cover

རྙིང་མ་རྒྱུད་འབུམ་པོད་ཉི་ཤུ་པ། ཝ༽

སྡེ་དགེའི་ཤིང་པར་རྙིང་མ་རྒྱུད་འབུམ།

རྩོམ་མཁན།

Nitartha international

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

བདུད་རྩི་ཆེན་པོ་འཁོར་ལོ་འབར་བའི་རྒྱུད་ཅེས་བྱ་བ།


DNG020_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། མ་ཧཱ་ཨ་མྲྀ་ཏ་ཙཀྲ་ཛྭ་ལ་ཏནྟྲ་ནཱ་མ། བོད་སྐད་དུ། བདུད་རྩི་ཆེན་པོ་འཁོར་ལོ་འབར་བའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཆེན་པོ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་མངའ་བདག་ཆེན་པོ་དེ་ནི། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཀློང་ཆེན་པོ་འོག་མིན་གྱི་གནས་མ་བཀོད་པར་སྣང་བ་ཞེས་བྱ་བར། འདི་ལྟར་ས་བཅུ་པའི་དུས་གསུམ་གྱི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྣམས་དང་། ལུས་ཀྱི་ཁམས་དགུ་འདུས་པའི་དྭངས་མ་བདུད་རྩི་ཆེན་པོ་ཡེ་ནས་སངས་རྒྱས་པའི་དོན་ལ་སོ་སོ་མ་ཡིན་ཐ་མི་དད་ཅིང་དབྱེར་མེད་པར་བཞུགས་སོ། །དེ་ནས་རྡོ་རྗེ་སྙིང་པོ་རང་གི་གདན་ལས་བཞེངས་ནས། སེང་གེའི་འགྲོ་སྟངས་ཀྱིས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོའི་སྤྱན་སྔར་མཆིས་ནས། གླང་པོ་ཆེའི་ལྟ་སྟངས་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་སྤྱི་མེས་ཆེན་པོའི་ཞལ་དུ་བལྟས་ཏེ།


DNG020_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཐམས་ཅད་ནམ་མཁའི་རང་བཞིན་ཅན་ལས་དྲན་པ་སྣ་ཚོགས་ནམ་མཁའི་སྤྲིན་བཞིན་དུ་སྣང་བར་ཡང་མཁྱེན་ནས་ཆོས་ཉིད་སྐྱེ་བ་མེད་ཅིང་འགག་པ་མེད་པར་ཤར་བའི་ཕྱིར། བདུད་རྩི་ཆེན་པོ་རྣམ་པར་རྟོག་པའི་བློ་ལས་རབ་ཏུ་འདས་པའི་དོན་འདི་ཞུ་བར་མཛད་པའི་ཕྱིར། འདི་སྐད་ཅེས་གསོལ་བ་འདེབས་སོ། །ཀྱེ་མ་ཧོ་ཆོས་སྐུ་ནམ་མཁའི་རང་བཞིན་ལ། །འཁོར་བ་སྤྲིན་གྱིས་རབ་བསྒྲིབས་པས། །རླུང་སེམས་དྲན་པའི་རྣམ་རྟོག་ལངས། །བླ་མའི་ཐུགས་ཀྱི་དཔལ་བེའུ་ནས། །མན་ངག་སྒྲོན་མེ་དྲན་མེད་ཤར། །ཆོས་ཉིད་སྐྱེ་བ་མེད་པའི་དོན། །བདུད་རྩི་ཆེན་པོ་ཆོས་ཀྱི་སྐུ། །རྣམ་རྟོག་བློ་ལས་རབ་འདས་པ། །སྐལ་ངན་སེམས་ཅན་འདུལ་བའི་ཕྱིར། །འོག་མིན་རྣལ་འབྱོར་དབང་ཕྱུག་དང་། །རྣམ་དག་ས་ཐོབ་དྲང་སྲོང་དང་། །རྗེས་སུ་འཇུག་འགྱུར་མ་འོངས་པའི། །དོན་དུ་བདུད་རྩི་སྒྲུབ་པ་ཡི། །དམ་ཆོས་འཁོར་ལོ་བསྐོར་དུ་གསོལ། །ཞེས་གསོལ་བ་རབ་ཏུ་བཏབ་པོ། །དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཆེན་པོ་ཆོས་ཀྱི་སྐུ་དྲི་མ་མེད་པའི་དགོངས་པ་ལས་སྐབས་ཕྱེ་ནས། སྐུ་ཡིད་བཞིན་དུ་འབྱུང་བའི་ནོར་བུ་རིན་པོ་ཆེ་འབར་བ་ལྟ་བུས། འཁོར་གྱི་ཚོགས་ཐམས་ཅད་ལ་རབ་ཏུ་གཟིགས་ནས།


DNG020_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སྐད་ཅེས་གསུངས་སོ། །ཁམས་གསུམ་འཁོར་བར་སྡུག་བསྔལ་དུག་ཆེན་ལ། །མྱ་ངན་འདས་པ་བདུད་རྩིའི་སྨན་སྦྱར་བས། །དོན་དམ་ཀུན་བཟང་དབྱེར་མེད་ལྷུན་གྲུབ་ཆོས། །རིགས་དྲུག་སེམས་ཅན་ཀུན་ལ་རང་གནས་པ། །ལུས་ཁམས་བདུད་རྩི་ཆེན་པོ་མཆོག་གི་ཆོས། །གསང་བ་བས་ཀྱང་ཆེས་གསང་རབ་ཏུ་གསང་། །ཡང་གསང་རྨད་བྱུང་ཆོས་ཀྱི་སྒྲུབ་པ་འདི། །དྲན་པ་རྣམ་རྟོག་སེམས་ཉིད་ཚོགས་བརྒྱད་ལ། །དྲན་མེད་ལུས་ཁམས་བདུད་རྩི་སྨན་སྦྱར་ནས། །ཡི་དམ་ལྷ་སྐུའི་བདུད་རྩི་སྐྱེ་བ་མེད། །ཞེན་སྣང་འཁོར་བའི་བློ་ལས་རབ་འདས་ནས། །མཆོག་དང་ཐུན་མོང་སྒྲུབ་པ་ཀུན་གྱི་གཞི། །རྨད་བྱུང་བདུད་རྩི་ཆོས་ཀྱི་འཁོར་ལོ་འདི། །ཁྱེད་རྣམས་ཚོགས་ལ་རབ་ཏུ་བསྐོར་བྱ་ཡི། །དད་པའི་ཐེག་པས་རྡོ་རྗེ་བླ་མ་ཟུང་། །བརྩོན་འགྲུས་ལ་གོར་སྐྱེན་པོས་སྨན་རྣམས་བཙལ། །ཤེས་རབ་མིག་རྣོན་མན་ངག་མཐོང་བར་བྱ། །ལས་དང་སྐལ་བར་ལྡན་པའི་རྣལ་འབྱོར་པས། །དཔའ་བོ་དཔའ་མོ་མཆེད་དང་ལྕམ་དྲལ་ལ། །ཕྱི་རབས་དོན་དུ་བཤད་ཀྱིས་ལེགས་པར་ཉོན། །ཅེས་གསུངས་སོ། །བདུད་རྩི་ཆེན་པོ་འཁོར་ལོ་འབར་བའི་རྒྱུད་ལས། གླེང་གཞི་དང་གླེང་བསླང་བའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་བསྒྲུབ་པའི་གཞི་ཕུན་སུམ་ཚོགས་པ་འདི་གསུངས་སོ། །ཕྱི་དང་ནང་དང་གསང་བ་དང་། །གསང་ཆེན་རབ་གསང་དེ་ཁོ་ན། །སྒྲུབ་པ་ཀུན་གྱི་གཞི་ཡིན་པས། །སྟོན་འཁོར་གནས་དུས་སྒྲུབ་པའི་རྫས། །སྟོན་པ་ཆོས་ཀྱི་མཛོད་འཛིན་པ། །རྒྱུད་ལུང་མན་ངག་རབ་ཤེས་བྱ། །རྒྱུ་འབྲས་ཐེག་པ་ཀུན་ལ་མཁས། །མངོན་དུ་བྱུང་དང་རྣ་བར་བརྒྱུད། །ཐུགས་ལ་བརྣག་པ་ཁོང་དུ་གབ། །ཟབ་དང་རྒྱ་ཆེའི་དགོངས་པ་རྣམས། །མ་ལུས་ལུས་པ་མེད་པའི་ཆོས། །ཐེག་པ་རབ་རྒྱས་ཡོངས་ཤེས་བྱ། །ཐུན་མོང་ཁྱད་པར་འཁོར་ལྡན་པའི། །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས། །འདོད་ཡོན་ལྔ་སྤང་མ་ཡིན་དང་། །ཀྲི་ཡ་ཨ་པ་ཡོ་ག་དང་། །བདུད་རྩི་དཀའ་ཐུབ་སྤང་བ་ཡིན། །


DNG020_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་ཐེབས་གིང་དང་ལས་མཁན་དང་། །པདྨ་ཙནྡན་ལྟ་བུ་ཡི། །བུང་བ་དུག་སྦྲུལ་ལྟར་གནས་པ། །རབ་ཏུ་དད་པས་བསྒྲུབ་པ་ཉིད། །མ་ལྟར་བྱམས་ཤིང་སྲིང་ལྟར་གདུང་། །ཇོ་མོས་སྐྱོང་ལ་བྲན་ལྟར་ལས། །གཟུངས་མ་རབ་ཏུ་ལྡན་པ་ཡང་། །འཁོར་གྱི་དམ་པར་རབ་གསུངས་པས། །རྡོ་རྗེ་འཆང་གི་གྲལ་དུ་འཁོད། །དང་པོར་བསྒྲུབ་པའི་གནས་བཙལ་བ། །བདུད་རྩི་དམ་པ་བསྒྲུབ་པའི་གནས། །གཙང་ཞིང་གཞོལ་བ་དྲང་སྲོང་གནས། །དུར་ཁྲོད་མ་མོ་མཁའ་འགྲོའི་གནས། །རྩི་སྨན་ནགས་ཚལ་སྨན་གྱིས་བསྲུངས། །ཁྲོ་བོ་སྲིན་པོ་རབ་གནས་ཡུལ། །ཆུ་བོའི་ངོགས་སམ་བྲག་ཕུག་གམ། །རབ་ཏུ་དབེན་པར་གནས་པ་ཡང་། །བརྟག་དང་བསླང་དང་གཟུང་བ་དང་། །རིན་བཅལ་བ་དང་བསྐྲད་པ་དང་། །སྦྱང་དང་བསྐོར་ཞིང་བྱིན་གྱིས་བརླབ། །དགོན་པར་བརྩིགས་སམ་དཀྱིལ་འཁོར་བྱ། །སྟོན་ནམ་དཔྱིད་སོས་སྨན་བཙལ་བྱ། །ཡང་ན་དུས་ནི་བཞི་པོ་ལ། །རྩ་བ་ལོ་མ་མེ་ཏོག་གསུམ། །འབྲས་བུ་བཞི་ཡང་བཙལ་བར་བྱ། །བསྒྲུབ་པ་བྱ་བའི་དུས་ཤིས་པ། །ཚེས་བརྒྱད་དག་ལ་འདུ་བར་བྱ། །ནང་དུ་དཀྱིལ་འཁོར་བྲི་བ་ཡང་། །གང་ཡིན་སྔ་དྲོའི་དུས་ན་ཤིས། །བསྒྲུབ་པ་གདོན་པར་བྱ་བ་ཡང་། །བཅོ་ལྔ་དག་ལ་རབ་ཏུ་ཚར། །དངོས་གྲུབ་བླང་བར་བྱ་བ་ཡང་། །ཐོ་རངས་སམ་ནི་ཉི་མ་ཕྱེད། །དུས་འདི་རབ་ཏུ་ཤེས་འགྱུར་ནས། །དེ་ལས་འགལ་བར་མི་བྱའོ། །འཚོ་བ་ཟས་ཀྱི་ཡོ་བྱད་ཀྱང་། །ཉིས་ལྡབ་སུམ་ལྡབ་དག་ཏུ་བྱ། །ཆ་གསུམ་དག་ཏུ་རབ་གནས་པ། །དང་པོ་དཀོན་མཆོག་འཕགས་པ་མཆོད། །བར་དུ་ཚོགས་ཀྱི་འཁོར་ལོ་བྱ། །ཐ་མ་གཏང་རག་སྦྱིན་པར་དགྱེ། །བར་ཆད་རྐྱེན་ཡང་རབ་བཟློག་ཕྱིར། །གོ་མཚོན་མདའ་གཞུ་རབ་བསགས་ཏེ། །ཡུངས་ཀར་དང་ནི་གུ་གུལ་གྱིས། །བགེགས་རྣམས་འབྲོས་པར་བྱེད་པ་དང་། །ནད་ཁམས་གང་ལ་ཡོད་འགྱུར་བ། །


DNG020_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

སྨན་དང་དཔྱད་ཀྱང་རབ་ལྡན་པ། །མཆོད་རྫས་མཆོད་པ་རྣམ་ལྔ་དང་། །རྫས་བརྒྱད་རིན་ཆེན་སྣ་བདུན་ཉིད། །གཏོར་མ་རཀྟ་བདུད་རྩི་དང་། །རོལ་མོ་རྔ་གླིང་དུང་དང་བཅས། །མེ་ལོང་མདའ་དང་ཚོན་སྐུད་དང་། །རྒྱལ་མཚན་བླ་དྲེ་གདུགས་དང་བཅས། །ཨ་འབྲས་རྒུན་འབྲུ་བ་ན་སེ། །ན་ལི་ཀེ་ར་ཨ་ག་རུ། །ག་པུར་ཅུ་གང་ཨ་རུ་ར། །ཛ་ཏི་ཙནྡན་དམར་པོ་དང་། །གུར་གུམ་ལ་སྩོགས་ཚང་བར་བྱེད། །ཡིད་ཀྱི་རྣམ་པར་ཤེས་པ་ནི། །ཆོས་དང་སེམས་སུ་འདྲེས་འགྱུར་ཤེས། །ཀུན་བཟང་ཡབ་ཡུམ་རང་བཞིན་པས། །སྟོན་པའི་དམ་པར་རབ་རྟོགས་བྱ། །ཉོན་མོངས་ལྔ་ནི་རིགས་ལྔ་ཉིད། །ཆེ་བས་རབ་ཏུ་ཁེངས་པས་ན། །ང་རྒྱལ་ཆེན་པོ་བདུད་དང་ལྡན། །རྟེན་འདྲེལ་བཅུ་གཉིས་སྣང་བ་ཡང་། །ཐབས་མཁས་རྒྱལ་སྲས་སེམས་དཔར་བཤད། །འབྱུང་བ་ལྔ་ཉིད་གཟུངས་མ་ཡུམ། །རང་ལུས་དག་པའི་ཞིང་ཁམས་ན། །ཀུན་གཞིའི་གནས་ཆེན་ཆོས་ཀྱི་དབྱིངས། །ལྟ་བས་ཆོས་རྣམས་རྟོགས་པའི་དུས། །ཏིང་འཛིན་བསྒོམ་བསྒྲུབ་རྫས་ལ་སྤྱོད། །རིག་འཛིན་སངས་རྒྱས་འགྲུབ་པའི་དུས། །དུས་ཆེན་འདི་དང་རབ་ལྡན་བྱ། །ཤེས་རབ་དང་ནི་ཏིང་འཛིན་ནམ། །རྣལ་འབྱོར་པ་ཡི་སྒྲུབ་རྫས་ཡིན། །ཐབས་ཀྱི་རྡོ་རྗེ་ཆེན་པོ་ནི། །གསང་བའི་སྟོན་པར་རབ་ཏུ་ཤར། །ཤེས་རབ་པདྨ་ཡུམ་གྱི་འཁོར། །ཡབ་ཡུམ་བརྡ་སྤྲོད་ཐུན་མོང་འཁོར། །རྡོ་རྗེ་པདྨ་བཞུགས་པའི་གནས། །གསང་བ་ཆེན་པོར་རབ་གནས་པ། །སྒྲོན་མ་རབ་ཏུ་འབྱོངས་པའི་དུས། །མཚན་ལྡན་གཟུངས་མ་རྙེད་དུས་ཉིད། །ཀུན་རྫོབ་བྱང་སེམས་དཀར་དམར་རྫས། །དོན་དམ་བདེ་བ་བཞི་དང་ལྡན། །གསང་ཆེན་བསྟན་པས་ལྟ་བ་རྟོགས། །རང་གནས་ཏིང་ངེ་འཛིན་གྱིས་འཇོམས། །སྒྲོལ་གིང་དག་གིས་སྒྲོལ་བར་ནུས། །སྤོར་གིང་དག་གིས་སྤོར་བར་ནུས། །གསང་བའི་དཀྱིལ་འཁོར་ཆེན་པོ་རུ། །དྲག་པོ་གྲུ་


DNG020_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་འབར་བའོ། །ནང་དུ་གནས་སྦྱང་འབྱོངས་པ་དང་། །ཞིང་བཅུ་གནས་སུ་ཁུགས་པའི་དུས། །མི་དང་གླང་པོ་རྟ་དང་ནི། །བྱ་ཁྱི་འབྱོར་པའི་རྫས་ལྔ་ལྡན། །རབ་གསང་སྟོན་པ་ཞེས་བྱ་བ། །བལྟ་བས་རབ་ཏུ་རྟོགས་པར་བྱས། །ཏིང་ངེ་འཛིན་གྱི་འཁོར་དང་ལྡན། །བྱིང་རྒོད་གཉིས་ལས་རབ་ཏུ་གྲོལ། །སྤྱོད་པའི་གནས་ལ་འདུག་བྱས་ནས། །མཉམ་གཞག་རྗེས་སྤྱོད་འདྲེལ་བར་ཤོག །མཆོག་དང་ཐུན་མོང་འབྲས་བུ་ནི། །ཐོབ་པ་དུས་ཞེས་བྱ་བ་ཡིན། །བླ་མའི་གདམས་ངག་རྫས་ལ་སྤྱོད། །རྫས་འདི་གཞན་ལས་ཁྱད་པར་འཕགས། །དེ་ཁོ་ན་ཉིད་རབ་བཤད་བྱ། །ཀུན་བཟང་བླ་མ་ཐ་དད་མེད། །ཡུམ་དང་ཀུན་ཏུ་བཟང་མོ་མཉམ། །རིགས་ལྔ་བླ་མའི་འཁོར་དུ་གཅིག །ཆོས་ཀྱི་དབྱིངས་དང་འོག་མིན་གནས། །བསྒྲུབ་པའི་ཡུལ་ཁམས་དབྱེ་བ་མེད། །འདི་ལྟར་གང་ཤེས་དུས་ཀྱི་མཆོག །དུས་རྣམས་ནང་ནས་ཁྱད་པར་ཆེ། །འཁོར་བ་འདས་པར་གྲུབ་པའི་རྫས། །ཀུན་བཟང་འཁོར་བར་སྣང་བ་ཀུན། །དོན་དམ་མྱ་ངན་འདས་པར་བསྒྲུབ། །ཅེས་གསུངས་སོ། །བདུད་རྩི་ཆེན་པོ་འཁོར་ལོ་འབར་བའི་རྒྱུད་ལས། བསྒྲུབ་པའི་གཞི་ཕུན་སུམ་ཚོགས་པ་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་སྔོན་དུ་བྱ་བའི་རིམ་པ་འདི་དག་གསུངས་སོ། །ཕྱི་ནང་བཤགས་བསྐང་མཚམས་བཅད་ནས། །དཀྱིལ་འཁོར་བྱས་ལ་བྱིན་གྱིས་བརླབ། །ཆོས་ཀྱི་སྦྱིན་པ་གཏང་བའི་ཕྱིར། །ཤར་དུ་ཤེས་རབ་ཕ་རོལ་ཕྱིན། །ལྷོ་རུ་རྒྱས་པ་བཀྲ་ཤིས་བྱེད། །འཕགས་པ་སྣང་བརྒྱད་གདོན་པར་བྱ། །བདུད་ཀྱི་བར་ཆད་ཞི་བའི་ཕྱིར། །ནུབ་ཏུ་ཏོག་ཀྱང་བཀླག་པར་བྱ། །འགྱོད་ཚངས་བར་གཅོད་སྤ་བཀོང་ཞིང་། །བྱང་གི་ཕྱོགས་སུ་གདོན་པར་བྱ། །ཤེས་རབ་ཕ་རོལ་ཕྱིན་མའི་སྐུ། །ཞལ་གཅིག་གསེར་མདོག་སེང་གེའི་ཁྲི། །དང་པོ་


DNG020_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་འཆད་མཉམ་པར་གཞག །ཐ་མ་རྡོ་རྗེ་གླེགས་བམ་འཛིན། །ཕྱོགས་བཅུའི་སངས་རྒྱས་སྲས་དང་བཅས། །ནང་དུ་ཡང་དག་མཆོད་པར་བྱ། །རྣམ་པར་སྣང་མཛད་སྣང་མཐའ་ཡས། །རྡོ་རྗེ་སེམས་དཔའ་གཙོ་བོ་གསུམ། །སངས་རྒྱས་སྤྱན་དང་མཱ་མ་ཀཱི། །གོས་དཀར་མོ་ནི་ཡུམ་དུ་གནས། །འཇམ་དབྱངས་སྤྱན་གཟིགས་རྡོ་རྗེ་ཅན། །བདག་པོ་གསུམ་ནི་སྲས་སུ་འཁྲུངས། །གཤིན་རྗེ་གཤེད་དང་རྟ་མགྲིན་དཔལ། །བདུད་རྩི་འཁྱིལ་པ་ཁྲོ་བོ་ཡིས། །རྣོན་པོ་རྩེ་མོ་ཀཱི་ལ་ཡ། །ཕོ་ཉ་གསུམ་དང་རབ་ལྡན་པས། །དཀོན་མཆོག་གསུམ་དང་དཔལ་མགོན་རྣམས། །བགེགས་རིགས་འགྲོ་དྲུག་ལ་སོགས་པ། །གཏོར་མ་མཆོད་པས་བསྐང་བར་བྱའོ། །གནས་དང་ཉེ་བའི་གནས་དང་ནི། །ཞིང་དང་ཉེ་བའི་ཞིང་གནས་པ། །ཚནྡོ་ཉེ་བའི་ཚནྡོ་དང་། །དུར་ཁྲོད་ཉེ་བའི་དུར་ཁྲོད་སོགས། །མ་མོ་མཁའ་འགྲོ་ལྷ་སྲིན་རྣམས། །རབ་ཏུ་བསྐང་བར་བྱས་ནས་ནི། །ཚ་ཚ་གདབ་དང་འགྱོད་ཚངས་དང་། །སྲོག་ཆགས་ཚེ་ཡང་བསྐྱབ་པར་བྱ། །སྐུ་བཞི་དཔལ་བརྒྱད་ཚང་བ་ཡི། །ཤར་ཕྱོགས་སུ་ནི་ཡུལ་འཁོར་སྲུང་། །ལྷོར་ནི་རྒྱལ་པོ་འཕགས་སྐྱེས་པོ། །ནུབ་ཕྱོགས་སུ་ནི་སྤྱན་མི་བཟང་། །བྱང་ནི་རྣམ་ཐོས་བུ་བཀོད་ནས། །ཕྱི་མཚམས་ཐོ་ཡིས་གཅད་པར་བྱ། །མི་གཡོ་མགོན་པོས་དམ་སྲི་གནན། །ཕྱི་ཡི་བར་ཆད་གཤིན་རྗེས་བསྲུང་། །ནང་གི་དངོས་གྲུབ་འཕྲོག་པ་རྣམས། །བདུད་རྩི་འཁྱིལ་པས་བསྲུང་བྱས་ན། །བར་གྱི་མཚམས་ཡང་གཅད་པར་བྱ། །མི་དགེ་བཅུ་པོ་བསྲུང་བའི་ཕྱིར། །ཕྱོགས་སྐྱོང་བཅུ་ལ་ཕུར་པ་གདབ། །དུག་ལྔའི་མཚོན་ཆས་ཀུན་འཇོམས་ཕྱིར། །མཚོན་ཆ་འབར་བའི་དྲ་བ་དང་། །ར་བ་གུར་གྱིས་བསྲུང་བ་བྱ། །ལུས་ངག་ཡིད་ལ་བདག་འཛིན་པའི། །རཱུ་ཏྲ་རྣམ་པ་གསུམ་པོ་ཡང་། །བལྟ་སྤྱོད་གཉིས་ཀྱིས་མནན་བྱས་ནས། །སྒོ་སྲུང་དུར་ཁྲོད་བདག་པོས་བྱ། །དེ་ནས་བྱིན་གྱིས་རློབས་པ་ཡང་། །དབང་བསྐུར་ཆེན་པོའི་


DNG020_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

ཏིང་འཛིན་གྱིས། །གནས་ཁང་བྱིན་གྱིས་བརླབ་པ་ཡང་། །སྣོད་ཀྱི་འཇིག་རྟེན་ཁང་པ་ན། །བཅུད་ཀྱི་སེམས་ཅན་ལྷ་ཚོགས་བཞུགས། །སྲིད་གསུམ་བདུད་རྩི་རྣམ་ལྔར་གསལ། །ཕྱག་རྒྱ་ཆེན་པོའི་ཏིང་འཛིན་གྱིས། །རྣལ་འབྱོར་བྱིན་གྱིས་བརླབ་པར་བྱ། །ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས། །སྤྱོད་ལམ་རྣམ་བཞི་ལྷ་སྐུར་གསལ། །འབྱུང་བ་བཅུད་ལེན་ཏིང་འཛིན་གྱིས། །ཆད་རླབས་ཛ་གད་བྱིན་གྱིས་བརླབ་པར་བྱ། །བསྲེག་སྦྱང་སྟོང་པ་གཞལ་ཡས་ཁང་། །མི་བསྐྱོད་དབྱིངས་ཕྱུག་འོད་དུ་ཞུ། །མཱ་མ་ཀཱི་ཡིས་བཅུད་བསྡུས་ནས། །ཆ་བཞི་དག་ཏུ་བགོ་བར་བྱ། །ཡིད་བཞིན་ནོར་བུའི་ཏིང་འཛིན་གྱིས། །རྫས་དང་ཡོ་བྱད་བྱིན་གྱིས་བརླབ། །ཡིད་བཞིན་ནོར་བུ་རིན་པོ་ཆེ། །བསམ་དཔག་འདས་པའི་ཤིང་ཆེན་དང་། །བུམ་པ་བཟང་པོ་འདོད་འཇོའི་བ། །ཇི་ལྟར་དམིགས་པར་འབྱུང་བར་སྣང་། །ས་ཡི་ལྷ་མོ་བརྟན་མ་ཉིད། །སེར་མོ་ཕྱག་གཉིས་བུམ་པ་བསྣམས། །ཕག་གི་ཁྲི་ལ་ཡང་དག་གནས། །ཀླུ་གཉན་ས་བདག་འཁོར་དང་བཅས། །དེ་ལ་ས་ནི་རབ་བསླང་ནས། །བསྒྲུབ་པའི་དཀྱིལ་འཁོར་ཆག་ཆག་གདབ། །ཡེ་ཤེས་དམ་ཚིག་ཐིག་གདབ་ལ། །ཀ་བ་བརྒྱད་དང་འཁོར་ལོ་བརྒྱད། །པདྨ་བརྒྱད་དང་རིན་ཆེན་བརྒྱད། །སྒོ་བཞི་རྟ་བབས་བརྒྱད་ལྡན་པ། །རྡུལ་ཚོན་བྱིན་གྱིས་བརླབས་ནས་བྲི། །དེ་ལ་ལྷ་ཡི་སྐུ་ཡང་དགོད། །ཅེས་གསུངས་སོ། །བདུད་རྩི་ཆེན་པོ་འཁོར་ལོ་འབར་བའི་རྒྱུད་ལས། བསྒྲུབ་པའི་སྔོན་དུ་འགྲོ་བའི་ལས་རིམ་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་བསྒྲུབ་པར་བྱ་བ་ལྷའི་སྐུ་ཕྱག་རྒྱ་ཆེན་པོ་འདི་གསུངས་སོ། །ཕྱག་རྒྱ་ཆེན་པོ་ལྷ་ཡི་སྐུ། །ལས་ཀྱི་ཕྱག་རྒྱ་ཡུམ་དང་འཁྲིལ། །དམ་ཚིག་ཕྱག་རྒྱ་སྦྱོར་བར་བྱ། །ཆོས་ཀྱི་ཕྱག་རྒྱ་ལྷ་རྣམས་བསྐྱེད། །རང་སེམས་ཡི་གེ་གསུང་དུ་གསལ། །ཕ་མའི་ཆ་ཤས་ཐུགས་མཚན་ཉིད། །འབྱུང་ཆེན་ལྔ་


DNG020_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྐུ་རྫོགས་པས། །ཆོ་ག་རྣམ་པ་གསུམ་ལས་བསྐྱེད། །རྣམ་ཤེས་ཕུང་པོ་རྡོ་རྗེ་སེམས། །གཡས་མཐིང་གཡོན་དམར་དབུས་མ་དཀར། །རྡོ་རྗེ་འཁོར་ལོ་རིན་པོ་ཆེ། །པདྨ་རལ་གྲི་དྲིལ་བུ་བཅས། །གཟུགས་ནི་སྣང་མཛད་གསེར་གྱི་མདོག །མཐིང་ག་དམར་བའི་དབུ་གསུམ་པ། །འཁོར་ལོ་རྡོ་རྗེ་རིན་ཆེན་དང་། །དྲིལ་བུ་པདྨ་རལ་གྲི་འཛིན། །ཚོར་བ་དཀོན་མཆོག་དཔལ་ནི་མཐིང་། །དཀར་དང་དམར་བ་ཕྱག་དྲུག་པ། །རིན་ཆེན་རྡོ་རྗེ་འཁོར་ལོ་དང་། །དྲིལ་བུ་པདྨ་རལ་གྲི་འཛིན། །འདུ་ཤེས་འོད་དཔག་མེད་པའི་སྐུ། །དཀར་དང་སྔོ་དང་བྱེ་རུའི་མདོག །པདྨ་རྡོ་རྗེ་འཁོར་ལོ་དང་། །དྲིལ་བུ་རིན་ཆེན་རལ་གྲི་བསྣམས། །འདུ་བྱེད་དོན་ཡོད་གྲུབ་པའི་སྐུ། །དཀར་དམར་ལྗང་གུ་ཞལ་གསུམ་པ། །རལ་གྲི་རྡོ་རྗེ་འཁོར་ལོ་དང་། །དྲིལ་བུ་རིན་ཆེན་པདྨ་གཡོན། །དབྱིངས་ཕྱུག་མ་དང་སངས་རྒྱས་སྤྱན། །མཱ་མ་ཀཱི་དང་གོས་དཀར་སྒྲོལ། །རིགས་ལྔ་བདུད་རྩི་ལྔར་གནས་ཤིང་། །ཡུམ་ལྔས་ཤ་ལྔ་སྦྱོང་མཛད་པ། །ཁམས་དགུ་འདུས་པའི་དྭངས་མ་ཉིད། །ཕུང་པོ་ལྔ་དང་འབྱུང་བ་ལྔ། །སངས་རྒྱས་རིགས་མ་ཡུམ་དང་འཁྲིལ། །ས་ཡི་སྙིང་པོ་སྒེག་མོ་དཀར། །རིན་ཆེན་མྱུ་གུ་མེ་ལོང་འཛིན། །ནམ་མཁའི་སྙིང་པོ་མཱ་ལེ་མཐིང་། །རལ་གྲི་རིན་ཆེན་འཕྲེང་བ་འདྲེན། །སྤྱན་རས་གཟིགས་དང་ཀླུ་མ་དམར། །པདྨ་དཀར་པོ་པི་ཝང་འདྲེན། །ཕྱག་ན་རྡོ་རྗེ་གར་མཁན་ལྗང་། །རྡོ་རྗེ་རྩེ་ལྔ་གར་མཛད་བསྒྱུར། །རྣམ་ཤེས་བཞི་དང་ཡུམ་བཞི་ཡིས། །བློ་དང་དངོས་པོ་བསྲེས་ནས་ནི། །བྱང་ཆུབ་སེམས་དཔའི་ལྷ་མོ་གནས། །ནང་དུ་ཡང་དག་སྤྲོ་བའོ། །བྱམས་པ་སྤོས་མ་དཀར་མོ་ལ། །ཀླུ་ཤིང་བདུག་སྤོས་ག་པུར་བསྣམས། །སྒྲིབ་པ་སེལ་དང་མེ་ཏོག་མཐིང་། །ཆོས་ཀྱི་འཁོར་ལོ་མེ་ཏོག་ཕྲེང་། །ཀུན་བཟང་མར་མེ་དམར་མོ་གསལ། །རིན་ཆེན་སྙེ་མ་སྣང་གསལ་འབར། །འཇམ་དཔལ་དྲི་ཆབ་མ་ནི་ལྗང་། །ཨུཏྤལ་དུང་ཕོར་དྲི་ཆབ་མཐིང་། །དབང་


DNG020_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

པོ་བཞི་དང་དེ་ཡུལ་བཞི། །ཕྱི་ཡི་སྣང་བ་དག་དང་འདྲེལ། །བྱང་ཆུབ་སེམས་དཔའི་རིགས་མ་རྣམས། །ཡུལ་སེམས་གཉིས་སུ་མེད་པར་བྱེད། །ཀུན་བཟང་ཡབ་ཡུམ་མཉམ་བཞག་མཐིང་། །ལྷ་དབང་བརྩོན་འགྲུས་པི་ཝང་བསྣམས། །ལྷ་མིན་བསམ་གཏན་གོ་ཆ་དང་། །མི་དབང་ཚུལ་ཁྲིམས་གསེག་པར་ཉིད། །བྱོལ་སོང་ཤེས་རབ་པོ་ཏི་འཛིན། །ཡི་དྭགས་སྦྱིན་པ་རིན་ཆེན་སྒྲོམ། །དམྱལ་བ་བཟོད་པ་མེ་དང་ཆུ། །གཤིན་རྗེ་མི་གཡོ་ལྕགས་ཀྱུ་དཀར། །རྣམ་རྒྱལ་རྡོ་རྗེ་ཞགས་པ་སེར། །རྟ་མགྲིན་སྦྲུལ་ཞགས་ལྕགས་སྒྲོག་དམར། །བདུད་རྩི་རྒྱ་གྲམ་དྲིལ་བུ་ལྗང་། །བླ་མ་རྡོ་རྗེ་འཛིན་པ་ལ། །རྒྱུ་ཡི་དུས་ནས་དབང་ཐོབ་པས། །བུམ་པ་མི་བསྐྱོད་ཆུ་ཡི་དབང་། །ཅོད་པན་བདུད་རྒྱལ་རིན་འབྱུང་ལ། །རྡོ་རྗེ་བདུད་འཇོམས་སྣང་མཐའ་ཡས། །དྲིལ་བུ་ཆོས་སྒྲ་དོན་ཡོད་གྲུབ། །མིང་ནི་རྣམ་པར་སྣང་མཛད་དོ། །ལམ་དུས་རིགས་ལྔར་དབང་བསྐུར་བྱ། །ཟབ་མོའི་དབང་གསུམ་ཐོབ་པའི་ཕྱིར། །སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ། །བདུད་རྩི་ཁྲོལ་བུ་བསྒྲུབ་པར་བྱ། །ཐུན་མོང་དམ་པ་རིགས་བརྒྱ་ཡིས། །རང་གི་རྟོག་ཚོགས་ལྷ་རུ་སྦྱང་། །རྩ་ཡི་དབྱིབས་ནི་ལྷ་སྐུར་གསལ། །སྔགས་ཀྱི་ཡི་གེ་གསུང་དུ་སྒྲོགས། །ཁམས་ཀྱི་བདུད་རྩི་ཟས་སུ་ཟ། །སྙིང་པོ་རླུང་ནི་ཐུགས་ལ་སྤྲོ། །བསྒྲུབ་པའི་དམ་པ་རིགས་བརྒྱ་ཡིས། །སྨན་གྱི་རྟོག་པ་བཟློག་བྱས་ནས། །ཐམས་ཅད་ལྷ་ཡི་སྐུ་རུ་གསལ། །སྤྲུལ་པའི་སྐུ་རུ་སངས་རྒྱས་སོ། །གསུང་གི་བསྒྲུབ་པ་བྱས་པ་ཡང་། །དེ་ཉིད་རིགས་ལྔར་ཡན་ལག་གནས། །ལྷར་འཛིན་ཐ་དད་སོ་སོ་དང་། །སྨན་གྱི་དངོས་པོ་རང་རྒྱུད་པར། །འཛིན་པའི་རྟོག་པ་བཟློག་བྱས་ནས། །རིགས་ལྔ་ཡེ་ཤེས་ལྔ་རུ་སྒྲུབ། །ལོངས་སྤྱོད་རྫོགས་སྐུར་སངས་རྒྱས་པའོ། །དྲན་པ་སྣ་ཚོགས་སྣང་བ་ཡང་། །སྣོད་བཅུད་དམ་པ་རིགས་བརྒྱར་སྦྱང་། །དེ་ཉིད་དྲན་


DNG020_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

མེད་རིགས་ལྔར་འདུས། །སྣོད་བཅུད་རིགས་སུ་དབྱེ་བ་མེད། །དེ་ཕྱིར་གསང་ཆེན་རིགས་གཅིག་བསྒོམ། །རིགས་ལྔ་ཡེ་ཤེས་ཐ་དད་དུ། །འཛིན་པའི་རྟོག་པ་བཟློག་བྱས་ནས། །གཉིས་མེད་ཆོས་སྐུར་སངས་རྒྱས་པས། །དྲན་མེད་ངང་དུ་རིགས་གཅིག་གནས། །གཉིས་མེད་ཆོས་ཀྱི་དབྱིངས་སུ་ཐིམ། །བཏག་བཙག་མི་རྟོག་བདུད་རྩི་ཆེ། །གཟུང་འཛིན་སྐྱེ་བ་མེད་པར་བསྒྲལ། །ཕྱེ་མ་གོང་བུ་གཅིག་པ་ཡིས། །ཐམས་ཅད་འཁོར་འདས་དབྱེར་མེད་ཅིང་། །བདུད་རྩི་ཆེན་པོར་རོ་གཅིག་པས། །བློ་སྣང་སྣང་བ་ལས་འདས་སོ། །ཨ་མྲ་སྐྱོང་བའི་བུ་མོ་སྟེ། །ཤིང་གི་ལྷ་མོ་འོད་ལྗང་མ། །དུག་འཇོམས་སྨན་གྱི་བསྒྲུབ་པ་བྱ། །རྒྱ་སྤོས་ནི་ལོ་བ་ལ་དང་། །ལྡོང་རོས་བ་གླང་མཁྲིས་པ་དང་། །ཙནྡན་དཀར་པོ་སྤང་སྤོས་དང་། །ཤ་མོ་ས་དང་ཤ་སི་ར། །ཀ་ར་ཀ་ཏ་བ་ལ་ཀ །རུ་རྟ་རྣམས་ནི་ཆ་མཉམ་སྟེ། །ཞིབ་བཏགས་དར་ཚགས་དག་ལ་བཙག །དཀྱིལ་འཁོར་ཟླུམ་པོ་མཎྜལ་སྟེང་། །གའུ་ཁ་སྦྱར་ནང་དུ་བླུག །གཟུངས་ཐག་བཏགས་ནས་དར་ཁང་དབུབ། །ཤིང་གི་ལྷ་མོ་འོད་འཆང་མའི། །སྔགས་འདིས་རབ་ཏུ་གདབ་པར་བྱའོ། །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་བཛྲ་ལཱ་སྱེ་ཧཱུཾ། ཀལྤ་བྲྀཀྵ་དེ་བཱི་བྲ་བྷ། ན་མོ་བྷ་ག་བ་ཏེ་ཏུད་ཏྲ་ཡཱ། ཧ་ར་བི་ཥཱ་ན་ཧ་ར། བི་ཥ་ནེ་མུ་སྭཱ་ཧཱ། ཤིང་གི་ལྷ་མོ་འོད་འཆང་མ། །རྡོ་རྗེ་ལཱ་སྱེའི་སྤྲུལ་པ་སྟེ། །སྐུ་མདོག་དཀར་ལ་འོད་ཟེར་འབར། །ཕྱག་ན་ཤིང་གི་བུམ་པ་བསྣམས། །ཤིང་ཏོག་ཀུན་གྱི་སྲུང་མ་སྟེ། །ཤིང་གི་ལྷ་མོར་ཕྱག་འཚལ་ལོ། །སྨན་འདི་ཆུ་ཡིས་ཕུལ་བྱས་ནས། །ཁོང་དུ་བཏུང་བར་བྱ་བ་དང་། །ཡང་ན་སྣར་ཡང་བླུག་པར་བྱ། །ལུས་ལ་བསྐུས་པར་བྱས་པ་ན། །སྦྱར་བའི་དུག་ནི་སྣ་ཚོགས་པ། །གང་ཡང་རུང་བར་གྱུར་པ་སྟེ། །དུག་གོ་ཅོག་རྣམས་མེད་པར་བྱེད། །སེམས་ཅན་མཆེ་བ་དུག་ཅན་རྣམས། །སོ་ཡི་གདུག་པས་ཟིན་པ་ཡང་། །དེ་དག་མེད་པར་བྱེད་པ་དང་། །ཕོལ་མིག་དང་ནི་འབྲས་ནད་དང་། །མེ་དཔལ་ལ་སྩོགས་


DNG020_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

སེལ་བྱེད་ཅིང་། །གཞན་གྱི་ངན་དུ་བྱས་པ་ཡི། །དུག་གིས་མི་ཚུགས་ཞི་བར་བྱེད། །ཉེས་སྡིག་བྱང་བར་བྱེད་པ་སྟེ། །བྲམ་ཟེའི་སྔགས་ཀྱིས་གནོན་བྱས་པ། །དེ་དག་ལས་ཀྱང་ཐར་བར་འགྱུར། །མགོན་པོ་གནོད་གནས་བུ་མོ་སྟེ། །སྨན་གྱི་ལྷ་མོ་ནོར་གྱི་རྒྱུན། །ཡོ་བྱད་ནོར་གྱི་བསྒྲུབ་པ་ནི། །དབེན་པའི་གནས་སུ་རབ་གནས་ནས། །སྲོག་ཆགས་མེད་པའི་ས་གཙང་མ། །བཟང་ཞིང་སྣུམ་པ་རབ་བཙལ་ནས། །མཎྜལ་ཟླུམ་པོ་ལེགས་བྱས་ནས། །གུར་གུམ་གི་ཝང་ཛཱ་ཏི་དང་། །སྤོས་དང་སྦྱར་ནས་བྱུག་པ་ནི། །བ་ཡི་སྣ་ལྔ་དག་གིས་བྱ། །ཙནྡན་དཀར་པོའི་ཆུ་སྦྱར་ལ། །སྔགས་རིང་བརྒྱ་རྩ་བརྒྱད་བཟླས་ནས། །ལག་པ་གཡོན་པས་མཎྜལ་དབུལ། །སྲིན་ལག་གཡོན་པས་ཆོས་འབྱུང་བྲི། །དེ་སྟེང་ལྷ་མོ་བསམ་པ་ནི། །སྨན་གྱི་ལྷ་མོ་ནོར་རྒྱུན་མ། །ཞལ་གཅིག་ཕྱག་ནི་གཉིས་པ་ལ། །སྐུ་མདོག་བཙོ་མ་གསེར་གྱི་མདོག །ཛམ་བུ་ནཱ་དའི་གསེར་འོད་འདྲ། །གཡས་པའི་ཕྱག་ན་བསྣམས་པ་ནི། །ཤིང་ཐོག་བཱི་ཛ་པཱུ་ར་བསྣམས། །གཡོན་ན་འབྲུ་ཡི་སྙེ་མ་བསྣམས། །རིན་པོ་ཆེ་ཡི་རྒྱན་གྱིས་བརྒྱན། །བཞེངས་ནས་བཞུགས་པའི་ཞབས་གཉིས་འོག །རིན་པོ་ཆེ་ཡི་བུམ་པ་ནི། །ཅུང་ཞིག་ཡོ་བར་རྣམ་པར་མནན། །གསང་བའི་སྔགས་འདིས་སྐུ་ཡང་བསྐྱེད། །ཨོཾ་སྡུད་དུ་སྡུད་དུ། མ་མ་ཀུ་ནེ་ཀུ་ནེ་ན་སྭཱ་ཧཱ། སྨན་གྱི་ལྷ་མོ་ནོར་གྱི་དབྱིབས། །རྡོ་རྗེ་མཱ་ལེའི་སྤྲུལ་པ་སྟེ། །སྐུ་མདོག་སྔོ་སངས་འོད་ཟེར་འབར། །ཕྱག་ན་གཏེར་གྱི་བུམ་པ་བསྣམས། །སྨན་དང་གཏེར་གྱི་སྲུང་མ་སྟེ། །སྨན་གྱི་ལྷ་མོར་ཕྱག་འཚལ་ལོ། །རྩ་བའི་གསང་སྔགས་འདི་ལ་ནི། །བསྙེན་པ་འབུམ་ཚོ་སུམ་འབུམ་བཟླས། །ཨོཾ་ཤྲི་བ་སུ་ནི་དྷ་ན་ཀྵེ་ཏྲེ་སྭཱ་ཧཱ། མཎྜལ་འབུལ་ཞིང་བསྒྲུབ་པ་ཡིས། །སྔགས་རིང་ཕྲེང་བ་དཔལ་དང་ལྡན། །འདོད་པ་ཐམས་ཅད་རབ་སྒྲུབ་པ། །གསང་སྔགས་རྒྱལ་པོ་འདི་དག་བཟླས། །ཨོཾ་ན་


DNG020_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

མོ་རཏྣ་ཏྲ་ཡཱ་ཡ། ཏདྱ་ཐཱ། གྷ་ཏ་མ་ཛི་བ་ས་རཀྵ་ནི། ཕ་ལ་ཧ་ཏི་བྷ་སུན་དྷི། ཛྷི་ཝང་ཀ་རི་ཤཱནྟི་ཀ་རི། བྷ་ཡ་ནཱ་ས་ནི་སརྦ་དུ་ཥྚཱན།བྷན་ཛ་བྷན་ཛ། ཛཾ་བྷ་ཛཾ་བྷ། ཨ་མྲྀ་ཏ་ཨུཏྦྒ་བེ། ཀུ་རུ་ཀུ་རུ། མ་མ་ཀརྻ་སྭཱ་ཧཱ། མི་སྙིང་རབ་ཏུ་སྤྲུལ་པའི་སྔགས་སོ། །རབ་ཏུ་གསང་བའི་དམ་པ་འདི། །ཨོཾ་བཛྲ་མཱ་ལེ་བཻ་ཌཱུརྻ་དེ་བཱི་བ་སུ་དྷ་ར། འགུལ་འགུལ། མ་མ་ཧྲིང་ཧྲིང་། མ་ཁ་ཤི་མི་སྙིང་འགུལ། མི་འགྲམ་ཆོག ཧྲིང་ཧྲིང་སྡུས་སྡུས། མ་མ་ནི་བཾ་སྭཱ་ཧཱ། ཕོ་མོ་དབང་དུ་བྱ་བ་ནི། །གསང་སྔགས་རིག་པ་དམ་པའོ། །ཨཱ་ཀཪྵ་ཡ་ཧཱུཾ་ཧྲཱྀཿ། སྲིད་པའི་མོ་ཆགས་ཐམས་ཅད་ཀུན། །དབང་དུ་བྱེད་པའི་གསང་སྔགས་སོ། །ཨཱ་ཀཪྵ་ཡ་ཧཱུཾ་ཛ་ཛ། སྲིད་པ་ཕོ་རུ་གྱུར་པ་ཀུན། །དབང་དུ་བྱ་བའི་གསང་སྔགས་སོ། །ལྷ་མོ་ཉིད་ཀྱི་རིག་པ་ནི། །བཅོམ་ལྡན་འདས་ལ་རབ་ཕུལ་ལོ། །རྩི་ཡི་ལྷ་མོ་བློ་གྲོས་མ། །རིགས་རྒྱུད་སྲིད་ཀྱི་བསྒྲུབ་པ་ནི། །སྔགས་པ་བློ་ལྡན་དབེན་དགའ་བས། །གནས་སུ་བཙལ་བར་བྱ་བ་ཡང་། །རྩི་སྨན་འཁྲུངས་པའི་ཡུལ་ཁམས་ཏེ། །ནུབ་ཏུ་ཁ་བལྟས་རྩི་རྣམས་སྐྱེས། །དེར་ནི་བསྒྲུབ་པའི་མཎྜལ་ཡང་། །རབ་ཏུ་ཟླུམ་པོར་བྱ་བའོ། །ཡང་ན་རིགས་རྒྱུད་གང་སྤེལ་བའི། །གནས་སུ་བསྒྲུབ་པ་རབ་ཏུ་བྱ། །བ་བླ་བ་ཡི་ཆུ་ནང་དུ། །ཞག་གསུམ་བར་དུ་སྦངས་བྱས་ལ། །སྔགས་དེ་ཞག་གསུམ་བར་དུ་གདབ། །དེ་ནས་བ་ཆུ་འཐུངས་པ་ནས། །མངལ་ཆགས་པ་ཡི་གདམས་པ་ཡིན། །ཡང་ནི་ལན་ཚྭ་རྣམ་ལྔ་དང་། །ཀ་ར་དཀར་དང་སྦྲང་རྩི་དང་། །མར་དང་ལྡན་པས་བུད་མེད་ལ། །ཟླ་མཚན་བྱུང་ནས་སྔགས་ཁྲུས་བྱས། །གང་ལ་བླུད་པར་བྱས་པ་དེ། །མོ་གཤམ་ཡིན་ཡང་བུ་སྐྱེ་འགྱུར། །ཡང་ནི་རབ་ཏུ་བཤད་པར་བྱ། །པ་ཏོ་ལ་ཡི་རྩ་བ་དང་། །ཀ་ར་གཉིས་ལ་རེ་རེ་ལ། །ཞོ་ནི་གཉིས་གཉིས་ཞོ་བཞི་པོ། །ཆུ་གྲང་སྦྱར་ལ་སྔགས་བཏབ་བླུད། །མོ་གཤམ་བུ་ཡང་སྐྱེ་བར་འགྱུར། །ཡང་ནི་ཡུངས་


DNG020_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

ཀར་ལྡོང་རོས་དང་། །པི་པི་ལིང་ནི་རྩ་བ་དང་། །ཤིང་མངར་དང་ནི་པི་པི་ལིང་། །གྷི་ཧང་རྣམས་ནི་ལྷན་ཅིག་བཏགས། །བྱིན་ན་སྲིད་ཀྱང་འཕེལ་བར་འགྱུར། །ཡང་ནི་ནཱ་ག་གེ་སར་དང་། །ཁ་ལུང་དང་ནི་བ་ལ་དང་། །སྦྲང་རྩི་རྣམས་ནི་ཆ་མཉམ་པར། །ཀུན་ལ་ཞོ་ནི་གཉིས་གཉིས་ཏེ། །ཕྱེ་མ་དག་ཏུ་ལེགས་བཏགས་ནས། །འོ་མ་དང་ནི་ལྷན་ཅིག་ཏུ། །ཟླ་མཚན་བྱུང་ནས་ཞག་གསུམ་དུ། །གསང་སྔགས་བཏབ་ནས་དེ་འཐུངས་ཏེ། །དེ་དག་ཞུ་བའི་ཚོད་ཙམ་ནས། །འོ་མ་དང་བཅས་ཟན་བྱིན་ན། །ངེས་པར་མོ་གཤམ་བུ་ཡང་སྐྱེ། །ཡང་ནི་ཨ་ཤོ་ཀནྡྷ་ཡིས། །རྩ་བ་མ་རུལ་མ་སུམས་པ། །འོ་མ་སྲང་ནི་ཉི་ཤུ་བརྒྱད། །བསྐོལ་ཏེ་མར་དང་ལྷན་ཅིག་བླུད། །བུད་མེད་མངལ་ཡང་འཛིན་པར་འགྱུར། །ཡང་ནི་ཀ་ཙ་མ་ཏི་དང་། །པུ་ཤེལ་ཙེ་དང་བིལ་བ་དང་། །ཡུངས་ཀར་དང་ནི་རུ་རྟ་དང་། །གླ་སྒང་དང་ནི་བུ་རམ་རྣམས། །ལྷན་ཅིག་བསྲེས་ནས་སྦྱར་བ་ཡང་། །ཞུན་མར་དང་ནི་ལྷན་ཅིག་ཏུ། །ཟླ་མཚན་རྒྱུ་བའི་དུས་སུ་ནི། །ཞག་བདུན་སྔགས་བཟླས་བཏུང་བ་དང་། །ཟླ་བ་དག་ཀྱང་རེ་རེ་ལ། །ཞག་གྲངས་གསུམ་གསུམ་བཏུང་བར་བྱ། །དེ་ནས་ཞག་གསུམ་བསྡད་པ་དང་། །དེ་ནས་ཡང་ནི་ཞག་བདུན་འཐུངས། །གང་འཐུང་བུད་མེད་དེ་ཡི་ནི། །མངལ་གྱིས་བུ་ནི་མྱུར་དུ་ལེན། །འདི་ལ་ཐེ་ཚོམ་མེད་པའོ། །ཡང་ནི་གླ་གོར་ཞོ་ཤ་དང་། །ནཱ་ག་གེ་སར་ས་བོན་གཉིས། །ཕྱེ་མ་སྦྲང་རྩིས་སྦྲུས་བྱས་ལ། །འོ་མ་དང་ནི་སྦྱར་ལ་བླུད། །ཟས་སུ་འབྲས་ཀྱི་ཟན་དང་ནི། །འོ་མ་ལྷན་ཅིག་ཟོས་པ་ན། །བུད་མེད་མོ་གཤམ་ཡིན་གྱུར་ཀྱང་། །དེ་ལ་བུ་ནི་སྐྱེ་བར་འགྱུར། །དེ་དག་ལ་ནི་གདབ་པའི་སྔགས། །སྲིད་སྤེལ་མས་ནི་འདི་གསུངས་ནས། །བཅོམ་ལྡན་འདས་ལས་འགྲོ་དོན་དུ། །རང་གི་རིག་པ་ཕུལ་བའོ། །ཨོཾ་བཛྲ་གིརྟཱི་ན་མོ་ཨ་དྷྱིད་ཤུ་ཀ་ར། ཏ་


DNG020_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

རི་དྷ་བ་ཀི་བི་ཏི་སྭཱ་ཧཱ། ན་ས་ཤ་ཚ་འདི་ཞེས་བྱ་བ་ལས་སྐྱེ་བར་གྱུར་ཅིག་སྭཱ་ཧཱ། སྔགས་འདི་ལན་འབུམ་བཟླས་པ་ན། །དེས་ནི་རབ་ཏུ་འགྲུབ་པར་འགྱུར། །དམུ་བྱ་ཕུག་རོན་སྙིང་དང་མིག །གོ་རོ་ཙ་ན་ལྕེ་དང་ཁྲག །དངུལ་རྡོ་རྣམས་སུ་སྦྱར་བྱས་ལ། །སྔགས་འདི་ཞག་གྲངས་ཉི་ཤུ་གཅིག །བཏབ་ན་བུད་མེད་དབང་དུ་འགྱུར། །ཨོཾ་ན་ཡ་ན་མ་ནོ་ཧ་རི། ནི་ནི་མོ་དེ་བ་སྭཱ་ཧཱ། ལང་ཏང་ཙེ་དང་བྱེ་རུག་པ། །ཨ་པ་མརྒ་ཏིལ་དང་ནི། །ཡུངས་ཀར་བཏགས་ནས་ཏིལ་མར་སྦྱར། །བུད་མེད་བྷ་གར་རབ་བསྐུས་ནས། །རབ་ཏུ་དམ་འགྱུར་སྔགས་འདི་གདབ། །ཨོཾ་ན་མོ་ཤ་ཙ་ཡ། ཙི་རི་བི་སི་བི་སི་ནི་ནི། ཆེ་གེ་མོ་ཞེས་བྱ་བ་བདག་གི་དབང་དུ་གྱུར་ཅིག་སྭཱ་ཧཱ།མོན་སྲན་གྲེའུ་དང་གཟེ་མ་དང་། །འབུ་སྲིན་གསུམ་པོ་ཆ་མཉམ་སྟེ། །བསྐོལ་བ་གང་གིས་འཐུང་བ་ཡིས། །མི་དེའི་རྡོ་རྗེ་རྟག་ཏུ་འགྲེང་། །གཏི་ནི་གཉིད་པར་མི་འགྱུར་རོ། །བྷི་ཧ་ཏི་ཡི་འབྲས་བུ་དང་། །བལ་པོ་སེའུ་གི་ཤུན་པ་དང་། །གོ་ཕྱེ་རྣམས་ནི་ཉུངས་མར་བསྐོལ། །རྡོ་རྗེར་བསྐུས་ཤིང་མཉེས་པ་ན། །ཇི་ལྟར་འདོད་པ་བཞིན་དུ་ནི། །སྦོམ་ཞིང་ཆེ་བར་འགྱུར་བའོ། །བ་དང་ར་ཡི་འོ་མ་དང་། །རྡོ་རྗེའི་འོ་མ་རྣམས་སྦྱར་བ། །རྐང་པ་གཉིས་ལ་བསྐུས་པ་ན། །འདོད་པ་བསྟེན་པར་བྱས་ཀྱང་ནི། །ས་བོན་འབྱུང་བར་མི་འགྱུར་རོ། །བྱི་བའི་གཞང་དང་ཏིལ་མར་དང་། །བྱིའུ་སརྟ་ཀ་ཡི་ནི། །ཤ་ཁུ་དེ་རྣམས་སྦྱར་བྱས་པ། །མོ་མཚན་བསྐུས་པར་གྱུར་པ་ནི། །བྷ་ག་ཁ་ཆེ་ཆུང་བར་འགྱུར། །དེ་དག་རིག་སྔགས་བཤད་པ་ནི། །ལྷ་མོ་དག་གིས་རིག་པ་ཕུལ། །ཨོཾ་གི་རི་ཧི་རི་ཙི་རི། ཨཱ་ཨཱ་ཤུ་མ་ཤ་ནི་སྭཱ་ཧཱ། སྔགས་འདི་ལན་བདུན་བཟླས་བྱས་ནས། །བྷ་ག་ལ་ནི་བསྐུ་བར་བྱའོ། །རྩི་ཡི་ལྷ་མོ་བློ་གྲོས་མ། །ལྷ་མོ་གཱིར་ཏིའི་སྤྲུལ་པ་སྟེ། །སྐུ་མདོག་དམར་གསལ་འོད་ཟེར་འབར། །ཕྱག་ན་བདུད་རྩིའི་བུམ་པ་བསྣམས། །རྩི་དང་སྨན་གྱི་སྲུང་མ་སྟེ། །རྩི་ཡི་ལྷ་མོར་ཕྱག་འཚལ་ལོ། །ནགས་ཀྱི་ལྷ་


DNG020_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

མོ་རྨ་བྱའི་མདོངས། །གནོད་པ་སྲུང་བའི་བསྒྲུབ་པ་ནི། །སྔགས་པ་གཞན་ལ་ཕན་འདོད་དམ། །ཡང་ན་རང་ཉིད་བསྲུང་བར་བྱ། །མི་ཡི་རུས་པ་སྐྲ་དང་ནི། །ལྷ་ལ་ཕུལ་བའི་མེ་ཏོག་དང་། །ཤིན་ཀུན་དང་ནི་ཙནྡན་དང་། །འབུ་སུག་ཧཾ་དང་ཤུ་དག་དང་། །སྐྱུ་རུ་ར་དང་ཙ་རོད་དང་། །ཨ་རུ་ར་དང་མུ་ར་དང་། ། ཨཾ་ཀྵ་ཡང་ཡང་ཀྵ་མུ་ར་སྤང་སྤོས་དང་། །བྷི་ཧ་ཏི་དང་རྣམ་གཉིས་དང་། །ཛཱ་ཏི་ཕ་ལ་ཡུངས་ཀར་དང་། །རྨ་བྱའི་མཁྲིས་པ་རས་བལ་དང་། །སྲེ་མོའི་ཀླད་པ་ཁྱི་རུས་དང་། །བྱི་ལའི་བྲུན་དང་གླང་པོའི་བྲུན། །བ་གླང་ལྕི་བ་ཐང་ཤིང་དང་། །ཨ་པ་མརྒ་སྒོག་སྐྱ་དང་། །ཤྲ་བ་ཎ་དང་འབྲས་གང་དང་། །བུད་ཏ་གོ་ཤིང་གོ་ལོ་མིན། །ཕ་ལ་ཏ་ཀ་པོ་སོ་འཆའ། །དེ་རྣམས་ལྷན་ཅིག་སྦྱར་བ་ཡིས། །རྫས་དེ་ག་འུར་བླུགས་ནས་ནི། །སྔགས་འདི་བརྗོད་པར་བྱའོ། །ཨོཾ་བཛྲ་ནི་ར་ཏི་དེ་བ་ན་ན་མོ་བྷ་ག་བ་ཏེ། རུ་ཏྲ་ཡ་ཏདྱ་ཐཱ། ཧ་ར་ཧ་ར། ཏུ་རུ་ཏུ་རུ། ཏ་ལ་ཏ་ལ། ནི་མི་ལི་སརྦ་གྲ་ཧ་ནཱ་ཤ་ནི། བཛྲ་པཱ་ཎི་ཧ་ར་ཧ་ར། མུ་ཏྲ་བེ་ཏ་ནི་སྭཱ་ཧཱ།སྔགས་འདི་ལན་བདུན་བཟླས་པ་ཡི། །རྫས་ཀྱི་དུད་པས་བདུག་པ་ན། །གྲིབ་གནོད་སྨྱོ་བྱེད་བརྗེད་བྱེད་གདོན། །གནོད་སྦྱིན་གདོན་ལ་སོགས་པ་ཡིས། །རྣམ་པ་སྣ་ཚོགས་གདོན་ཟིན་པ། །གདོན་རྣམས་མེད་པར་བྱེད་པ་སྟེ། །ལྐུགས་པ་རྨི་ལམ་ངན་པ་དང་། །གང་དག་བཀྲ་ནི་མི་ཤིས་པ། །ཐམས་ཅད་རབ་ཏུ་ཞི་བར་བྱེད། །ནགས་ཀྱི་ལྷ་མོ་རྨ་བྱའི་མདོངས། །རྡོ་རྗེ་ནཱིར་ཏིའི་སྤྲུལ་པ་སྟེ། །སྐུ་མདོག་ལྗང་སེར་འོད་ཟེར་འབར། །ཕྱག་ན་དྲི་སྤོས་རྨ་བྱ་བསྣམས། །དྲི་སྤོས་ཀུན་གྱི་སྲུང་མ་སྟེ། །ནགས་ཀྱི་ལྷ་མོར་ཕྱག་འཚལ་ལོ། །གསད་པ་དུར་ཁྲོད་མཁའ་འགྲོ་མ། །བསྒྲུབ་པར་བྱ་བའི་ལས་དག་ནི། །གང་དག་སངས་རྒྱས་བསྟན་པ་འཇིག །དཀོན་མཆོག་དབུ་འཕང་སྨོད་པར་བྱེད། །རྣལ་འབྱོར་དབང་


DNG020_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུག་ཆེན་པོ་རྣམས། །དམ་ཆོས་འཁོར་ལོ་རྨད་བྱུང་ལ། །བར་དུ་གཅོད་པ་བསྒྲལ་བའི་ཕྱིར། །དུར་ཁྲོད་གནས་སམ་ཆུ་གླིང་ངམ། །མ་མོའི་གནས་སམ་ལྷ་ཆེན་གནས། །ལམ་གྱི་བཞི་མདོ་གཙུག་ལག་ཁང་། །དེ་ལ་སོགས་པའི་གནས་ཕྱིན་ནས། །འབྲུབ་ཁུང་ཁྲུ་གང་གྲུ་གསུམ་སྟེ། །དུར་སོལ་ཁྲག་བསྲེས་དམར་ནག་བྱ། །དེ་ཡི་ཁ་ལ་གཏོར་མ་གཞག །འོག་ཏུ་ལིངྒ་བཅས་ཏེ་གཞུག །གྲི་ལག་གཡས་པའི་མཆོག་ཕུར་གདབ། །ཚོན་སྐུད་བཏགས་ཏེ་འོད་ཟེར་སྤྲོ། །དུས་གཉན་རྣམས་ལ་གཏོར་མ་གཏང་། །མཚན་མ་བྱུང་ནས་ཕྱོགས་སུ་འཕང་། །འགྲོ་འདུག་བྱེད་ཚེ་གཏོར་མ་བཟུང་། །ཟས་ཕུད་སྔགས་ཀྱིས་དང་པོར་དབུལ། །གཏོར་མའི་གོང་དུ་ཕུར་པ་གདབ། །བསྙེན་པའི་དུས་སུ་སྙིང་པོས་གདབ། །བསྒྲུབ་པའི་དུས་སུ་བསད་པས་གདབ། །ལིང་རོ་གཏུབས་ཏེ་གཏོར་མར་གཏང་། །ཕྱི་མ་བརྗེ་ཞིང་བསྐྱར་བ་བྱ། །བདག་ཉིད་བསམ་པར་བྱ་བ་ནི། །ཤིང་གི་ལྷ་མོ་འོད་འཆང་མའི། །སྤྲུལ་པ་མཁའ་འགྲོ་རྒྱས་འདེབས་མ། །སྨན་གྱི་ལྷ་མོ་ནོར་རྒྱུན་མའི། །སྤྲུལ་པའི་མཁའ་འགྲོ་རྨོངས་བྱེད་མ། །རྩི་ཡི་ལྷ་མོ་བློ་གྲོས་མའི། །སྤྲུལ་པ་མཁའ་འགྲོ་ཟ་བྱེད་མ། །ནགས་ཀྱི་ལྷ་མོ་རྨ་བྱའི་མགྲིན། །སྤྲུལ་པའི་མཁའ་འགྲོ་ཚེ་འཕེལ་མ། །གསང་བའི་མཁའ་འགྲོ་བཞི་ཡི་ནི། །ལས་མཁན་བདག་ཉིད་བསྒོམ་པ་ནི། །སྐུ་མདོག་ནག་མོ་རལ་པ་ཅན། །གཡས་ན་གྲི་གུག་བསྣམས་པ་ལ། །གཡོན་ན་བྷནྡྷ་འཛིན་པའོ། །སྐུ་སྟོད་དར་རས་ཁྲ་བོས་བརྒྱན། །དཔུང་པ་གཉིས་ཀྱང་དེ་བཞིན་ནོ། །ལྷ་མོ་སྐུ་མདོག་དེ་བཞིན་དུ། །བདག་ཉིད་ཀྱང་ནི་བསྒོམ་པར་བྱ། །མོན་པ་མོན་མོ་བུད་མེད་དང་། །རབ་བྱུང་ལ་སོགས་ཆོ་འཕྲུལ་མང་། །འོད་དང་དྲི་ལ་སོགས་པ་འོང་། །འོད་ལོང་ལྟག་ཉན་སྨྲ་བ་འབྱུང་། །མཁའ་འགྲོ་གཡོན་བསྐོར་


DNG020_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱིས་དགོད། །བདག་ཉིད་གོས་ནག་རེ་བ་གོན། །སྟོད་གཡོགས་དར་རས་ཁྲ་བོས་བརྒྱན། །དམོད་གཟུག་ཤགས་ཀྱང་གདབ་པར་བྱ། །གཏོར་བསྐུལ་བཅོལ་བ་དྲག་ཏུ་བྱ། །ཉམས་པ་བཤགས་ན་བུ་མོ་ནི། །བདུན་བསགས་ཟས་བྱིན་མེ་ཏོག་གཏོར། །ཚིག་མཐོལ་མགོ་ལ་བཤགས་པ་བྱ། །བདག་གི་མགོ་ལ་འཇོག་ཏུ་གཞུག །མཐུན་པའི་དངོས་གྲུབ་སྩོལ་ཞེས་བརྗོད། །སྨྲ་བཅད་དཀྱིལ་འཁོར་གཞན་མི་བསྟན། །རྩ་བ་ཡན་ལག་དམ་ཚིག་ནི། །ཉི་ཤུ་རྩ་བརྒྱད་ཚུལ་བཞིན་བསྲུང་། །བདུད་རྩི་སྨན་གྱི་མཆོད་པ་བྱ། །ཨོཾ་ན་ནི་ན་ནི་མ་ཧཱ་ཀཱ་ལི། གྷ་རེཾ་གྷ་རེཾ། བུ་ལ་མི་ཛི་མ་ར་ལི། ས་དན་ས་དན། ཕོ་དྷི་ཀ་དྷི། ཀེ་ར་ཀེ་ར་ཀ་པ་དྷ། ཕོ་དྷི་ཆེ་གེ་མོ་ཀེ་ར་མ་གཾ་བྷ། པི་པི་དུ་གི་ཁ་དཾ་ད་པྲ། བསྙེན་པ་འབུམ་དང་བྱེ་བ་བཟླས། །རྟག་ཏུ་མཆོད་པར་བྱ་བ་ཡིན། །དྷ་ཀི་ནི་དྷ་དྷུཾ་དྷི་དྷུཾ་དྷཱ། རཀྵྀ་ནི་རཾ་རཾ་རུཾ་རཾ་རུཾ་རཱ། ལ་ཀི་ནི་ལཾ་ལཾ་ལུཾ་ལོཾ་ལུཾ་ལཾ། ཀ་ཀི་ནི་ཀིཾ་ཀུཾ་ཀེཾ་ཀུཾ་ཀཱ་པ་ཀ་ནི་སཾ་སིཾ་སུཾ་སེཾ་སུ་སྭཱ་ཧཱ། ཧ་ཀི་ནི་ཧཾ་ཧྀཾ་ཧཱུཾ་ཧེ་ཧུ་ཧཾ། གོང་མའི་རྩ་སྔགས་རེ་རེ་ལ། །སྔགས་འདི་རེ་རེ་གདགས་པར་བྱ། །སྲི་མོ་བཛྲ་ནོ་ཏི་སྟ་ཀཱི་ལ་ཡ་ཀཱི་ལ་ཡ། ས་མ་ཡ་བྷེས། གཙོ་མོ་སྨན་གྱི་སྲུང་མ་བཞི། །སྤྲུལ་པ་གསང་བའི་ཡུམ་ཡང་བཞི། །ལས་མཁན་མཁའ་འགྲོ་རྣམ་པ་དྲུག །འབྱུང་ལྔ་དབང་བསྒྱུར་ཚེ་བདག་མོ། །སྔགས་བརྗོད་ཕུར་པ་བཙུགས་པ་ཡིས། །ཕུར་བུ་སྐུ་ནི་རེ་རེར་གྱུར། །ཀྲོང་ཀྲོང་འབྱིན་ཞིང་བཞུགས་པར་བསམ་མོ། །ས་ཡི་མཁའ་འགྲོས་གཟུགས་ཕུང་འཇིག །ཆུ་ཡི་མཁའ་འགྲོས་ཚོར་བ་འཇོམས། །མེ་ཡི་མཁའ་འགྲོས་འདུ་ཤེས་བསྲེག །རླུང་གི་མཁའ་འགྲོས་འདུ་བྱེད་སྡུད། །ནམ་མཁའི་མཁའ་འགྲོས་སྲོག་རླུང་སྤོར། །ཚེ་བདག་མོས་ནི་གནས་ནས་འབྱིན། །ཉམས་པ་གང་དག་ཞིང་དུ་བསྒྲལ། །སྐྱེ་བ་མེད་པའི་ས་ལ་གནས། །


DNG020_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

མཎྜལ་བརྒྱད་པའི་དཀྱིལ་འཁོར་དུ། །བཅུ་དྲུག་འཁོར་ལོས་མཐའ་བསྐོར་ནས། །སྐུ་གསུང་ཐུགས་ལྡན་ཀ་པཱ་ལར། །ཤ་རཱི་རམ་དང་ཉ་རཱི་རམ། །ཅུ་གང་དང་ནི་ག་པུར་དང་། །ཐལ་ཀར་རྡོ་རྗེ་ལ་སོགས་པའོ། །ཡོན་ཏན་རྫོགས་ལྡན་ཀ་པཱ་ལར། །ཆང་གི་རྣམ་པ་མང་པོ་བླུག །ཡིད་བཞིན་གཏེར་ལྡན་ཀ་པཱ་ལར། །སྙིང་ཞོ་ཤ་དང་མཁལ་ཞོ་ཤ །གླ་གོར་ཞོ་ཤ་ཙི་ཏྲ་ཀ །ཀ་ཀོ་ལ་སོགས་སྦྱར་བའི་སྨན། །བཀྲ་ཤིས་མཚན་ལྡན་ཀ་པཱ་ལར། །རིན་ཆེན་སྣ་ཚོགས་བདར་བ་གཞག །ཁམས་གསུམ་ཡོངས་བསྒྲལ་ཀ་པཱ་ལར། །པདྨ་རཀྟ་སྦྱར་བའི་སྨན། །ཙནྡན་སྨུག་པོ་ལི་ཤི་དང་། །སྐྱུ་རུ་ར་དང་སྟར་བུ་དང་། །རྒུན་འབྲུ་ལ་སོགས་སྦྱར་བའོ། །མི་འགྱུར་སྲ་མཁྲེགས་ཀ་པཱ་ལར། །འོ་མ་སྣ་ཚོགས་སྦྱར་བ་བླུག །ཆོ་འཕྲུལ་རྟགས་འབྱིན་ཀ་པཱ་ལར། །བདུད་རྩི་དྲི་ཆུ་བྲག་ཞུན་དང་། །ཅོང་ཞི་དང་ནི་གུར་གུམ་དང་། །ལྕེ་བོག་དཀར་པོ་ལ་སོགས་སོ། །མཚན་མ་སྤྲོས་བྲལ་ཀ་པཱ་ལར། །སྣ་ཚོགས་ཆུ་རྣམས་བླུག་པར་བྱ། །ཡེ་ཤེས་རྣམ་ལྔའི་ཀ་པཱ་ལར། །དྲི་ཆེན་དག་དང་སྦྱར་བའི་སྨན། །ཛཱ་ཏི་ཕ་ལ་ཨ་རུ་ར། །ཨ་ག་རུ་དང་དུ་རུ་ཀ །གླ་རྩི་དག་དང་སྦྱར་བའི་སྨན། །དྲི་ཆེན་དབུས་ལ་བྱང་སེམས་ཤར། །ཨཱཾ་ས་ལྷོ་ལ་རཀྟ་ནུབ། །དྲི་ཆུ་བྱང་སྟེ་རྩ་བ་ལྔ། །ཤར་ལྷོ་ཆང་ལ་ལྷོ་ནུབ་ཏུ། །རིན་ཆེན་ནུབ་བྱང་འོ་མ་ཡིན། །བྱང་ཤར་ཆུ་ནི་སྣ་ཚོགས་གཞག །དེ་བཞིན་དར་གྱི་མཐིང་ཡོལ་གྱིས། །དཀྱིལ་འཁོར་ཕྱོགས་བཞི་འཁོར་བར་བྲི། །མདའ་བཞི་དང་ནི་དར་སྣ་བཞི། །ཚོན་སྐུད་སྣ་ལྔ་ཕུར་པ་བརྒྱད། །མཎྜལ་དེ་ཡི་རྒྱན་དུ་དགོད། །རྣལ་འབྱོར་མཆེད་དང་ལྕམ་དྲལ་ལ། །ཛ་གད་ཕྱག་ཏུ་བཞག་ནས་ཀྱང་། །ལས་དང་བྱ་བ་བསྐོས་ལ་གདབ། །རང་རེའི་ཕྲིན་ལས་ཅི་ནུས་བྱའོ། །སྣོད་རྣམས་སེམས་མ་བཅུ་དྲུག་བསྒོམ། །སྒེག་མོ་དང་ནི་སྤོས་མེ་མ། །ལྕགས་ཀྱུ་མ་དང་རྡོ་རྗེ་སྒྲོལ། །ཤར་གྱི་རྩིབས་ལ་ཡང་དག་གནས། །ཕྲེང་བ་མ་དང་མེ་ཏོག་མ། །ཞགས་པ་མ་དང་རིན་ཆེན་


DNG020_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན། །ལྷོ་ཡི་རྩིབས་ལ་ཡང་དག་གནས། །པི་ཝང་མ་དང་མར་མེ་མ། །ལྕགས་སྒྲོག་མ་དང་གསལ་བཀྲ་མ། །ནུབ་ཀྱི་རྩིབས་ལ་ཡང་དག་གནས། །གར་མཁན་མ་དང་དྲི་ཆབ་མ། །དྲིལ་འཁྲོལ་མ་དང་རྡོ་རྗེ་འབེབས། །བྱང་གི་རྩིབས་ལ་ཡང་དག་གནས། །བཅུད་རྣམས་སེམས་དཔའ་བཅུ་དྲུག་བསྒོམ། །དེར་ནི་ཙ་ཀ་ལི་ཡང་དགོད། །རྡོ་རྗེ་སེམས་དཔའ་རྡོ་རྗེ་བསྣམས། །རྡོ་རྗེ་རྒྱལ་པོ་ལྕགས་ཀྱུ་འཛིན། །རྡོ་རྗེ་ཆགས་པ་མདའ་གཞུ་འགེངས། །རྡོ་རྗེ་ལེགས་པ་སེ་གོལ་སྒྲོལ། །ཤར་གྱི་རྡོ་རྗེའི་རིགས་སུ་གྲགས། །རྡོ་རྗེ་རིན་ཆེན་རིན་པོ་ཆེ། །རྡོ་རྗེ་གཟི་བརྗིད་ཉི་མ་བསྣམས། །རྡོ་རྗེ་རྒྱལ་མཚན་རིན་ཆེན་ཏོག །རྡོ་རྗེ་བཞད་པ་སོ་ཕྲེང་འདྲེན། །ལྷོ་ཡི་རིན་ཆེན་རིགས་སུ་གྲགས། །རྡོ་རྗེ་ཆོས་ནི་པདྨ་བསྣམས། །རྡོ་རྗེ་རྣོན་པོ་རལ་གྲི་འཛིན། །རྡོ་རྗེ་འཁོར་ལོ་འཁོར་ལོ་ཉིད། །རྡོ་རྗེ་སྨྲ་བ་ལྕེ་ཡང་འཛིན། །ནུབ་ཕྱོགས་པདྨ་རིགས་སུ་གྲགས། །རྡོ་རྗེ་ལས་ནི་རྒྱ་གྲམ་བསྣམས། །རྡོ་རྗེ་སྲུང་བ་གོ་ཆ་འཛིན། །རྡོ་རྗེ་གནོད་སྦྱིན་མཆེ་བ་འཆང་། །རྡོ་རྗེ་ཁུ་ཚུར་ཁུ་ཚུར་ཉིད། །བྱང་གི་སེམས་དཔའ་ལས་ཀྱི་རིགས། །སོ་སོའི་སྐུ་རྣམས་གདོད་པར་བྱ། །སྣོད་བཅུད་དབྱིངས་སུ་སངས་རྒྱས་ཡིན། །དབུས་ན་རྣམ་པར་སྣང་མཛད་ཆེ། །སངས་རྒྱས་སྤྱན་དང་གཉིས་སུ་མེད། །ཤར་ན་རྡོ་རྗེ་མི་བསྐྱོད་པ། །ཤར་ལྷོར་དབྱིངས་ཕྱུག་མ་ཉིད་དེ། །ལྷོ་ན་རིན་འབྱུང་དཀོན་མཆོག་དཔལ། །ལྷོ་ནུབ་མཱ་མ་ཀཱི་ཞེས་བྱ། །ནུབ་ན་སྣང་བ་མཐའ་ཡས་ལ། །ནུབ་བྱང་ན་བཟའ་དཀར་མོ་ཉིད། །བྱང་ན་དོན་ཡོད་གྲུབ་པ་ལ། །བྱང་ཤར་དམ་ཚིག་སྒྲོལ་མ་ཉིད། །དབུས་ཀྱི་ལིང་ཚེ་དགུ་པོ་ལ། །རིགས་ལྔ་ཡབ་ཡུམ་སྐུ་རྣམས་དགོད། །ཆོས་སྐུ་དྲི་མ་མེད་པ་ལས། །དེ་བཞིན་ཉིད་དུ་རྣམ་པར་གནས། །ལོངས་སྐུ་ཡེ་ཤེས་སྒྱུ་མ་ལས། །ཀུན་ཏུ་སྣང་བའི་ཏིང་ངེ་འཛིན། །སྤྲུལ་སྐུ་སེམས་ཅན་དོན་མཛད་ཕྱིར། །རྒྱུ་ལས་སངས་རྒྱས་སྐུ་ཡང་བསྐྱེད། །སྣོད་ཀྱི་འཇིག་རྟེན་འབྱུང་བ་ལྔ། །ཡུལ་ལྔ་བྷ་ག་བདེ་


DNG020_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དབྱིངས། །མ་བསྒྲིབས་ཡོངས་སུ་འོད་གསལ་བས། །གཞལ་ཡས་ཁང་པ་གདན་དང་བཅས། །བདག་འཛིན་ཕུང་པོ་ལྔ་སོགས་པ། །ལྷ་སྐུ་ཕྱག་རྒྱ་ཆེན་པོར་བསྒོམ། །འོག་མིན་གནས་ནས་སྤྱན་དྲངས་ནས། །བཞུགས་སུ་གསོལ་ནས་ཕྱག་བཙལ་ཏེ། །ཕྱི་དང་ནང་དང་གསང་བ་དང་། །དེ་ཁོ་ན་ཡི་མཆོད་པ་དབུལ། །བསྟོད་ཅིང་ཐུགས་དམ་བསྐུལ་བྱས་ནས། །སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་། །བཅུད་ཀྱི་འགྲོ་བ་ལྷ་ཡི་སྐུ། །འབྱུང་བཞི་ལས་སྐྱེས་རྩི་ཤིང་དང་། །ནགས་ཚལ་མ་ལུས་སྣང་བ་རྣམས། །ཐམས་ཅད་སྨན་ཆེན་ར་སཱ་ཡན། །དགུན་གྱི་དུས་ན་རྩ་བའི་སྨན། །དཔྱིད་ནི་ལོ་མ་འདབ་མར་སྐྱེས། །དབྱར་ནི་མེ་ཏོག་མདངས་དང་ལྡན། །སྟོན་ནི་འབྲས་བུར་སྨིན་པ་སྟེ། །སྣང་བའི་དུས་ན་སྟོང་ཉིད་པས། །གཉིས་མེད་ཆོས་ཀྱི་དབྱིངས་སུ་ཐིམ། །ཞེས་གསུངས་སོ། །བདུད་རྩི་ཆེན་པོ་འཁོར་ལོ་འབར་བའི་རྒྱུད་ལས། སྨན་ཁྲོལ་བུར་བསྒྲུབ་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་སྨན་བཏག་བཙག་ཕྱེ་མ་སྒྲུབ་པ་འདི་གསུངས་སོ། །སྦྱོར་སྒྲོལ་མ་མོ་བཅུ་དྲུག་གིས། །བཏག་བཙག་སྦལ་ལ་སྦྱར་ཏེ་གཞུག །གང་ཞིག་སྦྱོར་བས་སྦྱང་བ་ནི། །མར་མེ་གསོ་དང་ཚངས་པའི་ཐོག །རྩ་དང་སྲུབ་ཤིང་ཐིག་ལེ་དང་། །གཅིག་གཉིས་བཞི་དང་མན་ངག་དགུ། །སྲིན་པོ་རཱུ་ཏྲ་ཀྵ་གནས་ལ། །མེ་རླུང་དྲག་པོས་བསྐྱོད་བྱས་ན། །ལྟེ་བའི་ཨཱཾ་ཡིག་བདུད་རྩི་འབབ། །མར་མེ་གསོ་བར་བྱ་བའོ། །མེ་རླུང་རབ་ཏུ་གཡོས་པ་ཡིས། །སྤྱི་བོའི་ཧཾ་ཡིག་བདུད་རྩི་འབེབས། །ཚངས་པའི་ཐོག་ཅེས་བྱ་བ་ཉིད། །དབུགས་ཉིད་ཕྱིར་ལ་ལྡང་བ་ན། །གཡས་ཀྱི་རོ་མ་ཉི་མ་མེ། །དབུགས་ནི་ནང་དུ་འཇུག་པ་ནི། །གཡོན་གྱི་རྐྱང་མ་ཟླ་བ་ཆུ། །རླུང་ཉིད་ཁོང་དུ་གནས་པ་ན། །དབུས་ཀྱི་ཀུན་འདར་མ་ཉིད་ནི། །པདྨ་ཆུ་ཤིང་ཏིལ་མར་དང་། །རྒྱ་


DNG020_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེགས་སྡོང་ཆེན་ལ་གནས་པའི། །ཕྲ་ཞིང་དྲང་ལ་གསལ་ཞིང་དམར། །རྩ་ཡི་རྣལ་འབྱོར་བསྒོམ་པར་བྱའོ། །དབུས་མ་ཀུན་འདར་སྲོག་ཤིང་ལ། །རོ་རྐྱང་སྲུབ་ཐག་བསྲུབས་བྱས་པས། །ལྟེ་ལྐོག་ཁྲག་གི་ཐིག་ལེ་འབར། །སྲུབ་ཤིང་འཁོར་ལོ་ཞེས་བྱའོ། །སྙིང་གར་ཉི་ཟླ་ཁ་སྦྱོར་ནས། །ལྟེ་བའི་དཔའ་བོ་འབའ་ཞིག་ལ། །གསང་གནས་བདེ་བའི་ཐིག་ལེ་དང་། །མཛོད་སྤུ་སྐྲ་དཀར་ས་བོན་བཞི། །རླུང་དང་བསྟུན་ལ་ཉམས་སུ་བླང་། །ཐིག་ལེའི་རྣལ་འབྱོར་བསྒོམ་པའོ། །བཤང་སྒོར་རླུང་ལ་སུམ་མདོར་མེ། །ལྟེ་བ་སྤྲུལ་པའི་དཀྱིལ་འཁོར་དུ། །ཕྱི་སྐོར་དྲུག་ཅུ་རྩ་བཞི་སྟེ། །ནང་སྐོར་འདབ་མ་བརྒྱད་པ་ལ། །སྡེ་ཚན་བཅོ་བརྒྱད་གཡས་སུ་བསྐོར། །ལྟེ་བ་ཕྲ་བའི་ཨ་ཡིག་དམར། །རླུང་གིས་མེ་བུས་ཨ་ལས་མེ། །རབ་ཏུ་འབར་བ་བསྒོམ་པར་བྱ། །འཁོར་ལོ་གཅིག་ལ་བརྟེན་པའོ། །ལྟེ་བ་དང་ནི་སྙིང་ག་གཉིས། །སྙིང་གའི་དཀྱིལ་འཁོར་འདབ་བརྒྱད་ལ། །ཐུར་བསྟན་སྔོན་པོ་ཧཱུཾ་ནི་དབུས། །ཨ་ཧཾ་ཤིན་ཏུ་ཆ་ཕྲ་བས། །ཀུན་འདར་མ་ལ་ཟུང་དུ་འདྲེལ། །བྱང་སེམས་དཀར་དམར་རབ་ཏུ་འཛག །རླུང་ཡང་རིམ་གྱིས་ཁ་སྦྱར་བ། །འཁོར་ལོ་གཉིས་ལ་བརྟེན་པའོ། །ལྟེ་བ་སྤྲུལ་པའི་དཀྱིལ་འཁོར་དུ། །འདབ་མ་དྲུག་ཅུ་རྩ་བཞི་ལ། །ཨཱ་ལི་གཡོན་བསྐོར་ཀཱ་ལི་གཡས། །ཧ་དང་ཀྵ་ཡིག་རྣམ་པར་སྤང་། །ནང་བསྐོར་སྡེ་ཚན་བརྒྱད་ཀྱང་དམར། །སྙིང་ག་ཆོས་ཀྱི་དཀྱིལ་འཁོར་དུ། །འདབ་བརྒྱད་ཡིག་འབྲུ་གནག་ཅིང་འཚེར། །ཕྱོགས་བཞི་ཡབ་ལ་མཚམས་བཞི་ཡུམ། །དབུས་ན་ཧཱུཾ་ཡིག་གནས་པའོ། །མགྲིན་པ་ལོངས་སྤྱོད་དཀྱིལ་འཁོར་དུ། །འདབ་མ་བཅུ་དྲུག་ལྟེ་བ་ཨཾ། །ཡི་གེ་དམར་པོ་གྱེན་དུ་བལྟ། །སྤྱི་བོ་བདེ་ཆེན་དཀྱིལ་འཁོར་དུ། །འདབ་མ་སུམ་ཅུ་རྩ་གཉིས་ལ། །ཨཱ་ལི་བཅུ་དྲུག་གཡོན་དུ་བསྐོར། །ཀ་ནས་ཏ་སོགས་བཅུ་དྲུག་གཡས། །ཧཾ་ཡིག་ཐུར་བསྟན་ཡི་གེ་


DNG020_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

དམར། །གཡས་ཀྱི་རོ་མའི་ནང་སོང་བས། །ཡིག་འབྲུ་མ་ལུས་རྣམ་པར་བསྲེག །ཧཾ་ཞུ་གཡོན་པ་རྐྱང་མར་བབས། །རིམ་པས་གསལ་བཏབ་ལྟེ་བར་འབབས། །འཁོར་ལོ་བཞི་ལ་བརྟེན་ནས་བསྒོམ། །རྐང་མཐིལ་རཾ་ལས་ལོང་བུ་མེ། །བརླ་ཡི་རྩ་ཆེན་གསང་གནས་འཛོམ། །རྣོ་མྱུར་དྲག་ཅིང་རྩུབ་ལ་ཚ། །ཐིག་ལེ་འཐབ་མོ་འཐབ་པ་དང་། །འཁོར་ལོ་ནང་དུ་འགྲིམ་པ་དང་། །མེ་འབར་ཆེ་རུ་འབར་བ་དང་། །ཐམས་ཅད་མེ་རུ་འབར་བ་ཉིད། །མན་ངག་གནད་ཀྱིས་ཟིན་པར་བྱ། །ལམ་སྦྱངས་བལྟ་བ་རྐྱང་པ་དང་། །དྲོད་ནི་བྱུང་རྒྱལ་དག་ཏུ་བཏང་། །ཐུན་གྲངས་ཚད་མེད་ཡོད་པར་སྦྱར། །ཡིད་ཀྱི་འཇུག་ཡུལ་རབ་བརྟགས་ལ། །ཁམས་ཀྱི་ཚད་ཀྱང་རབ་ཏུ་གཟུང་། །ཡུམ་ལ་སྦྱོར་བ་བྱས་ནས་ནི། །རང་བྱུང་ཡེ་ཤེས་རྣམ་པ་བཞི། །ཉོན་མོངས་རྣམ་པར་རྟོག་པ་དང་། །སྣྲེལ་ཞི་གསལ་ཞིང་ཡང་བ་ཡིས། །གསང་བའི་དབང་བསྐུར་བྱ་བ་དང་། །སྦྱར་བའི་བྱང་སེམས་སྨན་དུ་བླུག །སྒྲོལ་བས་སྦྱང་བར་བྱ་བ་ནི། །རི་རབ་རྩེ་ན་ལྷ་གནས་ནི། །ཡི་གེ་ཨ་དཀར་ལོངས་སྤྱོད་ལྡན། །ལྷ་མིན་སུ་ནི་སེར་པོ་སྟེ། །འཐབ་རྩོད་རི་རབ་ཁོང་སེང་གནས། །གླིང་བཞི་མི་རྣམས་གནས་གྱུར་པས། །ནྲྀ་ཡིག་སྔོན་པོར་གནས་པའོ། །ཕྱི་ཡི་རྒྱ་མཚོར་དུད་འགྲོ་གནས། །དུ་ནི་དུད་ཁར་གནས་པའོ། །གྲོང་ཁྱེར་སེར་སྐྱར་ཡི་དྭགས་གནས། །པྲེ་ཡིག་དམར་པོ་གནས་པ་ཉིད། །རྡོ་རྗེ་གདན་གྱི་གདན་འོག་ན། །དམྱལ་བ་ཏྲི་ཡིག་ནག་པོར་གནས། །རཾ་ཡཾ་ཁཾ་ལས་བྱུང་བ་ཡིས། །བཀྲེས་སྐོམ་སྡུག་བསྔལ་རཾ་གྱིས་བསྲེག །གླེན་ལྐུགས་ཡཾ་གྱིས་མཚན་ཉིད་མེད། །ཚ་གྲང་ཁཾ་གྱིས་རྣམ་པར་བཀྲུས། །འབྲུ་ལྔ་རིགས་ལྔའི་སྐུར་གྱུར་ནས། །བསྒྲལ་ནས་ཆོས་ཉིད་ངང་དུ་སྤར། །ཕུང་པོ་བདུད་རྩིར་རབ་སྦྱར་བྱ། །དཀར་མོ་དང་ནི་རྐུན་མོ་དང་། །རྨོངས་མོ་དང་ནི་ཐལ་བྱེད་མ། །སྦོས་མོ་དང་ནི་གཏུམ་བྱེད་དང་། །སྨེ་ཤ་ཅན་དང་མ་ཚོགས་དང་། །སེང་སྟག་སྤྱང་ཀུ་ཝ་མོའི་གདོང་། །


DNG020_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

བཞད་དང་ཀ་ཀ་བྱ་རོག་དང་། །འུག་གདོང་མ་མོ་བཅུ་དྲུག་སྦྱང་། །ཤར་དུ་བལྟ་བ་ཡངས་པས་བཏུལ། །ལྷོ་རུ་བསྒོམ་པ་གསལ་བས་བཙག །ནུབ་ཏུ་སྤྱོད་པ་ཞིབ་པས་སྦལ། །བྱང་དུ་འབྲས་བུ་མཐར་ཕྱིན་སྦྱར། །ཕོ་མོ་ཐོད་པ་ཁ་སྦྱར་ནས། །དར་གྱིས་བཅིངས་ནས་བཞུགས་སུ་གསོལ། །ཞེས་གསུངས་སོ། །བདུད་རྩི་ཆེན་པོ་འཁོར་ལོ་འབར་བའི་རྒྱུད་ལས། སྨན་ཕྱེ་མ་བཏག་བཙག་གི་ ལེའུ་སྟེ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་བདུད་རྩི་གོང་བུ་གཅིག་པའི་སྨན་སྦྱར་བར་བྱ་བ་འདི་དག་ཡོངས་སུ་གསུངས་སོ། །སྐུ་དང་གསུང་དང་ཐུགས་དང་ནི། །ཡོན་ཏན་ཕྲིན་ལས་རྣམ་པ་ལྔ། །སྟོང་གསུམ་ཁྲོ་བོ་སྐུ་གདུང་འབར། །རྟ་མགྲིན་དབང་དང་མཁའ་མཉམ་ཀློང་། །འཆི་མེད་རྡོ་རྗེའི་དཀྱིལ་འཁོར་རྣམས། །སྐུ་ཡི་དཀྱིལ་འཁོར་ལྷུན་གྱིས་གྲུབ། །ཆོས་ཉིད་ཡོངས་སུ་རྒྱ་ཆད་མེད། །དེ་ཕྱིར་ལྟེ་བ་ཟླུམ་པོར་གནས། །ཚོགས་བརྒྱད་ཡུལ་ལས་མ་རྨོངས་གཅོད། །དེ་རྟགས་ཀ་བ་མཆོག་བརྒྱད་ལྡན། །ཉོན་མོངས་གཡུལ་གཅོད་འཁོར་ལོ་བརྒྱད། །ཡོན་ཏན་ཟད་མེད་རིན་པོ་ཆེ། །ཡེ་ཤེས་བཞི་ལྡན་སྒོ་བཞིར་ཤར། །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས། །མུ་ཏིག་ཨ་སྨ་གརྦྷ་དང་། །རིན་པོ་ཆེ་ཡི་གདན་ཁྲི་འབར། །རིགས་གསུམ་རིགས་བཞི་རིགས་ལྔ་ཉིད། །རྩེ་གཅིག་རྩེ་ལྔ་རྩེ་དགུ་གྲག །ཉི་ཟླ་དབང་ཕྱུག་ཕོ་མོ་དང་། །བྱོལ་སོང་གཙོ་བོ་བརྒྱད་སྟེང་ན། །རྣམ་པར་རྒྱལ་བ་དབྱུག་སྔོན་ཅན། །གཤིན་རྗེ་གཤེད་དང་མི་གཡོ་མགོན། །རྟ་མགྲིན་འདོད་པའི་རྒྱལ་པོ་དང་། །བདུད་རྩི་འཁྱིལ་པ་རྣམ་རྒྱལ་ཁམས། །སྟོང་གསུམ་ཁྲོ་བོའི་དཀྱིལ་འཁོར་གྱིས། །ཕྱོགས་བཅུའི་བདུད་བཏུལ་མཚམས་བཅད་པ། །ཕྱེ་མ་བཏག་བཙག་ཁྲོལ་བུ་དང་། །གོང་བུ་གཅིག་པ་ཀུན་ལ་ཁྱབ། །ཤར་ན་བུཌྜྷ་ཧེ་རུ་ཀ །ལྷོ་ན་རིན་ཆེན་ཁྲག་འཐུང་ཉིད། །ནུབ་ན་པདྨ་ཁྲོས་པའི་སྐུ། །བྱང་ན་ལས་ཀྱི་ཁྲོ་རྒྱལ་ཆེ། །དབུས་སྟེང་བཛྲ་


DNG020_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

ཧེ་རུ་ཀ །སྐུ་གདུང་འབར་བའི་དཀྱིལ་འཁོར་རྣམས། །འབྱུང་ལྔའི་བསྐལ་པ་རྣམ་སྦྱང་ཞིང་། །དུག་ལྔ་ཡེ་ཤེས་རྣམ་ལྔ་འབར། །ས་ཡི་རླུང་ནི་ཐད་ཀར་གནས། །མེ་ནི་གྱེན་འབར་ཐུར་དུ་ཆུ། །རླུང་ནི་གསེགས་ལ་འགྲོ་བ་དང་། །ནམ་མཁའ་རྒྱུ་བ་མེད་པས་ན། །སྲོག་དང་རྩོལ་བའི་རང་བཞིན་ཅན། །རླུང་ལྔ་ལ་ནི་ཡང་དག་གནས། །མཁའ་མཉམ་ཀློང་གི་དཀྱིལ་འཁོར་ནི། །ཁྲོ་མོ་གནམ་ཞལ་དབུ་དགུ་མ། །བཅོ་བརྒྱད་ཕྱག་དང་ཡང་དག་ལྡན། །ཞབས་ཀྱང་རྣམ་པ་བརྒྱད་དུ་གནས། །ལྷ་རྣམས་བསྐྱེད་དང་སྦྱོར་བ་དང་། །དབང་བསྐུར་སྦྱིན་སྲེག་ལ་སོགས་པ། །ཡུམ་འདིར་རབ་ཏུ་སྒྲུབ་པར་བྱེད། །དེ་ཕྱིར་མཁའ་ཀློང་རྣམ་པར་དག །རྟ་མགྲིན་དབང་གི་དཀྱིལ་འཁོར་དུ། །རྟ་མགྲིན་གསང་བའི་ཡུམ་དང་བཅས། །ཧཱུཾ་ཆེན་སྟོབས་ཆེན་སྟེང་འོག་གནས། །བཅོམ་ལྡན་རྟ་ཡི་རྒྱལ་པོ་ནི། །མཚམས་ཀྱི་དུས་ན་ནུབ་ན་གནས། །ཉུ་ལེ་བཟློག་ན་བདག་གི་སྐུ། །ནམ་མཁའ་བར་སྣང་གནས་ལ་བཞུགས། །འགྲོ་འདུལ་སྨན་གྱི་ཕོ་བྲང་བཞུགས། །བཟླས་པ་དགུ་ཡི་ཕྱག་རྒྱ་ཉིད། །ཕྱེ་མ་གནམ་ཞལ་བྷ་ག་ན། །དངོས་གྲུབ་ཟླ་གམ་དཀྱིལ་འཁོར་སྟེང་། །དབང་བསྐུར་ལས་ཀྱི་སློབ་དཔོན་ཉིད། །ཁྲོལ་བུ་རུས་སྦལ་ཁོག་པ་ལ། །མཛད་པའི་ལས་ཡང་དེ་བཞིན་མཛད། །འཆི་མེད་རྡོ་རྗེའི་དཀྱིལ་འཁོར་དུ། །ཆེ་མཆོག་མ་མོ་དགོངས་པ་ནི། །དབུ་དགུ་ཕྱག་ཀྱང་བཅོ་བརྒྱད་གནས། །ཆེ་མཆོག་བདུད་རྩི་སྨན་ལ་དགོངས། །ཕྱག་ན་ཕྲ་མེན་མཁའ་འགྲོ་དང་། །ཤུགས་འགྲོ་མ་མོ་འབར་མ་རྣམས། །ཆེ་མཆོག་ཆོས་ཉིད་དགོངས་པ་ནི། །སངས་རྒྱས་བཞི་བཅུ་རྩ་གཉིས་བསྣམས། །དབུ་ནི་ཉི་ཤུ་རྩ་གཅིག་ལ། །སངས་རྒྱས་བདུན་གསུམ་ཉི་ཤུ་གཅིག །ཕྱག་ཀྱང་བཞི་བཅུ་རྩ་གཉིས་སོ། །ཞབས་བརྒྱད་རབ་ཏུ་རྣམ་པར་བཞུགས། །ལྗགས་ལས་ས་ནུ་ཧེ་རུ་ཀ །དཀྱིལ་འཁོར་བདུན་བརྩེགས་རྣམ་པར་གསལ། །སྦྱོར་བ་བརྒྱད་ནི་འཇུ་འདུལ་གྱིས། །ལུས་དང་ངག་དང་ཡིད་དང་གསུམ། །སྐུ་གསུང་ཐུགས་སུ་རྣམ་པར་སྦྱང་། །


DNG020_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་ལྔ་ཡི་ཐུགས་རྗེ་ལས། །མཎྜལ་བརྒྱད་པའི་གཞུང་བཞིན་དུ། །དཔལ་དང་ལྡན་པའི་སྣོད་བཞག་སྟེ། །སྟོང་ལས་སྦྱར་བ་ཡེ་ནས་དག །ཉི་ཟླ་གསལ་བའི་དཀྱིལ་འཁོར་དུ། །འབྲུ་དགུ་ཡེ་ཤེས་འཕྲོ་འདུ་ལས། །སྟོང་ཁམས་ཁྱབ་པའི་དོན་བྱས་ནས། །དུས་གསུམ་རྒྱལ་བ་མཆོད་པའི་ཕྱིར། །མུ་ཏིག་དཀར་པོ་དྲི་མེད་ལྟར། །སྒྲུབ་པ་པོས་ནི་ནན་ཏན་བྱའོ། །བདག་ཉིད་ཆེ་མཆོག་སྐུར་གནས་པས། །ཙིཏྟ་འབར་བའི་གཞལ་ཡས་ཁང་། །ཡེ་ཤེས་སེམས་དཔའ་ཚོན་གང་བ། །ཐུགས་ཀར་རིན་ཆེན་ཟུར་བརྒྱད་ལས། །ཡིག་འབྲུ་ཐུགས་མཚན་འོད་དུ་འཕྲོས། །འགྲོ་བ་འདུལ་བའི་ཐུགས་ཀར་ཐིམ། །ཐུགས་ཉིད་འགྲོ་བའི་དོན་ལ་བསྐུལ། །ཞེ་སྡང་རྒྱུ་འབྲས་རྩད་ནས་བཅད། །སླར་འདུས་བདུད་རྩི་སྨན་ལ་ཐིམ། །མུ་ཏིག་དཀར་པོ་དྲི་མེད་ལྟར། །སྒྲུབ་པ་པོས་ཀྱང་ནན་ཏན་བྱའོ། །བདག་ཉིད་ཆེ་མཆོག་སྐུར་འགྱུར་ཏེ། །ལྗགས་ཀྱི་པདྨའི་གདན་སྟེང་དུ། །པདྨ་སེམས་དཔའ་ཚོན་གང་བ། །པདྨའི་ཡིག་འབྲུ་གསུང་ལ་ཐིམ། །ཁྲོ་བོ་གསུང་གི་དབྱིག་ཏུ་གྱུར། །གསུང་ཉིད་འགྲོ་བའི་དོན་ལ་བསྐུལ། །འདོད་ཆགས་རྒྱུ་འབྲས་རྩད་ནས་བཅད། །སླར་ཉིད་བདུད་རྩི་སྨན་ལ་ཐིམ། །སྨན་ཉིད་བདུད་རྩི་འོད་དུ་ཞུ། །པདྨ་རཀྟ་དྲི་མེད་ལྟར། །སྒྲུབ་པ་པོས་ནི་ནན་ཏན་བྱ། །བདག་ཉིད་ཆེ་མཆོག་ཧེ་རུ་ཀ །དུང་ཁང་ཟླ་བའི་གདན་སྟེང་དུ། །བདེ་གཤེགས་སེམས་དཔའི་ཚོན་གང་ལ། །འཁོར་ལོའི་ཡིག་འབྲུ་སྐུ་ལ་ཐིམ། །སྐུ་ཉིད་འགྲོ་བའི་དོན་ལ་བསྐུལ། །གཏི་མུག་རྒྱུ་འབྲས་རྩད་ནས་བཅད། །སླར་འདུས་བདུད་རྩི་སྨན་ལ་ཐིམ། །སྨན་ཉིད་བྱང་ཆུབ་སེམས་སུ་ཞུ། །བཙོ་མ་ཞི་གར་བྲུབ་པ་ལྟར། །སྒྲུབ་པ་པོས་ནི་ནན་ཏན་བྱའོ། །ཨོཾ་ཨཱཿཧཱུཾ་བཛྲ་ཨ་མྲྀ་ཏ་ཧཱུཾ་ཧྲཱྀཿཐ། འགྲོ་འདུལ་སྐུ་དང་སྐུ་གདུང་ཞབས་སུ་སྦྱོར། །སྐུ་གདུང་དབུ་དང་མཁའ་མཉམ་ཞབས་སུ་སྦྱོར། །བཛྲ་ཧེ་རུའི་དབུ་དང་བྷ་གར་སྦྱོར། །མཁའ་མཉམ་དབུ་དང་ཆེ་མཆོག་


DNG020_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་སུ་སྦྱར། །མཁའ་མཉམ་དབུས་ཞལ་ཆེ་མཆོག་གསང་བར་སྦྱོར། །ཆེ་མཆོག་ཕྱག་དང་ཕྱག་མཚན་ཞེ་གཉིས་སྦྱོར། །ས་ནུ་ཡེ་ཤེས་ཐབས་དང་ཤེས་རབ་སྦྱོར། །རྟ་མགྲིན་གསང་བའི་ཡུམ་བཞི་གཉིས་མེད་སྦྱོར། །སྦྱོར་མཚམས་བརྒྱད་ན་བདུད་རྩིའི་ཕོ་བྲང་བརྒྱད། །སྦྱོར་བ་བརྒྱད་བརྩེགས་ངེས་པ་དེ་ལ་རྫོགས། །ཨོཾ་ཨཱཿཧཱུཾ་བཛྲ་ཨ་མྲྀ་ཏ་ཧཱུཾ་ཧྲཱྀཿཐ། རང་བྱུང་རྩ་བ་ཆེ་མཆོག་གསལ་བ་ཡི། །ཐུགས་ཀར་ཉི་དཀྱིལ་རྡོ་རྗེ་འབྲུ་དགུ་བསྐོར། །འཕྲོ་འདུ་རང་བཞིན་མེད་ལ་བཟླས་བརྗོད་རླུང་། །གུ་ཧྱ་ཕྱག་རྒྱས་བར་ཆད་དབང་མི་གཏང་། །ཨོཾ་ཨཱཿཧཱུཾ་བཛྲ་ཨ་མྲྀ་ཏ་ཧཱུཾ་ཧྲཱྀཿཐ། བཟླས་བསྐུལ་གསུང་ཡིག་བདུད་རྩི་མཁའ་ལས་བབ། །མཁའ་ནས་ཤངས་དྲང་གསང་བའི་གསུང་དང་འདྲེས། །གསུང་ཉིད་བྱང་སེམས་དཀར་དམར་གཉིས་སུ་འཕྲོས། །རྟ་མགྲིན་སྦྱོར་མཚམས་ཐམས་ཅད་དབང་དུ་སྡུད། །ཨོཾ་ཨཱཿཧཱུཾ་བཛྲ་ཨ་མྲྀ་ཏ་ཧཱུཾ་ཧྲཱྀཿཐ། མཐེབ་སྲིན་རྟ་མགྲིན་ཡབ་ཡུམ་སྦྱོར་མཚམས་ནས། །འོད་འཕྲོས་ཕོ་བྲང་རྟ་མགྲིན་ཡབ་ཡུམ་གྱི། །ཐུགས་ཀར་ཕོག་པས་སྒལ་ཚིགས་རྟ་བརྒྱུད་དེ། །བྱང་སེམས་དཀར་དམར་བདུད་རྩི་ཉིད་དུ་གྱུར། །ཨོཾ་ཨཱཿཧཱུཾ་བཛྲ་ཨ་མྲྀ་ཏ་ཧཱུཾ་ཧྲཱྀཿཐ། དེ་ལས་འོད་འཕྲོས་རྟ་མགྲིན་ཐུགས་ཀར་ཐིམ། །ཐུགས་ཀྱི་དབྱིངས་སུ་བྱང་སེམས་དཀར་དམར་འཁྱིལ། །ཨོཾ་ཨཱཿཧཱུཾ་བཛྲ་ཨ་མྲྀ་ཏ་ཧཱུཾ་ཧྲཱྀཿཐ། དེ་ལས་འོད་ཟེར་ཁ་དོག་ལྔ་རུ་འཕྲོས། །སྐུ་གདུང་འབར་བའི་ཐུགས་ཀྱི་དབྱིག་ཏུ་འཁྱིལ། །ཨོཾ་ཨཱཿཧཱུཾ་བཛྲ་ཨ་མྲྀ་ཏ་ཧཱུཾ་ཧྲཱྀཿཐ། དེ་ནས་འོད་འདུས་མེ་ལོང་ཧས་བཏབ་ཚུལ། །བཛྲ་ཧེ་རུའི་ཐུགས་ཀྱི་དབྱིག་ཏུ་འཁྱིལ། །ཨོཾ་ཨཱཿཧཱུཾ་བཛྲ་ཨ་མྲྀ་ཏ་ཧཱུཾ་ཧྲཱྀཿཐ། དེ་ནས་འོད་དཀར་སྲོག་ཐག་ལམ་ནས་འཕྲོས། །དབུ་ཡི་གཙུག་ཏུ་མཁའ་མཉམ་བྷ་གར་འཁྱིལ། །ཨོཾ་ཨཱཿཧཱུཾ་བཛྲ་ཨ་མྲྀ་ཏ་ཧཱུཾ་ཧྲཱྀཿཐ། དེ་ནས་འོད་ཟེར་གྱེན་དུ་ཐུགས་ནས་ལྗགས། །གསང་བའི་ལམ་ཞུགས་ཐུགས་ཀར་འོད་དམར་འཁྱིལ། །ཨོཾ་ཨཱཿཧཱུཾ་བཛྲ་ཨ་མྲྀ་ཏ་ཧཱུཾ་ཧྲཱྀཿཐ། དེ་ནས་ཕྱག་བརྒྱུད་ཕྱག་མཚན་ཐུགས་ནས་འཕྲོས། །གཙུག་གི་རྟ་


DNG020_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

མགྲིན་ཡབ་ཡུམ་ཐུགས་ཀར་འཁྱིལ། །ཨོཾ་ཨཱཿཧཱུཾ་བཛྲ་ཨ་མྲྀ་ཏ་ཧཱུཾ་ཧྲཱྀཿཐ། དེ་ནས་མར་སྤྲོས་ཕོ་བྲང་སྟེང་དུ་བབ། །རྟ་མགྲིན་སྒལ་བརྒྱུད་ཡུམ་མཁར་བདུད་རྩི་འཁྱིལ། །ཨོཾ་ཨཱཿཧཱུཾ་བཛྲ་ཨ་མྲྀ་ཏ་ཧཱུཾ་ཧྲཱྀཿཐ། དེ་འོད་གཟུངས་ཐག་རྡོ་རྗེ་ལུ་གུ་རྒྱུད། །ཁོང་སེང་ནས་བརྒྱུད་རྣལ་འབྱོར་ཐུགས་བདུན་རྒྱས། །ཨོཾ་ཨཱཿཧཱུཾ་བཛྲ་ཨ་མྲྀ་ཏ་ཧཱུཾ་ཧྲཱྀཿཐ། རང་བྱུང་བརྒྱུད་ནས་གཟུངས་ཐག་བརྒྱུད་ཡིག་འཕྲོས། །རྟ་མགྲིན་ཡབ་ཡུམ་སྦྱོར་བའི་མཁའ་ལ་འཁྱིལ། །ཨོཾ་ཨཱཿཧཱུཾ་བཛྲ་ཨ་མྲྀ་ཏ་ཧཱུཾ་ཧྲཱྀཿཐ། དེ་ལས་འོད་འཕྲོས་ས་ནུའི་མཁའ་གསང་ཐིམ། །ས་ནུ་ཡབ་ཡུམ་སྦྱོར་མཚམས་མཁའ་ལ་འཁྱིལ། །ཨོཾ་ཨཱཿཧཱུཾ་བཛྲ་ཨ་མྲྀ་ཏ་ཧཱུཾ་ཧྲཱྀཿཐ། དེ་ལས་འོད་འཕྲོས་ཐུགས་ལས་ཕྱག་མཚན་འཕྲོས། །ཕྱག་དང་ཕྱག་མཚན་སྦྱོར་བྱས་སླར་ལ་འཁྱིལ། །ཨོཾ་ཨཱཿཧཱུཾ་བཛྲ་ཨ་མྲྀ་ཏ་ཧཱུཾ་ཧྲཱྀཿཐ།དེ་ནས་མར་བབས་ཞབས་བརྒྱད་དག་ནས་བརྒྱུད། །དབུ་ཞབས་སྦྱོར་བྱས་བྱང་ཆུབ་སེམས་སུ་འཁྱིལ། །ཨོཾ་ཨཱཿཧཱུཾ་བཛྲ་ཨ་མྲྀ་ཏ་ཧཱུཾ་ཧྲཱྀཿཐ། ཞབས་བརྒྱད་བྱང་སེམས་གསང་ལམ་ཞུགས་ནས་ནི། །གསང་བ་ཞབས་ཀྱི་སྦྱོར་བྱས་ལྗགས་ལ་འཁྱིལ། །ཨོཾ་ཨཱཿཧཱུཾ་བཛྲ་ཨ་མྲྀ་ཏ་ཧཱུཾ་ཧྲཱྀཿཐ། དེ་ནས་མར་བབས་པདྨའི་བྷ་གར་འདུས། །སྨིན་མཚམས་བྷ་གར་སྦྱོར་བྱས་དབུ་ལ་འཁྱིལ། །ཨོཾ་ཨཱཿཧཱུཾ་བཛྲ་ཨ་མྲྀ་ཏ་ཧཱུཾ་ཧྲཱྀཿཐ།དེ་ནས་མཁའ་མཉམ་ཞབས་བརྒྱུད་སྐུ་གདུང་དབུ། །དབུ་དང་ཞབས་ཀྱི་སྦྱོར་བྱས་དབུ་ལ་འཁྱིལ། །ཨོཾ་ཨཱཿཧཱུཾ་བཛྲ་ཨ་མྲྀ་ཏ་ཧཱུཾ་ཧྲཱྀཿཐ། སྐུ་གདུང་སོ་སོའི་སྒལ་བརྒྱུད་ཞབས་ལ་བབ། །ཏ་ཀྲྀཏ་དབུ་དང་སྦྱོར་བྱས་ཐུགས་ཀར་འཁྱིལ། །ཨོཾ་ཨཱཿཧཱུཾ་བཛྲ་ཨ་མྲྀ་ཏ་ཧཱུཾ་ཧྲཱྀཿཐ། ཁྲོ་བཅུའི་འོད་འདུས་རྟ་མགྲིན་གསང་བར་ཞུགས། །ཡུམ་གྱི་མཁར་འཕྲོས་ཕོ་བྲང་བདུད་རྩིར་འཁྱིལ། །ཨོཾ་ཨཱཿཧཱུཾ་བཛྲ་ཨ་མྲྀ་ཏ་ཧཱུཾ་ཧྲཱྀཿཐ། དེ་ནས་བདག་ཉིད་རང་བྱུང་ལྷ་ལས་འཕྲོས། །སྦྱོར་བ་བརྒྱད་ཀྱིས་སྒྲིབ་དག་ཆོས་སྐུར་གསལ། །ཨོཾ་ཨཱཿཧཱུཾ་བཛྲ་ཨ་མྲྀ་ཏ་ཧཱུཾ་ཧྲཱྀཿཐ། བདག་ཉིད་བདུན་བརྩེགས་གསལ་བའི་ཆེ་


DNG020_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གི། །ཐུགས་ཀར་འབྲུ་གསུམ་བརྩེགས་པར་དགུ་པས་བསྐོར། །ལྕེ་སྟེང་དུ་ཡང་དེ་བཞིན་གསལ་བ་ནི། །ལྷུམས་སུ་ཞུགས་པ་ཞེས་ནི་དེ་ལ་བྱ། །བཟླས་པས་བསྐུལ་ཏེ་ལྗགས་སྟེང་ཡིག་འབྲུ་རྣམས། །མགུར་ལམ་བྱུང་ནས་ཐུགས་ཀའི་འབྲུ་ལ་ཐིམ། །བཟླས་པས་བསྐུལ་ཏེ་ཡི་གེའི་ཕྲེང་བ་ཉིད། །གཟུངས་ཐག་བསྐྱོན་པ་ལྷུམས་ནས་བལྟམས་པའི་ཚུལ། །རྩ་བའི་བདུན་བརྩེགས་ཆེ་མཆོག་སྤྱི་གཙུག་གི། །རྟ་མགྲིན་ཐུགས་ཕོག་དགུ་པས་བསྐོར་བ་ལས། །སྦྱོར་མཚམས་མཁའ་ལ་འབྲུ་གསལ་བྱང་སེམས་བསྡིམ། །བརྒྱ་བྱིན་གྱིས་བླངས་སྐུ་ཁྲུས་གསོལ་བའི་ཚུལ། །རྟ་མགྲིན་ཉིད་ཀྱི་ཐུགས་ལས་ཡིག་འབྲུ་འཕྲོས། །ཆེ་མཆོག་ཐུགས་ཀར་རྡོ་རྗེ་དགུ་པས་བསྐོར། །དེ་ནས་རིམ་བརྒྱུད་རྣམ་རྒྱལ་རིགས་ལྔ་སྟེ། །བདུན་ཐུགས་ཡིད་གསལ་གོམ་བདུན་བོར་བའི་ཚུལ། །རིགས་ལྔའི་ཐུགས་ནས་དགུ་པ་ཕྱོགས་བཅུར་འཕྲོས། །འཁོར་འདས་ཀུན་ཏུ་ཏིལ་གོང་བཞིན་དུ་ཁྱབ། །བཟླས་པས་བསྐུལ་ཏེ་འཕགས་མཆོད་འགྲོ་དོན་བྱས། །འཁོར་འདས་ཡིག་འབྲུར་གྱུར་པ་རོལ་རྩེད་ཚུལ། །ཡིག་འབྲུ་སླར་འདུས་ཐུགས་ཀར་ཐིམ་གྱུར་ཏེ། །སྒལ་ཚིགས་རྟ་བརྒྱུད་གསང་བའི་ལམ་ནས་བྱུང་། །རང་བྱུང་སྦྱོར་མཚམས་བྱང་སེམས་ཡིག་འབྲུ་གཉིས། །བདུད་རྩི་བྱང་སེམས་ཞུ་བ་ཁབ་བཞེས་ཚུལ། །དེ་ནས་གྱེན་དུ་སྒལ་ཚིགས་རྟ་བརྒྱུད་དེ། །ཐུགས་ཀར་ཐིམ་ནས་ཡིག་འབྲུ་འོད་དུ་ཞུ། །གཟུངས་ཐག་ནས་བརྒྱུད་རྟ་མགྲིན་ཐུགས་ཀར་ཞུ། །རིམ་པར་ཆེ་མཆོག་དགྱེས་བསྟར་ལོངས་སྤྱོད་ཚུལ། །དེ་ནས་སྐུ་གསུམ་ཡབ་ཡུམ་མཁའ་ལ་འཕྲོས། །ཆར་གྱི་རྒྱུན་བཞིན་བབས་པ་རབ་བྱུང་ཚུལ། །སྣོད་ཀྱི་འཇིག་རྟེན་ཡུམ་གྱི་མཁའ་ནང་དུ། །དུག་རྣམས་བདུད་རྩི་གྱུར་པས་དཀའ་ཐུབ་ཚུལ། །དེ་ནས་སླར་འདུས་ཕྱོགས་བཅུའི་ཁྲོ་བོ་ནས། །བདུན་བརྩེགས་འཁོར་བཅས་བདུན་བརྩེགས་ངང་དུ་ཞུ། །འཕྲོ་འདུས་རང་བྱུང་རྩ་བ་གཉི་ག་ལ། །མགལ་མེ་ལྟ་བུར་


DNG020_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར་བ་ཆོས་འཁོར་ཚུལ། །སྣོད་བཅུད་བདུད་རྩིར་གྱུར་པས་སྐྱེ་ཤི་མེད། །དུག་ལྔ་བདུད་རྩིར་གྱུར་པས་བདུད་བཏུལ་ཚུལ། །དེ་ལྟར་བདག་གཞན་དོན་རྫོགས་བཞི་མཐར་ཕྱིན། །སྤང་བླང་ཞེན་རྟོག་མེད་པས་སངས་རྒྱས་ཚུལ། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ལྔ། །སྐུ་ལྔ་ཡེ་ཤེས་སྐུ་གདུང་བགོས་པའི་ཚུལ། །ཨོཾ་ཨཱཿཧཱུཾ་བཛྲ་ཨ་མྲྀ་ཏ་ཧཱུཾ་ཧྲཱྀཿཐ། བདུད་རྩི་བྱང་ཆུབ་སེམས་ནི་གཉིས་མེད་ཆོས་ཀྱི་སྐུ་ཡི་ཚུལ། །བྱིན་རླབས་བདེ་གཤེགས་ལོངས་སྤྱོད་རྫོགས་པའི་སྐུ། །སྤྲུལ་སྐུའི་མཛད་པ་བཅུ་གཉིས་མཐར་ཕྱུང་ནས། །སླར་འདུས་བདུད་རྩི་བུམ་པའི་ལུང་ལ་ཐིམ། །གཉིས་མེད་བདེ་ཆེན་བྱང་ཆུབ་སེམས་སུ་འཁྱིལ། །དུས་གསུམ་བདེ་གཤེགས་གཉིས་མེད་བྱང་ཆུབ་སེམས། །བདག་ཉིད་རང་བཞིན་དཀྱིལ་འཁོར་མཁའ་ལ་ཐིམ། །ཐབས་དང་ཤེས་རབ་བྱང་ཆུབ་སེམས་སུ་འཕྲོས། །ཐིག་ལེ་བྱང་ཆུབ་སེམས་ཀྱི་ངང་དུ་འཁྱིལ། །མཛད་པ་བཅུ་གཉིས་ཐིག་ལེ་འགྲོ་དོན་མཛད། །ཐུགས་ནི་བདུད་རྩི་ཆེན་པོའི་ངང་དུ་ཞུ། །བྱང་ཆུབ་སེམས་ནི་རྡོ་རྗེ་སེམས་དཔའི་སྐུ། །མེ་ལོང་ལྟ་བུའི་ཡེ་ཤེས་དཀར་ལ་འཁྱིལ། །དྲི་ཆེན་བདུད་རྩི་གསེར་མདོག་རྣམ་སྣང་མཛད། །ཆོས་ཀྱི་དབྱིངས་སུ་མངོན་པར་སངས་རྒྱས་ནས། །ཤ་ཆེན་ཨིནྡྲ་ནཱི་ལ་རིན་ཆེན་འབྱུང་། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཆེན་པོར་གསལ། །པདྨ་རཀྟ་སྣང་བ་མཐའ་ཡས་ཉིད། །སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་ཤར། །དྲི་ཆུ་དོན་ཡོད་གྲུབ་པ་ལྗང་གུའི་མདོག །བྱ་བ་གྲུབ་པའི་ཡེ་ཤེས་ཆེན་པོར་གསལ། །བདུད་རྩི་ཡེ་ཤེས་ཆེན་པོར་རང་ཤར་བས། །སྣོད་བཅུད་ཐམས་ཅད་དབྱིངས་སུ་ཡེ་ཤེས་ཤར། །དེ་ལས་མ་གཏོགས་སྣོད་བཅུད་གུད་ནས་མེད། །རྟོགས་པའི་ཀློང་ན་སངས་རྒྱས་དགོངས་པ་གསལ། །སོ་སོའི་མཁའ་ལ་བདུད་རྩི་དབབ་པར་བྱ། །རུས་སྦལ་འགྲོས་ཀྱིས་དབབ་པར་བྱ་བ་ཡང་། །རྩ་ཡི་དཀྱིལ་འཁོར་ནང་དུ་དབབ་པར་བྱ། །ལུས་ཁམས་བདུད་རྩི་ཆེན་པོའི་


DNG020_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

བཅུད་གནས་པ། །སྔགས་ཀྱི་ཡི་གེས་བྱིན་གྱིས་རབ་བརླབས་ནས། །སྙིང་པོ་རླུང་གིས་བསྐུལ་ལ་དབབ་པར་བྱ། །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་མེ་པྲ་བེ་ཤ་ཡ་ཕེཾ་ཕེཾ་ཕེཾ། དཀྱིལ་འཁོར་རྣམས་སུ་བདུད་རྩི་བསྐྱིལ་བ་ཡང་། །རྩ་ནས་དཀྱིལ་འཁོར་བཞི་ཡི་རྫིང་ཆེན་དུ། །སྲོག་ཤིང་གསུམ་གྱིས་བཅུད་ལ་བོར་བྱས་ནས། །ལུས་ཁམས་བདུད་རྩི་ཆེན་པོ་གནས་སུ་བསྐྱིལ། །གསང་བའི་སྔགས་ཀྱི་བྱིན་གྱིས་རབ་བརླབས་ནས། །སྙིང་པོ་རླུང་གི་གནས་སུ་བསྐྱིལ་བར་བྱ། །སྲོག་གི་རླུང་གིས་ནང་དུ་རབ་བསྐྱིལ་ཏེ། །རྩོལ་བའི་རླུང་གིས་ཕྱི་ནས་ནང་དུ་བསྡུས། །ས་ཡི་རླུང་གིས་མི་གཡོ་བརྟན་པར་འཛིན། །ཆུ་ནི་ཞི་གནས་བདུད་རྩི་རྫིང་དུ་འཁྱིལ། །མེ་ཡི་རླུང་ནི་ལྷག་མཐོང་གནས་སུ་འཛིན། །རླུང་གི་རླུང་ནི་རྡོ་རྗེ་རྒྱ་གྲམ་བརྟན། །ཡོན་ཏན་བདུད་རྩི་གྲུབ་པའི་རྟགས་ཤར་བ། །བྱང་ཆུབ་སེམས་ཀྱི་འོད་ནི་རྡོ་རྗེའི་རྟགས། །དྲི་ཆེན་དྲི་ནི་རྣམ་པར་སྣང་མཛད་ལ། །མཱཾ་ས་འཕེལ་བ་རིན་ཆེན་འབྱུང་ལྡན་གཙོ། །རཀྟའི་སྒྲ་ནི་སྣང་བ་མཐའ་ཡས་ཉིད། །དྲི་ཆུའི་དུ་བ་དོན་ཡོད་གྲུབ་པའི་རྟགས། །དམ་རྫས་ལྔ་འདུས་ལྷ་མོའི་གཟུགས་ཀྱང་སྟན། །འོད་ནི་རྣམ་པ་གཉིས་ལས་གྲུབ་པའི་སྐུ། །ཉི་ཟླ་སྐར་མ་འཇའ་ཚོན་དང་། །འཕྲོ་འདུ་མེ་སྟག་ཡུད་ཙམ་ཟེར། །སྣང་བ་ཚ་ཚ་མར་མེའི་འོད། །བར་ཆོད་འོད་ནི་རྣམ་པ་གསུམ་དུ་སྣང་། །སྨུག་ནག་མ་མོ་སྐྱ་འོད་རྒྱལ་པོ་དང་། །ལྗང་དམར་ཀླུ་གཉན་ས་བདག་འབྱུང་པོ་ཀུན། །འོད་ཀྱིས་དངོས་གྲུབ་བསྡིམ་ནས་ལེན་ཐོབ་པ། །འབྲས་བུ་ལྷུན་གྱིས་གྲུབ་པའི་རིག་འཛིན་ཐོབ། །བར་ཆད་ཉམས་ཀྱི་ཕྱག་རྒྱས་རང་དོན་སད། །བྱུང་ན་བསྲུང་ཞིང་བཟློག་པར་བྱའོ། །དྲི་ནི་ཞིམ་གྱུར་དངོས་གྲུབ་རྫས་ལ་བསྡུ། །ཚེ་ལ་དབང་བའི་རིག་འཛིན་འགྲུབ་པར་འགྱུར། །བསེ་དྲིབ་བྲག་སྲིན་དྲི་ཏྲི་ཏི་ཡང་ཏེ་བར་དུ་གཅོད། །སད་པ་བཞི་ཡི་བར་ཆད་བསྲུང་བར་བྱ། །མང་དུ་འཕེལ་བ་དངོས་གྲུབ་ཐ་མ་ཉིད། །ནན་ཏན་བྱས་ན་ཚེ་ཡི་དངོས་གྲུབ་འགྲུབ། །གྲུབ་པའི་སྒྲ་དང་བར་ཆད་གྲུབ་སྒྲ་གཉིས། །གོ་དང་མི་


DNG020_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

གོ་གོ་བའི་སྒྲ་དགུ་འབྱུང་། །སངས་རྒྱས་ཆོས་དང་དགེ་འདུན་དང་། །མངོན་ཤེས་བྱང་སེམས་བདུད་བཞི་འཕམ། །ཕ་རོལ་ཕྲིན་ལས་ཕྱིར་མི་ལྡོག །དངོས་གྲུབ་བླངས་ཤེས་བསྡིམ་པར་བྱ། །མི་གོ་འབྱུང་བ་རྔ་སྒྲ་སོགས། །གང་ཡང་དངོས་གྲུབ་བླང་བ་ནི། །ཕྱག་རྒྱ་ཆེན་པོའི་རིག་འཛིན་འགྲུབ། །དུ་བའི་རྟགས་ནི་རྣམ་པ་བདུན། །རྡོ་རྗེ་འཁོར་ལོ་རིན་ཆེན་དབྱིབས། །པདྨ་རལ་གྲི་ལྕགས་ཀྱུ་དང་། །མཆོད་རྟེན་དབྱིབས་འབྱུང་ཧཱུཾ་གིས་རྔུབ། །ཕྱག་རྒྱ་ཆེན་པོའི་རིག་འཛིན་འགྲུབ། །ལྷ་མོ་ལྷ་དང་བར་ཆད་གཟུགས། །བར་ཆད་གཟུགས་མཛེས་དྲི་མི་ཞིམ། །ལྷ་མོ་མཆོད་རྟེན་ལྟ་བུ་དང་། །ལྷ་མོ་དངོས་དང་རིག་འཛིན་འགྲུབ། །བདུད་རྩི་ཆེན་པོའི་ཕྲིན་ལས་བརྩམ་པ་ཡང་། །བར་ཆད་བསྲུང་དང་མ་གྲུབ་སྤོགས་པ་དང་། །དངོས་གྲུབ་བླང་དང་དབང་རྣམས་བསྐུར་བ་དང་། །ཡོན་ཏན་འབྲས་བུ་ལས་མཐར་ཕྱིན་པར་བྱེད། །བར་ཆད་བདུད་རྣམས་རབ་ཏུ་བསལ་བ་ཡང་། །དང་པོ་ལམ་ལ་འཇུག་པ་རྣམས། །འཇིག་རྟེན་མི་ཆོས་བར་གཅོད་བསྲུང་། །ལམ་ལ་ཞུགས་པར་གྱུར་པ་རྣམས། །ཕྱི་རོལ་བདུད་ཀྱི་བར་ཆད་བསྲུང་། །ལམ་དྲུག་ཅུང་ཟད་བརྟན་གྱུར་ན། །བདུད་སྟོབས་འཕེལ་བའི་བར་གཅོད་བསྲུང་། །སེམས་བརྟན་ལམ་དུ་གྱུར་པ་ན། །ཏིང་ངེ་འཛིན་གྱི་བར་གཅོད་བསྲུང་། །སད་པ་བཞི་ཡིས་བསྲུང་བར་བྱའོ། །ཉམས་ཀྱི་སད་དང་ཏིང་འཛིན་སད། །སྔགས་དང་ལྷ་གྲུབ་སད་པ་ཡིས། །བར་གཅོད་བསྲུང་བར་བྱ་བའོ། །རྫས་ཀྱིས་སྤོགས་དང་ཏིང་འཛིན་སྔགས། །རྩལ་ཤུགས་ཕྱུང་ནས་འབད་པར་བྱ། །ཐུན་མོང་དངོས་གྲུབ་གྲུབ་ཆེན་བརྒྱད། །མཆོག་གིས་སྐུ་གསུམ་ས་ལ་འགྲོ། །སློབ་མའི་ཚོགས་རྣམས་མ་ལུས་ལ། །ནུས་པའི་དབང་ལྔ་བསྐུར་བ་ཡང་། །བུམ་པ་རྡོ་དྲིལ་ཅོད་པན་མིང་། །བདུད་རྩི་བུམ་པ་སྤྱིར་བཞག་བསྐུར། །ཟབ་མོའི་དབང་གསུམ་བསྐུར་བ་ཡང་། །བདུད་རྩིའི་རྫས་ནི་ལྕེ་ལ་བསྡིམ། །གསང་དབང་ཤེས་རབ་ཡེ་ཤེས་དང་། །བདེ་


DNG020_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཆེན་པོའི་མན་ངག་སྦྱིན། །ཚེ་འདིར་ནད་མེད་འབྱོར་པ་འཕེལ། །མཁའ་འགྲོ་མཆོད་པའི་མཐུ་ལས་བྱུང་། །ཕྱི་མར་ཏིང་འཛིན་ས་ཐོབ་པ། །དྲང་སྲོང་མཉེས་པའི་མཐུ་ལས་བྱུང་། །མཐར་ཐུག་སངས་རྒྱས་འབྲས་ཐོབ་པ། །སྐུ་དང་གསུང་དང་ཐུགས་དང་གསུམ། །མི་ཟད་རྒྱན་གྱི་འཁོར་ལོ་འགྲུབ། །སངས་རྒྱས་མཆོད་པའི་མཐུ་ལས་བྱུང་། །བདུད་རྩི་ཆེན་པོའི་ཕྲིན་ལས་མཆོག །ཉན་ཐོས་རང་རྒྱལ་བྱང་སེམས་ཀྱིས། །འབུམ་གྱི་ཆར་ཡང་མི་ཉེ་བས། །ཤིན་ཏུ་བརྩོན་པས་འབད་པར་བྱའོ། །བདུད་རྩི་ཆེན་པོའི་འཁོར་ལོ་འབར་བའི་རྒྱུད་ལས། བདུད་རྩི་གོང་བུ་གཅིག་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་རྡོ་རྗེ་སྙིང་པོ་ལ་སོགས་འཁོར་རྣམས་ཀྱིས་བཅོམ་ལྡན་འདས་ལ་བསྐོར་བ་བྱས་ནས་བརྗོད་པ། བཅོམ་ལྡན་འདས་ནི་ཀུན་མཁྱེན་མཛོད། །ཆོས་སྐུ་དྲི་མེད་སྙིང་པོ་ལས། །གཟུགས་སྐུ་གཉིས་སུ་སྣང་བར་མཛད། །ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས། །ལོངས་སྤྱོད་རྫོགས་པའི་སྐུར་སྣང་བ། །ཤེས་བྱའི་དྲི་མ་དག་པར་མཛད། །འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། །སྤྲུལ་སྐུའི་མཛད་པ་མཐར་ཕྱིན་པས། །ལས་དང་ཉོན་མོངས་སྒྲིབ་པ་སྦྱོང་། །འབྲས་བུ་སངས་རྒྱས་ས་ལ་འདྲེན། །སྐུ་གསུམ་དོན་ལྡན་ཆེ་བའི་ལྷ། །སྟོན་པ་ཁྱོད་ལ་ཕྱག་འཚལ་འདུད། །བདུད་རྩི་ཆེན་པོའི་བསྒྲུབ་པའི་རྒྱུ། །སྣོད་ཀྱི་འཇིག་རྟེན་ཞིང་ཁམས་སུ། །བཅུད་ཀྱི་སེམས་ཅན་འཁོར་བ་རྣམས། །ཤིང་རྟའི་འཁོར་ལོ་ལྟ་བུར་འཁོར། །སྣོད་ལས་བྱུང་བ་སྐྱོབས་པའི་སྨན། །བཅུད་ལས་བྱུང་བ་རྩ་བའི་སྨན། །བདུད་རྩི་ཆེན་པོ་རབ་འབར་བས། །འཁོར་ལོ་འབར་བའི་རྒྱུད་ཆེན་འདི། །བདག་ཅག་རྣམས་ཀྱིས་ངེས་བཟུང་ནས། །ལྷ་མིས་འཛིན་པར་བསྒྲུབ་པར་བྱ། །ཞེས་རྗེས་སུ་ཡི་རང་ངོ་། །བདུད་རྩི་ཆེན་པོ་འཁོར་ལོ་འབར་བའི་རྒྱུད་ལས། ཡོངས་སུ་གཏད་ཅིང་བཟུང་ནས་རྗེས་སུ་ཡི་རང་བར་བསྟན་པར་བསྟན་པའི་ལེའུ་སྟེ་བདུན་པའོ།། །།བདུད་རྩི་ཆེན་པོ་
འཁོར་ལོ་འབར་བའི་རྒྱུད་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བི་མ་ལ་མི་ཏྲ་དང་། བོད་ཀྱི་ལོ་ཙཱ་བ་གཉགས་ཛྙཱ་ན་ཀུ་མཱ་རས་བསྒྱུར་བའོ།། །།

ཐམས་ཅད་བདུད་རྩི་ལྔའི་རང་བཞིན་རིན་པོ་ཆེ་ཕྲེང་བའི་རྒྱུད་ཅེས་བྱ་བ།


DNG020_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། སརྦ་པཉྩ་ཨ་མྲྀ་ཏ་བྷཱ་བ་རཏྣ་མཱ་ལ་ཏནྟྲ་ནཱ་མ། བོད་སྐད་དུ། ཐམས་ཅད་བདུད་རྩི་ལྔའི་རང་བཞིན་རིན་པོ་ཆེ་ཕྲེང་བའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་བདུད་རྩི་བདེ་བ་ཆེན་པོ་ཉིད། གནས་མཆོག་ཡུམ་གྱི་བྷ་ག་ཆོས་ཀྱི་དབྱིངས་ཆེན་པོ་ན། ཉན་ཐོས་རང་རྒྱལ་ཐེག་དམན་མིང་ཡང་མེད་པའི་ནང་ན། རང་བྱུང་བདུད་རྩི་ཆེན་པོའི་ལུས་ཀྱི་ཁམས་རྣམ་པར་དག་པ་རྣམས་དང་། ཐབས་ཅིག་ཏུ་བཞུགས་སོ། །དེ་ནས་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །སེམས་ཅན་མ་ལུས་ཐམས་ཅད་ལ། །ལུས་ཁམས་བདུད་རྩིས་ཀུན་ཁྱབ་ཀྱང་། །རང་གི་རྣམ་རྟོག་སྒྲིབ་བྱས་པས། །རང་བྱུང་བདུད་རྩིའི་དོན་མ་རྟོགས། །དེ་ཉིད་རྡོ་རྗེ་འཆང་གྲལ་དུ། །ཕྱག་རྒྱ་ཆེན་པོའི་མཆོག་གི་ནི། །དངོས་གྲུབ་དམ་པ་ཐོབ་བྱའི་ཕྱིར། །ཕུན་སུམ་ཚོགས་པ་རྣམ་ལྔ་ཡིས། །དཀྱིལ་འཁོར་ཆེན་པོ་རྣམ་གསུམ་དུ། །བསྙེན་བསྒྲུབ་རྣམ་པ་བཞི་དག་གིས། །ཕྲིན་ལས་དྲུག་པོ་མཐར་ཕྱུང་ནས། །དངོས་གྲུབ་གཉིས་སུ་འདུས་པ་ཡིས། །ལྟ་བ་ཐིག་ལེར་ལ་བཟླ་བའི། །རང་བྱུང་བདུད་རྩི་བཤད་དུ་གསོལ། །ཞེས་ཞུས་སོ། །དེ་ནས་བཅོམ་ལྡན་འདས་འཁོར་འདས་ཀྱི་ཆོས་རྗེ་བཙན་དམ་པས་སྲིད་པ་གསུམ་གྱི་སེམས་ཅན་རྣམས་ལས་ཀྱི་དབང་གིས་གྲོལ་བར་བྱེད་པ། ལུས་ཀྱི་ཁམས་བདུད་རྩིར་སྒྲུབ་པའི་ཐབས་དམ་པ་འདི་གསུངས་སོ། །ལྟ་བ་དང་ནི་སྤྱོད་པ་དང་། །སྒྲུབ་པའི་ལུང་ལ་རབ་བརྩོན་པས། །སྟོན་པ་ཡུམ་དང་འཁོར་དུ་བཅས། །གནས་དང་ཡོ་བྱད་དུས་ཚིགས་དང་། །ཕྱི་ནང་གསང་བའི་དཀྱིལ་འཁོར་དུ། །བསྙེན་པ་ཉེ་བསྙེན་བསྒྲུབ་དང་བསྒྲུབ། །ལྟ་བ་དང་


DNG020_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

ནི་སྤྱོད་པ་དང་། །དམ་ཚིག་བསྒྲུབ་དང་ངེས་པར་བསྒྲུབ། །ཕྲིན་ལས་བསྒྲུབ་བྱ་དེ་དག་དོན། །ཕྲིན་ལས་དངོས་གྲུབ་ལྟ་བ་རྣམས། །མུ་ཏིག་རིན་ཆེན་ཕྲེང་བ་ལྟར། །ལས་ཀྱི་རྒྱུད་འདི་བཤད་ཀྱིས་ཉོན། །ཞེས་གསུངས་སོ། །ཐམས་ཅད་བདུད་རྩི་ཆེན་པོ་ལྔའི་རང་བཞིན་རིན་པོ་ཆེ་ཕྲེང་བའི་རྒྱུད་ལས། གླེང་གཞི་དང་གླེང་བསླང་བའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་བསྒྲུབ་པར་བྱ་བ་ཕུན་སུམ་ཚོགས་པ་ལྔ་གསུངས་སོ། །སྟོན་པ་ཆོས་ཀྱི་མངའ་བདག་རྫོགས། །མང་ཞིང་རྒྱ་ཆེ་འདྲེལ་བའི་རྒྱུད། །གཟུང་བར་བདེ་བ་བསྒྲུབ་པའི་ལུང་། །གནད་དུ་སྟོན་ཅིང་ལ་བཟླའ་བ། །དེ་ཕྱིར་ཕྱི་ནང་རྒྱུད་ལ་མཁས། །མཉམ་ཉིད་དོན་ལ་བློ་གཞོལ་བས། །རེ་དོགས་མེད་ལ་ལྷ་སྲུང་ཉེ། །བགེགས་ཐུབ་བར་ཆད་མི་འབྱུང་བས། །ཕྲིན་ལས་མཐའ་ཕྱིན་ཀུན་གྱིས་བཀུར། །ཡ་ག་ཕྲ་མས་མི་ཚུགས་པ། །བཀའ་ཡི་བླ་མ་སྟོན་པས་ནི། །ངེས་ཤེས་སྐྱེད་པ་རྒྱུད་འདི་ཡིན། །བརྒྱུད་པ་ཀུན་བཟང་ལས་བྱུང་བ། །ལུས་ངག་ཡིད་ལ་བྱིན་གྱིས་བརླབས། །དངོས་དང་ལས་འཕྲོ་སྐལ་ལྡན་རྣམས། །གང་དང་གང་མཛད་རྟོགས་པ་སྐྱེ། །སྟོན་པ་འདི་ནི་དང་པོ་བཟུང་། །ས་ཡི་ཡུམ་ནི་དུང་ཅན་མ། །རེག་པ་སྲ་བ་བྱེད་པ་ཉིད། །སྐད་གདངས་ཆེ་ལ་རུས་པ་རགས། །ལུས་ནི་གཡས་སུ་བག་ཙམ་འཁྱིལ། །ཆུ་ནི་རི་དྭགས་ཅན་ཞེས་བྱ། །གཤེར་བར་བྱེད་པ་ཆུ་ཡིན་པས། །ལུས་སྨད་སྦོམ་ལ་སྟོད་ཕྲ་བས། །རི་དྭགས་ཆོས་དང་ལྡན་པར་བརྟག །མེ་ནི་པདྨ་ཅན་ཡིན་དེ། །མདོག་གསལ་འགྲོ་བ་མེ་ཡི་ལས། །ཡན་ལག་ཕྲ་འཇམ་བུང་བ་འདུ། །པདྨ་ལྟ་བུར་རབ་གནས་པའོ། །རླུང་ནི་བན་གླང་ཅན་དུ་བཤད། །གཡོ་བས་ཐིག་ལེ་མྱུར་དུ་འབེབས། །ཡན་ལག་ཐུང་ལ་ཤ་ལུས་གེལ། །བུང་བའི་ཚོགས་ནི་ལྡང་བའོ། །པདྨ་བྷ་ག་གཅིག་ལ་ཡང་། །འབྱུང་བ་བཞི་པོ་ཚང་འགྱུར་ཡང་། །ལས་བཞི་རླུང་དང་སྦྱར་བའི་ཡུམ། །ཡབ་དང་མཐུན་པར་ཕྱོགས་དབུས་གནས། །བདུད་རྩི་བསྒྲུབ་པའི་སྣོད་བསྟན་པ། །


DNG020_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་རྒྱུད་དང་བའི་དད་པས་ཉན། །བརྩོན་འགྲུས་ཡིད་ཆེས་དད་པས་བསྒྲུབ། །སྨན་རྫས་འདོད་པའི་དད་པས་ཚོལ། །སྐྱོན་བྲལ་ཡོན་ཏན་ཕུན་སུམ་ཚོགས། །མི་ཕྱེད་དགུ་ལྡན་སྐྱོན་དྲུག་སྤངས། །རྒྱལ་ཐེབས་དང་ནི་ལས་མཁན་དག །གིང་དང་མཆོད་བཤམ་ལ་སོགས་པ། །འབྲུ་བསྡམས་རབ་ཏུ་བཙལ་བར་བྱ། །དེ་མིན་བར་གཅོད་འབྱུང་བའི་རྒྱུ། །གནས་དང་ཡུལ་ནི་འདི་ལྟ་སྟེ། །ཤར་རི་དྲང་སྲོང་བསྒོམ་ཆེན་བཞུགས། །ལྷོ་ན་དཔལ་མོ་སྦྱོར་བ་བྱེད། །ནུབ་ན་རྩི་དང་སྨན་རྣམས་སྐྱེས། །བྱང་ན་ཤིང་ནགས་ལྷ་མོ་གནས། །དེ་དབུས་ཉམས་དགའ་གནས་ཀྱི་མཆོག །བྲག་ཕུག་རི་བོ་ནགས་ཀྱི་ཁྲོད། །བསྒྲུབ་པའི་གནས་ཀྱང་དེ་ལྟར་བྱ། །ཡང་ན་ཤིན་ཏུ་ཉམས་དགའ་བ། །བར་ཆད་མེད་པ་མཆོག་ཏུ་བཙལ། །དེ་ནས་ཡོ་བྱད་བཙལ་བ་ཡང་། །སྒྲུབ་རྫས་བཟང་པོ་བྷནྡྷ་རུ། །ཕྱི་ནང་སྨན་རྣམས་བཙལ་བར་བྱ། །ཞིང་མཆོག་གཙང་མ་སྐྱེས་བདུན་རོ། །རྙེད་ནས་སྒྲུབ་རྫས་བྱ་བའོ། །སྒྲུབ་པའི་རོལ་མོ་མཆོད་པ་དང་། །ཕྱི་ནང་གསང་བ་དེ་ཁོ་ན། །ཤ་དང་ཆང་འབྲུ་གོས་རྒྱན་རྣམས། །འདབ་ཏུ་བསོག་ལ་ཆ་གསུམ་བགོ། །སྨན་དང་ཕུར་པ་གུ་གུལ་དང་། །གོ་མཚོན་ལྷ་མིན་ཐུབ་ལྟར་བསྲེལ། །ཚེས་གྲངས་རྒྱལ་དང་བཀྲ་ཤིས་དག །ཡར་ངོའི་བརྒྱད་ལ་འཇུག་པར་བྱའོ། །དཀྱིལ་འཁོར་ཆེན་པོ་གང་འབྲི་ཡང་། །སྔ་དྲོའི་དུས་ན་ཤིས་པ་བྲི། །ཞེས་གསུངས་སོ། །ཐམས་ཅད་བདུད་རྩི་ཆེན་པོ་ལྔའི་རང་བཞིན། རིན་པོ་ཆེ་ཕྲེང་བའི་རྒྱུད་ལས། བསྒྲུབ་པའི་གཞི་ཕུན་སུམ་ཚོགས་པ་རྣམ་པ་ལྔ་བསྟན་པ་སྟེ་ལེའུ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་དཀྱིལ་འཁོར་ཆེན་པོ་རྣམ་པ་གསུམ་པོ་འདི་གསུངས་སོ། །རྩ་བ་སྨན་གྱི་དཀྱིལ་འཁོར་ནི། །སྡོང་པོ་དང་ནི་ཤུན་པ་དང་། །ཡལ་ག་དང་ནི་ལོ་མ་དང་། །སྙིང་པོ་དང་ནི་འབྲས་བུ་དང་། །འདབ་མ་དང་ནི་མེ་ཏོག་རྣམས། །ཕྱི་ཡི་


DNG020_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བ་རྣམ་པ་བརྒྱད། །ཉན་ཐོས་རང་རྒྱལ་བྱང་སེམས་གསུམ། །འདུལ་བ་མདོ་སྡེ་མངོན་པར་གནས། །ཀྲི་ཡ་ཨུ་པ་ཡོ་ག་ནི། །རིགས་གསུམ་རིགས་བཞི་རིགས་ལྔར་གནས། །རྣལ་འབྱོར་ཆེན་པོ་ནང་པ་ནི། །ཞི་ཁྲོ་ལྷ་བརྒྱའི་སྒྲུབ་བྱེད་ཅན། །རྗེས་སུ་རྣལ་འབྱོར་ལུང་གི་ཆོས། །བདུད་རྩི་ནང་གི་རྩ་བ་བརྒྱད། །དྲི་ཆེན་བྱང་སེམས་མཱཾ་ས་དང་། །རཀྟ་དྲི་ཆུ་རྣམ་པ་ལྔ། །མངོན་པ་ཕྱི་ཡི་རྩ་བ་བཞི། །སྦས་པ་ནང་གི་རྩ་བ་བཞི། །བརྒྱད་ཚན་ལྔ་ཡི་རང་བཞིན་ཅན། །གསང་བའི་རྩ་བ་རྣམ་པ་བརྒྱད། །ཀུན་གཞི་དཀར་ནག་བག་ཆགས་ལས། །བསགས་པས་འཁོར་བ་མྱ་ངན་འདས། །ཉོན་མོངས་ཡིད་ནི་རྣམ་པ་ལྔ། །གཏི་མུག་མུན་པ་སེལ་བར་བྱེད། །ཞེ་སྡང་མེ་ཡང་རབ་བསད་ནས། །ང་རྒྱལ་རི་བོ་བསྙིལ་བྱས་ཏེ། །འདོད་ཆགས་ཆུ་བོ་རྒྱུན་བཅད་པས། །ཕྲག་དོག་རླུང་ཡང་རབ་ཞི་བས། །ཡིད་ཀྱི་རྣམ་པར་ཤེས་པ་ཡིས། །ཕྱི་ནང་ཡོངས་ལ་ཁྱབ་པར་བྱས། །སྒོ་ལྔ་དབང་པོས་ཕྱི་ནང་སྦྱར། །དེ་ཉིད་ཁོ་ནའི་རྩ་བ་བརྒྱད། །ཕྱི་ཡི་སྨན་གྱི་དཀྱིལ་འཁོར་ཆེ། །བདག་ཉིད་རང་བྱུང་དཀྱིལ་འཁོར་ནི། །དྲི་ཆེན་གསེར་མདོག་རྣམ་སྣང་མཛད། །ཛམ་བུ་ན་དའི་གསེར་འོད་འདྲ། །བྱང་སེམས་མི་བསྐྱོད་རྡོ་རྗེ་སེམས། །པུཎྜ་རཱི་ཀ་ལྟ་བུར་དཀར། །མཱཾ་ས་རིན་ཆེན་འབྱུང་ལྡན་གཙོ། །ཨིནྡྲ་ནཱི་ལའི་མདོག་དང་མཚུངས། །རཀྟ་སྣང་བ་མཐའ་ཡས་གཙོ། །པདྨ་རཱ་ག་ལྟ་བུར་དམར། །དྲི་ཆུ་རྟ་མཆོག་དོན་ཡོད་གྲུབ། །རིན་ཆེན་མར་གད་ལྟ་བུར་ལྗང་། །གླང་པོ་ཤ་ཡི་དམ་ཚིག་གིས། །སངས་རྒྱས་སྤྱན་དུ་ཡང་དག་གནས། །མི་ཡི་ཤ་ནི་དབྱིངས་ཕྱུག་མ། །རྟ་ཤ་མཱ་མ་ཀཱི་ཞེས་བྱ། །དེ་བཞིན་བ་གླང་གོས་དཀར་མ། །བྱ་ཁྱིའི་ཤ་ནི་སྒྲོན་མར་བཤད། །རིགས་ལྔ་ཡབ་ཡུམ་འདི་རྣམས་ཀྱང་། །སེམས་ཅན་ལུས་ཁམས་བདུད་རྩིར་གནས། །དེ་ཕྱིར་ནང་གི་དཀྱིལ་འཁོར་ཆེ། །ཡེ་ཤེས་དཀྱིལ་འཁོར་རབ་བཤད་བྱ། །ཤར་ཕྱོགས་མངོན་པར་དགའ་བ་ན། །མི་བསྐྱོད་རྡོ་རྗེ་དབྱིངས་ཕྱུག་མ། །ལྷོ་ཕྱོགས་དཔལ་དང་ལྡན་པ་ན། །དཀོན་མཆོག་དཔལ་དང་མཱ་མ་ཀཱི། །ནུབ་ཕྱོགས་བདེ་བ་ཆེན་པོ་ན། །ཚེ་དཔག་


DNG020_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དང་གོས་དཀར་མོ། །བྱང་ཕྱོགས་རྣམ་དག་བཀོད་པ་ན། །རྟ་མཆོག་དམ་ཚིག་སྒྲོལ་མ་གནས། །དབུས་ཕྱོགས་བྱང་ཆུབ་སྙིང་པོ་ན། །རྣམ་པར་སྣང་མཛད་སངས་རྒྱས་སྤྱན། །ཆོས་ཉིད་རྩ་དང་ཡེ་ཤེས་རྩ། །ཡོན་ཏན་རང་རྒྱུད་ལས་དང་བཅས། །དབུས་དང་དྭངས་མ་ས་ཆུ་མེ། །རླུང་དང་ནམ་མཁར་གནས་པ་ཡིས། །སྙིང་ག་ཆོས་ཀྱི་དཀྱིལ་འཁོར་ཆེ། །ཞེས་གསུངས་སོ། །ཐམས་ཅད་བདུད་རྩི་ཆེན་པོ་ལྔའི་རང་བཞིན། རིན་པོ་ཆེ་ཕྲེང་བའི་རྒྱུད་ལས། ཕྱི་ནང་སྣོད་བཅུད་མ་ལུས་པའི་ཆོས་ཐམས་ཅད་བདུད་རྩི་ཆེན་པོ་དཀྱིལ་འཁོར་གསུམ་དུ་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བསྒྲུབ་པར་བྱ་བའི་ཐབས་ཀྱི་རིམ་པ་འདི་གསུངས་སོ། །ལྟ་བ་སྤྱོད་པ་དམ་ཚིག་དང་། །སྒྲུབ་དང་ངེས་པར་སྒྲུབ་པ་དང་། །ཕྲིན་ལས་བསྒྲུབ་པར་བྱ་བ་དང་། །བདུད་རྩི་དམ་པ་འདིར་འདུས་སོ། །རྣལ་འབྱོར་ལྟ་བ་བལྟ་འདོད་ན། །མ་སྐྱེས་པ་ཡི་རང་ཉིད་ལས། །མ་འགགས་པ་ཡི་རང་བཞིན་ཤར། །གཉིས་སུ་མེད་པའི་བདག་ཉིད་ཡིན། །སྣ་ཚོགས་རྟོག་པ་ཅིར་སྣང་ཡང་། །ཐིག་ལེ་བྱང་ཆུབ་སེམས་སུ་ཤར། །ངེས་པ་དོན་གྱི་ཀུན་གཞི་ལས། །ཡེ་ཤེས་སྒྱུ་མའི་སངས་རྒྱས་སྣང་། །སྦྱོར་བ་དོན་གྱི་ཀུན་གཞི་ལས། །ལོག་རྟོག་སྒྱུ་མའི་སེམས་ཅན་སྣང་། །སྣ་ཚོགས་སོགས་པའི་ཀུན་གཞི་ལས། །འཁོར་བ་དང་ནི་མྱ་ངན་འདས། །སྐུ་དང་ལུས་དང་གསུང་དང་ངག །ཡེ་ཤེས་བག་ཆགས་གཉིས་སྣང་རྣམས། །བྱང་ཆུབ་སེམས་ནི་ཀུན་གཞི་ཉིད། །དེ་ཉིད་ཆོས་ཀྱི་སྐུར་གནས་པས། །འཁོར་འདས་སངས་རྒྱས་ཆོས་ཉིད་དང་། །བྱང་ཆུབ་སེམས་ནི་ཕྱག་རྒྱ་ཆེ། །སྣང་བ་སྐུ་དང་གྲག་པ་གསུང་། །དྲན་རྟོག་ཐུགས་ཀྱི་ཕྱག་རྒྱར་འབར། །བྱང་སེམས་ཕྱག་རྒྱ་ཆེན་པོ་ནི། །བཙལ་བ་མེད་པའི་ངང་དུ་གནས། །སྣང་སྲིད་མ་ལུས་ཆོས་ཀྱི་སྐུ། །བདེ་ཆེན་བྷ་གའི་ཀློང་ནས་བྱུང་། །རང་རིག་བྱང་ཆུབ་སེམས་ལ་གནས། །གང་བལྟས་བྱང་ཆུབ་སེམས་ཉིད་ལ། །གོལ་ས་ལྟུང་ས་མེད་པའི་ངང་། །འཁོར་བར་སྣང་བ་བྱང་ཆུབ་སེམས། །དེ་ཡང་མ་རིག་མུན་པས་བསྒྲིབས། །དེ་བསལ་མྱ་ངན་འདས་པ་


DNG020_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད། །རྩོལ་བ་མེད་པའི་རང་བཞིན་ལ། །འཁོར་འདས་གཉིས་མེད་བྱང་ཆུབ་སེམས། །མ་སྐྱེས་པ་ལས་མ་འགགས་ཤར། །གཉིས་སུ་མེད་པའི་རང་བཞིན་བསྟན། །བལྟ་བ་གཉིས་མེད་ཆོས་ཀྱི་དོན། །བློ་དང་དངོས་པོ་འདྲེས་པའི་ཕྱིར། །སྣོད་བཅུད་ཐིག་ལེ་ཆེན་པོར་གནས། །གདོད་ནས་རྣམ་པར་དག་པ་ནི། །བལྟ་བ་བདག་ཉིད་ཆེན་པོ་ཡིན། །མ་རྟོགས་པ་ལ་བདུད་ཡིན་ཡང་། །རྟོག་པའི་ཡེ་ཤེས་རྩི་སྦྱར་བས། །ལུས་ངག་སེམས་ཀྱིས་ཅི་སྤྱད་ཅིང་། །ཅི་བསྒྲུབ་བསྒོམ་པ་མ་ལུས་ཀུན། །ཐམས་ཅད་བདུད་རྩི་སྨན་ཆེན་ཉིད། །དེ་ལས་མ་གཏོགས་གཞན་དུ་ནི། །བདུད་རྩི་བཙལ་ཡང་མི་རྙེད་ཕྱིར། །དངོས་གྲུབ་བདག་ཉིད་ཆེན་པོ་ཡིན། །སྣང་བ་ཡུལ་ནི་བདུད་རྩིའི་སྣོད། །སྲིད་པ་བཅུད་ནི་སྨན་གྱི་རྫས། །དབང་སྒྱུར་ལྷ་ཡི་བདག་ཉིད་ཤེས། །བྱིན་རླབས་ངོ་མཚར་བསམ་མི་ཁྱབ། །ཡོན་ཏན་བདག་ཉིད་ཆེན་པོ་ཡིན། །སྤྲོས་དང་བྲལ་བ་ཆོས་ཀྱི་སྐུ། །ཐིག་ལེ་ཆེན་པོས་ཀུན་ལ་ཁྱབ། །ལུས་པ་མེད་པར་ཡེ་ནས་ཁྱབ། །ཁྱབ་དང་མ་ཁྱབ་མེད་པའི་དབྱིངས། །འདྲེས་པ་མེད་པར་ཀུན་གནས་པས། །ཁམས་གསུམ་མ་ལུས་ཆོས་ཀྱི་སྐུ། །བདེ་ཆེན་ཉིད་ལས་གཞན་མ་ཡིན། །རང་བཞིན་བདག་ཉིད་ཆེན་པོ་ཡིན། །སྲིད་པ་གསུམ་དང་ཁམས་གསུམ་དང་། །འགྲོ་བ་སེམས་ཅན་མ་ལུས་པ། །བདུད་རྩི་ཆེན་པོར་ཡེ་གནས་ལ། །རང་གིས་རང་ལ་མཆོད་བྱས་ནས། །རང་ཉིད་དངོས་གྲུབ་བླངས་ཏེ་བཟའ། །འགྲོ་དོན་བདག་ཉིད་ཆེན་པོ་ཡིན། །ཞེས་གསུངས་སོ། །ཐམས་ཅད་བདུད་རྩི་ཆེན་པོ་ལྔའི་རང་བཞིན་རིན་པོ་ཆེ་ཕྲེང་བའི་རྒྱུད་ལས། བདུད་རྩི་ཆེན་པོ་འཁོར་འདས་བལྟ་བར་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་སྤྱོད་པ་འདི་དག་གསུངས་སོ། །སྦྱོར་བའི་སྤྱོད་པས་བདེ་བ་འབར། །སྒྲོལ་བའི་སྤྱོད་པས་ལོག་ལྟ་དག །སྦྱོར་སྒྲོལ་བདུད་རྩི་ཆེན་པོ་ཡིས། །ཕོ་མོ་མངོན་པར་སངས་རྒྱས་ལམ། །དེ་ནས་སྒྲུབ་པའི་གྲོགས་མོ་མཆོག །གཟུངས་མ་མ་སྲིང་སྐྱེད་ཅིང་གདུང་། །འདོད་ཆགས་བྱང་ཆུབ་ཆེན་པོར་འབར། །ཁྱེད་ལ་ང་ཡིས་རབ་བཤད་


DNG020_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། །སྐྱེ་བས་དག་པའི་རིག་མ་ནི། །པདྨ་ཆོས་དང་རབ་ལྡན་མ། །མདོག་གསལ་ཡིད་འོང་ཡན་ལག་རྒྱས། །ཡོན་ཏན་ཚོགས་དང་རབ་ཏུ་ལྡན། །རི་དྭགས་ཅན་གྱི་ཡུམ་བཤད་ན། །རོ་སྟོད་ནུ་མ་མཁྲང་བ་དང་། །རོ་སྨད་ཤ་ནི་རྒྱས་པ་དེ། །སྐེད་པ་ཕྲ་ཞིང་འགྲོས་ཡང་དལ། །དེ་ཡི་ལྟ་སྟངས་བསྟན་པ་ཡང་། །སྐྱེས་པ་མཐོང་ན་མིག་མི་འཛུམ། །དབུགས་དང་དྲི་ཡང་གླ་རྩི་བྲོ། །རི་དྭགས་གླ་བ་འདྲ་བར་བཤད། །གླང་པོ་ཅན་ཞེས་བྱ་བའི་ཡུམ། །ལུས་ཤ་ཆེ་ལ་ཡན་ལག་ཐུང་། །སྟོབས་ཆེ་མིག་ཆུང་སྣ་བཤལ་རིང་། །རྔུལ་དབྱུང་ཚེ་ན་དྲི་ཡང་ཞིམ། །ཁོག་ཤེད་ཆེ་ལ་མཛངས་པ་སྟེ། །ཁྱད་པར་བུང་བའི་ཚོགས་རྣམས་ལྡང་། །དུང་ཅན་མ་ཡི་གཟུངས་མ་ནི། །རུས་པ་རགས་ལ་ཤ་འཇམ་དཀར། །ལུས་ཀྱི་སྟོབས་ནི་ཆེ་ལ་མྱུར། །ལྟེ་བར་རི་མོ་བྱུང་བ་ནི། །དུང་ཆེན་གཡས་སུ་འཁྱིལ་པ་འདྲ། །སྐད་ཀྱི་གདངས་ཡང་ཆེ་ཞིང་རིང་། །དུང་གི་ཆོས་དང་རབ་ལྡན་པས། །རི་མོ་ཅན་ཞེས་མིང་དུ་གྲགས། །རི་མོ་ཅན་གྱི་རིག་མ་ནི། །མདོག་ནི་དམར་ལ་ཤ་ཡང་ཆུང་། །དེ་ཡི་ལྟེ་བའི་སྟེང་ན་ཡར། །རི་མོ་འགྲེང་བུ་གསུམ་ཡོད་པ། །སྨིན་མཚམས་མཛོད་སྤུའི་བུ་ག་ན། །རི་མོ་འགྲེང་བུ་གཅིག་ཀྱང་ཡོད། །མགོ་ཡི་མུར་གོང་མཐའ་གཉིས་ན། །དར་ཐོད་ལྟ་བུའི་རི་མོ་ཡོད། །ཚིགས་རྣམས་ཐམས་ཅད་རིང་བ་དང་། །དེ་ནི་ཁྱད་པར་དག་ཏུ་བསྔགས། །སྣ་ཚོགས་ཅན་གྱི་སྦྱོར་ཡུམ་ནི། །བཞི་ཀའི་ཡོན་ཏན་ལྡན་པའམ། །གསུམ་མམ་གཉིས་ཀྱི་ཡོན་ཏན་ལྡན། །སྦྱངས་པས་དག་པའི་བུ་མོ་ནི། །ཐོས་བསམ་དང་ནི་བསླབ་པ་ཡིས། །རྒྱུད་ཡང་ཡོངས་སུ་དག་པར་བྱ། །དབང་གིས་དག་པར་བྱ་བ་ཡང་། །ཕྱི་ནང་དབང་ཡང་བསྐུར་བར་བྱ། །རྣལ་འབྱོར་རང་བཞིན་དག་པར་བྱ། །ཕྱི་དང་ནང་གི་ཁྲུས་བྱས་ནས། །གསེར་དངུལ་རྒྱན་དང་རབ་ལྡན་པ། །སྤྱི་གཙུག་འཁོར་ལོ་རྣ་རྒྱན་དང་། །མགུལ་པ་ཕྱག་ཞབས་གདུགས་འཁོར་དང་། །གོས་དང་དར་གྱིས་ལེགས་པར་བརྒྱན། །ནུབ་ཀྱི་དཀྱིལ་འཁོར་ཟླ་གམ་ལ། །སློབ་


DNG020_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་ཇི་བཞིན་སྟན་བདེར་གནས། །གཡོན་གྱི་ཕྱོགས་སུ་རབ་གནས་བྱ། །ཡིད་འོང་འཛུམ་པའི་མདངས་ཀྱིས་བལྟ། །ཡབ་ཡུམ་ལུས་ངག་མཉམ་པ་ནི། །ཡི་དམ་ལྷ་ཡི་ཕྱག་རྒྱར་བསྒོམ། །གསང་བའི་སྔགས་ཀྱང་བཟླས་པར་བྱ། །བདག་གི་སེམས་དང་ལྷ་ཡི་ཐུགས། །སྒོམ་པར་ཡབ་དང་ཡུམ་དག་གིས། །ཐ་དད་མེད་པར་རབ་གྱུར་ནས། །ལུས་དང་ངག་སེམས་རབ་མཉམ་པ། །རྣལ་འབྱོར་དཔའ་བོ་དཔའ་མོ་ཡིན། །མཉམ་པས་སྤྲུལ་སྐུར་བྱིན་བརླབས་ཏེ། །ཡི་དམ་ལྷ་ཉིད་སྤྲུལ་པའི་སྐུ། །བྱིན་རླབས་མཉམ་པར་བྱེད་གྱུར་པ། །མཁའ་གསང་བསྣོལ་མར་བྱིན་གྱིས་བརླབ། །ཡབ་ཀྱིས་གཟུངས་མའི་མཁའ་བྱིན་བརླབ། །མི་དམིགས་སྟོང་པའི་ངང་ལས་ཨཱཿ། །པདྨ་དམར་པོ་འདབ་བརྒྱད་པ། །ཟེའུ་ཨ་ཡིས་བྱིན་བརླབས་སམ། །ཡུམ་གྱིས་ཡབ་ཀྱི་རྡོ་རྗེ་ནི། །མི་དམིགས་སྟོང་པའི་ངང་ལས་ཧཱུཾ། །རྡོ་རྗེ་སྔོན་པོ་རྩེ་ལྔ་པ། །ལྟེ་བ་ཧཱུཾ་གིས་མཚན་པ་ཡི། །དེ་ཡི་བུ་གར་བསམ་བྱ་བ། །དམར་ནག་གྱེན་ལ་མགོ་བསྟན་ཕཊ། །ནོར་བུ་ཨོཾ་གྱིས་བྱིན་བརླབས་པས། །སྭ་ལས་རིན་པོ་ཆེའི་ཏོག །བྱིན་རླབས་མཉམ་པར་གྱུར་པ་ན། །ལོངས་སྤྱོད་རྫོགས་པའི་སྐུར་བྱིན་བརླབ། །འདོད་པ་མཉམ་པར་གྱུར་པ་ནི། །བདག་ཉིད་རིག་མ་ལ་བརྟེན་ནས། །ལྷན་སྐྱེས་ཡེ་ཤེས་མངོན་བྱས་ཏེ། །མཐའ་དྲུག་རྫོགས་པའི་བྱང་ཆུབ་འདོད། །རིག་མའང་བདག་ལ་བརྟེན་བྱས་ནས། །དེ་བཞིན་བྱང་ཆུབ་འདོད་པར་མཉམ། །དེ་ལྟར་འདོད་པ་མཉམ་གྱུར་ནས། །ཆོས་ཀྱི་སྐུ་རུ་བྱིན་གྱིས་བརླབ། །ཡབ་ཡུམ་སྦྱོར་བའི་ཚུལ་བསྟན་པ། །དང་པོར་བྱང་སེམས་དབབ་པ་ནི། །རྟེན་ནི་ཡོངས་སུ་དག་པ་སྟེ། །ཉེ་རིང་རན་པར་རབ་བཞག་ལ། །དེ་ཡི་གཟུགས་སྒྲ་དྲི་རོ་བརྟག །འདོད་ཆགས་མེ་འབར་ཐིག་ལེ་དབབ། །བདེ་བ་ལ་ནི་བསྒོམ་པར་བྱ། །བསྒྲད་པའི་མཐའ་བསྲུང་གསང་ཐུབ་བྱ། །དེ་བཞིན་ལུས་གནས་ཅི་རིགས་པར། །རེག་བཅིང་བདེ་བ་བསྒོམ་པར་བྱ། །བསྒོམ་ཉམས་ཅི་སྐྱེས་བྱུང་རྒྱལ་བསྐྱང་། །དེ་ལྟར་ཐིག་ལེ་དབབ་ཅིང་སེལ། །སྤེལ་ཞིང་གཟུང་བར་བྱ་བ་དང་། །གཟུང་ཞིང་རིམ་གྱིས་བཟློག་པའོ། །སྐད་ཅིག་མར་ནི་


DNG020_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ལ། །བདེ་བའི་ཡེ་ཤེས་ཞེས་བྱ་བ། །བསྙེན་པའི་མན་ངག་ཡིན་པར་གསུངས། །བོལླ་ཀ་ཀོ་མཉམ་སྦྱར་ཞིང་། །འདོད་ཆགས་མེ་འབར་ཐིག་ལེ་དབབ། །བདེ་བ་བསྒོམ་ཞིང་བསྒྲད་པའི་མཐའ། །བལྟ་བའི་འགྱུར་བས་བསྲུང་བར་བྱ། །གསང་ཐུབ་དམ་ཚིག་ལ་གནས་པ། །སྐད་ཅིག་མ་ནི་གཉིས་པ་ལ། །མཆོག་བདེའི་ཡེ་ཤེས་ཞེས་བྱ་བ། །ཉེ་བའི་བསྙེན་པར་བཤད་པ་ཡིན། །བསྙེན་པ་ཉེ་བའི་བསྙེན་པ་གཉིས། །ཐིག་ལེ་འབབ་ཅིང་བདེ་ཤུགས་ཆེ། །ཐིག་ལེ་འབར་བའི་དྲོད་ཅེས་བྱ། །དེ་ནས་རྡོ་རྗེས་པདྨ་བསྲུབ། །བདེ་བ་མི་རྟོག་ལྡན་འགྱུར་ཏེ། །དབང་བཅིང་བདེ་བ་མི་རྟོག་བསྒོམ། །བསྒྲད་པའི་མཐའ་བསྲུང་གསང་བར་བྱ། །སྐད་ཅིག་མ་ཡང་གསུམ་པ་ལ། །བདེ་བྲལ་ཡེ་ཤེས་ཞེས་བྱ་སྟེ། །ཐིག་ལེ་གཡོ་བའི་དྲོད་ཅེས་བྱ། །ཐིག་གི་གཟུང་ཡང་བཀའ་ཡང་བསྒྱུར། །སྟེང་རླུང་རྣམ་པར་འགོག་པ་ཡི། །འགྱུར་བ་རྣམ་དྲུག་ཐིག་ལེ་བསྲུང་། །ལུས་ཀྱི་སྤྱོད་ལམ་བརྟན་བྱས་ནས། །ལག་གཡས་ཉི་མ་གཡོན་པ་ཟླ། །པུས་མོ་གཉིས་ལ་བསྣོལ་མར་དགག །ཧཱུཾ་ཐུང་ཧཱུཾ་རིང་མདུན་དུ་དགུ། །གཡས་གཡོན་དག་ཏུ་གསུམ་གསུམ་སྟེ། །འབུད་པ་གསུམ་དང་རྔུབ་པ་གསུམ། །འཁོར་བ་དག་ཏུ་སྦྱར་བར་བྱ། །ཉི་མ་དག་ནི་གསུམ་པ་ལ། །སྦ་བ་སྦུབས་སུ་ནུབ་པར་འགྱུར། །སྲིན་པོའི་ལམ་ནི་ཅུང་ཟད་བསྡམ། །གུང་མཛུབ་གཉིས་ནི་དྲག་ཏུ་གཞིབ། །མིག་གཉིས་སྟེང་དུ་བསྒྲད་པར་བྱ། །འདིས་ནི་ཐིག་ལེ་འཛིན་པར་འགྱུར། །ཡང་ན་ཧལ་ཧལ་དྲག་ཏུ་བརྗོད། །ལུས་ཀྱི་འཁྲུལ་འཁོར་གཞན་ཡང་བྱ། །འདིས་ཀྱང་ཐིག་ལེ་འཛིན་པར་འགྱུར། །གླང་ཆེན་ཧིག་གིས་ལྟེ་བ་དང་། །སྟག་མོའི་རྔུར་གྱིས་སྙིང་ག་ཉིད། །གཅན་གཟན་སྐྱུགས་ཀྱིས་མགྲིན་པའོ། །ཝ་ལྟར་སྣོམ་པས་སྤྱི་གཙུག་ཏུ། །རིམ་པས་གྱེན་ལ་དྲང་བར་བྱ། །འདི་ནི་ཤིན་ཏུ་གསང་བའོ། །རྣམ་གྲོལ་ཕྱག་རྒྱས་ལུས་ལ་དགྲམ། །དེ་ལས་མི་མཁས་བཞི་འབྱུང་སྟེ། །དབབ་པའི་ལས་ལ་མི་མཁས་ན། །ཐིག་ལེ་མྱུར་དུ་ཉམས་པར་བྱེད། །གཟུང་བ་ལ་ནི་མ་


DNG020_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་ན། །བདེ་བ་ཡུན་ཡང་ཐུང་བ་ཡིན། །བཟློག་པའི་ལས་ལ་མ་མཁས་ན། །དེ་ནི་ཆུ་དང་བསྡོངས་པ་ཡིན། །དགྲམ་པ་དག་ལ་མ་མཁས་ན། །དེས་ནི་ནད་དུ་འགྱུར་བའོ། །དེ་ཡི་གཉེན་པོ་མཁས་པ་བཞི། །དབབ་ལ་མཁས་པ་རུས་སྦལ་འགྲོས། །གཟུང་མཁས་ལུས་ངག་འགྱུར་བ་བྱ། །བཟློག་མཁས་དུད་འགྲོའི་འགྱུར་བ་བཞི། །ཁྱད་པར་བྱ་བ་དག་ལ་མཁས་པ་ཡིས། །དེ་ནི་རྣམ་གྲོལ་ཕྱག་རྒྱ་བྱ། །རླུང་གི་སྐྱེ་རགས་བཅིངས་པ་དང་། །ཞགས་པ་འཕང་དང་གཏུན་ཤིང་བསྐོར། །བུ་ཆུང་ལྟ་བུའི་སྤྱོད་པ་བྱ། །བསྲུང་བ་དཀའ་བར་གྱུར་པ་ན། །སྐད་ཅིག་བཞི་པར་བསྲུང་བར་བྱ། །དེ་དུས་རྟགས་རྣམས་འབྱུང་བ་ནི། །སྲིན་ལམ་བེམ་བེམ་ལྕི་བར་བྱེད། །རྩུབ་རྩུབ་བྱེད་ཅིང་དྲི་ཆེན་དང་། །དྲི་ཆུ་ཡང་ནི་རེས་མི་ཐོན། །རེས་འགའ་མི་ཐོང་བྱེད་པ་དང་། །སྐྲ་རྩ་ཟེད་ཟེད་བྱེད་པ་དང་། །གཡལ་དང་མཆིལ་མ་འབྱུང་བར་བྱེད། །དེ་དག་ཅི་རིགས་བྱུང་བའི་ཚེ། །དེ་ནི་ཐིག་ལེ་ཟིན་པ་ཡིན། །བསྒྲུབ་པ་ཞེས་ནི་དེ་ལ་བྱ། །རྟེན་ནི་ཡོངས་སུ་དག་པ་ཡིས། །གཟུངས་མ་དག་ལ་སྒ་བསྟད་ནས། །རྩ་སྣ་བཙལ་བའི་སྦྱོར་བ་ཡི། །བྱིན་བརླབ་གསུམ་པོ་སྔོན་སོང་བས། །ཕྱག་རྒྱ་བཞི་དང་ལྡན་འགྱུར་བས། །ཡབ་ཡུམ་སྦྱོར་བའི་ཚུལ་བསྟན་པ། །རྡོ་རྗེ་དང་ནི་པདྨ་གཉིས། །རྩ་གཉིས་ཐིག་ལེ་རྣམ་པ་གཉིས། །རླུང་གཉིས་ཁ་སྦྱོར་གྱུར་པ་ལས། །བདེ་དང་སྟོང་པ་ཟུང་ཆུད་ཅིང་། །བདེ་བ་ངོས་བཟུང་བྲལ་བ་ཡི། །ཏིང་ངེ་འཛིན་ཡང་སྐྱེ་བ་སྟེ། །ཏིང་འཛིན་བསྐྱང་ཞིང་བསྒྲད་མཐའ་བསྲུང་། །གསང་ཡང་ཐུབ་པར་བྱ་བ་ཡིན། །འགྱུར་བ་དྲུག་གིས་བསྲུང་བ་ནི། །རྒྱ་མཚོ་རི་རབ་དག་ལ་སྐམ། །གླིང་བཞི་དབང་དུ་བསྡུ་བ་དང་། །རོ་འཛིན་རང་གི་གནས་སུ་སྦྱར། །དབང་པོའི་མཆོག་ཡང་སྟེང་དུ་བཞག །ངག་སྟོབས་ཧཱུཾ་དྲག་རིང་བར་བགྲང་། །ཏིང་འཛིན་ཧཱུཾ་ཕཊ་མདའ་གཞུ་འཕངས། །སྐད་ཅིག་མ་ནི་བཞི་པ་ལ། །ལྷན་ཅིག་སྐྱེས་པའི་བདེ་བ་ནི། །ཐིག་ལེ་བརྟན་པའི་དྲོད་ཅེས་བྱ། །གདོན་གྱིས་འཛག་ན་སྔགས་


DNG020_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བསྲུང་། །བག་ཆགས་འཛག་ན་གཉེན་པོ་བརྟེན། །ནད་གཞིས་འཛག་ན་དྲོད་སྨན་སྦྱར། །རྨི་ལམ་འཛག་ན་བལྟ་བས་བསྲུང་། །ཕྱི་ནང་ཐམས་ཅད་བདེ་བ་ཡི། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ། །གོ་རིམ་ལྟོས་པའི་བདེ་བ་བཞི། །སྐད་ཅིག་བཞི་ལ་སྣང་བ་དེ། །རྣམ་པ་སྣ་ཚོགས་སྐད་ཅིག་དང་། །རྣམ་པར་ཉེད་དང་རྣམ་པར་སྨིན། །མཚན་ཉིད་བྲལ་བའི་སྐད་ཅིག་ཡིན། །ཕྱིས་ནས་ལྟོས་པའི་བདེ་བ་བཞི། །ལུས་ཀྱི་ཁོལ་བུར་སྐྱེ་བ་དང་། །ལུས་རྣམས་ཕལ་ཆེར་སྐྱེ་བ་དང་། །ལུས་ཀུན་ཐམས་ཅད་ཁྱབ་པར་སྐྱེ། །སྣང་བའི་དངོས་པོ་བདེ་བར་འཆར། །ནང་གི་གནས་ལ་ལྟོས་པ་བཞི། །སྤྱི་བོ་ནས་ནི་མགྲིན་པ་དང་། །མགྲིན་པ་ནས་ནི་སྙིང་གར་བདེ། །སྙིང་ག་ལྟེ་བའི་བར་དུ་ནི། །ལྟེ་བ་གསང་གནས་བར་དུའོ། །སྤང་བྱ་ལྟོས་པའི་བདེ་བ་ནི། །གཟུང་འཛིན་རྣམ་རྟོག་རགས་རིམ་འགོག །བདག་གི་རྣམ་རྟོག་རང་རིམ་འགོག །ཕྱག་རྒྱའི་རྣམ་རྟོག་འགོག་པ་དང་། །བདེ་བ་གསུམ་པོའི་རྣམ་རྟོག་འགོག །རང་གི་ངོ་བོ་ལྟོས་པ་ནི། །བདེ་བའི་ཉམས་མྱོང་ཆུང་བ་དང་། །བདེ་བ་ཆེ་བར་འབར་བ་དང་། །བདེ་བ་མི་རྟོག་པ་དང་ལྡན། །བདེ་བ་སྟོང་པ་གཉིས་མེད་དོ། །བདེ་བའི་ཡེ་ཤེས་བཅུ་དྲུག་གིས། །བྱང་ཆུབ་སེམས་ཀྱི་རང་བཞིན་དུ། །ལྟ་བ་རྣམ་པར་དག་པ་བསྟན། །སངས་རྒྱས་སེམས་ཅན་མ་ལུས་ཀུན། །ཡབ་ཡུམ་བདེ་བ་ཆེན་པོ་ཡིས། །ངང་དུ་ཐམས་ཅད་འདུས་པ་ནི། །ཡུམ་གྱི་བྷ་གའི་གཞལ་ཡས་ནས། །ཁམས་གསུམ་སེམས་ཅན་ཐམས་ཅད་དང་། །བདེ་གཤེགས་སྐུ་དང་གསུང་དང་ཐུགས། །མི་བཟད་རྒྱན་གྱི་འཁོར་ལོ་གནས། །གསང་བའི་མཆོད་པ་དབུལ་བ་ནི། །རྡོ་རྗེ་པདྨ་མཉམ་བཞག་ནས། །ཐིག་ལེ་བ་སྤུ་བུ་ག་ནས། །ཕྱི་ཡི་སྣང་བ་ལྷ་མོ་བཞི། །ནང་གི་བདེ་བ་སྒེག་སོགས་བཞི། །གསང་བའི་ལྷ་མོ་རྣམ་པ་བཞི། །སྒོ་བ་བཞི་ཡི་ལྷ་མོ་རྣམས། །བདེ་བའི་ཡེ་ཤེས་བཅུ་དྲུག་མཆོད། །བདེ་བ་རླུང་གི་གཏུམ་མོ་ཡིས། །རླུང་གི་གཞུ་ལ་མེ་ཡི་མདའ། །བྱང་སེམས་ཧཾ་གི་འཕེན་ལ་བརྡེག །


DNG020_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

མྱུར་དུ་ཡེ་ཤེས་འཆར་བར་འགྱུར། །སྦྱར་བའི་སྦྱོར་བ་མེད་པའོ། །ཡབ་ཡུམ་རོལ་པའི་བྱང་ཆུབ་སེམས། །སློབ་མའི་ཁ་ལ་བཅུག་པ་ནི། །གསང་བའི་དབང་ཡང་བསྐུར་བ་ཡིན། །དཀྱིལ་འཁོར་བཞི་ལས་བྱུང་བ་ཡིས། །བདེ་བའི་ཡེ་ཤེས་རྣམ་པ་བཞི། །རྣལ་འབྱོར་མིང་སྲིང་བསྒོམ་པ་ནི། །ཤེས་རབ་ཡེ་ཤེས་དབང་ཡང་བསྐུར། །གཡས་པ་རོ་མ་གཟུང་བ་ལ། །གཡོན་གྱི་རྐྱང་མ་འཛིན་པ་དེ། །དབུས་མ་ཀུན་འདར་གཟུང་འཛིན་སྤངས། །སྲོག་ཤིང་གསུམ་གྱི་རྦ་རླབས་ལཾ། །གཡས་གཡོན་དབུས་ལ་བསྒོམ་པ་ནི། །བདེ་བ་ཆེན་པོའི་དབང་བསྐུར་ཡིན། །འཛག་པའི་དུས་སུ་སྦྱར་བ་ཡིས། །ལུས་ཁམས་བདུད་རྩི་དཀར་དམར་ཡང་། །བདུད་རྩི་བསྒྲུབ་པའི་རྫས་མཆོག་དེ། །སྨན་གྱི་ནང་དུ་བླུག་པར་བྱ། །ཞེས་སྟོན་པས་གསུངས་སོ། །ཐམས་ཅད་བདུད་རྩི་ཆེན་པོ་ལྔའི་རང་བཞིན་རིན་པོ་ཆེ་ཕྲེང་བའི་རྒྱུད་ལས། གསང་བའི་ཡུམ་གཟུངས་མ་མཚན་དང་ལྡན་པ་ལ། སྦྱོར་བའི་བསྙེན་པ་སྒྲུབ་བཞི་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་བསྒྲལ་བའི་སྤྱོད་པ་འདི་དག་གསུངས་སོ། །རྣལ་འབྱོར་དབང་ཕྱུག་ཆེན་པོ་ཡིས། །ཁམས་གསུམ་མ་ལུས་བསྒྲལ་བ་ཡང་། །མ་ཏྲང་བསྒྲལ་བ་ཆེན་པོ་སྟེ། །རཱུ་ཏྲ་ཐར་པ་ནག་པོ་དང་། །དེ་ཡི་གཡོག་པོ་དན་ཕག་གཉིས། །སློབ་དཔོན་ཐུབ་དཀའ་གཞོན་ནུ་ལ། །རྣལ་འབྱོར་ལམ་ལ་ཞུགས་པ་ཡིས། །ཐར་པ་ཁམས་གསུམ་འཁོར་བར་ཟགས། །དན་ཕག་རྡོ་རྗེ་གནོད་སྦྱིན་འདུལ། །ཐུབ་དཀའ་རྡོ་རྗེ་སེམས་དཔའ་ཉིད། །སངས་རྒྱས་རྣམས་ནི་བཀའ་བགྲོས་ནས། །ཁམས་གསུམ་བདག་པོ་འདུལ་བར་བྱེད། །དེ་ནས་འཇིགས་བྱེད་ཧེ་རུ་ཀ །དཔའ་བོ་སྒེག་པོ་འཇིགས་སུ་རུང་། །རྒོད་ཅིང་གཤེ་ལ་རྔམ་པ་དང་། །ངོ་མཚར་སྙིང་རྗེ་ཞི་བའི་གར། །འབར་བ་ཆེན་པོ་ཡུམ་དང་འཁྲིལ། །ཐུགས་རྗེའི་སྤྲུལ་པ་བསམ་མི་ཁྱབ། །སྟོང་གསུམ་མ་ལུས་ཁྲོ་བོས་བཀང་། །ཀུན་ཀྱང་ཕྱག་རྒྱ་བཞི་ལྡན་སྐུ། །དབང་ཕྱུག་ཆེན་པོ་ལ་སོགས་པ། །ཁམས་གསུམ་གནས་པའི་གདུག་


DNG020_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཅན། །ཁྲོ་བོ་འཆོལ་བའི་དཀྱིལ་འཁོར་གྱིས། །ཐམས་ཅད་མ་ལུས་དབང་དུ་བསྡུས། །མ་ཏང་གི་ནི་རྣམ་ཤེས་ཡང་། །ངེས་པར་རང་གི་གཟུགས་ལ་ཕབ། །ཏ་ཀིའི་ཞབས་ནི་གཡས་པ་ཡིས། །རཱུ་ཏྲའི་ལིངྒ་སྟེང་དུ་མནན། །ཐར་པའི་ལམ་འདོད་སྐལ་ལྡན་རྣམས། །གསང་བའི་དཀྱིལ་འཁོར་གཡོ་བ་ལྟ། །ངན་སོང་གསུམ་གྱི་སྒོ་བཅད་ཀྱི། །སྐལ་དང་ལྡན་པ་འདིར་ཤོག་ཅིག །སྟོན་པས་གསུངས་པའི་དམ་པའི་ཆོས། །གཟུང་འཛིན་ལོག་པར་བལྟ་བ་ཡིས། །ཁམས་གསུམ་འཁོར་བའི་གནས་སུ་ལྟུང་། །སྐྱེ་མེད་ཆོས་ཉིད་རྟོགས་ན་བདེ། །གཟུང་འཛིན་མདུད་པ་དགྲོལ་བྱའི་ཕྱིར། །བདུད་བཞི་ཞབས་ཀྱིས་མནན་པ་ཡང་། །ས་ཡི་དཀྱིལ་འཁོར་བཞི་ཡི་ཁྱོན། །བདག་པོ་རྐང་པའི་མཐིལ་གྱིས་མནན། །གནས་ཀྱི་སྒོ་འདི་བདག་བཅད་པས། །བདེ་གཤེགས་ཐུགས་རྗེས་གཟུང་དུ་གསོལ། །མ་ཧཱ་དེ་བ་སྟོབས་བཟང་དང་། །ཁྱབ་འཇུག་གཏོགས་འདོད་དགའ་བྱེད་དང་། །བི་ནཱ་ཡ་ཀ་བིཥྞུ་དང་། །གསོད་བྱེད་བརྒྱད་ལ་སྨྲས་པ་ནི། །དྲེགས་པའི་གཟུང་འཛིན་ངས་གཞོམ་ཕྱིར། །རྡོ་རྗེ་གྲི་གུག་ཆེན་པོ་ཡིས། །ལོག་རྟོག་དྲ་བ་དབྱུང་བར་བྱ། །ཞེན་པའི་ཐག་པ་ངས་བཅད་དོ། །མཐར་བྱེད་བརྗིད་པས་སྡིག་པ་བཅོམ། །ཁམས་གསུམ་འཁོར་བྱེད་རྩ་བ་དྲངས། །གནས་ཀྱི་སྒོ་འདི་དབྱེ་བ་ཡང་། །རོ་མ་རྐྱང་མ་ཀུན་འདར་མ། །རྣམ་ཐར་གསུམ་གྱི་རང་བཞིན་ཏེ། །ཉི་ཟླ་གཟའ་ཡིས་ཟིན་པ་ལྟར། །གཟུང་འཛིན་གཉིས་མེད་མྱ་ངན་འདས། །ཐར་པའི་ལམ་ལ་གཟུད་པར་བྱ། །སྒོ་འདི་ཐམས་ཅད་འཁོར་བས་ན། །འཁོར་བའི་དྲ་བ་རྒྱུན་བཅད་དོ། །བཅོམ་ལྡན་བདེ་གཤེགས་མཆོག་གི་སྐུ། །ཁམས་གསུམ་དག་ལ་བསྡུ་བར་བྱ། །དེ་ལྟར་སྒྲོལ་བའི་དཀྱིལ་འཁོར་འདིར། །བདག་ཅག་འཁོར་དང་བཅས་པ་རྣམས། །དཔའ་བོ་ཆེན་པོའི་སྐུ་ལ་འདུད། །ཐུགས་རྗེས་དགོངས་ནས་བསྐྱབ་ཏུ་གསོལ། །དེ་ནས་དེ་ལུས་དུར་ཁྲོད་གནས། །རྒྱ་གར་ཡུལ་ན་བསིལ་བའི་ཚལ། །བདེ་བྱེད་


DNG020_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་རྟེན་ཤིར་ཤའི་ཤིང་། །བལ་ཡུལ་ཡ་མ་བྱ་ཏྲི་ཁ། །བྱ་ཁྲི་ཁ་ཤོར་ཀ་རན་ཙ། །སིང་གའི་ཡུལ་ན་སྐུ་ལ་རྫོགས། །རི་བོ་ཏ་ལ་ཙུ་ཏའི་ཤིང་། །ཐོ་གར་ཡུལ་ན་གསང་ཆེན་ལ། །མཆོད་རྟེན་མགོ་མང་ཤིང་རལ་རྟ། །ཁ་ཆེའི་ཡུལ་ན་ཧེ་ཆེན་རོལ། །ཀ་ནི་ཤིར་བར་ཀ་བ་ཏི། །ཟ་ཧོར་ཁུ་ཡུག་ཀློང་དགུ་ན། །བདེ་བྱེད་གཞོན་ནུ་ཀ་ཀོལ་ཤིང་། །ལི་ཡུལ་འཇིག་རྟེན་མངོན་པར་རྫོགས། །གཽ་དེ་ཤན་དང་ཤིང་པ་ཏ། །བཀྲ་ཤིས་ཡ་མཚན་འབྱུང་བའི་གནས། །འབྲས་བུ་ཆེན་པོ་ལྔ་བསྒྲལ་ཕྱིར། །བྱང་གི་དཀྱིལ་འཁོར་སྟེང་དུ་བཞག །མི་ཆེ་གླ་གླི་འཕྱོ་བ་ཡང་། །ཤར་ལྷོ་ནུབ་བྱང་དབུས་སུ་བཞག །ངེས་དོན་གཅིག་ཏུ་བསྟན་པ་དང་། །རྒྱུད་ལྔར་འཁོར་བ་བསྒྲལ་བར་བྱ། །དེ་ནས་འཇིགས་བྱེད་སྐུ་བསྐྱེད་ལ། །དཀྱིལ་འཁོར་གྲུ་གསུམ་སྟེང་དུ་བཞག །གནས་སྦྱོང་ཏིང་འཛིན་བསྒོམ་པར་བྱ། །ལན་གསུམ་དང་པོ་འདོད་ཁམས་སྦྱང་། །དང་པོ་རང་གནས་སྦྱོང་བ་ཡང་། །ལྷ་ཡི་ས་བོན་ཨ་དཀར་པོ། །དེ་ལ་རླུང་སེམས་མཉམ་འདུས་ན། །ལྷ་ཡི་ཉམས་ནི་སེམས་ལ་འཆར། །རང་ཉིད་ལྷ་ཡིན་སྙམ་བྱེད་འབྱུང་། །གར་ནི་ལུས་ལ་འཆར་བ་དེ། །མེ་ཏོག་ཕྲེང་སོགས་བརྒྱན་པ་དང་། །སྔགས་ཀྱང་ངག་ལ་འཆར་བ་དང་། །སཾ་སྐྲི་ཏ་ཡི་སྐད་ཡང་བརྗོད། །མཐོང་སྣང་ཡུལ་ལ་འཆར་བ་ནི། །རྣམ་པར་རྒྱལ་བའི་ཁང་བཟང་མཐོང་། །རང་ཉིད་ལྷ་ཡི་གཙོ་བོར་མཐོང་། །གཞན་རྣམས་ལྷ་ཡི་འཁོར་དུ་མཐོང་། །བག་ཆགས་རྨི་ལམ་འཆར་བ་ཡང་། །དེ་དག་ཅི་རིགས་རྨི་ལམ་འབྱུང་། །ལྷ་མིན་སུ་ཡིག་སེར་པོ་ལ། །ཉམས་ནི་ཁྲོ་ཞིང་ཚིག་པ་ཟ། །གར་ནི་མཚོན་ཆ་སྣ་ཚོགས་ཐོགས། །སྔགས་ཀྱང་རྒྱོབ་སོད་དུ་མ་འབྱུང་། །མཐོང་སྣང་རི་རབ་ཁོང་སེང་ན། །ལྷ་མ་ཡིན་གྱི་འཐབ་རྩོད་དང་། །བདག་གཞན་དེར་ཡང་ཁྲིད་པ་མཐོང་། །བག་ཆགས་ཅི་རིགས་རྨི་ལམ་རྨི། །མི་ལ་ནྲྀ་ཡིག་སྔོན་པོ་སྟེ། །མི་ཉམས་འཇིག་རྟེན་ཆོས་ལ་དགའ། །གར་ནི་ཡུལ་དང་ཆ་ལུགས་འགྱུར། །སྔགས་ནི་སོ་སོའི་ཡུལ་གྱི་སྐད། །མཐོང་སྣང་གླིང་བཞི་གླིང་ཕྲན་མཐོང་། །བདག་


