུད་རྩི་ལྷུང་བཟེད་བསྣམས། །སྤྱན་དྲངས་མཆོད་པ་ཕུལ་ནས་ནི། །བདུན་པོ་རྣམ་དག་མཉེས་བསམས་ནས། །གཡས་ཀྱི་རླུང་གིས་དངོས་གྲུབ་བསྐུལ། །གཡོན་གྱི་རླུང་གིས་བླངས་ནས་ནི། །རང་གི་ཐུགས་ལ་བསྡིམ་པ་དང་། །ཤིན་ཏུ་བརྟན་པར་བྱ་བ་དང་། །མི་གཡོ་འཆི་མེད་ཐོབ་པའི་སྔགས། །ཉི་ཤུ་རྩ་གཅིག་གྲངས་དང་བཅས། །ཨཱོཾ་ཨཱ་ཡུ་ཥེ་ས་ར་ཧ་ཀ་ར་རི་ཤ་ར་རི་ཧཱུཾ་ཕཊ་སྭཱ་ཧཱ། ཨཱོཾ་ཨ་མ་ར་ཎི་ཛཱི་ཝན་ཏི་ཡེ་སྭཱ་ཧཱ། ཨཱོཾ་མ་ཧཱ་ཨ་མ་ར་ཨཱ་ཡུར་ཛྙཱ་ན་བྷྲཱུཾ་ཧཱུཾ། ཨཱོཾ་ཨ་མ་ར་ཎི་ཛཱི་ཝ་ན་ཏི་སྭཱ་ཧཱ། གང་གི་ཆུང་ཚེ་འཕེལ་བྱེད་པ། །སྤུ་མེད་བྱ་ཡི་སྒྲོ་དང་ནི། །བྱང་ཆུབ་འཕེལ་བའི་དཔག་བསམ་ཤིང་། །རོ་དང་ལྡན་པའི་གསེར་མདོག་དང་། །ཟ་བྱེད་ཕྲ་མོའི་སྡེར་མོ་དང་། །རབ་ཏུ་གཅེས་སོགས་རྫས་བཅངས་ཏེ། །གནམ་གཏའ་ཆོས་ཀྱི་དབྱིངས་སུ་སྦ། །བར་གཏའ་ལྷ་སྲིན་སྲོག་ལ་བཅུན། །ས་གཏའ་སྲིད་ཀྱི་ས་གཞི་གཟུང་། །འཇམ་པ་པོ་དང་རི་དྭགས་རྒྱལ། །ཛ་མི་ཀ་སོགས་བརྟག་པར་བྱ། །རྒྱལ་བསེན་ས་བདག་གཅུད་ལ་བོར། །མེད་བཙལ་ཡོད་གསོ་ཤི་འཕྲོ་གཅོད། །བྱ་གདོན་མངལ་ཁ་ལ་སོགས་པས། །སྲིའུ་གསོ་བ་བླ་ན་མེད། །འགོ་བའི་ལྷ་ལྔ་བསྟེན་པར་བྱ། །ཨཱོཾ་ཨཱ་ཡུརྫྙཱ་ན་བྷྲཱུཾ་སྭཱ་ཧཱ། ཟླ་བ་ཞག་ལ་སོགས་པ་ཡི། །ཀེག་དང་བཅས་པའི་གཏོར་མ་ཡིས། །གདོན་ཆེན་བཅོ་ལྔ་མཆོད་པར་བྱ། །དབང་ཆེན་འདུས་པའི་རྒྱུད་ལས། ལས་སྣ་ཚོགས་ཀྱི་ལེའུ་སྟེ་ཉི་ཤུ་པའོ།། །།དེ་ནས་བཅོམ་ལྡན་འདས་


DNG018_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་གདུག་པ་འདུལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་འདི་གསུངས་སོ། །རྣམ་སྨིན་འདུ་བ་གནོད་པའི་གདོན། །ཚོགས་དང་འཚོ་བྱེད་སྔགས་ཀྱིས་གཞོམ། །རྗེའུ་རིགས་ལག་གཡས་རྒྱལ་རིགས་མགོ། །བྲམ་ཟེ་ལག་གཡོན་དམངས་རིགས་གཡས། །གདོལ་པ་རྐང་པ་གཡོན་ནས་འཇུག །རྒྱལ་རིགས་རུས་ཏེ་རྗེའུ་རིགས་པགས། །དམངས་རིགས་སྤུ་སྟེ་བྲམ་ཟེ་ཁྲག །གདོལ་པ་ཤ་ལ་ཞུགས་པ་དང་། །སྙིང་དང་གློ་བ་སྲོག་རྩ་མཆིན། །དབང་པོ་ཀླད་པ་ཆུ་བ་རྣམས། །རང་གི་རྟགས་ཀྱིས་སྟོན་པར་བྱེད། །རྒྱལ་རིགས་ལྕི་འཐིབས་ས་ཡི་དུག །བྲམ་ཟེ་ཆུ་དུག་གྲང་ཞིང་འདར། །རྗེའུ་རིགས་མེ་ནི་ཚ་ཞིང་བསྲེག །དམངས་རིགས་ཡང་ཞིང་གཡོ་བ་རླུང་། །གདོལ་པ་རེག་མཐོང་ཁ་རླངས་ཅན། །གཟེར་ཞིང་ཟ་འཕྲུག་མྱོས་པར་བྱེད། །རྒྱལ་རིགས་རྒྱལ་པོ་རྟག་ཏུ་གནོད། །རྗེའུ་རིགས་ཀླུ་བཙན་རྟག་ཏུ་གནོད། །དམངས་རིགས་དམ་སྲི་རྣམས་དང་སྡང་། །བྲམ་ཟེ་སྲིན་མོའི་ཚོགས་དང་བཅས། །གདོལ་པ་མཛེ་འདྲེ་རྟག་ཏུ་གནོད། །མ་མོས་བྱད་དུ་འཇུག་པ་དང་། །རྒྱལ་པོས་སྣ་འདྲེན་གློ་བུར་བཙན། །ཐེ་བྲང་དམ་སྲི་ཉེན་ལངས་གཅོད། །ལུས་སྙོམས་ཆུ་ལ་བརྟག་པ་ཡང་། །གཡའ་མེད་སྣོད་དུ་ཉི་ཤར་དུས། །ནད་གཞི་ཁ་དོག་སྒོ་ནས་བརྟག །འབུར་ལོང་ག་གོ་ལ་ཡི་མདོག །མུ་ཏྲའི་མདོག་ནི་ནད་མེད་རྟགས། །མར་ཁུ་འོ་མ་ཆུ་རྩ་རམས། །མཁྲིས་རླུང་བད་ཀན་འདུས་པའི་ནད། །དེ་སོགས་བརྟགས་པས་མདོག་རྣམས་གསལ། །གཟུགས་ལ་གདོན་བརྟག་ཕྱོགས་བཞི་དབུས། །ཁང་ས་ཞིང་ས་དུར་ས་དང་། །མཆིན་པ་སྙིང་གློ་མཁལ་མ་དང་། །རྒྱལ་པོ་རྗེའུ་རིགས་བྲམ་ཟེ་དམངས། །སྟོན་དཔྱིད་དབྱར་དགུན་ལ་སོགས་བརྟག །ཁྲག་ལ་བཟང་ངན་དུས་དང་ནི། །ཐུབ་དང་མི་ཐུབ་བརྟག་པ་དང་། །དམར་སེར་ཁམ་པ་ནག་པོའི་དུས། །དང་པོ་ངན་ལ་བར་མ་འབྲིང་། །ཐ་མ་བཟང་ན་ཆུ་སེར་རྒྱས། །དང་པོ་བཟང་འབྲིང་ཐ་མ་ངན། །ཆུ་སེར་གཏིང་དུ་ཞེན་པ་དང་། །སྐྱ་བོ་དམར་པོ་རྨ་ཁར་བཅུག །དྲིལ་ལམ་


DNG018_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

འབྱར་གྱིས་དབྱེ་བར་བྱ། །ཚངས་པའི་མཁར་དང་བདུད་ཀྱི་མཁར། །གནོད་སྦྱིན་མཁར་དང་སྲིན་པོའི་མཁར། །མ་མོའི་མཁར་དང་སྲོག་གི་མཁར། །སྲིན་པོའི་མཁར་ཤོར་སྤང་བར་བྱ། །གཡས་པ་དཀའ་སྟེ་གཡོན་པ་སླ། །ཤ་སྤུ་རུས་དུག་དཀའ་བར་འགྱུར། །དབང་པོ་གསལ་བྱེད་ཆུ་བུར་མིག །གདོན་གནོད་པ་དང་ཞག་ཟླ་ལོ། །འབྲས་བུ་སྨིན་དང་མཚོ་རྡོལ་དང་། །རྣམ་སྨིན་རིགས་དང་བྱད་ཀ་དང་། །ཀུ་རེ་མནོལ་ཕྱིར་རེ་འདོད་དང་། །དམིགས་བསལ་སྔགས་ཆུན་སྔགས་དྲེད་དང་། །གདོན་ཙབས་མཆོད་པའི་མིག་སྤྲིན་བརྟག །ལུས་ཀྱི་ཤ་མཚན་དོད་པ་དང་། །ངག་གི་སྒྲ་སྐད་སྐྱེ་བ་དང་། །སེམས་ཀྱི་རྨི་ལམ་སྣ་ཚོགས་རྣམས། །གང་ཡིན་རབ་ཏུ་གཟུང་བར་བྱ། །རྣམ་པར་སྨིན་པའི་ལས་བྱུང་ན། །བསོད་ནམས་ཚོགས་དང་སྟོང་ཉིད་བསྒོམ། །འབྱུང་བ་འཁྲུགས་པའི་དུ་བ་ལས། །སྨན་དང་སྣ་ཚོགས་རྫས་ཀྱི་གསོ། །སེང་ལྡེང་མུ་ཟི་རྒྱལ་བློན་བསྲེ། །ཀླུ་བདུད་ནག་པོ་བཤལ་སྨན་དང་། །ཕོལ་དང་ཤ་བཀྲ་ལ་སོགས་པར། །འབྲུ་སྦུ་ཤུན་ཤ་ཚིལ་གསུམ་དང་། །དུག་བཞི་ཁྲག་གཉིས་ལ་སོགས་བདུག །སྤྱང་དུག་སྤྱང་ཚེར་གླ་རྩི་བཙོད། །སྣག་ཚ་ར་དུག་ལོང་རྡོལ་དང་། །གུ་གུལ་དྲི་ཆེན་ཏི་ཙ་དང་། །ཀ་ར་བི་ར་ག་པུར་དང་། །ཙནྡན་མུ་ཟི་ལྡོང་རོས་དང་། །མར་དཀར་ར་གཞོབ་ལ་སོགས་བྱུག །བདུད་རྩི་མར་ཁུ་ཨ་རུ་ར། །པི་པི་ལིང་དང་རྣམ་པ་གསུམ། །མཛེ་ནད་ནག་པོ་ཀླུ་བདུད་ནག །བཙན་དུག་གུ་གུལ་མུ་ཟི་ནག །ཤུ་དག་ནག་པོ་རྣམ་པ་དྲུག །མ་མ་གི་རམ་མཆོག་རིས་དང་། །བོང་ཏེའུ་རྨ་བྱ་ར་ལས་ཁྲག །ཐ་ཀར་སྲོ་མ་གུ་གུལ་དཀར། །ཟ་འབྲུ་སུག་མ་ཡུ་མོ་མདེའུ། །བྱང་པ་ཚ་སྲིན་སྡིག་སྔོ་སྔོ། །ཀ་ཀ་རུ་ནི་རྣམ་པ་ལྔ། །སེང་ལྡེང་རྒྱ་དོཾ་རྡོ་རྒྱུས་འགྲོན། །ལྟོ་རུ་གཏང་བར་ཡང་དག་བཤད། །ཡན་ལག་ཞ་གྲུམ་ལ་སོགས་པ། །སྨན་གྱི་སྦྱོར་བས་གཞོམ་པར་བྱ། །འཕྲལ་གྱི་རྐྱེན་དབང་གྱུར་པ་ལས། །དྲག་པོ་སྔགས་ཀྱི་སྦྱོར་བ་གདབ། །


DNG018_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

ནཱ་ག་རཱ་ཙ་མཱ་ར་ཡ་ཕཊ། ཕུ་མེ་རཱ་ཙ་མཱ་ག་ཡ་ཕཊ། ས་ཁྲག་རཱ་ཙ་མཱ་ར་ཡ་ཕཊ། ཡ་མ་ཤུ་ཤུ་ནཱ་ག་ཙ་ཏྲི་ཐུན་ཟེར་རྦད། ར་ཙ་འདྲི་ལ་ཐིབ་ར་རཱ་ཙ་ཐང་ཐང་ཤི་ཤི་རྦད།མ་མ་ཡཾ་ཏྲི་དུ་མེ་མཱ་ར་ཡ་རྦད། ནག་མོ་ཤུ་ཤུ་མཱ་ར་ཡ་རྦད། ནཱ་ག་ཙི་ཏྲ་དུ་ན་ནན། ནཱ་ག་ཙ་ཏྲ་འུར་ནན། མཱ་ར་ཡ་རྦད། ས་དཾ་སོ་མཱ་ར་ཡ་རྦད། ཙཀྲ་རུ་ཏྲི་རྦད། ནཱ་ག་རཱ་ཙ་མཱ་ར་ཡ་བ་ཤང་ཁུག་ཛ། རུ་རུས་དུར་ཁུག་ཛ། ནཱ་ག་ཡུམ་ཐུམས་རི་ལི་རྦད་ཛ། ཅེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གདུག་པ་འཇོམས་པའི་འཁོར་ལོ་འདི་གསུངས་སོ། །སྨུག་ནག་གྲུ་གསུམ་གནམ་སྒོ་བཅའ། །མུ་ཁྱུད་གྲུ་ཆད་བར་ཁྱམས་སྒོ། །དཀྱིལ་འཁོར་དབུས་སུ་ཕུར་པ་གཉིས། །གནམ་སྒོ་ལ་ཡང་ཕུར་པ་གཉིས། །རོ་རས་གྲོ་ག་ཤིང་ཤུན་ལ། །བྱ་རོག་མགོ་རྩ་ཁྲག་དུག་གིས། །སྔགས་གྲངས་མཉམ་པའི་རེ་མིག་ལ། །ཉི་ཤུ་རྩ་གཅིག་དྲག་སྔགས་དགོད། །ཕུར་པའི་སྔགས་ཀྱིས་ཀླུ་ལ་གཟིར། །ཞག་གྲངས་ཐེམས་ནས་སྲོག་རྩ་བཅད། །དྲག་པོའི་མེ་ལ་སྦྱིན་སྲེག་བྱ། །གདུག་པ་གསུམ་དང་སྡོང་ཟླར་བཅས། །དབང་ཆེན་རྔམ་པའི་ཞལ་དུ་འབུལ། །དཔལ་གྱི་ཞབས་འོག་དག་ཏུ་མནན། །ཀླུ་ཡི་གདུག་རྩུབ་ཞི་བར་འགྱུར། །དེ་ནས་བཅོམ་ལྡན་འདས་ཀྱིས་འདི་གསུངས་སོ། །ལས་ཀྱི་ཁྱུང་ནག་ཁྲོས་པ་ནི། །རྡོ་རྗེ་རྒྱ་གྲམ་ཕྱག་ན་གསོར། །ཀླུ་གཉན་ས་བདག་ཞལ་དུ་གསོལ། །དེའི་སྐུ་གཟུགས་བྲིས་ནས་ནི། །ནུ་མར་རྫས་ཀྱི་ཐུམ་པོས་བརྒྱན། །སྤྲུལ་པ་རིགས་ལྔའི་ཁྱུང་ལྔ་འགྱེད། །དེ་ཡི་དྲག་སྔགས་འདི་དག་ཡིན། །ཨཱོཾ་ག་རུ་ཊ་ཙ་ལེ་ཙ་ལེ་ཧཱུཾ་ཕཊ། ནཱ་ག་སྲོག་ཚིག་ནན་རྦད། ལུས་རྡུལ་བུན་ནཱ་ག་མཱ་ར་ཡ་རྦད་སོད། རཾ་རཾ་ཛྭ་ལ་ཛྭ་ལ་ཤི་ཤི་རྡུལ་བུན་ནཱ་ག །མཱ་ར་ཡ་རྦད་སོད། ཨཱོཾ་ནཱ་ག་ཤི་ནན། ནཱ་ག་བེར། ནཱ་ག་ཆིངས། ནཱ་ག་སྡོམས། ནཱ་ག་སོད། ནཱ་ག་གོ་ལ་ཡ། ནཱ་ག་རཱ་ཙ་ཆིངས། ནཱ་ག་རཱ་ཙ་ཧཱུཾ། ནཱ་ག་རཱ་ཙ་ཕཊ། ནཱ་ག་ཤུ་ཤུ་ནན། ནཱ་ག་བྱེར། ནཱ་ག་སྙིང་ལ་སྲོག་རྦུད། པྲ་ཏི་ས་མ་ཡ། ནཱ་ག་སྙིང་ཚལ་པ་དུམ་བུ་རྦད། ཨཱོཾ་སིད་ཐཱ་ཐ་ག་རུ་ཊ་བི་ཤད་དེ་ནཱ་ནན། ནཱ་ག་ཐམས། ཉི་མ་ས་ལ་ནན་ཀླད་པ་ནན། ཙིཏྟ་གྷུ་མི་ནན། ཀུན་ཤིག་ཙི་རྟ་


DNG018_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

མུ་ཏྲ་བཟློག་བྱེར། ནཱ་ག་བེར། ནཱ་ག་བཟློག །ནཱ་ག་ཤིག །ནཱ་ག་ནན། ནཱ་ག་མགོ་ལ་ནན། ནཱ་ག་བྱེར་བྱེར། མཱ་ར་ཡ་ཕཊ་རྦད་སོད། ཡ་མ་ཤུ་ཤུ་སོད། ནག་པོ་ཤུ་ཤུ་མགོ་ལ་ནན། ས་དམ་ནག་པོ་ས་ཁྲག་མཱ་ར་ཡ་རྦད། ན་མ་ཤ་མ་ཏྲི་རཀྴ་མཱ་ར་ཡ་རྦད། ཙ་ཀྲཾ་དུ་ཏྲི་སུ་མི་མཱ་ར་ཡ་རྦད། རཱ་ཙ་ཐང་ཐང་ཤི་ཤི་རྦད། ཏྲཾ་རིལ་ཐུམས་ཀྱི་མ་ཏང་ཁུག་ཤེལ་རཱ་ཙ་མཱ་ར་ཡ་རྦད། ཅེས་གསུངས་སོ། །དབང་ཆེན་འདུས་པའི་རྒྱུད་ལས། མཛེ་ནད་གསོ་བའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཚོགས་ཐམས་ཅད་ཡོངས་སུ་རྫོགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་གསུངས་སོ། །དགོས་པའི་ལོངས་སྤྱོད་ཚང་བ་ནི། །འབྱོར་ལྡན་ཡོ་བྱད་ཚོགས་ཡིན་ཏེ། །དགྱེས་ལྡན་ལྷ་དང་སྐལ་ལྡན་མི། །དེ་བཞིན་ཡང་དག་ཤེས་པར་ལྡན། །ཚེ་འཛིན་ཛ་གད་ཛ་ཏི་དང་། །ཟླ་རྒྱས་ཟླ་ཕྲོམ་འཇམ་དེས་དང་། །མེ་ཏོག་ཙི་དང་ཀུན་ཏུ་རྒྱུག །འཇམ་སྙིང་བྱི་ལ་སེ་དང་ནི། །ཀུན་འབྱོར་འབྲང་རྒྱས་འབྱོར་ཚོགས་རྣམས། །སྒྲུབ་པའི་རྫས་སུ་ཡང་དག་ལྡན། །ཨཱ་ཙརྱ་རྡོ་རྗེ་སློབ་དཔོན་ཡིན། །གུ་རུ་ཏ་ར་མཁས་པས་བཤད། །རུ་བ་མ་རིའི་རྩེ་མོ་ཡིན། །མ་ཏང་ལ་ཀོ་སོ་མང་ཡུལ། །ཕ་ལམ་ཀ་ནི་གྲོང་ཁྱེར་ཡིན། །སུ་མེད་གྲོང་དུ་བཤད་པའོ། །ཀ་ལོ་ཀ་ནི་ཡོད་པའི་མིང་། །ཤ་རིང་ག་གམ་སྐལ་ཡོད་ཤེས། །ཙེ་ཏྲ་ཀམ་ནི་སྐལ་མེད་བརྗོད། །ཕུར་ན་མ་ནི་སྣོད་ལྡན་མ། །ས་རི་བྱ་ནི་སྣོད་ངན་ཏེ། །ག་ཡ་ནི་ཞེས་རྒྱལ་རིགས་ལ། །ར་གམ་རྗེའུ་རིགས་ཞེས་ནི་བཤད། །བི་ར་རྒྱ་ནི་དམངས་རིགས་སོ། །རཾ་ས་ཀ་རི་བྲམ་ཟེར་བཤད། །བི་ར་དྷུ་པེ་གདོལ་པ་ཅན། །ས་མུད་ཏྲཾ་ནི་རྒྱལ་པོར་བརྗོད། །ཙ་བམ་རིག་ངན་ཞེས་ནི་བཤད། །ཤམ་རཾ་སྨེ་ཤ་ཅན་དུ་བརྗོད། །བྷ་བ་ཙག་ཏྲཾ་ཀོ་ལྤགས་མཁན། །ཁད་ཀཾ་རོ་སྲེག་མ་རུ་བཤད། །པ་ཤ་ཞགས་འབར་མ་རུ་བཤད། །ཀུ་མ་རི་ནི་ཉིན་མོར་བཤད། །ཀ་ཉ་མཚན་མོ་རབ་ཏུ་གྲགས། །ཏ་པ་ཉི་མ་ཕྱེད་དུ་བཤད། །ཏ་པི་མཚམས་ཀྱི་ཆ་རུ་བཤད། །རྟི་ཏྲེ་བཟང་པོའི་དུས་སུ་བཤད། །པྲ་ཏི་


DNG018_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ངན་སྤངས་པར་གྱིས། །ཧི་ར་ནི་ནི་མེ་ཏོག་བརྗོད། །ཤ་རུ་ནཾ་ནི་ཡོངས་སུ་བརྗོད། །ཤ་ཀུ་ནི་ཀ་མར་མེར་བརྗོད། །ཤ་པྲ་ཏི་ཏ་ལྷ་བཤོས་ལ། །མཱ་ལ་ཏྲི་ནི་གྲི་རུ་བརྗོད། །ཀྲི་ཏི་མ་ཏི་སྒྲ་ཡིན་ཏེ། །ཤ་ཀི་ཀ་ནི་གོས་སུ་བཤད། །ག་ནི་བཤད་པར་ཡོངས་སུ་གྲགས། །རུ་ཤཾ་རི་ནི་ཁུ་བར་ཤེས། །ག་ནམ་ཤ་ཆེན་དུ་ནི་བཤད། །ཙན་ཏྲ་ན་མེ་ཁྲག་ཏུ་བཤད། །མེ་ག་མ་ཏྲཾ་ཅན་དུ་བརྗོད། །ཀུ་ཏ་རཾ་ནི་འདོད་ཡོན་སྤྱོད། །ཙ་ཏུཾ་རོ་དྲུག་ཟ་བ་པོ། །སཾ་བྷོ་ད་ཀཾ་ཆང་འཐུང་ངམ། །བི་ཏུཾ་ཤ་རུ་མངོན་པར་བརྗོད། །ན་མི་ནི་བ་ཀྲཾ་ནི་ཐོད། །ཀུ་ལཾ་མི་ཡི་རུས་པས་བརྒྱན། །ཤ་ཁམས་བཟང་བ་ཞེས་ནི་བརྗོད། །ཨཱ་རཾ་རོ་ནི་ཞིམ་པར་བཤད། །ཨ་ཀྵཾ་རཾ་ནི་རོ་མི་ཞིམ། །པ་ཀོ་ལ་མུད་དམ་གླུ་ལེན། །མི་ཀྲ་གར་ཞེས་བྱ་བར་བཤད། །ཤབ་ཏ་ཚོལ་ཆོས་སྐུ་ནི་བཤད། །མི་གམ་མི་སྨྲ་བར་ནི་བརྗོད། །བ་བི་ཏྲཾ་ནི་སྔགས་ཞེས་བཤད། །དྷ་རི་ད་ར་དཀྱིལ་འཁོར་ཏེ། །པ་ཏྲ་པ་ནི་གྲལ་ལ་འདུག །ཀ་པ་ཙི་ཏྲ་བྱིན་རླབས་ཀྱིས། །མ་ལ་ཀི་ནི་དགོངས་པའོ། །ཀ་མ་ཀུ་ཏྲི་ཕྲིན་ལས་ཏེ། །པ་རི་པུ་ནི་སྨོན་ལམ་མོ། །ཉེ་ས་ར་ནི་གདོང་དུ་བརྗོད། །པ་ཊཾ་དཔྲལ་བ་ཞེས་སུ་བཤད། །མ་ལ་སྨིན་མར་ཡང་དག་བཤད། །ཀོ་པ་བ་ཡ་མིག་ཏུ་ཤེས། །པདྨ་ཀར་ནི་ཀ་ནི་སྣ། །བལ་ལ་བོལ་ནི་མཆུ་རུ་ཤེས། །ཨན་དྷ་ན་ནི་སོ་རུ་བརྗོད། །པི་ཤ་མགྲིན་པ་རུ་ནི་གྲགས། །ཧཾ་བོ་ཕྲ་བ་རུ་ནི་བཤད། །ཨ་གུ་ཤ་ནི་དཔུང་བར་བརྗོད། །བ་ཧི་རུ་ནི་ལག་པར་བཤད། །པ་ར་ཨང་ག་ཀེ་ས་ར། །སེན་མོ་ཤེས་ནི་ཡང་དག་བཤད། །གྷེ་སཾ་རྗེ་ངར་དུ་ནི་བཤད། །ཤི་ལ་ཕ་ལེན་བུ་མོར་བཤད། །ཛ་ཏི་པ་ལི་སྐེད་ཡིན་ནམ་སྙེད་པར་བརྗོད། །མ་ཏ་ནམ་ནི་ལྟེ་བར་བརྗོད། །པདྨ་ཛ་ལམ་གསང་བའི་གནས། །ཀ་དམ་པ་ཉམས་བརླ་གཉིས་སོ། །ཆ་ག་ན་ནམ་རྐང་པར་བརྗོད། །ཤ་ཏ་ཀུ་སུ་སྨད་ལམ་སྟན། །ཤབ་ཏ་པུ་ཞེས་བྱ་བར་བརྗོད། །པདྨ་ནྲྀ་ནི་ཞི་བའི་ཡུམ། །ཧ་ཏི་ཎི་ནི་རྒྱས་པའི་ཡུམ། །ཤན་ཏྲི་ནི་ནི་དབང་གི་ཡུམ། །ཙན་ཏྲི་ཎི་ནི་དྲག་པོའི་ཡུམ། །པ་ར་སྒེག་མོ་རོ་འབེབས་ན། །ས་ནི་པ་ཏྲ་མཚན་ལྡན་མ། །པཾ་སུ་ཏྲཾ་ནི་དབང་གཉིས་


DNG018_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར། །ཨ་འབྲས་མེ་ཞེས་བྱ་བ་དང་། །རྒུན་འབྲུ་གླང་པོ་ཆེ་ལ་སོགས། །ས་ལ་སུ་ནི་རྟ་ཡིན་ཏེ། །ནི་ལོ་ནེ་རྒྱས་བྱ་ཞེས་བྱ། །ཨ་ཀ་རུ་ནི་ཁྱི་རུ་བརྗོད། །སུཾ་བྷཾ་ཞིང་ནི་བཟང་པོར་བཤད། །དྷ་ནི་རྟ་ནི་གསང་བར་བཤད། །ས་ར་བར་ཏ་འཚོ་བར་བཤད། །མི་རཾ་པ་མིའི་རོ་རུ་བརྗོད། །བ་ཧ་ར་ག་གད་པ་ཞེས། །བི དྲི ་ཕག་ཅེས་བརྗོད་པར་བྱ། །ས་ལ་ཤ་ནི་ཉ་ཞེས་བརྗོད། །ནི་ནཾ་ར་སྐྱེས་སུ་ནི་བརྗོད། །མ་དང་ཨ་ཧཾ་འདབ་ཆགས་ཤའོ། །ཤྱ་ནྱ་སྲོག་ཅེས་བྱ་བར་བརྗོད། །ན་ནཾ་ནི་ནི་རྣམ་ཤེས་བརྗོད། །ཨ་བི་ན་བཾ་རྒོད་པར་བཤད། །རུ་ཏི་རཾ་ནི་འཕྱ་བར་བརྗོད། །བྷ་ཧ་ནཾ་རི་ཆུ་རུ་བཤད། །ཨ་འཛམ་པ་ནི་མེ་ཞེས་བརྗོད། །ནི་ཙཾ་ད་དུར་ར་ཏུ་བརྗོད། །རང་ནཾ་ཆགས་པ་ཞེས་ནི་བཤད། །ས་ཀྵཾ་ཡན་ལག་རབ་ཏུ་བཤད། །ཤུ་བཾ་བཟང་པོ་ཞེས་ནི་བཤད། །བ་ཌ་ཀཾ་ནི་ཉོན་ཞེས་བརྗོད། །གྷི་ཏཾ་ལཾ་དུ་བཤད་པ་དང་། །ན་ག་རཾ་ནི་བདག་ལུས་བརྗོད། །ན་ལ་ནི་ལུ་ལཾ་སྟོབས་མེད། །གོ་པག་ཥྞ་ལཾ་ཐམས་ཅད་རྫོགས། །ས་ག་རཾ་ནི་རྒས་པར་བཤད། །བྱོ་མ་ག་ནཾ་ཕ་རོལ་དཔུང་། །ཀ་མ་ཡ་ནི་གྱིས་ཤིག་བརྗོད། །ཧོ་ནི་ཚིམས་པ་རུ་ནི་བཤད། །མ་ག་དོག་པ་རུ་ནི་བརྗོད། །ཨུ་ཙི་ལྷག་མ་ཞེས་བྱ་བཤད། །བྷ་ནི་ལི་གཏོར་གཏོར་མ་བཤོས། །ཨུ་ཏྲེ་པ་ཀྲ་ལྷ་ཕུད་སྦྱོར། །མ་ནི་པུ་རི་ལྷག་ཕུད་མཆོད། །མ་ཧེ་ནི་ནི་རལ་གུར་གྱིས། །སྟཾ་བྷ་ནན་ནི་གཏོར་གཞོང་གནོན། །ཨོ་ཏྲི་བ་ནི་དཀྱིལ་འཁོར་བསྡུས། །ཨ་ཏྲི་ས་མ་ལ་རྫོགས་རིམ་བསྒོམ། །བ་ཡང་སུ་ནི་རླུང་སྒྲར་གཟུང་། །ཐ་བ་བི་ར་འདི་ལྟ་སྟེ། །མ་ནི་བུ་རི་གང་ཞེ་ན། །ཀོ་ཊ་ཀྵ་ནི་སྲོག་འཛིན་པ། །ཀོ་ཏ་བར་ནི་ཐུར་དུ་སེལ། །ཀ་ཏ་གྱེན་དུ་རྒྱུ་བ་སྟེ། །གོ་ཏ་བ་ཤ་མེ་དང་མཉམ། །ཀོ་ཏི་ར་ག་ཁྱབ་བྱེད་ཏེ། །ཀོ་ཏ་ཀྵ་ནི་རྒྱུ་བ་ལ། །ཀོ་ལ་བ་ཀོ་ལ་ནི་རྒྱུ། །ཀོ་ལ་བ་ཤ་ཡང་དག་དང་། །ཀོ་ལ་བ་ཤུ་རབ་ཏུ་མ། །ཀོ་ལ་ར་ཐ་ངེས་པར་རྒྱུ། །དབང་ཆེན་འདུས་པའི་ཏན་ཏྲ་ལས། ཚོགས་ཀྱི་འཁོར་ལོ་སྒྲས་བཤད་པའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་གདུག་པ་ཐམས་ཅད་འཇོམས་པ་


DNG018_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་འདི་གསུངས་སོ། །ཁྲུ་གང་སོར་ནི་བཅུ་གཉིས་པ། །དཀར་ཞིང་ཟླུམ་པ་ཞི་བ་ལ། །ཁྲུ་དོ་ཟབས་སུ་དེ་ཕྱེད་སེར། །དམར་པོ་ཟླ་བ་ཕྱེད་པ་དབང་། །གསོད་པ་སོར་ནི་ཉི་ཤུ་པ། །གྲུ་གསུམ་ས་གཞི་ནག་པོར་བྱ། །དྲི་ཞིམ་དཀར་སེར་དམར་པོ་དང་། །དུག་དང་ཁྲག་དང་དུར་སོལ་བྱུག །འཁོར་ལོ་རིན་ཆེན་པདྨ་དང་། །རྒྱ་གྲམ་རིམ་པ་བཞིན་དུ་བྲི། །ཞི་བ་རྒྱས་པ་དབང་དང་དྲག །ཤར་བྱང་ནུབ་དང་ལྷོ་རུ་བལྟ། །དགང་གཟར་དབྱིབས་དང་ཚད་ལྡན་པ། །གྲུ་བཞི་ཟླུམ་པོ་ཟླ་གམ་དང་། །ཟུར་གསུམ་རྣམས་སུ་ལྡན་པར་བྱ། །བླུག་གཟར་རྡོ་རྗེ་ཕྱེད་པས་མཚན། །དགེ་སློང་རྒྱལ་པོ་བུད་མེད་དབང་། །བཤན་པ་ལས་བྱུང་ཤིང་དང་མེས། །པི་ལ་བ་ཨུ་དུམྺ་ར་ལ། །མར་དང་སྦྲང་རྩིས་སྦགས་པ་ལ། །འོ་མ་སྤོས་ཆུས་བྱུག་པ་དབུལ། །རྩ་བ་རྩེ་མོ་དང་བྲལ་བ། །འོ་མ་ཞོས་སྤངས་སེར་པོ་དང་། །ནགས་ཀྱི་ལྕུག་མ་དམར་པོ་ལ། །དཔལ་ཁའི་མར་དང་དམར་པོས་བྱུག །ཁ་ལ་ཚེར་མ་ཅན་གྱི་ཤིང་། །གས་དང་སྲོག་ཆགས་དག་གིས་ཟོས། །དུར་ཁྲོད་རོ་བསྲེག་ཁྲག་དུག་བྱུག །འབྲས་ཆེན་ནས་དང་འོ་མ་ཞོ། །སྦྲང་རྩི་མར་ནག་མི་ཤ་དང་། །ཁྲག་དང་ལན་ཚྭ་སྐྱེ་ཚེ་དབུལ། །ཙནྡན་མེ་ཏོག་དཀར་པོ་དང་། །སེར་པོ་དམར་དང་ཐང་ཆུ་ནག །བདུད་རྩི་རུས་པ་དང་བཅས་པས། །བ་གླང་ལྕི་བ་རྩ་བའི་ཆ། །ནིམ་པ་རོ་སྐྱུར་ཚ་རོག་དྲི། །བོང་བུའི་སྦངས་ལ་རབ་ཏུ་བྱ། །ཚེས་གཅིག་ཞི་ལ་བཅོ་ལྔ་རྒྱས། །བཅུ་བདུན་དབང་ལ་ཉི་ཤུ་དགུ། །དྲག་པོ་སྲོད་ཞི་སྔ་དྲོ་རྒྱས། །དགོང་དབང་ཉིན་མཚན་གུང་ལ་བསད། །དབྱར་དགུན་སྟོན་དཔྱིད་དུས་ཤེས་བྱ། །དཀར་པོ་རིན་ཆེན་དམར་ནག་པོས། །གཅེར་བུ་རབ་ཏུ་བྱ་བ་དང་། །དཀར་འཇམས་དམར་དང་རོ་རས་བཏིང་། །བྱམས་དང་སྙིང་རྗེ་བཏང་སྙོམས་དགའ། །ཉ་ཕྱིས་དུང་ཕོར་རིན་ཆེན་གསེར། །ཟངས་གཞོང་ཐོད་པའི་ནང་དུ་བཤམ། །བྱང་ཆུབ་སེམས་བསྒོམ་རྒྱལ་རིགས་དང་། །སྨད་འཚོང་གདོལ་པའི་མེ་བོར་ཏེ། །པདྨ་


DNG018_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཆེན་འཁོར་བཅས་ལ། །མཆོད་པ་མཉེས་པར་ཕུལ་ནས་ནི། །གང་ལ་དམིགས་པའི་ལས་བཅོལ་ཏེ། །གཤེགས་ཏེ་སྨོན་ལམ་གདབ་པར་བྱ། །ཨཱོཾ། ཐེག་ཆེན་བྱང་ཆུབ་མཆོག་ལ་རྟག་ཏུ་ཞུགས་པ་དང་། །ཟབ་མོའི་ཆོས་ནི་རྟག་ཏུ་ཉན་པ་དང་། །རྡོ་རྗེ་སློབ་དཔོན་བཟང་དང་འགྲོགས་པ་དང་། །ལུས་ཀྱི་སྒྲིབ་སྦྱོང་བསྐྱེད་པའི་རིམ་བསྒོམ་ཞིང་། །ངག་གི་དྲི་མ་བྲལ་ཕྱིར་གསང་སྔགས་བགྲང་། །སེམས་ཀྱི་ལོག་ལྟ་ཞི་ནས་རྫོགས་རིམ་བསྒོམ། །རྡོ་རྗེ་བཙུན་མོའི་ཁུ་བ་རྟག་ཏུ་འཐུང་། །ཐབས་དང་ཤེས་རབ་རྡོ་རྗེ་དྲིལ་བུ་འཛིན། །རྨད་བྱུང་གཏོར་མས་ཐུགས་དམ་ཡོངས་སུ་བསྐང་། །དུས་གསུམ་རྒྱལ་བ་མཆོད་པའི་སྐལ་བར་ལྡན། །སྐྱེ་ཞིང་སྐྱེ་བ་ཚེ་རབས་ཐམས་ཅད་དུ། །སེམས་ཅན་དོན་བྱེད་བདག་དོན་ཡོངས་རྫོགས་ཤོག །ཨཱོཾ་མ་ཧཱ་བྷསྨི་ཀུ་རུ་ཧཱུཾ་སརྦ་སིདྡྷི་ཧཱུཾ་སྭཱ་ཧཱ། ཨཱོཾ་བཛྲ་དྷཱུ་པེ་ཧཱུཾ་ཛྭ་ལ་ཛྭ་ལ་ཛྙཱ་ན་ཛྭ་ལ་ཧཱུཾ། ཨཱོཾ་ཨ་ན་ལ་མ་ཧཱ་སུ་ཏྲ་ཛྭ་སརྦ་བྷསྨི་ཀུ་རུ་བཛྲ་དུཥྚན་ཧཱུཾ་ཕཊ། ཨཱོཾ་མ་ཧཱ་སརྦ་ཀུ་རུ་ཧཱུཾ། སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ། ཨཱོཾ་སརྦ་ཡ་ཛྙཱ་ཡ་སྭཱ་ཧཱ། ཨཱོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ། ཨཱོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཨཱོཾ་བཛྲ་པུཥ྇་ཧཱུཾ། ཨཱོཾ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ། ཨཱོཾ་མ་ཧཱ་བི་གཱ་ཡ་སྭཱ་ཧཱ། ཨཱོཾ་ཨཱཿཧཱུཾ་སརྦ་ལོ་ཀེ་དྷཱུ་པེ་པཱུ་ཛ་སྭཱ་ཧཱ། ཨཱོཾ་སརྦ་ལོ་ཀེ་པུཥ྇་པཱུ་ཛ་སྭཱ་ཧཱ། ཨཱོཾ་སརྦ་ལོ་ཀེ་དཱི་པ་པཱུ་ཛ་སྭཱ་ཧཱ། ཨཱོཾ་སརྦ་གནྡྷེ་པཱུ་ཛ་སྭཱ་ཧཱ། ཨཱོཾ་སརྦ་ལོ་ཀེ་ནི་བི་ཀྵྦ་པཱུ་ཛ་སྭཱ་ཧཱ། ཨཱོཾ་སརྦ་ལོ་ཀེ་ཤཔྟ་པཱུ་ཛ་སྭཱ་ཧཱ། ཨཱོཾ་ཛྭ་ལ་ཀ་མ་ལ་ལཱ་སྱེ་ཧཱུཾ། མཱ་ལེ་ཏྲཱཾ། གཱི་ཏི་ཧྲཱིཾ། ནཱི་ཨ། ཨཱོཾ་སརྦ་པཱ་པཾ་མ་མ་ཀ་སྱ་ཀུ་རུ་ཤཱན་ཏིང་ཀུ་རུ་སྭཱ་ཧཱ། ཨཱོཾ་སརྦ་པཱ་པཾ་མ་མ་ཀ་སྱ་ཀུ་རུ་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཨཱོཾ་སརྦ་པཱ་པཾ་མ་མ་ཀ་སྱ་ཀུ་རུ་བ་ཤང་ཀུ་རུ་སྭཱ་ཧཱ། ཨཱོཾ་སརྦ་པཱ་པཾ་མ་མ་ཀ་སྱ་ཀུ་རུ་མཱ་ར་ཡ་ཕཊ། ཀུན་གཞི་རྣམ་དག་ཧོམ་ཁུང་དུ། །ཉོན་མོངས་ལྔ་ཡི་ཡམ་ཤིང་ལ། །ཡེ་ཤེས་ལྔ་ཡི་མེ་སྤར་ན། །ཡེ་ཤེས་བསོད་ནམས་ཚོགས་རྫོགས་སོ། །བྷ་ག་ཡངས་པའི་ཐབ་ཁུང་དུ། །ཕུང་པོ་ལྔ་ཡི་བདག་ཉིད་ལ། །མར་དང་གཟར་བུའི་བྱ་ཐབས་ཀྱིས། །བསྙེན་པ་ཕུལ་བའི་ལས་བྱས་ན། །ནམ་ཡང་འདུ་


DNG018_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

འབྲལ་མེད་པ་ཡིས། །གསང་བའི་སྦྱིན་བསྲེག་འགྲུབ་པ་ཡིས། །དབང་ཆེན་འདུས་པའི་ཏན་ཏྲ་ལས། སྦྱིན་སྲེག་གི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ།། །།དེ་ནས་འཁོར་རྣམས་རབ་ཏུ་དགའ་ཞིང་གུས་པ་དང་བཅས་པས། ཕྱེ་མ་ཕུར་མ་དང་། གདུགས་དང་། བ་དན་དང་། སིལ་སྙན་དང་། པདྨ་དང་། བན་དྷུ་ཀ་དང་། ཨུཏྤ་ལ་སོགས་པ་དང་། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་ལ་སོགས་པ་དང་། དགའ་བ་དང་། བདེ་བ་དང་། ཚིམ་པ་དང་། ཡིད་ངལ་སོས་པའི་མཆོད་པ་མང་པོས་མཆོད་ནས། གསོལ་པ། མགོན་པོ་བདག་ཅག་འདུས་པ་ཡིས། །རྒྱུད་འདི་བཟུང་ཞིང་བཅང་བ་དང་། །ཇི་ལྟར་བཤད་ཅིང་བསྟན་པར་བྱ། །གུས་པས་ནམ་ཡང་མི་སྤང་ངོ་། །ཞེས་ཞུས་པ་དང་། སྟོན་པས་བཀའ་སྩལ་པ། གང་གིས་བསྐལ་པར་སྦྱང་དཀའ་བ། །ངེས་པའི་བློ་ལྡན་ཅན་ལ་སྟེ། །དྲང་དོན་ངེས་པའི་དོན་དུ་བཤད། །ཇི་བཞིན་ཇི་བཞིན་མ་ཡིན་པ། །དགོངས་པ་དགོངས་མིན་རྣམ་པ་དྲུག །གསང་སྔགས་དོན་གྱི་རྒྱུད་བཤད་བྱ། །ཡི་དམ་ཉིད་དུ་ངེས་པར་ཟུང་། །དེ་ལྟར་མི་ལྡན་སྐལ་མེད་ལ། །འཕྱར་བ་གཡེང་བས་བྱིན་གྱུར་ན། །དུར་ཁྲོད་དཔའ་བོ་དཔའ་མོ་རྣམས། །འདུས་ནས་ཤ་ཟ་སྲོག་ལ་འབེབས། །ཞེས་གསུངས་པས། འཁོར་དེར་འདུས་པ་ཐམས་ཅད་ཀྱང་། བདེ་བ་ཆེན་པོའི་དོན་མངོན་དུ་བྱས། སྐུ་གསུམ་དབྱེར་མེད་ལྷུན་གྲུབ་ཀྱི་ངང་དུ་བཞུགས་པར་གྱུར་ཏོ། །དགོངས་པ་དེ་མངོན་དུ་གྱུར་ནས། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་། བཅོམ་ལྡན་འདས་ལ་རྗེས་སུ་ཡི་རངས་པར་གྱུར་ཏོ། །བཅོམ་ལྡན་འདས་ཉིད་སྐུ་གསུང་ཐུགས་ལྷུན་གྲུབ་སྟུག་པོ་བཀོད་པའི་རྒྱན་ཉིད་དུ་བཞུགས་སོ། །དབང་ཆེན་འདུས་པའི་རྒྱུད་ལས། མཇུག་རྗེས་སུ་ཡི་རངས་པའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པའོ།། །། རྒྱུད་ཀྱི་རྒྱལ་པོ་དབང་ཆེན་འདུས་པ་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་པཎྜི་ཏ་པདྨ་འབྱུང་གནས་དང་། བོད་ཀྱི་ལོཙྪ་བ་སྦ་སང་ཤི་ཏ་དང་། ངན་ལམ་རྒྱལ་བ་མཆོག་དབྱངས་དང་། ཅོག་རོས་བསྒྱུར་ཅིང་གཏན་ལ་ཕབ་པའོ།། །།

དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་ཁྲོ་བོ་འདུས་པ་བདེ་གཤེགས་སྤྱི་དྲིལ་རྟ་མགྲིན་རྔོག་མ་ལེ་བརྒན་གྱི་རྒྱུད་ཅེས་བྱ་བ།


DNG018_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། སརྦ་ཏ་ཐཱ་ག་ཏཱ་྅་ཤ་ཡ་ཀྲོ་དྷ་ས་མཱ་ཛ་སུ་ག་ཏ་སཱ་མཱ་ནྱོ་ད་ན་ཀེ་ཤ་ལོ་ཧི་ཏ་ཏནྟྲ་ནཱ་མ། བོད་སྐད་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་ཁྲོ་བོ་འདུས་པ། བདེ་གཤེགས་སྤྱི་དྲིལ་རྟ་མགྲིན་རྔོག་མ་ལེ་བརྒན་གྱི་རྒྱུད་ཅེས་བྱ་བ། དཔལ་པདྨ་དབང་ཆེན་བདེ་གཤེགས་སྤྱི་དྲིལ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ཡེ་ཤེས་རིག་པ་རང་སྣང་གི་སྟོན་པ་དེ་ཉིད། གདུལ་བྱའི་ངོ་སྣང་ལ་ཐ་དད་པར་སྣང་བ་ལས།དཔལ་པདྨ་དབང་ཆེན་དུ་སྣང་བར་མཛད་ནས། ཤེས་བྱ་རང་སྣང་གི་གནས་ནས་གདུལ་བྱ་དངོས་སྣང་གི་གནས་ཐ་དད་པར་སྣང་བ་ལས། ཤེས་བྱ་རང་སྣང་གི་འཁོར་དང་། གདུལ་བྱ་ངོ་སྣང་གི་འཁོར་མང་པོས་ཀྱང་ཡོངས་སུ་བསྐོར། ཤེས་བྱ་རང་སྣང་གི་བསྟན་པ་ནང་དུ་བསྟན་པ་རྫོགས་ནས། གདུལ་བྱའི་ངོར་སྣང་བའི་བསྟན་པ་ནམ་མཁའི་མཐའ་ལ། ཆོས་ཉིད་ཀྱི་དགོངས་པའི་ཁྱད་པར་ལ་ལོངས་སྤྱོད་ཅིང་བཞུགས་སོ། །དེའི་ཚེ་དེའི་དུས་ན། ཆོས་ཅན་མཚན་མའི་དངོས་པོ་དང་། ཆོས་ཉིད་སྐྱེ་བ་མེད་པ་སོ་སོ་མ་ཡིན་ཐ་མི་དད་དབྱེར་མེད་ན་ཡང་། དོན་དམ་པར་ནི་ཆོས་ཐམས་ཅད་སྟོང་གསལ་ནམ་མཁའ་ལྟ་བུ་ལ་སེམས་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དྲི་མ་མེད་པར་རང་བཞིན་གྱིས་འོད་གསལ་བ་ཡང་། ཀུན་རྫོབ་ཏུ་ཆོས་ཐམས་ཅད་དངོས་པོ་དང་མཚན་མར་སྣང་སྟེ། དེ་དག་ཀུན་ཀྱང་གསོག་ལྟ་བུ། གསོ་བ་ལྟ་བུ། ཡ་མ་བརླ་ལྟ་བུ། སྙིང་པོ་མེད་པ་ལྟ་བུར་ཤར་བ་ལས། ཅིར་ཡང་མ་ཡིན་པའི་ཆོས་ཉིད་ནི། ཅིར་ཡང་སྣང་དུ་བཏུབ་ལ། ཅིར་ཡང་སྣང་བའི་ཆོས་ཉིད་ནི། ཅིར་ཡང་འགྱུར་ཏུ་བཏུབ་ལ།ཅིར་ཡང་འགྱུར་བའི་ཆོས་ཉིད་ནི། ཅིར་ཡང་བསྒྲུབ་ཏུ་བཏུབ་ལ། ཅིར་ཡང་བསྒྲུབ་ཏུ་བཏུབ་པའི་ཆོས་ཉིད་ནི། ཅིར་ཡང་གྲུབ་པར་གཟིགས་སོ། །དེ་ཡང་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་གཏན་ལ་དབབ་པར་བྱ་ན་རིགས་པ་རྣམ་པ་བཞིར་གཟིགས་སོ། །སྤྱིར་རྟེན་ཅིང་འདྲེལ་ཏེ་


DNG018_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བའི་མཚན་ཉིད་ལ། ངོ་བོ་ཉིད་ཀྱི་སྒོ་ནས་སྒྲུབ་པར་བྱེད་པ་ནི། ཆོས་ཉིད་ཀྱི་རིགས་པ་དང་། འབྲས་བུའི་སྒོ་ནས་སྒྲུབ་པར་བྱེད་པ་ནི་བྱ་བ་བྱེད་པའི་རིགས་པ་དང་།རྒྱུའི་སྒོ་ནས་སྒྲུབ་པར་བྱེད་པ་ནི་ལྟོས་པའི་རིགས་པ་དང་། རིགས་པ་ཉིད་དྲི་མ་མེད་པར་བྱས་ཏེ་སྒྲུབ་པ་ནི་འཐད་པ་བསྒྲུབ་པའི་རིགས་པ་བཞིར་གཟིགས་སོ། །འདི་རྣམས་ཀྱི་སེལ་བ་རྣམ་པ་བཞིར་གཟིགས་སོ། །ངོ་བོ་ཉིད་ལ་ཐེ་ཚོམ་ཟ་བ་ནི་ཆོས་ཉིད་ཀྱི་རིགས་པས་སེལ་ལོ། །བྱེད་པ་ལ་ཐེ་ཚོམ་ཟ་བ་ནི་བྱ་བ་བྱེད་པའི་རིགས་པས་སེལ་ལོ། །མངོན་པར་སྒྲུབ་པ་ལ་ཐེ་ཚོམ་ཟ་བ་ནི་ལྟོས་པའི་རིགས་པས་སེལ་ལོ། །རིགས་པ་ལ་ཐེ་ཚོམ་ཟ་བ་ནི་འཐད་པ་བསྒྲུབ་པའི་རིགས་པས་སེལ་ལོ། །འདི་རྣམས་ཀྱི་ཡུལ་དང་མཚན་ལ་གཟིགས་པ་ནི། ཆོས་ཉིད་ཀྱི་དངོས་གཞི་ལ་དྲི་མ་མེད་ཅིང་། དངོས་གཞི་མ་ལོག་ན་ཆོས་ཉིད་ཀྱི་རིགས་པར་གཞག་གོ། །བྱེད་པ་ལ་དྲི་མ་མེད་ཅིང་དངོས་གཞི་མ་ལོག་ན་བྱ་བ་བྱེད་པའི་རིགས་པར་གཞག་གོ། །དངོས་པོར་བསྒྲུབ་པའི་དྲི་མ་མེད་ཅིང་དངོས་གཞི་མ་ལོག་ན་ལྟོས་པའི་རིགས་པར་གཞག་གོ། །རིགས་པའི་དངོས་གཞི་ལ་དྲི་མ་མེད་ཅིང་དངོས་གཞི་མ་ལོག་ན་འཐད་པ་བསྒྲུབ་པའི་རིགས་པར་གཞག་གོ། །དེ་ལ་ཆོས་ཉིད་ཀྱི་དངོས་གཞི་ལ་དྲི་མ་ཡོད་པ་ནི། མེ་ཤེལ་ལ་ཚ་བའི་རེག་པ་ཡོད་པ་ལྟ་བུའོ། །དེ་ལ་དངོས་གཞི་ལོག་པ་ནི། རི་དྭགས་མེའི་གཙང་སྦྲ་ཅན་ལ་མེ་ཚ་བའི་དངོས་གཞི་ལོག་པ་ལྟ་བུའོ། །བྱ་བ་བྱེད་པའི་དངོས་གཞི་ལ་དྲི་མ་ཡོད་པ་ནི་བཙན་དུག་གིས་སེམས་ཅན་འཆི་བ་ལྟ་བུའོ། །དེ་ལ་དངོས་གཞི་ལོག་པ་ནི་རྨ་བྱ་ལྟ་བུའོ། །ལྟོས་པའི་དངོས་གཞི་ལ། དྲི་མ་ཡོད་པ་ནི་བློ་དམན་པའི་ས་བོན་མགོ་བའོ། །དེ་ལ་དངོས་གཞི་ལོག་པ་ནི་ས་བོན་སྐྱེ་བའི་ཐབས་ལ་མཁས་པ་ལྟ་བུའོ། །འཐད་པ་བསྒྲུབ་པའི་དངོས་གཞི་དྲི་མ་ཡོད་པ་ནི་ཆོས་སྤྱི་དང་རང་གི་མཚན་ཉིད་ལ་རྨོངས་པའོ། །དེ་ལ་དངོས་གཞི་ལོག་པ་ནི། སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་པས་མི་དམིགས་པའི་ཤེས་རབ་ཏུ་གྱུར་པ་ཁོ་ནའོ། །རིགས་པ་འདི་བཞི་ཐལ་བ་ལ་གཟིགས་པ་ནི། ཆོས་ཉིད་ཀྱི་རིགས་པ་སྒྲུབ་པ་ཐལ་དྲགས་ན། དངོས་པོ་ཐམས་ཅད་ལས་མི་ལྡོག་སྟེ། མཐའ་


DNG018_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་རྒྱུར་ལྟ་བར་འགྱུར་རོ། །བྱ་བ་བྱེད་པའི་རིགས་པ་ཐལ་དྲགས་ན།བྱེད་པ་པོ་དང་རྩོད་པ་པོ་ཐམས་ཅད་ལས་མི་ལྡོག་སྟེ། མཐའ་བྱེད་པ་པོ་རྒྱུར་སྨྲ་བར་འགྱུར་རོ། །ལྟོས་པའི་རིགས་པ་ཐལ་དྲགས་ན། དབང་ཐམས་ཅད་ལས་མི་ལྡོག་སྟེ། མཐའ་དབང་ཕྱུག་རྒྱུར་སྨྲ་བར་འགྱུར་རོ། །འཐད་པ་བསྒྲུབ་པའི་རིགས་པ་ཐལ་དྲགས་ན། རིགས་པ་གནས་སྐབས་ཐམས་ཅད་དུ་དྲི་མ་མེད་པར་མི་འགྱུར་ཏེ། མཐར་མངོན་པའི་ང་རྒྱལ་ཏུ་འགྱུར་རོ། །འདི་རྣམས་གཞིའི་སྒྲུབ་བྱེད་ལ་གཟིགས་སོ། །དངོས་པོར་སྨྲ་བ་རྣམས་དངོས་པོར་བསྒྲུབ་ན། ཆོས་ཉིད་ཀྱི་རིགས་པས་ལྟ་བ་བསྒྲུབ་སྟེ། འདུ་ཤེས་ཀྱི་ཁྱད་པར་དུ་བྱས་པའི་བློས་དམིགས་པ་དང་། ཚོར་བས་ཁྱད་པར་དུ་བྱས་པའི་བློ་ལ་སྣང་བ་དང་། ཤེས་རབ་དྲི་མ་མེད་པའི་ཁྱད་པར་དུ་བྱས་པའི་བློས་རྟོགས་པའོ། །དེ་ཡང་སོ་སོར་རྟོགས་པའི་ཤེས་རབ་དང་། རྣམ་པར་མི་རྟོག་པའི་ཤེས་རབ་བོ། །བྱ་བ་བྱེད་པའི་རིགས་པ་ནི། མཚན་བཅས་བསྐྱེད་པའི་རིམ་པ་དང་། མཚན་མེད་རྫོགས་པའི་རིམ་པ་དང་། ས་དང་ལམ་དང་འབྲས་བུའི་བྱ་བ་བྱེད་དོ། །ལྟོས་པའི་རིགས་པས་ནི་ལས་དགེ་སྡིག་ལ་ལྟོས་པས་འབྲས་བུ་མཐོ་རིས་ངན་སོང་བསྒྲུབ་པ་དང་། བསོད་ནམས་ཡེ་ཤེས་ཀྱི་ཚོགས་ལ་ལྟོས་པས་ཆོས་སྐུ་དང་གཟུགས་སྐུ་བསྒྲུབ་པའོ། །འཐད་པ་བསྒྲུབ་པའི་རིགས་པ་ནི་མངོན་སུམ་དང་། རྗེས་སུ་དཔག་པས། ཆོས་ཐམས་ཅད་གཏན་ལ་འབེབས་པར་བསྒྲུབ་པ་ནི། རང་གཞུང་བསྒྲུབ་པ་དང་།གཞན་གཞུང་དགག་པའོ། །དེ་ཡང་ཡོད་པར་བསྒྲུབ་པ་དང་། ཡིན་པར་བསྒྲུབ་པས་ཆད་པ་སེལ་ཏེ། མེད་པ་དགག་པ་དང་མ་ཡིན་པ་དགག་པས་རྟག་པ་སེལ་ལོ། །མཐའ་ཐམས་ཅད་ལས་གྲོལ་བའི་ཆོས་ཉིད་རྣམ་པར་དག་པ་ལ་གཟིགས་ནས་ཅང་མི་གསུང་། རྣམ་པར་མི་གསུང་། ཡོངས་སུ་མི་གསུང་བར་བཞུགས་སོ། །དེའི་ཚེ་ཡུམ་རལ་གཅིག་མས་བཅོམ་ལྡན་འདས་ཀྱི་ཞལ་དུ་བལྟས་ནས། འདི་སྐད་ཅེས་གསོལ་ཏེ། འཇིག་རྟེན་ས་དང་ལམ་གནས་པའི། །བློ་རྟོག་དཔྱད་པས་མ་འོངས་


DNG018_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །དེ་བཞིན་ཉིད་ཀྱི་ཡེ་ཤེས་ནི། །ལུས་ངག་ཡིད་ལས་བྱ་དང་བྲལ། །ཚོགས་གཉིས་བསགས་ལས་མ་བྱུང་བའི། །སེམས་ཉིད་རྣལ་མའི་དོན་འདི་ནི། །ཀུན་གྱིས་རྟོགས་པར་དཀའ་བས་ན། །དབང་ཆེན་བདེ་གཤེགས་འདུས་པ་འདིར། །འཇིག་རྟེན་དྲེགས་པ་དབང་བསྡུས་ནས། །བྱ་བ་བྱེད་པའི་ལས་ལ་འཁོད། །སངས་རྒྱས་བསྟན་པ་དར་བྱས་ནས། །དཀོན་མཆོག་གསུམ་ལམ་ཀུན་སྤྱོད་པས། །འཁོར་བ་འདས་པར་སྦྱོར་བའོ། །ལྟོས་པ་ཆོས་ཀྱི་ལས་ཅན་འབྲས། །སངས་རྒྱས་མཛད་པ་ཀུན་བསྒྲུབ་ནས། །དྲི་མེད་མངོན་པར་ཀུན་སངས་རྒྱས། །འཁོར་འདས་ཀུན་གྱི་རྟོག་བྱ་བའི། །སེམས་ཉིད་འོད་གསལ་རྩ་བ་ཅན། །དངོས་གྲུབ་ལོག་རྟོག་གང་ལས་སྐྱེས། །དུག་ལྔ་ཇི་ལྟར་ལམ་དུ་བླང་། །དབང་ཆེན་སྤྱི་དྲིལ་བསྒོམ་པ་དང་། །ལྷ་ཡི་རྣམ་དག་རྡོས་བཅས་གྲོལ། །གཏོར་མ་རཀྟ་བདུད་རྩི་གཏོང་། །དུག་གསུམ་དགྲ་བགེགས་སྲོག་རྩ་གཅད། །ལས་བཞིའི་སྦྱིན་སྲེག་ལས་རྣམས་འགྲུབ། །ཀླུ་གཉན་ས་བདག་གནོད་པ་བརྟག །པགས་པ་ཤ་རུས་ནད་རྣམས་གཏོང་། །ཐུན་མོང་དངོས་གྲུབ་ལས་ཚོགས་བསྒྲུབ། །ལམ་ལྔ་ས་བཅུ་ཇི་ལྟར་བགྲོད། །རིག་འཛིན་རྣམ་བཞི་ཁྱད་པར་ཅན། །སྦྱོར་བའི་ཡན་ལག་རྣམ་དྲུག་བསྒོམ། །བདག་དང་མཐའ་ཡས་འགྲོ་བ་རྣམས། །རྗེ་བཙུན་འབངས་ལྟར་བསྐྱང་དུ་གསོལ། །ལྷ་རྗེས་གཅོང་ནད་བསལ་དུ་གསོལ། །སློབ་དཔོན་ཤེས་བྱ་བསླབ་ཏུ་གསོལ། །དགེ་ལེགས་ལས་འབྲས་སྩལ་དུ་གསོལ། །བླ་མས་མན་ངག་བསྟན་དུ་གསོལ། །རྣལ་འབྱོར་དབང་ཕྱུག་ཆེན་པོས་ཤོད། །དེད་དཔོན་རིན་ཆེན་སྦྱིན་དུ་གསོལ། །དཔའ་བོས་གཡུལ་ངོ་བཟློག་ཏུ་གསོལ། །ཡིད་བཞིན་གཏེར་ཆེན་དབྱུང་དུ་གསོལ། །ཉི་ཟླའི་འོད་ཟེར་སྤྲོ་རུ་གསོལ། །མུན་པའི་སྒྲོན་མེ་སྤར་དུ་གསོལ། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །འདུལ་བའི་དུས་བབ་བཤད་དུ་གསོལ། །ཞེས་གསོལ་བ་བཏབ་པོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཡེ་ཤེས་སྒྲོན་མེས་ཆོས་ཀྱི་དབྱིངས་སུ་ཤར་བའི་


DNG018_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་པས་གཟིགས་ནས་འགྲོ་བའི་ཆེད་དུ་འདི་གསུངས་སོ། །སྨོན་ལམ་ལས་འཕྲོ་ཡོད་པ་དང་། །ལས་དང་སྐལ་བར་ལྡན་པ་དང་། །དད་ལྡན་བརྩོན་འགྲུས་ཆེ་བ་དང་། །ཤེས་རབ་རྟོགས་པ་ལྡན་པ་ཡི། །སྒྲུབ་པོ་རྟེན་གྱི་གང་ཟག་རྣམས། །སེམས་ཉིད་མ་བཅོས་རྣལ་མའི་དོན། །ཀུན་གྱིས་རྟོགས་པར་དཀའ་བས་ན། །རང་བཞིན་གདོད་ནས་དག་པའི་དོན། །བློ་རབ་འགའ་ཡིས་རྟོགས་པར་འགྱུར། །བསྐྱེད་པའི་རིམ་པ་གསལ་བ་ཡིས། །བསོད་ནམས་ཚོགས་ཆེན་རྫོགས་པར་འགྱུར། །རྫོགས་པའི་རིམ་པ་བཟང་པོ་བསྒོམ། །ཡེ་ཤེས་ཚོགས་མཆོག་བརྙེས་བྱེད་པ། །རྣལ་འབྱོར་བློ་འབྲིང་རྣམས་ཀྱིས་ནི། །འདི་ལ་ཡང་དག་འབད་པར་བྱ། །ཡེ་ཤེས་བསྒྲུབ་པས་འཇིག་རྟེན་བཀོལ། །རྣལ་འབྱོར་ཐ་མས་དངོས་གྲུབ་ཐོབ། །རབ་འབྲིང་ཐ་མའི་རྣལ་འབྱོར་ལ། །རིམ་པར་བཤད་ཀྱིས་སྐལ་ལྡན་ཉོན། །ཞེས་གསུངས་སོ། །པདྨ་དབང་ཆེན་བདེ་གཤེགས་སྤྱི་དྲིལ་ལས། གླེང་གཞི་གླེང་བསླང་རྔོག་མ་ལེ་བརྒན་གྱི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་གསུངས་པ། ཀུན་ནས་ཉོན་མོངས་འཁོར་བའི་ཆོས། །རྣམ་པར་བྱང་བ་མྱ་ངན་འདས། །རྩ་བ་སེམས་ཀྱི་ཆོས་ཉིད་འདུས། །སེམས་ནི་རང་བཞིན་འོད་གསལ་བ། །མ་མཛད་མ་བཅོས་ལྷུན་གྱིས་གྲུབ། །བྱང་ཆུབ་ཆེན་པོར་ཡེ་གནས་པས། །བྱེད་རྩོལ་བྱ་བ་ཀུན་དང་བྲལ། །སེམས་ཉིད་རང་བཞིན་འོད་གསལ་བ། །རང་གི་ངང་གིས་མ་བཅོས་བཞིན། །ཡོངས་ཀྱི་འོད་གསལ་ཆེན་པོ་ལ། །སེམས་ཉིད་ཡིད་བཞིན་རིན་པོ་ཆེ། །ཁམས་གསུམ་སེམས་ཅན་མ་ལུས་པ། །རང་ལ་གནས་ཡང་མ་མཐོང་སྟེ། །འོ་མ་མར་དང་འདྲ་བར་མཚུངས། །དེ་ཉིད་མཁས་ལྡན་མར་དུ་འབྱིན། །ཀྱེ་སེམས་ཀྱི་དཀྱིལ་འཁོར་རང་བཞིན་གྱིས། །འོད་གསལ་ཆེན་པོར་གནས་པ་ལ། །རྒྱུད་ནི་སེམས་ཅན་གནས་པ་དང་། །སྣང་ལམ་བར་དོར་འབྱུང་བ་དང་། །འབྲས་བུ་རང་ངོ་ཤེས་ལས་ཟིན། །འདི་གསུམ་གང་གིས་བརྟག་འགྱུར་བ། །གསང་བ་ཡང་གསང་བླ་ན་མེད། །སྐལ་དང་


DNG018_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པས་ཐུད་ལ་ཉོན། །སེམས་ཅན་རྒྱུད་ལ་གནས་པ་ནི། །སྒོ་ངའི་ནང་གི་བྱེའུ་ཕྲུག་བཞིན། །ཀུན་གཞི་གཟུགས་མེད་ཁམས་སུ་སྣང་། །དེ་ཉིད་རྩ་བ་གཏི་མུག་ཡིན། །ཡིད་ཀྱི་གཟུགས་ཀྱི་ཁམས་སུ་སྣང་། །དེ་ཉིད་ཞེ་སྡང་རྩ་བ་ཅན། །སྒོ་ང་འདོད་པའི་ཁམས་སུ་སྣང་། །དེ་ཡང་རྩ་བ་འདོད་ཆགས་ཉིད། །དུག་གསུམ་རྩ་བ་བྱང་ཆུབ་སེམས། །ཀུན་གཞི་དགེ་སྡིག་གསོག་པའི་སྣོད། །རིན་ཆེན་སྣ་བདུན་བང་མཛོད་དུ། །ཉོན་མོངས་ལྔ་ཡི་བྱན་མོ་ནི། །འཁོར་ལོས་སྒྱུར་རྒྱལ་བཙུན་མོ་ཡིན། །ཡིད་ཀྱི་ཀུན་རྩལ་ཕ་ཡང་བ་ཉིད་ལ། །ཀུན་ཏུ་རྒྱུ་བའི་ཆད་པས་བཙལ། །སྒོ་ལྔ་ཁྱེའུ་ཕོ་མོ་མཛེས། །ཀུན་ལ་བསྐྱེད་ཅིང་མཆེད་པར་བྱེད། །འདི་དག་གཅིག་ཏུ་འདྲེས་པ་ནི། །ཆུ་དང་ལན་ཚྭ་འོ་མའམ། །སྒོག་པ་ཆུ་དང་ལན་ཚྭ་ལྟར། །མ་འདྲེས་ཡོངས་སུ་རྫོགས་པ་ལ། །ནམ་མཁའི་འཇའ་ཚོན་བཞིན་དུ་གནས། །བར་དོར་གཅེར་བུར་བྱུང་བ་ནི། །སེམས་ནི་ཕ་མའི་གོས་དང་བྲལ། །དགེ་སྡིག་བག་ཆགས་ལས་ཀྱིས་བསྒོས། །སྔོན་ནས་གཞན་པར་གནས་པ་ཡིན། །ཤི་ནས་སྣང་བ་ལྡང་གྱུར་པ། །གཉིད་ལོག་སད་དང་བརྒྱལ་སངས་ལྟར། །ཉི་མའི་དཀྱིལ་འཁོར་ཤར་གྱུར་པ། །འོད་ཀྱི་ནུས་པས་ཀུན་གསལ་བྱེད། །སེམས་ནི་རང་བཞིན་འོད་གསལ་བས། །དཔག་ཚད་བྱེ་བའི་འོད་ཀྱིས་འགེངས། །འོད་གསལ་ལས་ཀྱི་བག་ཆགས་དབང་། །སྔོན་དུ་གང་མོས་དབང་བསྒྱུར་ནས། །ལས་དབང་མི་གཏང་དྲན་པ་ཡིས། །གཟུངས་ཐག་ཀུན་ཏུ་འབྲལ་མེད་བྱ། །སྡིག་པའི་གཟུངས་དང་ལྡན་པ་རྣམས། །ངན་སོང་གསུམ་དུ་གནས་པར་འགྱུར། །ཞེ་སྡང་འདོད་ཆགས་གཏི་མུག་དབང་། །དམྱལ་བ་ཡི་དྭགས་དུད་འགྲོས་འབྱུང་། །དགེ་བའི་རྗེས་སུ་འགྲོ་བའི་སེམས། །འདོད་ཆགས་མི་ལ་ཆགས་པ་དང་། །ཞེ་སྡང་ལྷ་མ་ཡིན་དུ་གནས། །གཏི་མུག་ལྷ་ཡི་ལོངས་སྤྱོད་ལྡན། །དེ་དག་སྒོ་ལྔའི་བག་ཆགས་དབང་། །འདོད་པ་ཅན་དུ་འགྲོ་བའོ། །ཡིད་དབང་བཙན་ས་གཟུགས་ཀྱི་ཁམས། །འོད་གསལ་ལྷ་ཡི་ལུས་དང་ལྡན། །ཀུན་གཞིར་འཛིན་པ་གཟུགས་མེད་པ། །ཡིད་གཟུགས་


DNG018_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

བྱེ་བྲག་བཞི་དང་ལྡན། །འབྲས་བུ་རང་ས་ཟིན་པ་ཡང་། །སེམས་ཉིད་རང་བཞིན་འོད་གསལ་བས། །ཡུལ་དུ་སྣང་བ་བེམ་སྟོང་དུ། །སེམས་སུ་སྣང་བ་རིག་པ་སྟོང་། །སྟོང་ཉིད་རེག་པའི་ངོ་བོ་ཅན། །སྟོང་ཉིད་ཆེན་པོའི་ཆོས་སྐུར་བཞུགས། །རང་བཞིན་མ་བསྒྲིབས་འོད་གསལ་བ། །གཟུགས་སྐུ་སྒྱུ་ལུས་རྣམ་པར་སྣང་། །སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན། །གཏི་མུག་མི་རྟོག་ཆོས་ཀྱི་སྐུ། །རྟོག་པའི་སྤྲོས་པ་ཉེ་བར་ཞི། །ཞེ་སྡང་གསལ་བ་ལོངས་སྤྱོད་རྫོགས། །མུན་པ་བྲལ་བའི་ཉི་མ་ཤར། །འདོད་ཆགས་སྙིང་རྗེའི་ཡུལ་དུ་སྣང་། །ཁམས་གསུམ་འཁོར་བའི་སེམས་ཅན་འདྲེན། །སེམས་རང་བཞིན་གྱིས་འོད་གསལ་བའི་ཏིང་ངེ་འཛིན་ཏོ། །ཞེས་གསུངས་སོ། །དཔལ་པདྨ་དབང་ཆེན་རྔོག་མ་ལེ་བརྒན་བདེ་གཤེགས་སྤྱི་དྲིལ་གྱི་རྒྱུད་ལས། སེམས་རང་བཞིན་གྱིས་འོད་གསལ་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་དབང་ཆེན་པདྨའི་རྒྱལ་པོས་གསུངས་པ། རྩ་བ་སྐུ་གསུང་ཐུགས་རྣམས་དང་། །སྤྱད་པ་དང་བླང་མི་སྤང་ཤེས། །བསྒྲུབ་པར་བྱ་བ་ལྔ་ལྔ་པའོ། །བསྲུང་དང་ཉམས་སྐོང་སྐྱོན་ཡོན་རྣམས། །དངོས་གྲུབ་ལོ་ཏོག་སྨིན་པའི་ས། །ཐམས་ཅད་ཀུན་གྱིས་བསྲུང་བར་བྱ། །ཡི་དམ་ལྷ་ནི་སྤང་མི་བྱ། །རང་སེམས་སྤང་དུ་ག་ལ་བཏུབ། །བླ་མ་རང་གི་སྤྱི་བོར་འཁུར། །རྒྱུད་ལུང་མན་ངག་སྟེར་བར་འགྱུར། །རྡོ་རྗེ་མིང་སྲིང་ཆོས་ཀྱི་སྤུན། །འདི་དང་ཕྱི་མར་མི་འབྲལ་འགྲོགས། །མ་ནོར་རྩ་བ་རྒྱུ་ཡི་སྔགས། །སྐྱེད་པར་བྱེད་པ་རྐྱེན་གྱི་སྔགས། །སྐུལ་བར་བྱེད་པ་ལས་ཀྱི་སྔགས། །ཞག་དང་ཟླ་བ་ལོ་རྒྱུན་བྱ། །ཡབ་ཀྱི་སྐུ་ནི་ཕྱག་རྒྱ་ཆེ། །ཡུམ་དང་མི་འབྲལ་དམ་ཚིག་རྒྱ། །འཕྲོ་འདུ་ལས་ཀྱི་ཕྱག་རྒྱ་ལ། །ཆོས་ཉིད་ཞི་བ་ཆོས་ཀྱི་རྒྱ། །སྲོག་ཆགས་བསད་ནས་ཞིང་བཅུ་བསྒྲལ། །གཟུངས་མ་སྦྱར་ནས་གསང་དབང་བསྐུར། །མ་བྱིན་པ་བླངས་དངོས་གྲུབ་བསྒྲུབ། །ཚིག་བཙུན་སྔགས་བཟླས་བགེགས་དཔུང་གཞོམ། །རྒྱུན་དུ་སྨྲས་ནས་སྣོད་ངན་གསང་། །འདི་ལྔ་རྣལ་


DNG018_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་པས་སྤྱད་དང་། །སྣོད་ངན་ཀུན་ལ་གསང་བའི་ཕྱིར། །ལུས་ཀྱི་བརྡའ་ཡིས་དངོས་པོ་མཚོན། །ངག་གི་བརྡའ་ཡིས་སྨྲ་བ་དང་། །ཡིད་ཀྱི་བརྡའ་ཡིས་མཚོན་པ་ནི། །བསྒྲུབ་པ་ཐམས་ཅད་མཚོན་པར་བྱ། །དྲི་ཆེན་བཟའ་དང་དྲི་ཆུ་བཏུང་། །བྱང་སེམས་ཤ་ཆེན་རཀྟ་བཟའ། །མི་རྟ་བ་གླང་བྱ་ཁྱིའི་ཤ །ཟས་མཆོག་བདུད་རྩིའི་གཏོར་མ་ཡང་། །རཀྟ་འཐུང་ཞིང་ཟ་བའོ། །གཏི་མུག་ཆོས་དབྱིངས་ཡེ་ཤེས་ནི། །མི་རྟོག་བྱོལ་སོང་ཀུན་གྱིས་རྟོགས། །ཞེ་སྡང་མེ་ལོང་ཡེ་ཤེས་ནི། །གསལ་བས་ཚ་གྲང་དམྱལ་བར་སྤྱོད། །འདོད་ཆགས་སོར་རྟོག་ཡེ་ཤེས་ནི། །དེ་བས་མི་དང་ཡི་དྭགས་སྤྱོད། །ང་རྒྱལ་མཉམ་ཉིད་ཡེ་ཤེས་ནི། །སྲན་ཚུགས་ལྷ་རྣམས་རྒྱུད་ལ་ལྡན། །ཕྲག་དོག་བྱ་གྲུབ་ཡེ་ཤེས་ནི། །ལྟ་ངན་སེལ་བྱེད་ལྷ་མ་ཡིན། །འདི་དག་ཡེ་ཤེས་རྣམ་པ་ལྔ། །མི་སྤང་རྣལ་འབྱོར་སེམས་དང་བསྲེ། །ཕུང་པོ་རིགས་ལྔ་འབྱུང་ལྔ་ཡུམ། །རྣམ་ཤེས་དེ་ཡུལ་དབང་པོ་དུས། །ཡིད་ཆོས་ཉོན་མོངས་རིགས་སོགས་རྣམས། །ཐམས་ཅད་མ་ལུས་རིགས་ལྔར་འདུས། །ཀུན་འདུས་བདེ་གཤེགས་སྤྱི་དྲིལ་ནས། །དབང་ཆེན་པདྨ་ཧེ་རུ་ཀ །རླུང་དང་སེམས་སུ་འདྲེས་པས་ན། །རླུང་གི་འཕྲོ་འདུ་མ་ལུས་པ། །དབང་ཆེན་ཕོ་ཉས་འགུགས་དང་འདྲེན། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་དང་། །དུས་བཞིར་གཤེགས་པའི་རྒྱལ་བ་རྣམས། །ཀུན་ཀྱང་རིགས་ལྔ་པདྨའི་སྐུ། །རིགས་ཀྱི་སངས་རྒྱས་བསྒྲུབ་པར་བྱ། །ལུས་ཀྱི་བྱ་བ་མ་ལུས་དང་། །ངག་གི་སྨྲ་བརྗོད་ཐམས་ཅད་དང་། །སེམས་ཀྱི་བསམ་པ་མང་པོ་རྣམས། །དོན་དུ་གཉེར་ནས་བསྲུང་བར་བྱའོ། །རྩ་བ་ཡན་ལག་ཐམས་ཅད་ཀུན། །ཉམས་པར་གྱུར་ན་གང་ཉམས་པ། །གཏོར་མ་ཚོགས་འཁོར་ལྷག་མ་དང་། །སྦྱིན་སྲེག་དག་གིས་བསྐང་བར་བྱ། །མ་བསྐངས་རྡོ་རྗེ་དམྱལ་བར་འགྲོ། །ངན་སོང་སྡུག་བསྔལ་བཟོད་པར་དཀའ། །མ་ཉམས་བསྲུང་བར་གང་བྱེད་པ། །བདེ་སྦྱིན་ཡོན་ཏན་བསམ་མི་ཁྱབ། །ཅེས་གསུངས་སོ། །པདྨ་དབང་ཆེན་བདེ་གཤེགས་སྤྱི་དྲིལ་རྔོག་མ་ལེ་བརྒན་གྱི་རྒྱུད་ལས། གཞི་འཛིན་གྱི་


DNG018_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ལེའུ་སྟེ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་པདྨ་དབང་ཆེན་གྱིས། རྒྱུད་ལྔ་ལམ་དུ་སློང་བ་འདི་གསུངས་སོ། །ང་ནི་གཏི་མུག་གཉིད་ལ་དགའ། །རྨི་ལམ་ལམ་དུ་སློང་བར་བྱེད། །ང་ནི་ཞེ་སྡང་ལམ་ལ་དགའ། །ཞིང་བཅུ་བསྒྲལ་ནས་སྒྲོལ་བར་བྱེད། །ང་ནི་ང་རྒྱལ་རི་བོ་ཆེ། །ལྟ་བ་མཐོ་ལ་ཏིང་འཛིན་གསལ། །ང་ནི་འདོད་ཆགས་ཆོས་ལ་དགའ། །ཡུམ་ལ་སྦྱོར་ཞིང་གསང་དབང་བསྐུར། །ང་ནི་ཀུན་ལ་ཕྲག་དོག་པས། །ལྟ་ངན་ཐམས་ཅད་མི་ཤོང་ངོ་། །གཞི་དང་རྒྱུ་དང་ལམ་དང་ནི། །འབྲས་བུ་ཉིད་ནི་ཁྱེད་ལ་བཤད། །གཏི་མུག་གཏི་མུག་ཅེས་བྱ་བ། །མ་རིག་མ་ཤེས་མ་གོའོ། །ཀུན་ནས་སྣང་བ་སྣང་བ་ཡང་། །མི་རྟོག་དོན་ལ་གནས་པར་བྱ། །གཉིད་དང་འདྲ་བའི་མི་རྟོག་མེད། །ཁམས་གསུམ་འཁོར་བའི་སེམས་ཅན་རྣམས། །མི་རྟོག་འདོད་ན་གཉིད་འདི་ལོག །རྟོག་མི་མཉམ་ཉིད་སྒྱུ་མ་ལྟོས། །དགུག་དང་ལོག་དང་བྱང་བ་དང་། །འབྱོངས་ན་ཆོས་རྣམས་རྨི་ལམ་ཉིད། །མ་རིག་མུན་པ་ཤ་ཆང་དྲོད། །ངལ་དུབ་དྲག་པོས་འབྱུང་བཞི་འདུས། །དཔྲལ་བར་པདྨ་འདབ་བཞི་ལ། །གཉིད་འགུགས་སྔགས་ཀྱིས་འགུགས་པར་བྱེད། །ཨཱོཾ་ཨ་ནུཏྟ་ར་ཧཱུཾ་ཕཊ་སྭཱ་ཧཱ། གཉིད་དུ་སོང་བ་ཤི་དང་མཚུངས། །རྨི་ལམ་སྲིད་པ་བར་མ་དོ། །གཉིད་སད་སྐྱེ་བ་ལྷ་ཡི་སྐུ། །རྣལ་འབྱོར་ཅན་གྱིས་བསྒོམ་པར་བྱ། །སེམས་ནི་གཉིད་ལ་ཟིན་གྱུར་ན། །བྲག་ལ་འཛེགས་དང་གཡང་ལ་སྐྱུར། །ཆུ་ལ་མཆོངས་དང་རྦབ་ལ་འགྲིལ། །རྣལ་འབྱོར་རིག་པའི་རྩལ་བྱང་སྟེ། །ཆོས་རྣམས་རྨི་ལམ་ལྟ་བུ་ལ། །རྨི་ལམ་གཉིད་ཀྱི་བསམ་གཏན་ཡིན། །ཆོས་རྣམས་ཉམས་སུ་མྱང་བར་བྱ། །འབྱོངས་ན་ལྕེབས་ཀྱང་འཆི་བ་མེད། །མཚོན་ཟུག་དུག་འཐུང་གཡུལ་འགྱེད་པ། །ཐམས་ཅད་རང་གི་སེམས་ལ་སྦྱངས། །མ་འབྱོངས་བར་དུ་སྦྱང་བར་བྱ། །ཡེ་ནས་འཁོར་འདས་ཆོས་རྣམས་ཀུན། །རྨི་ལམ་ཡིན་པར་ཤེས་གྱུར་ན། །རྣལ་འབྱོར་གཏི་མུག་འབྱོངས་པ་ཡིན། །དེ་ཕྱིར་རྨི་ལམ་གཉིད་དུ་ཤེས། །སེམས་ཅན་བདེ་


DNG018_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཐུན་གཅིག་ན། །ཀུན་གཞིའི་ནང་དུ་ཡིད་ཐིམ་པ། །ཆོས་ཀྱི་སྐུ་ལ་གནས་པར་བྱ། །ཡིད་ཀྱི་རྒྱུ་བ་མང་པོ་ཀུན། །གཟུགས་ཀྱི་སྐུ་རུ་ལྡང་བར་འགྱུར། །གཟུགས་སུ་ཆོས་སྐུ་དབྱེར་མེད་པ། །ངོ་བོ་ཉིད་སྐུར་རབ་ཏུ་གནས། །སྐྱེས་བུ་གཉིད་ལོག་སངས་རྒྱས་སོ། །སྐྱེས་བུ་གཉིད་ལོག་པས་རྨི་ལམ་གྱི་སངས་རྒྱས་པ་ཞེས་བྱ་བའི་ཏིང་འཛིན་ཏོ། །ཞེ་སྡང་གཞི་རྒྱུ་ལམ་འབྲས་ཅན། །སྐྱོན་དང་ཡོན་ཏན་ཁྱེད་ལ་བཤད། །འཁོར་འདས་ཆས་རྣམས་མ་ལུས་པ། །ཡེ་ནས་འོད་གསལ་མ་བཅོས་པ། །སེམས་ཉིད་རང་བཞིན་འོད་གསལ་བས། །ཞེ་སྡང་ནམ་མཁའི་སྤྲིན་ལྟར་དེངས། །དེ་ཉིད་རྣལ་འབྱོར་ལྷ་ཡིན་པས། །ལྷ་འདི་མེད་ན་སངས་རྒྱས་མེད། །ཞེ་སྡང་མེད་པའི་སྔོན་རོལ་ན། །སངས་རྒྱས་སེམས་ཅན་ག་ལ་ཡོད། །ཡིད་ཀྱི་རྣམ་ཤེས་ཀུན་ཁྱབ་པོ། །རང་བྱུང་ཡེ་ཤེས་རྒྱུ་གཅིག་པ། །འཁོར་འདས་བྱེད་པའི་མཁན་པོ་ཁྱོད། །རྩད་བཅད་ཁུངས་ནི་ཁྱོད་ཉིད་ཡིན། །ཀུན་བཟང་ཁྱོད་ལས་ཐམས་ཅད་བྱུང་། །ཁྱོད་ཀྱིས་ཁྱོད་ཉིད་ཤེས་པར་གྱིས། །འགུགས་དང་སྦྱངས་དང་སྒོ་བཀག་ནས། །འཁོར་བ་མྱ་ངན་འདས་པར་སྦྱངས། །དཀོན་མཆོག་གསུམ་གྱི་སྤྱི་དགྲ་དང་། །རྡོ་རྗེ་སློབ་དཔོན་སྐུ་དགྲ་དང་། །མཆེད་དང་ལྕམ་དྲལ་སྒོས་དགྲ་དང་། །དམ་མེད་དམ་ལོག་འདུས་པར་ཡོང་། །དམ་དགྲ་ངན་པའི་ངང་ཚུལ་ཅན། །ཡོངས་ལ་གནོད་དང་ངན་སོང་ཆུད། །གསང་བའི་དཀྱིལ་འཁོར་ཆེན་པོར་དགུག །བྲོད་བསྐྱེད་སྦྱང་བར་བྱ་བའོ། །བསྒྲལ་བར་བྱ་བའི་སྤྱི་མགྲིན་སྙིང། །ལྟེ་བ་གསང་བ་རྐང་པའི་མཐིལ། །ཨ་ནྲྀ་སུ་ཏྲི་པྲེ་དུ་དང་། །ཨཱོཾ་དང་ཨཱཿཧཱུཾ་སྭཱ་ཧཱ་ལས། །འོད་འཕྲོས་རིགས་དྲུག་གནས་སྟོངས་ནས། །ཕྱོགས་བཅུ་དུས་གསུམ་རྒྱལ་བ་མཉེས། །མ་དང་མཁའ་འགྲོའི་ཐུགས་དམ་བསྐང་། །གསུང་དང་ཐུགས་དང་སྐུ་རུ་འགྱུར། །རིགས་ལྔ་རྒྱལ་བའི་སྐུ་ལ་ཐིམ། །སྲིད་པ་གསུམ་གྱིས་དཔྱིས་ཕྱུང་ནས། །ངན་སོང་གསུམ་གྱི་སྒོ་ཡང་བཀག །འཁོར་བའི་རྒྱ་མཚོ་སྐྱ་ལིང་བཏབ། །ཕུང་པོ་མཆོད་


DNG018_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་བསོད་ནམས་ཚོགས། །དམ་བསྐངས་ལྷ་མཉེས་ཡེ་ཤེས་ཚོགས། །ཆོས་སྐུ་དྲི་མ་མེད་པ་དང་། །གཟུགས་སྐུ་ལོངས་སྤྱོད་རྫོགས་སྤྲུལ་དང་། །ཟབ་དང་རྒྱ་ཆེའི་སྐུ་གཉིས་སོ། །ཐོབ་འགྱུར་ངོ་མཚར་རྨད་ཀྱི་ཆོས། །མ་བསྒྲལ་ལོག་པའི་བསྟན་པར་གྲགས། །སངས་རྒྱས་ཆོས་རྣམས་ནུབ་འགྱུར་བས། །སྐུ་གསུམ་འགྲོ་བའི་ལམ་དང་བྲལ། །འཁོར་བའི་གནས་སུ་ཟག་པར་འགྱུར། །བྱང་ཆུབ་སེམས་དཔའི་སྤྱོད་པ་འཕེལ། །ངན་སོང་གནས་ངན་ལེན་པ་སྟོངས། །གསང་སྔགས་རྨད་བྱུང་ཆེ་བ་རྫོགས། །ཐེག་ཆེན་ཟབ་མོའི་བལྟ་བ་རྟོགས། །རྨད་བྱུང་སྤྱོད་པ་ཁྱད་པར་འཕགས། །ཐེག་པ་ཀུན་ནས་རབ་གསུངས་པའི། །མཚམས་མེད་ལས་ངན་བྱེད་པ་རྣམས། །མནར་མེད་དམྱལ་བར་སྐྱེ་བ་རྣམས། །གསང་སྔགས་གསང་བའི་ཐེག་པ་ལ། །རྩ་བ་ཡན་ལག་ཉམས་པ་རྣམས། །རྡོ་རྗེ་དམྱལ་བར་སྐྱེ་འགྱུར་བས། །ལས་ངན་རྒྱུན་ལམ་བཅད་ནས་ནི། །ལས་ངན་ངན་སོང་གསུམ་ལས་སྒྲོལ། །རང་གིས་མ་བསགས་ཚོགས་གཉིས་རྫོགས། །སྐུ་གསུམ་འབྲས་བུར་རྫོགས་འགྱུར་བས། །ཁྱེད་ཀྱིས་ཞེ་སྡང་ཅན་རྣམས་སྒྲོལ། །དེའི་ཕྱིར་ན་རྒྱུ་རང་གྲོལ་གྱི་གསང་སྔགས་འདི་གསུངས་སོ། །ཉུང་དཀར་ལན་ཚྭ་བྱི་བྲུན་བསྲེས། །སྔགས་ནི་ལན་དགུ་བཟླས་ལ་གདབ། །པྲ་དུ་སད། ན་ར་སད། ཙིཏྟ་ན་ལེ་སད། དུ་ཤ་སད། པྲེ་དུ་ར་སད། ཐིབས་མུག་སད། བྱ་ལ་བྱེད་ན་སྥུ་ན་ཕཊ། ར་ལུག་ལ་ནི་ཉུང་དཀར་དང་། །བྱང་བ་དང་ནི་ཆང་ཕུད་དོ། །དགྲ་ལ་བྱེད་ན་གཟུགས་ལའོ། །གནས་ངན་འཁོར་བ་ནས་མྱ་ངན་འདས་པར་སྒྲོལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ང་རྒྱལ་གཞི་རྒྱུ་ལས་འབྲས་ཅན། །སྐྱོན་དང་ཡོན་ཏན་ཉིད་ཀྱི་རྫོགས། །མངོན་པར་མཐོ་བས་བལྟ་བ་རྟོགས། །ང་རྒྱལ་ཆེན་པོ་བདུན་དང་ལྡན། །རང་ཉིད་ཆེ་བས་རྣམ་པར་བསྒྱིངས། །ཕ་རོལ་ཟིལ་གནོན་ཏིང་འཛིན་གསལ། །སེམས་ཉིད་ཡེ་ཤེས་འོད་གསལ་བས། །མ་རིག་མུན་པས་བསྒྲིབ་ཏུ་མེད། །ཆོས་རྣམས་སེམས་ཀྱི་ཆོ་འཕྲུལ་པས། །སེམས་ལས་ལོག་ན་བསྒོམ་དུ་མེད། །རབ་ནི་བལྟ་བ་ལམ་དུ་ཁྱེར། །


DNG018_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

འབྲིང་དང་ཐ་མས་བསྒོམ་པར་བྱ། །གཟུང་འཛིན་གཉིས་སུ་རང་དག་ལྟ། །རྟག་ཏུ་འཁོར་བའི་རྒྱ་མཚོ་ཟད། །རང་སེམས་རྟག་པར་ཐེར་ཟུག་པས། །ཕྱ་ཡིས་དེ་ཡི་བྱེད་པ་བྱས། །ལས་དང་རྒྱུ་འབྲས་མེད་པར་འདོད། །ཆད་པར་བལྟ་བས་ལོག་པའི་ལམ། །ཆོས་དང་གང་ཟག་བདག་འཛིན་ན། །མོས་པ་ཆུང་བའི་ཉན་ཐོས་ཡིན། །ཆོས་ཁམས་ཕྱོགས་གཅིག་བདག་མེད་ན། །དམིགས་པ་ཕྲ་བའི་རང་སངས་རྒྱས། །འཁོར་འདས་རང་སེམས་ཙམ་དུ་འདོད། །ཀུན་རྫོབ་དོན་དམ་གཉིས་སུ་འབྱེད། །ཐེག་ཆེན་སེམས་ཙམ་དབུ་མ་བས། །ཐེག་ཆེན་རང་གི་གཞུང་རྣམས་བསྒྲུབ། །ཡེ་ཤེས་མུ་བཞི་བྲལ་བ་དང་། །སྣང་བ་སྐུ་ལ་གྲག་པ་གསུང་། །དྲན་རྟོག་ཐུགས་ཀྱི་ལྟ་བ་ནི། །རིགས་གསུམ་ཀུན་འདུས་ཀྲི་ཡ་བ། །མར་བཞིན་སྤྱོད་ལ་ཡར་བཞིན་བལྟ། །རིགས་བཞི་འབྱིན་པ་ཨུ་པ་ཡ། །རྣམ་པར་སྣང་མཛད་ཆེན་པོ་ལ། །སྐུ་གསུམ་རྫོགས་པ་ཡོ་ག་བ། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །ཐབས་དང་ཤེས་རབ་མ་ཧཱ་པ། །རང་སེམས་ཡིད་གཟུགས་ཆོས་ལ་འཇུག །གཉིས་སྦྱར་བདེ་སྲས་ཨ་ནུ་བ། །སྣང་བ་ཆོས་སྐུ་ཆེན་པོ་ལ། །བཅོས་བསླད་བྲལ་བ་ཨ་ཏི་བ། །བསམ་བརྗོད་མཐའ་བྲལ་ཡེ་ཤེས་འཁྱིལ། །དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད། །ཇི་ལྟར་སྣང་བ་བདེ་ཆེན་སྲས། །འཁོར་བ་ཉིད་ནི་མྱ་ངན་འདས། །ཀུན་གཞི་སེམས་ཀྱི་མེ་ལོང་ཉིད། །ཡེ་ནས་ཞི་གནས་ཆེན་པོར་གནས། །ཡིད་ཀྱི་དྲན་རྟོག་མང་པོ་རྣམས། །ལྷག་མཐོང་ཆེན་པོར་རང་གསལ་བས། །ཞི་གནས་ལྷག་མཐོང་གཉིས་སུ་མེད། །ཡེ་ཤེས་བུམ་ནང་མར་མེ་གསལ། །རྣམ་རྟོག་རླུང་གིས་ག་ལ་བསྐྱོད། །མ་བཅོས་གཉུག་མ་རང་སོར་ཞོག །གང་གི་རྣམ་རྟོག་མཚན་མ་ཅན། །སྣང་སྲིད་སྣོད་བཅུད་ལྷ་རུ་གསལ། །དངོས་པོར་སྣང་བ་གཟུགས་ཀྱི་སྐུ། །སྟོང་གསལ་ཆོས་སྐུ་དྲི་མ་མེད། །སྣང་སྲིད་གཉིས་མེད་ངོ་བོ་ཉིད། །ལྟ་སྒོམ་སྐུ་བཞི་རྫོགས་སངས་རྒྱས། །ལྟ་སྒོམ་དོན་དུ་མི་གཉེར་བ། །འཁོར་བར་འཁྱམས་པར་བྱེད་པ་ཡིན། །ཕྱི་ཡི་ཡུལ་ལ་བལྟ་བ་དང་། །


DNG018_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

ནང་གི་སེམས་ལ་བསྒོམ་པ་ནི། །སྐུ་བཞི་འདུ་འབྲལ་མེད་པ་ཡི། །ཨཱོཾ་ཧྲཱྀ་ས་ཏི་ས་མ་ཏི་བྷ་ལ་ཨཱོཾ། ང་རྒྱལ་ལམ་དུ་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །འདོད་ཆགས་གཞི་རྒྱུ་ལམ་འབྲས་དང་། །སྐྱོན་དང་ཡོན་ཏན་ལྡན་པ་ཡིས། །གང་གི་འདོད་ཆགས་སྤོང་བྱེད་པ། །དེ་ལ་ལུས་ཀྱི་བདེ་བ་མེད། །བདེ་བ་ཆེན་པོ་འདོད་པ་ཡིས། །དེ་རྒྱུ་འདོད་ཆགས་ཡིན་ཤེས་བྱ། །བུད་མེད་ལ་བརྟེན་བདེ་ཆེན་པོ། །སེམས་ཅན་ཀུན་རྣམས་སྤྱོད་གྱུར་པ། །ཐ་མལ་ཞེན་པ་སྤང་བ་ཡིས། །བདེ་ཆེན་གར་གྱིས་རོལ་པས་བྱ། །བརྟགས་ཤིང་བྱིན་བརླབས་བསྙེན་བསྒྲུབ་བཞིས། །བདེ་རྟོགས་ཉམས་སུ་བླང་བར་བྱ། །རྒྱལ་མོ་མ་དང་སྲིང་མོ་བུ། །ཚ་མོ་སྲུ་མོ་བྲན་གཡོག་མོ། །ཆེ་བའི་བག་དང་ལྡན་གྱུར་ཞིང་། །བཀུར་པོར་ལྕི་བས་རྒྱལ་མོ་འདྲ། །རང་ཉིད་རྒྱལ་པོའི་ཚུལ་བཞིན་སྦྱར། །དབང་འཕྲོག་མ་དང་འདྲ་བ་ལ། །ལུས་བསྐྱེད་དེ་ལ་ཕ་ལྟར་སྦྱར། །བརྩེ་བའི་སེམས་ལྡན་སྲིང་མོ་ལ། །རང་ཉིད་མིང་པོ་ལྟ་བུར་སྦྱར། །ལུས་ཀྱི་དུམ་བུ་ལས་ཆད་པའི། །བུ་མོ་ལྟ་བུ་ལ་ཡང་སྦྱར། །བརྒྱུད་པའི་རྩ་བ་དང་ལྡན་པའི། །ཚ་མོ་ལ་ནི་ཞང་ལྟར་སྦྱར། །ཉེ་བའི་ཡུལ་དང་འདྲེལ་བ་ཡི། །སྲུ་མོ་ལ་ནི་སྦྱར་བར་བྱ། །མངག་པའི་ལས་རྣམས་བྱེད་པ་ཡི། །བྲན་མོ་ལ་ཡང་སྦྱར་བར་བྱ། །བྱ་བའི་ལས་རྣམས་བྱེད་གྱུར་པ། །གཡོག་མོ་དག་ལ་སྦྱར་བ་རྣམས། །ཐམས་ཅད་ཆུང་མར་ཤེས་པར་བྱ། །སྤྱི་བོར་ཨོཾ་ལ་མགྲིན་པར་ཨཱཿ། །སྙིང་གར་ཧཱུཾ་སྟེ་ལྟེ་བར་སྭཱ། །གསང་བར་ཧཱ་ཡི་འཕྲོ་འདུ་ལས། །ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཀྱིས། །རིགས་ཀྱི་ཡུམ་རྣམས་སྤྱན་དྲང་བསྡིམ། །སངས་རྒྱས་ཡུམ་དུ་བསྒོམ་པར་བྱ། །བདག་ཉིད་དབང་ཆེན་ཕྱག་རྒྱ་ཆེ། །ཧཱུཾ་དང་ཨ་ལས་བྱུང་བ་ཡིས། །རྡོ་རྗེ་པདྨ་བསྒོམ་པར་བྱ། །ཡུམ་གྱི་དྲི་སྒྲ་བརྟག་བྱ་ཞིང་། །ཙཎྜ་ལཱིའི་སྦྱོར་བ་ཡིས། །བདེ་བ་དབབ་ཅིང་གཟུང་བར་བྱ། །བསྙེན་པ་བྱ་བའི་རིམ་པའོ། །ཆགས་པའི་བརྡ་ཡིས་བསྐུལ་བྱས་ནས། །ཟངས་ཀྱི་མདོག་གིས་གཟུང་བར་བྱ། །དུང་གི་


DNG018_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

ཕུར་པ་འདེབས་པ་ཡིས། །མཆོག་བདེ་དབབ་ཅིང་གཟུང་བར་བྱ། །ཉེ་བའི་བསྙེན་པ་བྱ་བའོ། །པདྨ་བྷན་དྷ་ཐོད་པའི་ནང་། །རྡོ་རྗེ་ཆེན་པོ་རབ་བཅུག་ནས། །བདེ་བྲལ་བདེ་བ་གཟུང་བར་བྱ། །བསྒྲུབ་པ་བྱ་བའི་རིམ་པའོ། །རྡོ་རྗེ་ཐོད་སྦྱོར་མན་ངག་གཉིས། །རྡོ་རྗེ་དུང་ཁྲག་དཀྲུག་པར་བྱ། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ། །ཡིད་ནི་བརྟན་པར་ནང་དུ་བཟུང་། །རང་རྫས་ཐིག་ལེ་མཁར་ཕེབས་ནས། །སངས་རྒྱས་བྱང་ཆུབ་སེམས་དཔའ་མཆོད། །དྷུ་པ་ཛཿ། པུཥ྇་ཧཱུཾ། དཱི་པ་བཾ། གྷཎྜ་ཧོ། ལཱ་སྱེ་ཧཱུཾ། མཱ་ལེ་ཏྲཱཾ། གཱིར་ཏི་ཧྲཱྀཿ། ནིར་ཏི་ཨ། པཱུ་ཛ་ཡ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་སྭཱ་ཧཱ། རང་དང་སློབ་མའི་ལྕེ་ཡི་ནི། །ཐིག་ལེ་དཀར་དམར་བཟའ་བར་བྱ། །དངོས་གྲུབ་ཡུམ་གྱི་མཁའ་ནས་བླང་། །བྱང་སེམས་ཐིག་ལེ་གསང་དབང་བསྐུར། །བསྒྲུབ་པ་ཆེན་པོའི་རིམ་པའོ། །བདེ་བ་མཆོག་བདེ་བདེ་བྲལ་ཆེ། །ལྷན་ཅིག་སྐྱེས་དགའ་ཉམས་སུ་བླངས། །ཟུང་འཇུག་སྐུ་ནི་ཐོབ་གྱུར་པ། །ཡབ་ཡུམ་འདུ་འབྲལ་མེད་པར་གནས། །འདོད་ཆགས་བདེ་བ་སྤང་བ་ནི། །ཟུང་འཇུག་སྐུ་ཡང་སྤང་བ་ཡིན། །འདོད་ཆགས་ཡེ་ཤེས་ཆེན་པོ་འཐོབ། །ཐབས་ལམ་ཡོན་ཏན་ལྡན་པ་ཡིས། །རིག་འཛིན་དངོས་གྲུབ་འཐོབ་པ་ནི། །ཚེ་འདི་ཉི་ཟླ་དག་དང་མཉམ། །མཁའ་སྤྱོད་གནས་སུ་གཤེགས་གྱུར་པ། །མཁའ་འགྲོའི་གཙོ་མཆོག་ཧེ་རུ་ཀ །རྗེ་བཙུན་དབང་ཕྱུག་ཆེན་པོར་གྱུར། །འདོད་ཆགས་ཀྱི་ལམ་ཡོངས་སུ་རྫོགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ཕྲག་དོག་བཞི་དང་རྒྱུ་ལམ་འབྲས། །སྐྱོན་དང་ཡོན་ཏན་རྣམས་ཀྱིས་བཤད། །རང་ཉིད་ཞེན་པ་ངན་པ་ཉིད། །གཞན་རྣམས་ཤོང་བར་མ་གྱུར་པ། །གཞན་སྨོད་རང་གི་ཆེ་བ་ནི། །ཕྲག་དོག་འབྱུང་བའི་གཞི་ཡིན་ནོ། །རང་སེམས་ཀུན་ནས་མི་ཤོང་བས། །སེམས་ལས་ཕྲག་དོག་འབྱུང་བའི་རྒྱུ། །ཤན་འབྱེད་པ་དང་ལ་བཟླ་བས། །བལྟ་ངན་ཐམས་ཅད་སྤང་བར་བྱ། །ཡིད་ནི་སོ་སོར་རྟོག་པ་ཡིས། །ཤེས་རབ་ཀྱིས་ནི་ཆོས་རྣམས་ཀུན། །མ་འདྲེས་སོ་སོར་ཤན་ཡང་འབྱེད། །འཁོར་བ་ཕྱལ་པ་རྒྱང་འཕེན་གཉིས། །མུ་སྟེགས་རྟག་


DNG018_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆད་པ་གཉིས། །ཉན་ཐོས་བདེན་པ་རྣམ་པ་བཞི། །རང་རྒྱལ་རྟེན་འདྲེལ་བཅུ་གཉིས་དང་། །དབུ་མ་ཀུན་རྫོབ་དོན་དམ་དང་། །ཀྲི་ཡ་ལྷ་རིགས་གསུམ་གསུམ་དང་། །ཨུ་བ་ཡ་ནི་རིགས་བཞི་དང་། །ཡོ་ག་དེ་ཁོ་ན་ཉིད་བཞི། །མ་ཧཱ་བཞི་དང་ཁྲོ་བོ་དང་། །ཨ་ནུ་ཡབ་ཡུམ་བདེ་ཆེན་སྲས། །རྫོགས་ཆེན་ཐིག་ལེ་ཉག་གཅིག་རྣམས། །མ་འདྲེས་གཞའ་ཚོན་སྐར་ལྔར་གསལ། །ཡོངས་སུ་རྫོགས་པར་ལ་བཟླ་ན། །འཁོར་དང་མྱ་ངན་འདས་པའི་ཆོས། །མ་ལུས་རང་སེམས་ཉིད་ལ་རྫོགས། །སེམས་ལས་ལོག་ན་ཆོས་མེད་པས། །ཆོས་སྐུ་སྣང་བ་འཁྲུལ་པ་གསུམ། །སེམས་ཉིད་ཡེ་ནས་རྫོགས་སངས་རྒྱས། །རྣལ་འབྱོར་སངས་རྒྱས་ཐོབ་འདོད་ན། །རང་གི་སེམས་ལས་བཙལ་བར་བྱ། །རང་སེམས་ཉིད་ལས་མ་གཏོགས་པ། །སངས་རྒྱས་གཞན་ནས་ཐོབ་འདོད་ན། །བྱ་ལོང་ནམ་མཁའི་མཐའ་འཚོལ་འདྲ། །དེ་ཕྱིར་རང་སེམས་ཆོས་སྐུར་ལྟོས། །རང་སེམས་ཡེ་ནས་སངས་རྒྱས་པ། །རྒྱས་པར་མ་ཤེས་མ་རིག་པ། །དམུས་ལོང་ནམ་མཁའ་སྦར་མོས་འཛིན། །ཡེ་ནས་རྫོགས་སངས་རྒྱས་ཤེས་ན། །དྲི་མེད་གསེར་བཟོའི་རྒྱན་དང་མཚུངས། །སྐུ་གསུམ་དབྱེར་མེད་ཐིག་ལེ་གཅིག །བསམ་བརྗོད་བྲལ་བས་ཆོས་སྐུར་གནས། །འཁོར་འདས་དབྱེར་མེད་དེ་ཁོ་ན། །ཕྲག་དོག་དོན་ནི་མ་རྟོགས་ན། །སོ་སོར་རྟོག་པའི་ཤེས་རབ་ཀྱིས། །ཆོས་རྣམས་མ་འདྲེས་འབྱེད་མི་ཤེས། །མི་དམིགས་པ་ཡི་ཤེས་རབ་ཀྱིས། །ཆོས་རྣམས་ཡོངས་སུ་རྫོགས་མི་ཤེས། །མ་འདྲེས་ཡོངས་རྫོགས་མ་ཤེས་ནས། །གཉིས་འཛིན་མཐའ་ལས་གྲོལ་མི་འགྱུར། །གཟུང་འཛིན་མདུད་པ་ཁྲོལ་མི་སྲིད། །འཁོར་བའི་ཆུ་བོ་མི་སྒྲོལ་བས། །ཁམས་གསུམ་གྲོང་ཁྱེར་འཁྱམས་པ་ཡིན། །ཐེག་པ་ཆེ་ཆུང་ཁྱད་པར་དང་། །གཟུང་འཛིན་གཉིས་སྣང་ཐམས་ཅད་དང་། །ལྟ་ངན་གཞན་པ་མ་ལུས་རྣམས། །ཐམས་ཅད་ཤེས་པར་འགྱུར་བའོ། །ཀུན་ལ་ཕྲག་དོག་པའི་ཏིང་ངེ་འཛིན་ཏོ། །དབང་ཆེན་བདེ་གཤེགས་འདུས་


DNG018_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྔོག་མ་ལེ་བརྒན་གྱི་རྒྱུད་ལས། དུག་ལྔ་ལམ་དུ་སློང་བའི་ལེའུ་སྟེ་བཞི་པའོ།། །།དེ་ནས་བདེ་གཤེགས་རྒྱལ་བ་ཡིས། །འགྲོ་བའི་དོན་དུ་འདི་གསུངས་སོ། །ཀུན་ནས་ཉོན་མོངས་འཁོར་བའི་ཆོས། །རྣམ་བྱང་མྱ་ངན་འདས་པར་སྣང་། །ཡིད་འཇུག་བསམ་པའི་གཟུགས་ཅན་འདིས། །འཁོར་འདས་བྱ་བ་མ་ལུས་བསྒྲུབ། །ཡིད་ནི་རང་བཞིན་ཇི་ལྟ་བར། །ཤེས་པར་འདོད་ན་རྒྱུད་འདི་ཉོན། །དེ་སྐད་རྡོ་རྗེ་འཆང་གིས་གསུངས། །རིགས་གཉིས་ལུང་གིས་རྒྱུད་པས་ན། །པདྨ་དབང་གི་བཀའ་སྩལ་ཏོ། །རྒྱུད་འདི་ཤེས་པར་འདོད་པ་ཡིས། །ལུས་ངག་ཡིད་གསུམ་བཏུད་དེ་ཉོན། །མོ་ཧ་ཀ་དང་དྭེ་ཥ་ཀ །མཱ་ན་ཀ་དང་རཱ་ག་ཅན། །མཏྶ་ཏྱ་དང་ཨིརྵཱ་ཀ །ཀུན་ནས་ཉོན་མོངས་འཁོར་བའི་ཆོས། །ཐམས་ཅད་འདི་ལས་བྱུང་བས་ན། །འདི་དོན་ཡིད་ལ་དྲིལ་ཏེ་རྟོག །གཏི་མུག་བྱོལ་སོང་རྣམ་མང་པོ། །ཕྱི་ཡི་རྒྱ་མཚོའི་ཁ་ན་གནས། །ཞེ་སྡང་དམྱལ་ཁམས་བཅོ་བརྒྱད་པོ། །རྡོ་རྗེ་གདན་འོག་ཚ་གྲང་གནས། །ང་རྒྱལ་ལྷ་ཡི་འཇིག་རྟེན་རྣམས། །རི་རབ་ཕྱིར་རྩེ་ནམ་མཁར་གནས། །ཕྲག་དོག་ལྷ་མ་ཡིན་གྱི་གནས། །རི་རབ་ཁོང་སེང་དག་ན་གནས། །སེར་སྣ་དམྱལ་བ་ཡི་དྭགས་གནས། །གྲོང་ཁྱེར་སེར་སྐྱ་དག་ན་གནས། །གླིང་བཞིའི་མི་རྣམས་འདོད་ཆགས་ཅན། །རབ་འབྲིང་ཐམས་ཅད་དབང་པོ་རྣོ། །གཏི་མུག་རྟག་པ་རྣམ་པར་སྣང་། །སྟུག་པོ་བཀོད་པར་ས་བཅུར་གནས། །རྡོ་རྗེ་མི་བསྐྱོད་ཞེ་སྡང་ལས། །རྡོ་རྗེ་འཆང་དུ་རྣམ་པར་སྣང་། །ང་རྒྱལ་རིན་ཆེན་འབྱུང་བ་ཉིད། །རྡོ་རྗེ་ཉི་མ་དཀོན་མཆོག་དཔལ། །འདོད་ཆགས་སྣང་བ་མཐའ་ཡས་ཉིད། །ཚེ་དཔག་མེད་པ་སྣང་བར་མཛད། །ཕྲག་དོག་དོན་ཡོད་གྲུབ་པའི་སྐུ། །གདོན་མི་ཟ་བ་རྟ་མཆོག་ཉིད། །རང་སེམས་ནམ་མཁའ་ལྟ་བུ་འདི། །གློ་བུར་སྤྲིན་རྣམས་འབྱུང་བ་ཡང་། །བདེ་གཤེགས་སངས་རྒྱས་རྣམ་སྣང་ལས། །སྐུ་ཡི་བདེ་ཆེན་འབྱུང་བར་འགྱུར། །གསུང་མཆོག་སྣང་མཐའ་ཚེ་དཔག་མེད། །ཚོགས་ཆེན་ཡོངས་འདུས་འབྱུང་བར་འགྱུར། །ཐུགས་མཆོག་མི་


DNG018_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱོད་རྡོ་རྗེ་འཆང་། །པདྨ་གསང་བར་འབྱུང་བར་འགྱུར། །ཡོན་ཏན་རིན་འབྱུང་ཚེ་དཔག་མེད། །རིན་ཆེན་རྟ་མཆོག་འབྱུང་བར་འགྱུར། །ཕྲིན་ལས་རྟ་མཆོག་དོན་ཡོད་གྲུབ། །ཕྲིན་ལས་རྟ་མཆོག་འབྱུང་བར་འགྱུར། །སྐུ་དང་གསུང་དང་ཐུགས་ཡོན་ཏན། །བདེ་གཤེགས་འདུས་པའི་རྟ་མཆོག་འབྱུང་། །མ་ལུས་ལུས་པ་མེད་པ་ཡི། །པདྨ་དབང་ཆེན་མཐའ་ཡས་སྤྲོ། །འཁོར་བར་སྣང་བའི་ཆོས་རྣམས་ཀུན། །མྱ་ངན་འདས་པར་གཏན་ལ་འབེབས། །རྣམ་བྱང་མྱ་ངན་འདས་པར་སྣང་། །ལས་སྒྲིབ་མེད་པར་ཡེ་སངས་རྒྱས། །འཁོར་བ་དང་མྱ་ངན་ལས་འདས་པར་གཏན་ལ་ཕེབ་པའི་ཏིང་ངེ་འཛིན་ཏོ། །འདི་དག་རང་གི་སེམས་སྣང་བ། །གཏི་མུག་ཅན་ལ་སྣང་བ་ཡང་། །ཀླུ་དང་གཉན་དང་ས་བདག་ལ། །གཏི་མུག་བློ་ཡི་ངན་གཏད་དོ། །ཞེ་སྡང་ཅན་ལ་སྣང་བ་ཡང་། །སྲོག་མཐུ་དག་ཏུ་སྣང་བའོ། །འདོད་ཆགས་ཅན་ལ་སྣང་བ་ཡང་། །དབང་དུ་སྡུད་པར་སྣང་བའོ། །ང་རྒྱལ་ཅན་ལ་སྣང་བ་ཡང་། །ཐོག་དང་སེར་བར་སྣང་བའོ། །ཕྲག་དོག་ཅན་ལ་སྣང་བ་ཡང་། །སྔགས་པ་ནང་འགྲས་ཕྱིར་བཟློག་སྣང་། །ཐུན་མོང་དངོས་གྲུབ་ལས་ཚོགས་རྣམས། །བསྐྱེད་རིམ་རྫོགས་རིམ་འདྲེལ་བ་ཡང་། །ཐམས་ཅད་འདི་ལས་འབྱུང་བ་ཡིན། །ཡིད་ཀྱི་རྣམ་ཤེས་ཀུན་ཁྱབ་བོ། །གང་བསམ་སྣང་བ་ཡིད་བཞིན་ནོ། །མ་རྟོགས་འཁོར་བར་སྣང་བ་ཡང་། །ཡིད་ཀྱིས་བསྐྱེད་ནས་སྣང་བར་ཟད། །རྟོགས་པའི་མྱ་ངན་འདས་པ་ཡང་། །རང་གིས་རང་རྟོགས་ཉིད་དུ་ཟད། །འཁོར་བར་སྣང་བ་མ་རིག་པ། །སངས་རྒྱས་ཉིད་དུ་མ་ཤེས་འཁྲུལ། །སྣོད་དང་བཅུད་དུ་སྣང་བ་ཡང་། །སྣང་ཞེན་གཉིས་སུ་སྣང་བར་ཟད། །འདས་པ་སྣང་བའི་རྣལ་འབྱོར་ལ། །རང་སེམས་ཆོས་སྐུར་ཤེས་གྱུར་པ། །སྐུ་དང་ཡེ་ཤེས་བསམ་མི་ཁྱབ། །ཡིད་བཞིན་ནོར་བུ་ལྟ་བུར་སྣང་། །སེམས་ཅན་ཡིད་ཀྱི་རྣམ་ཤེས་ཅན། །འདི་ལ་དྲན་པ་སྣ་ཚོགས་འཆར། །ཡུམ་གྱི་ཚོགས་ལ་འཇུག་འགྱུར་བས། །ཡིད་དང་ཆོས་སུ་འདྲེས་


DNG018_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ། །དབྱིངས་དང་ཡེ་ཤེས་གཞན་ན་མེད། །ནམ་མཁར་ཉི་མ་ཤར་བ་ལྟར། །དབྱེར་མེད་སྟོང་གསལ་གང་ཡིན་པ། །སེམས་ཉིད་རང་བཞིན་འོད་གསལ་གནས། །རྣལ་འབྱོར་ལམ་ལ་གནས་གྱུར་ན། །ཐོས་བསམ་བསྒོམ་པའི་ཤེས་རབ་ཀྱིས། །དབང་ཆེན་བདེ་གཤེགས་འདུས་པ་ཡི། །དགོངས་པ་སེམས་ལ་བརྟག་པར་བྱ། །ཞེས་གསུངས་སོ། །པདྨ་དབང་ཆེན་བདེ་གཤེགས་འདུས་པའི་དགོངས་པ། །རྟ་མགྲིན་རྔོག་མ་ལེ་བརྒན་གྱི་རྒྱུད་ལས། ཀུན་ནས་ཉོན་མོངས་པ་འཁོར་བའི་ཆོས་དང་རྣམ་པར་བྱང་བ་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་དུག་ལྔར་འདུས་པ་སྟེ་ལེའུ་ལྔ་པའོ།། །།དེ་ནས་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་རྣམས། །གཅིག་ཏུ་རྫོགས་སངས་རྒྱས་པ་ཡི། །བདེ་གཤེགས་ཐམས་ཅད་སྤྱིར་དྲིལ་བ། །དབང་ཆེན་པདྨའི་སྐུ་ལ་གནས། །སྐུ་ནི་རབ་ཏུ་བསྒོམ་གྱུར་ན། །སྐྱེ་མེད་ཆོས་སྐུ་ཞི་བ་ལས། །ཡེ་ཤེས་སྒྱུ་ལུས་ལོངས་སྤྱོད་རྫོགས། །ཐུགས་རྗེ་སྤྲུལ་པའི་སྐུར་ཤར་བ། །དེ་ཡི་བཞུགས་གནས་གཞལ་ཡས་གནས། །ལྷ་ཉིད་རང་སེམས་བདེ་བ་ཡི། །ཆ་ཤས་དུམ་བུར་གནས་པ་ལས། །འབྱུང་ཆེན་ལྔ་ལས་སྐུར་གྲུབ་པ། །གཅིག་ལས་སྐུ་གསུང་ཐུགས་ཡོན་ལས། །མ་ལུས་རྫོགས་པར་སྣང་བ་ལས། །དབབ་དྲང་བསྡིམ་དང་མཆོད་འབུལ་བཟླས། །བསྟོད་ནས་འདོད་དོན་བཅོལ་བར་བྱ། །ཆོས་རྣམས་གདོད་ནས་མ་བསྐྱེད་པས། །རྒྱུ་རྐྱེན་བྲལ་བའི་བྱང་ཆུབ་སེམས། །མཚན་མའི་དངོས་པོར་མ་གྲུབ་པ། །ཡེ་ནས་ཆོས་སྐུ་ཆེན་པོར་གནས། །ཆོས་དབྱིངས་སྤྲོས་མེད་ནམ་མཁའ་ལས། །ཡེ་ཤེས་ཉི་མ་རང་ཤར་བ། །ཅིས་ཀྱང་མ་བསྒྲིབས་འོད་གསལ་བ། །ཡེ་ཤེས་སྒྱུ་ལུས་ལོངས་སྐུར་བསྒོམ། །སེམས་ཅན་ཀུན་གྱི་སེམས་ཉིད་ནི། །སངས་རྒྱས་ཀུན་གྱི་ཐུགས་ཡིན་པས། །རྩ་བ་ཡིད་ཀྱི་རྣམ་ཤེས་ཉིད། །ཡི་གེ་སྤྲུལ་པའི་སྐུ་རུ་བསྒོམ། །ཆོས་རྣམས་སྟོང་གསལ་ནམ་མཁའ་ཉིད། །ཆོས་དབྱིངས་ཡུམ་གྱི་བྷ་ག་ལས། །ཐམས་


DNG018_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་འདེགས་པའི་སྟོབས་པོ་ཆེ། །རླུང་ནག་འཚུབས་མར་འཁྱིལ་པ་སྣང་། །ཆུ་ཉིད་ཁྲག་ལས་གྲུབ་པ་ཡི། །རྒྱ་མཚོ་ཟབ་ཅིང་རྒྱ་ཡང་ཆེ། །རི་རབ་རུས་པ་ལས་གྲུབ་པའི། །སྟེང་ན་དུར་ཁྲོད་བརྒྱད་གནས་པ། །སྣོད་བཅུད་ཟད་མཛད་དབྱིངས་སུ་ཐིམ། །བསྐལ་པའི་མེ་ནི་ཡེ་ཤེས་འབར། །ཡེ་ཤེས་ལྔ་ཡི་གཞལ་ཡས་ཁང་། །མ་སྐྱེས་ལྷུན་གྱིས་གྲུབ་པའི་གནས། །དུར་ཁྲོད་བརྒྱད་ཀྱིས་རབ་མཛེས་པ། །བདེ་གཤེགས་དུས་གསུམ་སངས་རྒྱས་གནས། །ལྷུན་གྲུབ་ཡིད་བཞིན་གནས་ཀྱི་མཆོག །ཆོས་དབྱིངས་མ་གཏོགས་གནས་གཞན་མེད། །འཛིན་པའི་སེམས་དང་གཟུང་བའི་ཡུལ། །ཐབས་དང་ཤེས་རབ་སྐྱོན་དང་བྲལ། །ཐམས་ཅད་དངོས་པོར་བལྟ་བས་ན། །ང་ཡི་སེམས་ནི་ཡི་གེར་ཤར། །དངོས་པོ་མཚན་མར་འཛིན་པས་ན། །ཐུགས་ཀྱི་ཕྱག་མཚན་ལྟ་བུར་བྱུང་། །ཁ་དོག་དབྱིབས་ལེགས་ཀུན་ཡིད་འོང་། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་སྣང་། །ཡེ་ཤེས་དྲི་མེད་གཡས་ནི་དཀར། །པདྨ་ཆགས་མེད་དབུས་ནི་དམར། །ལས་མཛད་གཡོན་པ་ལྗང་བ་ཉིད། །ཁ་ཊྭཱཾ་ག་ནི་ལྷ་ཡི་སྐུ། །ཤེས་རབ་རལ་གྲིས་མ་ལུས་གཅོད། །རྔེའུ་ཆུང་སྒྲ་ཡིས་རྨད་བྱུང་སྒྲོགས། །དབྱིངས་ཀྱི་གཞུ་ལ་ཡེ་ཤེས་མདའ། །ཉོན་མོངས་ཐ་བ་འབིགས་པའི་མདུང་། །རྒྱུད་དྲུག་འཁོར་བ་འཆིང་བའི་ཞགས། །ཚད་མེད་བསྡུ་བ་རྫུ་འཕྲུལ་གྱི། །ཞབས་བཞི་ཐབས་དང་ཤེས་རབ་བཞུགས། །སྐུ་ནི་མཐིང་ནག་དབྱུག་ཐོ་དང་། །སྡིགས་མཛུབ་ཞགས་པ་བསྣམས་པའོ། །གསུང་དམར་རྡོ་རྗེ་ལྕགས་ཀྱུ་དང་། །སྦྲུལ་གྱི་ཞགས་པ་འཛིན་པའོ། །ཐུགས་ནི་མཐིང་ནག་རྡོ་རྗེ་དང་། །ཐོད་པ་ཕྱག་བསྣམས་དཀྲུག་པའོ། །ཡོན་ཏན་ཆེ་མཆོག་ས་ནུ་གསེར། །རྡོ་རྗེ་དྲིལ་བུ་བསྣམས་པ་ཉིད། །ཕྲིན་ལས་ལྗང་ནག་རྡོ་རྗེ་དང་། །སྡིགས་མཛུབ་བསྐལ་པའི་མེ་དཔུང་འབར། །དབུ་ཡི་རྟ་མགོ་ཕྲིན་ལས་བཞི། །སྐུ་གསུང་ཐུགས་ཀྱི་ཁྱུང་གསུམ་རྫོགས། །འདོད་པའི་ཁྲོ་མོ་རལ་གཅིག་མ། །རྡོ་རྗེ་ཐོད་པ་གཡོན་ནས་འཁྲིལ། །ཐབས་དང་ཤེས་རབ་ལས་བྱུང་བའི། །


DNG018_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

བྱི་ལ་པུ་ཤུད་ལ་སོགས་པ། །ལྕགས་ཀྱུས་འདྲེན་ཅིང་ཕུར་བུས་འདེབས། །དཀྱིལ་འཁོར་ལྷ་རྣམས་གསལ་བར་བྱའོ། །ཨཱོཾ་པདྨཱནྟ་ཀྲྀཏ་ཧྲཱྀ་ཧ་ཧ་ཧཱུཾ་ཕཊ། ཨཱོཾ་ཡ་མཱནྟ་ཀྲྀཏ་ཧཱུཾ། ཨཱོཾ་བཛྲ་ཧེ་རུ་ཀ་ཧཱུཾ། ཨཱོཾ་ཤྲཱི་ཧེ་རུ་ཀ་ཛྭཱ་ལ་རཾ་ཧཱུཾ། ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ། ཨོཾ་ཨེ་ཀ་ཛ་ཏི་ཧཱུཾ། ཨཱོཾ་བཛྲ་པ་ཙ་ལ་མུ་ཁ་ཧཱུཾ། ཨཱོཾ་བཛྲ་བཀྵ་ཏི་མུ་ཁ་ཧཱུཾ། ཨཱོཾ་ཧཱུཾ། ཨཱོཾ་ཏྲཱཾ། ཨཱོཾ་ཧྲཱྀཿ།ཨཱོཾ་ཧཱ། ཇི་ལྟར་མི་དབང་ཆོས་མཐུན་པར། །དང་པོར་སྙན་གསན་དབབ་པར་བྱ། །དབྱིངས་ནས་བཞེངས་སུ་གསོལ་བ་དང་། །སྤྱན་དྲང་བརྟན་པར་བཞུགས་པ་དང་། །ཕྱག་འཚལ་མཆོད་པར་རོལ་ནས་ནི། །རྣལ་འབྱོར་བཟླས་པ་བྱ་བ་ཡང་། །སྤྲོ་བསྡུ་རྡོ་རྗེའི་བཟླས་པའོ། །ས་ནི་བརྟན་ཟུག་ཆུ་ནི་འབབ། །མེ་འབར་རླུང་འཐོར་ནམ་མཁའ་སྟོང་། །ཞི་བ་རྒྱས་པ་དབང་དྲག་ལྷུན། །དང་པོར་དམིགས་པ་བརྟན་པ་ཡིས། །བསྒོམ་པ་ཟབ་མོ་རབ་ཏུ་བྱ། །ཆུ་བོ་རྒྱུན་གྱི་རྣལ་འབྱོར་པ། །གླལ་དང་སྦྲིད་བཏབ་བར་མི་གཅད། །གསལ་ལ་འབར་བའི་སྒྲོན་མ་ཡིས། །གཉིད་འཐིབས་རྨུགས་པ་མེད་པར་བྱ། །འབྱུང་ཆེན་འཐོར་རླུང་དྲག་པོ་ཡིས། །དགྲ་བགེགས་ནད་རྣམས་གཏོར་བར་བྱ། །ནད་དང་གདོན་དང་བག་ཆགས་སྒྲིབ། །ནམ་མཁའི་སྤྲིན་བཞིན་དེངས་པར་བྱ། །སྔགས་ཀྱི་ཡི་གེ་ཉལ་ནས་དཀར། །ཞི་བར་འདོད་ན་ཤཱནྟིཾ་གདགས། །སྔགས་རྣམས་ལངས་པར་གྱུར་ན་རྒྱས། །མཇུག་ཏུ་པུཥྚིཾ་གདགས་པར་བྱ། །འཁོར་བར་གྱུར་ན་དབང་དུ་སྟེ། །བ་ཤང་ཀུ་རུས་མཛེས་པར་སྤྲས། །འཁྲུགས་པ་དྲག་པོ་ཉིད་ཡིན་པས། །ཨ་བྷི་ཙརྻའི་རྒྱན་གྱིས་མཛེས། །ལྷུན་གྲུབ་མ་བཅོས་ཡེ་ནས་གནས། །ཨཱོཾ་པདྨ་ཀྲོ་དྷ་ཀྲོ་དྷཱི་ཤྭ་རཱི་བཛྲ་ཀཱི་ལ་ཡ། མ་ཧཱ་ཡཀྵ། ཀརྨ་རཾ་རཾ་ཧཱུཾ་ཕཊ། ཛྭ་ལ་རཾ་ཧཱུཾ་ཕཊ། ཁམས་གསུམ་གནས་པའི་སེམས་ཅན་རྣམས། །མ་ལུས་རླུང་དང་སེམས་ལ་བརྟེན། །ཇི་ལྟར་གནས་བཞིན་བཟླས་པ་ཡང་། །རྣལ་འབྱོར་ཅན་ལ་དགོས་པས་འབད། །འདོད་དང་གཟུགས་དང་གཟུགས་མེད་པ། །རླུང་དང་སེམས་སུ་འདྲེས་ནས་གནས། །ཕོ་དང་མོ་དང་


DNG018_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

མ་ནིང་དང་། །ཐོད་རྒལ་རླུང་ལ་བསྐྱོན་པར་བྱ། །ཟག་བཅས་འཁོར་བ་ཟག་མེད་འདས། །སེམས་ཅན་ལྷ་སྲིན་སངས་རྒྱས་ཉིད། །བག་ཆགས་རླུང་དང་ལས་ཀྱི་རླུང་། །ཡེ་ཤེས་རླུང་ལས་ཐམས་ཅད་འབྱུང་། །རླུང་གི་རྟ་ལ་སེམས་ཀྱི་མི། །ཞོན་ནས་ཚོགས་པ་གཅིག་པ་དང་། །ཆུ་དང་འོ་མ་འདྲེས་པ་དང་། །རྣལ་འབྱོར་རྟོག་ཅན་སྒྲོལ་བར་བྱ། །ཕྱི་རོལ་སྣང་བ་ཐམས་ཅད་ཀུན། །སེམས་ལས་བྱུང་བ་ཡིན་པས་ན། །ནང་དུ་སེམས་ལ་བསྡུ་བར་བྱ། །མི་སྨྲ་བ་ཡི་ཡི་གེ་ཨཱོཾ། །ནང་གི་སེམས་ཉིད་སྣང་བ་ནི། །ཕྱི་ཡི་ཡུལ་ལ་འཇུག་པས་ན། །ཡུལ་གྱི་བདུད་རྩི་བསྟན་པའི་ཕྱིར། །དྲག་པོ་ཁྲོས་པའི་ཁྲོ་བོ་ཧཱུཾ། །ཡུལ་སེམས་གཉིས་སུ་སྣང་བ་ཡང་། །བློ་དང་དངོས་པོ་བསྲེས་པས་ན། །གཉིས་སུ་མེད་པར་སྣང་བར་བྱ། །སྐྱེ་མེད་ཨ་ནི་ཁོང་ན་གནས། །མ་བཅོས་དོན་གྱི་རྣལ་མ་ལ། །རིག་པའི་བློ་ཡིས་སྦྱོར་འདོད་ན། །སྐུ་དང་གསུང་དང་ཐུགས་བསྒྲུབ་པའི། །རྒྱུད་ལ་དད་པ་རབ་ཏུ་བསྐྱེད། །ཅེས་གསུངས་སོ། །དབང་ཆེན་བདེ་གཤེགས་སྤྱི་དྲིལ་རྔོག་མ་ལེ་བརྒན་གྱི་རྒྱུད་ལས། སྐུ་བསྐྱེད་པ་སྟེ་ལེའུ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་འདི་གསུངས་སོ། །རང་སེམས་སྣང་བ་ཉམས་དྲུག་ལས། །ལུས་ལ་རྟགས་དྲུག་ཁྲོ་བོའི་སྐུ། །དེས་མཚོན་ཕྱི་རོལ་རྒྱན་དྲུག་འཆར། །ཡོན་ཏན་མངོན་ཤེས་དྲུག་དང་ལྡན། །ཉི་ཤུ་རྩ་བཞི་རྫོགས་པར་གནས། །འདི་ལྟར་གང་གིས་ཤེས་ནས་གྲོལ། །སྐུ་གསུང་ཕྲིན་ལས་མཛད་པའི་ཞལ། །ཕྱག་དྲུག་འགྲོ་དྲུག་ཕ་རོལ་དྲུག །ཞབས་ནི་ཚད་མེད་རྫུ་འཕྲུལ་སྟོན། །གླང་ཆེན་ཞིང་ལྤགས་གོས་སུ་གྱོན། །ཐོད་པ་སྦྲུལ་དང་རྒྱུ་མས་མཚན། །ཐལ་བ་ཞགས་དང་རཀྟ་བཏབ། །རྟགས་རྣམས་དོན་དུ་རྫོགས་པར་བྱེད། །བཅོམ་ལྡན་རྟ་མཆོག་ཡེ་ཤེས་ལྔ། །ཐབས་ཆེན་གར་དགུ་ལུས་ལ་རྫོགས། །ཡུམ་ཆེན་རལ་གཅིག་ཆོས་ཀྱི་དབྱིངས། །ཤེས་རབ་སྐྱེ་བ་མེད་པར་སྦྱོར། །མ་འགགས་སྤྲུལ་སྐུ་གཉིས་སུ་སྣང་། །སྐུ་གསུམ་ཡེ་ཤེས་ལྔར་འགྲུབ་གནས། །ཞེས་གསུངས་སོ། །དབང་ཆེན་བདེ་


DNG018_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་སྤྱི་དྲིལ་རྔོག་མ་ལེ་བརྒན་གྱི་རྒྱུད་ལས། སྐུ་རྒྱན་རྣམ་དག་གི་ལེའུ་སྟེ་བདུན་པའོ།། །།དེ་ནས་དབང་ཆེན་རྟ་ཡི་མཆོག །རྟོགས་པ་བལྟ་བའི་གཏོར་མ་འདི། །རྒྱ་ཆེ་བ་ཡི་རྟོགས་པས་བཅང་། །དེ་ཉིད་ཉམས་སུ་ལོན་པར་བྱ། །འབྱུང་ལྔ་ཡུམ་གྱི་གཏོར་བར་མཁའ། །ཤེས་པས་མ་ཟིན་དུས་བཞིའི་རྫས། །རིགས་དྲུག་ཡེ་ནས་མགྲོན་གྱི་ལྷ། །རང་བཞིན་ལྷ་ཞེས་ཚིམས་པའི་མཆོག །ཆོས་ཅན་མཚན་མར་སྣང་བ་ཀུན། །ཡེ་ནས་ཆོས་ཉིད་མཚན་མ་མེད། །ཆོས་ཅན་ཆོས་ཉིད་དབྱེར་མེད་པས། །རྣལ་འབྱོར་དབང་ཕྱུག་ཡི་དམ་ལྷ། །ལྟ་བ་འདི་ལ་གང་གནས་པའི། །རྣལ་འབྱོར་དབང་ཕྱུག་ཆེན་པོ་རྣམས། །ཡེ་ནས་སྣང་སྲིད་སྣོད་དང་བཅུད། །ལྟ་བའི་གཏོར་མ་ཆེན་པོར་གནས། །མཚན་མ་རྫས་ཀྱི་གཏོར་མ་ཡང་། །ཕྱི་ནང་གསང་བ་དེ་ཁོ་ན། །ཟན་དང་ཁུར་བ་བུ་རམ་དང་། །སྲན་མ་བཙོས་པ་ལྟ་བུ་དང་། །འབྲས་དང་གྲོ་དང་ཏིལ་དཀར་དང་། །བྲ་བོ་མེ་ཏོག་སེར་པོར་གནས། །ནས་མར་དེ་བཞིན་མེ་ཏོག་དང་། །ཏིལ་ནག་སྲན་མ་ནག་པོ་དང་། །ཐམས་ཅད་ལྷུན་གྱིས་གྲུབ་གནས་པས། །ཐམས་ཅད་རྫས་སུ་སྣང་བ་ཉིད། །འོ་མ་ཞོ་དང་མར་དུ་བཅས། །སྦྲང་རྩི་གསེར་གྱི་མདོག་དང་ལྡན། །བུ་རམ་སྨུག་པོས་བརྒྱན་པ་དང་། །བ་དང་འབྲི་གནག་རྫས་དང་བཅས། །རིགས་ཀྱི་སེམས་ཅན་ཁ་དོག་ལས། །འབྱུང་བ་གཏོར་མ་ཉིད་དུ་གནས། །སེམས་ཅན་མ་ལུས་ཤ་ཁྲག་རུས། །ཀླད་པ་རྐང་དང་ཤ་ཁྲག་དང་། །ཐམས་ཅད་གཏོར་མར་གནས་པའོ། །དེ་ཉིད་ཡེ་ནས་ཀུན་གནས་པ། །ཤ་ལྔ་བདུད་རྩི་ཆེན་པོ་ཡང་། །མི་ཤ་གླང་པོ་རྟ་བྱ་ཁྱི། །འདི་དག་ཁ་ཟས་ཆེན་པོ་སྟེ། །རྫས་སུ་ཡང་དག་བསགས་ཏེ་དབུལ། །ཕྱི་སྣོད་ནང་བཅུད་རྫས་འདི་ཀུན། །མཚན་མ་རྫས་ཀྱི་གཏོར་མར་གནས། །གསང་སྔགས་འཆང་བའི་རྣལ་འབྱོར་པས། །ཡེ་ཤེས་ལྷ་རྣམས་རབ་མཆོད་བྱ། །རིག་པ་བྱིན་རླབས་གཏོར་མ་བཤད། །ཕྱི་ནང་གསང་བ་དེ་ཁོ་ན། །འཐོར་བྱེད་རླུང་ནག་ཀུན་འབུད་པས། །སྤྱོད་པ་རླུང་གཡོབ་མེ་ལ་བརྟེན། །སྲེག་བྱེད་བསྐལ་པ་ལྟ་བུ་ཡི། །ཏིང་འཛིན་རླབས་


DNG018_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་མེ་རུ་འབར། །རབ་འཇིགས་ཐོད་པས་འདེགས་པ་ནི། །རྣམ་གསུམ་འབར་བ་བརྗིད་པའི་སྟེང་། །བྷན་དྷ་འཁོར་ཡུག་མཛེས་ལ་ཆེ། །པདྨ་འདབ་མ་བཞི་དབུས་འབར། །རྫས་ནི་འདོད་ཡོན་རྣམ་པ་དྲུག །གཟུགས་དང་སྒྲ་དང་དྲི་དང་རོ། །རེག་བྱ་ཆོས་སུ་སྣང་བ་ཡང་། །ཡེ་ནས་ཀུན་ལ་ཁྱབ་པའོ། །ཨཱོཾ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གྷུ་ཧྱ་ས་མ་ཡ་སྭཱ་ཧཱ། བྷྲཱུཾ་ལས་བྱུང་བའི་གཞལ་ཡས་ཁང་། །རབ་མཛེས་སངས་རྒྱས་བཞུགས་པའི་གནས། །འབྱུང་ལྔའི་སྣོད་ནི་ཀུན་གྱི་གནས། །སངས་རྒྱས་རྣམས་ཀྱི་ཞིང་ཁམས་ཡིན། །བཅུད་ནི་འགྲོ་བ་མ་ལུས་པ། །རང་བཞིན་ལྷུན་གྱིས་གྲུབ་པ་ནས། །ཡེ་ནས་རྒྱལ་བའི་དཀྱིལ་འཁོར་ཉིད། །དེ་ལས་མ་གཏོགས་གཞན་མེད་པའོ། །ཁྱད་པར་དཔལ་གྱི་གཏོར་མ་འདི། །རྒྱུ་མཆོག་ཚོགས་ཀྱི་འཁོར་ལོ་མཆོད། །བསྙེན་བསྒྲུབ་རྣམ་པ་གང་བྱེད་ཀྱང་། །འཛིན་པའི་གཏོར་མ་ཆེན་པོར་བཤད། །བྷྲཱུཾ་སྐྱེས་ལྷ་ཡི་ཁང་པ་ལ། །རབ་ཏུ་མཛེས་པའི་རྒྱན་ལྡན་བསྒོམ། །གཏོར་མ་བདེའུ་གཙོ་བོ་ཐབས་ཤེས་སོ། །མཐེབ་སྐྱུ་འཁོར་ཚོགས་སྤྲུལ་པའི་ཚོགས། །ཡབ་ཡུམ་ལིངྒ་བྷ་གར་སྦྱར། །དྲི་མེད་བདུད་རྩི་བྱང་ཆུབ་སེམས། །དཔའ་བོ་རོ་དང་ཡང་དག་ལྡན། །སློབ་མར་གཏོར་མས་དབང་བསྐུར་བྱ། །དུས་གསུམ་བདེ་གཤེགས་རྒྱལ་བའི་སྐུ། །སྐུ་ཡི་བྱིན་རླབས་ལུས་ལ་ཞུགས། །བདེ་བ་ཆེན་པོའི་དབང་བསྐུར་བས། །ན་ཚ་སྡུག་བསྔལ་སྦྱང་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་རྒྱལ་བ་རྣམས། །གསུང་གི་བྱིན་རླབས་ངག་ལ་ཞུགས། །རྨད་བྱུང་གསུང་སྒྲས་དབང་བསྐུར་བས། །སྒྲ་སྐད་ཀུན་ལ་དབང་བསྒྱུར་ཤོག །དུས་གསུམ་ཕྱོགས་བཅུའི་སངས་རྒྱས་རྣམས། །ཐུགས་ཀྱི་བྱིན་རླབས་སེམས་ལ་ཞུགས། །སྐྱེ་ཤི་མེད་པའི་དབང་བསྐུར་བས། །སྐུ་གསུམ་རྟོགས་པ་འབར་བར་མཛོད། །ཨཱོཾ་སརྦ་ཏ་ཐཱ་ག་ཏཱ་ཡ། དྷརྨ་ཀཱ་ཡ། སཾ་བྷོ་ག་ཀཱ་ཡ། ནིརྨཱ་ཎ་ཀཱ་ཡ། བ་ལིཾ་ཏ། ཨ་བྷི་ཥིཉྩ་ཨ། སྤྱིར་ན་སངས་རྒྱས་རིགས་ལྔ་ཡི། །ཕྲིན་ལས་བསམ་གྱིས་མི་ཁྱབ་ཀྱང་། །


DNG018_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མའི་ཕྲིན་ལས་ལས་རབ་མཆོག །དཔལ་གྱི་གཏོར་མ་སྐུང་ན་ཉལ། །ཤ་ཁྲག་གཏོར་མ་འབེན་དུ་བཅས། །ཞལ་ཟས་གཏོར་མ་བདུད་རྩིར་བསྔོ། །སྤྲུལ་པའི་གཏོར་མ་ཡོངས་ལ་ཁྱབ། །དམ་ཚིག་གཏོར་མ་བསྐྱེད་པར་བྱ། །གཞལ་ཡས་ལྷ་ཡི་དཀྱིལ་འཁོར་ཚོགས། །ཡེ་ཤེས་ལྷ་མོ་འགུགས་པར་བྱ། །ལྷ་དང་འདོད་ཡོན་རིགས་ལྔའི་ཆུ། །གཏའ་གཏོར་རྒྱུན་གཏོར་གཏོར་དབང་བསྐུར། །གཉིས་མེད་གཏོར་མ་དབུལ་བར་བྱ། །བྷ་ལ་ལྷ་ཐིམ་དབུལ་བ་དང་། །དབྱིངས་ལ་ཡེ་ཤེས་ཐིམ་པ་དང་། །ཡེ་ཤེས་ལ་ཡང་ཡེ་ཤེས་རོལ། །ཆོས་ཉིད་ལ་ཡང་ཆོས་ཉིད་ཐིམ། །བདུད་རྩི་རང་ལུས་ལྷ་རུ་གསལ། །གཏོར་མ་གཏང་བར་བྱ་བ་ནི། །བསྒྲུབ་པ་གཏའ་ཡི་གཏོར་མ་ཡང་། །ཆོས་ཀྱི་དབྱིངས་སུ་གཏང་བ་དང་། །ལས་བཞི་སྦྱིན་སྲེག་བྱ་བ་དང་། །མི་ཟད་ལོངས་སྤྱོད་གཏེར་དུ་སྦ། །ཡུན་དུ་གཏོར་མ་བསྒྲུབ་བྱས་ནས། །ཚུགས་པར་བསྐྱལ་ནས་གཤེགས་པ་དང་། །གཏོར་སྣོད་མནན་ལ་བྲོ་ཡིས་སྦྱང་། །གཏོར་མའི་ལས་རྣམས་རྫོགས་པར་བྱ། །ཤ་ཁྲག་དམར་ལས་བསྒྲུབ་པ་ནི། །གང་ལ་བསྲུང་ན་གཉེར་དུ་གཏད། །སྡང་གནོད་ཀུན་ལ་ཟོར་དུ་འཕང་། །ཐམས་ཅད་མ་ལུས་གནན་པར་བྱ། །སྤྲུལ་པ་གང་ལ་གང་འདོད་པར། །འདས་དང་འཇིག་རྟེན་ཡོངས་ལ་བསྔོ། །ཚད་མེད་ཐུགས་རྗེའི་གཏོར་མ་འདི། །ཡིད་བཞིན་ནོར་བུ་རིན་པོ་ཆེ། །དབང་གི་རྒྱལ་པོ་ཆེན་པོ་ལས། །ཏྲཱཾ་ལས་འདོད་པའི་ཡོན་ཏན་འབྱུང་། །ཏྲཱཾ་རཏྣ་ཏྲེ་ལོཀྱ། མཻ་ཏྲི་ཀ་རུ་ཎ། སུ་ཁ་ས་མ་ཡ། ཨ་ནྲྀ་སུ་ཏྲི་པྲེ་དུ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་སྐུའི་མཆོད་པ་གཏོར་མའི་ཏིང་ངེ་འཛིན་ཏོ། །དེ་ལས་རྟ་མཆོག་རྟ་མགྲིན་ལ། །དོན་དམ་རང་བཞིན་རཀྟ་ནི། །འཁོར་འདས་ཀུན་ལ་ཁྱབ་པར་གནས། །ཆོས་དབྱིངས་མཚན་མའི་སྤྲོས་པ་བྲལ། །རྣམ་པར་རྟོག་པའི་བློས་མ་བསླད། །རང་བཞིན་མ་བཅོས་སར་གནས་པ། །ཆོས་རྣམས་འབྱུང་བའི་གཞིར་གྱུར་ནི། །ཀུན་ཏུ་བཟང་མོ་ཡུམ་གྱི་མཁའ། །དུས་གསུམ་སངས་རྒྱས་ཀུན་བཞུགས་པ། །བཅོམ་ལྡན་དེ་བཞིན་གཤེགས་


DNG018_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱི། །སྐུ་དང་གསུང་ཐུགས་རྡོ་རྗེ་སྙིང་། །བཙུན་མོའི་བྷ་གའི་ནང་ན་བཞུགས། །མ་རྟོགས་ཁམས་གསུམ་སེམས་ཅན་རྣམས། །དེར་གནས་དེ་ལས་འབྱུང་བ་ནི། །གཞན་མིན་དེ་ལས་འཕྲུལ་བའོ། །མ་རྟོགས་འཁྲུལ་པའི་རཀྟ་ནི། །ཀུན་རྫོབ་སྣོད་དང་བཅུད་དུ་ཤར། །ས་ཆུ་མེ་རླུང་ནམ་མཁའ་ལྔ། །ཡུམ་ལྔའི་རཀྟར་སྣང་བ་དང་། །འབྱུང་བ་ལྔ་ཡི་རཀྟ་འཛག །བྲག་ཞུན་ཕྱོགས་བཞི་དབུས་ལྔ་ནས། །ཡུམ་གྱི་པདྨ་རཀྟ་ཐིག །ཐམས་ཅད་མ་ལུས་རཀྟར་སྣང་། །སེམས་ཅན་ཀུན་ལ་གནས་པ་ཡི། །ཆགས་པའི་རཀྟའི་རྒྱ་མཚོ་ནི། །ཁྲག་གི་ཆུ་ཡིས་གླིང་བཞི་འདེགས། །ཁྲག་གིས་གསོ་བྱེད་ལྟེ་བའི་བཅུད། །ཁྲག་གིས་ཀུན་ངོམས་སྲོག་བཅུད་འཛིན། །མཚན་མ་རྫས་ཀྱི་རཀྟ་ནི། །བྱིན་བརླབ་ལྷ་ལ་དབུལ་བར་བྱ། །ཕྱི་ཡི་རཀྟ་མཚལ་ལ་སོགས། །འབྱུང་བ་དམར་པོར་སྣང་བ་དང་། །ནང་གི་རཀྟ་སེམས་ཅན་ཀུན། །སྣ་ཚོགས་པ་ཡི་ཁྲག་རྣམས་སྦྱར། །གསང་བའི་རཀྟ་ཆེན་པོ་ནི། །འབྲས་བུ་ལྔ་བསྒྲལ་བུད་མེད་ཁྲག །དེ་ཁོ་ན་ཉིད་ཆོས་ཀྱི་དབྱིངས། །མཐར་འཛིན་ལྟ་ངན་བརླག་པར་མཛད། །སྒྲུབ་པའི་རྣལ་འབྱོར་མིང་སྲིང་རྣམས། །རཀྟ་རྟོགས་པར་གྱུར་ནས་ཤོམ། །རྣལ་འབྱོར་དབང་ཕྱུག་ཆེན་པོ་ཡིས། །རཀྟ་བསྐྱེད་ཅིང་སྤྲོ་བ་ཡང་། །བྷནྡྷ་པདྨའི་ཞལ་བུ་ནང་། །པདྨ་རཀྟ་སྣ་ཚོགས་ཁྲག །བདུད་རྩི་ཆུ་ཡི་དཔའ་བོར་སྦྱར། །མ་དང་མཁའ་འགྲོ་འདུ་བའི་རྫས། །ལྷར་གསལ་ཐུགས་ལས་ཡི་གེ་རཾ། །རཀྟའི་རྒྱ་མཚོ་རྦ་རླབས་འཁྲུགས། །རཀྟ་མཱུ་ལ་ཀ་ཛྭ་ལ་མཎྜ་ལ་ཧཱུཾ།ཁམས་གསུམ་སྣོད་བཅུད་རཀྟ་དགུག །རཾ་ལས་སྤྲོ་བར་བྱ་བའི་འོད། །མཆོད་པ་ཕུལ་ནས་ཐུགས་དམ་བསྐུལ། །སྣོད་བཅུད་རཀྟ་ཀུན་བསྡུས་ཐིམ། །རྦ་རླབས་འཕྱོ་བ་དམར་ལ་འཁྲུགས། །རཀྟ་རཾ་སྥ་ར་ཎ་ཕཊ། རཀྟ་ཁཾ་སཾ་ཧ་ར་ཎ་ཧཱུཾ།དོན་རྟགས་ལྡན་པའི་རཀྟ་དབུལ། །འཁོར་ཡུག་སྣོད་ཀྱི་གཞལ་ཡས་ན། །ཁྲག་མཚོ་དམར་ནག་འཁྱིལ་པའི་བཅུད། །རྐང་ཆེན་


DNG018_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་རྩེ་ལྔའི་སྐྱོགས། །དང་པོ་སྣང་སྲིད་རཀྟས་ཁེངས། །གཉིས་པ་རང་གི་སྣོད་དུ་འདུས། །གསུམ་པ་རྦ་རླབས་འཁྲུགས་པའོ། །ཁཾ་རཾ་སྟོང་ཁམས་རཀྟས་ཁེངས། །ཁཾ་རཾ་སངས་རྒྱས་མཁའ་འགྲོས་གསོལ། །ཁཾ་རཾ་མཆོད་མཉེས་དངོས་གྲུབ་སྟེར། །བདུད་རྩི་སྨན་དང་བསྲེས་པ་དབུལ། །རཀྟ་ཛྭ་ལ་མཱུ་ལ་ཀ་ཁ་རཾ་ཁཱ་ཧི། དོན་རྟོགས་རཀྟས་ཀུན་སངས་རྒྱས། །རིགས་ལྔ་རྒྱལ་བ་ཡབ་དང་ཡུམ། །ཡེ་ཤེས་ལྔ་པོ་ལྷན་ཅིག་སྐྱེས། །གཉིས་མེད་ཆོས་ཀྱི་དབྱིངས་ན་བཞུགས། །གསུང་རཀྟའི་མཆོད་པའི་ཏིང་ངེ་འཛིན་ཏོ། །དེ་ནས་དབང་མཆོག་རྒྱལ་པོ་ཡིས། །ལྟ་བ་རང་གནས་བདུད་རྩི་གསུངས། །ལུས་ཁམས་བདུད་རྩི་ཆེན་པོ་ལྔ། །ཕུང་པོ་ལྔ་ཡི་རྒྱལ་བ་མཆོད། །བསྒོམ་པ་ཉམས་བླང་བདུད་རྩི་བླང་། །ཆེད་ཀྱི་དམ་ཚིག་བདུད་རྩི་བསྒོམ། །སྟོང་པའི་ངང་ལས་ལས་ཀྱི་ལྷ། །ལྗང་ནག་རྡོ་རྗེ་རྒྱ་གྲམ་བསྣམས། །གཡོ་བའི་རླུང་དང་འབར་བའི་མེ། །ཐོད་པའི་སྟེང་ན་བྷནྡྷའི་སྣོད། །ཉི་མ་ཟླ་བའི་ཁ་བཅད་པའི། །ནམ་མཁའ་རྡོ་རྗེ་རྩེ་ལྔ་བསྒོམ། །གསུང་གི་ཆོ་ག་བྱ་བ་ནི། །དཔའ་བོ་འབྲུ་ལྔའི་ཡིག་འབྲུ་ལས། །ཐུགས་ཀྱི་ཕྱག་མཚན་རྣམ་ལྔར་འགྱུར། །རྒྱལ་བ་རིགས་ལྔའི་ལྷ་སྐུ་བསྒོམ། །ཡེ་ཤེས་བདུད་རྩི་དགུག་པར་བྱ། །རྟ་ཡི་རྒྱལ་པོའི་ཕྱག་རྒྱ་བཅས། །ལུ་གུ་རྒྱུད་ཀྱི་ཕྲེང་ཐག་བཟུང་། །འོད་འཕྲོས་འོག་མིན་སྐུ་ལྔ་གཉིས། །ནམ་མཁར་སྤྱན་དྲངས་འོད་དུ་ཞུ། །ཡེ་ཤེས་བདུད་རྩི་ཆེན་པོར་དགུག །ན་བའི་སྨན་ལ་འཆི་བའི་གསོས། །ཨོཾ་ཨཱཿཧཱུཾ། སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཧྲཱྀཿཐ། གཉིས་སུ་མེད་པའི་བདུད་རྩི་ལས། །རྣལ་འབྱོར་པ་ཡི་སོར་མོ་ལྔ། །ཡེ་ནས་རིགས་ལྔར་གནས་པས་གཏོར། །རྣལ་འབྱོར་པ་ཡི་ཆག་ཉམས་སྐོང་། །སྒྲུབ་པ་པོ་ཡི་བར་གཅོད་སེལ། །བསྒྲུབ་པའི་གནས་ཁང་བཀྲ་ཤིས་མཛད། །མཆེད་ལྕམ་ལྟ་བ་ཡོ་བ་སྲོང་། །མ་དང་མཁའ་འགྲོ་སངས་རྒྱས་མཉེས། །དམ་ཉམས་དམ་སྲི་བགེགས་མཚམས་ཆོད། །མཆོད་པའི་རྫས་རྣམས་གསང་བར་བྱ། །ཨཱོཾ་བཛྲ་


DNG018_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ཡཀྴ་ཀྲོ་དྷ་ཧཱུཾ་ཧ་ན་ཧ་ན་ཧཱུཾ་ཕཊ། ཨཱོཾ་དྷརྨ་ཨ་མྲྀ་ཏ་བི་ཤུདྡྷེ་ཧཱུཾ་ཕཊ། དྲིན་ལེན་གསང་ནན་མཆོད་པ་འདྲེན། །བདུད་རྩི་ཕྱག་བསྣམས་འཛབ་བརྗོད་པས། །བྱིན་བརླབ་བསྒོམ་པའི་ངར་ཡང་གདགས། །ཐེག་དམན་སྤྱོད་པ་ཟིལ་མནན་ཕྱིར། །སྨན་གྱི་ཆེ་བའི་ཡོན་ཏན་བརྗོད། །རྣམ་རྟོག་ངན་པས་རྒྱུད་བཅིངས་པ། །སྨན་ལ་བཤགས་པ་རབ་ཏུ་བྱ། །བསྒྲུབས་པས་ལས་ལ་འབྲས་སྨིན་པས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བླང་། །དྲིན་ལ་ལན་གྱིས་བླན་པའི་ཕྱིར། །གསང་ནན་སྦྲེང་མཆོད་དབུལ་བར་བྱ། །ཚོགས་བསག་སྒྲིབ་པ་སྦྱང་བའི་ཕྱིར། །འདོད་པའི་དོན་ལ་གསོལ་བ་གདབ། །ངས་ནི་མ་འོངས་ཕྱི་རབས་ལ། །དགོངས་པའི་གོལ་ས་གཅད་པའི་ཕྱིར། །ཁྱེད་ལ་ལེགས་པར་བཤད་པར་བྱ། །བདག་གཞན་དོན་དུ་རབ་ཏུ་ཉོན། །ཡེ་ནས་ལུས་ཁམས་བདུད་རྩི་ལྔ། །རྒྱལ་བ་རིགས་ལྔར་གནས་པ་ཡིན། །དགོངས་པ་འཛབ་ལ་བརྟེན་བྱས་ནས། །ལྕགས་ལ་ངར་བཏབ་བཞིན་དུ་འགྱུར། །རང་ལུས་བདུད་རྩི་ཆེན་པོར་གནས། །དྲི་ཆེན་རྣམ་སྣང་ཆོས་ཀྱི་དབྱིངས། །བྱང་སེམས་མི་བསྐྱོད་མེ་ལོང་བཞིན། །ཤ་ཆེན་རིན་འབྱུང་མཉམ་པ་ཉིད། །རཀྟ་སྣང་མཐའ་སོ་སོར་རྟོག །དྲི་ཆུ་དོན་གྲུབ་བྱ་བ་གྲུབ། །ཐམས་ཅད་མ་ལུས་བདུད་རྩི་ལྔ། །ལུས་པ་མེད་པར་ཡེ་སངས་རྒྱས། །ཕྱོགས་བཅུའི་རྒྱལ་བ་མ་ལུས་དང་། །ཡི་དམ་བླ་མར་བཅས་པ་དང་། །གྲུབ་ཐོབ་རྡོ་རྗེ་མིང་སྲིང་སོགས། །དུས་གསུམ་ཕ་མའི་ཚོགས་ལ་དབུལ། །ཡེ་ནས་བདུད་རྩི་རྣམ་དག་པ། །མཆོག་དང་ཐུན་མོང་གྲུབ་རྫས་ལ། །མ་རིག་མ་རྟོགས་ལོག་པར་བཟུང་། །དོན་དང་འགལ་བ་བཟོད་པར་གསོལ། །བདུད་རྩི་ཆེན་པོའི་རྒྱ་མཚོ་ནས། །ཐབས་དང་ཤེས་རབ་འདྲེལ་བ་ཡི། །མཐེབ་སྲིན་རྩེ་སྦྱར་ཨེ་ཡི་གཟུགས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བླང་། །སྲིད་གསུམ་མ་ལུས་སེམས་ཅན་གྱི། །ཤ་ཡི་མཆོད་པ་འདི་བཞེས་ལ། །མ་རིག་གཏི་མུག་གསལ་བ་དང་། །གཟུགས་མེད་འཁོར་བ་སྟོངས་ནས་ཀྱང་། །མི་རྟོག་དངོས་གྲུབ་བདག་ལ་སྩོལ། །ཁམས་གསུམ་འགྲོ་བ་ཐམས་ཅད་ཀྱི། །


DNG018_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་གི་མཆོད་པ་འདི་བཞེས་ལ། །འདོད་ཆགས་ཞེན་པ་བཅད་པ་དང་། །འདོད་ཁམས་འཁྲུལ་པ་བཟློག་པའི་ཕྱིར། །བདེ་བ་ཆེན་པོའི་དངོས་གྲུབ་སྩོལ། །སྟོང་གསུམ་མ་ལུས་ཐམས་ཅད་ཀྱི། །རུས་པའི་མཆོད་པ་འདི་བཞེས་ལ། །གཟུགས་ཁམས་འཁོར་བ་རྒྱུན་ཆོད་ལ། །གསང་བའི་དངོས་གྲུབ་སྩལ་དུ་གསོལ། །དུག་གསུམ་རྒྱུ་རྣམས་གཏན་ནས་ཕྱུང་། །བདེ་གསལ་མི་རྟོག་ཤར་བར་མཛོད། །ཁམས་གསུམ་འཁོར་བ་དོང་ནས་སྤྲུགས། །མཆོད་པ་དམ་པ་བཞེས་སུ་གསོལ། །ཆོས་ཀྱི་སྤུན་གྱིས་བསྡུས་པ་ཡིས། །རྡོ་རྗེ་མཆེད་དང་ལྕམ་དྲལ་རྣམས། །འཕྲལ་གྱི་རྐྱེན་བགེགས་བཟློག་པ་དང་། །ཡུན་གྱི་སྒྲིབ་པ་སྦྱོང་བ་དང་། །སྐུ་དང་གསུང་དང་ཐུགས་རྣམས་ཀུན། །མི་ཟད་རྒྱན་གྱི་འཁོར་ལོའི་མཛོད། །ཐུགས་བདུད་རྩིའི་མཆོད་པའི་ཏིང་ངེ་འཛིན་ཏོ། །དེ་ནས་བཅོམ་ལྡན་རྟ་མགྲིན་གྱིས། །ཕྱི་རབས་རྣལ་འབྱོར་དོན་དགོངས་ནས། །ཆེ་བའི་རང་བཞིན་བསྟན་པའི་ཕྱིར། །ཉིད་ལ་བསྟོད་པ་འགྲོ་དོན་གསུངས། །ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་ནས། །ལྷུན་གྱིས་གྲུབ་པའི་ཕོ་བྲང་ནས། །སྙིང་པོ་བྱང་ཆུབ་དགོངས་པ་ལས། །ཐུགས་རྗེ་ཆེན་པོའི་སྐུར་སྟོན་པ། །སྣང་བ་མཐའ་ཡས་ཚེ་དཔག་མེད། །སྤྲུལ་སྐུའི་བྱང་སེམས་སྤྱན་རས་གཟིགས། །འདུལ་ཕྱིར་སྐུ་ཁྲོས་རྟ་མགྲིན་དཔལ། །ཐུགས་རྗེས་བྱོན་ལ་ཕྱག་འཚལ་བསྟོད། །སྟོང་ཉིད་ཡེ་ཤེས་མཚན་མ་བྲལ། །མེ་ལོང་ཡེ་ཤེས་འགག་མེད་གནས། །སྟོང་གསལ་སྐྱེ་བ་མེད་པའི་ངང་། །སྟོང་རིག་ཆོས་སྐུ་ཆེན་པོ་ལས། །གཟུགས་སྐུ་ལོངས་སྤྱོད་རྫོགས་པར་བསྟན། །མཐའ་དབུས་མི་ཕྱེད་མཉམ་པ་ཉིད། །ཆོས་རྣམས་རང་བཞིན་སོ་སོར་རྟོག །ས་བཅུ་ལོངས་སྤྱོད་རྫོགས་སྐུར་བསྟན། །རིགས་དྲུག་འཁོར་བའི་སེམས་ཅན་ལ། །ཇི་ལྟར་མོས་པས་མཐུན་འདུལ་བ། །མཛད་པ་མཐར་ཕྱིན་སྤྲུལ་པའི་སྐུ། །དབང་ཆེན་སྐུ་ལ་ཕྱག་འཚལ་བསྟོད། །མ་སྐྱེས་ཨ་ནི་ཀུན་གྱི་སྲོག །འགག་མེད་ཀ་ཚོགས་རྣམ་པར་སྤྲུལ། །ཟབ་དང་རྒྱ་ཆེའི་ཆོས་རྣམས་ཀུན། །ཨཱ་


DNG018_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

ལི་ཀཱ་ལིའི་ཚོགས་ལས་སྤྲུལ། །འཁོར་འདས་གཏན་ལ་འབེབས་བྱེད་པ། །རྨད་བྱུང་ཆོས་ཀྱི་འཁོར་ལོ་བསྐོར། །མ་སྐྱེས་ཡུལ་ལ་དགྱེས་པས་ཧེ། །བེམ་སྟོང་ཆོས་ཉིད་དབྱིངས་སུ་དགྱེས། །མ་རྟོགས་སེམས་ལ་ཆགས་པས་རུ། །ཐུགས་རྗེ་ཆེན་པོས་འགྲོ་ལ་ཆགས། །ཡུལ་སེམས་གཉིས་མེད་ལས་མཛད་ཀ །བདག་གཞན་གཉིས་མེད་ཕྲིན་ལས་མཛད། །ཧེ་རུ་ཀ་དཔལ་ཁྲོ་བོའི་གཙོ། །པདྨའི་རྒྱལ་པོའི་ཁྲོ་བོའི་སྐུ། །ཧ་ཧ་ཧི་ཧིའི་སྒྲ་སྒྲོག་པ། །དབང་ཆེན་གསུང་ལ་ཕྱག་འཚལ་བསྟོད། །མ་སྐྱེས་སེམས་ཀྱི་དཀྱིལ་འཁོར་ནས། །ཆོས་རྣམས་རྩ་བ་གཏན་ལ་འབེབས། །ཀུན་གཞི་སེམས་ཀྱི་ཕོ་བྲང་དུ། །ལས་དང་བག་ཆགས་གཏིང་ནས་གྲོལ། །ཡུལ་སེམས་གཉིས་སུ་འཛིན་པའི་ཡིད། །ཕྱི་ནང་གཟུང་འཛིན་རྣམ་པར་གྲོལ། །གཏི་མུག་མི་འབྱེད་རྟོག་དང་བྲལ། །ཞེ་སྡང་འོད་གསལ་ཆེན་པོར་འབར། །འདོད་ཆགས་བདེ་བ་ཆེན་པོར་ཤར། །ང་རྒྱལ་ལྟ་སྒོམ་རི་བོས་གནོན། །ཕྲག་དོག་བལྟ་ངན་ཤོང་མི་བྱེད། །དབང་ཆེན་ཐུགས་ལ་ཕྱག་འཚལ་བསྟོད། །ཁྱོད་ནི་ཡིད་བཞིན་རིན་པོ་ཆེ། །ཀུན་གྱི་འདོད་པ་མ་ལུས་སྐོང་། །ཁྱོད་ནི་ལྷ་ཡི་དཔག་བསམ་ཤིང་། །ན་བཟའ་ཞལ་ཟས་རྩོལ་བ་བྲལ། །ཁྱོད་ནི་བུམ་པ་བཟང་པོའི་གཏེར། །བདུད་རྩི་ཆེན་པོའི་ཆུ་བོ་འབེབས། །ཁྱོད་ནི་སྟོང་ཉིད་ནམ་མཁའི་མཛོད། །སྐུ་དང་ཡེ་ཤེས་དཀོར་གྱི་བདག །ཐེག་མཆོག་བསྟན་པའི་ས་གཞི་ལས། །ཞི་གནས་ཆུ་ཡིས་ཀུན་ཏུ་ཚིམ། །ལྷག་མཐོང་མེ་ཡིས་བག་ཆགས་བསྲེགས། །འཐོར་བྱེད་རླུང་གི་འཁོར་ལོ་ཡིས། །སྟོང་གསུམ་འགྲོ་བའི་དོན་མཛད་པ། །འཇིག་རྟེན་ཉི་ཟླའི་དཀྱིལ་འཁོར་ལྟར། །འགྲོ་དྲུག་མུན་པ་ཀུན་སེལ་བ། །དབང་ཆེན་ཡོན་ཏན་ཕྱག་འཚལ་བསྟོད། །སྒེག་པའི་ཉམས་ཀྱིས་སྒེག་པའི་གར་མཛོད་ལ། །འདོད་ཆགས་དབང་ཕྱུག་འདུལ་བར་མཛོད། །ཁྱོད་ནི་དཔའ་བོ་ཆེན་པོ་སྟེ། །ལྷ་མིན་པ་སུ་ཀ་ར་འདུལ་བར་མཛོད། །འཇིགས་


DNG018_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཆེན་པོ་འཇིགས་པའི་སྐུ། །ཁྱབ་འཇུག་ཆེན་པོ་འདུལ་བར་མཛོད། །སྐུ་ཡི་གར་གྱིས་སྐུ་ཡི་གར་མཛོད་ལ། །བདག་གི་ལུས་ལ་གར་རྣམས་འཆར་བར་མཛོད། །རྒོད་པའི་ཉམས་ཀྱིས་ཧ་ཧ་བཞད་པ་ནི། །གཞོན་ནུ་སྨིན་དྲུག་རྟ་སྐད་དྲག་པོས་བཏུལ། །གཤེ་བའི་གར་གྱིས་ཧི་ཧི་གཤེ་བ་ནི། །ཚོགས་ཀྱི་བདག་པོ་གླང་པོའི་སྣ་ཅན་བཏུལ། །རྔམ་པའི་གར་གྱིས་ཧྲིང་ཧྲིང་ཟ་བྱེད་རྔམ། །སྒྲ་གཅན་རཱ་ཧུ་ལ་ནི་རྔམ་པས་བཏུལ། །གསུང་གི་གར་གྱིས་གསུང་གི་གར་མཛོད་ལ། །བདག་གི་ངག་ལ་སྔགས་སུ་འཆར་བར་མཛོད། །སྙིང་རྗེའི་གར་གྱིས་ཐུགས་རྗེའི་རོལ་པར་མཛད། །བརྒྱ་བྱིན་གླང་ཆེན་ཞོན་པ་སྒྲོལ་བར་མཛོད། །ངོ་མཚར་གར་གྱིས་ངོ་མཚར་བསྐྱེད་པར་མཛད། །ཀླུ་ཆེན་སེ་ཤ་ར་ཙ་བསྒྲལ་བར་མཛོད། །ཞི་བའི་གར་གྱིས་ཞི་བ་འདུལ་མཛད་པ། །མེ་ལྷ་དྲང་སྲོང་ཆེན་པོ་སྒྲོལ་བར་མཛོད། །ཐུགས་ཀྱི་གར་གྱིས་ཐུགས་ཀྱི་གར་མཛོད་ལ། །བདག་གི་སེམས་ལ་ཉམས་རྣམས་འཆར་བར་མཛོད། །བཅོམ་ལྡན་དཔལ་ཆེན་པདྨ་ཧེ་རུ་ཀ །གར་དགུའི་ཕྲིན་ལས་མཛད་ལ་ཕྱག་འཚལ་བསྟོད། །ལྷ་མཆོག་ཁྱོད་ལ་བདག་གིས་བསྟོད་པ་ཡིས། །སེམས་ལ་ཉམས་ཀྱི་སྣང་བ་ནང་དུ་འཆར། །ལུས་ལ་གར་གྱི་སྣང་བ་ཕྱི་རུ་འཆར། །ངག་ལ་སྔགས་ཀྱི་སྣང་བ་འཆར་བར་བྱེད། །ཡུལ་ལ་མཐོང་སྣང་སྣང་བ་འཆར་བ་དང་། །བག་ཆགས་རྨི་ལམ་སྣང་བ་རྨི་བར་མཛོད། །ཅེས་ཕྱིས་འབྱུང་བའི་རྣལ་འབྱོར་པ་ལ་མཆོད་ཅིང་བསྟོད་པ་ལུང་བསྟན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དབང་ཆེན་རྟ་མགྲིན་བདེ་གཤེགས་འདུས་པ་པདྨ་གསང་བ་བཀོད་པ་རྔོག་མ་ལེ་བརྒན་གྱི་རྒྱུད་ལས། མཆོད་བསྟོད་ཀྱི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་གསུངས་པ། རྣལ་འབྱོར་དབང་ཕྱུག་ཆེན་པོ་ཡིས། །ཡང་གསང་རྨད་བྱུང་དགོངས་པ་ལ། །བསྙེན་པ་ཐེམས་པར་གྱུར་པ་ན། །ཆོས་སྐུ་སྙིང་པོ་བྱང་ཆུབ་སེམས། །དེ་ཉིད་ཤེས་པ་སྤྲོས་དང་བྲལ། །ས་ཐོབ་སྤྱོད་ཡུལ་གཞལ་ཡས་ནས། །དགོངས་པ་ལྟ་ཅན་ལོངས་སྤྱོད་རྫོགས། །མོས་


DNG018_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་འགྲོ་ལ་སྣང་གྱུར་པ། །ཐུབ་པ་ཆོས་ཀྱི་ཕུང་པོ་ཅན། །རྒྱལ་བ་སྐུ་གསུམ་དག་དང་མཉམ། །རྣལ་འབྱོར་རབ་ཀྱི་དགོངས་པར་གསུངས། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་དང་། །དུས་གསུམ་གཤེགས་པའི་རྒྱལ་བ་རྣམས། །ཐུགས་དམ་རྒྱུད་ནས་བསྐུལ་བ་ནི། །རྣལ་འབྱོར་འབྲིང་གི་དགོངས་པ་ཡིན། །ལུས་ནི་ལྷ་སྐུའི་དཀྱིལ་འཁོར་བསྒོམ། །ངག་ནི་བཟླས་པའི་གསང་སྔགས་ཅན། །ཐུགས་ནི་ཡང་དག་དོན་དུ་བལྟ། །རྟགས་ཙམ་འཛིན་པར་རབ་གནས་པ། །རྣལ་འབྱོར་ཀུན་གྱི་དགོངས་པ་སྟེ། །རབ་ཏུ་འབད་ནས་བསྒོམ་པ་ཡང་། །རྣལ་འབྱོར་ཐ་མའི་དགོངས་པ་ཡིན། །དེ་དག་རྣལ་འབྱོར་བརྡ་སྐད་གསུངས། །མ་ལྟར་བྱམས་ལ་སྲིང་ལྟར་གདུང་། །མ་མོ་མཁའ་འགྲོ་རྣལ་འབྱོར་མ། །ཕེཾ་ཕེཾ་ཧྲི་ཡི་སྒྲ་དག་ལ། །ཐལ་མོའི་སྒྲ་དང་རྔེའུ་ཆུང་སྒྲ། །རྐང་གི་གླིང་བུ་ཐོད་པའི་རྔ། །ཅང་ཏེའུ་སྒྲ་རྣམས་བསྒྲགས་པ་དང་། །ཞིང་གི་གཡབ་མོས་གཡབ་པ་ནི། །དང་པོ་བརྡ་ཡང་སྤྲད་པར་བྱ། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །བདེ་གཤེགས་མཁའ་འགྲོ་ཆེན་མོ་དང་། །རྡོ་རྗེ་ཞེ་སྡང་སྲོག་ལ་རྔམས། །རིན་ཆེན་ང་རྒྱལ་ཤ་ཟ་མོ། །པདྨ་འདོད་ཆགས་ཁྲག་འཐུང་མ། །ལས་ཀྱི་ཕྲིན་ལས་ཆེན་པོ་རྣམས། །ནམ་མཁའ་བར་སྣང་སྤྲིན་བཞིན་དུ། །ཀློང་རྡོལ་བྱ་ནག་འབབ་པ་ལྟར། །གཏི་མུག་ཤ་ཡི་ས་གཞི་ལ། །འདོད་ཆགས་ཁྲག་གི་རྒྱ་མཚོ་འཁྱིལ། །ཞེ་སྡང་རུས་པའི་རི་རབ་ལ། །མི་རྟོག་བདེ་གསལ་ཉམས་སྐྱེ་ཞིང་། །ཁམས་གསུམ་གདུག་པའི་དགྲ་དང་བགེགས། །སྒྲོལ་ཕྱིར་འགྱིངས་ཤིང་རྔམས་པ་ཡིས། །རབ་ཏུ་གནས་སུ་འབྱུང་བ་ནི། །བར་དུ་ཀློང་རྡོལ་བྱོན་པ་ཡིན། །དུག་གསུམ་གཏོར་མས་ཚིམ་པ་དང་། །བདུད་རྩི་ཆེན་པོས་ཚིམ་པ་དང་། །རཀྟ་དམར་གྱིས་དགྱེས་པས་ནི། །མངག་པའི་གནས་སུ་ཡུད་ཙམ་འགྲོ། །དགྲ་དང་བགེགས་རྣམས་རབ་འགུགས་པ། །དཔེར་ན་སྐྱེས་བུ་བཙོན་བཟུང་བཞིན། །


DNG018_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

རང་དབང་མེད་པར་འགུགས་པ་ནི། །རྨད་བྱུང་དཀྱིལ་འཁོར་ནང་དུ་དྲང་། །རླུང་གི་སྟོབས་ཀྱིས་འོང་བ་ནི། །ཐ་མར་ལས་ལ་བཀྱེ་བའོ། །བདག་གི་རྣལ་འབྱོར་བསམ་གཏན་ཅན། །རྟ་སྐད་ཐེངས་གཅིག་བསྒྲགས་པ་ཡིས། །བསྒྲུབ་པའི་རྣལ་འབྱོར་ཆེན་པོ་རྣམས། །རྩ་བ་ཡན་ལག་དམ་ཚིག་རྣམས། །ཉམས་ཆག་བསྐངས་པར་གྱུར་ནས་ནི། །ཐུན་མོང་གྲུབ་ཆེན་བརྒྱད་ལ་སོགས། །མཆོག་གི་སྐུ་གསུང་རང་གསལ་བ། །གཡར་དམ་ཅན་ལ་དངོས་གྲུབ་སྟེར། །རྟ་སྐད་ཐེངས་གཉིས་བསྒྲགས་པ་ཡིས། །རྗེ་མོ་བློན་མོ་མ་སྲིང་དང་། །བྲན་དང་ཕོ་ཉ་བཀའ་ཉན་དང་། །མ་མོ་མཁའ་འགྲོ་རྣལ་འབྱོར་མ། །དམ་ལ་གནས་པ་ཐམས་ཅད་ཀྱང་། །ཚར་བཅད་རྗེས་སུ་ཕྲིན་ལས་མཛད། །ཞི་དང་རྒྱས་དང་དབང་དང་དྲག །དྲག་དབང་རྒྱས་དང་ཞི་བར་བྱེད། །རྟ་སྐད་ཐེངས་གསུམ་བསྒྲགས་པ་ཡི། །མོས་པ་ཆུང་བའི་ཉན་ཐོས་ལ། །བདེན་པ་བཞི་ཡི་ཆོས་ཀྱང་སྟོན། །དམིགས་པ་ཕྲ་བའི་རང་རྒྱལ་ལ། །རྟེན་འདྲེལ་བཅུ་གཉིས་ཆོས་བཤད་དེ། །ཐེག་ཆེན་བྱང་ཆུབ་སེམས་དཔའ་ལ། །ཀུན་རྫོབ་དོན་དམ་ཆོས་ཀྱང་གསུངས། །བྱ་བ་ལས་ཀྱི་ཀྲི་ཡ་ལ། །རིགས་གསུམ་མགོན་པོར་རྣམ་པར་སྣང་། །ཨུ་པ་ཡ་ལ་རིགས་བཞི་ཉིད། །ལྟ་བ་སྤྱོད་པ་སྟོན་པ་དང་། །ཡོ་ག་རིགས་ལྔ་མངོན་བྱང་ཆུབ། །ཀུན་རིག་རྣམ་སྣང་ཆེན་པོར་གསུངས། །རྣལ་འབྱོར་ཆེ་ལ་ཐབས་ཆེན་སྣང་། །རྗེས་སུ་རྣལ་འབྱོར་ཡབ་ཡུམ་ཆེ། །ཤིན་ཏུ་རྣལ་འབྱོར་ཆོས་ཀྱི་སྐུ། །རྒྱུད་ལུང་མན་ངག་སྣང་བའོ། །རྟ་སྐད་ཐེངས་གསུམ་དགོངས་པའི་ཏིང་འཛིན་ཏོ། །དེ་ནས་སངས་རྒྱས་རྟ་ཡི་མཆོག །ཕྱོགས་བཅུར་བཞུགས་པའི་རྒྱལ་བ་དང་། །དུས་བཞིར་གཤེགས་པའི་བདེ་གཤེགས་ཀྱིས། །དབང་ཆེན་ལས་ལ་སྦྱར་ནས་གསུངས། །དྲག་པོའི་གནས་ནས་ས་བླང་ལ། །གང་གནོད་ས་བླང་བསྲེས་ནས་ཀྱང་། །དཀྱིལ་འཁོར་དཀྱིལ་དུ་མཐིང་ནག་ཨེ། །ཟླ་གམ་རྣམ་གསུམ་དམར་པོ་འམ། །ཟླུམ་པོ་ཞི་བ་དཀར་ལ་


DNG018_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་། །གྲུ་བཞི་སེར་པོ་རྒྱས་པ་ལ། །སྒོ་དང་རྡོ་རྗེ་ར་བ་དང་། །མེ་དཔུང་དུར་ཁྲོད་བརྒྱད་དང་བཅས། །ཁྲག་སྣ་དུག་སྣའི་ཁུ་བས་བྲི། །བྱ་རོག་ཀང་ཀའི་སྒྲོ་སོགས་ནང་། །མི་རྐང་མཚོན་གྱི་སྐུད་པ་ཅན། །རོ་རས་ཞིང་ལྤགས་གྲོ་ཤོག་ལ། །ཀླུ་གཉན་ས་བདག་སྲོག་རྩ་གཅད། །སྦྲུལ་དང་སྡིག་པ་སྦལ་པས་བརྒྱན། །ནཱ་ག་ཙིཏྟ་མཱ་ར་ཡ་རྦད། སུ་མི་ཙིཏྟ་མཱ་ར་ཡ་རྦད། ས་ཁྲག་ཙིཏྟ་མཱ་ར་ཡ་རྦད། དགྲ་བོའི་སྲོག་རྩ་གཅད་པའི་ཕྱིར། །ལིངྒ་མིང་རུས་སྔགས་དང་ལྡན། །ཤ་ཏྲུཾ་ཙིཏྟ་མཱ་ར་ཡ་རྦད།ཆེ་གེ་མོ་ཙིཏྟ་མཱ་ར་ཡ་རྦད། གདུག་པའི་བགེགས་ནི་ཕོ་མོ་ལ། །གང་ཡིན་གཟུགས་བྲིས་སྔགས་ཀྱིས་གཟིར། །སརྦ་བིགྷ་ནཱན་སྲོག་མཱ་ར་ཡ་རྦད། ཨེ་ས་རྦད་བིག་ནན་མཱ་ར་ཡ་རྦད། མིང་རུས་རྐང་གི་ཕུར་པ་དང་། །སེང་ལྡེང་དག་ལས་བྱས་པ་དང་། །ལྕགས་ཀྱི་ཕུར་པ་དག་གིས་གདབ། །གླ་བའི་ཕུར་པས་གདབ་པར་བྱ། །ས་ནཱ་ག་ཏྲི་ཤ་ཏྲུཾ་མཱ་ར་ཡ་ཀཱི་ལི་ཀཱི་ལ་ཡ་རྦད། རྡོ་རྗེ་ཕུར་པས་བཏབ་བྱས་ནས། །ལུས་རྣམས་ཀུན་ལ་གཟེར་བར་བྱ། །མཐིང་ནག་གྲུ་གསུམ་ནང་དུ་ཡང་། །རོ་ཤིང་ཚེར་མ་ཅན་གཟེར་ནས། །ཡུགས་ས་བཤན་པའི་མེ་བླངས་ནས། །མེ་ལྷ་དབང་གི་རྒྱལ་པོའི་ཞལ། །མི་རྐང་གཟར་བུ་ཆེན་པོའི་ནང་། །དུག་ཁྲག་རིལ་བུར་ལིངྒ་བཅུག །ཤ་ཁྲག་སྣ་ཚོགས་མཆོད་པ་འབུལ། །ཉུང་དཀར་ཡུངས་ནག་རྡོ་ཕྱེ་དང་། །གྲི་མདུང་མཚོན་ཆས་ཐུན་དུ་བྲབ། །རཾ་ཛྭ་ལ་རཾ་མཱཾ་ས་རཀྟ་ཁ་རི་ཁཱ་ཧི། ས་ས་ཤ་རི་ཤག་ཏི་ཏཱིཀྵྞ་ཆེ་གེ་མོ་མཱ་ར་ཡ་ཐུན་བྷྱོ། ལྷ་ཁང་རྨང་བར་མཚོར་བཅས་དང་། །བྱིན་ལྡན་གདུང་གི་པུ་རིའི་འོག །རབ་གནས་ལྡན་པའི་མཆོད་རྟེན་དང་། །བསྒྲུབ་པའི་དཀྱིལ་འཁོར་ཆེན་པོ་དང་། །རྒྱ་གྲམ་ལམ་དང་ཟམ་པའི་སྣ། །ལྷ་ཀླུ་བཙན་འགོང་དུར་ཁྲོད་གནས། །ཤིང་གཅིག་དྲུང་དང་འགྱུ་བའི་སྲང་། །དེ་རུ་གང་རྙེད་ཐོད་པར་མནན། །ཉ་དང་སྲམ་དང་ཁྱི་སྤྱང་དང་། །ཝ་སོགས་གཅན་གཟན་ཐོད་པར་མནན། །ནཱ་ག་པ་ཏྲི་ཤ་ཏྲུཾ་སྟཾ་བྷ་ཡ་ལཾ་ནན། སྲོག་ལ་འཁོར་ལོ་བསྐོར་བ་ནི། །གདུག་


DNG018_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

པ་གསུམ་ལ་སྲོག་རྩ་གཅད། །གནོད་པའི་བགེགས་ལ་སྲོག་རྩ་གཅད། །སྡང་བ་དགྲ་ལ་སྲོག་རྩ་གཅད། །དེ་དག་དྲག་པོའི་ལས་རྣམས་ཀྱིས། །དཔལ་གྱི་འཕྲེང་སྔགས་ཟབ་མོ་སྟེ། །གསང་བ་ཆུད་པ་འདི་དག་གོ། །ཨཱོཾ་ཧཱུཾ་ཧཱུཾ་ཧཱུཾ། ཏ་ལ་བི་རུ་ལ་སརྦ་བི་ཥ་གྷྲཱ་ཏ་ག །ཛྭ་ལི་ཏ་བི་སྥུ་ཊ་ལིངྒ་། ཨཊྚཱཊྚ་ཧཱ་ས། ས་ཊཱ་ཨ་ཊོ་པ་ཊཾ་ཀཱ་ར།བཛྲ་ཁུ་ར་ནི རྲ ་ཏ་ན། ཙ་ལི་ཏ་བ་སུ་དྷཱ་ཏ་ལ་ནི་ཤྭཱས་མཱ་རུ་ཏོཔྟ་དྷ་ར་ཎི་དྷ་ར།གྷཱི་ཥ་ཎི་ཨཊྚཱཊྚ་ཧཱ་ས། ཨ་པ་རི་མི་ཏཱ་བ་ལ་བ་རཱ་ཀྲཱ་མ། ཨཱརྱ་ག་ཎཱ་གྷཱི་ཏ་ཝྭེ ་ཏ་ག་ཎཱ་ཥི་ཏ། བུདྷྱ་བུདྷྱ། ཧྱ་གྲཱི་ཝ། ཁཱ་ད་ཁཱ་ད་པ་ར་མནྟྲཱན། ཙྪིནྡྷ་ཙྪིནྡྷ། བིནྡྷ་བིནྡྷ། པ་ར་མུ་དྲཱན། སིདྡྷིམྨེ་དི་ཤ །ཨཱ་བེ་ཤ་ཡ། སརྦ་ཛྭ་ར་པི་ཤ་ཙཱི་དཱི་ན། སརྦ་གྲ་ཧེ་ཥྭ་པྲ་ཏེ་ཧ་ཏོ་བྷ་བ། བཛྲ་དཾཥྚ་ཀིཉྩི་རཱ་ཡ་སི། ཨི་དན་དུཥྚ་གྲྀ་ཧ་ཎ། དུཥྚ་སརྦཾ་པཱ། དྷུ་ན་དྷུ་ན། མ་ཐ་མ་ཐ། མརྡ་མརྡ། པཱ་ཊ་ཡ་པཱ་ཊ་ཡ། མ་ཊ་མ་ཊ། བྷནྡྷ་བྷནྡྷ། བུཌྜྷ་དྷརྨ་སཾ་གྷ་ཨ་ནུ་ཛྙཱ་ཏཾ་ཀརྨ་ཀུ་རུ་ཤཱི་གྷྲཾ། ཧ་ཡ་གྲཱི་ཝཱ་ཡ་ཕཊ། བཛྲ་ཡེ་ཕཊ། བཛྲ་གཱ་ཏྲཱ་ཡ་ཕཊ། བཛྲ་ནི་ཏྲཱ་ཡ་ཕཊ།བཛྲ་དཾཥྚཱ་ཡ་ཕཊ། བཛྲ་ཁུ་རཱ་ཡ་ཕཊ། ཁུ་ར་ནི ་ཏ་ནཱ་ཡ་ཕཊ། པ་ར་མནྟྲ་བི་ནཱ་ཤ་ནཱ་ཡ་ཕཊ། སརྦ་ཏྲཻ་ལོཀྱ་བྷ་ཡཾ་ཀ་རཱ་ཡ་ཕཊ། སརྦ་ཀརྨེ་ཥཱ་པྲ་ཏི་ཧ་ཏཱ་ཡ་ཕཊ། བཛྲ་ཀུ་ལ་སནྟྲ་ས་ནཱ་ཡ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ་སྭཱ་ཧཱ། གང་ལ་དམིགས་པ་འཇོམས་པར་བྱེད། །ཁྱད་པར་ཀླུ་ཡི་དུག་རྣམས་སེལ། །དུག་རྣམས་མ་ལུས་ཐམས་ཅད་ཀུན། །འབྱིན་པར་བྱེད་པའི་གསང་སྔགས་སོ། །ན་མཿས་མནྟ་ཀཱ་ཡ་ཝཱཀ་ཙིཏྟ་བཛྲཱ་ཎཱན། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བྷནྡྷ་བྷནྡྷ།ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། གརྫ་གརྫ། སྥོ་ཊ་ཡ་སྥོ་ཊ་ཡ། སརྦ་བིགྷྣཱན། བི་ནཱ་ཡ་ཀཱ་ནན། མ་ཧཱ་ག་ཎ་པ་ཏི། ཛཱི་བི་ཏཱནྟ་ཀ་རཱ་ཡ་ཕཊ། ལྷ་སྲིན་བགེགས་དང་ས་བླ་འདི། །གདུག་པའི་བགེགས་རྣམས་མ་ལུས་པ། །ལུས་དང་ངག་སེམས་ལ་དམིགས་ན། །བགེགས་རྣམས་གསོད་པའི་མཆོག་ཡིན་ནོ། །ཨཱོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་དུཥྚཱ་ན་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ། སརྦ་པཱ་པཾ་ཧཱུཾ་ཕཊ་


DNG018_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

ཕཊ། ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་ཡ། བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཏི། ཀཱ་ཡ་ཝཱཀ་ཙིཏྟ། བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ། ཨཱོཾ་པདྨཱནྟ་ཀྲྀཏ། ཙྪིནྡྷ་ཙྪིནྡྷ། ཧ་ན་ཧ་ན། དཱིཔྟ་ཙཀྲ་ཧཱུཾ་ཕཊ། ཨཱོཾ་པདྨཱནྟ་ཀྲྀཏ་ཧྲཱྀཿ། ཨཾ་བྷུརྦྷཱ་བཿཕཊ། ཨཱོཾ་པདྨཱནྟ་ཀྲྀཏ་བཛྲ་རཱ་ཛ་ཧཱུཾ། འཁོར་ལོའི་ཕྱག་རྒྱས་བཟུང་ནས་ནི། །ཕུར་པ་ལུས་ལ་གདབ་པར་བྱ། །པདྨའི་ཕྱག་རྒྱས་བཟུང་བྱས་ནས། །ཕུར་པ་དག་ལ་གདབ་པར་བྱ། །རྡོ་རྗེའི་ཕྱག་རྒྱས་བཟུང་ནས་ནི། །ཕུར་པ་སེམས་ལ་གདབ་པར་བྱ། །སྡང་བའི་དགྲ་བོ་མ་ལུས་པའི། །ལུས་ངག་སེམས་ལ་གདབ་བྱས་ན། །དེ་མ་ཐག་ཏུ་མྱུར་དུ་འཆི། །འབྱུང་བཞི་འཐིབས་ནས་ཚེ་སྲོག་བྲལ། །གལ་ཏེ་གསོ་བར་འདོད་པ་ན། །གང་གསོ་དེ་ལ་བཏབ་པར་བྱ། །དྲིལ་བུའི་སྒྲས་བརྒྱལ་སངས་པ་ལྟར། །འཆི་བ་དེ་ཡང་ལངས་པར་འགྱུར། །དབང་ཆེན་བདེ་གཤེགས་འདུས་པ། པདྨ་གསང་བ་བཀོད་པ་རྔོག་མ་ལེ་བརྒན་གྱི་རྒྱུད་ལས། གདུག་པ་གསུམ་དང་དགྲ་བགེགས་སྲོག་རྩ་གཅད་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་ཕྱོགས་དུས་སངས་རྒྱས་ཀྱིས། །གསུང་གི་ལས་མཛད་རྟ་ཡི་མགྲིན། །མཐར་བྱེད་ཆེན་པོ་དཔལ་གྱི་དཔལ། །ལས་བཞིའི་སྦྱིན་སྲེག་རབ་ཏུ་གསུངས། །དཀྱིལ་འཁོར་ཟླུམ་ཞིང་དཀར་བ་ལ། །འཁོར་ལོས་རབ་ཏུ་བརྒྱན་པར་བྱ། །གྲུ་བཞི་གསེར་གྱི་མདོག་ཅན་ལ། །རིན་ཆེན་འབར་བས་འཚོན་པར་བྱ། །ཟླ་གམ་དམར་པོ་གྱུར་པ་ལ། །པདྨ་ལྕགས་སྒྲོག་བྲི་བར་བྱ། །གྲུ་གསུམ་ཁ་དོག་ནག་པོ་ལ། །རལ་གྲི་མཚོན་ཆ་སྣ་ཚོགས་བརྒྱན། །གྲུ་གསུམ་ཟླ་གམ་ཟླུམ་པོ་ལ། །གྲུ་བཞི་རྒྱས་པ་ལྷུན་གྱིས་གྲུབ། །བ་ལུ་དང་ནི་གླང་མ་དང་། །འོམ་བུ་ཤུག་པ་ཞི་བའི་ཤིང་། །སྐྱེར་པ་དང་ནི་གླ་བའི་ཤིང་། །སེང་ལྡེང་རྒྱས་པའི་ཧོམ་དུ་བྱ། །སེང་ལྡེང་དང་ནི་མཛོ་མོ་ཤིང་། །ཁ་དོག་དམར་བ་དབང་གི་ཧོམ། །ཤེལ་ཤིང་ནག་པོ་དྲི་ཅན་དང་། །ཨ་ཀ་རུ་ནི་དྲག་པོའི་ཤིང་། །ཐམས་ཅད་ཚང་བར་གྱུར་པ་ན། །ལྷུན་གྱིས་གྲུབ་པའི་ཤིང་


DNG018_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ། །འབྲས་ཆན་ནས་དཀར་ཏིལ་དཀར་དང་། །འོ་མ་ཞོ་ཡི་གཏོར་མ་ཞི། །བྲ་བོའི་ཟན་དང་ཁུར་བ་དང་། །བ་སེར་འོ་མའི་གཏོར་མ་རྒྱས། །རམ་བུའི་ཟན་དང་ནས་དམར་དང་། །བ་དམར་འོ་མས་གཏོར་མ་དབང་། །ཤ་དང་ཁྲག་དང་དུག་དང་ནི། །ཏིལ་ནག་གཏོར་མ་དྲག་པོ་ལ། །ཐམས་ཅད་མ་ལུས་ཚང་བ་ནི། །ལྷུན་གྱིས་གྲུབ་པའི་གཏོར་མ་ཡིན། །དངུལ་ལམ་དཀར་པོའི་ཤིང་རྣམས་ལ། །ཞི་བའི་ཕུར་བུ་ཟླུམ་པོ་བྱ། །གསེར་རམ་ར་གན་སེར་པོའི་ཤིང་། །རྒྱས་པའི་ཕུར་པ་གྲུ་བཞི་བྱ། །ཟངས་སམ་དམར་པོའི་ཤིང་རྣམས་ལ། །དབང་གི་ཕུར་བུ་ཟླ་གམ་བྱ། །ལྕགས་སམ་ནག་པོའི་ཤིང་རྣམས་ལ། །དྲག་པོའི་ཕུར་པ་ཟུར་གསུམ་བྱ། །མགོ་ཟླུམ་སྐེད་པ་གྲུ་བཞི་ལ། །ཟླ་གམ་ཟུར་གསུམ་ལྷུན་གྱིས་གྲུབ། །དུང་ཅན་མ་དང་ཕྱལ་པ་དང་། །ལྕུག་ཕྲན་མ་དང་བན་གླང་ཅན། །པདྨ་གཅིག་དང་སྡོང་གཅིག་མ། །མེ་རེག་མ་དང་རི་དྭགས་ཅན། །ཕྲིན་ལས་བཞི་ལ་སོ་སོར་བྱ། །ཀུན་དག་ཚང་ན་ལྷུན་གྱིས་གྲུབ། །དངུལ་དཀར་སྟག་མའི་ཤིང་རྣམས་ལ། །ཞི་བའི་དགང་གཟར་བླུག་གཟར་དང་། །གསེར་དང་ར་གན་ཤིང་སེར་རྒྱས། །ཟངས་སམ་སེང་ལྡེང་དམར་པོ་ལ། །དབང་གི་སྦྱིན་སྲེག་གཟར་བུ་བྱ། །ལྕགས་སམ་མི་རྐང་གཟར་བུ་ནི། །དྲག་པོར་ཡང་དག་གསུངས་པ་ལ། །ཕྲིན་ལས་བཞི་ཡི་དབྱིབས་ལྡན་པས། །ལྷུན་གྱིས་གྲུབ་པའི་གཟར་བུ་ཡིན། །ཞི་བར་འདོད་ན་ཟླུམ་པོའི་ཞལ། །དང་བའི་སེམས་དང་རབ་ལྡན་པ། །རྒྱས་པའི་ཁྲོ་ཞལ་གྲུ་བཞི་ལ། །དགའ་བའི་སེམས་ཀྱིས་ཏིང་འཛིན་བྱ། །དབང་གི་རྟ་གདོང་ཟླ་གམ་ཞལ། །ཆགས་པའི་སེམས་ཀྱིས་མཆོད་པར་བྱ། །དྲག་པོ་ཁྲོ་ཞལ་གྲུ་གསུམ་ཉིད། །ཁྲོས་པའི་སེམས་ཀྱིས་ཏིང་འཛིན་བྱ། །ཀུན་ཚང་ཞལ་ནི་ཁྲོ་ཞལ་གསུམ། །རྟ་མགོ་ཉིད་ལ་ལྷུན་གྱིས་གྲུབ། །ཞི་བའི་མེ་ནི་དགེ་སློང་ངམ། །བྲམ་ཟེ་གཙང་མ་དག་ལས་བྱུང་། །རྒྱས་པ་རྒྱལ་པོ་འགྱུར་བ་དང་། །འབྱོར་པ་ཅན་ལས་བླང་བའོ། །དབང་ནི་སྨད་


DNG018_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

འཚོང་བུད་མེད་དང་། །འགྲོ་བ་བཟང་མོ་དག་ལས་བླངས། །དྲག་པོ་ཡུགས་ས་ཕོ་མོ་དང་། །བཤན་པ་དག་ལས་བླང་བའི་མེ། །ཀུན་ཀ་ཚང་བར་གང་གྱུར་པ། །དེ་ནི་ལྷུན་གྱིས་གྲུབ་པའི་མེ། །སྤྱན་སྤྲིན་དཀར་པོ་ཞི་བ་ཉིད། །རྟ་གདོང་དཔྲལ་བ་ཞུར་པོ་ལས། །སངས་རྒྱས་ལྟ་སྟངས་སྣ་རྩེ་ལ། །ཡང་ན་སྟོང་ཉིད་ནམ་མཁའི་དབྱིངས། །རྒྱས་པའི་མིག་སྤྲིན་སེར་པོ་ལ། །རྟ་མགོ་ཕྲུམ་ཕྲུམ་སེར་པོར་གནས། །མི་ཡི་ལྟ་སྟངས་ས་གཞི་ཉིད། །ཡང་ན་ཐད་ཀར་རི་ལ་བལྟ། །དབང་གི་མིག་སྤྲིན་དམར་པོ་ལ། །རྟ་མགོ་རྔོག་མ་ལེ་བརྒན་ཏེ། །བུད་མེད་ལྟ་སྟངས་བར་སྣང་ལ། །ཡང་ན་ཟུར་མིག་འཕྲེང་ལ་བལྟ། །དྲག་པོའི་མིག་འབྲས་མཐིང་ནག་ལ། །རྟ་མགོ་ལྗང་གུར་གནས་པ་ཉིད། །ཁྲོས་ནས་སྡང་མིག་བཟློག་པ་སྟེ། །ཡང་ན་གདུག་པར་མིག་འགྱུར་བྱ། །ལྷུན་གྱིས་གྲུབ་པའི་ལྟ་སྟངས་ནི། །རྟ་གདོང་གཟི་མིག་ཁྲ་བོར་བལྟ། །བྱམས་པའི་སེམས་ཀྱིས་ཞི་བ་ལ། །གཉེན་དང་བཤེས་ལ་བྱ་བ་ཡིན། །རྒྱས་པའི་སེམས་ཀྱིས་དགའ་བ་ལ། །གཉེན་དང་བཤེས་ལ་བྱ་བ་ཡིན། །དགའ་བའི་སེམས་ཀྱིས་ཆགས་པ་ལ། །གཉེན་དང་བཤེས་ལ་བྱ་བ་ཡིན། །དྲག་པོའི་སེམས་ཀྱིས་བཏང་སྙོམས་ལ། །གཉེན་དང་བཤེས་ལ་བྱ་བ་ཡིན། །བྱམས་པའི་སེམས་ནི་བུ་ཡིན་ལ། །སྙིང་རྗེ་བ་ནི་ཕ་དང་མ། །དགའ་བ་རང་གི་ཆུང་མ་ཉིད། །བཏང་སྙོམས་བྱང་ཆུབ་དག་ལ་དགོད། །སྡུག་བསྔལ་ཅན་ལ་བྱམས་པ་ལ། །ཕོངས་པ་རྣམས་ལ་སྙིང་རྗེ་བས། །གཉེན་བཤེས་རྣམས་ལ་དགའ་བར་བྱ། །དམུ་རྒོད་ཅན་ལ་བཏང་སྙོམས་ཉིད། །ཐམས་ཅད་ཚང་ན་ལྷུན་གྱིས་གྲུབ། །དགུན་དང་དཔྱིད་དང་དབྱར་དང་སྟོན། །ཕྲིན་ལས་བཞི་དང་ལྷུན་གྱིས་གྲུབ། །ས་ཡི་རླུང་དང་ཆུ་ཡི་རླུང་། །མེ་ཡི་རླུང་དང་རླུང་གི་རླུང་། །ལས་བཞི་སོ་སོར་རྒྱུ་བ་དང་། །ལྷུན་གྱིས་གྲུབ་པར་གནས་པ་ཡིན། །མེ་ཏོག་དཀར་སེར་དམར་དང་ནག །དུ་བ་འཁོར་


DNG018_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་རིན་ཆེན་པད། །རལ་གྲི་རྒྱ་གྲམ་འབར་བ་ནི། །ལས་བཞི་གྲུབ་དང་ལྷུན་གྱིས་གྲུབ། །སྔ་དྲོ་ཕྱི་དྲོ་གོང་མ་གཉིས། །ཕྱི་དྲོ་ཕྱི་དྲོ་འོག་མ་གཉིས། །དགོངས་དང་སྲོད་དང་ཐོ་རངས་ལངས། །ལས་བཞི་ལྷུན་གྱིས་གྲུབ་པར་བྱ། །གཏི་མུག་ང་རྒྱལ་འདོད་ཆགས་དང་། །ཞེ་སྡང་ཉོན་མོངས་ཐམས་ཅད་ཀྱང་། །ལས་བཞི་དང་ནི་ལྷུན་གྱིས་གྲུབ། །ཡེ་ནས་བྱས་པ་མེད་པར་གནས། །དགྲ་བགེགས་ལ་སོགས་ཞི་བ་དང་། །དཔལ་དང་འབྱོར་བ་རྒྱས་པ་དང་། །ཡུལ་ཁམས་ཕོ་མོ་དབང་འདུས་དང་། །དགྲ་བགེགས་བཅོམ་དང་གནས་སུ་ཤིས། །ཐམས་ཅད་ཚང་བར་ལྷུན་གྲུབ་ནས། །ཕྲིན་ལས་བརྩམ་པའི་དགོངས་པ་གསུངས། །ཡོན་ཏན་ལས་བཟློག་སྐྱོན་དུ་འགྱུར། །མེ་ལོང་ལྟོ་རྒྱབ་ལོག་པ་བཞིན། །ཤར་ན་ལུས་འཕགས་ཟླ་གམ་དབྱིབས། །རླུང་གི་དཀྱིལ་འཁོར་གྲུ་བཞི་འདེགས། །ལྷོ་ན་འཛམ་གླིང་སོག་ཁའི་དབྱིབས། །གྲུ་གསུམ་མེ་ནི་ཀུན་ལ་སྙོམས། །ནུབ་ན་བ་གླང་ཟླུམ་པོ་ཆུ། །ཕྱི་ཡི་རྒྱ་མཚོ་ལྕགས་རིའི་ནང་། །བྱང་ན་གྲུ་བཞི་སྒྲ་མི་སྙན། །ས་ཡི་དཀྱིལ་འཁོར་རབ་ཏུ་རྒྱས། །དབུས་ཀྱི་རི་རབ་ལྷུན་པོ་ཉིད། །ཐམས་ཅད་རིན་ཆེན་ལྷུན་གྱིས་གྲུབ། །ཞི་བའི་ཚེ་ན་ནུབ་ཏུ་བལྟ། །རྒྱས་པ་བྱེད་ན་བྱང་དུ་བལྟ། །དབང་གི་ལས་ལ་ཤར་དུ་བལྟ། །དྲག་པོའི་དུས་ན་ལྷོ་རུ་བལྟ། །དབུས་ནི་ཀུན་གནས་ལྷུན་གྱིས་གྲུབ། །སུམ་མདོ་ཟླ་གམ་ལྟོ་བ་ཟླུམ། །རོ་སྟོད་གྲུ་བཞིར་གནས་པ་དང་། །ལྐོག་མ་དཔྲལ་བ་གྲུ་གསུམ་སྟེ། །ལུས་ལ་ཀུན་ཚང་ལྷུན་གྱིས་གྲུབ། །བྷ་ག་ཕྱི་མཚམས་གྲུ་བཞི་ལ། །སྣ་རྩེ་གྲུ་གསུམ་བྱ་རོག་གདོང་། །སྐྱེ་གནས་ཟླ་གམ་དག་ཏུ་གནས། །སྣ་ཚོགས་འདུས་པ་ཟླུམ་པོ་ཉིད། །བྷ་གར་ཀུན་ཚང་ལྷུན་གྱིས་གྲུབ། །ཀུན་གཞི་ཞི་བ་ཡིད་ནི་རྒྱས། །ཉོན་མོངས་དབང་ལ་སྒོ་ལྔ་དྲག །ཚོགས་བརྒྱད་ལྷུན་གྱིས་གྲུབ་པ་ནི། །དེ་ཁོ་ན་ཉིད་ཅེས་ཀྱང་བྱ། །སྟོང་པ་ཞི་ལ་གནས་རྒྱས་པ། །ཆགས་པ་དབང་ལ་འཇིག་


DNG018_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

པ་དྲག །ཐམས་ཅད་ཚང་བར་ཡེ་གནས་པ། །ལྷུན་གྱིས་གྲུབ་པར་གནས་པའོ། །བྱོལ་སོང་ཞི་ལ་མི་རྣམས་དབང་། །ལྷ་རྣམས་རྒྱས་དང་ཡི་དྭགས་དང་། །དམྱལ་བ་དྲག་པོར་གནས་པ་ལ། །འགྲོ་བ་ཀུན་ལ་ལྷུན་གྱིས་གྲུབ། །ཡཱ་ནི་ཞི་བ་མ་ནི་རྒྱས། །བཾ་ནི་དབང་ལ་དྲག་པོ་ཨེ། །ཡི་གེ་བཞི་ཡི་དབྱིབས་ལྡན་པར། །ཨེ་པཾ་མ་ཡཱ་ལྷུན་གྱིས་གྲུབ། །དཔའ་བོ་ཆེན་པོའི་ཡི་གེ་ནི། །ཨ་དང་བཱི་ར་ཧཱུཾ་ཁ་ལ། །ལས་བཞིའི་ཞི་རྒྱས་དབང་དྲག་དང་། །ཀུན་ཚང་ལྷུན་གྱིས་གྲུབ་པས་ན། །ཕུང་པོའི་བདུད་དང་ཉོན་མོངས་བདུད། །ལྷ་བུའི་བདུད་དང་འཆི་བདག་བདུད། །ཞི་རྒྱས་དབང་དྲག་ལྷུན་གྲུབ་པས། །བཞི་བཅོམ་དྲུག་ལྡན་མཐའ་ལས་འདས། །དེ་ནས་བཅོམ་ལྡན་པདྨ་དབང་གི་རྒྱལ་པོས། སྐུ་དང་གསུང་དང་ཐུགས་ཡོན་ཏན་ཕྲིན་ལས་གསང་བའི་གསང་སྔགས་འདི་དག་ཕྱུང་ངོ་། །ཤཱནྟིཾ་ཀུ་རུ་ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། པུཥྚིཾ་ཀུ་རུ་སྭཱ་བྷྲཱུཾ། བ་ཤཾ་ཀུ་རུ་ཨཱཾ་ཧྲཱྀཿ། མཱ་ར་ཡ་ཧཱ་ཧཱུཾ་ཛ་ཛ། ཤཱནྟིཾ་པུཥྚིཾ་བ་ཤཾ་མཱ་ར་ཡ། ཨཱོཾ་ཨཱཿཧཱུཾ་སྭཱ་ཧཱ། འདི་ནི་དུས་གསུམ་གཤེགས་པ་དང་། །ཕྱོགས་བཅུར་བཞུགས་པའི་རྒྱལ་བ་ཡི། །ཞི་བ་དང་ནི་རྒྱས་པ་དང་། །དབང་དུ་སྡུད་དང་དྲག་པོས་གསོད། །ལྷུན་གྱིས་གྲུབ་པར་གྱུར་པ་ཡིས། །ལས་ཀྱི་རྣམ་གྲངས་གང་བྱེད་ཀྱང་། །བཅོམ་ལྡན་དབང་ཆེན་རྟ་མགྲིན་གྱི། །པདྨ་བདེ་གཤེགས་སྤྱི་དྲིལ་གྱིས། །གཡོ་དང་མི་གཡོ་ཐམས་ཅད་རྣམས། །འགྲུབ་པར་བྱེད་པའི་རྩ་བ་ཡིན། །སྦྱིན་སྲེག་བྱེད་པའི་སྔོན་དུ་ནི། །རང་ལུས་སྲུང་བར་བྱེད་པའི་སྔགས། །ཨཱོཾ་པདྨཱནྟ་ཀྲྀཏ། པི་ཤཱ་ཙི་པརྞ་ཤ་བ་རཱི་སརྦ་པྲ་ཤཱ་མ་ནཱ་ཡ་སྭཱ་ཧཱ། དཀྱིལ་འཁོར་བྱེད་དམ་སྦྱིན་སྲེག་གམ། །ནད་ངན་རོ་སོགས་བསྲེག་གྱུར་ཀྱང་། །ཆུ་ལ་འདི་སྔགས་འཐུངས་པ་ན། །ནད་རྣམས་ཐམས་ཅད་མི་འབྱུང་ངོ་། །རྐང་གཉིས་རྐང་བཞི་ཐམས་ཅད་ཀྱི། །གདོན་རྣམས་ཐམས་ཅད་མེད་པར་བྱེད་པ་ཡིན། །ཨཱོཾ་ཤོ་ཏྲ་ཐི་ཧ་ཧུ་ལུ་ཧུ་ལུ་ཡཻ་ཊཾ་བ་ཏི་ཐོ་ཧུ་ལུ་ཏ་ཏྲཻ་སཏྭ་ཐོ་ཧུ་ལུ་


DNG018_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ཧུ་ལུ། ཏ་ཏྲཻ་ཝ་གཙྪ་ཧུ་ལུ་ཧུ་ལུ་སྭཱ་ཧཱ། སྔགས་ཀྱི་རྒྱལ་པོ་འདི་ཡིས་ནི། །འཐབ་མོ་ཁ་ངན་རྒྱ་འདྲེ་དང་། །གདོན་ལྟས་འཇིགས་འབྱུང་ཐམས་ཅད་ཞི། །མེ་ཏོག་གང་རྙེད་སྔགས་བཟླས་ཏེ། །ཆུ་ཡི་རྒྱུན་ལ་བསྐུར་བ་ན། །ཐམས་ཅད་ཞི་བར་གདོན་མི་ཟ། །གྲོང་ཁྱེར་ཚིག་པར་གྱུར་པ་ན། །མེ་ལ་ཁ་བལྟས་ཆུ་སྙིམ་བདུན། །སྔགས་ཏེ་གཏོར་ན་མེ་ཚིག་ཐར། །རྐང་གཉིས་རྐང་བཞི་འཆི་བ་ལ། །འབྲས་བུའི་ཕུབ་མས་སྦྱིན་སྲེག་བྱ། །འཆི་བ་ལས་ནི་ཞི་བར་འགྱུར། །མཐར་ནི་ཤཱནྟི་ཀ་ཞེས་སྦྱར། །ཐམས་ཅད་ཞི་བའི་གསང་སྔགས་སོ། །ཨོཾ་ཨ་མ་ར་ཎི་ཛཱི་བནྟི་སྭཱ་ཧཱ། སྔགས་ཀྱི་རྒྱལ་པོ་འདི་ལ་ནི། །བཟླས་ན་ནད་རྣམས་མེད་པ་དང་། །འདི་ལ་རྟག་ཏུ་བཟླས་པ་ན། །ཚེ་ཟད་པ་ཡང་རྒྱལ་བར་འགྱུར། །ཏིལ་མར་སྦྱིན་སྲེག་བྱས་པ་ན། །ནད་རྣམས་འབྱིན་ཅིང་ཞི་གྱུར་ནས། །ཚེ་དང་དབང་ཐང་རྒྱས་པར་བྱེད། །པུཥྚ་ཀའི་སྔགས་མཐར་སྦྱར། །ཨོཾ་ཀ་སྔགས་སོར་བཞག་ཤེ་ཀུ་ཤེ་ས་ནད་ཏྭཾ་ཤུ་བྱ་ཝ་ཥྨ་ནི། མ་མ་ཏད་ཐ་ཏ། ས་ན་དང་ཡ་ཧ། པྤན་སེ་ཝེ་བང་འཛིན་སྭཱ་ཧཱ། མིག་འགུལ་ཞི་ནས་གང་མཐོང་བ། །དགའ་ཞིང་རྒྱས་པར་གྱུར་པ་སྟེ། །གང་ལ་ཡིད་ཀྱིས་དམིགས་བཟླས་ན། །ཐམས་ཅད་བདག་དགའ་རྒྱས་པར་འགྱུར། །ཨཱོཾ་སོར་བཞག་ཛཾ་བྷེ་མུ་ཧེ་ད་ཡ་མ་ཝ་ཏི་ན་ཧཱུཾ་སྭཱ་ཧཱ། སྔགས་ཀྱི་རྒྱལ་པོ་འདི་ཡིས་ནི། །ཐོ་རངས་དུས་ན་ལན་བདུན་དུ། །ཆུ་ལ་སྔགས་ནས་གདོང་བཀྲུས་ན། །འགྲོ་བ་ཀུན་དགའ་དབང་དུ་འགྱུར། །སྐར་མ་རྒྱལ་ལ་པདྨ་ནི། །དཀར་པོ་ཀུནྡའི་དྲེག་པ་ལ། །བརྒྱ་རྩ་བརྒྱད་སྔགས་མིག་བསྐུས་ན། །བུད་མེད་ཐམས་ཅད་ཡིད་འཕྲོག་བྱེད། །དྲེས་མ་སྲན་མའི་མེ་ཏོག་ནི། །ཙནྡན་དཀར་པོའི་ཆུར་སྦངས་ནས། །སྐར་མ་རྒྱལ་ལ་བརྒྱ་རྩ་བརྒྱད། །སྔགས་ལ་ཐིག་ལེ་བྱས་པ་ན། །རྒྱལ་པོ་ལ་སོགས་དབང་དུ་སྡུད། །བ་ཤ་ཀའི་སྔགས་མཐར་སྦྱར། །ཨཱོཾ་པདྨཱནྟ་ཀྲིཏ། མོ་ཧ་ག་ཡ། ཨན་དྷ་ཡ། སང་ཀུ་ཡ། ཨུཙྪ་ཏ་ཡ། བྷེ་ཏེ་ཤ་ཡ། མཱ་ར་


DNG018_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

ཡ། ཛི་ཝ་ཙིཏྟ་རྦད། ལིངྒ་གཏུབ་ནས་བསྲེག་བྱས་ན། །གང་ལ་དམིགས་པ་གསོད་པར་བྱེད། །དྲག་པོའི་ལས་རྣམས་འགྲུབ་པར་བྱེད། །མཐར་ནི་ཨ་བྷི་ཙརྱ་སྦྱར། ཨཱོཾ་པདྨཱནྟ་ཀྲྀཏ་ཤཱིནྟཾ། ཧ་ཡ་གྷྲྀ་ཝ་ཕུཥྚ་ཀ །པདྨ་པདྨ་པ་ཤཾ་པ་ཤཾ་ཀཾ། པདྨ་ཀྲོ་དྷ་ཨ་བྷི་ཙརྱཿ། སརྦ་སིདྡྷི་ཧཱུཾ་ཕཊ་སྭཱ་ཧཱ། བདུན་ནམ་ཉི་ཤུ་རྩ་གཅིག་གམ། །བརྒྱ་རྩ་བརྒྱད་དུ་བཟླས་བྱས་ན། །ལྷུན་གྱིས་གྲུབ་པའི་ཕྲིན་ལས་འགྲུབ། །ཡང་གསང་པདྨ་ཆེན་པོ་བཤད། །ཕྲིན་ལས་འདི་དག་རིམ་པ་ཡང་། །སྔགས་ནི་ཐམས་ཅད་ཉིད་ན་ཡང་། །ཚར་གཅོད་པ་དང་རྗེས་གཟུང་ཕྱིར། །དང་པོས་དྲག་ལ་གཉིས་པས་དབང་། །རྗེས་བཟུང་རྒྱས་དང་ཞི་བ་ནི། །ཕྲིན་ལས་ཀུན་གྱི་རིམ་པར་གསུངས། །དབང་ཆེན་བདེ་གཤེགས་སྤྱི་དྲིལ་རྔོག་མ་ལེ་བརྒན་གྱི་རྒྱུད་ལས། ཕྲིན་ལས་བཞི་ ལྷུན་གྱིས་གྲུབ་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་མཛེ་ནད་རྒྱུན་གཅོད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་གསུངས་སོ། །སྲིད་པའི་ཀླུ་ནི་ཕྱོགས་བཞིའི་མཚོ། །གནས་པའི་ཀླུ་ཡང་མ་དྲོས་མཚོ། །ཆགས་ཀླུ་ཆུ་མིག་བྲག་དོ་ནང་། །རིགས་བཞིའི་ཀླུ་ནི་ཕྱོགས་བཞིར་གནས། །ལྷ་ཀླུ་གནོད་སྦྱིན་བྱོལ་སོང་མི། །ཀླུ་རིགས་སེར་པོ་འཁོར་དང་བཅས། །རྒྱལ་རིགས་ཞུགས་པའི་ནད་རྟགས་ནི། །ཤ་ཆེན་མདོག་དམ་ནག་ལ་ཧམ། །གཉིད་ཆེ་གླལ་མང་རྨྱང་སྙིང་འདོད། །རྐང་ལག་སྐྲངས་ཤིང་ཚིགས་ཀྱང་འཁོལ། །མིག་མི་གསལ་ལ་མགོ་ཡང་ན། །སྡོང་ཟླ་ཀླུ་བདུད་ཀླུ་བཙན་དང་། །པེ་དཀར་དམ་སྲི་མཚོ་སྨིན་ཡིན། །འདུག་གནས་ལུང་པ་ཤར་དུ་བལྟས། །ཕུ་ནི་ལྷོ་ནུབ་མཚམས་སུ་ཟུག །ཆུ་མིག་མགོ་གསུམ་ཤིང་རྩི་དང་། །ནིའུ་སིང་འདམ་རྫབ་ཅན་ལ་གནས། །ཉེན་ནི་ཅི་ལས་ལངས་ཞེ་ན། །སྔགས་པ་དག་གིས་མནན་པ་བྱས། །ཞུགས་དུས་ལོ་བདུན་མ་ལོན་པར། །རང་གཞན་མི་ཚོར་དེ་སོས་མིན། །རྗེའུ་རིགས་གནོད་རྟགས་ཤ་


DNG018_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་སྔོ། །ཧམ་ཆགས་མགོ་གཞོགས་གཡོན་པ་འཕྲིགས། །དཔུང་པ་གཡོན་ལ་ཟིན་པ་དང་། །སྣ་བུག་གཡོན་པ་མི་བདེ་ཞིང་། །སྤྲོ་ཐུང་སེམས་དཀར་རྒོལ་སྙིང་འདོད། །ཤ་རོ་དང་ནི་བས་ལྡག་གཡོན། །སྡོང་ཟླ་གཉན་བཟེད་ཀླུ་བཙན་ཡིན། །རྨི་ལམ་ཆུ་དང་འདམ་གསེབ་ཉལ། །སློབ་དཔོན་བྲིས་སྐུ་ལྡེར་ཚོ་དང་། །འཐབ་མོ་བྱེད་པ་རྨི་བ་ཡིན། །ཞིང་པ་ཉ་འདྲ་རྫིང་འདྲ་ན། །རྡོ་ཤིང་བཅག་པའི་ས་ནས་འབྲས། །རང་གིས་མི་ཚོར་ལོ་གསུམ་སྡོད། །མཁས་པས་བརྟགས་ན་སོས་པར་འགྱུར། །བྲམ་ཟེའི་རིགས་ཀྱིས་ཟིན་པའི་རྟགས། །གཞོགས་གཡས་རྩ་དང་ཁྲག་ལ་ཟིན། །ཤ་མདོག་སྔོ་དམར་སྨིན་མ་བྱི། །རྩ་འཁྱུག་ལུས་འཁོལ་མཁལ་མ་དང་། །ཚང་རར་ཤ་རོ་འབྱུང་བ་དང་། །སྙིང་མི་དགའ་ཞིང་འགྲོ་སྙིང་འདོད། །སྡོང་ཟླ་ཀླུ་བཙན་ཀླུ་སྲིན་དང་། །ས་སྲིན་དམ་སྲི་གནོད་པ་ཡིན། །གནོད་པ་ཆུ་མིག་མགོ་གསུམ་དང་། །གང་པ་ཤར་ཤུར་ཤིང་རྐང་གཅིག །ལུ་མ་གྱ་གྱུ་རྣམས་ལ་གནས། །ཉེན་ནི་ཐབ་དང་གཞོབ་ལ་ལངས། །རྨི་ལྟས་རྟ་དང་བུད་མེད་ཆུ། །ཁྱི་དང་བྱ་དང་འཐབ་མོ་རྨི། །ཞུགས་ནས་ལོ་ནི་ཕྱེད་དང་གཉིས། །རང་གཞན་ཚོར་དེ་གསོ་བར་སླ། །དམངས་རིགས་ཤ་མདོག་སྔོ་ལ་ཧམ། །ནད་རྣམས་འགྱུར་ཞིང་འགྱུར་ཞིང་འོང་། །མི་ནད་སྣ་དགུ་ཡོང་བར་བྱེད། །ཆུང་སྲི་རྡེའུ་ནད་འཇུག་པ་ཡིན། །སྡོང་ཟླ་ཀླུ་དང་གཉན་དང་སྨན། །དམ་སྲི་དཀོར་བདག་བཅས་པ་གནོད། །གནོད་པ་ཞང་ཉེ་མ་སྲུའི་ས། །ཡུལ་ཕུ་ཟམ་པ་ལུང་གསུམ་མདོ། །ཉེན་ནི་མཚན་འགྲོས་དམར་ལས་ལངས། །རྨི་ལྟས་ཆར་འབབ་རྫས་བསྐྱུར་དང་། །རི་གཟར་ཁ་ནས་རྦབ་འདྲིལ་རྨི། །ལོ་ནི་ཕྱེད་དང་གསུམ་ལོན་ནས། །རང་གཞན་ཚོར་ཏེ་གསོས་ཀྱང་སོས། །ལོ་བརྒྱད་ཚུན་ཆོད་ནམ་ཡང་སོས། །གདོལ་པ་ཀླུ་ཡི་ནད་རྟགས་ནི། །ཤ་མདོག་སེར་ལ་སྦོས་པ་དང་། །རོ་རྒྱབ་ན་ཞིང་སྙིང་ཡང་ན། །རོ་སྟོད་བརྒྱངས་ཤིང་རོ་སྨད་འབྱར། །ཚིགས་རྣམས་འཁོལ་ཞིང་རྐང་ལག་


DNG018_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲ། །སྡོང་ཟླ་ཡུལ་ལྷ་མགོན་ཀླུ་དང་། །ཀླུ་མོ་དཀར་མོ་བསྡོངས་ནས་གནོད། །གནོད་པ་ཕུང་ཁང་རྙིང་པ་དང་། །ལྷ་ཁང་མཆོད་རྟེན་རྒྱ་གྲམ་ལས། །བནྡི་གདུང་ཆད་སྲུང་མ་གནོད། །རྟེན་ནི་མི་གཙང་ཐབ་གཞོབ་དང་། །འཐབ་མོ་དམེ་དང་མཁོན་ལས་ལངས། །རྨི་ལྟས་གཡང་སར་ཕྱིན་པ་དང་། །ཁང་ཟམ་འགྲིམས་ཤིང་ལྷུང་བ་དང་། །ཁང་ཁྱིམ་དུད་པས་ཁེངས་པ་རྨི། །ཟིན་ནས་ལོ་གཅིག་ལོན་དུས་ན། །བདག་གཞན་གཉིས་ཀས་ཚོར་བ་དེ། །གཉིས་ན་སོས་ཏེ་ལོ་གསུམ་ན། །མཛེ་ཤུར་འགྲོ་བས་གསོ་མི་བྱ། །འབྱུང་ལྔ་འཁོར་ལོའི་འཇུག་པ་ནི། །སྦུབས་ཁ་རླུང་ལ་དམངས་རིགས་འཇུག །ལྟེ་བ་མེ་འཁོར་རྗེ་རིགས་འཇུག །རྒྱུངས་པ་ས་འཁོར་རྒྱལ་རིགས་འཇུག །ཀླད་པ་ཆུ་འཁོར་བྲམ་ཟེ་འཇུག །གདོལ་པ་དེ་རྣམས་ཀུན་ལའོ། །ཤ་ནད་ཐེབ་པ་བཟང་ངན་ནི། །དཔྲལ་ཤ་འཇུམ་འདུས་བྲམ་ཟེས་ངན། །སོག་ཤ་དབྱིངས་འདུས་རྒྱལ་རིགས་ངན། །ལག་གཉིས་བཅུད་འདུས་རྗེ་རིགས་ངན། །སྣག་ཆེན་བྲང་འདུས་དམངས་རིགས་ངན། །ཆུ་བར་ཐེབ་པ་བཟང་ངན་ནི། །ལྟག་ཆུ་གནད་འདུས་བྲམ་ཟེ་ངན། །སྒྱིད་ཁུང་བཞི་འདུས་རྒྱལ་རིགས་ངན། །མཐེབ་ཆུང་ཟུར་རྩེ་རྗེ་རིགས་ངན། །རྟིང་ཆུ་ཁར་འདུས་དམངས་རིགས་ངན། །ཉ་གནད་ཐེབས་པ་བཟང་ངན་ནི། །བྱིན་པའི་ཉྭ་ཁར་དམངས་རིགས་ངན། །གཉན་གོང་གནད་འདུས་རྒྱལ་རིགས་ངན། །གྲུ་མོ་བཞི་གནས་རྗེ་རིགས་ངན། །སོག་པ་མགོ་གནས་བྲམ་ཟེ་ངན། །རྩ་གནད་ཐེབས་པ་བཟང་ངན་ནི། །མཐེ་བོང་རྒྱལ་རིགས་འཐབ་པར་ངན། །རྐང་བོལ་རྒྱས་པའི་རྩ་བདུན་དམངས། །སྒྱིད་ཁུང་སྤྱི་བདུད་རྗེ་རིགས་ལ། །རྩེའུ་མགོ་བཅུ་དྲུག་བྲམ་ཟེ་བདུན། །གདོང་རྩ་ཆུ་ལྔ་དོན་སྙིང་གནད། །ཀུན་གྱིས་ཟིན་པར་ངན་པ་ཡིན། །དེ་དག་ཀུན་ཚང་གདོལ་པའི་ནད། །འཚོ་བར་དཀའ་བའི་ནད་ཀྱིས་ཐེབས། །ནད་གཞི་མིག་ལ་བརྟག་པ་ནི། །ཤིང་གི་མེ་ཏོག་རྩེ་མོར་སྨིན། །ནད་


DNG018_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་མིག་ན་འཆར་བ་དེ། །ཆུ་འམ་ཆང་གིས་བྱད་བཀྲུས་ལ། །སེར་པོས་མིག་ཁེབས་མཁྲིས་ནད་རྒྱས། །དེ་ནི་རྒྱལ་རིགས་ནད་ཡིན་ནོ། །ཀླད་ཁྲག་ཆུ་ཕོ་ཁྲག་ནད་རྗེའུ། །མིག་ཆུ་ཆུ་སེར་བྲམ་ཟེའི་ནད། །དམར་སེར་སྤྲིས་མ་བད་ཀན་དམངས། །མིག་འབྲས་གཏིང་མཚོ་གདོལ་པ་ཅན། །རྩ་ལ་གྲམ་པ་རྣམ་སྨིན་ནད། །ནག་པོ་མཐོང་བྱེད་དོན་སྙིང་འགྲམས། །རྣམ་པར་སྨིན་པའི་ནད་ངོས་བཟུང་། །ནད་རིགས་དངོས་དང་འཁོར་དབྱེ་བ། །གྲུ་ཁུང་རྒྱལ་རིགས་རྗེའུ་རིགས་བསྡོངས། །སྙིང་གར་རྗེ་རིགས་རྒྱལ་རིགས་བསྡོངས། །ཀླད་པ་བྲམ་ཟེ་གདོལ་པའི་འཁོར། །གསང་གནས་དམངས་སུ་བྲམ་ཟེ་བསྡོངས། །དེ་ཚོ་ཀུན་ཚང་གདོལ་དང་དམངས། །དྲི་ལ་བརྟག་པ་མི་འགྱུར་བཟུང་། །དུད་པ་ཁྱི་དྲི་ནག་མོ་གནོད། །ཆུ་ཡི་དྲི་འདྲ་ཀླུ་གནོད་ཆེ། །ཚིལ་ཆེན་དྲི་འདྲ་གནོད་རྩུབ་སྟེ། །གདོན་ཕྲད་དྲི་ཆུའི་དྲི་ལྟ་བུ། །གཤིན་དྲི་གདོན་ཆེན་རྣམ་སྨིན་ནད། །ཤ་ཡི་མདོག་ལ་བརྟག་པ་ནི། །སྨུག་ནག་གདོན་ཆེན་འགྱུར་ལྡོག་ཆེ། །ཤ་འགུལ་དཀོར་བདག་ནག་མོ་ལ། །ཤ་སྐམ་རྣམ་པར་སྨིན་པའི་ནད། །ཤ་སྦོས་རྐང་པ་གདོན་ཐུབ་རྟགས། །ཤ་རོ་དག་ལ་བརྟག་པ་ཡང་། །ཡས་ཆགས་རྐྱེན་གྱིས་བྱུང་བའི་ནད། །མས་ཆགས་རྣམ་པར་སྨིན་པའི་ནད། །ཕྱེད་མར་བྱུང་ན་གདོན་གཞན་ཆེ། །རྨ་མདོག་དབྱེ་བའི་བརྟག་པ་ནི། །དམར་ལ་ཆུ་སེར་གདོན་ཞེན་ཆེ། །སྔོ་སྐྱ་ཧམ་པ་ནག་མོ་དཀོར། །རྐང་པ་རྒྱུ་ཁུང་རྣམ་སྨིན་ནད། །འཇུག་པའི་རིགས་ཀྱི་བརྟག་པ་ཡང་། །རིགས་ཀྱི་མ་སྲུ་ཞང་ཉེས་འཇུག །བརྐོ་རློག་ཤིང་གཉན་རྐྱེན་གྱིས་འཇུག །ཀླུ་དང་ཐུག་ཕྲད་གློ་བུར་འཇུག །ཀུ་རེ་རྐྱལ་ཀ་རྔན་འདོད་འཇུག །འབྱུང་བ་བཞི་པོ་ལོག་མིན་བརྟག །དགུན་དང་ནམ་ལངས་ས་ཡི་དུས། །དབྱར་དང་དྲོས་པ་ཆུ་ཡི་དུས། །སྟོན་དང་ཕྱི་དྲོ་མེ་ཡི་དུས། །དཔྱིད་དང་དགོངས་ཀ་རླུང་གི་དུས། །ལོ་དང་ཟླ་བ་ཞག་དུས་དང་། །ཟ་མ་ཤིན་ཏུ་ཉེ་བའི་དུས། །མི་རིགས་འབྱུང་བ་བརྟག་པ་ཡིན། །རྒྱལ་རིགས་མགོ་ནས་འཇུག་པ་སྟེ། །ལྕི་


DNG018_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་འཐིབས་པའི་དུག་ནད་ནི། །རྒྱལ་བློན་ཤ་བཀྲ་རྒྱང་གླུ་ལེན། །བྲམ་ཟེ་ལག་གཡོན་གྲང་བ་ཆུ། །གོ་ལྡོག་ཡན་ལག་མིག་མི་བདེ། །མཐེ་བོང་པུས་གོང་སྣ་ཕྲག་འཕྲིགས། །རྨི་ལྟས་ཆུས་ཁྱེར་འདམ་དུ་བྱིངས། །རྗེའུ་རིགས་ལག་གཡས་ཚ་བ་མེད། །དམར་ཞིང་གདོང་ལ་ཆུ་བུར་དང་། །ཚ་བྲབ་ཤ་བཀྲ་མེ་ལྕེ་རིས། །རོ་སྨད་མདུན་སྨད་ན་བ་ཡིན། །དམངས་རིགས་རྐང་གཡས་ཡང་ཞིང་གཡོ། །གདོལ་པ་རྐང་གཡོན་ནག་ལ་གེལ། །ཤ་རུས་སྤུ་དུག་བརྟག་པ་ནི། །ཤ་དུག་པདྨ་རྡོ་རྗེ་ཉམས། །མིང་ཚ་ཟིལ་ཆེན་གོར་ཤོ་ཤོར། །རུས་དུག་སྐད་ཕྲ་འཛེར་ལུང་ཁྲག །གློ་བསྟུད་སོ་སེན་བཀྲག་རྣམས་ཤོར། །སྤུ་དུག་མགོ་སྐྲ་སྨིན་མ་དང་། །གྲོ་བ་ས་ཤུ་དབྱིབས་རྣམས་ཤོར། །དུག་གསུམ་ཚང་བ་རྣམ་སྨིན་ནད། །གསོ་དཀའ་ཟིན་པ་ངན་པ་ནི། །མཁར་བཞི་རི་བོའི་མཐོངས་དང་ལྔ། །རྒྱ་མཚོ་གཉིས་དང་རོ་དཀྱིལ་བརྒྱད། །ནགས་ཀྱི་གཙུག་དང་སྤུ་རིགས་བཅུ། །ཐུགས་དཀྱིལ་སྲིད་ལྟེ་བཅུ་གཉིས་པ། །རི་རབ་ཁུང་དང་བཅུ་གསུམ་ཡིན། །ཚང་དང་མ་ཚང་མཁས་པས་བརྟག །ཟིན་པ་བཟང་བའི་རྟགས་མཚན་ནི། །ཤ་འཕྲིགས་རྩ་འཕྲིགས་ཟ་འཕྲུགས་དང་། །ཤུ་བ་བས་ལྡག་སྐམ་མིག་དང་། །མིག་འགུལ་སྣ་གཡའ་མེ་དབལ་རིས། །མགོ་འཁོར་སྣ་ཁྲག་ཆུ་སེར་འོང་། །སེར་ཀ་གས་ཤིང་རྨ་རྙིང་དང་། །རྐང་པ་སྦྲིད་ཅིང་རྩ་རྣམས་ཁོལ། །གླལ་འོང་རྨྱང་འདོད་སྙིང་མི་དགའ། །རྐང་ཤ་མཁལ་ན་ངུ་སྙིང་འདོད། །བྱད་ནི་གཡའ་ཤིང་ཚ་ཚག་བྱེད། །ལུས་རྣམས་འཁྲུ་ཞིང་སྦོ་བ་དང་། །རོ་སྟོད་རྒྱས་ཤིང་གཟེར་བ་དང་། །ཤ་མདངས་བར་ན་ཤ་རོ་ཡོད། །མཁས་པས་བརྟགས་ལ་གསོ་བར་བྱ། །དོན་སྙིང་དག་ལ་ཟིན་པ་ནི། །གློ་བ་སྣ་རྡོག་ཞོམ་པ་དང་། །གློ་བུར་སྣ་ཡི་གོང་རྣམས་ཤོར། །དབུགས་ཐུང་ཁྲག་སྐྱུག་གློ་རྡོལ་འཆི། །སྙིང་ལ་རོ་སྟོད་བརྒྱངས་ཤིང་ན། །སྤྲོ་ཐུང་མི་དྲན་སྨྱོ་བར་བྱེད། །མཆིན་པ་ལྕེ་ལ་འབྲུམ་དམར་ཡོང་། །ལྕེ་འཐོན་ཐ་མ་ཤ་རོར་འགྱུར། །མཁལ་མ་རྐང་


DNG018_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

བོལ་སྐྲང་མེད་འདར། །གཞོགས་གཡས་དྲོད་ཆུང་ཡན་ལག་ཞ། །མཆེར་པ་རྣ་བ་གཡས་པ་འོན། །མཆུ་སྐྲངས་ཁ་སྐམ་བྱིན་པ་འདར། །མཁྲིས་པ་མཆུ་གས་ལུས་པོ་སྐྲངས། །བྱད་སྐྲངས་མིག་དང་ལུས་མདོག་སེར། །གསོ་བྱ་ལེགས་ཉེས་བརྟག་པ་ནི། །བེམས་དང་ཤིན་ཏུ་བེམས་པ་དང་། །དིབ་པ་ཤིན་ཏུ་དིབ་པ་དང་། །ཁ་དོག་ཅན་དང་ཁ་དོག་བྲལ། །འཁོར་ལོ་དྲུག་ལ་ཞུགས་པ་དང་། །སྙིང་པོ་བཞི་ལ་ཞུགས་པ་དང་། །རྩེ་མོ་གསུམ་ལ་ཟིན་པ་དང་། །ནམ་མཁའི་མཐོངས་ནས་བབས་པ་དང་། །རྒྱ་མཚོའི་གཏིང་ནས་རྡོལ་བ་དང་། །གནད་ལ་ལྕགས་གཟེར་ཐེབས་པ་དང་། །ནག་པོ་ཁྲོ་ཆུའི་གཟེར་ཐེབས་དང་། །ཁ་དོག་ལྔ་རུ་བསྟན་པ་དང་། །དེ་དག་རུང་དང་མི་རུང་བརྟག །སྤང་བར་བྱ་བའི་དམིགས་བརྟག་པ། །རྒྱ་མཚོ་ཆེན་པོ་ལུད་འགྱུར་ཞིང་། །ཆུ་བྲན་མཐའ་ནས་གཡོས་པ་དང་། །གངས་རི་དཀར་པོར་ཞུ་གྱུར་ནས། །རི་བོའི་སུལ་ལ་གས་པ་བྱུང་། །གློ་བའི་གནད་ལ་ཐེབས་པ་དང་། །སྟོད་ཀྱི་དང་ཀ་འགགས་པ་དང་། །རྒྱལ་པོའི་དཀོར་མཛོད་བཅོམ་པ་དང་། །རྐུན་པོ་ཕུགས་སུ་ཞུགས་པ་དང་། །གཉེ་མ་དག་ལ་ཞུགས་པ་དང་། །རྒྱལ་པོའི་ཕོ་བྲང་བཏབ་པ་དང་། །འདི་དག་མཁས་པས་སྤང་བར་བྱ། །ནད་ཀྱི་སྨིན་ལུགས་བརྟག་པ་ནི། །རུས་སྨིན་ཞ་སྒུར་གསོ་བར་རུང་། །ལོ་མང་ལོན་ནས་གསོ་བར་དཀའ། །ཤ་ལ་སྨིན་པ་སྐྱ་བོ་དང་། །དམར་འགྱུར་སེར་འདུས་འཚོ་བ་ཡིན། །ཆུ་སེར་ནག་པོ་སྨིན་པ་དང་། །ཚོགས་དང་རྒྱས་པར་གྱུར་ན་ངན། །ཆུ་བ་ལ་ཞུགས་གསོ་དཀའ་དང་། །དེ་ཡི་སོས་རྟགས་ཐུབ་པ་དང་། །དམངས་རྣམས་གྲོང་སྤྲང་འཁྱམས་པ་དང་། །ཚིགས་བཞི་མཁར་ནས་ཕབ་པ་དང་། །འབྲས་བུ་གནད་ནས་ཐིབས་པའོ། །དེ་ནས་མིག་རྟགས་རྒྱས་པར་བཤད། །བལྟ་དུས་གཏོར་མ་སྦྱིན་པ་དང་། །བདེན་བདར་བསྐྱེད་རྫོགས་བསྒོམ་པར་བྱ། །བྱང་ཆུབ་སེམས་ཀྱིས་ཀུན་ཁྱབ་བྱ། །གདོན་བཙན་བར་དུ་ཁ་བལྟས་ཏེ། །བ་ལུ་འུག་པའི་མེ་བུས་ཏེ། །མིག་ལ་ཀླུ་སྨན་དུད་པས་བདུག །


DNG018_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

མིག་གི་ཐ་མ་ཐུར་དུ་བཟློག །གྱེན་ལ་བཟློག་སྟེ་གཡས་གཡོན་བསྒྱུར། །ཧ་རེ་དག་ཏུ་ཐུབ་ཚད་སྡད། །མཁས་པ་དག་གིས་ལེགས་པར་བརྟག །མིག་ལ་བརྟག་པ་རྣམ་པ་བཞི། །འགྲིམ་རྩའི་བརྟག་པ་དང་པོ་སྟེ། །གཉིས་པ་ཀླུ་རིགས་བཞི་པོ་བརྟག །གདོལ་པ་ཀུན་ཁྱབ་བརྟག་པ་གསུམ། །བཞི་པ་ལས་ཀྱི་རྣམ་སྨིན་ནོ། །འགྲིམ་རྩའི་བརྟགས་པ་ལ་བཞི་སྟེ། །ཤར་ན་ཡན་ལག་རྩ་དང་ནི། །ལྷོར་ནི་སྲིད་པའི་རྩ་ཡིན་ལ། །དེ་བཞིན་ནུབ་ན་བད་མཁྲིས་རྩ། །བྱང་ན་དོན་སྙིང་རྩ་ཡང་གནས། །ཡན་ལག་རྩ་ཞེས་བསྟན་པ་ཡང་། །མིག་གི་གྲྭ་ཕུག་གཡས་ན་འཆར། །ནད་གཞིའི་རྩ་ལ་གྲམ་མ་གྲམ། །རྩ་བར་བྱུང་ན་རྩ་ལ་གྲམ། །སྐེད་པར་བྱུང་ན་མགོ་ཕྱོགས་དེ། །རྩེ་མོ་གྲོལ་ནི་སླ་བ་ཡིན། །སྲིད་པའི་རྩ་ལ་ལོ་གྲངས་བརྟག །མིག་གི་ཡ་ལྕིབས་དག་ནས་འཆར། །ནག་ཐིག་གཅིག་བྱུང་ལོ་གཅིག་ལོན། །དེ་བཞིན་ནག་ཐིག་རེ་ལོ་རེ། །གཡས་སུ་རྒྱལ་པོ་དམ་སྲི་གཡོན། །རྦོད་གཏོང་འདྲེལ་གཞི་བརྟག་པར་བྱ། །བད་མཁྲིས་གྲྭ་ཕུག་གཡོན་ནས་འཆར། །འདི་ལ་གདོན་རྣམས་ཡང་བཟུང་སྟེ། །མིག་སྤྲིན་དཀར་ནག་མཚམས་སུ་ནི། །རྒྱལ་རིགས་མེ་ཏོག་འདི་ལྟར་འཆར། །མདུང་ཤིང་བཀྲི་འདྲ་རྩེ་མོ་ནི། །སོག་ཁར་བྱུང་བ་རྒྱལ་རིགས་ལ། །ལག་སོར་བཀྲམ་འདྲ་བྱུང་ན་འཁོར། །རྗེ་རིགས་མེ་ཏོག་དཀར་ནག་མཚམས། །ཀླད་ཁྲག་ཆུ་ལ་ཕོ་བ་འདྲ། །འཁོར་ནི་དམར་སེར་མདོག་ཏུ་ཡང་། །བྲམ་ཟེའི་མེ་ཏོག་དཀར་ནག་མཚམས། །སེར་པོས་ཁེབས་པ་འོང་བ་སྟེ། །གཡས་པ་གཙོ་ལ་གཡོན་བྱུང་འཁོར། །དམངས་ཀྱི་མེ་ཏོག་དཀར་པོ་སྟེ། །ནག་པོའི་ཐིག་ལེ་ཁྱབ་འབྲུམ་དངོས། །ནག་ལ་རྩུབ་པ་འཁོར་དུ་བཤད། །དོན་སྙིང་རྩ་ཡི་རིམ་པ་ཡང་། །མིག་གི་གྲྭ་ཕུག་འོག་ནས་འཆར། །ནད་གཞི་རྒྱས་སམ་མ་རྒྱས་བལྟ། །གདོན་གཞན་ཆེ་ན་རྩ་བར་འགྱུར། །སྐེད་པར་བྱུང་ན་རྩུབ་པ་ཡིན། །རྩེ་མོར་བྱུང་


DNG018_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཕྲ་བ་ཡིན། །ཀླུ་རིགས་བཞི་ཡི་བརྟག་པ་ནི། །ཕྱི་དང་ནང་གི་ཕྱོགས་སུ་བཤད། །མིག་ལ་རྣམ་པ་གཉིས་ཡིན་ཏེ། །མིག་གི་ཕྱི་དང་མིག་གི་ནང་། །དང་པོ་ཕྱི་ཡི་རྟགས་བརྟག་པ། །དབྱིབས་ནི་ནག་ལ་འབྲུམ་བུ་འབྱུང་། །དེ་ནི་གདོལ་པས་ངེས་པར་གཟུང་། །ཟུར་གསུམ་སོང་བ་དམངས་ཀྱིས་སོ། །དམར་སེར་སོང་ན་རྗེའུ་རིགས། །ཐེན་དང་ཆུ་འཛག་བྲམ་ཟེའི་རིགས། །ཡོ་དང་བཟློག་པ་རྒྱལ་པོའི་རིགས། །དེ་བྱུང་མིག་ལ་བབ་པའི་རྟགས། །རབ་འབྲིང་ཐ་མ་གསུམ་དུ་བརྟག །ལས་ལས་གྱུར་པ་སྤང་བར་བྱ། །མིག་གི་ནང་ནས་བལྟས་པ་ནི། །ལུས་ཀྱི་ཕྱི་ནང་མཚན་ཉིད་གསལ། །ནད་གདོན་ཀུན་ཀྱང་གསལ་བར་སྟོན། །མིག་སྤྲིན་དཀར་ལ་རྩ་རིས་བརྟག །རྩ་ནི་གཡས་ནས་ཟུག་གྱུར་ན། །ཤ་རོ་ཤ་མཚན་གཡས་ན་ཡོད། །རྩ་རིས་གཡོན་ནས་ཟུག་གྱུར་ན། །ཤ་རོ་ཤ་མཚན་གཡོན་ན་ཡོད། །རི་རབ་རྩེ་ནས་འབབ་པ་འདྲ། །རོ་སྟོད་ཡན་ལག་ནད་གཞི་རྒྱས། །རྒྱ་མཚོའི་གཏིང་ནས་ཕྱུང་སྐྱེས་འདྲ། །སྐེད་པ་མན་ཆད་ནད་ཀྱང་རྒྱས། །གང་ན་གནས་པ་དེ་ལྟར་བལྟ། །མིག་སྤྲིན་དག་ལ་རྩ་རིས་ནི། །ཁ་དོག་དཀར་པོ་སྦྲུལ་འཁྱུས་འདྲ། །རྒྱལ་རིགས་ནད་ཀྱིས་ཟིན་པའི་རྟགས། །ཁ་དོག་སེར་པོ་ཉ་གཟུགས་འདྲ། །བྲམ་ཟེའི་ནད་ཀྱིས་ཟིན་པའི་རྟགས། །ཁ་དོག་དམར་པོ་སྦྲུལ་གྱི་གཟུགས། །རྗེའུ་རིགས་ནད་ཀྱིས་ཟིན་པའི་རྟགས། །ཁ་དོག་ནག་པོ་སྦལ་པའི་གཟུགས། །དམངས་རིགས་ནད་ཀྱིས་ཟིན་པའི་རྟགས། །ཁ་དོག་སྔོ་ནག་སྡིག་པའི་གཟུགས། །གདོལ་པའི་རིགས་ཀྱིས་བཟུང་བའི་རྟགས། །མགོ་དང་ཡན་ལག་ལུས་པོ་རྫོགས། །གོ་རིམ་བཞིན་དུ་ཤེས་པར་བྱ། །ཕྱོགས་ལ་བརྟག་པར་བྱ་བ་ཡང་། །ཕོ་གཡས་མོ་ནི་གཡོན་ནས་བརྟག །གྲྭ་ཕུག་གཉིས་ནི་ཤར་ནུབ་གཉིས། །ཡ་ཕེབས་མ་ཕེབས་ལྷོ་བྱང་གཉིས། །གཞན་རྣམས་མཚམས་སུ་ཤེས་པར་བྱ། །རི་མོའི་རྣམ་པ་བརྟག་པ་ནི། །ཤར་དུ་རྒྱལ་རིགས་རི་མོ་དཀར། །དཀར་སེར་འདྲ་བ་སྤྲུལ་པ་ཡིན། །ཐིག་ལེ་ནས་འབྲས་ཞིང་ས་གནོད། །


DNG018_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

སོག་འདྲ་བྱུང་ན་དུར་ས་ནས། །ཉུང་དཀར་འདྲ་བྱུང་གཏད་འདྲེ་ཡིན། །དྲེ་འདྲ་བྱུང་ན་ཁང་ས་ནས། །མདུང་འདྲ་ཤིང་བཅད་ས་ནས་གནོད། །ཐིག་ལེ་དཀར་པོ་གཅིག་བྱུང་ན། །ཞུགས་ནས་ལོ་གཅིག་ལེན་པ་སྟེ། །དེ་བཞིན་གཉིས་གསུམ་བཞི་ལྔ་དྲུག །བདུན་ནམ་བརྒྱད་ཐལ་མི་མངོན་ནོ། །ཐིག་ལེ་ཤར་དུ་བྱུང་བའི་ཕྱིར། །གཞོགས་ནི་གཡས་ལ་ཐེབས་ནས་ཡོད། །ཤ་རོ་ཁ་དོག་དཀར་སེར་ཏེ། །བྱིན་པ་བརླ་ཤར་ཐེབས་ན་ཐུབ། །མཆན་ཁུང་ཐེབས་ན་མི་ཐུབ་པོ། །རྗེའུ་རིགས་ནད་ཀྱིས་ཐེབས་པའི་རྟགས། །མིག་གི་ལྷོ་ཡི་ཕྱོགས་སུ་འཆར། །ཐིག་ལེ་སེར་པོ་སྲན་ལེབ་ཙམ། །རྗེའུ་རིགས་སྤྲུལ་པ་དང་བཅས་ཟིན། །ཞིང་ས་ནས་ནི་གནོད་པ་ན། །ཐིག་ལེ་སེར་པོ་ནས་འདྲ་འོང་། །སོག་པ་འདྲ་ན་དུར་ས་ནས། །ཉུང་དཀར་གཏད་འདྲེ་དྲེ་འདྲ་ཁང་། །མདུང་འདྲ་ཤིང་བཅད་ས་ནས་གནོད། །ཐིག་ལེ་སེར་པོ་གཅིག་བྱུང་ན། །དེ་ནི་ཞུགས་ནས་ལོ་གཅིག་ལོན། །གཉིས་གསུམ་བཞི་ལ་དྲུག་བདུན་དང་། །བརྒྱད་པར་ཐལ་ནས་མི་མངོན་ནོ། །ཐིག་ལེ་ལྷོ་ཡི་ཕྱོགས་བྱུང་བས། །གཞོགས་གཡོན་ནད་ཀྱིས་ཐེབས་ནས་ཡོད། །ཤ་རོ་ཁོག་པ་སྐྱ་བབ་སྟེ། །རྐང་མཐིལ་མི་ཐུབ་དེ་མིན་སླ། །བྲམ་ཟེས་ཟིན་རྟགས་ནུབ་ཕྱོགས་འཆར། །ཐིག་ལེ་དམར་པོ་ནས་སོག་དྲེ། །ཉུང་དཀར་མདུང་འདྲ་ཞིང་ས་དུར། །ཁང་པ་རྦད་འདྲེ་ཤིང་བཅད་ས་ནས་གནོད། །དམར་པོ་གཅིག་གཉིས་གསུམ་བཞི་ལྔ། །བརྒྱད་དུ་ཐལ་ནས་དེ་མི་གསལ། །ནུབ་ཏུ་བྱུང་ནས་ཤ་རོ་རྒྱབ། །ཁ་དོག་འབུ་ནི་སོ་དམར་འདྲ། །ལྟག་ཁུང་བྱུང་ན་མི་ཐུབ་སྟེ། །གཞན་དུ་བྱུང་ན་ཐུབ་པར་གསུངས། །དམངས་རིགས་ཟིན་རྟགས་བྱང་ཕྱོགས་འཆར། །ཐིག་ལེ་སྔོན་པོ་བྱུང་བ་ན། །ཞིང་ས་ཁང་ས་དུར་ས་དང་། །རྦད་འདྲེ་ཤིང་བཅད་ཆོས་མཐུན་སྦྱར། །ལོ་གྲངས་ཐིག་ལེའི་གྲངས་ལ་བརྩི། །བརྒྱད་དུ་ཐལ་ནས་ཡལ་ནས་འགྲོ། །བྱང་དུ་བྱུང་བའི་གནད་ཀ་ཡིས། །དཔྲལ་བ་སྙིང་


DNG018_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

གར་ཐེབས་པ་ན། །དེ་ནི་ཐུབ་སྟེ་གཞན་མི་ཐུབ། །གདོལ་པ་མིག་གི་འབྲས་བུ་འཆར། །ཐིག་ལེ་ནག་པོ་གཅིག་འཆར་ཏེ། །ནས་འདྲ་དྲེ་འདྲ་སོག་པ་འདྲ། །ཉུང་དཀར་མདུང་ཤིང་གནོད་པའི་རིགས། །ལོ་གྲངས་གྲངས་དང་སྦྱར་ཏེ་ཐལ། །འབྲས་བུ་དག་ལ་བྱུང་བ་ཡིས། །རྡོ་རྗེ་མི་ལྡང་དེ་མི་ཐུབ། །མོ་ཆགས་མི་སྐྱེ་གདོལ་ནག་པོ། །ལུས་གཞན་དག་ལ་ཐེབས་ན་ཐུབ། །སྤྲུལ་པ་འཁོར་གྱིས་ཟིན་པ་ན། །ཤར་ལྷོ་རྒྱལ་རིགས་འཁོར་གྱི་རྟགས། །སྦྲུལ་དཀར་འཁྱུག་འདྲ་གློ་ལ་ཟིན། །གློ་འཚུབས་མི་བདེ་སྣ་ཞོམ་ཡོང་། །ལྷོ་ནུབ་རྗེའུ་རིགས་འཁོར་གྱི་རྟགས། །ལྕོང་མོ་མཇུག་རྡུམ་སྙིང་ལ་ཟིན། །སྙིང་ན་དྲན་ཉམས་བརྗེད་ངས་ཆེ། །ནུབ་བྱང་བྲམ་ཟེའི་འཁོར་གྱི་རྟགས། །སྦལ་ནག་རབ་ཏུ་ཆས་པ་ནི། །རྣ་བ་མི་གསལ་གཞོགས་ན་ཞིང་། །མཁལ་མ་རབ་ཏུ་ན་བ་དང་། །བྱང་ཤར་དམངས་རིགས་འཁོར་གྱི་རྟགས། །སྡིག་པ་རྭ་བརྒྱད་འདྲ་བ་འཆར། །མཆིན་པ་ལ་ཟིན་ཁྲ་སྙིང་འདོད། །མཆིན་ནད་དང་ནི་མིག་མི་གསལ། །གདོལ་པ་ཀུན་ཁྱབ་རྟགས་བརྟག་པ། །མཐོང་བའི་དུག་དང་རེག་པའི་དུག །ཁ་རླངས་ལ་སོགས་ཡོད་པ་སྟེ། །གདོལ་པ་འཁོར་འཁོལ་རྟགས་རྣམས་འཚོལ། །སྤྱི་རྟགས་ཀུན་དང་ལྡན་པར་བཤད། །རྣམ་པར་སྨིན་པའི་ནད་རྟགས་ནི། །ལུས་རྣམས་ཀུན་ལ་ནད་རྒྱས་པ། །རྒྱ་མཚོ་ཆུ་གཉེར་འཁྲུགས་པ་འདྲ། །བར་སྣང་སྤྲིན་གྱིས་གཡོགས་པ་འདྲ། །འཁོར་ལོ་རལ་དང་མེ་ཏོག་ཉམས། །ཉི་གདུང་སེར་བུ་མི་བཟོད་དེ། །དྲག་ཏུ་མཆི་མ་འཛག་པ་དང་། །མིག་གི་དབྱིབས་ཀྱང་སྟེང་སྟེང་པོ། །འབྲས་བུ་ཞུ་བར་གྱུར་པ་ནི། །སྙིང་ནི་རབ་ཏུ་ཟད་པའི་རྟགས། །རྐུན་པོ་ཕུགས་སུ་ཞུགས་པ་ཡིན། །འབྲས་བུ་སྨིན་པ་ཞེས་བྱ་བ། །ཆུ་སེར་ནག་པོ་རྒྱས་པ་ཡིན། །ཅིས་ཀྱང་མི་ཕན་རྣམ་སྨིན་ལས། །གསོ་རུ་མི་རུང་སྤང་བར་བྱ། །ཞེས་གསུངས་སོ། །དབང་ཆེན་བདེ་གཤེགས་སྤྱི་དྲིལ་རྔོག་མ་ལེ་བརྒན་གྱི་རྒྱུད་ལས། གདུག་པ་གསུམ་གྱི་གནོད་པ་བརྟག་པ་སྟེ་


DNG018_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

ལེའུ་བཅུ་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་མཛེ་ནད་གསོ་བ་འདི་གསུངས་སོ། །དང་པོར་བརྟག་པར་བྱ་བའི་རྫས། །མུ་ཟི་གླ་རྩི་ཤུ་དག་ནག །གུ་གུལ་དཀར་ནག་ལྔ་སྙོམས་ཏེ། །གྲིབ་བསྐམས་བསྲུབས་མ་དེ་རྣམས་ཆ། །རྒྱ་ཚ་རིལ་མ་ཙམ་དང་བཅས། །སྣོད་གཙང་དྲི་ཆུ་བར་མར་སྦང་། །དྲི་ཆུ་འཁོར་མི་སྨན་ཆུ་འཐུང་། །ཁྲག་དང་ཆུ་སེར་ཆུ་ངན་གྱི། །མདོག་ལ་བརྟག་པ་མན་ངག་ཡིན། །ཡང་ནི་ཤུ་དག་དཀར་ནག་གཉིས། །གླ་རྩི་མུ་ཟི་ཁྲལ་ཁྲོལ་རྣམས། །བདུན་ཕུལ་ཆུ་ནད་ཁུ་བ་འདོན། །ལྟོ་སྟོང་བཏང་ལ་ཞག་གཉིས་བརྟག །སྦྲིད་དང་ན་ཚ་མེད་པར་བརྟག །ཡང་ན་རུ་རྟ་དན་རོག་པ། །གཉིས་དང་གསུམ་ནི་ཆང་དུ་བླུག །གྲུང་གཞུག་བཏང་ལ་གོས་དྲོད་ཉལ། །ཚ་གྲང་ནད་བཞི་གང་ཡིན་བརྟག །མཛེ་ནད་ཚབས་ཆུང་ཆུ་སེར་ནི། །མ་རྒྱས་པ་ལ་ལྟོ་བཤལ་བྱ། །བྱུག་པ་སྦང་མའི་ཟན་བསྟེན་ལ། །ཨ་བར་གཉིས་དང་དན་རོག་གསུམ། །ཤུ་དག་ནག་པོ་ལྕུམ་རྩ་བསྙམ། །གུ་གུལ་དཀར་ནག་ཞིབ་བཏགས་ལ། །མ་ནུའི་ཐང་གིས་འཕུལ་ལ་གཏང་། །མནན་གཞིལ་ལྕག་དང་དབྱུང་བ་དང་། །རྗེས་གཅོད་བྱས་ལ་ལྟོ་སྦྱང་ངོ་། །མཛེ་ནད་ཚབས་ཆེ་རྩ་ཤལ་བྱ། །ཤ་ར་ཕོ་མོ་སྤྲད་སོགས་བྱ། །ཕྱེ་མ་པདྨ་རྡོག་པོ་བཅུ། །སྡིག་སྲིན་རྒྱ་ཚ་སུག་སྨེལ་རྣམས། །ཐུན་རེ་ཆ་བསྙམ་ཕྱེ་མ་ནི། །ལྕམ་པའི་ཐང་གིས་ཕུལ་ལ་གཏང་། །ལྕག་ཏུ་ཆབ་ཚ་མང་དུ་གཏང་། །ཚ་དུག་ཡོས་དུག་ཟུག་རྔུ་གཞོམ། །ཡང་ན་པདྨེ་མར་ལ་འདུལ། །སྡིག་སྲིན་སུག་སྨེལ་ཐུན་རེ་ལ། །རྒྱ་ཚ་ལུག་རིལ་པི་ལིང་བདུན། །གླང་མཁྲིས་ཐུན་གཅིག་གོ་བོའི་བྲུན། །ཆ་གསུམ་ཐོ་རངས་གཏང་བར་བྱ། །རྗེས་ནི་ཚོད་དང་སྦྱར་ལ་བཅད། །ཐང་སྦྱོར་པདྨེ་ཉི་ཤུ་གཅིག །སྡིག་སྲིན་རྒྱ་ཚ་སུག་སྨེལ་རྣམས། །ལྕམ་པའི་ཐང་ལ་བསྡུས་ལ་གཏང་། །ཁྲག་འཇོམས་དོམ་མཁྲིས་ཆང་སྦྱར་བཅས། །ཆུ་སེར་རང་གར་འབབ་ཏུ་གཞུག །མཛེ་ནད་བཅོ་བརྒྱད་འཇོམས་པའི་སྨན། །ཨ་བར་རྡོག་པོ་ཉི་ཤུ་བཏབ། །


DNG018_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

བཙན་དུག་སྲན་མ་ཉི་ཤུ་བཏབ། །དྲི་ཆུས་འདམ་བཏགས་མདོག་ནག་ཏུ། །གུ་གུལ་ནག་པོ་ཤ་རིལ་ཅེས། །པི་པི་ལིང་ནི་ཉི་ཤུ་དང་། །ནག་འཚེར་གླ་རྩི་བཙན་དུག་ཕྱེད། །གི་ཝང་ཆུ་ནས་རིལ་བུ་འདོན། །ཞག་ལྔར་གཉིས་གཉིས་གསུམ་སྦྱར་གཏང་། །དེ་ནས་རྒྱུན་དུ་རིལ་བུ་དགུ། །ཟླ་བ་འཕེལ་འགྲིབ་བསྣོན་འབྲིང་སྦྱར། །སྨན་ལོག་ཨ་བར་དྲི་ཆུས་བཅོས། །ཚབས་ཆེ་གླ་རྩིའི་ལྕག་མདའ་ཡིན། །ཡང་ན་གུ་གུལ་ནག་པོ་དང་། །གྲུབ་ཐོབ་དྲི་ཆེན་རིལ་བུ་ལས། །ཡང་ན་ཆུ་སེར་སྐེམས་པ་ནི། །སེང་ལྡེང་སྤྱི་བཞུར་ཁུ་བ་གཉིས། །མུ་ཟི་སེར་པོ་གླ་རྩི་དང་། །བ་བླ་སྦྲང་རྩི་ཆུ་སེར་སྐེམས། །ཡང་ན་ཆུ་སེར་འདོན་པར་བྱ། །མུ་ཟི་རྒྱ་ཚིལ་བཙན་དུག་དང་། །ཆོས་སྨན་གུ་གུལ་ཤུ་དག་ནག །དྲི་ཆེན་དྲི་ཆུ་མི་ཕག་ཞུན། །བསྡུས་ཏེ་བསྐུ་བ་དུག་སློང་རྫས། །དྲི་ཆུ་གླ་རྩི་བྱང་བ་དང་། །སྦྲུམ་ཆུ་རྩ་ས་དབྱུང་བར་བྱ། །བཙན་དུག་མུ་ཟི་ལྡོང་རོས་དང་། །གུ་གུལ་དྲི་ཆུ་མི་ཕག་ཞུན། །དུག་རྣམས་སྡུད་པའི་རྫས་མཆོག་ཡིན། །ཆེ་ཆུང་འདོན་པའི་གནད་དུ་ཤེས། །ཡང་ན་དྲི་ཆེན་སྦྱོར་བ་ནི། །མི་ཁྱི་ཕག་པ་སྤྱང་ཀིའི་བྲུན། །རྫ་ཡི་ནང་དུ་དྲི་ཆུས་མནན། །ཚིག་མའི་དུད་པས་བདུག་པ་དང་། །དྭངས་མ་ལྟོ་རུ་གཏང་བ་དང་། །སྐྱོ་མས་གནས་རྣམས་བསྲུང་བར་བྱ། །ཤུ་བ་ཤ་རོ་ལ་སོགས་འཇོམས། །ཀླུ་རྣམས་ཐུལ་དང་ནད་དོན་རྟགས། །རྫས་འདིས་ངེས་པར་བྱེད་པ་ཡིན། །ཡང་ན་བདུད་རྩི་དྲུག་སྦྱོར་ནི། །ཨ་བར་ཧ་ལུང་ནག་པོ་དང་། །གླ་རྩི་གུ་གུལ་ནག་པོ་དང་། །པི་པི་ལིང་དང་གི་ཧང་གཏང་། །འདི་དུས་དྲི་ཆུ་བསྟེན་པར་བྱ། །སྨན་ནད་མི་ལྡང་གདོན་ཆོམས་འཇུ། །རྫ་ཡི་སྣོད་དུ་དྲི་ཆུ་བསགས། །དང་པོའི་ཐེམ་བུ་འབོ་བར་བྱ། །གོང་མ་བཙགས་ལ་བར་བ་བདུག ། གདུ་ཡང་ལྷག་མ་སྣ་ནས་ཀླད་པར་དྲངས། །བྱིན་རླབས་ཡོད་པས་གསོ་བར་བྱ། །ཞབས་ཀྱི་ལྷག་མ་སྐབས་སུ་དོན། །ཡང་ན་ལག་པའི་སྦྱོར་བ་ཡིས། །ཕྱིར་དོན་ཁོང་བསྟུད་སྣ་ལ་དྲངས། །འཇུ་དང་བདེ་


DNG018_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

དང་མྱུར་དུ་འབྱིན། །འབྲས་བུ་གསུམ་དང་ཕབས་སུ་སྦྱར། །སྦྲང་རྩི་དྲི་ཆུ་ལྕགས་ཀྱི་སྣོད། །ལྟོར་བཏུང་སྣར་བརྔུབ་དྲུག་སྦྱོར་ནི། །ཡོན་ཏན་ཐམས་ཅད་མཐུན་པར་བཤད། །རིལ་བུ་ལོ་དུས་བསྟེན་པ་ཡིས། །མ་སོས་རུས་ལ་ཞུགས་པ་ཡིན། །སྔོན་འགྲོ་རྩ་བཤལ་གཏང་བར་བྱ། །དངོས་གཞི་རུས་སྦལ་ཕོ་མོའི་རུས། །རུ་རྟ་ཕག་རྒོད་མཆེ་བ་དང་། །རྨ་བྱའི་སྒྲོ་དང་གི་ཧང་སྔགས། །གླ་རྩིའི་ཆུ་ལ་རིལ་བུ་བྱ། །ཁྱེ་སུས་རེ་རེ་ཟ་བར་བྱ། །བདུད་རྩི་རིལ་བུ་ཟ་ཞིང་བསྲུང་། །རིལ་བུ་ཡུན་རིང་བསྟེན་བྱས་ཀྱང་། །ལུས་ཀྱི་ནད་རོ་མ་ཐོན་ན། །ནད་དང་གདོན་གྱི་རོ་འདོན་པ། །བྱང་བ་སུམ་ཅུ་བཏུལ་བྱས་ནས། །རྒྱ་ཚྭ་ལུག་གི་རིལ་གྱི་ཚད། །སུག་སྨེལ་ཐུན་གཉིས་མཚལ་དཀར་དང་། །ཚྭ་ལ་ཐུན་ནི་རེ་རེ་ལ། །གུ་གུལ་ནག་པོ་མཐེབ་རྡོག་ཙམ། །སྡིག་པ་སྲིན་པོ་ཐུན་རེ་ཡིན། །ཟླ་གསུམ་ནང་རེ་ནས་ཕྱེད་སྨན། །རང་གི་དྲི་ཆུ་བར་པས་འཕུལ། །ཚོད་དང་སྦྱར་ལ་ཐུན་བསྐྱེད་དེ། །ཟས་ངན་མི་ཟ་བསྲུང་བར་བྱ། །སྨན་སྦྱོར་རང་ཉམས་ཚོད་དང་བསྟུན། །འདི་ལ་སྔོན་འགྲོ་རྗེས་གཅོད་མེད། །ནད་དང་གདོན་རོ་རྩ་ལམ་འདོན། །ན་ཚ་ཡོད་པའི་ཤ་རོ་ལའོ། །ན་ཚ་མེད་པའི་ཤ་རོ་ལ། །དེ་ལ་སྨན་གྱིས་བྱུག་པར་བྱ། །ཁབ་ཀྱིས་གཙགས་ལ་ཁ་ཕྲུ་གདབ། །དེ་གཉིས་བྱུག་རྫས་རྒྱ་ཚྭ་དང་། །རྒྱམ་ཚྭ་རུ་རྟ་བྱི་ཏང་ཀ །གུ་གུལ་དཀར་ནག་ཁ་ཆུ་ཚྭ། །མུ་ཟི་དཀར་ནག་བཙན་དུག་དང་། །རྒྱ་ཚིལ་ཐར་ནུ་གླ་རྩི་དང་། །ནུས་པ་ཅན་གྱི་དྲི་ཆེན་རྣམས། །དང་པོར་བསྙམས་ལ་ལྡེ་གུར་བྱ། །དྲི་ཆུས་བསྐུས་ལ་མར་གྱིས་བྱུག །རྨ་རྙིང་གསོ་ལ་མི་ཤ་དང་། །ཉ་ཤ་མི་རྐང་ལྷ་བ་ཅན། །གླུམ་ཉེ་སྦལ་པའི་ཚིལ་བུ་བཅས། །ཞོ་དང་སྦྱར་ལ་ལུམས་སུ་གཞུག །རྣག་དབྱུང་བཙན་དུག་ཐལ་བ་དང་། །མགྲོན་བུ་དངུལ་ཟངས་ཐལ་བ་ལྔ། །ཀ་ར་ཆུ་རྩ་དོམ་མཁྲིས་ཀྱི། །བྱུག་པ་རྨ་རྙིང་ནང་དུ་གཞུག །གསོ་བྱེད་སྨན་གྱིས་ཚེ་སྲིང་བ། །ཨ་བར་སྐམ་ཐགས་འདམ་ཐགས་བྱ། །སོ་མ་ར་ཙ་གི་ཧང་དང་། །ཐལ་ཀར་རྡོ་རྗེ་གླ་རྩི་དང་། །གུ་གུལ་