DNG020_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

དང་གཞན་ཡང་དེར་ཁྲིད་མཐོང་། །མི་རིགས་མི་མཐུན་དུ་མ་མཐོང་། །རྨི་ལམ་དེ་དག་ཅི་རིགས་རྨི། །ལྷ་དང་ལྷ་མིན་མི་དང་གསུམ། །འདོད་ཁམས་མཐོ་རིས་གནས་གསུམ་སྟེ། །དགེ་བ་བཅུ་ཡི་ལམ་ལས་འབྱུང་། །དེ་དག་མཆོག་འབྲིང་ཐ་མ་ཡིན། །དུད་འགྲོ་དུ་ཡིག་དུད་ཀ་དེ། །ཉམས་ནི་དུད་འགྲོ་སྔར་བས་བླུན། །གར་དུ་བ་གླང་སྤྱོད་ལམ་འགྱུར། །སྔགས་ཀྱང་དུད་འགྲོ་དུ་མའི་སྐད། །མཐོང་སྣང་ཕྱི་ཡི་རྒྱ་མཚོ་མཐོང་། །བྱོལ་སོང་ཆུ་སྲིན་ལ་སོགས་པ། །བདག་གཞན་དེ་རུ་ཁྲིད་པ་འབྱུང་། །དེ་དག་ཅི་རིགས་རྨི་ལམ་རྨི། །ཡི་དྭགས་པྲེ་ཡིག་དམར་པོ་ལ། །ཉམས་ཀྱང་བཀྲེས་དང་སྐོམ་པ་དང་། །གར་ནི་ལུས་ཆེ་ཡན་ལག་ཕྲ། །སྔགས་ཀྱང་པྲེ་ཏ་ངན་སྐད་སྨྲ། །མཐོང་སྣང་གྲོང་ཁྱེར་སེར་སྐྱ་མཐོང་། །ཡི་དྭགས་བཀྲེས་དང་སྐོམ་པ་དང་། །བདག་དང་གཞན་ཡང་དེར་ཁྲིད་མཐོང་། །རྨི་ལམ་བག་ཆགས་དེ་དག་རྨི། །དམྱལ་བའི་ཏྲི་ཡིག་ནག་པོ་དེ། །སེམས་ཉམས་ཚ་གྲང་སྡུག་བསྔལ་འབྱུང་། །ལུས་གར་གསུམ་བཏབ་གདུང་ཞིང་ཏེལ། །སྔགས་ཀྱང་ངག་ཏུ་ཀྱི་ཧུད་སོགས། །མཐོང་སྣང་ལྕགས་ཀྱི་ཁང་སྒྲོམ་འབར། །དམྱལ་བ་ཚ་གྲང་ཅན་སོགས་མཐོང་། །བདག་གཞན་དེར་ཡང་ཁྲིད་པར་མཐོང་། །རྨི་ལམ་དེ་དག་ཅི་རིགས་རྨི། །དེ་དག་ངན་སོང་གནས་གསུམ་དེ། །མི་དགེ་བཅུ་ཡི་ལམ་གནས་པས། །འདོད་ཁམས་ཐ་མའི་གནས་སུ་ལྟུང་། །མཆོག་འབྲིང་ཐ་མའི་ལས་ཡིན་ནོ། །གནས་སྦྱོང་བཞི་བཅུ་རྩ་གཉིས་སོ། །རྣལ་འབྱོར་གང་གིས་འབྱོངས་པ་དེས། །མཚན་ཉིད་སྣ་ཚོགས་འཆར་བའི་ཉམས། །རང་བཞིན་རང་བཞིན་སྟོང་པ་དང་། །ངོ་བོ་ཟུང་དུ་འཇུག་པ་དང་། །རིམ་པ་ཡིན་མིན་ཉམས་སྐྱེ་བས། །ཕྱི་ནང་སྲིན་བུ་སྤོང་བ་དང་། །ངན་སོང་མི་འགྲོ་གདེང་ཐོབ་དེ། །མཐོ་རིས་གནས་སུ་འགྲོ་བས་ན། །ཕྱིར་མི་ལྡོག་པའི་སར་གནས་པས། །བྱང་ཆུབ་སེམས་དཔའི་མིང་ཡང་ཐོབ། །དྲོད་རྣམས་བྱུང་རྒྱལ་བསྐྱང་བར་བྱ། །གཟུགས་ཁམས་བསམ་གཏན་ཨོཾ་དུ་གནས། །རྟོག་པ་དང་ནི་བཅས་པ་དང་། །དཔྱོད་པ་དག་དང་བཅས་པ་ཡི། །ཤེས་རབ་ཟབ་མོའི་ཏིང་ངེ་འཛིན། །


DNG020_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བ་བཅས་ཤིང་གནས་པ་དང་། །བདེ་བར་བཅས་པའི་ཏིང་ངེ་འཛིན། །བདེ་བྲལ་འགའ་ཙམ་ཏིང་ངེ་འཛིན། །བཏང་སྙོམས་ཡོངས་དག་ཏིང་ངེ་འཛིན། །རིམ་པ་ཡིན་མིན་སྐྱེ་བ་ནས། །དྲོད་ཀྱང་བྱུང་རྒྱལ་བསྐྱང་བར་བྱ། །གཟུགས་མེད་སྐྱེ་མཆེད་མུ་བཞིའི་ཉམས། །ཤེས་རབ་ཨ་ལ་རླུང་སེམས་འདུས། །ཆོས་རྣམས་ཐམས་ཅད་ནམ་མཁའ་ཙམ། །རང་གི་རྣམ་པར་ཤེས་པ་ཙམ། །ཡོད་མེད་ལས་ཀྱང་འདས་པ་ལས། །ཅི་ཡང་མེད་པར་ཉམས་སྐྱེ་བས། །དེ་ཡང་རིམ་པ་ཡིན་མིན་སྐྱེ། །ཚད་མེད་བཞི་ལ་གནས་བྱས་ནས། །ཚངས་གནས་གཟུགས་ཁམས་སྐྱེ་བ་དང་། །མི་གཡོ་སྟོང་པ་ཡིད་ལ་བྱེད། །གཟུགས་མེད་སྐྱེ་མཆེད་མུ་བཞིར་གནས། །མྱ་ངན་འདས་པའི་གྲོང་ཁྱེར་མཆོག །སྙིང་པོའི་ཨ་ལས་རླུང་སེམས་འདུས། །སྤང་བྱ་གཟུང་འཛིན་རྣམ་རྟོག་སྤང་། །ཐོབ་བྱ་ཆོས་སྐུ་བདེ་ཆེན་ཐོབ། །ཟུང་འཇུག་ཧཱུཾ་ལ་རླུང་སེམས་འདུས། །རང་བྱུང་ཡེ་ཤེས་ཆེན་པོ་ཡི། །ཏིང་འཛིན་རྒྱུད་ལ་སྐྱེ་བ་ནི། །ལུས་ནི་ཡང་ལ་སེམས་ནི་གསལ། །དཔེར་ན་ནམ་མཁའ་སྤྲིན་མེད་འདྲ། །འཁོར་འདས་ཉམས་མྱོང་སྐྱེས་པ་ན། །སྒྲོལ་བ་ཚད་དང་ལྡན་པ་ཡིན། །ཆོས་ཉིད་སྐྱེ་འགག་བྲལ་བ་ལ། །མ་རྟོགས་འཁོར་དང་མྱ་ངན་འདས། །རྟོགས་ན་རང་བཞིན་ལུས་ངག་སེམས། །འཁོར་འདས་རྫོགས་པར་ཤེས་པ་བྱ། །དུས་ལ་བབ་པའི་སེམས་ཅན་དེ། །དྲོད་ཚད་གནས་སྦྱང་འབྱོངས་པ་ཡིས། །རྣལ་འབྱོར་དབང་ཕྱུག་ཆེན་པོ་ཡིས། །གང་ཡིན་རྣམ་ཤེས་དགུག་པར་བྱ། །ཐར་པའི་ལམ་འབྱེད་གསང་བ་ཡི། །དཀྱིལ་འཁོར་ཆེན་པོ་ཁྱོད་ཤོག་ཅེས། །རྒྱུ་དྲུག་གནས་པའི་གདུལ་བྱ་རྣམས། །ངན་སོང་གསུམ་པོ་སྦྱང་བར་བྱ། །ཨོཾ་ན་མོ་བྷ་ག་ཝ་ཏི་སརྦ་དུར་ག་ཏི་པ་རི་ཤོ་དྷ་ནི། རཱ་ཛཱ་ཡ།ཏ་ཐཱ་ག་ཏཱ་ཡ་ཨརྷ་ཏེ། སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་ཤོ་དྷ་ནེ་ཤོ་དྷ་ནེ། སརྦ་པཱ་པཾ་བི་ཤོ་དྷ་ནེ། ཤུདྡྷེ་བི་ཤུདྡྷེ་སརྦ་ཨ་བ་ར་ཎ་བི་ཤོ་དྷ་ནེ་སྭཱ་ཧཱ། ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ་ཨ་ནྲྀ་སུ་ཏྲི་པྲེ་དུ་ཛ། པ་ཙ་པ་ཙ་སརྦྦ་ཏིར་ཡ་ཀ་ཏེ་ཧེ་ཏུ་ཧཱུཾ་ཕཊ། མ་ཐ་མ་ཐ་སརྦྦ་པྲེ་ཐ་ག་ཏེ་ཧེ་ཏུ་ཧཱུཾ་ཕཊ། ད་ཧ་ད་ཧ་སརྦྦན་རག་


DNG020_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་ཧེ་ཏུ་ཧཱུཾ་ཕཊ། དེ་ནས་ངན་སོང་གནས་སྦྱངས་ནས། །སྡུག་བསྔལ་གསུམ་གྱི་སྒོ་ཡང་དགག །རཾ་ཡཾ་ཁཾ། གང་ཡང་རུང་བའི་སེམས་ཅན་དེ། །ཡབ་ཡུམ་ཧཱུཾ་ལས་ལྷར་བསྐྱེད་དེ། །འོག་མིན་གནས་སུ་འཕང་བ་ཡིས། །རྒྱལ་བའི་སྲས་སུ་སྐྱེས་པ་ལ། །རྣམ་ཤེས་རིག་པ་ཆོས་ཀྱི་སྐུར། །བྱང་ཆུབ་སེམས་ཀྱི་དབང་བསྐུར་བས། །སངས་རྒྱས་ཆོས་ཀྱི་དབྱིངས་བཞུགས་པའི། །ཞབས་དྲུང་ཡེ་ཤེས་རླུང་གིས་བགྲོད། །བསམ་ཡས་ཞིང་ཁམས་དཔག་མེད་ན། །ཆོས་ཀྱི་འཁོར་ལོ་རབ་བསྐོར་ཉན། །ས་བཅུ་གནས་པའི་སེམས་དཔའ་སོགས། །འཇིག་རྟེན་འདས་པའི་མཆོད་པ་འབུལ། །སྡུག་པོ་བཀོད་དང་ཀུན་ཏུ་འོད། །འཁོར་ལོ་པདྨ་ཅན་ལ་གནས། །ཡང་དག་ཉིད་ལ་ཡང་དག་བསྒྲལ། །ཆོས་སྐུ་དྲི་མ་མེད་པ་ཐོབ། །དྲི་ཆེན་རྣམ་པར་སྣང་མཛད་ཉིད། །བྱང་ཆུབ་སེམས་ནི་མི་བསྐྱོད་པ། །མཱཾ་ས་དཀོན་མཆོག་དཔལ་ཡིན་ཏེ། །རཀྟ་སྣང་མཐའ་ཚེ་དཔག་མེད། །དྲི་ཆུ་དོན་རབ་གྲུབ་པ་ཉིད། །བསྒྲལ་བ་རྫས་ཀྱི་བདུད་རྩི་ནི། །ཐུགས་རྗེ་ཆེན་པོ་རྩི་ཡིན་པས། །མ་རིག་དུག་ཡང་སེལ་བར་བྱེད། །ཐམས་ཅད་བདུད་རྩི་ལྔའི་རང་བཞིན། རིན་པོ་ཆེ་ཕྲེང་བའི་རྒྱུད་ལས། བསྒྲལ་བའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་དམ་ཚིག་འདི་གསུངས་སོ། །དུག་ལྔ་མི་སྤང་ཡེ་ཤེས་ལྔ། །དམ་རྫས་ལྔ་ནི་དང་དུ་བླང་། །ངག་བརླང་རྫུན་སྒྲོལ་མ་བྱིན་སྦྱོར། །ཕུང་སོགས་རིགས་ལྔར་ཤེས་པར་བྱ། །ཡན་ལག་དམ་ཚིག་ཉི་ཤུ་ལ། །སྐུ་གསུང་ཐུགས་དང་ཡོན་ཏན་ལས། །རེ་རེ་ལ་ཡང་ལྔ་ལྔ་སྟེ། །དེ་ཡང་ལྔ་ལྔར་དབྱེ་བར་བྱ། །དེ་ཉིད་ཐབས་དང་ཤེས་རབ་གཉིས། །བསྒྲུབ་པར་བྱ་བ་རིགས་ལྔ་ཉིད། །རྩ་བ་སྐུ་གསུང་ཐུགས་དང་བཅས། །དམ་ཚིག་སྟོང་དང་རྩ་བརྒྱད་བསྲུང་། །བུམ་དབང་གསང་བའི་དབང་བསྐུར་ཞིང་། །ཤེས་རབ་ཡེ་ཤེས་བདེ་ཆེན་དབང་། །དམ་ཚིག་བསྲུང་བར་བྱ་བ་ཡང་། །རྣམ་གྲངས་རབ་ཏུ་ཕྱེ་ནས་བསྲུང་། །མཉམ་


DNG020_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་རྗེས་སྤྱོད་བཟུང་བ་དང་། །བསྲུང་དང་མི་འབྲལ་དམ་ཚིག་ཡིན། །གང་ཞིག་བུམ་པའི་དབང་ཐོབ་པས། །བསྐྱེད་པའི་རིམ་པ་བསྒོམ་བྱས་ལ། །སྣང་སྟོང་ཟུང་འཇུག་བལྟ་བ་དང་། །བདུད་རྩི་ལྔ་ཡི་རིལ་བུ་བཟའ། །དམ་ཚིག་ཉི་ཤུ་རྩ་བརྒྱད་བསྲུང་། །རྡོ་རྗེ་དྲིལ་བུ་མི་འབྲལ་འཆང་། །ཕྱི་པ་དག་དང་མཐུན་པ་ཡོད། །རྣལ་འབྱོར་གསང་བའི་དབང་ཐོབ་ན། །རྩ་རླུང་ཙཎྜ་ལཱི་ཡང་བསྒོམ། །རང་བྱུང་ཡེ་ཤེས་ཞེས་བྱ་བ། །ཉོན་མོངས་རྣམ་པར་རྟོག་པ་དང་། །སྨེལ་བཞི་གསལ་ཞིང་ཡང་བ་ཡི། །སྟོང་གསལ་ཟས་སུ་བཟའ་བར་བྱ། །རང་བྱུང་རླུང་དང་འགལ་བར་བསྲུང་། །ཞི་དྲག་གང་རུང་མི་འབྲལ་ལོ། །ཤེས་རབ་ཡེ་ཤེས་དབང་ཐོབ་པས། །མཉམ་བཞག་དཀྱིལ་འཁོར་འཁོར་ལོ་ཆེ། །རྗེས་སྤྱོད་ལྷན་སྐྱེས་བཅུ་དྲུག་ལ། །བསྲུང་བ་ཐིག་ལེ་འཛག་པ་དྲུག །དངོས་སམ་ཡེ་ཤེས་ཕྱག་རྒྱ་ལ། །མི་འབྲལ་དང་དུ་བླང་བ་ཉིད། །བདེ་བ་ཆེན་པོའི་དབང་ཐོབ་པས། །རྡོ་རྗེ་རྦ་རླབས་རྣམ་གསུམ་བསྒོམ། །ཤིན་ཏུ་རྣམ་དག་དེ་ཁོ་ན། །རྒྱུ་མཐུན་པས་ནི་སྐྲ་དཀར་འཇོམས། །འགྲོ་བ་རྣམས་ཀྱི་ཡིད་འོང་འགྱུར། །རྣམ་པར་སྨིན་པས་སྟོབས་སྟེར་བྱེད། །མངོན་པར་ཤེས་པ་ཅུང་ཟད་འཆར། །སྐྱེས་བུ་བྱེད་པས་རྣམ་པར་འཕེལ། །འཇིག་རྟེན་རོ་རྣམས་ལོངས་སྤྱོད་ནུས། །དྲི་མེད་པས་ནི་འཆི་མེད་འགྱུར། །རྫུ་འཕྲུལ་ཅུང་ཟད་སྟོན་པའོ། །བདེ་ཆེན་བདེ་སྟོང་བཟའ་བར་བྱ། །ཤེས་བྱའི་སྒྲིབ་པ་བསྲུང་བ་དང་། །པད་ཅན་ཕྱག་རྒྱ་མི་འབྲལ་ཞིང་། །མི་ཉམས་བསྲུང་བའི་ཚུལ་ཡང་བཞི། །ཚུལ་བཞིན་རྒྱུད་ལ་བསྐྱེད་པས་བསྲུང་། །རྣམ་གྲངས་རྗེས་དྲན་མི་ཉམས་བསྲུང་། །ཉམས་མྱོང་ཅི་སྐྱེས་མི་ཉམས་བསྲུང་། །ཕ་ལ་གུས་པས་ཁྱད་པར་ཅན། །ཉམས་པར་གྱུར་པས་རྣམ་པ་གཉིས། །སྲིད་པའི་སྡུག་བསྔལ་འདྲེན་པ་ཡི། །དམ་ཚིག་ཉི་ཤུ་རྩ་བརྒྱད་པོ། །ཐོག་མར་བུམ་དབང་དམ་བཅས་སོ། །ལམ་གོལ་རིང་དུ་འཁོར་བ་ཡི། །ཟབ་མོ་དབང་གསུམ་དམ་ཚིག་དེ། །ཉམས་ན་ལས་སྦྱོར་དངོས་གྲུབ་རིང་། །


DNG020_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་ན་བསྐང་བའི་ལས་བཤད་པ། །དམ་ཚིག་ཐམས་ཅད་ཉམས་གྱུར་ན། །རྡོ་རྗེ་མཁའ་འགྲོ་བླ་མ་ལ། །ཕྱི་ཡི་འདོད་ཡོན་རྣམ་ལྔ་དང་། །ནང་གི་གཟུངས་མ་མཚན་ལྡན་དབུལ། །མཉམ་བཞག་དམ་ཚིག་ཉམས་པ་ན། །ཡེ་ཤེས་མཁའ་འགྲོ་ལོངས་སྐུ་ཉིད། །འོག་མིན་གནས་ནས་སྤྱན་དྲངས་ལ། །ལྟ་བ་ཚད་དུ་བསྐྱལ་བར་བྱ། །རྗེས་སྤྱོད་དམ་ཚིག་ཉམས་པ་ན། །མ་མོ་མཁའ་འགྲོ་སྤྲུལ་སྐུ་ལ། །བསྒོམ་པ་ཟབ་མོའི་བསམ་གཏན་དང་། །བལྟ་བ་ཚད་དུ་བསྐྱལ་བར་བྱ། །ལྷག་མའི་དམ་ཚིག་ཉམས་པ་ལ། །ཤ་ཟ་མཁའ་འགྲོའི་ཚོགས་རྣམས་ལ། །གཏོར་མ་གཏང་ཞིང་ལྷག་མས་མཆོད། །དམ་ཚིག་མཁའ་འགྲོ་རྡོ་རྗེའི་སྤུན། །ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་བྱ། །ཞེས་གསུངས་སོ། །ཐམས་ཅད་བདུད་རྩི་ལྔའི་རང་བཞིན་རིན་པོ་ཆེ་ཕྲེང་བའི་རྒྱུད་ལས། གསང་བ་སྔགས་ཀྱི་དམ་ཚིག་བསྟན་པ་སྟེ་ལེའུ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་སྒྲུབ་པ་འདི་གསུངས་སོ། །བསྙེན་པའི་དམ་ཚིག་ལ་གནས་པས། །བྱང་ཆུབ་མཆོག་འདི་རྙེད་པར་འགྱུར། །ཉེ་བའི་བསྙེན་པའི་དམ་ཚིག་གིས། །དམ་ཚིག་རབ་ཏུ་བརྟན་པར་བྱེད། །སྒྲུབ་པ་མཆོག་ལ་རབ་གནས་ན། །དངོས་གྲུབ་ཤིན་ཏུ་ཉེ་བ་དང་། །བསྒྲུབ་ཆེན་དམ་ཚིག་རྫོགས་བྱང་ཆུབ། །མཆོག་དང་ཐུན་མོང་ཐོབ་གྱུར་པ། །ཡེ་ཤེས་རྡོ་རྗེ་དག་གིས་བྱ། །ཤིན་ཏུ་དོན་དུ་གཉེར་བའོ། །གང་ཞིག་བསྙེན་པ་བྱེད་འདོད་ན། །བསྒྲུབ་པའི་ཡུལ་ཡང་བརྟག་པར་བྱ། །མཉམ་ཞིང་སྣུམ་པའི་ས་ཕྱོགས་ལ། །རོ་རྣམས་རབ་ཏུ་བྲལ་བར་བྱ། །བཙལ་ནས་བླང་བར་བྱ་བ་ཡང་། །འཇིག་རྟེན་ས་བདག་ལྷ་ཀླུ་ལ། །རྩོད་པ་ཞི་བར་བྱ་བའི་ཕྱིར། །ས་རིན་བཅལ་ཏེ་ས་བླང་ངོ་། །རང་བྱུང་གནས་ཀྱི་དཀྱིལ་འཁོར་འདི། །ལས་དང་བྱ་བ་ཏིང་ངེ་འཛིན། །སྔགས་དང་ཕྱག་རྒྱས་སྦྱང་བར་བྱ། །རྐོ་དུས་ལྟོ་འཕྱེ་ཤེས་པར་བྱ། །ཡིད་འོང་གནས་སུ་འདུག་ནས་སུ། །བསྐྲད་ཅིང་བྱིན་གྱིས་བརླབ་པའོ། །སྦྱང་དང་སྒྲིབ་


DNG020_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

པ་བསལ་བའི་ཕྱིར། །ཕྱི་ཡི་བཤགས་པས་དག་པར་བྱ། །བསྐང་བ་དང་ནི་ལུས་ངག་ཡིད། །བག་ཆགས་དག་པ་བྱ་ཕྱིར་བཤགས། །མཚམས་དང་བགེགས་རྣམས་བསྲུང་བྱ་ན། །བགེགས་རིགས་རྣམས་ལ་གཏོར་མ་གཏོང་། །རྒྱལ་པོ་བཞི་ལ་གཉེར་ཡང་གཏད། །མ་ཏྲང་གནན་པར་བྱ་བ་དང་། །ཁྲོ་བཅུ་སྲུང་བའི་འཁོར་ལོ་བསྒོམ། །མ་དག་པ་ནི་མཚམས་གཅད་ཕྱིར། །དམ་སྲི་མནན་ཅིང་སྒོ་བྱང་གདགས། །ཉེ་བའི་བསྙེན་པ་བྱ་བ་ཡང་། །དཀྱིལ་འཁོར་རབ་ཏུ་གྲུ་བཞིར་བྱ། །བདུད་རྩི་རྣམ་པ་ལྔ་བྱུགས་ནས། །རཀྟ་དམར་གྱི་ཆག་ཆག་གདབ། །རས་བལ་པདྨའི་སྣལ་མ་དང་། །བ་སུ་ཏ་ཡི་རྒྱུ་མ་དང་། །དམ་ཚིག་སྐུད་པ་གསུམ་སྒྲིལ་ལམ། །ཡེ་ཤེས་ཐིག་སྐུད་ཆེན་པོ་ཡིས། །རྡོ་རྗེ་གྲོགས་དང་ལྡན་བྱས་ནས། །མཁས་ལྡན་ཆེན་པོ་ཡབ་ཡུམ་གྱིས། །རྡོ་རྗེའི་ཐིག་ཡང་གདབ་པར་བྱའོ། །ཏིང་འཛིན་བར་ཆད་སྐྱོན་ཡིན་ཡང་། །གཟུགས་བརྙན་རྡུལ་ཚོན་དམ་ཚིག་སྟེ། །དེ་ཕྱིར་དམ་ཚིག་ཚུལ་ཤེས་བྱ། །ཤར་གྱི་དཀྱིལ་འཁོར་སྟེང་དུ་ནི། །སྒྲུབ་རྫས་ཐམས་ཅད་སྤུངས་ལ་བཞག །ལྷོར་ནི་མཆོད་པའི་ཚོགས་མཆོག་སྟེ། །ནུབ་ཏུ་ཡབ་ཡུམ་སྦྱོར་ལྡན་ལ། །བྱང་དུ་རྒྱུ་མཆོག་བསྒྲལ་བར་བྱ། །དེ་ནས་བསྲེ་བསྣན་བྱ་བ་ཡང་། །མ་འདྲེས་པ་དང་བསྲེ་བར་བྱ། །འདྲེས་པ་རྣམས་ལ་དམ་ཚིག་བསྣན། །དེ་ཕྱིར་ཆག་ཉམས་སྐོང་བའོ། །ལས་བཞི་སྐོས་ལ་གདབ་པ་ཡང་། །ཞི་རྒྱས་དབང་དང་མངོན་སྤྱོད་ལ། །ཞི་བའི་ཚེ་ན་ཤར་ན་གནས། །རྒྱས་པ་ལྷོ་ལ་དབང་ནི་ནུབ། །བྱང་དུ་དྲག་པོ་ལྷུན་འགྲུབ་དབུས། །ས་ཆུ་མེ་རླུང་རྒྱུ་དུས་བྱ། །ཞི་བའི་ཆ་ལུགས་རྒྱན་དང་བཅས། །ཁྲོ་བོ་དུར་ཁྲོད་རྫས་ཀྱིས་བརྒྱན། །དེ་ནས་སྒྲུབ་པ་བརྩམ་པ་ཡང་། །ཞི་ཁྲོའི་ཕྲིན་ལས་གཞུང་བསྲང་ལ། །སྒྲོལ་སྦྱོར་ནང་གི་དམ་རྫས་དང་། །ཕྱི་ཡི་རྫས་སུ་བྱ་བ་ཡང་། །སྨན་གྱི་རྩ་བ་ཚང་གྱུར་ནས། །སྒྲུབ་པ་ཆེན་པོ་བྱེད་པའི་ཚེ། །རབ་ཏུ་བསྒྲིམ་ནས་བསྒྲུབ་པར་བྱ། །ཞེས་གསུངས་


DNG020_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །ཐམས་ཅད་བདུད་རྩི་ཆེན་པོ་ལྔའི་རང་བཞིན། རིན་པོ་ཆེ་ཕྲེང་བའི་རྒྱུད་ལས། བསྒྲུབ་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་བསྒྲུབ་པར་བྱ་བ་སྨན་གྱི་རྩ་བ་འདི་དག་གསུངས་སོ། །དེ་ནས་ཚངས་པ་ལ་སོགས་པའི། །རིགས་འཛིན་རྣམས་ཀྱིས་རབ་ཞུས་པ། །ནང་གི་རྩ་བ་བདུད་རྩི་སྟེ། །དེ་ནི་སྒྲོལ་དང་སྦྱོར་ལས་བྱུང་། །ཕྱི་ཡི་རྩ་བ་སྨན་ཉིད་དེ། །ཇི་ལྟར་གནས་པ་བཤད་དུ་གསོལ། །དྲང་སྲོང་རྣམས་ལ་ཀུན་བཟང་གིས། །ངེས་པར་རབ་ཏུ་གསུངས་པ་ནི། །བཅུད་ཀྱི་དམ་པ་སྨན་གྱི་མཆོག །ཁྱེད་ལ་བཤད་ཀྱིས་ལེགས་པར་ཉོན། །དེ་ཡང་ཐུགས་རྗེའི་བྱིན་བརླབས་ལས། །འབྱུང་བ་བཞི་ལས་སྐྱེས་པའི་སྨན། །ས་དང་ཆུ་དང་མེ་དང་རླུང་། །སྨན་རྣམས་མ་ལུས་སྐྱེད་པའོ། །དེ་བཞིན་སྲོག་ཆགས་ཐམས་ཅད་ཀུན། །སྨན་རྣམས་ཀུན་ལ་སྤྱོད་པ་སྟེ། །འཆི་གསོས་རྐྱེན་དང་ངན་གསོས་སྨན། །དེ་ཕྱིར་བདུད་རྩི་སྨན་གྱི་མཆོག །སེམས་ཅན་སངས་རྒྱས་སྒྲུབ་པའི་རྫས། །རྣལ་འབྱོར་དངོས་གྲུབ་ཐོབ་པར་བྱེད། །ཆུ་ཡི་བཅུད་ལ་ཀུན་སྤྱོད་བཞིན། །དེ་བཞིན་འབྱུང་ལྔ་སྨན་གྱི་བཅུད། །རོ་དང་ནུས་མཐུ་ལྡན་པར་གྲུབ། །ཐམས་ཅད་སྲིད་པས་ཆགས་པའོ། །དེ་དག་ཀུན་གྱི་ཡོན་ཏན་ཡང་། །རྩ་བ་བརྒྱད་ལྡན་རོ་དང་མདོག །མཐུ་དང་ལས་དང་རང་བཞིན་དང་། །ནུས་པ་དུ་མར་ལྡན་པ་ཡིན། །སྨན་གྱི་རྒྱལ་པོ་རོ་རྣམས་ལྡན། །ལྷ་རྫས་དགེ་བ་ཨ་རུ་ར། །རིགས་འདི་རྣམ་པ་བདུན་ལྡན་པ། །ཚངས་པ་ཀུན་འགྲོ་ཆེན་པོས་བསྒྲུབས། །ཤར་ལྷོ་ནུབ་བྱང་བྲག་ཕུག་ནང་། །ཡུམ་བཞིའི་རཀྟ་ཟགས་པ་ནི། །སྨན་གྱི་རྒྱལ་པོ་བྲག་ཞུན་མཆོག །དྲང་སྲོང་ནབས་སོ་ལྗང་སྔོན་བསྒྲུབས། །སྲིད་པ་ཆགས་པའི་ཉི་ཟླའི་ཆུ། །སྟར་བུ་རྒུན་འབྲུ་རྣམ་པ་གཉིས། །དེ་ནི་ཙ་ར་ཀ་ཡིས་བསྒྲུབས། །དེ་ནས་དྲང་སྲོང་བདུད་རྩིར་བཀྲུས། །ཥ་ནས་ཐིགས་གཉིས་ལྷུང་བ་དང་། །རམ་ཉེ་བ་དང་ཉེ་ཤིང་བ། །དྲང་སྲོང་ནབས་སོ་སྐྱེས་ཀྱིས་བསྒྲུབས། །དེ་ནས་དྲང་སྲོང་དྲག་ཤ་སྣ། །ལྷ་ཆེན་ཁྲོས་པའི་ལུག་མིག་པ། །དྲང་


DNG020_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

སྲོང་ཐ་སྐར་བུ་ཡིས་བསྒྲུབས། །དེ་ནས་རྩི་ཡི་ལྷ་མོ་ནི། །རཀྟ་ཟགས་པའི་རྩ་བ་དེ། །དྲང་སྲོང་ཆེན་པོ་ལྷས་སྐྱབས་བསྒྲུབས། །རྒྱལ་བུ་དོན་གྲུབ་སྐུ་གདུང་ལས། །གྲུབ་པ་ཐ་སྐར་རྡོ་རྗེ་དང་། །དྲང་སྲོང་རྒྱུན་ཤེས་ཁྱོད་ཉིད་བསྒྲུབས། །དེ་ནས་ལྷ་ཡི་ལག་པ་ལྷུངས། །དབང་པོ་ལག་པ་ཞེས་བྱ་བ། །དྲང་སྲོང་གཡོན་ཕྱོགས་ལྷ་ཡང་བསྒྲུབས། །པུརྞའི་རྣ་བ་ཨ་ཤྭ་ཀ །དྲང་སྲོང་ཐང་ལ་གནས་ཡང་བསྒྲུབས། །བྷ་ཧུ་ལུག་མིག་ཆེན་པོ་ཡང་། །དྲང་སྲོང་མེ་བཞི་འཇུག་གིས་བསྒྲུབ། །ཙི་ཏྲ་ཀ་དང་ལ་བའི་སྙིང་། །གཙོ་བོ་སྙིང་ནི་ཞོ་ཤ་སྟེ། །དྲང་སྲོང་རྐང་གཉིས་སྤྱོད་ཡང་བསྒྲུབས། །བུད་མེད་སེར་མོ་བན་གླང་ཅན། །མེ་ཏོག་ཧ་དམར་ཀླད་པ་རྣམས། །དྲང་སྲོང་ཀ་ཡ་ཀ་ལས་ཡང་ན་ཡིས་བསྒྲུབས། །ཧ་ལྕེ་ཀི་ཡ་དེ་པ་དང་། །སྙེ་བ་ཨུ་དུམྦཱ་ར་ཡང་། །དྲང་སྲོང་ཤིང་ཁྱེར་ཆེན་པོས་བསྒྲུབས། །སྲིད་པའི་བདག་པོའི་ནལ་བུའི་ལྕེ། །དྲང་སྲོང་ལྗང་སྔོན་བུ་ཡིས་བསྒྲུབས། །མེ་ཏོག་སྨ་ལོ་ཀྲིལ་ཀྲིལ་ནི། །དྲང་སྲོང་ཉི་མའི་བུ་ཡིས་བསྒྲུབས། །རྩ་བ་མ་ཧཱ་མགོ་ན་སྲིག །དོ་བ་ཟླ་བའི་བུ་ཡིས་བསྒྲུབས། །དུང་དང་འབྲུག་རུས་རྩ་ལ་སོགས། །རིན་པོ་ཆེ་དང་གཽ་ཏེ་ཤ་ན་བསྒྲུབས། །རྒྱ་མཚོ་ཆུ་ལ་སོགས་པ་རྣམས། །ཀླུ་ཡི་དྲང་སྲོང་འཇོག་པོས་བསྒྲུབས། །འདི་དག་སྟོན་པའི་ཐུགས་རྗེ་ཡིས། །ས་སྟེང་ཁྱབ་པར་སྐྱེས་པ་ཡིས། །ཐ་མལ་སྨན་དུ་སྦྱར་བ་ཡང་། །ནད་ནི་བཞི་བརྒྱ་རྩ་བཞི་སེལ། །བཅུད་ལེན་སྨན་དུ་བསྒྲུབ་པ་ཡིས། །ཚེ་ཡི་དངོས་གྲུབ་ཐོབ་པར་བྱེད། །ཡོན་ཏན་བརྗོད་ལས་འདས་པ་ཡང་། །སྨན་རྣམས་ཀུན་ལས་བྱུང་བའོ། །དེ་བཞིན་སྐྱེ་བོ་རྣམ་པར་སྤྱོད། །ཐམས་ཅད་བདུད་རྩི་ཆེན་པོ་ལྔའི་རང་བཞིན། རིན་པོ་ཆེ་ཕྲེང་བའི་རྒྱུད་ལས། སྨན་སྒྲུབ་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་བདུད་རྩི་ཆེན་པོ་ཕྱེ་མ་སྒྲུབ་པ་འདི་གསུངས་སོ། །དེ་ནས་གཟུགས་བརྙན་དཀྱིལ་འཁོར་ཡང་། །ཐིག་བཞི་བཏབ་པས་ལེའུ་ཚེ་དགུ། །འཁོར་ལོ་བརྒྱད་དང་པདྨ་བརྒྱད། །སྒོ་དང་སྒོ་ཁྱུད་ལྡན་པར་བྱ། །དེ་ལ་ཡིག་འབྲུ་གསལ་བཀོད་ནས། །


DNG020_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

རང་སྔགས་སྲོག་དང་ལྡན་པར་བྱ། །ཕྱོགས་བཞི་མཚམས་བརྒྱད་དབུས་སུ་ཡང་། །བྷནྡྷ་དགུ་སྦྱར་རབ་ཏུ་བྱ། །ཏིང་འཛིན་གསུམ་ལས་བྱུང་བ་ཡི། །དམ་པ་རིགས་བརྒྱ་བསྒོམ་པར་བྱ། །སྤྱན་དྲང་ཕྱག་འཚལ་མཆོད་པ་འབུལ། །བསྟོད་ནས་འཛབ་བཟླས་དངོས་གྲུབ་བླང་། །ལྷ་ལ་འཇུ་འདུལ་རྫོགས་རིམ་བསྡུ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དག་གི་གསང་སྔགས་འདི་གསུངས་སོ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཨོཾ་ཛྙཱ་ན་སཏྭ་ཨཱ། ཨེ་མཎྜ་ལ་ཨེ། ཡཾ་ཀརྨ་ཡཾ། བཾ་མ་མ་ཀི་རི་བཾ། སུཾ་སུ་མེ་རུ་སུཾ། ལཾ་གརྦྷེ་ལ། རཾ་ཛྭ་ལ་རཾ། བྷྲཱུཾ་བི་ཤྭ་བི་ཤུདྡྷེ་བྷྲཱུཾ། པཾ་པདྨ་མཎྜ་ལ་པཾ། མ་སཱུརྱ་མཎྜ་ལ་མཾ། ཨ་ཙནྡྲ་མཎྜ་ལ་ཨ། ཧཱུཾ་བཛྲ་དྷྲྀག་མུཾ་དྷཱ་ཏྭཱི་ཤྭ་རཱི། ཨོཾ་ཛི་ན་ཛིཀ །ལཱཾ་དྭེ་ཥ་ར་ཏི། སྭ་རཏྣ་དྷྲྀཀ །མཱཾ་མོ་ཧ་ར་ཏི། ཨཾ་ཨཱ་རོ་ལིཀ ། བྞུ ་རཱ་ག་ར་ཏི། ཧ་པྲཛྙཱ་དྷྲྀཀ །ཏཱཾ་བཛྲ་ར་ཏི། ཧཱུཾ་ཀྵིཾ་ཧི་རཱ་ཙ་ཡ། ཧཱུཾ་ལཱ་སྱེ་ས་མ་ཡ་སྟྭཾ། ཏྲཾ་ཨཱ་གརྦྷཱ་ཡ། ཏྲཾ་མཱ་ལེ་ས་མ་ཡ་སྟྭཾ། ཧྲིཾ་ཧ་ཧཱུཾ་པདྨ་པཱད་མ། ཧྲཱིཾ་གཱི་ཏི་རཱ་ཀོ྅ཧཾ། ་ཀུ་རུ་པཱ་ཎ་ཧྲི། ཨཾ་ནཱིར་ཏི་རཱ་ག་ཡཱ་མི། མཻ་དྷ་ར་ཎེ། ཛདྷ་བེ་པྲ་བེ་ཤ ། ་ནིསྶ་རཾ་བྷཱ་ཡ། ཧཱུཾ་པུཥ྇་ཨཱ་བེ་ཤ །ས་རཱ་ཛཱ་ཡ། བཾ་དཱི་པ་སུ་གི་རཱི། མུཾ་ཤྲཱི་ཨཾ་རཱ་གཱ་ཡ། ཧོ་གནྡྷེ་ཙིཏྟ་ཧོ། ཨོཾ་མུ་ནེ་ཀྲིཾ་སྭཱ་ཧཱ། ཨོཾ་མུ་ནེ་ཏྲུཾ་སྭཱ་ཧཱ། ཨོཾ་མུ་ནེ་སྲུཾ་སྭཱ་ཧཱ། ཨོཾ་མུ་ནེ་དཾ་སྭཱ་ཧཱ། ཨོཾ་མུ་ནེ་ཀྵཾ་སྭཱ་ཧཱ། ཨོཾ་མུ་ནེ་ཡེ་སྭཱ་ཧཱ། ཧཱུཾ་ཧཱུཾ་བཛྲ་ཙིཏྟ་ཧཱུཾ། ཨ་ཨ་བཛྲཱི་བྷ་དྲཱ་ས་མནྟ་ཨཱ། ཧཱུཾ་ཡ་མཱནྟ་ཀྲྀཏ་ཕཊ། ཨོཾ་བཛྲ་དྷ་རོ་མ་ཧཱ་ཀྲོ་ཏཱི་ཤྭ་རཱི་ཛྭ་ལ་ནི་ཧཱུཾ་ཕཊ། ཨོཾ་བིགྷྣཱཾ་ཏ་ཀྲྀཏ་ཕཊ།ཨོཾ་རཏྣ་དྷ་ར་མ་ཧཱ་ཀྲོ་ཏཱི་ཤཱ་རཱི་ཛྭ་ལ་ནི་ཧཱུཾ་ཕཊ། ཨོཾ་པདྨཱནྟ་ཀྲྀཏ་ཕཊ། ཨོཾ་པདྨ་དྷ་ར་མ་ཧཱ་ཀྲོ་ཏཱི་ཤྭ་རཱི་ཛྭ་ལ་ནི་ཧཱུཾ་ཕཊ། ཧཱུཾ་པྲཛྙཱནྟ་ཀྲྀཏ་ཕཊ། ཧཱུཾ་ཀརྨ་དྷ་ར་མ་ཧཱ་ཀྲོ་ཏཱི་ཤྭ་རཱི་ཛྭ་ལ་ནི་ཧཱུཾ་ཕཊ། ཐོད་པ་མཚན་ལྡན་ནང་དུ་ནི། །བཀྲ་ཤིས་རུས་སྦལ་ཁོག་པའི་ནང་། །དེ་ཡི་ནང་དུ་གཙོ་བོ་ལྔ། །རྒྱལ་པོ་ལྟ་བུར་རབ་ཏུ་ཆེ། །རྒྱུད་ལྔའི་འབྲས་བུ་རྣམ་པ་ལྔ། །བློན་པོ་ལྟ་བུར་གནས་པ་ལ། །དྲི་ཞིམ་བཅུད་ལྡན་ཀུན་སྐྱོབས་པ། །མང་པོ་འདུལ་


DNG020_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

བས་མཐུ་བྱིན་ལྡན། །ཡང་ན་རྩ་བ་རྣམ་པ་བརྒྱད། །ཕྱི་དང་ནང་དུ་སྦྱར་བ་ཡིན། །ཕྱི་ཡི་དབང་པོ་རྣམ་པ་ལྔ། །ཤ་ལྔ་དག་དང་སྦྱར་བ་དང་། །དེ་ཡི་འཕྲད་དུ་བྱ་བ་ཡང་། །ནང་གི་དབང་པོ་རྣམ་པ་ལྔ། །ཤིང་ཐོག་ལ་སོགས་རྣམ་པ་ལྔ། །ཕྱི་ཡི་བཅུད་དུ་བྱ་བ་དང་། །དྲི་ནི་ཆེན་པོ་སྦྱོར་བ་དག །རྣམ་པ་ལྔ་ཡང་ཤེས་པར་བྱ། །ཡང་ན་རྒྱལ་པོ་དྲི་ལྔ་ཡང་། །དེ་ཡི་སྐྱབས་སུ་སྦྱར་བའོ། །དེ་བཞིན་ཨ་ཀ་རུ་ལ་སོགས། །སྤོས་ལྔ་དག་དང་སྦྱར་བ་དང་། །གསེར་དངུལ་ལ་སོགས་རིན་ཆེན་ལྔ། །ཡོན་ཏན་དཔག་ཏུ་མེད་པ་དང་། །སྣ་ཚོགས་ར་ས་ཡ་ནའི་རྫས། །མ་ལུས་ལུས་པ་མེད་པར་བསགས། །རིགས་མཐུན་དར་གྱིས་བྷནྡྷ་དགབ། །ཡང་ན་གནོད་སྦྱིན་ནོར་རྫས་བཅིངས། །དེ་ནས་རྡོ་རྗེ་དབྱིངས་ཀྱི་ནི། །དཀྱིལ་འཁོར་རྣམ་པ་གཅིག་ཏུ་ན། །དབུས་ཀྱི་དཀྱིལ་འཁོར་དབུས་དག་ཏུ། །རིགས་ལྔ་ལིང་ཚེ་དགུ་ལ་བཞུགས། །རང་སེམས་བར་དོར་ཡི་གེ་ཧཱུཾ། །གསུང་གི་ཆོ་གར་རབ་གནས་ནས། །ཕ་མའི་ཆ་ཤས་རྡོ་རྗེ་སྩོགས། །ཐུགས་ཀྱི་ཆོ་ག་ཆེན་པོར་གནས། །ཆེན་པོ་ལྔ་ལས་སྐུར་གྲུབ་པས། །ཡོངས་སུ་རྫོགས་པར་ཡང་དག་གསལ། །ཨོཾ་བཛྲ་ཨཀྵོ་བྷྱ་ཧཱུཾ། བཛྲ་དྷཱ་ཏྭཱི་ཤྭ་རཱི་ཧཱུཾ། ཨོཾ་བུཌྜྷ་བཻ་རོ་ཙ་ན་ཨོཾ། བུཌྜྷ་ལོ་ཙ་ནཱ་ཨོཾ། བཛྲ་རཏྣ་སཾ་བྷ་བ་ཏྲཾ། བཛྲ་རཏྣ་སཾ་གི་ཏྲཾ། བཛྲ་པདྨ་ཨ་མི་ཏ་བྷཱ་ཧྲི། བཛྲ་བནྡྷ་ར་བ་ཧྲི། བཛྲ་ཨ་མོ་གྷ་སིདྡྷི་ཧ།ཨོཾ་བཛྲ་ས་མ་ཡ་ཏཱ་རཱ་ཧ། བདེ་གཤེགས་རྡོ་རྗེ་རིན་ཆེན་དང་། །པདྨ་ལས་དེ་རིགས་ལྔར་བཅས། །དབྱིངས་ཕྱུག་སྤྱན་དང་མཱ་མ་ཀི། །གོས་དཀར་མོ་དང་སྒྲོལ་མ་དང་། །རིགས་ལྔ་ཡབ་ཡུམ་འདི་དག་ཀྱང་། །འདོད་པའི་དངོས་གྲུབ་སྟེར་བར་བྱེད། །ཧཱུཾ་བཛྲ་སཏྭ་ཧཱུཾ། བཛྲ་ལཱ་སྱ་ཧཱུཾ། བཛྲ་རཱ་ཛ་ཧཱུཾ། བཛྲ་དྷུ་པེ་ཧཱུཾ། བཛྲ་རཱ་ག་ཧཱུཾ། བཛྲ་ཨཾ་ཀུ་ཤ་ཡ་ཧཱུཾ། བཛྲ་སཱ་དྷུ་ཧཱུཾ། བཛྲ་ཏི་ཤ་ཏཱ་ར་ཧཱུཾ། རྡོ་རྗེ་སེམས་དཔའ་རྡོ་རྗེ་འཛིན། །རྡོ་རྗེ་རྒྱལ་པོ་ལྕགས་ཀྱུ་འདྲེན། །རྡོ་རྗེ་ཆགས་པ་མདའ་གཞུ་འགེངས། །རྡོ་རྗེ་ལེགས་པ་སེ་གོལ་དཀྲོལ། །སྒེག་མོ་འགྱིང་བག་


DNG020_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

སྤོས་མེ་མ། །ལྕགས་ཀྱུ་མ་དང་རྡོ་རྗེ་སྒྲོལ། །ཤར་གྱི་འཁོར་ལོའི་རྩིབས་ལ་གནས། །རྡོ་རྗེའི་རིགས་སུ་རྣམ་པར་གྲགས། །བཛྲ་རཏྣ་ཏྲཱཾ། བཛྲ་མཱ་ལེ་ཏྲཱཾ། བཛྲ་སཱུརྱ་ཏྲཱཾ། བཛྲ་པུཥྦེ་ཏྲཱཾ། བཛྲ་ཀེ་ཏུ་ཏྲཱཾ། བཛྲ་པཱ་ཤ་ཏྲཱཾ། བཛྲ་ཧ་ས་ཏྲཱཾ། བཛྲ་རཏྣ་ནེ་ཏྲ་ཏྲཱཾ། རྡོ་རྗེ་རིན་ཆེན་ནོར་བུ་འཛིན། །རྡོ་རྗེ་གཟི་བརྗིད་ཉི་མ་བསྣམས། །རྡོ་རྗེ་རྒྱལ་མཚན་རིན་ཆེན་ཏོག །རྡོ་རྗེ་བཞད་པ་སོ་འཕྲེང་བགྲངས། །ཕྲེང་བ་མ་དང་མེ་ཏོག་མ། །ཞགས་པ་མ་དང་རིན་ཆེན་སྤྱན། །རིན་ཆེན་རིགས་ཀྱི་སེམས་དཔའ་སྟེ། །ལྷོ་ཡི་རྩིབས་བཞི་དག་ལ་གནས། །བཛྲ་དྷརྨ་ཧྲི། བཛྲ་གཱིར་ཏི་ཧྲི། བཛྲ་ཏིཀྵྞ་ཧྲི། བཛྲ་ཨཱ་ལོ་ཀེ་ཧྲི། བཛྲ་ཙཀྲ་ཧྲི། བཛྲ་སྥོ་ཊ་ཧྲི། བཛྲ་བྷ་ཥ་ཧྲི། བཛ་རཱ་ག་ར་ཏི་ཧྲི། རྡོ་རྗེ་ཆོས་ནི་པདྨ་འཛིན། །རྡོ་རྗེ་རྣོན་པོ་རལ་གྲི་བསྣམས། །རྡོ་རྗེ་འཁོར་ལོ་འཁོར་ལོ་བསྐོར། །རྡོ་རྗེ་སྨྲ་བ་ལྕེ་ཡང་བསྣམས། །པི་ཝང་མ་དང་མར་མེ་མ། །ལྕགས་སྒྲོག་མ་དང་གསལ་བཀྲ་མ། །ནུབ་ཕྱོགས་འཁོར་ལོའི་རྩིབས་བཞི་ལ། །པདྨ་རིགས་ཀྱི་སེམས་དཔའ་གནས། །བཛྲ་ཀརྨ་ཧ། བཛྲ་ནཱིར་ཏི་ཧྲི། བཛྲ་རཀྵ་ཧ། བཛྲ་གནྡྷེ་ཨ། བཛྲ་ཡཀྴ་ཧ། བཛྲ་གྷཎྜ་ཧ། བཛྲ་སན་དྷི་ཧ། བཛྲ་ར་ཏི་ཧ། རྡོ་རྗེ་ལས་ནི་རྒྱ་གྲམ་བསྣམས། །རྡོ་རྗེ་བསྲུང་བ་གོ་ཆ་འཛིན། །རྡོ་རྗེ་གནོད་སྦྱིན་མཆེ་བ་འཆང་། །རྡོ་རྗེ་ཁུ་ཚུར་ཁུ་ཚུར་ཉིད། །གར་མཁན་མ་དང་དྲི་ཆབ་མ། །དྲིལ་འཁྲོལ་རྡོ་རྗེ་འབེབས་མ་སྟེ། །ལས་ཀྱི་རིགས་ཀྱི་སེམས་དཔའ་རྣམས། །བྱང་ཕྱོགས་རྩིབས་བཞི་དག་ལ་གནས། །སེམས་དཔའ་སེམས་མ་བཅུ་དྲུག་ནི། །མཚན་བཟང་སུམ་ཅུ་རྩ་གཉིས་ཡིན། །ཐབས་ཤེས་དབུ་རྒྱན་རིགས་ལྔ་ནི། །དཔེ་བྱད་བཟང་པོ་བརྒྱད་ཅུར་གནས། །བཛྲ་ཨཱརྱ་ཏེ་ཛ་ཏེང་ཛ། བཛྲ་ཨ་མུ་ཁེ་ཧཱུཾ། བཛྲ་ལོ་ཀ་བཾ། བཛྲ་བྷསྨི་པ་ལ་ཡ་བ་ཏུ་ཧོ། ལྕགས་ཀྱུ་ཤར་ལ་ཞགས་པ་ལྷོ། །ལྕགས་སྒྲོག་ནུབ་ལ་དྲིལ་བུ་བྱང་། །སྒོ་བཞི་དག་ལ་རབ་ཏུ་གནས། །རྡོ་རྗེ་དབྱིངས་


DNG020_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དཀྱིལ་འཁོར་རོ། །རྒྱུ་ཡི་དབང་ནི་བླ་མས་བསྐུར། །ལམ་དུ་རང་ཉིད་དབང་བླང་བ། །བུམ་དབང་ཡེ་ཤེས་རྣམ་པ་ལྔ། །ཟབ་མོའི་དབང་གསུམ་སྐུ་གསུང་ཐུགས། །ཨོཾ་མ་ཧཱ་ཤཱུ་ནྱ་ཏ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཨོཾ་མ་ཧཱ་ཨཱ་དཪྴ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཨོཾ་མ་ཧཱ་ས་མ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཨོཾ་མ་ཧཱ་པྲ་ཏྱ་བེཀྵ་ཎ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཨོཾ་མ་ཧཱ་ཀྲྀ་ཏཱ་ནུཥྛཱ་ན་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱ་ཀ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། འོག་མིན་ཆོས་དབྱིངས་ཕོ་བྲང་ནས། །རྒྱལ་བ་གང་བཞུགས་འཁོར་དང་བཅས། །བླ་མེད་ལྷ་དང་ལྷ་མོ་ཡི། །གྲུབ་པའི་བྱིན་རླབ་བསམ་མི་ཁྱབ། །སེམས་དཔའ་བརྒྱད་དང་སེམས་མ་བརྒྱད། །དེ་བཞིན་སྤྲུལ་སྐུ་ཐུབ་དྲུག་དང་། །མཐུ་ཆེན་ཁྲོ་བོ་ཁྲོ་མོར་བཅས། །བདེ་བ་ཆེན་པོས་ཡོངས་བརྒྱན་ཏེ། །རྡོ་རྗེ་སེམས་གཙོ་མཛེས་མཛད་མ། །བརྩེ་ཕྱིར་གནས་འདིར་གཤེགས་སུ་གསོལ། །ཨེ་ཧྱེ་ཧི་མ་ཧཱ་བྷ་ག་ཝཱན། མ་ཧཱ་ཀ་རུ་ཎི་ཀ་དྲྀ་ཤ་ཧོ། ས་མ་ཡ་ཧོ། ས་མ་ཡ་སྟྭཾ། དཔའ་བོ་ཆེན་པོ་མཐུ་ལྡན་པ། །བདག་ལ་བྱིན་གྱིས་བརླབས་མཛད་ཅིང་། །བདག་གི་ལྷག་པའི་བསམ་པ་རྣམས། །གྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ། །མཛེས་པའི་སྐུ་མཆོག་སེམས་ཅན་སྒྲོལ་ལ་མཁས། །ངོ་མཚར་ཕོ་བྲང་དེ་བཞིན་གཤེགས་པའི་ཡུམ། །ཤེས་རབ་ཐབས་ཀྱིས་གཙོ་ལ་མཉེས་མཛད་མ། །རིགས་ཀྱི་ཡུམ་གྱུར་རྣམས་ལ་ཕྱག་འཚལ་ལོ། །བསོད་ནམས་ཚོགས་ཆེན་ཡོངས་སུ་རྫོགས་པ་ལ། །འགྲོ་དྲུག་འགྲོ་བ་མ་ལུས་སྨིན་བྱའི་ཕྱིར། །དཔེ་བྱད་མཚན་གྱིས་ཡོངས་སུ་བརྒྱན་


DNG020_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡི། །སེམས་དཔའ་སེམས་མའི་ཚོགས་ལ་ཕྱག་འཚལ་ལོ། །ཡིད་ཆོས་རྣམ་དག་ཀུན་བཟང་ཡབ་ཡུམ་དང་། །འགྲོ་དོན་རྫོགས་མཛད་སྤྲུལ་སྐུ་ཐུབ་པ་ལ། །རབ་ཏུ་དྭངས་པས་ཕྱག་འཚལ་ལོ། །འཇིགས་ཚུལ་རྔམ་པའི་ཁྱད་པར་གྱིས། །གདུག་བྱེད་ཐལ་བར་རློག་མཛད་པ། །བདུད་བཞི་དཔུང་བཅས་འཇོམས་བྱེད་པ། །སྒོ་བ་ཡབ་ཡུམ་བརྒྱད་ལ་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོ། པྲ་ཏིཙྪ་ཧོ། ཨ་ལ་ལ་ཧོ། རང་བྱུང་གདོད་ནས་དག་པ་ཡི། །ལུས་ཁམས་བདུད་རྩི་ཆེན་པོ་འདིས། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལ། །དམ་ཚིག་མཆོག་གི་མཆོད་པ་བཞེས། །སྣང་སྟོང་རྡོ་རྗེ་ཆོས་དབྱིངས་ལས། །ཡེ་ཤེས་སྒྱུ་མའི་སྐུ་མངའ་བ། །རྒྱལ་བ་སངས་རྒྱས་སྲས་དང་བཅས། །རབ་ཏུ་དང་བས་བསྟོད་ཕྱག་འཚལ། །ཆོས་ཉིད་མཉམ་པའི་ངོ་བོ་ལ། །མ་རྟོགས་རྟོག་པ་བསལ་བར་བྱ། །དེ་ནས་བཟླས་པ་བྱ་བ་ཡང་། །རྡོ་རྗེ་བཟླས་པར་ཡང་དག་བཤད། །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ར་ས་ཡ་ན་ཏ་ན་ཛྙཱ་ན་གུ་ཡ་སིདྡྷི་ཧཱུཾ་ཧྲཱྀཿཐ། སྤྱི་བོ་བདེ་ཆེན་དཀྱིལ་འཁོར་ནས། །སངས་རྒྱས་རྣམ་པར་སྣང་མཛད་ལ། །ཐུབ་དྲུག་ཀུན་བཟང་ཡབ་ཡུམ་དང་། །གཤིན་རྗེའི་གཤེད་པོ་ཡབ་ཡུམ་ལས། །སྐུ་ཡི་དམ་པ་རིགས་བརྒྱ་སྤྲོ། །དོན་མཛད་སྨན་ལ་རབ་ཏུ་ཐིམ། །མགྲིན་པ་ལོངས་སྤྱོད་དཀྱིལ་འཁོར་ནས། །སྣང་བ་མཐའ་ཡས་གོས་དཀར་མོ། །སྤྱན་རས་གཟིགས་དང་ཀླུ་མ་དང་། །ཀུན་ཏུ་བཟང་པོ་མར་མེ་མ། །རྟ་མགྲིན་ཡབ་ཡུམ་བཅས་པ་ལ། །གསུང་གི་དམ་པ་རིགས་བརྒྱ་སྤྲོ། །སྙིང་ག་ཆོས་ཀྱི་དཀྱིལ་འཁོར་ནས། །མི་བསྐྱོད་རྡོ་རྗེ་སེམས་དཔའ་ཡུམ། །ས་ཡི་སྙིང་པོ་སྒེག་མོ་དང་། །བྱམས་པ་སྤོས་མ་བྱང་ཆུབ་སེམས། །ཤེས་རབ་མཐར་བྱེད་ཡབ་ཡུམ་ལ། །ཐུགས་ཀྱི་དམ་པ་རིགས་བརྒྱ་སྤྲོ། །ལྟེ་བ་སྤྲུལ་པའི་དཀྱིལ་འཁོར་ནས། །རིན་ཆེན་འབྱུང་ལྡན་


DNG020_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་ཡུམ་ལ། །ནམ་མཁའི་སྙིང་པོ་ཕྲེང་བ་མ། །སྒྲིབ་སེལ་མེ་ཏོག་མ་དང་བཅས། །ཡོན་ཏན་དམ་པ་རིགས་བརྒྱ་སྤྲོ། །དོན་མཛད་སླར་འདུས་སྨན་ལ་ཐིམ། །གསང་བའི་མེ་རླུང་དཀྱིལ་འཁོར་ནས། །དོན་གྲུབ་སྒྲོལ་མ་སྐུ་ལ་འཁྲིལ། །ཕྱག་ན་རྡོ་རྗེ་གར་མཁན་མ། །འཇམ་དཔལ་དྲི་ཆབ་སྒོ་བར་བཅས། །ལས་ཀྱི་དམ་པ་རིགས་བརྒྱ་ལས། །གསང་སྔགས་རླུང་གི་རྟ་ལ་འཕྲོ། །སྣོད་ཀྱི་བྷནྡྷ་ཡུམ་གྱི་མཁའ། །བཅུད་ཀྱི་སྨན་ཉིད་ལྷར་གསལ་བས། །སྣོད་བཅུད་དམ་པ་རིགས་བརྒྱར་གནས། །གཉིས་སུ་རྩ་བརྒྱད་སྟོང་ཞེས་བྱ། །དོན་དམ་སྤྲོས་མེད་ཐིག་ལེ་ལས། །ཀུན་བཟང་དངོས་གྲུབ་བླང་བར་བྱ། །ཨོཾ་ཨ་མྲྀ་ཏ་སིདྡྷི་ཧ་ཧ་ཀན། རྣམ་སྨིན་འབྲས་བུ་རིགས་འཛིན་འགྱུར། །ཉི་ཟླ་ལྟ་བུའི་ཚེ་ ཡང་འཛིན། །བདག་ཉིད་ཀུན་བཟང་ཡབ་ཡུམ་གྱི། །གནས་ལྔའི་རིགས་ནི་ལྔ་བརྒྱད་དང་། །སྣོད་བཅུད་དམ་རྫས་ལྷར་གནས་པའི། །རིགས་ལྔའི་རིགས་ནི་ལྔ་བརྒྱ་ཉིད། །སྟོང་ལ་འཛབ་ཀྱིས་བཞུ་བཏུལ་ནས། །བདུད་རྩི་སྤྲུལ་སྐུར་སངས་རྒྱས་སོ། །ཞེས་གསུངས་སོ། །ཐམས་ཅད་བདུད་རྩི་ཆེན་པོ་ལྔའི་རང་བཞིན། རིན་པོ་ཆེ་ཕྲེང་བའི་རྒྱུད་ལས། དམ་པ་རིགས་བརྒྱའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་བདུད་རྩི་རིགས་ལྔར་སངས་རྒྱས་པ་འདི་གསུངས་སོ། །མི་ཤིགས་མཛོད་ལྡན་ཀ་པཱ་ལ། །དབུས་སུ་ཡང་དག་གཞག་པར་བྱ། །སྐུ་གསུམ་ལྷུན་གྲུབ་ཀ་པཱ་ལ། །ཤར་གྱི་ཞིང་ཁམས་རྡོ་རྗེའི་རིགས། །ཡིད་བཞིན་གཏེར་ལྡན་ཀ་པཱ་ལ། །ལྷོ་ནས་འབྱོར་པ་རྒྱས་པར་བྱེད། །ཁམས་གསུམ་དབང་སྡུད་ཀ་པཱ་ལ། །ནུབ་ན་མཐའ་ཡས་བསོད་ནམས་སྡུད། །ཆོ་འཕྲུལ་རྟགས་འབྱིན་ཀ་པཱ་ལ། །བྱང་ན་ལས་རབ་རྫོགས་པ་ནི། །གཟུགས་བརྙན་དཀྱིལ་འཁོར་གཡས་དག་ཏུ། །སྣོད་བསྡུས་དབང་དུ་བསྡུ་བར་བྱའོ། །དབུས་སུ་བྱང་སེམས་དྲི་ཆེན་ཤར། །མཱཾ་ས་ལྷོ་ལ་རཀྟ་ནུབ། །དྲི་ཆུ་བྱང་སྟེ་བྱང་ཆུབ་སེམས། །ལུས་


DNG020_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་བདུད་རྩི་ཆེན་པོར་གནས། །རང་བཞིན་གསུམ་ལས་བདག་ཉིད་ལྷ། །བདེ་ཆེན་ཨོཾ་ལ་ལོངས་སྤྱོད་ཨཱཿ། །ཆོས་མཛོད་ཧཱུཾ་ཡིག་སྤྲུལ་པར་སྭཱ། །གསང་བར་ཡི་གེ་ཧཱ་གནས་ཏེ། །རླུང་ལྔ་འབྱུང་བའི་འཕྲོ་འདུ་ནི། །དོན་མཛད་གསུང་གི་མཛད་པ་སྤྲོ། །སླར་འདུས་སྨན་ལ་ཐིམ་པ་ནི། །དེ་ཉིད་རྒྱལ་བ་རིགས་ལྔའི་སྐུ། །གསུང་དང་ཕྱག་མཚན་སྐུར་རྫོགས་གསལ། །རང་རིག་ཆ་ཤས་ཆེན་པོ་ལྔ། །དེ་ནས་འཕྲོ་འདུ་བྱ་བ་ཡང་། །སྤྱིར་ནི་རྩ་བའི་གསང་སྔགས་མཆོག །ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། ཛྙཱ་ན་བཛྲ་ཙིཏྟ་ཨ་མྲྀ་ཏ་ས་མ་ཡ་སྭཱ་ཧཱ། དེ་ནས་སྦྱོར་བ་བྱས་པ་ཡིས། །བྱང་ཆུབ་སེམས་ནི་སྦྱང་བར་བྱ། །ཨོཾ་ཨཱཿཧཱུཾ་བཛྲ་སཏྭ་ཧཱུཾ།སརྦ་ཨེའུ་ཤུདྡྷེ་ཨ་མྲྀ་ཏ་སུ་ཁ་མ་ཧཱ་ཡོ་ག་ཧཱུཾ་ཙིཏྟ་ཧཱུཾ། ཨཀྵོ་བྷྱ་དྭ་ཥ་ར་ཏཱི་ས་མ་ཡ་སྟྭཾ། ལྷོ་རུ་ཁ་བལྟས་མཱཾ་ས་བྱང་། །སྣ་ཚོགས་བསྒྲལ་བའི་ཤ་རྣམས་ཉིད། །ཨོཾ་ཨཱཿཧཱུཾ་རཏྣ་སཾ་བྷ་བ་མ་ཧཱ་མཱཾ་ས་ས་མ་ཡ། མ་ཧཱ་ས་མ་ཡ་རཱ་གོ྅ཧཾ། རཏྣ་ར་ཏི་ས་མ་ཡ་སྟྭཾ། ནུབ་ནས་པདྨ་རཀྟ་ལ། །སྣང་བ་མཐའ་ཡས་སྔགས་ཀྱིས་སྦྱང་། །ཨོཾ་ཨཱཿཧཱུཾ་པདྨ་ཨ་མི་ཏ་བྷཱ། རཀྟ་མཱུ་ལ་ཨ་མྲྀ་ཏ། རཱ་ག་ར་ཏི་ས་མ་ཡ་སྟྭཾ། བྱང་ནས་དྲི་ཆུའི་སྣོད་བླང་ལ། །དོན་ཡོད་གྲུབ་པ་རྟ་མཆོག་སྔགས། །ཨོཾ་ཨཱཿཧཱུཾ་ཨ་མོ་གྷ་སིདྡྷི་ཨ་མྲྀ་ཏ་ཀུཎྜ་ལི། བཛྲ་ར་ཏི་ས་མ་ཡ་སྟྭཾ། དབུས་སྣོད་དྲི་ཆེན་རྣམ་སྣང་གིས། །སྦྱང་བར་བྱ་བ་གསང་བའི་སྔགས། །ཨོཾ་ཨཱཿཧཱུཾ་བུཌྜྷ་བེ་རོ་ཙ་ན་མ་ཧཱ་ཡོ་ག་ཨ་ཏི་སྤ་ར་ཎ། བ་ལིན་ཨ་ཏི་སྟ་ཨུ་ཏི་སྟ་ཨོཾ། མོ་ཧ་ར་ཏི་ས་མ་ཡ་བཛྲ་ར་ཏི་ས་མ་ཡ་སྟྭཾ། བདུད་རྩི་རྣམ་ལྔར་བྱིན་ཕབ་ནས། །ཡེ་ཤེས་རྣམ་པ་ལྔ་ཡང་གསལ། །དེ་ནས་འབྲུ་བཅུད་ཆང་རྣམས་ལ། །གསང་བའི་སྔགས་ཀྱིས་སྦྱང་བར་བྱ། །ཨོཾ་ཨ་མྲྀ་ཏ་བཛྲ་གད་པྲ་བ་ཏ་སྭཱ་ཧཱ། ཨོཾ་ཏེ་ན་ཧཱུཾ། ཏེ་ཏེ་ཧཱུཾ། བི་ཏ་སཾ་ཤོ་དྷ་ཡ། ཀྲོ་ཏི་ཤྭ་རཱི་སྭཱ་ཧཱ། འོ་མ་སྣ་ཚོགས་སྦྲེང་བྱ་ཞིང་། །དེ་ཡི་བཅུད་ཀྱང་མར་ལྟར་སྦྱང་། །ཨོཾ་ཨཱཿཧཱུཾ་ཨ་མྲྀ་ཏ་བི་ཐ་སཾ་ཤོ་དྷ་ཡ་ཧཱུཾ་ཧྲཱྀཿཐ། རིན་ཆེན་སྣ་ཚོགས་བརྡར་བྱས་ནས། །ཡོན་ཏན་


DNG020_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་ཏུ་མེད་པའོ། །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་རཏྣ་ཙིཏྟ་ཧཱུཾ་ཧྲཱྀཿཐ། ཆུ་རྣམས་སྣ་ཚོགས་ཐ་དད་པ། །ལན་ཚྭའི་རོ་ལྟར་སྦྱང་བར་བྱ། །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་པ་ནི་ཀུཎྜ་ལི་ཧཱུཾ་ཧྲཱྀཿཐ། བདུད་རྩི་རྣམ་པ་ལྔ་པོ་ནི། །རང་གི་ལུས་ཀྱི་ཁམས་ཡིན་པས། །ཕུང་པོ་ལྔ་ཉིད་གསོ་མཛད་ཅིང་། །རིགས་དང་ཡེ་ཤེས་འཇུ་འདུལ་བྱའོ། །ཞེས་གསུངས་སོ། །ཐམས་ཅད་བདུད་རྩི་ཆེན་པོ་ལྔའི་རང་བཞིན། རིན་པོ་ཆེ་ཕྲེང་བའི་རྒྱུད་ལས། དེ་ཉིད་རིགས་ལྔའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་བདུད་རྩི་ཆོས་ཀྱི་སྐུར་སངས་རྒྱས་པའི་དགོངས་པ་འདི་གསུངས་སོ། །དབུས་ཀྱི་ཕོ་བྲང་ཆེན་པོ་རུ། །བདུད་རྩི་ཆེན་པོའི་སྣོད་བཞག་པ། །བྱང་ཆུབ་སེམས་ཀྱི་ཆུ་བོ་ལ། །འཁོར་འདས་ཆོས་རྣམས་འདུས་པ་ལྟར། །མདོར་ན་སངས་རྒྱས་ལྔ་རྣམས་ནི། །རྡོ་རྗེ་སེམས་དཔའ་ཉིད་ལ་འདུས། །བྱང་ཆུབ་སེམས་ནི་རྡོ་རྗེ་སྟེ། །ཏིང་འཛིན་གསལ་བས་ལྷ་ཡི་སྐུ། །འོག་མིན་གནས་ནས་སྤྱན་དྲངས་ནས། །གཉིས་མེད་སྐུ་ལ་གནས་པར་བྱ། །དེ་ནས་འཛབ་དགོངས་བཟླས་པ་ཡང་། །གསུང་ནི་རླུང་གི་སྒྲ་ལ་གནས། །དེ་རྒྱུན་སྲོག་ཤིང་རྣམ་པ་གསུམ། །ལྡང་འཇུག་གནས་པས་སྒྲ་རྣམས་སྒྲོགས། །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་བཛྲ་སཏྭ་ཧཱུཾ། མཚན་དོན་བསྙེན་པ་རྫོགས་ནས་ནི། །དངོས་གྲུབ་དག་ཀྱང་བླང་བར་བྱའོ། །མི་བསྐྱོད་རྡོ་རྗེ་སེམས་དཔའ་ཉིད། །སངས་རྒྱས་ཀུན་གྱི་ཐུགས་ལ་གནས། །ཇི་སྙེད་བསམ་ཡས་བདུད་རྩི་རྣམས། །བྱང་ཆུབ་སེམས་སུ་རྣམ་པར་ཞུ། །ཐམས་ཅད་བདུད་རྩི་ལྔའི་རང་བཞིན། རིན་པོ་ཆེ་ཕྲེང་བའི་རྒྱུད་ལས། སྨན་ཕྱེ་མ་སྦྱང་བ་གསང་ཆེན་རིགས་གཅིག་གི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཁྲོལ་བུ་ལ་དངོས་གྲུབ་བླང་བ་འདི་གསུངས་སོ། །དེ་ནས་ཞི་བའི་ལྷ་ཚོགས་རྣམས། །རིགས་རྣམས་སོ་སོའི་ཡིག་འབྲུ་ཡང་། །བདུད་


DNG020_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

རྩི་ཆེན་པོ་སྨན་ལ་བསྡིམ། །གསང་བའི་སྔགས་ཀྱིས་རབ་ཏུ་བྱའོ། །ཨོཾ་ཨ་མྲྀ་ཏ་སརྦ་ས་མ་ཡོ་ག་ཧཱུཾ། བཛྲ་ས་མ་ཡ་ཧཱུཾ། མ་ཧཱ་སརྦ་ཨ་མྲྀ་ཏ་མ་ཧཱ་སུ་ཁ་ཧྲི།ཨོཾ་སརྦ་བི་ཤུདྡྷེ། ཨོཾ་ཀྲོ་ཏཱི་ཤྭ་རཱི། སརྦ་ཤོ་དྷ་ཡ། ཨོཾ་ཨཱཿཧཱུཾ་བཛྲ་ཨ་མྲྀ་ཏ་ཧཱུཾ།གསང་སྔགས་རྒྱལ་པོ་མཆོག་འདི་ཡང་། །རབ་ཏུ་བཟླས་པར་བྱ་བ་ཉིད། །དེ་ནས་རྡོ་རྗེ་དབྱིངས་ཀྱི་ནི། །ལྷ་ཚོགས་མང་པོར་གནས་པ་ཀུན། །སངས་རྒྱས་དང་ནི་རིག་མ་ཡུམ། །བྱང་ཆུབ་སེམས་དཔའ་ལྷ་མོ་དང་། །སྤྲུལ་པ་སྒོ་བ་རྣམས་ལ་བསྟོད། །སྨན་པའི་ཆེ་བ་ཡོན་ཏན་བརྗོད། །ངོ་མཚར་ཆེན་པོ་རབ་བསྐྱེད་བྱ། །སློབ་མ་ཀུན་གྱི་སྤྱིར་བཞག་དེ། །ལུས་ཁམས་བདུད་རྩི་ཆེན་པོ་འདི། །ཁམས་དགུ་འདུས་པའི་དྭངས་མ་ཉིད། །དུས་གསུམ་སངས་རྒྱས་མཆོད་པ་དང་། །རང་ཉིད་བསྒོམ་ཞིང་བསྒྲུབ་པར་བྱ། །སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས། །མཆོག་གི་དངོས་གྲུབ་སྐུ་གསུམ་འགྲུབ། །ཐུན་མོང་གྲུབ་ཆེན་བརྒྱད་ལ་སོགས། །མ་ལུས་འདི་ཡིས་འགྲུབ་པས་ན། །དངོས་གྲུབ་དམ་པ་བླང་བར་བྱ། །སྤྲུལ་སྐུ་སངས་རྒྱས་མཛད་པ་རྫོགས། །ལོངས་སྐུ་རྒྱལ་བ་རིགས་ལྔ་ཉིད། །ལྷག་པ་ཆེན་པོ་ཆོས་ཀྱི་སྐུ། །སྐུ་གསུམ་སྨན་ཉིད་སངས་རྒྱས་པས། །དེ་ཕྱིར་འཇུ་འདུལ་དགོངས་པ་ཡང་། །ལས་རྣམས་གཞུགས་ལ་བྱ་བར་ནི། །ཀུན་བཟང་རྡོ་རྗེ་སེམས་དཔས་གསུངས། །ཞེས་གསུངས་སོ། །ཐམས་ཅད་བདུད་རྩི་ཆེན་པོ་ལྔའི་རང་བཞིན། རིན་པོ་ཆེ་ཕྲེང་བའི་རྒྱུད་ལས། སྨན་ཁྲོལ་བུ་ལ་དངོས་གྲུབ་བླང་བའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཞི་ཁྲོ་མཚམས་སྦྱོར་བ་འདི་གསུངས་སོ། །སྒྲུབ་པའི་གིང་རྣམས་ཆས་སུ་ཞུགས། །གླང་པོའི་ཀོ་བ་ཐང་བ་ཉིད། །ཚུལ་ཁྲིམས་ཞིང་ལྤགས་ཆོས་གོས་དང་། །སྟག་གི་པགས་པའི་ཤམ་ཐབས་ཅན། །དེ་ནས་ཙར་མའི་ཞིང་ལྤགས་


DNG020_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །ཏ་ཀྲྀཏ་དཀྱིལ་འཁོར་བྲིས་ནས་ནི། །ཡེ་ཤེས་སྙིང་པོའི་གནས་བཞུགས་པའི། །བྱང་ཆུབ་སེམས་དཔའི་སྤྱོད་པའི་ཆོས། །རྩ་བརྒྱད་ཡན་ལག་སྟོང་སྦྱར་བ། །རྟོག་པའི་མཚན་མ་སྔགས་ཀྱིས་དག །ཨོཾ་ཨ་མྲི་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ད་ཧ་ད་ཧ་ཧཱུཾ་ཕཊ། པ་ཙ་པ་ཙ་ཧཱུཾ་ཕཊ། རང་བཞིན་རྣམ་པ་གསུམ་པོ་ཡང་། །དབྱེར་མེད་བདུད་རྩི་ཉིད་ལ་འཁྱིལ། །རང་བཞིན་དཀྱིལ་འཁོར་སྤྱན་དྲང་ཡང་། །བདུད་རྩི་ཉིད་ལ་ཐིམ་པར་གྱུར། །ཤ་ཆེན་ལ་སོགས་བདུད་རྩི་ལྔ། །རྣམ་རྟོག་དབྱིངས་སུ་དག་པའོ། །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ་ཧྲཱྀཿཐ། དེ་ནས་བཙག་པར་བྱ་བ་ནི། །མཚན་མ་དག་པར་བྱེད་པ་སྟེ། །ཧོ་བ་ཡ་བི་ཤུདྡྷེ་སྭཱ་ཧཱ། དེ་ནས་བསྲེ་བར་བྱ་བ་ནི། །འདྲེས་ཤིང་ཤིན་ཏུ་བསྲེས་པའོ། །ཨ་མྲྀ་ཏ་མུ་ས་ལ་མུ་ས་ལ་སྭཱ་ཧཱ། དེ་ནས་སྦྱར་བར་བྱ་བ་ནི། །རབ་ཏུ་དྲི་མདོག་ལྡོག་ཡང་ལྡན་པར་བྱ། །ཀ་མ་ལ་ཀུཎྜ་ལི་ཧཱུཾ་ཧྲཱྀཿཐ། དེ་ནས་གཞལ་ཞིང་ཚད་བརྟགས་ཏེ། །སྦྱིན་བསྲེག་མེ་ཕུང་སྨན་དུ་བླུག །ཧ་ཡ་གྲཱི་བ་ཧཱུཾ། པདྨ་ཏ་ཀྲྀཏ་ཧཱུཾ། ཧུ་ལུ་ཧུ་ལུ་ཧྲི། ཀུཎྜ་ལི་ཧྲི། དེ་ནས་བྷནྡྷ་ཁ་སྦྱར་ནས། །དར་གྱིས་གྲིལ་ལ་རྒྱས་བཏབ་དེ། །ཚོན་སྐུད་བཅིངས་ནས་བུམ་པར་དྲིལ། །ཟླ་གམ་དབང་སྡུད་གནས་སུ་གཞུག །ཅེས་གསུངས་སོ། །ཐམས་ཅད་བདུད་རྩི་ཆེན་པོ་ལྔའི་རང་བཞིན། རིན་པོ་ཆེ་ཕྲེང་བའི་རྒྱུད་ལས། བཏགས་བཙག་མཚམས་སྦྱོར་བའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་སྒྲུབ་པ་ཆེན་པོ་སྨན་ཕོ་བྲང་བུམ་པའི་སྒྲུབ་པ་འདི་གསུངས་སོ། །ཕོ་བྲང་དེ་ལ་བྱིན་བརླབས་ནས། །མཚམས་བཅད་བར་ཆད་མེད་པར་བསྟན། །དེ་ནས་དཀྱིལ་འཁོར་རྩིགས་པ་ནི། །འདོམ་གང་གྲུ་བཞི་ལེགས་བྱས་ལ། །དྲི་སྣ་ལྔ་ཡི་མཎྜལ་ལ། །ཆག་ཆག་བདུད་རྩིས་རབ་བྱུགས་ཤིང་། །ཐིག་གིས་


DNG020_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་གདབ་པ་ཡང་། །ཆ་ཆེན་ཆ་བྲན་སྙོམས་ལ་ཕྱེད། །ཚོན་རྣམས་བྱིན་གྱིས་བརླབས་ནས་ནི། །ལེའུ་ཚེ་བརྒྱད་ལ་འཁོར་ལོ་བརྒྱད། །རིན་ཆེན་བརྒྱད་ལ་སྒོ་བཞིར་ལྡན། །དུར་ཁྲོད་བརྒྱད་ཀྱིས་ཡོངས་སུ་བསྐོར། །དེ་དབུས་ཕོ་བྲང་བུམ་པའི་སྣོད། །བཅུད་ལྡན་དབུས་ཀྱི་ཟླ་གམ་ཉིད། །མདའ་དང་རལ་གྲི་ཕུར་པ་ཡང་། །དར་དང་བཅས་པས་བརྒྱན་དུ་བསྐོར། །གླུ་དང་གར་དང་སྟབས་བཅས་པས། །སངས་རྒྱས་རིག་འཛིན་བྱིན་དབབ་བྱ། །བདུད་རྩི་དབུས་བཞག་མཐའ་བསྐོར་ནས། །ཕྱོགས་བཞི་ནས་ནི་ཡོན་ཏན་བརྗོད། །མ་དག་པ་ལ་མཚམས་བཅད་ནས། །ལས་ཀྱི་གཙོར་ནི་བསྐང་བཤགས་བྱ། །དེ་བཞིན་ཉིད་དང་ཀུན་ཏུ་སྣང་། །རྒྱུ་ལས་བྱུང་བའི་དཀྱིལ་འཁོར་ནི། །འབྱུང་བ་ལྔ་ཡི་རིམ་པ་ཉིད། །ཧཱུཾ་དང་ཨེ་ཡཾ་རཾ་དང་ར། །བཾ་ཀེཾ་བྲུཾ་ལས་བྱུང་བ་ནི། །གཞལ་ཡས་ཕྱི་ནང་མེད་པ་དེ། །དུར་ཁྲོད་ཁང་པ་རབ་ཏུ་བསྒོམ། །རྡོ་རྗེ་བྲག་ཆེན་བཅོ་བརྒྱད་གདན། །ཨེ་སྟེངས་ཆེ་མཆོག་ཧེ་རུ་ཀ །དབུ་ནི་ཉི་ཤུ་རྩ་གཅིག་ལ། །དུས་གསུམ་སངས་རྒྱས་དབུ་ལ་བཞུགས། །ཕྱག་ནི་བཞི་བཅུ་རྩ་གཉིས་ལ། །ཕྱག་མཚན་བཞི་བཅུ་རྩ་གཉིས་བསྣམས། །ཡུམ་ནི་དབུ་དགུ་བཅོ་བརྒྱད་ཕྱག །ཨོཾ་མ་ཧཱ་ཤྲཱི་ཧེ་རུ་ཀ་རཾ་ཛྭ་ལ་རཾ། མ་ཧཱ་ཀྲོ་དྷཱི་ཤྭ་རཱི་སྟྭཾ། གཞན་ཡང་རིགས་བཞི་ཧེ་རུ་ཀ །བཛྲ་ཁྲག་འཐུང་རྣམ་པ་ལྔ། །བཛྲ་ཤྲཱི་ཧེ་ཀ །བུཌྜྷ་ཤྲཱི་ཧེ་རུ་ཀ །རཏྣ་ཤྲཱི་ཧེ་རུ་ཀ །པདྨ་ཤྲཱི་ཧེ་རུ་ཀ །ཀརྨ་ཤྲཱི་ཧེ་རུ་ཀ །སྟོང་གསུམ་ཁྲོ་བོས་རབ་བཀང་ནས། །ཁྲོ་བོ་གནས་སུ་ཡང་དག་བཞུགས། །ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་ཧཱུཾ་ཀཱ་ར་ཧཱུཾ། བཛྲ་མ་ཧཱ་ཀྲོ་དྷ་བི་ཛ་ཡ་ཧཱུཾ། བཛྲ་མ་ཧཱ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུཾ། བཛྲ་མ་ཧཱ་ཀྲོ་དྷ་ཡ་མཱན་ཏ་ཀ་ཧཱུཾ། བཛྲ་མ་ཧཱ་ཀྲོ་དྷ་ཨཱརྱ་ཨ་ཙ་ལ་ཧཱུཾ། བཛྲ་མ་ཧཱ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུཾ། བཛྲ་མ་ཧཱ་ཀྲོ་དྷ་ཨ་བ་ར་ཛི་ཏ་ཧཱུཾ། བཛྲ་མ་ཧཱ་


DNG020_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ། བཛྲ་མ་ཧཱ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུཾ། བཛྲ་མ་ཧཱ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུཾ། རྟ་མགྲིན་བདུད་རྩི་འཁྱིལ་པ་དང་། །ཡེ་ཤེས་སེམས་དཔའ་ས་ནུར་གསལ། །ཧྲི་པདྨཱནྟ་ཀྲྀཏ་ཧ་ཡ་གྲཱི་བ་ཧྲིཿ། ཛཿཧཱུཾ་བཾ་ཧོཿ། ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ་ཛ། ཧཱུཾ་ཛྙཱ་ན་སཏྭ་ཧཱུཾ། ཧཱུཾ་ས་མ་ཡ་སཏྭ་ཧཱུཾ། དེ་ནས་ཚུལ་བཞིན་དབང་ཡང་བསྐུར། །སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས། །ཨོཾ་སརྦ་ཏ་ཐཱ་ག་ཏ་མུ་དྲ་ཨ་བྷི་ཥིཉྩ་ཧཱུཾ། ཨོཾ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨོཾ་ཨཱཿཧཱུཾ། ཡེ་ཤེས་དཀྱིལ་འཁོར་ཆེན་པོ་ཡང་། །ཆོས་ཀྱི་དབྱིངས་ནས་སྤྱན་ཡང་དྲངས། །ཛཿཧཱུཾ་བཾ་ཧོཿ། མ་ཧཱ་ཤྲཱི་ཧེ་རུ་ཀ་པདྨཱནྟ་ཀྲྀཏ་ཧ་ཡ་གྲཱི་བ་ཧཱུཾ་ཛ། ཛཿཧཱུཾ་བཾ་ཧོཿ། ཨཱ་ཀཪྵ་ཡ་ཧཱུཾ་ཛ། ནམ་མཁའི་མཐའ་མཉམ་མ་ལུས་པ། །བདུད་རྩིར་གནས་ལ་ཀུན་ཕྱག་འཚལ། །ཨ་ཏི་པུ་ཧོ། པྲ་ཏཱིཙྪ་ཧོ། ཨ་ལ་ལ་ཧོ། རིམ་བཞིན་ཆེ་མཆོག་ཁྲོ་མཁར་ཏུ། །གོ་རིམ་བཞིན་དུ་བཞུགས་སུ་གསོལ། །ཀ་ཡ་ཝཱ་ཀ་ཙིཏྟ་ས་མ་ཡ་ལྷན། ཕྱི་དང་ནང་དང་གསང་བ་དང་། །དེ་ཁོ་ན་ཡི་མཆོད་པ་འབུལ། །སྐུ་དང་གསུང་ཐུགས་ཡོན་ཏན་ལས། །ཆེ་བ་རྣམས་ཀྱི་སྒོ་ནས་བསྟོད། །དངོས་གྲུབ་ཡེ་ཤེས་གང་ཡིན་པ། །འདོད་པའི་དོན་ལ་སྨོན་ལམ་གདབ། །ཉི་ཟླ་གསལ་བའི་དཀྱིལ་འཁོར་ནས། །འབྱུང་ལྔའི་འཕྲོ་འདུས་བསྡུ་བར་བྱ། །གུ་ཡ་ལག་པའི་ཕྱག་རྒྱ་ཡིས། །རྟ་མགྲིན་དཔའ་བོ་གསལ་བར་བྱ། །དེ་ནས་བཟླས་པ་བྱ་བ་ནི། །བྱང་སེམས་བདུད་རྩིའི་རང་བཞིན་ནི། །རྣམ་པར་མི་རྟོག་ཆོས་ཀྱི་སྐུ། །ཞེ་སྡང་ལོངས་སྤྱོད་རྫོགས་པའི་སྐུ། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱིས། །ཞེ་སྡང་བྱང་སེམས་དག་བྱའི་ཕྱིར། །སྤྲུལ་སྐུའི་ཡི་གེ་འབྲུ་དགུ་ཡིས། །བཅུ་གཉིས་ཚུལ་དུ་རྣམ་པར་དག །ཨོཾ་ནི་སྐུ་ཡི་རང་བཞིན་ཏེ། །ཇི་སྙེད་སྣང་བའི་ཆོས་རྣམས་ཀུན། །ཆོས་ཀྱི་སྐུ་ལས་མ་གཡོས་པས། །


DNG020_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུམས་སུ་ཞུགས་པའི་ཚུལ་དང་སྦྱར། །ཨཱཿནི་གསུང་གི་རང་བཞིན་ཏེ། །སྐྱེ་བ་མེད་ལས་སྐྱེ་བའི་ཚུལ། །ཏིང་འཛིན་རྣམ་གསུམ་ཚུལ་ཡིན་པས། །ལྷུམས་ནས་བལྟམ་པའི་ཚུལ་དང་སྦྱར། །ཧཱུཾ་ནི་ཐུགས་ཀྱི་རང་བཞིན་ཏེ། །ཁམས་གསུམ་སེམས་ཅན་ཐམས་ཅད་ལ། །ཐུགས་ཀྱིས་འགྲོ་བའི་དོན་མཛད་པས། །གཞོན་ནུ་རོལ་རྩེད་མཛད་པའི་ཚུལ། །ས་ནི་ཡུམ་གྱི་རང་བཞིན་ཏེ། །བདེར་གཤེགས་རྒྱལ་བའི་ཡེ་ཤེས་ལྷ། །ཐམས་ཅད་བསྐྱེད་པའི་གཞི་ཡིན་པས། །ཁབ་ཏུ་བཞེས་པའི་ཚུལ་དང་སྦྱར། །རྦ་ནི་རླུང་གི་རང་བཞིན་ཏེ། །ཐམས་ཅད་བསྐྱོད་པའི་མཐུར་ལྡན་པས། །འཁོར་བ་མྱ་ངན་འདས་པར་བསྐྱོད། །ཁབ་ནས་རབ་ཏུ་བྱུང་བའི་ཚུལ། །པཉ་ནི་ཆུ་ཡི་རང་བཞིན་ཏེ། །བྱང་ཆུབ་སེམས་ཀྱི་ཆུ་ཆེན་པོ། །ཐམས་ཅད་རླན་ཞིང་སྣུམ་པར་བྱེད། །དཀའ་ཐུབ་མཛད་པའི་ཚུལ་ཡིན་ནོ། །ཙ་ནི་མེ་ཡི་རང་བཞིན་ཏེ། །ཡེ་ཤེས་ཆེན་པོའི་མེ་ལོང་གིས། །ཉོན་མོངས་ཐམས་ཅད་སྲེག་བྱེད་པས། །བདུད་རྣམས་བཏུལ་བའི་ཚུལ་དང་སྦྱར། །ཨ་ནི་བྱང་ཆུབ་སེམས་ཀྱི་ངང་། །འགྲོ་དྲུག་སེམས་ཅན་ཐམས་ཅད་ཀུན། །སྐྱེ་མེད་དབྱིངས་སུ་རྣམ་དག་པས། །སངས་རྒྱས་པ་ཡི་ཚུལ་དང་སྦྱར། །མྲྀ་ནི་དུག་གསུམ་རྩད་བཅད་སྟེ། །ལུས་ངག་ཡིད་གསུམ་ཐམས་ཅད་ཀུན། །སྐུ་གསུང་ཐུགས་སུ་རབ་ལྡན་པས། །ཆོ་འཕྲུལ་ཆེན་པོ་བསྟན་པའི་ཚུལ། །ཏ་ནི་འགྲོ་བ་སོ་སོ་ལ། །བསྟན་པའི་དོན་གསུང་གཉིས་མེད་བཀའ། །ཐེག་པ་ཆེན་པོའི་ཆོས་སྟོན་པས། །ཆོས་ཀྱི་འཁོར་ལོ་བསྐོར་བའོ། །ཧྲཱྀཿནི་ཐམས་ཅད་དབང་དུ་སྡུད། །ཐུགས་རྗེའི་འོད་ཟེར་ཐམས་ཅད་ཀུན། །སླར་ལ་བསྡུས་ཏེ་མི་དམིགས་པས། །མི་གནས་མྱ་ངན་འདས་པའོ། །ཐ་ནི་ཐ་ཚིག་ཆེན་པོ་སྟེ། །ཁམས་གསུམ་སྲིད་


DNG020_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཐམས་ཅད་ལ། །ཐུགས་རྗེས་ཀུན་ལ་ཁྱབ་པས་ནས། །སྐུ་གདུང་བགོས་པའི་ཚུལ་དང་སྦྱར། །སྤྲུལ་སྐུས་དེ་ལྟར་དོན་མཛད་ནས། །ཉོན་མོངས་བྱང་ཆུབ་སེམས་སུ་དག །སེམས་ཉིད་ཡེ་ཤེས་ངང་དུ་གསལ། །མི་གནས་ཡེ་ཤེས་ཆེན་པོའི་ངང་། །བྱ་བྲལ་བདུད་རྩི་ཀློང་ཕྱག་འདུད། །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཧྲཱྀཿཐ། ཨཱོཾ་ལས་འོད་བྱུང་ཨ་ཡིས་སྤེལ། །ཧཱུཾ་གིས་བདུད་རྩི་རྣམ་དག་བསྐྱིལ། །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ་ཧྲཱྀཿཐ། རྟགས་དང་མཚན་མ་འབྱུང་བ་ནི། །བྱང་སེམས་འོད་དང་དྲི་ཆེན་དྲི། །མཱཾ་སའི་འཕེལ་བ་རཀྟའི་སྒྲ། །དྲི་ཆུའི་དུ་བ་འབྱུང་བ་དེ། །སྤྱི་འདུས་ལྷ་མོའི་གཟུགས་སུ་སྟོན། །རྟགས་མེད་ཉམས་ཆག་བསྐང་བ་དང་། །སྤོགས་པ་སྒྲུབ་ཐབས་བསྐྱར་ལ་བྱ། །ཐང་གཅིག་ཡུད་ཙམ་ཉིན་ཞག་གཅིག །བདུན་ནམ་ཉི་ཤུ་རྩ་གཅིག་དེ། །ཕྱི་མའི་དུས་ལ་མི་ལྟོས་པར། །ཚེ་འདིར་འབྲས་བུ་ཐོབ་པར་བྱེད། །དེ་ནས་བདུད་རྩི་དབབ་པ་ཡང་། །སྔགས་དང་ཕྱག་རྒྱ་ཏིང་འཛིན་དབབ། །ཨོཾ་མེ་པྲ་བེ་ཤ་ཡ་ཕེཾ་ཕེཾ། དེ་ནས་ཟླ་གམ་དཀྱིལ་འཁོར་དུ། །ཀླུ་བདག་རྒྱལ་པོས་དབང་དུ་བྱ། །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་པདྨཱནྟ་ཀྲྀཏ་ཧ་ཡ་གྲཱི་བ་ཨེ་ཀ་ཛ་ཏི་ཧུ་ལུ་ཧུ་ལུ་ཨཱ་ཡུཪྵེ་ཙ་ཨ། དེ་ནས་མཚན་དོན་བསྙེན་པ་དབུལ། །སྔགས་ཀྱི་རྒྱལ་པོ་འདི་དག་བཟླས། །ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་མཉྫུ་ཤྲཱི་བྱ་བ་ལོ་ཀི་ཏེ་ཧཱུཾ་ཧྲཱྀཿཐ། ཨོཾ་མ་ཧཱ་གུ་ཡ་སིདྡྷི་ཧྲཱྀཿཐ།དེ་ནས་ལྷ་ཚོགས་ཐམས་ཅད་ལ། །གུས་པས་གསོལ་བ་གདབ་པར་བྱ། །སློབ་མ་དཀྱིལ་འཁོར་འཇུག་པ་ཡི། །སྔོན་ནས་སློབ་དཔོན་རིག་པས་འཇུག །ཕྱི་ནི་རཱ་ས་ཡ་ནའི་དབང་། །ཁྲོལ་བུ་བསྒྲུབ་པའི་དུས་སུ་བསྐུལ། །ནང་ནི་བདུད་རྩི་བུམ་པའི་དབང་། །གསང་བའི་དགོངས་པ་སྨིན་པར་བྱེད། །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ། ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཧཱུཾ། གསང་བ་ཐབས་དང་ཤེས་རབ་དབང་། །སྦྱོར་བའི་དུས་སུ་བསྐུར་བར་བྱ། །དངོས་གྲུབ་རབ་ནི་སངས་རྒྱས་ཏེ། །ཕྱག་རྒྱ་ཆེན་པོ་མཆོག་ཐོབ་བོ། །འབྲིང་ནི་རིག་འཛིན་གོ་འཕང་ཐོབ། །ཐ་མ་ཚེ་དང་མངོན་ཤེས་འབྱུང་། །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་


DNG020_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་མྲྀ་ཏ། ཨ་ཧོ་སུ་ཁ་དྷརྨ་ཀཱ་ཡ་ནི། ཨ་མྲྀ་ཏ་སིདྡྷི་ཧྲཱྀཿ། སྐྱེ་མེད་ན་རོ་ཐིག་ལེའི་གདངས། །སྐུ་དེ་དང་པོ་རྟེན་མེད་གསུང་། །གྲེ་འབྱུང་གདངས་ཡང་ཐིག་ལེས་སྤྲས། །ཀུན་གྱི་སེམས་ལ་ཡང་དག་གནས། །ས་རླུང་ཆུ་མེ་ནམ་མཁའི་གནས། །སྐྱེ་མེད་སྐྱེ་མཚོན་སོ་ལྕེ་སྦྱར། །སྔགས་རྣམས་ཀུན་གྱི་རྩ་བར་ཤར། །ཀླད་དུ་ཆེ་བ་རྒྱལ་པོ་འདྲ། །ཆོས་སྐུས་ཀུན་ལ་ཁྱབ་པར་གནས། །བདུད་རྩི་ཆེན་པོ་སུ་འཆང་བ། །རིགས་ལྔ་ཉིད་ལ་གནས་པ་དེ། །མཁའ་འགྲོ་ཀུན་དང་འགྲོགས་པ་དང་། །ཡོན་ཏན་བརྗོད་ལས་འདའ་བའོ། །ཐམས་ཅད་མ་ལུས་བདུད་རྩི་ཉིད། །རང་འབྱུང་རང་ཟ་རང་ལ་ཐིམ། །རིལ་པོར་འཛིན་པའི་བསམ་གཏན་ཡང་། །རྗེས་སུ་གཞིག་ནས་ཆོས་སྐུར་གྲོལ། །མཐའ་ཡས་སེམས་ཅན་དོན་གྱི་ཕྱིར། །རྒྱལ་བས་གསུང་ཕྱིར་དེ་དོན་བསྔོ། །དུས་དང་གནས་སྐབས་མ་ལུས་པ། །རང་ལ་གནས་པའི་བདུད་རྩི་ལ། །རྣལ་འབྱོར་པ་ཡིས་འབྲལ་མི་བྱ། །ཆུ་བོ་རྒྱུན་གྱི་ཏིང་འཛིན་གནས། །ལུས་དང་གྲིབ་མ་ཇི་ལྟ་བར། །རྣལ་འབྱོར་ལུས་ཁམས་བདུད་རྩིས་སྦྱང་། །ཞེས་གསུངས་སོ། །ཐམས་ཅད་བདུད་རྩི་ལྔའི་རང་བཞིན། རིན་པོ་ཆེ་ཕྲེང་བའི་རྒྱུད་ལས། སྒྲུབ་པ་པོ་སྨན་ཕྱེ་མ་དངོས་ཀྱི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་བལྟ་བ་བདུད་རྩི་ཆེན་པོར་ལ་བཟླ་བ་འདི་གསུངས་སོ། །ལུས་ཀྱི་ཁམས་དགུ་འདུས་པ་ཡི། །བདུད་རྩི་ཆེན་པོའི་རང་བཞིན་ཡང་། །སྤྲོས་མེད་ཆོས་སྐུར་གནས་པ་ལས། །མ་རྟོགས་འགྲོ་བ་རྣམས་སུ་ཤར། །རྟོགས་ན་རྫོགས་སངས་རྒྱས་པ་རྣམས། །གཞི་ལམ་འབྲས་བུའི་བདུད་རྩི་ལ། །སུ་


DNG020_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་རྣམ་པར་གང་གིས་འབྱེད། །ནམ་མཁའི་ངང་གིས་འབྱུང་བ་ལ། །འབྱུང་བར་ཕྱེ་ཡང་ནམ་མཁར་གཅིག །རང་བཞིན་ཆོས་སྐུ་ཆེན་པོ་ཡིན། །རྣལ་འབྱོར་དོན་དུ་གཉེར་བ་རྣམས། །བདུད་རྩི་ལྔ་ལ་རླུང་སེམས་འདུས། །ཉམས་ནི་སེམས་ལ་འཆར་བར་བྱེད། །སྔགས་ཀྱང་ངག་ཏུ་འབྲུ་ལྔ་ལ། །གར་ནི་ལུས་ལ་རིགས་ལྔར་འབྱུང་། །མཐོང་སྣང་ཡུལ་འདི་བདུད་རྩི་ལྔ། །བག་ཆགས་རྨི་ལམ་རྨི་བ་རྣམས། །བདུད་རྩི་ལྔ་ནི་དང་པོའི་ཉམས། །བར་དུ་རིགས་ལྔ་ལོངས་སྤྱོད་རྫོགས། །ཐ་མ་ཡེ་ཤེས་རྣམ་པ་ལྔ། །ཁམས་ཀྱི་འདུག་ལུགས་རྣམ་གསུམ་གྱིས། །དང་པོ་བར་དང་ཐ་མ་ཡིན། །སྒོམས་ཤིག་རྣལ་འབྱོར་དབང་ཕྱུག་རྣམས། །ཞེས་གསུངས་སོ། །ཐམས་ཅད་བདུད་རྩི་ཆེན་པོ་ལྔའི་རང་བཞིན། རིན་པོ་ཆེ་ཕྲེང་བའི་རྒྱུད་ལས། མཇུག་པ་ལྟ་བ་ཐིག་ལེ་ཆེན་པོར་ལ་བཟླ་བའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་ལ་འཁོར་རྣམས་ཀྱིས། བདུད་རྩི་ཆེན་པོས་མཆོད་ནས། འདི་སྐད་ཅེས་གསོལ་བ་འདེབས་ཤིང་བསྔགས་པ་ཆེན་པོ་བརྗོད་དོ། །བལྟ་བས་ཐག་བཅད་རྒྱ་མཚོ་ཟབ། །དེ་ཕྱིར་དངོས་པོར་ཐག་བཅད་པས། །ཐ་མར་ལ་བཟླ་ངོ་མཚར་ཆེ། །གསང་བ་ཆེན་པོ་ཁྱོད་ཕྱག་འཚལ། །སྤྱོད་པས་ལ་དོར་དམ་ཚིག་བསྲུངས། །དེ་ཕྱིར་དམ་ཚིག་དང་པོར་གསུངས། །བར་དུ་སྒྲོལ་དང་སྦྱོར་བ་ཡིས། །བདག་གཞན་སྤྱོད་པ་ཁྱོད་ཕྱག་འཚལ། །བསྒྲུབ་པས་ཉམས་སུ་བླངས་པ་ནི། །བསྙེན་པ་ཕུན་སུམ་ཚོགས་པ་ནས། །ས་ཆོག་བཤགས་པ་མཚམས་རྣམས་བཅད། །ཉེ་བསྙེན་དཀྱིལ་འཁོར་སྟ་གོན་རྫས། །བསྲེ་བསྣན་ལས་བསྐོས་གདབ་པ་དང་། །རྒྱན་བཏགས་ཕྲིན་ལས་གཞུང་བསྲང་བ། །ནང་གི་དམ་རྫས་སྦྱོར་སྒྲོལ་དང་། །ཕྱི་ཡི་དམ་རྫས་རྩི་སྨན་བཙལ། །བསྒྲུབ་པ་ཁྲོལ་བུ་རྣམ་པ་གསུམ། །རིགས་བརྒྱ་རིགས་གཅིག་རིགས་ལྔར་བསྒྲུབ། །ཕྱེ་མ་བཏགས་བཙག་ཞི་ཁྲོ་སྤེལ། །སྒྲུབ་ཆེན་ཆེ་མཆོག་བུམ་པའི་ལུང་། །སྒྲུབ་པ་ཉམས་ལེན་ཁྱོད་ཕྱག་འཚལ། །ཞེས་རྗེས་སུ་ཡི་རངས་ནས། སྟོན་འཁོར་ཆོས་ཀྱི་སྐུ་དྲི་མ་མེད་པའི་ངང་དུ་ཐིམ་མོ། །ཐམས་ཅད་བདུད་རྩི་ལྔའི་རང་བཞིན། རིན་པོ་ཆེ་ཕྲེང་བའི་རྒྱུད་ལས། རྗེས་སུ་ཡི་རངས་པའི་ལེའུ་སྟེ་བཅུ་བདུན་པའོ།། །།བདུད་རྩི་གསུང་གི་རྒྱུད་རིན་པོ་ཆེའི་ཕྲེང་བ་རྫོགས་སོ།། །།རྒྱ་གར་གྱི་པཎྜི་ཏ་བི་མ་ལ་མི་ཏྲ་དང་། བོད་ཀྱི་ལོ་ཙཱ་བ་གཉགས་ཛྙཱ་ན་ཀུ་མཱ་རས་བསྒྱུར་རོ།། །།

བདུད་རྩི་བདེ་བ་ཆེན་པོའི་རྒྱུད་ཅེས་བྱ་བ།


DNG020_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨ་མྲྀ་ཏ་མ་ཧཱ་སུ་ཁ་ཏནྟྲ་ནཱ་མ། བོད་སྐད་དུ། བདུད་རྩི་བདེ་བ་ཆེན་པོའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན།བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ། ཡོན་ཏན་ཕྲིན་ལས་མ་ལུས་ལུས་པ་མེད་པའི་བདག་ཉིད། ཁམས་གསུམ་པའི་སེམས་ཅན་གྱི་དེ་ཁོ་ན་ཉིད་དང་དབྱེར་མེད་པ། འདི་ལྟར་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ། རྡོ་རྗེ་སྙིང་པོའི་བཙུན་མོའི་བྷ་ག་ལ། སྲིད་གསུམ་པའི་བུད་མེད་དང་དབྱེར་མེད་པའི་བདེ་སྟོང་ཆེན་པོ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རོལ་པ་ཆེན་པོ་ལ་ཡང་དག་པར་བཞུགས་པ། དེ་ཉིད་ཀྱི་སྲས་རིགས་ལྔའི་བདེ་བར་གཤེགས་པ་ཡུམ་དང་བཅས་པ་དང་། དེ་དག་གི་སྲས་ཕྱི་ནང་གི་བྱང་ཆུབ་སེམས་དཔའ་ཡབ་དངཡུམ་དང་ལྡན་པ་དང་། ཁམས་གསུམ་པའི་རིགས་དྲུག་འདུལ་བའི་སྟོན་པར་གྱུར་པ་སྤྲུལ་པའི་སྐུ་ཐུབ་པ་ཆེན་པོ་དྲུག་ཀྱང་མཆོད་རྟེན་ཆེན་པོ་བརྒྱད་ཀྱི་མཛད་པ་སྤྲོ་བ་དང་། གདུག་པ་འདུལ་བའི་ཁྲོ་བོ་ཡབ་ཡུམ་དང་བཅས་པ་བཞུགས་སོ། །སངས་རྒྱས་དང་། ཡུལ་དང་། བྱང་ཆུབ་སེམས་དཔའ་དང་། གཟུངས་མ་དང་། སྤྲུལ་པ་དང་། ཁྲོ་བོ་དང་།རིག་མར་བཅས་པ་རྣམས་ཀྱང་། ལུས་ཀྱི་ཁམས་དགུ་འདུས་པའི་དྭངས་མ་ཆེན་པོ། བདུད་རྩི་ཆེན་པོ་གསང་བ་བས་ཀྱང་ཆེས་གསང་བ། ཡང་གསང་རྨད་དུ་བྱུང་བ། སྙིང་པོ་ལས་ཀྱང་སྙིང་པོ། འཁོར་བ་བདུད་ཀྱི་དུག་ཅན་ལ། མྱ་ངན་འདས་པ་མགོན་པོ་ཡེ་ཤེས་ཀྱི་རྩི་གཏོང་བར་བྱེད་པའི་བདག་ཉིད། ལུས་ཀྱི་ཁམས་བདུད་རྩི་ཆེན་པོའི་དགོངས་པ་ལ་ཐ་མི་དད་པར་སྤྱོད་པའོ། །དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་བདེ་བ་ཆེན་པོས་ཁྱབ་པ་དེ་ཉིད་ཏིང་ངེ་འཛིན་གྱི་ཆོ་འཕྲུལ་མཛད་པ་ནི་ཏིང་ངེ་འཛིན་གྱི་རྒྱལ་པོ་སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་ལ་བཞུགས་སོ། །


DNG020_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

རྫུ་འཕྲུལ་གྱི་ཆོ་འཕྲུལ་མཛད་པ་ནི། གནས་སྦྱོང་བའི་རྫུ་འཕྲུལ་དང་། བྱིན་གྱིས་བརླབ་པའི་རྫུ་འཕྲུལ་མཛད་དོ། །ཆོས་གནང་བའི་ཆོ་འཕྲུལ་ནི།འཁོར་སྡུད་པ་དང་། ཆོས་རྣམས་སྣང་བར་བསྐུལ་བ་མཛད་དོ། །དེ་ནས་འཁོར་གྱི་ནང་ནས་རྡོ་རྗེ་ཆོས་ཀྱིས། བཅོམ་ལྡན་འདས་ཀྱི་རྩར་སེང་གེའི་འགྲོ་སྟངས་ཀྱིས་དོང་ནས། ཞབས་སྤྱི་བོར་བཞག་སྟེ་གླང་པོ་ཆེའི་ལྟ་སྟངས་ཀྱིས་བལྟས་ནས། ཁམས་གསུམ་གྱི་སྟོན་པ་འཁོར་འདས་ཀྱི་བདག་པོ་ལ་འདི་སྐད་ཅེས་ཞུས་སོ། །ཧོ་མ་ལུས་སྐུར་སྣང་ནམ་མཁའ་ལྟ་བུའི་སྐུ། །ཉི་མའི་སྙིང་པོ་བཞིན་དུ་རབ་གསལ་བ། །སྟོང་ཉིད་ཤེས་རབ་ཐབས་ཀྱི་སྙིང་རྗེ་ཅན། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཁྱོད་བཞེངས་ལ། །ལུས་ཁམས་བདུད་རྩིའི་ལུས་ལ་ཇི་ལྟར་གནས། །བགྲོད་བྱེད་གོམ་པ་ལམ་དུ་ཇི་ལྟར་བསྒྲུབ། །བདག་གཞན་དངོས་གྲུབ་དབང་གི་འབྲས་བུ་གང་། །འགྲོ་ལ་ཕན་ཕྱིར་ཁྱོད་ཀྱིས་ད་ལྟར་གསུངས། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཤད་པར་ཞལ་གྱིས་བཞེས་པ་འདི་གསུངས་སོ། །ཡེ་ནས་བདུད་རྩི་ལུས་གནས་གཞི། །དེ་ཉིད་ཉམས་ལེན་བགྲོད་པ་ལམ། །ནར་སོན་མཐར་ཕྱིན་འབྲས་བུ་ཉིད། །ལུས་ལ་རྟེན་འདྲེལ་རབ་བསྒྲིགས་ནས། །ཚང་མས་གཏན་ལ་ཕབ་ནས་ནི། །འཁོར་བ་མྱ་ངན་འདའ་བྱའི་ཕྱིར། །དགོངས་པ་བརྡའ་ཡིས་རབ་བཤད་པས། །འགྲོ་བའི་དོན་དུ་རབ་ཉོན་ཅིག །ཅེས་ལོངས་སྤྱོད་རྫོགས་པའི་སྐུས་དགོངས་པ་བརྡས་བཤད་དོ། །བདུད་རྩི་བདེ་བ་ཆེན་པོའི་རྒྱུད་ལས། གླེང་གཞི་དང་གླེང་བསླང་བའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། གཞི་དངོས་པོ་གཤིས་ཀྱི་གནས་ལུགས་འདི་འགྲོ་བའི་ཆེད་དུ་གསུངས་སོ། །ཀྱེ་ཧོ་འཁོར་འདས་དབྱེར་མེད་ཆེན་པོ་འདི། །བཅིང་མེད་གྲོལ་མེད་རིག་པ་ཉིད། །ཐམས་ཅད་ཀུན་པས་ང་སྔར་ཤར། །དབྱེར་མེད་བདུད་རྩི་ཆེན་པོར་གནས། །མ་རིག་ལས་དང་ཉོན་མོངས་ཀྱིས། །ཁམས་གསུམ་འཁོར་བར་སྣང་བ་ནི། །


DNG020_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་མ་ཐ་མ་མེད་དུས་ན། །སྣོད་བཅུད་འཁོར་བ་འཁྲུལ་པར་སྣང་། །མ་རིག་པ་ཉིད་ཡེ་ཤེས་ལ། །ལས་ཉིད་བདེ་བར་རང་སྣང་བས། །ཡེ་ཤེས་མངའ་བདག་རིགས་ལྔ་ཉིད། །དུས་གསུམ་སངས་རྒྱས་མེས་པོ་ཡིན། །སེམས་ཅན་ལུས་ལ་བདུད་རྩི་གནས། །རང་བྱུང་བདུད་རྩི་ཆེན་པོ་ནི། །བྱང་ཆུབ་སེམས་ནི་རྒྱུ་ཡི་རྩ། །བཅུ་ཚན་གསུམ་གྱི་སྟེང་དུ་གཉིས། །དེ་ནི་གཉིས་འདུས་ཀུན་བཟང་གཟུགས། །དོན་དམ་གཟུགས་ཀྱི་བདག་ཉིད་དོ། །དེ་ཡི་གཙོ་བོ་གསུམ་གསུམ་ནི། །ཤེས་རབ་ཏིང་འཛིན་ལ་ལ་ནཱ། །ཐབས་ཀྱི་རང་བཞིན་ར་ས་ནཱ། །དེ་ཁོ་ན་ཉིད་གཉིས་མེད་གཟུགས། །ཨ་བ་དྷཱུ་ཏཱི་ཆོས་འབྱུང་གནས། །དཀྱིལ་འཁོར་དེ་ལ་རབ་གནས་པ། །མི་བསྐྱོད་རྒྱུ་བ་ལ་ལ་ནཱ། །རཀྟ་རྒྱུ་བ་ར་ས་ནཱ། །ཨ་བ་དྷཱུ་ཏཱི་བྱང་སེམས་རྒྱུ། །འཁོར་འདས་ཆོས་རྣམས་ཐམས་ཅད་ནི། །ཕྲ་མོ་ཕྲ་མོའི་རང་བཞིན་ཅན། །དེ་ནི་ལ་ལ་ནཱ་ཞེས་བྱ། །ཆོས་རྣམས་ཐམས་ཅད་བརྗོད་དུ་མེད། །དེ་ཡི་རང་བཞིན་ར་ས་ནཱ། །དབྱེར་མེད་པ་ཡི་བདག་ཉིད་ནི། །ཨ་བ་དྷཱུ་ཏཱི་ཞེས་བྱའོ། །རྩ་ནི་སུམ་ཅུ་རྩ་གཉིས་ཀྱི། །གནས་དང་དེ་བཞིན་མིང་བསྟན་པ། །རྐང་པ་གཡོན་པའི་མཐེ་བོང་ན། །དེ་ཡི་རང་བཞིན་མེད་པའི་ཕྱིར། །མིང་ནི་ཨ་བྷེ་ད་ཞེས་སོ། །རྐང་པ་དག་གི་བྱིན་པ་ན། །ནམ་མཁའི་ཁམས་ཀྱི་རང་བཞིན་ཕྱིར། །དེ་མིང་སུཀྵྨ་མ་རཱུ་པཱ། །བརླ་ནི་གཡོན་པ་དག་ན་ཡང་། །འདོད་པ་ལྔ་ཡི་བདག་ཉིད་ཕྱིར། །བདུད་རྩི་དི་བྱཱ་རྒྱུ་ཞིང་གནས། །གསང་བའི་གཡོན་ན་དེ་ཁོ་ན། །དམིགས་པའི་ཤེས་རབ་བྱེད་པའི་ཕྱིར། །ལུས་ཁམས་བཱ་མཱ་རུ་ཞེས་སོ། །ལྟེ་བ་ཕྱག་རྒྱ་ཆེན་པོ་དང་། །རྒྱུ་མཐུན་དག་གིས་བཱ་མི་ནཱི། །སྙིང་ག་ལྟེ་བའི་གཡོན་པ་ན། །འཁོར་བ་དང་ནི་མྱ་ངན་འདས། །ཁ་སྦྱར་གཟུགས་ཕྱིར་ཀཱུརྨྨ་ཛཱ། །ནུ་མ་གཡོན་ན་གནས་པ་ནི། །བདེ་ཆེན་སྒོམ་པ་བྷཱ་བ་ཀཱི། །མགྲིན་པ་གཡོན་ན་གནས་པ་ནི། །དྲི་མ་མེད་བྱེད་ཤེ་


DNG020_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

ཀའོ། །ལག་མཐིལ་གཡོན་ན་དང་པོ་བཙོགས། །དུས་བྱེད་པ་ནི་དོ་ཥཱའོ། །མ་མཆུ་དག་ལ་གནས་པ་ཡང་། །བདེ་ཆེན་འབེབས་པའི་ཥྚཱའོ། །མཁུར་ཚོས་གཡོན་ན་གནས་པ་ནི། །རྣམ་པར་བལྟ་བ་མཱ་ཏ་རཱ། །མིག་གཡོན་བདེ་བ་ཆེན་པོས་ནི། །འཁྲུ་བ་དག་གིས་སརྦ་རཱི། །རྣ་བ་གཡོན་པའི་རྩ་ན་ཡང་། །རླུང་རབ་ཤེས་པ་ཤཱི་ཏ་དཱ། །ལྡན་པ་དག་ནི་གཡོན་པ་ན། །མ་སྐྱེས་ཕྱིར་ནི་ཨུཥྨཱ་ཎའོ། །སྤྱི་གཙུག་རྡོ་རྗེ་འཛིན་པའོ། །མོས་དང་དགའ་བྱེད་ལ་ལ་ནཱ། །སྤྱི་བོ་སྤྲོས་པ་དང་བྲལ་ཕྱིར། །ཨ་བ་དྷཱུ་ཏཱི་ཞེས་བྱ་གནས། །སྤྱི་བོའི་གཙུག་ནི་གཡས་པ་ན། །མྱང་བས་དགའ་ཕྱིར་ར་ས་ནཱ། །བལྟ་བ་དག་ན་གནས་པ་དང་། །སྐུ་སོགས་བདག་གི་སྲ་བ་ཎཱ། །ལྡན་པ་གཡས་ན་མི་བསྐྱོད་པ། །བདག་ཉིད་ཀྲྀཥྞ་བརྞྞཱའོ། །རྣ་བ་གཡས་པའི་རྩ་བ་ན། །ཐམས་ཅད་རྗེས་འགྲོ་ས་མ་ནྱཱ། །མིག་གཡས་བྱེད་པའི་བདག་ཉིད་དུ། །གྱུར་ཕྱིར་ཧེ་ཏུ་དཱ་ཡི་ཀཱ། །མཁུར་ཚོས་གཡས་ན་དཔའ་བོ་ཡི། །དགའ་བ་བྲལ་བའི་ཡོ་གཱའོ། །ཡ་མཆུ་དག་ལ་གནས་པ་ཡང་། །ཐམས་ཅད་འགྲོ་མ་པྲེ་མ་ཎཱི། །མགྲིན་པ་གཡས་ན་ཐོག་མ་ཡི། །རང་བཞིན་མེད་ཕྱིར་སིཌྜྷའོ། །ལག་མཐིལ་གཡས་སྒེག་ཚོགས་པ་ཡི། །རོ་བྱེད་ཕྱིར་ན་པཱ་བ་ཀཱི། །ནུ་མ་གཡས་ན་ལུས་འབྲལ་སྟེར། །ཐོབ་བྱེད་སུ་མ་ནཱ་གནས་སོ། །སྙིང་གའི་གཡས་ན་སྐུ་གསུང་ཐུགས། །བདག་ཉིད་ཡིན་ཕྱིར་ཏྲྀ་བྲྀཏྟཱ། །ལྟེ་བའི་གཡས་ན་འདོད་པས་ནི། །དགའ་བའི་ཕྱིར་ན་ཀཱ་མི་ནཱི། །ཆོས་འབྱུང་གཡས་ན་སངས་རྒྱས་རྣམས། །གནས་པའི་ཕྱིར་ན་གེ་ཧཱའོ། །བརླ་གཡས་ཐམས་ཅད་བདེ་ཆེན་པོས། །ཁྱབ་བྱེད་ཙཎྜ་ཨཱདྨའོ། །བྱིན་པ་གཡས་ན་བགེགས་རྣམས་ནི། །མེད་བྱེད་ཀ་ཏྱ་ཡ་ནཱིའོ། །མཐེ་བོང་གཡས་ན་སྡུག་བསྔལ་རྣམས། །མི་འཇུག་མ་དཱ་རི་ཀའོ། །དེ་ལྟར་རྩ་ནི་སུམ་ཅུ་གཉིས། །ལུས་གནས་ལུགས་དང་ལུགས་ལས་བཟློག །རྩ་ནི་དེ་དག་རྣལ་འབྱོར་པའི། །དངོས་པོ་ཡོངས་སུ་གྱུར་པའོ། །ལུས་


DNG020_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྩོགས་པ་རང་བཞིན་བཅིངས། །བདེ་བ་ཆེན་པོས་ཡོངས་སུ་འགྱུར། །ཁམས་ཀྱི་བདག་ཉིད་རྒྱུ་བ་ལ། །ཚེས་གྲངས་བཞིན་དུ་ཕུར་པས་བཏབ། །དུར་ཁྲོད་མཁའ་འགྲོའི་མཐུ་རུ་འགྱུར། །གྲངས་བཞིན་བདེ་བ་བསྒོམས་པས་ནི། །ཙཎྜ་ལཱི་ཡི་གནས་བརྟགས་པ། །བདེ་བ་འཛིན་པའི་བསྒོམ་དུ་འགྱུར། །ཨ་ལ་སོགས་པའི་ཨཱ་ལི་དང་། །ཀ་ལ་སོགས་པའི་ཀཱ་ལི་དང་། །རྡོ་རྗེ་དང་ནི་པདྨ་དང་། །ཐབས་དང་དེ་ནི་ཤེས་རབ་དང་། །བདེ་ཆེན་ལོངས་སྤྱོད་ཆོས་དང་སྤྲུལ། །དཔའ་བོའི་དགའ་བ་མཆོག་ཏུ་དགའ། །བྲལ་ལོ་ལྷན་ཅིག་སྐྱེས་པ་དང་། །སྐུ་དང་གསུང་དང་ཐུགས་རྣམས་སོ། །ཨེ་བཾ་མ་ཡཱའི་ཡི་གེ་བཞི། །ཨེ་ནི་ཆོས་ཀྱི་འབྱུང་གནས་དང་། །སྟོང་པ་ཉིད་དང་དགའ་བ་དང་། །ལྷ་མོ་སངས་རྒྱས་སྤྱན་མའོ། །བཾ་ནི་ཆུ་དང་མཚན་མ་མེད། །མཆོག་ཏུ་དགའ་བ་མཱ་མ་ཀཱི། །མ་ནི་མ་དང་སྨོན་པ་མེད། །དཔའ་བོ་དགའ་བ་གོས་དཀར་མོ། །ཡཱ་རླུང་མངོན་པར་འདུས་མ་བྱས། །ལྷན་ཅིག་སྐྱེས་དགའ་སྒྲོལ་མ་ཡིན། །ལྟེ་བ་སྤྲུལ་པའི་དཀྱིལ་འཁོར་ན། །འདབ་མ་དྲུག་ཅུ་རྩ་བཞི་ལ། །ཀཱ་ལི་སུམ་ཅུ་རྩ་གཉིས་ནི། །ལུགས་དང་ལུགས་ལས་བཟློག་པས་ན། །ཡི་གེ་དྲུག་ཅུ་རྩ་བཞིའོ། །པདྨ་འདབ་མ་བཞི་པ་སྟེ། །རེ་རེར་ཀ་ལ་སྩོགས་པ་བཞི། །སྟོང་པ་བཅུ་དྲུག་ཡི་གེ་ནི། །རྣམ་པར་དག་པས་སངས་རྒྱས་པ། །རང་གི་ངོ་བོ་ཡོངས་གྱུར་པས། །འདབ་མ་དྲུག་ཅུ་རྩ་བཞི་པའི། །རྣམ་པ་ཆོས་ཀྱི་འབྱུང་གནས་འཁོར། །སྙིང་ག་ཆོས་ཀྱི་དཀྱིལ་འཁོར་ན། །འདབ་བརྒྱད་ཡི་གེ་བརྒྱད་གནས་པ། །ཨ་ཀ་ཙ་ཊ་ཏ་པ་ཡ། །ཤ་ཡི་སྡེ་ཚན་དང་པོ་རྣམས། །འབྱུང་བ་འབྱུང་བ་ལས་གྱུར་པ། །ཕྲ་མོ་ལ་ནི་ཕྲ་མོའི་གཟུགས། །པདྨ་འདབ་མ་བརྒྱད་པའོ། །མགྲིན་པ་ལོངས་སྤྱོད་དཀྱིལ་འཁོར་ན། །འདབ་མ་བཅུ་དྲུག་གནས་པ་ལ། །ཨཱ་ལི་བཅུ་དྲུག་གནས་པ་དེ། །སྟོང་པ་བཅུ་དྲུག་རྣམ་པར་གནས། །ལོ་ཡང་བཅུ་དྲུག་ལོན་པ་ཡི། །ཤེས་རབ་ལོངས་སྤྱོད་རྣམ་པའོ། །དེ་ཕྱིར་འདབ་མ་བཅུ་དྲུག་པ། །


DNG020_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྤྱོད་དཀྱིལ་འཁོར་ཞེས་བྱའོ། །སྤྱི་བོ་བདེ་བ་ཆེན་པོ་ཡིས། །དཀྱིལ་འཁོར་འདབ་མ་སུམ་ཅུ་གཉིས། །སྐྱེས་བུ་ཆེན་པོའི་མཚན་རྣམས་ནི། །རྣམ་དག་འདབ་མ་སུམ་ཅུ་གཉིས། །ཇི་ལྟར་འཁོར་ལོ་བཞིར་བཤད་པ། །སྐད་ཅིག་མ་ཡང་རྣམ་པ་བཞི། །རྣམ་པ་དུ་མར་རྣམ་པར་སྨིན། །རྣམ་པར་འཇོམས་དང་རྣམ་མཚན་ནི། །ཉོན་མོངས་རྣམས་ལ་བདེན་པ་བཞི། །སྡུག་བསྔལ་དང་ནི་ཀུན་འབྱུང་དང་། །ལམ་དང་འགོག་པའི་བདེན་པ་ཡང་། །རྒྱུ་ཡི་ཐེག་པ་རྣམས་ལ་སྣང་། །དེ་ཁོ་ན་ཉིད་བཞིར་སྣང་བ། །བདག་སྔགས་ལྷ་དང་ཡེ་ཤེས་ཀྱི། །ཁོ་ན་ཉིད་བཞིར་སྣང་བ་ཡང་། །གསང་སྔགས་ཕྱི་པ་ཐབས་རྒྱུད་ལ། །དགའ་བ་བཞི་རུ་སྣང་བ་ནི། །དགའ་བ་མཆོག་ཏུ་དགའ་བ་དང་། །དཔའ་བོ་དགའ་བ་ལྷན་ཅིག་སྐྱེས། །མ་ཧཱ་ཨ་ནུ་དག་ལ་སྣང་། །སྡེ་བ་བཞི་རུ་སྣང་བ་ནི། །གནས་བརྟན་པ་ཡི་སྡེ་བ་དང་། །ཐམས་ཅད་ཡོད་པར་སྨྲ་བ་དང་། །ལེགས་དཔོན་པ་ཡི་བདེ་བ་དང་། །དགེ་འདུན་ཕལ་ཆེན་སྡེ་བའོ། །དེ་ལྟར་སྐད་ཅིག་དང་ནི་བདེ་བ་དང་། །དེ་ཁོ་ན་ཉིད་བྱེ་བྲག་དང་། །སྡེ་བའི་དངོས་པོ་ཆུང་ངུ་དང་། །འབྲིང་དང་ཆེན་པོ་ལ་སོགས་པའི། །བྱེ་བྲག་གནས་བཞིར་རྣམ་པར་གནས། །ཟླ་བ་གཡོན་ལ་ཉི་མ་གཡས། །ཨཱ་ལི་ཕྲ་མོ་ཀཱ་ལི་རགས། །སཾ་ཀྲཱནྟི་ཡང་བཅུ་དྲུག་ནི། །མེ་ཥ་དང་ནི་པྲྀ་ཥ་དང་། །མཻ་ཐུ་ན་དང་ཀར་ཀ་དང་། །སིང་ཧ་དང་ནི་ཀ་ནྱཱ་དང་། །ཏུ་ལ་དང་ནི་པྲྀཙྪ་དང་། །དྷ་ནུ་དང་ནི་མ་ཀ་ར། །ཀུམྦྷ་དང་ནི་མཱི་ན་དང་། །ཙནྡྲཱ་དྷ་ར་སུརྱ་དྷ་ར། །ཏི་ལ་ཀ་དང་ཨཱ་ཀ་ཤ །སཾ་ཀྲཱནྟི་ནི་བཅུ་དྲུག་རགས། །ཁུ་བ་གཡོན་ནས་དཀར་པོ་དང་། །གཡས་ནས་བསྐོར་བའི་བྱེ་བྲག་གིས། །གནས་ཀྱང་བཅུ་དྲུག་ལྡོག་པ་ཡི། །རིམ་པས་སཾ་ཀཱནྟི་བཤད་དེ། །ཉི་མ་དང་པོ་མཐེ་བོང་ཨ། །གཉིས་པར་ཨཱ་ནི་བྱིན་པ་ན། །བརླ་ལ་གསུམ་པ་ཨི་ཞེས་བྱ། །ཨཱིཾ་ནི་བཞི་པ་གསང་བ་ན། །ལྟེ་བ་ན་ཡང་ལྔ་པ་ཨུ། །དྲུག་པ་ཨཱུ་ནི་སྙིང་ག་ན། །ནུ་མ་ན་ནི་བདུན་པ་རྀ། །བརྒྱད་པ་རཱྀ་ནི་མགྲིན་པ་ན། །ལག་མཐིལ་ན་ནི་དགུ་པ་ལི། །བཅུ་པ་ལ་ནི་མཁུར་ཚོས་ལཱྀ། །ཨེ་ནི་མིག་ལ་བཅུ་གཅིག་ལ། །སྣང་བའི་རྩ་ནི་བཅུ་གཉིས་


DNG020_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

ཨཻ། །བཅུ་གསུམ་ཨོ་ནི་དཔྲལ་བ་ན། །ཨཽ་ནི་སྤྱི་བོར་བཅུ་བཞི་པ། །གཡས་དང་གཡོན་གྱི་དབུས་ན་ཡང་། །ཡོངས་སུ་གང་བའི་ཨཾ་དང་ཨཱཿ། །དེ་དང་དེ་ལྟར་ཁུ་བ་ཡི། །རྣམ་པ་ཕྲ་མོ་ལ་སོགས་པ། །རིམ་གྱིས་རྒྱུ་བར་བྱེད་པའོ། །བདུན་པ་དེ་དག་དྲིལ་ནས་བསྟན་པ་ལ། །དེ་ལ་གསུམ་དེ་གྲངས་བཟུང་བ་དང་། །དབྱུག་གུ་དྲུག་ཅུ་རྩ་བཞི་དང་། །དུས་ཀྱི་ཆ་དང་ལྡན་པ་དང་། །སྐར་མ་ཉི་ཤུ་རྩ་བརྒྱད་དང་། །ཉི་མ་བཅོ་ལྔ་གཟའ་དགུ་དང་། །སཾ་ཀྲཱནྟི་ཡང་བཅུ་གཉིས་ཀྱིས། །དུས་ཀྱི་ཆ་ཡང་གཟུང་བར་བྱ། །ཉིན་མོ་དང་ནི་མཚན་མོ་ལ། །དབྱུག་གུའི་གྲངས་ནི་དྲུག་ཅུ་སྟེ། །བཞི་ནི་འཕེལ་དང་འགྲིབ་པའོ། །དེ་ལྟར་གཟུང་བར་བྱས་པ་ན། །དུས་དང་དབྱུག་གུ་དྲུག་ཅུ་བཞི། །ཐབས་དང་ཤེས་རབ་ཀུན་རྫོབ་དང་། །ཀུན་རྫོབ་མེད་པའི་བྱེ་བྲག་གིས། །ཇི་ལྟར་བསྟན་པའི་གནས་སུ་ནི། །སཾ་ཀྲཱནྟི་ཡང་བཅུ་དྲུག་པོ། །རྣམ་པར་དག་པ་ཁུ་བ་ཡི། །བྱེ་བྲག་རྒྱུ་བ་གཟུང་བ་སྟེ། །དབྱུག་གུའི་གྲངས་ནི་དེ་དག་ནི། །གནས་པ་སུམ་ཅུ་རྩ་གཉིས་སོ། །དེ་དག་ཐམས་ཅད་འཁོར་ལོ་བཞིར། །ལེགས་པར་གཟུང་བར་བྱ་བ་སྟེ། །བཞི་པོ་དེ་ཡང་ལྟེ་བ་ནས། །ཙནྜ་ལཱི་ནི་འབར་བ་ཡིས། །ཕྱག་རྒྱ་ཆེན་པོའི་བདག་ཉིད་འགྱུར། །ཉི་མ་ཕྱེད་ལ་དབུགས་ཀྱི་གྲངས། །དེ་ཡང་ལྔ་སྟོང་བཞི་བརྒྱའོ། །ཉི་མ་གཅིག་ལ་དབུགས་ཀྱི་གྲངས། །དེ་ཡང་ཁྲི་དང་བརྒྱད་བརྒྱའོ། །ཆུ་ཚོད་གཅིག་ལ་དབྱུག་གུའི་གྲངས། །སུམ་བརྒྱ་དང་ནི་དྲུག་ཅུའོ། །དེ་ལྟར་དབུགས་ཀྱི་གྲངས་བརྩིས་ན། །ཉིན་མཚན་གཉིས་ལ་དབུགས་ཀྱི་གྲངས། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱའོ། །གྲངས་ཀྱི་དེ་ཉིད་ཤེས་བྱ་ཞིང་། །དུས་ནི་ངེས་པར་གཟུང་བར་བྱ། །ཆུ་ཚོད་དབྱུག་གུ་དྲུག་ཅུ་བཞི། །དུས་དང་དབུགས་ཀྱི་མཚན་ཉིད་ནི། །ངེས་པར་གཏན་ལ་དབབ་པ་ནི། །ཡུམ་ལ་སྦྱར་ལ་བདུད་རྩི་དབབ། །དགྲ་བགེགས་གནས་བསྟབ་བསྒྲལ་བར་བྱ། །ཕྱི་ཡི་བདུད་རྩི་གནས་པ་ནི། །འབྱུང་བ་བཞི་ལས་སྐྱེས་པ་རྣམས། །སྣོད་ཀྱི་


DNG020_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་ཆེན་པོ་ན། །མུ་ལ་དཎྜ་གེལ་པ་དང་། །ད་ལ་པུཥྤ་བལྐ་དང་། །ཕ་ལ་ཧྲྀ་ད་རྣམ་པ་བརྒྱད། །ནཱ་ཀ་ས་ཆུ་མེ་རླུང་ལས། །རིགས་ནི་རྣམ་པ་ལྔར་ཡང་འཁྲུངས། །ནད་རྣམས་མ་ལུས་སེལ་བར་བྱེད། །ན་བ་གསོ་ཞིང་ཤི་བ་སློང་། །དེ་ཕྱིར་བདུད་རྩི་ཞེས་བྱའོ། །ཞེས་གསུངས་སོ། །བདུད་རྩི་བདེ་བ་ཆེན་པོའི་རྒྱུད་ལས། ལུས་ཁམས་བདུད་རྩི་རང་ལ་གནས་པར་རྒྱུའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ལམ་གྱི་བདུད་རྩི་ཆེན་པོ་སྒྲུབ་པ་འདི་དག་གསུངས་སོ། །སྟོན་པ་རྒྱུད་ལུང་མན་ངག་ཤེས། །ལྟ་སྤྱོད་སྒོམ་འབྲས་ལྡན་པ་ལ། །གཟུགས་ཀྱི་དཀྱིལ་འཁོར་འབྱུང་བཞི་ཡུམ། །འཁོར་རྣམས་ལྔ་ལས་ཉུང་བ་མིན། །ཡོ་བྱད་རྫས་དང་ནད་ཁམས་གསོ། །ཕྱི་ནང་སྨན་རྣམས་ཚང་བར་བསོག །དབེན་ཞིང་ཉམས་དགའ་བ་ཡི་གནས། །ཆུ་ཤིང་རབ་ཏུ་འཛོམ་པར་གནས། །སྟོན་དཔྱིད་བརྒྱད་དང་སྔ་དྲོ་ཡི། །དུས་ལ་ཐམས་ཅད་འདུ་བར་བྱ། །བགེགས་གཏོར་རྒྱལ་ཆེན་མངའ་གསོལ་ནས། །དམ་སྲི་མནན་པ་སྒོ་བྱང་གདགས། །ཁྲོ་བཅུ་ཕྱོགས་སྐྱོང་ཕུར་པས་གདབ། །མ་ཏྲཾ་ཁོག་པའི་གཞལ་ཡས་ཁང་། །མཚོན་ཆ་དྲ་བ་གུར་ལ་སོགས། །འགྲོས་དང་སྟངས་སྟབས་བསྲུང་བར་བྱ། །བླང་ཞིང་བརྟགས་ནས་སྐྱོན་བསལ་ནས། །སྦྱང་ཞིང་བསྲུང་བའི་ས་བླངས་ལ། །དཀྱིལ་འཁོར་འདོམ་གང་ཁྲུ་གང་བ། །བདུད་རྩི་ལྔ་ཡིས་ཆག་ཆག་གདབ། །བ་སུ་ཏ་ཡི་ཐིག་སྐུད་ཀྱིས། །ལིང་ཚེ་དགུ་པ་ཤིན་ཏུ་ཟླུམ། །བཅུ་དྲུག་འཁོར་ལོས་མཐའ་བསྐོར་ཅིང་། །གྲུ་ཆད་བར་ཁྱམས་སྒོ་དང་བཅས། །སྒོ་རྒྱན་རྡོ་རྗེ་མེ་དཔུང་འབར། །རྡུལ་ཚོན་སྣ་ལྔ་རབ་སྦྱར་ནས། །དཔའ་བོ་འབྲུ་ལྔས་བྱིན་བརླབས་ཏེ། །དེ་ནས་ཕྱག་རྒྱ་དགོད་པར་བྱ། །རྡོ་རྗེ་དབུས་ལ་འཁོར་ལོ་ཤར། །ཤར་ལྷོར་སྤྱན་ནི་རིན་ཆེན་ལྷོ། །ལྷོ་ནུབ་རྡོ་རྗེ་པདྨ་ནུབ། །ནུབ་བྱང་པདྨ་རྒྱ་གྲམ་བྱང་། །བྱང་ཤར་ཨུཏྤལ་ལིང་ཚེ་དགུ། །བཅུ་དྲུག་རྩིབས་ལ་བྲི་བ་ཡང་། །ཤར་དུ་རྡོ་རྗེ་ལྕགས་ཀྱུ་དང་། །མདའ་གཞུ་སེ་གོལ་བྲི་བར་


DNG020_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། །ལྷོ་རུ་རིན་ཆེན་ཉི་མ་དང་། །རྒྱལ་མཚན་ཏོག་དང་སོ་ཕྲེང་བྲི། །ནུབ་ཏུ་པདྨ་རལ་གྲི་དང་། །འཁོར་ལོ་ལྕེ་ཡང་བྲི་བར་བྱ། །བྱང་དུ་རྒྱ་གྲམ་གོ་ཆ་དང་། །འཚེ་བ་ཁུ་ཚུར་བྲི་བར་བྱ། །རྩིབས་མཆན་ཕྱག་རྒྱ་དགོད་པ་ནི། །ཤར་དུ་མེ་ལོང་བདུག་སྤོས་དང་། །ལྕགས་ཀྱུ་དང་ནི་འོད་ཟེར་འབར། །ལྷོ་རུ་ཕྲེང་བ་མེ་ཏོག་དང་། །ཞགས་པ་སྤྱན་ཡང་བྲི་བའོ། །ནུབ་ཏུ་པི་ཝང་མར་མེ་དང་། །ལྕགས་སྒྲོག་རབ་ཏུ་འབར་བའོ། །བྱང་དུ་ཕུར་བུ་དྲི་ཆབ་དང་། །དྲིལ་བུ་རབ་ཏུ་འབེབས་པའོ། །ཤར་སྒོར་ཐོ་བ་ལྕགས་ཀྱུ་བྲི། །ལྷོ་རུ་བེ་ཅོན་ཞགས་པ་དང་། །ནུབ་ཏུ་ཐོད་སྦྲུལ་ལྕགས་སྒྲོག་བྲི། །བྱང་དུ་རྒྱ་གྲམ་དྲིལ་བུ་བྲི། །མདའ་དང་རལ་གྲི་མེ་ལོང་དང་། །ཚོན་སྐུད་ཕུར་པ་བརྒྱད་བརྒྱད་བསྐོར། །དེ་ལ་སྣོད་ནི་བཅུ་དྲུག་དགོད། །དབུས་ནི་ཡེ་ཤེས་ལྔ་ལྡན་ལ། །ཤར་དུ་སྐུ་གསུང་ཐུགས་ལྡན་ཏེ། །ལྷོ་རུ་ཡིད་བཞིན་གཏེར་ལྡན་ལ། །ནུབ་ཏུ་ཁམས་གསུམ་ཡོངས་སྒྲོལ་ཉིད། །བྱང་དུ་ཆོ་འཕྲུལ་རྟགས་འབྱིན་ནོ། །མི་འགྱུར་གཡུང་དྲུང་ཐོད་པ་དབུས། །ཤར་ལྷོར་མི་ཤིགས་མཛོད་ལྡན་ལ། །ལྷོ་ནུབ་སྲིད་པ་ཡོངས་སྒྲོལ་ཏེ། །ནུབ་བྱང་དུག་གསུམ་གཏན་སྤྲུགས་ཉིད། །བྱང་ཤར་མཚན་མ་སྤྲོས་བྲལ་ལོ། །གྲུ་ཆད་བཞི་ལ་དགོད་པ་ཡང་། །ཡོན་ཏན་རྫོགས་ལྡན་ཤར་ལྷོའི་གྲུར། །བཀྲ་ཤིས་མཚན་ལྡན་ལྷོ་ནུབ་གྲུར། །མི་འགྱུར་སྲ་མཁྲེགས་ནུབ་བྱང་གྲུར། །ཨཱ་ཡུ་དཔལ་ལྡན་བྱང་ཤར་གྲུར། །སྒོ་བཞིར་པད་ཅན་པདྨའི་རིགས། །དུང་ཅན་མ་ནི་རྡོ་རྗེའི་རིགས། །རིན་ཆེན་རིགས་ནི་བ་གླང་ཅན། །རི་མོ་ཅན་ནི་ལས་ཀྱི་རིགས། །རིགས་མཐུན་བྷནྡྷ་དགོད་པར་བྱ། །དེ་ཡི་ནང་དུ་བླུག་པའི་སྨན། །བྱང་སེམས་དཀར་དམར་དྲི་ཆེན་དང་། །པདྨ་རཀྟ་མཱཾ་ས་དང་། །དྲི་ཆུ་ནང་གི་རྩ་བ་ལྔ། །མ་ཧཱ་དེ་བའི་བྱང་སེམས་ཚང་། །རྡོ་དྲེག་དྲང་སྲོང་དྲི་ཆེན་དང་། །ལྷ་ཡི་མཱཾ་ས་དབང་པོ་ལག །རམ་བུ་སྲིན་མོའི་རཀྟ་དང་། །ཅོང་ཞི་ཁྱབ་འཇུག་ཆུ་དང་ལྔ། །ཕྱི་ཡི་རྩ་བ་ལྔ་ཞེས་བྱ། །ག་པུར་དང་ནི་ཅུ་གང་དང་། །ཨ་རུ་ར་དང་སུཀྵྨེ་དང་། །


DNG020_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

ཛ་ཏི་སྙིང་ནི་ཞོ་ཤ་དང་། །མོན་ཆ་ར་དང་ལི་ཤི་དང་། །གུར་གུམ་མོན་ལྕམ་ཀ་ཀོ་ལ། །སྨན་གྱི་རྩ་བ་རྣམ་པ་ལྔ། ། མེ་ལྕེ་ཡང་མི་ཆེ་གླ་གླི་སྙིང་ལྔ་ནི་སྒྲུབ་ཐབས་རྣམས་སུ་བརྡའ་སྐད་ཡིན་པར་བཤད ། །མི་ལས་གྱུར་པ་རྣམ་ལྔ་ཡང་། །སྦལ་པ་སྤྲེའུ་དྲེད་མོ་དང་། །ཕྱི་བ་ཚ་ནི་མེས་པོ་ཡིན། །མཆེ་བ་ཅན་ལས་གྱུར་པ་ལྔ། །སྟག་དང་སེང་གེ་སྤྱང་ཀུ་དང་། །ཁྱི་དང་དོམ་ནི་ལྔ་ཡིན་ནོ། །རྨིག་པ་ཁ་བྲག་གྱུར་པ་ལྔ། །གཡག་དང་ཤ་བ་གླང་པོ་ཆེ། །བ་གླང་ཕག་དང་ལྔ་ཡིན་ནོ། །རྨིག་ཟླུམ་རྣམ་པ་ལྔ་སྣང་བ། །རྟ་དང་རྔ་མོང་དྲེའུ་དང་། །བོང་བུ་རྐྱང་དང་རྣམ་པ་ལྔ། །གཤོག་པ་ཅན་ལས་གྱུར་པ་ལྔ། །རྨ་བྱ་ཁྱུང་དང་ཤང་ཤང་རྟེའུ། །བྱ་ཝང་དཀར་མོ་ཁྱིམ་བྱ་དཀར། །དེ་སོགས་ཀླད་པ་དྲི་ཆེན་ཤ །ཁྲག་དང་ཆུ་རྣམས་བསྒྲལ་རྫས་ནི། །ཉི་ཤུ་རྩ་ལྔ་བསོག་པར་བྱ། །མི་ཤ་གླང་པོ་རྟ་དང་ནི། །བ་གླང་བྱ་ཁྱི་ཤ་རྣམས་བླུག །ཏིང་འཛིན་གསུམ་ལས་བྱུང་བ་ཡི། །འབྱུང་ལྔ་ཡུམ་གྱི་བྷ་ག་རུ། །གཞལ་ཡས་གདན་དང་བཅས་པའི་སྟེང་། །མི་བསྐྱོད་ཀུན་ཏུ་བཟང་མོ་དང་། །རྣམ་པར་སྣང་མཛད་སངས་རྒྱས་སྤྱན། །རིན་ཆེན་འབྱུང་དང་མཱ་མ་ཀཱི། །སྣང་བ་མཐའ་ཡས་ན་བཟའ་དཀར། །དོན་ཡོད་གྲུབ་པ་དམ་ཚིག་སྒྲོལ། །རྡོ་རྗེ་སེམས་དཔའ་སྒེག་མོ་དང་། །རྡོ་རྗེ་རྒྱལ་པོ་སྤོས་མེ་དང་། །རྡོ་རྗེ་ཆགས་པ་ལྕགས་ཀྱུ་མ། །རྡོ་རྗེ་ལེགས་པ་སྒྲོལ་མ་འོད། །རྡོ་རྗེ་རིན་ཆེན་ཕྲེང་བ་མ། །རྡོ་རྗེ་གཟི་བརྗིད་མེ་ཏོག་མ། །རྡོ་རྗེ་རྒྱལ་མཚན་ཞགས་པ་མ། །རྡོ་རྗེ་བཞད་པ་རིན་ཆེན་སྤྱན། །རྡོ་རྗེ་ཆོས་དང་པི་ཝང་མ། །རྡོ་རྗེ་རྣོན་པོ་མར་མེ་མ། །རྡོ་རྗེ་འཁོར་ལོ་ལྕགས་སྒྲོག་མ། །རྡོ་རྗེ་སྨྲ་བ་གསལ་བཀྲ་མ། །རྡོ་རྗེ་ལས་དང་གར་མཁན་མ། །རྡོ་རྗེ་བསྲུང་བ་དྲི་ཆབ་མ། །རྡོ་རྗེ་གནོད་སྦྱིན་དྲིལ་འཁྲོལ་མ། །རྡོ་རྗེ་ཁུ་ཚུར་འབེབས་མའོ། །སྟོབས་པོ་ཆེ་དང་ལྕགས་ཀྱུ་མ། །གཤིན་རྗེ་གཤེད་དང་ཞགས་པས་འཆིང་། །རྟ་མགྲིན་ལྕགས་སྒྲོག་སྡོམ་པ་མོ། །བདུད་རྩི་འཁྱིལ་པ་དྲིལ་བུ་འབེབས། །དམ་པ་རིགས་བརྒྱ་མཚོན་དཔེའི་ཆེད། །དགོངས་པས་ལྷ་དང་སྨན་ངོ་སྤྲད། །རྟོག་པ་སྤྲུལ་སྐུར་སྦྱང་བར་བྱ། །གསང་བའི་


DNG020_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱིས་ཡན་ལག་སྦྱང་། །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ར་སཱ་ཡ་ན་ཏ་ན་ཛ་ཡ་གྷུ་ཧྱ་སིདྡྷི་ཧཱུཾ་ཧྲཱྀཿཐ། སྔོན་གྱི་སངས་རྒྱས་གར་ལ་དགྱེས། །ནམ་མཁའི་ཁམས་ཀུན་གར་གྱིས་བཀང་། །དུས་གསུམ་སངས་རྒྱས་གར་ལ་དགྱེས། །ས་གཞི་ཀུན་ཀྱང་གར་གྱིས་བཀང་། །དོ་ནུབ་སངས་རྒྱས་གར་ལ་དགྱེས། །གཞལ་ཡས་འདི་ཡང་གར་གྱིས་བཀང་། །གར་གྱི་མཆོད་པ་བླ་ན་མེད། །གཡས་ཀྱི་སེ་གོལ་ཏ་ལ་ཧོ། །གཡོན་གྱི་ཐལ་མོ་བཤམ་པ་བརྒྱ། །ཏ་ལ་བཤམ་པ་བསྟན་བྱས་ནས། །སྨིན་མཚམས་དག་ཏུ་ཐལ་སྦྱར་བས། །ནམ་ནི་དག་ལ་བཏབ་བྱའོ། །འདི་ནི་འབྱུང་མེད་ཡེ་ཤེས་ཡིན། །ཕྱག་རྒྱ་ཡིན་པར་དཔའ་བོས་བཤད། །ཕྱག་རྒྱའི་མཆོད་པ་སྣ་ཚོགས་ཡིན། །གཟུང་འཛིན་རྡོ་རྗེ་བརྟན་པའི་ས། །མེ་ལོང་ཡེ་ཤེས་རྡོ་རྗེའི་སྐུ། །རྡོ་རྗེ་བདུད་འདུལ་ཕྱག་རྒྱ་འཛིན། །ཕྱག་འཚལ་རྡོ་རྗེ་མི་འཁྲུགས་ལའོ། །སྣང་སྟོང་རྡོ་རྗེ་ནམ་མཁའི་དབྱིངས། །ཆོས་དབྱིངས་ཡེ་ཤེས་རྣམ་དག་སྐུ། །རྡོ་རྗེ་མཆོག་གི་ཕྱག་རྒྱ་འཛིན། །ཕྱག་འཚལ་རྡོ་རྗེ་རྣམ་སྣང་ལའོ། །རྡོ་རྗེ་རིན་ཆེན་འབར་བའི་མེ། །མཉམ་པ་ཉིད་ཀྱི་ཡེ་ཤེས་སྐུ། །རྡོ་རྗེ་མཆོག་སྦྱིན་ཕྱག་རྒྱ་འཛིན། །ཕྱག་འཚལ་རྡོ་རྗེ་རིན་ཆེན་འབྱུང་ལའོ། །མཐའ་ཡས་རྡོ་རྗེ་ཆོས་ཀྱི་སྐུ། །ཀུན་རྟོག་ཡེ་ཤེས་རྡོ་རྗེའི་སྐུ། །རྡོ་རྗེ་ཏིང་འཛིན་ཕྱག་རྒྱ་འཛིན། །ཕྱག་འཚལ་རྡོ་རྗེ་མཐའ་ཡས་ལའོ། །དོན་གྲུབ་རྡོ་རྗེ་བསྐྱོད་མཛད་རླུང་། །ནན་ཏན་ཡེ་ཤེས་རྡོ་རྗེའི་སྐུ། །རྡོ་རྗེ་སྐྱབས་སྦྱིན་ཕྱག་རྒྱ་འཛིན། །ཕྱག་འཚལ་རྡོ་རྗེ་དོན་གྲུབ་ལའོ། །རྡོ་རྗེ་སེམས་དཔའ་ཡང་དག་གསུངས། །རྡོ་རྗེ་བདུད་རྩི་བླ་ན་མེད། །ཆོས་རྗེ་ཆོས་ཀྱི་དབྱངས་བསྒྲགས་པས། །ལས་རབ་རྡོ་རྗེ་བྱེད་པར་འགྱུར། །རྡོ་རྗེ་གསང་བ་ཆེན་མོ་ནི། །རྡོ་རྗེ་སངས་རྒྱས་ལོ་ཙ་ན། །ཐམས་ཅད་ཀུན་གྱི་བདག་ཉིད་མ། །ཕྱག་འཚལ་རྡོ་རྗེ་ཡུམ་ཁྱོད་ལའོ། །རྡོ་རྗེ་ཆེན་མོ་རིན་ཆེན་མ། །རི་མོ་ཅན་དེ་མཱ་མ་ཀཱི། །རིན་ཆེན་དབྱིངས་མ་དམ་ཚིག་མཆོག །ཕྱག་འཚལ་རྡོ་རྗེ་ཀུན་མཆོག་ལའོ། །རྡོ་རྗེ་མཛེས་སྡུག་པདྨ་


DNG020_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། །མནྡ་ར་བ་རབ་དགྱེས་མ། །དགྱེས་པར་མཛད་པ་དམ་ཚིག་སྐོང་། །ཕྱག་འཚལ་རྡོ་རྗེ་མཛེས་སྡུག་ལའོ། །རྡོ་རྗེ་ཁྲོ་མོ་འདུལ་བ་ཆེ། །ས་མ་དྷ་ར་དམ་ཚིག་སྐོང་། །ཐམས་ཅད་དགྱེས་ཤིང་མཉེས་མཛད་པ། །ཕྱག་འཚལ་རྡོ་རྗེ་སྒྲོལ་མ་ལའོ། །ཤིན་ཏུ་འབིགས་པས་རྡོ་རྗེ་སྟེ། །མཆོག་གི་སྦྱོར་བས་ལྕགས་ཀྱུའོ། །ཕྲ་བར་འབིགས་པ་མདའ་ཡིན་ལ། །མགུ་བས་དགའ་བར་བྱེད་པའོ། །སྤྲོ་བས་རིན་པོ་ཆེ་རུ་བཤད། །ཉི་མའི་དཀྱིལ་འཁོར་གཟི་བརྗིད་འབར། །བསྒྲེང་བས་རྒྱལ་མཚན་རྗེས་སུ་བཤད། །བཞད་པས་བཞད་པ་ཞེས་སུ་གྲགས། །འདོད་ཆགས་དག་པས་པདྨ་སྟེ། །ཉོན་མོངས་དགྲ་བཅོམ་རལ་གྲིའོ། །དཀྱིལ་འཁོར་ཚུལ་དུ་འཁོར་བའོ། །ཚིག་ཏུ་བརྗོད་པས་སྨྲ་བའོ། །སྣ་ཚོགས་ལས་ནི་རྡོ་རྗེ་སྟེ། །མི་ཚུགས་སྦྱོར་བས་གོ་ཆ་ཡིན། །འཇིགས་པར་བྱེད་པས་མཆེ་བ་སྟེ། །བཅིངས་པའི་ཕྱིར་ན་ཁུ་ཚུར་རོ། །རྡོ་རྗེ་འགྱིངས་མ་འཇོམས་པ་སྟེ། །རྡོ་རྗེ་ཕྲེང་བ་ཡོན་ཏན་འབྱུང་། །རྡོ་རྗེ་སྒྲ་དབྱངས་དོན་མཆོག་བཟང་། །རྡོ་རྗེ་རོལ་མཛད་རོལ་པ་ཆེ། །རྡོ་རྗེ་སྡུག་པ་འདོད་པ་ཆེ། །རྡོ་རྗེ་མཛེས་སྡུག་པདྨ་ཅན། །རྡོ་རྗེ་མར་མེ་སྣང་མཛད་མ། །རྡོ་རྗེ་དྲི་ཆབ་དག་པར་བྱེད། །བདེ་བ་རྒྱས་འདེབས་ཡུམ་གྱི་ཕྱག་རྒྱར་གསལ། །བདེ་བ་ཟ་བྱེད་དཀྱིལ་འཁོར་ཕྲིན་ལས་མཛད། །བདེ་བ་རྨོངས་བྱེད་གཉིས་སུ་མེད་པའི་དོན། །བདེ་བ་ཚེ་འཕེལ་སྐྱེ་ཤི་མེད་པའི་དོན། །ཐུགས་རྗེའི་ལྕགས་ཀྱུས་ཐུགས་ཀྱི་རྒྱུད་བསྐུལ་ཞིང་། །བྱམས་པའི་ཞགས་པས་གནས་ནས་སྤྱན་དྲངས་ནས། །བཀའ་ཡི་གནས་ཐོབ་ཕོ་ཉ་ལྕགས་སྒྲོག་མ། །དྲིལ་བུས་གསུང་རབ་རྒྱ་མཚོའི་སྒྲ་སྒྲོགས་མ། །སྟོབས་ཆེན་རྩེ་གསུམ་དུག་གསུམ་འཇོམ། །གཤིན་རྗེ་མི་གཡོ་ལོག་ལྟ་སོལ། །རྟ་མགྲིན་ཐོད་སྦྲུལ་ཀླུ་དུག་སེལ། །བདུད་རྩི་རྒྱ་གྲམ་ཕྲིན་ལས་མཛད། །བསྐྱོད་མ་ལྕགས་ཀྱུ་ཐུགས་དམ་བསྐུལ། །སྡོམ་མ་ཞགས་པས་གནས་ནས་བསྐྱོད། །སྡུད་མ་ལྕགས་སྒྲོག་གཞུ་མཛད་མ། །འབར་མ་དྲིལ་དཀྲོལ་དགྱེས་མཛད་མ། །ཕྱག་རྒྱ་གར་གྱི་མཆོད་པར་བཞེས། །དམ་སྐོངས་མཐུ་དབང་དངོས་


DNG020_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་སྩོལ། །སེམས་མ་བཅུ་དྲུག་གཡོན་པ་ནས། །ལུས་ཀྱི་རྩ་ལ་རབ་ཏུ་གནས། །སེམས་དཔའ་བཅུ་དྲུག་གཡས་པ་ནས། །ལུས་ཀྱི་བདུད་རྩི་གནས་བཙལ་ནས། །གྱེན་འགྲོ་ཐུར་དུ་འབེབས་པར་བྱེད། །རིགས་ལྔ་ཡབ་ཡུམ་འཁོར་ལོ་བཞི། །བསྡམ་བྱ་ཡིན་པས་སྡོམ་པར་བྱ། །ནང་གི་ཕྱག་རྒྱ་དཔའ་བོས་བཤད། །ཅེས་གསུངས་སོ། །བདུད་རྩི་བདེ་བ་ཆེན་པོའི་རྒྱུད་ལས། ལམ་གྱི་བདུད་རྩི་བསྒྲུབ་པ་ལས། དམ་པ་རིགས་བརྒྱའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་སྤྲུལ་པ་ལོངས་སྐུར་ཐིམ་པའི་ལམ་བདུད་རྩི་བསྒྲུབ་པ་འདི་དག་འགྲོ་བའི་དོན་དུ་གསུངས་སོ། །བུམ་པ་རིག་པའི་དབང་ལྔ་དང་། །གསང་དབང་བདེ་བ་ཙཎྜ་ལཱི། །ཤེས་རབ་ཡེ་ཤེས་དཀྱིལ་འཁོར་བཞི། །བདེ་ཆེན་སྲོག་ཤིང་རྣམ་གསུམ་ལས། །དབང་ཐོབ་རྣལ་འབྱོར་ཆེན་པོ་ཡིས། །ལུས་ཁམས་བདུད་རྩི་བསྒྲུབ་པར་བྱ། །དཀྱིལ་འཁོར་ལིང་ཚེ་དགུ་པ་ཟླུམ། །གྲུ་ཆད་བར་ཁྱམས་སྒོ་དང་བཅས། །རྟ་བབས་རྡོ་རྗེ་མེ་དཔུང་འབར། །མཁས་པས་ཚོན་གྱིས་བྲིས་ནས་ནི། །རིགས་ཀྱི་བྷནྡྷ་རྣམ་པ་ལྔ། །ཕྱོགས་བཞི་དབུས་དང་ལྔར་བཀོད་ནས། །བདུད་རྩི་བྱང་སེམས་རྩ་བ་བརྒྱད། །དྲི་ཆེན་སྣང་མཛད་རྩ་བརྒྱད་དང་། །ཤ་ཆེན་རྩ་བརྒྱད་དཀོན་མཆོག་དཔལ། །པདྨ་རཀྟ་རྩ་བརྒྱད་སྣང་མཐའ་ཡས། །དྲི་ཆུའི་རྩ་བརྒྱད་དོན་ཡོད་གྲུབ། །རིགས་ལྔ་ཕྱེ་ནས་སྣོད་དུ་བླུགས། །བྱང་སེམས་དཀར་ལ་འཚེར་བའི་ཧཱུཾ། །ཞུ་ནས་རྡོ་རྗེ་སེམས་དཔའི་སྐུ། །ཨོཾ་ཨཱཿཧཱུཾ་བཛྲ་སཏྭ་ཧཱུཾ། སརྦ་ཨེ་ཧོ་ཤུདྡྷེ། ཨ་མྲྀ་ཏ་སུ་ཁ་ཧྲཱྀཿ། མ་ཧཱ་ཡོ་ག་ཙིཏྟ་ཧཱུཾ། ཨོཾ་ཨཱཿཧཱུཾ། ཨ་བྷྱ་དྭེ་ཥ་ར་ཏི་ས་མ་ཡ་སྟྭཾ། དྲི་ཆེན་འཁོར་ལོར་ཨོཾ་གསེར་མདོག །ཞུ་ནས་རྣམ་པར་སྣང་མཛད་སྐུ། །ཨོཾ་བཻ་རོ་ཙ་ན་མོ་ཧ་ར་ཏི་ས་མ་ཡ་སྟྭཾ། མ་ཧཱ་ཡོ་ཀ་ཨཱ་དྷི་པ་ཏན་བ་ལེན་ཏེ། ཨ་མྲྀ་ཏ། ཨུ་ཙིཏྟ་ཨ་དྷི་ཏིཥྛ་ཨོཾ། ཤ་ཆེན་ཧཱུཾ་ཡིག་སེར་པོ་ལས། །ཞུ་ནས་རིན་འབྱུང་དཀོན་མཆོག་དཔལ། །ཨོཾ་ཨཱཿཧཱུཾ་རཏྣ་སཾ་བྷ་བ་རཏྣ་ར་ཏེ་ས་མ་ཡ་སྟྭཾ། པདྨ་རཀྟ་ཨཱཾ་དམར་ལས། །ཞུ་ནས་སྣང་བ་མཐའ་


DNG020_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ཡས་སྐུ། །ཨོཾ་ཨཱཿཧཱུཾ། མ་ཧཱ་པདྨ་རཀྟ་མུ་ལ། ཨ་མི་དེ་བ་རཱ་ག་ར་ཏི་ས་མ་ཡ་ཧཱུཾ། ས་མ་ཡ་སྟྭཾ། ཧྲཱྀཿསུ་ཁ་ཧོ། དྲི་ཆུ་ལྗང་གུ་ཡི་གེ་ཧཱ། །ཞུ་ནས་དོན་ཡོད་གྲུབ་པའི་སྐུ། །ཨོཾ་ཨཱཿཧཱུཾ། ཨ་མོ་གྷ་སིདྡྷི། བཛྲ་སིདྡྷི་ས་མ་ཡ་སྟྭཾ།རྣམ་པར་སྣང་མཛད་ཆོས་ཀྱི་སྐུ། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་གྱུར། །མི་བསྐྱོད་སེམས་དཔའ་རྡོ་རྗེའི་སྐུ། །མེ་ལོང་ཡེ་ཤེས་དག་ཅིང་གསལ། །རིན་ཆེན་འབྱུང་ལྡན་ལོངས་སྤྱོད་སྐུ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཡིན། །སྣང་བ་མཐའ་ཡས་མངོན་བྱང་སྐུ། །སོ་སོར་རྟོག་པའི་ཡེ་ཤེས་ཉིད། །དོན་ཡོད་གྲུབ་པ་སྤྲུལ་པའི་སྐུ། །བྱ་བ་གྲུབ་པའི་ཡེ་ཤེས་གནས། །དེ་ཉིད་རིགས་ལྔ་ཞེས་བྱ་བས། །སྐུ་ལྔ་ཡེ་ཤེས་ལྔར་དགོངས་པས། །སྐུ་དང་ཡེ་ཤེས་ལོངས་སྐུ་རུ། །གསལ་གདབ་དགོངས་པས་ལོངས་སྐུར་བསྒྲུབ། །འོག་རླུང་བསྐྱོད་པ་བྱ་བ་ཡང་། །ལུས་ཀྱི་རྦ་རླབས་བསྒོམ་པར་བྱ། །མགྲིན་པ་ཞི་དང་དྲག་པོ་ཡིས། །ངག་གི་རྦ་རླབས་བསྒོམ་པར་བྱ། །པདྨ་ཅན་ནམ་དངོས་ནི་རབ། །ཡེ་ཤེས་ཕྱག་རྒྱ་ལ་བརྟེན་འབྲིང་། །ཏིང་འཛིན་སེམས་ཀྱི་རྦ་རླབས་རློག །དང་པོ་ཐབས་རྒྱུད་དག་པར་བྱ། །ཤེས་རབ་རྒྱུད་ཀྱང་དག་པར་བྱ། །གཉིས་རྒྱུད་དང་པོར་དག་པར་བྱ། །ཡབ་ཡུམ་ལུས་ངག་མཉམ་པ་དང་། །འདོད་པ་མཉམ་པར་གྱུར་པ་ཡིས། །ཐབས་དང་ཤེས་རབ་སྙོམས་ཞུགས་པས། །ཡབ་ཡུམ་ཁམས་ཀྱི་དྭངས་མ་ཉིད། །མཆོག་གི་ཟེ་བའི་གནས་སུ་བྱོན། །ཐིག་ལེ་འོད་འཕྲོས་རྣམ་པར་འགྱུར། །གཡས་ཀྱི་རོ་མ་ལྟེ་བར་བྱོན། །ནམ་ལངས་ཉི་མ་ཤར་བ་དང་། །གླེ་བ་བུས་པ་ལྟ་བུར་ནི། །ཡལ་ཡལ་སངས་སངས་ལྟར་ལྟར་བཏང་། །རོ་མ་སྙིང་གར་ཆོས་གསུམ་ལྡན། །རོ་མ་ཆོས་གསུམ་མགྲིན་པར་ལྡན། །རྣ་བ་གཡས་ནས་འོད་ཟེར་འཕྲོས། །ལྷག་པ་ལྷ་ཡི་དཀྱིལ་འཁོར་སྤྲོ། །སེམས་ཅན་རྒྱུད་ལ་དབང་བཞི་བསྐུར། །དེ་དག་ལྷག་པའི་ལྷར་ཡང་བྱས། །གཉིས་བསྲེས་བདུད་རྩིའི་བཅུད་དུ་གྱུར། །ཚངས་པའི་བུ་གའི་སྦྱོར་ཞུགས་ནས། །སྤྱི་བོར་ཆོས་གསུམ་ལྡན་པར་དྲན། །མགྲིན་


DNG020_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གནས་སུ་བྱོན་པ་ཡིས། །ཉི་མ་སྟོང་གི་གཟི་བརྗིད་ལྡན། །སྙིང་གར་ཁ་དོག་ལྔར་གྱུར་པ། །རྩ་དག་ལྟེ་བའི་ལམ་ནས་བྱུང་། །དེ་ནི་ཡུམ་གྱི་མཁའ་ལ་གནས། །གཡས་པ་བཟུང་བའི་རྦ་རླབས་རེངས། །རྣམ་ཐར་མཚན་མ་མེད་པའི་སྒོ། །དེ་བཞིན་གཡོན་དུ་བྱ་བ་ནི། །འཛིན་པའི་རྦ་རླབས་རེངས་པ་ཉིད། །རྣམ་ཐར་སྨོན་པ་མེད་པའི་སྒོ། །དེ་བཞིན་དབུ་མར་སྦྱངས་བྱས་པ། །གཟུང་འཛིན་གཉིས་ཀྱི་རྦ་རླབས་རེངས། །རྣམ་ཐར་སྟོང་པ་ཉིད་ཀྱི་སྒོ། །འབྲས་བུ་གསུམ་ལ་སྦྱངས་པ་ནི། །ཐབས་རྒྱུད་དག་པར་བྱེད་པའོ། །དེ་བཞིན་ཤེས་རབ་རྒྱུད་ལ་ཡང་། །གཡས་གཡོན་གཉིས་ནས་འཕྲོ་བ་མེད། །དབུ་མར་སོང་ནས་ཚངས་པའི་སྒོར། །སྤྲོ་དང་བསྡུ་བ་རབ་ཏུ་བྱ། །རྦ་རླབས་གསུམ་དང་རྣམ་ཐར་གསུམ། །ཐབས་དང་ཤེས་རབ་རྣམ་པ་གཉིས། །སོ་སོར་དག་པར་བྱ་བའི་ཕྱིར། །ཡབ་ཡུམ་གཉིས་ཀྱི་དབུ་མ་ནས། །ལུས་ཁམས་བདུད་རྩིའི་དྭངས་མ་ཉིད། །འོད་ཟེར་གཙུག་ཏོར་མཆོག་ཏུ་ཐིམ། །ཡབ་ཡུམ་སྐུ་ལྔ་ལྷུན་གྲུབ་དྲན། །ཉམས་ནི་གང་སྐྱེས་ངེས་པ་མེད། །ཅི་སྐྱེས་བྱུང་རྒྱལ་གཏང་བར་བྱ། །རྒྱུ་མཐུན་པ་ཡི་འབྲས་བུ་ནི། །ལུས་ཀྱི་སྐྲ་དཀར་འཇོམས་པའོ། །རྣམ་པར་སྨིན་པའི་འབྲས་བུ་ནི། །ལུས་ཀྱི་སྟོབས་ཀྱང་སྟེར་བར་བྱེད། །སྐྱེས་བུ་བྱེད་པའི་འབྲས་བུ་ཡིས། །ལྕེ་དང་དཔུང་པ་རྣམ་པར་འཕེལ། །དྲི་མ་མེད་པའི་འབྲས་བུ་ནི། །ཉི་ཟླ་ཚེ་མཉམ་འཆི་མེད་འགྱུར། །ཞེས་གསུངས་སོ། །བདུད་རྩི་བདེ་བ་ཆེན་པོའི་རྒྱུད་ལས། ལམ་གྱི་བདུད་རྩི་བསྒྲུབ་པ་ལས། དེ་ཉིད་རིགས་ལྔའི་ལེའུ་སྟེ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་སྐུ་གསང་ཆེན་རིགས་གཅིག་འདི་གསུངས་སོ། །སྣོད་རྣམས་ཐ་དད་སྣང་བ་ཡང་། །ཆོས་ཀྱི་དབྱིངས་ཀྱི་ངང་དུ་འདུས། །བཅུད་རྣམས་མང་པོར་སྣང་འགྱུར་ཡང་། །ཆོས་ཀྱི་སྐུ་ཡི་ངང་དུ་འདུས། །སྣོད་བཅུད་མ་ལུས་ཐིག་ལེ་ཆེ། །མདོར་ན་སངས་རྒྱས་ལྷ་རྣམས་ནི། །རྡོ་རྗེ་སེམས་དཔའ་ཉིད་དུ་


DNG020_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

འདུས། །སེམས་དཔའ་སངས་རྒྱས་ཀུན་གྱི་གཙོ། །རྡོ་རྗེ་དྲིལ་བུ་ཡང་དག་འཛིན། །ཆས་ལྔས་རབ་ཏུ་མཛེས་པར་བརྒྱན། །ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་བཛྲ་ཙིཏྟ་ཧཱུཾ་ཧྲཱྀཿཐ། གསང་ཆེན་རིགས་གཅིག་ཞེས་བྱ་བ། །ཆོས་སྐུ་ཐིག་ལེ་ཉག་གཅིག་ཡིན། །དགོངས་པས་རྡོ་རྗེ་སེམས་གསལ་གདབ། །ནང་གི་དགོངས་པས་དུས་རྣམས་སུ། །རྡོ་རྗེ་སེམས་དཔའ་རྒྱུན་དུ་བསྒོམ། །ལམ་ལ་བར་ཆད་ཡོད་སྲིད་ན། །སྦྱང་དང་གོམས་པ་ལ་སྦྱར་བའི། །འཕོ་བས་རྣམ་པ་སྐད་ཅིག་མ། །རྡོ་རྗེ་གསང་ལམ་ཆེན་པོ་རུ། །མན་ངག་ཅིག་ཆར་ལམ་བགྲོད་བྱ། །རླུང་སྦྱང་གང་ཡང་རུང་བ་ཡིས། །ཉི་མ་དང་པོ་སྲོག་རྩོལ་རླུང་། །ཁུག་པ་བཅུ་བདུན་ཐུན་བཞིར་ངེས། །དེ་བཞིན་ཉི་མ་རེ་རེ་ལ། །ཁུག་པ་རེ་རེ་སྤེལ་བྱས་ལ། །ཉི་ཤུ་རྩ་གཅིག་བར་དུ་སྦྱངས། །ཉི་མ་ཐ་མ་སྲོག་རྩོལ་ལ། །ཁུག་པ་སུམ་ཅུ་རྩ་བདུན་འགྱུར། །ཉི་མ་དང་པོ་གཅིག་ཕྲི་ནས། །དེ་བཞིན་ཉི་མ་རེ་རེ་བྲི། །ཞག་གྲངས་ཉི་ཤུ་རྩ་གཅིག་ན། །དེ་ཡང་སྔར་གྱི་ཚད་བཞིན་འགྱུར། །ཞག་ཀྱང་བཞི་བཅུ་རྩ་གཉིས་སུ། །རླུང་སྦྱངས་རྒྱུ་བ་གསལ་བ་དང་། །རྣམ་པར་ངེས་པ་འབྱུང་བའོ། །དེང་ནས་གོམས་པར་བྱ་བ་ཉིད། །སྒྲ་དང་ཡི་གེ་རྣམ་པ་གཉིས། །ལུས་ལ་སོགས་པ་གནད་ཕབ་ལ། །ཧིག་ཀྱང་ཉི་ཤུ་རྩ་གཅིག་གྲངས། །ཉེར་གཅིག་པ་ཡང་གསོ་བར་བྱ། །ཡི་གེ་གོམས་པར་བྱ་བ་ཡང་། །ཕྱི་དང་ནང་གི་ཡི་གེ་ཉིད། །བཤད་པའི་སྒོ་ལ་སོགས་པ་རུ། །གསང་བ་སྒོ་དགུའི་གནད་དགུ་ལ། །རྐྱང་བ་བཞི་དང་སྦ་བ་བཞི། །ཡི་གེ་མ་བུའི་སྦྱོར་བ་ཡིས། །ངན་སོང་མཐོ་རིས་གནས་སྒོ་དགག །ནང་དུ་དཀྱིལ་འཁོར་རྣམ་པ་བཞི། །རིམ་པ་ཡི་གེ་བསྟེན་པར་བསམ། །གཡས་དང་གཡོན་པའི་སྲོག་ཤིང་ལ། །ཨཱ་ལི་བཅུ་དྲུག་གྱེན་བལྟས་དམར། །ཀཱ་ལི་དཀར་པོ་ཐུར་ལ་བལྟས། །སྤེལ་མ་དག་ཏུ་བཀོད་པ་བསྒོམ། །གཡས་གཡོན་རྣམ་པ་གཉིས་བཀག་སྟེ། །རྩོལ་བའི་དུས་ནས་མས་གསལ་གདབ། །སྲོག་དུས་ཡས་ནས་གསལ་གདབ་བྱ། །ཐུན་བཞི་ཞག་བདུན་བསྒོམ་


DNG020_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །ལས་སྦྱར་བདེ་འགྲོ་འགྲོ་གཞན་དང་། །གླིང་འགྲོ་གཞན་དང་ཕྱག་རྒྱ་ཆེ། །བདེ་འགྲོ་ངེས་པར་འཆི་བའི་ཚེ། །ཙོག་པུར་ལུས་ཀྱི་ཕྱི་སྒོ་རྣམས། །ཡི་གེས་བཀག་ལ་མིག་སོགས་ལས། །གང་འདོད་སྒོ་ནི་སྟོང་པར་གཞག །སྙིང་གར་རླུང་ཟླའི་སྟེང་དུ་ཧཱུཾ། །ཧིག་གིས་ཉེར་གཅིག་མགྲིན་པར་དྲངས། །ཐ་མར་འདོད་པའི་སྒོ་ནས་འཕང་། །སྒོ་ཡི་དྲིན་འདྲེལ་དེ་ཉིད་ཀྱིས། །བདེ་འགྲོ་དེ་དང་དེ་སྦྱར་འགྲུབ། །གྲོང་གཞན་རྒྱལ་པོའི་བུ་སོགས་པའི། །རྨ་མེད་མ་རུལ་ན་ཚོད་དང་། །རྗེས་སུ་མཐུན་པའི་རོ་རྟེན་བླང་། །ཁྲུས་བྱས་གུ་གུལ་དུད་པས་བདུག །ལྷར་བསྐྱེད་གནས་གསུམ་བསྲུང་བ་དང་། །ནུབ་ཀྱང་དང་པོར་སྲུང་འཁོར་མཚམས། །གཉིས་པར་རྟེན་དེ་གནས་དབེན་གཞག །དམ་ཚིག་ཤ་ཟ་མཁའ་འགྲོ་སོགས། །ཚོགས་ཀྱི་མཆོད་པས་མཉེས་པར་བྱ། །ཉིན་ཞག་གསུམ་པ་དག་ལ་ནི། །རང་རླུང་ཏིང་འཛིན་ཤུགས་བཏགས་ལ། །ཉེ་རིང་ཚོད་ནི་ཟིན་བྱས་ཏེ། །ཅི་རིགས་པར་ནི་ལུས་གནད་ཕབ། །ཕྱི་སྒོ་ཡི་གེའི་སྦྱོར་བས་བཀག །སྣ་ཡི་སྒོ་གཉིས་སྟོང་པར་གཞག །སྔར་སྦྱངས་རྩོལ་བའི་རླུང་གིས་ནི། །སེམས་རྟེན་སྙིང་ག་ལ་གནས་པའི། །ཧཱུཾ་ལས་བྱེ་ནས་སྣ་གཡས་བྱུང་། །རྟེན་གྱི་སྣ་བུག་གཡོན་པར་བཅུག །དེ་ཡི་སྙིང་གར་ཧཱུཾ་བཞག་སྟེ། །སྲོག་རླུང་ཅི་བདེར་འོང་དུ་གཞུག །དེ་ལྟར་ཡང་ནས་ཡང་བྱས་པས། །དེ་ཡིས་རྟེན་ལ་རྟགས་འབྱུང་སྟེ། །སྙིང་ག་སྤྱི་བོར་དྲོད་ཀྱང་འབྱུང་། །དེ་ནས་ལུས་ནི་ཐམས་ཅད་ཁྱབ། །མིག་འབྱེད་འཛུམ་སྒྲ་ལ་སོགས་འབྱུང་། །སེམས་གཅིག་དག་གིས་རྟེན་གཉིས་ནི། །གཟུང་བའི་དུས་ཞེས་བྱ་བ་སྟེ། །དེ་ནས་དྲག་པོར་བྱེད་པ་ནི། །ཧིག་ནི་ཉེར་གཅིག་མགྲིན་པར་དྲངས། །རྩ་གཅིག་སྣ་བུག་གཡས་ཕྱུང་སྟེ། །རྟེན་གྱི་གཡོན་ནས་ཞུགས་ནས་ནི། །སྙིང་གར་ཞུགས་པར་བསམ་པའོ། །ཞི་བས་བྱེད་ན་རྩོལ་བ་ཉིད། །སེམས་རྟེན་མགྲིན་པའི་བར་དུ་དྲངས། །ཕུལ་སོགས་ཐ་མ་སྣ་གཡོན་བཏོན། །རྟེན་གྱི་གཡོན་


DNG020_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

བཅུག་སྙིང་གར་གཞག །སྲོག་འཇུག་པ་དང་བྲལ་བར་བྱ། །ངེས་པར་ལས་ལ་སྦྱར་ཏེ་འགྲུབ། །དེ་ནས་དྲིན་ལན་བསབ་པའི་ཕྱིར། །རྙིང་པའི་རྟེན་དེ་ངང་གིས་སྦྱངས། །གསར་བས་འགྲོ་དོན་སྤྱོད་སོགས་བྱ། །གླིང་དང་སྐྱེ་གནས་གཞན་སྦྱོར་བའོ། །ལུས་སོགས་གནད་ལ་ཕབ་བྱས་ནས། །ཕྱི་སྒོ་ཐམས་ཅད་ཡི་གེས་དགག །དྲི་ཆེན་ཀྵྨྼྻུྃ་པོའི་ལམ། །དྲི་ཆུའི་ལམ་དུ་སྨྻུཾ་སེར་པོ། །ལྟེ་བ་སྨྻུཾ་སྔོན་པོ་ལ། །མཛོད་པུར་སྔོན་དཀར་པོ། །ལྕེ་རྩར་ཟླ་བ་སུཾ་དཀར་པོ། །སྣ་ལ་ཟླ་བ་ཡུཾ་སྔོན་མོ། །ཡུཾ་དམར་ཟླ་བ་རྣ་བ་གཉིས། །མིག་གཉིས་ཧཱུཾ་སྔོན་རེ་རེ་ལ། །སྤྱི་གཙུག་ཁྱུང་ནི་ཁ་དོག་དཀར། །དམྱལ་བ་བྱོལ་སོང་འདོད་ཁམས་གཟུགས། །གཟུགས་ཁམས་ཡི་དྭགས་གནོད་སྦྱིན་དང་། །གྲུབ་པའི་ལྷ་མི་མི་རྒྱལ་གནས། །ཚངས་སྒོ་འབའ་ཞིག་སྟོང་པར་བཞག །སྙིང་གར་རླུང་དང་ཟླ་སྟེངས་སུ། །སེམས་རྟེན་མཐིང་ནག་ཧཱུཾ་བསམ་ལ། །མགྲིན་པར་ཉེར་གཅིག་ཧཱུཾ་གིས་དྲངས། །རྩ་གཅིག་གནད་གསུམ་འདྲེས་ཚུལ་གྱིས། །ཚངས་པའི་སྒོ་ནས་འཕངས་བྱས་ནས། །རང་ཉིད་མངོན་པར་འདོད་པ་ཡི། །བདེ་བ་ཅན་ལ་སོགས་པ་ཡི། །གླིང་དང་སྐྱེ་གནས་ལ་སོགས་པར། །བརྫུས་སྐྱེས་དག་ཏུ་འདོད་པ་ན། །ཨུཏྤལ་པདྨ་ལ་སོགས་པའི། །སྙིང་པོ་ལས་ནི་བརྫུས་ནས་སྐྱེ། །མངལ་སྐྱེས་འདོད་ན་བྲམ་ཟེ་དང་། །རྒྱལ་པོ་ལ་སོགས་བཙུན་མོ་ཡི། །མངལ་དེ་ཡིད་ཀྱི་ཡུལ་དེ་རུ། །འཕངས་ནས་མདའ་གཞུ་སྒྱོགས་དང་ནི། །འཁྲུལ་འཁོར་བཞིན་དུ་འགྲུབ་པར་འགྱུར། །ཞེས་གསུངས་སོ། །བདུད་རྩི་བདེ་བ་ཆེན་པོའི་རྒྱུད་ལས། ལམ་གྱི་བདུད་རྩི་སྒྲུབ་པ་ལས། གསང་ཆེན་རིགས་གཅིག་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ལམ་གྱི་བདུད་རྩི་ཕྱེ་མ་ཡོངས་སུ་བཏག་པ་འདི་གསུངས་སོ། །ཤུན་ཆེན་སྟེང་དུ་ཚགས་མ་གདིང་། །རཀྟའི་དཀྱིལ་འཁོར་རྩིབས་བརྒྱད་དབུས། །ཟླ་གམ་དམར་པོར་སྨན་སྤུངས་ནས། །


DNG020_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་ཀྱི་བྷ་ག་ཤེས་རབ་སྟོང་། །ཐབས་ཀྱི་རྡོ་རྗེ་སྙིང་རྗེ་ཉིད། །མཐར་བྱེད་བརྒྱད་ཀྱིས་རྣམ་པར་བརྟག །སྨན་དང་རྟོག་པ་དགྲ་བགེགས་དང་། །མཚན་མ་དབྱིངས་སུ་དག་པར་བྱ། །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཧ་ན་ཧ་ན་ཧཱུཾ་ཕཊ། ད་ཧ་ད་ཧ་ཧཱུཾ་ཕཊ། པ་ཙ་པ་ཙ་ཧཱུཾ་ཕཊ། བྷནྡྷ་བྷནྡྷ་ཧཱུཾ་ཕཊ། ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཏིཥྛ་ཏིཥྛ་ཧཱུཾ་ཕཊ། ཙྪིནྡྷ་ཙྪིནྡྷ་ཧཱུཾ་ཕཊ། བིནྡྷ་བིནྡྷ་ཧཱུཾ་ཕཊ། ཤར་གྱི་དཀྱིལ་འཁོར་ཟླུམ་པོ་རུ། །རྫས་རྣམས་གཏུན་བུས་གཏུན་ཏུ་བཏགས། །དབྱིངས་ཀྱི་རིན་ཆེན་གཞོང་པ་རུ། །རིག་པ་ཡེ་ཤེས་ཚགས་མ་ཡིས། །ལྷོ་ཡི་དཀྱིལ་འཁོར་གྲུ་བཞི་རུ། །མཆོད་རྫས་མེ་མར་ལྔ་བརྒྱ་སོགས། །མཆོད་ཅིང་སྨན་རྣམས་བཙག་པར་བྱ། །དར་ཚངས་སེང་རྒོད་ཉིད་ལ་བྱ། །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ས་མ་ཡ་སིདྡྷི་ཕ་ལ་ཧཱུཾ་ཧྲཱྀཿཐ། ནུབ་ཀྱི་དཀྱིལ་འཁོར་ཟླ་གམ་དུ། །ཡབ་ཡུམ་སྦྱོར་བ་བྱས་པ་ནི། །ཕྱི་དང་ནང་དང་གསང་བ་དང་། །དེ་ཁོ་ན་ཡིས་སྦྱོར་བ་བཞིས། །བྱང་སེམས་འོ་མ་སྣ་ཚོགས་སྦྲེངས། །མར་གྱི་བཅུད་དང་འདྲ་བར་གནས། །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཧོ་ས་མ་ཡ་བི་ཤུདྡྷེ་ཧཱུཾ་ཧྲཱྀཿཐ། རྒྱ་མཚོ་ལ་སོགས་འབྱུང་བ་ཡི། །ཆུ་རྣམས་ཐ་དད་རོ་གཅིག་སྦྲེངས། །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ས་ནི་སིདྡྷི་ཧཱུཾ་ཧྲཱྀཿཐ། གསེར་དངུལ་ཟངས་ལྕགས་ལ་སོགས་པ། །རིན་ཆེན་སྣ་ལྔ་བརྡར་བ་བྱ། །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་རཏྣ་བྷེ་ཥ་ཛ་སིདྡྷི་ཧཱུཾ་ཧྲཱྀཿཐ། སྦྲང་ཆང་བུར་ཆང་ལ་སོགས་པའི། །ཆང་རྣམས་མ་ལུས་སྦྲེང་བར་བྱ། །ཨོཾ་བཛྲ་ཀྲོ་ཏཱི་ཤྭ་རཱི་ཤོ་དྷ་ཡ། ཤོ་དྷ་ཡ་སཾ་ཤོ་དྷ་ཡ་ཨོཾ་ཏེ་ན་ཧཱུཾ་ཧྲཱྀཿཐ། བྱང་གི་དཀྱིལ་འཁོར་གྲུ་གསུམ་དུ། །ཞིང་བཅུ་བསྒྲལ་བའི་ཤ་ཁྲག་ལ། །སྦྱིན་སྲེག་བྱས་ལ་མེ་ཡི་ཕུད། །སྨན་གྱི་ནང་དུ་བླུག་པར་བྱ། །ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་རཾ་ཛྭ་ལ་ཨགྣེ་སིདྡྷི་ས་མ་ཡ་ཧཱུཾ་ཧྲཱྀཿཐ། ཨོཾ་ཨ་བྷི་ཙཱརྱ་ཕཊ། ཨོཾ་བ་ཤཾ་ཀུ་རུ་ཧྲཱྀཿ། ཨོཾ་པུཥྚིཾ་ཀུ་རུ་སྭཱ། ཨོཾ་ཤཱནྟིཾ་ཀུ་རུ་ཧཱ། རང་བྱུང་ཞལ་བུ་ཁ་སྦྱར་ནས། །རྟ་མགྲིན་དཔལ་གྱིས་རྒྱས་བཏབ་སྟེ། །ཕོ་བྲང་སྲང་ལ་གཞལ་བྱས་ནས། །དཀྱིལ་འཁོར་དབུས་གཞུག་གཟུངས་ཐག་གདགས། །


DNG020_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ལྔའི་ཕྱག་རྒྱས་དབང་བསྐུར་ནས། །རྟ་མགྲིན་བདུད་རྩི་འཁྱིལ་པས་བསྲུང་། །སྨན་གྱི་ལྷ་མོ་སྤྱན་ཡང་དྲང་། །དྲང་སྲོང་རྣམས་ཀྱི་རྟོག་པ་བསལ། །གུ་གུལ་ཕྱི་ནང་གསང་བ་ཡི། །དུད་པས་བདུག་ལ་སྤྱན་དྲང་ཞིང་། །གོང་གིས་བགེགས་རྣམས་བསྐྲད་པར་བྱ། །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཧ་ཡ་གྲཱི་བ་ཨ་མྲྀ་ཏ་ཀུཎྜ་ལི་རྀ་ཥི་ག་ཎ་སིདྡྷི་དེ་བཱེ་ཙ་རི་བ་ལ་སིདྡྷི་པཉྩ་ཀུ་ལ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཧཱུཾ། མཚན་མའི་རྟོག་སྦྱོང་དགོངས་པ་ཡིས། །མཚན་མ་ཐམས་ཅད་དག་པར་བྱའོ། །ཞེས་གསུངས་སོ། །བདུད་རྩི་བདེ་བ་ཆེན་པོའི་རྒྱུད་ལས། ལམ་གྱི་བདུད་རྩི་བསྒྲུབ་པ་ལས། ཕྱེ་མ་བཏག་བཙག་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་བདུད་རྩི་གང་བུ་གཅིག་པའི་དཀྱིལ་འཁོར་སྒྲུབ་པ་འདི་དག་འགྲོ་བའི་ཆེད་དུ་གསུངས་སོ། །ཐིག་བཞི་བཏབ་པའི་དཀྱིལ་འཁོར་དུ། །དབུས་སུ་ཟླ་གམ་གྲུ་གསུམ་མོ། །འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་བཅས། །གྲུ་བཞི་སྒོ་དང་རྟ་བབས་ལྡན། །མདུན་དུ་དཔའ་བོ་བདུད་རྩི་སྣོད། །མཆོད་པ་རྫས་དང་བཅས་པ་དང་། །ཆོས་སྐུ་དེ་བཞིན་ཉིད་ལས་ནི། །ལོངས་སྐུ་འབྱུང་བ་ཀུན་ཏུ་སྣང་། །སྤྲུལ་སྐུ་རྒྱུ་ཡི་ཏིང་འཛིན་ནི། །འབྱུང་བ་ལྔ་དག་ཡུམ་ལྔའི་ཀློང་། །ནམ་མཁའ་རླུང་དང་ཁྲག་མཚོ་འཁྱིལ། །ཀེང་རུས་རི་རབ་མེ་དཔུང་འབར། །དུར་ཁྲོད་བརྒྱད་ཀྱིས་ཡོངས་བསྐོར་བའི། །བདེར་གཤེགས་ཁང་པ་རབ་ཏུ་བཟང་། །མུ་ཏིག་ཨསྨ་གརྦྷ་དང་། །ནོར་བུ་མཚན་ཉིད་ཐེག་པ་གསུམ། །རྡོ་རྗེ་རྩེ་གཅིག་རྩེ་གསུམ་ལྔ། །ཀྲི་ཡོག་གསང་སྔགས་ཕྱི་པ་གསུམ། །པདྨ་ཁ་སྦྱོར་ཉི་ཤུ་བཞི། །གནས་དང་ཉེ་བའི་གནས་དང་ནི། །ཞིང་དང་ཉེ་བའི་ཞིང་དག་དང་། །འདུ་ས་ཉེ་བའི་འདུ་ས་སྟེ། །ཚནྡོ་ཉེ་བའི་ཚནྡོ་ཉིད། །དུར་ཁྲོད་ཉེ་བའི་དུར་ཁྲོད་དུ། །དབང་ཕྱུག་ཕོ་མོ་ཉི་ཤུ་བཞི། །ཁ་སྦྱར་མ་ཧཱ་ཡོ་ག་ཡིན། །བྱོལ་སོང་གཙོ་བོ་ཆེན་པོ་བརྒྱད། །འབར་བའི་གདན་རྣམས་རྣམ་པར་མཛེས། །སྟོང་གསུམ་ཁྲོ་བོའི་དཀྱིལ་འཁོར་དུ། །མཐར་བྱེད་ཁྲོ་བོའི་རྣམ་པ་བརྒྱད། །སྐུ་གསུང་འབར་བའི་དཀྱིལ་འཁོར་དུ། །


DNG020_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

ཧེ་རུ་ཀ་ནི་དགུ་ཀློང་འབར། །མཁའ་མཉམ་ཀློང་གི་དཀྱིལ་འཁོར་དུ། །ཁྲོ་མོ་གནས་ཞལ་ཡུམ་དང་གནས། །འཆི་མེད་རྡོ་རྗེའི་དཀྱིལ་འཁོར་དུ། །དཔལ་འབར་ཆེ་མཆོག་ཧེ་རུ་ཀ །སྐུ་གསུང་ཐུགས་སུ་བྱིན་བརླབ་པའི། །དགོངས་པས་བྱིན་ཡང་དབབ་པར་བྱ། །དཀྱིལ་འཁོར་བདུད་རྩིས་དགང་བ་དང་། །སྦྱོར་བ་བརྒྱད་ཀྱི་འཇུ་འདུལ་བྱ། །དེ་ནས་འཛབ་དགོངས་བཟླས་པའི་སྔགས། །དགུ་པ་འདི་ནི་འཛབ་དུ་གྲངས། །ཨོཾ་བཛྲ་ཙིཏྟ་ས་མ་ཡ་ཧཱུཾ་ཧྲཱྀཿ། གསང་སྔགས་རྒྱལ་པོ་ཡང་གསང་བ། །སངས་རྒྱས་ཀུན་གྱི་ཐུགས་མཆོག་ལས། །གསང་བ་འདི་ནི་རབ་བྱུང་ནས། །མཛད་པ་བཅུ་གཉིས་འཕྲོ་འདུ་བྱ། །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཧྲཱྀཿཐ། ཆོས་སྐུའི་ངང་ལས་བཞུགས་པ་ནི། །ལྷུམས་སུ་གཤེགས་པའི་ངོ་བོའི་ཚུལ། །ཏིང་ངེ་འཛིན་ཡང་རྣམ་གསུམ་གྱིས། །སྐུ་བསྐྱེད་པས་ན་བལྟམས་པའི་ཚུལ། །འཕྲོ་འདུས་འགྲོ་བའི་དོན་མཛད་པ། །གཞོན་ནུ་རོལ་པ་མཛད་པའི་ཚུལ། །གཡོན་གྱི་ཕྱོགས་སུ་ཡུམ་བསྐྱེད་པས། །ཁབ་བཞེས་མངའ་དབང་ཆེ་བའི་ཚུལ། །ཐབས་དང་ཤེས་རབ་གཉིས་མེད་པས། །དབྱེར་མེད་རབ་བྱུང་ཐར་པའི་ཚུལ། །ཐབས་དང་ཤེས་རབ་བསྐྱོད་པ་ནི། །དེ་ནི་དཀའ་ཐུབ་མཛད་པའི་ཚུལ། །ཡབ་ཡུམ་ལྷན་ཅིག་དགྱེས་པར་རོལ། །སྐུ་ཉམས་བསྟར་བ་སངས་རྒྱས་ཚུལ། །ཕྱག་རྒྱ་རྣམ་པ་བཞི་ལྡན་པས། །བདུད་བཞི་བཅོམ་པས་བདུད་བཏུལ་ཚུལ། །བྱང་སེམས་དཀར་དམར་འོད་འཕྲོས་པས། །ཆོ་འཕྲུལ་བསྟན་པས་ཆོ་འཕྲུལ་ཚུལ། །འགྲོ་ལ་ཐེག་པའི་ཆོས་སྒྲོགས་པས། །ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚུལ། །སླར་ལ་འདུས་ནས་མི་དམིགས་པས། །མྱ་ངན་ལས་ནི་འདས་པའི་ཚུལ། །ཐུགས་རྗེ་ཀུན་ལ་ཁྱབ་བསྟན་པས། །དེ་ནི་སྐུ་གདུང་བགོས་པའི་ཚུལ། །ཨོཾ་ཨཱཿཧཱུཾ་བཛྲ་ཙིཏྟ་ཧཱུཾ་ཧྲཱྀཿཐ།དང་པོ་སྟོན་པའི་ཐུགས་རྗེ་ཡིས། །ས་སྟེང་སྨན་བབས་ལྷུམས་སུ་གཤེགས། །དེ་ནས་ས་སྟེང་སྐྱེས་པ་ནི། །དེ་ནི་ལྷུམས་ནས་བལྟམས་པ་སྟེ། །དེ་ནས་སྡོང་བུར་གྱུར་པ་ནི། །


DNG020_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

གཞོན་ནུ་རོལ་རྩེད་མཛད་པའོ། །དེ་ནས་ཡལ་ག་འཕེལ་བ་ནི། །ཡུམ་ནི་ཁབ་ཏུ་བཞེས་པའོ། །སྨན་རྣམས་བརྐོ་ཞིང་དྲེགས་པ་ནི། །སྟོན་པ་རབ་ཏུ་བྱུང་བའོ། །བསྐམས་ཤིང་སྣོད་དུ་བསྲེལ་བ་ནི། །ཆུ་འགྲམ་དཀའ་ཐུབ་མཛད་པའོ། །ཁྲོལ་བུ་ཚོམ་བུ་ལྔར་ཕྱེད་པས། །རིགས་ལྔར་སངས་ནི་རྒྱས་པའོ། །ནུས་མཐུས་ནད་དང་བདུད་སྡེ་བཞི། །བཏུལ་བས་བདུད་ནི་བཏུལ་བའོ། །ཤེས་རྒྱུད་འགྲོ་བའི་ཉོན་མོངས་བཅོམ། །ཆོས་ཀྱི་འཁོར་ལོ་བསྐོར་བའོ། །དྲི་རོ་སྒྲ་འོད་དུ་བ་སོགས། །འབྱུང་བས་ཆོ་འཕྲུལ་བསྟན་པའོ། །སྨན་རྣམས་བཏགས་དང་བཙགས་པས་ན། །སྐུ་ནི་མྱ་ངན་འདས་པའི་ཚུལ། །བདུད་རྩི་རིམ་པར་བགོས་པ་ནི། །སྐུ་གདུང་རིམ་པར་བགོས་པའི་ཚུལ། །ཨོཾ་ཨཱཿཧཱུཾ་བཛྲ་ཨ་མྲྀ་ཏ་ཧཱུཾ་ཧྲཱྀཿཐ། དེ་ལ་དྲོད་རྟགས་འབྱུང་བ་ནི། །བྱང་ཆུབ་སེམས་ལས་འོད་འབྱུང་ཞིང་། །དྲི་ཆེན་དག་ལ་དྲི་འོང་ཞིང་། །ཤ་ཆེན་མང་དུ་འཕེལ་བ་དང་། །རཀྟ་ལ་ནི་དུད་པ་འཐུལ། །དྲི་ཆུས་སྒྲ་ནི་སྒྲོགས་པ་དང་། །ལུས་ཁམས་བདུད་རྩི་ལྔ་འདུས་པས། །ལྷ་མོའི་གཟུགས་ཀྱང་སྟོན་པར་བྱེད། །དེ་དུས་དབབ་དང་བསྐྱིལ་བའོ། །དགོངས་པས་མཚན་མར་བསྟན་པར་བྱའོ། །འཆི་མེད་རྡོ་རྗེའི་དཀྱིལ་འཁོར་དུ། །བདེ་ཆེན་དཀྱིལ་འཁོར་ཧཾ་ལས་དབབ། །མཁའ་མཉམ་ཀློང་གི་དཀྱིལ་འཁོར་དུ། །ལོངས་སྤྱོད་དཀྱིལ་འཁོར་ཨཾ་ལས་དབབ། །སྐུ་གདུང་འབར་བའི་དཀྱིལ་འཁོར་དུ། །ཆོས་ཀྱི་དཀྱིལ་འཁོར་ཧཱུཾ་ལས་དབབ། །སྟོང་གསུམ་ཁྲོ་བོའི་དཀྱིལ་འཁོར་དུ། །སྤྲུལ་པའི་དཀྱིལ་འཁོར་ཨ་ལས་དབབ། །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་མེ་པྲ་བེ་ཤ་ཡ་ཕེཾ་ཕེཾ་ཕེཾ། སྲོག་ཤིང་གསུམ་གྱི་མདུད་པ་ལ། །བདུད་རྩི་རབ་ཏུ་བསྐྱིལ་བར་བྱ། །ལ་ལ་ནཱ་དང་ར་ས་ནཱ། །དཀྱིལ་འཁོར་བཞི་ཡི་ནང་དུ་བསྐྱིལ། །ཉི་མ་ཟླ་བ་རྣམ་པ་གཉིས། །གཟུང་དང་འཛིན་པ་འཁོར་བའི་རྩ། །དབྱིངས་དང་ཡེ་ཤེས་བདུད་རྩིར་བསྐྱིལ། །ཨ་བ་དྷཱུ་ཏཱི་གཟུང་འཛིན་སྤང་། །གཉིས་མེད་ཆོས་སྐུ་ཆེན་པོར་བསྐྱིལ། །བདེ་ཆེན་ལོངས་སྤྱོད་ཆོས་དང་སྤྲུལ། །རང་གི་གནས་


DNG020_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བསྐྱིལ་བར་བྱ། །ལྷན་ཅིག་སྐྱེས་པ་བདེ་སྟོང་འཁྱིལ། །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ་ཧྲཱྀཿཐ། དེ་ནས་དཀྱིལ་འཁོར་ལྷ་རྣམས་ཀྱི། །ཕྱག་རྒྱ་རབ་ཏུ་བཤད་པར་བྱ། །ཕྱག་རྒྱའི་ངོ་བོ་ལྷ་ཡི་སྐུ། །ཕྱག་རྒྱ་དག་དང་བཅས་པའོ། །ངེས་ཚིག་རྒྱས་ནི་འདེབས་པར་བྱེད། །གདབ་པར་བྱ་བ་རྣལ་འབྱོར་ལུས། །འདེབས་པར་བྱེད་པ་ལྷ་སྐུར་བཏབ། །བར་ཆད་ལས་ནི་བསྲུང་བའོ། །དབྱེ་བ་རྣམ་པའི་དཔེ་བཤད་པ། །ཇི་ལྟར་འཁོར་ལོས་བསྒྱུར་བ་ཡི། །རྒྱལ་པོའི་ཕྱག་གི་རྒྱས་བཏབ་པས། །ལམ་གྱི་འཇིགས་པ་མ་ལུས་རྣམས། །ངེས་པར་བསྲུང་ཞིང་སེལ་འགྱུར་ལྟར། །དེ་བཞིན་ཐ་མལ་ལུས་ཉིད་ལ། །ལྷ་ཡི་རྒྱས་བཏབ་གྱུར་པ་གང་། །འཁོར་བའི་འཇིགས་པ་དག་ལས་གྲོལ། །དབྱེ་བ་རྣམ་པ་བཞིར་གནས་པ། །ཕྱག་རྒྱ་ཆེན་པོ་ལྷ་ཡི་སྐུ། །དམ་ཚིག་ཕྱག་རྒྱ་ཡུམ་དང་འཁྲིལ། །ལས་ཀྱི་མཁའ་གསང་འཕྲོ་འདུ་བྱེད། །ཆོས་ཀྱིས་སྤྲུལ་པ་འཁོར་བ་འདྲེན། །ཕྱག་རྒྱ་ཞེས་ནི་རྒྱལ་བས་གསུངས། །ཧཱུཾ་མཛད་རྡོ་རྗེ་ཏྲི་ཤཱུ་ལ། །རྣམ་རྒྱལ་འཁོར་ལོ་ཁ་ཊྭཱཾ་ག །དབྱུག་སྔོན་མེ་དབལ་དབྱུག་པ་བསྣམས། །གཤིན་རྗེ་ཐོད་དབྱུག་དགྲ་སྟྭ་དང་། །མི་གཡོ་རལ་གྲི་ཞགས་པ་ལ། །རྟ་མགྲིན་དབྱུག་ཏོ་སྦྲུལ་ཞགས་བསྣམས། །གཞན་གྱིས་མི་ཐུབ་ལྕགས་ཀྱུ་ཞགས་པ་དང་། །བདུད་རྩི་རྒྱ་གྲམ་དྲིལ་བུ་ལ། །ཁམས་གསུམ་འཁོར་ལོ་ནེའུ་ལེ་བསྣམས། །སྟོབས་ཆེན་ཐོད་པ་ཞགས་པ་སྟེ། །གཟུགས་བརྙན་དཀྱིལ་འཁོར་དག་ལ་བྲིས། །བདེ་གཤེགས་ཁྲག་འཐུང་ཕྱག་རྒྱ་ནི། །འཁོར་ལོ་དགྲ་སྟྭ་ཞགས་པ་གཡས། །བྷནྡྷ་རྔེའུ་ཆུང་ཁ་ཊྭཱཾ་གཡོན། །རྡོ་རྗེ་ཁྲག་འཐུང་ཆེན་པོ་ནི། །རྡོ་རྗེ་ཞིང་དབྱུག་ཁ་ཊྭཱཾ་གཡས། །བྷནྡྷ་ཞིང་ཆེན་རྒྱུ་ཞགས་གཡོན། །རིན་ཆེན་ཁྲག་འཐུང་ཆེན་པོ་ནི། །རིན་ཆེན་གཤོལ་དང་གཏུན་ཤིང་གཡས། །བྷནྡྷ་དགྲ་སྟྭ་རྔེའུ་ཆུང་གཡོན། །པདྨ་ཁྲག་འཐུང་ཆེན་པོ་ནི། །པདྨ་རྔེའུ་ཆུང་རལ་གྲི་གཡས། །བྷནྡྷ་ཁ་ཊྭཱཾ་ཐོད་ཕྲེང་གཡོན། །


DNG020_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱི་ཁྲག་འཐུང་ཆེན་པོ་ནི། །རལ་གྲི་ཞགས་པ་རྔེའུ་ཆུང་གཡས། །བྷནྡྷ་རྔེའུ་ཆུང་དྲིལ་བུ་གཡོན། །ཁྲོ་བོ་རཀྴ་ཧེ་རུ་ཀ །དང་པོ་གྲི་གུག་ཐོད་པ་དང་། །བར་མ་རྡོ་རྗེ་དྲིལ་བུ་སྟེ། །ཐ་མ་ཁ་ཊྭཱཾ་རྔེའུ་ཆུང་གཡོན། །ཁྲོ་རྒྱལ་དམ་ཚིག་ཧེ་རུ་ཀ །དང་པོ་གྲི་གུག་ཐོད་པ་ལ། །བར་མ་རིན་ཆེན་དྲིལ་བུ་སྟེ། །ཐ་མ་བེ་ཅོན་ཅང་ཏེའུ་བསྣམས། །ཁྲོ་མཆོག་ཡཀྴ་ཧེ་རུ་ཀ །དང་པོ་གྲི་གུག་ཐོད་པ་ལ། །བར་མ་པདྨ་དྲིལ་བུ་སྟེ། །ཐ་མ་དགྲ་སྟྭ་ཌ་མ་རུ། །ཁྲོ་ཆེན་རཀྴ་ཧེ་རུ་ཀ །དང་པོ་གྲི་གུག་ཐོད་པ་ལ། །བར་པ་རྒྱ་གྲམ་དྲིལ་བུ་ཉིད། །ཐ་མ་རལ་གྲི་རྔེའུ་ཆུང་བསྣམས། །གཟུགས་བརྙན་དཀྱིལ་འཁོར་གནས་སུ་བྲི། །དཀྱིལ་འཁོར་རྡུལ་ཚོན་ཆེན་པོ་ལ། །ལྷ་ཡི་ཕྱག་རྒྱས་རྒྱས་བཏབ་པས། །བྱིན་བརླབས་བར་ཆད་དག་ལས་གྲོལ། །དུས་བཞི་དུས་དྲུག་ཉུ་ལེ་མ། །བཟློག་ཅིང་བསྲུང་བར་བྱེད་པའོ། །བལྟ་བའི་དོན་གྱིས་བསྲུང་བ་ནི། །ཁྲོ་བོ་དཔལ་ལྡན་ཧེ་རུ་ཀ །འབར་བའི་གར་དགུ་རབ་ཏུ་ཁྲོ། །སྒེག་པ་དཔའ་བ་འཇིགས་སུ་རུང་། །རྒོད་དང་གཤེ་དང་རྔམ་པ་དང་། །སྙིང་རྗེ་ངོ་མཚར་ཞི་བ་ཉིད། །དབང་ཕྱུག་ཆེན་པོ་འདོད་ཆགས་སྒེག །ལྷ་མིན་བ་སུ་ཀ་ར་དཔལ། །ཁྱབ་འཇུག་འཇིགས་པའི་གཟུགས་སུ་སྤྲུལ། །སྐུ་ཡི་གར་གྱིས་འདུལ་བར་བྱེད། །གཞོན་ནུ་སྨིན་དྲུག་རྟ་གད་དགོད། །ཚོགས་ཀྱི་བདག་པོ་གཞན་ལ་གཤེ། །སྒྲ་གཅན་ཉི་ཟླ་མིད་པས་རྔམ། །གསུང་གི་གར་གྱིས་འདུལ་བར་བྱེད། །བརྒྱ་བྱིན་སྙིང་རྗེའི་སེམས་ཀྱིས་སྐྱོང་། །ཀླུ་ཆེན་འདྲེ་ལྡོག་ངོ་མཚར་ཆེ། །མེ་ལྷས་བསྲེགས་ནས་འཇིག་རྟེན་ཞི། །དེ་དག་ཐུགས་ཀྱི་གར་གྱིས་འདུལ། །ཉམས་ནི་སེམས་ལ་ཤར་བས་ཐུགས། །སྔགས་ནི་ངག་ཏུ་ཤར་བས་གསུང་། །གར་ནི་ལུས་ལ་འཆར་བས་སྐུ། །མཐོང་སྣང་ཡུལ་ལ་ཤར་བས་ཁྲོ། །བག་ཆགས་རྨི་ལམ་རྣལ་འབྱོར་སྟོན། །བཅུད་ནི་རྟོགས་པ་བདག་གི་དཔལ། །སྣོད་ནི་ཐུགས་རྗེ་གཞན་གྱི་དཔལ། །སྦྱོར་བ་བདག་ལ་རྟོག་པ་དང་། །སྒྲོལ་བས་གཞན་ལ་ཐུགས་རྗེས་སྐྱོང་བ་དང་། །ཞི་གནས་བདག་ཏུ་རྟོག་པ་ཞི། །ལྷག་མཐོང་གཞན་རིག་རྣམ་པར་


DNG020_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས། །ཆོས་སྐུ་རིག་པ་ནང་ན་གསལ། །གཟུགས་སྐུ་ཐུགས་རྗེ་ཕྱི་ལ་འཆར། །སྣང་སྟོང་ཡུལ་ལ་དགྱེས་པ་ཧོ། །བདེ་སྟོང་ལུས་ལ་ཆགས་པས་རུ། །རིག་སྟོང་སེམས་ཀྱིས་མཛད་པས་ཀ །ཆོས་སྐུ་ཡུལ་ལ་དགྱེས་པས་ཧ། །ལོངས་སྤྱོད་རྫོགས་སྐུར་ཆགས་པས་རུ། །སྤྲུལ་སྐུས་མཛད་པ་མཐར་ཕྱིན་ཀ །འདི་ལྟར་སྣང་སྲིད་འཁོར་འདས་རྣམས། །དཔལ་ལྡན་ཧེ་རུ་ཀ་རུ་གནས། །ཞེས་གསུངས་སོ། །བདུད་རྩི་བདེ་བ་ཆེན་པོའི་རྒྱུད་ལས། ལམ་གྱི་བདུད་རྩི་གོང་བུ་བསྒྲུབ་པ་སྟེ་ལེའུ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་འབྲས་བུའི་བདུད་རྩི་འདི་དག་འགྲོ་བའི་ཆེད་དུ་གསུངས་སོ། །དེ་ནས་དངོས་གྲུབ་དཀྱིལ་འཁོར་མཆོག །ཟླ་གམ་སྒོ་ནི་ཤར་དུ་བསྟན། །རྡོ་རྗེ་ཉི་མ་ནུབ་ནས་ནི། །སྐྱ་རེངས་འཆར་བའི་བར་དུ་བསྒྲུབ། །དངོས་གྲུབ་རྫས་རྣམས་རབ་ཏུ་བསོག །ཚེ་དང་གལ་དང་ཟླ་རྒྱས་དང་། །ཟླ་ཕྲུམ་འཇམ་དེས་ཀུན་དུ་རྒྱུག །བྲན་མོ་གཡོ་ཅན་སྐྱུར་པོ་བསོག །བདུད་རྩི་འཁྱིལ་པ་ཁྲོ་བོ་ཆེ། །གཡས་དཀར་གཡོན་དམར་དབུས་མ་ལྗང་། །རྒྱ་གྲམ་བསིལ་བྱེད་རལ་གྲི་གཡས། །ཐོད་ཁྲག་ཐོ་བ་འདི་ཐོ་བ་ཡིན་མིན་དཔྱད་དགོས་ཁ་ཊྭཱཾ་གཡོན། །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཀུཎྜ་ལི་ཨ་ཧཱུཾ་སུ་ཁ་དྷརྨ་ཀཱ་ཡ་སིདྡྷི་ཕ་ལ་ཨ་ལ་ལ་ཧོ། ཐུན་མོང་གྲུབ་ཆེན་བརྒྱད་དང་ནི། །སྣ་ཚོགས་ལས་རྣམས་གྲུབ་པ་དང་། །མཆོག་གི་རིག་པ་འཛིན་པ་དང་། །སྐུ་གསུང་དངོས་གྲུབ་རྒྱ་ཆེན་བླང་། །དེ་ནས་དབང་གི་དཀྱིལ་འཁོར་མཆོག །དབང་སྟེགས་ཟླ་གམ་སྒོ་དང་བཅས། །རྟ་མགྲིན་གཡས་དཀར་གཡོན་སྔོ་བ། །རྟ་མགོ་ལྗང་ཞུར་ལེ་བརྒན་རྔོག །ཁ་ཊྭཱཾ་ལྕགས་ཀྱུ་རལ་གྲི་གཡས། །ཐོད་པ་མདུང་དང་ཞགས་པ་གཡོན། །མི་ཕམ་མ་དང་རལ་པ་གཅིག །ཁྲོ་གཉེར་མ་དང་རོ་ལངས་མ། །ཐམས་ཅད་དབང་དུ་འདུས་ནས་ནི། །སློབ་མ་སྣོད་དང་ལྡན་རྣམས་ལ། །བདུད་རྩི་མཆོག་དབང་རབ་ཏུ་སྦྱོར། །བུམ་པ་ཅོད་པན་རྡོ་རྗེ་དྲིལ། །མིང་དང་རིག་པའི་དབང་ལྔ་པོ། །དམ་པ་རིགས་བརྒྱའི་དབང་དུ་བསྐུར། །ཉན་དང་འཆད་དང་བསྒོམ་པ་དང་། །ཕྲིན་ལས་རྡོ་རྗེ་


DNG020_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་དབང་། །དེ་ཉིད་རིགས་ལྔའི་དབང་དུ་བསྐུར། །གསང་དབང་བདེ་བ་ཆེན་པོ་དང་། །ཤེས་རབ་ཡེ་ཤེས་གསང་དབང་གསུམ། །དངོས་གྲུབ་ལེན་པའི་དབང་དུ་བསྐུར། །ཁྲོ་བཅུ་ཁྲག་འཐུང་ཀློང་དགུ་ནི། །བདུད་རྩི་བསྒྲུབ་པའི་དབང་དུ་བསྐུར། །བདུད་རྩི་བུམ་པའི་དབང་ཆེན་ནི། །བདུད་རྩི་མཆོག་གི་དབང་དུ་བསྐུར། །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཨ་བྷི་ཥིཉྩ་མཾ། ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཧེ་རུ་ཀ །ཞེས་གསུངས་སོ། །བདུད་རྩི་བདེ་བ་ཆེན་པོའི་རྒྱུད་ལས། དངོས་གྲུབ་བདུད་རྩི་འཁྱིལ་པས་བསྲུང་བ་དང་། དབང་རྟ་མགྲིན་གྱི་དབང་དུ་བྱ་བ་སྟེ་འབྲས་བུའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་བདུད་རྩི་བདེ་བ་ཆེན་པོའི་གཞི་ལམ་འབྲས་བུའི་དོན་བསྡུས་པ་འདི་གསུངས་སོ། །དེ་ནས་རྟེན་འདྲེལ་སྒྲིག་པའི་གཞི། །རྡོ་རྗེ་ལུས་ཀྱི་མཚན་ཉིད་ལ། །ལུས་ཁམས་བདུད་རྩི་ལྔར་གནས་པ། །སྐུ་ནི་དམ་པ་རིགས་བརྒྱ་ལ། །གསུང་ནི་དེ་ཉིད་རིགས་ལྔ་སྟེ། །ཐུགས་ནི་གསང་ཆེན་རིགས་གཅིག་གནས། །དེ་ལྟར་ཤེས་པས་བཏག་བཙག་གཉིས། །དབྱེར་མེད་གོང་བུ་གཅིག་པར་གནས། །རྟེན་འདྲེལ་ཐོག་མཐའ་རབ་བསྟེན་པ། །ཐོག་མ་ཀུན་གཞི་རྒྱུད་གནས་པ། །ལུས་ནི་ཐབས་ཀྱི་རྒྱུ་ཉིད་ལ། །མཚན་ལྡན་མོ་ལ་སྦྱོར་བ་ནི། །བྱང་ཆུབ་སེམས་ཀྱི་བདུད་རྩི་ཉིད། །ཞིང་བཅུ་གནས་ནས་སྒྲོལ་བ་ནི། །བསྒྲལ་བའི་བདུད་རྩི་ཆེན་པོ་ལྔ། །ཐ་མ་གནས་འགྱུར་འབྲས་བུ་སྟེ། །སྐུ་བཞིར་མངོན་པར་སངས་རྒྱས་འགྲུབ། །རྟེན་འདྲེལ་ཉིད་ནི་གང་ཡིན་ན། །ཚོགས་དང་སྦྱོར་ལམ་ཞེས་བྱ་བ། །འཁོར་ལོ་འཆམ་པ་འཇིག་རྟེན་ལམ། །བསྒོམ་དང་མཐོང་བ་མཐར་ཕྱིན་པ། །འཁོར་ལོ་བསྐོར་བ་འདས་པའི་ལམ། །ལམ་ལྔ་ཡོངས་སུ་རྫོགས་པར་འགྱུར། །ལམ་བཞི་ལས་ནི་གང་ཡིན་ན། །ཉན་ཐོས་མོས་པ་ཆུང་བ་དང་། །རང་རྒྱལ་དམིགས་པ་ཕྲ་བ་དང་། །བྱང་ཆུབ་སེམས་དཔའ་དག་དང་ནི། །འདི་ནི་བྱང་ཆུབ་ཆེན་པོ་སྟེ། །ཐབས་ཀྱི་གསང་སྔགས་ཁྱད་པར་འཕགས། །ཚད་མ་བཞི་ནི་གང་ཡིན་པ། །དང་པོ་ལོ་རྒྱུས་ཚད་མར་བཤད། །རྟེན་འདྲེལ་དགེ་


DNG020_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་མངོན་བྱའི་དོན། །ཕྱི་ནང་བདུད་རྩི་ཆེན་པོ་བསྒྲུབ། །རྟེན་ཅིང་འདྲེལ་བ་དུ་ཞིག་གིས། །ལམ་ནི་ཡོངས་སུ་རྫོགས་པར་བྱེད། །རྟེན་འདྲེལ་བདུན་གྱི་གསང་སྔགས་ཀྱི། །རྒྱུ་ལམ་འབྲས་བུ་རྫོགས་པར་བྱེད། །ཀུན་བཟང་རྡོ་རྗེ་སེམས་སོགས་པའི། །ཞལ་ནས་བྱིན་གྱིས་བརླབས་ནས་ནི། །དགོངས་པས་འཁོར་དུ་གང་གསུངས་པ། །བདེ་གཤེགས་བཀའ་ཡི་ཚད་མ་ཡིན། །རྒྱལ་བ་རིག་འཛིན་གང་ཟག་རྣམས། །གང་ནས་གང་དུ་རྒྱུད་གྱུར་ཅིང་། །གསང་བ་ཐུགས་ལ་གནས་པ་ནི། །བླ་མའི་མན་ངག་ཚད་མ་ཡིན། །དབང་པོ་ཐ་མ་འབྲིང་དང་མཆོག །ཐོས་བསམ་བསྒོམ་པ་རབ་སྦྱར་ནས། །རང་གི་ཉམས་སུ་གང་མྱོང་བ། །རྟོགས་པ་རང་རིག་ཚད་མ་ཡིན། །ཕྱི་ནང་དངོས་པོ་མ་ལུས་ཀུན། །སྔོན་འབྱུང་རྗེས་འཇུག་ལ་སོགས་པའི། །གཏན་ཚིགས་བྱུང་ཁུངས་བཅས་པ་རྣམས། །དངོས་པོ་ལོ་རྒྱུས་ཚད་མ་ཡིན། །དྲང་སྲོང་ཆེན་པོ་ཚངས་པ་དང་། །ལྗང་སྔོན་དང་ནི་ཙ་ར་ཀ །ནབ་སོ་སྐྱེས་དང་ཐ་སྐར་བུ། །ལྷ་སྐྱབས་དང་ནི་རྒྱུན་ཤེས་དང་། །གཡོན་ཕྱོགས་ལྷ་དང་ཐང་ལ་གནས། །མེ་བཞི་འཇུག་དང་རྐང་གཉིས་སྤྱོད། །ཀ་ཡ་ན་དང་ཤིང་ཁྱེར་དང་། །ལྗང་སྔོན་བུ་དང་ཉི་མ་དང་། །ཟླ་བ་དང་ནི་དྲང་སྲོང་ཀླུ། །གཞོན་ནུ་སྤྲིན་དང་གཞོན་ནུ་སྲིད། །འདྲོབ་སྐྱོང་དང་ནི་རིན་པོ་ཆེ། །གོའུ་ཏ་མ་དང་མངོན་ཤེས་ཅན། །ཤིང་གི་ལྷ་མོ་འོད་འཆང་མ། །སྨན་གྱི་ལྷ་མོ་ནོར་གྱི་རྒྱུན། །རྩི་ཡི་གྲུབ་པའི་བློ་གྲོས་མ། །ནགས་ཀྱི་ལྷ་མོ་རྨ་བྱའི་མགྲིན། །འདི་དག་རྣམས་ལ་ཀུན་བཟང་གིས། །རྟེན་འདྲེལ་སྨན་གྱི་སྒྲུབ་པ་བཤད། །ཨ་རུ་ར་ནི་རྣམ་པ་བདུན། །རྣམ་པར་རྒྱལ་དང་གསུམ་གྱིས་བསྒྲིབས། །གསོ་བྱེད་དང་ནི་བདུད་རྩི་དང་། །འཇིགས་བྱེད་དང་ནི་འཕེལ་བྱེད་དང་། །སྐེམ་བྱེད་དང་ནི་བདུན་ཡིན་ནོ། །རྣམ་པར་རྒྱལ་བའི་ཨ་རུ་ར། །མཎྜལ་སྟེང་དུ་བཞག་ནས་ནི། །བདུད་རྩི་ལྔ་དང་རབ་སྦྱར་ནས། །རྡོ་རྗེ་སེམས་དཔར་རབ་བསྒོམས་ཏེ། །གསང་སྔགས་བཟླས་པར་གྱུར་པ་ན། །ཚེ་ལ་དབང་བའི་རིག་འཛིན་འགྲུབ། །ཨོཾ་བཛྲ་ཨཀྵོ་བྷྱ་ཨ་མྲྀ་ཏ་བཛྲ་ཨཱ་ཡུ་ཥེ་ཧཱུཾ་ཨ། ཨ་རུ་ར་ནི་གསུམ་གྱིས་བསྒྲིབས། །བུ་རམ་སྦྱར་བའི་རི་ལུ་ལ། །རྣམ་པར་སྣང་མཛད་བསྒོམས་ནས་ནི། །ནང་རེ་གཉིས་གཉིས་རྟག་ཟོས་ན། །མི་དེ་ནད་ཀུན་མེད་པར་འགྱུར། །གསང་བའི་སྔགས་འདིས་བསྒྲུབ་པར་བྱ། །


DNG020_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་བཻ་རོ་ཙ་ན་ཨན་ཧ་རི་ཏཱ་ཀཱི་ཛི་ན་ཛིཀ །རོ་ག་པྲ་ཤ་མ་ན་སྭཱ་ཧཱ། ཨ་རུ་ར་ནི་གསོ་བྱེད་ཡང་། །སེར་སྐྱ་བ་ཡི་མར་དང་སྦྱར། །ཟོས་ན་ཚེ་རིང་ནད་མེད་འགྱུར། །རིན་ཆེན་འབྱུང་ལྡན་རབ་བསྒོམས་ནས། །གསང་བའི་སྔགས་ཀྱི་རབ་ཏུ་གདགས། །ཨོཾ་རཏྣ་སམྦྷ་བ་ཨན་ཧ་རི་ཏཱ་ཀཱི་རཏྣ་དྷྲྀཀ །རོ་ག་པྲ་ཤཱ་མ་ན་སྭཱ་ཧཱ། ཨ་རུ་ར་ནི་བདུད་རྩི་ཡང་། །བུ་རམ་སྦྲང་རྩི་གསུམ་པོ་དང་། །ཆ་མཉམ་ཟོས་ན་བཅུད་ལེན་འགྱུར། །སྣང་བ་མཐའ་ཡས་རབ་བསྒོམས་ནས། །ཟོས་ན་ཡིད་གཞུངས་དྲོད་སྐྱེད་ཅིང་། །སྟོབས་ཀྱང་ལྡན་ཞིང་རྒས་ཀྱང་སྲ། །ལུས་ཀྱང་དག་པ་ཉིད་དུ་འགྱུར། །ཨོཾ་ཨ་མྲྀ་ཏ་དྷི་བ་ཨེན་ཧ་རི་ཏཱ་ཀཱི་ཨ་རོ་ལིཀ །ཨཱ་ཡུརྫྙཱ་ན་ཚེ་བྷྲཱུཾ། ཨ་རུ་ར་ནི་འཇིགས་བྱེད་ནི། །རླུང་ནད་ལ་ནི་རྒྱམ་ཚར་སྦྱར། །མཁྲིས་པ་ལ་ནི་པི་པི་ལིང་། །བད་ཀན་ལ་ནི་སྦྲང་རྩིར་སྦྱར། །མ་ཞུ་བ་ལ་ལྒ་དང་སྦྱར། །རླུང་སྐྲན་རྒྱམ་ཚ་མར་དང་སྦྱར། །བད་ཀན་མ་ཞུ་ལྒ་དང་ཚ། །སྐྲངས་པའི་ནད་ལ་བ་གཅིན་སྦྱར། །མཛེ་ནད་ཤ་བཀྲ་ཅན་ལ་ནི། །ཙི་ཏྲ་ཀ་དང་དར་བར་སྦྱར། །ནད་རྣམས་ཀུན་ལ་མར་དུ་བཙོ། །སངས་རྒྱས་དོན་ཡོད་གྲུབ་པ་བསྒོམ། །ཨོཾ་ཨ་མོ་གྷ་སིདྡྷི་ཨན་ཧ་རི་ཏཱ་ཀཱ་པྲཛྙཱ་དྷྲྀཀ །རོ་ག་པྲ་ཤཱ་མ་ན་སྭཱ་ཧཱ། ཨ་རུ་ར་ནི་འཕེལ་བྱེད་ནི། །རྒུ་དྲུས་དོམ་མཁྲིས་སྦྱར་ནས་ནི། །སངས་རྒྱས་ཀུན་ཏུ་བཟང་པོ་བསྒོམ། །ཨོཾ་བཛྲ་ཙིཏྟ་ཁྲག་ཉག་རམ་སྭཱ་ཧཱ། རྨ་ལ་བཏབ་ན་ཕན་འགྱུར་ཏེ། །ཤ་ཁྲག་མི་ཟད་པར་ཡང་བྱེད། །རྨ་རྣམས་འབྲུབ་པར་བྱེད་པས་ན། །མཆོག་ཏུ་མཚོན་དཔལ་འཇོམས་པའོ། །ཨ་རུ་ར་ནི་སྐེམ་བྱེད་ཀྱང་། །གུ་གུལ་ཤིང་ཀུན་ག་པུར་དང་། །གླ་རྩི་བ་བླ་ལྡོང་རོས་དང་། །མུ་ཟི་ཤུ་དག་སྒོག་པར་སྦྱར། །བུ་ཆུང་ལུས་ལ་བཏགས་གྱུར་ན། །གདོན་རྣམས་བསྲུང་ཞིང་ནད་རྣམས་གསོ། །ཀུན་ཏུ་བཟང་མོར་རབ་ཏུ་བསྒོམ། །མ་དང་བུ་ལ་བསྲུང་བ་གདགས། །ཨོཾ་བཛྲ་བྷ་དྲ་ས་མནྟ་པུ་ཏྲ་རཀྵ་ཀ་སྱ་ཡ་སྭཱ་ཧཱ།སྟར་བུའི་ཆོ་ག་བསྟན་པ་ནི། །གྲང་དྲོ་སྙོམས་པའི་དུས་བཟང་ནས། །དང་པོ་ཞོ་ནི་ཕྱེད་དང་གཉིས། །དེ་ནས་ཉི་མ་རེ་རེ་ཞིང་། །ཞོ་ནི་ཕྱེད་དང་གཉིས་གཉིས་སྐྱེ། །སྲང་ནི་ཕྱེད་དང་གཉིས་འཐུང་ན། །ཟླ་བ་གཅིག་ཏུ་འོ་མ་དང་། །སྦྱར་འཐུངས་ཟས་གཞན་མ་ཟོས་ན། །ཚེ་དང་སྟོབས་བརྟན་གཟུགས་བཟང་སྟེ། །མདངས་དང་ལང་ཚོ་བཅུད་ལེན་འགྱུར། །དབྱིངས་ཕྱུག་མ་ནི་བསྒོམ་པར་བྱ། །ཨོཾ་དྷཱ་ཏྭཱི་ཤྭ་རཱི་ཨཱ་ཡུཿཕ་ལ་བྷྲཱུཾ། བདུད་རྩི་དམ་པ་ཉེ་ཤིང་པ། །ཤུན་གསལ་ནང་གི་སྙིང་པོ་ཕྱུང་། །བརྡུངས་ནས་གཙང་མའི་རས་ལ་བཙག །སྦྲང་རྩི་འོ་མ་སྦྱར་


DNG020_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི། །ཞག་རེ་སྲང་རེ་བསྐྱེད་བྱས་ནས། །ཞག་བརྒྱད་འཐུང་ངམ་ཟླ་གཅིག་བཟའ། །དེ་འོག་བ་འོར་འབྲས་བཙོས་བཟའ། །ནད་ཀྱི་འཆི་མེད་བཅུད་ལེན་ཡིན། །སངས་རྒྱས་སྤྱན་ནི་བསྒོམ་པར་བྱ། །ཨོཾ་བུཌྜྷ་ལོ་ཙ་ན་ཨཱ་ཡུ་ཥེ་ཧཱུཾ་ཨཱ།དབང་པོ་ལག་པ་ཞེས་བྱ་བ། །མར་དང་འོ་མ་བུ་རམ་སྦྱར། །སྣ་མ་ཚིག་པར་མེ་ལ་བསྐོལ། །མཱ་མ་ཀཱི་ནི་བསྒོམས་ལ་བཟའ། །ཨོཾ་མོ་ཧ་ར་ཏི་ཨཱ་ཡུ་ཥེ་ཧཱུཾ་ཨ། ཚེ་རིང་བསམ་པ་འཕེལ་བ་དང་། །ལུས་ཡང་ཤ་ཡང་མཁྲེགས་པར་འགྱུར། །བྲག་ཞུན་བགྲུངས་པའི་ཁུ་བའི་ནང་། །གུར་གུམ་བུ་རམ་སྦྲང་རྩི་དང་། །ཨ་བ་སྦྱར་ནས་ལྕགས་ཀྱི་སྣོད། །སྣ་མ་ཚིག་པར་མས་བསྐོལ་ནས། །རིལ་བུ་གོས་དཀར་བསྒོམས་ལ་བཟའ། །ནད་མེད་ཚེ་དང་ལང་ཚོ་ལྡན། །ཨོཾ་རཱ་ག་ར་ཏི་ཨཱ་ཡུ་ཥེ་ཧཱུཾ་ཨ། ཅོང་ཟི་དང་ནི་བུ་རམ་དང་། །སྦྲང་རྩི་ཀ་ར་འོ་མ་དག །མར་དང་སྦྱར་ནས་ལྕགས་ཀྱི་སྣོད། །སྣ་མ་ཚིག་པར་ལེགས་བསྐོལ་ནས། །ཟླ་བ་གཅིག་ཏུ་བཟའ་བ་མང་། །དམ་ཚིག་སྒྲོལ་མར་བསྒོམས་ལ་བཟའ། །ནད་མེད་ཚེ་རིང་བཅུད་ལེན་འགྱུར། །ཨོཾ་བཛྲར་ཏི་བཛྲ་ཨཱ་ཡུ་ཥེ་ཧཱུཾ་ཨ། སྨན་ནི་གནོད་སེལ་ཞེས་བྱ་བ། །ཙནྡན་དཀར་པོ་པ་ཏི་བ། །ཨ་རུ་ར་དང་གུར་གུམ་དང་། །པུཎྜ་རཱི་ཀ་སྤང་སྤོས་དང་། །ཆུ་སྲིན་སྡེར་མོ་ཤིང་ཚ་རྣམས། །སྣ་རེ་ཆ་ནི་བཞི་བཞི་དང་། །རུ་རྟ་ཨུཏྤལ་སུག་སྨེ་གསུམ། །སྣ་རེ་ཆ་ཡང་ལྔ་ལྔ་དང་། །བ་ལེ་ཀ་ནི་བརྒྱད་བརྒྱད་ཀྱང་། །སྐར་མ་རྒྱལ་གྱི་ཉིན་པར་ལ། །ཆར་པའི་ཆུས་སྦྲུས་སྔགས་བཏབ་སྦྱར། །དཔྲལ་བ་དག་ལ་བསྐུས་པ་ན། །ལྷ་ཀླུ་གནོད་སྦྱིན་སྲིན་པོ་དང་། །ལྷ་མིན་འབྱུང་པོ་ཞི་བར་བྱེད། །དུག་ནད་ཅན་ལ་ཆུ་དང་སྦྱར། །ཁོང་དུ་འཐུང་ན་དུག་ཀུན་སེལ། །མཚོན་གྱིས་རྨས་པའི་རྨ་བྱུང་ན། །རྨ་ཁར་བསྐུས་པས་འཚོ་བར་བྱེད། །སྡོམ་དང་སྡིག་པ་བྱི་བ་དང་། །དུག་སྦྲུལ་གཅན་གཟན་གདུག་པ་ཅན། །གང་དག་ཟིན་པའི་མི་དེ་ཡིས། །ཐིགས་པ་གསུམ་ནི་སྣ་རུ་བླུག །མིག་བསྐུས་འཐུང་དང་རྨ་ཁར་བླུག །བདུག་པས་ཟིན་པའི་དུག་ལས་ཐར། །རྟག་ཏུ་ལག་ཏུ་བཅངས་པ་ན། །གདོན་རྣམས་ཐམས་ཅད་ཐུབ་པ་དང་། །དོན་རྣམས་ཐམས་ཅད་འགྲུབ་པར་འགྱུར། །དེ་ཡི་རིག་སྔགས་འདི་དག་ལའང་། །སེམས་དཔའ་བཅུ་དྲུག་


DNG020_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

གང་མོས་སམ། །སེམས་མ་བཅུ་དྲུག་གང་མོས་ལ། །སྐྱེས་པས་སེམས་དཔར་སྒོམ་དང་གུས། །བུད་མེད་ཡིན་ན་སེམས་མར་བསྒོམ། །མཆོད་དང་བསྟོད་དང་མཚན་ཐོས་བྱ། །ཡང་ན་ཡོན་ཏན་དྲན་བྱས་ལ། །སྔགས་འདིས་སྨན་ལ་གདབ་པར་བྱ། །ཨོཾ་ཏདྱ་ཐཱ་ཀེ་ཤེ་ཀེ་ཤེ་བི་མཱ་གེ་པྲ་ལའམ་བམ།ཧི་ལི་ཧི་ལི། ན་མོ་བུདྡྷཱ་ཡ་སིདྡྷྱནྟུ་མནྟྲ་པཱ་ད་སྭཱ་ཧཱ། ཞེས་ནི་སངས་རྒྱས་རྣམས་ཀྱིས་གསུངས། །ཞེས་གསུངས་སོ། །བདུད་རྩི་བདེ་བ་ཆེན་པོའི་རྒྱུད་ལས།རྟེན་འདྲེལ་ཚད་མ་གཏན་ལ་ཕབ་པའི་སྨན་བདུད་རྩི་ར་སཱ་ཡ་ན་ལས་སྨན་ཐུན་མོང་བཅུད་ལེན་དང་རིག་འཛིན་སྒྲུབ་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་འཁོར་དུ་འདུས་པ་རྣམས་ཀྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་བསྟོད་དོ། །མི་དམིགས་སྤྲོས་བྲལ་མཉམ་པའི་ཆོས་ཉིད་ལས། །ཐུགས་རྗེའི་མཛད་པ་སེམས་ཅན་དོན་མཛད་པ། །ཤེས་རབ་སྟོང་ཉིད་ཐབས་ཀྱི་སྙིང་རྗེ་ཆེན་པོ་ལས། །སྣོད་ཀྱི་འཇིག་རྟེན་སྨན་རྣམས་བསྒྲུབ་པ་བཅུད་ལེན་གྱིས། །ཐུན་མོང་རིག་འཛིན་ལུས་ཀྱི་ནད་རྣམས་འཇོམས། །ལུས་ཁམས་བདུད་རྩི་བཅུད་འཐུང་ཕུང་པོའི་ནང་། །སངས་རྒྱས་རང་ཞལ་མཐོང་བྱེད་དཀྱིལ་འཁོར་ལུས། །འཁོར་འདས་དོན་སྟོན་སྐུ་ལ་རབ་ཏུ་བསྟོད། །ཅེས་མགྲིན་གཅིག་ཏུ་རབ་ཏུ་བསྟོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་གཏད་དོ། །བདུད་རྩི་ཆེན་པོ་མཆོག་གི་ཆོས། །དུས་གསུམ་སངས་རྒྱས་མཆོད་པའི་སེམས། །ལུས་ངག་ཡིད་ཀྱི་དྲི་མ་དག །མ་མོ་མཁའ་འགྲོ་མཆོད་པ་ཡིས། །མཐུ་དང་རྩལ་གྱི་དངོས་གྲུབ་ཐོབ། །བྱང་ཆུབ་སེམས་དཔའ་མཆོད་པ་ཡིས། །ནད་མེད་ཚེ་ཡི་རིག་འཛིན་ཐོབ། །ཕྱོགས་བཅུའི་རྣལ་འབྱོར་མཆོད་པ་ཡིས། །དམ་ཚིག་ཉམས་སྐོང་དངོས་གྲུབ་འབྱུང་། །སྣོད་བཅུད་བདུད་རྩི་གཏན་ལ་འབེབས། །མ་འོངས་བསྒྲུབ་པའི་མན་ངག་ཏུ། །ཁྱེད་རྣམས་ཚོགས་ཀྱིས་ཟུང་ལ་སྤེལ། །ཞེས་གསུངས་སོ། །བདུད་རྩི་བདེ་བ་ཆེན་པོའི་རྒྱུད་ལས། རྒྱུད་ཡོངས་སུ་གཏད་ཅིང་བསྟན་པ་མི་ནུབ་པར་བསྟན་པ་སྟེ་ལེའུ་བཅུ་པའོ།། །།བདུད་རྩི་བདེ་བ་ཆེན་པོའི་རྒྱུད་རྫོགས་སོ།། །།རྒྱ་གར་གྱི་པཎྜི་ཏ་བི་མ་ལ་མི་ཏྲ་དང་། བོད་ཀྱི་ལོཙྪ་བ་གཉགས་ཛྙཱ་ནས་བསྒྱུར་བའོ།། །།

ཐམས་ཅད་བདུད་རྩི་ལྔའི་རང་བཞིན་དུ་འཁྲུངས་ཤིང་སྐྱེ་བར་བྱེད་པའི་འབྲས་བུ་རིན་པོ་ཆེ་འོད་ལྟར་འབར་བའི་རྒྱུད།


DNG020_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། སརྦ་ཨ་མྲྀ་ཏ་པཉྩ་བྷ་བ་ཛཱ་ཏི་ཛ་ན་ནི་ཕ་ལ་ར་ཏྣ་པྲ་བྷོ་ཏ་མ་ཛྭ་ལ་ཏནྟྲ། བོད་སྐད་དུ། ཐམས་ཅད་བདུད་རྩི་ལྔའི་རང་བཞིན་དུ་འཁྲུངས་ཤིང་སྐྱེ་བར་བྱེད་པའི་འབྲས་བུ་རིན་པོ་ཆེ་འོད་ལྟར་འབར་བའི་རྒྱུད། བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ། རྡོ་རྗེ་ཁྲོས་པའི་སྐུ་གསུང་ཐུགས་བདུད་རྩི་བླང་དོར་མེད་པའི་མཛད་སྤྱོད་དེ་ཉིད་དགོངས་པ་ལ་ཕྱག་འཚལ་ལོ། །འདི་སྐད་ཐམས་ཅད་བདུད་རྩི་སྨན་དུ་ཤེས་པའི་དུས་གཅིག་ན། བཅོམ་ལྡན་འདས་དཔལ་རྡོ་རྗེ་གཞོན་ནུ། རིགས་དང་ཡེ་ཤེས་ཀུན་གྱི་བདག་པོ། ཕྱི་དང་ནང་དང་མཐར་ཐུག་ཀུན་གྱིས་ཀྱང་། བདུད་རྩི་སྨན་གྱི་རང་བཞིན་དངོས་མཛད་པ། གདུལ་བྱ་གདུག་པ་ཅན་དུག་ལྔ་དང་ནད་བཞི་བརྒྱ་རྩ་བཞིས་གཟིར་བ་རྣམས་ལ་སྨན་གྱི་མཆོག་ཏུ་བཞུགས་པ། མཐའ་དང་དབུས་མེད་པ་ཕྱོགས་དང་རིས་མེད་པ། ཐམས་ཅད་བདུད་རྩིའི་ཕོ་བྲང་ཆེན་པོའི་གཞལ་ཡས་ཁང་ན། ཞི་བའི་ལྷ་ཚོགས་བདུད་རྩི་མཆོག་ཉིད་བདུད་རྩིའི་བདག་ཉིད་ཡུམ་བདུད་རྩི་འབེབས་མ། རིགས་ལྔ་ནི་བདུད་རྩི་སྐྱིལ་བ། ཁྲོ་བོ་བཅུ་ནི་བདུད་རྩི་སྲུང་བ། ལྷ་དང་ཀླུ་དང་ཚངས་པ་རྣམས་ནི་བདུད་རྩི་འཐུང་བའི་འཁོར་གྲངས་མེད་པ་བསམ་གྱིས་མི་ཁྱབ་བརྗོད་ཀྱིས་མི་ལང་བ་ཞིང་གི་རྡུལ་ཙམ་གྱིས་བསྐོར་ཏེ་བཞུགས་སོ། །དེ་ལྟ་བུའི་འཁོར་གྱི་ནང་ནས་དཔལ་ཕྱག་ན་རྡོ་རྗེ་རང་གི་སྟན་ལས་ལངས་ནས་ཞུ་བའི་སྤོབས་པ་དང་ལྡན་པར་བཞུགས་སོ། །བདུད་རྩི་རིན་པོ་ཆེ་ཇི་ལྟར་འཁྲུངས་པའི་རྒྱུད་ཅེས་བྱ་བ་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་ཡང་རྡོ་རྗེ་ཁྲོས་པ་དེས་ས་ལ་གནས་པ་དང་། ས་ལ་སྤྱོད་པ་དང་།ལམ་རིམ་པར་སྒྲུབ་པ་དང་། ཚངས་པ་དང་། ལྷ་དང་། ཀླུ་དང་། གཟའ་དང་སྐར་མ་དང་། གནོད་སྦྱིན་དང་། ལྷ་དང་ལྷ་མ་སྲིན་སྡེ་བརྒྱད་དང་།ནམ་གྲུ་དང་། རོ་ལངས་དང་། མཁའ་འགྲོ་མ་དང་། མི་དང་དུད་འགྲོ་དང་། དམྱལ་བ་དང་། ཡི་དྭགས་དང་། འབྱུང་བ་


DNG020_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་དང་། རྩི་ཤིང་དང་། ནགས་ཚལ་ཐམས་ཅད་རྫུ་འཕྲུལ་གྱི་སྤྱན་གྱིས་གཟིགས་ནས། ཐམས་ཅད་བདུད་རྩིའི་རང་བཞིན་དུ་མཁྱེན་ཏོ། །དེ་ནས་ཕྱག་ན་རྡོ་རྗེ་རང་གི་སྟན་ལས་ལངས་ནས།བཅོམ་ལྡན་འདས་ལ་ལན་གསུམ་དུ་བསྐོར་ཞིང་བརྐྱང་ཕྱག་བཙལ་ནས་བསྐོར་བ་མཛད་དེ། རྡོ་རྗེ་ཁྲོས་པ་ལ་ཞུས་པ། ཐམས་ཅད་བདུད་རྩིའི་རང་བཞིན་ལ། །དུག་ཅེས་འབྱུང་བ་ཅི་ཡི་ཕྱིར། །སྐྱེ་ཤི་འབྱུང་བ་ཅི་ཡི་རྒྱུ། །འདི་དག་གསོ་ན་ཇི་ལྟར་ལགས། །གདུལ་བའི་ཐབས་ནི་ཇི་ལྟར་བགྱི། །ཞེས་ཞུས་པས། རྡོ་རྗེ་ཁྲོས་པས་བཀའ་སྩལ་པ། ཐམས་ཅད་ཡེ་ནས་བདུད་རྩི་ལ། །དུག་ཅེས་བྱ་བ་ག་ལ་ཡོད། །རང་གི་སྦྱོར་བ་ལོག་མོད་ཀྱི། །ཧ་ལ་ནག་པོ་རྨ་བྱའི་གསོས། །ཆུ་དང་མར་སྦྱར་སྙིང་རླུང་སྨན། །དུག་ཏུ་འཛིན་པ་སྦྱོར་བའི་སྐྱོན། །གྲང་བ་ཅན་ལ་ག་པུར་རྣམས། །སྦྱོར་བ་ལོག་ན་འཆི་བར་ནུས། །ཆུ་ཡིས་གསོས་ན་སྨན་མར་དུག །དེ་བཞིན་བདུད་རྩི་ཐམས་ཅད་དང་། །སྦྱོར་བ་ལོག་ན་ཀུན་ཀྱང་དུག །མཁས་པས་སྨན་དུ་ཤེས་གྱུར་ན། །འཇིག་རྟེན་གསུམ་དུ་གྲགས་པ་ལ། །དུག་ཅེས་བྱ་བའི་མིང་ཡང་མེད། །ཐམས་ཅད་སྨན་དུ་གྱུར་པ་ལ། །མཁས་པས་སྦྱོར་བ་རིག་པར་བྱ། །སྐྱེ་རྒ་ན་འཆིའི་ཆུ་བོ་ལ། །འཁོར་བའི་ས་བོན་རྩུབ་མོ་རྣམས། །སྡུག་བསྔལ་ལམ་གྱི་རྒྱུན་དུ་ཆགས། །རྩ་བ་བདུད་བཞི་མ་ཆོད་ན། །སྐྱེ་འཆི་འདི་ལས་ཐར་དུས་མེད། །དེ་དག་གསོ་བ་རྣམ་བཞི་སྟེ། །སྐྱེ་བ་གསོ་ན་བསོད་ནམས་ཚོགས། །སྐྱེ་བ་རྣམ་བཞི་ཀུན་དཀའ་ཡིན། །ན་བ་གསོ་བ་སྨན་གྱིས་གསོ། །དེ་ལ་བཞི་བརྒྱ་རྩ་བཞི་ཡིན། །རྒས་པ་གསོ་ན་ཟས་ཀྱིས་གསོ། །ཡང་ན་རླུང་རྣམས་ཟད་པ་ཡིན། །འཆི་བ་གསོ་ན་བདུད་རྩི་བསྒྲུབ། །ཚེ་ཡི་རིག་འཛིན་ཐེག་པ་ཡིན། །གདུལ་བའི་ཐབས་ནི་སྐུ་གསུང་ཐུགས། །ཆོ་འཕྲུལ་ཟད་མི་ཤེས་པས་འདུལ། །ཞེས་བཀའ་སྩལ་པས། ཡང་ཕྱག་ན་རྡོ་རྗེས་ཞུས་པ། འཇིག་རྟེན་ཁམས་ནི་རབ་འབྱམས་ན། །ཤིན་ཏུ་ལོག་པའི་སེམས་ཅན་རྣམས། །སྨན་ཞེས་བྱ་བའི་མིང་མེད་པས། །


DNG020_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་རྣམས་ཀྱང་སྒྲིབ་པས་བསྒྲིབས། །ལུས་ཀྱང་བཞི་བརྒྱ་རྩ་བཞིས་ཉེན། །ངག་ཀྱང་དེ་ཡི་རྗེས་སུ་འདྲེལ། །འདུ་བའི་དབང་པོ་དེ་ཡིས་སུ། །སེམས་ཀྱི་སྐྱེ་ཤི་ཐག་མ་ཆོད། །ཤིན་ཏུ་རྨུགས་པའི་སེམས་ཅན་ལ། །གདུལ་ཐབས་སྤྲུལ་པ་མཛད་པར་རིགས། །ཞེས་ཞུས་པས། རྡོ་རྗེ་ཁྲོས་པས་བཀའ་སྩལ་པ། ཐམས་ཅད་བདུད་རྩིའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་སྤྲུལ་པ་མཛད་པ། ས་བཅུའི་བྱང་ཆུབ་སེམས་དཔའ་ལ། །སྐུ་ནི་རྣམ་པར་སྣང་མཛད་ཚུལ། །བརྒྱད་པའི་ས་ལ་རིགས་གསུམ་མགོན། །ཚངས་རིགས་རྣམས་ལ་ལྷ་ཆེན་གཟུགས། །ལྷ་རྣམས་ཀུན་ལ་བརྒྱ་བྱིན་ཏེ། །ལྷ་མིན་རྣམས་ལ་ཐགས་བཟང་རིས། །གཟའ་སྐར་རྣམས་ལ་ཁྱབ་འཇུག་གཟུགས། །ཀླུ་རྣམས་ཀུན་ལ་འཇོག་པོ་སྟེ། །དམྱལ་བ་རྣམས་ལ་གཤེད་པོ་སྟེ། །སྒྲིབ་པ་རྣམས་ལ་ཁ་འབར་མ། །དུད་འགྲོ་རྣམས་ལ་སེང་གེའི་ཚུལ། །མི་རྣམས་ཀུན་གྱི་འཇིག་རྟེན་དུ། །ཤཱཀྱ་ཐུབ་པའི་ཚུལ་བསྟན་ནས། །ལ་ལ་ཁྱིམ་པ་ལྟ་བུའི་ཚུལ། །ལ་ལར་ཁབ་ནས་རབ་ཏུ་བྱུང་། །ལ་ལར་དཀའ་ཐུབ་དཀའ་བ་སྤྱོད། །ལ་ལར་བྱང་ཆུབ་ཤིང་དབང་དྲུང་། །ལ་ལར་བདུད་བཞི་འདུལ་བར་སྟོན། །ལ་ལར་མྱ་ངན་འདས་ཚུལ་སྟོན། །ལ་ལར་སྐུ་གདུང་རིང་བསྲེལ་སྟོན། །ལ་ལར་ཆོས་ཀྱི་གླེགས་བམ་སྟོན། །ཞེས་ཐམས་ཅད་བདུད་རྩི་སྨན་གྱི་རང་བཞིན་དུ་བཏུལ་ལོ། །བདུད་རྩི་རིན་པོ་ཆེ་འཁྲུངས་པའི་རྒྱན་ཞེས་བྱ་བ་ལས། གླེང་སློང་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་ཕྱག་ན་རྡོ་རྗེ་སྟན་ལས་ལངས་ཏེ། རྡོ་རྗེ་ཁྲོས་པ་ལ་ཞུས་པ།དེ་ཚེ་འགྲོ་དྲུག་སེམས་ཅན་རྣམས། །བདུད་རྩིའི་དོན་གྱིས་ཐུལ་ལགས་ཏེ། །འཇིག་རྟེན་བཀོད་པའི་ས་ཤེད་ན། །རཱུ་ཏྲ་ནག་པོ་མ་ཐུལ་བ། །ཐུགས་རྗེའི་བདག་པོས་གདུལ་བར་རིགས། །ཐུགས་རྗེའི་བདག་པོ་བདེ་གཤེགས་ཏེ། །རྩ་བ་སྡོང་པོ་ཡལ་ག་ཤུན་ལྤགས་དང་། །ངར་བ་ལོ་མ་མེ་ཏོག་འབྲས་བུར་བཅས། །སེམས་ཅན་རྣམས་ཀྱི་གསོས་སུ་


DNG020_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་བརླབས་པས། །ཁྱེད་ཀྱང་བསྟེན་པ་འདི་ལ་གཟུད། །བཞི་བརྒྱ་རྩ་བཞིའི་ནད་དང་བྲལ། །སྐྱེ་འཆི་བྱ་བའི་མིང་ཡང་མེད། །ཅེས་བཀའ་སྩལ་པས། རཱུ་ཏྲ་ནག་པོ་དེས་སེ་གོལ་ལན་གཅིག་བརྡབས་ནས།ཁམས་གསུམ་སྲིད་གསུམ་ང་ཡི་ཡུལ། །འགྲོ་དྲུག་སེམས་ཅན་ང་ཡི་ཟས། །རྩི་ཤིང་ནགས་ཚལ་ང་ཡི་གསོས། །ས་ཕྱོགས་འདིར་ནི་ཁྱོད་ཅི་གཏོགས། །ཟེར་ནས་ཁོ་མ་ཉན་ནོ། །བདུད་རྩི་རིན་པོ་ཆེ་ཇི་ལྟར་འཁྲུངས་པའི་རྒྱན་ཞེས་བྱ་བ་ལས། མ་དད་པ་གདུལ་བའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་རྡོ་རྗེ་འཛིན་པས་ཞུས་པ། ལོག་པའི་རཱུ་ཏྲ་ཆེན་པོ་དེ། །རྒྱུ་དང་རྐྱེན་ནི་ཅི་ལས་བྱུང་། །རིགས་དང་སྡེ་ནི་གང་དུ་གཏོགས། །འབྲས་བུ་སྨིན་པ་ཅི་ཞིག་ལགས། །བཏུལ་ན་ཡོན་ཏན་ཇི་ཙམ་ཐོབ། །མ་བཏུལ་བ་ཡི་སྐྱོན་ནི་ཅི། །བཀའ་སྩལ་པ། རྒྱུ་ནི་གཟུང་འཛིན་སྨོན་ལམ་རྒྱུ། །རྐྱེན་ནི་ཆགས་སྡང་སྤྱོད་ལ་ཞེན། །རིགས་ནི་འཁོར་བའི་རིགས་ཅན་ཏེ། །སྡེ་ནི་འབྱུང་པོ་གདོལ་པར་གཏོགས། །སེམས་ལ་དུག་གསུམ་རྒྱུན་བཅངས་ནས། །འཁོར་བའི་ལོ་འདབ་རྒྱས་པ་ཡིས། །སེམས་ཅན་སྨན་དུ་མ་ཤེས་པར། །འཇིག་རྟེན་ཁམས་ཀུན་དུག་ཏུ་སྤྱད། །འབྲས་བུ་རཱུ་ཏྲ་ཆེན་པོར་སྨིན། །བཏུལ་བའི་ཡོན་ཏན་དཔག་ལས་འདས། །དུག་གསུམ་རྩད་གཅོད་འཁོར་དོང་སྤྲུགས། །འཁོར་བ་ཆོས་ཉིད་ཆེན་པོར་འགྱུར། །སེམས་དང་རྡོ་རྗེ་སེམས་དཔར་གནས། །ཁོག་པ་དུར་ཁྲོད་བརྒྱད་དུ་གྱུར། །ཕུང་པོ་བདུད་རྩི་སྨན་དུ་འཁྲུངས། །དུག་ཅེས་བྱ་བའི་མིང་ཡང་མེད། །སྲིད་པ་གསུམ་གྱི་འཇིག་རྟེན་ཡང་། །རཱ་ས་ཡ་ན་སྨན་དུ་འགྱུར། །ཐམས་ཅད་བདུད་རྩི་བྱང་ཆུབ་སེམས། །མ་གཏུལ་བ་ཡི་སྐྱོན་བསྟན་པ། །ལྷ་དང་མི་ཡི་སྲིད་བརླག་ནས། །ཁ་ལོ་ལོག་པར་བསྒྱུར་ནས་ནི། །ལུས་ལ་འཁོར་བའི་གཏེར་ཆགས་པས། །སྨན་ཞེས་བྱ་བ་མིང་ཡང་མེད། །འཇིག་རྟེན་གསུམ་ཡང་དུག་ཏུ་སྤྱོད། །དེ་བས་མངོན་པར་འདུ་མཛད་ནས། །ཐུགས་


DNG020_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཆེན་པོས་གཟིགས་པར་རིགས། །ཞེས་གསུངས་སོ། །བདུད་རྩི་རིན་པོ་ཆེ་འཁྲུངས་པའི་རྒྱན་ཞེས་བྱ་བ་ལས། འབྲས་བུ་གཏན་ལ་ཕབ་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཡང་བཀའ་བགྲོས་པ་ནི། རྡོ་རྗེ་འཛིན་པས་བཀའ་བགྲོས་པ། །རང་སེམས་བདུད་རྩིའི་རང་བཞིན་ལ། །དུག་ཅེས་བྱ་བའི་མིང་མེད་དེ། །ཤིན་ཏུ་འཁྲུལ་པས་དུག་ཏུ་བཟུང་། །དེ་བས་མངོན་པར་འདུ་མཛད་རིགས། །ཞེས་བགྲོས་སོ། །དེ་བཞིན་གཤེགས་པའི་རིགས་ཀྱིས་བགྲོས་པ། ཕུང་པོ་ཡེ་ནས་བདུད་རྩི་ལ། །དུག་ཏུ་གཟུང་བས་སྐྱེ་ཤི་བྱུང་། །དེ་བས་མངོན་པར་འདུ་མཛད་རིགས། །ཞེས་བགྲོས་སོ། །རིན་ཆེན་རིགས་ཀྱིས་བགྲོས་པ། འདུ་ཤེས་བདུད་རྩིའི་རང་བཞིན་ལ། །སྦྱོར་བ་འཁྲུགས་པས་དུག་ཏུ་འགྱུར། །དེ་ལ་མངོན་པར་འདུ་མཛད་རིགས། །ཞེས་བགྲོས་སོ། །པདྨ་རིགས་ཀྱིས་བགྲོས་པ། འདུ་ཤེས་བདུད་རྩིའི་རང་བཞིན་ལ། །འཛིན་པ་ལོག་པས་དུག་ཏུ་འཁྲུལ། །དེ་ལ་མངོན་པར་འདུ་མཛད་རིགས། །ཞེས་བགྲོས་སོ། །ལས་ཀྱི་རིགས་ཀྱིས་བགྲོས་པ།འཇིག་རྟེན་གསུམ་གྱི་རཱུ་ཏྲ་འདི། །ལས་ཀྱིས་འཇིག་རྟེན་ཁམས་འདིར་བྱུང་། །དྲག་པོ་རང་དག་འཐུབ་ཆོད་ཀྱིས། །སྲིད་པ་གསུམ་གྱི་བདག་པོར་སྨིན། །འཇིག་རྟེན་ཁམས་ཀུན་འཇིག་པར་བྱེད། །ཚངས་པ་ལྷ་དང་ཀླུ་དང་མི། །གནོད་སྦྱིན་གཟའ་དང་རྒྱུ་སྐར་དང་། །སྨན་གྱི་དྲང་སྲོང་ཡིན་མོད་ཀྱང་། །ཁོ་ཡི་འཁོར་དུ་བསྡུས་ནས་ནི། །སྲིད་པ་འཇིག་རྟེན་སྣང་སྲིད་ཀུན། །དུག་ཏུ་སྤྱོད་པའི་རཱུ་ཏྲར་གྱུར། །ལྷ་མོ་ཀླུ་མོ་མཁའ་འགྲོ་མ། །རྩི་དང་ནགས་ཚལ་སྨན་རྣམས་ཀྱི། །ཡེ་ནས་ལྷ་མོ་ཡིན་པ་ལ། །སླས་དང་བྱི་མོ་བྲན་མོར་བསྡུས། །ནད་དང་རིམས་ཀྱི་རྐྱལ་པ་བསྐུར། །བཞི་བརྒྱ་རྩ་བཞི་ཤིན་ཏུ་འཁྲུགས། །ནད་ཀྱི་བདག་མོར་མངའ་ཡང་བསྐུར། །གཙང་རིགས་མགོན་པོ་བདུན་ཅུ་དང་། །བཻ་ཤྲ་བ་དང་ཛི་བྷ་ལ། །བདུད་དང་གཤིན་རྗེ་མུ་སྟེགས་དང་། །རྒྱལ་པོ་བཙན་དང་


DNG020_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་པོའི་ཚོགས། །ཁ་རླངས་བསམ་སྦྱོར་དུག་ཏུ་བསྒྱུར། །བཞི་བརྒྱ་རྩ་བཞིའི་ནད་ཀྱིས་འགེངས། །ཐམས་ཅད་བདུད་རྩི་སྨན་ཆེན་ལ། །དྲང་སྲོང་ཙམ་དུ་བཞག་པ་ཡི། །གདུག་པའི་རཱུ་ཏྲ་དྲག་པོས་སྒྲོལ། །ཞེས་བགྲོས་སོ། །བདུད་རྩི་རིན་པོ་ཆེ་འཁྲུངས་པའི་རྒྱན་ཞེས་བྱ་བ་ལས། བདེ་བར་གཤེགས་པ་བཀའ་བགྲོས་པའི་ལེའུ་སྟེ་ལྔ་པའོ།། །།དེ་ལྟར་བགྲོས་ནས་བདེ་བར་གཤེགས་པ་ཐམས་ཅད་དགོངས་པ་གཅིག་ཏུ་བསྡུས་ནས། རཱུ་ཏྲ་ཆེན་པོ་དེའི་ཚུལ་དང་བསྟུན་པའི་ཕྱིར་ན། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ཆོས་ཐམས་ཅད་སྤྲོས་པ་དང་བྲལ་བས་མཐའ་དང་དབུས་མེད་པར་ཁྱབ་པོ། །ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ཉོན་མོངས་པ་དུག་གསུམ་དང་དུག་ལྔ་དང་། བཞི་བརྒྱ་རྩ་བཞིས་ཉེན་པ་རྣམས་ལ། ཐུགས་རྗེ་ནམ་མཁའ་ལྟ་བུ་གཅིག་གིས་ཁྱབ་པར་མཛད་དོ། །ཐམས་ཅད་སེམས་ཀྱི་རང་བཞིན་དུག་ལྔ་འཇོམས་པའི་རང་བཞིན་ཡི་གེ་ཧཱུཾ་དུ་གནས་སོ། །དེ་ལྟ་བུའི་ཡི་གེ་ལས་འོད་འཕྲོས་ཏེ། ཨེ་ཞེས་པའི་སྒྲ་ལས་ནམ་མཁའི་རང་བཞིན་གོ་འབྱེད་པའི་བདུད་རྩིར་ཤར་རོ། །ཡཾ་ཞེས་པ་ལས་བསྒུལ་བསྐྱོད་ཐོགས་མེད་རླུང་གི་བདུད་རྩིར་ཤར་རོ། །རཾ་ཞེས་པ་ལས་སྲེག་པར་བྱེད་པ་མེའི་བདུད་རྩིར་ཤར་རོ། །འཇུ་བ་སྨིན་པར་བྱེད་པའི་རྐྱེན་བྱས་སོ། །ཁཾ་ཞེས་པ་ལས་ཆུའི་བདུད་རྩི་ཆེན་པོ་རླན་ཅིང་གཤེར་བ་གཅིག་ཏུ་གྱུར་ཏོ། །ཀུན་མཁའ་བསྐྱེད་ཅིང་སྒེག་པའི་ལས་བྱེད་དོ། །སུ་ཞེས་པས་ཐམས་ཅད་པའི་བདུད་རྩིར་གྱུར་ཏེ། ཐམས་ཅད་བསྐྱེད་པ་དང་སྐྱེ་བའི་གཞི་བྱེད་དོ། །ལཾ་ཞེས་པས་སྤྱིར་སྡུད་པའི་བདུད་རྩི་ཤར་རོ། །དེ་ལྟར་འབྱུང་བ་ལྔ་ཤར་བའི་བདུད་རྩིའི་རང་བཞིན་གྱིས་ཤར་བ་དེ་ནམ་མཁའི་བདུད་རྩིས་གོ་འབྱེད། ས་ཡིས་གཞི་སྩལ། བྱང་ཆུབ་སེམས་ཀྱི་བྱིན་གྱི་རླབས་ཀྱི་ས་བོན་བཏབ། ཆུ་ཡིས་རླན་སྩལ། མེ་ཡིས་དྲོད་སྩལ། རླུང་གིས་བསྐྱོད་པར་བྱས། དེ་བཞིན་དུ་རྩ་བ་བརྒྱད་ལོ་མ་དང་བཅས་པར་སྨིན་ནོ། །རྟེན་འདྲེལ་བཅུ་གཉིས་ལ་བརྟེན་ཏེ་འཇིག་རྟེན་གྱི་


DNG020_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་ཐམས་ཅད་བདུད་རྩི་ཆེན་པོའི་གཞལ་ཡས་ལས་དུག་གི་སྣང་བ་མིང་ཡང་མེད་པར་འགྱུར་རོ། །དེའི་ཚེ་དེའི་དུས་ན་བདུད་རྩི་བླང་དོར་མེད་པ་ལ་དགོངས་ནས་ཁྲོས་པས་ཆོ་འཕྲུལ་མཛད་དེ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྲོ་བོ་འཆོལ་པས་མེར་གྱིས་བཀང་ངོ་། །ཚམ་རྔམས་དྲག་པོས་འདིར་ཞིང་བརྫི་བའི་ཚུལ་མཛད། ཁྲོ་མོ་བཅུས་བདུད་རྩི་འཕྲོ་བའི་ཕྲིན་ལས་མཛད། ཁྲོ་བོ་བཅུས་ནི་ཡེ་ཤེས་ཀྱི་བདུད་རྩི་བསྲུངས། རིགས་ཀྱི་ཡུམ་ལྔས་ནི། ཡེ་ཤེས་ཀྱི་བདུད་རྩི་བསྐྱིལ། རིགས་ཀྱི་སྲས་ལྔས་བདུད་རྩི་འབེབས་སོ། །མཆེ་གཤོག་ཉི་ཤུས་བདུད་རྩི་འགུགས། དབུ་དགུ་ཕྱག་བཅོ་བརྒྱད་པ་ནི་བདུད་རྩིའི་ངོ་བོར་བཞུགས། དབུ་ལ་བུཌྜྷ་བཞི་བཅུ་རྩ་བཞི་ནི་དུག་བཞི་བཅུ་རྩ་བཞིར་བསྒྱུར་ཞིང་བདུད་རྩིའི་མཆོག་ཏུ་བཞུགས་སོ། །ཤིན་ཏུ་བརྗིད་ཆེ་ཞིང་ཆེ་མཆོག་དབུ་དགུ་རུ་བརྩེགས་ཏེ་ཐམས་ཅད་བདུད་རྩིའི་ངང་དུ་ཤར་རོ། །བདུད་རྩིའི་ངང་དུ་ཤར་བས་རཱུ་ཏྲ་དེས་ལན་ལྡོན་པ་དང་སྤོབས་པའི་གླགས་མ་རྙེད་དོ། །རུས་སྦལ་རྒྱར་ཞུགས་པ་བཞིན་གནས་སོ། །ཐུགས་རྗེ་ཆེན་པོའི་ལྕགས་ཀྱུས་གཟུང་སྟེ། ར་ཏྲི་རཱུ་ཏྲ་ར་ཀ་ཤའི་སྒྲ་བསྒྲགས་པས་རཱུ་ཏྲ་ནག་པོ་དེ་ན་རེ་ཡེ་ཤེས་ཁྱོད་ཀྱིས་གཟུང་བ་ལ་ང་ཉམ་ཐག་པ་མ་ཡིན་ཏེ་ངའི་གནས་འཁོར་གཟི་བརྗིད་ལ་ལྟོས་དང་ཞེས་ཟེར་རོ། །དེར་དཔལ་ཆེན་པོས་ཁོའི་འཁོར་ལ་གཟིགས་པས་གནས་འཁོར་དེའི་ཕྱི་རོལ་ན་མ་དང་ཆུང་མ་བུ་མོ་བྲན་མོའི་ཚོགས་བསམ་གྱིས་མི་ཁྱབ་པ་གཟིགས་ནས་དབང་དུ་བསྡུས་ཏེ་སྦྱོར་བ་མཛད་ནས། ཐམས་ཅད་དབང་དུ་བསྡུས་ནས་ཐམས་ཅད་བདུད་རྩི་སྨན་གྱི་ལྷ་མོར་བཞག་གོ། །གདུག་པ་ཅན་གྱི་ཚོགས་སྟག་དང་དོམ་དང་མགོ་ཅན་གྱི་ཚོགས་བསམ་གྱིས་མི་ཁྱབ་པ་ཡང་དབང་དུ་བསྡུས་ཏེ་བསྒྲལ་ལ་ཁད་པ་ཙམ་དུ་མཛད་དོ། །གཞལ་ཡས་ཁང་གི་གནས་འཁོར་ཕྱི་རོལ་ན། བྱང་ཆུབ་སེམས་ཀྱི་རང་བཞིན་གོ་རོ་ཙ་ན་དང་ཀེཾ་རུས་བསམ་གྱིས་མི་ཁྱབ་པ་རྣམས།


DNG020_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བ་བྱང་ཆུབ་སེམས་ལས་བདུད་རྩིར་སྤྲུལ་ཏེ། ཞལ་དུ་རོལ་ལོ། །མི་གཙང་བའི་འདམ་རྫབས་སྣ་ཚོགས་ཡོད་པ་དེ་དག་ནི། དྲི་ཆེན་ལས་བདུད་རྩི་སྣ་ཚོགས་སུ་སྤྲུལ་ཏེ་ཞལ་དུ་རོལ་ལོ། །གནས་འཁོར་དེ་ན་རྣག་དང་ཆུ་སེར་གྱི་ཞམ་ཆུ་བསམ་གྱིས་མི་ཁྱབ་པ་གཅིག་གནས་པ་དེ་རྣམས་དྲི་ཆུ་ལས་བདུད་རྩི་སྣ་ཚོགས་སུ་སྤྲུལ་ཏེ་རོལ་ལོ། །གནས་འཁོར་དེ་ན་རཀྟའི་རྒྱ་མཚོ་འཁྱིལ་པ་རྣམས་པདྨ་རཀྟ་ལས་བདུད་རྩིར་ཞལ་དུ་རོལ་ལོ། །དེར་རཱུ་ཏྲ་གཟི་བརྗིད་ཉམས་སོ། །ཉམས་པ་དེ་ལ་གདབ་པའི་སྔགས་དྲུག་གི་འཁོར་ལོ་དྲུག་རྫོགས་པར་བསྐོར་ནས། མིག་གཉིས་བར་སྣང་ལ་ཁམས་སུ་བསྐྱུར་བས། ཉི་ཟླ་གསལ་བ་ཐོབ་བོ། །ཁོའི་ལོངས་སྤྱོད་ཀྱི་རྒྱན་དུ་དུར་ཁྲོད་ཆས་བརྒྱད་ལ་སོགས་པ་ཕྱོགས་དེར་གནས། དེ་ཡང་ཡེ་ཤེས་ཀྱི་ཕུར་པས་བཏབ་ནས་བསྒྲལ་ལོ། །ག་གོ་ཐད་ཐེད་ནི་ཞལ་དུ་གསོལ། བདེ་བའི་ལྟོ་རུ་མིད་དེ་གནས་སོ། །ཡན་ལག་དང་བ་སྤུ་ཁ་ཅིག་ནི་ཡེ་ཤེས་ཀྱི་མེ་དཔུང་གིས་བསྲེགས་ནས་སྐུ་དང་གསུང་དུ་གནས་སོ། །ལུས་ཀྱི་ཡན་ལག་རྣམས་བཤིགས་ཏེ་འཇིག་རྟེན་གྱི་ཁམས་ཁྱབ་པར་གཏོར་རོ། །ལམ་ཕྱིན་ཅི་མ་ལོག་པར་གནས་སོ། །སྙིང་བརྒྱ་རྩ་བརྒྱད་ཚངས་པའི་གནས་སུ་བརྒྱུད་པས་ཚངས་པའི་ཚེ་དང་ལྡན་པར་གྱུར་ཏོ། །གློ་བ་ལྷའི་ཡུལ་དུ་བསྐྱུར་བས་ལྷ་ལོངས་སྤྱོད་དང་བློ་ཚད་དུ་ལྡན་ནོ། །ལྕེ་གནོད་སྦྱིན་ཡུལ་དུ་བསྐྱུར་བས་གནོད་སྦྱིན་མཐུ་སྟོབས་ཆེ་བར་གྱུར་ཏོ། །མིག་གཉིས་བར་སྣང་ཁམས་སུ་བསྐྱུར་བས་ཉི་ཟླ་གཉིས་ཀྱི་གསལ་བ་ཐོབ་བོ། །རྐང་པ་འབྱུང་པོའི་ཡུལ་དུ་བསྐྱུར་བས་འབྱུང་པོ་ཁྱབ་ཆེའོ། །མགོ་སྲིན་པོའི་ཡུལ་དུ་བསྐྱུར་བས། སྲིན་པོ་གདོན་ཆེ་ཞིང་ཤ་ཟ་བའི་ལས་བྱེད་དོ། །ལག་པ་གཡས་པ་ཤར་ལྷོའི་གླིང་དུ་བསྐྱུར་བས་བཟོ་མཁས་ཤིང་སྒྱུ་མའི་གླིང་དུ་གནས་སོ། །ལག་པ་གཡོན་པ་བདུད་ཀྱི་གླིང་དུ་བསྐྱུར་བས། བདུད་སྟོབས་དང་ལྡན་ནོ། །ཕོ་མཚན་སྒྲ་མི་སྙན་དུ་བསྐྱུར་བས། ཚེ་ལོ་སྟོང་ལས་མི་འགྱུར་རོ། །སྙིང་འཛམ་བུ་གླིང་གི་ཡུལ་མ་ག་དྷར་བསྐྱུར་


DNG020_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

བས། སྤྲུལ་སྐུའི་ཞབས་ཀྱིས་བཅག་པ་དང་། སླད་ནས་བྱོན་པའི་སྙིང་སྟོབས་ཆེ། ལྟེ་བ་ཀླུ་ཡི་ཡུལ་དུ་བསྐྱུར་བས། སྲིད་པའི་མ་ཐ་ཙམ་བྱེད་པའི་གཏན་ཚིགས་བྱུང་། སླད་མ་ལུས་ཀྱི་བྱེ་བྲག་རྣམས། །འཇིག་རྟེན་ཁམས་ཀུན་ཁྱབ་པ་རུ། །ཐམས་ཅད་བདུད་རྩི་སྨན་དུ་སྤྲུལ། །ཕྱག་གིས་དྲངས་ནས་བཙིར་ནས་ནི། །རཱུ་ཏྲ་ཆེན་པོ་སྣམ་དུ་བཏོན། །ཤིན་ཏུ་རཱུ་ཏྲ་འགྱོད་པ་སྐྱེས། །ངུ་ཞིང་འགྱོད་པས་བཤགས་པར་བྱས། །བདུད་རྩི་ཆེན་པོའི་དོན་གཉིས་བྱས། །ལྷག་མའི་ལུས་ཀྱང་གདན་དུ་ཕུལ། །སེམས་ནི་རྡོ་རྗེ་སེམས་དཔར་བརྟགས། །འཇིག་རྟེན་ཁམས་འདི་ཁྱབ་པ་རུ། །བདག་གི་རྣམ་ཤེས་སྨན་དུ་ཤོག །ཅེས་དམོད་བོར་བས་ལུས་བཤིག་ཚད་སྨན་དུ་གྱུར་ནས། དཔྱིད་རྩ་བའི་སྨན། དབྱར་སྡོང་པོའི་སྨན། སྟོན་མེ་ཏོག་དང་འབྲས་བུ་སྙིང་པོའི་སྨན་དགུན་ཤུན་ལྤགས་དང་ཐང་ཆུ་ཉིལ་བའི་སྨན། རང་རང་གི་རྩ་བ་བརྒྱད་ལ་ཡོན་ཏན་སྟོང་དང་ལྡན་ཞིང་འཇིག་རྟེན་ཁམས་སུ་ས་ལེ་གནས་སོ། །བདུད་རྩི་རིན་པོ་ཆེ་འཁྲུངས་པའི་རྒྱན་ཞེས་བྱ་བ་ལས། རཱུ་ཏྲ་བསྒྲལ་ནས་ལུས་འཇིག་རྟེན་དུ་གྱུར་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཡང་རྡོ་རྗེ་འཛིན་པས་རང་གི་སྟན་ལས་ལངས་ནས་རྡོ་རྗེ་ཁྲོས་པ་ལ། ཨེ་མ་ཧོ་རྡོ་རྗེ་ཁྲོས་པའི་གཙོ། །སངས་རྒྱས་ཡབ་གྱུར་དམ་པའི་བདག །བདུད་རྩི་ཉིད་ལ་ཕྱག་འཚལ་བསྟོད། །དབུ་ལ་སངས་རྒྱས་བཞི་བཅུས་བརྒྱན། །བདུད་རྩི་མཆོག་ལ་ཕྱག་འཚལ་བསྟོད། །ཆེ་མཆོག་དགུ་རུ་བརྩེགས་ནས་བཞུགས། །བདུད་རྩི་འབེབས་ལ་ཕྱག་འཚལ་བསྟོད། །གདུག་པ་སླད་ཀྱིས་ཚར་བཅད་ནས། །འཇིག་རྟེན་ཁམས་ཀུན་བདུད་རྩིར་འཁྲུངས། །སྨན་པའི་མཆོག་ལ་ཕྱག་འཚལ་བསྟོད། །ཐམས་ཅད་སྨན་དུ་བསྒྱུར་བ་དེ། །བདག་ཅག་འཁོར་བཅས་ངོ་མཚར་ཆེ། །ཐུགས་རྗེ་ཆོས་ཀྱི་ཆར་སྤྲིན་གྱིས། །སྟེང་དང་འོག་མེད་འཇིག་རྟེན་གསུམ། །རི་རབ་རྩེ་དང་རི་སུལ་དང་། །


DNG020_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཁྱབ་པའི་ཐུགས་རྗེ་ཡིས། །བདུད་རྩིའི་ཆར་ཆེན་དབབ་ཏུ་གསོལ། །ཞེས་ཞུས་པས། རྡོ་རྗེ་ཁྲོས་པའི་རྒྱལ་པོས་བདུད་རྩིའི་དྲོད་ནམ་མཁའི་རླན་བཞིན་དུ་གཡོས། བདུད་རྩི་སྦེད་པར་བྱེད་པའི་སྤྲིན་མགོ་ནི་ཕྱོགས་རིས་མེད་པར་གཏིབས། བདུད་རྩིའི་སྐྱེ་གནས་ས་དང་གངས་དང་རི་བྲག་ཀླུང་ཤོད་དང་། བྲག་སུལ་ནམ་མཁའ་ཆུ་དང་རི་ཁྱུད་དང་། །རྩི་ཐོག་རང་བཞིན་དྲོད་ནི་གཡོ་མཛད་པ། །རང་བཞིན་འབྲུག་དང་གློག་སྒྲ་ཡང་། །བདུད་རྩིའི་ཆར་ཆེན་འབེབས་པའི་རྐྱེན། །ཐུགས་རྗེ་ཆོས་ཀྱི་ཆར་སྤྲིན་གྱིས། །ཕྱོགས་རིས་མེད་པར་ཁྱབ་པར་བབས། །མེ་ཡིས་བདུད་རྩི་དྲོད་ཕབ་ནས། །སྨིན་པ་འབྱུང་བ་འདི་ལྟ་སྟེ། །རྩ་བ་སྡོང་པོ་ཡལ་ག་རྣམས། །རཱུ་ཏྲའི་ལུས་ལས་སྐྱེས་པར་མཛད། །བདུད་རྩི་རིན་པོ་ཆེ་འཁྲུངས་པའི་རྒྱན་ཞེས་བྱ་བ་ལས། རཱུ་ཏྲའི་ལུས་བཤིགས་ནས་བདུད་རྩི་ས་བོན་དུ་བཏབ་པ་ལ་ཐུགས་རྗེའི་ཆར་སྤྲིན་ཕབ་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་རྡོ་རྗེ་གཞོན་ནུ་ཡི། །རཱུ་ཏྲ་ཆེན་པོ་བསྒྲལ་བའི་ཚེ། །སྲོག་པ་རྩ་ཡི་ཁྲག་ཡར་བས། །རྒྱ་མཚོ་ཀླུ་ཡི་ཡུལ་དུ་ཡར། །རྩ་བ་དམྱལ་བའི་ཡུལ་དུ་ཟུག །སྡུག་བསྔལ་སེལ་བའི་སྨན་བརྒྱད་བྱུང་། །ཚ་བ་བརྒྱད་དང་གྲང་བ་བརྒྱད། །ཆོས་ཀྱི་རྒྱལ་པོའི་ལག་ན་སྤྱོད། །སྡོང་པོ་ཀླུ་ཡི་ཡུལ་དུ་ཟུག །བདུད་རྩི་ཤུ་དག་དཀར་པོ་བྱུང་། །རྩ་རྒྱུས་ཀུན་ལ་ཕན་པའི་སྨན། །ཤིན་ཏུ་སྐྲངས་པའི་ལུམས་ལ་འཇིབས། །བཅངས་ན་ཀླུ་ཡི་ཁ་རླངས་འཇིལ། །ཀླུ་ཡི་དྲང་སྲོང་བཅུ་པོས་སྤྱོད། །ངར་བ་བར་སྣང་ཁམས་ན་འཕྱོ། །བདུད་རྩི་ཆེན་པོ་ཐང་ཀར་བབས། །སྐར་མའི་དྲང་སྲོང་བཅུ་གཉིས་སྤྱོད། །ཡན་ལག་ལྷ་མིན་ཡུལ་དུ་སྐྱེས། །སྟོབས་དང་ལྡན་པའི་བདུད་རྩི་བབས། །གཟའ་ཡི་དྲང་སྲོང་བརྒྱད་རྣམས་སྤྱོད། །འདབ་མ་གཞོང་ཐོགས་ལྷ་ལ་སྒྲིབ། །ཟས་དང་ལྡན་པའི་བདུད་རྩི་འཁྲུངས། །འབྲས་བུ་སུམ་ཅུ་རྩ་གསུམ་


DNG020_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

གྱི། །ལྷ་ཡི་ཡུལ་ཀུན་ཁྱབ་པར་འཁྲུངས། །དེ་ཡི་སྙིང་པོར་གྱུར་པ་ནི། །འབྲས་བུ་སྨན་མཆོག་ཨ་རུ་ར། །ལྷ་ཡི་དབང་པོ་བརྒྱ་བྱིན་དང་། །ཉེ་དབང་སུམ་ཅུ་རྩ་གཉིས་ནི། །སྨན་མཆོག་དེ་ལ་སྤྱོད་པ་ཡིན། །སྨན་དེ་ཟོས་པའི་ནུས་པ་ཡིས། །འཆི་བ་མེད་པའི་གཡུང་དྲུང་ཐོབ། །ལྷ་རྣམས་བསོད་ནམས་ཆེ་ཞེས་བྱ། །ལྷ་རྣམས་ཀུན་ཀྱང་ངོ་མཚར་ནས། །ཤིང་ལ་བསྐོར་བ་ལན་གསུམ་བྱས། །ངོས་ངོས་དག་ནས་མིང་ཡང་བཏགས། །ཤར་གྱི་ལྷ་ཡིས་མིང་བཏགས་ལ། །རྩ་བ་རྩེ་མོ་ཚུན་ཆད་ལ། །དཔག་ཚད་ཁྲི་ཚོ་བཅུ་བདུན་བཅས། །སེམས་ཅན་ཀུན་ལ་བཞོན་པར་འདུག །མིང་ཡང་དཔག་ཚད་བཞོན་ཤིང་ཞེས། །ཤར་གྱི་ལྷ་རྣམས་ཀུན་གྱིས་བཏགས། །རྩ་བ་སྡོང་པོ་ཡོན་ཏན་སྟོང་། །ཡོན་ཏན་དེ་བཞིན་འབྱུང་བས་ན། །བྱང་ན་གནས་པའི་ལྷ་རྣམས་ཀྱི། །ཁ་ལེ་སྟོང་འབྱམས་ཞེས་སུ་བཏགས། །རི་རབ་ཆེན་པོའི་དཀྱིལ་བརྟོལ་ནས། །ནུབ་ན་གནས་པའི་ལྷ་རྣམས་ཀྱི། །ཡོངས་འདུ་ས་བརྟོལ་ཞེས་སུ་འདོགས། །འཛམ་བུ་གླིང་གི་དབུས་ཤེད་ན། །ལྷ་རྣམས་ཀུན་གྱིས་བཀྲ་ཤིས་གསོལ། །ཚེ་རིང་ལོངས་སྤྱོད་འཕེལ་འགྱུར་བས། །འདི་ནི་ལྷ་ཡི་བསོད་ནམས་ཡིན། །ཤིང་ཆེན་བྱམས་ལྡན་ཞེས་སུ་བཏགས། །ཤིང་གི་ཡལ་ག་དུམ་བུ་ཀུན། །བྱིས་པ་ཀུན་གྱི་རྩེ་གྱུར་པས། །སྐད་ཅིག་ཡུད་ལ་ལུས་བོང་རྫོགས། །ཤིང་བུ་བིལ་བ་ཞེས་སུ་གྲགས། །བཀྲ་ཤིས་ཆོས་རྣམས་འབྱུང་བའི་རྒྱུ། །འབྲས་བུ་སྨན་ཆེན་ཨ་རུ་ར། །འཆི་བ་མེད་པ་ཨ་རུར་བཏགས། །མེད་ཀྱང་ཆགས་པས་ར་རུ་བཏགས། །རིགས་ནི་རྣམ་པ་བཅུ་རུ་གྱེས། །ངོ་མཚར་ལྡན་པའི་ཨ་རུ་ར། །སྙིང་གི་དཀྱིལ་དང་འདྲ་བ་གཅིག །ཚངས་པའི་ཡུལ་དུ་གྱེས་ཏེ་སོང་། །ཚངས་པ་ཀུན་གྲོལ་ཆེན་པོས་ཟོས། །ཚེ་ཡི་རིག་འཛིན་ཆེན་པོ་ཐོབ། །ཚངས་པའི་དྲང་སྲོང་བརྒྱད་རྣམས་དང་། །བུ་དང་ཚ་བོ་ཡང་ཚར་བཅས། །ཚངས་པའི་དྲང་སྲོང་བུ་རྣམས་ཀྱིས། །འཆི་བ་མེད་པའི་དངོས་གྲུབ་ཐོབ། །སྨན་དེ་


DNG020_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

ཟོས་པའི་ནུས་པ་ཡིས། །ཚེ་ལོ་འབུམ་དང་ཁྲི་རུ་འགྱུར། །གཅིག་ནི་དགའ་ལྡན་གནས་ན་སྤྱོད། །དགའ་བར་ལྡན་པའི་ཨ་རུ་ར། །དབྱིབས་ནི་རིན་པོ་ཆེ་རུ་འདུག །རྒྱལ་བ་བྱམས་པས་བྱིན་གྱིས་བརླབས། །སྦྱར་ན་འཆི་བའི་ནད་ཀུན་སེལ། །བློ་རྣམས་རྣོ་བའི་ཡོན་ཏན་ཐོབ། །གཅིག་ནི་ལྷ་ཡི་ཡུལ་དུ་སྤྱོད། །དཔག་ཏུ་མེད་པའི་ཨ་རུ་ར། །ཆེ་ཆུང་ཚད་ནི་པི་ནི་ཁ། །སྟོད་དང་སྨད་དག་ཕྲ་བར་འདུག །སུལ་བུ་དག་ཀྱང་མེད་པ་ལ། །དཀར་སེར་མདོག་ཀྱང་གཏིང་ན་འཚེར། །འཇམ་དཔལ་རྣོན་པོས་བྱིན་གྱིས་བརླབས། །བཞག་པ་ཙམ་གྱིས་ནད་རྣམས་སེལ། །ལྷ་རིགས་ལྟ་བུའི་མི་རྣམས་སམ། །བསོད་ནམས་ཅན་ལ་སྦྱར་བ་ལས། །གཞན་གྱིས་དེ་ནི་ཐུབ་པ་མེད། །གཅིག་ནི་གནོད་སྦྱིན་ཡུལ་དུ་འཁྲུངས། །སྟོབས་དང་ལྡན་ཞིང་གཅུ་ཐབས་ཅན། །ཁ་དོག་དག་ཀྱང་ནག་པོར་གནས། །ཆེ་ཆུང་ཚད་ནི་བཅའ་ཙའི་སྟོད། །རྩེ་མོ་རྡོ་རྗེའི་དབྱིབས་སུ་འདུག །ཕྱག་ན་རྡོ་རྗེས་དབང་བསྐུར་བས། །མཐུ་དང་སྟོབས་སུ་ལྡན་པ་ཡིན། །བགེགས་ཀྱིས་སྤྱོད་པའི་ནད་ལ་གཏང་། །གཅིག་ནི་གཟའ་ཡི་ཡུལ་དུ་ཡར། །དབྱིབས་ནི་རྭ་ཡི་དབྱིབས་སུ་འདུག །ཆེ་ཆུང་ཚད་ནི་སྦྱངས་དང་མཉམ། །བཻ་ཌཱུརྱ་ཡིས་བྱིན་གྱིས་བརླབས། །དྲག་ཤུལ་སྤྱོད་པའི་ནད་ལ་གཏང་། །གཟའ་ཡི་དྲང་སྲོང་བརྒྱད་རྣམས་སྤྱོད། །གཅིག་ནི་རི་བདུན་ཁ་ལ་བབས། །སྲིད་པ་གཞོམ་པའི་ཨ་རུ་ར། །དབྱིབས་ནི་ཟླ་བའི་དབྱིབས་སུ་འདུག །སེར་ལ་དམར་བ་ཉི་མའི་མདོག །སུལ་བུ་ཕྱོགས་གཅིག་དག་ནས་སྐྱེ། །ཕྲ་ཞིང་མང་བས་ཉི་ཟེར་འདྲ། །འོད་ཀྱི་རྒྱལ་པོས་བྱིན་གྱིས་བརླབས། །ཆེ་ཆུང་ཚད་ནི་ལྡབ་དྲི་ཙམ། །གྲང་བས་ཉེན་པ་རྣམས་ལ་སྦྱར། །གཅིག་ནི་ཀླུ་ཡི་ཡུལ་དུ་བབས། །འཇོམས་པར་བྱེད་པའི་ཨ་རུ་ར། །སུལ་བུ་ཤིན་ཏུ་ཕྲ་ལ་ཞིབ། །སུལ་བུ་དམར་ཞིང་ལོགས་རྣམས་དཀར། །གྱེན་དུ་གས་པའི་སེར་ག་ཅན། །ཆེ་ཆུང་ཚད་ནི་ནག་པི་ཙམ། །སྤྱན་རས་གཟིགས་ཀྱིས་བྱིན་གྱིས་བརླབས། །རྨ་མི་གྲང་བདུན་ཁ་


DNG020_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

རུ་བབས། །རླུང་དང་བད་ཀན་དཀར་པོའི་སྨན། །གཅིག་ནི་གཙུག་འཛིན་ཡུལ་དུ་བབས། །ཤིན་ཏུ་ཆེ་ཞིང་པགས་པ་མཐུག །ཡ་ཡོ་མེད་ཅིང་ཟླུམ་ལ་འདྲིལ། །ཆེ་ཆུང་ཚད་ནི་དི་འབི་ཏ། །གྲུབ་པའི་བློ་གྲོས་བྱིན་གྱིས་བརླབས། །ཤ་རྣམས་རབ་ཏུ་སྐམ་པ་དང་། །རླུང་དང་རྒས་པར་གྱུར་པ་ཡི། །ཤ་ཚིལ་མེ་ལྟར་འབར་བར་བྱེད། །གཞོན་ནུར་འགྲོ་ལ་ཐེ་ཚོམ་མེད། །གཅིག་ནི་གཙང་མའི་གནས་སུ་བབས། །དབྱིབས་ནི་སྒོ་ངའི་དབྱིབས་སུ་གནས། །སུལ་བུ་མེད་ཅིང་ཡུ་བ་ཅན། །ཆེ་ཆུང་ལུག་ཕོའི་ལོང་ག་ཙམ། །ལྷ་མོ་སྒྲོལ་མས་བྱིན་གྱིས་བརླབས། །འཇམ་ཆོས་ཀུན་ལ་རབ་ཏུ་བསྔགས། །དེ་ལྟར་འཇིག་རྟེན་དགུ་པོ་རུ། །ཟོས་པས་ཚེ་ལོ་ཁྲི་འབུམ་ཐུབ། །བསྒྲུབས་པས་རྐྱེན་མེད་དངོས་གྲུབ་ཐོབ། །བཞི་བརྒྱ་རྩ་བཞིའི་ནད་རྣམས་ཀུན། །འཇིག་རྟེན་དགུ་རུ་ལྡང་མ་ནུས། །ཤིན་ཏུ་ངོ་མཚར་གྱུར་ནས་ནི། །འདི་ནི་ཚད་མེད་ཤིང་གི་སྨན། །རྩ་བ་དམྱལ་བའི་ཡུལ་ན་ཡོད། །རྩ་བ་བཅད་པས་སྡོང་མ་འགྱེལ། །ཀླུ་ཡི་བསོད་ནམས་ཡིན་པར་ངེས། །སྡོང་པོ་བཅད་པས་ངར་མ་ཆགས། །ལྷ་མིན་གཟའ་སྐར་བསོད་ནམས་ཡིན། །ངར་པ་བཅད་པས་ཡལ་མ་བསྐམས། །དྲང་སྲོང་བརྒྱད་ཀྱི་བསོད་ནམས་ཡིན། །ཡལ་ག་བཅད་པས་འདབ་མ་ཡོངས་མ་ཉིལ། །གཞོང་ཐོགས་ལྷ་ཡི་བསོད་ནམས་ཡིན། །ལྷ་མ་ཡིན་གྱི་རལ་གྲི་ཡིས། །ལྷ་རྣམས་ཀུན་ལ་ཞེ་སྡང་ལངས། །འབྲས་བུ་འདབ་མའི་མཚམས་སུ་བཅད། །ལྷ་ཡི་བསོད་ནམས་མ་བྲི་བས། །འབྲས་བུ་བར་སྣང་ཁམས་སུ་སྨིན། །མེ་ཏོག་ཨུ་དུམ་ཝ་ར་ཡང་། །བདུན་གྱི་མཐའ་མ་བསྐོར་ནས་གནས། །སྔ་མ་པས་ཀྱང་མདངས་དང་ལྡན། །མེ་ཏོག་ཨུ་དུམ་ཝ་ར་ལ། །ལྷ་རྣམས་ཀུན་གྱིས་བལྟས་གྱུར་པས། །སྤྱན་གྱི་དངོས་གྲུབ་ཆེན་པོ་ཐོབ། །རེག་པས་ལུས་ཀྱི་ནད་རྣམས་བྱང་། །ཟོས་པས་ཚེ་ཡི་རིག་འཛིན་ཐོབ། །ལྷ་རྣམས་ཀུན་གྱི་ངོ་མཚར་ཐོབ། །


DNG020_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

ལྟུང་བའི་དཔག་བསམ་ལྗོན་ཤིང་འདི། །ལྷ་ཡི་བསོད་ནམས་ལས་ལས་གྲུབ། །ཀླུ་དང་དམྱལ་བ་གཟའ་སྐར་གྱིས། །བཅད་དེ་ཐུང་བར་མི་འགྱུར་ལ། །བཞོག་སྟེ་ཕྲ་བར་མ་གྱུར་ལ། །ལྷ་མ་ཡིན་ནི་ཞེ་སྡང་གིས། །ལོ་མ་ཕྲལ་ཡང་འབྲས་བུ་སྨིན། །ཡ་མཚན་མེ་ཏོག་གཏིང་ནས་སྐྱེས། །འདི་ཡི་ངོ་མཚར་ཆེ་ཚོད་ལ། །ཤིང་ལ་ལྷ་གཅིག་མི་བདོག་གམ། །སྨན་ལ་སྲུང་མ་མི་བདོག་གམ། །ཞེས་ནམ་མཁའ་ལ་བལྟས་ཏེ་ནམ་མཁའ་ལ་དམོད་པ་བོར་རོ། །དེ་ནས་ཅུང་ཞིག་ལོན་པ་དང་། །ལྷ་རྣམས་བསོད་ནམས་ཆེ་བ་དང་། །མདུན་གྱི་ནམ་མཁའ་དག་ལས་ནི། །འདི་ལྟ་བུ་ཡི་སྒྲ་རྣམས་བྱུང་། །ཨེ་མ་ཧོ། ངོ་མཚར་ཆེ་བའི་ཤིང་དང་སྨན། །སྐྱེས་པ་རཱུ་ཏྲའི་སྲོག་རྩ་ཡིན། །མ་ཆོད་པ་ནི་རཱུ་ཏྲའི་མཐུ། །མེ་ཏོག་ལྷ་ཡི་བསོད་ནམས་ཡིན། །འབྲས་བུ་སྨིན་པ་ཀུན་གྱི་གསོས། །འདིས་ནི་ལྷ་མོ་རིམ་པར་འབྱུང་། །ཞེས་བྱ་བའི་སྒྲ་བྱུང་ནས། མདུན་གྱི་ནམ་མཁའ་ན་སྲིན་མོ་ཀྲོ་དྷཱི་ཤྭ་རཱི་ཞེས་བྱ་བ་བདུད་དང་རཱུ་ཏྲའི་ཆུང་མ་དེ་བྱུང་ནས། བདག་གི་གཙོ་བོ་དཔག་བསམ་གྱི་ཤིང་དུ་སྐྱེས་ནས་འདུག་གོ། །ཤིན་ཏུ་གདུང་བའི་སེམས་ཀྱིས་ནི། །ཤིང་ལ་ཧྲིལ་གྱིས་འཁྲིལ་ནས་འདུག །འོད་ནི་དཔག་ཚད་གཅིག་དང་ཆས། །ཤིང་གི་ལྷ་མོ་འོད་འཆང་མར། །ལྷ་རྣམས་ཀུན་གྱིས་མིང་ཡང་བཏགས། །ཤིན་ཏུ་དུང་བའི་མཆི་མ་ནི། །ཐང་ལ་ཐིགས་གཅིག་ལྷུང་བ་ལས། །ག་པུར་དམར་རྩ་ཅན་གཅིག་འཁྲུངས། །བྱང་ཆུབ་སེམས་ཀྱི་སྐྱོབས་ཡིན་ཏེ། །དཀར་ལ་དམར་རྩ་ཆགས་པ་ཞིག །བལྟས་ན་གཏིང་རྣམས་ཤིན་ཏུ་འཚེར། །དྲི་ཡང་བྲོ་མོ་དག་ཏུ་མནམ། །ཁྲག་གིས་མིག་རྣམས་ལོང་ལ་ཕན། །ཤིན་ཏུ་ཆགས་པ་སྐྱེས་པ་ལས། །མངལ་གྱི་གཡའ་ཆུ་ཐིགས་གཅིག་འཐིགས། །ལྷ་རྣམས་ཀུན་ལ་ངོ་ཚ་ནས། །ཙནྡན་ཤིང་གི་སྡོང་བུ་ཡིས། །གཡའ་ཆུ་བླངས་ཏེ་ས་ལ་བསྐྱུར། །འཛམ་བུའི་གླིང་གི་དབུས་སུ་སྐྱེས། །བདུད་རྩི་ག་པུར་ཞེས་སུ་གྲགས། །དེ་ཡང་ཤེལ་གྱི་པོག་ཕོར་དྲི། །མཁྲེགས་ཤིང་དཀར་


DNG020_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མདངས་དང་ལྡན། །དྲི་ཡང་ལྷ་མོའི་མངལ་དུ་མནམས། །ཚ་བའི་ནད་རྣམས་ཕྱོགས་མེད་ལ། །ཤིན་ཏུ་བསིལ་བའི་བདུད་རྩི་ཡིན། །ཡབ་ཀྱི་བྱང་སེམས་ལྷག་མ་གཅིག །ཤིན་ཏུ་ཆགས་པས་གཡོས་པའི་རྩད། །ལྷ་མོས་ཆུ་གཅིག་གཏང་བ་ལས། །དྲི་ཆུ་སྣ་ལ་ལུག་སྟེ་བྱུང་། །ལྷ་རྣམས་ཀུན་ལ་ངོ་ཚ་ནས། །དུང་ཆེན་སྐྱོགས་ཀྱི་ལྷུམས་ཀྱིས་བཅུས། །རྒྱ་མཚོའི་ནང་དུ་སིབ་ཀྱིས་ཕོ། །བདུད་རྩི་མུ་ཏིག་དག་ཏུ་སྨིན། །རྒྱ་མཚོའི་མཐའ་ཀུན་ཁྱབ་པར་སྨིན། །ཆུ་ལས་ཆུ་ཐིགས་སྔོན་པོ་འཁྲུངས། །མུ་ཏིག་དཀར་པོ་དྲི་མ་མེད། །ཉི་མའི་འོད་པས་ཤིན་ཏུ་འཚེར། །ཟླ་བའི་བཀྲག་པས་ཤིན་ཏུ་དཀར། །རུས་པ་ཆགས་པ་ཀུན་གྱི་གསོས། །སྟོབས་ཀྱང་ཟླ་བ་ཉ་བ་བཞིན། །སེམས་རྣམས་གསོ་བར་ཤིན་ཏུ་ཤིས། །བྱང་ཆུབ་སེམས་ཀྱི་གཙོ་བོ་ཡིན། །ཆུ་ལས་ཆུ་ཐིགས་བྱུང་བ་ནི། །ཉི་མའི་ཟེར་གྱིས་ཕོགས་པ་ནི། །ནམ་མཁའི་ཐིགས་པ་འཐིགས་པ་འདུ། །ཁ་དོག་འོད་ནི་ཨུཏྤལ་ལ། །དྲི་མ་མེད་ཅིང་བཀྲག་མདངས་ལྡན། །སྐྱོབས་ཆེན་བདུན་གྱིས་རབ་བརྒྱན་ནས། །ཆུ་རྣམས་སློགས་ས་ཀུན་ལ་ཕབ། །ས་དང་ཆུ་རུ་འདྲེས་པ་ལས། །མུ་མེན་ཐེག་རྒྱུའི་རྡོ་རུ་སྨིན། །ཁ་སྔོ་ས་ཡི་མདོག་ཏུ་གནས། །སྣུམ་གྱིས་ཕོག་ན་བཀྲག་ཀྱང་གསལ། །སྐྱོབས་ཆེན་དྲུག་གིས་ཁྲིད་གྱུར་ན། །གླང་རྣམས་ན་བའི་སྨན་དུ་འགྲོ། །དེ་ནས་ལྷ་རྣམས་མདུན་མར་འདུས། །འུ་ཅག་བདུད་རྩིའི་རྒྱལ་པོ་འདུས། །རྨ་རྣམས་བྱུང་ཡང་སོས་འགྱུར་བས། །ལྷ་མ་ཡིན་ལ་དམག་དྲངས་ཟེར། །ལྷ་ཡི་གཡུལ་ངོ་ཆེན་པོ་བཟློག །ལྷ་མིན་རྣམས་ལ་དམག་དྲངས་པས། །ལྷ་ཡི་གཡུལ་ངོ་རབ་ཏུ་རྒྱལ། །ཤིང་གི་ལྷ་མོ་འོད་འཆང་མ། །ཞལ་ནས་སྨན་མཆོག་ཨ་བར་གསོལ། །ལྷོ་རུ་བལྟས་ཏེ་འཛུམ་གཅིག་ཤོར། །སྨན་མཆོག་ཨ་རུ་ར་གཅིག་ནི། །ལྷོ་ཡི་འཛམ་བུའི་གླིང་དུ་ཡར། །དེར་སྐྱེས་


DNG020_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་བསོད་ནམས་ཅན། །ཛ་ཞེས་བྱ་བའི་ཁང་སྟེངས་སུ། །དྲོ་ཁ་གཅིག་ལ་བབས་ཏེ་བྱུང་། །ཙིཏྟ་པི་ཏ་བྱ་བའི་ཤིང་། །ཡ་མཚན་ཅན་ལ་འཁྲུངས་ཏེ་བྱུང་། །མིང་ཡང་རྣམ་པར་རྒྱལ་བ་བྱ། །ཆེ་ཆུང་གྷོ་རའི་བྷནྡྷ་ཙམ། །དབྱིབས་ནི་བུམ་པའི་དབྱིབས་སུ་འདུག །དཀར་དང་སེར་དང་དམར་བའི་བཀྲག །སྤྲི་ཡི་བར་ན་ནག་པོ་ཡོད། །བདས་པའི་ཤུན་ནི་སྔོན་པོ་ལྡང་། །ཟུར་གྱིས་ཚ་བའི་ནད་རྣམས་སེལ། །སྐྱིབས་ཀྱིས་གྲང་བའི་ནད་རྣམས་སེལ། །ཤ་ཡིས་རླུང་གི་ནད་རྣམས་སེལ། །པགས་པས་རྨ་རྣམས་དག་ཀྱང་འཚོ། །དྲི་ཡིས་འདུས་པ་ཀུན་ཀྱང་སེལ། །བཞི་བརྒྱ་རྩ་བཞིའི་ནད་རྣམས་ལ། །བཏང་ན་མི་ཕན་གཅིག་ཀྱང་མེད། །སྦྱོར་བ་ཀུན་ཀྱང་འཇིལ་བའི་སྨན། །རྒྱལ་པོ་ཛ་ཞེས་བྱ་བ་དེས། །གསོལ་བས་ཚེ་ལོ་ཁྲི་ཕྲག་ཐུབ། །སུལ་བུ་བརྒྱ་དང་བཅོ་ལྔ་གནས། །རོ་རེས་ན་པ་བཞི་བཞི་སེལ། །བཞི་བརྒྱ་རྩ་བཞིའི་གཉེན་པོ་ལ། །བཅུ་གཅིག་རྒས་པ་གསོ་བའི་སྨན། །ལྷ་མོ་རྣམས་ཀྱིས་བསྐོར་བ་བགྱིས། །ཆོས་སྐྱོང་མགོན་པོས་སྲུང་མ་བགྱིས། །ཤཱཀྱ་ཐུབ་པས་བྱིན་གྱིས་བརླབས། །བྱང་ཆུབ་སེམས་དཔས་བཀྲ་ཤིས་གསོལ། །མི་རྣམས་ཀུན་གྱིས་ངོ་མཚར་བརྗོད། །བཅོམ་ལྡན་ཤཱཀྱ་ཐུབ་པ་ཡིས། །བསམ་གཏན་མཛད་པའི་ཤར་ཕྱོགས་སུ། །ཁ་ནི་ཤར་དུ་བལྟས་ནས་སྐྱེས། །ལྷ་རྫས་དགེ་བ་ཨ་རུ་ར། །ལྷ་སྲིན་སྡེ་བརྒྱད་ཀུན་གྱིས་ནི། །བཀྲ་ཤིས་ངོ་མཚར་ཀུན་གྱིས་གསོལ། །གཟའ་ཆེན་ཁྱབ་འཇུག་སྐྱུག་པ་བདུན། །ལྷ་རྫས་དེ་ཡི་མགུལ་དུ་ལུག །རིགས་བདུན་ས་ལ་ལྷུང་སྟེ་སྨིན། །ལྷ་རྫས་དགེ་བ་ཨ་རུ་ར། །རིགས་བདུན་ས་ལ་ལྷུང་བ་ནི། །བརྒྱ་བྱིན་བདུད་རྩི་འཐུང་བའི་ཚེ། །ཐིགས་པ་བདུན་ནི་ས་ལ་ལྷུང་། །རླུང་གིས་ཁྱེར་ཏེ་ས་ལ་སྐྱེས། །བདུད་རྩིའི་གཙོ་བོར་རབ་ཏུ་གྲགས། །དངོས་སུ་ཨ་རུའི་འབྲས་བུ་སྟེ། །རིགས་ནི་རྣམ་པ་བདུན་ཡོད་དེ། །རྣམ་པར་རྒྱལ་བ་དང་།གསུམ་བསྒྲིབས་དང་། གསོད་བྱེད་དང་། འཇིགས་བྱེད་


DNG020_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

དང་། རྩི་བྱེད་དང་། སྐྱེས་བྱེད་དང་། གསེར་འདྲ་དང་བདུན་ཏེ། དེ་དག་གི་ཡོན་ཏན་ནི། རླུང་དང་མཁྲིས་པ་བད་ཀན་དང་། །དུས་ཀྱི་ནད་དང་འདུས་པའི་ནད། །དུས་མིན་འཆི་ལས་ཐར་བར་བྱེད། །ཅེས་སྨོས་ཏེ། ཨ་རུ་ར་ལ་ཡང་རོ་རྣམ་པ་ལྔས་སེལ་བར་བྱེད་པ་ནི། ཤུན་ལྤགས་བསྐ་བས་རླུང་ནད་སེལ། །རུས་པ་མངར་བས་མཁྲིས་པ་སེལ། །ནང་ཚ་བས་བད་ཀན་སེལ། དབུས་སྐྱུར་བས་ཆུ་སེར་སེལ། དེ་ཀུན་སྤྱིར་འདུས་པས་འདུས་ནད་སེལ། རང་བཞིན་ནུས་མཐུ་དེ་འདྲ་ན། །མན་ངག་ཅན་གྱིས་བསྒྲུབ་གྱུར་ན། །བྱིན་རླབས་ཡ་མཚན་ཆེན་པོར་འགྱུར། །ཚོང་དཔོན་བུ་མོ་ནོར་བཟང་མ། །ནོར་བུ་རིན་ཆེན་ཡོན་དུ་ཕུལ། །བཀྲ་ཤིས་མཆོག་ཏུ་འདི་བརྗོད་དོ། །འཛམ་གླིང་རྒྱལ་པོ་བསོད་ནམས་ཅན། །མ་བརླན་མཁའ་ལས་བྱུང་བ་ཡི། །བཞི་བརྒྱ་རྩ་བཞིའི་གཉེན་པོ་འདི། །བདག་གིས་དང་དུ་བླང་བར་བྱ། །ཞེས་ཕྱག་ཏུ་བཞེས་པས། མི་རྣམས་ཀུན་གྱིས་འཇིག་རྟེན་དུ། སྨན་གྱི་ལྷ་མོ་ནོར་གྱི་རྒྱུན་ཞེས་སུ་གྲགས། ཨུ་དུམ་འབར་བ་བདུན་པོ་ལ། །ཡ་མཚན་ཆེ་བའི་བྱ་བདུན་ཆགས། །སྙིང་པོ་ཟ་བ་རྨ་བྱ་བྱུང་། །སྨན་གྱི་བྱ་ཡིན་དུག་རྣམས་ཟ། །ལྷ་མོ་ཀུན་ཀྱང་རྨ་བྱའི་མགྲིན། །ནགས་ཀྱི་ལྷ་མོ་ཞེས་སུ་གྲགས། །གེགས་དང་ཀུན་ཏ་ཀུན་ཏིག་དང་། །བཟང་མོ་རྨ་བྱ་བཀྲ་ཤིས་འགྲོ། །ཁྱུང་ལ་སོགས་ཏེ་ལྡིང་བའི་བྱ། །སྨན་ལས་གྱུར་པས་དུག་རྣམས་ཐུབ། །སྤྱིར་ཡང་མཁའ་ལྡིང་བྱ་རྣམས་ཀུན། །ཤིན་ཏུ་ཚ་བའི་སྟོབས་དང་ལྡན། །དཔག་ཚད་དག་གིས་གར་ཁྱབ་པ། །མཐུ་དང་དྲང་སྲོང་རྣམས་ཀྱིས་ནི། །གཟའ་དང་སྐར་མ་བརྩི་ཞིང་སྦྱར། །ཞེས་གསུངས་སོ། །བདུད་རྩི་རིན་པོ་ཆེ་འཁྲུངས་པའི་རྒྱན་ཞེས་བྱ་བ་ལས། རཱུ་ཏྲའི་སྲོག་པ་རྩ་ལས་དཔག་བསམ་གྱི་ཤིང་བུ་ཇི་ལྟར་སྐྱེས་པ་དང་ལྷ་མོ་གསུམ་གྱི་བྱུང་ཚུལ་དང་ཨ་རུ་རའི་ལེའུ་སྟེ་བརྒྱད་པའོ།། །།རཱུ་ཏྲ་


DNG020_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་བསྒྲལ་བ་ཡི། །སྲོག་ཆགས་བསད་པའི་ཁྲག་རྗེས་ཀུན། །ཀྲོ་དྷཱི་མ་ཡིས་འུབས་ཀྱིས་བསྡུས། །ཐུ་བ་གཡས་སུ་བཅུག་ནས་ཁྱེར། །ལྷ་རྣམས་རོལ་མོ་བྱེད་པར་མཉན། །ཡེངས་པས་ཐུ་བའི་མགུལ་ནས་ཤོར། །ང་ཡི་སྒྲ་ལ་ཉན་པ་དེ། །བ་ཡིན་མ་རུང་ཟེར་ནས་བྲང་གཅིག་བརྡུངས། །འཛམ་བུ་གླིང་གི་ནུབ་ཏུ་སྐྱེས། །རྩ་རྣམས་འཇམ་པའི་ཕྱོགས་སུ་འཁྲུངས། །ནུབ་ཏུ་ཁ་བལྟས་ཀུན་ཏུ་སྐྱེས། །དབྱིབས་ནི་ཨ་རུ་དང་འདྲ་སྟེ། །སུལ་བུ་མེད་ཅིང་བ་བཙའི་བ་བཅིའི་མདོག །ཡུ་བ་ཅན་ནི་ནད་སློང་ཡིན། །ཤིན་ཏུ་སྐྱུར་ལ་ཁ་བའི་རོ། །མིང་ཡང་བི་ཙ་གྱི་རྩེ་བྱ། །ཟླུམ་ཞིང་འཁྱིལ་པ་སྨན་གྱི་མཆོག །རོ་ཡང་སྐྱུར་ཞིང་མདངས་དང་ལྡན། །ཁྲག་རྣམས་ཟགས་པ་ཀུན་ལ་གཏང་། །འབྲས་བུ་གསུམ་དུ་སྦྱར་གྱུར་ན། །ཤ་རྣམས་སྐྱེ་ཞིང་ཚིལ་རྣམས་རྒྱས། །ཧ་ཅང་མང་ན་ལྕི་བར་བྱེད། །མཁས་པས་སྨན་གྱི་ཆ་སྙོམས་ནས། །ཨ་རུ་ར་དང་གསུམ་སྦྱར་ནས། །གཅིག་རྐྱང་གཏང་བ་མ་ཡིན་ནོ། །དེ་ཡི་མིང་ཡང་སྐྱུ་རུ་ར་ཞེས་བཏགས། །ཨ་མྲྀ་ཏ་ནི་ཀུན་ལ་དགོད། །སྨན་རྣམས་ཀུན་གྱི་ནུས་པ་སློང་། །བཏོགས་ནས་ཞག་གསུམ་བར་དུ་ནི། །གཅན་གཟན་སྤུ་ཡིས་བྱིབས་ཏེ་བཞག །ཕྱི་ཤུན་རང་གིས་འབྱེད་འདོན་ན། །དྲོད་ཚད་དུས་ལ་བབས་པ་ཡིན། །གྲིབ་མ་སྤངས་ལ་མེ་ཉིར་བསྐམ། །ཧ་ཅང་ཚ་བར་གྱུར་ན་ནི། །ནུས་པ་ཅུང་ཞིག་འཛག་པ་ཡིན། །གྲང་སར་ཕྱིན་ཏེ་བསྐམ་པར་བྱ། །སྦྱོར་བ་གང་དང་གང་རྒྱུག་པ། །སུམ་ཅུ་ཐམ་པའི་ཆ་གཅིག་གཏང་། །བུང་ནི་གཙོ་བོས་འཇལ་བ་ཡིན། །སྨན་ཚད་དག་ཏུ་སྦྱོར་གྱུར་ན། །ཕུལ་གང་ཕན་ཆད་ཆུ་ཡིས་ནི། །ཉེན་པར་བྱས་པ་མ་ཡིན་ནོ། །གམ་ཕྱེ་དག་ལ་གཏོང་འགྱུར་ན། །རན་ལ་མཛེས་པའི་ཆང་དུ་སྦང་། །དྲོད་ཀྱིས་ཞག་གཅིག་དབུག་ལ་གཏང་། །གལ་ཏེ་ཟངས་ཐལ་བྱུང་བ་ན། །མི་ཚ་དེ་ཡི་ཆ་གཅིག་དང་། །ཁ་མོ་ཕབས་ལ་སྦྱར་ཏེ་གཏང་། །དེ་ཡིས་ཁྲག་གི་ཟིལ་པ་རྣམས། །བདུད་རྩི་རབ་མེ་


DNG020_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

མེན་བུར་སྐྱེས། །སྤང་རྣམས་རྒྱས་པའི་ས་རུ་འཁྲུངས། །ཕལ་ཆེར་ས་ལ་འཁྲུངས་མོད་ཀྱང་། །རྩ་བ་ཕྲ་ལ་སྡོང་པོ་འཁྱོག །འདབ་མ་ར་ཡི་རྣ་བ་འདྲ། །ངར་བ་སྨུག་ལ་མེ་ཏོག་དཀར། །འབྲས་བུ་སྐེ་ཚེ་འདྲ་མོད་ཀྱང་། །ཁ་གཏིང་མེད་པར་མངར་བའི་རོ། །བད་ཀན་སྨུག་པོའི་གཉེན་པོ་ཡིན། །འཁྲུ་དང་སྐྱུག་པ་གཅོད་བྱེད་ཅིང་། །སྨན་རྣམས་ཀུན་གྱི་ཕབས་སུ་འགྱུར། །ཁ་བསིལ་ཞུ་རྗེས་ཅུང་ཞིག་ཚ། །རིག་པ་ཅན་གྱི་བྱ་རྣམས་ཟ། །མི་རྣམས་ཀུན་གྱིས་ཟོས་གྱུར་ན། །ཁོང་གི་ནད་རྣམས་ཁད་ཀྱིས་འབྱང་། །མནན་ནས་ཟོས་ན་ནུས་པ་འབྱུང་། །ཕབས་སུ་བྱས་ནས་ཀུན་ལ་འཇུག །གཅིག་ནི་ཀི་ནི་པི་ཙིས་བྱ། །མཁའ་ལྡིང་གོང་མོ་ཀུན་གྱིས་ཚོར། །རྩ་བ་ལོ་མ་རམ་པུ་འདྲ། །འབྲས་བུ་འབྱུང་བར་མི་འགྱུར་རོ། །རྩ་བ་བརྐོས་ཏེ་སྨན་བྱས་ན། །ཁོང་ནད་རྣམ་པ་ཀུན་ལ་བྱམས། །སྦྱར་ནས་སྨན་རྣམས་ལངས་པའི་སྨན། །ཁྲག་ཟགས་པ་ལ་རབ་ཏུ་བསྔགས། །རཱུ་ཏྲའི་སེ་ནི་ཡར་བ་ལས། །ཤིང་ཆེན་མ་གི་ཏ་རུ་སྐྱེས། །མུ་ལེ་གྲམ་ཤིང་མགུལ་དུ་སྐྱེས། །དེ་ལས་ས་སྟེངས་ཁྱབ་པ་ལ། །དཔྱ་རུ་བདུད་རྩི་རུ་གང་བྱུང་། །མདོག་ནི་དཀར་ལ་དྲི་རོ་མེད། །གྲོ་སོགས་འདྲ་སྟེ་ཤིན་ཏུ་སྒྲོན་སྐྱེས ། །ཤིན་ཏུ་བསིལ་ཏེ་གློ་ལ་འཇུག །རཱུ་ཏྲའི་བ་སྤུ་ཡ་རབ་ལས། །བདུད་རྩི་ཆེན་པོ་བ་ལེ་ཀ །ཕྲ་མཉེན་སྣ་ལམ་ལག་སྡོགས་འདྲ། །དཀར་སེར་མདོག་དང་འདམ་གྱི་དྲི། །སྟོན་པ་རབ་ཏུ་བྱུང་སར་སྐྱེས། །ཀུན་ལ་རབ་ཏུ་སྙོམས་པའི་སྨན། །རཱུ་ཏྲའི་ལྟེ་ཁྲག་ཡར་བ་ལས། །ཙནྡན་སྨུག་པོ་དག་ཏུ་འཁྲུངས། །ཤིན་ཏུ་སྨུག་ཅིང་དྲི་ཡང་ལྡང་། །ཁ་བསིལ་གཏིང་ཡང་ཚ་བ་བསྐྱེད། །བགེགས་རྣམས་ཀུན་གྱི་གཉེན་པོ་ཡིན། །ཁྲག་གི་ནད་དང་ལྟེ་བ་མགུལ། །ཕོ་གྲང་ཀུན་ལ་ཅུང་ཞིག་ཕན། །རཱུ་ཏྲའི་སྐྲ་ཡི་སྐྲ་ཚོམས་གཅིག །ས་ཡི་སྟེང་དུ་ཡར་བ་ལས། །གནྡྷ་བྷ་དྲའི་སྨན་དུ་འཁྲུངས། །དབྱིབས་དང་གཟུགས་ནི་མ་ངེས་ཏེ། །ཤིང་གི་ཡལ་ག་དག་དང་འདྲ། །


DNG020_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

ནད་རྣམས་རྩ་རུ་ཞུགས་ལ་ཕན། །མཆིན་ཁྲག་དེ་ཡི་སྟེང་དུ་ཡར། །བདུད་རྩི་གུར་གུམ་ཞེས་སུ་གྲགས། །སྨན་མཆོག་དེ་ཡི་མེ་ཏོག་ནི། །ཁ་ཆེའི་རྒྱལ་ཁམས་ཀུན་ཏུ་སྐྱེས། །སྟོན་པས་ཁབ་ནི་བཞེས་པའི་སར། །དམར་རྩ་ལྡུམ་བུ་རྩ་རུ་སྐྱེས། །ཁ་བའི་རོ་ལྡན་མཆིན་པའི་སྨན། །མིག་ནི་རྒུད་པ་ཀུན་ལ་ཕན། །དེ་ལས་གྱེས་པའི་ཡལ་ག་ཡང་། །སྨན་མཆོག་བདུད་རྩི་ཨ་བ་བྱ། །རྩུབ་པ་བྲག་རིའི་སྐེད་ལ་འཁྲུངས། །ལྡུམ་བུ་སྨུག་པོ་རྩ་ཡི་དབྱིབས། །རྩི་ཐོག་མར་དང་སྦྱར་གྱུར་ན། །དེ་ཡི་ནུས་པས་མིག་ནད་སེལ། །རཱུ་ཏྲའི་རླིག་འབྲས་ཡར་བ་ལས། །བདུད་རྩི་དེ་ཡི་སྟེང་དུ་བབས། །སྔོ་སྐྱའི་མདོག་སྟེ་མི་མགོའི་གཟུགས། །མིང་ནི་ཛ་ཏི་ཕ་ལ་བྱ། །དྲི་ཡང་བཟང་ཞིང་སྟོབས་དང་ལྡན། །རླུང་ནད་ཀུན་ལ་རབ་ཏུ་བསྔགས། །གལ་ཏེ་འགྱངས་པར་གྱུར་ན་ཡང་། །དྲི་དང་སྟོབས་ཀྱིས་ནད་འཇིལ་ནུས། །སྦྱོར་བ་དག་ཏུ་གྱུར་པ་ན། །མེ་དང་ཆུ་ཡི་ཉེན་མི་བྱ། །ཀུན་ལ་སྙོམས་པ་བདུད་རྩི་ཡིན། །སྙིང་རླུང་ཀུན་ལ་རབ་ཏུ་བསྔགས། །ཁ་རུ་ཚ་དང་ཆ་སྙོམས་ནས། །རྩི་ཐོག་མར་གྱིས་སྣ་ཁྲིད་ན། །ཟོས་པ་ཙམ་གྱིས་སྙིང་རླུང་རྣམས། །ངེས་པར་མིང་ཡང་མེད་པར་འགྱུར། །རཱུ་ཏྲའི་མཛུབ་མོ་ཡར་བ་ལས། །ཁ་བྲག་ལམ་གསུམ་མདོ་ཆེན་དང་། །གས་གླེ་བྲག་གི་སྣེ་ལ་འཁྲུངས། །བདུད་རྩི་ཆེན་པོ་ཀ་ཀོ་ལ། །འདབ་མ་རིན་ཆེན་ཕྱིར་སློག་འདྲ། །སྙིང་པོ་རེའུ་ཐུལ་ཕྱིར་སློག་འདྲ། །མགུལ་པ་ཤིན་ཏུ་དྲ་བ་ལ། །ཡན་ལག་ཤིན་ཏུ་མང་བར་གནས། །འབྲས་བུ་རཱུ་ཏྲའི་མཛུབ་མོ་འདྲ། །ཞུ་རྗེས་གྲང་བ་ཀུན་ལ་སྙོམས། །སྟོན་ཟླ་འབྲིང་པོའི་ཉ་ལ་བརྔ། །གྲིབ་མ་དག་ལ་བསྐམས་ཏེ་གཏང་། །རཱུ་ཏྲའི་མཆན་ཁུང་དྲི་མ་ནི། །རྒྱ་གར་བལ་པོའི་མཚམས་སུ་ཡར། །ཐང་གས་བྲག་གླེ་དག་དང་། །རི་རྩུབ་དག་གི་ཤིང་དུ་འཁྲུངས། །བདུད་རྩི་ཆེན་པོ་སུག་སྨེལ་ཡིན། །རྩ་བ་ངན་ཞིང་ཤིན་ཏུ་ཕྲ། །སྙིང་པོ་ཕྲ་ཞིང་འདབ་མ་ལེབ། །འདབ་རྩེ་ཟུར་གསུམ་རྩེ་མོ་རྣོ། །མེ་


DNG020_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

ཏོག་དམར་རྩ་འབྲས་བུ་རྩུབ། །དབྱིབས་ཀྱང་གྲུ་གསུམ་དཀྱིལ་དུ་སྦོམ། །སྟོན་ཟླ་ཐ་ཆུང་ཚེས་བརྒྱད་ལ། །བརྔས་ནས་ཞག་གཅིག་རས་ཀྱིས་བྱིབ། །ཉི་མའི་འོད་ལ་བསྐམས་ཏེ་གཏང་། །ཙནྡན་མེ་ལ་བསྲོས་གྱུར་ན། །གྲང་བ་ཀུན་གྱི་སྨན་དུ་བཤད། །མ་སྨིན་པ་ལ་བརྔས་གྱུར་ན། །ཚ་བ་ཀུན་གྱི་སྨན་ཡིན་ནོ། །དུས་སུ་བརྔས་པར་གྱུར་ན་ནི། །ཚ་གྲང་ཀུན་ལ་སྙོམས་པ་ཡིན། །རྩ་རྩེའི་ཁྲ་ཡིས་ཁྲིད་གྱུར་ན། །དྲོད་ནད་ཀུན་གྱི་སྙིང་པོ་ཡིན། །རཱུ་ཏྲའི་མཆེར་ཁྲག་ཡར་བ་ལས། །བདུད་རྩི་ཆེན་པོ་ལི་ཤི་འཁྲུངས། །ཁྲག་གི་གཟེར་བུ་ཞེས་སུ་གྲགས། །དྲོ་ཞིང་ཞུ་རྗེས་རབ་ཏུ་ཚ། །མཆེར་པའི་ནད་ལ་རབ་ཏུ་བསྔགས། །བདུད་རྩི་རིན་པོ་ཆེ་ འཁྲུངས་པའི་རྒྱན་ཞེས་བྱ་བ་ལས། རཱུ་ཏྲ་ཆེན་པོ་བསྒྲལ་བ་ལས་ཡར་རྗེས་ཁྲག་གི་ལེའུ་སྟེ་དགུ་པའོ།། །།བཅོམ་ལྡན་རྡོ་རྗེ་གཞོན་ནུ་ཡིས། །རཱུ་ཏྲ་ཆེན་པོ་བསྒྲལ་བའི་ཚེ། །དེ་ཡི་མཁྲིས་པ་ཡར་བ་ལས། །ཐིགས་པ་བདུན་དུ་རབ་ཏུ་ཡར། །གཅིག་ནི་ས་ཡི་བདུད་རྩིར་ཡར། །སྭརྞྞ་ཞེས་པའི་མིང་དུ་གྲགས། །ཆུ་བོ་ཆེན་པོའི་མགུལ་དུ་བྱུང་། །ན་བུན་རྨུགས་པའི་དཀྱིལ་དུ་གནས། །ནག་མཚུར་དག་གིས་མདངས་ཕྱུང་ན། །ཉི་མའི་འོད་དང་ལྡན་པར་འགྱུར། །རིན་པོ་ཆེ་ཡི་གཙོ་བོ་སྟེ། །སྐྱེ་རྒྱུད་མི་འཕེལ་འདོད་པ་ན། །ལྷ་རྩ་འཆོར་བའི་བདུད་རྩི་ཡིན། །གཅིག་ནི་བདུད་རྩི་སྐྱེར་བར་འཁྲུངས། །ས་ཕྱོགས་ངེས་པ་མེད་པར་སྐྱེ། །གདུག་པའི་ཚེར་མ་ཁ་ལྔས་བརྒྱན། །ས་སྨུག་མཆིན་པ་འདྲ་བའི་རི། །ཤིན་ཏུ་ནག་པའི་དཀྱིལ་ན་བརྐོ། །སྦྱོར་བ་ལེགས་པར་གྱུར་ན་ནི། །མིག་ནད་རིམས་ནད་བལ་ནད་དང་། །དུག་ནད་ཀུན་ལ་རབ་ཏུ་བསྔགས། །སྟེང་དུ་འཐོན་པ་དྲུག་གཅིག་ཚ། །ས་འོག་སྡོང་པོ་བསིལ་བ་སྟེ། །ཕྱི་དང་ནང་ལ་བྱ་བ་མིན། །བར་ཤུན་སོར་མོ་དག་དང་སྦྱར། །དབྱར་ཟླ་གསུམ་ལ་ནད་རྣམས་སློང་། །སྟོན་ཟླ་གསུམ་ལ་མཁྲིས་པ་ལྡོག །དགུན་ཟླ་འབྲིང་པོ་དག་དང་ནི། །དཔྱིད་ཟླ་འབྲིང་པོ་


DNG020_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

དག་ལ་བརྐོ། །ཤ་མཁྲིས་སྨིན་པའི་དུས་ཡིན་ནོ། །ཐིགས་པ་གཅིག་ནི་ཡར་བ་ལས། །སྐྱེར་ནི་ཁ་འདའ་དག་ཏུ་འཁྲུངས། །ལོ་མ་ཀྱོག་པོར་གནས་པ་ལས། །ངར་བའི་ཚོགས་ཀྱང་ཀྱོག་པོར་གནས། །མེ་ཏོག་དམར་སྨུག་གཞུ་རྒྱུ་སྐུའོ། །ལེ་རྒན་རྩུབ་མོའི་ས་ལ་འཁྲུངས། །སྟོན་ཟླ་དགུན་ཟླའི་མཚམས་སུ་སྐྱེ། །གྲིབ་མ་དག་ལ་རབ་ཏུ་བསྐམ། །ཤིན་ཏུ་བསིལ་བའི་ཐང་དུ་ཤིས། །ཐིགས་པ་གཅིག་ནི་ཡར་བ་ལས། །བདུད་རྩི་ཆེན་པོ་ཏིག་ཏ་བྱུང་། །རྩི་ཤིང་འདྲེས་པའི་གསེབ་དག་དང་། །རྡོ་བྲན་མང་བའི་རི་ལ་འཁྲུངས། །འདབ་མ་ཕ་ཝང་རྣ་བ་འདྲ། །སྡོང་པོ་ཅུང་ཟད་ཕྲ་བ་ལ། །ངར་བ་ལྕག་གུ་དེ་བཞིན་ཕྲ། །མེ་ཏོག་ཟླུམ་ཞིང་བུ་གུ་ཕྲ། །སྟོན་ཟླ་ཐ་ཆུང་མར་ངོ་ལ། །བརྔས་ཏེ་དབྱངས་ལ་གདགས་པར་བྱ། །སྔ་ཕྱི་ཤོར་ན་ནུས་པ་མེད། །ཁ་བའི་རོ་ལ་མྱོང་ན་གདང་། །ནད་རྣམས་འཁྱོགས་པའི་གོ་འབྱེད་ཡིན། །ཟས་རྣམས་ཀུན་གྱི་ལྡེ་མིག་ཡིན། །ཤིན་ཏུ་གདང་བའི་སྨན་ཞེས་བྱའོ། །ཐིགས་པ་གཅིག་ནི་ཡར་བ་ལས། །ཇི་ལྟ་གསེར་གྱི་ཤིང་དུ་སྐྱེས། །ཁ་དོག་སྐྱེར་བ་འདྲ་མོད་ཀྱང་། །སྲོ་མ་བི་ཀར་ལྟ་བུར་སྐྱེ། །རི་མོ་མགུལ་ཀློག་འདྲ་བ་སྐྱེས། །པྲ་རྩི་གཏང་བའི་མདོག་དང་ལྡན། །ལོ་མ་ཆུང་ཞིང་རྩ་བ་སྡོམ། །ཤིན་ཏུ་དྲོ་བའི་བྲག་ལ་འཁྲུངས། །ཁྲག་གིས་སྦྱར་བར་གྱུར་པ་དང་། །བལ་ནད་དག་གི་བདུད་རྩི་ཡིན། །ཐིགས་པ་གཅིག་ནི་ཡར་བ་ལས། །བདུད་རྩི་ཆེན་པོ་དགའ་རུ་སྐྱེས། །རྩ་བ་ཤིན་ཏུ་ཕྲ་བ་ལས། །ལོ་མ་ནེ་ལེའི་གཤོག་པ་འདྲ། །ངང་པ་སྦུ་གུ་མེ་ཏོག་ཕྲ། །གཡའ་དང་གངས་ཀྱི་མཚམས་སུ་འཁྲུངས། །སྟོན་ཟླ་ཐ་ཆུང་དུས་སུ་བརྔ། །ལོ་མ་མར་དཀར་ཚྭ་དང་བཅས། །ཆུ་དང་བསྲེས་ཏེ་ཐང་དུ་གཏང་། །བད་ཀན་ཉིད་ཀྱི་བདུད་རྩི་ཡིན། །ཟས་སུ་ཟོས་ན་ཡི་ག་འབྱེད། །གལ་ཏེ་དུལ་བར་གྱུར་པ་ན། །བད་མཁྲིས་བཅས་ཏེ་ལྡོག་པར་འགྱུར། །གདུལ་བའི་ཐབས་ནི་ཆུ་ལུད་དེ། །གླ་བ་ཤ་བའི་རིལ་མས་དགབ། །ལོ་གཉིས་བར་དུ་བརྔས་ཤིང་བསྐྱུར། །ལོ་


DNG020_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ལོན་ནས་འདབ་མ་བརྔ། །རྩ་བ་ངར་བ་མ་ཡིན་ནོ། །ལོ་མ་ལེགས་པར་བརྔས་ཏེ་སྐམ། །ཤིན་ཏུ་ཞིབ་པར་བཏགས་ནས་ནི། །ཚོས་པར་བཙོ་བ་རབ་ཏུ་གཅེས། །ཟས་རྣམས་འཁྲེམ་པའི་བདུད་རྩི་ཡིན། །འདུ་བ་ཀུན་ལ་རབ་ཏུ་བྱམས། །ཐིགས་པ་གཅིག་ནི་ཡར་བ་ལས། །བདུད་རྩི་ཆེན་པོ་མུཉྫར་འཁྲུངས། །འཁྲུངས་པ་གངས་ཀྱི་ལྟོངས་སུ་འཁྲུངས། །སྙིང་པོ་ནག་ལ་མེ་ཏོག་དཀར། །ལོ་མ་སྤྲེའུའི་གཞུག་མ་འདྲ། །དགུན་ཟླ་ར་བའི་སྟོད་ལ་བརྔ། །ཞག་གསུམ་བར་དུ་སྦལ་ལ་བསྲུབ། །དར་བ་རལ་བའི་ཆུ་ཡིས་བྲན། །ལེགས་པར་ སྣོད་དུ་བསག་གྱུར་ན། །ཞུ་མཁན་ལྟ་བུའི་དྲི་འབྱུང་སྟེ། །ཆུ་དང་མར་དུ་སྦྱར་གྱུར་ན། །ཚ་བའི་ནད་རྣམས་ཀུན་ལ་ཕན། །བདུད་རྩི་རིན་པོ་ཆེ་འཁྲུངས་པའི་རྒྱན་ཞེས་བྱ་བ་ལས། རཱུ་ཏྲ་ཆེན་པོ་བསྒྲལ་བ་ལས་དྲག་བསིལ་མཁྲིས་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་རཱུ་ཏྲ་ཆེན་པོ་དེའི། །བཅུད་ཀྱི་ཆུ་བརྒྱད་བྱུང་བ་ལས། །སེམས་ཀྱི་བཅུད་ནི་ཀླད་པ་དེ། །ཚན་པ་བདུན་དུ་ཡར་ཏེ་སོང་། །ཀླད་པའི་ཕྱི་རྒྱ་ཡར་བ་ལས། །མན་དར་རྒྱ་དར་ལྡིང་ཀོར་འཁྲུངས། །སྤང་དང་ན་ཐང་མཚམས་སུ་ཡང་། །ཉ་ལྕིབས་ཚུལ་དུ་འཁྲུངས་པ་ཡིན། །བཏགས་ཏེ་སྣམ་བུར་བྱས་གྱུར་ན། །རྨ་ཡི་ཆིངས་དང་ཡན་ལག་ཆིངས། །ཐུན་མོང་སྨན་གྱི་སྐྱོབས་སུ་བྱུང་། །ཀླད་ཁྲག་ཐིགས་གཅིག་ཡར་བ་ལས། །སྨུག་པོ་སྦལ་རྒྱབ་ཁྲག་ཤའི་མདོག །བཅག་ན་ཟུར་ཅན་ཞིབ་ན་འབོལ། །གཡའ་སྤང་བྱི་བའི་རྡོ་རུ་འཁྲུངས། །ཁ་མོའི་ཆང་གིས་ཁྲིད་གྱུར་ན། །ཀླད་པ་ཉམས་པའི་བདུད་རྩི་ཡིན། །ཀླད་དཀར་ཐིགས་གཅིག་ཡར་བ་ལས། །གངས་དང་ཆུ་འཐབས་བར་དུ་འཁྲུངས། །མདོག་དཀར་མཁྲེགས་ཤིང་བཏགས་ན་འཇམ། །ཕྱི་ནས་བི་ཙིས་ཁྲིད་གྱུར་ན། །རུས་པ་དུམ་བུ་སྟོང་སོང་ཡང་། །འབྱར་བར་འདི་ལ་ཐེ་ཚོམ་མེད། །ཀླད་པ་མཐའ་ནས་ཡར་བ་ལས། །དེ་ཡང་རྣམ་པ་གཉིས་སུ་ཡར། །


DNG020_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ནི་མཚོ་འགྲམ་པ་ལ་ཡར། །ཤིན་ཏུ་འབོལ་བའི་ས་ལ་ཡར། །བདུད་རྩི་ཆེན་པོ་འབྲུག་རུས་ཏེ། །ཆེ་ཆུང་ཕོ་འདོམ་གསུམ་གྱི་ཚད། །ཉ་ཕྱིས་ལྟ་བུའི་ཁ་དོག་ལ། །སྲབ་མོ་ཤུན་ལྤགས་བརྩེགས་མར་གནས། །མ་ཧེའི་ཀོ་བ་ལྟ་བུའི་ཚུལ། །ཞིབ་བཏགས་རྩི་དམར་དག་དང་སྦྱར། །ནུ་ཞོ་འཐུང་བའི་བྱིས་པ་ལ། །རུས་པ་སྲ་མཁྲེགས་ལྕགས་སུ་འགྱུར། །ཇི་ལྟར་རྒས་ཀྱང་ཤེད་མི་འཆོར། །རྒས་པ་རང་ཡང་འོང་བ་དཀའ། །ཀླག་སྟེ་བུད་མེད་གཞོན་ནུ་ལ། །བཙོད་ཀྱི་ཁྲག་དང་སྦྱར་ཏེ་གཏང་། །བྱིས་པ་བུ་མོ་སྐྱེ་མི་སྲིད། །རྐྱེན་གྱིས་རུས་པ་ཆག་གྱུར་ན། །བཏང་ན་ལྷ་བ་འཆོར་མི་སྲིད། །ཡང་ན་ན་ཚས་གང་ཟིན་པ། །ཞིབ་ཏུ་བཏགས་ཏེ་སྣུམ་དང་བསྲེས། །བསྐུ་མཉེ་བྱས་པར་གྱུར་ན་ནི། །ལུས་ཟུངས་དག་ཀྱང་འཆོར་མི་སྲིད། །རཱུ་ཏྲའི་འགྲམ་པའི་རུས་པ་ནི། །གཅིག་ནི་ས་ལ་ཡར་བ་ལས། །རྒྱ་མཚོ་ཆེན་པོའི་སྣེ་ལས་འཁྲུངས། །ལྟེང་ཆུ་ཕྲ་མོའི་ནང་དུ་འཁྲུངས། །སེམས་ཅན་བྲྀཤྩི་ཀ་རུ་འཁྲུངས། །བཏགས་ཏེ་ཞིག་དཀར་བརྔོས་གྱུར་ཏེ། །ཀླད་པ་རྒྱ་དང་སྦྱར་གྱུར་ནས། །མར་དཀར་དག་གིས་ཁྲིད་གྱུར་ན། །སྐྲ་རྣམས་ཉལ་གྱིས་བྱི་གྱུར་ལ། །ཤིན་ཏུ་འཇམ་ཞིང་ལ་བ་ཡི། །སྐྲ་རྣམས་སྐྱེ་ལ་ཐེ་ཚོམ་མེད། །བ་སྤུ་གསོ་བའི་བདུད་རྩི་ཡིན། །ཀླད་པའི་དཀྱིལ་ནས་ཡར་བ་ལས། །རྒྱ་མཚོ་གཏིང་གི་དུང་དུ་འཁྲུངས། །དེ་ཡང་རིགས་ནི་གསུམ་དུ་འཁྲུངས། །གཡས་སུ་འཁྱིལ་པའི་དུང་བྱུང་བ། །ཀཽ་ཤི་ཀས་བྱིན་གྱིས་བརླབས། །ཕོ་དུང་མོ་དུང་གཉིས་བྱུང་བ། །ཀླུ་རྒྱལ་འཇོག་པོས་བྱིན་གྱིས་བརླབས། །བཏགས་ཏེ་སེང་གེའི་ཞོ་དང་སྦྱར། །སྐྱུ་རུ་ར་ཡིས་ཕབས་བྱས་ཏེ། །ཞག་གསུམ་བར་དུ་མནན་བྱས་ཏེ། །བརྒྱད་ཅུ་ལོན་པའི་རྒན་པོ་ཡང་། །སོ་ནི་གཏིང་ནས་མེད་གྱུར་པར། །ལོ་བཅུ་ལོན་པའི་བྱིས་པ་བཞིན། །བཀྲག་དང་བཅས་ནས་སོ་རྣམས་སྐྱེ། །གཞོན་པར་འགྲོ་ལ་ཐེ་ཚོམ་མེད། །གལ་ཏེ་སེང་གེའི་ཞོ་མེད་ན། །བཙོད་དང་ཀྱངས་ཀྱང་ཡིན་ནམ་ལ་སོགས་པ་ཡི། །རི་དྭགས་སུམ་ཅུ་


DNG020_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་གཅིག་ཞོ། །རྩྭ་མ་ཟོས་པའི་རྒོད་ཀྱི་བུ། །དེ་ཡི་གློ་དང་འབྲི་མར་དང་། །ཨ་རུ་ར་དང་སྦྱར་གྱུར་ན། །རྒས་པ་གཞོན་ལ་ཐེ་ཚོམ་མེད། །ཀླུ་ཡི་ལུས་དང་ལྡན་པར་འགྱུར། །ཀླད་པའི་ཁྲག་རྩ་ཡར་བ་ལས། །རྒྱ་མཚོ་དྭངས་པའི་གཏིང་དུ་འཁྲུངས། །ས་ཡི་དྭངས་མ་མཚལ་དུ་འཁྲུངས། །ཞག་བདུན་བར་དུ་བཏགས་བྱས་ནས། །སྒོ་ངའི་རྩ་དང་ཅོང་ཞི་སྦྱར། །ལྷ་བ་འཚོ་བའི་བདུད་རྩི་ཡིན། །ཀླད་པའི་རྩ་ཆེན་ཡར་བ་ལས། །རྒྱ་ཤུགས་འོད་ཟེར་དག་ཏུ་སྐྱེས། །བྲག་མེད་སྤང་མེད་རྩུབ་པའི་རི། །གཏིང་ན་གྲང་བ་ཡོད་ལ་འཁྲུངས། །ཤུན་ལྤགས་མངར་ཞིང་འབྲས་བུ་སྐྱུར། །ལོ་མ་ཐང་ཆུ་མངར་ལ་འཁྱིལ། །དེ་ཡི་པགས་པ་བཤུས་གྱུར་ནས། །ཆུ་ཡི་ནང་དུ་ཅུང་ཞིག་སྦང་། །སྟོབས་ནི་དུ་བ་བཞིན་དུ་འོང་། །ཤིན་ཏུ་བསྒྲུངས་ནས་འཐུང་གྱུར་ན། །ལྷུ་དུམ་རུས་པ་ཆག་པ་རྣམས། །ཚ་བའི་ནད་རྣམས་ལངས་གྱུར་ན། །བསིལ་བས་རབ་ཏུ་འཇིལ་བར་འགྱུར། །དེ་ལས་གྱེས་པའི་ཡལ་ག་ཡང་། །གཅན་གཟན་སྟག་གིས་ཁྱེར་དེ་སོང་། །ནགས་ཚལ་ཀུན་གྱི་གསེབ་ཏུ་སྐྱེས། །མང་ཡང་སྟག་པ་དཀར་པོ་བྱ། །དེ་ཡི་གྲང་ཐང་བཏང་གྱུར་ན། །བསིལ་བར་ནུས་པའི་བདུད་རྩི་ཡིན། །བདུད་རྩི་རིན་པོ་ཆེ་འཁྲུངས་པའི་རྒྱན་ཞེས་བྱ་བའི་རྒྱུད་ལས། རཱུ་ཏྲ་ཆེན་པོ་བསྒྲལ་བ་ལས་སེམས་བཅུད་ཀླད་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་རྡོ་རྗེ་གཞོན་ནུ་ཡིས། །རཱུ་ཏྲ་སྣམས་ནས་བཏོན་པའི་ཚེ། །མཆི་མ་གསུམ་ནི་ས་ལ་ཤོར། །མིག་འབྲས་ནག་པོའི་མཆི་མ་ལས། །གནོད་སྦྱིན་རྒོད་མ་ཁ་རུ་སྐྱེས། །དཔྱིད་ནས་སྟོན་གྱི་བར་དུ་ནི། །གྷོ་ར་རྟ་རུ་རྫུས་ཏེ་སྡོད། །རྟ་ཡང་རང་རང་གསུམ་ཙམ་ན། །བདུད་ཀྱི་བུད་མེད་རལ་པ་ཅན། །མི་རྣམས་ཟ་བ་དཔལ་གྱི་གཟིས། །ནམ་མཁའི་མཐོངས་ནས་ཕྱག་རྒྱས་བསྡམས། །མཆི་མ་ས་ལ་བྲུལ་བ་ཡིས། །ཁ་སེར་སྤང་གི་སྟེང་དུ་སྐྱེས། །སྤང་གི་རྒྱན་དུ་རྣམ་པར་གྲགས། །རྩ་བ་ཕྲ་ཞིང་ལོ་མ་ཕྲ། །ཨུཏྤ་ལ་ཡི་མདོག་ཅན་


DNG020_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

དེ། །རུལ་ལམ་བམ་སུམ་མ་ཁྱེར་བར། །དགུན་ཟླ་ར་བའི་སྟོད་ལ་བརྔ། །མིག་རྣམས་གསོ་བའི་སྨན་དུ་གཏང་། །རཱུ་ཏྲའི་མིག་སྤྲིན་དཀར་པོ་ལས། །མཆི་མ་ཐིགས་གཅིག་ས་ལ་ཡར། །སྤང་དང་ཤིང་གི་བར་དུ་འཁྲུངས། །སྤང་རྒྱན་དཀར་པོ་བདུད་རྩི་ཡིན། །ཀ་ར་དཀར་དང་སྦྱར་བྱས་ནས། །གྲང་བའི་ཐང་དུ་འཐུང་གྱུར་ན། །དཔག་ཚད་གསུམ་དུ་གྲག་པ་ཡི། །མགྲིན་པ་བདེ་བའི་བདུད་རྩི་ཡིན། །མིག་སྤྲིན་དམར་པོའི་མཆི་མ་ལས། །ནགས་ཀྱི་གསེབ་ཏུ་ཡར་བ་ལས། །རྒྱ་ཤུག་གླང་མའི་མགུལ་དུ་འཁྲུངས། །རྩ་བ་ཕྲ་ཞིང་ལོ་མ་ཕྲ། །ངར་བའི་ཚད་ནི་མཐོ་གང་སྐྱེས། །ཕྱི་ལྗང་ནང་དག་སྨུག་པོ་ལ། །མིང་ཡང་ཨུ་མུ་ཏ་རུ་གྲགས། །མིག་ལ་རྐྱེན་གྱིས་བསླད་པ་ལ། །གོ་སྙོད་དག་གིས་སྣ་ཁྲིད་ནས། །མར་དཀར་དག་དང་ཅུང་ཞིག་སྦྱར། །ལྟོ་རུ་ཟ་བར་བྱ་བ་འམ། །རྐང་མཐིལ་ལག་མཐིལ་སྤྱི་བོ་རུ། །ལུམས་ཀྱི་ཐབས་སུ་དུག་བྱས་ན། །མིག་ནི་ཚ་ལ་སོགས་པ་རྣམས། །འབྲས་བུ་ཞར་བར་གྱུར་པ་ནི། །གསལ་བར་འགྱུར་ཏེ་ཐེ་ཚོམ་མེད། །བདུད་རྩི་རིན་པོ་ཆེ་འཁྲུངས་པའི་རྒྱུད་ལས། རཱུ་ཏྲ་ཆེན་པོ་བསྒྲལ་བ་ལས་མིག་བཅུད་མཆི་མའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་རྡོ་རྗེ་གཞོན་ནུ་ཡིས། །ལྷ་ཡི་སྙན་དབང་འཐོབ་བྱའི་ཕྱིར། །རཱུ་ཏྲའི་རྣ་བ་ཡར་བ་ལས། །ཆ་ནི་བཅུ་གཅིག་ཡར་ནས་སོང་། །གཅིག་ནི་ཚངས་པའི་ཡུལ་དུ་ཡར། །ཡ་མཚན་འཕྲུལ་གྱི་མེ་ཏོག་སྐྱེས། །སངས་རྒྱས་ཆོས་རྣམས་འཆད་པ་ཐོས། །གཅིག་ནི་དགའ་ལྡན་གནས་སུ་ཡར། །ཨུ་དུམ་ཝ་རའི་མེ་ཏོག་འཁྲུངས། །ཚངས་པའི་གསུང་དབྱངས་དྲུག་ཅུ་ཐོབ། །གཅིག་ནི་ལྷ་ཡི་ཡུལ་དུ་ཡར། །བྱམས་པའི་བསྟན་བཅོས་ཀུན་ཀྱང་ཐོས། །གཅིག་ནི་གནོད་སྦྱིན་ཡུལ་དུ་ཡར། །བཻ་ཌཱུརྻ་ཡི་མེ་ཏོག་འཁྲུངས། །ཕྱག་ན་རྡོ་རྗེའི་རིགས་སྔགས་ཐོས། །གཅིག་ནི་རི་བདུན་ཁ་ལ་ཡར། །མེ་ཏོག་རྒྱ་བྱེ་སྨུག་པོར་


DNG020_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུངས། །འཁོར་ལོ་མཚོན་ཆའི་སྒྲ་ཡང་ཐོས། །གཅིག་ནི་ཀླུ་ཡི་ཡུལ་དུ་ཡར། །རིན་ཆེན་མེ་ཏོག་ལྟ་བུར་འཁྲུངས། །ལྔ་ནི་འཛམ་བུ་གླིང་དུ་ཡར། །གཅིག་ནི་བྲག་སྤང་བར་དུ་འཁྲུངས། །བདུད་རྩི་ཆེན་པོ་ཚེ་ཡི་བྱ། །ལུས་རྣམས་རིངས་པར་གྱུར་པ་དང་། །རྨ་རྣམས་དེངས་པར་གྱུར་པ་ཡི། །བདུད་རྩི་ཡིན་ཏེ་ལུམས་ཀྱི་སྨན། །ཐིགས་གཉིས་ས་ལ་ཡར་བ་ལས། །སྲིན་པོ་ཁྲོས་པའི་རི་ལ་འཁྲུངས། །བདུད་རྩི་ཆེན་པོ་ཧོང་ལེན་ཡིན། །སྡོང་པོ་བྲུལ་བས་རྩ་བ་ཆུང་། །ལོ་མ་སེང་གེའི་རྣ་བ་འདྲ། །རྩ་བའི་སྦུག་ལ་སུལ་བུ་ཡོད། །རོ་མཆོག་ཁ་བར་གྱུར་པ་ལ། །ཀུན་རྒྱུག་བདེན་པའི་བདུད་རྩི་ཡིན། །ཐིགས་གསུམ་ས་ལ་ཡར་བ་ལས། །ས་ཕྱོགས་ངེས་མེད་ཀུན་ཏུ་འཁྲུངས། །རྩ་བ་ཕྲ་བར་གྱུར་པ་ལ། །འདབ་མ་ལུག་གི་རྣ་བ་འདྲ། །སྙིང་པོ་གང་གུང་མ་སེམས་ཅན་བཞིན། །མིང་ཡང་རྟག་གུ་ལ་དཀར་སྐྱེས། །དབྱར་ཟླ་ཐ་ཆུང་སྨད་ལ་བརྔས། །མར་དང་སྦྱར་ནས་ཟོས་ན་འཚོ། །ཅུང་ཞིག་ཚ་ས་རྐྱེན་གྱུར་ན། །ཡི་ག་འགགས་པའི་བདུད་རྩི་ཡིན། །བདུངས་ཏེ་ལུམས་སུ་བྱས་གྱུར་ན། །རྨ་རྣམས་རེངས་པ་ཀུན་ཀྱང་འཚོ། །ཐིགས་བཞི་ས་ལ་ཡར་བ་ལས། །གངས་སྟོངས་བལ་པོའི་མགུལ་དུ་འཁྲུངས། །ལྡུམ་བུ་རེ་རལ་ཞེས་སུ་གྲགས། །ལོ་མ་ཕུ་ལ་ཡལ་ག་མེད། །ཁམ་སེར་སྤང་ནི་མི་མཐོ་སྟེ། །དུག་ནད་གསོ་བའི་བདུད་རྩི་ཡིན། །ཐིགས་ལྔ་ས་ལ་ཡར་བ་ལས། །མཚོ་དང་གཡའ་ཡི་མགུལ་དུ་འཁྲུངས། །བདུད་རྩི་འུག་པ་རེ་རལ་ཡིན། །རྩ་བ་ལོ་མ་ཤིན་ཏུ་ངན། །ཤུན་པ་འུག་པའི་ཕོད་དང་མཚུངས། །ཤ་དུག་གསོ་བའི་བདུད་རྩི་ཡིན། །དྲོད་རྣམས་བྲལ་བར་མ་གྱུར་ན། །ཤི་བ་སོས་པར་ཐེ་ཚོམ་མེད། །བདུད་རྩི་རིན་པོ་ཆེའི་རྒྱན་ཞེས་བྱ་བའི་རྒྱུད་ལས། རྣ་བཅུད་རྣ་སྤབས་ཀྱི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་རྡོ་རྗེ་གཞོན་ནུ་ཡིས། །སྣ་ཡི་དངོས་གྲུབ་འཐོབ་བྱའི་ཕྱིར། །སྣབས་ནི་གསུམ་དུ་ཡར་བ་ལས། །ཐང་གཅིག་བྲག་


DNG020_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཆུ་ལ་ཡར། །ཆུ་ལ་ཡར་བས་ཆུ་ཤེལ་འཁྲུངས། །བཟུང་ན་ཡོད་ལ་བལྟ་ན་མེད། །བྱེ་མ་ཀ་རས་སྣ་ཁྲིད་ན། ། གློ་བའི་ནད་ཀྱི་བདུད་རྩི་ཡིན། །བྲག་ལ་ཡར་བས་ཅོང་ཞི་བྱུང་། །སྲམ་གྱི་མཆིན་པ་དག་དང་སྦྱར། །རང་གི་ལུས་ཀྱི་དྲི་མ་རྣམས། །ཟས་ལ་སྦྱར་ཏེ་བཏབ་བྱས་ན། །བུ་མོ་གཞོན་ནུ་ལ་སོགས་པ། །ལྷ་མོ་ཀླུ་མོ་མདངས་ཅན་རྣམས། །སྙིང་སྡུག་ཤིན་ཏུ་དང་ཆགས་ནས། །འགུགས་པར་བྱེད་པའི་བདུད་རྩི་ཡིན། །གཅིག་ནི་ས་ལ་ཡར་བ་ལས། །ལྕེ་པོག་དཀར་པོ་དག་ཏུ་སྐྱེས། །རྩ་བ་ཕྲ་ཞིང་མེ་ཏོག་ཕྲ། །ལོ་མ་དེ་དག་དེ་བཞིན་ཕྲ། །རོ་ཚོར་དྲི་ཡང་མི་ཞིམ་སྟེ། །ནད་ལོག་བྱུང་བའི་བདུད་རྩི་ཡིན། །གཅིག་ནི་མཚོ་གཏིང་མགུལ་དུ་ཡར། །སྟོན་ཟླ་དགུན་ཟླ་མཚམས་སུ་འཁྲུངས། །ཤེལ་ཚ་མེ་ཚ་སྨན་ཚ་དང་། །ལྕེ་མྱང་ཚ་དང་ཟི་རའི་ཚ། །རྒྱམ་ཚ་ཤིང་ཚ་ཐལ་ཚ་དང་། །ར་ཚ་དང་ནི་ཁ་རུ་ཚ། །ནད་རྣམས་འདྲིལ་བར་གྱུར་པ་དང་། །སྐྲན་རྣམས་རེངས་དང་མ་ཞུ་དང་། །མངར་བའི་ཟས་ཀྱིས་རོ་འདོན་ཞིང་། །གནས་སུ་བསྡིམས་པའི་བདུད་རྩི་ཡིན། །བདུད་རྩི་རིན་པོ་ཆེ་འཁྲུངས་པའི་རྒྱན་ཞེས་བྱ་བའི་རྒྱུད་ལས། རཱུ་ཏྲ་ཆེན་པོ་བསྒྲལ་བ་ལས་སྣ་བཅུད་སྣབས་ཀྱི་ལེའུ་སྟེ་བཅུ་བཞི་པའོ།། །།དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡིས། །རཱུ་ཏྲ་ཆེན་པོ་བསྒྲལ་བའི་ཚེ། །སྨྲ་བའི་སེང་གེས་དབང་བསྐུར་ཏེ། །ལྕེ་བཅུད་མཆིལ་མའི་བདུད་རྩིར་གྱུར། །ཐིགས་པ་བཞི་རུ་ཡར་བ་ལས། །ཁྲག་དང་མཆིལ་མར་འདྲེས་པ་ལས། །གནོད་སྦྱིན་ཆེན་པོ་ཁ་འབར་བྱུང་། །ཤཱཀྱ་ཐུབ་པའི་གམ་དུ་ཕྱིན། །རང་གི་ལྕེ་བཅད་ཕུལ་བ་ལས། །བདུད་རྩི་ཆེན་པོ་གསེར་བ་བྱུང་། །མི་བདེ་རྩུབ་པའི་ས་རུ་འཁྲུངས། །རྩ་བ་འདྲིལ་ཞིང་ངར་བ་ཤར། །ཤིང་མདོག་སྨུག་ལ་མེ་ཏོག་དཀར། །འབྲས་བུ་དམར་བའི་མདོག་ཏུ་འཁྲུངས། །རྩ་བ་སྐྱུར་ལ་མངར་བའི་སྨན། །བད་ཀན་ལ་སོགས་ནད་རྣམས་ལ། །


DNG020_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ཅུང་ཞིག་ཕན་པར་བྱེད་མོད་ཀྱང་། །བསྡུས་ནས་ཁུ་བ་བཏང་གྱུར་ན། །ཆུ་སེར་གཏན་ནས་འདོན་པའི་སྨན། །ཐིགས་གཉིས་ས་ལ་ཡར་བ་ལས། །དཔལ་འབར་ཆེན་མོ་ཁྲོ་མོ་བྱུང་། །བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱིན། །ལྕེ་བཅད་ཡོན་དུ་ཕུལ་བ་ལས། །བདུད་རྩི་ཆེན་པོ་དྲོ་བར་སྐྱེས། །རྩ་བ་འདྲིལ་ལ་ངར་བ་སྦོམ། །འདབ་མ་རྔ་མོའི་རྣ་བ་འདྲ། །མེ་ཏོག་ལྕེ་འདྲ་གསེར་གྱི་མདོག །མི་སྨྲ་བ་ཀུན་སྨྲ་བར་བྱེད། །དིག་པ་གསོ་བའི་བདུད་རྩི་ཡིན། །བད་ཀན་དག་ལ་ཅུང་ཟད་གནོད། །ཐིགས་གཅིག་ས་ལ་ལྷུང་བ་ལས། །ཡི་དྭགས་ཁ་འབར་མ་རུ་བྱུང་། །ཤཱཀྱ་ཐུབ་པའི་སྤྱན་སྔར་ཕྱིན། །ལྕེ་བཅད་ཡོན་དུ་ཕུལ་བ་ལས། །བདུད་རྩི་རྨ་ལོ་ཀྲིལ་ཀྲིལ་བྱུང་། །ཤིང་ཕྲན་སྐྱེས་པའི་ས་རུ་འཁྲུངས། །རྩ་བ་འདྲིལ་ཞིང་ངར་བ་འཁྲིལ། །མེ་ཏོག་སྔོ་ཞིང་ལྕེ་ཡི་དབྱིབས། །ཤིན་ཏུ་བསིལ་བའི་སྨན་ཡིན་ཏེ། །སྦྱར་ལ་གཏང་བ་མ་ཡིན་ཏེ། །ཟོས་པ་ཙམ་གྱིས་ནད་རྣམས་འཚོ། །ཐིགས་གཅིག་ལྷ་ཡི་ཡུལ་དུ་ཡར། །བྱ་ནི་ངང་མོ་གཅིག་ཏུ་སྐྱེས། །མི་ཡི་ཡུལ་དུ་ཆགས་ཏེ་བྱུང་། །བུ་དྲུག་བདུན་ཙམ་སྐྱེས་པ་ལ། །ལྷ་ཡི་བྱ་གཅིག་འདིར་བྱུང་སྟེ། །མི་རྣམས་ཀུན་གྱི་ས་འཛི་བཏགས། །ངང་མོ་ལྷ་ཡི་ཡུལ་དུ་འཕུར། །བུ་ཕྲུག་ཀུན་ལ་སྨན་བཞག་པ། །ཧག་ཅེས་གྲེ་བ་དག་ནས་བཏོན། །སྨུག་ནག་ཐལ་བའི་མདོག་འདྲ་ལ། །ཆེ་ཆུང་སྐྱེ་ཚེའི་ཚད་དུ་བྱུང་། །ངང་མོ་དེ་ཡིས་དམོད་བོར་བས། །ང་ཡི་ལྷ་ཟས་འབྲུ་ཆུང་འདི། །བུ་རྣམས་ཀུན་གྱི་གསོས་སུ་ཤོག །རྔོ་མི་དགོས་ཏེ་བཏགས་མི་དགོས། །ལྡུམ་བུ་ལྗང་བུ་ཟོས་པས་ཆོག །བཙོས་ན་ལྷ་ཡི་ལྡུམ་བུ་ཡིན། །བཙོས་ཏེ་སྐམས་པར་གྱུར་ན་ནི། །སྔན་ལ་ཟ་བའི་བདུད་རྩི་ཡིན། །བཏང་ན་དུག་གི་སྦྱོར་བ་རྣམས། །མུ་སྟེགས་བུས་ནི་ཚུགས་མི་འགྱུར། །འབྱུང་བ་ཁ་ཅིག་འཇུ་


DNG020_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱེད། །རོ་མངར་ཞུ་རྗེས་མེད་པར་བསྟན། །བདུད་རྩི་རིན་པོ་ཆེ་འཁྲུངས་པའི་རྒྱན་ཞེས་བྱ་བའི་རྒྱུད་ལས། ལྕེ་བཅུད་མཆིལ་མའི་ལེའུ་སྟེ་བཅོ་ལྔ་པའོ།། །།བཅོམ་ལྡན་རྡོ་རྗེ་གཞོན་ནུ་ཡིས། །རཱུ་ཏྲ་ཆེན་པོ་བསྒྲལ་བའི་ཚེ། །ཤིན་ཏུ་དྲེད་ནས་རྔུལ་གཅིག་བྱུང་། །ཡར་ནི་ཐིགས་པ་གསུམ་དུ་ཡར། །སྐྲ་ཡི་རྩེ་ནས་རྔུལ་བྱུང་བས། །ས་ཕྱོགས་ས་སྤོ་དག་ཏུ་འཁྲུངས། །བདུད་རྩི་ཆེན་པོ་རྔུལ་དངུལ་ལམ་རྡོ་བྱུང་། །ཆུ་མདོག་དཀར་སྔོའི་མདངས་དང་ལྡན། །ཨ་རུ་ར་ཡི་སྨན་སྦྱར་རྣམས། །ཁོང་དུ་བཟའ་བར་བྱེད་པའི་དུས། །ལུས་ཀྱི་དྲི་མ་བཀྲུས་གྱུར་ཏེ། །ཕྱི་ཡི་ཡུལ་དུ་བྱུགས་གྱུར་ན། །ཕུང་པོ་མི་འཇིག་བདུད་རྩི་ཡིན། །ཤི་བའི་རོ་ལ་བཀྲུས་གྱུར་ན། །སེམས་དེ་ཁུག་པར་མི་འགྱུར་ཀྱང་། །ལུས་ཀྱི་གཟི་བྱིན་མི་འཆོར་བར། །བསྐལ་པ་མ་ཞིག་བར་དུ་ནི། །ཕུང་པོ་བརྟན་པའི་བདུད་རྩི་ཡིན། །མཆན་ཁུང་སྤུ་ཡི་རྔུལ་གཅིག་ནི། །ཤིང་ཆེན་ཤུག་པའི་སྟེང་དུ་ཡར། །ཤིང་གི་འབྲས་བུར་གྱུར་པ་ལ། །འདབ་མ་དབྱར་སྐྱེས་དགུན་ནི་སྐམས། །འབྲུ་ཡི་ཟན་ལ་མནན་གྱུར་ན། །ཕབས་སུ་གྱུར་པའི་བདུད་རྩི་ཡིན། །ནད་ལ་བདུད་རྩིའི་བཅུད་བཏོན་ན། །སེམས་ཀྱི་རྩལ་ཤུགས་བསྐྱེད་པ་དང་། །རླུང་ནད་ཀུན་གྱི་བདུད་རྩི་ཡིན། །ཤིང་ཆེན་དེ་ཡི་འབྲས་བུ་ཡང་། །ལོ་གཅིག་བ་སྤུའི་ཚུལ་དུ་འཁྲུངས། །ལུམས་སུ་བགྱིས་ན་ནད་རྣམས་འཚོ། །ལོ་གཉིས་མ་སྨིན་སྒོ་རིལ་འདྲ། །གཤེར་དུག་ཀུན་གྱི་སྣ་འདྲེན་ཡིན། །ལོ་གསུམ་ལོན་ནས་སྨིན་པ་ཡང་། །རཱུ་ཏྲའི་རྔུལ་ནག་འདྲ་བ་གཅིག །རོ་མངར་ཐང་ཆུའི་བག་དང་ལྡན། །བརྡུངས་ཏེ་ཆུ་ལ་སྦྱར་གྱུར་ན། །ཆུ་བ་རེངས་དང་ཡན་ལག་རེངས། །རླུང་དང་ཆུ་སེར་བསྡོངས་ལ་ཕན། །ཕོ་མཚན་སྤུ་ལས་རྔུལ་བྱུང་བ། །བྱེ་མ་མུ་ཏྲའི་སྒང་ལ་ཡར། །བདུད་རྩི་གྷ་ན་བ་ཏིར་འཁྲུངས། །རྩ་བ་རྩུབ་ཅིང་འདབ་མ་རྩུབ། །འབྲས་བུ་རྩུབ་སྟེ་ར་མགོ་འདྲ། །ཅུང་ཞིག་མ་སྨིན་པ་ལ་བརྔ། །ཡང་ན་དུས་དེ་ཉིད་དུ་འམ། །


DNG020_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་མས་ལེགས་པར་བསྐམས་ལ་ནི། །གདུས་པའི་ཁུ་བར་གྱུར་ན་ནི། །རླུང་དང་ཆུ་སེར་ཀུན་གྱི་སྨན། །བདུད་རྩི་རིན་པོ་ཆེ་འཁྲུངས་པའི་རྒྱན་ཞེས་བྱ་བའི་རྒྱུད་ལས། བ་སྤུའི་བཅུད་རྔུལ་གྱི་ལེའུ་སྟེ་བཅུ་དྲུག་པའོ།། །།དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡིས། །རཱུ་ཏྲ་ཆེན་པོ་བསྒྲལ་བའི་ཚེ། །ཁྲག་གི་བཅུད་ནི་མཆིན་པ་ལས། །ཐིགས་པ་བདུན་དུ་ཡར་ནས་སོང་། །གཅིག་ནི་རིན་ཆེན་ཟངས་རྡོར་འཁྲུངས། །ཤིན་ཏུ་བརྡར་བར་གྱུར་ན་ཡང་། །དུད་འགྲོ་ར་ལུག་རྔ་མོ་ཡི། །མིག་ལ་ལིང་ཐོག་བྱུང་བའི་སྨན། །ཐིགས་གཉིས་ས་ལ་ཡར་བ་ལས། །བདུད་རྩི་གྷ་ན་ཨ་མྲྀ་ཏ། །བྲག་དམར་མོ་མཚན་འདྲ་བའི་ཤོད། །ས་ཕྱོགས་ཤིན་ཏུ་འཇམ་པར་འཁྲུངས། །རྩ་བ་རིང་ཞིང་ངར་བ་ཤར། །གྲངས་མང་མེ་ཏོག་སེར་ལ་སྨུག །འབྲས་བུ་ཁྲག་གི་ཐིགས་པ་བཞིན། །མོ་ནད་གསོ་བའི་བདུད་རྩི་ཡིན། །ཐིགས་གསུམ་ས་ལ་ཡར་བ་ལས། །ག་རུ་ཊ་ཡི་ཤིང་དུ་འཁྲུངས། །ཐང་ཆུ་དམར་སེར་ཁ་བའི་རོ། །དེ་ཡང་མོ་ནད་གསོ་བའི་སྨན། །ཐིགས་པ་བཞི་རུ་ཡར་བ་ལས། །སྨུག་ལྡེམ་ཨ་གད་བ་རུའི་ཤིང་། །འབྲས་བུ་ཆེ་ཞིང་སྙིང་པོ་བསིལ། །སྨུག་སྐྱ་ཟིལ་བུར་གྱུར་པ་དེ། །ནད་རྣམས་ཀུན་ལ་བྱམས་པར་འཁྲུངས། །མཆིན་པའི་ནད་ལ་རབ་ཏུ་བསྔགས། །ཐིགས་ལྔ་རྡོ་ལ་ཡར་བ་ལས། །བདུད་རྩི་ཆེན་པོ་མུག་ཆེན་བྱུང་། །གཡའ་དང་བྱེ་མ་འདྲེས་སར་འཁྲུངས། །རྨ་རྣམས་ཀུན་གྱི་རྩི་རུ་འཁྲུངས། །མཆིན་པའི་རྩ་གཡས་ཡར་བ་ལས། །བདུད་རྩི་ཆེན་པོ་ལ་རྟོག་ནི། །སྙི་ལ་འབོལ་བའི་ས་རུ་འཁྲུངས། །ལོ་མ་འབད་ཅིང་རྩ་བ་རིང་། །སྐྱུར་ལ་མངར་བའི་རོ་དང་ལྡན། །ཁ་དོག་དམར་ཞིང་ལྕུག་ཕྲན་འདྲ། །རྩ་ནད་ཚ་བས་ཟིན་པ་དང་། །གློ་དང་མཆིན་ལ་ཚད་ཞུགས་ན། །གཏན་ནས་འབྱིན་པའི་བདུད་རྩི་ཡིན། །མཆིན་པའི་རྩ་གཡོན་ཡར་བ་ལས། །བདུད་རྩི་ཆེན་པོ་མ་ནུར་སྐྱེས། །རྩ་བ་དམར་ཞིང་འདབ་མ་ལྟེབ། །


DNG020_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་ལ་སྤུ་ཡི་ཚེར་མ་ཡོད། །མེ་ཏོག་སྨུག་ལ་ཐུར་དུ་གུག །དེ་ཡང་རྩ་ཡི་སྨན་ཡིན་ནོ། །བདུད་རྩི་རིན་པོ་ཆེ་ཆེན་པོ་འཁྲུངས་པའི་རྒྱུད་ལས། ཁྲག་བཅུད་མཆིན་པའི་ལེའུ་སྟེ་བཅུ་བདུན་པའོ།། །།བཅོམ་ལྡན་རྡོ་རྗེ་གཞོན་ནུ་ཡིས། །རཱུ་ཏྲ་ཆེན་པོ་བསྒྲལ་བའི་ཚེ། །རྩ་བཅུད་ཆུ་བ་ཡར་བ་ལས། །དེ་ཡང་ཐིགས་པ་བཞི་རུ་ཡར། །གཅིག་ནི་གངས་ཀྱི་ལྟོངས་སུ་ཡར། །བདུད་རྩི་ཆེན་པོ་ལ་ཆུ་བ། །མངར་ལ་ཞིམ་པའི་རོ་དང་ལྡན། །རྩ་བ་སེར་ཞིང་རྩ་མཚམས་དཀར། །ངར་བ་སྨུག་ཅིང་འདབ་མ་ཤོག །སྙིང་པོ་འབྲས་བུ་མེད་པའི་རྩི། །བཙོས་ཏེ་ཟས་སུ་ཟོས་གྱུར་ན། །བད་ཀན་གཉིས་ཀ་མིང་ཡང་མེད། །ཐིགས་པ་ལུང་པའི་སྲོལ་དུ་བབས། །བདུད་རྩི་ཆེན་པོ་ཆུ་ཆུང་བ། །རྫ་མོ་ལུང་པའི་དཀྱིལ་དུ་འཁྲུངས། །འདབ་མ་ཆུང་ཞིང་ངར་བ་སྨུག །འབྲས་བུ་བྲ་བོའི་ཟན་བཅངས་འདྲ། །རོ་ནི་སྐྱུར་ལ་ཅུང་ཞིག་འཕྲིགས། །བཙོས་སྟེ་ཟོས་པར་གྱུར་ན་ཡང་། །བད་ཀན་སྨུག་པོ་གཏན་ནས་ལེན། །ཐིགས་གཅིག་ས་ལ་ཡར་བ་ལས། །སྲ་བརྟན་བྲག་གི་སྐེད་ལ་འཁྲུངས། །འདབ་མ་ངར་བ་གོང་བཞིན་ཏེ། །སྙིང་པོ་པི་ཝང་ལྟ་བུ་སྟེ། །རོ་ནི་སྐྱུར་ལ་གདང་བར་སྟོན། །བཙོས་སྟེ་ཟོས་པར་གྱུར་ན་ཡང་། །བད་ཀན་དཀར་པོ་མིང་ཡང་མེད། །སོལ་བུར་ཟོས་པར་གྱུར་ན་ཡང་། །བད་ཀན་དག་ལ་ཅུང་ཞིག་ཕན། །གོང་གི་རོ་དང་མི་ལྡན་ཞིང་། །ས་ཕྱོགས་དྲོ་སར་སྐྱེས་གྱུར་ན། །དེ་ལ་བདུད་རྩི་སྨན་མི་འབྱུང་། །ཐིགས་གཅིག་ས་ལ་ཡར་བ་ལས། །རི་ཀླུང་ཆེན་པོའི་འདབས་སུ་སྐྱེ། །བདུད་རྩི་ཆེན་པོ་ལྡུམ་བུ་སྐྱེས། །དབྱིབས་རྣམས་ཆུ་བ་འདྲ་མོད་ཀྱང་། །རོ་ནི་ཅུང་ཞིག་སྦྲེ་ལ་ཁ། །ཕོ་ལ་དགོས་པ་མ་ཡིན་ཏེ། །མོ་རྣམས་ཀུན་ལ་ནལ་བའི་སྨན། །བདུད་རྩི་རིན་པོ་ཆེ་འཁྲུངས་པའི་རྒྱུད་ལས། རྩ་བཅུད་ཆུ་བའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།བཅོམ་ལྡན་རྡོ་རྗེ་ཁྲོས་པ་ཡིས། །རཱུ་ཏྲ་


DNG020_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་བསྒྲལ་བའི་ཚེ། །དེ་ཡི་གློ་བ་བཤེགས་པ་ལས། །ཐིགས་བརྒྱད་ས་ལ་ཡར་བ་ལས། །ཙནྡན་དཀར་པོའི་བདུད་རྩི་ཡིན། །འཁྲུངས་ནི་ནགས་ཚལ་དབྱིབས་སུ་འཁྲུངས། །རྩ་བ་ཟབ་ཅིང་ངར་བ་བཤན། །འདབ་མ་དག་ཀྱང་སྤྲིན་བཞིན་གྱི། །དཀར་ཞིང་མདོག་སྟེ་ཆུང་ཞིང་སོབ། །དེ་ཡང་རིགས་ནི་གསུམ་དུ་གནས། །གདང་བའི་དྲི་དང་མངར་བའི་དྲི། །ཅུང་ཞིག་ཚ་བའི་དྲི་དང་གསུམ། །གདང་བའི་དྲི་ནི་གཤེར་ལ་འཁྲུངས། །ཚ་བའི་དྲི་ནི་ཤིང་དག་ཟད་པའི་ཟེ་ལ་འཁྲུངས། །རྐྱེན་གྱིས་རལ་དང་ལྕུགས་ཀྱིས་ལྟེབ། །ཅི་རིགས་རིམ་པ་དང་སྦྱར་ནས། །གློ་རྣམས་གསོ་བའི་བདུད་རྩི་ཡིན། །མངར་ལ་གྱུར་པའི་ཙནྡན་ལ། །འདབ་ཆགས་བྱ་ཡི་ཚང་བཅས་ན། །བསིལ་བར་འགྱུར་ཏེ་བྱར་མི་འགྱུར། །གལ་ཏེ་བྱ་ཡིས་མི་འཚལ་ནས། །མཉམ་འདྲ་ཤིང་དང་མཚུངས་པ་ལ། །བསིལ་བའི་ཆུ་ཡིས་བྲན་ནས་ནི། །གཞན་གྱི་ཟིལ་པ་ཞུ་གྱུར་ཀྱང་། །དེ་ཡི་ཟིལ་པ་ཞུ་མི་སྲིད། །གལ་ཏེ་མི་ཡིས་ཚོལ་གྱུར་ན། །མཉམ་འདྲའི་ཤིང་གཉིས་བསྲེག་པ་རབ། །འཚིག་དང་མི་འཚིག་ཤིན་ཏུ་གསལ། །ཐིགས་གཅིག་ས་ལ་ཡར་བ་ལས། །མཚན་པ་གསུམ་དུ་གྱེས་ཏེ་སོང་། །ཤིང་ཆུ་གཏོང་དང་ལྟེངས་ཀའི་མཚམས། །ས་མ་བྲག་གི་གསེབ་ཏུ་ཡར། །ཤིང་གི་ཆུ་ལས་བྱུང་བ་ནི། །ཀ་ར་སྨུག་པོའི་རྒྱུ་རུ་འཁྲུངས། །རླུང་གིས་བཏབ་པའི་གློ་ལ་ཕན། །ལྟེངས་ཀའི་བར་ནས་བྱུང་བ་ནི། །ཀ་ར་དཀར་པོའི་རྒྱུ་རུ་བྱུང་། །དུག་གིས་ཟིན་པ་ལ་སོགས་དང་། །ཚ་བའི་ནད་རྣམས་ཀུན་ལ་བཏང་། །ཚ་བའི་གློ་ལ་རབ་ཏུ་ཕན། །ས་མ་བྲག་ལ་ཡར་བ་ནི། །ཤིན་ཏུ་དཀར་ལ་རྩུབ་པར་འཁྲུངས། །བྱེ་མ་ཀ་ར་ཞེས་སུ་གྲགས། །དེ་ལ་རིགས་ཀྱང་གསུམ་ཡོད་དེ། །བྲག་ཏིང་ས་ཏིང་ཤེལ་ཏིང་གསུམ། །བྲག་ཏིང་ཁ་བ་བཞིན་དུ་སོབ། །ས་ཏིང་མདོག་ཀྱང་ཅུང་ཞིག་སྨུག །ཤེལ་ཏིང་ཟླ་བ་ཉ་བ་བཞིན། །བྲག་ཏིང་རུས་པ་ཚ་ལ་


DNG020_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

གཏང་། །ས་ཏིང་ཤ་རྣམས་ཚ་ལ་གཏང་། །ཤེལ་ཏིང་བྱ་བའི་བསིལ་བ་དེ། །ག་པུར་ལྟ་བུས་ཐོབ་པ་མིན། །སྐྱོབས་ཀྱིས་ཁྲིད་ན་ཚ་མི་ནུས། །སྟོན་ཀའི་ཟླ་བ་ཉ་དང་མཚུངས། །ཤེལ་ཏིང་བཙལ་བའི་ཐབས་བསྟན་པ། །ཆུ་རྣམས་རབ་ཏུ་བསྐོལ་བ་ལ། །ཤེལ་ཏིང་བཏབ་པར་གྱུར་ན་ནི། །ཁོལ་ཤི་ཆུ་གྲང་ཚད་དུ་འགྱུར། །ཆུ་ཡིས་བཙལ་བའི་མན་ངག་ཡིན། །མེ་ཡིས་བལྟ་བར་གྱུར་ན་ནི། །ཇི་ཙམ་བརྔོས་ཀྱང་མདོག་མི་ལྡོག །རླུང་གིས་བལྟ་བར་གྱུར་ན་ནི། །ལྕགས་ཀྱི་རྡོ་དང་བསྲེས་ཏེ་འཕྱར། །སྙིགས་མར་ལས་ན་ཤེལ་ཏིང་ཡིན། །མཉམ་པར་འདུག་ན་བྲག་ཏིང་ཡིན། །སྣ་ལ་ཁྱེར་ན་ས་ཏིང་ཡིན། །ཐིགས་པ་གཅིག་ནི་ཡར་བ་ལས། །གཡའ་དང་གངས་ཀྱི་ལྟོངས་སུ་འཁྲུངས། །གཡའ་ཡི་བདུད་རྩི་ཟླ་བའི་འོད། །སྲོ་ལོ་ཕུང་པོ་བདུན་གྱིས་བསྐོར། །རི་རྣམས་གཞན་ཡང་མཚན་གྱིས་འགེངས། །ལུང་མདོ་སྲུ་བ་ཡི་ས་བཅད། །ལྷ་ཤིང་སུར་བུའི་ཟུར་དུ་སྐྱེས། །སྐད་འདོན་ཆུ་ཡི་རལ་པ་བཞིན། །བརྟག་ལ་ལ་ཆུ་བ་ཡིས་བསྐོར། །བྲག་དང་འཁན་པ་སྔོ་ཡང་འཁྲུངས། །མཐོང་བའི་རི་རྣམས་ཤིན་ཏུ་འཇམ། །རྩ་བ་དག་ཀྱང་བདུན་དུ་གྱེས། །རྩ་བའི་ལྕུགས་པ་ཅུང་ཞིག་དམར། །ལོ་འདབ་སྲོ་ལོ་དཀར་དང་འདྲ། །མེ་ཏོག་ཏི་པས་དཀར་སེར་འབྱུང་། །ཞག་བདུན་བར་ལ་སྐྱེ་མི་འཁྲུངས། །ཚན་དང་སྲོ་ལོ་གཞན་རྣམས་ཀྱིས། །ཁྲུ་གང་བ་ལ་ཉེ་མི་ནུས། །སྟོན་ཟླ་འབྲིང་པོའི་སྨད་ལ་བཙལ། །ཅུང་ཞིག་མེ་ཏོག་མ་རྙེད་ན། །མེ་དང་ཆུ་ཡིས་གོང་བཞིན་བཙལ། །གལ་ཏེ་ཅིས་ཀྱང་མ་རྙེད་ན། །རྐྱང་བུ་ཤ་བའི་གདོས་སུ་གཞུག །གློ་ལ་གྲི་བརྒྱབ་སུ་བར་གཏང་། །སེམས་ཅན་དེ་ཡིས་རྙེད་པར་འགྱུར། །ཡང་ན་འདི་ཡིས་བཙལ་བར་བྱ། །རྒོད་ཀྱི་བྱེ་ཕྲུག་རྙི་ལ་བཟུང་། །གཏོད་དེ་གློ་ལ་ཐུར་མ་བརྡེག །ཕ་དང་མ་ཡིས་བཙལ་བ་བལྟ། །དེ་ཡིས་རྙེད་པར་གྱུར་ནས་ནི། །རྩ་བ་བརྐོ་བ་མ་ཡིན་ཏེ། །ལོ་མ་དག་གིས་ལོ་བརྒྱ་འཚོ། །ཐིགས་གཅིག་


DNG020_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ས་ལ་ཡར་བ་ལས། །སྲིབས་རིའི་ལོགས་དང་བྲག་ལ་འཁྲུངས། །བདུད་རྩི་ཆེན་པོ་བལ་བུ་བྱ། །རྩ་བ་འདྲིལ་ཞིང་ངར་བ་ཤར། །འདབ་མ་ཅུང་ཞིག་གཞུང་བུ་ཅན། །དྲི་ཡང་ཞིམ་ཞིང་རོ་ཡང་སྐྱུར། །འདབ་མ་འདྲིལ་ཞིང་ངར་བ་སྙོམས། །སྡོང་པོ་རབ་ཏུ་བསིལ་བ་དེ། །ཚན་དང་སྦྱར་བ་གློ་ཡི་སྨན། །འདི་ཡང་ཚན་ཞེས་ཡོངས་སུ་གྲགས། །ཐིགས་གཅིག་ས་ལ་ཡར་བ་ལས། །སྤང་ནགས་གཉིས་ཀྱི་བར་དུ་འཁྲུངས། །རྩ་བ་འདྲིལ་ཞིང་འདབ་མ་ལེབ། །བདུད་རྩི་ཆེན་པོ་སི་ལུ་ཁ། །ཁ་མངར་ཟས་དང་སྦྱར་བྱས་ནས། །དེ་ཡང་ཅུང་ཞིག་གློ་ལ་ཕན། །ཐིགས་གཅིག་ས་ལ་ཡར་བ་ལས། །ཀླུང་ཤོད་ཉེ་བའི་ས་རུ་འཁྲུངས། །བདུད་རྩི་ཆེན་པོ་འབྲི་མོག་ཡིན། །རྩ་བ་འདྲིལ་ལ་འདབ་མ་ཁྲད། །དཔྱིད་ཟླ་ཐ་ཆུང་སྨད་ལ་བརྐོ། །མར་དཀར་ཀ་ར་དག་དང་སྦྱར། །དེ་ཡང་གློ་ཡི་སྨན་དུ་བཤད། །ཐིགས་གཅིག་ས་ལ་ཡར་བ་ལས། །འབྲུ་རྣམས་སྐྱེ་བའི་ས་རུ་འཁྲུངས། །བདུད་རྩི་བ་ཐག་ཅེས་ཀྱང་བྱ། །དེ་ཡང་རིགས་གཉིས་དག་ཏུ་འཁྲུངས། །གཤེར་སར་འཁྲུངས་དང་སྐམ་སར་འཁྲུངས། །གཤེར་སར་འཁྲུངས་དག་ལྗིབས་རྗིབ་དག་ཡིན། །སྐམ་སར་འཁྲུངས་དག་སྐྱབས་དག་ཡིན། །བཙོས་ཏེ་རྟག་ཏུ་ཟོས་གྱུར་ན། །གློ་ནད་ཕྱིས་ཀྱང་མི་འབྱུང་ལ། །བད་ཀན་དག་གི་གཉེན་པོ་ཡིན། །གློ་ཡིས་ཨོལ་གོང་ཡར་བ་ལས། །སྲ་བརྟན་བྲག་གི་སྐེད་དག་དང་། །ས་ལ་ཡང་ནི་དེ་བཞིན་འཁྲུངས། །ར་སྒོག་གཡའ་སྒོག་དག་ཏུ་འཁྲུངས། །གཡའ་སྒོག་ཅེས་སུ་བསྟན་པ་ལ། །ཤིན་ཏུ་རིང་ལ་སྣུམ་པ་གཅིག །རོ་ཡང་ཤིན་ཏུ་མངར་ཞིང་ཞིམ། །གློ་ནད་ཚ་གྲང་ཐམས་ཅད་ཀྱི། །སྔོན་དུ་འགྲོ་བའི་སྨན་ཡིན་ཏེ། །སྟོན་ཟླ་ར་བ་འབྲིང་པོ་གཉིས། །རྟག་ཏུ་ལྟོ་རུ་ཟོས་བྱས་ན། །ལོ་བཅུ་ལོན་པ་ཚུན་ཆད་དུ། །གློ་ནད་བྱ་བ་འབྱུང་མི་སྲིད། །བདུད་རྩི་རིན་པོ་ཆེ་འཁྲུངས་པའི་རྒྱུད་ལས།


DNG020_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་གློ་བའི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་ཁྲག་འཐུང་རྒྱལ་པོ་ཡིས། །རཱུ་ཏྲ་ཆེན་པོ་བསྒྲལ་བའི་ཚེ། །སྙིང་ལྤགས་ཤུན་པ་བཤུས་ཡར་བས། །མིང་ནི་པ་ཙི་ཤིང་དུ་བྱུང་། །བྲང་ལྡེབས་འདྲ་བའི་ས་ལ་འཁྲུངས། །རྩ་བ་ཁྲད་ཅིང་སྙིང་པོ་རིང་། །འབྲས་བུ་གོང་མོའི་སྙིང་འདྲ་འཁྲུངས། །རོ་ལྕི་ཅུང་ཞིག་ཡར་བ་ལས། །ཙིཏྟ་ཟླ་ཁྲོམ་ཞེས་སུ་གྲགས། །རྩི་མར་དག་དང་སྦྱར་གྱུར་ན། །སེམས་མི་དགའ་བའི་སྨན་དུ་གསུངས། །རཱུ་ཏྲའི་མཁལ་མ་ཡར་བ་ལས། །རི་མིན་ཐང་མིན་འདེབས་སུ་འཁྲུངས། །འཛིན་མི་ཡི་ནི་ཤིང་དུ་སྐྱེས། །རྩ་བ་བཟང་ལ་ངར་བ་རགས། །ལོ་མ་རྒྱས་ཤིང་མེ་ཏོག་དམར། །སྙིང་པོ་དག་ཀྱང་ཟླུམ་ཞིང་ཆེ། །མ་ཤ་དམིགས་མི་ཞེས་སུ་གྲགས། །ཁོང་གི་ནད་རྣམས་འཁྲུགས་པ་དང་། །མཁལ་མའི་རྩ་རྣམས་ཀུན་ལ་ཕན། །རཱུ་ཏྲའི་ཆུ་ནི་ཡར་བ་ལས། །བྲག་དང་སྤང་གི་བར་དུ་འཁྲུངས། །ཕལ་ཆེར་བྱེ་མའི་གྲོག་ལས་སྐྱེས། །ཤིང་དང་ཁ་རི་དམར་པོ་འཁྲུངས། །འདབ་མ་ཕྲ་ཞིང་ངར་བ་འཁྱོག །ཁ་ནི་ཤོ་ཤ་ཞེས་སུ་གྲགས། །མཆུ་ནད་ཕལ་པ་དཔལ་བོ་ཀུན་ལ་ཕན། །རཱུ་ཏྲའི་རྨེན་བུ་ཡར་བ་ལས། །རི་མིན་ཐང་མིན་རྩུབ་པར་འཁྲུངས། །རྩ་བ་ངར་བ་ཤིན་ཏུ་རྒྱས། །ལོ་མ་ཆུ་ཤིང་མེ་ཏོག་སྨུག །གླ་གོར་ཞོ་ཤ་ཞེས་སུ་གྲགས། །སྣོད་རྣམས་འགྱིང་ཞིང་ན་བའི་སྨན། །རཱུ་ཏྲའི་མཆེར་པ་ཡར་བ་ལས། །ཐིགས་པ་གསུམ་དུ་ཡར་བ་ནི། །རྡོ་ཡི་ཕྱོགས་སུ་འཁྲུངས་པ་ལས། །གཅིག་ནི་ཕ་ལམ་ཆོ་ལོ་རིས། །བགེགས་ཆེན་གཟིར་བའི་སྟོབས་དང་ལྡན། །རྡོ་སྨན་དག་ཏུ་ཅུང་ཞིག་ཁྲོ་འགྲོ་ཡང་། །གཅིག་ནི་ཁབ་ལེན་ལྗང་གུར་འཁྲུངས། །ལྕགས་འདུ་བ་ཡི་སྟོབས་དང་ལྡན། །མཆེར་ཁྲག་འཁྲུགས་པའི་བདུད་རྩི་ཡིན། །གཅིག་ནི་བལ་པོའི་ཡུལ་དུ་འཁྲུངས། །མཉེན་ལ་སྣུམ་པའི་རྡོ་རུ་འཁྲུངས། །རྒྱལ་བ་རྣམས་ཀྱི་སྐུ་ཡི་རྒྱུ། །ཁ་རུ་ཚ་དང་སྦྱར་གྱུར་ན། །སྦོ་བ་དག་ལ་ཅུང་ཞིག་ཕན། །བཏགས་ནས་


DNG020_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

དུག་ཏུ་བྱས་གྱུར་ན། །ཁྲག་རོ་རྙིང་པ་འབྱིན་པར་བྱེད། །གསར་པ་དག་ལ་ཅུང་ཞིག་གནོད། །བསྲེགས་ཏེ་ཤིང་ཀུན་གཏང་གྱུར་ན། །སོ་ཡི་སྲིན་བུ་འདོན་པར་ནུས། །བཏགས་ཏེ་ཕྱེ་མར་བྱས་གྱུར་ན། །མེ་ཚེ་དག་གིས་ཅུང་དབེན་ནས། །བརྔོས་ཏེ་དུགས་སུ་བདུག་གྱུར་ན། །མཁལ་མ་མཁྲེས་པ་གཏན་ནས་འདོན། །བདུད་རྩི་རིན་པོ་ཆེ་འཁྲུངས་པའི་རྒྱུད་ལས། སྣོད་ཕྲ་ལྒང་པའི་ལེའུ་སྟེ་ཉི་ཤུ་པའོ།། །།བཅོམ་ལྡན་རྡོ་རྗེ་གཞོན་ནུ་ཡིས། །རཱུ་ཏྲ་ཆེན་པོ་བསྒྲལ་བའི་ཚེ། །དེ་ཡིས་གསང་མཛོད་ཡར་བ་ལས། །ཐིགས་པ་བཅུ་གཅིག་ས་ལ་ལྷུང་། །ཐིགས་གཅིག་ས་ལ་ཡར་བ་ལས། །བདུད་རྩི་ཀུན་ཏུ་རྒྱུག་ཏུ་གྱུར། །འཇི་ཆུང་གི་ནི་མགུལ་དག་དང་། །མུ་ཟི་ནག་པོ་ཡོད་སར་འཁྲུངས། །ཀུན་རྣམས་འཇུ་བའི་བདུད་རྩི་སྟེ། །ཁྱད་པར་གློ་བའི་ནད་ལ་བསྔགས། །ཐིགས་པ་ས་ལ་ཡར་བ་ལས། །མཚོ་རྗིབ་མ་ཡི་མགུལ་དུ་འཁྲུངས། །བདུད་རྩི་ཆེན་པོ་འབྲི་མི་ཏ། །ནུ་ཞོ་སྐམས་པ་ཀུན་གྱི་སྨན། །ཐིགས་གསུམ་ས་ལ་ཡར་བ་ལས། །ཆུ་འབབ་པ་ཡི་མགུལ་དུ་འཁྲུངས། །ཤིང་ཆུང་ཀི་ན་ཡོད་པ་ཡིས། །བདུད་རྩི་ཆེན་པོ་ཐལ་ཚས་བྱ། །མེས་ཚིག་ཀུན་གྱི་སྨན་དུ་གསུངས། །ཐིགས་བཞི་ས་ལ་ཡར་བ་ལས། །གངས་དང་མཚོ་ཡི་མཚམས་སུ་འཁྲུངས། །བདུད་རྩི་ཆེན་པོ་རྒྱམ་ཚས་བྱ། །ཆུ་ནད་གསོ་བའི་བདུད་རྩི་ཡིན། །ཐིགས་དྲུག་ས་ལ་ཡར་བ་ལས། །རྒྱ་མཚོ་རུས་འགྲམ་དག་ཏུ་འཁྲུངས། །སྡིག་པ་ཀ་ཀ་རི་ཏུ་བྱུང་། །དེ་ཡང་ཆུ་ནད་གསོ་བའི་སྨན། །གཟུགས་ནི་སྡིག་པའི་དབྱིབས་འདྲ་ལ། །ཁ་དོག་དཀར་ཞིང་ཤ་སྲུལ་མེད། །རོ་ནི་སྦྲེ་ཞིང་ཅུང་ཞིག་འདམ། །ཤིན་ཏུ་ལེགས་པར་སྐམས་གྱུར་ན། །ཡན་ལག་ནད་དང་ཆུ་ཡི་སྨན། །ཐིགས་པ་བདུན་པ་ཡར་བ་ལས། །དབྱར་ཆུ་དགུན་སྐམས་ལྟེང་ཀར་འཁྲུངས། །ས་ཕྱོགས་དྲོ་ཞིང་ས་དྲི་ཅན། །དབྱིབས་ནི་ཞིང་མངའ་འདྲ་མོད་ཀྱང་། །ཁ་དོག་གོང་མ་དེ་དང་མཚུངས། །རོ་ནི་ཁ་ལ་རོ་གཞུག་མངར། །