DNG018_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་ནག་སེང་ལྡེང་ཁྲག །རིལ་བུ་དགུ་པ་རྫོགས་པར་ཟ། །མྱུར་དུ་འཆི་བའང་ཚེ་བསྲིང་ནུས། །རྣག་མཛེ་སྐམས་པའི་རིན་ཆེན་སྨན། །སྣོད་ནི་རྫ་མ་མེ་ཐུབ་ནང་། །གསེར་སྲང་བཞི་ལ་སུམ་ཆ་གསུམ། །ལྕགས་ཕྱེ་དངུལ་ཕྱེ་ཞོ་གཉིས་ལ། །མུ་ཏིག་ཆང་དང་བ་ཡི་ཆུ། །ཟངས་དང་གསེར་ཕྱེ་སུམ་ཆས་གཡོགས། །ཁ་བཅད་སོལ་མེས་བཙོ་བར་བྱ། །རྦོད་རྦོད་ཏས་ཏས་ནེམ་ནེམ་བྱེད། །ཐམས་ཅད་ཟངས་ལ་ཐིམ་གྱུར་ཏེ། །དངོས་པོ་མི་མངོན་ལྕིད་ཀྱིས་གསལ། །ཆུ་སེར་དཀར་པོ་འཇོམས་པ་ནི། །སེང་ལྡེང་ཁྲག་དང་གུ་གུལ་དཀར། །ཐལ་ཀར་རྡོ་རྗེ་སོ་མ་ར། །ཟངས་ཐལ་མུ་ཟི་ཙན་དན་དམར། །མཛོ་མོ་ཤིང་རྣམས་འཇུ་སྟོབས་སྦྱར། ། ) ནག་པོ་ལ་ནི་སྦྲང་རྩི་སྦྱར། །རིལ་བུ་བྱས་ལ་གཏང་བར་བྱ། །མཛེ་ནད་ཐམས་ཅད་སྐེམ་པར་བྱེད། །རྡོ་རྗེ་བཞིན་དུ་འཇོམས་པའོ། །ཤུ་བ་གློ་བུར་བྱུང་བ་ལ། །ཚོས་ཤིང་རེ་ལྕག་ཀྲད་རྙིང་དང་། །དྲེས་མ་སུག་པ་སྒོང་ཐོག་དང་། །མུ་ཟི་ཚིལ་ཆེན་རྒྱ་ཚིལ་དང་། །ར་རུའི་གཞོབ་དང་ཅོང་ཞིའི་ཐལ། །སྒོག་སྐམས་ཚྭ་དང་པ་ཡག་དང་། །དུད་པ་དམར་ནག་བྱུག་པར་བྱ། །སྨན་གྱི་དམ་ཚིག་བསྟན་པ་ནི། །ཚ་དང་བུད་མེད་རུལ་སུམ་སྐྱུར། །སྔོ་དང་སྒོག་ཕྱོགས་ཆགས་པ་སྤངས། །མེ་ཉི་ལུས་ངག་རྩོལ་བ་སྤང་། །འཁྱགས་སུ་མི་གཞུག་སྦྲང་རྩི་བསྟེན། །སྤྱོད་ལམ་དམ་ཚིག་བསྲུང་བ་གཅེས། །དེ་ནས་རིལ་བུའི་ཚོད་བཟུང་སྟེ། །རིལ་བུ་དགུ་ལས་མང་དུ་གཏང་། །བདེའམ་མི་བདེ་བརྟག་པར་བྱེད། །ཡང་ན་གཅིག་ལ་བལྟ་བ་དང་། །ཡར་བསྣོན་མར་འཕྲི་ཚོད་གཟུང་བྱ། །ཞེས་གསུངས་སོ། །པདྨ་གསང་བ་བཀོད་པ་རྔོག་མ་ལེ་བརྒན་གྱི་རྒྱུད་ལས། ཀླུ་གཉན་ས་བདག་གསོ་བའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་དབང་ཆེན་པདྨ་ཡིས། །སྲིའུ་གསོ་དང་མཚོན་ཆ་བསྲུང་། །ཡུལ་ཁམས་བསྲུང་དང་པྲ་དབབ་དང་། །ཆར་པ་དབབ་པར་བྱ་བ་དང་། །སྲོག་ལ་བར་བུ་བསྐོར་བ་དང་། །གདུག་པ་ཀླུ་ལ་གཏད་པ་དང་། །ཐོག་དང་སེར་བས་ཡུལ་མཁར་འཇོམས། །འགྲོ་བ་དབང་


DNG018_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

སྡུད་འབྱོར་པ་འཕེལ། །ལྷ་སྲིན་གདུག་པ་ནད་བཟློག་བསྲུང་། །ངོ་མཚར་སྤྲུལ་པའི་རོལ་མོར་བཤད། །སྲིའུ་གསོ་བར་གསུངས་པ་ཡང་། །སྔགས་དང་རྫས་ཀྱིས་སྐྱེ་བ་དང་། །མོ་གཤམ་དག་ཏུ་མི་འགྱུར་དང་། །བུས་པ་ཆགས་པར་གྱུར་པ་དང་། །ལྟེ་བ་བསྒྱུར་བར་བྱ་བྱེད་རྣམས། །སྦྲུམ་མ་བུ་ནི་མི་འཆོར་ཏེ། །བཅིང་གྲོལ་ལམ་ནི་བདེ་བར་འགྱུར། །བགེགས་རྣམས་བསད་ཅིང་བསྲུང་འགྱུར་རོ། །མཚོན་ཆ་བསྲུང་བར་བྱ་བ་ཡང་། །ཤིང་ཤུན་འཁོར་ལོ་སྔགས་དང་བཅས། །རྒྱབ་ཏུ་ཡི་གེ་བརྩེག་མས་བསྲུང་། །ཡུལ་ཁམས་ཐུན་སྔགས་བསྙེན་པ་དང་། །གཏའ་ནི་བསྡམ་པར་བྱ་བ་དང་། །སྤྲིན་ཕུང་གཏོར་ནས་འབྲུག་ཀྱང་གཞིལ། །ཀླུ་ལ་དམ་ཚིག་བཅོལ་བ་དང་། །ཐང་ལ་ཕབ་ནས་རི་ལ་བསྐྱོན། །བདག་གི་ཐོག་ལྷུང་གཞན་དུ་བཟློག །ལམ་ནི་བསྟན་པར་བྱ་བ་དང་། །དབུས་ནས་གཏའ་བསྡམས་གཏོར་ཕུད་གཟུག །བྲ་འབེབས་མཎྜལ་བྱ་བ་དང་། །པྲ་བརྟན་ཆས་སུ་གཞུག་པར་བྱ། །མཆོད་པས་དོན་རྣམས་འགྲུབ་པ་དང་། །སྔགས་ཀྱི་བཟླས་པས་དབབ་པ་དང་། །ཉལ་ནས་རྨི་ལམ་སྟོན་པ་དང་། །རྟག་ཏུ་བརྩོན་པར་བྱ་བའོ། །ཤ་ཟ་མོ་བསྒྲུབ་བྱ་བ་དང་། །གཙང་མར་ལེགས་པར་གནས་པ་དང་། །མཚན་མོ་ཉལ་ནས་བརྟག་པ་དང་། །གཡོ་འགུལ་སྔགས་དང་ཆུ་ལ་དབབ། །གཞན་ལ་དབབ་པར་བྱ་བའོ། །དེ་ནས་པདྨ་གར་གྱི་དབང་། །གདོད་ནས་ལས་ཀྱི་རྣམ་པར་སྨིན། །འབྱུང་བའི་རྐྱེན་དང་གདོན་གྱིས་གཙེས། །སྔོན་དུ་ལས་ཀྱིས་མི་འདྲེལ་བ། །རང་གི་བུ་བསད་རྣམ་སྨིན་འཕོག །གཞན་གྱི་ཆུང་འཚེ་ནད་དཀྲུག་དང་། །སེམས་ཅན་ཀུན་གྱི་བུ་ལ་ཡང་། །གནོད་པ་བྱས་པས་དེ་མི་ཕྲད། །ཕོ་མོ་མ་ནིང་རིགས་ཅན་དང་། །ལས་དང་བསོད་ནམས་མ་འདྲེལ་བས། །བུ་དང་བུ་མོ་ཆུང་ངུར་ཉམས། །དུར་ཁྲོད་གནས་ཉམས་སོང་བའོ། །འབྱུང་བ་ཚ་གྲང་འཐབ་པ་ཡིས། །མི་ཆགས་མ་རུངས་བྱེད་པ་དང་། །དཔེར་ན་མེ་ཆུ་འགལ་བ་བཞིན། །


DNG018_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ལྷན་ཅིག་དག་ཏུ་མི་གནས་སོ། །ཕ་མ་གྲང་བ་ཆེ་བ་ཡིས། །ས་བོན་དྲོད་མེད་གཉིས་འཛོམ་པས། །དགུན་གྱི་འཁྱགས་པ་ལྟ་བུར་གྱུར། །གལ་ཏེ་ཆགས་ཆེན་བུད་མེད་ལ། །ཁྱོ་མང་དྲེད་དང་ན་ཆུང་ལ། །མ་སྙོམས་ཆེས་པས་སྲིད་རྩ་ཉམས། །རང་གནས་འབྱུང་བ་རྐྱེན་དབང་གིས། །བུས་པ་ཆགས་པར་མི་འགྱུར་བས། །འབྱུང་བའི་དགྲ་ལ་འཛེམ་པར་བྱ། །སྤྱིར་ན་ལྷ་སྲིན་ཆུང་འཚེའི་གདོན། །མངལ་ནས་ཆགས་པར་མི་བྱེད་དང་། །ཆགས་པ་མ་རུངས་པ་རུ་བྱེད། །སྐྱེས་ནས་དེ་ལ་རྣམ་པར་འཚེ། །གདོན་ཆེན་རྣམས་ཀྱིས་གཙེས་གྱུར་པ། །རྒྱལ་པོས་ཁྱེར་ན་ངུད་མོ་བྱེད། །བསེན་མོས་འཁྲུ་སྐྱུག་སྦྱང་བ་དང་། །ས་བདག་སྐམ་ནས་འགྲོ་འགྱུར་བ། །རྦད་འདྲེ་གདོན་བགེགས་བུས་པའི་གདོན། །ཁ་ཟས་མི་འཕྲོད་གྱུར་པ་རྣམས། །མི་ཡི་འོ་མ་རེངས་པ་འཐུང་། །མ་ཞུ་ཕོ་བའི་མེ་དྲོད་ཉམས། །ཉམས་པས་བྲང་མཆིན་འབབ་གྱུར་པས། །པདྨ་དབང་ཆེན་མ་ཡིན་པ། །འདི་ལ་སྐྱབས་པའི་ལྷ་གཞན་མེད། །འདི་ལ་སྐྱབས་སུ་འགྲོ་བར་བྱ། །དེ་ནས་དབང་མཆོག་རྟ་ཡི་སྐུ། །པུ་ཏྲ་མྱུ་གུ་ཐོན་གྱུར་པ། །འགྲོ་བ་བསྐྱབ་པར་བྱ་བས་ན། །སྐྱབས་པ་ཆེན་པོས་རབ་ཏུ་གསུངས། །ཨཱོཾ་པདྨཱནྟ་ཀྲྀཏ་ན་མོ་ཨ་ཏྱིད་ཏྱ། ཀ་ར་ཏ་ཏི་དྷི་པ་ཀི་བི་ཧི། ན་བ་ཤ་ཚ་ཆེ་གེ་ལ་སྐྱེ་བར་གྱུར་ཅིག་སྭཱ་ཧཱ། ནཱ་ག་གེ་སར་ས་བོན་ནང་། །གླ་གོར་ཞོ་ཤ་རྣམ་པ་གཉིས། །སྦྲང་རྩིས་སྦྲུས་པ་འོ་མར་སྦྱར། །བླུད་དེ་འབྲས་དང་ལྷན་ཅིག་ཟོས། །བུད་མེད་མོ་གཤམ་ཡིན་གྱུར་ཀྱང་། །དེ་ལ་བུ་ནི་སྐྱེ་བར་འགྱུར། །རྒྱ་ཚྭ་རྒྱམ་ཚྭ་ཐལ་ཚྭ་དང་། །ཤིང་ཚྭ་ཁ་རུ་ཚྭ་དང་ནི། །ཀ་ར་སྦྲང་རྩི་མར་སྦྱར་ནས། །ཟླ་མཚན་བྱུང་ནས་ཁྲུས་བྱས་པའི། །བུད་མེད་ལ་ནི་བླུད་པ་ན། །མོ་གཤམ་ལ་ཡང་བུ་སྐྱེའོ། །ཨ་ཤོ་ཀནྡྷའི་རྩ་བ་དང་། །འོ་མ་སྲང་ནི་ཉི་ཤུ་བརྒྱད། །བསྐོལ་ནས་མར་དང་ལྷན་ཅིག་བླུད། །ངེས་པར་མོ་གཤམ་བུ་ཡང་སྐྱེ། །བུས་པ་ཆགས་པའི་ཏིང་ངེ་འཛིན་ཏོ། །དེ་ནས་ལྟེ་བ་བསྒྱུར་བྱ་ན། །བདག་ཉིད་བསྒོམ་པར་བྱ་བ་ནི། །ཁྲོ་བོ་ལྡེང་རྗེ་སྨུག་པོའི་སྐུ། །ཤིན་ཏུ་ཚོ་བ་འགྱིང་བག་


DNG018_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། །ཤེལ་གྱི་འཁར་བ་འདོམ་གང་ཐོགས། །ཡུམ་ནི་ལྷ་མོ་དཀར་མོ་ཉིད། །གཡུ་ཡི་སྨིན་མ་ཅན་དུ་བསྒོམ། །ཕོ་ཉལ་གཡས་ལ་མོ་ཉལ་གཡོན། །བུད་མེད་ལྟོ་བའི་ཤར་ལྷོ་ནུབ། །གང་དུ་གསང་བའི་སྔགས་གདབ་བྱ། །ཨཱོཾ་ར་ཙ་ཨ་པ་ནཱ་ཡ་སྭཱ་ཧཱ། ཨཱོཾ་ཏྲན་ཨ་པ་ནཱ་ཡ་སྭཱ་ཧཱ། ཨཱོཾ་རཱ་ཙ་ཛ་ཨ་པ་ནཱ་ཡ་སྭཱ་ཧཱ། ཨཱོཾ་ཨ་ཀཱ་ལ་མྲྀ་ཏྱུ་ཨ་པ་ནཱ་ཡ་སྭཱ་ཧཱ། ལན་ནི་བདུན་བདུན་གདབ་པར་བྱ། །ལྟེ་བའི་སྟེང་གི་གཡས་སུ་བསྐོར། །སྦྲུམ་མ་བུ་ནི་མི་འཆོར་ཕྱིར། །ཚོན་སྐུད་ལྔ་ལ་སྔགས་བཏབ་ནས། །བུད་མེད་སྐེད་པར་དཀྲིས་པ་ཡང་། །ནུབ་རེ་ལ་ནི་བརྒྱ་བརྒྱ་བཟླས། །ཨོཾ་ཀཾ་ཀ་མ་ལམ་སྡོམ། ཏྲི་ཏྲི་མ་ལམ་སྡོམ། ཤོ་ན་མ་ལམ་སྡོམ། ལཾ་ཁཾ་རཾ་ཡཾ་ཏིཥྛ་ལྷན། སྦྲུམ་མར་གྱུར་པ་ལམ་བདེའི་ཕྱིར། །བཅིངས་པ་དག་ལ་གྲོལ་བྱེད་ན། །ཨེ་ན་བན་ནི་ཀྭ་ཀ་གང་ག་ཏི། ར་མོ་པ་ཙ་ཏ། པི་པ་ཏོ་རོ་ཏ་པ་ནི། ཡཾ་ཝ་ཤ་དྷྱ་བྷ་བ་ཏོ་གོར་ཝ་ནི། ལན་བདུན་མངོན་པར་སྔགས་པ་ཡི། །ཆུ་ནི་ཁྱོར་བ་གང་ཡོད་པ། །ཕོ་ཉས་སྦྲུམ་མ་ལ་བླུད་ན། །བུ་ནི་བདེ་བར་བཙའ་བར་འགྱུར། །ལྟོ་བ་འགྱུར་ཞིང་བུ་ཆགས་པ་དང་བདེ་བར་སྦྲུམ་མའི་བུ་སྐྱེ་བའི་ཏིང་ངེ་འཛིན་ཏོ། །དེ་ནས་བགེགས་རྣམས་བསད་ཅིང་བསྲུང་། །དུར་ཁྲོད་ལྷ་མོས་བསྲུང་བ་དང་། །སྐྱོབ་པར་བྱེད་པའི་གསང་སྔགས་བཟླས། །རྟག་ཏུ་མ་ཡིས་བཟླས་པར་བྱ། །ཨ་མ་བ་ས་པཱ་ཀཾ་བ་སུ་ཛོ་མོ་ཕེ་ཌཱི་དུ་བ་སུ། སྔགས་ཀྱི་རྒྱལ་པོ་འདི་ཡིས་ནི། །གོང་དུ་བསྙེན་པ་མ་བྱས་ཀྱང་། །རྟག་ཏུ་མ་ཡིས་འདི་བཟླས་ན། །འཇིགས་པ་ཐམས་ཅད་འགེགས་པར་བྱེད། །རྡོ་རྗེ་དྲི་ཆུས་ཐིག་ལེ་བྱ། །ཕྱིར་རྒོལ་ཐམས་ཅད་རྨོངས་པར་བྱེད། །ལོག་པར་ཕྱོགས་པར་སྡང་བར་བྱེད། །བཅིངས་པས་བཟླས་ན་བཅིངས་པ་གྲོལ། །སྨྲ་བ་འདོད་ན་མི་འཇིགས་ཐོབ། །སྲིའུ་གསོ་བའི་ཏིང་ངེ་འཛིན་ཏོ། །དེ་ནས་རྟ་ཡི་རྒྱལ་པོ་ཡིས། །མཚོན་ཆ་བསྲུང་བར་བྱ་བ་གསུངས། །ཤིང་ཤུན་དག་ལ་བྲི་བ་ནི། །འཁོར་ལོ་རྩིབས་ནི་བཅུ་གཉིས་པ། །


DNG018_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

མཚལ་གྱི་རྩིབས་ལ་འབྲུ་རེ་བྲི། །དབུས་སུ་གང་བསྲུང་མིང་དང་རུས། །ཨཱོཾ་ཏ་ན་ཡན་ཏེ་ཉགས་ཕཊ། སིལ་སིལ་ཕཊ་སྭཱ་ཧཱ། དེ་ཡི་རྒྱབ་ཏུ་སྔགས་འདི་ནི། །ཡི་གེ་བརྩེགས་མར་བྲི་བར་བྱ། །ཨཱོཾ་ར་ཙ་ཡ་བ་ས་གན་དྷ་ཧ་ནི་སྭཱ་ཧཱ། གཡས་སུ་ཡུངས་ཀར་སྟོང་དུ་བཟླས། །གཡོན་དུ་གླ་རྩི་སྟོང་དུ་བཟླས། །དབུས་སུ་འཁོར་ལོ་རྣམ་པར་གནས། །ལེ་བརྒན་དར་དུ་ལེགས་བྲིས་ནས། །ཚལ་བུ་རྟ་ཡི་རྔ་མས་བཅིངས། །སྐྱེས་པའི་དཔུང་གཡས་བུད་མེད་གཡོན། །དམག་དཔུང་འཁྲུག་ཀྱང་ཐུབ་པར་འགྱུར། །མཚོན་ཆ་བསྲུང་བར་འདོད་པའི་ཏིང་ངེ་འཛིན་ཏོ། །དེ་ནས་དབང་གི་རྒྱལ་པོ་དཔལ། །ཡུལ་ཁམས་བསྲུང་བར་བྱ་བའི་ནང་། །ཉུང་དཀར་ཉུང་ནག་ཐལ་ཆེན་དང་། །དྲག་པོའི་རྫས་ལ་བཟླས་པ་བྱ། །ཕཊ་ཙ་གེ་ཙིག་གེ་གྷུ་ཧེ་མུ་ལེ། ཤ་ཤ་གྷུ་གྷུ་ཧེ་ཧེ་པྲི་རི་ཧུ་ཡུ་ཧུ་ཡུ། ཡུ་ནན། ཕུར་ཙི་ཏེ་ནན། བཛྲ་པུར་ཙི་ཏེ་ནན། རད་ན་ཕུར་ཙི་ཏེ་ནན། རད་ན་ཕུར་ཙི་ཏེ་ནན། མ་ཧཱ་ཕུར་ཙི་ཏེ་ནན། པིག་ནན། པུ་ཙི་ཏེ་ནན། དང་པོ་ཕུར་པ་བཅུ་བྱས་ལ། །སྔགས་བྲི་བཟླས་ཉུང་ཐུམ་པོ་གདགས། །ཕྱོགས་བཞི་མཚམས་བརྒྱད་དབུས་རྣམས་སུ། །མཐོ་བརྩིག་གཏའ་ཡང་བསྡམ་པར་བྱ། །དེ་ནས་སྤྲིན་གཏོར་འབྲུ་གཞིལ་ནས། །འཁོར་ལོ་རྩིབས་བརྒྱད་ཕྱག་རྒྱ་བཅས། །རྟ་མགྲིན་རྒྱལ་པོའི་ང་རྒྱལ་གྱིས། །དམིགས་ནས་སྔགས་ནི་གདབ་པར་བྱ། ཨཱོཾ་ནཱ་ག་ཤེ་དུ་མ་བ་ཤེ།ནི་ཏི་ཏིཥྚ་ས་མ་ཡ་ཤཱཀྱ་ཧཱུཾ་ཕཊ། སྡིགས་པའི་མཛུབ་མོས་གཏོར་བར་བྱ། །ཏིང་འཛིན་བསམ་པ་བརྟན་པོས་བཤིག །དེ་ནས་ཀླུ་ལ་དམ་རྩལ་བ། །གསང་བའི་སྔགས་ཀྱིས་གདབ་པར་བྱ། ཨོཾ་ཏ་ཀི་ཙ་ལི་ས་མ་ཡ། ས་ལ་ནི་ཧཱུཾ་ཕཊ། ཨཱོཾ་ནཱ་ག་ས་ཛྭ་ཏི་ནི་ཧཱུཾ་ཕཊ། ཨཱོཾ་ཀུ་ལེ་མཱ་མཱ་ཤ་ཤ་ནི་ཧཱུཾ་ཕཊ། ཨཱོཾ་ཀུ་ཏི་དི་ཀུ་ཏི་བི་རི་ཏི་ཨུ་ཡུ་ཨུ་ཡུ། ཨི་རི་ཏི་སྭཱ་ཧཱ། ཨཱོཾ་དུང་དུང་ཧུ་ས་ཏེ་ཁ་རང་རྒྱལ་རྩེ། ས་མན་ཉུངས་རྩེ་ནན་གྱིས་གནོན་སྭཱ་ཧཱ། ཀླུ་རྣམས་རྟ་ཡི་རྒྱལ་པོ་ཡི། །སྤྱན་སྔར་ཁས་བླངས་དམ་བཅས་པས། །དམ་ལས་མི་


DNG018_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

འདའི་བསམ་གཏན་ལས། །འདས་ན་འཚིག་བྱེད་སྔགས་ཡིན་ནོ། །ཐང་ལ་འབབ་ན་རི་ལ་བསྐྱོན། །སྡིགས་མཛུབ་ཤ་མི་སྣ་བུག་ནས། །བཟུང་ནས་འཕང་བར་བྱ་བ་ཡང་། །བསམ་གཏན་སྔར་གྱི་དགོངས་པས་བྱ། ཨཱོཾ་བྷ་རི་ཤ་ཡ་ཤུ་ཤུ་མུ་མུ་ཏི་ཏི། བི་རི་ཏི། ཧུ་ཡུ་ཧུ་ཡུ་ཧཱུཾ་ཕཊ། བདག་གི་ཐོག་ཏུ་ལྷུང་གྱུར་ན། །གནམ་ཆུ་ཉིད་ལ་སྔགས་ཏེ་གཏོར། །གནམ་ས་སྟོང་བཟློག་དགོངས་པ་བྱ། །ཁྲོ་བོ་ཆེན་པོའི་གར་གྱིས་བཟློག །ཨཱོཾ་བཛྲ་ག་རུ་ཌ་ཡ་སྭཱ་ཧཱ། བྷ་གི་ཙིཏྟ་བི་ཙ་ཏེ། ཤུ་ལུ་ཕུ་ཤུ་ལུ་གུ་ལུ། ཤ་ཤ་ཤུ་ཤུ་ཏི་ཏི་ཛྭ་ལ་ཏི། ཧུ་ཡ་ཧུ་ཡ། ཧུ་རུ་ཧུ་རུ། ཕུ་རུ་ཕུ་རུ། ཏི་སྭཱ་ཧཱ། ཕྱག་གི་མཐིལ་དུ་བྱ་ཁྱུང་འགྱེད། །ཀླུ་ཡི་རིགས་རྣམས་ཐམས་ཅད་ཀུན། །མ་ལུས་པ་ནི་གཏན་ནས་འཇོམས། །གཉན་པོ་གཉིས་སུ་གྱུར་པའོ། །ལམ་བསྟན་རི་སྣ་ཡུལ་འཛོམ་དུ། །ལྷ་སྲིན་འབྱུང་པོ་ལོ་ཟ་རྣམས། །རང་རང་གནས་སུ་བསྒྱུར་བྱ་བ། །མཛེས་པའི་ས་ཕྱོགས་ཉིད་དུ་བསྟན། །ཨཱོཾ་ན་མོ་བུཌྜྷ་ཡ། ན་མོ་སུ་རུ་སུ་རུ། ཀི་ལི་མི་ལི་ཡེ་སྭཱ་ཧཱ། པ་པཾ་ཀརྨ་རི་པ། ཨེ་ཐེའུ་ཐེ་ཐ་ཀུ་ཧཱུཾ་ཕཊ། རྡོ་བ་སྔོན་པོ་རབ་མཛེས་ལ། །འཁོར་ལོ་རྩིབས་བཞི་བྲིས་པ་ལ། །མཚམས་བཞི་རྡོ་རྗེ་ཕྱེད་པས་མཚན། །གཅིག་ནི་བ་བླས་བྲི་བར་བྱ། །གཅིག་ནི་ཡུང་བས་བྲི་བར་བྱ། །འོག་མཐིལ་བཞག་ལ་རྡོ་སྒྲོམ་སྟེ། །འཁོར་ལོ་ཁ་སྦྱར་ཁོང་སེང་ནང་། །བསྲུང་བའི་ཐུན་རྣམས་རབ་བླུགས་ནས། །དབུས་ཀྱི་ཕུར་པ་གཉིས་དང་བཅས། །ཡུལ་གྱི་དབུས་སུ་སྦས་གྱུར་ན། །ཆུ་འཁྱགས་ཐམས་ཅད་གཅོད་པར་བྱེད། །རྣལ་འབྱོར་པ་ཡིས་བརྩོན་པར་འབད། །ཡུལ་ཁམས་ཐམས་ཅད་སྲུང་བར་བྱེད་པའི་ཏིང་ངེ་འཛིན་ཏོ། །དེ་ནས་རྟ་ཡི་རྒྱལ་པོ་མཆོག །གར་གྱི་དབང་ཕྱུག་ཁམས་གསུམ་དབང་། །གཙང་མའི་གནས་སུ་ཉེར་འདུག་ནས། །མཎྜལ་རབ་ཏུ་མཛེས་པ་ལ། །དྲི་དང་མེ་ཏོག་ལྡན་པར་བྱ། །བུམ་པ་དྲི་ཡིས་རབ་བཀང་ནས། །སྔགས་ནས་མེ་ལོང་ཁྲུས་བྱས་ནས། །ཤིན་ཏུ་སྦྱངས་པའི་རས་གྱོན་ནས། །ཙནྡན་


DNG018_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོས་བྱུགས་བྱས་ནས། །མེ་ཏོག་ཞིམ་པོས་བརྒྱན་པ་ཡི། །ཁྱེའུ་བུ་མོ་དབང་དུ་བཞག །དེ་ནི་ཁྱིམ་གྱི་ཆོས་མ་གོས། །ལྷ་བུ་ལེགས་ལྡན་དྲི་མེད་ལ། །མཆོད་པ་གཙང་མ་མང་པོས་མཆོད། །ཇི་ལྟར་བསམ་པ་དགོས་པ་རྣམས། །མི་བསླུ་བར་ནི་སྟོན་པར་བྱེད། །ལྷ་བུ་དྲི་མེད་ཟླ་བ་ཡིས། །སྟོན་བྱེད་སྔགས་ཀྱི་བཟླས་པར་བྱ། །ཨཱོཾ་ཏདྱ་ཐཱ། ས་ར་ས་ར། སེ་རེ་སེ་རེ། སོ་རོ་སོ་རོ། མི་རོ་མན་ཏ། ཏ་པྲ་ཏི་ཀ་ཤ་ཨ་བེ་ཤ་ཨ་བེ་ཤ་གེ་ལ་ཤ །ཀུ་ཏ་སུ་ཏཱ་ཡ་ན་མོ། བདག་གི་དགོས་པའི་བསམ་པ་ལ། །བདག་གི་དོན་དང་གཞན་གྱི་དོན། །དགེ་དང་མི་དགེ་གང་ཡིན་པ། །དེ་ཀུན་ཁོ་ན་ཉིད་དུ་སྨྲ། །དགོང་ཀ་རང་གི་མགོ་ལག་བཀྲུས། །བྱི་དོར་བྱས་པའི་མཎྜལ་ལ། །ལྷ་བུ་ལེགས་ལྡན་དྲི་མེད་དེ། །མཆོད་པ་ཆེན་པོ་བྱས་པ་ནི། །གསང་སྔགས་བརྒྱ་རྩ་བརྒྱད་བཟླས་ཏེ། །མི་སྨྲ་བ་ནི་ཐུབ་པར་ཉལ། །ཇི་ལྟར་བསམ་པའི་རྨི་ལམ་སྟོན། །དྲག་ཏུ་བཟླས་བརྗོད་བྱས་ནས་ནི། །འཇིག་རྟེན་གསུམ་གྱི་སྤྱོད་པ་ཡིས། །དངོས་པོ་རྣམས་ནི་གཏམ་དུ་སྨྲ། །ཤ་ཟ་མོ་ནི་བསྒྲུབ་པ་ན། །བ་རུ་ར་ཡི་ཤིང་དང་ནི། །ནྱ་གྲོ་དྷ་ཡི་ཤིང་དྲུང་འདུག །འབུམ་ཕྲག་གཅིག་ཏུ་བཟླས་བརྗོད་བྱ། །མི་སྨྲ་ཐུབ་པས་དངོས་གྲུབ་མྱུར། །འཇིག་རྟེན་གསུམ་གྱི་སྤྱོད་པ་ནི། །གཏམ་རྣམས་དག་ལ་སྨྲ་བར་བྱེད། །ཨཱོཾ་ཤ་པ་ན་པི་ཤ་ཙི་ནི་མུ་ན་ཌཱི་སྭཱ་ཧཱ། གཞན་ཡང་ལེགས་པར་ཁྲུས་བྱས་ཏེ། །རས་གཙང་གྱོན་ནས་དགོན་པར་གནས། །ཁྲི་ཕྲག་གཅིག་ཏུ་བཟླས་བརྗོད་བྱ། །ཕྱིས་ཀྱང་དེ་ནི་དངོས་གྲུབ་འགྱུར། །མཚན་མོ་སྤོས་ལ་གསང་སྔགས་ནི། །བརྒྱ་རྩ་བརྒྱད་ནི་མངོན་པར་བཟླས། །རང་གི་གདོང་པ་རྐང་པ་ལ། །སྤོས་དང་མར་སྦྱར་བསྐུ་བྱུག་བྱ། །ཉལ་ནས་བདག་ལ་རྨི་ལམ་དུ། །དགེ་དང་མི་དགེའི་གཏམ་སྨྲའོ། །གཡོ་ཞིང་སྐུལ་བྱེད་བསྒྲུབ་པ་ནི། །དགོན་པར་ཁྲུས་བྱས་གཙང་མར་གནས། །ཨཱོཾ་ན་མཿསཔྟཱ་ནཱཾ། སམྱཀ་སཾ་བུདྡྷཱ་བོ་དྷི་སཏྭཱ་ནཱན། ཏདྱ་ཐཱ། ཨཱོཾ་ཙ་ལེ་ཙུ་ལེ་དུན་ཏིམ་ཧཱ་ཝ་ཏྱི་ས་ཏྱ་ཝ་ཏེ་ནི། ཀ་ཐཱ་ཀ་ཐཱ། ཡ་ཡ་སྭཱ་ཧཱ། ཁྲི་ཕྲག་གཅིག་ཏུ་བཟླས་བྱས་ནས། །


DNG018_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ལོང་ངམ་ནི་རལ་གྲི་འམ། །མར་མེ་འམ་ནི་ཆུ་ཡི་སྣོད། །གང་དུ་སྔགས་པས་གཏམ་སྨྲའོ། །ཆུ་ལ་བརྒྱ་རྩ་བརྒྱད་དུ་ནི། །སྔགས་ནས་ཁ་གདོང་བཀྲུས་ནས་ནི། །ཐུབ་པར་ཉལ་ནས་རྨི་ལམ་དུ། །དགེ་དང་མི་དགེའི་གཏམ་སྨྲའོ། །པྲ་མཐོ་ཆོ་ག་ཐམས་ཅད་ལས། །གཞན་ལ་འབེབས་པར་འདོད་པ་ན། །ཁྱེའུ་བུ་མོ་ཐམས་ཅད་ལ། །ཁྲུས་དང་གཙང་སྦྲས་དབབ་པར་བྱ། །རང་ཉིད་འབེབས་ན་ཉལ་བས་རྨི། །དགེ་དང་མི་དགེའི་གཏམ་སྨྲ་བར་བྱེད་པའི་ཏིང་ངེ་འཛིན་ཏོ། །དེ་ནས་རྟ་ཡི་རྒྱལ་པོ་མཆོག །གར་དབང་ཆར་འབེབས་སྦྱར་སྤྲོ་བས། །ངོ་མཚར་གྲུ་ཆར་དབབ་པ་ནི། །ཁམས་གསུམ་ས་ཡི་དོན་དུ་གསུངས། །རྫས་བྱས་བསྒོམ་ནས་བཟླས་པ་བྱ། །དཀྱིལ་འཁོར་གསུམ་དུ་ཆར་པ་འབེབས། །གཙང་མའི་གནས་སུ་ཕྱག་དར་བྱས། །མདའ་གང་གྲུ་བཞི་རྣམ་ལྔས་བྱུག །ཀླུ་ཡོད་གནས་ནས་ཆུ་བླངས་ཏེ། །དཀར་གསུམ་མངར་གསུམ་ཀླུ་སྨན་དང་། །རམས་རྔོག་བུམ་པའི་ནང་དུ་བླུགས། །སྦལ་ཁོག་ཐོད་པ་ཁ་སྦུབ་ནས། །སྦལ་གཟུགས་གཏོར་མས་གང་བར་བྱ། །དཀར་དམར་ཀླུ་སྨན་བ་འོ་དང་། །བག་ཟན་རིལ་བུ་བརྒྱ་རྩ་བརྒྱད། །ཏིང་འཛིན་པདྨ་དབང་གི་སྐུ། །ཐུགས་ཀར་ཕྱག་ན་རྡོ་རྗེ་སྤྱི་བོར་ཁྱུང་། །བུམ་ཚོ་སྦལ་ཁོག་གཞལ་ཡས་ཁང་། །ཀླུ་རྒྱལ་གཏོར་མ་རི་རབ་ནས། །དམ་ཚིག་ཡེ་ཤེས་ཀླུ་བསྐུལ་ནས། །མཚོ་རླངས་སྤྲིན་ཆར་འདོད་པར་འཕེལ། །རིལ་བུ་རེ་ལ་བརྒྱ་རྩ་བརྒྱད། །གསང་སྔགས་འདི་དག་བཟླས་པར་བྱ། །ཨཱོཾ་ནཱ་ག་གུག་ཧཱུཾ། ནཱ་ག་ལེ་ལེ། དུམ་པ་ལེ་ལེ། ནཱ་ག་རཱ་ཙ་ཧཱུཾ་ཕཊ། ཤ་ཆང་སྒོག་བཙོང་སྤང་བ་དང་། །དཀར་གསུམ་ཟ་བ་ཀླུ་ཡི་དམ། །ཡི་དམ་ཀླུ་དང་འབྱུང་པོ་ལ། །གཏོར་མ་རྣམ་གསུམ་གཏང་བར་བྱ། །གཙང་མར་གནས་བཅའ་ཆུ་གཏོར་གཏང་། །ཀླུ་རྣམས་དགྱེས་པའི་ཆོས་ཡང་འདོན། །དེ་ནས་ཆར་པ་དབབ་པར་བྱ། །འབེབས་པར་འདོད་ན་སྔགས་འདི་གདགས། །ཨཱོཾ་གྷི་ལི་གྷི་ལི། བྷར་ཤ་ཡཱ་བྷར་ཤ་ཡཱ། ཧཱུཾ་ཧཱུཾ་ཧཱུཾ། ཧོ་ཧོ་ཧོ། ཕཊ་ཕཊ་


DNG018_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

ཕཊ་སྭཱ་ཧཱ། ཧཱུཾ་ཧཱུཾ་ས་བ་ས་བ། ཧཱུཾ་ཧཱུཾ་སིབ་སིབ། དེ་ལ་བཟླས་པ་བྱས་ནས་སུ། །ཀླུ་རྣམས་མནས་བསྒག་སྔགས་འདི་བཟླས། །ཨཱོཾ་ཙ་ཏ་ཙ་ཏ། བི་ཙ་ཏ་ཤ་ལ་ཏ་ཤ་ལ་ཏ། ས་ཙ་ར་ཙི་ཏ་སྭཱ་ཧཱ། ལན་བདུན་བཟླས་པར་བྱས་ནས་ནི། །ཀླུ་ཡི་གཏོར་མ་སྔགས་འདིས་དབུལ། །ཨཱོཾ་ནཱ་ག་རཱ་ཙ་སྭཱ་ཧཱ། ཨོཾ་ནཱ་ག་ཧཱུཾ་སྭཱ་ཧཱ། ཨཱོཾ་ནཱ་ག་བྷ་ན་ཡཀྵ་ར་བྷ་ན་ཧ་ར་ཧ་ར་ཧཱུཾ། ཁ་ཁ་བ་ལིཾ་ཏ་ཧཱུཾ་ཕཊ། ཨཱོཾ་ནན་དུ་ནཱ་ག་རཱ་ཙ་ཡ། བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ཁཱ་ཧི་བ་ལིཾ་ཏ་ཧཱུཾ་ཕཊ། དྲག་པོར་འདོད་དམ་འཇམ་པོར་འདོད། །བཟླས་པ་དྲག་འཇམ་བཟླས་པར་བྱ། །འབྲུག་དང་བཅས་པར་དབབ་འདོད་ན། །ཨཱོཾ་ཏ་ཤི་མུ་ཀི་ཙི། ཤེ་ས་ཚ་པ་ལི་ཧཱུཾ་ཕཊ། ན་མོ་བྷ་ག་ཝ་ཏེ་རཏྣ་ཡ། ཏ་ཐཱ་ཨ་ནེ། ལི་བི་ཤི་ཏ། བེ་ར་བེ་ར་དཾ་དཾ་ཐིབས་སྭཱ་ཧཱ། དེ་ནི་འབྲུག་བསྐུལ་བའི་སྔགས་ཡིན་པས། །མེ་འབྲུག་བྷྲིང་གི་རི་ཏི་དང་། །རླུང་འབྲུག་ཀ་ལ་ཤ་ཡི་སྒྲོགས། །གལ་ཏེ་ཕེབས་པར་མ་གྱུར་ན། །ཀླུ་གནས་ཆུ་མིག་གནས་ཕྱིན་ནས། །གཅིག་ནི་ཀླུ་ལ་གཏོར་མ་འབུལ། །གཅིག་ནི་རིལ་བུ་སྔགས་བཟླས་ཤིང་། །གསུམ་གསུམ་བཞི་བཞི་ཆུ་མིག་བརྡེག །ཁམས་གསུམ་དབང་སྡུད་སྔགས་འདི་གདགས། །ཐུམ་ཐུམ་ཆེམ་ཆེམ་བཛྲ་ཁ་ཕྱིར་ཕཊ། གལ་ཏེ་རླུང་གིས་སྤྲིན་གཏོར་ནས། །ཆར་པ་འོང་བར་མ་གྱུར་ན། །བུམ་པ་རི་རབ་གཞལ་ཡས་ཁང་། །བུམ་པར་རླུང་ཟེད་ཀུན་ཚུད་བསམ། ཨོཾ་ཏི་ཏི་ཏི་ལ་ནན། ཆར་ཡ་ཆུར་ཡ་ནི་ཏི་ས་ཏ་ལྷན། རྡོ་རྗེ་རྒྱ་གྲམ་ཁ་བཅད་བསམ། །རླུང་ཞི་ཆར་པ་འབེབས་པར་བྱེད། །དེས་ཀྱང་མ་ཕེབས་སྤོགས་ཆོག་ནི། །དཀར་གཏོར་སྔགས་བཟླས་ཆུ་མིག་སྦུབས། །ཨཱོཾ་ནཱ་ག་ཨ་ལི་མི་ལི་ཤི་སུ་པས་དུན་སྭཱ་ཧཱ། སྔགས་རྣམས་དྲིལ་ལ་ཆུ་མིག་བསུབ། །ཞི་བས་སྤོགས་ཆོག་དབབ་པའོ། །ཐོད་ངན་སྣ་ཚོགས་སྔོ་ཁུ་དང་། །ཤ་སྣ་བསྲེས་ལ་སྔགས་ཐབས་བསུབ། །དྲག་པོར་དབབ་པར་བྱའོ། །ཨཱོཾ་ནཱ་ག་ཆུ་བཾ་ནཱ་ག་ཤར་ཤར་ཕོབ་ཕོབ། དེས་ནི་གདོན་མི་ཟ་


DNG018_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

བར་འབེབས། །ངོ་མཚར་གྲུ་ཆར་འབེབས་འདོད་ན། །སེང་ལྡེང་གླང་མའི་ཕུར་པ་ལ། །རྟ་མགྲིན་བསྐྱེད་དེ་གུ་གུལ་བདུག །ཆར་འབེབས་སྔགས་བྲིས་ལས་བྱས་ནས། །གར་འདོད་ཀླུ་ཡི་གནས་སུ་གདབ། །མེ་ལོང་རྟེན་ལ་རིལ་བུ་བརྡེག །མི་འབེབས་ཕྱོགས་སུ་མེ་ལོང་རྒྱབ། །ཨོཾ་གྷི་ལི་པ་རི་ཤ་ཡ། ཧཱུཾ་ཧཱུཾ་ཧཱུཾ། ཧོ་ཧོ་ཧོ། ཕཊ་ཕཊ་ཕཊ་སྭཱ་ཧཱ། ཞེས་ཀླུའི་ཚོགས་ལ་ཞི་བ་དང་དྲག་པོས་ཆར་ཡོངས་སུ་ཞུས་ནས་དབབ་པའི་ཏིང་ངེ་འཛིན་ཏོ། །དེ་ནས་བཅོམ་ལྡན་རྟ་ཡི་མཆོག །དཔལ་ལྡན་ལྷ་མོ་ལྕམ་དྲལ་གྱིས། །སངས་རྒྱས་བསྟན་པ་འཇིག་པ་ལ། །པར་བུ་ནག་པོའི་ཆོ་ག་གསུངས། །སྔོན་འགྲོ་དཀྱིལ་འཁོར་ལིངྒ་དང་། །པར་བུ་རྩ་བའི་དྲག་སྔགས་དང་། །མགོན་པོ་འབོད་ཅིང་དགྲ་བོ་དགུག །མ་མགོན་རྦད་དང་གསད་ལས་བྱ། །རྟགས་བྱུང་ལས་མཇུག་བསྡུ་བའོ། །དང་པོར་དབེན་པའི་གནས་སོང་ནས། །གཟའ་སྐར་ཕུར་བུ་ལག་པ་ལ། །སྤང་སྐོང་བཤགས་དང་ཆུ་གཏོར་དང་། །འཇིག་རྟེན་ལྷ་འདྲེ་མ་ཉེས་བདར། །དཀྱིལ་འཁོར་གྲུ་བཞི་སྟེགས་བུའི་སྟེང་། །དེ་དབུས་གྲུ་གསུམ་བྲུས་པའི་ནང་། །དགྲ་བོའི་མིང་རུས་ཁྲག་ཆེན་བྲི། །དེ་མཐའ་སྔགས་ཀྱིས་བསྐོར་བར་བྱ། །རབས་ཆད་ནག་པོའི་ཐོད་པ་ཡི། །པར་བུ་ནང་དུ་སྔགས་བྲིས་ལ། །ཕྱི་རོལ་ཁྲག་ཆེན་བཙན་དུག་དང་། །རོ་སོལ་བྱུག་ལ་འབྲུབ་ཁུང་བཅད། །གྲུ་གསུམ་མེ་རི་རྩང་དམར་བསྐོར། །ལིངྒའི་ཐ་མ་བསྐོར་བ་དང་། །པར་བུའི་ནང་དུ་བྲི་བའི་སྔགས། །ཨཱོཾ་པ་ཎི་རུ་ཀྲི་ཏ་བྷི་ཤི་དོ་རི་ནན། རཀྴ་ཏེ་ཛོ་ནི་ཛ་ཡ་ན། སརྦ་ནི་ན་རོ་ཏི་ནི་བ་ཡ་ནན། སྔགས་དེ་བྲི་བར་བྱ་བའོ། །དེ་ནས་ཕྱི་ཡི་སྲུང་མ་ཡང་། །ཚངས་པ་བརྒྱ་བྱིན་མགོན་པོ་རྣམས། །ཆུ་གཏོར་རྒྱུན་མི་ཆད་པར་མཆོད། །དགྲ་བོའི་བདུན་རྒྱུད་གཅད་པའི་ཕྱིར། །མ་ཉེས་དཔང་གཟུག་གཏད་བཅོལ་བྱ། །སླ་ངའི་ནང་དུ་མེ་ཡི་ནི། །ཤ་ཁྲག་སྙིང་གིས་གཏོར་མ་བྱ། །སྔགས་འདི་ཞག་གཅིག་བཟླས་ཏེ་འབོད། །མ་མགོན་གཉིས་ལ་བསྟབ་པར་བྱ། །ཨཱོཾ་ཤྲཱི་མ་ཧཱ་ཀཱ་ལ་རུ་སི་ནི་རུ་ཡ་པིར་ཤིས། རག་མོ་ཏྲི་ཀི་ནི་ཁཱ་ཧི་བ་ལིཾ་ཧཱུཾ།


DNG018_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་ནག་བང་དང་ཐོད་པ་བསྣམས། །ལྷ་མོ་རལ་གྲི་ཐོད་པ་ནག །རྟ་དང་དྲེལ་ནག་ཞོན་པ་འབོད། །ཤ་ཁྲག་གཏོར་མ་རྒྱུན་དུ་སྦྱིན། །ཨཱོཾ་མ་ཧཱ་ཀཱ་ལ་རཀྴ་དུ་བེཾ་ནི་གུ་ཎ་ཧྲི་ད་ཧཱུཾ། ཨཱོཾ་རུ་རུ་རོ་རུ་ཙ་པ་ལ་ཨ་ཤུག་མེ་ཧཱུཾ་བྷྱོ་ཛ་ཛ། བཟླས་པ་འདི་ནི་རྒྱུན་དུ་དྲངས། །དེ་ནས་དགྲ་སྲོག་སྙིང་པོ་དྲངས། །དགྲ་བོ་ནྲྀ་ཤ་རུ་སི་རུ་ཏྲི་ཨཱ་ཀཪྵ་ཡ་ཧཱུཾ་ཛ་ཛ། ཁྲི་བཟླས་ཉུང་དཀར་ལག་ཏུ་ཐོགས། །དཀྱིལ་འཁོར་བསྐོར་ཞིང་ཕྱོགས་བཞི་རུ། །ཞིང་ལྤགས་གཡབ་མོས་འདུལ་བར་བྱ། །མགོན་པོ་ལྷ་མོ་རྦད་ཅིང་བསྐུལ། །མགོན་ནག་རྦད་ལ་ཉུང་དཀར་བྲབ། །ཨཱོཾ་མ་ཧཱ་ཀཱ་ལ་ཀྲོ་ཏ་རཱུ་པ་རྨུགས། ནག་པོ་ནྲྀ་ཐུམ་ས་ཡམ་བྷྱོ། ཧ་སྲོག་ཆུམས། རྦད་ནི་ས་བ་ནྲྀ་ཐུམ་ཐུམ་རྦད་རྦད།ཉི་མ་ཟློས་ཏེ་མགོན་པོ་རྦད། །ཨཱོཾ་རུ་རུ་ནག་མོ་ཡཀྴ་ཏེ་ཙ་སྙིང་ཐུམ་རིལ། ཁ་ཐུམས་ཤ་རྦད། ཐུམ་རིལ་རྦད། ཤ་ས་ཏ་ཏི་ཁོ་ཏྲི་མ་མ་ཐུམ་ཡཾ་རིལ་གཾ་བུ་ནཾ་ཐུན། ཡ་ན་ཤ་ན་རྦད་རྦད། ཉུང་ནག་སྔགས་ལ་ལྷ་མོ་རྦད། །སྐབས་སུ་དགྲ་སྲོག་སྙིང་པོ་དྲངས། །ཡུངས་དཀར་ཉུང་ནག་སྐེ་ཚེ་ལ། །སྔགས་ནས་མིང་གཟུགས་དག་ལ་བྲབ། །མིག་དང་རྣ་བ་སྣ་ལྕེ་ལུས། །སྙིང་དང་ལུས་སེམས་དབྱེ་བར་བྱ། །ཨཱོཾ་ཙག་ཤུ་ཏི་ལིཾ་ཡཾ་འབུ་ནི་ཐུམ་རྦད། ཨཱོཾ་ཤུ་རུ་ཀིམ་པུ་ཏི་ཡཾ་ཏྲུག་ཐུམ་ཁ་རྦད། ཨོཾ་མང་ཁ་རོ་ལ་ཀྲོ་ཏོ་བིན་དུ་མ་ཡཾ་ཐུམ་རྦད། ཨཱོཾ་ཤན་ཏཾ་དུ་ན་ཏིག་ཤ་པི་རུ་ཏི་ས་མ་ཐུམ་རྦད། ཨཱོཾ་བྷི་རི་གུ་རུ་ནི་རག་ཀུ་ཐ་ཡཾ་ཐུམ་རྦད། ནི་ཌི་ཏ་ཙ་ཏི་ཐིམས་ས་མ་ཡ་ཧུར་བྷར་ཡཾ་ཐུམ་རྦད། ཨཱོཾ་ཏང་ཀུ་རེ་མ་ར་ཡ་ཡུག་ཏི་ཤིག་ཏྲིག་མུག་ཐུམ་རྦད། སྟོང་སྟོང་བཟླས་ཤིང་སྟོང་ཚིགས་མཆོད། །མགོན་པོ་ལྷ་མོ་བསྐུལ་ཞིང་རྦད། །དགྲ་སྲོག་དྲངས་ལ་ཞིང་ལྤགས་བརྡུལ། །ཟླ་ཕྱེད་ཞག་དགུ་ཞག་བདུན་གྱིས། །པར་བུ་ཙག་ཙག་ཆོམ་ཆོམ་ཡོང་། །སླར་ཡང་རྦད་སྔགས་བཟླས་ཤིང་བརྡེག །དེ་ནས་མིང་གཟུགས་གཏོར་མར་བཅུག །བྱང་ཤར་མཚམས་སུ་གཏང་བར་བྱ། །དེ་ནི་གང་གིས་བྱས་པ་དེས། །ཕྱག་ན་རྡོ་རྗེ་ལུས་སྲོག་འབྱེད། །སངས་རྒྱས་བསྟན་


DNG018_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་སྨོས་ཅི་དགོས། །དཔལ་མགོན་པོ་དང་ལྷ་མོས་སངས་རྒྱས་ཀྱི་བསྟན་པ་བསྲུང་བའི་དགྲ་སྲོག་འབྲལ་བའི་ཏིང་ངེ་འཛིན་ཏོ། །དེ་ནས་བཅོམ་ལྡན་འདས་རྟའི་རྒྱལ་པོས། ཀླུ་བདུད་ནག་པོ་བསྐུལ་བའི་ལས། །གཉེན་པོ་བསྒྲུབ་ཅིང་ཀླུ་བདུད་འབོད། །རྦད་ཕྱིར་བསྒྲུབ་དང་གསད་ཕྱིར་གཏད། །ཟློག་ཐེབས་འབྱམས་སོགས་མན་ངག་རྣམས། །མ་ནོར་སྔགས་འཆང་རྣམས་ལ་བཤད། །དང་པོར་པདྨ་དབང་གི་ལྷ། །རྟ་གདོང་སྟེང་ན་བྱ་ཁྱུང་གནས། །ཁྱུང་སྔགས་རྟ་ལ་བཏགས་ནས་བཟླས། །ཀླུ་གཉན་ས་བདག་གཉེན་པོར་ཆེ། །ཨོཾ་ག་རུ་ཊ་ཙ་ལེ་ཙ་ལེ་ཧཱུཾ་ཕཊ། དེ་ནས་དབེན་པའི་གནས་ཕྱིན་ལ། །སྦལ་ནག་ལྟོ་བར་ལིངྒ་ལ། །བསད་པའི་སྔགས་ཀྱིས་བསྐོར་བྱས་ནས། །བར་མ་རྦད་དང་ཐ་མར་འབོད། །སྦྲུལ་དང་སྡིག་པས་མུ་ཁྱུད་བསྐོར། །ཀླུ་བདུད་ནག་པོ་འབོད་པར་བྱེད། །ཨཱོཾ་ནཱ་དུ་ན་ཧི་ལི་ནཱ་ག་འདུས། འབོད་པས་ཀླུ་རྟགས་མང་པོ་འབྱུང་། །དེ་ནས་རྦད་སྔགས་འབུམ་དུ་བྱ། །ཨ་ཤཾ་ནག་པོ་ཏི་པ་ཙ་ཡ། ནཱ་ག་ཀྲོ་ཏཱི་ཤྭ་རཱི་ཡ་ཏྲི་ཤཾ་རྦད་བུ། ཀུ་རཀྴ་ཏིས་ཙ་པ་ཙ་ལམ་བམ། ཤ་ཏྲུཾ་མཱ་ར་ཎ་ཛ་ཛ་ཧཱུཾ། ཀླུ་བདུད་ནག་པོ་དགྲ་ལ་རྦད། །བསང་སྔགས་འདི་ལ་ཁྲི་ཡིས་འགྲུབ། །ནག་པོ་བཾ་ཙི་ཙི་རྒྱས། ཏྲག་ཐུཾ་སྙིང་ལ་གུལ་གུལ། མྱག་མྱག་རྩ་བཞི་བསྐུམ།ཤན་ཤན་དགྲ་བོའི་སྲོག་ལ་ཤན། ཐུར་ཐུར་དགྲ་བོའི་ཙིཏྟ་སོད་སྭཱ་ཧཱ། རྒྱལ་རིགས་བྲམ་ཟེ་དམངས་རིགས་གདོལ། །དེ་ནས་གཏད་པ་བྱ་བ་ཡིན། །བྱང་བལྟས་བྱང་ཤར་འཁྱིལ་ལྐུགས་གཏད། །དམངས་རིགས་གདོལ་པའི་ཀླུ་ལ་གཏད། །སྔོན་ཐོག་སྦྱོར་བས་ལྡོག་པ་ལ། །ཐུག་ཕྲད་གཏད་དུས་འགྲོ་རྗེས་བྱིབས། །ཁྱུང་སྔགས་རྨ་བྱ་རུས་སྦལ་དང་། །རིན་ཆེན་ལྔ་ཁྲི་ཤཱ་རི་རམ། །སྦྱོར་བ་སྟེང་འོག་ཡི་གེ་བསྙམས། །མ་འདྲེས་མིང་དང་དགྲ་རྫས་མཆོག །ཐུག་ཕྲད་གཏོང་བར་ཁ་རུ་དང་། །རྩི་སྨན་བྱུག་དང་དྲི་མི་གཏང་། །རླངས་པ་མ་ཤོར་ཆོ་མི་བརྗོད། །ཁྱུང་ངམ་རྟ་


DNG018_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

མགྲིན་གསལ་བ་ཡིས། །འཁོར་ལོ་གཏད་ལ་ཕོ་བྲང་གདབ། །མི་བལྟ་ལམ་བཅད་རྗེས་བསུབ་བསྐོར། །གནས་སུ་སྤོས་ཀྱི་གླང་པོས་བདུག །དགྲ་བསད་ལྡོག་དབྱུང་སྔོན་མ་བྲི། །འབྱུང་བ་ཁ་བསྒྱུར་གསེར་དང་སྦྲག །ཐེབས་ན་ཀླུ་ལ་གཏང་རག་གཏང་། །ཀླུ་སྨན་རིན་ཆེན་སྦྱིན་པར་བྱ། །འབྱམས་ན་འགུགས་པར་བྱ་བ་ཡང་། །ཆུ་མིག་ཀུན་ཏུ་གཏད་དམག་དྲང་། །འགོར་བས་སྤོགས་པའི་ཆོ་ག་ཡང་། །བསྐྱར་ནས་གཏང་བར་བྱ་བའོ། །སྟོང་ཉིད་བལྟ་བ་རྒྱབ་ཏུ་གཞག །ཡི་དམ་ལྷ་ཡི་སྐུ་དང་འགྲོགས། །གསང་སྔགས་ཆུ་བོ་རྒྱུན་མི་གཅད། །རྫས་རྣམས་ལུས་དང་འབྲལ་མི་བྱ། །སངས་རྒྱས་བསྟན་སྲུང་རྣལ་འབྱོར་པ། །ཕ་ཚན་ཆེན་པོ་དགྲ་ལངས་ན། །རྩ་རྒྱུད་གཅད་པར་བྱ་བ་ཡིན། །གཏི་མུག་ཀླུ་ཡི་ངན་གཏད་ཀྱིས། །དགྲ་བོ་ཕ་ཚན་ཅན་བརླག་པར་བྱེད་པ་སངས་རྒྱས་བསྟན་པ་བསྲུང་བར་བྱེད་པའི་ཏིང་ངེ་འཛིན་ཏོ། །དེ་ནས་རྗེ་བཙུན་བཅོམ་ལྡན་འདས། །དབང་གི་ཐོག་སེར་དབབ་པར་གསུངས། །སྐྱེས་བུས་གཞུ་ནི་ཁེངས་པར་འགེངས། །མདའ་འཕང་གནས་སུ་སྐྱོལ་བར་བྱ། །མདེའུས་གནད་ལ་འབིགས་པར་བྱེད། ། ཚིག་ཆད་སོང་ངམ། འདོད་པ་འགྲུབ་ནས་གཏང་རག་གཏང་། །དུས་སུ་ངར་ཡང་གདགས་པར་བྱ། །ཏིང་འཛིན་གསལ་གཙང་རྣལ་འབྱོར་པ། །དབེན་གནས་གཉེན་པོར་དབང་བཙུག་ལ། །དཀྱིལ་འཁོར་འཁོར་ལོ་རྩིབས་བཞི་ལ། །དབུས་སུ་པདྨ་རྟ་མགྲིན་སྐུ། །བཀའ་སྡོད་རྩིབས་བཞི་གདོང་མོ་བཞི། །ཧྲཱྀཿཡིག་མ་ར་ཙ་ཤ་ལས། །སྟག་དྲེད་བ་གླང་ཆུ་སྲིན་བསྐྱེད། །སྟག་དོམ་གླང་ཉ་སྙིང་ཁྲག་བཅས། །ར་ཁྱི་བྱ་མི་སྙིང་ཁྲག་རྟེན། །སྣེལ་གྲིའི་ཐོད་པར་ཁྲག་དུག་ཀུན། །ཉུང་དཀར་ལྷ་ཕྲལ་སྔགས་ཀྱིས་བྲབ། །ཨོཾ་རག་མོ་རག་མོ་སྙིང་ཙ་ལ་བྷྱོ། ཨཱོཾ་ཡག་མོ་ཡག་མོ་དགྲ་བོའི་སྙིང་ལ་བྷྱོ། ཨཱོཾ་ཙབ་མོ་ཙབ་མོ། ཁྲག་ལ་མུ་ཤ་མ་བྷྱོ། ཨཱོཾ་རག་མོ་རག་མོ་སྙིང་ཁ་རག་མོ་ལ་བྷྱོ། དེ་བསྐྱེད་དྲང་བསྡིམ་གཏོར་མ་དང་། །རཀྟ་སྨན་གྱིས་མཆོད་པ་བྱ། །ཐུན་ལ་རྒྱུ་རྩལ་བསྙེན་པས་འབོད། །ཨཱོཾ་བཛྲ་ལང་ཏིང་ལང་ཏིང་བྲ་མ་ཡ་ཛཿཧཱུཾ་བཾ་ཧོཿ། ཨཱོཾ་བཛྲ་ལམ་


DNG018_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

བྷྱོ་དྷ། ཨ་ཤུ་མེ་བཛྲ་སུན་སྤྲི་ཧཱུཾ་ཛ། ཨཱོཾ་ག་ཏྲ་ག་མི་ཛ་བཛྲ་ཡཀྴ་ཀྲིང་ཀྲིང་ཛྭ་ལ་རཾ་ཛ། ཨཱོཾ་ཀི་ལིཾ་ཐྠེཾ ་ཀ་ལི་ཧོ་བ་ཡ་ཧཱུཾ་ཛ། མིང་སྲིང་གྲོགས་མཛའ་བཙས་མ་བརྔ། །རྨོས་བྱེད་ཡུར་མ་ཡུར་བ་དང་། །ཆུ་ཆེན་འཁྱགས་པ་རི་ཉིལ་སྣང་། །ཐོག་སེར་འབྲུག་སྒྲ་གྲུབ་པ་ཡིན། །དེ་ནི་ཆུ་རིལ་སྔགས་ནི་བྱ། །ཨོཾ་རག་མོ་རག་མོ་རུ་རུ། ཙབ་སྙིང་ཁ་རག །གྷུ་སི་དན་མ་ཤག །མུ་ཤག་མུ་ཤ་མ་ཕྱེ་པྲོཾ་ཧྲིལ། དུར་པྲོཾ། དཀར་པྲོཾ། ཤུ་ཏྲི་པྲོཾ། ཡུག་ཏི་སྨིན། ཤར་ཤལ་ཏེ་དྲག་ཏུ་ཕོབ། རྟགས་དང་མཚན་མ་ནང་དུ་གསལ། །ཕྱི་རྟགས་དངོས་སུ་འབབ་ཅིང་དྲག །དེ་ནས་དབབ་པར་བྱ་བ་ནི། །ཨཱོཾ་མ་མ་རཀྴ་འདའ་ན་ཐུན་ཐུན་པྲོཾ་ཧྲིལ། མ་མ་ཤིག་ཤིག །་ཏྲ་ནན། པུ་རྩེ་པུ་རྩེ་པྲོཾ་ཧྲིལ། མ་མ་རུ་རྟ་ནན། བྷྱོ་ཛ་མུན་ཛ་རྦུད་ཐམ། ཐུམ་ཐུན་བྷྱོ། པྲོཾ་ཧྲིལ་ཧྲིལ་ཕཊ། དགྲ་བོའི་ལོ་ཐོག་སྣར་མོ་མཱ་ར་ཡ་ཕཊ་ཕཊ། དབུས་ཀྱི་ཐོད་པ་འོད་དཀྱིལ་དུ། །ཤར་ཐོད་ཡུལ་གྱི་ལྷ་ལ་གནན། །ནུབ་ཐོད་ཀླུ་གཉན་ས་བདག་ལ། །ལྷོ་ནི་དམ་རྫས་རི་སྐེད་ལ། །བྱང་ནི་ཐུན་རྫས་རི་རྩེར་སྦ། །ཐོད་པ་ཁྲག་ལམ་འདྲེལ་བར་བྱ། །ཕེབས་ནས་གཏའ་དབྱུང་གཏང་རག་གཏང་། །གཏོར་ཚོགས་མཆོད་པར་བྱ་བའོ། །ཀུན་ཏུ་ཐུན་ཁ་གསོ་བ་དང་། །དགོས་པའི་དུས་ན་དཔའ་བོ་ཡི། །རལ་གྲི་ཕྱུང་རྒྱག་ལུས་ལ་འཆང་། །བསྟན་པ་ཙམ་གྱིས་གཞན་འཕམ་མོ། །ང་རྒྱལ་ཐོག་སེར་ལོ་འབྲས་རླག་པའི་ཏིང་ངེ་འཛིན་ཏོ། །དེ་ནས་རྗེ་བཙུན་དབང་གི་རྟས། །དབང་འདུས་འབྱོར་པ་སྤེལ་བ་གསུངས། །བསྒོམ་དང་སྔགས་བཟླས་ཀུན་འགྲུབ་པའི། །མགོན་པོ་གནོད་འཛིན་ཡང་དག་བཤད། །སྟོང་པའི་ངང་ལས་ཛཾ་ཡིག་ལས། །མགོན་པོ་གནོད་འཛིན་དམར་པོའི་སྐུ། །གཡས་པ་གསེར་མདོག་ཨ་རུ་ར། །གཡོན་པ་ནེའུ་ལེའི་རྐྱལ་བུ་འཛིན། །ནོར་རྒྱུན་དམར་མོ་རིན་ཆེན་སྙེ། །བསྒོམ་ནས་གཏོར་མ་ཆུ་སྦྱིན་དབུལ། །དེ་ཡི་གསང་སྔགས་རྣམ་པར་བརྗོད། །ཨཱོཾ་སྭཱ་ཧཱ། ཨཱོཾ་པི་ཙི་ཀུཎྜ་ལི་ཨིནྡྲ་ནི་མུ་ཁཾ་བྷྲ་མ་རི་སྭཱ་ཧཱ། ཨཱོཾ་ཛཾ་བྷ་ལ་ཛ་


DNG018_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

ལེནྡྲཱ་ཡ་པི་ཙི་ཀུཎྜ་ལི་བ་སུདྷ་རི་བྷྲཱུཾ་རཏྣ་སིདྡྷི་བ་སུ་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཆུ་ཡི་ལྷག་མ་ཕྱུགས་ལ་བླུད། །གཏོར་ཕུད་ནས་ཀྱི་ནང་དུ་གཞུག །ལོངས་སྤྱོད་རིན་ཆེན་ཆར་པ་འབེབས། །ནོར་བུ་བུམ་བཟང་བང་མཛོད་ལྡན། །དབུལ་བ་ཡོངས་སུ་སེལ་བའི་ཏིང་ངེ་འཛིན་ཏོ། །དེ་ནས་རྟ་མཆོག་ཕྲག་དོག་ཆེས། །འཁོར་ལོ་ཚ་ཚ་གསང་སྔགས་ཉུང་དཀར་བཟློག །རྩིབས་བརྒྱད་སྡེ་བརྒྱད་ལྟེ་བ་ལ། །འདོད་པའི་མིང་གཟུགས་སྔགས་དང་བཅས། །ཚ་ཚ་དཀར་ནག་ཞབས་སྤྲད་སྟེ། །དཀར་པོ་རང་ཉིད་ནག་པོ་གཞན། །ཨཱོཾ་ཡ་མ་རཱ་ཛ་ཧཱུཾ་བྷ་ཏ་ཡ་མ་མ་རག་མོ་ལོང་ཀ་བྷ་ཤ་ཡ་ནཱ་ག་ར་ཙ་ཧ་ཧཱུཾ་བཟློག །ཁ་ཤར་ལིང་བི་ཏན་སད། རཀྴ་གྷྲི་བ་མུ་ཁེ་ཧེ་ར་སད། ཡཀྴ་གྲི་བ་ལ་ཆར་སད། པྲ་མ་ཡ་རུ་ཏྲ་སད། རཱ་ཧུ་ལ་སརྦ་དུཥྚན་སད། ཨོཾ་ཨཱཿཧཱུཾ། སཾ་བྷ་ར་མུ་ཏ་ཀ་ར་ཧཱུཾ་ཧཱུཾ་ཕཊ་ཕཊ། ཉུང་དཀར་སྔགས་ཏེ་བྲབ་པར་བྱ། །ཚ་ཚ་དཀར་ནག་གི་ཏིང་ངེ་འཛིན་ཏོ། །དབང་ཆེན་སྤྱི་དྲིལ་རྔོག་མ་ལེ་བརྒན་གྱི་རྒྱུད་ལས། ཐུན་མོང་དངོས་གྲུབ་ལས་ཚོགས་ཀྱི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་དག་ཇི་ལྟར་བགྲོད་གྱུར་པ། །ཚོགས་ལམ་དང་པོའི་འཇིག་རྟེན་པ། །ཕྱི་དབྱིབས་ནང་སྔགས་གསང་བ་དབང་། །མཐར་ཐུག་རླུང་དུ་བསྟན་པའོ། །ཡང་དག་སྤོངས་བཞི་པདྨ་ཅན། །རྩ་མི་རླུང་ལྔ་ལུས་ངག་ཡིད། །རླུང་སེམས་འདུས་པའི་བདེ་བར་བརྒྱལ། །སྟོང་པ་དགྲར་ལངས་དྲན་པ་བཞི། །ལུས་དང་ངག་དང་སྔགས་དང་ནི། །སྟོང་པ་འབའ་ཞིག་དྲན་པར་བྱ། །རྫུ་འཕྲུལ་རྐང་པ་བཞི་པའི་རླུང་། །ཆུ་རླུང་མེ་རླུང་རླུང་གི་རླུང་། །སྦྱོར་ལམ་དྲོད་དང་རྩེ་མོ་ལ། །དྲོད་ནི་ཆུང་ངུ་འབྲིང་དང་ཆེ། །རྩེ་མོ་ཕྱི་ནང་རྣམ་པ་གཉིས། །དབང་པོ་ལྔ་ནི་རྩ་བའི་རླུང་། །གྱེན་རྒྱུ་མཐུར་སེལ་མེ་དང་མཉམ། །སྲོག་འཛིན་ཁྱབ་པར་བྱེད་པའི་རླུང་། །གཟོད་ཅིག་དབུ་མར་རླུང་སེམས་འདུས། །ཆོས་མཆོག་འཁོར་འདས་ཚོགས་གཉིས་རྫོགས། །སྟོབས་ལྔ་ཡན་ལག་རླུང་ལྔ་ཉིད། །རྒྱུ་བ་རབ་ཏུ་རྒྱུ་བ་དང་། །མངོན་པར་རྒྱུ་དང་ཡང་དག་


DNG018_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ། །ཤིན་ཏུ་རྒྱུ་བ་རྣམ་ལྔ་ཡིན། །དེ་ནས་འཇིག་རྟེན་འདས་པའི་ལམ། །མཐོང་བསྒོམ་མཐར་ཕྱིན་རྣམ་པ་གསུམ། །འཁོར་ལོ་བཞི་དང་སྲོག་ཤིང་གསུམ། །བྱང་ཆུབ་ཡན་ལག་བདུན་དུ་རིགས། །བསྒོམ་ལམ་རྣམ་ཤེས་ཚོགས་བརྒྱད་པོ། །ཀུན་གཞི་ཡིད་དང་ཉོན་མོངས་ཡིད། །མིག་དང་སྣ་དང་རྣ་བ་ལྕེ། །ལུས་ཀྱི་རྣམ་པར་ཤེས་པ་ཉིད། །མཐར་ལམ་རྩ་དང་ཡི་གེ་དང་། །བདུད་རྩི་རླུང་གི་འགྲོས་བཞིར་ཐིམ། །དང་པོ་གཉིས་པ་གསུམ་པ་དང་། །བཞི་པ་ལྔ་པ་དྲུག་པ་དང་། །བདུན་པ་བརྒྱད་པ་དགུ་པ་དང་། །བཅུ་པ་བཅུ་གཅིག་བཅུ་གཉིས་ལ། །བཅུ་གསུམ་བགྲོད་པའི་ས་རྣམས་ནི། །ཕྱི་རྟགས་བདུད་འདུལ་དྲལ་བ་དང་། །ནང་རྟགས་ཕྱི་ནང་རླུང་འགགས་པས། །དེ་ཁོ་ན་ཉིད་རྟགས་རྣམས་འཆར། །མཐོང་དང་འགྱེད་དང་འབྱེད་འཆད་སྟོན། །རྫུ་འཕྲུལ་ས་ལ་རིམ་པར་འགྱུར། །ཞེས་གསུངས་པས། ལམ་ལྔ་ས་བཅུ་རྫོགས་པ་རྣམས། །འཇིག་རྟེན་དྲུག་ཏུ་གསལ་བར་གྱུར་ཏོ། །པདྨ་དབང་ཆེན་གསང་བ་ཁྲོ་བོ་འདུས་པ། པདྨ་གསང་བ་རྔོག་མ་ལེ་བརྒན་གྱི་རྒྱུད་ལས། ས་ལམ་རིམ་པར་ཕྱེ་བའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྣལ་འབྱོར་པའི་ལམ་གྲུབ་པ་ལ་གནས་པ་འདི་གསུངས་སོ། །རྣམ་པར་སྨིན་པ་ཁྱུང་སེང་འདྲ། །ཚེ་ལ་དབང་བ་ཉི་ཟླ་འདྲ། །ཕྱག་རྒྱ་ཆེན་པོ་ལྷ་སྐུ་འདྲ། །ལྷུན་གྱིས་གྲུབ་པ་གཉིད་སད་འདྲ། །དང་པོ་སར་ནི་ཆུད་པ་དང་། །ས་ལ་གནས་པ་ཐོབ་པའོ། །ཉི་ཟླའི་ཚེ་དང་མཉམ་གྱུར་པས། །རང་གི་སྲོག་ལ་དབང་ཐོབ་འགྱུར། །རང་གི་ཡི་དམ་གསལ་གྱུར་པ། །རྩ་དང་ཡི་གེ་བདུད་རྩི་རླུང་། །རྣམ་པར་གནས་པ་ཆོས་ཀྱི་ཉི། །ལེགས་པར་སད་པས་ལུས་འཛིན་འགྱུར། །ཐོས་བསམ་བསྒོམ་ལ་རབ་གནས་པ། །ལྟ་བ་ཏིང་འཛིན་དབང་ན་གསལ། །སྤྲུལ་པའི་སྐུ་ལས་ཆོས་ཀྱང་ཉན། །ལྷ་མིའི་ལུས་སུ་གནས་པར་སྟོན། །ལོངས་སྤྱོད་སྐུ་ཡི་འཁོར་འདུས་པས། །གསང་བ་རྒྱུད་ཀྱི་བགྲོ་བ་མཛད། །ཆོས་ཀྱི་སྐུ་ལ་རབ་གནས་པས། །མྱོང་ལ་མ་རེག་རྒྱལ་བ་དྲུག །ཅེས་གསུངས་སོ། །དབང་ཆེན་བདེ་གཤེགས་སྤྱི་དྲིལ་པདྨ་དབང་ཆེན་གསང་བ་རྔོག་མ་


DNG018_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

ལེ་བརྒན་གྱི་རྒྱུད་ལས། རིག་འཛིན་གྱི་ལེའུ་སྟེ་བཅྭ་ལྔ་པའོ།། །།དེ་ནས་ཁྲོ་རྒྱལ་རྟ་མགྲིན་ནི། །ཏིང་འཛིན་སྙོམས་ཞུགས་འདི་གསུངས་སོ། །སེམས་ཀྱི་རྣལ་འབྱོར་ཐོབ་པ་ཡིས། །ཡན་ལག་ཅེས་སུ་བསྟན་པ་ཡང་། །སོ་སོར་སྤང་དང་བསམ་གཏན་དང་། །དབུགས་དགག་སྟོང་དང་གཟུང་བ་དང་། །རྗེས་སུ་དྲན་དང་ཏིང་འཛིན་ནི། །སྦྱོར་བའི་ཡན་ལག་དྲུག་ཅེས་བྱ། །སོ་སོར་སྤོང་བ་སྡོམ་ལ་གནས། །དངོས་པོ་གཞན་དགག་སྤང་བར་བྱ། །དེ་ཡི་མིང་གྲགས་བཅས་པ་ནི། །སོ་སོར་སྤང་བ་ཞེས་སུ་འདོད། །དམ་ཚིག་སྡོམ་ལ་གནས་པ་ནི། །ཇི་ལྟར་ཚུལ་ཙམ་རྣམ་དག་པ། །འདོད་པའི་གཡེང་བ་མེད་བྱེད་ཅིང་། །འགྱོད་པའི་དྲི་མ་མེད་པ་ཡིས། །རྟག་ཏུ་དབང་པོ་སྡོམ་པའི་ཕྱིར། །ཏིང་འཛིན་ཐོབ་པའི་རྒྱུ་ཡིན་ལྟར། །སོ་སོར་སྤང་བ་ཞེས་བྱ་འདི། །ཡིད་དང་དབང་པོ་བསྒོམ་ནས་ནི། །རྣམ་པར་ཤེས་པ་སྐྱེ་བ་ཀུན། །ཐམས་ཅད་སྐྱོན་དུ་བྱས་ནས་ནི། །སྤང་བར་བྱ་བའང་མ་ཡིན་ལ། །དངོས་པོར་བལྟས་ཏེ་མཚན་མ་ཡི། །རྗེས་སུ་འབྲང་བའང་མ་ཡིན་ལ། །སྤྱོད་ཡུལ་ཅིར་སྣང་ཐམས་ཅད་ཀུན། །རྟག་ཏུ་རང་གི་ལྷ་ཉིད་དུ། །བདག་ཉིད་བལྟས་ཏེ་སྤྱད་པར་བྱ། །དང་པོར་གཞན་པ་ཀ་དག་གཉིས། །སྤང་བར་བྱ་བ་འདི་དག་ནི། །དབང་པོ་རང་བཞིན་གྱིས་བསྡམས་ཤིང་། །འདོད་པ་བཀག་པའི་གདུང་བས་ཀྱང་། །ཏིང་ངེ་འཛིན་ནི་མ་ཟིན་པ། །རྒྱལ་བའི་བྱིན་རླབས་ཉེ་འགྱུར་བས། །བསམ་གཏན་སྣོད་དུ་འགྱུར་བ་ཡིན། །འདི་ནི་སོ་སོར་སྤྱོད་ཅེས་བྱ། །དེ་ཕྱིར་བདེ་བ་ལོངས་སྤྱོད་དེ། །སོ་སོར་སྤང་བ་ཞེས་ཀྱང་བྱ། །འདོད་པའི་གཡེང་བར་གྱུར་པ་སྤང་། །སོ་སོར་སྤང་བ་སྡོམ་ལ་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །བསམ་གཏན་འདྲེལ་དང་ཡུལ་དུ་བཅས། །དམིགས་པར་བྱ་བའི་ཡན་ལག་ཅན། །བསམ་གཏན་གྱིས་ནི་འདོད་པ་དང་། །སྡིག་ཏོ་མི་དགེ་བ་ཡི་ཆོས། །དབེན་པ་དག་ལས་དེ་སྐྱེད་ཡིན། །འདི་ཡི་ཕྱིར་ན་དེའི་འོག་ཏུ། །བསམ་གཏན་བསྟན་པ་རིགས་པས་བཤད། །བསམ་གཏན་ཡུལ་ནི་སྐུ་གསུང་ཐུགས། །གསང་བ་གསུམ་ལ་ཡུལ་དུ་བྱ། །དེ་ལ་སྐུ་ཡི་གསང་བ་ནི། །ལྷ་ཡི་ཕྱག་རྒྱ་གཟུགས་ཀྱི་སྐུ། །ཁ་དོག་དབྱིབས་དང་གཡོ་བ་ཡི། །


DNG018_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

སྨིན་མ་མིག་དང་སོ་དང་མཆུ། །བཞིན་དང་ལུས་དང་ཡན་ལག་གིས། །པདྨ་དབང་ཆེན་དཔལ་གྱི་རྒྱ། །རང་དོན་ལས་རྣམས་གྲུབ་བྱེད་པའོ། །དེ་ནི་སྐུ་ཡི་ཚུལ་རྣམས་ཀྱི། །སྒོ་ནས་བསམ་གཏན་ཡུལ་དུ་དམིགས། །དེ་ལ་གསུང་གི་གསང་བ་ནི། །སྒྲ་དང་སྒྲ་མིན་རྣམ་བཅད་པ། །ང་རོ་སྦས་པ་རྡོ་རྗེའི་གསུང་། །ལྷ་ཡི་ཐུགས་ལ་ལྗགས་སྟེང་དུ། །ཆོས་ཀྱི་ཡི་གེ་ཁ་དོག་དང་། །དབྱིབས་ཀྱི་མཚན་མར་བསམ་པ་དང་། །དེ་ཡང་སྒྲ་དང་སྒྲ་དོན་གྱིས། །ཆོས་ཉིད་བརྟག་པ་བརྟག་ཅིང་དཔྱད། །བསམ་གཏན་ཐོབ་པའི་རྒྱུ་ཡིན་ཏེ། །སྒྲ་ལ་གནས་པའི་བསམ་གཏན་ནི། །རྣལ་འབྱོར་ཐོབ་པར་བྱ་བ་ཡིན། །སྒྲ་ཡི་མཐའ་ལ་གནས་པ་ནི། །བསམ་གཏན་ཐར་པ་སྟེར་བར་བྱེད། །ངག་གི་སྒྲ་གྲག་བྱེད་པ་ནི། །བསམ་གཏན་གཙོ་བོར་བཤད་པ་ཡིས། །སྐབས་འདིར་གཡེང་བའི་རྒྱུར་འགྱུར་རོ། །དེ་ལ་ཐུགས་ཀྱི་གསང་བ་ནི། །ཐུགས་ཀར་སེམས་དཔའ་རྡོ་རྗེ་བསྒོམ། །ཡེ་ཤེས་སེམས་དཔའ་བསྒོམ་པ་ནི། །དེ་ནི་ཐུགས་ཀྱི་མཚན་མ་ལ། །དེ་ཡི་དོན་ནི་བྱང་ཆུབ་སེམས། །ཆོས་ཀྱི་སྐུ་རུ་གནས་པ་ཡིས། །མཚན་མ་རྣམ་པར་བཅད་པ་ནི། །ཐུགས་ཀྱི་བདག་ཉིད་དེ་ཡིན་ཏེ། །དེ་ལྟར་གསལ་བ་གསུམ་དམིགས་པ། །བསམ་གཏན་བྱ་བའི་ཡུལ་ཡིན་ནོ། །གསང་བ་གསུམ་གྱིས་ཐམས་ཅད་བསྡུས། །ཕྱག་རྒྱ་ཡོངས་སུ་དག་པ་ཡི། །ལྷ་རྣམས་དོན་དང་རྟགས་ཚུལ་བསྡུས། །བསམ་གཏན་ཡན་ལག་རྣམ་པ་ལྔ། །རྟོག་དཔྱོད་གཉིས་དང་དགའ་བདེ་གཉིས། །སེམས་ནི་རྩེ་གཅིག་པ་དང་ལྔ། །ཡན་ལག་ཚུལ་གྱིས་དམིགས་པར་བྱེད། །གསང་བ་གསུམ་གྱི་མཚན་ཉིད་ལ། །ཇི་ལྟ་བ་བཞིན་རྟོགས་པའི་བློ། །དེ་ལ་རྟོགས་ནས་སྐྱེ་བའོ། །དེ་ལ་སྤྱོད་པར་བྱེད་པ་ནི། །དེ་ཉིད་ལ་ནི་བློ་ཉིད་ཀྱིས། །ཡང་དང་ཡང་དུ་སྦྱོར་བྱ་ཞིང་། །དེ་ཡི་དོན་དང་བཅས་པ་ལ། །ཞིབ་ཏུ་དཔྱོད་པ་ཡང་ནས་ཡང་། །སྤྱོད་པར་བྱེད་ཅིང་འཇུག་པའོ། །དེ་ལ་དགའ་བར་བྱ་བ་ནི། །རྟོག་དཔྱོད་གཉིས་ཀྱི་བསམ་གཏན་ལས། །ཐོབ་པས་གསང་བ་གསུམ་པོ་ཡི། །འདྲ་སྣང་རྣམ་པར་འབྱུང་གྱུར་ཏེ། །དེའི་ཚེ་འདོད་པས་དབེན་གྱུར་པ། །སྔར་མ་མྱོང་བའི་དོན་ཉིད་ནི། །མྱོང་བས་ཐུན་མོང་མ་


DNG018_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པའི། །དགའ་བ་རླབས་པོ་ཆེར་སྐྱེའོ། །དེ་ལ་བདེ་བ་བྱ་བ་ནི། །དེ་དབང་སེམས་བསྡུས་ཐོབ་པ་ན། །ལུས་དང་སེམས་ཀྱི་བདེ་བ་ནི། །དེས་ནི་ཉམས་སུ་མྱོང་འགྱུར་རོ། །དེ་ལ་སེམས་རྩེ་གཅིག་པ་ནི། །དེ་ལྟར་སེམས་ཀྱིས་བསྡུས་འགྱུར་ལས། །ཤེས་པ་དང་ནི་ཤེས་བྱ་ཡང་། །གཉིས་སུ་སྣང་བར་མི་སྐྱེ་སྟེ། །རང་རིག་ཙམ་དུ་འགྱུར་བའོ། །བསམ་གཏན་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལྟར་བསམ་གཏན་དག་གིས་ནི། །སེམས་ནི་ཞི་བར་བྱ་བ་ལ། །ཤིན་ཏུ་དུལ་བར་བྱ་བའི་ཕྱིར། །དབུགས་ཀྱང་དགག་ཅིང་གཏང་བར་བྱ། །བསླབ་ཐབས་ནང་དུ་གཟུང་བ་དང་། །མཚན་མ་སྔགས་དང་ཕྱི་ནང་རྟགས། །རྣལ་འབྱོར་པ་ལ་སྣང་གྱུར་པས། །ཤིན་ཏུ་བསླབ་པར་བྱ་བ་གཅེས། །དེ་ལ་ཇི་ལྟར་བསླབ་པའི་ཐབས། །ཕོ་རླུང་མོ་རླུང་མ་ནིང་རླུང་། །རྣམ་པ་དེ་གསུམ་བསླབ་པ་དང་། །ཕྱིར་ལ་གཏང་དང་ནང་དུ་འཇུག །ཁོང་དུ་གནས་ལ་བསླབ་པ་དང་། །ས་རླུང་ཆུ་རླུང་མེ་རླུང་དང་། །རླུང་གི་རླུང་ལ་བསླབ་པ་དང་། །བསླབ་པའི་གོ་ཡང་དུ་མར་སྣང་། །ཇི་ལྟར་བསླབ་ཀྱང་འགལ་བ་མེད། །གདུལ་བྱའི་རྣམ་རྟོག་བསམ་ཡས་ཀྱང་། །དེ་སྙེད་འདུལ་ཐབས་སྒོ་རྣམས་སྤྲོས། །དོན་དུ་མི་འགྱུར་གཅིག་མ་གསུངས། །དེ་ནས་སེམས་ཀྱི་རྟོག་འདུལ་ཞིང་། །དབུགས་ཞི་བརྟན་པར་གྱུར་པ་དང་། །རྟོགས་དང་ལྡན་པར་བྱ་བའི་ཕྱིར། །གཅིག་ཏུ་མ་ངེས་རྒྱུ་བའི་དབུགས། །ནང་དུ་གཟུགས་ལ་བསླབ་པར་བྱ། །དེ་ནས་ཡང་ནི་དབུགས་ཟིན་ཏེ། །སེམས་ཀྱང་ཤིན་ཏུ་ཞི་བར་འགྱུར། །བརྟན་པ་ཐོབ་པར་གྱུར་པས་ནི། །མཚན་མ་རྣམ་ལྔ་འབྱུང་བར་འགྱུར། །དང་པོ་སྨིག་རྒྱུ་འདྲ་བ་དང་། །གཉིས་པ་ལ་ནི་དུ་བའི་ཚུལ། །གསུམ་པ་སྲིན་བུ་མེ་ཁྱེར་འདྲ། །བཞི་པ་མར་མེ་བཞིན་དུ་འབར། །ལྔ་པ་རྟགས་སུ་སྣང་བ་ནི། །སྤྲིན་མེད་པ་ཡི་ནམ་མཁའ་བཞིན། །དེ་ཡི་རྟགས་ནི་ཕྱི་ནང་གཉིས། །ཕྱི་ལ་ཉིན་དང་མཚན་མོར་སྣང་། །དེ་ལ་ཕྱི་རྟགས་བྱ་བ་ནི། །དབུགས་ཀྱང་ནང་དུ་ཟིན་གྱུར་ན། །ཕྱི་རོལ་མདུན་གྱི་ནམ་མཁའ་ལ། །རྨི་ལམ་དུ་ནི་འོད་སྣང་འགྱུར། །དང་པོར་དབུགས་ནི་བརྟན་ཟིན་ན། །མཁའ་ལ་ཡུན་རིང་བརྟན་བལྟས་ཏེ། །འོད་སྣང་བ་ཡི་སྔ་ལྟས་སུ། །དུ་བའི་རྣམ་པ་ལྟ་བུའམ། །སྨིག་རྒྱུ་འདྲ་བ་མཐོང་བར་འགྱུར། །དེ་ལ་བརྟན་པར་གྱུར་ནས་ནི། །སྲིན་བུ་མེ་ཁྱེར་འདྲ་བ་ཡི། །འོད་


DNG018_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ་བ་ནི་མཐོང་བར་འགྱུར། །དེ་ལ་བརྟན་པར་གྱུར་ནས་ཡང་། །མར་མེའི་འོད་སྣང་མཐོང་བར་འགྱུར། །དེ་ནས་བརྟན་པར་གྱུར་ནས་ནི། །སྤྲིན་མེད་པ་ཡི་ནམ་མཁའ་བཞིན། །ཐམས་ཅད་དུ་ནི་གསལ་གྱུར་ཏེ། །དེ་རྟགས་ཆད་དུ་ཕྱིན་པའོ། །འདི་ནི་ཉིན་པར་དབང་དུ་གསུངས། །མཚན་མོའི་ལྟས་ནི་ཐམས་ཅད་དུ། །མེ་ཡི་འོད་ལྟར་འབར་བ་ནི། །རིམ་གྱིས་རྒྱས་པར་མཐོང་འགྱུར་རོ། །ཉིན་མཚན་ཁྱད་མེད་ནང་གི་རྟགས། །དྲི་མེད་ནམ་མཁའ་དྭངས་པ་བཞིན། །ཐམས་ཅད་མ་ལུས་ཉིན་མཚན་གྱི། །ཁྱད་པར་མེད་པར་མཐོང་བར་འགྱུར། །ནང་གི་རྟགས་ནི་རང་གི་སེམས། །ཇེ་ཞི་ཇེ་གསལ་གྱུར་པ་ཉིད། །སེམས་ཉིད་འོད་གསལ་ཉི་ཟླ་བཞིན། །མ་བཅོས་ངང་དུ་གཟིགས་པར་འགྱུར། །དབུགས་འགགས་སྟོང་གཟུགས་བཟུང་བའི་ཏིང་ངེ་འཛིན་ཏོ། །དེ་ལྟར་བརྟན་པའི་རྟགས་ཐོབ་ནས། །ཤིན་ཏུ་སྦྱངས་པ་ཐོབ་བྱའི་ཕྱིར། །རྗེས་སུ་དྲན་པ་བསྒོམ་པར་བྱ། །སྟེང་འོག་སྒོ་ནས་གསང་བ་གསུམ། །བརྒྱ་དང་གྲངས་ལ་སེམས་རྩལ་སྦྱང་། །ཐུགས་ལས་སྟེང་སྒོ་སྣང་ལས་བྱུང་། །དབང་ཆེན་སྐུ་ཡི་འོད་ཟེར་སྤྲོས། །མཆོད་ནས་སྦྱངས་ཏེ་དངོས་གྲུབ་རྣམས། །ཐིམ་པས་མི་ཟད་རྒྱན་དུ་འགྱུར། །གསུང་ནི་རླུང་དང་སྔགས་བཅས་སྤྲོས། །དེ་ཉིད་མི་ཟད་རྒྱན་འཁོར་གསུངས། །ཐུགས་ནི་ཕྱག་མཚན་སྤྲོས་དང་བསྡུ། །དེ་ཡང་མི་ཟད་རྒྱན་འཁོར་འགྱུར། །བྷ་ག་ལ་ནི་ལིངྒ་བཞག །པདྨའི་སྐུ་དང་གསུང་དང་ཐུགས། །གསང་བ་གསུམ་ལས་བྱུང་བ་ཡིས། །རྗེས་སུ་དྲན་པ་བཅུ་དྲུག་བསྒོམ། །དབང་པོ་རབ་འབྲིང་ཐ་མ་ཡི། །རྒྱ་ནི་ཆེ་ཆུང་རང་སྟོབས་ཀྱིས། །སེམས་ཀྱི་རྩལ་ནི་སྦྱང་བར་བྱ། །རྣལ་འབྱོར་རང་སེམས་རྩལ་སྦྱོང་བས། །སྐུ་དང་ཡེ་ཤེས་ཕྱག་མཚན་རྣམས། །གསང་བ་གསུམ་པོའི་སྤྲོ་བསྡུ་ཀུན། །མང་ཉུང་སེམས་ཀྱི་སྟོབས་དང་སྦྱར། །སེམས་ནི་རང་བཞིན་མ་ངེས་པས། །ཏིལ་འབྲུ་རི་རབ་ལྟ་བུའམ། །གཅིག་ནས་གངྒཱའི་བྱེ་སྙེད་པར། །སེམས་ཀྱི་རྩལ་ནི་སྦྱང་བར་བྱ། །རྗེས་སུ་དྲན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལྟར་ཏིང་འཛིན་རྩལ་སྦྱངས་ནས། །ལུས་དང་སེམས་དང་ལྷ་ལ་དམིགས། །ཁྱད་པར་དབྱེ་བ་བྱ་བ་ནི། །ཡིད་ལ་བྱེད་དང་མི་བྱེད་པའོ། །ལུས་ལ་དམིགས་


DNG018_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་པའོ། །དབུགས་ཀྱི་སྒོ་ནས་དམིགས་པ་སྟེ། །རང་བཞིན་གནས་དང་ཡུལ་དང་ལས། །དམིགས་པའི་ཐབས་དང་ཡོན་ཏན་ཡིན། །དེ་ལ་དབུགས་ཀྱི་རང་བཞིན་ནི། །ལུས་ཉིད་ཁམས་ལྔའི་རང་བཞིན་གནས། །དབུགས་ཀྱི་རང་བཞིན་ཁམས་ལྔ་ཡིན། །ས་ཆུ་མེ་རླུང་ནམ་མཁའ་འབྱེད། །ས་ཡི་དབུགས་ནི་སྲ་ཞིང་ལྕི། །ཆུ་ཡི་དབུགས་ནི་དལ་ཞིང་འཇོམས། །མེ་ཡི་དབུགས་ནི་འབར་ཞིང་དྲོ། །རླུང་གི་དབུགས་ནི་ཡང་ཞིང་རྩུབ། །མཁའ་ནི་འཕྱོ་ཞིང་རྒྱུ་མི་ཚོར། །དབུགས་ཀྱི་གནས་ནི་ལུས་ཉིད་ལ། །སྙིང་ནི་ཁོང་སྟོང་ནང་དག་དང་། །གློ་བ་ཁོང་སྟོང་ནང་དག་གནས། །དབུགས་ཀྱི་རླུང་ནི་ནང་དུ་ཡང་། །ལུས་ཀུན་ལ་ཡང་ཁྱབ་པར་གྱུར། །ཤས་ཆེར་ལྟེ་བ་ཡན་ཆད་ཀུན། །ཕྱི་རོལ་སོར་ནི་བཅུ་དྲུག་པ། །ཚུན་ཆད་རྒྱུ་བར་བྱེད་པ་ཡིན། །མདོར་བསྡུས་ནང་དུ་བསྡུས་དུས་ཀྱང་མི་ཤེས། །དབུགས་ཀྱི་ལམ་ནི་ཀུན་ཁྱབ་ཀྱང་། །གཙོ་བོ་མགྲིན་པ་གསང་གནས་ནས། །སྣ་ཡི་བུ་གར་བྱུང་བའོ། །དབུགས་ཀྱི་ལམ་ནི་རྣམ་གཉིས་ཏེ། །འཛིན་པའི་ལས་དང་བྱེད་པའི་ལས། །དེ་ལ་འཛིན་པའི་ལས་བྱེད་ནི། །རེག་པས་ལུས་ལ་ཕན་འདོགས་ཤིང་། །ལུས་ཀྱང་འཛིན་པར་བྱེད་པ་དང་། །སེམས་ཀྱི་འཛིན་ཀྱང་དབུགས་ཀྱི་བྱེད། །སེམས་ཀྱང་འཛིན་པར་བྱེད་པ་དང་། །ལུས་སེམས་གཉིས་ཀ་འཛིན་པས་ན། །སྲོག་འཛིན་པ་ཡི་ལས་བྱེད་དོ། །བྱེད་པའི་ལས་ནི་གཡོ་བའི་ཚེ། །ལུས་སེམས་གཉིས་ཀ་གཡོ་བར་བྱེད། །དབུགས་ལ་དམིགས་པའི་ཐབས་སྒོམ་པ། །ཕྱི་ལ་འགྲོ་ན་གཏང་བར་བྱ། །ནང་དུ་འགྲོ་ན་དགང་བར་བྱེད། །ཁོང་དུ་གནས་ན་གཞག་པར་བྱ། །གང་ལྟར་དམིགས་ཀྱང་འགལ་བ་མེད། །ཐམས་ཅད་གདམས་ངག་གནད་ཡིན་ནོ། །དེ་དག་མདོར་བསྡུས་རྣམ་པ་གཉིས། །དབུགས་ཀྱི་སྒོ་དང་མཐུན་དམིགས་དང་། །ཆོས་ལ་མ་བརྟེན་དམིགས་པའོ། །དེ་ལ་མཐུན་པར་དམིགས་པ་ནི། །གཡས་ནས་རྒྱུ་བར་བྱེད་པ་ནི། །དེ་ནི་མེ་དང་རླུང་གི་ཁམས། །གཡོན་ནས་རྒྱུ་བ་ས་ཆུའི་ཁམས། །དབུས་ནས་རྒྱུ་བ་ནམ་མཁའི་ཁམས། །དེ་ལས་ཕྱེ་ན་གཡས་དང་གཡོན། །རེ་རེ་ལ་ཡང་ཁམས་ལྔའོ། །ལྔ་ལྔ་ཚང་བར་རྒྱུ་བ་དང་། །རགས་རིམ་མདོ་རུ་བསྡུས་པ་དང་། །གཡས་


DNG018_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་རེ་རེ་དག་ལ་ཡང་། །འབྱུང་བ་རེ་རེའི་ཆ་ཤས་སུ། །བརྟན་པ་དག་གི་སྒོ་ནས་ནི། །ཁ་དོག་དབྱིབས་དང་བོང་ཚོད་དང་། །རྣམ་པའི་སྒོ་ནས་སོ་སོར་ཕྱེ། །དེ་ལ་དམིགས་པར་བྱ་བའོ། །ས་སེར་ཆུ་དཀར་མེ་ནི་དམར། །རླུང་ནི་ལྗང་སེར་ནམ་མཁའ་མཐིང་། །དེ་ནི་རྒྱུ་བ་ཐ་མར་རྒྱུ། །གྲུ་བཞི་ཟླུམ་པོ་གྲུ་གསུམ་དང་། །ཟླ་གམ་སྤྲོས་བྲལ་ཆོས་འབྱུང་དང་། །གཙོ་བོ་ཆེ་ལ་འཁོར་རྣམས་ཕྲ། །གོམས་ནས་ཆེན་པོ་ཕྲ་བར་སྣང་། །གྲངས་དང་རྣམ་པར་ངེས་པ་ནི། །དམིགས་པ་བརྟན་པར་འབྱོངས་ནས་གསལ། །རྣམ་པའི་འོད་དང་ཡི་གེ་དང་། །མཚན་མ་དང་ནི་ཕྲ་མོའི་སྐུ། །དེ་ལྟ་བུ་ཡི་རྣམ་པར་དམིགས། །ཆོས་ལ་མ་བརྟན་པར་དམིགས་ལ། །བྱེ་བྲག་སོ་སོར་དབྱེ་བ་མེད། །དབུགས་ནི་ཕྱི་ནང་རྒྱུ་ཙམ་དམིགས། །མཚན་མའི་རྣམ་པ་གང་ཡང་རུང་། །གཅིག་ལ་དམིགས་པར་བྱ་བའམ། །རེག་བྱ་ཙམ་ལ་དམིགས་ཀྱང་རུང་། །སེམས་མ་ཡེངས་པར་གཏད་པ་ནི། །སེམས་ཟིན་འབའ་ཞིག་ཙམ་གྱིས་མཚོན། །སྤྱི་རུ་གྲགས་པའི་ཁ་དོག་དང་། །བོངས་ཚོད་སྐྱོན་དང་ཡོན་ཏན་དང་། །ཁམས་རྣམས་གདུག་པའི་མཚན་ཉིད་པས། །བརྟན་ནི་ཡུལ་དུ་དམིགས་པ་ཙམ། །མཐུ་བརྟས་དུས་ངན་སྐྱོན་ཡོན་ཡོད། །དེ་ལ་ཁ་དོག་དཀར་པོ་ནི། །གདུག་པ་ཞི་བྱེད་མཚན་ཉིད་ལ། །སེར་པོ་གདུག་པ་འཛིན་པའི་མཚན། །དམར་པོ་གདུག་པ་མཆེད་མཚན་ཉིད། །ནག་པོ་གདུག་པའི་སློང་བའི་མཚན། །མཚན་ཉིད་དེ་ལྟར་བྱེད་པའོ། །རེག་བྱ་དང་ནི་བོངས་ཚོད་དང་། །སྲ་ཞིང་སྦོམ་པ་ལྟར་སྣང་བ། །ལུས་ལ་མི་བདེ་བ་དག་འབྱུང་། །ཕྲ་ཞིང་དྭངས་པ་ཆུ་ཟླ་ལྟར། །རྡོས་པའི་ཤ་ཆུང་དམིགས་པ་ན། །ལུས་ལ་མི་བདེ་མི་འབྱུང་ངོ་། །དབུགས་ལ་དམིགས་པའི་ཡོན་ཏན་ནི། །ལུས་ཀྱི་རྣམ་པ་ལ་མཁས་པས། །གཅིག་པུར་བལྟ་དང་དངོས་པོར་བལྟ། །བདེན་ཞིང་གཙང་མར་བལྟ་རྣམས་བཟློག །ལྷག་མཐོང་དོན་ཡང་བསྐྱེད་པའོ། །སེམས་ལ་གནས་པ་ཐོབ་པས་ནི། །ཞི་གནས་ལས་སུ་རུང་གྱུར་པ། །རང་བཞིན་གནས་ཡུལ་ལམ་དང་ལས། །དམིགས་པའི་ཐབས་དང་ཡོན་ཏན་ནོ། །སེམས་ལ་དམིགས་པའི་རང་བཞིན་ནི། །སྣང་བའི་ཁམས་ལ་དམིགས་པ་


DNG018_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །རློམ་སེམས་པ་ཡི་ཁམས་དང་ནི། །དངོས་པོ་སོ་སོར་རྣམ་རིག་མཁས། །སེམས་ཀྱི་གནས་ནི་ས་ཆུ་མེ་རླུང་མཁའི། །ཁམས་ལྔའི་རླུང་ལ་ཞོན་ནས་སུ། །ཁམས་ལྔའི་ལུས་ལ་གནས་པའོ། །སེམས་ཀྱི་ཡུལ་ནི་རྣམ་རིག་པ། །སྣང་བའི་ཡུལ་ནི་ཆོས་རྣམས་ལ། །རློམ་སེམས་ཡུལ་ནི་སེམས་ཉིད་དོ། །རྣམ་པར་རིག་པར་བྱ་བའི་ཡུལ། །དེ་ནི་ཕྱི་ཡི་སྐྱེ་མཆེད་རྣམས། །སེམས་ཉིད་ལམ་ནི་དབང་པོ་རྣམས། །སེམས་ཀྱི་ལས་གཉིས་འཛིན་བྱེད་ནི། །འཛིན་པའི་ལས་ཀྱིས་ཆོས་རྣམས་འཛིན། །བྱེད་པའི་ལས་ནི་དཀར་ནག་གི། །འདུ་བྱེད་ཐམས་ཅད་མ་ལུས་པ། །མངོན་པར་འདུ་ནི་བྱེད་པའོ། །སེམས་ལ་དམིགས་པའི་ཐབས་དག་ནི། །དབུགས་ལ་དམིགས་པ་ལ་རུང་ནས། །དེ་ནས་དྲན་དང་ཤེས་བཞིན་གཟུང་། །སེམས་ནི་ཇི་ལྟར་བསྐྱེད་ཉིད་དམིགས། །སེམས་ཀྱི་མཚན་ཉིད་ཁོང་ཆུད་འགྱུར། །སེམས་ལ་དམིགས་པའི་ཡོན་ཏན་ནི། །བདག་ཏུ་བལྟ་དང་རྟག་པར་བལྟ། །དངོས་པོར་བལྟ་བ་ཐམས་ཅད་བཟློག །ལྷག་མཐོང་བསྐྱེད་པར་བྱེད་པའོ། །སེམས་ཉིད་ལས་སུ་རུང་འགྱུར་ཏེ། །དེ་ཡིས་ཞི་གནས་ཐོབ་པའོ། །ལུས་སེམས་དམིགས་པ་ལས་རུང་ནས། །ལྷ་དང་དམིགས་པར་བྱེད་པ་ནི། །རང་བཞིན་གནས་ཡུལ་ལམ་དང་བཅས། །དམིགས་ཐབས་ཡོན་ཏན་རིམ་པ་དང་། །དང་པོར་བར་ཐ་སྒོམ་ཚད་མོད། །དེ་ལ་ལྷ་ཡི་རང་བཞིན་ནི། །ཆོས་ཉིད་རྣམ་པར་དག་པ་དང་། །རྣམ་པར་མི་རྟོག་ཡེ་ཤེས་དང་། །ཅིར་ཡང་ས་ལེ་མཁྱེན་པ་ཡིས། །ཡེ་ཤེས་འགྲོ་འདུལ་གཟུགས་ཀྱི་སྐུ། །སོ་སོའི་སྐད་དུ་དམ་པའི་ཆོས། །སྟོན་པའི་གསུང་དེ་ཆོས་རྔ་ཡིན། །ལྷ་ཡི་གནས་ནི་སེམས་ཅན་གྱིས། །ལུས་དང་སེམས་ལ་གནས་པ་ཉིད། །ལྷ་ཡི་ཡུལ་ནི་ཆོས་ཀྱི་དབྱིངས། །ཐུགས་རྗེའི་ཞིང་རྣམས་གནས་པའོ། །ལྷ་ཡི་ལམ་ནི་གང་ཡིན་པ། །འགྲོ་དང་འོང་བ་མི་མངའ་ཡང་། །ལྷ་ཡོངས་བཟུང་བའི་སེམས་ཅན་ནི། །སེམས་ཅན་སྐྱབས་ནི་ལྷ་ཡིན་ཏེ། །འདྲེལ་གཉིས་སྒོ་ནས་ལམ་གྱུར་པ། །ལམ་གྱི་ཆོས་དང་ལུང་གི་ཆོས། །


DNG018_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཡི་ལམ་དུ་གྱུར་པའོ། །ལྷ་ཡི་ལས་ནི་འཛིན་པར་བྱེད། །འཛིན་པའི་ལས་ནི་ཡོན་ཏན་ནི། །ཐམས་ཅད་ཀུན་དང་ལྡན་པའོ། །བྱེད་པའི་ལས་ནི་སེམས་ཅན་རྣམས། །ཐམས་ཅད་གྲོལ་བར་མཛད་པའོ། །ལྷ་ལ་དམིགས་པར་བྱེད་པའི་ཐབས། །ལུས་དང་སེམས་ཉིད་ལྷར་བསྒོམ་པས། །དེ་ལ་རྣལ་འབྱོར་རྣམ་གསུམ་གྱི། །ཚུལ་གྱིས་བྱིན་གྱིས་བརླབ་ཚུལ་ལམ། །དེ་ཉིད་ཡོངས་སུ་རྟག་པའམ། །རྫོགས་ཚུལ་གང་ཡང་རུང་བར་བསྒོམ། །ལྷ་ཡི་ཡོན་ཏན་རྣམ་གཉིས་ཚོགས། །དུས་གཅིག་རྫོགས་པར་གྱུར་པའོ། །དེ་ལྟར་དམིགས་པ་རྣམ་གསུམ་ལ། །རིམ་གྱིས་བསླབ་ཅིང་རིམ་གྱིས་བརྟེན། །འདི་ནི་བྱིས་པ་དང་པོ་རུ། །ཞུགས་པ་ཙམ་དུ་དངོས་སུ་ནི། །ལུས་ཉིད་སེམས་ཀྱི་རྣམ་པ་ཡིན། །སེམས་ཀྱི་རང་བཞིན་ལྷ་ཉིད་ཡིན། །དེ་བས་ཕྱི་ནང་སྣོད་བཅུད་ཀྱི། །ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །རང་གི་ངོ་བོ་ལྷ་ཉིད་ཤེས། །དང་པོ་ལྷ་ངོ་ཤེས་པ་ཡིན། །བར་དུ་ལྷ་བསྒོམ་ཐབས་ཤེས་པ། །སྒྲུབ་ཐབས་སྣ་ཚོགས་གསུངས་པ་དང་། །བསམ་གཏན་ལུས་དང་སེམས་དོན་གྱིས། །བཅོས་པའི་ཐབས་རྣམས་བསྟན་པ་ཡིན། །ཐ་མ་ལས་སུ་རུང་བའི་ཚད། །མཚན་མ་མེད་པའི་ལྷ་ཚད་ནི། །བྱང་ཆུབ་སེམས་ལ་ལྷ་རུ་བཞག །མཚན་མ་ལྷ་ཡི་སྐུ་བསྒོམ་ཚད། །ལྷང་ངེ་ལྷན་ནེ་ལྷམ་མེ་གསུམ། །ལྷམ་མེ་བ་ནི་མ་རྡོས་པ། །ལྷན་ནེ་བ་ནི་མ་གཡོས་པ། །ལྷང་ངེ་བ་ནི་མ་བསྒྲིབས་པ། །མ་རྡོས་སྣང་ལ་རང་བཞིན་མེད། །གཟུགས་བརྙན་ཆུ་ཟླ་ལྟ་བུའོ། །མ་གཡོས་པ་ནི་བྱིང་རྒོད་ཀྱི། །ཟུག་རྔུ་མ་སྐྱེས་པ་ཡིན་ཏེ། །ནོར་བུ་རིན་ཆེན་འོད་ལྟ་བུ། །མ་བསྒྲིབས་དེ་གཉིས་དང་ལྡན་པས། །མ་རྟོགས་པ་ཡི་སྒྲིབ་པ་དང་། །མི་གསལ་བ་ཡི་སྒྲིབ་པ་གཉིས། །མེད་པར་ཤིན་ཏུ་གསལ་བར་སྣང་། །དབང་པོས་བལྟ་བར་མི་བཟོད་ལྟར། །ལྷ་སྐུ་ཤིན་ཏུ་གསལ་བའོ། །ཚུལ་བཞིན་བྱེད་པར་མ་ནུས་ན། །བཟླས་བརྗོད་ལྷ་ཡི་དེ་ཁོ་ནས། །ལྷར་གྲགས་ལྷུན་གྲུབ་སེམས་ཅན་ཁོངས། །རང་ལ་གནས་པ་དེ་རྟོགས་ཡིན། །ཚུལ་བཞིན་སློབ་པར་འདོད་པ་ཡིས། །དེ་དག་རྣམས་ཀྱིས་ཚུལ་དུ་སྤྱོད། །གང་དག་ཚུལ་བཞིན་བྱེད་མ་ནུས། །མོས་དང་བྱ་བས་གཡེང་འགྱུར་ཞིང་། །ཚུལ་བཞིན་སྦྱོར་བར་མི་ནུས་


DNG018_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས། །བརྡའ་དོན་ལྷ་ཡི་ཏིང་འཛིན་ནི། །ཇི་ལྟར་ཡིན་པ་ཡིད་ལ་བྱ། །དེས་ཟིན་ཆོ་ག་རིམ་གྱིས་བསྐྱེད། །སྐད་ཅིག་གཅིག་ལ་རྫོགས་ཚུལ་ལམ། །བག་ཆགས་ཤུགས་སམ་མོས་པ་དང་། །ང་རྒྱལ་དག་གི་སྒོ་ནས་ཀྱང་། །མ་ཡེངས་པ་ཡི་སེམས་ཀྱིས་གཟུང་། །བཟླས་བརྗོད་བྱ་ཞིང་བསམ་གཏན་འཇུག །བཟླས་བརྗོད་བྱེད་པའི་ཚེ་ན་ཡང་། །ལྷ་ནི་མི་བསམ་མ་དམིགས་རུང་། །ལས་སམ་འབྲས་བུ་གང་དམིགས་ཀྱང་། །སྤྱིར་ན་དམིགས་པ་རྩེ་གཅིག་ལ། །འབད་པས་མཐུ་དང་བྱིན་རླབས་ཆེ། །སྤྱིར་ན་ལྷ་ཡི་དེ་ཁོ་ན། །ཉིད་ལས་འགྲུབ་པའི་ལྷ་ཡང་འགྲུབ། །དོན་དམ་སེམས་ཀྱི་ལྷ་དང་ནི། །ཀུན་རྫོབ་མཚན་མའི་ལྷ་ཉིད་ལ། །སེམས་དཔའ་བྱེ་བྲག་ལྷ་ཞེས་བྱ། །མིང་དུ་ལྷར་ནི་བཏགས་པ་ཡིན། །དམ་ཚིག་ཅན་གྱི་སྐྱེ་བོའི་ལྷ། །ཕྱག་རྒྱའི་མཚན་མ་ལྷར་གྲགས་པ། །བཏགས་པས་རྣམ་པ་དུ་མར་འཇུག །རྣམ་པར་སྨིན་པའི་ལུས་དབྱིབས་ཀྱིས། །བྱེ་བྲག་དཔེ་ཕྱི་ཞེས་པ་དང་། །དེ་ཉིད་བདག་གི་ཆེན་པོའོ། །མཚན་མའི་གཟུགས་ཞེས་བཏགས་པ་དང་། །དེ་ཉིད་སྐྱེ་བོའི་བྱིན་རླབས་སོགས། །ནུས་མཐུ་ཅན་ཞེས་བཏགས་པ་དང་། །དེ་ཉིད་རྣམ་པར་སྨིན་པའི་གཟུགས། །བྱེ་བྲག་ཡེ་ཤེས་བྱིན་བརླབས་ཉིད། །དབྱེར་མེད་འདྲེས་ནས་ལྷ་ཞེས་བཏགས། །དེ་ཉིད་བདག་ཉིད་ཆེན་པོ་རྣམ། །ཐུགས་ནི་གསང་བའི་ཡེ་ཤེས་ཉིད། །མཚན་མའི་གཟུགས་སུ་སྤྲུལ་པ་སྟེ། །ཆུ་ཉིད་གྲང་བའི་རྐྱེན་གྱིས་ནི། །འཁྱགས་རོམ་གྱུར་པ་ལྟ་བུའོ། །ཆོས་རྣམས་ལྷུན་གྱིས་གྲུབ་པ་ཡི། །ཕྱག་རྒྱའི་རང་བཞིན་ཡིན་པ་ལ། །ལས་ཀྱི་འཕྲོ་དང་སྐལ་བ་ཡི། །དབང་གིས་སོ་སོར་སྣང་བ་དེ། །ཤིན་ཏུ་དག་པར་འདུལ་གྱུར་རྣམས། །ལོངས་སྤྱོད་རྫོགས་པའི་སྐུར་སྣང་ངོ་། །སེམས་ཅན་ཁེངས་པ་དག་ལ་ཡང་། །ལས་ནི་དག་པར་གྱུར་རྣམས་ལ། །སྤྲུལ་སྐུ་རབ་བྱུང་ཆ་ལུགས་སྣང་། །དེ་ཡི་འོག་མ་རྣམས་ལ་ནི། །ཆ་ཤས་དག་གིས་ཕྱག་རྒྱར་སྣང་། །དེ་ཡི་འོག་མ་རྣམས་ལ་ནི། །ཐུན་མོང་གཟུགས་བརྙན་ལ་བརྟེན་པའི། །ཕྱག་རྒྱ་ཐ་དད་སྣང་བས་ཏེ། །ཐམས་ཅད་ལྷུན་གྱིས་གྲུབ་པ་ལ། །ཕྱག་རྒྱའི་བྱེ་བྲག་མེད་པར་འདོད། །དེ་ལྟར་སྣང་


DNG018_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཐམས་ཅད་ཀུན། །གཞན་ནས་ཡོད་འོང་མ་ཡིན་ཏེ། །རང་ལུས་ཡིད་ནི་རྩལ་ལས་གྲུབ། །སྔགས་ནི་ཡེ་ཤེས་རང་ལ་གནས། །ལུས་ཁམས་བདུད་རྩི་ཆེན་པོ་རྣམས། །སྙིང་པོ་རླུང་གི་འཕྲོ་འདུ་ཅན། །སྤྲུལ་སྐུ་མཛད་པ་བཅུ་གཉིས་རྫོགས། །སྟོང་གསུམ་མ་ལུས་འདུལ་བའི་མགོན། །ལོངས་སྐུ་འཁོར་འདས་གཉིས་ལ་སྤྱོད། །ས་བཅུའི་བྱང་ཆུབ་སེམས་དཔའ་ཡི། །ཤེས་བྱའི་སྒྲིབ་པ་རྣམ་པར་སེལ། །ཆོས་སྐུ་དྲི་མ་མེད་པ་ནི། །ཕྱག་རྒྱ་ཆེན་པོ་མཆོག་གི་སྐུ། །སྐུ་གསུང་ཐ་དད་མེད་གྱུར་པ། །ངོ་བོ་ཉིད་ཀྱི་སྐུར་གྱུར་པ། །གཅིག་དང་ཐ་དད་ལས་གྲོལ་བ། །གདུལ་བྱའི་རྣམ་པ་སོ་སོར་སྣང་། །ནམ་མཁའི་དབྱིངས་ནས་རང་ཤར་བ། །ཉི་ཟླའི་དཀྱིལ་འཁོར་རབ་རྒྱས་པ། །མུན་མེད་མུན་པས་བསྒྲིབས་ལྟར་སྣང་། །མུན་སྣང་དོན་ལ་གྲུབ་པ་མེད། །ཅེས་གསུངས་སོ། །དབང་ཆེན་བདེ་གཤེགས་འདུས་པ་པདྨ་གསང་བ་རྔོག་མ་ལེ་བརྒན་གྱི་རྒྱུད་ལས། སྦྱོར་བ་ཡན་ལག་དྲུག་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་རྗེ་བཙུན་འཕགས་པ་རྟ་མཆོག་ཆེན་པོ་ལ་འཁོར་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཧོ་རྗེ་བཙུན་གར་གྱི་དབང་། །རིག་པ་བཞི་ལ་གཟིགས་པ་ཡིས། །རྒྱུད་ལུང་མན་ངག་མ་ལུས་པ། །བཅིངས་པའི་མདུད་པ་གྲོལ་བར་བྱེད། །འོད་གསལ་སེམས་ཀྱི་རང་བཞིན་རྟོགས། །དམ་ཚིག་དངོས་གྲུབ་ལོ་ཐོག་སྨིན། །དུག་ལྔ་བདེ་ཆེན་ལམ་དུ་གྲོལ། །འཁོར་འདས་ཉོན་མོངས་ལྔ་མདུད་བཀྲོལ། །དབང་གི་སྐུ་ལ་མ་ལུས་རྫོགས། །རྒྱན་རྣམ་ཆོས་ཉིད་བདེ་བར་ལྡན། །མཆོད་བསྟོད་རྒྱལ་བ་མཉེས་པར་བྱེད། །རྟ་སྐད་གདུག་པ་གསུམ་རྣམས་འདུལ། །ཕྲིན་ལས་ཕན་གནོད་ལས་ཀུན་འགྲུབ། །ས་ཡི་གདུག་པའི་ནད་རྣམས་ཀུན། །མཐུན་པའི་རྫས་ཀྱིས་སེལ་བར་བྱེད། །ཕན་གནོད་ཐུན་མོང་དངོས་གྲུབ་སྟེར། །ས་ལམ་གསང་སྔགས་ཏིང་འཛིན་བགྲོད། །རིག་འཛིན་ལམ་གྱི་འབྲས་བུར་འགྱུར། །སྦྱོར་དྲུག་རྫོགས་རིམ་གནས་མཐར་ཕྱིན། །རྔོག་མ་ལེ་བརྒན་དབང་སྡུད་རྒྱུད། །མ་ལུས་གྱུར་ནས་གསུང་ཁྱོད་འདུད། །ཅེས་བསྟོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་རྣམས་ལ་འདི་སྐད་གསུངས་སོ། །དབང་ཆེན་སྐུ་ལ་རྒྱལ་བ་འདུས། །


DNG018_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་གཤེགས་འདུས་པའི་རྒྱུད་ཅེས་བྱ། །རྟ་མགྱོགས་རྔོག་སྤྲུག་གནས་སུ་འགྲོ། །འཁོར་བ་སེམས་ཅན་ལྷ་སྲིན་ཀུན། །དབང་བསྡུས་སངས་རྒྱས་ས་ལ་འགྲོ། །རྔོག་མ་ལེ་བརྒན་རྒྱུད་ཅེས་བྱ། །གནས་ལུགས་སེམས་ཉིད་གཞི་ཡི་རྒྱུད། །བསྐྱེད་རྫོགས་གྲོལ་བ་ལམ་གྱི་རྒྱུད། །རིག་འཛིན་སྐུ་བཞིའི་འབྲས་བུའི་རྒྱུད། །གཞི་ལམ་འབྲས་བུའི་རྒྱུད་ཅེས་བྱ། །རིག་པ་བཞི་ཡི་ཆོས་རྣམས་ཀུན། །གཏན་ལ་འབེབས་པར་གཟིགས་གྱུར་པ། །མ་རིག་བློ་ཡི་མུན་པ་སེལ། །ཤེས་བྱ་སེམས་ཀྱི་གྲས་ཐག་བཅས། །རིག་པས་རྒྱ་མདུད་གྲོལ་བའི་རྒྱུད། །ཐུན་མོང་ལས་ཀྱི་ཚོགས་རྣམས་ཀུན། །ཕན་གནོད་བདག་གཞན་དོན་རྣམས་འགྲུབ། །མཆོག་གི་འབྲས་བུ་འགྲུབ་འགྱུར་བས། །ཐུན་མོང་མཆོག་ཏུ་བསྒྲུབ་པའི་རྒྱུད། །ཟབ་པས་ཡེ་ཤེས་ཆོས་ཀྱི་སྐུ། །རྒྱ་ཆེ་ཆོས་དབྱིངས་མུ་མཐའ་གྲོལ། །རྒྱ་མཚོ་ནམ་མཁའ་ལྟ་བུའི་ཆོས། །ཟབ་པ་རྒྱ་ཆེ་བསྟན་པའི་རྒྱུད། །ཐབས་མཆོག་སྙིང་རྗེ་ཆེན་པོར་ཤར། །ཤེས་རབ་སྟོང་ཉིད་མ་བཅོས་རྟོགས། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །ཐབས་དང་ཤེས་རབ་འདྲེལ་བའི་རྒྱུད། །རྒྱ་མཚོའི་ཆུ་རྒྱུན་ཀུན་འཛིན་ཅིང་། །དེ་ལས་བྱུང་ནས་དེར་ཐིམ་པས། །ཆོས་ཉིད་ཤར་ནས་བདེ་གྲོལ་ཐིམ། །བྱུང་ཐིམ་ཆུ་བོ་ལྟ་བུའི་རྒྱུད། །གནས་དང་མཁན་པོས་རྒྱུད་ཀུན་འདྲེས། །གོང་འོག་འཁྲུགས་པས་བཟང་དུ་སོང་། །ལུས་སྐྱོབ་ཕན་པར་མཛད་པས་ན། །དར་ཟབ་ལྟ་བུ་ཐགས་ཀྱི་རྒྱུད། །སྨན་པ་མཁས་པས་ཚ་གྲང་སྨན། །བསིལ་དྲོད་སྨན་གྱིས་ནད་སེལ་ཞིང་། །ནད་མེད་ཚེ་ཡི་བཅུད་འཛིན་པ། །འདི་ནི་སྨན་སྦྱོར་ལྟ་བུའི་རྒྱུད། །ལྷ་དང་མཁའ་འགྲོ་རིག་འཛིན་གྱིས། །གང་ཟག་ཆོས་ཀྱི་སྤྱན་ལྡན་ལ། །རིམ་པར་བརྒྱུད་དེ་གྲགས་གྱུར་པ། །ཁྱེད་རྣམས་ཚོགས་ཀྱིས་རྒྱུད་འདི་ཟུང་། །ཞེས་རྒྱུད་འདི་ཡོངས་སུ་གཏད་དེ་སྟོན་པ་ཆོས་ཀྱི་སྐུའི་དགོངས་པ་ལ་བཞུགས་སོ། །འཁོར་རྣམས་དཀོན་མཆོག་གསུམ་གྱི་བསྟན་པ་བསྲུང་ངོ་། །དབང་ཆེན་བདེ་གཤེགས་འདུས་པ་རྔོག་མ་ལེ་བརྒན་གྱི་རྒྱུད་ལས། རྒྱུད་གཏད་པའི་ལེའུ་སྟེ་བཅུ་བདུན་པའོ།། །། པདྨ་དབང་ཆེན་བདེ་གཤེགས་འདུས་པའི་རྒྱུད་རྫོགས་སོ།། །།པདྨ་འབྱུང་གནས་དང་ཁ་ཆེ་ཨཱ་ནན་ཏ་དང་བཻ་རོ་ཙ་ནས་བསྒྱུར་བའོ། །ས་མ་ཡ། རྒྱ་རྒྱ་རྒྱ། མངའ་བདག་ཉང་གི་གཏེར་མའོ།། །།

དཔལ་རྟ་མགྲིན་ལས་རྒྱུད།


DNG018_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཤྲཱི་ཧ་ཡ་གྲཱི་བ་ཀརྨ་ཏནྟྲ། བོད་སྐད་དུ།དཔལ་རྟ་མགྲིན་ལས་རྒྱུད། བཅོམ་ལྡན་འདས་རྟ་མགྲིན་དབང་གི་སྐུ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་པདྨ་རིགས་ཀྱི་སངས་རྒྱས། ཤིན་ཏུ་རྣམ་པར་དག་པའི་ཁམས་ན། བྱང་ཆུབ་སེམས་དཔའི་ཚོགས་དང་། ཁྲོ་བོ་དང་ཁྲོ་མོ་དང་། སྤྲུལ་པ་དང་ཡང་སྤྲུལ་དང་། ནམ་མཁའ་ལྡིང་གི་ཚོགས་ལ་སོགས་པ་རྣམས་དང་ལྷན་ཅིག་ཏུ་བཞུགས་སོ། །དེའི་ཚེ་ནམ་མཁའ་ལྡིང་གི་རྒྱལ་པོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གར་གྱི་དབང་ཕྱུག་བཅོམ་ལྡན་འདས། །བདེ་གཤེགས་ཁྲོ་རྒྱལ་མཐུ་སྟོབས་ཅན། །པདྨ་དབང་གི་རྒྱུད་ཆེན་པོ། །བདག་ཅག་རྣམས་ལ་བཤད་དུ་གསོལ། །ཞེས་ཞུས་སོ། །དེ་ནས་ཁྲོ་རྒྱལ་གར་དབང་གིས། །མི་རྟོག་ཏིང་འཛིན་སྙོམས་ཞུགས་ཏེ། །འཁོར་རྣམས་མ་ལུས་བྱིན་བརླབས་ཤིང་། །རྟ་མགྲིན་དབང་གི་སྐུར་བཞེངས་ཏེ། །དབང་གི་རྟ་སྐད་ཐེངས་གསུམ་གྱིས། །ཁམས་གསུམ་ཐམས་ཅད་དབང་བསྡུས་ཤིང་། །སྲིད་གསུམ་ཐམས་ཅད་ཟིལ་གྱིས་མནན། །བགེགས་རྣམས་མ་ལུས་བཏུལ་ནས་ཀྱང་། །ཀླུ་རྣམས་མ་ལུས་ཚར་བཅད་དེ། །ནམ་མཁའ་ལྡིང་ལ་བཀའ་སྩལ་པ། །མཁའ་ལྡིང་རྒྱལ་པོ་ག་རུ་ཎ། །རྩེ་གཅིག་ཡིད་ཀྱིས་ཁྱོད་ཉོན་ཅིག །དབང་གི་རྒྱུད་ཆེན་བསྟན་པར་བྱ། །ཞེས་བཀའ་སྩལ་ཏོ། །དཔལ་རྟ་མགྲིན་གྱི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་མཁའ་ལྡིང་རྒྱལ་པོ་ཡིས། །བཅོམ་ལྡན་འདས་ལ་འདི་སྐད་ཞུས། །ཨེ་མ་ཧོ་བཅོམ་ལྡན་གར་གྱི་བདག །པདྨ་དབང་གི་རྒྱུད་ཆེན་པོ། །བདག་གཞན་རྣམས་ཀྱི་དོན་གྱི་ཕྱིར། །བསྙེན་དང་བསྒྲུབ་དང་ལས་སྦྱོར་དང་། །རྟགས་དང་དམ་ཚིག་ལས་ཚོགས་དང་། །དབང་དང་སྦྱིན་སྲེག་མནན་པ་དང་། །བསྲུང་དབབ་བཅད་འཁྲུལ་བྲི་བ་བསྟོད། །མཐར་ཐུག་བལྟ་བའི་དོན་རྣམས་ཀུན། །ངེས་པར་མགོན་པོས་བཤད་དུ་གསོལ། །ཞེས་ཆེད་དུ་གླེང་ངོ་། །


DNG018_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བཅོམ་ལྡན་འདས་ཁྲོ་བོའི་རྒྱལ། །འབྱུང་པོ་མཐུ་ལ་འདུལ་བྱེད་པའི། །གསང་སྔགས་རྒྱལ་པོ་འདི་ཡིས་ནི། །བར་ཆོད་བསྲུང་དང་སྐྲོད་པར་བྱེད། །ཨཱོཾ་པདྨཱནྟ་ཀྲྀཏ་ཧ་ཡ་གྲཱི་བ་བཛྲ་མ་ཧཱ་ཀྲོ་དྷ་ཧཱུཾ། སརྦ་ནཱ་ག་ཨུ་ཙ་ཏ་ཡ་ཕཊ་ཕཊ། བཛྲ་ཁཌྒ་ཏཱིཀྵྞ་ཀཱི་ལ་ཡ། བཛྲ་ཛྭ་ལ་རཾ་ཕཊ་ཕཊ་ཕཊ། དེ་སྐད་གསུངས་པས་འཇིག་རྟེན་ཁམས། །ཐམས་ཅད་མ་ལུས་དབང་བསྡུས་ཤིང་། །ཀླུ་ལ་སྩོགས་པ་བརྒྱལ་ཞིང་བོགས། །འབྱུང་པོ་མ་ལུས་སྐྲོད་པར་བྱེད། །བསྲུང་དང་མཚམས་ཀྱི་ལས་ཡིན་ནོ། །ཞེས་གསུངས་སོ། །གླེང་སློང་བའི་དོན་ཞུས་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་མཁའ་ལྡིང་རྒྱལ་པོ་ཡིས། །བསྙེན་བསྒྲུབ་གསང་བའི་ལས་རྣམས་ཞུས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དབང་ཐོབ་དམ་ཚིག་དང་ལྡན་པས། །ཐོག་མར་ཡིད་འཐད་གཞུང་མཐུན་གནས། །མཆོད་སྦྱིན་གཏོར་མ་སྩོགས་བྱས་ཏེ། །མཎྜལ་སྟེང་དུ་མཆོད་པའི་རྫས། །དུར་ཁྲོད་མེ་ཁྲག་མཚམས་བཅད་དོ། །མ་སྐྱེས་དབྱིངས་ལས་ཐུགས་རྗེར་བསྒོམ། །ཧྲཱྀཿལས་དབང་ཆེན་ཡུམ་ལྔ་རྫོགས། །བྷྲཱུཾ་ལས་དུར་ཁྲོད་གཞལ་ཡས་ཁང་། །ཉི་ཟླ་པདྨ་ཆུ་བདག་སྟེང་། །ཁྲོ་རྒྱལ་ཀུན་ལས་བརྗིད་པའི་སྐུ། །དམར་ནག་ཞལ་གསུམ་ཕྱག་དྲུག་སྟེ། །གཡས་དཀར་གཡོན་དམར་རྟ་མགོ་ལྗང་། །ལྕགས་སྒྲོག་རལ་གྲི་དགྲ་སྟྭ་ཕྱར། །པདྨ་གཤོལ་དང་ཐོ་བ་བསྣམས། །ཞབས་བཞི་དོར་སྟབས་བརྐྱང་བསྐུམ་བགྲད། །ཨེ་ཀ་དམར་ནག་ཆས་ཀྱིས་བརྒྱན། །ཁ་ཊྭཱཾ་ཐོད་རློན་ཡབ་ལ་སྟོབ། །ཡབ་ཡུམ་གཉིས་མེད་བྱིན་རླབས་ལས། །ཕོ་ཉ་བྱི་ལ་ཕུ་ཤུད་མགོ། །དམར་ནག་ལྕགས་ཀྱུ་ཕུར་པ་འཛིན། །དབྱིངས་ནས་སྤྱན་དྲང་བཞུགས་བརྟན་ཕྱག །སྨན་རཀ་གཏོར་མ་ལ་སོགས་མཆོད། །ཐུགས་ཀའི་ཏིང་འཛིན་གསལ་བྱས་ཏེ། །བསྙེན་སྔགས་བཟླས་ཏེ་བཅོལ་སྔགས་གདགས། །དུས་དང་གྲངས་དང་མཚན་མ་རྟགས། །བསྒྲུབ་པ་བྱ་བའི་རིམ་པ་ནི། །དུར་ཁྲོད་དབེན་པའི་གནས་དག་ཏུ། །སྔོན་དུ་འགྲོ་བའི་ལས་རྫོགས་ནས། །དཀྱིལ་འཁོར་ཟླ་གམ་ཁྱམས་སྒོར་


DNG018_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

བཅས། །སྨན་རག་གཏོར་མ་རྫས་རྣམས་བསགས། །སྔོན་བཞིན་དཀྱིལ་འཁོར་བསྐྱེད་སྤྱན་དྲངས། །མཆོད་བསྟོད་བསྒྲུབ་པའི་བཟླས་པ་བྱ། །དམར་ནག་གྲུ་གསུམ་བར་ཁྱམས་བཅས། །དབུས་སུ་ཕུར་བསྒོ་ལ་ཡང་དགོད། །རོ་རས་དག་ལ་འཁོར་ལོ་ནི། །མཁས་པས་རེའུ་མིག་མཚན་མར་བཅས། །ཐུན་དང་རྫས་ལ་སོགས་བྱས་ཏེ། །ཆོ་ག་གཞུང་བསྲང་བསད་སྔགས་བཟླས། །ཐུན་གྱིས་བྲབ་ཅིང་གཟིར་བྱས་ནས། །ཐ་མར་མནན་བསྲེག་ལས་ཀྱིས་བསྐུལ། །ཡང་ན་ལིངྒ་དག་ལའོ། །དཔལ་རྟ་མགྲིན་གྱི་རྒྱུད་ལས། བསྙེན་བསྒྲུབ་ལས་སྦྱོར་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་དབང་གི་རྒྱལ་པོ་ཡིས། །དཀྱིལ་འཁོར་དབང་གི་རིམ་པ་ཞུས། །བཅོམ་ལྡན་དབང་གིས་བཀའ་སྩལ་པ། །བསྙེན་བསྒྲུབ་མཐར་ཕྱིན་སློབ་དཔོན་གྱིས། །གང་ཡང་རུང་བའི་གནས་སུ་ནི། །མཚམས་བཅད་ས་ཡི་ཆོ་ག་བྱ། །སྟེགས་བུ་གྲུ་བཞིའི་སྟེང་དུ་ནི། །བུམ་པ་ལ་སོགས་མཆོད་རྫས་དགྲམ། །སྔོན་དུ་འགྲོ་བའི་ལས་རྣམས་བྱ། །ཏིང་འཛིན་རྣམ་གསུམ་གཞལ་ཡས་ཁང་། །པདྨ་དབང་གི་ལྷར་བསྐྱེད་ཅིང་། །སྤྱན་དྲང་ལ་སོགས་རྫོགས་བྱས་ནས། །བསྙེན་དང་ཕྲིན་ལས་རྫོགས་པར་བྱ། །དཀྱིལ་འཁོར་བསྐུ་ཞིང་ཆག་ཆག་གདབ། །རྟ་མཆོག་དྲི་ཡི་ཐིག་ལེ་བྱ། །བསྐྱེད་དང་སྤྱན་འདྲེན་མཆོད་རྫོགས་ནས། །སློབ་མ་ཁྲུས་བྱས་གསོལ་གདབ་བཀྲུ། །སོ་ཤིང་ཆོས་བཤད་སྲུང་སྐུད་གདགས། །ཀུ་ཤ་གཏད་ལ་རྨི་ལམ་བརྟག །དེ་ནས་ཐིག་གདབ་ཚོན་བྲིས་ཏེ། །རྒྱན་དང་མཆོད་རྫས་སྒྲུབ་རྫས་དགོད། །ཏིང་འཛིན་དཀྱིལ་འཁོར་ལས་གཞུང་བསྲང་། །གནས་སུ་ལྷ་རྣམས་བསྐྱེད་བྱས་ནས། །སློབ་མ་འཇུག་པའི་རིམ་པ་བྱ། །དབང་བཞི་པོ་ཡང་བསྐུར་བར་བྱ། །མ་སྨིན་པ་རྣམས་སྨིན་པར་བྱེད། །ཕྱིན་ཆད་འཁོར་བར་ལྡོག་མི་འགྱུར། །དཔལ་རྟ་མགྲིན་གྱི་རྒྱུད་ལས། དབང་བསྐུར་བའི་ལེའུ་སྟེ་བཞི་པའོ།། །།དེ་ནས་མཁའ་ལྡིང་