DNG020_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

སྲིང་གིས་སྟོད་པ་འདུག་པ་དང་། །ཆུ་ལ་བྲན་པ་གོང་བཞིན་ནོ། །ཐིགས་བརྒྱད་ས་ལ་ཡར་བ་ལས། །བལ་བུ་ཏ་ལའི་མགུལ་དུ་འཁྲུངས། །མིང་ཡང་མ་གི་ཏ་ཞེས་བྱ། །སྤོས་ཀྱི་གླང་པོ་ཞེས་ཀྱང་བྱ། །ཆེ་ཆུང་ཚད་ནི་ལུག་ཙམ་ལ། །སྐེ་རིང་རྣ་བ་ཤིན་ཏུ་སྲབ། །རྨིག་པ་རྣོ་ཞིང་རྐང་ལག་བཞི། །དུས་གཅིག་མཆོང་ཞིང་འགྲོ་བར་བྱེད། །མོ་ལ་མི་གནས་ཕོ་ལ་འཁྲུངས། །ལྟེ་སྐོར་ཆུ་ཡི་མཚམས་ནས་བྱུང་། །ཕྱི་ནི་འདྲིལ་ཞིང་ནང་ན་སོབ། །ཆེ་ཆུང་སྐྱེས་པ་དར་མའི་ལྕེ། །དྲི་ལེ་འདི་ཞེས་བྱ་བ་ནི། །དཔག་གིས་མི་ལང་ཡོན་ཏན་འབྱུང་། །རོ་གྱང་པ་ཡི་ཐབས་ཀྱང་མེད། །ཤིན་ཏུ་འཁྲིས་ནས་མི་ཞིམ་མོ། །ཕྱི་ཞེས་བྱ་བའི་མིང་ཡང་འདོགས། །རཱུ་ཏྲའི་སྦྲེ་ནི་མཐར་ཐུག་ལས། །བྱང་ཆུབ་སེམས་དཔའི་སྦྲེ་ཡིན་པས། །དྲི་ཡིས་འཕགས་པ་མཆོད་གྱུར་ན། །ཡི་དམ་ལྷ་ཡི་ལུང་སྟོན་འགྱུར། །མན་ངག་ཅན་གྱི་བསྒྲུབ་གྱུར་ན། །ལྷ་མོའི་གཟུགས་ཀྱང་སྟོན་པར་གྱུར། །འཛམ་གླིང་དྲི་ཡིས་འགེངས་པར་ནི། །ཐེ་ཚོམ་རྡུལ་ཙམ་མི་ཟའོ། །རཱུ་ཏྲ་ཆེན་པོའི་སྦྲེ་ཡིན་པས། །དྲི་ཆུ་རྣམས་ཀྱི་མཆོག་ཏུ་གསུངས། །ལུས་ལ་བཅངས་པར་གྱུར་ན་ནི། །རཱུ་ཏྲ་ཆེན་པོའི་དྲི་སྣམས་ནས། །ཀླུ་ཆེན་བརྒྱད་ཀྱི་སྦྱོར་བ་ཡང་། །ཡུད་ཙམ་གཅིག་ཀྱང་རྩོམ་མི་ནུས། །གདུག་པ་ཅན་གྱི་མཐུ་ཡིན་པས། །སྦྲུལ་དང་སྦྲང་བུ་ཏྲེ་མ་དང་། །ཏྲཻ་མ་བུ་ག་ལ་སོགས་ཀྱིས། །མི་རྣམས་ཟ་རུ་འོང་མོད་ཀྱང་། །མནམ་པ་ཙམ་གྱིས་མགོ་འགས་ཤིང་། །ཚོར་བ་ཙམ་གྱིས་ལྡོག་པར་འགྱུར། །གཞན་ཡང་ལུས་ལ་བཅངས་གྱུར་ན། །རཱུ་ཏྲ་ཆེན་པོའི་དྲི་མནམ་ནས། །མ་མོ་མཁའ་འགྲོ་རྣམས་ཀྱང་ནི། །བསྒྲུབ་པ་བཞིན་དུ་དྲི་ལ་འཁོར། །བཞི་བརྒྱ་རྩ་བཞིའི་ནད་ལ་ཡང་། །སྟོབས་ཀྱི་མཐུ་རྣམས་ཡོད་མོད་ཀྱང་། །ལྷག་པར་དྲི་ཆུ་བསྡམས་པ་དང་། །ལྒང་པ་རྡོ་ཡིས་འགགས་པ་རྣམས། །ཆུ་སྨན་བཅུ་ཡིས་སྐྱོབས་བྱས་ན། །སོལ་བའི་སྡོང་པོ་དྲི་བ་ལ། །ལྕགས་ཀྱི་ཐོ་བས་བརྒྱབ་པ་བཞིན། །གཞན་ཡང་ཡོན་


DNG020_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་སྣ་ཚོགས་དང་། །འདི་རུ་བརྗོད་པར་མི་ལང་ཀྱང་། །དྲི་ཆེན་བརྒྱད་པའི་ནང་ནས་བཤད། །ཐིགས་པ་དགུ་པ་ཡར་བ་ལས། །ཙནྡན་ནགས་ཚལ་དབྱིབས་སུ་འཁྲུངས། །ཤིང་ནི་ཕི་ལ་ལ་ཞེས་བྱ། །ཙནྡན་འོད་དང་འཛོམ་པ་བྱུང་། །མིང་ཡང་མ་ཏ་ལ་བྱའོ། །དེ་ཡང་དཀར་ནག་གཉིས་སུ་བྱུང་། །དཀར་པོ་ལ་ཡི་ཐང་ཆུ་འདྲ། །ནག་པོ་རྩ་རྩེའི་འདབ་མ་འདྲ། །མནམ་པའི་དྲི་ཡང་ཞིམ་པ་ལ། །བསྲེག་པའི་དྲི་ཡང་ཤིན་ཏུ་གདང་། །དེ་ཡི་ཡོན་ཏན་བརྒྱ་དང་ལྡན། །ཡེ་ཤེས་ལྷ་ཡི་ཐུགས་དམ་རྒྱུད་བསྐུལ་ཞིང་། །སྲས་མཆོག་ཀཱི་ལ་ཡ་ནི་བརྣག་པའི་ལས་ལ་འཛུད། །དམ་ཅན་མཁའ་འགྲོ་མ་ནི་མངག་པའི་ལས་ལ་འཛུད། །དགྲ་བོ་སྡང་བ་ལྷ་དང་ཉེ་ཐག་བཅད། །བགེགས་ཀྱི་གྲོང་ཁྱེར་ཆོ་ངེས་ཆེན་པོ་འདེབས། །སྤོས་དང་དུ་བ་ཀུན་གྱི་མཆོག་ཆེན་བྱེད། །མ་མོའི་རིམས་ནད་བལ་ཡམས་ཐམས་ཅད་དང་། །བགེགས་ལས་ཕྱུང་བའི་ནད་དང་འབྱུང་པོས་རྐྱེན་པ་ལ། །དུ་བ་གཏང་བ་ཙམ་གྱིས་འཇིལ་བར་བྱེད། །བཞི་བརྒྱ་རྩ་བཞི་རྣམས་ཀྱི་ནད་ལ་རྒྱུག་མོད་ཀྱང་། །ལྷག་པར་ཆུ་སེར་ནག་པོ་གཏན་ནས་འདོན། །ལུམས་སུ་བྱས་ན་སྐྲངས་ཤིང་འབུར་བ་འཇིལ། །ཐིགས་པ་བཅུ་པ་ཡར་བ་ལས། །སྔ་སྔོ་ཀོ་མོའི་ཤིང་དུ་འཁྲུངས། །ཆུ་ཡི་ཕུར་མོ་ལྟ་བུར་གནས། །ཆུ་བུར་ལྟ་བུར་བརྩེགས་པ་སྟེ། །སྟ་ན་གྱི་ཀི་ཞེས་སུ་གྲགས། །ལུམ་པའི་རྩ་དང་སྦྱར་གྱུར་ན། །མིའམ་དུད་འགྲོ་གང་རུང་གི། །ཆད་ནས་ཧས་པའི་བདུད་རྩི་ཡིན། །གལ་ཏེ་མནམ་ནས་ཟ་མ་ནུས། །བུ་རམ་དཀར་པོ་དག་དང་སྦྱར། །འཕོང་ནས་བཅུག་པ་འཚོ་བར་འགྱུར། །ཆུ་ནད་ཅན་གྱིས་རྟག་ཏུ་བཟའ། །ཐིགས་པ་བཅུ་གཅིག་ཡར་བ་ལས། །རྒྱ་མཚོ་ཆབ་ཀྱི་ནང་དུ་འཁྲུངས། །ཆུ་ཡི་ནང་ནས་སྐྱེས་པ་ཡི། །ཅེ་ན་རྩེ་མོ་དག་ཏུ་འཁྲུངས། །རྟག་ཏུ་ཟས་སུ་ཟོས་གྱུར་ན། །ཆུ་རྡོ་བཤིག་པའི་བདུད་རྩི་ཡིན། །གླང་པོའི་རྩ་ལས་གྱུར་པ་ཡིན། །དབྱིབས་ཀྱང་ཕོ་མཚན་ཚུལ་དུ་གནས། །འཇམ་ཞིང་སྙིང་ཡང་མགོ་ལ་ཡོད། །ཉལ་རྡོ་ཆུ་ཡི་ནང་


DNG020_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སྡོད། །དེ་ཟོས་ཆུ་རྡོ་འཇིགས་པར་འགྱུར། །བདུད་རྩིའི་རྒྱལ་པོར་ངས་བཤད་དོ། །བདུད་རྩི་རིན་པོ་ཆེ་འཁྲུངས་པའི་རྒྱུད་ལས། ཆུ་སྣོད་ལྒང་པའི་ལེའུ་སྟེ་ཉེར་གཅིག་པའོ།། །།དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡིས། །རཱུ་ཏྲ་ཆེན་པོ་བསྒྲལ་བའི་ཚེ། །དེ་ཡི་ཕོ་མཚན་ཡར་བ་ལས། །བེ་ཏ་གསང་མཚན་གསང་མཛོད་དེ། །བེ་ཏའི་འབྲས་བུ་བཞི་རུ་ཡར། །གཅིག་ནི་བྱི་ཚེ་ཤིང་གི་མགུལ་དུ་འཁྲུངས། །ལོ་མ་རྩུབ་ཅིང་ངར་བ་མཁྲང་། །ཤ་བའི་རླིག་པ་འདྲ་མོད་ཀྱང་། །སྦུ་ཅན་ཁོང་སྟོང་སྙིང་པོ་མེད། །བདུད་རྩི་ཆེན་པོ་ཨ་འབྲས་ཡིན། །ཆུ་དང་མཁལ་མ་རླིག་པ་སྐྲང་། །རྩ་རྣམས་ཅུང་ཞིག་འཁྲུགས་པ་དང་། །འགགས་པ་གསོ་བའི་བདུད་རྩི་ཡིན། །ཐིགས་པ་གཉིས་པ་ཡར་བ་ལས། །འཇམ་བྱེད་བྱིས་པའི་ཤིང་དུ་འཁྲུངས། །པགས་པ་རློན་ཞིང་འདབ་མ་རློག །སྙིང་པོ་སྦུ་གུ་ཅན་དུ་འཁྲུངས། །འབྲས་བུ་གཡུ་སྒོང་ལྟ་བུ་ལ། །ནུས་པ་གོང་དང་འདྲ་བར་བཤད། །བདུད་རྩི་ཆེན་པོ་འཇམ་འབྲས་ཡིན། །གསུམ་པ་ས་ལ་ཡར་བ་ལས། །ནགས་ཚལ་ཐག་ཆེན་གླིང་དུ་འཁྲུངས། །ཙུ་ཏའི་ཤིང་ལས་སྐྱེས་པས་ན། །བདུད་རྩི་ཆེན་པོ་ས་འབྲས་ཡིན། །གནག་ལ་འདྲིལ་ཞིང་ཟེ་མོ་ཀྱོང་། །ནུས་པ་གོང་དང་དེ་བཞིན་འདྲ། །བཞི་པ་ས་ལ་ཡར་བ་ལས། །བྲག་པར་ས་འཇམ་གླིང་ལ་འཁྲུངས། །རྩ་བ་ལྡེམ་ལ་ངར་བ་ལྡེམ། །སྦུ་བུ་ཅན་ལ་འདབ་མ་སྲབ། །བྱིན་པོ་མཁྲེགས་ལ་ཁ་ཚེ་གསུམ། །བདུད་རྩི་པོ་ནི་སོ་འཆའ་ཡིན། །སྐྱུག་པ་འདྲེན་པ་ཀུན་གྱི་སྨན། །དེ་ཡི་གསང་མཚན་ཡར་བ་ལས། །ཚན་པ་ལྔ་རུ་གྱེས་ཏེ་སོང་། །གཉིས་ནི་སྣང་ལྡན་ཤིང་ལ་བབས། །གཅིག་ནི་དོག་མོའི་ས་ལ་བབས། །སྣང་ལྡན་ཤིང་ལ་བབས་པ་ནི། །མཚན་མའི་པགས་པ་ཡར་བ་ཡིན། །པགས་པའི་ཕྱི་ཤུན་ཡར་བ་ལས། །ལྟེ་བ་རྒྱུན་གཅད་ཅེས་སུ་བྱུང་། །ཚར་ཆུང་ཡོད་པའི་ས་རུ་འཁྲུངས། །ཤིང་ཚད་གཞན་གྱི་ཐོ་ལུས་སུ། །སྔོ་དང་བཅས་ཏེ་སྐྱེ་


DNG020_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

མི་ནུས། །རྩེ་མོ་ཁྲད་ཅིང་རྩ་བ་གྱང་། །འདབ་མ་དག་ཀྱང་ཅུང་ཞིག་སྐྱུར། །སེམས་ཅན་བྱ་མ་བྱི་ཡང་ཟ། །གཅིག་ནི་སྔོ་མེད་གྲམ་པའི་གླིང་། །སྔོ་རྣམས་སྐྱེ་བར་མི་འགྱུར་ཞིང་། །ས་ཕྱོགས་རྩུབ་པའི་གནས་སུ་འཁྲུངས། །དེ་ནི་རབས་ཆད་ནག་པོའི་ཤིང་། །ནག་ལ་ཁྲད་ཅིང་འབྲས་བུ་ནག །ཤིང་ནི་དེ་ལྟར་གཉིས་དང་ནི། །བྱ་མ་བྱི་ཡི་སྤུ་དང་གསུམ། །རིན་ཆེན་གསེར་དང་བཞི་སྦྱར་ན། །སེམས་ཅན་མོས་པ་མི་མཐུན་པས། །སྐྱེ་བ་མངལ་གྱི་སྒོ་འགེགས་ཡིན། །བདུད་རྩི་ཆེན་པོ་ཡིན་པར་བཤད། །ཕོ་མཚན་ཕྱི་ཤུན་ཡར་བའི་རྟགས། །འབྲས་བུ་མེད་པ་དེ་ལྟར་འབྱུང་། །ཕོ་མཚན་ནང་ཤུན་ཡར་བ་ལས། །མཆིལ་པ་ད་བྱིད་དེ་ལ་བབས། །ནམ་མཁའི་བདུད་རྩི་ཟ་བའི་ཕྱིར། །གངས་ཀྱི་ལྟོངས་ན་དེ་བཞིན་གནས། །ནམ་མཁའི་བདུད་རྩི་ཐིགས་གསུམ་བྱུང་། །ད་བྱིད་ཀྱིས་ནི་འཐུངས་པ་ལས། །ཁར་ཚད་འཐུངས་པའི་དེ་རིང་སྦྱར། །བཅུ་དྲུག་ཉིན་མོ་མི་ལ་བསྣུན། །དེ་ནས་རྩི་ཐོག་མ་རྒྱས་པར། །མོ་ཡི་ལུས་ལ་གནས་པར་ངེས། །བདུད་རྩི་ཐིགས་གསུམ་བབས་པ་དེ། །གཞན་གྱིས་ཚོར་བར་མི་འགྱུར་ཏེ། །མཆིལ་པ་དག་དང་དེ་བཞིན་འཐུངས། །ད་བྱིད་མཆིལ་པ་དེ་ཉིད་ཤ །སེམས་ཅན་སྐྱེ་རྒྱུད་འཕེལ་བ་ཡི། །ཕོ་མཚན་ནང་ཤ་ཡིན་པའི་རྟགས། །ཆུ་བ་འགྲེང་དང་འབྲས་བུའི་གསོས། །སེམས་ཅན་འཁོར་བར་ཆགས་པ་ལ། །སྐྱེ་རྒྱུད་འཕེལ་བའི་བདུད་རྩི་ཡིན། །དོག་མོ་ས་ལ་བབས་པ་དེ། །སྙི་ས་ཀླུང་ཤོད་དག་ཏུ་འཁྲུངས། །རྩ་བ་ཕོ་མཚན་ཤི་བའི་ཚུལ། །ལོ་མ་གཅིན་གྱི་རྗེས་འདྲ་སྟེ། །དྲི་ཡང་མཇེའི་སྦྲེ་རུ་མནམ། །རོ་ཡང་མངར་ལ་སྦྲེ་རུ་ཁ། །བདུད་རྩི་ཆེན་པོ་ལྕ་བ་བྱ། །རླུང་དང་ཆུ་སེར་འདུལ་བའི་སྨན། །དེ་ཡི་གསང་མཛོད་ཡར་བ་ལས། །དེ་ཡང་ཐིགས་པ་གསུམ་དུ་ཡར། །ཐིགས་གཅིག་ས་ལ་ཡར་བ་ལས། །བསིལ་ལམ་གླིང་གི་སྟེང་དུ་འཁྲུངས། །མདོག་སྨུག་ཚེར་མ་ཕྲ་བ་ལས། །མེ་ཏོག་དཀར་དང་སེར་པོས་


DNG020_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱན། །ཀླུ་ཡི་བདུད་རྩི་གྲ་མ་བྱ། །ཀླུ་རྣམས་ཀུན་གྱི་སྨན་གྱི་མཆོག །འདྲེ་ནད་ཀུན་གྱི་སྨན་གྱི་མཆོག །དབང་བསྐུར་བྱེད་ན་སོ་ཤིང་བྱ། །སྦྱིན་སྲེག་བྱེད་ན་ཤིང་བུ་བྱ། །ལུམས་སུ་བྱེད་ན་པགས་པ་བཞར། །སྨན་དུ་བྱེད་ན་མེ་ཏོག་ལ། །གསང་མཛོད་རྐུབ་རླིག་བར་གྱི་ཆུ་བ་ཡར། །བསོད་ནམས་ཅན་གྱི་ཁང་རྩར་འཁྲུངས། །རྩ་བ་སྙི་ཞིང་ངར་བ་སྨུག །བཏབ་ན་སྐྱེ་ཤིང་འབྲས་བུ་ངན། །བདུད་རྩི་ཆེན་པོ་གུར་ཤིང་བྱུང་། །དེ་ཡང་ཕོ་མོ་གཉིས་སུ་སྲིད། །ཕོ་སྐྱེས་སེར་ལ་མོ་སྐྱེས་སྨུག །དུས་སུ་བཞུ་བར་གྱུར་ན་ཡང་། །ཕོ་སྐྱེས་སྟེང་ལ་མོ་སྐྱེས་འོག །ཕོ་ནི་ལུ་གུའི་ཚན་བུ་འདྲ། །མོ་ནི་གྲང་ཆང་སྐྱོ་མ་བཞིན། །སྦྱིན་སྲེག་བྱེད་ན་མཆོད་པའི་རྫས། །བཞི་བརྒྱ་རྩ་བཞིའི་ནད་ལ་ཡང་། །ཕོ་སྐྱེས་ཕྱོགས་དག་ཀུན་ཏུ་རྒྱུག །མོ་སྐྱེས་ཅུང་ཞིག་ཚ་བར་གནས། །ནད་རྣམས་ཀུན་ལ་ཅུང་ཞིག་འགྱིངས། །ཕོ་སྐྱེས་འཇུ་བའི་བདུད་རྩི་ཡིན། །གཙོ་བོ་ཡིན་པར་ངས་མ་བཤད། །སྣམ་ལོག་གཡས་གཡོན་ཡར་བ་ལས། །རྒྱལ་པོའི་ཁང་བཟང་ལྟ་བུ་འཁྲུངས། །བདུད་རྩི་ཆེན་པོ་ཤིང་ཀུན་ཡིན། །ཤིང་ཡང་ཚན་ཆེ་ལུ་མ་བཞིར། །ལྟེ་ལྟ་ནུ་ཡི་སྐྱུགས་པ་བཞག །དྲི་ཡང་འཚུབ་ཅིང་དྲི་གཞུག་ཁ། །ཕོ་སྐྱེས་དཀར་ལ་མོ་སྐྱེས་ནག །རི་བོང་གླ་བའི་རིལ་མ་འདྲ། །ཡ་མ་དཀར་ནག་གཉིས་དང་ནི། །ཚ་རླུང་གྲང་རླུང་གཉིས་ཀྱི་བསྐལ་པ་ལས། །ཕོ་མཚན་ཡར་བས་དེ་ལྟར་བྱུང་། །བདུད་རྩི་རིན་པོ་ཆེ་འཁྲུངས་པའི་རྒྱུད་ལས། གསང་མཛོད་ཕོ་མཚན་གྱི་ལེའུ་སྟེ་རྩ་གཉིས་པའོ།། །།བཅོམ་ལྡན་རྡོ་རྗེ་གཞོན་ནུ་ཡིས། །རཱུ་ཏྲ་ཆེན་པོ་བསྒྲལ་བ་ལས། །དེ་ཡི་ལྕེ་ཆུང་ཡར་བ་ལས། །འཛམ་བུ་གླིང་གི་བྱང་དུ་འཁྲུངས། །མུ་ལེ་དྲུང་ཤིང་ཞེས་པ་བྱུང་། །ཡན་ལག་ཉིན་ལག་ཤིན་ཏུ་རྒྱས། །དེ་ལ་འབྲས་བུ་ལྔ་བྱུང་སྟེ། །གཅིག་ནི་མཁའ་ལྡིང་བྱ་རྒོད་ཟ། །གྲང་ནད་འཇུ་བའི་བདུད་རྩི་ཡོད། །གཅིག་ནི་གཤོག་རྒྱས་ནེ་ལེས་ཟ། །སློ་ཡིས་དུག་རྣམས་བྱས་གྱུར་ན། །ཤིང་གིས་


DNG020_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

ཕོག་པའི་རྨ་རྣམས་འཚོ། །ཤིང་གི་ཉེས་པ་འཚོ་བར་འགྱུར། །གཅིག་ནི་མཁའ་ལྡིང་བགེགས་ལ་བབས། །སྤུ་རྣམས་འཇུ་བའི་བདུད་རྩི་ཡོད། །གཅིག་ནི་ཐང་ཆེན་གླག་ལ་བབས། །ཁྲག་སྐྲན་འཇུ་བའི་བདུད་རྩི་ཡོད། །ཀུན་ལ་འཇུ་སྨན་ཡོད་མོད་ཀྱང་། །ཀླད་པ་གྲེ་བ་གློ་བ་དང་། །མཁལ་མ་མཆིན་པ་དག་ལ་བཤད། །ལག་པའི་རྩ་ཆེན་ཡར་བ་ལས། །དེ་ཡང་གཡས་གཡོན་གཉིས་སུ་ཡར། །བདུད་རྩི་ཆེན་པོ་སེང་ལྡེང་ཤིང་། །སྨུག་པོ་རྩ་སྨུག་ཕྱི་ནས་ཡར། །དེ་ཡང་ཕོ་མོ་གཉིས་སུ་གནས། །ཕོ་སྐྱེས་སྲོ་མ་ཀ་རུ་ལ། །སྲོ་མ་ཐུར་ལ་བསྟན་ཏེ་བྱུང་། །མདངས་དང་གཏིང་ནས་དུམ་གཅིག་ནག །མོ་སྐྱེས་སྲོ་མ་སྦུ་གུ་ལ། །ཁ་དོག་མདངས་ཀྱང་ཅུང་ཞིག་སེར། །ཁ་ཡང་གྱེན་ལ་བསྟན་ནས་བྱུང་། །ཕོ་སྐྱེས་སྙིང་ལུང་སྙིང་པོ་ཡིན། །མོ་སྐྱེས་ཆུ་སེར་ཚོས་མཛེའི་སྨན། །བླ་རྩ་གཡས་གཡོན་ཡར་བ་ལས། །སྟག་པ་དཀར་པོའི་སླགས་སུ་འཁྲུངས། །སྟག་པ་ཤུན་ལྤགས་བསིལ་བའི་སྨན། །སླག་ནི་ཁྲག་ཟགས་པ་ལ་གཏང་། །ཀླད་པའི་རྩ་གཉིས་ཡར་བ་ལས། །ཤུག་པ་གླང་མ་ཕོ་མོར་འཁྲུངས། །ཤུག་པ་དག་གི་འདབ་མ་ཡང་། །དུག་དང་བདུད་རྩི་ཀུན་ལ་རྒྱུག །གླང་མ་ལྕང་མ་ངར་བ་ཡང་། །སྐྱོབས་དང་བྱང་བུ་འཇམ་པའི་རྩི། །ཆག་དང་ཚིགས་བྱུང་འཇམ་པའི་རྩི། །བཟོ་དབྱིབས་ལེགས་པར་ཐོན་ན་ནི། །རྐྱེན་གྱིས་ཆགས་པའི་བདུད་རྩི་ཡིན། །མཆན་རྩ་གཡས་གཡོན་ཡར་བ་ལས། །ཕུ་དང་མདའ་ཡི་ཕྱོགས་སུ་འཁྲུངས། །ཕུ་སྐྱེས་ཕོ་ཡི་གྱ་རྟ་བྱ། །མདའ་སྐྱེས་མོ་ཡི་འོམ་བུ་བྱ། །ཡུན་གཅིག་ནུས་གཅིག་རོ་ཡང་གཅིག །དམར་ཤལ་འབྲུམ་པ་ཅན་གྱི་ཤིང་། །རོ་མགོ་ཁ་ལ་རོ་རྩ་མངར། །ཆུ་སེར་བད་ཀན་སྨུག་པོའི་སྨན། །མཁལ་མའི་རྩ་གཉིས་ཡར་བ་ལས། །བྲག་དང་རི་སུལ་ཁྱབ་པར་འཁྲུངས། །བདུད་རྩི་ཆེན་པོ་རྨྱུག་མ་འཁྲུངས། །དེ་ཡང་ཕོ་མོ་གཉིས་བྱུང་སྟེ། །ཕོ་ནི་སྦོམ་ཞིང་ཚིགས་ཐག་རིང་། །མོ་ནི་


DNG020_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲ་འཁྲེག་ཚིགས་ཐག་ཉེ། །འདབ་མ་ཟོ་བའི་ཚུལ་དུ་གནས། །ཕོ་ནི་ཕོ་ཡི་མཁལ་གྱི་སྨན། །མོ་ནི་མོ་ནད་ཀུན་ལ་གཏང་། །ཨོལ་གོང་རྩ་ཆེན་ཡར་བ་ལས། །བྱིན་གྱིས་བརླབས་པའི་ས་རུ་བབས། །རྩ་བ་ཅུང་ཞིག་སྤོག་པ་དང་། །འདབ་མའི་སྤུ་ཡང་ཅུང་ཞིག་སྤུན། །མོ་ཡི་ར་གཉེར་འདྲ་མོད་ཀྱང་། །བུངས་དང་ཆས་ཏེ་སྐྱེ་མོད་ཀྱང་། །ཤ་རྣམས་ལྕི་བར་གྱུར་པ་ལ། །ཡང་བར་འགྱུར་ཏེ་གདོན་མི་ཟ། །སྨན་རྣམས་ནད་ལ་འདྲེད་གྱུར་ཀྱང་། །འདི་ཡིས་ཁྲིད་ན་ཕིགས་པར་འགྱུར། །ཁ་རུ་ཚྭ་དང་སྦྱར་གྱུར་ན། །རླུང་རྣམས་མིང་ཡང་མེད་པར་འགྱུར། །འོ་མ་དག་དང་སྦྱར་གྱུར་ན། །རླུང་གིས་གཏོགས་པའི་ནད་ལ་ཕན། །རོ་ཚ་མུར་ན་གདང་ཞིང་ཚ། །ཞུ་རྗེས་སྐྱོབས་པའི་ཕྱོགས་སུ་འགྲབ། །རཱུ་ཏྲ་ཨོལ་གོང་པ་ཡི་ཤིང་། །རླིག་རྩ་གཡས་གཡོན་ཡར་བ་ལས། །རྩ་གཅིག་ཆུ་ཡི་མགུལ་དུ་འཁྲུངས། །བདུད་རྩི་ཤིང་རྩ་ཕོ་མོར་བྱུང་། །ཆུང་ཞིང་ཁྲད་དེ་སྤུ་མའི་ཚུལ། །ཕོ་སྐྱེས་ས་ཁ་མོ་སྐྱེས་སྨུག །ཀུན་ལ་འཇུག་པའི་བདུད་རྩི་བཤད། །རྣ་རྩ་གཡས་གཡོན་ཡར་བ་ལས། །རྣ་རྩ་ཕོ་མོ་གཉིས་སུ་སྐྱེས། །རྣ་བ་ལྟ་བུའི་རི་ལ་འཁྲུངས། །སྐུ་མ་པོ་ཡི་ཤིང་དུ་འཁྲུངས། །ལོ་མ་ངར་བའི་མཚམས་ན་ནི། །རྙིང་པའི་ལྡུམ་བུ་དམར་རྩ་གཅིག །ཤིན་ཏུ་བསིལ་བར་གྱུར་པ་ཡིན། །སྨིན་མའི་རྩ་གཉིས་ཡར་བ་ལས། །རྩ་མེད་བྲག་མེད་བྱེ་སར་འཁྲུངས། །འདབ་མ་གྲོག་མའི་སྐེད་འདྲ་ལ། །མེ་ཏོག་སེར་པོ་བཀྲག་མེད་འབྱུང་། །སྙིང་པོ་ཨུག་ཆོས་གཡག་གི་ཚུལ། །ལུག་གི་རྭ་བཞིན་སྐྱེས་པ་དེ། །འགྱང་ན་རོ་ནི་ཚ་རུ་བྲོ། །ར་ཚ་ཞེས་སུ་གྲགས་པ་ཡིན། །ཆུ་བ་འཇུ་བའི་བདུད་རྩི་ཡིན། །བདུད་རྩི་རིན་པོ་ཆེ་འཁྲུངས་པའི་རྒྱུད་ལས། རྩ་བ་ཤིང་གི་ལེའུ་སྟེ་ཉི་ཤུ་གསུམ་པའོ།། །།བཅོམ་ལྡན་རྡོ་རྗེ་གཞོན་ནུ་ཡིས། །རཱུ་ཏྲ་ཆེན་པོ་བསྒྲལ་བའི་ཚེ། །རཱུ་ཏྲ་ངུས་པའི་མཆི་མ་དང་། །ཁ་ཆུ་སྣ་ཆུ་ཕོ་མཚན་ཆུ། །བཞི་ཆར་དུས་གཅིག་བྲུབས་པ་ལས། །གཅིག་


DNG020_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ནི་བདུད་རྩི་སྨན་ཆུར་འཁྲུངས། །ས་རྩུབ་བྲག་གི་མགུལ་དུ་འཁྲུངས། །དྲི་ཡང་ཆུང་ཞིང་འདབ་མ་ལས། །མཉམ་གཉིས་གཞན་ལས་ཅུང་ཞིག་ལྕི། །འཐུངས་ན་བད་ཀན་འཇོམས་པའི་སྨན། །ཕོ་མཚན་ཆུ་ཆེན་ཡར་བ་ལས། །གཏིང་འཁྱིལ་མ་དྲོས་མཚོ་རུ་འཁྱིལ། །དེ་ཡི་དཀྱིལ་དུ་འདུག་པའི་རི། །ཕོ་མཚན་ལྟ་བུའི་དབྱིབས་འདྲ་ལ། །ཛམ་བུ་བྲྀཀྵའི་ཤིང་དུ་འཁྲུངས། །རཱུ་ཏྲ་དྲེགས་པས་ངར་ཆུ་ལུག །བར་དུ་བྱ་ཡི་ཆུ་རུ་ལུག །སྒོང་ང་དགུ་ཡི་ཐང་དུ་ལུག །ཀྱི་ནི་ཐང་ཆུང་གསང་བ་དང་། །མོ་ནི་ཐང་ཆུང་རྣོ་བ་ཡིས། །གཏན་ཚིགས་དང་པོ་དེ་ནས་བྱུང་། །རཱ་གཉིས་གྱེན་དུ་བཏེགས་པ་ནི། །ལྷ་ཡི་བདུད་རྩི་ཆེན་པོ་ཡིན། །ས་ལ་འབྱུང་བས་ལུག་རུར་འཁྲུངས། །ལུམས་སུ་བྱས་ན་ལྕི་བའི་ནད། །ཞག་གསུམ་ལོན་ནས་སེལ་བར་བྱེད། །མོ་རུ་བྱས་ན་རྨུག་པ་བབས། །ནད་པ་སྨན་པ་གཞི་བདག་ལ། །ལྷ་ཡིས་འགོ་བ་སྤྱོད་མི་སྤྱོད། །རིག་པ་དེ་རུ་ཤར་དུ་བྱུང་། །རྭ་དེ་ཅུང་ཞིག་བསྲེགས་བྱས་ནས། །ཧ་ཅང་ཚིག་མིན་གྲང་བ་མིན། །ཁ་རུ་ཚ་དང་སྦྱར་གྱུར་ན། །ཕོ་ལོག་ན་བར་གྱུར་ན་ཡང་། །སྐད་ཅིག་མ་ཡིས་འཚོ་བར་འགྱུར། །དེ་ཡི་བལ་དགུན་ཐ་ཆུང་བརྔ། །དེ་ཡང་གསུམ་དུ་གསུངས་པ་ལས། །གཅིག་པ་ཇུ་ཐིག་ཐི་གུའི་མོ། །དགྲ་དང་གྲོགས་དང་གཉེན་སྟོབས་རྣམས། །རིག་པ་དེ་ལས་འབྱུང་ཞིང་བབས། །གཅིག་ནི་གོས་སུ་བྱས་གྱུར་རམ། །སྟན་དུ་བཏིང་ནས་མལ་གཡོགས་ན། །བལ་སྤུས་ཆེན་པོ་ཞེས་བྱ་སྟེ། །གྲང་བའི་ནད་མེད་ཉམས་བདེར་འགྱུར། །ཤིང་བལ་བེའུ་འཕྲུག་དར་ཟབ་རྣམས། །དྲོ་བར་གྱུར་ཡང་ནད་སྐྱེད་དུག །དེ་ཡི་སྐྱོབས་སུ་འགྲོ་བར་ཡང་། །འདབ་ཆགས་སྒྲོ་དང་གཅན་གཟན་སྤུ། །སྟག་སྤུ་དོམ་སྤུ་མ་གཏོགས་པ། །ཐམས་ཅད་དེ་ཡི་སྐྱོབས་སུ་བཤད། །དོམ་སྤུ་མིག་གི་སྨན་ཡིན་ཏེ། །སྟག་སྤུ་དེ་བཞིན་ཆུ་སེར་སྨན། །གྲང་བས་ན་བ་མ་གཏོགས་ནི། །


DNG020_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དག་རྣམས་ལ་བཀག་པ་མེད། །གཅིག་ནི་བར་ཕྱིང་དཀར་པོར་བསླིང་། །དེ་ཡང་གསུམ་དུ་གནས་པ་ལས། །ཞྭ་རུ་བྱས་ཏེ་གྱོན་གྱུར་ན། །ཚ་བ་ཅན་རྣམས་གྲང་བར་ནུས། །གྲང་བ་ཅན་ལ་ཕྱི་དྲོད་བསྐྱེད། །དེ་ཡང་སྙོམས་པའི་བདུད་རྩི་ཡིན། །ཆུ་སེར་ལུག་པའི་རྨ་རྣམས་ལ། །ཆུར་བཅུག་དེ་ཡིས་དཀྲི་བར་བྱ། །ཆུ་སེར་ནག་པོ་འཇིལ་བ་དང་། །དུམ་བུ་བྱེད་དེ་སྣུམ་དུ་བཙོ། །རླུང་ནད་རྣམས་ཀྱི་རྩ་སྒོ་བསྲུང་། །དེས་ན་ལུས་ཀྱི་བདུད་རྩི་ཡིན། །དབྱིབས་ལ་ངེས་པ་མེད་པར་གཏུབ། །སྒོ་ང་བག་ཕྱེ་དག་དང་སྤྲད། །གོང་དུ་སྐྲངས་ལ་བཅིངས་གྱུར་ན། །འབུར་བའི་ནད་རྣམས་འཕགས་མི་ནུས། །དེ་ཡང་བལ་གྱི་བདུད་རྩི་ཡིན། །མགོ་ཡི་ལྕེ་དང་ཀླད་པ་དང་། །འབྲི་མར་དག་དང་སྦྱར་གྱུར་ན། །བརྒྱུངས་པ་དག་ཀྱང་དེ་བཞིན་གཏད། །ཁ་རུ་ཚྭ་ཡིས་ཁ་ཚར་གདབ། །ཀླད་པའི་ལེགས་པར་ཚོས་ནས་ནི། །ཆུ་སྐམས་འོ་མས་བསླད་ཅིང་བཙོ། །སྲོག་པ་རྩ་ལ་ནད་ཞུགས་དང་། །མགོ་འཁོར་ལུས་ཀྱི་ཆ་འཁྱོམ་ན། །ཞག་བདུན་ཟོས་ན་འཚོ་བའི་སྨན། །ཆུ་འཐུང་ར་ཤ་ཟོས་གྱུར་ན། །དེ་ལ་ནུས་པ་མི་འབྱུང་ངོ་། །དེ་ཡི་གློ་དང་རྩ་ཡི་ཁྲག །རྨ་གསར་དག་ལ་གླན་འགྱུར་ཞིང་། །དེ་ཡི་པགས་རློན་དག་གིས་དཀྲིས། །རེག་འཇམ་བདུད་རྩི་ཞེས་ཀྱང་བྱ། །བདུད་རྩི་ལྔ་ཡི་སྐྱོབས་བཏང་ན། །རེག་པ་ཀུན་ཀྱང་འཚོ་བར་འགྱུར། །དེ་ཡི་ཀླད་པ་ཅུང་ཟད་དང་། །རྒྱ་དར་བསྲེགས་པའི་ཐལ་བ་རྣམས། །ཁྲག་མེད་ཁྲག་ཏུ་འགུགས་པ་ཡིན། །དེ་ཡི་སོགས་པ་གཡས་གཡོན་ནི། །རཱུ་ཏྲའི་འཁོར་གྱིས་བྱིན་གྱིས་བརླབས། །ནད་པའི་ཁང་ས་དུར་ས་དང་། །འཚོ་དང་མི་འཚོའི་མངོན་ཤེས་འབྱུང་། །དུང་སྐྱོང་མ་ཡི་བྱིན་རླབས་ཀྱིས། །མེ་སྨན་སྤྲ་བས་བསྲེགས་གྱུར་ན། །ནད་པ་བགེགས་ཀྱིས་བསྐྱོད་མ་བསྐྱོད། །ཉི་མའི་འོད་བས་གསལ་བར་འགྱུར། །སོག་པ་ལྟས་ཀྱི་ཤ་ཡིན་པས། །སྨན་པ་བཟང་བར་བཤད་པ་ལས། །དེ་ཡི་ལག་འོག་རྩིབ་མ་ཡང་། །ནད་པས་ཟོས་ན་ནད་རྣམས་ཀྱང་། །གཅན་གཟན་ཟོས་པའི་ཤ་བྱུང་ན། །རྩིབ་མ་བདུད་ཀྱི་ཐག་པ་ཡིན། །གཅིག་ཀྱང་ཟ་བར་མི་


DNG020_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །མཆིན་སོག་ལྷ་ཡི་མཆིན་པ་ཡིན། །བཟང་ངན་ལྟས་ཀུན་དེ་ལ་བལྟ། །ཤ་བཅུད་སྙིང་དང་རུས་བཅུད་རྐང་། །ཁྲག་བཅུད་མཆིན་དང་རྒྱུ་བཅུད་ཞག །ལྷ་མིའི་འཕྲིན་བྱེད་བང་ཐུན་བསྐྱེལ། །རིག་པའི་ལྷས་ཀུན་བབས་པ་ལས། །བདུད་རྩི་གཅིག་ཀྱང་མ་བབས་སོ། །ནད་པ་འཚོ་དང་སྔ་ཕྱི་རྣམས། །རིག་པ་སྣོད་ཅན་དེ་ལ་དྲི། །མཁས་ཏེ་ཤེས་པར་གྱུར་ན་ནི། །རྩ་ཆུ་གཉིས་ཀྱི་དོ་ཡང་མིན། །ནད་པ་ཀླད་པ་ཆག་གྱུར་ན། །དེ་བཞིན་ལུག་གི་མགོ་ལ་ཡང་། །རུས་པ་སྟེང་འོག་དེ་ལ་བརྟག །དེ་བཞིན་སྣོད་ལ་ཉེན་ལངས་ན། །སྣོད་ཀྱི་མཚན་ཉིད་ཕྱེས་ཏེ་བརྟགས། །རིག་པའི་གནས་གཞི་བརྟག་གྱུར་ན། །ལ་ཕྱི་བཟང་ངན་ཀུན་ཀྱང་མཐོང་། །ཕྱི་མ་ཤ་རྣམས་ཀུན་ཀྱང་རྒྱུ། །གློ་ལོང་བདུད་རྩི་ཡིན་མོད་ཀྱི། །རིལ་མ་ཕན་ཆད་སྨན་ཡིན་ནོ། །ཤ་ཡི་སྦྱོར་བ་གོང་དང་མཚུངས། །གལ་ཏེ་རླུང་ནད་ཆེ་བ་ལ། །གསར་དུ་གཏང་དང་རྙིང་དུ་གཏང་། །སྦྱར་ལ་གཏང་དང་གསུམ་དུ་འདུས། །གསར་དུ་གཏོང་བར་གྱུར་ན་ཡང་། །ཤ་དང་རུས་པ་ཁྲག་དང་གསུམ། །ཚིལ་དང་མར་རྙིང་དག་གིས་བསྲེས། །མི་ཚ་དྲོད་ཀྱིས་དེ་བཞིན་བརྒྱན། །ནས་རྗེན་ཕྱེ་ཡིས་ཁ་བླངས་ནས། །གྲོད་པ་དག་ཏུ་བླུགས་གྱུར་ནས། །གཡམ་སྔོན་པ་ཡི་སྟེང་དུ་གཞག །རྫ་མ་དུ་བ་མེད་པའི་ངར། །འོད་ཀྱི་ཁ་རིང་ཚོས་པར་བཙོ། །ནར་ཕྱིན་ཆར་ཡང་གཏང་གིན་བཟང་། །ཤེས་པ་རྒྱལ་པོའི་ཐུགས་ཀ་ནས། །ཚངས་པ་ལྷ་བྱ་དཀར་པོ་བྱུང་། །གཤིན་རྗེ་ནག་པོའི་ཐུགས་ཀ་ནས། །ཤ་ཟན་མཆུ་དམར་ནག་པོའི་བྱ། །ཁྲོས་ནས་སྒོ་ང་དགུ་རུ་བྱུང་། །སྒོང་གསུམ་གནམ་ལ་འདྲིལ་ཏེ་སོང་། །གནམ་ལ་བདུད་རྩི་ཐིགས་གསུམ་ནི། །ཕོ་རོག་བྱ་རོག་ཁྭ་དང་གསུམ། །སྙིང་རྗེ་ལྡན་པའི་རྟགས་ཡིན་ཏེ། །བསད་པའི་ཤ་རྣམས་མི་ཟ་བར། །སེར་བུ་ཤིན་ཏུ་རྫུད་པར་ཡོད། །དེ་ཡི་སྙིང་དང་མཛའ་བའི་སྨན། །བསིལ་བའི་སྐྱོབས་ནི་བདུན་ཡོད་ན། །ཤིན་ཏུ་བརྗོད་པ་མི་ཡོང་ཞིང་། །སྙིང་རླུང་དག་གི་གཉེན་པོ་ཡིན། །ཚེ་གསུམ་དྲན་བྱེད་ཐེ་ཚོམ་མེད། །ཕོ་རོག་སྲོག་གཅོད་ཤིན་ཏུ་ཚོ། །སྲོག་པ་རྩ་ཡི་ཁྲག་དང་ནི། །འབྲུ་གསུམ་ཨ་རུ་ར་དང་སྦྱར། །རྩི་མར་དག་གིས་སྣ་ཁྲིད་ན། །བར་གཅོད་ཅིས་ཀྱང་མི་ཚུགས་སོ། །


DNG020_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་སྟོང་ཐུབ་ལ་ཐེ་ཚོམ་མེད། །ཁྭ་ཏ་ནག་རང་སྐད་ཀྱང་ཆེ། །ཤ་དང་རུས་པ་ཨ་བར་སྦྱར། །མིག་འབྲས་ཀླད་པས་ཚོ་བྱས་ཏེ། །མར་དཀར་དག་གིས་སྣ་ཁྲིད་ན། །མིག་སྨན་ཀུན་གྱི་གཙོ་བོ་ཡིན། །ས་ཡི་འོག་ཏུ་སྦས་པ་ཡི། །གཏེར་མཐོང་བ་ལ་ཐེ་ཚོམ་མེད། །སྒོང་གསུམ་བར་དུ་ཡར་བ་ལས། །ཁྲ་དང་འུག་པ་ཧོར་པ་གསུམ། །འུག་པའི་ཤ་ཡིས་ཀུན་ཀྱང་འཇིགས། །ཧོར་པའི་ཤ་ཡིས་ཀུན་ཀྱང་འཇུ། །ཁྲ་ཡིས་དྲོད་རྣམས་ཀུན་ཀྱང་སྙོམས། །འུག་པའི་ཀླད་པ་ཧོར་པའི་བྲང་། །ཁྲ་ཡི་བཤུལ་ཤ་དག་ལ་ཡོད། །སྒོང་གསུམ་ས་ལ་ཡར་བ་ལས། །གཅིག་ནི་ཁ་རུ་མ་རྡོལ་ཞབས་སུ་ལུག །ལུག་པས་ཤིན་ཏུ་སླེབ་པར་ལུག །ལུག་ཅེས་བྱ་བའི་སེམས་ཅན་འབྱུང་། །སྒོ་ང་དྲོད་ནི་མ་ཡལ་བར། །དྲོ་ལ་ལུག་པས་དྲོད་ཀྱི་སྨན། །དེ་ཡང་ཕྱི་ཡི་མངོན་པ་དྲུག །ཤ་ཡི་གདེང་ཡིབ་ཤིན་ཏུ་དྲོ། །ཐོང་ཚེར་གྲང་བའི་སྒོ་རྣམས་སེལ། །ཚེ་སུག་ཀུན་ཀྱང་དེ་དང་མཚུངས། །ཁྲག་དང་ནང་ཁྲོལ་དག་ལ་ཡང་། །འཚོ་བར་བྱེད་པའི་སྨན་མེད་དོ། །ཅུང་ཞིག་འབྲས་ཀྱི་ཕུབ་མ་རུ། །ཟླ་བ་གཉིས་སུ་བཅུད་བླངས་ན། །ཁ་གཏིང་མེད་པར་དྲོད་དུ་འགྱུར། །རླུང་ནད་ཅན་གྱི་གཉེན་པོ་སྟེ། །རྨ་ཅན་དག་གིས་ཅུང་མི་ཐུབ། །ཤིང་གི་སྒྲོམ་བུར་བཞག་གྱུར་ན། །དུག་རོ་ཅན་གྱི་དེ་མེད་པ། །རྨ་ཅན་རྣམས་ལ་སོལ་བུ་བརྫངས། །དེ་ཡང་གང་ཞིག་རློན་གྱུར་ན། །ཆུ་སེར་སྐྱེ་བའི་རྒྱུ་ཡིན་ནོ། །ཧ་ཅང་ཚོས་པར་མི་བྱ་ཞིང་། །ཞག་པོ་བགྲངས་ཏེ་བཏང་བར་འབྱུང་། །ཕྱི་སྐམས་ནང་མ་གཡོས་ལ་གཏང་། །བཙོས་བསྒྲལ་གཉིས་པོ་དེ་བཞིན་ནོ། །བསྒྲལ་བའི་དུས་དང་དགུན་ཟླ་གསུམ། །སྟོན་ཟླ་བསྒྲལ་ན་ཁྲག་ནད་སྐྱེད། །དཔྱིད་ཟླ་གསུམ་ལ་བད་ཀན་སློང་། །དབྱར་ཟླ་མཁྲིས་པ་དེ་བཞིན་ཏེ། །ཚིལ་བུ་རྒྱས་པའི་དུས་སུ་ནི། །ནད་རྣམས་གཞན་གྱི་རོ་མི་ལྡང་། །དེ་ཕྱིན་ཚོ་ན་ནམ་ཡང་བཟང་། །སྒོ་ང་གཅིག་ནི་ཟུར་ལ་ཡར། །ར་ཞེས་བྱ་བའི་སེམས་ཅན་བྱུང་། །ངད་པས་སྤུ་ཡང་ཅུང་ཞིག་རྩུབ། །ཁེངས་པས་རྭ་ཡི་གཉེར་མ་མང་། །ཟུར་དང་བྲག་ལ་འཛེགས་པ་དགའ། །རྩ་རྩེ་འཐོག་ཅིང་རྩེ་ཡང་གཡབ། །ཤིན་ཏུ་བསིལ་བའི་བདུད་རྩི་ཡང་། །གློ་བ་ཀླད་པ་མཆིན་པར་ཡོད། །འོ་མ་ཀ་རས་མཆིན་བརྒྱངས་ན། །མེ་ཡི་རྩེ་ཡང་འཆི་བར་བཤད། །ཆུ་གྲང་དག་


DNG020_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མཆིན་བགྲང་ན། །མི་ཚངས་མངལ་བ་བཀུབ་ནས་ནི། །གབ་པ་ལ་སོགས་ཚ་བའི་ནད། །དུས་དེར་མོད་ལ་འཇིལ་བར་ནུས། །ཀླད་པ་དག་ནི་བཙོས་གྱུར་ནས། །མར་དཀར་དག་དང་སྦྱར་གྱུར་ན། །ཚ་བའི་རླུང་རྣམས་རབ་ཏུ་འཇིལ། །མར་རྙིང་དག་ལ་རླུང་ལྡང་ན། །དུས་དེར་མིག་རྩ་འདེབས་པར་བྱེད། །སྒོང་གཅིག་ས་ཡི་ཕག་ཏུ་ཡིབ། །ཞག་གཅིག་ལོན་ནས་གཟོད་གཅིག་རྙེད། །མིང་ཡང་ཕག་པ་ཞེས་སུ་བཏགས། །ས་དང་འདྲེས་པའི་མཚན་ཉིད་ཀྱིས། །ཞེ་ཁ་གཙང་སྨེ་རབ་ཏུ་ཆུང་། །ཕག་ན་འདུག་པའི་གཏན་ཚིགས་ཀྱིས། །ས་ཡི་ཁྲོན་དག་སྣ་ཡི་འདོག །ཤིན་ཏུ་གྲང་བས་སྤུ་ཡང་རྩུབ། །མཆེ་བ་ཅན་ཏེ་རྨ་ཡང་འཇིག །ཤ་རྣམས་གཞུན་ཏེ་རླུང་མི་ཐུབ། །མགོ་དང་སྣ་ཡང་ལྷོག་པའི་སྨན། །ཀླད་པ་སྐྲངས་ནད་ཀུན་གྱི་ལུམས། །སྤུ་ཡི་གཞོབ་དང་སློ་ཡི་ལུམས། །ཉ་དང་སྦྲུལ་དང་སྦལ་པ་དང་། །ས་བདག་གཟུགས་སུ་སྟོན་པ་ཡང་། །ཁོ་ཡི་ཟས་སུ་བྱེད་པའི་ཕྱིར། །སྣ་ཡིས་སྐྲངས་ནད་ཀུན་ཀྱང་ཐུབ། །མཆེ་བས་ལྷོག་པའི་གཉེན་པོ་འོང་། །འབུ་དང་གྲོག་མ་སྦུར་བ་ཟ། །ལྷོག་པ་དེ་འདྲ་བརྫུས་ཏེ་འབྱུང་། །དེ་ཕྱིར་མགོ་བཅུད་ཀླད་པ་ཡང་། །ཤ་རུས་ཚིལ་དང་བཅས་ཏེ་གཏང་། །རུ་ལུ་ཟ་ཟའི་སྐད་འདོན་ནས། །མ་མོ་གཉེན་གྱི་ལྷོག་པ་ཐུབ། །ཁོ་རང་སྔགས་པ་ཡིན་པའི་ཕྱིར། །སྤུ་ཡི་ལྕགས་ཀྱི་ཐུར་མ་ཡིས། །བདུད་དང་གཤིན་རྗེའི་ལྷོག་པ་ཐུབ། །མིག་ནི་དཔྲལ་བའི་འཛི་ནས་ལྟ། །འབྱུང་པོ་བགེགས་ཀྱི་ལྷོག་པ་ཐུབ། །དེ་ཕྱིར་ཤ་རྒོད་སྨན་གྱི་མཆོག །ཤིན་ཏུ་སྐྲངས་ནས་བྱུང་བའི་འཇིབས། །ཕྱི་ཤ་བད་ཀན་གཏན་ནས་འདོན། །ནང་ཁྲོལ་ཀུན་དང་ཁྲག་ཚིལ་གྱིས། །མཁྲིས་པ་ཁྲག་གི་མིང་ཡང་མེད། །རྣམ་རྟོག་འཇོམས་པའི་བདུད་རྩི་པ། །གང་གིས་སྐྱོབས་པ་མ་ཡིན་ཏེ། །གཅིག་པུས་ཐུབ་པའི་སྨན་ཡིན་ནོ། །ཁྲག་ཟགས་པ་དང་རྒས་པ་དང་། །རིམས་ནད་དྲག་ལ་གཏང་མི་བྱ། །དར་ལ་བབས་པའི་མི་རྣམས་ལ། །གང་ལ་གཏང་ཡང་ཉེས་པ་མེད། །ལུས་ཞེས་བྱ་བའི་མིང་ཡང་བཏགས། །དེ་ཡང་རྣམ་པ་གསུམ་ཡིན་ཏེ། །རླུང་ནད་ཀུན་ལ་མཆོག་ཏུ་བསྔགས། །རྙིང་པར་གཏང་བའི་མཚན་ཉིད་ནི། །ཤ་དང་རུས་པ་མགོ་བོ་རྣམས། །བཅུད་བླངས་ཤིང་གི་སྒྲོམ་དུ་གཞུག །ལོ་གཅིག་ལོན་ནས་ཤ་གཏང་ན། །ཤ་རླུག་རློག་པའི་རླུང་ལ་ཕན། །ལོ་གཉིས་ལོན་ནས་རུས་པ་གཏང་། །ལྟག་མིག་ལྷོག་


DNG020_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རླུང་ལ་གཏང་། །རླུང་དང་སྲིན་བུ་བསྡོངས་ལ་ཕན། །ལོ་བཞི་ལོན་ནས་མགོ་གཏང་ན། །ཡ་མ་དཀར་ནག་འཇོམས་པར་ནུས། །ལོ་ལྔ་ལོན་པར་གྱུར་ནས་ནི། །སྨྱོ་བའི་རླུང་ནད་ཀུན་ལ་ཕན། །ལོ་དྲུག་ལོན་ནས་འཐིབས་པ་སེལ། །ལོ་བདུན་ལོན་ནས་ཤེད་ཆུང་བ། །ཆེ་བར་འགྱུར་ཏེ་ཐེ་ཚོམ་མེད། །བརྒྱད་ནས་ནུས་པ་ཟད་ཅེས་བྱ། །ཤ་ཡི་སྦྱོར་བར་གྱུར་ན་ནི། །བུད་མེད་ཤ་དང་བསྲེས་ཏེ་བཙོ། །མཛེ་ནད་དག་ལ་རབ་ཏུ་བསྔགས། །ལོ་བརྒྱད་འདས་ཀྱི་མར་ནི་རྙིང་པ་དང་། །མ་ཕྲད་གཞོན་གྱི་ཤ་དང་རུས་པར་བཅས། །ལུག་གི་མཇུག་རུས་མེད་པ་དེ་བཞིན་བརྡུང་། །ལུག་གི་པགས་པས་གྲལ་ཏེ་ཟླ་གཅིག་བསྙལ་དུ་བཞུག །ཤིན་ཏུ་ཚོས་པར་བྱས་ཏེ་ཁུ་བ་དེ་ལ་བསྡིམ། །ཆང་གསར་ཐིགས་གཅིག་བླུགས་ཏེ་བཙོས་གྱུར་ན། །སྤོད་དེ་བ་རུ་ཚྭ་ཡིས་རབ་བརྒྱན་ན། །སྙིང་རླུང་བརྗེད་བྱེད་སྨྱོ་བྱེད་རྩ་བ་གཏིང་ནས་འདོན། །ཕག་པའི་ཤ་ཚིལ་དག་དང་སྦྱར་གྱུར་ཞིང་། །དོང་གྲ་དག་གི་སྤོད་བྱས་གསར་པར་གྱུར་ན་བད་ཀན་སྨན། །རྔ་བྲན་ཤ་དང་གཉིས་སུ་མེད་པར་བརྡུང་། །ཀ་ར་དཀར་པོའི་སྤོད་ཀྱིས་བརྒྱན་པར་གྱུར། །ཤིན་ཏུ་བཙོས་དང་མཛོ་ཞོ་མངལ་དང་སྤྲད། །རྨ་རྣམས་ཚད་སྐྱེས་རྣག་རྣམས་གཅོད་པའི་སྨན། །ལོ་གསུམ་ལོན་པའི་ལུག་རུ་དང་། །རྒོད་གཡག་སར་གྱི་ཤ་ཚིལ་ཤིན་ཏུ་ཚོ། །ལུག་གི་ཁོག་པར་བླུགས་ཏེ་བཀབ་བྱས་ཏེ། །ཚ་བ་གསུམ་གྱི་སྤོད་དང་ཁ་རུ་ཚྭ། །འབྲི་མར་ཅུང་ཞིག་དག་དང་སྦྱར། །ཁ་ཆེས་ལུམས་སུ་བྱས་ཏེ་ཆང་གིས་བཙོ། །ནར་ཕྱིན་ཆང་གིས་བཏུང་ཆུ་བྱས་གྱུར་ན། །ལྕགས་ཀྱི་རྔོ་རྣམས་ཁོང་ན་ཡོད་ཀྱང་འཇུ། །གལ་ཏེ་སྨན་མར་དག་གི་གསོས་བྱེད་ན། །གྲང་བ་དག་ལ་སྦྱར་ན་ཤ་རྙིང་གཏང་། །དཔྱིད་དང་དབྱར་སྟོན་ཤ་དེ་གཏང་བ་མིན། །སྙོམས་པར་འདོད་ན་འཕྲལ་ཤ་གཏང་། །དཔྱིད་དང་དབྱར་གྱི་ཤ་ཡང་གསར་མི་གཏང་། །དཔྱིད་དང་དབྱར་ནི་རྔ་བྲན་ཤ་ཡིས་གསོ། །ལུག་གི་ཤ་ནི་ཟླ་དྲུག་ཡིན་ཏེ་ཟླ་དྲུག་བཟང་པོ་མིན། །མིག་ཆུ་སྣ་ཆུ་གཉིས་པོ་ཡང་། །གོང་དུ་འཁྲུངས་པ་དེ་དང་མཚུངས། །བདུད་རྩི་རིན་པོ་ཆེ་འཁྲུངས་པའི་རྒྱུད་ལས། རཱུ་ཏྲ་ཆེན་པོ་བསྒྲལ་བའི་ཆུ་བཞི་འདྲུབ་པ་ལས། ཕོ་མཚན་དྲི་ཆུའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པའོ།། །།བཅོམ་ལྡན་རྡོ་རྗེ་གཞོན་ནུ་ཡིས། །རཱུ་ཏྲ་ཆེན་པོ་བསྒྲལ་བའི་ཚེ། །དེ་ཡིས་དྲེག་པ་ཡར་བ་ལས། །བྱང་གི་རྩ་རྩ་མར་འཁྲུངས་སོ། །རྭ་ལ་གཞུ་བྱུང་དྲང་སྲོང་ཐོགས། །མི་རྣམས་འཇིག་རྟེན་མདའ་ཡིས་སུ། །ཤ་ལས་དྲོད་


DNG020_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་གྲང་བ་འཇོམས། །སྟོན་ཟླ་ཐ་ཆུང་དཔྱིད་ཟླ་ཆུང་། །དུས་ནི་ཕོ་ལ་ཡོད་མོད་ཀྱང་། །བརྒལ་ནས་མོ་ལ་བདུད་རྩི་འབྱུང་། །ཕོ་མོ་འཁོར་བར་གནས་མོད་ཀྱང་། །དེད་ཤ་དག་ལ་སྨན་མི་འབྱུང་། །འདྲིལ་ན་ནམས་ཀྱང་ལེགས་པར་བཤད། །རཱུ་ཏྲ་ཆེན་པོའི་དྲེགས་ཡིན་པས། །དེ་ནས་རྡུལ་གྱིས་ཕྱིས་གྱུར་ན། །དྲེག་པ་ཞུ་བཞིན་རྡུལ་བས་ཡལ། །འདྲིལ་བས་དྲེག་པ་ཞུ་འགྱུར་ཏེ། །རྐང་དཔྱི་གཉིས་ཀྱི་བར་ནས་ནི། །གྲང་བ་འཇོམས་པའི་སྨན་ཡོད་དེ། །དཔྲལ་བའི་ཀ་བ་དག་ལ་ཡང་། །མེ་རོ་རྙིང་དང་འཇའ་སྨན་དང་། །ཚིག་པ་བྱེད་པའི་སྨན་ཡོད་དོ། །རཱུ་ཏྲའི་བ་སྤུ་ཡར་བ་ལས། །རྐྱང་དང་རྔས་དང་གཙོས་སུ་འཁྲུངས། །རྐྱང་ཞེས་བྱ་བའི་སྨན་རྣམས་ནི། །ཞོ་ལ་རྩལ་རྫོགས་ས་ལ་བྲོ། །བྱ་ཡིས་ཟོས་པས་དུས་ཚོད་མཁས། །གཙོས་ཞེས་བྱ་བའི་སྙིང་ཁྲག་ལ། །སྲིད་ཚོལ་བ་ཡི་བདུད་རྩི་བབས། །བུ་མོར་སྐྱེ་བའི་བུད་མེད་དང་། །ཤ་མ་མ་ཕྱིན་པ་ལ་གཏང་། །རྔས་ཞེས་བྱ་བའི་སྤུན་མོ་དེ། །ཀླད་པ་འགྱུར་བའི་ཚིལ་བུ་ལ། །མགོ་སྲིན་སེལ་བའི་སྨན་ཡོད་དོ། །རཱུ་ཏྲའི་རྐང་སོར་ཡར་བ་ལས། །རྟ་རྐྱང་རྔ་མོ་བ་མེན་ཤ །མཛོ་དང་བོང་བུ་གཉན་དང་ནི། །གནའ་དགོ་གཉིས་ཏེ་བཅུ་བྱུང་ངོ་། །རྟ་ནི་ཆུ་སེར་ཚབས་རོའི་སྨན། །མཆིན་པ་དག་ལ་ཡོད་པ་ཡིན། །ཚོན་བྲང་གི་ལྡེབས་ལ་གནས། །རྐྱང་ནི་ཆུ་སེར་སྐྲངས་པའི་སྨན། །རྔ་མོ་དྲེག་ལ་སྨན་པའི་ཤ །བ་མེན་ཤ་འུ་གསོ་བའི་སྨན། །རྨེ་ཤ་ལ་དུག་གསོ་བའི་སྨན། །མཛོ་ནི་ཤིན་ཏུ་སྙོམས་པ་སྟེ། །བོང་བུ་ཚབས་རོ་དག་ལ་ཕན། །རྔ་མོ་ཀུན་ལ་སྙོམས་པའི་སྨན། །གཉན་ཤ་གནའ་དགོ་སྙོམས་པར་གསུངས། །རཱུ་ཏྲའི་རྐང་སོར་ཡིན་པའི་ཕྱིར། །རྟ་མགྱོགས་རྐྱང་གྲིམས་རྔ་མོ་སྐེ། །བ་མེན་རྭ་དང་རྨེ་ཤའི་གཟུགས། །མཛོ་ཡི་རྩལ་དང་བོང་བུའི་སྐད། །གཉན་གྱི་བང་དང་གནའ་བའི་འཛེགས། །ཁྱད་པར་སྤྱོད་པའི་ཡོན་ཏན་རེ། །རཱུ་ཏྲའི་རྐང་པ་ཡིན་པས་བྱུང་། །རཱུ་ཏྲའི་ལྕེ་ལས་གྱེས་པ་ནི། །ཀོམ་པའི་ཀོ་བ་རྒྱ་ཡི་ཤ །ཤིན་ཏུ་འཇམ་ཞིང་སྙོམས་པའི་སྨན། །རཱུ་ཏྲ་དེ་ཡི་མཐུ་ལས་ནི། །ལྷག་པའི་ཡོན་ཏན་རེ་རེ་ཡོད། །རྒྱ་ཡི་དར་ནི་རིན་པོ་ཆེ། །དགོ་བའི་ཐུལ་པ་ཆུ་བས་མཉེན། །ཀོམ་པའི་གཉའ་བས་ས་གཞི་རློག །དེ་ལྟར་མི་རྣམས་དོན་དུ་བྱུང་། །རཱུ་ཏྲའི་མཆེ་བ་བཅུ་བཞི་ལ། །མཆེ་བ་རེ་རེ་བཏོན་པ་ལས། །སྨན་དང་ངན་སྐྱུགས་བཅས་ནས་བྱུང་། །འོ་མ་བསིལ་ལ་ཚིལ་བུ་དྲོད། །ཤ་རུས་སྲིས་རྣམས་ཆ་སྙོམས་ཕན། །དེ་ཡི་ངན་སྐྱུག་ཆུ་སྲིན་


DNG020_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །མི་དྲེག་ཕྱུགས་དྲེག་དོམ་དང་གསུམ། །ཤ་ཚིལ་གྲང་བའི་གཉེན་པོ་ལ། །སྐྲངས་དང་རེངས་པ་ཐམས་ཅད་འཇུ། །མཁྲིས་པ་དེ་བཞིན་རྨ་ཡི་སྨན། །དོམ་གྱི་བྲང་ཟེ་སྙིང་ལ་ཡོད། །དེ་རྟགས་སྤུ་ནི་ཀ་རུར་འབྱུང་། །མི་དྲེག་ནུ་མའི་དཀྱིལ་ན་ཡོད། །དེ་རྟགས་ནུ་མ་སྤུས་མི་འགེགས། །ཕྱུགས་དྲེག་བརླ་ཡི་སུལ་ན་ཡོད། །དེ་ཕྱིར་བརླ་ལ་སྲོ་མི་ཆགས། །སྤྲ་དང་སྤྲེ་དང་བྱི་ལ་གསུམ། །དེ་ལྟར་གསུམ་ནི་ངན་སྐྱུགས་ཡིན། །སྟག་དང་གཟིག་དང་གུང་དང་གསུམ། །བད་ཀན་འཇོམས་པའི་སྨན་ཡིན་ནོ། །ལྷོག་རྒལ་སྐྲན་དང་མེས་ཚིག་དང་། །གཞན་མ་ཅིས་ཀྱང་མི་འཚོ་བའི། །རྨ་རྙིང་དག་ལ་མཁྲིས་པས་ཕན། །སྲམ་དང་གྱི་སྲམ་ཆུ་བྱི་གསུམ། །དེ་ལྟར་གསུམ་ནི་ངན་སྐྱུགས་ཡིན། །སྟག་གི་འགྲམ་པ་དག་ལ་ཡོད། །དེ་རྟགས་འཛུམ་ཕྲན་དག་ཏུ་བྱུང་། །གཟིག་གི་སྤུ་སུལ་དག་ན་ཡོད། །དེ་རྟགས་སྤུ་ཡང་ཐིག་ལེར་བྱུང་། །གུང་གི་བཤུལ་ཤ་དག་ལ་ཡོད། །དེ་རྟགས་མཇུག་མའི་སྤུ་ཡང་འཚེར། །སྤྱང་ཀི་འཕར་བ་ཝ་དང་ཁྱི། །སྤྱང་ཀི་བཤུལ་ཤ་དྲོ་བའི་སྨན། །འཕར་བ་སྔ་དྲོ་གསོད་ན་རྐང་པ་གཡས། །དགོངས་མོ་གསོད་ན་མིག་ལ་བབས། །ནུབ་མོ་སྙིང་ལ་དེ་བཞིན་ཏེ། །བདུད་རྩི་འཕར་བས་འཕར་མ་ཡིན། །རྨ་རྣམས་དྲོས་པར་གྱུར་པ་དང་། །མོ་ཚད་ལངས་པར་གྱུར་པའི་སྨན། །ཁྱི་ཡི་ལྕེ་ཡང་རྨ་ཡི་སྨན། །ཝ་ཡང་གློ་ལ་ཕན་པའི་སྨན། །ས་བྱི་སྦོ་དཀར་བྲ་བ་བྱི། །དེ་ལྟར་བཞི་ནི་ངན་སྐྱུགས་ཡིན། །སྤྲ་དང་སྤྲེ་དང་བྱི་ལ་གསུམ། །གྲང་བ་འཇོམས་པའི་བདུད་རྩི་ཡིན། །གཡི་ཡི་རྣ་བ་གསའ་ཡི་མཇུག །སྤྲེ་ཡི་ནུ་མ་གསུམ་ལ་ནི། །མ་དགུག་པ་ཡི་སྨན་ཡང་ཡོད། །ཆུ་ལུག་ཆུ་རྟ་ར་རྒོད་གསུམ། །དེ་ལྟར་གསུམ་ནི་ངན་སྐྱུགས་ཡིན། །ར་རྒོད་བསིལ་ཏེ་རྨ་རྣམས་འཇོམས། །སོག་བྲག་དག་ལ་ཅེ་སྤྱང་བྱུང་། །ཁྲག་རེངས་ཀུན་ཀྱང་འཇུ་བར་བཤད། །དེ་ཡི་ངན་སྐྱུགས་ཁ་ཤ་ཡིན། །རཱུ་ཏྲའི་ལག་སོར་གྱེས་པ་ལས། །གཅིག་ནི་མོ་རྣམས་ཀུན་ལ་བབས། །མ་ཕྲད་གཞོན་གྱི་ཤ་རུས་རྣམས། །རླུང་གི་བདུད་རྩི་ཡིན་པར་བཤད། །འཕྱི་བའི་ཚིལ་བུ་དགུན་ཟླ་གསུམ། །རླུང་དང་མིག་གི་བདུད་རྩི་ཡིན། །རྩངས་པའི་ཤ་ཡང་དྲེག་ལ་ཕན། །སྦལ་པ་དེ་བཞིན་ལྐོག་མའི་སྨན། །དེ་རྣམས་ལག་པ་གཡོན་པ་ཡིན། །གཡས་པ་འཇིག་རྟེན་མཁའ་ལ་སྐྱུར། །གཅིག་ལ་བབས་པ་ཡོད་མ་ཡིན། །གཞན་ཡང་སེམས་ཅན་ཐ་དད་པའི། །མཐུན་པའི་བདུད་རྩི་ཡོད་མོད་ཀྱང་། །རཱུ་ཏྲའི་བདུད་རྩི་


DNG020_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

བབས་པ་མེད། །ཤར་རེ་སྨན་རེ་སྨོས་པ་ཡང་། །རང་རེའི་ཤ་དང་སྟོབས་ཀྱི་ཤ །བསིལ་བའི་སྐྱབས་ཀྱང་བསིལ་བས་བྱ། །ཚ་བའི་སྐྱབས་ཀྱང་དེ་བཞིན་བྱ། །སྙོམས་པ་ཅི་རིགས་པ་ཡིས་བྱ། །གལ་ཏེ་འཁྲུགས་པར་གྱུར་ན་ནི། །རཱུ་ཏྲའི་བབས་ལུགས་ནོར་བ་ཡིས། །ཁོ་ཡི་མཐུ་དཔལ་བྱིན་རླབས་ཀྱིས། །ནད་རྣམས་རེངས་ནས་འཁྲུགས་པར་འགྱུར། །དཔོན་མེད་ཐོ་ཆོ་སྒྲ་ལ་བརྟེན། །ཤེས་རྒྱུད་མེད་པའི་ཁོང་དྲེགས་མཁན། །ནད་རྣམས་འཁྲུགས་པའི་དཀའ་བ་མེད། །གདམས་མེད་དུག་ཏུ་སྦྱོར་བ་དེ། །རྒྱུས་མེད་མཐོང་བའི་སྐྱོན་ཡིན་པས། །རྡོ་རྗེ་དམྱལ་བར་དེ་འགྲོ་སྟེ། །ནད་རྣམས་འཁྲུགས་པས་མི་ཆོག་སྟེ། །རཱུ་ཏྲ་ཆེན་པོའི་བཀའ་ཆད་འབྱུང་། །ཤ་སྨན་དེ་དག་ཀུན་ཀྱང་ནི། །རཱུ་ཏྲའི་སྤྲུལ་པ་མ་ཡིན་ཏེ། །ཁོ་ཡི་བདུད་རྩི་བབས་པ་ཡིན། །ནོར་བས་ལོག་པའི་ལམ་དུ་འགྲོ། །རྡོ་རྗེ་ཕུར་པ་བདུད་རྩི་ཇི་ལྟར་འཁྲུངས་པའི་རྒྱུད་ལས། རཱུ་ཏྲའི་ལུས་བཤིག་ཤ་སྨན་གྱི་ལེའུ་སྟེ་ཉི་ཤུ་རྩ་ལྔ་པའོ།། །།དེ་ནས་རཱུ་ཏྲའི་དཔག་བསམ་ཤིང་། །ཤིང་གི་དཀྱིལ་དུ་སྲིན་གཅིག་བྱུང་། །སྲིན་བུ་དེ་ཡི་ཁ་ཆུ་ལས། །སྲིན་དེ་ཞག་ཏུ་ཁྱིལ་གྱིས་ཆགས། །དེ་ཡང་དངུལ་སྒོང་དཀར་པོར་སྨིན། །དེ་ལས་དངུལ་ཤ་རུ་བཅུ་བྱུང་། །སྐྱོ་ནས་ཤིང་གི་ཁ་ལ་རྩེ། །བདུད་ཀྱི་བྱོལ་ཁ་ལོག་པ་ཡིན། །སྐྱོ་ནས་བདུད་རྩིའི་ཐིགས་པ་འཐུངས། །མཐོ་རིས་གནས་བཅུའི་བདུད་རྩིའི་རྟགས། །རྭ་བཅུ་གནམ་ལ་འགེངས་པ་ཡང་། །མི་ཡི་ཚེ་སྲོག་གཅོད་པ་འཛིན། །ལྟོགས་ན་ཤིང་གི་འབྲས་བུ་ཟ། །མི་ཡི་ཡུལ་དུ་འཁོར་བའི་རྟགས། །རྭ་བཅུ་དུང་གི་ཀ་ར་ཡོད། །ལྷ་ཡི་སྤྲུལ་པས་དོན་བྱེད་རྟགས། །དབྱར་ཟླ་འགོ་ལ་རྭ་བཅུ་སྐྱུར། །ལྷ་ཡིས་བྱིན་གྱིས་བརླབས་པའི་རྟགས། །པགས་པ་གཉེན་ལ་མཚོན་རྩེ་དྲུག །བདུད་ཀྱིས་དབང་བསྒྱུར་བྱས་པའི་རྟགས། །ས་ལ་བརྡུང་ན་ཕྱི་བ་འགུམ། །ཤ་ལ་བདུད་རྩི་བབས་པའི་རྟགས། །རླུབས་སུ་རུལ་དང་དུག་ཏུ་ཡོད། །མོ་ལ་བྱིན་གྱིས་མ་བརླབས་པས། །རྭ་མེད་ཡུ་མོ་སྨན་མེད་དོ། །སྲིན་གྱི་བུ་ལས་སྐྱེས་པའི་ཕྱིར། །མཇུག་མའི་སྟེང་ན་སྲིན་སྨན་ཡོད། །སྟོན་ཟླ་ཐ་ཆུང་ཉི་ཤུ་བདུན། །ལྷག་པའི་བདུད་རྩི་གསུམ་ཡོད་དོ། །དགུན་ཟླ་བྱུང་ནས་མོ་ལ་འཇུག །མོ་ཡི་མངལ་དུ་ཞག་བདུན་གནས། །དཔྱིད་ཟླ་ཐ་ཆུང་ཉི་ཤུ་བདུན། །འཛི་གླང་གཉིས་ཀྱི་བར་ན་གནས། །དེ་ནས་གཞུང་པ་དག་ལ་ཞེན། །ཞག་


DNG020_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་རྩི་ཡིན་ནུ་བར་ཞེས། །དང་པོ་ཤིང་གི་སྲིན་རྒོད་ཡིན། །དེ་ལྟར་རང་མིག་ཡིན་པ་ལ། །སྲིན་ལ་མ་ཕན་ཅི་ཡང་མེད། །བྱུང་བའི་དུས་ན་ཕྱིར་ལ་ལོག །རྭ་ནི་ལྷ་ཡི་སྲིན་སྨན་བྱེད། །ལྷ་ཡིས་གཟུང་བའི་བཟུང་རྟགས་སུ། །རུ་བཅུ་ཡོད་དེ་བརྡུང་མི་ཤེས། །རྭ་གསུམ་གདུས་པའི་ཁུ་བ་དེ། །རྒྱལ་བ་དགེ་འདུན་དགེ་བཤེས་སྨན། །རྨིག་པ་ལྕེ་ནི་བདུད་ཀྱི་སྨན། །བདུད་ཀྱིས་ཁྱེར་བའི་ཁྱེར་རྟགས་སུ། །ཚིལ་བུ་རྒྱས་པའི་དུས་ན་ངུ་། །དྲག་ཤུལ་སྲིན་ལོག་ཀུན་ལ་གཏང་། །མཁྲིས་པ་ཀླུ་ཡི་སྨན་དུ་ཁྱེར། །ཀླུ་ཡིས་ཁྱེར་བའི་རྟགས་སུ་ནི། །མཁྲིས་པ་གཟུགས་མེད་རྒྱུ་མར་ཟུག །མཁྲིས་རྟེན་ཁྲག་གི་མཆིན་པ་ནི། །སྟོན་ཟླ་ཐ་ཆུང་དགུན་ཟླ་ལ། །ཟས་ཀྱི་སྲིན་ལོག་རྣམས་ལ་གཏད། །དེ་ནས་ལྷ་མོ་ཕྲིན་ལས་མཛད། །ཆར་ནི་ཟིམ་ཟིམ་དུས་སུ་འབབས། །གངས་ཀྱི་ལྟོངས་སུ་བབས་པ་ལས། །ལྟོགས་པས་གཡའ་སྨན་ཟླ་ཚེར་ཟོས། །གཡའ་སྨན་སྐྱུགས་སྡང་ཁ་ཆུ་ལས། །སྲོ་ལོ་ཕུང་པོ་བདུན་དུ་བྱུང་། །སྐྱེས་པའི་འདབ་མ་ལ་སོགས་པ། །གངས་སྨན་དེ་དང་འདྲ་མོད་ཀྱང་། །ཅུང་ཞིག་ཀླད་པ་མེ་ཏོག་མེད། །ཡོན་ཏན་གངས་སྨན་སུམ་གཉིས་དང་། །བསིལ་བའི་སྒོ་ནས་འདྲ་བར་བཤད། །བལ་བུ་སུར་བུའི་ཚ་རུ་གཤེགས། །ཁ་ཆུ་བཅད་དང་ཐིགས་པ་ཡར། །ཚ་བསིལ་བདུད་རྩིའི་སྨན་བྱུང་སྟེ། །དེ་ཡང་ཡོན་ཏན་བཞི་རུ་ཤེས། །ཅོ་དོ་ཚ་ལ་སྡོང་པོ་བསིལ། །རུ་བས་ལྷ་མིན་ཕྲིན་ལས་སྐྱོང་། །ངར་བས་དགྲ་ལྷའི་བླ་ཤིང་བྱེད། །སུར་བུ་ཤིན་ཏུ་ཚ་གྱུར་ཏེ། །ལྷ་དང་ཀླུ་ཡི་བདུད་རྩི་ཡིན། །རྩ་བ་ལོ་མ་མེད་པར་ཚ། །དེ་ནས་བྲག་གི་སྐེད་ལ་གཤེགས། །བྲག་སྨན་མཁན་བུ་ནེ་ལེ་ཆུ། །དེ་ཡང་བསིལ་ཏེ་གློ་ཡི་སྨན། །དེ་ནས་ལུང་གི་མདོ་རུ་གཤེགས། །ཆུང་ན་ཐིགས་གཅིག་ཡར་བ་ལས། །སྲུ་སྲུ་སྲུ་འདྲ་མཁན་དམར་གསུམ། །གྲང་བ་ཚ་བ་སྐྱེད་པའི་སྨན། །དེ་ཡང་མི་ཡུལ་སྐྱི་ཏིང་བྱོན། །ཁ་ཆུ་གནམ་ལ་ཡར་བ་ལས། །ལུམས་ཀྱི་བདུད་རྩི་ཆེན་པོར་བབས། །ཤེའུ་ཕོ་ལ་སྨན་མི་འཁྲུངས། །སྒེའུའི་དུས་ན་བད་ཀན་སྐྱེ། །སྐོམ་བུ་བླ་རེས་སྙོམས་པའི་སྨན། །ཁ་རུ་གཉིས་ལ་སྨན་ཡོད་དོ། །ཕོངས་ནས་ཤ་བྲུན་བདུན་དུ་ཡར། །གཉིས་ནི་ཨ་བ་དུ་རུ་ཀ །གཉིས་ནི་སྤང་སྤོས་གཡའ་སྤོས་གཉིས། །གཉིས་ནི་བྲག་སྤོས་རྒོད་སྤོས་གཉིས། །བླུག་ལ་རྒྱ་སྤོས་དྲེ་གང་བྱུང་། །དེ་དང་ལྟ་མི་ཕྲིན་ལས་འབྱོར། །དེ་ཡི་རྗེས་ནི་བདུན་དུ་བོར། །མི་ཡུལ་རྗེས་ལས་ས་གྲོག་བྱུང་། །ནགས་ཀྱི་རྗེས་ལས་སྤ་མ་བྱུང་། །ན་ཡི་རྗེས་ལས་ཐུལ་པ་བྱུང་། །


DNG020_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

གཡའ་ཡི་རྗེས་ལས་རོ་ཐང་བྱུང་། །བྲག་གི་རྗེས་ལས་གླང་པོ་བྱུང་། །སྤང་གི་རྗེས་ལས་བྱང་བ་བྱུང་། །ཆུ་རུ་ཉལ་བས་ཤ་ལ་བྱུང་། །ཤིང་སྲིན་ཤ་བའི་ལེའུ་སྟེ་ཉི་ཤུ་རྩ་དྲུག་པའོ།། །།དེ་ལྟར་རཱུ་ཏྲ་ཆེན་པོ་དེའི་ལུས་སྨན་དུ་བཤིགས་ནས་འཇིག་རྟེན་གྱི་ཁམས་སུ་ཁེངས་པ་དེ་ཉིད། སེམས་རྡོ་རྗེ་སེམས་དཔར་གནས་ཐོབ་ཅིང་སངས་རྒྱས།འཁོར་རྣམས་ཕྱིར་བས་ཀྱི་ཚོགས་ཀྱང་ངོ་། །ཡང་འཁོར་རྣམས་སངས་རྒྱས་ཀྱི་བསྟན་པ་བསྲུང་ངོ་། །འཇིག་རྟེན་གྱི་ཁམས་ན་སྨན་མིན་པའི་མིང་ཡང་མི་གྲག་གོ། །དེ་ནས་འཇམ་དཔལ་རྣོན་པོས་རང་གི་སྟན་ལས་ལངས་ཏེ། བསྐོར་བ་ལན་སྟོང་བྱས་ནས་ཀྱང་། ཕྱག་ལན་སྟོང་བཙལ་ནས་མཆོད་པ་དུ་མས་མཆོད་ནས་འདི་སྐད་ཅེས་བསྟོད་དོ། །ཨེ་མ་བདེ་གཤེགས་ཀུན་གྱི་སྐུ། །གྲགས་ཚད་རྨད་བྱུང་ངོ་མཚར་ཆེ། །ཨེ་མ་བདེ་གཤེགས་ཀུན་གྱི་གསུང་། །སྨན་གྱི་སྦྱོར་བ་ངོ་མཚར་ཆེ། །ཨེ་མ་བདེ་གཤེགས་ཀུན་གྱི་ཐུགས། །སྒྲུབ་པའི་བལྟ་སྤྱོད་ངོ་མཚར་ཆེ། །ཨེ་མ་བདེ་གཤེགས་ཡོན་ཏན་ཆེ། །དྲང་སྲོང་རིག་པ་བཅོ་བརྒྱད་མཁྱེན། །ཨེ་མ་བདེ་གཤེགས་ཕྲིན་ལས་ཆེ། །རཱུ་ཏྲའི་མཐུ་དཔལ་སྨན་དུ་ཆེ། །རཱུ་ཏྲ་སྨན་དུ་གྱུར་པ་བཞིན། །བདག་ཅག་རྣམས་ཀྱང་སྨན་དུ་གྱུར། །རཱུ་ཏྲ་སངས་རྒྱས་ས་ཐོབ་བཞིན། །བདག་ཅག་རྣམས་ཀྱང་ས་ལ་ཞོག །ཅེས་འཁོར་ན་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། དྲང་སྲོང་རྣམས་ཀྱིས་གསོལ་བ་བཏབ་པས།དེར་བཅོམ་ལྡན་འདས་ཀྱིས་གསོལ་བ་བཏབ་པ་མཁྱེན་ནས། འཇམ་དཔལ་གྱི་ཕྱག་གཡས་སུ་ལོག་རྟོག་ཐམས་ཅད་འཇོམས་པའི་རལ་གྲི་གཅིག་གཏད་དེ། སེམས་སྤར་ཏེ་བདུད་རྩི་སྨན་དུ་གྱུར་པར་དབང་བསྐུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱི་དབང་ཐོབ་ནས་འཇམ་དཔལ་གྱིས་རང་ལུས་བཤིགས་ནས་བདུད་རྩི་སྨན་དུ་སྤྲུལ། དེ་ནས་ལྷའི་གནས་ཐམས་ཅད་བདུད་རྩི་སྨན་གྱིས་གང་ངོ་། །དེ་ནས་བརྒྱ་བྱིན་ལ་བབས། དེ་ནས་དེད་དཔོན་ལ་བབས། དེ་ནས་གཞོན་ནུ་སྲེད་ལ་བབས། དེ་ནས་ལི་ཙཱ་བི་དྲི་མ་མེད་པ་ལ་བབས་སོ། །དེ་ནས་འཇམ་དཔལ་གྱི་རལ་གྲི་ཕྱག་ན་རྡོ་རྗེ་ལ་གཏད་དོ། །ཡང་ལུས་གོང་བཞིན་བསྒྲལ་ཏེ། གནོད་སྦྱིན་གྱི་ཡུལ་ཐམས་ཅད་བདུད་རྩིས་བཀང་ངོ་། །དེ་ནས་གནོད་སྦྱིན་ལག་ན་རྡོ་རྗེ་ལ་བབས་སོ། །དེ་ནས་ནབ་སོ་སྐྱེས་ལ་བབས་སོ། །དེ་ལ་སོགས་པ་དྲང་སྲོང་བཅོ་ལྔ་ལ་བབས་སོ། །མིའི་གནས་སུ་ཕ་ཁོལ་ལ་བབས་སོ། །དེ་ནས་འཇམ་དཔལ་གྱི་རལ་གྲི་དེ། སྤྱན་རས་གཟིགས་


DNG020_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གཏད་ནས་ལུས་བཤིགས་ནས།ཀླུའི་ཡུལ་དུ་སྨན་དང་བདུད་རྩིས་བཀང་ངོ་། །དེ་ནས་དགའ་བོ་ལ་སོགས་པ།དྲང་སྲོང་བཅུ་གསུམ་ལ་བབས་སོ། །མིའི་གནས་སུ་ཀླུ་སྒྲུབ་སྙིང་པོ་ལ་བབས་སོ། །དེ་བཞིན་དུ་ལྷ་དང་ཀླུ་དང་། ཚངས་པ་དང་། གཟའ་དང་། སྐར་མ་དང་། གནོད་སྦྱིན་དང་། ལྷ་མ་སྲིན་སྡེ་བརྒྱད་དང་། ནམ་གྲུ་དང་། མཁའ་འགྲོ་དང་། རོ་ལངས་དང་། མི་དང་དུད་འགྲོ་དང་། དམྱལ་བ་དང་། ཡི་དྭགས་ལ་སོགས་པ་ཀུན་ལ་རལ་གྲི་དེ་གཏད་དེ། ལུས་བཤིགས་ནས། འཚོ་བ་རྣམས་མཆོད་པར་ཕུལ་ཏེ་སྨན་དུ་མཛད་དེ་འདི་སྐད་ཅེས་དམོད་བོར་རོ། །བདག་ཅག་རྣམས་ནི་བདུད་རྩིའི་མཆོག་མ་ནོར་བ་ཡིས་བསྒྲུབས་ལགས་ན། གལ་ཏེ་དམ་ལོག་བལྟ་ནོར་ན། །རཱུ་ཏྲ་གཅིག་ཏུ་སྐྱེ་བར་ཤོག །དཔལ་གྱི་ཐུགས་རྗེ་འབྱུང་བར་ཤོག །བདག་ཅག་རྣམས་ནི་བསྒྲལ་བར་ཤོག །བསྒྲལ་ནས་དཔལ་ཆེན་གསོལ་བར་ཤོག །ཡན་ལག་སྨན་དུ་འཁྲུངས་པར་ཤོག །ཁོག་པ་གདན་དུ་འདིང་བར་ཤོག །སེམས་ནི་རྡོ་རྗེ་སེམས་དཔར་ཤོག །ཅེས་དམོད་བོར་ཞིང་ལྷན་ནེ་ལྷང་ངེར་ཀུན་ཀྱང་བསྒྲུབ་ཅིང་གནས་སོ། །དྲང་སྲོང་རྣམས་ཀྱི་ཡུལ་ན། ཙ་ར་ཀ་བམ་པོ་འབུམ་སྡེ་གཅིག་བཞུགས་པ་ལས། རཱུ་ཏྲ་སྨན་གྱི་ལེའུ་བརྟུལ་ཞུགས་དྲག་པོའི་བམ་པོ་དྲུག་པ་ལས། དྲང་སྲོང་ཕྱིས་འབྱུང་གི་ལེའུ་སྟེ་ཉི་ཤུ་རྩ་བདུན་པའོ།། །།དེ་ལྟར་འོག་མིན་ཆོས་དབྱིངས་ཀྱི་ཕོ་བྲང་ནས། དོན་ཕྱིན་ཅི་མ་ལོག་པར་གྲགས་སོ། །མཛད་སྤྱོད་སྤ་བཀོང་བའི་བམ་པོ་དང་། ཁྱད་པར་སྲོག་རྩའི་བམ་པོ་དང་། སྣང་བཅུད་བརྒྱད་ཀྱི་བམ་པོ་དང་། དྭངས་པ་རྩའི་བམ་པོ་དང་།དྭངས་མ་སྣོད་ཀྱི་བམ་པོ་དང་། ཡན་ལག་ཤའི་བམ་པོ་དང་། ལམ་རིང་དྲང་སྲོང་གི་བམ་པོ་དང་བདུན་ནོ། །འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ།དཔལ་ཆེན་རྡོ་རྗེ་གཞོན་ནུས་མཛད་སྤྱོད་བརྒྱད་ལས། ཞི་བའི་མཛད་སྤྱོད་སེམས་ཅན་འདུལ། །ཁྲོ་བོའི་མཛད་སྤྱོད་རཱུ་ཏྲ་འདུལ། །ཏ་ན་སྐྱེ་ཤི་མེད་པས་གནས་ལུང་སྟོན། །ག་ཎ་བཅིང་གྲོལ་མེད་པས་མོ་རྣམས་སྦྱོར། །མཐུན་འཇུག་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་སྟོན། །མི་འགྱུར་ཆོས་ཉིད་རོལ་པའི་ལྟ་བ་སྟོན། །ཐུགས་རྗེའི་གསོས་ཀྱིས་ཐམས་ཅད་སྨན་དུ་འཁྲུངས་པ་ལས། །འོག་མིན་ཐུགས་རྗེའི་གསོས་ཀྱི་མཛད་པ་ལས། བདུད་རྩི་རིན་པོ་ཆེ་འཁྲུངས་པའི་རྒྱན་ཞེས་བྱ་བ་འོག་མིན་དུ་གྲགས་པ་རྫོགས་སོ།། །།ལྷ་ཡུལ་དུ་གྲགས་པར་ཡང་འགྲོའོ། །མི་ཡུལ་དུ་གྲགས་པར་ཡང་རྒྱུད་ཁ་ཅིག་བཞུགས་སོ། །རྒྱ་གར་གྱི་མཁན་པོ་བི་མ་ལ་མི་ཏྲ་དང་། གཉགས་ཛྙཱ་ནས་བསྒྱུར་བའོ།། །།

བདུད་རྩི་ལས་རྒྱ་མཚོའི་རྒྱུད་ཅེས་བྱ་བ།


DNG020_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨ་མྲྀ་ཏ་ཀརྨ་ས་མུ་དྲ་ཏནྟྲ་ནཱ་མ། བོད་སྐད་དུ། བདུད་རྩི་ལས་རྒྱ་མཚོའི་རྒྱུད་ཅེས་བྱ་བ། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས། གནས་མཆོག་ཆོས་ཉིད་མ་སྐྱེས་པའི་ཀློང་ནས། འཁོར་ཆོས་ཉིད་ལ་ཆོས་ཉིད་བདུད་རྩི་ཆེན་པོ་འདི་བཤད་དེ། དུས་གསུམ་འདུས་མ་བྱས་པའི་དུས་ན། དཔལ་ཀུན་ཏུ་བཟང་པོའི་ཐུགས་ལས་རྡོ་རྗེ་སེམས་དཔའ་ཕྱུང་ནས། ཐལ་མོ་སྦྱར་ནས་ལན་གསུམ་བསྐོར་ནས། བདུད་རྩི་ཆེན་པོ་ལས་རྒྱ་མཚོའི་རྒྱུད་འདི་ཞུས་སོ། །ལྟ་བ་རྒྱ་མཚོ་ཇི་ལྟར་བལྟ། །སྤྱོད་པ་རྒྱ་མཚོ་ཇི་ལྟར་སྤྱད། །བསྒྲུབ་པ་རྒྱ་མཚོ་ཇི་ལྟར་བསྒྲུབ། །སྦྱོར་བ་རྒྱ་མཚོ་ཇི་ལྟར་སྦྱར། །བསྒྲལ་བའི་ཕྲིན་ལས་ཇི་ལྟར་བསྒྲལ། །བདུད་རྩི་སྨན་ཆེན་གང་དུ་བསྒྲུབ། །དམ་ཚིག་བསྲུང་བ་ཇི་ལྟར་བསྲུང་། །ཕྲིན་ལས་རྒྱ་མཚོའི་ལས་རྣམས་ཀུན། །ལུང་དང་མན་ངག་རྣམ་པ་དུ། །ཀུན་ཏུ་བཟང་པོས་བཤད་དུ་གསོལ། །ཀུན་ཏུ་བཟང་པོས་བཀའ་སྩལ་པ། །རྡོ་རྗེ་སེམས་དཔའ་ཁྱོད་ཉོན་ཅིག །གནས་མཆོག་ཡུམ་གྱི་དཀྱིལ་འཁོར་ན། །གཉིས་མེད་ལྷུན་གྱིས་གནས་པའི་ཚེ། །དེ་ཚེ་ཉན་ཐོས་དགེ་འདུན་དང་། །བྱང་ཆུབ་སེམས་དཔའི་དགེ་འདུན་དང་། །དགྲ་བཅོམ་མིང་ཡང་མེད་ནང་དུ། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ན། །སྲིད་གསུམ་སེམས་ཅན་དུག་ཆེན་ལྔ། །སྐུ་ལྔ་ཡེ་ཤེས་ལྔ་དང་ལྡན། །རང་བཞིན་མེད་པར་སྤྱད་བྱས་པས། །སྟོང་གསུམ་བྷནྡྷ་བཟང་འཁོར་དུ། །ཞེ་སྡང་ལྟ་བུའི་དུག་ཆེན་ལ། །མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས། །རང་བཞིན་མེད་པར་སྦྱར་བྱས་པས། །བདུད་རྩི་ཞེས་ནི་དེ་ལ་བྱ། །ཤར་ཕྱོགས་སྐུ་གསུམ་གཞལ་ཡས་སུ། །བདེ་བར་གཤེགས་པའི་ཕོ་བྲང་དུ། །གཏི་མུག་ལྟ་བུའི་དུག་ཆེན་ལ། །སྟོང་པ་ཉིད་ཀྱི་རྩིས་སྦྱོངས་པས། །བདུད་རྩི་ཞེས་ནི་དེ་ལ་བྱ། །ལྷོ་ཕྱོགས་ཐུབ་མེད་གཞལ་ཡས་སུ། །རིན་ཆེན་རིགས་ཀྱི་ཕོ་བྲང་དུ། །ང་རྒྱལ་ལྟ་བུའི་དུག་ཆེན་ལ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས། །


DNG020_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སུ་མེད་པར་རབ་སྦྱོངས་པས། །བདུད་རྩི་ཞེས་ནི་དེ་ལ་བྱ། །ནུབ་ཕྱོགས་དཔག་མེད་གཞལ་ཡས་སུ། །པདྨ་རིགས་ཀྱི་ཕོ་བྲང་དུ། །འདོད་ཆགས་ལྟ་བུའི་དུག་ཆེན་ལ། །སོ་སོར་རྟོགས་པའི་རྩིས་སྦྱངས་པས། །བདུད་རྩི་ཞེས་ནི་དེ་ལ་བྱ། །བྱང་ཕྱོགས་མཐའ་མེད་གཞལ་ཡས་སུ། །ལས་ཀྱི་རིགས་ཀྱི་ཕོ་བྲང་དུ། །ཕྲག་དོག་ལྟ་བུའི་དུག་ཆེན་ལ། །བྱ་བ་ནན་ཏན་རྩིས་སྦྱངས་པས། །བདུད་རྩི་ཞེས་ནི་དེ་ལ་བྱ། །དོན་གྱི་བདུད་རྩི་མ་བཅོས་སོ། །རྟོག་པའི་བདུད་རྩི་སངས་རྒྱས་པའོ། །རྫས་ཀྱི་བདུད་རྩི་ལྷུན་གྱིས་གྲུབ། །ཀུན་ཏུ་བཟང་པོའི་ཐུགས་དཀྱིལ་ནས། །དུས་གསུམ་སྲིད་གསུམ་སྐུ་གསུང་ཐུགས། །ཡེ་ནས་བདུད་རྩི་ཡིན་པའི་ཕྱིར། །ངེས་པའི་ལུང་ནས་བཀའ་སྩལ་ཏེ། །ཟབ་མོའི་ཀློང་ནས་ཕྱུང་སྟེ་བསྟན། །དེ་ནས་བདེ་གཤེགས་ཐམས་ཅད་དང་། །ཐབས་ཅིག་བཞུགས་པའི་དགོངས་པ་ནི། །བླ་ན་མེད་པའི་བྱང་ཆུབ་ཏུ། །ཡེ་ཤེས་མཉམ་པའི་ཉམས་རྙེད་ནས། །རྡོ་རྗེ་གསང་བའི་གྲལ་ཐོབ་སྟེ། །ཀུན་གྱི་དམ་པ་འདི་གསུངས་སོ། །སྒྲུབ་དང་བསྒྲུབ་པར་བྱ་བ་དང་། །འབྲས་བུ་ཐོབ་པར་བྱ་བའི་ཕྱིར། །གསང་སྔགས་གསང་བའི་མན་ངག་ནི། །བདུད་རྩི་དམ་པ་མཆོག་གི་ལུང་། །སྙིང་པོར་བསྡུས་པའི་ངེས་པ་ཡི། །བྱང་ཆུབ་འབྱུང་བའི་སྙིང་པོ་མཆོག །བལྟ་བ་དང་ནི་ངེས་ཚིག་ལ། །བསམ་གྱིས་མི་ཁྱབ་བསྟན་པ་དང་། །བརྒྱད་ཁྲི་བཞི་སྟོང་རྣམ་གྲངས་ཀྱང་། །ཐེག་པའི་སྒོ་ནི་གསུམ་དུ་འདུས། །གསང་ཉིད་ཡི་གེར་བསྡུ་དང་བཞི། །ལྡེམ་པོར་དགོངས་དང་དོན་དམ་ཡང་། །དཀྲི་བའི་དོན་ཏེ་སངས་རྒྱས་ཡིན། །རྣ་བརྒྱུད་བསྟན་པར་ཐུགས་བརྟོལ་ཏེ། །ཐིག་ལེ་ཆོས་སྐུས་ཁྱབ་པའི་ཕྱིར། །ངེས་པའི་ལུང་ཡང་སངས་རྒྱས་སོ། །སངས་རྒྱས་མཉམ་དང་དབྱིངས་སུ་གྲོལ། །གསང་སྔགས་གསང་བས་སངས་རྒྱས་ཏེ། །བྱང་ཆུབ་སེམས་འདི་ཀུན་ཏུ་དག །རྫོགས་པའི་ཡེ་ཤེས་བདེ་ཆེན་ཉིད། །མ་ལུས་མཐའ་དག་ཉིད་ཀྱི་རྒྱ། །ཡེ་ནས་བྱ་མེད་བྱ་མི་དགོས། །རྒྱུ་དང་འབྲས་བུ་འཁྲུལ་པའི་སྒྲ། །མི་རྟོག་སྦྱང་བའི་ཡུལ་


DNG020_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན། །དེ་ལྟ་བུ་ཡི་རྟག་འཛིན་གྱིས། །འཁོར་བའི་རྒྱ་མཚོར་གྱུར་པ་ཡིན། །ངེས་པར་འབྱུང་བ་ཆེན་པོ་ལ། །བདག་འཛིན་མེད་བཞིན་བཞག་པས་ན། །བྱང་ཆུབ་སེམས་ཉིད་ལྟུང་གནས་མེད། །བུ་གཅིག་མ་བཙལ་བདེ་བར་གནས་སོ། །རྒྱུད་དང་ལུང་དང་མན་ངག་གསུམ། །དམངས་དང་རྗེ་དང་རྒྱལ་པོའི་ཚུལ། །ཁྱད་པར་རྩལ་འཕགས་ཐག་རིང་ཡང་། །གཅིག་ལ་གཅིག་གི་ངང་ཉིད་དུ། །དབྱེར་མེད་ཚུལ་གྱི་རང་བཞིན་པས། །གཅིག་སྟེ་རྣམ་པ་ཡོངས་ཀྱིས་མེད། །བདུད་རྩི་ཞེས་ནི་དེ་ལ་བྱ། །དེ་བས་སྐུ་གསུང་ཐུགས་ཀྱི་རྒྱ། །སྐུ་དང་རྒྱན་དང་འཁོར་ལོ་ཡང་། །ལུང་ཆེན་ཟབ་མོའི་ནང་ན་གསལ། །ལྔ་བཞིའི་ནང་དུ་འཁོར་བ་ཡང་། །ཡེ་ཤེས་སངས་རྒྱས་དེ་ལས་མེད། །དབྱིངས་སུ་གྱུར་ནས་མཉམ་གནས་པས། །ཡེ་ནས་སངས་རྒྱས་བདེ་ཆེན་ཉིད། །བདུད་རྩི་ཞེས་ནི་དེ་ལ་བརྗོད། །སྐྱེ་འཆི་མེད་པའི་དབྱིངས་སུ་གྱུར། །དབྱིངས་གྱུར་དག་མཉམ་ལྷུན་གྲུབ་པས། །བལྟ་བ་འདི་ལ་གནས་པ་ཡི། །རྣལ་འབྱོར་འདི་ནི་སྐལ་བ་བཟང་། །ཅི་སྤྱད་ཅི་བསྒོམ་ཅི་བསྒྲུབས་ཀྱང་། །བདུད་རྩི་ཡིན་ཏེ་སྨན་གྱི་མཆོག །བདེ་བར་གཤེགས་པའི་ཐུགས་དམ་ཉིད། །བྱིན་རླབས་ངོ་མཚར་རྒྱ་ཆེན་འབྱུང་། །རྒྱལ་བ་རྒྱ་མཚོ་རྣམས་ཀྱི་གསོས། །སངས་རྒྱས་བདེ་ཆེན་ཉིད་ལས་འབྱུང་། །ཐམས་ཅད་མ་ལུས་བདུད་རྩི་འདི། །སྤྲོས་མེད་ཐིག་ལེར་གནས་པ་ལ། །མཐའ་ཡས་སེམས་ཅན་དོན་གྱི་ཕྱིར། །རང་ལ་མཆོད་ཅིང་རང་གིས་བཟའ། །སྒྲུབ་པ་པོས་ནི་ནན་ཏན་བྱ། །ཞེས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས། ཡེ་ཤེས་ཆེན་པོའི་ཐུགས་ཡང་དག་པ་ནས་དགོངས་ཏེ། བདུད་རྩི་ལས་རྒྱ་མཚོ་འདི་གསུངས་སོ། །བདུད་རྩི་ལས་རྒྱ་མཚོ་ལས། ལྟ་བའི་ལེའུ་སྟེ་དང་པོའོ།། །།དེ་ནས་ཡང་བདེ་བར་གཤེགས་པ་ཀུན་ཏུ་བཟང་པོ་ལ། རྡོ་རྗེ་སེམས་དཔས་གསོལ་པ། ཀུན་ཏུ་བཟང་པོས་བདུད་རྩིའི་སྤྱོད་པ་ཇི་ལྟར་སྤྱོད། །བདུད་རྩིའི་གནས་ནི་གང་ནས་སྐྱེ། །བདུད་རྩིའི་རྒྱུ་ནི་ཅི་ལ་


DNG020_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

བགྱི། །བདུད་རྩིའི་སྣོད་ནི་ཇི་ལྟ་བུ། །བདུད་རྩིའི་ཡུམ་ནི་གང་ལ་བྱ། །རྒྱལ་ཐེབས་ཀརྨ་ཇི་ལྟ་བུ། །བདུད་རྩིའི་ཡོ་བྱད་དུ་ཞིག་འཚལ། །ཀུན་ཏུ་བཟང་པོས་བཀའ་སྩལ་པ། །སྤྱོད་པའི་ཡོ་བྱད་རྣམ་པ་གསུམ། །ཀུན་ཏུ་བཟང་པོའི་གནས་མཆོག་ནི། །སེམས་ཉིད་དག་པ་ཀུན་ཏུ་བཟང་། །ནམ་མཁའི་མཐའ་ལྟར་དཔག་ཏུ་མེད། །ཕྲག་དོག་དག་པ་དམ་ཚིག་སྒྲོལ། །ཡཾ་ལས་རྡོ་རྗེ་རླུང་ནག་འཚུབས། །འདོད་ཆགས་དག་པས་མཱ་མ་ཀཱི། །ཁཾ་ལས་བདུད་རྩིའི་ཆུ་བོའི་རྒྱུན། །གཏི་མུག་དག་པས་སངས་རྒྱས་སྤྱན། །པ་ལས་གསེར་གྱི་ས་གཞི་མཛེས། །ང་རྒྱལ་དག་པས་རི་རབ་ལ། །ལཾ་ལས་གསེར་གྱི་རི་རབ་འབར། །གླིང་དང་གླིང་ཕྲན་རི་བོ་དང་། །ཐང་དང་མཚོ་དང་ཆུ་བོ་དང་། །ཆུ་མིག་འབབ་ཆུ་ལྟེང་ཀ་དང་། །གཡའ་དང་གངས་དང་ནགས་དང་སྤང་། །ན་དང་ཐང་དང་འདམ་ལས་སྐྱེས། །འབྱུང་བ་ལྔ་ཡི་གཞལ་ཡས་སུ། །རི་བོ་དཔག་བསམ་ཤིང་བུ་ལ། །བདུད་རྩི་སྨན་གྱི་ཤིང་སྐྱེས་པ། །རྩ་བ་སྡོང་པོ་ཤུན་ལྤགས་དང་། །ཐང་ཆུ་སྙིང་པོ་ཡལ་ག་དང་། །ལོ་མ་མེ་ཏོག་འབྲས་བུ་དགུ། །ཡལ་ག་བརྒྱད་པོ་ཕྱོགས་མཚམས་བརྒྱད། །དབུས་ཀྱི་ཤིང་བུ་རྡོ་རྗེའི་རིགས། །སྡོང་པོ་ཚེར་མ་ཅན་གྱི་རིགས། །རྡོ་རྗེ་རིགས་ཀྱི་སྨན་ཡིན་ནོ། །ཤར་གྱི་ཤིང་བུ་བདེ་གཤེགས་རིགས། །ལོ་ཤུན་རིང་ལ་འཇམ་པའི་ཤིང་། །དེ་བཞིན་གཤེགས་པའི་སྨན་ཡིན་ནོ། །ལྷོ་ཡི་ཕྱོགས་སུ་ཤིང་སྐྱེས་པ། །ཁོ་ལག་རྒྱས་པ་འབྲས་བུའི་ཤིང་། །རིན་ཆེན་རིགས་ཀྱི་སྨན་ཡིན་ནོ། །ནུབ་ཀྱི་ཕྱོགས་སུ་ཤིང་སྐྱེས་པ། །མེ་ཏོག་རྒྱས་པ་སྡོང་པོ་སྦོམ། །པདྨ་རིགས་ཀྱི་སྨན་ཡིན་ནོ། །བྱང་གི་ཕྱོགས་སུ་ཤིང་སྐྱེས་པ། །ཐུང་ལ་སྦོམ་ཞིང་སྤྲ་སྤྲོད་མ། །ལས་ཀྱི་རིགས་ཀྱི་སྨན་ཡིན་ནོ། །རྩྭ་དང་མེ་ཏོག་འབྲས་བུ་རྣམས། །ཀུན་ལ་དགུ་དགུ་ཡོད་པར་བཤད། །རྩ་བ་སྡོང་པོ་ཤུན་པ་དང་། །སྙིང་པོ་ཡལ་ག་ཐང་ཆུ་དང་། །འདབ་མ་མེ་ཏོག་འབྲས་བུར་བཅས། །མི་དང་བྱོལ་སོང་རྩི་ཤིང་དང་། །འབྱུང་བ་ལྔ་ཡིས་བསྡུས་པའི་སྨན། །ཁ་དོག་དཀར་པོ་རྡོ་རྗེའི་རིགས། །སེར་པོ་བདེ་བར་གཤེགས་


DNG020_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རིགས། །སྔོན་པོ་རིན་པོ་ཆེ་ཡི་རིགས། །དམར་པོ་པདྨའི་རིགས་ཡིན་ནོ། །ཁ་དོག་སྣ་ཚོགས་ལས་ཀྱི་རིགས། །སྨན་དུ་མ་གྱུར་གང་ཡང་མེད། །བདུད་རྩི་ལས་རྒྱ་མཚོ་ལས། བདུད་རྩི་གནས་ནས་སྐྱེ་བའི་ལེའུ་སྟེ་གཉིས་པའོ།། །།འདོད་ཆགས་ཞེ་སྡང་གཏི་མུག་དང་། །ང་རྒྱལ་ཕྲག་དོག་རྣམ་པ་ལྔ། །མཱཾ་ས་རིན་ཆེན་རཀྟ་དང་། །དྲི་ཆུ་བདུད་རྩི་བྱང་ཆུབ་སེམས། །འབྲས་བུ་ལྔ་དང་བྷནྡྷ་ལྔ། །སྙིང་པོ་ལྔ་དང་དམ་རྫས་ལྔ། །ཨོཾ་སེར་པོ། ཧཱུཾ་དཀར་པོ། ཨཱཿདམར་པོ། སྭཱ་མཐིང་ག །ཧཱ་ལྗང་ཀུ། སྐུ་ལྔ་ཡེ་ཤེས་ལྔ་དང་ལྡན། །འཕྲོ་འདུ་ལྔ་ཡི་སྦྱོར་བ་ཡིས། །དུག་ལྔ་སྟོངས་ཤིང་རབ་གསལ་བས། །ཡེ་ཤེས་ལྔ་ཡི་དབྱིངས་སུ་འགྱུར། །བདུད་རྩིའི་རྒྱུ་ནི་བྱང་ཆུབ་སེམས། །བདུད་རྩིའི་སྣོད་ནི་ཡུམ་གྱི་མཁའ། །བདུད་རྩིའི་རྒྱུ་ནི་ཡབ་ཀྱི་ཀློང་། །སྟོང་གསུམ་བྷནྡྷ་འཁོར་ཡུག་ཏུ། །བྷྲཱུཾ་གྱི་འཕྲོ་འདུ་ཆེན་པོ་ལས། །དུར་ཁྲོད་ཆེན་པོའི་གཞལ་ཡས་ཁང་། །ཡེ་ཤེས་ལྔ་ལྡན་རྡོ་རྗེ་ཀ་པཱ་ལ། །སྐུ་གསུམ་ལྷུན་གྲུབ་རྡོ་རྗེ་ཀ་པཱ་ལ། །ཡིད་བཞིན་རེ་སྐོང་རྡོ་རྗེ་ཀ་པཱ་ལ། །ཡོན་ཏན་ཚོགས་ཆེན་རྡོ་རྗེ་ཀ་པཱ་ལ། །བཀྲ་ཤིས་མཚན་ལྡན་རྡོ་རྗེ་ཀ་པཱ་ལ། །མི་འགྱུར་མཚན་ལྡན་རྡོ་རྗེ་ཀ་པཱ་ལ། །མི་ཤིགས་མཛོད་ལྡན་རྡོ་རྗེ་ཀ་པཱ་ལ། །ཆོ་འཕྲུལ་རྒྱུད་འབྱུང་རྡོ་རྗེ་ཀ་པཱ་ལ། །སྲིད་པ་ཡོངས་སྒྲོལ་རྡོ་རྗེ་ཀ་པཱ་ལ། །ཁམས་གསུམ་དབང་སྡུད་རྡོ་རྗེ་ཀ་པཱ་ལ། །དུག་གསུམ་གཏན་སྤྲུགས་རྡོ་རྗེ་ཀ་པཱ་ལ། །མཚན་མའི་སྐྱོན་བྲལ་རྡོ་རྗེ་ཀ་པཱ་ལ། །ཞལ་བུ་ཀ་པཱ་ལ་ཡི་མཚན་གསོལ་པ། །འཕྲུལ་བཞད་ཡིད་བཞིན་ཕྲ་མེན་རྒྱན་གྱིས་བརྒྱན། །རྐང་མེད་མཁའ་ལ་འགྲོ་བའི་རྡོ་རྗེ་ཐོག་ཐོག་རྐན་སྒྲ་ཅན། །ང་ནི་སྔོན་གྱི་སྒྲུབ་པ་པོ་ཡི་རྫས་ཡིན་ཏེ། །སུ་ཞིག་དངོས་གྲུབ་འདོད་པ་ང་ལས་ཡོད། །གང་གི་བཀའ་ལྟར་མི་བྱེད་དམ་ལ་མི་གནས་པ། །ང་ཡི་གཟུགས་ཙམ་མཐོང་བས་མོད་ལ་ཚིག་པ་དང་། །སྒྲ་སྐད་ཐོས་པས་མོད་ལ་བརླག་པར་འགྱུར། །དཀར་པོ་ཟངས་ཡག་འཚེར་བ་ནི། །སྔ་རབས་འདས་པའི་སངས་རྒྱས་བཅོམ་ལྡན་


DNG020_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

འདས། །ཆོས་ཀྱི་སྐུ་དང་རབ་ལྡན་ཞིང་། །འགྲོ་བའི་དོན་ལ་དེ་བཞིན་གཤེགས། །རློན་པ་ལྕང་ལོར་འཁྱིལ་པ་ནི། །ད་ལྟར་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས། །ལོངས་སྤྱོད་རྫོགས་པའི་སྐུ་དང་རབ་ལྡན་ཞིང་། །འགྲོ་བའི་དོན་ལ་དེ་བཞིན་གཤེགས། །དམར་པོ་ར་རི་འཚོ་བ་ནི། །སླད་ཀྱིས་འབྱོན་པའི་སངས་རྒྱས་བཅོམ་ལྡན་འདས། །སྤྲུལ་པའི་སྐུ་དང་རབ་ལྡན་ཞིང་། །འགྲོ་བའི་དོན་ལ་དེ་ བཞིན་གཤེགས། །ཐབས་ཀྱི་སྙིང་པོ་རིན་ཆེན་དཔལ་གྱི་མགུར། །ཕོ་བྲང་རྟགས་དང་ལྡན་པས་སྣོད་བཅུད་རྒྱན་དུ་ཆེ། །སྤྲུལ་པའི་ལྕང་ལོ་ཁ་བད་ཅན། །དབང་པོ་སྣ་ལྔ་སྣོད་བཅུད་རྒྱན་དུ་ཆེ། །མི་གནས་བདུད་རྩི་བཞུགས་པའི་རྒྱན་དུ་ཆེ། །བདུད་རྩི་སྨན་ཆེན་ཁྲོལ་བུ་བཞག །དེ་ནི་བདུད་རྩི་རྣམ་ལྔའོ། །བདུད་རྩི་ལས་རྒྱ་མཚོ་ལས། སྣོད་བཅུད་ཡོངས་རྫོགས་ཀྱི་ལེའུ་སྟེ་གསུམ་པའོ།། །།བདུད་རྩི་དེ་ཡི་སློབ་དཔོན་ནི། །ཀུན་གྱིས་བྱ་བ་མ་ཡིན་ཏེ། །ལྟ་བ་གཉིས་སུ་མེད་པར་བལྟ། །བྱང་ཆུབ་སེམས་ཀྱི་དོན་རྟོགས་པས། །གསང་བའི་དོན་དང་མི་འགལ་ཞིང་། །ཐབས་ལ་མཁས་པའི་སྣོད་ཡིན་པས། །དབང་རིམ་པར་བརྩེགས་ཏེ་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་ཐོབ་ནས་དམ་ལ་གནས་ཤིང་དམ་ཚིག་བསྲུང་བ་དང་། ཐེག་པ་ཆེན་པོའི་དོན་ལ་མཁས་པ་དང་། ཕྲིན་ལས་ཀྱི་གོ་རིམ་ལ་མཁས་པ་དང་། ཏིང་ངེ་འཛིན་མ་ནོར་བའི་ཚུལ་དགུ་སྟེ། དགོངས་པ་བལྟ་བའི་ཚུལ། གར་ཡེ་ཤེས་ཀྱི་ཚུལ། ཕྱག་རྒྱ་སྐུའི་ཚུལ། སྔགས་གསུང་གི་ཚུལ། སྙིང་པོ་ཐུགས་ཀྱི་ཚུལ། མཆོད་པ་ཡོན་ཏན་གྱི་ཚུལ། གླུ་ཕྲིན་ལས་ཀྱི་ཚུལ། དཀྱིལ་འཁོར་ཞི་བའི་ཚུལ། སྟངས་ཐབས་ཁྲོ་བོའི་ཚུལ། ཚིག་དང་འདྲེལ་བ་དང་། གོང་འོག་མ་འཆོལ་བ་དེ་ལ་མེ་ཏོག་གཏོར་ལ། རྡོ་རྗེ་སློབ་དཔོན་དཔལ་དང་ལྡན། །འཕགས་པ་རྣམས་དང་བདེ་གཤེགས་རྣམས་ཀྱི་སྐུ་གསུང་ལུང་། །རྣ་བར་བརྒྱུད་པའི་མན་ངག་འཆད། །སྐུ་གསུང་ཐུགས་ཀྱང་རྡོ་རྗེར་འགྱུར། །བདུད་རྩིའི་རྒྱལ་པོར་


DNG020_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

མངའ་གསོལ་ལོ། །བདུད་རྩི་ལས་རྒྱ་མཚོ་ལས། སློབ་དཔོན་གྱི་ཡོན་ཏན་བསྟན་པའི་ལེའུ་སྟེ་བཞི་པའོ།། །།བདུད་རྩིའི་ཡུམ་ནི་ཇི་ལྟ་བུ། གཙོ་བོའི་དགོངས་པ་བཞིན་བྱེད་ནུས་པ་དང་། གཞུང་དགུ་དང་ལྡན་ཏེ། ཚུལ་ཤེས་པ། ཤོང་ཆེ་བ། ནོག་ཐུབ་པ། གསང་སྒོ་ཐུབ་པ། དམ་ལ་གནས་པ། དད་པས་མོས་པ་དང་གདམས་པ་སྤྱད་པ་དང་། རྟོག་པ་ཆུང་བ་མཚན་གྱིས་བརྒྱན་པ། སེམས་བཟུང་བ། དགུ་དང་ལྡན་པ་ལས་མ་གཏོགས་པ། དད་མེད་དང་། རྙེད་དང་། བཙན་དང་། སྔོན་འདྲིས་པ་དང་། མཚན་ངན་དང་། གསང་འཛག་མ་ཡིན་ནོ། །བཀྲ་ཤིས་མཚན་ལྡན་རྡོ་རྗེའི་ཡུམ། །མིག་དཀྱུས་རིང་ལ་ལག་སོར་ཕྲ། །ཚིགས་མིག་ཟླུམ་ལ་ཕྲ་ཞིང་བཤད། །ཁ་ནས་ཨུཏྤལ་ངད་ལྡན་ཞིང་། །ལུས་ལ་ག་པུར་ཙནྡན་དྲི། །དྲི་ཞིམ་ངད་ལྡན་སྐེད་སྐབས་ཕྱེད། །སྐྲ་འཇམ་ནག་ལ་མཐོན་མཐིང་གཡས་སུ་འཁྱིལ། །སོ་དཀར་ཐགས་དམ་རྙིལ་ནི་དཀར་དམར་ཕྱེད། །མིག་གི་དཀྱུས་རིང་ཟར་མའི་མེ་ཏོག་འདྲ། །དཔྲལ་བའི་དབྱེས་ཆེ་སྐྲ་མཚམས་ཟླ་གམ་བཞིན། །སྣ་ཡི་ཐུར་མདོག་མེ་ཏོག་པདྨ་འདྲ། །ལུས་དྲང་སྐེད་རིང་བྱང་ཆུབ་སེམས་མའི་ཚུལ། །ནུ་མ་སྐྱེད་སྲ་ཤ་དཀར་ཚགས་སུ་དམ། །ཁོང་དལ་འགྲོ་ན་གོམ་པ་འཇབ་པ་བཞིན། །གྲགས་པའི་སྐད་ཀྱང་ངང་པ་གཞོན་ནུ་ལྟར། །སྙན་པར་སྨྲ་ཞིང་མཛེས་ཚུལ་སྟབས་དང་ལྡན། །བདུད་རྩིའི་ཡུམ་དུ་མངའ་གསོལ་ལོ། །བདུད་རྩིའི་ཀརྨ་རྒྱལ་ཐེབས་ཇི་ལྟ་བུ། །དཔེར་ན་རྒྱལ་པོའི་བཀའ་བློན་པོས་བསྲུངས་པ་དང་འདྲ་བར། དགོངས་སྤྱོད་ཀྱི་དོན་ལ་ཐ་མི་དད་པར་དེ་ཉིད་དང་མཚུངས་པ་ལ། གཞན་འདྲེན་པའི་ཐབས་ལ་མཁས་པ་དང་། སློབ་དཔོན་གྱི་སྐུ་བསྙེལ་བའི་ཐུན་སྤོ་བ་དང་། སྙོམས་པ་ལ་སོགས་པ་ལ་བར་མ་ཆད་པར་བསྒྲུབ་པར་བྱ་བ་དང་། སློབ་དཔོན་གྱི་ཞལ་ཚབ་ཏུ་གཞན་ལ་ཆོས་སྟོན་པ་ལ་མཁས་པའོ། །དགོངས་པའི་དོན་ལྡན་ཕྲིན་ལས་ཐབས་ལ་མཁས། །ལྟ་བའི་དོན་ལྡན་མན་ངག་གཏིང་ནས་འཆང་། །སྐུ་གསུང་ཐུགས་ཀྱི་ཕྲིན་ལས་རྫོགས་


DNG020_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

པར་མཛད། །གསང་སྔགས་བདུད་རྩིའི་དོན་མཆོག་ལྗགས་ལ་བཀྲམ། །གསང་བའི་དཀྱིལ་འཁོར་ཆེན་པོར་བཀའ་གསོལ་དང་། །རྒྱལ་ཐེབས་ཀརྨའི་དོན་རྣམས་བསྟན་པའོ། །བདུད་རྩིའི་ཡོ་བྱད་རྣམ་པ་ལྔ། །ཡོ་བྱད་རྣམ་པ་ལྔ་པོ་ལ། །ཐམས་ཅད་མ་རྫོགས་གང་ཡང་མེད། །བདུད་རྩི་ལས་རྒྱ་མཚོ་ལས། སྤྱོད་པ་རྒྱས་པའི་ལེའུ་སྟེ་ལྔ་པའོ།། །།བསྒྲུབ་པ་རྒྱ་མཚོ་ཇི་ལྟར་བསྒྲུབ་པ་ནི། བསྒྲུབ་པ་རྣམ་པ་ལྔ་ལ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམ་པ་ལྔ་ལས། དཀྱིལ་འཁོར་དང་། སྨན་དགོད་པ་དང་། མཚམས་གཅད་པ་དང་། བྱིན་གྱིས་བརླབ་པ་དང་། གཞུང་བསྲང་བ་དང་། ལྔ་ནི་ཡོན་ཏན་ནོ། །དམ་པ་རིགས་བརྒྱ་ནི་སྐུའི་བསྙེན་པའོ། །དེ་ཉིད་རིགས་ལྔ་ནི་གསུང་གི་བསྙེན་པའོ། །བཏག་བཙག་ནི་ཕྲིན་ལས་ཀྱི་བསྙེན་པའོ། །སྨན་དགོད་པ་ནི་ཡོན་ཏན་གྱི་བསྙེན་པའོ། །གསང་ཆེན་རིགས་གཅིག་ནི་ཐུགས་ཀྱི་བསྙེན་པའོ། །བསྒྲུབ་པ་རྣམ་པ་ལྔ་ལ་ཕུན་སུམ་ཚོགས་པ་ནི་བདུན། ལུང་ཆེན་པོ་གསུམ། ཏིང་ངེ་འཛིན་བཅུ་ཐམ་པ། སྐབས་སྦྱོར་ཆེན་པོ་བདུན།དྲོད་ཚད་གསུམ་གསལ་བཀྲའི་དཀྱིལ་འཁོར་དང་བདུན་ནོ། །ཕུན་སུམ་ཚོགས་པ་བདུན་ལ། དང་པོ་གནས་ཕུན་སུམ་ཚོགས་པ་ནི། ཏིང་འཛིན་མདངས་བཟང་ཉམས་དགའ་བ། །མེ་ཏོག་འབྲས་བུར་ལྡན་པའི་རི། །དགའ་ཞིང་ཡིད་དུ་འོང་བའི་གནས། །ཡིད་འོང་གནས་སུ་འདུག་ནས་སུ། །བྱིན་བརླབ་མཚམས་གཅད་བརྟན་བྱས་ནས། །ས་ནི་གཟུང་ཞིང་བྱིན་གྱིས་བརླབ། །དེ་དང་དེར་ནི་ས་སྦྱང་སྟེ། །ཆོས་ཉིད་གདལ་བའི་ནམ་མཁའ་ལ། །ཡེ་ཤེས་ལྔ་ཡི་འབྱུང་ཆེན་བརྩེག །ཀུན་གཞི་གདལ་བའི་ནམ་མཁའ་ལ། །བསྐྱེད་པའི་འབྱུང་ཆེན་རྣམ་ལྔ་བརྩེག །བྷྲཱུཾ་ལས་རིན་ཆེན་གཞལ་ཡས་ཁང་། །མཐའ་དང་དབུས་མེད་ཀུན་ཏུ་ཁྱབ། །ཏཱ་ལའི་སྐྱེ་ཤིང་ཙོང་ཙོང་དྲིལ། །ཟླ་གམ་དམར་པོ་དབང་གི་རྒྱ། །བྷྲཱུཾ་ཁ་ཏ་ལི་བྱི་བྷྲཱུཾ། གཞལ་ཡས་ཕུན་སུམ་ཚོགས་པའོ། །ཐིག་གི་ཡུལ་


DNG020_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

གཅད་སྐབས་དག་ཏུ། །རྒྱལ་བ་བཞུགས་པའི་ཕོ་བྲང་དེར། །དཀྱིལ་འཁོར་འདོམ་གང་གྲུ་བཞི་བྱ། །དྲི་སྣ་ལྔ་ཡི་མནྡྷལ་བྱ། །ཐིག་བཞི་བཏབ་པས་ལེའུ་ཚེ་དགུ། །དབུས་སུ་དཔག་བསམ་ཤིང་བུ་ལ། །ཕྱོགས་བཞི་མཚམས་བཞི་ཀ་བ་བརྒྱད། །ཤར་ཕྱོགས་མཎྜལ་བརྒྱད་པ་སྟེ། །ཞི་བ་ཆེན་པོ་རྡོ་རྗེའི་རིགས། །ལྷོ་རུ་རིན་ཆེན་ཟུར་བརྒྱད་བྲིས། །རྒྱས་པ་ཆེན་པོ་རིན་ཆེན་རིགས། །ནུབ་ཏུ་པདྨ་འདབ་བརྒྱད་བྲི། །དབང་མཆོག་ཆེན་པོ་པདྨའི་རིགས། །བྱང་དུ་འཁོར་ལོ་རྩིབས་བརྒྱད་བྲི། །ཕྲིན་ལས་ཆེན་པོ་ལས་ཀྱི་རིགས། །མཚམས་སུ་རིན་ཆེན་འབར་བའི་རིགས། །གྲྭ་བཞིའི་བར་དུ་བྲི་བར་བྱ། །དཀྱིལ་འཁོར་དགུ་པོ་གཞུང་བཞིན་བྲི། །དེ་ཡི་དབུས་སུ་བསམ་པ་ཡང་། །སྲིད་གསུམ་བྷན་དྷ་བཟང་རྐོང་ཡུག །ཡེ་ནས་མ་བཅོས་རང་བྱུང་སྣོད། །དཔལ་དང་ལྡན་པའི་སྣོད་གཞག་ལ། །དེ་ཡི་ནང་དུ་བླུག་པའི་སྨན། །ཡེ་ཤེས་རང་བྱུང་བདུད་རྩི་ལྔ། །དེ་ཡན་ཆད་ནི་གནས་ཕུན་སུམ་ཚོགས་པའོ། །ཡོ་བྱད་ཕུན་སུམ་ཚོགས་པ་ནི། །གསང་བའི་དོན་ལ་འཇུག་བྱའི་ཕྱིར། །གསང་བའི་ལས་ཀྱི་སྔོན་རོལ་དུ། །སྡིག་སྦྱང་བྱང་ཆུབ་སེམས་བསྐྱེད་དེ། །སྤང་སྐོང་བཀླག་ཅིང་ཆ་གསུམ་བཏང་། །བསྟན་པ་སྲུང་བའི་མགོན་པོ་ལ། །སྦྱིན་མཆོད་བསྲུང་བའི་ལས་ཆེན་བཅོལ། །གཞན་ཡང་ལས་ཀྱི་ཕྱི་རོལ་དུ། །མགོན་པོ་གནས་པའི་རྟེན་བཞིར་མངའ་གསོལ་ལོ། །རི་རབ་གླིང་བཞིའི་ཕྱོགས་ཕྱོགས་ནས། །རྡོ་རྗེ་གསང་བདག་དབང་གི་མཐུས། །འཇིག་རྟེན་སྐྱོང་བའི་ཐ་ཚིག་ཅན། །མཐུ་ཆེན་རྒྱལ་པོ་སྡེ་བཞི་རྣམས། །སོ་སོའི་བགེགས་རིགས་འདུལ་ལ་མཁས། །ཆོས་སྐྱོང་ལོངས་སྤྱོད་རྫོགས་པའི་སྐུ། །ཕྲིན་ལས་རྣམ་བཞི་མཐར་ཕྱིན་པས། །རིགས་བཞིའི་ཁ་དོག་སོ་སོར་གསལ། །རང་རྟགས་ལྷ་ཡི་ཕྱག་མཚན་ཐོགས། །དཀྱིལ་འཁོར་སྐྱོང་བའི་རྫུ་འཕྲུལ་ཅན། །བདག་ཅག་རྣལ་འབྱོར་རྩལ་འབྱོར་པས། །རང་རང་འཁོར་རྣམས་ཐུབ་པར་མཛོད། །བསྒྲུབ་པའི་རྩལ་ནི་མཐར་


DNG020_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུང་ཞིག །རྐྱེན་གྱི་བར་གཅོད་བསལ་བ་དང་། །གསང་བའི་མན་ངག་སྤྱད་པའི་ཕྱིར། །ཡ་མ་དམ་སྲི་གནན་པར་བྱ། །ལྷོ་ནུབ་ཏུ་ཡ་མ་དམ་སྲིའི་གཟུགས་བྲིས་ལ་མནན་ནོ། །དུར་ཁྲོད་ཆེན་པོའི་གནས་དག་ཏུ། །རྣལ་འབྱོར་གསང་བའི་མིག་གཅོར་ཞིང་། །དངོས་གྲུབ་ཆུ་ལ་རྡུལ་འཇུག་བཞིན། །ཁྲོ་མོ་མི་གཡོ་ཀུན་འདུས་ནས། །གསད་ཅིང་མནན་པའི་ལས་བྱས་ཏེ། །རི་རབ་ཆེན་པོའི་རྨང་དུ་མནན། །ཡ་མ་རཱ་ཛའི་ཟས་སུ་སྦྱིན། །ཆུ་སྲིན་འབར་བའི་ཁ་རུ་བཙང་། །འཁོར་ལོ་འབར་བའི་ཕྱག་རྒྱས་མནན། །བདུན་རྒྱུད་རིགས་ཀྱང་བརླག་འགྱུར་ནས། །ནམ་ཡང་གཏང་བར་མི་བྱ་སྟེ། །བྱང་ཆུབ་སེམས་ནི་སྐྱེས་ན་བཏང་། །ཨཱརྱ་ཨ་ཙ་ལ་བནྡྷ་བནྡྷ་ཧཱུཾ། དེ་ནས་སྒོ་བྱང་གདགས་ཏེ། གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་འབུར་རམ་འདྲ་འབག་གམ། རི་མོ་མ་ཧེ་ལ་བཅིབས་པར་བྱས་ལ་འདི་སྐད་བརྗོད་དོ། །གསང་ཆེན་ལྷུན་གྲུབ་ཕོ་བྲང་ནས། །ལས་ཀྱི་གཤིན་རྗེའི་བདག་པོ་ལ། །བཅོམ་ལྡན་ཆོས་རྗེས་བཀའ་སྩལ་ལྟར། །དེ་བཞིན་རིག་འཛིན་སྒྲུབ་པ་པོས། །བཀའ་གསང་གཞུང་ཆེན་འདི་བསྒྲུབ་ཅིང་། །ཡང་དག་དོན་ལ་ངེས་འཇུག་ན། །འདི་དག་ནོར་བུ་རིན་ཆེན་ཏེ། །འདི་ལ་སྟོད་ཅིང་བར་གཅོད་པ། །ལྷ་སྲིན་སྡེ་བརྒྱད་འབྱུང་པོ་ཀུན། །ཁྱོད་ཀྱི་འཁོར་དང་གཡོག་ཡིན་པས། །རྣམ་པར་སྨིན་པའི་ཆོས་ཤོད་ལ། །གསང་བ་མཆོག་གི་རྣལ་འབྱོར་པས། །བླ་མེད་འབྲས་བུ་མ་ཐོབ་པར། །ས་འདི་ཚུན་ཆད་མ་བཏང་ཞིག །དཔལ་ཆེན་མི་ཕམ་བཀའ་མ་འདའ། །བདག་ཅག་ཡེ་ནས་གཉིས་མེད་དོ། །དེ་ཙམ་དོན་གྱི་དབྱིངས་སུ་གཅིག །ཕྱི་འཁོར་སྐྱོང་བའི་མུ་རན་ལ། །རྡོ་རྗེའི་ཡལ་གམ་ཐོབ་པར་མཛོད། །བཛྲ་ཡ་མ་རཱ་ཛ་ས་མ་ཡ་སྟྭཾ། དེ་ནས་འབར་བའི་བལྟ་བས་དཀྱིལ་འཁོར་བསྐོར་ཞིང་འདི་སྐད་དོ། །ཧཱུཾ་སྟོང་གསུམ་སྟོང་གི་འཇིག་རྟེན་ན། །སྐྱེ་འགྲོ་རྩི་ཤིང་ནགས་ཚལ་དང་། །ཡོད་མཐོང་སྣང་གྲག་ཇི་སྙེད་པ། །ཁྲོ་མིག་འབར་བས་ཕྱིར་བལྟས་ཏེ། །འགྱིང་བག་ཚུལ་དུ་བརྗིད་པ་ཡིས། །འབར་བའི་རྡོ་རྗེ་སྦར་ནས་ནི། །ཀུན་ཀྱང་འབར་བ་


DNG020_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་འཐུང་སྟེ། །རྔམས་པ་གཏུམ་ཆེན་གཤེ་རྟག་འབར། །དུར་ཁྲོད་ཆེན་པོར་ལྷུན་གྱིས་གྲུབ། །རཀྴ་ཡཀྴ་ཧེ་རུ་ཀ །རཀྴ་ཀྲོ་དྷི་ཛྭ་ལ་ཁ། ཧ་ལ་ཧ་ལ་ཏིཥྛ་ཕཊ། ཁྲོ་བོ་རོལ་པའི་སྟངས་སྟབས་དང་། །མ་མོའི་རྔམས་ཚུལ་གྱིས་ཕྲ་མེན་ལྷག་མའི་དཀྱིལ་འཁོར་བསྐོར་ལ། ཧཱུཾ་འབར་བའི་ཕྱག་རྒྱ་ཆེན་པོ་ལས། །མིག་ལས་འབར་བའི་ཕྲེང་བ་འདིས། །དམིགས་པ་དངོས་སུ་སྦྱང་ནས་ནི། །འབར་བ་དྲག་པོའི་ཡི་གེ་ལས། །སྲེག་པའི་དཔལ་ཆེན་དགུ་རུ་གཏམས། །རྡོ་རྗེ་མེ་ཡི་རི་བོ་ལ། །ལྷུན་པོ་འབར་བའི་རྩེ་བརྒྱད་ལས། །འབར་བའི་རྩེ་བརྒྱད་བསྐྱིལ་ནས་ཀྱང་། །དཔལ་ཆེན་རྡོ་རྗེའི་བཀའ་སྡོད་ནས། །ཤིན་ཏུ་མི་བཟད་འབར་བ་ཡི། །གཏུམ་ཆེན་ཧ་ལ་རྔམས་པའི་གཟུགས། །ལྷ་ཆེན་ཁྱབ་འཇུག་པགས་བཤུས་ནས། །ཞིང་ཆེན་གཡང་གཞི་ན་བཟར་མནབས། །གཤིན་རྗེ་མ་ཏྲང་འབར་བའི་མེ། །རོ་དབྱུག་ཆེན་པོ་ལག་ན་འཕྱར། །ཕྲ་མེན་དགུ་ཁྲི་མང་པོ་དག །འབར་བའི་ཚོགས་ནི་འཐིབས་ཐག་ཆད། །གང་ལ་ཅི་འདུལ་དེར་སྟོན་པ། །ཙིཏྟ་འབར་བའི་མེ་ཕྲེང་གིས། །དོ་ཤལ་མགུར་ཆུ་ཕྲེང་བས་སྦྲེངས། །བསྐལ་པའི་མེ་དཔུང་འབར་བའི་ཀློང་། །སྲིད་པའི་རྩེ་མོར་འབར་ཞིང་འཕྲོ། །ནམ་མཁའི་ཁམས་ཀུན་མེ་དཔུང་གཏིབས། །རྡོ་རྗེ་འཁོར་ལོ་མེ་ལྕེ་འཐོར། །དུར་ཁྲོད་དགོན་པ་ས་ཕྱོགས་དག །མེ་ཡི་རི་བོ་འབར་བ་ལ། །མེ་ཡི་ཡི་དྭགས་མ་གཏོགས་པས། །གང་ཡང་གནས་པར་མི་ཕོད་དོ། །སྟེང་གི་མེ་ལྕེ་འབར་བ་ནི། །འོག་གི་ཕྱོགས་སུ་འཕྲོ་ཞིང་འཁྲུགས། །འོག་གི་མེ་ལྕེ་འབར་བ་ཡང་། །གྱེན་དུ་འཁྱིལ་ཞིང་སྟེང་དུ་ཐུལ། །འུར་ཆེམ་འུར་ཆེམ་འཐབ་ཅིང་འཁྲུག །དུར་ཁྲོད་མེ་ནི་སྨུག་ནག་འབར། །ཞེ་སྡང་འཇོམས་པས་མཐིང་ནག་འཚུབས། །ང་རྒྱལ་དྲེགས་པས་སེར་ནག་འབར། །འདོད་ཆགས་སྐེམ་པས་དམར་ནག་འཕྲོ། །ཕྲག་དོག་སྐེམ་པས་ལྗང་ནག་འཁྲུགས། །གཏི་མུག་སེལ་བས་སྨུག་ནག་འཁྱིལ། །འབར་ཆེན་རླུང་གི་འཁོར་ལོས་གཏམས། །


DNG020_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

ཛྭ་ལ་ཛྭ་ལ་མ་དྷ་ལ་ཧ་ལ་ཧ་ལ་རཾ།དེ་ནས་ཡོ་བྱད་ཆོ་ག་གསུམ་དུ་ཕྱེད། །གཅིག་ནི་དཀོན་མཆོག་ཕུད་དུ་སྤྱད། །གཉིས་པ་རྣལ་འབྱོར་པའི་ཚོགས་སུ་བསྔོ། །གསུམ་པ་འགྲོ་བ་ཡོངས་ལ་བསྔོ། །དཀོན་མཆོག་རྣལ་འབྱོར་གཉིས་པོ་ལ། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབ། །དབུས་ཀྱི་བདུད་རྩི་དྲི་ཆེན་ལ། །ཨོཾ་གྱི་འཕྲོ་འདུ་ཆེན་པོ་ལས། །ཞུ་ནས་ཕྱག་མཚན་འཁོར་ལོ་འབར། །དག་པས་བདུད་རྩི་ཆེན་པོར་ཞུ། །ཤར་གྱི་བྱང་ཆུབ་སེམས་ཆེན་ལས། །ཡི་གེ་ཧཱུཾ་གི་འཕྲོ་འདུ་ལས། །ཞུ་ནས་ཕྱག་མཚན་རྡོ་རྗེ་འབར། །བྱང་ཆུབ་སེམས་ནི་བདུད་རྩིར་ཞུ། །ལྷོ་ཡི་བདུད་རྩི་ཤ་ཆེན་ལས། །ཡི་གེ་སྭཱ་ཡི་འཕྲོ་འདུ་ལས། །ཞུ་ནས་ཕྱག་མཚན་རིན་ཆེན་འབར། །མཱཾ་ས་ཤ་ཆེན་བདུད་རྩིར་ཞུ། །ནུབ་ཀྱི་པདྨ་རཀྟ་ལས། །ཡི་གེ་ཨཱཾ་གྱི་འཕྲོ་འདུ་ལས། །ཞུ་ནས་ཕྱག་མཚན་པདྨ་འབར། །པདྨ་རཀྟ་ཐིག་ལེར་ཞུ། །བྱང་གི་བདུད་རྩི་དྲི་ཆུ་ལས། །ཡི་གེ་ཧཱ་ཡི་འཕྲོ་འདུ་ལས། །ཞུ་ནས་ཕྱག་མཚན་རྒྱ་གྲམ་འབར། །དག་པས་བདུད་རྩི་ཆེན་པོར་ཞུ། །བཛྲ་ལཱ་སྱེ་ཧཱུཾ། བཛྲ་མཱ་ལེ་ཏྲཱཾ། བཛྲ་གིརྟི་ཧྲཱྀཿ། བཛྲ་ནཱིརྟི་ཨཱཾ། རྡོ་རྗེ་བཀྲ་ཤིས་གཟུངས་མཆོག་འདྲེན་པའི་དཔལ། །རྡོ་རྗེ་ཅན་གྱི་བྱིན་སྟོབས་ཀྱིས། །སྐལ་ལྡན་ཅན་གྱི་ཟས་སུ་བྱ། །སྐལ་མེད་རྣམས་ཀྱི་དུག་ཏུ་འགྱུར། །དཔེར་ན་སྦྲུལ་ལ་འོ་མ་བཞིན། །ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི། སྨུག་ཟིལ་ལྷ་མོ་གཉེན་གསལ་མ། །རླན་རྣམས་བདུད་རྩིར་བསྒྱུར་མཛད་མ། །བདུད་རྩིའི་ཆུ་རྒྱུན་དངོས་གྲུབ་འཛིན། །རང་གཉེར་ལས་སྐལ་ཆུ་རྒྱུན་འབེབས། །ཤིང་གི་ལྷ་མོ་གདོང་བཞི་མ། །ཤིང་ལོ་འདབ་ལས་བདུད་རྩིར་བསྒྱུར། །འབྲུ་ཏོག་སྣ་ཚོགས་དངོས་གྲུབ་འཛིན། །རང་གཉེར་ལས་སྐལ་འབྲས་བུ་བསྐྱེད། །ལྷ་མོ་སྲ་བརྟན་དབང་བསྒྱུར་མ། །ཁུ་བ་བཅུད་ལས་བདུད་རྩིར་བསྒྱུར། །བདུད་རྩི་ཞུ་ཆེན་དངོས་གྲུབ་འཛིན། །རང་གཉེར་ལས་སྐལ་བརྟན་པར་བྱེད། །རྡོ་རྗེ་ལྷ་མོ་ཤེལ་མདོག་མ། །ཉི་ཟེར་བདུད་རྩི་བསྒྱུར་བྱེད་མ། །གསལ་བ་མདངས་ཀྱི་དངོས་


DNG020_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་འཛིན། །རང་གཉེར་ལས་སྐལ་གཟི་བྱིན་བསྐྱེད། །ལྷ་མོ་ཁྲོ་གཉེར་སྔོ་སངས་མ། །དུར་ཁྲོད་རྫས་ལ་བདུད་རྩིར་བསྒྱུར། །ཤ་ཆེན་སྣ་ཚོགས་དངོས་གྲུབ་འཛིན། །རང་གཉེར་ལས་སྐལ་བྱིན་འབེབས་མ། །རྩྭི་ཡི་ལྷ་མོ་ཚིམས་བྱེད་མ། །རྩྭི་ཏོག་བདུད་རྩིར་བསྒྱུར་བྱེད་མ། །རྩྭི་མཆོག་ཀུན་གྱི་དངོས་གྲུབ་འཛིན། །རང་གཉེར་ལས་སྐལ་ཚིམས་བྱེད་མ། །སྨན་གྱི་ལྷ་མོ་ནོར་གྱི་རྒྱུན། །དུག་རྣམས་བདུད་རྩིར་བསྒྱུར་མཛད་མ། །བདུད་རྩི་སྨན་གྱི་དངོས་གྲུབ་འཛིན། །རང་གཉེར་ལས་སྐལ་ནད་རྣམས་འཇོམས། །རིགས་ཀྱི་ལྷ་མོ་འདི་ཀུན་གྱིས། །ལོངས་སྤྱོད་བདུད་རྩིར་བྱིན་གྱིས་བརླབས། །རཏྣ་སཾ་བྷ་ཝ་ག་ག་ན་ཁཾ་སྭཱ་ཧཱ། ཡོ་བྱད་བྱིན་གྱིས་བརླབས་ནས། འཁོར་བྱིན་གྱིས་བརླབ་པའི་ཏིང་ངེ་འཛིན་ནི། དགེ་སློང་ཕ་དང་དགེ་སློང་མ་ཡེ་ནས་ལྷ་དང་ལྷ་མོར་བྱིན་གྱིས་བརླབས་ཏེ། སྤྱི་བོར་ཨོཾ་སེར་པོ། མགྲིན་པར་ཨཱཾ་དམར་པོ། སྙིང་གར་ཧཱུཾ་དཀར་པོ། ལྟེ་བར་སྭཱ་མཐིང་ག །རྐང་མཐིལ་དུ་ཧཱ་ལྗང་གུ། སྤྱི་བོར་ཟླ་བའི་དཀྱིལ་འཁོར་ལ། །ཨོཾ་ལྡན་འབར་བའི་ཚོགས་བཅས་བསྒོམ། །རྒྱས་བཏབ་བྱིན་བརླབས་དབང་བསྐུར་ནས། །རྣམ་པར་སྣང་མཛད་སྐུ་མཆོག་བསྒོམ། །སྙིང་གར་ཉི་མའི་དཀྱིལ་འཁོར་ལ། །ཧཱུཾ་ལྡན་འབར་བའི་ཚོགས་སུ་བསྒོམ། །རྒྱས་བཏབ་བྱིན་བརླབས་དབང་བསྐུར་ནས། །རྡོ་རྗེ་སེམས་དཔའི་སྐུ་མཆོག་བསྒོམ། །ལྟེ་བར་རིན་ཆེན་དཀྱིལ་འཁོར་ལ། །སྭཱ་ལྡན་འབར་བའི་ཚོགས་བཅས་བསྒོམ། །རྒྱས་བཏབ་བྱིན་བརླབས་དབང་བསྐུར་ནས། །རིན་ཆེན་འབྱུང་ལྡན་སྐུ་མཆོག་བསྒོམ། །ལྕེ་དབུས་པདྨའི་དཀྱིལ་འཁོར་དུ། །ཨཾ་ལྡན་འབར་བའི་དཀྱིལ་འཁོར་བསྒོམ། །རྒྱས་བཏབ་བྱིན་བརླབས་དབང་བསྐུར་ནས། །སྣང་བ་མཐའ་ཡས་སྐུ་མཆོག་བསྒོམ། །གསང་གནས་རྒྱ་གྲམ་དཀྱིལ་འཁོར་དུ། །ཧཱ་ལྡན་འབར་བའི་ཚོགས་བཅས་བསྒོམ། །རྒྱས་བཏབ་བྱིན་བརླབས་དབང་བསྐུར་ནས། །ལས་ཀྱི་སེམས་དཔའི་སྐུ་མཆོག་བསྒོམ། །འཁོར་ལོ་བྱིན་གྱིས་བརླབས་པའོ། །དེ་ནས་དུར་


DNG020_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོད་ཀྱི་ཆག་ཆག་གདབ་པ་འདི་སྐད་དོ། །བདུད་རྩི་དྲི་ཆེན་ཡེ་ཤེས་ལྔར་ལྡན་པས། །དེ་བཞིན་གཤེགས་པའི་གསང་མཆོག་བསྒྲུབ་པའི་ཕྱིར། །བཀའ་གསང་རྨད་དུ་བྱུང་བའི་དཀྱིལ་འཁོར་དུ། །དམ་རྫས་བདུད་རྩི་དྲི་ཆེན་ཆག་ཆག་འདེབས། །མ་ཧཱ་བ་སུ་ཏ་མ་དྷ་ལ་ཧཱུཾ། བཀའ་གསང་རྨད་དུ་བྱུང་བའི་དཀྱིལ་འཁོར་ཆེན་པོ་རུ། །དམ་རྫས་བདུད་རྩི་དྲི་ཆུ་འདིས། །ཡེ་ཤེས་རང་བྱུང་བསྒྲུབ་པའི་ཕྱིར། །གསང་བའི་དཀྱིལ་འཁོར་ཆག་ཆག་འདེབས། །མ་ཧཱ་ས་མ་ཡ་མཱ་མ་ཀཱི་ཀུ་རུ་མ་དྷ་ལ་ཧཱུཾ།བཀའ་གསང་རྨད་དུ་བྱུང་བའི་དཀྱིལ་འཁོར་ཆེན་པོ་རུ། །འཁོར་བའི་རྒྱུན་གཅོད་བྱང་ཆུབ་སེམས་ཀྱི་ངང་། །མཁའ་དབྱིངས་རྣམ་དག་ཡུམ་གྱི་གཞལ་ཡས་སུ། །རཀྟ་གསང་བའི་ཆག་ཆག་འདེབས། །མ་ཧཱ་རཀྟ་ཛྭ་ལ་ཧཱུཾ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །ཐུགས་རྗེ་རྨད་བྱུང་བསྒྲུབ་པའི་ཕྱིར། །དུར་ཁྲོད་བསྒྲལ་བའི་རྫས་མཆོག་ཤ་ཆེན་གྱིས། །གསང་བའི་དཀྱིལ་འཁོར་འདི་ལ་ཆག་ཆག་འདེབས། །མ་ཧཱ་མཱཾ་ས་མ་དྷ་ལ་ཧཱུཾ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །བདུད་རྩི་ཆེན་པོ་ཡེ་ཤེས་དྲི་ཆབ་འདིས། །གསང་བའི་དཀྱིལ་འཁོར་འདི་ལ་ཆག་ཆག་འདེབས། །ཛྙཱ་ན་མཎྜ་ལ་ཧཱུཾ། དུར་ཁྲོད་ཆེན་པོ་བདུད་རྩིའི་དཀྱིལ་འཁོར་དུ། །ཆགས་པ་རཀྟའི་ཆུས་བྱུགས་པས། །འཁོར་བ་དབང་སྡུད་ཁྲག་གི་གོ་མ་ཡེ། །ཙཀྲ་དྷ་ར་ཧྲཱྀཿ། དེ་ནས་ཐིག་གདབ་པ་ནི། རང་བཞིན་གྱི་ཐིག་དང་རྒྱུ་ཕྲེང་གི་ཐིག་གོ། །རྡོ་རྗེ་སེམས་དཔའ་བསྡུས་པ་ན། །རིན་ཆེན་རྡོ་རྗེ་བླ་ན་མེད། །རྡོ་རྗེ་ཆོས་ཀྱི་གླུ་བླངས་པས། །ལས་ཀྱི་རྡོ་རྗེ་བྱེད་འགྱུར་གྱི། །ལག་པའི་འཁོར་ལོའི་གཞལ་ཡས་སུ། །གསང་བའི་ཐིག་ལེའི་ངོ་བོ་ཉིད། །ཧཱུཾ་གི་ཕྱག་རྒྱའི་ཚོགས་བཅས་ལ། །ལས་ཀྱི་རྡོ་རྗེ་གསལ་འཕྲོ་ཐིམ། །ཁྱེད་ནི་རྡོ་རྗེ་ལས་ཡིན་གྱིས། །ལས་རྣམས་མ་ལུས་ཀུན་བྱོས་ཤིག །ཡུམ་གྱིས་ཐིག་སྙོད་ལ། བཀའ་དང་མཐུན་པའི་དགེ་གནས་སུ། །གསང་བའི་བདག་ཆེན་པདྨ་གར་གྱི་ཡུམ། །དུར་ཁྲོད་བདག་པོ་རཱུ་ཏྲའི་ཚོགས་བསྒྲལ་ཏེ། །རྒྱུ་ཕྲེང་ཆག་དང་བཅས་པའི་ཐིག་


DNG020_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས་ཀྱིས། །ཐབས་དང་ཤེས་རབ་འདུ་འབྲལ་མེད་པ་ཡིས། །ཆགས་པས་དབང་སྡུད་འཁོར་བ་ཟིལ་གྱིས་གནོན། །ཀུན་བཟང་ཡུམ་གྱི་མཁའ་ལ་ཐིག་འདེབས་སོ། །ཨེ་ཀ་ཛ་ཏི་རལ་གཅིག་མ། །གསང་བ་མཁའ་དབྱིངས་དག་པ་རུ། །གར་གྱི་དབང་ཕྱུག་བདེ་ཆེན་པོ། །བྱང་ཆུབ་སེམས་ཀྱི་ཐིག་གདབ་པས། །མ་ཧཱ་ཀྲོ་ཏཱི་ཤྭ་རཱི་དུར་ཁྲོད་གནས་ཉུལ་མ། །བྷ་ག་ཧྲི་ཏི་མཁའ་ལ་ཆར་འབེབས་མ། །ས་ནུ་བ་ག་ལོ་ཏོག་འབྲས་བུར་སྨིན། །མེ་ཟ་བྲག་གྱོན་རྒྱ་མཚོའི་གཏིང་ནས་རོལ། །ཡེ་ཤེས་ཆུ་རྒྱུན་བདུད་རྩི་ཆེན་པོ་འདིས། །གསང་བའི་དཀྱིལ་འཁོར་འདི་ལ་ཐིག་ཐོབ་དང་། །སྟོང་གསུམ་ཁྲག་གི་རྒྱ་མཚོ་ལས། །རཀྟ་དམར་གྱི་ཐིག་ལེ་དང་། །རཀྟ་དམར་གྱི་ཐིག་གདབ་པས། །ཁམས་གསུམ་མ་ལུས་དབང་དུ་སྡུད། །སྟོང་གསུམ་ཀེང་རུས་རི་རབ་ལས། །བྱང་ཆུབ་སེམས་ཀྱི་ཐིག་ལེའི་ངང་། །བྱང་ཆུབ་སེམས་ཀྱི་ཐིག་གདབ་པས། །མི་འགྱུར་ཡེ་ནས་རྡོ་རྗེའི་རིགས། །ཁམས་གསུམ་དུག་ལྔའི་དཀྱིལ་འཁོར་ལ། །བདུད་རྩི་རྣམ་ལྔའི་ཐིག་ལེ་གཅིག །བདུད་རྩི་རྣམ་ལྔའི་ཐིག་གདབ་པས། །དུག་ལྔ་ཡེ་ནས་ཡེ་ཤེས་ལྔ། །ཤར་གྱི་ཕྱོགས་ཀྱི་དཀྱིལ་འཁོར་དུ། །བདུད་རྩི་བྱང་སེམས་ཐིག་གདབ་པས། །རྡོ་རྗེའི་རིགས་སུ་ལྷུན་གྱིས་གྲུབ། །ལྷོ་ཡི་ཕྱོགས་ཀྱི་དཀྱིལ་འཁོར་དུ། །བདུད་རྩི་མཱཾ་སའི་ཐིག་གདབ་པས། །རིན་ཆེན་རིགས་སུ་ལྷུན་གྱིས་གྲུབ། །ནུབ་ཀྱི་ཕྱོགས་ཀྱི་དཀྱིལ་འཁོར་དུ། །པདྨ་རཀྟའི་ཐིག་གདབ་པས། །པདྨའི་རིགས་སུ་ལྷུན་གྱིས་གྲུབ། །བྱང་གི་ཕྱོགས་ཀྱི་དཀྱིལ་འཁོར་དུ། །བདུད་རྩི་དྲི་ཆུའི་ཐིག་གདབ་པས། །ལས་ཀྱི་རིགས་སུ་ལྷུན་གྱིས་གྲུབ། །དབུས་ཀྱི་ཕོ་བྲང་ཟླུམ་པོ་ལ། །བདུད་རྩི་དྲི་ཆེན་ཐིག་གདབ་པས། །ཕོ་བྲང་གཞལ་ཡས་ལྷུན་གྱིས་གྲུབ། །རྒྱལ་བ་རྣམས་ཀྱི་བཞུགས་གནས་རྟེན། །མ་ཏི་ཙཀྲ་ན་ཧཱུཾ། སྟ་ཤི་ཀྲ་མ་ཧཱུཾ། གནམ་ཐིག་རིན་པོ་ཆེའི་ཀ་གདུང་དུ་གྱུར་ལ། ས་ཐིག་རིན་པོ་ཆེའི་བརྩིགས་པར་བསྒོམ་མོ། །ས་ཚོན་དགྱེ་སྟེ་དཀར་སེར་


DNG020_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

དམར་ལྗང་མཐིང་ལ་སོགས། སོ་སོའི་མདོག་འདྲའི་རིགས་ཀྱི་དཀྱིལ་འཁོར་དུ། བདེར་གཤེགས་གདན་གྱི་ས་བོན་དགོད་ཅེས་བྱའོ། །དེ་ནས་བྷནྡྷ་ལྔ་དགོད་དེ། དབུས་སུ་བྷནྡྷ་སུལ་མེད་ཅེས་བྱ་དུམ་བུ་གཅིག་པ་དགོད། རུས་སྦལ་གྱི་ཐོད་པ་ཡོད་ན་བཟང་། དེ་ལ་ཨོཾ་ན་མསྶརྦ་ཏ་ཐཱ་ག་ཏ་སརྦ་པཉྩ་ཨ་མྲྀ་ཏ། ཤྲཱི་མ་ཧཱ་སུ་ཁ་ཧྲཱྀཿ། སྔགས་དེ་བྲིས་ལ་གཞག་གོ། །ཤར་དུ་བྷནྡྷ་སུལ་འགྲེངས་ཞེས་བྱ་སྟེ། ཚངས་པའི་སྐུད་པ་ཅན་དགོད། ལྷོར་བྷནྡྷ་སུལ་མང་ཞེས་བྱ་སྟེ། དཔག་བསམ་ཤིང་ལོ་ཅན་དགོད། ནུབ་ཏུ་སུལ་མང་ཟླ་གམ་ཅན་ཞེས་བྱ་སྟེ། གཤོང་བུ་ཏྲ་ལ་དགོད། བྱང་དུ་བྷནྡྷ་སུལ་རྒྱ་གྲམ་ཅན་ཞེས་བྱ་སྟེ། གཤོང་བུ་བཞི་པ་དགོད། དེ་ནས་བྷནྡྷའི་ནང་དུ་གཙོ་བོ་ལྔ་དགོད་དེ་དབུས་སུ་བྱང་ཆུབ་སེམས།ཤར་དུ་དྲི་ཆེན། ལྷོར་ཤ་ཆེན། ནུབ་ཏུ་རཀྟ། བྱང་དུ་དྲི་ཆུ། འབྲས་བུ་ལྔ་དགོད་པ་ནི། དབུས་སུ་ཨ་རུ་ཞེས་པ། ཨ་ཧོ་སུ་ཁ་ཞེས་བྱ་བ། གླང་པོ་ཆེ་ལ་སོགས་པ་རྨིག་པ་ཁ་བྲག་གི་ཤ་གཞག །ཤར་དུ་པ་ན་ས་ཞེས་བྱ་བ་སྟེ། སྟག་དང་སེང་གེ་ལ་སོགས་པ་སྡེར་ཆགས་ཐམས་ཅད་ཀྱི་ཤ་གཞག །ལྷོར་རྒུན་འབྲུམ་ཞེས་བྱ་སྟེ་རྟ་ལ་སོགས་པའི་རྨིག་ཟླུམ་ཐམས་ཅད་ཀྱི་ཤ་གཞག །ནུབ་ཏུ་ན་ལི་ཀེ་ར་ཞེས་བྱ་བ་སྟེ། རྨ་བྱ་དང་། རྒོད་དང་། ཁྱུང་དང་། རེ་དང་། གླག་ལ་སོགས་པ་གཤོག་ཅན་ཐམས་ཅད་ཀྱི་ཤ་གཞག །བྱང་དུ་སྨན་པའི་ཨ་འབྲས་ཞེས་བྱ་སྟེ། མི་དང་། ཤང་ཤང་ཏེའུ་ལ་སོགས་པ་གདོང་པ་ཅན་ཐམས་ཅད་ཀྱི་ཤ་གཞག །དེ་ནས་སྙིང་པོ་ལྔ་ལ་བྱང་ཆུབ་སེམས་སྦྱོང་བ་ཧཱུཾ་དཀར་པོ། ཤར་གྱི་བདུད་རྩི་སྦྱོང་བ་ཨོཾ་སེར་པོ། ལྷོའི་བདུད་རྩི་སྦྱོང་བ་སྭཱ་མཐིང་ག །ནུབ་ཀྱི་བདུད་རྩི་སྦྱོང་བ་ཨཱཾ་དམར་པོ། བྱང་གི་བདུད་རྩི་སྦྱོང་བ་ཧཱ་ལྗང་གུ། དེ་རྣམས་སྨན་ལྔ་དབུས་སུ། ཀ་ཀོ་ལ། ཤར་དུ་དུ་རུ་ཀ ལྷོར་ཛཱ་ཏི་ཕ་ལ། ནུབ་ཏུ་ཁར་དྲི་ཞིམ། བྱང་དུ་ལྕེ་པོག་དཀར་པོ། སྨན་ཉེ་བ་ལྔ་ལ། དབུས་སུ་ཨ་རུ་ར། ཤར་དུ་ག་པུར། ལྷོར་གུར་གུམ། ནུབ་ཏུ་རྩི་པོ་ཆེ། བྱང་


DNG020_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཕོ་ལུགས། སྨན་གཙོ་ལྔ་ལ། ཨ་འབྲས། རྒུན་འབྲུ། པ་ན་སེ། གེ་རྒྱས། ཨ་ག་རུ་དང་ལྔའོ། །འབྲས་བུའི་གཙོ་བོ་ལྔ་ལ། མི་སྡོམ་པ་དང་། རྟ་དཀར་པོ་དང་། གླང་པོ་ཆེ་དང་། ཁྱི་དཀར་པོ་དང་། ཤང་ཤང་ཏེའུ་དང་། དབང་པོ་ལྔ་ལ། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། སྙིང་དང་ལྔའོ། །ཕྲད་ལྔ་ལ། ཏྲག་རཀྴ། རྒུན་འབྲུ། ཀ་ཀོ་ལ། སུག་སྨེལ། བ་ལེ་ཀ་དང་ལྔའོ། །དྲིའི་རྒྱལ་པོ་ལྔ་ལ། ནཱ་ག་གེ་སར། ཤིང་ཚྭ། སུག་སྨེལ། གནྡྷ་པ་ཏཱ། ཙནྡན་དཀར་པོའོ། །དྲིའི་བློན་པོ་ལྔ་ལ། རྒྱ་སྤོས། ཛཱ་ཏི་ཕ་ལ། ག་པུར། ཙནྡན། ལི་ཤི་དང་ལྔའོ། །སྤོས་ལྔ་ལ། ཨ་ག་རུ། དུ་རུ་ཀ །པོག །སྦྲང་རྩི། ལྕེ་པོག་དང་ལྔའོ། །ནད་ལྔ་ལ་ཕན་པ་ནི། ཚ་བ་ཐམས་ཅད་བད་ཀན། ཁ་བ་ཐམས་ཅད་མཁྲིས་པ་ལ། སྐྱུར་བ་ཐམས་ཅད་འདུས་པ་ལ། ལན་ཚྭ་བ་ཐམས་ཅད་རླུང་ལ། ཐ་དད་པ་ཐམས་ཅད་འདུས་པ་ཆེན་པོ་ལ། སྐྱོབ་ལྔ་ལ་བྱང་ཆུབ་སེམས་ཀྱི་སྐྱོབ་ལ། ག་པུར། གྷི་ཧང་། ཙི་ཧང་། གདུང་ཤ་རི་རཾ། ཐལ་ཀར་རྡོ་རྗེ། ཉུང་དཀར། ཙ་ན་ཀ །ཤུག་ཀུ་བེ་ར་པྲ་མ་ལ ། གོ་རོ་ཙ་ན། བུད་མེད་ཀྱི་འོ་མ། རྐང་ཚིལ་བུ་གཞུངས་པ། ཁྱིའི་འོ་མ། འབྲིའི་འོ་མ།བའི་འོ་མ། རྟའི་འོ་མ། ཐར་ནུའི་འོ་མ། ཁུར་མངས་ཀྱི་འོ་མ། ཤ་རུའི་སྦྱིན། ཀུན་ལ་སྲང་རེ་ཡོད་པར་སྩལ། མིག་གི་མངོན་ཤེས་འཐོབ་པའོ། །དྲི་ཆེན་གྱི་སྐྱོབ་ལ། ཛཱ་ཏི་ཕ་ལ། ཀ་ཀོ་ལ། ཨ་རུ་ར། ཨ་འབྲས་ཤིང་ཚྭ། རྒྱ་སྤོས། སྦྲང་རྩི། མཁལ་མ་ཞོ་ཤ །སྙིང་ཞོ་ཤ །མཆིན་པ་ཞོ་ཤ །གླ་གོར་ཞོ་ཤ །ཨ་བུ་ཤིང་ཞོ་ཤ །འབྲས་བུ་ལྔ། བསྒྲལ་བའི་སྙིང་དང་ཀུན་ལ་ཆ་མཉམ་སྲང་རེའོ། །མངོན་པར་ཤེས་པ་ལྔ་ཡང་འགྲུབ་བོ། །མཱཾ་ས་ཤ་ཆེན་སྐྱོབ་ལ། སུག་སྨེལ། གནྡྷ་པ་ཏྲ། འབུ་ཤ །ལི་ཤི། སྣ་མའི་འབྲས་བུ། འབྲས་བུ་ལྔ། བསྒྲལ་བའི་རྣ་བ་དང་སྦྱར་ཏེ། ཀུན་ལ་ཆ་མཉམ་སྲང་རེའོ། །རྣ་བའི་


DNG020_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་ཤེས་པ་ཐོབ་པར་འགྱུར། རཀྟའི་སྐྱོབ་ལ། ཙནྡན་དམར་པོ་སྨུག་པོ། ནཱ་ག་གེ་སར།ནཱ་ག་པུས་པ། ལེང་ལེང་ཧ། ཁྲག་གི་ཉུང་མ། ཡབ་ཀྱི་སྣ་ཁྲག །འབྲས་བུ་ལྔ་བསྒྲལ་བའི་སྙིང་གི་རཀྟ། རྩ་བའི་རཀྟ་མུ་ལ་རཀྟ། ཙནྡན་དམར་པོ། འབྲས་བུ་ལྔ་བསྒྲལ་བའི་སྣ་ཀུན་ལ་ཆ་མཉམ་སྲང་རེའོ། །སྣའི་མངོན་ཤེས་འཐོབ་པར་འགྱུར། དྲི་ཆུའི་སྐྱོབ་ལྔ་ལ། ཨ་རུ་ར། ལི་ག་དུར་མེད་དུ་མི་རུང་། དུ་རུ་ཀ །ཀ་ཤོ་ཀ །ཤིང་ཏོག་རྒུན་འབྲུ། ཐང་བལ། ཤུ་མོ་ཟ། ཨ་ལྕེ་ཀ་ལ། ཁྱི་ལྕེ། བྱ་རོག་གི་ལྕེ། འུག་པའི་ལྕེ། ངང་པའི་ལྕེ། འབྲས་བུ་ལྔ་བསྒྲལ་བའི་ལྕེ།ཀུན་ལ་ཆ་མཉམ་སྲང་རེའོ། །ལྕེའི་མངོན་པར་ཤེས་པའོ། །གཞན་ཡང་ཁ་དོག་ལྔ། དཀར་བ་རྡོ་རྗེའི་རིགས། སེར་པོ་དེ་བཞིན་གཤེགས་པའི་རིགས། སྔོན་པོ་རིན་པོ་ཆེའི་རིགས། དམར་པོ་པདྨའི་རིགས། ཁ་དོག་སྣ་ཚོགས་པ་ལས་ཀྱི་རིགས། རོ་ལྔ་ལ་ཁ་བ་དེ་བཞིན་གཤེགས་པའི་རིགས། མངར་བ་རྡོ་རྗེའི་རིགས། ཚ་བ་པདྨའི་རིགས། རོ་ཐ་དད་པ་ལས་ཀྱི་རིགས། གནོད་སྦྱིན་ལག་བྱི་ཚེ་ལག །དབང་པོ་ལག་ར་སཱ་ཡ་ནའི་ལག །སོར་མོ་ལྔ་ཚང་བ་ནི་སྒྲུབ་པ་པོའི་ལག་པ་གདབ་བོ། །ཨ་རུ་ར། བ་རུ་ར། སྐྱུ་རུ་ར། ཉའི་མིག །སྦྲུལ་གྱི་མཁྲིས་པ། གུ་གུལ་ཐལ་ཆེན། སྤོས་ལྔ། པོག་ལྔ། སྙིང་པོ་ལྔ། རིན་པོ་ཆེ་ལྔ། སྨན་ལྔ། ཕབ་ལྔ་ལ། རྒྱ་ཕབ། མོན་ཕབ། བྱང་ཕབ། བོད་ཕབ། སྔོན་སྒྲུབ་པའི་ཕབ། ཆང་ལྔ་ལ། འབྲས་ཆང་། རྒུན་ཆང་། སྦྲང་ཆང་། ནས་ཆང་། ཏིལ་ཆང་། ཆུ་བརྒྱད་ལ། རྒྱ་མཚོའི་ཆུ། གཙང་བོའི་ཆུ། གངས་ཀྱི་ཆུ། ཀླུ་ཡོད་པའི་ཆུ། ཆུ་མིག་གི་ཆུ། ཁྲོན་པའི་ཆུ། སྟོན་ཟླ་ར་བའི་ཉ་ཆར་གྱི་ཆུ།གནམ་དར་ལྕགས་ཆུ་ཏིལ་སྣ་གསུམ། བདུད་རྩི་ལས་རྒྱ་མཚོ་ལས། བདུད་རྩི་རྣམ་པ་ལྔ་བསག་པའི་ལེའུ་སྟེ་དྲུག་པའོ།། །།འདིས་དཀྱིལ་འཁོར་དགོད་པར་བྱ་བ་རྣམ་པ་གཉིས་སུ་ཤེས་པར་བྱས་ཏེ། ཁྲོལ་བུ་དང་


DNG020_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་མ་གཉིས། ཁྲོལ་བུ་བསྒྲུབ་པ་ལ་རྣམ་པ་བཞི། ཡོན་ཏན་བརྗོད་ནས་སྨན་དགོད་པ་དང་། རྩ་བའི་ལྷ་དམ་པ་རིགས་བརྒྱ་དགོད་པའོ། །དབུས་ཀྱི་ཀ་བ་བརྒྱད་སྟེང་ན། །བྷནྡྷ་མེ་ལོང་བླངས་ནས་ནི། །ཤར་གྱི་ཕྱོགས་སུ་ཁ་བལྟས་ལ། །བྱང་ཆུབ་སེམས་ནི་ཡེ་ཤེས་རང་བཞིན་ཏེ། །དྲི་མེད་རང་བཞིན་ཆར་བཞིན་འབེབས་པ་ལས། །འགྲོ་བ་ཀུན་བསྐྱེད་ཡིད་བཞིན་ནོར་བུའི་ཚུལ། །གདོད་ནས་དག་པ་བདུད་རྩིའི་རང་བཞིན་ལ། །གཉིས་མེད་སྦྱོར་བས་བདུད་རྩིའི་རིགས་མཆོག་འགྲུབ། །མེ་ལོང་ལྟ་བུའི་ཡེ་ཤེས་དེ་ཉིད་ཡིན། །དབུས་ཀྱི་བྷནྡྷའི་ནང་དུ་ཤེལ་ཕོར་བཞག་ལ། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། གདུང་གོ་རོ་ཙ་ན་ལ་སོགས་ཏེ། དབུས་ཀྱི་སྣོད་དུ་བླུགས་ལ། གུ་ལ་ལག་གི་ཕྱག་རྒྱ་བཅས་ལ། དེའི་སྟེང་དུ་བཞག་ལ་སྔགས་འདི་བརྒྱ་རྩ་བརྒྱད་བཟླས་སོ། །ཨོཾ་ཨཱཿཧཱུཾ་བཛྲ་སཏྭ་ཧཱུཾ། སརྦ་ཨེ་ཤུདྡྷེ་ཨ་མྲྀ་ཏ་སུ་ཁ་མ་ཧཱ་ཡོ་ག་ཧཱུཾ། ཙིཏྟ་ཧཱུཾ་ཨོཾ་ཨཱཿཧཱུཾ་ཨཀྵོ་ཤོ་བྷྱ་དྭེ་ཥ་ར་ཏི་ས་མ་ཡ་སྟྭམ། ཞེས་བརྗོད་དབུས་སུ་གཞག་གོ། །བྱང་ཆུབ་སེམས་ཀྱི་བྷནྡྷའི་ནང་དུ་ཧཱུཾ་བསམས་ཏེ། ཕྱོགས་བཅུར་འཕྲོས་ཏེ་བབས་པས། སྲིད་པ་གསུམ་གྱི་བྱང་ཆུབ་སེམས་དང་། སྲོག་གི་ཟུངས་ཀྱི་བཅུད་དང་། རྩི་ཤིང་ནགས་ཚལ་གྱི་དྭངས་མ་ལ་ཕོག་པས་དབང་བསྐུར། སླར་ཡང་དེ་བཞིན་དུ་བསྡུས་པ་ནི། དཔེར་ན་བུང་བས་མེ་ཏོག་གཞིབ་པ་བཞིན། བྷནྡྷའི་ནང་དུ་བྱང་ཆུབ་སེམས་སུ་བསྡུས་ཤིང་། ཡང་བྱང་ཆུབ་སེམས་ཡུམ་གྱི་མཁའ་ནང་ནས་སླར་བླངས་ཏེ། དབུས་ཀྱི་བྷནྡྷའི་ནང་དུ་བསྡིམ་མོ། །སྣོད་ཀྱི་ནང་ནས་འོད་འཕྲོས་པས། འགྲོ་བའི་དོན་མཛད་སངས་རྒྱས་ཀྱི་མཛད་པ་བཅུ་གཉིས་མཛད་ནས། སླར་རྡོ་རྗེ་སེམས་དཔའི་སྐུ་ཚོན་གང་བར་གྱུར་ནས་དབུས་སུ་བཞུགས་སོ། །དེ་ནས་དྲི་ཆེན་གྱི་སྣོད་ཀྱི་སྟེང་དུ་ཨོཾ་སེར་པོ་བསམས་ཏེ། ཕྱོགས་བཅུར་འོད་དུ་འཕྲོས་པས་སྟོང་ཁམས་ཐམས་ཅད་ཁ་དོག་སེར་པོར་གྱུར། ཚེ་དང་ལུས་ཀྱི་དངོས་གྲུབ་ལ་དབང་བསྒྱུར་ཞིང་འདུས་པ་དང་། གསེར་


DNG020_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་འཁོར་ལོ་ཏིལ་འབྲུ་ཙམ་གྱིས་དབུས་ཀྱི་སྣོད་ལ་ཏིལ་གྱི་གོང་བུ་བཞིན་དུ་གང་བར་བསམ། དེ་ལྟར་གསལ་བ་ལས་གསེར་གྱི་འཁོར་ལོ་ལས་འོད་འཕྲོས་པ་ལས། འཇིག་རྟེན་ན་ཡོད་པའི་དྲི་ཆེན་དང་བདུད་རྩིའི་བཅུད་བསྡུས་ནས་རྣམ་པར་སྣང་མཛད་སྐུ་ཚོན་གང་བར་གྱུར་ཏེ་བཞུགས་སོ། །མཎྜལ་བརྒྱད་པའི་ཐོག་ནས་དྲི་ཆེན་གྱི་སྣོད་བླངས་ལ།སྒྲུབ་པ་པོ་ཀུན་ཁ་ཤར་དུ་བལྟས་ལ་དྲི་ཆེན་གྱིས་གཡབ་ཅིང་འདི་སྐད་དོ། །སྨད་པ་མི་གཙང་སྙིགས་མ་འདི། །རྟོགས་པ་དེ་ཉིད་སྙིགས་མ་ཡིན། །ཚེ་མཆོག་འཛིན་པའི་བདུད་རྩི་འདི། །གདོད་ནས་དག་པའི་རང་བཞིན་པས། །བདེ་གཤེགས་རིགས་ཀྱི་ཐུགས་དམ་ཉིད། །གཉིས་མེད་སྐུ་རུ་སྦྱོར་བས་ན། །ཆོས་དབྱིངས་ཡེ་ཤེས་དམ་ཚིག་འགྲུབ། །ལོངས་སྤྱོད་རྫོགས་སྐུ་རྣམ་སྣང་མཛད། །ཐམས་ཅད་དེ་བཞིན་གཤེགས་པར་གྱུར། །ཨོཾ་བཻ་རོ་ཙ་ན་མོ་ཧ་ར་ཏི་ས་མ་ཡ་སྟྭམ། མ་ཧཱ་ཡོ་ག་ཨ་དྷི་ཏིཥྛ། ས་ར་བ་ལ་ནི་ཏེ་ཨོཾ་ཨ་མྲྀ་ཏ་ཙིཏྟ་ཨ་དྷི་ཏིཥྛ་ཨོཾ། ཞེས་བརྗོད་དོ། །ཤར་གྱི་བྷནྡྷ་སུལ་འགྲེངས་ལ་བླ་མ་གྲུབ་པ་ཅན་གྱི་དྲི་ཆེན་དང་།དྲང་སྲོང་ཆེན་པོ་ལ་སོགས་པའི་དྲི་ཆེན་བརྒྱ་རྩ་བརྒྱད་ཚང་བར་དགོད་དོ། །དེ་ནས་ལྷོའི་བྷནྡྷའི་ནང་དུ་སྭཱ་སྔོན་པོ་བསམས་ཏེ། དེ་ལས་འོད་འཕྲོས་པས་སྟོང་ཁམས་ཁྱབ་པར་དོན་མཛད་ནས། སླར་འདུས་ཏེ་མཱཾ་སར་གྱུར་པ་དང་། མཱཾ་ས་ལས་འོད་འཕྲོས་པས། ཕྱོགས་བཅུར་ཁྱབ་ནས་འགྲོ་བའི་དོན་བྱས། མཛད་པ་བཅུ་གཉིས་རྫོགས་ནས། སླར་རིན་པོ་ཆེ་ཟུར་བརྒྱད་པ་ཚོན་གང་བས་ཏིལ་གྱི་གང་བུ་བཞིན་གང་ནས་བཞུགས་པ་ལ་འོད་དུ་འཕྲོས་པ་ལས་འགྲོ་བ་ཐམས་ཅད་ཀྱི་ཡུལ་དང་ཕུང་པོ་དང་། གནས་དང་གཟི་བརྗིད་དང་། རེག་བྱ་བསྡུས་ནས་རིན་ཆེན་འབྱུང་ལྡན་གྱི་སྐུ་ཚོན་གང་བར་གྱུར་ནས་ལྷོར་བཞུགས་སོ། །དེ་ནས་མཱཾ་སའི་སྣོད་བླངས་ལ་སྒྲུབ་པ་པོ་ཀུན་ཁ་ལྷོར་བལྟས་ལ་ཤ་ཆེན་གྱིས་གཡབ་ཅིང་འདི་སྐད་དོ། །སེམས་ཅན་རྣམས་ནི་གནས་ལ་ཆགས། །ནོར་བས་བདག་ཉིད་བཙང་བར་འཛིན། །དོན་གྱི་སུན་ནི་མ་བྱུང་ན། །


DNG020_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་ཐམས་ཅད་དང་བྲལ་བའི། །ཡི་དྭགས་སྐམ་ཐག་ཆད་པ་ཡང་། །བདག་ལུས་གཏོང་ནི་མི་ཕོད་ན། །ལྷ་ལ་སོགས་པའི་བསོད་ནམས་ཀྱིས། །ལུས་ཅན་རྣམས་ལྟ་ཅི་ཞིག་སྨོས། །དེ་བས་འདི་ཀུན་སུན་དབྱུང་ཕྱིར། །རང་བྱུང་བདུད་རྩི་བསྟན་པ་ཡིན། །ལྷས་ཀྱང་ལྷ་ཡི་བདུད་རྩི་བཟའ། །མི་ལ་སོགས་པས་དེ་བཞིན་དུ། །རྣལ་འབྱོར་པས་ཀྱང་སྤྱད་ཅིང་བཟའ། །འདི་ལྟར་བདག་གཞན་མི་འབྱེད་པས། །བླང་དོར་མེད་པར་གྲོལ་བར་གྱིས། །མཉམ་པ་ཉིད་ཀྱི་དོན་མཐོང་ན། །ཐམས་ཅད་མཉམ་ཉིད་ཡེ་ཤེས་སྐུ། །བདེ་གཤེགས་རིན་ཆེན་རིགས་མཆོག་འགྲུབ། །མཉམ་ཉིད་ཡེ་ཤེས་ཡིན་པར་བཤད། །ཨོཾ་ཨཱཿཧཱུཾ་མ་ཧཱ་མཱཾ་ས་མ་ཡ་ར་ཧོ་ཧཾ། རཏྣ་ར་ཏི་ས་མ་ཡཱ་སྟྭཾ། ཞེས་བརྗོད་པས། ལྷོ་ཕྱོགས་རིན་ཆེན་ཟུར་བརྒྱད་ཀྱི་ཐོག་ནས། བྷནྡྷ་སུལ་མང་དུ་འབྲས་བུ་ཆེན་པོ་ལྔ་བསྒྲལ་བའི་ཤ་ཆེན་བརྒྱ་རྩ་བརྒྱད་དགོད་དོ། །དེ་ནས་ནུབ་ཕྱོགས་ཀྱི་པདྨ་འདབ་བརྒྱད་ཀྱི་ཐོག་ནས་རཀྟའི་བྷནྡྷའི་ནང་དུ་ཨཱཿདམར་པོ་གཅིག་བསམས་ལ། ཨཱཿལས་འོད་འཕྲོས་སླར་འདུས་པ་ལས་པདྨ་རཀྟར་གྱུར།རཀྟ་ལས་འོད་དུ་འཕྲོས་ཏེ་སྟོང་ཁམས་ཁྱབ་པས་འཇིག་རྟེན་སྲིད་པའི་ངར་འཛིན་པ་རཀྟར་ཆགས་པ་རིལ་དབང་བསྐུར་ཏེ་སླར་འདུས་པ་ལས། པདྨ་རཀྟས་བསྡུས་པའི་སྣང་སྲིད་ཀྱི་བཀྲག་དང་གཟི་མདངས་ཀུན་བསྡུས་ནས། མཛད་པ་བཅུ་གཉིས་བྱས་ནས་སླར་འདུས་པ་དང་། སྣང་བ་མཐའ་ཡས་ཀྱི་སྐུ་ཚོན་གང་བ་འོད་དམར་པོ་འབར་ཞིང་ནུབ་ཏུ་བཞུགས་པར་བསམ་མོ། །རཀྟའི་སྣོད་བླངས་ལ་སྒྲུབ་པ་པོ་ཀུན་ཁ་ནུབ་ཏུ་བལྟས་ལ་རཀྟས་གཡབ་ཅིང་འདི་སྐད་དོ། །རཱ་ག་རཀྟ་པདྨ་འབྱུང་། །སྨད་པ་མི་གཙང་རྫས་འདི་དག །ཆགས་ཡུལ་བདེ་བའི་གནས་ཡིན་ནོ། །པདྨ་རིགས་ཀྱི་དམ་པ་འགྲུབ། །སོ་སོར་རྟོག་པའི་ཡེ་ཤེས་ཡིན། །ཞེས་བརྗོད་ཅིང་ནུབ་ཀྱི་ཕྱོགས་ཀྱི་སྣོད་བཞག་ལ། ཨོཾ་ཨཱཿཧཱུཾ་མ་ཧཱ་པདྨ་རཀྟ་མཱུ་ལ་ཨ་མྲྀ་དེ་བ་རཱ་ག་ར་ཏི་ས་མ་ཡ་ཧཱུཾ། ས་མ་ཡ་སྟྭམ། སུ་ལ་ཧོ་ཞེས་བརྗོད་དོ། །ནུབ་


DNG020_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བྷནྡྷ་སུ་ལ་ཟླ་ཁམ་དུ་མ་ཧཱ་རཀྟ་དང་། མཱུ་ལ་རཀྟ་དང་། པདྨ་རཀྟ་དང་།རཀྟ་བརྒྱ་རྩ་བརྒྱད་དགོད་དོ། །དེ་ནས་བྱང་ཕྱོགས་ཀྱི་འཁོར་ལོ་རྩིབས་བརྒྱད་སྟེང་ནས། དྲི་ཆུའི་བྷནྡྷ་ལ་ཧཱ་ལྗང་གུ་བསམ་ཞིང་། ཧཱ་ལས་འོད་འཕྲོས་སླར་འདུས་པ་ལས་དྲི་ཆུར་གྱུར། དྲི་ཆུ་ལས་འོད་འཕྲོས་པས་སྟོང་ཁམས་ཁྱབ་པར་དྲི་ཆུས་བཀྲུས་ཏེ། དབང་བསྐུར་ནས་སླར་འདུས་པ་དང་། རྡོ་རྗེ་རྒྱ་གྲམ་ལྗང་གུ་ཚོན་གང་བས་ཏིལ་གྱི་གང་བུ་བཞིན་གང་ངོ་། །དེ་ལས་འོད་འཕྲོས་པས་སྣང་སྲིད་ཀྱི་ཆུ་དང་། འགྲོ་བ་རིགས་དྲུག་རིལ་གྱི་ཆུ་བསྡུས་ནས་མཛད་པ་བཅུ་གཉིས་མཛད་དོ། །སླར་འདུས་པ་དང་དོན་ཡོད་གྲུབ་པའི་སྐུ་ཚོན་གང་བ་གཅིག་ཏུ་གྱུར་ནས། བྱང་ཕྱོགས་ཀྱི་སྣོད་དུ་བཞུགས་པར་བསམས་ལ། དེ་ནས་དྲི་ཆུའི་སྣོད་བླངས་སྒྲུབ་པ་པོ་ཀུན་ཁ་བྱང་ཕྱོགས་སུ་བལྟས་ལ་འདི་སྐད་དོ། །ཀུན་འབྱུང་ཟག་པ་ཀུངྐུ་མ། །རྡོ་རྗེ་དྲི་ཡི་ཆུ་ཡིན་ཏེ། །ཆུ་ལས་མ་བྱུང་གང་ཡང་མེད། །ལས་ཀྱི་རིགས་ཀྱི་དམ་ཚིག་དང་། །ནན་ཏན་ཡེ་ཤེས་མཆོག་ཀྱང་འགྲུབ། །ཨོཾ་ཨཱཿཧཱུཾ་སརྦ་ཁཾ་ཧཱུཾ་ཨ་མོ་གྷ་སིདྡྷི་བཛྲ་ར་ཏི་བཛྲ་ས་མ་ཡ་སྟྭཾ། ཞེས་བརྗོད་དེ་བྱང་ཕྱོགས་སུ་གཞག་གོ། །དེ་ནས་གྲ་བཞིར་ནོར་བུ་རིན་པོ་ཆེ་བཞིའི་ཐོག་ཏུ་གསེར་ཕོར་དངུལ་ཕོར་ཟངས་ཕོར་ལྕགས་ཕོར་དུང་ཕོར་བཀོད་ལ། སྒྲུབ་པ་པོ་ཀུན་ཐལ་མོ་སྦྱར་ལ།དབུས་ཀྱི་སྣོད་ཡབ་ཡུམ་གྱིས་བླངས་ལ་འདི་སྐད་དོ། །ཧཱུཾ་ཡེ་ཤེས་སྙིང་པོ་ཅན་རྣམས་ཀྱི། །སངས་རྒྱས་ཀུན་གྱི་ཆོས་ཉིད་འདི། །སྙིང་པོ་ཆོས་ཀྱི་དོན་ལས་བྱུང་། །བྱང་ཆུབ་སྤྱོད་པའི་གནས་འདི་ཡིན། །སྨད་པར་བྱ་བའི་རྫས་ལྔ་པོ། །ཀུན་ལ་ཡོན་ཏན་ལྔ་ལྔར་བཤད། །གཅིག་ལའང་ཡོན་ཏན་གསུམ་དུ་དབྱེ། །དམ་ཚིག་རྩ་བ་བཅོ་ལྔ་ཡིན། །ཡང་ན་ཉི་ཤུ་རྩ་བརྒྱད་དོ། །སྣོད་བཅུད་དབུས་སུ་བསྡུས་ནས་ནི། །བཅུ་དྲུག་པོར་ཡང་བསྟན་པར་བྱ། །ཐབས་དང་ཤེས་རབ་ལྡན་པ་ལྔ། །སེམས་དཔའ་སེམས་མའི་ཚོགས་སུ་བལྟ། །འདུས་བྱས་པ་ཡི་རྡོ་རྗེ་སྟེ། །དགོངས་པ་འདུས་པ་སེམས་དཔར་བཤད། །རྡོ་རྗེ་སེམས་དཔར་རབ་སྦྱངས་ནས། །རྡོ་རྗེ་སེམས་


DNG020_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་ཉིད་དུ་འགྱུར། །ཨོཾ་སརྦ་ཨ་མྲྀ་ཏ་སརྦ་ཨེ་ཧོ་ཤུདྡྷེ། སརྦ་སཏྭ་ས་མནྟ་སརྦ་པཉྩ་ཨ་མྲྀ་ཏ་ཀུཎྜ་ལི་ཐ། གཙོ་ལྔའི་སྐུལ་ཚིག་གོ། །ད་ནི་ཡན་ལག་དགོད་པར་བྱ་སྟེ། བྷནྡྷ་ལྔ་བཀོད་པའི་ཕྱི་རོལ་དུ། རིན་ཆེན་འབར་བའི་དཀྱིལ་འཁོར་ལ། །གསེར་ཕོར་དངུལ་ཕོར་དུང་ཕོར་ཤེལ་ཕོར་དུ། །འོ་མ་བླུགས་ལ་འདི་སྐད་དོ། །ཇི་ལྟར་འོ་མར་གྱུར་པ་ལ། །མཁས་ལྡན་ཆེན་པོས་རབ་སྦྱངས་ནས། །ཡོན་ཏན་ཞོ་དང་མར་ལྟར་སྣང་། །དེ་ནི་རྫས་ཀྱི་རྣམ་པ་ཀུན། །མཉམ་ཉིད་ཞོ་དང་མར་ལྟར་འགྲུབ། །ཤར་ལྷོ་མཚམས་སུ་དགོད། དེ་ནས་སྨན་སྣ་ཚོགས་ཤར་ལྷོ་མཚམས་སུ་དགོད་དེ་འདི་སྐད་དོ། །སྨན་གྱི་རྣམ་པ་ཐ་དད་པས། །སོ་སོའི་ཡོན་ཏན་ཆེར་སྣང་དེ། །རྩ་བ་བརྒྱད་དང་ཡན་ལག་སྟོང་། །སྡུག་བསྔལ་ནད་ཀྱི་གསོས་སུ་ཆེ། །བཞི་བརྒྱ་རྩ་བཞིའི་ནད་སེལ་ནི། །ལྷུན་གྱིས་གྲུབ་པས་བདུད་རྩིར་འགྱུར། །ཤར་ལྷོ་རིན་པོ་ཆེ་འབར་བའི་སྟེང་དུ་དགོད་དོ། །དེ་ནས་ལྷོ་ནུབ་མཚམས་སུ་རིན་པོ་ཆེ་སྣ་ཚོགས་དགོད། དཔེར་ན་གསེར་དང་རིན་ཆེན་ལྟར། །སོ་སོར་གནས་ཀྱང་རང་རང་གི། །ཁ་དོག་མཚན་ཉིད་སོ་སོར་གསལ། །རིན་ཆེན་ཡོན་ཏན་དེ་འདྲ་ཡང་། །བསྡུས་ན་ཡོན་ཏན་རྨད་དུ་འགྱུར། །དེ་བས་གཉིས་སྤྲས་མཛེས་པར་སྣང་། །དེ་བཞིན་རྫས་ཀྱི་རྣམ་པ་ཀུན། །རང་རང་ཡོན་ཏན་ཅིར་སྣང་ཡང་། །གཉིས་མེད་མཉམ་པར་སྦྱར་བས་ན། །བླ་མེད་ཡོན་ཏན་རྨད་དུ་འགྱུར། །ལྷོ་ནུབ་རིན་ཆེན་འབར་བའི་སྟེང་དུ་དགོད་དོ། །དེ་ནས་ནུབ་བྱང་མཚམས་སུ་འབྲུ་སྣ་ཚོགས་དགོད་པ་འདི་སྐད་དོ། །ས་གཞི་རིན་ཆེན་གཏེར་ལྡན་པས། །སྐྱེས་པའི་འབྲུ་མཆོག་དམ་པ་ལས། །བསྒྲུབས་ན་བདུད་རྩི་སྨན་དུ་འགྱུར། །ཞེས་ནུབ་བྱང་གི་རིན་པོ་ཆེ་འབར་བ་ལ་དགོད་དོ། །བྱང་ཤར་མཚམས་སུ་ཆུ་སྣ་ཚོགས་དགོད་པ་འདི་སྐད་དོ། །འབྱུང་བ་ལྔ་ཡི་བྱིན་རླབས་ལས། །ཆུ་རྣམས་སྣ་ཚོགས་ཐ་དད་ཀྱང་། །རྒྱ་མཚོར་ཕྱིན་ནས་ལན་ཚྭའི་རོ། །འབྱུང་བའི་ཁམས་རྣམས་ཐ་དད་ལ། །ཐམས་ཅད་


DNG020_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

དག་པས་ཆོས་ཀྱི་དབྱིངས། །དེ་བས་ཐམས་ཅད་བསྡུས་པའི་དཔལ། །རྒྱ་མཚོ་ཙམ་དུ་རླབས་ཆེ་ལ། །ཆོས་ཀྱི་དབྱིངས་སུ་རོ་གཅིག་གོ། །ཞེས་བྱང་ཤར་གྱི་རིན་པོ་ཆེ་ལ་དགོད། རྒྱ་མཚོའི་ཆུ་དང་གངས་ཀྱི་ཆུ་དང་ཅོང་ཟིའི་ཆུ་དང་བྲག་ཞུན་རྡོའི་ཆུ་ལ་སོགས་པ་བརྒྱ་རྩ་བརྒྱད་དགོད་དོ། །མཁྲིས་པ་མཐའ་དག་ཀྱང་དགོད་དོ། །དེ་ནི་སྨན་ཡོན་ཏན་དང་བཅས་པའོ། །འདི་ནས་མར་ལ་དཀྱིལ་འཁོར་གྱི་ལྷ་བརྒྱད་དགོད་དོ། །ཤར་གྱི་མཎྜལ་བརྒྱད་ལ། ཨཀྵོ་བྷྱ། བཻ་རོ་ཙ་ན། རཏྣ་སམྦྷ་ཝ། ཨ་མི་དྷི་བ། ཨ་མོ་གྷ་སིདྡྷི། དྷཱ་ཏྭཱི་ཤྭ་ར། བུཌྜྷ་ལོ་ཙ་ནི། མཱ་མ་ཀཱི། པཱཎྜ་ར་བ་ས་ན། ས་མ་ཡ་ཏཱ་རཱ། བཛྲ་སཏྭ་ཧཱུཾ། བཛྲ་རཱ་ཛ། བཛྲ་རཱ་ག །བཛྲ་སཱ་དྷུ། བཛྲ་རཏྣ། བཛྲ་སཱུརྱ། བཛྲ་ཀེ་ཏུ། བཛྲ་ཧ་ས། བཛྲ་དྷརྨ། བཛྲ་ཏཱིཀྵྞ། བཛྲ་ཙཀྲ། བཛྲ་བྷཱ་ཥ། བཛྲ་ཀརྨ། བཛྲ་རཀྵ། བཛྲ་ཡཀྵ། བཛྲ་མུཥྚི། ཤར་ཕྱོགས་ཀྱི་ལྷ་ཉི་ཤུ་ཉི་ཤུ་རྩ་དྲུག་རེ་འཇུག་པ་དཔྱད་རྩ་ལྔའོ། །སྭཱ་རཏྣ་དྷྲྀཀ །མཱཾ་མོ་ཧ་ར་ཏི། ཧཱུཾ་བཛྲ་དྷྲྀཀ །མུཾ་དྷཱ་ཏྭཱི་ཤྭ་རཱི། ཨྃ་ཛི་ན་ཛིཀ །ལཾ་དྭེ་ཥ་ར་ཏི། ཨཱཾ་ཨཱ་རོ་ལིཀ །པཱཾ་རཱ་ག་ར་ཏི། ཧཱ་པྲཛྙཱ་དྷྲྀཀ །ཏཱཾ་བཛྲ་ར་ཏི། རཏྣ་སཏྭ། རཏྣ་རཱ་ཛ། རཏྣ་རཱ་བ། རཏྣ་སཱ་དྷུ། རཏྣ་རཏྣ། རཏྣ་སཱུརྱ། རཏྣ་ཀེ་ཏུ། རཏྣ་ཧ་ས། རཏྣ་དྷརྨ།རཏྣ་ཏཱིཀྵྞ། རཏྣ་ཙཀྲ། རཏྣ་བྷཱ་ཥ། རཏྣ་ཀརྨ། རཏྣ་རཀྵ། རཏྣ་ཡཀྵ།རཏྣ་མུཥྚི། ལྷོའི་ལྷ་ཉི་ཤུ་རྩ་ལྔའོ། །ཨཱཾ་ཨཱ་རོ་ལིཀ །པཱཾ་རཱ་ག་ར་ཏི། ཧཱུཾ་བཛྲ་དྷྲྀཀ །མུཾ་དྷཱ་ཏྭཱི་ཤྭ་རཱི། སྭཱ་རཏྣ་དྷྲྀཀ །མཱཾ་མོ་ཧ་ར་ཏི། ཨོཾ་ཛི་ན་ཛིཀ །ལཾ་དྭེ་ཥ་ར་ཏི། ཧཱ་པྲཛྙཱ་དྷྲྀཀ །ཏཱཾ་བཛྲ་ར་ཏི། པདྨ་སཏྭ། པདྨ་རཱ་ཛ། པདྨ་རཱ་ག །པདྨ་སཱ་དྷུ། པདྨ་རཏྣ། པདྨ་སཱུརྱ། པདྨ་ཀེ་ཏུ། པདྨ་ཧ་ས། པདྨ་དྷརྨ། པདྨ་ཏཱིཀྵྞ། པདྨ་ཙཀྲ། པདྨ་བྷཱ་ཥ། པདྨ་ཀརྨ། པདྨ་རཀྵ། པདྨ་ཡཀྵ། པདྨ་མུཥྚི། ནུབ་ཀྱི་ལྷ་ཉི་ཤུ་རྩ་ལྔའོ། །ཧ་པྲཛྙཱ་དྷྲྀཀ །ཏཱཾ་བཛྲ་ར་ཏི། ཧཱུཾ་བཛྲ་དྷྲྀཀ །མཱུཾ་དྷཱ་ཏྭཱི་ཤྭ་རཱི། སྭཱ་རཏྣ་དྷྲྀཀ །མཱཾ་མོ་ཧ་ར་ཏི། ཨཱོཾ་ཨཱ་རོ་ལིཀ །པཱཾ་རཱ་ག་ར་ཏི། ཨོཾ་ཛི་ན་ཛིཀ །ལཾ་དཱེ་ཥ་ར་ཏི། ཀརྨ་སཏྭ། ཀརྨ་


DNG020_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

རཱ་ཛ། ཀརྨ་རཱ་ག །ཀརྨ་སཱ་དྷུ། ཀརྨ་རཏྣ། ཀརྨ་སཱུརྱ། ཀརྨ་ཀེ་ཏུ། ཀརྨ་ཧ་ས། ཀརྨ་དྷརྨཱ། ཀརྨ་ཏཱིཀྵྞ། ཀརྨ་ཙཀྲ། ཀརྨ་བྷཱ་ཥ། ཀརྨ་ཀརྨཱ། ཀརྨ་རཀྵ། ཀརྨ་ཡཀྵ། ཀརྨ་མུཥྚི། བྱང་གི་ལྷ་ཉི་ཤུ་རྩ་ལྔའོ། །ཤར་དུ་ཉི་ཤུ་རྩ་ལྔ་ཧཱུཾ་ལས་བསྐྱེད། །ལྷོ་ཡི་ཉི་ཤུ་རྩ་ལྔ་ཏྲཱཾ་ལས་བསྐྱེད། །ནུབ་ཀྱི་ཉི་ཤུ་རྩ་ལྔ་ཨཱཾ་ལས་བསྐྱེད། །བྱང་དུ་ཉི་ཤུ་རྩ་ལྔ་ཧཱ་ལས་བསྐྱེད། །སྤྱིར་དམ་པ་རིགས་བརྒྱ་སྐུའི་བསྙེན་པའོ། །དེ་ལྟར་ལྷ་བརྒྱ་བཀོད་ནས་ཚིག་ཏུ་འདི་སྐད་དོ། །རྣམ་པར་མི་རྟོག་ཆོས་ཀྱི་སྐུ། །ཞེ་སྡང་ལོངས་སྤྱོད་རྫོགས་པའི་སྐུ། །སྤྲུལ་སྐུས་ཅིར་ཡང་དོན་མཛད་པ། །རྡོ་རྗེ་སེམས་དཔའ་འཁོར་དང་བཅས། །དབུས་སུ་བྷནྡྷ་ཟླུམ་པོ་རུ། །བྱང་ཆུབ་སེམས་ལས་སྦྱར་བའི་སྨན། །རྡོ་རྗེ་རིགས་ཀྱི་ཐུགས་དམ་བསྐོང་། །སེམས་དཔའ་འཁོར་བཅས་གཤེགས་ནས་ཀྱང་། །བདུད་རྩི་འདི་ལ་བྱིན་གྱིས་རློབས། །ཨོཾ་ཨཱཿཧཱུཾ་ཨཀྵོ་བྷྱ་དྷཱ་ཏྭཱི་ཤྭ་རཱི་ས་མ་ཡ་སྟྭམ། ཞེས་བརྒྱ་རྩ་བརྒྱད་བཟླས་ལ་གཡབ། དེ་ནས་ལྷོ་ཡི་བྷནྡྷ་བླངས་ལ། ལྷོར་ཁ་བལྟས་ལ་འདི་སྐད་དོ། །རྣམ་པར་མི་རྟོག་ཆོས་ཀྱི་སྐུ། །ང་རྒྱལ་ལོངས་སྤྱོད་རྫོགས་པའི་སྐུ། །སྤྲུལ་སྐུས་ཅིར་ཡང་དོན་མཛད་པ། །རིན་ཆེན་སེམས་དཔའ་འཁོར་དང་བཅས། །ལྷོ་ཕྱོགས་བྷནྡྷ་སུལ་མང་དུ། །མཱཾ་ས་ལས་ནི་སྦྱར་བའི་སྨན། །རིན་ཆེན་རིགས་ཀྱི་ཐུགས་དམ་བསྐོང་། །འབྱུང་ལྡན་འཁོར་བཅས་གཤེགས་ནས་ཀྱང་། །བདུད་རྩི་འདི་ལ་བྱིན་གྱིས་རློབས། །ཨོཾ་ཨཱཿཧཱུཾ་སྭཱ་རཏྣ་དྷྲྀཀ །མཱཾ་མོ་ཧ་ར་ཏི་ས་མ་ཡ་སྟྭམ། ཞེས་བརྒྱ་རྩ་བརྒྱད་བཟླས་སོ། །ནུབ་ཀྱི་བྷནྡྷ་བླངས་ནས་འདི་སྐད་དོ། །རྣམ་པར་མི་རྟོག་ཆོས་ཀྱི་སྐུ། །འདོད་ཆགས་ལོངས་སྤྱོད་རྫོགས་པའི་སྐུ། །སྤྲུལ་སྐུས་ཅིར་ཡང་དོན་མཛད་པ། །སྣང་བ་མཐའ་ཡས་འཁོར་དང་བཅས། །ནུབ་ཕྱོགས་བྷནྡྷ་ཟླ་གམ་དུ། །རཀྟ་ལས་ནི་སྦྱར་བའི་སྨན། །པདྨ་རིགས་ཀྱི་ཐུགས་དམ་བསྐང་། །མཐའ་ཡས་འཁོར་བཅས་གཤེགས་ནས་ཀྱང་། །བདུད་རྩི་འདི་ལ་བྱིན་གྱིས་རློབས། །ཨོཾ་ཨཱཿཧཱུཾ་ཨཱཾ་ཨ་རོ་ལིཀ ། བྞུ ་


DNG020_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

རཱ་ག་ར་ཏི་ས་མ་ཡ་སྟྭམ། བརྒྱ་རྩ་བརྒྱད་བཟླས་སོ། །བྱང་གི་བྷནྡྷ་བླངས་ལ་འདི་སྐད་དོ། །རྣམ་པར་མི་རྟོག་ཆོས་ཀྱི་སྐུ། །ཕྲག་དོག་ལོངས་སྤྱོད་རྫོགས་པའི་སྐུ། །སྤྲུལ་སྐུས་ཅིར་ཡང་དོན་མཛད་པ། །དོན་ཡོད་གྲུབ་པ་འཁོར་དང་བཅས། །བྱང་ཕྱོགས་བྷནྡྷའི་གཞལ་ཡས་སུ། །དྲི་ཆུ་ལས་ནི་སྦྱར་བའི་སྨན། །ལས་ཀྱི་རིགས་ཀྱི་ཐུགས་དམ་བསྐང་། །དོན་གྲུབ་འཁོར་བཅས་གཤེགས་ནས་ཀྱང་། །བདུད་རྩི་འདི་ལ་བྱིན་གྱིས་རློབས། །ཨོཾ་ཨཱཿཧཱུཾ་ཧཱ་པྲཛྙཱ་དྷྲྀཀ །བཛྲ་ཀརྨ་ར་ཏི་ས་མ་ཡ་སྟྭམ། དེ་ནས་ཤར་གྱི་སྣོད་བླངས་ལ་འདི་ སྐད་དོ། །རྣམ་པར་མི་རྟོག་ཆོས་ཀྱི་སྐུ། །གཏི་མུག་ལོངས་སྤྱོད་རྫོགས་པའི་སྐུ། །སྤྲུལ་སྐུས་ཅིར་ཡང་དོན་མཛད་པ། །རྣམ་པར་སྣང་མཛད་འཁོར་དང་བཅས། །ཤར་ཕྱོགས་བྷནྡྷ་སུལ་མེད་དུ། །དྲི་ཆེན་ལས་ནི་སྦྱར་བའི་སྨན། །བདེ་གཤེགས་རིགས་ཀྱི་ཐུགས་དམ་བསྐང་། །སྣང་མཛད་འཁོར་བཅས་གཤེགས་ནས་ཀྱང་། །བདུད་རྩི་འདི་ལ་བྱིན་གྱིས་རློབས། །ཨོཾ་ཨཱཿཧཱུཾ་ཛི་ན་ཛིཀ །ལཱཾ་དྭེ་ཥ་ར་ཏི་ས་མ་ཡ་སྟྭམ། བརྒྱ་རྩ་བརྒྱད་བཟླས་སོ། །དང་པོར་བཞུགས་གྲལ་དགོད་གྲལ་དུ། །དུར་ཁྲོད་ཕོ་བྲང་ལྷུན་གྱིས་གྲུབ། །གསང་བའི་བཞུགས་གནས་དམ་པ་འདིར། །ཉི་ཟླ་པདྨའི་གདན་སྟེངས་སུ། །རྣལ་འབྱོར་དགེས་ཤིང་བཞུགས་སུ་གསོལ། །གསང་བའི་ལས་རྣམས་བྱ་བའི་ཕྱིར། །ཕྲིན་ལས་བརྒྱད་ཀྱིས་མཚམས་བཅད་དོ། །སློབ་དཔོན་མངའ་གསོལ་ལས་ཀ་བསྒོ། །གསར་དུ་འཇུག་པ་མཆིས་ན་ཡང་། །ཕྲིན་གཡོག་མནའ་དབང་བཤགས་པ་བགྱི། །དེ་ནི་བཀོད་པ་རྒྱན་གྱི་དཀྱིལ་འཁོར་རོ། །བདུད་རྩི་ལས་རྒྱ་མཚོ་ལས། ཡོན་ཏན་སྒྲུབ་པའི་ལེའུ་སྟེ་བདུན་པའོ།། །།ཡན་ལག་སྟོང་གི་སྨན་དགོད་པ། །འབྱུང་བ་ལྔ་ཡི་ཐུགས་རྗེ་ལས། །སྨན་ལྔ་བདུད་རྩིར་རྣམ་པར་དག །འགྲོ་བ་ཡོངས་ཀྱི་གསོས་མཛད་པར། །ཐུགས་རྗེ་ཆེན་པོར་བྱིན་གྱིས་བརླབས། །དངོས་མེད་དངོས་གྲུབ་བླང་ཕྱིར་དུ། །ཡེ་ཤེས་ལྔ་ཡི་རྫས་སུ་དགྲམ། །སྨན་གྱི་སྲུང་མས་རྟོག་བསལ་ཏེ། །སྲིད་གསུམ་ཡེ་ནས་བདུད་རྩི་ལྔ། །བྱང་ཆུབ་སེམས་


DNG020_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཀུན་ཏུ་དག །རྫོགས་པའི་ཡེ་ཤེས་བདེ་ཆེན་ཉིད། །མ་ལུས་མཐའ་དག་གྲུབ་པའི་རྒྱ། །ཡེ་ནས་བྱ་མེད་བྱ་མི་དགོས། །རྒྱུ་དང་འབྲས་བུ་འཁྲུལ་པའི་སྒྲ། །ར་སཱ་ཡ་ནའི་སྲུང་མ་རྣམས། །སུམ་ཅུ་རྩ་གསུམ་གནས་མཆོག་ནས། །ཚངས་པ་དུང་གི་ཐོར་ཚུགས་ཅན། །སྤྱན་གསུམ་སྲིད་པ་གསུམ་ལ་གཟིགས། །ཕྱག་བཞི་ཕྲེང་བ་གུནྡྷེ་སྦྱིན། །བདུད་རྩི་སྨན་ལས་དངོས་གྲུབ་ཐོབ། །བདུད་རྩི་འདི་ལ་བྱིན་གྱིས་རློབས། །ཚངས་པ་ཀུན་གྲོལ་ཆེན་པོ་ནི། །དཀར་པོ་དུང་མདོག་སྒྲ་ཡང་སྒྲོགས། །བདུད་རྩི་འདི་ལ་བྱིན་གྱིས་རློབས། །དྲང་སྲོང་ལྗང་སྔོན་རཱ་ཧུ་ལ། །ཙ་ར་ཀ་དང་ནབ་སོ་སྐྱེས། །གཟའ་དང་སྐར་མའི་རིག་འཛིན་ཡིན། །ཐ་སྐར་བུ་དང་ལྷ་སྐྱབས་ནི། །དྲི་ཟ་ལྷ་ཡི་རིག་འཛིན་ཡིན། །རྒྱུན་ཤེས་དང་ནི་གཡོན་ཕྱོགས་ལྷ། །ཆུ་ཡི་ལྷ་ཡི་རིག་འཛིན་ཡིན། །ཐང་ལ་སྐྱེས་དང་མེ་བཞིན་འཇུག །མེ་ཡི་ལྷ་ཡི་རིག་འཛིན་ཡིན། །རྐང་གཉིས་སྤྱོད་དང་ཀ་ཡ་ན། །དཀའ་ཐུབ་སྤྱོད་པའི་རིག་འཛིན་ཡིན། །ཤིང་ཁྱེར་དང་ནི་རིག་འཛིན་རྣམས། །བདུད་རྩི་སྨན་ལ་བྱིན་གྱིས་རློབས། །དགེ་བསྙེན་ལི་ཙཱ་དྲི་མ་མེད། །མི་ཡི་རིག་འཛིན་ཆེན་པོ་ཡིན། །ཀླུ་ཡི་རྒྱལ་པོ་འཇོག་པོ་ནི། །བྱོལ་སོང་རྣམས་ཀྱི་རིག་འཛིན་ཡིན། །ཤིང་གི་ལྷ་མོ་འོད་འཆང་མ། །སྨན་གྱི་ལྷ་མོ་ནོར་གྱི་རྒྱུན། །གྲུབ་པའི་ལྷ་མོ་བློ་གྲོས་མ། །རྩི་ཡི་ལྷ་མོ་ནད་སེལ་མ། །རིག་འཛིན་ལྷ་མོ་མཆེད་བཞི་ཡང་། །བདུད་རྩི་སྨན་ལ་བྱིན་གྱིས་རློབས། །ཕྱག་རྒྱ་བཞིའི་བདུད་རྩི་ལ་དགུག་ཅིང་སྤྱན་དྲང་ངོ་། །ཛཿཧཱུཾ་བཾ་ཧོཿ། ཨ་མྲྀ་ཏ་ཨཱ་བེ་ཤ་ཧོ། བྱས་ལ་སྤྱན་དྲང་ངོ་། །དེ་ནས་བྱིན་དབབ་པའི་སྔགས་ལ། ཨོཾ་མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་སུ་ཁ་ཧྲིཾ་ཕེཾ་ཕེཾ། ནམ་མཁའི་མཐའ་དང་མཉམ་པའི་དཀྱིལ་འཁོར་ནས། བྱ་བ་ཡང་བརྗོད། དེ་ནས་དམ་པ་རིགས་བརྒྱའི་བསྙེན་པས་སྦྱང་བར་བྱ་སྟེ། བདེ་བར་གཤེགས་པ་རེ་རེ་ལ་བསྙེན་པ་བརྒྱ་རྩ་བརྒྱད་བརྒྱད་ཕུལ་ནས། དེའི་འོད་ཟེར་འཕྲོ་འདུས་སྨན་ཐམས་ཅད་སྨན་གྱི་དངོས་པོ་དང་བྲལ་ནས་སྦྱང་བ་ནི།


DNG020_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པ་རིགས་བརྒྱའི་བསྙེན་པ་ཞེས་བྱའོ། །དེ་ནི་སྐུའི་བསྙེན་པའོ། །དེ་ནས་གསུང་གི་བསྙེན་པ་དེ་ཉིད་རིགས་ལྔའི་བསྙེན་པས་སྦྱངས་ཏེ། ཤར་གྱི་ལྷ་ཉི་ཤུ་རྩ་ལྔ་ཡང་མི་བསྐྱོད་པ་ལ་འདུས། ལྷོའི་ཉི་ཤུ་རྩ་ལྔ་རིན་ཆེན་འབྱུང་ལྡན་ལ་འདུས། ནུབ་ཀྱི་ཉི་ཤུ་རྩ་ལྔ་འོད་དཔག་མེད་ལ་འདུས། བྱང་གི་ཉི་ཤུ་རྩ་ལྔ་དོན་ཡོད་གྲུབ་པ་ལ་འདུས། སྤྱིར་ལྷ་བརྒྱ་ཐམ་པ་ལྔར་འདུས་པས། དེ་ཉིད་རིགས་ལྔའི་བསྙེན་པས་སྦྱང་བར་བྱ་སྟེ། དེ་ཡང་དབུས་ཀྱི་རྡོ་རྗེ་རིགས་ཀྱི་བདུད་རྩི་སྦྱང་བར་བྱ་སྟེ། འདི་སྐད་དོ། །དབུས་ཀྱི་བྷནྡྷའི་གཞལ་ཡས་སུ། །བྱང་ཆུབ་སེམས་ཀྱི་སྨན་སྦྱར་བས། །ཧཱུཾ་གི་འཕྲོ་འདུའི་སྦྱོར་བ་ལས། །ལྷག་མཐོང་ཆེན་པོའི་ཡེ་ཤེས་ཀྱིས། །ཞེ་སྡང་ཆེན་པོའི་བདུད་བཅོམ་ནས། །སླར་འདུས་བྷནྡྷའི་གཞལ་ཡས་སུ། །མི་བསྐྱོད་རྡོ་རྗེ་ཡབ་ཡུམ་བསྒོམ། །ཧཱུཾ་ཛྙཱ་ན་བཛྲ་སྭ་ར་ཎ་ཛཿ། ཞེས་འབུམ་བཟླས་པའི་དུས་སུ། དབུས་ཀྱི་བྷནྡྷ་ནས་བྱང་ཆུབ་སེམས་ལ་སོགས་ཏེ་རྡོ་རྗེ་རིགས་ཀྱི་བདུད་རྩི་ཐམས་ཅད་སྨན་གྱི་དངོས་པོ་དང་བྲལ་ནས། ཧཱུཾ་གི་ཚོགས་སུ་འཕྲོ་ཞིང་ནམ་མཁའ་གང་བའི་དུས་ན་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན་མ་རྟོགས་པའི་སེམས་ཅན་ཉོན་མོངས་ཞེ་སྡང་གི་དབང་གིས། འཁོར་བའི་མཐའ་ལ་ཞེན་པ་ཐམས་ཅད་སྟོངས་ཤིང་ཟད་པར་བསྒྲལ་ནས། སླར་དབུས་ཀྱི་བྷནྡྷ་ལ་ཆི་ལི་ལི་འདུས་པ་ལ། རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་ཕྱག་རྒྱར་སྲོག་ཟིན་པར་གྱུར་ཏོ། །དེས་ནི་ཉོན་མོངས་པ་ཞེ་སྡང་གི་བདུད་བཅོམ་ནས། ཐུགས་རྡོ་རྗེ་ལྟ་བུ་བྱང་ཆུབ་སེམས་ཀྱི་རྩི། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རྩིས་སླེབ་པས། འབྲས་བུ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་སྐུ་ཕྱག་རྒྱ་ཆེན་པོར་སྲོག་ཟིན་པར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པའི་རིགས་ཀྱི་བདུད་རྩི་སྦྱང་བར་བྱ་སྟེ། འདི་སྐད་དོ། །ཤར་གྱི་བྷནྡྷའི་གཞལ་ཡས་སུ། །དྲི་ཆེན་བདུད་རྩིའི་སྨན་སྦྱར་ཏེ། །ཨོཾ་གྱི་འཕྲོ་འདུ་གསལ་བ་ལས། །ཆོས་ཉིད་དག་པའི་ཡེ་ཤེས་ཀྱིས། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན། །གཏི་མུག་ཆེན་པོའི་


DNG020_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་གནས་པ། །སྟོངས་ཤིང་ཟད་པར་རབ་བསྒྲལ་ཏེ། །སླར་འདུས་བྷནྡྷའི་གཞལ་ཡས་སུ། །རྣམ་པར་སྣང་མཛད་ཡབ་ཡུམ་བསྒོམ། །ཨོཾ་ཛྙཱ་ན་བཛྲ་སྥ་ར་ཎ་ཛཿ། ཞེས་ཁྲི་དང་འབུམ་བཟླས་པའི་དུས་ན། ཤར་གྱི་བྷནྡྷའི་གཞལ་ཡས་སུ། བདུད་རྩི་དྲི་ཆེན་ལ་སོགས་པ་དང་དེ་བཞིན་གཤེགས་པའི་རིགས་ཀྱི་བདུད་རྩི་ཐམས་ཅད་ཀྱི་དངོས་པོ་དང་། མཚན་མ་དེ་དག་དང་བྲལ་ནས། ཡི་གེ་ཨོཾ་གྱི་ཚོགས་སུ་འཕྲོ་ཞིང་ནམ་མཁའ་གང་བའི་དུས་ན། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན་མ་རྟོགས་པའི་སེམས་ཅན་ཉོན་མོངས་པ་གཏི་མུག་གི་དབང་གིས་འཁོར་བའི་མཐའ་ལ་ཞེན་པ་ཐམས་ཅད་སྟོངས་ཤིང་ཟད་པར་བསྒྲལ་ནས། སླར་བྷནྡྷའི་གཞལ་ཡས་ཁང་དུ་འདུས་ནས། ཐམས་ཅད་ཨོཾ་གྱི་རང་བཞིན་དུ་གྱུར་ནས། སླར་ཆི་ལི་ལི་བྷནྡྷའི་ནང་དུ་འདུས་པ་ལས། རྣམ་པར་སྣང་མཛད་ཡབ་ཡུམ་གྱི་ཕྱག་རྒྱར་སྲོག་ཟིན་པར་གྱུར་ཏོ། །དེ་ནས་ལྷོའི་བྷནྡྷ་ནས་རིན་པོ་ཆེའི་རིགས་ཀྱི་སྨན་སྦྱར་བར་བྱ་སྟེ། འདི་སྐད་དོ། །ལྷོ་ཡི་བྷནྡྷའི་གཞལ་ཡས་སུ། །ཤ་ཆེན་བདུད་རྩིའི་སྨན་སྦྱར་བས། །སྭཱ་ཡི་འཕྲོ་འདུའི་སྦྱོར་བ་ལས། །མཉམ་ཉིད་ཆེན་པོའི་ཡེ་ཤེས་ཀྱིས། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན། །ང་རྒྱལ་ཆེན་པོའི་ལམ་གནས་པ། །སྟོངས་ཤིང་ཟད་པར་རབ་བསྒྲལ་ནས། །སླར་འདུས་བྷནྡྷའི་གཞལ་ཡས་སུ། །རིན་ཆེན་འབྱུང་ལྡན་ཡབ་ཡུམ་བསྒོམ། །སྭཱ་ཛྙཱ་ན་སྥ་ར་ཎ་ཛཿ། ཞེས་ཁྲི་དང་འབུམ་བཟླས་པའི་དུས་ན། ལྷོའི་བྷནྡྷའི་གཞལ་ཡས་ཁང་ན། ཤ་ཆེན་ལ་སོགས་ཏེ་རིན་པོ་ཆེའི་བདུད་རྩི་ཐམས་ཅད་སྨན་གྱི་དངོས་པོ་དང་བྲལ་ནས། ཡི་གེ་སྭཱའི་ཚོགས་སུ་འཕྲོ་ཞིང་ནམ་མཁའ་གང་བའི་དུས་ན། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན་མ་རྟོགས་པའི་སེམས་ཅན་ང་རྒྱལ་གྱི་དབང་གིས་འཁོར་བའི་མཐའ་ལ་ཞེན་པ་ཐམས་ཅད་ཟད་ཅིང་སྟོངས་པར་བསྒྲལ་ནས། སླར་ལྷོའི་བྷནྡྷར་ཆི་ལི་ལི་འདུས་པས། རིན་ཆེན་འབྱུང་ལྡན་ཡབ་ཡུམ་གྱི་ཕྱག་རྒྱར་སྲོག་ཟིན་པར་གྱུར་ཏོ། །ད་ནི་པདྨ་རིགས་ཀྱི་


DNG020_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་སྦྱང་བར་བྱ་སྟེ།འདི་སྐད་དོ། ནུབ་ཕྱོགས་བྷནྡྷའི་གཞལ་ཡས་སུ། །རཀྟའི་བདུད་རྩིའི་སྨན་སྦྱར་བས། །ཨཱཾ་གྱི་འཕྲོ་འདུའི་སྦྱོར་བ་ལས། །སོ་སོར་རྟོག་པའི་ཡེ་ཤེས་ཀྱིས། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན། །འདོད་ཆགས་ཆེན་པོའི་ལམ་གནས་པ། །སྟོངས་ཤིང་ཟད་པར་རབ་བསྒྲལ་ནས། །སླར་འདུས་བྷནྡྷའི་གཞལ་ཡས་སུ། །སྣང་བ་མཐའ་ཡས་ཡབ་ཡུམ་བསྒོམ། །ཞེས་དབྱངས་དང་སྐུལ་ཚིག་བརྗོད། །ཨཱཾ་ཛྙཱ་ན་བཛྲ་སྥ་ར་ཎ་ཛཿ། ཞེས་བཟླས་པའི་དུས་ན་ནུབ་ཕྱོགས་ཀྱི་བྷནྡྷའི་གཞལ་ཡས་ཁང་ན། པདྨ་རཀྟ་ལ་སོགས་ཏེ་པདྨ་རིགས་ཀྱི་བདུད་རྩི་ཐམས་ཅད་སྨན་གྱི་དངོས་པོ་དང་བྲལ་ནས། ཨཱཾ་གྱི་ཚོགས་སུ་འཕྲོ་ཞིང་ནམ་མཁའ་གང་བའི་དུས་ན། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན་མ་རྟོགས་པའི་སེམས་ཅན་ཉོན་མོངས་པ་འདོད་ཆགས་གྱི་དབང་གིས་འཁོར་བའི་མཐའ་ལ་ཞེན་པ་ཐམས་ཅད་སྟོངས་ཤིང་ཟད་པར་བསྒྲལ་ནས། སླར་ནུབ་ཀྱི་བྷནྡྷའི་གཞལ་ཡས་སུ་འདུས་པ་ལས། སྣང་བ་མཐའ་ཡས་ཡབ་ཡུམ་གྱི་ཕྱག་རྒྱར་སྲོག་ཟིན་པར་གྱུར་ཏོ། །དེ་ནས་ལས་ཀྱི་རིགས་ཀྱི་བདུད་རྩིར་སྦྱང་བར་བྱ་སྟེ། འདི་སྐད་དོ། །བྱང་ཕྱོགས་བྷནྡྷའི་གཞལ་ཡས་སུ། །དྲི་ཆུའི་བདུད་རྩིའི་སྨན་སྦྱར་བས། །ཧཱ་ཡི་འཕྲོ་འདུའི་སྦྱོར་བ་ལས། །བྱ་བ་ནན་ཏན་ཡེ་ཤེས་ཀྱིས། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན། །ཕྲག་དོག་ཆེན་པོའི་ལམ་གནས་པ། །སྟོངས་ཤིང་ཟད་པར་རབ་བསྒྲལ་ནས། །སླར་འདུས་བྷནྡྷའི་གཞལ་ཡས་སུ། །དོན་ཡོད་གྲུབ་པ་ཡབ་ཡུམ་བསྒོམ། །ཧཱ་ཛྙཱ་ན་བཛྲ་སྥ་ར་ཎ་ཛཿ། ཞེས་ཁྲི་འབུམ་བཟླས་པའི་དུས་ན། བྱང་གི་བྷནྡྷའི་གཞལ་ཡས་ཁང་ན་རྡོ་རྗེ་དྲི་ཆུ་ལ་སོགས་པ་ལས་ཀྱི་རིགས་ཀྱི་བདུད་རྩི་ཐམས་ཅད་སྨན་གྱི་དངོས་པོ་དང་བྲལ་ནས། ཡི་གེ་ཧཱའི་ཚོགས་སུ་འཕྲོ་ཞིང་ནམ་མཁའ་གང་བའི་དུས་ན། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན་མ་རྟོགས་པའི་སེམས་ཅན་ཉོན་མོངས་པ་ཕྲག་དོག་གི་དབང་གིས་འཁོར་བའི་མཐའ་ལ་ཞེན་པ་ཐམས་ཅད་ཟད་ཅིང་སྟོངས་པར་བསྒྲལ་ནས། སླར་ཆི་ལི་ལི་བྱང་གི་བྷནྡྷར་འདུས་པ་


DNG020_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

ལས། དོན་ཡོད་གྲུབ་པ་ཡབ་ཡུམ་གྱི་ཕྱག་རྒྱར་སྲོག་ཟིན་པར་གྱུར་ཏོ། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན་ཡང་མ་རྟོགས་པའི་སེམས་ཅན་འཁོར་བ་རྒྱུ་དང་འབྲས་བུར་བཅས་པ་ཉོན་མོངས་པ་ལྔའི་བདུད་ཀྱིས་ཟིན་པ། དུག་གསུམ་གྱི་ནད་ཀྱིས་གདུངས་པ། འཁོར་བ་ངན་སོང་གི་གནས་སུ་གཏན་ཤི་བ་ཐམས་ཅད་ལ་ཡེ་ཤེས་ཆེན་པོ་ལྔས་ནི་སྦྱངས་ལ། ཐུགས་རྗེ་བྱང་ཆུབ་ཀྱི་སེམས་ཀྱི་རྩིས་སླེབས། འབྲས་བུ་སྐུ་གསུང་ཐུགས་ཀྱི་སྲོག་འཛིན་མཛད་པའི་ཕྱིར་ན་བདུད་རྩི་སྟེ། བདུད་བཅོམ་རྩིར་གྱུར་འབྲས་བུ་སྐུ་གསུང་ཐུགས་ཞེས་བྱ་བའོ། །ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། ཛྙཱ་ན་བཛྲ་སྥ་ར་ཎ་ཛཿ། ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། བཛྲ་ཨ་མྲྀ་ཏ་ཧཱུཾ་ཧྲཱྀཿཐཿ། དེ་ཉིད་རིགས་ལྔའི་སྤྱི་སྔགས་སོ། །གསང་བ་མཆོག་གི་ལས་གཞུང་བསྲང་ལ། ལས་རྣམས་རྒྱས་འབྲིང་གང་མཛད་པའི་སྙིང་པོ་གདོན་ཏེ། ལྷ་བདུད་རྩིར་བསྒྱུར་བའི་སྔགས་ལ། ཨོཾ་ཨཱ་ཧཱུཾ་བཛྲ་སཏྭ་ཨ་མྲྀ་ཏ་ཀུཎྜ་ལི་ཧྲཱྀཿཐ། ཤར་ཕྱོགས་ནས་ཨོཾ་ཨཱཿཧཱུཾ་བཻ་རོ་ཙ་ན་ཡ་ཨ་མྲྀ་ཏ་ཀུཎྜ་ལི་ཧྲཱྀཿཐ། ལྷོ་ཕྱོགས་ནས། ཨོཾ་ཨཱཿཧཱུཾ་རཏྣ་སཏྭ་ཨ་མྲྀ་ཏ་ཀུཎྜ་ལི་ཧྲཱྀཿཐ། ནུབ་ཕྱོགས་ནས། ཨོཾ་ཨཿཧཱུཾ་པདྨ་སཏྭ་ཨ་མྲྀ་ཏ་ཀུཎྜ་ལི་ཧྲཱྀཿཐ། བྱང་ཕྱོགས་ནས། ཨོཾ་ཨཱཿཧཱུཾ་ཀརྨ་སཏྭ་ཨ་མྲྀ་ཏ་ཀུཎྜ་ལི་ཧྲཱྀཿཐ། ཡུམ་རྣམས་ཀྱི་གཡོན་ཕྱོགས་ནས། ཨོཾ་ཨཱཿཧཱུཾ་དྷཱ་ཏྭཱི་ཤྭ་རཱི་ཨ་མྲྀ་ཏ་ཀུཎྜ་ལི་ཧྲཱྀཿཐ། ཞེས་པ་ལ་སོགས་པ་སྟོང་སྟོང་ཐོན་པ་དང་། སྲིད་གསུམ་བྷནྡྷ་བཟང་འཁོར་ཡུག །འབྲུ་ལྔ་ཡེ་ཤེས་འཕྲོ་འདུ་ལས། །སྟོང་ཁམས་ཁྱབ་པར་དོན་བྱས་ནས། །བཅུད་ཀྱི་དམ་པ་ཀུན་བསྡུས་ནས། །གཉིས་མེད་ཡེ་ཤེས་ལྔར་སྦྱོར་ཞིང་། །དཀྱིལ་འཁོར་དམ་པ་རིགས་བརྒྱ་ཡང་། །དེ་ཉིད་རིགས་ལྔའི་སྐུ་རུ་འདུས། །དེ་ཉིད་རིག་པ་ལྷའི་དཀྱིལ་འཁོར་ཡང་། །གསང་ཆེན་རིགས་གཅིག་སྐུ་ལ་བསྡུ། །བྷནྡྷ་ལྔ་ནི་ཡུམ་ལྔར་འདུས། །ཡུམ་ལྔ་ཆོས་ཀྱི་དབྱིངས་སུ་འདུས། །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ར་སཱ་ཡ་ན་ཏན་གྷ་ཎ་གུ་ཧྱ་སིདྡྷི་ཧཱུཾ་ཧྲཱྀཿཐ། རྫོགས་ནས་དངོས་གྲུབ་རིམ་གྱིས་


DNG020_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

བླང་། བྷནྡྷ་ནི་སྤྲོས་པ་མེད་པ་ཡུམ་གྱི་བྷ་ག་པདྨའི་གཞལ་ཡས་ཁང་ན། བདུད་རྩིའི་བྱེ་བྲག་དངོས་པོ་དང་བྲལ་ནས།བྱང་ཆུབ་ཀྱི་སེམས་ཡེ་ཤེས་དཔའ་བོ་འབྲུ་ལྔར་གྱུར་ནས། ཕར་འཕྲོས་པས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན། ཉོན་མོངས་པ་ལྔ་ལ་ཞེན་པ་ཐམས་ཅད་སྟོངས་ཤིང་ཟད་པར་བསྒྲལ་ནས། སླར་འདུས་པ་ལས་ཡེ་ཤེས་ལྔ་རང་བཞིན་ལྷུན་གྱིས་གྲུབ་པར་བསྒོམ། དེ་ཉིད་རིགས་ལྔའི་བསྙེན་པ་གསུང་གི་བསྙེན་པའོ། །ཀུན་ཏུ་བཟང་པོ་ཐུགས་ཞི་བའི་བསྙེན་པའོ། །བདུད་རྩི་ལས་རྒྱ་མཚོ་ལས། བདུད་རྩི་ཁྲོལ་བུའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཁྲོལ་བུའི་དཀྱིལ་འཁོར་བསྡུས་ནས། ཙནྡན་དམར་པོའི་དྲི་ཆབ་ལ་ཁྲོ་མོ་དབྱིངས་ཕྱུག་མའི་སྔགས་ཀྱིས་གདབ། ཨོཾ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་སརྦ་དྲ་བྱཾ་ཧཱུཾ་ཐ།མཚན་མའི་རྣམ་རྟོག་བག་ཆགས་སྦྱང་། །བཏག་དང་བཙག་དང་གཞལ་བ་ལས། །ཤུན་ཆེན་གཞི་ནི་བཏིང་བ་ལ། །རཀྟའི་ཐིག་ལེ་བཅུ་བྲིས་ལ། །དར་དང་ཟ་འོག་ལྷོད་དུ་གདིང་། །ཉི་ཟླ་འབར་བའི་གཏན་པ་བཅུ། །ཁྲོ་མོ་བཅུ་ཡི་གཏུན་ཁུང་དུ། །ཁྲོ་བོ་བཅུ་ཡི་རྡོ་རྗེས་བརྡུང་། །སྒྲ་འབྱིན་མ་ཡི་གཏུན་ཁུང་དུ། །ཉོན་མོངས་ལྔ་ཡི་དུག་ཆེན་ལ། །སྟེང་ཕྱོགས་སྲུང་བའི་ཧཱུཾ་ཀཱ་རས། །ཡེ་ཤེས་ལྔ་ཡི་ཐོ་བས་བརྡུང་། །སྟོང་ཁམས་ཁྱབ་པར་དོན་བྱས་ཏེ། །བཅུད་ཀྱི་དམ་པ་ཀུན་བསྡུས་ནས། །འཆི་མེད་བདུད་རྩི་ཆེན་པོར་གྱུར། །དུས་གསུམ་རྒྱལ་བ་རྒྱ་མཚོས་གསོལ། །ཧཱུཾ་ཛྙཱ་ན་བཛྲ་བིནྡུ་ཛཿ། གརྫ་གརྫ་ཧཱུཾ། རྡོ་རྗེ་སྙེམས་མའི་གཏུན་ཁུང་དུ། །ཉོན་མོངས་ལྔ་ཡི་དུག་ཆེན་ལ། །ཤར་ཕྱོགས་སྲུང་བའི་རྣམ་རྒྱལ་གྱིས། །ཡེ་ཤེས་ལྔ་ཡི་ཐོ་བས་བརྡུང་། །སྟོང་ཁམས་ཁྱབ་པར་དོན་བྱས་ཏེ། །བཅུད་ཀྱི་དམ་པ་ཀུན་བསྡུས་ནས། །འཆི་མེད་བདུད་རྩི་ཆེན་པོར་གྱུར། །དུས་གསུམ་རྒྱལ་བ་རྒྱ་མཚོས་གསོལ། །ཧཱུཾ་ཛྙཱ་ན་བཛྲ་བིནྡུ་ཛཿ། ཧ་ན་ཧ་ན་ཧཱུཾ།དུར་ཁྲོད་བདག་མོའི་གཏུན་ཁུང་དུ། །ཉོན་མོངས་ལྔ་ཡི་དུག་ཆེན་ལ། །ལྷོ་ཕྱོགས་སྲུང་བའི་གཤེད་པོ་ཡིས། །ཡེ་ཤེས་ལྔ་ཡི་ཐོ་བས་བརྡུང་། །


DNG020_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་ཁམས་ཁྱབ་པར་དོན་བྱས་ཏེ། །བཅུད་ཀྱི་དམ་པ་ཀུན་བསྡུས་ནས། །འཆི་མེད་བདུད་རྩི་ཆེན་པོར་གྱུར། །དུས་གསུམ་རྒྱལ་བ་རྒྱ་མཚོས་གསོལ། །ཧཱུཾ་ཛྙཱ་ན་བིནྡུ་ཛཿ།པ་ཙ་པ་ཙ་ཧཱུཾ། རྡོ་རྗེ་གཏུམ་མོའི་གཏུན་ཁུང་དུ། །ཉོན་མོངས་ལྔ་ཡི་དུག་ཆེན་ལ། །ནུབ་ཕྱོགས་སྲུང་བའི་རྟ་མགྲིན་གྱིས། །ཡེ་ཤེས་ལྔ་ཡི་ཐོ་བས་བརྡུང་། །སྟོང་ཁམས་ཁྱབ་པར་དོན་བྱས་ནས། །བཅུད་ཀྱི་དམ་པ་ཀུན་བསྡུས་ཏེ། །འཆི་མེད་བདུད་རྩི་ཆེན་པོར་གྱུར། །དུས་གསུམ་རྒྱལ་བ་རྒྱ་མཚོས་གསོལ། །ཧཱུཾ་ཛྙཱ་ན་བིནྡུ་ཛཿ། ཧུ་ལུ་ཧུ་ཧཱུཾ། རླུང་འབྱིན་མ་ཡི་གཏུན་ཁུང་དུ། །ཉོན་མོངས་ལྔ་ཡི་དུག་ཆེན་ལ། །བྱང་སྲུང་བདུད་རྩི་འཁྱིལ་པ་ཡིས། །ཡེ་ཤེས་ལྔ་ཡི་ཐོ་བས་བརྡུང་། །སྟོང་ཁམས་ཁྱབ་པར་དོན་བྱས་ཏེ། །བཅུད་ཀྱི་དམ་པ་ཀུན་བསྡུས་ནས། །འཆི་མེད་བདུད་རྩི་ཆེན་པོར་གྱུར། །དུས་གསུམ་རྒྱལ་བ་རྒྱ་མཚོས་གསོལ། །ཧཱུཾ་ཛྙཱ་ན་བིནྡུ་ཛཿ། ཚིནྡྷ་ཚིནྡྷ་ཧཱུཾ་ཕཊ། རྡོ་རྗེ་སྡེར་མོའི་གཏུན་ཁུང་དུ། །ཉོན་མོངས་ལྔ་ཡི་དུག་ཆེན་ལ། །ཤར་ལྷོ་སྲུང་བའི་དབྱུག་སྔོན་གྱིས། །ཡེ་ཤེས་ལྔ་ཡི་ཐོ་བས་བརྡུང་། །སྟོང་ཁམས་ཁྱབ་པར་དོན་བྱས་ཏེ། །བཅུད་ཀྱི་དམ་པ་ཀུན་བསྡུས་ནས། །འཆི་མེད་བདུད་རྩི་ཆེན་པོར་གྱུར། །དུས་གསུམ་རྒྱལ་བ་རྒྱ་མཚོས་གསོལ། །ཧཱུཾ་ཛྙཱ་ན་བིནྡུ་ཛཿ། ཧ་ན་ཧ་ན་ཧཱུཾ། གཏུན་ཁུང་མ་ཡི་མཁའ་དབྱིངས་སུ། །ཉོན་མོངས་ལྔ་ཡི་དུག་ཆེན་ལ། །ལྷོ་ནུབ་སྲུང་བའི་མི་གཡོ་བས། །ཡེ་ཤེས་ལྔ་ཡི་ཐོ་བས་བརྡུང་། །སྟོང་ཁམས་ཁྱབ་པར་དོན་བྱས་ཏེ། །བཅུད་ཀྱི་དམ་པ་ཀུན་བསྡུས་ནས། །འཆི་མེད་བདུད་རྩི་ཆེན་པོར་གྱུར། །དུས་གསུམ་རྒྱལ་བ་རྒྱ་མཚོས་གསོལ། །ཧཱུཾ་ཛྙཱ་ན་བིནྡུ་ཛཿ། བནྡྷ་བནྡྷ་ཧཱུཾ། གསོད་བྱེད་མ་ཡི་གཏུན་ཁུང་དུ། །ཉོན་མོངས་ལྔ་ཡི་དུག་ཆེན་ལ། །ནུབ་བྱང་གཞན་གྱིས་མི་ཐུབ་པས། །ཡེ་ཤེས་ལྔ་ཡི་ཐོ་བས་བརྡུང་། །སྟོང་ཁམས་ཁྱབ་པར་དོན་བྱས་ཏེ། །བཅུད་ཀྱི་དམ་པ་ཀུན་བསྡུས་ནས། །འཆི་མེད་བདུད་རྩི་ཆེན་པོར་གྱུར། །དུས་གསུམ་རྒྱལ་བ་རྒྱ་མཚོས་


DNG020_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། །ཧཱུཾ་ཛྙཱ་ན་བིནྡུ་ཛཿ། ཏིཥྛ་ཏིཥྛ་ཧཱུཾ། མདའ་བསྙེམས་མ་ཡི་གཏུན་ཁུང་དུ། །ཉོན་མོངས་ལྔ་ཡི་དུག་ཆེན་ལ། །བྱང་ཤར་སྲུང་བའི་ཁམས་གསུམ་རྒྱལ། །ཡེ་ཤེས་ལྔ་ཡི་ཐོ་བས་བརྡུང་། །སྟོང་ཁམས་ཁྱབ་པར་དོན་བྱས་ཏེ། །བཅུད་ཀྱི་དམ་པ་ཀུན་བསྡུས་ནས། །འཆི་མེད་བདུད་རྩི་ཆེན་པོར་གྱུར། །དུས་གསུམ་རྒྱལ་བ་རྒྱ་མཚོས་གསོལ། །ཧཱུཾ་ཛྙཱ་ན་བིནྡུ་ཛཿ། བྷིནྡྷ་བྷིནྡྷ་ཧཱུཾ་ཕཊ། སྐུལ་བྱེད་མ་ཡི་གཏུན་ཁུང་དུ། །ཉོན་མོངས་ལྔ་ཡི་དུག་ཆེན་ལ། །འོག་ཕྱོགས་སྲུང་བའི་སྟོབས་པོ་ཆེས། །ཡེ་ཤེས་ལྔ་ཡི་ཐོ་བས་བརྡུང་། །སྟོང་ཁམས་ཁྱབ་པར་དོན་བྱས་ཏེ། །བཅུད་ཀྱི་དམ་པ་ཀུན་བསྡུས་ནས། །འཆི་མེད་བདུད་རྩི་ཆེན་པོར་སྦྱོར། །དུས་གསུམ་རྒྱལ་བ་རྒྱ་མཚོས་གསོལ། །ཧཱུཾ་ཛྙཱ་ན་བིནྡུ་ཛཿ། སྥོ་ཊ་སྥོ་ཊ་ཧཱུཾ། ཁྲོ་བོ་ཆེན་པོ་བཅུས་ཁྲོ་མོ་བཅུའི་བྷ་གར། བདུད་རྩི་འཆི་བ་མེད་པའི་བྱང་ཆུབ་སེམས་སུ་ལྷུན་གྱིས་གྲུབ་པར་བརྡུང་བར་བསམ་མོ། །ཆོས་ཀྱི་དབྱིངས་ཀྱི་གཏུན་ཁུང་ཆེན་པོ་རུ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཐོ་བས་བརྡུང་། །སྣོད་བཅུད་བདུད་རྩིའི་བྱེ་བྲག་སྣ་ཚོགས་ཀུན། །འབྲས་བུ་བྱང་ཆུབ་སེམས་སུ་རབ་ཏུ་སྦྱར། །ཧཱུཾ་ཛྙཱ་ན་བིནྡུ་ཞེས་རྟོག་པ་བསལ་ལོ། །བདུད་རྩི་ལས་རྒྱ་མཚོ་ལས། བདུད་རྩི་ཕྲིན་ལས་ཀྱི་སྒྲུབ་པ་བཏག་པའི་ལས་ཀྱི་ལེའུ་སྟེ་དགུ་པའོ།། །།དེ་ནས་བཙག་སྟེ་དར་ཚགས་དང་ལ་ཚགས་ཀྱིས། བཙག་སྟེ། བསེ་གཞོང་ངམ་ཟངས་གཞོང་ངམ། འཁར་གཞོང་དུ་ཡུམ་དང་ཐེ་ཚོམ་མེད་པའི་བྱ་རོག་མས་བཙག་དར་ཟབ་ཀྱིས་བརྒྱན་ལ་ཡབ་ཡུམ་ཐབས་དང་ཤེས་རབ་ཀྱིས་སྦལ་ཞིང་བཙག་གོ། །འདི་སྐད་དོ། །ཨེ་མ་ཧོ་ཀུན་ཏུ་བཟང་མོ་ཡི། །ཐུགས་ལས་བྱུང་བའི་གསང་ཆེན་འདི། །སྔོན་བྱུང་སངས་རྒྱས་ཐམས་ཅད་ཀྱིས། །བསྒྲུབས་པའི་འབྲས་བུར་བྱིན་བརླབས་དེ། །འབྲས་བུ་བདེ་ཆེན་བྱང་ཆུབ་སེམས། །ཡེ་ནས་གྲུབ་པའི་བདུད་རྩི་ར་སཱ་ཡན། །འཆི་མེད་བདུད་རྩིའི་རང་བཞིན་ཏེ། །རང་བྱུང་གདོད་


DNG020_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དག་པ་ཡི། །རྩ་བརྒྱད་སྟོང་ལས་སྦྱར་བའི་སྨན། །ར་སཱ་ཡ་ན་ལ་སོགས་རྫས། །རྩ་བ་འབུམ་ཕྲག་ཡངས་པའི་བཅུད། །གཉིས་མེད་བདེ་ཆེན་ལས་བྱུང་བ། །བྱང་ཆུབ་སེམས་ནི་རྡོ་རྗེ་སྟེ། །ཤ་ཆེན་མཆོད་པ་རིན་པོ་ཆེ། །པདྨ་མེ་ཏོག་ཡང་དག་ལྡན། །ཟས་མཆོག་ཚེ་ཡི་དྲི་ཆེན་པོ། །རྡོ་རྗེའི་ཆུ་སྟེ་བདུད་རྩིའི་མཆོག །ག་པུར་ཤེལ་གྱི་པོག་ཕོར་དྲི། །རིན་ཆེན་མེ་ལྟར་འབར་བའི་ཚོགས། །ཡོན་ཏན་འབུམ་ཕྲག་ཡངས་པའི་གཏེར། །རིག་འཛིན་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །རྒྱུད་དྲུག་སེམས་ཅན་ཀུན་སྒྲོལ་ཕྱིར། །དུག་ལྔ་སེལ་བའི་ཐབས་མཆོག་སྟེ། །ཐམས་ཅད་བདུད་རྩིའི་རྣལ་འབྱོར་གྱིས། །མ་ལུས་འདུས་པའི་ཐིག་ལེ་འདི། །སངས་རྒྱས་ཀུན་དང་མཉམ་སྦྱོར་ཕྱིར། །གཅིག་ཏུ་དཔའ་བོའི་རོ་རྣམས་དང་། །གཉིས་སུ་མེད་པར་མཉམ་སྦྱར་ནས། །དུས་གསུམ་རྒྱལ་བ་ཐམས་ཅད་དང་། །རྒྱལ་བ་རྒྱ་མཚོ་རྣམས་ལ་མཆོད། །ཐབས་དང་ཤེས་རབ་ལྡན་པ་ཡིས། །འཁྲུལ་པའི་བག་ཆགས་དག་བྱའི་ཕྱིར། །ཐབས་དང་ཤེས་རབ་འདྲེལ་བས་གཅིག །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཛྙཱ་ན་བཛྲ་སཾ་ཤོ་དྷ་ཡ་ཧཱུཾ་ཧྲིཿཐ། བཙག་པའི་སྔགས་སོ། །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་མུ་ས་ལ་མུ་ས་ལ། ཧ་ན་ཧ་ན་ཧཱུཾ་ཧྲིཿཐ། བསྲེ་ཞིང་སྦལ་བའི་སྔགས་སོ། །དེ་ནས་བཅལ་ཏེ། མི་བསྐྱོད་བྱང་ཆུབ་སེམས་ཉིད་བཅལ། །ལྷག་མཐོང་ཆེན་པོའི་དྲེ་ཡིས་བཅལ། །ཡོ་གལ་མེད་པའི་སྲང་ལ་བཅལ། །འགྱུར་བ་མེད་པའི་ཁལ་དུ་བླང་། །རྒྱལ་བ་རྒྱ་མཚོ་རྣམས་ཀྱིས་གསོལ། །ཛྙཱ་ན་བཛྲ་ཧོ་ས་མ་ཡ་ཧཱུཾ། རྣམ་པར་སྣང་མཛད་དྲི་ཆེན་འཇལ། །མེ་ལོང་ཡེ་ཤེས་དྲེ་ཡིས་འཇལ། །ཡོ་གལ་མེད་པའི་སྲང་ལ་འཇལ། །འགྱུར་བ་མེད་པའི་ཁལ་དུ་བླང་། །རྒྱལ་བ་རྒྱ་མཚོ་རྣམས་ཀྱིས་གསོལ། །ཛྙཱ་ན་བཛྲ་ཧོ་ས་མ་ཡ་ཧཱུཾ། རིན་ཆེན་འབྱུང་ལྡན་ཤ་ཆེན་འཇལ། །མཉམ་ཉིད་ཡེ་ཤེས་དྲེ་ཡིས་འཇལ། །ཡོ་གལ་མེད་པའི་སྲང་ལ་འཇལ། །འགྱུར་བ་མེད་པའི་ཁལ་དུ་བླང་། །རྒྱལ་བ་


DNG020_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མཚོ་རྣམས་ཀྱིས་གསོལ། །ཛྙཱ་ན་བཛྲ་ཧོ་ས་མ་ཡ་ཧཱུཾ། མཐའ་ཡས་པདྨ་རཀྟ་འཇལ། །སོ་སོར་རྟོག་པའི་དྲེ་ཡིས་འཇལ། །ཡོ་གལ་མེད་པའི་སྲང་ལ་འཇལ། །འགྱུར་བ་མེད་པའི་ཁལ་དུ་བླང་། །རྒྱལ་བ་རྒྱ་མཚོ་རྣམས་ཀྱིས་གསོལ། །ཛྙཱ་ན་བཛྲ་ཧོ་ས་མ་ཡ་ཧཱུཾ། དོན་ཡོད་གྲུབ་པ་དྲི་ཆུ་གུར་གུམ་འཇལ། །བྱ་བ་ནན་ཏན་དྲེ་ཡིས་འཇལ། །ཡོ་གལ་མེད་པའི་སྲང་ལ་འཇལ། །འགྱུར་བ་མེད་པའི་ཁལ་དུ་བླང་། །རྒྱལ་བ་རྒྱ་མཚོ་རྣམས་ཀྱིས་གསོལ། །ཛྙཱ་ན་བཛྲ་ཧོ་ས་མ་ཡ་ཧཱུཾ། སྐུ་གསུང་ཐུགས་ཀྱི་རྒྱ་ཡིས་གདབ། །གཅིག་པ་དཔལ་ཆེན་ཧེ་རུའི་རྒྱ། །གཉིས་པ་ཡབ་ཡུམ་གཉིས་མེད་རྒྱ། །གསུམ་པ་སྐུ་གསུང་ཐུགས་ཀྱི་རྒྱ། །བཞི་པ་ཡེ་ཤེས་བཞི་ཡི་རྒྱ། །ལྔ་པ་རིགས་ལྔ་ལྷ་ཡི་རྒྱ། །དྲུག་པ་ཐུབ་པ་དྲུག་གི་རྒྱ། །བདུན་པ་མ་མོ་བདུན་གྱི་རྒྱ། །བརྒྱད་པ་གཽ་རཱི་བརྒྱད་ཀྱི་རྒྱ། །དགུ་པ་ཧེ་རུ་ཀློང་དགུའི་རྒྱ། །བཅུ་པ་ཁྲོ་བོ་བཅུ་ཡི་རྒྱ། །གུ་ཧྱ་ལག་གི་ཕྱག་རྒྱས་གདབ། །རས་བལ་བ་སུ་ཏ་ཡི་གཟུངས་ཐག་གིས། །བྷནྡྷ་ཡས་ཕུབ་པ་ནི་གནམ་ཡིན་ཏེ། །མས་བཀབ་པ་ནི་ས་ཡིན་ལ། །ཁ་ཁྱེར་དུ་སྣང་བ་ནི་རི་རབ་ཡིན་ལ། དུམ་བུ་བཞིར་སྣང་བ་ནི་འཛམ་བུ་གླིང་བཞི་ཡིན་ལ། དུམ་བུ་གསུམ་དུ་སྣང་བ་ནི་སྲིད་པ་གསུམ་ཡིན། གཞལ་ཡས་ཁང་ནང་ན་བདུད་རྩི་རྣམ་པ་ལྔས་ཁེངས་པ་ནི། མུ་ཏིག་དཀར་པོ་དྲི་མ་མེད་པ་ལ་ལྷས་གནན་དུ་མེད་པ། མནན་པ་ཐམས་ཅད་བདུད་རྩིས་ཁེངས་པ། འདྲེས་བརྐུར་མེད་པ། བརྐུས་པ་ཐམས་ཅད་བདུད་རྩིས་ཁེངས་པ། དཔེར་ན་མཚོའི་ནང་ན་ཉ་སྦལ་བཞིན་ནོ། །གཟུངས་ཐག་གིས་ཕྱོགས་བཞི་ནས་བསྐོར་བ་ནི། དབུས་རྒྱ་མཚོ་ཆེན་པོ་ལས་ཆུ་བོ་ཆེན་པོ་བཞི་འབབ་པ། ཤར་སེང་གེའི་ཁ་ནས་འབབ་པ། ལྷོ་རྟ་སྔོན་གྱི་ཁ་ནས་འབབ་པ། ནུབ་རྨ་བྱའི་ཁ་ནས་འབབ་པ། བྱང་ཤང་ཤང་གི་ཁ་ནས་འབབ་པ། ཆུ་བོ་བཞི་འདོམ་ནས་དབུས་ཀྱི་ཕོ་བྲང་རྒྱ་མཚོ་ཆེན་པོ་ལས་འབབ་པ་ནི། གླང་པོ་ཆེའི་ཁ་ནས་འབབ་པ་དང་། གླང་པོ་ཆེའི་ཡ་རྐན་རྟ་མགྲིན། མ་རྐན་གསང་བའི་ཡུམ་བཞི། དེ་ཡབ་ཡུམ་ཐབས་


DNG020_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཤེས་རབ་ལས། ལྷག་པའི་བྱང་སེམས་དཀར་ལྷུད་ལྷུད་བྱུང་བར་བསྒོམ་མོ། །དེ་ཡན་ཆད་ཕྲིན་ལས་ཀྱི་སྒྲུབ་པའོ། །བདུད་རྩི་ལས་རྒྱ་མཚོ་ལས། ཁྲོ་བོ་སྟོབས་པོ་ཆེ་བཏག་བཙག་བཅལ་བའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་གནས་མཆོག་གསང་བ་རུ། །དཀྱིལ་འཁོར་ལྔ་པོ་རིམ་པར་བྲི། །དབུས་སུ་འཁོར་ལོ་རྩིབས་བརྒྱད་བྲི། །ཕྱི་རིམ་པདྨ་འདབ་མ་བརྒྱད། །དེའི་ཕྱི་རིམ་རིན་པོ་ཆེ་ཟུར་བརྒྱད། །དེའི་ཕྱི་རིམ་ཀ་བ་མཆོག་བརྒྱད། །དེ་ཡི་ཕྱི་རིམ་མཎྜལ་བྲི། །གྲུ་ཆད་སྒོ་ཁྱམས་རྫོགས་པར་བྲི། །དར་གྱི་ཁང་བུ་བཀླུབས་པས་བརྒྱན། །མེ་ཏོག་ཕྲེང་བས་ཕྱོགས་བཞིར་བསྐོར། །བདུད་རྩིའི་ཕོ་བྲང་བཞེངས་སུ་གསོལ། །ཕྲིན་ལས་དབང་རྣམས་རིམ་པར་བསྐུར། །བྱིན་ཆེན་དབབ་ཅིང་ཡོན་ཏན་བརྗོད། །དགུ་པའི་སྔགས་ཀྱིས་གདབ་པ་ནི། །ཕྱི་ནང་གསང་བ་གསུམ་གྱི་སྔགས། །སརྦ་པཉྩ་ཨ་མྲྀ་ཏ་ཀུཎྜ་ལི་ཐ། སར་ནི་ས་ཡི་སྙིང་པོའི་དོན། །ཝ་ནི་ནམ་མཁའི་སྙིང་པོའི་དོན། །པཉ་ནི་སྒྲིབ་པ་རྣམ་པར་སེལ། །ཙ་ནི་བྱམས་པ་མཻ་ཏྲི་ཡིན། །ཨ་ནི་ཀུན་ཏུ་བཟང་པོའོ། །མྲྀ་ནི་འཇམ་དཔལ་གཞོན་ནུའོ། །ཏ་ནི་སྤྱན་རས་གཟིགས་དབང་ངོ་། །ཀུཎྜ་སངས་རྒྱས་ཀུན་ཏུ་བཟང་། །ལི་ནི་ཕྱག་ན་རྡོ་རྗེ་སྟེ། །ཐ་ནི་སྤྱན་རས་གཟིགས་དབང་ངོ་། །གཙོ་བོ་ཀུན་བཟང་རབ་ཏུ་གསུངས། །ཕྱི་ཡི་དགུ་པའི་སྔགས་ཞེས་བྱ། །ནང་དུ་འཇམ་དཔལ་གཤིན་རྗེ་གཤེད། །སྤྱན་རས་གཟིགས་དང་རྟ་མགྲིན་རྒྱལ། །ཕྱག་ན་རྡོ་རྗེ་བདུད་རྩི་འཁྱིལ། །ཀུན་ཏུ་བཟང་པོ་དབྱུག་པ་སྔོན། །ས་ཡི་སྙིང་པོ་རྣམ་པར་རྒྱལ། །སྒྲིབ་པ་རྣམ་སེལ་སྟོབས་པོ་ཆེ། །བྱམས་པ་མཻ་ཏྲི་མི་གཡོ་མགོན། །ནམ་མཁའི་སྙིང་པོ་ཊ་ཀི་རཱ་ཛ། །ཆེ་མཆོག་ཧེ་རུ་ཀ་དང་དགུའོ། །ནང་གི་དགུ་པ་ཞེས་དེ་ལ་བྱའོ། །གསང་བའི་དགུ་པ་ནི། སར་ནི་ས་ཡི་རང་བཞིན་ནོ། །ཝ་ནི་ཆུ་ཡི་རང་བཞིན་ནོ། །པཉ་ནི་རླུང་གི་རང་བཞིན་ནོ། །ཙ་ནི་མེ་ཡི་རང་བཞིན་ནོ། །ཨ་ནི་ནམ་མཁའི་རང་བཞིན་ནོ། །མྲྀ་


DNG020_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་ཆེན་པོ། ཏ་དམ་ཚིག་ཆེན་པོ། ཀུཎྜ་ལི་ནི་འཁྱིལ་པ། ཐ་ནི་སྲེག་དང་འཇོམས་པའོ། །གསང་བའི་སྔགས་ནི་རྣམ་པ་དགུ། །དགུ་པ་ཞེས་ནི་དེ་ལ་བྱ། །ལེ་ལོ་མེད་པའི་བརྩོན་འགྲུས་ཀྱིས། །བར་ཆད་མེད་པའི་འཕྲོ་འདུ་བཟླས། །དེ་ཡང་འཕྲོ་འདུ་བྱ་བའི་ཐབས་ནི། ཏིང་འཛིན་རྣམ་གསུམ་རིམ་བཞིན་བསྒོམ། །རྒྱུ་ཡི་ཏིང་འཛིན་འབྲས་བུ་ལས། །དེ་ཉིད་བྱང་ཆུབ་སེམས་སུ་གྱུར། །འབྱུང་བ་ལྔ་ཡུམ་དཀྱིལ་འཁོར་དག །བྱང་ཆུབ་སེམས་ལས་རིམ་བཞིན་བསྐྱེད། །ཨེ་ཡཾ་ཁཾ་སུཾ་བྷཱུཾ་རཾ། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནི། ཆོས་ཉིད་སྟོང་པའི་ནམ་མཁའ་ལས། །བྲག་ཆའི་ཚུལ་དུ་སྒྲ་འདི་འབྱུང་ངོ་། །མི་གནས་མི་རྟོག་བསམ་དང་བྲལ། །མ་ཆགས་བྲལ་བས་ཡུལ་ལས་འདས། །ཅིར་ཡང་མི་འབྱུང་ཅིར་མ་ཡིན། །རང་བཞིན་བརྗོད་དང་བྲལ་བའི་སྒྲ། །ཞེས་བྱུང་བས་ཆོས་ཐམས་ཅད་ནམ་མཁའི་རང་བཞིན་དུ་གསལ་ལོ། །དེ་ནས་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་འདི་སྐད་དོ། །ཡོངས་ལ་ཁྱབ་པ་ཉི་མའི་འོད། །སྙིང་རྗེ་བྱང་ཆུབ་སེམས་ཡིན་ཏེ། །རྣམ་རྟོག་མུན་པ་སེལ་བར་སྣང་། །ཡིད་བཞིན་རིན་ཆེན་འབར་བའི་འོད། །ཅེས་སྒྲ་བྱུང་བས་ཆོས་ཐམས་ཅད་བྱང་ཆུབ་ཀྱི་འོད་ཟེར་དུ་གསལ་བར་གྱུར་ཏོ། །དེ་ནས་རྒྱུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་འདི་སྐད་དོ། །ཨ་ནི་མ་ཆགས་ཡི་གེའི་མཛོད། །ཆོ་འཕྲུལ་རྟོག་པ་འབྱུང་བའི་སྒྲ། །ཉོན་མོངས་སྐྱོན་བྲལ་ཟླ་བའི་མདོག །ཆོ་འཕྲུལ་སྣ་ཚོགས་འབྱུང་བའི་རྒྱུ། །ཞེས་སྒྲ་བྱུང་བས་ཆོས་ཐམས་ཅད་ཆོ་འཕྲུལ་གྱི་རང་བཞིན་དུ་གནས་པར་གྱུར་ཏོ། །དེ་ནས་ཡུམ་ཆེན་མོ་ནམ་མཁའ་དབྱིངས་ཕྱུག་མའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་འདི་སྐད་དོ། །ཨ་ནི་ཨེ་ཡི་རང་བཞིན་ཏེ། །ཨ་ལས་ཨེ་བྱུང་མཁའ་ཁྱབ་ལ། །མི་འགྱུར་ཐོགས་མེད་ནམ་མཁའི་དབྱིངས། །མཐའ་དབུས་མེད་པར་ཀུན་ཏུ་གདལ། །ཞེས་བྱུང་བས་ནམ་མཁའ་ཀུན་ཏུ་བཟང་མོའི་རང་བཞིན་དུ་གསལ་ལོ། །དེ་ནས་རླུང་དམ་ཚིག་སྒྲོལ་མའི་ཏིང་ངེ་འཛིན་ལ་སྙོམས་


DNG020_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཞུགས་ཏེ་འདི་སྐད་དོ། །ཨ་ཡི་ཡེ་ཤེས་བྱིན་རླབས་ལས། །རླུང་གི་སྙིང་པོ་ཡཾ་དུ་ཤར། །ཐམས་ཅད་བདེ་བའི་སྟོབས་དང་ལྡན། །རང་བཞིན་གཡོ་ཞིང་ཐོགས་མེད་འཕྱོ། །ཞེས་བྱུང་བས་རླུང་གི་དཀྱིལ་འཁོར་དུ་གསལ་བར་གྱུར་ཏོ། །དེ་ནས་ཡུམ་མཱ་མ་ཀཱིའི་བྱིན་རླབས་ལས་སྒྲ་འདི་འབྱུང་ངོ་། །རྒྱུ་ཡི་སྙིང་པོའི་འོད་ཟེར་ལས། །ཆུ་ཡི་སྙིང་པོ་འོད་ཟེར་ཤར། །ནམ་མཁའི་མཐའ་ལྟར་མཉམ་པའོ། །ཆུ་ཡི་རྒྱ་མཚོ་ཐམས་ཅད་རྒྱས་པར་གྱུར། །ཞེས་སྒྲ་བྱུང་བས་ཐམས་ཅད་མཱ་མ་ཀཱིའི་བྱིན་རླབས་ལས་སྒྲ་འདི་འབྱུང་ངོ་། །དེ་ནས་ཡང་རྡོ་རྗེ་འབར་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སྒྲ་འདི་འབྱུང་ངོ་། །མི་དམིགས་པ་ལས་སྣ་ཚོགས་པར། །སྣང་བའི་ཆོ་འཕྲུལ་འདི་བྱུང་བས། །རྣལ་འབྱོར་ས་བཅུ་རྫོགས་པའི་དོན། །ལྷུན་གྱིས་གྲུབ་པས་བདེ་བ་ཆེ། །ཞེས་སྒྲ་བྱུང་བས་ས་བཅུ་རིམ་གྱིས་འདུལ་བའི་བྱེ་བྲག་ཐུགས་སུ་ཆུད་པར་གྱུར་ཏོ། །དེ་ནས་རྡོ་རྗེ་འབར་བ་རི་བོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་སྐད་དོ། །རྣམ་རྟོག་ཤེས་རབ་མཁའ་ཀློང་ནས། །རྡོ་རྗེ་འབར་བའི་རི་བོ་ཤར། །རྒྱ་ཆེ་གཏིང་ཟབ་གནམ་འཕང་གཅོད། །རྟོག་པའི་རི་བོ་འཇོམས་པར་བྱེད། །ཅེས་སྒྲ་བྱུང་བས་རྡོ་རྗེའི་རི་བོས་ཉོན་མོངས་ཐམས་ཅད་འཇོམས་པར་བྱེད་དོ། །དེ་ནས་གཞལ་ཡས་ཁང་ཡུམ་གྱི་མཁར་བྱིན་གྱིས་བརླབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །བྷ་ག་གསང་བའི་འོད་ཟེར་ལས། །བདེ་གཤེགས་བཞུགས་པའི་གཞལ་ཡས་ཁང་། །ནམ་མཁའི་མཐའ་ལྟར་དཔག་ཏུ་མེད། །དུས་གསུམ་རྒྱལ་བ་རྒྱ་མཚོའི་དབྱིངས། །ཞེས་བརྗོད་པས་གཞལ་ཡས་ཁང་དཔག་ཏུ་མེད་པར་བསམ་མོ། །དེ་ནས་མེ་འབར་བས་བསྲེག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཨ་ཡི་བྱིན་རླབས་ཡེ་ཤེས་ལས། །ཆོ་འཕྲུལ་མེ་ཡི་སྙིང་པོ་ཤར། །འབར་བ་གསལ་བྱེད་ཡེ་ཤེས་འཕྲོ། །དངོས་པོ་ཀུན་ཟད་མེ་ཀློང་ཚུལ། །ཞེས་བརྗོད་པས། གཞལ་ཡས་ཁང་ཕྱི་ནང་གི་མཚན་མའི་རྟོག་པ་ཐམས་


DNG020_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་མེ་རི་འབར་བས་བསྲེག་པར་བསམ་མོ། །དེའི་ནང་དུ་ཆེ་མཆོག་གི་སྐུ་བསྐྱེད་པ་འདི་སྐད་དོ། །ཨེ་མ་ཧོ། ཆོས་ཀུན་ཐམས་ཅད་སྐུ་ལ་རྫོགས་པས་ཆོས་ཀྱི་སྐུ། །རྡོ་རྗེ་ཆེ་མཆོག་ཕྱག་འཚལ་ཧེ་རུ་ཀ །ཆོས་ཉིད་མཁའ་ལ་སྐར་ཚོགས་རྒྱས་པའི་སྐུ། །དབྱར་གྱི་ཆར་སྤྲིན་ལྟ་བུར་གཏིབས་པའི་སྐུ། །ཆུ་རླབས་ལྟ་བུར་བརྗིད་པའི་ཞལ་གདངས་ཤིང་། །ཉི་མ་འབུམ་གྱི་འོད་ཟེར་བརྡལ་བ་བཞིན། །ཐེག་ཆེན་འཁོར་བའི་ཆོས་རྣམས་ཀུན། །ཕྱག་རྒྱ་གཅིག་ཏུ་རྫོགས་པའི་སྐུ། །ཆོས་སྐུ་ལྷུན་གྲུབ་ཆོས་སྐུ་རང་རྟོགས་འབར། །དབུ་སྐྲ་ཁམ་ནག་རལ་པའི་ཅོད་པན་ཅན། །ཀླུ་རྒྱལ་འབུམ་གྱིས་བཀླུབས་ཤིང་མཆོད་པ་འབུལ། །རྡོ་རྗེ་གསུང་གི་སྔགས་སྒྲ་བརྡབ་པས་ཀྱང་། །ཧཱུཾ་དང་ཕཊ་ཀྱི་སྒྲ་སྐད་འཇིགས་པར་སྟོན། །ཐེག་ཆེན་དོན་དང་གསང་སྔགས་སྒྲོགས་པའི་ཚིག །འབར་བའི་སྨིན་མ་མུན་རུམ་གློག་ལྟར་འགྱུ། །སྤྱན་དམར་བཟློག་པའི་སྡང་མིག་ཉི་ལྟར་འབར། །འབར་བའི་ཀློང་ནས་བསྐལ་པའི་འཚུབས་ནག་འཁྱིལ། །ཧཱུཾ་དང་ཕཊ་ཀྱི་སྒྲ་སྐད་འཇིགས་པར་སྒྲོགས། །རྡོ་རྗེ་ཐོག་དང་གནམ་ལྕགས་སེར་བ་འབེབས། །རྣོ་དབལ་མཆེ་བ་ཟང་ཡག་གཙིགས་པ་ཡིས། །ཉོན་མོངས་ལོག་པར་བལྟ་བའི་ཚོགས་ལ་རྔམས་ཤིང་འཁྲུགས། །ཐོད་རུས་ཤ་ཁྲག་རྐང་རུས་བྲུལ་དང་རྣག །ཟ་བྱེད་རྔམས་པའི་ཞལ་དུ་ཆེམ་ཆེམ་གསོལ། །སྦྲུལ་གདུག་ཀོ་རློན་ལ་སོགས་འཇིགས་པའི་རྒྱན། །རྔམས་པའི་སྐུ་ལ་ཤིན་ཏུ་བརྗིད་པར་བརྒྱན། །ཟ་བྱེད་རྔམས་དང་འཇིགས་བྱེད་མང་པོའི་ཚོགས། །འབར་བའི་ཕྱག་མཚན་སྤྲུལ་པའི་ཕོ་ཉ་མཛད། །འཁོར་བ་ཀུན་དང་ཐར་པའི་ཆོས་རྣམས་ནི། །དཔའ་བོ་ཆེན་པོའི་གདན་དུ་བརྗིད་ཅིང་རོལ། །ཕྱི་ནང་སྣོད་བཅུད་སྐུ་ལ་རྫོགས་པས་ན། །འགྲན་གྱི་ཟླ་མེད་ཆེ་བཙན་གཅིག་པུ་ཉིད། །གསང་མཆོག་འབར་བའི་སྐུ་ལ་ཕྱག་འཚལ་ལོ། །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ར་ས་སིདྡྷི་མ་ཧཱ་སུ་ཁ་ཧྲྀ་ད་ཡ་པ་ར་བིདྷྭན་ཨཱ་ཀྲ་མ་ཎ་ཧྲི་ཐཱ། ཨོཾ་ཨཱཿཧཱུཾ་


DNG020_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

སརྦ་པཉྩ་ཨ་མྲྀ་ཏ་ར་སཱ་ཡན་ཏན་ཛྙཱ་ཧཱུཾ་ཧྲཱྀཿཐ། ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་བཛྲ་སཏྭ་ཧཱུཾ་ཧྲཱྀཿཐ། ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཧ་ཡ་གྲཱི་ཝ་ཧྲཱྀཿ། བྷནྡྷ་བྷནྡྷ་ཧཱུཾ་ཧྲཱྀཿཐ། ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཀ་མ་ལ་ཀུཎྜ་ལི་སིདྡྷི་སིདྡྷི་ཧཱུཾ་ཧྲཱྀཿཐ། ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་མཉྫུ་ཤྲཱིཿབྱཱ་བ་ལོ་ཀི་ཏེ་ཧཱུཾ་ཧྲཱྀཿཐ། ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཤྲཱི་བྷ་ག་ཝཱན་ཧཱུཾ་ཧ་ཧོ། ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ར་ས་སིདྡྷི་མ་ཧཱ་སུ་ཁ་ཧྲྀ་ད་ཡཾ་པ་ར་བི་དྷྭན་ཨཱ་ཀྲ་མ་ཎ་ཧྲཱྀཿཐ། ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ནི་ཐམས་ཅད་བདུད་རྩིར་མ་གྱུར་པ་མེད་པའོ། །ར་སཱ་ཡ་ན་ནི་ཕྱི་ར་སཱ་ཡ་ན་རིགས་ལྔ་ཡབ་ཡུམ་སངས་རྒྱས། ནང་ར་སཱ་ཡ་ན་ནི་ཕུང་པོ་ལྔ་རིགས་ལྔའི་སངས་རྒྱས། དེ་གཉིས་ཀྱིས་བསྐྱེད་པའི་ཁམས་དང་། སྐྱེ་མཆེད་སེམས་དཔའ་དང་། སེམས་མ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་སངས་རྒྱས། དེ་ལྟ་བུའི་དེ་ན་རིག་ཅིང་རྟོགས་དཀའ་བས་ན། ར་སཱ་ཡ་ན་ཏ་ན་ཛ་ཡ། ཧཱུཾ་ནི་བདུད་རྩིར་མ་གྱུར་པ་མེད་པའོ། །ཧྲཱྀཿནི་རྟ་མགྲིན། ཐ་ནི་འདི་ལྟར་སྣང་བ་ཐམས་ཅད་བདུད་རྩི་ལྔའི་རང་བཞིན་དུ་མ་གྱུར་པ་མེད་པའོ། །ཡང་ན་འཁོར་བ་སྟོངས་པའོ། །ཨོཾ་ནི་སྐུ། ཨཱཿནི་གསུང་། ཧཱུཾ་ནི་ཐུགས། ཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཀུཎྜ་ལི་ནི་ཐམས་ཅད་བདག་ལ་འཁྱིལ་པའོ། །བདག་ཐམས་ཅད་ལ་འཁྱིལ་པ་ནི། སྤྲོས་པ་མེད་པའི་ཆོས་ཉིད་བྱང་ཆུབ་སེམས། རང་རིག་པའི་ཡེ་ཤེས་རྡོ་རྗེ་དང་འདྲ་བའམ། རང་བྱུང་གི་ཡེ་ཤེས་ནམ་མཁའ་དང་འདྲ་བ་སྟེ། ལྷངས་ཀྱིས་རྟོགས་པ་དེ་ཐམས་ཅད་ལ་འཁྱིལ་པའོ། །ཐམས་ཅད་བདག་ལ་འཁྱིལ་པའོ། །ཕྱི་འབྱུང་བ་ལྔར་སངས་རྒྱས། ནང་ལྷ་དང་ལྷ་མོ་སེམས་དཔའ་དང་སེམས་མར་སངས་རྒྱས་སོ། །དེ་ཁོ་ན་ཐམས་ཅད་བདག་ལ་འཁྱིལ་པའོ། །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཧ་ཡ་གྲཱི་ཝ་ཧྲཱྀཿ། པདྨ་པདྨ་ཧྲཱྀཿ། ཧུ་ལུ་ཧུ་ལུ་ཧྲཱྀཿ། བྷནྡྷ་བྷནྡྷ་ཧྲཱྀཿ། ཧཱུཾ་ཧྲཱྀཿཐ། ཧྲཱྀཿནི་འདི་ལྟར་སྣང་བ་ཐམས་ཅད། རྟ་མགྲིན་དུ་མ་གྱུར་པ་གང་ཡང་མེད་པའོ། །ཧུ་ལུ་ནི་བདུད་དང་སྲིན་པོ་དང་གནོད་སྦྱིན་ལ་སོགས་པ་མ་


DNG020_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

བཏང་ཞིག་པའོ། །བྷནྡྷ་ནི་མགོ་ནས་ཆོམས་ཤིག་པའོ། །ཧཱུཾ་རང་བྱུང་གི་བྱང་ཆུབ་སེམས་དེ་ཁོ་ན་ལྷངས་ཀྱིས་རྟོགས་པའོ། །ཐ་ནི་ཐམས་ཅད་བདུད་རྩིར་མ་གྱུར་པ་མེད་པའོ། །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་བཛྲ་སཏྭ་ཧཱུཾ་ཧྲཱྀཿཐ་ནི་འདི་ལྟར་སྣང་བ་ཐམས་ཅད་རྡོ་རྗེ་སེམས་དཔར་མ་གྱུར་པ་གང་ཡང་མེད་པའོ། །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཀ་མ་ལ་ཀུཎྜ་ལི་སིདྡྷི་སིདྡྷི་ཧཱུཾ་ཧྲཱྀཿཐ་ནི་དཀྱིལ་འཁོར་ཡང་ཡིན་ལ་ཡུལ་ཡང་ཡིན་པའི་དངོས་གྲུབ་པའོ། །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་མཉྫུ་ཤྲཱི་བྱཱ་བ་ལོ་ཀི་ཏེ་ཧཱུཾ་ཧྲཱྀཿཐ་ནི་འཇམ་དཔལ་ཏེ་འདི་ལྟར་སྣང་བ་ཐམས་ཅད་བདུད་རྩི་རྣམ་པ་ལྔར་མ་གྱུར་པ་གང་ཡང་མེད་པའོ། །ལས་དེ་ཁྱོད་ལ་གཏད་ཀྱིས་འགྲོ་བ་སེམས་ཅན་གྱི་དོན་མཛོད་ཅིག་པའོ། །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཤྲཱི་བྷ་ག་ཝཱན་ཧཱུཾ་ཨ་ཧོ་ནི་ཆོས་ཉིད་བྱང་ཆུབ་སེམས་ཨའི་རང་བཞིན་དུ་མ་གྱུར་པ་མེད་པའོ། །ཞེས་འདས་པའི་སངས་རྒྱས་ཞལ་བདུན་ནས་ཀྱང་སྔགས་བདུན་བཟླས་སོ། །སླད་ཀྱིས་འབྱོན་པའི་སངས་རྒྱས་ཞལ་བདུན་ནས་ཀྱང་སྔགས་གོང་མ་བདུན་བཟླས་སོ། །ད་ལྟར་བཞུགས་པའི་སངས་རྒྱས་ཀྱི་ཞལ་བདུན་ནས་ཀྱང་སྔགས་གོང་མ་བདུན་བཟླས་སོ། །ཆེ་མཆོག་ཧེ་རུ་ཀ་ནི་དུས་གསུམ་གྱི་སངས་རྒྱས་ཡིན་ནོ། །འདས་པ་བདུན། ད་ལྟར་བདུན། སླད་ཀྱིས་འབྱོན་པའི་སངས་རྒྱས་བདུན་ནོ། །དབུ་ཉི་ཤུ་རྩ་གཅིག་གི་ཞལ་ནས་སྔགས་བདུན་བཟླས་པས། བྱང་ཆུབ་སེམས་དཔའ་ཉེ་བའི་སྲས་བརྒྱད། ཁྲོ་བོ་བཅུ། གཽ་རཱི་མ་བརྒྱད། ཕྲ་མེན་མ་བརྒྱད་ཀྱི་གསང་སྔགས་མང་པོའི་སྐྱོན་རྣམས་ནི་འབྲས་བུ་བསྒྲུབ་ཐག་རིང་བར་འགྱུར་བས། འབྲུ་དགུ་པའི་གསང་སྔགས་ཞིག་ཞུ་ཞེས་ཆོས་འཁོར་ལན་བཅུ་གསུམ་དུ་བསྐོར་ཏེ་ཞུས་པ་འདི་སྐད་དོ། །ནམ་མཁའ་དོན་གྱི་གླེགས་བམ་ལ། །སྐར་ཚོགས་རིག་པའི་ཡི་གེ་བྲིས། །འབྱུང་ཆེན་བཞི་ཡི་སྒྲ་བསྒྲགས་ནས། །གསང་སྔགས་མཆོད་པ་རྒྱུན་མི་འཆད། །གསང་སྔགས་ཆོས་ཀྱི་འཁོར་ལོ་བསྐོར། །སྟོང་གསུམ་བྷནྡྷ་བཟང་ཀོང་དུ། །སྲིད་གསུམ་སེམས་ཅན་དུག་ཆེན་ལ། །དུས་གསུམ་རྒྱལ་


DNG020_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྩི་སྦྱར་བས། །བདུད་རྩིའི་མཆོད་པ་རྒྱུན་མི་འཆད། །བདུད་རྩི་ཆོས་ཀྱི་འཁོར་ལོ་བསྐོར། །འཁོར་བ་རྒྱ་མཚོའི་སྤྱོད་པ་ལ། །མཆོད་པ་རྒྱ་མཚོའི་གཏེར་ཡིན་ཏེ། །སྲིད་པའི་རྒྱ་མཚོ་མཐའ་ཡས་ཀུན། །ཀུན་ཀྱང་མཆོད་པ་རྒྱུན་མི་འཆད། །བཟླས་བརྗོད་ཆོས་ཀྱི་འཁོར་ལོ་བསྐོར། །འཁོར་བ་ཤེས་རབ་ཡུམ་ཉིད་ལ། །སྙིང་རྗེ་ཐབས་ཀྱི་རྒྱལ་པོ་ཡིས། །འདུ་འབྲལ་མེད་པར་རབ་སྦྱར་ན། །ཐམས་ཅད་རྒྱལ་བའི་རྫས་སུ་བསྐྱེད། །རྣལ་འབྱོར་པ་ཡིས་མཆོད་པ་རྒྱུན་མི་འཆད། །རྣལ་འབྱོར་པ་ཡིས་ཆོས་ཀྱི་འཁོར་ལོ་བསྐོར། །འཁོར་བ་བསྒྲལ་བའི་ཞིང་འདི་དག །ཡེ་ཤེས་འབར་བའི་མཚོན་ཆེན་གྱིས། །རང་བཞིན་མེད་པར་བསྒྲལ་བྱས་ནས། །མཉམ་ཉིད་ཆོས་སྐུ་ཆེན་པོར་སྟོན། །སྒྲོལ་བའི་མཆོད་པ་རྒྱུན་མི་འཆད། །སྒྲོལ་བ་ཆོས་ཀྱི་འཁོར་ལོ་བསྐོར། །འདོད་ཁམས་རྨང་གི་རི་རབ་ལ། །གཟུགས་ཁམས་བང་རིམ་ཁྲི་འཕང་བརྟན། །གཟུགས་མེད་བུམ་རྟེན་བུམ་པར་བཅས། །སྐུ་གདུང་མཆོད་རྟེན་རྒྱུན་མི་འཆད། །སྐུ་གདུང་ཆོས་ཀྱི་འཁོར་ལོ་བསྐོར། །འཇུག་པའི་ཡན་ལག་རྨང་གཞིའི་རྟེན། །འཁོར་ལོ་ཚོགས་ཆེན་ཁྲི་འཕང་རྟེན། །ཡན་ལག་དང་པོ་བུམ་རྟེན་བཅས། །ལྕང་ལོ་ཅོད་པན་ཕྲེང་བས་བརྒྱན། །སྐུ་གདུང་ཆོས་ཀྱི་འཁོར་ལོ་བསྐོར། །གཙང་མའི་རྒྱུ་ལས་བྱས་པ་ཡི། །ཡིད་འོང་རྣམ་པའི་མཆོད་པ་ལ། །རྐྱེན་གྱི་རྣལ་འབྱོར་སྣ་ཚོགས་ཀྱིས། །བརྒྱན་ཏེ་བསྒྲུབ་པའི་སྤྲིན་ཕུང་རྣམས། །མཉེས་པ་བསྐང་ཕྱིར་སྐུ་ལ་འབུལ། །སྲི་ཞུའི་མཆོད་པ་རྒྱུན་མི་འཆད། །སྲི་ཞུའི་ཆོས་ཀྱི་འཁོར་ལོ་བསྐོར། །ཕྱི་འཁོར་སྐྱོང་བའི་མགོན་པོ་ལ། །འདོད་ཡོན་ལྔ་ལ་སོགས་པ་ཡི། །ཡིད་བཞིན་ཡོ་བྱད་རྐྱེན་དང་བཅས། །ཡོན་ཏན་ཆ་ལ་སྨོན་ལམ་མཆོད། །མཉེས་ནས་སྐོང་བའི་སྟབས་སུ་འགྱུར། །ཡོན་ཏན་མཆོད་པ་རྒྱུན་མི་འཆད། །ཡོན་ཏན་ཆོས་ཀྱི་འཁོར་ལོ་བསྐོར། །ཁམས་གསུམ་སྙིང་རྗེའི་གནས་དག་ན། །


DNG020_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ཡོ་བྱད་སྦྱིན་སོགས་ཆེན་པོ་ལས། །འདོད་པའི་བསམ་པ་རབ་སྦྱར་ན། །དགུ་པ་བསྟན་པས་སྟོབས་སུ་འགྱུར། །སྙིང་རྗེའི་མཆོད་པ་རྒྱུན་མི་འཆད། །སྙིང་རྗེ་ཆོས་ཀྱི་འཁོར་ལོ་བསྐོར། །གེགས་སུ་གྱུར་པའི་བགེགས་རིགས་ལ། །མཉམ་པའི་དོན་གྱིས་སུན་མི་དབྱུང་། །དམིགས་ཀྱི་ཁ་ཟས་སྣ་ཚོགས་པས། །བགེགས་རྣམས་མགུ་ནས་ཐམས་ཅད་ཀྱང་། །ལན་ཆགས་ཐལ་བའི་འཁོར་ལོ་བསྐོར། །དེས་འཁོར་གྱི་བྱང་ཆུབ་སེམས་དཔའ་དང་སེམས་མ་དང་། ཁྲོ་བོ་དང་ཁྲོ་མོས་གསང་སྔགས་ཟབ་མོ་ཐམས་ཅད་ཀྱི་བདུད་རྩི་ལྔའི་ཡང་སྙིང་། ལུང་བདག་ལ་བསྟན་དུ་གསོལ། བདེ་བར་གཤེགས་པས་ལུང་བདག་ལ་བསྟན་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། ཆེ་མཆོག་ཧེ་རུས་བཀའ་སྩལ་པ། དུས་གསུམ་གྱི་སངས་རྒྱས་དང་། དེའི་འཁོར་སེམས་དཔའ་དང་། སེམས་མ་དང་། ཁྲོ་བོ་དང་ཁྲོ་མོ་དང་། དྲི་ཟ་དང་། དྲང་སྲོང་དང་། གཤིན་རྗེ་དང་། སྲིན་པོ་དང་། ཀླུ་དང་། རླུང་ལྷ་དང་། གནོད་སྦྱིན་དང་། འབྱུང་པོ་དང་། འགྲོ་བ་རིགས་དྲུག་གི་སེམས་ཅན་རྣམས་ཉོན་ཅིག །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཀུཎྜ་ལི་ཧྲཱྀཿཐ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི་ཡང་སྙིང་ཡིན། སྨན་ཐམས་ཅད་རྩ་བ་དང་། སྡོང་པོ་དང་། ཡལ་ག་དང་། སྙིང་པོ་དང་། ཤུན་ལྤགས་དང་། ཐང་ཆུ་དང་། འདབ་མ་དང་། མེ་ཏོག་དང་། འབྲས་བུ་དང་།དགུ་པོ་འདི་ལ་ཡི་གེ་འབྲུ་དགུས་སྦྱང་ངོ་། །དེ་ལ་ཡང་སྦྱང་ལུགས་རྣམ་པ་གསུམ་སྟེ། རྒྱུ་ནས་སྦྱང་བ་དང་། རྐྱེན་གྱིས་སྦྱང་བ་དང་། འབྲས་བུ་ནས་སྦྱང་བའོ། །དེ་ལ་རྒྱུ་ནས་སྦྱང་བ་ནི་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོའི་ཞབས་ཀྱི་གདན་ཁྲི་ཡན་ཆད་ནས་དབུའི་གཙུག་ཏོར་མན་ཆད་དུ་རྫོགས་པར་མཐོང་ངོ་། །ནམ་མཁའ་སྟོང་པ་ནི་དབུའི་གཙུག་ཏོར་དགེ་བ་བཅུ། དེ་ཡང་འཁོར་བ་འདོད་པའི་ཁམས་ན་ཆགས་པ་ཁྲག་གི་རྒྱ་མཚོར་རྫོགས། འཁོར་


DNG020_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

བ་གཟུགས་ཁམས་ཞིང་ཆེན་ས་གཞི་བརྟན་པར་རྫོགས་པར་མཐོང་ངོ་། །ཀེང་རུས་ལ་གཟུགས་མེད་པའི་ཁམས་རྫོགས་པར་མཐོང་ངོ་། །རི་རབ་ཀྱི་ཁ་མུ་ཏིག་གི་བཅལ་དང་། ཨསྨ་གརྦྷ་དང་། ནོར་བུ་རིན་པོ་ཆེ་འབར་བ་ནི། ཉན་ཐོས་རང་སངས་རྒྱས་དང་།བྱང་ཆུབ་སེམས་དཔའ་རྣམས་སྐུ་ལ་རྫོགས་པར་མཐོང་ངོ་། །ནོར་བུ་རིན་པོ་ཆེའི་སྟེང་ན་རྡོ་རྗེ་རྩེ་གསུམ་དང་། རྩེ་ལྔ་དང་། རྡོ་རྗེའི་བྲག་གཏམས་པ་ནི། ཀྲི་ཡ་དང་། ཨུ་པ་ཡ་དང་། ཡོ་ག་རྣམས་རྫོགས་པར་མཐོང་ངོ་། །རྡོ་རྗེ་བྲག་ཆེན་གྱི་སྟེང་ན་པདྨ་ཁ་དོག་དམར་པོར་གནས་པ་ནི། མ་ཧཱ་ཡོ་ག་རྫོགས་པར་མཐོང་ངོ་། །པདྨའི་སྟེང་ན་ཉི་མ་ཉི་ཤུ་རྩ་བཞི་དང་། ཟླ་བ་ཉི་ཤུ་རྩ་བཞི་ཁ་སྦྱར་དུ་བཀོད་པ་ལ། དབང་ཕྱུག་ཕོ་ཉི་ཤུ་རྩ་བཞི་དང་། མོ་ཉི་ཤུ་རྩ་བཞི་རྫོགས་པར་མཐོང་ངོ་། །དབང་ཕྱུག་ཕོ་མོའི་སྟེང་ན་བྱོལ་སོང་གི་གཙོ་ཆེན་པོ་བརྒྱད་ལ།དཔའ་བརྟུལ་སྟག་དང་མི་འཇིགས་སེང་གེ་དང་གདུག་པ་གཟིག་དང་། གཏུམ་པ་དོམ་དང་། སྟོབས་གླང་པོ་ཆེ་དང་། བརྗིད་པའི་མ་ཧེ་དང་། འཛིན་པའི་ཆུ་སྲིན་དང་། ཞེ་སྡང་སྦྲུལ་རྣམས་ནི་རིག་འཛིན་རྣམས་ཉོན་མོངས་དང་། ཤེས་བྱའི་སྒྲིབ་པ་སྦྱང་བའི་ཕྱིར། རིག་འཛིན་རྣམས་ཡོངས་སུ་རྫོགས་པར་མཐོང་ངོ་། །གཞལ་ཡས་ཁང་ཆེན་པོ་ནམ་མཁའི་རིག་འཛིན་དུ་ཕྱོགས་ཆད་པར་གྱུར་པ་ནི། ཡུམ་ཀུན་ཏུ་བཟང་མོར་རྫོགས་པར་མཐོང་ངོ་། །མེ་དཔུང་ཆེན་པོ་དགུ་ཡོངས་སུ་འབར་བ། ཡེ་ཤེས་དགུ་ཡོངས་སུ་རྫོགས་པར་མཐོང་ངོ་། །ཞབས་བརྒྱད་ལ་གསང་བའི་ཡུམ་བཞི་དང་། སྒོ་མ་བཞི་ཡོངས་སུ་རྫོགས་པར་མཐོང་ངོ། །དུར་ཁྲོད་བཅོ་བརྒྱད་ནི་མ་མོ་བཅོ་བརྒྱད་རྫོགས་པར་མཐོང་ངོ་། །ཕྱག་བཞི་བཅུ་རྩ་གཉིས་ནི་ཕྲ་མེན་མ་བཅུ་དབྱུག་པར་འཕྱར་བའི་ལག་ན། ཁྱུང་བཅུ་འབར་བའི་ཁ་ནས་མཚོན་ཆ་སྣ་ཚོགས་འཕྲོ་བ་ཕྲ་ཐབས་བཅུ་དབྱུག་པར་འཕྱར་བའི་ལག་ན། སེང་གེ་ཁ་གླལ་བའི་ཁ་ནས་རལ་གྲི་བརྒྱད་འཕྲོ་བ། སྒྲོལ་བྱེད་


DNG020_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་ལག་ནས་སྟག་མཆེ་བ་གཙིགས་པའི་ཁ་ནས་རྡོ་རྗེ་སྣ་ཚོགས་འཕྲོ་བ། སྒྲོལ་གིང་མོ་དགུའི་ཁ་ནས་མི་མགོ་བརྒྱད་རྡོ་རྗེ་ལུ་གུ་རྒྱུད་ཀྱིས་བཏགས་ནས་གླང་ལ་བསྐོར་བ། ཁྲོ་བོ་བཞིའི་ལག་ནས་མེ་དཔུང་ཆེན་པོས་ཐུ་ལུམ་དུ་བསྲེག་པ། ཕྱག་བཞི་བཅུ་རྩ་གཉིས་སུ་གསལ་ལོ། །ཞལ་ཉི་ཤུ་རྩ་གཅིག་ནི་སངས་རྒྱས་བཞི་བཅུ་རྩ་གཅིག་ཏུ་གསལ་ལོ། །དབུ་ཉི་ཤུ་རྩ་གཅིག་གཡས་ཀྱི་དབུ་བདུན་གྱི་སྤྱི་གཙུག་ནི་སངས་རྒྱས་ཀྱི་སྐུ་རེ་རེ་བྱུང་བའི་དབུ་ལ་འཁོར་ལོ་རེ་རེ་འོད་ཟེར་དང་བཅས་པར་འབར་བ། དབུས་ཀྱི་དབུ་བདུན་ལ་དབུ་རྒྱན་སངས་རྒྱས་ཀྱི་སྐུ་རེ་རེ་བྱུང་བ་ལ། རིན་པོ་ཆེའི་མཆོད་རྟེན་རེ་རེ་གསལ་ལོ། །གཡོན་པའི་དབུ་བདུན་ལས་སངས་རྒྱས་ཀྱི་སྐུ་རེ་རེ་བྱུང་བ་ལ། ནོར་བུ་རིན་པོ་ཆེ་བདུན་གསལ་བ། འཁོར་ལོ་དང་མཆོད་རྟེན་དང་། རིན་པོ་ཆེ་དེ་དག་གི་ལྟེ་བ་དང་། རྩེ་མོ་ལས་རྒྱལ་མཚན་ཆེན་པོ་བཅུ་འབར་བ་ནི། རྒྱལ་བྱེད་ལྕགས་ཀྱི་རྒྱལ་མཚན་དང་། གདུལ་བྱ་ཤ་བའི་རྒྱལ་མཚན་དང་། གཅན་གཟན་གཟིག་གི་རྒྱལ་མཚན་དང་། སྤྲུལ་པ་རྡོ་རྗེའི་རྒྱལ་མཚན་དང་། རིན་པོ་ཆེ་སྦྲུལ་ནག་གི་རྒྱལ་མཚན་དང་། དཔའ་བོ་སྟག་གི་རྒྱལ་མཚན་དང་། གཟི་མདངས་མིའི་རྒྱལ་མཚན་དང་། དམར་གསལ་ཁྲག་གི་རྒྱལ་མཚན་དང་། རྩལ་ཆེན་སེང་གེའི་རྒྱལ་མཚན་དང་། གཏུམ་པ་དོམ་གྱི་རྒྱལ་མཚན་ཏེ་དེ་རྣམས་ཀྱི་རྩེ་མོ་གཅིག་ཏུ་འདུས་ཏེ། གསེར་གྱི་ཏོག་སྟོང་གཅིག་ཏུ་འབར་བའོ། །དབུ་ཉི་ཤུ་རྩ་གཅིག་དང་། རྒྱལ་མཚན་ཆེན་པོ་བཅུ་དང་།དབུ་ཡི་གཙུག་ཏོར་རྒྱལ་མཚན་གྱི་ཏོག་སྟོང་ནི། རྫོགས་པ་ཆེན་པོའི་རྣལ་འབྱོར་ཉིད་དུ་གསལ་བར་མཐོང་ངོ། །སྤྱན་འབར་བ་དྲུག་ཅུ་རྩ་བཞི་ནི། ཁྲག་འཐུང་དྲུག་ཅུར་གསལ་ལོ། །ལྗགས་ཀྱི་དབང་པོ་ལ་ས་ནུ་ཧེ་རུ་ཀ་ཡབ་ཡུམ་བསྒོམ། ཆེ་མཆོག་ཐུགས་ནས་བྷྲཱུཾ་ལས་གཞལ་ཡས་ཁང་། ནང་བྷནྡྷ་འབར་བའི་གཞལ་ཡས་ཁང་། གནམ་ས་གཉིས་ཀྱི་གཞལ་ཡས་སུ་བདུད་རྩིས་ཁེངས་པ། བདུད་རྩིའི་རྒྱ་མཚོ་ཆེན་པོར་ཆུ་བྲན་བཞི་འབབ་པ།


DNG020_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩིའི་ཆུ་བྲན་བཞི་ནི་གཟུངས་ཐག་བཞི་ཡིན། བཞི་གཅིག་ཏུ་འདུས་པ་གླང་པོ་ཆེའི་ཁ་ནས་འབབ་པ། གླང་པོ་ཆེའི་ཡ་རྐན་ལ་རྟ་མགྲིན། མ་རྐན་གསང་བའི་ཡུམ་བཞི། ཡབ་ཡུམ་ཐབས་དང་ཤེས་རབ་ལས་བྱང་ཆུབ་སེམས་དཀར་མེ་རེ་འབབ་པ་ལས། བདུད་རྩི་ཤར་སེང་གེའི་ཁ་ནས་འབབ་པ། ལྷོ་རྟ་སྔོན་གྱི་ཁ་ནས་འབབ་པ། ནུབ་རྨ་བྱའི་ཁ་ནས་འབབ་པ། བྱང་ཤང་ཤང་ཏེའུའི་ཁ་ནས་འབབ་པ། སེམས་ཅན་དེ་ལྔའི་ཁ་ནས་རིགས་ཀྱི་ཡུམ་ལྔ། དེ་ལ་དབུས་ཀྱི་གནམ་ཞལ་དབུ་དགུ་ཕྱག་བཅོ་བརྒྱད་ཞབས་བཞི་དང་ལྡན་པར་བསྒོམ་མོ། །ཆེ་མཆོག་གི་ཞབས་བརྒྱད་ཀྱིས་ཁྲོ་མོའི་དབུ་བརྒྱད་མནན་པ། དབུས་ཀྱི་གནམ་ཞལ་གྱེན་དུ་བལྟས་པའི་ཞལ་ན། ཆེ་མཆོག་གསང་བའི་རྡོ་རྗེ་ཕྱེད་ནུབ་པར་བསྒོམ་མོ། །ཁྲོ་མོ་གནམ་ཞལ་གྱི་ཞབས་བཞིས་རིགས་བཞི་ཧེ་རུ་ཀ་བཞིའི་ཕྲག་གོང་ནས་མནན་པ། གནམ་ཞལ་གྱི་གསང་བའི་བྷ་གར་དབུས་བཛྲ་ཧེ་རུ་ཀ་ཡི་སྨིན་མཚམས་ཡན་ཆད་ནུབ་པར་བསྒོམ་མོ། །ཆེ་མཆོག་གི་ལྷག་པའི་བྱང་ཆུབ་སེམས་ནི་ཁྲོ་མོ་གནམ་ཞལ་མ་ལ་ཐིམ། གནམ་ཞལ་གྱི་བྱང་ཆུབ་སེམས་བཛྲ་ཧེ་རུ་ཀའི་དབུ་ལ་ཐིམ། དེའི་བྱང་སེམས་རིགས་བཞི་ཧེ་རུ་ཀ་ལ་ཐིམ། རིགས་བཞིའི་བྱང་སེམས་ནི་ཡུམ་ལ་ཐིམ། ཡུམ་བཞིའི་བྱང་སེམས་ནི་སེམས་ཅན་བཞིའི་ཁ་ནས་ཆུ་འབབ་པ་ལ་ཐིམ། ཆུ་བོ་ཆེན་པོ་བྱང་ཆུབ་སེམས་ཀྱི་བདུད་རྩིར་གྱུར་ཏོ། །དེ་ནི་རྒྱུ་ནས་སྦྱང་བའོ། །རྐྱེན་གྱིས་སྦྱང་བ་ནི་སྔགས་དང་ཕྱག་རྒྱས་སྦྱང་སྟེ། ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཀུཎྜ་ལི་ཧྲཱྀཿཐ། ཨོཾ་ནི་འདས་པའི་སངས་རྒྱས་ཏེ། །ཨོཾ་ལས་ཡེ་ཤེས་འོད་བྱུང་ཞིང་། །ཨོཾ་གྱི་མེས་བསྲེག་ཐལ་བར་བརླག །ད་ལྟར་བཞུགས་པ་རྣམས་ཀྱིས་གསུང་། །ཧཱུཾ་ནི་བདུད་རྩི་རྣམ་པར་དག །སླད་ཀྱིས་འབྱོན་པའི་སངས་རྒྱས་ཡིན། །སར་ནི་ས་ཡི་སྙིང་པོ་ཡིན། །ཟད་པ་མེད་པ་བདུད་རྩིའི་མཆོག །པ་ནི་ནམ་མཁའི་སྙིང་པོ་ཡིན། །ཐམས་ཅད་བདུད་རྩི་ཆེན་པོར་བསྟན། །པཉ་ནི་སྒྲིབ་པ་


DNG020_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་སེལ། །བདུད་རྩི་རྣམ་ལྔ་མངོན་སངས་རྒྱས། །ཙ་ནི་བྱམས་པ་མཻ་ཏྲི་ཡིན། །བདུད་རྩིའི་ལས་ནི་བག་ཆགས་སྲེག །ཨ་ནི་ཀུན་ཏུ་བཟང་པོ་སྟེ། །བདུད་རྩིའི་དོན་ནི་སྐྱེ་ཤི་མེད། །མྲྀ་ནི་འཇམ་དཔལ་གཞོན་ནུ་སྟེ། །བདུད་རྩིའི་ལས་ནི་རྣམ་རྟོག་སྦྱོང་། །ཏ་ནི་སྤྱན་རས་གཟིགས་དབང་ཕྱུག །བདུད་རྩིའི་དོན་ནི་བྱང་ཆུབ་སེམས། །ཀུཎྜ་ཆེ་མཆོག་ཧེ་རུ་ཀ །བདུད་རྩིའི་ངང་ནི་མཉམ་པ་ཉིད། །ལི་ནི་ཕྱག་ན་རྡོ་རྗེ་སྟེ། །བདུད་རྩི་ཉིད་ནི་བག་ཆགས་སྦྱོང་། །ཧྲཱྀཿནི་རྟ་མཆོག་ཆེན་པོ་སྟེ། །བདུད་རྩིའི་དངོས་གྲུབ་ཆེན་པོ་འཐོབ། །དགུ་པའི་སྟེང་དུ་ཨོཾ་ཨཱཿཧཱུཾ། ཧྲཱྀཿམནན་པས་ནི་བཅུ་གསུམ་མོ། །སྔགས་བཅུ་གསུམ་པོ་འདི་འདས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་གསུངས། ད་ལྟར་དང་མ་བྱོན་པས་ཀྱང་གསུང་བར་འགྱུར་རོ། །སེམས་དཔའ་དང་སེམས་མ་དང་ཁྲོ་བོ་ཁྲོ་མོ་རྣམས་ཀྱིས་ཀྱང་གསུངས་སོ། །གནས་ཡུལ་གྱི་མ་མོ་རྣམས་ཀྱིས་ཀྱང་གསུངས་སོ། །ལྷ་མ་སྲིན་སྡེ་བརྒྱད་ཀྱིས་ཀྱང་ཡང་སྙིང་ཡིག་འབྲུ་བཅུ་གསུམ་པ་འདི་གསུངས་སོ། །དགུ་པ་ལ་ཡིག་འབྲུ་བཅུ་གསུམ་པ་དང་། བཅུ་གཉིས་ཧྲཱྀཿརྟ་མགྲིན་ལས་མཁན་པ་དང་བཅུ་གསུམ་མོ། །བདུད་རྩི་ལས་རྒྱ་མཚོ་ལས། ཐུགས་ཀྱི་བསྙེན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།གསང་ཆེན་རིགས་གཅིག་པའི་བསྙེན་པའོ། །འབྲས་བུ་སྦྱང་བ་ནི། འཛབ་དབུལ་བ་དང་། ཐུགས་དམ་བསྐུལ་བ་དང་། དངོས་གྲུབ་བླང་བ་དང་། བཤགས་པ་བྱ་བ་དང་། ཚོགས་ཀྱི་འཁོར་ལོ་བསྐོར་བ་དང་། བར་གཅོད་ཀྱི་བགེགས་བསྐྲད་པ་དང་། སྨོན་ལམ་གདབ་པ་ནི། ཕྱི་མའི་འབྲས་བུ་ཐོབ་བྱའི་ཕྱིར་འདི་གསུངས་སོ། །བསྙེན་བསྒྲུབ་ཀྱི་འཛབ་གྲངས་པ་ནི། དང་པོ་ཅི་མཛད་ཅི་སྤྱོད་ཀྱང་། །སྐུ་གསུང་ཐུགས་ཀྱི་དགོངས་པ་མཛད། །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ར་ས་སིདྡྷི་མ་ཧཱ་སུ་ཁ་ཧྲྀ་ད་ཡན། པ་ར་བི་དྷཱ་ན། ཨཱ་ཀྲ་མ་ཎ་ཧྲི་ཐ། ཨོཾ་ནི་སངས་རྒྱས་སྐུའི་མཆོག་ཐོབ་པའོ། །ཨཱཿནི་སངས་རྒྱས་གསུང་གི་ལམ་དུ་གྱུར་པའོ། །


DNG020_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ་ནི་སངས་རྒྱས་ཐུགས་ཀྱི་ཡེ་ཤེས་སོ། །གཉིས་པ་ར་སཱ་ཡ་ན་ཁྲོལ་བུའི་བསྙེན་པ་ལ། ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ར་སཱ་ཡ་ན་ཏ་ན་ཛ་ཡ་ཧཱུཾ་ཧྲཱྀཿཐ། ཨོཾ་གྱིས་ཡེ་ཤེས་འོད་འབྱུང་ཞིང་། །ཨཱཿཡིས་མེས་བསྲེགས་ཐལ་བར་བརླག །ཧཱུཾ་གི་བདུད་རྩི་ཉིད་དུ་ཞུ་ཞེས་བྱའོ། །གསུམ་པ་རྩ་བ་དགུའི་སྔགས་འབྱུང་སྟེ། ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་བཛྲ་སཏྭ་ཧཱུཾ་ཧྲཱྀཿཐ། ཨོཾ་ནི་སྐུ་མ་སྐྱེས་པའོ། །ཨཱཿནི་གསུང་སྨོན་པ་མེད་པའོ། །ཧཱུཾ་ནི་ཐུགས་མཚན་མ་མེད་པའོ། །བཞི་པ་རྟ་མགྲིན་དབང་གི་དཀྱིལ་འཁོར་འབྱུང་སྟེ། ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཧ་ཡ་གྲཱི་ཝ་ཧྲཱྀཿ། ཧུ་ལུ་ཧུ་ལུ་ཧྲཱྀཿ། པདྨ་པདྨ་ཧྲཱྀཿ། བྷནྡྷ་བྷནྡྷ་ཧྲཱྀཿཐ། ཨོཾ་གྱིས་སྐུ་མཆོག་ཡོན་ཏན་དུ་འགྱུར་བའོ། །ཨཱཿཡིས་གསུང་མཆོག་ཡོངས་སུ་གྱུར་པའོ། །ཧཱུཾ་གིས་ཐུགས་མཆོག་ཡེ་ཤེས་སུ་གྱུར་པའོ། །ལྔ་པ་ལ་བདུད་རྩི་བུམ་པའི་ལུང་བདུད་རྩི་འཁྱིལ་པ་འབྱུང་སྟེ། ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཀ་མ་ལ་ཀུཎྜ་ལི་སིདྡྷི་སིདྡྷི་ཧཱུཾ་ཧྲཱྀཿཐ། ཨོཾ་ནི་བདུད་རྩི་ཆོས་ཀྱི་སྐུ་ལས་བདུད་རྩིའི་ཡོན་ཏན་དུ་འབུལ་བའོ། །ཨཱཿནི་བདུད་རྩི་ཆོས་ཀྱི་གསུང་ལས་བདུད་རྩི་ཡོན་ཏན་དུ་འཛག་པའོ། །ཧཱུཾ་ནི་བདུད་རྩི་ཐུགས་ལས་བདུད་རྩི་ཡེ་ཤེས་སུ་འཆར་བའོ། །དྲུག་པ་ལས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་འབྱུང་སྟེ། ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་མཉྫུ་ཤྲཱི་བྱཱ་བ་ལོ་ཀི་ཏེ་ཧཱུཾ་ཐ་ཧྲཱྀཿཐ། འཇམ་དཔལ་གྱི་བདུད་རྩིའི་གོང་བུ་ལས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་ལྷ་རུ་བཞེངས་གསོལ་བྱ་སྟེ། བྱཱ་བ་ལོ་ཀི་ཞེས་པ་ནི་ལྷ་དང་སྒྲུབ་པ་པོ་ཀུན་སོ་སོར་ཞལ་འཛུམ་པ་མཛད་པ་ལ་བྱའོ། །ཨོཾ་ནི་སྐུའི་ཀུན་ཏུ་བཟང་པོ་བལྟ་བས་ཆོག་མི་ཤེས་པའོ། །ཨཱཿནི་གསུང་ཀུན་ཏུ་བཟང་པོ་དད་པས་འདུན་པ་བསྐྱེད་པའོ། །ཧཱུཾ་ནི་ཐུགས་ཀུན་ཏུ་བཟང་པོ་བདུད་རྩིའི་དོན་ཐུགས་སུ་ཆུད་པས་འཆི་འཕོ་དང་འགྱུར་བའི་དུས་མེད་པའོ། །བདུན་པ་ལ་གསང་བ་མཆོག་གི་དཀྱིལ་འཁོར་ལ། ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཤྲཱི་བྷ་ག་ཝཱན་ཧཱུཾ་ཨ་ཧོ། ཨོཾ་ནི་སངས་རྒྱས་


DNG020_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

སྐུའི་མཆོག་ཏུ་གྱུར་པའོ། །ཨཱཿནི་སངས་རྒྱས་གསུང་གི་ལམ་དུ་གྱུར་པའོ། །ཧཱུཾ་ནི་སངས་རྒྱས་ཐུགས་ཀྱི་ཡེ་ཤེས་སུ་གྱུར་པའོ། །འདས་པའི་སྐུ་མཆོག་འཐོབ་པ་ཡང་བདུད་རྩི་འདི་ཡིན་ནོ། །ད་ལྟར་གྱི་གསུང་ལམ་དུ་གྱུར་པ་ཡང་འདི་ཡིན་ནོ། །མ་བྱོན་པའི་ཐུགས་རིག་པ་ཡེ་ཤེས་མཛད་པ་ཡང་བདུད་རྩི་འདི་ཡིན་ནོ། །ཧྲཱྀཿནི་ཐམས་ཅད་ཀྱི་སྒོར་ཞུགས་པའོ། །ཆེ་མཆོག་ཧེ་རུ་ཀའི་དབུ་ལ་དུས་གསུམ་གྱི་སངས་རྒྱས་བདུན་གསུམ་ཉི་ཤུ་རྩ་གཅིག་བཞུགས་པའི་སྔགས་སོ། །བདུད་རྩི་ལས་རྒྱ་མཚོ་ལས། འབྲས་བུའི་སྦྱང་བའི་ལེའུ་སྟེ་བཅུ་གཉིས་པའོ།། །།ཐུགས་དམ་བསྐུལ་བ་འདི་སྐད་དོ། །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཀུཎྜ་ལི་ཧྲཱྀཿཐ། ཞེས་འཛབ་བར་མ་ཆད་པར་དྲང་ངོ་། །ཨོཾ་ལས་ཡེ་ཤེས་འོད་བྱུང་ཞིང་། །ཨཱཿཡིས་མེས་བསྲེགས་ཐལ་བར་བརླག །ཧཱུཾ་གིས་བདུད་རྩི་རྣམ་པར་དག །སརྦ་ཐམས་ཅད་བདུད་རྩིར་བསྟན། །པཉྩས་རྣམ་ལྔར་མངོན་སངས་རྒྱས། །ཨ་ནི་སྐྱེ་མེད་ཆོས་ཀྱི་སྐུ། །མྲྀ་ཡིས་དུག་གསུམ་རྩ་བ་གཅོད། །ཏས་ནི་འཁོར་བ་སྟོངས་པར་བྱེད། །ཨོཾ་ལྡན་དཀར་ལ་འཚེར་བའི་འཕྲོ་འདུ་དང་། །ཨཱཿལྡན་དམར་ལ་དང་བའི་བྱིན་རླབས་ཀྱིས། །ཧཱུཾ་ལྡན་སྣུམ་ལ་འདྲིལ་བའི་བདུད་རྩི་པཉྩ་ཨ་མྲྀ་ཏ། །མ་སྐྱེས་ཀུན་ཏུ་བཟང་པོ་ཡབ་ཀྱི་མཁའ། །མི་དམིགས་ཀུན་ཏུ་བཟང་མོ་ཡུམ་གྱི་དབྱིངས། །ཡབ་ཡུམ་དབྱེར་མེད་པས་ནི་བྱང་ཆུབ་སེམས། །བྱང་ཆུབ་སེམས་ལ་འཛིན་ཆེན་གཞལ་ཡས་ཁང་། །སྐྱེ་ཤི་མེད་པར་སྐྱོན་ཡོན་རྟོག་པ་བསྒྲལ་ཞེས་བྱ། །འདུ་འབྲལ་མེད་པར་རྟོགས་ན་གཉིས་མེད་སྦྱོར་ཞེས་བྱ། །བསྟོད་པ་ནི། ཨེ་མ་ཧོ་སངས་རྒྱས་ཀུན་ཏུ་བཟང་། །གསང་ཆེན་ཐིག་ལེ་ཉིད་ལ་རྫོགས། །མ་རིག་མུན་སེལ་ཡེ་ཤེས་སྒྲོན། །དཔའ་བོ་ཁྱོད་ལ་སྐྱབས་སུ་མཆི། །རང་བྱུང་བདུད་རྩི་དྲི་མེད་འདི། །སངས་རྒྱས་ཀུན་གྱི་བསྔགས་པའི་མཆོག །མི་ཤེས་དྲི་མ་ཀུན་བཅོམ་ནས། །ངེས་པའི་དབྱིངས་ལ་འགོད་མཛད་པ། །གཉིས་མེད་གུས་པས་ཕྱག་འཚལ་ལོ། །སྣང་མཛད་རྡོ་རྗེ་རྒྱལ་སྤྱན་དང་། །


DNG020_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

མི་བསྐྱོད་ཉི་མ་སྣང་མཐའ་ཡས། །དོན་ཡོད་བདུད་རྩི་འཁྱིལ་པ་ལ། །དགེས་ཤིང་གུས་པས་ཕྱག་འཚལ་ལོ། །ཐམས་ཅད་ཀུན་ལ་སྙོམས་ཞུགས་པ། །དབྱིངས་ཕྱུག་ཡུམ་གྱི་ཚོགས་རྣམས་ལ། །དགའ་བའི་ཡིད་ཀྱིས་གུས་ཕྱག་འཚལ། །ལག་ན་རྡོ་རྗེ་རྒྱལ་པོ་དང་། །ཀུན་བཟང་བློ་གྲོས་ཆེན་པོ་དང་། །དོན་རབ་ས་སྙིང་ལ་སོགས་པ། །རབ་ཏུ་གུས་པས་ཕྱག་འཚལ་ལོ། །ནམ་མཁའི་འཇིག་རྟེན་དབང་ཕྱུག་དང་། །འགྲོ་བ་འཛིན་མཆོག་དམ་པ་ལ། །གཉིས་མེད་གུས་པས་ཕྱག་འཚལ་ལོ། །ངག་ལ་རང་བཞིན་དྲི་མ་མེད། །ཁུ་ཚུར་འཛིན་ཕྲེང་དབྱངས་དང་གར། །སྤྱོད་མཆོག་དགའ་སྡུག་ཕྱག་འཚལ་ལོ། །བདུག་པ་མེ་ཏོག་མར་མེ་དྲི། །གཟུགས་མཆོག་མཉེས་མཛད་ལྷ་མོ་ལ། །མོས་པས་བཏུད་ཅིང་ཕྱག་འཚལ་ལོ། །རིག་བྱེད་ཚོགས་ཀྱི་བདག་པོ་མཆོག །རྡོ་རྗེ་སྲིད་པ་འདུལ་མཛད་པ། །ཁྲོ་རྒྱལ་ཡབ་ཡུམ་འཁོར་བཅས་ལ། །གུས་པས་བསྟོད་དེ་ཕྱག་འཚལ་ལོ། །བདུད་རྩི་ལས་རྒྱ་མཚོ་ལས། ཐུགས་དམ་བསྐུལ་བ་དང་བསྟོད་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་དངོས་གྲུབ་བླང་ངོ་། །ཧཱུཾ་མཉམ་ཉིད་གདོད་ནས་མ་སྐྱེས་གཉིས་མེད་ཕྱིར། །དངོས་གྲུབ་སྩལ་དང་སྩོལ་པར་མི་དམིགས་ཀྱང་། །རིག་དང་མ་རིག་སྒྱུ་མའི་ཁྱད་པར་ལ། །རྟོགས་པའི་ཁྱད་པར་མཉམ་པར་མ་གྱུར་ཏེ། །རྒྱལ་བའི་དགོངས་སྤྱོད་དབང་དུ་མ་འདུས་པས། །མཁྱེན་རབ་ཏིང་འཛིན་དངོས་གྲུབ་སྩལ་དུ་གསོལ། །ཆགས་པའི་ནད་ཀྱིས་གདུངས་པའི་གཅོང་རྙིང་ལ། །བདུད་དང་སྲིན་པོ་ཞེ་སྡང་གློ་བུར་གྱིས། །ཚེ་སྲོག་རྒྱུ་བའི་ལུས་ལ་བར་གཅོད་པ། །ཆེ་མཆོག་མངའ་ཆེན་ཚམ་རྔམས་གཟི་བྱིན་གྱིས། །བདུད་དང་མུ་སྟེགས་ཟིལ་གྱིས་གནན་པའི་ཕྱིར། །རྫུ་འཕྲུལ་མཐུ་ཡི་དངོས་གྲུབ་སྩལ་དུ་གསོལ། །བག་ཆགས་རྐྱེན་གྱིས་བསྒྲིབས་པའི་རྨོངས་པ་ལ། །གདུང་བའི་བདུད་རྩི་མཉམ་པའི་ཆར་ཕབ་ཀྱང་། །བརླན་པའི་ཤེས་རབ་བློ་དང་མ་ལྡན་པར། །མངོན་ཤེས་དྲུག་གི་


DNG020_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་སྩལ་དུ་གསོལ། །རྒྱུད་དྲུག་རིམ་གྱིས་དྲང་བའི་དོན་སླད་དུ། །ཁམས་གསུམ་སྲིད་གསུམ་མ་ལུས་བསྒྲལ་བའི་ཕྱིར། །བདུད་རྩི་དངོས་གྲུབ་བདག་གི་ལུས་འཛིན་ན། །ཡོན་ཏན་མཆོག་གི་དངོས་གྲུབ་སྩལ་དུ་གསོལ། །ཧཱུཾ་དྲེགས་པས་མྱོས་པའི་བར་སྣང་ལྷ་བྲན་དང་། །ཆེ་བས་འགྱིངས་པའི་མཁའ་འགྲོ་མ་མོའི་ཚོགས། །རྡོ་རྗེ་གཤོག་པས་ཟིལ་གྱིས་གནན་པའི་ཕྱིར། །ཐོགས་མེད་མཁའ་ལ་འཕུར་བའི་དངོས་གྲུབ་སྩོལ། །བླང་དོར་མེད་པའི་དོན་ལ་ཐུགས་བརྩེའི་ཕྱིར། །སོ་སོའི་བློ་དང་ཇི་ལྟར་འཐད་པ་བཞིན། །མཐུན་འཇུག་རྟགས་ཀྱིས་འགྲོ་བ་འདུལ་ལགས་ན། །པྲ་སེ་ན་ཡི་ཡོ་གའི་དངོས་གྲུབ་སྩོལ། །དུག་གསུམ་ནད་ཀྱིས་གདུངས་པའི་གཅོང་རྙིང་ལ། །འཚོ་བྱེད་ཐབས་ཀྱི་རྒྱལ་པོའི་རྩི་བཏང་ནས། །སྐྱེ་ཤི་མེད་པའི་དངོས་གྲུབ་ཆེན་པོ་དེ། །བདུད་རྩིའི་རྫས་ལ་བརྟེན་ཏེ་སྩལ་དུ་གསོལ། །བདུད་རྩི་བསྒྲུབ་པའི་ཞག་གྲངས་ད་ནང་ཚང་། །བདུད་རྩི་བསྒྲུབ་པའི་འཛབ་ཀྱང་ད་ནང་རྫོགས། །བདུད་རྩི་བསྒྲུབ་པའི་ཡོ་བྱད་ད་ནང་བས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ཧཱུཾ་ནམ་མཁའི་མཐའ་དང་མཉམ་པའི་སྐུ་མངའ་བས། །ཡོན་ཏན་ལྷུན་གྲུབ་དངོས་གྲུབ་སྩལ་དུ་གསོལ། །ཆོ་འཕྲུལ་མཐར་ཕྱིན་འདྲེན་པའི་སྐུ་མངའ་བས། །ཕྲིན་ལས་མཐར་ཕྱིན་ཐུགས་རྗེའི་དངོས་གྲུབ་སྩོལ། །ཡེ་ཤེས་ཐུགས་རྗེ་ཁྱབ་པའི་སྐུ་མངའ་བས། །འཆི་མེད་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བདུད་རྩི་ལས་རྒྱ་མཚོ་ལས། དངོས་གྲུབ་བླང་བའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་བཤགས་པ་བྱ་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། བར་གཅོད་ཀྱི་བགེགས་བསྐྲད་པ་དང་། སྨོན་ལམ་གདབ་པ་དང་། དེ་ཡན་ཆད་སྒྲུབ་པ་རྒྱ་མཚོའི་ལེའུའོ། །དེ་ནས་སྨན་གྱི་བུམ་པ་བླང་ལ་འདི་སྐད་དོ། །གདོད་ནས་མ་སྐྱེས་རྣམ་དག་ཆོས་ཀྱི་དབྱིངས། །དག་དང་མ་དག་མི་རྟོག་རྟོག་ལས་འདས། །དུས་གསུམ་གཅིག་ལ་སྐུར་བསྟན་ཕྱི་ཤོལ་མེད། །དངོས་གྲུབ་སྣ་ཚོགས་རླབས་ཆེན་འབར་བ་ཅན། །སུ་


DNG020_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་སྦྱིན་གྱིས་ད་ལྟ་ང་ལས་ལོང་། །བསྐལ་པར་སྒྲིབ་དང་མུན་ནག་མུན་སེལ་དེ། །སྤྲིན་མཐོངས་ཉི་ཤར་ཁུད་པར་དྲོ་བ་བཞིན། །བདུད་རྩི་རྒྱལ་པོའི་དབང་ཆེན་འདི་ཕྱིན་པས། །རིག་འཛིན་གཙོ་བོའི་གོ་འཕང་ཐོབ་པར་ཤོག །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་བཻ་རོ་ཙ་ན་ཨ་བྷི་ཥིཉྩ་ཧཱུཾ་ཧྲཱྀཿཐ། ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཨ་ཀྵོ་བྷྱེ་ཨ་བྷི་ཥིཉྩ་ཧཱུཾ་ཧྲཱྀཿཐ། ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་རཏྣ་སཾ་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ་ཧྲཱྀཿཐ། ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཨ་མི་དེ་བ་ཨ་བྷི་ཥིཉྩ་ཧཱུཾ་ཧྲཱྀཿཐ། ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཨ་མོ་གྷ་སིདྡྷི་ཨ་བྷི་ཥིཉྩ་ཧཱུཾ་ཧྲཱྀཿཐ། ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་བུཌྜྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་བུཌྜྷ་ཀྲོ་དྷཱི་ཤྭ་རཱི་ཨ་བྷི་ཥིཉྩ་ཧཱུཾ་ཧྲཱྀཿཐ། ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་བཛྲ་ཤྲཱི་ཧེ་རུ་ཀ་བཛྲ་ཀྲོ་དྷཱི་ཤྭ་རཱི་ཨ་བྷི་ཥིཉྩ་ཧཱུཾ་ཧྲཱྀཿཐ། ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་རཏྣ་ཤྲཱི་ཧེ་རུ་ཀ་རཏྣ་ཀྲོ་དྷི་ཤྭ་རཱི་ཨ་བྷི་ཥིཉྩ་ཧཱུཾ་ཧྲཱྀཿཐ། ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་པདྨ་ཤྲཱི་ཧེ་རུ་ཀ་པདྨ་ཀྲོ་དྷཱི་ཤྭ་རཱི་ཨ་བྷི་ཥིཉྩ་ཧཱུཾ་ཧྲཱྀཿཐ། ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཀརྨ་ཤྲཱི་ཧེ་རུ་ཀ་ཀརྨ་ཀྲོ་དྷཱི་ཤྭ་རཱི་ཨ་བྷི་ཥིཉྩ་ཧཱུཾ་ཧྲཱྀཿཐ། ཞེས་དབང་བསྐུར་རོ། །ཚེ་དང་སྐོང་དང་ཡིད་དུ་འོང་། །བགེགས་རྣམས་ཞི་བ་ལ་སོགས་ཏེ། །ནད་མེད་དཔལ་དང་ཅི་འདོད་པའི། །ཡོན་ཏན་རྩ་བརྒྱད་འདིས་འཐོབ་བོ། །ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། ཨཱ་ཡུཿཕ་ལ་གུ་ཧྱ་སིདྡྷི་སྭཱ་ཧཱ། ཚེ་ཡི་སྙིང་པོ་རྒྱུད་གསུམ་པོ། །སྲོག་གི་སྙིང་པོ་གཞལ་ཡས་ཁང་། །སྐུ་གསུམ་སྐུ་སྟེ་སྐུ་ལ་ཐིམ། །གསུང་གསུམ་གསུང་སྟེ་གསུང་ལ་ཐིམ། །ཐུགས་གསུམ་ཐུགས་ཏེ་ཐུགས་ལ་ཐིམ། །བྱང་ཆུབ་སེམས་ལ་རབ་ཏུ་ཐིམ། །ཞེས་བརྗོད་པས་དབང་བསྐུར་རོ། །སྒྲོལ་བ་རྒྱ་མཚོ་ཇི་ལྟར་བྱ་བ་ལ་ཡང་དོན་རྣམ་པ་ལྔ་སྟེ། དང་པོ་བསྒྲལ་བའི་རྒྱུ་དང་།བསྒྲལ་བའི་དགོངས་པ་དང་། བསྒྲལ་བའི་ཕྲིན་ལས་དང་། ཐུགས་དམ་བསྐུལ་བ་དང་། ཞལ་དུ་བསྟབ་པ་དང་ལྔའོ། །དེ་ལ་བསྒྲལ་བའི་རྒྱུ་ལ་རྣམ་པ་ལྔ་སྟེ།གང་བསྒྲལ་བ་དང་། གང་གིས་བསྒྲལ་བ་དང་། གང་དུ་བསྒྲལ་བ་དང་།དོན་ཅིའི་ཕྱིར་བསྒྲལ་བ་དང་། མ་བསྒྲལ་བའི་སྐྱོན་དང་ལྔའོ། །གང་བསྒྲལ་བ་ལའང་གླང་པོ་ཆེ་དང་། སེང་


DNG020_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

གེ་དང་། རྟ་དང་། མི་དང་། རྨ་བྱ་དང་ལྔ་བསྒྲལ་བ། གང་གིས་བསྒྲལ་ན། ཐབས་ལ་མཁས་པའི་སྐྱེས་བུ་ཆེན་པོས་ལྷའི་དཀྱིལ་འཁོར་དང་གཉིས་སུ་མེད་པར་བསྒྲལ་ལོ། །གང་དུ་བསྒྲལ་ན། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ཡུམ་གྱི་མཁའ་རུ་བསྒྲལ་ལོ། །དོན་ཆེད་ཅིའི་ཕྱིར་ན།མནར་མེད་པར་ལྟུང་བར་ངེས་པས། དེ་མཐོ་རིས་སུ་གདོན་པའི་ཆེད་དུ་ཐུགས་རྗེས་གཟུང་ལ་བསྒྲལ་ལོ། །མ་བསྒྲལ་བའི་སྐྱོན་ནི་རྡོ་རྗེ་ཐེག་པའི་བཀའ་བཅག་ཅིང་། རྣལ་འབྱོར་གྱི་ཆོས་སྤྱོད་ནུབ་པས། རྒྱལ་ཁམས་ཕུང་བའི་སྐྱོན་ཡོད་དོ། །དེ་ལ་བསྒྲལ་བའི་དགོངས་པ་ནི། བདུད་རྩི་ཕུང་པོ་ཁམས་དང་སྐྱེ་མཆེད་ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ་གསལ་བར་བྱས་ལ། དཀྱིལ་འཁོར་ཆེན་པོར་བཀུག་ལ། འཁོར་བ་ཞེ་བཅད་རྒྱ་གད་བྱས་ལ། ཞེ་སྡང་དབང་གིས་དམྱལ་བར་སྐྱེས། །གཙོ་བསྲེག་སྡུག་བསྔལ་བསམ་མི་ཁྱབ། །དཔལ་ཆེན་ཧེ་རུའི་བཀའ་ལ་ཉོན། །མེ་ཆེན་འབར་བའི་འོབས་ལས་བརྒོལ་ལ་ཤོག །མཚོན་ཆ་སྤུ་གྲིའི་སོ་ལ་འཛེག་ལ་ཤོག །ཕྲག་དོག་དབང་གིས་ཡི་དྭགས་སྐྱེས། །བཀྲེས་སྐོམ་སྡུག་བསྔལ་བསམ་མི་ཁྱབ། །དཔལ་ཆེན་ཧེ་རུའི་བཀའ་ཉོན་ལ། །ཡི་དྭགས་གནས་ནས་བྲོས་ལ་ཤོག །བཀྲེས་སྐོམ་གནས་ནས་མཆོངས་ནས་ཤོག །གཏི་མུག་དབང་གིས་བྱོལ་སོང་གནས་སུ་སྐྱེས། །དཔལ་ཆེན་ཧེ་རུའི་བཀའ་ཉོན་ལ། །བྱོལ་སོང་གནས་ནས་བྲོས་ལ་ཤོག །འོན་གླེན་གཏི་མུག་གནས་ནས་མཆོངས་ལ་ཤོག །མཐོ་རིས་ཐར་པའི་གནས་ཡོད་ཀྱིས། །སྐྱེ་ཤི་མེད་པའི་ས་ཡོད་ཀྱིས། །འཁོར་བ་འདི་ལ་མ་ཆགས་ཤིག །སྐྱེ་རྒ་ན་འཆིའི་སྡུག་བསྔལ་གཏན་བོར་ལ། །སྐྱེ་བ་རྣམ་བཞིའི་ལུས་ལ་མ་ཆགས་ཤིག །མཐོ་རིས་ཐར་པའི་གནས་སུ་ད་འདེང་གྱིས། །ངན་སོང་གསུམ་གྱི་གནས་ལ་མ་ཆགས་ཤིག །ཡེ་ཤེས་ལྔ་ཡི་གནས་སུ་ད་འདེང་གྱིས། །ཉོན་མོངས་དུག་ལྔ་འདི་ལ་མ་ཆགས་ཤིག །སྐུ་གསུང་ཐུགས་ཀྱི་ས་ལ་ད་འདེང་གྱིས། །ལུས་ངག་ཡིད་གསུམ་


DNG020_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

ས་ལ་མ་ཆགས་ཤིག །མིག་དབྱེ་བ་དང་མཚམས་གཅད་པ་བྱའོ། །རཾ་ཡཾ་ཁཾ། བསྲེག་གཏོར་བཀྲུས་པས་ཚུལ་བཞིན་བྱས་ལ།ཕུང་པོ་སྦྱོང་བ་ལ་ཡང་གསུམ་སྟེ། རྒྱུ་ལས་སྦྱང་བ་དང་། རྐྱེན་གྱིས་སྦྱང་བ་དང་། འབྲས་བུར་སྦྱང་བའོ། །དང་པོར་ཕོ་ཉས་དགུག་པ་དང་། ངན་སོང་གསུམ་ནས་དྲང་བ་དང་། མིག་དབྱེ་བ་དང་། བར་གཅོད་བསལ་བའི་ཕྱིར།མཚམས་གཅད་པ་དང་། བསྲེག་སྦྱང་རཾ་ཡཾ་ཁཾ་གིས་རྒྱུའི་གནས་སྦྱང་བའོ། །རྐྱེན་གྱིས་སྦྱང་བ་སྐུ་གསུང་ཐུགས་གསུམ་གྱི་གནས་སྦྱང་བ་ནི་འདི་སྐད་དོ། །ཨེ་མ་ཆོ་འཕྲུལ་འོད་འཕྲོས་པས། །ཡི་གེ་ཕྲེང་བའི་ཚོགས་བྱུང་དེ། །ཡི་གེ་ཡན་ལག་ཡེ་ཤེས་ལས། །སངས་རྒྱས་སྐུ་ཡི་ས་བོན་འབྱུང་། །དཔག་ཏུ་མེད་པའི་རྒྱལ་པོ་རྣམས། །སྐུ་གསུང་ཐུགས་ལས་སྤྲུལ་པའི་ཚོགས། །ཕྱག་རྒྱ་སྣ་ཚོགས་མཛེས་པར་སྣང་། །དེ་ནས་ཡི་གེའི་རང་བཞིན་ནི། །རྒྱལ་བའི་སྐུ་ཉིད་ཡིན་པར་བཤད། །ཨ་ནི་ཐུགས་ཀྱི་ས་བོན་ཏེ། །ཀ་ལ་སོགས་པ་དང་པོ་ལྔ། །མགུར་གྱི་གསང་བའི་རང་བཞིན་ཡིན། །ཀ་ཁ་ག་གྷ་ང་། གཉིས་པ་ཙ་ལ་སོགས་པ་ལྔ། །ཟླ་གམ་ལྗགས་ཀྱི་རང་བཞིན་ཡིན། །ཙ་ཚ་ཛ་ཛྷ་ཉ། གསུམ་པ་ཏ་ལ་སོགས་པ་བཅུ། །ལྗགས་ཀྱི་རྩེ་མོའི་རང་བཞིན་ཡིན། །ཏ་ཐ་ད་དྷ་ན། བཞི་པ་པ་ལ་སོགས་པ་ལྔ། །ཞལ་གྱི་སྒོ་ནས་འབྱུང་བར་བཤད། །པ་ཕ་བ་བྷ་མ། ལྔ་པ་ཡ་ལ་སོགས་པ་ཡི། །བཅུ་ཚན་གཉིས་ཀྱི་ཡི་གེ་དག །སྐུ་ལས་འཕྲོས་པར་རབ་ཏུ་བཤད། །ཡ་ར་ལ་ཝ་ཤ་ཥ་ས་ཧ་ཀྵ། ཨི་ཨཱིཾ། ཨུ་ཨཱུ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཱཿ ཡོད་པ་ཡིན་ནམ། ཞལ་གྱི་འཁོར་ལོའི་འོད་ཟེར་ལས། །སྒྲིབ་པ་སེལ་བའི་ཡིག་འབྲུ་ཧ། །གསང་བ་མཁའ་ཡི་འོད་ཟེར་ལས། །ཆོ་འཕྲུལ་འབྱུང་བའི་ཡིག་འབྲུ་ཀྵ། །སྐུ་ཡི་ཁྲུ་ཚད་ལྟེ་བ་ལས། །འདོད་པ་འབྱུང་བའི་ཡིག་འབྲུ་ས། །ཐུགས་ཀྱི་དཔལ་བེའུ་ཆེན་པོ་ལས། །མཚན་མ་དག་པའི་ཡིག་འབྲུ་ཥ། །ཕྱག་གི་འཁོར་


DNG020_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ལོའི་འོད་ཟེར་ལས། །ཆོ་འཕྲུལ་སྟོན་པའི་ཡིག་འབྲུ་ཤ །སྐྱེས་བུ་ཆེན་པོའི་དཔུང་པ་ལས། །རྟོག་པ་འཇོམས་པའི་ཡིག་འབྲུ་ལ། །སྐྱེས་བུ་ཆེན་པོའི་སྟ་ཟུར་ལས། །འདོད་ཆགས་སྲེག་པའི་ཡིག་འབྲུ་ར། །སྐྱེས་བུ་ཆེན་པོའི་དཀུ་སྐབས་ལས། །གཏི་མུག་སྲེག་པའི་ཡིག་འབྲུ་ཝ། །སྐྱེས་བུ་ཆེན་པོའི་བྱིན་པ་ལས། །འཁོར་བ་གནོན་པའི་ཡིག་འབྲུ་ཡ། །སྐྱེས་བུ་ཆེན་པོའི་སྤྱན་གཉིས་ལས། །རང་བཞིན་ཡི་གེ་ཨེ་གཉིས་ཤར། །སྐྱེས་བུ་ཆེན་པོའི་སྙན་གཉིས་ལས། །རང་བཞིན་ཡི་གེ་ཨུ་གཉིས་ཤར། །སྐྱེས་བུ་ཆེན་པོའི་ཤངས་གཉིས་ལས། །རང་བཞིན་ཡི་གེ་ཨོ་གཉིས་ཤར། །སྐྱེས་བུ་ཆེན་པོའི་ཚེམས་གཉིས་ལས། །རང་བཞིན་ཡི་གེ་ཨི་གཉིས་ཤར། །སྐྱེས་བུ་ཆེན་པོའི་སྙན་གཉིས་ལས། །རྒྱལ་བའི་ས་བོན་ཨོཾ་གཉིས་ཤར། །སྐྱེས་བུ་ཆེན་པོའི་ཡིག་འབྲུ་རྣམས། །གསུང་ཡིག་འབྲུ། ཐུགས་ཕྱག་མཚན། སྐུ་ཕྱག་རྒྱ་དེ་རྣམས་ཀྱིས་གནས་སྦྱང་ངོ་། །འོད་ཟེར་ཆེན་པོའི་འཕྲོ་འདུ་ཡིས། །སོ་སོར་རང་རེའི་སྒྲིབ་པ་བསྲེག །སྒྲིབ་པ་བསྲེགས་པས་འོད་དུ་གྱུར། །འོད་ཀྱང་མི་དམིགས་ཆོས་ཀྱི་དབྱིངས། །དབྱིངས་ལས་ཡི་གེ་ཨ་བྱུང་བ། །ཨ་ནི་སྐྱེ་མེད་དེ་བཞིན་ཉིད། །ཋ་ནི་རྡོ་རྗེ་རྩེ་ལྔ་པ། །རྣམ་ཤེས་རྡོ་རྗེ་སེམས་དཔའི་སྐུ། །ཊ་ལས་འཁོར་ལོ་རྩིབས་བརྒྱད་པ། །ཕུང་པོ་རྣམ་པར་སྣང་མཛད་སྐུ། །ར་ལས་རིན་ཆེན་ཟུར་བརྒྱད་པ། །ཚོར་བ་ཡོན་ཏན་རིན་ཆེན་འབྱུང་ལྡན། །ཌྷ་ལས་པདྨ་འདབ་བརྒྱད་དེ། །འདུ་ཤེས་སྣང་བ་མཐའ་ཡས་གསུང་། །ཎ་ལས་རལ་གྲི་འབར་བ་སྟེ། །ཕྲིན་ལས་དོན་ཡོད་གྲུབ་པའི་སྐུ། །ཐ་ལས་ཀུན་ཏུ་བཟང་མོ་སྟེ། །འབྱུང་བ་ནམ་མཁའ་སེམས་ཉིད་ཡིན། །ཏ་ནི་སངས་རྒྱས་སྤྱན་ཡིན་ཏེ། །འབྱུང་བ་དག་པས་ས་ཡང་ཡིན། །ད་ནི་རིན་ཆེན་སེམས་མ་སྟེ། །འབྱུང་བ་དག་པས་དྲོད་ཀྱང་ཡིན། །དྷ་ནི་ཆོས་ཀྱི་སེམས་མ་ཡིན། །འབྱུང་བ་དག་པས་མཱ་མ་ཀཱི། །ན་ནི་ལས་ཀྱི་སེམས་མ་སྟེ། །འབྱུང་བ་དག་པ་དམ་ཚིག་སྒྲོལ། །ཀ་ནི་སྤྱན་གྱི་མྱུ་གུ་སྟེ། །རྣམ་པར་ཤེས་པའི་སྙིང་


DNG020_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཡིན། །ཁ་ནི་སྙན་གྱི་རལ་གྲི་ཡིན། །རྣམ་ཤེས་ནམ་མཁའི་སྙིང་པོ་ཡིན། །ག་ནི་ཤངས་ཀྱི་པདྨ་སྟེ། །རྣམ་ཤེས་སྤྱན་རས་གཟིགས་དབང་ཡིན། །གྷ་ནི་ལྗགས་ཀྱི་རྡོ་རྗེ་སྟེ། །རྣམ་ཤེས་ཕྱག་ན་རྡོ་རྗེ་ཡིན། །ང་ནི་ལུས་ཀྱི་འདུ་ཤེས་ཏེ། །བེ་ཅོན་འབར་བ་གཤིན་རྗེ་གཤེད། །ཙ་ནི་སྤྱན་མ་ཡུམ་འགྱིངས་ཏེ། །ཡུལ་རྣམས་དག་པ་ལཱ་སྱེ་མ། །ཚ་ནི་སྙན་གྱི་ཕྲེང་བ་སྟེ། །ཡུལ་རྣམས་དག་པས་མར་མེ་སྟེ། །ཛ་ནི་ཤངས་ཀྱི་པི་ཝང་སྟེ། །ཡུལ་རྣམས་དག་པས་གཱིརྟི་མ། །ཛྷ་ནི་ལྗགས་ཀྱི་གར་བསྒྱུར་ཏེ། །ཡུལ་རྣམས་དག་པས་ནཱིརྟི་མ། །ཉ་ནི་ཡིད་ཀྱི་ཏྲི་ཤཱུལ་ཏྲེ། །ཡན་ལག་གཡོ་བ་སྟོབས་པོ་ཆེ། །པ་ནི་ངག་གི་འགུགས་འདྲེན་ཏེ། །རྣམ་ཤེས་བྱམས་པ་མེ་ཏྲི་ཡིན། །ཕ་ནི་ཡིད་ཀྱི་སྙིགས་མ་སྟེ། །རྣམ་ཤེས་དག་པས་ཀུན་ཏུ་བཟང་། །བ་ནི་ལུས་ཀྱི་རལ་གྲི་སྟེ། །རྣམ་ཤེས་དག་པས་སྒྲིབ་པ་སེལ། །བྷ་ནི་ངག་གི་ཨུཏྤལ་ཏེ། །རྣམ་ཤེས་དག་པས་འཇམ་དཔལ་ཡིན། །མ་ནི་ཡིད་ཀྱི་ཐོད་དབྱུག་སྟེ། །ཁྲོས་པའི་རྒྱལ་པོ་རྟ་མགྲིན་དཔལ། །ཡ་ནི་དྷཱུ་པེ་བདུག་སྤོས་མ། །ཝ་ནི་པུཥ྇་མེ་ཏོག་མ། །རྀ་ནི་ཨཱ་ལོ་ཀེ་མར་མེ་མ། །ལ་ནི་གནྡྷེ་དྲི་ཆབ་མ། །ཡུལ་དུས་འདུས་པ་ལྷ་མོ་བརྒྱད། །ཨོཾ་ནི་བདུད་རྩི་འཁྱིལ་པ་སྟེ། །ཡན་ལག་བཞི་ལ་ཁྲོ་མོ་བཞི། །ཥ་ནི་རྟག་པ་མེད་པ་སྟེ། །ཤ་ནི་ཆད་པ་མེད་པ་ཡིན། །ས་ནི་བདག་ཏུ་མེད་པ་ཡིན། །ཧ་ནི་མཚན་མ་མེད་པ་སྟེ། །ཨ་ནི་ཀུན་ཏུ་བཟང་མོ་ལ། །ཀྵ་ནི་ཀུན་ཏུ་བཟང་པོ་ཡིན། །ཨི་གཉིས་ལྷ་དང་ལྷ་མིན་ཏེ། །ཨུ་གཉིས་མི་དང་བྱོལ་སོང་ཡིན། །ཨེ་གཉིས་ཡི་དྭགས་དམྱལ་བ་ཡིན། །མཐོང་ཡོད་སྣང་གྲག་ཐམས་ཅད་ཀྱང་། །ཡི་གེའི་ཚོགས་སུ་མངོན་སངས་རྒྱས། །ཡི་གེར་མ་གྱུར་གང་ཡང་མེད། །ཆོས་ཉིད་སྙིང་པོ་ཉི་མ་ལ། །འོད་ཟེར་ཡིག་འབྲུའི་ཚོགས་སུ་འབར། །ཆོས་ཉིད་ནམ་མཁའ་ལྟ་བུ་ལ། །ཡིག་འབྲུས་ལྷ་ཚོགས་སྐར་བཀྲ་ལྟར། །དུས་གསུམ་རྒྱལ་བའི་དཀྱིལ་


DNG020_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་རྫོགས། །ཉི་མ་འབར་བའི་འོད་ཟེར་ལ། །འོད་ཟེར་འབར་བའི་ཕྱག་མཚན་འབར། །རྡོ་རྗེའི་སྙིང་པོ་ས་བོན་ཞེས། །རྡོ་རྗེ་རིགས་ཀྱི་ཞིང་དུ་གྲགས། །ཉི་མའི་འོད་ཟེར་འཕྲོས་པ་ལས། །ཡིག་འབྲུ་འོད་ཀྱི་ཨོཾ་འཕྲོས་པས། །དེ་བཞིན་རིགས་ཀྱི་ཞིང་དུ་གྲགས། །ཉི་མའི་འོད་ཟེར་འབར་བ་ལས། །ཡིག་འབྲུ་འོད་ཀྱི་སྭཱ་འཕྲོས་པས། །རིན་ཆེན་སྙིང་པོ་ས་བོན་ཏེ། །རིན་ཆེན་རིགས་ཀྱི་ཞིང་དུ་གྲགས། །ཉི་མའི་འོད་ཟེར་འཕྲོས་པ་ལས། །འོད་ཟེར་ཡི་གེ་ཨཱཾ་དུ་འབར། །པདྨ་རིགས་ཀྱི་ཞིང་དུ་གྲགས། །སྣ་ཚོགས་ཡི་གེའི་འོད་འཕྲོས་པས། །ཆོ་འཕྲུལ་ཡི་གེ་ཧཱ་གསལ་ཏེ། །སྣ་ཚོགས་སྙིང་པོ་ས་བོན་ཡིན། །ལས་ཀྱི་རིགས་ཀྱི་ཞིང་དུ་གྲགས། །ཉོན་མོངས་སེམས་ཅན་ས་བོན་ཏེ། །རྒྱལ་བའི་ཞིང་ལ་བཏབ་བྱས་པས། །འབྲས་བུ་སྨིན་པའི་སྲས་སུ་འཁྲུངས། །ཡི་དམ་ལྷ་ཡི་དཔལ་བརྗིད་ཆེ། །ཀུན་ཏུ་བཟང་པོའི་སོ་ནམ་བྱེད། །རྡོ་རྗེ་སེམས་དཔའ་རྩེ་ཟླ་བྱེད། །ལཱ་སྱེ་དཀར་མོས་ཕྱག་ཚངས་བྱེད། །ཞིང་ཁམས་ཀུན་ཏུ་སྟོན་པར་ཤོག །དེ་ནས་ཡི་གེའི་ཚོགས་ཨ་ལ་ཐིམ། ཧཱུཾ་ལ་ཐིམ་ཡང་ཧཱུཾ་ཞེས་བརྗོད། རླུང་གི་དཀྱིལ་འཁོར་གྱིས་བཏེགས་ནས་འོག་མིན་རྒྱལ་བ་ཡབ་ཡུམ་གྱི་སྦྱོར་མཚམས་སུ་འཕང་བ་འདི་སྐད་དོ། །རིགས་དྲུག་བསྐྱེད་པའི་ཕུང་པོ་ལ། །དཔའ་བོའི་ཡི་གེ་ཕྲ་བཀོད་པས། །རྣམ་ཤེས་ཧཱུཾ་དུ་བསྡུས་ནས་ཀྱང་། །ཟླ་བའི་དཀྱིལ་འཁོར་སྟེང་བཞག་ནས། །འོག་མིན་གནས་མཆོག་དམ་པ་ན། །གཙོ་བོ་ལྔ་དང་གཙོ་མོ་ལྔ། །ཕཊ་ཀྱི་ཕྲིན་ལས་ཆེན་པོ་ཡིས། །སྦྱར་བའི་ཧཱུཾ་དུ་འཕངས་བྱས་པས། །རྒྱལ་བའི་སྲས་པོར་དེ་འགྱུར་རོ། །ཐུགས་ཀར་ཐིམས་པས་སྐུ་ཡི་དབྱིག །རྡོ་རྗེའི་ལམ་བྱུང་ཡུམ་གྱི་མཁའ། །རྒྱལ་བའི་སྲས་པོར་དེ་འགྱུར་རོ། །ཡོངས་ལ་དབང་བསྐུར་རྒྱལ་བའི་མཆོག །གང་ལ་མ་ཆགས་སྤྲོས་དང་བྲལ། །སྤང་ལེན་མེད་པའི་དཀྱིལ་འཁོར་དུ། །འདུ་འབྲལ་མེད་པའི་དབང་བསྐུར་རོ། །བདག་དང་སེམས་ཅན་ཐམས་ཅད་ཀྱི། །སྟོན་པར་ཡེ་ཤེས་ལྔས་དབང་བསྐུར་རོ། །དེ་ནས་ཐུགས་དམ་བསྐང་བ་དང་། རྟོག་པ་སྦྱང་བ་དང་། ཕྲིན་ལས་རྣམས་བྱ་བ་ནི་རྐྱེན་


DNG020_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་སྦྱང་བའོ། །ཕུང་པོ་དེ་སྨན་སྒྲུབ་ཆེན་པོས་ལུས་དབུལ་ཏེ། འབྲས་བུ་ལྔ་ལ་དབུས་སུ་ཨ་ཀོ་སུ་གོ་ཞེས་བྱ་བ། གླང་པོ་ཆེའི་ཤ་ལ་སོགས་པ་རྨིག་པ་ཁ་བྲག་གི་ཤ་བཞག་ལ་འདི་སྐད་དོ། །གླང་པོ་རིན་ཆེན་འདེགས་པའི་སྟོབས་དང་ལྡན། །བསྒོམ་པའི་སྲན་ཆེན་ཡོན་ཏན་བརྒྱད་དང་ལྡན། །རྡོ་རྗེ་རིགས་ཀྱི་ཐུགས་དམ་བསྐང་བའི་ཕྱིར། །གཟུངས་མ་ཡུམ་གྱི་ཤ་འདི་ཤེས་པར་གྱིས། །ཨོཾ་ཨཱཿཀོ་སུ་ཁ་སྭཱ་ཧཱ། ཨ་ལས་འོད་འཕྲོས་སྟེང་ཁམས་བསྲེག་སྦྱང་ནས། སླར་ཤ་ལ་འདུས་པས་ཤ་འོད་དུ་གྱུར་ནས་མེད་ཅིང་མི་དམིགས་པར་བསམ་པ་ནི། རྡོ་རྗེ་རིགས་ཀྱི་ཐུགས་དམ་བསྐང་བའོ། །ཤར་དུ་སྟག་དང་སེང་གེ་ལ་སོགས་པ་སྡེར་ཆགས་ཐམས་ཅད་ཀྱི་ཤ་བཞག་པ་འདི་སྐད་དོ། །རྩལ་ཆེན་གཟུགས་བཟང་དགོས་པ་ལུས་ལ་ཚང་། །གྲགས་པའི་སྐད་ཀྱིས་སྲིད་གསུམ་ཟིལ་གྱིས་གནོན། །ཡོན་ཏན་བརྒྱད་ལྡན་མཐུ་སྟོབས་ཕུན་སུམ་ཚོགས། །དེ་བཞིན་གཤེགས་པའི་ཐུགས་དམ་བསྐང་བའི་ཕྱིར། །གཟུངས་མ་ཡུམ་གྱི་ཤ་འདི་ཤེས་པར་གྱིས། །ཨོཾ་པ་ན་སེ་ཨ་མྲྀ་ཏ་ཧཱུཾ་ཐ། བསྒོམ་པ་གོང་བཞིན་ནོ། །མི་དང་ཤང་ཤང་ཏེའུ་ལ་སོགས་གདོང་པ་ཅན་གྱི་ཤ་ཤར་ལྷོར་དགོད་པ། སྐྱེས་བུ་ཤེས་རིག་དགོས་པ་ལུས་ལ་ཚང་། །ཐུགས་རྗེས་བསྒྲལ་བའི་དམ་ཚིག་ཆེན་པོ་འདི། །བཞི་བརྒྱ་རྩ་བཞིའི་ནད་སེལ་མཛེ་རྣམས་ཐུབ། །རིན་ཆེན་རིགས་ཀྱི་ཐུགས་དམ་བསྐང་བའི་ཕྱིར། །གཟུངས་མ་ཡུམ་གྱི་ཤ་འདི་ཤེས་པར་གྱིས། །ཨཾ་སྨི་ན་པ་ཨ་ཧཱུཾ། བསྒོམ་པ་གོང་བཞིན་དང་། ནུབ་ཏུ་རྟ་ལ་སོགས་པ་རྨིག་ཟླུམ་ཐམས་ཅད་ཀྱི་ཤ་དགོད་པ་ནི་འདི་སྐད་དོ། །དགོས་པའི་དོན་ལྡན་བརྩོན་འགྲུས་ཤུགས་འཆང་བ། །ཕ་རོལ་ཕྱིན་པ་རྟ་མཆོག་རྨིག་ཟླུམ་ནི། །ཡོན་ཏན་བརྒྱད་ལྡན་བློ་རྣོ་ཤེས་རབ་གསལ། །པདྨ་རིགས་ཀྱི་ཐུགས་དམ་བསྐང་བའི་ཕྱིར། །གཟུངས་མ་ཡུམ་གྱི་ཤ་འདི་ཤེས་པར་གྱིས། །ཨོཾ་མ་ཧཱ་མཱཾ་ས་ཧཱུཾ་ཨ་མྲྀ་ཏ་ཧཱུཾ་ཐ། བྱང་དུ་རྒོད་དང་ཁྱུང་དང་རེ་དང་གླག་ལ་


DNG020_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་གཤོག་པ་ཅན་གྱི་ཤ་དགོད་པ་འདི་སྐད་དོ། །ཐོགས་མེད་ནམ་འཕང་གཅོད་ཅིང་སྲིད་པ་ཟིལ་གྱིས་གནོན། །གཤོག་པ་རླུང་དུ་བསྡུས་པས་འཛམ་བུ་གླིང་བཞི་བསྐོར། །བཞི་བརྒྱ་རྩ་བཞིའི་ནད་སེལ་བྱིངས་རྨུགས་བསལ། །ལས་ཀྱི་རིགས་ཀྱི་ཐུགས་དམ་བསྐང་བའི་ཕྱིར། །གཟུངས་མ་ཡུམ་གྱི་ཤ་འདི་ཤེས་པར་གྱིས། །ཨོཾ་ན་ལེ་གེ་ཨ་མྲྀ་ཏ་ཧཱུཾ། དབང་པོ་གསལ་བྱེད་སྤྱན་ལྔ་རྣམ་པར་དག །སྟོང་ཁམས་གསལ་བྱེད་རྣམ་ཤེས་བསྒྲལ་བའི་མིག །ས་ཡི་སྙིང་པོའི་ཐུགས་དམ་བསྐང་བ་དང་། །ལཱ་སྱེ་དཀར་མོ་དགྱེས་པ་བསྐྱེད་པའི་ཕྱིར། །གཟུངས་མ་ཡུམ་གྱི་ཤ་འདི་ཤེས་པར་གྱིས། །ཨོཾ་བཛྲ་ཙཀྵུ་ཧཱུཾ་ཞེས་བརྗོད་པས། མིག་ལས་ཧཱུཾ་འཕྲོ་ཞིང་འདུས་པས། སྟོང་ཁམས་ཐམས་ཅད་ཀྱི་སྤྱན་འུབ་ཀྱིས་འདུས་པས། མིག་གི་དབང་པོ་ལ་ཐིམ་པས། མིག་ཉིད་སའི་སྙིང་པོ་དང་། ལཱ་སྱེ་དཀར་མོར་གྱུར་ཏོ། །ཀྵིཾ་ཧི་རཱ་ཛ་མཱ་ལེ་ཧཱུཾ། ཞེས་དེ་བཞིན་དུ་བརྒྱད་ཀ་ལ་སྦྱོར། གནས་པའི་སྒྲ་ཐོས་དགོས་པའི་ཚིག་གནས་པ། །མེ་སྒྲ་ཆུ་སྒྲ་རླུང་སྒྲ་གང་ཡིན་པ། །རྣ་བའི་དབང་པོས་རྣམ་པར་ཤེས་རིག་སྐྱེ། །ཡོན་ཏན་བརྒྱད་ལྡན་ཐོས་པ་རྒྱ་མཚོ་སོགས། །ཕྱག་ན་རྡོ་རྗེའི་ཐུགས་དམ་བསྐང་བ་དང་། །ནཱིརྟི་སྔོན་མོ་དགྱེས་པ་བསྐྱེད་པའི་ཕྱིར། །གཟུངས་མ་དེ་བཱིས་སྒྲ་འདི་ཤེས་པར་གྱིས། །ཛིཾ་ཀུ་རུ་པ་ཎཱ་ནིརྟི་ཧཱུཾ། སྣ་ཡི་དབང་པོས་སྣོམ་པའི་དྲི་ཤེས་ནས། །བསྲེག་པ་བཙོས་དང་རླངས་དང་དུ་བ་དང་། །སྔོས་དང་སྨན་དང་ཞལ་ཟས་རླངས་པའི་སྣ། །ཡོན་ཏན་བརྒྱད་ལྡན་སྣ་ཡི་རྣམ་ཤེས་འདི། །ནམ་མཁའི་སྙིང་པོའི་ཐུགས་དམ་བསྐང་བ་དང་། །མཱ་ལེ་སྔོན་མོ་དགྱེས་པ་བསྐྱེད་པའི་ཕྱིར། །གཟུངས་མ་ཡུམ་གྱི་སྣ་འདི་ཤེས་པར་གྱིས། །ཏྲཱཾ་ཨཱ་གརྦྷ་མཱ་ལེ་ཧཱུཾ། འདི་སྐོར་ཟློས་དང་འཁྲུགས་ཉམས་ཤིག་འདུག་ཀྱང་བསྡུར་གཞི་མ་རྙེད། ལྕེ་ཡི་རྣམ་ཤེས་རོ་མཆོག་བརྒྱ་དང་ལྡན། །ཁ་དང་མངར་དང་རོ་མཆོག་སྐྱུར་དང་རྩུབ། །ཡོན་ཏན་བརྒྱད་ལྡན་ལྕེ་ཡི་རྣམ་ཤེས་འདི། །སྤྱན་རས་གཟིགས་དབང་ཐུགས་དམ་བསྐང་བ་དང་། །གཱིརྟི་དམར་མོ་དགྱེས་པ་བསྐྱེད་པའི་ཕྱིར། །གཟུངས་མ་


DNG020_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་གྱི་ལྕེ་ནི་ཤེས་པར་གྱིས། །ཧྲི་པདྨ་བནྡྷ་མ་གཱིརྟི་ར་གོ྅ཧཾ། ལྕེ་བརྐྱང་པས་སྟོང་གསུམ་ཙམ་བསྡུས་པས་ཞལ་གྱི་དཀྱིལ་འཁོར་རྒྱས་པར་བསམ་མོ། །ལུས་ཀྱི་རྣམ་ཤེས་དྲོ་འཇམ་རེག་བསིལ་འདི། །སྡུག་དང་མཛེས་དང་ཡིད་འོང་གཟུགས། །ཡོན་ཏན་བརྒྱད་ལྡན་གཟུགས་ཕུང་འདི། །སྒྲིབ་པ་རྣམ་སེལ་ཐུགས་དམ་བསྐང་བ་དང་། །དྷུ་པེ་དཀར་མོ་དགྱེས་པ་བསྐྱེད་པའི་ཕྱིར། །གཟུངས་མ་ཡུམ་གྱི་ལུས་འདི་ཤེས་པར་གྱིས། །ཨོལ་གོང་བླང་ལ། ཨོལ་གོང་ཐལ་བྱེད་ངག་གི་རྣམ་ཤེས་འདི། །ཅིག་ཅར་འགྱུར་ཞིང་སྒྲ་སྒྲོགས་ཚངས་པའི་གསུང་། །ཡོན་ཏན་བརྒྱད་ལྡན་ངག་གི་རྣམ་ཤེས་འདི། །བྱམས་པ་མཻ་ཏྲིའི་ཐུགས་དམ་བསྐང་བ་དང་། །པུཥ྇་སྔོན་མོ་དགྱེས་པ་བསྐྱེད་པའི་ཕྱིར། །གཟུངས་མ་ཡུམ་གྱི་ཨོལ་གོང་ཤེས་པར་གྱིས། །མཻ་དྷ་ར་ཎི་ཨ་མྲྀ་ཏ་ཧཱུཾ། སྙིང་བླང་ལ་འདི་སྐད་དོ། །ཡིད་ཀྱི་རྣམ་ཤེས་བྱང་ཆུབ་འདི། །ཡོད་མེད་རྟག་ཆད་མཚན་མར་ཡོངས་མི་འཛིན། །ཡོན་ཏན་བརྒྱད་ལྡན་ཙིཏྟ་དམ་རྫས་འདི། །ཀུན་ཏུ་བཟང་པོའི་ཐུགས་དམ་བསྐང་བ་དང་། །ཨཱ་ལོ་ཀེ་མར་མོ་དགྱེས་པ་བསྐྱེད་པའི་ཕྱིར། །གཟུངས་མ་ཡུམ་གྱི་སྨན་འདི་ཤེས་པར་གྱིས། །ས་རཱ་ཛ་ཨ་མྲྀ་ཏ་ཧཱུཾ། སྲོག་པ་རྩ་བླང་ལ། ཤེས་པའི་དོན་འཛིན་ལོག་པའི་ལམ་ཡང་འགོག །ང་རྒྱལ་དེའུ་གཅོད་དོན་དམ་དབྱིངས་སུ་སྡུད། །ཡོན་ཏན་བརྒྱད་ལྡན་རིན་ཆེན་སྲོག་པ་རྩ། །འཇམ་དཔལ་གཞོན་ནུའི་ཐུགས་དམ་བསྐང་བ་དང་། །གནྡྷེ་ལྗང་གུ་དགྱེས་པ་བསྐྱེད་པའི་ཕྱིར། །གཟུངས་མ་ཡུམ་གྱི་སྲོག་རྩ་ཤེས་པར་གྱིས། །མཉྫུ་ཤྲཱི་ཨ་མྲྀ་ཏ་ཧཱུཾ། ཉ་བཞི་རྩོལ་བཞི་སྒོ་བ་ཡབ་ཡུམ་དུ་བཀོད་དེ། བསྒྲལ་བའི་ཉ་ཤ་བཅུད་ཀྱི་ཉིང་ཁུ་འདི། །ཡོན་ཏན་བརྒྱད་ལྡན་སྤེལ་བའི་དམ་རྫས་འདི། །སྒོ་བ་བཞི་ཡི་ཐུགས་དམ་བསྐང་བ་དང་། །གཟུངས་མ་ཡུམ་བཞིའི་སྨན་འདི་ཤེས་པར་གྱིས། །མ་ཧཱ་ས་མ་ཨ་མྲྀ་ཏ་ཧཱུཾ། མཱཾ་ས་ལས་འོད་འཕྲོས་སྟོང་ཁམས་བསྲེག་སྦྱང་ནས། སླར་འདུས་ནས་ཉ་བཞི་ལ་


DNG020_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ཐིམ་པས། ཉ་བཞི་ཡང་མི་དམིགས་པ་འོད་ཀྱི་རང་བཞིན་དུ་གྱུར་པ་ནི། སྒོ་བ་བཞིའི་ཐུགས་དམ་བསྐང་བའོ། །དེ་ནས་རྩོས་བཞི་བླང་ལ་འདི་སྐད་དོ། །རྒྱུ་མཆོག་བསྒྲལ་བའི་རྫས་མཆོག་རྩོས་བཞི་འདི། །ཤ་ཡི་སྙིང་པོ་རུས་པའི་བཅུད་ཆེན་འདི། །ཡོན་ཏན་བརྒྱད་ལྡན་སྒྲུབ་རྫས་ཆེན་པོ་འདི། །སྒོ་མ་ཡུམ་བཞིའི་ཐུགས་དམ་བསྐང་བའི་ཕྱིར། །གཟུངས་མ་ཡུམ་གྱི་རྩོས་བཞི་ཤེས་པར་གྱིས། །ཛཿཧཱུཾ་བཾ་ཧོཿ། ཨ་མྲྀ་ཏ་ཧཱུཾ། དེ་ནས་རུས་པའི་མདུད་དྲུག་བླང་ལ། འཁྲུལ་མིག་མདོག་འཛིན་ཡན་ལག་འབུར་ཆེན་དྲུག །གཟུངས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པ་སྟེ། །ཐུབ་པ་དྲུག་གི་ཐུགས་དམ་བསྐང་བ་དང་། །གཟུངས་མ་ཡུམ་གྱི་རུས་པ་ཤེས་པར་གྱིས། །ཨི་ཨུ་ཨེ་ལས་འོད་འཕྲོས་པས་སྟོང་ཁམས་བསྲེག་སྦྱང་ནས། སླར་འདུས་པས་འཕགས་མཆོག་འགྲོ་དྲུག་གི་སྒྲིབ་པ་སྦྱངས། འོད་དུ་ཞུ་ནས་མི་དམིགས་པ་ནི་ཐུབ་པ་དྲུག་གི་ཐུགས་དམ་བསྐང་བའོ། །བདུད་རྩི་ལས་རྒྱ་མཚོ་ལས། སྒྲོལ་བ་རྒྱ་མཚོའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་ག་ཎ་སྦྱར་བའི་ཡུམ། །རྒྱལ་རིགས་མ་དང་རྗེའུ་རིགས་མ། །པདྨ་ཅན་དང་དུང་ཅན་མ། །མི་རྟོག་ཅན་དང་རྣམ་ལྔའོ། །དེ་ལ་སྦྱོར་བ་དོན་བྱ་བ། །གསང་བའི་མཆོད་པ་འབུལ་བ་དང་། །སློབ་མར་དབང་ནི་བསྐུར་བ་དང་། །བདེ་བས་སངས་རྒྱས་སྒྲུབ་པ་དང་། །འདི་རྣམས་རིག་མ་དག་ལ་བརྟེན། །སྦྱོང་བས་དག་པར་བྱ་བ་ཡང་། །དབང་བསྐུར་ཆོས་བཤད་མིན་པ་ཡིན། །དམ་ཚིག་མ་ཉམས་བསྲུང་བར་བྱ། །ཐེག་ཆེན་ཆོས་ལ་གཟུད་པར་བྱ། །ཡབ་དང་ཡུམ་གཉིས་མཉམ་པར་ཡང་། །ལུས་ཀྱིས་བསྐྱེད་རིམ་ཟུང་འཇུག་བསྒོམ། །ངག་གིས་རྡོ་རྗེའི་བཟླས་པ་བྱ། །སེམས་ཉིད་རྫོགས་པའི་རིམ་པ་ཉིད། །ཡབ་ནི་ཡུམ་ལ་རབ་བརྟེན་པས། །རྫོགས་པའི་སངས་རྒྱས་རབ་སྒྲུབ་བྱེད། །ཡུམ་ཡང་ཡབ་ལ་བརྟེན་བྱས་ནས། །ཡང་དག་སངས་རྒྱས་ཐོབ་པར་འདོད། །བསྙེན་པ་རིག་མའི་གཟུགས་


DNG020_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྒྲ། །དྲི་སོགས་ལས་ནི་རབ་བརྟགས་ནས། །བདེ་བ་སྤར་ཞིང་སྦྱང་བར་བྱ། །སྦྱོར་བ་ལ་ནི་བསྙེན་པ་དེ། །ཆས་གོས་རྒྱན་དང་རབ་ལྡན་ཞིང་། །ཁ་ཡི་དྲི་ཡང་རབ་ཏུ་བསྐྱེད། །ཉེ་བའི་བསྙེན་པས་རབ་སྦྱོར་བ། །དུང་གི་ཕུར་པས་གདབ་པ་དང་། །ཟངས་ཀྱི་མདོག་གིས་གཟུང་བར་བྱ། །ལྗགས་ཀྱང་རབ་ཏུ་བརྐྱང་བྱས་ནས། །འདོད་པའི་བསྟན་བཅོས་མཐའ་དག་གིས། །བདེ་བ་རབ་ཏུ་བསྐྱེད་བྱས་ནས། །ཉེ་བ་དག་ཏུ་བསྙེན་པར་བྱ། །དེ་ནི་བདེ་བ་བསྐྱེད་པའོ། །བསྒྲུབ་པ་བྱ་བའི་རིམ་པ་ནི། །དབྱིངས་ཀྱི་པདྨ་གཞལ་ཡས་ཁང་། །དབྱིབས་ནི་ཡི་གེ་ཨ་དང་མཚུངས། །གཟུགས་མེད་སྐྱེ་མཆེད་མུ་བཞི་ལ། །གཟུགས་ཁམས་བསམ་གཏན་ཨོཾ་དང་བཅས། །འདོད་ཁམས་རིགས་དྲུག་ས་བོན་དང་། །བདེ་གཤེགས་སྐུ་གསུང་ཐུགས་གནས་པ། །མི་ཟད་རྒྱན་གྱི་འཁོར་ལོ་ཉིད། །ཡབ་ཀྱི་ཡེ་ཤེས་རྡོ་རྗེ་ནི། །དགོས་འདོད་འབྱུང་བའི་ནོར་བུ་སྟེ། །ཡིད་བཞིན་རིན་ཆེན་བཞིན་དུ་འབར། །རྡོ་རྗེ་པདྨར་རབ་བསྲུབས་པས། །བདེ་བ་སྒྲུབ་པར་བྱེད་པ་ཉིད། །བསྒྲུབ་པ་ཆེན་པོ་ཞེས་བྱ་བ། །ཐིག་ལེ་བྱང་ཆུབ་སེམས་ཆེན་ནོ། །བདེ་དང་སྟོང་པ་དབྱེར་མེད་ཅིང་། །ཡབ་ཡུམ་གཉིས་མེད་ཟུང་དུ་འཇུག །དཔེར་ན་གླང་གཉིས་གཤིབས་པ་ཡིས། །ཞིང་གི་བྱ་བ་བྱེད་པ་རྨོད། །དེ་བཞིན་མཐུན་འགྱུར་ཡེ་ཤེས་ནི། །རབ་དགའི་ཚུལ་དུ་སྐྱེ་བར་འགྱུར། །རྣམ་པ་སྣ་ཚོགས་སྐད་ཅིག་དང་། །རྣམ་པར་སྨིན་དང་རྣམ་པ་ཉིད། །མཚན་ཉིད་དང་ནི་བྲལ་བའོ། །སྐད་ཅིག་བཞི་དང་བསྙེན་བསྒྲུབ་བཞི། །དང་པོ་རེག་པ་སྲ་བས་ས། །སངས་རྒྱས་སྤྱན་གྱི་རྟགས་སུ་འགྱུར། །གཤེར་བ་ཆུ་ནི་མཱ་མ་ཀཱི། །དྲོ་བས་མེ་ནི་གོས་དཀར་མོ། །ཡང་བ་རླུང་ཉིད་དམ་ཚིག་སྒྲོལ། །ནམ་མཁའི་ཁམས་ནི་ཀུན་བཟང་མ། །ཡུམ་བཞི་བདེ་བས་བསྙེན་བསྒྲུབ་བཞི། །སྤོས་ཀྱི་ལྷ་མོ་འགུགས་པ་དང་། །མེ་ཏོག་མས་ནི་སྡོམ་པ་དེ། །མར་མེ་གསལ་བར་གྱུར་ནས་ནི། །དྲི་ཆབ་བདུད་རྩི་རབ་འཐོར་བ། །ཕྱི་ཡི་ལྷ་མོའི་བསྙེན་བསྒྲུབ་


DNG020_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

བཞི། །བདེ་བས་སྒེག་པས་བདེ་བ་དང་། །མི་བརྗེད་གཟུངས་འཛིན་བདེ་བྲལ་མ། །གླུ་ལེན་དབྱངས་ནི་མཆོག་བདེ་མ། །གར་མ་ལྷན་ཅིག་སྐྱེས་པ་ཉིད། །ནང་གི་ལྷ་མོའི་བསྙེན་བསྒྲུབ་བཞི། །ཐིག་ལེ་གཡོ་དང་འབྱུང་བ་དང་། །འབེབས་དང་བརྟན་པོར་དྲོད་འབྱུང་བས། །རུས་སྦལ་འགྲོས་དང་རྣམ་པར་གྲོལ། །མཁས་པའི་མན་ངག་བླ་མས་སྟེར། །མི་མཁས་ཆུ་དང་བསྡོང་སོགས་པས། །དབབ་དང་གཟུང་དང་ཟློག་པ་དང་། །ལུས་ལ་ཁྱབ་པར་དགྲམ་པ་རྣམས། །རྣལ་འབྱོར་སྦྱོར་མ་གོམས་པ་ཡིས། །འོག་རླུང་དག་ལ་བརྟེན་ནས་ནི། །གསང་བའི་སེམས་ལྔ་སྐྱེ་བར་འགྱུར། །གཡོ་ལྡང་གནས་འཇུག་རྫོགས་པར་བྱེད། །སེམས་ལྔ་བརྟེན་པའི་རྣལ་འབྱོར་པས། །སྦྱོར་བ་འདི་ནི་བརྩམ་པར་བྱ། །གསང་བའི་མཆོད་པ་འབུལ་འདོད་ན། །བྷ་ག་ལ་ནི་ལིངྒ་གཞག །མཆོད་པའི་ལྷ་མོ་སྤྲོ་བ་འམ། །ཐིག་ལེ་ཁུ་བས་མཁའ་བཀང་ནས། །རྒྱལ་སྲིད་རིན་ཆེན་སྣ་བདུན་སོགས། །ཡང་ན་བཀྲ་ཤིས་རྫས་བརྒྱད་སོགས། །བདེ་གཤེགས་མཆོད་པ་མང་པོ་རྣམས། །ནམ་མཁའི་ཁམས་ཀུན་གང་བར་མཆོད། །ལས་ཀྱི་སྦྱིན་སྲེག་བྱ་བ་ཡང་། །གསང་བའི་སེམས་དང་རབ་ལྡན་པས། །བྷ་ག་ཟླུམ་པོ་སྣ་ཚོགས་མདུད། །བྱང་སེམས་ཞི་བ་གཏི་མུག་རྒྱུན། །གྲུ་བཞི་ཕྱི་ཡི་ཁྱམས་ནང་དུ། །དགའ་བའི་སེམས་ཀྱི་ཐིག་ལེ་འབར། །ཐིག་ལེའི་མདོག་ཀྱང་གསེར་དུ་སྣང་། །སྐྱེ་གནས་ཟླ་གམ་ཆེན་པོ་རུ། །ཆགས་པའི་སེམས་ཀྱིས་རབ་སྦྱར་ནས། །ཐིག་ལེ་པདྨ་རཱ་གའི་མདངས། །ཁཱ་ཁ་མུ་ཁ་བྱ་རོག་གདོང་། །ཁྲོས་པའི་སེམས་ཀྱིས་རབ་སྦྱར་ན། །ཐིག་ལེ་མཐིང་ནག་ཁྲོ་བོའི་ཚོགས། །དྲག་པོས་ཐམས་ཅད་བསྒྲལ་བར་བྱ། །འདིས་ནི་ལས་བཞི་ཡུམ་གྱི་མཁའ། །ལྷུན་གྱིས་གྲུབ་པར་རབ་ཏུ་གནས། །མནན་དང་ཟློག་པ་ཡུམ་གྱིས་བསྒྲུབ། །ཕྲིན་ལས་བཞི་དང་མནན་ཟློག་ཉིད། །དུག་གི་ལས་རྣམས་ལྷུན་གྱིས་


DNG020_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ། །སློབ་མ་རྣམས་ལ་དབང་བསྐུར་ན། །རྩ་གནས་དཀྱིལ་འཁོར་ཆེན་པོ་རུ། །ཐིག་ལེ་ཁམས་ཀྱི་བདུད་རྩི་ཉིད། །ཡི་གེ་སྔགས་ཀྱི་སྙིང་པོ་བཟླས། །སྙིང་པོ་རླུང་གིས་རབ་བསྐུལ་ནས། །མཚུངས་རྒྱུ་སློབ་མ་ཉིད་ལ་གནས། །མཚུངས་རྒྱུ་རང་ལ་མི་གནས་ན། །བྲ་སྲན་འབྲས་བུ་ཡོངས་མི་འགྱུར། །བདེ་བའི་ཡེ་ཤེས་རོལ་མོ་ནི། །ལྟེ་ལྐོག་ཡི་གེ་ཀྵ་གནས་པ། །སྲིན་པོ་རཱུ་ཏྲའི་ས་བོན་གྱིས། །ཁམས་ཀྱི་བདུད་རྩི་ཞུ་བྱས་ནས། །འབར་ཞིང་རབ་ཏུ་འཛག་པ་ནི། །དཔེར་ན་མར་གྱི་ཐིགས་པ་ཡིས། །མར་མེ་གསོ་བ་ལྟ་བུར་འགྱུར། །བླ་མ་ཡབ་ཡུམ་རོལ་པ་ཡི། །ཐིག་ལེ་ཁུ་བ་ཆེན་པོ་ནི། །སློབ་མའི་ལྕེ་ལ་རབ་གཞག་ནས། །གསང་བའི་དབང་མཆོག་སྦྱིན་པར་བྱ། །འདི་ཡང་སྐབས་ཀྱི་ཉན་དང་འཆད། །བསྒོམ་བསྒྲུབ་ཕྲིན་ལས་བྱ་བ་དང་། །རྡོ་རྗེ་རྒྱལ་པོར་དབང་བསྐུར་ན། །གསང་དབང་འདི་ལ་རབ་བརྟེན་ནས། །ནུས་པའི་དབང་ལྔ་ཐོབ་པར་འགྱུར། །དེ་ནས་ཤེས་རབ་ཡེ་ཤེས་དབང་། །ཡབ་ཡུམ་བདེ་བའི་རོལ་པ་བཞི། །སྤྱི་བོ་བདེ་ཆེན་འཁོར་ལོ་ནི། །དཀྱིལ་འཁོར་སུམ་ཅུ་རྩ་གཉིས་ནས། །འབབ་པའི་ཐིག་ལེ་བདེ་བ་ཡིན། །མགྲིན་པ་ལོངས་སྤྱོད་དཀྱིལ་འཁོར་ནས། །བཅུ་དྲུག་བདུད་རྩིའི་རྒྱུན་ཡང་འཛག །སྙིང་ག་ཆོས་ཀྱི་དཀྱིལ་འཁོར་ནས། །བརྒྱད་པའི་དཀྱིལ་འཁོར་རབ་ཏུ་རྫོགས། །ལྟེ་བ་སྤྲུལ་པའི་དཀྱིལ་འཁོར་ནས། །དྲུག་ཅུ་རྩ་བཞིའི་ཐིག་ལེ་འཛག་པར་གྱུར། །བདེ་བ་དང་ནི་མཆོག་ཏུ་བདེ། །བྲལ་བའི་བདེ་བ་ལྷན་ཅིག་སྐྱེས། །བདེ་བ་བཞི་ཡི་གདམས་ངག་ནི། །ཡབ་ཡུམ་སློབ་མ་གཉིས་ལ་གཏད། །ཡིད་ནི་ནང་དུ་བརྟན་པར་གཟུང་། །རང་རྫས་ཐིག་ལེ་ཕྱིར་ཐོན་ནས། །སངས་རྒྱས་བྱང་ཆུབ་སེམས་དཔའ་མཆོད། །རང་ཡང་དངོས་གྲུབ་རབ་བླང་བྱ། །དེ་ནས་བདེ་བ་ཆེན་པོ་ཡི། །དབང་ཡང་རབ་ཏུ་བསྐུར་བྱ་ན། །གཡས་ཀྱི་རོ་མ་ཉི་མ་མེ། །གཡོན་གྱི་རྐྱང་མ་ཟླ་བ་ཆུ། །དབུས་ཀྱི་ཀུན་འདར་གཟུང་


DNG020_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་སྤང་། །སྲོག་ཤིང་རྣམ་པ་འདི་གསུམ་ཡང་། །རྡོ་རྗེ་རྦ་རླབས་ལམ་བཞིས་བྱ། །གཟུང་བ་འཛིན་པའི་རྦ་རླབས་དང་། །གཟུང་འཛིན་སྤངས་པའི་རྦ་རླབས་གསུམ། །སངས་རྒྱས་བྱང་ཆུབ་སྒྲུབ་བྱེད་པས། །གནས་ནས་སྤྲོ་ཞིང་གནས་སུ་བསྡིམ། །སངས་རྒྱས་གོ་འཕང་ཐོབ་པར་འགྱུར། །བདུད་རྩི་ལས་རྒྱ་མཚོ་ལས། སྦྱོར་བ་རྒྱ་མཚོ་ཇི་ལྟར་སྦྱར་བའི་ལེའུ་སྟེ་བཅུ་དྲུག་ པའོ།། །།དེ་ནས་ཀུན་ཏུ་བཟང་པོ་ལ་རྡོ་རྗེ་སེམས་དཔས་གསོལ་པ། ལྟ་བ་རྒྱ་མཚོ་ཇི་ལྟར་བལྟ། །འབྲས་བུ་སངས་རྒྱས་ཇི་ལྟར་རྒྱ། །ཀུན་ཏུ་བཟང་པོས་བཀའ་སྩལ་པ། །བལྟ་བ་རྒྱ་མཚོ་འདི་ལྟར་ལྟོས། །འབྲས་བུ་སངས་རྒྱས་འདི་ལྟར་རྒྱས། །བདུད་རྩིའི་ལས་ནི་ཁྱོད་ལ་གཏད། །ལྟ་བ་མན་ངག་གི་ལེའུ་འདི་བཤད། །ཕུང་པོ་ཁམས་དང་སྐྱེ་མཆེད་དག །ཡེ་ནས་སངས་རྒྱས་ཡིན་པའི་ཕྱིར། །ཀུན་རྫོབ་ཙམ་གྱིས་མཚན་མ་རུ། །ཆོས་སྐུ་མཚན་མར་རྒྱ་བ་དེ། །ཡེ་ཤེས་རང་གནས་རོལ་པ་ཡིན། །ཕྱི་ནང་སྣོད་བཅུད་མ་ལུས་ཀྱང་། །ཀུན་ཏུ་བཟང་པོ་དབྱིངས་ཀྱི་རྒྱན། །ཀུན་བཟང་ཡབ་ཡུམ་རོལ་པ་ལས། །ཕྱི་ནང་མ་ལུས་སངས་རྒྱས་སོ། །མཐའ་ལ་ཐུག་པ་མེད་པས་དབྱིངས་ལ་བྲི་བ་མེད། །དབྱིངས་ལ་འགྱུར་བ་མེད་པས་ཆོས་སྐུར་འགྱུར་བ་མེད། །དོན་དམ་དབྱིངས་སུ་རྟོགས་པས་བལྟས་དགུ་དེ་ལྟར་གསལ། །ཐམས་ཅད་སེམས་སུ་རྟོགས་པས་གང་བསྒྲུབ་ལྷུན་གྱིས་འགྲུབ། །རྣམ་རྟོག་མིང་ཡང་མེད་པས་གང་བསྒྲལ་གཅིག་མི་བལྟ། །ཐབས་མཁས་རོལ་པ་ཡིན་པས་འཁོར་བའི་སྐྱོན་མ་གོས། །ཐུགས་རྗེ་བྱང་ཆུབ་ཡིན་པས་ཐར་བ་བདེ་ཆེན་ཐོབ། །ཀུན་གྱི་བདུད་རྩི་ཡིན་པས་ལྷ་རྣམས་རང་བཞིན་འཁོལ། །བདེ་ཆེན་རྒྱལ་པོ་ཡིན་པས་འཁོར་བའི་རྗེ་བོ་ཡིན། །ཐབས་མཁས་བདག་ལས་བྱུང་བ་ཀུན་གྱི་བདག་པོ་ཡིན། །ང་རྒྱལ་གདེང་དུ་ཆེ་བས་འགྲོ་དྲུག་ཐབས་ཀྱིས་འདུལ། །ཐུག་ཆོམ་འབྲུག་སྒྲས་ཁམས་གསུམ་ཡོངས་སུ་ལྡིར། །ཐུགས་རྗེ་བྱམས་ལྡན་ཉི་མའི་འོད་བཞིན་འཆར། །མི་རྟོག་གཉེན་


DNG020_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

པོས་ཐབས་ཀྱི་རྒྱལ་པོ་བྱུང་། །འཁོར་བའི་གཉེན་པོར་རང་བྱུང་སངས་རྒྱས་ཏེ། །བདག་དང་སེམས་ཅན་ཐམས་ཅད་ཆོས་སྐུར་གཅིག །རྣམ་རྟོག་ཐམས་ཅད་གཉེན་པོར་དོན་རྟོགས་ན། །ལྷ་དང་འདུ་འབྲལ་བྱ་བ་གཞན་ན་མེད། །འཁོར་བ་མྱ་ངན་འདས་པའི་དོན་རྟོགས་ན། །དགྲ་བགེགས་བསྒྲལ་ཞིང་ཚར་གཅད་བྱ་མི་དགོས། །ཡེ་འབྱམས་ཡ་མཚན་ཀློང་གི་དབང་རྫོགས་ན། །ང་རྒྱལ་རྟགས་ཀྱི་ཕྱག་རྒྱས་བསྒྲུབ་མི་དགོས། །ཕྲིན་ལས་བྱ་བཙལ་སྤྱོད་པ་ཡེ་འདས་ན། །བསྒོམ་བསྒྲུབ་དཀྱིལ་འཁོར་བྱ་བའི་མིང་ཡང་མེད། །འདི་ལྟར་མན་ངག་རྟོགས་པའི་གདེང་གྱུར་ན། །བསྒྲུབ་ནའང་སྐྱོན་མེད་མ་བསྒྲུབས་བཙལ་བ་མེད། །བསམ་དུ་མེད་པ་ཆོས་སྐུ་ནམ་མཁའ་འདྲ། །བསྒོམ་དུ་མེད་དེ་རང་བྱུང་ཀློང་ནས་ཤར། །བདེ་འབྱམས་དབྱིངས་ཕྱུག་ཡུམ་གྱི་རྒྱལ་མོ་ཡིན། །མ་འགགས་ཅི་བདེར་ཡན་བཀྱེ་ཡབ་ཀྱི་མཁའ། །སེམས་ལ་གང་ཡང་མི་རྟོག་རང་བྱུང་སྐུ། །ཐབས་ཉིད་མ་འགགས་རང་བྱུང་མ་བཅོས་སྐུ། །དོན་ལ་གང་ཡང་མི་རྟོག་ཆོས་ཀྱི་སྐུ། །ཆོས་ཀྱི་སྐུ་ལ་སྐྱེ་འཆི་གཡོས་པ་མེད། །འཕོ་འགྱུར་མེད་པའི་ཀློང་ལ་བཙལ་ཞིང་བསྒྲུབ་པ་མེད། །ཡེ་ཤེས་བྱང་ཆུབ་སེམས་སུ་བདག་རྟོག་ན། །འདུ་འཛི་བྱིས་པའི་རྩེད་མོས་ཅི་ཞིག་བྱ། །མི་འདའ་ཀློང་གི་དམ་ཚིག་བསྲུང་མེད་ན། །བདེ་སྡུག་འཁོར་བ་མྱ་ངན་ཅི་ལ་སྤྱད། །ཐབས་མཁས་རོལ་པའི་ཏིང་འཛིན་ཤར་བ་ལ། །ཕུང་པོ་ཚི་ཆད་བསྒོམ་བསྒྲུབ་ཅི་ལ་སྤྱད། །ཕྱི་ནང་སྣོད་བཅུད་ཐིག་ལེར་སངས་རྒྱས་ན། །གཞན་ནས་སྒྲོལ་ཞིང་སྨོན་པ་གཅིག་ཀྱང་མེད། །བདུད་རྩི་ལས་རྒྱ་མཚོ་ལས། ལྟ་བ་རྒྱ་མཚོའི་ལེའུ་སྟེ་བཅུ་བདུན་པའོ།། །།འབྲས་བུ་ཇི་ལྟར་སངས་རྒྱས་པ་འདི་སྐད་དོ། །སྣོད་ཀྱི་འཇིག་རྟེན་མས་བཀབ་ཡུམ་གྱི་དབྱིངས། །བཅུད་ཀྱི་འཇིག་རྟེན་ཡས་བཀབ་ཡབ་ཀྱི་མཁའ། །ཡབ་ཡུམ་མཁའ་དབྱིངས་ཡེ་ཤེས་རོལ་པ་ལས། །བདེ་ཆེན་བྱང་


DNG020_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་སུ་སངས་རྒྱས་སོ། །ཕུང་པོ་ཁམས་དང་སྐྱེ་མཆེད་མ་ལུས་པ། །ལྷ་དང་ལྷ་མོའི་དཀྱིལ་འཁོར་ཡེ་ནས་ཡིན། །ཡིན་པའི་དོན་ལ་རིག་པ་གསལ་བཀོད་ནས། །བདེ་ཆེན་བྱང་ཆུབ་སེམས་སུ་སངས་རྒྱས་སོ། །སེམས་དང་ཡེ་ཤེས་དབྱེར་མེད་དོན་གཅིག་པས། །སེམས་ཀྱི་ཡེ་ཤེས་སེམས་ཀྱིས་ཀུན་རྟོགས་ན། །བདེ་ཆེན་བྱང་ཆུབ་སེམས་སུ་སངས་རྒྱས་སོ། །འཁོར་བའི་རྒྱུ་ཉིད་ཐར་པའི་ལམ་གྱི་སྐས། །སྡུག་བསྔལ་རྒྱུ་གཉིས་ཆོས་ཉིད་བྱང་ཆུབ་སེམས། །མ་སྤངས་ལྷུན་གྱིས་གྲུབ་པར་དོན་རྟོགས་ན། །བདེ་ཆེན་བྱང་ཆུབ་སེམས་སུ་སངས་རྒྱས་སོ། །ཆོས་ཉིད་ཀུན་ཏུ་བཟང་མོའི་རིག་པ་ལ། །འཁོར་བ་དང་ནི་མྱ་ངན་འདས་པར་མཉམ། །སངས་རྒྱས་སེམས་ཅན་སེམས་ཉིད་གཅིག་ཏུ་མཉམ། །རྟོགས་དང་མ་རྟོགས་སྒྱུ་མའི་ངང་དུ་མཉམ། །རིག་དང་མ་རིག་ཆོས་ཀྱི་སྐུ་རུ་མཉམ། །མཉམ་པའི་རྒྱལ་པོའི་དོན་ལ་མ་ཡེངས་ན། །བདེ་ཆེན་བྱང་ཆུབ་སེམས་སུ་སངས་རྒྱས་སོ། །ཉོན་མོངས་སྡུག་བསྔལ་ཡེ་ཤེས་ལྔ་རུ་སྣང་། །འབྱུང་བ་ལྔ་པོ་ཆོས་ཀྱི་དབྱིངས་སུ་མཉམ། །དབྱིངས་དང་ཡེ་ཤེས་འདྲེལ་བའི་དོན་རིག་ན། །བདེ་ཆེན་བྱང་ཆུབ་སེམས་སུ་སངས་རྒྱས་སོ། །ཡེ་ཤེས་ལྷ་དང་མ་མོ་མཁའ་འགྲོ་དང་། །ཕོ་ཉ་ལ་སོགས་མང་པོའི་དོན་བརྗོད་ཀྱང་། །བདག་གི་བྱིན་རླབས་མང་པོར་སྣང་བ་ལས། །གཞན་ནས་གྲུབ་ཅིང་འབྱུང་བ་ཅི་ཡང་མེད། །བདག་སྣང་བདག་འཁོལ་ཀུན་ཏུ་བདག་ཡིན་ཏེ། །བདག་ཉིད་གཡོས་ན་ཕྱི་ནང་སྣོད་བཅུད་གཡོས། །ཀུན་གྱི་ཆེ་བཙན་འགྲན་གྱི་དོ་མེད་པས། །ཡོངས་ཀྱི་ཐོག་མེད་བདེ་འབྱམ་རྒྱལ་པོ་ལ། །བདེ་ཆེན་བྱང་ཆུབ་སེམས་སུ་སངས་རྒྱས་སོ། །བདུད་རྩི་ལས་རྒྱ་མཚོ་ལས། ཡེ་ནས་འབྲས་བུ་སངས་རྒྱས་ཡིན་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།དེ་ནས་ཀུན་ཏུ་བཟང་པོས་རྡོ་རྗེ་སེམས་དཔའ་ལ་རྒྱུད་ཡོངས་སུ་གཟུང་བར་གཏད་པ་འདི་སྐད་དོ། །གསང་ཐུབ་བཀའ་རྟེན་ངེས་པ་དང་། །བདེན་པར་སྨྲ་ཞིང་ཡིད་མི་