DNG018_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་ཡིས། །གསང་སྔགས་གསང་བའི་དོན་རྣམས་ཞུས། །པདྨ་དབང་གིས་བཀའ་སྩལ་པ། །ཧྲཱྀ་པདྨཱནྟ་ཀྲྀཏ་ཧ་ཡ་གྲཱི་བ་ཨེ་ཀ་ཛ་ཏི་ཧུ་ལུ་ཧུ་ལུ། ཧྲཱྀཿཔདྨཱནྟ་ཀྲྀཏ་ཧཱུཾ་ཧཱུཾ་ཕཊ། ཧྲཱྀཿཔདྨཱནྟ་ཀྲྀཏ་དེ་མ་དྷ་རི་ཧ་ཡ་གྲཱི་བ་ཨེ་ཀ་ཛ་ཏི་ཧུ་ལུ་ཧུ་ལུ་ཛ་ཛ། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཨེ། ཛ་ཏི་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ།ཨོཾ་པདྨཱནྟ་ཀྲྀཏ་ཧ་ཡ་གྲཱི་བ་ཆེ་གེ་མོ་ཀཱི་ལ་ཡ་ཀཱི་ལ་ཡ། མཱ་ར་ཡ་མཱ་ར་ཡ།གཏུབས་གཏུབས་སོད་སོད། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ་ཧཱུཾ་ཕཊ།ཧྲཱྀཿཔདྨཱནྟ་ཀྲྀཏ་དེ་མ་ཧ་ཡ་གྲཱི་བ་ཨེ་ཀ་ཙ་ཏི་ཧུ་ལུ་ཧུ་ལུ་ཧཱུཾ་ཛ་ཛ། ནཱ་ག་ལི་བཛྲ་ཀཱི་ལ་ཡ་མཱ་ར་ཡ་མཱ་ར་ཡ་ཧཱུཾ་ཕཊ། ཧྲཱྀཿནཱ་ག་ཙཀྲ་མཱ་ར་ཡ་ཧཱུཾ་ཕཊ། ཧྲཱྀཿཔདྨཱནྟ་ཀྲྀཏ་ཧ་ཡ་གྲཱི་བ་ཆེ་གེ་མོའི་ཙིཏྟ་ཛྭ་ལ་རཾ་མཱ་ར་ཡ་ཕཊ། ཧྲཱྀཿཔདྨཱནྟ་ཀྲིཏ་ཧ་ཡ་གྲཱི་བ་ཆེ་གེ་མོ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཧྲཱྀཿནཱ་ག་སྟམ་བྷ་ཡ་ནན། ཧྲཱྀཿཔདྨཱནྟ་ཀྲྀཏ་ཧ་ཡ་གྲཱི་བ་ཨེ་ཀ་ཛ་ཏི་ཧུ་ལུ་ཧུ་ལུ་ཆེ་གེ་མོ་ཀཱི་ལི་ཀཱི་ལ་ཡ། མཱ་ར་ཡ་མཱ་ར་ཡ་ཧཱུཾ་ཕཊ། ཤག་ཏི་ཚལ་པ་ཚལ་པ་ཧཱུཾ་ཕཊ། ཧ་ཧ་ན་ར་ཐཱ་ཡི་ཧཱུཾ་ཕཊ། མཱ་ར་ཡ་མཱ་ར་ཡ། ནཱ་ཤ་ཡ་ནཱ་ཤ་ཡ། ཚལ་པ་ཚལ་པ། ཙྪིནྡྷ་ཙྪིནྡྷ་ཧཱུཾ་ཕཊ། ཨུ་ཙ་ཏ་ཡ་ཨུ་ཙ་ཏ་ཡ་ཧཱུཾ་ཕཊ། རཀྵ་རཀྵ་ཧཱུཾ་ཕཊ། ནཱ་ག་མ་ལ་ནི་ཏྲི་ཕྲ་དུ་ནཱ་ག་མ་ལ་ཤིག་སྭཱ་ཧཱ། ཨ་ནི་ལ་དུ་ནི་སྭཱ་ཧཱ། ཤྲི་ཏྲི་ཨ་ཏྲི་ནན། ཨ་ནུ་ཏྲི་སུ་ནན། ཨ་ཏྲི་སུ་ཏྲི་ནན། ནཱ་ག་ཨ་ལི་ཀི་ལི་ནན། ཤུ་ལི་གུ་ལི་ནན། ཤུ་ལི་བྱི་དུ་ནན། ཧི་ལུམ་ནཱ་ག་ཏ་ལི་ནན། ཧོ་ལུམ་ཧཱུཾ་ཧཱུཾ་ཧཱུཾ། ཨ་ཨ་ཨ། ཏྲི་མི་པ་ནུ་ཎི་ཧཱུཾ། ཨོཾ་ཏྲི་དུ་ཏྲི་ནན། ཨེ་ནཱ་ག་སོ་ཧྲི་ཧཱུཾ། ཨོཾ་ཏ་ཐཱ་ཨོཾ། ཏ་ཐཱ་བཛྲ་ཧཱུཾ་ཕཊ། ཨོཾ་ག་རུ་ཎ་ཧཾ་ས་ཧེ་ཙ་ལེ་ཙ་ལེ་སྭཱ་ཧཱ།ཧྲཱྀཿཔདྨཱནྟ་ཀྲྀཏ་ཤཱནྟིཾ་པུཥྚིཾ་བ་ཤང་མཱ་ར་ཡ་སརྦ་བིགྷྣཱཾ་ཤ་ཏྲུཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ག་རུ་ཊ་ཙ་ལེ་ཙ་ལེ་ཧཱུཾ་ཕཊ། ཨོད་ཀང་ཨོད་ཀང་། ཁྱུང་ག་རུ་ཎ་ཁྱུང་ག་རུ་ཎ། ཤ་མ་ར་བྱིད་ཐུལ་བཛྲ་མ་ཧཱ་ཀྲོ་ཏ་ཧཱུཾ་ཕཊ། དཔལ་རྟ་མགྲིན་གྱི་རྒྱུད་ལས། གསང་སྔགས་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་མཁའ་ལྡིང་རྒྱལ་པོ་ཡིས། །བསྙེན་བསྒྲུབ་ལས་སྦྱོར་ལ་སོགས་པའི། །རྟགས་དང་མཚན་མའི་རིམ་པ་ཞུས། །བཅོམ་ལྡན་འདས་ཀྱིས་བཀའ་


DNG018_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

སྩལ་པ། །གྲུབ་པའི་རྟགས་དང་མཚན་མ་ནི། །སྐུ་གསུང་ཐུགས་ཀྱི་རྟེན་སོགས་དང་། །མཆོད་དང་བསྐོར་བ་བྱེད་ལ་སོགས། །སྔོན་ཆད་མ་མཐོང་ཡུལ་ཁམས་ན། །ཉི་ཤར་མཆོད་རྟེན་གྲོང་ཁྱེར་རྣམས། །ཉམས་དགའི་གནས་སོགས་དུ་མ་མཐོང་། །གྲུབ་རྟགས་རི་བོའི་རྩེར་ཕྱིན་དང་། །མཁའ་ལ་འཕུར་དང་མཁའ་ལྡིང་བྱ། །རྒྱ་མཚོའི་གཏིང་ནས་ལྟོ་འགྲོ་ལེན། །སྦལ་ལྕོང་སྡིག་པ་རྩངས་པ་སོགས། །གསོད་དང་སྐམས་དང་ཤི་གྱུར་པ། །གདུག་པའི་གཟུགས་རྣམས་མ་ལུས་ཀུན། །བདག་གིས་འཁོལ་ཞིང་འདུལ་བར་བྱེད། །བསད་པའི་ལས་ལ་སྦྱོར་བའི་ཚེ། །གང་ལ་དམིགས་པ་ཁུགས་ནས་ཀྱང་། །གསོད་གཅོད་ལས་རྣམས་བྱེད་པ་དང་། །ཀླུ་གཉན་ས་བདག་གདོན་ཚོགས་རྣམས། །ངེས་པར་དབང་དུ་འདུས་པ་དང་། །མངོན་སྤྱོད་དྲག་པོས་ཚར་གཅོད་དང་། །བཟང་རྟགས་མཚན་མ་ཀུན་ཀྱང་འབྱུང་། །འཇུག་པའི་རྟགས་ནི་རྨི་ལམ་དུ། །ཆོ་འཕྲུལ་སྣ་ཚོགས་ཅིར་ཡང་སྟོན། །སྐྱེས་པ་བུད་མེད་བཙུན་ཆེན་དང་། །ལྷ་ཁང་ཆུ་དང་སྦྲུལ་ལ་སོགས། །སེམས་ཅན་སྣ་ཚོགས་བདག་ལ་འཚེ། །སྙིང་མི་དགའ་ལ་ཉམས་དམའ་དང་། །རྫུ་འཕྲུལ་སྣ་ཚོགས་སྟོན་པར་བྱེད། །ཞུགས་པའི་རྟགས་ནི་ལུས་ལ་ཡང་། །ཤ་འཕྲིག་ལ་སོགས་མཛེ་ཡི་ནད། །མཚན་རྟགས་གསལ་ཞིང་རྨི་ལམ་ངན། །གནོད་པའི་ས་རུ་འདུག་པ་དང་། །སེམས་ཅན་ཀུན་གྱི་སྙིང་བརྩེ་བ། །གང་གནོད་ཆོ་འཕྲུལ་དངོས་སུ་འབྱུང་། །ཡི་དྭགས་འབྱུང་པོ་ཞུགས་པ་དང་། །རྟགས་དང་མཚན་མ་རྫུ་འཕྲུལ་རྣམས། །རྨི་ལམ་ལ་སོགས་ངན་པ་འབྱུང་། །ཞུགས་ནས་ཐོན་པའི་མཚན་ཉིད་ནི། །རྣག་ཁྲག་ཕྱི་རུ་ཐོན་པ་དང་། །གཞན་དུ་འཚོང་དང་བཙོན་ལས་ཐར། །ཡིད་དགའ་ཏིང་འཛིན་གསལ་བ་དང་། །སྐུ་གསུང་ཐུགས་ཀྱི་མཚན་མ་རྣམས། །རྙེད་དང་མཁའ་ལས་མེ་ཏོག་འབབ། །འོད་དང་འཇའ་ཚོན་འཇམ་པའི་སྒྲ། །བཟང་བའི་རྟགས་རྣམས་སྟོན་པར་བྱེད། །དཔལ་རྟ་མགྲིན་གྱི་ལས་རྒྱུད་ལས། རྟགས་དང་མཚན་མ་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།


DNG018_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་མཁའ་ལྡིང་རྒྱལ་པོ་ཡིས། །མནན་དང་སྦྱིན་སྲེག་བསྐྲད་པ་ཡིས། །ཚར་གཅོད་པ་ཡི་དོན་རྣམས་ཞུས། །རྟ་མགྲིན་དཔལ་གྱིས་བཀའ་སྩལ་པ། །རྒྱས་པའི་སྦྱིན་སྲེག་ཆེན་པོ་ནི། །དཀྱིལ་འཁོར་འདོམ་གང་གྲུ་བཞི་པ། །ཨེ་སྟེ་གྲུ་གསུམ་ཉི་ཤུ་གཅིག །ཁྲག་དང་དུག་གིས་ཞལ་བ་བྱ། །གདུག་པ་ཧོམ་གྱི་ཤིང་བརྩིགས་ཏེ། །མཆོད་རྫས་བསྲེག་རྫས་འབྲུ་དང་དྲུག །ཤ་དང་ཁྲག་དང་མར་ནག་སོགས། །ཐམས་ཅད་ཚོགས་པར་བྱས་ནས་ཀྱང་། །ཕྲིན་ལས་གཞུང་བསྲང་ཐབ་ཁུང་ནང་། །མེ་ལྷ་ཨག་ནེ་རཱ་ཛ་ལ། །མཆོད་བསྟོད་རྫོགས་པར་བྱས་ནས་ཀྱང་། །ལྟོ་བར་ལྷ་བསྐྱེད་སྦྱིན་སྲེག་དབུལ། །ཕྲིན་ལས་བྱ་བ་རྣམས་སྐབས་སྦྱར། །ཐུན་ལ་སོགས་པ་ཅི་རིགས་བྱ། །བསྡུས་པ་ཐབ་ཁུང་བུད་ཤིང་བརྩིག །བསྲེག་རྫས་ལ་སོགས་འབྱོར་ཚོགས་བྱ། །ཐབ་བསྐྱེད་མེ་དམར་ལྷར་བསྐྱེད་ནས། །ཆོ་ག་གཞུང་བསྲང་མཆོད་བསྟོད་ནས། །མཇུག་ཏུ་ཐུན་དང་བྲོ་བརྡུངས་ཏེ། །ཐལ་བ་རྒྱ་གྲམ་ལམ་དུ་འཕྱར། །མནན་པ་དགྲ་བགེགས་རྣམ་གསུམ་ལས། །དགྲ་བོ་ཀླུ་ལ་གཏད་པ་དང་། །བགེགས་ལ་ཐོད་པར་གཟུགས་བཅུག་སྟེ། །མནན་ནས་རྟ་གདོང་བྲོ་ཡིས་བརྡུང་། །ཡང་ན་གང་གནོད་གཟུགས་བྲིས་མནན། །བསྐྲད་པའི་འཁྲུལ་འཁོར་བསྐོར་ནས་ཀྱང་། །རི་རྩེ་ཆུ་གཞུང་རླུང་ལ་བསྐུར། །འབྱུང་པོ་རེངས་པའི་འཁོར་ལོ་ནི། །རྩང་ལ་བརྒྱངས་ལ་སྤང་བར་བྱ། །དཔལ་རྟ་མགྲིན་གྱི་ལས་རྒྱུད་ལས། མནན་སྲེག་སྐྲོད་ཅིང་རེངས་པར་བྱེད་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་མཁའ་ལྡིང་རྒྱལ་པོ་ཡིས། །ལས་རྣམས་རབ་ཏུ་བྱེད་པའི་དོན། །གར་དབང་ཉིད་ལ་རབ་ཏུ་ཞུས། །དབང་ཕྱུག་གར་གྱིས་བཀའ་སྩལ་པ། །རྗེས་འཇུག་རྣལ་འབྱོར་སྒྲུབ་པ་པོས། །བསྙེན་པ་བསྒྲུབ་པ་མཐར་ཕྱིན་ནས། །ལས་ནི་གང་བྱས་འགྲུབ་པར་བྱེད། །དབབ་གཅད་གཉིས་ཀྱི་ལས་རྣམས་ནི། །གང་ཡང་རུང་བའི་ཡུལ་ཁམས་སུ། །མཆོད་དང་སྦྱིན་གཏོང་རྒྱ་ཆེར་བྱ། །ཕུར་བུ་བཅུ་སྔགས་བྲིས་ལ་གདགས། །རབ་གནས་བྱིན་བརླབ་མཆོད་བྱས་ཏེ། །ཉུང་དཀར་རྫས་ལྔ་དག་


DNG018_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྔགས། །ཕྱོགས་བཅུར་གསེར་སྐྱེམས་གཏོར་མ་གཏང་། །ཕུར་བུ་བཅུ་དང་ཐོ་ཡིས་བསྐོར། །རང་ཉིད་ལྷར་བསྒོམ་སྡིགས་མཛུབ་བསྒྲེང་། །སྔགས་བཟླས་རྫས་ཀྱིས་གཏོར་བར་བྱ། །གཞན་ཡང་གཏོར་མ་ཐུན་རྫས་བསང་། །ལྷ་བསྐྱེད་ཡུལ་གྱི་ལྷ་ཀླུ་མཆོད། །བསྙེན་དང་བསྒྲུབ་སྔགས་མཇུག་ལ་ཡང་། །ནཱ་ག་རཱ་ཛ་ཆར་ཕོབ་ཅེས། །ཞི་དྲག་གཉིས་ཀྱིས་དབབ་པར་བྱ། །དམ་ཚིག་ལྡན་པའི་རྣལ་འབྱོར་པས། །རས་སམ་གྲོ་གའི་ཤུན་པ་ལ། །སྲུང་བའི་འཁོར་ལོ་སྔགས་དང་བཅས། །མཎྜལ་སྟེང་གཞག་བྱིན་གྱིས་བརླབ། །མཆོད་བསྟོད་བྱས་ལ་ལུས་ལ་གདགས། །ཡང་ན་ཚོན་སྐུད་སྣ་ལྔ་ལ། །སྔགས་བཟླས་མདུད་པ་བྱས་ནས་ཀྱང་། །བྱིན་བརླབ་སྐྱབས་འགྲོ་བྱ་ཞིང་གདགས། །རས་སམ་འཁར་གཞོང་ནང་དག་ཏུ། །ཀླུ་གཟུགས་སྣ་ཚོགས་བཅུག་ནས་ནི། །སྨན་དང་གཏོར་མ་བྱིན་བརླབ་དབུལ། །བཀའ་བསྒོ་བྱས་ཏེ་སྦས་གྱུར་ན། །ཀླུ་ནད་ཀུན་ལས་ཐར་བར་བྱེད། །གང་ཡང་རུང་བའི་མཐུན་རྫས་དང་། །གཏོར་མ་དག་གིས་མཆོད་བྱས་ཏེ། །གནས་སྐབས་གང་བྱེད་ལས་བཅོལ་ཞིང་། །དབང་བསྐུར་ཟིལ་མནན་བསྟོད་བྱས་ནས། །ཐ་མ་ལས་ལ་གཟུད་པར་བྱ། །ཏིང་འཛིན་གཞལ་ཡས་ལྷ་བསྐྱེད་ནས། །སྤྱན་དྲང་མཆོད་བསྟོད་རྫོགས་བྱས་ནས། །མེ་ཡི་རྣལ་འབྱོར་རྫོགས་བྱས་ནས། །སྔགས་བཟླས་གང་འདོད་བསྲེག་པར་བྱེད། །རིན་པོ་ཆེ་ཡི་བུམ་པའི་ནང་། །ཚེ་ཚད་རྫས་དང་སྨན་བླུག་སྟེ། །མཎྜལ་སྟེང་གཞག་བྱིན་གྱིས་བརླབ། །འཇིག་རྟེན་ཁམས་ཀྱི་ཚེ་བཀུག་ནས། །སྔགས་བཟླས་བསྟོད་ཅིང་བསྡིམ་པར་བྱ། །ལས་རྣམས་དབང་དུ་བསྡུ་བ་ལ། །རང་ཉིད་སྔགས་བཟླས་ལྷ་བསྒོམས་ཏེ། །གཏོར་མ་སྔགས་བཟླས་རྫས་རྣམས་བསག །སེང་ལྡེང་ཕུར་པ་བྱིན་བརླབས་ལ། །ཐ་མ་ལས་ལ་སྦྱར་བྱས་ན། །གང་ལ་བྱ་བ་དབང་དུ་འགྱུར། །དཔལ་རྟ་མགྲིན་གྱི་ལས་རྒྱུད་ལས། ལས་སྣ་ཚོགས་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་མཁའ་ལྡིང་རྒྱལ་པོ་ཡིས། །དམ་ཚིག་བལྟ་


DNG018_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དོན་རྣམས་ཞུས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སྤྱིར་ན་ལས་རྣམས་ཐམས་ཅད་ལ། །བསྙེན་བསྒྲུབ་ལས་རྣམས་ཐམས་ཅད་ཀུན། །དམ་ཚིག་སྡོམ་པ་མེད་ན་མི་འགྲུབ་པས། །དེ་བས་དམ་ཚིག་ཚུལ་བཞིན་བསྲུང་། །དངོས་གྲུབ་གཉིས་དང་བྱིན་རླབས་ཀྱང་། །རྩ་བ་ཡན་ལག་བསྲུངས་ལས་འབྱུང་། །བླ་མ་བཀུར་དང་ལུས་ངག་ཡིད། །སྒོ་གསུམ་རྒྱུན་དུ་ཉམས་མི་བྱ། །ཤེས་བཞིན་ལྡན་པས་མཉེས་པའི་ཐབས། །བག་ཡོད་གནས་པས་འགལ་མི་བྱ། །ལྷ་དང་སྔགས་ལ་སོགས་པ་དང་། །སྤྱི་དང་བྱེ་བྲག་དམ་ཚིག་དང་། །ཐུན་བཞིའི་རྣལ་འབྱོར་ཉམས་མི་བྱ། །སེམས་ཅན་རྣམས་ལ་བྱམས་པ་བསྐྱེད། །སྙིང་རྗེའི་བསམ་པ་རྒྱུན་དུ་བསྐྱེད། །བླ་མ་མཆོད་ལ་ཉམས་མི་བྱ། །རྫས་དང་མཆོད་པ་ཆག་ཉམས་མེད། །ཡིད་གཉིས་ཐེ་ཚོམ་རྣམ་པར་སྤང་། །ང་རྒྱལ་རློམ་སེམས་ཕྲག་དོག་དང་། །དུག་གསུམ་ཉོན་མོངས་འཇོམས་པར་བྱེད། །ལེ་ལོ་སྙོམས་ལས་དོར་བྱས་ཏེ། །བརྩོན་འགྲུས་ཕ་རོལ་ཕྱིན་རྫོགས་ཤིང་། །མདོར་ན་དགེ་བཅུ་དང་དུ་བླངས། །གསང་སྔགས་ལྟ་སྤྱོད་ཟུང་དུ་འདྲེལ། །བསྙེན་བསྒྲུབ་གཞུང་བསྲང་ལས་ངན་དོར། །གསང་སྔགས་དམ་ཚིག་གཞུང་བཞིན་བསྲུང་། །ལྟ་བས་ཐག་བཅད་གདེང་དུ་བཅའ། །འཁོར་བ་མྱ་ངན་འདས་པའི་ཆོས། །མ་ལུས་རིག་པ་བྱང་ཆུབ་སེམས། །སྐྱེ་འགག་མེད་པའི་མཐའ་ལས་གྲོལ། །རྣམ་རྟོག་ཆོས་དབྱིངས་ངང་དུ་གཞིལ། །མ་སྤངས་ཆོས་ཉིད་གཟུང་འཛིན་མེད། །ཡེ་ནས་རང་བྱུང་ཆོས་ཉིད་སྐུ། །མཚན་མའི་སྤྲོས་པ་ཡེ་སངས་རྒྱས། །མཁའ་ལྟར་ཁྱབ་པའི་ཐུགས་རྗེ་ཡིས། །འཁོར་བའི་སྡུག་བསྔལ་ཉོན་མོངས་རྣམས། །ཐམས་ཅད་མ་ལུས་འཇོམས་མཛད་མ། །བདེ་ཆེན་ཟུང་དུ་གཞོམ་མཛད་མ། །ཕྱོགས་རིས་མེད་པ་སྙོམས་མཛད་མ། །དཔལ་རྟ་མགྲིན་གྱི་ལས་རྒྱུད་ལས། དམ་ཚིག་དང་བལྟ་བའི་ལེའུ་སྟེ་དགུ་པའོ།། །།དེ་ནས་མཁའ་ལྡིང་རྒྱལ་པོ་ཡིས། །བསྡུས་པའི་ཚིགས་རྣམས་ཀུན་གྱིས་ཀྱང་། །ཁྲོ་རྒྱལ་དབང་ལ་འདི་སྐད་བསྟོད། །


DNG018_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ། བཅོམ་ལྡན་དཔལ་ཆེན་པདྨ་ཧེ་རུ་ཀ །ནུབ་ཕྱོགས་སྣང་བ་མཐའ་ཡས་ཞིང་ཁམས་ནས། །དབང་གི་རྒྱལ་པོ་ཟླ་གམ་གདེངས་པ་ལ། །དཔལ་མཆོག་ཧ་ཡ་གྲཱི་བ་དབང་གི་ལྷ། །དབུ་གསུམ་ཕྱག་དྲུག་ཞབས་བཞི་བརྐྱང་བསྐུམ་བཞུགས། །དབུ་གཙུག་རྟ་མགོ་ལྗང་གུ་ཙེ་རེ་རེ། །སྤྱན་དགུ་གཟིགས་ནས་སྡང་མིག་འོད་ལམ་ལམ། །སྨིན་མཚམས་ཤངས་དབྲག་ཁྲོ་གཉེར་གློག་ལྟར་འགྱུ། །རྔོག་མ་ལེ་བརྒན་དབང་གི་མེ་དཔུང་འབར། །དཔྲལ་བ་ཞུར་པོ་བྱམས་པའི་ཉི་མ་ཤར། །ཤངས་ནས་རླུང་འབྱུང་རྡོ་རྗེའི་ཚུབས་ནག་འཁྱིལ། །ལྗགས་འདྲིལ་མཆེ་གཙིགས་མེ་སྟག་འོད་སྟོང་འཕྲོ། །བསྐལ་པའི་མེ་སྟོང་འབར་བའི་ཀློང་ན་བཞུགས། །སྤྲུལ་པའི་དབུ་རྒྱན་མང་པོ་སྐར་ལྟར་འཁྲུགས། །རྡོ་རྗེ་གནམ་ལྕགས་འབར་བའི་ཐོག་ཐོག་འཕེན། །དབུགས་ཀྱིས་རྔུབས་པས་ཁམས་གསུམ་དབང་དུ་སྡུད། །ཨེ་ཀ་ཛ་ཏི་གསང་བའི་ཡུམ་དང་འཁྲིལ། །ཡོན་ཏན་བརྗོད་མི་ལང་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་དོ། །དཔལ་གཙོ་བོ་ལ་བསྟོད་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་བཅོམ་ལྡན་གར་དབང་གིས། །འཁོར་གནས་ཚོགས་ལ་འདི་སྐད་གསུངས། །པདྨ་གར་གྱི་དབང་ཕྱུག་ཆེའི། །པདྨ་རིགས་ཀྱི་རྒྱུད་མཆོག་འདི། །ནོར་བུ་ལྟ་བུར་དགོས་འདོད་འབྱུང་། །སྐུ་གསུང་ཐུགས་དང་ཡོན་ཏན་དང་། །ཕྲིན་ལས་ཕུན་སུམ་ཚོགས་པ་སྟེ། །ཀླུ་གཉན་འབྱུང་པོ་འདུལ་བ་དང་། །ཐུན་མོང་མཆོག་གི་དངོས་གྲུབ་གཏེར། །ཡོན་ཏན་བྱིན་རླབས་བརྗོད་མི་ལང་། །དེ་ལྟར་སྟོན་པའི་རྒྱུད་འདི་ཡང་། །ཁྱེད་རྣམས་ཀུན་གྱིས་འདི་ཟུང་ཞིག །བསྟན་པའི་སྙིང་པོ་ཐུབ་པར་སྲུངས། །ཞེས་གསུངས་སོ། །དེ་ནས་ནམ་མཁའ་ལྡིང་གི་ཚོགས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་འཁོར་དང་བཅས་པ་རྗེས་སུ་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །ཡོངས་སུ་གཏད་པའི་ལེའུ་སྟེ་བཅུ་གཅིག་པའོ།། །། དཔལ་རྟ་མགྲིན་གྱི་ལས་རྒྱུད་ལས་ཚོགས་དང་བཅས་པ་རྫོགས་སོ།། །།སློབ་དཔོན་པདྨ་དང་།
ངན་ལམ་རྒྱལ་བ་མཆོག་དབྱངས་ཀྱིས་བསྒྱུར་བའོ།། །། བར་འདིར་རྟ་མགྲིན་གསང་རྒྱུད་ཅེས་པ་ཤོག་བུ་བཅུ་སྐོར་ལེའུ་ཉེར་ལྔར་ཞིག་འདུག་ཀྱང་ཡིག་ནོར་རྒྱུན་འཕྱུགས་ཁོ་ནས་དཔྱད་མ་བཟོད་པས་བཞག། །།

དཔལ་པདྨ་དབང་ཆེན་དྲེགས་པ་ཚར་གཅོད་ཀྱི་རྒྱུད་ཅེས་བྱ་བ།


DNG018_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཤྲཱི་པདྨ་མ་ཧཱ་བ་ཤ་དུཥྚ་བི་གྲ་ཧ་ཏནྟྲ་ནཱ་མ།བོད་སྐད་དུ། དཔལ་པདྨ་དབང་ཆེན་དྲེགས་པ་ཚར་གཅོད་ཀྱི་རྒྱུད་ཅེས་བྱ་བ།བཅོམ་ལྡན་འདས་དཔལ་པདྨ་དབང་ཆེན་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །འདི་སྐད་བཤད་པའི་དུས་གཅིག་ན། འོག་མིན་གྱི་གནས་ཡུམ་གྱི་མཁའ་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ན། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་མཉམ་པ་ཉིད་ཀྱི་ངང་ལས་མནལ་སད་དེ། ཆོས་ཐམས་ཅད་སྤྱན་གྱི་ར་བར་བཅུག་ནས། ཐིག་ལེ་གཅིག་གི་ངང་དུ་ཡེ་རྒྱས་ཐེབས་པར་གཟིགས་ཏེ། རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས། རྡོ་རྗེ་སེམས་དཔའ་ཡོངས་ལ་ཁྱབ་ཅིང་བརྡལ་བའི་སྐུའི་ཆེ་བའི་ཡོན་ཏན་ཐམས་ཅད་རང་ལ་རྫོགས་པར་བསྟན་ཏེ། སླར་ཡང་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་བསྡུས་པ་ལས། མ་བྱས་རང་བྱུང་ཡེ་ཤེས་པདྨོར་འཁྱིལ་ཏེ། ཐིག་ལེ་ཆེན་པོ་གཅིག་ཏུ་མཉམ་པ་ལས། དེ་ལྟར་ལ་གཟིགས་ཤིང་སོ་སོར་བརྟགས་ནས། ཆེ་བས་མྱོས་པ་དང་། དྲེགས་པས་བརྒྱལ་བ་རྣམས་ཚར་གཅོད་པའི་ཐབས་སུ། སྤྱན་རས་གཟིགས་སུ་སྐུ་སྤྲུལ་ཞིང་། རྡོ་རྗེ་སེམས་དཔའ་ཐུགས་ཁྲོས་པ་ལས། དཔལ་པདྨ་དབང་ཆེན་དབུ་ལྔ་ཕྱག་བཅུ་དྲུག་པར་གྱུར་ཏེ། སྦས་པའི་དཀྱིལ་འཁོར་དགུ་ཡི་ཡེ་ཤེས་རང་ལ་རྫོགས་པར་བསྟན་ནས། ཁམས་གསུམ་དབང་དུ་བསྡུས་ཤིང་སྲིད་གསུམ་ཟིལ་གྱིས་མནན་ཏེ། འཁོར་བའི་སྐྱམ་ལིངས་བཏབ་ནས། ཐུགས་རྗེས་རང་སར་བསྐྱལ་ལོ། །དྲེགས་པ་ཚར་གཅོད་ཀྱི་རྒྱུད་ལས། གཉེན་པོ་སྔོན་བྱུང་གི་ལེའུ་སྟེ་དང་པོའོ།། །།དེ་ནས་ཡང་དཔལ་པདྨ་དབང་ཆེན་གྱིས། སྦས་པའི་དཀྱིལ་འཁོར་དགུས་འདུལ་བའི་ཐབས་ཕྱུང་སྟེ། ཀླད་པ་དུང་ཁང་གི་གཞལ་ཡས་ཁང་དུ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གདུལ་བྱའི་ཐབས་སུ་ཕྱུང་བ་དང་། ལྟག་པའི་རྒྱས་སུ་རྟ་མགྲིན་དབང་གི་དཀྱིལ་འཁོར་འདུལ་


DNG018_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཐབས་སུ་ཕྱུང་བ་དང་། ཐུགས་ཀར་ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་གདུལ་བྱའི་ཐབས་སུ་ཕྱུང་བ་དང་། ཕྱག་རྒྱའི་གནས་སུ་འགྲོ་བ་འདུལ་བའི་དཀྱིལ་འཁོར་གདུལ་བྱའི་ཐབས་སུ་ཕྱུང་བ་དང་། སྐུའི་གནས་སུ་ངན་སོང་སྦྱོང་བའི་དཀྱིལ་འཁོར་གདུལ་བྱའི་ཐབས་སུ་ཕྱུང་བ་དང་། རིན་པོ་ཆེའི་གཤོག་པ་ལས་ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་གདུལ་བྱའི་ཐབས་སུ་ཕྱུང་བ་དང་། ཞབས་ལས་ཧཱུཾ་མཛད་ཆེན་པོའི་དཀྱིལ་འཁོར་གདུལ་བྱའི་ཐབས་སུ་ཕྱུང་བ་དང་། བྷ་གའི་གནས་སུ་ལིངྒ་ཆེན་པོའི་དཀྱིལ་འཁོར་གདུལ་བྱའི་ཐབས་སུ་ཕྱུང་བ་དང་། གཞལ་ཡས་ཁང་གི་གནས་སུ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་གདུལ་བྱའི་ཐབས་སུ་ཕྱུང་བ་དང་དགུའོ། །དེ་ནས་དཀྱིལ་འཁོར་ཆེན་པོ་དགུས་གདུལ་བྱ་ཟིལ་གྱིས་མནན། ཐེག་པ་རིམ་དགུའི་ཀློང་བརྟོལ་ནས་ས་དགུར་མཉམ་པར་སྦྱར། དྲེགས་པ་ཚར་བཅད་ནས་སྐུ་གསུང་ཐུགས་སུ་འཁོར་བ་བཙན་ཐབས་སུ་བཟློག་པས། མི་གནས་པའི་ཡེ་ཤེས་སུ་སྦྱར་རོ། །དྲེགས་པ་ཚར་གཅོད་པའི་རྒྱུད་ལས། གདུལ་བྱ་བཙན་ཐབས་ཀྱི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་དྲེགས་པའི་མཆོག་ལྷ་སྲིན་སྡེ་བརྒྱད་ཀྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་དབང་བྱས་ཏེ། འཇིག་རྟེན་སྟོངས་པར་བྱེད་པ་ལས། དཔལ་པདྨ་ཧེ་རུ་ཀས་ཐུགས་རྗེའི་རོལ་པས་གདུལ་བྱ་ཐབས་ཀྱིས་བཏུལ་ཏེ། སྐུ་མཆོག་འབར་བའི་རྔམ་སྟབས་ཀྱིས། །ཚམ་རྔམས་དྲག་པོས་གཟིར་བ་དང་། །དཔལ་གྱི་རྟ་སྐད་ཐེངས་གསུམ་གྱིས། །དྲེད་ཅིང་རབ་ཏུ་སྔངས་པར་བྱས། །ཐུགས་རྗེ་རོལ་པའི་བརྟུལ་ཞུགས་ཀྱིས། །བཀའ་དང་དམ་ལ་བཏགས་པས། ལྷ་མ་སྲིན་སྡེ་བརྒྱད་ཀྱིས་རང་རང་གི་སྡེ་དང་དཔོན་དུ་བཅས་པ་མངགས་པ་དང་བཅས་ཏེ། མགྲིན་གཅིག་ཏུ་རང་རང་གི་བརྡའ་སྐད་ཀྱིས་དམོད་མོ་དང་མཚང་ཚིག་མདོངས་གསོལ་དུ་ཕུལ་བ་འདི་ལྟ་སྟེ། ཨ་ཡ་དུ་རུ་ཙ་ཤ་ན་ལ། ལྷ་མ་སྲིན་སྡེ་བརྒྱད་དཔུང་དང་བཅས་པས་ཕུལ་ཏེ། དཔལ་ཆེན་པོ་པདྨ་ཧེ་རུ་ཀས། ལྷ་མ་སྲིན་གྱི་བརྡའ་སྒྲ་དགུ་མི་བརྗེད་པའི་གཟུངས་


DNG018_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གཏད། དབང་ཆེན་གྱི་ཕོ་ཉ་གཏད་ནས། གཟུངས་སུ་བཞག་གོ། །ལྷ་མ་སྲིན་གྱི་བརྡའ་སྒྲ་སྐད་གྲགས་པའི་དུས་སུ། སྙན་པའི་ར་མདའ་བྱ་བར་ཁས་འཆེས་སོ། །དེ་ནས་ཡང་ཨ་ནི་མ་བྱུང་མ་སྐྱེས་པའི་ཀློང་ནས། དཔལ་ཆེན་པོའི་སྐུར་བྱུང་སྟེ། དཔལ་པདྨ་དབང་ཆེན་ལ། ཡ་ནི་གཤིན་རྗེ་དགུ་དཔུང་དང་བཅས་པས་ཕུལ་ལོ། །མ་ནི་མ་མོ་དགུ་དཔུང་དང་བཅས་པས་ཕུལ་ལོ། །དུ་ནི་གཟའ་དགུ་དཔུང་དང་བཅས་པས་ཕུལ་ལོ། །རུ་ནི་སྲིན་པོ་སྡེ་ཚན་དང་བཅས་པས་ཕུལ་ལོ། །ཙ་ནི་བདུད་སྡེ་ཚན་དང་བཅས་པས་ཕུལ་ལོ། །ཤ་ནི་གནོད་སྦྱིན་སྡེ་ཚན་དང་བཅས་པས་ཕུལ་ལོ། །ན་ནི་ཀླུ་དགུ་དཔུང་དང་བཅས་པས་ཕུལ་ལོ། །ལ་ནི་ལྷའི་སྡེ་ཚན་དང་བཅས་པས་ཕུལ་ལོ། །དྲེགས་པ་ཚར་གཅོད་པའི་རྒྱུད་ལས། ལྷ་མ་སྲིན་སྡེ་བརྒྱད་ཀྱིས་དམོད་བཙུགས་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་དཔལ་པདྨ་དབང་ཕྱུག་གིས་ཐབས་དང་ཤེས་རབ་གཉིས་སུ་མེད་པར་བསྟན་པའི་ཕྱིར། ཡུམ་ཁྲོ་མོ་གཟི་ལྡན་མ་ཉིད་ཀྱི་ཐུགས་ལས་ཕྱུང་སྟེ། གཉིས་སུ་མེད་པར་འཁྲིལ་ཏེ་དེའི་ཚེ་དེའི་དུས་ན་ཡབ་ཡུམ་གཉིས་སུ་མེད་པའི་སྤྲུལ་པ་ལས། བཀའ་སྡོད་ཀྱི་ཕོ་ཉ་བ། རིག་པའི་ཁྲོ་བོ་ཁྲོ་མོ་དང་། ལོང་བ་རྒྱབ་འདྲེལ་དང་། དམུས་ལོང་འཁོར་བ་དང་། མེ་འབྲུག་དང་། རླུང་འབྲུག་དང་། ཟ་བྱེད་ཀྱི་ཁྱི་སྤྱང་དང་། དཔལ་གྱི་ཁྱི་བརྒྱད་དང་། ཕོ་ཉ་སྤྲུལ་པའི་ཚོགས་དང་། སྤྱང་མོ་རོ་ཤལ་དང་། སྲིན་མོ་མགོ་འཕྱངས་མ་དང་། རག་ཏ་ཙ་མུན་ཏི་དང་། ཁྲག་གི་ལྷ་མོ་དང་། ཕུང་བྱེད་སྦས་པའི་མ་བཞི་ལ་སོགས་པ། ཆོས་ཉིད་དབྱིངས་ཀྱི་ཕོ་ཉ་དང་། ཡབ་ཀྱི་བཀའ་སྡོད་ཕོ་ཉ་དང་། ཡུམ་གྱི་བཀའ་སྡོད་ཕོ་ཉ་དང་། དྲག་ཤུལ་བཙན་ཐབས་ཀྱི་ཕོ་ཉ་དང་། རང་དབང་མེད་པར་འདུས་པའི་ཕོ་ཉ་ལ་སོགས་པའི་འཁོར་རྣམས་ལ་རང་བཞིན་བལྟ་བའི་དོན་གྱི་བཀའ་སྩལ་ཏོ། །ཁམས་གསུམ་སྲིད་གསུམ་དག་པའི་ཞིང་དུ་བལྟ། །རང་ལས་བྱུང་བའི་ཉག་གཅིག་དགོངས་པའི་གདེང་། །སྐྱོན་གྱིས་མ་གོས་འདམ་གྱི་པདྨ་འདྲ། །ཕྱི་ནང་སྣོད་བཅུད་ཐམས་ཅད་ཀུན་ལ་དབང་། །ཡོན་ཏན་


DNG018_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་རང་ལ་རྫོགས་པས་ཆེ། །གང་ལ་སྤྱད་ཀྱང་དབང་ཕྱུག་རོལ་པའི་རྒྱན། །ཇི་ལྟར་མཐོང་བའི་དྲི་མེད་པདྨའི་སྐུ། །གཉིས་སུ་མེད་པས་བརྡལ་བ་ཅིག་གི་ངང་། །རྣམ་པ་ཅིར་ཡང་སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུ། །གདུལ་བྱ་རྣམས་ལ་ཅིར་ཡང་སྤྲུལ་པའི་སྐུ། །གཅིག་ལས་མ་གཡོས་ངོ་བོ་ཐ་དད་མེད། །ཅི་ལྟར་སྣང་བ་པདྨ་དབང་ཆེན་ཀློང་། །པདྨའི་ཀློང་ན་དབང་ཕྱུག་རོལ་པ་ཆེ། །འདི་ཡི་གོང་ན་དབང་ཆེན་གཞན་མེད་པས། །བདེ་གཤེགས་ཐམས་ཅད་དབང་ཆེན་ང་ཡི་རྒྱན། །ང་ཡི་རང་བཞིན་འདི་འདྲ་བསྟན་མེད་པས། །དབང་ཕྱུག་རོལ་པའི་ཆོ་འཕྲུལ་ཅིར་ཡང་སྣང་། །སྣང་སྲིད་ཐམས་ཅད་ང་ལས་རོལ་པའི་རྒྱན། །པདྨ་དབང་ཆེན་མཐོང་བ་གཞན་མེད་དེ། །ཆེ་བའི་ཡེ་ཤེས་བལྟ་ན་དབང་ཆེན་ང་ལ་ལྟོས། །དབང་ཆེན་ང་མཐོང་ཐམས་ཅད་ང་དབང་བྱེད། །ང་ལས་མ་གཡོས་ང་ཉིད་ཅིར་ཡང་སྣང་། །སྣང་ཞིང་སྲིད་པ་དབང་ཆེན་ང་རུ་འདུས། །དྲེགས་པ་ཚར་གཅོད་པའི་རྒྱུད་ལས། རང་བཞིན་ལྟ་བའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་པདྨ་དབང་ཆེན་གྱིས། ཐུན་མོང་བལྟ་བའི་དོན་འདི་བཀའ་སྩལ་ཏོ། །དྲི་མེད་པདྨ་འདམ་གྱི་མེ་ཏོག་ལྟར། །མ་བྱས་རང་བྱུང་ཐམས་ཅད་ང་ཡི་དབང་། །ཡོན་ཏན་ཐམས་ཅད་རང་ལ་རྫོགས་པས་ཆེ། །གཅིག་ལས་མ་གཡོས་ཐམས་ཅད་ཅིར་ཡང་སྣང་། །དམྱལ་བ་མེ་ཆུ་ཚ་གྲང་སྡུག་བསྔལ་སྣང་། །ང་ལས་མ་གཡོས་དམྱལ་བ་ང་ཡི་དབང་། །ཡི་དྭགས་རྣག་ཁྲག་རོ་མྱགས་འདམ་སྣང་བ། །ང་ལས་མ་གཡོས་ཡི་དྭགས་ང་ཡི་དབང་། །བྱོལ་སོང་རྟེན་གནས་བཟའ་བཏུང་བཀོལ་སྤྱོད་སྣང་། །ལས་ཀྱི་སྐལ་བས་བྱོལ་སོང་དེར་གནས་པ། །ང་ལས་མ་གཡོས་བྱོལ་སོང་ང་ཡི་དབང་། །མི་ལས་བདག་གཞན་སྣོད་བཅུད་དངོས་པོར་སྣང་། །རྐྱེན་གྱིས་འཁྲུལ་པའི་རྣམ་པ་དེར་སྣང་བས། །ང་ལས་མ་གཡོས་མི་རྣམས་ང་ཡི་དབང་། །ལྷ་མིན་འཐབ་རྩོད་གོ་མཚོན་གཡུལ་འགྱེད་སྣང་། །རྐྱེན་གྱི་ལོག་ཚུལ་ལྷ་མིན་དེར་སྣང་བ། །ང་ལས་མ་གཡོས་ལྷ་མིན་ང་ཡི་དབང་། །ལྷ་རྣམས་རོལ་མོ་ལོངས་སྤྱོད་


DNG018_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་ཀློང་། །ལས་ཀྱི་སྐལ་བས་ལྷ་རྣམས་དེར་སྣང་བ། །ང་ལས་མ་གཡོས་ལྷ་རྣམས་ང་ཡི་དབང་། །ལས་ཀྱིས་སྐལ་བས་འགྲོ་དྲུག་དེར་སྣང་བ། །པདྨ་དབང་ཆེན་ཡོན་ཏན་ཕྱོགས་གཅིག་ལ། །རང་སེམས་ཕྱོགས་འཐེན་ནན་ཏན་དེ་ལྟར་སྣང་། །ང་ལས་མ་གཡོས་འགྲོ་དྲུག་ང་ཡི་དབང་། །ཆེ་བའི་ཡོན་ཏན་ལོངས་སྤྱོད་རོལ་པའི་རྒྱན། །མུ་སྟེགས་ཆད་ལྟའི་ཕྱིར་ན་གློ་བུར་སྣང་། །སྤང་ལ་ཤ་མོ་རྡོལ་བ་ལྟ་བུའོ། །ཚེ་ལ་སྔ་ཕྱི་གཉིས་སུ་མེད་པར་བལྟ། །རྐྱེན་གྱི་ལོག་ཚུལ་མུ་སྟེགས་དེར་སྣང་བ། །ང་ལས་མ་གཡོས་མུ་སྟེགས་ང་ཡི་དབང་། །མུ་སྟེགས་རྟག་ལྟ་བདག་ཅེས་རྟོག །སྙིང་དཀྱིལ་རྟག་པ་ཡུངས་འབྲུ་ཙམ། །དཀར་ལ་དག་པའི་བདག་ཉིད་དེ། །མ་བྱས་ངོ་བོ་ཉིད་ཀྱིས་བྱུང་། །དངོས་པོ་འདི་ལྟར་སྣང་བ་ཡང་། །མ་བྱས་རང་བྱུང་རྟག་པར་བལྟ། །རྐྱེན་གྱིས་ལོག་ཚུལ་རྟག་ལྟ་བ། །ང་ལས་མ་གཡོས་ང་ཡི་དབང་། །ཆེ་བའི་ཡོན་ཏན་ལོངས་སྤྱོད་རྫོགས་པའི་རྒྱན། །ཆོས་ཅན་ལྟ་བའི་ཉན་ཐོས་པ། །མདོ་སྡེ་པ་དང་བྱེ་བྲག་གཉིས། །ཕྱི་རོལ་ཡུལ་སྤྱོད་བྱེད་པ་དང་། །ཤེས་པ་སྐད་ཅིག་མཐུན་པར་སྣང་། །ཐེག་པས་བསྐལ་ནས་དེར་སྣང་བ། །ང་ལས་མ་གཡོས་ང་ཡི་དབང་། །རང་རྒྱལ་ཕྱི་ནང་རྟེན་འདྲེལ་ནི། །བཅུ་གཉིས་དག་ལས་གྲུབ་པར་ལྟ། །ཤེས་པ་སྐད་ཅིག་རྗེས་སུ་མཐུན། །ཐེག་པས་བསྐལ་ནས་དེར་གནས་པ། །ང་ལས་མ་གཡོས་ང་ཡི་དབང་། །མཚན་ཉིད་ཐེག་པ་རྣམ་པ་གསུམ། །རྣམ་རིག་པ་དང་རྣལ་འབྱོར་པ། །དེ་བཞིན་མདོ་སྡེ་དབུ་མ་པའོ། །རྣམ་རིག་ཕྱི་རོལ་མཐོ་ཡོར་མི། །བསམ་ངོར་བདག་ལྟ་མེད་བཞིན་དུ། །རང་རིག་ཤེས་པ་འཁྲུལ་སྣང་འདོད། །དོན་དམ་ཡེ་ཤེས་སྐད་ཅིག་འདོད། །ཐེག་པས་བསྐལ་ནས་དེར་གནས་པ། །ང་ལས་མ་གཡོས་ང་ཡི་དབང་། །ང་ཡི་རོལ་པ་དེར་ཡང་གནས། །རྣལ་འབྱོར་དབུ་མ་ཀུན་རྫོབ་མཐུན། །ཐེག་པས་བསྐལ་ནས་དེར་འདོད་པ། །དྲི་མེད་པདྨ་ང་ཡི་དབང་། །ང་ཡི་རོལ་པ་དེར་ཡང་གནས། །མདོ་སྡེ་ཀུན་རྫོབ་སྒྱུ་མ་ཙམ། །ཡུལ་རྣམས་ལོགས་ནས་སྣང་བར་


DNG018_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ། །དོན་དམ་སྤྲོས་དང་བྲལ་བར་ལྟ། །ཐེག་པས་བསྐལ་ནས་དེར་གནས་པ། །དྲི་མེད་པདྨ་ང་ཡི་དབང་། །ཆེ་བའི་ཡོན་ཏན་དེ་ལྟར་གནས། །ཀྲི་ཡ་དོན་དམ་ཆོས་ཉིད་ལྟ། །ཀུན་རྫོབ་རང་རིག་ཡོན་ཏན་བལྟ། །རིགས་གསུམ་དག་པའི་དཀྱིལ་འཁོར་དུ། །ཐེག་པས་བསྐལ་ནས་དེར་གནས་པ། །དྲི་མེད་པདྨ་ང་ཡི་དབང་། །ཆེ་བའི་ཡོན་ཏན་དེར་ཡང་རྫོགས། །གཉིས་ཀའི་རྒྱུད་འཛིན་ཐེག་པ་ནི། །ལྟ་བ་ཡོ་ག་ལྟར་སྤྱོད་དེ། །སྤྱོད་པ་ཀྲི་ཡའི་གཙང་སྦྲ་བྱེད། །དེར་འདོད་ལྟ་བའི་གནས་ཡིན་ཏེ། །དྲི་མེད་པདྨ་ང་ཡི་དབང་། །ཆེ་བའི་ཡོན་ཏན་དེར་ཡང་རྫོགས། །ཡོ་ག་དོན་དམ་རྣམ་དག་པའི། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ། །རྟོགས་པའི་བྱིན་རླབས་ལྟར་སྣང་བ། །ཡེ་ཤེས་ལྔ་ལས་རིགས་ལྔ་སྟེ། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ། །ཐེག་པས་བསྐལ་ནས་དེར་གནས་པ། །དེར་འཛིན་དེ་ཡི་གནད་ཡིན་ཏེ། །དེར་ཡང་དྲི་མེད་པདྨའི་དབང་། །ཆེ་བའི་ཡེ་ཤེས་དེར་ཡང་ཤར། །མ་ཧཱ་ཡོ་ག་དོན་དམ་དུ། །རང་རིག་གཉིས་མེད་དེ་བཞིན་ཉིད། །རྟོགས་པའི་ཆོ་འཕྲུལ་བསྒྲུབ་རྩོལ་བའི། །ལྷར་སྣང་བ་ལ་འཁོར་བ་མེད། །ཐེག་པས་བསྐལ་ནས་དེར་གནས་པ། །དེ་ཡང་དྲི་མེད་པདྨའི་དབང་། །ཆེ་བའི་ཡོན་ཏན་ཕྱོགས་གཅིག་སྟེ། །དེར་འཛིན་རྟོགས་པ་དེ་ཡི་གནད། །དྲི་མ་མེད་པར་གདོད་ནས་དག །ཕྱོགས་རིས་མེད་པ་དེ་ཡི་སྒོ། །ཨ་ནུ་ཡོ་ག་དོན་དམ་དུ། །བདེ་བ་སྟོང་པ་རིག་པའི་རྩལ། །ཀུན་རྫོབ་ལྷ་ཡི་དཀྱིལ་འཁོར་སྣང་། །ཐེག་པས་བསྐལ་ནས་དེར་གནས་པ། །དེར་རྟོགས་དེར་འཛིན་གནད་ཡིན་ཏེ། །དྲི་མེད་ པདྨ་ང་ཡི་དབང་། ། ཨ་ཏི་མ་བྱུང་ཆེ་བའི་ཡོན་ཏན་ཐེག་པ་དགུ། །དབང་ཆེན་རྨད་བྱུང་སྤྱོད་པ་ཏེ། །ཐུན་མོང་ཐབས་ཀྱི་ཁྱད་པར་ཡིན། །གདུལ་བྱ་རྣམས་ལ་སྣང་བས་ཏེ། །རང་ལས་བྱུང་བས་དབང་ཕྱུག་ཆེ། །ཞེས་བཀའ་སྩལ་ཏོ། །དྲེགས་པ་ཚར་གཅོད་པའི་རྒྱུད་ལས། ཐུན་མོང་ལྟ་བའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་པདྨ་དབང་ཆེན་གྱིས། བསྒྲུབ་པ་ཟབ་མོའི་དོན་


DNG018_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

འདི་བཀའ་སྩལ་ཏོ། །མཆོག་དང་ཐུན་མོང་དངོས་གྲུབ་ནི། །ཐུན་མོང་ཁྱད་པར་ཐབས་ཀྱིས་འགྲུབ། །ཐབས་ཀྱི་ཁྱད་པར་འདི་ཆེ་བས། །ཐབས་ནི་ཁྱད་པར་མཆོག་ཏུ་བསྔགས། །དྲེགས་པ་འདུལ་བའི་ས་ཕྱོགས་ནི། །རི་བྲག་ཟླ་གམ་གྲུ་གསུམ་གནས། །གནམ་ས་པདྨ་འཁོར་ལོའི་རྩིབས། །འབར་བ་མེ་རིས་མཚན་པ་རུ། །བདག་གཞན་དབང་རྫོགས་དམ་ཚིག་ལྡན། །གསང་ཐུབ་ཡིད་བརྟན་གཡེང་བ་ཆུང་། །ཚིག་ཕྱིར་མི་འབྲང་དོན་རྟོན་པས། །དམ་བཅས་དངོས་གྲུབ་མ་ཐོབ་པར། །ཁྱད་པར་ཐུན་མོང་རྫས་ཁྱེར་ལ། །གྲུབ་པའི་ཉི་མ་ཤིས་ལ་འཇུག །བདེ་གཤེགས་ཕོ་བྲང་དཀྱིལ་འཁོར་ཡང་། །མཁས་པས་དཀྱིལ་འཁོར་འདིར་ཤེས་བྱ། །དཀྱིལ་འཁོར་ངོ་བོ་དབང་ཆེན་ཐུགས། །ངེས་ཚིག་ཐུགས་ནི་ཡང་དག་པའི། །ཡེ་ཤེས་རྡོ་རྗེའི་སྙིང་པོ་ལ། །རིག་པའི་ཆོ་འཕྲུལ་བསྐོར་བས་ན། །ཐུགས་ཀྱི་དཀྱིལ་འཁོར་མཆོག་ཏུ་བཤད། །དཀྱིལ་ནི་ཆོས་ཀྱི་དབྱིངས་ཉིད་ལ། །འཁོར་ནི་རིག་པའི་ཡེ་ཤེས་བསྐོར། །དབང་ཆེན་ཐུགས་ཀྱི་དཀྱིལ་འཁོར་ལ། །དེ་ལ་དབྱེ་བ་རྣམ་པ་གསུམ། །རང་བཞིན་ཏིང་འཛིན་རྣམ་པ་གཉིས། །རྡུལ་ཚོན་དག་གི་དཀྱིལ་འཁོར་རོ། །རང་བཞིན་དཀྱིལ་འཁོར་རྣམ་པ་གཉིས། །དོན་དམ་རང་བཞིན་དཀྱིལ་འཁོར་དང་། །ཀུན་རྫོབ་རང་བཞིན་དཀྱིལ་འཁོར་རོ། །ཀུན་རྫོབ་རང་བཞིན་དཀྱིལ་འཁོར་ནི། །རྣམ་པ་གཉིས་སུ་ཤེས་བྱ་སྟེ། །མཁའ་དང་གནས་ཀྱི་འོག་མིན་ནོ། །མཁའ་ཡི་འོག་མིན་ཡུམ་གྱི་མཁའ། །ཐམས་ཅད་འབྱུང་ཞིང་སྐྱེད་པར་བྱེད། །གནས་ཀྱི་འོག་མིན་དབང་ཆེན་ནི། །ལོངས་སྤྱོད་རྫོགས་པའི་ཞིང་ཁམས་སུ། །ཏིང་འཛིན་དཀྱིལ་འཁོར་རྣམ་པ་གསུམ། །བསྒོམ་དང་བསྐྱེད་པ་ལྷག་པའོ། །བསྒོམ་པའི་ཏིང་འཛིན་དཀྱིལ་འཁོར་ནི། །དབང་ཆེན་ཡབ་ཡུམ་སྐུར་བསྒོམ་པའོ། །ལྷག་པ་ལྷ་ཡི་དཀྱིལ་འཁོར་ནི། །བསྒོམ་དང་བསྐྱེད་པའི་དཀྱིལ་འཁོར་དེ། །ཆོས་ཀྱི་དབྱིངས་ན་གསལ་བ་དང་། །ཡུམ་གྱི་མཁའ་ལ་གསལ་བ་སྟེ། །ཀྲི་ཡོག་རྣམ་པ་གསུམ་པས་ལྷག །དེས་ན་ལྷག་


DNG018_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དཀྱིལ་འཁོར་ཏེ། །རྡུལ་ཚོན་དཀྱིལ་འཁོར་རྣམ་པ་དྲུག །དབང་ཆེན་གཙོ་འཁོར་བཅས་པ་སྟེ། །གསེར་དངུལ་ལུགས་སུ་བླུགས་པ་དང་། །ཟངས་ལྕགས་མགར་དུ་བརྡུང་བ་དང་། །རྭ་འམ་བ་སོའི་འབུར་བརྐོས་དང་། །རས་བལ་ཐགས་སུ་བཏགས་པ་དང་། །ས་ལ་རྡུལ་ཚོན་བྲིས་པ་དང་། །གྱང་ལོགས་འབུར་དུ་བཏོད་པ་རྣམས། །དཀྱིལ་འཁོར་རིམ་པ་དེར་གནས་ནས། །མཁས་པས་ཁྱད་པར་དངོས་གྲུབ་རྟེན། །དམིགས་པའི་ཡུལ་དུ་བཞག་ནས་ཀྱང་། །རང་དང་གཉིས་སུ་མེད་པར་བྱ། །སྐུ་ཡི་དཀྱིལ་འཁོར་དབུ་ལྔ་སྟེ། །བཅུ་དྲུག་ཕྱག་དང་ལྡན་པ་དང་། །གདུལ་བྱའི་དཀྱིལ་འཁོར་ལྡན་པ་ལ། །ཡབ་ཡུམ་འཁོར་དང་བཅས་པ་ཡི། །བདག་ཉིད་དེར་གནས་ཉམས་སུ་བླངས། །བདག་ཉིད་དེ་ཡི་སྐུར་གསལ་ནས། །སྐུ་ཡི་དཀྱིལ་འཁོར་དངོས་གྲུབ་དེ། །ལོངས་སྤྱོད་རྫོགས་པའི་སྐུ་དང་མཉམ། །གསུང་གི་དཀྱིལ་འཁོར་སྙིང་པོ་སྟེ། །འདི་དག་རྒྱུན་ཏུ་བཟླས་པར་བྱའོ། །ཨོཾ་ཤྲཱི་པདྨཱནྟ་ཀྲྀཏ་ཧཱུཾ། བཛྲ་མ་ཧཱ་ཀྲོ་དྷ་ཕཊ། བཾ་ཧཱུཾ་ཨེ་ཨཱ་ར་ལི་ཧྲཱྀ་ཛཾ། མ་ཧཱ་སྲོག་ཤན་ཐུན་བྷྱོ། དྲི་མེད་རྩ་བརྒྱད་གསང་སྔགས་འབྲུ། །གྲངས་རྫོགས་བསྙེན་པ་ཚད་བསྐྱལ་བྱ། །ལོངས་སྤྱོད་རྫོགས་པའི་གསུང་དང་མཉམ། །འདི་དོན་རྣལ་འབྱོར་མ་ཐོབ་པར། །གསང་སྔགས་འཕྲོ་འདུས་གདུལ་བྱ་སྦྱང་། །མགལ་མེ་ཀླད་ལ་བསྐོར་བ་ཡིས། །ཡེ་ཤེས་དམ་ཚིག་སེམས་དཔའ་སྦྱང་། །གསེར་གྱི་བ་ཐག་གཟིངས་པ་ཡིས། །དཔྱང་ཐག་ཆད་པ་ཐུགས་རྗེས་ དྲངས། །མགར་གྱི་ཚ་ཚ་བརྡབ་པ་ཡིས། །ཁམས་དང་སྲིད་པ་གསུམ་པོ་སྦྱང་། །གནམ་ལྕགས་ཐོག་ཆེན་བརྒྱབ་པ་ཡིས། །དྲེགས་པས་མྱོས་པ་དབང་དུ་སྡུད། །སྒྲ་དང་སིལ་བུ་ཤུབ་བུར་བཟླ། །ཁྱད་པར་དངོས་གྲུབ་རྫས་མཆོག་དང་། །ཐུན་མོང་མཆོད་པའི་རྫས་རྣམས་དང་། །འཁོར་གྱི་མཐུན་རྫས་རིམ་པས་དབུལ། །གཞན་ཡང་འདོད་པའི་ལོངས་སྤྱོད་ཚོགས། །རྣལ་འབྱོར་དབང་ཕྱུག་ཚོགས་ཆེན་བསག །ཅེས་བཀའ་སྩལ་ཏོ། །དྲེགས་པ་ཚར་གཅོད་པའི་རྒྱུད་ལས། སྒྲུབ་པ་ཟབ་


DNG018_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

མོའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་པདྨ་དབང་ཆེན་གྱིས། ཕྲིན་ལས་ཟབ་མོའི་དོན་འདི་བཀའ་སྩལ་ཏོ། །གྲུབ་པའི་ཉི་མ་གང་ཡིན་ལ། །ཁྱད་པར་གནས་མཆོག་དམ་པ་དེར། །རང་བཞིན་དཀྱིལ་འཁོར་དམིགས་པའི་རྟེན། །རྡུལ་ཚོན་དཀྱིལ་འཁོར་བཞེངས་ནས་ཀྱང་། །ཉམས་སུ་ཏིང་འཛིན་དཀྱིལ་འཁོར་བླང་། །བདག་ཉིད་ལུས་ངག་ཡིད་གསུམ་ཡང་། །སྐུ་གསུང་ཐུགས་སུ་སྦྱར་བར་བྱ། །རང་བཞིན་དཀྱིལ་འཁོར་སྤྱན་དྲངས་ལ། །ཏིང་འཛིན་དཀྱིལ་འཁོར་དག་ལ་བསྡིམ། །བསྡིམས་ནས་བརྟན་པར་བཞུགས་སུ་གསོལ། །དགྱེས་པས་ཕྱག་འཚལ་ཕྱི་ནང་གི། །མཆོད་པས་ཀྱང་ནི་མཉེས་པར་བྱ། །སྔགས་བཟླས་བསྟོད་བཤགས་བསྐང་བ་བྱ། །བཀྲ་ཤིས་གསོལ་དང་གཟི་བྱིན་འབེབས། །ཏན་གཎ་རྨད་བྱུང་སྤྱོད་པས་མཆོད། །བཀའ་བཞིན་སྤྱད་ནས་སྦྱོར་བ་ཡིན། །རྣལ་འབྱོར་དབང་ཕྱུག་ཆེན་པོ་སྟེ། །སྤྱོད་ལམ་རྣམ་པ་ཐམས་ཅད་དུ། །ལྷ་དབང་སྐུ་གསུང་ཐུགས་སུ་བརྟག །ཐ་མལ་དམན་པར་བརྟག་མི་བྱ། །ཡེངས་ཤིང་ཉམས་ན་འདས་པ་སྟེ། །ཁམས་གསུམ་འཁོར་བར་རང་བཞིན་ལྟུང་། །སྐུ་གསུང་ཐུགས་ཀྱི་མཛད་སྤྱོད་ཀྱང་། །དལ་གྱིས་སྤྱད་ན་ཞི་བའི་ལས། །མང་དུ་སྤྱད་ན་རྒྱས་པའི་ལས། །མྱུར་དུ་སྤྱད་ན་དབང་གི་ལས། །དཔའ་བར་སྤྱད་ན་དྲག་པོའི་ལས། །གང་གི་ཕྲིན་ལས་མཛད་སྤྱོད་ཀྱང་། །ཨོཾ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཨེ་ཨཱ་ར་ལི་ཧཱུཾ་ཧྲཱྀཿཛ།ཤཱནྟིཾ་ཀུ་རུ་སྭཱ་ཧཱ། བཅུ་གསུམ་རྩ་བའི་གསང་སྔགས་ལ། །ཤཱནྟིཾ་འབྲུ་དྲུག་བརྡའ་བསྐྱོན་ན། །དབང་ཆེན་ཞི་བའི་ཕྲིན་ལས་སོ། །བཅུ་གསུམ་རྩ་བའི་གསང་སྔགས་ལ། །པུཥྚིཾ་ཀུ་རུའི་བརྡའ་བསྐྱོན་ན། །དབང་ཆེན་རྒྱས་པའི་ཕྲིན་ལས་སོ། །བཅུ་གསུམ་རྩ་བའི་གསང་སྔགས་ལ། །བ་ཤཾ་ཀུ་རུའི་བརྡའ་བསྐྱོན་ན། །དབང་ཆེན་དབང་གི་ཕྲིན་ལས་སོ། །བཅུ་གསུམ་རྩ་བའི་གསང་སྔགས་ལ། །མཱ་ར་ཡ་ཡི་བརྡའ་བསྐྱོན་ན། །དབང་ཆེན་དྲག་པོའི་ཕྲིན་ལས་སོ། །ཐུགས་ཀྱི་ཕྲིན་ལས་མཛད་སྤྱོད་ཀྱང་། །རྩེ་གཅིག་


DNG018_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་རྗེས་དགོངས་པ་ཡིས། །དབང་ཆེན་ཞི་བའི་ཕྲིན་ལས་སོ། །ཐུགས་རྗེའི་སྤྲུལ་པའི་དགོངས་པ་ཡིས། །དབང་ཆེན་རྒྱས་པའི་ལས་སུ་འགྱུར། །ཐམས་ཅད་གཅིག་ཏུ་བསྡུས་པ་ཡིས། །ཁམས་གསུམ་དབང་སྡུད་དགོངས་པར་འགྱུར། །ཞེ་སྡང་དྲག་པོ་འཁྲུགས་པ་ཡིས། །རྗེས་ཤུལ་སྤྱོད་པའི་དགོངས་པར་འགྱུར། །དབང་གི་ཕྲིན་ལས་རྒྱ་མཚོ་ལ། །གང་ལྟར་སྤྱད་ཀྱང་ཕྲིན་ལས་བཞི། །ཞི་རྒྱས་གཉིས་ཀྱི་དགོངས་པས་གསོ། །དབང་དྲག་གཉིས་ཀྱི་དགོངས་པས་བསྒྲལ། །གང་ལྟར་སྤྱད་ཀྱང་དབང་གི་ལས། །མཉམ་པའི་ངང་དུ་རོ་མཉམ་ཞིང་། །ཐུགས་རྗེས་ཞིང་ཁམས་མི་གཏོང་ན། །དབང་གི་ཕྲིན་ལས་མཛད་སྤྱོད་ཡིན། །སྐྱེ་མེད་ངང་དུ་རོ་གཅིག་ཀྱང་། །དགག་སྒྲུབ་མེད་པར་ཀུན་སྤྱོད་ན། །དབང་གི་ཕྲིན་ལས་མཛད་སྤྱོད་ཡིན། །ཆོས་ཉིད་ངང་ལས་མ་གཡོས་ཀྱང་། །དཔའ་བརྟུལ་དྲག་པོའི་སྟོབས་འཆང་ན། །དབང་གི་ཕྲིན་ལས་མཛད་སྤྱོད་ཡིན། །ཞེས་བཀའ་སྩལ་ཏོ། །དྲེགས་པ་ཚར་གཅོད་ཀྱི་རྒྱུད་ལས། ཕྲིན་ལས་ཟབ་མོའི་ལེའུ་སྟེ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་པདྨ་དབང་ཆེན་གྱིས། བརྟུལ་ཞུགས་དྲག་པོའི་ལེའུ་འདི་བཀའ་སྩལ་ཏོ། །བདག་ཉིད་དབང་ཆེན་རྣལ་འབྱོར་པས། །གཉིས་སུ་མེད་པར་སྦྱར་བ་དང་། །སྐྱེ་ཤི་མེད་པར་བསྒྲལ་བའི་ཕྱིར། །ཏ་ན་ག་ཎ་རོལ་པའི་རྒྱན། །རྣལ་འབྱོར་དབང་ཕྱུག་ཆེན་པོས་སྤྱད། །དོན་གྱི་སྦྱོར་བ་ཆེན་པོ་དང་། །རྟགས་ཀྱི་སྦྱོར་བ་ཆེན་པོ་སྟེ། །དོན་གྱི་སྦྱོར་བ་ཆེན་པོ་ནི། །མཛད་སྤྱོད་གང་ཡང་མ་སྤངས་པར། །ཆོས་ཉིད་ངང་དུ་མཉམ་སྦྱོར་ན། །དོན་གྱི་སྦྱོར་བ་ཆེན་པོའོ། །རྟགས་ཀྱི་སྦྱོར་བ་རྣམ་པ་གཉིས། །དགའ་བས་དོན་ལ་སྦྱོར་བ་དང་། །དགོས་པས་དོན་ལ་སྦྱོར་བའོ། །དགའ་བས་དོན་ལ་སྦྱོར་བ་ནི། །ལྷ་མོ་ཀླུ་མོ་གནོད་སྦྱིན་མོ། །འགྲོ་བ་བཟང་མོ་རྣམས་ལ་སྦྱར། །དང་པོ་ལོ་བརྒྱད་བཅུ་གཉིས་ནས། །ལྔ་བཅུ་ཡན་ལག་མཚན་ཉིད་བརྟག །རིགས་ཀྱི་ཁྱད་


DNG018_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

པར་སོ་སོར་དབྱེ། །གཟི་ལྡན་ཡུམ་དུ་རྣམ་པར་བརྟག །གཉིས་སུ་མེད་ཕྱིར་དགའ་བ་སྤྱད། །ཆགས་པ་བསྐྱེད་ཅིང་བརྡའ་སྦྱར་ཏེ། །རྡོ་རྗེ་པདྨ་མཉམ་སྦྱོར་ནས། །རྩ་གཉིས་རང་བྱུང་གྱུར་པ་དང་། །ཐིག་ལེ་དཀྱིལ་འཁོར་བཞིར་ཕབ་ལ། །དང་པོ་གསང་བའི་གནས་སུ་བསྐྱིལ། །རྡོ་རྗེའི་སྦུ་གུར་མ་ཉམས་སེམས། །ཁད་ཀྱིས་རྣམ་པར་སྦྱང་བར་བྱ། །རྩ་ཉིད་བྲལ་ནས་ཉམས་པ་སྟེ། །ཐིག་ལེ་མ་ཤོར་ལུས་ཁྱབ་གནས། །བྱང་ཆུབ་སེམས་ཀྱིས་གང་བར་གྱུར། །སྐྱེ་རྒ་ན་འཆིའི་སྡུག་བསྔལ་བྲལ། །བྱང་ཆུབ་སེམས་ཀྱི་འཕྲོ་འདུ་ཡི། །བདེ་གཤེགས་དཀྱིལ་འཁོར་རྒྱུན་མི་འཆད། །བྱང་ཆུབ་སེམས་སུ་གཉིས་མེད་བདེ། །བདེ་དང་སྡུག་བསྔལ་ངོ་བོ་ཉིད། །བདེ་ཆེན་གསང་བའི་མཆོད་པ་སྟེ། །གཉིས་སུ་མེད་པར་སྐྱེས་པའི་མཆོག །དགོས་པའི་དོན་ལ་སྦྱོར་བ་ནི། །འདོད་སྤྱོད་ཡོན་ཏན་རྣམ་པ་ལྔ། །མིག་གི་འདོད་པས་གཟུགས་ལ་སྦྱོར། །གཉིས་སུ་མེད་པས་སྦྱོར་བའི་མཆོག །རྣ་བའི་འདོད་པས་སྒྲ་ལ་སྦྱོར། །གཉིས་སུ་མེད་པས་སྦྱོར་བའི་མཆོག །སྣ་ཡི་འདོད་པས་དྲི་ལ་སྦྱོར། །གཉིས་སུ་མེད་པས་སྦྱོར་བའི་མཆོག །ལྕེ་ཡི་འདོད་པས་རོ་ལ་སྦྱོར། །གཉིས་སུ་མེད་པས་སྦྱོར་བའི་མཆོག །ལུས་ཀྱི་འདོད་པས་ཆགས་པར་སྦྱོར། །གཉིས་སུ་མེད་པས་སྦྱོར་བའི་མཆོག །འདོད་ལ་སྤྱོད་པ་རྣམ་པ་ལྔ། །བྱང་ཆུབ་སེམས་ཀྱི་ངོ་བོར་གནས། །དྲི་མེད་པདྨའི་སྙིང་པོར་གནས། །གཉིས་མེད་དོན་ལ་སྦྱོར་བའོ། །སྐྱེ་ཤི་མེད་པར་བསྒྲལ་བའི་ཕྱིར། །ག་ཎ་རོལ་པ་བསྒྲལ་བའི་ལུང་། །དོན་གྱི་སྒྲོལ་བ་ཆེན་པོ་དང་། །རྟགས་ཀྱི་སྒྲོལ་བ་ཆེན་པོ་གཉིས། །དོན་གྱི་སྒྲོལ་བ་ཆེན་པོ་ནི། །ཁམས་གསུམ་སྲིད་གསུམ་འཁོར་བ་ཡང་། །ཆོས་ཉིད་མཉམ་པའི་ངང་དུ་བསྒྲལ། །སྣང་ཞིང་སྲིད་པའི་ཆོས་རྣམས་ཀུན། །རྣམ་དག་བྱང་ཆུབ་སེམས་སུ་བསྒྲལ། །སེམས་ཉིད་མ་སྐྱེས་དག་པར་བསྒྲལ། །དོན་གྱི་སྒྲོལ་བ་ཆེན་པོའོ། །རྟགས་ཀྱི་སྒྲོལ་བ་ཆེན་པོ་ནི། །བདག་ཏུ་འཛིན་པས་གཟུང་བ་དང་། །ཕྱིན་ཅི་ལོག་ལ་འཆེལ་བ་རྣམས། །ངོ་འཐོན་ཁྱད་པར་ཐབས་


DNG018_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་སྒྲོལ། །དེ་ཡི་ལུས་ངག་ཡིད་གསུམ་ཡང་། །དབང་ཆེན་སྐུ་གསུང་ཐུགས་སུ་བསྒྲལ། །དེ་ཡི་ཕུང་པོ་སྐྱེ་མཆེད་ལ། །རྟ་མཆོག་རོལ་པའི་བྲོས་སྦྱངས་ལ། །ལྔ་ཕུང་རྩད་ནས་གཅད་པར་བྱ། །ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས། །གཉིས་སུ་མེད་པར་མཉམ་སྦྱར་ནས། །སེམས་ཉིད་དག་པར་སྣང་བས་ན། །ཁམས་གསུམ་ཡོངས་བསྒྲལ་བདེ་བའི་ཞིང་། །ཞེས་གསུངས་སོ། །དྲེགས་པ་ཚར་གཅོད་པའི་རྒྱུད་ལས། ཏ་ན་དང་ག་ཎའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་པདྨ་དབང་ཆེན་གྱིས། རྟ་སྐད་ཐེངས་གསུམ་གྱི་ལེའུ་འདི་བཀའ་སྩལ་ཏོ། །བདེ་ཆེན་དོན་དང་ལྡན་པ་ཡི། །རྣལ་འབྱོར་དབང་ཕྱུག་ཆེན་པོ་ཡིས། །དབང་ཆེན་སྐུ་དང་གཉིས་མེད་རྟགས། །དངོས་སུ་རྟོགས་པར་སྣང་མཛད་དེ། །སྤྱོད་པ་ཤོང་བའི་གནས་དག་ཏུ། །རྟ་སྐད་ཐེངས་གཅིག་ཐོས་པ་ཡིས། །ལས་ཀྱིས་བསྐལ་པའི་དྲེགས་པ་ཅན། །འབྲི་རྒོད་དྲེགས་པ་བཞིན་དུ་ནི། །རང་དབང་མེད་པར་ཡིད་ཀྱིས་སྔངས། །རྟ་སྐད་ཐེངས་གཉིས་ཐོས་པ་ཡིས། །ལས་ཀྱིས་བསྐལ་པའི་མི་མ་ཡིན། །ཤ་རུལ་དོང་དུ་བཅུག་པ་ལ། །ཤ་སྦྲང་མཁའ་ལ་འདུ་བ་བཞིན། །རང་དབང་མེད་པར་དབང་དུ་འདུས། །རྟ་སྐད་ཐེངས་གསུམ་ཐོས་པ་ཡིས། །ལས་ཀྱིས་བསྐལ་པའི་མི་མ་ཡིན། །བཀའ་ཁྲིམས་དམ་པའི་བཀའ་འོག་བཞིན། །རང་དབང་མེད་པར་འདུར་གྱིས་བཏང་། །དེ་ནི་སྤྱོད་པའི་བརྟུལ་ཞུགས་ཏེ། །དགོངས་པའི་གདེང་ཅན་དེ་གསུམ་གྱིས། །དྲེགས་པ་ཕོ་མོ་ལས་གཟུད་པ། །ལྷའི་གདེང་གསུམ་རྟ་སྐད་ལམ། །རྟ་སྐད་ཐེངས་གསུམ་དགོངས་པའི་ལམ། །བསྐྱེད་རྫོགས་རྣམ་གསུམ་ས་ལམ་སྦྱོར། །རྟ་སྐད་ཐེངས་གཅིག་བསྐྱེད་པའི་ལམ། །ཐབས་དང་ཤེས་རབ་གདན་སར་སྦྱོར། །གཉིས་ཀྱིས་ཅིག་ཆར་རྫོགས་པའི་ལམ། །དབྱིངས་དང་ཡེ་ཤེས་གདན་སར་སྦྱོར། །གསུམ་གྱིས་ཡེ་ཉིད་ཡིན་པའི་ལམ། །མཉམ་པ་ཉིད་ཀྱི་གདན་སར་སྦྱོར། །མ་ཧཱ་བསྐྱེད་པའི་རིམ་པ་ཡང་། །སྐུ་གསུང་ཐུགས་ཀྱི་


DNG018_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲུལ་གསུམ་ལས། །རིམ་པས་བསྐྱེད་ནས་རྫོགས་པར་འདོད། །ལྷ་ཡི་དཀྱིལ་འཁོར་ཐབས་ཀྱི་མཆོག །མ་སྐྱེས་སྤྲོས་བྲལ་ཤེས་རབ་ལས། །གཉིས་སུ་མེད་པར་རང་སར་སྦྱོར། །ཨ་ནུ་རྫོགས་པའི་རིམ་པ་ཡང་། །ལྷ་ཡི་དཀྱིལ་འཁོར་སྐད་ཅིག་གིས། །ཆུ་ལས་ཆུ་བུར་རྡོལ་བའི་ཚུལ། །གཙོ་འཁོར་དྲན་རིག་རྫོགས་པའི་འདོད། །མ་སྐྱེས་སྤྲོས་བྲལ་ཆོས་ཀྱི་དབྱིངས། །རིག་པའི་ཡེ་ཤེས་གཉིས་མེད་པས། །མཉམ་པ་ཉིད་ཀྱི་རང་སར་སྦྱོར། །ཨ་ཏི་ཡེ་ནས་ཡིན་པ་ལ། །དྲི་མེད་སྙིང་པོ་བྱང་ཆུབ་སེམས། །གདོད་ནས་མ་སྐྱེས་རང་བྱུང་བས། །རང་གི་ངོ་བོ་བརྗོད་དུ་མེད། །བརྗོད་མེད་ཇི་ལྟར་བཏགས་པར་སྣང་། །ཅིར་བཏགས་དེར་སྣང་དྲི་མེད་པས། །སྙིང་པོ་བྱང་ཆུབ་ཡེ་ནས་ཡིན། །གཅིག་དང་དུ་མར་རོ་གཅིག་པས། །དེ་ནས་གཉིས་མེད་གདན་སར་སྦྱོར། །རྣལ་འབྱོར་དབང་ཕྱུག་ཆེན་པོ་ཡང་། །རྟ་སྐད་ཐེངས་གསུམ་ཐོས་པ་ཡིས། །བལྟ་བས་ས་གསུམ་མཉམ་སྦྱར་ནས། །སྤྱོད་པས་དྲེགས་པ་ཚར་གཅོད་ན། །རྟ་སྐད་ཐེངས་གསུམ་ཐབས་ཀྱི་མཆོག །ཅེས་བཀའ་སྩལ་ཏོ། །དྲེགས་པ་ཚར་གཅོད་པའི་རྒྱུད་ལས། རྟ་སྐད་ཐེངས་གསུམ་གྱི་ལེའུ་སྟེ་དགུ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་དཔལ་པདྨ་དབང་ཆེན་གྱིས། བརྟུལ་ཞུགས་ཆེན་པོ་བཞིའི་ལེའུ་འདི་བཀའ་སྩལ་ཏོ། །བདག་ཉིད་པདྨ་དབང་ཆེན་གྱིས། །སྐུ་གསུང་ཐུགས་ཀྱི་རྣལ་འབྱོར་པས། །རྟ་ཡི་བརྟུལ་ཞུགས་ཆེན་པོ་ཡིས། །ཁམས་གསུམ་འཁོར་བ་སྐྱམ་ལིངས་འདེབས། །རྟ་སྐད་ཐེངས་གསུམ་བསྒོམ་པས་ནི། །ཁམས་གསུམ་ཡོངས་བསྒྲལ་ས་གསུམ་བསྒྲལ། །བདེ་གཤེགས་མི་འགྱུར་གདན་གསུམ་སྟེ། །བསྐྱེད་རྫོགས་རྣམ་གསུམ་ཀློང་གསུམ་རྡོལ། །ཤུགས་ཆེན་རྟ་ཡི་ར་མདའ་ཡིས། །འཁོར་བའི་སྐྱམ་ལིངས་དབྱིངས་སུ་གདབ། །རྟ་སྐད་ཐེངས་གཅིག་རིག་པའི་ལམ། །ཀུན་བཟང་མཁའ་དབྱིངས་ཀློང་རྡོལ་ནས། །མཉམ་པ་ཉིད་ཀྱི་རང་སར་སྦྱར། །གཉིས་ནི་ཐབས་དང་ཤེས་རབ་སྟེ། །གསུམ་ནི་སྐུ་གསུང་ཐུགས་སུ་སྦྱར། །རྟ་སྐད་


DNG018_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ནི་ཕྲིན་ལས་བཞི། །ལྔ་ནི་ཡེ་ཤེས་རྣམ་པ་ལྔ། །དྲུག་ནི་འགྲོ་དྲུག་གནས་སུ་སྦྱོང་། །བདུན་ནི་ཕྲིན་ལས་དྲག་ཤུལ་བདུན། །བརྒྱད་ནི་སྡེ་བརྒྱད་དབང་དུ་སྡུད། །དགུ་ནི་ཐེག་པའི་ས་དགུ་བརྟོལ། །བཅུས་ནི་ས་བཅུ་ཟིལ་གྱིས་གནོན། །དབང་ཕྱུག་རོལ་པའི་ཕྲིན་ལས་དེ། །བྱེད་སྤྱོད་རྟ་ཡི་སྐད་ཀྱིས་སྦྱོང་། །གང་ལྟར་སྤྱད་ཀྱང་ཆོས་ཀྱི་དབྱིངས། །བྱ་ཡི་བརྟུལ་ཞུགས་ཆེན་པོ་ཡིས། །བྱ་བའི་ལས་རྣམས་བརྩོན་པར་མཛད། །ཁམས་གསུམ་འཁོར་བ་ཐུགས་རྗེའི་གཟན། །དབང་གི་ཕྲིན་ལས་ཁྱུར་མིད་མཛད། །དྲེགས་པའི་ངན་སེམས་ངན་པ་རྣམས། །ཕོ་ཉ་བྱ་ཡི་བཙན་ཐབས་ཀྱིས། །གཟན་མར་བྱས་ཏེ་རོལ་པར་བྱ། །ཆོས་ཉིད་དབྱིངས་ཀྱི་ངང་དུ་བསྐྱལ། །བྱ་ཡི་བརྟུལ་ཞུགས་འབྱོན་ཚུལ་གྱིས། །གཡས་སུ་འཇོལ་ཞིང་གཡོན་དུ་བལྟ། །ཕྱིར་ལ་ནུར་ཞིང་སྔོན་དུ་རྒྱུག །གང་ལ་དམིགས་པར་གཟན་དམར་བཟའ། །རོལ་པའི་ཚུལ་གྱིས་ཟ་བར་བྱ། །ཁྱི་ཡི་བརྟུལ་ཞུགས་ཆེན་པོ་ཡིས། །ཐུགས་རྗེས་མེལ་ཚེས་འཁོར་བ་བསྲུང་། །རིག་པ་སེམས་ཀྱི་དབང་པོ་ཡིས། །ཕྱི་ནང་ཡུལ་ལ་ཐོགས་པ་མེད། །ཁམས་གསུམ་འཁོར་བ་ཐུགས་རྗེའི་ཞིང་། །ཆོས་ཉིད་མཉམ་པའི་ངང་དུ་སྦྱར། །གང་ལ་དམིགས་པའི་དྲེགས་པ་ཅན། །དཔལ་གྱི་ཁྱི་བརྒྱད་བརྟུལ་ཞུགས་ཀྱིས། །ཕྱོགས་མཚམས་རྔམ་པའི་རྒྱུག་ཚུལ་བྱ། །ཉེ་རིང་མེད་པའི་བརྟུལ་ཞུགས་སྤྱད། །དབང་པོ་ཡེ་ཤེས་ཐོགས་མེད་པས། །གང་དམིགས་ཡུལ་ལ་རོལ་པར་བྱ། །ཕག་གི་བརྟུལ་ཞུགས་ཆེན་པོ་ཡིས། །ཁམས་གསུམ་འཁོར་བའི་ཁྲོན་པ་ལ། །ཐུགས་རྗེའི་རོལ་པའི་ཟས་བཙལ་ལ། །བླང་དོར་མེད་པའི་སྤྱོད་པ་དང་། །གཙང་སྨེ་མེད་པར་ཟ་བར་བྱ། །གང་ལ་དམིགས་པའི་ཁྲོན་པ་རུ། །ཕག་གི་བརྟུལ་ཞུགས་སྟོབས་འཆང་བས། །ཐོག་མེད་མྱུར་བའི་བཙན་ཐབས་ཀྱིས། །དྲེགས་པ་ཐམས་ཅད་གཟིར་བར་བྱའོ། །གང་གིས་བརྟུལ་ཞུགས་འདི་སྤྱོད་ཚེ། །ཆགས་མེད་དོན་གྱི་ངོ་ཚ་ཡང་། །མ་སྤངས་བླང་དོར་


DNG018_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་སྤྱད། །རྣམ་དག་དོན་གྱི་གཙང་སྦྲ་ཡང་། །མི་སྤང་བླང་དོར་མེད་པར་སྤྱད། །མཚན་མ་གཞོམ་ཕྱིར་དགེ་སྡིག་མཉམ། །བླང་དོར་མེད་པའི་བརྟུལ་ཞུགས་ཀྱིས། །གར་གྱི་དབང་ཕྱུག་རོལ་པ་བྱ། །ཆོས་ཀྱི་དབྱིངས་སུ་རོ་མཉམ་སྟེ། །གང་སྤྱད་མཉམ་ལ་རོ་གཅིག་ན། །རྣལ་འབྱོར་གར་གྱི་དབང་ཕྱུག་ཡིན། །ཞེས་བཀའ་སྩལ་ཏོ། །དྲེགས་པ་ཚར་གཅོད་པའི་རྒྱུད་ལས། བརྟུལ་ཞུགས་ཆེན་པོ་བཞིའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་པདྨ་དབང་ཆེན་གྱིས་སྐུ་ཆེ་བ་ལ་བསྟོད་པ་དང་། རྣལ་འབྱོར་དབང་ཕྱུག་ཆེན་པོའི་ཏིང་ངེ་འཛིན་གསལ་གདབ་པ་འདི་བཀའ་སྩལ་ཏོ། །ཆོས་སྐུ་དག་པས་མཚན་མ་ཀུན་སྤངས་ཀྱང་། །ཐུགས་རྗེའི་དབང་གིས་གདུག་པ་འདུལ་བའི་ཕྱིར། །ཤིན་ཏུ་མི་བཟད་ཁྲོ་བོའི་ཚུལ་སྟོན་པ། །ཡིད་བཞིན་སྐུ་མཆོག་རྣམ་པ་ཅིར་ཡང་སྟོན། །དུས་གསུམ་རྒྱལ་བ་ཀུན་གྱི་དཔལ་གྱི་སྐུ། །རེ་བ་ཀུན་སྐོང་དཔག་བསམ་ལྗོན་པའི་ཤིང་། །བསམ་འདས་བརྗོད་མེད་རྣམ་རྟོག་སྤྲོས་བྲལ་བས། །མཉམ་ཉིད་ནམ་མཁར་མཉམ་ལ་ཕྱག་འཚལ་བསྟོད། །མཁའ་ལྟར་དག་པས་གཉིས་མེད་ཆོས་ཀྱི་དབྱིངས། །འགྲོ་བའི་དཔལ་རྟེན་འཕགས་ལམ་འདྲེན་པའི་གཙོ། །རྨད་བྱུང་ཕྲིན་ལས་མ་ལུས་ཀུན་མཁྱེན་པ། །འཁོར་བའི་སྡུག་བསྔལ་སེལ་ལ་ཕྱག་འཚལ་བསྟོད། །ཧཱུཾ། ཁྲོ་བོའི་རྒྱལ་པོ་འཇིགས་བྱེད་ཧཱུཾ་སྒྲ་ཅན། །ཧཱུཾ་གིས་ཁམས་གསུམ་མ་ལུས་དབང་དུ་སྡུད། །ཧཱུཾ་གིས་དུས་གསུམ་མ་ལུས་ཐམས་ཅད་བསྐྱེད། །ཧཱུཾ་གིས་བླ་མེད་བྱང་ཆུབ་གནས་སུ་བགྲོད། །ཧཱུཾ་གིས་བདུད་རྣམས་མ་ལུས་ཐམས་ཅད་འཇོམས། །ཧཱུཾ་གིས་ངན་སོང་གནས་རྣམས་སྟོངས་པར་མཛད། །ཧཱུཾ་གིས་མ་རིག་མུན་ཁང་ཐམས་ཅད་འཇོམས། །ཧཱུཾ་མཛད་ཧཱུཾ་གི་སྐུ་ལ་ཕྱག་འཚལ་བསྟོད། །ཧཱུཾ། རིགས་ལྔ་ཚུལ་གཅིག་རིགས་དང་དབྱེར་མེད་ཀྱང་། །གདུལ་བྱའི་དབང་གིས་རིགས་ལྔར་སྟོན་མཛད་ཅིང་། །ཐམས་ཅད་མཁྱེན་པའི་སྐུ་དེ་ཐ་དད་མེད། །དབྱེར་མེད་ཡེ་ཤེས་སྐུ་ལ་ཕྱག་འཚལ་


DNG018_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད། །སྐུ་གསུང་ཐུགས་ཀྱི་རང་བཞིན་དཔལ་གྱི་དཔལ། །ཀུན་ལ་དབང་མཛད་དབང་མཆོག་ཧེ་རུ་ཀ །ཁྲོ་བོའི་རྒྱལ་པོ་རྟ་མགྲིན་རྟ་སྐད་ཅན། །པདྨ་ཧེ་རུ་ལ་ཕྱག་འཚལ་བསྟོད། །ཆོས་དབྱིངས་ཡོན་ཏན་འབྱུང་གནས་གཞལ་ཡས་ཁང་། །རྒྱལ་བ་འཁོར་བཅས་དབུ་རྒྱན་ཅོད་པན་ཅན། །རལ་པ་དམར་པོ་འབར་བའི་མེ་སྟག་ཅན། །ཁྲོ་བོའི་ཞལ་ནི་འབར་བས་ཕྱོགས་གཞིར་གཟིགས། །ཁྲོས་པས་སྤྱན་བགྲད་ཁྲོ་གཉེར་སྤྲུལ་པ་ལས། །གློག་སྟོང་མང་པོ་འོད་ཟེར་འགྱུ་ཞིང་འཁྲུགས། །སྲིད་གསུམ་འཁོར་བ་བཤིག་པར་དམ་བཅས་པ། །རྣོ་དབལ་ཏིང་འཛིན་མཆེ་བ་དཀར་པོ་གཙིགས། །སྐུ་མདོག་པདྨ་རཱ་གའི་མདོག་ལྟར་གསལ། །ཞིང་ལྤགས་རློན་པའི་གཡང་གཞིའི་ཤམ་ཐབས་ཅན། །སྦྲུལ་ནག་སྟོང་གིས་གདེངས་པའི་རྔམ་བརྗིད་ཅན། །ཐོད་རློན་འཕྲེང་བ་མང་པོས་རྒྱན་དུ་བྱས། །བསྐལ་པའི་མེ་དཔུང་འབར་བའི་ཀློང་ན་བཞུགས། །ལྗགས་འདྲིལ་རྐན་སྒྲས་བདུད་འདུལ་དཔའ་སྐད་སྒྲོགས། །ཚམ་རྔམས་དྲག་ཤུལ་རྣམ་པ་ཅིར་ཡང་སྟོན། །སྤྲུལ་པའི་ཁྲོ་བོ་མང་པོ་ཕྱོགས་བཅུར་འགྱེད། །ཕྱག་འཚལ་དཔལ་ཆེན་རྡོ་རྗེ་ཧེ་རུ་ཀ །མཚུངས་མེད་ཆེ་བའི་ང་རྒྱལ་ཀུན་སྟོན་ཅིང་། །ང་རྒྱལ་མཐུས་སྙེམས་བདུད་དཔུང་འདུལ་མཛད་ཅིང་། །ཧཱུཾ་དང་ཕཊ་ཀྱིས་སྲིད་གསུམ་འཁོར་བ་འཇིག །རྡོ་རྗེ་ཁྲག་འཐུང་ཁྲག་གི་རྒྱ་མཚོ་སྐེམས། །རྡོ་རྗེ་མཚོན་ཆས་གནམ་ལྕགས་ཐུ་ལུམ་འདྲིལ། །གསང་སྔགས་ལོག་པའི་འཇིག་རྟེན་རབ་ཏུ་འཇོམས། །འཇིག་རྟེན་འདི་དང་ཕ་རོལ་གཞན་ན་མེད། །སྡིག་པ་སེལ་བའི་ཉེས་འཇོམས་གཞན་ན་མེད། །དུས་གསུམ་རྒྱལ་བ་མ་ལུས་བསྐྱེད་པའི་ཕྱིར། །ཧཱུཾ་མཛད་ཁྲོ་བོ་བརྒྱད་ཀྱང་ཞབས་ཀྱིས་གནོན། །སྙིང་གར་མཁྲིག་མ་ནུབ་ཅིང་སྒལ་ཚིགས་འཇོམས། །སྡུག་བསྔལ་ཉམ་ཐག་འབོད་སྒྲོགས་སྒྲ་ཆེན་འབྱིན། །ཧཱུཾ་མཛད་ཁྲོ་བརྒྱད་སྙིང་ཡང་ཆངས་པར་བཅུག །བྱམས་དང་སྙིང་རྗེ་ལྡན་པའི་སྐུ་མངའ་ཞིང་། །རྡོ་རྗེ་ལྕགས་ཀྱུ་སྦྲུལ་གྱི་ཞགས་པ་དང་། །སྡིགས་མཛུབ་


DNG018_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་ལ་བསྐལ་པའི་མེ་ཆེན་འབར། །མ་རིག་ལྡོངས་པའི་མུན་ནག་འཐིབས་པོ་སེལ། །མི་རྟོག་པ་ལ་འགྲོ་བ་འདྲེན་པའི་རྟགས། །ཐབས་ཀྱི་ཞགས་པ་རྡོ་རྗེ་ལུ་གུ་རྒྱུད། །རྡོ་རྗེ་རིན་ཆེན་ལས་བྱུང་གཤོག་པ་ལ། །ཉི་མ་སྟོང་གིས་བརྒྱན་པའི་འོད་ཟེར་ཅན། །ཞི་རྒྱས་དབང་དང་མངོན་སྤྱོད་ཕྲིན་ལས་ཀྱིས། །ཐམས་ཅད་བླ་མེད་བྱང་ཆུབ་གནས་སུ་བཀོད། །རྡོ་རྗེ་གཞལ་ཡས་ནམ་མཁའི་ཚད་དང་མཉམ། །ཀ་བ་ཡིད་བཞིན་རིན་ཆེན་མཆོག་ལས་གྲུབ། །སྤྲིན་མེད་ཉི་མ་བདུན་བརྩེགས་གསལ་བར་བརྒྱན། །འགྱུར་མེད་འཇིགས་སྤངས་སེང་གེའི་ཁྲི་ལ་བཞུགས། །མགོན་པོ་དཔའ་བོ་སངས་རྒྱས་ཆོས་ཀྱི་སྐུ། །མི་གཡོ་བརྡལ་བ་རྡོ་རྗེ་ལྷུན་པོ་འདྲ། །གཟི་བརྗིད་ཉི་མ་བྱེ་བ་སྟོང་བས་ལྷག །ཡོན་ཏན་བསམ་ཡས་བསྐལ་པར་བརྗོད་མི་ལང་། །མཁའ་འགྲོ་འབར་བའི་ཚོགས་ཆེན་མང་པོས་བསྐོར། །མཐུ་ཆེན་མཛེས་པས་མ་མོ་བརྒྱད་དང་རོལ། །ཁྲོ་རྒྱལ་ཁྲོ་ཆེན་མེ་ཡི་ཞགས་པ་བསྣམས། །ཡེ་ཤེས་ཉི་མ་གསལ་བའི་གདན་ལ་བཞུགས། །ཞལ་གདངས་གསལ་བས་ཉི་མ་ཟླ་བའི་འོད། །བཞད་པའི་གད་རྒྱངས་འབྲུག་སྟོང་ལྡིར་བ་ཡིས། །ནམ་མཁའ་ཁྱབ་པར་བཤུག་པ་རབ་གསུངས་པས། །རབ་ཏུ་འཇིགས་པ་གསུང་གི་བྱིན་གྱིས་འདུལ། །མཁའ་ལྟར་དག་ཅིང་མཚོ་ལྟར་གཏིང་དཔག་དཀའ། །དུས་གསུམ་རྒྱལ་བ་མ་ལུས་བསྐྱེད་པའི་ཡབ། །ཕྱག་འཚལ་ཁྲག་འཐུང་རྡོ་རྗེ་སྐུ་ཁྱོད་ལའོ། །ཕྱི་ཡི་ཕྱག་བརྙན་མང་པོའི་ཚོགས་རྣམས་ཀྱིས། །དྲག་པོའི་ཕྲིན་ལས་མ་ལུས་རྫོགས་པར་མཛད། །དཔལ་ཆེན་ཕྱག་བརྙན་རྡོ་རྗེ་ལྷ་མོའི་ཚོགས། །དམ་ལས་མ་འདའ་ཕྲིན་ལས་རྫོགས་པར་མཛོད། །ནོངས་དྲན་རྗེས་སུ་འགྱོད་པས་བཟོད་པར་གསོལ། །བདག་གིས་དམ་ཉམས་བསྐང་ནས་བཟོད་པར་གསོལ། །བཅོམ་ལྡན་དཔལ་ཆེན་ཁྱོད་ཀྱི་ཐུགས་དམ་ནི། །བོ་དྷི་བདག་འདྲས་བསྐུལ་བར་མི་དམིགས་ཀྱང་། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ཞེས་བཀའ་སྩལ་ཏོ། །དྲེགས་པ་ཚར་གཅོད་པའི་རྒྱུད་ལས།


DNG018_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་ཆེ་བ་ལ་བསྟོད་པ་དང་། འཁོར་དྲེགས་པ་ཅན་ཟིལ་གྱིས་མནན་པ་དང་། རྣལ་འབྱོར་གྱི་ཏིང་ངེ་འཛིན་གསལ་བཏབ་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་པདྨ་དབང་ཆེན་གྱིས། ཡབ་ཀྱི་བཀའ་སྡོད་ཕོ་ཉ་ཁྲོ་བོའི་གཟེར་དང་། ཡུམ་གྱི་དཀའ་སྡོད་ཕོ་ཉ་ཁྲོ་མོའི་གཟེར་དང་། ཆོས་ཀྱི་དབྱིངས་ཀྱི་ཕོ་ཉའི་གཟེར་དང་། དྲག་ཤུལ་བཙན་ཐབས་འཇིག་རྟེན་ཕོ་ཉའི་གཟེར་དང་། ཁྲོ་བོ་དང་ཁྲོ་མོ་ནི་ཡབ་དང་ཡུམ་ལ་འདུས། ཡེ་ཤེས་ཕོ་ཉའི་གཟེར་ལས་ཁམ་རྒྱ་མའི་གཟེར་འདི་བཀའ་སྩལ་ཏོ། །དུར་ཁྲོད་ཐོད་པ་མཚན་ངན་དུ། །གང་དམིགས་གཟུགས་དང་མིང་བྲིས་ལ། །སྔོན་དམར་དྲ་བས་ཐོད་པ་གྲིལ། །དཀྱིལ་འཁོར་གྲུ་གསུམ་ཕྱོགས་མཚམས་སུ། །སྤྲུལ་པའི་ཕོ་ཉ་ཁམ་རྒྱ་བྲི། །བཤམ་བྱ་གཅན་གཟན་གདུག་པའི་མཆུ་སྡེར་གྱིས། །གྲུ་གསུམ་ཐ་མ་བསྐོར་ཏེ་བཞག །བདག་ཉིད་དབང་ཆེན་སྐུར་བསྒོམ་སྟེ། །སྐུ་གསུང་ཐུགས་ལས་ཁམ་རྒྱ་སྤྲོས། །གང་དམིགས་བཀུག་ལ་དེ་ལ་བསྡིམ། །ང་རྒྱལ་དྲག་པོའི་སྟོབས་ཀྱིས་བསྐུལ། །ཧྲཱྀཿཁམས་གསུམ་དབང་དུ་སྡུད་པའི་ལྷ། །གར་གྱི་དབང་ཕྱུག་ཡབ་ཡུམ་གྱི། །ཐུགས་ལས་སྤྲུལ་པའི་ཁམ་རྒྱ་མོ། །ཟངས་ཀྱི་འཕར་བ་མགོ་བརྒྱད་ལ། །ཟངས་ཀྱི་མི་མོ་མགོ་བརྒྱད་ཞོན། །རྡོ་རྗེ་རྩེ་ལྔའི་འོད་ཟེར་འཕྲོ། །ཞེ་སྡང་ཅན་གྱི་སྙིང་ནས་འདྲེན། །ཡོན་ཏན་སྤྲུལ་པའི་ཁམ་རྒྱ་མོ། །གཡུ་ཡི་སྤྱང་མོ་རྐང་གསུམ་ལ། །གཡུ་ཡི་ཡན་ལག་སྟོང་གིས་བརྒྱན། །རིན་ཆེན་འབར་བའི་འོད་ཟེར་འཕྲོ། །ང་རྒྱལ་ཅན་རྣམས་དབང་དུ་སྡུད། །གསུང་ལས་སྤྲུལ་པའི་ཁམ་རྒྱ་མོ། །ལྕགས་ཀྱི་སྤྱང་མོ་མགོ་དགུ་ལ། །པདྨ་འབར་བའི་འོད་ཟེར་འཕྲོ། །འདོད་ཆགས་ཅན་རྣམས་དབང་དུ་སྡུད། །ཕྲིན་ལས་སྤྲུལ་པའི་ཁམ་རྒྱ་མོ། །གསེར་གྱི་སེང་གེ་རྔམ་ཁྲི་ལ། །གསེར་གྱི་མི་མོ་ཆེན་མོ་ཞོན། །ལྕགས་ཀྱི་ཅོད་པན་སི་ལི་ལི། །རྡོ་རྗེ་རྒྱ་གྲམ་འོད་ཟེར་འཕྲོ། །ཕྲག་དོག་ཅན་རྣམས་དབང་དུ་སྡུད། །


DNG018_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ལས་སྤྲུལ་པའི་ཁམ་རྒྱ་མོ། །བདུད་ཀྱི་དྲེད་མོ་རྐང་གསུམ་པ། །འཁོར་ལོ་འབར་བའི་འོད་ཟེར་འཕྲོ། །གཏི་མུག་ཅན་རྣམས་དབང་དུ་སྡུད། །ཁྱབ་པའི་ཡེ་ཤེས་ཁམ་རྒྱ་མོ། །གཉིས་མེད་ཐབས་ཀྱི་སྤྲུལ་པ་སྟེ། །རྐང་ལག་མེད་དེ་ཉུང་འབྲུ་འདྲ། །ལྕགས་ཀྱི་ཚྭ་ཚྭ་མང་པོ་འཁྲུགས། །གང་ལ་བྱ་བ་རྡུལ་ཕྲན་བཞིན། །ཀུན་ལ་ཐོགས་པ་མེད་པར་རྒྱུག །ཨོཾ་ཤྲཱི་པདྨཱནྟ་ཀྲྀཏ་ཧཱུཾ། བཛྲ་མ་ཧཱ་ཀྲོ་དྷཱ་ཕཊ། བཾ་ཧཱུཾ། ཨེ་ཨཱ་ར་ལི་ཧྲིཾ་ཛ། མ་ཧཱ་སྲོག་ཤ་ཆེ་གེ་མོ་ལ་ཐུན་བྷྱོ། བྷན་དྷ་བྷན་དྷ། ཏཱིཀྵ་ཎ། ཏཱིཀྵ་ཎ། ཧ་ལ་ཧ་ལ། ཙ་ཏི་ཙ་ཏི། ཙ་ཏྲ་ཙ་ཏྲ་ཧཱུཾ་ཕཊ། ཉུང་དཀར་ཐུན་གྱིས་བྲབ། མཚོན་ཆ་སྣ་ཚོགས་ཀྱིས་བརྡུང་ལ། གཟིར་མནན་གྱི་བྲོས་སྦྱངས་ན། སྲིད་པ་གསུམ་ཡང་རྡུལ་དུ་རློག་གོ། །དྲེགས་པ་ཚར་གཅོད་པའི་རྒྱུད་ལས། ཕོ་ཉ་ཁམ་རྒྱ་མའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་པདྨ་དབང་ཆེན་གྱིས། སྤྲུལ་པའི་ཕོ་ཉ་ལོང་བ་རྒྱབ་འདྲེལ་གྱི་ལེའུ་འདི་བཀའ་སྩལ་ཏོ། །དཀྱིལ་འཁོར་མཐིང་ནག་གྲུ་གསུམ་དུ། །ཞིང་རས་གང་དམིགས་མིང་གཟུགས་བྲི། །ཧྲཱྀཿདང་ཛ་ཡིས་མཐའ་མ་བསྐོར། །གྲུ་གསུམ་ཁ་ཁྱེར་ལོང་བ་བྲི། །མཚོན་ཆ་སྣ་ཚོགས་མཐའ་བསྐོར་ལ། །གར་གྱི་དབང་ཕྱུག་ཡབ་ཡུམ་གྱི། །སྐུ་གསུང་ཐུགས་ལས་ལོང་བ་སྤྲོ། །གང་དམིགས་བཀུག་ལ་རྟེན་ལ་བསྡིམ། །ཡབ་ཡུམ་སྙིང་པོ་རྒྱུན་དུ་བཟླས། །ཨོཾ་ཧྲཱྀཿཔདྨཱནྟ་ཀྲྀཏ། བཛྲ་མ་ཧཱ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུཾ། ཧུ་ལུ་ཧུ་ལུ་ཧཱུཾ། ཨེ་ཀ་ཛ་ཏི་ཨཱ་ར་ལི་ཧཱུཾ་ཛ། ཁྲོས་པའི་སེམས་ཀྱིས་སྤྲོ་དགུག་བསྡིམ། །གཟིར་ཅིང་མནན་པའི་ལས་བྱས་ན། །སྲིད་པ་གསུམ་ཡང་ཐལ་བར་རློག །ཧཱུཾ། སྲིད་གསུམ་དབང་དུ་སྡུད་པའི་ལྷ། །གར་གྱི་དབང་ཕྱུག་ཡབ་ཡུམ་གྱི། །སྐུ་གསུང་ཐུགས་ལས་སྤྲུལ་པ་སྟེ། །ཤར་ཕྱོགས་ལོང་བ་རྒྱབ་འདྲེལ་ནི། །འབྲུག་ཆེན་སྔོན་པོ་ཆིབས་སུ་ཆིབས། །ན་བཟའ་ལེ་བརྒན་དཔུང་བཀླུབས་གསོལ། །དབུ་ཡི་རལ་པ་ཚར་རི་ལ། །གཟའ་རྒོད་མིག་དམར་ཆར་


DNG018_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འབེབས། །ལྷོ་ཕྱོགས་ལོང་བ་རྒྱབ་འདྲེལ་ནི། །ལྕགས་ཀྱི་དཱི་པཱི་ཆིབས་སུ་ཆིབས། །ཕྱག་ན་ལྕགས་ཀྱི་ཁྱུང་སྡེར་བསྣམས། །ན་བཟའ་གསེར་གྱི་རལ་ག་གསོལ། །དབུ་ཡི་རལ་པ་ཚར་རེ་ལ། །ཉི་མ་འབུམ་གྱི་འོད་ཟེར་ཅན། །ནུབ་ཕྱོགས་ལོང་བ་རྒྱབ་འདྲེལ་ནི། །བ་གླང་དཀར་པོ་ཆིབས་སུ་ཆིབས། །ན་བཟའ་ཀླུ་སྦྲུལ་པགས་པ་གསོལ། །ཕྱག་ན་སྦྲུལ་གྱི་ཞགས་པ་བསྣམས། །དབུ་ཡི་རལ་པ་ཚར་རེ་ལ། །དུག་དང་མེ་ཡི་ཆར་པ་འབེབས། །བྱང་ཕྱོགས་ལོང་བ་རྒྱབ་འདྲེལ་ནི། །ཞིང་ཆེན་གཤིབས་པའི་གདན་སྟེང་ན། །རྐང་པ་བརྐྱང་བསྐུམ་ཚུལ་དུ་བཞུགས། །དབུ་ཡི་རལ་པ་ཚར་རེ་ལ། །ལོང་བའི་སྤྲུལ་པ་འབུམ་འབུམ་འཕྲོ། །ཕྱོགས་བཞི་ནས་ནི་གཤེགས་སུ་གསོལ། །ཨོཾ་ཤྲཱི་བཛྲ་པདྨཱནྟ་ཀྲྀཏ་ཧཱུཾ། བཛྲ་མ་ཧཱ་ཀྲོ་དྷཱ་ཕཊ། བཾ་ཧཱུཾ་ཨེ་ཨཱ་ར་ལི་ཧྲཱིཾ་ཛ། མ་ཧཱ་སྲོག་ཤ་ཐུན་བྷྱོ། མ་རང་ཤ་ཁཱ་ཧི། ཙ་ཏི་ཙ་ཏི། ཙ་ཏྲ་ཙ་ཏྲ་ཧཱུཾ་ཕཊ། ཅེས་གསུངས་སོ། །གཟིར་ཅིང་མནན་པའི་བྲོ་བརྡུང་ངོ་། །དྲེགས་པ་ཚར་གཅོད་པའི་རྒྱུད་ལས། སྤྲུལ་པའི་ལོང་བ་རྒྱབ་འདྲེལ་གྱི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་པདྨ་དབང་ཆེན་གྱིས། སྤྲུལ་པའི་དམུས་ལོང་འཁོར་བ་ཅན་གྱི་ལེའུ་འདི་བཀའ་སྩལ་ཏོ། །དཀྱིལ་འཁོར་མཐིང་ནག་གྲུ་གསུམ་དུ། །གང་ལ་དམིགས་པའི་གཟུགས་བྱས་ལ། །སྔོན་དམར་བཅིངས་ལ་གུ་གུལ་བདུག །ལྕགས་ཀྱུ་ཞགས་པ་མཚོན་ཆ་ཡིས། །གྲུ་གསུམ་ཁ་ཁྱེར་མཐའ་ལ་བསྐོར། །གར་གྱི་དབང་ཕྱུག་ཡབ་ཡུམ་གྱི། །སྐུ་གསུང་ཐུགས་ལས་དམུས་ལོང་སྤྲོ། །གང་ལ་དམིགས་པ་དགུག་ཅིང་བསྡིམ། །ཚམ་རྔམས་དྲག་པོས་རྡུལ་དུ་རློག །ཧྲཱྀཿ། ཡབ་ཡུམ་གཉིས་སུ་མེད་པ་ལས། །སྐུ་གསུང་ཐུགས་ལས་སྤྲུལ་པ་ནི། །ཤར་ཕྱོགས་དམུས་ལོང་འཁོར་བ་ནི། །ལུས་ནི་མི་མངོན་དབྱིངས་ན་བཞུགས། །ཡན་ལག་མེད་དེ་ཉུང་འབྲུ་འདྲ། །འོད་ཟེར་ཆེན་པོ་ཕྱོགས་བཅུར་འགྱེད། །གཡོ་བ་མེད་པར་དབང་དུ་སྡུད། །ལྷོ་ཕྱོགས་དམུས་ལོང་འཁོར་བ་ནི། །མིག་ནི་


DNG018_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ནས་མེད་པར་ནི། །ཕྱག་ནི་མེ་རི་སྔོན་དམར་ཅན། །ཞབས་ཀྱང་མེད་དེ་ཉུང་དཀར་འདྲ། །ཁྱོད་ནི་གདུང་བརྒྱུད་རྒྱལ་པོ་སྟེ། །ལན་འགའ་དྲག་ཏུ་མངགས་པའི་ཚེ། །ཅི་བགྱིས་ཞེས་དང་ཆས་ཏེ་བྱོན། །ནུབ་ཕྱོགས་དམུས་ལོང་འཁོར་བ་ནི། །མགོ་ཡང་མེད་ལ་ཡན་ལག་མེད། །སྐད་ཀྱི་སྒྲ་ཡིས་སྟོང་གསུམ་གང་། །དུང་གི་ཚུལ་དུ་གནས་པའོ། །བྱང་ཕྱོགས་དམུས་ལོང་འཁོར་བ་ནི། །ཁྲག་གི་མི་ལ་ཁྲག་ཤ་ཟ། །མིག་དང་སྣ་དང་རྣ་བ་མེད། །འོ་དོད་དྲག་པོས་ཕྱོགས་བཅུར་སྒྲོག །ཨོཾ་ཤྲཱི་པདྨཱནྟ་ཀྲྀཏ་ཧཱུཾ། བཛྲ་མ་ཧཱ་ཀྲོ་ཏ་ཕཊ། བཾ་ཧཱུཾ་ཨེ་ཨཱ་ར་ལི་ཧྲི་ཛི། མ་ཧཱ་སྲོག་ཤ་ཐུན་བྷྱོ། ཀ་ཏུག་ཤག་ཏུག་ཤ་བྷན་དྷ་བྷན་དྷ་ཧཱུཾ་ཕཊ། གཟིར་ཅིང་མནན་པའི་བྲོ་བརྡུང་ན། །སྲིད་གསུམ་ཐམས་ཅད་རློག་པར་ངེས། །དྲེགས་པ་ཚར་གཅོད་པའི་རྒྱུད་ལས། ཕོ་ཉ་དམུས་ལོང་འཁོར་བ་ཅན་གྱི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་པདྨ་དབང་ཆེན་གྱིས། ཕོ་ཉ་དྲག་པོའི་ལེའུ་འདི་བཀའ་སྩལ་ཏོ། །དཀྱིལ་འཁོར་མཐིང་ནག་གྲུ་གསུམ་ལ། །ཟླ་གམ་དམར་པོ་གསུམ་གྱིས་བསྐོར། །ཛ་དང་ཕཊ་དང་བྷྱོ་ཡིས་བསྐོར། །མཚོན་ཆ་འབར་བས་ཕྱོགས་མཚམས་གཏམས། །གང་ལ་དམིགས་པ་ཞིང་རས་ལ། །མིང་གཟུགས་རུས་དང་བཅས་པ་བྲི། །དཀར་ནག་སྔོན་དམར་ཐག་པས་བསྡམ། །དམེ་དུག་རྫས་སྦྱོར་དུད་པས་བདུག །དཔལ་གྱི་སྙིང་པོས་དབང་དུ་བསྡུ། །ཨོཾ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཨེ་ཨཱ་ར་ལི་ཧྲཱྀཿཛ། གར་གྱི་དབང་ཕྱུག་ཡབ་ཡུམ་གྱི། །སྐུ་གསུང་ཐུགས་ལས་ཕོ་ཉ་སྤྲོ། །གང་དམིགས་རྟེན་ལ་དགུག་ཅིང་བསྡིམ། །ཚམ་རྔམས་དྲག་པོས་གཟིར་མནན་བྱ། །ཁམས་གསུམ་སྲིད་གསུམ་བསྒྲལ་བའི་ཞིང་། །དྲག་པོའི་ཕོ་ཉ་འདིས་བྱའོ། །ཧྲཱྀཿ། ཡབ་ཡུམ་གཉིས་སུ་མེད་པ་ཡི། །སྐུ་གསུང་ཐུགས་ལས་སྤྲུལ་པ་ནི། །མགོ་དགུ་པོ་ལ་རྐང་གཅིག་པོ། །ལུས་ནག་པོ་ལ་འོད་ཕུང་ནག །རལ་པ་ནག་ཅིང་མཆེ་བ་ནག །མིག་ཀྱང་ནག་ཅིང་ལག་པ་ནག །མགྱོགས་པ་རླུང་གིས་བསྐྱད་དུ་མེད། །འདི་དག་


DNG018_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

ཕོ་ཉའི་མཆོག་ཡིན་ཏེ། །ཞུམ་པ་མེད་ཅིང་སྟོབས་ཆེན་འཇོམས། །ཕ་རོལ་དཔུང་རྣམས་རབ་དུ་འཇོམས། །འདི་དག་ཡང་དག་རབ་བསྒོམས་ན། །འདི་ནི་དཔལ་གྱི་ཕོ་ཉ་སྟེ། །གཡོན་པ་གསུམ་ནི་ལྕགས་ཀྱུ་འཛིན། །གཡས་པ་གསུམ་ནི་སྟ་རེ་འཕྱར། །ཡན་ལག་སྦྲུལ་ནག་སྟོང་གིས་བརྒྱན། །གཡོན་གྱི་ལྕགས་ཀྱུས་སྙིང་ནས་འདྲེན། །གཡས་ཀྱི་སྟ་རེས་ངེས་པར་འཇོམས། །འདི་ནི་སྒོ་སྲུང་མཆོག་ཡིན་ཏེ། །ཕོ་ཉར་རྒྱུན་དུ་མངག་པར་བྱ། །དགྲ་རྣམས་ངེས་པར་འཇོམས་པར་བྱེད། །རྐང་གཅིག་དེ་ཡི་ཕོ་ཉ་ནི། །ཁ་དོག་ངེས་པར་ཅི་འདྲ་ན། །གཅིག་ལ་གཅིག་ནི་རབ་ཏུ་འཁྲིལ། །ཡང་ན་ལག་པ་སྦྲེལ་ཏེ་འགྲོ། །མིག་ཀྱང་མེད་ཅིང་ཅང་མི་སྨྲ། །ལོང་བ་ཀུན་གྱི་མཆོག་ཡིན་ཏེ། །རྟ་བབས་ཀུན་གྱི་སྒོར་བསྒོམས་ཤིང་། །ལན་འགའ་དྲག་ཏུ་མངགས་པའི་ཚེ། །གཉིས་ཀ་སོང་སྟེ་དེར་ཕྱིན་ནས། །གང་ལ་དམིགས་པ་ལེན་པར་བྱེད། །མགོ་བརྒྱད་པོ་ལ་ལག་བརྒྱད་པོ། །རྐང་པ་བརྒྱད་ལ་མིག་ཀྱང་བརྒྱད། །ལག་བརྒྱད་རྡོ་རྗེ་ཕུར་པ་འདྲིལ། །གཤིན་རྗེའི་གནས་རྣམས་ངེས་པར་འཇོམས། །རྐང་དྲུག་མགོ་དྲུག་མིག་ཀྱང་དྲུག །ལག་པ་དྲུག་གིས་རྒྱུད་དྲུག་འཇོམས། །གཡོན་པ་གསུམ་ནི་གཏོར་མ་གཏོང་། །གཡས་པ་གསུམ་ནི་ཕུར་པ་འདྲིལ། །མགྱོགས་པ་རླུང་གི་ཤུགས་དང་འདྲ། །འདི་རྣམས་ཁྲོ་བོའི་ཕོ་ཉ་ཡིན། །ཧ་ལ་རུ་ལུའི་སྒྲ་སྒྲོག་ཅིང་། །རང་གི་རླུང་ཕྱོགས་སོང་བའི་ཚེ། །ཁྲོ་བོ་ཀུན་ཀྱང་ངེས་པར་འཆི། །གང་ནས་གང་དུ་འགྲོ་བའི་ཚེ། །རང་གི་རྐང་པ་ཕུར་པ་ཡིན། །ལྕགས་ཀྱི་ཕུར་པ་རབ་ཏུ་དྲག །འོད་ཟེར་དུད་ཁ་རེག་པས་ནི། །ཚངས་པའི་གནས་ཀྱང་རབ་ཏུ་འཇིག །ལག་པ་གཡོན་པ་བརྐྱང་བས་ནི། །ཕྲ་མེན་རྣམས་ནི་འཁོར་དང་བཅས། །ཀུན་ཀྱང་རལ་པ་དམར་པོ་ལ། །ལྕགས་ཀྱི་དགྲ་སྟྭ་རབ་ཐོགས་ཏེ། །ཞིང་ཆེན་ཡན་ལག་འཛིན་པའོ། །འདི་རྣམས་དཔལ་གྱི་ཕོ་ཉ་སྟེ། །ཕྱོགས་བཅུའི་ཞིང་ཁམས་ཀུན་ལ་དབང་། །བར་སྣང་ཁམས་ན་རྒྱུ་བའོ། །འོད་ཟེར་དུད་ཁས་རེག་


DNG018_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

པས་ནི། །ཧཱུཾ་དང་ཕཊ་ཀྱི་སྒྲ་སྒྲོག་ཅིང་། །བསྐལ་པའི་འབྲུག་སྒྲ་ཆེན་པོ་བཞིན། །ཀུན་ཀྱང་མགྱོགས་པ་རླུང་དང་མཚུངས། །མིག་གསུམ་པོ་ལ་ལྕགས་སྡེར་ཅན། །མགོ་གསུམ་པོ་ལ་རྐང་གསུམ་པོ། །ལག་པ་གསུམ་ན་འཁོར་ལོ་བསྐོར། །དབུ་སྐྲ་ཁམ་ནག་དཀྱིལ་འཁོར་ནས། །ཕྲ་མེན་འབུམ་གྱི་རྔམ་སྟབས་ཅན། །རྐང་པ་གསུམ་ནི་སྟབས་ཀྱང་བྱེད། །མི་ཤ་ཟ་ཞིང་བདུད་དཔུང་འཇོམས། །བལྟས་པས་བདུད་རྣམས་འཆི་བར་བྱེད། །ཀླུ་ཡི་གནས་རྣམས་ངེས་པར་འཇོམས། །ཨོཾ་རུ་ལུ་རུ་ལུ་ཧཱུཾ་ཕཊ། ཧ་ན་ཧ་ན་ཧཱུཾ་ཕཊ། ད་ཧ་ད་ཧ་ཧཱུཾ་ཕཊ། པ་ཙ་པ་ཙ་ཧཱུཾ་ཕཊ། བྷན་དྷ་བྷན་དྷ་ཧཱུཾ་ཕཊ། ཨེ་ཨཱ་ར་ལི་ཧྲིཾ་ཛ། ཚམ་རྔམས་དྲག་པོའི་སྟངས་སྟབས་ཀྱིས། །རྟ་བྲོ་བརྡུང་ཞིང་ཐལ་བར་རློག །ཅེས་བཀའ་སྩལ་ཏོ། །དྲེགས་པ་ཚར་གཅོད་པའི་རྒྱུད་ལས། ཕོ་ཉ་དྲག་པོའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་པདྨ་དབང་ཆེན་གྱིས་སྤྱང་མོ་རོ་ཤལ་གྱི་ལེའུ་འདི་བཀའ་སྩལ་ཏོ། །གཅན་སྤྱང་གདུག་པའི་ཐོད་པ་ལ། །ནག་དང་དམར་གྱི་ཚོན་རྩིས་བྱུག །མཆེ་བ་བཞི་ལ་སྔགས་བྲིས་ལ། །ཁ་གདངས་ནང་ལ་དམིགས་པ་གཞུག །སྔོན་དམར་ཚོན་གྱིས་ཁ་བསྡམས་ལ། །དཀྱིལ་འཁོར་གྲུ་གསུམ་ནང་དུ་གཞུག །སྤྱང་ཐོད་ཁ་དོག་སོ་སོ་ལ། །རིགས་ཀྱི་ཁྱད་པར་ཕྱེ་བ་ལ། །ཕོ་ཉའི་སྔགས་དང་སྙིང་པོ་བྲི། །དཀྱིལ་འཁོར་ཕྱོགས་མཚམས་སོ་སོ་རུ། །གྲུ་གསུམ་དཀྱིལ་འཁོར་ཁ་བསྟན་གཞག །རྣོ་མཚོན་གདུག་པའི་དབལ་མཚོན་གྱིས། །གྲུ་གསུམ་ཐ་མ་བསྐོར་བར་བྱ། །བདག་ཉིད་གར་དབང་ཡབ་ཡུམ་གྱི། །སྐུ་གསུང་ཐུགས་ལས་སྤྱང་མོ་སྤྲོ། །གང་ལ་དམིགས་པ་བཀུག་ཅིང་བསྡིམ། །གཅེར་བུར་ཕྱུང་ལ་སྤྱང་དུ་བྱ། །ཚམ་རྔམས་དྲག་པའི་རྔམ་སྟབས་ཅན། །སྐབས་སུ་བྲོ་བརྡུང་རྡུལ་དུ་བརླག །སྤྱང་མོའི་ཕོ་ཉ་འདི་ལྟ་སྟེ། །ཧྲཱྀཿ། ཡབ་ཡུམ་གཉིས་སུ་མེད་པ་ལས། །སྐུ་གསུང་ཐུགས་ལས་སྤྲུལ་པ་ནི། །ཤར་ཕྱོགས་ཞབས་ཀྱི་སྤྲུལ་པ་ནི། །དུང་གི་སྤྱང་མོ་


DNG018_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

མགོ་གསུམ་མ། །དུང་གི་མི་མོ་མགོ་བརྒྱད་ཞོན། །སྐུ་དང་ཕྱག་དང་འོད་ཟེར་དཀར། །རལ་པ་དཀར་པོའི་སྐྲ་གསེབ་ནས། །དུང་གི་སྤྱང་མོ་འབུམ་འབུམ་འཕྲོ། །གཡབ་མོ་འདོར་ཞིང་འོ་དོད་འབོད། །སྙིང་ཁྲག་དྲོན་མོ་ཁ་རུ་འཐུང་། །ལྷོ་ཕྱོགས་ཞབས་ཀྱི་སྤྲུལ་པ་སྟེ། །ལྕགས་ཀྱི་སྤྱང་མོ་མགོ་གསུམ་མར། །ལྕགས་ཀྱི་མི་མོ་ཆེན་མོ་ཞོན། །སྐུ་སྔོ་ཕྱག་སྔོ་ཞབས་ཀྱང་སྔོ། །རལ་པ་སྔོན་པོའི་སྐྲ་གསེབ་ནས། །ལྕགས་ཀྱི་སྤྱང་མོ་འབུམ་འབུམ་འཕྲོ། །སྙིང་དང་རྒྱུ་མ་རྐང་གསུམ་ཟ། །ནུབ་ཕྱོགས་ཞབས་ཀྱི་སྤྲུལ་པ་སྟེ། །ཟངས་ཀྱི་སྤྱང་མོ་མགོ་དགུ་མར། །ཟངས་ཀྱི་མི་མོ་ཆེན་མོ་ཞོན། །སྐུ་དམར་ཕྱག་དམར་ཞབས་ཀྱང་དམར། །རལ་པ་དམར་པོའི་སྐྲ་གསེབ་ནས། །ཟངས་ཀྱི་སྤྱང་མོ་འབུམ་འབུམ་འཕྲོ། །ཡཀྴ་ཆེན་མོ་དབང་དུ་སྡུད། །ཟས་སུ་སྲིན་ཆེན་རིལ་མིད་མཛད། །བྱང་ཕྱོགས་ཞབས་ཀྱི་སྤྲུལ་པ་སྟེ། །གཡུ་ཡི་སྤྱང་མོ་མགོ་གསུམ་མར། །གཡུ་ཡི་མི་མོ་ཆེན་མོ་ཞོན། །སྐུ་ལྗང་ཕྱག་ལྗང་ཞབས་ཀྱང་ལྗང་། །རལ་པ་ལྗང་གུའི་སྐྲ་གསེབ་ནས། །གཡུ་ཡི་སྤྱང་མོ་འབུམ་འབུམ་འཕྲོ། །སྙིང་ཁྲག་འཐུང་ཞིང་དམ་ལ་ནོད། །བྱང་ཤར་མཚམས་ཀྱི་སྤྱང་མོ་ནི། །གཟི་ལྡན་ཆེན་མོ་ཤུགས་སུ་སྒྲོལ། །ལུས་ནི་ལྕགས་ཀྱི་སྤྱང་མོ་ལ། །དབུ་ལ་དར་གྱི་ཅོད་པན་ཅན། །མཆེ་བ་རྡོ་རྗེ་རྩེ་གསུམ་ལ། །མེ་ཟེར་འབུམ་འབུམ་འཕྲོ་བའི་ཚུལ། །ཤར་ལྷོ་མཚམས་ཀྱི་སྤྱང་མོ་ནི། །རྡོ་རྗེ་མེ་ཁྲག་སྤྱང་མོ་ལ། །མེ་དགུའི་ཕྲེང་བས་རྒྱན་དུ་བཀླུབས། །ཁ་ནས་མེ་ཡི་སྐྱུགས་པ་འབྱིན། །རྐང་ལག་མེ་ཡི་ཁ་ཊྭཱཾ་ག །ལུ་གུ་རྒྱུད་ལས་སྒྲོལ་བར་བྱེད། །ལྷོ་ནུབ་མཚམས་ཀྱི་སྤྱང་མོ་ནི། །འབར་བའི་ཐོད་རུས་མང་པོས་བརྒྱན། །ཁྲག་དང་ཞག་གི་ཚོམ་བུར་བརྒྱན། །ཏི་ར་ཆེན་པོ་ཁ་ན་ཐོགས། །ནུབ་བྱང་མཚམས་ཀྱི་སྤྱང་མོ་ནི། །གཡུ་ཡི་སྤྱང་མོ་མགོ་གསུམ་ལ། །གཅན་གཟན་གཟིག་གི་པགས་གྱོན་མ། །ཁ་ནས་རུ་ལུའི་སྒྲ་སྒྲོག་མ། །ཨོཾ་རུ་ལུ་རུ་ལུ་ཧཱུཾ་ཕཊ། ཚིནྡ་ཚིནྡ་ཧཱུཾ་ཕཊ། ཀྲོ་དྷ་ཀྲོ་དྷ་ཧཱུཾ་ཕཊ། ཧ་ལ་ཧ་ལ་བཾ། རཀྵ་རཀྵ་ཧཱུཾ་ཕཊ། ཨེ་ཨཱ་ར་ལི་ཧྲིཾ་ཛ་ཧཱུཾ་


DNG018_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

ཕཊ། གཟིར་མནན་དྲག་པོའི་རྔམ་སྟབས་ཀྱིས། ཞིང་ལྤགས་དང་སླེའུ་ནག་གིས་སྤྱང་ཐོད་བསྡམས་ལ། སྤྱང་ཐོད་ཁྱེར་ཏེ་གང་ལ་དམིགས་པའི་ཕྱོགས་བཞི་མཚམས་བརྒྱད་དུ་མནན་ཅིང་སྦས་ན་རྡུལ་དུ་འགྲོ། དྲེགས་པ་ཚར་གཅོད་པའི་རྒྱུད་ལས། སྤྱང་མོ་རོ་ཤལ་གྱི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་པདྨ་དབང་ཆེན་གྱིས། ཟ་བྱེད་ཁྱི་བརྒྱད་ཀྱི་ལེའུ་འདི་བཀའ་སྩལ་ཏོ། །དཀྱིལ་འཁོར་མཐིང་ནག་གྲུ་གསུམ་ལ། །ལྕགས་ཀྱུ་ཞགས་པ་དམར་ནག་བྲི། །དུར་ཁྲོད་ཐོད་པ་མཚན་ངན་དུ། །གང་ལ་དམིགས་པའི་གཟུགས་དང་མིང་། །ཞིང་རས་ལ་ནི་བྲི་བར་བྱ། །སྔོ་དམར་མཁར་ནག་དྲིལ་བྱས་ལ། །ཁྱི་བརྒྱད་ཐོད་པ་གྲུ་གསུམ་བསྐོར། །སྔོན་དམར་སྣ་བརྒྱད་ཁྱི་ཐོད་གདགས། །ཞིང་ལ་བརྟོད་པའི་ཚུལ་དུ་བྱ། །གདུག་པ་སྦྱར་བའི་དུད་པས་བདུག །ཞིང་ཆེན་པགས་པས་གཡབ་ཅིང་རྡུལ། །བདག་ཉིད་པདྨ་ཧེ་རུ་ཀའི། །སྐུ་གསུང་ཐུགས་ལས་ཁྱི་བརྒྱད་སྤྲོས། །གང་ལ་དམིགས་པ་བཀུག་ཅིང་བསྡིམ། །གཟིར་མནན་དྲག་པོས་རྡུལ་དུ་རློག །ཧྲཱྀཿ། ཡབ་ཡུམ་གཉིས་སུ་མེད་པ་ལས། །སྐུ་གསུང་ཐུགས་ལས་སྤྲུལ་པ་ནི། །ཤར་གྱི་ཕྱོགས་ནས་འགྱེད་པའི་ཁྱི། །ལྕགས་ཀྱི་ཁྱི་སྟེ་མགོ་བརྒྱད་ལ། །གསེར་དང་མུ་ཏིག་རལ་པ་ཅན། །རྡོ་རྗེའི་མཆེ་བ་རྩེ་གསུམ་ལས། །གདུག་པའི་མེ་ཟེར་འབུམ་འབུམ་འཕྲོས། །རྐང་ལག་བཞི་ནི་ལྕགས་ཕུར་བཞི། །ཞེ་སྡང་ཅན་གྱི་སྙིང་ལ་འདེབས། །གཡུ་མདོག་ལྕགས་ཀྱི་ཨཾ་ཀུ་ཤ །ཐོག་དང་གློག་གི་གཤོག་པ་ཅན། །རེས་འགའ་དྲག་ཏུ་མངགས་པའི་ཚེ། །ཅི་བགྱིས་ཞེས་ནི་ཆས་ཏེ་སྤྱོན། །ལྷོ་ཡི་ཕྱོགས་ནས་འགྱེད་པའི་ཁྱི། །ལྕགས་ཀྱི་ཁྱི་མོ་མགོ་བརྒྱད་ལ། །སྤྱན་མིག་ཉི་ཟླའི་ཚུལ་དུ་གནས། །ཤངས་ཀྱི་རྡོ་རྗེ་རླུང་སྒྲོམ་ནས། །རྡོ་རྗེ་རྩེ་གཅིག་སེར་ཆེན་འཕྲོ། །མཆེ་བ་རྡོ་རྗེ་རྩེ་གསུམ་ལས། །ཐོག་གི་བུ་ཡུག་ཆར་ལྟར་འབེབས། །རྐང་ལག་རྡོ་རྗེ་པཱ་ཤ་ཧཱུཾ། །གྲུལ་བུམ་རྣམས་ཀྱི་སྙིང་ཁྲག་འཐུང་། །ནུབ་ཀྱི་ཕྱོགས་


DNG018_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འགྱེད་པའི་ཁྱི། །ལྕགས་ཀྱི་ཁྱི་མོ་མགོ་བརྒྱད་ལ། །གསེར་གྱི་རལ་པ་ཅོད་པན་ཅན། །དེ་ཡི་གསེབ་ནས་ཐོག་ཐོག་འཕྲོ། །སྤྱན་མིག་གྲུ་གསུམ་འབར་བ་ལས། །ཁྲོ་ཆུ་ཁོལ་མའི་སྐྱི་འདང་འབེབས། །དེ་ཡི་ཆ་ལ་ཀླུ་དབང་གཡེང་། །ཤངས་ཀྱི་རླུང་སྒྲོམ་འབར་བ་ལས། །རྡོ་རྗེ་འཁོར་ལོའི་སེར་ཆེན་འབེབས། །མཆེ་བ་རྡོ་རྗེ་རྩེ་གསུམ་ལས། །ཡེ་ཤེས་བསྐལ་པའི་མེ་ཡང་འབར། །རྐང་ལག་རྡོ་རྗེ་རྩེ་དགུ་ནས། །ཉན་ཐོས་ཀྲི་ཡ་རང་སངས་རྒྱས། །རྡོ་རྗེ་དེ་ལ་བསྒོམ་པའི་ཚུལ། །གཡུ་མདོག་རྡོ་རྗེ་སྥོ་ཊ་བཾ། །བྱང་གི་ཕྱོགས་ནས་འགྱེད་པའི་ཁྱི། །ལྕགས་ཀྱི་ཁྱི་མོ་མགོ་བརྒྱད་ལ། །ལྕགས་ཀྱི་རལ་པ་ཅོད་པན་ཅན། །ཤངས་ནས་རྡོ་རྗེའི་འཚུབས་མ་འཕྲོ། །ཁ་ན་ཏི་རའི་དབྱུག་པ་ཐོགས། །རྐང་ལག་རྡོ་རྗེ་རྩེ་གསུམ་ལ། །གཡུ་མདོག་རྡོ་རྗེ་གྷཎྜ་ཧོ། །བྱང་ཤར་མཚམས་ནས་འགྱེད་པའི་ཁྱི། །ལྕགས་ཀྱི་ཁྱི་མོ་རྐང་བརྒྱད་ལ། །གཡུ་ཡི་རལ་པ་སི་ལི་ལི། །རྐང་ལག་དབང་ལྡན་རྒྱལ་པོ་གནོན། །ཁ་མིག་རྣ་བའི་བུ་ག་ནས། །ཕྲ་མེན་ཐོད་རུས་ཕོ་ཉར་འགྱེད། །སྤུ་ནི་ལྕགས་ཀྱུ་གཟིངས་པ་འདྲ། །གཤོག་པ་རྡོ་རྗེ་གཏམས་པ་གདེངས། །ཤར་ལྷོ་མཚམས་ནས་འགྱེད་པའི་ཁྱི། །ལྕགས་ཀྱི་ཁྱི་མོ་མགོ་བརྒྱད་ལ། །མེ་རི་འབར་བའི་རལ་པ་ཅན། །ཁ་ནས་མེ་དང་དུག་ཏུ་སྐྱུགས། །སྤྱན་ནས་རྡོ་རྗེའི་སེར་ཆེན་འབེབས། །རྐང་ལག་དྲང་སྲོང་རྒྱལ་པོ་གནོན། །ལྷོ་ནུབ་མཚམས་ནས་འགྱེད་པའི་ཁྱི། །ལྕགས་ཀྱི་ཁྱི་མོ་མགོ་བརྒྱད་ལ། །རྡོ་རྗེ་རྩེ་དགུའི་རལ་པ་ཅན། །ཁ་མིག་རྣ་བའི་བུ་ག་ནས། །སྲེ་མོང་བྱི་ལ་འུག་པའི་མགོ། །དོམ་དྲེད་སྟག་གི་མཆེ་བ་ཅན། །ཀང་ཀ་དུར་བྱ་པུ་ཤུད་མགོ། །སྲིན་མོ་བྱི་བ་སྨིག་བུའི་མགོ། །སྟག་གཡག་ཤ་བ་གཟིག་གི་མགོ། །རྟ་དང་སེང་གེ་ཕྲ་མེན་མ། །རྐང་ལག་རྡོ་རྗེ་རྩེ་གསུམ་པོས། །ཤ་ཁྲག་ཟ་བའི་སྲིན་མོ་གནོན། །ནུབ་བྱང་མཚམས་ནས་འགྱེད་པའི་ཁྱི། །ལྕགས་ཀྱི་ཁྱི་མོ་མགོ་བརྒྱད་ལ། །གཡུ་ཡི་རལ་པ་སི་ལི་ལི། །