DNG020_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། །དེས་ནི་རྒྱུད་འདི་ཡོངས་སུ་གཟུང་བར་བྱའོ། །བརྟན་ཞིང་ཤུགས་འཆང་བརྩོན་འགྲུས་ཆེ། །དྲང་ཞིང་སེམས་འཇམ་གཡོ་སྒྱུ་མེད། །དེས་ནི་རྒྱུད་འདི་གཟུང་བར་བྱའོ། །མཛངས་ཤིང་ཤེས་པ་གསལ་བ་དང་། །བརྟགས་ཤིང་བྱ་བ་མ་ནོར་བ། །དེས་ནི་རྒྱུད་འདི་གཟུང་བར་བྱ། །ཟུངས་ཐུབ་རྟག་ཐུབ་ཁོང་ཡངས་ཤིང་། །ལེ་ལོ་བར་ཆད་སྐྱོན་བསལ་བ། །དེས་ནི་རྒྱུད་འདི་གཟུང་བར་བྱའོ། །སྤྱོད་པ་ཐོགས་ཆགས་མེད་པ་དང་། །དམ་ཚིག་སྤང་ལེན་མེད་པར་བསྲུང་། །དེས་ནི་རྒྱུད་འདི་གཟུང་བར་བྱ། །ཉན་ཅིང་སྒྲུབ་ལ་བརྩོན་པ་དང་། །འདུ་འཛིའི་དབང་དུ་མི་གཏང་བ། །དེས་ནི་རྒྱུད་འདི་གཟུང་བར་བྱའོ། །རང་ཤེད་ནོར་ཐུབ་ཟོ་ཐུབ་པས། །ཡོངས་ལ་མི་གནོད་ཚུལ་བསྲུང་བས། །རྒྱུད་འདི་ཡོངས་སུ་གཟུང་བར་བྱ། །ལུང་མེད་རྐྱང་པར་མི་གཏོང་ཞིང་། །སློབ་དཔོན་རིག་པའི་གཏིང་བྲུ་བ། །དེས་ནི་རྒྱུད་འདི་གཟུང་བར་བྱའོ། །རང་ཤེས་མུ་ཅོར་མི་བྱེད་ཅིང་། །བརྟགས་ཤིང་ལས་རྣམས་བརྩོན་བྱེད་པ། །རྒྱུད་འདི་ཡོངས་སུ་གཟུང་བར་བྱ། །རྟག་པར་སྨན་དང་མི་འབྲལ་ཞིང་། །རྫས་དང་ལག་ཆ་གསང་ཐོགས་པས། །རྒྱུད་འདི་ཡོངས་སུ་གཟུང་བར་བྱའོ། །དད་པས་སྐྱོ་ངལ་མི་བྱེད་ཅིང་། །སྐྱོ་རྐྱེན་ཚོར་བས་མི་བྱེད་པས། །རྒྱུད་འདི་ཡོངས་སུ་གཟུང་བར་བྱའོ། །དབང་བསྐུར་གནང་བ་ལྔ་ཐོབ་ཅིང་། །གོ་རྟོགས་ཤེས་པ་ཕྱོགས་འབྱམས་པས། །རྒྱུད་འདི་ཡོངས་སུ་གཟུང་བར་བྱའོ། །བརྟག་ན་བླ་མའི་ལུང་ཡོད་ལ། །བསྙེན་ན་ནུས་པའི་མཐུ་ཡོད་པས། །དེས་ནི་རྒྱུད་འདི་གཟུང་བར་བྱའོ། །བདུད་རྩི་ལས་རྒྱ་མཚོ་ལས། རྒྱུད་ཡོངས་སུ་གཟུང་བར་བྱ་བའི་ལེའུ་སྟེ་བཅུ་དགུ་པའོ།། །།སྟོན་པ་ཀུན་ཏུ་བཟང་པོ་ལ་གསོལ་པ། སྣོད་དང་མི་ལྡན་པས་གཟུང་དུ་མི་རུང་ལགས་སམ་ཞེས་གསོལ་པས། ཀུན་ཏུ་བཟང་པོས་བཀའ་སྩལ་པ། སྣོད་དང་མི་ལྡན་པས་མན་ངག་སྣང་འཚོང་བྱེད་པ་
དང་། ཆོས་དཔེ་འཚོང་བར་བྱེད་པ་དང་། མན་ངག་ཟང་ཐལ་དུ་སྨྲ་བ་དང་། ལྟ་བ་ལ་གདེང་མེད་པ་དང་། སྤྱོད་པས་མ་ཟིན་པ་དང་། སྒྲུབ་པའི་གཞུང་མ་ཚུགས་པ་དང་། ཐོ་ཅོ་དང་། ར་བོ་ཤ་བྱེད་པ་དང་། རང་ཆེ་དང་། ངའོ་དང་། ངོམས་སྐྱེན་བྱེད་པས་རྒྱུད་འདི་བཅངས་ཀྱང་སེང་གེའི་འོ་མ་དང་འདྲ་སྟེ། བདག་ཕུང་གཞན་བརླག སྙིང་འགས། མཛེ་དང་ནད་ཀྱི་བསྐལ་པ་འབྱུང་། འབྲས་བུ་མནར་མེད་པར་སྐྱེ་བའོ། །དེ་བས་གསང་སྟེ། སེམས་ཀྱི་གཏེར་དུ་སྦས་ཏེ། དཀྱིལ་འཁོར་གསུམ་གྱི་ཐིག་ལེ་གཅིག་ཏུ་ལ་བཟླའོ། །བདུད་རྩི་ལས་རྒྱ་མཚོ་ལས། སྣོད་མིན་ལ་གསང་བའི་ལེའུ་སྟེ་ཉི་ཤུ་པའོ།། །།བདུད་རྩི་ལས་རྒྱ་མཚོའི་རྒྱུད་ཅེས་བྱ་བ་རྫོགས་སོ།། །།རྒྱ་གར་གྱི་པཎྜི་ཏ་བི་མ་ལ་མི་ཏྲ་དང་། བོད་ཀྱི་ལོཙྪ་བ་གཉགས་ཛྙཱ་ན་ཀུ་མཱ་རས་བསྒྱུར་བའོ།། །།རྒྱུད་འདི་ཡང་དཔེ་གཅིག་ལས་བསྡུར་གཞི་མ་རྙེད།

ཐམས་ཅད་བདུད་རྩི་ལྔའི་རང་བཞིན་དངོས་གྲུབ་ཆེན་པོ་ཉེ་བའི་སྙིང་པོའི་མཆོག


DNG020_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། སརྦ་པཉྩ་ཨ་མྲྀ་ཏ་བྷཱ་བ་མ་ཧཱ་སིདྡྷི་ཨུ་པ་ཧྲྀ་ད་ཡོཏྟ་མ། བོད་སྐད་དུ། ཐམས་ཅད་བདུད་རྩི་ལྔའི་རང་བཞིན་དངོས་གྲུབ་ཆེན་པོ་ཉེ་བའི་སྙིང་པོའི་མཆོག །བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ། ཀུན་རིག་ཆོས་ཀྱི་རྗེ་དཔལ་ཆེན་པོ་ཤྲཱི་ཧེ་རུ་ཀ་སྠོ་ར་མ་ཏི་དེ་གསང་བ་མཆོག་གི་དཀྱིལ་འཁོར་ན། རིགས་ལྔའི་འཁོར་ཚོགས་རྒྱ་མཚོ་དང་བཅས་པ་དང་། ལྷ་དང་ཀླུ་དང་མིའི་རིག་འཛིན་རྣམས་དང་ཐབས་ཅིག་ཏུ་བཞུགས་ཏེ། ཉན་ཐོས་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་ནི་མིང་ཡང་མི་གྲག་པའི་ནང་དུ། གསང་སྔགས་ཀྱི་སྙིང་པོ། བདུད་རྩིའི་མཆོག་བཅུད་དུ་བྱ་བའི་ལྟ་བ་དང་། མན་ངག་བསྒོམ་པ་དང་། བསྒྲུབ་པ་དམ་ཚིག་རྣམས་བསྡུས་ཏེ་གསུངས་སོ། །དངོས་གྲུབ་ཆེན་པོ་ཉེ་བའི་སྙིང་པོའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་དང་། འཇམ་དཔལ་གཞོན་ནུས་


DNG020_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ནས། གསང་སྔགས་སྙིང་པོ་བལྟ་བའི་དོན། །བླ་ན་མེད་པ་བསྟན་དུ་གསོལ། །དེ་སྐད་ཅེས་ནི་གསོལ་པ་དང་། །བཅོམ་ལྡན་འདས་ནི་ཀུན་བཟང་གིས། །ལྟ་བ་རྒྱ་མཚོའི་ནང་ནས་ཀྱང་། །གསང་སྔགས་གསང་བའི་སྙིང་པོ་གཅིག །ལྟ་བ་བླ་ན་མེད་པ་བསྟན། །བརྒྱད་ཁྲི་བཞི་སྟོང་བསམ་ཡས་ཀྱང་། །སྡེ་སྣོད་གསུམ་དང་ཐེག་པ་དགུ། །རྫོགས་ཆེན་ཨ་ཏི་ཡོ་གར་འདུས། །ཨ་ཏི་ཡོ་གའི་ལྟ་བ་ནི། །ལྟ་བ་ཀུན་དང་བྲལ་བ་ཡི། །ཡང་དག་དོན་ལ་ལྟ་བ་དེ། །ཀུན་བྲལ་ཅི་ཡང་མ་སྤངས་པ། །རྫོགས་པ་ཆེན་པོའི་ལྟ་བ་ཡིན། །སྣང་དང་སྲིད་པས་བསྡུས་པ་དང་། །འབྱུང་བ་ལྔ་ལ་སོགས་པ་ཀུན། །ནམ་མཁའ་བཞིན་ཏེ་ཀུན་ལ་ཁྱབ། །ནམ་མཁའ་ཡེ་ནས་འགྱུར་བ་མེད། །དུས་གསུམ་སངས་རྒྱས་ཐམས་ཅད་དང་། །མཐའ་ཡས་སེམས་ཅན་མ་ལུས་ཀུན། །སེམས་སུ་འདུས་ཤིང་སེམས་སུ་ཁྱབ། །སེམས་ལ་ཡེ་ནས་སྐྱེ་ཤི་མེད། །ཕྱི་ནང་སྣོད་བཅུད་མ་ལུས་དང་། །མཚན་མར་སྣང་བ་ཐམས་ཅད་ཀུན། །ཆོས་ཀྱི་དབྱིངས་སུ་འདུས་ཤིང་ཁྱབ། །དབྱིངས་ལས་འགྱུར་བ་ཡེ་ནས་མེད། །དབང་པོའི་སྤྱོད་ཡུལ་གྱུར་པ་དང་། །གཟུགས་སུ་སྣང་བ་ཐམས་ཅད་ཀུན། །ཡེ་ཤེས་སྐུ་ཡི་ཕྱག་རྒྱར་སྣང་། །སྐུ་ནི་ཡེ་ནས་སྐྱེ་འཇིག་མེད། །སེམས་ཅན་སྐད་དང་སྒྲ་ལ་སོགས། །བདེ་གཤེགས་མ་ལུས་གསུང་དག་ཀྱང་། །བྱ་བས་མ་བསྒྲུབས་རང་བྱུང་གསུང་། །གསུང་ལ་མཚན་མ་ཡེ་ནས་མེད། །སེམས་ཅན་འཁྲུལ་པའི་བློ་དག་ཀྱང་། །རིག་པ་རྙེད་པའི་བདེ་གཤེགས་ཀུན། །བྱང་ཆུབ་སེམས་སུ་རོ་གཅིག་པས། །སེམས་ལ་ཡེ་ནས་སྨོད་དུ་མེད། །སྐུ་དང་རྒྱན་དང་འཁོར་ལོ་ཡང་། །ལུང་ཆེན་ཟབ་མོའི་ནང་ན་གསལ། །རིགས་བཞིའི་ནང་དུ་འཁོར་བ་ཡང་། །ཡེ་ནས་སངས་རྒྱས་དེ་ལས་མེད། །མེད་ཅེས་བྱ་བ་སྟོང་པ་ལས། །སྟོང་པ་ཉིད་དུ་རྣམ་དག་པ། །


DNG020_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་སྐུ་ཞེས་དེ་ལ་བྱ། །དེ་ལ་གཟུང་ཞིང་གདགས་སུ་མེད། །བྱང་ཆུབ་སེམས་འདི་ཀུན་ཏུ་དག །རྫོགས་པའི་ཡེ་ཤེས་བདེ་ཆེན་ཉིད། །མ་ལུས་མཐའ་དག་ཉིད་ཀྱི་རྒྱ། །ཡེ་ནས་བྱར་མེད་བྱར་མི་དགོས། །དངོས་གྲུབ་ཆེན་པོ་ཉེ་བའི་སྙིང་པོའི་རྒྱུད་ལས། ལྟ་བ་རྒྱ་མཚོའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་དང་འཇམ་དཔལ་གཞོན་ནུས་བཅོམ་ལྡན་འདས་ཀུན་རིག་ཆོས་ཀྱི་རྗེ་ལ་ཕྱག་བཙལ་ནས། གསང་སྔགས་སྙིང་པོ་མན་ངག་དོན། །བླ་ན་མེད་པ་བསྟན་དུ་གསོལ། །དེ་སྐད་ཅེས་ནི་གསོལ་པ་དང་། །བཅོམ་ལྡན་ཀུན་རིག་ཆོས་ཀྱི་རྗེ། །མན་ངག་རྒྱ་མཚོའི་ནང་ནས་ཀྱང་། །གསང་སྔགས་གསང་བའི་མན་ངག་གཅིག །མན་ངག་བླ་ན་མེད་པ་བསྟན། །སེམས་ཉིད་སངས་རྒྱས་ཡིན་པ་ལ། །སངས་རྒྱས་གཞན་ནས་བཙལ་དུ་མེད། །སངས་རྒྱས་ཡེ་ནས་མ་བྱུང་བས། །དུས་གསུམ་རྟག་ཏུ་འགྱུར་བ་མེད། །སེམས་ཉིད་གདོད་ནས་མ་བྱུང་བས། །དུས་གསུམ་རྟག་ཏུ་འགྱུར་བ་མེད། །སེམས་ཉིད་རྒྱུ་ལས་མ་སྐྱེས་པས། །འབྱུང་བ་ལྔ་ལ་རག་མ་ལུས། །སེམས་ཉིད་མངོན་དུ་མི་སྣང་བས། །དངོས་པོ་ཀུན་གྱི་དོན་དང་བྲལ། །སེམས་ལ་མཐའ་དབུས་མེད་པ་ཡིས། །ཕྱོགས་དང་རིས་སུ་གདགས་པ་མེད། །སེམས་ལ་ཁ་དོག་མ་གྱུར་པས། །ཚིག་ཏུ་གདགས་པའི་རྟེན་དང་བྲལ། །སེམས་ལ་མུན་པས་མི་བསྒྲིབ་པས། །ཡེ་ནས་སྣང་བ་རང་ལ་གནས། །སེམས་ཀྱི་རིག་པ་སྤྱན་ཡིན་པས། །ཐམས་ཅད་མ་གཟིགས་གཅིག་ཀྱང་མེད། །སེམས་ཉིད་ནམ་མཁའི་རང་བཞིན་ལས། །ཕྱི་ནང་སྣོད་བཅུད་ཀུན་ལ་ཁྱབ། །སེམས་ཉིད་ཡེ་ནས་སངས་རྒྱས་པས། །ཐམས་ཅད་ཀུན་གྱི་སྟོན་པ་ཡིན། །སྙིང་པོ་རིག་པའི་སྙིང་པོ་བས། །འཁོར་བའི་ནད་ཀྱི་སྨན་དུ་ཆེ། །སེམས་ཉིད་བྷ་གའི་ཀློང་ཡངས་པས། །ཐམས་ཅད་འབྱུང་བའི་སྐྱེད་མོས་ཚལ། །སེམས་ལ་སྐྱོན་གྱིས་མ་གོས་པས། །རིག་པ་ཀུན་གཞིའི་གནས་སུ་དག །སེམས་ལ་


DNG020_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་ཤི་མེད་པ་ཡི། །ཆོས་སྐུ་མི་འགྱུར་རྡོ་རྗེའི་སྐུ། །དེ་ཕྱིར་ནོར་བུ་རིན་པོ་ཆེ། །བཅང་བར་བདེ་ལ་འཁུར་བར་ཡང་། །སྦ་བར་སླ་ལ་དཀོར་དུ་ཆེ། །སེམས་ལས་མན་ངག་རྒྱ་མཚོ་འབྱུང་། །ཐམས་ཅད་མ་ལུས་སེམས་ཡིན་ཏེ། །སེམས་ལ་སྣང་ཞིང་སེམས་ཀྱིས་བྱས། །སེམས་ལ་དངོས་པོ་མེད་པ་ལས། །སེམས་སུ་གསལ་ཞིང་སེམས་སུ་ཤེས། །དེ་ཕྱིར་གཉིས་མེད་ཤེས་པ་གཅེས། །གཉིས་མེད་ཤེས་པ་ཀློང་གྱུར་ན། །བདུད་རྩི་ཞེས་ནི་དེ་ལ་བྱའོ། །དངོས་གྲུབ་ཆེན་པོ་ཉེ་བའི་སྙིང་པོའི་རྒྱུད་ལས། མན་ངག་རྒྱ་མཚོའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་དང་། འཇམ་དཔལ་གཞོན་ནུས་བཅོམ་ལྡན་འདས་བདེ་བ་ཆེན་པོ་ལ་ཕྱག་བཙལ་ནས། གསང་སྔགས་སྙིང་པོ་བདེ་བའི་དོན། །བླ་ན་མེད་པ་བསྟན་དུ་གསོལ། །དེ་སྐད་ཅེས་ནི་གསོལ་པ་དང་། །བཅོམ་ལྡན་འདས་ནི་བདེ་ཆེན་པོས། །བསྒོམ་པ་རྒྱ་མཚོའི་ནང་ནས་ཀྱང་། །གསང་སྔགས་གསང་བའི་བསྒོམ་པ་གཅིག །བསྒོམ་པ་བླ་ན་མེད་པ་བསྟན། །བསྒོམ་པ་བསམ་གྱིས་མི་ཁྱབ་གྲངས་ལས་འདས། །བསམ་གཏན་བྱང་ཆུབ་དོན་ལ་གང་འཇུག་པ། །བསྒོམ་མོ་སྙམ་པའི་ནད་ཀྱིས་ཟིན་ཏ་རེ། །སྟོན་པས་བསྟན་པའི་ལུང་ལ་མཐའ་དཔྱོད་པ། །མཚན་མའི་རྣམ་རྟོག་དྲན་དུ་གྱུར་ཏ་རེ། །བདེ་གཤེགས་ཡུལ་ནི་ཚིག་གིས་མཚོན་དུ་མེད། །སངས་རྒྱས་ཡུལ་དུ་བལྟས་པ་འཁྲུལ་པའི་ལམ། །བསྒོམ་དུ་མེད་པའི་ལྟ་བ་ལ། །ཡེངས་པ་མེད་པའི་བློ་གཅིག་གཞག །སྣང་བ་མེད་པའི་ཆོས་ཉིད་ལ། །མ་བཙལ་བཞག་ན་བསྒོམ་པ་ཡིན། །དེ་དང་དེར་ནི་རྣམ་བཙལ་ན། །དེ་ལས་དེ་བཞིན་མི་འབྱུང་སྟེ། །སྐྱེ་བ་མེད་པའི་དབྱིངས་ཉིད་ལ། །འཆི་བ་མེད་པའི་བློ་གཞག་པ། །འདུ་འབྲལ་མེད་པའི་རང་བཞིན་ལ། །བཏང་སྙོམས་ཆེན་པོའི་བློ་གཞག་སྟེ། །ཆགས་སྡང་མེད་པའི་བདེ་བྱམས་པ། །སྤང་


DNG020_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་མེད་པའི་ཤེས་རབ་གཞག །གཞི་རྩ་མེད་པའི་བློ་ཡངས་སུ། །ཁྱབ་བརྡལ་ཆེན་པོའི་ཡེ་ཤེས་གཞག །ཡེ་ནས་རང་བྱུང་ཆེན་པོ་ལ། །བརྗེད་པ་མེད་པའི་ཏིང་འཛིན་གཞག །ཐོགས་པ་མེད་པའི་དབྱིངས་ཉིད་ལ། །དམིགས་པ་མེད་པའི་དོན་གཅིག་གཞག །ཡུལ་དུ་སྣང་བ་ཡུམ་གྱི་ཀློང་། །རིག་པར་སྣང་བ་ཡབ་ཀྱི་མཁའ། །མཁའ་ཀློང་གཉིས་སུ་ཐམས་ཅད་ཆུབ། །དེ་ལ་དཔེ་ཡིས་མཚོན་དུ་མེད། །དེ་ལ་ཚིག་གིས་མཚོན་དུ་མེད། །དེ་ཕྱིར་དུས་གསུམ་སངས་རྒྱས་ཀྱིས། །བཙལ་ཡང་རྒྱལ་བས་མི་རྙེད་དེ། །བདེ་གཤེགས་ཀུན་གྱིས་གཟིགས་པ་དཀོན། །དངོས་གྲུབ་ཉེ་བའི་སྙིང་པོའི་རྒྱུད་ལས། བསྒོམ་པ་རྒྱ་མཚོའི་ལེའུ་སྟེ་བཞི་པའོ།། །།དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་དང་འཇམ་དཔལ་གཞོན་ནུས་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་ལ་ཕྱག་བཙལ་ནས། གསང་སྔགས་སྙིང་པོ་བསྒྲུབ་པའི་དོན། །དངོས་གྲུབ་ཤིན་ཏུ་ཉེ་བའི་ཐབས། །ཚིག་དོན་གསལ་བར་བྱ་བ་དང་། །མ་ནོར་རིམ་པ་བསྟན་དུ་གསོལ། །དེ་སྐད་ཅེས་ནི་གསོལ་པ་དང་། །བཅོམ་ལྡན་འདས་དཔལ་ཧེ་རུ་ཀས། །བསྒྲུབ་པ་རྒྱ་མཚོའི་ནང་ནས་ཀྱང་། །དངོས་གྲུབ་ཤིན་ཏུ་ཉེ་བའི་ཐབས། །རིམ་པར་སྦྱར་ཏེ་བཤད་པར་བྱའོ། །སྣང་སྲིད་ཐམས་ཅད་ཆོས་སྐུ་ཐིག་ལེའི་ངང་། །སྣོད་བཅུད་མ་ལུས་བདུད་རྩིར་གནས་བཞིན་དུ། །འགྲོ་བའི་རྣམ་པར་རྟོག་པའི་བག་ཆགས་ཀྱིས། །བསྐལ་པ་རྒྱ་མཚོར་འཁོར་ཞིང་འཁྱམས་པ་རྣམས། །ཡང་དག་ངེས་པའི་དོན་ལ་གཟུད་པ་དང་། །ཐེག་ཆེན་བྱང་ཆུབ་དོན་ལ་དགོད་པའི་ཕྱིར། །དུས་གསུམ་བདེ་གཤེགས་རྒྱལ་བ་རྒྱ་མཚོ་ལས། །ར་སཱ་ཡ་ནའི་རིག་འཛིན་སྲུང་མ་རྣམས། །གཉིས་མེད་བྱང་ཆུབ་སེམས་ལ་གཅིག་པའི་ཕྱིར། །གསང་མཆོག་བདུད་རྩི་ཆེན་པོའི་སྒྲུབ་ཐབས་བཤད། །དང་པོ་དངོས་གྲུབ་བསྒྲུབ་པའི་གཞི། །བླ་མ་དབང་ཐོབ་གདེང་ལྡན་ལ། །དབང་དང་དམ་ཚིག་ཚུལ་བཞིན་བླང་། །ཚུལ་རིག་གོམས་པའི་རྣལ་འབྱོར་པས། །ཕུན་སུམ་


DNG020_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པ་ལྔ་ལྡན་པས། །བསོད་ནམས་ཚོགས་ནི་ཅི་ནུས་བསགས། །མགྲོན་རྣམས་རིམ་པར་མཆོད་པ་དང་། །མགོན་པོ་གནས་པའི་རྟེན་གཞི་ལ། །མཆོད་དེ་ཕྱི་མཚམས་བསྲུང་བར་བཅོལ། །དེ་ནས་ཕྱི་རོལ་འདོམ་གང་དུ། །ཡ་མ་དམ་སྲི་བཀུག་ལ་མནན། །སྒོ་ལ་ཆོས་ཀྱི་རྒྱལ་པོ་བྲི། །མཆོད་དེ་བར་མཚམས་བསྲུང་བར་བཅོལ། །དུར་ཁྲོད་བདག་པོ་མ་ཏྲཾ་ནི། །ཐལ་བ་དག་ལས་གཟུགས་བྱས་ལ། །བདག་ཉིད་ཆེ་མཆོག་སྨུག་ནག་འབར། །བཞི་བཅུ་རྩ་གཉིས་ཕྱག་མཚན་ནས། །ཕྲ་མེན་འབར་བ་གསལ་བ་ཡི། །དུར་ཁྲོད་བདག་པོ་བཀུག་ནས་བསད། །སྤར་དང་གཞལ་ཡས་ཁང་སྒོ་བསྲུང་། །ཅི་རིགས་པ་ཡི་ཕྲིན་ལས་བྱ། །ཡིད་འོང་གནས་སུ་དེ་དམིགས་ལ། །བྱིན་བརླབ་མཚམས་གཅད་བསྲེ་བསྣན་བྱ། །དངོས་གྲུབ་ཆེན་པོ་ཉེ་བའི་སྙིང་པོའི་རྒྱུད་ལས། བསྒྲུབ་པ་ལ་འཇུག་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་དག་བཤད་བྱ་སྟེ། །དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། །བདུད་རྩི་ལྔ་ཡིས་སྐྱང་ནུལ་བྱ། །བདག་དང་གསང་ཡུམ་ཤེས་རབ་མས། །ཐིག་གི་ཆོ་ག་བརྩམ་པ་ནི། །མཎྜལ་བརྒྱད་པའི་ཐིག་ཏུ་གདབ། །ཡེ་ཤེས་ལྔ་ཡི་ཚོན་གྱིས་དགབ། །རང་བྱུང་གདོད་ནས་དག་པ་ཡི། །རྩ་བརྒྱད་སྟོང་ལས་སྦྱར་བའི་སྨན། །ར་སཱ་ཡ་ན་ལ་སོགས་རྫས། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །སྣོད་དང་བཅུད་དུ་བཅས་པ་རྣམས། །དཀྱིལ་འཁོར་ཆེན་པོའི་གནས་སུ་དགོད། །སྣང་བ་ཆེན་པོ་ཤར་བར་དགྲམ། །དཀྱིལ་འཁོར་རྒྱན་རྫས་ཁྲེམས་པ་དང་། །རྣལ་འབྱོར་ཕོ་མོར་རྟགས་བཏབ་སྟེ། །སོ་སོའི་གྲལ་ལ་འཁོད་ནས་ནི། །བསྒྲུབ་པ་ཚུལ་བཞིན་བྱ་བ་ལ། །ཁྲོལ་བུ་བཏག་བཙག་ཕྱེ་མ་དང་། །གོང་བུ་ལྡེ་གུ་སྐྱོ་མ་དང་། །རིལ་བུ་བྱས་ཏེ་མཐའ་རུ་དབྱུང་། །དངོས་གྲུབ་ཆེན་པོ་ཉེ་བའི་སྙིང་པོའི་རྒྱུད་ལས། བསྒྲུབ་པ་ཚུལ་བཞིན་དུ་བྱ་བའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཡང་དག་


DNG020_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་བྱ་བ། །ར་སཱ་ཡ་ན་ཏ་ན་ཛ་ཡ་ལ། །དྲང་སྲོང་ཚེ་ཡི་སྒྲུབ་ལུགས་འདི། །མཁས་པས་རིག་པ་རྫོགས་པ་དང་། །ཕྱག་རྒྱ་བཞི་ལྡན་བདུད་བཞི་བཅོམ། །དུག་གསུམ་གསད་དེ་གཡང་ས་བཅད། །ཚེ་ལ་དབང་བའི་རྣལ་འབྱོར་དེ། །ལམ་ལྔ་ས་བཅུ་མཐར་དབྱུང་ཕྱིར། །ཕྱི་ནང་སྨན་རྫས་བསགས་ཤིང་དབྱེ། །དངོས་གྲུབ་རྫས་ཀྱི་དཀྱིལ་འཁོར་དུ། །རྣལ་འབྱོར་དབང་ཕྱུག་ཆེན་པོ་ཡིས། །དམ་པ་དེ་ཉིད་གསང་ཆེན་གྱི། །རིགས་བརྒྱ་རིགས་ལྔ་རིགས་གཅིག་གིས། །རྒྱུད་དྲུག་སེམས་ཅན་ཀུན་སྒྲོལ་ཕྱིར། །སྦྱང་བ་དམ་པ་མཆོག་ཏུ་བྱ། །སྦྱོར་སྒྲོལ་དོན་རྟོགས་མཆོད་པ་ཡིས། །རྒྱལ་བ་མཉེས་པ་མཆོག་ཏུ་བྱ། །ཀུན་གྱིས་མཐུན་པར་བསྒོམ་བྱ་བ། །དེ་བཞིན་ཉིད་དང་ཀུན་ཏུ་སྣང་། །རྒྱུ་ཡི་ཏིང་འཛིན་འབྲས་བུ་ལས། །འབྱུང་ལྔ་གཞལ་ཡས་གདན་སྟེང་དུ། །ཞི་བའི་དུས་སུ་རྡོ་རྗེ་སེམས། །བཞི་བཅུ་རྩ་གཉིས་དཀྱིལ་འཁོར་བསྐྱེད། །ཡེ་ཤེས་དཀྱིལ་འཁོར་སྤྱན་དྲང་མཆོད། །ཚངས་དང་དྲང་སྲོང་ལ་སོགས་རྣམས། །སྤྱན་དྲང་རྟོག་པ་བཟློག་བྱས་ཏེ། །རོལ་མོ་གླུ་དབྱངས་མང་པོས་བསྡིམ། །སྨན་རྣམས་ལྷ་རུ་མོས་བསྐྱེད་ནས། །འོད་ཟེར་འཕྲོ་འདུའི་སྦྱོར་བ་དང་། །ར་སཱ་ཡ་ནའི་སྔགས་ཀྱིས་སྦྱངས། །རིམ་གྱིས་དཀྱིལ་འཁོར་བསྡུས་ནས་ནི། །དེ་ཉིད་རིགས་ལྔའི་དཀྱིལ་འཁོར་གསལ། །དཔའ་བོ་འབྲུ་ལྔའི་སྔགས་ཀྱིས་སྦྱངས། །ཡེ་ཤེས་དཀྱིལ་འཁོར་དབབ་བྱ་སྟེ། །རྟ་མགྲིན་ཕྱག་རྒྱ་བཅིངས་ནས་ནི། །རྡོ་རྗེ་སེམས་དཔའ་ཉིད་དུ་བསྡུ། །རྡོ་རྗེ་སེམས་དཔའི་སྔགས་ཀྱིས་ སྦྱངས། །སྦྱོར་བའི་ཆོ་ག་བརྩམ་པར་བྱ། །ལྷ་མོ་བཅུ་དྲུག་བསྙེན་པས་སྦྱར། །དེ་ལྟར་ཁྲོལ་བུ་འབྱོངས་པ་དང་། །དབང་དང་དངོས་གྲུབ་བསྡུ་བར་བྱའོ། །དངོས་གྲུབ་ཆེན་པོ་ཉེ་བའི་སྙིང་པོའི་རྒྱུད་ལས། སྨན་ཁྲོལ་བུ་བསྒྲུབ་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཡང་དག་བཤད་བྱ་སྟེ། །དཀྱིལ་འཁོར་ཆེན་པོའི་ཤར་ཕྱོགས་སུ། །རྣལ་འབྱོར་ཕོ་མོ་མཚན་མས་གདབ། །མཚམས་ནི་དྲག་ཏུ་གཅད་པར་བྱ། །


DNG020_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་དང་ཤེས་རབ་ཟུང་ཡ་བཞི། །འབར་བའི་དཀྱིལ་འཁོར་གསལ་བྱ་བ། །ཆེ་མཆོག་ཕྱག་མང་བསྣམས་པ་ནི། །བཞི་བཅུ་རྩ་གཉིས་ལྷ་རྣམས་གསལ། །ཁྲོ་བོ་ཡབ་ཡུམ་འཁོར་དང་བཅས། །གཏན་གཏུན་ཐབས་དང་ཤེས་རབ་གནས། །སྨན་རྣམས་ཧ་ནའི་སྔགས་ཀྱིས་བཏག །ལྷོ་ཡི་ཕྱོགས་སུ་བཙག་བྱ་སྟེ། །ཕྱེ་མ་དར་ཚགས་ནང་ནས་དབྱུང་། །ཧོ་ས་མ་ཡའི་སྔགས་ཀྱིས་བཙག །ཕྱེ་མའི་མཆོག་ཏུ་གྱུར་པ་དང་། །གསང་བ་མཆོག་གི་དཀྱིལ་འཁོར་བྲི། །ཁྲོ་བདག་བཛྲ་ཧེ་རུ་ཀ །ལྔ་བཅུ་རྩ་བརྒྱད་དཀྱིལ་འཁོར་གསལ། །ཡི་གེ་དགུ་ཡི་སྔགས་ཀྱིས་སྦྱང་། །འབྲས་བུ་ལྔ་བསྒྲལ་བདུད་རྩི་དང་། །ནུབ་ཀྱི་ཕྱོགས་སུ་སྦལ་བྱ་སྟེ། །བཀྲ་ཤིས་ཡུམ་གྱིས་དབྱངས་བླངས་ནས། །མུ་ས་ལ་ཡི་སྔགས་ཀྱིས་སྦལ། །ལས་བཞིའི་ཧོམ་བྱ་མེ་དབང་སྦྱར། །ཡེ་ཤེས་བདུད་རྩི་དབབ་བྱ་ཞིང་། །འཇིག་རྟེན་བདུད་རྩི་བསྡུ་བྱས་ལ། །བྷནྡྷ་ཁ་སྦྱར་ནང་དུ་གཞུག །རྟ་མགྲིན་རྒྱས་གདབ་དར་གྱིས་གྲིལ། །བདུད་རྩི་གོང་བུར་བྱས་ནས་ནི། །མཎྜལ་བདུན་པར་མངའ་གསོལ་ཏེ། །བྱིན་བརླབ་དབང་བསྐུར་བརྟན་བྱས་ལ། །རྡོ་རྗེའི་གཟུངས་ཐག་སྐྱེད་ལ་གདགས། །གླུ་དང་གར་གྱིས་དགའ་བ་བསྐྱེད། །དངོས་གྲུབ་ཆེན་པོ་ཉེ་བའི་སྙིང་པོའི་རྒྱུད་ལས། སྨན་བཏག་བཙག་ཕྱེ་མ་གོང་བུའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཡང་དག་བཤད་བྱ་སྟེ། །བསྒྲུབ་མཆོག་ཤར་དུ་ཁ་བལྟས་ལ། །ཟླ་གམ་དམར་པོ་རྩིབས་བརྒྱད་ལ། །བདུད་རྩིའི་གོང་བུ་ལ་དམིགས་ནས། །དེ་བཞིན་ཀུན་སྣང་རྒྱུ་ལས་ནི། །སེམས་ཀྱི་དཀྱིལ་འཁོར་ཆགས་གྱུར་ཏེ། །ལྷ་བརྒྱད་གདན་ལ་ཧེ་རུ་ཀ །ཁྲོ་བདག་ཆེན་པོའི་ལུས་གཟུགས་ཏེ། །དབུ་དགུ་ཕྱག་ཀྱང་བཅོ་བརྒྱད་ལ། །གསང་བའི་ཡུམ་ཡང་ཡབ་དང་མཐུན། །གཉིས་སུ་མེད་པའི་བྱང་སེམས་ལ། །སྤྲུལ་པ་ཁྲོ་བོའི་ཚོགས་བྱུང་སྟེ། །འཇིག་རྟེན་དྲེགས་པ་བཏུལ་ནས་ནི། །སླར་འདུས་ཕྱོགས་བཅུ་ཁྲོ་བོར་གྱུར། །དེ་སྟེང་རིགས་ལྔ་


DNG020_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ཧེ་རུ་ཀ །དེ་སྟེང་ཁྲོ་མོ་གནམ་ཞལ་མ། །གསང་བའི་མཁའ་ལ་དངོས་གྲུབ་རྫས། །རྟ་མཆོག་གསང་བའི་ཡུམ་དང་བཅས། །ཁྲོ་མོའི་སྟེང་དུ་ཧེ་རུ་ཀ །དབུ་དགུ་ཕྱག་ཀྱང་བཅོ་བརྒྱད་སྟེ། །ཞབས་ཀྱང་རྣམ་པ་བརྒྱད་དུ་བགྲད། །དབུ་མའི་ལྗགས་སྟེང་ཡེ་ཤེས་སེམས། །དང་པོ་རྡོ་རྗེ་དུང་ཆེན་དཀྲུག །གཡས་འོག་སེམས་དཔའ་བརྒྱད་གསལ་ཏེ། །གཡོན་འོག་ན་ཡང་སེམས་མ་བརྒྱད། །ཏིང་འཛིན་དེ་ལྟར་གསལ་བ་དང་། །ཡེ་ཤེས་དཀྱིལ་འཁོར་སྤྱན་དྲངས་ཏེ། །མཆོད་པ་ལ་སོགས་ཅི་རིགས་བྱ། །ཕྱག་རྒྱ་ཆེན་པོ་བཞི་དང་ལྡན། །འཇིགས་པའི་བདུད་བཞི་ཆོམ་པ་དང་། །གསང་བའི་དགྲ་གསུམ་གསོད་པ་ཡི། །དཀྱིལ་འཁོར་བདུན་དང་སྦྱོར་བ་བརྒྱད། །རྡོ་རྗེ་པདྨ་ག་པུར་ལྡན། །མཁའ་ལ་སེམས་ཕེབས་འཕྲོས་པའི་ཚེ། །བྱང་ཆུབ་འཁོར་བ་མྱ་ངན་འདས། །ཛཾ་བྷུ་ན་དཱའི་གསེར་ལྟར་བསྡིམ། །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲི་ཏ་ཧཱུཾ་ཧྲཱྀཿཐ། གུ་ཧྱ་ལག་གི་ཕྱག་རྒྱ་ཡིས། །གཞུང་བཞིན་བརྟན་ནས་འཕྲོ་འདུ་བྱ། །ག་བུ་དགུ་རུ་འཕྲོ་འདུ་ཡིས། །འགྲོ་དྲུག་གཡང་ས་གཅོད་པ་དང་། །མཛད་པ་བཅུ་གཉིས་མཐའ་རུ་དབྱུང་། །སྟོང་ཚིགས་མཆོད་བསྟོད་བསྐུལ་དབྱངས་དང་། །བསྐང་བཤགས་མཚམས་ལས་དྲག་པོ་ཡིས། །བར་ཆད་བྱེད་པའི་ཉམས་ལེན་ཟློག །སྦྱོར་སྒྲོལ་མཆོད་པར་བར་མི་གཅད། །བྱིང་རྒོད་གཡེང་བའི་དབང་མི་གཏང་། །ནན་ཏན་གྱིས་ནི་བརྩོན་འགྲུས་བྱ། །རོལ་མོ་གླུ་བྲོ་མང་པོ་ཡིས། །སྨན་གྱི་རིག་འཛིན་སྲུང་མ་བསྐུལ། །ཕྲིན་ལས་བཅོལ་ཞིང་བྱིན་བརླབ་བྱ། །རྟགས་ཆེན་བདུན་པོ་བྱུང་བ་ན། །བདུད་རྩི་དབབ་ཅིང་བསྐྱིལ་བར་བྱ། །ཧ་ཡ་གྲཱི་བས་རྟག་ཏུ་བསྲུང་། །དངོས་གྲུབ་ཆེན་པོ་འཐོབ་བྱའི་ཕྱིར། །འདུས་པའི་རྣལ་འབྱོར་མ་ལུས་ཀྱིས། །དད་པའི་སེམས་ཀྱིས་ཡོན་ཕུལ་ནས། །དངོས་གྲུབ་ཐོབ་ཕྱིར་གསོལ་བ་གདབ། །བདུད་རྩིའི་ཕོ་བྲང་ཆེན་པོ་ནི། །བླ་མའི་ཕྱག་ཏུ་བཞེས་ནས་ནི། །སྐུལ་ཚིག་དབྱངས་དང་ལྡན་པ་ཡིས། །ཕྱི་ནང་གསང་དབང་རིམ་པར་བསྐུར། །དངོས་གྲུབ་


DNG020_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་ཉེ་བའི་སྙིང་པོའི་རྒྱུད་ལས། བདུད་རྩི་གོང་བུ་གཅིག་པ་སྒྲུབ་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་ཡང་དག་བཤད་བྱ་སྟེ། །བདུད་རྩི་རྒྱ་དགྲོལ་ཕྱེ་མར་གཞིབ། །བཀྲ་ཤིས་མཚན་ལྡན་ཀ་པཱ་ལ། །གཅིག་ཏུ་དཔའ་བོའི་རོ་རྣམས་དང་། །གཉིས་སུ་མེད་པར་མཉམ་སྦྱར་ནས། །མཚམས་གཅད་དཀྱིལ་འཁོར་རྫོགས་བསྐྱེད་དེ། །ཡེ་ཤེས་དཀྱིལ་འཁོར་སྤྱན་དྲང་མཆོད། །དངོས་གྲུབ་འདོད་པར་གསོལ་བ་གདབ། །སྟོང་ཚིགས་དབུལ་བཅས་འཛབ་བཟླས་ཏེ། །མཆོད་དེ་མཚམས་གཅད་དངོས་གྲུབ་བླང་། །དངོས་གྲུབ་ཆེན་པོ་ཉེ་བའི་སྙིང་པོའི་རྒྱུད་ལས། བདུད་རྩི་སྐྱོ་མ་སྒྲུབ་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་ཡང་དག་བཤད་བྱ་སྟེ། །བདག་དང་ཤེས་རབ་གསང་ཡུམ་ལས། །གཉིས་མེད་སྦྱོར་བའི་བྱང་སེམས་ལས། །བདུད་རྩི་ཕྱེ་མར་སྦྱར་བྱས་ལ། །བཀྲ་ཤིས་མཚན་ལྡན་ཀ་པཱ་ལར། །ལྡེ་གུ་བྱས་ཏེ་མཎྜལ་སྟེང་། །ཡབ་ཡུམ་མཁའ་ལ་བཞག་ནས་ནི། །རིགས་ལྔའི་ཕྱག་རྒྱས་སྦྱང་བཅས་པས། །ཡེ་ཤེས་བདུད་རྩི་དབབ་བྱས་ཏེ། །གུ་ཧྱ་ལག་གི་ཕྱག་རྒྱ་ཡིས། །རྣལ་འབྱོར་ཕོ་མོ་མ་ལུས་པའི། །སྤྱི་བོ་ལྕེ་སྟེང་སྙིང་ག་དག །ཡན་ལག་ཀུན་ཏུ་ཐིག་ལེ་བྱ། །རིགས་ལྔའི་ཚོམ་བུའི་དབང་བསྐུར་རོ། །དངོས་གྲུབ་ཆེན་པོ་ཉེ་བའི་སྙིང་པོའི་རྒྱུད་ལས། བདུད་རྩི་ལྡེ་གུ་སྒྲུབ་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་ཡང་དག་བཤད་བྱ་སྟེ། །མེ་ལོང་གཡའ་དག་གཉིས་བསགས་ཏེ། །མཚན་དགུ་ལྡན་པའི་ཤེས་རབ་མས། །མེ་ལོང་གཡའ་དག་གོང་མ་དེ། །རྣལ་འབྱོར་ཕོ་མོ་ཀུན་ལ་བསྟན། །མེ་ལོང་གཅིག་ཏུ་སྦྲང་རྩི་དང་། །བདུད་རྩི་ཕྱེ་མར་སྦྱར་བྱས་ལ། །རིལ་བུ་སྲན་མ་མ་ཥ་ཙམ། །རྣལ་འབྱོར་རིལ་བུ་གསུམ་གསུམ་སྟེ། །ལུས་ངག་ཡིད་ལ་རེ་རེ་གཞག །ཨ་ཞེས་བྱ་བའི་མན་ངག་གིས། །ཐིག་ལེ་བྱང་ཆུབ་སེམས་ལུང་བསྟན། །ལམ་ལྔ་


DNG020_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ཕྱུང་སེམས་དོན་ཏེ། །ཐིག་ལེ་བྱང་ཆུབ་སེམས་སུ་བརྟེན། །ཕ་རོལ་ཕྱིན་དྲུག་སོགས་པ་སྟེ། །རྫོགས་པ་ཨ་ཏིའི་དགོངས་པར་བསྟན། །འདའ་ཁ་མ་ཡི་མན་ངག་སྟེ། །མཉམ་པ་ཆེན་པོའི་ཐིག་ལེ་ནི། །སྲོག་ཉིད་རླུང་གི་རང་བཞིན་ཏེ། །ཕྱི་ནང་འགྲོ་བའི་རླུང་དང་ནི། །ཡིད་ཀྱི་རྣམ་ཤེས་བསྲེས་བྱས་ནས། །ཕྱི་ནང་གཉིས་ལས་གཞན་དུ་ནི། །མི་འགྲོ་བ་ཡི་ཐིག་ལེ་ཉིད། །རྫོགས་པ་ཆེན་པོའི་མན་ངག་ཡིན། །དངོས་གྲུབ་ཆེན་པོ་དེ་ལ་བྱའོ། །དངོས་གྲུབ་ཆེན་པོ་ཉེ་བའི་སྙིང་པོའི་རྒྱུད་ལས། བདུད་རྩི་རིལ་བུ་བྱ་བའི་བྱང་ཆུབ་སེམས་ཐིག་ལེ་སྒྲུབ་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་ཡང་དག་བཤད་བྱ་སྟེ། །བདུད་རྩི་བདུད་རྩི་ཞེས་བྱ་བ། །དུག་ལྔ་སྨན་དུ་བསྒྱུར་བ་སྟེ། །སྨན་ལྔ་ཡེ་ཤེས་སྒྲུབ་ཐབས་འདི། །རྣལ་འབྱོར་དངོས་གྲུབ་དབང་ཐོབ་ཕྱིར། །ངེས་པར་ནན་ཏུར་བསྐྱེད་དེ་གནང་། །དྲུག་པའི་རྟགས་མཐོང་དབང་བསྐུར་ཏེ། །དངོས་གྲུབ་ཐབས་དང་འཛབ་བཟླས་དང་། །མཁའ་འགྲོ་བསྐྱང་དང་སྦྱིན་སྲེག་དང་། །གཏེར་སྦ་དགེ་བསྔོ་དཀྱིལ་འཁོར་བསྡུ། །ཡོན་དབུལ་གཏང་རག་མཚམས་གློད་ནས། །ཐིག་ལེའི་དོན་དང་ལྡན་པ་ཡིས། །བལྟ་བའི་མན་ངག་བསྒོམ་པ་ཡིས། །གདེང་ལྡན་ཞག་གསུམ་གནས་བསྲུངས་ཏེ། །དེ་ལས་སྤྱོད་ལམ་ཤེས་པར་བྱ། །དངོས་གྲུབ་ཆེན་པོ་ཉེ་བའི་སྙིང་པོའི་རྒྱུད་ལས། ལས་ཀྱི་ལྷག་མ་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་ཡང་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་དང་། འཇམ་དཔལ་གཞོན་ནུས་བཅོམ་ལྡན་འདས་སྠོ་ར་མ་ཏི་ལ་ཕྱག་འཚལ་ནས། གསང་སྔགས་སྙིང་པོ་དམ་ཚིག་དོན། །བླ་ན་མེད་པ་བསྟན་དུ་གསོལ། །དེ་སྐད་ཅེས་ནི་གསོལ་པ་དང་། །བཅོམ་ལྡན་སྠོ་ར་མ་ཏི་ཡི། །དམ་ཚིག་རྒྱ་མཚོའི་ནང་ནས་ཀྱང་། །འབུམ་སྡེར་བསྟན་པ་ལྔ་རུ་བསྟན། །བདེ་གཤེགས་རིགས་ཀྱི་དམ་ཚིག་ནི། །འཁོར་ལོ་བསྐོར་ཞིང་དུག་ལྔ་རྩད་གཅོད་པའོ། །རྡོ་རྗེ་རིགས་ཀྱི་དམ་ཚིག་ནི། །ཕུར་བུས་གདབ་ཅིང་བསྒྲལ་བའི་ཕྲིན་ལས་ཀྱིས། །དུག་ལྔ་དབང་དུ་སྡུད་པའོ། །རིན་ཆེན་རིགས་ཀྱི་དམ་ཚིག་ནི། །གཏོར་མས་དུག་ལྔ་འཇོམས་བྱེད་པའོ། །


DNG020_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་རིགས་ཀྱི་དམ་ཚིག་ནི། །སྦྱོར་བས་དུག་ལྔ་དག་བྱེད་པའོ། །ལས་ཀྱི་རིགས་ཀྱི་དམ་ཚིག་ནི། །ཧོམ་གྱིས་དུག་ལྔ་སྲེག་བྱེད་པའོ། །རིགས་ལྔ་དྲིལ་ཏེ་དུག་ལྔ་སྨན་དུ་བསྒྱུར་བའོ། །ཡང་ན་འདི་ལྟར་ཤེས་པར་བྱ། །གཟུགས་དང་ནམ་མཁར་སྐུ་ལ་སོགས། །རྣམ་སྣང་ཡབ་ཡུམ་བདེ་གཤེགས་ལྷའོ། །ཚོར་བ་ཆུ་དང་ཡོན་ཏན་སོགས། །འབྱུང་ལྡན་ཡབ་ཡུམ་རིན་ཆེན་ལྷའོ། །འདུ་ཤེས་མེ་དང་གསུང་ལ་སོགས། །སྣང་བ་མཐའ་ཡས་ཡབ་ཡུམ་ལྷའོ། །འདུ་བྱེད་རླུང་དང་ཕྲིན་ལས་སོགས། །དོན་ཡོད་ཡབ་ཡུམ་འཁོར་གྱི་ལྷའོ། །རྣམ་ཤེས་ས་དང་ཐུགས་ལ་སོགས། །མི་འཁྲུགས་ཡབ་ཡུམ་འཁོར་གྱི་ལྷའོ། །གཞན་ཡང་བསྲུང་བར་བྱ་བ་ནི། །རྩ་བ་སྐུ་གསུང་ཐུགས་དང་ནི། །མི་སྤང་བ་དང་དང་དུ་བླང་། །སྤྱད་པའི་དམ་ཚིག་བཅོ་ལྔ་བསྲུང་། །དེ་ཡང་མ་ཧཱ་ས་མ་ཡ། །བཞི་པ་རྫོགས་པ་ཀུན་ཏུ་བཟང་། །ཀུན་བཟང་མན་ངག་ཤེས་གྱུར་ན། །དམ་ཚིག་ཐམས་ཅད་དེ་རུ་རྫོགས། །མ་བསྲུངས་པ་ནི་གཅིག་ཀྱང་མེད། །ཅེས་གསུངས་སོ། །དངོས་གྲུབ་ཆེན་པོ་ཉེ་བའི་སྙིང་པོའི་རྒྱུད་ལས། དམ་ཚིག་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་ཡང་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་དང་། འཇམ་དཔལ་གཞོན་ནུ་དང་། ལྷ་དང་ཀླུ་དང་། མིའི་རིག་འཛིན་འབུམ་ཕྲག་གིས། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ། ཀུན་རིག་ཆོས་ཀྱི་རྗེ་དཔལ་བདེ་བ་ཆེན་པོ་ཤྲཱི་ཧེ་རུ་ཀ་སྠོ་ར་མ་ཏི་ཏིང་ངེ་འཛིན་གྱི་རྒྱལ་པོ་ལ་བསྟོད་པ། ཨེ་མ་སངས་རྒྱས་ཀུན་ཏུ་བཟང་། །གསང་ཆེན་ཐིག་ལེ་ཉིད་ལ་རྫོགས། །མ་རིག་མུན་སེལ་ཡེ་ཤེས་སྒྲོན། །དཔའ་བོ་ཁྱོད་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་དོ། །མངོན་པར་བསྟོད་དོ། །དེ་ནས་ཀུན་ཡི་རང་སྟེ། གསང་སྔགས་བླ་ན་མེད་པའི་དོན་ཐུགས་སུ་ཆུད་ནས། ཞབས་སྤྱི་བོས་བླངས་ཤིང་རང་རང་གི་ས་ལ་གཤེགས་སོ། །ལྷ་དང་མི་རྣམས་ཀྱིས་བཀའ་རྒྱུད་དམ་པ་སྤྱི་
བོས་བླངས་ཤིང་ཚོམ་བུའི་དཀྱིལ་འཁོར་དམ་པར། དངོས་གྲུབ་ཉེ་བར་བསྒྲུབ་པ་ལས་འབྲས་བུ་སངས་རྒྱས་ཀྱི་ས་ལ་གཤེགས་སོ། །དངོས་གྲུབ་ཆེན་པོ་ཉེ་བའི་སྙིང་པོའི་རྒྱུད་ལས། གཞུག་བསྟོད་པ་དང་། གཏད་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།དངོས་གྲུབ་ཉེ་བའི་སྙིང་པོའི་རྒྱུད་རྫོགས་སོ།། །།དངོས་གྲུབ་མཆོག་མཉེས་ཡ་མཚན་ཆེན་པོའི་བཀའ། །ཐབས་ཆེན་བླ་ན་མེད་པ་གསང་སྔགས་འབྲས་བུའི་ཆོས། །ཀུན་གྱི་ཐུན་མོང་མ་ཡིན་མན་ངག་རྒྱུད། །ཚིག་དོན་རིམ་པ་སླ་ཡང་དོན་ཉིད་རྟོགས་པར་དཀའ། །བཀའ་རྒྱུད་དམ་པའི་མན་ངག་བླ་མེད་འདི་ལྟ་བུ། །བདག་འདྲ་བི་མ་ལ་ཡི་མན་ངག་དམ་པ་འདི་ཡིན་ཏེ། །དྲི་མེད་ཟླ་ཤར་ཡི་དམ་ཆོས་སུ་གཏད་ཀྱིས་ཐུབ་པར་ཆོངས། །དྲི་མེད་ཟླ་ཤར་ཡི་དམ་མན་ངག་དམ་པ་འདི། །ཡང་དབང་གཏེར་ལ་གཏད་ཀྱིས་བདུད་རྩི་སྟེ། །ལེགས་པའི་སྒྲོན་མེའི་ཡི་དམ་ཞར་མར་གཏད། །ས་མ་ཡ་ཁ་ཐམ། རྒྱུད་དུམ་བུ་གསུམ་པ། ལུང་བམ་པོ་བརྒྱད་པ། མན་ངག་དངོས་གྲུབ་ཉེ་བའི་སྙིང་པོའི་རྒྱུད་གསུམ་ནི་སྲུ་ལེགས་པའི་སྒྲོན་མ་ལ་གཏད་དོ།། །།

བདུད་རྩི་ཆེན་པོ་ཆོས་ཉིད་གསང་བའི་རྒྱུད་ཅེས་བྱ་བ།


DNG020_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། མ་ཧཱ་ཨ་མྲྀ་ཏ་དྷརྨ་ཏཱ་གུ་ཧྱ་ཏནྟྲ་ནཱ་མ། བོད་སྐད་དུ། བདུད་རྩི་ཆེན་པོ་ཆོས་ཉིད་གསང་བའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མ་ལུས་པའི་བདག་པོ་དེ་ནི། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྣམས་དང་། རྡོ་རྗེ་ཡིད་བཞིན་ནོར་བུའི་བཙུན་མོའི་བྷ་ག་ལ་སྙོམས་པར་ཞུགས་ནས། ཁམས་གསུམ་པའི་སེམས་ཅན་མ་ལུས་པའི་ཕུང་ཁམས་བདུད་རྩི་ཆེན་པོར་རང་བྱུང་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་རྡོ་རྗེ་ཆོས་རང་གི་གདན་ལས་བཞེངས་ནས། འདི་སྐད་ཅེས་གསོལ་བ་གདབ་བོ། །གཙང་མའི་ཟས་ལ་སྤྱོད་པ་ཡི། །ལྷ་དང་བྲམ་ཟེ་ཀླུ་དང་བཅས། །རང་སྐལ་འབྲུ་སོགས་ཟ་བ་ཡི། །


DNG020_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

གླིང་བཞི་སེམས་ཅན་མི་དང་བཅས། །ལས་ངན་སྐྱུགས་པ་སྤྱོད་པ་ཡི། །དུད་འགྲོ་ཡི་དྭགས་དམྱལ་བར་བཅས། །རང་བྱུང་བདུད་རྩི་མ་རྟོགས་པའི། །མཚན་ཉིད་སྡེ་གསུམ་ཀྲི་ཡོག་གསུམ། །ལས་ངན་འགྲོ་བ་འདུལ་བ་དང་། །སྐལ་ངན་ཐེག་པ་དྲང་བའི་ཕྱིར། །རང་བྱུང་བདུད་རྩི་ཆེན་པོའི་དོན། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །ཞེས་ཞུས་པས་རང་གི་གདན་ལ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སེང་གེ་རྣམ་པར་བསྒྱིངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འཁོར་གྱི་དཀྱིལ་འཁོར་ལ་སྤྱན་གྱི་ལྟ་སྟངས་ཀྱིས་གཟིགས་ནས། འདི་སྐད་ཅེས་གསུངས་སོ། །སེམས་ཅན་ཉོན་མོངས་སྣང་བ་ལ། །རྩ་བ་དུག་གསུམ་ལས་བྱུང་བའི། །ཉོན་མོངས་རྣམ་པར་ཤར་བ་ལྔ། །བརྒྱད་ཁྲི་བཞི་སྟོང་རྣམ་གྲངས་སྣང་། །རྣལ་འབྱོར་ཉམས་ཀྱི་སྣང་བ་ལ། །མཚན་ཉིད་ཕྱི་པས་མ་རྟོགས་ཀྱང་། །བདུད་རྩི་རྣམ་པ་ལྔ་པོ་ལས། །ཁམས་ཀྱི་འདུ་ལུགས་གསུམ་དུ་སྣང་། །བདེ་བར་གཤེགས་པ་དུས་གསུམ་གྱི། །སངས་རྒྱས་རྣམས་ལ་སྐུ་གསུང་ཐུགས། །མི་ཟད་རྒྱན་གྱི་འཁོར་ལོར་སྣང་། །སྣང་བ་གསུམ་ལས་བྱུང་བ་ཡི། །རང་བྱུང་བདུད་རྩི་སྒྲུབ་པའི་ཐབས། །ཁྱེད་ལ་བཤད་ཀྱིས་ལེགས་པར་ཉོན། །སེམས་ཅན་ཉོན་མོངས་སྣང་བ་ལ། །རྡུལ་ཚོན་དཀྱིལ་འཁོར་ཆེན་པོ་རུ། །རིག་འཛིན་སྨན་བསྒྲུབ་བཤད་པར་བྱ། །རྣལ་འབྱོར་ཉམས་ཀྱི་སྣང་བ་ལ། །ཕུང་པོ་དག་ལ་བརྟེན་བྱས་པའི། །རང་བྱུང་བདུད་རྩི་བསྒྲུབ་པར་བཤད། །བདེ་བར་གཤེགས་པའི་སྣང་བ་ལ། །རིགས་བརྒྱ་རིགས་ལྔ་རིགས་གཅིག་དང་། །བདུད་རྩི་གོང་བུ་ཆེ་མཆོག་གི། །ཡེ་ཤེས་ལྷ་ཡི་དཀྱིལ་འཁོར་བཤད། །ལྟ་བ་ཐམས་ཅད་གདེང་དུ་བྱ། །སྤྱོད་པའི་ལ་ཡང་རབ་དོར་ནས། །བསྒྲུབ་པས་ཉམས་སུ་བླངས་ནས་ནི། །དམ་ཚིག་ཞིང་ས་གཤིན་པོ་ལ། །བསྙེན་བསྒྲུབ་ས་བོན་རབ་བཏབ་ནས། །རིམ་པ་དབང་གིས་བགྲོད་བྱས་པས། །འབྲས་བུ་ལོ་ཐོག་སྨིན་པར་བྱས། །རབ་འབྲིང་ཐ་མའི་


DNG020_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་པ། །ལས་དང་སྐལ་བར་རབ་ལྡན་པས། །བསྒྲུབས་ན་ཀུན་གྱིས་འགྲུབ་པར་འགྱུར། །བདུད་རྩི་ཡོན་ཏན་བསྒྲུབ་པ་འདི། །མ་འོངས་རྣལ་འབྱོར་གྲོལ་ཕྱིར་བཤད། །ཅེས་གསུངས་སོ། །བདུད་རྩི་ཆེན་པོ་ཆོས་ཉིད་གསང་བའི་རྒྱུད་ལས། གླེང་གཞི་དང་གླེང་བསླང་བའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་བསྒྲུབ་པ་ཐམས་ཅད་ཀྱི་གཞི་ཕུན་སུམ་ཚོགས་པ་འདི་གསུངས་སོ། །སྟོན་པ་བློ་ཡངས་ཁུ་འཕྲིག་ཆུང་། །ཕྱི་ནང་རྒྱུད་ལ་མཁས་པར་སྦྱངས། །བདེ་གཤེགས་ཐུགས་ཀྱི་ཉིང་ཁུ་རྟོགས། །མི་འགྱུར་སྤྱོད་ལམ་མཁའ་ལྟར་ཡངས། །དགྱེས་པ་སྐོང་བ་ཡུམ་གྱི་རིགས། །མཆོད་སྟོབས་གསང་བའི་ཕྱག་ཚངས་པ། །བླ་མའི་ཐུགས་དང་འཐད་པ་དང་། །རྡུལ་ཕྱག་ཕྱི་ནང་མཚམས་མཁན་དང་། །ཉུང་ཡང་ལྔ་ལ་སོགས་པ་ཡི། །ཡབ་ཡུམ་ཐབས་དང་ཤེས་རབ་ལྡན། །མཆེད་ལྕམ་རྡོ་རྗེ་ལུ་གུ་རྒྱུད། །གདུང་བཞི་རང་གི་མིག་ལྟར་འཕངས། །སྐྱེ་བོ་ཡ་ག་ཅན་དག་དང་། །མི་ནག་ཉན་ཐོས་སྐལ་མེད་སྤང་། །དབེན་ཞིང་ཉམས་དགའ་སྤགས་པའི་གནས། །རྩི་སྨན་ཤིང་དང་ནགས་ཚལ་དག །བཙལ་ནས་བསྒྲུབ་པ་བརྩམ་པར་བྱ། །ས་བདག་འཁོར་དང་བཅས་པ་ལ། །རྒྱན་དང་བཅས་པའི་གཏོར་མ་གཏང་། །བསླང་དང་སྦྱང་དང་བྱིན་གྱིས་བརླབ། །ཟླ་བ་སྟོན་ཟླ་འབྲིང་པོ་དང་། །དཔྱིད་ཟླ་འབྲིང་པོ་དག་ལ་བྱ། །ཚེས་གྲངས་ཡར་གྱི་བརྒྱད་ལ་བརྩམ། །བསོད་ནམས་ཚོགས་ཀྱང་རྫོགས་པར་འགྱུར། །བཅོ་ལྔའི་དུས་ལ་དངོས་གྲུབ་བླང་། །ཟླ་རྒྱས་ཡེ་ཤེས་ཚོགས་ཆེན་རྫོགས། །འཚོ་བ་ཟས་དང་དུག་འཇོམས་སྨན། །མཆོད་པའི་རྫས་དང་སྒྲུབ་པའི་རྫས། །འཕགས་པ་མཆོད་ཅིང་གཏོར་མ་གཏང་། །མགྲོན་བཞི་མཉེས་པར་བྱ་ཕྱིར་རོ། །སྦྱིན་སྲེག་ཚ་ཚས་སྒྲིབ་པ་སྦྱོང་། །བསོད་ནམས་བསྐྱེད་ཅིང་བསྲུང་བའི་ཕྱིར། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ལ། །གཏོར་མ་གསེར་སྐྱེམས་གཏང་བར་བྱ། །ཕྱོགས་བཞིར་ཐོ་བཞི་བཙུགས་ནས་ཀྱང་། །


DNG020_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་ཆེན་པོ་སྡེ་བཞི་ལ། །ཕྱི་མཚམས་བཅད་པའི་ཕྲིན་ལས་བཅོལ། །སྤྱན་དྲང་ཕྱག་འཚལ་མཆོད་པ་འབུལ། །ཕྲིན་ལས་བཅོལ་ལ་གསོལ་བྱེད་གདགས། །ཕུར་པ་དར་གྱི་ཅོད་པན་ཅན། །ཁྲོ་བོ་བཅུ་རུ་བྱིན་བརླབས་ནས། །ཕྱོགས་བཞི་མཚམས་དང་སྟེང་འོག་བཅུར། །རིམ་པ་བཞིན་དུ་གནས་པར་བྱ། །དུར་ཁྲོད་གནས་རྣམས་རང་བསྲུང་བར། །དམ་སྲི་མི་གཡོ་མགོན་པོས་མནན། །བར་ཆད་དངོས་གྲུབ་བསྲུང་དོན་དུ། །སྒོ་བྱང་བདུད་རྩི་གཤིན་རྗེའི་གཤེད། །མ་ཏྲཾ་ལྟ་དཔྱོད་གནན་པའི་ཕྱིར། །དཔལ་ཆེན་ཁྲག་འཐུང་འབར་བས་བསྒྲལ། །ལྷ་དང་དཀྱིལ་འཁོར་སློབ་མ་རྣམས། །སྟ་གོན་ལ་ནི་གནས་པའི་ཕྱིར། །མ་འདྲེས་པ་ཡི་མཆོད་ཕྱེ་ལ། །ཞི་ཁྲོའི་དཀྱིལ་འཁོར་མཆོད་བྱས་ནས། །མཉེས་ནས་མཁའ་འགྲོ་དབང་པོར་གཞག །དེ་ནས་སྨན་གྱི་རྫས་མཆོག་གིས། །དམ་ཚིག་བསྣན་ཞིང་བསྐྱར་བར་བྱ། །དེ་ནས་སྔགས་པས་ཐོད་པའི་ནང་། །དམ་ཆུ་བྱིན་གྱིས་བརླབ་པར་བྱ། །ར་བ་དྲ་བ་གུར་བཅས་པས། །དེ་ལུས་བར་ཆད་བསྐྲད་པར་བྱེད། །ཡོལ་ནང་རྡོ་རྗེའི་ཟམ་པ་ལ། །སློབ་མ་དག་ཀྱང་དྲང་བར་བྱ། །མཐའ་ཡས་སེམས་ནི་རབ་རྨོངས་པས། །ཐེག་པ་ཆེན་པོར་དེས་སེམས་བསྐྱེད། །རྡོ་རྗེ་སློབ་དཔོན་བླ་མ་ལ། །བྱིན་གྱིས་རློབ་པར་ཞུས་ནས་ནི། །བླ་མས་བུ་རྣམས་ལུས་ངག་ཡིད། །སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ། །ཡི་དམ་ལྷ་མཆོག་མི་སྤང་ཕྱིར། །ལུས་ངག་དང་བས་ཕྱག་འཚལ་ནས། །ཚེ་རབས་ཐོག་མ་མེད་པ་ནས། །བསགས་པའི་ཉེས་པ་བཤགས་པར་བྱ། །མ་རིག་མུན་པ་མདོངས་པ་ཡི། །སྤྱན་ཡང་དབྱེ་བར་ཞུ་བ་ཞུས། །སློབ་དཔོན་གྱིས་ནི་གནང་ནས་ནི། །དེ་ནས་སྤྱན་སྔར་དབྱེ་བར་བྱ། །མཐོང་བའི་ཡི་དམ་པྲ་བརྟག་པ། །ལྷ་ལ་མེ་ཏོག་རབ་གཏོར་འབུལ། །བླ་མས་མེ་ཏོག་ལྷར་བཅས་པ། །སློབ་མ་དག་ལ་བསྡིམ་པར་བྱ། །ལྷ་ལ་བདུད་རྩི་ལ་སོགས་པ། །མཆོད་པས་ཀྱང་ནི་རབ་ཏུ་མཆོད། །རྩ་བ་ཡན་ལག་བཅས་


DNG020_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡི། །དམ་ཚིག་སྡོམ་པ་དབོག་པར་བྱ། །འདྲེས་པའི་ཆོས་དང་མ་འདྲེས་པ། །དམ་ཚིག་གཉིས་སུ་མེད་པར་བསྲེ། །བསྐལ་པར་སྲོག་ལ་བབ་གྱུར་ཀྱང་། །མི་གཏོང་བསྲུང་བར་དམ་ཡང་བདར། །རང་གི་ཡི་དམ་གང་ཡིན་ལྷ། །བླ་མ་ལ་ཡང་འབོག་པར་ཞུས། །གནང་བྱས་སྐུ་མདོག་ཕྱག་མཚན་བཅས། །ཕྱག་རྒྱ་ཆེན་པོར་འབོག་པར་བྱ། །སློབ་མ་ལས་དང་སྐལ་ལྡན་རྣམས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྦྱིན། །དེ་ལ་ཕྲེང་བ་རབ་གཏད་ནས། །འཛབ་ཀྱི་སྙིང་པོ་འདྲེན་དུ་གཞུག །སྔགས་ཀྱི་རྡོ་རྗེའི་གྲལ་ཆེན་ལས། །རིམ་པ་ཡང་དག་གནས་པར་བྱ། །སློབ་མ་དམ་པར་གྱུར་པ་རྣམས། །བླ་མ་རིན་ཆེན་ལྟ་བུ་ལ། །ཛ་གད་གཏང་རག་རབ་ཏུ་གཏང་། །དཀྱིལ་འཁོར་འདོམ་གང་གྲུ་བཞི་པ། །འཕང་དུ་ཆག་གང་ཡོད་པར་བྱ། །དང་པོ་དག་པར་བྱ་བའི་ཕྱིར། །བདུད་རྩི་ལྔ་ཡི་ཆག་ཆག་གདབ། །ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་མ་དྷ་ལ་ཧཱུཾ། དེ་ནས་བྱིན་དང་ལྡན་པའི་ཕྱིར། །ནང་གི་དམ་རྫས་ཆག་ཆག་གདབ། །ཨོཾ་གུ་ཧྱ་ཨ་ཀྲ་མ་མ་དྷ་ལ་ཧཱུཾ། མཁས་པ་རྡོ་རྗེ་སློབ་དཔོན་གྱིས། །བ་སུ་ཏ་ཡི་རྒྱུ་ཞགས་ལ། །གཟུངས་མའི་ལག་ཏུ་བྱིན་བརླབས་ནས། །གསང་བའི་དཀྱིལ་འཁོར་ཐིག་གདབ་པ། །ལྷག་པ་བྱང་ཆུབ་སེམས་ཀྱི་ཐིག །ཡུམ་གྱི་མཁའ་ལ་བདེ་སྟོང་འཁྱིལ། །རིག་པ་ཡེ་ཤེས་ལྔ་ཡི་ཐིག །སྲད་བུ་ཡེ་ཤེས་ལྔ་དང་ལྡན། །མཚོན་པ་གཟུགས་བརྙན་རྡུལ་ཚོན་ཐིག །ཆ་ཆེན་ཆ་ཕྲན་རྣམ་པར་དབྱེ། །ཨོཾ་མ་ཧཱ་དྷཱ་ཏུ་ཛྙཱ་ན་གུ་ཧྱ་ཨ་ཀྲ་མ་མ་དྷ་ལ་ཧཱུཾ། མཐའ་གཉིས་མ་སྤྲོས་ཀུན་ནས་ཟླུམ། །ཆོས་དབྱིངས་སྐྱེ་མེད་གྲུ་བཞིར་རྒྱས། །ཚད་མེད་སྒོ་དང་རབ་ལྡན་པའོ། །ལིང་ཚེ་དགུ་ཡི་དཀྱིལ་འཁོར་དེར། །སྣོད་ནི་བཞི་འམ་བརྒྱད་གཞག་ལ། །ཆ་ཡི་གྲངས་དང་མཉམ་སྟེ་བགོ། །ཞེས་གསུངས་སོ། །བདུད་རྩི་ཆེན་པོ་ཆོས་ཉིད་གསང་བའི་རྒྱུད་ལས། སྟ་གོན་དུ་བྱ་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས། སྨན་ར་སཱ་ཡ་ནའི་སྒྲུབ་


DNG020_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་འདི་གསུངས་སོ། །ཤུ་ཏི་ཡ་བཀྵ་ར་དང་། །རུ་ཏ་ཤིང་མངར་པི་པི་ལིང་། །ཀྱི་ལྕེ་བ་དང་ཆ་བསྙམས་ཏེ། །ཕྱེ་མ་གའུ་ཁ་སྦྱར་ནང་། །བཅུག་ནས་གཟུངས་ཐག་བཏག་བྱས་ནས། །སྔགས་འདི་བརྒྱ་རྩ་བརྒྱད་བཟླས་སོ། །ཨོཾ་ཀ་ལི་ཀ་ལི་མ་ཧཱ་ཀ་ལི། མན་པ་ཤོ་ནི་དྷ་བྷོ་ཛ་ནི། ཧ་ན་ཤུ་ལ་ཏྲི་ཤུ་ལེ་ན། བདག་གི་ནད་ཞི་ནས་ཚེ་རིང་བར་གྱུར་ཅིག་སྭཱ་ཧཱ། ཕྱེ་མ་ཆུ་དྲོན་སྦྱར་འཐུངས་ན། །རླུང་ལས་གྱུར་པའི་ཟུག་གཟེར་དང་། །སྐྲན་དང་ཁྲག་འཁྲུ་ན་བ་དང་། །དབུགས་མི་བདེ་དང་སྙིང་ན་དང་། །མྱོས་དང་དྲོད་ཆུང་ལྟོ་སྦོས་པ། །ཁ་ཟས་མི་འཇུ་ཁོང་མི་བདེ། །སྲིན་བུའི་ནད་དང་ཆམ་པ་དང་། །ཤུ་བ་ཐོར་བུ་གཡེན་པ་དང་། །དྲེགས་ནད་མི་སེར་ཁྲག་རྒྱས་དང་། །ལྐོག་མ་སྐྲངས་དང་ཆུ་སོའི་ནད། །མཆིན་པ་དང་ནི་མཆེར་པ་དང་། །ཀླད་པ་གཞོགས་ཕྱེད་ན་བ་དང་། །མིག་གི་ནད་དོ་ཅོག་རྣམས་སེལ། །སྐབས་སུ་བསྟན་པས་དེ་ལྟར་འགྲུབ། །རྟག་ཏུ་གཏང་བར་གྱུར་པ་ན། །སྤྱི་ཐེར་སྐྲ་ཡང་སྐྱེ་བར་བྱེད། །སྐྲ་ནག་གྱུར་ཅིང་བཞིན་ཡང་མཛེས། །སྐྲ་དཀར་གཉེར་མ་མེད་པ་སྟེ། །རྒས་སྲ་ཚེ་ཡང་རིང་བར་འགྱུར། །བཅུད་ལེན་ར་སཱ་ཡ་ནར་འགྱུར། །བཅོམ་ལྡན་བདུད་རྩིའི་རྒྱལ་པོ་ཡིས། །ཕྱི་མ་སྨན་གྱི་རྒྱལ་པོ་འདི། །བྲམ་ཟེ་གཞོན་ནུའི་སྤྲིན་ལ་གསུངས། །དེ་ནས་སྲིན་བུའི་སྣང་བ་དེ། །བ་སྤྲུ་བ་ཡི་རྩ་བ་དང་། །ཨ་རུ་ར་དང་སླེ་ཏྲེས་དང་། །སྐྱེར་པའི་རྩ་བ་ཆ་བསྙམས་བསྐོལ། །བཞི་ཆ་ལུས་པའི་ནད་དུ་ནི། །གུ་གུལ་མཉེས་ཏེ་བསགས་པ་ཡི། །ཁུ་བ་སྔགས་ཀྱིས་བཏབ་འཐུང་ན། །འོར་དང་སྐྱ་སྦབ་དམུ་རྫིངས་ནད། །བད་ཀན་ལས་གྱུར་པ་ཡི་ནད། །སྐྲངས་པའི་ནད་རྣམས་སེལ་བ་སྟེ། །ནམ་ཚོད་ཡན་ལག་ནད་ལ་ཕན། །ཨོཾ་ཧཱུཾ་ཕྲི་ཧཱུཾ་ཤུ་ཀྵེ་ཕུ་སྭཱ་ཧཱ། སྔགས་དེ་བཏབ་ནས་ཆུ་སྦྱར་བླུད། །སྡུད་ཅིང་མ་ཞུའི་ནད་ཞི་བྱེད། །བཅོམ་ལྡན་འདས་ཀྱིས་ཁུ་བའི་སྨན། །བསྒྲུབས་པའི་མན་ངག་ཆོ་ག་འདི། །དྲང་སྲོང་རིན་པོ་ཆེ་ལ་བཤད། །ཁ་རུ་ཚ་དང་གོ་སྙོད་


DNG020_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ན་ལེ་ཤམ་དང་ཤ་ཁ་ར། །སྦྲང་རྩི་སྦྱར་བའི་ལྡེ་གུ་སྦྱིན། །སྐྱུགས་པའི་ནད་རྣམས་ཞི་བར་བྱེད། །ཤིང་ཚ་སུག་སྨེལ་སྐྱུ་རུ་དང་། །བཅའ་སྒ་ཙནྡན་མ་ནུ་དང་། །ཇི་ཙན་ཏི་དང་གླ་སྒང་དང་། །བ་ལ་དང་ནི་ཧ་སྡི་རྣམས། །ཆ་བསྙམ་ཀ་ར་བརྒྱད་འགྱུར་གྱི། །ལྡེ་གུ་བྱིན་ན་སྐྱིགས་བུའི་ནད། །དབུགས་མི་བདེ་བ་ཞི་བར་བྱེད། །སྔགས་འདི་བཏབས་ནས་སྨན་ལ་བསྒྲུབ། །གྲོ་བ་ལ་བྲིས་མགུལ་དུ་བཏགས། །སྐྱུགས་པའི་ནད་རྣམས་ཞི་བར་བྱེད། །ཨོཾ་ཧེ་རུ་ཀ་ཛ་ལི་ཏི་ཏ་ཛི་ཧེ་ཧཱུཾ་ཕཊ་སྭཱ་ཧཱ། བཅོམ་ལྡན་འདས་ཀྱིས་དྲང་སྲོང་ནི། །གོའུ་ཏ་མ་ལ་བཤད་པ་ཡིན། །ལྡེ་གུ་བསྒྲུབ་པའི་ཆོ་གའོ། །བྱི་ཏང་ཀ་ཡི་ས་བོན་དང་། །སྐྱུ་རུ་ར་དང་ཨ་རུ་ར། །འབྲས་བུ་གསུམ་ལ་སྲང་རེ་སྟེ། །དུར་བྱིད་སྲང་གསུམ་ཕྱེ་མ་ནི། །བུར་སྲང་བཅུ་གཉིས་བསྐོལ་ནང་དུ། །རིལ་བུ་གྲངས་ནི་སུམ་ཅུ་བྱ། །སུམ་ཅུ་ཟླ་བ་རེ་རེ་བཟའ། །མཛེ་ནད་ཤ་བཀྲ་དབུགས་མི་བདེ། །ལུད་པ་དམུ་རྫིངས་གཞང་འབྲུམ་དང་། །གཅིན་ནད་མཆེར་ནད་འཐོར་བུའི་ནད། །སྐྲན་ནད་རྣམས་ལ་བཤལ་གྱིས་འཇོམས། །ཨ་རུ་ར་དང་བུ་རམ་དང་། །ཆ་བསྙམ་སྦྲང་རྩི་སྦྱར་བ་ཡིས། །འཁྲུ་བར་བྱེད་དེ་བཅུད་ལེན་བསྔགས། །ཨོཾ་མོ་ཙ་ནི་བི་མཀྵ་ནི་སིདྡྷི་ཀ་ར་ཀ་ར། ཕུ་རུ་ཕུ་རུ་ཕུ་རུ་སྭཱ་ཧཱ། བཅོམ་ལྡན་འདས་ཀྱིས་བཀྲུ་བའི་སྨན། །དྲང་སྲོང་གཞོན་ནུ་སྲེད་ལ་བཤད། །རི་ལུ་སྨན་གྱི་སྒྲུབ་པའོ། །ཚྭ་བ་གསུམ་དང་སེར་པོ་གཉིས། །ནས་ཚིག་སྦྲུས་པའི་ཐལ་བ་དང་། །བ་རུ་ར་ཡི་ཤིང་རྩ་དང་། །བྱི་ཤ་ལ་དང་ཙི་ཏྲ་ཀ །ཀ་ར་བཱི་ར་རྒྱམ་ཚྭ་དང་། །ཁྱིམ་གྱི་དུད་པ་ཡུངས་ཀར་དང་། །ཨརྐའི་ལོ་མ་བཅའ་སྒ་དང་། །ཕ་ལ་ཏ་ཀ་མུ་ཟི་དང་། །ལྡོང་རོས་དང་ནི་ཤྲཱི་ཁཎྜ། །བ་ལ་སོ་མ་ར་ཛ་རྣམས། །ཆ་བསྙམ་ཕྱེ་མ་ཞིབ་པར་བཏགས། །བ་ཡི་གཅིན་དང་སྦྱར་བསྐུས་ནས། །སྲོག་ཆགས་ལུ་གུ་རག་རིའི་དུག །སྲིན་བུའི་དུག་དང་མ་རུངས་རྨ། །ཟ་ཁུའི་ནད་དང་མེ་དབལ་དང་། །མཚན་པར་རྡོལ་དང་འབྲས་ཀྱི་ནད། །མཛེ་ནད་


DNG020_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

བཅོ་བརྒྱད་དག་ལ་ཡང་། །བསྐུས་པ་ཙམ་གྱིས་ནུས་པ་ནི། །ཤིང་ལ་ཐོག་གིས་བརྒྱབ་པ་འདྲ། །ཨོཾ་ཨ་མྲྀ་ཏ་རོ་ག་པྲ་ཤཱ་མ་ན་ཡེ་སྭཱ་ཧཱ། བཅོམ་ལྡན་འདས་ཀྱིས་དྲང་སྲོང་མཆོག །འགྲོ་སྐྱབས་ལ་ནི་བྱུག་པ་བཤད། །བ་གླང་རྭ་དང་ཤིང་ཀུན་དང་། །སྦྲུལ་གྱི་པགས་པ་པོ་སོ་ཆ། །རས་བལ་ས་བོན་མི་ཡི་སྐྲ། །ནས་ཀྱི་ཕུབ་མ་བྲྀ་ཧ་ཏི། །སེར་པོ་རྣམ་གཉིས་ན་ལེ་ཤམ། །རྨ་བྱའི་སྒྲོ་དང་ཤུན་པ་དང་། །ལྷ་ལ་ཕུལ་བའི་མེ་ཏོག་དང་། །ང་ལ་སེར་མོ་ལྷན་ཅིག་སྦྱར། །ཡན་ལག་དྲུག་ཅུ་དུད་པ་འདི། །གང་ལ་བདུག་པར་གྱུར་པ་ལ། །རིམས་ནད་ཐམས་ཅད་མེད་པ་དང་། །ཡི་དྭགས་གྲུལ་བུམ་ལུས་སྲུལ་པོ། །ཤ་ཟ་གནོད་སྦྱིན་སྲིན་པོ་རྣམས། །གདོན་གྱིས་ཟིན་པ་གྲོལ་བར་བྱེད། །ཨོཾ་ན་མཿཙཎྡྷ་ཀྲོ་དྷ་ཡ་ཀུན་དྷ་ཀུན་དྷ། མུ་ཀུན་དྷ་ཀུན་དྷ། ཙནྡྷ་བུ་ཏ་ས་མ་ཡེ་སྭཱ་ཧཱ། བཅོམ་ལྡན་འདས་ཀྱིས་དྲང་སྲོང་ནི། །རྩིབས་ཀྱི་མུ་ཁྱུད་འཛིན་པ་ལ། །དུད་པས་སྲུང་བའི་ཆོ་གའོ། །དངུལ་རྡོ་ལྕགས་རྡོ་བྲག་ཞུན་རྣམས། །མར་དང་སྦྱར་ནས་བྱིན་གྱུར་ན། །བུད་མེད་པདྨ་རཀྟ་ནི། །དུས་མིན་འབྱུང་བ་སེལ་བར་བྱེད། །ཨོཾ་ན་མོ་ལོ་ཧི་ཧ་ར་སིང་ག་ལ་ཡ། མ་ཏཾ་ག་ར་ཛཿ། ཡ་རི་ཡ་རི་ནཾ། རུ་ཏི་བི། པྲཾ་བཾ། པྲ་བ་ག་ཀྴ་མི། ཏུ་རུ་ཏུ་རུ། ལ་གྷུ་ལ་གྷུ། ཏི་ལི་ཏི་ལི། ཙི་ལི་ཙི་ལི། མི་ལི་མི་ལི་སྭཱ་ཧཱ། སྔགས་འདི་སྐུད་པ་དམར་པོ་ལ། །བཟླས་ཏེ་མདུད་པ་གསུམ་བོར་ལ། །རྐང་པ་གཡས་པའི་མཐེ་བོང་བཅིང་། །ཟླ་མཚན་དུས་མིན་འབྱུང་ལ་ཕན། །ཤིང་གི་ལྷ་མོ་འོད་འཆང་མས། །སེམས་ཅན་རྣམ་པའི་དོན་དུ་གསུངས། །བཅོམ་ལྡན་འདས་ལ་རིག་པ་ཕུལ། །རྒྱ་སྐྱེགས་ཤིང་གི་ས་བོན་དང་། །ཤལ་མ་ལི་ཡི་མེ་ཏོག་གཉིས། །ལྷན་ཅིག་འཐུང་ན་བུ་འགགས་སེལ། །རི་བོང་ཁྲག་དང་རྟ་ཁྲག་བླུད། །བུ་ཡང་བདེ་བར་འབྱུང་བར་འགྱུར། །ཨོཾ་ན་མོ་རུ་ཏྲ་ཤ་བ་ན་ནམ་ཏྲི་ན་ཏོ་པ་ཏི་རྔམ་པ་རྔམ་པ་པ་ནི་མུ་ཙ། ཨིན་ཏྲི་ཡ་ག་ཏྲ་ནི། བི་ཤ་བ་ལྷ་བྷ་


DNG020_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

བ་རུ། གར་པོ་ནི་འདི་ཞེས་བྱ་བ་ལ་སྭཱ་ཧཱ། སྔགས་འདི་སྐུད་པ་དཀར་པོ་ལ། །ཉི་ཤུ་རྩ་གཅིག་བཟླས་བྱས་ནས། །མདུད་པ་ཉི་ཤུ་རྩ་གཅིག་བོར། །བུད་མེད་བུ་འགགས་མགུལ་དུ་གདགས། །བུ་ཡང་བདེ་བར་འབྱུང་བར་འགྱུར། །སྨན་གྱི་ལྷ་མོ་ནོར་རྒྱུན་མས། །རང་གི་རིག་པ་བཅོམ་ལྡན་ལ། །སེམས་ཅན་དོན་དུ་ཕུལ་བ་ནི། །སྦྲུལ་གྱི་པགས་པ་རྒྱ་རུ་དང་། །ཁྱི་ཡི་མཚན་མ་ཁོང་དུ་གཏང་། །སྐྱེས་པའི་ལིངྒའི་ཚོད་མ་གཏང་། །སྔགས་འདི་གྲོ་ག་དག་ལ་བྲི། །གང་གི་སྤྱི་བོར་བཏགས་པ་ཡིས། །བུ་ཡང་མྱུར་དུ་འབྱུང་བར་འགྱུར། །བུ་རོག་ཀྱང་ནི་དེ་བཞིན་འབྱུང་། །ཨོཾ་ཀ་ས་བི་ཀ་ས་མ་ཧཱ་ཀ་ས་སྭཱ་ཧཱ། རྩི་ཡི་ལྷ་མོ་གྲུབ་པ་ཡི། །བློ་གྲོས་མས་ནི་བཅོམ་ལྡན་ལ། །རང་གི་རིག་པ་འགྲོ་དོན་ཕུལ། །བུད་མེད་ཟླ་མཚན་དང་ལྡན་ཞིང་། །ཁྲུས་བྱེད་པ་ཡི་དུས་སུ་ནི། །གླང་གཅིན་སྲང་ནི་སུམ་ཅུ་གཉིས། །ཏིལ་མར་སྲང་བརྒྱད་བསྐོལ་བྱས་པའི། །མར་ལུས་པ་དེ་བྱིན་པ་ན། །མོ་གཤམ་བུ་ཡང་བཙའ་བར་འགྱུར། །མ་ཧེའི་མར་གསར་སྲང་གསུམ་དང་། །ར་ཆུ་སྦྱར་ནས་བུད་མེད་བླུད། །བུ་མེད་པ་ཡང་སྐྱེ་བར་འགྱུར། །ཨ་ཤྭ་གནྡྷ་བསྐོལ་བ་ཡི། །ཁུ་བ་དར་བ་མར་ཡང་བསྐོལ། །མ་ལུས་པ་དེ་བུད་མེད་ནི། །ཟླ་མཚན་ལྡན་པའི་དུས་འཐུང་ནས། །དེ་ཡི་འོག་ཏུ་སྦྱོར་བ་བྱ། །དེས་ཀྱང་བུ་ཡང་འཛིན་པར་འགྱུར། །རྒྱ་སྐྱེགས་ལོ་མ་བསྡུས་པ་དང་། །རྟ་ཁྲག་སྦྱར་ཏེ་བླུད་པ་ན། །ལན་སྟོང་བར་དུ་མངལ་འཛིན་འགྱུར། །ཨོཾ་ཤཾ་ཁཾ་ནི་ཤུདྡྷེ་ཕུ་སྭཱ་ཧཱ། ནགས་ཀྱི་ལྷ་མོ་རྨ་བྱའི་མགྲིན། །རང་གི་རིག་པ་དམ་པ་འདི། །བཅོམ་ལྡན་འདས་ལ་ཕུལ་བའོ། །ཞེས་གསུངས་སོ། །བདུད་རྩི་ཆེན་པོ་ཆོས་ཉིད་གསང་བའི་རྒྱུད་ལས། སེམས་ཅན་ཉོན་མོངས་པའི་སྣང་བ་ལ། སྨན་ར་སཱ་ཡ་ན་བརྒྱུད་པའི་བསྒྲུབ་པ་སྟེ་ལེའུ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་རང་བྱུང་བདུད་རྩི་ཆེན་པོ་སྒྲུབ་པ་ལས། རྣལ་འབྱོར་དབང་ཕྱུག་ཆེན་པོ་རྣམས་ལ། རྣལ་འབྱོར་


DNG020_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉམས་ཀྱི་སྣང་བ་སྟོན་པ་ཞེས་བྱ་བ་འདི་དག་ཆེད་དུ་བརྗོད་དེ་གསུངས་སོ། །དཀྱིལ་འཁོར་ལེའུ་ཚེ་དགུ་པ་ལ། །རྩིབས་ནི་བཅུ་དྲུག་བཀོད་བྱས་ནས། །བར་ཁྱམས་སྒོ་བཞི་བཅས་པ་ལ། །རྟ་བབས་རྡོ་རྗེ་མེ་རི་བཅས། །རྩ་བ་འབྲས་བུ་སྡོང་པོ་དང་། །ཡུ་བ་ཤུན་ལྤགས་ལོ་མ་དང་། །མེ་ཏོག་སྙིང་པོར་བཅས་པ་ནི། །ཕྱི་ཡི་རྩ་བ་བརྒྱད་དུ་སྐྱེས། །ལུས་པོ་པགས་པ་ཡན་ལག་དང་། །རྩ་བ་མེ་ཏོག་འབྲས་བུ་དང་། །སྙིང་པོ་ལོ་མ་རྣམ་པ་བརྒྱད། །མཆོག་ཆེན་མི་ལུས་གཅིག་ལ་ཚང་། །འབྲས་བུ་རྣམ་ལྔ་བསྒྲལ་བ་ཡི། །དབང་པོ་རྣམ་ལྔའི་བཅུད་ལྔ་དང་། །སེམས་བཅུད་གོ་རོ་ཙ་ན་ལྔ། །མཱཾ་སའི་བཅུད་ནི་ཚིལ་བུ་ལྔ། །ཆུ་བཅུད་དྲི་ཆུ་རྣམ་པ་ལྔ། །རུས་པའི་བཅུད་ཀྱང་རྐང་མར་ལྔ། །ལུས་པོ་སྙིང་དང་ཁྲག་གི་ཁྲག །གསང་བའི་རྩ་བ་རྣམ་པ་བརྒྱད། །ཡབ་ཀྱི་རྒྱུ་བཞི་གནས་པ་དག །ཡུམ་གྱི་གནས་བཞི་གསང་བའོ། །ཀུན་གཞི་བྱང་ཆུབ་སེམས་ལས་ནི། །མ་གཡོས་བཞིན་དུ་འབྲས་བུ་ནི། །རྣམ་པར་ཤེས་པའི་ཚོགས་བརྒྱད་གསལ། །དེ་ནི་དོན་དམ་རྩ་བ་ཡིན། །དཀྱིལ་འཁོར་དབུས་སུ་གཞག་པའི་རྫས། །ཡེ་ཤེས་ལྔ་ལྡན་ཀ་པཱ་ལར། །ཡབ་ཡུམ་དྲང་སྲོང་རྒྱུ་བསྒྲལ་ཞིང་། །རང་ཤི་ཕག་ཉ་ཕུག་རོན་བརྒྱད། །ཨ་པར་ཛི་ཏ་དུ་རུ་ཀ །དཀར་ནག་དབུས་སུ་གཞག་པའི་རྫས། །དེ་ཡི་ཤར་དུ་གཞག་པ་ཡང་། །སྐུ་གསུང་ཐུགས་ལྡན་ཀ་པཱ་ལར། །ཀླད་གཞུང་བེ་ར་ཤ་རྟ་རིལ། །མཆིན་སྣོད་བྷ་ག་རྒྱུད་ཀྱི་ལམ། །ག་པུར་ཅུ་གང་ཐལ་ཀར་གདུང་། །དཀྱིལ་འཁོར་དེ་ཡི་ལྷོ་ཕྱོགས་སུ། །ཡིད་བཞིན་གཏེར་ལྡན་ཀ་པཱ་ལར། །ལྕེ་སྙིང་མཁལ་མ་གཞང་དང་བཞི། །ཀ་བཞི་ཕྱི་ནང་གསང་བ་བརྒྱད། །ཙ་ཏྲི་ཀ་ཀོ་གླ་གོར་སྙིང་། །རྩ་བ་སྐྱོབས་དང་བཅས་པར་གནས། །ནུབ་ཏུ་དམ་རྫས་དགོད་པ་ནི། །ཁམས་གསུམ་ཡོངས་སྒྲོལ་ཀ་པཱ་ལར། །རྒྱུ་ལྔ་ཡབ་ཡུམ་བྱ་བར་རིགས། །ཙནྡན་ལི་ཤི་རྒུན་འབྲུ་ལྔར། །བྱང་གི་ཕྱོགས་སུ་དགོད་པ་ནི། །ཆོ་འཕྲུལ་རྟགས་འབྱིན་ཀ་པཱ་ལར། །རྒྱུད་ལྔའི་མཁྲིས་


DNG020_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡབ་ཡུམ་ཆུ། །འོ་ག་བྲག་ཅོང་གུར་གུམ་ལྕེ། །རྒྱུ་ནི་རང་ལས་བྱུང་བ་ལྔ། །རྣམ་གྲངས་ཆ་ཡང་མཐུན་པ་ལྔ། །རིགས་ནི་རྣམ་པར་ངེས་པ་ལྔ། །འབྲས་བུ་གཞན་དུ་མི་འགྱུར་ལྔ། །གཞི་ལས་རྩ་བ་ལྔ་གྱུར་པས། །བྷནྡྷ་ལྔ་ཡི་ནང་དུ་སྩལ། །འབྲས་བུ་ཆེན་པོ་ལྔ་བསྒྲལ་བ། །ཨ་ཀ་རུ་ནི་དབུས་སུ་སྟེ། །པ་ན་སེ་ནི་ཤར་ཉིད་ལ། །ལྷོ་རུ་ཨ་འབྲས་ཞེས་བྱ་སྟེ། །ནུབ་ཏུ་རྒུན་འབྲུ་གཞག་པར་བྱ། །བྱང་དུ་ན་ལེ་དགེ་རྒྱས་སོ། །དེ་ལ་སོགས་པ་ཚོགས་ཚད་དེ། །ཡན་ལག་སྟོང་དུ་བསག་པར་བྱ། །དབུས་སུ་མི་འགྱུར་གཡུང་དྲུང་ལྷ། །ཤར་ལྷོ་མི་ཤིགས་མཛོད་ལྡན་ཏེ། །ལྷོ་ནུབ་སྲིད་པ་ཡོངས་སྒྲོལ་ལ། །ནུབ་བྱང་དུག་གསུམ་གཏན་སྤྲུག་སྟེ། །བྱང་ཤར་མཚན་མ་སྤྲོས་བྲལ་མ། །དེ་ལྔའི་ནང་དུ་བླུགས་པའི་སྨན། །རྒྱུ་ལྔ་བྱ་ཀ་བམ་དང་བཅས། །ཅུ་གང་འདམ་བུ་གི་ཧང་དབུས། །ལུག་མིག་ལེའུ་མིག་གདུང་བཞི་ཤར། །རྣ་ལྕེ་ཤ་སྣ་ལྷོ་རུ་བསོག །ས་རྩི་ཤིང་དང་མེ་ཏོག་ནུབ། །དེ་བཞིན་སྲོག་དང་གནམ་ཆུ་སོགས། །བྱང་དུ་ཆུ་རྣམས་ཐམས་ཅད་དོ། །ཤར་ལྷོ་མཚམས་ཀྱི་གྲུ་ཆད་ལ། །ཡོན་ཏན་ཚོགས་རྫོགས་ཀ་པཱ་ལར། །ཛ་གད་གར་ཆང་སྣ་ཚོགས་ཉིད། །ལྷོ་ནུབ་མཚམས་ཀྱི་གྲུ་ཆད་ལ། །འོ་མ་སྣ་ཚོགས་སྦྱར་བ་ཡང་། །བཀྲ་ཤིས་མཚན་ལྡན་ཀ་པཱ་ལར། །ནུབ་བྱང་མཚམས་ཀྱི་གྲུ་ཆད་ལ། །མི་འགྱུར་སྲ་མཁྲེགས་ཀ་པཱ་ལར། །རིན་ཆེན་སྣ་ཚོགས་བདར་བ་དང་། །བྱང་ཤར་མཚམས་ཀྱི་གྲུ་ཆད་ལ། །ཨཱ་ཡུ་དཔལ་ལྡན་ཀ་པཱ་ལར། །སྣ་ཚོགས་ཆུ་རྣམས་གཞག་པར་བྱ། །སྒོ་བཞིར་ཡུམ་ཆེན་དུང་ཆེན་ནི། །ཤར་དུ་དུང་ཅན་རྡོ་རྗེའི་རིགས། །ལྷོ་རུ་བན་གླང་རིན་པོ་ཆེ། །ནུབ་ཏུ་པད་ཅན་པདྨའི་རིགས། །ལས་རིགས་བྱང་དུ་རི་མོ་ཅན། །བྲག་ཞུན་བདུན་དང་ལུག་མིག་གསུམ། །ཨ་རུ་ར་ནི་རིགས་ཀྱང་བདུན། །དབང་པོ་ལག་པ་རྣམ་པ་གསུམ། །ཤིང་ཐོག་ཐམས་ཅད་ཚང་བར་བྱ། །སྨན་གྱི་རིག་འཛིན་ཚངས་པ་སོགས། །དྲང་སྲོང་རྣམས་ནི་སྤྱན་དྲངས་ལ། །གཙང་མ་ཟ་བའི་སེམས་


DNG020_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་རྣམས། །རྟོག་བཟློག་ཡང་དག་ལྟ་ལ་གཟུད། །རིགས་རྣམས་སོ་སོར་བཀོད་བྱས་ནས། །ལྷ་མོ་བཞི་ཡིས་བྱིན་གྱིས་བརླབ། །རིགས་ལྔའི་སྔགས་ཀྱིས་བརྟན་པར་བྱས། །ཕྱོགས་བཞི་དབུས་དང་ལྔར་གཞག་གོ། །སྨན་རྣམས་མ་ལུས་ཐམས་ཅད་ཀྱང་། །རང་བཞིན་གཉིས་སུ་མེད་པས་ན། །རིགས་རྣམས་ཐ་དད་མ་ཡིན་པས། །དབྱེ་བ་མེད་པར་དགོད་པར་བྱ། །དཀྱིལ་འཁོར་རྒྱན་རྣམས་དགོད་པ་ནི། །དར་གྱི་ཡོལ་བ་རིགས་ལྔའི་རྒྱན། །ཚོན་སྐུད་རིགས་ཀྱི་ཡུམ་ལྔ་ལ། །ནང་གི་སེམས་དཔའ་མདའ་དང་ནི། །མེ་ལོང་ནང་གི་སེམས་མ་སྟེ། །རལ་གྲི་ཕྱི་ཡི་སེམས་དཔའ་ལ། །དར་སྣ་ཕྱི་ཡི་སེམས་མ་ཉིད། །ཕུར་པ་སྒོ་བ་ཡབ་ཡུམ་བརྒྱད། །བཟེད་ཕོར་ལ་སོགས་བྷནྡྷ་དང་། །མཆོད་རྫས་རྣམས་ཀྱིས་རབ་མཛེས་ཤིང་། །བརྡ་སྒོ་དབྱེ་ལ་བརྡ་ཕྱག་འཚལ། །མཆོད་པ་བྱིན་དབབ་གུ་གུལ་བདུག །དེ་ནས་རྡོ་རྗེ་སློབ་དཔོན་གྱིས། །ཛ་གད་བྷནྡྷ་འབར་བ་དེ། །དཔའ་བོ་འབྲུ་ལྔ་ལུས་ཁམས་ཀྱི། །བདུད་རྩི་ལྔ་རུ་བྱིན་གྱིས་བརླབ། །ལས་རྣམས་བསྐོས་ལ་གདབ་པ་ཡང་། །སློབ་དཔོན་སྟོན་པའི་སྒྲོན་མར་གདབ། །ཡུམ་ནི་ཀུན་ཏུ་བཟང་མོ་ལ། །རྒྱལ་པོ་རྡོ་རྗེ་རིན་ཆེན་དང་། །པདྨ་ལས་ཀྱི་རིགས་སུ་བྱ། །ཡུམ་བཞི་ཡངས་པའི་སྤྱན་ཆེན་དང་། །རིན་ཆེན་པདྨ་ལས་སུ་བྱ། །རྒྱལ་ཐེབས་བཞི་ཡང་རིགས་བཞིར་གནས། །ཡེ་ཤེས་སྤྱན་དང་དུས་ཚོད་དྲོ། །ཕྱི་དང་ནང་གི་མཚམས་མཁན་དང་། །འཛིན་གིང་སྟོབ་གིང་སྒྲོལ་གིང་དང་། །གསང་བའི་ཕྱག་ཚངས་ཕུད་ཟས་རྒྱན། །མཆེད་ལྕམ་བྱ་རོག་མངའ་གསོལ་བྱ། །རྣལ་འབྱོར་དབང་ཕྱུག་ཆེན་པོ་ལ། །དཔལ་གྱི་ཆས་བརྒྱད་མངའ་གསོལ་ནས། །འཁོར་གྱི་མཆེད་དང་ལྕམ་དྲལ་ལ། །ཁྲག་ཞག་ཐལ་བའི་རྟགས་བཏབ་པས། །དཔའ་བོ་དཔའ་མོར་འགྱུར་བ་ཡིན། །ཆས་དང་མི་ལྡན་རྟགས་མེད་ན། །མ་མོ་མཁའ་འགྲོ་དམ་ཅན་གྱིས། །བསྒྲུབ་མཆོག་ཡིན་པར་ངོ་མི་ཤེས། །དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །


DNG020_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་ཕྱེ་མ་བསྒྲུབ་པ་ཡི། །རྣལ་འབྱོར་དཀྱིལ་འཁོར་རྣམ་པ་གསུམ། །ཁྲོལ་བུའི་བསྙེན་པས་དག་པར་སྤྱད། །བཏག་བཙག་གཞལ་བ་ལུགས་བཞིན་བྱེད། །གོང་བུར་བྱས་ཏེ་དབུས་སུ་གཞག །དཀྱིལ་འཁོར་ཆེན་པོར་མངའ་གསོལ་ལོ། །དམ་པ་རིགས་བརྒྱས་སྦྱངས་བྱས་ནས། །རྣམ་སྣང་མི་བསྐྱོད་མཐའ་ཡས་དང་། །རིན་འབྱུང་ལས་དང་ཡུམ་དུ་བཅས། །སེམས་དཔའ་རྒྱལ་པོ་ཆགས་པ་ལེགས། །རིན་བརྗིད་རྒྱལ་མཚན་བཞད་པ་དང་། །ཆོས་དང་རྣོན་པོ་འཁོར་ལོ་སྨྲ། །ལས་སྲུང་གནོད་སྦྱིན་ཁུ་ཚུར་དང་། །དབྱངས་ཅན་མཱ་མ་གོས་དཀར་སྒྲོལ། །སྒེག་མོ་སྤོས་དང་ལྕགས་ཀྱུ་ཐུབ། །ཕྲེང་བ་མེ་ཏོག་ཞགས་པ་ཁྲོ། །གླུ་དང་མར་མེ་ལྕགས་སྒྲོག་རོ། །གར་དང་དྲི་ཆབ་དྲིལ་བུ་ཟ། །སྟོབས་དང་གཤིན་རྗེ་རྟ་མགྲིན་བདུད། །འགུགས་འཆིང་སྡོམ་དང་དགྱེས་པ་བསྐྱེད། །སྤྱན་དྲངས་མཆོད་བསྟོད་བདུད་རྩིར་བཞུ། །ལྷ་ཚོགས་མང་པོས་བྱིན་གྱིས་བརླབས། །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ར་སཱ་ཡ་ན་ཏ་ན་ཛ་ཡ་གུ་ཧྱ་སིདྡྷི་ཧཱུཾ་ཧྲཱྀཿཐ། ཡེ་ཤེས་ལྔ་དང་སྐུ་གསུང་ཐུགས། །ཐམས་ཅད་བདུད་རྩི་ཆེན་པོར་གནས། །དེ་ཉིད་རིགས་ནི་རྣམ་པ་ལྔ། །བདུད་རྩི་རྣམ་པ་ལྔ་ཡི་ནང་། །དཔའ་བོ་འབྲུ་ལྔ་བསམ་པར་བྱ། །ཙིཏྟའི་དཀྱིལ་འཁོར་སྣོད་དུ་གསལ། །ཁམས་ཀྱི་བདུད་རྩི་ལྷ་ཡི་སྐུ། །ཨོཾ་ཧཱུཾ་ཨཱཾ་སྭཱ་ཧཱ་རྣམས་སྔགས། །རླུང་གིས་སྤྲོ་ཞིང་བསྡུ་བ་དང་། །ལུས་ཁམས་བདུད་རྩི་སྲོག་རྩོལ་བསྐྱོན། །ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། དཀར་དམར་སེར་དང་མཐིང་ག་ལྗང་། །བདུད་རྩི་རྣམ་པ་ལྔ་པོ་ལས། །གསུང་གི་ཡིག་འབྲུ་སྦྱངས་ནས་ནི། །ཕྱག་མཚན་སྐུ་དང་ཡེ་ཤེས་ལྔ། །སྤྲོས་པས་སྒྲིབ་སྦྱངས་ཐུགས་དམ་བསྐུལ། །འདུད་པས་དུག་བཅོམ་བདུད་རྩིར་གསལ། །རིགས་ལྔ་སངས་རྒྱས་འཁོར་དང་བཅས། །བསྟོད་ནས་མཉེས་པར་རབ་སྦྱང་ངོ་། །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་དརྷ་ཨཀྵོ་དྷྱཿ། མུཾ་དྷཱ་ཏྭཱི་ཤྭ་རཱི་ཏིཥྛ་ས་མ་ཡ་ཧཱུཾ་ཧྲཱྀཿཐ། ཞེས་བྱང་ཆུབ་སེམས་སུ་སྦྱང་ངོ་། །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་བྷུཌྜྷ་བཻ་རོ་ཙ་ན་ཨོཾ་ལཾ་དྭེ་ཥ་ར་ཏི་ས་མ་ཡ་སྟྭཾ་ཧཱུཾ་ཧྲཱྀཿཐ། ཞེས་


DNG020_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་དྲི་ཆེན་སྦྱང་བའོ། །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་རཏྣ་སཾ་བྷ་བ་ཏྲཱཾ། མཾ་མོ་ཧ་ར་ཏི་ས་མ་ཡ་སྟྭཾ། ཧཱུཾ་ཧྲཱྀཿཐ་ཞེས་མ་ཧཱ་མཱཾ་ས་སྦྱང་ངོ་། །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཨ་མི་དྷི་ཝ་ཧྲཱྀཿ། པྱཾ་རཱ་ག་ར་ཏི་ས་མ་ཡ་སྟྭཾ། ཧཱུཾ་ཧྲཱྀཿཐ་ཞེས་པདྨ་རཀྟ་སྦྱང་ངོ་། །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཨ་མོ་གྷ་སིདྡྷི་ཨ། ཏཱཾ་བཛྲ་ར་ཏི་ས་མ་ཡ་སྟྭཾ་ཧཱུཾ་ཧྲཱྀཿཐ། ཞེས་དྲི་ཆུ་སྦྱང་བར་བྱའོ། །རྣམ་སྣང་ཆོས་ཀྱི་དབྱིངས་ཉིད་དེ། །རྡོ་རྗེ་ཡེ་ཤེས་མེ་ལོང་ལས། །རིན་ཆེན་མཉམ་པ་ཉིད་ཡིན་ཏེ། །པདྨ་སོ་སོར་ཀུན་ཏུ་རྟོགས། །ལས་རབ་བྱ་བ་གྲུབ་པ་ཉིད། །ཡེ་ཤེས་ལྔ་ཡི་འཛབ་དབྱངས་བསྟོད། །དེ་ནས་གསང་ཆེན་རིགས་གཅིག་ནི། །ཆོས་རྣམས་ཐུགས་སུ་འདུས་པས་ནས། །སྣང་སྲིད་འཁོར་འདས་བྱང་ཆུབ་སེམས། །ལྷ་རྣམས་ཐུགས་སུ་འདུས་པས་ནས། །རྡོ་རྗེ་སེམས་དཔའ་ཉིད་དུ་བརྟགས། །རིགས་རྣམས་ཐམས་ཅད་དབྱེར་མེད་པས། །རྡོ་རྗེ་སེམས་དཔའི་ཏིང་འཛིན་གྱིས། །གསང་སྔགས་དགུ་པ་འཛབ་ཏུ་བཟླས། །ཉམས་ནི་སེམས་ལ་འཆར་བ་ཡིན། །གར་ནི་ལུས་ལ་འཆར་བ་སྟེ། །སྔགས་ཀྱང་ངག་ཏུ་འཆར་བ་ལ། །མཐོང་སྣང་ཡུལ་ལ་རབ་ཏུ་འཆར། །བག་ཆགས་དག་ནི་རྨི་ལམ་རྨི། །ཨོཾ་བཛྲ་ཙིཏྟ་ས་མ་ཡ་ཧཱུཾ་ཧྲཱྀཿ། སྙིང་པོ་འབུམ་དུ་བཟླས་པར་བྱ། །ཡང་ན་བརྒྱ་རྩ་བརྒྱད་དུ་བཟླས། །དེ་ནས་སྨན་རྣམས་མ་ལུས་པ། །རྟགས་ལྡན་ཆེ་བའི་ཡོན་ཏན་ཡང་། །རྣལ་འབྱོར་ཀུན་གྱིས་ངོས་ངོས་ནས། །དབྱངས་དང་བཅས་པར་བརྗོད་པར་བྱ། །རྩ་བའི་དཀྱིལ་འཁོར་ཐམས་ཅད་ཀུན། །མ་ལུས་དབུས་སུ་རབ་བསྡུས་ནས། །གཡང་གཞི་ཆེ་ཆུང་བསྣོལ་མའི་ཁར། །རྩིབས་བརྒྱད་ཟླ་གམ་དམར་པོ་ལ། །གཏན་གཏུན་ཐབས་དང་ཤེས་རབ་ཀྱི། །རྣམ་རྟོག་མཚན་མ་ཐམས་ཅད་ཀུན། །སྨན་དང་རྫས་སུ་འབག་པར་བྱའོ། །ཉོན་མོངས་པ་ཡི་རྟོག་པ་དང་། །སྡང་དགྲ་གནོད་བགེགས་བཏག་པར་བྱ། །ངར་འཛིན་རྣམ་པར་རྟོག་པ་རྣམས། །མཚན་མ་མེད་པའི་ངང་དུ་བཏགས། །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཧ་ན་ཧ་ན་ཧཱུཾ། ད་ཧ་ད་ཧ་ཧཱུཾ། པ་ཙ་པ་ཙ་ཧཱུཾ། བནྡྷ་བནྡྷ་ཧཱུཾ། ཧུ་ལུ་ཧུ་ལུ་ཧཱུཾ། ཏིཥྛ་


DNG020_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ཏིཥྛ་ཧཱུཾ།ཙྪིནྡྷ་ཙྪིནྡྷ་ཧཱུཾ་ཧྲཱྀཿཐ། འཁར་གཞོང་རིན་ཆེན་གཞོང་པ་རུ། །ཐབས་ཀྱིས་སྙིང་རྗེ་ཆེན་པོས་བླུགས། །ཤེས་རབ་སྟོང་པའི་ཚགས་མ་ལ། །ཐབས་ཤེས་སྤྱོད་པ་ཞིབ་མོས་བཙག །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཀ་མ་ལ་ཀུནྡྷ་ལི། བྷནྡྷ་སིདྡྷི་ཧཱུཾ་ཧྲཱྀཿཐ། བསྒོམ་པའི་དོན་ལྡན་བསྲེ་བ་ཡང་། །ཆང་དང་འོ་མ་རིན་ཆེན་ཆུ། །སྦྲེངས་ནས་ཤ་རྟ་རིལ་གྱིས་དཀྲུག །ཡབ་ཀྱིས་བླུགས་ལ་ཡུམ་གྱིས་བསྲེས། །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཀྲོ་དྷཱི་ཤྭ་རཱི་སཾ་ཤོ་དྷ་ཡ་ཧཱུཾ་ཧྲཱྀཿཐ། ཞེས་ཆང་སྣ་ཚོགས་པས་སྦྱང་ངོ་། །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་བི་དཾ་སཾ་ཤོ་དྷ་ཡ་ཧཱུཾ་ཧྲཱྀཿཐ། ཞེས་འོ་མ་སྣ་ཚོགས་སྦྲེངས་ཤིང་གོན་བན་དུ་བསྲེ་བའོ། །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་རཏྣ་ཙི་ཏེ་ཧཱུཾ་ཧྲཱྀཿཐ། ཞེས་རིན་པོ་ཆེ་སྣ་ཚོགས་བདར་ལ་བླུག་གོ། །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་བི་ཤུཌྜྷ་ཀུནྡྷ་ལི་ཧཱུཾ་ཧྲཱྀཿཐ། ཞེས་ཆུ་སྣ་ཚོགས་སྦྲེང་ངོ་། །འབྲས་བུ་སྐུ་དང་ཡེ་ཤེས་སུ། །ཐམས་ཅད་རོ་གཅིག་གྱུར་པས་ན། །ཡབ་ཡུམ་པདྨ་རྡོ་རྗེའི་མཁར། །གཉིས་མེད་གཅིག་ཏུ་སྦྲེལ་བར་བྱ། །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་མུ་ས་ལ་མུ་ས་ལ་ཧཱུཾ་ཧྲཱྀཿཐ། ཞེས་གཉིས་སུ་མེད་པར་སྦྱང་བར་བྱའོ། །དེ་ནས་གོང་བུར་རབ་བྱས་ནས། །དར་རས་གཙང་མའི་ནང་དུ་དྲིལ། །ཕྱོགས་བཞི་མཚམས་ནི་བརྒྱད་དུ་ཡང་། །རྟ་མགྲིན་ཕྱག་རྒྱ་རྒྱ་གྲམ་གདབ། །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཧྲཱྀཿཐ། དེ་ལྟར་རྒྱས་བཏབ་ཚད་གཞག་ཕྱིར། །ལེགས་པར་སྲང་ལ་གཞལ་བར་བྱ། །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཧོ་པ་ཡ་བི་ཤུདྡྷེ་ཧཱུཾ་ཧྲཱྀཿཐ། ཐབས་དང་ཤེས་རབ་ཕོ་མོ་ཡི། །ཐོད་པ་ཁ་སྦྱར་བར་དུ་སྩལ། །རིགས་ལྔ་རྫོགས་པའི་སངས་རྒྱས་བཞུགས། །སྤོས་ཀྱི་རྒྱལ་པོའི་དུད་པ་བདུག །ཞི་བ་ལས་ནི་ཁྲོ་བོར་གྱུར། །དུར་ཁྲོད་ཆེན་པོའི་གནས་སུ་བྱ། །ལོངས་སྤྱོད་ཤ་ཁྲག་ཚོགས་སུ་རོལ། །ཁྲོ་བོ་དུར་ཁྲོད་གནས་ལ་དགྱེས། །དུར་ཁྲོད་ཚོན་གྱིས་རབ་བྲིས་པ། །དབུས་ན་ལེའུ་ཚེ་དགུ་པ་ལ། །གདན་ལ་པདྨ་འདབ་མ་བརྒྱད། །འཁོར་ལོ་རྩིབས་བརྒྱད་རྩེ་མོ་ལ། །ནོར་བུ་རིན་ཆེན་ཟུར་བརྒྱད་བྲི། །མུ་ཁྱུད་བར་ཁྱམས་སྒོ་བཞི་པ། །རྟ་བབས་མཆོད་རྟེན་བརྒྱད་དང་ལྡན། །འདེགས་པའི་སྟོབས་ལྡན་ཀ་བ་བརྒྱད། །ཡུལ་ལ་


DNG020_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

མ་རྨོངས་རྩིབས་བརྒྱད་དང་། །གདན་ལ་སྐྱོན་མེད་པདྨ་བརྒྱད། །ཡོན་ཏན་མི་ཟད་རིན་ཆེན་བརྒྱད། །མཐའ་གཉིས་མ་སྤྲོས་མུ་ཁྱུད་ཟླུམ། །ཡེ་ཤེས་གྲུ་ཆད་བདལ་ཁྱབ་ཁྱམས། །མཆོད་རྣམས་རྟེན་གྱུར་མཆོད་རྟེན་བརྒྱད། །དུར་ཁྲོད་བརྒྱད་ཀྱིས་མཐའ་བསྐོར་བས། །གསང་བ་མཆོག་གི་དཀྱིལ་འཁོར་ཡིན། །བདུད་རྩི་བུམ་པ་ཡུམ་དང་ནི། །བླ་མས་ཕྱག་ཏུ་བཞེས་ནས་ནི། །མཚམས་བཅད་ཁྲོ་བོར་བ་གུ་ར། །སྲུང་བའི་འཁོར་ལོ་རབ་ཏུ་བསྒོམ། །དབུས་ཀྱི་གཙོ་བོ་མངའ་གསོལ་ཏེ། །དུར་ཁྲོད་གནས་ན་བཞུགས་ནས་ནི། །འགྲོ་བའི་དོན་ཡང་རབ་མཛད་པར། །དགྱེས་པར་བཞུགས་སུ་གསོལ་བྱའོ། །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ །མ་ཧཱ་ཀྲོ་དྷཱི་ཤྭ་རཱི་སྟྭཾ། ས་མ་ཡ་ཏིཥྛ་ལྷན། སྐོར་བ་ལན་གསུམ་བསྐོར་བྱས་ནས། །རྡོ་རྗེའི་བྲོ་ནི་ཤར་དུ་བརྡུང་། །རིན་ཆེན་ལྷོ་ལ་པདྨ་ནུབ། །ལས་ཀྱི་བྲོ་ནི་བྱང་ཉིད་དོ། །དེ་ནས་མཚམས་བཅད་བསྲུང་བ་དང་། །མཆོད་པ་བྱིན་གྱིས་བརླབ་པར་བྱ། །ལུས་ངག་ཡིད་ཀྱི་ཉེས་བྱས་སྦྱངས། །བརྡ་སྒོ་བརྡ་ཕྱག་བྱིན་ཆེན་དབབ། །གདོད་ནས་མ་སྐྱེས་རྣམ་དག་ཆོས་ཉིད་ནི། །ཅིར་ཡང་མི་དམིགས་སྟོང་པའི་རང་བཞིན་ཏེ། །བླང་དོར་མེད་པའི་དོན་ལས་མ་གཡོས་པར། །མཉམ་པ་ཆེན་པོའི་ངང་དུ་བསྒོམ་པར་བྱ། །ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཆོས་རྣམས་ཐམས་ཅད་གདོད་ནས་དག་པ་ལ། །སེམས་ཀྱི་རང་བཞིན་ཀུན་ལ་ཁྱབ་པར་བརྡལ། །ཐམས་ཅད་འབྱུང་བའི་ཡེ་ཤེས་ཆེན་པོ་སྟེ། །སེམས་དང་ཡེ་ཤེས་ཀུན་ལ་ཅིར་ཡང་སྣང་། །ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། བྱང་ཆུབ་སེམས་ནི་ཧཱུཾ་གི་རང་བཞིན་ཏེ། །ཧཱུཾ་ཉིད་གདོད་ནས་དག་པའི་སྐུ་རུ་གསལ། །མངོན་སུམ་གྱུར་པ་ཐམས་ཅད་འབྱུང་བའི་རྒྱུ། །གསང་ཆེན་ཡུམ་ལྔ་གསང་མཆོག་དཀྱིལ་འཁོར་གསལ། །ཨེ་ཡཾ་རཾ་ར་བཾ་ཀེཾ་བྷྲཱུཾ།ཨེ་ལས་ཡེ་ཤེས་ནམ་མཁའི་དཀྱིལ་འཁོར་ནི། །དངོས་དང་མཚན་ཉིད་ཐམས་ཅད་མི་དམིགས་པ། །ཆོས་ཀུན་ཡེ་ནས་དག་པའི་ངང་ཉིད་ནི། །མཐའ་དང་དབུས་མེད་ནམ་མཁའི་མཐའ་དང་མཉམ། །


DNG020_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

ཨེ་ཨཱ་ཀ་ཤ་མཎྜ་ལ་ཧཱུཾ། ཡཾ་ལས་ཡེ་ཤེས་འཐོར་རླུང་ཆེན་པོ་ནི། །བག་ཆགས་སྡུག་བསྔལ་ཡེ་ཤེས་རླུང་གིས་བསྐྱོད། །དེ་ལས་དབྱིངས་ཕྱུག་དབྱིངས་སུ་མཉམ་སྦྱར་ནས། །ཡཾ་ལས་རླུང་གི་དཀྱིལ་འཁོར་བསྐྱེད་པར་བྱ། །ཡཾ་ཀརྨ་རཀྴ་ཧཱུཾ། རཾ་ལས་མེ་ཡི་དཀྱིལ་འཁོར་ཆེན་པོ་ནི། །དངོས་པོར་སྣང་བའི་བག་ཆགས་སྡུག་བསྔལ་བསྲེག །རིན་ཆེན་དབྱིངས་ཕྱུག་མཁའ་དང་མཉམ་སྦྱར་ནས། །རཾ་ལས་མེ་ཡི་དཀྱིལ་འཁོར་བསྐྱེད་པར་བྱ། །རཾ་ཛྭ་ལ་མཎྜ་ལ་ཧཱུཾ། ར་ལས་ཡེ་ཤེས་ཁྲག་གི་དཀྱིལ་འཁོར་ནི། །འདོད་ཆགས་འཁོར་བའི་སྡུག་བསྔལ་གཏན་སྦྱངས་ཏེ། །པདྨ་དབྱིངས་ཕྱུག་མཁའ་དང་མཉམ་སྦྱར་ནས། །ར་ལས་རཀྟའི་དཀྱིལ་འཁོར་བསྐྱེད་པར་བྱ། །ར་རཀྟ་མཎྜ་ལ་ཧཱུཾ། བཾ་ལས་ཞིང་ཆེན་གཏམས་པའི་ས་གཞི་ནི། །ཟད་མེད་གཏེར་ཆེན་རྡོ་རྗེ་རྒྱ་གྲམ་གཏམས། །སངས་རྒྱས་དབྱིངས་ཕྱུག་མཁའ་དང་མཉམ་སྦྱར་ནས། །བཾ་ལས་ཞིང་ཆེན་ས་གཞི་བསྐྱེད་པར་བྱ། །བཾ་ཏི་ར་མཎྜ་ལ་ཧཱུཾ། ཀུན་ཏུ་བཟང་མོ་ཡུམ་གྱི་མཁའ་ཀློང་ནས། །མི་འགྱུར་མི་ཤིགས་རྡོ་རྗེ་བརྟན་པའི་སྐུ། །སྲིད་གསུམ་འདེགས་བྱེད་བྱ་ར་ནན་ཏན་ཏེ། །ཡེ་ཤེས་བཞིར་གྱུར་རང་བཞིན་ཀུན་ལ་ཁྱབ། །རཀྟའི་རྒྱ་མཚོ་ཡུམ་གྱི་མཁའ་ཀློང་ནས། །ཐམས་ཅད་སྐྱེད་བྱེད་ཡུམ་གྱི་བྱང་ཆུབ་སེམས། །དུས་གསུམ་འདུ་འབྲལ་མེད་པར་ཆགས་པའི་ཀློང་། །རང་བཞིན་རྣམ་དག་པདྨ་རཱ་གའི་ཀློང་། །ཀེཾ་རུས་རི་རབ་རྡོ་རྗེ་བྲག་སྟེངས་ན། །དྲེགས་པ་བསྒྲལ་ནས་ཞེ་སྡང་ཕུང་པོ་བཤིག །ཆགས་མེད་རཀྟའི་དཀྱིལ་འཁོར་རང་བྱུང་བ། །བཅོམ་ལྡན་དཔལ་ཆེན་ཡབ་ཡུམ་བཞུགས་པའི་གནས། །བྷྲཱུཾ་ལས་བསྐྱེད་པ་འབར་བའི་གཞལ་ཡས་ཁང་། །ཕྱོགས་བཅུ་ཀུན་ཏུ་རྒྱ་ཡོངས་མ་ཆད་པའི། །ཕྱི་དང་ནང་མེད་ཡེ་ཤེས་གསལ་བའི་ངང་། །རང་བཞིན་ལྷུན་གྱིས་གྲུབ་པའི་བཞུགས་གནས་སོ། །ཨོཾ་གུ་ཡ་ཨ་ཀྲ་མ་དྷ་ལ་ཧཱུཾ། གུ་ཡ་གསང་ཆེན་བྱང་ཆུབ་སེམས་ཀྱི་ཐིག །རང་བཞིན་རྣམ་པར་དག་པའི་དཀྱིལ་འཁོར་ལ། །གཉིས་མེད་བྱང་ཆུབ་སེམས་ཀྱི་ཐིག་བཏབ་པས། །མཎྜལ་བརྒྱད་པ་མཐའ་དབུས་མེད་པར་གསལ། །མཐའ་གཉིས་མ་སྤྲོས་


DNG020_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

ལྟེ་བ་ཟླུམ་པོ་ལ། །ལྟེ་དབུས་ཐིག་བཞི་བཏབ་པས་ལེའུ་ཚེ་དགུ། །དབུས་སུ་དབང་ཆེན་ཟླ་གམ་དམར་པོ་ལ། །འཇིགས་བྱེད་མཐིང་ནག་གྲུ་གསུམ་འབར་བས་བརྒྱན། །ཆགས་མེད་པདྨ་འདབ་བརྒྱད་བརྡལ་བ་ལ། །ཡེ་ཤེས་བརྒྱད་སྤྲོས་འཁོར་ལོ་རྩིབས་བརྒྱད་པ། །རིན་ཆེན་ཟུར་བརྒྱད་ཡོན་ཏན་སྣ་ཚོགས་འཕྲོ། །མི་འགྱུར་མི་ཤིགས་རྡོ་རྗེའི་ར་བས་བསྐོར། །འབར་འཕྲོ་ཐུགས་རྗེའི་འོད་ཟེར་མང་པོ་འཁྲུགས། །ཡེ་ཤེས་བཞི་ལྡན་གྲུ་ཆད་བཞི་ཡིས་བརྒྱན། །འབར་བ་ཆེན་པོའི་བར་ཁྱམས་རབ་ཏུ་མཛེས། །ཡེ་ཤེས་སྒོ་བཞི་རྟ་བབས་བརྒྱད་དང་ལྡན། །བྷནྡྷ་སྐམ་རློན་མང་པོའི་རྩིགས་པ་ལ། །གནམ་ལྕགས་དུར་མོ་འབར་བའི་གཟེར་གྱིས་བཏབ། །ཞིང་ཆེན་ཕོ་མོ་བསྣོལ་བའི་ཀ་གདུང་ལ། །ཞིང་ཕྲན་མང་པོ་གཏམས་པའི་གྲལ་ཕྱམ་བཏང་། །ཞིང་ཆེན་གཡང་གཞི་བླ་རེ་འཕན་གདུགས་དང་། །བྷནྡྷའི་ཕོ་ལོང་སྦྲུལ་ནག་ཆུན་པོ་དང་། །ཉི་ཟླ་གཟའ་སྐར་མང་པོའི་ཚོགས་ཀྱིས་བརྒྱན། །ཁམས་གསུམ་ཀུན་ཏུ་གསང་བའི་དཀྱིལ་འཁོར་ཁྱབ། །བྷྲཱུཾ་གུ་ཡ་མཎྜ་ལ་བྷྲཱུཾ། ནོར་བུ་མུ་ཏིག་གཅལ་དུ་ལེགས་པར་བཀྲམ། །ཨསྨ་གར་བྷའི་འོད་ཀྱིས་ཕྱོགས་བཅུར་འཁྲིགས། །ནོར་བུ་རིན་པོ་ཆེ་ཡི་བྲག་ཏུ་གཏམས། །རྡོ་རྗེ་རྩེ་གཅིག་རྩེ་གསུམ་རྩེ་ལྔ་དང་། །མ་ནི་ཤེས་རབ་འདུ་འབྲལ་མེད་པའི་ངང་། །དབྱིངས་ཀྱི་ཐུགས་རྗེས་མཐའ་དབུས་མེད་པར་ཁྱབ། །ཉི་མའི་མཎྜལ་གདན་གྱི་ཁྱད་པར་ནི། །སྣང་བ་མ་འགགས་ཡོངས་ལ་ཁྱབ་པར་བསྒོམ། །མ་སཱུརྱ་མཎྜ་ལ་ཧཱུཾ། ཨ་ནི་མ་སྐྱེས་ཐབས་ཀྱི་རང་བཞིན་ཏེ། །རིག་པ་བྱང་ཆུབ་སེམས་ཀྱི་ཐིག་ལེ་ཆེ། །ཟླ་བའི་དཀྱིལ་འཁོར་མཉམ་པར་རབ་སྣང་བ། །མཐའ་དབུས་མེད་པར་གདོད་ནས་དག་པར་བསྒོམ། །ཨ་ཙནྡྲ་མཎྜ་ལ་ཧཱུཾ། བཾ་ནི་ཆགས་མེད་པདྨ་དམར་པོའི་མདོག །འདོད་ཆགས་ཐམས་ཅད་དབང་བསྡུས་ཡུམ་གྱི་མཁའ། །པདྨའི་གེ་སར་ཆོས་ཀྱི་དབུ་འཕང་ནས། །ཇི་ལྟར་འབྱུང་བར་འགྱུར་བའི་མཎྜལ་བསྒོམ། །པཾ་པདྨ་མཎྜ་ལ་ཧཱུཾ། ཧཱུཾ་སྥར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། བཛྲ་ཤྲཱི་ཧེ་རུ་ཀ་བཛྲ་ཀཱ་ཡ། བཛྲ་ཀྲོ་དྷཱི་ཤྭ་རཱི་སྟྭཾ། བཅོམ་ལྡན་དཔལ་


DNG020_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་ཆེ་མཆོག་ཧེ་རུ་ཀ །སྐུ་མདོག་མཐིང་ག་འཇིགས་བྱེད་རྒྱན་གྱིས་བརྒྱན། །ཞལ་གཅིག་ཕྱག་གཉིས་རྡོ་རྗེ་བྷན་དྷར་དཀྲུག །ཞབས་གཉིས་བརྐྱང་བསྐུམ་ཉི་ཟླའི་གདན་ལ་བཞུགས། །ཨོཾ་ཨཱཿཧཱུཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ།སརྦ་ཏ་ཐཱ་ག་ཏ་ཝཱ་ཀ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། སརྦ་ཏ་ཐཱ་ག་ཏཱ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། སརྦ་ཏ་ཐཱ་ག་ཏ་རཏྣ་གུ་ཡ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། བྱོལ་སོང་གཙོ་བོ་བརྒྱད་ཀྱི་གདན་སྟེང་ན། །འཇིགས་བྱེད་ཆེན་པོ་ཁྲོ་བོ་ཆེན་པོ་བཅུ། །ཧཱུཾ་ཆེན་སྔོ་སྐྱ་རྡོ་རྗེ་ཉི་ཟླ་བསྣམས། །རྣམ་པར་རྒྱལ་བ་རྡོ་རྗེ་སྡི་ར་དཀར། །དབྱུག་པ་ལྗང་སྔོན་དབྱུག་ཏོ་མེ་ལྷ་འཛིན། །གཤིན་རྗེ་མཐིང་ནག་རིན་ཆེན་གྲུལ་བུམ་བསྣམས། །མི་གཡོ་སྨུག་ནག་རལ་གྲི་སྲིན་པོ་ཐོགས། །རྟ་མགྲིན་དམར་པོ་སྦྲུལ་ཞགས་ཁྱུང་ཆེན་གཤོག །མི་ཐུབ་དམར་སྐྱ་བ་དན་རླུང་ལྷ་འཛིན། །བདུད་རྩི་ལྗང་ནག་རྒྱ་གྲམ་གནོད་སྦྱིན་བསྣམས། །ཁམས་གསུམ་སེར་ལྗང་ནེའུ་ལེ་བགེགས་ཆེན་བཟུང་། །སྟོབས་ཆེན་དུད་ཀ་ཐོང་གཤོལ་གཏུན་ཤིང་བསྣམས། །བཛྲ་མ་ཧཱ་ཀྲོ་དྷ་ཧཱུཾ་ཀཱ་ར་ཧཱུཾ། བཛྲ་མ་ཧཱ་ཀྲོ་དྷ་བི་ཛ་ཡ་ཧཱུཾ། བཛྲ་མ་ཧཱ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུཾ། བཛྲ་མ་ཧཱ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུཾ། བཛྲ་ཀྲོ་དྷ་ཨཱརྱ་ཨ་ཙ་ལ་ཧཱུཾ། བཛྲ་མ་ཧཱ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུཾ། བཛྲ་མ་ཧཱ་ཀྲོ་དྷ་ཨ་པ་རཱ་ཛི་ཏ་ཧཱུཾ། བཛྲ་མ་ཧཱ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ། བཛྲ་མ་ཧཱ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུཾ། བཛྲ་མ་ཧཱ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུཾ། ཨོཾ་བྷུཌྜྷ་ཤྲཱི་ཧེ་རུ་ཀ །བཛྲ་ཤྲཱི་ཧེ་རུ་ཀ །རཏྣ་ཤྲཱི་ཧེ་རུ་ཀ །པདྨ་ཤྲཱི་ཧེ་རུ་ཀ །ཀརྨ་ཤྲཱི་ཧེ་རུ་ཀ །བི་ཤྭ་ས་ནུ་ཤྲཱི་ཧེ་རུ་ཀ །གུ་ཧྱ་ས་མ་ཡ་ཤྲཱི་ཧེ་རུ་ཀ །ཡཀྴ་ཤྲཱི་ཧེ་རུ་ཀ །རཀྴ་ཤྲཱི་ཧེ་རུ་ཀ །རང་བྱུང་ཁྲོ་རྒྱལ་བཅུ་ཡི་དབུ་སྟེངས་སུ། །ཁྲག་འཐུང་ཆེན་པོ་ཀློང་དགུ་ཧེ་རུ་ཀ །ཡེ་ཤེས་ཆེན་པོ་དགུ་རྣམས་ལྷུན་གྲུབ་པ། །བཅོམ་ལྡན་ཁྲག་འཐུང་བྷུནྡྷ་ཆེན་པོ་ནི། །དབུ་གསུམ་གཡས་སེར་གཡོན་དམར་དབུས་མ་སྨུག །ཕྱག་དྲུག་འཁོར་ལོ་དགྲ་སྟྭ་ཞགས་པ་གཡས། །བྷནྡྷ་རྔེའུ་ཆུང་ཁ་ཊྭཱཾ་གཡོན་ན་བསྣམས། །བཅོམ་ལྡན་ཁྲག་འཐུང་རྡོ་རྗེ་ཆེན་པོ་ནི། །དབུ་གསུམ་གཡས་དཀར་གཡོན་དམར་མཐིང་ནག་སྐུ། །


DNG020_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་དྲུག་རྡོ་རྗེ་ཁ་ཊྭཱཾ་སྡི་ར་གཡས། །དུང་དམར་རྒྱུ་ཞགས་ཞིང་ཆེན་ཁྱུང་གི་ཁྲ། །བཅོམ་ལྡན་ཁྲག་འཐུང་རིན་ཆེན་ཆེན་པོ་ནི། །དབུ་གསུམ་སྔོ་ནག་སེར་དང་དམར་བའི་ཞལ། །རིན་ཆེན་གཤོལ་དང་གཏུན་ཤིང་དབྱུག་ཐོ་གཡས། །བྷནྡྷ་དགྲ་སྟྭ་གཏུན་ཤིང་རྔེའུ་ཆུང་གཡོན། །བཅོམ་ལྡན་པདྨ་ཁྲག་འཐུང་ཆེན་པོ་ནི། །དབུ་གསུམ་དམར་ནག་སྔོ་དང་ལྗང་དཀར་ཞལ། །གཡས་པ་པདྨ་རྔེའུ་ཆུང་སྤུ་གྲི་བསྣམས། །བྷནྡྷ་ཁ་ཊྭཱཾ་ཐོད་ཕྲེང་གཡོན་པ་ན། །བཅོམ་ལྡན་ལས་རབ་ཁྲག་འཐུང་ཆེན་པོ་ནི། །དབུ་གསུམ་ལྗང་ནག་དམར་སེར་དཀར་བའི་ཞལ། །རྒྱ་གྲམ་རལ་གྲི་ཞགས་པ་རྔེའུ་ཆུང་གཡས། །བྷནྡྷ་རྔེའུ་ཆུང་དྲིལ་བུ་ཁ་ཊྭཱཾ་དབྱུག །བཅོམ་ལྡན་ཁྲག་འཐུང་སྣ་ཚོགས་ཆེན་པོ་ནི། །ཞལ་གསུམ་དཀར་པོ་གཡས་མཐིང་གཡོན་པ་དཀར། །ཕྱུག་དྲུག་གྲི་གུག་རྡོ་རྗེ་ཁ་ཊྭཱཾ་གཡས། །ཐོད་པ་དྲིལ་བུ་རྔེའུ་ཆུང་གཡོན་ན་བསྣམས། །བཅོམ་ལྡན་ཁྲག་འཐུང་གསང་བ་ཆེན་པོ་ནི། །ཞལ་གསུམ་གཡས་དཀར་གཡོན་དམར་དབུས་མ་སེར། །གྲི་གུག་རིན་ཆེན་བེ་ཅོན་གཡས་པ་ན། །ཐོད་པ་དྲིལ་བུ་ཅང་ཏེའུ་གཡོན་ན་བསྣམས། །བཅོམ་ལྡན་ཁྲག་འཐུང་གནོད་སྦྱིན་ཆེན་པོ་ནི། །ཞལ་གསུམ་དམར་པོ་གཡས་མཐིང་གཡོན་པ་སྔོ། །གྲི་གུག་པདྨ་དགྲ་སྟྭ་གཡས་པ་ན། །ཐོད་པ་དྲིལ་བུ་ཌཱ་མ་རུ་ནི་གཡོན། །བཅོམ་ལྡན་ཁྲག་འཐུང་སྲིན་པོ་ཆེན་པོ་ནི། །ཞལ་གསུམ་ལྗང་གུ་གཡས་དཀར་གཡོན་དམར་བ། །གྲི་གུག་རྒྱ་གྲམ་རལ་གྲི་གཡས་པ་ན། །ཐོད་པ་དྲིལ་བུ་རྔེའུ་ཆུང་གཡོན་པ་ན། །མི་གནས་ཡེ་ཤེས་ཆེན་པོའི་ཀློང་དཀྱིལ་དུ། །སྐུ་གདུང་འབར་བའི་དཀྱིལ་འཁོར་ལྷུན་གྱིས་གྲུབ། །མུཾ་ཕཊ་ཀྲོ་དྷཱི་ཤྭ་རཱི་ས་མ་ཡ་སྟཾ།ཡེ་ཤེས་ཁྲག་འཐུང་དགུ་ཡི་དབུ་སྟེང་དུ། །མཁའ་མཉམ་ཀློང་གི་དཀྱིལ་འཁོར་གནམ་ཞལ་མ། །དབུ་དགུ་ཕྱག་ཀྱང་བཅོ་བརྒྱད་ཞབས་ཀྱང་བརྒྱད། །གཡས་གཡོན་དང་པོ་རྡོ་རྗེ་དུང་དམར་དཀྲུག་ཅིང་གསོལ། །གཡས་བརྒྱད་ཀཽ་རི་ཆོས་ཉིད་བདུད་རྩིར་སྦྱོར། །གཡོན་བརྒྱད་ཕྲ་མེན་འཁོར་བ་བདུད་རྩིར་སྦྱོར། །བྷ་གའི་ཀློང་དུ་རྡོ་རྗེའི་སྨིན་མཚམས་ནུབ། །ཡེ་ཤེས་དགུ་རྣམས་དབྱིངས་ཀྱི་བྷ་གར་ཐིམ། །ཧཱུཾ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ་མ་ཧཱ་


DNG020_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

ཛྭ་ལ་རཾ། གསང་བ་ཡུམ་གྱི་དབུ་སྟེང་གནས་བཞུགས་པ། །འཆི་མེད་རྡོ་རྗེ་ཆེ་མཆོག་ཧེ་རུ་ཀ །དབུ་ནི་ཉི་ཤུ་རྩ་གཅིག་སྨུག་ནག་འབར། །མར་མེའི་རྒྱལ་པོ་རིན་ཆེན་གཙུག་ཕུད་དང་། །ཚེ་དཔག་མེད་དང་རྣམ་པར་གཟིགས་པ་དང་། །རིན་ཆེན་མང་དང་གཙུག་ཏོར་ཤཱཀྱ་ཐུབ། །གསེར་ཕྱེ་དྲི་བྲལ་སྣང་བ་དཔག་མེད་དང་། །ཉི་མའི་དཀྱིལ་འཁོར་སྤོབས་པ་བརྩེགས་པ་དང་། །སེང་གེ་འབུམ་གཟིགས་སེང་གེ་རྣམ་པར་རོལ། །ཡོན་ཏན་ཀུན་འོད་རི་ཡི་རྒྱལ་པོ་དང་། །བྱམས་པ་ཀུན་གཟིགས་ཀུན་ནས་འོད་ཟེར་དང་། །དཔལ་བརྩེགས་རྒྱལ་པོ་རྡོ་རྗེ་རྣམ་པར་གནོན། །རྣམ་དག་སྐུ་དང་སཱ་ལའི་རྒྱལ་པོ་བཞུགས། །འཁོར་ལ་མཆོད་རྟེན་རིན་ཆེན་རྒྱལ་མཚན་བཅུ། །བཞི་བཅུ་རྩ་གཉིས་ཕྱག་མཚན་བསྣམས་པ་ནི། །སངས་རྒྱས་བཞི་བཅུ་རྩ་གཉིས་བདུད་རྩིས་མཆོད། །ཞབས་བརྒྱད་རྡོ་རྗེ་ཡུམ་གྱི་བྷ་གར་འཇིབ། །གནམ་ཞལ་བདུད་རྩི་འོ་མ་བཅུད་ཀྱིས་འབེབས། །དཀྱིལ་འཁོར་བར་ཁྱམས་དྲང་སྲོང་ཉི་ཤུ་གཅིག །སྒོ་བཞི་ལྷ་མོ་སྨན་གྱི་སྲུང་མ་བཞི། །ཀླུ་བདག་རྟ་མགྲིན་མེ་རླུང་ཐོད་པ་སྟེ། །མི་ཐུབ་རོ་ལངས་ཟ་བྱེད་རྒྱས་འདེབས་མ། །སྟེང་འོག་ཧཱུཾ་དང་སྟོབས་ཆེན་ཁྲོ་བོར་བསྲུངས། །བདུད་རྩི་སྨན་གྱི་ཕོ་བྲང་སྲུང་མར་བཞུགས། །ཡེ་ཤེས་དཀྱིལ་འཁོར་སྤྱན་དྲངས་བཞུགས་སུ་གསོལ། །ཕྱག་མཚན་བདུད་རྩི་རཀྟ་གཏོར་མ་འབུལ། །ཐུགས་དམ་བསྐུལ་བསྟོད་གསང་བའི་གླུ་དབྱངས་བླངས། །རོལ་མོའི་སྒྲ་དང་བྲི་སྟབས་གར་གྱིས་བརྗིད། །འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །ཆོས་སྐུ་སྐྱེ་བ་མེད་པའི་དབྱིངས་ཉིད་ལས། །ལོངས་སྐུ་ཡེ་ཤེས་སྒྱུ་མའི་སྐུར་སྣང་བ། །བདུད་རྩི་ཡོན་ཏན་ལྷ་ཚོགས་སྤྱན་འདྲེན་པ། །དུས་གསུམ་སངས་རྒྱས་སྐུ་ཡི་རྒྱན་དུ་བཞུགས། །མ་མོ་མཁའ་འགྲོ་ཕྱག་མཚན་སྤྲུལ་པ་འགྱེད། །འབར་བའི་གར་དགུས་གདུལ་བྱ་སོ་སོར་འདུལ། །ཆེ་མཆོག་ཧེ་རུ་སྤྱན་འདྲེན་གཤེགས་སུ་གསོལ། །སྤྱན་གྱི་ལྟ་སྟངས་མཁའ་འགྲོ་དབང་དུ་སྡུད། །གནས་ཡུལ་མ་མོ་ཕྱག་མཚན་ཕོ་ཉ་མཛད། །བྷ་ག་བདེ་སྟོང་ཀློང་ནས་ཁྲག་འཐུང་འཆང་། །ཁྲོ་


DNG020_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

མོ་དབྱིངས་ཕྱུག་སྤྱན་འདྲེན་གཤེགས་སུ་གསོལ། །སྐུ་ནི་ཀློང་དགུ་ཁྲག་འཐུང་འབར་བའི་སྐུ། །གསུང་གི་སྒྲ་དབྱངས་རྨད་བྱུང་གསང་སྔགས་འཆད། །ཐུགས་ནི་ཡེ་ཤེས་ཆེན་པོ་གསལ་བའི་ངང་། །དགུ་ཀློང་ཧེ་རུ་ཀ་རྣམས་གཤེགས་སུ་གསོལ། །བདུད་རྩི་སྨན་གྱི་ཕོ་བྲང་རྟ་མགྲིན་སྐུ། །གསང་བའི་ཡུམ་བཞིའི་མཁའ་ལ་སྦྱོར་བ་མཛད། །ཧཱུཾ་མཛད་སྟོབས་ཆེན་མེ་རླུང་ལས་ཀྱིས་སྦྱོར། །རྟ་མགྲིན་དབང་གི་དཀྱིལ་འཁོར་གཤེགས་སུ་གསོལ། །མི་དགེ་བཅུ་སྨིན་ཕྱོགས་སྐྱོང་རྣམ་པར་འདུལ། །དགེ་བཅུ་མཐོ་རིས་ཐར་པའི་ལམ་ཡང་སྟོན། །རང་བྱུང་དཀྱིལ་འཁོར་མ་ལུས་སྲུང་མཛད་པའི། །མཐར་བྱེད་ཁྲོ་རྒྱལ་རྣམས་ཀྱང་གཤེགས་སུ་གསོལ། །ཨོཾ་ཨེ་ཧྱེ་ཧི་བྷ་ག་ཝཱན། མ་ཧཱ་ཀ་རུ་ཎི་ཀཱ་ཛཿཧཱུཾ་བཾ་ཧོཿ། བྱོལ་སོང་གཙོ་བོ་བརྒྱད་ཀྱི་ཁྲི་སྟེང་དུ། །སྟོང་གསུམ་ཁྲོ་བོའི་དཀྱིལ་འཁོར་བཞུགས་སུ་གསོལ། །ཏ་ཀྲྀཏ་ཁྲོ་བོ་བརྒྱད་ཀྱི་དབུ་སྟེང་དུ། །སྐུ་གདུང་འབར་བའི་དཀྱིལ་འཁོར་བཞུགས་སུ་གསོལ། །ཀློང་དགུ་ཧེ་རུ་ཀ་ཡི་དབུ་སྟེང་དུ། །མཁའ་མཉམ་ཀློང་གི་དཀྱིལ་འཁོར་བཞུགས་སུ་གསོལ། །ཁྲོ་མོ་དབྱིངས་ཕྱུག་མ་ཡི་དབུ་སྟེང་དུ། །འཆི་མེད་རྡོ་རྗེའི་དཀྱིལ་འཁོར་བཞུགས་སུ་གསོལ། །ཨོཾ་མ་ཧཱ་མཎྜལ་ཀཱ་ཡ་བཱ་ཀ་ཙིཏྟ་ཏིཥྛ་ལྷན། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །བདུད་རྩི་སྨན་གྱི་དཀྱིལ་འཁོར་འཁོར་ལོའི་ལྷ། །ཁྲོ་རྒྱལ་བགེགས་དཔུང་འཇོམས་ལ་ཕྱག་འཚལ་ལོ། །ཁྲག་འཐུང་ཡེ་ཤེས་ཀློང་དགུ་ཕྱག་འཚལ་ལོ། །མཁའ་སྤྱོད་དབང་སྡུད་ཡུམ་ལ་ཕྱག་འཚལ་ལོ། །འཆི་མེད་རྡོ་རྗེའི་སྐུ་ལ་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོ། པྲ་ཏཱིཙྪ་ཧོ། ཨ་ལ་ལ་ཧོ། ཁྲག་འཐུང་རྒྱལ་པོ་གར་ལ་དགྱེས། །གཡས་སུ་ཐབས་གསུམ་བསྐྱོད་བྱས་པས། །ཞེ་སྡང་རྩད་བཅད་ཐུགས་མཆོག་སྒྲོལ། །གཡོན་དུ་ཐབས་གསུམ་བསྐྱོད་བྱས་པས། །འདོད་ཆགས་རྩད་བཅད་གསུང་མཆོག་སྒྲོལ། །དབུས་སུ་ཐབས་གསུམ་བསྐྱོད་བྱས་པས། །གཏི་མུག་རྩད་བཅད་སྐུ་མཆོག་སྒྲོལ། །གཡས་གཡོན་ཐབས་དང་ཤེས་རབ་སྟེ། །སྦྱར་བས་ཕྱག་རྒྱ་འབྱུང་བའི་


DNG020_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ། །ཁྲོ་བདག་ཆེན་པོའི་ཕྱག་རྒྱ་ནི། །སྨུག་ནག་ཅིར་ཡང་འགྱུར་བའི་སྐུ། །ཉི་ཤུ་རྩ་གཅིག་དབུ་དང་ལྡན། །བཞི་བཅུ་རྩ་གཉིས་ཕྱག་མཚན་ནི། །གཡས་གཡོན་དང་པོའི་ཕྱག་གཉིས་ནི། །ཀུན་བཟང་ཐབས་དང་ཤེས་རབ་བསྣམས། །དེ་འོག་གཡས་གཡོན་བཅུ་པོ་ནི། །རིགས་ལྔ་ཐབས་དང་ཤེས་རབ་བསྣམས། །དེ་འོག་གཡས་གཡོན་བཅུ་པོ་ནི། །ནང་གི་སེམས་དཔའ་ཡབ་ཡུམ་བསྣམས། །དེ་འོག་གཡས་གཡོན་བརྒྱད་པོ་ནི། །ནང་གི་སེམས་དཔའ་ཡབ་ཡུམ་བསྣམས། །དེ་འོག་གཡས་གཡོན་བརྒྱད་པོ་ནི། །ཕྱི་ཡི་སེམས་དཔའ་ཡབ་ཡུམ་བསྣམས། །དེ་འོག་གཡས་གཡོན་བརྒྱད་པོ་ནི། །རྣམ་ཐར་སྒོ་བ་ཡབ་ཡུམ་བསྣམས། །དེ་འོག་གཡས་གཡོན་དྲུག་པོ་ནི། །རིགས་དྲུག་འདུལ་བྱེད་ཐུབ་དྲུག་བསྣམས། །ཞབས་བརྒྱད་ཁྲོ་མོའི་དབུ་བརྒྱད་མནན། །གསང་ཡུམ་ཐབས་དང་ཤེས་རབ་སྦྱོར། །གནམ་ཞལ་ཁྲོ་མོའི་ཕྱག་རྒྱ་ནི། །སྐུ་མདོག་སྨུག་ནག་དབུ་དགུ་ལ། །བཅོ་བརྒྱད་ཕྱག་ནི་དང་པོ་ནི། །རྡོ་རྗེ་དུང་དམར་དཀྲུག་ཅིང་གསོལ། །གཡས་བརྒྱད་ཀཽ་རཱི་མ་བརྒྱད་བསྣམས། །གཡོན་བརྒྱད་ཕྲ་མེན་མ་བརྒྱད་བསྣམས། །ཞབས་བརྒྱད་ཁྲག་འཐུང་དཔུང་སྟེང་བརྫིས། །ཕྱག་རྒྱའི་མཆོད་པ་བཞེས་སུ་གསོལ། །བཛྲ་ཧེ་རུ་ཀ་ཡི་ཕྱག་རྒྱ་ནི། །གཡས་དཀར་གཡོན་དམར་དབུས་མཐིང་ཞལ། །རྡོ་རྗེ་ཞིང་དབྱུག་ཁ་ཊྭཱཾ་གཡས། །བྷནྡྷ་ཞིང་ཆེན་རྒྱུ་ཞགས་ཁྲ། །བྷུཌྜྷ་ཧེ་རུ་ཀ་ཡི་ཕྱག་རྒྱ་ནི། །དཀར་སེར་དམར་སྔོ་དབུས་སྨུག་ཞལ། །འཁོར་ལོ་དགྲ་སྟྭ་ཞགས་པ་གཡས། །བྷནྡྷ་རྔེའུ་ཆུང་ཁ་ཊྭཱཾ་གཡོན། །རཏྣ་ཧེ་རུ་ཀ་ཡི་ཕྱག་རྒྱ་ནི། །གཡས་སེར་གཡོན་དམར་དབུས་མ་སེར། །རིན་ཆེན་གཤོལ་དབྱུག་གཏུན་ཤིང་གཡས། །བྷནྡྷ་དགྲ་སྟྭ་གཏུན་ཤིང་གཡོན། །པདྨ་ཧེ་རུའི་ཕྱག་རྒྱ་ནི། །དཀར་སྔོ་སྔོ་ལྗང་དབུས་མ་དམར། །པདྨ་རྔེའུ་ཆུང་རལ་གྲི་གཡས། །བྷནྡྷ་ཁ་ཊྭཱཾ་གསེར་ཐོད་ཕྲེང་། །ཀརྨ་ཧེ་རུ་ཀ་ཡི་ཕྱག་རྒྱ་ནི། །དཀར་དམར་སེར་དཀར་ལྗང་ནག་དབུས། །རྒྱ་གྲམ་རལ་གྲི་ཞགས་པ་རྔ། །བྷནྡྷ་ཐོད་རྔ་ཁ་ཊྭཱཾ་དྲིལ། །བི་ཤྭ་ས་ནུ་ཧེ་རུ་ཀ །གཡས་


DNG020_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

མཐིང་དབུས་དཀར་གཡོན་པ་དམར། །གྲི་ཁུག་རྡོ་རྗེ་ཁ་ཊྭཱཾ་གཡས། །ཐོད་པ་དྲིལ་བུ་རྔེའུ་ཆུང་གཡོན། །དམ་ཚིག་བསྲུང་བའི་ཧེ་རུ་ཀ །གཡས་དཀར་གཡོན་དམར་དབུས་མ་སེར། །གྲི་གུག་རིན་ཆེན་བེ་ཅོན་གཡས། །ཐོད་པ་དྲིལ་བུ་ཅང་ཏེའུ་གཡོན། །གནོད་སྦྱིན་ཁྲག་འཐུང་ཕྱག་རྒྱ་ནི། །གཡས་མཐིང་གཡོན་སྔོ་དབུས་མ་དམར། །གྲི་གུག་པདྨ་དགྲ་སྟྭ་གཡས། །ཐོད་པ་དྲིལ་བུ་ཌཱ་མ་རུ། །སྲིན་པོ་ཁྲག་འཐུང་ཕྱག་རྒྱ་ནི། །གཡས་སེར་གཡོན་དམར་དབུས་མ་ལྗང་། །གྲི་གུག་རྒྱ་གྲམ་རལ་གྲི་གཡས། །ཐོད་པ་དྲིལ་བུ་རྔེའུ་ཆུང་གཡོན། །འབར་བའི་གདན་ལ་བཞེངས་ནས་ཀྱང་། །ཕྱག་རྒྱ་གར་གྱི་མཆོད་པ་བཞེས། །ཧཱུཾ་མཛད་སྔོ་སྐྱ་འབར་བ་ལ། །རྡོ་རྗེ་རྩེ་མོ་འཁོར་ལོའི་མཚོན། །གཡོན་པ་ཉི་ཟླའི་རྐང་པ་གཟུང་། །རྣམ་པར་རྒྱལ་བ་སྐུ་མདོག་དཀར། །རྡོ་རྗེ་གཡས་ལ་ཏི་ར་གཡོན། །དབྱུག་པ་སྔོན་པོ་ལྗང་སྔོན་སྐུ། །གཡས་ཀྱི་དབྱུག་ཏོ་མེ་དཔུང་འབར། །གཡོན་པ་མེ་ལྷའི་རྐང་པ་བཟུང་། །གཤིན་རྗེ་མཐིང་ནག་རིན་ཆེན་དབྱུག །གཡོན་པ་གྲུལ་བུམ་རྐང་པ་བཟུང་། །མི་གཡོ་སྨུག་ནག་རལ་གྲི་གཡས། །གཡོན་པ་སྲིན་པོ་དབྱུག་པ་འཆང་། །རྟ་མགྲིན་དམར་པོ་བྱི་རུའི་མདངས། །གཡས་པ་རི་རབ་ཏི་རོ་སྦྲུལ་གྱིས་དཀྲིས། །གཡོན་པ་ཁྱུང་ཆེན་གཤོག་པ་རྡེབ། །གཞན་གྱིས་མི་ཐུབ་དམར་སྐྱའི་མདོག །གཡས་པ་རླུང་གཡབ་མི་མགོས་བརྒྱན། །གཡོན་པ་རླུང་ལྷའི་ཞབས་ནས་བཟུང་། །བདུད་རྩི་ལྗང་ནག་རྒྱ་གྲམ་གཡས། །གཡོན་པ་གནོད་སྦྱིན་དབྱུག་ཏོ་འཕྱར། །ཁམས་གསུམ་རྣམ་རྒྱལ་སེར་ལྗང་གུ། །ནེའུ་ལེ་གཡས་པ་བགེགས་ཆེན་གཡོན། །འབར་བའི་གདན་ལ་བཞེངས་ནས་ཀྱང་། །ཕྱག་རྒྱ་གར་གྱི་མཆོད་པ་བཞེས། །རང་བྱུང་གདོད་ནས་རྣམ་པར་དག །དམ་རྫས་བདུད་རྩི་ཆེན་པོ་ནི། །འཆི་མེད་དཀྱིལ་འཁོར་ཆེ་མཆོག་དང་། །མཁའ་མཉམ་དཀྱིལ་འཁོར་གནམ་ཞལ་མ། །སྐུ་གདུང་དཀྱིལ་འཁོར་དགུ་ཀློང་ནས། །མཐར་བྱེད་དཀྱིལ་འཁོར་ཁྲོ་རྒྱལ་བཅུ། །བདུད་རྩིའི་དཀྱིལ་འཁོར་རྟ་མགྲིན་དབང་། །མཆོད་པར་འབུལ་ལོ་ཁ་རཾ་ཁཱ་ཧི། དམ་རྫས་བདུད་རྩི་ལྔ་


DNG020_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་བའི། །ཡིད་བཞིན་རིན་ཆེན་ཀ་པཱ་ལ། །འབྲུ་གསུམ་འཐུང་བར་སྐུ་གསུང་ཐུགས། །མི་ཟད་རྒྱན་གྱི་དངོས་གྲུབ་ཐོབ། །ཨོཾ་ཨཱཿཧཱུཾ་ཀཱ་ཡ་བཱ་ཀ་ཙིཏྟ་སིདྡྷི་ཧཱུཾ། ཨ་ཧོ་སུ་ཁ་དྷརྨ་ཀཱ་ཡ་སིདྡྷི་ཧཱུཾ། དེ་ནས་བཅོམ་ལྡན་ཆེ་མཆོག་ཧེ་རུ་ཀ་ལ། རིགས་འཛིན་རྣམས་ཀྱིས་བསྟོད་པ། དུར་ཁྲོད་འབར་བ་ཀློང་གི་དཀྱིལ་འཁོར་ནས། །ཤིན་ཏུ་མི་བཟད་འབར་བའི་སྐུར་སྟོན་ཅིང་། །ཡང་སངས་རྒྱས་པའི་ཆེ་མཆོག་ཧེ་རུ་ཀ །སྐུ་མདོག་མཐིང་ནག་ཆོས་ཉིད་མི་འགྱུར་རྟགས། །ཉི་ཤུ་རྩ་གཅིག་ས་རྣམས་ལྷུན་གྱིས་གྲུབ། །ཁྲོ་རྒྱལ་ཡེ་ཤེས་དབུ་ནི་སྟོབས་པོ་ཆེ། །དང་པོ་རབ་ཏུ་དགའ་བའི་ས་དང་སྦྱོར། །བདུད་འདུལ་ཡེ་ཤེས་དབུ་ནི་ཁམས་གསུམ་རྒྱལ། །གཉིས་པ་དྲི་མ་མེད་པའི་ས་དང་སྦྱོར། །རྟོག་འཇོམས་ཡེ་ཤེས་དབུ་ནི་བདུད་རྩི་འཁྱིལ། །གསུམ་པ་འོད་དུ་འཕྲོ་བའི་ས་དང་སྦྱོར། །སྤྲུལ་སྐུ་ཡེ་ཤེས་དབུ་ནི་གཞན་མི་ཐུབ། །བཞི་པ་འོད་བྱེད་པ་ཡི་ས་དང་སྦྱོར། །ཟིལ་གནོན་ཡེ་ཤེས་དབུ་ནི་རྟ་མགྲིན་དཔལ། །ལྔ་པ་སྦྱང་བར་དཀའ་བའི་ས་དང་སྦྱོར། །རྣམ་དག་ཡེ་ཤེས་དབུ་ནི་མི་གཡོ་མགོན། །དྲུག་པ་ཀློང་དུ་གྱུར་པའི་ས་དང་སྦྱོར། །ཐབས་མཁས་ཐུགས་རྗེའི་དབུ་ནི་གཤིན་རྗེའི་གཤེད། །བདུན་པ་རིང་དུ་སོང་བའི་ས་དང་སྦྱོར། །རྟོགས་ལྡན་ཡེ་ཤེས་དབུ་ནི་དབྱུག་སྔོན་ཅན། །བརྒྱད་པ་མི་གཡོ་བ་ཡི་ས་དང་སྦྱོར། །མཁྱེན་གསལ་ཡེ་ཤེས་དབུ་ནི་རྣམ་པར་རྒྱལ། །དགུ་པ་ལེགས་པའི་བློ་གྲོས་ས་དང་སྦྱོར། །བརྗིད་གནོན་ཡེ་ཤེས་དབུ་ནི་ཧཱུཾ་ཀ་ར། །བཅུ་པ་ཆོས་ཀྱི་སྤྲིན་གྱི་ས་དང་སྦྱོར། །མངོན་སངས་ཡེ་ཤེས་ཡཀྴ་ཧེ་རུ་ཀ །བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་དང་སྦྱོར། །ཀུན་མཁྱེན་ཡེ་ཤེས་བི་ཤྭ་ཧེ་རུ་ཀ །མ་ཆགས་པདྨ་ཅན་གྱི་ས་དང་སྦྱོར། །བྱམས་མགོན་ཡེ་ཤེས་ས་ནུ་ཧེ་རུ་ཀ །ཡི་གེ་འཁོར་ལོ་ཚོགས་ཆེན་ས་དང་སྦྱོར། །རྔོམ་བརྗིད་ཡེ་ཤེས་རཀྴ་ཧེ་རུ་ཀ །སྐྱེ་མེད་རྡོ་རྗེ་འཛིན་གྱི་ས་དང་སྦྱོར། །དཔའ་བརྗིད་ཡེ་ཤེས་ཀརྨ་ཧེ་རུ་ཀ །རྣམ་དག་སྟུག་པོ་བཀོད་པའི་ས་དང་སྦྱོར། །སྐྱོན་སེལ་ཡེ་ཤེས་པདྨ་ཧེ་རུ་ཀ །ཆགས་མེད་འཐུག་པོ་བཀོད་པའི་ས་དང་སྦྱོར། །


DNG020_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲིབ་སེལ་ཡེ་ཤེས་རཏྣ་ཧེ་རུ་ཀ །མཚན་རྫོགས་རྡོ་རྗེ་འཆང་གི་ས་དང་སྦྱོར། །འབར་འཕྲོ་ཡེ་ཤེས་བྷུཌྜྷ་ཧེ་རུ་ཀ །ཆོས་ཉིད་བདེ་བ་ཆེན་པོའི་ས་དང་སྦྱོར། །རྟོགས་ལྡན་ཡེ་ཤེས་བཛྲ་ཧེ་རུ་ཀ །མ་སྤངས་ཡེ་ཤེས་བླ་མའི་ས་དང་སྦྱོར། །ལྷུན་རྫོགས་ཡེ་ཤེས་དཔལ་ཆེན་ཧེ་རུ་ཀ །ཀུན་བཟང་དབྱེ་བ་མེད་པའི་ས་དང་སྦྱོར། །ཟ་བྱེད་ཆོས་ནི་ཆོས་མཆོག་ཧེ་རུ་ཀ །ལྷུན་གྲུབ་ཡོངས་སུ་རྫོགས་པའི་ས་དང་སྦྱོར། །ཡེ་ཤེས་ཚོགས་ཆེན་རྫོགས་ལ་ཕྱག་འཚལ་བསྟོད། །ཡང་གསང་རྒྱས་པའི་ཆེ་མཆོག་ཧེ་རུ་ཀ །བཞི་བཅུ་རྩ་གཉིས་ཕྱག་མཚན་མངོན་སངས་རྒྱས། །བཞི་བཅུ་རྩ་གཉིས་གཡས་ཀྱི་དང་པོ་ན། །བྱེད་པ་ཡིད་བཞིན་ཀུན་བཟང་རྡོ་རྗེ་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་དང་པོ་ནི། །ཀུན་བཟང་བྱ་བ་མཉམ་བཞག་པདྨ་འཕྲོ། །བཞི་བཅུ་རྩ་གཉིས་གཡས་ཀྱི་དང་འོག་ན། །རྣམ་པར་སྣང་མཛད་ཆོས་ཀྱི་འཁོར་ལོ་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་འོག་མ་ན། །སྐྱེད་མཛད་སངས་རྒྱས་སྤྱན་ནི་ཐོར་ཚུགས་བསྣམས། །བཞི་བཅུ་རྩ་གཉིས་གཡས་ཀྱི་གསུམ་པ་ན། །རྡོ་རྗེ་སེམས་དཔའ་མི་བསྐྱོད་རྡོ་རྗེ་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་གསུམ་པ་ན། །ཀུན་ཏུ་བཟང་པོ་མཐར་སྟོང་རིལ་བུ་བསྣམས། །བཞི་བཅུ་རྩ་གཉིས་གཡས་ཀྱི་བཞི་པ་ན། །རིན་ཆེན་འབྱུང་ལྡན་མཆོད་སྦྱིན་རེ་སྐོང་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་བཞི་པ་ན། །མཱ་མ་ཀཱི་ནི་སྡུད་བྱེད་རྡོ་རྗེ་བསྣམས། །བཞི་བཅུ་རྩ་གཉིས་གཡས་ཀྱི་ལྔ་པ་ན། །སྣང་བ་མཐའ་ཡས་དབང་སྡུད་པདྨ་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་ལྔ་པ་ན། །གོས་དཀར་མོ་ནི་སྲེག་བྱེད་ཞུན་མར་བསྣམས། །བཞི་བཅུ་རྩ་གཉིས་གཡས་ཀྱི་དྲུག་པ་ན། །དོན་ཡོད་གྲུབ་པ་རྡོ་རྗེ་རྒྱ་གྲམ་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་དྲུག་པ་ན། །དམ་ཚིག་སྒྲོལ་མ་སྐྱོང་མཛད་ཨུཏྤལ་བསྣམས། །བཞི་བཅུ་རྩ་གཉིས་གཡས་ཀྱི་བདུན་པ་ན། །ས་ཡི་སྙིང་པོ་རིན་ཆེན་མྱུ་གུ་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་བདུན་པ་ན། །ལཱ་སྱ་དཀར་མོ་མེ་ལོང་རྒྱ་གྲམ་བསྣམས། །


DNG020_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་བཅུ་རྩ་གཉིས་གཡས་ཀྱི་བརྒྱད་པ་ན། །ནམ་མཁའི་སྙིང་པོ་གཅོད་བྱེད་རལ་གྲི་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་བརྒྱད་པ་ན། །མཱ་ལེ་སྔོན་མོ་རིན་ཆེན་ཕྲེང་བ་བསྣམས། །བཞི་བཅུ་རྩ་གཉིས་གཡས་ཀྱི་དགུ་པ་ན། །སྤྱན་རས་གཟིགས་དབང་མ་ཆགས་པདྨ་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་དགུ་པ་ན། །གཱིརྟི་དམར་མོ་པི་ཝང་རྒྱུད་མངས་བསྣམས། །བཞི་བཅུ་རྩ་གཉིས་གཡས་ཀྱི་བཅུ་པ་ན། །ཕྱག་ན་རྡོ་རྗེ་འཇོམས་བྱེད་རྡོ་རྗེ་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་བཅུ་པ་ན། །ནཱིརྟི་ལྗང་གུ་གར་གྱི་ཅོད་པན་བསྣམས། །བཞི་བཅུ་རྩ་གཉིས་གཡས་ཀྱི་བཅུ་གཅིག་ན། །བྱམས་པ་ཆེན་པོ་བདུད་རྩི་གུནྡྷེ་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་བཅུ་གཅིག་ན། །བདུག་པའི་སྤྲིན་འཕྲོ་མས་ནི་སྤོས་མེ་བསྣམས། །བཞི་བཅུ་རྩ་གཉིས་གཡས་ཀྱི་བཅུ་གཉིས་ན། །སྒྲིབ་པ་རྣམ་སེལ་ཀླུ་ཤིང་ལོ་མ་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་བཅུ་གཉིས་ན། །དགའ་བའི་མདངས་ལྡན་མས་ནི་མེ་ཏོག་བསྣམས། །བཞི་བཅུ་རྩ་གཉིས་གཡས་ཀྱི་བཅུ་གསུམ་ན། །ཀུན་ཏུ་བཟང་པོ་རིན་ཆེན་སྙེ་མ་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་བཅུ་གསུམ་ན། །གསལ་བའི་འོད་ལྡན་མས་ནི་ཞུན་མར་བསྣམས། །བཞི་བཅུ་རྩ་གཉིས་གཡས་ཀྱི་བཅུ་བཞི་ན། །འཇམ་དཔལ་གཞོན་ནུ་ཨུཏྤལ་མཐིང་ག་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་བཅུ་བཞི་ན། །རྟོག་བྲལ་དགྱེས་མཛད་མས་ནི་དྲི་ཆབ་བསྣམས། །བཞི་བཅུ་རྩ་གཉིས་གཡས་ཀྱི་བཅོ་ལྔ་ན། །བགེགས་ཆེན་མཐར་བྱེད་རྡུང་བྱེད་ཐོ་བ་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་བཅོ་ལྔ་ན། །ཐུགས་དམ་སྐུལ་བྱེད་མ་ནི་ལྕགས་ཀྱུ་བསྣམས། །བཞི་བཅུ་རྩ་གཉིས་གཡས་ཀྱི་བཅུ་དྲུག་ན། །གཤིན་རྗེ་མཐར་བྱེད་ཚོགས་ཀྱི་དབྱུག་ཏོ་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་བཅུ་དྲུག་ན། །གནས་ནས་སྐྱོད་མཛད་མ་ནི་ཞགས་པ་བསྣམས། །བཞི་བཅུ་རྩ་གཉིས་གཡས་ཀྱི་བཅུ་བདུན་ན། །པདྨ་མཐར་བྱེད་དགུག་པའི་སྦྲུལ་ཞགས་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་བཅུ་


DNG020_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་ན། །རྟོག་བྲལ་ཞུགས་མཛད་མ་ནི་ལྕགས་སྒྲོག་བསྣམས། །བཞི་བཅུ་རྩ་གཉིས་གཡས་ཀྱི་བཅོ་བརྒྱད་ན། །ཤེས་རབ་མཐར་བྱེད་གཅོད་མཛད་རལ་གྲི་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་བཅོ་བརྒྱད་ན། །ཚངས་པའི་གསུང་སྒྲོག་མ་ནི་དྲིལ་བུ་བསྣམས། །བཞི་བཅུ་རྩ་གཉིས་གཡས་ཀྱི་བཅུ་དགུ་ན། །ལྷ་ཡི་ཐུབ་པ་པི་ཝང་རྒྱུད་འདྲེན་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་བཅུ་དགུ་ན། །བྱོལ་སོང་ཐུབ་པ་འཆད་པའི་པོ་ཏི་བསྣམས། །བཞི་བཅུ་རྩ་གཉིས་གཡས་ཀྱི་ཉི་ཤུ་ན། །ལྷ་མིན་ཐུབ་པ་ཐགས་བཟང་གོ་ཆ་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་ཉི་ཤུ་ན། །ཡི་དྭགས་ཐུབ་པ་རིན་ཆེན་སྒྲོམ་བུ་བསྣམས། །བཞི་བཅུ་རྩ་གཉིས་གཡས་ཀྱི་ཐ་མ་ན། །མི་ཡི་ཐུབ་པ་གསིལ་བྱེད་པར་བུ་བསྣམས། །བཞི་བཅུ་རྩ་གཉིས་གཡོན་གྱི་ཐ་མ་ན། །དམྱལ་བའི་ཐུབ་པ་མེ་ཆུ་བསིལ་དྲོད་བསྣམས། །ཐབས་དང་ཤེས་རབ་གཉིས་སུ་མེད་པ་ལས། །དབྱིངས་ལ་ཡེ་ཤེས་ཚེ་ལ་མངའ་བརྙེས་པའི། །བདུད་རྩི་འཁྱིལ་པའི་སྐུ་ལ་ཕྱག་འཚལ་བསྟོད། །ཧཱུཾ། ཡང་སངས་རྒྱས་པའི་ཆེ་མཆོག་ཧེ་རུ་ཀ །ཏིང་འཛིན་ཞབས་བརྒྱད་ཁྲོ་མོའི་དབུ་བརྒྱད་མནན། །རིག་པ་ཡུམ་ལ་སྦྱར་བའི་དབྱིངས་ལ་སྦྱོར། །ཞབས་བརྒྱད་གཡས་ཀྱི་དང་པོ་བགྲད་པ་ནི། །ཐིག་ལེ་ཆེན་པོའི་ཏིང་འཛིན་ཆེན་པོ་དང་། །ཆགས་པ་མེད་པས་མཆོག་གི་དབྱིངས་དང་སྦྱོར། །ཞབས་བརྒྱད་གཡས་ཀྱི་གཉིས་པ་བགྲད་པས་ནི། །བདེ་བ་ཆེན་པོའི་ཏིང་འཛིན་ཆེན་པོ་དང་། །ཀློང་དུ་གྱུར་པ་ཆོས་ཀྱི་དབྱིངས་དང་སྦྱོར། །ཞབས་བརྒྱད་གཡས་ཀྱི་གསུམ་པ་བགྲད་པས་ནི། །རྡོ་རྗེ་ལྟ་བུའི་ཏིང་འཛིན་ཆེན་པོ་དང་། །འགྱུར་བ་མེད་པ་ཆོས་ཀྱི་དབྱིངས་དང་སྦྱོར། །ཞབས་བརྒྱད་གཡས་ཀྱི་ཐ་མ་བགྲད་པས་ནི། །ཐམས་ཅད་འབྱུང་བའི་ཏིང་འཛིན་ཆེན་པོ་དང་། །ཟག་པ་མེད་པའི་ཆོས་ཀྱི་དབྱིངས་དང་སྦྱོར། །ཞབས་བརྒྱད་གཡོན་གྱི་དང་པོ་བགྲད་པས་ནི། །ཆགས་པ་མེད་པའི་ཏིང་འཛིན་ཆེན་པོ་དང་། །ཡེ་ནས་དག་པའི་ཆོས་ཀྱི་


DNG020_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་དང་སྦྱོར། །ཞབས་བརྒྱད་གཡོན་གྱི་གཉིས་པ་བགྲད་པས་ནི། །འདའ་བར་དཀའ་བའི་ཏིང་འཛིན་ཆེན་པོ་ནི། །གཏོང་བ་མེད་པའི་ཆོས་ཀྱི་དབྱིངས་དང་སྦྱོར། །ཞབས་བརྒྱད་གཡོན་གྱི་གསུམ་པ་བགྲད་པས་ནི། །དམིགས་པ་མེད་པའི་ཏིང་འཛིན་ཆེན་པོ་ནི། །རང་བཞིན་མེད་པའི་ཆོས་ཀྱི་དབྱིངས་དང་སྦྱོར། །ཞབས་བརྒྱད་གཡོན་གྱི་ཐ་མས་བགྲད་པས་ནི། །སྐྱེ་ཤི་མེད་པའི་ཏིང་འཛིན་ཆེན་པོ་དང་། །འདུ་འབྲལ་མེད་པའི་ཆོས་ཀྱི་དབྱིངས་དང་སྦྱོར། །གསང་བའི་ཞལ་དུ་རྡོ་རྗེ་ཕྱེད་ནུབ་པས། །ཀུན་ཏུ་བཟང་མོའི་ཏིང་འཛིན་ཆེན་པོ་དང་། །ཁྱབ་གདལ་ཆེན་པོའི་ཆོས་ཀྱི་དབྱིངས་དང་སྦྱོར། །ཀུན་ཏུ་བཟང་མོའི་བྱང་སེམས་ཐིག་ལེར་ཞུ། །འཆི་མེད་རྡོ་རྗེའི་དཀྱིལ་འཁོར་དེ་མིན་ནམ། །ཆེ་མཆོག་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད། །འཇིགས་བྱེད་ཆེན་པོ་འབར་བའི་ཞབས་འོག་ནས། །ཤིན་ཏུ་རྔམ་པའི་ཁྲོ་མོ་གནམ་ཞལ་མ། །སྐུ་མདོག་དུད་ཁ་སྣ་ཚོགས་ཅིར་ཡང་སྟོན། །དབུ་དགུ་ཆོས་དབྱིངས་ཡེ་ཤེས་དགུ་དང་སྦྱོར། །སྟོང་པ་བཅོ་བརྒྱད་ཕྱག་ནི་རྟག་ཆད་སྒྲོལ། །ཀློང་དགུའི་ཞབས་ནི་ཁྲག་འཐུང་དགུ་དང་རོལ། །ཞབས་བརྒྱད་གཡས་ཀྱི་དང་པོ་གདེངས་པ་ནི། །སྤང་བ་མེད་པའི་བྷ་ག་ཆེན་པོ་དང་། །ཐིག་ལེ་ཆེན་པོ་བྱང་ཆུབ་སེམས་དང་སྦྱོར། །ཞབས་བརྒྱད་གཡས་ཀྱི་གཉིས་པ་གདེངས་པ་ནི། །ཀློང་ཆེན་དགུ་པའི་གསང་བའི་བྷ་ག་དང་། །བདེ་བ་ཆེན་པོ་བྱང་ཆུབ་སེམས་དང་སྦྱོར། །ཞབས་བརྒྱད་གཡས་ཀྱི་གསུམ་པ་གདེངས་པ་ནི། །འགྱུར་བ་མེད་པའི་གསང་བའི་བྷ་ག་དང་། །རྡོ་རྗེ་ལྟ་བུའི་བྱང་ཆུབ་སེམས་དང་སྦྱོར། །ཞབས་བརྒྱད་གཡས་ཀྱི་ཐ་མ་གདེངས་པ་ནི། །ཟད་པ་མེད་པའི་གསང་བའི་བྷ་ག་དང་། །ཐམས་ཅད་འབྱུང་བའི་བྱང་ཆུབ་སེམས་དང་སྦྱོར། །ཞབས་བརྒྱད་གཡོན་གྱི་དང་པོ་གདེངས་པ་ནི། །གདོད་ནས་དག་པའི་གསང་བའི་བྷ་ག་ལ། །ཆགས་པ་མེད་པའི་བྱང་ཆུབ་སེམས་དང་སྦྱོར། །ཞབས་བརྒྱད་གཡོན་གྱི་གཉིས་པ་གདེངས་པ་ནི། །སྟོང་པ་ཆེན་པོ་གསང་བའི་བྷ་ག་དང་། །འདའ་བར་དཀའ་བའི་བྱང་ཆུབ་སེམས་དང་སྦྱོར། །ཞབས་བརྒྱད་གཡོན་གྱི་གསུམ་


DNG020_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

པ་གདེངས་པ་ནི། །རང་བཞིན་མེད་པའི་གསང་བའི་བྷ་ག་དང་། །དམིགས་པ་མེད་པའི་བྱང་ཆུབ་སེམས་དང་སྦྱོར། །ཞབས་བརྒྱད་གཡོན་གྱི་ཐ་མ་གདེངས་པ་ནི། །འདུ་འབྲལ་མེད་པ་གསང་བའི་བྷ་ག་དང་། །སྐྱེ་ཤི་མེད་པའི་བྱང་ཆུབ་སེམས་དང་སྦྱོར། །གསང་བ་བྷ་ག་པདྨའི་ཀློང་དཀྱིལ་ན། །གསང་བའི་རྡོ་རྗེ་གསང་བའི་དབྱིངས་སུ་ནུབ། །བརྡལ་ཁྱབ་ཆེན་པོ་གསང་བའི་ཡུམ། །ལྷུན་གྱིས་གྲུབ་པའི་བྱང་ཆུབ་སེམས་དང་སྦྱོར། །བདེ་བ་བྱང་ཆུབ་སེམས་ནི་ཐིག་ལེར་ཞུ། །མཁའ་མཉམ་ཀློང་གི་དཀྱིལ་འཁོར་དེ་མིན་ནམ། །ས་ནུ་ཀྲོ་ཏི་རྒྱལ་ལ་ཕྱག་འཚལ་བསྟོད། །ཤིན་ཏུ་འབར་བའི་ཁྲོ་མོའི་ཞབས་འོག་ནས། །ཁྲག་འཐུང་ཆེན་པོ་ཀློང་དགུ་ཧེ་རུ་ཀ །དབུ་གསུམ་ཕྱག་དྲུག་ཞབས་བཞི་བརྐྱང་བསྐུམ་མནན། །འཇིག་རྟེན་དྲེགས་པའི་ཁྱོ་ཤུག་དབང་ཕྱུག་དང་། །མྱ་ངན་འདས་པའི་ཁྲོ་བཅུ་ཞབས་ཀྱིས་གནོན། །ཐུགས་ཀྱི་གདུང་འཚོབ་བཛྲ་ཧེ་རུ་ཀ །རྡོ་རྗེ་དབྱིངས་ཕྱུག་མཁའ་ཀློང་དག་པ་ན། །ཐབས་དང་ཤེས་རབ་འདུ་འབྲལ་ཡོངས་ཀྱིས་མེད། །བྱང་ཆུབ་སེམས་ནི་དངུལ་ཞུན་རིན་པོ་ཆེ། །མེ་ལོང་ལྟ་བུའི་ཡེ་ཤེས་དེ་མིན་ནམ། །རྡོ་རྗེ་ལྟ་བུའི་སྐུ་ལ་ཕྱག་འཚལ་བསྟོད། །སྐུ་ཡི་གདུང་འཚོབ་བྷུཌྜྷ་ཧེ་རུ་ཀ །མཁའ་ལ་དབྱིངས་ཕྱུག་མཁའ་ཀློང་དག་པས་ན། །ཐབས་དང་ཤེས་རབ་འདུ་འབྲལ་ཡོངས་ཀྱིས་མེད། །བྱང་ཆུབ་སེམས་ནི་གསེར་མདོག་རིན་པོ་ཆེ། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དེ་མིན་ནམ། །འབྱུང་གནས་ཆེན་པོའི་སྐུ་ལ་ཕྱག་འཚལ་བསྟོད། །ཡོན་ཏན་གདུང་འཚོབ་རཏྣ་ཧེ་རུ་ཀ །རིན་ཆེན་དབྱིངས་ཕྱུག་མཁའ་ཀློང་དག་པས་ན། །ཐབས་དང་ཤེས་རབ་འདུ་འབྲལ་ཡོངས་ཀྱིས་མེད། །བྱང་ཆུབ་སེམས་ནི་བཻ་ཌཱུརྻ་ཡི་མདོག །མཉམ་པ་ཉིད་ཀྱི་ཡེ་ཤེས་དེ་མིན་ནམ། །ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་བསྟོད། །གསུང་གི་གདུང་འཚོབ་པདྨ་ཧེ་རུ་ཀ །པདྨ་དབྱིངས་ཕྱུག་མཁའ་ཀློང་དག་པས་ན། །ཐབས་དང་ཤེས་རབ་འདུ་འབྲལ་ཡོངས་ཀྱིས་མེད། །བྱང་ཆུབ་སེམས་ནི་པདྨ་རཱ་གའི་མདོག །སོ་སོར་རྟོག་པའི་ཡེ་


DNG020_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་དེ་མིན་ནམ། །མངོན་པར་བྱང་ཆུབ་སྐུ་ལ་ཕྱག་འཚལ་བསྟོད། །ཕྲིན་ལས་གདུང་འཚོབ་ཀརྨ་ཧེ་རུ་ཀ །ལས་ཀྱི་དབྱིངས་ཕྱུག་མཁའ་ཀློང་དག་པས་ན། །ཐབས་དང་ཤེས་རབ་འདུ་འབྲལ་ཡོངས་ཀྱིས་མེད། །བྱང་ཆུབ་སེམས་ནི་ཨིནྡྲ་ནཱི་ལའི་མདོག །བྱ་བ་ནན་ཏན་ཡེ་ཤེས་དེ་མིན་ནམ། །སྤྲུལ་པ་མཐར་ཕྱིན་སྐུ་ལ་ཕྱག་འཚལ་བསྟོད། །རྣམ་ཤེས་མཐར་ཕྱིན་བི་ཤྭ་ཧེ་རུ་ཀ །བདེ་བ་ཟག་བྱེད་མཁའ་ཀློང་དག་པས་ན། །ཐབས་དང་ཤེས་རབ་འདུ་འབྲལ་ཡོངས་ཀྱིས་མེད། །འདའ་དཀའ་ཐུགས་ཀྱི་ཡེ་ཤེས་དེ་མིན་ནམ། །དམིགས་མེད་ཆོས་ཀྱི་སྐུ་ལ་ཕྱག་འཚལ་བསྟོད། །གནོད་སེལ་མཐར་ཕྱིན་དམ་ཚིག་ཧེ་རུ་ཀ །བདེ་བ་ཚེ་འཕེལ་མཁའ་ཀློང་དག་པས་ན། །ཐབས་དང་ཤེས་རབ་འདུ་འབྲལ་ཡོངས་ཀྱིས་མེད། །དབྱིངས་སུ་འགྲོ་བའི་ཡེ་ཤེས་དེ་མིན་ནམ། །ངོ་བོ་ཉིད་ཀྱི་སྐུ་ལ་ཕྱག་འཚལ་བསྟོད། །སྦྱོར་བ་མཐར་ཕྱིན་ཡཀྴ་ཧེ་རུ་ཀ །བདེ་བ་རྒྱས་འདེབས་མཁའ་ཀློང་དག་པས་ན། །ཐབས་དང་ཤེས་རབ་འདུ་འབྲལ་ཡོངས་ཀྱིས་མེད། །ཀློང་དུ་གྱུར་པའི་ཡེ་ཤེས་དེ་མིན་ནམ། །བདེ་བ་ཆེན་པོའི་སྐུ་ལ་ཕྱག་འཚལ་བསྟོད། །སྒྲོལ་བ་མཐར་ཕྱིན་རཀྴ་ཧེ་རུ་ཀ །བདེ་བ་རྨོངས་བྱེད་མཁའ་ཀློང་དག་པས་ན། །ཐབས་དང་ཤེས་རབ་འདུ་འབྲལ་ཡོངས་ཀྱིས་མེད། །སྟོང་པ་ཉིད་ཀྱི་ཡེ་ཤེས་དེ་མིན་ནམ། །ལྷུན་གྱིས་གྲུབ་པའི་སྐུ་ལ་ཕྱག་འཚལ་བསྟོད། །སྐུ་གདུང་འབར་བའི་དཀྱིལ་འཁོར་དེ་མིན་ནམ། །ཀློང་དགུ་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད། །སྐུ་གདུང་འབར་བའི་ཁྲོ་བོའི་ཞབས་འོག་ནས། །ཧཱུཾ་མཛད་འདོད་ཆགས་རྒྱལ་པོ་ཉི་ཟླ་འདུལ། །རྣམ་རྒྱལ་མ་བྱིན་ལེན་པའི་དྲི་ཟ་འདུལ། །དབྱུག་སྔོན་མེ་ལྷ་ལོག་པར་ལྟ་བ་འདུལ། །གཤིན་རྗེས་སྲོག་གཅོད་གྲུལ་བུམ་འཆི་བདག་འདུལ། །མི་གཡོ་ངག་འཆལ་སྨྲ་བའི་སྲིན་པོ་འདུལ། །རྟ་མགྲིན་ཕྲ་མ་སྐྱེལ་བའི་ཀླུ་རྣམས་འདུལ། །མི་ཐུབ་རྫུན་དུ་སྨྲ་བའི་རླུང་ལྷ་འདུལ། །བདུད་རྩི་ཚིག་རྩུབ་སྨྲ་བའི་གནོད་སྦྱིན་འདུལ། །ཁམས་གསུམ་གནོད་སེམས་ཅན་གྱི་བགེགས་རྣམས་འདུལ། །སྟོབས་ཆེན་བརྣབ་སེམས་ཅན་གྱི་ས་བདག་འདུལ། །


DNG020_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་བྱེད་ཁྲོ་རྒྱལ་བཅུ་པོ་དེ་མིན་ནམ། །སྟོང་གསུམ་ཁྲོ་བོའི་སྐུ་ལ་ཕྱག་འཚལ་བསྟོད། །ཡང་སངས་རྒྱས་པའི་ཆེ་མཆོག་ཧེ་རུ་ཀ །མི་གནས་མྱ་ངན་འདས་པའི་ཀློང་ན་བཞུགས། །འཇིགས་བྱེད་ཆེན་པོ་འབར་བའི་ཆ་ལུགས་ནི། །དབུ་སྐྲ་ཁམ་ནག་གྱེན་དུ་འཁྱིལ་པ་ནི། །སྲིད་པ་གསུམ་ལས་རྣམ་པར་རྒྱལ་བས་ན། །འབྲས་བུ་སྐུ་གསུང་ཐུགས་ནི་ལྷུན་གྱིས་གྲུབ། །སྨིན་མཚམས་ཁྲོ་གཉེར་གློག་སྟོང་འགྱུ་བ་ནི། །མ་རིག་རྨོངས་པའི་འཁོར་བའི་མུན་ཁུང་དུ། །ཐུགས་རྗེ་ཆེན་པོ་ཡེ་ཤེས་གློག་འགྱུ་བའོ། །འབར་བའི་སྤྱན་བགྲད་བྱམས་མགོན་ཡེ་རེ་གཟིགས། །གཡས་ཀྱི་རྩ་གཅིག་སྡང་མིག་ཞེ་ལ་གནན། །འཁོར་བའི་སྡུག་བསྔལ་ཞེ་ལ་མནན་ཏེ་གཟིགས། །གཡོན་གྱི་རྩ་གཅིག་ཟུར་མིག་བཟློག་སྟེ་གཟིགས། །ངན་སོང་གསུམ་གྱི་སྡུག་བསྔལ་ཕྱགས་མས་འདེབས། །དབུས་ཀྱི་རྩ་གཅིག་དབུས་སུ་ཡེ་རེ་གཟིགས། །འགྱུར་མེད་ཆོས་ཀྱི་དབྱིངས་ལས་མ་གཡོས་པའོ། །ཤངས་ནས་བསྐལ་པའི་རླུང་དམར་ལྡང་བས་ནི། །འཁོར་བའི་གཡུལ་ལས་རྒྱལ་ཏེ་མྱ་ངན་འདས། །གསལ་ལ་མ་ཆགས་ཡེ་ཤེས་ཉི་ཟླའི་སྙན། །ཉོན་མོངས་ཚ་བས་གདུང་བའི་སྡུག་བསྔལ་བསལ། །སྒྲ་ཉིད་རང་བཞིན་མེད་དེ་སྒྲ་མཐར་སྟོང་། །རྔམ་པའི་ཞལ་གདངས་དབྱིངས་ཀྱི་ཞལ་ཧོམ་དུ། །ཁམས་གསུམ་འཁོར་བའི་སྡུག་བསྔལ་རིལ་མིད་མཛད། །ཏིང་འཛིན་རྣོ་དབལ་མཆེ་བ་ཟང་ཡག་གཙིགས། །སྐྱེ་ཤི་རྩད་གཅོད་མྱ་ངན་འདས་པར་སྦྱོར། །ལེ་བརྒན་ལྗགས་ཀྱིས་ཐོག་དང་བུ་ཡུག་འབེབས། །རྒྱུ་དྲུག་འཁོར་བའི་སྐམ་གློག་ཐུགས་རྗེའི་སྦུབས། །བ་སྤུ་ཐུ་ལུམ་རྩེ་ལ་མེ་འབར་ཏེ། །རྩ་ནས་ཁྲག་འབབ་ཁོལ་མར་འཁྲུགས་པ་ལ། །མ་ཚོགས་འབུམ་གྱི་རྒྱལ་མོ་གནས་པའོ། །རྡོ་རྗེ་སྡེར་མོ་ལྕགས་ཀྱུ་འཛིངས་པ་ཡིས། །སྐྱེ་དགུ་རྩད་བཅད་ཐེག་དགུའི་ས་ལ་བཀོད། །རིན་ཆེན་གཤོག་པ་འཇིག་རྟེན་ཡོགས་པར་བཀབ། །རིགས་འཛིན་མང་པོ་སྐུ་ཡི་དཔུང་གཉེན་མཛད། །ཧཱུཾ། ཡང་སངས་


DNG020_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པའི་ཆེ་མཆོག་ཧེ་རུ་ཀ །དུར་ཁྲོད་ཆེན་པོ་འབར་བའི་ཀློང་ན་བཞུགས། །སྐུ་སྟོད་ཚངས་པའི་གཡང་གཞི་གསོལ་བ་ནི། །འཁོར་བ་ཞིང་གི་ལོག་རྟོག་ཚར་བཅད་ནས། །འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་ནི་བརྙེས་པའོ། །སྐུ་སྨད་སྟག་གི་ཤམ་ཐབས་གསོལ་བ་ནི། །དཔའ་བོ་ཆེན་པོ་ཆས་སུ་ཞུགས་པའི་རྟགས། །ཕྲིན་ལས་རྣམ་བཞིས་འགྲོ་དོན་མཐར་ཕྱིན་པའི། །འབྲས་བུ་སྤྲུལ་པ་ཆེན་པོའི་སྐུ་བརྙེས་པའོ། །གླང་ཆེན་ཀོ་རློན་ན་བཟའ་གསོལ་བ་ནི། །ཆོས་ཀྱི་དབྱིངས་ཀྱི་ངང་ལས་མ་གཡོས་པར། །འབར་བའི་གར་དགུས་ཅིར་ཡང་ཐོགས་མེད་པས། །འབྲས་བུ་ཆོས་ཀྱི་སྐུ་ཉིད་བརྙེས་པའོ། །ཐོད་པ་མང་པོས་སྐུ་ལ་བརྒྱན་པ་ནི། །དུས་གསུམ་སངས་རྒྱས་བསྙེན་བཀུར་འབུལ་བའི་ཕྱིར། །གཏི་མུག་རྨོངས་པའི་མུན་པ་ཀུན་བསལ་ནས། །འབྲས་བུ་ངོ་བོ་ཉིད་ཀྱི་སྐུ་བརྙེས་པའོ། །སྦྲུལ་ནག་སྟོང་གི་ཆུན་པོས་བརྒྱན་པ་ནི། །གདུག་པའི་ཀླུ་རིགས་དབང་དུ་ཀུན་བསྡུས་ནས། །ཞེ་སྡང་འཁོར་བ་རྩད་ནས་བཅད་ནས་ཀྱང་། །འབྲས་བུ་རྡོ་རྗེ་ལྟ་བུའི་སྐུ་བརྙེས་པའོ། །ཀྲོ་ཐ་བྲོ་དྷ་ཡང་ཨན་ཛ་ཐལ་ཆེན་ཚོམ་བུས་བརྒྱན། །དོན་དམ་གཉིས་མེད་ངེས་པའི་དོན་རྟོགས་པས། །ཕྲག་དོག་ས་ཡི་དྲུངས་ནས་ཕྱུང་ནས་ནི། །འབྲས་བུ་བདེ་བ་ཆེན་པོའི་སྐུ་བརྙེས་པའོ། །ཁྲག་དང་ཞག་གི་ཐིག་ལེས་བརྒྱན་པ་ནི། །མ་མོ་མཁའ་འགྲོ་འབངས་སུ་འཁོལ་བྱས་ནས། །འདོད་ཆགས་ཁྲག་གི་རྒྱ་མཚོ་སྐེམས་ནས་ཀྱང་། །འདོད་ཆགས་འཁྲུགས་པ་དྲུངས་ནས་ཕྱུང་ནས་ནི། །འབྲས་བུ་མངོན་པར་བྱང་ཆུབ་སྐུ་བརྙེས་པའོ། །བསྐལ་པའི་མེ་དཔུང་ཀློང་ན་བཞུགས་པ་ནི། །དོན་དམ་གཉིས་མེད་དབྱིངས་སུ་རྟོགས་པའི་ཕྱིར། །ཡེ་ཤེས་ལྔ་ལྡན་སྐུ་གསུམ་ལྷུན་གྱིས་གྲུབ། །ང་རྒྱལ་དྲག་པོའི་ཕུང་པོ་བཅོམ་ནས་ནི། །འབྲས་བུ་ཡེ་ཤེས་ཆེན་པོའི་སྐུ་བརྙེས་པའོ། །མཛད་པ་སངས་རྒྱས་སྐུ་ལ་ཕྱག་འཚལ་བསྟོད། །བདུད་རྩི་ཉིད་ནི་རིགས་ཡུམ་གྱིས། །ལེགས་པར་ཕྱོགས་ནས་འདུད་བྱས་ནས། །གཙོ་བོ་ལ་ནི་མངའ་གསོལ་བྱ། །རིགས་ལྔ་རྩ་བའི་དཀྱིལ་འཁོར་ཉིད། །བདག་