DNG018_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

ཤངས་ནས་རྡོ་རྗེའི་འཐོར་རླུང་འཕྲོ། །སྤྱན་ནས་ཡེ་ཤེས་མེ་ཡང་འབར། །མཆེ་བ་ཟང་ཡག་གཏམས་པ་ལ། །སྦྲུལ་ནག་སྟོང་གི་གདེངས་ཀས་དཀྲིས། །སྦྲུལ་གྱི་ཁ་ནས་ཆར་ཆེན་འབེབས། །དུག་དང་མེ་ཡི་སྐྱུགས་པ་འདོར། །རྐང་ལག་རྡོ་རྗེ་རྩེ་གསུམ་པོས། །རླུང་ལྷའི་རྒྱལ་པོ་གནོན་པའི་ཚུལ། །ཨོཾ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། སརྦ་དུཥྚཱན་ཧཱུཾ་ཕཊ། ཧ་ན་ཧ་ན་ཧཱུཾ་ཕཊ། པ་ཙ་པ་ཙ་ཧཱུཾ་ཕཊ། ཨེ་ཨཱ་ར་ལི་ཧྲིཾ་ཛ་ཧཱུཾ་ཕཊ། ཚམ་རྔམས་བྲོ་དང་བཅས་པས་ཏེ། །གཟིར་གནོན་དྲག་པོས་བརྡུང་བྱའོ། །དྲེགས་པ་ཚར་གཅོད་པའི་རྒྱུད་ལས། ཟ་བྱེད་ཁྱི་བརྒྱད་ཀྱི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་དཔལ་པདྨ་དབང་ཆེན་གྱིས། དྲེགས་པ་ཅན་ལྷ་མ་སྲིན་སྡེ་བརྒྱད་ཀྱི་ལེའུ་འདི་བཀའ་སྩལ་ཏོ། །རི་བོ་འདུས་པའི་རྩེ་ཕྱོགས་སམ། །རྒྱ་མཚོ་ཆེན་པོའི་འགོ་ཕུག་ཏུ། །མཎྜལ་བྱི་དོར་བྱས་པ་ལ། །སྙིང་ཁྲག་བདུད་རྩིས་ཆག་ཆག་གདབ། །དུར་ཁྲོད་རོ་རས་ཁྲུ་གང་ལ། །རྩིབས་བརྒྱད་ཡི་གེ་འབྲུ་བརྒྱད་དགོད། །ཤ་ཁྲག་སྙིང་སྣ་ཚོགས་པ་ཡི། །གཏོར་མ་ཨ་མྲྀ་ཏ་སྦྱར་ལ། །ཁྲག་དང་ཆང་སྦྱར་རྒྱུན་དུ་སྦྲེང་། །བདག་ཉིད་དབང་ཆེན་གསལ་གྱུར་ལ། །འབྲུ་བརྒྱད་སྔགས་ཀྱི་འཁོར་ལོ་བསྐོར། །གང་དམིགས་གཟུགས་ལ་གཟིར་མནན་བྱ། །མ་གྲུབ་འབྲུ་བརྒྱད་གོ་བཟློག་ལ། །གནད་ལ་དབབ་པའི་འཁོར་ལོ་བསྐོར། །ཆས་རབ་ཕྱུང་ལ་དགྲ་དགུག་འབོད། །ཙ་མ་ར་ཡིས་གཡབ་ཅིང་གདུལ། །གྲུབ་ན་སྣ་ཚོགས་གཟུགས་སུ་སྟོན། །འཁོར་ལོ་དྲིལ་ལ་ཕུང་ཤུལ་མནན། །ཨོཾ་ཤྲཱི་པདྨཱནྟ་ཀྲྀཏ་ཧཱུཾ། བཛྲ་མ་ཧཱ་ཀྲོ་ཏ་ཕཊ། ཨ་ཡ་མ་དུ་རུ་ཙ་ཤ་ན་ལ། བཾ་ཧཱུཾ་ཨེ་ཨཱ་ར་ལི་ཧྲིཾ་ཛ། མ་ཧཱ་སྲོག་ཤ་ཐུན་བྷྱོ། སྐུ་བསྐྱེད་དྲེགས་པ་དབང་དུ་སྡུད། །ཐ་མ་ལས་གཟུད་གཟིར་ཅིང་མནན། །གྱད་ཀྱི་རྔམ་སྟབས་བྲོ་བརྡུང་ན། །སྲིད་གསུམ་མཐུ་ཆེན་ཐལ་བར་རློག །ཅེས་གསུངས་སོ། །དྲེགས་པ་ཚར་གཅོད་པའི་རྒྱུད་ལས། ལྷ་མ་སྲིན་སྡེ་བརྒྱད་སྤྱིར་བསྒྲུབ་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།


DNG018_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བཅོམ་ལྡན་འདས་དཔལ་པདྨ་དབང་ཆེན་གྱིས། གཤིན་རྗེ་སྡེ་ཚན་བསྒྲུབ་པ་འདི་བཀའ་སྩལ་ཏོ། །དུར་ཁྲོད་མ་ལ་ཡར་སོང་ལ། །མཎྜལ་བྱི་དོར་བྱས་པ་ལ། །བདུད་རྩི་རྣམ་ལྔས་ཆག་ཆག་གདབ། །དུར་ཁྲོད་རས་ལ་མིང་བྲིས་ལ། །ཐ་མ་གཤིན་རྗེའི་སྔགས་ཀྱིས་བསྐོར། །དུར་ཁྲོད་ཐོད་གཤག་ནང་དུ་བཅུག །ཐོད་པ་ཁ་རལ་ཞབས་མས་བཅད། །སྔོན་དམར་བྱད་ཐག་རྒྱ་གྲམ་བསྡམ། །ཨག་ཆོ་བ་ནས་སྔགས་ཐུན་བརྡེག །བདག་ཉིད་དབང་ཆེན་སྐུར་བསྒོམས་ལ། །དབང་དུ་བསྡུ་ཞིང་ལས་ལ་གཟུད། །ཨོཾ་ཤྲཱི་པདྨཱནྟ་ཀྲྀཏ་ཧཱུཾ། བཛྲ་མ་ཧཱ་ཀྲོ་དྷ་ཕཊ། ཡ་མ་རཱ་ཛ་ས་དོ་མེ་ཡ་བཾ་ཧཱུཾ། ཨེ་ཨཱ་ར་ལི་ཧྲིཾ་ཛ། མ་ཧཱ་སྲོག་ཤ་ཐུན་བྷྱོ། ཐ་ཆུང་བཞི་ཡི་མར་ངོ་ལ། །ཙ་མ་ར་ཡིས་གཡབ་ཅིང་རྡུལ། །ལྷོ་ཕྱོགས་སྙིང་ཆེན་གསུར་བས་བདུག །མཚན་མ་ཆུང་ཞིང་རྟགས་འགོར་ན། །གཤིན་རྗེའི་གསང་སྔགས་གོ་བཟློག་ལ། །དུར་ཁྲོད་རས་ཀྱིས་ཐོད་པ་གྲིལ། །སྟོང་ལམ་ཧོམ་ཁུང་རྙིང་པར་མནན། །ཚམ་རྔམས་དྲག་ཤུལ་བྲོ་ཡང་བརྡུང་། །ཁམས་གསུམ་སྲིད་གསུམ་ཐལ་བར་རློག །ཅེས་གསུངས་སོ། །དྲེགས་པ་ཚར་གཅོད་པའི་རྒྱུད་ལས། གཤིན་རྗེ་སྒྲུབ་པའི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་པདྨ་དབང་ཆེན་གྱིས། མ་མོའི་སྡེ་ཚན་སྒྲུབ་པའི་ལེའུ་འདི་བཀའ་སྩལ་ཏོ། །དུར་ཁྲོད་མཁའ་འགྲོ་འདུས་པའི་སར། །གྲི་མོ་ཤི་བའི་ཐོད་པ་རུ། །ཙིཏྟ་རཀྟ་བཙན་དུག་བླུག །མཐིང་ནག་དར་གྱིས་ཁ་བཅད་ལ། །གྲུ་གསུམ་དྲག་པོའི་གནས་སུ་གཞག །ཉུང་དཀར་ཉུང་ནག་དྲག་པོ་ལ། །བདུན་འབུམ་དྲག་པོའི་སྟོབས་ཀྱིས་བརྡེག །ཤ་ཁྲག་དམར་དང་སྙིང་སྣ་ཚོགས། །གདུང་བའི་སེམས་ཀྱིས་མ་ཚོགས་བསྟེན། །བཤུགས་པས་འབོད་ཅིང་ཞིང་གིས་གཡབ། །བདག་ཉིད་དབང་ཆེན་སྐུར་བསྒོམས་ལ། །མ་ཚོགས་དབང་སྡུད་ལས་ལ་གཟུད། །གསུར་ཆེན་དུད་པ་རྒྱུན་མི་གཅད། །ཨོཾ་ཤྲཱི་བཛྲ་པདྨཱནྟ་ཀྲྀཏ་ཧཱུཾ། བཛྲ་མ་ཧཱ་ཀྲོ་དྷ་ཕཊ། མ་རཀྨོ་རཀྴ་མ་སྙིང་ཁ་རག་


DNG018_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

ཛ་ཛཿ། ཆེ་གེ་མོ་མཱ་ར་ཡ། སྲོག་རྩ་སྙིང་རྩ་རྦད། བཾ་ཧཱུཾ། ཨེ་ཨཱ་ར་ལི་ཧྲིཾ་ཛ། མ་ཧཱ་སྲོག་ཤ་ཐུན་བྷྱོ། བདག་ཉིད་དྲག་པོའི་ཆ་ལུགས་ཀྱིས། །ཉི་ཤུ་དགུ་པར་ཉི་ཤར་ནས། །གང་ལ་དམིགས་པའི་གནས་སུ་བརྡེག །འོར་ཅིག་མ་གྲུབ་གསུམ་དུ་སྤོགས། །དེས་ཀྱང་འགྲུབ་པར་མ་གྱུར་ན། །གསང་སྔགས་བཟླས་པ་གོང་བཞིན་བྱ། །མ་རག་མོ་སྙིང་ཁ་རག་མ། །རག་མོ་སྙིང་རྩ་ལ་ཐུན་ཐུན། །སྲོག་རྩ་སྙིང་རྩ་རྦད། སྨྲ་བཅད་ཉི་ཤུ་རྩ་གཅིག་གི། །བར་དུ་ནན་ཏན་ཁྲོས་ལ་བཟླས། །བུད་མེད་ནག་མོ་མེ་རེག་མས། །འཇིག་རྟེན་ཁེངས་ཤིང་འཁྲུགས་ན་བཟང་། །ཐོད་ཁྲག་གར་དམིགས་པར་བརྒྱབ་ནས། །ལོ་ཀ་འབར་བའི་བྲོས་སྦྱངས་ན། །སྲིད་པ་བསྲུབ་པའི་ལས་སུ་འགྱུར། །ཞེས་གསུངས་སོ། །དྲེགས་པ་ཚར་གཅོད་པའི་རྒྱུད་ལས། མ་མོ་སྡེ་ཚན་དང་བཅས་པའི་བསྒྲལ་བའི་ལེའུ་སྟེ་ཉི་ཤུ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་དཔལ་པདྨ་དབང་ཆེན་གྱིས། གཟའི་སྡེ་ཚན་བསྒྲུབ་པའི་ལེའུ་འདི་བཀའ་སྩལ་ཏོ། །རི་བོ་ཆེན་པོའི་ཁར་སོང་ལ། །དྲག་པོའི་རང་བཞིན་གྲུ་གསུམ་དུ། །གདུག་པའི་ཤིང་ལས་ཧོམ་བྱས་ལ། །ཕྱོགས་མཚམས་བརྒྱད་དུ་དམིགས་ལ་གདབ། །ཉིན་བཞིན་དཀར་གསུམ་སྦྱིན་སྲེག་བྱ། །མཚན་བཞིན་དམར་དང་གསུར་ཆེན་བསྲེག །གང་དམིགས་ལིངྒ་དེ་དང་བཅས། །དུས་ཆར་ཁྱད་པར་ཤིས་ལ་བྱ། །དྲག་ཤུལ་རྔམ་སྟབས་རྟ་བྲོ་བྱས། །གཅེར་བུ་ཤུན་བརྡབ་འོ་དོད་འབོད། །བདག་ཉིད་དབང་ཆེན་སྐུར་ཁྲོས་ནས། །གཟའ་དགུའི་དཔུང་དང་བཅས་པ་གཟིར། །དབང་བསྡུས་ལས་ལ་གཟུད་པར་བྱ། །ཨོཾ་ཤྲཱི་བཛྲ་པདྨཱནྟ་ཀྲྀཏ་ཧཱུཾ། བཛྲ་མ་ཧཱ་ཀྲོ་དྷ་ཕཊ། པ་ཤ་མི་ཀི་རཱ་ཧུ་ལ། ཧུར་ཐུམས་མཱ་ར་ཡ་ཛ་ཛ། བཾ་ཧཱུཾ་ཨེ་ཨཱ་ར་ལི་ཧྲིཾ་ཛ། མ་ཧཱ་སྲོག་ཤ་ཐུན་བྷྱོ། ཞེས་ནི་གཟིར་ཞིང་མནན་བྱས་ན། །འཁོར་བ་བསྒྲལ་པའི་ལས་སུ་འགྱུར། །དྲེགས་པ་ཚར་གཅོད་པའི་རྒྱུད་ལས། གཟའ་སྡེ་ཚན་དང་བཅས་པ་བསྒྲུབ་པའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་དཔལ་པདྨ་དབང་ཆེན་གྱིས།


DNG018_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

སྲིན་པོ་སྡེ་ཚན་བསྒྲུབ་པའི་ལེའུ་འདི་བཀའ་སྩལ་ཏོ། །ལྷོ་ནུབ་ཁ་བལྟས་རི་བྲག་ཏུ། །མི་རོ་བརྩེགས་པའི་ཁྲི་ལ་བཞུགས། །བམ་ཆེན་སྙིང་དག་ཁ་དྲག་ནས། །གང་དམིགས་སྲིན་པོའི་སྔགས་དང་སྤེལ། །སྙིང་གར་བཅུག་ལ་ཚོན་སྐུད་བསྡམ། །རྣལ་འབྱོར་སྲིན་ལག་གཡོན་པར་གདགས། །བམ་ཆེན་བླངས་ལ་ལྷོ་ནུབ་བསྟན། །བདག་ཉིད་བྱང་ཤར་ཁ་བལྟས་ལ། །སྲིན་པོ་གདུག་པའི་སྔགས་ཀྱིས་བརྡེག །སྐབས་སུ་བམ་ཆེན་བསྐོར་ཞིང་གཞག །ལྷོ་ནུབ་ཁ་བལྟས་ལང་ཀ་བོད། །མི་རྐང་གླིང་བུའི་བརྡའ་བཏང་ལ། །མི་ཤ་མི་ཁྲག་ཚིལ་བུས་མཆོད། །སྲིན་པོ་དབང་སྡུད་ལས་ལ་གཟུད། །ཨོཾ་ཤྲཱི་བཛྲ་པདྨཱནྟ་ཀྲྀཏ་ཧཱུཾ། བཛྲ་མ་ཧཱ་ཀྲོ་དྷ་ཕཊ། རཀྵ་ཛ།ཧྲི་ཏ་ཛ། དུ་ར་ཏི། ར་ཤ་ན་ཛ། རཀྵ་རྦད་ནི་ཆོམ། དགྲ་ལ་ནྲྀ་ཛ། བཾ་ཧཱུཾ། ཨེ་ཨཱ་ར་ལི་ཧྲིཾ་ཛ། མ་ཧཱ་སྲོག་ཐུན་བྷྱོ། ཉུང་དཀར་སྔགས་བཟླས་སྲིན་པོའི་མདས། །ལྷོ་ནུབ་མཚམས་ནས་བྲབ་བྱས་ན། །ཅོག་པུར་འགྱེལ་དང་རེངས་ནས་འཆི། །བམ་ཆེན་གཟིར་མནན་བྲོ་བརྡུངས་ན། །འཁོར་བ་བསྒྲལ་བའི་ཐབས་སུ་འགྱུར། །དྲེགས་པ་ཚར་གཅོད་པའི་རྒྱུད་ལས། སྲིན་པོ་བསྒྲུབ་པའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་པདྨ་དབང་ཆེན་གྱིས། བདུད་ཀྱི་སྡེ་ཚན་སྒྲུབ་པའི་ལེའུ་འདི་བཀའ་སྩལ་ཏོ། །བྲག་ནག་བདུད་ཀྱི་རྟེན་གནས་པར། །དྲག་པོའི་རང་བཞིན་གྲུ་གསུམ་དུ། །བམ་ཆེན་སྙིང་ཤུན་དམིགས་དང་བཅས། །ཚོན་སྐུད་བདུད་ཀྱི་ཞགས་པས་བཅིངས། །དམུ་ལུག་ནག་པོའི་ཐོད་པར་སྩལ། །བྱ་ནག་མཚལ་བུ་གཟན་དུ་བོར། །ཤ་ཁྲག་སྙིང་སྣ་ཚོགས་ཀྱིས་མཆོད། །ཁྱི་ནག་བརྡུང་ཞིང་དར་ནག་གཡབ། །དྲག་སྔགས་བཟླས་ལ་ཉུང་དཀར་བརྡེག །བདག་ཉིད་དབང་ཆེན་སྐུར་བསྒོམས་ལ། །དབང་དུ་བསྡུ་ཞིང་ལས་ལ་གཟུད། །ཨོཾ་ཤྲཱི་བཛྲ་པདྨཱནྟ་ཀྲྀཏ་ཧཱུཾ། བཛྲ་མ་ཧཱ་ཀྲོ་དྷ་ཕཊ། ཙ་ཐང་ལེ་དྲེ་བ་མཱ་ར་ཡ་ནྲྀ་ཛ།བཾ་ཧཱུཾ། ཨེ་ཨཱ་ར་ལི་ཧྲིཾ་ཛ། མ་ཧཱ་སྲོག་ཤ་ཐུན་བྷྱོ། ཁྱི་ནག་བརྡུང་ཞིང་སྔགས་


DNG018_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

འདི་བཟླས། །ནག་པོ་ཁ་མུན་དྲེད་ཆོད། དགྲ་ལ་བྷྱོ། ནག་པོ་བདུད་མེད་ཡ་ཤ་ཁྱེད། ཆེ་གེ་མོ་འདི་ཟླུམ་ཁྱིམ་བཾ་བཾ་རོ་ལ་འདུས། ཟ་སྤུགས་རོ་སྤུགས།བདུད་རྩིས་འབྱུང་མོས་རོལ། བདུད་མོས་བཏང་བམ་ཁྱིམས་སྭཱ་ཧཱ། བཟླས་བརྗོད་གནམ་ལྕགས་ལྟ་བུ་སྟེ། །གདུག་པ་སྦྲུལ་གྱི་སེམས་འཆང་བས། །ལུག་ནག་ཐོད་པར་གཟིར་ཞིང་མནན། །ཡས་སྟགས་ཟན་བརྫིས་ཁྱི་ལ་བྱིན། །ཁྱིས་མ་འདོད་ན་བསྒྲུབ་པ་བསྐྱར། །དྲེགས་པ་ཚར་གཅོད་པའི་རྒྱུད་ལས། བདུད་ཀྱི་སྡེ་ཚན་སྒྲུབ་པའི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་དཔལ་པདྨ་དབང་ཆེན་གྱིས། གནོད་སྦྱིན་སྡེ་ཚན་སྒྲུབ་པའི་ལེའུ་འདི་བཀའ་སྩལ་ཏོ། །བྱང་དུ་ཁ་བལྟས་དབེན་པ་རུ། །ཉ་ཤ་སྒོག་བཙོང་ལ་ཕུག་དང་། །འབྱུང་པོའི་ཁ་ཟས་འཁར་གཞོང་བསག །རིན་ཆེན་སྣ་ཚོགས་བརྡར་བྱས་ལ། །གནོད་པ་སྦྱིན་པའི་ཚོགས་ལ་སྦྱིན། །འབྲུ་ཡི་ཆང་ངམ་ཆུ་གཙང་གིས། །རྟག་ཏུ་དེ་ལ་མཆོད་པ་བྱ། །དྲེའུའམ་ནི་མཛོ་ཡི་ཐོད་པ་རུ། །གང་ལ་དམིགས་པའི་མིང་རུས་གཞུག །གུ་གུལ་བདུག་ཅིང་དམེ་གོས་བརྡབ། །དབང་ཆེན་སྐུར་བསྒོམ་དབང་དུ་བསྡུས། །ཨོཾ་ཤྲཱི་བཛྲ་པདྨཱནྟ་ཀྲྀཏ་ཧཱུཾ། བཛྲ་མ་ཧཱ་ཀྲོ་དྷ་ཕཊ། ཤ་ཨི་སེན་ཏི་ཡམ་དུ་ཡཀྴ་ཕོར་པ་དུ་ཧབ། བཾ་ཧཱུཾ་ཨེ་ཨཱ་ར་ལི་ཧྲིཾ་ཛ། མ་ཧཱ་སྲོག་ཤ་ཐུན་བྷྱོ། སྔགས་བཟླས་སྐྱི་བ་རམ་བུས་བྲབ། །དེ་ནས་མཛོའམ་དྲེའུ་ཐོད་ལ། །གཟིར་ཞིང་མནན་པའི་རྟ་བྲོས་མནན། །གནོད་པ་སྦྱིན་པའི་ལག་ཏུ་གཏད། །སྔགས་འདི་བརྒྱའམ་སྟོང་དུ་བཟླས། །ཧབ་ཤམ་ཡ་ཏྲི་ནི་ར་ཟུང་ཆུམ་ཤིག །མངོན་སྤྱོད་དྲག་ཤུལ་འདི་སྤྱད་ན། །འཇིག་རྟེན་སྤོང་བའི་ལས་སུ་འགྱུར། །དྲེགས་པ་ཚར་གཅོད་པའི་རྒྱུད་ལས། གནོད་སྦྱིན་སྡེ་ཚན་སྒྲུབ་པའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་པདྨ་དབང་ཆེན་གྱིས། ཀླུ་སྡེ་ཚན་དང་བཅས་པ་སྒྲུབ་པའི་ལེའུ་འདི་བཀའ་སྩལ་ཏོ། །བྱོལ་སོང་གདུག་པ་གནས་པའི་སར། །རིན་ཆེན་བུམ་པར་སྨན་


DNG018_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྩི། །དཀར་གསུམ་སྦྱར་བའི་གཏོར་མས་མཆོད། །མཛེ་ཕོའི་ཐོད་པ་གསར་པ་རུ། །ཤེལ་དང་ཕུག་མ་སྣ་བདུན་གྱིས། །ཟག་པའི་རྫས་ལ་གཟུགས་མིང་བྱ། །གུ་གུལ་བདུག་དང་ཚོན་གྱིས་བཅིང་། །སྐྱེ་ཚེ་ཉུང་གསུམ་སྔགས་བཟླས་བྲབ། །དབང་ཆེན་སྐུར་བསྒོམས་དབང་དུ་བསྡུ། །གདུག་པ་གནས་པའི་ཁྱིམ་དག་གཞུག །ཀླུ་ནད་ཐེ་ཚོམ་མེད་པར་འབེབས། །ཨོཾ་ཤྲཱི་བཛྲ་པདྨཱནྟ་ཀྲྀཏ་ཧཱུཾ། བཛྲ་མ་ཧཱ་ཀྲོ་དྷཱ་ཕཊ། ཨོཾ་ཏ་ནན་རཏྣ་ནཱ་ག་པུ་ནཱ་ག་པུ་ཧཱུཾ་ཛ་ཧཱུཾ་ཛ་ཛ། བཾ་ཧཱུཾ་ཨེ་ཨཱ་ར་ལི་ཧྲིཾ་ཛ། མ་ཧཱ་སྲོག་ཤ་ཐུན་བྷྱོ། སྔགས་འདི་སྦྱོར་བའི་ལས་བྱས་ན། །རཱུ་ཏྲ་ཕུར་པའི་ལས་སུ་འགྱུར། །དེས་ཀྱང་སྦྱོར་བ་མ་ཐེབས་ན། །མཛེ་ཕོའི་ཐོད་པ་དམེ་ཁྲག་བཅས། །བྲ་མའི་ཤིང་ལ་མེ་བཏང་སྟེ། །བྱོལ་སོང་གདུག་པའི་རྟེན་པར་སྲེག །སྔགས་འདི་བཟླས་ཤིང་ཁྲག་བསྐོལ་ལ། །མཛེ་ཐོད་རྦབ་ཏུ་སྒྲིལ་བྱས་ན། །མཛེ་རིམས་ཐེ་ཚོམ་མེད་པར་ཡང་། །ནཱ་ག་གུར་ལིང་སྙིང་ཁྲག་མ་མོ་རུལ། །ཞེས་བསྲེག་གོ། །དྲེགས་པ་ཚར་གཅོད་པའི་རྒྱུད་ལས། ཀླུ་སྒྲུབ་པའི་ལེའུ་སྟེ་ཉི་ཤུ་རྩ་ལྔ་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་དཔལ་པདྨ་དབང་ཆེན་གྱིས། ལྷའི་སྡེ་ཚན་སྒྲུབ་པ་འདི་བཀའ་སྩལ་ཏོ། །དྲི་སྨན་མེ་ཏོག་ཆགས་པའི་སར། །མཎྜལ་བཟང་དྲུག་བྱི་དོར་བྱ། །ཏཱ་ལའི་ཤིང་ལ་མིང་བྱང་བྲི། །རྨ་བྱའི་རྒྱལ་མཚན་གྲ་ཕྱིར་རྟེན། །ཏིལ་གྱི་གཅལ་བཀྲམ་སྟེང་དུ་གཞག །ཙནྡན་སྨུག་པོའི་དུད་པ་བཏང་། །སྤྱན་གཟིགས་དཀོར་ཆའི་གཏོར་མས་མཆོད། །ལྕགས་ལས་བྱས་པའི་མདེའུ་རྩེ་གསུམ། །མདའ་ལྔ་མི་རྩིབ་གཞུ་དང་བཅས། །སྔགས་བཟླས་དབང་པོ་རྣམ་ལྔར་བརྡེག །སྦྲུལ་གྱི་རྒྱལ་མཚན་དག་གིས་གཡབ། །སྔགས་བཟླས་ཏིལ་གྱིས་བྲབ་པར་བྱ། །དབང་ཆེན་སྐུར་བསྒོམ་དབང་དུ་བསྡུ། །ཨོཾ་བཛྲ་པདྨཱནྟ་ཀྲྀཏ་ཧཱུཾ། བཛྲ་མ་ཧཱ་ཀྲོ་དྷ་ཕཊ། ལ་དྲིལ་ར་ཁ་དྷི་བ་ཨ་ར་པ་ཀི་ཤ་ཀ །མ་རུ་པ་ལ། ཧྲི་ཨ་ཧྲཱྀ་བཾ་ཧཱུཾ་ཨེ་ཨཱ་ར་ལི་ཧྲིཾ་ཛ། མ་ཧཱ་


DNG018_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་ཤ་ཐུན་བྷྱོ། ཙནྡན་ཤིང་ལ་མེ་བཏང་ལ། །ཚ་བའི་རྫས་དང་ལིངྒ་བསྲེག །གྷི་ལ་དེ་བ་ཨ་ར་པ་མེ་བི་ཀ་པ་མ་ར་ཁཱ་ཧི། བསྲེག་ཅིང་གཟིར་བའི་ལས་བྱས་ལ། །ཐལ་བ་ལིངྒ་མནན་པའི་བྲོ། །དྲག་ཤུལ་རྔམ་པའི་སྤྱོད་པ་ཡིས། །ཁམས་གསུམ་རྡུལ་དུ་རློག་པར་བྱེད། །དྲེགས་པ་ཚར་གཅོད་པའི་རྒྱུད་ལས། ལྷ་སྒྲུབ་པའི་ལེའུ་སྟེ་ཉི་ཤུ་རྩ་དྲུག་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་དཔལ་པདྨ་དབང་ཆེན་གྱིས། རཀྟ་ཁྲག་གི་ལྷ་མོ་ཙ་མུཎྜའི་བསྒྲུབ་པ་འདི་བཀའ་སྩལ་ཏོ། །དུར་ཁྲོད་གསར་རྙིང་སར་སོང་ལ། །དཀྱིལ་འཁོར་ཁྲག་གིས་ཆག་ཆག་གདབ། །མཚན་ལྡན་བམ་ཆེན་ཆས་སུ་གཞུག །མོན་ཐོད་ལྷ་ཡི་གཟུགས་བྱས་ལ། །རཀྟ་ཁྲག་གིས་རྒྱུན་དུ་མཆོད། །རྒྱན་བྱས་ཕྱག་བྱས་དཔེ་བྱད་ཅན། །མཁས་པས་བམ་ལ་ནན་ཏན་བྱ། །བམ་མ་རྙིང་ན་ཐོད་པར་བརྟེན། །གཏད་ན་ཀླུ་སྦལ་ལིངྒར་བཅས། །བ་དམར་གླང་མཆོག་རྭར་བཅུག་ལ། །གདུག་པ་གནས་པའི་ས་རུ་གཏད། །སྲོག་རྦད་བསད་པའི་སྙིང་པོ་ནི། །ཨོཾ་རུ་ཏི་ཛ་རི་ཏི་ཛ་ཛ། ཙ་ཙ་ཙི་ཙི། ཏྲག་རཀྴ་ཁ་མུན་ཏྲི་སྙིང་ཁ་རག་མ་མ་དུ་བྷྱོ། རག་མོ་ཁ་རག་ཙིཏྟ་ཁ་རག་ཧཱུཾ་ཕཊ། དྲིལ་བ་འདི་ལ་རྟགས་བྱུང་ན། །དགུག་སོགས་གཏད་དང་མནན་བསྲེག་བྱ། །ཨོཾ་ནྲྀ་ཁྲག་ཚལ་པ་བཛྲ་གུ་ཡ་ཙི་ར་མ་སྙིང་ལ་ཙ་ཛ་ཛ། ཨོཾ་ཐོད་པ་ཡ་ནི་མཱ་ར་ཡ་རྟོག་པ་སྲོག་ཡ་མི་ཏ་ཧཱུཾ་ཕཊ། ཨོཾ་སོས་པ་ཤིག་མི་སྙིང་ལ་ཁང་དུ་ཡ་ནི་རོ་ཤན་གུམ་ཡ་ཛ། རོ་ཤན་མི་སྙིང་ལ་ནྲྀ་ཛ།གནད་ནས་མིང་ཉིད་འདི་སྐད་བསྐུལ། །གནོད་སྦྱིན་སྲིན་མོའི་གཟུགས་ཀྱི་མཐུ་ཡིས་འཁོར་སྡུད་མ། །ཞིང་གསོད་ཁྲག་འཐུང་དམར་མོ་མཁའ་འགྲོ་བྱེ་བ་འཁོར། །མཐིང་གི་རྟ་ཞོན་འབྲུག་གི་གཙོ་མོ་མཛད་ཅིང་དགྲ་འདུལ་མ། །ས་བདག་ནད་ཀྱིས་བརླག་མཛད་ཁ་ཊྭཱཾ་རཱུ་ཏྲ་སྒྲོལ། །ཕུང་བྱེད་སྟོབས་ཀྱིས་ཤ་རུས་མ་ལུས་གསོལ། །རླུང་ལ་བཅིབས་ཤིང་དཔག་ཚད་བརྒྱད་ཁྲིར་འགྲོ། །རྣལ་འབྱོར་ལས་མཁན་མཁའ་འགྲོ་དཔལ་གྱི་བཀའ་ཉན་ཐ་ཚིག་ཅན། །བདག་གི་དགྲ་ནི་མྱུར་དུ་བརླག་པར་མཛད་དུ་གསོལ། །ཞེས་གསོལ་ཏོ། །དྲེགས་པ་ཚར་


DNG018_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་པའི་རྒྱུད་ལས། རཀྟ་ཙ་མུཎྜའི་ལེའུ་སྟེ་ཉི་ཤུ་རྩ་བདུན་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་དཔལ་པདྨ་དབང་ཆེན་གྱིས། སྲིན་མོ་མགོ་འཕྱངས་མ་སྒྲུབ་པ་འདི་བཀའ་སྩལ་ཏོ། །གནོད་སྦྱིན་མ་ཚོགས་གནས་པའི་སར། །དཀྱིལ་འཁོར་ཁྲུ་ནི་ཉིས་བརྩེགས་ལ། །མགོ་འཕྱངས་མཐུན་པའི་རྫས་སུ་བཅས། །གང་དམིགས་གྲོ་ཤོག་བྲིས་པ་ལ། །ན་ཆུང་ལག་པས་གཡབ་ཅིང་བརྡབ། །ཐོད་པ་མཚན་ངན་ཁར་བཅུག་ལ། །སྔོན་དམར་ཚོན་གྱིས་རྒྱ་གྲམ་བསྡམ། །གདུག་པ་གནས་པའི་ས་ཕྱོགས་མནན། །དུར་ཁྲོད་ཐོད་པ་མཚན་ངན་དུ། །སྣ་ཚོགས་དུག་དང་ཁྲག་བླུགས་ལ། །སྒྲོལ་སྔགས་ཐོད་མདའ་གནས་སུ་བརྡེག །ཁམས་གསུམ་སྒྲོལ་བའི་ལས་སུ་གྱུར། །སྲོག་གི་སྙིང་པོ་འདི་ནས་བོད། །མ་མ་ཏྲག་རཀྴ་ཁ་མུན་ཏྲ་སྙིང་ཁ་རག་མོ་ཐུན་བྷྱོ་ཛ་ཛ། བདག་ཉིད་དཔལ་ཆེན་སྐུར་བསྒོམས་ལ། །དབང་སྡུད་སྙིང་པོ་འདི་ཡིས་རྦད། །མ་མ་ནག་མོ་དུན། མ་མོ་ཧར་ཧུར་མུ་ཧ་ལ་ཆོ་ཆོ། ས་མ་ཡ་ཛ་ཛ། ལས་ལ་གཟུད་པ་འདི་ཡིས་བསད། །མ་མ་རཱུ་ཏྲ་ཧེ་རྦད་ན་ལིང་། སྙིང་ལ་གཟེར། ཁ་ཕུར་ཁ་ཕུར་མ་ཧཱ་ཕར་བྷྱོ། རུ་ལུ་མཱ་ར་ཡ་སོད། ཉུང་དཀར་ཐུན་སྒྲོལ་སྔགས་འདིའོ། །མ་ཏྲ་རིག་ཤམ་ཐུན་ཏྲག་ཧལ། མ་ཧཱ་སྲོག་ཤ་སྙིང་ཟ་མ་ཐུན་བྷྱོ། འབར་མ་གར་གྱི་བཀའ་སྡོད་མ། །མགོ་འཕྱངས་ཅི་བཞིན་མདུན་དུ་དམིགས། །དྲག་པོའི་སྟོབས་ཀྱིས་བསྒྲལ་བར་བྱ། །འབར་མ་ཁྲག་འཐུང་བྲོ་བརྡུང་ཞིང་། །རྔམ་པའི་རྟ་སྐད་ཟིལ་གྱིས་མནན། །མོ་ཉིད་གནད་ནས་འདི་སྐད་བསྐུལ། །ཧཱུཾ། བསྐལ་པ་སྟོང་གི་ཕ་རོལ་ནས། །ཁྲག་འཐུང་འབར་བའི་ཕོ་ཉ་མོ། །སྲིན་མོ་འབུམ་གྱི་གཙོ་མོ་སྟེ། །སྲིན་མོ་ཆེན་མོ་མགོ་འཕྱངས་མ། །དཔག་ཚད་ཀྱིས་ཀྱང་སྐུ་མ་སླེབ། །ཁྲག་གི་རལ་པ་དམར་པོ་ལས། །ལྕགས་ཀྱི་སེར་བ་འབེབས་པ་མོ། །སྤྱན་ནི་ཉི་ཟླའི་དཀྱིལ་འཁོར་འདྲ། །ཁྱོད་ཀྱི་དཔྲལ་བའི་དབྱེས་ཉིད་ལས། །སྨེ་བ་སྨིན་དྲུག་འདྲ་བ་ཡོད། །ཞལ་ནས་ཁྲག་དང་ཞག་འཛག་


DNG018_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

མ། །སྲིན་མོའི་ཕྲག་པ་གཡས་པ་ན། །སྲིན་མོ་རྣམས་ཀྱི་རྒྱལ་མཚན་ཅན། །སྲིན་མོའི་ཕྲག་པ་གཡོན་པ་ན། །ཐོད་པ་གསར་རྙིང་ཕྲེང་བ་ཅན། །ཕྱག་ནི་གཡས་པའི་སོར་མོ་ལས། །ལྕགས་ཀྱུ་མང་པོའི་འཕྲོ་འདུ་འགྱེད། །དགྲ་བོ་རྣམས་ཀྱི་སྙིང་ནས་འདྲེན། །གཡོན་པ་གནོད་སྦྱིན་ཕྱག་རྒྱ་ཡིས། །དགྲ་བོ་ཐམས་ཅད་རྡུལ་དུ་རློག །སྦྲུལ་ནག་གདུག་པས་སྐུ་ལ་བརྒྱན། །མི་ལྤགས་རློན་པའི་ཤམ་ཐབས་ཅན། །ཞབས་གཡས་མི་ཐོད་ཁྲི་ལ་བཞུགས། །གཡོན་པ་ཀེང་རུས་ཁྲི་ལ་བཞུགས། །ནག་མོ་ཁྱོད་ཀྱི་ཟས་སྐལ་ནི། །ནང་མ་གཅིག་ལ་མི་འབུམ་གྱི། །ཙིཏྟ་ཕྱུང་ནས་ཟ་བྱེད་མ། །ནུབ་མོ་གཅིག་ལ་མི་འབུམ་གྱི། །སྙིང་ཁྲག་ཕྱུང་ནས་འཐུང་བྱེད་མ། །དམ་ཉམས་འདི་ཡི་ཙིཏྟ་ཕྱུང་། །དམ་ཉམས་འདི་ཡི་སྙིང་ཁྲག་འཐུང་། །ལྕགས་ཀྱུས་འདི་ཡི་སྙིང་ནས་དྲོངས། །གནོད་སྦྱིན་ཕྱག་རྒྱས་སྡོམ་ལ་ཤོག །བསྒྲལ་བའི་ཕྲིན་ལས་དུས་ལ་བབ། །སྲིན་མོ་ཁྱོད་ཀྱིས་མ་བཏང་ཞིག །དུས་ལ་བབ་པོ་ཤོར་ར་རེ། །ཞེས་དྲག་བརྡའ་ཆེར་བྱས་ལ། ཁྲོས་པས་བསྒྲལ་བའི་ལས་བྱའོ། །ཞེས་གསུངས་སོ། །དྲེགས་པ་ཚར་གཅོད་པའི་རྒྱུད་ལས། ནག་མོ་མགོ་འཕྱངས་མ་བསྒྲུབ་པའི་ལེའུ་སྟེ་ཉི་ཤུ་རྩ་བརྒྱད་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་དཔལ་པདྨ་དབང་ཆེན་གྱིས། དགྱེས་པའི་བརྡའ་སྐད་ཕྱོགས་བཞིར་བསྒྲགས་ནས། ཧ་ཧ་དང་རུ་ལུ་དང་། ཕཊ་ཕཊ་ཀྱི་སྒྲ་འབྲུག་སྟོང་དུས་གཅིག་ཏུ་ལྡིར་བ་བསྒྲགས་པས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུས་གཅིག་ལ་གཡོས་པར་འགྱུར་རོ། །དྲེགས་པ་ཅན་གྱི་ཚོགས་ཐམས་ཅད་ཀྱང་རབ་ཏུ་མྱོས་ཤིང་བརྒྱལ་བར་གྱུར་ཏོ། །འབར་བ་ཆེན་པོ་མི་གནས་པའི་ཆོས་ཀྱི་དབྱིངས་སུ་སླར་མནལ་བ་ལས། དྲེགས་པ་ཅན་ཐམས་ཅད་བརྒྱལ་སངས་ནས། སྔོན་གྱི་དམ་ལས་མི་འདའ་ཞིང་བདེན་པའི་བཀའ་ལ་གནས་པར་གྱུར་ཏོ། །དྲེགས་པ་ཅན་ཚར་གཅོད་པའི་རྒྱུད་ལས། གདུག་པ་སྤ་བཀོང་བའི་ལེའུ་སྟེ་ཉི་ཤུ་རྩ་དགུ་པའོ།། །།རྒྱུད་འདི་ནི་ཨུ་རྒྱན་གྱི་སློབ་དཔོན་
པདྨས་བསྒྱུར་ནས། རྒྱལ་པོ་བྱང་ཆུབ་སེམས་དཔའ་ལ་གཏད་ནས་སྦས་པའི་མན་ངག་འདི། ཕྱི་རབས་ཀྱི་རྣལ་འབྱོར་པ་ལས་འཕྲོ་ཅན་དང་འཕྲད་པར་ཤོག །པདྨ་དབང་ཆེན་གྱི་དྲེགས་པ་ཅན་ཚར་གཅོད་པའི་རྒྱུད་རྫོགས་སོ།། །། ས་མ་ཡ། རྒྱ་རྒྱ་རྒྱ།། །།

པདྨ་དབང་ཆེན་ཡང་གསང་ཁྲོས་པའི་རྒྱུད་ཅེས་བྱ་བ།


DNG018_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། པདྨེ་ཤྭ་ར་མ་ཧཱ་གུ་ཧྱ་ཀྲོ་ཏ་ཏན་ཏྲ་ནཱ་མ།བོད་སྐད་དུ། པདྨ་དབང་ཆེན་ཡང་གསང་ཁྲོས་པའི་རྒྱུད་ཅེས་བྱ་བ། དཔལ་ཧ་ཡ་གྲཱི་ཝ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།བཅོམ་ལྡན་འདས་ཧ་ཡ་གྲཱི་ཝ་དབང་གི་རྒྱལ་པོ་དེ། དབང་ཆེན་རྔམས་པ་འབར་བའི་གནས་ན། འཁོར་གྱི་ཚོགས་པདྨའི་ཁྲོ་བོ་ཁྲོ་མོ་རྣམས་དང་། འཇིག་རྟེན་འདུལ་བའི་དྲེགས་པ་ཅན་བསམ་གྱིས་མི་ཁྱབ་པ་དང་ཐབས་ཅིག་ཏུ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་དབང་གི་རྒྱལ་པོ་པདྨ་ཁྲག་འཐུང་ཆེན་པོ་དེས། དབང་ཆེན་ཁྱད་པར་བསྟན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས། འཇིག་རྟེན་གྱི་ཁམས་ཐམས་ཅད་གཡོས་ཏེ། འུར་འུར་རབ་ཏུ་འུར། ཆེམ་ཆེམ་རབ་ཏུ་ཆེམ། འདེགས་ཤིང་འཇིགས་ལ་ཁད་པར་གྱུར་ཏོ། །འཁོར་ཐམས་ཅད་བརྒྱལ་ཏེ་ལུས་ས་ལ་རྡེབས་སོ། །སྲིད་པ་གསུམ་གྱི་དྲེགས་པ་ཅན་བསམ་གྱིས་མི་ཁྱབ་པ་ཐམས་ཅད་ཀྱང་། དཔེར་ན་ཤིང་ལོ་སྐམ་པོ་རླུང་གིས་བཏབ་པ་བཞིན་དུ་རང་ལ་དབང་མེད་པར་དབང་དུ་འདུས་སོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བདུད་ཟིལ་གྱི་མནན་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་དག་ཐམས་ཅད་ཀྱང་དབུགས་ཕྱུང་སྟེ་དྲན་པ་རྙེད་པར་གྱུར་ཏོ། །དེ་ནས་འཁོར་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ་བཅོམ་ལྡན་འདས་དབང་ཆེན་དཔལ། །པདྨ་ཁྲག་འཐུང་དབང་ཆེན་རྒྱལ། །བྱིན་རླབས་ཆོ་འཕྲུལ་ངོ་མཚར་ཆེ། །བདག་ཅག་སྣང་སྲིད་དྲེགས་པ་ཅན། །སྲོག་གི་སྙིང་པོ་ཉིད་ལ་འབུལ། །དཔལ་གྱི་བྲན་གཡོག་ཕོ་ཉ་བགྱིད། །ཅི་བགྱི་ལ་སོགས་བཀའ་སྩལ་ཉན། །


DNG018_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

གལ་ཏེ་སྤྱན་སྔར་དམ་བཅས་བཞིན། །མ་བགྱིས་བདག་ཅག་དྲེགས་རྣམས་ཀྱི། །མགོ་ལུས་སྙིང་ཡང་འགས་གྱུར་ཅིག །ཅེས་བྲོ་བོར་རོ། །དེ་ནས་བཅོམ་ལྡན་འདས་པདྨ་དབང་ཆེན་གྱིས་འཁོར་དུ་འདུས་པའི་དྲེགས་པ་ཅན་དེ་དག་དམ་ལ་བཏགས་ཏེ། སངས་རྒྱས་ཀྱི་བསྟན་པ་བསྲུང་བར་མངགས་སོ། །པདྨ་དབང་ཆེན་ཡང་གསང་ཁྲོས་པའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་ཡུམ་ཁྲོ་མོ་པདྨ་གར་གྱི་དབང་ཕྱུག་མ་དེས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ། བཅོམ་ལྡན་འདས་རྟ་མཆོག་དཔལ། རང་བཞིན་དཀྱིལ་འཁོར་ཇི་ལྟར་ལགས། །ཉག་གཅིག་དཔལ་ལ་ཉན་པར་འཚལ། །ཞེས་ཞུས་པས། བཅོམ་ལྡན་འདས་ཉིད་ཀྱིས་རང་བཞིན་གྱི་དཀྱིལ་འཁོར་འདི་བཤད་དོ། །ཆོས་ཉིད་ནམ་མཁའ་ལྟ་བུ་ལ། །རང་བྱུང་ཡེ་ནས་དཀྱིལ་འཁོར་ནི། །དབུས་ན་གྲུ་གསུམ་ཟླ་གམ་གསུམ། །ཕྱི་རོལ་འཁོར་ལོ་རྩིབས་བཞི་པ། །ཐོད་པ་སྐམ་རློན་འཕྲེང་བ་ཟླུམ། །གྲུ་ཆད་སྒོ་བཞི་རྒྱན་དང་ལྡན། །མཐའ་མ་རྡོ་རྗེ་མེ་རིས་བསྐོར། །གྲུ་གསུམ་སྨུག་ནག་ཟླ་གམ་དམར། །རྩིབས་བཞི་གྲུ་ཆད་སྒོ་ཕྱོགས་ཚོན། །རྩིབས་མཆན་མཛེས་ཚོན་རྩིགས་པ་ལྔ། །འདོད་ཡོན་དྲ་ཕྱེད་ཕ་གུ་དང་། །རྟ་བབས་དང་བཅས་རབ་ཏུ་མཛེས། །དབུས་ཀྱི་གྲུ་གསུམ་བདུད་ནག་གདན། །པདྨ་ཉི་མ་འོད་དུ་འབར། །མེ་དཔུང་འབར་བའི་ཀློང་དཀྱིལ་ན། །པདྨ་ཁྲག་འཐུང་རྟ་མཆོག་དཔལ། །སྐུ་མདོག་དམར་ནག་ཆེན་པོ་ལ། །དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །གཡས་དཀར་གཡོན་ལྗང་དབུས་དམར་གནག །དབུ་སྐྲ་ཁམ་ནག་གྱེན་དུ་འཁྱིལ། །དབུ་ལ་ཐོད་སྐམ་ལྔ་ཡིས་བརྒྱན། །གཙུག་ན་རྟ་མགོ་ལྗང་ཁུ་འཚེར། །སྐུ་སྟོད་ཞིང་ཆེན་གླང་ཆེན་མནབས། །སྐུ་སྨད་སྟག་ཤམ་ཐོད་རློན་ཕྲེང་། །རིགས་བཞིའི་སྦྲུལ་རྒྱན་ཆས་རྣམས་རྫོགས། །སྤྱན་གསུམ་ཞལ་བགྲད་མཆེ་བ་གཙིགས། །སྨིན་མ་སྨ་ར་ཨག་ཚོམ་སེར། །པདྨ་ལྕགས་ཀྱུ་བེ་ཅོན་གཡས། །བྷན་དམར་ཞགས་པ་རལ་གྲི་གཡོན། །ཞབས་བཞི་བརྐྱང་བསྐུམ་ཚུལ་


DNG018_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བཞུགས། །གཡོན་ན་ཡུམ་ཆེན་ཁྲོ་མོ་ནི། །པདྨ་གར་གྱི་དབང་ཕྱུག་མ། །སྐུ་མདོག་སྔོ་ནག་དུར་ཁྲོད་ཆས། །དབུ་རལ་ནག་པོ་རིན་ཆེན་སྤྲས། །ཁྲོ་ཚུལ་སྤྱན་གསུམ་མཆེ་བ་གཙིགས། །གཡས་འཁྱུད་གཡོན་པ་དུང་དམར་སྟོབ། །ཤར་གྱི་རྩིབས་ལ་དྲི་ཟའི་གདན། །རྡོ་རྗེ་དབང་ཆེན་ཁྲོ་བོའི་སྐུ། །ཞལ་གཅིག་ཕྱག་གཉིས་ཤིན་ཏུ་ཁྲོས། །དུར་ཁྲོད་ཆས་བརྒྱད་རྫོགས་པར་ལྡན། །རྡོ་རྗེ་ཐོད་དབྱུག་ཕྱག་ན་བསྣམས། །ལྷོ་ཡི་རྩིབས་ལ་གྲུལ་བུམ་གདན། །རིན་ཆེན་དབང་ཆེན་ཁྲོས་པའི་སྐུ། །རིན་ཆེན་ལྕགས་ཀྱུ་ཕྱག་ན་བསྣམས། །ནུབ་ཀྱི་རྩིབས་ལ་ཀླུ་དབང་གདན། །པདྨ་དབང་ཆེན་ཁྲོས་པའི་སྐུ། །པདྨ་ཞགས་པ་ཕྱག་ན་བསྣམས། །བྱང་གི་རྩིབས་ལ་གནོད་སྦྱིན་གདན། །ཕྲིན་ལས་དབང་ཆེན་ཁྲོ་བོའི་སྐུ། །རལ་གྲི་ཁ་ཊྭཱཾ་ཕྱག་ན་བསྣམས། །བཞི་ཀའང་ཞལ་གཅིག་ཕྱག་གཉིས་པ། །ཆས་བརྒྱད་མེ་དཔུང་ཀློང་ན་བཞུགས། །སྒོ་བཞིར་སྒོ་མ་བཞི་གནས་ཏེ། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ། །དཀར་སེར་དམར་ལྗང་དུར་ཁྲོད་རྒྱན། །དེ་ནི་རང་བཞིན་དཀྱིལ་འཁོར་རོ། །པདྨ་དབང་ཆེན་ཡང་གསང་ཁྲོས་པའི་རྒྱུད་ལས། རང་བཞིན་གྱི་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡུམ་པདྨ་གར་གྱི་དབང་ཕྱུག་མས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཧོ་བཅོམ་ལྡན་རྟ་མཆོག་དཔལ། །རྩ་བའི་སྒྲུབ་དང་ཕྲིན་ལས་དང་། །དྲག་པོ་ལས་ཀྱི་རིམ་པ་རྣམས། །འཁོར་ལ་རྒྱས་པར་བཤད་དུ་གསོལ། །ཞེས་ཞུས་པས་བཅོམ་ལྡན་འདས་ཀྱིས་རྩ་བའི་ཕྲིན་ལས་འདི་བཤད་དོ། །བསྟན་པ་གཉན་པོ་བསྲུང་བའི་ཕྱིར། །པདྨ་དབང་ཆེན་སྒྲུབ་ཐབས་བརྩམ། །དབང་དྲོད་དང་ལྡན་སློབ་དཔོན་འཁུར། །བརྩོན་འགྲུས་ལྡན་པས་རྩེ་གཅིག་བསྒྲུབ། །དུར་ཁྲོད་རི་བྲག་དམར་པོ་ལ། །ནུབ་རི་མཐོ་བརྗིད་ཤར་རི་དམའ། །ནགས་ཚལ་སྟུག་པོ་ནུབ་ཏུ་བལྟས། །ནམ་མཁའ་པདྨ་འདབ་བརྒྱད་འདྲ། །ཉི་ཟླ་གཟའ་སྐར་འོད་འབར་ཞིང་། །ཆུ་བྲན་རི་བྲག་ཀུན་འདུད་པར། །ཚ་ཚ་སྦྱིན་གཏང་མདོ་སྡེ་


DNG018_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

འདོན། །འདུས་བྱས་དགེ་རྩ་ནུས་ཚད་བྱ། །དུར་ཁྲོད་རི་ལྷུན་ཐལ་ཆེན་ལ། །མཎྜལ་ཁྲུ་གང་གྲུ་གསུམ་པ། །གྲུ་བཞི་རྩིབས་ལ་ཁྲག་སྣས་བྱུག །གྲུབ་སྨན་བདུད་རྩིའི་གོ་མ་ཡེ། །དཀྱིལ་འཁོར་བྲིས་ལ་རྒྱན་རྣམས་དགྲམ། །དབུས་སུ་པདྨ་བྷན་དྷ་རུ། །སྐྱེས་པ་དར་མ་བུད་མེད་གཞོན། །མེ་ཏོག་སྣ་ཚོགས་པདྨའི་མདངས། །གླིང་ལྔའི་ཁ་བཅད་དར་དམར་གྲིལ། །ཧཱུཾ་གིས་རྒྱས་བཏབ་བདུད་རྩི་བླུགས། །ནུབ་སྒོར་འབྲུ་སྣ་ཤ་རུ་ཚོགས། །མེ་ཏོག་སྣ་ཚོགས་གཏོར་མ་བཤམ། །བདུད་རྩི་རཀྟ་ཏ་ཕྱི་མཆོད་ལྔ། །བླ་རེ་འཕན་གདུགས་ཕྲེང་བ་དང་། །གླིང་བུ་གསུར་དང་ཀེང་རུས་བཤམ། །དུར་ཁྲོད་རས་ལ་སྐུ་བྲིས་ཏེ། །རབ་གནས་བྱས་ལ་ནུབ་ཏུ་དགྲམ། །དེ་ལྟར་རྫས་རྣམས་རབ་རྫོགས་ནས། །རང་ཉིད་སྐད་ཅིག་ཏིང་འཛིན་གྱིས། །པདྨ་ཁྲག་འཐུང་སྐུ་རུ་བསྐྱེད། །ཐུགས་ཀྱི་སྙིང་པོ་འོད་འཕྲོས་པས། །ཕྱོགས་བཅུར་མེ་མཚོན་ཁྲོ་བོའི་གུར། །དེ་ལྟར་གསལ་བས་མཚམས་བཅད་དོ། །ཧཱུཾ་དཔལ་ཆེན་མི་བཟད་དཀྱིལ་འཁོར་ནས། །འབར་བའི་ཁྲོ་བོ་མེ་དཔུང་འབར། །གདུག་པའི་མཚོན་ཆ་སྣ་ཚོགས་བསྣམས། །བགེགས་དང་ལོག་འདྲེན་རྡུལ་དུ་རློག །དབང་ཆེན་མེ་དཔུང་དམར་ནག་འབར། །བསྐལ་པ་དུས་མཐའི་མེ་ལྟ་བུ། །དབང་དྲག་མཚོན་ཆ་བྲག་ལྟར་གཏམས། །གང་ལ་བབ་ཀྱང་གཅོད་ཅིང་སྒྲོལ། །དབང་ཆེན་ཁྲོ་བོ་མི་བཟད་རྔམས། །སྲིད་པའི་ཡེ་ཤེས་འཁོར་ལོ་འཁྲིགས། །དབང་ཆེན་མཚམས་ལས་གང་འདའ་བ། །རྡུལ་ཕྲན་བཞིན་དུ་རླག་པར་གྱིས། །དེ་ནས་མདུན་གྱི་ནམ་མཁའ་ལ། །ཡི་དམ་ལྷ་རྣམས་སྤྱན་དྲངས་ལ། །སྡིག་སྒྲིབ་བཤགས་པ་གང་རུང་བྱ། །དེ་ནས་མཆོད་པ་བྱིན་གྱིས་བརླབ། །རཾ་གྱིས་སྦྱངས་ལ་ཨ་ཡིས་སྤེལ། །ཕྱི་མཆོད་ལྷ་མོ་ལྔ་རུ་བརླབ། །ནང་མཆོད་འདོད་ཡོན་ལོངས་སྤྱོད་བརླབ། །དེ་ལྟར་རྫོགས་ནས་ཕྲིན་ལས་གཞུང་བསྲང་ངོ་། །ཧཱུཾ་ཆོས་ཉིད་ནམ་མཁའ་ཀློང་ཡངས་ནས། །ཆོས་རྣམས་སྣ་ཚོགས་རང་ཤར་བ། །རང་བཞིན་མེད་པ་ཆུ་ཟླ་འདྲ། །ཐུགས་རྗེ་ཆེན་


DNG018_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཀུན་ལ་ཁྱབ། །སྙིང་པོ་ཡེ་ཤེས་ཧཱུཾ་གི་དབྱིབས། །ཆེན་པོ་ལྔ་ཡི་སྙིང་པོ་ལྔ། །འབྱུང་བ་ལྔ་ཡི་དྭངས་མ་ཆགས། །ཡེ་ཤེས་འབར་བའི་གཞལ་ཡས་ཁང་། །ཆོས་ཀྱི་དབྱིངས་ཀྱི་གནས་ཆེན་པོ། །འཁོར་ལོ་དབང་ཆེན་ཕོ་བྲང་ལྡན། །ཕྱི་ནང་མེད་པ་ཡོངས་སུ་གསལ། །གདན་སྟེང་སྐུ་བསྐྱེད་དབང་བསྐུར་ཅིང་། །བྱིན་གྱིས་བརླབ་པ་རབ་ཏུ་བྱ། །ཡབ་ཡུམ་གཉིས་མེད་སྦྱོར་བ་ལས། །སྤྲུལ་པའི་དཀྱིལ་འཁོར་རབ་ཏུ་གདོན། །པདྨ་དབང་ཆེན་ཡང་གསང་ཁྲོས་པའི་རྒྱུད་ལས། དམ་ཚིག་གི་དཀྱིལ་འཁོར་བསྐྱེད་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་སོ། །ཧཱུཾ་ཆོས་ཀྱི་དབྱིངས་ལས་སྐུ་བཞེངས་པ། །དབང་ཆེན་ཁྲོས་པའི་རྒྱལ་པོ་བཞེངས། །དབུས་ཀྱི་ཡེ་ཤེས་གཞལ་ཡས་ནས། །པདྨ་རྟ་མཆོག་གཤེགས་སུ་གསོལ། །ཡུམ་ཆེན་ཁྲོ་མོ་གཤེགས་སུ་གསོལ། །ཕྱོགས་བཞི་འཁོར་ལོའི་རྩིབས་སྟེངས་ནས། །སྤྲུལ་པའི་ཁྲོ་བོ་གཤེགས་སུ་གསོལ། །སྒོ་བཞི་གནས་ཀྱི་གཞལ་ཡས་ནས། །སྒོ་མ་བཞི་རྣམས་གཤེགས་སུ་གསོལ། །ཧཱུཾ་དཔལ་ཆེན་ཁྲོ་བོ་མི་བཟད་པ། །རྟ་མཆོག་དཔལ་ལ་ཕྱག་འཚལ་ལོ། །ཁྲོ་མོ་ཡུམ་ལ་ཕྱག་འཚལ་ལོ། །སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །སྒོ་སྲུང་བཞི་ལ་ཕྱག་འཚལ་ལོ། །ཧཱུཾ་དམ་ཚིག་དབང་ཆེན་དཀྱིལ་འཁོར་འདིར། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཧཱུཾ་བདུག་སྤོས་སྣང་གསལ་ཞུགས་ཏོག་སྒྲ། །ཞལ་ཟས་དྲི་ཆབ་གཙང་མ་འདི། །པདྨ་དབང་ཆེན་དཀྱིལ་འཁོར་ལ། །བདག་གིས་དད་པས་འབུལ་ལགས་ཀྱི། །ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ། །ཧཱུཾ་རང་བྱུང་གདོད་ནས་རྣམ་པར་དག །རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །འཆི་མེད་བདུད་རྩི་རཱ་ས་ཡན། །དམ་རྫས་མཆོག་གི་མཆོད་པ་འདི། །ཁྲོ་རྒྱལ་པདྨ་དབང་ཆེན་ལ། །བདག་གིས་དད་པས་འབུལ་ལགས་ཀྱི། །བཞེས་ཏེ་འཕྲུལ་གྱི་དངོས་གྲུབ་སྩོལ། །འཆི་མེད་བདུད་རྩི་


DNG018_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

རཱ་ས་ཡན། །དམ་རྫས་མཆོག་གི་མཆོད་པ་འདི། །ཡུམ་ཆེན་པདྨ་གར་གྱི་དབང་ཕྱུག་ལ། །བདག་གིས་དད་པས་འབུལ་ལགས་ཀྱི། །བཞེས་ཏེ་འཕྲུལ་གྱི་དངོས་གྲུབ་སྩོལ། །འཆི་མེད་བདུད་རྩི་རཱ་ས་ཡན། །དམ་རྫས་མཆོག་གི་མཆོད་པ་འདི། །སྤྲུལ་པའི་ཁྲོ་བོ་བཞི་རྣམས་ལ། །བདག་གིས་དད་པས་འབུལ་ལགས་ཀྱི། །བཞེས་ཏེ་འཕྲུལ་གྱི་དངོས་གྲུབ་སྩོལ། །འཆི་མེད་བདུད་རྩི་རཱ་ས་ཡན། །དམ་རྫས་མཆོག་གི་མཆོད་པ་འདི། །སྒོ་སྲུང་ཆེན་པོ་བཞི་རྣམས་ལ། །བདག་གིས་དད་པས་འབུལ་ལགས་ཀྱི། །བཞེས་ཏེ་འཕྲུལ་གྱི་དངོས་གྲུབ་སྩོལ། །ཧཱུཾ་ཡེ་ཤེས་ཁྲོ་བོ་དབང་ཆེན་གྱི། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་མཆོག །རྣལ་འབྱོར་ལུས་ངག་ཡིད་ལ་ཐིམ། །གཉིས་མེད་གྱུར་ནས་བརྟན་པ་ཆེ། །ཧཱུཾ་རྣམ་དག་རང་བྱུང་གྲུབ་སྨན་འདི། །པདྨ་དབང་ཆེན་དཀྱིལ་འཁོར་ལ། །མཆོད་པ་འབུལ་ལོ་ཁ་རཾ་ཁཱ་ཧི། །རཀྟ་དམར་གྱི་མཆོད་པ་འདི། །པདྨ་དབང་ཆེན་དཀྱིལ་འཁོར་ལ། །མཆོད་པ་འབུལ་ལོ་བཞེས་སུ་གསོལ། །གསང་བ་ཐབས་དང་ཤེས་རབ་ལས། །པདྨ་ནོར་བུ་མཉམ་སྦྱར་ནས། །དགྱེས་པ་ཆེན་པོ་བདེ་ཆེན་དང་། །བྱང་ཆུབ་སེམས་ཀྱི་མཆོད་པ་འདི། །པདྨ་དབང་ཆེན་དཀྱིལ་འཁོར་ལ། །མཆོད་པ་འབུལ་ལོ་བཞེས་སུ་གསོལ། །ཧཱུཾ་ཞིང་གྱུར་ཐམས་ཅད་རང་བཞིན་བསྒྲལ། །ཤ་ཁྲག་སྲོག་དབུགས་མཆོད་པ་འདི། །པདྨ་དབང་ཆེན་དཀྱིལ་འཁོར་ལ། །མཆོད་པ་འབུལ་ལོ་བཞེས་སུ་གསོལ། །ཁྱད་པར་འདོད་ཡོན་མཆོད་པའི་མཆོག །ཤ་ཁྲག་ཀེཾ་རུས་གཏོར་མ་ཡིས། །ཁྲོ་རྒྱལ་དབང་ཆེན་ཐུགས་དམ་བསྐང་། །ཡུམ་ཆེན་ཁྲོ་མོའི་ཐུགས་དམ་བསྐང་། །སྒོ་མ་བཞི་ཡི་ཐུགས་དམ་བསྐང་། །ཧཱུཾ་བདག་ཅག་མ་རིག་ཉོན་མོངས་སེམས་ཅན་གྱི། །བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་ཏེ། །པདྨ་དབང་ཆེན་ལྷ་ཚོགས་ཀྱི། །ཐུགས་དང་འགལ་བའི་ལས་ནི་ཅི་བགྱིས་པ། །ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ། །བཟོད་པར་བཞེས་ནས་ཚངས་པ་འཕྲུལ་གྱི་དངོས་གྲུབ་སྩོལ། །པདྨ་དབང་ཆེན་ཡང་གསང་


DNG018_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོས་པའི་རྒྱུད་ལས། ཕྲིན་ལས་ཀྱི་ལེའུ་སྟེ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱི་སྐུ་གསུང་ཐུགས་ལས། སྔགས་འདི་བསྟན་ཏོ། །ཨོཾ་རཾ་ཀྲོ་ཏ་ར་ཀ་ཤྭ་བཛྲ་ཛྭ་ལ་རཾ། ཏིཀྵ་བི་ཤྭ་ཛྭ་ལ་རཾ། ཕཊ་ཕཊ། རཾ་རཾ།ཨོཾ་བཛྲ་དྷཱུ་པེ་ཨཱ་ཧཱུཾ། པུཥ྇་ཨཱ་ཧཱུཾ། ཨཱ་ལོ་ཀེ་ཨཱ་ཧཱུཾ། གནྡྷེ་ཨཱ་ཧཱུཾ། ནཻ་ཝི་དྱེ་ཨཱ་ཧཱུཾ། ཤཔྟ་ཨཱ་ཧཱུཾ། ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ། ཨོཾ་མ་ཧཱ་པདྨཱ་རཀྟ་ཧཱུཾ། ཨོཾ་མ་ཧཱ་བ་ལིཾ་ཏ་པཱུ་ཛ་ཧཱུཾ། ཨཱོཾ་ཤཱུ་ནྱ་ཏཱ་ཛྙཱ་ནས་མཱ་ཏི་ཧཱུཾ། དྷརྨཱ་དྷཱ་ཏུ་ས་མཱ་ཏི་ཧཱུཾ། ཧཱུཾ་ཛྙཱ་ན་བཛྲ་ས་མཱ་ཏི་ཧཱུཾ། ཧཱུཾ་ཨེ་ཡཾ་རཾ་ཁཾ་སུཾ་ཀེཾ་བྷྲཱུཾ། ཨེ་ཨ་མཎྜལ། ཡཾ་ཀརྨ་རཀ་ཤ་མཎྜལ། རཾ་ཛྭ་ལ་མཎྜལ། ཁཾ་རཀྟ་མཎྜལ། སུཾ་སུཀྵྨེ་མཎྜལ། བྷྲཱུཾ་བི་ཤྭ་བི་ཤུདྡྷེ་ཛྙཱ་ན་ཙཀྲ་མཎྜལ། རུ་དྲ་བཾ་དྷི་བ་བཾ། ཡ་མ་བཾ། ནཱ་ག་བཾ། ཡཀྴ་བཾ། པཾ་པདྨ་མཎྜལ། མ་སཱུརྱ་མཎྜལ། ཨ་ཙནྡྲ་མཎྜལ། ཧྲི་མ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། ཏིཥྠ་བཛྲ་ཧཱུཾ། ཨོཾ་མ་ཧཱ་ཀྲོ་ཏ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཨོཾ་མ་ཧཱ་ཀྲོ་ཏཱི་ཤྭ་རཱི་ཧཱུཾ་ཕཊ། ཨོཾ་ཨཱཿཧཱུཾ། ཧཱུཾ་ཨོཾ་ཨཾ་ཧ། ཧཱུཾ་བཛྲ་ཧེ་རུ་ཀ་ཀྲོ་ཏཱི་ཤྭ་རཱི་ཧཱུཾ་ཕཊ། ཨོཾ་བུཌྜྷ་ཧེ་རུ་ཀ་ཀྲོ་ཏཱི་ཤྭ་རཱི་ཧཱུཾ་ཕཊ། སྭ་རཏྣ་ཧེ་རུ་ཀ་ཀྲོ་ཏཱི་ཤྭ་རཱི་ཧཱུཾ་ཕཊ། ཨོཾ་པདྨ་ཧེ་རུ་ཀ་ཀྲོ་ཏཱི་ཤྭ་རཱི་ཧཱུཾ་ཕཊ། ཧ་ཀརྨ་ཧེ་རུ་ཀ་ཀྲོ་ཏཱི་ཤྭ་རཱི་ཧཱུཾ་ཕཊ། ཨ་བི་ཥིཉྩ་ཧཱུཾ་ཧཱུཾ་བཾ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཛཿཧཱུཾ་བཾ་ཧོཿ། བཛྲེ་ཤྭ་རཱི་ཀྲོ་ཏཱི་ཧཱུཾ་ཕཊ། རཏྱཱུ་ཤྭ་རཱི་ཀྲོ་ཏཱི་ཧཱུཾ་ཕཊ། པདྨེ་ཤྭ་རཱི་ཀྲོ་ཏཱི་ཧཱུཾ་ཕཊ། ཀརྨེ་ཤྭ་རཱི་ཀྲོ་ཏཱི་ཧཱུཾ་ཕཊ། བཛྲ་ཨཾ་ཀུ་ཤ་ཛཿ། བཛྲ་པཱ་ཤ་ཧཱུཾ། བཛྲ་སྥོ་ཊ་བཾ། བཛྲ་གྷཎྜ་ཧོཿ། ས་མཱ་ཛཿ། ཨེ་ཧྱེ་ཧི་བྷ་ག་ཝཱན། མ་ཧཱ་ཀ་རུ་ཎི་ཀཱ་བཛྲ་དྷཱ་ཏུ་ས་པ་རི་ཝཱ་ར་ཛཿཧཱུཾ་བཾ་ཧོཿ། ས་མ་ཡ་སྟྭཾ། ཨ་ཏི་པུ་ཧོ།པྲ་ཏི་པུ་ཧོ། ས་མ་ཡ་སྟྭཾ། ཨོཾ་ན་མཿསརྦ་ཏ་ཐཱ་ག་བཛྲ་དྷཱུ་པེ་པཱུ་ཛ་མེ་གྷ་ས་མུ་དྲ་ཡ་རཏྣ་ས་མ་ཡེ་ཧཱུཾ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་བཛྲ་པུཥ྇་པཱུ་ཛ་མེ་གྷ་ས་མུ་དྲ་ཡ་རཏྣ་ས་མ་ཡེ་ཧཱུཾ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་བཛྲ་ཨཱ་ལོ་ཀེ་པཱུ་ཛ་མེ་གྷ་ས་མུ་དྲ་ཡ་རཏྣ་ས་མ་ཡེ་ཧཱུཾ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་བཛྲ་གནྡྷེ་པཱུ་ཛ་མེ་གྷ་ས་མུ་དྲ་ཡ་རཏྣ་ས་མ་ཡེ་ཧཱུཾ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་བཛྲ་ནཻ་ཝི་ཏྱེ་


DNG018_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

པཱུ་ཛ་མེ་གྷ་ས་མུ་དྲ་ཡ་རཏྣ་ས་མ་ཡེ་ཧཱུཾ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་བཛྲ་ཤཔྟ་པཱུ་ཛ་མེ་གྷ་ས་མུ་དྲ་ཡ་རཏྣ་ས་མ་ཡེ་ཧཱུཾ། མ་ཧཱ་པཉྩ་ཨ་མྲྀ་ཏ་པཱུ་ཛ་ཁཱ་ཧི་ཁཱ་ཧི། པཉྩ་ཨ་མྲྀ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི་ཁཱ་ཧི། ཨོཾ་པདྨ་སུ་ཁ་བོ་དྷི་ཙིཏྟ་སྭཱ་ཧཱ། ཨོཾ་མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་མཱཾ་ས་ཁཱ་ཧི།མ་ཧཱ་ཙིཏྟ་ཁཱ་ཧི། མ་ཧཱ་བ་སུ་ཏ་ཁཱ་ཧི། མ་ཧཱ་ཀོ་རོ་ཙ་ན་ཁཱ་ཧི། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། ཀེཾ་ནི་རི་ཏི་ཁཱ་ཧི། མ་ཧཱ་བ་ལིཾ་ཏ་ཁཱ་ཧི་པི་པ་ཧོ། པདྨ་དབང་ཆེན་ཡང་གསང་ཁྲོས་པའི་རྒྱུད་ལས། སྔགས་ཀྱི་ལེའུ་སྟེ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཚོགས་ཀྱི་མཆོད་པ་དང་། བསྙེན་པའི་རིམ་གཉིས་བཤད་དོ། །ལོངས་སྤྱོད་ཏྲཾ་ལ་ཧྲིཿཡིས་བསངས། །ཨཿཡིས་སྦྱངས་ལ་འདོད་ཡོན་གྱིས། །ལྷ་མོའི་ཚོགས་སུ་བྱིན་གྱིས་བརླབས། ཨོཾ་སརྦ་བི་ཤུད་དྷོ྅ཧཾ། ཨོཾ་མ་ཧཱ་རཏྣ་ཀ་མ་ལ་དྷི་བི་ཤུདྡྷེ་ཧཱུཾ། ཧཱུཾ་རང་བཞིན་རྣམ་དག་ངང་ཉིད་ལས། །སྤྲུལ་པའི་ཁྲོ་བོ་མི་བཟད་པ། །པདྨ་དབང་ཆེན་དཀྱིལ་འཁོར་ལྷ། །ལོངས་སྤྱོད་ཚོགས་ལ་གཤེགས་སུ་གསོལ། །པདྨ་ཀ་མ་ལཱ་ཡ་སྟྭཾ་ཧཱུཾ་ཛཿ། ཧཱུཾ་སྤྲུལ་པའི་ཁྲོ་བོ་འབར་བ་ཡིས། །ཞིང་བཅུ་མ་ལུས་ཐམས་ཅད་དང་། །འཁོར་བའི་ཉོན་མོངས་རྒྱ་དབྲལ་ནས། །དུག་ལྔ་དབྱིངས་སུ་བསྒྲལ་བར་བྱའོ། །མཱ་ར་ཡ་ཕཊ། དང་པོར་བར་དང་ཐ་མ་ལ། །བསྟོད་དང་གཤེགས་དང་བསྟབ་པ་བྱ། །ཧཱུཾ་མཛེས་སྡུག་གཟུགས་ཀྱི་མཆོད་པ་འདི། །དབང་ཆེན་དཀྱིལ་འཁོར་སྤྱན་ལ་འབུལ། །སྤྱན་གྱི་ཐུགས་དམ་སྐོང་གྱུར་ཅིག །གཟུགས་ཀྱི་མཆོད་པ་བཞེས་སུ་གསོལ། །སྙན་པ་སྒྲ་ཡི་མཆོད་པ་འདི། །དབང་ཆེན་དཀྱིལ་འཁོར་སྙན་ལ་འབུལ། །སྙན་གྱི་ཐུགས་དམ་སྐོང་གྱུར་ཅིག །སྒྲ་ཡི་མཆོད་པ་བཞེས་སུ་གསོལ། །དྲི་ཞིམ་ངད་ཀྱི་མཆོད་པ་འདི། །དབང་ཆེན་དཀྱིལ་འཁོར་ཤངས་ལ་འབུལ། །ཤངས་ཀྱི་ཐུགས་དམ་སྐོང་གྱུར་ཅིག །དྲི་ཡི་མཆོད་པ་བཞེས་སུ་གསོལ། །རོ་མངར་ཞལ་ཟས་མཆོད་པ་འདི། །དབང་ཆེན་དཀྱིལ་འཁོར་ལྗགས་ལ་འབུལ། །ལྗགས་ཀྱི་ཐུགས་དམ་སྐོང་གྱུར་ཅིག །རོ་ཡི་མཆོད་པ་བཞེས་


DNG018_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གསོལ། །འཇམ་པ་རེག་བྱའི་མཆོད་པ་འདི། །དབང་ཆེན་དཀྱིལ་འཁོར་སྐུ་ལ་འབུལ། །སྐུ་ཡི་ཐུགས་དམ་སྐོང་གྱུར་ཅིག །རེག་བྱའི་མཆོད་པ་བཞེས་སུ་གསོལ། །གཟུགས་ཀྱི་ལྷ་མོ་སྐུ་མདོག་དཀར། །གཟུགས་ཀྱི་ལོངས་སྤྱོད་སྣ་ཚོགས་འཛིན། །དབང་ཆེན་ཁྲོ་བོའི་སྤྱན་ལ་འབུལ། །སྒྲ་ཡི་ལྷ་མོ་སྐུ་མདོག་སྔོ། །སྒྲ་ཡི་ལོངས་སྤྱོད་སྣ་ཚོགས་འཛིན། །དབང་ཆེན་ཁྲོ་བོའི་སྙན་ལ་འབུལ། །དྲི་ཡི་ལྷ་མོ་སྐུ་མདོག་སེར། །དྲི་ཡི་ལོངས་སྤྱོད་སྣ་ཚོགས་འཛིན། །དབང་ཆེན་ཁྲོ་བོའི་ཤངས་ལ་འབུལ། །རོ་ཡི་ལྷ་མོ་སྐུ་མདོག་དམར། །རོ་ཡི་ལོངས་སྤྱོད་སྣ་ཚོགས་འཛིན། །དབང་ཆེན་ཁྲོ་བོའི་ལྗགས་ལ་འབུལ། །རེག་བྱའི་ལྷ་མོ་སྐུ་མདོག་ལྗང་། །རེག་བྱའི་ལོངས་སྤྱོད་སྣ་ཚོགས་འཛིན། །དབང་ཆེན་ཁྲོ་བོའི་སྐུ་ལ་འབུལ། །བར་པ་གོང་གི་བཤགས་པ་བྱ། །ཐ་མ་ལིངྒ་བསྟབ་པ་བྱ། །ཧཱུཾ་ཤ་ཁྲག་རུས་པ་ནང་ཁྲོལ་མཁྲིས། །འདོད་ཆགས་ཞེ་སྡང་གཏི་མུག་དང་། །ང་རྒྱལ་ཕྲག་དོག་མཆོད་པ་འབུལ། །སྐུ་གསུང་ཐུགས་དང་ཡོན་ཏན་དང་། །ཕྲིན་ལས་དངོས་པོར་བཞེས་སུ་གསོལ། །ཧྲཱྀཿ། བདག་ཉིད་ཁྲོ་རྒྱལ་རྟ་མཆོག་དཔལ། །ཐུགས་ཀར་པདྨ་འདབ་བརྒྱད་ཀྱི། །གེ་སར་ལ་ནི་སྙིང་པོ་ཧྲཱྀཿ། །འདབ་མ་བརྒྱད་ལ་སྔགས་ཀྱིས་བསྐོར། །འོད་འཕྲོས་བདེ་གཤེགས་རྣམས་ལ་ཐིམ། །ཕྱི་ནང་གསང་བའི་མཆོད་པ་འབུལ། །སྐུ་གསུང་ཐུགས་ཀྱི་སྙིང་པོ་བསྡུས། །སེམས་ཅན་སྒོ་གསུམ་སྒྲིབ་པ་སྦྱངས། །དེ་ལྟར་གསལ་བས་རྒྱུན་དུ་བགྲངས། །མཆོད་པ་གསུམ་ཡར་འཛབ་བསྟོད་བྱ། །སྐུ་ཉིད་དངོས་སུ་མཐོང་བ་འམ། །སློབ་དཔོན་ཉི་ཟླ་མགོ་ལ་འཆར། །རྫས་ལ་མེ་འབར་འོད་འཕྲོ་ཞིང་། །སྒྲུབ་ཁང་གཡོ་འགྱུར་སྒྲ་ཆེན་འབྱུང་། །པདྨའི་སྡོང་པོར་བདག་འདུག་དང་། །སྣང་སྲིད་མེ་ཏོག་པདྨས་ཁེངས། །སངས་རྒྱས་ཉག་གཅིག་ཆོས་ཉན་པ། །མི་ཉམས་མངོན་སུམ་ཕྱི་ནང་གསང་། །མཐོང་ནས་དངོས་གྲུབ་དམ་རྫས་བླང་། །དྲག་པོའི་ལས་རྣམས་ཀུན་ལ་སྦྱར། །མཚན་མ་མ་མཐོང་ལས་རྩོམ་པ། །འཇའ་


DNG018_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

ཚོན་སྤར་འཛིན་དོན་མེད་ཡིན། །ཧྲཱྀཿཔདྨ་རིགས་ཀྱི་ཁྲོ་རྒྱལ་མཆོག །དབང་ཆེན་པདྨ་ཧེ་རུ་ཀ །མི་བཟད་ཁྲོ་བོ་རྟ་མཆོག་དཔལ། །དབང་དྲག་སྟོབས་ཆེན་རྔོམ་བརྗིད་གཏུམ། །སྐུ་མདོག་དམར་ནག་བརྗིད་ཅིང་འགྱིང་། །དབུ་གསུམ་རྣམ་ཐར་གསུམ་ཡང་སྟོན། །ཕྱག་དྲུག་རྒྱུ་དྲུག་རྩད་ནས་གཅོད། །ཞབས་བཞི་འཁོར་བའི་ཆོས་བཞི་སྒྲོལ། །དུར་ཁྲོད་ཆས་བརྒྱད་སྐུ་ལ་རྫོགས། །རྟ་མགོ་ལྗང་ཞུར་རྟ་སྐད་མཚེར། །མེ་དཔུང་འབར་བའི་ཀློང་ན་བཞུགས། །རྔམ་པའི་ང་རོ་འབྲུག་སྟོང་སྒྲོག །དྲེགས་པ་ཕོ་མོ་དབང་དུ་སྡུད། །དབང་ཆེན་སྐུ་ལ་ཕྱག་འཚལ་བསྟོད། །ཧཱུཾ་ཁྲོ་རྒྱལ་རྔམ་པའི་རྟ་མཆོག་དཔལ། །དཔལ་གྱི་སྐུ་གསུང་ཐུགས་མཆོག་ལས། །མཆོག་གི་དངོས་གྲུབ་ཡེ་ཤེས་དབྱིག །དུས་འདིར་རྣལ་འབྱོར་བདག་ལ་སྩོལ། །ཨོཾ་པདྨཱནྟ་ཀྲྀཏ་པདྨེ་ཤྭ་རི་མ་ཧཱ་ཀྲོ་ཏ་ཧ་ཡ་གྲཱི་ཝ། མ་མ་དྲག་མོ་དུན་ཏིང་ཧྲིཾ་ཧྲིཾ་ཧཱུཾ་ཛཿ། ཨོཾ་པདྨ་ཀྲོ་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཨ་ལ་ལ་ཧོ། པདྨ་དབང་ཆེན་ཡང་གསང་ཁྲོས་པའི་རྒྱུད་ལས། བསྙེན་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་དྲག་པོའི་ལས་འདི་བཤད་དོ། །སྟེགས་བུའི་དབུས་སུ་དྲག་པོའི་ས། །ཕུང་ས་གསུམ་གྱིས་འབྲུབ་ཁུང་བརྩིག །ཁྲུ་གང་མཐོ་གང་དཔངས་སུ་བྱ། །ཕྱི་རུ་ཁྲག་ནི་སྣ་ཚོགས་བྱུག །ནང་དུ་རྒྱ་སོལ་དུག་སྣ་བྱུག །ཁ་ཁྱེར་གྲངས་མེད་རྩང་གིས་བསྐོར། །རྟེན་དྲུག་ལིངྒ་སོར་བརྒྱད་ལ། །མིང་རུས་གྲོ་ག་སྙིང་གར་བསླན། །ཚ་བ་གསུམ་དང་དུག་སྣས་བྱུག །དབང་པོ་དོད་བྱས་བྱད་དུ་གཞུག །སྲུབས་དྲུག་ཐོད་པ་དོང་དུ་གནག །བདག་ཉིད་དབང་ཆེན་འཁོར་རྣམས་བསྐྱེད། །སྤྲུལ་པའི་ཁྲོ་བོ་བཞི་པོ་ལས། །ཡང་སྤྲུལ་ཁྲོ་ཆུང་བསམ་མི་ཁྱབ། །ལྕགས་ཀྱུ་ཞགས་པ་ཕྱག་ན་བསྣམས། །ཁྲོས་པས་བརྣག་པའི་སྙིང་སྐེ་བཟུང་། །གཟུགས་ལ་རང་དབང་མེད་པར་བསྡིམ། །སུམ་ཡར་བསྐུལ་ཞིང་གཞུང་ཡང་བསྲང་། །བྲུན་གསུམ་གཞོབ་གཉིས་མུ་ཟི་དང་། །གུ་གུལ་བདུག་པས་ལྷ་དང་དབྲལ། །སྟོང་དང་བཅུ་རུ་ཤེས་པར་བྱ། །དགྲ་བོ་དངོས་


DNG018_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

སམ་ཁོ་ཡི་ཕྱུགས། །དུད་འགྲོ་འཆིང་བཀྱིགས་སྐྱེ་ཤིང་གཅོད། །མ་བྱུང་བར་དུ་དགུག་ཅིང་དབྱེ། །རྟགས་བྱུང་གསོད་པའི་ལས་བྱའོ། །དེ་དག་དྲག་སྔགས་འདི་ལྟ་སྟེ། །ཨོཾ་བཛྲ་ཀྲོ་ཏ་ཙཎྜ་རཱ་ག །པདྨཱནྟ་ཀྲྀཏ་ཧ་ཡ་གྲཱི་བ་ཧཱུཾ་ལུ་ཧུ་ལུ་ཧཱུཾ་ཕཊ། མ་མ་ཤ་རི་པདྨ་རཀ་ཤ་བྷྱོ། ཀྲོ་ཏ་ཐུམ་རིལ་རཀ་ཤ་སྲོག་ལ་བྷྱོ། ནྲྀ་ཨཾ་ཀུ་ཤ་ཛ་ཛ། སྲོག་ལ་ཁུག །ས་མ་ཡ་ཛ། དྷི་བ་པྲ་བེ་ཤ་ཕཊ་ཕཊ། དེ་ནས་བསད་པའི་སྦྱོར་བ་ནི། །རབས་ཆད་ནག་པོའི་ཀ་པཱ་ལ། །ཡུངས་ཀར་ཉུང་ནག་སྐྱེ་ཚེ་དང་། །དུག་བཞི་ཁྲག་ལྔ་ཐལ་ཆེན་དང་། །ཚེར་མ་སྣ་ཚོགས་གཅན་གཟན་སྡེར། །མཚོན་ཆ་སྣ་ཚོགས་མེ་སྟག་རླབ། །རྒྱབ་ནས་གཟུགས་ལ་ཐུན་བྲབ་པས། །མེ་སྟག་མཚོན་ཆ་རྩ་སྲོག་གཅོད། །ཁྲག་སྐམ་ལུས་དང་ཤེས་པ་དབྱེ། །བསྐུལ་དང་མཆོད་པ་སུམ་ཡར་བྱ། །དགྲ་བོ་དངོས་བསད་ཤ་ཟོས་སམ། །ཁོའི་ཕྱུགས་དངོས་བསད་རང་ཉིད་བྱེད། །དུད་འགྲོ་བསད་པའི་ཤ་སྐྱེལ་བ། །མཚན་མ་མཐོང་ནས་ལིངྒ་དྲིལ། །ལྷ་འདྲེ་ཆེ་བའི་ས་རུ་མནན། །འབྱུང་བ་ལྟོ་གཤགས་འོག་ཏུ་བརྣག །འབྱུང་བ་རིམ་བརྩེགས་རི་རབ་དང་། །དབང་ཆེན་པདྨའི་ཕོ་བྲང་གདབ། །ཐུན་ནི་ཟོར་འཕངས་ནད་སྣར་དབབ། །སྲོག་ཆགས་ཕུང་ཞིང་རླག་པར་བྱེད། །དེ་དག་ངན་སྔགས་འདི་ལྟ་སྟེ། །ཧྲཱྀ་ཧ་ཡ་གྲཱི་བ་རག་ཤ་རྦད། ཐུན་བསོད་པདྨཱནྟ་ཀྲྀཏ་ཏ་དགྲ་བོ་ཆེ་གེ་མོའི་སྙིང་ལ་ཐུན་རྦད། མ་མ་རག་ཤ་དགྲ་བོའི་སྲོག་ལ་ཐུན་རྦད། ཏྲག་མོ་རྩལ་ཐུར་སྙིང་ལ་ཁས་རྦད་སྙིང་ཐུར་ཁས་རྦད། ཀྲོ་ཏ་རག་ཤ་དྷ་ར་དགྲ་བོའི་སྙིང་ལ་རྦད་ཐུན། མཱ་ར་ཡ་རྦད། སྟཾ་བྷ་ཡ་ནན། ཤ་ཏྲུཾ་ནན། ཐུམ་རིལ་ཧ་ན་ཧ་ན་ཙིཏྟ་ལ་དྲེང་། ཤག་ཧྲི་བྷྱོ་བྷྱོ། པདྨ་དབང་ཆེན་ཡང་གསང་ཁྲོས་པའི་རྒྱུད་ལས། ཐུན་གྱིས་བསད་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་དྲག་སྔགས་བདུན་པའི་འཁོར་ལོ་མནན་གཏད་འདི་བཤད་དོ། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །དྲག་པོའི་ཁྱིམ་གང་མཚོན་ཆ་མངག །དུར་ཁྲོད་རས་ལ་དུག་སྣས་བྱུགས། །


DNG018_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་སྣ་ཚོགས་ཀྱིས་འཁོར་ལོ་བྲི། །དབུས་ནས་ཐིག་བསྐོར་རིམ་པ་གསུམ། །དབུས་སུ་གྲུ་གསུམ་ཟླ་གམ་གསུམ། །ཕྱི་རོལ་འཁོར་ལོ་རྩིབས་ཆེན་བདུན། །མཐའ་མར་མེ་རི་ར་བས་བསྐོར། །དབུས་སུ་ལིངྒ་མིང་རུས་བརྣག །ཟླ་གམ་གསུམ་ལ་སྲུང་བའི་སྔགས། །རྩིབས་བདུན་དྲག་སྔགས་མཚོན་པ་རི། །མེ་རི་མནན་དང་འཕང་སྔགས་དང་། །ཁ་སྦྱོར་ཡབ་ཡུམ་ལྟོ་བ་བཅའ། །དོང་བརྩེགས་མཁའ་ལ་ལྡིང་དུ་གཞུག །ཡུངས་ཀར་ཁྲག་སྣ་དུག་སྣས་བྱུག །སུམ་ཡར་མཆོད་བསྐུལ་བཏགས་ལ་དབབ། །ཐོན་ནས་ལིངྒ་འཁོར་ལོ་བཅས། །གདུག་པ་ཅན་གྱི་སྙིང་ལ་གཏད། །བླ་སོགས་མཚོན་ཆས་དབུས་སུ་བསྡིམ། །ལྷ་ཡི་དབང་པོའང་སྒྲོལ་བར་ངེས། །དེ་དག་དྲག་སྔགས་འདི་ལྟ་སྟེ། །ཨོཾ་ཧྲི་པདྨ་བྷནྡྷ་ཧྲི་དབང་། ཧྲི་ཙཎྜ་རཀྴ་སྲོག་ལ་རྦད།ཧྲི་པདྨཱནྟ་ཀྲྀཏ་སྙིང་ལ་རྦད། ཧྲི་ཧ་ཡ་གྲཱི་བ་མཱ་ར་ཡ་རྦད། ཧྲི་བ་མོ་དྷ་ཡ་རཱ་ག་མཱ་ར་ཡ་རྦད། མ་མ་ཏྲག་ཤིག་ཙིཏྟ་ལ་རྦད་བྷྱོ། ཀྲོ་ཏ་རཀྴ་དགྲ་བོའི་སྲོག་ལ་མཱ་ར་ཡ་རྦད། རྦད་ནན་བྷྱོ། གསད་པ་རྦད་ལ་མནན་པ་ནན། །འཕང་ལ་བྷྱོ་ཞེས་ཡུལ་ལ་མངག །དྲག་སྔགས་བདུན་པའི་འཁོར་ལོ་བཤད། །གཞན་ཡང་དུས་ཀྱི་སྙིགས་མ་ལ། །ཞེ་སྡང་རྦོད་གཏོང་དྲག་པོ་འཁྲུགས། །སྔགས་པ་ནང་དམེ་བྱེད་པའི་ཚེ། །དམེ་ཐབ་དམར་པོའི་དྲག་སྔགས་མངག །འདི་ཡི་སྦྱོར་བ་འདི་ལྟ་སྟེ། །རྟེན་དྲུག་ལིངྒ་སོར་བཅུ་གཉིས། །དབང་པོ་དོད་པའི་སྙིང་ག་རུ། །ཞིང་ཆེན་པགས་པའི་གཟུགས་བྲིས་ཏེ། །དུག་དང་ཚ་བ་གསུམ་གྱིས་བྱུག །དཔྲལ་བར་རུས་ལ་སྙིང་གར་མིང་། །ལྟེ་བར་ལྷ་སྲུང་ཡོད་ཚད་བྲི། །མཐའ་མར་དྲག་སྔགས་མཚོན་ཆས་བསྐོར། །འཁོར་སྔགས་ཡན་ལག་བཞི་ལ་དགོད། །སྙིང་གར་བཅུག་ལ་མོན་ཐོད་མནན། །དོང་དུ་བཅུག་ལ་ཐུན་གྱིས་བྲབ། །འཁོར་ལོ་དང་བཅས་ཕུར་པས་གདབ། །སུམ་ཡར་མཆོད་བསྐུལ་འབུམ་གསུམ་བཟླས། །ཐོན་ནས་འཁོར་ལོ་ཐོད་པར་གཞུག །ཁོ་ཡི་མཁར་གྱི་འགྲམ་ལ་


DNG018_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

སྦ། །ཁོ་ཡི་ལྷ་སྲུང་བདུད་དུ་བབས། །དེ་ཡི་དྲག་སྔགས་འདི་ལྟ་སྟེ། །ཧྲི་པདྨ་མ་ཧཱ་ཤྲཱི་ཧེ་རུ་ཀ །གྷྲི་ཡ་ཧ་ཏ་ཀྲོ་བཛྲ་མ་སད་ཀྲོ་པ་ཏ་ར་ཙག་ཤོག་རག །མ་མ་རི་ཤྭ་ཤ་རག །ཏྲག་ཏ་ཏྲོ་ཏྲིད་པདྨ་ཤྲཱི་ཧེ་རུ་ཤད་ཤད་ཛ་ཕཊ། དགྲ་བོ་ཙིཏྟ་པྲ་མ་ཡ་ཐུམས་རྦད།སྲོག་མཱ་ར་ཡ་རྦད། མཱ་ར་ཡ་སོད། མ་ཧཱ་བ་ལ་པདྨཱནྟ་ཀྲྀཏ་སུཾ་ལཾ་ཁཾ་བཾ་སྟམ་བྷ་ཡ་ནན། པདྨ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཀྲོ་ཏ་པདྨཱནྟ་ཀྲིཏ་ཙཎྜ་རཱ་ག་བ་ཤཾ་མཱ་ར་ཡ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ། དུག་གསུམ་ཁྲག་སྣ་འབྲུ་གསུམ་བརྡེག །གྲི་ལྕགས་སེང་ལྡེང་ཕུར་བུ་ནི། །ཁྲོ་ཞལ་པདྨའི་དཔལ་ལྡན་བརྡེག །སྔགས་པ་ནང་རྒྱས་སྦྱོར་བར་བཤད། །པདྨ་དབང་ཆེན་ཡང་གསང་ཁྲོས་པའི་རྒྱུད་ལས། འཁོར་ལོ་ནང་རྒྱས་ཀྱི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ལོ་ཏོག་གཞོམ་པ་འདི་བཤད་དོ། །བསྟན་པ་གཉན་པོ་བསྲུང་བའི་ཕྱིར། །སྐྱིན་ཐང་ཆུ་འཁྱགས་སྦྱོར་བ་རྩོམ། །སྔོན་དུ་རྩ་བའི་དྲོད་ཐོན་པས། །མཎྜལ་དང་ནི་འབྲུབ་ཁུང་ལ། །གང་འབེབས་པ་ཡི་རྫས་ཀྱིས་བྱུག །དོང་བུར་མི་ར་རྟ་ཁྱི་ཕག །འབྲུ་གསུམ་ཐུན་བྱས་མི་མཛོ་རྟའི། །ཐོད་པར་ཡུལ་རྫས་མིང་དང་དབྱིབས། །སེར་བསྲུང་འོག་ཏུ་ཐུན་རྣམས་བརྣག །བདག་ཉིད་དོང་བུ་ནམ་མཁའ་ལ། །གཞལ་ཡས་ཁང་དུ་དཀྱིལ་འཁོར་བསྐྱེད། །སྤྲིན་གཏིབ་གློག་འཁྱུག་འབྲུག་སྒྲ་སྒྲོག །བུ་ཡུག་འཚུབ་ཅིང་སེར་བ་འབེབས། །གསལ་བའི་མཆོད་པ་སུམ་ཡར་འབུལ། །ཐུན་ནི་ཟོར་དང་རྟ་ལ་བྲབ། །སྐྱ་ཤར་ལུག་ཁྱུ་སེར་བ་འདྲིལ། །རྐང་འབེབས་འཁྱགས་པ་ལོ་ཐོག་སྔ། །དེ་མཐོང་རྔ་མ་ཡུལ་དབུས་བཙན། །ཀླུ་གཉན་གདུག་པ་ཅན་ལ་གཏད། །དེ་ནས་ཐུན་གསུམ་ཟོར་ལ་བྲབ། །སུམ་ཡར་བསྐུལ་ཞིང་མཆོད་པ་འབུལ། །འབུམ་བཟླས་སེར་བའི་དུས་རྣམས་སུ། །ངན་སྔགས་བདག་མོ་རྣམ་བཞི་དང་། །ཁྱབ་འཇུག་ཆེན་པོ་ལས་ལ་མངག །དེ་ནས་དུས་བརྒྱད་གང་རུང་ལ། །ཟོར་འཕངས་བསྐུལ་དང་དྲག་ཏུ་རྦད། །གལ་ཏེ་དེས་ཀྱང་སྟོབས་


DNG018_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

ཞན་ན། །ཀླུ་གནས་ཆུ་མིག་གཉན་པོ་རུ། །མེ་སྦར་ཟོར་བསྐོལ་ལོ་ཐོག་བསྲེག །ཚིལ་བཞི་འབོག་དང་མུ་ཟི་བསྲེག །ཐབ་བྱས་ཐལ་འཇིམ་ཕྱོགས་བཅུར་གཏོར། །དེ་ནས་སྐྱིན་ཐང་གདོན་མི་ཟ། །དེ་ནས་ངན་སྔགས་འདི་ལྟ་སྟེ། །ཨོཾ་པདྨཱནྟ་ཀྲྀཏ་པྲོཾ་པྲོཾ། ཙཎྜ་རཱ་ག་པྲོཾ་པྲོཾ། ཧ་ཡ་གྲཱྀ་ཝ་པྲོཾ་པྲོཾ། མ་མ་ཏྲག་རཀྴ་པྲོཾ་པྲོཾ། ཧུ་ལུ་ཧུ་ལུ་པྲོཾ་པྲོཾ། བཛྲ་རག་ཤ་ག་ཏེ་པྲོཾ་པྲོཾ། མ་ར་ཙ་ཤ་པྲོཾ་པྲོཾ། ཧྲིལ་ཧྲིལ་ཤར་ཤར། ཏྲག་ཏུ་ཧྲིལ་བྷྱོ། ཧྲི་ལ་ཕྲེལ་རཱ་ཧུ་ལ་བཛྲ་ཡག་ཤ་ཡ་མ་སྙིང་། ཡ་མ་ཁྲག་ཧྲིལ་ཤར། ལོ་ཐོག་ལ་ཕོབ། མ་མ་ཁྲག་ལ་མུ་ཤ་མ་སྙིང་རྩ་ཤ་མ་མ་བྷྱོ། མ་མ་རཱ་ཙ་ཤ་ཧྲིལ་ཐིམ་འུར་ཡཾ་ཏྲཾ་སིབ་བྷྱོ། ལོ་ཐོག་ལ་ཕོབ། ཨོཾ་ཧྲི་བ་ཤཾ་ཀུ་རུ་པདྨ་ཤྲཱི་ཧེ་རུ་ཀ །ཧ་ཡ་གྲཱི་བ་པདྨ་རཱ་ག་ཙནྡ་ཧྲི། ནཱ་ག་ཤུ་ལ། དྷི་བ་ཏྲིག་ནན། ལོ་ཐོག་ལ་བྷ་རི་ཤ་རྦད། ཧ་ན་ཧ་ན་ཤར་ཕོབ་ཡ། གཞན་ཡང་གནམ་ཐོག་དབབ་པ་ནི། །གྲི་བོའི་ཐོད་པ་དམར་ཆོད་དུ། །མོན་ཚིལ་རྟ་ཚིལ་འབྲི་དུག་པ། །གྲི་ཁྲག་སྣ་ཚོགས་གྲི་ཐོགས་ལྕགས། །བྱ་ཡི་རྐང་རུས་བྱི་ལའི་གཅིན། །གླིང་དྲུག་ཐོད་པས་སྟེང་ནས་དགབ། །གསེར་རྒོད་ཕུང་རྒོད་དཀྲུག་སྔགས་བྲི། །བཀའ་སྡོད་ལྔ་བཅས་དཀྱིལ་འཁོར་བསྐྱེད། །ཡུངས་ཀར་ཡུངས་ནག་བྲབ་ཅིང་བཟླས། །རྫས་རྣམས་ཁོལ་འཕེལ་འཆད་འཚེགས་ན། །གྲི་མདས་ཞབས་ནས་རློགས་ཏེ་འཕང་། །ཐོད་མཁར་འགྲམ་ལ་རྟ་དམར་སྦ། །མེ་དང་ལྕགས་ཀྱི་གཟའ་རྩོམ་ཡང་ལ་རྩི། །གནམ་ལྕགས་འབར་བ་ངེས་པར་འབབ། །དེ་ཡི་དྲག་སྔགས་འདི་ལྟ་སྟེ། །ཧྲི་རཾ་བ་ཤཾ་ཀུ་རུ་པདྨ་བྷནྡྷ་བ་དྷི་བ་ཙཎྜ་རཱ་ག་པདྨ་ཏི་ཛྭ་ལ་རཾ། ཡ་མ་ཤ་རི་ཏྲག་རག་ཁྲག་ལ་རྔུབས་ཛྭ་ལ་རཾ། རཱ་ཧུ་ལ་པི་པི་བཛྲ་ཡག་ཛྭ་ལ་རཾ། མ་མ་ཁྲག་ལ་མུ་ཤ་ཛྭ་ལ་རཾ། མ་མ་ཁྲག་ལ་མུ་ཤ་མ་བྷྱོ། ཙ་ར་མ་ཤ་ཛྭ་ལ་རཾ། བཛྲ་ཤད་ཤད། དགྲ་བོའི་སྲོག་ལ་རྦད་རཾ། ཐོག་ཐོག་གནམ་ལྕགས་ཨུར་མོ་དགྲ་བོའི་སྲོག་ལ་བྷྱོ་བྷྱོ། མཱ་ར་ཡ་རྦད། ཕོབ་ཕོབ། པདྨ་དབང་ཆེན་ཡང་གསང་ཁྲོས་པའི་རྒྱུད་ལས། ཐོག་སེར་དབབ་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་བསྲུང་


DNG018_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས་ཀྱི་སྦྱོར་བ་འདི་བཤད་དོ། །རྣལ་འབྱོར་རང་བསྲུང་འཁོར་བསྲུང་བས། །གདོན་ཆེན་བཙན་ཐབས་གཟིར་བ་ཡི། །ལས་ཀྱི་འཁོར་ལོ་འདི་ལྟ་སྟེ། །རྒྱ་ཤོག་དུག་དང་ཚ་བས་བྱུག །དབུས་སུ་གྲུ་གསུམ་ཟླ་གམ་གསུམ། །གྲུ་གསུམ་གདོན་ལ་ཟླ་གམ་སྟོང་། །ཕྱི་རོལ་ལྕགས་མཁར་རྩ་བའི་སྔགས། །ཡང་ལོགས་རྩིབས་ལ་སྤུ་གྲི་དགོད། །ཁ་སྦྱར་ཡབ་ཡུམ་ལྟོ་བར་བཅའ། །གང་གནོད་རྫས་ལ་ལིངྒ་བཅའ། །མིང་རྟ་ཕོ་མོ་སྙིང་གར་བརྣག །ཐོད་ཆེན་བཅུག་པ་དོང་དུ་བརྣག །ཡུངས་ཀར་དུག་བྲབ་གུ་གུལ་དང་། །དུག་གསུམ་དང་ནི་མུ་ཟི་དང་། །བྲུན་གསུམ་ཚིལ་གསུམ་གཞོབ་པས་བདུག །ཏིང་འཛིན་གསལ་བའི་ཕུར་བུ་གདབ། །ཁྲོ་ཚོགས་འོད་ཟེར་གཟིར་མྱོས་བརྒྱལ། །གང་གདོན་བསྒྱེལ་བ་གདན་དུ་འདིང་། །མཐོང་ནས་བཀའ་རྟེན་མགོ་ནས་མནན། །ཀླུ་གཉན་ས་བདག་ཟུག་པ་ལ། །ཕག་ཚིལ་སྦྲུལ་བྲུན་ཡིན་ནམ་དང་གླ་རྩི་བྱུག །ག་པུར་མངར་གསུམ་བཟང་དྲུག་རྣམས། །སྐར་ཆུ་དང་སྦྱར་ཁོང་དུ་གཏང་། །གོང་གི་རྫས་བདུག་གང་གནོད་པར། །ཚ་ཚོགས་སྤོང་ལ་སྦྱར་ལ་བྱུག །བ་དམར་གླང་དམར་ཆུས་སྦྱར་གཏང་། །སྙིང་ལ་དུད་ཐུན་ཕུར་པས་གདབ། །སྲི་འུར་རིན་ཆེན་སྣ་ལྔ་གདགས། །ཕྱུགས་ནད་སྨན་ལྔ་སྐྱེ་རུ་གདགས། །དེ་དག་གསང་སྔགས་འདི་ལྟ་སྟེ། །ཨོཾ་པདྨ་ཤྲཱི་ཧེ་རུ་ཀ །མ་ཧཱ་ཙཎྜ་རཱ་ག་བ་ཤཾ་ཀུ་རུ། པདྨཱནྟ་ཀྲྀཏ་བཛྲ་ཀྲོ་ཏ་ཧ་ཡ་གྲཱི་བ་ཙཎྜ་རཀྴ། མ་ཧཱ་བ་ལ། མ་མེ་ཤྭ་རཱི་པདྨ་ཀྲོ་ཏཱི་ཧྲི་ཧྲི། སརྦ་དུཥྚཱཾ་ཏྲིག་ནན། ཧ་ན་ཧ་ན་པ་ཙ་ད་ན་ཙིཏྟ་རྦད་ནན། མྱག་ཐུམ་རིལ་རྦད། ཧུར་ཐུམ་ཛ། མཱ་ར་ཡ་རྦད། སྟམ་བྷ་ཡ་ནན། གཞན་ཡང་ལས་རྣམས་མཐའ་སྡུད་པ། །སྲེག་པ་མེ་ཡི་སྦྱོར་བ་བྱ། །མེ་ཐབ་དམར་པོ་གྲུ་གསུམ་ལ། །དུག་ཁྲག་ཚ་བ་གསུམ་གྱིས་བྱུག །གང་གནོད་རྫས་སམ་རྟེན་དྲུག་ལ། །ལིངྒ་སོར་བརྒྱད་གན་རྐྱལ་མནན། །ཡམ་ཤིང་སེང་ལྡེང་མཛོ་མོ་དང་། །ཚེར་གནག་གླང་ཀལ་བྲ་སྐྱེར་སེ། །དུག་རིལ་བག་ཕྱེ་


DNG018_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

མར་ནག་བཙོས། །མི་རྟ་བྱ་ཕག་ཤ་ཚིལ་ཁྲག །ཡུངས་ཀར་ཉུངས་ནག་སྐྱེ་ཚེ་དང་། །དུག་སྣ་མཚལ་དང་འོ་མ་ཆགས། །མར་ནག་ལ་སོགས་བསྲེག་པའི་རྫས། །བདག་ཉིད་མེ་ཐབས་དཀྱིལ་འཁོར་བསྐྱེད། །མེ་ལྷ་དམར་སེར་ར་ལ་ཞོན། །མེ་དང་ལྕགས་ཀྱུ་བཀའ་བསྟོད་མངགས། །ཞག་གསུམ་ཡར་བསྐུལ་སྔགས་བཟླས་བསྲེག །ཐོན་ནས་ཐལ་འཇིམ་གནོད་པའི་ཁར། །གནན་དང་འཕང་བའི་ལས་བྱའོ། །དེ་ནས་བསད་གཟིར་ལས་འགྲུབ་སྟེ། །དེ་ཡི་དྲག་སྔགས་འདི་ལྟ་སྟེ། །ཨོཾ་པདྨ་མ་ཧཱ་ཤྲཱི་ཧེ་རུ་ཀ །མ་ཧཱ་ཙཎྜ་པདྨཱནྟ་ཀྲྀཏ་བྷ་ན་དྷ་ཧ་ཡ་གྲཱི་བ། ན་མོ་དྷི་བ་ཙཎྜ་རཱ་ག་པདྨ་ཀྲོ་ཏཱི་ཤྭ་རཱི་མ་མ་ཏྲག་དུན་ཧྲི། གྷ་བ་ཤ་རི་ཀ་ཛྭ་ལ་རཾ་ཁ་རཾ་ཁཱ་ཧི། མཱ་ར་ཡ་ཛྭ་ལ་རཾ། ཨག་ན་ཡེ་ཛྭ་ལ་རཾ། པ་ཙ་པ་ཙ། ད་ཧ་ད་ཧ། ཛྭ་ལ་རཾ་ཛྭ་ལ་རཾ། མཱ་ར་ཡ་རྦད་རཾ། ཨུ་ཀྲི་ཀྲི་ཏ་ཡ་རཱ་ག་རཱ་ག །ཨ་ཏི་ཨུ་ཏི་ཡ། རཱ་ག་རཱ་ག །པདྨ་བྷན་དྷ་རཱ་ག་རཱ་ག །གྲི་ཁྲག་སྣ་ཚོགས་བསྲེག་བྱས་ན། །གྲི་རུ་འཆི་བ་གདོན་མི་ཟ། །རིམས་ཁྲག་ཡུངས་མོ་དུག་དེ་བཞིན། །སྦལ་ཤ་བསེ་ཞོ་མཛེ་ཡིས་འཛིན། །ཆུ་དགུ་ཨ་ཆུས་སྤོས་གྲིར་འཆི། །སྒོག་སྐྱ་མུ་ཟི་གུ་གུལ་གྱིས། །གདོན་དུ་སྲུབ་ནས་རིམས་ཀྱིས་འདེབས། །བ་གླང་ལྕི་བ་དང་མ་ཤིང་། །བསེ་ཞོ་གདོན་དེ་ཁྲག་ཏུ་སྐྱུགས། །ཏིལ་དང་མེ་ཏོག་བདུད་རྩི་ཡིས། །རང་གི་བསོད་ནམས་སྐྱེད་པ་ཡིན། །ཁུ་བྱུག་རྩ་ཡིས་ནོར་འཕེལ་ཏེ། །བྱིས་དང་འབྲས་བུ་རིགས་རྒྱུད་འཕེལ། །རུ་རྟ་ཆུ་དག་རྒྱ་སྤོས་དང་། །པྲི་ཡང་ཀུ་དང་ལན་ཚྭ་དང་། །པདྨ་གེ་སར་ནཱ་ག་དབུས། །བསྲེགས་ཏེ་དུད་པས་རང་ལ་བདུག །མི་ཡི་རྒྱལ་པོ་བདག་དབང་འགྱུར། །ཁྲོས་དང་དགྲ་རྐུན་བརྩེ་ཞིང་བྱམས། །བུད་མེད་ཀུན་གྱི་ཡིད་དུ་འོང་། །གཅན་གཟན་གདུག་པ་ཅན་ཀུན་བྱམས། །སྐྱེ་འགྲོ་ཀུན་ཀྱང་བདག་དབང་འགྱུར། །འདྲེ་གདོན་ཀུན་དང་མི་གནོད་བསྲུང་། །དེ་དག་བསྲེག་པའི་ལས་ཡིན་ནོ། །པདྨ་དབང་ཆེན་ཡང་གསང་ཁྲོས་པའི་རྒྱུད་ལས། བསྲུང་གཟིར་དང་སྦྱིན་བསྲེག་གི་ལེའུ་སྟེ་བཅུ་པའོ།། །།


DNG018_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཡུམ་པདྨ་གར་གྱི་དབང་ཕྱུག་མས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །པདྨ་དབང་ཆེན་བཅོམ་ལྡན་འདས། །ཁྱད་པར་ཉེ་བར་དྲག་པོའི་ལས། །འཁོར་ལ་རྒྱས་པར་བཤད་དུ་གསོལ། །ཞེས་གསོལ་པས། བཅོམ་ལྡན་འདས་ཀྱིས་ཁྱད་པར་དྲག་པོའི་ལས་འདི་བཤད་དོ། །སྤུ་གྲི་ལྟ་བུའི་སྦྱོར་བ་འདི། །དབེན་ཞིང་ཉམས་དགའི་གནས་དག་ཏུ། །རྩ་བའི་སྦྱོར་བ་རྟགས་རྫོགས་པས། །ཡེ་ཤེས་དཔལ་གྱི་གཏོར་མ་བཅའ། །བཤོས་བུ་དཀར་པོའི་མཁར་ཐབས་ལ། །གཡུ་བད་གསེར་སྒོ་གསེར་གྱི་སྐར་ཁུང་ཅན། །ལྗང་བུ་དཀར་པོ་ར་ལུག་བྱ། །སྙིང་དང་གཟུགས་ཙམ་དེ་ལྟར་བཅའ། །ཤར་དུ་བཤོས་བུ་གྲུ་བཞི་དཀར། །བ་དན་དཀར་པོ་ར་དཀར་སྙིང་། །ལྷོ་རུ་བཤོས་བུ་གྲུ་བཞི་ལྡེམ། །བ་དན་སེར་པོ་ར་ཡི་སྙིང་། །ནུབ་ཏུ་བཤོས་བུ་གྲུ་བཞི་གནག །བ་དན་ནག་པོ་ར་ཡི་སྙིང་། །བྱང་དུ་བཤོས་བུ་ཟུར་གསུམ་སྙིང་། །བ་དན་དམར་པོ་ར་དམར་སྙིང་། །བདག་ཉིད་དབང་ཆེན་དཀྱིལ་འཁོར་ལ། །གྱིང་ལྔ་བཀའ་སྡོད་ལས་ལ་མངག །དམིགས་པའི་བླ་ཚེ་བཀྲག་མདངས་འགུགས། །རྩ་དང་སྲོག་གཅོད་ལུས་སྲོག་འདྲེལ། །གྲུ་གསུམ་རྟེན་དྲུག་ལིངྒ་བརྣག །ཕྱེ་གསུམ་ཡུངས་ཀར་དུག་སྣ་ཁྲག །འབྲུབ་ཁུང་གཟུགས་ལ་སྔགས་ལ་བརྡེག །འོད་དཀར་ཚུབ་ནག་མེ་འབར་གཟུགས་མཐོང་བ། །རང་རང་གཟུགས་ཀྱི་མི་རྟ་ཉེ་བ་ཡིན། །གསོད་པའི་རྟགས་བྱུང་ལིངྒ་གཉན་སར་མནན། །ཟོར་འཕང་སྨྱོ་འབོག་འཐིབ་དང་གྲི་གཟིར་གསོད། །དེ་དག་དྲག་སྔགས་འདི་ལྟ་སྟེ། །ཨོཾ་ཧ་ཡ་གྲཱི་བ་ཧྲི་དབང་པདྨ་བན་དྷ་ཧྲི་དབང་པདྨ་དྷི་བ་ཧྲི་དབང་། ཙཀྲ་ཨ་བི་ཧྲི། ཙན་དྷ་རཀྴ་ཧྲི་དབང་བ་ཤཾ་ཀུ་རུ་ཧྲི་ཛ། རཱ་ཙ་སྲོག་ལ་ཧྲི། ཨ་ཤུག་མེ་རི་སྲོག་ལ་ཛ། ཧྲི་དུན་དུན་བཛྲ་པ་ཏྲི་ཤུ་ལ་གྷྲི་བ་ཙ་པ་ལ་ཨ་ཤུག་ཙ་ཏྲི་ལི་ཛ། དགྲ་བོའི་སྙིང་ལ་ཁྱེར་བྷྱོ། ཙ་པ་ལ་མི་ཏྲི་ཁྱེར་བྷྱོ། ནྲྀ་དུན་དུན་སྲོག་ཁུག་ཛ་ཛ། ཨ་ཤུག་རྩ་པ་ལ་གྷྲིན་པ་ལ་ཧྲི། ལིམ་དུན་དུན་ཁཾ་ཤག་རུ་ཏྲི། དགྲ་བོའི་སྙིང་མྱོག་རྦད། སྙིང་


DNG018_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་རྔུབས་དུན་ཡུན་རོ་ལ་ཡཾ་ཡཾ་རྦད། རོ་མྱགས་ཚལ་ཐུམ་ལིཾ་ཏི་ཏི། དགྲ་བོ་མཱ་ར་ཡ་རྦད། ཧྲི་བ་ཡ་ནན། སྟམ་པ་ཡ་ནན། ཁ་ལོང་ཀ་ཆོ་ཧོ་ཐུམ་རིལ་ཤུ་ལ་སད་ཏྲ་དགྲ་བོ་ལ་བྷྱོ། གྱིང་ལྔ་དྲག་པོའི་སྦྱོར་བ་བཤད། །གཞན་ཡང་ཆུ་རྒོད་སྦྱོར་བ་ནི། །སྔོན་དུ་རྩ་བའི་རྟགས་ཐོན་པས། །ཆུ་དར་དང་ནི་རྒྱ་ཤོག་ལ། །དབུས་སུ་ཡུལ་གྱི་སེར་བསྲུང་བྲི། །ཕྱི་རིམ་རྩ་བཞི་འབྲུ་བཞི་དགོད། །ཡང་ལོགས་ཆུ་རིས་ཟླུམ་པོ་ལ། །མིང་སྲིང་བཅས་པའི་དྲག་སྔགས་དགོད། །ཁ་སྦྱར་ཡུལ་གྱི་རྫས་ཀྱིས་བྱུགས། །ཐོད་ཆེན་གང་བཞུགས་དོང་དུ་བརྣག །དོང་བུའི་ཟོར་ཐུན་གོང་བཞིན་བཅས། །མཚན་མ་མཐོང་ནས་ཡུལ་དབུས་ཀྱི། །ཀླུ་ལ་གཏའ་གཞུག་ཟོར་འཕང་བསྐུལ། །སྤོབས་ན་བསྲེགས་ཤིང་ཐབ་བྱ་གཏོར། །དེས་ནི་ཆུ་འཁྱགས་ལོ་ལ་འབེབས། །དེ་དག་དྲག་སྔགས་འདི་ལྟ་སྟེ། །ཨོཾ་པདྨ་བྷན་དྷ་ཧྲི་དབང་། ཧ་ཡ་གྲཱི་བ་ཧྲི་དབང་། ཙཎྜ་རག་ཤ་ཧྲི་དབང་། ཙཎྜ་རག་ཤ་ཧྲི་དབང་། བ་ཤང་ཀུ་རུ་ཧྲི་དབང་། པྲོཾ་པྲོཾ་ཤར་ཤར་ཡཾ་ཧྲིལ། བཛྲ་ཡག་ཤ་ཡ་མ་སྙིང་མྱོག །ཡ་མ་ཁྲག་རཱ་ཧུ་ལ་པྲོཾ་པྲོཾ་ཧྲིལ་ཧྲིལ་ཤར་ཤར། རྩར་མ་ཤག་རུ་ཏྲི། ཐིབས་རུ་བའི་ཧྲིལ། རཱ་ཧུ་ལ་པྲོཾ་པྲོཾ། ཡ་མ་སྙིང་མྱོག །ཡ་མ་ཁྲག་པྲོཾ་པྲོཾ་བཛྲ་ཡག་ཤ་པྲོཾ་པྲོཾ། དྲག་ཏུ་ཕོབ་ཕོབ། ཏིཥྛ་ས་མ་ཡ་བྷྱོ། ཙ་ར་རག་སེག་ཏྲཾ་སིབ་བྷྱོ། ཏྲིལ་ཤར་ཕོབ་ཕོབ། ནཱ་ག་དུ་ལན་ལ་བྷ་ར་ཤ་སད་དྲག་ཏུ་ཕོབ་ཕོབ། དབབ་པ་ཆུ་ཡི་འཁོར་ལོ་བཤད། །གཞན་ཡང་དབང་ཆེན་ལས་མཆོག་ནི། །རི་རྒྱལ་ས་དང་མི་ཡི་རྒྱལ་པོ། །བཀའ་རྟེན་བྱིན་ཅན་དུར་ཁྲོད་ཀྱི། །ས་ལ་འབྲུབ་ཁུང་ཟླ་གམ་བྱ། །མཚལ་དང་རྒྱ་སྐྱེགས་ཙནྡན་བྱུགས། །གང་གནོད་རྫས་ལ་གཟུགས་བྱས་ལ། །མིང་བྱང་སྙིང་པོ་སྙིང་གར་བྲི། །ཐོད་པ་སྲུབས་མེད་ནང་དུ་གཞུག །སེང་ལྡེང་མེས་བསྲོ་ཚིལ་ཆེན་དང་། །མངལ་ཁྲག་ཙནྡན་རྒྱ་སྐྱེགས་དང་། །གིའུ་ཝང་བསེ་ཞོ་བྱུགས་ཤིང་བཟླས། །མེ་ཏོག་དམར་པོས་མཆོད་ཅིང་གཏོར། །དགྲ་ལ་དེ་བཞིན་རྟེན་དྲུག་གཟུག །དར་དམར་གྲིལ་ལ་སུམ་ཡར་མཆོད། །བདག་ཉིད་པདྨའི་དཀྱིལ་འཁོར་རྫོགས། །སྤྲུལ་པའི་ཁྲོ་ཆུང་དམར་ནག་ནི། །ལག་ན་ལྕགས་ཀྱུ་ཞགས་པ་ཐོགས། །སྣང་སྲིད་ཀུན་ཁེངས་འོད་


DNG018_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འབར། །གང་ལ་དམིགས་པའི་སྙིང་སྐྱེ་བཟུང་། །བླ་སྲོག་དྲངས་ཏེ་གཟུགས་ལ་བསྡིམ། །ཡུལ་གསུམ་གསལ་བས་དྲག་ཏུ་བཟླས། །བསྐུལ་སྔགས་ཐོན་ནས་རང་འོག་སྦ། །གཞན་གྱི་རྦོད་གཏོང་དྲག་པོ་དང་། །སྲིད་པའི་སྤྱི་བགེགས་ཐམས་ཅད་དང་། །གནོད་སྦྱིན་མ་རུངས་པ་ཀུན་དང་། །གཅན་གཟན་གདུག་པ་མཆེ་སྡེར་ཅན། །རྭ་ཅན་ལ་སོགས་མ་རུངས་པ། །ཀུན་ཀྱང་བདག་ལ་དབང་ཉེར་འདུད། །རིན་ཆེན་སྣ་བདུན་འབྲུ་སྣ་ཚོགས། །ཟས་སྣ་ཚོགས་ཀྱི་རྟེན་སྦྱར་ན། །སྣང་སྲིད་ཟས་ནོར་དབང་དུ་འདུ། །དེ་ཡི་གསང་སྔགས་འདི་ལྟ་སྟེ། །ཨོཾ་ཧྲི་ཧྲི་པདྨཱནྟ་ཀྲྀཏ་བཱ་ཤཾ་ཀུ་རུ་ཧྲི་ཧ་ཡ་གྲཱི་བ་བ་ཤཾ་ཀུ་རུ་ཧྲི།ཙཎྜ་ཙནྡ་ཤྲཱི་བ་ཤཾ་ཀུ་རུ་ཧྲི། པདྨ་རཱ་ག་པ་ཤཾ་ཀུ་རུ་ཧྲི། ཧྲི་དབང་བ་ཤཾ་མ་ན་ཡ་ཧྲི་ཧྲི་ཛ་ཛ་རཱ་ག་དུན་དུན། དབང་ཆེན་སྦྱོར་བའི་དམ་པར་བཤད། །པདྨ་དབང་ཆེན་ཡང་གསང་ཁྲོས་པའི་རྒྱུད་ལས། སྦྱོར་བ་རྣམ་གསུམ་གྱི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཁྲོ་རྒྱལ་པདྨའི་རྒྱལ་པོ་འཁོར་དང་བཅས་པའི་བསྐུལ་བ་འདི་བཤད་དོ། །ཧྲཱྀཿརང་བཞིན་ཆོས་ཀྱི་སྐུ་ལ་རང་བྱུང་བ། །དམར་ནག་གྲུ་གསུམ་དབང་གི་དཀྱིལ་འཁོར་ནས། །པདྨ་འཁྱིལ་པ་དབང་ཆེན་ཁྲོ་བོའི་སྐུ། །ཐུགས་རྗེ་ཐབས་ཀྱིས་སྤྲུལ་སྐུ་བཞེངས་སུ་གསོལ། །བདུད་ཕོ་བདུད་མོ་ཕྱི་ཆིངས་བསྣོལ་བའི་ཁྲི། །ཆགས་མེད་པདྨ་ཉི་ཟླའི་གདན་སྟེངས་ན། །དུས་གསུམ་དབང་བསྒྱུར་ཡེ་ཤེས་ལྷ་ཡི་ལྷ། །དབང་ཆེན་ཁྲག་འཐུང་ཧ་ཡ་གྲཱི་བའི་སྐུ། །སྐུ་མདོག་དམར་ནག་དབུ་གསུམ་ཕྱག་དྲུག་པ། །ཞབས་བཞི་བརྐྱང་བསྐུམ་རྔམ་འགྱིང་བརྗིད་པའི་སྐུ། །སྤྱན་གསུམ་ཞལ་བགྲད་དབང་གི་མཆེ་བ་གཙིགས། །སྨིན་མ་སྨ་ར་ཨག་ཚོམ་མེ་ལྟར་འབར། །དབུ་སྐྲ་ཁམ་ནག་རལ་པ་གྱེན་དུ་འཁྱིལ། །སྤྱི་གཙུག་རྟ་མགོ་ལྗང་གུ་ཟིལ་གནོན་རྔམ། །རྔོག་མ་དམར་པོ་དབང་གི་རྟ་སྐད་མཚེར། །གཡས་དཀར་གཡོན་ལྗང་དབུས་དམར་རྔམ་སྒྲ་སྒྲོགས། །སྐུ་སྟོད་ཞིང་ཆེན་གཡང་གཞི་གླང་ཆེན་ཀོ་རློན་གསོལ། །སྐུ་སྨད་སྟག་གི་ཤམ་ཐབས་བདུད་དཔུང་འདུལ། །ཐོད་རློན་ཚར་གསུམ་ཕྲེང་བས་རྒྱན་དུ་བྱས། །


DNG018_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

སྦྲུལ་རིགས་བཞི་ཡིས་སྐུ་བརྒྱན་ཕྱག་ཞབས་སྤྲས། །དང་པོ་པདྨ་བྷན་དྷས་དབང་དུ་སྡུད། །བར་པ་ལྕགས་ཀྱུ་ཞགས་པས་དམིགས་པ་འགུགས། །ཐ་མ་བེ་ཅོན་རལ་གྲིས་དགྲ་བགེགས་སྒྲོལ། །དབང་དྲག་མེ་དཔུང་ཀློང་དཀྱིལ་རིན་ཆེན་སྤྲས། །སྐུ་ལ་དུར་ཁྲོད་ཆས་བརྒྱད་རྫོགས་པར་ལྡན། །དབང་ཆེན་གདུག་པའི་སྤྱན་རྩ་བཟློག་པ་ཡིས། །སྣང་སྲིད་དྲག་པོ་ཐམས་ཅད་དབང་དུ་སྡུད། །ཤངས་ནས་རླུང་ནག་འཚུབ་མའི་བསྐལ་པ་འབྱུང་། །སྣང་སྲིད་ཀུན་གཏོར་མཐུ་ཆེན་དྲག་རྩལ་འདུལ། །སྙན་ནས་བསྐལ་པའི་འབྲུག་སྟོང་ལྡིར་བ་ཡིས། །སྲིད་པའི་ཆེ་བཙན་ཐམས་ཅད་ཟིལ་གྱིས་གནོན། །ཚེམས་ལས་དྲག་པོའི་ཐོག་ཆེན་འབབ་པ་ཡིས། །སྡང་དགྲ་གདོན་བགེགས་ཐལ་བའི་རྡུལ་དུ་རློག །ཞལ་ནས་རཀྟའི་རྒྱ་མཚོ་འཁྲུག་ཅིང་འཁྱིལ། །བསྟན་པ་བཤིག་པའི་དགྲ་ལ་སྐྱིན་ཐང་ཕོབ། །ཁྲོ་རྒྱལ་དབང་གི་རྟ་སྐད་ཙེ་རེ་རེ། །ཐུགས་རྗེ་དབང་ཆེན་ཆེ་བཙན་དབང་དུ་སྡུད། །པདྨ་དབང་ཆེན་ཁྲག་འཐུང་མི་བཟད་པ། །ཁྱོད་ཀྱི་དབང་དྲག་ཕྲིན་ལས་དུས་ལ་བབ། །སྡང་དགྲ་གནོད་བྱེད་ཐལ་བའི་རྡུལ་དུ་རློག །ཧྲཱྀཿཁྲོ་རྒྱལ་དབང་ཆེན་སྐུ་ཡི་གཡོན་ཕྱོགས་ནས། །ཁྲོ་མོ་པདྨ་གར་གྱི་དབང་ཕྱུག་མ། །སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་མ། །སྤྱན་གསུམ་ཞལ་བགྲད་དབང་གི་མཆེ་བ་གཙིགས། །དབུ་སྐྲ་རལ་པ་ནག་པོ་མུན་ལྟར་གཏིབས། །སྐུ་ལ་དུར་ཁྲོད་ཆས་བརྒྱད་ལེགས་པར་ལྡན། །ཕྱག་གཡས་ཙིཏྟ་ཐོགས་ནས་ཡབ་ལ་འཁྱུད། །ཕྱག་གཡོན་དུང་ཆེན་དམར་འཁྱིལ་གཙོ་ལ་སྟོབ། །ཁྲོ་མོ་ཀུན་གྱི་དབང་ཕྱུག་ཆེན་མོ་ཁྱོད། །རྔམས་པའི་ང་རོས་ཐམས་ཅད་ཟིལ་གྱིས་གནོན། །སྤྱན་ནས་ཁྲག་འཛག་ཞལ་ནས་མི་རོ་འབྲུལ། །སྙན་ནས་འབྲུག་སྒྲོགས་ཤངས་ནས་རླུང་ནག་འཚུབས། །ཁྱོད་ཀྱི་དབང་ངག་ཕྲིན་ལས་དུས་ལ་བབ། །སྡང་དགྲ་གནོད་བྱེད་ཐལ་བའི་རྡུལ་དུ་རློག །ཧྲཱྀཿཡབ་ཡུམ་ཐབས་དང་ཤེས་རབ་རོལ་པ་ལས། །ཐུགས་ཀྱི་


DNG018_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པ་དབང་ཆེན་ཁྲོ་བོའི་སྐུ། །ཤར་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེང་ནས། །དྲི་ཟ་ཕོ་མོ་བསྣོལ་བའི་གདན་སྟེངས་ན། །རྡོ་རྗེ་དབང་ཆེན་དཀར་པོ་ཁྲོ་བོའི་སྐུ། །ཞལ་གཅིག་ཕྱག་གཉིས་དུར་ཁྲོད་ཆས་བརྒྱད་རྫོགས། །སྤྱན་གསུམ་ཞལ་བགྲད་མཆེ་གཙིགས་མི་རོ་ཟ། །དབུ་སྐྲ་ཁམ་ནག་གྱེན་སྦྲེངས་སྦྲུལ་གྱིས་བཅིངས། །ཕྱག་གཡས་རྡོ་རྗེ་དགྲ་བགེགས་མགོ་ལུས་གཤོགས། །ཕྱག་གཡོན་དབྱུག་ཐོས་མྱོས་ཤིང་བརྒྱལ་བར་བྱེད། །མེ་དཔུང་ཀློང་ནས་འགྱིང་གར་སྟབས་ཚུལ་དུ། །རྔམས་པའི་ང་རོ་འབྲུག་སྟོང་ལྡི་རི་རི། །ཐུགས་ཀྱི་སྤྲུལ་པས་སྟོང་གསུམ་ཁྱབ་པར་བྱེད། །ཁྱོད་ཀྱི་དབང་དྲག་ཕྲིན་ལས་དུས་ལ་བབ། །སྡང་དགྲ་གནོད་བྱེད་ཐལ་བའི་རྡུལ་དུ་རློག །ཡབ་ཡུམ་ཐབས་དང་ཤེས་རབ་རོལ་པ་ལས། །ཐུགས་ཀྱི་སྤྲུལ་པ་དབང་ཆེན་ཁྲོ་བོའི་སྐུ། །ལྷོ་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེང་ནས། །གྲུལ་བུམ་ཕོ་མོ་བསྣོལ་བའི་གདན་སྟེངས་ན། །རིན་ཆེན་དབང་ཆེན་མཐིང་ནག་ཁྲོ་བོའི་སྐུ། །ཞལ་གཅིག་ཕྱག་གཉིས་དུར་ཁྲོད་ཆས་བརྒྱད་རྫོགས། །སྤྱན་གསུམ་ཞལ་བགྲད་མཆེ་གཙིགས་མི་རོ་ཟ། །དབུ་སྐྲ་ཁམ་ནག་གྱེན་སྦྲེང་སྦྲུལ་གྱིས་བཅིངས། །ཕྱག་གཡས་རིན་ཆེན་མྱུ་གུས་དགོས་འདོད་སྐོང་། །ཕྱག་གཡོན་ལྕགས་ཀྱུས་བླ་འགུགས་ཙིཏྟ་འབྱིན། །མེ་དཔུང་ཀློང་ནས་འགྱིང་གར་སྟབས་ཚུལ་དུ། །རྔམས་པའི་ང་རོ་འབྲུག་སྟོང་ལྡི་རི་རི། །ཐུགས་ཀྱི་སྤྲུལ་པས་སྟོང་གསུམ་ཁྱབ་པར་འགྱེད། །ཁྱོད་ཀྱི་དབང་དྲག་ཕྲིན་ལས་དུས་ལ་བབ། །སྡང་དགྲ་གནོད་བྱེད་ཐལ་བའི་རྡུལ་དུ་རློག །ཧྲཱྀཿཡབ་ཡུམ་ཐབས་དང་ཤེས་རབ་རོལ་པ་ལས། །ཐུགས་ཀྱི་སྤྲུལ་པས་སྟོང་གསུམ་ཁྱབ་པར་བྱེད། །ནུབ་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེངས་ན། །མིའམ་ཕོ་མོ་བསྣོལ་བའི་གདན་སྟེངས་ན། །པདྨ་དབང་ཆེན་དམར་སྨུག་ཁྲོ་བོའི་སྐུ། །ཞལ་གཅིག་ཕྱག་གཉིས་དུར་ཁྲོད་ཆས་བརྒྱད་རྫོགས། །སྤྱན་གསུམ་ཞལ་བགྲད་མཆེ་གཙིགས་མི་རོ་ཟ། །དབུ་སྐྲ་ཁམ་ནག་གྱེན་སྒྲེངས་སྦྲུལ་གྱིས་བཅིངས། །ཕྱག་གཡས་


DNG018_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

པདྨས་ཆེ་བཙན་དབང་དུ་སྡུད། །ཕྱག་གཡོན་ཞགས་པས་ལུས་དང་ཡན་ལག་འཆིང་། །མེ་དཔུང་ཀློང་ནས་འགྱིང་གར་སྟབས་ཚུལ་དུ། །རྔམས་པའི་ང་རོ་འབྲུག་སྟོང་ལྡི་རི་རི། །ཐུགས་ཀྱི་སྤྲུལ་པས་སྟོང་གསུམ་ཁྱབ་པར་བྱེད། །ཁྱོད་ཀྱི་དབང་དྲག་ཕྲིན་ལས་དུས་ལ་བབ། །སྡང་དགྲ་གནོད་བྱེད་ཐལ་བའི་རྡུལ་དུ་རློག །ཧྲཱྀཿཡབ་ཡུམ་ཐབས་དང་ཤེས་རབ་རོལ་པ་ལས། །ཐུགས་ཀྱི་སྤྲུལ་པ་དབང་ཆེན་ཁྲོ་བོའི་སྐུ། །བྱང་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེང་ནས། །ལྟོ་འཕྱེ་ཕོ་མོ་བསྣོལ་བའི་གདན་སྟེངས་ན། །ཕྲིན་ལས་དབང་ཆེན་ལྗང་དམར་ཁྲོ་བོའི་སྐུ། །ཞལ་གཅིག་ཕྱག་གཉིས་དུར་ཁྲོད་ཆས་བརྒྱད་རྫོགས། །སྤྱན་གསུམ་ཞལ་བགྲད་མཆེ་གཙིགས་མི་རོ་ཟ། །དབུ་སྐྲ་ཁམ་ནག་གྱེན་སྦྲེངས་སྦྲུལ་གྱིས་བཅིངས། །ཕྱག་གཡས་རལ་གྲིས་རྩ་དང་སྲོག་གཟུགས་གཅོད། །ཕྱག་གཡོན་ཁ་ཊྭཱཾ་རྩེ་གསུམ་དུག་གསུམ་སྒྲོལ། །མེ་དཔུང་ཀློང་ནས་འགྱིང་གར་སྟབས་ཚུལ་དུ། །རྔམས་པའི་ང་རོ་འབྲུག་སྟོང་ལྡི་རི་རི། །ཐུགས་ཀྱི་སྤྲུལ་པས་སྟོང་གསུམ་ཁྱབ་པར་བྱེད། །ཁྱོད་ཀྱི་དབང་དྲག་ཕྲིན་ལས་དུས་ལ་བབ། །སྡང་དགྲ་གནོད་བྱེད་ཐལ་བའི་རྡུལ་དུ་རློག །ཧཱུཾ་ཤར་ཕྱོགས་དུང་གི་སྒོ་ཁྱུད་ལ། །བུད་མེད་ནག་མོ་འཇིགས་ཚུལ་ཅན། །ཁྲག་གི་རལ་པ་ཤ་ར་ར། །ཕྱག་ན་ལྕགས་ཀྱུས་དགྲ་སྙིང་འབྱིན། །རེངས་པར་ཁུག་ཅིག་ཨངྐུ་ཤ །ལྷོ་ཕྱོགས་གསེར་གྱི་སྒོ་ཁྱུད་ལ། །བུད་མེད་སེར་མོ་འཇིགས་ཚུལ་ཅན། །གཡུ་ཡི་རལ་པ་ཤ་ར་ར། །ཕྱག་ན་ཞགས་པ་བླ་ཚེ་འགུགས། །ཆིངས་ཤིག་སྡོམས་ཤིག་པཱ་ཤ་ཧྲི། །ནུབ་ཕྱོགས་ཟངས་ཀྱི་སྒོ་ཁྱུད་ལ། །བུད་མེད་དམར་མོ་འཇིགས་ཚུལ་ཅན། །མཐིང་གི་རལ་པ་ཤ་ར་ར། །ཕྱག་ན་ལྕགས་སྒྲོག་ཚེ་སྲོག་བསྡིམ། །རྟེན་ལ་སྡིམས་ཤིག་སྥོ་ཊ་བཾ། །བྱང་ཕྱོགས་གཡུ་ཡི་སྒོ་ཁྱུད་ལ། །བུད་མེད་སྔོན་མོ་འཇིགས་པའི་གཟུགས། །གསེར་གྱི་


DNG018_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

རལ་པ་ཤ་ར་ར། །ཕྱག་ན་དྲིལ་བུས་བརྒྱན་པར་བྱེད། །མྱོས་པར་གྱིས་ཤིག་གྷཎྜ་ཧོཿ། །ཧྲཱྀཿབཅོམ་ལྡན་པདྨ་ཧེ་རུ་ཀ །དབང་ཆེན་ཐུགས་ཀྱི་སྤྲུལ་པ་ནི། །སྲོག་བདག་འོད་ཀྱི་རྒྱལ་པོ་འབྱུང་། །སྐྱེས་མཆོག་འོད་ཀྱི་མི་བོ་ཆེ། །སྐུ་ལ་སེང་གེའི་སློག་པ་གསོལ། །དབུ་ལ་ཇི་ལོ་དཀར་པོ་བཅིངས། །ནམ་མཁའ་འཇའ་ཡི་སྐེ་རགས་ཅན། །ལྕགས་ཀྱི་སྡེར་མོས་དགྲ་སྙིང་འབྱིན། །གཡས་པ་རལ་གྲི་དགྲ་སྲོག་གཅོད། །གཡོན་པ་འོད་ཀྱི་ཞགས་པ་འཕེན། །དགྲ་བོའི་ཚེ་སྲོག་དོན་སྙིང་ཕྱུང་། །དྲག་ཏུ་བསྐུལ་ལོ་དགྲ་སྲོག་གཅོད། །ཤར་གྱི་དཀར་པོ་དམ་ཚིག་ཅན། །རྟ་རུ་དཀར་པོ་ངང་རིང་ཞོན། །སྐུ་ལ་དར་དཀར་རལ་ག་གསོལ། །དབུ་ལ་དུང་གི་ཅོད་པན་ཅན། །ཕྱག་ན་ཤེལ་གྱི་ཟངས་གྲི་ཐོགས། །ཕྱག་གཡོན་ཞགས་པ་དགྲ་ལ་འདེབས། །ཚངས་པ་དུང་གི་ཐོར་ཚུགས་ཅན། །དགྲ་བོའི་ལྷ་ཁྲོལ་ཁོང་སྙིང་ཕྱུང་། །ལྷོ་ཡི་དགེ་བསྙེན་དམ་ཚིག་ཅན། །སྐུ་ལ་ཟ་འོག་སྔོ་ཁྲ་གསོལ། །དབུ་ལ་བསེ་མིན་འགྱིང་ཐོད་བཅིངས། །རྟ་ནི་ཁམ་པ་ལག་དཀར་ཞོན། །གཡས་ན་བསེ་ཡི་རྡོ་རྗེ་ཐོགས། །གཡོན་ན་ཙིཏྟ་དམར་པོ་ཐོགས། །གྱིང་ཆེན་རྡོ་རྗེ་གཤོག་རྒོད་རྩལ། །དགྲ་བོའི་སྙིང་ཕྱུང་སྲོག་རྩ་ཆོད། །ནུབ་ཀྱི་བདུད་ནག་དམ་ཚིག་ཅན། །སྐུ་ལ་ལྕགས་ཀྱི་ཞུན་ཁྲབ་གསོལ། །དབུ་ལ་བདུད་ཞྭ་ལྡིང་ནག་གསོལ། །ཆིབས་སུ་བདུད་རྟ་ནག་པོ་ཆིབས། །ཕྱག་གཡས་བདུད་ཀྱི་ཁྲམ་ཤིང་བསྣམས། །ཕྱག་གཡོན་ཞགས་པ་ནག་པོ་འདེབས། །ནག་པོ་གསོད་བྱེད་བདུད་ཀྱི་བུ། །དགྲ་བོའི་ཚེ་སྲོག་ཁྲམ་ལ་ཐོབ། །བྱང་གི་སྲོག་བདག་དམ་ཚིག་ཅན། །སྐུ་ལ་བསེ་ཁྲབ་དམར་པོ་གསོལ། །དབུ་ལ་བསེ་རྨོག་ཟངས་རིང་གསོལ། །ཆིབས་སུ་བསེ་ཡི་ར་སྐྱེས་ཆིབས། །ཕྱག་གཡས་ཟངས་ཀྱི་གྲི་རིངས་བསྣམས། །གཡོན་པས་ཞགས་པ་དགྲ་


DNG018_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འདེབས། །བསྭོ་རོ་སྲོག་གཅོད་ལག་དམར་གྱིས། །དགྲ་བོའི་མདངས་ཕྲོགས་སྲོག་རྩ་གཅོད། །དམ་ཉམས་མ་བཏང་ཤོ་ར་རེ། །ཧྲཱྀཿཔདྨའི་རྒྱལ་པོ་རྟ་མཆོག་དཔལ། །ཁྲོ་རྒྱལ་ཁྲག་འཐུང་ཧེ་རུ་ཀ །ཐུགས་ཀྱི་སྤྲུལ་པ་མི་བཟད་པ། །སྐྱིན་ཐང་ཆུ་འཁྱགས་མངའ་བདག་ཁྱོད། །ཁྱབ་འཇུག་ཆེན་པོ་རཱ་ཧུ་ལ། །བི་ཏྲི་པ་ཏྲ་སྒྲ་གཅན་འཛིན། །དྲང་སྲོང་ཆེན་པོ་ཀུན་ཏུ་རྒྱུ། །གཟའ་རྒོད་དྲག་པོ་སྐྱིན་ཐང་བདག །དུང་ཁ་མགོ་དགུ་མིག་གིས་ཁེངས། །རོ་སྨད་སྦྲུལ་གྱིས་རྒྱ་མཚོ་འཁྲུགས། །ཕྱག་གཡས་སྐྱིན་ཐང་འཁོར་ལོ་བསྣམས། །ཕྱག་གཡོན་ཆུ་སྲིན་ཞགས་པ་འཕེན། །དགྲ་ཡུལ་ལོ་ཐོག་རྡུལ་དུ་རློག །ཧྲཱྀཿཕྱོགས་བཞི་ནམ་མཁའི་དཀྱིལ་ཡངས་ནས། །ངན་སྔགས་བདག་མོ་སྐྱིན་ཐང་ཕོབ། །ཤར་གྱི་སྟག་སྲིན་ཟོར་བ་གདོང་། །ལྷོ་ཡི་བཾ་སྲིན་དྲེད་མོ་གདོང་། །ནུབ་ཀྱི་ཀོང་སྲིན་བ་ལང་གདོང་། །བྱང་གི་འབྲོག་སྲིན་ཆུ་སྲིན་གདོང་། །ངན་སྔགས་བདག་མོ་བཞི་པོ་ནི། །གཡས་པ་ཟོར་བ་གཡོན་ནང་རྐྱལ། །སྐྱིན་ཐང་ཆུ་རྒོད་མངའ་བདག་མོ། །དགྲ་བོའི་ལོ་ཐོག་སྣར་མ་ལ། །ཆུ་རྒོད་འཁྱགས་པའི་སྐྱིན་ཐང་ཕོབ། །དགྲ་ཡུལ་ཐལ་བ་རྡུལ་དུ་རློགས། །དེ་ལྟར་དྲག་ཏུ་བསྐུལ་ཞིང་རྦད། །པདྨ་དབང་ཆེན་ཡང་གསང་ཁྲོས་པའི་རྒྱུད་ལས། བསྐུལ་བའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱུད་འཁོར་ལ་གཏད་པ་འདི་གསུངས་སོ། །ཨེ་མ་ཧོ། ང་ཡི་གསང་རྒྱུད་རིན་པོ་ཆེ། །དྲག་པོ་དབང་ཆེན་པདྨ་འཁྱིལ། །དངོས་གྲུབ་ཀུན་གྱི་གནས་མཛོད་ཡིན། །འཁོར་དུ་འདུས་པ་ཁྱོད་ལ་གཏད། །མི་ནུབ་རྒྱལ་མཚན་ཐུགས་ལ་ཟུང་། །བསྟན་པ་བསྲུང་བའི་མཚོན་ཆར་བཤད། །ཕྱི་རབས་འདུས་ཚོགས་ཕལ་ཆེ་ལ། །གསང་རྒྱུད་དམ་པ་འདི་གཏད་ཟུང་། །པདྨ་དབང་ཆེན་ཡང་གསང་ཁྲོས་པའི་རྒྱུད་ལས། རྒྱུད་གཏད་པའི་ལེའུ་སྟེ་བཅུ་གསུམ་པའོ།། །། པདྨ་དབང་ཆེན་ཡང་གསང་ཁྲོས་པའི་རྒྱུད་ཅེས་བྱ་བ་རྫོགས་སོ།། །།
སློབ་དཔོན་པདྨ་འབྱུང་གནས་ཀྱིས། །མངའ་བདག་རྗེ་ལ་གཏད་པ་ཡིན། །བཻ་རོ་ཙ་ན་བདག་གིས་བསྒྱུར། །ཡེར་བའི་ལྷ་རི་གདོང་ལ་སྦས། །གཏེར་ཤོག་དག་ལས་ཞལ་བཤུས་སོ། །ས་མ་ཡ། རྒྱ་རྒྱ་རྒྱ། མངྒ་ལཾ།། །།

དཔལ་རྟ་མགྲིན་གསང་བ་ཕྲིན་ལས་ཀྱི་རྒྱུད་ཅེས་བྱ་བ།


DNG018_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཤྲཱི་ཧ་ཡ་གྲཱི་བ་གུ་ཧྱ་ཀརྨ་ཏནྟྲ་ནཱ་མ། བོད་སྐད་དུ། དཔལ་རྟ་མགྲིན་གསང་བ་ཕྲིན་ལས་ཀྱི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་དཔལ་རྟ་མགྲིན་དབང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། འོག་མིན་གྱི་གནས་པདྨ་དབང་གི་དཀྱིལ་འཁོར་རྣམ་པར་རོལ་པའི་དུར་ཁྲོད་ཆེན་པོ། དམར་ནག་གྲུ་གསུམ་འབར་བའི་གཞལ་ཡས་ཁང་ན། དཔལ་རྟ་མགྲིན་ཆེན་པོ་ཡབ་ཡུམ་པདྨ་གཟི་ལྡན་མ་དང་གཉིས་སུ་མེད་པའི་བདེ་བ་ཆེན་པོ་ལ་སྙོམས་པར་ཞུགས་ཏེ། མ་ཆགས་ཐབས་ཀྱི་སྦྱོར་བ་མཛད་པ་ལས། ཡབ་ཀྱི་ཐུགས་ཀ་ནས་འོད་དམར་པོ་མེ་ལོང་ཙམ་ཞིག་འཕྲོས་པ་ལས་སྒྲོལ་གིང་སྐུ་མདོག་དམར་པོར་གྱུར་ཏོ། །ཡུམ་གྱི་ཐུགས་ཀ་ནས་འོད་དམར་པོ་མེ་ལོང་ཙམ་ཞིག་འཕྲོས་པ་ལས། ལྷ་མོ་སྨུག་མོ་ནམ་མཁའི་གོ་ཟུ་ཅན་དུ་གྱུར་ཏོ། །ཡབ་ཡུམ་གཉིས་སུ་མེད་པའི་ཐུགས་ཀྱི་སྲས་ལྕམ་དྲལ་གཉིས་ལས་སྲིད་པ་ཕོ་རྒྱུད་དང་མོ་རྒྱུད་ཐམས་ཅད་སྲིད་ནས་འཁོར་དྲེགས་པ་ཅན་ཐམས་ཅད་ཀྱིས་བསྐོར་ནས་གནས་སོ། །དེ་ནས་གཙོ་བོ་ཡབ་ཀྱིས་དེ་རྣམས་ཀྱི་ལག་ཏུ་རྡོ་རྗེ་གཏད། ཡུམ་གྱིས་ཐོད་ཁྲག་གཏད་དེ། ཧྲཱྀཿཔདྨཱནྟ་ཀྲྀཏ་ཧ་ཡ་གྲཱི་བ་ཨེ་ཀ་ཛ་ཏི་ཧུ་ལུ་ཧུ་ལུ་ཧྲི་ཛ་ཛ། ཨེ་ཀ་ཛ་ཊཱི་མ་ཧཱ་ཀྲོ་དྷ་ཧཱུཾ་ཕཊ། རཀྟ་ཙ་མུན་ཏི་ཁ་ན་ཁ་ན་ཧཱུཾ་ཕཊ།ཅེས་བརྗོད་པས། དྲེགས་པ་ཅན་ཕོ་མོ་དེ་རྣམས་ཐམས་ཅད་ལུས་ངག་ཡིད་གསུམ་རང་དབང་མེད་པར་འདར་ལ་དངངས་ཤིང་དྲེད་པར་གྱུར་ཏོ། །ཏྲག་རཀྴ་ཛ་བྷྱོ། ཡབ་ཡུམ་བདག་ཅག་སྲོག་གི་སྙིང་པོ་འབུལ་ན་བཀའ་ཅི་སྩལ་ཞུས་པ་དང་། རྟ་མགྲིན་ཡབ་ཡུམ་གཉིས་སུ་མེད་པའི་སྦྱོར་བའི་བྱང་ཆུབ་ཀྱི་


DNG018_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱི་ཐིག་ལེ་དང་། དམ་ཚིག་གི་ཆུའི་བདུད་རྩི་ལྕེ་ལ་བཞག་ནས་གསང་བའི་དབང་བསྐུར།ཐུགས་ཀྱི་སྲས་སུ་བྱས་ནས་བཀའི་སྲུང་མར་བཞག་གོ། །གླེང་གཞིའི་ལེའུ་སྟེ་དང་པོའོ།། །། དེ་ནས་ཐུགས་ཀྱི་ལྕམ་དྲལ་གཉིས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཨེ་མ་དཔལ་ཆེན་ཡབ་ཡུམ་སྐུ། །ཉིད་ཀྱི་ལྟ་བ་ཇི་ལྟར་ལགས། །དཔལ་ཆེན་ཡབ་ཀྱིས་བཀའ་སྩལ་པ། །སྣང་སྲིད་དངོས་པོར་སྣང་བ་ཀུན། །ང་ཡི་རོལ་པ་སྐུ་ཡི་རྒྱན། །སྒྲ་རུ་གྲག་པ་ཐམས་ཅད་ཀུན། །ང་ཡི་གསུང་གི་རང་བཞིན་ཡིན། །སེམས་ཀྱི་དྲན་རྟོག་ཐམས་ཅད་ཀུན། །ང་ཡི་ཐུགས་ཀྱི་ལོངས་སྤྱོད་རྒྱན། །ཐིག་ལེ་བྱང་ཆུབ་སེམས་ཉིད་ལས། །རིག་དང་མ་རིག་ཁྱད་པར་ཀུན། །ལས་དང་ཡེ་ཤེས་གཉིས་སུ་སྣང་། །མ་རིག་པ་ལས་འཁོར་བ་ལས། །རིག་པའི་ཡེ་ཤེས་མྱ་ངན་འདས། །འཁོར་འདས་ཁྱད་པར་དབྱིངས་སུ་མཉམ། །ལས་དང་ཡེ་ཤེས་གཉིས་སུ་མེད། །མ་འགགས་པ་ནི་ཆོས་ཀྱི་སྐུ། །མི་དམིགས་པ་ནི་ཆོས་ཀྱི་དབྱིངས། །དེ་རྟོགས་དེ་ལ་གནས་པ་ནི། །སངས་རྒྱས་ཀུན་གྱི་དགོངས་པ་ཡིན། །ད་ལྟར་ངས་ཀྱང་དེ་ལྟར་བཤད། །ཅེས་གསུངས་སོ། །ལྟ་བའི་ལེའུ་སྟེ་གཉིས་པའོ།། །།ལྕམ་དྲལ་གཉིས་ཀྱིས་ཡང་ཞུས་པ། །ཉིད་ཀྱི་བསྒོམ་པ་ཇི་ལྟར་ལགས། །དཔལ་ཆེན་ཡབ་ཀྱིས་བཀའ་སྩལ་པ། །སེམས་ཉིད་སྐྱེ་མེད་གདོད་ནས་དག །ཡོད་མེད་རྟག་ཆད་གཟུང་འཛིན་ཡང་། །མ་བསྩལ་བཞག་ན་བསྒོམ་པ་ཡིན། །སེམས་ཉིད་རྟོགས་པ་ཆོས་དབྱིངས་ལ། །མ་འགགས་དུག་ལྔའི་རྣམ་རྟོག་ཤར། །དབྱིངས་ལས་ཤར་ཞིང་དབྱིངས་ལ་ཐིམ། །རང་ཤར་ངང་གྲོལ་བསྒོམ་པའི་མཆོག །ལྷ་དང་གཟུགས་སྐུ་དང་སྦྱར་བས། །དངོས་པོར་བཟུང་ན་རྟག་པར་གྲོལ། །བལྟ་བ་གཉིས་མེད་ཆོས་ཀྱི་སྐུ། །མེད་པར་བཟུང་ན་ཆད་པ་སྟེ། །ཡོད་མེད་མཉམ་པའི་ངོ་བོ་ལས། །བདེ་གཤེགས་འགྲོ་དོན་ཅིར་ཡང་མཛད། །བསྐྱེད་རྫོགས་ཟུང་འཇུག་བསྒོམ་པ་ཡིན། །ཞེས་གསུངས་སོ། །བསྒོམ་པའི་ལེའུ་སྟེ་གསུམ་པའོ།། །།


DNG018_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

ལྕམ་དྲལ་གཉིས་ཀྱིས་ཡང་ཞུས་པ། །ཉིད་ཀྱི་སྤྱོད་པ་ཇི་ལྟར་ལགས། །དཔལ་ཆེན་ཡབ་ཀྱིས་བཀའ་སྩལ་པ། །སྐྱེ་འགྲོ་གཟུགས་སུ་སྣང་བ་ཀུན། །གང་ཡིན་ཐམས་ཅད་ཕྱག་རྒྱའི་ཚོགས། །ངེས་པ་སྐུ་ཡི་རྒྱན་དུ་ཤར། །སྒྲ་རུ་གྲག་པ་སྔགས་ཀྱི་ཚིག །ང་ཡི་གསུང་གི་སྒྲ་སྐད་ཡིན། །སེམས་ཀྱི་དྲན་རྟོག་ཐམས་ཅད་ཀྱང་། །མ་ལུས་ཐུགས་ཀྱི་མཚན་ཉིད་ཡིན། །སྐུ་དང་གསུང་ཐུགས་ལོངས་སྤྱོད་པས། །འདི་ཡང་ང་ཡི་སྤྱོད་པ་ཡིན། །སྐྱེ་ཤི་མེད་པའི་དོན་རྟོགས་ནས། །སྣང་སྲིད་ཐམས་ཅད་དབྱིངས་སུ་སྒྲོལ། །བསྟན་པའི་རཱུ་ཏྲ་གང་ཡིན་པ། །བླ་མེད་བྱང་ཆུབ་གནས་སུ་སྒྲོལ། །འདི་ཡང་ང་ཡི་སྤྱོད་པ་ཡིན། །ཆོས་དབྱིངས་སྐྱེ་བ་མེད་པ་ཡིས། །རིག་པའི་ཡེ་ཤེས་གཉིས་མེད་སྦྱོར། །ཐབས་ཀྱི་རང་བཞིན་སྐྱེ་མེད་ལས། །ཤེས་རབ་མ་འགགས་གཉིས་མེད་སྦྱོར། །འདི་ཡང་ང་ཡི་སྤྱོད་པ་ཡིན། །ཞེས་གསུངས་སོ། །སྤྱོད་པའི་ལེའུ་སྟེ་བཞི་པའོ།། །། ལྕམ་དྲལ་གཉིས་ཀྱིས་ཡང་ཞུས་པ། །ཉིད་ཀྱི་འབྲས་བུ་ཇི་ལྟར་ལགས། །དཔལ་ཆེན་ཡབ་ཀྱིས་བཀའ་སྩལ་པ། །རིག་པ་ཡེ་ཤེས་ཆོས་ཀྱི་སྐུ། །རང་བཞིན་མེད་པ་ལྷུན་གྲུབ་ངང་། །མ་བཙལ་རང་ཤར་ཡེ་ནས་གནས། །སེམས་ཉིད་སྣ་ཚོགས་རང་འགྱུ་བ། །ལོངས་སྤྱོད་རྫོགས་པའི་སྐུ་ཡི་ངང་། །རང་ལས་བྱུང་ཞིང་རང་ལས་སྤྱོད། །འདི་ཡང་ང་ཡི་འབྲས་བུ་ཡིན། །འདི་ལྟར་སྣང་བ་ཐམས་ཅད་ཀུན། །སྣ་ཚོགས་རང་ཤར་སྤྲུལ་པའི་སྐུ། །གང་ལྟར་བརྟགས་པ་འདི་ལྟར་སྣང་། །འདི་ལྟར་ང་ཡི་འབྲས་བུ་ཡིན། །སྐུ་གསུམ་རང་ལ་ཡེ་ནས་རྫོགས། །མ་བཙལ་རང་བཞིན་ལྷུན་གྱིས་གྲུབ། །མ་བསྒྲུབས་རང་ལས་འབྱུང་ཞིང་གནས། །འདི་ཡང་ང་ཡི་འབྲས་བུ་ཡིན། །ཞེས་གསུངས་སོ། །འབྲས་བུའི་ལེའུ་སྟེ་ལྔ་པའོ།། །།ལྕམ་དྲལ་གཉིས་ཀྱིས་ཡང་ཞུས་པ། །ཉིད་ཀྱི་སྒྲུབ་པ་ཇི་ལྟར་ལགས། །དཔལ་ཆེན་ཡབ་ཀྱིས་བཀའ་སྩལ་པ། །བསྐྱེད་པའི་རིམ་པ་སྒྲུབ་པ་ཡིན། །རྣལ་འབྱོར་བལྟ་བས་ཐག་ཆོད་ནས། །ཐོག་མར་བཀྲ་


DNG018_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

ཤིས་དབེན་པའི་གནས། །ནུབ་ཏུ་ཁ་བལྟས་ས་གཞི་དམར། །ཀུན་ཏུ་ཟླ་གམ་དབྱིབས་སུ་འདུག །མེ་ཏོག་དམར་པོའི་སྣམ་བུ་ཆགས། །རྩི་ཤིང་ཡལ་ག་གཡུར་ཟ་བ། །སྟོན་པའི་ཞབས་ཀྱིས་བཅགས་པ་དེར། །དཀྱིལ་འཁོར་དང་ནི་མཆོད་རྫས་ཀུན། །ཐམས་ཅད་ཁ་དོག་དམར་པོར་བྱ། །བླ་མ་ལྷ་ཚོགས་བཅས་པ་ལ། །ཡན་ལག་བདུན་གྱི་ཚོགས་བསགས་ལ། །དེ་བཞིན་ཉིད་དང་ཀུན་སྣང་རྒྱུས། །འབྱུང་བ་ལྔ་པོ་རིམ་བརྩེགས་ལ། །བྷནྡྷ་འབར་བའི་གཞལ་ཡས་ལ། །སྨུག་ནག་གྲུ་གསུམ་གནམ་སྒོ་ཅན། །ཟླ་གམ་མུ་ཁྱུད་གྲུ་ཆད་དང་། །སྒོ་བཞིའི་རྒྱན་དང་ཁོར་ཡུག་མཛེས། །ཀླུ་དང་ཉི་ཟླ་པདྨའི་གདན། །རང་སེམས་ཧྲཱྀཿའི་སྤྲོ་བསྡུ་ལས། །ཕྱག་མཚན་རྡོ་རྗེ་ཡོངས་སུ་གྱུར། །བདག་ཉིད་དཔལ་ཆེན་རྟ་མགྲིན་སྐུ། །དམར་ནག་ཞལ་གཅིག་ཕྱག་གཉིས་པ། །གཡས་གཡོན་རྡོ་རྗེ་དུང་དམར་དཀྲུག །ཞབས་གཉིས་བརྐྱང་བསྐུམ་སྟངས་སྟབས་བགྲད། །སྤྱན་གསུམ་སྨིན་མ་ཁྲོ་གཉེར་ལྡན། །ཞལ་བགྲད་མཆེ་གཙིགས་སྨ་ར་སེར། །དབུ་སྐྲ་རལ་པ་གྱེན་དུ་བརྫེས། །དབུ་གཙུག་རྟ་མགོ་རྟ་སྐད་འཚེར། །སྐུ་ལ་དུར་ཁྲོད་ཆས་བརྒྱད་གསོལ། །ཡུམ་ཆེན་གཟི་ལྡན་སྐུ་ལ་འཁྲིལ། །དམར་ནག་ཞལ་གཅིག་ཕྱག་གཉིས་པ། །གཡས་པ་ཁ་ཊྭཱཾ་ཡབ་ལ་འཁྱུད། །གཡོན་པ་དུང་དམར་གཙོ་ལ་སྟོབ། །ཞབས་གཉིས་ཡབ་ཀྱི་སྐུ་ལ་འཁྱུད། །དེ་ལྟར་སྐུ་བསྐྱེད་གསལ་བ་དང་། །སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ། །ཡེ་ཤེས་ལྔ་ཡི་དབང་རྫོགས་བསྐུར། །སྤྱན་དྲང་བཞུགས་གསོལ་ཕྱག་འཚལ་མཆོད། །བསྟོད་ཅིང་དཔལ་གྱི་རྟ་སྐད་གདོན། །མ་མོའི་བྷྱོ་སྐད་ཐེངས་གཅིག་དང་། །རྣལ་འབྱོར་བརྡ་སྐད་ཐེངས་གཅིག་དོན། །ཐུགས་ཀྱི་ཡེ་ཤེས་སེམས་དཔའ་ལ། །སྔགས་ཀྱི་འཕྲོ་འདུ་ཙཀྲ་ལ། །སྤྲོ་བསྡུ་བྱ་ཞིང་བསྙེན་པ་བྱ། །ཧྲཱྀཿཔདྨཱནྟ་ཀྲྀཏ་ཧ་ཡ་གྲཱི་བ་ཨེ་ཀ་ཛ་ཊཱི་ཧུ་ལུ་ཧུ་ལུ་ཧྲི་ཛ་ཛ། ཡི་དམ་བཅས་པའི་འཛབ་རྫོགས་ནས། །ཚོགས་དང་བ་ལིཾ་ཆོ་ག་བྱ། །དཔལ་གྱི་བཀའ་སྲུང་ལྕམ་དྲལ་མཆོད། །འཁོར་གྱི་ཌཱ་ཀི་


DNG018_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་མས་མཆོད། །བ་ལིཾ་གཏང་ཞིང་རྟ་བྲོ་བརྡུང་། །དཀྱིལ་འཁོར་བསྡུས་ཏེ་སླར་ཡང་བསྒོམ། །བསྐྱེད་པའི་རིམ་པ་སྒྲུབ་པ་ཡིན། །ཞེས་གསུངས་སོ། །བསྐྱེད་པ་མ་ཧཱ་ཡོ་གར་བསྒྲུབ་པའི་ལེའུ་སྟེ་དྲུག་པའོ།། །།ལྕམ་དྲལ་གཉིས་ཀྱིས་ཡང་ཞུས་པ། །རྫོགས་པའི་རིམ་པ་ཇི་ལྟར་བསྒྲུབ། །དཔའ་བོ་ཡབ་ཀྱིས་བཀའ་སྩལ་པ། །བསྐྱེད་པའི་རིམ་པ་བསྟན་པ་དང་། །སྐད་ཅིག་དྲན་རྫོགས་ལྷར་བསྐྱེད་ནས། །འགྲོ་ཉལ་འདུག་སྡོད་ཐམས་ཅད་དུ། །ལྷ་ཡི་ངང་ནས་འབྲལ་མི་བྱ། །གཟུགས་སུ་སྣང་བ་རྟ་མགྲིན་སྐུ། །སྒྲ་རུ་གྲག་པ་རྟ་མགྲིན་གསུང་། །སེམས་ཀྱི་དྲན་རྟོག་རྟ་མགྲིན་ཐུགས། །སྐུ་གསུང་ཐུགས་ཀྱི་མུ་དྲ་ཆེ། །གུ་ཎ་སྣ་ཚོགས་ཟད་མི་ཤེས། །ཀརྨ་སྣ་ཚོགས་ཐོགས་མེད་སྤྱོད། །པདྨ་དབང་གི་རང་བཞིན་ལས། །བདག་ཀྱང་སྣང་ལ་ཡོད་མ་ཡིན། །ཐམས་ཅད་དབང་གི་དཀྱིལ་འཁོར་ཆེ། །མ་བཙལ་བཞག་པས་འགྲོ་དོན་འགྲུབ། །ཡིད་བཞིན་ནོར་བུ་མ་བཙལ་རྙེད། །རྟ་མགྲིན་དབང་གི་ཡོན་ཏན་ཡིན། །ཞེས་གསུངས་སོ། །རྫོགས་པ་ཨ་ནུ་ཡོ་གར་བསྒྲུབ་པའི་ལེའུ་སྟེ་བདུན་པའོ།། །།ལྕམ་དྲལ་གཉིས་ཀྱིས་ཡང་གསོལ་པ། །རྫོགས་པ་ཆེན་པོ་ཇི་ལྟར་བསྒྲུབ། །དཔལ་ཆེན་ཡབ་ཀྱིས་བཀའ་སྩལ་པ། །རྟ་མགྲིན་དབང་གི་དཀྱིལ་འཁོར་དེ། །ལོགས་ན་ཡོད་པ་མ་ཡིན་ཏེ། །རང་ཉིད་རྟ་མཆོག་སྐུར་སྣང་བས། །རང་ཉིད་ལྷ་ལ་ལྷ་ཉིད་རང་། །ལྷ་དང་རང་ཉིད་གཉིས་སུ་མེད། །སེམས་ཉིད་རྟོགས་ན་སངས་རྒྱས་ཏེ། །སངས་རྒྱས་གཞན་ནས་མ་བཙལ་ཅིག །སྐུ་མདོག་ཕྱག་མཚན་བཞུགས་ཚུལ་དང་། །རྒྱན་དང་ཆ་ལུགས་ཡབ་དང་ཡུམ། །གཙོ་དང་འཁོར་དུ་བཅས་པ་ཡང་། །སེམས་ཀྱི་སྣང་བ་དེ་ལྟར་ཡིན། །སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས། །གང་ལྟར་བརྟགས་པ་དེ་ལྟར་སྣང་། །སེམས་ལ་རྒྱུ་རྐྱེན་མེད་པ་དེས། །མ་བསྒྲུབས་ཡེ་ནས་རང་བྱུང་གནས། །མ་བཙལ་བཞག་པས་རང་ས་ཟིན། །དེ་ལྟར་རྟོགས་ན་རྟ་མཆོག་


DNG018_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ། །ཆོས་ཉིད་དོན་གྱི་དབང་ཆེན་ཡིན། །གཟུགས་སུ་མཚན་མར་འཛིན་པ་དེས། །གྲོལ་བར་འདོད་ཀྱང་འཁོར་བ་འཆིང་། །གྲུབ་པར་འདོད་ཀྱང་རྟག་འཛིན་ཡིན། །དེས་ན་མ་བཙལ་བཞག་ན་གྲོལ། །མ་བསྒྲུབས་ལྷུན་གྲུབ་ངང་ལ་གནས། །རྫོགས་པ་ཆེན་པོར་བསྒྲུབ་པ་ཡིན། །ཞེས་གསུངས་སོ། །རྫོགས་པ་ཨ་ཏི་ཡོ་གར་བསྒྲུབ་པའི་ལེའུ་སྟེ་བརྒྱད་པའོ།། །།ལྕམ་དྲལ་གཉིས་ཀྱིས་ཡང་གསོལ་པ། །རྫས་ལ་བརྟེན་ནས་སྒྲུབ་པའི་ཐབས། །དཔལ་ཆེན་ཡབ་ཀྱིས་བཀའ་སྩོལ་ཅིག །དེ་ནས་ཡབ་ཀྱིས་བཀའ་སྩལ་པ། །ཤུགས་འཆང་དམར་ཞུར་ཐོད་པ་ལ། །དཔྲལ་བར་རྟ་མཆོག་ཡབ་ཡུམ་བྲི། །འགྲམ་པར་ལས་བྱེད་ལྕམ་དྲལ་བྲི། །པདྨ་རཀྟས་དམར་པོར་བྱུག །མིག་དང་རྣ་བ་གསལ་བར་བཏོད། །ལེ་བརྒན་དར་དང་ཟབ་ཀྱིས་བརྒྱན། །ཀླད་ཕོར་ནང་དུ་གཞུག་པའི་རྫས། །རང་སྔགས་འཁོར་ལོ་བཅས་པ་དང་། །ལས་བྱེད་ལྕམ་དྲལ་སྲོག་སྙིང་ནི། །ལེ་བརྒན་དར་ལ་བྲིས་པ་འམ། །ཡང་ན་མཐིང་ལ་མཚལ་གྱིས་བྲི། །ཕ་ཝང་ལོང་བུ་ཤེལ་གྱི་རྡོ། །ཕོ་རྒྱུད་གིང་གི་བླ་རྡོ་ཡིན། །མཆོང་དང་ན་ཆུང་མཚལ་ཁྲག་ནི། །མོ་རྒྱུད་ཌཱ་ཀིའི་བླ་རྡོ་ཡིན། །ལེ་བརྒན་དར་གྱིས་གྲིལ་ནས་ནི། །ཟ་འོག་དར་དམར་སྐུད་པས་བསྡམ། །རྟ་ཐོད་ཀླད་ཕོར་ནང་དུའོ། །རྟ་ཐོད་དབང་ཆེན་སྐུར་མངའ་གསོལ། །དཀྱིལ་འཁོར་དབུས་སུ་བཞག་ལ་བསྒྲུབ། །དགྲ་བགེགས་སྒྲོལ་ན་ལིངྒ་གཞུག །རྣམ་ཤེས་སྲོག་སྙིང་སྤུ་གྲིར་སྡེབ། །ཉུང་དཀར་ལ་སོགས་དྲག་རྫས་ལ། །བསྔགས་ལ་ཐུན་དུ་བྲབ་པར་བྱ། །མེ་འབར་འོད་དང་སྒྲ་ཡང་འབྱུང་། །ལིངྒ་ཕྱུང་ལ་ལས་སྦྱོར་བྱ། །རྟ་ཐོད་བསྒྲུབ་པའི་རྟེན་དུ་གཟུང་། །སྲིད་པའི་ཕོ་རྒྱུད་མོ་རྒྱུད་ཀྱི། །སྲོག་ལུས་བླ་གསུམ་ཟིལ་མནན་ནས། །བཀའ་ཉན་མི་ལྡོག་ལས་ཀུན་བྱེད། །ཅེས་གསུངས་སོ། །ཕྱི་རྟ་ཐོད་ལྷ་ཞལ་ལ་བརྟེན་ནས་བསྒྲུབ་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །དམིགས་པ་རྟེན་གྱི་དམ་རྫས་ནི། །གདོང་དམར་


DNG018_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

དྲེད་ཀྱི་ཐོད་པའམ། །སྟོབས་ཆེན་དམར་པོའི་ཕོ་ཐོད་ལས། །རྟ་མགྲིན་ཡབ་ཡུམ་ཞལ་བྲིས་ལ། །དམིགས་པའི་རྟེན་དུ་མཁས་པས་གཞག །གོམས་འདྲིས་བརྟན་པར་གྱུར་པ་དང་། །རང་ཉིད་ལྷ་རུ་བསྒོམ་པར་བྱ། །རང་ཉིད་ལྷ་རུ་གསལ་ཙམ་ན། །གཉིས་སུ་ཕྱེ་ལ་བསྒོམ་པར་བྱ། །མང་དུ་བསྒོམ་དང་ཉུང་དུ་བསྒོམ། །གཅིག་ལས་དུ་མར་སྤྲོ་བ་དང་། །དུ་མ་གཅིག་ཏུ་བསྡུ་བ་དང་། །ཇི་ལྟར་འདོད་པ་དེ་འོང་ན། །སྐད་ཅིག་དྲན་རྫོགས་ལྷ་རུ་བསྒོམ། །སྤྱོད་ལམ་རྣམ་བཞི་ལམ་དུ་འཁྱེར། །དེ་ལ་བརྟན་པ་ཐོབ་པ་དང་། །ལྷ་དེ་སེམས་ཀྱི་ངོ་བོར་བལྟས། །སེམས་ཉིད་ལྷ་ཡི་རང་བཞིན་ལས། །རང་བྱུང་མ་སྐྱེས་ཡེ་ནས་གནས། །མ་བསྒྲུབས་རང་ལས་བྱུང་བར་སྣང་། །རྟ་མགྲིན་སྐུ་དེ་ཞལ་མཐོང་བའི། །སྣང་ཚད་སྐུ་ལ་གྲག་ཚད་གསུང་། །དྲན་རིག་ཐུགས་ལས་མ་གཡོས་པར། །ཆེ་བའི་ཡོན་ཏན་བསམ་མི་ཁྱབ། །ཕྲིན་ལས་རྣམ་བཞི་བསམ་པས་འགྲུབ། །རང་སེམས་སྟོང་པ་ཆོས་ཀྱི་སྐུ། །སྟོང་ཉིད་ལྷར་གསལ་ལོངས་སྤྱོད་རྫོགས། །སྣ་ཚོགས་འགྲོ་དོན་སྤྲུལ་པའི་སྐུ། །འབྲས་བུ་སྐུ་གསུམ་རང་ལ་རྫོགས། །ལྟ་བའི་གདེང་ཆེན་རྟོགས་ཙ་ན། །སྤྱོད་པ་དྲེགས་པ་ལས་ལ་འཛུད། །དཔལ་གྱི་རྟ་སྐད་ཐེངས་གསུམ་གདོན། །མ་མོའི་བྷྱོ་སྐད་ཐེངས་གཅིག་དང་། །རྣལ་འབྱོར་ཧྲཱྀཿསྐད་ཐེངས་གཅིག་གིས། །འཇིག་རྟེན་དྲེགས་པ་ཕོ་མོ་རྣམས། །རང་དབང་མེད་པར་ལས་ལ་འགྲོ། །བསྟན་པའི་དགྲ་བགེགས་རྩད་ནས་གཅོད། །འཇིག་རྟེན་དྲེགས་པ་ཐམས་ཅད་ཀྱང་། །སྲོག་ཐོབ་བྲན་བཞིན་བཀའ་སྡོད་བྱེད། །ཐོད་པའི་བྲིས་སྐུ་རྟེན་དུ་གཟུང་། །མངོན་སྤྱོད་དགྲ་བགེགས་སྒྲོལ་འདོད་ན། །མ་རུ་ཙེ་ཡི་གྲི་ཐོད་དུ། །དུག་ཁྲག་མཚལ་གྱིས་བྱུག་པར་བྱ། །ནང་དུ་ཨེ་ལ་སྔགས་ཀྱིས་བསྐོར། །མཱ་ར་ཡ་ཡི་ལིངྒ་གཞུག །ཞིང་ལྤགས་རས་ཀྱིས་ཐོད་ཁ་བཅད། །ཉུང་དཀར་སྔགས་ཀྱི་ཐུན་གྱིས་བྲབ། །ཐོད་པ་འཕར་དང་ལྡེག་པ་དང་། །ལིངྒ་འཚིག་ཅིང་ཙིག་སྒྲ་འབྱུང་། །དུག་ཤིང་མེ་ལ་སྦྱིན་སྲེག་བྱ། །རྒྱ་གྲམ་ལམ་དུ་གནན་པར་


DNG018_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། །ཡང་ན་ནག་པོའི་ཀླུ་ལ་གཏད། །མྱུར་དུ་སྒྲོལ་བར་ཐེ་ཚོམ་མེད། །ཅེས་གསུངས་སོ། །ནང་ཐོད་པ་ལྷ་ཞལ་ལ་བརྟེན་ནས་བསྒྲུབ་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །གསང་བ་ཙཀྲའི་དམ་རྫས་ཀྱིས། །དགྲ་བགེགས་རྣམ་གཉིས་བསད་པ་ནི། །གྲོ་ག་ཤིང་ཤུན་རས་དག་ལ། །ཙཀྲ་རྩིབས་བཞིར་བྲི་བར་བྱ། །རྟ་མགྲིན་ཡབ་ཡུམ་ཞལ་ཕྱག་འདོན། །ཙཀྲའི་ཁར་ནི་སྔགས་བསྐོར་ལ། །ཁ་སྦྱར་བར་དུ་ལིངྒ་གཞུག །མངའ་གསོལ་བྱིན་བརླབ་དབང་སྐུར་བྱ། །དགུག་གཞུག་བྱས་ལ་དམིགས་པ་བྱ། །དགྲ་བགེགས་མཚོན་ཆའི་ཙཀྲས་གཏུབ། །གང་ལ་བྱ་བ་བརླག་པར་བསམ། །སྔགས་ལ་ཙཀྲའི་ལས་སྔགས་གདགས། །འཁོར་ལོ་འཕར་དང་ལྡེག་པ་དང་། །དགྲ་བགེགས་སོད་པའི་རྟགས་བྱུང་ན། །ཙཀྲའི་བར་གྱི་ལིངྒ་དབྱུང་། །ཕུར་པས་གདབ་ཅིང་མེ་ལ་བསྲེག །ཐལ་བ་ཉ་བོ་བྱས་པ་ལ། །སྙིང་གར་དགྲ་བགེགས་མིང་རུས་གཞུག །ལྷ་ཁང་ཐེམ་འོག་མཆོད་རྟེན་རྨང་། །རྒྱ་གྲམ་ལམ་ལ་སོགས་པར་མནན། །ཙཀྲ་བསྒྲུབ་པའི་རྟེན་དུ་བཟུང་། །ནམ་དགོས་དུས་ན་ལས་ལ་སྦྱར། །ཞེས་གསུངས་སོ། །གསང་བ་ཙཀྲ་ལྷ་ཞལ་ལ་བརྟེན་ནས་བསྒྲུབ་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །མོ་སྒྲུབ་སྣེལ་གྲིའི་སྙིང་ཐུན་ནི། །སྣེལ་གྲི་མོ་ཡི་ཐོད་པ་རུ། །པདྨ་རཀྟའི་མཚལ་གྱིས་བྱུག །དབུས་སུ་གྲུ་གསུམ་སྲོག་སྙིང་བྲི། །སྣེལ་གྲིའི་སྙིང་དུ་ལིངྒ་གཞུག །ཚོན་སྐུད་དམར་པོས་ལིངྒ་བཅིངས། །ལེ་བརྒན་དར་གྱིས་ཐོད་ཁ་བཅད། །སྲོག་རྩ་བྱ་རྒོད་སྒྲོ་རྩ་འམ། །ཟངས་ཀྱི་སྦུ་གུར་གཞུག་པར་བྱ། །ཁ་ཁེབས་དཀྱིལ་དུ་མཐོངས་ཕྱེ་གཞུག །ལིངྒའི་ཚོན་སྐུད་ཡར་ལ་དྲངས། །སེང་ལྡེང་མཛོ་མོའི་ཕུར་པ་གཉིས། །ལྕམ་དྲལ་གཉིས་སུ་མངའ་གསོལ་བསྟོད། །སྣེལ་གྲི་འབྲུབ་ཁུང་ནག་པོར་གཞུག །ཉུང་དཀར་ཉུང་ནག་ཐུན་བསྒྲུབས་ནས། །སྲོག་རྩའི་ནང་དུ་ཐུན་བྲབ་ལ། །ཐོད་པ་འཕར་དང་ལིངྒ་འཚེག །འོད་དང་སྒྲ་དང་མེ་སྟག་འཕྲོ། །སྙིང་ནང་ལིངྒ་ཕུར་པས་གདབ། །


DNG018_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་གཏང་དང་བསྲེག་པ་དང་། །དྲག་པོའི་ལས་ལ་སྦྱར་བར་བྱ། །རྩ་གཅིག་གསུམ་ལ་གྲུབ་པར་གསུངས། །དེས་མ་གྲུབ་ན་ལན་གསུམ་སྤོགས། །དེས་ནི་མི་འགྲུབ་མི་སྲིད་དོ། །ཞེས་གསུངས་སོ། །མ་མོ་སྙིང་ཐུན་གྱིས་བསད་པའི་ ལེའུ་སྟེ་བཅུ་གཉིས་པའོ།། །། དེ་ནས་ཡང་དག་བཤད་བྱ་བ། །དུག་ཁྲག་ཟོར་གྱིས་བསད་པ་ནི། །སྣེལ་གྲི་མོ་ཡི་ཐོད་པ་རུ། །མི་ཁྲག་ཁྱི་ཁྲག་ར་ཁྲག་གསུམ། །བཙན་དུག་ཐང་ཕྲོམ་ཐར་ནུ་གསུམ། །ཉུང་དཀར་ཉུང་ནག་སྐེ་ཚེ་གསུམ། །སྦྱར་ཏེ་ཐོད་པར་བླུག་པར་བྱ། །ཁྲག་དུག་ཐུན་དུ་བསྒྲུབ་པར་བྱ། །རྟགས་ནི་ཐུན་ཁྲག་ཁོལ་ནས་འོང་། །དགྲ་ཡི་ཁང་ཁྱིམ་དག་ལ་བརྡེག །རིམས་ནད་ཕོག་ནས་ཁ་ཕུང་འཆི། །ཞེས་གསུངས་སོ། །དུག་ཁྲག་ཐུན་གྱིས་བསད་པའི་ལེའུ་སྟེ་བཅུ་གསུམ་པའོ།། །། དེ་ནས་ཡང་དག་བཤད་བྱ་བ། །དྲག་སྔགས་ཉུང་དཀར་བསྒྲུབ་པ་ཡིས། །འབྲུབ་ཁུང་དམར་པོར་བསད་པ་ནི། །སྨེ་བའི་ས་ལ་འབྲུབ་ཁུང་བྱ། །བང་རིམ་གཉིས་བརྩེགས་བྱ་བ་ལ། །ཁ་ཆོད་དབུས་སུ་བུ་ག་བཏོད། །མེ་ལ་བསྲེགས་ཏེ་ཚོས་པར་བྱ། །ནང་དུ་དུག་དང་ཁྲག་གིས་བྱུག །གང་ལ་བྱ་བའི་ལིངྒ་གཞུག །དྲག་སྔགས་ཉུང་དཀར་ལ་བསྔགས་བསྒྲུབ། །རྟགས་ནི་ཐུན་དང་ལིངྒ་འཚེག །ཕུར་པས་བཏབ་ལ་ལིངྒ་བསྲེག །དགྲ་བགེགས་མྱུར་དུ་སྒྲོལ་བར་འགྱུར། །ཞེས་གསུངས་སོ། །ཐུན་སྔགས་ཀྱིས་བསད་པའི་ལེའུ་སྟེ་བཅུ་བཞི་པའོ།། །།ལྕམ་དྲལ་གཉིས་ཀྱིས་ཡང་གསོལ་པ། །ལས་ཀྱི་མདེ་ཐུང་ཇི་ལྟར་ལགས། །དཔའ་བོ་ཡབ་ཀྱིས་བཀའ་སྩལ་པ། །ཕན་གནོད་ལས་ཀྱི་མདེ་ཁ་ནི། །གང་ལ་བྱ་བ་དམིགས་ལ་བྱ། །ལྟས་ངན་མ་མོའི་གཟུགས་བཅས་རྦད། །རྨི་ལམ་ཐུན་བྲབ་དགྲ་ལ་བཟློག །སྨྱོ་འབོག་ཐང་ཕྲོམ་ཐུན་གྱིས་བྲབ། །སེར་བ་དག་ལ་ཕུར་པས་གཟིར། །ཐོག་གི་ཐོད་སྙིང་ཐོད་པར་བསྒྲུབ། །རང་སྲུང་ཕྱི་གྲུབ་ཞྭ་ལ་བྱ། །ཆར་འདོད་ཀླུ་ལ་ཕུར་པས་གཟིར། །ཐོག་སེར་ཁ་ཆར་ཕུར་


DNG018_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

པས་བཟློག །རྦོད་གཏོང་གཏོར་མའི་ཐུན་གྱིས་བཟློག །རྨི་ལམ་ངན་པ་ཐལ་བརྡབ་བཟློག །དུས་མིན་འཆི་བ་འཆི་བདག་གཟིར། །ཚེ་རིང་བུམ་པར་ཚེ་བསྒྲུབ་བྱ། །བསོད་ནམས་ལོངས་སྤྱོད་རྫས་ཀྱིས་བསྒྲུབ། །རིགས་འདོད་སྲུང་སྐུད་སྐྱེ་ལ་གདགས། །ནང་འགྲས་མཆོད་རྟེན་དམར་པོར་བྱ། །ངག་མནན་ལྕེ་ལ་ཕུར་པས་གཟིར། །ངག་འགྲོལ་རང་ལྕེ་རྡོ་རྗེར་སྒོམ། །ཀླུ་གཏད་བ་དམར་གླང་རུར་བྱ། །ཤུགས་སྒྲོལ་ཉུང་དཀར་གཟུགས་ལ་བརྡེག །ཇག་འཆིང་མི་སྙིང་ཉུང་དཀར་སྒྲུབ། །དབྱེ་བ་བྱ་རོག་འུག་སྒྲོས་བྱ། །དབང་སྡུད་ཟངས་ཀྱི་ག་འུར་བསྒྲུབ། །སེལ་ནི་དཀོར་རྫས་ཐོད་ངན་སྦ། །ལས་མདེ་ཉི་ཤུ་རྩ་གཅིག་པོས། །དཔའ་བོའི་ལག་ཏུ་མཚོན་བསྐུར་འདྲ། །གང་ལ་བྱ་བ་མྱུར་དུ་འགྲུབ། །ཅེས་གསུངས་སོ། །ལས་ཀྱི་མདེ་ཁ་རྫས་ཀྱི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ལས་ཀྱི་མདེ་ཁ་གང་བྱེད་ཀྱང་། །དང་པོ་རྟ་མགྲིན་ཡབ་ཡུམ་གྱི། །བསྙེན་པའི་སྔགས་ནི་རྟགས་ཕྱིན་བཟླས། །ཧྲཱྀཿཔདྨཱནྟ་ཀྲྀཏ་ཧ་ཡ་གྲཱི་བ་ཨེ་ཀ་ཛ་ཏི་ཧུ་ལུ་ཧུ་ལུ་ཧྲཱྀཿཛ་ཛ། དེ་ནས་ལས་བྱེད་ལྕམ་དྲལ་སྔགས། །དེ་དང་དྲིལ་ལ་བསྒྲུབ་པར་བྱ། །ཏྲག་རཀྴ་ཛ་བྷྱོ། དེ་ལ་བསྒྲུབ་པ་ཤིན་ཏུ་གཅེས། །མ་བསྒྲུབས་གང་ལའང་དོན་མི་འབྱུང་། །བསད་པ་སྤུ་གྲིའི་ཤམ་བུ་ནི། །ནྲྀ་ཧུར་ཐུམ་ཛ། ཤ་ཏྲུཾ་མཱ་ར་ཡ་རྦད། རྟ་ཐོད་མི་ཐོད་གང་བསྒྲུབས་ཀྱང་། །བསད་པའི་ཤམ་བུ་གོང་དང་སྦྲེལ། །ཆེ་གེ་མོ་ཙཀྲ་མཱ་ར་ཡ་ཧཱུཾ་ཕཊ། ཙཀྲས་བསད་པའི་སྤུ་གྲིའོ། །ཏྲག་རཀྴ་མཱ་ར་ཡ་དགྲ་བོའི་སྙིང་ལིང་རྦུད། སྙིང་ཐུན་བསད་པའི་སྤུ་གྲི་ཡིན། །མུ་ཏྲ་རཀྴ་ཙ་མུན་ཏི་བྷྱོ་རྦད། རཀྴ་ཙ་མུན་ཏི་བྷྱོ་རྦད། ཐུན་གྱིས་བསད་པའི་སྔགས་སོ། །མ་ཧེ་དུན་ཙེ་སྭཱ་ཧཱ་ཕོབ། དུལ་ཡ་སྭཱ་ཧཱ་ཕོབ། ལྟས་ངན་རྦད་པའི་སྔགས་སོ། །མུ་རཾ་མུ་རཾ་ཐུཾ་ཐུཾ་རྨི་ལམ་ཐུཾ་སྭཱ་ཧཱ་ཕོབ། རྨི་ལམ་ངན་པ་དགྲ་ལ་བཟློག་པའོ། །བྷུཾ་ཏ་པ་ཏ་ནི་ལ་སྭཱ་ཧཱ་ཕོབ། རྨི་ལམ་ངན་པ་དགྲ་ལ་བཟློག་ཅིང་སྨྱོ་འབོག་དབབ་པའོ། །ཕྲོམ་ཕྲོམ་ཧྲིལ་ཧྲིལ་ཤར་ཤར་ཕོབ་ཕོབ། སེར་བ་


DNG018_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

དབབ་པའོ། །རཾ་ཧྲིལ་རཾ་ཧྲིལ་རཾ་རཾ་ཧྲིལ་ཧྲིལ་ཤར་ཤར་ཕོབ། ཐོག་སེར་དབབ་པའི་མདེའུའོ། །ཤར་ཤར་ཕོབ། སིལ་སིལ་ཕོབ། ནཱ་གས་ཕོབ། ཆར་དབབ་པའི་མདེའུའོ། །བཛྲ་ཀི་ཀི་རྦད། ཐོག་སེར་ཁ་ཆར་བཅད་པའོ། །སརྦ་གྲ་ཧ་བཟློག །སརྦ་བིགྷ་ནཱཾ། རྦོད་གཏོང་བཟློག་པའོ། །སརྦ་དུར་སྭཔྣ་སརྦ་དུ་མི་ཏི་བཟློག །རྨི་ལམ་ངན་པ་བཟློག་པའོ། །སརྦ་ཨ་ཀཱ་ལ་མྲྀ་ཏྱུ་བཟློག །དུས་མིན་འཆི་བ་བཟློག་པའོ། །སརྦ་ཨཱ་ཡུ་རྦརྔྷ་ནི་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཚེ་བསྒྲུབ་པའོ། །སརྦ་པུཎྱ་བརྔྷ་ནི་སརྦ་རཏྣ་བ་ཧུ་བརྔྷ་ནི་པུཥྚིཾ་ཀུ་རུ་སྭཱ་ཧཱ། བསོད་ནམས་སྤེལ་བའོ། །སརྦ་པུཎྱ་པུ་ཏྲ་པ་རཾ་པ་ར་ཎི་པུཥྚིཾ་ཀུ་རུ་སྭཱ་ཧཱ། ) རིགས་བརྒྱུད་བསྒྲུབ་པའོ། །རྦོད་གཏོང་བྱོལ་ཁ་སརྦ་བྷྱོ་བཟློག །ཤ་ཏྲུཾ་ཨ་མུ་ཀ་མཱ་ར་ཡ་རྦད། ནང་རྒྱས་བསད་པའོ། །ཀཱ་ཡ་བཱཀ་ཙིཏྟ་སྟཾ་བྷ་ཡ་ནན། ངག་མནན་པའོ། །ཨ་ཤིག་ཨ་ཤིག དུར་ཕྱུང་དུར་ཕྱུང་། ཁྲོལ་ཁྲོལ་སྭཱ་ཧཱ། ངག་དགྲོལ་བའོ། །ནཱ་ག་རཱ་ཛ་ཉི་མ་དག་ཤིག །ཆེ་གེ་མོ་གཏད་དོ། །ཀླུ་ལ་གཏད་པའོ། །ཆེ་གེ་མོ་མཱ་ར་ཡ་སོད་སོད། རྦུད་ལིང་ཤག་རྦད། ཐུམས་རི་ལི་ལི་རྦད། ཤུགས་སྒྲོལ་གྱི་སྔགས་སོ། །ཀ་ཏ་རཱུ་པ་བཱཀ་ཙིཏྟ་ནི་ཐོགས། ཇག་ཆིངས་སོ། །ཨ་ནྲྀ་ཏྲ་ཀ་རག་ཤ་མཱ་ར་ཡེ་ཕྱེ་ཕྱེ། ལྷ་དང་དབྱེ་བའི་མདེའུའོ། །ཆེ་གེ་མོ་ནི་ཤག་ཏྲག་ཕྱེ་ཤག་ཤག་ཕྱེ་ཕྱེ། མཱ་ར་ཡ་ཐུཾ་རིལ་རྦད། ཉེ་འབྱེད་ལས་སོ། །ཆེ་གེ་མོ་ཨཱ་ཀཪྵ་ཡ་ཧོ། ཨཱ་ཀཪྵ་ཡ་ཧྲི། དབང་སྡུད་སྔགས་སོ། །ཙ་པ་ཏྲི་པུ་ཙན་ཏྲི་ཨ་ཕུ་ཆེ་གེ་མོ་ཕུང་གནམ་རྡིབ། དཀྲུགས་དཀྲུགས། སེལ་གྱི་ལས་སོ། །ལས་མདེ་ཉི་ཤུ་རྩ་གཅིག་གི་སྔགས་ཀྱི་ལེའུ་སྟེ་བཅུ་དྲུག་པའོ།། །། དེ་ནས་ཡང་དག་བཤད་བྱ་བ། །དབང་ཆེན་རྟ་མགྲིན་ཡབ་ཡུམ་དང་། །ལྕམ་དྲལ་བཅས་པའི་སྲོག་འཕྲོག་པ། །གདོང་དམར་དྲེད་ཀྱི་ཐོད་པ་ལ། །ཡབ་ཡུམ་ལྕམ་དྲལ་སྐུ་གཟུགས་བྲི། །དམིགས་པའི་རྟེན་དུ་མཁས་པས་གཞག །བ་ལིཾ་རཀྟ་སྨན་ཕུད་བཤམས། །རྣལ་འབྱོར་གོས་དང་རྒྱན་ལ་སོགས། །དམར་པོར་བྱས་ལ་ནུབ་ཏུ་བལྟ། །པདྨ་རཱ་གའི་ཕྲེང་བ་བགྲང་། །


DNG018_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་པའི་ལྷ་ལ་དམིགས་པ་གཏད། །ཡབ་ཡུམ་ལྕམ་དྲལ་དངོས་སུ་དམིགས། །ཤེས་པ་མི་འཕྲོ་རྩེ་གཅིག་གཞག །དེ་ལ་དམིགས་པ་གཏད་པ་དང་། །རང་ཉིད་རྟ་མགྲིན་སྐུར་བསྒོམས་ལ། །ལས་བྱེད་ལྕམ་དྲལ་ལས་ལ་བཏང་། །ཧྲི་བྷྱོ་ཏྲག་རཀྴ་ཛ་བྷྱོ། དཔལ་གྱི་རྟ་སྐད་ཐེངས་གཅིག་གིས། །ཁམས་གསུམ་མ་ལུས་དབང་དུ་བསྡུ། །མ་མའི་བྷྱོ་སྐད་ཐེངས་གཅིག་གིས། །སྲིད་པའི་མ་མོ་ལས་ལ་བཀོལ། །རྣལ་འབྱོར་ཧྲཱྀཿསྐད་ཐེངས་གཅིག་གིས། །སྲིད་གསུམ་གདུག་པའི་དགྲ་བགེགས་སྒྲོལ། །ཞེས་གསུངས་སོ། །ཕྱི་ལྟར་སྲོག་འཕྲོག་པའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ནང་ལྟར་སྲོག་འཕྲོག་སྒྲུབ་པ་ནི། །དབང་ཆེན་རྟ་མགྲིན་ཡབ་ཡུམ་དང་། །སྤྲུལ་པ་ལྕམ་དྲལ་བཅས་པ་དེ། །གྲུབ་ནས་དངོས་སུ་ཞལ་མཐོང་ཡང་། །དེ་ལ་དངོས་སུ་བཟུང་བ་ན། །ལས་ཀྱི་སྲིན་པོ་སྲིན་མོ་དག །དངོས་སུ་མཐོང་དང་ཁྱད་པར་མེད། །དེ་ཉིད་སེམས་ཀྱི་ཆོ་འཕྲུལ་གྱི། །སེམས་ལས་མ་གཏོགས་ཆོས་གཞན་མེད། །སེམས་ལས་བྱུང་ཞིང་སེམས་ལ་སྤྱོད། །དཔལ་ཆེན་རྟ་མགྲིན་ཡབ་ཡུམ་ནས། །ལས་ཀྱི་སྒྲོལ་བའི་ལྕམ་དྲལ་ཡང་། །མི་མཉམ་མཉམ་པར་ཡེ་ནས་གནས། །མཉམ་ཉིད་ཆེན་པོ་ཆོས་ཀྱི་སྐུ། །སྲོག་ནི་མ་ཡེངས་ས་མ་དྷི། །སྙིང་པོ་རང་དབང་མེད་པའི་སྔགས། །དངོས་སུ་བྱུང་ན་ལས་ལ་བསྐུལ། །ལས་མདེ་ཉི་ཤུ་རྩ་གཅིག་གིས། །གང་འདོད་དམིགས་པའི་ཕྲིན་ལས་བཅོལ། །ཐུན་མོང་སིདྡྷི་དེ་ལས་འབྱུང་། །ཞེས་གསུངས་སོ། །ནང་ལྟར་སྲོག་འཕྲོག་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །། དེ་ནས་ཡང་དག་བཤད་བྱ་བ། །གསང་བ་སྲོག་འཕྲོག་འདི་ལྟ་སྟེ། །སེམས་ཉིད་ངོ་བོ་རྟ་མགྲིན་ཏེ། །ལོགས་ནས་བསྒོམ་ཞིང་བསྒྲུབ་ཏུ་མེད། །རང་སེམས་གསལ་ལ་མ་འགགས་པ། །རང་བྱུང་རང་ཤར་ཅིར་ཡང་སྣང་། །ཞི་བ་སྤྱན་རས་གཟིགས་སུ་སྣང་། །ཞལ་དང་ཕྱག་ནི་ཅིར་ཡང་སྣང་། །སྐུ་མདོག་སྣ་ཚོགས་གང་ཡང་སྣང་། །དེ་དག་སེམས་ཀྱི་ཆོ་འཕྲུལ་ཡིན། །རང་རྒྱུད་པ་ཞིག་བསྒྲུབ་ཏུ་མེད། །ཁྲོ་བོ་དབང་


DNG018_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་རྟ་མགྲིན་ཏེ། །ཞལ་དང་ཕྱག་ནི་ཅིར་ཡང་སྣང་། །པདྨའི་རིགས་ཏེ་སྐུ་མདོག་དམར། །དེ་ཡང་མ་ངེས་སྣ་ཚོགས་ལ། །ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ཡིན། །སེམས་ལ་རྒྱུ་དང་རྐྱེན་མེད་པས། །རང་བྱུང་རང་ཤར་རང་སར་གྲོལ། །ངོ་བོ་སྟོང་པར་འདུག་པ་དེ། །རྟ་མགྲིན་ཆོས་སྐུ་རང་ལ་གནས། །རང་གསལ་མ་འགགས་ཤར་བ་ནི། །ལོངས་སྤྱོད་རྫོགས་པའི་རྟ་མགྲིན་ཡིན། །རིག་པའི་རྩལ་དུ་མ་འགགས་ཤར། །སྤྲུལ་པའི་སྐུ་ཡི་རྟ་མགྲིན་ཡིན། །སྐུ་གསུམ་མ་བསྒྲུབས་རང་ལ་རྫོགས། །རྟ་མགྲིན་སྲོག་ཐོབ་མ་བསྒྲུབས་འགྲུབ། །ཅེས་གསུངས་སོ། །གསང་བ་ལྟར་སྲོག་འཕྲོག་པའི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ཕྱི་ནང་གསང་བའི་སྲོག་ཐོབ་ནས། །དགྲ་བགེགས་ལ་སོགས་སྒྲོལ་འདོད་ན། །བདག་ཉིད་ལྷ་ཡི་སྐུར་གསལ་ནས། །ཡིད་ཀྱི་འཛིན་ཕུར་ཐེབས་པ་ནི། །བཟློག་པ་ཧེ་རུ་ཀས་མི་བསྐྱོད། །གསོད་བྱེད་སྙིང་གི་རྩ་བ་ཅན། །ལྟ་བ་གདེང་དུ་ཚུད་པ་དེས། །ལྷ་སྲིན་སྲོག་ཐོབ་གནད་ལ་དབབ། །དུས་ལ་བབས་པའི་སྐབས་ཆེན་ཡིན། །དུས་མ་ཡིན་ན་ཐུགས་རྗེ་ཡིན། །རྣམ་པར་སྨིན་པའི་ཕུང་པོ་འདི། །བསྒྲལ་བ་འབའ་ཞིག་ཐུགས་རྗེའི་མཆོག །སྟོང་གསུམ་མ་ལུས་སྲོག་བཏོན་པའི། །འབུམ་གྱི་ཆར་ཡང་མི་ཕོད་དེ། །བསྟན་པ་འཇིག་དང་རང་གཞན་སྨོད། །རྣལ་འབྱོར་སྐུ་ལ་བསྡོ་བ་ལ། །སྲོག་འཕྲོག་བླ་དང་ལུས་སེམས་དབྲལ། །སྲོག་ནི་ཡི་གེ་ནྲྀ་རུ་གནས། །ཧུར་ཐུམས་ཛ་ཡིས་སྙིང་ནས་འདྲེན། །མཱ་ར་ཡ་ནི་གསོད་པའི་སྔགས། །སྲོག་གཅོད་སྤུ་གྲི་འབྲུ་བཞི་པའོ། །བླ་ནི་འཁྱམས་པ་རྣམ་བཞི་སྟེ། །རང་དབང་མེད་པར་བསད་པ་ཡིས། །ཕུང་པོ་རྡོས་པ་ཕྱིར་བཞག་ནས། །ལྟོས་མེད་ལུས་སེམས་བྲལ་བ་ཡིན། །སྲོག་གཅོད་པ་ཡི་ལས་རྣམས་ནི། །བསྟན་སྲུང་ཕྱི་རབས་མ་གཏོགས་པ། །ཕྲན་ཚེགས་ཙམ་ལ་བྱས་པ་ན། །སྔགས་པ་བདུད་ཀྱི་ལས་བྱས་པས། །ཤི་ནས་རྡོ་རྗེ་དམྱལ་བར་ལྟུང་། །དེ་བས་ལེགས་


DNG018_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཤེས་པར་བྱ། །ཞེས་གསུངས་སོ། །བསྒྲལ་བ་ཁྱད་པར་བསྟན་པའི་ལེའུ་སྟེ་ཉི་ཤུ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ནམ་ཞིག་དུས་ངན་ཐ་མ་ལ། །སྔགས་པ་རྦོད་གཏོང་ནད་འགྲས་བྱེད། །དེ་ཚེ་མཉམ་གཉིས་ཁྱད་འོང་ན། །ནད་དང་གདོན་རྣམས་བསྲུང་བ་དང་། །ཕྲིན་ལས་དམིགས་སུ་གང་བྱེད་ཀྱང་། །རང་ཉིད་རྟ་མགྲིན་སྐུར་གསལ་ན། །ཅིས་ཀྱང་ཚུགས་པར་མི་འགྱུར་ཏེ། །བསྲུང་བའི་མཆོག་ཏུ་འདི་འགྱུར་རོ། །ཅིས་ཀྱང་མི་ཚུགས་མི་ཤིགས་པ། །སྟོང་པའི་གོ་ཆ་བླ་ན་མེད། །འདི་ནི་སྲུང་བའི་རྒྱལ་པོ་ཡིན། །རྣམ་པར་རྟོག་པ་བགེགས་ཡིན་ཏེ། །བགེགས་ནི་རང་གི་སེམས་ལས་བྱུང་། །སེམས་ཉིད་ཡེ་ནས་དག་ཤེས་ན། །གཞན་ན་བགེགས་ཞེས་བྱ་བ་མེད། །དེ་ལྟར་ཤེས་ན་བགེགས་ལས་གྲོལ། །གདོན་འཇོམས་པ་ནི་མཆོག་ཏུ་འགྱུར། །སེམས་ཉིད་རིག་པའི་རྩལ་ཐོན་ན། །སྨན་པ་ཆེ་མཆོག་གཙོ་བོ་སྟེ། །ཟུག་རྔུ་འབྱིན་པ་བླ་ན་མེད། །ནད་དོ་ཅོག་གི་དགྲ་ཆེ་བ། །སྨན་རྣམས་མ་ལུས་ལྗོན་པའི་ཤིང་། །སེམས་ཀྱི་བྱ་བ་མ་གཏོགས་པ། །སངས་རྒྱས་ཆོ་འཕྲུལ་ལོགས་ན་མེད། །ཐམས་ཅད་གཉིས་མེད་རྟོགས་གྱུར་ན། །དེ་ནི་དོན་དམ་སྟོང་པའི་དབྱིངས། །ཉམས་པའི་ཆད་པ་བྱུང་བ་ལ། །མགོན་ཚུལ་དེ་ལས་གཞན་མེད་དོ། །ཞེས་གསུངས་སོ། །བཟློག་སྲུང་ཁྱད་པར་དུ་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། །།དཔའ་བོ་ཡབ་ཀྱིས་བཀའ་སྩལ་པ། །བསྟན་པ་བསྲུང་བའི་ལྕམ་དྲལ་ཁྱེད། །བསྟན་པའི་རྒྱུད་འདི་གར་གནས་པར། །ང་ཡི་བསྟན་པ་དེ་ན་གནས། །ཁྱེད་ཀྱིས་བསྟན་པ་བསྲུང་བར་གྱིས། །ཐ་ཚིག་བསྟན་ལས་མ་འདའ་བར། །རྣལ་འབྱོར་དམ་ལྡན་བསྟན་པ་སྲུངས། །སངས་རྒྱས་བསྟན་པ་འཇིག་པ་དང་། །བླ་མའི་དབུ་འཕང་སྨོད་པ་དང་། །རྣལ་འབྱོར་སྐུ་ལ་བསྡོ་བའི་དགྲ། །ཁྱེད་ཀྱིས་མྱུར་དུ་བསྒྲལ་བར་གྱིས། །ཞེས་ལས་ཀྱི་གཉེར་གཏད་དོ། །གཙོ་བོ་ཡབ་ཡུམ་ཆོས་ཉིད་ལ་གནས་སོ། །ལྕམ་དྲལ་གཉིས་བསྟན་པའི་སྲུང་མར་བཞག་གོ། །དཔལ་
རྟ་མགྲིན་གསང་བའི་ཕྲིན་ལས་དྲག་སྔགས་དཔའ་བོ་གཅིག་པའི་རྒྱུད་ལས། མཇུག་ལས་ཀྱི་གཉེར་གཏད་པའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ།། །།དཔལ་རྟ་མགྲིན་དཔའ་བོ་གཅིག་པའི་གསང་བ་ཕྲིན་ལས་ཀྱི་རྒྱུད་རྫོགས་སོ།། །། སློབ་དཔོན་པདྨས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་དང་། ངན་ལམ་རྒྱལ་བ་མཆོག་དབྱངས་ལ་གདམས་པའོ། །ཤོག་སེར་གྱི་ཚ་བོ་ལས་ཞུས་སོ། །གཏེར་རྒྱ། སྦས་རྒྱ། གཏད་རྒྱ། རྒྱ་རྒྱ་རྒྱ།། །།

ཕྱིར་བཟློག་པ་སྟོབས་ཆེན་རྟ་མགྲིན་གྱི་རྒྱུད་ཅེས་བྱ་བ།


DNG018_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །རྒྱ་གར་སྐད་དུ། པྲ་གི་ར་མ་ཧཱ་བ་ལ་ཧ་ཡ་གྲཱི་ཝ་ཏནྟྲ་ནཱ་མ།བོད་སྐད་དུ། ཕྱིར་བཟློག་པ་སྟོབས་ཆེན་རྟ་མགྲིན་གྱི་རྒྱུད་ཅེས་བྱ་བ། ཐུགས་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་བདུད་ཐམས་ཅད་རྡོ་རྗེ་དང་འཁོར་ལོས་རྣམ་པར་འཇོམས་པའི་ཏིང་ངེ་འཛིན་ལ་རི་བོ་ཏ་ལའི་སྤོ་ལ་ཁྲོ་བོའི་རྒྱལ་པོ་བདུད་ལས་རྣམ་པར་རྒྱལ་བ་ལ་སོགས་པ་དང་ཐབས་ཅིག་ཏུ་སྙོམས་པར་ཞུགས་ཏེ། ཁྲོ་བོའི་རྒྱལ་པོ་རྟ་མཆོག་ལ། གང་དག་བདུད་ལ་སོགས་པས་གཙེས་པ་རྣམས་ལ་ཐུགས་རྗེས་སྐྱོབས་ཤིག་ཅེས་བཀའ་སྩལ་ཏོ། །རྟ་མཆོག་གིས་གསོལ་པ། ཇི་ལྟར་བསྐྱབ་པ་དང་བསྲུང་བ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེགས་སོ་ལེགས་སོ་རྟ་མཆོག་རྒྱལ། །ཐུགས་རྗེའི་བདག་པོ་སྟོབས་པོ་ཆེ། །རིགས་པའི་རྒྱལ་པོ་གསང་སྔགས་འཆང་། །མདོག་དམར་བྱུ་རུའི་མདོག་ལྟ་བུ། །ཁྱོད་ལ་བཤད་ཀྱིས་ལེགས་པར་ཉོན། །དེ་ནས་ཁྲོ་བོ་བདུད་ལས་རྒྱལ་བ་ལ་སོགས་པས་གཡས་ནས་འགྱིང་བའི་ཚུལ་གྱིས་རྟ་མཆོག་ལ་བསྟོད་པ། རྟ་མཆོག་རྒྱལ་པོ་རིག་སྔགས་འཆང་། །ཐུགས་རྗེའི་བདག་པོ་སྟོབས་པོ་ཆེ། །སངས་རྒྱས་ཀུན་གྱིས་བྱིན་གྱིས་བརླབས། །རིག་པའི་རྒྱལ་པོ་གང་གསུངས་པ། །ཡེ་ཤེས་ཁྲོ་བོ་ཁྱོད་ཀྱིས་ཟུང་། །དེ་ནས་རྟ་མཆོག་རྒྱལ་པོ་སྟན་ལས་ལངས་ཏེ། དེ་ལྟར་བགྱིའོ་ཞེས་གསོལ་ནས། འཁོར་ཁྲོ་བོ་དང་ཁྲོ་མོ་ལ་སོགས་


DNG018_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

པས་མེ་ཏོག་དང་། བདུག་པ་དང་། ཡོན་ཆབ་ལ་སོགས་པ་དང་། གདུགས་དང་རྒྱལ་མཚན་ལ་སོགས་པ་ཐོགས་ཏེ། བཅོམ་ལྡན་འདས་ལ་བསྐོར་བ་ལན་གསུམ་བྱས་ནས། གཞི་དེ་ཉིད་དུ་བཅོམ་ལྡན་འདས་ལ་བལྟ་བའི་ཚུལ་གྱིས་གནས་སོ། །ཁྲོ་བོའི་རྒྱལ་པོ་རྟ་མཆོག་གིས་སྤྱན་མི་འཛུམ་པར་བཅོམ་ལྡན་འདས་ལ་གཟིགས་ནས་བཞུགས་སོ། །བཅོམ་ལྡན་འདས་ཀྱི་སྐུའི་ཕྱོགས་ཐམས་ཅད་ནས་འོད་ཟེར་དཔག་ཏུ་མེད་པ་སྤྲོས་པས་བགེགས་ཀྱི་ཚོགས་ཐམས་ཅད་བསྐྲད་ཅིང་དངངས་པར་གྱུར་ཏོ། །སའི་ཕྱོགས་ཐམས་ཅད་ཀྱང་གཡོས་རབ་ཏུ་གཡོས། འགུལ་རབ་ཏུ་འགུལ། ལྡེག་རབ་ཏུ་ལྡེག །འུར་རབ་ཏུ་འུར། ཆེམ་ཆེམ་རབ་ཏུ་ཆེམ་ཆེམ། དབུས་མཐོ་ན་མཐའ་དམའ། མཐའ་མཐོ་ན་དབུས་དམའ་བར་གྱུར་ཏོ། །རྟ་མཆོག་གི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྟ་མཆོག་རྒྱལ་པོ་ཐུགས་རྗེ་ཅན། །གསང་བའི་བདག་པོ་ཁྱོད་ཀྱིས་ཟུང་། །ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ལས་རྣམས་ཐམས་ཅད་གྲུབ་པ་དང་། །སྡིག་པ་ཐམས་ཅད་ཞི་བར་བྱེད། །ཨོཾ་ནཱ་ག་ར་ཙ་མཱ་ར་ཡ་རྦད། ནཱ་ག་ར་ཙ་མཱ་ར་ཡ་སོད་སོད། ནཱ་ག་ཧ་ལ་ཧ་ལ། ནཱ་ག་ཆོད་ཆོད། ནཱ་ག་ཁོས་ཁོས། ནཱ་ག་མགོ་ལ་ནན། ནཱ་ག་ཤིག །ནཱ་ག་བྱིང་བྱིང་། ནཱ་ག་ཟློག་ཟློག །ནཱ་ག་ཐུམས། ནཱ་ག་ཙིཏྟ་ཟུང་། ནཱ་ག་ཙིཏྟ་ཤིག །ཙིཏྟ་ཁོས། ཙིཏྟ་ཕྲོག་ཕྲོག །ཧ་ས་ཧ་ས། པ་ཙ་པ་ཙ། ཙྪིནྡ་ཙྪིནྡ། བྷིནྡ་བྷིནྡ། སརྦ་ཤ་ཏྲུཾ་ཆོད་ཆོད། ཙིཏྟ་ཤིག་ཤིག །ཙིཏྟ་རཾ་རཾ། ཙིཏྟ་མྱོང་མྱོང་། ཙིཏྟ་རྨུགས་རྨུགས། ཤ་ཏྲུཾ་རྦད་རྦད། ཁོས་ཁོས། ཟློག་ཟློག །བྷྱོ་བྷྱོ། ཧཱུཾ་ཧཱུཾ། བྷྱོ་བྷྱོ། ཕཊ་ཕཊ། བྷྱོ་བྷྱོ། བཛྲ་ཀྲོ་དྷ་ཟློག་ཟློག །ཧ་ཡ་གྲཱི་བ་ཟློག་ཟློག །མ་ཧཱ་ཀ་རུ་ཎ་ཟློག་ཟློག །བོ་དྷི་སྤ་ར་ཎ་ཟློག་ཟློག །ཙཎྜ་ཀྲོ་དྷ་ནི་ཟློག་ཟློག །བཛྲ་ཀྲོ་དྷ་མཱ་ར་ཡ་ཧཱུཾ་ཕཊ། མཱ་ར་ཡ་རཀྟ་རྔུབས་རྔུབས། ཨོཾ་བཛྲ་ཀྲོ་དྷ་ཟློག་ཟློག །བྷྱོ་བྷྱོ། ཤིག་ཤིག །ཟློག་བྱེར་ཟློག་བྱེར། ཙིཏྟ་མགོ་ལ་ནན། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། ཕྱིར་ཟློག་པ་སྟོབས་ཆེན་རྣམ་པར་གནོན་པ་ཞེས་བྱ་བ་དགྲ་


DNG018_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དང་། གཤེད་བྱེད་ཐམས་ཅད་དང་། བྱད་སྟེམས་ཐམས་ཅད་དང་། རོ་ལངས་ཐམས་ཅད་དང་། བཀྲ་མི་ཤིས་པ་ཐམས་ཅད་དང་། རྒྱལ་པོའི་འཇིགས་པ་དང་། མེ་དང་ཆུའི་འཇིགས་པ་དང་། ཁྲོ་བོའི་འཇིགས་པ་དང་། ཡི་དྭགས་དང་། ཤ་ཟ་དང་། གྲུལ་བུམ་དང་། གྲིབ་གནོན་དང་།བརྗེད་བྱེད་དང་། ཀླུའི་འཇིགས་པ་དང་། སྦྱིན་སྲེག་བྱེད་པ་དང་། བྱེད་དུ་འཇུག་པ་དང་། བྱེད་པ་ལ་རྗེས་སུ་ཡི་རང་བ་དང་། གང་དག་འཁྲུལ་འཁོར་བྱེད་པ་ཐམས་ཅད་བཟློག་པར་བགྱིའོ། །གང་དག་བདག་ལ་མི་ཕན་པར་འདོད་པ་ཐམས་ཅད་རྨུགས་པར་བགྱིའོ། །རེངས་པར་བགྱིའོ། །འཁྲུལ་པར་བགྱིའོ། །འབྱུང་པོ་ཐམས་ཅད་དང་། གནོད་པ་ཐམས་ཅད་དང་། ནད་ཐམས་ཅད་དང་། སྦྱིན་སྲེག་ཏུ་བྱེད་པ་ཐམས་ཅད་དུ་བྱེད་པོ་ཐམས་ཅད་ར་རོ་བར་བགྱིའོ། །ཚིག་པར་བགྱིའོ། །ཨོཾ་བཛྲ་ཀྲོ་དྷ་ནན་ནན། ཤི་གྷྲཾ་ཀ་ར་ཡ་ནན་ནན་སྥོ་ཊ་ཡ་སྥོ་ཊ་ཡ་སྥུ་ཊ་ཡ་སྥུ་ཊ་ཡ་ཀྲོ་ཏ་ནན་ནན། སརྦ་ཤ་ཏྲུཾ་དེ་བ་ནན་ནན། སརྦ་མོ་ཧ་ཏི་མོ་ཧ་ཏི་ཧཱུཾ་ཧཱུཾ་ནན་ནན། ཕཊ་ཕཊ། གང་དག་བདག་ལ་གནོད་པར་སེམས་པ་ཐམས་ཅད་ཀྱི་ལྷ་ཐམས་ཅད་མནན་པར་བགྱིའོ། །དགྲ་ཐམས་ཅད་ཀྱི་མིག་བཅིང་ངོ་། །རྣ་བ་བཅིང་ངོ་། །སྣ་བཅིང་ངོ་། །མནན་པར་བགྱིའོ། །ལུས་བཅིང་ངོ་། །ཡིད་བཅིང་ངོ་། །ཡན་ལག་དང་ཉིང་ལག་བཅིང་ངོ་། །རྡོ་རྗེ་ཁྲོ་བོས་ཆིངས་ཤིག་ཆིངས་ཤིག །རྣམ་པར་ནོན་ཅིག་ཀུན་ཏུ་ནོན་ཅིག །རེངས་པར་གྱིས་ཤིག །མནན་པར་བགྱིའོ། །ནཱ་ག་འདུས་འདུས། ནཱ་ག་ཤོ་འདུས་འདུས། ཧི་ལི་ཧི་ལི། འདུས་ནཱ་ག་འདུས། ཀླུ་ཆེན་པོའི་སྲོག་སྙིང་སྟེ། གནད་ལ་བོར་བའི་སྙིང་པོའོ། །བལ་པོ་སེའུའི་ལྕུག་མའམ། སྨྱག་ཤད་དག་གི་ལྕུག་མས་ལུས་བྲབ། དེ་ནི་ཀླུ་བཟློག་པའི་ཆོ་གའོ། །སྲུང་བའི་སྔགས་བཛྲ་ཀྲོ་དྷ་རཀྵ་རཀྵ།བཛྲ་ཀཱ་ཝཱ་ཙི་རཀྵ་རཀྵ་བཛྲ་ཀྲོ་དྷ་རཀྵ་རཀྵ། བཛྲ་ཀཱ་ཝཱ་ཙི་རཀྵ་རཀྵ་བཛྲ་ཙན་དྷ་རཀྵ་རཀྵ། སརྦ་བུཌྜྷ་ནི་རཀྵ་རཀྵ། བཛྲ་པཱ་ནི་རཀྵ་རཀྵ། བོ་དྷི་སཏྭ་ནི་རཀྵ་རཀྵ། ཧཱུཾ་ཧཱུཾ་ཧཱུཾ། རཀྵ་རཀྵ། ཧཱུཾ་ཧཱུཾ། ཕཊ་ཕཊ། དགྲ་དང་བགེགས་ཐམས་ཅད་བསྲུང་བར་བགྱིའོ། །


DNG018_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

གང་གིས་བསྲུངས་ན་རྡོ་རྗེ་ཁྲོ་བོས་བསྲུང་བར་བགྱིའོ། །སངས་རྒྱས་རིགས་ལྔ་ལ་སོགས་པ་ཐམས་ཅད་ཀྱིས་བསྲུང་བར་བགྱིའོ། །ཕྱག་ན་རྡོ་རྗེ་གཏུམ་པོས་བསྲུང་བར་བགྱིའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྲུང་བར་བགྱིའོ། །ཕྱག་ན་རྡོ་རྗེ་ཞི་བ་མང་པོས་སྲུངས་ཤིག །རྡོ་རྗེའི་ལུས་སུ་སྲུངས་ཤིག །བྱད་ལས་གྲོལ་ནས་ཚུར་མི་ཚུགས་པར་ཕར་འཇོམས་པ་རྡོ་རྗེའི་ལུས་སུ་བྱིན་གྱིས་བརླབ་པར་བགྱིའོ། །ཨོཾ་ཨཱཿཧཱུཾ། ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ། ཨདྱཱ་ནུཏྤནྣ་ཏྭཏ་ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། སྔགས་དེ་ཐམས་ཅད་བདུན་ནམ་ཉི་ཤུ་རྩ་གཅིག་གམ། རབ་ཀྱིས་བརྒྱ་ནི་རྩ་བརྒྱད་བཟླས་བྱས་ལ། མཆོད་སྦྱིན་གྱི་ཕྱག་རྒྱ་བཅས་ལ།བདག་གི་སྲུང་མ་གཏོར་མའི་ཕུད་ཀྱིས་མཆོད། རང་ལ་བྱད་བྱེད་པའི་སྲུང་མ་བོས་ནས་ནི། གཏོར་མ་ཤིན་ཏུ་རྒྱ་ཆེར་བཏང་དེ། དེའམ་གང་བདག་ལ་གནོད་སེམས་དང་ལྡན་པ་དེ་དག་ལ་ཕྱིར་ལ་དུག་གི་རང་བཞིན་དེ་བཞིན་འགྱུར། གང་དག་བདག་ལ་ཕན་སེམས་པ། དེ་དག་གཏོར་མ་དེ་བདུད་རྩིས་བདེ་བར་འགྱུར།གནོད་སེམས་འབྱུང་པོ་གང་ཡིན་པ། དེ་དག་མེ་ཡི་གཏོར་མའི་མེ་ཡིས་བསྲེག་པར་བགྱི། དགྲ་བགེགས་ཀྱི་ཕྱོགས་སུ་ཟོར་ལྟར་འཕངས་པས་དགྲ་བགེགས་ཕུང་བར་འགྱུར། དཔལ་རྟ་མཆོག་གི་རྒྱུད་ལས། སྔགས་དང་གཏོར་མའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །རྟ་མཆོག་རྒྱལ་པོའི་སྲུང་བའི་ཐབས། །མཆོག་ཏུ་བཤད་ཀྱི་རྟ་མཆོག་དཔལ། །ཁྱོད་ཀྱིས་ལེགས་པར་མ་ནོར་ཟུང་། །སྐྱ་རེངས་ཤར་བའི་དུས་དག་ཏུ། །བདག་བསྐྱེད་ཁྲོ་བོ་རྟ་མགྲིན་དམར། །ཞལ་གཅིག་པ་ལ་ཕྱག་གཉིས་པ། །གཡས་པ་ཐོད་དབྱུག་གཡོན་པ་ནི། །སྡིགས་མཛུབ་བསྡིག་པར་མཛད་པའི་ཚུལ། །སྐུ་ལ་སྦྲུལ་དང་སྟག་གིས་བརྒྱན། །ཞབས་གཉིས་གཡོན་བརྐྱང་གཡས་བསྐུམ་ནས། །སྣ་ཚོགས་པདྨ་ཉི་མ་ཡི། །གདན་བཞུགས་ཐུགས་ཀར་གནས་པ་ནི། །ཨ་དང་མ་ལས་ཟླ་བ་དང་། །ཉི་མ་དཀར་དང་སེར་པོ་བསམ། །ཟླ་བའི་དབྱིབས་ནི་མཐའ་སྐོར་ཅན། །ཉི་མའི་དབྱིབས་ནི་དཀྱིལ་བུག་ཅན། །དེ་ཉིད་


DNG018_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བར་དུ་ངོ་བོ་ཡི་གེ་ཨ་སྟེ། ས་བོན་ལས་ཐོད་པ་ལས་རྩ་བའི་རིག་པའི་སྔགས་ངག་ཏུ་བརྗོད་པས་རྟ་མཆོག་ཏུ་བསམ། གནོད་བྱེད་སྐད་བསྒྲགས་པས་བསྲེག །ཀ་པཱ་ལ་དང་བསེ་ཡི་སྣོད། །ཁ་སྦྱོར་རྡོ་རྗེའི་དྲ་བ་ཅན། །ཕྱོགས་བཞིར་ལྕགས་ཀྱུ་བདུན་བདུན་བསམ། །བུམ་པ་བཟང་པོའི་ཁ་རྒྱན་ཅན། །པདྨའི་དཔག་བསམ་ཤིང་དུ་བསམ། །ལྟེ་བར་རིག་པའི་རྒྱལ་པོ་དང་། །འདབ་བཞིར་ཁྲོ་བོ་ཕྱོགས་དང་མཐུན། །མཚམས་བཞི་འཆོལ་བའི་ཕྱག་མཚན་དང་། །སྐུ་མདོག་སྣ་ཚོགས་གཙོ་ལ་ཕྱོགས། །རྡོ་རྗེའི་ས་གཞི་གཅིག་པ་དང་། །ར་བ་དྲ་བ་གདུགས་ཀྱང་དབུབ། །མཚོན་ཆ་མེ་རི་འཁོར་ལོ་བསྒོམ། །བྱད་བྱེད་རྣམ་ལ་སྐྲག་མི་དགོས། །དཔལ་རྟ་མཆོག་གི་རྒྱུད་ལས། སྲུང་བའི་འཁོར་ལོ་བསྒོམ་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ཐུགས་རྗེའི་བདག་པོ་ལེགས་པར་ཉོན། །ཟློག་པའི་འཁོར་ལོ་གང་འདོད་པ། །བདེ་བའི་སྟན་ལ་གནས་ནས་ནི། །བྱ་ལམ་ཁམས་སུ་ཡཾ་དང་བཾ། །ལཾ་དང་རཾ་ལས་འབྱུང་བ་ཡི། །འཁོར་ལོ་རྣམ་པར་བསྒོམ་པར་བྱ། །བྷྲཱུཾ་ལས་འཁོར་ལོ་རྩིབས་བརྒྱད་པ། །རྩིབས་སྟེང་རྡོ་རྗེའི་གཞལ་ཡས་ཁང་། །རྟ་མཆོག་ཞལ་གཉིས་ཕྱག་བཞི་པ། །མདའ་གཞུ་འགེངས་ཤིང་རྟ་སྐད་སྒྲོག །ཕྱོགས་བཞིར་རིགས་ཀྱི་ཁྲོ་བོ་བསམ། །ཤར་གྱི་འཁོར་ལོའི་རྩིབས་ལ་ནི། །བདུད་ལས་རྒྱལ་བྱེད་མདོག་དཀར་བ། །ཞལ་གཅིག་ཕྱག་གཉིས་རྡོ་རྗེ་འཕྱར། །སྡིགས་མཛུབ་གཡོན་པས་བགེགས་རྣམས་བསྲེག །ལྷོ་རུ་ཁྲོ་བོ་གཟི་བརྗིད་འབར། །མདོག་སེར་ཧ་ཧའི་སྒྲ་སྒྲོག་པ། །རྡོ་རྗེ་དབྱུག་ཐོག་གཡས་དང་གཡོན། །ནུབ་ཏུ་རྔམ་པའི་སྒྲ་སྒྲོག་པ། །རྡོ་རྗེ་གཡས་འཛིན་སྦྲུལ་ཞགས་གཡོན། །འཛིན་པས་ཀླུ་རྣམས་དབང་དུ་སྡུད། །བྱང་གི་འཁོར་ལོའི་རྩིབས་ལ་ནི། །བདུད་རྩི་འཁྱིལ་པ་སྐུ་མདོག་ལྗང་། །རྡོ་རྗེ་བེ་ཅོན་གཡས་དང་གཡོན། །ཐམས་ཅད་ཞབས་གཉིས་གཡས་དང་གཡོན། །བསྐུམ་དང་བརྐྱང་བའི་ཚུལ་དུ་བཞུགས། །སྦྲུལ་དང་སྟག་གིས་རབ་ཏུ་བརྒྱན། །


DNG018_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་བཞིར་སྣ་ཚོགས་འཇིགས་པ་བསྒོམ། །བསྲུང་བྱ་གང་འདོད་རྡོ་རྗེའི་ནང་། །བསྒོམ་ལ་དྲག་པོ་ཡི་ནི་སྔགས། །མགྲིན་གཅིག་ཏུ་ནི་བརྗོད་པར་བསམ། །རྩིབས་ཀྱི་སོ་ཡིས་ཐམས་ཅད་གཅོད། །ཁྲོ་བོ་རྣམས་ཀྱང་དགྱེས་པའི་ཚུལ། །ཆོད་ཅིག་གཏུབས་ཤིག་ལེགས་པར་གཏུབས། །མེ་ཡིས་བསྲེགས་ཤིང་རྡུལ་དུ་རློགས། །ཤོག་གུའམ་གྲོ་ག་དག་ལ་ནི། །ཟ་བྱེད་གནོད་པའི་གཟུགས་བྲིས་ལ། །ཁྲུ་གང་ཙམ་གྱི་ཚད་ཉིད་ལ། །དུག་དང་ཁྲག་གིས་བྲིས་ལ་ནི། །ཁ་ལ་རྡོ་རྗེ་རྒྱ་གྲམ་དགོད། །ལུས་ཀྱི་སྟེང་དུ་ལམ་ལས་ནི། །གླིང་བཞི་རི་རབ་ལེགས་པར་དགོད། །མགོ་ལ་རྟ་མཆོག་ཡན་ལག་ལ། །ཧཱུཾ་བཞི་རྡོ་རྗེ་འགྲེང་བུ་གཉིས། །དཔུང་པ་གཡས་དང་གཡོན་དུ་དགོད། །ལུ་གུ་རྒྱུད་ཀྱིས་དམ་པར་བཅིངས། །མིག་སྩོགས་རྣམས་ལ་ཧཱུཾ་ཡང་བྲི། །དགུག་དང་གཞུག་པ་དང་པོར་བྱ། །གྲུ་གསུམ་ནང་དུ་རྡོ་རྗེས་མནན། །དྲག་པོའི་སྔགས་བརྗོད་ནོན་པར་འགྱུར། །གང་དག་བསྲུང་བའི་གོ་ཆ་བགོ། །ཞལ་གཉིས་ཕྱག་དྲུག་གོང་དུ་བཞི་བྱུང་རྟ་མཆོག་ལ། །ལྗང་ཞུར་ལེ་བརྒན་མདོག་འདྲ་བ། །མཆེ་བ་གཙིགས་ཤིང་ཕྱག་རྒྱ་ནི། །རྡོ་རྗེ་རྩེ་ལྔའི་ཕྱག་རྒྱ་འཆིང་། །ཧཱུཾ་ལས་འོད་འཕྲོས་ལོག་པར་འདྲེན། །རྡོ་རྗེའི་ཆར་ཕབ་སྐུ་ལ་བསྡིམ། །དྲག་པོའི་སྔགས་བརྗོད་ལེགས་པར་བསྲུང་། །རྡོ་རྗེ་ཁྲོ་བོ་གཏུམ་པོ་ཆེ། །ཕྱག་ན་རྡོ་རྗེ་འཇིགས་པའི་སྐུ། །རིན་ཆེན་གསུམ་གྱིས་བསྲུང་བར་བྱ། །དཔལ་རྟ་མཆོག་གི་རྒྱུད་ལས། བཟློག་པ་དང་གོ་ཆའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཆོ་ག་ཡང་དག་མཆོག །བཤད་ཀྱིས་རིག་པའི་རྒྱལ་པོས་ཟུང་། །རིག་པའི་རྒྱལ་པོ་འབུམ་དུ་བཟླས། །དྲག་པོའི་སྔགས་རྒོད་རྒྱུན་ཏུ་བསྙེན། །ལས་ལ་སྦྱར་བ་བརྟག་པར་གྱིས། །རྒྱལ་པོ་བཟློག་ན་རཱ་ཙ་དང་། །ཡཀྴ་གནོད་སྦྱིན་ནཱ་ག་ཀླུ། །ཕྱི་ལ་གནོད་བྱེད་ལེགས་པར་བརྟག །མི་ཚིག་མ་འདྲེས་གསལ་བའི་མཆོག །གསང་བ་ཀུན་ཏུ་བཟླ་བར་བགྱིས། །གཞན་ཡང་ཡང་དག་བཤད་བྱ་བ། །སྲུང་བྱེད་རྣམ་རྒྱལ་ཨ་རུ་ར། །བཅངས་སམ་ལུས་ལ་བསྟེན་པ་ཡིས། །མར་མེའི་སྣང་བས་མུན་སེལ་ལྟར། །ཕྱོགས་སུ་གནས་པ་མི་འགྱུར་ཏེ། །དོན་ཀུན་འགྲུབ་བྱེད་ནོར་བུ་


DNG018_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །དེ་བཞིན་ཚེ་སྲིང་ནོར་བུ་དང་། །རིན་ཆེན་སྣ་ཚོགས་བཅངས་པ་ཡིས། །ཉི་ཤར་གྲིབ་མ་མི་གནས་ལྟར། །བགེགས་ཀྱིས་རྙེད་པར་མི་འགྱུར་རོ། །དགྲ་བཅོམ་བྱང་ཆུབ་སེམས་དཔའ་དང་། །དེ་བཞིན་རྣལ་འབྱོར་གྲུབ་པའི་གདུང་། །མཆོད་ཅིང་བཅངས་པ་ཙམ་གྱིས་ནི། །ཞེ་སྡང་ཞི་ནས་མཆོད་བྱེད་འགྱུར། །ལྔ་བརྒྱ་སྟོང་དུ་ལོན་པ་ཡིས། །སྔགས་བཏབ་བསྐུས་ན་དཔག་ཚད་བརྒྱར། །གནོད་པ་ཐམས་ཅད་འབྲོས་པར་འགྱུར། །དུག་དགྲའི་སྒྲོ་རྩ་སྙིང་དང་ནི། །སྨྱག་ཤད་ལྕུག་མ་བཅིངས་པ་ཡིས། །ཀླུ་ཡིས་བཟུང་ན་བཏང་ནས་ཀྱང་། །དེ་དག་ཕྱིར་ལ་འབྲོས་པར་འགྱུར། །ག་པུར་ཛཱ་ཏི་ཙནྡན་དང་། །གླ་རྩི་གུ་གུལ་དྲི་ལྔ་ནི། །བཅངས་པས་རབ་ཏུ་བྱེ་བར་འགྱུར། །གུ་གུལ་ནག་དང་དྲི་སྣ་ཚོགས། །བདུགས་ཤིང་བསྲེག་པས་ཀླད་པ་འགས། །དྲི་ལྔ་འཐུངས་པས་ནང་གི་དུག །ཆུས་བཤལ་སྣོད་བཞིན་སེལ་བར་འགྱུར། །གུ་གུལ་གླ་རྩི་ལུས་བྱུགས་པས། །མེ་ལྕེས་སྦྲང་བུ་བསྲེགས་པ་ལྟར། །ཐམས་ཅད་མྱུར་དུ་འབྲོས་པར་འགྱུར། །རིག་པའི་རྒྱལ་པོ་གསང་སྔགས་འཆང་། །སྔགས་དང་ཕྱག་རྒྱ་རྟེན་འདྲེལ་གྱིས། །ནུས་པ་བསམ་གྱིས་མི་ཁྱབ་པས། །འབད་པར་བྱ་ཞིང་བརྩོན་པར་གྱིས། །དཔལ་རྟ་མགྲིན་གྱི་རྒྱུད་ལས། རྫས་ཀྱི་བསྲུང་བའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་རིག་པའི་རྒྱལ་པོ་རྟ་མཆོག་སྟན་ལས་ལངས་ཏེ། ཁྲོ་བོའི་སྟངས་སྟབས་ཀྱིས་བཅོམ་ལྡན་འདས་ལ་བསྟོད་པ། སྟོན་པའི་རྒྱལ་པོ་རིག་སྔགས་འཆང་། །བགེགས་རིགས་སྟོང་ཕྲག་འཇོམས་མཛད་པ། །ཐབས་དང་ཤེས་རབ་གཉིས་ཀྱིས་ནི། །ཉོན་མོངས་སྡུག་བསྔལ་འཇོམས་མཛད་པ། །རིག་པའི་རྒྱལ་པོར་ཕྱག་འཚལ་བསྟོད། །རྡོ་རྗེའི་ར་བ་དྲ་བ་ཡིས། །བགེགས་དང་ལོག་འདྲེན་ཐམས་ཅད་བསྲུང་། །རྡོ་རྗེ་འཁོར་ལོའི་སྦྱོར་བ་ཡིས། །ཐམས་ཅད་བཟློག་ཅིང་མེད་པར་བྱེད། །འཁོར་ལོའི་བདག་པོར་ཕྱག་འཚལ་བསྟོད། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱང་ཞལ་འཛུམ་པ་དང་བཅས་བཞུགས་སོ། །དེ་
ནས་ཁྲོ་བོའི་རྒྱལ་པོ་བདུད་ལས་རྒྱལ་བ་ལ་སོགས་པ་ཐམས་ཅད་དང་། ཁྲོ་བོའི་རྒྱལ་པོ་རྟ་མཆོག་དང་། ལྷ་དང་མི་ལ་སོགས་པ་ཐམས་ཅད་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །དཔལ་རྟ་མཆོག་གི་རྒྱུད་ལས། བསྟོད་པའི་ལེའུ་སྟེ་དྲུག་པའོ།། །། པདྨ་དབང་ཆེན་གྱི་རྒྱུད་རྫོགས་སོ། །ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་ལྡན་མ་རྩེ་མང་གིས་བསྒྱུར་བའོ།། །།

ཀླུ་འདུལ་བ་ཞེས་བྱ་བའི་རྒྱུད།


DNG018_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །རྒྱ་གར་སྐད་དུ། ནཱ་ག་བི་ན་ཡ་ཏནྟྲ་ནཱ་མ། བོད་སྐད་དུ། ཀླུ་འདུལ་བ་ཞེས་བྱ་བའི་རྒྱུད། དཔལ་རྟ་མགྲིན་དྲེགས་པ་ཀླུ་འདུལ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། གདུག་པ་ཅན་གྱི་གནས། རྒྱ་མཚོ་ཆེན་པོའི་ཀློང་དཀྱིལ། ཀླུ་ཆེན་པོ་བརྒྱད་ཀྱི་གནས། སྦྲུལ་ནག་འབར་བའི་གཞལ་ཡས། ཤིན་ཏུ་འཇིགས་པའི་གནས་དེ་ན། ཀླུའི་རྗེ་བོ་ཧ་ཡ་གྲཱི་བ་དང་། ལག་ན་རྡོ་རྗེ་དང་། བྱ་ཁྱུང་ག་རུ་ཌ་རྣམས་ཀྱིས། ཀླུ་རྣམས་འདུལ་བའི་དོན་དུ། ཀླུའི་གནས་སུ་བཞུགས་ཏེ། ནཱ་ག་ཀླུ་འདུལ་གྱི་རིགས་སྔགས་འདི་གསུངས་སོ། །ན་མོ་བྷུཌྜྷ་ཡ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ནཱ་ག་དུན་ཙན་དྷི་ཙན་དྷི། མི་ལི་མི་ལི། བན་དྷ་བན་དྷ། ནཱ་ག་ནི་སྭཱ་ཧཱ། ཞེས་བརྗོད་པས། ཀླུ་ཐམས་ཅད་སྐྲག་དངངས་ཏེ་བརྒྱལ་བར་གྱུར་ཏོ། །དེ་ནས་ཀླུ་ཆེན་པོ་བརྒྱད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་དཔའ་བོ་ཆེན་པོ་འཇིགས་བྱེད་དྲག་པོ་གསུམ། །བདག་ཅག་ཀླུ་ཡི་ཚོགས་བཅས་ལ། །བཀའ་དབབ་མི་འཚལ་འབངས་སུ་མཆི། །འབངས་ལ་ནན་ཏན་མ་ཆུང་ཞིག །ཧཱུཾ་ནཱ་ག་རཱ་ཛ་ས་མ་ཡ་ཛ། ཞེས་ཀླུའི་རྒྱལ་པོ་རྣམས་ཀྱིས་ཕུལ་ལོ། །ནཱ་ག་ར་ཛ་བ་སུ་ཀི་ནི་ཛ་ཛ། ཞེས་ཀླུ་རིགས་བཞིས་ཕུལ་ལོ། །ཀླུ་འདུལ་སྲོག་སྙིང་ཕུལ་བ་གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་ཡང་ཀླུ་བརྒྱད་ཀྱིས་གསོལ་པ། ཨེ་མ་འཇིགས་བྱེད་ཆེན་པོ་གསུམ། །ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །བདག་ཅག་ཀླུ་ཡི་བསྟན་པ་འབྱུང་། །བདག་ཅག་ཀླུ་ཡི་འཁོར་


DNG018_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ནི། །འགྲོ་བ་མི་ལ་གནོད་བྱེད་པས། །དེ་ཚེ་བསྲུང་དང་གདུལ་བ་དང་། །བཟླས་དང་ལས་ཀྱི་རིམ་པ་དང་། །གསད་དང་གནན་དང་བསྲེག་པ་དང་། །ཀླུ་བསྒྲུབ་ཀླུ་གསོ་ཀླུ་གཏོར་དང་། །གཏའ་བསྡམ་རྟེན་སྤོ་ལ་སོགས་པ། །འཇུག་ལུགས་ཐུགས་དང་རྟགས་དང་ནི། །སྲོག་སེར་གཏད་དང་ལས་མཐའ་རྣམས། །རིམ་པ་བཞིན་དུ་བཀའ་སྩོལ་ཅིག །ཞུས་པ་གླེང་སློང་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་རྟ་མཆོག་རྒྱལ་པོ་ཡིས། །འཁོར་གྱི་ཚོགས་ལ་བཀའ་སྩལ་པ། །དང་པོ་ཏིང་འཛིན་སྒོམ་རིམ་ནི། །ཐོག་མར་ཆོས་ཉིད་སྟོང་པ་ཉིད། །དེ་ལས་ཁྱབ་པའི་སྙིང་རྗེ་བསྒོམ། །དེ་ནས་རང་སེམས་ཡི་གེ་ཧྲཱྀཿ། །དེ་ལས་འོད་འཕྲོས་ཨེ་ལས་མཁའ། །དེ་སྟེང་ཡཾ་ལས་རླུང་དཀྱིལ་འཁོར། །དེ་སྟེང་ར་ལས་ཁྲག་གི་མཚོ། །དེ་སྟེང་རཾ་ལས་མེའི་དཀྱིལ་འཁོར། །དེ་སྟེང་ལཾ་ལས་ཞིང་ཆེན་ས། །དེ་སྟེང་ཀེཾ་ལས་རུས་པའི་རི། །དེ་སྟེང་བྷྲཱུཾ་ལས་གཞལ་ཡས་ཁང་། །ཕྱི་ནི་རིན་ཆེན་སྣ་ལྔས་བརྩིགས། །ནང་ནི་བྷན་དྷའི་གཞལ་ཡས་ཁང་། །ཕྱོགས་བཞིར་སྒོ་བཞི་ལྡན་པ་ལ། །ཆུ་སྲིན་ཀ་བ་སྦྲུལ་ཆེན་གདུང་། །ཉ་སྦལ་གྲབ་སྦྲུལ་ཟ་ར་ཚགས། །ཤིན་ཏུ་འཇིགས་པའི་གཞལ་ཡས་ཁང་། །རྒྱུ་ཡིག་ཧྲཱྀཿདེ་གཞལ་ཡས་ཀྱི། །ཉི་ཟླ་པད་ཀླུའི་གདན་སྟེངས་བབས། །དེ་ལས་རྟ་མགྲིན་དབང་གི་སྐུ། །སྐུ་མདོག་དམར་ནག་ཞལ་གཅིག་པ། །ཕྱག་གཉིས་ཕུར་པ་འདྲིལ་བ་ལ། །ཞལ་གྱིས་སྦྲུལ་ནི་འདྲེན་ཅིང་ཟ། །ཞབས་ཀྱིས་སྦྲུལ་གྱི་མགོ་མནན་པ། །པདྨའི་གཤོག་པས་ཟིལ་གྱིས་གནོན། །ཕྲག་པ་གཡས་གཡོན་སྤྱི་གཙུག་ཏུ། །སྤྲུལ་པའི་བྱ་ཁྱུང་རེ་རེ་བསྒོམ། །ལུས་པོ་གསེར་ལ་གཤོག་པ་ལྕགས། །མཆུ་སྡེར་ཟངས་ལ་སྡེར་དྲུག་ལྕགས། །ཞལ་གྱིས་སྦྲུལ་ནི་འདྲེན་ཅིང་ཟ། །ཀླུ་རྣམས་སྒྲོལ་ཅིང་ཟ་བར་བསྒོམ། །དེ་ལྟ་བུ་ཡི་སྐུར་གསལ་དང་། །སྤྲུལ་པ་ཡང་སྤྲུལ་མང་པོ་ཡིས། །གང་བར་བསྒོམ་པ་ཏིང་འཛིན་ནོ། །རང་བཞིན་གནས་ནས་སྤྱན་དྲངས་ཤིང་། །མཆོད་དང་བསྟོད་པ་མ་ལུས་འབུལ། །ཞེས་གསུངས་སོ། །


DNG018_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་བསྒོམ་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་འཁོར་གྱི་ཀླུའི་ཚོགས་ཀྱིས་ཞུས་པ། ཀྱེ་མ་དཔལ་ཆེན་རྟ་མགྲིན་སྐུ། །ཀླུ་རྣམས་ཕུར་པས་ཇི་ལྟར་འདུལ། །དཔལ་ཆེན་ཡབ་ཀྱིས་བཀའ་སྩལ་པ། །ནཱ་ག་ཕུར་པས་གདུལ་འདོད་ན། །གྲུ་གསུམ་འབར་བའི་མེ་རིས་བསྐོར། །བསད་པའི་མཎྜལ་དེ་ཡིན་པས། །དུག་ཁྲག་སོལ་བས་ནག་པོར་བྱུགས། །ཤར་དུ་ཤ་ལ་ལྷོར་རྡོ་རྗེ། །ནུབ་ཏུ་མེ་ཏོག་བྱང་དུ་ཚིལ། །དབུས་སུ་སེང་ལྡེང་ཕུར་བུ་བཞག །ཕུར་བུ་རྟ་མཆོག་ལྷ་གསུམ་བསམ། །གུ་གུལ་དུད་པས་ཕུར་པ་བདུག །བཟླས་པ་འབུམ་དུ་བཟླས་ཤིང་བསྔགས། །བར་བར་བསྟོད་དང་ཟིལ་གནོན་བྱ། །ཤ་ཚིལ་གཏོར་མ་མཆོད་པ་འབུལ། །ཤ་ཚིལ་ཟ་ཞིང་བྱུག་པ་བྱ། །བྱེ་མ་ལུས་ལ་བཅང་ཞིང་བརྡེག །ཕུར་པ་དག་ལས་འོད་འཕྲོས་པས། །ཉི་མ་ལྟ་བུའི་འོད་ཟེར་གྱིས། །ཀླུ་གདུག་ཐམས་ཅད་ཞི་བར་ནུས། །རིགས་བཞི་ཟིལ་གྱིས་མནན་པར་འགྱུར། །ཇི་སྲིད་འཁོར་བ་གནས་ཀྱི་བར། །ཀླུ་ཡི་སྦྱོར་བས་མི་ཚུགས་སོ། །ཀླུ་ཕུར་བུས་བཟློག་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་བཟླས་ཤིང་ཀླུ་སྲིན་འདུལ་བ་འདི་གསུངས་སོ། །དང་པོ་ཧྲཱྀཿཞེས་བརྗོད་པ་ཡིས། །གཏིང་མཐའ་མེད་པའི་དབྱིངས་ཉིད་ནས། །སྐྱེ་འགྲོ་གཟུགས་སུ་སྣང་བ་ཀུན། །རྟ་མགྲིན་དབང་གི་ལྷ་རུ་གྱུར། །བདག་ཉིད་རྟ་མགྲིན་ཐུགས་ཀ་ནས། །རྟ་མགྲིན་ཁྲོ་ཆུང་ཚོན་གང་བ། །ཕྱག་ན་མཚོན་ཆ་སྣ་ཚོགས་བསྣམས། །ཕར་འཕྲོས་པདྨའི་ལྷ་ཚོགས་ལ། །སྐུ་གསུང་ཐུགས་ཀྱི་མཆོད་པ་འབུལ། །སྤྲུལ་པའི་ཁྱུང་རྣམས་ཕར་འཕྲོས་པས། །གནོད་བྱེད་ཐམས་ཅད་ལྕགས་ཀྱུས་བཀུག །ཞགས་པས་བཅིངས་ཤིང་ལྕགས་སྒྲོག་བསྡམས། །ཕུར་བུས་བཏབ་ནས་བརླག་པར་བསྒོམ། །ཁྱད་པར་ཀླུ་གཉན་ཕོ་མོ་དང་། །ཀླུ་སྲིན་མ་ལུས་ཐམས་ཅད་བསྒྲལ། །བསྐལ་པའི་མེ་དཔུང་ཀློང་དཀྱིལ་ནས། །དབང་གི་རྟ་སྐད་ཕྱོགས་བཅུར་སྒྲོགས། །གདུག་པའི་ཚོགས་རྣམས་འདུལ་བ་དང་། །ཁམས་གསུམ་དབང་དུ་སྡུད་པ་དང་། །སྲིད་གསུམ་ཟིལ་གྱིས་གནོན་པ་དང་། །གདུག་པ་


DNG018_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལུས་བསྒྲལ་བ་དང་། །ཞིང་ཁམས་དབང་དུ་སྡུད་པར་བསྒོམ། །ཏིང་ངེ་འཛིན་གྱིས་ཀླུ་འདུལ་བའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་བུམ་པའི་སྦྱོར་བ་འདི་གསུངས་སོ། །བསྙེན་པ་སྔོན་དུ་སོང་བ་ཡིས། །ཏིང་ངེ་འཛིན་དུ་བསྒོམ་པ་ནི། །ཁྱད་པར་དབང་ཆེན་བུམ་པ་འཛིན། །རིན་ཆེན་ལས་བྱས་བུམ་པ་རུ། །སྨན་ལྔ་འབྲུ་ལྔ་བླུགས་བྱས་ལ། །བུམ་པ་བྷྲཱུཾ་ལས་གཞལ་ཡས་ཁང་། །དེ་ན་དབང་ཆེན་བསྐྱེད་ནས་ནི། །གཟུངས་ཐག་དམར་པོ་བཏགས་བྱས་ལ། །བསྙེན་པའི་སྔགས་ཀྱི་ཤམ་བུ་རུ། །ཨཱོཾ་སྭ་བྷཱ་ཝ་ཤུཌྜྷ་སརྦ་དྷརྨ། ཤུདྡྷེ་བི་ཤུདྡྷེ་སྭཱ་ཧཱ། བཏགས་པ་བརྒྱ་དང་རྩ་བརྒྱད་བཟླས། །དེ་ནས་ནད་པ་ལ་སོགས་བཀྲུ། །དབང་ཆེན་བུམ་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་འཁོར་ལོའི་སྦྱོར་བ་ནི། །རྫས་བསག་ལྷ་བསྒོམ་འཁོར་ལོ་བསྐོར། །ཁྱད་པར་ལྷ་ཆེན་འཁོར་ལོ་འཛིན། །མཐོ་གང་ཙམ་གྱི་རོ་རས་ལ། །འཆིང་བར་བྱེད་པའི་སྣག་ཚ་ཡིས། །བལྟས་པས་ལུས་གནག་སྒྲོ་རྩ་ཡིས། །སྔགས་གྲངས་མཉམ་པ་དེ་དམིགས་བྲི། །དེ་ནས་མཚན་མ་གང་བྱུང་བྲི། །ཁ་དོག་རིགས་བཞིའི་ཚུལ་དུའོ། །དེ་ཡི་སྙིང་གར་དྲག་སྔགས་རེ་རེ་ལའོ། །མཎྜལ་གཙང་མ་དྲིས་བྱུགས་ལ། །མདུན་དུ་ཉུང་དཀར་ཉུང་ནག་གཞག །གུ་གུལ་གླ་རྩིས་ལུས་བྱུགས་ཏེ། །སྔགས་གྲངས་མཉམ་པར་ཉིན་པར་བཟླས། །ནཱ་ག་རཱ་ཛ་ཁྲག་མཱ་ར་ཡ་ཧཱུཾ་ཕཊ། ཅེས་ལས་ལ་སྦྱར་རོ། །འཁོར་ལོའི་ལེའུ་སྟེ་བདུན་པའོ།། །། དེ་ནས་ཕུར་པའི་སྦྱོར་བ་ནི། །ལྷ་བསྒོམ་རྫས་བསག་ཕུར་བུས་བཏབ། །སེང་ལྡེང་ལྕགས་ཕུར་དུག་ཤིང་གིས། །དྲག་སྔགས་མཉམ་པའི་ཕུར་པ་བཤམས། །དྲག་སྔགས་བཟླས་པའི་རིམ་པ་ནི། །ནཱ་ག་བཛྲ་ཀཱི་ལི་ཀཱི་ལ་ཡ་མཱ་ར་ཡ་ཧཱུཾ་ཕཊ། དྲག་སྔགས་མཉམ་པར་གདབ་པར་བྱ། །ཕུར་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་སྦྱིན་སྲེག་བྱ་བའི་རིམ་པ་ནི། ལྷ་བསྒོམ་རྫས་བསག་སྦྱིན་བསྲེག་བྱ། །ཁྱད་པར་ལྷ་ཆེན་མེ་དཔུང་འཛིན། །གདུག་པའི་


DNG018_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

ཧོམ་ཤིང་ཁྲུ་གང་ཚད། །སྔགས་ཀྱི་གྲངས་དང་མཉམ་པར་བྱ། །སྔོ་དམར་སྐུད་པས་རིམ་གསུམ་བཀྱིག །བར་དེར་འཁོར་ལོ་སྲོག་རྩ་བཅད། །གྲི་ཁྱེར་གཡས་སུ་ཐོགས་ནས་ནི། །གསང་སྔགས་འདི་ནི་རབ་ཏུ་བཟླས། །ནཱ་ག་ཏཱིཀྵྞ་མཱ་ར་ཡ་ཧཱུཾ་ཕཊ། རིམ་པ་གྲངས་ཏེ་ཡཾ་བཞི་བརྒྱུད། །བྱང་ཤར་མཚམས་སུ་གཞག་པར་བྱ། །འཁོར་ལོ་གྲིས་གཏུབས་ཐོགས་ནས་ནི། །གྲངས་དང་མཉམ་པར་བསྲེག་པར་བྱ། །མེ་ནི་ཡུགས་ས་མོ་ལས་བླང་། །གསང་སྔགས་བཟླས་པའི་རིམ་པ་ནི། །ནཱ་ག་ཙིཏྟ་ཛྭ་ལ་རཾ་མཱ་ར་ཡ་ཧཱུཾ་ཕཊ། ཅེས་སྦྱིན་སྲེག་བྱའོ། །སྦྱིན་སྲེག་བྱ་བའི་ལེའུ་སྟེ་དགུ་པའོ།། །། དེ་ནས་མནན་པའི་རིམ་པ་ནི། །ལྷ་བསྒོམ་རྫས་བསག་མནན་བསྔགས་བཟླས། །ཁྱད་པར་ལྷ་ཆེན་རི་རབ་འཛིན། །རྫས་བསག་པ་ཡི་རིམ་པ་ནི། །ཆུ་སྲིན་ཉ་སྲམ་སྤྲེ་ཐོད་དུ། །ཐལ་བ་དག་ནི་བླུགས་བྱ་སྟེ། །རྟ་མགྲིན་བྱ་ཁྱུང་འདྲ་བ་བསམ། །ཆུ་སྲིན་འདྲ་བའི་ཁ་རུ་བཙང་། །ནཱ་ག་མཱ་ར་ཡ་ནན་སྟྭཾ་བྷ་ཡ་ནན། ཨོཾ་ལཾ་ཧཱུཾ་ལཾ་སྟཾ་བྷ་ཡ་ནན། ཞེས་གནན་པར་བྱའོ། །མནན་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་ལས་བཞིའི་སྦྱིན་སྲེག་གསུངས། །དཔལ་ཆེན་རྟ་མཆོག་རྒྱལ་པོ་ཡི། །ལས་ཀྱི་འབྲས་བུ་མངོན་དབྱུང་ཕྱིར། །ལས་བཞིའི་སྦྱིན་སྲེག་བཤད་པར་བྱ། །དེ་ཡང་ཕྲིན་ལས་རྣམ་བཞི་ལ། །དུས་དང་ཕྱོགས་དང་ཐབ་དང་ནི། །རྫས་དང་སྔགས་དང་ལྷ་བསྒོམ་དང་། །སྤྱི་དོན་བདུན་དུ་ཤེས་པར་བྱ། །དུས་ནི་རྒྱས་པ་སྔ་དྲོ་ལ། །དབང་ནི་ཉིན་ཕྱེད་ཞི་བ་སྲོད། །དྲག་པོ་ཉིན་མཚན་གུང་ལ་བྱ། །ཕྱོགས་ནི་ཞི་བ་ཤར་དུ་བལྟ། །རྒྱས་པ་ལྷོ་ལ་དབང་ནི་ནུབ། །དྲག་པོ་བྱང་དུ་བྱ་བར་བཤད། །ཐབ་ནི་ཞི་བ་ཟླུམ་པོ་ལ། །རྒྱས་པ་གྲུ་བཞི་དབང་ཟླ་གམ། །དྲག་པོ་མཐིང་ནག་གྲུ་གསུམ་མོ། །ཤིང་ནི་ཡལ་ག་རྒྱས་པ་ལ། །ཞི་བ་རྩེ་མོ་དབང་ལ་ལྷུན། །དྲག་པོ་རྩ་བའི་ཤིང་ལ་བྱ། །རྫས་ནི་ཞི་བ་ཏིལ་དང་མར། །རྒྱས་པ་ཞོ་དང་འབྲས་ཆན་དང་། །དབང་ལ་མངར་བའི་རྫས་ལ་བྱ། །དྲག་པོ་དུག་ཁྲག་ཚ་བའི་རྫས། །སྔགས་ནི་ཞིབ་ལ་ཤཱན་ཏིང་ཀུ་རུ་སྭཱ་ཧཱ། རྒྱས་


DNG018_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་པུཥྚིཾ་ཀུ་རུ་སྭཱ་ཧཱ། དབང་ནི་བ་ཤང་ཀུ་རུ་སྭཱ་ཧཱ། དྲག་པོ་ལ་མཱ་ར་ཡ་ཕཊ། ལྷ་ནི་རྣམ་པ་གཉིས་ཡིན་ཏེ། །མེ་ལྷ་དང་ནི་དཀྱིལ་འཁོར་ལྷ། །གཉིས་ཀ་ཞི་བ་སྐུ་མདོག་དཀར། །རྒྱས་པ་སེར་པོ་དམར་པོ་དབང་། །དྲག་པོ་སྐུ་མདོག་ནག་པོར་བསྟན། །སྤྱི་ཡི་དོན་སྐོར་རྣམ་བདུན་གྱིས། །པདྨའི་ལས་བཞིའི་སྦྱིན་སྲེག་རྫོགས། །ཞེས་གསུངས་སོ། །ལས་བཞིའི་སྦྱིན་སྲེག་མཐར་དབྱུང་བའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་ཀླུ་རྒྱལ་རྫུ་འཕྲུལ་གྱི་ལེའུ་ལས། ས་བདག་ཀླུ་གཉན་འདུལ་བ་དང་། །ཀླུ་ནད་གསོ་བའི་ལེའུ་ལས། །བདག་ཉིད་དབང་ཆེན་སྐུར་བསྒོམས་ལ། །དབུ་ལ་རྟ་མཆོག་འཐོན་པ་སྟེ། །བྱ་ཁྱུང་རིགས་ལྔ་བསྒོམ་པར་བྱ། །རྡོ་རྗེའི་གཤོག་པ་རེ་རེ་ལ། །བྱ་ཁྱུང་རེ་རེས་གཏམས་པ་ཡིས། །ཐམས་ཅད་དབང་དུ་སྡུད་པ་དང་། །ཀླུ་གཉན་འདུལ་བའི་གཉན་པོར་བརྟག །དེ་ལ་སྔགས་ཀྱི་རིམ་པ་ནི། །ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྷྲི་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ན་མོ་བྷུཌྜྷ་ཡ། བཛྲ་ཀཱི་ལི་ཀཱི་ལ་ཡ། ནཱ་ག་དུ་ན། ཙནྡྷེ་ཙནྡྷེ། མི་ལི་མི་ལི། བན་དྷ་བན་དྷ། ནཱ་ག་ནི་སྭཱ་ཧཱ། ཨོཾ་བཛྲ་པཱ་ནི་ག་རུ་ཌ་ཀཱ་ཡ་ཛྭ་ལ་ནཱ་ག་རུ་པ་ཡ། མཱ་ཧཱ་རཱ་ཛ་ཀྲོ་དྷ་བྷེ་ཡ་བྷེ་ཡ། བཛྲ་དུན་ཏེ་ཛྭ་ལི་ཏ། ནཱ་ག་སརྦ་ཨཱ་ཀ་ཏ་ཡ། གྷཱ་ཏ་ཡ་གྷཱ་ཏ་ཡ། ནཱ་ག་པ་ལ་པྲ་ཧ་ར་པྲ་ཧ་ར། ཀྲ་མ་སར་སར་ཨུ་ཙྪ་ཏ་ཡ་ཕཊ། ནཱ་ག་བོ་དྷ་ཡ་ཁ་ད་ཡ་ཁ་ད་ཡ། ནཱ་ག་སརྦ་དུཥྚན་ཛི་བི་ནི་ཧ་ར་པྲ་མ་ཀ །ནཱ་ག་བི་དཱ་ར་ཡ་ཏི་ལིང་ག་ལེ། ནཱ་ག་བྷ་སྨི་ཀུ་རུ་ཧཱུཾ་ཕཊ། དེ་སྐད་བཟླས་ཤིང་གདུལ་བར་བྱ། །དྲག་པོའི་སྔགས་བརྗིད་ལྡན་པ་འདིས། །ཀླུ་རྣམས་ཀུན་ཀྱང་གསོད་པར་འགྱུར། །གདུག་པ་གཞན་ལ་སྨོས་ཅི་དགོས། །ཀླུ་རྒྱལ་རྫུ་འཕྲུལ་ཀླུ་གཉན་ས་བདག་འདུལ་བའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་སྔགས་དང་རྫས་ཀྱིས་སྲུང་བ་འདི་གསུངས་སོ། །ཨོཾ་ཧྲཱྀཿཔདྨཱནྟ་ཀྲྀཏ་ཧཱུཾ་ཛ། མ་ཧཱ་ཀྲོ་དྷ་ཧཱུཾ་ཕཊ། ཅེས་སྐུའི་སྔགས་སོ། །ཨཱོཾ་ཧཱུཾ་ཨེ་ཨཱ་ར་ལི་ཧྲིཾ་ཧྲིཾ་ཛ།ཞེས་གསུང་གི་སྔགས་སོ། །མ་ཧཱ་སྲོག་ཤག་ཐུན་བྷྱོ་ཕཊ། ཅེས་པ་ཐུགས་ཀྱི་སྔགས་སོ། །དང་པོ་དབང་གི་སྐུ་


DNG018_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

རུ་བསྐྱེད། །གཉིས་པ་ཁམས་གསུམ་དབང་དུ་སྡུད། །གསུམ་པ་ཐམས་ཅད་ལས་ལ་འཛུད། །ལས་སྔགས་འདི་ལ་མཐའ་སྦྱར་ཏེ། །རེ་རྩེ་རེ་བྷུ་ཏེ་ལེ་བུ། ཊ་ད་ལ་བུ་ནན། ཏྲི་ཀར་རྩེ་རྩེ་བྷྲུཾ་བ་བ་ཏུ་མ་ཨོཾ་ག་ཏག་ཏིག །མུག་མུག་ཏི་ཏི་རི་སད། མཆུ་ཡི་སྔགས་རྒོད་ཀླུ་ཐམས་ཅད་སེལ་བའོ། །ཨཱོཾ་ཨ་པ་ཏ་ཨ་པ་ཏ། འབྲུག་ཐོག་འབྲུག་ཐོག ནན་སད་ནན་སད།ཏི་ཏི་སཾ་ཧ་རི་སད། པཾ་སད་ཐུམ་རིལ་སད། ཐུམ་ཤི་སད་སྭཱ་ཧཱ། སྡེར་མོའི་སྔགས་སྙིང་ནས་འདྲེན་པ་སྟེ། ཀླུ་ནད་ཐམས་ཅད་སེལ་བར་བྱེད་པའོ། །ཨཱོཾ་བཛྲ་ཀྲོ་དྷ་ཧ་ཡ་གྷྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཨོཾ་ཨཱཾཿཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ག་རུ་ཊ། མ་ཧཱ་ག་རུ་ཊ། ནཱ་ག་མཱ་ར་ཎ་དུན་དུན། ནཱ་ག་མཱ་ར་ཎ་མྱོགས་མྱོགས། ནཱ་ག་མ་ར་ཎ་བྱིང་བྱིང་། ཐུམ་རི་ལི་ལི་ཛ་ཛ། རྟག་ཏུ་བཟླས་ཤིང་ཀླུ་ལས་གྱུར་པའི་ནད་རིགས་ཐམས་ཅད་ལ་གདབ་པོ། །དྲག་སྔགས་གསང་བ་ལས་ཀྱི་སྔགས། །ཀླུ་གདུག་འདུལ་བའི་སྔགས་རྒོད་ཡིན། །མཛེ་ནད་ཐམས་ཅད་སེལ་བར་བྱེད། །དྲག་པོའི་སྔགས་རྒོད་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་སྔགས་རྣམས་བསྟན་པ་ནི། །ཉེ་བསྙེན་དག་ལ་དགུག་པ་འདི། །ནཱ་ག་སྲོག་ཚིག་ནན་རྦད་ལུས་བརྟུལ་ནཱ་ག་མཱ་ར་ཡ་རྦད། རཾ་རཾ་ཛྭ་ལ་ཛྭ་ལ་ཤི་ཤི། རུལ་ཕུང་ནཱ་ག་མཱ་ར་ཡ་རྦད་སོད། སྒྲུབ་པ་དག་ལ་རྦད་པ་ནི། །ནཱ་ག་ཤིག་ནན། ནཱ་ག་བེར་རཾ། ནཱ་ག་ཆིངས། ནཱ་ག་སྡིམས་ནཱ་ག་སོད། ནཱ་ག་མགོ་ལ་ནན།ནཱ་ག་རཱ་ཛ་མཱ་ར་ཡ་ཆིངས། ལས་ལ་སྦྱར་ཏེ་བསད་པའི་སྔགས། །ནཱ་ག་རཱ་ཛ་ཧཱུཾ། ནཱ་ག་རཱ་ཛ་ཕཊ། ནཱ་ག་ཤུ་ཤུ་ནན། ནཱ་ག་ཤུ་ཤུ་བེར། སྙིང་ལ་ཚལ་སྲོག་ལ་རྦུད། པྲ་ཏི་ས་མ་ཡ་ཛ་ཛ། ནཱ་ག་སྙིང་ལ་ཚལ་པ་དུམ་བུར་རྦད། སི་ཏ་སརྦ་ག་ཏ་ན་བི་ཤད་དེ་ནཱ་ག་ནན་ཁ་ཐཾ་ཁ་ཐཾ། ཉི་མ་ས་ལ་ཟླ་བ་ནན། ཀླད་པ་ནན།རྩི་ཏི་ཀུ་ལིང་ནན། ཀུན་ཤི་རྩི་ཏྲི་མུ་ཏྲ་བཟློག་བྱེར། ནཱ་ག་ཤིག་ནཱ་ག་ནན། ནཱ་ག་མགོ་ལ་ནན། ནཱ་ག་རཱ་ཛ་བེར་བེར་ཕཊ་རྦད། ཀླུ་བཙན་ཐལ་བར་བརླག་པ་ནི། །ཡ་མ་ཤུ་ཤུ་སོད། ཡ་མ་ཤུ་ཤུ་རྦད། ཡ་མ་ཤུ་ཤུ་ནན། ཀླུ་


DNG018_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་དག་ལ་བརྡེག་པའི་སྔགས། །ནག་པོ་ཤུ་ཤུ་མགོ་ལ་ནན། ནག་པོ་ཤུ་ཤུ་རྦད། ནག་པོ་ཤུ་ཤུ་ནན་རྦད། །ས་བདག་དག་ལ་བརྡེག་པ་ནི། །ས་གདོན་ནག་པོ་སོད། ས་ཁྲག་མཱ་ར་ཡ་རྦད། ཀླུ་བསེན་དག་ལ་བརྡེག་པའི་སྔགས། །ཡ་མ་ཡཾ་ཏྲི་ནན་རྦད། ཡ་མ་ཡཾ་ཏྲི་སོད། ཡ་མ་ཡཾ་ཏྲི་ནན། རཀྴ་མཱ་ར་ཡ་རྦད། གཉན་ལ་བརྡེག་པའི་སྔགས་འདིའོ། །རྩག་ཀྲཾ་རུ་ཏྲི་རྦད། རྩག་ཀྲཾ་རུ་ཏྲི་རྦུད། རྩག་ཀྲཾ་རུ་ཏྲི་སོད། སུ་མ་མཱ་ར་ཡ་རྦད། རྒྱལ་པོ་དག་ལ་བསྣུན་པ་ནི། །རཱ་ཛ་ཐང་ཐང་ཤི་ཤི་རྦད། ཏྲང་རིལ་ཏྲང་རིལ་ཐུམ། ཀྱིམ་ཐང་ག་མ་ཏང་། ཁུག་ཤེལ་ཁུག་ཤེལ། རཱ་ཛ་མ་རཱ་ཡ་རྦད་རྦད། གཟའ་ལ་བརྡེག་པའི་དྲག་སྔགས་ནི། །ནཱ་ག་ཡ་ཏིག་ནན། དུམ་མཱ་ར་ཡ་ཛ་ལ་རྦད། དྷི་རི་དྷི་རི་ཕུང་ཕུང་སོད། ནཱ་ག་རཱ་ཛ་མཱ་ར་ཡ། ཐུཾ་ཐུཾ་རིལ་རིལ་ཤི་ཤི་རྦད། མ་ཏི་ཡ་མ་ནཱ་ག་མཱ་ར་ཡ་ཐུཾ་རི་ལི་ལི། ཞུང་ཞུང་མྱོགས་རྦད། ཀླུ་ལ་སོགས་པ་ཐམས་ཅད་ལ་བརྡེག་ཅིང་བསད་པའི་སྔགས་ཀྱི་ལེའུ་སྟེ་བཅུ་བཞི་པའོ།། །།ནཱ་ག་ཀླུ་འདུལ་རྒྱུད་ལས་ནི། །བསད་པའི་ཐུན་བསྒྲུབ་འདི་གསུངས་སོ། །དེ་ལ་ཐུན་ལུམ་ཐུན་འདིའོ། །ལྕགས་ལ་སོགས་པའི་ཐུན་ལུམ་ལ། །གསང་སྔགས་འདི་ཡིས་གདབ་པར་བྱ། །ནཱ་ག་ཧཱུཾ་ཐུཾ་རིལ་རྦད། ཅེས་པ་ཁྲི་དང་སྟོང་བཟླས་ནས། །བརྒྱབ་པས་གནོད་བྱེད་བརླག་པར་འགྱུར། །རྡོ་རྗེའི་ཐུན་ནི་བསྟན་པ་ཡིན། །དེ་ལ་བྱེ་ཚན་ཐུན་བསྟན་པ། །ཟངས་ཕྱེ་ལྕགས་ཕྱེ་རྡོ་ཕྱེ་ལ། །སྔགས་འདི་བཟླས་ཏེ་གདབ་པར་བྱ། །ནཱ་ག་ཨག་ནི་ཛྭ་ལ་རཾ། མཱ་ར་ཡ་རྦད།ཁྲི་ཚོ་སུམ་སྟོང་བཟླས་ལ་གདབ། །ནཱ་ག་ཨག་ནི་ཛྭ་ལ་རཾ་མཱ་ར་ཡ་རྦད། ཅེས་པ་ཁྲི་ཚོ་སུམ་སྟོང་བཟླས། །ཆུ་འགྲམ་བྱེ་མ་དག་དང་བསྲེས། །རྟེན་ལ་བཏབ་ན་འཚིག་པར་འགྱུར། །དེ་ནས་དུག་ཐུན་བསྟན་པ་ནི། །དུག་སྣ་ཚོགས་ལ་སྔགས་འདི་བཟླས། །ནཱ་ག་རཀྴ་ཏ་ཐ་དུག་ཐུཾ་རིལ་མཱ་ར་ཡ་ཕཊ། ལྔ་སྟོང་བརྒྱ་དང་རྩ་བརྒྱད་བཟླས། །ཀླུ་རྣམས་མྱོས་ཤིང་འཐིབས་པར་