DNG020_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཆེ་མཆོག་ཐུགས་ཀ་ནས། །རིན་ཆེན་སྨུག་པོའི་གཞལ་ཡས་ཁང་། །ཐུགས་ཀྱི་བསྙེན་པ་རྡོ་རྗེ་སེམས། །གསུང་གི་བསྙེན་པ་སྣང་མཐའ་ཡས། །ཐུགས་བསྙེན་བྷུདྷ་ཧེ་རུ་ཀ །སྐུ་དང་གསུང་དང་ཐུགས་བསྒོམ་པ། །བསྙེན་པ་ཉེ་བསྙེན་བསྙེན་པ་ཆེ། །ཕྱོགས་བཞི་གཟུངས་ཐག་བླ་མས་གཟུང་། །གཡོན་ཀྱང་མཐེབ་སྲིན་རྡོ་རྗེ་གཟུངས། །གཡས་པའི་ཕྲེང་བ་རྒྱ་ལ་གཏད། །གཡོ་དགུལ་མེད་པར་བགྲང་བར་བྱ། །འཛབ་ནི་དབྱངས་ཀྱིས་བསྟོད་བྱས་ནས། །དགུ་པའི་དབྱངས་ལ་བཟླས་པ་བྱ། །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཧྲིཿཐ། སྐུ་གསུང་ཐུགས་ཀྱི་འཕྲོ་འདུ་ཡིས། །ལུས་ངག་ཡིད་གསུམ་སྒྲིབ་དག་ནས། །ཡུམ་གྱི་མཁའ་ལ་བསྒྲུབ་པ་བྱ། །ཡུམ་གྱི་མཁའ་ནས་ཕྱིར་སྤྲོས་པས། །སྣོད་བཅུད་བདུད་རྩིར་སླར་འདུས་ནས། །ཉེ་བའི་བསྙེན་པ་བྱས་ནས་ནི། །བདག་རྫས་དག་པ་སྒྲུབ་ཆེན་ཐིམ། །ཞེས་གསུངས་སོ། །བདུད་རྩི་ཆེན་པོ་ཆོས་ཉིད་གསང་བའི་རྒྱུད་ལས། ཆེ་མཆོག་རྩ་བ་སྦྱང་བ་སྟེ་ལེའུ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་འགྲོ་བའི་དོན་དུ་འདི་གསུངས་སོ། །སྦྱོར་སྒྲོལ་གཉིས་ཀྱིས་མཆོད་པ་ཡིས། །རྒྱལ་བ་མཉེས་ཤིང་ཐུགས་དམ་བསྐང་། །བར་གཅོད་བྱེད་པའི་ཉམས་ལེན་ལ། །དུས་ཚོད་ཤེས་ཤིང་བཟློག་པར་བྱ། །རཀྴ་རཱུ་ཏྲ་ཡགྴ་ཚལ་པ་ཧ་ན་ཧ་ན་ཧཱུཾ་ཕཊ། བསྒྲུབ་ཀྱང་རྟགས་མེད་སྟོར་བ་ན། །ཨ་ནྲྀ་སུ་ཏྲི་པྲེ་དུ་ཛ། རིགས་དྲུག་སྲོག་དྲང་བྲོ་བརྡུང་བསྐོར། །དུས་ཚོད་གང་ལ་སྟོར་བ་དགུག །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་བྷནྡྷ་བྷནྡྷ་ཨཱ་ཡུཿཥེ་ཧཱུཾ་ཧྲཱྀཿཐ། སྲོད་གུང་འཇིང་དང་ཐོ་རངས་དྲོས། །དུས་དེར་སྟོར་ན་བཙལ་བྱས་ལ། །དགུག་འདྲེན་དྲག་ཏུ་བྱས་ནས་ནི། །འཛབ་བགྲང་ཆེ་བའི་ཡོན་ཏན་བརྗོད། །སློབ་དཔོན་དགུག་པའི་འཛབ་བགྲང་ཞིང་། །རྒྱལ་པོ་བཞི་ཡིས་ཁྲོ་བོ་བཞི། །དཀྱིལ་འཁོར་ལྔ་ལ་འཛབ་བསྐུལ་བྱ། །བར་བར་དག་ཏུ་བཤགས་པ་བྱ། །དགུ་པའི་འཛབ་ནི་བགྲང་ནས་ནི། །ཆེ་བའི་ཡོན་ཏན་བརྗོད་པར་བྱ། །ཨོཾ་ལས་ཡེ་ཤེས་འོད་བྱུང་ཞིང་། །ཨཱཿཡིས་མེས་བསྲེགས་


DNG020_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ་བར་རློག །ཧཱུཾ་གིས་བདུད་རྩི་རྣམ་པར་དག །སརྦས་ཐམས་ཅད་དབང་དུ་སྡུད། །པཉྩས་རྣམ་ལྔ་མངོན་སངས་རྒྱས། །ཨ་ནི་སྐྱེ་མེད་ཆོས་ཀྱི་དབྱིངས། །མྲྀ་ནི་བདུད་རྩི་རྣམ་པར་དག །ཏས་ནི་འཁོར་བ་སྟོངས་པར་བྱེད། །ཧཱུཾ་ནི་ཐུགས་ཀྱི་ས་བོན་ཏེ། །ཧྲིཿནི་བག་ཆགས་དབང་དུ་སྡུད། །ཐ་ནི་སྐྱེ་ཤི་མེད་པའོ། །རྟགས་ཀྱང་འོད་དུད་འཕེལ་སྒྲ་དྲི། །ཡ་མཚན་བྱུང་ཡང་བསྐྱོད་མི་བྱ། །དེ་ནས་བདུད་རྩི་བསྐྱིལ་བར་བྱ། །སོ་སོའི་མཁའ་ལ་བསྐྱིལ་བའི་སྔགས། །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ་ཧྲཱྀཿཐ། ཤིང་དང་སྨན་དང་རྩི་དང་ནགས། །སྨན་གྱི་སྲུང་མ་བསྐུལ་བར་བྱ། །དེ་ནས་བདུད་རྩི་དབབ་པ་ཡང་། །ལྷ་མོ་བརྒྱད་ཀྱིས་དུར་ཁྲོད་སྦྱང་། །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་མེ་པྲ་བེ་ཤ་ཡ་ཕེཾ་ཕེཾ་ཧཱུཾ་ཧྲཱྀཿཐ། དེ་ནས་བདུད་རྩི་དབང་དུ་བྱ། །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཧ་ཡ་གྲཱི་ཝ་ཧྲཱྀཿ། རུ་ལུ་རུ་ལུ་ཧྲཱྀཿ། པདྨ་པདྨ་ཧྲཱྀཿ། བྷནྡྷ་བྷནྡྷ་ཧཱུཾ་ཧྲཱྀཿཐ། རྡོ་རྗེ་འཁོར་ལོ་རིན་ཆེན་དང་། །པདྨ་ལས་ཀྱིས་དབང་དུ་བྱ། །རྟགས་དང་མཚན་མ་བསྟན་པ་དང་། །དཀྱིལ་འཁོར་ཞུགས་པའི་ལྷ་རྣམས་ལ། །འཛབ་དང་སྙིང་པོ་རྐང་ཐོན་དབུལ། །སྟོང་ཚིགས་མཆོད་པ་འབུལ་ནས་ནི། །དེ་ཚེ་མྱུར་དུ་དངོས་གྲུབ་བླང་། །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་མཉྫུ་ཤྲཱི་བྱཱ་བ་ལོ་ཀི་ཏེ། སིདྡྷི་སིདྡྷི་ཧཱུཾ་ཧྲཱྀཿཐ། རིག་འཛིན་རྟ་མགྲིན་ཆེ་མཆོག་དང་། །མཁའ་མཉམ་སྐུ་གདུང་འབྱུང་ལྔ་ཡུམ། །བདུད་རྩི་དབང་ཆེན་ཀུན་འདུས་ནས། །ཆེ་མཆོག་སྐུ་གསུང་ཐུགས་ཡོན་ལས། །དངོས་གྲུབ་དཀྱིལ་འཁོར་ཞལ་བསྒྱུར་ནས། །མཚན་མ་རྫས་ལ་བླང་བར་བྱའོ། །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཨཱ་ཡུཿཕ་ལ་གུ་ཧྱེ་སིདྡྷི་ཧཱུཾ་ཧྲཱྀཿཐ། ཨོཾ་བོ་དྷི་ཙིཏྟ་ཀཱ་ཡ་ཝཱ་ཀ་ཙིཏྟ་ས་མ་ཡ་སྟྭཾ། སློབ་དཔོན་རིག་པའི་མེ་ཏོག་དོར། །སྨན་གྱི་དཀྱིལ་འཁོར་བདག་ལ་བསྡིམ། །རྒྱལ་པོ་བླ་མ་མངའ་གསོལ་ལ། །མཆེད་ཀྱིས་ཕྲེང་བ་དབུལ་བ་དང་། །སློབ་མ་འཇུག་ཅིང་ཞུ་དབང་ནོད། །ཕོ་བྲང་སྤྱིར་བཞག་དབང་བསྐུར་ལ། །ཚེ་ཡི་དབང་ཡང་བསྐུར་བར་བྱ། །ཐོབ་དང་མི་ཐོབ་རྣམ་པར་བརྟག །


DNG020_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཨ་བྷི་ཥིཉྩ་ཧཱུཾ་ཧྲཱྀཿཐ། ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། ཨཱ་ཡུཿཕ་ལ་གུ་ཧྱ་ཨ་བྷི་ཥིཉྩ་ཧཱུཾ། ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱང་། །ཡེ་ནས་སངས་རྒྱས་དགོངས་པ་ཡིན། །རང་རིག་སེམས་སུ་རྟོགས་གྱུར་ན། །སྤྱོད་ཡུལ་གང་བལྟས་རང་སེམས་གསལ། །རྟོག་པ་ལྷ་རུ་ཤེས་གྱུར་ན། །ལྷ་དང་འདུ་འབྲལ་ཡེ་ནས་མེད། །རྣམ་རྟོག་ཆོས་ཉིད་གསལ་གྱུར་ན། །དགྲ་བགེགས་ཚར་བཅད་བྱ་མི་དགོས། །ཡེ་འབྱམས་ཀློང་གི་དབང་རྫོགས་ན། །རྟགས་ཀྱི་ཕྱག་རྒྱ་བསྒྲུབ་མི་དགོས། །ཕྲིན་ལས་བྱ་བཙལ་ཡེ་འདས་ན། །བསྒོམ་བསྒྲུབ་འབད་རྩོལ་མིང་ཡང་མེད། །འདི་ལྟར་རྟོགས་པའི་གདེང་གྱུར་ན། །བསྒྲུབས་ཀྱང་སྐྱོན་མེད་འགལ་བ་མེད། །མ་བསྒྲུབས་སྐྱོན་མེད་ལྷུན་གྱིས་གྲུབ། །བསམ་མེད་ཆོས་སྐུ་ནམ་མཁའ་འདྲ། །བསྒོམ་མེད་རང་བྱུང་ཀློང་ནས་ཤར། །ཡེ་ནས་བྱང་ཆུབ་སེམས་རྟོགས་ན། །འདུ་འཛི་བྱིས་རྩེད་ཅི་ཞིག་བྱ། །ཐབས་མཁས་རོལ་པའི་ཏིང་འཛིན་ལ། །ཚི་ཆད་སྒོམ་སྒྲུབ་ཅི་ཞིག་བྱ། །སྣོད་བཅུད་ཐིག་ལེར་སངས་རྒྱས་ན། །གཞན་ནས་བཙལ་ཞིང་སྨོན་པ་མེད། །རྟོགས་པ་ཀློང་དུ་སུས་འདྲིལ་བ། །མི་ཞེས་བྱ་བ་སངས་རྒྱས་ཡིན། །བཅོམ་ལྡན་འདས་ཀྱང་གུད་ན་མེད། །བརྟན་གཡོའི་དཀྱིལ་འཁོར་ཕྱག་རྒྱ་རྫོགས། །རྟོག་འཛིན་སྒྲ་མཐའ་ཏིང་འཛིན་སྔགས། །འདི་ལྟར་སྤྱོད་པའི་རྣལ་འབྱོར་ནི། །འཁོར་འདས་ཡོངས་རྫོགས་བརྡལ་བའི་ས། །སྐུ་ལྔ་དབྱེར་མེད་དགོངས་པ་ཡིན། །ཀུན་བཟང་ཐུགས་ཀྱི་ཉིང་ཁུ་ཡིན། །རྒྱུན་དུ་བསྒོམས་ཤིང་བསྒྲུབ་བྱས་ནས། །སི་ཧླ་འབྱོངས་ན་སེམས་ངག་ལུས། །མཐོང་སྣང་རྨི་ལམ་གང་དུ་ཡང་། །སྟོང་གསུམ་ཉི་མས་གང་བར་མཐོང་། །ག་པུར་ཟླ་བས་གང་བ་སྟེ། །མཱཾ་ས་དུར་ཁྲོད་གནས་ཆེན་ན། །ཁྲག་འཐུང་བཞུགས་པར་གསལ་བ་དང་། །རཀྟ་ཁྲག་དང་དྲི་ཆུར་བཅས། །བདེ་གཤེགས་རིགས་ལྔར་མཐོང་བར་འགྱུར། །ས་ནི་དྲི་ཆེན་ཆུ་ལ་ཐིམ། །ཆུ་ནི་དྲི་ཆུ་མེ་ལ་ཐིམ། །མེ་ནི་རཀྟ་རླུང་ལ་ཐིམ། །རླུང་ནི་ཤ་ཆེན་ནམ་མཁར་ཐིམ། །ནམ་མཁའ་བྱང་སེམས་ཆོས་ཀྱི་སྐུ། །བདུད་རྩི་སྣ་ལྔར་


DNG020_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་སོ། །སྐུ་ནི་ཡི་དམ་བླ་མ་མཆེད། །གསུང་ནི་སྙིང་པོ་ཕྱག་རྒྱ་བཞི། །ཐུགས་ནི་གསང་བའི་མན་ངག་ཡིན། །བརྫུན་སྨྲ་ངག་བརླང་སྦྱོར་དང་སྒྲོལ། །བདུད་རྩི་ལྔ་ནི་དང་དུ་བླང་། །ཉོན་མོངས་མི་སྤང་ཡེ་ཤེས་ཡིན། །རིགས་ལྔར་ཤེས་ན་ཀུན་བསྒྲུབ་པས། །རྡོ་རྗེ་རྒྱལ་པོས་རྒྱ་བཅག་ལ། །སློབ་དཔོན་འཛབ་བཟླས་ཁ་ཕྱེ་ནས། །ཡུམ་གྱིས་ཡ་མཚན་ཆེ་བར་བརྗོད། །བདུད་རྩི་ཕོ་བྲང་ནས་དབྱུང་ངོ་། །ལྷག་མ་བསྐྱང་ནས་གཏོར་མ་གཏང་། །གཏེར་དུ་སྦ་དང་སྦྱིན་བསྲེག་བྱ། །མཁའ་འགྲོ་སྐྱོང་ལ་ལ་བཟླ་བཟླས། །གཏོར་མ་མཐར་དུ་དབྱུང་བར་བྱ། །ལྷག་ཆད་བཤགས་ཏེ་དག་པར་བྱ། །ཚིག་གིས་མཆེད་ཟླ་ངན་པ་བཤགས། །གཅིག་ལ་གཅིག་ནི་ཚང་བར་བྱ། །དཀྱིལ་འཁོར་བསྡུས་ལ་ཡེ་ཤེས་གཤེགས། །རང་ཡུལ་ཞིང་དང་བཅས་པ་དང་། །བུ་དང་ཆུང་མ་ལ་སོགས་ཏེ། །རང་ལུས་ཕུལ་ལ་ཡོན་གྱིས་བསླུ། །ཅི་འབྱོར་བླ་མ་མཉེས་པར་བྱ། །དེ་ལྟར་བསྒོམས་ཤིང་བསྒྲུབ་པ་ཡིས། །སྐུ་ཡི་གསང་བ་བསམ་མི་ཁྱབ། །ཆོས་སྐུ་དྲི་མ་མེད་པ་ཐོབ། །སྐུ་ནི་ཐམས་ཅད་དེ་ལས་བྱུང་། །གཟུགས་སྐུ་གཉིས་སུ་སྣང་བའོ། །གསུང་གི་གསང་བ་བསམ་མི་ཁྱབ། །བརྗོད་མེད་དོན་གྱི་གསུང་དང་ལྡན། །གསུང་ནི་ཐམས་ཅད་དེ་ལས་བྱུང་། །གསུང་དབྱངས་ཡན་ལག་དྲུག་ཅུར་སྒྲོགས། །ཐུགས་ཀྱི་གསང་བ་བསམ་མི་ཁྱབ། །སྐྱེ་མེད་དགོངས་པ་དབྱིངས་ན་གསལ། །ཐུགས་ནི་ཐམས་ཅད་དེ་ལས་བྱུང་། །ཡེ་ཤེས་རྣམ་གྲངས་བསམ་ལས་འདས། །སྐུ་དང་གསུང་དང་ཐུགས་དང་གསུམ། །མི་ཟད་རྒྱན་གྱི་འཁོར་ལོ་གསལ། །རྟགས་སུ་དབུ་ཡི་གཙུག་ཏོར་བརྟན། །རིགས་ལྔའི་སངས་རྒྱས་བདུད་རྩི་ཉིད། །རང་ཞལ་རང་གི་ལུས་ལ་མཐོང་། །རྩ་དབྱིངས་དུང་ཆེན་གཡས་སུ་འཁྱིལ། །ལུས་ཁམས་བདུད་རྩི་སྤྱི་གཙུག་འཐོན། །གསང་བའི་རིང་བསྲེལ་ཆེན་པོར་གནས། །རླུང་གི་འོད་ཟེར་ཚངས་བུག་འཕྲོ། །ཞེས་གསུངས་སོ། །བདུད་རྩི་ཆེན་པོ་ཆོས་ཉིད་གསང་བའི་རྒྱུད་ལས། འབྲས་བུ་མཐར་ཕྱིན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་འཁོར་རྣམས་ཀྱིས་སྟོན་
པ་ལ་མཆོད་པ་མང་པོས་མཆོད་ནས་འདི་སྐད་བརྗོད་ཅིང་བསྟོད་དོ། །ཕུན་སུམ་ཚོགས་པས་གཞི་བཅས་ནས། །ཆོ་ག་ལྔ་ཡི་ལས་གཞུང་བསྲང་། །དཀྱིལ་འཁོར་གསུམ་གྱིས་རྟོག་པ་སྦྱངས། །གཅེས་པ་བཞི་ཡིས་མཐའ་བསྡུས་ནས། །འཁོར་འདས་བདུད་རྩིར་སྦྱོར་མཛད་པ། །སྟོན་པ་ཁྱེད་ལ་ཕྱག་འཚལ་ལོ། །ཕྱི་ཡི་སྨན་བསྒྲུབ་ཆེན་པོ་ཡིས། །སེམས་ཅན་ཉོན་མོངས་སྣང་བ་སྦྱང་། །ནང་གི་བདུད་རྩི་བསྒྲུབ་པ་ཡིས། །རྣལ་འབྱོར་ཉམས་ཀྱི་སྣང་བ་ཤར། །འབྲས་བུ་བདེ་གཤེགས་སྣང་བ་ལ། །མི་ཟད་རྒྱན་གྱི་འཁོར་ལོར་གྲུབ། །སྣང་བ་གསུམ་གྱི་རྒྱུན་ཆད་པ། །སྟོན་པ་བདེ་གཤེགས་ཁྱོད་ཕྱག་འཚལ། །ཞེས་བསྟོད་ནས་འཁོར་རྣམས་སྟོན་པས་གསུངས་པ་ལ་རྗེས་སུ་ཡི་རངས་པར་གྱུར་ཏོ། །དེ་ནས་སྟོན་འཁོར་རྣམས་ཆོས་ཀྱི་དབྱིངས་སུ་ཐིམ་ནས། གསང་བའི་རྒྱུད་ཆེན་པོ་འདི་ཨུ་རྒྱན་གྱི་ཡུལ་དུ་དཔལ་དུ་བ་ལྟ་བུའི་མཆོད་རྟེན་གྱི་ནང་དུ་བཞུགས་སོ། །དེ་ནས་གསང་བའི་བདག་པོས་འགྲོ་བ་ལ་སྤྲོས་ཏེ། བདུད་རྩི་ཆེན་པོ་ཆོས་ཉིད་གསང་བའི་རྒྱུད་ལས། རྗེས་སུ་ཡི་རང་བའི་ལེའུ་སྟེ་དྲུག་པའོ།། །།བདུད་རྩི་ཆེན་པོ་ཆོས་ཉིད་གསང་བའི་རྒྱུད་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བི་མ་ལ་མི་ཏྲ་དང་། བོད་ཀྱི་ལོཙྪ་བ་གཉགས་ཛྙཱ་ན་ཀུ་མཱ་རས་བསྒྱུར་བའོ།། །།

བདུད་རྩི་འཁྱིལ་པ་འཆི་མེད་ཚེའི་རྒྱུད་ཅེས་བྱ་བ།


DNG020_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨ་མྲྀ་ཏ་ཀུཎྜ་ལི་ཨ་མ་ར་ཨཱ་ཡུཿཏནྟྲ་ནཱ་མ།བོད་སྐད་དུ། བདུད་རྩི་འཁྱིལ་པ་འཆི་མེད་ཚེའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སྐུ་དང་བསོད་ནམས་ཀྱི་ཚོགས་ཐམས་ཅད་ལ་ལོངས་སྤྱོད་པའི་བདག་པོ་ཆེན་པོ་དེ་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་སྙིང་པོ་རྡོ་རྗེ་བཙུན་མོའི་པདྨ་ལ་བཞུགས་སོ། །དེ་ཉིད་ལ་སོགས་པ་རིགས་ལྔའི་སངས་རྒྱས་རྣམས་དང་


DNG020_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་དང་། ས་བཅུའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་སོགས་པ་རྣམས་དང་། ཐབས་ཅིག་ཏུ་བཞུགས་སོ། །དེའི་ཚེ་དེའི་དུས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་ཆོས་རང་གི་སྟན་ལས་བཞེངས་ནས། ཁམས་གསུམ་གྱི་སེམས་ཅན་མ་ལུས་པ་རྣམས་ལ་ཐུགས་རྗེ་ཆེན་པོས་གཟིགས་ཏེ། འདི་སྐད་ཅེས་གསོལ་བ་འདེབས་སོ། །བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །སྲིད་པ་གསུམ་གྱི་སེམས་ཅན་རྣམས། །ཚེ་ནི་ཉམས་བྱེད་རྒྱུ་དང་རྐྱེན། །ཚེ་ཉམས་གྱུར་པའི་རྟགས་དང་ནི། །ཚེ་ཆོག་མཁན་པོའི་མཚན་ཉིད་དང་། །ཚེ་ཡི་ཆོ་ག་བྱ་ཐབས་རྣམས། །བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། །ཞེས་ཞུས་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དམ་ཅན་ཡི་ཆད་སྔགས་པས་སེམས་དཀྲུགས་དང་། །ཞེ་སྡང་དྲག་པོའི་རྦོད་སྟོང་བབས་པ་དང་། །རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཉམས་དང་། །གནས་མིན་གནས་བཅས་གྱུར་པ་འདི་རྣམས་ནི། །ཚེ་སྲོག་ཉམས་པར་བྱེད་པའི་རྒྱུ་ཡིན་ནོ། །ཚེ་ཡང་དབུགས་སྔངས་བགེགས་ཀྱི་དབང་དུ་གྱུར། །ཚེ་སྲོག་ཉམས་པར་བྱེད་པའི་རྐྱེན་ཡིན་ནོ། །འཁོར་ལ་ཁྲོ་ཞིང་ངུ་སྐད་འབྱིན་པ་དང་། །བཞིན་འགྱུར་སྤྱོད་ལམ་འཆལ་བར་གྱུར་པར་སྤྱོད། །སློབ་དཔོན་འཚོ་བྱེད་དུས་ལས་གཡེལ་བ་དང་། །ཁ་ཟས་དག་ཀྱང་ཡི་གར་མི་འོང་རྣམས། །འགྲོ་བ་གང་ལ་འདི་དང་ལྡན་གྱུར་ན། །དེ་ནི་ཚེ་ཉམས་པ་ཡི་རྟགས་ཡིན་ནོ། །ཚེ་ཆོག་བྱེད་པའི་སློབ་དཔོན་མཚན་ཉིད་གསུམ། །ཏིང་འཛིན་ཕྲ་མོ་ལས་སུ་རུང་བ་དང་། །རྒྱུད་ཀྱི་དོན་ལ་མཁས་ཤིང་དབང་ཐོབ་པ། །མཐུ་བྱིན་ཆེ་ཞིང་དམ་ཅན་ཉེ་བ་གསུམ། །འདི་གསུམ་གང་གིས་བཀུག་ཀྱང་ཁུག་པར་འགྱུར། །མི་མཆོག་བླ་མ་དེ་ལ་ཚེ་བསྲུང་ཞུ། །ཚེ་ཆོག་བྱ་བའི་ཐབས་ཀྱི་རིམ་པ་ནི། །བཅུད་ལེན་སྨན་གྱིས་ཚེ་རྣམས་བསྲིང་བ་དང་། །ཡི་དམ་སྔགས་ཀྱིས་ཚེ་སྲོག་འགུགས་པ་དང་། །བཟའ་བཏུང་ལོངས་སྤྱོད་ཚེ་ཡི་ཆོ་ག་དང་། །ལོངས་སྤྱོད་ཚོགས་ཀྱི་ཚེ་བསྒྲུབ་ཆེན་པོ་དང་། །གསང་བ་དག་


DNG020_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྫས་ལ་ཚེ་བསྒྲུབ་ཅིང་། །མཁའ་དབྱིངས་དག་པའི་ཡུམ་ལ་ཚེ་བསྒྲུབ་བྱ། །འདི་རྣམས་གང་གིས་ཚེ་སྲོག་ཉམས་པ་འཚོ། །ཞེས་གསུངས་སོ། །བདུད་རྩི་འཁྱིལ་པ་འཆི་མེད་ཚེའི་རྒྱུད་ལས། གླེང་གཞི་དང་གླེང་བསླང་བའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་ཉམས་པར་བྱེད་པའི་རྒྱུ་རྐྱེན་འདི་གསུངས་སོ། །ཕྱི་དང་ནང་དང་གསང་བའི་དམ་ཅན་རྣམས། །ལོ་དང་ཟླ་བར་མཆོད་པའི་དམ་བཅའ་རྣམས། །པྲ་ཏི་ཧ་ན་དུས་ཀྱི་མཆོད་པ་ཆག །ཆོས་སྐྱོང་སྲུང་མ་མ་ལུས་ཡི་ཆད་ནས། །ཆོ་འཕྲུལ་མི་སྡུག་སྟོན་པས་ཡིད་ཀྱང་དངངས། །དཀོན་མཆོག་སྲི་ཞུ་འཁོར་དང་བཅས་པ་དང་། །ཡོན་ཏན་མགྲོན་གྱི་དཔལ་ལྡན་མགོན་པོ་དང་། །ལན་ཆགས་སྙོགས་པའི་བགེགས་རིགས་སྡེ་བརྒྱད་དང་། །སྙིང་རྗེའི་མགྲོན་གྱུར་རིགས་དྲུག་སེམས་ཅན་ལ། །མཆོད་སྦྱིན་མ་བཏང་བསྲུང་མ་མ་དགྱེས་པས། །རང་སེམས་འཁྲུལ་པས་ལུས་ངག་སེམས་ནད་ལྡང་། །དགེ་འདུན་རྣམ་གཉིས་ལོངས་སྤྱོད་སྲོག་ལ་རྒོལ། །དམ་ཅན་སྲུང་མ་ལྷ་སྲིན་མ་ལུས་རྣམས། །བསྒྲལ་བའི་ཞིང་མིན་དེ་ལ་རྦད་བྱས་པས། །དུས་མིན་འཆི་བར་བྱེད་པའི་བར་ཆད་ཡིན། །ཡི་དམ་རང་གི་སྲོག་ལྟར་ཁུར་བ་དང་། །ལུས་ངག་ཡིད་ཀྱིས་བླ་མ་མཆོད་ཞབས་འདེབས། །སྔགས་དང་ཕྱག་རྒྱ་བར་དུ་མི་གཅོད་ཅིང་། །གསང་བའི་མན་ངག་སྣོད་ངན་མི་སྤེལ་ལ། །སྦྱོར་སྒྲོལ་ལ་སོགས་སྤྱད་པར་བྱ་བ་དང་། །བདུད་རྩི་རྣམ་ལྔ་དང་དུ་ལེན་བྱེད་ཅིང་། །ཉོན་མོངས་ཡེ་ཤེས་ཡེ་ནས་མི་སྤངས་ཏེ། །རིགས་ལྔ་བསྒྲུབ་པར་དམ་བཅས་དེ་རྣམས་དོར། །དེ་དག་ཚེ་སྲོག་ཉམས་པར་བྱེད་པས་ན། །འདི་བཞིན་སྐྱེས་བུས་མ་བྱེད་རྣལ་འབྱོར་ཚོགས། །ཞེས་གསུངས་སོ། །བདུད་རྩི་འཁྱིལ་པ་འཆི་མེད་ཚེའི་རྒྱུད་ལས། ཚེ་ཉམས་པར་བྱེད་པའི་རྒྱུ་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་ཉམས་པའི་རྟགས་འདི་གསུངས་སོ། །གང་ཞིག་བགེགས་ཀྱི་དབང་དུ་


DNG020_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པས་ནི། །ཕ་མས་བསྡུས་པའི་སྤུན་ཟླ་སྲིང་མོ་དང་། །ལུས་ལས་ཆད་པའི་བུ་དང་བུ་མོ་དང་། །སྲིད་པས་འདྲེལ་བའི་བུད་མེད་གཟུངས་མ་དང་། །དུས་ཀྱིས་བསྡུས་པའི་ཕ་ཚན་མེས་པོ་སོགས། །ལུས་ངག་ཡིད་ཀྱིས་ཁྲོ་བར་བྱེད་པ་དང་། །སྔོན་ལས་མི་ཤེས་སྔོན་ལས་རྗོད་བྱེད་ཅིང་། །དེ་ལྟའི་སྤྱོད་པ་ཅུང་ཟད་དཀའ་བར་བལྟ། །ཕྱི་མ་གར་སྐྱེ་འབྲས་བུ་མི་ཤེས་པར། །ད་ལྟའི་ལུས་འདི་འདོར་བར་སྡུག་སྐད་འབྱིན། །ལུས་ཀྱི་མདོག་ཉམས་དྭངས་མ་བྲོས་པ་དང་། །བྱད་ཀྱི་བཞིན་འགྱུར་བཀྲག་མདངས་ཤོར་ནས་ནི། །ངག་གིས་ཚིག་ངན་སྨྲ་ལ་དགའ་བར་བྱེད། །ལུས་ཀྱི་སྤྱོད་ལམ་དྲན་པ་མི་གསལ་ཏེ། །འདུ་བའི་ནད་ཀྱིས་ལུས་ལ་ཟིན་པ་ན། །འཚོ་བྱེད་སྨན་པ་དུས་སུ་མི་ཁུགས་ཤིང་། །བླ་མ་བསོད་ནམས་ཆེ་བ་གཞན་དུ་ཤོར། །ལུས་ཀྱི་སྟོབས་མེད་ཁ་ཟས་ཡིད་མི་འོང་། །ཕོ་བའི་མེ་དྲོད་ཉམས་པས་འཇུ་སྟོབས་ཞན། །ཞེས་གསུངས་སོ། །བདུད་རྩི་འཁྱིལ་པ་འཆི་མེད་ཚེའི་རྒྱུད་ལས། ཚེ་ཉམས་པའི་རྟགས་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་ཆོག་བྱེད་པའི་སློབ་དཔོན་གྱི་མཚན་ཉིད་བསྟན་པ་འདི་གསུངས་སོ། །ཡི་དམ་གསལ་ཞིང་བསྙེན་པ་ཐེངས་པ་ཡིས། །དྲོད་རྟགས་ཕྲ་མོའི་ནུས་པ་སྟོན་པ་དང་། །དམིགས་མེད་དེ་བཞིན་ཉིད་ལ་བློ་གཏད་པས། །སྟོང་ཉིད་ཕྲ་མོ་རྒྱུད་ལ་ཤར་བ་དང་། །རྒྱུད་དོན་ཐུགས་ལ་གསལ་བར་མཁྱེན་པ་ཡིས། །ཆོ་གའི་ཡན་ལག་ཀུན་ལ་མཁས་པ་དང་། །བུམ་དབང་ལུས་ལ་ཐོབ་པས་བྱིན་དང་ལྡན། །ལུས་ཀྱི་རྩ་རྣམས་བསྐྱེད་རིམ་ལྷ་སྐུར་ཤེས། །གསང་དབང་ངག་ལ་བསྐུར་བས་སྔགས་དང་ལྡན། །བཟླས་པའི་ཐབས་ལ་ཤིན་ཏུ་གུས་པ་དང་། །ཤེས་རབ་ཡོ་བྱད་ཡིད་ལ་གནས་པ་ཡིས། །ཁམས་ཀྱི་བདུད་རྩི་ལྷན་སྐྱེས་ཡེ་ཤེས་མྱོང་། །བདེ་ཆེན་དབང་གི་སྙིང་པོ་རླུང་ལ་གོམས། །གཟུངས་མའི་མཁའ་ནས་བྱང་སེམས་རང་ལ་སྡུད། །ལུས་ངག་ཡིད་རྣམས་དག་ཕྱིར་དབང་རྣམས་ཐོབ། །དབང་རྫོགས་རྒྱུད་མཁྱེན་ཡན་ལག་ལྡན་པ་ཡིས། །མཐུ་དང་


DNG020_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་རླབས་ངང་གིས་ཆེ་བ་ཡིན། །ཉི་མ་གང་དུ་ཤར་བར་མུན་པ་སེལ། །ཡོན་ཏན་དེ་ལྡན་དམ་ཅན་སྲུང་མ་ཉེ། །འདི་ལྡན་བླ་མའི་མཚན་ཉིད་ཡོད་པ་དེ། །ཕྱི་ཡི་བླ་མས་སྒྲོ་འདོགས་ཡོངས་སུ་གཅོད། །ནང་གི་བླ་མས་རང་བྱུང་ཡེ་ཤེས་ཤར། །གསང་བའི་བླ་མས་ལྷན་ཅིག་སྐྱེས་པ་སྟོན། །དེ་ཉིད་བླ་མའི་ཆོས་རྣམས་ཤིན་ཏུ་དག །འདི་ཡིས་ཚེ་རྣམས་ཁུག་པར་ཐེ་ཚོམ་བྲལ། །གང་ཉམས་སྐྱེས་བུས་བརྩོན་འགྲུས་རབ་བསྐྱེད་ནས། །བླ་མ་འདི་ལ་ཚེ་ཆོག་མྱུར་དུ་ཞུས། །ཞེས་གསུངས་སོ། །བདུད་རྩི་འཁྱིལ་པ་འཆི་མེད་ཚེའི་རྒྱུད་ལས། ཚེ་ཆོག་བྱེད་པའི་མཁན་པོ་བླ་མ་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་བཅུད་ལེན་སྨན་གྱིས་ཚེ་བསྲིང་བ་གསུངས་སོ། །གང་ཞིག་བཅུད་ལེན་སྨན་གྱིས་ཚེ་རྣམས་བསྲིང་། །ཤིང་གི་འབྲས་བུ་དག་ལ་བསྟན་པ་དང་། །རྡོ་ཡི་བཅུད་ལ་བསྟེན་ནས་བླང་བྱ་དང་། །རྩི་ཡི་རྩ་བ་རྣམས་སུ་སྦྱར་བ་དང་། །ཤ་ཡི་རིགས་ཀྱིས་རོ་རྣམས་སྲ་བྱ་ཞིང་། །ས་ཡི་ཞགས་རྣམས་ཟས་སུ་ཟ་བྱེད་ཅིང་། །ཆུ་ཡི་རིགས་རྣམས་སྐོམ་དུ་བཏུང་བར་བྱ། །འབྱུང་བའི་རོ་རྣམས་ལྡན་པ་ཨ་རུ་ར། །ནུས་པའི་བཅུད་ལྡན་སྨན་མཆོག་བ་རུ་ར། །ཚ་བའི་ནད་སེལ་གྲང་འཇོམས་སྐྱུ་རུ་ར། །རྒྱ་མ་ལྔ་བཅུ་ཆུ་ཡི་ནང་དུ་སྦང་། །ཁུ་བ་བཙག་ནས་འབྲི་མར་བཟང་པོ་དང་། །འོ་མ་ཆུ་དང་བཅས་ནས་བསྡུས་པ་ཡི། །སྨན་མར་བསྟེན་པས་སྐྲ་དཀར་གཉེར་མ་མེད་པ་དང་། །ཚེ་རིང་ལུས་ནི་ཤིན་ཏུ་བདེ་བར་བྱེད། །འདུ་བའི་ནད་ཀྱིས་མི་འཇིག་ཚེ་ཡང་བརྟན། །འབྲས་བུ་གསུམ་གྱི་བཅུད་ལེན་མི་རྣམས་སྤྱོད། །ཅོང་ཞི་མེ་ཡིས་བཞུས་པའི་ཕྱེ་མ་དང་། །བྲག་ཞུན་ཆུ་ཡིས་བཞུར་བའི་ཁུ་བ་དང་། །བུ་རམ་སྦྱར་ལ་རྟག་ཏུ་ཟས་སུ་བཟའ། །ནད་རྣམས་འཇོམས་ཤིང་རྒས་ཁ་ཤིན་ཏུ་སྲ། །རམ་ཉེ་ཉེ་ཤིང་ར་ཤག་རྩ་བ་དང་། །ཀ་ཤྭ་ཀན་དྷའི་རྩ་བ་གཟེ་མ་དང་། །ལྕ་བའི་རྩ་བ་རྣམས་ནི་ཆ་བསྙམས་ཏེ། །མར་དང་འོ་མ་ཆུར་སྦྱར་ཚོགས་པར་བྱ། །མར་གྱིས་བཅུད་འཕེལ་འོ་མས་སྣ་རིང་ངོ་། །ཆུ་ཡིས་སྣ་མི་ཚིག་སྟེ་ཁོང་ཚོས་སོ། །


DNG020_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

དཀྲུགས་པས་འཇུ་སླ་མཁས་པས་སྦྱར་བར་བྱ། །རྩ་བ་ལྔ་ཡི་སྨན་མར་ནད་རྣམས་སེལ། །རྒས་སྲ་ལུས་ཀྱི་ཉམས་སྟོབས་བཅུད་མདངས་འཕེལ། །ཚེ་སྲོག་བརྟན་པར་བྱེད་དེ་ཉམས་སུ་བླང་། །ད་བྱིད་རྩངས་པ་སྦལ་པ་མཆིལ་པའི་ཤ །སྦྲུལ་གྱི་ཤ་དང་དབང་པོ་ལག་པ་དང་། །བུ་རམ་སྦྲང་རྩི་ཅོང་ཞི་རབ་སྦྱར་ཟོས། །རྒས་པ་རོ་སྲ་ལུས་ཀྱི་ཟུངས་རྣམས་རྒྱས། །མིག་རྣོ་གཞོན་པའི་ལུས་དང་འདྲ་བར་བྱེད། །ཚེ་ཆོག་ཡིན་ཕྱིར་དང་དུ་བླང་བར་བྱ། །ས་ཡི་ཞག་རྣམས་ཟས་སུ་ཟ་བྱེད་ན། །དང་པོ་ས་བདག་ཀླུ་གཉན་མེད་ས་ནས། །སྦྱིན་ལ་བཟང་ཞིང་སྣུམ་པའི་ས་རིགས་ནས། །གཏོར་མ་བྱིན་ལ་ཡི་དྭགས་སོགས་ལ་བསླང་། །བདག་པོར་སྣང་བ་རྣམས་ལ་ཞུ་བར་བྱ། །ཆང་ངམ་ཆུ་ལ་སྦྱར་ཏེ་བཏུང་བ་ཡང་། །ཁྲོ་བོ་དཀར་པོ་རལ་གྲི་ཐོད་པ་འཛིན། །བསྒོམ་ནས་བདུད་རྩིར་བྱིན་བརླབ་བཟའ་བར་བྱ། །ལོག་ན་བུལ་ཏོག་ས་ཞག་བསྲེས་ལ་བཟའ། །ཆང་ཞིམ་ལྟོ་རུ་བཏུང་བར་བྱ་བ་ཡིན། །ས་ཡི་ལྷ་མོ་ཚེ་ཡི་བདག་མོ་ཡི། །བསྒྲུབ་པའི་མན་ངག་ཚེ་ཡི་ཆོ་གར་བསྲུང་། །ཆུ་ཡི་རིགས་རྣམས་སྐོམ་དུ་བཏུང་བ་ཡིན། །དང་པོ་ནས་གདུས་ཚ་བ་བཏུང་བར་བྱ། །ཁམ་ལོག་བྱུང་ན་བུ་རམ་མུར་བར་བྱ། །དེ་ནས་ཚ་མེད་པ་ཡི་ཆུ་བཟང་ལ། །བསྐོལ་གྲང་བྱས་ཏེ་མང་དུ་འཐུང་བ་ཡིས། །སྲིན་གྱི་རིགས་རྣམས་ཕྱི་རུ་འཐོན་པ་དང་། །ཁམ་ལོག་བྱུང་ན་རུས་ཁུ་བཟང་པོ་གཏང་། །འབྱོངས་པར་གྱུར་ནས་རྟག་ཏུ་ཆུ་གྲང་བཏུང་། །འདིས་ནི་ས་བདག་ཀླུ་གཉན་མ་ལུས་པའི། །ཚེ་ཡི་བར་ཆད་སེལ་བར་བྱེད་པ་ཡིན། །ཆུ་གོམས་བཟང་པོ་རྣལ་འབྱོར་པ་ཡིས་བྱ། །དེ་ལ་བཅུད་ལེན་རིགས་ཀྱི་སྔགས་འདི་གསུངས། །ཨཱོཾ་ཨཱཿམི་དེ་ཝ་ཧྲཱྀཿ། སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཧྲཱྀཿ། ཨཱ་ཡུརྫྙཱ་ན་པུཎྱེ་སྭཱ་ཧཱ། བདུད་རྩི་འཁྱིལ་པ་འཆི་མེད་ཚེའི་རྒྱུད་ལས། བཅུད་ལེན་སྨན་གྱིས་ཚེ་བསྲིང་བའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཡི་དམ་སྔགས་ཀྱིས་ཚེ་སྲོག་འགུགས་པ་འདི་གསུངས་སོ། །ཚེ་སྲོག་བརྟན་པའི་ཡི་དམ་སྔགས་བསྒྲུབ་འདི། །ཚེ་བསྲིང་ནད་སེལ་རྒྱལ་པོ་


DNG020_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པར་གསུངས། །དང་པོ་ཚེ་སྲོག་རྟེན་བྱེད་སྟོང་ཉིད་ལས། །ཚེ་དཔག་མེད་པ་མདོག་དཀར་རང་ཉིད་བསམ། །གཡས་པ་ས་གནོན་གཡོན་པ་མཉམ་བཞག་སྟེང་། །ཚེ་ཡི་བུམ་པ་རབ་ཏུ་བཞག་པ་ལ། །ཡི་གེ་ནྲྀ་ནི་ཚེ་ཡི་རང་བཞིན་ཅན། །འོད་འཕྲོས་བཀུག་ནས་རང་ལ་བསྡིམ་པར་བྱ། །ན་མོ་བྷ་ག་ཝཱ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུར་ཛྙཱ་ན་སུ་བི་ནིཥྩྀཏྟ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏ་ཡ། ཨ་ར་ཧ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨཱོཾ་སརྦ་སཾ་སྐ་ར་པ་རི་ཤུཌྜྷ་དྷརྨ་ཏེ་ག་ག་ན་ས་མུད་ག་ཏེ། སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། ཞག་རེ་ལ་ནི་བརྒྱ་རྩ་བཟླས། །ཚེ་སྲོག་བར་ཆད་མེད་པར་འགྱུར། །ཚེ་རིང་ནད་སེལ་ཐུགས་དམ་ནི། །ནངས་པར་ཉི་མ་ཤར་བའི་དུས། །ཤར་གྱི་ཕྱོགས་སུ་ཁ་བལྟས་ལ། །ནམ་མཁའ་ཟླ་བའི་དཀྱིལ་འཁོར་ལ། །ཚེ་དཔག་མེད་པ་མདོག་དཀར་ཞིང་། །ཕྱག་གི་བདུད་རྩི་ལྷུང་བཟེད་ནས། །འཆི་མེད་བདུད་རྩི་འགྲོ་སྦྱིན་བཏང་། །གསིལ་བྱེད་ཁ་བཅད་སྐྱིལ་ཀྲུང་བཞུགས། །བདག་གིས་མཆོད་དེ་གསོལ་བ་གདབ། །ཧཱུཾ་ཤར་ཕྱོགས་མངོན་པར་དགའ་བ་ན། །ཚེ་དང་ཡེ་ཤེས་བདག་པོ་ཁྱེད། །བདུད་རྩིའི་ལྷུང་བཟེད་ཁ་ཕྱེ་ནས། །གསིལ་བྱེད་འབར་བ་རིན་ཆེན་ནས། །བདེན་པ་བཞི་རྟོགས་ཆུ་བོ་ཕོབ། །བདག་ལ་ཚེ་དབང་བསྐུར་དུ་གསོལ། །ཚེ་དང་བསོད་ནམས་རྒྱས་པར་མཛོད། །དུས་འདིར་བདག་ལ་བདུད་རྩི་ཕོབ། །ཅེས་པ་སྣ་ཡི་རླུང་གིས་ནི། །བདུད་རྩི་གསིལ་བྱེད་ལས་དྲངས་ནས། །བདག་ལ་འབེབས་པའི་གསང་སྔགས་འདི། །བརྒྱ་དང་རྩ་བརྒྱད་བཟླས་པར་བྱའོ། །ཧཱུཾ་སུ་སོ་ས་ར་ཧ་ཀ་རིར་ཤ་རེ་ཧཱུཾ་ཕཊ། འདུ་བ་བཞི་ཡི་ནད་རྣམས་དང་། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུའི་གདོན། །ཐམས་ཅད་མ་ལུས་སེལ་བར་བྱེད། །དེ་ཕྱིར་རང་གི་དྲི་ཆུ་ནི། །ཁྱོར་བར་བླུགས་ལ་སྔགས་བཏབ་བཏུང་། །ཨོཾ་ཨ་མ་ར་ཎ་ཛཱི་ཝན་ཏི་སྭཱ་ཧཱ། ཞེས་གསུངས་སོ། །བདུད་རྩི་འཁྱིལ་པ་འཆི་མེད་ཚེའི་རྒྱུད་ལས། ཡི་དམ་སྔགས་ཀྱིས་ཚེ་བརྟན་པའི་ལེའུ་སྟེ་དྲུག་པའོ།། །།


DNG020_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བཅོམ་ལྡན་འདས་ཀྱིས་བཟའ་བཏུང་ལོངས་སྤྱོད་ཚེའི་ཆོ་ག་འདི་གསུངས་སོ། །ཉིན་གཅིག་པ་དང་གཞན་གྱིས་ཁ་སྐོངས་ལ། །བཟའ་བཏུང་ལོངས་སྤྱོད་ཚེ་ཆོག་ཡིན། །ཉིན་གཅིག་པ་ཡི་ཚེ་ཡི་ཆོ་གའི་གཞུང་། །པདྨ་འདབ་བརྒྱད་དཀྱིལ་འཁོར་བཞེངས་སུ་གསོལ། །ཚེ་བུམ་བྱིན་བརླབས་མཚམས་བཅད་ཅིང་། །ཚེ་སྐྱེམས་བལྟམ་ཞིང་ཚེ་འབྲས་བསྩལ། །དཀྱིལ་འཁོར་དབུས་སུ་བཞུགས་སུ་གསོལ། །བྷྲཱུཾ་ལས་བུམ་པ་གཞལ་ཡས་ཁང་། །མ་ལས་ཉི་མའི་དཀྱིལ་འཁོར་དང་། །ཨ་ལས་ཟླ་བའི་དཀྱིལ་འཁོར་བསྒོམ། །ཨ་ཡིག་འཕྲོ་འདུས་སྔགས་བརྗོད་ལ། །བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །ཞལ་གསུམ་ཕྱག་ནི་དྲུག་པ་སྟེ། །གཡས་དཀར་གཡོན་སྔོ་དབུས་དམར་བ། །པདྨ་རྡོ་རྗེ་རིན་ཆེན་གཡས། །དྲིལ་བུ་འཁོར་ལོ་རལ་གྲི་གཡོན། །ཐུགས་ཀར་ཧྲཱྀཿདམར་རྟ་མགྲིན་སྐུ། །ཞལ་གསུམ་ཕྱག་དྲུག་སྐུ་མདོག་དམར། །གཡས་གཡོན་རྡོ་རྗེ་པདྨ་བསྣམས། །མཐའ་གཉིས་མདའ་གཞུ་རྣམ་པར་འཛིན། །དཀར་ལ་དམར་དང་སྔོ་བའི་ཞལ། །ཁམས་གསུམ་དབང་དུ་བསྡུས་པའོ། །བྷྲཱུཾ་བཛྲ་པདྨ་བི་ཤྭ་བྷྲཱུཾ། མ་སཱུརྱ་མཎྜལ་བྷྲཱུཾ། ཨ་ཙནྡྲ་མཎྜལ་ཨ། པཾ་པདྨ་མཎྜལ་པཾ། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། ཏིཥྛ་བཛྲ། ཨོཾ་ཨཱཿཧཱུཾ། ཡུམ་ཆེན་གོས་དཀར་སྐུ་ལ་འཁྲིལ། །དེ་བཞིན་རྡོ་རྗེ་རིན་ཆེན་དང་། །ལུས་མཆོག་ཡུམ་ཆེན་པདྨ་ལ། །ཕོ་ཉ་བཞི་དང་སྒོ་མ་བཞི། །ཞིང་ཁམས་སྒོ་ལ་བསྒོམ་པར་བྱ། །ཚེ་བསྐྱེད་པ་ལ་རྣམ་པ་གཉིས། །ཞི་བ་ཡེ་ཤེས་ཚེ་དང་ནི། །རོལ་པ་ཁྲོ་བོའི་ཚེ་བསྐྱེད་དོ། །ཚེ་འགུགས་པ་ལ་རྣམ་པ་གཉིས། །འབྱུང་བ་ཆེན་པོ་ལྔ་ཡི་ཚེ། །འབྲས་བུ་བྱང་ཆུབ་སེམས་ཀྱི་ཚེ། །བསྡིམ་པ་ལུས་ཀྱི་གནས་ལྔ་རུ། །སྐུ་གསུང་ཐུགས་དང་ཡོན་ཏན་དང་། །ཕྲིན་ལས་ལྔ་ཡི་ཚེ་བསྡིམ་མོ། །ཧཱུཾ་ནུབ་ཕྱོགས་པདྨ་དབང་གི་ཞིང་ཁམས་ན། །བཅོམ་ལྡན་མགོན་པོ་གསུང་མཆོག་ཚེ་དཔག་མེད། །ཐུགས་ཀྱི་ཟླ་གམ་ཤེལ་གྱི་གའུ་ནས། །བྱང་ཆུབ་སེམས་ཀྱི་ཚེ་མཆོག་ཨཱ་ཡུ་དམར་པོ་ནི། །རྩེ་གཅིག་བདག་


DNG020_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

གིས་བསྒྲུབ་པའི་ཚེ་ལགས་ན། །བྱིན་གྱིས་རློབས་ཤིང་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ། །ཨོཾ་བྷྲཱུཾ་བྷུཌྜྷ་ཨཱ་ཡུ་ཥེ་ཧཱུཾ་ཨ། ཧཱུཾ་བྷྲཱུཾ་བཛྲ་ཨཱ་ཡུ་ཥེ་ཧཱུཾ་ཨ། སྭཱ་བྷྲཱུཾ་རཏྣ་ཨཱ་ཡུ་ཥེ་ཧཱུཾ་ཨ། ཨཱཾ་བྷྲཱུཾ་པདྨ་ཨཱ་ཡུ་ཥེ་ཧཱུཾ་ཨ། ཧཱ་བྷྲཱུཾ་ཀརྨ་ཨཱ་ཡུ་ཥེ་ཧཱུཾ་ཨཱ། ཧཱུྃ་པདྨ་གེ་སར་སྟོང་ལྡན་པའི། །དབུས་ཀྱི་རཱ་ག་དམར་པོ་འོད་ཀྱི་དཀྱིལ་འཁོར་ནས། །བཅོམ་ལྡན་སྐུ་མཆོག་མགོན་པོ་རྣམ་སྣང་མཛད། །ཐུགས་ཀའི་དཔལ་བེའུ་ཟླ་གསང་གའུ་ནས། །ཨོཾ་དཀར་གསལ་བའི་འཕྲོ་འདུ་ལས། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱིས། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ནས། །གཏི་མུག་ཆེན་པོའི་དུག་བཅོམ་སྟེ། །གུ་ཧྱ་གསང་བའི་བྱང་ཆུབ་སེམས། །རྡོ་རྗེ་ཚེ་རུ་རབ་ཏུ་བསྒོམ། །ཨོཾ་བྷྲཱུཾ་བུཌྜྷ་ཨཱ་ཡུ་ཥེ་ཧཱུཾ་ཨ། ཧཱུཾ་པདྨ་གེ་སར་སྟོང་ལྡན་པའི། །ཤར་ཕྱོགས་ཡེ་ཤེས་ཆེན་པོའི་དཀྱིལ་འཁོར་ནས། །བཅོམ་ལྡན་ཐུགས་མཆོག་མགོན་པོ་རྡོ་རྗེ་སེམས། །ཐུགས་ཀའི་དཔལ་བེའུ་ཟླ་གསང་གའུ་ནས། །ཧཱུཾ་སྔོན་གསལ་བའི་འཕྲོ་འདུ་ལས། །མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ནས། །ཞེ་སྡང་ཆེན་པོའི་དུག་བཅོམ་སྟེ། །གུ་ཧྱ་གསང་བའི་བྱང་ཆུབ་སེམས། །རྡོ་རྗེའི་ཚེ་རུ་རབ་ཏུ་བསྒོམ། །ཧཱུཾ་བྷྲཱུཾ་བཛྲ་ཨཱ་ཡུ་ཥེ་ཧཱུཾ་ཨཱཿ། ཧཱུཾ་པདྨ་གེ་སར་སྟོང་ལྡན་པའི། །ལྷོ་ཕྱོགས་ཡེ་ཤེས་ཆེན་པོའི་དཀྱིལ་འཁོར་ནས། །བཅོམ་ལྡན་ཡོན་ཏན་མགོན་པོ་རིན་ཆེན་འབྱུང་། །ཐུགས་ཀའི་དཔལ་བེའུ་ཟླ་གསང་གའུ་ནས། །སྭཱ་སེར་གསལ་བའི་འཕྲོ་འདུ་ལས། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ནས། །ང་རྒྱལ་ཆེན་པོའི་དུག་བཅོམ་སྟེ། །གུ་ཧྱ་གསང་བའི་བྱང་ཆུབ་སེམས། །རྡོ་རྗེའི་ཚེ་རུ་རབ་ཏུ་བསྒོམ། །སྭཱ་བྷྲཱུཾ་རཏྣ་ཨཱ་ཡུ་ཥེ་ཧཱུཾ་ཨ། ཧཱུཾ་པདྨ་གེ་སར་སྟོང་ལྡན་པའི། །ནུབ་ཕྱོགས་ཡེ་ཤེས་ཆེན་པོའི་དཀྱིལ་འཁོར་ནས། །བཅོམ་ལྡན་གསུང་མཆོག་མགོན་པོ་ཚེ་དཔག་མེད། །ཐུགས་ཀའི་དཔལ་བེའུ་ཟླ་གསང་གའུ་ནས། །ཨཱཾ་དམར་གསལ་བའི་འཕྲོ་འདུ་ལས། །སོ་སོར་རྟོག་པའི་ཡེ་ཤེས་ཀྱིས། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ནས། །འདོད་


DNG020_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་ཆེན་པོའི་དུག་བཅོམ་སྟེ། །གུ་ཧྱ་གསང་བའི་བྱང་ཆུབ་སེམས། །རྡོ་རྗེའི་ཚེ་རུ་རབ་ཏུ་བསྒོམ། །ཨཱཾ་བྷྲཱུཾ་པདྨ་ཨཱ་ཡུ་ཥེ་ཧཱུཾ་ཨ། ཧཱུཾ་པདྨ་གེ་སར་སྟོང་ལྡན་པའི། །བྱང་ཕྱོགས་ཡེ་ཤེས་ཆེན་པོའི་དཀྱིལ་འཁོར་ནས། །བཅོམ་ལྡན་ཕྲིན་ལས་མགོན་པོ་དོན་ཡོད་གྲུབ། །ཐུགས་ཀའི་དཔལ་བེའུ་ཟླ་གསང་གའུ་ནས། །ཧཱ་ལྗང་གསལ་བའི་འཕྲོ་འདུ་ལས། །བྱ་བ་ནན་ཏན་ཡེ་ཤེས་ཀྱིས། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ནས། །ཕྲག་དོག་ཆེན་པོའི་དུག་བཅོམ་སྟེ། །གུ་ཧྱ་གསང་བའི་བྱང་ཆུབ་སེམས། །རྡོ་རྗེའི་ཚེ་རུ་རབ་ཏུ་བསྒོམ། །ཧཱ་བྷྲཱུཾ་ཀརྨ་ཨཱ་ཡུ་ཥེ་ཧཱུཾ་ཨཱ། ཧཱུཾ་འབྱུང་བ་ཤ་ཡི་ཁམས་ནས་ཚེ་ཉམས་ན། །ས་ཡི་ཁམས་ནས་དགུག་པར་བྱ། །དུས་གསུམ་རྒྱལ་བའི་ཡུམ་མཆོག་སངས་རྒྱས་སྤྱན། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ནས། །འབྱུང་བ་ས་ཡི་ཁམས་རྣམས་ཀུན། །གསང་བའི་ཚེ་རུ་བྱིན་བརླབས་ནས། །ཤ་ཡི་ཁམས་སུ་བསྡིམ་པར་བྱ། །ལཱཾ་བྷྲཱུཾ་བཛྲ་ཨཱ་ཡུ་ཥེ་ཧཱུཾ་ཨཱ། ཧཱུཾ་འབྱུང་བ་ཁྲག་གི་ཁམས་ནས་ཚེ་ཉམས་ན། །ཆུ་ཡི་ཁམས་ནས་དགུག་པར་བྱ། །དུས་གསུམ་རྒྱལ་བའི་ཡུམ་མཆོག་མཱ་མ་ཀཱི། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ནས། །འབྱུང་བ་ཆུ་ཡི་ཁམས་རྣམས་ཀུན། །གསང་བའི་ཚེ་རུ་བྱིན་བརླབས་ནས། །ཁྲག་གི་ཁམས་སུ་བསྡིམ་པར་བྱ། །མཱཾ་བྷྲཱུཾ་རཏྣ་ཨཱ་ཡུ་ཥེ་ཧཱུཾ་ཨ། ཧཱུཾ་འབྱུང་བ་དྲོད་ཀྱི་ཁམས་ནས་ཚེ་ཉམས་ན། །མེ་ཡི་ཁམས་ནས་དགུག་པར་བྱ། །དུས་གསུམ་རྒྱལ་བའི་ཡུམ་མཆོག་ན་བཟའ་དཀར། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ནས། །འབྱུང་བ་མེ་ཡི་ཁམས་རྣམས་ཀུན། །གསང་བའི་ཚེ་རུ་བྱིན་བརླབས་ནས། །དྲོད་ཀྱི་ཁམས་སུ་བསྡིམ་པར་བྱ། །པཱཾ་བྷྲཱུཾ་པདྨ་ཨཱ་ཡུ་ཥེ་ཧཱུཾ་ཨ། ཧཱུཾ་འབྱུང་བ་དབུགས་ཀྱི་ཁམས་ནས་ཚེ་ཉམས་ན། །རླུང་གི་ཁམས་ནས་དགུག་པར་བྱ། །དུས་གསུམ་རྒྱལ་བའི་ཡུམ་མཆོག་དམ་ཚིག་སྒྲོལ། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ནས། །འབྱུང་བ་རླུང་གི་ཁམས་རྣམས་ཀུན། །གསང་བའི་ཚེ་རུ་བྱིན་བརླབས་ནས། །དབུགས་ཀྱི་ཁམས་སུ་བསྡིམ་པར་བྱ། །ཏཱཾ་བྷྲཱུཾ་ཀརྨ་


DNG020_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱ་ཡུ་ཥེ་ཧཱུཾ་ཨ། ཧཱུཾ་རྣམ་ཤེས་ཡིད་ཀྱི་ཁམས་ནས་ཚེ་ཉམས་ན། །ནམ་མཁའི་ཁམས་ནས་དགུག་པར་བྱ། །དུས་གསུམ་རྒྱལ་བའི་ཡུམ་མཆོག་ཀུན་ཏུ་བཟང་། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ནས། །འབྱུང་བ་ནམ་མཁའི་ཁམས་རྣམས་ཀུན། །གསང་བའི་ཚེ་རུ་བྱིན་བརླབས་ཏེ། །སེམས་ཀྱི་ཁམས་སུ་བསྡིམ་པར་བྱ། །མཱུཾ་བྷྲཱུཾ་བྷུཌྜྷ་ཨཱ་ཡུ་ཥེ་ཧཱུཾ་ཨ། ཧཱུཾ་ཤར་ཕྱོགས་དཀར་མོ་ཤེལ་གྱི་ཞིང་ཁམས་ནས། །དཀར་མོ་མགྱོགས་མ་ཞི་བྱེད་འོད་འཕྲོའི་ཚོགས། །ཕྱག་ན་ཚེ་ཡི་གཡབ་དར་དཀར་པོ་བསྣམས། །ཚེ་དང་ཡེ་ཤེས་འགུགས་པའི་ལས་མཛད་མ། །དཔལ་དང་གཟི་བརྗིད་འདྲེན་པའི་ལས་མཛོད་ཅིག །ཤར་ཕྱོགས་དྲི་ཟའི་ལག་ནས་ཚེ་དྲོངས་ལ། །རྡོ་རྗེའི་ཚེ་མཆོག་འགུགས་པའི་ལས་མཛོད་ཅིག །བཛྲ་ཨཱ་ཡུ་ཥེ་ཨཾ་ཀུ་ཤ་ཛ། ཧཱུཾ་ལྷོ་ཕྱོགས་བཻ་ཌཱུརྱ་ཡི་ཞིང་ཁམས་ནས། །སྔོན་མོ་མགྱོགས་མ་ཞི་བྱེད་འོད་འཕྲོའི་ཚོགས། །ཕྱག་ན་ཚེ་ཡི་གཡབ་དར་སྔོན་པོ་བསྣམས། །ཚེ་དང་ཡེ་ཤེས་འགུགས་པའི་ལས་མཛད་མ། །དཔལ་དང་གཟི་བརྗིད་འདྲེན་པའི་ལས་མཛོད་ཅིག །ལྷོ་ཕྱོགས་གཤིན་རྗེའི་ལག་ནས་ཚེ་དྲོངས་ལ། །རིན་ཆེན་ཚེ་མཆོག་འགུགས་པའི་ལས་མཛོད་ཅིག །རཏྣ་ཨཱ་ཡུ་ཥེ་པཱ་ཤ་ཧཱུཾ། ཧཱུཾ་ནུབ་ཕྱོགས་པདྨ་རཱ་གའི་ཞིང་ཁམས་ནས། །དམར་མོ་མགྱོགས་མ་དབང་བྱེད་འོད་འཕྲོའི་ཚོགས། །ཕྱག་ན་ཚེ་ཡི་གཡབ་དར་དམར་པོ་བསྣམས། །ཚེ་དང་ཡེ་ཤེས་འགུགས་པའི་ལས་མཛད་མ། །དཔལ་དང་གཟི་བརྗིད་འདྲེན་པའི་ལས་མཛོད་ཅིག །ནུབ་ཕྱོགས་ཀླུ་དབང་ལག་ནས་ཚེ་དྲོངས་ལ། །པདྨའི་ཚེ་མཆོག་འགུགས་པའི་ལས་མཛོད་ཅིག །པདྨ་ཨཱ་ཡུ་ཥེ་སྥོ་ཊ་བཾ། ཧཱུཾ་བྱང་ཕྱོགས་ཨིནྡྲ་ནཱི་ལའི་ཞིང་ཁམས་ནས། །ལྗང་གུ་མགྱོགས་མ་དྲག་བྱེད་འོད་འཕྲོའི་ཚོགས། །ཕྱག་ན་ཚེ་ཡི་གཡབ་དར་ལྗང་གུ་བསྣམས། །ཚེ་དང་ཡེ་ཤེས་འགུགས་པའི་ལས་མཛད་མ། །དཔལ་དང་གཟི་བརྗིད་འདྲེན་པའི་ལས་མཛོད་ཅིག །བྱང་ཕྱོགས་གནོད་སྦྱིན་ལག་ནས་ཚེ་དྲོངས་ལ། །ལས་


DNG020_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཚེ་མཆོག་འགུགས་པའི་ལས་མཛོད་ཅིག །ཀརྨ་ཨཱ་ཡུ་ཥེ་གྷཎྜ་ཧོཿ། ཧཱུཾ་ཁམས་གསུམ་གནས་ནས་ཚེ་འགུགས་མ། །རྡོ་རྗེ་ལྷ་མོ་ལྕགས་ཀྱུ་མ། །ག་པུར་ཤེལ་གྱི་མདོག་འདྲ་བ། །ཕྱག་ན་ཚེ་ཡི་བུམ་པ་བསྣམས། །གཅིག་ལས་བྱེ་བ་འབུམ་དུ་སྤྲུལ། །ཡང་སྤྲུལ་ལྷ་མོ་མང་པོ་ཡིས། །དྲོངས་ཤིག་རྡོ་རྗེའི་ཚེ་དྲོངས་ཤིག །ཁཎྜ་རོ་ཧཱི་ཛ་ཛཿ། ཧཱུཾ་སྲིད་གསུམ་གནས་ནས་ཚེ་འགུགས་མ། །རིན་ཆེན་ལྷ་མོ་ཞགས་པ་མ། །བཻ་ཌཱུརྱ་ཡི་མདོག་འདྲ་མ། །ཕྱག་ན་རིན་ཆེན་བུམ་པ་བསྣམས། །གཅིག་ལས་བྱེ་བ་འབུམ་དུ་སྤྲུལ། །ཡང་སྤྲུལ་ལྷ་མོ་མང་པོ་ཡིས། །དྲོངས་ཤིག་རིན་ཆེན་ཚེ་དྲོངས་ཤིག །དུ་སི་ནི་ཧཱུཾ་ཧཱུཾ། ཧཱུཾ་སྟོང་གསུམ་གནས་ནས་ཚེ་འགུགས་མ། །པདྨའི་ལྷ་མོ་ལྕགས་སྒྲོག་མ། །པདྨ་རཱ་གའི་མདོག་འདྲ་མ། །ཕྱག་ན་པདྨའི་བུམ་པ་བསྣམས། །གཅིག་ལས་བྱེ་བ་འབུམ་དུ་སྤྲུལ། །ཡང་སྤྲུལ་ལྷ་མོ་མང་པོ་ཡིས། །དྲོངས་ཤིག་པདྨའི་ཚེ་དྲོངས་ཤིག །དྷཱཀྐི་ནི་བཾ་བཾ། ཧཱུཾ་འཇིག་རྟེན་གསུམ་ན་ཚེ་འགུགས་མ། །ལས་ཀྱི་ལྷ་མོ་དྲིལ་བུ་མ། །ཨིནྡྲ་ནཱི་ལའི་མདོག་འདྲ་མ། །ཕྱག་ན་ཟླ་བའི་དྲིལ་བུ་བསྣམས། །གཅིག་ལས་བྱེ་བ་འབུམ་དུ་སྤྲུལ། །ཡང་སྤྲུལ་ལྷ་མོ་མང་པོ་ཡིས། །དྲོངས་ཤིག་ལས་ཀྱི་ཚེ་དྲོངས་ཤིག །ས་མ་ཡ་ཧོ་ཧོཿ། ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ། བཛྲ་པཱ་ཤ་ཧཱུཾ། བཛྲ་སྥོ་ཊ་བཾ། བཛྲ་གྷཎྜ་ཧོཿ། ཧཱུཾ་ཆོས་ལས་མངའ་མཛད་པདྨའི་རྒྱལ། །གཅིག་ནས་དབང་བསྐུར་བཅོམ་ལྡན་འདས། །ཕུང་པོ་ལྔ་ཡི་ཚེ་ཉམས་ན། །ཕྱག་རྒྱ་ཆེན་པོ་ཡབ་ཀྱིས་ཁུག །འབྱུང་བ་ལྔ་ཡི་ཚེ་ཉམས་ན། །ཤེས་རབ་ལྷ་མོ་ཡུམ་གྱིས་ཁུག །ཁམས་དང་སྐྱེ་མཆེད་ཚེ་ཉམས་ན། །བྱང་ཆུབ་སེམས་དཔའི་འཁོར་གྱིས་ཁུག །ཧཱུཾ་རྡོ་རྗེ་ཁྱུང་གི་གཤོག་རླབས་ལ། །རྒྱ་མཚོ་ཆེན་པོའི་གཏིང་ནས་དཀྲུགས། །གནམ་ལྕགས་ཐོག་གི་ཆར་ཕོབ་ལ། །སྲིད་པའི་རི་བོ་རྨང་ནས་ཤིག །རྡོ་རྗེ་མཚོན་ཆའི་ཆར་ཕོབ་ལ། །བར་ཆོད་འབྱུང་པོ་རྡུལ་དུ་རློག །ཛཿཧཱུཾ་བཾ་ཧོཿ། ཏཱིཀྵྞ་མུཀྟ་བཛྲ་ཨཱ་ཡུ་ཥེ་ཨཱ། དེ་ནས་ཚེ་བུམ་ལག་ཏུ་གཏད། །ཧཱུཾ་ནམ་མཁའི་ཁམས་ནས་མ་གཅིག་ཚེ་འཛིན་


DNG020_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

མ། །དེ་བཞིན་རིགས་ཀྱི་ཡུམ་སྟེ་ཚེ་འཛིན་མ། །སྐུ་མདོག་བཙོ་མ་གསེར་གྱི་མདོག་འདྲ་མ། །ཕྱག་ན་གསེར་གྱི་བུམ་པ་བསྣམས། །ཡོན་བདག་ཚེ་དང་བདུད་རྩིས་བལྟམས་ནས་ཀྱང་། །འཁོར་ལོ་རྩིབས་བརྒྱད་འབར་བའི་རྒྱས་འདེབས་ཤིང་། །ཚེ་འདི་བཅོལ་ལོ་ཚེ་དང་སྲོག་གཉིས་བརྟན། །ཚེ་ཟུངས་སྲོག་སྐྱོབས་དབང་བསྐུར་བྱིན་གྱིས་རློབས། །དྷཱ་ཏྭཱི་ཤྭ་རཱི་ཚེ་བྷྲཱུཾ། ཧཱུཾ་ཤར་གྱི་ཕྱོགས་ནས་མ་གཅིག་ཚེ་འཛིན་མ། །རྡོ་རྗེ་རིགས་ཀྱི་ཡུམ་སྟེ་སངས་རྒྱས་སྤྱན། །སྐུ་མདོག་ག་པུར་ཤེལ་གྱི་མདོག་འདྲ་མ། །ཕྱག་ན་རིན་ཆེན་ཤེལ་དཀར་བུམ་པ་བསྣམས། །ཡོན་བདག་ཚེ་དང་བདུད་རྩིས་བལྟམས་ནས་ཀྱང་། །རྡོ་རྗེ་རྩེ་ལྔ་འབར་བའི་རྒྱས་འདེབས་ཤིང་། །ཚེ་འདི་བཅོལ་ལོ་ཚེ་དང་སྲོག་གཉིས་བརྟན། །ཚེ་ཟུངས་སྲོག་སྐྱོབས་དབང་བསྐུར་བྱིན་གྱིས་རློབས། །དྭེ་ཥ་ར་ཏི་ཚེ་བྷྲཱུཾ། ཧཱུཾ་ལྷོ་ཡི་ཕྱོགས་ནས་མ་གཅིག་ཚེ་འཛིན་མ། །རིན་ཆེན་རིགས་ཀྱི་ཡུམ་སྟེ་མཱ་མ་ཀཱི། །སྐུ་མདོག་བཻ་ཌཱུརྱ་ཡི་མདོག་འདྲ་མ། །ཕྱག་ན་བཻ་ཌཱུརྱ་ཡི་བུམ་པ་བསྣམས། །ཡོན་བདག་ཚེ་དང་བདུད་རྩིས་བལྟམས་ནས་ཀྱང་། །རིན་ཆེན་ཟུར་བརྒྱད་འབར་བའི་རྒྱས་འདེབས་ཤིང་། །ཚེ་འདི་བཅོལ་ལོ་ཚེ་དང་སྲོག་གཉིས་བརྟན། །ཚེ་ཟུངས་སྲོག་སྐྱོབས་དབང་བསྐུར་བྱིན་གྱིས་རློབས། །མོ་ཧ་ར་ཏི་ཚེ་བྷྲཱུཾ། ཧཱུཾ་ནུབ་ཀྱི་ཕྱོགས་ནས་མ་གཅིག་ཚེ་འཛིན་མ། །པདྨ་རིགས་ཀྱི་ཡུམ་སྟེ་ན་བཟའ་དཀར། །སྐུ་མདོག་པདྨ་རཱ་གའི་མདོག་འདྲ་མ། །ཕྱག་ན་པདྨ་རཱ་གའི་བུམ་པ་བསྣམས། །ཡོན་བདག་ཚེ་དང་བདུད་རྩིས་བལྟམས་ནས་ཀྱང་། །པདྨ་འདབ་བརྒྱད་འབར་བའི་རྒྱས་འདེབས་ཤིང་། །ཚེ་འདི་བཅོལ་ལོ་ཚེ་དང་སྲོག་འདི་བརྟན། །ཚེ་ཟུངས་སྲོག་སྐྱོབས་དབང་བསྐུར་བྱིན་གྱིས་རློབས། །རཱ་ག་ར་ཏི་ཚེ་བྷྲཱུཾ། ཧཱུཾ་བྱང་གི་ཕྱོགས་ནས་མ་གཅིག་ཚེ་འཛིན་མ། །ལས་ཀྱི་རིགས་ཀྱི་ཡུམ་སྟེ་དམ་ཚིག་སྒྲོལ། །སྐུ་མདོག་ཨིནྡྲ་ནཱི་ལའི་མདོག་འདྲ་མ། །ཕྱག་ན་ཨིནྡྲ་ནཱི་ལའི་བུམ་པ་བསྣམས། །ཡོན་བདག་ཚེ་དང་བདུད་རྩིས་བལྟམས་ནས་ཀྱང་། །རྡོ་རྗེ་རྒྱ་གྲམ་འབར་བའི་རྒྱས་འདེབས་


DNG020_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་། །ཚེ་འདི་བཅོལ་ལོ་ཚེ་དང་སྲོག་འདི་བརྟན། །ཚེ་ཟུངས་སྲོག་སྐྱོབས་དབང་བསྐུར་བྱིན་གྱིས་རློབས། །ཏཱཾ་བཛྲ་རཱ་ཏི་ཚེ་བྷྲཱུཾ། ཧཱུཾ་སྤྱི་གཙུག་ཟླ་བའི་དཀྱིལ་འཁོར་ནས། །བཅོམ་ལྡན་རྣམ་པར་སྣང་མཛད་བཞུགས། །ཀུན་བཟང་མོ་དང་གཉིས་མེད་པའི། །དེ་ཡི་མཐུ་དང་བྱིན་རླབས་ཀྱིས། །ཚེ་འདི་རབ་ཏུ་བརྟན་གྱུར་ཅིག །དབང་ཡང་རབ་ཏུ་ཐོབ་གྱུར་ཅིག །སྲོག་ཀྱང་རབ་ཏུ་བརྟན་གྱུར་ཅིག །ཚེ་དབང་ཕུན་སུམ་ཚོགས་གྱུར་ཅིག །ཨོཾ་བུཌྜྷ་ཨ་བྷི་ཥིཉྩ་ཨཱོཾ། ཨཱོཾ་ལྗགས་སྟེང་པདྨ་འདབ་བརྒྱད་ལ། །བཅོམ་ལྡན་སྣང་བ་མཐའ་ཡས་བཞུགས། །ན་བཟའ་དཀར་དང་གཉིས་སུ་མེད། །དེ་ཡི་མཐུ་དང་བྱིན་རླབས་ཀྱིས། །ཚེ་འདི་རབ་ཏུ་བརྟན་གྱུར་ཅིག །དབང་ཡང་རབ་ཏུ་ཐོབ་གྱུར་ཅིག །སྲོག་ཀྱང་རབ་ཏུ་བརྟན་གྱུར་ཅིག །ཚེ་དབང་ཕུན་སུམ་ཚོགས་གྱུར་ཅིག །ཨཱོཾ་པདྨ་ཨ་བྷི་ཥིཉྩ་ཨཱཾ། ཧཱུཾ་ཐུགས་ཀར་ཉི་མའི་དཀྱིལ་འཁོར་ན། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་བཞུགས། །སངས་རྒྱས་སྤྱན་དང་གཉིས་སུ་མེད། །དེ་ཡི་མཐུ་དང་བྱིན་རླབས་ཀྱིས། །ཚེ་འདི་རབ་ཏུ་བརྟན་གྱུར་ཅིག །དབང་ཡང་རབ་ཏུ་ཐོབ་གྱུར་ཅིག །སྲོག་ཀྱང་རབ་ཏུ་བརྟན་གྱུར་ཅིག །ཚེ་དབང་ཕུན་སུམ་ཚོགས་གྱུར་ཅིག །ཧཱུཾ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ། ཧཱུཾ་ལྟེ་བ་རིན་ཆེན་ཟུར་བརྒྱད་ལ། །བཅོམ་ལྡན་རིན་ཆེན་འབྱུང་ལྡན་བཞུགས། །མཱ་མ་ཀཱི་དང་གཉིས་སུ་མེད། །དེ་ཡི་མཐུ་དང་བྱིན་རླབས་ཀྱིས། །ཚེ་འདི་རབ་ཏུ་བརྟན་གྱུར་ཅིག །དབང་ཡང་རབ་ཏུ་ཐོབ་གྱུར་ཅིག །སྲོག་ཀྱང་རབ་ཏུ་བརྟན་གྱུར་ཅིག །ཚེ་དབང་ཕུན་སུམ་ཚོགས་གྱུར་ཅིག །སྭཱ་རཏྣ་ཨ་བྷི་ཥིཉྩ་ཏྲཱཾ། གསང་བ་རྡོ་རྗེ་རལ་གྲི་ལ། །བཅོམ་ལྡན་དོན་ཡོད་གྲུབ་པ་བཞུགས། །དམ་ཚིག་སྒྲོལ་དང་གཉིས་སུ་མེད། །དེ་ཡི་མཐུ་དང་བྱིན་རླབས་ཀྱིས། །ཚེ་འདི་རབ་ཏུ་བརྟན་གྱུར་ཅིག །དབང་ཡང་རབ་ཏུ་ཐོབ་གྱུར་ཅིག །སྲོག་ཀྱང་རབ་ཏུ་བརྟན་གྱུར་ཅིག །ཚེ་དབང་ཕུན་སུམ་ཚོགས་གྱུར་ཅིག །ཧཱ་ཀརྨ་ཨ་བྷི་ཥིཉྩ་ཨཱ། ཧཱུཾ་བསྐྱེད་པས་མི་ནུབ་རྒྱལ་མཚན་ཏེ། །བཅིངས་པས་འབྲལ་མེད་ལུ་གུ་རྒྱུད། །བརྟན་པས་མི་གཡོ་རི་རབ་ལྷུན་པོ་


DNG020_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། །སྤྲོས་པ་མེད་པས་ཁམས་གསུམ་བཀྲག་དང་ལྡན། །སྐལ་ལྡན་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ། །མི་ནུབ་རྒྱལ་མཚན་ཚེ་ནི་སྤྱི་བོའི་གཙུག་ཏུ་བསྡིམ། །ལྗགས་སྟེང་པདྨའི་ཚེ་ནི་ཞལ་གྱི་ནང་དུ་བསྡིམ། །སྐྱེ་ཤི་མེད་པའི་ཚེ་ནི་ཐུགས་ཀྱི་དཀྱིལ་དུ་བསྡིམ། །འཆི་མེད་རྡོ་རྗེའི་ཚེ་ནི་ཁོག་པའི་དབུགས་ལ་བསྡིམ། །འདུ་འབྲལ་མེད་པའི་ཚེ་ནི་ལྟེ་བའི་དཀྱིལ་དུ་བསྡིམ། །མི་འགྱུར་གཡུང་དྲུང་ཚེ་ནི་དཔྲལ་བའི་དབྱིངས་སུ་བསྡིམ། །མི་ལྡོག་རྡོ་རྗེའི་ཚེ་ནི་རྐང་པའི་མཐིལ་དུ་བསྡིམ། །ཚེ་འདི་ས་ལ་ཉམས་ན་ཟན་ལ་བསྡིམ། །ཆུ་ལ་ཉམས་ན་ཆང་ལ་བསྡིམ། །རྡོ་ལ་ཉམས་ན་སྣོད་ལ་བསྡིམ། །མེ་ལ་ཉམས་ན་དྲོད་ལ་བསྡིམ། །ཤིང་ལ་ཉམས་ན་མདའ་ལ་བསྡིམ། །རུས་ལ་ཉམས་ན་མདེའུ་ལ་བསྡིམ། །རླུང་ལ་ཉམས་ན་སྒྲོ་ལ་བསྡིམ། །མདངས་ལ་ཉམས་ན་དར་ལ་བསྡིམ། །རྨྱུག་མ་སྐུ་ཡི་ཕྱག་རྒྱ་ངང་སྲིང་ལ། །མདའ་ལྟོང་གསུང་གི་ཕྱག་རྒྱར་དཔང་སྟོད་ཅིག །མདེའུ་ཚེ་ཐུགས་ཀྱི་ཕྱག་རྒྱར་ངར་ཐོབ་ཅིག །འཆི་མེད་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ། །ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིཌྜྷ་ལོ་ཙ་ནཱ་སརྦ་ཨརྠ་སཱ་དྷ་ན་བཛྲ་ཨཱ་ཡུ་ཥེ་ཧཱུཾ་ཨཱ། ཧཱུཾ་གཅིག་པ་རྩེ་གཅིག་ཐུགས་ཀྱི་རྒྱ། །གཉིས་པ་ཐབས་དང་ཤེས་རབ་རྒྱ། །གསུམ་པ་སྐུ་གསུང་ཐུགས་ཀྱི་རྒྱ། །བཞི་པ་གར་མཁན་མཆོག་གི་རྒྱ། །ལྔ་པ་ཡེ་ཤེས་ལྔ་ཡི་རྒྱ། །དྲུག་པ་རྟ་མཆོག་དབང་གི་རྒྱ། །བདུན་པ་ཆོས་ཀྱི་དབྱིངས་ཀྱི་རྒྱ། །ཆོས་ཀྱི་དབྱིངས་སུ་ཚེ་སྦས་པས། །དུས་གསུམ་སངས་རྒྱས་དགྲར་ལངས་ཀྱང་། །དེ་ལ་གཟུང་ཞིང་བརྟག་ཏུ་མེད། །དེ་ལ་གསད་ཅིང་གཟུང་དུ་མེད། །དེ་ལ་དབྲི་ཞིང་བསྐོལ་དུ་མེད། །གཟུགས་མེད་ལྷ་མོ་བཞི་ཡི་རྒྱས་འདེབས་སོ། །འདི་ལ་ཚེ་ཡི་དཔལ་བསྐྱེད་དོ། །འདི་ལ་སྲོག་གི་མདངས་གསོལ་ལོ། །ཚེ་དབང་གསོལ་ཅིག་སྲོག་ཀྱང་ཐོབ། །དབང་ཆེན་སྐུར་ལ་བྱིན་ཕོབ་ཅིག །ཨཱ་ཡུརྫྙཱ་ན་བྷྲཱུཾ་བྷྲཱུཾ། དེ་ནས་སྨོན་ལམ་གདབ་པ་ནི། ན་མོ། དུས་གསུམ་རྒྱལ་བ་ཀུན་གྱི་དབང་བསྐུར་བའི། །བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །སྐུ་གསུང་ཐུགས་


DNG020_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བྱིན་བརླབས་བུམ་པ་འདི། །རིན་ཆེན་གཞལ་ཡས་ཁང་ལ་གྲུབ་པར་ཤོག །རྒྱལ་བ་ཡབ་ཡུམ་རྣམས་ཀྱིས་བྱིན་གྱིས་བརླབས་པ་ཡི། །ཡེ་ཤེས་ལྔ་ཡི་བྱིན་བརླབས་ཚེ་བུམ་འདི། །སྐྱེ་མེད་སྐུ་གསུང་ཐུགས་སུ་གྲུབ་པར་ཤོག །བཀྲ་ཤིས་ལྷ་མོ་རྣམས་ཀྱིས་བྱིན་བརླབས་པས། །བཀྲ་ཤིས་རྫས་བརྒྱད་དངོས་སུ་ཚང་བར་ཤོག །ཐུགས་ཀྱི་དཔལ་བེའུ་ལྟ་བུར་བྱིན་བརླབས་པས། །སྐྱེ་མེད་ཡེ་ཤེས་ལྟ་བུར་གྲུབ་པར་ཤོག །ཕྱག་མཚན་རྡོ་རྗེ་ལྟ་བུར་བྱིན་བརླབས་པས། །འཆི་མེད་རྡོ་རྗེ་ལྟ་བུར་གྲུབ་པར་ཤོག །བླ་མེད་སྐུ་གསུང་ཐུགས་སུ་བྱིན་བརླབས་པས། །མི་འགྱུར་གཡུང་དྲུང་ལྟ་བུར་ཐོབ་པར་ཤོག །སྐྱེ་མེད་བྱང་ཆུབ་སེམས་སུ་བྱིན་བརླབས་པས། །མི་ནུབ་རྒྱལ་མཚན་ལྟ་བུར་འགྲུབ་པར་ཤོག །ཚེ་བུམ་གཞལ་ཡས་ཁང་དུ་བྱིན་བརླབས་པས། །བདེ་ཆེན་གཞལ་ཡས་ཁང་དུ་གྲུབ་པར་ཤོག །ཕྱག་རྒྱ་ཆེན་པོ་རྣམས་ཀྱིས་བྱིན་བརླབས་པས། །ཡེ་ཤེས་ལྷ་ཚོགས་ཕྱག་རྒྱར་གསལ་བར་ཤོག །ཚེ་འབྲས་རྡོ་རྗེའི་སྙིང་པོར་བྱིན་བརླབས་པས། །འགྱུར་བ་མེད་པར་ལྷུན་གྱིས་གྲུབ་པར་ཤོག །དགེ་བའི་བཤེས་གཉེན་རྣམས་ཀྱིས་བྱིན་བརླབས་པས། །ཡེ་ཤེས་ལྷ་རྣམས་མཐུ་དང་ལྡན་པར་ཤོག །ཁམས་གསུམ་འགྲོ་བའི་ཕྲིན་ལས་རྫོགས་མཛད་པའི། །འབྲས་བུ་སྐུ་གསུང་ཐུགས་སུ་གྲུབ་པར་ཤོག །འབྱུང་བ་ཡེ་ཤེས་ལྔ་རུ་བྱིན་བརླབས་པས། །འདུ་འབྲལ་མེད་པར་ལྷུན་གྱིས་གྲུབ་པར་ཤོག །ཚེ་བུམ་གང་ཞིང་རྒྱས་པ་བཞིན། །བདག་ཅག་རྒྱུ་སྦྱོར་ཡོན་བདག་གི། །ཚེ་དང་བསོད་ནམས་དབང་ཐང་དང་། །ལོངས་སྤྱོད་རྒྱས་ཤིང་གང་གྱུར་ཅིག །ཚེ་བུམ་དབང་བསྐུར་བྱིན་བརླབས་པས། །བདག་ཅག་རྒྱུ་འབྱོར་ལུས་ངག་ཡིད། །བདེ་གཤེགས་སྐུ་གསུང་ཐུགས་སུ་གྲུབ་པར་ཤོག །འབྲས་བུ་གཉེན་དང་བྲན་འཁོར་རྣམས། །ཕོ་མོ་ཚེ་རིང་ནད་མེད་ཤོག །བུམ་པ་འདི་ཡི་ལོངས་སྤྱོད་རྣམས། །སྤྱད་ནས་ཟད་ཅིང་སྟོངས་པ་བཞིན། །རྒྱུ་འབྱོར་ཡོན་གྱི་བདག་པོ་ཡི། །ཚེ་དང་བསོད་ནམས་དབང་ཐང་ལ། །གནོད་བྱེད་བར་དུ་གཅོད་


DNG020_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡི། །བགེགས་དང་ལོག་འདྲེན་ཟད་སྟོངས་ཤོག །ཨོཾ་ཨཱ་ཡུརྫྙཱ་ན་བིནྡུ་བྷྲཱུཾ་རུ་རུ་སྤུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནཱ། སརྦ་ཨརྠ་སཱ་དྷ་ནི་ཚེ་བྷྲཱུཾ་གཡུ་བྷྲཱུཾ་གཡུ་ཚེ་བྷྲཱུཾ། བཛྲ་ཨཱ་ཡུ་ཥེ་ཧཱུཾ་ཨ། ཞེས་གསུངས་སོ། །བདུད་རྩི་འཁྱིལ་པ་འཆི་མེད་ཚེའི་རྒྱུད་ལས། ཚེའི་ཆོ་ག་ཉིན་གཅིག་པའི་བྱ་ཐབས་ཀྱི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས། ཁ་སྐོང་ཚེའི་ཆོ་ག་འདི་གསུངས་སོ། །སྣོད་བཟང་ནང་དུ་ཚེ་འབྲས་བཟང་པོ་དང་། །ཚེ་ཆང་བལྟམ་ནས་ཚེ་ཡི་བར་ཆོད་བསྲུང་། །ལུས་སེམས་མཉམ་བཞག་རིག་པའི་རྣལ་འབྱོར་ལ། །དེ་བཞིན་ཀུན་ཏུ་སྣང་དང་རྒྱུ་ཡི་གསུམ། །འཕྲོ་འདུས་བྷྲཱུཾ་ལས་གཞལ་ཡས་ཁང་། །པདྨ་འདབ་བཞི་སྒོ་དང་བཅས། །རིན་ཆེན་ཁྲི་དང་རྨ་བྱ་ཉི་ཟླ་པད། །སྔགས་ལས་བསྐྱེད་པའི་སྣང་མཐའ་མདོག་དམར་བ། །གཡས་པ་པདྨའི་སྡོང་པོ་ཐུགས་ཀར་འཛིན། །གཡོན་པ་པདྨའི་སྡོང་པོ་སྐུ་ལ་བརྟེན། །ཐུགས་ཀྱི་དཔལ་བེའུ་སྔགས་དང་བཅས། །མ་ཆགས་མཁའ་དབྱིངས་དག་པའི་ཡུམ་དང་འཁྲིལ། །ཐུགས་ཀར་རྒྱ་གྲམ་ཉི་ཟླའི་གའུ་ནང་། །ནྲྀ་དང་ཨཱ་ཡུཿགསང་བའི་སྔགས་དང་ལྡན། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་ཨཱ། ཨོཾ་དྷརྨ་ནི་ཨ། ཨོཾ་ཙིཏྟ་ཧྲཱྀཿབྷྲཱུཾ་རཏྣ་བྷྲཱུཾ། ཨོཾ་བཛྲ་དྷརྨ་ཧྲཱྀཿ། ཨཱདྱ་ནུད་པ་ནན།མཱཾ་མོ་ཧ་ར་ཏི་ཛ། བཛྲ་དྷརྨ་ཧྲཱྀ། ནྲྀ་ཨཱ་ཡུརྫྙཱ་ན་བིན་དུ་བྷྲཱུཾ། ཧཱུཾ་བཅོམ་ལྡན་མགོན་པོ་བྱམས་ལྡན་ཚེ་དཔག་མེད། །མཁའ་དང་མཉམ་པའི་སྐུ་མངའ་བ། །མཉམ་ཉིད་སྐུ་མཆོག་དེ་ལ་ཕྱག་འཚལ་ལོ། །གསུང་རབ་དམ་པ་སྤྲོས་དང་བྲལ། །ཡི་གེ་མེད་ཅིང་སྒྲ་སྤངས་པ། །མཉམ་ཉིད་གསུང་མཆོག་དེ་ལ་ཕྱག་འཚལ་ལོ། །ཡང་དག་རྡོ་རྗེའི་ཐུགས་འཆང་བ། །ཚེ་དཔག་མེད་ཀྱི་དངོས་གྲུབ་སྩོལ་མཛད་པ། །མཉམ་ཉིད་ཐུགས་མཆོག་དེ་ལ་ཕྱག་འཚལ་ལོ། །དེ་ནས་བདག་གཞན་ཚེ་ཉམས་ཀྱིས། །ཡི་གེའི་སྤྲུལ་པ་བཏང་བྱས་ནས། །རི་རབ་རྩེ་ན་གནས་པ་ཡི། །ལྷ་ཡི་བུ་ཡི་ཚེ་ཚད་ནི། །བརྒྱད་ཁྲི་བཞི་སྟོང་ཐུབ་པའི་ཚེ། །རྒྱ་མཚོའི་གཏིང་ན་གནས་པའི་ཚེ། །དམྱལ་བའི་ཀླད་རྒྱས་སྦས་པའི་ཚེ། །གླིང་བཞི་མི་ཡི་ཚེ་རྣམས་ཀུན། །ཨ་ནྲྀ་སུ་ཏྲི་པྲེ་དུས་


DNG020_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་ཕྲོགས་ནས། །མུག་ཏ་ཧོ་ཡིས་དྲལ་བྱས་ནས། །ཛྙཱ་ན་ཙཀྲས་ཁ་ཕྱེས་ནས། །ཨཱ་ཀཪྵ་ཡ་བཟླས་བརྗོད་པས། །ལྕགས་ཀྱུ་མ་ཡིས་དྲངས་ནས་ནི། །ཨ་བི་ཤ་སཾ་ཧ་ར་ཎ་ཧཱུཾ། ཞེས་བརྗོད་ཅིང་གཙོ་བོ་བྱང་ཆུབ་སེམས། །བཛྲ་སྥོ་ཊ་བཾ་གྱིས་བཅིངས། །ཨོཾ་བྷ་ག་ཝཱ་ཏི་རུ་རུ་སྤུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནཱ།སརྦ་ཨརྠ་སཱ་དྷ་ན་སྭཱ་ཧཱ། བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །མཁའ་དང་མཉམ་པའི་སྐུ་མངའ་བ། །མཉམ་ཉིད་སྐུ་ལ་ཕྱག་འཚལ་ལོ། །མཁའ་དང་མཉམ་པའི་ཚེ་གསོལ་ཅིག །བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །སྒྲིབ་པའི་དྲི་མ་ཕྱིར་བསལ་ཏེ། །རྡོ་རྗེ་གསུང་བ་གསང་བའི་ཚེ། །རྫོགས་པའི་གསུང་ལ་ཕྱག་འཚལ་ལོ། །མཁའ་དང་མཉམ་པའི་ཚེ་གསོལ་ཅིག །བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །སྒྲིབ་པའི་དྲི་མ་ཕྱིར་བསལ་ཏེ། །རྡོ་རྗེ་ཐུགས་ཏེ་ཐུགས་འཆང་བ། །རྫོགས་པའི་ཐུགས་ལ་ཕྱག་འཚལ་ལོ། །མཁའ་དང་མཉམ་པའི་ཚེ་གསོལ་ཅིག །ཨོཾ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུཾ། རྡོ་རྗེ་ཆོས་ནི་གཙོར་གཟུང་བའི། །ཧྲཱྀཿལས་འོད་འཕྲོས་འོག་མིན་གནས། །ཡུམ་ནི་ཨ་ར་མཱ་མ་ཀཱི། །མགོན་པོ་དམར་སེར་ཞལ་གཅིག་པ། །ཕྱག་བཞི་གཡས་ཀྱི་དང་པོ་ན། །ཨ་ཀྵོ་མན་དྷ་རི་བསྣམས་ཏེ། །གཡོན་པའི་ཕྱག་ནི་སྐྱབས་སྦྱིན་ཏེ། །མཐའ་གཉིས་བདུད་རྩིའི་བུམ་པ་བསྣམས། །མཐེ་བོང་ཕྲག་ནས་བདུད་རྩི་འཛག །ཡུམ་ནི་ཞལ་གཅིག་ཕྱག་གཉིས་པ། །གཡས་ཀྱི་ལྕགས་ཀྱུས་ཚེ་དྲོངས་ཏེ། །གཡོན་གྱི་བུམ་པའི་ནང་དུ་བསགས། །ཤར་ཕྱོགས་ཟླ་འོད་ཞིང་ཁམས་ནས། །དཀར་མོ་སྤྱན་ཕྲག་རིགས་ཀྱི་ཡུམ། །ཕྱག་ན་ཚེ་དར་དཀར་པོ་བསྣམས། །འགྲོ་བ་ཡོངས་ཀྱི་ཚེ་ལ་མངའ་མཛད་མ། །རྡོ་རྗེ་ཚེ་མཆོག་འགུགས་པའི་ལས་མཛོད་ཅིག །ལྷོ་ཕྱོགས་རིན་ཆེན་ཞིང་ཁམས་ནས། །སེར་མོ་སྤྱན་ཕྲག་རིགས་ཀྱི་ཡུམ། །ཕྱག་ན་ཚེ་དང་སེར་པོ་བསྣམས། །འགྲོ་བ་ཡོངས་ཀྱི་ཚེ་ལ་མངའ་མཛད་མ། །རྡོ་རྗེ་


DNG020_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་མཆོག་འགུགས་པའི་ལས་མཛོད་ཅིག །ནུབ་ཕྱོགས་པདྨའི་ཞིང་ཁམས་ནས། །དམར་མོ་སྤྱན་ཕྲག་རིགས་ཀྱི་ཡུམ། །ཕྱག་ན་ཚེ་དར་དམར་པོ་བསྣམས། །འགྲོ་བ་ཡོངས་ཀྱི་ཚེ་ལ་མངའ་མཛད་མ། །རྡོ་རྗེ་ཚེ་མཆོག་འགུགས་པའི་ལས་མཛོད་ཅིག །བྱང་ཕྱོགས་ལས་ཀྱི་ཞིང་ཁམས་ནས། །ལྗང་གུ་སྤྱན་ཕྲག་རིགས་ཀྱི་ཡུམ། །ཕྱག་ན་ཚེ་དར་ལྗང་གུ་བསྣམས། །འགྲོ་བ་ཡོངས་ཀྱི་ཚེ་ཡི་ལས་མཛད་མ། །རྡོ་རྗེ་ཚེ་མཆོག་འགུགས་པའི་ལས་མཛོད་ཅིག །ཕོ་ཉས་ཚེ་རྣམས་དྲོངས་ནས་ནི། །ཡབ་ཡུམ་ཐུགས་ལ་བསྡིམ་པར་བྱ། །ས་མ་ཡ་ཧོ། ས་མ་ཡ་སྟྭཾ། རཱ་གོ྅ཧཾ། རཱ་ག་ཡཱ་མི། མཁའ་ནས་འོད་ཟེར་འཕྲོས་པ་ཡིས། །རི་རབ་རྩེ་ནས་གླིང་བཞིའི་གནས། །རྒྱ་མཚོའི་གཏིང་ན་གནས་པ་སོགས། །སླར་འདུས་ཡུམ་གྱི་བྷ་གར་ཐིམ། །གྱེན་དུ་དྲངས་ལ་བདག་ལུས་རྒྱས། །ཨོཾ་པུཎྱེ་པུཎྱེ། མ་ཧཱ་པུཎྱེ། ཨཱ་ཡུཿཔུཎྱེ། ཨ་པ་ར་མི་ཏ་ཨཱ་ཡུརྫྙཱ་ན་སམྦྷ་རོ་པ་ཙི་ཏི་སྭཱ་ཧཱ། ཨོཾ་བྷྲཱུཾ། ཧཱུཾ་བྷྲཱུཾ། ཏྲཾ་བྷྲཱུཾ། ཧྲཱྀ་བྷྲཱུཾ། ཧཱ་བྷྲཱུཾ། བཛྲ་ཨཱ་ཡུ་ཥེ་ཧཱུཾ་ཨཱ། ཧཱུཾ་རི་རབ་རྩེ་ནས་མཐུ་བསྟན་ཞིང་། །ལྷ་ཀླུ་གནོད་སྦྱིན་རྡུལ་ཕབ་སྟེ། །འབྱུང་བ་རྣམས་ལ་མངའ་མཛད་མ། །སྒེག་མོ་དེ་ནི་ཡིད་འཕྲོག་མ། །ཐང་གཅིག་ཡུད་ཙམ་དགོངས་པ་ནི། །པདྨའི་གདན་ལ་གཞལ་ཡས་ཁང་། །གཙོ་བོ་རྣམས་ལ་མཆོད་པའི་ཕྱིར། །དགའ་བའི་མདངས་ཀྱིས་གཤེགས་སུ་གསོལ། །ཉི་འོད་དཀར་པོའི་གཞལ་ཡས་ནས། །མཐིང་ག་སྤྱན་ཕྲག་རིགས་ཀྱི་ཡུམ། །རྡོ་རྗེ་ཆེན་མོ་ཡིད་འཕྲོག་མ། །གཙོ་བོ་རྣམས་ལ་མཆོད་པའི་ཕྱིར། །རྡོ་རྗེའི་འཁོར་དང་གཤེགས་སུ་གསོལ། །བཻ་ཌཱུརྱ་སྔོན་པོའི་ཞིང་ཁམས་ནས། །མཐིང་ག་སྤྱན་ཕྲག་རིགས་ཀྱི་ཡུམ། །རིན་ཆེན་གཙོ་མོ་ཡིད་འཕྲོག་མ། །གཙོ་བོ་རྣམས་ལ་མཆོད་པའི་ཕྱིར། །རིན་ཆེན་འཁོར་བཅས་གཤེགས་སུ་གསོལ། །པདྨ་དམར་པོའི་དཀྱིལ་འཁོར་ནས། །དམར་མོ་སྤྱན་ཕྲག་རིགས་ཀྱི་ཡུམ། །ཐང་གཅིག་


DNG020_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

ཡུད་ཙམ་མངགས་ནས་ཀྱང་། །པདྨའི་གདན་ལ་གཞལ་ཡས་ཁང་། །མུན་ཛ་ལིང་གི་རལ་ག་ཅན། །གཙོ་བོ་རྣམས་ལ་མཆོད་པའི་ཕྱིར། །འདུལ་སྐལ་བཞིན་དུ་གཤེགས་སུ་གསོལ། །ཟླ་འོད་ལྗང་གུའི་དཀྱིལ་འཁོར་ནས། །ལྗང་གུ་སྤྱན་ཕྲག་རིགས་ཀྱི་ཡུམ། །ཐང་གཅིག་ཡུད་ཙམ་མངགས་ནས་ཀྱང་། །པདྨའི་གདན་ལ་གཞལ་ཡས་ཁང་། །མུན་ཛ་ལིང་གི་རལ་ག་ཅན། །གཙོ་བོ་རྣམས་ལ་མཆོད་པའི་ཕྱིར། །ཚེ་ཡི་ལྷ་མོ་གཤེགས་སུ་གསོལ། །ཨོཾ་བྷྲཱུཾ་ཨཱ་ཡུརྫྙཱ་ན་ཨ་བིནྡྷུ་བྷྲཱུཾ་ཛྙཱ་ན་ཨ་བ་ལོ་ཀི་ཏེ།ས་མནྟ་སྥ་ར་ཎ། རསྨི་བྷ་ཝ་ཏི། ཨཱ་ཡུརྫྙཱ་ན། དུ་རུ་དུ་རུ་ཧྲྀ་ད་ཡ་ཧཱུཾ་བྷྲཱུཾ། ཨོཾ་བྷྲཱུཾ། ཧཱུཾ་བྷྲཱུཾ། ཏྲཱཾ་བྷྲཱུཾ། ཧྲཱྀ་བྷྲཱུཾ། ཧཱ་བྷྲཱུཾ། ནྲྀ་བྷྲཱུཾ། རྡོ་རྗེ་ཚེ་མཆོག་འགུགས་པའི་ཕོ་ཉ་ནི། །ཡེ་ཤེས་སྐར་ལྟར་འཁྲུགས་པའི་དཀྱིལ་འཁོར་ནས། །ཐུགས་རྗེ་ལྕགས་ཀྱུའི་འོད་ཟེར་འཕྲོས་པ་ཡིས། །ཤར་ཕྱོགས་དྲི་ཟའི་འཇིག་རྟེན་མགོན་མཛོད་ཅིག །སྐུ་ལུས་དམར་པོ་བརྒྱ་བྱིན་བཞུགས་པ་ལ། །ལག་པ་ལྕགས་ཀྱུ་དམར་པོ་ཐོགས་པ་ནི། །བརྒྱ་བྱིན་འཁོར་བཅས་ལག་ནས་ཚེ་ཁུག་ཅིག །ཨིནྡྲ་ཡ་ཚེ་བྷྲཱུཾ་བྷྲཱུཾ། དྲང་སྲོང་མེ་ལྷའི་ལག་ནས་ཚེ་འགུགས་མ། །རྡོ་རྗེ་ཤང་ལང་ལག་ན་འཕྱར་བའི་མཆོག །ཁ་དོག་དམར་སེར་ལས་ནི་ཚེ་ཁུག་ཅིག །ཧྲཱྀཿཨགྣ་ཡེ་བྷྲཱུཾ་བྷྲཱུཾ། གྲུལ་བུམ་འཇིག་རྟེན་གཤིན་རྗེའི་བདུད་སྤྲུལ་ནས། །དཔའ་མགྱོགས་ཤུགས་ཀྱིས་རྒྱུགས་པའི་ཕོ་ཉ་ནི། །སྔོན་མོ་མགྱོགས་ལྡན་རིན་ཆེན་ཞགས་པ་མ། །གདུག་པ་གཤིན་རྗེའི་ལག་ནས་ཚེ་དྲོངས་ཤིག །ཡ་མ་ཡེ་ཚེ་བྷྲཱུཾ་བྷྲཱུཾ། སྲིན་པོ་གདན་འབྲལ་ལག་ནས་ཚེ་འགུགས་མ། །སྐུ་མདོག་སེར་སྐྱ་ཉི་མ་བུ་དོན་རིགས། །རྡོ་རྗེ་ཅོད་པན་མང་པོ་གཤིབས་ནས་ནི། །སྲིན་པོ་ཁང་བུ་རྡུལ་དུ་འཇོམས་པའི་ཚེ། །དབྱར་གྱི་སྤྲིན་ཕུང་འཁྲིགས་པའི་ཁྲོ་གཉེར་འདྲ། །ཞེ་སྡང་སྲིན་པོའི་ལག་ནས་ཚེ་ཁུག་ཅིག །ནི་རི་ཏི་ཡེ་ཚེ་བྷྲཱུཾ་བྷྲཱུཾ། ནུབ་ཕྱོགས་ཀླུ་ཡི་འཇིག་རྟེན་རབ་འབྱམས་ནས། །འགྲོ་བའི་ཚེ་སྲོག་སྡུད་མ་ཀླུ་ཡི་རིགས། །ཁ་དོག་མེ་ལྟར་འབར་བའི་མདོག་ཅན་ནི། །ཐུགས་རྗེས་ཀློག་བྱེད་འཁོར་ལོ་བསྣམས་པ་ནི། །ཀླུ་ཡི་གནས་ནས་ཚེ་དྲོངས་ཕོ་ཉ་ཚེ་མཆོག་མ། །ནཱ་ག་བ་རུ་ཎ་ཡེ་ཚེ་བྷྲཱུཾ་བྷྲཱུཾ། རླུང་ལྷ་ཕྱོགས་སྐྱོང་ལག་ནས་ཚེ་འགུགས་མ། །ཁྲོ་མོ་སྐུ་མདོག་སྔོ་སྐྱ་ཐལ་བའི་མདོག །རྡོ་རྗེ་རྒྱལ་མཚན་ལག་ན་འཕྱར་བའི་མཆོག །རླུང་ལྷའི་ཁྱིམ་ནི་རྡུལ་དུ་བརླག་ནས་ཀྱང་། །རླུང་ལྷ་འཁོར་བཅས་ལག་ནས་ཚེ་དྲོངས་ཤིག །བཱ་ཡ་བེ་ཚེ་བྷྲཱུཾ་བྷྲཱུཾ། བྱང་ཕྱོགས་


DNG020_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་སྦྱིན་ལག་ནས་ཚེ་འགུགས་མ། །ཁ་དོག་ལྗང་གུ་འབར་བའི་སྐུ་མདོག་ལ། །རལ་གྲི་ཨུཏྤ་ལ་འདྲ་དྲངས་ནས་ཀྱང་། །གནོད་སྦྱིན་འཁོར་བཅས་ལག་ནས་ཚེ་དྲོངས་ཤིག །ཀུ་བེ་རཱ་ཡ་ཚེ་བྷྲཱུཾ་བྷྲཱུཾ། བགེགས་ཀྱི་རྒྱལ་པོའི་ལག་ནས་ཚེ་འགུགས་མ། །མདོག་ལྡན་སྣ་ཚོགས་ཁ་དོག་ལྗང་གུའི་རིགས། །དབུ་མང་སྤྱན་ཅན་རྫུ་འཕྲུལ་གདུག་པའི་ཕྱག །རིན་ཆེན་མཚོན་ཆ་སྣ་ཚོགས་དྲིལ་ནས་ནི། །བགེགས་ཀྱི་ཁྱིམ་རྣམས་ཐལ་བར་བརླག་ནས་ཀྱང་། །བི་ནཱ་ཡ་གའི་ལག་ནས་ཚེ་ཁུག་ཅིག །བི་ནཱ་ཡ་ཀཱ་ནཱན་ཚེ་བྷྲཱུཾ་བྷྲཱུཾ། ཉི་ཟླ་གཟའ་སྐར་ལག་ནས་ཚེ་འགུགས་མ། །ཁ་དོག་དམར་ལྗང་ཉི་ཟླའི་འཁོར་ལོ་འཕེན། །ཉི་མའི་ཁྱིམ་དང་ཟླ་བའི་གནས་རྣམས་དང་། །ཉི་ཟླ་གཟའ་སྐར་ལག་ནས་ཚེ་ཁུག་ཅིག །སཱུརྱ་ཙནྡྲ་ཡ་ཚེ་བྷྲཱུཾ་བྷྲཱུཾ། ས་འོག་ས་འཛིན་ལག་ནས་ཚེ་འགུགས་མ། །ཡེ་ཤེས་ཏིང་འཛིན་ལྷག་པའི་སྤུ་གྲི་ཡིས། །ཕྱག་མཚན་སྤུ་གྲི་བསྣམས་པས་ཚེ་ཁུག་ཅིག །ནཱ་ག་པྲ་ཝེ་ཤཱ་ཡ་ཚེ་བྷྲཱུཾ་བྷྲཱུཾ། མུཀྟ་ཧོ་ཡིས་བཤིག་པས་རྡོ་རྗེར་གྱུར། །རྡོ་རྗེ་ཉི་ཟླ་རྒྱ་གྲམ་གྱིས། །ནྲྀ་ལ་བསྡིམ་ནས་སྦ་བར་བྱའོ། །ཨོཾ་པདྨཱནྟ་ཀྲྀཏ་ཧྱ་གྲཱི་ཝ་ཨེ་ཀ་ཛ་ཏི་ཧུ་ལུ་ཧུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཏ་ཀྲྀཏ་དམར་པོ་ཞལ་གཅིག་ཕྱག་གཉིས་པ། །ཀརྨ་རྒྱ་གྲམ་བསྣམས་ནས་ཡུམ་དང་འཁྲིལ། །ཨ་ཀ་ཙ་ཏི་ཁ་ཊྭཱཾ་ཐོད་པ་བསྣམས། །ཐུགས་ཀར་ཚེ་དབང་བསྡུས་ནས་བསྲུང་བ་ཡིས། །སྟོང་པའི་དབྱིངས་སུ་ཚེ་སྦས་ནས། །ཆོས་ཀྱི་དབྱིངས་ནས་ཡེ་ཤེས་གསལ། །ཞེས་གསུངས་སོ། །བདུད་རྩི་འཁྱིལ་པ་འཆི་མེད་ཚེའི་རྒྱུད་ལས། ཚེ་གཞན་གྱི་ཁ་སྐོང་གི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཚེའི་ཆོག་ཀུན་ལ་འགྲོ་བ་འདི་གསུངས་སོ། །ཚེ་བསྒྲུབ་ཁ་བསྐང་ཉིན་གཅིག་པའམ། །གང་ཡང་རུང་བའི་བྱ་བ་ནི། །བུམ་པ་ཆང་བཀང་ཚེ་ཟན་བཅའ། །མདའ་དར་དམར་པོ་མེ་ལོང་ཐོགས། །རིགས་ལྔ་སོ་སོའི་སྙིང་པོའམ། །སྤྱི་བསྡུས་བགྲངས་ལ་ཚེ་བུམ་བསྡིམ། །དེ་ནས་ཚེ་ནི་དགུག་པར་བྱ། །ཨོཾ་པུཎྱེ་པུཎྱེ། མ་ཧཱ་པུཎྱེ། ཨ་བ་རི་མི་ཏ་ཨཱ་ཡུརྫྙཱ་ན། སམྦྷ་རོ་པ་ཙི་ཏ་སྭཱ་ཧཱ། ཧཱུཾ་བཅོམ་ལྡན་མགོན་པོ་ཚེ་དཔག་


DNG020_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

མེད། །སྒྲིབ་པའི་དྲི་མ་མ་ལུས་སེལ། །མཁའ་དང་མཉམ་པའི་སྐུ་མངའ་བ། །མཉམ་ཉིད་སྐུ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །གསུང་མཆོག་རྣམ་པར་དག་པའི་གསུང་། །མཉམ་ཉིད་གསུང་ལ་ཕྱག་འཚལ་ལོ། །བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །ཐུགས་མཆོག་རྣམ་པར་མི་རྟོག་ཐུགས། །མཁའ་དང་མཉམ་པའི་ཐུགས་མངའ་བ། །མཉམ་ཉིད་ཐུགས་ལ་ཕྱག་འཚལ་ལོ། །ཨོཾ་བྷུཌྜྷ་ལོ་ཙ་ནཱ་ཨཱ་ཡུ་ཥེ་ཨོཾ། བཛྲ་ལོ་ཙ་ནཱ་ཨཱ་ཡུ་ཥེ་ཧཱུཾ། རཏྣ་ལོ་ཙ་ནཱ་ཨཱ་ཡུ་ཥེ་སྭ། པདྨ་ལོ་ཙ་ནཱ་ཨཱ་ཡུ་ཥེ་ཧྲཱྀཿ། ཀརྨ་ལོ་ཙ་ནཱ་ཨཱ་ཡུ་ཥེ་ཨཱ། ཧཱུཾ་ནམ་མཁའ་དབྱིངས་ཕྱུག་མ་ནི་ཡེ་ནས་རྣམ་པར་དག །རྡོ་རྗེ་དབྱིངས་ཕྱུག་མ་ནི་ཡེ་ནས་སྐྱེ་ཤི་མེད། །རིན་ཆེན་དབྱིངས་ཕྱུག་མ་ནི་དགོས་འདོད་རེ་བ་སྐོངས། །པདྨ་དབྱིངས་ཕྱུག་མ་ནི་འཛིན་མེད་ཆགས་དང་བྲལ། །ལས་ཀྱི་དབྱིངས་ཕྱུག་མ་ནི་མངོན་སྤྱོད་ཕྲིན་ལས་མཛོད། །དབྱིངས་ཕྱུག་ཆེན་མོ་ལྔ་རྣམས་ཀྱིས། །རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ། །ཨོཾ་བཛྲ་ཨཱ་ཡུ་ཥེ་ཨ། ཧཱུཾ་ཤར་གྱི་ཕྱོགས་ནས་ཚེ་འགུགས་མ། །གསང་བའི་ལྷ་མོ་རྒྱས་འདེབས་མ། །རིགས་ཀྱི་ལྷ་མོ་སངས་རྒྱས་སྤྱན། །ཕྱག་རྒྱའི་ལྷ་མོ་ལཱ་སྱ་མ། །མཆོད་པའི་ལྷ་མོ་དྷཱུ་པེ་མ། །འགུགས་པའི་ལྷ་མོ་ལྕགས་ཀྱུ་མ། །ཚེ་བདག་ཆེན་མོ་ཁྱེད་རྣམས་ཀྱིས། །ཤར་ཕྱོགས་དྲི་ཟའི་ལག་ནས་ཚེ་དྲོངས་ལ། །ཤར་ལྷོ་མེ་ལྷའི་ལག་ནས་དཔལ་སྐྱོབས་ཤིག །བཛྲ་ཨཾ་ཀུ་ཤ་ཛཿ། ལྷོ་ཡི་ཕྱོགས་ནས་ཚེ་འགུགས་མ། །གསང་བའི་ལྷ་མོ་ཟ་བྱེད་མ། །རིགས་ཀྱི་ལྷ་མོ་མཱ་མ་ཀཱི། །ཕྱག་རྒྱའི་ལྷ་མོ་མཱ་ལེ་མ། །མཆོད་པའི་ལྷ་མོ་པུཥ྇་མ། །འཆིང་བའི་ལྷ་མོ་ཞགས་པ་མ། །ཚེ་བདག་ཆེན་མོ་ཁྱེད་རྣམས་ཀྱིས། །ལྷོ་ཕྱོགས་གཤིན་རྗེའི་ལག་ན་ཚེ་དྲོངས་ཤིག །ལྷོ་ནུབ་སྲིན་པོའི་ལག་ནས་དཔལ་སྐྱོབས་ཤིག །རཏྣ་པཱ་ཤ་ཧཱུཾ། ནུབ་ཀྱི་ཕྱོགས་ནས་ཚེ་འགུགས་མ། །གསང་བའི་ལྷ་མོ་ཚེ་འཕེལ་མ། །རིགས་ཀྱི་ལྷ་མོ་གོས་དཀར་མོ། །ཕྱག་རྒྱའི་ལྷ་མོ་གཱིརྟི་མ། །མཆོད་པའི་ལྷ་མོ་ཨཱ་ལོ་ཀེ། །སྡོམ་པའི་ལྷ་མོ་ལྕགས་སྒྲོག་མ། །ཚེ་བདག་ཆེན་མོ་ཁྱེད་རྣམས་ཀྱིས། །ནུབ་ཕྱོགས་ཀླུ་དབང་


DNG020_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

ལག་ནས་ཚེ་དྲོངས་ལ། །ནུབ་བྱང་རླུང་ལྷའི་ལག་ནས་དཔལ་སྐྱོབས་ཤིག །པདྨ་སྥོ་ཊ་བཾ། བྱང་གི་ཕྱོགས་ནས་ཚེ་འགུགས་མ། །གསང་བའི་ལྷ་མོ་རྨོངས་བྱེད་མ། །རིགས་ཀྱི་ལྷ་མོ་དམ་ཚིག་སྒྲོལ། །ཕྱག་རྒྱའི་ལྷ་མོ་ནཱི་རྟི་མ། །མཆོད་པའི་ལྷ་མོ་གྷནྡྷེ་མ། །འབེབས་པའི་ལྷ་མོ་དྲིལ་བུ་མ། །ཚེ་བདག་ཆེན་མོ་ཁྱེད་རྣམས་ཀྱིས། །བྱང་ཕྱོགས་གནོད་སྦྱིན་ལག་ནས་ཚེ་དྲོངས་ལ། །བྱང་ཤར་དབང་ལྡན་ལག་ནས་དཔལ་སྐྱོབས་ཤིག །ཀརྨ་གྷཎྜ་ཧོ། དེ་ནས་ཚེ་གཞན་དུ་ཡར་བ་དང་། འཐོར་བ་དང་། ལྡེག་པ་རྣམས་བཀུག་ནས་བུམ་པར་བསྡིམ་པ་ནི། ཧཱུཾ་ཨཱ་ཡུརྫྙཱ་ན་ཚེ་ཡི་མཆོག །ས་ལ་ཉམས་ན་གསེར་ལ་བསྡུ། །ཆུ་ལ་ཉམས་ན་ཆང་ལ་བསྡུ། །ཤིང་ལ་ཉམས་ན་མར་ལ་བསྡུ། །རྩི་ལ་ཉམས་ན་སྦྲང་ལ་བསྡུ། །འབྲུ་ལ་ཉམས་ན་ཏིལ་ལ་བསྡུ། །འབྲུ་སྣ་སྙིང་པོ་སྣ་ལྔ་ཡིས། །སྣ་ལྔ་དག་ཏུ་བྱིན་གྱིས་རློབས། །རྣལ་འབྱོར་ཚེ་ལ་བར་ཆད་མེད། །རྡོ་རྗེ་ཚེ་ཡི་དབང་བསྐུར་ཏེ། །ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱི། །ནམ་མཁའ་གསང་བ་གསུམ་ལས་བྱུང་། །ནམ་མཁའི་རིགས་ཀྱི་དབང་བསྐུར་བས། །དབང་བསྐུར་ཆེན་པོ་དམ་པ་སྦྱིན། །ཨོཾ་བྷུཌྜྷ་ཀཱ་ལ་ཤ་ཨོཾ། བུཌྜྷ་ལོ་ཙ་ན་ཨ་བྷི་ཥིཉྩ་ཨཱོཾ། ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱིས། །རྡོ་རྗེ་གསང་བ་གསུམ་ལས་བྱུང་། །རྡོ་རྗེ་རིགས་ཀྱི་དབང་བསྐུར་བས། །དབང་བསྐུར་ཆེན་པོ་དམ་པ་སྦྱིན། །ཧཱུཾ་བཛྲ་ཀཱ་ལ་ཤ་ཧཱུཾ། བཛྲ་ལོ་ཙ་ན་ཨ་བྷི་ཥིཉྩ་ཧཱུཾ། ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱི། །རིན་ཆེན་གསང་བ་གསུམ་ལས་བྱུང་། །རིན་ཆེན་རིགས་ཀྱི་དབང་བསྐུར་བས། །དབང་བསྐུར་ཆེན་པོ་དམ་པ་སྦྱིན། །སྭཱ་རཏྣ་ཀཱ་ལ་ཤ་སྭ། རཏྣ་ལོ་ཙ་ན་ཨ་བྷི་ཥིཉྩ་ཏྲཱཾ། ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱི། །པདྨ་གསང་བ་གསུམ་ལས་བྱུང་། །པདྨ་རིགས་ཀྱི་དབང་བསྐུར་བས། །དབང་མཆོག་ཆེན་པོ་དམ་པ་སྦྱིན། ཨཾ་པདྨ་ཀཱ་ལ་ཤ་ཧྲི།པདྨ་ལོ་ཙ་ན་ཨ་བྷི་ཥིཉྩ་ཧྲི། ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱི། །ལས་རབ་གསང་བ་གསུམ་ལས་བྱུང་། །ལས་ཀྱི་རིགས་ཀྱི་དབང་བསྐུར་བས། །དབང་མཆོག་ཆེན་པོ་དམ་པ་སྦྱིན། །ཧ་ཀརྨ་ཀ་ལ་ཤ །


DNG020_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

ཧ་ཀརྨ་ལོ་ཙ་ན་ཨ་བྷི་ཥིཉྩ་ཨ། ཞེས་གསུངས་སོ། །བདུད་རྩི་འཁྱིལ་པ་འཆི་མེད་ཚེའི་རྒྱུད་ལས། ཚེ་བསྒྲུབ་ཆེན་པོ་བྱེད་རུང་། ཁ་སྐོང་བྱེད་རུང་། ཚེ་ཆོག་ཉིན་གཅིག་པ་བྱེད་རུང་། གང་དགོས་སུ་བསྟན་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ལོངས་སྤྱོད་ཚོགས་ཀྱི་སྒྲུབ་པ་འདི་གསུངས་སོ། །ལོངས་སྤྱོད་བསྒྲུབ་པའི་གཞི་ཆེན་ནི། །གསང་བ་དག་པའི་དཀྱིལ་འཁོར་ཡིན། །ལོངས་སྤྱོད་རྒྱུ་རྟགས་ཕུན་སུམ་ཚོགས། །དཀྱིལ་འཁོར་ཚེ་བཅས་བཀོད་པ་དང་། །གཞལ་ཡས་ཁང་དང་ཚེ་བསྐྱེད་དང་། །སྤྱན་དྲང་དང་ནི་བསྡིམ་པ་དང་། །ཚེ་ཡི་རང་བཞིན་འགུགས་པའི་ཐབས། །ཚེ་བཅིངས་བཟླས་བརྗོད་ཚེ་བརླན་དང་། །དབང་བསྐུར་སྡོམ་དང་སྦ་བར་བྱ། །དམ་བཅའ་དོར་ན་བགེགས་དབང་འགྱུར། །དགྲ་དབང་འགྱུར་དང་མཁའ་འགྲོས་གཙེས། །རྦོད་གཏོང་ཁར་བབ་དུས་མིན་འགྲོ། །ཚེ་ཉམས་པ་ཡི་རྒྱུ་རུ་བཤད། །གཟི་བརྗིད་མེ་དང་ལུས་ཉམས་བྲལ། །མདོག་སྐྱ་བྱ་བ་དོར་བ་དང་། །ཡིད་མི་བདེ་དང་བརྗིད་སྟོབས་མེད། །ཚེ་ཉམས་པ་ཡི་རྟགས་སུ་བཤད། །སྟོན་པ་རྒྱུད་དང་མན་ངག་མཁས། །གནས་ནི་བཀྲ་ཤིས་ཉམས་ཀྱང་དགའ། །ཡུམ་དང་ཀརྨ་གིང་གི་འཁོར། །ཡོ་བྱད་རྫས་རྣམས་ཚོགས་པ་དང་། །བཀྲ་ཤིས་དུས་ལ་འཇུག་པར་བྱ། །ཕྱི་མཚམས་དང་ནི་ཕྱི་བཤགས་དང་། །ནང་མཚམས་དང་ནི་ཁ་སྐོང་བྱ། །དམ་སྲི་མནན་དང་སྒོ་བྱང་གདགས། །མ་ཏྲི་མནན་ཅིང་རྡོ་རྗེའི་འགྲོས། །མཚོན་ཆ་ཁྲོ་བོ་ཁྲག་འཐུང་རོལ། །བདག་གི་ཚེ་ཡི་སྔོན་འགྲོར་བཤད། །དཀྱིལ་འཁོར་ཐིག་བཞི་ལིང་ཚེ་དགུ། །པདྨ་འདབ་བརྒྱད་གྲུ་ཆད་བཞི། །སྒོ་དང་བཅས་པ་བྲི་བར་བྱ། །དབུས་སུ་ཤེལ་གྱི་བུམ་པར་ནི། །དམར་སེར་བ་ཡི་འོ་མ་དང་། །ཅོང་ཞི་དཀར་པོ་རྣམ་གསུམ་དང་། །དཀར་དང་མངར་གསུམ་འཆི་མེད་སྨན། །བྱང་ཆུབ་སེམས་སོགས་གཞག་པར་བྱ། །མུ་གེ་སེལ་བའི་འབྲུ་ལྔ་དང་། །འདུ་བ་སེལ་བའི་སྨན་ལྔ་དང་། །ནོར་གྱི་དབྱིག་ལྡན་རིན་ཆེན་ལྔ། །སྙིང་པོ་ལྔ་དང་དྲི་ལྔ་བཤམས། །ཚེ་འབྲས་རྒྱ་གྲམ་


DNG020_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་བཏབ་ནས། །མདའ་དང་བཅས་པ་བཞག་པ་ནི། །ལྷ་ཡི་གྲངས་དང་མཉམ་པར་བྱ། །མཆོད་པ་མང་པོས་ཡོངས་སུ་བསྐོར། །རྟགས་གདབ་ལས་ནི་བསྐོས་ལ་གདབ། །རྟགས་དང་བྱིན་དབབ་བསྐང་བ་ལ། །ཏིང་འཛིན་གསུམ་ལས་བྱུང་བ་ཡི། །འབྱུང་བ་རིམ་བརྩེགས་གཞལ་ཡས་གདན། །དབུས་སུ་ཚེ་དཔག་མེད་པ་ཡབ་ཡུམ་གཉིས། །ཕྱོགས་བཞིར་རིགས་ཀྱི་ཡུམ་བཞི་ལ། །མཚམས་སུ་གསང་བའི་ཡུམ་བཞི་ཉིད། །པདྨ་བརྒྱད་ལ་ལྷ་མོ་བརྒྱད། །སྒོ་བཞི་སྒོ་མ་བཀོད་ནས་ནི། །སྤྱན་དྲངས་པ་ཡི་རིམ་པ་བྱ། །ཚེ་ཡི་རང་བཞིན་ཡུམ་གྱི་མཁའ། །རྡོ་རྗེ་རྒྱ་གྲམ་ཉི་ཟླའི་སྟེང་། །རྒྱ་གྲམ་ལྟེ་བ་ནྲྀ་བཅས་པ། །ཨཱ་ཡུརྫྙཱ་ན་བིན་དུ་བྷྲཱུཾ། ཤིན་ཏུ་གསལ་བར་ཤེས་པར་བྱའོ། །ཧཱུཾ་པདྨ་སྟོང་ལྡན་དབུས་ཀྱི་ཕོ་བྲང་ནས། །བཅོམ་ལྡན་གསུང་མཆོག་མགོན་པོ་ཚེ་དཔག་མེད། །ཐུགས་ཀའི་དཔལ་བེའུ་ཟླ་གསང་གའུ་ནས། །རྣལ་འབྱོར་བྱང་ཆུབ་སེམས་ཀྱི་ཨཱ་ཡུཿདམར་པོ་འདི། །རྩེ་གཅིག་བདག་གིས་བསྒྲུབས་པའི་ཚེ་ལགས་ཀྱི། །བདག་ལ་བྱིན་གྱིས་རློབས་ཤིང་གཤེགས་སུ་གསོལ། །ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ནས། །རྡོ་རྗེ་རིགས་ཀྱི་ཡུམ་ཆེན་དབྱིངས་ཕྱུག་མ། །ལྷོ་ཕྱོགས་དཔལ་དང་ལྡན་པའི་ཞིང་ཁམས་ནས། །རིན་ཆེན་རིགས་ཀྱི་ཡུམ་ཆེན་མཱ་མ་ཀཱི། །ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ནས། །པདྨ་རིགས་ཀྱི་ཡུམ་ཆེན་ན་བཟའ་དཀར། །བྱང་ཕྱོགས་རྣམ་དག་བཀོད་པའི་ཞིང་ཁམས་ནས། །ལས་ཀྱི་རིགས་ཀྱི་ཡུམ་ཆེན་དམ་ཚིག་སྒྲོལ། །དབུས་ཕྱོགས་བྱང་ཆུབ་སྙིང་པོའི་ཞིང་ཁམས་ནས། །དེ་བཞིན་རིགས་ཀྱི་ཡུམ་ཆེན་སངས་རྒྱས་སྤྱན། །བདེ་བ་རྒྱས་འདེབས་རེག་པ་སྲ་བའི་ས། །བདེ་བ་ཚེ་འཕེལ་དེ་ནི་གཤེར་བའི་ཆུ། །བདེ་བ་ཟ་བྱེད་དེ་ནི་དྲོ་བའི་མེ། །བདེ་བ་རྨོངས་བྱེད་དེ་ནི་གཡོ་བའི་རླུང་། །ཐིག་ལེ་ནམ་མཁའ་བདེ་སྟོང་འབེབས་མཛད་མ། །རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ། །རྡོ་རྗེ་སྒེག་མོ་དགའ་བའི་ཡེ་ཤེས་རོལ། །རིན་ཆེན་ཕྲེང་བ་མ་ནི་མཆོག་


DNG020_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་ཉིད། །པདྨ་ཀླུ་ལེན་དགའ་བྲལ་ཡེ་ཤེས་སྐྱོང་། །ལས་ཀྱི་ཀརྨ་ལྷན་སྐྱེས་ཡེ་ཤེས་སྤྱོད། །རྡོ་རྗེ་བདུག་པ་མ་ནི་ཐིག་ལེ་གཡོ། །རིན་ཆེན་མེ་ཏོག་མ་ནི་ཐིག་ལེ་འབར། །པདྨ་མར་མེ་མ་ནི་ཐིག་ལེ་འབེབས། །ལས་ཀྱི་དྲི་ཆབ་མ་ནི་ཐིག་ལེ་བརྟེན། །བྱམས་པའི་ལྕགས་ཀྱུ་མས་ནི་ཞི་བས་འགུགས། །སྙིང་རྗེའི་ཞགས་པ་མས་ནི་རྒྱས་པས་འཆིང་། །དགའ་བའི་ལྕགས་སྒྲོག་མས་ནི་དབང་དུ་སྡུད། །བཏང་སྙོམས་དྲིལ་བུ་མས་ནི་དྲག་པོས་འབེབས། །ལྷ་མོ་ཉི་ཤུའི་ཐུགས་ཀྱི་དཔལ་བེའུ་ནས། །རྣལ་འབྱོར་བྱང་ཆུབ་སེམས་ཀྱི་ཨཱ་ཡུཿདམར་པོ་འདི། །རྩེ་གཅིག་བདག་གིས་བསྒྲུབས་པའི་ཚེ་ལགས་ཀྱི། །བདག་ལ་བྱིན་གྱིས་རློབས་ཤིང་གཤེགས་སུ་གསོལ། །ཨཱ་ཡུརྫྙཱ་ན་ས་མ་ཡ་ཛ། ཛཿཧཱུཾ་བཾ་ཧོཿ། བཅོམ་ལྡན་མགོན་པོ་སྣང་མཐའ་ཚེ་དཔག་མེད། །སྐུ་མདོག་དམར་པོ་གཟི་བརྗིད་འབར། །ཕྱག་མཚན་པདྨ་འདབ་བརྒྱད་བསྣམས། །ཕྱག་མཚན་པདྨ་འདབ་བརྒྱད་ཀྱིས། །ཕྱོགས་བཅུ་ནམ་མཁའ་གང་བའི་བགེགས་བཅོམ་ནས། །བཅོམ་ལྡན་དེང་འདིར་ཚེ་ཡི་དངོས་གྲུབ་སྩོལ། །འགྲོ་བ་ཡོངས་ཀྱི་ཚེ་ལ་མངའ་མཛད་ཀྱང་། །འགྲོ་བ་ཡོངས་ཀྱི་ཚེ་ནི་མི་འགུགས་ཀྱིས། །བདག་ཅག་རྣལ་འབྱོར་མཆེད་ལྕམ་འཁོར་བཅས་ཀྱི། །ཚེ་ལ་ཉམས་པ་མཆིས་ན་གསོ་རུ་གསོལ། །ཚེ་ལ་ཡོ་བ་མཆིས་ན་བསྲང་དུ་གསོལ། །ཚེ་ལ་ཡར་བ་མཆིས་ན་དགུག་ཏུ་གསོལ། །ཚེ་ལ་ཆད་པ་མཆིས་ན་རྡོ་རྗེའི་མདུད་པ་མཛད་དུ་གསོལ། །ཤར་ཕྱོགས་དྲི་ཟའི་ལག་ནས་ཚེ་ཁུག་ལ། །ཤར་ལྷོ་མེ་ལྷའི་ལག་ནས་དྲོད་ཕྱུང་ཞིག །ལྷོ་ཕྱོགས་གཤིན་རྗེའི་ལག་ནས་སྲོག་སྐྱོབས་ལ། །ལྷོ་ནུབ་སྲིན་པོའི་ལག་ནས་ཤ་རྣམས་ཁུག །ནུབ་ཕྱོགས་ཀླུ་ཡི་ལག་ནས་དཔལ་ཕྲོག་ལ། །ནུབ་བྱང་རླུང་ལྷའི་ལག་ནས་དབུགས་ཕྲོག་ཅིག །བྱང་ཕྱོགས་གནོད་སྦྱིན་ལག་ནས་ལོངས་སྤྱོད་ཁུག །བྱང་ཤར་དབང་ལྡན་ལག་ནས་ཟུངས་ཁྲག་དྲོངས། །སྟེང་ཕྱོགས་ཉི་ཟླའི་ལག་ནས་མདངས་ཕྲོག་ལ། །འོག་ཕྱོགས་ས་བདག་ལག་ནས་གཟི་བརྗིད་ཁུག །


DNG020_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་དབང་བརྒྱ་བྱིན་ལག་ནས་སྲོག་ཁུག་ལ། །མ་ཡམས་དམུ་སྲིན་ལག་ནས་ཚེ་དྲོངས་ཤིག །བཙན་འདྲེ་བཙུན་འདྲེའི་ལག་ནས་ལོངས་སྤྱོད་ཁུག །ཐེའུ་རང་འགོང་པོའི་ལག་ནས་སྲོག་སྐྱོབས་ཤིག །ཡུལ་བདག་ས་སྲིན་ལག་ནས་དཔལ་ཁུག་ཅིག །ཚེ་ཁུག་སྲོག་སྐྱོབས་བཅོལ་བའི་ཕྲིན་ལས་མཛོད། །ཨོཾ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུཾ། སྲ་བྱེད་ས་ལ་དབང་བྱེད་སངས་རྒྱས་སྤྱན། །མཉེན་སྡུད་ཆུ་ལ་དབང་བྱེད་མཱ་མ་ཀཱི། །སྲེག་བྱེད་མེ་ཡི་ཀུན་སྤྱོད་གོས་དཀར་མོ། །གཡོ་བྱེད་རླུང་གི་འགུགས་བྱེད་དམ་ཚིག་སྒྲོལ། །ཀུན་ཤོངས་གོ་འབྱེད་ནམ་མཁའི་དབྱིངས་ཕྱུག་མ། །རྡོ་རྗེ་སྒེག་མོ་བདེ་བའི་ཉམས་ལ་སྤྱོད། །རིན་ཆེན་ཕྲེང་བ་བདེ་བ་མི་བརྗེད་འཛིན། །པདྨ་དབྱངས་མཁན་བདེ་བའི་ཉམས་ལ་རོལ། །ལས་ཀྱི་གར་མཁན་བདེ་བའི་འབེབས་པ་པོ། །བདེ་བ་རྒྱས་འདེབས་ཞི་བའི་ཉམས་དང་ལྡན། །བདེ་བ་ཚེ་འཕེལ་རྒྱས་ལས་བརྗིད་པར་ལྡན། །བདེ་བ་ཟ་བྱེད་རང་གི་ལུས་ལ་འབར། །བདེ་བ་རྨོངས་བྱེད་རྣམ་པར་རྟོག་པ་འཇོམས། །བྱང་ཆུབ་སེམས་ཀྱི་དུད་པའི་སྤྲིན་དུ་འཁྲིགས། །རིན་ཆེན་མཛེས་པའི་མེ་ཏོག་ཡབ་ལ་འབུལ། །མར་མེ་འོད་གསལ་ཡབ་ཡུམ་འདུ་འབྲལ་མེད། །ཐིག་ལེ་བདུད་རྩི་ཡུམ་གྱི་བྷ་གར་འབེབས། །ལྕགས་ཀྱུས་དྲངས་པས་ཉམས་ནི་སེམས་ལ་འཆར། །ཞགས་པས་བཅིངས་པས་བདེ་བ་ལུས་ལ་འབར། །ལྕགས་སྒྲོག་སྡོམ་པས་མཐོང་སྣང་ལུས་ལ་སྐྱེས། །དྲིལ་བུས་སྒེག་པས་གསུང་ནི་སྔགས་སུ་འཆར། །ལས་བཞིའི་ཕྲིན་ལས་བག་ཆགས་སེམས་ལ་སྨིན། །ཚེ་ལ་དབང་མཛད་ལྷ་མོ་ཉི་ཤུ་ཡིས། །ཚེ་ཁུག་ཚེ་དྲོངས་གསང་བའི་ཕྲིན་ལས་མཛོད། །ཨོཾ་བཛྲ་མུག་ཏ་ཧོ། ཤར་གྱི་ཕྱོགས་ནས་ཚེ་འདྲེན་སྲོག་འགུགས་མ། །བྱམས་པའི་རང་བཞིན་ལྕགས་ཀྱུ་མ། །ཕྱག་གཡས་ཟླ་བའི་དཀྱིལ་འཁོར་བསྣམས། །སྐུ་མདོག་དཀར་པོ་འོད་དང་ལྡན། །ཕྱག་གཡོན་ཉི་མའི་དཀྱིལ་འཁོར་བསྣམས། །པུཥྤ་རཱ་གའི་འོད་ཟེར་འཕྲོ། །ཕྱག་གཡས་ཟླ་བའི་དཀྱིལ་སྟེང་ན། །ཐབས་ཀྱི་ཚེ་འཛིན་བུམ་པ་བསྣམས། །


DNG020_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་གཡོན་ཉི་མའི་དཀྱིལ་སྟེང་ན། །ཤེས་རབ་འགུགས་པའི་ལྕགས་ཀྱུས་འདྲེན། །འགྲོ་ཀུན་ཚེ་ལ་མངའ་བརྙེས་མ། །ཚེ་ཁུག་སྲོག་སྐྱོབས་གསང་བའི་ཕྲིན་ལས་མཛོད། །བཛྲ་ཨངྐུ་ཤ་ཛ། ལྷོ་ཡི་ཕྱོགས་ནས་སྲོག་སྐྱོབས་ཚེ་འགུགས་མ། །སྙིང་རྗེའི་རང་བཞིན་ལྷ་མོ་ཞགས་པ་མ། །སྐུ་མདོག་སྔོན་མོ་འབར་བ་ལ། །ཨིནྡྲ་ནཱི་ལའི་འོད་ཟེར་འཕྲོ། །ཕྱག་གཡས་ཟླ་བའི་གཞལ་ཡས་ནས། །ཤེས་རབ་ཚེ་ཡི་བུམ་པ་བསྣམས། །ཕྱག་གཡོན་ཉི་མའི་དཀྱིལ་འཁོར་ནས། །ཐབས་ཀྱི་ཚེ་འཆིང་ཞགས་པ་བསྣམས། །འགྲོ་ཀུན་ཚེ་སྲོག་སྡུད་མཛད་མ། །རྣལ་འབྱོར་ཚེ་ཡི་ལས་མཛོད་ཅིག །པཱ་ཤ་ཧཱུཾ། ནུབ་ཀྱི་ཕྱོགས་ནས་སྲོག་སྐྱོབས་ཚེ་འགུགས་མ། །དགའ་བས་དབང་མཛད་ལྷ་མོ་ལྕགས་སྒྲོག་མ། །སྐུ་མདོག་དམར་མོ་འབར་བ་ལ། །པདྨ་འབར་བའི་འོད་ཟེར་འཕྲོ། །ཕྱག་གཡས་ཟླ་བའི་དཀྱིལ་འཁོར་ནས། །ཤེས་རབ་སྟོང་པའི་ཚེ་འཛིན་མ། །ཕྱག་གཡོན་ཉི་མའི་དཀྱིལ་སྟེང་ན། །ཐབས་ཀྱི་ལྕགས་སྒྲོག་སྙིང་རྗེ་ཅན། །ཁམས་གསུམ་ཚེ་སྲོག་མངའ་མཛད་མ། །རྣལ་འབྱོར་ཚེ་ལ་ལོངས་སྤྱོད་ཀུན། །ཁུག་ཅིག་དྲོངས་ཤིག་བརྟན་པར་མཛོད། །སྥོ་ཊ་བཾ། བྱང་གི་ཕྱོགས་ནས་སྲོག་སྐྱོབས་ཚེ་འགུགས་མ། །བཏང་སྙོམས་རང་བཞིན་ལྷ་མོ་དྲིལ་བུ་མ། །སྐུ་མདོག་ལྗང་གུ་འབར་བ་ལ། །མ་ར་ཀ་ཏའི་འོད་འཕྲོ་མ། །ཕྱག་གཡས་ཟླ་བའི་དཀྱིལ་འཁོར་ན། །ཀུན་གྱི་ཚེ་འཛིན་བུམ་པ་བསྣམས། །ཕྱག་གཡོན་ཉི་མའི་དཀྱིལ་འཁོར་ན། །ཀུན་གྱི་ཚེ་དགྱེས་དྲིལ་བུ་འཁྲོལ། །འགྲོ་ཀུན་ཚེ་ལ་མངའ་མཛད་ཀྱང་། །འགྲོ་ཀུན་ཚེ་ནི་མི་འགུགས་ཀྱང་། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །ཚེ་ཁུག་སྲོག་སྐྱོབ་ཕྲིན་ལས་མཛོད། །གྷཎྜ་ཧོཿ། འཕྲོ་འདུ་འོད་ཀྱིས་བཀུག་བྱས་ནས། །མ་ལུས་བུམ་པའི་བཅུད་ལ་བསྡུ། །དེ་ནས་རྡོ་རྗེའི་ཚེ་བཅིངས་པ། །བཛྲ་སྥོ་ཊ་བཾ་ཞེས་པས། །ཉི་ཟླ་གའུ་རྡོ་རྗེ་འཛིན། །ལྕགས་སྒྲོག་དག་གིས་བཅིང་བར་བྱ། །རང་ཉིད་ལྷར་གསལ་སྣ་བུག་ནས། །རླུང་གི་


DNG020_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཀྱི་འཕྲོ་འདུ་བྱ། །ཨོཾ་བཛྲ་ཨཱ་ཡུ་ཥེ་ཧཱུཾ་ཨཱ། དེ་བས་འགྲོ་དྲུག་ཐམས་ཅད་ཀྱི། །ཚེ་དང་གཟི་བརྗིད་ཀུན་ཕྲོགས་ནས། །ཟ་མ་ཏོག་ཏུ་བསྡུས་ནས་ནི། །ཚེ་ཡི་རིག་འཛིན་རྣམས་ལ་བསྡིམ། །དཔའ་བོ་འབྲུ་ལྔ་གསལ་བ་ཡིས། །ཚེ་ཡི་དབང་ནི་བསྐུར་བར་གྱུར། །ཨོཾ་ཕུང་པོ་ལྷ་ཡི་དཀྱིལ་འཁོར་དུ། །རྒྱལ་བ་རིགས་ལྔའི་རང་བཞིན་ལས། །འབྱུང་ལྔ་ཡུམ་གྱི་གཟུགས་སུ་བཅས། །ཁྱོད་ལ་བསྐུར་བས་ཚེ་ཡི་དབང་། །རྡོ་རྗེ་ཚེ་དབང་ཐོབ་གྱུར་ཅིག །ཀཱ་ལ་ཤ་བཀྵ་ཨ་བྷི་ཥིཉྩ། ཨོཾཿཧཱུཾཿཏྲཱཾཿཧྲཱྀཿཨཿནྲྀཿ། དེ་ནས་སློབ་མའི་སྙིང་གིའི་ནྲྀ་ལ་ཚེ་བསྡིམ་སྟེ། རང་ལུས་གཟི་བརྗིད་འབར་ཏེ་འོད་དང་ལྡན། །ཁམས་ཀྱི་བདུད་རྩི་རྒྱས་པར་གྱུར། །ཚེ་ཡི་རང་བཞིན་ཡི་གེ་ནྲྀ། །སྐྱེ་མཆེད་ཨ་རུ་རབ་ཏུ་གནས། །ཅིས་ཀྱང་མི་ཚུགས་མི་ཤིགས་པའི། །སྟོང་པའི་གོ་ཆ་བླ་ན་མེད། །ཆོས་ཀྱི་དབྱིངས་སུ་སྦས་ནས་ནི། །སངས་རྒྱས་ཀྱིས་ཀྱང་མི་གཟིགས་སོ། །དེ་ནས་གཏོར་མ་གཏང་བར་བྱ། །ལྷག་ཆད་ཁ་བསྐངས་ནས། སྤྱོད་ལམ་ལེགས་པར་གནས་པར་བྱའོ། །བདུད་རྩི་འཁྱིལ་པ་འཆི་མེད་ཚེའི་རྒྱུད་ལས། ཚེ་བསྒྲུབས་པ་ཆེན་པོའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས། གསང་བ་དག་པའི་དཀྱིལ་འཁོར་དུ་ཚེ་བསྒྲུབ་པ་འདི་གསུངས་སོ། །བདེ་བའི་གནས་སུ་དཀྱིལ་འཁོར་ནི། །འཁོར་ལོ་རྩིབས་བརྒྱད་གྲུ་ཆད་སྒོ། །དབུས་ན་མགོན་པོ་ཚེ་དཔག་མེད། །ཤར་ན་མི་བསྐྱོད་ལྷོར་རིན་འབྱུང་། །ནུབ་ན་སྣང་མཐའ་བྱང་དོན་གྲུབ། །ས་ཡི་སྙིང་པོ་རྡོ་རྗེ་སེམས། །ནམ་མཁའི་སྙིང་པོ་རིན་ཆེན་སེམས། །སྤྱན་རས་གཟིགས་ནི་པདྨ་སེམས། །ལས་ཀྱི་སེམས་དཔའ་ཕྱག་རྡོར་ཡིན། །སྒོ་བཞི་གཤིན་རྗེ་སྟོབས་ཆེན་དང་། །རྟ་མགྲིན་བདུད་རྩི་འཁྱིལ་པ་གནས། །ཚེ་བུམ་ཆང་དང་ཚེ་འབྲས་བཅའ། །མདའ་དང་དར་བཅས་མཆོད་རྫས་རྣམས། །དཀྱིལ་འཁོར་དུ་ནི་མཛེས་པར་བཤམ། །བདེ་གཤེགས་བསྐྱེད་ཅིང་སྤྱན་དྲང་བསྡིམ། །མཆོད་ནས་ཚེ་ཡི་


DNG020_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་བསྒྲུབ། །ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ་ན་ཨུ་ཡུརྫྙཱ་ན་བིན་དུ་བྷྲཱུཾ། ཨ་པ་རི་མི་ཏ་ཚེ་བྷྲཱུཾ། ཧཱུཾ་དབུས་ཀྱི་མགོན་པོ་ཚེ་དཔག་མེད། །ཡབ་ཡུམ་ཐུགས་ཀྱི་གའུ་ནས། །ཨཱ་ཡུཿདམར་པོ་རང་བྱུང་ནས། །དོན་གྲུབ་ཐུགས་རྒྱུད་རང་བཞིན་བཀུག །རྫས་ལ་བསྡིམ་ཞིང་བསྒྲུབ་པར་བྱ། །བྱང་ཕྱོགས་ནུབ་ཕྱོགས་པདྨ་དབང་གི་དཀྱིལ་འཁོར་ནས། །བཅོམ་ལྡན་བྱམས་མགོན་ཚེ་དཔག་མེད། །ཐུགས་ཀྱི་དཀྱིལ་འཁོར་ཟླ་གསང་གའུ་ནས། །བྱང་ཆུབ་སེམས་ཀྱི་ཨཱ་ཡུཿདམར་པོ་འདི། །རྩེ་གཅིག་དབང་གིས་བསྒྲུབས་པའི་ཚེ་ལགས་ན། །བྱིན་གྱིས་བརླབས་ཤིང་བདག་ལ་དངོས་གྲུབ་སྩོལ། །རིགས་ཀྱི་རྒྱལ་བ་ཡབ་ཡུམ་རྣམས། །ཚུལ་མཆོག་འདི་ཡིས་ཤེས་པར་བྱ། །ཚེ་ཡི་ཕོ་ཉ་བཏང་ནས་ཀྱང་། །སྲིད་གསུམ་གནས་ནས་ཚེ་སྲོག་ནི། །ཡི་གེ་ནྲྀ་རུ་བསྡུས་བྱས་ནས། །བྱང་སེམས་བདེ་བ་ཆེན་པོ་ཡི། །ཀུན་གཞིའི་རྣམ་པར་ཤེས་པ་ཉིད། །ཨཱ་ཡུཿདམར་པོ་ཤེས་པར་བྱ། །སྐྱེ་བ་མེད་པའི་སེམས་ཉིད་འདི། །འཆི་མེད་རྡོ་རྗེ་ཞེས་བྱ་སྟེ། །མི་འགྱུར་གཡུང་དྲུང་ཡེ་བརྡལ་ཆེ། །མི་ནུབ་ཡེ་ཤེས་རྒྱལ་མཚན་ཡིན། །དེ་ལྟ་བུ་ཡི་དངོས་གྲུབ་ནི། །རྣལ་འབྱོར་བདག་གིས་བླང་བར་བྱ། །མཆེད་དང་ལྕམ་དྲལ་སློབ་མ་རྣམས། །ཚེ་ཡི་བུམ་པས་དབང་བསྐུར་ནས། །ཚེ་ཡི་རང་བཞིན་གནས་ཤེས་པ། །དཔའ་བོ་འབྲུ་ལྔས་དབང་བསྡིམ་བྱ། །མཁའ་འགྲོ་ཆོས་སྐྱོང་གཏོར་མ་གཏང་། །གཏེར་སྦ་དགེ་བསྔོ་དཀྱིལ་འཁོར་བསྡུ། །ཞེས་གསུངས་སོ། །བདུད་རྩི་འཁྱིལ་པ་འཆི་མེད་ཚེའི་རྒྱུད་ལས། གསང་བ་དག་པའི་དཀྱིལ་འཁོར་དུ་ཚེ་བསྒྲུབ་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས། གསང་བ་དག་པའི་རྫས་ལ་ཚེ་བསྒྲུབ་པ་འདི་གསུངས་སོ། །བཀྲ་ཤིས་དག་པའི་རྫས་བཙལ་ཏེ། །མདོ་སྡེ་ཟངས་གཞོང་འཁར་སྡེར་དུ། །ཀྲྀ་ཡ་ཉ་ཕྱིས་དུང་ཆོས་ལ། །མ་ཧཱ་སྐྱེ་བ་བདུན་པའི་རོ། །བྱ་རྒོད་རྐང་གི་སྦུབས་བལྟས་ཏེ། །ཞུན་ཆེན་མར་མེར་གཟུགས་བདུན་པ། །སྐྲ་ཁམ་ཤེལ་མིག་དཔྲལ་དབྱིབས་ཆེ། །སྨེ་བདུན་བ་སྤུ་


DNG020_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

ཟང་ཐལ་བྱུང་། །དུང་སོ་འཁོར་བར་ཡོད་པ་ཡིས། །ཚེ་སྐྱེམས་ཚེ་འབྲས་གཟུངས་ཐག་བཟུང་། །སྣོད་ནི་གཞལ་ཡས་ཁང་གྱུར་ནས། །ཚེ་སྐྱེམས་སིཌྜྷ་ལོ་ཙ་ནཱི། །ལྗང་སེར་ཞལ་གཅིག་ཕྱག་བཞི་མ། །ཚེ་དར་གྲི་གུག་གཡས་པ་ན། །བདུད་རྩི་བུམ་པ་རྒྱ་གྲམ་གཡོན། །དེ་ཡི་མཁའ་དབྱིངས་ཚེ་དཔག་མེད། །དམར་པོ་ཞལ་གཅིག་ཕྱག་བཞི་པ། །རིན་ཆེན་ཕྲེང་བ་ཟ་མ་ཏོག །ཤེལ་ཕྲེང་ནེའུ་ལེའི་རྐྱལ་པ་གཡོན། །དེ་འཁོར་རིགས་ཀྱི་ཡུམ་ཆེན་ལྔ། །རིགས་མདོག་ཡུམ་ཆེན་ལྔ་ནི་ཕྱག་མཚན་རིགས། །མིག་ལ་རྒྱས་འདེབས་ལྕགས་ཀྱུ་དཀར། །རྣ་བར་རྨོངས་བྱེད་ཞགས་པ་སྔོ། །སྣ་ལ་ཚེ་འཕེལ་ལྕགས་སྒྲོག་དམར། །ལྕེ་ལ་ཟ་བྱེད་དྲིལ་བུ་ལྗང་། །ཚེ་བསྲུང་པདྨ་ཀུནྡྷ་ལི། །དམར་པོ་པདྨ་རྒྱ་གྲམ་བསྣམས། །ཨཱ་ཡུཿཚེ་བྷྲཱུཾ་ཛྙཱ་ན་ཚེ་བྷྲཱུཾ་བིན་དུ་བྷྲཱུཾ། ཨ་པ་ར་མི་ཏ་ཚེ་བྷྲཱུཾ། ཆགས་པའི་རྡོ་རྗེ་བདག་ཉིད་ཆེ། །པདྨ་རྒྱལ་པོ་ཀུན་དྷ་ལི། །སྤྲུལ་པའི་ཁྲོ་བོ་གྲངས་མེད་པས། །ཚེ་ལ་གནོད་པའི་བགེགས་རྣམས་ཀུན། །དེ་ཡི་གཟུགས་བཅོམ་ཕ་རོལ་དུ། །སོང་ཞིང་ཚེ་ལ་གནོད་བྱེད་བསྐྲད། །བྷནྡྷ་ཊ་ཋ་ཕཊ། ཚེ་ལ་དབང་བསྐུར་བསྡིམ་པ་དང་། །སྦས་ནས་རྒྱས་བཏབ་སྨོན་ལམ་གདབ། །ཐོད་པ་ལོངས་སྤྱོད་གཏེར་དུ་བཅངས། །ཤ་རྣམས་སུ་ཡིས་ཟོས་པས་ནི། །ཐུན་མོང་དངོས་གྲུབ་ཐོབ་པར་འགྱུར། །བདུད་རྩི་འཁྱིལ་པ་འཆི་མེད་ཚེའི་རྒྱུད་ལས། གསང་བ་དག་པའི་རྫས་ལས། ཚེ་བསྒྲུབ་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས། མཁའ་དབྱིངས་རྣམ་པར་དག་པའི་ཡུམ་ལ་ཚེ་བསྒྲུབ་པའི་ཆོ་ག་འདི་གསུངས་སོ། །དབེན་པའི་གནས་སུ་ཕྱིན་ནས་ནི། །པདྨ་ཅན་ནམ་དུང་ཅན་ནམ། །བ་གླང་འདྲ་འམ་རི་དྭགས་འདྲ། །མཚན་དང་ལྡན་པའི་གཟུངས་མ་ལ། །དཔའ་བོ་འབྲུ་ལྔ་ལུས་ལ་བཀོད། །རིགས་ལྔ་ཡེ་ཤེས་ལྔར་བྱིན་བརླབས། །ཡབ་ཡུམ་མཁའ་གསང་བསྣོལ་བས་ནི། །རྡོ་རྗེ་པདྨར་བྱིན་བརླབས་ནས། །བདེ་མཆོག་བདེ་བྲལ་བདེ་བ་དང་། །ལྷན་སྐྱེས་ཁུ་བ་འཕྲོ་འདུ་ལས། །ཧྲཱྀཿ


DNG020_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རྟ་མགྲིན་ཁྲོ་བོ་དམར། །ཞལ་གསུམ་པ་ལ་ཕྱག་དྲུག་པ། །སྔགས་འཆང་རྒྱལ་པོ་གང་གནས་པ། །ཕྱག་རྒྱའི་བདག་ཉིད་དེ་ན་གནས། །ཕྱག་རྒྱ་ཆེན་པོའི་དཀྱིལ་འཁོར་ན། །སྨ་ཤ་ནག་མོ་དོན་སྙིང་ཟ། །དེ་ཡི་ཡང་གསང་ཐུགས་དཀྱིལ་ནས། །གསུང་གི་རྒྱལ་པོ་རྟ་མཆོག་དཔལ། །ཕྱག་མཚན་ཕྱག་ན་འབྲུག་དྲུག་བསྣམས། །འབྲུག་དཀར་འབྲུག་སྔོན་འབྲུག་ལྗང་དང་། །འབྲུག་སེར་འབྲུག་དམར་འབྲུག་ནག་བསྣམས། །འབྲུག་གི་ཁ་ནས་གློག་འབྱིན་ཅིང་། །གློག་གི་ཁ་ནས་ཐོག་འབེབས་ལ། །གནོད་སྦྱིན་དམར་པོའི་ཀླད་པ་འགེམས། །དེ་ཡི་སེམས་ཀྱི་དལ་བསྣམས་ནས། །དྲོངས་ཤིག་དྲོངས་ཤིག་ཚེ་དྲོངས་ཤིག །རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ། །ཨོཾ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུཾ། དགའ་བ་བཞི་དང་ལྡན་པ་ཡི། །བསྙེན་བསྒྲུབ་རྣམ་བཞི་བསྒྲུབ་པ་ཡིས། །ཁུ་བ་འཐུང་ན་ནད་མེད་ཅིང་། །དེ་ཡི་ཚེ་ཡང་ལྷ་དང་མཉམ། །དབང་གི་མཆོག་ཏུ་དེ་འགྱུར་རོ། །སྒྲུབ་པ་པོ་ཡི་ཐུགས་གནས་བསྡིམ། །ཞེས་གསུངས་སོ། །བདུད་རྩི་འཁྱིལ་པ་འཆི་མེད་ཚེའི་རྒྱུད་ལས། གསང་བ་མཁའ་དབྱིངས་ལ་ཚེ་བསྒྲུབ་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་ཆོས་ཀྱིས། མཆོད་པ་དེ་ཁོ་ན་ཉིད་ཀྱིས་མཆོད་ནས། འདི་སྐད་ཅེས་གསོལ་ཏོ། །སངས་རྒྱས་བདེ་བ་ཆེན་པོའི་ཐུགས། །འགྲོ་བ་ཀུན་ལ་ཀུན་གཞི་ཡིད། །རྣལ་འབྱོར་ཨཱ་ཡུཿའི་ཚེ་རྣམས་བསྒྲུབ། །དམ་རྫས་བྱང་སེམས་དཀར་དམར་ལེན། །འདི་ཡི་ཚེ་དང་སྲོག་བརྟེན་ནས། །མགོན་པོ་ཁྱེད་ལ་རྗེས་ཡི་རང་། །ཞེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འདི་གསུངས་སོ། །འགྱུར་མེད་ཚེ་ཡི་དངོས་གྲུབ་རྒྱུད། །རྡོ་རྗེ་ཆོས་ཀྱིས་ཟུང་ལ་མཁའ་འགྲོས་སྲུངས། །ཆོས་ཀྱི་སྤྱན་ལྡན་སྤྱོད་པས་འགྲོ་དོན་མཛད། །མི་ནུབ་བསྟན་པ་རྒྱས་པར་ཁྱེད་ཀྱིས་སྤྱོད། །ཅེས་གསུངས་སོ། །སྟོན་པ་དང་འཁོར་རྣམས་ཆོས་ཉིད་ཀྱི་ངང་དུ་ཐིམ་སྟེ་ཆོས་སྐུར་བཞུགས་སོ། །བདུད་རྩི་འཁྱིལ་པ་འཆི་མེད་ཚེའི་རྒྱུད་ལས། རྒྱུད་གཏད་པའི་ལེའུ་སྟེ་བཅུ་བཞི་པའོ།། །།བདུད་རྩི་འཁྱིལ་པ་འཆི་མེད་ཚེའི་
རྒྱུད་ཅེས་བྱ་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པཎྜི་ཏ་བི་མ་ལ་མི་ཏྲ་ལ། བོད་ཀྱི་ལོཙྪ་བ་མཇིང་གསལ་འབར་གྱིས་ཞུས་ཏེ་བསྒྱུར་ནས་གཏན་ལ་ཕབ་པའོ།། །།

སངས་རྒྱས་ཀྱི་བདུད་རྩི་ཡེ་ཤེས་འོད་ལྡན་གྱི་རྒྱུད་ཅེས་བྱ་བ།


DNG020_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བུཌྜྷ་ཨ་མྲྀ་ཏ་ཛྙཱ་ན་པྲ་བྷ་བཱན་ཏནྟྲ་ནཱ་མ།བོད་སྐད་དུ། སངས་རྒྱས་ཀྱི་བདུད་རྩི་ཡེ་ཤེས་འོད་ལྡན་གྱི་རྒྱུད་ཅེས་བྱ་བ། བྷ་ག་བཱན་རཱ་ཛ་ཨ་མྲྀ་ཏ་ན་མ། བཅོམ་ལྡན་འདས་བདུད་རྩིའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་བདུད་རྩིའི་རྒྱལ་པོ་དང་། ཀུན་ཏུ་བཟང་མོ་གཉིས་རི་རབ་ཀྱི་རྩེ་མོ་ལ་བདུད་རྩི་རོལ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེའི་ཚེ་བཅོམ་ལྡན་འདས་བདུད་རྩིའི་རྒྱལ་པོ་ཡབ་ཡུམ་གྱི་ཐུགས་ཀ་ནས། འོད་ཟེར་རྣམ་པ་ལྔ་ཡང་ཕྱོགས་བཅུར་འཕྲོས་པ་ལས་རིགས་ལྔ་ཁྲག་འཐུང་ཡབ་ཡུམ་དང་། ཁྲོ་བོ་ཁྲོ་མོ་དང་། སེམས་དཔའ་སེམས་མ་དང་། དཔའ་བོ་དཔའ་མོ་དང་། རིགས་གསུམ་མགོན་པོ་དང་། ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང་། ཚངས་པ་ཁྱབ་འཇུག་མ་ཧཱ་དེ་བ་ལ་སོགས་པ་འདུས་ཤིང་འཁོད་དེ། ཡེ་ཤེས་སྤྲིན་ཕུང་འཁྲིགས་ནས། བདུད་རྩིའི་ཆར་ཕབ་པས། རི་རབ་ཀྱི་བང་རིམ་ལ་སོགས་པ། འཇིག་རྟེན་དུ་བདུད་རྩི་བཅུད་དང་ལྡན་པ་ཞེས་བྱ་བ། རྩ་བ་གྲོ་མའམ་སྲན་ནག་སྦངས་པ་འདྲ་བ།ཚིག་རིང་ཚི་བ་དང་། རོ་ཁ་ལ་དྭངས་པ། མངར་ལ་ཚ་ཞིང་བདེ་བ། མེ་ཏོག་ལྔ་དང་ལྡན་ཞིང་། བདུད་རྩིའི་ཟིལ་པ་ཆགས་པ་ནུབ་མོ་འོད་དང་ལྡན་པ་འཁྲུངས་ཏེ། འདུས་པའི་འཁོར་རྣམས་ཀྱིས་ཟོས་པས། ཀུན་ཀྱང་བདེ་བས་བརྒྱལ་ཏེ་བོག་གོ། །ས་ཡང་རབ་ཏུ་གཡོས་སོ། །ཀུན་ཏུ་རབ་ཏུ་གཡོས་སོ། །ཀུན་གྱི་བྱང་སེམས་དཀར་དམར་འཕེལ་ཤིང་བོ་བ་ལས། ས་བཅུད། ཆུ་བཅུད། མེ་བཅུད། རླུང་བཅུད། ནམ་མཁའི་བཅུད། རྡོ་བཅུད། སྔོ་བཅུད། ལྡུམ་བུའི་བཅུད། ལྔ་ལྡན་བཅུད། སྤོས་བཅུད། ཤིང་བཅུད། ཤ་བཅུད་ལ་སོགས་པ། སྲིད་པའི་བཅུད་ཐམས་ཅད་རྒྱས་ཤིང་འཁྲུངས་པར་གྱུར་ཏེ། འདི་རྣམས་ཀྱི་བཅུད་


DNG020_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ཁོང་དུ་སོང་བ་ལ་བརྟེན་ནས་བདེ་བ་རྒྱས་ཏེ། འགྲོ་བ་མི་ལ་སོགས་པ་དཔག་ཏུ་མེད་པ་འཕེལ་ལོ། །རྡོ་རྗེའི་རིགས་རྣམས་ཀྱིས་ཞི་བའི་ལས་རྣམས་གྲུབ་ཅིང་མེ་ལོང་ཡེ་ཤེས་ལ་མངའ་བརྙེས་སོ། །རིན་ཆེན་རིགས་རྣམས་ཀྱིས། རྒྱས་པའི་ཕྲིན་ལས་གྲུབ་ཅིང་། མཉམ་ཉིད་ཡེ་ཤེས་ལ་མངའ་བརྙེས་སོ། །པདྨའི་རིགས་རྣམས་ཀྱིས། དབང་གི་ཕྲིན་ལས་གྲུབ་ཅིང་། སོ་སོར་རྟོགས་པའི་ཡེ་ཤེས་ལ་མངའ་བརྙེས་སོ། །ལས་ཀྱི་རིགས་རྣམས་ཀྱིས། དྲག་པོའི་ཕྲིན་ལས་གྲུབ་ཅིང་། བྱ་བ་གྲུབ་པའི་ཡེ་ཤེས་ལ་མངའ་བརྙེས་སོ། །བུཌྜྷའི་རིགས་རྣམས་ཀྱིས། ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཐམས་ཅད་གྲུབ་ཅིང་། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་མངའ་བརྙེས་སོ། །ཐུགས་རྗེ་ཆེན་པོས་ཡེ་ཤེས་ལ་མངའ་བརྙེས་སོ། །ཕྱག་ན་རྡོ་རྗེས་ནུས་མཐུ་ལ་མངའ་བརྙེས་སོ། །འཇམ་དཔལ་ཤེས་རབ་ལ་མངའ་བརྙེས་སོ། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་རྣམས་ཀྱིས་ལོངས་སྤྱོད་ལ་མངའ་བརྙེས་སོ། །ཚངས་པ་ཁྱབ་འཇུག་མ་ཧཱ་དེ་བ། སྲིད་པ་གསུམ་ལ་མངའ་བརྙེས་ཤིང་། ས་ཆུ་མེ་རླུང་ནགས་ཀྱི་ལྷ་ལ་སོགས་པ་བདག་བྱས་སོ། །སངས་རྒྱས་ཀྱི་བདུད་རྩི་ཡེ་ཤེས་འོད་ལྡན་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་གསང་བདག་རྡོ་རྗེ་འཛིན། །གུས་པས་ཕྱག་འཚལ་ཐལ་མོ་སྦྱར། །བཅོམ་ལྡན་འདས་ལ་འདི་སྐད་གསོལ། །འགྲོ་བའི་མགོན་པོ་བཅོམ་ལྡན་འདས། །ཏིང་ངེ་འཛིན་ལས་རབ་བཞེངས་ཤིག །ཨེ་མ་ཨེ་མ་ཏིང་འཛིན་ལྔས། །བདུད་རྩི་ཡེ་ཤེས་འོད་ཟེར་ཅན། །འདི་ཡི་རྒྱུ་རྐྱེན་འོད་ཟེར་ཅི། །སྨིན་བྱེད་དབང་གི་འོད་ཟེར་སྐུར། །དམ་ཚིག་སྡོམ་པ་གང་ལྟར་བསྲུང་། །བརྟག་ཅིང་བསྡུ་བ་ནམ་ཙམ་ཡིན། །འདི་མཐུས་རྩལ་ནི་གང་གང་གདོན། །བཅུད་ཀྱི་ལེན་ལུགས་ཇི་ལྟར་བགྱིད། །འདི་དུས་ལྷ་ནི་གང་གང་བསྒོམ། །ལྟ་བསྒོམ་སྤྱོད་འབྲས་ཇི་ལྟར་འཆད། །ཞི་རྒྱས་དབང་དྲག་དགུག་བསྐྲད་མནན། །གཟིར་ལ་སོགས་པའི་ལས་སོགས་དང་། །འཆང་ཞིང་གཏད་པ་ཇི་ལྟར་བགྱི། །འདུས་པའི་འཁོར་ལ་གསུང་དུ་གསོལ། །སངས་རྒྱས་ཀྱི་བདུད་རྩི་ཡེ་ཤེས་འོད་ལྡན་རྒྱུད་ལས། ཞུས་པའི་ལེའུ་སྟེ་གཉིས་པའོ།། །།


DNG020_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བཅོམ་ལྡན་འདས་བདུད་རྩིའི་རྒྱལ་པོས་ཞལ་གྱི་འཛུམ་པ་རབ་ཏུ་བསྟན་ནས། འདུས་པའི་འཁོར་ལ་བཀའ་སྩལ་པ། ལེགས་སོ་ལེགས་སོ་གསང་བའི་བདག །ཁྱེད་ཀྱིས་ཞུས་པ་ཤིན་ཏུ་ལེགས། །ཆོས་ཉིད་ནམ་མཁའ་སྐྱེ་མེད་ལས། །ང་ཡི་འོད་ཟེར་རྣམ་ལྔར་ཤར། །རིགས་ལྔ་ཞི་ཁྲོ་ཡབ་ཡུམ་དང་། །སེམས་དཔའ་སེམས་མ་རིགས་གསུམ་མགོན། །དཔའ་བོ་དཔའ་མོ་ཐམས་ཅད་དང་། །ལྷ་ཀླུ་གནོད་སྦྱིན་དྲི་ཟའི་ཚོགས། །ཚངས་པ་ཁྱབ་འཇུག་མ་ཧཱ་དེ་བ། །འཁོར་འདས་མ་ལུས་ཐམས་ཅད་ཀུན། །ང་ཡི་ཏིང་འཛིན་སྤྲུལ་པ་ཡིན། །ངས་བཤད་མ་ནོར་ཡིད་ལ་ཟུང་། །བདུད་རྩི་ཡེ་ཤེས་འོད་ཟིལ་ཅན། །འདི་རྒྱུ་ཀུན་བཟང་བྱང་ཆུབ་སེམས། །རྒྱུ་རྐྱེན་ཡབ་ཡུམ་བདེ་སྟོང་རྩལ། །དྲོད་གཤེར་བྱིན་རླབས་འདུས་ལས་སྐྱེས། །འདི་ཡི་ཡོན་ཏན་ཐོས་པས་མྱོང་། །རྡོ་རྗེ་ཞི་བ་མེ་ལོང་ཉིད། །རིན་ཆེན་རྒྱས་པ་མཉམ་ཉིད་དོ། །པདྨ་དབང་དང་སོ་སོར་རྟོགས། །ལས་ཀྱིས་དྲག་པོའི་བྱ་བ་འགྲུབ། །བུཌྜྷས་ཀུན་འགྲུབ་ཆོས་དབྱིངས་ཐོབ། །ཞི་ཁྲོ་ཡི་དམ་ལྷ་ཞལ་མཐོང་། །སྙིང་རྗེ་ནུས་མཐུས་ཤེས་རབ་སྐྱེད། །དཔའ་བོ་དཔའ་མོ་འདུ་ཞིང་སྡུད། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང་། །ཚངས་པ་ཁྱབ་འཇུག་མ་ཧཱ་དེ། །དབང་བསྒྱུར་ལས་ཀུན་ཅི་བཅོལ་བྱེད། །རྐང་མགྱོགས་མིག་སྨན་མངོན་ཤེས་འགྲུབ། །སྒྲོ་ལྟར་ཡང་ཞིང་རླུང་ལྟར་མགྱོགས། །གྱད་སྟོབས་ལྡན་ཞིང་ལོ་སྟོང་ཐུབ། །ཀུན་ཡིད་འཕྲོག་ཅིང་ཌཱ་ཀི་འདུ། །བདེ་བ་རྒྱས་ཤིང་ལན་བརྒྱ་ནུས། །ཟས་ནོར་འདུ་ཞིང་ཞེན་ཆགས་བྲལ། །རང་རིག་རྟོགས་ནས་ཟག་པ་ཟད། །མི་སྣང་ཆོས་དབྱིངས་ངང་དུ་གནས། །ཐ་མལ་སེམས་ཅན་ཕལ་པ་ དང་། །དུད་འགྲོ་རྣམས་ཀྱིས་ཟོས་གྱུར་ཀྱང་། །བཅུད་འཕེལ་ལུས་རྒྱས་ཚེ་རིང་ཞིང་། །སྲིད་འཕེལ་མདངས་ལྡན་རྨ་ལ་བཟང་། །སྤུ་ལེགས་ཤ་རྒྱས་འོ་མ་ཆེ། །རིགས་མདངས་བདེ་བས་མཆོག་ལ་སྐྱེད། །ཡེ་ཤེས་འོད་ལྡན་རྒྱུད་ལས། གནས་ལུགས་རྒྱུ་རྐྱེན་ཡོན་ཏན་གྱི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ཡེ་ཤེས་འོད་ལྡན་དབང་བསྐུར་ནི། །


DNG020_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་མཚན་ཉིད་ལྡན་པ་ལ། །ཡིད་འོང་དབེན་པའི་གནས་ཉིད་དུ། །ཞེན་ལོག་དད་བརྩོན་ལྡན་པ་ཡིས། །དབང་བསྐུར་བཅུད་ལེན་གདམས་ངག་ཞུ། །དུས་ནི་ཚེས་གྲངས་བཟང་པོ་ལ། །ཐབས་ཤེས་སུ་ར་འཛོམ་བྱས་ཏེ། །སྟེགས་བུ་མདའ་གང་གྲུ་བཞིའི་མཁར། །དཀར་སེར་དམར་ལྗང་དབུས་མཐིང་གའི། །པད་འདབ་བཞི་པ་ཚོམ་བུ་ལྔ། །གཏོར་ཚོགས་མར་མེ་མེ་ཏོག་སྤོས། །ཐོད་རྔ་དྲིལ་བུ་མི་རྐང་གླིང་། །གསུར་ཆེན་དུད་པ་ཨ་མྲྀ་ཏ། །བླ་མ་དཔའ་བོ་དཔའ་མོས་བསྐོར། །ཨོཾ་ཨཱཿཧཱུཾ་མེ་ལོང་ལ་བྲིའོ། །བུམ་ཐོད་བདུད་རྩི་འབྲུ་གསུམ་དོན། །སྐལ་དང་ལྡན་ལ་དབང་བསྐུར་བྱ། །སྟོན་པ་བཅོམ་ལྡན་ཐུགས་རྗེའི་བདག །འགྲོ་བ་སྨིན་ཅིང་གྲོལ་ལ་དགོད། །དུག་ལྔའི་ནད་འཇོམས་བདུད་རྩིའི་རྒྱལ། །ཡེ་ཤེས་འོད་ལྡན་དབང་བསྐུར་སྩོལ། །ལན་གསུམ་ཞུ་བ་ཕུལ་དུས་སུ། །རོལ་མོའི་སྒྲ་སྒྲོག་རིག་པ་བསྐུལ། །འདར་འཕར་འཁྲབ་ཅིང་མི་རྟོག་སྐྱེ། །བྱིན་རླབས་དག་སྣང་རྒྱ་ཆེར་འཆད། །ཁྲུས་བུམ་སློབ་མའི་མགོ་ཐོག་གཞག །སྣོད་བཅུད་གཞལ་ཡས་ལྷ་ཡི་ཚོགས། །སྐལ་ལྡན་བུ་ལ་དབང་བསྐུར་བས། །ལུས་ཀྱི་དྲི་མ་དག་གྱུར་ནས། །སངས་རྒྱས་སྐུ་དང་མཉམ་པར་ཤོག །ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། དེ་ནས་ཐོད་པའི་བདུད་རྩི་སྦྱིན། །དུས་གསུམ་སངས་རྒྱས་ཏིང་འཛིན་བཅུད། །སྐལ་ལྡན་བུ་ལ་དབང་བསྐུར་བས། །ངག་གི་དྲི་མ་དག་གྱུར་ནས། །སངས་རྒྱས་གསུང་དང་མཉམ་པར་ཤོག །ཝཱཀ་ཨ་བྷི་ཥིཉྩ་ཨཱཿ། དེ་ནས་མེ་ལོང་ཨ་ཧཱུཾ་བསྟན། །སྐུ་ གསུང་ཐུགས་ལྡན་རང་རིག་གིས། །སྐལ་དང་ལྡན་ལ་དབང་བསྐུར་བས། །སེམས་ཀྱི་དྲི་མ་དག་གྱུར་ནས། །སངས་རྒྱས་ཐུགས་དང་མཉམ་པར་ཤོག །ཙིཏྟ་ཨ་བྷི་ཥིཉྩ་ཧཱུཾ། དེ་ནས་ཨཱ་ལོ་ཀེ་བསྟན་ལ། གསལ་གྱུར་རིག་སྟོང་ཀུན་ལ་ཁྱབ། །སྐལ་དང་ལྡན་ལ་དབང་བསྐུར་བས། །ལུས་ངག་ཡིད་གསུམ་དག་གྱུར་ནས། །སངས་རྒྱས་ཐུགས་དགོངས་ལྡན་པར་ཤོག །ཀཱ་ཡ་ཝཱཀ་ཙིཏྟ་ཨཱ་ལོ་ཀེ་མ་ཧཱ་དྷརྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུཾ། ཡེ་ཤེས་འོད་ལྡན་རྒྱུད་ལས། དབང་བསྐུར་བའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཡང་དག་


DNG020_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་བྱ་བ། །ཡེ་ཤེས་འོད་ལྡན་དམ་ཚིག་ནི། །ལུས་ངག་ཡིད་གསུམ་མི་དགེ་སྡོམ། །དམེ་ཡུགས་མཛེ་ཕོའི་ཟས་གོས་སྤང་། །དུར་ཁྲོད་རྒྱུ་ཞིང་བཅུད་ལེན་བྱ། །མེ་དང་ཉི་མ་ཡུན་མི་རིང་། །ལུས་ལྷ་ངག་སྔགས་སེམས་ཉིད་བལྟ། །མངའ་གསོལ་བསྟོད་པ་ཉམས་གླུ་ལེན། །ཆགས་སྡང་ལོང་གཏམ་སྨྲ་བ་སྤང་། །སྐྱིད་སྡུག་འཁྲུལ་རྟོག་རྗེས་བཅད་ལ། །ཅི་ཡང་མི་དམིགས་དོན་ལ་བཞག །ཡེ་ཤེས་འོད་ལྡན་རྒྱུད་ལས། དམ་ཚིག་གི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ཡེ་ཤེས་འོད་ལྡན་བརྟགས་ཤིང་བཏུ། །དུས་ནི་དབྱར་སྨད་སྟོན་སེར་ཁ། །བདེ་གཤེགས་གསུང་བསྒྲགས་ཌཱ་ཀི་གནས། །གྲུབ་ཐོབ་ཞབས་བཅགས་གཉན་པའི་ས། །ཉི་ལོགས་ཡིད་འོངས་པདྨ་སྐྱེ། །ཚིག་རིང་ཚི་ཅན་སྣུམ་འོད་ལྡན། །སེམས་ཅན་སྦྲང་བུ་ཕྲ་མོ་སྡུད། །རྩ་བ་སྲན་ནག་གྲོ་མ་འདྲ། །རིང་ཐུང་མཐོ་གང་ཆགས་གང་ལྷག །མེ་ཏོག་ལྔ་ལྡན་ཤས་ཆེར་དཀར། །དུས་གསུམ་སངས་རྒྱས་ཏིང་འཛིན་བཅུད། །བདེ་བ་མཆོག་ལས་འཁྲུངས་པ་ཡིན། །འདི་དང་སུ་འཕྲད་སྐལ་དང་ལྡན། །ཉ་དང་གནམ་སྟོང་ཚེས་བརྒྱད་དང་། །ཚེས་བཅུ་ཉེར་གཉིས་ཉེར་ལྔ་དང་། །ཁྱེའུ་བུ་མོ་གཞོན་ཡིད་འོང་། །ཁྲུས་བྱས་རྒྱན་བཏགས་རྣམས་ཀྱིས་བཏུ། །ཡང་ན་དགེ་སྦྱོང་རྣལ་འབྱོར་པ། །ཁྲིམས་གཙང་བྱམས་ལྡན་རྟོགས་ལྡན་བཏུ། །ཨོཾ་སི་ལི་སི་ལི་པདྨ་སི་ལི་སྭཱ་ཧཱ། མ་རུལ་མ་སུམས་གྲིབ་བསྐམ་བྱ། །ཡེ་ཤེས་འོད་ལྡན་རྒྱུད་ལས། བརྟགས་ཤིང་བཏུ་བའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །རྩ་བའི་བཅུད་མཆོག་འོད་ལྡན་དང་། །དེ་ཉིད་རྩལ་འདོན་ས་ན་སེ། །སྲིན་ནད་སེལ་ཞིང་བྱང་སེམས་འཕེལ། །སྔོ་ཡི་བཅུད་མཆོག་འོད་དང་ལྡན། །དེ་ཉིད་རྩལ་འདོན་བུ་རམ་གྱིས། །རླུང་ཁ་གནོན་ཅིང་ལུས་ཤེད་སྐྱེ། །མེ་ཏོག་བཅུད་མཆོག་འོད་ལྡན་དང་། །དེ་ཉིད་རྩལ་འདོན་སྦྲང་རྩི་ཡིས། །ལུས་ཟུངས་སྐྱེད་ཅིང་དབང་པོ་གསལ། །རྩི་ཡི་བཅུད་མཆོག་འོད་ལྡན་དང་། །དེ་ཉིད་རྩལ་འདོན་རྩི་མར་གྱིས། །གྲང་བ་སེལ་ཅིང་ལུས་ཤ་ཡང་། །འབྲུ་ཡི་བཅུད་


DNG020_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་འོད་ལྡན་དང་། །དེ་ཉིད་རྩལ་འདོན་འབྲས་ནས་ཆང་། །ཉམས་མྱོང་འུར་ཅིང་བདེ་གསལ་འཆར། །དྲོད་གཤེར་བཅུད་མཆོག་འོད་དང་ལྡན། །དེ་ཉིད་རྩལ་འདོན་ཏིལ་ཡུངས་མར། །རུས་བཅུད་འཕེལ་ཞིང་སྣུམ་བག་ལྡན། །ཕོ་ཡི་བཅུད་མཆོག་འོད་ལྡན་དང་། །དེ་ཉིད་རྩལ་འདོན་བྱང་སེམས་དཀར། །ཕོ་གདོན་འདུལ་ཞིང་ཕོ་དབང་སྡུད། །མོ་ཡི་བཅུད་མཆོག་འོད་ལྡན་དང་། །དེ་ཉིད་རྩལ་འདོན་རཀྟ་དམར། །མོ་གདོན་འདུལ་ཞིང་མོ་དབང་སྡུད། །ཟས་ཀྱི་བཅུད་མཆོག་འོད་ལྡན་དང་། །དེ་ཉིད་རྩལ་འདོན་དྲི་ཆེན་གྱིས། །མཛེ་ནད་འཇོམས་ཤིང་ཟས་དབང་སྡུད། །ཆུ་ཡི་བཅུད་མཆོག་འོད་ལྡན་དང་། །དེ་ཉིད་རྩལ་འདོན་དྲི་ཆུ་ཡིས། །ནད་རིམས་བསྲུང་ཞིང་དམ་གྲིབ་སེལ། །ཤ་ཡི་བཅུད་མཆོག་འོད་ལྡན་དང་། །དེ་ཉིད་རྩལ་འདོན་ཤ་ཆེན་གྱིས། །སྐྱ་སྦོས་སྨྱོ་སེལ་མདངས་ལྡན་བདེ། །ནུས་པའི་བཅུད་མཆོག་འོད་ལྡན་དང་། །དེ་ཉིད་རྩལ་འདོན་གུ་གུལ་བརྒྱད། །སྡེ་བརྒྱད་དངངས་ཤིང་སྲེག་པར་བྱེད། །ཡང་ནི་ཡེ་ཤེས་འོད་ལྡན་གྱིས། །ས་ཡི་བཅུད་ཀྱི་རྩལ་འདོན་ན། །རྒྱ་ཚྭ་རྒྱམ་ཚྭ་ཁ་རུ་ཚྭ། །ཟས་མ་ཞུ་རྣམས་སེལ་བར་བྱེད། །ཆུ་ཡི་བཅུད་ཀྱིས་རྩལ་འདོན་ན། །ཉ་ཡི་ཀླད་པ་སྲམ་ཤ་བྲུན། །སྐོམ་མ་ཞུ་རྣམས་སེལ་བར་བྱེད། །མེ་ཡི་བཅུད་ཀྱིས་རྩལ་འདོན་ན། །ལྒ་དང་དྲོད་སྨན་ཙི་ཏྲ་ཀ །ཕོ་བའི་མེ་དྲོད་ཉམས་པ་སེལ། །རླུང་གི་བཅུད་ཀྱིས་རྩལ་འདོན་ན། །སྲིན་བུ་རྒྱ་ཚིལ་གོང་མོའི་ཤ །གྲང་བ་སེལ་ཞིང་སྟོབས་ཆེན་འཕེལ། །ནམ་མཁའི་བཅུད་ཀྱིས་རྩལ་འདོན་ན། །སྙིང་དང་ཡིད་མཐུན་གནས་གྲོགས་བསྟན། །མི་རྟོག་བདེ་གསལ་ཉམས་མྱོང་འཆར། །རྡོ་ཡི་བཅུད་ཀྱིས་རྩལ་འདོད་ན། །ཅོང་ཞི་བྲག་ཞུན་མུ་ཟི་སེར། །བད་མཁྲིས་གདོན་སེལ་ཚེ་བཅུད་འཕེལ། །སྔོ་ཡི་བཅུད་ཀྱིས་རྩལ་འདོན་ན། །ལྕམ་པ་ཏེ་ཀུ་ལང་ཀ་སྐྱེས། །གྲང་བས་ཆུ་བསྡོམས་འཁྲུ་བ་སེལ། །ལྡུམ་གྱི་བཅུད་ཀྱིས་རྩལ་འདོན་ན། །རམ་ཉེ་ཉེ་ཤིང་དབང་པོ་ལག །ཐིག་ལེ་ཤ་རྒྱས་གྲང་རླུང་སེལ། །སྤོད་ཀྱི་བཅུད་ཀྱིས་རྩལ་འདོན་ན། །ལུང་ཏང་པི་ལིང་གོ་སྙོད་དང་། །མིག་སྐྱོན་སེལ་ཞིང་བདེ་བ་འཕེལ། །ཤིང་གི་བཅུད་ཀྱིས་རྩལ་


DNG020_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

འདོན་ན། །སུག་སྨེ་ཛ་ཏི་ཨ་རུ་ར། །སྟོབས་ཆེན་ཤ་རྒྱས་རླུང་ནད་སེལ། །ཤ་ཡི་བཅུད་ཀྱིས་རྩལ་འདོན་ན། །ད་བྱིད་བྲག་རྩངས་སྦྲུལ་སེར་ཤ །ཁུ་འཕེལ་མདངས་ལྡན་སྟོབས་ཀྱིས་སེལ། །ཚངས་པ་ཁྱབ་འཇུག་མ་ཧཱ་དེ་ལྟར་འགྱུར། །ཡེ་ཤེས་འོད་ལྡན་རྒྱུད་ལས། རྩལ་འདོན་གྱི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ཡེ་ཤེས་འོད་ལྡན་བཅུད་ལེན་འདི། །ཕྱེ་མ་ཁཎྜ་གཉིས་ཡིན་ཏེ། །ཉུང་ཕྱེ་མང་ལ་ཁཎྜ་བྱ། །འོད་ལྡན་མ་རུལ་མ་སུམས་པ། །ཤིང་བཅུད་ཨ་རུ་ར་དང་ནི། །བསྟུན་ལ་ཞིབ་བརྡུངས་འབྲི་མར་སྦྲང་། །སྦྱར་ཏེ་ཟླ་བ་དྲུག་ཟོས་ན། །ཚེ་དབང་རིག་འཛིན་ལོ་སྟོང་ཐུབ། །འོད་ལྡན་སྔོ་བཅུད་ལྕམ་འབྲུ་ཕྱེ། །སྦྲང་དང་སྦྱར་ཟོས་ཆུ་འགགས་སེལ། །འོད་ལྡན་ཕུལ་གང་ཀར་བམ་བརྒྱད། །སྦྲང་རྩི་བུ་རམ་དེ་དང་འདྲ། །ལྡུམ་བཅུད་དབང་ལག་འོད་ལྡན་མཉམ། །ཞིབ་བཏགས་འོ་མ་དྲེ་གསུམ་ལ། །བསྡུ་བས་དྲེ་དོར་སོང་ལ་གདབ། །ཟླ་ཕྱེད་བར་དུ་ལྟོ་སྟོང་ལ། །ཟོས་ན་ཤ་རྒྱས་རྒས་པ་མེད། །ཁོང་ནད་བྱང་ཞིང་ཉམས་ཤེད་སྐྱེ། །ལུས་ཡང་རྟ་བས་མགྱོགས་པར་འགྱུར། །འོད་ལྡན་ལྡུམ་བཅུད་དབང་པོ་ལག །ཀ་ར་བ་མར་འོ་དྲེ་གསུམ། །ཕུལ་བཞིར་བསྡུ་བར་ལེགས་བཏབ་སྟེ། །ཟོས་ན་མདོག་བཟང་དྲན་ཡིད་གཞུང་། །འོད་ལྡན་ལྡུམ་བཅུད་དབང་པོ་ལག །དུར་བྱིད་སྦྱར་ཟོས་དུག་ཟོས་འཁྲུ། །འོད་ལྡན་ལྡུམ་བཅུད་དབང་པོ་ལག །འོ་མར་བསྡུས་ལ་ཤིང་བཅུད་ནི། །ཨ་རུ་ར་དང་ས་ཡི་བཅུད། །རྒྱ་ཚྭ་རྒྱམ་ཚྭ་ཁ་རུ་ཚྭ། །ཤ་བཅུད་ད་བྱིད་བཅུད་བཏབ་ཉིད། །ཟླ་ཕྱེད་ཟོས་ན་ལུས་སྟོབས་ལྡན། །རྒས་མེད་ཌཱ་ཀི་བརྒྱ་ལ་ནུས། །འོད་ལྡན་སྔོ་བཅུད་འོ་མ་འཛིན། །རྡོ་བཅུད་ཁབ་ལེན་ཅོང་ཞི་ནི། །འོ་མར་བཏབ་སྟེ་ཟོས་གྱུར་ན། །ཐིག་ལེ་འཕེལ་ཞིང་ནད་རྣམས་སེལ། །འགྲོ་བ་ཀུན་གྱི་ཡིད་འཕྲོག་འགྱུར། །འོད་ལྡན་སྔོ་བཅུད་ཀྱི་ལྕེ་དཀར། །མེ་ཏོག་ཚེ་ཙིའི་ཕྱེ་ཕུལ་གང་། །ཨ་རུ་ར་བཞི་ཀར་བམ་ལྔ། །ཀླུ་བདུད་རྡོ་རྗེ་མ་གི་ཏ། །ལེགས་སྦྱར་ཐོ་རངས་དྲི་ཆུས་འཕུལ། །ཟླ་གཅིག་སོང་ན་མཛེ་ཡང་


DNG020_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

སོས། །འོད་ལྡན་སྤོས་བཅུད་གོ་སྙོད་དང་། །ཕག་ཚིལ་སྦྱར་ལ་རྐང་རྒྱུད་བྱུག །གཙུག་ཏུ་འབྲི་མར་བཟང་བསྐུས་ཏེ། །ཐོ་རངས་ཐེག་མོས་སོ་རྒྱག་ཕྲད། །དེ་ཡིས་མིག་མཉེ་དྲི་ཆུས་བཀྲུ། །ལོ་གཉིས་ཙམ་བྱས་མིག་རིབ་སེལ། །འོད་ལྡན་ཨ་ཤོ་ཨ་དྷ་དང་། །བ་ཡི་མར་སྲང་ཕྱེད་སྦྱར་ཟ། །ལུས་ཀྱི་ཤ་རྒྱས་ཐིག་ལེ་འཕེལ། །རམ་ཉེའི་ཕྱེ་མ་དྲེ་གསུམ་ལ། །ཤིང་བཅུད་ཨ་རུ་ར་ནི་གསུམ། །ཡང་ན་འོམ་བུའི་རྩ་བ་ཉིད། །བཏབ་སྟེ་རམ་ཉེ་ཚོས་པར་བཙོས། །གྲིབ་བསྐམས་བྱས་ཏེ་འོད་ལྡན་དང་། །ས་བཅུད་མེ་བཅུད་རྡོ་བཅུད་རྣམས། །ཞིབ་བཏགས་ཐུར་མགོ་གསུམ་གསུམ་འགམས། །ལུས་ཡང་ནད་སེལ་བཅུད་འཕེལ་རྒྱས། །འོད་ལྡན་སྔོ་བཅུད་ནཱ་གེ་སར། །ར་དཀར་བ་མར་འོ་མ་སྦྱར། །ཟླ་མཚན་མཆེད་ནས་ཞག་གཅིག་ན། །གཏང་ན་སྲིད་པ་བུ་ཕོར་འགྱུར། །འོད་ལྡན་ག་བུར་གུར་གུམ་མཚལ། །ཤིང་མངར་ཕུག་རོན་བྲུན་བཏགས་ཏེ། །སྦྲང་རྩི་དང་སྦྱར་ལིངྒར་བྱུག །སྤྱད་ན་འབྲལ་མི་ཕོད། །འོད་ལྡན་ལུག་རུ་མེ་ཏོག་ནི། །གྲིབ་སྐམས་བྱས་པ་ཞིབ་བཏགས་ལ། །རའམ་བ་ཡི་འོ་མར་ནི། །བཏབ་སྟེ་ལྟོ་སྟོང་འཐུངས་གྱུར་ན། །ལུས་བཅུད་འཕེལ་ཏེ་ལན་སྟོང་ནུས། །འོད་ལྡན་སྒོག་གཅིག་སྒ་སྐྱ་དང་། །ཕག་ཚིལ་སྦྱར་ཏེ་རྡོ་རྗེ་ལ། །བྱུག་སྟེ་སྤྱད་ན་བུད་མེད་བརྩི། །ཡེ་ཤེས་འོད་ལྡན་རྒྱུད་ལས། ཕྱེ་མའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །འོད་ལྡན་རམ་ཉེ་ཉེ་ཤིང་བ། །ལྕ་བ་རྡོ་རྒྱུས་ཁཎྜ་ཤིས། །མང་ཉུང་འདི་ཡི་ཚོད་ཀྱིས་ཤེས། །འོད་ལྡན་ཕྱེ་མ་དྲེ་གང་ཙམ། །ཆུ་དྲེ་གསུམ་ལ་བཏབ་སྟེ་གདུ། །དྲེ་གང་སོང་ཚེ་གཞུར་ལ་འདོན། །ཡང་ཆུ་དྲེ་ཙམ་བླུག་ལ་གདུ། །དྲེ་གང་ཙམ་སོང་གཞུ་བར་བྱ། །ཡང་གཅིག་ཆུ་དྲེ་གསུམ་བླུག་སྟེ། །དྲེ་གང་སོང་ཚེ་གཞུར་བ་ཡི། །སྙིགས་མ་ཕོ་ལ་དྭངས་མ་གསུམ། །གདུ་བས་དྲེ་གང་སོང་བ་ལ། །བདུད་རྩི་དྲི་ཆེན་མར་ཁུ་དང་། །དྲི་ཆུ་གདུ་བའི་ཁཎྜ་སོགས། །བྱང་སེམས་དཀར་དམར་གླང་ཆེན་ཤ །ཁྱི་ཤ་རྟ་ཤ་རྨ་བྱའི་ཤ །རྡོ་བཅུད་གསུམ་གདུ་ཁནྜ་དང་། །རམ་ཉེ་ཉེ་ཤིང་ལྕམ་པ་ཡི། །སྟོན་སེར་རྩ་བའི་ཁཎྜ་དང་། །ས་བཅུད་གསུམ་དང་ཆུ་