DNG018_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། །དེ་ནས་ཕུར་བུའི་ཐུན་བསྟན་པ། །དུག་ཤིང་ཕུར་པ་སོར་བརྒྱད་ལ། །སྔགས་འདི་བཟླས་ཤིང་སྔགས་པར་བྱ། །ནཱ་ག་ཀཱི་ལི་ཀཱི་ལ་མཱ་ར་ཡ་ཕཊ། སྟོང་དང་ཉིས་བརྒྱ་བཟླས་བྱས་ནས། །ཕུར་པ་ལིངྒ་དག་ལ་བརྡེག །ཀླུ་རྣམས་ཐམས་ཅད་བརླག་པར་འགྱུར། །དེ་ནས་སྐེ་ཚེའི་ཐུན་བསྟན་པ། །སྐེ་ཚེ་ལ་ནི་སྔགས་འདི་བཟླས། །ནཱ་ག་རཾ་རཾ་ཛྭ་ལ་མཱ་ར་ཡ་རྦད། སྟོང་དང་རྩ་བརྒྱད་བཟླས་བྱས་ནས། །ཀླུ་ལ་བཏབ་ན་འཚིག་པར་འགྱུར། །གུ་གུལ་ར་གཞོབ་ཐུན་བསྟན་པ། །ཁྱི་ལུད་མི་གཙང་སྣ་ཚོགས་ལ། །སྔགས་འདི་བཟླས་ཏེ་བརྡེག་པར་བྱ། །ནཱ་ག་ཐིབས་ཐིབས་མཱ་ར་ཡ་ཧཱུཾ་ཕཊ། ཅེས་སུམ་སྟོང་བཟླས་ནས་བཏབ་པ་ན། གདོན་རྣམས་ཐམས་ཅད་འབྲོས་པར་འགྱུར། །དུག་ཤིང་ལྕུག་གི་ཐུན་བསྟན་པ། །ཀ་ར་བཱི་རའི་ལྕུག་མ་འམ། །སེ་ཤིང་སྨྱག་ཤད་ལྕུག་མ་ལ། །སྔགས་འདི་བཟླས་ཤིང་བརྡེག་པར་བྱ། །ནཱ་ག་ཞུང་ཞུང་རྦད་རྦད་མཱ་ར་ཡ་རྦད། ཁྲི་དང་དྲུག་སྟོང་བཟླས་ཤིང་བརྡེག །ནད་པ་ལ་ནི་བདུག་ལ་བརྡེག །གདོན་རྣམས་ཐམས་ཅད་འཆིང་བར་འགྱུར། །ཀླུ་ཡང་སྐད་ངན་ཙེ་རེ་འོང་། །ཐུན་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།ནཱ་ག་ཀླུ་འདུལ་རྒྱུད་ལས་ནི། །ལས་ཀྱི་མཐའ་བརྟུལ་ཟོར་ཐུན་གསུངས། །མེ་ཟོར་ལས་ཀྱི་མཐའ་བརྟུལ་ནི། །ཕྲིན་ལས་རྣམ་བཞིའི་ལས་དང་ནི། །དྲག་པོའི་སྦྱིན་བསྲེག་མེ་རོ་ལ། །སྔགས་འདི་བརྒྱ་རྩ་བརྒྱད་བཟླས་བརྡེག །ནཱ་ག་ཨག་ནི་མ་ཏི་བྷྱོ་བྷྱོ། ཞེས་ཀླུ་ལ་བཏབ་ན་འཚིག་པར་འགྱུར། །དེ་ནས་རྡོ་ཡི་ཟོར་ལས་བསྟན། །ལྕགས་ཀྱི་རྡོ་ལྔ་བསྲེག་བྱས་ལ། །གནོད་པའི་བགེགས་ལ་སྔགས་འདིས་འཕང་། །ནཱ་ག་ཐུཾ་ཐུཾ་མཱ་ར་ཡ་དུག་ཐུཾ་རིལ་བྷྱོ། ཞེས་པ་བརྒྱ་རྩ་བརྒྱད་བཟླས་སོ། །རྡོ་བསྲེགས་འུར་རྡོར་བཅུག་ལ་འཕང་། །ཀླུ་རྣམས་ཐམས་ཅད་འཚིག་པར་འགྱུར། །དེ་ནས་ཕུར་བུའི་ཟོར་བསྟན་པ། །གདུག་པ་ཅན་གྱི་ཤིང་རྣམས་ལ། །ཕུར་པ་སོར་བརྒྱད་བྱས་ནས་ནི། །སྔགས་འདི་ཁྲི་དང་བརྒྱ་སྟོང་བཟླས། །ནཱ་ག་ཀཱི་ལི་ཀཱི་ལ་ཡ་མཱ་ར་


DNG018_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་ཕཊ། གནོད་སར་བཏབ་ན་བརླག་པར་འགྱུར། །དེ་ནས་མདའ་ཡི་ཟོར་ལས་བསྟན། །མདའ་ཡི་ནང་དུ་དུག་ཁྲག་སྐེ་ཚེ་བླུགས། །མདེའུ་ལ་གནོད་པའི་མིང་བྲིས་ལ། །སྔགས་འདིས་འཕང་ཞིང་བརྡེག་པར་བྱ། །ནཱ་ག་མཱ་ར་ཡ་ཐུན་བྷྱོ། ཞེས་པ་སྟོང་དང་རྩ་བརྒྱད་བཟླས། །གནོད་པའི་ས་རུ་འཕང་བར་བྱ། །གནོད་བྱེད་མ་ལུས་གསོད་པར་འགྱུར། །ཁྲག་དང་དུག་གི་ཟོར་བསྟན་པ། །རབས་ཆད་ཐོད་པར་དུག་སྣ་ཚོགས། །ཁྲག་སྣ་ཚོགས་ཚད་བླུག་པར་བྱ། །སྔགས་འདི་བཟླས་ཤིང་བརྡེག་པར་བྱ། །ཁྲག་ཏི་མཱ་ར་ཡ་རྦད་བྷྱོ། སྟོང་དང་ལྔ་ཁྲི་བཟླས་བྱས་ལ། །ཐོད་པ་གནོད་པའི་ཕྱོགས་སུ་འཕང་། །གནོད་བྱེད་མྱོས་ཤིང་འཆིང་བར་འགྱུར། །དྲག་པོ་ཟོར་ཐུན་ལས་སྦྱོར་འདིས། །ནཱ་ག་གདུག་པའི་ཚོགས་རྣམས་ནི། །ཐམས་ཅད་མ་ལུས་བརླག་པར་བྱེད། །དྲག་པོའི་ལས་ཐུན་བསྟན་པ་ཡིན། །ཟོར་ཐུན་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།བཟློག་པའི་ལས་ཤིག་བཀའ་སྩལ་པ། །རང་ཉིད་དབང་ཆེན་ཏིང་འཛིན་བསྒོམ། །སྔགས་འདི་ཉུང་དཀར་དག་ལ་བཟླས། །ཨོཾ་ཧྲཱྀ་པདྨཱནྟ་ཀྲྀཏ་ཧཱུཾ། ཨོཾ་བཛྲ་མ་ཧཱ་ཀྲོ་ཏ་ཧཱུཾ་ཕཊ། བཾ་ཧཱུཾ་ཨེ་ཨཱ་ར་ལི་ཧྲིཾ་ཧྲིཾ་ཛ། ཨེ་ཧ་རི་མ་ཧཱ་ཧ་རི་ཏ་ས་ལ་ཏ་ས་ལ། ཧ་རི་ཧ་རི་ནི་ཧཱུཾ་ཕཊ། བྷྱོ་བྷྱོ་ས་མ་ཡ་བཟློག་བཟློག །ཨ་ལ་ལ་པྲ་མ་དུ་རུ་ཀ་བྷྱོ་བྷྱོ། མ་ཧཱ་པྲ་ཀྵ་ཕཊ། ཐུན་བྷྱོ་བྷྱོ། སྔགས་པ་ནང་འགྲས་བྱུང་བ་འམ། །དགྲ་བགེགས་དྲག་པོའི་གནོད་ཕྱོགས་སམ། །རི་གཟར་ཁ་ཡི་རྦབ་བྱུང་བཟློག །དགྲ་བགེགས་མངོན་སུམ་སྨོས་ཅི་དགོས། །མི་མ་ཡིན་པ་ཐམས་ཅད་ བཟློག །ཐལ་ཆེན་ལ་སྔགས་སེར་བ་བཟློག །ཨོཾ་ཏ་ཀྲི་ཛ་ཏི་བི་ཛ་ཏི། ཧུ་ཡ་ཧུ་ཡ། ཧུ་ལུ་ཧུ་ལུ། སུ་རུ་ཏི་སྭཱ་ཧཱ། ཀླུ་ཡི་བྱད་དང་གཏད་མནན་བཟློག །ཁྱད་པར་གྱི་བཟློག་པ་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ།། །། དེ་ནས་དགུག་པའི་ལས་བསྟན་པ། །མདུན་དུ་གྲུ་གསུམ་ཁྲུ་གང་བྲུ། །ནང་དུ་ཀླུ་གཉན་སྣ་ཚོགས་གཟུགས། །ཤོག་ཤོག་ལིངྒ་


DNG018_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

བྲིས་ལ་གཞུག །རང་འཐག་རྡོ་རྗེ་རྒྱ་གྲམ་གྱིས། །འབྲུབ་ཁུང་ཁ་བཅད་རྟ་རྨིག་མནན། །དེ་ནས་དགུག་གཞུག་བྱ་བ་ནི། །རང་ཉིད་རྟ་མཆོག་སྐུར་བསྒོམས་ལ། །སྔགས་འདི་བཟླས་ཤིང་རྟ་རྨིག་བརྡུང་། །རུ་རུ་ང་རྡུང་རྡུང་ཁུག་ཛ། རུག་ཐ་ཐན་རི་ཉ་ཁུག་ཛ། ཏི་རྦད་ནཱ་ག་ཉུར་རམ་ཁུག་ཛ། ཅེས་གནོད་བྱེད་དགུག་ཅིང་རྟ་སུག་བརྡུང་། །གདུག་པ་གཟེར་ཅིང་བརྡུང་བར་བྱ། །གནོད་བྱེད་གང་ཡིན་སོད་པར་འགྱུར། །འབྱུང་པོ་མ་ལུས་སོད་འགྱུར་ན། །དགྲ་བགེགས་གཞན་ལྟ་སྨོས་ཅི་དགོས། །དགུག་ཅིང་བརྡུང་བའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།དེ་ནས་ནཱ་ག་ཀླུ་ཡི་དུག །མི་ལ་ཞུགས་པའི་རྟགས་བསྟན་པ། །རུས་པ་དག་ལ་ཞུགས་པ་ན། །ལུས་པོ་སྐམ་ལ་ཟུག་གཟེར་ཆེ། །ཐང་ངེ་ན་ཞིང་དྲི་མི་ཞིམ། །ཤ་རོ་འབྱུང་བ་ཤ་ཡི་རྟགས། །རྩ་ལ་ཞུགས་པའི་མཚན་ཉིད་ནི། །ལུས་སྦྲིད་བེར་བེར་བྱེད་པ་དང་། །སྒྱིད་ལུག་པ་དང་སྒྱིད་ལྕི་དང་། །ཚ་ཞིང་ཚ་འབྲབ་བྱེད་པ་དང་། །ཚ་བེར་ཚ་སྒྲེང་ཞུགས་པ་དང་། །ཚ་ཐང་ཚ་ཀེར་བྱེད་པ་དང་། །ཡན་ལག་ན་བ་རྩ་ཡི་རྟགས། །ཁྲག་ལ་ཞུགས་པའི་མཚན་ཉིད་ནི། །ལུས་ལྕི་སྣ་ཁྲག་སྐབས་སུ་འཛག །ཚ་བེར་འདི་རབ་དཀའ་བ་ཡིན། །ནང་ཁྲོལ་དག་ལ་ཞུགས་པ་ནི། །གློ་སྙིང་མི་བདེ་སྟོང་སྐྱུགས་བྱེད། །སྙིང་མི་བདེ་ལ་ཚ་ལྟར་ཕྱོ། །བཅུད་ལ་ཚུད་པའི་རྟགས་བསྟན་པ། །ཁུ་ཆུ་མི་འབྱུང་དབང་པོ་ཉལ། །ཁུ་བ་སྐྱོ་མར་འབྱུང་བ་དང་། །ཆུ་ནི་དྭངས་སྙིགས་བྱེ་ནས་འོངས། །ཆུ་ལ་ཞུགས་པའི་མཚན་ཉིད་ནི། །སྣ་ཆུ་སྐྱ་བོར་རྟག་ཏུ་འཛག །སྦུགས་ནི་ཆུ་ནི་རྒྱ་སྐྱེགས་ཁུ་བ་འདྲ། །མིག་རྩ་རུལ་ཏེ་སེ་རུ་འབྱུང་། །ལུས་ཀྱི་སྟོབས་ལ་ཞུགས་པ་ན། །སྒྱིད་ཞུམ་པ་དང་ཉལ་ཉལ་བྱེད། །ལུས་ཀྱི་མདོག་ལ་ཞུགས་པ་ནི། །ལྕེ་མདོག་འོལ་མ་ཟེ་ལྟར་དམར། །དམར་པོ་ཐིག་ལེ་འོང་བའོ། །བྱིངས་ལ་ཞུགས་པའི་མཚན་ཉིད་ནི། །ལུས་ལྕི་སྣ་ཁྲག་སྐབས་སུ་འཛག །ལུས་ལ་གཉེར་ཆུང་ཁེབས་པ་དང་། །ལག་སོར་བྱི་གཞུག་འདྲ་བར་འོང་། །རེག་པ་དག་ལ་ཞུགས་པ་ནི། །སྣ་རྩེ་ཚ་ཞིང་བེར་བེར་བྱེད། །ཆུ་རྒྱུས་


DNG018_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

དག་ལ་ཞུགས་པ་ནི། །ཡན་ལག་རེངས་ཤིང་ན་བ་དང་། །ཤ་བུར་འདྲ་ཞིང་ཚིགས་རྣམས་འཁོར། །ཆུ་སེར་དག་ལ་ཞུགས་པའི་རྟགས། །ལུས་པོ་ཚ་ཞིང་ཁོལ་བ་དང་། །ཚ་ལ་ཅག་ཅིང་ཚ་ལ་འཇིབས། །ལུས་ལ་འབྲུམ་རྗེས་ཐག་ཐུག་འོང་། །ཀླད་པ་དག་ལ་ཞུགས་པ་ནི། །སྐྲ་བྱི་བེམ་བེམ་བྱེད་པ་དང་། །གདོང་བཀྲག་ཆུ་ནི་མི་ཆགས་པའོ། །ལྟ་བ་དག་ལ་ཞུགས་པ་ནི། །གདོང་པ་དག་ནི་ཡར་ཡལ་བྱེད། །གདོང་པ་གྲང་ནི་སེང་སེང་བྱེད། །ལུས་ལ་ཞུགས་པའི་མཚན་ཉིད་ནི། །ལུས་ལ་ཚོར་བ་མེད་པ་ཡིས། །གདོང་པ་ལ་སོགས་ཤ་འགུལ་འོང་། །རུས་པ་དག་ལ་ཞུགས་པ་ནི། །རྐང་ལག་ཚིགས་བཞིའི་རུས་རྣམས་ཁོལ། །བྱད་ཀྱི་རུས་པ་ཁོལ་ཞིང་ན། །ན་ཚ་མེད་པར་ཕོལ་མིག་འོང་། །སོར་མོ་འབྲུལ་ཞིང་རྐང་ལག་འཆད། །ཁ་མིག་སླེ་ཞིང་མཆུ་ཡང་སླེ། །བྱད་ནི་སྲབ་ཞིང་ལེབ་པར་འོངས། །སྣ་ལྤགས་དག་ལ་ཞུགས་པ་ནི། །དང་པོ་རང་ནས་བྱད་ཀྱང་བཟློག །བྱད་ལུགས་གདོང་པའི་ཤ་ཡང་འཆོར། །སྨིན་མ་འཆོར་ཞིང་མིག་ཕུགས་ལུག །གཞུག་ཏུ་སྣ་ཡང་འཆད་པར་འགྱུར། །དེ་ནི་གསོ་བར་དཀའ་བ་ཡིན། །ཤ་རོ་འོང་ཞིང་ཤ་རོ་མང་བ་དང་། །བས་ལྡག་རྐོང་པ་ཐོར་པ་འོང་། །རྒྱ་ཐོར་མང་ལ་ལུས་པོ་ཟ། །སྨིན་མ་ཟ་ཞིང་སྨིན་ཕྲག་ཟ། །ལུས་དང་ཤ་འཕྲིག་མང་བ་དང་། །སྐབས་སུ་སྐྱ་ལ་སྐབས་སུ་དམར། །པགས་པ་དག་ལ་ཟིན་པ་ནི། །ལུས་པོ་སྦྲིད་ལ་སྙམ་བྱེད་དང་། །རྐང་ལག་སྦྲིད་པ་མང་བ་དང་། །ཤ་ལྤགས་མཚམས་ནས་ཟ་བ་དང་། །ཤ་ལྤགས་ན་ཞིང་ཚ་བ་དང་། །སེམས་ཅན་འགུལ་སྙམ་བྱེད་པ་དང་། །རོ་སྟོད་ཉ་བཞི་འགུལ་བ་དང་། །མིག་ཀོང་གཏིང་ནས་འགུལ་བ་དང་། །མཆུ་འགུལ་འཕྲིག་པ་མང་བ་འོང་། །ཤ་ལྤགས་མཚམས་སུ་ཞུགས་པ་ཡིན། །རྩ་རྣམས་འཁྱུག་ཅིང་དྲེང་བ་དང་། །ཁྲག་ལུད་མིག་ནི་དམར་བ་དང་། །སྣ་ཁྲག་རྒྱུན་དུ་འཛག་པ་དང་། །བྱང་ལུས་དམར་ལ་ཐིག་ལེ་འོང་། །ལུས་དང་རྐང་ལག་བྲོ་ཞིང་ཚ། །རྨུན་ལོང་བྱད་ལུས་འབུར་ཞིང་སྐྲངས། །དེ་ཡང་ཚ་ཞིང་བྲོ་བར་འོང་། །ན་ཚ་ཡར་


DNG018_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་མར་འགྲོ་བྱེད། །སྣ་འགགས་ལུས་ལྕི་བྱད་མི་བདེ། །མི་གཙང་འཁོན་དང་ཐབ་ལ་སྔར། །དེ་ནི་རྩ་ལ་ཞུགས་པའི་རྟགས། །དེ་ལྟར་ནད་ངོས་བཟུང་བྱས་ལ། །ཟིན་པ་གཉན་དང་མི་གཉན་དང་། །གསོ་བ་དཀའ་སླ་ཤེས་པར་བྱ། །སྔོན་གྱི་རྣམ་སྨིན་མ་ཡིན་ན། །སྲུང་བའི་སྦྱོར་བས་སོས་པར་འགྱུར། །ཀླུ་ཡིས་ཟིན་པའི་རྟགས་ཀྱི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་རྨི་ལྟས་རིམ་པ་ནི། །གནོད་པའི་རྟགས་རྣམས་བསྟན་པ་ནི། །རྟག་ཏུ་རང་ཤ་ཟ་བ་དང་། །ལུས་ལ་ཁྲུས་དག་བྱེད་པ་དང་། །རྒྱ་གྲམ་ལམ་ན་ཉལ་བ་དང་། །རྒྱ་རུ་འཛུལ་དང་འཕུར་བ་རྣམས། །ངན་པའི་རྟགས་སུ་ཤེས་པར་བྱ། །གཞན་ཡང་རྟག་ཏུ་ཤ་ཟ་དང་། །ཁྱི་ཕག་བྱ་དང་ཉ་སྦྲུལ་དང་། །བྱོལ་སོང་རྣམ་པ་སྣ་ཚོགས་དང་། །རྟག་ཏུ་མི་གཙང་གོས་ནག་གོན། །ངན་པའི་རྟགས་ཏེ་རིམ་གྲོ་འབད། །ཡང་ན་བཟང་རྟགས་ངན་རྟགས་དང་། །རྣམ་པར་སྨིན་པའི་རྟགས་དང་གསུམ། །དེ་ལ་དང་པོ་བསྒྲུབ་པའི་རྟགས། །བདག་གིས་མཐོང་ཡུལ་ཐོ་ཕྱི་རུ། །ཉ་སྦྲུལ་སྦལ་ལྕོང་ཤི་བ་དང་། །བྱ་ཡིས་གོད་ཤ་ཟ་བ་དང་། །བྱ་ཡིས་བདག་གི་ཁྲག་གཞིབ་དང་། །རྒྱ་མཚོ་སྐམ་ནས་འདུག་པ་དང་། །དེ་ན་སེམས་ཅན་ཤི་བ་དང་། །སེམས་ཅན་ཐམས་ཅད་ཁ་བཅིང་དང་། །ལུས་ལས་སྦལ་ལྕོང་འཐོན་པ་དང་། །དེ་རྣམས་བཟང་བའི་རྟགས་བསྟན་ཡིན། །ངན་པའི་རྟགས་རྣམས་བསྟན་པ་ནི། །སྦལ་སྦྲུལ་གློག་ལྟར་འགྱུ་བ་དང་། །སྡིག་སྦྲུལ་ཆར་ལྟར་འབབ་པ་དང་། །ཆུ་སྲིན་འབྲུག་ལྟར་སྒྲོག་པ་དང་། །སྡིག་སྒྲིབ་སྤྲིན་ལྟར་གཏིབས་པ་དང་། །དེ་རྣམས་ངན་པའི་རྟགས་སུ་བསྟན། །རྣམ་པར་སྨིན་པའི་རྟགས་སུ་ནི། །མེ་དཔུང་འབར་བས་གདུང་བ་དང་། །འདམ་རྫབ་ཆེན་པོར་ཚུད་པར་དང་། །ཕྱར་ནག་ལུས་ལ་གྱོན་པ་དང་། །ཕག་པ་ཞོན་ནས་ས་གཏིང་འགྲོ། །ཕྱར་བ་གོན་ནས་ཆུ་ནང་ཉལ། །འདི་རྣམས་ལས་ཀྱི་རྣམ་སྨིན་ཡིན། །འདུས་བྱས་དགེ་རྩ་དག་ལ་འབད། །སྲོག་ཚིག་ནན་གྱི་


DNG018_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་བཟླས་ལ། །འབྱུང་པོ་མི་ཟན་བྱུང་བ་ན། །ཟླ་བ་གཅིག་གིས་འཚོ་བ་ཡིན། །སྦྲུལ་དུ་བྱུང་ན་ཟླ་ཕྱེད་བཟླས། །ཕྱུགས་སུ་བྱུང་ན་ཞག་གསུམ་གདགས། །ཤ་རོ་བྱ་རྗེས་སྦལ་མིག་དང་། །ཤ་འགུལ་རྩ་འཁྱུག་བྱུང་བ་ན། །མི་བཟད་རྫས་སྦྱོར་དེ་ལ་བྱུག །ལྷག་པ་སྐྲངས་པོ་བྱུང་བ་བཞིན། །མི་བཟད་དྲག་པོའི་སྔགས་རྒོད་གདབ། །ནད་ངོས་བཟུང་བ་འདི་ལྟར་རོ། །དཔྲལ་བར་བྱུང་བ་འཚོ་བ་བུལ། །མིག་དང་ཡན་ལག་གསོ་བ་སླ། །མཁུར་ཚོས་སྙིང་བབས་གསོར་མི་བཏུབ། །རྟགས་ཀྱི་རིམ་པ་བསྟན་པའི་ལེའུ་སྟེ་ཉི་ཤུ་པའོ།། །།དེ་ནས་བསྲུང་བའི་རྫས་བསྟན་པ། །ལྕགས་ཕུར་སེང་ལྡེང་ཕུར་པ་ལ། །སྔགས་བཟླས་ལུས་ལ་བཏགས་པ་དང་། །རིང་བསྲེལ་སྤྱི་བོར་གདགས་བྱས་ལ། །དེ་ལ་བྱ་ཁྱུང་བསྐོར་བ་བསྒོམ། །རུས་སྦལ་ཁོག་པ་མཆན་ཁུང་གཞུག །སྟོབས་ཆེན་མཆེ་བ་གློ་ལ་གདགས། །སྲེག་པའི་རྫས་རྣམས་བསྟན་པ་ནི། །མུ་ཟི་གུ་གུལ་གླ་རྩི་བསྲེག །བཟའ་བའི་རྫས་ནི་ཤ་ཆེན་ལ། །བྱུག་པའི་རྫས་ནི་དྲི་ཆེན་ནོ། །མཚམས་གཅད་རྫས་ནི་ཐོད་ཆེན་དང་། །ཕག་རྒོད་བྱ་ཁྱུང་གཟུགས་ཀྱིས་བྱ། །ལུས་ལ་བཅང་བའི་རྫས་བསྟན་པ། །མུ་ཟི་བཙན་དུག་གླ་རྩི་དང་། །སྒོག་སྐྱ་ཁུ་བྱུག་སྤུ་དང་ཤ །གསེར་མ་བཞུ་དང་སྐེ་ཚེ་སྟེ། །དེ་རྣམས་བསྲེས་ལ་ལུས་ལ་གདགས། །སྙིང་ལ་ཞུགས་པ་ཕག་རིལ་གཏང་། །མིག་ལ་བྱུང་ན་གཙང་ཤ་གཏང་། །གླ་རྩི་ཤིང་ཀུན་ཤུ་དག་དང་། །གུ་གུལ་ཉ་མཁྲིས་མཁྲིས་ཆེན་དང་། །དྲི་ཆེན་ཉུང་དཀར་སྔགས་བཏབ་ལ། །ཆུ་ལ་བཏབ་ལ་ལྟོ་རུ་གཏང་། །ནང་ནས་དབྱུང་བའི་ཐབས་ཡིན་ནོ། །དུད་པ་བདུག་པ་བར་ནས་དབྱུང་། །ཁྲུས་བྱས་ཕྱི་ནས་དབྱུང་བར་བྱེད། །ཕྱིས་ནས་མི་ལྡང་བྱ་བའི་ཐབས། །མི་ཐོད་ནང་དུ་བག་ཟན་ལ། །


DNG018_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུ་གཟུགས་བྱས་ལ་ཐེམ་འོག་གནན། །བན་ཆེན་རྔ་བརྡུང་བྱེད་པ་ དང་། །སྒྲོག་དང་མཐུར་སྟོད་རྨིས་ན་བཟང་། །ལྷ་སྲིན་སྡེ་བརྒྱད་ཐུབ་པའི་རྫས། །སྟག་གི་མཆེ་སྡེར་བཙན་ཐུབ་རྫས། །བྱ་རོག་མགོ་བོ་བདུད་ཐུབ་རྫས། །མུ་ཟི་འབྱུང་པོ་ཐུབ་པའི་རྫས། །སྤྱང་ཁྱིའི་བྲུན་གྱིས་རྒྱལ་པོ་ཐུབ། །གླ་རྩི་གུ་གུལ་ཐེ་རང་ཐུབ། །ཀླུ་རིགས་བཞི་པོ་ཐུབ་པའི་རྫས། །ཐལ་ཆེན་ཨ་མྲྀ་ཏ་དང་ནི། །མ་ནུ་གསེར་ཚིལ་བྲམ་ཟེ་ཐུབ། །ཕ་བོང་དྲེག་པས་དམངས་རིགས་ཐུབ། །བ་གླང་ར་གཞོབ་རྗེ་རིགས་ཐུབ། །བཙན་དུག་དང་ནི་སྐེ་ཚེ་དང་། །ཟི་ར་ནག་པོས་རྒྱལ་རིགས་ཐུབ། །རྗེ་རིགས་དབང་པོ་ལག་པ་དང་། །རྒྱ་མཚོ་ལྦུ་བ་ཆུ་སྲིན་སྡེར། །ཀཎྜ་ཀ་རིས་ཀླུ་འཁོར་ཐུབ། །སྲུང་བའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། །།དེ་ནས་གདུག་པའི་ནད་དབྱེ་བ། །རླུང་ལས་གྱུར་དང་མཁྲིས་པ་དང་། །བད་ཀན་ནད་ལས་གྱུར་པ་དང་། །འདུས་པ་དག་ལས་གྱུར་པ་དང་། །སྲིན་བུའི་ནད་དང་རྣམ་པ་ལྔ། །རླུང་ལས་གྱུར་པ་སྐྱ་སྦབ་ཤུ་བ་འོང་། །མཁྲིས་པ་ལས་གྱུར་དམར་སེར་ཆུ་བུར་འོང་། །བད་ཀན་ལས་གྱུར་མཛེ་ནད་ནི། །ཤ་ལྤགས་བེམ་ལ་སྨུག་ནག་འཇིལ། །འདུས་པ་དེ་གསུམ་འདུས་པ་ཡིན། །ད་ནི་སྲིན་བུའི་ནད་རྣམས་དབྱེ། །ཆུ་རྒྱུས་ཟིན་ན་ཞ་གྲུམ་འཐེང་། །རྩ་ལ་ཟིན་ན་ཚ་ཞིང་འཁྱུག །པགས་ལ་ཟིན་ན་སྣ་ཤུ་འོང་། །ཤ་ལ་ཟིན་ན་ཕོལ་འབྲས་འོང་། །ཁྲག་ལ་ཟིན་ན་སྣ་ཁྲག་འོང་། །གློ་སྙིང་ལ་ཟིན་སྐྱེ་ཡང་འགག །ཀླད་པ་ལ་ཟིན་མགོ་བོ་ན། །ཀླུ་ཡི་ནད་ལ་རྣམ་པ་ལྔ། །ཁ་མིག་སླེ་ཞིང་ཤ་ཡང་སྐམ། །རླུང་དང་སེར་བུའི་སྲན་ཡང་ཆུང་། །ས་བདག་དག་ལ་རྣམ་པ་གཉིས། །ཡན་ལག་རེངས་དང་གཞོགས་སྐམས་སོ། །གཉན་གྱིས་སྐེ་རགས་ག་ཤར་འོང་། །རྟགས་དེ་བྱུང་ན་སྨན་བཅོས་བྱ། །དེས་ཀྱང་མ་ཕན་སྔགས་ལ་གཞུག །ནད་རྣམས་


DNG018_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

བརྟག་པའི་མན་ངག་ནི། །ཚ་ལ་མེ་དྲོད་འདྲ་ན་ཡིན། །གུ་གུལ་ནག་པོ་རྒྱ་ཚ་དང་། །ཡུགས་ས་མོ་ཡི་མངལ་ཁྲག་དང་། །ཟ་འོག་ཐལ་བ་བསྲེགས་ལ་བསྐུ། །ཚེར་མ་ཟུག་པ་འདྲ་བ་ན། །ར་དུག་པ་དང་རེ་ལྕག་པ། །ར་མོ་ཤག་གིས་བསྐུ་བར་བྱ། །ཚ་ཞིང་འབྲུམ་བུ་བྱུང་ན་ངན། །བཙོད་ཁུ་སྤོས་ཀྱིས་བསྐུ་བར་བྱ། །ཀོར་ཚེར་ཟུག་པར་བྱུང་བ་ན། །ར་ལུག་ཐུག་པོའི་རྨང་ཁའི་སྦྲེ། །མོ་ཏོ་ཞེས་བྱའི་རྩ་ཡིས་བྱུག །རྨ་དང་སེར་ག་བྱུང་བ་ན། །སྤྱང་ཚེར་ཤོག་བུ་ཚེར་ཅན་བྱུག །གུ་གུལ་ར་གཞོབ་ཚ་བསྲེག་བསྐུ། །ཉམ་ཆུང་ན་ནི་ཆུ་ཡིས་བཀྲུ། །གླང་ཐབས་བྱུང་ན་སྔགས་ཀྱིས་གདབ། །ཤ་ཁྲ་བྱུང་ན་བུལ་ཆུ་དང་། །ཕག་པའི་ཚིལ་བུ་བསྐུ་བར་བྱ། །དེ་ལྟར་བྱས་ནས་འཚོ་བར་འགྱུར། །སྨན་གྱིས་བཅོས་པའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ།། །།ཀླུ་གཉན་ས་བདག་རྟགས་བསྟན་པ། །དང་པོ་ཀླུ་ཡི་རྟགས་རྣམས་ནི། །ཉ་སྦྲུལ་ཁྱེའུ་ཕོ་མོ་དང་། །སྦལ་བ་ལྕོང་མོ་ལ་སོགས་འོང་། །ས་བདག་དག་གི་རྟགས་བསྟན་པ། །བ་གླང་མཛོ་དང་འབྲི་དག་དང་། །རྟོལ་དང་སྡོམ་སྲིན་དག་ཏུ་འོང་། །གཉན་ལ་གླང་དམར་བྲག་ནག་དང་། །མཛེ་ཅན་ཉ་ལྕིབས་གོས་གྱོན་འོང་། །ཀླུ་བསེན་བུ་མོ་རལ་པ་ཅན། །ཁྱི་དམར་ཕག་པ་སྲེའོ་འོང་། །ས་སྲིན་སྡིག་པ་བུད་མེད་དང་། །བ་གླ་འཕྱི་བ་བུད་མེད་ནག །ཁྱི་ནག་སྒྲ་སྐད་སྣ་ཚོགས་འདོན། །རྟགས་དེ་བྱུང་ན་རྟ་མཆོག་བསྒོམ། །ཀླུ་མཆོད་ཀླུ་གཏོར་གཏང་བ་དང་། །ཞི་བས་བཅོས་དང་དྲག་པོས་འདུལ། །ཀླུ་གཉན་ས་བདག་ཐུལ་བར་འགྱུར། །ཀླུ་གཉན་དང་ས་བདག་གི་རྟགས་ཀྱི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ།། །།དེ་ནས་གསོ་བའི་ལས་བཤད་པ། །སྨྱོ་འབོག་ཆེན་པོ་གསོ་བ་དང་། །


DNG018_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

གློ་བུར་རྐྱེན་དུ་ན་བ་དང་། །སྲིན་བུ་གསོ་བ་རྣམ་པ་གསུམ། །རིག་འཛིན་རྒྱལ་པོར་བསྡོངས་པ་དང་། །ཀླུ་དང་རྒྱལ་པོར་བསྡོངས་པ་དང་། །བདུད་དང་རྒྱལ་པོར་བསྡོངས་པ་དང་། །མ་མོ་རྒྱལ་པོར་བསྡོངས་པ་དང་། །ལྕམ་དྲལ་གཉིས་སུ་བསྡོངས་པ་རྣམས། །སྲིད་པའི་ཆེ་འདྲེ་གནོད་པ་དང་། །ཁ་སྨྲས་རྒྱང་མིག་ལྟ་བྱེད་ཅིང་། །ངོ་ནག་ཀླུ་དང་རྒྱལ་པོར་བསྡོངས། །ངོ་གནག་སྨྲ་ཉུང་ཁ་ལྐུགས་ན། །ཀླུ་དང་བདུད་དུ་བསྡོངས་པའི་རྟགས། །དགོད་ཅིང་གླུ་ལེན་གྱ་ཚོམ་སྨྲ། །འབྲོས་ཤིང་འདུག་ཏུ་མི་འདོད་ན། །མ་མོ་རྒྱལ་པོར་བསྡོངས་པའི་རྟགས། །ལག་རྡེབ་མི་ལ་རྒོལ་འདོད་དང་། །ངུ་ཞིང་སྨྲ་བར་བྱེད་པ་ནི། །བདུད་དང་རྒྱལ་པོ་བསྡོངས་པའི་རྟགས། །མ་ངེས་སྤྱོད་པ་སྣ་ཚོགས་བྱེད། །ཁ་སྐམས་གློ་སྙིང་མི་བདེ་ཞིང་། །ཅོལ་འབྲུས་སྨྲ་ཞིང་འགྲོ་འདོད་ན། །སྲིད་པའི་ལྕམ་དྲལ་གནོད་པ་ཡིན། །བཅོས་པའི་ཐབས་ཀྱང་འདི་ལྟ་སྟེ། །རིག་འཛིན་སྐོངས་ལ་རྒྱལ་པོ་མཆོད། །ལུག་པོ་དཀར་པོ་གཉིས་པོ་ཡང་། །གསོ་བསད་མནན་དང་སྦྱར་བར་བྱ། །སེ་བོ་རྟ་ལ་དཀར་པོ་གཏང་། །ཀླུ་དང་རྒྱལ་པོ་བསྡོངས་པའི་ཚེ། །ཁ་བརྒྱ་ལག་བརྒྱའི་ཀླུ་ལ་གཏད། །བྱ་ཕོ་དཀར་པོས་རྒྱལ་པོ་མཆོད། །ར་དཀར་ལུག་དཀར་གཏའ་རུ་གཟུག །བདུད་དང་རྒྱལ་པོ་བསྡོངས་པའི་ཚེ། །ར་རོག་ནག་པོ་མཁལ་དཀར་དང་། །ར་ལྟག་ནག་ལ་ལུག་མིག་གནག །དེ་ནི་རྒྱལ་པོ་ནག་པོ་ཡིན། །མ་མོ་རྒྱལ་པོ་བསྡོངས་པའི་ཚེ། །བྱ་སྨུག་ལུག་སྨུག་བྱ་རོག་དཀར། །མདའ་འཕང་བྱ་ཡི་ཕོད་ཀྱིས་བརྒྱན། །ལྕམ་དྲལ་གཉིས་སུ་བསྡོངས་པའི་ཚེ། །མི་རྟ་འབྲི་ཡི་སྙིང་གིས་བསྐང་། །དེ་ལྟར་གལ་ཏེ་མང་ན་ཡང་། །སྙིང་སྣ་ཁྲག་སྣ་ཚོགས་པ་ཡི། །གཏོར་མ་ཕུད་ཀྱིས་བཅོས་པར་བྱ། །གདོན་ངོས་བཟུང་བའི་ལེའུ་སྟེ་ཉི་


DNG018_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

ཤུ་རྩ་བཞི་པའོ།། །། བན་བོན་གཏད་དུ་བཅུག་པ་ཡིས། །མི་ལ་ཀླུ་ཡིས་གནོད་པ་ནི། །བཙུན་པ་བཙན་པོ་རྒྱལ་པོ་ཡིན། །བུད་མེད་བྱ་མོ་ནག་མོ་ཡིན། །མི་ནག་རྟ་ནག་བདུད་ཀྱི་ལྟས། །སྐྱེས་པ་གཅན་གཟན་བཙན་གྱི་ལྟས། །སྦལ་སྦྲུལ་བ་གླང་ཁྱི་དང་ཕག །ཀླུ་དང་ས་བདག་ལྟས་སུ་བསྟན། །ཉི་ཟླ་མིག་མང་ལུག་ནི་གཟའ། །བྱིས་པ་སྲན་ཅན་ཐེ་བྲང་ལྟས། །དེ་ལྟར་རྟགས་རྣམས་བྱུང་བའི་ཚེ། །རྒྱལ་པོ་སྔགས་འདིས་བཟློག་པར་བྱ། །ཨོཾ་རཱ་ཛ་སྟམ་བྷ་ཡ་ཆིངས་ཆིངས་སྭཱ་ཧཱ། ཀླུ་རྣམས་འདི་ཡིས་བཟློག་པར་བྱ། །ནག་པོ་སོད་ནག་པོ་སོད། ནཱ་ག་འདུས་ནཱ་ག་འདུས། ནཱ་ག་ཆིངས་ནཱ་ག་ཆིངས་སྭཱ་ཧཱ། སྲིན་པོ་འདི་ཡིས་བཟློག་པར་བྱ། །ཛྭ་ལ་རཀྵ་ཕཊ། མ་མོ་འདི་ཡིས་བཟློག་པར་བྱ། །བྷྱོ་མ་མོ་རཀྴ་མ་མ་ཏྲག་དུ་སྭཱ་ཧཱ། བདུད་རྣམས་འདི་ཡིས་བཟློག་པར་བྱ། །ཧཱུཾ་ཏྲི་ཏ་ཡས་མན་ཏ་ལི་ལཾ་བཛྲ་བཾ་རྦད། སྟྭཾ་བྷ་ཡ་མཱ་ར་ཡ་ཛ་ཛ། བཙན་རྣམས་འདི་ཡིས་བཟློག་པར་བྱ། །ཧཱུཾ་བཙན་ཚལ་པ་ཚལ་པ་ཤག་ཤག་ཧཱུཾ་ཕཊ། ཐེ་བྲང་འདི་ཡིས་བཟློག་པར་བྱ། །ཏྲི་དུཾ་སུ་ཏྲི་དུཾ་བུ་ཐེ་བྲང་མཱ་ར་ཡ་ཛ་ཛ། གཟའ་རྣམས་འདི་ཡིས་བཟློག་པར་བྱ། །ཨོཾ་རཱ་ཧུ་ལ་སྟྭཾ་བྷ་ཡ་སྟྭཾ་བྷ་ཡ། མཱ་ར་ཡ་མཱ་ར་ཡ། ཛ་ཛ་རྦད་སྭཱ་ཧཱ། སྡེ་བརྒྱད་གནད་ལ་བོར་བའི་སྔགས། །གཏད་རྣམས་ཐམས་ཅད་བཟློག་པ་ཡིན། །ལྷ་སྲིན་སྡེ་བརྒྱད་གནད་ལ་དབབ་པའི་ལེའུ་སྟེ་ཉི་ཤུ་རྩ་ལྔ་པའོ།། །།ནཱ་ག་ཀླུ་འདུལ་རྒྱུད་ལས་ནི། །ཀླུ་ཡི་ཐོག་སེར་དབབ་པ་བསྟན། །མོན་ནག་རབས་ཆད་ཐོད་པ་འམ། །མཛེ་བོའི་ཐོད་པའི་ནང་དུ་ནི། །མི་ར་ཁྱི་གསུམ་ཁྲག་དང་ནི། །ཉུང་དཀར་ཡུངས་ནག་ཐལ་ཆེན་དང་། །ར་དུག་སྦྱང་དུག་ལ་སོགས་ལ། །དགྲ་ཡི་ལོ་ཐོག་སྣ་ཚོགས་སྩལ། །


DNG018_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་པའི་ཕྱི་རོལ་ཁྲག་གིས་བྱུག །སེང་ལྡེང་ཕུར་པ་སོར་བརྒྱད་ལ། །ཐོག་སེར་དབབ་པ་འདི་ཡིས་བསྒྲུབ། །བདག་ཉིད་རྟ་མཆོག་སྐུར་བསྒོམ་བཟླས། །ན་མོ་བྷུཌྜྷ་ཡ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཙན་དྷ་མི་རི་ལི། ཙན་དྷ་ཙན་དྷ། ཙན་དྷི་ཙན་དྷི། ནཱ་ག་བྷན་དྷ་བྷན་དྷ། བྷན་དྷ་ཡ་བྷན་དྷ་ཡ། ཕཊ་ཕཊ། ཐོད་པ་ཕུར་པ་དག་ལ་སྔགས། །ཀླུ་གནས་ཡུལ་ལྷའི་རྟེན་ལ་སྦ། །ཡུལ་ལྷ་བསྐྲད་པའི་སྔགས་འདིའོ། །ཧཱུཾ་བཛྲ་དེ་བ་ཏད་ད་གུ་ཧྱ་ཏད་དེ་ཕཊ། རོལ་པ་ཡོ་ཀཱི་བྷྱོ། ནཱ་མ་ཉུར་ཉུར། སྤྲིན་སྡུད་པའི་སྔགས་ཡིན་ནོ། །པ་ར་ཏྲད་ཏྲ་ཧུ་ཡ་ཧུ་ཡ། འབྲུག་བཏང་བའི་སྔགས་འདི་ཡིན་ནོ། །མཱ་ཏི་ཧཱི་ལ་ཕུ་ཕུ་ཏི། ཨེ་ནཱ་ག་ནཱ་ག་གྷོ་ལ། དྲག་པོ་ཐུན་ཁྲག་ཕོབ། བུ་ཏ་པྲ་ཏ་ཡ། ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ། བྷ་རི་ཤ་ཡ་བྷ་རི་ཤ་ཡ། ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ། ནཱ་ག་ནཱ་ག་དྲག་པོ་ཕོབ། སེར་སྤྲིན་བྱུང་ནས་སེར་བ་བྱུང་བ་ན། ནཱ་ག་ནཱ་ག་མགོ་ལ་ཐོག་ཕོབ། རེ་མ་རཀྴ་ཤག །ཨེ་མ་དུ་སྤྲིན་ཐོག་རྒྱོབ། ཨི་མ་ཀ་ཙ་ལ་ཕྲོམ་ཤིག །དུ་མ་སྤྲིན་ཐོག་རྒྱོབ། ཐུན་ཕྲོམ་འུར་འུར་ཆེམ་ཆེམ། ལོ་ཐོག་སྣ་ཚོགས་རང་ལ་ཆེམ། ལྷོགས་ལྷོགས་ཞེས། གོང་གི་ཁྲག་ལ་སྔགས་ལ་གཏོར། །ཡུལ་ཞིང་ཇི་ཙམ་འདོད་པ་བསྐོར། །གཏའ་ནི་མ་ཕྱུང་བར་དུ་འོང་། །ཐོད་པ་ཕུར་པ་སྔགས་བཅས་སྦ། །ཀླུ་ཡོད་གནས་ནི་འཕྲོག་པར་བྱེད། །ཐོག་དང་སེར་བ་གདོན་མི་ཟ། །གལ་ཏེ་དེས་ཀྱང་མ་ཕེབས་ན། །རྟ་མཆོག་རྒྱལ་པོའི་སྐུར་བསྒོམས་ལ། །སེང་ལྡེང་ཕུར་པས་སྦལ་བ་གཟིར། །དགུན་ཡང་ཐོག་དང་སེར་བ་འོང་། །སེར་བ་དབབ་པའི་ལེའུ་སྟེ་ཉི་ཤུ་རྩ་དྲུག་པའོ།། །།ནཱ་ག་ཀླུ་འདུལ་རྒྱུད་ལས་ནི། །ཐུན་མོང་ཁྱད་པར་ཟབ་པ་ཡི། །ཆར་པ་དབབ་པའི་ཆོ་ག་བཤད། །དེ་ལ་ལུགས་ནི་གཉིས་ཡོད་དེ། །ཞི་བས་བསླང་དང་དྲག་པོས་དབབ། །


DNG018_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་ཞི་བའི་དབབ་ལུགས་ཏེ། །དཀར་གསུམ་མངར་གསུམ་བག་ཕྱེ་ལ། །རིལ་བུ་བརྒྱ་དང་རྩ་བརྒྱད་བྱ། །གསེར་རམ་དངུལ་གྱི་སྣོད་དུ་བླུགས། །བ་ཡི་རྣམ་ལྔས་མཎྜལ་བྱ། །དེ་ནས་བཟླས་པའི་སྔགས་ལ་ཞུགས། །རིལ་བུ་རེ་ལ་བརྒྱ་རྩ་བརྒྱད། །སྔགས་གྲངས་ཐེམ་པར་གྱུར་པ་དང་། །གང་ཡོད་ཆུ་མིག་ནང་དུ་བླུགས། །སྔགས་གྲངས་ཐེམས་ན་གདོན་མི་ཟ། །ཨོཾ་ནཱ་ག་ཀ་ལ་ཧཱུཾ། ནཱ་ག་ལེ་ཡེ། དུམ་པ་ལེ་ལེ། ནཱ་ག་རཱ་ཛ་ཧཱུཾ་ཕཊ། ཀླུ་མཆོད་ཀླུ་གཏོར་གཏང་བར་བྱ། །འདིས་ནི་མི་ཕེབས་མི་སྲིད་དོ། །ཇི་སྲིད་དེས་ཀྱང་མ་ཕེབས་ན། །དྲག་པོའི་ལས་འདི་བྱ་བར་གསུངས། །མཚན་ངན་ཐོད་པའི་ནང་དག་ཏུ། །སྙིང་སྣ་ཤ་སྣས་བཀང་སྟེ་བསྒྲུབ། །ཨོཾ་གྷུ་ལི་གྷུ་ལི། བྷར་ཤ་ཡ་བྷར་ཤ་ཡ། ཧཱུཾ་ཧཱུཾ་ཧཱུཾ། ཧོ་ཧོ་ཧོ། ཕཊ་ཕཊ་ཕཊ་སྭཱ་ཧཱ། སྦོགས་པའོ། །བདག་ཉིད་རྟ་མགྲིན་སྐུར་བསྒོམས་ལ། །དབང་དུ་སྡུད་པའི་སྔགས་འདི་བཟླས། །ཐུཾ་ཐུཾ་ཆེམ་ཆེམ།བཛྲ་ཁ་ཕྱིར་ཆད། འབྲུག་བསྐུར་སྔགས་ཀྱང་འདི་ཡིན་ཏེ། ཨོཾ་ཏྲི་ཤི་ཞིམ་གྱི་ཚི་བར་ན་ལེ། བི་ཤ་པ་ཙ་པ་ཙ་ཧཱུཾ་ཕཊ། སྤྲིན་བསྡུ་བའི་སྔགས་འདི་བཟླས། ན་མོ་བྷ་ག་ཝ་ཏེ། བག་ཏི་རད་ན་ཡ། ཏདྱ་ཐཱ། ཨན་ལེ་བའི་ཤད་དྷི། བེ་ར་བར་དཾ་དཾ་ཐིབས་ཐིབས་སྭཱ་ཧཱ། རྣམ་ཅིག་སྔགས་ནི་འདི་ཡིན་ཏེ། ཧཱུཾ་ཧཱུཾ་སབ་སབ། ཧཱུཾ་སིབ་སིབ། རླུང་གཏོང་སྔགས་ནི་འདི་ཡིན་ནོ། །ཆར་པ་ཡ་ཆར་པ་ཡ། ཏི་ཏི་ལ་ནན། དེ་ལྟར་ལས་རྣམས་རྫོགས་པ་དང་། །སྔགས་བཟླས་དབང་སྡུད་ཏིང་འཛིན་བསར། །ཀླུ་རྣམས་འདར་ནས་ཆར་འབེབས་ཤིང་། །རྟ་མགྲིན་བཀའ་ལས་མི་འདའ་བར། །ཅི་བཅོལ་ལས་རྣམས་བྱེད་པར་འགྱུར། །ཆར་དབབ་པའི་ལེའུ་སྟེ་ཉི་ཤུ་རྩ་བདུན་པའོ།། །།ནཱ་ག་ཀླུ་འདུལ་རྒྱུད་ལས་ནི། །སེར་བ་བཟློག་པའི་ལས་རིམ་ནི། །སེར་གཏའ་ཡས་སྟགས་འདི་ལྟ་སྟེ། །ལྕི་བ་


DNG018_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

གཡར་སྐྱེ་རྒོད་ལ་སྟེར། །མཚོ་ཆུར་འབྲིང་མར་གཉན་འདུ་དང་། །ངང་པའི་སྒོ་ང་ལན་ཚྭ་མཁལ། །ཉུང་དཀར་ཉུང་ནག་བྲ་ཡོས་དང་། །ཁམ་བླུག་གསར་པའི་ནང་དུ་ནི། །འབྲུ་སྣ་རིན་ཆེན་ལྔ་ཡང་བསག །ལ་རྫས་སྣ་ཚོགས་དཀར་སྣ་ཚོགས། །མར་ཕུད་ཞོ་ཕུད་སྦྲུལ་གྱི་ཤ །སྤྱང་ཁུས་ལ་ཐུད་ཉ་རི་རབ། །བ་ལུས་ལོ་མ་འབྲུམ་བུ་དང་། །ཆང་ཕུད་ཁམ་བླུག་ནང་དུ་སྩལ། །དབུས་ཀྱི་ཐོ་ཡི་ནང་དུ་གཞག །ཡུལ་ཁམས་མེ་དཔུང་འབར་བར་བསྒོམ། །མེ་ཡི་དཀྱིལ་འཁོར་བསྒོམས་ལ་བཞག །ཤ་ཤ་ཤུ་ཤུ་རི་བོའི་རྩ་ནོན། རཾ་རཾ་འུར་འུར། འབྲུག་གི་སྒང་རི་ལི་ལི། ཕཊ་ཕཊ། ཤིག་ཤིག་སྭཱ་ཧཱ། གཏའ་ཡི་ཕྱོགས་བཞིར་བག་ཟན་སྐྱུ་བཞི་རུ། །ཉུང་དཀར་འབྲུ་བདུན་མི་སྐྱེའི་ཐལ་ཆེན་བླུག །ཏདྱ་ཐཱ། ཀུ་ལུ་ཀུ་ལུ། ཤ་ཤ་ཀུ་ལུ། ཀ་རུ་བྱི་ཏ་རུ། གཏའ་ལ་འཐའོ་ཞེས་བྱས་ལ་སྦའོ། །ཞག་གསུམ་ལོག་ནས་སྐྱུ་ཚོ་བལྟ། །གས་ན་ཕུད་གཏང་བཟླས་པ་བསྐྱར། །མ་གས་བཟང་སྟེ་ཐུབ་པའོ། །ཡང་ན་ཤོག་ཐུམ་བྱས་ནས་ནི། །ཕྱོགས་བཞིར་ཡས་སྟགས་གོང་མ་སྩལ། །ཤར་གྱི་ཤོག་ཐུམ་སྔགས་འདིའོ། །ཤཀྱ་རྩ་དུར་ཞིལ་ཞིལ། དུ་རུ་དུ་རུ་ཞིལ་ཞིལ། གཉན་སེར་བཟློག་པའི་སྔགས་འདིའོ། །ཏདྱ་ཐཱ། ག་ཏོ་ཙག་ཏོ་ཕཊ་ཕཊ། ཚལ་ཚལ། ཀླུ་སེར་བཟློག་པའི་སྔགས་འདིའོ། །བྱ་དང་བཀྲ་མ་ཞིལ་ཞིལ། གཟའ་སེར་བསྲུང་བའི་སྔགས་འདིའོ། །དུ་རུ་དུ་རུ་ཤིག་ཤིག བཙན་གྱི་སེར་བ་བསྲུང་བ་ནི། དུ་རུ་དུ་རུ་རཾ། གནམ་ལྕགས་བསྲུང་བའི་སྔགས་འདིའོ། །དུ་རུ་དུ་རུ་པ་ཀ་རཾ། དུ་རུ་དུ་རུ་ན་བྱིར་ཙར་དྷི་ཏྲི་ན། ལན་བདུན་བཟླས་ལ་ཤོག་ཐུམ་གདགས། སེར་བ་བསྲུང་བའི་ལེའུ་སྟེ་ཉི་ཤུ་རྩ་བརྒྱད་པའོ།། །།ནཱ་ག་ཀླུ་འདུལ་རྒྱུད་ལས་ནི། །གདུག་པ་ཀླུ་ཡི་གཏད་ཁྲམ་འདི། །གྲོ་གའམ་ཤོག་བུ་རས་དག་ལ། །དམིགས་པའི་ལིངྒ་བྲིས་བྱས་ལ། །རིགས་བཞིའི་


DNG018_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

སྦལ་པས་ལུས་བཟུང་བྲི། །ལ་ཆའི་སྦལ་པར་གཞུག་པར་བྱ། །ཡང་ན་གསོན་མའི་ཁ་རུ་བཙང་། །སྔོན་དམར་སྐུད་པས་ཁ་བཙེམས་ལ། །དྲག་སྔགས་འདི་ཡིས་བསྒྲུབ་པར་བྱ། །ཨོཾ་ནཱ་ག་རཱ་ཛ་ས་མ་ཡ། ནག་པོ་ཙིཏྟ་ས་མ་ཡ་ཛ། ཨོཾ་ནག་པོ་ཙིཏྟ་མཱ་ར་ཡ་ཁྲག་ཏི་མཱ་ར་ཡ་རྒྱས། ཙིཏྟ་ཙིཏྟ་མཱ་ར་ཡ། ཨོཾ་ནཱ་ག་ཤིག་མཱ་ར་ཡ་སྭཱ་ཧཱ། རྟགས་ནི་སྦལ་པ་མང་པོ་དང་། །སྦྲུལ་ལྕོང་ལ་སོགས་འདེད་པ་རྨིས། །སྦལ་པ་དངོས་སུ་འོང་བར་འགྱུར། །དེ་ནས་ཀླུ་ཡོད་ས་རུ་གཏད། །སྦལ་པ་གསོན་མའི་གཏད་བྱེད་ན། །ཀླུ་ཡོད་ས་ནས་སྦལ་པ་བཟུང་། །ལིངྒ་གྲོ་ག་དག་ལ་བྲི། །འོ་མའི་ནང་དུ་རུ་རྟ་བརྡར། །ཞུ་མཁན་ཕྱེ་མ་བླུགས་བྱས་ཏེ། །ཞག་བདུན་བར་དུ་སྦལ་པ་གསོ། །དྲག་སྔགས་བཟླས་ཤིང་བསྒྲུབ་པ་བྱ། །གྲུབ་རྟགས་སྦལ་པ་ཆེ་རུ་འགྲོ། །དེ་ཚེ་ལིངྒ་ཁ་རུ་བརྫང་། །སྔོན་དམར་སྐུད་པས་ཁ་བཅིངས་ལ། །དགྲ་ཡི་འགྲམ་རྩར་དོང་བྲུས་སྦ། །ཡང་ན་ཀླུ་ཡོད་དེ་རུ་བསྐྱལ། །ཟླ་བ་གཅིག་ན་ཁ་ཕུང་འཆི། །ཟླ་གཤེད་ནག་པོ་ཞེས་ཀྱང་གྲགས། །འདི་ལས་ལྷག་པའི་གཏད་གཞན་མེད། །ལོག་རྡུག་འཁྱམས་པ་འདི་ལ་མེད། །དགྲ་ཡ་བཙན་ལ་རང་ལ་ཤིས། །དྲག་སྔགས་གནད་དང་ལྡན་པ་འདི། །རྟ་མགྲིན་བསྙེན་པ་སྔོན་སོང་བས། །ལས་འདི་ཡིས་ནི་འགྲུབ་ཅེས་བསྟན། །དགྲ་བོ་ཀླུ་ལ་གཏད་པའི་ལེའུ་སྟེ་ཉི་ཤུ་རྩ་དགུ་པའོ།། །།ནཱ་ག་ཀླུ་འདུལ་རྒྱུད་ལས་སུ། །ཙི་ཙི་ཛྭ་ལ་གསོ་བའི་ཕྱིར། །ཞི་བ་ཀླུ་བསྒྲུབ་ཆོ་ག་བཤད། །ཟངས་སམ་ལྕགས་སམ་འཁར་གཞོང་ནང་། །རོ་སྟོད་མི་ལ་རོ་སྨད་སྦྲུལ། །དེ་ལྟ་བུ་ཡི་ཀླུ་གཟུགས་བརྒྱད། །མཛོ་དང་རྟོལ་ཡང་བརྒྱད་བརྒྱད་བྱ། །སྦལ་པ་ཉ་ལྕོང་རྟ་དང་གླང་། །དེ་རྣམས་དཀར་སེར་དམར་ནག་བཞི། །སྡིག་པ་འབུ་སྲིན་གཉིས་གཉིས་བྱ། །གཉན་དང་ས་བདག་ཁྲ་བོར་བྱ། །ཀླུ་ཆེན་བརྒྱད་ནི་སེར་པོར་བྱ། །བུམ་པར་བ་དམར་ར་དཀར་གྱི། །འོ་མ་དཀར་གསུམ་མངར་གསུམ་


DNG018_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ཀླུ་སྨན་སྣ་ཚོགས་བླུག་པར་བྱ། །དེ་ནས་བདག་ཉིད་རྟ་མགྲིན་བསྒོམ། །ཐུགས་ལས་ཕུཿནི་མང་པོ་འཕྲོས། །གཟུགས་བརྙན་རེ་ལ་ཕུཿརེ་ཕོག །མ་ཧཱ་ནཱ་ག་ཞེས་བརྗོད་པས། །ཀླུ་རིགས་བཞི་པོ་གང་ཡིན་པ། །དེ་རང་དངོས་སུ་གྱུར་པར་བསྒོམ། །ཀླུ་རྣམས་ཅི་བྱ་ཟེར་བར་བསྒོམ། །བྲན་དང་ཁོལ་པོའི་ཚུལ་གྱིས་ཤིག །ནད་འདི་ཐོང་ལ་གླུད་འདི་ལོངས། །ཞེས་བྱའོ། །ཀླུ་ཆེན་པོ་བརྒྱད་འབོད་པ། ཧཱུཾ་ནཱ་ག་རཱ་ཛ་ས་མཱ་ཛ། ཞེས་སྟོང་བཟླས། ཀླུ་གཉན་ས་བདག་ཀུན་གྱི་སྙིང་པོ་བཟླས། ཨོཾ་ནཱ་ག་ཤཾ་ཁ་པཱ་ལ་ནི་ཛ། ཨོཾ་ནཱ་ག་པདྨ་ནི་ཛ།ཨོཾ་བ་ཡ་བེ་རུ་ཕུ་ནི་ཛ། ཅེས་བརྗོད་དོ། །ཨོཾ་ནཱ་ག་པཱུ་ཛ་ཨ་མྲྀ་ཏ་བ་ལིཾ་ཏ་ཁ་ཁ། ཁཱ་ཧི་ཁཱི་ཧི། ཧི་ཧི་སརྦ་སྭཱ་ཧཱ། བདུད་རྩི་བླུགས་ལ་དབུལ་བར་བྱ། །ནུབ་གཏོར་ཉི་མ་ཕྱེད་ནས་གཏང་། །ཉི་མ་བཟང་བའི་དུས་དག་ནི། །ཟླ་བ་ཀུན་གྱི་ཚེས་བརྒྱད་ལ། །ཀླུ་རྣམས་ཁྲུས་བྱེད་ཁྲུས་ཆོག་བྱ། །ཉ་ལ་ཀླུ་རྣམས་མི་འདུ་བ། །བསྒྲུབས་ཀྱང་འགྲུབ་པར་མི་འགྱུར་ཏེ། །དེས་ན་ཞག་བདུན་བཅུ་བཞི་ཉི་ཤུ་གཅིག །གང་བསྒྲུབ་སྒྲུབ་པ་ཐོན་པ་དང་། །ཡས་སྟགས་གནོད་པའི་ས་རུ་བསྐྱལ། །ཙི་ཙི་ཛྭ་ལ་བྱུང་བ་ཡང་། །སོས་པར་འགྱུར་བ་ཐེ་ཚོམ་མེད། །ཀླུ་བསྒྲུབ་ཀྱིས་གསོ་བའི་ལེའུ་སྟེ་སུམ་ཅུ་པའོ།། །།ཀླུ་གཏའ་སྡོམ་པའི་རིམ་པ་ནི། །གང་གནོད་པ་ཡི་སར་སོང་ལ། །དཀྱིལ་འཁོར་འཁོར་ལོ་རྩིབས་བརྒྱད་བྲི། །ཚོན་རྩིས་ལེགས་པར་བསྒྱུར་བྱས་ལ། །གསེར་དངུལ་ཟངས་ལྕགས་གཡུ་ལ་སོགས། །རིན་པོ་ཆེ་དང་འབྲུ་རྣམས་བསྡུས། །འཁོར་ལོའི་རྩིབས་དང་དབུས་སུ་ནི། །ནཱ་ག་རཱ་ཛ་ས་མ་ཡ་ཛ། ཞེས་དགོད་དེ་ལྟའི་འཁོར་ལོ་དེ། །ཁམ་སའི་གའུ་གྲུ་བཞི་པ། །གཞལ་ཡས་ཚུལ་དུ་བྱས་ལ་གཞུག །ལྷ་བཤོས་པད་འདབ་བརྒྱད་པས་མཆོད། །དེ་ནས་གནོད་པའི་ཀླུ་དེ་ཡང་། །ཀླུ་སྨན་ཀླུ་གཟུགས་བཅས་པས་མཆོད། །རིན་ཆེན་ནོར་གྱིས་གང་བར་བསམ། །ཀླུ་ཡི་འདོད་པ་བྱུང་བར་བསམ། །


DNG018_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

དུས་འདི་ཚུན་ཆད་གནོད་པ་རྣམས། །མ་བྱེད་ཅེས་པའི་བཀའ་ཡང་བསྒོ། །གནོད་པའི་སྦྱོར་བ་ཞི་བར་འགྱུར། །ཀླུ་གཏའ་སྡོམ་པའི་ལེའུ་སྟེ་སུམ་ཅུ་སོ་གཅིག་པའོ།། །།ཀླུ་གཏེར་སྦས་པའི་ཐབས་བསྟན་པ། །ཟངས་ལ་གླང་བུ་དམར་པོ་བྱ། །གསེར་དངུལ་ཟངས་ལྕགས་བྱི་རུ་གཡུ། །དེ་རྣམས་གླང་བུའི་ཁོག་པར་གཞུག །ཀླུ་སྨན་སྣ་ཚོགས་རྙེད་ཚད་བླུག །ཡང་ན་བག་ཟན་དག་ལ་བྱ། །ཁོག་པར་བ་ར་དཀར་མོ་ཡི། །འོ་མར་ཀླུ་སྨན་བཏབ་ལ་བླུག །བླུ་གུ་གསར་པར་གླང་བུ་བཞག །གཏའ་ལ་མ་ཐ་གཉན་ལ་ཐ། །མི་ཟད་ཡུན་གྱི་གཏེར་མཛོད་ཅིག །ཅེས་པ་བྲིས་ལ་གཞུག་པར་བྱ། །དེ་ནས་གནོད་པའི་སར་སོང་ལ། །ཀླུ་གཏོར་གཏང་ཞིང་བདེན་པ་བདར། །མ་གནོད་ཅིག་པའི་བཀའ་ཡང་བསྒོ། །གླང་བུ་རྫེའུ་གནས་སར་སྦ། །གནོད་པའི་སྦྱོར་བ་རྒྱུན་འཆད་འགྱུར། །ཀླུ་གཏེར་གཞུག་པའི་ལེའུ་སྟེ་སུམ་ཅུ་སོ་གཉིས་པའོ།། །།ཀླུ་རྟེན་སྤོ་བའི་ཐབས་བསྟན་པ། །ཤིང་དང་ནེའུ་ཆུ་མིག་ཡོད། །དེ་ལྟ་བུ་ཡི་གནས་དག་ཏུ། །དཀྱིལ་འཁོར་པདྨ་འདབ་བརྒྱད་བཞེངས། །ཀླུ་དེའི་གཞལ་ཡས་ཁང་དུ་བསམ། །སྨན་དང་འབྲུ་དང་སྤོས་རྣམས་དང་། །དེ་དག་སྦྱར་བའི་གཏོར་མ་བཤམ། །ཟངས་ཀྱི་གླང་བུར་རིན་ཆེན་སྣ་ཚོགས་བླུགས། །ཧཱུཾ་ནཱ་ག་ས་མ་ཡ་ཛ། ནཱ་ག་ཨུ་ཙ་ཏ་ཡ་ཕཊ། ཅེས་པ་ཞག་གཅིག་ཞག་གསུམ་བཟླས། །དེ་ནས་དཀྱིལ་འཁོར་བསྡུ་བ་དང་། །རྫས་དང་གཏོར་མར་བཅས་པ་རྣམས། །རྩི་ཤིང་ཆུ་མིག་ཅན་དུ་བསྐྱལ། །དེས་ནི་ཀླུ་རྣམས་དེ་རུ་འགྲོ། །རང་ལ་གནོད་པར་མི་འགྱུར་ཏེ། །སྤོ་སའི་ས་གཞི་གང་ཡིན་ཏེ། །གཞལ་ཡས་ཁང་དུ་བསམ་པར་བྱ། །ཀླུ་དེ་སྤོ་བར་ཐེ་ཚོམ་མེད། །ཀླུ་རྟེན་སྤོ་བའི་ལེའུ་སྟེ་སུམ་ཅུ་གསུམ་པའོ།། །།ཀླུ་ཡི་བྱད་དགྲོལ་ཐབས་བསྟན་པ། །ཀླུ་ཡི་བྱད་དུ་ཚུད་པ་ན། །ཞ་དང་གྲུམ་དང་འགྲོ་མི་ཤེས། །དེ་ལ་བྱད་འགྲོལ་ཆོ་ག་བྱ། །ནད་པའི་ཡན་ལག་ཚོན་སྐུད་དཀྲི། །དཀྱིལ་འཁོར་


DNG018_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་འདབ་བརྒྱད་བྲི། །ཀླུ་བརྒྱད་ཀླུ་མོ་བརྒྱད་རྣམས་དང་། །རིགས་བཞིའི་གཉན་དང་ས་བདག་གནོད། །ཀླུ་གཏོར་ཀླུ་སྨན་རྫས་ཀྱིས་མཆོད། །སྔགས་འདི་བརྗོད་ཅིང་མཆོད་པ་དབུལ། །ཧཱུཾ་ནཱ་ག་རཱ་ཛ་ས་མ་ཡ་ཛ། ཤིག་ཤིག་ཁྲོལ་ཁྲོལ། ཆོད་ཆོད། བྱད་ཁྲོལ་ཞེས་བཟླས། རང་ཉིད་རྟ་མགྲིན་ཏིང་འཛིན་བསྒོམ། །ཀླུ་ཡི་བྱད་དེ་བཅད་པར་བསམ། །ནཱ་ག་རཱ་ཛ་ཆོད་ཁྲོལ་ཞེས་བྱས་ལ། །གྲི་ཡིས་ཚོན་སྐུད་གཅད་པར་བྱ། །ཚོན་སྐུད་གཏོར་མའི་ནང་དུ་གཞུག །ཀླུ་ཡི་ས་རུ་གཏོར་མ་ཡི། །ཡས་སྟགས་དཀྱིལ་འཁོར་ས་ཚོན་བསྐྱལ། །བྱད་དུ་བཅུག་པ་གྲོལ་བར་འགྱུར། །བྱད་དགྲོལ་བའི་ལེའུ་སྟེ་སུམ་ཅུ་བཞི་པའོ།། །།ཀླུ་རྣམས་དབང་དུ་སྡུད་པ་དང་། །མཆོད་ཅིང་ཕྲིན་ལས་བཅོལ་བ་ནི། །ཧཱུཾ། རང་བཞིན་ལྷུན་གྱིས་གྲུབ་པའི་གནས་མཆོག་འདིར། །ཆུ་སྲིན་གཞལ་ཡས་བྱ་ཁྱུང་བླ་རེ་ནི། །པདྨ་ཉི་མའི་གདན་ལ་གསལ་བཞུགས་པ། །དབང་གི་རྒྱལ་པོ་ཁྲོ་རྒྱལ་རྟ་མགྲིན་དཔལ། །སྐུ་མདོག་དམར་ནག་ཆགས་མེད་པདྨ་འདྲ། །ཞལ་གཅིག་ཕྱག་གཉིས་ཞབས་གཉིས་བརྐྱང་བསྐུམ་བགྲད། །ཕྱག་མཚན་མཚོན་ཆས་དྲེགས་པ་མ་ལུས་འཇོམས། །མགུར་ཆུ་དཀར་ཁྲའི་སྦྲུལ་གྱིས་བརྒྱན་པ་ནི། །རྒྱལ་རིགས་ཀླུ་རྣམས་དབང་དུ་སྡུད་པའི་རྟགས། །དབུ་རྒྱན་དམར་ཁྲའི་སྦྲུལ་གྱིས་བརྒྱན་པ་འདི། །བྲམ་ཟེའི་ཀླུ་རྣམས་དབང་དུ་སྡུད་པའི་རྟགས། །ཕྱག་གདུབ་སེར་ཁྲའི་སྦྲུལ་གྱིས་བརྒྱན་པ་འདི། །རྗེ་རིགས་ཀླུ་རྣམས་དབང་དུ་སྡུད་པའི་རྟགས། །སྐུ་རེགས་དམར་ཁྲའི་སྦྲུལ་གྱིས་བརྒྱན་པ་ནི། །གདོལ་པའི་ཀླུ་རྣམས་དབང་དུ་སྡུད་པའི་རྟགས། །ཞབས་གདུབ་ཁྲ་ནག་སྦྲུལ་གྱིས་བརྒྱན་པ་ནི། །དམངས་རིགས་ཀླུ་རྣམས་དབང་དུ་སྡུད་པའི་རྟགས། །ཀླུ་རིགས་ལྔ་ཡི་རལ་པ་སྦྲུལ་འཁྲིལ་བ། །ཀླུ་རིགས་ཐམས་ཅད་དབང་དུ་སྡུད་པའི་རྟགས། །ཐུགས་ཀྱི་དཀྱིལ་ནས་བྱ་ཁྱུང་མང་པོ་འགྱེད། །ཕྲག་པ་གཉིས་ནས་བྱ་ཁྱུང་གཟན་ལ་འགྱེད། །བཀའ་ལས་འདའ་བྱེད་ཀླུ་རྣམས་ཟས་སུ་ཟ། །


DNG018_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུ་འདུལ་ཁྲོ་བོའི་སྐུ་ལ་ཕྱག་འཚལ་བསྟོད། །དབུ་ཡི་གཙུག་ན་རྟ་མགོ་རྒྱང་ཐོན་པ། །ལྗང་གུ་ལྷང་ལྷང་ཙེར་ཙེར་ཕྱོགས་བཅུར་སྒྲོགས། །ཆོས་སྟོན་མཆོག་རྩོལ་མ་ཚོགས་དབང་དུ་སྡུད། །སྙན་ནས་འབྲུག་སྒྲོགས་དྲག་པོས་ཐམས་ཅད་བརྒྱལ། །སྤྱན་ནས་མེ་འབར་ཁམས་གསུམ་སྲེག་པར་བྱེད། །ཤངས་ནས་འཐོར་བའི་རླུང་གིས་སྟོང་གསུམ་འགེངས། །ཞལ་ནས་རྔམ་པའི་དུག་ཕྱུང་ཉོན་མོངས་སྒྲོལ། །རྔོག་མ་ལེ་བརྒན་སྲིད་གསུམ་ཐལ་བར་རློག །དཔྲལ་བ་ཞུར་པོ་དགྱེས་པའི་མདངས་སུ་ཆེ། །དབང་བདག་ཁྲོ་བོའི་སྐུ་ལ་ཕྱག་འཚལ་བསྟོད། །འདོད་པའི་ཡོན་ཏན་ལྔ་ཡི་མཆོད་འབུལ་བཞེས། །ཡུན་གྱི་ལྷར་གྱུར་མཆོག་ཁྱེད་བསྒྲུབ་པ་ན། །བདག་ལ་བསྲུང་བའི་ལས་དང་ཆོ་ག་མཛོད། །ཀླུ་རྣམས་བཀའ་བཞིན་བྱེད་དང་གནོད་པ་སེལ། །བཅོལ་པའི་འབྲས་བུ་དུས་འདིར་སྩལ་དུ་གསོལ། །ང་ནི་དཔའ་བོ་རྟ་མགྲིན་རྒྱལ་པོ་སྟེ། །ཀླུ་རྒྱལ་གདན་སྟེང་ཀླུ་བྲན་ཟས་སུ་ཟ། །ཀླུ་རྣམས་ང་ཡི་བཀའ་ལས་མ་འདའ་ཅིག །ཀླུ་རྣམས་ང་ཡི་བཀའ་ལས་འདའ་གྱུར་ན། །མགོ་ལུས་ཡན་ལག་འཚིག་པར་འགྱུར་བ་དང་། །ཀླུ་ཡི་གནས་རིས་བརླག་པར་འགྱུར་ཏ་རེ། །ཨོཾ་ཤཱི་པདྨཱནྟ་ཀྲྀཏ་བཛྲ་ཀྲོ་ཏ་ཧཱུཾ། ཧ་ཡ་གྲཱི་ཝ་ཧྲིཾ་ཧྲིཾ། ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཨོཾ་ཛྭ་ལ་ཛྭ་ལ་བཛྲ་པ་ཏི་ས་མ་ཡ་ཛ། ཞེས་ཀླུ་རྣམས་བདག་གི་དབང་དུ་འགྱུར་བ་དང་བྲན་དུ་འགྱུར་རོ། །དཔལ་རྟ་མགྲིན་ལ་བསྟོད་ཅིང་། ཀླུ་དབང་དུ་བསྡུ་བའི་ལེའུ་སྟེ་སུམ་ཅུ་ལྔ་པའོ།། །།ཀླུ་རྣམས་མཆོད་ཅིང་ཕྲིན་ལས་བཅོལ་བ་ནི། ཀྱེ་ཀྱེ་ཚུར་སྤྱོན་ཚུར་སྤྱོན་ཕྲིན་ལས་མཛོད། །ཀླུ་རྒྱལ་ཁྱེད་ཀྱི་ཞལ་ཟས་འདི་ན་མཆིས། །བརྩེ་ཞིང་གདུང་ཕྱིར་གཤེགས་སུ་གསོལ། །བཅོལ་བའི་ལས་རྣམས་འགྲུབ་པར་མཛོད། །ཀ་ར་བུ་རམ་མངར་གྱི་བཅུད། །ཁྱེད་ཀྱི་ལོངས་སྤྱོད་འདི་ན་མཆིས། །ཀླུ་གཉན་ཕོ་མོ་འདི་བཞེས་ལ། །བཅོལ་བའི་ལས་རྣམས་འགྲུབ་པར་མཛོད། །ཚུར་སྤྱོན་ཚུར་གཤེགས་ཀླུ་རྒྱལ་རྣམས། །ནཱ་ག་གེ་སར་ནཱ་ག་པུཥྤ་དང་། །


DNG018_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མཚོ་ལྦུ་བ་ཨུཏྤ་ལ། །དབང་ལག་ཆུ་སྲིན་སྡེར་མོ་རྣམས། །ཀླུ་རྒྱལ་ཁྱེད་ལ་མཆོད་པར་འབུལ། །བཅོལ་བའི་ལས་རྣམས་འགྲུབ་པར་མཛོད། །ཚུར་བྱོན་ཚུར་བྱོན་ཀླུ་ཚོགས་རྣམས། །རིན་ཆེན་ལྔ་དང་དར་ཟབ་དང་། །དགྱེས་མཆོད་དམ་པ་འོ་མ་མར། །བུ་རམ་སྦྲང་རྩི་རྩི་བཅུད་འབུལ། །ཀླུ་རྒྱལ་བཞུགས་པ་འཁོར་བཅས་ལ། །མགྲོན་གྱི་དམ་པར་སྤྱན་འདྲེན་ན། །བདག་ཉིད་དད་པས་མཆོད་ལགས་ཀྱི། །བཞེས་ཤིག་རོལ་ཅིག་ཀླུ་ཡི་ཚོགས། །རྒྱན་གྱི་མཆོད་པ་འདི་བཞེས་ཤིག །ནཱ་ག་རཱ་ཛ་ས་མ་ཡ་ཨ་མྲྀ་ཏ་སརྦ་ཁ་ཁ་ལེ་ལེ། ཞེས་མཆོད་ཅིང་ཕྲིན་ལས་བཅོལ་ལོ། །མཐའ་བསྒྱུར་ལས་ཀྱི་སྐབས་ཀྱིས་ཤེས། ཀླུ་མཆོད་ཅིང་ཕྲིན་ལས་བཅོལ་བའི་ལེའུ་སྟེ་སུམ་ཅུ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་རྟ་མགྲིན་གྱིས་ནཱ་ག་ཀླུ་འདུལ་བའི་ཏིང་ངེ་འཛིན་ལས་བཞེངས་ནས། འདི་སྐད་ཅེས་འཁོར་རྣམས་ལ་བཀའ་སྩལ་པ། ཀྱེ་ཀྱེ་གདུག་པ་ཅན་གྱི་ཚོགས། །ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །ཀླུ་ཡི་བསྟན་པ་དར་བའི་ཚེ། །ནད་དུ་ཙི་ཙི་ཛྭ་ལ་འབྱུང་། །དེ་ཚེ་ཀླུ་ཆེན་ཁྱེད་རྣམས་ཀྱིས། །ཁྲོ་རྒྱལ་ང་ཡི་བཀའ་མ་བཅག །གལ་ཏེ་ང་ཡི་བཀའ་བཅག་ན། །ཁྱེད་རྣམས་རྡུལ་དུ་བརླག་པར་འགྱུར། །ང་ཡི་བཀའ་ནི་བདེན་པར་སྒྲུབས། །ཞེས་གསུངས་པས། ཀླུ་ཡི་ཚོགས་ཀྱི་འཁོར་རྣམས་ཀྱིས་གསོལ་པ། ཀྱེ་ཀྱེ་དཔལ་ཆེན་རྟ་མགྲིན་རྒྱལ། །ཀླུ་བདག་རྒྱལ་པོའི་བཀའ་བཞིན་བགྱིད། །ཁྱོད་ནི་ཀླུ་རྗེ་ནམ་མཁའ་ལྡིང་། །རྒྱལ་པོའི་རྒྱལ་པོ་རྟ་མགྲིན་ལགས། །ཁྱེད་ཀྱི་བཀའ་བཞིན་མ་བགྱིས་ན། །བདག་ཅག་རྡུལ་དུ་བརླག་པར་འགྱུར། །ཞེས་ཀླུ་རྣམས་ཀྱིས་དམ་བཅས་ཏེ།རྗེས་སུ་ཡི་རངས་ནས་མངོན་པར་དགའོ། །དཔལ་ཆེན་པོ་རྟ་མགྲིན་ནི་ཆོས་ཉིད་ཀྱི་དབྱིངས་སུ་ཐིམ་པར་གྱུར་ཏོ། །ཀླུ་རྣམས་རང་གི་གནས་སུ་དེངས་ནས་དམ་ཚིག་ལ་གནས་པར་གྱུར་ཏོ། །ལུང་བསྟན་དམ་བཅས་པའི་ལེའུ་སྟེ་སུམ་ཅུ་བདུན་པའོ།། །།ནཱ་ག་ཀླུ་འདུལ་ཞེས་བྱ་བའི་རྒྱུད་རྫོགས་སོ།། །།

ཞི་ཁྲོ་འབུམ་རྒྱུད།


DNG018_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་ཁྲོ་འབུམ་རྒྱུད། དཔལ་ཧེ་རུ་ཀའི་གལ་པོ། ཞི་ཁྲོ་འབུམ་གྱི་ཚོགས་ལ་ཕྱག་འཚལ་ལོ། །འདི་སྐད་ཐོས་ནས་བཤད་པའི་དུས་ཀྱི་ཚེ། ཕུན་སུམ་ཚོགས་པ་ལྔ་བསྟན་ཏེ། ནམ་མཁའ་སྟོང་པ་ལས་ཡིད་བྱེད་པ་པོ་ཀུན་ཏུ་བཟང་པོ་གཅིག་རང་བྱུང་དུ་སྤྲུལ་པས། ཆོས་བྱ་བ་མོ་ཀུན་ཏུ་བཟང་མོ་གཅིག་དེའི་བྱིན་རླབས་ལས་བྱུང་བ་ལས། འབྲས་བུ་རྒྱུ་རྐྱེན་ལས་རིགས་ལྔར་ལྷུན་གྱིས་གྲུབ་པར་གྱུར་ཏོ། །དེ་ནས་རྡོ་རྗེ་འཛིན་པས་འདི་སྐད་ཅེས་གསོལ་ཏོ། །ཕུང་པོ་ལྔ་ཞེས་ཅི་ལ་བགྱི། །འབྱུང་བ་ལྔ་ཞེས་ཅི་ལ་བགྱི། །རྣམ་ཤེས་བརྒྱད་ཅེས་ཅི་ལ་བགྱི། །དེའི་ཡུལ་བརྒྱད་ཅེས་ཅི་ལ་བགྱི། །འཇིག་རྟེན་དྲུག་ཅེས་ཅི་ལ་བགྱི། །ཐེག་པ་དགུ་ཞེས་ཅི་ལ་བགྱི། །དེ་ལས་མང་ན་ཅི་སྐྱོན་ལགས། །དེ་ལས་ཉུང་ན་ཅི་འགལ་ལགས། །ཉན་ཐོས་ཞེས་ནི་ཅི་ལ་བགྱི། །རང་སངས་རྒྱས་ཞེས་ཅི་ལ་བགྱི། །མདོ་སྡེ་ཞེས་པ་ཅི་ལ་བགྱི། །ཀྲྀ་ཡ་ཞེས་ནི་ཅི་ལ་བགྱི། །ཡོ་ག་ཞེས་ནི་ཅི་ལ་བགྱི། །ཨུ་པ་ཡ་ཞེས་ཅི་ལ་བགྱི། །མ་ཧཱ་ཡོ་ག་ཅི་ལ་བགྱི། །ཨ་ནུ་ཡོ་ག་ཅི་ལ་བགྱི། །ཨ་ཏི་ཡོ་ག་ཅི་ལ་བགྱི། །དེ་ནས་ཡང་རྡོ་རྗེ་འཛིན་པས། སྟོན་པ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་གསོལ་ཏོ། །བཻ་རོ་ཙ་ན་ཅི་ལ་བགྱི། །བཛྲ་སཏྭ་ཅི་ལ་བགྱི། །རཏྣ་སཾ་བྷ་ཅི་ལ་བགྱི། །ཨ་མི་དེ་བ་ཅི་ལ་བགྱི། །ཨ་མོ་གྷ་ཞེས་ཅི་ལ་བགྱི། །དྷཱ་ཏྭཱི་ཤྭ་རཱི་ཅི་ལ་བགྱི། །དྭེ་ཥ་ར་ཏི་ཅི་ལ་བགྱི། །མོ་ཧ་ར་ཏི་ཅི་ལ་བགྱི། །རཱ་ག་ར་ཏི་ཅི་ལ་བགྱི། །བཛྲ་ས་མ་ཡ་ཏཱ་རཱ་ཅི་ལ་བགྱི། །ཀྵྀ་ཧི་རཱ་ཛ་ཅི་ལ་བགྱི། །ཨཱ་གར་བྷ་ཞེས་ཅི་ལ་བགྱི། །པཱ་ད་པདྨ་ཨཱརྱཱ་བ་ལོ་ཞེས་ཅི་ལ་བགྱི། །བཛྲ་པཱ་ཎི་ཅི་ལ་བགྱི། །མཻ་ཏྲི་ཞེས་ནི་ཅི་ལ་བགྱི། །དཱི་པ་ཞེས་ནི་ཅི་ལ་བགྱི། །རཾ་མཉྫུ་ཤྲཱི་ཞེས་ནི་ཅི་ལ་བགྱི། །མ་མོ་དུ་ཞེས་ཅི་ལ་བགྱི། །ལཱ་སྱ་ཞེས་ནི་ཅི་ལ་བགྱི། །མཱ་ལྱ་ཞེས་ནི་ཅི་ལ་བགྱི། །གཱིརྟི་ཞེས་ནི་ཅི་ལ་བགྱི། །ནཱིརྟི་ཞེས་ནི་ཅི་ལ་བགྱི། །དྷཱུ་པེ་ཞེས་ནི་ཅི་ལ་བགྱི། །པུཥ྇་ཞེས་ནི་ཅི་ལ་བགྱི། །ཨཱ་ལོ་ཀེ་ཞེས་


DNG018_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་ལ་བགྱི། །གནྡྷེ་ཞེས་ནི་ཅི་ལ་བགྱི། །ཤཱཀྱ་མུ་ནི་ཅི་ལ་བགྱི། །ཀྲིཾ་ཞེས་བྱ་བ་ཅི་ལ་བགྱི། །ཏྲུཾ་ཞེས་བྱ་བ་ཅི་ལ་བགྱི། །སྲུཾ་ཞེས་བྱ་བ་ཅི་ལ་བགྱི། །བྲཾ་ཞེས་བྱ་བ་ཅི་ལ་བགྱི། །ཀྵཾ་ཞེས་བྱ་བ་ཅི་ལ་བགྱི། །ཡ་མཱན་ཞེས་ནི་ཅི་ལ་བགྱི། །པྲཛྙཱན་ཞེས་ནི་ཅི་ལ་བགྱི། །ཧ་ཡ་གྲཱི་བ་ཅི་ལ་བགྱི། །ཨ་མྲྀ་ཏ་ཀུཎྜ་ལི་ཅི་ལ་བགྱི། །ཨཾ་ཀུ་ཤ་ཞེས་ཅི་ལ་བགྱི། །པཱ་ཤ་ཞེས་ནི་ཅི་ལ་བགྱི། །ཨ་མུ་ཀ་ཡི་ཅི་ལ་བགྱི། །གྷཎྜ་ཞེས་ནི་ཅི་ལ་བགྱི། །དེ་ནས་རྡོ་རྗེ་སེམས་དཔས་དོན་ཞུས་པ། བཛྲ་བུཌྜྷས་ཅི་ལ་བགྱི། །བཛྲ་ཙིཏྟས་ཅི་ལ་བགྱི། །བཛྲ་རཏྣས་ཅི་ལ་བགྱི། །བཛྲ་པདྨས་ཅི་ལ་བགྱི། །བཛྲ་ཀརྨས་ཅི་ལ་བགྱི། །བཛྲ་རཱ་ཛ་ཅི་ལ་བགྱི། །བཛྲ་རཱ་ག་ཅི་ལ་བགྱི། །བཛྲ་སཱ་དྷུ་ཅི་ལ་བགྱི། །བཛྲ་རཏྣ་ཅི་ལ་བགྱི། །བཛྲ་སཱུརྻ་ཅི་ལ་བགྱི། །བཛྲ་ཀེ་ཏུ་ཅི་ལ་བགྱི། །བཛྲ་ཧ་ས་ཅི་ལ་བགྱི། །བཛྲ་དྷརྨཱ་ཅི་ལ་བགྱི། །བཛྲ་ཏིཀྵ་ཞེས་ནི་ཅི་ལ་བགྱི། །བཛྲ་ཧེ་རུ་ཅི་ལ་བགྱི། །བཛྲ་བྷཱ་ཥ་ཞེས་ནི་ཅི་ལ་བགྱི། །བཛྲ་ཀརྨ་སིདྡྷི་ཅི་ལ་བགྱི། །བཛྲ་རཀྵ་ཅི་ལ་བགྱི། །བཛྲ་ཡཀྴ་ཅི་ལ་བགྱི། །བཛྲ་སན་དྷི་ཅི་ལ་བགྱི། །རཱ་ཙ་ཕུ་ཏ་ཤ་རཾ་ག་མ་ཅི་ལ་བགྱི། །ས་མནྟ་སུ་རུ་པཱུ་ཏྲས་ཅི་ལ་བགྱི། །ཙནྡྲ་པྲ་བྷ་ཅི་ལ་བགྱི། །པཱ་ལ་བྷ་དྲ་ཅི་ལ་བགྱི། །ཀུ་མཱ་རཱ་ཙ་ཅི་ལ་བགྱི། །པེ་ཏ་ཀི་ཞེས་ཅི་ལ་བགྱི། །པྲ་བྷཉྫ་ཞེས་ཅི་ལ་བགྱི། །ག་ག་གཉྫ་ཅི་ལ་བགྱི། །བྱི་ཏ་མོ་ཏི་ཅི་ལ་བགྱི། །བི་ཏ་ཀུ་ཞེས་ཅི་ལ་བགྱི། །ཛྙཱ་ན་ཨུ་ཀ་ཙིཏྟས་ཅི་ལ་བགྱི། །བཛྲ་ཡ་སཾ་བྷ་བ་མི་ཏ་ཀ་ཤྲཱིས་ཅི་ལ་བགྱི། །ག་ག་ཏི་ཞེས་ཅི་ལ་བགྱི། །དུརྱ་ཙིཏྟ་ཅི་ལ་བགྱི། །ཀརྨ་ཙིཏྟ་ཅི་ལ་བགྱི། །ཀ་ར་མུ་ཁ་ཅི་ལ་བགྱི། །མ་ཧཱ་ཞེས་ནི་ཅི་ལ་བགྱི། །བཀྵ་ཞེས་ནི་ཅི་ལ་བགྱི། །ཛ་ལ་པཱུ་ཏི་ཅི་ལ་བགྱི། །ས་ཧ་ཀ་ནི་ཅི་ལ་བགྱི། །ས་ཏས་གས་ནི་ཅི་ལ་བགྱི། །མ་གས་ཞེས་ནི་ཅི་ལ་བགྱི། །ཡཾ་ཡ་ཅེས་ནི་ཅི་ལ་བགྱི། །མ་ཀ་ཤ་ཞེས་ཅི་ལ་བགྱི། །ཤ་ར་རྟ་ཞེས་ཅི་ལ་བགྱི། །དུ་ར་ན་ཞེས་ཅི་ལ་བགྱི། །ནུ་མོ་ནུ་བོ་ཅི་ལ་བགྱི། །བཛྲ་མི་ཎ་ཏ་པ་


DNG018_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གང་ལ་བགྱི། །ཡ་མ་ཞེས་ནི་གང་ལ་བགྱི། །མ་ག་ག་དུ་གང་ལ་བགྱི། །པཱུ་ཏ་ག་སྟ་གང་ལ་བགྱི། །ཤ་ཏྲ་ཞེས་ནི་གང་ལ་བགྱི། །པྲ་མ་ཞེས་ནི་གང་ལ་བགྱི། །པྲ་མ་ཤུཌྜྷ་གང་ལ་བགྱི། །མ་ཧཱ་པ་ཞེས་གང་ལ་བགྱི་བ་ལགས། །སུ་ད་ར་ཞེས་གང་ལ་བགྱི་བ་ལགས། །པ་ར་ཤུ་ཞེས་གང་ལ་བགྱི། །པ་རི་ཧ་ཞེས་གང་ལ་བགྱི། །ཨུ་ཏ་པ་རཾ་གང་ལ་བགྱི། །མ་པུ་མོ་ཉས་གང་ལ་བགྱི། །པ་རི་ཤུ་ཏས་གང་ལ་བགྱི། །ཤུ་ཏ་ག་བུས་གང་ལ་བགྱི། །ཨ་མ་ཤར་དུས་གང་ལ་བགྱི། །ཨུ་ན་དུ་གས་གང་ལ་བགྱི། །སུ་ཀ་པྲ་པ་ཀ་ཞེས་གང་ལ་བགྱི། །པུཥ྇་མ་ཧཱ་གང་ལ་བགྱི། །ཨུ་བྱ་ཏ་མ་གང་ལ་བགྱི། །ཨུ་ཏ་ཏྲ་ཞེས་གང་ལ་བགྱི། །སུ་ཏ་ཤི་མི་གང་ལ་བགྱི། །ཨུ་ཀ་ནི་ར་ཞེས་གང་ལ་བགྱི། །སུ་ཏ་ཉ་ཤས་གང་ལ་བགྱི། །ཨུ་ཙ་བྱ་ཞེས་གང་ལ་བགྱི། །ཨུ་པ་ཤ་ར་ཡས་ཞེས་གང་ལ་བགྱི། །བིཛྙཱ་ན་ཀ་མན་ཏ་གང་ལ་བགྱི། །ཤ་བཊ་ཀུ་ག་ཏས་གང་ལ་བགྱི། །བ་ན་བ་ས་ཡས་གང་ལ་བགྱི། །ཧེ་རུ་ཀའི་གལ་པོ་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་རྡོ་རྗེ་འཛིན་པས་ཡབ་མངོན་རྫོགས་ཀྱི་རྒྱལ་པོ་ལ་ཞུས་པ། དཱ་ན་པ་ར་མི་ཏ་གང་ལ་བགྱི། །ཤཱི་ལ་པ་ར་མི་ཏ་གང་ལ་བགྱི། །ཀྵཱནྟི་པ་ར་མི་ཏ་གང་ལ་བགྱི། ། ་ན་པ་ར་མི་ཏ་གང་ལ་བགྱི། །བཱིརྱ་པ་ར་མི་ཏ་གང་ལ་བགྱི། །ཨུ་པཱ་ཡ་པ་ར་མི་ཏ་གང་ལ་བགྱི། །བ་ལ་པ་ར་མི་ཏ་གང་ལ་བགྱི། །པྲཛྙཱ་པ་ར་མི་ཏ་གང་ལ་བགྱི། །ཛྙཱ་ན་པ་ར་མི་ཏ་གང་ལ་བགྱི། །ས་མ་གང་རིས་པ་ར་མི་ཏ་གང་ལ་བགྱི། །དེ་ནས་ཡང་སྟོན་པ་ཀུན་ཏུ་བཟང་པོ་ལ། རྡོ་རྗེ་འཛིན་པས་དོན་ཞུས་པ། །པྲ་མ་མུ་ཏིས་གང་ལ་བགྱི། །ཕྱེ་མ་མུ་ཏིས་གང་ལ་བགྱི། །པདྨ་ཀའི་ས་ག་པྲ་ཎི་དྷཱ་ན་གང་ལ་བགྱི། །ཨུ་ཙི་ཏ་མིས་གང་ལ་བགྱི། །སུ་རི་ཛ་ཡས་གང་ལ་བགྱི། །མུ་སྡི་མ་གེས་གང་ལ་བགྱི། །སུ་ར་མ་གས་གང་ལ་བགྱི། །ཨ་སྟ་ག་མས་གང་ལ་བགྱི། །ཡ་


DNG018_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

ཏྲ་མི་ཏྲས་གང་ལ་བགྱི། །དྷརྨ་ཨུ་ཀས་གང་ལ་བགྱི། །ཨ་ཐ་པྲ་བྷས་གང་ལ་བགྱི། །ཨཱརྱ་ཏི་མི་བུ་བི་ཤ་ཏ་ཏི་བུ་མེ་ཞེས་གང་ལ་བགྱི། །ཨ་ཏི་མ་ག་ཛ་བ་ཀུ་མི་ཅི་ལ་བྱ། །མུ་གེ་ཀ་ཤས་ཅི་ལ་བགྱི། །ཨུ་ལེ་ཀ་ཞེས་ཅི་ལ་བགྱི། །ཏ་ཀྲི་ཀ་ནི་ཤ་ནི་པྲ་ཏེ་ཀོ་ཤས་ཅི་ལ་བགྱི། །ཨ་པ་རཱ་ཛ་མ་ཧཱས་ཅི་ལ་བགྱི། །པདྨ་རཱ་ཙས་ཅི་ལ་བགྱི། །ཛྙཱ་ན་ཨུ་ད་རི་ཞེས་ཅི་ལ་བགྱི། །བཛྲ་སཏྭ་ཀཱ་ཡས་ཅི་ལ་བགྱི། །ས་མ་བྷ་སྟ་ར་ཅི་ལ་བགྱི། །ཧ་རི་རཱ་ཙ་ཡ་ལེན་པ་ཤ་ཞེས་ཅི་ལ་བགྱི། །འདི་རྣམས་ནི་བྱང་ཆུབ་སེམས་དཔའ་དང་སངས་རྒྱས་ཀྱི་སའོ། །ཞེས་མ་གསུངས་པར་གྲགས་སོ། །རྩ་གཉིས་པ་ཞེས་གང་ལ་གདགས། །རྩ་གཅིག་པ་ཞེས་གང་ལ་གདགས། །ཉི་ཤུ་པ་ཞེས་གང་ལ་བགྱི། །བཅུ་དགུ་པ་ཞེས་གང་ལ་བགྱི། །བཅོ་བརྒྱད་པ་ནི་གང་གི་ས། །བཅུ་བདུན་པ་ནི་གང་གི་ས། །བཅུ་དྲུག་པ་ནི་གང་གི་ས། །བཅོ་ལྔ་པ་ནི་གང་གི་ས། །བཅུ་བཞི་པ་ནི་གང་གི་ས། །བཅུ་གསུམ་པ་ནི་གང་གི་ས། །བཅུ་གཉིས་པ་ནི་གང་གི་ས། །བཅུ་གཅིག་པ་ནི་གང་གི་ས། །བཅུ་པ་ཞེས་པ་གང་གི་ས། །དགུ་པ་ཞེས་ནི་གང་གི་ས། །བརྒྱད་པ་ཞེས་ནི་གང་གི་ས། །བདུན་པ་ཞེས་ནི་གང་གི་ས། །དྲུག་པ་ཞེས་ནི་གང་གི་ས། །ལྔ་པ་ཞེས་པ་གང་གི་ས། །བཞི་པ་ཞེས་པ་གང་གི་ས། །གསུམ་པ་ཞེས་པ་གང་གི་ས། །གཉིས་པ་ཞེས་པ་གང་གི་ས། །གཅིག་པ་ཞེས་པ་གང་ས་ལགས། །ཧེ་རུ་ཀའི་གལ་པོ་ལས། སའི་རིམ་པར་བཤད་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡབ་མངོན་རྫོགས་རྒྱལ་པོ་ལ། གནོད་འདུལ་ལྷས་གཏོར་མའི་དོན་དང་གཏན་ཚིགས་ཞུས་པ། ཆོས་ཀྱི་དབྱིངས་ཀྱི་གཏོར་མ་ཇི་ལྟར་བཅའ། །ཡེ་ཤེས་རོལ་པའི་གཏོར་མ་ཇི་ལྟར་བཅའ། །ཐུགས་རྗེ་སྤྲུལ་པའི་གཏོར་མ་ཇི་ལྟར་བཅའ། །གཏོར་མའི་ལྟ་བ་ཇི་ལྟར་བལྟ། །གཏོར་མའི་སྤྱོད་པ་ཇི་ལྟར་སྤྱད། །གཏོར་མའི་འབྲས་བུ་ཇི་ལྟར་བསྒྲུབ། །ཤ་ཡི་གཏོར་མ་ཇི་ལྟར་ལགས། །ཁྲག་གི་གཏོར་མ་ཇི་ལྟར་ལགས། །རུས་པའི་གཏོར་


DNG018_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཇི་ལྟར་ལགས། །གཏོར་ཞེས་བྱ་བ་ཇི་ལྟར་ལགས། །མ་ཞེས་བྱ་བ་ཇི་ལྟར་ལགས། །བཀྲ་གསལ་ཏིང་ངེ་འཛིན་གྱི་གཏོར་མ་ཇི་ལྟར་ལགས། །མངོན་རྫོགས་ཡབ་ཀྱིས་བཀའ་སྩལ་པ། །ཆོས་ཀྱི་དབྱིངས་ཀྱི་གཏོར་མ་སྤུངས་གཏོར་བྱ། །ཡེ་ཤེས་རོལ་པའི་གཏོར་མ་གཏུབས་གཏོར་བྱ། །ཐུགས་རྗེ་རོལ་པའི་གཏོར་མ་སྐྱུ་གཏོར་བྱ། །ཆོས་ཀྱི་དབྱིངས་ཀྱི་གཏོར་མ་མི་ཟད་གཏེར་དུ་སྦ། །ཡེ་ཤེས་རོལ་པའི་གཏོར་མ་སྦྱིན་བསྲེག་བྱ། །ཐུགས་རྗེ་སྤྲུལ་པའི་གཏོར་མ་ཁམས་གསུམ་ཡོངས་ལ་ཁྱབ་པར་གཏོང་། །གཏོར་མའི་ལྟ་བ་སྣང་སྲིད་གཏོར་མར་བལྟ། །གཏོར་མའི་སྤྱོད་པ་ཐབས་དང་ཤེས་རབ་བོ། །གཏོར་མའི་འབྲས་བུ་དུག་གསུམ་སྐུ་གསུང་ཐུགས། །གཏི་མུག་མཆོད་པ་ཕུལ་བ་ཤ་ཡི་གཏོར་མ་ཡིན། །འདོད་ཆགས་མཆོད་པ་ཕུལ་བ་ཁྲག་གི་གཏོར་མ་ཡིན། །ཞེ་སྡང་མཆོད་པ་ཕུལ་ན་རུས་པའི་གཏོར་མ་ཡིན། །གཏོར་ནི་ཐབས་ཀྱི་རང་བཞིན་ཏེ། །མ་ནི་ཤེས་རབ་རང་བཞིན་པས། །ཐབས་དང་ཤེས་རབ་གཉིས་སུ་མེད། །ཅེས་གསུངས་སོ། །ཡང་གནོད་འདུལ་ལྷས་ཕྲིན་ལས་རྣམ་པ་བཞིའི་གཏོར་མ་ཞུས་པ། ཞི་བའི་གཏོར་མ་གང་ལྟར་ལགས། །རྒྱས་པ་ཞེས་ནི་གང་ལྟར་བགྱི། །དབང་གི་གཏོར་མ་གང་ལྟར་བགྱི། །དྲག་པོའི་གཏོར་མ་གང་ལྟར་བགྱི། །གཏོར་མ་དཀར་པོ་ཟླུམ་པོ་ནི། །ཞི་བའི་གཏོར་མ་ཡིན་པར་བཤད། །གཏོར་མ་སེར་པོ་གྲུ་བཞི་ནི། །རྒྱས་པའི་གཏོར་མ་ཡིན་པར་བཤད། །གཏོར་མ་དམར་པོ་ཟླ་གམ་ནི། །དབང་གི་གཏོར་མ་ཡིན་པར་བཤད། །གཏོར་མ་ནག་པོ་གྲུ་གསུམ་ནི། །དྲག་པོའི་ལས་ལ་རབ་ཏུ་ཤེས། །དེ་ནས་ཡང་གནོད་འདུལ་ལྷས་ཞུས་པ། དུས་བཞིའི་གཏོར་མ་ཇི་ལྟར་ལགས། །མངོན་རྫོགས་ཡབ་ཀྱིས་བཀའ་སྩལ་པ། །དཔྱིད་ནི་སྨན་གྱི་གཏོར་མ་ཡིན། །དགུན་ནི་ཤ་ཡི་གཏོར་མ་ཡིན། །སྟོན་ནི་


DNG018_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུའི་གཏོར་མ་ཡིན། །དབྱར་ནི་མེ་ཏོག་གཏོར་མ་ཡིན། །ཞེས་བཀའ་སྩལ་ཏོ། །ཧེ་རུ་ཀའི་གལ་པོ་ལས། གཏོར་མའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་ལྷ་གནོད་འདུལ་གྱིས་གནས་ཀྱི་དོན་ཞུས་པ། གཡའ་རི་གངས་རྒྱུད་གང་གི་གནས། །སྤང་རི་ནགས་ཚལ་གང་གི་གནས། །དུར་ཁྲོད་ཤིང་གཅིག་གང་གི་གནས། །བཀྲ་ཤིས་ཉམས་དགའ་གང་གི་གནས། །བཀའ་སྩལ་པ། གཡའ་རི་གངས་རྒྱུད་གནོད་སྦྱིན་གནས། །སྤང་རི་ནགས་ཚལ་དྲང་སྲོང་གནས། །དུར་ཁྲོད་ཤིང་གཅིག་མུ་སྟེགས་གནས། །བཀྲ་ཤིས་ཉམས་དགའ་རྣལ་འབྱོར་གནས། །དེ་ནས་ཡང་སྟོན་པ་ལ་ལྷ་གནོད་འདུལ་གྱིས་ཚོགས་ཀྱི་དོན་ཞུས་པ།ཚོགས་ཀྱི་ངེས་ཚིག་ཇི་ལྟར་ལགས། །ཚོགས་ཀྱི་སློབ་དཔོན་གང་གིས་བྱ། །ཚོགས་ཀྱི་ཀརྨ་གང་གིས་བྱས། །ཚོགས་ཀྱི་གིང་ནི་ཇི་ལྟ་བུས། །ཚོགས་ཀྱི་ཡོ་བྱད་ཅི་ཞིག་འཚོལ། །ཚོགས་ཀྱི་ཡུམ་ནི་ཇི་ལྟ་བུས། །ཕུལ་བས་ཡོན་ཏན་ཅི་དང་ལྡན། །མ་ཕུལ་སྐྱོན་ནི་དུ་ཞིག་མཆིས། །མངོན་རྫོགས་ཡབ་ཀྱིས་བཀའ་སྩལ་པ། །ཚོགས་ཞེས་བྱ་བའི་ངེས་ཚིག་ནི། །དོན་དང་མཐུན་པའི་བཀའ་དང་ལྡན། །སྣོད་དུ་རུང་ཞིང་རྩ་བ་དང་། །ཡན་ལག་དམ་ཚིག་མ་ཉམས་པ། །རས་ཆོད་གཟུ་ལུམ་གཏན་སྤངས་ནས། །དབང་རྣམས་རིམ་པར་ནོད་པ་ནི། །ཚོགས་ཀྱི་ངེས་ཚིག་ཡིན་པར་བཤད། །ཚོགས་ཀྱི་སློབ་དཔོན་བྱ་བ་ཡང་། །ཀུན་གྱིས་བྱ་བར་མ་གསུངས་ཏེ། །ལྟ་བ་གཉིས་མེད་རྩལ་དང་ལྡན། །སྤྱོད་པ་གསང་བའི་བཀའ་དང་ལྡན། །ཐབས་མཁས་ཕྲིན་ལས་ཐོགས་རྡུག་མེད། །དམ་ཚིག་འཇིགས་པའི་མཁར་བཞིན་བསྲུང་། །དབང་རྣམས་རིམ་པར་བརྩེགས་པ་དང་། །རིག་པའི་རྒྱལ་པོར་རང་དབང་ཐོབ། །དེ་ནི་ཚོགས་ཀྱི་སློབ་དཔོན་ཡིན། །ཚོགས་ཀྱི་རྒྱལ་ཚབ་བྱ་བ་ཡང་། །དཔེར་ན་རྒྱལ་པོས་བཀའ་བསྒོ་བ། །དེ་ནི་བློན་པོས་


DNG018_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

བསྲུང་བ་བཞིན། །དགོངས་སྤྱོད་དོན་དང་ལྡན་པ་དང་། །གཞན་འདྲེན་ནུས་པའི་ཐབས་མཁས་དང་། །སློབ་དཔོན་སྐུ་བསྙེལ་ཐུན་སྤོ་བའི། །ཞལ་ཚབ་གཞན་ལ་ཆོས་སྟོན་པ། །ཚོགས་ཀྱི་རྒྱལ་ཚབ་ཡིན་པར་གསུངས། །ཚོགས་ཀྱི་གིང་ཞེས་བྱ་བ་ཡང་། །རང་གི་སྒོས་ཆེད་མི་ལེན་པར། །རྣལ་འབྱོར་སྤྱི་ཆེད་བརྩོན་པ་དང་། །ཞིང་བཅུར་གྱུར་པ་སྒྲོལ་བྱེད་ཅིང་། །དགོངས་པའི་ལས་རྒྱུད་བརྟན་པར་བྱ། །ཚོགས་ཀྱི་ཡུམ་ཞེས་བྱ་བ་ཡང་། །ཀུན་གྱིས་བྱ་བར་མ་གསུངས་ཏེ། །གཙོ་བོ་ཡབ་ཀྱི་དགོངས་པ་སྐོང་། །དད་པ་ཆེ་ལ་བརྣགས་ཐུབ་དང་། །གསང་སྒོ་སྡོམ་དང་དམ་ལ་གནས། །དད་པས་མོས་དང་རྟོག་པ་ཆུང་། །མཚན་གྱིས་བརྒྱན་དང་སེམས་བཟང་དང་། །རྒྱུད་དང་ལྡན་པ་མ་གཏོགས་པས། །ཀུན་གྱིས་བྱ་བར་ངས་མ་བཤད། །ཚོགས་ཀྱི་ཡོ་བྱད་བྱ་བ་ནི། །སངས་རྒྱས་རྣམས་ལ་སྒྲིབ་པ་དང་། །སྙེམས་པ་བྱ་བ་མི་མངའ་ཡང་། །དཔེར་ན་རྒྱལ་པོ་ཆེན་པོ་ལ། །དཀོར་དང་ལོངས་སྤྱོད་མི་དྲེལ་ཡང་། །འབངས་ལ་སོགས་པས་སྐྱབས་འདོད་ཕྱིར། །དཀོར་དང་ལོངས་སྤྱོད་ཕུལ་བས་ནི། །འཕྲལ་ཕན་ཡུན་དུ་བདེ་བ་ཡིན། །རྒྱལ་བའི་སྐུ་ལ་སྦྲེབས་སྐྱེམས་མི་མངའ་ཡང་། །དགའ་དང་གུས་པས་ཕུལ་བའི་བསོད་ནམས་ཀྱིས། །སྒྲིབ་པ་གཉིས་བྱང་ཚོགས་གཉིས་རྫོགས་གྱུར་ནས། །རྡོ་རྗེ་སེམས་དཔའ་མཚན་རྫོགས་ས་ལ་ཕྱིན་པར་འགྱུར། །དེ་ནས་ཡང་མངོན་རྫོགས་ཀྱི་རྒྱལ་པོས་ཚོགས་ཀྱི་རྣམ་གྲངས་གསུངས་པ། ཕྱི་ཡི་གཟུགས་ཀྱི་མཆོད་པ་ལ། །གྲངས་ནི་བཅུ་དྲུག་དག་ཏུ་བཤད། །ནང་གི་སྒྲོལ་བའི་མཆོད་པ་ལ། །གང་བསྒྲལ་གང་གིས་བསྒྲལ་བ་དང་། །བསྒྲལ་བའི་ཡོན་ཏན་མ་བསྒྲལ་སྐྱོན། །གང་དུ་བསྒྲལ་དང་དུས་ཚོད་རྣམས། །མངོན་རྫོགས་ཡབ་ཀྱིས་བཀའ་སྩལ་པ། །ཞེ་སྡང་མེ་ལྟར་འབར་བ་དང་། །ང་རྒྱལ་བྲག་


DNG018_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཁེངས་པ་དང་། །འདོད་ཆགས་བསེ་ལྟར་ཞེན་པ་དང་། །གཏི་མུག་མུན་ལྟར་འཐིབས་པ་དང་། །ཕྲག་དོག་རླུང་ལྟར་འཚུབས་པ་ལྔ། །མ་ཉེས་ཀླན་ཀ་ཚོལ་དང་དྲུག །ཁས་དམན་ཟས་སུ་ཟ་དང་བདུན། །བདེན་པ་ཁྱད་དུ་གསོད་དང་བརྒྱད། །བུ་སྐྱེས་ཕ་མར་རྒོལ་དང་དགུ། །གཡོ་མཚང་ངོ་ལ་རྒོལ་དང་བཅུ། །སྙིང་གཏད་གཤེད་མར་འོང་དང་གཅིག །དཀར་པོའི་ཕྱོགས་སུ་སྨོད་དང་གཉིས། །ནག་པོའི་ཕྱོགས་སུ་བསྟོད་དང་གསུམ། །དགེ་བ་ཅན་ཐུགས་དཀྲུག་དང་བཞི། །དད་པ་ཅན་གྱི་ཚོགས་བཅགས་ལྔ། །དཀྱིལ་འཁོར་གཉེན་པོ་འབྲལ་དང་དྲུག །རྡོ་རྗེ་སློབ་དཔོན་སྐུ་སྨོད་བདུན། །དེ་བཞིན་མཆེད་ལ་འཁུ་དང་བརྒྱད། །དམ་ལས་ལོག་དང་དགུ་རུ་བཤད། །ཉམས་པའི་ཟས་ཟོས་ཆུ་འཐུང་དང་། །འདི་ལྡན་ཉི་ཤུ་ཐམ་པའོ། །དེ་ཡི་སྟེང་དུ་ངས་བཤད་པ། །གླང་ཆེན་མཆོང་ལྟར་སློབ་པ་དང་། །ཨུ་མ་ཚང་ན་ཉལ་བ་དང་། །བཅུ་དྲུག་ཚང་ན་འཁྱིལ་པ་དང་། །མཁའ་ལ་འགྲོ་བའི་ཀ་མ་ལ། །རྩིབས་ལ་རླུང་ལྟར་འཕྱོ་བ་དང་། །ཆགས་འདྲེལ་ཕྲ་མོ་བྱུང་བ་དང་། །སྣ་ནས་ཁྲག་ཕྱུང་ངོ་བྱུགས་ནས། །བྲང་བརྡུང་འོ་དོད་འབོད་དང་དྲུག །ནགས་ཚལ་དབེན་པར་མི་བསྒྲུབ་པར། །དབེན་པ་གྲོང་དང་ལོག་པར་བཅའ། །རྔ་སྒྲ་རྡུང་ཞིང་བྷྱོ་ཡིས་འདེབས། །འདི་ཡང་བསྒྲལ་བའི་དམིགས་དང་བདུན། །སྒྲོ་བ་ནག་པོ་ཁུར་དུ་ཁུར། །མར་གྱི་གཏོར་མ་གློ་ལ་བཏགས། །ཧཱུཾ་དང་ཕཊ་ཀྱི་སྒྲ་འདོན་བརྒྱད། །རྩ་བ་ཡན་ལག་མི་བསྲུང་ཞིང་། །སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས། །འདི་ཡང་བསྒྲལ་བའི་དམིགས་ཏེ་དགུ། །ཤེས་པ་ཆུང་ལ་ཕྲག་དོག་ཆེ། །སེམས་ལ་ཆོས་ཀྱིས་མ་ཐུལ་བས། །ཆོས་རེ་ཐོས་ཞིང་ཁེ་བེར་སྐྱེ། །སྤྲོ་ཐུང་ཚིག་གིས་གོ་མི་འཇལ། །རང་གི་ནོར་དད་ཨ་ཅང་ཆེ། །གཞན་གྱི་ནོར་ཀྱང་ཁོ་ལ་དགོས། །འདི་ཡང་བསྒྲལ་བའི་ཞིང་དུ་བཤད། །འདི་ལྟར་སུམ་


DNG018_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

ཅུ་ཐམ་པ་རུ། །མངོན་རྫོགས་རྒྱལ་པོས་བཀའ་སྩལ་ཏོ། །དེ་ནས་མངོན་རྫོགས་རྒྱལ་པོས་གྲངས་དུ་དབུལ་བཀའ་སྩལ་པ། རབ་ཀྱིས་ཆུ་བོའི་རྒྱུན་བཞིན་དབུལ། །འབྲིང་གིས་ཉིན་གསུམ་མཚན་གསུམ་དབུལ། །ཐ་མས་ཉིན་རེ་མཚན་རེ་དབུལ། །ཚོགས་སུ་ཕུལ་བའི་ཡོན་ཏན་ནི། །དུས་གསུམ་རྒྱལ་བ་མཉེས་གྱུར་ནས། །ཉི་ཤུ་རྩ་གཅིག་ས་ཐོབ་འགྱུར། །མ་ཕུལ་བ་ཡི་སྐྱོན་དག་ནི། །འདི་རུ་ཉམ་ཐག་ཕོངས་པ་དང་། །ཕྱི་མར་ཡི་དྭགས་གནས་སུ་སྐྱེ། །གཞན་ཡང་མ་ཕུལ་བ་ཡི་སྐྱོན། །བརྗོད་པ་བསམ་གྱིས་མི་ཁྱབ་པས། །འཇིགས་ཤིང་སྐྱི་གཡའ་མ་གསུངས་སོ། །ཧེ་རུ་ཀའི་གལ་པོ་ལས། གནས་དང་ཚོགས་ཀྱི་ལེའུ་སྟེ་བཞི་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །དབང་དང་དམ་ཚིག་ཅི་ལྟར་ལགས། །དམ་ཚིག་རྩ་བ་དུ་ཞིག་མཆིས། །དེ་ལས་བསྡུ་བ་དུ་ཞིག་མཆི། །བསྲུང་བའི་ཐབས་ནི་དུ་ཞིག་མཆི། །དམ་ཅན་ཞེས་ནི་གང་ལ་བགྱི། །ཉམས་པ་ཞེས་བྱ་ཇི་ལྟར་ལགས། །མངོན་རྫོགས་ཡབ་ཀྱིས་བཀའ་སྩལ་པ། །དམ་ཚིག་རྩ་བ་བསམ་ཡས་ཀྱང་། །རྩ་བ་བརྒྱ་དང་རྩ་བརྒྱད་ཡོད། །དེ་ལས་བསྡུ་ན་ཉི་ཤུ་བརྒྱད། །དེ་ལས་བསྡུ་ན་བཅུ་རུ་འདུས། །དེ་ཡི་རྩ་བའི་མདོ་དོན་ནི། །སྐུ་ཡི་དམ་ཚིག་ནད་ལ་གནོད་པའི་ཟས་ལྟར་བསྲུང་། །གསུང་གི་དམ་ཚིག་ནད་ལ་ཕན་པའི་སྨན་བཞིན་བཏུང་། །ཐུགས་ཀྱི་དམ་ཚིག་མ་བྱམས་ཟས་བཞིན་ཁོང་དུ་ཆུད། །ལྟ་སྤྱོད་བསྒྲུབ་པའི་ཕྲིན་ལས་ནི། །ལུས་ཀྱི་རྩལ་ཤུགས་བཞིན་དུ་ཕྱུང་། །བར་དུ་གཅོད་པའི་ཞིང་བཅུ་ནི། །སྡང་བའི་དགྲ་ལྟར་གདུལ་བར་བྱ། །དངོས་གྲུབ་རྣམ་གསུམ་དབུས་ཀྱི་དཔལ་ལྟར་བསྐྱེད། །དམ་ཅན་ཞེས་ཀྱང་དེ་ལ་བྱ། །གང་ཞིག་དམ་ཚིག་ཉམས་པ་ལ། །དྲུང་ན་སུ་ཡང་མི་བལྟ་སྟེ། །དེ་ལ་བལྟ་ཞིང་སྤྱོད་པ་ནི། །བསམ་གྱིས་མི་ཁྱབ་བརྗོད་མི་ལང་། །ཞེས་གསུངས་སོ། །དེ་ནས་


DNG018_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དབང་གི་དོན་ཞུས་པ། དབང་གི་སློབ་དཔོན་མཚན་ཉིད་གང་། །སློབ་མ་ཇི་ལྟ་བུ་ལ་བསྐུར། །དབང་གི་བསྐུར་ཐབས་དུ་ཞིག་མཆིས། །མཚན་ཉིད་ངན་པའི་སྐྱོན་ཅི་ལགས། །དབང་གི་དཀྱིལ་འཁོར་གང་ལྟར་ལགས། །དབང་གི་རྫས་ནི་དུ་ཞིག་མཆིས། །བསྐུར་བའི་དུས་ཚོད་གང་ལ་ཤིས། །དབང་གི་ཡུམ་ནི་གང་ལྟ་བུ། །དབང་ལ་ཡོན་ནི་ཅི་ཞིག་དབུལ། །དབང་རྟགས་ཅི་ཞིག་སྦྱིན་པར་བྱ། །དེ་ནས་ཡབ་མངོན་རྫོགས་རྒྱལ་པོས་དབང་གི་དོན་གསུངས་པ། དབང་གི་སློབ་དཔོན་བྱ་བ་ཡང་། །ཀུན་གྱིས་བྱ་བར་མ་གསུངས་ཏེ། །རིགས་ཀྱི་མཁས་པ་རྒྱུད་བཙུན་དང་། །རྡོ་རྗེ་ཟམ་པ་མ་ཆད་ལེགས། །དེ་དག་རྣམས་དང་ལྡན་པ་ན། །འཇིག་རྟེན་འདི་ན་མཐུ་དབང་ཆེ། །མ་མོ་མཁའ་འགྲོ་བྲན་བཞིན་ཁོལ། །དེ་ནི་དབང་གི་སློབ་དཔོན་ཡིན། །དབང་གི་སློབ་མ་བྱ་བ་ཡང་། །ཤེས་པ་སྒོ་ཡངས་ཐོས་པ་ཆེ། །བསྒོ་བ་བྲན་བཞིན་ཉན་པ་དང་། །འདི་ལ་དབང་རྣམས་བསྐུར་བར་བྱའོ། །དབང་གི་བསྐུར་ཐབས་བརྒྱད་ཅུ་རྩ་གཅིག་གོ། །སློབ་དཔོན་སློབ་བུའི་མཚན་ཉིད་ནི། །ཡང་དག་ཉིད་དུ་ངས་བཤད་ཀྱིས། །སློབ་དཔོན་དབང་མེད་འདོད་པས་བརྒྱལ། །སློབ་མ་དམ་མེད་ཕྱར་ཀ་གཏོང་། །གཉིས་ཀ་ལོག་པའི་འདྲེ་དང་མཚུངས། །དེ་འདྲ་དམྱལ་བའི་རྒྱུ་རུ་བསྟན། །དབང་བསྐུར་བ་ཡི་དཀྱིལ་འཁོར་ནི། །ཐིག་བཞི་བཏབ་པས་ལིང་ཚེ་དགུ། །ཟླ་གམ་དགུ་དང་ལྡན་པར་བྱ། །དབང་གི་རྫས་རྣམས་ངས་བཤད་པ། །རྫས་ཀྱི་གྲངས་ནི་ལྔ་རུ་བཤད། །དབང་གི་དུས་ཚོད་ངས་བསྟན་པ། །དབྱར་དགུན་སྟོན་དཔྱིད་ར་བ་འམ། །སྟོན་ཟླ་ར་བའི་ཉ་ལ་བསྐུར་བར་བྱ། །དབང་གི་ཡུམ་རྣམས་ངས་བཤད་པ། །ཚུལ་དགུ་དག་དང་ལྡན་པར་བྱ། །དབང་བསྐུར་བ་ཡི་ཡོན་རྣམས་ནི། །རྟ་དང་གླང་པོ་མ་ཧེ་དང་། །གསེར་དངུལ་ལ་སོགས་རིན་ཆེན་གཡུ། །བུ་དང་ཆུང་མ་ནོར་གྱི་དབྱིག །རབ་ཏུ་གཅེས་དང་ཡིད་འཐད་དབུལ། །དབང་བསྐུར་གནང་བའི་རྟགས་སྦྱིན་པ། །བླ་


DNG018_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

མ་རྡོ་རྗེ་སློབ་དཔོན་གྱིས། །དང་པོ་བདག་ལ་གང་གནང་བ། །སློབ་མ་དེ་ལ་རྟགས་སུ་སྦྱིན། །སློབ་མས་ཡོན་གྱི་མཆོག་ཕུལ་ནས། །དབང་རྟགས་མེད་དུ་མི་རུང་ཞེས། །རྡོ་རྗེ་སེམས་དཔས་ཡང་དག་བཤད། །ཡོན་ཕུལ་འཕངས་ནས་དབང་ཡང་འཕངས། །ཤེས་བརྙེས་བྱས་ན་བཀའ་དང་འགལ། །ཐུག་ཐུབ་བྱས་ན་གཞུང་ཡང་ཉམས། །ཞེས་བཀའ་སྩལ་ཏོ། །དཔལ་ཧེ་རུ་ཀའི་གལ་པོ་ལས། དབང་དང་དམ་ཚིག་གི་ལེའུ་སྟེ་ལྔ་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །ལྟ་སྤྱོད་ཏིང་འཛིན་ཇི་ལྟར་ལགས། །རྒྱུད་ཀྱི་ལྟ་སྤྱོད་ཇི་ལྟར་ལགས། །ལུང་གི་ལྟ་སྤྱོད་ཇི་ལྟར་ལགས། །ངེས་པའི་མན་ངག་ཅི་ལྟར་ལགས། །ལྟ་སྤྱོད་ཏིང་འཛིན་རྣམ་པ་ཡང་། །གཅིག་གམ་གལ་ཏེ་ཐ་དད་ལགས། །མངོན་རྫོགས་ཡབ་ལ་བཀའ་ཉན་འཚལ། །མངོན་རྫོགས་ཡབ་ཀྱིས་བཀའ་སྩལ་པ། །ལྟ་སྤྱོད་བསམ་གྱིས་མི་ཁྱབ་ཀྱང་། །མ་ཧཱ་ཡོ་གའི་དཀྱིལ་འཁོར་ནི། །བསམ་མི་ཁྱབ་སྟེ་སྐུ་གསུང་ཐུགས། །ཨ་ནུ་ཡོ་གའི་དཀྱིལ་འཁོར་ ནི། །བསམ་མི་ཁྱབ་སྟེ་གཉིས་སུ་མེད། །ཨ་ཏི་ཡོ་གའི་དཀྱིལ་འཁོར་ནི། །རང་སེམས་གདོད་ནས་རྣམ་པར་དག །བུ་གཅིག་མ་བཅོས་བདེ་བར་གནས། །བསྐྱེད་དང་མངོན་རྫོགས་རྫོགས་ཆེན་ལ། །རྣམ་པར་རྟོག་པ་མེད་མོད་ཀྱང་། །མི་ནག་འདུ་འཛི་ཡོངས་བཏང་ནས། །རྟོགས་པའི་གནད་ནི་འདི་ཀ་ཆེ། །ཆེ་བ་བས་ནི་གནད་ཀྱང་གནད། །ཆོས་ཉིད་བདེན་པའི་དོན་རྟོགས་ན། །སེམས་ལ་དྲན་རིག་རྣམ་རྟོག་ཅི་སྐྱེས་ཀྱང་། །རྟོག་པ་དེ་ཉིད་ཆོས་ཉིད་ཡིན་ཤེས་ན། །རྣམ་དག་བྱང་ཆུབ་སེམས་ཀྱི་བསྒོམ་པ་ཡིན། །ལྟ་སྤྱོད་ཏིང་འཛིན་གཉིས་སུ་མེད། །ཅེས་གསུངས་སོ། །ཏནྟྲ་ཧེ་རུ་ཀའི་གལ་པོ་ལས། ལྟ་བ་བསྒོམ་པའི་ལེའུ་སྟེ་དྲུག་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །ཕྱི་ཡི་མ་མོ་གང་ལ་བགྱི། །ནང་གི་མ་མོ་གང་ལ་བགྱི། །གསང་བའི་མ་མོ་གང་ལ་བགྱི། །


DNG018_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་ཀྱི་མ་མོ་གང་ལ་བགྱི། །སྲུང་བའི་མ་མོ་གང་ལ་བགྱི། །འགྱུར་བའི་མ་མོ་གང་ལ་བགྱི། །རང་བཞིན་མ་མོ་གང་ལ་བགྱི། །མ་དང་མོ་ཞེས་གང་ལ་བགྱི། །མངོན་རྫོགས་ཡབ་ལ་བདག་ཉན་འཚལ། །མངོན་རྫོགས་ཡབ་ཀྱིས་བཀའ་སྩལ་པ། །ཕྱི་ཡི་མ་མོ་བྱ་བ་ནི། །ཡུམ་ཆེན་ཤེས་རབ་ཕ་རོལ་ཕྱིན། །དམྱལ་བ་འཇོམས་པའི་ཐོ་བ་ཡིན། །ནང་གི་མ་མོ་བྱ་བ་ནི། །མ་མོ་ཀུན་གྱི་རྗེ་མོ་སྟེ། །ཉིད་བཞི་མུ་ཁ་ལེ་ཞེས་བྱ། །གསང་བའི་མ་མོ་བྱ་བ་ནི། །ལུང་དང་མན་ངག་ཆོས་ཡིན་ཏེ། །ཅི་ཡི་ཕྱིར་ན་གསང་བས་བྱ། །རྡོ་རྗེ་ཐེག་པ་རེ་བཟང་ཡང་། །ཀུན་གྱིས་སྤྱད་པ་རབ་ཏུ་ངན། །ཅི་ཕྱིར་ཞེ་ན་གྲགས་པ་ཉམས། །བྱིས་པ་རྣམས་ལ་བཀྲི་དྲང་བསྟན། །རྒན་པོ་རྣམས་ལ་ངེས་དོན་བསྟན། །གསང་ཕྱིར་གཏན་ཚིགས་སྣ་ཚོགས་བསྟན། །གསང་སྔགས་སྐྱོན་ཡོད་མ་ཡིན་ཏེ། །འགྲོ་བའི་དོན་ཕྱིར་རབ་ཏུ་གསང་། །དབྱིངས་ཀྱི་མ་མོ་བྱ་བ་ནི། །འབྱུང་བ་དགུ་ནི་ཡུམ་ཆེན་དགུ། །དུར་ཁྲོད་བརྒྱད་ནི་ཁྲོ་མོ་བརྒྱད། །དེ་ཡི་ཡུལ་བརྒྱད་ཕྲ་མེན་བརྒྱད། །ཡན་ལག་བཞི་ནི་སྒོ་མ་བཞི། །སྒལ་ཚིགས་ཡེ་ནས་དབང་ཕྱུག་ཚོགས། །སོ་ནི་ཡེ་ནས་མཁའ་འགྲོའི་ཚོགས། །ནང་ཁྲོལ་མ་མོ་བདུན་དུ་གསལ། །ནམ་ཚོད་སྲིང་མོ་བཞི་ཡི་ཚོགས། །ཤ་ནི་ཡེ་ནས་ཕོ་ཉའི་ཚོགས། །ཁྲག་ནི་ཡེ་ནས་མ་སྲིང་ཚོགས། །རྩིབ་མ་ཡེ་ནས་གིང་གི་ཚོགས། །བསྒོམ་མི་དགོས་ཏེ་ཡེ་ནས་ཡིན། །སྤྲུལ་པའི་མ་མོ་བྱ་བ་ནི། །ཧཱུཾ་ཆེན་དགུ་ལས་ཡབ་ཡུམ་བསྐྱེད། །ཧ་ཧེ་ལས་ཀཻ་རི་ཕྲ་མེན་བསྐྱེད། །ཕཊ་ལས་སྒོ་བ་ཕྲ་མེན་བསྐྱེད། །བྷྱོ་ལས་དབང་ཕྱུག་ཚོགས་རྣམས་བསྐྱེད། །ཨ་ར་ལི་ལས་མཁའ་འགྲོ་བསྐྱེད། །ཧཱུཾ་ལས་མ་བདུན་སྲིང་བཞི་བསྐྱེད། །ཛ་ལས་ཕོ་ཉ་སུམ་བརྒྱ་དྲུག་ཅུ་བསྐྱེད། །ཨ་དང་ཧ་ལས་གིང་ཆེན་བསྐྱེད། །སྤྱན་དྲངས་མཆོད་ཅིང་བསྒྲུབ་པ་ལས། །སྐུ་གསུམ་དངོས་གྲུབ་རྩོལ་བ་དེ། །སྤྲུལ་པའི་མ་མོ་ཡིན་པར་བཤད། །འགྱུར་བའི་མ་མོ་ངས་


DNG018_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་ཀྱིས། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །སེམས་དཔའ་བརྒྱད་ནི་ཁྲོ་མོ་བརྒྱད་དུ་འགྱུར། །སེམས་མ་བརྒྱད་ནི་ཕྲ་མེན་བརྒྱད་དུ་འགྱུར། །ཐུབ་དྲུག་ཡིད་ཆོས་སྤོར་མ་བརྒྱད་དུ་འགྱུར། །རྒྱུ་འབྲས་སེམས་དཔའ་སུམ་ཅུ་གཉིས། །སྒྲོལ་བྱེད་སུམ་ཅུ་གཉིས་སུ་འགྱུར། །ཕོ་ལས་མོ་རུ་གྱུར་པ་སྟེ། །འགྱུར་བའི་མ་མོ་ཡིན་པར་བཤད། །རང་བཞིན་མ་མོའི་དོན་གསུངས་པ། །སྣོད་ཀྱི་འཇིག་རྟེན་མ་ཡིན་ཏེ། །བཅུད་ཀྱི་འཇིག་རྟེན་མོ་ཞེས་བྱ། །མ་ནི་ཆོས་ཀྱི་དབྱིངས་ཡིན་ཏེ། །མོ་ནི་རིག་པའི་ཡེ་ཤེས་ཡིན། །མ་ནི་ཀུན་གཞི་ཡོངས་བྲལ་ཏེ། །མོ་ནི་རིག་པའི་རྒྱལ་པོ་ཡིན། །གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །ལས་ཀྱི་མ་མོ་ཇི་ལྟར་ལགས། །འབྱུང་བའི་གཏན་ཚིགས་ཇི་ལྟར་ལགས། །ཉག་གཅིག་ཡབ་ལ་བདག་ཉན་འཚལ། །མངོན་རྫོགས་ཡབ་ཀྱིས་བཀའ་སྩལ་པ། །ཉོན་ཅིག་གནོད་འདུལ་ལྷ་ཡི་གཙོ། །ལས་ཀྱི་མ་མོ་བྱུང་ཁུངས་ནི། །སྟོན་པ་མར་མེ་མཛད་ནི་འདས། །ཤཱཀ་ཐུབ་མ་བྱོན་སྔོན་རོལ་དུ། །དབུས་ཀྱི་རཱུ་ཏྲ་སྡེ་གསུམ་དང་། །ཕྱོགས་ཀྱི་རཱུ་ཏྲ་རྣམ་པ་བཞིས། །སྣང་སྣང་བསྒྲལ་ནས་འཕྲད་འཕྲད་སྦྱར། །ཤ་དང་རུས་པ་རི་ལྟར་སྤུངས། །ཁྲག་དང་ཆུ་སེར་མཚོ་ལྟར་བསྐྱིལ། །ཧ་ཧ་ཕཊ་ཕཊ་འབྲུག་བཞིན་བསྒྲགས། །གསུར་དང་དུ་བ་སྤྲིན་བཞིན་གཏིབས། །དེ་ཡི་འཁོར་དུ་འདུས་པ་ནི། །བརྒྱད་གསུམ་ཟུང་དུ་འདྲེལ་བ་དང་། །བཞི་དང་ཉི་ཤུ་རྩ་བརྒྱད་དང་། །དེ་བཞིན་སུམ་ཅུ་སོ་གཉིས་དང་། །བདུན་དང་བཞི་དང་སུམ་བརྒྱ་དྲུག་ཅུ་དང་། །དེ་བཞིན་བདུད་ཆེན་བཅོ་བརྒྱད་པོ། །འཁོར་དང་བྲན་དུ་གནས་པ་ལས། །གནམ་ལྕགས་ཐོག་གི་སེར་བྱུང་བས། །ནང་མིན་ཕྱི་ཡི་བསྐོར་བཞུགས་སོ། །གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །གཞལ་ཡས་ཁ་དོག་མི་འཚལ་ན། །མངོན་རྫོགས་ཡབ་ལ་བདག་ཉན་འཚལ། །དྷརྨ་ཧསྡི་ཅི་ལ་བགྱི། །ཤུ་ཀླ་ད་སྟེ་ཅི་ལ་


DNG018_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

བགྱི། །ཀཱ་ལ་ཀྲྀཥྞ་ཅི་ལ་བགྱི། །ལོ་ཧི་ཏ་ཞེས་ཅི་ལ་བགྱི། །ནཱི་ལ་ཞེས་ནི་ཅི་ལ་བགྱི། །པ་ལཱ་ཤ་ཞེས་ཅི་ལ་བགྱི། །པཱི་ཏ་ན་ཞེས་ཅི་ལ་བགྱི། །མངོན་རྫོགས་ཡབ་ཀྱིས་བཀའ་སྩལ་པ། །རཏྣ་མ་ཧཱ་སྟེ་རིན་པོ་ཆེ། །ཤུ་ཀླ་ན་སྟེ་དཀར་པོ་བཤད། །ཀཱ་ལ་ཀྲྀཥྞ་ནག་པོར་བཤད། །ལོ་ཧི་ཏ་ནི་དམར་པོར་བཤད། །ནཱི་ལ་བྱ་བར་སྔོན་པོར་བཤད། །པ་ལཱ་ཤ་ཞེས་ལྗང་གུར་བཤད། །པཱི་ཏ་ན་ནི་སེར་པོར་བཤད། །བྷྲཱུཾ་བི་ཤྭ་བི་ཤུདྡྷེ་ཙཀྲ་མཎྜ་ལ། །སྐམ་རློན་ར་རིའི་གཞལ་ཡས་ནི། །མངོན་རྫོགས་ཡབ་ལ་བདག་ཉན་འཚལ། །མངོན་རྫོགས་ཡབ་ཀྱིས་བཀའ་སྩལ་པ། །དཀར་པོ་ཟངས་ཡག་འཚེར་བ་དེ། །སྔ་རབས་འདས་པའི་སངས་རྒྱས་ཡིན། །ཆོས་ཀྱི་སྐུ་དང་རབ་ལྡན་པས། །གཞལ་ཡས་ཁང་གི་རྒྱུ་རུ་བཤད། །རློན་པ་ལྕང་ལོར་བཞུགས་པ་དེ། །ད་ལྟར་བཞུགས་པའི་སངས་རྒྱས་ཀྱི། །སྤྲུལ་པའི་སྐུ་དང་རབ་ལྡན་པས། །གཞལ་ཡས་ཁང་གི་རྒྱུ་རུ་བཤད། །དམར་པོ་ར་རི་བཞུགས་པ་དེ། །སླད་ཀྱིས་འབྱོན་པའི་སངས་རྒྱས་ཡིན། །ལོངས་སྤྱོད་རྫོགས་སྐུ་རབ་ལྡན་པས། །གཞལ་ཡས་ཁང་གི་རྒྱུ་རུ་བཤད། །གཞལ་ཡས་གདན་མཆོག་གཞན་དུ་བས། །ལས་ཀྱི་མ་མོ་བྱ་བ་དེ། །རྒྱལ་པོ་བཙོན་དུ་བཟུང་བ་ན། །འབངས་རྣམས་ཆམ་ལ་ཕེབས་པ་བཞིན། །རཱུ་ཏྲ་བསྒྲལ་ནས་དུར་ཁྲོད་གཞལ་ཡས་ཁང་། །འཁོར་དང་བྲན་ལ་སོགས་པ་ལ། །སྟོན་པས་ཧཱུཾ་དང་ཧ་ཧེ་ཕཊ། །བྷྱོ་དང་ཨ་ར་ལི་ཛ་བརྗོད། །ཐུགས་རྗེ་སྤྲུལ་པའི་འཁོར་དུ་གྱུར། །ཐུགས་རྗེ་སྤྲུལ་པའི་འཁོར་རྣམས་ཀྱིས། །སྲིན་མོའི་ཚོགས་ལ་བཀའ་སྩལ་པ། །སྟེང་གི་ལྷ་ཡི་ཁམས་ཀྱང་ཟ། །བར་གྱི་མི་ཡི་ཁམས་ཀྱང་ཟ། །འོག་གི་ཀླུ་ཡི་ཁམས་ཀྱང་ཟ། །ཐམས་ཅད་མ་ལུས་ཟ་བ་དེ། །དོན་དང་རྟོགས་པ་ཅི་དང་ལྡན། །ངན་སོང་གསུམ་དུ་མི་སྐྱེའམ། །བདུད་ཀྱི་འཁོར་གྱིས་སླར་གསོལ་པ། །བསད་དང་བཅད་པའི་ལས་རྣམས་ནི། །དང་པོ་ཕ་


DNG018_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

མས་བསྐོས་པ་ཡིན། །ངན་སོང་གསུམ་ཞེས་བྱ་བ་ཇི་ལྟ་བུ། །སྤྲུལ་པའི་འཁོར་གྱིས་བཀའ་སྩལ་པ། །ལྟུང་བའི་སྡུག་བསྔལ་ངེད་ཅག་ལྷ་ལ་ཆེ། །འགྱུར་བའི་སྡུག་བསྔལ་གླིང་བཞིའི་མི་ལ་ཆེ། །སྡུག་བསྔལ་སྡུག་བསྔལ་ངན་སོང་གསུམ་ལ་ཆེ། །ངན་སོང་གསུམ་ལ་བཟོད་བླག་མེད། །ཤ་རེ་གཡའ་ལ་སྐྱི་རེ་བུང་། །དེ་སྐད་ཅེས་བཀའ་སྩལ་པ་དང་བདུད་ཀྱི་འཁོར་རྣམས་བརྒྱལ་ནས་དམྱལ་བའི་སྡུག་བསྔལ་ཉམས་སུ་མྱོང་ངོ་། །བརྒྱལ་སངས་ནས་དམ་བཅས་སོ། །ཧེ་རུ་ཀའི་གལ་པོ་ལས། རཱུ་ཏྲ་བཏུལ་བའི་ལེའུ་སྟེ་བདུན་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །དཔལ་ཆེན་དགུ་པོ་མི་འཚལ་ན། །དཔལ་ཆེན་དགུ་ཞེས་གང་ལ་བགྱི། །ཡུམ་ཆེན་དགུ་ཞེས་གང་ལ་བགྱི། །བཛྲ་ཧེ་རུ་ཅི་ལ་བགྱི། །བུཌྜྷ་ཧེ་རུ་ཅི་ལ་བགྱི། །རཏྣ་ཧེ་རུ་ཅི་ལ་བགྱི། །པདྨ་ཧེ་རུ་ཅི་ལ་བགྱི། །ཀརྨ་ཧེ་རུ་ཅི་ལ་བགྱི། །ཡཀྴ་ཧེ་རུ་གང་ལ་བགྱི། །གུ་ཡ་ཧེ་རུ་གང་ལ་བགྱི། །ས་ནུ་ཧེ་རུ་གང་ལ་བགྱི། །མངོན་རྫོགས་ཡབ་ལ་བདག་ཉན་འཚལ། །མངོན་རྫོགས་ཡབ་ཀྱིས་བཀའ་སྩལ་པ། །གཏི་མུག་གནས་གྱུར་རྣམ་པར་སྣང་མཛད་ཡིན། །དེ་ལས་གནས་གྱུར་བུཌྜྷ་ཧེ་རུ་ཀ །ཞེ་སྡང་གནས་གྱུར་རྡོ་རྗེ་སེམས་དཔའ་ཡིན། །དེ་ལས་གནས་གྱུར་བཛྲ་ཧེ་རུ་ཀ །ང་རྒྱལ་གནས་གྱུར་རིན་ཆེན་འབྱུང་ལྡན་ཡིན། །དེ་ལས་གནས་གྱུར་རཏྣ་ཧེ་རུ་ཀ །འདོད་ཆགས་གནས་གྱུར་སྣང་བ་མཐའ་ཡས་ཡིན། །དེ་ལས་གནས་གྱུར་པདྨ་ཧེ་རུ་ཀ །ཕྲག་དོག་གནས་གྱུར་དོན་ཡོད་གྲུབ་པ་ཡིན། །དེ་ལས་གནས་གྱུར་ཀརྨ་ཧེ་རུ་ཀ །དགྲ་བགེགས་འདུལ་བས་རཀྴ་ཧེ་རུ་ཀ །དམ་ཉམས་སྒྲོལ་བས་ཡཀྴ་ཧེ་རུ་ཀ །ཡི་དམ་ལྷ་སྤོང་གཉེན་པོ་འགུ་ཧྱ་ཧེ་རུ་ཀ །ས་རྣམས་ཐོབ་པས་ས་ནུ་ཧེ་རུ་ཀ །འབྱུང་ལྔ་སྣོད་བཞི་གནས་གྱུར་པས། །དེ་ཡི་ཡུམ་དགུ་ཡིན་པར་བཤད། །གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །རྡོ་རྗེ་གཞོན་ནུ་


DNG018_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་ལ་བགྱི། །འཁོར་ལོ་རྒྱས་འདེབས་གང་ལ་བགྱི། །ཁྲོ་བོ་ཕ་བཅུ་གང་ལ་བགྱི། །ཁྲོ་མོ་མ་བཅུ་གང་ལ་བགྱི། །ཕྲ་ཐབས་ཉི་ཤུ་གང་ལ་བགྱི། །མངོན་རྫོགས་ཡབ་ལ་བདག་ཉན་འཚལ། །མངོན་རྫོགས་ཡབ་ཀྱིས་བཀའ་སྩལ་པ། །མི་འགྱུར་མི་ཤིགས་རྡོ་རྗེ་སྟེ། །སྐྱེ་མེད་འགག་མེད་གཞོན་ནུའོ། །ཅིར་ཡང་འབྱུང་བས་འཁོར་ལོ་བཞིན། །འདུ་འབྲལ་མེད་པས་རྒྱས་འདེབས་སོ། །ཁྲོ་བོ་བཅུ་ཡིས་དགྲ་བོ་འདུལ། །ཁྲོ་མོ་བཅུ་ཡིས་བགེགས་རྣམས་འདུལ། །ཕྲ་ཐབས་རྣམས་ཀྱིས་སྲི་གདོན་འདུལ། །ཅེས་གསུངས་སོ། །ཏན་ཏྲ་ཧེ་རུ་ཀའི་གལ་པོ་ལས། ཧེ་རུ་ཀ་དང་ཁྲོ་བོ་ཁྲོ་མོའི་ཚོགས་ཀྱི་ལེའུ་སྟེ་བརྒྱད་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །ཀཽ་རི་མ་ཞེས་གང་ལ་བགྱི། །ཙོའུ་རི་མ་ཞེས་གང་ལ་བགྱི། །པྲ་མོ་ཧ་ཞེས་གང་ལ་བགྱི། །བཻ་ཏ་ལཱི་ཞེས་གང་ལ་བགྱི། །པུཀྐ་སཱི་ཞེས་ཅི་ལ་བགྱི། །གྷསྨ་རཱི་ཞེས་གང་ལ་བགྱི། །སྨ་ཤ་ནཱི་ཞེས་ཅི་ལ་བགྱི། །ཙཎྜ་ལཱི་ཞེས་གང་ལ་བགྱི། །མངོན་རྫོགས་ཡབ་ལ་བདག་ཉན་འཚལ། །མངོན་རྫོགས་ཡབ་ཀྱིས་བཀའ་སྩལ་པ། །རྒྱ་གར་ཡུལ་ནས་གྲུབ་པའི་ཀཽ་རཱི་མ། །སེ་དྷའི་ཡུལ་ནས་གྲུབ་པའི་ཙོའུ་རཱི་མ། །ཐོ་གར་ཡུལ་ནས་གྲུབ་པའི་པྲ་མོ་ཧཱ། །ཁ་ཆེའི་ཡུལ་ནས་གྲུབ་པའི་བེ་ཏ་ལཱི། །བལ་པོ་ཡུལ་ནས་གྲུབ་པའི་པུཀྐ་སཱི། །ཨུ་རྒྱན་ཡུལ་ནས་གྲུབ་པའི་གྷསྨ་རཱི། །ཟ་ཧོར་ཡུལ་ནས་གྲུབ་པའི་སྨ་ཤ་ནཱི། །ལི་ཡི་ཡུལ་ནས་གྲུབ་པའི་ཙཎྜ་ལཱི། །གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །སིངྷ་ཞེས་ཅི་ལ་བགྱི། །བྱཱ་གྷྲ་མ་ཞེས་ཅི་ལ་བགྱི། །སྲྀ་ལ་མ་ཞེས་ཅི་ལ་བགྱི། །ཤྭ་ན་མ་ཞེས་ཅི་ལ་བགྱི། །གྲྀ་ཌྷ་མ་ཞེས་ཅི་ལ་བགྱི། །ཀང་ཀ་མ་ཞེས་ཅི་ལ་བགྱི། །ཀཱ་ཀ་མ་ཞེས་ཅི་ལ་བགྱི། །ཧུ་ལུ་མ་ཞེས་ཅི་ལ་བགྱི། །མངོན་རྫོགས་ཡབ་ལ་བདག་ཉན་འཚལ། །མངོན་རྫོགས་ཡབ་ཀྱིས་བཀའ་སྩལ་པ། །བདུད་དཔུང་འཇོམས་


DNG018_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

པས་སིངྷ་མ། །བགེགས་དཔུང་འཇོམས་པས་བྱཱ་གྷྲ་མ། །སྲྀ་གདོན་འདུལ་བས་སྲྀ་ལ་མ། །འདྲལ་ཞིང་གཤོག་པས་ཤྭ་ན་མ། །རྟོག་འཇོམས་ཆེ་བས་གྲྀ་ཌྷ་མ། །དུར་ཁྲོད་འཇོམས་པས་ཀངྈ་མ། །ཡིད་བཞིན་བསྒྱུར་བས་ཀཱ་ཀ་མ། །སྤྱན་དང་ལྡན་པས་ཧུ་ལུ་མའོ། །གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །རྟ་གདོང་མ་ཞེས་ཅི་ལ་བགྱི། །ཕག་གདོང་མ་ཞེས་ཅི་ལ་བགྱི། །དྲེད་གདོང་མ་ཞེས་ཅི་ལ་བགྱི། །ཉི་ཟླ་མ་ཞེས་ཅི་ལ་བགྱི། །མངོན་རྫོགས་ཡབ་ཀྱིས་བཀའ་སྩལ་པ། །ཁམས་གསུམ་གནས་ནས་འདྲེན་པའི་ལྕགས་ཀྱུ་མ། །ཡོན་ཏན་ཚོགས་རྫོགས་ཕག་གདོང་ཞགས་པ་མ། །ཀུན་མཁྱེན་མ་རིག་མུན་སེལ་ཉི་ཟླ་མ། །ཆོས་སྟོན་བག་ཆགས་སྦྱངས་པས་དྲིལ་བུ་མ། །གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །སྐུ་འབར་མ་ཞེས་ཅི་ལ་བགྱི། །གློག་ཕྲེང་འཛིན་ཞེས་ཅི་ལ་བགྱི། །སྐར་མདའ་གདོང་ཞེས་ཅི་ལ་བགྱི། །རལ་གྲིའི་སྐྲ་ཞེས་ཅི་ལ་བགྱི། །ལྕེ་འབེབས་མ་ཞེས་ཅི་ལ་བགྱི། །བ་དན་འཕྱར་ཞེས་ཅི་ལ་བགྱི། །ཁྱུང་ཐོགས་མ་ཞེས་ཅི་ལ་བགྱི། །བན་གླང་སྣ་ཞེས་ཅི་ལ་བགྱི། །འཇིགས་པའི་གཟུགས་ཞེས་གང་ལ་བགྱི། །ཕག་གདོང་མ་ཞེས་ཅི་ལ་བགྱི། །མངོན་རྫོགས་ཡབ་ལ་བདག་ཉན་འཚལ། །མངོན་རྫོགས་ཡབ་ཀྱིས་བཀའ་སྩལ་པ། །འབར་མའི་དོན་རྣམས་ངས་བཤད་ཀྱིས། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །དྲི་ཟའི་བུ་མོ་སྐུ་འབར་མ། །ཨག་ནེའི་བུ་མོ་གློག་འཕྲེང་མ། །གཤིན་རྗེའི་བུ་མོ་སྐར་མདའ་གདོང་། །སྲིན་པོའི་བུ་མོ་རལ་གྲིའི་སྐྲ། །ཀླུ་དབང་བུ་མོ་ལྕེ་འབེབས་མ། །རླུང་ལྷའི་བུ་མོ་བ་དན་ཕྱར། །གནོད་སྦྱིན་བུ་མོ་ཁྱུང་ཐོགས་མ། །འབྱུང་པོའི་བུ་མོ་བན་གླང་སྣ། །ཉི་ཟླའི་བུ་མོ་འཇིགས་པའི་གཟུགས། །ས་བདག་བུ་མོ་ཕག་གདོང་མ། །ངས་གསུངས་པ་ལ་གདོན་མི་ཟ། །ཏན་ཏྲ་ཧེ་རུ་ཀའི་གལ་པོ་ལས། དབྱིངས་ཀྱི་སྒོ་མ་དང་འབར་མའི་ལེའུ་སྟེ་དགུ་པའོ།། །།


DNG018_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །མ་ནུ་རཀྑ་སཱི་ཞེས་ཅི་ལ་བགྱི། །བྲ་ཧྨ་ཎཱི་ཞེས་ཅི་ལ་བགྱི། །རཽ་ཏྲཱི་མ་ཞེས་ཅི་ལ་བགྱི། །བིཥྞ་བེ་ཞེས་ཅི་ལ་བགྱི། །ཀུ་མཱ་རཱི་ཞེས་ཅི་ལ་བགྱི། །ཤ་ཀྲ་ཎ་ཅེས་ཅི་ལ་བགྱི། །པཱིཾ་ག་ལ་ཞེས་ཅི་ལ་བགྱི། །ཨ་མྲྀ་ཏ་ཞེས་ཅི་ལ་བགྱི། །སོའུ་མྱ་ཞེས་ཅི་ལ་བགྱི། །དཎྜ་དཾ་ཞེས་ཅི་ལ་བགྱི། །རཀྴཱ་སཱི་ཞེས་ཅི་ལ་བགྱི། །བྷ་ཀྵ་སཱི་ཞེས་ཅི་ལ་བགྱི། །ར་ཏྲི་བཛྲ་ས་ཅི་ལ་བགྱི། །རུ་ཏྲི་ར་མཏྟཱ་ཞེས་ཅི་ལ་བགྱི། །ཨེ་ཀ་ཙ་ར་ཅི་ལ་བགྱི། །མ་ནོ་ཧ་ར་ཅི་ལ་བགྱི། །སིདྡྷི་ཀ་ཞེས་ཅི་ལ་བགྱི། །བཱ་ཡ་བེ་ཞེས་ཅི་ལ་བགྱི། །མ་ར་ཎ་ཞེས་ཅི་ལ་བགྱི། །ཨག་ནི་ཞེས་ནི་ཅི་ལ་བགྱི། །བཱ་ར་ནཱི་ཞེས་ཅི་ལ་བགྱི། །སུ་ཏ་ན་ཞེས་ཅི་ལ་བགྱི། །ཙ་མུཎྜ་ཞེས་ཅི་ལ་བགྱི། །བ་རུ་ཎཱི་ཞེས་ཅི་ལ་བགྱི། །བཛྲ་མ་ཧཱ་ཀཱ་ལཱི་ཞེས་ཅི་ལ་བགྱི། །ཙ་ཀཱ་ལ་ཞེས་ཅི་ལ་བགྱི། །ཀུ་མ་བྷ་ཀརྞ་ཞེས་ནི་ཅི་ལ་བགྱི། །ལཾ་བོ་ད་ར་ཞེས་ཅི་ལ་བགྱི། །མངོན་རྫོགས་ཡབ་ཀྱིས་བཀའ་སྩལ་པ། །དབང་ཕྱུག་མ་ཡི་དོན་བསྟན་གྱིས། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །རཀྴ་སཱི་ཞེས་བདུད་ཀྱི་བུ་མོ་ཡིན་པས་མགོ་བོ་གཡག །བྲཧྨ་ཚངས་པའི་ཆུང་མ་ཡིན་པས་མགོ་བོ་སྦྲུལ། །རཽ་ཏྲི་ལྷ་ཆེན་ཆུང་མ་ཡིན་པས་མགོ་བོ་གཟིག །བིཥྞ་ཁྱབ་འཇུག་ཆུང་མ་ཡིན་པས་སྲེ་མོའི་མགོ། །ཀུ་མཱ་རཱི་ནི་གཞོན་ནུའི་ཆུང་མ་ཡིན་པས་ཕ་ཝཾ་མགོ། །ཤ་ཀྲ་བརྒྱ་བྱིན་ཆུང་མ་ཡིན་པས་མགོ་བོ་དྲེད། །པིཾ་ག་ལ་ནི་བེ་ཅོན་ཆུང་མ་ཡིན་པས་མགོ་བོ་ཁྲ། །ཨ་མྲྀ་ཏ་ནི་བདུད་རྩིའི་ཆུང་མ་ཡིན་པས་མགོ་བོ་སྡིག །སོའུ་མྱ་ནི་ཟླ་བའི་ཆུང་མ་ཡིན་པས་མགོ་བོ་ཁྲ། །དཎྜ་དཾ་ནི་བེ་ཅོན་ཆུང་མ་ཡིན་པས་མགོ་བོ་ཝ། །རཀྴ་སཱི་ནི་སྲིན་པོའི་ཆུང་མ་ཡིན་པས་མགོ་བོ་ཁྭ། །བྷ་ཀྵ་སཱི་ནི་ཁྱོ་མེད་མ་སྟེ་སྟག་གི་མགོ། །རཱ་ཏི་བཛྲ་དགའ་བྱེད་ཆུང་མ་ཡིན་པས་བྱ་རྒོད་མགོ། །རུ་དྷི་ར་མནྟཱ་ནི་ཁྲག་འཐུང་ཆུང་མ་ཡིན་པས་རྟ་ཡི་མགོ། །ཨེ་ཀ་ཙ་ར་མིག་མི་བཟང་གི་ཆུང་མ་མགོ་བོ་ནམ་མཁའ་ལྡིང་། །


DNG018_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

མ་ནོ་ཧ་ར་མགོ་བོ་ཁྱི་སྟེ་ཁྱོ་མེད་མ། །སིཌྜྷ་ཀཾ་ནི་འདོད་པའི་ཆུང་མ་ཡིན་པས་པུ་ཤུད་མགོ། །བ་ཡ་རླུང་ལྷའི་ཆུང་མ་ཡིན་པས་ཤ་བའི་མགོ། །མ་ར་ཎ་ལུས་པོ་ལྗང་ནག་སྤྱང་ཀིའི་མགོ། །ཨག་ནི་མེ་ལྷའི་ཆུང་མ་ཡིན་པས་སྐྱིན་གྱི་མགོ། །བཱ་ར་ནི་ནི་ས་བདག་ཆུང་མ་ཡིན་པས་མགོ་བོ་ཕག །ཙ་མུཎྜ་ནི་དགའ་བྱེད་བུ་མོ་ཡིན་པས་མགོ་བོ་ཁྭ། །བཱ་རུ་ཎ་ནི་ཀླུ་ཡི་ཆུང་མ་ཡིན་པས་མགོ་བོ་སྦྲུལ། །སུ་ཏ་ན་ནི་ཁྱོ་མེད་མ་སྟེ་མགོ་བོ་གླང་། །མ་ཧཱ་ཀཱ་ལཱི་ནི་ཁྱོ་མེད་མ་སྟེ་མགོ་བོ་རྟ། །ཙ་ཀཱ་ལ་ནི་ལྷོ་ཡི་སྒོ་མ་ཡིན་པས་མགོ་བོ་ར། །ཀུམྦྷ་ཀརྞ་ཉི་ཟླའི་ཆུང་མ་ཡིན་པས་མགོ་བོ་སེང་གེའོ། །ལམ་བོད་ར་བྱང་གི་སྒོ་མ་ཡིན་པས་སྐྱེ་གའི་མགོ། །གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །ལག་ཉ་ཅེས་པ་ཅི་ལ་བགྱི། །པུ་ཏྲི་ཞེས་པ་ཅི་ལ་བགྱི། །སཾ་བོ་ལམ་ཞེས་ཅི་ལ་བགྱི། །ར་བ་ཞེས་ནི་ཅི་ལ་བགྱི། །ཡ་མ་ན་ཙ་ར་ཞེས་ཅི་ལ་བགྱི། །ཀུ་མ་ཞེས་ནི་ཅི་ལ་བགྱི། །ཡཀྴ་ཞེས་ནི་ཅི་ལ་བགྱི། །རཱུ་ཏྲ་ཞེས་ནི་ཅི་ལ་བགྱི། །ན་ཀྵ་ཏྲ་ཞེས་ཅི་ལ་བགྱི། །ཙཀྲ་ཞེས་ནི་ཅི་ལ་བགྱི། །ཨུནྨ་ད་ཞེས་ཅི་ལ་བགྱི། །ཨུཏྟ་ར་སྡི་ཅི་ལ་བགྱི། །དྷརྨ་མི་པ་ཏ་ཞེས་ཅི་ལ་བགྱི། །སི་ཏི་པ་ལ་ཞེས་ཅི་ལ་བགྱི། །ཡཀྴ་ཙི་པུ་ཏ་ཞེས་ཅི་ལ་བགྱི། །པུ་ཏི་མི་ཏེ་ཤ་ཞེས་ཅི་ལ་བགྱི། །མངོན་རྫོགས་ཡབ་ལ་བདག་ཉན་འཚལ། །མངོན་རྫོགས་ཡབ་ཀྱིས་བཀའ་སྩལ་པ། །གཏན་ཚིགས་ཆེན་པོ་ངས་བཤད་ཀྱིས། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །ལག་ཉ་པ་ནི་གྲུལ་བུམ་ཡིན། །པུ་ཏྲི་ན་ནི་འབྱུང་པོ་ཡིན། །སཾ་པོ་ན་ནི་དྲང་སྲོང་ཡིན། །ར་བ་ཞེས་ནི་ལྟོ་འཕྱེ་ཡིན། །ཡ་མ་ན་ནི་མ་མོ་ཡིན། །ཀུ་མ་ན་ནི་ནོར་ལྷ་ཡིན། །ཡཀྴ་ན་ནི་གནོད་སྦྱིན་ཡིན། །རཱུ་ཏྲ་ན་ནི་བགེགས་ཆེན་ཡིན། །ནཀྵ་ཏྲ་ནི་གཟའ་དང་རྒྱུ་སྐར་ཡིན། །ཙཀྲ་ན་ནི་ཡུལ་འཁོར་སྲུང་། །ཨུནྨ་ད་ནི་མྱོས་བྱེད་མ། །ཨུཏྟ་ན་ནི་འཕགས་སྐྱེས་པོ། །ཨུ་ད་ཡ་ནི་ཡང་སྦྱིན་མ་སྟེ་ཡུམ། །ར་ར་མི་ས་མིག་མི་བཟང་། །


DNG018_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

སོ་ཏི་རི་ནི་རིག་པའི་ཡུམ། །ཡཀྴ་ཙི་བུ་ཏ་ནི་རྣམ་ཐོས་སྲས། །པུ་ཏི་མི་ཤ་གནོད་སྦྱིན་འདུལ་མཁས་མ། །ཏན་ཏྲ་ཧེ་རུ་ཀའི་གལ་པོ་ལས། དབང་ཕྱུག་མ་ཡི་ལེའུ་སྟེ་བཅུ་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །མ་ཧཱ་བཛྲ་ད་རི་གང་ལ་བགྱི། །ཏྲི་ཏ་བཛྲ་ཙཀྲ་གང་ལ་བགྱི། །བཛྲ་མ་ཧེ་མ་ཧཱ་གང་ལ་བགྱི། །བཛྲ་ཀུ་མཱ་ར་ཏི་གང་ལ་བགྱི། །མ་ཧཱ་བཛྲ་མ་ཤ་གང་ལ་བགྱི། །བཛྲ་ཀྲ་ཤི་ཅི་ལ་བགྱི། །བཛྲ་ཨག་ནི་ཅི་ལ་བགྱི། །མ་ཧཱ་བཛྲ་མ་ཧཱ་ཀྲོ་ཏ་ཅི་ལ་བགྱི། །མ་ཧཱ་བཛྲ་ཨ་མྲྀ་ཏོ་ཞེས་ཅི་ལ་བགྱི། །མ་ཧཱ་སོ་མི་ཅི་ལ་བགྱི། །མ་ཧཱ་ཧ་སྡི་ཅི་ལ་བགྱི། །མ་ཧཱ་ར་ནི་ཅི་ལ་བགྱི། །མ་ཧཱ་པྲི་ཏོ་ཅི་ལ་བགྱི། །བཛྲ་ནི་ར་ཀ་ནི་ཞེས་ཅི་ལ་བགྱི། །བཛྲ་སོའུ་མ་ཞེས་ཅི་ལ་བགྱི། །མ་ཧཱ་བཛྲ་བ་རི་མ་ཞེས་ཅི་ལ་བགྱི། །བཛྲ་ཤ་ནི་ཤེ་ཞེས་ཅི་ལ་བགྱི། །བཛྲ་ཤ་ནི་ཀ་ཞེས་ཅི་ལ་བགྱི། །བཛྲ་མ་ཏི་མ་ཞེས་ཅི་ལ་བགྱི། །བཛྲ་ཨ་ན་ཡ་ཞེས་ཅི་ལ་བགྱི། །བཛྲ་པེ་ཏ་ག་ཞེས་ཅི་ལ་བགྱི། །བཛྲ་ཛ་དུ་ར་ཞེས་ཅི་ལ་བགྱི། །བཛྲ་ས་ནུ་ཨ་ཏི་ཅི་ལ་བགྱི། །བཛྲ་མ་ཧེ་ཏ་པ་ཅི་ལ་བགྱི། །མཁའ་འགྲོའི་གཏན་ཚིགས་མི་འཚལ་ན། །ཡང་དག་རྫོགས་ལ་བཀའ་ཉན་འཚལ། །མངོན་རྫོགས་ཡབ་ཀྱིས་བཀའ་སྩལ་པ། །མཁའ་འགྲོའི་གཏན་ཚིགས་ངས་བསྟན་གྱི། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །བཛྲ་ད་རི་མཁའ་འགྲོ་དགའ་བྱེད་མ། །ཏྲི་ཏ་བཛྲ་མཁའ་འགྲོ་འདྲེན་བྱེད་དཀར་སྐྱ་མ། །བཛྲ་མ་ཧེ་མཁའ་འགྲོ་གསོད་བྱེད་མདའ་འགེངས་མ། །བཛྲ་ཀུ་མ་རི་ནི་མཁའ་འགྲོ་སྒྲོལ་བྱེད་ཤུགས་ལྡན་མ། །མ་ཧཱ་བཛྲ་མ་ཤ་མཁའ་འགྲོ་དགོས་འདོད་སྐོང་བྱེད་མ། །བཛྲ་ཤ་ཏི་མཁའ་འགྲོ་གཟི་བརྗིད་མ་སྟེ་འོད་དང་ཐོག་འབེབས་མ། །ཨག་ནི་བྱ་བ་མཁའ་འགྲོ་བདུད་ལས་རྒྱལ། །བཛྲ་ཀྲོ་ཏི་དུར་ཁྲོད་བདུད་འཇོམས་མཁའ་འགྲོ་མ། །མ་ཧཱ་བཛྲ་ཨ་མྲྀ་ཏོ་ནི་འདོད་ཆགས་དམར་ནག་མ། །མ་ཧཱ་སོ་མི་སོ་ནི་སྒྲོལ་བྱེད་མཐུ་དབང་རྫོགས། །མ་ཧཱ་བ་ཏི་ན་ནི་དམར་སེར་འཁོར་ལོ་འཕེན། །


DNG018_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཧཱ་ར་ནི་རྒྱས་འདེགས་མ་སྟེ་དམར་ནག་ལྕེ་འབྱིན་མ། །མ་ཧཱ་པྲི་ཏི་ཀ་ནི་སྣ་ཚོགས་ལུས་ཅན་རྒྱ་གྲམ་བསྣམས། །བཛྲ་བི་ར་ཀ་དག་སེམས་འཕྲོག་མ་སྟེ་མ་ལུས་རྡུལ་དུ་རློག །བཛྲ་སེའུ་ན་ནི་འཇིགས་པ་ཀུན་དུ་བསྲུང་། །མ་ཧཱ་བཛྲ་བི་ར་མ་ནི་རྣམ་ཤེས་འཇོམས་པ་མོ། །བཛྲ་ཤ་ནི་ཤ་ན་ཐམས་ཅད་འཇོམས་པ་མོ། །བཛྲ་ཤ་ཀ་ནི་ཐམས་ཅད་སྒྲོལ་བྱེད་མ། །བཛྲ་བི་ཏ་མ་ནི་མ་ལུས་ལྷག་སྡུད་མ། །བཛྲ་ཨ་ན་ཡ་ནི་ཁྱི་མགོ་མཐུ་ལྡན་མ། །བཛྲ་པེ་ཏ་ཀ་ནི་མ་ས་ཕག་གི་མགོ། །བཛྲ་ཛ་དུ་ཡ་ནི་སྔོ་ནག་སྲོག་འདྲེན་རྔ་མོའི་མགོ། །བཛྲ་ཀ་པ་ཏི་ནི་ཐོད་དབྱུག་དགྲ་སྟྭ་པུ་ཤུད་མགོ། །བཛྲ་ཏར་ཤ་ཏ་ནི་དམར་ནག་སྤུ་གྲིའི་མགོ། །བཛྲ་ཀ་ལི་པྲ་བི་ཤ་ནི་དམར་ནག་རུས་འཆའ་བྱི་ལའི་མགོ། །བཛྲ་དུ་ཏི་མ་ནི་མཁའ་འགྲོ་དམར་ལྗང་སྤྲེའུ་མགོ། །བཛྲ་ཀ་ར་ན་ཛ་ཏི་དམར་སེར་རུས་ཕྲེང་ཅེ་སྤྱང་མགོ། །བཛྲ་པྲ་བྷ་ན་ཨ་ཏ་ཀ་ནི་སྲིན་པོ་བུམ་སྣ་མ། །བཛྲ་ས་བན་ཨི་མ་ནི་ད་ཤ་གྷྲཱི་བ་མ། །པ་ཏི་ཨ་ཏི་མ་ནི་མཁའ་འགྲོ་འབོད་སྒྲོགས་མ། །བཛྲ་མ་ཧཱ་ནི་གཤིན་རྣམ་པར་འཇོམས། །ཞེས་བཀའ་སྩལ་ཏོ། །ཏན་ཏྲ་ཧེ་རུ་ཀའི་གལ་པོ་ལས། མཁའ་འགྲོ་མའི་ལེའུ་སྟེ་བཅུ་གཅིག་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །ནང་གི་མ་བདུན་ཇི་ལྟར་ལགས། །ཕྱི་ཡི་མ་བདུན་ཇི་ལྟར་ལགས། །དབྱིངས་ཀྱི་མ་བདུན་ཇི་ལྟར་ལགས། །དོན་ལ་ཁྱད་པར་ཡོད་དམ་མེད། །ཉག་གཅིག་ཡབ་ལ་བདག་ཉན་འཚལ། །མངོན་རྫོགས་ཡབ་ཀྱིས་བཀའ་སྩལ་པ། །ཀུན་གྲགས་ལ་སོགས་ནད་ཀྱི་མ་བདུན་ཡིན། །ཕོར་ཐོགས་ལ་སོགས་ཕྱི་ཡི་མ་བདུན་ཡིན། །ནང་གྲོལ་སྨད་བདུན་གསང་བའི་མ་བདུན་ཡིན། །སྐྱེད་པར་བྱེད་པས་མ་ཡིན་ནོ། །ཚིག་གི་བྱེ་བྲག་བསམ་ཡས་ཀྱང་། །དོན་ལ་བྱེ་བྲག་མེད་པར་བསྟན། །གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །སྤྲུལ་པའི་སྲིང་བཞི་གང་ལ་བགྱི། །དབྱིངས་ཀྱི་སྲིང་བཞི་གང་ལ་བགྱི། །ལས་ཀྱི་སྲིང་བཞི་གང་ལ་བགྱི། །དོན་ལ་བྱེ་


DNG018_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

བྲག་ཡོད་དམ་མེད། །མངོན་རྫོགས་ཡབ་ལ་བདག་ཉན་འཚལ། །དེ་སྐད་གསོལ་པ་གསན་ནས་ཀྱང་། །མངོན་རྫོགས་ཡབ་ཀྱིས་བཀའ་སྩལ་པ། །སྤྲུལ་པའི་སྲིང་བཞི་བྱ་བ་ནི། །ཡི་གེ་ཧཱུཾ་ལས་བསྐྱེད་པ་ཡིན། །དབྱིངས་ཀྱི་སྲིང་བཞི་བྱ་བ་ནི། །ནམ་ཚོང་རྩིབ་མ་བཞི་རུ་གྲགས། །དོན་སྙིང་ཉིད་ལ་འདུ་བའི་ཕྱིར། །ལས་ཀྱི་སྲིང་བཞི་བྱ་བ་ནི། །ལྷ་ཡི་སྲིང་ལ་སོགས་པའོ། །བརྩེ་ཞིང་གདུང་བས་སྲིང་བཞིའོ། །ཚིག་གི་བྱེ་བྲག་བསམ་ཡས་ཀྱང་། །དོན་ལ་བྱེ་བྲག་མེད་པར་བཤད། །ཏན་ཏྲ་ཧེ་རུ་ཀའི་གལ་པོ་ལས། མ་བདུན་སྲིང་བཞིའི་ལེའུ་སྟེ་བཅུ་གཉིས་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །སྤྲུལ་པའི་གིང་ཆེན་ཇི་ལྟར་ལགས། །དབྱིངས་ཀྱི་གིང་ཆེན་ཇི་ལྟར་ཡིན། །ལས་ཀྱི་གིང་ཆེན་ཇི་ལྟར་ལགས། །དོན་ལ་བྱེ་བྲག་ཡོད་དམ་མེད། །མངོན་རྫོགས་ཡབ་ལ་བདག་ཉན་འཚལ། །མངོན་རྫོགས་ཡབ་ཀྱིས་བཀའ་སྩལ་པ། །རྡོ་རྗེ་སྤྱང་ཀི་ལ་སོགས་སྤྲུལ་པའི་གིང་ཆེན་ཡིན། །རྩིབས་མ་གཡས་དགུ་གཡོན་དགུ་དབྱིངས་ཀྱི་གིང་ཆེན་ཡིན། །ཕོ་མོ་ཀག་པ་ལ་སོགས་ལས་ཀྱི་གིང་ཆེན་ཡིན། །ཐམས་ཅད་སྒྲོལ་བས་གིང་ཞེས་བཤད། །ཚིག་གི་བྱེ་བྲག་བསམ་ཡས་ཀྱང་། །དོན་ལ་བྱེ་བྲག་མེད་པར་བཤད། །གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །ཕོ་ཉ་སུམ་བརྒྱ་དྲུག་ཅུ་མ་འཚལ་ན། །དུང་གི་མི་མོ་དྲུག་ཅུ་ཅི་ལ་བགྱི། །གཡུ་ཡི་མི་མོ་དྲུག་ཅུ་ཅི་ལ་བགྱི། །ལྕགས་ཀྱི་མི་མོ་དྲུག་ཅུ་ཅི་ལ་བགྱི། །ཟངས་ཀྱི་མི་མོ་དྲུག་ཅུ་ཅི་ལ་བགྱི། །གསེར་གྱི་མི་མོ་དྲུག་ཅུ་གང་ལ་བགྱི། །བསེ་ཡི་མི་མོ་དྲུག་ཅུ་ཅི་ལ་བགྱི། །མངོན་རྫོགས་ཡབ་ལ་བདག་ཉན་འཚལ། །དེ་སྐད་གསོལ་པ་གསན་ནས་ཀྱང་། །མངོན་རྫོགས་ཡབ་ཀྱིས་བཀའ་སྩལ་པ། །སྐུ་ཡི་འོད་ཟེར་རྣམ་པ་དྲུག་ཅུ་ལ། །སུམ་བརྒྱ་དྲུག་ཅུ་དོན་བགྲངས་ཕྱིར། །ཕོ་ཉ་སུམ་བརྒྱ་དྲུག་ཅུར་སྤྲུལ། །ཤར་ཕྱོགས་འོད་ཟེར་དཀར་པོ་ལས། །དུང་གི་མི་མོ་དྲུག་ཅུར་སྤྲུལ། །རྡོ་རྗེ་རིགས་ཀྱི་ཕོ་ཉ་ཡིན། །ཤར་གྱི་ཕྱོགས་སུ་


DNG018_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

བཀྱེ་བ་ལས། །དྲི་ཟའི་འཁོར་ཚོགས་ཕུང་བར་བྱེད། །དྲི་ཟ་ཕོ་ནི་བསྒྲལ་ཏེ་བཏང་། །དྲི་ཟ་མོ་ནི་དམ་ལ་བཏགས། །འཁོར་གྱི་གདོན་ཚོགས་དབང་དུ་བསྡུས། །ལྷོ་ཕྱོགས་འོད་ཟེར་སྔོན་པོ་ལས། །གཡུ་ཡི་མི་མོ་དྲུག་ཅུར་སྤྲུལ། །རིན་ཆེན་རིགས་ཀྱི་ཕོ་ཉ་ཡིན། །ལྷོ་ཡི་ཕྱོགས་སུ་བཀྱེ་བ་ལས། །ལྷོ་ཡི་བགེགས་རྣམས་ཕུང་བར་བྱེད། །གཤིན་རྗེ་ཕོ་ནི་བསྒྲལ་ཏེ་བཏང་། །གཤིན་རྗེ་མོ་ནི་དམ་ལ་བཏགས། །འཁོར་གྱི་བགེགས་རྣམས་དབང་དུ་བསྡུས། །ནུབ་ཕྱོགས་དགྲ་བགེགས་བསྒྲལ་བའི་ཕྱིར། །སྐུ་ཡི་འོད་ཟེར་དམར་པོ་ལས། །ཟངས་ཀྱི་མི་མོ་དྲུག་ཅུར་སྤྲུལ། །པདྨ་གསུང་གི་ཕོ་ཉ་མ། །ནུབ་ཀྱི་ཕྱོགས་སུ་བཀྱེ་བ་ལས། །ནུབ་ཕྱོགས་གདོན་རྣམས་ཕུང་བར་བྱེད། །ཆུ་བདག་ཕོ་ནི་བསྒྲལ་ཏེ་བཏང་། །ཆུ་བདག་མོ་ནི་དམ་ལ་བཏགས། །འཁོར་གྱི་གདོན་བགེགས་དབང་དུ་བསྡུས། །བྱང་ཕྱོགས་དགྲ་བགེགས་བསྒྲལ་བའི་ཕྱིར། །སྐུ་ཡི་འོད་ཟེར་ལྕགས་ཁ་ལས། །ལྕགས་ཀྱི་མི་མོ་དྲུག་ཅུར་སྤྲུལ། །ལས་ཀྱི་རིགས་ཀྱི་ཕོ་ཉ་ཡིན། །བྱང་གི་ཕྱོགས་སུ་བཀྱེ་བ་ལས། །བྱང་ཕྱོགས་གདོན་བགེགས་ཕུང་བར་བྱེད། །གནོད་སྦྱིན་ཕོ་ནི་བསྒྲལ་ཏེ་བཏང་། །གནོད་སྦྱིན་མོ་ནི་དམ་ལ་བཏགས། །འཁོར་གྱི་གདོན་བགེགས་དབང་དུ་བསྡུས། །འོག་གི་འོད་ཟེར་སེར་པོ་ལས། །གསེར་གྱི་མི་མོ་དྲུག་ཅུར་སྤྲུལ། །ཁྲོ་བོ་འབུམ་གྱི་ཕོ་ཉ་ཡིན། །འོག་གི་གདོན་རྣམས་ཕུང་བར་བྱེད། །ས་བདག་ཕོ་ནི་བསྒྲལ་ཏེ་བཏང་། །ས་བདག་མོ་ནི་དམ་ལ་བཏགས། །འཁོར་གྱི་གདོན་བགེགས་དབང་དུ་བསྡུས། །སྟེང་གི་འོད་ཟེར་སྨུག་པོ་ལས། །བསེ་ཡི་མི་མོ་དྲུག་ཅུར་སྤྲུལ། །མ་མོ་འབུམ་གྱི་ཕོ་ཉ་ཡིན། །ཡང་བྲན་བརྒྱད་ཅུ་རྩ་གཉིས་ནི། །ཟ་བྱེད་མཆེ་བ་ཅན་གྱི་ཚོགས། །གསོད་བྱེད་མཚོན་ཆ་ཅན་གྱི་ཚོགས། །འཛིན་བྱེད་སྡེར་མོ་ཅན་གྱི་ཚོགས། །སྙེག་བྱེད་གཤོག་པ་ཅན་གྱི་ཚོགས། །ངས་གསུངས་པ་ལ་གདོན་མི་ཟ། །དཔལ་ཧེ་རུ་ཀའི་གལ་པོ་ལས། གིང་དང་


DNG018_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

ཕོ་ཉའི་ལེའུ་སྟེ་བཅུ་གསུམ་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །ཁྲོ་བོ་དཔལ་ཆེན་ཆས་རྣམས་ལ། །ཁྱུང་གི་གཤོག་པ་ཇི་ལྟར་ལགས། །རལ་པ་ཁམ་ནག་ཇི་ལྟར་ལགས། །སྨིན་མ་ཁྲོ་གཉེར་ཇི་ལྟར་ལགས། །ཤངས་ནས་རླུང་འབྱིན་ཅི་ལྟར་ལགས། །ཞལ་བགྲད་མཆེ་གཙིགས་ཇི་ལྟར་ལགས། །སྐུ་སྟོད་གླང་ཆེན་ཀོ་རློན་ཇི་ལྟར་ལགས། །ཞིང་ཆེན་གཡང་གཞི་གསོལ་བ་ཇི་ལྟར་ལགས། །སྦྲུལ་ནག་ཆུན་པོས་བརྒྱན་པ་ཇི་ལྟར་ལགས། །མེ་དཔུང་ཀློང་ན་བཞུགས་པ་ཇི་ལྟར་ལགས། །སྟག་གི་ཤམ་ཐབས་མནབས་པ་ཇི་ལྟར་ལགས། །མངོན་རྫོགས་ཡབ་ལ་བཀའ་ཉན་འཚལ། །མངོན་རྫོགས་ཡབ་ཀྱིས་བཀའ་སྩལ་པ། །ཁྱུང་གཤོག་ཁམས་གསུམ་དབང་དུ་སྡུད་པ་ཡིན། །རལ་པ་ཁམ་ནག་ཆོས་ཉིད་སྤྲོས་བྲལ་ཡིན། །སྨིན་མཚམས་ཁྲོ་གཉེར་འགྲོ་བའི་དོན་རྣམས་བྱེད། །ཤངས་ནས་རླུང་འབྱིན་ལས་དང་ཉོན་མོངས་འབུད། །ཞལ་བགྲད་མཆེ་གཙིགས་སྐྱེ་ཤི་རྩད་གཅོད་ཡིན། །གླང་ཆེན་ཀོ་རློན་གཏི་མུག་དབང་སྡུད་ཡིན། །ཞིང་ཆེན་གཡང་གཞི་འཁོར་བ་གནས་སུ་དག །སྦྲུལ་ནག་ཆུན་པོས་གཏི་མུག་ཀླུ་རྣམས་དབང་སྡུད་ཡིན། །མེ་དཔུང་འབར་བས་ལས་དང་ཉོན་མོངས་སྲེག །སྟག་གི་ཤམ་ཐབས་གདུག་པ་ཟིལ་གནོན་ཡིན། །དཔལ་ཧེ་རུ་ཀའི་གལ་ པོ་ལས། ཁྲོ་བོའི་ཆས་ཀྱི་ལེའུ་སྟེ་བཅུ་བཞི་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། བཅོམ་ལྡན་འདས་དཔལ་ཧེ་རུ་ཀའི་འཁོར་ཚོགས་རྣམས། ཕྱག་རྒྱའི་དོན་ཀྱང་མ་འཚལ་ན། །དབུ་གསུམ་ཕྱག་དྲུག་ཇི་ལྟར་ལགས། །ཞལ་གཅིག་ཕྱག་གཉིས་ཇི་ལྟར་ལགས། །གཡས་ཀྱི་དང་པོ་རྡོ་རྗེ་རྩེ་དགུ་བསྣམས་པ་ཇི་ལྟར་ལགས། །བར་མ་ཁ་ཊྭཱཾ་རྩེ་གསུམ་བསྣམས་པ་ཇི་ལྟར་ལགས། །ཐ་མ་རྔེའུ་ཆུང་བསྣམས་པ་ཇི་ལྟར་ལགས། །གཡོན་པ་དྲིལ་བུ་བསྣམས་པ་ཇི་ལྟར་ལགས། །བནྡྷ་དམར་གྱིས་བཀང་བ་ཐོགས་པ་ཇི་ལྟར་ལགས། །རྒྱུ་མའི་


DNG018_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

ཞགས་པ་ཐོགས་པ་ཇི་ལྟར་ལགས། །ཀྲོ་ཏི་ཤྭ་རཱི་དཔལ་འབར་རྣམས། །གཡས་པ་རྡོ་རྗེ་རྩེ་གསུམ་བསྣམས་པ་ཇི་ལྟར་ལགས། །གཡོན་པ་བྷན་དམར་གཙོ་ལ་སྟོབ་པ་ཇི་ལྟར་ལགས། །མངོན་རྫོགས་ཡབ་ལ་བདག་ཉན་འཚལ། །མངོན་རྫོགས་ཡབ་ཀྱིས་བཀའ་སྩལ་པ། །ཕྱག་རྒྱའི་དོན་རྣམས་ངས་བཤད་ཀྱིས། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །དབུ་གསུམ་སྐུ་གསུམ་ཐོབ་པ་སྟེ། །རྣམ་ཐར་གསུམ་དང་ལྡན་པའོ། །ཕྱག་དྲུག་མཛད་པ་སྣ་ཚོགས་ནི། །ཡེ་ཤེས་དྲུག་གི་རོལ་པ་ཉིད། །སྣ་ཚོགས་ལས་ལ་དབང་བསྒྱུར་བའོ། །དེ་ལ་ཕྱག་མཚན་ངས་བཤད་པ། །རྡོ་རྗེ་རྩེ་དགུ་ཡེ་ཤེས་དགུ་དང་ལྡན། །ཁ་ཊྭཱཾ་རྩེ་གསུམ་སྐུ་གསུང་ཐུགས་ལྡན་ཡིན། །རྔེའུ་ཆུང་དྲེག་པ་གཞན་གྱིས་ཐུབ་པ་མེད་པ་ཡིན། །དྲིལ་བུ་དབྱིངས་ཏེ་མ་ནོར་མ་བཅོས་རྟགས། །བནྡྷ་འཁོར་བ་ཆོས་ཉིད་དབྱིངས་སུ་རྟོགས། །རྒྱུ་ཞགས་འཁོར་བ་དབྱིངས་སུ་འཆིང་སྡོམ་ཡིན། །ཡུམ་གྱི་ཁ་ཊྭཱཾ་རྩེ་གསུམ་སྐུ་གསུང་ཐུགས་ལྡན་ཡིན། །བྷན་དམར་གཙོ་ལ་སྟོབ་པ་ཡབ་ཀྱི་ཐུགས་དམ་སྐོང་བ་ཡིན། །ཞལ་གཅིག་དབྱིངས་སུ་རྫོགས་པའི་ཞལ། །མཐིང་ཀ་གཞན་དུ་མི་འགྱུར་རྟགས། །གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །ཀོའུ་རི་བྷན་དམར་བྱིས་དབྱུག་སྔོ་བ་ཇི་ལྟར་ལགས། །ཙོའུ་རི་སེར་མོ་མདའ་གཞུ་འགེངས་པ་ཇི་ལྟར་ལགས། །པྲ་མོ་ཆུ་སྲིན་རྒྱལ་མཚན་འཕྱར་བ་ཇི་ལྟར་ལགས། །པེ་ཏ་བྱིས་བྲ་རྡོར་འཕྱར་གནག་པ་ཇི་ལྟར་ལགས། །པུཀྐ་དམར་སེར་བྱིས་རྒྱུ་འདྲེན་པ་ཇི་ལྟར་ལགས། །གྷསྨ་དུང་ཁྲག་འཐུང་བ་ཇི་ལྟར་ལགས། །སྨ་ཤ་དགྲ་སྙིང་ཟ་བ་ཇི་ལྟར་ལགས། །ཙནྡྷ་མཆོག་ལུས་འབྲལ་བ་ཇི་ལྟར་ལགས། །མངོན་རྫོགས་ཡབ་ལ་བདག་ཉན་འཚལ། །མངོན་རྫོགས་ཡབ་ཀྱིས་བཀའ་སྩལ་པ། །གཽ་རཱི་བནྡྷ་ཆོས་ཉིད་སྤྲོས་དང་བྲལ། །ཁྲག་ནི་ཆོས་ཉིད་འཁོར་བར་རྟོགས། །ཞིང་དབྱུག་ཉོན་མོངས་རྡུལ་དུ་རློག །མདའ་གཞུ་ཆོས་ཉིད་དབྱིངས་སུ་འབིགས། །རྒྱལ་མཚན་ནུབ་པའི་དུས་མེད་ཡེ་ཤེས་ཀྱང་ཡིན། །རྡོ་རྗེ་ཡེ་ཤེས་དགུ་དང་ལྡན། །བྱིས་རྒྱུ་བླ་མེད་དབྱིངས་


DNG018_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

སུ་འདྲེན། །ཐོད་ཁྲག་འཁོར་བ་ཆོས་ཉིད་ཡིན། །བྱིས་སྙིང་ཆོས་ཉིད་ཐུགས་ཆུད་རྟགས། །མཆོག་ལུས་དབྱིངས་དང་ཡེ་ཤེས་ཡིན། །ངས་གསུངས་པ་ལ་གདོན་མི་ཟ། །གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །སིངྷ་གསོད་བྱེད་བསྣོལ་སེར་ཇི་ལྟར་ལགས། །བྱ་གྷྲ་བསྣོལ་དམར་ཇི་ལྟར་ལགས། །སྲི་ལ་བྱིས་ལྡག་ཇི་ལྟར་ལགས། །ཤྭ་ན་འདྲལ་ལྟ་ཇི་ལྟར་ལགས། །གྲྀཌྷ་རྒྱུ་འདྲེན་ཇི་ལྟར་ལགས། །ཀང་ཀ་ཞིང་ཁུར་ཇི་ལྟར་ལགས། །ཁ་ཁ་བན་གྲི་ཅི་ལྟར་ལགས། །ཧུ་ལུ་སྒྲོན་ཁྱེར་ཇི་ལྟར་ལགས། །ཡང་དག་རྫོགས་ལ་བདག་ཉན་འཚལ། །མངོན་རྫོགས་ཡབ་ཀྱིས་བཀའ་སྩལ་པ། །བསྣོལ་སེར་དབྱིངས་དང་ཡེ་ཤེས་ཡིན། །བསྣོལ་བལྟ་སྐུ་གསུམ་བདེ་བ་ཐོབ། །སྲི་ལ་ཆོས་ཉིད་རོ་མྱང་ཡིན། །ཤྭ་ནས་ཆོས་ཉིད་བདེ་བ་ཐོབ། །གྲྀཌྷ་མགྲིན་དམར་འཁོར་བའི་རྒྱ་མཚོ་འདྲལ། །ཀང་ཀ་ཞིང་ཁུར་འཁོར་བ་ཆོས་ཉིད་ཡིན། །ཁ་ཁ་རྒྱུ་འདྲེན་ཡིད་བཞིན་འཁོར་བ་འདྲེན། ། འཁོར་ལོ་སྒྱུར་ཀྱང་། ཧུ་ལུ་སྒྲོན་ཁྱེར་ཡེ་ཤེས་སྤྱན་དང་ལྡན། །གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །རྟ་གདོང་ལྕགས་ཀྱུ་ཇི་ལྟར་ལགས། །ཕག་གདོང་ཞགས་པ་ཇི་ལྟར་ལགས། །སེང་གདོང་ཉི་ཟླ་ཇི་ལྟར་ལགས། །ཐལ་བྱེད་དྲིལ་བུ་ཇི་ལྟར་ལགས། །མངོན་རྫོགས་ཡབ་ལ་བདག་ཉན་འཚལ། །ཉག་གཅིག་ཡབ་ཀྱིས་བཀའ་སྩལ་པ། །ལྕགས་ཀྱུས་བླ་མེད་གནས་སུ་འདྲེན། །ཞགས་པས་ལས་དང་ཉོན་མོངས་འཆིང་། །ཉི་ཟླ་ཡེ་ཤེས་སྤྱན་དང་ལྡན། །ཡང་ན་མུན་པའི་སྡུག་བསྔལ་སེལ། །དྲིལ་བུས་ཤེས་པའི་རྒྱུད་རྣམས་འགྲོལ། །གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །དབང་ཕྱུག་མཁའ་འགྲོ་མ་བདུན་དང་། །སྲིང་བཞི་གིང་དང་ཕོ་ཉའི་ཚོགས། །ཕྱག་རྒྱ་ཕུལ་བའི་ཡོན་ཏན་དང་། །མ་ཕུལ་བ་ཡི་སྐྱོན་ཅི་ལགས། །ཉག་གཅིག་ཡབ་ལ་བཀའ་ཉན་འཚལ། །མངོན་རྫོགས་ཡབ་ཀྱིས་བཀའ་སྩལ་པ། །ཕྱག་རྒྱ་ཕུལ་བའི་ཡོན་ཏན་ནི། །རྒྱལ་བའི་སྤྱན་རྣམས་མཉེས་པར་བྱེད། །ཕྱག་རྒྱ་མ་ཕུལ་མ་ཤེས་ན། །དོན་དང་རྟགས་སུ་ཡོངས་མི་ལྡན། །དབང་ཕྱུག་ལ་སོགས་ཕྱག་རྒྱ་རྣམས། །རྒྱུད་གཞན་དག་ནས་


DNG018_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་དང་མཐུན། །དགོངས་པ་ཡིད་ཀྱི་བཟླས་པ་ཡིན། །འཛབ་ནི་ངག་གི་བཟླས་པ་ཡིན། །ཕྱག་རྒྱ་ལུས་ཀྱི་བཟླས་པ་ཡིན། །རབ་ཀྱིས་ཉིན་གསུམ་མཚན་གསུམ་དབུལ། །འབྲིང་གིས་ཉིན་གཉིས་མཚན་གཉིས་དབུལ། །ཐ་མས་ཉིན་རེ་མཚན་རེ་དབུལ། །ཐ་མས་ཚེས་གྲངས་དུས་བཟང་ལ། །རྒྱུན་མི་འཆད་པར་དབུལ་བར་བྱ། །དེ་ལས་འདས་ན་ཉམས་པ་ཡིན། །དཔལ་ཧེ་རུ་ཀའི་གལ་པོ་ལས། ཕྱག་རྒྱའི་ལེའུ་སྟེ་བཅོ་ལྔ་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །སྨན་དང་བདུད་རྩི་སྒྲུབ་པ་ཡི། །དོན་དང་གཏན་ཚིགས་ཇི་ལྟ་བུ། །ཉག་གཅིག་ཡབ་ལ་བདག་ཉན་འཚལ། །མངོན་རྫོགས་ཡབ་ཀྱིས་བཀའ་སྩལ་པ། །བཀྲ་ཤིས་ཉམས་དགའ་ནགས་ཚལ་རྒྱས་པའམ། །ཤིན་ཏུ་དབེན་པའི་ས་ཕྱོགས་སུ། །མ་དག་པ་ནི་མཚམས་བཅད་ལ། །རྩ་བ་བརྒྱད་དང་ཡན་ལག་སྟོང་། །དེ་ཡི་མདོ་དོན་དམ་པ་ནི། །དཀྱིལ་འཁོར་གྲུ་བཞིར་ཤེས་པར་གྱིས། །དེ་ལྟར་བྲིས་པའི་དཀྱིལ་འཁོར་དུ། །རྒྱལ་རིགས་རྗེ་རིགས་བྲམ་ཟེའི་རིགས། །སྲིད་གསུམ་བྷནྡྷ་བཟང་ཁོར་ཡུག །རུས་སྦལ་མགོའམ་འཁར་གཞོང་དུ། །དབུས་སུ་བྱང་ཆུབ་སེམས་ཀྱིས་བསྐོར། །ཡི་གེ་ཧཱུཾ་གིས་འཇུ་འདུལ་བྱ། །གར་དུ་དྲི་ཆེན་རྫས་ཀྱིས་བསྐོར། །ཡི་གེ་ཨོཾ་གྱིས་བཞུ་འདུལ་བྱ། །ལྷོ་རུ་ཤ་ཆེན་རྫས་ཀྱིས་བསྐོར། །ཡི་གེ་སྭཱ་ཡིས་བཞུ་འདུལ་བྱ། །ནུབ་ཏུ་རཀྟ་རྫས་ཀྱིས་བསྐོར། །ཡི་གེ་ཨྃ་གིས་བཞུ་འདུལ་བྱ། །བྱང་དུ་དྲི་ཆུ་རྫས་ཀྱིས་བསྐོར། །ཡི་གེ་ཧཱ་ཡིས་བཞུ་འདུལ་བྱ། །ཕ་ཡི་རྒྱུ་བཞི་མ་ཡི་འདྲེལ་བ་བཞི། །མཐར་ཐུག་བཞི་ཞེས་བྱ་བ་ནི། །མིང་གིས་མེད་དུ་མི་རུང་ངོ་། །རྫས་ལྔ་ཚོམ་བུ་ལྔ་རྫོགས་ནས། །ཉེ་བའི་བསྙེན་པ་ཞག་གཅིག་བྱ། །ཉེ་བའི་བསྙེན་པ་རྫོགས་ནས་ནི། །བདུད་ཀྱི་འཁྱིལ་པའི་དཀྱིལ་འཁོར་དུ། །བརྡུང་དང་བཙགས་དང་གཞལ་བར་བྱ། །ཁྲོ་བོ་དྲག་པོའི་དཀྱིལ་འཁོར་དུ། །རུ་ལུ་གར་གྱི་བྲོ་ཡིས་སྦྱང་། །འོད་དང་དུ་བ་སྒྲ་དང་དྲི། །ལྷ་མོའི་གཟུགས་རྣམས་བྱུང་བ་ན། །རྟ་མཆོག་དབང་གི་དཀྱིལ་འཁོར་བྲི། །བླ་མ་དག་ལ་དབང་རྣམས་ནོད། །བཀྲ་ཤིས་ཚིགས་བཅད་དག་ཀྱང་བརྗོད། །ཡེ་ཤེས་ལྷ་ལ་


DNG018_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

གཏང་རག་བཏང་། །དཔལ་ཧེ་རུ་ཀའི་གལ་པོ་ལས། ར་ས་ཡ་ནའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་ཡབ་མངོན་རྫོགས་རྒྱལ་པོས། དཔལ་ཧེ་རུ་ཀའི་གལ་པོ་འདི། ལྷ་གནོད་འདུལ་དང་། འཇམ་དཔལ་རྣོན་པོ་དང་། རིགས་ལྔའི་སངས་རྒྱས་དང་། གསང་བའི་ཡུམ་ལྔ་དང་། འཁོར་གྱི་བྱང་ཆུབ་སེམས་དཔའ་སེམས་མའི་ཚོགས་དང་། ཁྲོ་བོ་དང་། ཁྲོ་མོ་དང་། ཚངས་པ་དང་། འཇོག་པོ་དང་། དྲང་སྲོང་དང་། ལྷ་རྣམས་དང་། མིའི་བྱང་ཆུབ་སེམས་དཔའ་ལི་ཙ་བི་དྲི་མ་མེད་པར་གྲགས་པ་དང་འཁོར་མང་པོ་དང་བཅས་པ་རྣམས་ལ། ཡབ་མངོན་རྫོགས་རྒྱལ་པོས་མྱ་ངན་ལས་འདས་པའི་ཀློང་རུམ་ནས་བཞེངས་ཏེ། བཀའ་སྩལ་པ།ཞལ་ནས་གསུངས་པ་ཐམས་ཅད་དང་ཐེག་པ་རིམ་དགུ་ལ་སོགས་པའི་དོན་ནི། གསང་རྒྱུད་ཆེན་པོ་འདིར་འདུས་ལ། གསང་རྒྱུད་ཆེན་པོ་འདི་རབ་ཏུ་ཤེས་པར་གྱིས་ཤིག །ཅེས་བཀའ་སྩལ་ཏོ། །གཏད་དོ། །ཛམྦུའི་གླིང་ནས་གསུངས་པ་ཐམས་ཅད་དང་། ཐེག་པའི་རྣམ་གྲངས་ཐམས་ཅད་ཀྱང་། རྒྱུད་ཆེན་པོ་འདི་ལ་འདུས། འདི་ལ་བརྩོན་འགྲུས་ནན་ཏན་སྐྱེད། །རྒྱུད་ཆེན་འདི་ཡི་རང་བཞིན་ནི། །ཡན་ལག་དྲུག་རྣམས་སྤྲོས་པ་དང་། །རང་བྱུང་ཐུགས་རྗེ་བརྡལ་བའི་ཀློང་། །དམ་ཚིག་ཀུན་བཟང་སྐུ་གསུང་ཐུགས། །ཆུ་སྲིན་གྲེ་བ་དགུ་བརྩེགས་ནང་། །ནོར་བུ་རིན་ཆེན་འབར་བ་སྦས། །སྡུད་པ་པོ་རྡོ་རྗེ་རྣོན་པོ་ལ་གཏད་དོ། །འཇམ་དཔལ་རྣོན་པོ་དང་། འཁོར་རྒྱལ་བ་རྒྱ་མཚོ་རྣམས་ལ་འདི་སྐད་ཅེས་བརྗོད་དོ། །སྟོང་གསུམ་མ་སྤངས་སྲིད་པ་ཡོངས་ཀྱི་དཔལ། །དུས་གསུམ་བདེ་བར་གཤེགས་པ་རྣམས་ཀྱི་ཐུགས། །དགོངས་པ་ཐ་དག་རྣམས་ཀྱི་བརྣག་པ་སྟེ། །བྱང་ཆུབ་སེམས་ཀྱི་ཐིག་ལེ་ཆེ། །བདེ་བར་གཤེགས་པའི་སྙིང་པོ་ཆེན་པོ་ནི། །ཚིག་དང་ཡི་གེས་མཚོན་དུ་མེད། །སྟོན་པའི་དགོངས་པ་རྒྱ་མཚོ་ཆེན་པོ་འདྲ། །ཆོས་ཉིད་སྟོང་སྟེ་དམིགས་སུ་མེད། །ཀུན་གཞི་གཏིང་དཔག་མེད་པས་རྒྱ་མཚོ་ཆེན་པོའི་དབྱིངས། །སེམས་ཀྱི་རང་བཞིན་ཅིར་ཡང་འོད་གསལ་བས། །བདེ་ཆེན་བྱང་ཆུབ་སེམས་ནི་འགྱུར་མེད་ནམ་མཁའ་འདྲ། །ཆོས་དང་བྱང་ཆུབ་སེམས་ནི་བདེ་བས་ཀུན་ལ་ཁྱབ། །ཞེས་འཁོར་ལ་བཀའ་སྩལ་ཏོ། །དེ་ནས་འཁོར་རྣམས་ཀྱིས་ལེགས་སོ་ལེགས་སོ་ཨ་ལ་ལ་ཧོ། ཞེས་བརྗོད་ནས། རྟོགས་ཏེ་དབང་པོས་གོ་བར་གྱུར་ཏོ། །དེ་


DNG018_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འཁོར་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །ཐུགས་ཀྱི་དཀྱིལ་འཁོར་ལྔ་ལྡན་ཞིང་། །སྣང་སྲིད་ཐམས་ཅད་ཡོངས་སུ་གསལ། །འཁོར་བའི་རྒྱུན་རྣམས་ཀུན་བཀག་ནས། །ཆོས་རྣམས་མ་ལུས་སངས་རྒྱས་པར། །སྟོན་པས་བསྟན་པ་ཉིད་དུ་རྫོགས། །ཞེས་གསོལ་ཏོ། །བསྔོ་བ་མེད་པའི་མཆོད་པ་དང་། འདོད་པ་མེད་པའི་ཡོན་ཏན་ནམ་མཁའ་ལྟ་བུར་ཀུན་ལ་ཁྱབ་པར་སྤྲུལ་ཏེ། སྟོན་པ་ལ་མཆོད་ནས་འདི་སྐད་ཅེས་གསོལ་ཏོ། །ཅི་ཡང་མ་བཀག་ཆོས་ཀྱི་དབྱིངས། །ལྟ་བ་ཁྱུང་ཆེན་ནམ་མཁའ་ལྡིང་། །སྤྱོད་པ་མ་བཀག་རྒྱ་མཚོའི་འཇིང་། །དམ་ཚིག་མ་བཀག་བསྲུང་དུ་མེད། །བསྒྲུབ་པ་མ་བཀག་ཡོངས་སུ་རྫོགས། །ཕྲིན་ལས་མ་བཀག་ཀུན་ལ་རོལ། །ཞེས་སྟོན་པ་ལ་གསོལ་ཏོ། །དེ་ནས་སྟོན་པས་འཁོར་རྒྱལ་བ་རྒྱ་མཚོ་རྣམས་ལ། གསང་བ་ཆེན་པོ་བྱིན་པ།གསང་བའི་གསང་ཆེན་དེ་ཁོ་ན་ཉིད། །འཁོར་བའི་རྒྱུ་བསྟན་འབྱུང་བ་ལྔ། །འཁོར་བའི་རྒྱན་བསྟན་ཕྱག་རྒྱ་ཡིན། །འཁོར་བའི་གནས་སུ་བསྟན་པས་བྱང་ཆུབ་སེམས། །ས་ཆུ་མེ་རླུང་འབྱུང་བ་ལྔ། །བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཏེ། །སྨོན་པ་མེད་པའི་ཡབ་ལྔ་དང་། །ཆགས་པ་མེད་པའི་ཡུམ་ལྔ་དང་། །གསང་བའི་གནས་མཆོག་བྱང་ཆུབ་སེམས། །འཆི་བ་མེད་པའི་སྲོག་ཀྱང་ཡིན། །གོལ་ས་མེད་པའི་ལམ་ཡང་ཡིན། །རེ་དོགས་མེད་པའི་གནས་ཀྱང་ཡིན། །ལྷུན་གྱིས་གྲུབ་པའི་ལྟ་བ་ཡིན། །འདའ་བར་དཀའ་བའི་དམ་ཚིག་ཡིན། །ཆེ་བ་རང་བྱུང་བཅོམ་ལྡན་འདས། །ཉན་ཐོས་རང་རྒྱལ་ཐེག་ཆེན་ཡེ་ནས་རྫོགས། །ཏན་ཏྲ་ཧེ་རུ་ཀའི་གལ་པོ་ལས། ཡོངས་སུ་གཏད་པའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་སྡུད་པ་པོ་རྡོ་རྗེ་རྣོན་པོ་ལ་སོགས་པ་རྣམས་ཀྱིས་ཐམས་ཅད་ཧེ་རུ་ཀའི་ངང་དུ་རྟོགས་པ་ཕུལ་ལོ། །སྟོང་གསུམ་ཡེ་བརྡལ་རྡོ་རྗེའི་དཀྱིལ་འཁོར་དུ། །དུར་ཁྲོད་ཆེན་པོ་བྱང་ཆུབ་ལུས། །རྟོགས་ཆེན་རྣལ་འབྱོར་བྱང་ཆུབ་མཛོད། །བཤད་པས་མཉན་པའི་སྙིང་པོ་འདི། །སངས་རྒྱས་གཞན་ནས་ཡོང་མི་འདྲེན། ༈ །ཉིད་ལས་ཀུན་རྫོགས་གཞལ་ཡས་ཁང་། །དངོས་གྲུབ་གཞན་ནས་མི་སློང་སྟེ། །


DNG018_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པའི་དཀྱིལ་འཁོར་རང་ལ་ཤར། །རེ་དོགས་མེད་པར་ཡེ་ནས་གནས། །གཞན་ནས་མི་སློང་ཉིད་ལ་རྫོགས། །མཉམ་ཉིད་མ་སྐྱེས་མྱ་ངན་འདས། །ཞེས་བརྗོད་དོ། །ཤིན་ཏུ་ངོམས་ཤིང་ངོ་མཚར་སྐྱེས་ནས། སྟོན་པ་ལ་འཁོར་རྣམས་ལྷགས་ནས་ཉན་ཏོ། །དེ་ནས་མངོན་རྫོགས་ཀྱི་རྒྱལ་པོས། ལྷ་གནོད་འདུལ་ལ་སོགས་པ་ལ་བཀའ་སྩལ་པ། ལྷ་གནོད་འདུལ་ལ་སོགས་པ་ཁྱེད་རྣམས། ངས་ཆོས་འདི་བསྡུས་ལ་བཤད་དོ། །དཔལ་ཧེ་རུ་ཀའི་གལ་པོ་འདི་ནི་རྒྱ་ཆེ་ཞིང་ཟབ་པ་ཡིན་ཏེ། ཁྱེད་ཀྱིས་ཟིན་པར་གྱིས་ཤིག །རྟོགས་ཤིག །ཆོངས་ཤིག །སྒྲུབས་ཤིག །དཔལ་ཧེ་རུ་ཀའི་གལ་པོ་འདི་ནི་དཔེར་ན་མེ་དང་འདྲ་སྟེ། ཆུང་ངུ་ནས་ཆེ་བའི་རི་རབ་ཀྱང་སྲེག་གོ། །ཐེག་པ་ཆེན་པོ་འདི་ནི་ཉི་མའི་ཟེར་དང་འདྲའོ། །འཛམ་གླིང་གཞི་དང་རིའི་རྒྱལ་པོ་རྣམས་ཀྱང་། འཁོར་ཡུག་དང་།གངས་རྒྱུད་དང་། བོག་རི་དང་། དེའུ་ལ་སོགས་པ་གསལ་སྟེ། བླང་དོར་དང་། དབྱེ་བ་མི་སྲིད་དོ། །དེ་བཞིན་དུ་སྟོན་པའི་ཐུགས་རྗེ་ཡང་། ཉི་མ་དང་འདྲ་སྟེ། ཐུགས་རྗེ་དབྲི་བསྐོལ་མེད་དོ། །དེ་བཞིན་དུ་སེམས་ཅན་རྣམ་པར་ཤེས་པ་དེ་དང་འདྲའོ། །དབྲི་བསྐོལ་མེད་དོ། །དེ་ནས་མངོན་རྫོགས་ཀྱི་རྒྱལ་པོས། ལྷ་གནོད་འདུལ་ལ་སོགས་པ་ལ་བཀའ་སྩལ་པ། སྟོང་གི་འཇིག་རྟེན་གྱི་ཁམས་ཞིང་གི་རྡུལ་སྙེད་ལས། ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་པས་སངས་རྒྱས་རྣམས་ལ་མཆོད་པ་བས་ནི། ཏནྟྲ་ཆེན་པོ་འདིའི་དོན་རྟོགས་པ་བསོད་ནམས་ཆེའོ། །དུས་གསུམ་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་བ་བས་ནི། ཏནྟྲ་ཆེན་པོ་འདི་ཡི་ཞལ་མཐོང་བ་བསོད་ནམས་ཆེའོ། །གང་གཱ་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་ཕྱག་འཚལ་ཞིང་བསྐུར་བ་བས་ནི། ཏནྟྲ་འདིའི་སྒྲུབ་པ་ལ་ཐང་གཅིག་ཡུད་ཙམ་ཞུགས་པ་བསོད་ནམས་ཆེའོ། །བསྐལ་པ་སྟོང་དུ་འགྲོ་བའི་དོན་བྱས་པ་བས་ནི། ཏནྟྲ་ཆེན་པོ་འདི་ཐང་གཅིག་ཙམ་བཅངས་སམ་བཀླགས་པ་བསོད་ནམས་ཆེའོ། །དམྱལ་བའི་འཇིག་རྟེན་གནས་འགྱུར་བ། །མ་ལུས་པ་ཡི་ལམ་ཡིན་ནོ། །སངས་རྒྱས་སེམས་སུ་མྱ་ངན་འདས། །སེམས་ནི་སངས་རྒྱས་ཀུན་གྱི་མེས། །ཡུལ་ནི་མ་བསྒྲུབས་བདེ་ཆེན་ཀློང་། །ཡུལ་ཆེན་གཉིས་མེད་སྤྲོས་དང་བྲལ། །ཀུན་བཟང་ནམ་མཁའི་མཚན་ཉིད་དང་། །གནོད་འདུལ་ལྷ་ཡི་སེམས་ལ་གཏད། །ཏནྟྲ་ཧེ་རུ་ཀའི་གལ་པོ་རྫོགས་སོ།། །།

དཔལ་ཧེ་རུ་ཀའི་ཐུགས་ཀྱི་རྒྱུད་གལ་པོ་ཞེས་བྱ་བ།


DNG018_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཤྲཱི་ཧེ་རུ་ཀ་ཙིཏྟ་ཏནྟྲ་ཀལྤ་ནཱ་མ། བོད་སྐད་དུ། དཔལ་ཧེ་རུ་ཀའི་ཐུགས་ཀྱི་རྒྱུད་གལ་པོ་ཞེས་བྱ་བ། དཔལ་འཇིགས་བྱེད་ཆེན་པོ་ཁྲག་འཐུང་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་ཐུགས་རྡོ་རྗེ་བཙུན་མོའི་བྷ་ག་ལ་བཞུགས་སོ། །དེའི་ཚེ་བརྗོད་ཀྱིས་མི་ལང་བའི་ཡང་བརྗོད་ཀྱིས་མི་ལང་བའི་འཁོར་ལ་འདི་ལྟ་སྟེ། ལྔ་དང་གསུམ་དང་བརྒྱད་གཉིས་དང་། །བཞི་དང་གཅིག་དང་བཞི་བཅུ་གཅིག །མཁའ་དང་འདེགས་དང་འབར་དང་གསལ། །རིན་ཆེན་མཆོག་ཕྲན་ཡོན་ཏན་བརྒྱན། །ཤྲཱི་ནི་གཉིས་མེད་སྟོན་པའི་དོན། །ཧེ་ནི་དགྱེས་པའི་གད་མོ་སྟེ། །རུ་ནི་ཆགས་པ་ཆེན་པོའི་དོན། །ཀ་ནི་ཡེ་ཤེས་ཕྲིན་ལས་བཞི། །ཡེ་ཤེས་ལྔ་ཡི་རང་བཞིན་སྐུ། །ལུས་ཀྱི་རྣམ་ཤེས་གཟུགས་སྐུ་རྣམ་སྣང་མཛད། །གཏི་མུག་རྣམ་དག་ཡང་དག་བཅོམ་ལྡན་འདས། །ཀུན་གཞིའི་རྣམ་ཤེས་མི་བསྐྱོད་རྡོ་རྗེ་སེམས། །ཞེ་སྡང་རབ་གྲུབ་བཅོམ་ལྡན་འདས་ཀྱི་སྐུ། །ཉོན་མོངས་རྣམ་ཤེས་ཚོར་བ་རིན་ཆེན་འབྱུང་། །ང་རྒྱལ་རང་གྲུབ་གཅིག་པུ་བཅོམ་ལྡན་འདས། །ཡིད་ཀྱི་རྣམ་ཤེས་འདུ་ཤེས་སྣང་མཐའ་ཡས། །འདོད་ཆགས་རང་བྱུང་སངས་རྒྱས་བཅོམ་ལྡན་འདས། །སྒོ་ལྔའི་རྣམ་ཤེས་འདུ་བྱེད་དོན་ཡོད་གྲུབ། །ཕྲག་དོག་རང་བྱུང་རྣལ་འབྱོར་བཅོམ་ལྡན་འདས། །ཀུན་གཞིའི་རྣམ་ཤེས་རང་བྱུང་དཔལ་ཆེན་ཉིད། །དུག་ལྔ་རང་བྱུང་ཀུན་འདུས་བཅོམ་ལྡན་འདས། །རྣལ་འབྱོར་ཟབ་མོའི་ངང་དུ་སྐུ་གསུམ་རྫོགས། །ཡང་དག་གྲུབ་པ་ཆོས་སྐུ་གཅིག་ཉིད་ནི། །ཡེ་ནས་དག་པ་ཆོས་ཀྱི་སྐུ། །ལྷུན་གྱིས་གནས་པའི་ལོངས་སྤྱོད་རྫོགས། །འཇོམས་བྱེད་ཅེས་བྱའི་དམ་ཚིག་ནི། །བདག་ཉིད་ལྷ་ཡི་དཀྱིལ་འཁོར་དུ། །ཕུང་པོ་ལྔ་ཉིད་རྫོགས་སངས་རྒྱས། །ཉོན་མོངས་པ་ནི་གནས་སུ་དག །སྐྱེ་འཇིག་མེད་པའི་གནས་ལ་བཞུགས། །


DNG018_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་སྒྱུ་མ་བདེ་མཆོག་བདེ། །ཚམ་རྔམས་དྲག་པོས་ལྷ་ཆེན་འདར་ཞིང་བརྫིས། །བརྟུལ་ཞུགས་རོལ་པས་རྡོས་བཅས་ཕུང་པོ་བཤིག །རྣམ་ཤེས་མི་འཆི་རྒྱལ་བའི་གནས་སུ་སྟོབས། །ཉོན་མོངས་མི་སྤང་ཤ་རུས་ཁྲག་ལ་རོལ། །སངས་རྒྱས་བདེ་ཆེན་ཀུན་འདུས་དཔལ་གྱི་སྐུ། །སྤོས་མོ་དཀར་སེར་ཆོམ་རྐུན་རྨོངས་བྱེད་མ། །མཐིང་དང་ལྗང་སོགས་ཆགས་པས་ཁྲོ་བར་བྱེད། །རྡོ་རྗེ་མཁའ་ལ་འགྲོ་བའི་ཚོགས་རྣམས་དང་། །དཔལ་གྱི་བཀའ་ཉན་ལྷག་མར་དབང་བ་བདུན། །འདུས་པའི་འཁོར་ཚོགས་ཡེ་ཤེས་ཨཱ་ར་ལི། །གཞི་ལམ་འབྲས་བུར་བཅས་པའི་ཆོས། །རྣམ་པ་གསུམ་གྱི་དོན་བཤད་དོ། །ཧེ་རུ་ཀ་ཐུགས་ཀྱི་གལ་པོ་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས། དེ་བཞིན་གཤེགས་པ་ནམ་མཁའི་དབྱིངས་དང་མཉམ་པའི་དེ་བཞིན་གཤེགས་པས་བཙུན་མོའི་བྷ་ག་ལ་དམ་ཚིག་ཆེན་པོའི་དཀྱིལ་འཁོར་གྲུ་བཞིར་བྱིན་གྱིས་བརླབས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རིག་པའི་སྐྱེས་བུ་ཆེན་པོའི་གཟུགས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་འདི་བྱིན་གྱིས་བརླབས་སོ། །བྱིན་གྱིས་བརླབས་མ་ཐག་དུ་བྱང་ཆུབ་སེམས་ཀྱི་རྡོ་རྗེ་དེ་བཞིན་གཤེགས་པ་ཞལ་གསུམ་པ་ལྟ་བུར་གྱུར་ཏེ། དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གཟིགས་པར་གྱུར་ཏོ། །དེའི་ཚེ་ནམ་མཁའི་དབྱིངས་ན་བཞུགས་པའི་སེམས་ཅན་ཇི་སྙེད་པ་དེ་དག །བྱང་ཆུབ་ཀྱི་སེམས་རྡོ་རྗེའི་བྱིན་གྱི་རླབས་ཀྱིས་བདེ་བ་དང་ཡིད་བདེ་བ་ཐོབ་སྟེ། དེ་ནས་བཅོམ་ལྡན་འདས་མི་བསྐྱོད་པ་ལ་སོགས་པ་ཐམས་ཅད་ངོ་མཚར་ཆེ་སྟེ། ཕྱི་ནང་གསང་བའི་དབང་ལ་དམ་ཞིང་བསྟོད་དོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་འདུས་ཏེ། བྱང་ཆུབ་སེམས་དཔའ་དོན་ཐམས་ཅད་རབ་ཏུ་གྲུབ་པ་ཞེས་བྱ་བ། བྱང་ཆུབ་ཀྱི་སྙིང་པོར་ཞུགས་པ་གང་ན་བ་དེར་གཤེགས་


DNG018_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། བྱང་ཆུབ་སེམས་དཔའ་དེ་ལ་ཆེད་དུ་ལོངས་སྤྱོད་རྫོགས་པའི་སྐུར་བསྟན་ནས། འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ཁྱོད་གང་གི་ཕྱིར་ཡིན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་དེ་ཉིད་རྟོགས་པར་བྱ་བའི་ཕྱིར་དབང་གི་ཚུལ་འདི་དག་གོ། །རང་བཞིན་ལྷུན་གྲུབ་ཡེ་དཀྱིལ་དུ། །སློབ་མ་རབ་གཞུག་དབང་བསྐུར་ཏེ། །བྱ་བྲལ་ཡེ་རྫོགས་མན་ངག་བསྟན། །ཏིང་འཛིན་བརྟན་པའི་དཀྱིལ་འཁོར་དུ། །སློབ་མ་འབྲིང་གཞུག་དབང་བསྐུར་ཏེ། །བསྐྱེད་རྫོགས་བསྒྲུབ་པའི་མན་ངག་བརྟེན། །གཟུགས་བརྙན་བསྙེན་བསྒྲུབ་དཀྱིལ་འཁོར་དུ། །ཐ་མའི་སློབ་གཞུག་དབང་བསྐུར་ཏེ། །རིམ་གྱིས་བསླབ་སྦྱང་མན་དག་བརྟན། །རྡོ་རྗེའི་ཚུལ་དུ་དབང་དག་སྦྱིན། །ལྷ་མོ་དག་དང་གར་བྱེད་ཅིང་། །དེར་ནི་རབ་དགྱེས་བདག་པོ་ཁྲིད། །ཕོ་བྲང་དག་བྱེད་རབ་དགེས་ཆེ། །རབ་དགྱེས་བདག་པོ་དེ་ཐོབ་ལྡན། །སེང་གེའི་བདེན་རབ་འཇོམས་བྱེད་ཅིང་། །གཞི་དང་གཞི་ཡི་མཆོག་ཉིད་ཀྱིས། །རྡོ་རྗེ་པདྨར་ལྡན་བྱས་ཏེ། །དབྱིངས་ཀྱི་བདེ་ཆེན་དེ་ལས་སོ། །གཡོན་ཕྱོགས་གནས་ལ་ཚུལ་བཞིན་དུ། །ཇི་ལྟར་འདོད་པ་བཞིན་དུ་སྦྱར། །དཀྱིལ་འཁོར་ཟླ་གམ་ཞེས་གསུངས་ཏེ། །མཆོག་ཉིད་ཡིད་ཀྱི་དཀྱིལ་འཁོར་རོ། །གཞལ་ཡས་ཁང་ཆེན་ཡེ་ཤེས་ཏེ། །འཁོར་འདས་མཉམ་པ་གྲུ་བཞི་ཞེས། །སྒོ་བཞི་དྲན་པ་ཉེར་གཞག་བཞི། །རྣམ་ཐར་བརྒྱད་དང་རྟ་བབས་སོ། །རིན་ཆེན་སྒོ་སྟེགས་ཐུགས་རྗེའི་ངང་། །ཡང་དག་སྤོང་བཞི་ཏྭ་ར་ན། །དྲན་པ་ཉེར་གཞག་སྒོ་ཁྱུད་དང་། །རྫུ་འཕྲུལ་རྐང་བཞིའི་སྒོ་ཁྱམས་དང་། །ཕྲེང་བ་བྱང་ཆུབ་ཡན་ལག་བདུན། །འཕགས་ལམ་བརྒྱད་ཀྱི་ཀ་བས་མཛེས། །ལམ་གྱི་ཡེ་ཤེས་རྔ་ཡབ་དང་། །ཉོན་མོངས་འཆིང་འཇོམས་མུ་ཏིག་ཕྲེང་། །དྲིལ་བུ་བ་དན་རླུང་བསྐྱོད་པ། །ཤེས་རབ་ཆོས་ཀྱི་སྒྲ་སྒྲོགས་དང་། །ཆེ་


DNG018_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཡོན་ཏན་འདུས་པའི་རྟགས། །བདུད་བཞི་འཇོམས་པའི་རྒྱལ་མཚན་དང་། །ཐོད་ཕྲེང་སྐུ་གསུམ་འཐོབ་པའི་རྟགས། །གཞལ་ཡས་ཁང་མཆོག་དམ་པ་དེར། །ཕན་དང་ནུས་མཐུའི་དབང་ཡང་སྦྱིན། །དབུ་རྒྱན་ཅོད་པན་ཕྲེང་བ་དང་། །གོ་ཆ་རྒྱལ་མཚན་ཕྱག་རྒྱ་དང་། །གདུགས་དང་བུམ་པ་བཟའ་བཏུང་དང་། །སྙིང་པོ་ལྔ་དང་ནུས་པ་ལྔ། །གསང་བའི་དབང་གསུམ་བྱིན་བྱས་ལ། །དབང་བསྐུར་མན་ངག་སྙིང་པོར་སྦྱིན། །ས་ལམ་རིམ་གྱིས་རབ་ཏུ་བགྲོད། །བླ་མེད་མི་སྤང་བླ་མ་བཀུར། །སྔགས་དང་ཕྱག་རྒྱ་རྒྱུན་མི་གཅད། །ཡང་དག་ལམ་དུ་ཞུགས་ལ་བྱམས། །གསང་བའི་དོན་ཕྱིར་སྨྲ་མི་བྱ། །འདི་ནི་རྩ་བ་ལྔ་རྣམས་ཏེ། །བསྒྲུབ་དང་སྲུང་བའི་དམ་ཚིག་མཆོག །གཏི་མུག་ཆགས་དང་ཞེ་སྡང་དང་། །ང་རྒྱལ་ཕྲག་དོག་མི་སྤང་ངོ་། །དཀར་རྩི་དམར་རྩི་ཤ་ཆེན་དང་། །དག་པའི་སྣོད་ཆུ་མི་འདོར་རོ། །ཡན་ལག་བཅུ་ཡི་དམ་ཚིག་སྟེ། །ཡེ་ནས་དག་མཉམ་རྟོགས་པས་སྤྱད། །དམ་ཚིག་ཉམས་པའི་དཀྱིལ་འཁོར་དུ། །དབང་བསྐུར་དངོས་གྲུབ་འབྱུང་མི་འགྱུར། །རྩ་བའི་དམ་ཚིག་ལྔ་ཉིད་ལས། །གཅིག་ལ་གཉིས་དང་བཅུ་ཕྲག་གསུམ། །ཧེ་རུ་ཀའི་གལ་པོ་ཞེས་བྱ་བའི་རྒྱུད་ལས། དབང་དང་དམ་ཚིག་བསྟན་པ་ཞེས་བྱ་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །མདོར་བསྡུས་པ་སྟེ་རྒྱས་པར་མིན། །གྲུབ་པ་དང་ནི་རབ་ཏུ་བསྒྲུབ། །སྒྲུབ་པའི་འབྲས་བུ་བླང་བར་བྱ། །ཞི་བའི་དགོན་གནས་ལྷ་ཡི་གནས། །རི་བོ་ཆེན་པོ་འདུས་པའི་རྩེར། །གངས་དཀར་ཤེལ་གྱིས་གཏམས་པའི་འདབས། །སེང་ཆེན་ཁྲོས་པའི་གནས་དང་ནི། །ཙན་དན་ནགས་དང་མེ་ཏོག་ཚལ། །ཡིད་འོད་དབེན་པར་རབ་ཏུ་བཤད། །ཁྲོ་བོའི་དགོན་གནས་སྲིན་པོའི་གནས། །རི་བོ་ཆེན་པོ་བཙན་པོས་ངོས། །བྲག་དམར་གཏམས་པའི་དཀྱིལ་ངོས་ལ། །སྟག་དྲེད་འཐབ་པའི་གནས་སུ་བྱ། །མ་མོའི་དགོན་


DNG018_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

གནས་དུར་ཁྲོད་དང་། །ཤིན་ཏུ་དབེན་པའི་ས་ཕྱོགས་ན། །གསར་རྙིང་དབུགས་བྲལ་མ་བདུན་ཁྱིམ། །རྡོ་རྗེ་རིགས་ཀྱི་དགོན་གནས་ནི། །དུར་ཁྲོད་དང་ནི་ལྷ་རྟེན་དང་། །མ་མོའི་ཁྱིམ་དང་ཡིད་དུ་འོང་། །དེར་ནི་ས་ཡི་ཆོ་ག་དང་། །ཕྱི་ནང་ལས་ཀྱི་རིམ་པ་བརྩམ། །གནས་སུ་ཕྱིན་ལ་མཚམས་གསུམ་བཅད། །མ་དག་བཤགས་པའི་བྱ་བ་དང་། །བྷལ་ན་སྐུ་ཡི་སྦྱོར་བ་ཡིས། །བསྒྲལ་ཞིང་མནན་པའི་ལས་ཀྱང་བརྩམ། །དབེན་པའི་གནས་སུ་བླ་མ་ལ། །དམ་ཚིག་དབང་གི་བརྟུལ་ཞུགས་ནོད། །ཐིག་ལེ་ཟླ་གམ་གཅིག་པ་རུ། །དམིགས་རྟེན་མངོན་པར་བཞག་ནས་སུ། །སེམས་ཉིད་གནས་པར་བྱ་བའི་ཕྱིར། །ཐབས་ཀྱི་ངོ་བོ་ཐམས་ཅད་དམ། །དེ་བཞིན་སྲོག་དང་རྩ་ལས་བྱུང་། །རང་གི་ལྷ་ཡི་ཆ་བྱད་དུ། །སྒྲུབ་པའི་ཕྱག་རྒྱ་རབ་ཏུ་བྱ། །ཆར་སྤྲིན་མདོག་འདྲ་དཔའ་བོའི་གཟུགས། །ཤིན་ཏུ་གཏུམ་པོ་འཁོར་དང་བཅས། །ཡང་ན་གཙོ་བོ་གཅིག་པུ་བྲི། །སློབ་དཔོན་དང་ནི་སློབ་བུ་དང་། །གནས་དང་ཡོ་བྱད་ལྡན་གྱུར་ནས། །སྒྲུབ་པའི་ལས་ལ་གཞུག་པར་བྱ། །བསླང་དང་བརྟག་དང་སྦྱང་བ་དང་། །བགེགས་བསྐྲད་ས་བཟུང་དབང་པོ་གཞག །འཇིག་རྟེན་ས་བདག་ལྷ་ཀླུ་ལ། །ས་རིན་གཞལ་ཏེ་ས་བསླང་སྦྱང་། །རྣམ་པར་རྟོག་པ་བགེགས་ཡིན་ཏེ། །བགེགས་ནི་རང་གི་སེམས་ལས་བྱུང་། །སེམས་ལ་རང་བཞིན་མེད་ཤེས་ན། །གཞན་ན་བགེགས་ཞེས་བྱ་བ་མེད། །ཤེས་རབ་ཀྱིས་ནི་རྣམ་བཤད་བྱ། །ཅོད་པན་བདེ་གཤེགས་ལྔར་བསྒོམ་ནས། །སངས་རྒྱས་ཀྱིས་ཀྱང་གནོད་མི་ནུས། །བཏབ་པ་ཙམ་གྱིས་བགེགས་འཕེན་བྱེད། །ཞེ་སྡང་རྡོ་རྗེའི་ཏིང་འཛིན་གྱི། །གནས་བསྲུང་བ་ནི་རབ་ཏུ་བྱ། །གཡས་ཀྱི་སྤྱན་ཟུར་བཟློག་པ་ལས། །ཉི་མའི་དཀྱིལ་འཁོར་བསམ་པར་བྱ། །གུ་ལང་དབང་ཆེན་ཉེ་དབང་དང་། །ཨུ་མ་གཤིན་


DNG018_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཚངས་པར་བཅས། །ཐམས་ཅད་མ་ལུས་སྲེག་པར་བྱེད། །ཟླ་བས་གསོ་བར་བྱེད་པ་དང་། །ཀ་ཏ་ར་ལི་འབར་སྤྲོ་ཞིང་། །མཚོན་ཆ་འབར་བའི་ས་བོན་གྱིས། །ཐམས་ཅད་མ་ལུས་བསལ་བར་བྱ། །སངས་རྒྱས་ཀུན་གྱི་ཏིང་ངེ་འཛིན། །སྟོང་པ་ཉིད་ཅེས་རྒྱལ་བས་གསུངས། །དེ་བས་རྣམ་པ་ཐམས་ཅད་དུ། །ཐམས་ཅད་ཚུལ་བཞིན་བྱིན་གྱིས་བརླབས། །ཕོ་བྲང་ལྷ་དང་དམིགས་པའི་ཡུལ། །རྡོ་རྗེ་ཐོད་པའི་སྦྱོར་བ་དང་། །ཆགས་པ་ཆེན་པོའི་ཡུལ་དུ་བྱ། །དུར་ཁྲོད་གནས་ཀྱི་ས་བླངས་ལ། །སྟེགས་བུ་འདོམ་གང་གྲུ་བཞི་པ། །སྟེང་དུ་ཁྲུ་གང་པ་ཡི་ཚད། །བ་བྱུང་སྣ་ལྔས་སྐྱང་ནུལ་བྱ། །རང་བྱུང་ལྔ་ཡི་ཁྱད་པར་ལས། །ས་བོན་ཡེ་ཤེས་ལྔ་རུ་རྫོགས། །དཀྱིལ་འཁོར་ཟླ་གམ་སྒོ་གཅིག་ལ། །ཤར་དུ་བསྟན་པ་བྱས་ནས་སུ། །ཁ་དོག་སྡུག་གུའི་ཚོན་གྱིས་བྲི། །ཆོས་ཀུན་རྩ་བ་སེམས་ཡིན་ཏེ། །སེམས་ཀྱི་རྩ་བ་གསུམ་དུ་ཤར། །དེ་ཉིད་གཞལ་ཡས་གཉིས་དང་ལྷ། །མི་རྩོལ་བདེ་བར་རབ་འབད་པས། །སྙིང་རྗེ་ཆེན་པོས་འགྲོ་དོན་མཛད། །ཐམས་ཅད་འབྱུང་བའི་རྒྱུ་ལས་ནི། །འབྱུང་བ་ལྔ་ཡི་ཕྲ་བཀོད་པས། །ཡུམ་ལྔ་རྣམ་དག་མཁའ་དབྱིངས་ཏེ། །མ་བཅོས་ལྷུན་གྲུབ་ཡུམ་གྱི་མཁའ། །རྒྱལ་བའི་བཞུགས་གནས་རྣམ་པར་དག །བཞི་པོ་རྩ་བ་ཡན་ལག་དང་། །རིགས་དང་སྐུ་མདོག་ཕྱག་མཚན་དང་། །ཡི་གེ་སྙིང་པོ་ཕྱག་རྒྱར་ལྡན། །གོ་རིམ་གདན་དང་རྒྱན་ལུགས་དང་། །བཞུགས་ཐབས་ཚུལ་དང་བཅུ་བཞི་ཡིས། །ཞི་བའི་ལས་རྣམས་བསྐྱེད་པར་བྱ། །མི་བསྐྱོད་མཐིང་ག་དཀར་དམར་ཞལ། །རྡོ་རྗེ་འཁོར་ལོ་རིན་ཆེན་གཡས། །དྲིལ་བུ་པདྨ་རལ་གྲི་གཡོན། །དབྱིངས་ཕྱུག་གཡས་བྷན་གཡོན་དྲིལ་སྔོ། །དཀྱིལ་འཁོར་ལྔ་དང་ལྡན་པར་བསྒོམ། །སྤྱན་དྲང་


DNG018_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་བསྟོད་ལ་སོགས་པ། །ཇི་ལྟར་རིམ་པ་བཞིན་དུ་བྱ། །སྤྲོས་མེད་བར་མར་རབ་ཏུ་ཁྲོས། །བློ་ཡི་རིམ་པས་བསྒོམ་པར་བྱ། །ཚོམ་བུ་ལྔ་ཡི་མཎྜལ་ལ། །མཁའ་འགྲོ་མ་ཡི་འཁོར་གྱིས་བསྐོར། །དང་པོར་སྟོང་ཉིད་རྣམ་བསམ་སྟེ། །ལུས་ཅན་ཀུན་གྱི་དྲི་མ་བཀྲུ། །གྲུ་གསུམ་མཐིང་ནག་ནམ་མཁའ་ལ། །འདེགས་བྱེད་རླུང་ནག་རྒྱ་གྲམ་གཏམས། །རཀ་ཏའི་རྒྱ་མཚོ་རྦ་ཀློང་འཁྱིལ། །ཀེང་རུས་རི་རབ་བརྩེགས་པའི་སྟེང་། །དུར་ཁྲོད་མེ་རི་སྨུག་ནག་འབར། །ཟླ་གམ་དབང་ཆེན་མཎྜལ་ལ། །དུར་ཁྲོད་ཡོན་ཏན་ཚོགས་ཀྱིས་བརྒྱན། །ཕྱི་དང་ནང་མེད་རབ་ཏུ་གསལ། །ཡེ་ཤེས་གཞལ་ཡས་ནམ་མཁའི་རྒྱ། །བྷྲཱུཾ་བི་ཤྭ་བི་ཤུདྡྷེ་ཛྙཱ་ན་ཙཀྲ་མཎྜ་ལ་བྷྲཱུཾ། དཔལ་སྟོབས་ཉི་ཟླ་པདྨའི་གདན། །རྡོ་རྗེ་དབྱིངས་ལས་དཔལ་གྱི་སྐུར་བསྒྱུར་བ། །དྭངས་པའི་མཚོ་ལ་རླབས་ཆེན་འཁྲུགས་པ་བཞིན། །ཞི་བའི་སྐུ་ལས་ཁྲོ་བོའི་ཕྱག་རྒྱར་བསྟན། །གཅིག་དགུ་ཉི་ཤུ་གཉིས་དང་ལྔ་བཅུ་བརྒྱད། །འབར་བའི་རྒྱལ་པོ་ཅིར་ཡང་སྟོན་པར་མཛད། །བསྒྲུབ་དང་གསང་སྔགས་སྤྱོད་པ་དང་། །གྲུབ་པ་དང་ནི་གནས་དག་དང་། །བཟླས་པའི་སྒྲ་ཡང་ཕྱག་རྒྱར་རྟོགས། །ཏིང་འཛིན་ལྟ་སྟངས་ཆོ་འཕྲུལ་བརྟག །དབུས་སུ་རྒྱལ་རིགས་དུམ་བུ་གཅིག །ཕྱོགས་བཞིར་བྲམ་ཟེ་རྒྱལ་རིགས་དང་། །རྗེའུ་རིགས་དམངས་རིགས་བཞི་ལ་བྱ། །མཚམས་བཞིར་ཁྲུས་ཀྱི་མཁན་པོ་དང་། །རྗེ་རིགས་བཙོ་བླག་མཁན་རྣམ་དལ། །མི་ཡི་ཁྲག་ལ་སྣག་ཚ་བྱ། །མཆོག་གི་རྐང་གི་རྨྱུག་གུ་ཡིས། །ལྷ་དགུ་སོ་སོའི་སྙིང་པོ་བྲི། །རབ་ཏུ་མཚན་གསོལ་བཞུགས་སུ་གསོལ། །ཟླ་གམ་དཀྱིལ་འཁོར་ཡུམ་གྱི་མཁའ། །བྷནྡྷ་བདེ་གཤེགས་སྐུ་ཡི་སྐུ། །ཡིག་འབྲུ་བདེ་གཤེགས་གསུང་གི་གསུང་། །མར་མེ་བདེ་གཤེགས་ཐུགས་ཀྱི་ཐུགས། །ཧེ་རུ་ཀའི་གལ་པོ་ཞེས་བྱ་བའི་


DNG018_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ལས། ལྷ་རྣམས་འབྱུང་བ་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་ཁྲག་འཐུང་ཆེན་པོ་དེ་ཉིད་ཀྱིས་སྔགས་བསྡུས་པ་འདི་ལྟ་བུ་གསུངས་སོ། །ཨོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། བཛྲ་གཽ་རཱི་ཧ། བཛྲ་ཙཽ་རཱི་ཧ། བཛྲ་པྲ་མོ་ཧེ་ཧ། བཛྲ་བཻ་ཏཱ་ལཱི་ཧ། བཛྲ་པུཀྐ་སཱི་ཧ། བཛྲ་གྷས་མ་རཱི་ཧ། བཛྲ་སྨ་ཤ་ནཱི་ཧ། བཛྲ་ཙན་དྷ་ལཱི་ཧ། བཛྲ་སིང་ཧ་མུ་ཁ་ཧེ། བཛྲ་བྱཱ་གྷྲ་མུ་ཁ་ཧེ། བཛྲ་ཤྲྀ་གཱ་ལ་མུ་ཁ་ཧེ། བཛྲ་ཤྭ་ན་མུ་ཁ་ཧེ། བཛྲ་གྲྀ་ཌྜྷ་མུ་ཁ་ཧེ། བཛྲ་ཀངྈ་མུ་ཁ་ཧེ། བཛྲ་ཀཱ་ཀ་མུ་ཁ་ཧེ། བཛྲ་ཨུ་ལཱུ་ཀ་མུ་ཁ་ཧེ། བཛྲ་ཨཱརྱ་ཏེ་ཛ་ཏང་ཛ་ཕཊ།བཛྲ་ཨ་མུ་ཁེ་ཧཱུཾ་ཕཊ། བཛྲ་ལོ་ཀ་བཾ་ཕཊ། བཛྲ་བྷསྨི་པ་ལ་ཡ་བ་ཏུ་ཧོཿཕཊ།བདག་ཉིད་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་བདག །ཁྲོ་རྒྱལ་ཡེ་ནས་ཡིན་པའི་ཕྱིར། །ཕྱག་རྒྱ་ཆེན་པོར་མངོན་རྫོགས་ཤིང་། །སྐུ་གསུང་ཐུགས་སུ་རང་དབང་བསྐུར། །ཡེ་ཤེས་ཐུགས་ཀྱི་དཀྱིལ་འཁོར་གསལ། །ཨོཾ་ཨཱཿཧཱུཾ། ཨཱོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཝཱ་ཀ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། དེ་ནས་བཅོམ་ལྡན་འདས་ཡེ་ཤེས་ལྔ་དང་ལྡན་པའི་སྔགས་འདི་གསུངས་སོ། །ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཨོཾ་མ་ཧཱ་ཨཱ་དཪྴ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཨོཾ་མ་ཧཱ་ས་མ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཨོཾ་མ་ཧཱ་པྲ་ཏྱ་བེ་ཀྵ་ཎ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ།ཨོཾ་མ་ཧཱ་ཀྲྀ་ཧྱ་ཨ་ནུཥྛ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཨོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ།ཤྲཱི་ཧེ་རུ་ཀ་མ་ཧཱ་ཀ་རུ་ཎི་ཀ་ཨི་དཾ་ས་མ་ཡ་ཛཿ། བ་ལིངྟ་གྲྀ་ཧྞ་ཧོ་ཁཱ་ཧི་ཁཱ་ཧི། པི་པ་ཧོ། ཨ་ལ་ལ་ཧོ། ཨ་མྲྀ་ཏ་ཁཱ་ཧི། མཁའ་འགྲོའི་མིང་དང་གཏོར་སྔགས་སྦྱར། །རྡོ་རྗེ་ཐོད་ཆེན་ཤ་ཆེན་དང་། །གླང་ཆེན་མི་དང་ཤུགས་ཆེན་ཤ །ཁྱི་ཤ་བདུད་རྩི་ལྔ་ལ་སོགས། །མེ་རླུང་སྦྱོར་བ་ལྡན་པ་ཡིས། །རྒྱལ་བའི་དཀྱིལ་འཁོར་ཚོགས་ལ་འབུལ། །དཔལ་ཧེ་རུ་ཀའི་གལ་པོ་ཞེས་བྱ་བའི་


DNG018_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ལས། ཡི་གེའི་ཕྲེང་བ་འབྱུང་བ་ཞེས་བྱ་བའི་ལེའུ་སྟེ་བཞི་པའོ།། །།དེ་ནས་རྣམ་པར་དག་པ་བཤད་པར་བྱ་སྟེ། རྣམ་ཤེས་གཟུགས་ཚོར་འདུ་ཤེས་དང་། །འདུ་བྱེད་ལ་སོགས་འཛིན་ལྔ་འཇོམས། །ནམ་མཁའ་ས་ཆུ་མེ་རླུང་འཇོམས། །མིག་དང་རྣ་བ་སྣ་ལྕེ་རྣམས། །དེ་དབང་ཡིད་འཛིན་རྣམ་བཞི་འཇོམས། །གཟུང་འཛིན་སྒྲ་དྲི་རོར་འཛིན་དང་། །འདས་དང་ད་ལྟར་མ་འོངས་འབྱུང་། །འབྱུང་བར་མ་ངེས་འཇོམས་པར་བྱེད། །ང་རྒྱལ་ཕྲག་དོག་འདོད་ཆགས་དང་། །སེར་སྣ་གཏི་མུག་ཞེ་སྡང་འཇོམས། །ཡིད་ཀྱི་རྣམ་ཤེས་འདུས་བྱས་དང་། །གསང་དབང་གསང་བའི་རྣམ་ཤེས་དང་། །གསང་ཡུལ་གསུམ་འདུས་རྟོག་པ་བཅོམ། །རྟག་ཆད་བདག་དང་མཚན་མར་འཛིན། །རྣམ་དག་བཞི་བཅུ་རྩ་གཉིས་བཤད། །བཅུ་ལྡན་ཡེ་ཤེས་དཔལ་དགུའོ། །གཉིས་ལྡན་ཟག་མེད་ཡུམ་གྱི་སྐུ། །རྣམ་ཤེས་བརྒྱད་དག་མཁའ་འགྲོ་བརྒྱད། །རྣམ་པར་ཤེས་བརྒྱད་སིང་ཧའི་སྐུ། །རྟག་ཆད་མུ་བཞི་སྒོ་མ་བཞི། །སྣོད་བཅུད་ལྷ་དང་གཞལ་ཡས་ཁང་། །ཕུང་པོ་ལྔ་ལ་སོགས་པའི་ཆོས། །དེ་ནི་སྤང་བར་བྱ་བ་མིན། །ཐེག་པ་གསུམ་ནི་སྤང་བ་མིན། །ཀ་ཏ་ལི་བཞིན་ཡོངས་སུ་བཟུང་། །དཔལ་ཧེ་རུ་ཀའི་གལ་པོ་ཞེས་བྱ་བ་ལས། རྣམ་པར་དག་པ་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་དེ་ཁོ་ན་ཉིད་ཀྱི་ལེའུ་བཤད་པར་བྱ་སྟེ། སྟོང་དང་སྟོང་མིན་ཧེ་རུ་ཀ །ངོ་བོ་གཟུགས་མེད་སྒྲ་སོགས་བྲལ། །མྱོང་དང་སྣོམ་དང་བྱེད་པ་པོ། །ཀུན་ནས་ཡོད་པ་མ་ཡིན་ཏེ། །ངང་གིས་རྣམ་པར་དག་པ་ལས། །ལྷ་དང་ལྷ་མོར་གང་སྣང་ཡང་། །ཡོད་པ་མ་ཡིན་རང་བཞིན་བྲལ། །ཁྱོད་ཀྱིས་སྲོག་ཆགས་གསད་པར་བྱ། །མ་བྱིན་པར་ཡང་བླང་བར་བྱ། །འདོད་པ་ལོག་པར་


DNG018_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

གཡེམས་པར་བྱ། །རྫུན་གྱི་ཚིག་ཀྱང་སྨྲ་བར་བྱ། །དེ་དག་རྩ་བ་ཡིན་ཤེས་ན། །ཚེ་འདི་ཉིད་ལ་མྱ་ངན་འདའ། །དཔལ་ཧེ་རུ་ཀའི་གལ་པོ་ལས། དེ་ཁོ་ན་ཉིད་ཀྱི་ལེའུ་སྟེ་ དྲུག་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །རྣམ་པར་གྲོལ་བ་མཚོན་པའི་ཕྱིར། །དཔལ་ཆེན་ཁྲག་འཐུང་ཕྱག་རྒྱ་ནི། །ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །གཡས་དཀར་གཡོན་དམར་དབུས་མཐིང་ཞལ། །རྡོ་རྗེ་ཁ་ཊྭཱཾ་རྔེའུ་ཆུང་གཡས། །དུང་དམར་རྒྱུ་ཞགས་ཁྱུང་ཁྲ་གཡོན། །ཤེས་རབ་དབྱིངས་མའི་ཕྱག་རྒྱ་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང་། །གཡས་པ་ཤེས་རབ་ཐབས་ལ་བརྟེན། །གཡོན་པ་དུང་དམར་གཙོ་ལ་སྟོབ། །ཀྲོ་དྷཱི་ཤྭ་རཱི་དབྱིངས་ཀྱི་རྒྱ། །གཽ་རཱི་བྷན་དམར་བྱིས་དབྱུག་སྔོ། །ཙཽ་རཱི་མདའ་གཞུ་འགེངས་མ་སེར། །པྲ་མོ་ཆུ་སྲིན་རྒྱལ་མཚན་དམར། །བེ་ཏཱ་བྱི་ཟ་རྡོར་འཕྱར་ནག །པུ་ཀ་དམར་སེར་བྱིས་རྒྱུ་འདྲེན། །གྷས་མ་དུང་དམར་ཁྲག་འཐུང་ལྗང་། །སྨ་ཤ་མཐིང་ནག་བྱི་སྙིང་ཟ། །ཙན་དྷ་སེར་སྐྱ་མཆོག་ལུས་འབྲལ། །སིང་ཧ་ཁ་རོ་བསྣོལ་སེར་སེང་། །བྱཱ་གྷྲ་གནན་བལྟ་བསྣོལ་དམར་སྟག །སྲྀ་ལ་ནག་མོ་བྱིས་ལྡག་ཝ། །ཤྭ་ན་ཤ་འདྲད་མཐིང་ག་སྤྱང་། །གྲྀཛྼ་ཀྲིད་དམར་རྒྱུ་འདྲེན་རྒོད། །ཀང་ཀ་ཞིང་ཕྲག་སྣར་མགོ་དམར། །ཀཱ་ཀ་བ་རོ་བན་གྲི་ནག །ཨུ་ལཱུ་མཐིང་ཚོགས་འུག་པའི་མགོ། །རྟ་གདོང་དཀར་མོ་ལྕགས་ཀྱུས་འདྲེན། །ཕག་གདོང་ནག་མོ་ཞགས་པས་ཆིངས། །ཉི་ཟླ་དམར་མོ་ལྕགས་སྒྲོག་སྡོམ། །ཐལ་བྱེད་མཐིང་ནག་དྲིལ་འཁྲོལ་དགྱེས། །ཞེས་སོ། །དཔལ་ཧེ་རུ་ཀ་གལ་པོའི་རྒྱུད་ལས། ལྷ་རྣམས་ཀྱི་སྐུ་མདོག་དང་ཕྱག་མཚན་བསྟན་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །སྔ་མ་ལས་ནི་


DNG018_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

གནས་འགྱུར་ཏེ། །ཁྲག་འཐུང་དཀྱིལ་འཁོར་གསལ་བྱས་ནས། །ཕུང་པོ་རྡོས་བཅས་བེམ་པོ་དེ། །ཕྱོགས་བཞིར་བྲོ་བཞིས་སྦྱང་བར་བྱ། །ཡེ་ཤེས་ལྷ་དང་མཁའ་འགྲོ་མ། །ཐུགས་དམ་བསྐང་ཞིང་ཐུགས་དམ་བསྐུལ། །འབྲུ་ལྔ་བཀོད་ལ་ལམ་ལྔ་དགག །ཁྲུས་བྱ་ཟླ་གམ་ནུབ་ཏུ་བཞག །དེ་ལ་ལྷ་རྣམས་དགོད་པ་ནི། །རིགས་ལྔ་ཡབ་ཡུམ་བསམ་པར་བྱ། །མདུན་རྒྱབ་གཉིས་སུ་བསྒོམ་པ་ནི། །ཨཱ་ལི་ཀཱ་ལི་བསམ་པར་བྱ། །རྣམ་ཤེས་དབང་པོ་ཡུལ་དུས་ལ། །སེམས་དཔའ་ཡབ་ཡུམ་བསྒོམ་པར་བྱ། །སྤྱི་བོ་རྒྱབ་དང་ལྕེ་ཡི་སྟེང་། །རྐང་མཐིལ་ཡན་ཆད་ཐུབ་པ་དྲུག །ལྟེ་བ་མཇུག་ཏོ་མཁལ་ཁུང་གཉིས། །སྒོ་བ་ཡབ་ཡུམ་བསྒོམ་པར་བྱ། །རྣམ་སྨིན་ཟག་བཅས་ཕུང་པོ་ལ། །ཕྱག་རྒྱའི་དཀྱིལ་འཁོར་གསལ་བཀོད་ནས། །འོད་ཟེར་འགྲོ་འདུས་སྦྱངས་བྱས་ནས། །གཉིས་དོན་མཐར་ཕྱིན་ཕྱག་རྒྱ་སྒྲོལ། །ཆོ་ག་ལྔ་དང་ཡན་ལག་ལྔས། །གང་མོས་བསྐྱེད་ཅིང་རབ་བསྒོམས་ལ། །རང་བཞིན་དཀྱིལ་འཁོར་སྤྱན་དྲང་བསྡིམ། །ཕྱག་འཚལ་མཆོད་དེ་གནས་པ་དང་། །བཟླས་བརྗོད་བསྙེན་པའི་འཕྲོ་འདུ་ཡིས། །ཡང་ནས་ཡང་དུ་སྦྱང་བར་བྱ། །ཡང་ན་ཁྲག་འཐུང་ཆེན་པོའི་སྐུ། །བདག་ཉིད་རབ་ཏུ་གསལ་བསྒོམ་སྟེ། །རོ་ཡི་བཤའ་ཐབས་རྒྱབ་ནས་བཤའ། །ཁྲག་འཐུང་ལྷ་ཚོགས་རྫས་སུ་ཏེ། །གློ་སྙིང་དཔལ་ཆེན་ཡབ་ཡུམ་གྱི། །མིག་དང་རྣ་བ་སྣ་དང་ལྕེ། །རིགས་བཞི་ཁྲག་འཐུང་ཡབ་ཡུམ་རྫས། །བུམ་པ་བདུད་རྩི་རྣམ་པ་ལྔ། །དཔུང་པ་གཡས་གཡོན་བཞག་ཤ་དང་། །རྒྱུ་མ་མཆིན་པ་མགོ་ཤ་རྣམས། །རྩ་བའི་ལྷ་དགུའི་རྫས་སུ་བཞག །གོ་རོ་ཙ་ན་གཞུང་པ་དང་། །རྐང་དང་ཚིལ་དུ་ཤ་དང་ཁྲག །སྲོག་རྩ་མཁྲིས་པ་བརྒྱད་རྣམས་ནི། །མུ་ཁ་ཕྲ་མེན་བརྒྱད་ཀྱི་རྫས། །


DNG018_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་རྣམ་ཐར་བཞི་རྣམས་ནི། །ཡེ་ཤེས་སྒོ་མ་བཞི་ཡི་རྫས། །སྒལ་ཚིགས་ཕྲུགས་རེ་བསྡེབ་པ་ནི། །དབང་མོ་ཉི་ཤུ་བརྒྱད་ཀྱི་རྫས། །ནེ་སག་ཆེ་ཕྲ་བསྡེབ་པ་ནི། །རང་བྱུང་ཁྲོ་བོ་བཅུ་ཡི་རྫས། །ཤ་ཁྲག་རུས་པ་རྐང་དང་ཚིལ། །མཁའ་ལ་འགྲོ་བ་ཀུན་གྱི་རྫས། །མཚན་དང་ལྡན་པའི་བྷནྡྷ་དེ། །དཔལ་ཆེན་བཞུགས་པའི་རྟེན་ཡང་ཡིན། །དེ་ཡི་ནང་དུ་བླུག་པ་ཡང་། །གོ་རོ་ཙ་ན་དྲི་ཆེན་དང་། །སྙིང་དང་སྲོག་པ་རྩ་ཡི་ཁྲག །མཱཾ་ས་མཁྲིས་པ་དྲི་ཆུ་དང་། །སོ་དང་དབང་པོ་རྣམ་ལྔ་དང་། །དེ་རྣམས་ཆ་ནི་མཉམ་པ་དག །བྷནྡྷར་བླུག་པ་དངོས་གྲུབ་རྫས། །བརླ་རྐང་གཉིས་དང་རྗེ་ངར་རྐང་། །དུང་ཆེན་འབུད་པའི་གླིང་བུ་བྱ། །དཔུང་པའི་རྐང་མགོ་གཉིས་པོ་ལ། །རཀྟ་སྦྲེང་བའི་གཟར་བུ་བྱ། །ཤར་སྒོར་དངོས་གྲུབ་གསོལ་བྱང་དང་། །རྡོ་རྗེ་དང་ནི་དྲིལ་བུ་དང་། །བདུད་རྩིའི་བུམ་པ་དངོས་གྲུབ་རྫས། །དེ་བཞིན་དབང་གི་བུམ་པ་གཞག །ཏིང་འཛིན་ཡེ་ཤེས་གསལ་བའི་ཕྱིར། །དམིགས་པའི་རྟེན་ཡང་མངོན་པར་བྲི། །འདོད་ཆགས་ཡེ་ཤེས་གསལ་བའི་ཕྱིར། །རིགས་ཀྱི་ཡུམ་ཡང་མངོན་པར་གཟུང་། །ཡུམ་རྣམས་ཀུན་གྱི་མཚན་མ་ནི། །དམར་སེར་མཉམ་པའི་ཕྱག་རྒྱ་ཅན། །སྤྱན་འཕངས་དམའ་ལ་གཟི་བརྗིད་ལྡན། །འཁོར་ལོའི་ཕྱག་རྒྱ་ཨུཏྤལ་ཞབས། །དཔུང་མགོ་མཐོ་ལ་རིང་བ་ནི། །དེ་བཞིན་རིགས་ཀྱི་གཟུངས་མར་ཤིས། །དཀར་གསལ་དུང་མདོག་སྒེག་མོའི་གཟུགས། །ཤ་རུས་འཁྱིལ་པ་རྡོ་རྗེའི་དབྱིབས། །མདངས་ཅན་ཡིད་འཕྲོག་ཨུཏྤལ་ཞབས། །དུང་ཅན་མ་ཡི་རིགས་མཆོག་སྟེ། །རྡོ་རྗེའི་རིགས་ཀྱི་གཟུངས་མར་ཤིས། །ཨུཏྤལ་སྔོན་པོའི་ཁ་དོག་འདྲ། །གསལ་འཚེར་ལྷུན་སྡུག་གཟི་བྱིན་འཕྲོ། །ཤེས་རབ་དང་ནི་བློ་སྟོབས་ཆེ། །མི་ཟད་བློ་གྲོས་སེམས་ལ་འཆར། །རིན་ཆེན་རིགས་ཀྱི་གཟུངས་མར་ཤིས། །དཀར་ལ་དམར་ཆགས་པདྨའི་མདོག །ཆགས་པ་ཆེ་ཤིང་ཡིད་གཞུངས་པ། །མཆུ་ནི་པདྨ་ཁ་བྱེ་འདྲ། །མིག་རྩ་དམར་ཞིང་མདངས་འཕྲོག་པ། །པདྨ་རིགས་ཀྱི་གཟུངས་མར་ཤིས། །དམར་ལྗང་འཁྲུག་པའི་ངོ་བོ་ལ། །ཁྲོ་བཙོན་ལས་རབ་དོན་ལ་བརྩོན། །ཤ་རྒྱས་མཆུ་ཞེང་གབ་པར་འདུག །ལག་པར་རྡོ་རྗེ་རྒྱ་གྲམ་འཆང་། །ལས་ཀྱི་རིགས་ཀྱི་གཟུངས་མར་ཤིས། །གཞན་ཡང་


DNG018_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

གང་དག་ཁ་ཅིག་ཏུ། །རི་མོ་གཅིག་པ་དེ་བཞིན་བྱ། །དུར་ཁྲོད་བླངས་པའི་རས་ཆེན་ལ། །ཚོན་རྩི་སྦྱིན་མེད་རབ་ཏུ་བཟང་། །སྒྲུབ་པོ་དམ་ཚིག་ལྡན་པ་དང་། །འབྲི་མཁན་དག་ཀྱང་དམ་ཚིག་ཅན། །ལྷ་དགུ་དམིགས་པའི་རྟེན་ཡང་བྲི། །དེ་བཞིན་སྒྲུབ་པ་པོ་ཡང་བྲི། །རབ་ཏུ་གནས་པ་རབ་བྱས་ཏེ། །རི་ཡི་རྩེའམ་ཆུ་འགྲམ་མམ། །གླིང་ངམ་རང་དགའི་གནས་དག་ཏུ། །དེ་ལ་བསྙེན་བཀུར་བྱེད་པ་ལ། །མྱུར་དུ་དངོས་གྲུབ་སྟེར་ལ་བརྩོན། །སྒྲུབ་དང་འབྲི་མཁན་མ་ཡིན་པར། །ལྷག་མ་ཀུན་ལ་བསྟན་པ་མིན། །སྒྲུབ་པ་དག་ལ་འབད་པའི་ཚེ། །སྐྱེས་བུ་རྟགས་པའི་བློ་གྲོས་ཅན། །དད་པའི་སེམས་དང་ལྡན་པ་ཡིས། །སྲོག་ལུས་མན་ཆད་རྫས་རྣམས་ནི། །སེར་སྣ་མེད་པའི་སེམས་ཀྱིས་དབུལ། །རྒྱལ་སྲིད་དང་ནི་རང་གི་ལུས། །བུ་དང་ཆུང་མ་ནོར་གྱི་དབྱིག །རབ་ཏུ་གཅེས་དང་ཡིད་འཐད་དབུལ། །ཀུན་ཏུ་སྣ་ཚོགས་བླ་མ་ལ། །ཡོན་གྱི་མཆོག་ནི་རབ་ཏུ་དབུལ། །གང་ན་ཡོངས་སུ་གཏང་དཀའ་བ། །དེ་ནི་མཆོག་ཏུ་བཤད་པ་ཡིན། །བླ་མའི་རྫས་ནི་སྲོག་ཇི་བཞིན། །གཞི་འཛིན་སྣུམ་འདྲ་དམ་ཚིག་རིན་པོ་ཆེ། །མ་རིག་ཐ་རྒོད་ཀོ་ཁེངས་ལྟ་བུ་བཏུལ། །ཡང་དག་དོན་རྟོགས་སེམས་དང་ཆོས་སུ་འདྲེས། །ལུས་དང་སྲོག་ལ་བབས་ཀྱང་དམ་ཚིག་མཆོག་མི་གཏོང་། །རྣལ་འབྱོར་དབང་ཕྱུག་ཡོན་ཏན་བརྒྱད་དང་ལྡན། །བླ་མ་མཆོག་ཉིད་ཡིན་པར་ངས་བཤད་དོ། །དག་པའི་ཡེ་ཤེས་ཧེ་རུ་ཀ །གཉིས་མེད་དོན་ལ་རབ་བརྩོན་པ། །དབྱངས་དྲུག་བླངས་པས་དོན་དྲུག་གྲུབ། །སྔགས་ཀྱི་ཡི་གེའི་སྒྲ་སྒྲོགས་པ། །དེས་ནི་དཀྱིལ་འཁོར་ལྷ་རྣམས་བསྐྱེད། །ཟབ་ཅིང་འབྲུག་སྒྲ་ལྟར་སྒྲོགས་པས། །གཏུམ་པོ་གདུག་པའང་ལྷན་ནེར་འགྱུར། །མཁུར་བ་དབུགས་ཀྱི་རླུང་འབྱིན་གྱིས། །ཁྲོ་བོ་ཁྲོ་མོའི་སྤྲུལ་པ་འགྱེད། །རྡོ་རྗེ་སྲིན་པོ་ངུར་སྐད་ཀྱི། །གདུག་པ་ཐམས་ཅད་སྤ་ཡང་བཀོང་། །མཁུན་ཞིང་གདུང་པའི་སྒྲ་འབྱིན་པས། །གདུག་པ་ཐམས་ཅད་རྡུལ་དུ་རློག །ཚངས་པ་དབྱངས་ཀྱི་འདྲེན་ཚུལ་གྱིས། །ཐམས་ཅད་མ་ལུས་དབང་དུ་སྡུད། །ཨོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། སྟོང་ཚོ་གསུམ་གྱི་གྲངས་དག་ནི། །རྣལ་


DNG018_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་ཉིན་ཞག་གང་བཟླ་བ། །ཞག་ནི་སུམ་ཅུ་ཕྲག་དྲུག་གིས། །རིག་འཛིན་ཐོབ་པར་གདོན་མི་ཟ། །རྣལ་འབྱོར་པ་དེ་འཆི་བའི་ཚེ། །འཇིག་རྟེན་པ་དག་ཤི་ཞེས་བརྗོད། །རྡོ་རྗེ་མཁའ་འགྲོ་མ་རྣམས་ཀྱིས། །ལེགས་ཤེས་རབ་ཏུ་བརྗོད་ནས་ཀྱང་། །རིག་འཛིན་ས་ལ་ངེས་པར་འཁོད། །དཔལ་ཧེ་རུ་ཀ་གལ་པོ་ཞེས་བྱ་བའི་རྒྱུད་ལས། སྣ་ཚོགས་རྣམ་པར་སྤྱོད་པ་ཞེས་བྱ་བའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ཐིག་ལེ་གཅིག་པའི་དཀྱིལ་འཁོར་དུ། །རྡོ་རྗེ་བདུད་རྩི་སྒྲུབ་པ་བཤད། །ཕུན་སུམ་ཚོགས་པ་བཞིར་ལྡན་ནས། །དེ་ནས་དཀྱིལ་འཁོར་བྲི་བར་བྱ། །ཞི་ཁྲོ་སྤེལ་མའི་དཀྱིལ་འཁོར་བྲི། །ཤར་དུ་ཞི་བའི་དཀྱིལ་འཁོར་དུ། །མཆོད་པ་ལྔ་དང་གཏོར་མ་བཤམ། །ལྷོ་རུ་རྒྱས་པའི་དཀྱིལ་འཁོར་དུ། །མར་མེ་དགུ་དང་གསོལ་བྱང་གཞག །ནུབ་ཏུ་དབང་གི་དཀྱིལ་འཁོར་དུ། །རྡོ་རྗེའི་ཚེ་དང་དངོས་གྲུབ་རྫས། །བྱང་དུ་དྲག་པོའི་དཀྱིལ་འཁོར་དུ། །བསྒྲལ་བའི་རྫས་མཆོག་གཞག་པར་བྱ། །དབུས་ཀྱི་བྷནྡྷ་སྲུབས་མེད་དུ། །རྩ་བ་བརྒྱད་དང་ལོ་མ་སྟོང་། །མིན་པ་གསུམ་དང་ཡིན་པ་ལྔ། །སྐྱོབ་དང་ཡན་ལག་ཉི་ཤུ་བདུན། །ཁ་ཆེར་སྐྱེས་དང་ཙན་དན་དྲི། །གཉིས་འཐུང་ལ་སོགས་ཤ་སྣ་སྟོང་། །འབྲུ་དང་རིན་ཆེན་བཅུད་ལ་སོགས། །གང་ཡང་སྨན་ཆེན་མིན་པ་ནི། །རབ་ཏུ་བསྒྲིམས་ཏེ་བསྒྲུབ་པར་བྱ། །བར་ཆོད་ཉུལ་ལེ་དུས་སུ་བཟློག །དུས་ནི་ཡར་གྱི་བརྒྱད་ལ་འཇུག །སྤྱན་དྲང་རྟོག་པ་ཟློག་པ་དང་། །སྨན་ཉིད་ཞི་ཁྲོའི་ལྷར་བསམས་ཏེ། །སྨན་འཛབ་ལྷ་འཛབ་སྤེལ་ཏེ་བགྲང་། །ཨོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀཏ་ཧཱུཾ་ཧྲཱྀཿཐ། ཨོཾ་མ་ཧཱ་སུ་ཁ་ཛྙཱ་ན་བོ་དྷི་ཙིཏྟ་དྷརྨ་དྷཱ་ཏུ་ཨཱཿ། ཨོཾ་ཨཱཿཧཱུཾ་བཛྲ་ཨ་མྲྀ་ཏ་ཧཱུཾ་ཧྲཱྀཿཐ། སྨན་ཉིད་ལྷ་རུ་རབ་སྦྱངས་ནས། །གྲོགས་པོ་དཔའ་ལ་སེམས་སྟོབས་ཆེ། །ཁྲོ་བོའི་ཚུལ་ཅན་གིང་ཆེན་ནི། །ཧཱུཾ་གི་སྒྲ་དང་ལྡན་པ་དེ། །ཆས་བརྒྱད་ཁྲོ་བཅུ་ལུས་ལ་འགོད། །མངའ་གསོལ་བཏོན་ལ་བཏག་བཙག་བྱ། །ཡེ་ཤེས་འོད་ཀྱི་སྣང་བ་དྲིལ། །དཔལ་ཆེན་སྐུར་བསྒོམ་དབང་ཡང་བསྐུར། །དཀྱིལ་འཁོར་ཆེན་པོར་རབ་བསྐོར་ཞིང་། །རུ་ལུའི་བྲོ་དང་བྲབ་དང་བདུག །དབུས་སུ་གཞུག་ལ་སློབ་


DNG018_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་གྱིས། །གཞི་རྒྱུད་ལྡན་པའི་དགོངས་པ་བྱ། །ཚོགས་ཆེན་མཆོད་པ་རྒྱུན་མི་གཅད། །གཙང་སྦྲ་གསུམ་ལ་གནས་པར་བྱ། །ཚོགས་ཆེན་གཅིག་གི་བསོད་ནམས་ནི། །སྐྱེ་ལ་ཉན་ཐོས་བརྒྱར་བསགས་པས། །བཅུ་དྲུག་ཆར་ཡང་མི་ཕོད་ན། །མཐར་ཐུག་པ་ནི་ཚོགས་འཁོར་ལོ། །ཀཱ་ཡ་ཝཱཀ་ཙིཏྟ། ཧཱུཾ་ཧཱུཾ་ཧཱུཾ། ཧཱུཾ་ཧཱུཾ་ཧཱུཾ། ཧཱུཾ་ཧཱུཾ་ཧཱུཾ། རྡོ་རྗེ་ཉི་མ་ནུབ་ནས་ནི། །དངོས་གྲུབ་ཆེན་པོ་བླང་བར་བྱ། །སྨན་ཆེན་འདི་ཡི་བསོད་ནམས་ནི། །ལྷ་གཉན་དམ་སྐོང་ཕྲིན་ལས་འགྲུབ། །རིག་འཛིན་བཞི་དང་སྒྲུབ་པ་བརྒྱད། །ཧེ་རུ་ཀ་ཡི་གསུངས་བཞིན་དུ། །འགྲུབ་པར་འགྱུར་ཏེ་གདོན་མི་ཟ། །གལ་ཏེ་འདི་ལ་གཟུགས་ཡོད་ན། །འཇིག་རྟེན་སྲོག་ཆགས་ཐམས་ཅད་ཀྱིས། །བརྗོད་པར་ནུས་པ་མ་ཡིན་ནོ། །རྡོ་རྗེ་བདུད་རྩི་སྨན་ཆེན་དེ། །གསུམ་དུ་བགོས་ལ་སྤྱད་པར་བྱ། །མདོར་ན་མང་པོ་སྨོས་ཅི་དགོས། །བདེ་གཤེགས་ཐམས་ཅད་མཆོད་པ་བས། །འདི་ཉིད་བསྒྲུབ་པའི་ཁྱད་པར་ནི། །ལྷག་པ་བས་ཀྱང་ཆེས་ལྷག་གོ། །འདི་མ་ཡིན་པའི་བསོད་ནམས་ནི། །གཞན་ན་ནམ་ཡང་ཡོད་མ་ཡིན། །དེ་བས་བསྒྲུབ་པ་འབད་པར་བྱ། །དཔལ་ཧེ་རུ་ཀའི་རྒྱུད་ལས། རྡོ་རྗེ་བདུད་རྩི་བསྒྲུབ་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་ཁྲག་འཐུང་ཆེན་པོ་དེས། དེ་སྐད་ཅེས་བཀའ་སྩལ་ནས། ལྷ་དང་།སྲིན་པོ་དང་། གིང་དང་། ལང་ཀ་དང་། མ་བདུན་དང་། སྲིང་མོ་བཞི་དང་། འབར་མའི་ཚོགས་ཐམས་ཅད་ཡི་རངས་ཏེ། དགྱེས་པའི་གད་མོ་བསྒྲགས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །ཁྲག་འཐུང་རྩ་བའི་རྒྱུད་ཐུགས་ཀྱི་གལ་པོ་ཞེས་བྱ་བ་རྫོགས་སོ།། །།ཨུ་རྒྱན་གྱི་མཁན་པོ་ཆེན་པོ་པདྨ་སམ་བྷ་བ་དང་། ལོ་ཙཱ་བ་དགེ་སློང་ནམ་མཁའི་སྙིང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།ནུབ་ཕྱོགས་ཨུ་རྒྱན་གྱི་གནས་ནས་སློབ་དཔོན་ཧཱུཾ་ཀ་རས་བཏོན་པའོ། །རྒྱུད་འདིའི་བཀའི་སྲུང་མ་ནི་མཁའ་འགྲོ་མ་གཙུག་གི་རྒྱན་གཅིག་མ་དང་སྲོག་གི་ཉུལ་ལེ་མ་བཞི་ལ་གཏད་དེ། བཀའི་དུས་ཚིགས་དང་ཉི་ཚོད་ལས་འདས་ན་མཁའ་འགྲོ་མ་རྣམས་ཀྱིས་ཆད་པ་ཆོད་ཅིག །བཀའ་རྒྱ་གསུམ་མོ།། །།