DNG020_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

བཅུད་གསུམ། །མེ་བཅུད་གསུམ་དང་རླུང་བཅུད་གསུམ། །སྔོ་བཅུད་གཉིས་དང་ལྡུམ་བཅུད་གཅིག །སྤོས་བཅུད་གསུམ་དང་ཤིང་བཅུད་གསུམ། །ཤ་བཅུད་གསུམ་དང་ཨ་བ་དྲུག །བུར་སྦྲང་ཀ་ར་སྦྲང་རྩིར་སྦྱར། །མ་ཚིག་བསྒར་བའི་རི་ལུ་ནི། །རང་གི་མཐེབ་རྡོག་ཙམ་བྱས་ལ། །སྟེགས་བུ་མདའ་གང་གྲུ་བཞིའི་ཁར། །པདྨ་འདབ་བརྒྱད་དབུས་དང་དགུ། །མེ་ཏོག་བྷནྡྷ་དགུ་ལྔ་གཅིག །གཏོར་མ་མར་མེ་དེ་དང་འདྲ། །རི་ལུ་བྷནྡྷར་བླུག་བྱས་ཏེ། །དར་གྱི་གུར་ཕུབ་ཞི་ཁྲོ་བསྐྱེད། །ཞག་བདུན་སྙིང་པོ་འདི་ལ་འབད། །ཨོཾ་ཨཱཿཧཱུཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ། ཨོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཀཱ་ཡ་ཝཱཀ་ཙིཏྟ། ཨ་མྲྀ་ཏ་སིདྡྷི་ཧཱུཾ། འོད་ལྡན་སྒྲ་དང་དུ་བ་དྲི། །ཐོན་ནས་ཟླ་བ་དྲུག་ཏུ་ནི། །དང་པོ་ཞག་རེ་རིལ་བུ་གསུམ། །དེ་ནས་གཉིས་གཉིས་ཐ་མ་གཅིག །ཟ་ཞིང་རུ་ལུ་ཡན་ཆོད་བཟླས། །འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ། །རྒས་མེད་བྱིས་པ་ལོ་བརྒྱད་འདྲ། །མ་མོ་མཁའ་འགྲོ་དབང་དུ་སྡུད། །སེམས་ཅན་སུ་ཡིས་མྱོང་གྱུར་ཀྱང་། །ངན་སོང་གསུམ་ཁེགས་བྱང་ཆུབ་ཐོབ། །ཆོས་བྱེད་རྣམས་ཀྱིས་སྨོས་ཅི་དགོས། །འོད་ལྡན་བདུད་རྩི་མར་ཁུ་དང་། །དངུལ་ཆུ་རྡོ་བཅུད་བྲག་ཞུན་དང་། །སྦྲང་རྩིར་སྦྱར་ཏེ་རི་ལུ་ནི། །མཐེབ་རྡོག་ཙམ་རེ་ཟླ་དྲུག་ཏུ། །ཟོས་ན་ཚི་ནི་ཉི་ཟླ་མཉམ། །ཟས་དང་བསྲེས་ན་ལོ་དྲུག་དགོས། །འོད་ལྡན་ལྡུམ་བུ་ཉེ་ཤིང་བའི། །ཁཎྜ་སྦྲང་རྩིར་སྦྱར་ཟོས་ན། །གྲང་རླུང་ནད་སེལ་མིག་སྐྱོན་སེལ། །སྐྲ་དཀར་གཉེར་མེད་ཐིག་ལེ་འཕེལ། །འོད་ལྡན་ལྡུམ་བཅུད་དབང་པོ་ལག །ཉེ་ཤིང་ཤིང་མངར་གླ་རྩི་སྦྲང་། །ཡང་ན་འོ་མ་དག་དང་སྦྱར། །ཟོས་ན་སྟོབས་དང་གཟི་མདངས་ལྡན། །དུག་དང་སྦྲུལ་གྱིས་འཇིགས་པ་སྐྱོབས། །ཤ་དཀར་ཀུན་གྱི་ཡིད་དུ་འོང་། །སྐྲ་དཀར་གཉེར་མ་མེད་པར་འགྱུར། །འོད་ལྡན་བདུད་རྩི་མར་ཁུ་དང་། །ཉེ་ཤིང་ཁཎྜ་འོ་མར་སྦྱར། །ཟླ་བ་གཅིག་ཏུ་ཟོས་གྱུར་ན། །གནོད་སྦྱིན་སྲིན་པོས་མི་ཐུབ་པོ། །ཟླ་བ་གསུམ་ཟོས་ཚངས་པར་མཉམ། །སྐྱེས་པ་ཟིལ་གནོན་གླང་ཆེན་སྟོབས། །བུད་མེད་ཐམས་ཅད་དབང་


DNG020_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འདུ། །འོད་ལྡན་ལྡུམ་བཅུད་རམ་ཉེ་བའི། །ཁཎྜ་བདུད་རྩི་མར་ཁུ་དང་། །ཨ་བ་གོ་སྙོད་ལུག་མིག་པ། །སྦྲུལ་སྔོན་མགོ་དང་སྦྲང་རྩིར་སྦྱར། །ཟླ་གཅིག་ཟོས་ན་མིག་གསལ་ཞིང་། །ཐིག་ལེ་འཕེལ་ཏེ་གཞོན་ནུར་འགྱུར། །འོད་ལྡན་རམ་ཉེ་ཉེ་ཤིང་པའི། །ཁཎྜ་དབང་ལག་ཕྱེ་དཀར་བུར། །ཤ་བཅུད་གསུམ་དང་རླུང་བཅུད་གསུམ། །འོ་མར་བཏབ་སྟེ་ཟླ་བ་གཅིག །ཟོས་ན་ཤ་རྒྱས་བེའུ་སྐྱེ། །ལྐོགས་པས་བུད་ནད་བ་སྤུ་འབྱི། །ལྟོ་འཁྲུ་ལུས་ཡང་རྐང་མགྱོགས་འགྲུབ། །ཞག་གཅིག་ཟོས་ན་ཡོན་ཏན་བཅུ། །ཞག་བཅུ་ཟོས་ན་ཡོན་ཏན་རྒྱས། །ཉེར་གཅིག་ཟོས་ན་མིས་མི་ཐུབ། །ཟླ་གཅིག་ཟོས་ན་གནོད་སྦྱིན་སྡུད། །ཟླ་བ་གཉིས་ཀྱིས་ལྷ་དབང་སྡུད། །ཟླ་བ་གསུམ་གྱིས་ཟག་པ་ཟད། །ཟླ་བ་བཞི་ཡིས་རྡོ་རྗེར་འགྱུར། །ཟླ་བ་ལྔ་ཡིས་རིག་འཛིན་ཐོབ། །ཉེ་ཤིང་རྩ་བ་གཏུན་དུ་བརྡུང་། །རས་ལ་བཙིར་བའི་སྐོམ་བཏུངས་ན། །ནམ་མཁའ་དག་ལ་འཕུར་བར་ནུས། །ཌཱ་ཀི་སྟོང་གི་དཔའ་བོར་འགྱུར། །རྡོ་བཅུད་ཅོང་ཞིའི་ཆུ་ནང་དུ། །ཤིང་བཅུད་ཨ་རུ་གསེར་མདོག་བརྒྱ། །ཟླ་ཕྱེད་བར་དུ་སྦངས་ནས་ནི། །ག་བུར་སྦྲང་རྩིས་ཞག་བདུན་སྦང་། །ཕྱུང་ལ་ཟླ་གཅིག་ནས་དཀྱིལ་བྱིབ། །འོད་ལྡན་བཅས་ཏེ་ཉིན་རེ་བཞིན། །རེ་རེ་ཟོས་ན་ལོ་བརྒྱ་ཐུབ། །སྟོབས་དང་རྫུ་འཕྲུལ་དཔག་མེད་འབྱུང་། །འོད་ལྡན་ནས་ཟན་ཀླད་པ་དང་། །བུ་རམ་བ་མར་འོ་མར་སྦྱར། །ཟོས་ན་ཕོ་མོ་ཀུན་ལ་ཕན། །འོད་ལྡན་བུ་རམ་ཟླ་མཚན་སྦྱར། །བུད་མེད་ཟོས་ན་ཟླ་མཚན་འགགས། །ལུས་རྒྱས་ཏིང་འཛིན་གསལ་བར་འགྱུར། །བཀྲག་དང་གཟི་མདངས་ཆེ་བར་འགྱུར། །འོད་ལྡན་རང་གི་ཐིག་ལེ་ནི། །ར་ཡི་འོ་མར་བཏབ་སྟེ་གདུ། །བ་ཡི་མར་དང་སྦྱར་ཟོས་ནས། །གནམ་སྟོང་དུས་སུ་རྐང་མཐིལ་བྱུག །ཌཱ་ཀི་བསྟེན་ཀྱང་ཐིག་ལེ་ནི། །འཆོར་བར་མི་འགྱུར་བདེ་བ་འཕེལ། །འོད་ལྡན་བྱི་ལའི་གཞང་རིང་མར། །བྱིའུ་བ་རའི་ཤ་ཁུར་སྦྱར། །རྡོ་རྗེ་ལ་བྱུག་སྤྱད་ན་དམ། །འོད་ལྡན་ག་བུར་གླ་རྩི་དང་། །ཤིང་ཚ་བུད་མེད་ནུ་ཞོར་སྦྱར། །བྱུག་ནས་སྤྱད་ན་ཆེ་ཞིང་བདེ། །འོད་ལྡན་ཁུག་ཆོས་སྤང་རྒྱན་དང་། །ཤང་ཤང་


DNG020_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

དམར་པོ་ཁ་ཟུམ་རྣམས། །བྱ་ཕོ་འཚལ་ལུའི་ཨོག་ཤ་ནི། །སྦྱར་ཏེ་བུད་མེད་ལ་བཏང་ན། །པདྨ་སྡོམ་ཞིང་རྡོ་རྗེ་ཡིས། །ཕྱེད་པར་མི་འགྱུར་སླར་དམ་མོ། །ཨུག་ཆོས་སྤང་རྒྱན་ཤང་ཤང་རྣམས། །ཁ་བྱེ་བྱ་ཕོ་འཚལ་ལུ་ཡི། །ཟེ་བ་དང་སྦྱར་ཆང་ལ་བཏབ། །བུད་མེད་འཐུང་ན་པད་ཁ་འབྱེད། །འོད་ལྡན་ལྡུམ་བཅུད་དབང་ལག་དང་། །རམ་ཉེ་ཉེ་ཤིང་རྡོ་ཁབ་ལེན། །བུད་མེད་ཟོས་ཏེ་ཕོ་ཉིད་ལ། །ལྕགས་ཁུ་བྱིན་ན་བདེ་བ་འདུ། །ཕོ་ཡི་མོ་ལ་བྱས་ཀྱང་འགྲུབ། །ཤ་དཀར་ཉམས་འཕེལ་ཏིང་འཛིན་གསལ། །གཞན་ཡང་ཡང་དག་བཤད་བྱ་བ། །འོད་ལྡན་ལྕ་བའི་ཁཎྜ་ཡིས། །ཤ་ཡི་བཅུད་རྣམས་འཕེལ་བར་བྱེད། །རམ་ཉེའི་ཁཎྜས་རུས་བཅུད་འཕེལ། །ཉེ་ཤིང་ཁཎྜས་ཆུ་བཅུད་སྡུད། །ས་ཤུག་ཁཎྜས་གྲང་བ་སེལ། །འདམ་བུའི་ཁཎྜས་མིག་ལ་ཕན། །གཟེ་མའི་ཁཎྜས་གྲང་བ་སེལ། །མེ་ཏོག་ཁཎྜས་དབང་པོ་གསལ། །ལུག་མུར་ཁཎྜས་གཉིད་ཡར་ཕེབས། །ཉུངས་མའི་ཁཎྜས་དུག་འདྲེད་སྤོང་། །འུམ་སེར་ཁཎྜས་ཤ་དུག་འཇོམས། །ཏིག་ཏའི་ཁཎྜས་མཁྲིས་ནད་འཇོམས། །ལྒ་སྐྱའི་ཁཎྜས་སྟོང་ཁྲག་སེལ། །པི་ལིའི་ཁཎྜས་མཆིན་ཆང་སེལ། །སྤང་རྩིའི་ཁཎྜས་རུས་དུག་འཇོམས། །ཨོལ་སྟོང་ཁཎྜས་དང་ག་འབྱེད། །ལུང་ཐང་ཁཎྜས་ལུས་བཅུད་འཕེལ། །ར་མགོའི་ཁཎྜས་ཡ་མ་སེལ། །གོལ་མངས་ཁཎྜས་མགོ་གཅོད་སེལ། །མིག་མང་ཁཎྜས་མིག་གསལ་རྣོ། །འོད་ལྡན་བསིལ་བས་དྲོད་རྣོན་ཤིས། །འཕེལ་འབེབས་རིག་པའི་མངའ་ཡིས་བསྣུན། །ཡེ་ཤེས་འོད་ལྡན་རྒྱུད་ལས། ཁཎྜའི་ལེའུ་སྟེ་དགུ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ཡེ་ཤེས་འོད་ལྡན་ལྷ་བསྒོམ་ནི། །བླ་མ་དཀོན་མཆོག་གསུམ་ཡིན་ཏེ། །བསྐལ་སྟོང་སངས་རྒྱས་བླ་མ་ཕུལ། །བླ་མ་ལྷ་དང་དབྱེར་མེད་དེ། །རང་གི་སྤྱི་བོ་སྙིང་ག་རུ། །རྒྱུན་ཆད་མེད་པར་བསྒོམ་པར་བྱ། །མཆོག་དང་ཐུན་མོང་ཅི་བསམ་འགྲུབ། །ཨོཾ་ཨཱཿཧཱུཾ། གུ་རུ་གུ་རུ་གུ་རུ།དེ་ནས་ཡང་དག་བཤད་བྱ་བ། །ཡེ་ཤེས་འོད་ལྡན་ལྷ་བསྒོམས་ན། །རང་ཉིད་ཆེ་མཆོག་ཧེ་རུ་ཀ །ཞལ་གཅིག་


DNG020_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་གཉིས་སྐུ་མདོག་མཐིང་། །རྡོ་རྗེ་དྲིལ་བུ་ཡུམ་དང་བཅས། །དུར་ཁྲོད་ཆས་བརྒྱད་རུས་པས་བརྒྱན། །པདྨ་ཉི་ཟླ་ཏི་ར་ལ། །མེ་དཔུང་འབར་བའི་ཀློང་བཞུགས་བསྒོམ། །ཐུགས་ཀར་ཞི་བའི་ལྷ་ཚོགས་ནི། །བཞི་བཅུ་རྩ་གཉིས་བསྒོམ་པར་བྱ། །དབུ་ལ་ཁྲག་འཐུང་ལྷ་ཚོགས་ནི། །ལྔ་བཅུ་རྩ་བརྒྱད་བསྒོམ་པར་བྱ། །ཕྱི་མཆོད་ནང་མཆོད་དབུལ་བྱས་ཏེ། །གསང་མཆོད་ཡབ་ཡུམ་ཁ་སྦྱར་ལ། །རིལ་བུ་ཞལ་བཅུག་སྙིང་པོ་བཟླས། །ཨོཾ་ཨཱཿཧཱུཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ། ཨོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། དེ་ཉིད་རྒྱུན་དུ་བཟླས་པར་བྱ། །འཇའ་འོད་ལྷ་སྐུ་རིང་བསྲེལ་འབྱུང་། །གནན་པ་འདོན་པར་བྱ་བ་ནི། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་བསྒོམ། །ཨོཾ་ཨཱཿཧཱུཾ་བཛྲ་སཏྭ་ཨ། ཨོཾ་ཧཱུཾ་ཏྲཱཾ་ཧྲཱྀཿཨ། བཛྲ་པཱ་ཎི་ཧཱུཾ་ཕཊ། དེ་ཉིད་འབུམ་དུ་བཟླས་པ་ཡིས། །རི་རབ་ཀྱིས་ཀྱང་ནོན་མི་འགྱུར། །བཅིངས་པ་དག་ནི་འགྲོལ་བྱེད་ན། །པདྨ་ཧེ་རུ་ཀ་རུ་བསྒོམ། །ཨོཾ་ཨཱཿཧཱུཾ་ཀཱ་ཡ་བཱ་ཀ་ཙིཏྟ་ཁྲོལ་ཁྲོལ། ས་མ་ཡ་པྲ་བེ་ཤ་ཡ་ཕཊ། གསང་སྔགས་འབུམ་དུ་བཟླས་གྱུར་ན། །ཀླུ་ཡི་རྒྱལ་པོས་བཅིངས་པའང་ཁྲོལ། །བསྡམ་པ་དག་ནི་བཅང་གྱུར་ན། །བདག་ཉིད་མི་གཡོ་མགོན་པོར་བསྒོམ། །ཨོཾ་ཨཱཿཧཱུཾ་ཙཎྜ་མ་ཧཱ་རོ་ཥ་ཎ་སྥོ་ཊ་ཡ་ཧཱུཾ་དྷྲྀཀ་ཁཌྒ་ཧཱུཾ་ཕཊ། བནྡྷ་ཏྲ་ཐ་ཕཊ། དེ་ཡང་འབུམ་དུ་བཟླས་པ་ན། །གཟའ་བདུད་བསྡམས་ཀྱང་དུམ་བུར་ཆོད། །བདག་ཉིད་དག་ལ་དབང་བསྐུར་ན། །རྒྱལ་བ་རིགས་ལྔ་དབུ་ལ་བསྒོམ། །ཨོཾ་ཨཱཿཧཱུཾ། ཨོཾ་ཧཱུཾ་སྭཱ་ཨཱཾ་ཧཱ་ཨ་བྷི་ཥཱིཉྩ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཧཱུཾ། འབུམ་བཟླས་འཇིག་རྟེན་དབང་དུ་འགྱུར། །བཟླས་པ་སྔགས་ཀྱི་མཐུ་སྐྱེད་ན། །ནུས་མཐུའི་བདག་ཉིད་ཕྱག་རྡོར་བསྒོམ། །ཨོཾ་ཨཱཿཧཱུཾ་བཛྲ་པཱ་ཎི་ཏིཀྵྞ་ཨ་མུ་ཀ་མཱ་ར་ཡ་ཕཊ། འབུམ་བཟླས་སངས་རྒྱས་གང་གཱའི་ཀླུང་། །བྱེ་མ་སྙེད་ཀྱིས་བྱིན་གྱིས་རློབ་པར་འགྱུར། །གསང་སྔགས་བཟླས་པའི་དཔལ་གསོ་ན། །སྙིང་རྗེའི་བདག་པོ་ཐུགས་རྗེ་ཆེ། །ཁྲོས་པ་རྟ་མགྲིན་ཉིད་དུ་བསྒོམ། །ཨོཾ་ཨཱཿཧཱུཾ་བུཌྜྷ་ནི་ནི་ས་སྭཱ་ཧཱ། ཕུ་ཙིཏྟ་རྦད་ནིས་སྥོ་ཊ་ཤ་སྦལ་རྣོ་སྦལ་ཏི་སྭཱ་ཧཱ། འབུམ་བཟླས་བསྐལ་པའི་མེ་ལྟར་འགྱུར། །


DNG020_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

སོ་ལ་དར་འདོགས་འཇམ་དཔལ་ཁྲོས། །གཤིན་རྗེའི་གཤེད་པོ་བསྒོམ་པར་བྱ། །ཨོཾ་ཨཱཿཧཱུཾ། རཀྴ་ནག་པོ་དགྲ་བོའི་སྲོག་རྩ་རྦུད་རྦུད། འོད་ལྡན་སྐྱེར་པའི་བར་ཤུན་ལ། །གསང་སྔགས་འབུམ་བཟླས་སོ་ལ་བྱུག །གང་ལ་བྱ་བ་ཐོགས་པ་མེད། །མཆུ་མཐུས་ཐམས་ཅད་གསོད་བྱེད་ན། །མགོན་པོ་མ་མོ་སྔགས་སྲུང་བསྒོམ། །ཨོཾ་ཨཱཿཧཱུཾ། ཀུཾ་ཐུཾ་ནི་ཤ་ར་ཡ་ཐུཾ། འོད་ལྡན་མུ་ཟི་ནག་པོ་ལ། །འབུམ་བཟླས་མཆུ་ལ་བསྐུས་ན་ནི། །སྔགས་རྒྱབ་དགྲ་བོ་ཐམས་ཅད་འཆི། །ལྕེ་ལ་སྤུ་གྲི་གདགས་པ་ནི། །རང་ཉིད་ཁྱབ་འཇུག་ཆེན་པོར་བསྒོམ། །ཨོཾ་ཨཱཿཧཱུཾ། ཨོཾ་ཁྲག་རྩ་རྦུད། རྩ་ཁྲག་རྦུད། སྙིང་ལ་རྦུད། མཱ་ར་ཡ་ཁཾ། འོད་ལྡན་དྲེ་གུ་གསེར་ཐིག་ལ། །འབུམ་བཟླས་ལྕེ་ལ་བྱུགས་གྱུར་ན། །གསང་སྔགས་ཐམས་ཅད་ཐོགས་པ་མེད། །བྱིན་རླབས་དངོས་གྲུབ་མཁའ་འགྲོ་ལྔ། །བུཌྜྷ་ཌཱ་ཀི་ནཱི། བཛྲ་ཌཱ་ཀི་ནཱི། རཏྣ་ཌཱ་ཀི་ནཱི། པདྨ་ཌཱ་ཀི་ནཱི། ཀརྨ་ཌཱ་ཀི་ནཱི། སྲོག་གི་སྙིང་པོ་ཡི་གེ་ལྔ། །ཧཱུཾ་ཧ་རི་ནི་ས། བར་ཆོད་སེལ་མཛད་དཔའ་བོ་ལྔ། །བུཌྜྷ་ཧེ་རུ་ཀ །བཛྲ་ཧེ་རུ་ཀ །རཏྣ་ཧེ་རུ་ཀ །པདྨ་ཧེ་རུ་ཀ །ཀརྨ་ཧེ་རུ་ཀ །གསང་བ་སྲོག་གི་སྙིང་པོ་ལྔ། །ཧཱུཾ་ར་ཙ་ཧྲི་ཡ། སྡེ་བརྒྱད་ལྷ་ཀླུ་གནོད་སྦྱིན་དྲི། །དེ་བ་རཏྣ། ནཱ་ག་རཏྣ། ཡཀྵ་རཏྣ། གནྡྷརྦ་རཏྣ། སྲིད་པ་ཚངས་པ་ཁྱབ་འཇུག་མ་ཧཱ་དེ། ལོ་ཀ་དེ་བ་མ་ཧཱ་ཏྲི་ནི། གྷེ་ཏྲ་བྷི་ཏྲ་བྷ་ས་ར། ཨ་མེ་རཏྣ།བ་སུདྷ་རཱི་མ་ཏྲེ། ཡེ་ཤེས་འོད་ལྡན་རྒྱུད་ལས། ལྷ་བསྒོམ་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ཡེ་ཤེས་འོད་ལྡན་བལྟ་བ་ནི། །སྟོང་ཉིད་རྟོགས་པས་ནམ་མཁའ་འདྲ། །ཡེ་ཤེས་འོད་ལྡན་སྒོམ་པ་ནི། །རང་རིག་གསལ་བས་ཉི་ཟླ་འདྲ། །ཡེ་ཤེས་འོད་ལྡན་སྤྱོད་པ་ནི། །དགག་བསྒྲུབ་མེད་པས་རླུང་དང་འདྲ། །ཡེ་ཤེས་འོད་ལྡན་འབྲས་བུ་ནི། །དོན་གཉིས་འགྲུབ་པས་ནོར་བུ་འདྲ། །ཟླ་དྲུག་བཅུད་ལེན་བྱས་གྱུར་ན། །དེ་ལྟར་འཆར་འགྱུར་ཐེ་ཚོམ་མེད། །ཡེ་ཤེས་འོད་ལྡན་རྒྱུད་ལས། ལྟ་སྒོམ་སྤྱོད་འབྲས་ཀྱི་ལེའུ་སྟེ་བཅུ་གཅིག་པའོ།། །།


DNG020_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཡང་དག་བཤད་བྱ་བ། །ཡེ་ཤེས་འོད་ལྡན་ཞི་རྒྱས་དབང་། །དྲག་དགུག་སྐྲོད་མནན་གཟིར་ལ་སོགས། །ཕྲིན་ལས་མ་ལུས་ལས་མཐའ་ནི། །གོང་སྒྲུབ་ལྷ་དང་སྦྱིན་བསྲེག་བསྟུན། །རིལ་བུ་དབུལ་ཞིང་རྩ་སྔགས་ལ། །ཤམ་བུ་འདི་ལྟར་བཏགས་ལ་དབུལ། །ཞི་བ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། རྒྱས་པ་པུཥྚིཾ་ཀུ་རུ་སྭཱ་ཧཱ། དབང་ལ་པ་ཤཾ་ཀུ་རུ་སྭཱ་ཧཱ། དྲག་པོ་ལ་མཱ་ར་ཡ་མཱ་ར་ཡ། འགུགས་པ་ལ་ཛཿཛཿ། དངོས་གྲུབ་འགུགས་པ་ལ་སིདྡྷི་ཧཱུཾ་ཛཿ། སིདྡྷི་ཧཱུཾ་ཛཿ། སྐྲོད་པ་ཛྷ་ཛྷ། གནོན་པ་ལ་ཛ་ཧཱུཾ་ཛཿཧཱུཾ། གཟིར་བ་ལ་ཧཱུཾ་ཕཊ་ཧཱུཾ་ཕཊ། ཡེ་ཤེས་འོད་ལྡན་རྒྱུད་ལས། ཞི་རྒྱས་དབང་དྲག་དགུག་བསྐྲད་མནན་གཟིར་གྱི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བཅུད་ལེན་སྔགས་ཀྱིས་ཚེ་བསྲིང་བ། །རྩ་བ་ལྔ་དང་འབྲས་བུ་གསུམ། །འོད་ལྡན་བུར་སྦྲང་ཀ་ར་དང་། །འབྲི་མར་བ་མར་མཛོ་མར་སྦྱར། །རང་ཉིད་ལྷ་ཡི་སྤྱི་བོར་ཚེ་དཔག་མེད། །སྐྱིལ་ཀྲུང་མཉམ་གཞག་སྐུ་མདོག་དམར། །བུམ་ནང་ཚེ་ཆུའི་བདུད་རྩི་བབ། །སྒྲིབ་དག་འོད་ལྔའི་གོང་བུར་བསམ། །ཟླ་དྲུག་བཅུད་བླངས་ཚེ་སྔགས་འདི། །ཨོཾ་ཨཱཿཧཱུཾ་ཨ་མ་ར་ཎི་ཛཱི་ཝན་ཏི་སྭཱ་ཧཱ། ཐོ་རངས་བརྒྱ་རྩ་བཟླས་པ་ན། །འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ། །ཡེ་ཤེས་འོད་ལྡན་རྒྱུད་ལས། ཚེ་སྒྲུབ་ཀྱི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བཅུད་ལེན་སྔགས་ཀྱི་སྲུང་བཟློག་ནི། །བརྒྱད་དང་ཉེར་གཉིས་དགུ་སྟོང་ལ། །ནམ་སྲོད་ནམ་མཁའ་མཐའ་བཏེག་དུས། །སྐྱབས་སོང་ལྷ་ཡི་ང་རྒྱལ་གྱིས། །འོད་ལྡན་བདུད་རྩིའི་མར་ཁུ་བསྟེན། །ཡུངས་ཀར་ཁྲག་སྐམ་རྡོ་ཕྱེ་ལ། །སྟོང་ཚོ་རེ་བཟླས་ཕྱོགས་མེད་གཏོར། །ཨོཾ་ཨཱཿཧཱུཾ། ན་མཿསརྦ་བུཌྜྷ་ཡ། ན་མཿཨ་པྲ་ཏི་ཧ་ཏ་ཤཱ་ས་ན། ན་མཿཧ་ཐ་ན། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧཱུཾ་ཧཱུཾ་ཛྭ་ལ་ཡ། ཛྭ་ལ་ཡ། ཏིཥྛ་ཏིཥྛ་ཡ། ཧཱུཾ་ཧཱུཾ་ཕཊ་ཕཊ་བཟློག །སརྦ་བིགྷ་ནཱན་མཱ་ར་ཡ་ཧཱུཾ་ཕཊ་སྭཱ་ཧཱ། ཧཱུཾ་བྷ་ར་ཡ། ལོ་ཀ་བྷ་ར་ཡ། ལོ་ཀ་བྷ་ཤ་ཡཱ། ཧ་ཧཱུཾ་བཟློག་ཡ་ཡ། དགྲ་བོ་ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ། ཇི་ལྟ་བུ་ཡང་བཟློག་ཅིང་བསྲུང་། །ཡེ་ཤེས་འོད་


DNG020_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་རྒྱུད་ལས། བསྲུང་བཟློག་གི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བཅུད་ལེན་སྔགས་ཀྱིས་མི་ནོར་ཟས། །དགུག་ཅིང་བསྡུ་འདོད་འདི་ལྟར་བསྒྲུབ། །སྟེགས་བུ་པདྨ་འདབ་བཞིའི་ཁར། །དཀར་དམར་བརྒྱན་པའི་གཏོར་མ་གསུམ། །ཟས་འབྲུ་བྱང་སེམས་དཀར་དམར་བཤམ། །ངག་བཅད་ཞག་གསུམ་སྔགས་འདི་བཟླས། །ཨོཾ་ཨཱཿཧཱུཾ་ཧ་རི་ནི་ས། ཙེ་མེ་ཙེ་མེ་ཙེ་མེ་ཧཱུཾ། རྨི་ལྟས་ན་ཆུང་བུ་མོ་འབྱུང་། །དེ་ནས་བཞི་ནས་ཕོ་བཞིན་རྨི། །དེ་ནས་ཐོ་རངས་མི་སྨྲ་བར། །ལྕེ་སོས་བཞར་ལ་ཚྭ་དང་སྦྱར། །འོད་ལྡན་བསྲེས་ལ་ཞག་བདུན་སྦང་། །སྔགས་བཟླས་ཟོས་ཟིན་དབང་དུ་འགྱུར། །ཡེ་ཤེས་འོད་ལྡན་རྒྱུད་ལས། མི་ནོར་ཟས་གསུམ་དགུག་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བཅུད་ལེན་སྔགས་ཀྱིས་ལྷ་རྒྱལ་བློན། །དམངས་དང་བུད་མེད་ན་ཆུང་སྡུད། །འོད་ལྡན་ཐབས་ཤེས་བྱང་སེམས་གཉིས། །སྐྱོན་མེད་ཙན་དན་དཀར་དམར་གཉིས། །ག་བུར་གུར་གུམ་གླ་རྩིར་སྦྱར། །སྔགས་འདི་ཁྲི་ཚོ་གཅིག་ཏུ་བཟླས། །ཨོཾ་ཨཱཿཧཱུཾ། བྷཾ་ཙ་ཡ་སྭཱ་ཧཱ། ཐ་ཨོཾ་བ་ར་ཙ་ར་ཧ་རི་ནི་ས། ཀུཾ་ཀུཾ་རྨི་མ་སྭཱ་ཧཱ། དེ་ནས་ལས་སྦྱོར་རྫས་སྲན་ཙམ། །གོང་སྔགས་ཤམ་བུར་འདི་ཉིད་གདགས། །ཆེ་གེ་མོ་བ་ཤཾ་ཀུ་རུ་སྭཱ་ཧཱ། ཉེར་གཅིག་བཟླས་ནས་ཐིག་ལེ་ནི། །དཔྲལ་བར་བྱུག་ཕྱིན་བསྟན་ཚད་འདུ། །ཡེ་ཤེས་འོད་ལྡན་རྒྱུད་ལས། ལྷ་རྒྱལ་བློན་འབངས་སྡུད་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བཅུད་ལེན་སྔགས་ཀྱིས་ལག་བསྒུལ་སྒྲུབ། །རང་ཉིད་རི་ཁྲོད་ལྷ་མོ་ནི། །སྐུ་མདོག་དམར་མོ་ཡིད་འོང་སྒོམ། །འོད་ལྡན་གིའུ་ཧཾ་ལྔ་བརྒྱ་བཟླས། །རང་གི་སྨིན་ཕྲག་ཐིག་ལེ་བྱ། །གང་ལ་བལྟས་པའི་མི་རྣམས་དད་ཅིང་འདུ། །ཨོཾ་ཨཱཿཧཱུཾ། ན་མོ་བྷ་ག་བ་ཏི་ཨུཥྞི་ཥ་ཡ། དྷ་རེ་དྷ་ར་ན་ཏི་སྭཱ་ཧཱ། མིག་རྩི་དག་ལ་བརྒྱ་རྩ་བཟླས། །མིག་ལ་བྱུག་ན་གོང་ལྟར་འགྱུར། །ཆུ་ཁྱོར་གང་ལ་བདུན་བཏབ་བཏུང་། །ཟས་སྐོམ་མ་


DNG020_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

བཙལ་བར་ནི་རྙེད། །ལག་གཡོན་གོས་ཀྱི་མཐའ་གཟུང་སྟེ། །ཉེར་གཅིག་བཟླས་ཏེ་ཁྲོམ་གསེབ་འགྲོ། །ཚིག་བཙན་ཤགས་འགྱེད་རྒྱལ་བར་འགྱུར། །ལམ་དུ་འགྲོ་ན་ཆོམ་རྐུན་འཆིང་། །ཡེ་ཤེས་འོད་ལྡན་རྒྱུད་ལས། ལག་སྒུལ་གྱི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བཅུད་ལེན་སྔགས་ཀྱིས་ཁ་བསྒྱུར་ནི། །འོད་ལྡན་མཚལ་བསྲེས་དཔྲལ་བ་རུ། །ཡི་གེ་ཧྲཱྀཿབྲིས་ཕྱིན་གྱུར་ན། །གང་འདོད་ནོར་དང་འཕྲོད་པར་འགྱུར། །ཨོག་མར་ཟ་བྲིས་ཟས་དང་འཕྲད། །ལག་མཐིལ་མ་བྲིས་མཚོན་མི་ཕོག །ལྷ་བྲིས་རིམས་ནད་ཐུབ་པར་འགྱུར། །སྙིང་གར་གནམ་བྲིས་འཇིགས་བརྒྱད་བསྲུང་། །ཡེ་ཤེས་འོད་ལྡན་རྒྱུད་ལས། ཁ་སྒྱུར་གྱི་ལེའུ་སྟེ་བཅོ་བརྒྱད་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བཅུད་ལེན་སྔགས་ཀྱིས་ཆུར་མི་འབྱིང་། །མེས་མི་ཚིག་ཅིང་རླུང་མི་འཁྱེར། །མཚོན་གྱིས་མི་ཕེད་ཕོག་མི་འགྱུར། །མིས་མི་མཐོང་ཞིང་རྐང་མགྱོགས་འགྲུབ། །བྱ་རོག་འུག་མིག་བདུན་བདུན་གཉིས། །རྟེན་འདྲེལ་སྙིང་པོས་བྱིན་བརླབ་བྱ། །སྐར་མ་རྒྱལ་གྱི་ཉི་མ་ལ། །འོད་ལྡན་བཅས་པ་ལྕགས་དཀྲིས་གསུམ། །བསྡམས་པ་ཁ་རུ་བཅུག་པ་སྔགས། །སྟོང་ཚོ་བཟླས་པས་གོང་རྣམས་འགྲུབ། །ཨོཾ་ཨཱཿཧཱུཾ། གུ་མ་གུ་མ་ཐིབས་ཐིབས་སྭཱ་ཧཱ། ཡང་གཅིག་གསང་སྔགས་རྒྱལ་པོ་འདི། །ཕ་བོང་རྡོ་ལ་སྟོང་ཚོ་གསུམ། །ཕག་པའི་ཁྲག་ལ་ཁྲི་ཚོ་གསུམ། །མེ་མར་སོལ་བར་འབུམ་ཚོ་གསུམ། །འོད་ལྡན་དང་སྦྱར་སྨིན་མཚམས་སུ། །ཐིག་ལེ་བྱས་པ་མིས་མི་མཐོང་། །ཨོཾ་ཨཱཿཧཱུཾ། དྷོ་ར་ཐིབས་ཐིབས་མུན་ཏི་སྭཱ་ཧཱ། ཡེ་ཤེས་འོད་ལྡན་རྒྱུད་ལས། འབྱུང་བ་མེས་མི་ཚུགས་ཤིང་། སྒྲིབ་ཤིང་གི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བཅུད་ལེན་སྔགས་ཀྱིས་རྐང་མགྱོགས་བསྒྲུབ། །འོད་ལྡན་རྗེ་རིགས་གྲིར་བསད་ཐལ། །མི་མཁྲིས་དང་སྦྱར་ར་དཀར་གྱི། །འོ་མས་སྦྲུས་ཏེ་སྔགས་ཁྲི་བཟླས། །ཨོཾ་ཨཱཿཧཱུཾ། ན་མོ་པུ་རུ་ཥ་ཡ། སེན་ཏ་ཡེ་ནི། སྨྲ་ར་སྨྲ་ར། ས་མ་ཡ། ནེ་ཏྲི་ནེ་ཏྲ་ཡ་སྭཱ་ཧཱ། ཨོཾ་བྷྲཱུཾ་མ་ཏ་ཡ་སྭཱ་ཧཱ།


DNG020_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་དཔྲལ་བར་ཐིག་ལེ་བྱ། །རྟ་ལམ་ཉིན་དགུ་གཅིག་ལ་ཕྱིན། །འགྲོ་དུས་ཡང་ཡང་བཟླས་པས་མགྱོགས། །རྫས་མེད་ཀྱང་ནི་སྔགས་ཀྱིས་འགྲུབ། །ཡེ་ཤེས་འོད་ལྡན་རྒྱུད་ལས། རྐང་མགྱོགས་ཀྱི་ལེའུ་སྟེ་ཉི་ཤུ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བཅུད་ལེན་སྔགས་ཀྱིས་འཆི་བ་གསོ། །འོད་ལྡན་ཏིལ་མར་མི་ཞུན་ལ། །གསང་སྔགས་བརྒྱ་བཟླས་རྣ་བར་བླུག །ཨོཾ་ཨཱཿཧཱུཾ། ཨ་ནུ་ཏ་ར་ཧཱུཾ། ཤི་བ་ཉིད་ཀྱང་སློང་བར་འགྱུར། །ཡེ་ཤེས་འོད་ལྡན་རྒྱུད་ལས། ཤི་བ་གསོ་བའི་ལེའུ་སྟེ་ཉེར་གཅིག་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བཅུད་ལེན་སྔགས་ཀྱིས་འཕོ་བ་ནི། །འོད་ལྡན་ཁབ་ལེན་རྡོ་དང་ནི། །མགྲོན་བུ་བུ་མ་རྒྱ་ཚྭ་སྦྱར། །སྤྱི་བོར་སྐྲ་བཞར་བྱུགས་ནས་ནི། །རིག་པ་རྡོ་རྗེ་ཧཱུཾ་བཅས་དེ། །ཨོཾ་ཨཱཿཧཱུཾ། ཧི་ཀ་བརྗོད་པས་ཚངས་བུག་བཏོལ། །ནམ་མཁའ་འོད་ཕུང་དཀྱིལ་དུ་འཕང་། །སངས་རྒྱས་ས་ཐོབ་འཇའ་ཚོན་འབྱུང་། །ཡེ་ཤེས་འོད་ལྡན་རྒྱུད་ལས། འཕོ་བའི་ལེའུ་སྟེ་ཉེར་གཉིས་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བཅུད་ལེན་སྔགས་ཀྱིས་ལེགས་ཉེས་གསལ། །འོད་ལྡན་རིལ་བུ་ཁར་བཅུག་ལ། །རིན་ཆེན་སྣོད་དུ་ཆུ་ཁྱོར་གང་། །སྔགས་འདི་ལན་སྟོང་བཏབ་བཏུངས་ནས། །སྐྱབས་སོང་སྟོང་གསལ་གཉིད་ལོག་ན། །རྨི་ལམ་དག་ཏུ་ཅི་ཡང་སྟོན། །ཨོཾ་ཨཱཿཧཱུཾ། ཏདྱ་ཐཱ། མུ་ཙི་ནི་སྭཱ་ཧཱ། མུ་ཁེ་སེ་སྭཱ་ཧཱ། མོ་ཧ་ནི་སྭཱ་ཧཱ། དུནྟི་རི་སྭཱ་ཧཱ། ཡེ་ཤེས་འོད་ལྡན་རྒྱུད་ལས། ལེགས་ཉེས་གསལ་བའི་ལེའུ་སྟེ་ཉེར་གསུམ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བཅུད་ལེན་སྔགས་ཀྱིས་ལྷ་འདྲེ་མཐོང་། །འོད་ལྡན་རྗེ་རིགས་གྲིར་བསད་མཁྲིས། །རུས་བསྲེགས་ཐལ་བ་གསུམ་སྦྱར་ལ། །གསང་སྔགས་འདི་ནི་འབུམ་ཚོ་གསུམ། །ཨོཾ་ཨཱཿཧཱུཾ། པ་མེ་པ་དེ་སྭཱ་ཧཱ། སྤྱི་བོ་དཔྲལ་བ་མཛོད་སྤུ་དང་། །མིག་གཉིས་སྣ་ལ་བྱུགས་བྱས་ན། །མི་དང་མི་མ་ཡིན་གྱིས་ནི། །མི་མཐོང་སྒྲིབ་ཅིང་ཕར་མཐོང་འགྱུར། །ཡེ་ཤེས་འོད་ལྡན་རྒྱུད་ལས། ལྷ་འདྲེ་བལྟ་བའི་


DNG020_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ལེའུ་སྟེ་ཉེར་བཞི་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བཅུད་ལེན་སྔགས་ཀྱིས་སྒྲ་སྐད་འདོན། །འོད་ལྡན་བྱང་སེམས་དཀར་དམར་གསུམ། །རིན་པོ་ཆེ་དང་སྦྱར་བ་ཡིས། །རྔ་འམ་ཌཱ་མ་རུ་ལ་ནི། །མཁས་པས་བྲིས་ནས་དཀྲོལ་གྱུར་ན། །སྒྲ་སྐད་ཐོས་པ་ཙམ་གྱིས་ནི། །མཁའ་འགྲོ་འདུ་ཞིང་སངས་རྒྱས་ཐོབ། །ཨོཾ་ཨཱཿཧཱུཾ། དྷ་ར་དྷ་ར། དྷི་རི་དྷི་རི། བུ་ན་མ་ནི་སྭཱ་ཧཱ། ཡེ་ཤེས་འོད་ལྡན་རྒྱུད་ལས། སྒྲ་སྐད་འགྲོ་དོན་གྱི་ལེའུ་སྟེ་ཉེར་ལྔ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བཅུད་ལེན་སྔགས་ཀྱིས་ཞབས་རྗེན་འོང་། །རྐང་པ་དྲི་ཆུས་བཀྲུས་བྱས་ལ། །འོད་ལྡན་ཚ་བ་གསུམ་དང་ནི། །མར་ནག་ནང་དུ་བཏབ་ལ་བྱུག །ལོ་གཅིག་བར་དུ་ལྷམ་མི་དགོས། །ཡང་ན་འོད་ལྡན་སྒོག་གཅིག་དང་། །སྒོ་ངའི་གསེར་ཐིག་སྦྱར་ཏེ་བྱུག །ཨོཾ་ཨཱཿཧཱུཾ། ཧ་རི་ནི་ས། རཾ་རཾ། བརྒྱ་རྩ་རེ་ཡིས་ཞབས་རྗེན་ནུས། །བཙན་དུག་ཀ་ར་དྲོད་སྨན་ཚ། །སྦྱར་ནས་བྱུགས་ན་དྲོད་འབར་འགྱུར། །ཡེ་ཤེས་འོད་ལྡན་རྒྱུད་ལས། ཞབས་རྗེན་གྱི་ལེའུ་སྟེ་ཉེར་དྲུག་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བཅུད་ལེན་སྔགས་ཀྱིས་ཧོམ་གཏོར་འབར། །ཤིང་ཤ་མོ་ནི་སྲབ་བཞོགས་ལ། །འོད་ལྡན་བྱུགས་པ་མར་ནག་བཙོ། །དེ་ཉིད་གཏོར་མ་ཧོམ་ལ་བཙུགས། །ཆང་ཕུད་གཏོར་བས་མེ་འབར་འོང་། །ཨོཾ་ཨཱཿཧཱུཾ། ཧ་རི་ནི་ས། ཨགྣི་རཾ་རཾ། ཡང་ན་བྱ་མོ་ནག་མོ་ཡི། །སྒོ་ང་མར་ནག་ནང་དུ་བཙོས། །འོད་ལྡན་རྒྱ་སྐྱེགས་རམས་དང་ཚྭ། །ཉུངས་སྲེགས་སྤོས་དང་སྤྲ་བལ་བསྲེགས། །རག་ཕྱེ་དེ་རྣམས་ཞིབ་བཏགས་ལ། །གཏོར་མར་ཧོམ་བཅུགས་བྱུགས་བྱས་ཏེ། །ཆང་ཕུད་བུལ་ཏོག་བཏབ་ལ་གཏོར། །ཧོམ་དང་གཏོར་མ་སྤྱི་ལ་ཡང་། །མེ་འབར་འདོད་ན་དེ་ལྟར་དུ། །ཡེ་ཤེས་འོད་ལྡན་རྒྱུད་ལས། ཧོམ་གཏོར་མེ་འབར་གྱི་ལེའུ་སྟེ་ཉེར་བདུན་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བཅུད་ལེན་སྔགས་ཀྱིས་ནད་རིམས་བསྲུང་། །འོད་ལྡན་མོན་ཉུང་སེར་པོ་དང་། །ཆུ་དག་དཀར་པོ་བོང་ང་ནག །བདུད་རྩི་མར་ཁུ་དང་སྦྱར་ལ། །


DNG020_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་བསྙམས་རིགས་གསུམ་ཚོགས་པ་བསྐྱེད། །སྔགས་འདི་སྟོང་ཚོ་གསུམ་བཟླས་གདབ། །ཨོཾ་ཨཱཿཧཱུཾ། ཐིམ་ཐར་ནི་མ་ཏི་ས། དུན་ཏི་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ། མི་ཕྱུགས་གང་ལ་བཏབ་ཚད་ཐུབ། །ཡེ་ཤེས་འོད་ལྡན་རྒྱུད་ལས། རིམས་ནད་བསྲུང་བའི་ལེའུ་སྟེ་ཉེར་བརྒྱད་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བཅུད་ལེན་སྔགས་ཀྱིས་དུག་བསྲུང་བ། །འོད་ལྡན་ཉུང་ཞིའི་མར་ཕུལ་གང་། །བོང་ང་དམར་པོ་དཔའ་བོ་སེར། །ཨ་རུ་ར་ནི་གསེར་མདོག་གསུམ། །ཞིབ་བཏགས་གོང་གི་མར་ཁུར་བཏབ། །ལྟོ་སྟོང་དག་ལ་འཐུང་བྱས་ནས། །སྔགས་འདི་བརྒྱ་བཟླས་གསེར་དངུལ་བྲིས། །རབ་གནས་བྱས་ཏེ་མགྲིན་པར་གདགས། །ཨོཾ་ཨཱཿཧཱུཾ། གྱི་ཧུ་ནཱ་ག་ཙན་དུ། ཧཱ་ཧཱུ་བྷི་ཤ་མ་ར་ཧི་བྷི་ཤ་མ་ར་ཧི་ཧོ། མ་ཧི་དུག་ཁ་ཡི་དྷོ་ཤིན་ཏམ་བྷི་ན་སྭཱ་ཧཱ། དུག་རིགས་ཀུན་གྱིས་ཚུགས་མི་འགྱུར། །དེ་ནས་ཤ་དུག་སེལ་བྱེད་པ། །འོད་ལྡན་ལྡུམ་བུ་རེ་རལ་དང་། །འོམ་བུ་སེ་རྒོད་བར་ཤུན་རྣམས། །ཉུང་མའི་ཕྱེ་མ་ཀ་ར་སྦྱར། །སྔགས་འདི་སྟོང་གིས་སོས་པར་འགྱུར། །ཨོཾ་ཨཱཿཧཱུཾ། ཡས་ཤོར་ཡས་ཤོར་ཡེ་སྭཱ་ཧཱ། བཙན་དུག་དབྱུང་ན་འདི་ལྟར་བྱ། །འོད་ལྡན་བོང་ང་དཀར་པོ་དང་། །པི་ལིང་རྒྱ་ཚ་ཀ་ར་རྣམས། །སྦྱར་ལ་སྔགས་སྟོང་བཟླས་བྱིན་སོས། །ཨོཾ་ཨཱཿཧཱུཾ། ཀྲུག་ལེ་ཧྲི། ཡེ་ཤེས་འོད་ལྡན་རྒྱུད་ལས། དུག་བསྲུང་བའི་ལེའུ་སྟེ་ཉེར་དགུ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བཅུད་ལེན་སྔགས་ཀྱིས་རྨ་འབྲས་གསོ། །འོད་ལྡན་དྲེས་ཐག་རུལ་པ་དང་། །སུག་པ་བདུད་རྩི་བསྲེགས་པ་རྣམས། །མར་གསར་བསྲེས་ལ་སྔགས་མང་བཟླས། །བྱུགས་ན་རུས་འཛེར་འཐོན་ཅིང་སོས། །ཨོཾ་ཨཱཿཧཱུཾ། སེ་ཕུར་ན་སེ་ཕུར་ན། ནད་སེང་ནད་སེང་། ཨོཾ་ཙིར་ཙིར་རིག་རིག །མུགས་མུགས་སྭཱ་ཧཱ། མ་སོས་བར་དུ་སྟོང་ཚོ་དུས་བཞིར་གདགས། །ཡེ་ཤེས་འོད་ལྡན་རྒྱུད་ལས། འབྲས་གསོ་བའི་ལེའུ་སྟེ་སུམ་ཅུ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བཅུད་ལེན་སྔགས་ཀྱིས་སྐྲན་ལྷེན་གསོ། །འོད་ལྡན་ཚ་སྣ་ཚོགས་


DNG020_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་དང་། །ཙི་ཏྲ་ཀ་རྣམས་བསྲེས་བཏགས་ཏེ། །ཆང་སྐོལ་དག་ལ་སྔགས་སྟོང་བཟླས། །ལྟོ་སྟོང་བཏུང་ལ་འཁྲུལ་འཁོར་བྱ། །ཨོཾ་ཨཱཿཧཱུཾ། ཏིར་ལོང་མུན་ཤེལ་ཕཊ་སྭཱ་ཧཱ། སྐྲན་ལྷེན་འཐོན་པར་ཐེ་ཚོམ་མེད། །ཡེ་ཤེས་འོད་ལྡན་རྒྱུད་ལས། སྐྲན་ལྷེན་འདོན་པའི་ལེའུ་སྟེ་སོ་གཅིག་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བཅུད་ལེན་སྔགས་ཀྱིས་ཆུ་བསྡམ་འགྲོལ། །འོད་ལྡན་ལྕམ་པའི་ཐང་བཏང་ཞིང་། །སྔགས་འདི་དང་པོ་སྤྱི་བོར་གདབ། །ཨོཾ་ཨཱཿཧཱུཾ། པི་པི་ལི་པི་ལི་པིས་པིས་སྭཱ་ཧཱ། དེ་ནས་སྐྱེས་རྒྱབ་བུད་མེད་མདུན། །བརྒྱ་ཚོ་རེ་ནས་ཐུ་ཐུ་བྱ། །མི་ཕྱུགས་རྟ་བོང་ཁྱད་པར་མེད། །ཡེ་ཤེས་འོད་ལྡན་རྒྱུད་ལས། ཆུ་བསྡམས་དགྲོལ་བའི་ལེའུ་སྟེ་སོ་གཉིས་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བཅུད་ལེན་སྔགས་ཀྱིས་མེས་ཚིག་གསོ། །འོད་ལྡན་སྤང་རྩི་ངོ་བོ་དང་། །བདུད་རྩི་མར་ཁུ་གསུམ་བསྲེས་བྱུག །སྔགས་འདི་སུམ་བརྒྱ་ཙམ་རེ་གདབ། །ཨོཾ་ཨཱཿཧཱུཾ། མེ་རི་དམར་པོ་གསོད། །ལྕགས་རི་ནག་པོ་སོད། ཆུ་རི་སྔོན་པོ་སོད། ཞི་ཞི་གྲམ་གྲམ་སྭཱ་ཧཱ། ཚབས་ཆེ་སྟོང་ཚོ་བཅུ་བཟླས་ཏེ། །ཕུས་མི་གདབ་པར་ཐུ་ཐུ་བྱ། །དེ་འཕྲལ་སོས་པར་འགྱུར་ཏེ་ཐེ་ཚོམ་མེད། །ཡེ་ཤེས་འོད་ལྡན་རྒྱུད་ལས། མེས་ཚིག་གསོ་བའི་ལེའུ་སྟེ་སོ་གསུམ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བཅུད་ལེན་སྔགས་ཀྱིས་རྒྱུ་གཟེར་བསྲུང་། །འོད་ལྡན་བྱང་བལྟའི་སྤྲུ་མ་ཉིད། །ཞིབ་བཏགས་རིལ་བུ་སྲན་ཆུང་ཙམ། །བྱས་ཏེ་སྔགས་འདི་སྟོང་དུ་བཏབ། །ཨོཾ་ཨཱཿཧཱུཾ། འཛང་རེ་ཛ་བ་རེ་ནད་ངན་རྒྱུ་གཟེར་ལ་སྭཱ་ཧཱ། ལྟོ་སྟོང་དག་ལ་སུས་ཟོས་ཐུབ། །ཡེ་ཤེས་འོད་ལྡན་རྒྱུད་ལས། རྒྱུ་གཟེར་བསྲུང་བའི་ལེའུ་སྟེ་སོ་བཞི་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བཅུད་ལེན་སྔགས་ཀྱིས་ནད་ཀུན་ཐུབ། །འོད་ལྡན་བདུད་རྩི་མར་ཁུ་དང་། །དྲི་ཆེན་དྲི་ཆུར་སྔགས་འདི་བསྒྲུབ། །ནད་རིམས་བསྲུང་བའི་སྙིང་པོ་རྣམས། །གུར་གུམ་གྷི་ཧང་གླ་རྩི་དང་། །རྒྱ་སྣག་དག་གིས་བྲིས་བྱས་ཏེ། །རྟེན་འདྲེལ་སྙིང་པོས་རབ་གནས་བྱ། །བསྲུང་བྱའི་མགུལ་


DNG020_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བཏགས་པ་ན། །རིམས་ནད་མགོ་ནད་བལ་ནད་གཟེར། །རྒྱུ་ནད་འབྲུམ་ནག་གག་ལྷོག་གློ། །རྒྱ་ནད་ཅོང་འགྱེལ་ལྟག་འགྱེལ་རྣམས། །དེ་ཡི་ཕྱོགས་སུ་ཉེ་མི་ནུས། །སྔགས་སྟོང་ཆུ་བླུད་ནད་བྱུང་སོས། །ཨོཾ་ཨཱཿཧཱུཾ། ཧབ་རྩེ་ཧབ་རྩེ་ཟུ་ཟུ་ཧཱུཾ་སད། ཀུ་ལ་ར་ཤིས་སད། བུ་ཀ་ཛུ་ཡ་སད། སད་ཀྲེ་ཀ་རུ་སད། དྲུག་ཆོམ་དྲུག་གཤོག་དྲུག་གཡས། དམིགས་པ་ལྕགས་ཀྱི་གཟོང་དྲུག་དབུགས་ཀྱིན་དབུག་ཀྱིན་སད། མེ་རོ་སད། གྱི་ནི་སད། ལེ་བེར་སད། ཀྱིན་སད་ཀུ་རུ་སད་ཀྱིན་སད་སད་སད། དམ་དི་དེ་དྲེང་ངེ་དྲེང་། ཏང་ཀུ་ལ་ཏང་ཀུ་ལ། དམར་པོ་ལ་། རུག་རུག་ཆིར་ཆིར། སྲོག་གི་སྙིང་པོ་ལ་རྦད་རྦད་རྦུད་རྦུད་སྭཱ་ཧཱ། ནད་རྣམས་ཐུབ་ཅིང་སོས་པར་འགྱུར། །ཡེ་ཤེས་འོད་ལྡན་རྒྱུད་ལས། ནད་བསྲུང་བའི་ལེའུ་སྟེ་སོ་ལྔ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བཅུད་ལེན་སྔགས་ཀྱིས་འབྲུམ་ནག་བསྲུང་། །དཀར་ཆེན་རྒྱ་ཐེལ་རྩེགས་པ་བསྲུང་། །འོད་ལྡན་གི་ཧང་གླ་རྩི་དང་། །བཙན་དུག་ཐར་ནུ་རེ་ལྕག་པ། །ཤུ་དག་གུ་གུལ་མུ་ཟི་ནག །ཤིང་ཀུན་རྒྱ་སྣག་ཨ་རུ་ར། །ར་ཁྲག་སྲན་ནག་རེ་རེ་ལ། །སྔགས་འདི་བརྒྱ་རྩ་བརྒྱད་བཟླས་ཏེ་གདགས། །ཨོཾ་ཨཱཿཧཱུཾ། བཛྲ་ཀ་རུ་ན་བྲང་ཏི། ཏིག་ཏིག །ཏྲར་བྲག་ཤིག །ཏ་ཐཱ་ག་ཏ་ཡ། ཙ་ལེ་ཧེ། དུཾ་ཧཱུཾ་ཕཊ། སརྦ་བྷཱ་དྷི་རོ་ག་ཤཾ་ཀུ་རུ་ཧཱུཾ་ཕཊ། རྫས་རྣམས་སྨིན་མཚམས་སྤྱི་གཙུག་དང་། །མགྲིན་ཁུང་སྙིང་ག་རྐང་ལག་མཐིལ། །བྱུགས་པས་ས་བདག་ཀླུ་གཉན་དང་། །ལྷོག་པ་འབྲུམ་ཐོར་རྒྱུ་གཟེར་ཐུབ། །བལ་ནད་མིག་སེར་མཁྲིས་སྐྱུགས་ཐུབ། །ཡེ་ཤེས་འོད་ལྡན་རྒྱུད་ལས། འབྲུམ་ཐོར་བསྲུང་བའི་ལེའུ་སྟེ་སོ་དྲུག་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བཅུད་ལེན་སྔགས་ཀྱིས་ལྷོགས་པ་སྲུང་ཞིང་བསད། །འོད་ལྡན་བོང་ནག་སྔགས་བཟླས་གདགས། །ཨོཾ་ཨཱཿཧཱུཾ། ར་ན་མ་ཚ་བྷ་ས་ཧི། ཏི་ཏི་ནི། བྷེ་བ་ཀ་ལ། ཐི་རི་ཧི་ཐཾ། ཕཊ་ཕཊ་ཕཊ། སྔགས་ཆུ་བླུད་པས་ལྷོག་བྱུང་སོས། །ཡེ་ཤེས་འོད་ལྡན་རྒྱུད་ལས། ལྷོག་པ་གསོ་བའི་ལེའུ་སྟེ་སོ་བདུན་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བཅུད་ལེན་སྔགས་ཀྱིས་རྨ་ཁྲག་གསོ། །འོད་


DNG020_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་བདུད་རྩི་བརྒྱ་ཕྲག་དང་། །བྲག་ཞུན་དྲི་ཆུ་སྦྱར་ལ་བྱུག །སྔགས་སྟོང་བཏབ་པས་སོས་པར་འགྱུར། །ཨོཾ་ཨཱཿཧཱུཾ། ཨ་ན་ལེ། བི་ན་ལེ། རྦལ་ཆོད་ཁྲག་ཆོད་སྭཱ་ཧཱ། ཡང་ན་འདི་ཉིད་སུམ་བརྒྱས་འཚོ། །ཨོཾ་ཨཱཿཧཱུཾ། ཏི་ལི་སོད།ནི་ལི་སོད། རྦ་ཏི་སོད། རྨ་ཡི་སྙིང་པོ་སོད་སྭཱ་ཧཱ། དེ་ནས་རྩ་བྱེར་ན་སུམ་བརྒྱས་སོས། ཨོཾ་ཨཱཿཧཱུཾ། རྩ་ཁྲིས་ནད་སྭཱ་ཧཱ། དེ་ནས་ཀླད་པ་ན་བ་ལ། །ཨོཾ་ཨཱཿཧཱུཾ། ཀླད་ཁྲིས་ནད་སྭཱ་ཧཱ། དེ་ནས་རུས་པ་གས་པ་གསོ་བ་ལ། །ཨོཾ་ཨཱཿཧཱུཾ། རུས་ཐིས་ནད་སྭཱ་ཧཱ། དེ་ནས་ཆུ་སེར་ཁྱིམ་ན་གདབ། །ཨོཾ་ཨཱཿཧཱུཾ། ཆུ་སིལ་སིལ། ནན་སྭཱ་ཧཱ། ཕྱི་རུ་ལོག་ན་སྔགས་འདི་བཟླས། །ཨོཾ་ཨཱཿཧཱུཾ། ཀ་ལག་ཁྲིས་ནང་ཤ་སྭཱ་ཧཱ། རལ་གྲི་མདའ་རྡོ་ཐམས་ཅད་ཐུབ། །འོད་ལྡན་གསེར་གྱི་ཨ་ཧཱུཾ་གདགས། །ཨོཾ་ཨཱཿཧཱུཾ། ཛི་ཛི་ལུག་སྙིང་ཛི། ལུག་སྙིང་རཾ་སྭཱ་ཧཱ། ལུས་ལ་མདེའུ་ལུས་པ་འདོན། །འོད་ལྡན་ཡུ་མོ་མདེ་འབྱིན་བསླན། །ཨོཾ་ཨཱཿཧཱུཾ། ཁྲིམ་ཏྲི་ནི་སྭཱ་ཧཱ། ལྟོ་སྟོང་བཏབ་པས་འཐོན་པར་འགྱུར། །ཡེ་ཤེས་འོད་ལྡན་རྒྱུད་ལས། མགོ་རྨ་གསོ་ཞིང་མདའ་རྡོ་བསྲུང་ཞིང་། མདེའུ་འདོན་པའི་ལེའུ་སྟེ་སོ་བརྒྱད་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བཅུད་ལེན་སྔགས་ཀྱིས་སྲིན་ལང་གསོ། །འོད་ལྡན་དྭ་འབྲུམ་ཐད་ཕྲོམ་ལ། །སྔགས་འདི་བརྒྱ་སྟོང་བཟླས་བྱས་ཏེ། །བུ་རམ་སྦྱར་ལ་རི་ལུ་ནི། །འཇི་བ་ཙམ་བྱས་གྲོ་ཐང་འཕུལ། །ཨོཾ་ཨཱཿཧཱུཾ། རྩག་ཏི་རྩོག་ཏི། སྙིང་ལ་རུ་དེ་སོད་སྭཱ་ཧཱ། སྔགས་ཆུས་ཀྱང་ནི་སོས་པར་འགྱུར། །ཡེ་ཤེས་འོད་ལྡན་རྒྱུད་ལས། སྲིན་ལང་གསོ་བའི་ལེའུ་སྟེ་སོ་དགུ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བཅུད་ལེན་སྔགས་ཀྱིས་ཤུ་བ་གསོ། །འོད་ལྡན་བདུད་རྩི་མར་ཁུ་དང་། །ཝ་བྲུན་ཞིབ་བཏགས་མར་རྙིང་སྦྱར། །སྔགས་འདི་སྟོང་བཏབ་བྱུགས་ཉི་བསྲེག །ཨོཾ་ཨཱཿཧཱུཾ། ཐོར་བུ་རཾ་མེ་སོད། མགོ་ཆེ་མགོ་ཆུང་སོད། ཆུ་ནག་ཁྱི་ལ་སོད། བྲམ་ཟེ་ནག་པོ་སོད་སྭཱ་ཧཱ། ཤུ་བ་ཇི་ལྟ་བུ་ཡང་འཚོ། །ཡེ་ཤེས་འོད་ལྡན་རྒྱུད་ལས། ཤུ་བ་གསོ་བའི་ལེའུ་སྟེ་བཞི་བཅུ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བཅུད་ལེན་སྔགས་ཀྱིས་ཁྱི་རྨ་གསོ། །ཆུ་དྲེ་གང་ལ་སྔགས་འདི་ནི། །སུམ་བརྒྱ་བཏབ་ལ་རྨ་བཀྲུས་ཏེ། །


DNG020_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨཱཿཧཱུཾ། ཧ་གཙག་སྐྱིས་སྐྱི་དོ་སྭཱ་ཧཱ། མེ་ལོང་གཡའ་ཕྱིས་ཁྱི་སྤུ་བླན། །འོད་ལྡན་བདུད་རྩི་མར་ཁུ་ཡི། །རིལ་ལུ་ལྟོར་གཏོང་རྨ་མི་དཀྲི། །ཁ་མི་བསྲུང་ཞིང་ན་ན་བྲབ། །ཡེ་ཤེས་འོད་ལྡན་རྒྱུད་ལས། ཁྱིས་གཟུང་གསོ་བའི་ལེའུ་སྟེ་ཞེ་གཅིག་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བཅུད་ལེན་སྔགས་ཀྱིས་ཁྱི་མི་འོང་། །འོད་ལྡན་ཡུངས་དཀར་བྱི་ལའི་བྲུན། །ཟན་བསྲེས་སྔགས་བརྒྱ་བཏབ་ཏེ་བྱིན། །ཨོཾ་ཨཱཿཧཱུཾ། ཀུ་ཀུ་ར་ཙ་རྐང་སྐྱུགས། རྐང་སྐྱུགས། ཁ་ཐཾ་ཁ་ཐཾ། ཨོཾ་བཛྲ་སྐོར་རྣ་ཆུམ། སྣ་ཆུམ་ཆུམ། ཀུ་ཀུར་ཙ་ཁ་ཐཾ་ཁ་ཐཾ་སྭཱ་ཧཱ། ཁྱི་བཟང་སེང་གེ་འདྲ་ཡང་ཆིངས། །ཡེ་ཤེས་འོད་ལྡན་རྒྱུད་ལས། ཁྱིའི་ཁ་ཆིངས་ཀྱི་ལེའུ་སྟེ་ཞེ་གཉིས་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བཅུད་ལེན་སྔགས་ཀྱིས་ཇག་ཆིངས་ནི། །བླ་མ་ཡི་དམ་མཁའ་འགྲོ་ལ། །བ་ལིཾ་ཕུལ་ནས་གསོལ་བ་གདབ། །རང་ཉིད་ལྷར་གསལ་འོད་ལྡན་ལ། །སྔགས་བརྒྱ་བཟླས་ལ་གདོང་ལ་བྱུག །ཨོཾ་ཨཱཿཧཱུཾ། ན་མོ་བྷ་ག་ཝཱ་ཏེ། ཨརྷ་ཏེ་སམྱ་ཀཱཾ་བུདྡྷཱ་ཡ། ཏདྱ་ཐཱ། དྷུ་རུ་དྷུ་རུ། པ་ར་སྟཾ་བྷ་ཡ། མོ་ཧ་ཡ་གྷ་ཧ་ནི་སྭཱ་ཧཱ། ཇག་པ་རྣམས་ནི་སྐྱེ་རེངས་འགྱུར། །ཡེ་ཤེས་འོད་ལྡན་རྒྱུད་ལས། ཇག་ཆིངས་ཀྱི་ལེའུ་སྟེ་ཞེ་གསུམ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བཅུད་ལེན་སྔགས་ཀྱིས་ནུ་རླིག་གསོ། །འོད་ལྡན་བདུད་རྩི་མར་ཁུ་ལ། །སྔགས་འདི་སྟོང་བཟླས་བྱུགས་ན་སོས། །ཨོཾ་ཨཱཿཧཱུཾ། གལ་ཏེ་ན་ཕུས། ཨ་ཡ་ན་ཕུས། ཧཱུཾ་ཆང་གི་ལི་ཕུས། མ་ར་པ་ནི་ཕུས།ཕུ་སྭཱ་ཧཱ། སྐྲངས་པ་གཞན་ཉིད་ལ་ཡང་ཕན། །ཡེ་ཤེས་འོད་ལྡན་རྒྱུད་ལས། ནུ་རླིག་གསོ་བའི་ལེའུ་སྟེ་ཞེ་བཞི་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བཅུད་ལེན་སྔགས་ཀྱིས་ཕྲུ་གུ་འབྱིན། །མི་ལ་འོད་ལྡན་མར་སྦྱར་ཏེ། །བྱུགས་ལ་ཟན་ནམ་ཆང་སྔགས་བྱིན། །ཨོཾ་ཨཱཿཧཱུཾ།སྭཱ་ཛྲ་ཛྲ། ཐེལ་ཐེལ། ཕྱིག་ཕྱིག །འུར་འུར། དེ་ལེ་གེ། དེ་ལེ་གེ། ལུང་ལུང་གེ། ཁེ་བྷ་ར་ན་ཧ་ར་སྭཱ་ཧཱ། ཁ་བྷ་ར་ན་ཧ་ར་སྭཱ་ཧཱ། དེ་ཡིས་ཕྲུ་གུ་འབྱིན་པར་འགྱུར། །ཤ་མ་མ་འཐོན་ན་ཡང་དེ་བཞིན་བྱ། །ཡེ་ཤེས་འོད་ལྡན་རྒྱུད་ལས། ཕྲུ་གུ་ཤ་མ་འབྱིན་པའི་ལེའུ་སྟེ་ཞེ་ལྔ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བཅུད་ལེན་སྔགས་ཀྱིས་འབྲུ་ཆང་ཞིམ། །འོད་


DNG020_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་བཙན་དུག་གུ་གུལ་དང་། །བ་བླ་རྟ་བོན་མུ་ཟི་སྒོག །སྤྱང་བྲུན་ཤིང་ཀུན་ཆུ་དག་ནག །བདུད་རྩི་ལ་ཆ་ཁྱི་བྲུན་གཞོབ། །མེ་ཁར་བཞག་ལ་འཚོད་ཟངས་དུག །ཨོཾ་ཨཱཿཧཱུཾ། ཡ་མ་རཱ་ཛ་དུ་ཏྲི་ཕུ་ཏྲི། གནོད་བྱེད་འབྱུང་པོ་མཱ་ར་ཡ་ཕཊ། གུ་གུལ་བརྒྱད་དང་སྔགས་ནུས་ཀྱིས། །སྡེ་བརྒྱད་ཁ་འཆིང་གདོན་རྣམས་ཐུབ། །དེ་ནས་ཐབ་གཟུགས་སྔགས་རྫས་ཚོས། །འཚོད་པའི་ནང་དུ་མར་ཕྱེ་གདབ། །འོག་ཏུ་དཀར་གོང་མེས་བསྲེགས་དམར། །དེ་སྟེང་རཾ་དམར་བསྒོམ་པའི་སྔགས། །ཆུ་འབྲུ་བླུག་ལ་བརྒྱ་རྩ་གདབ། །ཨོཾ་ཨཱཿཧཱུཾ། ཧ་རི་ནི་ས་རཾ་རཾ།ལྷག་ལྷག །ཤིག་ཤིག་སྭཱ་ཧཱ། དེ་ནས་རེ་བས་ཁ་བཅད་བཙོ། །གོས་མེད་ལྡང་བར་འདོད་པ་ན། །འོད་ལྡན་ཚི་གུ་ཕུལ་གང་ལ། །སྔགས་འདི་བརྒྱ་བཟླས་ཆུ་སྐོལ་བླུག །ཆང་ཚོས་ཤུལ་དེར་གོས་ལེབ་གཅིག །ལང་པར་གྱིས་ཤིག་མཁའ་འགྲོ་མ། །ཨོཾ་ཨཱཿཧཱུཾ། རི་ནི་ས་མ་ནན་ཛྷི་ཝན་ཏི་ཡེ་སྭཱ་ཧཱ། ཆང་ཞིམ་མང་བ་མདོག་འདོན་ན། །འོད་ལྡན་གྱི་བ་སར་སྐྱེ་ཚེ། །ཕབས་དང་བསྲེས་ནས་སྔགས་བཟླས་གདབ། །ཨོཾ་ཨཱཿཧཱུཾ། ཧ་རི་ནི་ས། སུ་ར་བ་ལ་ནི་སྭཱ་ཧཱ། ཆང་འཐུངས་ཀྱང་མི་བཟི་བ་ལ། འབྲས་ཆང་ནས་ཆང་སུམ་ཆང་ཕྱེ། །ཅོང་ཞི་ཛ་ཏི་ཨ་རུ་ར། །ཤིང་ཚ་སུག་སྨེ་ཀ་ཀོ་ལ། །ཞིབ་བཏགས་ལྟོ་སྟོང་ཐུར་མགོ་རེ། །འགམས་ལ་སྔགས་སྟོང་བཟླས་བཏུང་ན། །ཨོཾ་ཨཱཿཧཱུཾ། ཏདྱ་ཐཱ། རུ་ལུ་རུ་ལུ། བི་རི་སརྦ་ཕཊ་དོ་པིང་སྭཱ་ཧཱ། དང་པོ་འཐུང་མཁས་ཤིན་ཏུ་གཅེས། །ཡེ་ཤེས་འོད་ལྡན་རྒྱུད་ལས། ཆང་བསྲུངས་སྔགས་ཚོས་ཅེར་ཆང་མི་བཟི་བར་བྱ་བའི་ཐབས་ཀྱི་ལེའུ་སྟེ་ཞེ་དྲུག་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བཅུད་ལེན་སྔགས་ཀྱིས་ཞོ་བསྲུང་ནི། །འོད་ལྡན་ཡུངས་ཀར་སྔགས་བརྒྱ་བཟླས། །འོ་ཟོ་བསྐོལ་དང་གནོན་སྐྲག་གདབ། །ཨོཾ་ཨཱཿཧཱུཾ། ཏིར་ཏི་ཀ་སརྦ་པྲེ་ཏེ་སྲོག་དྷ་རུ་ཆོད། འོ་ཞོ་ལ་རཀྵ་རཀྵ། ཡེ་ཤེས་འོད་ལྡན་རྒྱུད་ལས། ཞོ་བསྲུང་བའི་ལེའུ་སྟེ་ཞེ་བདུན་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བཅུད་ལེན་སྔགས་ཀྱིས་འབྲུ་ཕྱུགས་འཕེལ། །སྐར་མ་དྲེ་ཡི་ཉིན་པར་ལ། །ལྕགས་ཀྱི་བྱི་བའི་གཟུགས་ནང་དུ། །འོད་ལྡན་རྟ་ཕྱུགས་སྙིང་པོ་ལ། །གོང་སྔགས་ཁྲི་


DNG020_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

ཚོ་གཅིག་བཟླས་ནས། །འབྲོག་དང་ར་བར་སྦས་ན་འཕེལ། །ཡེ་ཤེས་འོད་ལྡན་རྒྱུད་ལས། འབྲུ་ཕྱུགས་འཕེལ་བར་བྱེད་པའི་ལེའུ་སྟེ་ཞེ་བརྒྱད་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བཅུད་ལེན་སྔགས་ཀྱིས་ཅི་བསམ་འགྲུབ། །བྷནྡྷ་རིན་ཆེན་གའུ་རུ། །འོད་ལྡན་རིན་ཆེན་འབྲུ་སྣ་ལྔ། །ཁྱེའུ་བུ་མོའི་བྱང་སེམས་དང་། །བཟང་སྨན་ཨ་ཀ་རུ་སྦྱར་བའི། །རི་ལུ་བཅུག་ལ་མཁས་པས་ནི། །གནོད་སྦྱིན་ཆུ་དབང་མཚན་བརྒྱ་རྩ། །ཉིན་བརྒྱ་མཚན་བརྒྱ་བཟླས་ནས་ནི། །རི་ལུ་གཅིག་ཙམ་བདུད་རྩིར་བཅས། །རང་གིས་ཟོས་པར་གྱུར་ན་ཡང་། །མེ་ཆུ་ནད་རིམས་དགྲ་གཅན་བསྲུང་། །དུས་མིན་འཆི་སླུ་ཅི་བསམ་འགྲུབ། །ཨོཾ་ཨཱཿཧཱུཾ། ཏདྱ་ཐཱ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་མ་ཎི་བྷ་དྲཱ་ཡ་མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ། ཨོཾ་ཧྲིང་ཏྲང་ཤ་ཀྵ་ཛྷ་ཧྲཱྀ་ཧྲཱྀ་དིབ་བྱ་རད་ནེའུ་བྷ། བྷ་རི་ཤ་ཡ། ཨ་དྷི་བ་ཏ་དྷི་བ་ཡཀྵ་ས་མ་ཡ། མ་ནུ་སྨ་ར་ཏྲི་ཧཱུཾ་ཕཊ་སྭཱ་ཧཱ། འདི་ནི་ཡིད་བཞིན་ནོར་བུའོ། །ཡེ་ཤེས་འོད་ལྡན་རྒྱུད་ལས། ཅི་བསམ་འགྲུབ་པའི་ལེའུ་སྟེ་ཞེ་དགུ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བཅུད་ལེན་སྔགས་ཀྱིས་ལྗི་བ་དང་། །སྦུར་ནག་བོང་རི་བྱི་བ་སྦྲང་། །ཤ་སྒོ་བྱིའུ་ལ་སོགས་པ། །སྔགས་འདི་རྫས་ལ་བཏབ་བྱུགས་གཏོར། །ཨོཾ་ཨཱཿཧཱུཾ། རྩོག་གི་ཧ་ཏ་ལི། རྩོག་སྐྱེ་ལོ་ག་ལི་མ་ཧཱ་ལོ་ཤ་ལི། ཨ་ལ་ཏ་ལ་ཙ་ལ་ཡེ་སྭཱ་ཧཱ། འོད་ལྡན་ཉུང་སེར་གཞི་མོའི་རྩེ། །གཡེར་མ་སྐྱེར་འབྲུ་མོན་བུ་རྣམས། །ཕྱེ་བྱས་མར་རྙིང་དང་སྦྱར་ལ། །སྔགས་བརྒྱ་བཟླས་ཏེ་ལུས་ལ་བྱུགས། །ལྗི་བ་བསྲུང་བར་ཐེ་ཚོམ་མེད། །འོད་ལྡན་ཆུ་དང་མུ་ཟིའི་ཆུ། །རྩིག་རྨང་གཏོར་ན་སྦུར་ནག་ཐུབ། །འོད་ལྡན་གཙང་ཁའི་བྱེ་མ་ལ། །སྔགས་བཟླས་གཏོར་ན་བོང་རི་དང་། །བྱི་བ་ཤ་དགོ་བྱིའུ་ཐུབ། །འོད་ལྡན་ཞང་ཞུང་མར་བསྲེས་བྱུག །དུག་སྦྲང་ལུས་ལ་སོ་འདེབས་ཐུབ། །ཡེ་ཤེས་འོད་ལྡན་རྒྱུད་ལས། ལྗི་བ་སྦུར་ནག་བོང་རི་དང་། བྱི་བ་ཤ་དགོ་སྦྲང་བུ་བྱིའུ་བསྲུང་བའི་ལེའུ་སྟེ་ལྔ་བཅུ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བཅུད་ལེན་སྔགས་ཀྱིས་ཤིག་སེལ་བ། །ཟན་གཏོར་ཤ་ཆེན་ཤིག་དང་བཅས། །ཁ་འབར་སྔགས་ཀྱིས་ལན་ཆགས་


DNG020_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །བསྔོས་ལ་གཏང་སྟེ་བདེན་པ་བདར། །འོད་ལྡན་བྲག་ཞུན་བྲག་དྲེག་དང་། །གླ་རྩི་མུ་ཟི་བྱ་རྒོད་སྤོས། །རེ་ལྕག་དུད་བལ་མི་ཞུན་སྦྱར། །ཡང་ན་མར་ནག་སྦྱར་བ་ལ། །སྔགས་འདི་བརྒྱ་བཟླས་ལུས་ལ་བྱུག །ཨོཾ་ཨཱཿཧཱུཾ། ཁོ་ལ་ཙཀྲ་སརྦ་མ་དུཾ་ཏ་ཡེ་སྭཱ་ཧཱ། ཟླ་བ་རེ་ལ་ལེན་རེ་བྱུག །ལན་ཆགས་ཤིག་ནི་འོང་མི་འགྱུར། །ཡེ་ཤེས་འོད་ལྡན་རྒྱུད་ལས། ཤིག་སེལ་བའི་ལེའུ་སྟེ་ང་གཅིག་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བཅུད་ལེན་སྔགས་ཀྱིས་ཞིང་ལུད་བྱ། །འོད་ལྡན་མི་བྲུན་ཕུག་རོན་བྲུན། །ལུག་མུར་སེ་རུལ་འབའ་ཆ་ཕབས། །བུད་མེད་ཆུས་སྦང་ཞག་གསུམ་བསྙལ། །ས་བོན་མར་ནག་སྦོལ་བྱས་ལ། །སྔགས་འདི་སྟོང་བཟླས་ཞིང་ལ་གདབ། །ཨོཾ་ཨཱཿཧཱུཾ། དྷ་ཏི་རཏྣ་ཛཾ་བྷ་མ་ཧཱ་སི་ཏི་ཧཱུཾ། རྩ་བ་ཟུག་ལ་ཐན་སྲན་ཆེ། །མིག་ནད་མི་འོང་ནས་ལྡོག་ཆེ། །འགྱུར་རྐྱེན་བོངས་ནི་ཆེ་བར་འགྱུར། །ཡེ་ཤེས་འོད་ལྡན་རྒྱུད་ལས། ཞིང་གི་ལེའུ་སྟེ་ང་གཉིས་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བཅུད་ལེན་སྔགས་ཀྱིས་ཞིང་འབུ་བསྲུང་། །འོད་ལྡན་ཡུངས་ཀར་བྱི་བའི་བྲུན། །དུད་པ་ཆུ་བཏབ་ས་བོན་སྦང་། །ཡང་ན་ལྗང་བུའི་དུས་སུ་གཏོར། །སྔགས་འདི་ཁྲི་ཚོ་གཅིག་ཏུ་བཟླས། །ཨོཾ་ཨཱཿཧཱུཾ། ཨེ་ཧེ་ཨེ་ཧེ། མེ་ཧེ་མེ་ཧེ། གྷུ་ཧཱུཾ་གྷུ་ཧཱུཾ་ཕཊ་སྭཱ་ཧཱ། ཞིང་ལ་འབུ་སྲིན་འོང་མི་སྲིད། །ཡེ་ཤེས་འོད་ལྡན་རྒྱུད་ལས། ཞིང་ལ་འབུ་སྲིན་བསྲུང་བའི་ལེའུ་སྟེ་ང་གསུམ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བཅུད་ལེན་སྔགས་ཀྱིས་སེར་བ་བསྲུང་། །འོད་ལྡན་ཐལ་ཆེན་ཡུངས་ཀར་དང་། །སྡེ་བརྒྱད་གཏོར་མ་སྔགས་འབུམ་བཟླས། །ཨོཾ་ཨཱཿཧཱུཾ། ན་མོ་བྷ་ག་ཏེ། ཤཱཀྱ་མུ་ནཱ་ཡེ། ཏཱ་ཐཱ་ག་ཏ་ཡ། པུ་ཙེ་པུ་ཙེ། ས་མ་ཡ་པུ་ཙེ། ཨ་ཀ་རུ་པུ་ཙེ། སམ་ཡ་བ་ལ་ཡ་ནི་སྭཱ་ཧཱ། བྱུང་དུས་ཉེ་བར་བཟློག་པར་འགྱུར། །ཡེ་ཤེས་འོད་ལྡན་རྒྱུད་ལས། སེར་བ་བསྲུང་བའི་ལེའུ་སྟེ་ང་བཞི་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བཅུད་ལེན་སྔགས་ཀྱིས་སད་བསྲུང་ན། །ཀླུ་དང་ལྷ་འདྲེ་གཏོར་མས་མཆོད། །ཟངས་སམ་རྫ་ནི་དམར་པོ་རུ། །འོད་ལྡན་ཆུ་དང་འོ་མ་འབྲུ། །བླུག་སྟེ་ནམ་མཁའ་རྒྱ་ཆེའི་སར། །ཆུ་བསྲོས་རླངས་པ་འཐོན་པར་བྱ། །མི་སྤོས་སྔགས་ལ་གསུང་མི་གཅད། །སྤྲིན་ཉིད་མ་འདུས་བར་དུ་བཟླས། །ཨོཾ་ཨཱཿཧཱུཾ། ཨེ་ཐུམ་རིལ་བསྡུས་སྣ་ཏི་ར་བཾ་སྭཱ་ཧཱ། སྤྲིན་འདུས་སད་ཉིད་ཐུབ་པར་འགྱུར། །ཡེ་ཤེས་འོད་ལྡན་རྒྱུད་


DNG020_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

ལས། སད་བསྲུང་བའི་ལེའུ་སྟེ་ང་ལྔ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བཅུད་ལེན་སྔགས་ཀྱིས་དགྲ་བོ་ནི། །ལྐུགས་སུ་གཞུག་པའི་ལས་འདི་བྱ། །གྲོ་གའམ་ཤོག་ཤོག་དག་ལ་མིང་རུས་བྲིས། །ལྐུགས་པའི་ཐོད་པར་བཅུག་ནས་ཀྱང་། །མིང་རུས་ལྕགས་ཕུར་དག་ལ་ནི། །འོད་ལྡན་གྲི་ཁྲག་བྱུགས་ཤིང་གདབ། །ཨོཾ་ཨཱཿཧཱུཾ། ཀཱ་ལ་རཱུ་པ་ཆེ་གེ་མོ་ཛཾ་བྷ་ཡ་ཧཱུཾ་ཕཊ། ཞག་གསུམ་དག་གིས་ལྐུགས་པར་འགྱུར། །ཡེ་ཤེས་འོད་ལྡན་རྒྱུད་ལས། དགྲ་བོ་ལྐུགས་སུ་གཞུག་པའི་ལེའུ་སྟེ་ང་དྲུག་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བཅུད་ལེན་སྔགས་ཀྱིས་བསད་བཟློག་ན། །མཎྜལ་མདའ་གང་གྲུ་གསུམ་པར། །གྲི་ཁྲག་ར་ཁྲག་ཆག་ཆག་གདབ། །དེ་སྟེང་ཐོད་པར་དམར་གཏོར་བཤམ། །དེ་སྟེང་དགྲ་བོའི་ལིངྒ་ནི། །འོད་ལྡན་གྲི་ཁྲག་བག་ཕྱེ་བསྲེས། །གཟུགས་བྱ་སྙིང་གར་མིང་རུས་གཞུག །ཁ་སྦུབ་བཞག་སྟེ་ཡུངས་ཐུན་བྲབ། །བོད་རྦད་བསད་གསུམ་དྲིལ་བ་ཡི། །སྲོག་གི་སྤུ་གྲི་འདི་ལ་འབད། །ཨོཾ་ཨཱཿཧཱུཾ། ཁྱི་ཁ་ལེ་ནག་མོ་སོད། སྲོག་མ་ཏྲི་སོད། སྙིང་ཁ་ལ་སཾ་ཡ་མ་སོད། རྩོ་བ་རིལ་ལུ་སོད། ག་ཡ་སོད། ནི་ར་ཡ་སོད། རཀྨོ་ཙིཏྟ་རྦུད་ཆེ་གེ་མོ་མཱ་ར་ཡ། མཱ་ར་ཡ། ཞག་བདུན་ཆོ་འཕྲུལ་བཅུ་བཞིས་སྲོག །མགོ་བཅད་རོ་དང་དམར་གཡོས་དང་། །བུད་མེད་འོད་དང་མི་ནག་རྨིས། །དེ་དུས་ལིངྒ་གཏོར་མ་དང་། །མི་ཤ་བཅས་པའི་སྦྱིན་བསྲེག་བྱ། །འདིས་ནི་དགྲ་བོ་འཆི་བར་འགྱུར། །ཆོ་འཕྲུལ་དག་ནི་ཆེས་པ་ན། །བྱ་ནི་ངང་སེར་ཤ་ཚིལ་བསྲེག །ཡེ་ཤེས་འོད་ལྡན་རྒྱུད་ལས། དགྲ་བོ་བསད་བཟློག་གི་ལེའུ་སྟེ་ང་བདུན་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བཅུད་ལེན་སྔགས་ཀྱིས་རྡོ་སེར་ཕབ། །རང་ཉིད་ཨ་ཙ་ར་རུ་བསྒོམ། །འོད་ལྡན་ལུང་གསུམ་རྡོ་ལ་ནི། །སྔགས་འདི་ཞག་གསུམ་བར་དུ་བསྒྲུབ། །ཨོཾ་ཨཱཿཧཱུཾ། ཧ་ས་ཀྲ་མ་རི་ཕོག་ཕོག །ཧུར་ཡ་ཧུར་ཡ། རྡོ་ཕོབ་རྡོ་ཕོབ། པྲ་མོ་རྡོ་ཧུར་ཧུར། ཧ་ར་ཏི་ཛྷ་ན་རཾ། རྡོར་ཛོ་ཏཾ་ཡ་ཡ།གྲུབ་རྟགས་རང་མདུན་གསེགས་མ་སིབ་སིབ་འོང་། །འབེབས་དུས་འབྲུ་སྣ་ལྔ་ཉིད་ལ། །སྔགས་འདི་བརྒྱ་རྩ་ལན་གསུམ་བཟླས། །དེ་ཉིད་གནམ་དུ་གཏོར་བས་ཕེབ། །ཡེ་ཤེས་འོད་ལྡན་རྒྱུད་ལས། རྡོ་སེར་འབེབས་པའི་ལེའུ་སྟེ་ང་བརྒྱད་པའོ།། །


DNG020_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

།དེ་ནས་ཡང་དག་བཤད་བྱ་བ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །བདུད་རྩི་ཡེ་ཤེས་འོད་ལྡན་རྒྱུད། །གུས་པས་བྲིས་ལ་སྤྱི་བོར་གདགས། །མཆོག་དང་ཐུན་མོང་དངོས་གྲུབ་འབྱུང་། །རྒྱུད་དང་འོད་ལྡན་མེ་ཏོག་མཐིང་། །ཕྱག་ན་རྡོ་རྗེ་ཁྱོད་ལ་གཏད། །ཐུགས་ཀྱི་རིགས་ཀྱི་བུ་ལ་སྦྱིན། །རྒྱུ་དང་འོད་ལྡན་མེ་ཏོག་དཀར། །ཐུགས་རྗེ་ཆེན་པོ་ཁྱེད་ལ་གཏད། །གསུང་གི་རིགས་ཀྱི་བུ་ལ་སྦྱིན། །རྒྱུ་དང་འོད་ལྡན་མེ་ཏོག་སེར། །འཇམ་དཔལ་གཞོན་ནུ་ཁྱེད་ལ་གཏད། །སྐུ་ཡི་རིགས་ཀྱི་བུ་ལ་སྦྱིན། །རྒྱུ་དང་འོད་ལྡན་མེ་ཏོག་ལྔ། །མཁའ་འགྲོ་གསང་ཡུམ་ལྔ་ལ་གཏད། །མཆོག་དང་ཐུན་མོང་སྒྲུབ་ལ་བྱིན། །ཡེ་ཤེས་འོད་ལྡན་རྒྱུད་ལས། བཅང་ཞིང་གཏད་པའི་ལེའུ་སྟེ་ང་དགུ་པའོ།། །།བཅོམ་ལྡན་འདས་སངས་རྒྱས་ཀྱི་བདུད་རྩི་ཡེ་ཤེས་འོད་ལྡན་རྒྱུད་ལས། ལེའུ་ང་དགུ་པ་གསུངས་པ་ལ། ཌཱ་ཀི་སྡེ་ལྔས་བསྟོད་པ། ཨེ་མ་བཅོམ་ལྡན་བདུད་རྩིའི་རྒྱལ། །ཨོཾ་ཨཱཿཧཱུཾ། ཨོཾ་ནི་སྐུ་ཡི་སྙིང་པོ་ཡིས། །སྣང་མཛད་བཅུད་དུ་བྱིན་གྱིས་བརླབས། །ལུས་ལ་བདེ་བ་རྒྱས་པར་མཛད། །བཅོམ་ལྡན་སྐུ་ལ་ཕྱག་འཚལ་བསྟོད། །ཨོཾ་ཨཱཿཧཱུཾ། ཨཱཿནི་གསུང་གི་སྙིང་པོ་ཡིས། །ཐོས་ཚད་གསུང་གི་བྱིན་གྱིས་བརླབས། །ངག་ལ་ནུས་པ་སྐྱེད་པར་མཛད། །བཅོམ་ལྡན་གསུང་ལ་ཕྱག་འཚལ་བསྟོད། །ཨོཾ་ཨཱཿཧཱུཾ། ཧཱུཾ་ནི་ཐུགས་ཀྱི་སྙིང་པོ་ཡིས། །དྲན་ཚད་བཅུད་དུ་བྱིན་གྱིས་བརླབས། །སེམས་ལ་རྟོགས་པ་འཆར་བར་མཛད། །བཅོམ་ལྡན་ཐུགས་ལ་ཕྱག་འཚལ་བསྟོད། །སངས་རྒྱས་ཀྱི་བདུད་རྩི་ཡེ་ཤེས་འོད་ལྡན་རྒྱུད་ལས། ཌཱ་ཀི་སྡེ་ལྔས་སྐུ་གསུང་ཐུགས་ཀྱི་སྒོ་ནས་བསྟོད་པའི་ལེའུ་སྟེ་དྲུག་ཅུ་པ་རྫོགས་སོ།། །།སྔགས་ཀྱི་སྲུང་མས་སྲུངས་ཤིག །མཱ་ར་ཡ། འདིའི་བརྒྱུད་པ་ནི། ཨུ་རྒྱན་པདྨས། འོད་ལྡན་རྒྱུད་འདི་དང་པོ། ཁོ་མཐིང་ལྷ་ཁང་གི་རྣམ་སྣང་སྐུ་རྒྱབ་ཏུ་སྦས་སོ། །དེ་ནས་མངའ་བདག་ཉང་རལ་གྱིས་གདན་དྲངས་སོ། །དེས་སྲས་མི་བསྐྱོད་རྡོ་རྗེ་ལ་གནང་། དེས་སངས་རྒྱས་མཉམ་མེད་འོད་པོ་རལ་པ་ལ་གནང་། དེས་གྲུབ་ཐོབ་མུན་སེལ་ལ་གནང་། དེས་གྲུབ་ཐོབ་དྲིན་ཆེན་རིན་པོ་ཆེ་ལ་གནང་། དེས་སྨན་སྟོན་ཆོས་འཕེལ་ལ་གནང་། དེས་དགེ་སློང་བསོད་ནམས་གྲགས་པ་ལ་གནང་ངོ་། །


DNG020_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད། །མཚོན་ཆེན་སྔོན་པོ་འབར་བ་ཡིས། །ནམ་མཁའི་དཀྱིལ་ནས་ཐིགས་པ་ཤར། །སྲོག་གི་སྒོ་རུ་ཤར་བ་དང་། །སྙིང་གི་སྒོ་རུ་བསྒོམ་པར་བྱ། །སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །གསད་ཅིང་གནན་པ་མ་ཡིན་ཏེ། །ཕུང་པོ་རྡོ་རྗེ་གཏམས་བྱས་ནས། །རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། སརྦ་བིགྷྣཱན་བཾ་ཧཱུཾ་ཧཱུཾ་ཕཊ། རྡོ་རྗེ་གཞོན་ནུ་རིག་འཛིན་རྣམས། །སྲིད་པ་རྡོ་རྗེ་གྲུབ་མཛོད་ཅིག །སྲིད་པ་རྡོ་རྗེ་ཕུར་པའི་ལྷ། །ཡེ་ཤེས་ཁྲོ་བོ་གྲུབ་པར་མཛོད། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས། །འབར་བའི་ཁྲོ་བོ་མི་བཟད་པ། །སྐུ་ཡི་དབྱིག་ཏུ་བདག་གྱུར་ཅིག །ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ། །བྱམས་དང་སྙིང་རྗེས་གང་འདུལ་བ། །སངས་རྒྱས་ཕྲིན་ལས་རྫོགས་མཛད་ནས། །དབང་དང་བྱིན་བརླབས་འདིར་གསོལ་ཅིག །ཨོཾ་བཛྲ་ཀྲོ་དྷ་ཧཱུཾ་ཀཱ་ར་ཧཱུཾ། གརྫྫ་གརྫྫ་ཧཱུཾ་ཕཊ། ཁྲོ་བོ་ཆེན་པོ་ཧཱུཾ་ཀཱ་ར་དང་། ཡུམ་རྡོ་རྗེ་སྒྲ་འབྱིན་མ། སྤྲུལ་པའི་ཕྲ་མེན་མ་ཕག་གི་མགོ་ཅན་དང་། སྨིགས་བུའི་མགོ་ཅན་ནོ། །ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུཾ། ཧ་ན་ཧ་ན་ཧཱུཾ་ཕཊ། ཁྲོ་བོ་ཆེན་པོ་རྣམ་པར་རྒྱལ་བ་དང་། ཡུམ་རྡོ་རྗེ་རྣམ་སྙེམས་མ། སྤྲུལ་པའི་ཕྲ་མེན་མ་སྟག་གི་མགོ་ཅན་དང་། བྱ་རྒོད་ཀྱི་མགོ་ཅན་ནོ། །ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དནྜ་ཧཱུཾ། ད་ཧ་ད་ཧ་ཧཱུཾ་ཕཊ། ཁྲོ་བོ་ཆེན་པོ་དབྱུག་པ་སྔོན་པོ་དང་། ཡུམ་རྡོ་རྗེ་སྡེར་མོ། སྤྲུལ་པའི་ཕྲ་མེན་མ་གཡག་གི་མགོ་ཅན་དང་། བྱ་རོག་གི་མགོ་ཅན་ནོ། ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུཾ། པ་ཙ་པ་ཙ་ཧཱུཾ་ཕཊ། ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེད་པོ་དང་། ཡུམ་དུར་ཁྲོད་ཀྱི་བདག་མོ། སྤྲུལ་པའི་ཕྲ་མེན་མ་ཤ་བའི་མགོ་ཅན་དང་། འུག་པའི་མགོ་ཅན་ནོ། །ཨོཾ་བཛྲ་ཀྲོ་དྷ་ཨཱརྱ་ཨ་ཙ་ལ་ཧཱུཾ། བནྡྷ་བནྡྷ་ཧཱུཾ་ཕཊ། ཁྲོ་བོ་ཆེན་པོ་མི་གཡོ་མགོན་པོ་དང་། ཡུམ་རྡོ་རྗེ་གཏུན་ཁུང་མ། སྤྲུལ་པའི་ཕྲ་མེན་མ་གཟིག་གི་མགོ་ཅན་དང་། ཁྭའི་མགོ་ཅན་ནོ། །ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུཾ། ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཁྲོ་བོ་ཆེན་པོ་རྟ་མགྲིན་དང་། ཡུམ་རྡོ་རྗེ་གཏུམ་མོ། སྤྲུལ་པའི་ཕྲ་མེན་མ་བྱི་ལའི་མགོ་ཅན་དང་། པུ་ཤུད་ཀྱི་མགོ་ཅན་ནོ། །ཨོཾ་བཛྲ་ཀྲོ་དྷ་ཨ་པ་རཱ་ཛི་ཏ་ཧཱུཾ། ཏིཥྛ་ཏིཥྛ་ཧཱུཾ་ཕཊ། ཁྲོ་བོ་ཆེན་པོ་དཔལ་ལྡན་གཞན་གྱིས་མི་ཐུབ་པ་དང་། ཡུམ་རྡོ་རྗེ་མདའ་སྙེམས་


DNG020_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

མ། སྤྲུལ་པའི་ཕྲ་མེན་མ་སྤྱང་ཀིའི་མགོ་ཅན་དང་། ཁྲའི་མགོ་ཅན་ནོ། །ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ། ཚིནྡྷ་ཚིནྡྷ་ཧཱུཾ་ཕཊ། ཁྲོ་བོ་ཆེན་པོ་བདུད་རྩི་འཁྱིལ་པ་དང་། ཡུམ་རྡོ་རྗེ་རླུང་འབྱིན་མ། སྤྲུལ་པའི་ཕྲ་མེན་མ་སེང་གེའི་མགོ་ཅན་དང་། ཕ་ཝང་གི་མགོ་ཅན་ནོ། །ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུཾ། བིནྡྷ་བིནྡྷ་ཧཱུཾ་ཕཊ། ཁྲོ་བོ་ཆེན་པོ་ཁམས་གསུམ་རྣམ་པར་རྒྱལ་བ་དང་། ཡུམ་རྡོ་རྗེ་གསོད་བྱེད་མ། སྤྲུལ་པའི་ཕྲ་མེན་མ་དྲེད་ཀྱི་མགོ་ཅན་དང་། ཟེར་མོའི་མགོ་ཅན་ནོ། །ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུཾ། སྥོ་ཊ་སྥོ་ཊ་ཧཱུཾ་ཕཊ། ཁྲོ་བོ་ཆེན་པོ་སྟོབས་པོ་ཆེ་དང་། ཡུམ་རྡོ་རྗེ་བསྐྱོད་བྱེད་མ། སྤྲུལ་པའི་ཕྲ་མེན་མ་དྲེད་ཀྱི་མགོ་ཅན་དང་། བྱི་བའི་མགོ་ཅན་ལ་སོགས་པ་རྣམས་ཀྱིས་གཏམས་པའོ། །སྲིད་པའི་ཕུར་བུ་བསྒྲུབ་པ་དང་། །དབང་དང་དངོས་གྲུབ་བླང་བའི་ཕྱིར། །ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ། །ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང་། །རྟགས་དང་མཚན་མ་བསྟན་པ་དང་། །ཀཱི་ལ་ཡ་ཡི་དངོས་གྲུབ་གསོལ། །དམ་ཚིག་ཆེན་པོའི་དུས་ལ་བབ། །སྤྲུལ་པ་ཆེན་པོའི་དུས་ལ་བབ། །ཕྱག་བརྙན་ཆེན་པོའི་དུས་ལ་བབ། །ཤྭ་ན་མུ་ཁའི་དུས་ལ་བབ། །བདག་ཉིད་ཆེན་པོའི་དུས་ལ་བབ། །ཁྱེད་ཀྱི་ཕྲིན་ལས་དུས་ལ་བབ། །ས་བདག་ཆེན་མོའི་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །དུས་གསུམ་རྒྱལ་བའི་གདུང་འཚོབ་པ། །རིག་འཛིན་བདག་ཅག་རྣམས་ལ་ནི། །གནོད་ཅིང་གདུག་པའི་དགྲ་དང་བགེགས། །བདུད་དང་བར་དུ་གཅོད་པ་རྣམས། །ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས། །ཡུད་ཙམ་གྱིས་ནི་འདིར་བཀུག་ནས། །མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང་། །ལུས་ངག་རྡུལ་དུ་བཤིག་ནས་ཀྱང་། །སྡུག་བསྔལ་ཉམས་སུ་མྱོང་བར་མཛོད། །ཨོཾ་ལཾ་ཧཱུཾ་ལཾ། སྟྭཾ་བྷ་ཡ་ནན། མོ་ཧ་ག་ཡ་བྷ་ག་བཱན། ཤི་ཀྲི་བི་ཀྲི། ཤྲཱི་བཛྲ་ཧཱུཾ་ཀཱ་ར་ཧཱུཾ་ཧཱུཾ་ཕཊ་ཕཊ། བཛྲ་ཀཱི་ལི་ཀཱི་ལ་ཡ། ཛཿཧཱུཾ་བཾ་ཧོཿ། སརྦ་བིགྷྣཱན། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ། བཛྲ་ཧཱུཾ་ཀཱ་ར་ཧཱུཾ་ཕཊ། ཧཱུཾ་ཀཱ་ར་ཧཱུཾ་ཨཱཿདངོས་གྲུབ་བར་ཆད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ཟུང་ཤིག་རྒྱོབ་ཅིག་རྣམ་པར་ཆིངས། །གཏོགས་ཤིག་གྲོགས་དང་བྲལ་བར་གྱིས། །རེངས་པར་ཁུག་ལ་སྨྲར་ཆུག་ཅིག །ཕོབ་ཅིག་རྣམ་པར་གཟིར་བར་གྱིས། །ང་ཡི་དབང་དུ་གྱུར་ནས་ཀྱང་། །བསྒོ་བའི་བཀའ་རྣམས་ཉན་པར་
གྱིས། །ཧཱུཾ་པ་ར་བི་དྷྭན་ཧཱུཾ་ཕཊ། ཚིནྡྷ་ཚིནྡྷ་ཧཱུཾ་ཕཊ། བིནྡྷ་བིནྡྷ་ཧཱུཾ་ཕཊ། གྲྀ་ཧྞ་གྲྀ་ཧྞ་ཧཱུཾ་ཕཊ།ཧ་ན་ཧ་ན་ཧཱུཾ་ཕཊ། བནྡྷ་བནྡྷ་ཧཱུཾ་ཕཊ། ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུཾ་ཕཊ། ཧ་ས་ཡ།ར་ན་ཧ་ཏ་ན་ཧཱུཾ་ཕཊ། ཤི་ཀྲིན་ཨན་ཡ་ཧཱུཾ་ཕཊ། ཛྭ་ལཱ་པ་ཡ་ཛྭ་ལཱ་པ་ཡ་ཧཱུཾ་ཕཊ། ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཧཱུཾ་ཕཊ། བིཌྜྷ་ཡ་བིཌྜྷ་ཡ་ཧཱུཾ་ཕཊ། བྲན་དང་ཕོ་ཉ་བཀའ་ཉན་ཚོགས། །ཁྱོད་ཀྱི་དམ་ཚིག་དུས་ལ་བབ། །སྔོན་ཆད་ཇི་བཞིན་དམ་བཅས་པའི། །མངོན་སྤྱོད་ཕྲིན་ལས་མྱུར་དུ་མཛོད། །ཧ་ན་ཧ་ན་བཛྲ། ད་ཧ་ད་ཧ་བཛྲ། པ་ཙ་པ་ཙ་བཛྲ། མ་ཐ་མ་ཐ་བཛྲ། ཛྭ་ལ་ཛྭ་ལ་བཛྲ། སུ་རུ་སུ་རུ་བཛྲ། མུ་རུ་མུ་རུ་བཛྲ། ཀ་ཏང་ཀ་ཡེ། ཛ་ཡེ་བི་ཛ་ཡེ་ཡ། ཨ་ཛི་ཏེ་ཨ་པ་རཱ་ཛི་ཏ་ཡ། མར་སཻ་ནྱི་པྲ་མརྡ་ནཱ་ཡ་ཧཱུཾ་ཕཊ། རྡོ་རྗེ་གསང་བའི་བཀའ་ལས་ནི། །སྡིག་ཅན་གང་ཞིག་འདའ་བྱེད་པ། །སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས། །ཀླད་པ་ཚལ་པ་བརྒྱ་རུ་ཁོས། །ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ང་ཡི་བཀའ་ལས་འདའ་མ་བྱེད། །ཧཱུཾ་མ་མ་པ་ཤི་ཀུ་རུ། མ་ཐ་མ། ཉྱ་ཀ་ར། ཨི་ནན་ད་སྡི། མ་མ་ཀརྨ་ཤྲི་ཀྲང་ཀ་ར་ཡ། གདུག་ཅིང་སྡང་སེམས་ལྡན་པ་ཡི། །ལྷའམ་འོན་ཏེ་བདུད་ཀྱང་རུང་། །ང་ལ་བར་ཆད་བྱེད་པ་རྣམས། །མཐུ་དང་རྫུ་འཕྲུལ་མེད་པར་བྱོས། །སརྦ་ཨཱ་ན་ཡ་ཧཱུཾ་ཕཊ། ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུཾ་ཕཊ། རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན། །བཀའ་ལས་འདའ་བྱེད་སྡིག་ཅན་རྣམས། །རྡོ་རྗེ་མེ་དབལ་སྙིང་སྲེགས་ནས། །ལུས་ངག་རྡུལ་ཕྲན་བཞིན་དུ་རློགས། །ཁྲོ་མོ་འབར་བའི་གཏུན་ཁུང་དུ། །རྡོ་རྗེ་ཐོ་བས་བརྡུངས་བྱས་ནས། །ལྷ་ཡང་རུང་སྟེ་བསྒྲལ་བར་བྱ། །ཁ་ཐམ། ཁ་ཐམ། ཁ་ཐམ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། བཛྲ་ཡཀྵ་ཀྲོ་དྷ་ཁཱ་ཧི། ཁཱ་ཧི། ཁཱ་ཧི། ཧི་ཧི་ཧི། ཧ་ཧ་ཧ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། ཆོས་ཉིད་ཀྱི་བདེན་པའོ། །གསང་སྔགས་ཀྱི་བྱིན་གྱིས་བརླབས་སོ། །སངས་རྒྱས་ཀྱི་མཐུའོ། །ཨ་བྷི་ཙཱརྱའི་དུས་ལ་བབ་པའི་བརྣག་པ་དེ་ཁོ་ན་ལའོ། །ཀཱི་ལི་ཀཱི་ལ་ཡ་ཉི་ཤུ་རྩ་གཅིག་བཟླས། བཅྭ་བརྒྱད། དཀར་ནག་གི་མཚམས་སུའོ། །ཧཱུཾ་ཧཱུཾ། ཕཊ་ཕཊ། ཙམ་བཟླས་སོ། །རྫོགས་སོ།། །།

རྡོ་རྗེ་ཁྲོས་པ་ཕུར་པ་རྩ་བའི་རྒྱུད།


DNG020_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བཛྲ་ཀྲོ་དྷ་ཀཱི་ལ་ཡ་མཱུ་ལ་ཏནྟྲ། བོད་སྐད་དུ། རྡོ་རྗེ་ཁྲོས་པ་ཕུར་པ་རྩ་བའི་རྒྱུད། བཅོམ་ལྡན་འདས་དཔལ་རྡོ་རྗེ་གཞོན་ནུ་ལ་ཕྱག་འཚལ་ལོ། །ཆོས་རྣམས་སྐྱེ་བ་མེད་པ་ལ། མཉམ་པའི་ངང་ལ་གནས་ཤིང་། སྒྱུ་མའི་དཔེ་བརྒྱད་ལྟར་


DNG020_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ་ལ། སྐྱེ་འགག་མེད་ཅིང་བདག་དང་གཞན་དུ་མ་མཐོང་སྟེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང་། ཐམས་ཅད་བྱང་ཆུབ་སེམས་གཅིག་ལ། །སྣང་བ་ཐ་དད་པར་སྣང་སྟེ། །གཅིག་དང་དུ་མ་བརྗོད་ལས་འདས། །ཀྱེ་ཀྱེ། བྱང་ཆུབ་སེམས་ཀྱི་རང་བཞིན་ནི། །ངོ་བོ་གཅིག་ལས་མེད་པ་ལ། །གཅིག་ལ་སྣང་བ་ཐ་དད་པས། །གཅིག་ལ་དུ་མ་བརྗོད་ལས་འདས། །ཞེས་གསུངས་སོ། །དཔེ་མཉམ་པ་ཉིད་དང་། དོན་མཉམ་པ་ཉིད་དང་། ཐམས་ཅད་ལྷུན་གྱིས་གྲུབ་པ་ཉིད་དོ། །ཨེ་མ་ཧོ། འཁོར་བ་མྱ་ངན་འདས་པའི་ཆོས། །གཅིག་དང་དུ་མ་བརྗོད་ལས་འདས། །འདི་ཞེས་གཅིག་ཏུ་བསྟན་པར་དཀའ། །འཁོར་བ་ཉིད་ན་མྱ་ངན་འདས། །བཅོས་སླད་མེད་པར་མྱ་ངན་འདས། །ཞེས་གསུངས་སོ། །འཁོར་བ་བཅོས་བསླད་མེད་རྟོགས་ན། །ཡིད་བཞིན་ནོར་བུ་དང་འདྲ་བའི། །གང་ལྟར་བྱས་ཀྱང་ལྷུན་གྱིས་གྲུབ་པར་ཡིན་པར་སྟོན། །དབྱེ་བ་མེད་པའི་དོན་རྟོགས་སོ། །བྱང་ཆུབ་སེམས་ཀྱི་ངོ་བོ་ནི། །ནམ་མཁའ་བཞིན་དུ་བརྟག་དཀའ་ཞིང་། །ཅི་ཡང་མེད་ལས་ཅིར་ཡང་སྣང་། །དོན་དམ་ཀུན་རྫོབ་གཉིས་སུ་སྣང་། །གཅིག་དང་ཐ་དད་དུ་མར་སྣང་། །འཁོར་བ་ཉིད་ཀྱང་མྱ་ངན་འདས། །མ་རིག་པ་ཉིད་ཡང་དག་ལམ། །བྱང་ཆུབ་སེམས་ཀྱི་དོན་རྟོགས་ན། །རྟོག་པ་གཡེང་བ་ཆོས་ཀྱི་སྐུ། །མ་རིག་ཡེ་ཤེས་ཐ་དད་མེད། །སོ་སོར་སྣང་བ་ཕྱེ་བ་ཙམ། །མ་རིག་པ་ཡང་ལམ་དུ་གཅིག །དང་པོ་གང་ནས་མ་བྱུང་བས། །ཐ་མ་གར་ཡང་འགྲོ་བ་མེད། །དང་པོ་སྐྱེ་བའི་རྒྱུ་མེད་པས། །ཐ་མར་འཆི་བའི་ལམ་ཡང་མེད། །དངོས་པོ་གཅིག་ལ་མི་གནས་པས། །འདི་ཞེས་གཅིག་ཏུ་བསྟན་དུ་མེད། །སྐྱེ་ཤི་འཕོ་བའི་གནས་མེད་པས། །གསད་ཅིང་གཅད་ལ་གཟུང་དུ་མེད། །མ་རིག་པ་ཡི་རྟོག་པ་ཡིས། །མི་མཐུན་བདེ་སྡུག་མྱོང་བར་འགྱུར། །རྡོ་རྗེ་ལྟ་བུར་གནས་པ་ལས། །སྒྱུ་མ་ཆུ་ཟླ་བྲག་ཆ་འདྲ། །ཞེས་གསང་བའི་ཚིག་ཏུ་གསུངས་སོ། །ཀྱེ་ཀྱེ། ཐུགས་རྗེ་ཆེན་པོའི་བྱིན་རླབས་ལས། །སྟོང་གསུམ་རྒྱལ་བའི་སྐུས་གང་ཡང་། །བྱང་ཆུབ་སེམས་ལས་གཡོས་པ་མེད། །དཔེར་ན་ནམ་མཁའི་འཇའ་ཚོན་བཞིན། །དཀར་དམར་སྔོ་སྟེ་ངོས་གཟུང་མེད། །དེ་བཞིན་སེམས་ཀྱི་རང་བཞིན་ཡང་། །འདི་ཞེས་གཅིག་ཏུ་བསྟན་དུ་མེད། །མི་ཤེས་བར་སྣང་འཇའ་ཚོན་འདྲ། །དེ་ཕྱིར་མ་བཅོས་དེ་བཞིན་བཞག །ཅེས་རྡོ་རྗེ་གསང་བའི་ཚིག་ཏུ་གསུངས་སོ། །བདེ་བར་གཤེགས་པ་ཀུན་གྱི་གཙོ། །ཡབ་ཡུམ་སྲས་བཅས་སྣང་བ་ཡང་། །བྱང་ཆུབ་སེམས་ཀྱི་ངོ་བོར་གཅིག །


DNG020_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་འཆི་མེད་པའི་བྱང་ཆུབ་སེམས། །འདུ་འབྲལ་མེད་དེ་ཆོས་ཀྱི་སྐུ། །བཟང་ངན་མེད་དོ་འཁོར་འདས་ཆོས། །རྒྱུ་འབྲས་མེད་དོ་མཉམ་པ་ཉིད། །འགག་པ་མེད་པའི་སེམས་ཉིད་ནི། །དཔེར་ན་རྨི་ལམ་སྒྱུ་མ་འདྲ། །ནམ་མཁའ་བཞིན་དུ་ཡེ་གནས་ལ། །ནམ་མཁའ་འདི་ནི་འདི་འདྲ་ཞེས། །ཚིག་ཏུ་རབ་ཏུ་བརྗོད་ཏུ་མེད། །དེ་བཞིན་སེམས་ཀྱི་རང་བཞིན་ཡང་། །འདི་ཞེས་གཅིག་ཏུ་བསྟན་དུ་མེད། །བསྟན་ན་གཟུང་འཛིན་འཁྲུལ་པའི་ཆོས། །བསྟན་དུ་མེད་པ་བསྟན་པའི་མཆོག །བལྟ་རུ་མེད་པ་བལྟ་བའི་མཆོག །བསྒོམ་དུ་མེད་པ་བསྒོམ་པའི་མཆོག །བསྲུང་དུ་མེད་པའི་དམ་ཚིག་ནི། །མ་བསྲུངས་བཞིན་དུ་ལྷུན་གྱིས་གྲུབ། །མ་ནོར་མ་བཅོས་དབྱིངས་ཉིད་ལས། །རང་བཞིན་ལྷུན་གྱིས་གྲུབ་པའི་དབྱིངས། །ཐོག་མར་གཞལ་ཡས་བྱང་ཆུབ་སེམས། །དེ་ནི་རྒྱུ་འབྲས་མ་བཀག་ཆོས། །དཔེར་ན་རྒྱ་མཚོ་ཆེན་པོ་ལ། །ཆུ་བྲན་ཐམས་ཅད་འབབ་ཅིང་འདུ། །དེ་བཞིན་བྱང་ཆུབ་སེམས་ཉིད་ལ། །འཁོར་འདས་གཉིས་ཀ་འབྱུང་ཞིང་འདུ། །ཞེས་རྡོ་རྗེ་གསང་བའི་ཚིག་ཏུ་གསུངས་སོ། །ཨེ་མ་བདེ་གཤེགས་སྙིང་པོ་ནི། །ནམ་མཁའ་བཞིན་དུ་བརྟག་དཀའ་ཞིང་། །མེ་ལོང་བཞིན་དུ་གཟུང་དུ་མེད། །བྲག་ཆ་བཞིན་དུ་བརྗོད་དང་བྲལ། །བཅུད་ཀྱི་རྡོ་རྗེ་སྙིང་པོ་ནི། །བདག་དང་གཞན་དུ་དབྱེ་རུ་མེད། །བསྟན་དུ་མེད་པའི་ཆོས་ཉིད་འདི། །བརྗོད་དུ་མེད་ཀྱིས་གོ་བར་གྱིས། །བརྗོད་མེད་བརྗོད་པ་རྗོད་པའི་མཆོག །མཉན་བསམ་བསྒོམ་པའི་ཤེས་རབ་ཀྱིས། །བློ་ཡི་རྟོག་པ་ཁ་ཕྱེ་ནས། །ངེས་པའི་དོན་འདི་རྟོགས་པར་གྱིས། །ངེས་པའི་དོན་འདི་མ་རྟོགས་ན། །བསྒོམ་པ་བསྒྲུབ་པ་ཡུན་རིང་ཡང་། །མི་ཤེས་གཟུང་འཛིན་འཆིང་བའི་རྒྱུ། །དེ་ཕྱིར་རྟོགས་པ་སྔོན་དུ་འགྲོ། །རྟོགས་པ་གདེང་དུ་མ་གྱུར་ན། །ཇི་ལྟར་བཤད་ཀྱང་འཆིང་བའི་རྒྱུ། །རྟོགས་པ་གདེང་གི་བལྟ་བ་འདི། །དངོས་པོ་གཤིས་ཀྱི་གནས་ལུགས་བརྟག །ངེས་པའི་དོན་འདི་མ་རྟོགས་ན། །མཉམ་བཞག་བསྒོམས་ཀྱང་ཆགས་པའི་རྒྱུ། །སྤུ་གྲིའི་ནགས་ཚལ་ལ་སོགས་ཀྱང་། །རང་གི་རྟོག་པ་བརྟས་པའི་ཕྱིར། །དེ་ཕྱིར་རྟོགས་པ་སྔོན་དུ་བཏང་། །རབ་ཏུ་རྟོགས་པ་འདི་ཞེས་པས། །རྟོགས་པས་བརྟགས་ན་ཀུན་ཀྱང་


DNG020_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ། །རྟོགས་པའི་དོན་འདི་རབ་ཏུ་གཅེས། །ཞེས་དེ་བཞིན་གཤེགས་པ་ཉིད་ལ། དེ་བཞིན་གཤེགས་པ་ཉིད་ཀྱིས་ཆེད་དུ་བརྗོད་དོ། །དེ་ནས་འོག་མིན་གྱི་གནས་མཐའ་དང་དབུས་མེད་པ། རང་བཞིན་གྱི་དུར་ཁྲོད་ཆེན་པོའི་གནས་ན། དེ་བཞིན་གཤེགས་པ་ཐམས་ཅད་ཏིལ་གྱི་གང་བུ་བཞིན་གང་བར་གནས་ཏེ། བཅོམ་ལྡན་འདས་དུར་ཁྲོད་ཀྱི་བདག་པོ་ཞེས་བྱ་བ་དང་། གཙོ་བོ་ལ་འཁྲིལ་བའི་ཡུམ་དང་། དྲེགས་པ་ཅན་དབང་དུ་སྡུད་པའི་འཇིགས་བྱེད་ཆེན་པོ་བཅུ་དང་། འཁྲིལ་བའི་ཡུམ་དང་། ཐོགས་པ་མེད་པའི་མགོ་བརྙན་དང་། ཡང་སྤྲུལ་སུམ་སྤྲུལ་དཔག་ཏུ་མེད་པའི་འཁོར་དང་བཅས་ནས། རང་བཞིན་གྱིས་གནས་སོ། །དེ་ནས་དུར་ཁྲོད་ཀྱི་བདག་པོ་མཉམ་པ་ཉིད་ལ་བཞུགས་ནས་འདི་སྐད་ཅེས་གསུངས་སོ། །ཀྱེ་ཀྱེ། གཙོ་བོ་གཙོ་མོ་འཁོར་བཅས་ཀྱང་། །རང་བཞིན་དུར་ཁྲོད་ཆེན་པོ་ན། །མེ་ལོང་ཆུ་ཟླ་གཟུགས་བརྙན་འདྲ། །ཉོན་མོངས་དྲི་མས་གོས་པ་མེད། །རང་བཞིན་དོན་གྱི་དབྱིངས་ན་བཞུགས། །ནམ་མཁའི་ཆོ་འཕྲུལ་སྟོན་པ་སྟེ། །རང་བཞིན་དུར་ཁྲོད་དམ་པ་ན། །གསུང་གིས་ཆོས་རྣམས་མི་སྟོན་ཏེ། །ཐུགས་ཀྱིས་ཆོས་རྣམས་འཇལ་བར་སྟོན། །ཐུགས་ཀྱི་བརྡའ་ཡིས་འཇལ་བར་སྟོན། །ཞེས་ ཡུམ་དང་གཉིས་སུ་མེད་པར་མཉམ་པར་བཞུགས་སོ། །རྡོ་རྗེ་ཁྲོས་པ་རྩ་བའི་རྒྱུད་ལས། མཉམ་པ་དང་རྟོགས་པའི་སྒོ་ནས་གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་ཡང་དགྱེས་པ་ཆེན་པོ་དེས་འོག་མིན་གྱི་གནས་ན་བཞུགས་ནས། ཡུམ་དང་ཡང་འཁྲིལ་བའི་ཚུལ་དུ་གནས་པ་ལ། ཀྱེ་ཀྱེ། དག་པ་དྲི་མ་མེད་པའི་མཆོག །བླ་མེད་བྱང་ཆུབ་སྒྲུབ་པའི་ཐབས། །འཁོར་བའི་རྣམ་རྟོག་སྦྱང་བ་དང་། །དྲག་པོས་འགྲོ་བ་དྲང་བའི་ཕྱིར། །ཡབ་ཡུམ་གཉིས་མེད་འཁྲིལ་བའི་ཚུལ། །ཞེས་རྡོ་རྗེ་གསང་བའི་ཚིག་ཏུའོ། །དེ་ནས་ཡུམ་དང་མཉམ་ཉིད་འཁྲིལ་བའི་ཚུལ་གྱིས། །ཀྱེ་ཀྱེ། བདེ་གཤེགས་རྡོ་རྗེ་རིགས་ཀྱི་གཙོ། །མཉམ་ཉིད་ཆེན་པོའི་དོན་བསྟན་ནས། །གང་ལ་གང་འདུལ་བསྟན་པའི་ཕྱིར། །རྡོ་རྗེ་རིགས་ཀྱི་གཙོ་མཆོག་ལ། །གཉིས་མེད་དོན་གྱིས་འཁྱུད་པར་བགྱི། །ཞེས་གསུངས་སོ། །དེ་ནས་ཡང་དགྱེས་


DNG020_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆེན་པོས་གསང་བའི་ཐུགས་མཉམ་པའི་ངང་གིས། ཀྱེ་ཀྱེ། དོན་ཉིད་སྙིང་པོ་བདེ་གཤེགས་གཙོ། །བདེ་གཤེགས་ཐམས་ཅད་ཐུགས་ཀྱི་སྲས། །འགྲོ་བ་ཡོངས་ཀྱི་དེད་དཔོན་གཙོ། །གཉིས་སུ་མེད་པའི་ཡུམ་དང་བཞུགས། །ཞེས་གླེང་བསླངས་ཏེ། མི་གཡོ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་ཡང་ཡུམ་ཆེན་མོ་ཉིད་ཀྱིས་མི་གཡོ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཀྱེ་ཀྱེ། བདེ་བར་གཤེགས་པ་ཀུན་གྱི་གཙོ། །མ་རིག་མུན་པ་འཇོམས་པའི་བདག །ཀུན་ཀྱང་འགྲོ་བའི་དོན་བྱའི་ཕྱིར། །དྲི་མེད་ཟླ་གསལ་ཉི་ཟླའི་འོད། །དུར་ཁྲོད་ཆེན་པོའི་དབྱིངས་ན་བཞུགས། །འབར་བ་ཆེན་པོའི་ཀློང་ན་བཞུགས། །རིགས་ནི་རྡོ་རྗེ་རིགས་ཀྱི་གཙོ། །མུན་པ་འཇོམས་པའི་ཤེས་རབ་འོད། །འགྲོ་བའི་གཉེན་གཅིག་དེད་དཔོན་གཙོ། །འགྲོ་བའི་དྲི་མ་སེལ་བའི་སྐལ། །འགྲོ་བ་ཡོངས་ཀྱི་གཉེན་གཅིག་གཙོ། །གཉིས་མེད་བདེ་བའི་དབྱིངས་དཀྱིལ་དུ། །དགྱེས་པ་ཆེན་པོ་དབབ་ཏུ་གསོལ། །ཧོ། ཞེས་ཡུམ་གྱིས་མཉམ་པའི་ངང་ནས། དེ་སྐད་ཅེས་གསུངས་སོ། །དེ་ནས་ཡང་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་དུར་ཁྲོད་ཀྱི་ཀློང་ན། གདུག་པ་ཅན་གྱི་ཁྲི་ལ་ཞབས་མཉམ་པའི་སྐྱིལ་མོ་ཀྲུང་གིས་བཞུགས་ནས། རྒྱལ་པོ་དགའ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྡོ་རྗེའི་ཚིག་ཏུ་འདི་སྐད་ཅེས་གླེངས་སོ། །ཀྱེ་མའོ། རྒྱལ་བས་འགྲོ་དོན་བྱ་བའི་ཕྱིར། །རིགས་ཀྱི་ཡུམ་དང་གཉིས་མེད་པར། །པདྨ་ཆེན་པོ་བརྡེག་ཏུ་གསོལ། །འཁོར་རྣམས་མ་ལུས་བསྐྱེད་དུ་གསོལ། །ཞེས་དགོངས་པ་གཉིས་སུ་མེད་པར་བཞུགས་སོ། །དེ་ནས་ཡུམ་ཆེན་མོ་ཉིད་ཀྱི་བསམ་པ་གཡོས་པར་གྱུར་ཏེ། ཨེ་མ་ཧོ། སྟོན་པའི་བསྟན་པ་བསྟན་པའི་ཕྱིར། །འཁོར་བ་འདུས་པའི་དེད་དཔོན་གཙོ། །དགྱེས་པའི་རྡོ་རྗེ་དབང་པོ་ཡིས། །གཉིས་མེད་དགྱེས་པར་གྱུར་ནས་ནི། །གསང་བ་ཆེན་པོ་ཆར་ཆེན་ཕོབ་ཧོ། ས་མ་ཡ་ཧོ། ས་མ་ཡ་སྟྭཾ། ཨ་ནུ་རཱ་ག་ཡཱ་མི། ཨ་ནུ་རཱ་ག་ཡཱ་ཧཾ། ཛཿཧཱུཾ་བཾ་ཧོཿ། ཧཱུཾ་ཧཱུཾ་ཧཱུཾ། དེ་ནས་ཡབ་ཡུམ་གཉིས་སུ་མེད་པ་ལས། ཁྲོ་བོ་དང་། ཁྲོ་མོ་དང་སྤྲུལ་པ་དང་ཡང་སྤྲུལ་བཅས་པ་ཐམས་


DNG020_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཐོན་པར་གྱུར་ནས་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ། ཅེས་རྡོ་རྗེ་ཕུར་པ་དྲག་པོའི་སྒྲ་བྱུང་ནས། འཇིག་རྟེན་གྱི་དྲེགས་པ་སྤ་བཀོང་ནས། ཡང་རང་བཞིན་གཉིས་སུ་མེད་པར་མཉམ་པ་ཉིད་ཀྱིས་བཞུགས་ཏེ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་བཞུགས་སོ། །རྡོ་རྗེ་ ཁྲོས་པ་རྩ་བའི་རྒྱུད་ལས། གླེང་བསླང་བའི་ལེའུ་སྟེ་གཉིས་པའོ།། །།དེ་ལྟར་མཉམ་པ་ཉིད་ཀྱི་ངང་དུ་གནས་པ་ལས། བདག་ཏུ་རྨོངས་པ་དང་། རྟོག་པ་ལ་མངོན་པར་ཞེན་པའི་དབང་གིས་ཡང་དག་པའི་ལམ་དང་བྲལ་ནས། གབ་པའི་གསང་བ་མ་རྟོགས་པར། སྦས་པའི་གསང་བ་ལ་མངོན་པར་འཆེལ་ནས། རྒྱུ་དང་འབྲས་བུ་ལ་རྨོངས་པས་སྲིད་པའི་ས་བོན་རྩུབ་མོར་གྱུར་ནས། རབ་ཏུ་ཚ་བའི་དམྱལ་བར་སྐྱེས་སོ། །ཚ་བའི་སྡུག་བསྔལ་གྱིས་གདུངས་པས། འདི་བས་ཀྱང་ཤིན་ཏུ་གྲང་ན་ཅི་མ་རུང་སྙམ་པས། ཤིན་ཏུ་གྲང་བའི་ནང་དུ་སྐྱེས་ཏེ། ཚ་བ་དང་གྲང་བའི་འཇིག་རྟེན་གྱི་ཁམས་བརྒྱུད་ཅིང་། བསྐལ་པ་སྟོང་ཕྲག་བཅུ་གཉིས་སུ་མྱོང་ངོ་། །དེ་ནས་ཡང་ཡན་ལག་སྣ་ཚོགས་པ་དང་། གདུག་པའི་ལག་ཆ་སྣ་ཚོགས་པ་དང་། ནད་བཞི་བརྒྱ་རྩ་བཞིས་འདེབས་པར་བྱེད་པ། ལྷའི་རིགས་དང་ལྷ་མ་ཡིན་དང་། ཚངས་པ་དང་། འབྲས་བུ་ཆེ་བ་མན་ཆད་དབང་དུ་བསྡུས་སོ། །བདེ་བར་གཤེགས་པ་ཐམས་ཅད་ཀྱིས་མཁྱེན་པས་གཟིགས་ནས།ཐུགས་རྗེའི་བྱིན་གྱིས་རླབས་ཀྱིས། དེ་ནས་བདེ་བར་གཤེགས་པ་ཐམས་ཅད་དགོངས་པའི་བྱིན་གྱིས་རླབས་ཀྱིས། དེ་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་གཞོན་ནུས། བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་སྲས་སུ་བསྐྱེད་ནས།སྲས་ནི་ཆོས་ཉིད་སྐྱེ་བ་མེད་པ་ལས། འཇིགས་པའི་གཟུགས་སྐུར་བཞེངས་པའི་ཕྱིར་ན་སྲས། །མཆོག་ནི་དེ་ལས་བཞེངས་ཀྱང་གཡོས་པ་མེད། །སྲས་ནི་རཱུ་ཏྲ་འདུལ་ཕྱིར་བདེ་གཤེགས་བྱིན་གྱི་སྲས། །མཆོག་ནི་དེ་ལས་སྤྲུལ་ཀྱང་གཡོས་པ་མེད། །སྲས་ནི་སྐྱེ་མེད་སྲས་པོ་རྡོ་རྗེ་གཞོན་ནུའི་སྐུ། །མཆོག་ནི་གང་ལ་གང་འདུལ་མི་བཟད་ཕུར་པ་དྲུག །ཅེས་བདེ་བར་གཤེགས་པས་བྱིན་གྱི་རླབས་ཀྱིས་བསྟོད་ནས། དབུ་གསུམ་ཕྱག་དྲུག་ཞབས་བཞི་པ་གཅིག་ཏུ་སྤྲུལ་ནས། ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་ཅེས་ཁྲོས་པས་ལུས་པོ་


DNG020_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ལ་མགོ་བོ་བརྒྱར་སྤྲུལ་ནས། ཕྱག་ན་མཚོན་ཆ་སྣ་ཚོགས་པ་བསྣམས་པ། འཁོར་ཐམས་ཅད་བསྡུས་ནས། ཤིན་ཏུ་འགྱིངས་བག་དང་བཅས་པར་གྱུར་ཏེ། ཧི་ཧི་ཧི་ཞེས་ཤིན་ཏུ་ང་རྒྱལ་དང་བཅས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་སྲས་མཆོག་ཉིད་ཀྱིས། དུར་ཁྲོད་ཀྱི་ཀློང་ན་གདུག་པ་ཅན་ཐམས་ཅད་ཀྱི་གདན་ལ་བཞུགས་ནས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བཾ་ཧཱུཾ་ཕཊ། ཅེས་བརྗོད་པས་ཤིན་ཏུ་རྔམ་པའི་གཟི་བརྗིད་དང་ལྡན་པར་གྱུར་ཏོ། །གཡས་དཀར་གཡོན་དམར་དབུས་མཐིང་ཞལ་གསུམ་པ་མཆེ་བ་བཅུ་གཉིས་ཤངས་གསུམ་པ། བ་སྤུ་གྱེན་དུ་འཁྱིལ་པའོ། །ཕྱག་དྲུག་དང་པོ་རྡོ་རྗེ་རྩེ་དགུ། བར་པས་རྩེ་ལྔ། གཡོན་གྱི་དང་པོ་མེ་དཔུང་། བར་པ་ཁ་ཊྭཱཾ་རྩེ་གསུམ། ཐ་མ་གཉིས་ཀྱིས་རྡོ་རྗེ་ཕུར་བུ་འདྲིལ་བ། དུར་ཁྲོད་ཀྱི་ཆས་བརྒྱད་གསོལ་བ། རྫུ་འཕྲུལ་གྱི་ཞབས་བཞིར་བཞུགས་པ། རྡོ་རྗེའི་གཤོག་པས་འཇིག་རྟེན་གྱི་ཁམས་གང་བ། སྐུ་ཚོན་གང་བས་ལུས་ལ་གཏམས་པ། ཡུམ་དང་གཉིས་སུ་མེད་པར་གྱུར་ཏོ། །རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད། །མཚོན་ཆེན་སྔོན་པོ་འབར་བ་ཡིས། །ནམ་མཁའི་དཀྱིལ་ན་ཐིགས་པར་ཤར། །སྲོག་གི་གོ་རུ་ཤར་བ་དང་། །སྙིང་གི་གོ་རུ་བསྒོམ་པར་བྱ། །ཞེས་གསུངས་སོ། །དེ་ནས་ཁྲོ་བོའི་ཚོགས་ཐམས་ཅད་སྤྲུལ་པ་ལས། ཨོཾ་བཛྲ་ཀྲོ་དྷ་ཧཱུཾ་ཀཱ་ར་ཧཱུཾ། གརྫ་གརྫ་ཧཱུཾ་ཕཊ།ཅེས་སྟེང་དུ་ཁྲོ་བོ་ཧཱུཾ་ཀཱ་ར་དང་། ཡུམ་ཆེན་རྡོ་རྗེ་སྒྲ་འབྱིན་མ་སྤྲུལ་པའི་ཕྲ་མེན་མ་ཕག་གི་མགོ་ཅན་དང་། སྨིག་བུའི་མགོ་ཅན་ནོ། །ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུཾ་ཧ་ན་ཧ་ན་ཧཱུཾ་ཕཊ། ཤར་དུ་ཁྲོ་བོ་ཆེན་པོ་རྣམ་པར་རྒྱལ་བ་དང་། ཡུམ་རྡོ་རྗེ་སྙེམས་མ་སྤྲུལ་པའི་ཕྲ་མེན་མ་སྟག་གི་མགོ་ཅན་དང་། བྱ་རྒོད་ཀྱི་མགོ་ཅན་ནོ། །ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུཾ་ད་ཧ་ད་ཧ་ཧཱུཾ་ཕཊ། ཤར་ལྷོའི་མཚམས་སུ་ཁྲོ་བོ་ཆེན་པོ་དབྱུག་པ་སྔོན་པོ་དང་། ཡུམ་རྡོ་རྗེ་སྡེར་མོ་སྤྲུལ་པའི་ཕྲ་མེན་མ་གཡག་གི་མགོ་ཅན་དང་། བྱ་རོག་གི་མགོ་ཅན་ནོ། །ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུཾ་པ་ཙ་པ་ཙ་ཧཱུཾ་ཕཊ། ལྷོའི་ཕྱོགས་སུ་ཁྲོ་བོ་ཡ་མཱནྟ་ཀ་དང་། ཡུམ་རྡོ་རྗེ་དུར་ཁྲོད་མ། སྤྲུལ་པའི་ཕྲ་མེན་མ་ཤ་བའི་མགོ་ཅན་དང་། འུག་པའི་མགོ་ཅན་ནོ། །ཨོཾ་བཛྲ་ཀྲོ་དྷ་ཨཱརྱ་ཨ་ཙ་


DNG020_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཧཱུཾ་བནྡྷ་བནྡྷ་ཧཱུཾ་ཕཊ། ལྷོ་ནུབ་ཏུ་ཁྲོ་བོ་ཆེན་པོ་མི་གཡོ་མགོན་པོ་དང་། ཡུམ་རྡོ་རྗེ་གཏུན་ཁུང་མ་སྤྲུལ་པའི་ཕྲ་མེན་མ་གཟིག་གི་མགོ་ཅན་དང་། ཁྭ་ཏའི་མགོ་ཅན་ནོ། །ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧཱུཾ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ནུབ་ཏུ་ཁྲོ་བོ་ཆེན་པོ་རྟ་མགྲིན་དང་། ཡུམ་རྡོ་རྗེ་གཏུམ་མོ་སྤྲུལ་པའི་ཕྲ་མེན་མ་བྱི་ལའི་མགོ་ཅན་དང་། པུ་ཤུད་ཀྱི་མགོ་ཅན་ནོ། །ཨོཾ་བཛྲ་ཀྲོ་དྷ་ཨ་པ་ར་ཛི་ཏ་ཧཱུཾ་ཏིཥྛ་ཏིཥྛ་ཧཱུཾ་ཕཊ། ནུབ་བྱང་ཁྲོ་བོ་ཆེན་པོ་གཞན་གྱིས་མི་ཐུབ་པ་དང་། ཡུམ་རྡོ་རྗེ་མདའ་སྙེམས་མ་སྤྲུལ་པའི་ཕྲ་མེན་མ་སྤྱང་ཀིའི་མགོ་ཅན་དང་། ཁྲའི་མགོ་ཅན་ནོ། །ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ་ཙྪིནྡ་ཙྪིནྡ་ཧཱུཾ་ཕཊ། བྱང་དུ་ཁྲོ་བོ་བདུད་རྩི་འཁྱིལ་པ་དང་། ཡུམ་རྡོ་རྗེ་རླུང་འབྱིན་མ་སྤྲུལ་པའི་ཕྲ་མེན་མ་སེང་གེའི་མགོ་ཅན་དང་། ཕ་ཝང་གི་མགོ་ཅན་ནོ། །ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུཾ་ཕཊ། བྷིནྡ་བྷིནྡ་ཧཱུཾ་ཕཊ། བྱང་ཤར་དུ་ཁྲོ་བོ་ཆེན་པོ་ཁམས་གསུམ་རྣམ་པར་རྒྱལ་བ་དང་། ཡུམ་རྡོ་རྗེ་གསོད་བྱེད་མ་སྤྲུལ་པའི་ཕྲ་མེན་དྲེད་ཀྱི་མགོ་ཅན་དང་། སྲེ་མོའི་མགོ་ཅན་ནོ། །ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུཾ་སྥོ་ཊ་སྥོ་ཊ་ཧཱུཾ་ཕཊ། འོག་ཏུ་ཁྲོ་བོ་ཆེན་པོ་སྟོབས་པོ་ཆེ་དང་། ཡུམ་རྡོ་རྗེ་བསྐྱོད་བྱེད་མ་དང་། སྤྲུལ་པའི་ཕྲ་མེན་མ་དོམ་གྱི་མགོ་ཅན་དང་། བྱི་བའི་མགོ་ཅན་གྱིས་གཏམས་པའོ། །དེ་རྣམས་ཐམས་ཅད་ཀྱང་འཐོན་པར་གྱུར་ཏེ། རབ་ཏུ་ཁྲོས་པར་གྱུར་ཏོ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། ཅེས་རབ་ཏུ་ཁྲོས་ཏེ། སྟོང་གསུམ་དུས་གཅིག་ཏུ་གཡོས་ཏེ། བཅོམ་ལྡན་འདས་དཔལ་རྡོ་རྗེ་གཞོན་ནུ་འཁོར་བཅས་ཀྱིས་གང་བར་གྱུར་ནས། སྟོང་གསུམ་དུས་གཅིག་ཏུ་གཡོས་སོ། །སྲིན་པོ་ཆེན་པོ་ཤིན་ཏུ་གདུག་པ་དང་བཅས་པ་བྲོས་ཏེ། མི་ཐུབ་པར་འཆོར་བ་ལ་བཅོམ་ལྡན་འདས་དཔལ་རྡོ་རྗེ་གཞོན་ནུ་ཉིད་ཀྱིས་ཤིན་ཏུ་ཁྲོས་རབ་ཏུ་ཁྲོས་པ་ལས། མི་བཟད་པའི་སྲས་མཆོག་རྣམ་པ་དྲུག་འཐོན་པར་གྱུར་ཏེ། ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུཾ་ཕཊ། ཧ་ས་ཡ་ར་ཧ་ས་ཡ་ར་ཧཱུཾ་ཕཊ། ཤཱི་གྷྲཾ་ཨཱ་ན་ཡ་ཧཱུཾ་ཕཊ། ཛྭ་ལཱ་པ་ཡ་ཛྭ་ལཱ་པ་ཡ་ཧཱུཾ་ཕཊ། ཨཱ་ཝེ་ཤ་ཡ་ཨཱ་ཝེ་ཤ་ཡ་ཧཱུཾ་ཕཊ། བིནྡྷ་ཡ་བིནྡྷ་ཡ་ཧཱུཾ་ཕཊ། ཅེས་སྲས་མཆོག་རྣམ་པ་དྲུག་གིས་ཀློང་ཆེན་དྲུག་གི་ལས་བྱས་ཏེ། སྟོད་ནི་ཞལ་གསུམ་ཕྱག་དྲུག་པ། །སྨད་ནི་ཟུར་གསུམ་དཔལ་དང་ལྡན། །ཁྲོ་མོ་བཅུ་ཡིས་ཡོངས་


DNG020_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱན་ནས། །གདུག་པ་མ་ལུས་བསྒྲལ་བར་བྱའོ། །སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །བསད་ཅིང་མནན་པ་མ་ཡིན་ཏེ། །ཕུང་པོ་རྡོ་རྗེས་གཏམས་བྱས་ནས། །རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། །ཧཱུཾ་ཧཱུཾ་ཧཱུཾ་ཀཱི་ལི་ཀཱི་ལ་ཡ་ཞེས་རབ་ཏུ་ཁྲོས་པས་རང་དབང་ཆེན་པོ་བསྐུར་ཏེ། རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས། །སྲིད་པ་རྡོ་རྗེ་འགྲུབ་མཛོད་ཅིག །སྲིད་པ་རྡོ་རྗེ་ཕུར་བུའི་ལྷ། །ཡེ་ཤེས་ཁྲོ་བོར་འགྲུབ་པར་མཛོད། །སངས་རྒྱས་ཀུན་གྱི་ཡེ་ཤེས་ནི། །ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས། །འབར་བའི་ཁྲོ་བོ་མི་བཟད་པ། །སྐུ་ཡི་དབྱིག་ཏུ་བདག་སྐྱེད་ཅིག །ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ། །བྱམས་དང་སྙིང་རྗེས་གང་འདུལ་བ། །སངས་རྒྱས་ཕྲིན་ལས་རྫོགས་མཛད་ནས། །དབང་དང་བྱིན་རླབས་བདག་ལ་སྩོལ། །སྲིད་པའི་ཕུར་བུ་བསྒྲུབ་པ་དང་། །དབང་དང་དངོས་གྲུབ་བླང་བའི་ཕྱིར། །ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ། །ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང་། །རྟགས་དང་མཚན་མ་བསྟན་པ་དང་། །ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ། །ཞེས་དབང་བསྐུར་ནས། ཨོཾ་ལམ་ཧཱུཾ་ལམ་སྟཾ་བྷན་ན། མོ་ཧ་གྷཱ་ཏ་ཡ། བྷ་ག་ཝཱན། ཤཱི་གྷྲཾ་ཧྲིཿཿབི་ཀྲྀ་ཡང་འདུག་ཀྱང་རྒྱུ་མཚན་དཔྱད། བི་ཀྲྀ་བཛྲ་ཧཱུཾ་ཀཱ་ར་ཧཱུཾ་ཧཱུཾ་ཕཊ་ཕཊ། བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུཾ་བཾ་ཧོཿ། སརྦ་བིགྷྣཱཾ། བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཧཱུཾ་ཀཱ་ར་ཧཱུཾ་ཕཊ། བཛྲ་ཧཱུཾ་ཀཱ་ར་ཧཱུཾ་ཨ། སྟོང་གསུམ་དུས་གཅིག་ཏུ་གཡོས་ནས། ཁྲོ་བོ་ཆེན་པོ་རྣམས་ནི་སྐུ་ཆེ་ཆུང་ཚད་རི་རབ་ཙམ་མོ། །མང་ཉུང་ནི་སྟོང་གི་འཇིག་རྟེན་ཡུངས་འབྲུས་བཀང་བ་ཙམ་དུ་གྱུར་ནས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། ཅེས་རྡོ་རྗེ་ཕུར་པ་དྲིལ་ཞིང་སྐུ་བསིགས་ནས། དུར་ཁྲོད་ཀྱི་ཀློང་ན་རབ་ཏུ་ཁྲོས་ནས།ཕྱོགས་བཅུར་གཟིགས་པས། མཐུ་ཆེ་བའི་དབང་ཕྱུག་ཆེན་པོ་ལ་སོགས་པ་མ་ཧཱ་དེ་ཝ་བརྒྱལ་བར་གྱུར། རྡོ་རྗེ་ཕུར་པ་རབ་ཏུ་འབར་བ། ཉི་ཟེར་ལ་སེར་བ་འབབ་པ་བཞིན་དུ་བཏབ་པས། ཁ་ཊྭཱཾ་གའི་རྩེ་ལ་བླངས་པས་དེ་རབ་ཏུ་བརྒྱལ་ནས། ཐོང་ཐོང་སྙིང་རྗེའི་བདག་པོ་ཅི་དེ་ལྟར་བྱེད་དམ། མ་བྱེད་ཤིན་ཏུ་གདུག་པ་དང་བཅས་ནས་སྨྲས་པ་ལས། དེ་ལྟར་འཇིགས་བྱེད་ཀྱི་དཔལ་རྡོ་རྗེ་གཞོན་ནུས་ཕུར་པ་བྱིན་གྱིས་བརླབས་ཏེ། ཆོ་ག་གསུམ་གྱིས་སྐུར་བསྐྱེད་ནས། །སྙན་གསན་སྤྱན་


DNG020_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

དྲང་དབང་ནོད་ནས། །དབང་བསྐུར་ཐིམ་གྱུར་ཐོབ་བསམ་ནས། །བཅོ་བརྒྱད་སྔགས་ཀྱིས་གཟི་བྱིན་བསྐྱེད། །རྣམ་གསུམ་ཚུལ་བཞིན་མཆོད་པ་དབུལ། །ཕུར་པ་བཀྲག་དང་གཟི་མདངས་བསྐྱེད། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །དུས་གསུམ་རྒྱལ་བའི་གདུང་གསོབ་པའི། །རིག་འཛིན་བདག་ཅག་རྣམས་ལ་ནི། །གནོད་ཅིང་གདུག་པའི་དགྲ་དང་བགེགས། །བདུད་དང་བར་དུ་གཅོད་པ་ཡི། །དངོས་གྲུབ་འཕྲོག་ཅིང་འཚེ་བ་རྣམས། །ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས། །ཡུད་ཙམ་གྱིས་ནི་འདིར་བཀུག་ནས། །མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང་། །ལུས་ངག་རྡུལ་དུ་བཤིག་ནས་ཀྱང་། །སྡུག་བསྔལ་ཉམས་སུ་མྱོང་བར་མཛོད། །ཨོཾ་ལམ་ཧཱུཾ་ལམ་སྟྭཾ་བྷ་ནན། མོ་ཧ་གྷཱ་ཏ་ཡ། བྷ་ག་ཝཱན། ཤཱི་གྷྲཾ་བི་ཀྲྀ་བཛྲ་ཧཱུཾ་ཀཱ་ར་ཧཱུཾ་ཧཱུཾ་ཕཊ་ཕཊ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུཾ་བཾ་ཧོཿ། སརྦ་བིགྷྣཱཾ། བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་བཛྲ་ཧཱུཾ་ཀཱ་ར་ཧཱུཾ་ཨཱ།ཐམས་ཅད་ཕུར་བུས་བཏབ་ནས་ཤིན་ཏུ་མྱོས་ཤིང་རིད་པར་གྱུར་པའི་བཛྲ་ཡཀྴ་ཀྲོ་དྷ་ཁཱ་ཧི་ཁཱ་ཧི། ཧ་ཧ་ཧ་ཞེས་སྙིང་དང་ནང་ཁྲོལ་ཀུན་ཕྱུང་ནས། ཡན་ལག་ཀུན་གཏུབས་ནས། ཤ་ཟོས་ཁྲག་འཐུངས་རུས་པ་ཀུན་འཆོས་ནས། ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། ཅེས་བདེན་པ་མཐོང་ནས་འབངས་སུ་འཆི་འབངས་སུ་ནན་ཏན་མ་ཆུང་ཞིག །ཤེས་པ་བླ་མེད་གནས་སུ་སྤར། །ཕུང་པོ་དུར་ཁྲོད་གནས་བྱ་ཞིང་། གཟུགས་ཕུང་ང་ཡི་སྟན་བྱའོ། །ཆོས་ཉིད་ཀྱི་བདེན་པའོ། །གསང་སྔགས་ཀྱི་བྱིན་གྱིས་རླབས་སོ། །སངས་རྒྱས་ཀྱི་མཐུའོ། །ཨ་བྷི་ཙརྱའི་དུས་ལ་བབ་པོ། །བརྣག་པ་དེ་ཁོ་ན་ལའོ། །ཞེས་བྱིན་རླབས་ཀྱི་གནང་བའོ། །རྡོ་རྗེ་ཁྲོས་པ་རྩ་བའི་རྒྱུད་ལས། དྲག་པོ་དྲེགས་པ་ཅན་བཏུལ་བའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་དྲེགས་པ་འདུལ་བྱེད་གཙོ་བོ་འཇིག་རྟེན་གྱི་དྲེགས་པ་ཅན་རྣམས་དངངས་ནས། ཡེ་ཤེས་དང་ལས་ལ་གྲུབ་པའི་མ་མོས་ཀྱང་སྲོག་གི་སྙིང་པོ་ཕུལ་ནས། དཔའ་བོ་ཆེན་པོ་འཁོར་བཅས་ལ། །བདག་ཅག་རྣམས་ཀྱང་འབངས་སུ་མཆི། །ཡང་བུད་མེད་ནག་མོ་ཁྲག་གི་རལ་པ་ཅན་གྱིས་ཀྱང་། བདག་གི་སྲོག་གི་སྙིང་པོ་འདི། །དཔའ་བོ་ཆེན་པོས་བཞེས་སུ་གསོལ། །དེ་ནས་ཡང་བུད་མེད་དམར་མོ་


DNG020_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

བྱི་རུའི་རལ་པ་ཅན་གྱིས། དཔའ་བོ་ཆེན་པོའི་སྤྱན་ལམ་དུ། །བདག་གི་སྲོག་སྙིང་དམ་པ་འདི། །དཔའ་བོ་ཁྱོད་ཀྱིས་བཞེས་སུ་གསོལ། །ཨ་ཛི་ཏེ་བ་ར་ཛི་ཏེ་ཛ་ཡེ་བི་ཛ་ཡེ་ཀ་ཏཾ་ཀ་ཡེ། མཱ་ར་སེ་ན་པྲ་མརྡ་ན་ཧཱུཾ་ཕཊ། བདག་ཅག་རྣམས་ཀྱི་སྲོག་སྙིང་འདི། །དཔའ་བོ་ཆེན་པོས་བཞེས་སུ་གསོལ། །སྐུ་གསུང་ཐུགས་ལས་རྫོགས་པའི་སྔགས། །དཔའ་བོ་ཁྱོད་ལ་དབུལ་བར་བགྱི། །ཞེས་སྲོག་གི་སྙིང་པོ་ཕུལ་ནས་ཁས་བླངས་དམ་བཅས་པ་ལ། རྡོ་རྗེ་གསང་བའི་བཀའ་ལས་ནི། །སྡིག་ཆེན་གང་ཞིག་འདའ་བྱེད་པ། །སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས། །ཀླད་པ་ཚལ་པ་བརྒྱ་རུ་ཁོས། །ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ང་ཡི་བཀའ་ལས་འདའ་མ་བྱེད། །ཅེས་གནད་ལ་བོར་བས། ཡང་སྲོག་གི་སྙིང་པོ་ཕུལ་ཏེ། དཔའ་བོ་ཐུགས་ཀྱི་དཀྱིལ་འཁོར་དུ། །བདག་ཅག་འཁོར་དང་བཅས་པ་ཡིས། །སྲོག་གི་སྙིང་པོ་དབུལ་བར་བགྱི། །བཀའ་ཡི་ཕ་ཕབ་སྩལ་དུ་གསོལ། །ཧཱུཾ་མ་མ་པ་ཤཾ་ཀུ་རུ་མ་ཏཾ་ཛྙཱ་ན་ཀ་ར་ཨི་དན། དྷ་དྷི་མ་མ་ཀརྨ་ཤཱི་གྷྲཾ་ཀཱ་རཱ་ཡ་ཧཱུཾ་ཕཊ། དཔའ་བོ་ཆེན་པོའི་སྤྱན་ལམ་དུ། །སྲོག་གི་དྲག་སྔགས་དབུལ་བར་བགྱི། །ཐུགས་རྗེ་ཅན་གྱིས་གཟིགས་སུ་གསོལ། །ཞེས་ཕུལ་ལོ། །འཇིག་རྟེན་འདས་དང་འཇིག་རྟེན་པའི། །འཁོར་དང་བཅས་པ་མ་ལུས་ཀུན། །དམ་ཆོས་འདི་ལ་བརྟེན་པ་ཡི། །མ་ལུས་ལས་རྣམས་འགྲུབ་པར་གྱིས། །དམ་ཚིག་ཆེན་པོའི་དུས་ལ་བབ། །སྤྲུལ་པ་ཆེན་པོའི་དུས་ལ་བབ། །ཕྱག་བརྙན་ཆེན་མོའི་དུས་ལ་བབ། །ཤྭ་ན་མུ་ཁའི་དུས་ལ་བབ། །བདག་ཉིད་ཆེན་མོའི་དུས་ལ་བབ། །ས་བདག་ཆེན་མོའི་དུས་ལ་བབ། །ཁྱོད་ཀྱི་དམ་ཚིག་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །ཅེས་གནད་ལ་བོར་ནས། དམ་རྫས་ལ་བརྟེན་ཅིང་བྲན་གྱི་ཚུལ་དུ་ཁས་བླངས་སོ། །སྟོན་པ་ཆེན་པོ་སངས་རྒྱས་གཙོ། །དྲག་པོ་ཆེན་པོ་འཇིགས་པའི་གཟུགས། །མཉམ་པ་ཉིད་ཀྱི་དོན་སྟོན་ཞིང་། །ཞིང་ཡངས་སེམས་ཅན་འདུལ་དོན་དུ། །རྟོག་པ་མེད་པའི་ཁྲོ་བོར་འབྱུང་། །ཁྲོ་བོའི་རྒྱལ་པོ་འཁོར་དང་བཅས། །དཔག་ཏུ་མེད་པའི་འཁོར་གྱིས་བསྐོར། །


DNG020_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཅག་དཔལ་གྱི་འཁོར་དུ་འདུད། །དཔའ་བོ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་བསྟོད་ནས་ལས་བྱ་བར་དམ་བཅས་སོ། །རྡོ་རྗེ་ཁྲོས་པ་རྩ་བའི་རྒྱུད་ལས། དྲེགས་པ་ཅན་འདུལ་བའི་ལེའུ་སྟེ་བཞི་པའོ།། །།དེ་ནས་མཉམ་པ་ཉིད་ལ་གནས་པ་ལས། བགེགས་ཀྱི་རྒྱལ་པོ་བི་ནཱ་ཡ་ཀ་ཀུན་ཏུ་མ་རུངས་པར་གྱུར་པ་ལ། འདུལ་བར་དགོངས་ནས། མ་རུང་སེམས་ཅན་ཁྱོད་ལྟ་བུ། །མ་རུང་མནར་བའི་སྡིགས་ཅན་ཁྱོད། །ཐར་པ་ཆེན་པོ་ཐོབ་བྱའི་ཕྱིར། །ང་ཡི་འཁོར་དུ་འདུ་བར་གྱིས། །ཞེས་གསུངས་པས། བཀའ་ཉན་དུ་མ་འདོད་དོ། །དཔལ་རྡོ་རྗེ་གཞོན་ནུའི་ཐུགས་ལ་དགོངས་ཏེ། གཏོགས་དང་གྲོགས་རྣམས་བྲལ་བའི་ཕྱིར། །ཀློང་དྲུག་ལྷ་དབྲལ་དགུག་བསྡིམ་བྱ། །དཔྲལ་བའི་ཀློང་དང་སྤྲོ་བའི་ཀློང་། །དགུག་པའི་ཀློང་དང་བཅིང་བའི་ཀློང་དང་སྨྱོ་བའི་ཀློང་། །བསྡུ་བའི་ཀློང་དང་བསྟབ་པའི་ཀློང་། །ཀློང་དུ་གྱུར་པའི་ལས་བྱའོ། །ཧ་ས་ཡ་ར་ཧ་ར་ཎ་ཧཱུཾ་ཕཊ། ཨོཾ་བཛྲ་ཀཱི་ལི་ཀཱི་ལི་ཡ། ཨཱ་ཝེ་ཤ་ཡ་ཨཱ་ཝེ་ཤ་ཡ་ཧཱུཾ་ཕཊ། ཤཱི་གྷྲིན་ཨཱ་ན་ཡ་ཧཱུཾ་ཕཊ། ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཧཱུཾ་ཕཊ། ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུཾ་ཕཊ། བི་ད་ཡ་བི་ད་ཡ་ཧཱུཾ་ཕཊ། དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ཟུང་ཞིག་རྒྱོབ་ལ་རྣམ་པར་ཆིངས། །གཏོགས་ཤིག་གྲོགས་དང་བྲལ་བར་གྱིས། །རིངས་པར་ཁུག་ལ་སྨྲར་ཆུག་ཅིག །ཕོབ་ཅིག་རྣམ་པར་གཟིར་བར་གྱིས། །ང་ཡི་དབང་དུ་གྱུར་ནས་ཀྱང་། །བསྒོ་བའི་བཀའ་རྣམས་ཉན་པར་གྱིས། །ཛཿཧཱུཾ་བཾ་ཧོཿ། ཨངྐུ་ཤ་ཛ། ཅེས་བསྡིམས་པས་བགེགས་ཀྱི་རྒྱལ་པོ་བརྒྱལ་ལོ། །དེ་ནས་ཡང་དཔལ་རྔོམ་བརྗིད་ཀྱི་རྒྱལ་པོ་དེས། སྐུ་བསིག་ཅིང་ཤིན་ཏུ་རྔམ་པའི་སྒྲས། ཧཱུཾ་ཧཱུཾ་ཧཱུཾ། བཛྲ་ཀཱི་ལི་ཀཱི་ལ་ཡ།སརྦ་བིགྷྣཱཾ་བཾ་ཧཱུཾ་ཕཊ། ཏྲི་ཛ་ཛ་ཛཿཧཱུཾ་བཾ་ཧོཿ། སྟྭམྦྷ་ཡ་ནན། ཧཱུཾ་ཧཱུཾ་ཧཱུཾ། བཛྲ་ཅེས་པས་བགེགས་ཀྱི་རྒྱལ་པོ་འཁོར་དང་བཅས་པ་བཀུག་ནས་ཧཱུཾ་པ་ར་བིདྱཱན་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཙྪིནྡྷ་ཙྪིནྡྷ་ཧཱུཾ་ཕཊ། བིནྡྷ་བིནྡྷ་ཧཱུཾ་ཕཊ། གྲྀ་ཧྞ་གྲྀ་ཧྞ་ཧཱུཾ་ཕཊ། ཧ་ན་ཧ་ན་ཧཱུཾ་ཕཊ། བནྡྷ་


DNG020_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

བནྡྷ་ཧཱུཾ་ཕཊ། བྲན་དང་ཕོ་ཉ་བཀའ་ཉན་ཚོགས། །ཁྱོད་ཀྱི་དམ་ཚིག་དུས་ལ་བབ། །སྔོན་ཆད་ཇི་ལྟར་དམ་བཅས་བཞིན། །མངོན་སྤྱོད་ཕྲིན་ལས་མྱུར་དུ་མཛོད། །ཧ་ན་ཧ་ན་བཛྲ། ད་ཧ་ད་ཧ་བཛྲ། པ་ཙ་པ་ཙ་བཛྲ། མ་ཐ་མ་ཐ་བཛྲ། སུ་རུ་སུ་རུ་བཛྲ། ཛྭ་ལ་ཛྭ་ལ་བཛྲ། མུ་རུ་མུ་རུ་བཛྲ། ཀྲོ་དྷ་ཀྲོ་དྷ་བཛྲ། ཛ་ཡ་ཏུ་ཛ་ཡ་ཏུ་བཛྲ། རཀྴ་དུ་མཱ་ར་ཡ་བཛྲ། གནས་སྐབས་སྦྱར་བའི་སྔགས་རྣམས་ལ། །སྒྲོལ་གནས་ཆོ་ག་དེ་བཞིན་སྦྱར། །ཚིག་དྲུག་དཀྱུས་ཀྱི་སྐོས་བཏབ་ནས། །ཚིག་གསུམ་བསྟབ་པའི་གནས་བསྟན་ནས། །ཚིག་དྲུག་དམ་ཅན་གནད་ལ་དབབ། །བྱ་བའི་ལས་བཞིས་ཀུན་ཀྱང་རྫོགས། །སྔགས་གསུམ་བཟླས་པས་དྲོད་གསུམ་སྐྱེ། །ཞེས་གསུངས་སོ། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ལྷ་འམ་འོན་ཏེ་བདུད་ཀྱང་རུང་། །ང་ལ་བར་ཆད་བྱེད་པ་རྣམས། །མཐུ་དང་རྫུ་འཕྲུལ་མེད་པར་གྱིས། །ཙཀྲ་ཡེ་ཨོཾ་བྷྲཱུཾ་ཧཱུཾ་བྷྲཱུཾ་ཏྲཾ་བྷྲཱུཾ་ཏྲི་བྷྲཱུཾ་ཧ་བྷྲཱུཾ། སརྦ་ཨཱ་ར་ཡ་ཧཱུཾ་ཕཊ། ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུཾ་ཕཊ། མཚོན་དང་དུག་ལ་སོགས་པ་དང་། །སྡུག་བསྔལ་བསྐྱེད་པ་ལ་སོགས་བྱ། །རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན། །བཀའ་ལས་འདའ་བྱེད་སྡིག་ཅན་རྣམས། །རྡོ་རྗེ་མེ་དབལ་སྙིང་བསྲེག་ནས། །ལུས་ངག་རྡུལ་ཕྲན་བཞིན་དུ་རློགས། །ཁྲོ་མོ་འབར་བའི་གཏུན་ཁུང་དུ། །རྡོ་རྗེ་ཐོ་བས་བརྡུང་བྱས་ན། །ལྷ་ཡང་རུང་སྟེ་རླག་པར་འགྱུར། །ཁ་ཐཾ་ཁ་ཐཾ་ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། བཛྲ་ཡཀྴ་ཀྲོ་དྷ་ཁཱ་ཧི་ཁཱ་ཧི་ཧ་ཧ། ཡབ་ཡུམ་བར་དུ་བརྡུང་བྱ་ཞིང་། །དངོས་པོ་ཤ་ཁྲག་ལྷ་ཡི་སྐུར། །བསྟབས་པས་དགྱེས་པའི་སྟན་གནས་གྱུར། །ཉི་ཤུ་རྩ་གཅིག་སྔགས་རྣམས་ཀྱིས། །དཀར་ནག་མཚམས་སུ་གདབ་པར་བྱ། །ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། རྡོ་རྗེ་ཁྲོས་པ་རྩ་བའི་རྒྱུད་ལས། བགེགས་བཏུལ་བའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་མཉམ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དམིགས་པ་མེད་པའི་ཏིང་འཛིན་འདི། །ཏིང་འཛིན་རྒྱལ་པོར་སྟོན་པར་འགྱུར། །མ་ནོར་མ་བཅོས་དབྱིངས་ཉིད་ལས། །དེ་བཞིན་ལྷུན་གྱིས་གྲུབ་པའི་དབྱིངས། །དངོས་


DNG020_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

མེད་གསལ་བའི་ཡེ་ཤེས་ལས། །དེ་ལས་སེམས་ཀྱི་འབྲས་བུ་བསྐྱེད། །ཐོག་མར་གཞལ་ཡས་བྱང་ཆུབ་སེམས། །དེ་ནི་རྒྱུ་འབྲས་མ་བཀག་ཆོས། །དེ་ནས་ཕུར་བུའི་བྱང་ཆུབ་སེམས། །རྒྱུ་འབྲས་གཉིས་ཀ་མྱ་ངན་འདས། །དེ་ནས་བདག་གི་བྱང་ཆུབ་སེམས། །སྲིད་པ་གསུམ་ལ་དབང་སྒྱུར་ཞིང་། །བཅོམ་ལྡན་འདས་དང་སྐལ་བ་གཅིག །བྱང་ཆུབ་སེམས་ནི་སྔོན་དུ་བསྟན། །ཁམས་གསུམ་ཡེ་ཤེས་སྐྱེད་པའི་ཕྱིར། །བསྒྲུབ་པའི་ཡེ་ཤེས་ཚོན་གང་བ། །གསང་བའི་སྔགས་ཀྱིས་བསྐྱེད་ནས་ཀྱང་། །སྐུ་དང་ལྡན་པར་རབ་བསྐྱེད་ཅིང་། །ཁམས་གསུམ་ཁྲོ་བོས་གང་བར་མཛད། །གཉིས་ལྡན་སྐུ་གསུང་ཐུགས་སུ་ལྡན། །ཤིན་ཏུ་བརྗིད་པའི་ཡེ་ཤེས་ཀྱིས། །སྐུ་ཡི་ཚོགས་ཀྱིས་རབ་བརྒྱན་ཅིང་། །ཐུགས་ལ་འབར་བའི་སྲོག་ཀྱང་ཞུགས། །དབུ་ལ་རྫོགས་པའི་རིགས་ལྔས་བསྲུང་། །ཉི་ཟླ་རི་རབ་ཕུར་པའི་རྒྱན། །ཁྲོ་བོ་མང་པོས་གཟིར་མནན་ནས། །ཡུམ་ནི་རྣམ་པར་གྲོལ་བའི་ཐུགས། །སྲིད་པའི་ཕུར་བུ་རྟོགས་པ་ཡིས། །སྲིད་པ་གསུམ་ཡང་ཐེབས་ཞེས་བྱ། །ཁམས་གསུམ་གདུག་པ་བསྒྲལ་བའི་ཕྱིར། །ཚམ་རྔམས་གཟུགས་ནི་གློག་ལྟར་འབར། །མེ་དཔུང་གསུམ་གྱིས་ཁམས་གསུམ་བསྲེགས། །ཉེས་བྱེད་གསུམ་ཡང་སྲིད་པར་སྒྲོལ། །ཁམས་གསུམ་དུས་གཅིག་དབང་བསྐུར་ནས། །རབ་ཏུ་སྲོག་གི་གོར་ཤར་བ། །གཉིས་ལྡན་སྐུ་གསུང་ཐུགས་སུ་ལྡན། །དུས་གཅིག་ལེ་བརྒན་འབར་བར་སྨིན། །རྫོགས་ལྡན་དུད་ཀ་གསལ་ཕྱིར་རོ། །མཐིང་ག་ཉི་ཟླ་དཀྱིལ་འཁོར་བསྒོམ། །ལག་ཏུ་བླངས་ཏེ་དྲིལ་ནས་ཀྱང་། །ཁམས་གསུམ་སྡུག་བསྔལ་བསྒྲལ་བར་འགྱུར། །ཡུམ་བཞིའི་ཕྱག་རྒྱས་བྱིན་བརླབས་ཤིང་། །དེ་ནས་ཨ་ལས་རྣམ་པར་དག །སྲིད་པ་གསུམ་དུ་གསལ་འཚེར་ནས། །འཁོར་བ་གསུམ་ནི་མྱ་ངན་འདས། །འདི་ན་བྱང་ཆུབ་སེམས་ཀྱི་ཁྲུས། །བྱང་ཆུབ་སེམས་ཀྱི་ཁྱད་པར་ལས། །ཁྲོ་བོ་ཕུར་བུས་རབ་བརྒྱན་ཅིང་། །ཁམས་གསུམ་དབང་བསྐུར་ཡང་དག་གྲུབ། །དེ་ནས་ཡུལ་སེམས་གཉིས་སུ་མེད། །བསྐྱོད་པ་མེད་པའི་རི་རབ་ཀྱིས། །མཁའ་ཡི་གཏུན་ཁུང་བདེ་


DNG020_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་གནས། །གཏིང་དཔག་མེད་པའི་དབྱིངས་ཉིད་དུ། །ལྷ་ཡང་རུང་སྟེ་ཉོན་མོངས་བསྒྲལ། །སྲིད་པའི་ཕུར་པས་ཐེབས་ཤེས་བྱ། །ཁྲོ་མོ་འབར་བའི་གཏུན་ཁུང་དུ། །ཁྲོ་བོ་འབར་བའི་གཏུན་ཚོགས་ཀྱིས། །བྱང་ཆུབ་སེམས་ཀྱི་འཕྲོ་འདུ་ཡིས། །ཁམས་གསུམ་མ་ལུས་བསྒྲལ་ཞེས་བྱ། །རྣམ་པར་ཤེས་པའི་ཡེ་ཤེས་མཆོག །སྲོག་དང་ཐུགས་ཀྱིས་བྱིན་བརླབས་ནས། །བྱང་ཆུབ་སེམས་ཀྱི་ཕུར་བུ་འདིས། །མ་བཏབ་བཞིན་དུ་ལྷུན་གྱིས་གྲུབ། །མཉམ་པའི་རྒྱལ་པོས་ཡང་དག་བསྒྲལ། །རྟོག་འཛིན་མེད་པའི་དབང་ཕྱུག་དེ། །དཔའ་བོ་ཆེན་པོས་བཏུལ་བ་བཞིན། །ཤིན་ཏུ་བསྒྲལ་ཏེ་དགྱེས་བསྟར་ན། །ཟ་བྱེད་ཀུན་ལ་སྟོབ་པར་མཛོད། །ཧ་ཧ་དགྱེས་པས་དགྱེས་པར་མཛོད། །ཕཊ་ཕཊ་ཀྱིས་ནི་དཀྱིལ་འཁོར་སྤྲོ། །ཧཱུཾ་ཧཱུཾ་དགྱེས་པས་དབང་དུ་སྡུད། །ཁཱ་ཧི་ཁཱ་ཧིས་དགྱེས་པས་ལྷག་མེད་བཞེས། །རྡོ་རྗེ་རབ་ཏུ་ཀཱི་ལ་ཡ། །རབ་ཏུ་གསོར་ཏེ་དྲིལ་ནས་ཀྱང་། །ཁམས་གསུམ་འཁོར་བ་བསྒྲལ་བར་བྱ། །སེམས་ཀྱི་ཡུལ་རྣམས་བསྒྲལ་ནས་ནི། །ཡེ་ཤེས་སྐུ་ཡིས་ཁྱབ་གདལ་ནས། །འཛིན་ཆགས་ཐམས་ཅད་རྣམ་པར་གྲོལ། །དེ་ནི་དེ་བཞིན་གཤེགས་པའི་མཐུ། །བྱང་ཆུབ་སེམས་ལས་འོད་འཕྲོས་པས། །ཁམས་གསུམ་དེ་བཞིན་རོལ་པའི་སྐུ། །མ་ལུས་ཕུར་པས་ཐེབས་ཞེས་བྱ། །གང་ཞིག་གནོད་པའི་མཆོག་རྣམས་ལ། །རྣམ་པར་ཤེས་པའི་ཚོགས་བརྒྱད་ནས། །རྡོ་རྗེ་ཕུར་པ་མང་ཤར་ཅིང་། །དེ་ཡིས་ཚོགས་བརྒྱད་དག་པར་བྱ། །བདག་དང་གསུམ་དུ་ལྡན་ནས་ཀྱང་། །བྱང་ཆུབ་སེམས་ལས་རྣམ་སྤྲོས་ཏེ། །ཕུང་པོ་རྡུལ་དུ་བཤིགས་ནས་ཀྱང་། །ཤ་ཁྲག་ཁམས་གསུམ་གང་བར་དམིགས། །ཧཱུཾ་གིས་རབ་ཏུ་ནམ་མཁའ་གང་། །ཕཊ་ཀྱིས་ཀུན་ཏུ་གཏོར་བྱས་ཏེ། །རྡོ་རྗེ་ཡེ་ཤེས་ཚོན་གང་གིས། །ཁམས་གསུམ་རབ་ཏུ་གང་གནས་ཀྱང་། །ཧོ་ཡིས་རབ་ཏུ་དགའ་བ་ཡིས། །སྙིང་པོ་འདི་སྐད་ཅེས་བརྗོད་དོ། །རབ་རྒྱུད་མཆོག་སེམས་རབ་ཏུ་གསལ་བའི་ཕྱིར། །མཉམ་ཉིད་རིག་པའི་རྩལ་ལས་བདག་ཉིད་གྲོལ། །དེ་ཕྱིར་ཧཱུཾ་གིས་དྲངས་ནས་ནི། །ཕུང་པོ་གཟི་ལྡན་ཐོབ་ནས་ཀྱང་། །བསྡུས་པའི་ཐིག་ལེ་ཆེན་པོར་


DNG020_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ། །ཁམས་གསུམ་བྱང་ཆུབ་སེམས་བསྐྱེད་དོ། །འགྲོ་བ་མ་ལུས་དོན་བྱའི་ཕྱིར། །སྤྲོས་པས་ལྗང་གུས་ནམ་མཁའ་ཁྱབ། །དམར་པོ་ཁྲག་གི་ཐུགས་ཀྱང་ལགས། །ལྗང་གུ་ལས་ཀྱི་ས་བོན་ཏེ། །མཐིང་ག་ཧེ་རུ་ཀ་ཡི་ཐུགས། །ཐམས་ཅད་ཀུན་དུ་བརྗིད་འགྲུབ་པས། །དེ་ངེས་སེམས་ཀྱི་ཕུང་པོ་ཚོལ། །ཁམས་གསུམ་དུར་ཁྲོད་ཁྲག་ཡིན་ཏེ། །ཐུགས་རྗེ་ཆགས་པས་བསྒྲལ་ཕྱིར་དུ། །སྲིད་པ་གདར་ཤ་བཅད་ནས་ནི། །སྤྱོད་པ་རྣམ་པ་བཅུ་དང་ལྡན། །ཧཱུཾ་ཞེས་བྱ་བ་སྐལ་བཟང་ངོ་། །སྲིད་པ་དབང་དུ་བསྡུས་ནས་ཀྱང་། །ཁམས་གསུམ་ཀུན་ལས་འདས་པར་བསྒོམ། །འཇིག་རྟེན་ཀུན་ལས་འདས་པས་ན། །ལྷན་ནེ་བོར་ཡང་བདག་ཉིད་སྦྱོར། །འཇིག་རྟེན་ཀུན་ལས་གྲུབ་པའི་རྒྱལ། །མན་ངག་སྙིང་ཁུ་གསང་བའི་རྫས། །འཛིན་དང་རྟོག་པ་རྣམ་སྤངས་ཏེ། །བྱང་ཆུབ་སེམས་ནི་སྐད་ཅིག་མ། །སྣང་དང་སྲིད་དང་འཛིན་རྟོག་ཀྱང་། །བསམ་པ་ལས་ཀྱང་མྱ་ངན་འདས། །འཇིག་རྟེན་ལས་ཀྱང་མྱ་ངན་འདས། །བྱང་ཆུབ་སེམས་ཀྱི་གོལ་ས་བཅད། །གྲུབ་མཐའ་འདི་ལ་འཇིགས་མཐའ་མེད། །འདི་ནི་མི་འགྱུར་བྱང་ཆུབ་སེམས། །མྱ་ངན་འདས་པ་རྟོགས་པའོ། །སྒྲིབ་པ་མེད་པའི་མཐར་ཕྱིན་པ། །རྩོལ་བ་མེད་པར་ལྷུན་གྱིས་གྲུབ། །མི་ནུབ་པ་ལ་རྟག་གནས་ཤིང་། །རྡོ་རྗེ་ཡི་ནི་མཐའ་ལ་ཐུག །བགྲང་ནུས་མེད་པར་ཤིན་ཏུ་དཔག །འདི་ནི་སྙན་གྱི་བུ་ག་ནས། །སྙན་གྱི་བུ་གར་གང་བ་ཡིན། །རྒྱ་མཚོའི་གཏིང་གི་རྡོ་བ་བཞིན། །བྱང་ཆུབ་སེམས་ནི་རྫོགས་སོ་ཞེས། །མན་ངག་སྙིང་པོ་གསལ་བའི་རྫས། །ཐུགས་ཀྱི་དཀྱིལ་འཁོར་ཉིད་བསྐུལ་བ། །མི་ ཟད་གཏེར་དུ་བཞག་པར་མཛོད། །དེ་བཞིན་གཤེགས་པ་ཐམས་ཅད་ལ། །བསྟན་པའི་སྙིང་པོ་དེ་ལས་མེད། །མན་ངག་བསྟན་པའི་སྙིང་པོ་འདི། །དོན་གྱི་བཅུད་ཕྱུང་སངས་རྒྱས་རྒྱུ། །འདི་ལས་གཞན་ཞེས་བྱ་བ་ནི། །སངས་རྒྱས་ཉིད་ཀྱིས་མི་མཁྱེན་ནོ། །རྡོ་རྗེ་ཁྲོས་པ་རྩ་བའི་རྒྱུད་ལས། ཏིང་ངེ་འཛིན་གཏན་ལ་ཕབ་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་གཞོན་ནུ་ཉིད་ཀྱིས་གདུག་པ་ཅན་ཐམས་ཅད་དུས་གཅིག་ཏུ་བཏུལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་


DNG020_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །དུར་ཁྲོད་ཆེན་པོ་ཡི་ཀློང་ན། །དུར་ཁྲོད་ཀྱི་ནི་གཞལ་ཡས་ཁང་། །མེ་ལྷ་དྲང་སྲོང་སྲེག་པའི་མཆོག །ལྷོ་ནུབ་སྲིན་པོ་གནས་པའི་ས། །ནུབ་བྱང་རླུང་ལྷ་འཕང་དང་དབྱེ་བ་སྟེ། །བྱང་ཤར་འབྱུང་པོ་དབང་ལྡན་སྒྲོལ་ལ་མཁས། །དཀྱིལ་འཁོར་ཕོ་བྲང་མི་འགྱུར་བརྟན་པའི་མཆོག །གདུག་པ་ཅན་གྱི་མཐུ་འཕྲོག་ཅིང་། །བསྙེན་སྒྲུབ་གཉིས་ཀྱི་ལས་བྱའི་ཕྱིར། །བཀྲ་ཤིས་བྱིན་བརླབས་ཡོད་པ་འམ། །རྐང་གཅིག་པ་འམ་རྐང་གཉིས་པ། །གནོད་པར་ངེས་པའི་ས་དེ་རུ། །ཕྱོགས་སྐྱོང་བཅུ་དང་རྒྱལ་ཆེན་བཞི། །བསྲུང་བའི་རིམ་པ་ཚུལ་བཞིན་བྱ། །མཎྜལ་འདོམ་གང་གྲུ་བཞི་ལ། །གོང་དུ་སྨོས་པ་བཞིན་དུ་བྲི། །མ་ཏྲཾ་ཁོག་པར་གནས་བྱས་ནས། །སྐྱེ་མེད་ཐབས་དབྱིངས་ཕུར་པ་ནི། །མཉམ་ཉིད་སྐྱེ་བ་མེད་པས་ཐེབས། །ཐུགས་རྗེའི་ཕུར་པ་ཐུགས་རྗེ་ཡིས། །ལོག་པར་འཁྱམས་པ་རྣམས་ལ་གདབ། །གསང་བ་བྱང་ཆུབ་སེམས་ཀྱི་ཕུར་པ་འདི། །རྟོག་ཚོགས་རྡུང་ཕྱིར་ཡུམ་གྱི་མཁའ་ལ་གདབ། །འདུས་བྱས་རྫས་ཀྱི་ཕུར་པ་འདི། །བསྒྲལ་བའི་ཞིང་བཅུར་གྱུར་པ་རྣམས་ལ་གདབ། །འདུས་བྱས་རྫས་ཀྱི་ཕུར་པ་ནི། །མན་ངག་ཉིད་དུ་བཀོལ་བ་བདུན། །མེད་དུ་མི་རུང་དེ་བཞིན་བཤམས། །བསྙེན་ཕུར་ལ་ཡང་རྣམ་པ་གཉིས། །ཉུང་དཀར་དང་ནི་ཕུར་བུ་དངོས། །ལྕགས་སྣ་ལྔ་འམ་བདུན་ཀྱང་རུང་། །མགོ་བོ་རྒྱ་མདུད་རྩེ་ཟུར་གསུམ། །སྐེད་པ་རྒྱ་མདུད་གཞལ་ཡས་ཁང་། །བཅུམ་གཞོག་ལ་ནི་སོར་བཅུ་གཉིས། །བསྙེན་པའི་ཕུར་པ་དེ་བཞིན་བྱ། །སེང་ལྡེང་ཕུར་པ་སོར་བརྒྱད་ནི། །མཐུ་འཕྲོག་བྱིན་རླབས་ཡོད་པ་ཡིན། །དེ་བཞིན་བྱ་རྒོད་གཤོག་ཕུར་ཡང་། །འགུགས་པར་བྱ་བའི་ནུས་པ་ཡོད། །སེར་པོ་གསེར་རམ་ཡང་ན་ནི། །སྐྱེར་པ་དག་ལ་བྱས་པ་ནི། །ཟིལ་གྱིས་མནན་པའི་ཕུར་པ་ཡིན། །སྐྱེས་པ་དར་མ་རིགས་ཅན་གྱི། །སྦོམ་པོ་མ་ཡིན་ཐུར་མ་ཕྲ་མོ་ཙམ། །ཟངས་སམ་མཛོ་མོ་ཤིང་དག་གིས། །དམར་པོ་དག་ལ་བྱས་པ་ནི། །དབང་དུ་འདུས་པའི་ཕུར་བུར་བསྟན། །ཙནྡན་དག་གམ་རྒྱ་ཤུག་ནི། །གཟི་བྱིན་འཕྲོག་པར་ཡང་དག་བསྟན། །ལྕགས་སམ་ཤིང་ནི་ནག་པོ་ནི། །


DNG020_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་པོར་གྱུར་པ་མཐའ་དག་ལ། །རྡུལ་དུ་རླག་པར་རབ་ཏུ་བསྟན། །ཕྱོགས་ཀྱི་ཁྲོ་བོ་བཅུ་པོ་ལ། །བཅུ་ཚན་རེ་འམ་ཡང་ན་བཅུ། །དེ་བཞིན་མང་ཉུང་གྲངས་ཀྱིས་དབྱེ། །མཐིང་ནག་དར་གྱི་ཅོད་པན་གདགས། །ལྷ་འམ་རྫས་གསུམ་སྤྱོད་ཀྱང་རུང་། །མཚན་དང་ལྡན་པའི་བྷནྡྷ་རུ། །ནག་པོའི་འབྲུ་ཡིས་བཀང་ནས་ནི། །རིམ་པར་གཞུག་ཅིང་བྱིན་བརླབ་བྱ། །མཐིང་ནག་དར་གྱིས་ཁ་བཅད་ལ། །བྱིན་བརླབ་དབང་བསྐུར་གཞུང་བཞིན་བྱ། །མི་འགྱུར་ཕོ་བྲང་རྫས་སུ་དགོད། །མེ་ལྷ་དྲང་སྲོང་སྲེག་པའི་སར། །དྲག་པོའི་ཧོམ་ཐབས་གཞུང་བཞིན་བྱ། །ཚེར་མ་ཅན་གྱི་ཤིང་བཅུག་ལ། །མིང་དང་རུས་སུ་བཅས་པ་དང་། །དྲག་པོའི་རྩང་གིས་བསྐོར་བའམ། །བསྲེག་པའི་རྫས་རྣམས་ཀུན་ཀྱང་བཞག །ལྷོ་ནུབ་སྲིན་པོ་གནས་པའི་སར། །དེ་བཞིན་དྲག་པོའི་གྲུ་གསུམ་ལ། །རིམ་པ་བཞིན་དུ་རབ་ཏུ་བསྐོར། །མོན་ནམ་རབས་ཆད་ཐོད་པ་ལ། །གང་ཡིན་མིང་རུས་བྲིས་ནས་ནི། །ཐ་མར་དྲག་པོའི་སྔགས་ཀྱིས་བསྐོར། །གྲུ་གསུམ་དབུས་ཀྱི་སྟེང་དུ་བཞག །ལྡོག་པ་མེད་པར་མཐར་ཕྱིན་པའི། །བརྒྱ་དང་བརྒྱད་ཀྱིས་ཕུར་པར་བསྐོར། །ཐ་མ་དེ་བཞིན་རྩང་གིས་བསྐོར། །ནུབ་བྱང་རླུང་ལྷ་འཕང་དང་དབྱེ་བའི་སར། །དྲག་པོའི་གྲུ་གསུམ་གོང་བཞིན་བྱ། །ཐོད་པ་དུམ་བུ་དྲུག་གམ་བདུན། །མཚན་མ་ངན་པར་གྱུར་པ་ལ། །བྲི་བའི་ཐབས་ནི་གོང་མ་བཞིན། །གང་ཡིན་མིང་རུས་བཅུག་ནས་ནི། །དྲག་པོའི་གྲུ་གསུམ་དབུས་སུ་བཞག །མན་ངག་ཉིང་ཁུ་བསྐོལ་བ་ཡི། །ཕུར་བུ་ཟུར་གསུམ་དབལ་དང་ལྡན། །དྲག་པོའི་གཏོར་མ་སྟེང་དུ་འགོད། །ཁྲག་སྣ་ལྔ་དང་སྙིང་སྣ་ལྔ། །མཚེ་ནག་ཉུང་ནག་རྡོ་དང་མདའ། །དྲག་པོ་ཟོར་གྱི་རྫས་སུ་བཞག །ཐ་མ་དེ་ནི་རྩང་གིས་བསྐོར། །བྱང་ཤར་འབྱུང་པོ་དབང་ལྡན་སྒྲོལ་བའི་སར། །གྲུ་གསུམ་རིམ་པ་གོང་བཞིན་བྱ། །བསྒྲལ་བའི་རིམ་པ་གང་ཡིན་པའི། །སྙིང་གར་རུས་ལ་དཔྲལ་བར་མིང་། །ཡན་ལག་བཞི་ལ་ཡིག་འབྲུ་བཞི། །ཆེ་གེ་མོ་ནི་དབུས་སུ་གཞུག །མཱ་ར་ཡ་ཡིས་ཐ་མ་བསྐོར། །གྲུ་གསུམ་དབུས་སུ་གཞུག་པར་བྱ། །ཐ་མ་རྩང་གིས་དེ་བཞིན་བསྐོར། །དབུས་ཀྱི་ཕོ་


DNG020_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

བྲང་དགོད་པ་ནི། །ལིངྒ་བྱ་བའི་རྒྱུ་རྣམས་ལ། །གཟུགས་དང་ལིངྒ་གཞུང་བཞིན་བྱ། །རྣོ་བའི་མཚོན་གྱིས་ལུས་ལ་གཏུག །ལྕགས་ཐག་ནག་པོས་མགུལ་ནས་གདགས། །ཡན་ལག་ལྔ་ལ་ཚོན་སྐུད་ལྔ། །དེ་བཞིན་ཕོ་བྲང་དབུས་སུ་དགོད། །ཐ་མ་རྩང་གིས་དེ་བཞིན་བསྐོར། །བསྙེན་པའི་ཕུར་པས་གཟིར་ལ་བཞག །དེ་ཡི་ཕྱི་རིམ་གྲུ་གསུམ་ལ། །ཁྲོ་བཅུའི་ཕུར་པ་རིམ་བཞིན་དགོད། །སྲས་མཆོག་མི་ཟད་ཕུར་པ་དྲུག །སྒོ་བཞི་སྟེང་འོག་གཉིས་དག་གམ། །ཡང་ན་རིམ་པ་དྲུག་ཏུ་དགོད། །དཔལ་གྱི་གཏོར་མ་གཞུང་བཞིན་བཤམས། །སྲུང་མ་རྣམ་གསུམ་ཐུན་རྫས་བསག །དྲག་པོའི་ལས་སུ་གྱུར་པ་ཡི། །ཟངས་ཕྱེ་ལྕགས་ཕྱེ་རྡོ་ཕྱེ་དྲུག །ཁྱད་པར་བལ་ཚོན་དྲུས་ཀྱིས་གདགས། །སྲུང་མ་རྣམ་གསུམ་ཕྱག་མཚན་དང་། །གཏུན་དང་རྡོ་རྗེ་ཐོ་བ་དང་། །ཐུན་རྫས་སྣ་ཚོགས་དགོད་པར་བྱ། །རྡོ་རྗེ་ཁྲོས་པ་རྩ་བའི་རྒྱུད་ལས། དྲག་པོས་འདུལ་བའི་བྱ་ཐབས་བསྟན་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཡེ་ཤེས་ལྷ་རྣམས་ཀྱི། །སྐུ་མདོག་ཕྱག་མཚན་བསྟན་པ་སྟེ། །དེ་ཡི་རང་བཞིན་གཞལ་ཡས་ཁང་། །ཐོད་པ་སྐམ་རློན་རྩིགས་པ་ལ། །གནམ་ལྕགས་གཟེར་གྱིས་དེ་བཞིན་གདབ། །ཞིང་ཆེན་བཞི་ཡི་གདུང་མ་ལ། །གཟའ་ཆེན་བརྒྱད་ཀྱི་ཀ་བ་བཙུགས། །ཞིང་ཆེན་ཞིང་ཆུང་གཅལ་དུ་བཀྲམ། །ཉི་ཟླའི་མཐོངས་ཁུང་རྣམ་པར་གསལ། །རྒྱལ་པོ་བཞི་ཡི་སྐྱེས་བུ་ལ། །ཞིང་ཆེན་སྒོ་ཡིས་དེ་བཞིན་བཅད། །ལྷུ་དུམ་བཅད་བོར་རྒྱན་གྱིས་བརྒྱན། །ནང་གི་གྲུ་གསུམ་འབར་བ་དགུ། །སྒོ་དང་རྟ་བབས་རྒྱན་དུ་བྱས། །དབུས་ཀྱི་གྲུ་གསུམ་འབར་བ་ལ། །ཉི་མ་ཟླ་བ་པདྨ་གསུམ། །དྲེགས་པའི་རྒྱལ་པོ་བསྣོལ་མར་གསལ། །མ་ཨ་པ་སཱུརྱ་ཙནྡྲ་མནྜལ། ར་ཏྲི་རུ་ཏྲི་ཏི་ར་བཾ་ཧཱུཾ་ཧཱུཾ། དེ་སྟེང་གཙོ་བོ་ཡབ་ཡུམ་ནི། །སྐུ་མདོག་ཕྱག་མཚན་གོང་དུ་གསལ། །དཱིཔྟ་ཙཀྲ་ཧ་ན་ཧ་ན་ཧཱུཾ་ཕཊ། ཡུམ་ཡང་འཁོར་ལོ་རྒྱས་འདེབས་མ། །རྒྱན་དང་ཆ་ལུགས་ཡབ་དང་མཐུན། །བསྟོད་པ་དག་གིས་རབ་ཏུ་བསྟོད། །དྲེགས་པ་ཕྱོགས་སྐྱོང་གདན་སྟེང་ན། །ཁྲོ་བོ་བཅུ་པོ་བཞུགས་


DNG020_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསམ། །ཛཿཧཱུཾ་བཾ་ཧོཿ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། འཇིགས་བྱེད་ཆེན་པོ་ཁྲོ་བོ་བཅུ་པོ་ཡང་། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །མཐིང་དང་དཀར་སྔོ་དམར་བ་དང་། །ལྗང་དང་དཀར་སྔོ་དམར་བ་དང་། །དམར་སྐྱ་ལྗང་སེར་དུད་ཀ་དང་། །དབྱིངས་དང་ཡེ་ཤེས་ཕྱག་རྒྱ་དང་། །རྒྱལ་བྱེད་དཔའ་རྟགས་ཕྱག་མཚན་དང་། །རིགས་ལ་རང་རྟགས་ཕྱག་མཚན་དང་། །ཀུན་ཀྱང་དུར་ཁྲོད་ཆས་བརྒྱད་ལ། །རྫུ་འཕྲུལ་བཞི་ཡི་ཞབས་ཀྱིས་བཞུགས། །ཟ་བྱེད་ཆེན་མོ་བཅུ་རྣམས་ཀྱང་། །རྒྱན་དང་ཆ་ལུགས་གཙོ་དང་མཐུན། །ཡུམ་ཆེན་རྣམས་ཀྱི་མཚན་ཉིད་ཀྱང་། །རྒྱན་དང་ཆ་ལུགས་ཡབ་དང་མཐུན། །གཡས་པ་དགྱེས་ཕྱིར་ཡབ་ལ་འཁྱུད། །གཡོན་པ་དུང་དམར་གཙོ་ལ་སྟོབ། །མཆེ་བ་ཅན་དང་གཤོག་པ་ཅན། །རྒྱན་དང་ཆ་ལུགས་གཙོ་དང་མཐུན། །གཡས་པ་རང་རྟགས་ཕུར་པ་བསྣམས། །གཡོན་པ་འཛིན་བྱེད་ལྕགས་ཀྱུ་བསྣམས། །ཡང་སྤྲུལ་སུམ་སྤྲུལ་བསམ་མི་ཁྱབ། །རྡོ་རྗེ་བྲག་ཆེན་གཏམས་པ་ཡི། །ས་གཞི་ཆེན་པོའི་གདན་སྟེང་འདིར། །སྒྲོལ་བྱེད་སྲས་མཆོག་རྣམ་པར་བསྒོམ། །ཧཱུཾ་ཧཱུཾ་ཧཱུཾ། ཧཱུཾ་ཧཱུཾ་ཧཱུཾ། རྡོ་རྗེ་ཁྲོས་པ་རྩ་བའི་རྒྱུད་ལས། སྐུ་མདོག་དང་ཕྱག་མཚན་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཡང་གསང་སྔགས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དང་པོ་གཉིས་མེད་བྱང་སེམས་བསྟན། །གཉིས་པ་རིག་པ་སོ་སོར་བསྟན། །གསུམ་པ་དྲག་པོའི་འཛབ་དགོངས་བསྟན། །བཞི་པ་སྐུ་གསུང་ཐུགས་སུ་བསྟན། །ཡང་དག་ཉིད་ལ་ཡང་དག་པ། །རྟོགས་པར་བྱ་སྟེ་རྣམ་པར་བསྒོམ། །ཡང་དག་རྟོགས་ན་བདེ་ཆེན་ཐོབ། །དག་པར་བརྟགས་ན་ཀུན་ཀྱང་རྟོགས། །མང་པོར་བཟླས་ན་ཀུན་ཀྱང་འགྲུབ། །དམ་ཚིག་བསྲུང་ན་དངོས་གྲུབ་མྱུར། །བྱང་ཆུབ་སེམས་ཀྱི་ཕུར་པ་འདི། །བདག་གི་དོན་དུ་རྟོགས་པར་བགྱི། །སྟོང་གསུམ་མ་ལུས་སེམས་ཅན་ཀུན། །རྡོ་རྗེ་ཕུར་པས་མ་རིག་འཇོམས། །ཤེས་པའི་བླ་མེད་ཐར་པའི་ཐབས། །མུན་པ་འཇོམས་པའི་ཤེས་རབ་འོད། །བག་ཆགས་སྤྱོད་པ་ཁྲུས་ཀྱི་ཆུ། །འཁོར་


DNG020_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

བ་འཇོམས་པ་འཇིགས་པའི་གཙོ། །ཡང་དག་ས་ཡི་རྡོ་རྗེ་དང་། །ཁྲོ་བར་བཅས་པའི་ངང་གིས་འདུལ། །མ་རྟོགས་པ་ཡི་སེམས་ཅན་ལ། །ཞི་བ་དབང་དང་དྲག་པོ་དང་། །རྒྱས་པ་ལ་སོགས་མང་དུ་བསྟན། །མ་ནོར་ཚུལ་བཞིན་བསྒྲུབ་པས་ནི། །དབང་པོ་མངོན་གསུམ་ཁུག་པར་འགྱུར། །བདག་དང་ལྷ་དང་གཟས་པ་གསུམ། །བྱང་ཆུབ་སེམས་ལ་སྐྱེ་ཤི་མེད། །སྟོང་པའི་རང་བཞིན་གཉིས་སུ་མེད། །ཉོན་མོངས་སྲོག་དབུགས་རྩ་རྣམས་བཅད། །བྱང་ཆུབ་སེམས་ལ་སྐྱེ་ཤི་མེད། ། ཤིང་ཡང་མིན་ནམ་ཤིད་རྒྱང་ཚེ་མཐུད་ལྟ་བུར་འགྱུར། །དོན་གྱི་ཕུར་པ་རྣམ་བཞི་ཡང་། །སྐབས་དང་སྦྱར་ཏེ་རྟོགས་པར་བགྱི། །ཕུར་ནི་ཐམས་ཅད་བྱང་ཆུབ་སེམས། །པ་ནི་ཐམས་ཅད་ཀུན་ལ་ཁྱབ། །ཕུར་ནི་ཐམས་ཅད་གཙོ་བོའི་མཆོག །པ་ནི་ཐམས་ཅད་འཁོར་གྱི་ཚུལ། །ཕུར་ནི་ཐམས་ཅད་སྐྱེ་བ་མེད། །པ་ནི་རོལ་པ་འགག་པ་མེད། །ཕུར་ནི་བྱང་ཆུབ་སེམས་སུ་གཅིག །པ་ནི་ཐམས་ཅད་དེ་རུ་སྒྲུབ། །བསྙེན་པ་བྱ་བ་རབ་ཏུ་གཅེས། །དོན་གྱི་རྩ་བ་ལྷ་ཡི་སྐུ། །ཞི་བ་དབང་དང་དྲག་པོ་དང་། །རྒྱས་པ་ལ་སོགས་རྣམ་པ་བཞི། །དོན་དང་བསྟུན་ཞིང་ཤེས་པར་བྱ། །ལྗགས་ལ་གནས་པའི་ཡི་གེ་དང་། །ཐུགས་ལ་གནས་པའི་ཡི་གེ་གཉིས། །ཁ་དོག་རིགས་ལས་ཤེས་པར་བྱ། །འཕྲོ་བས་འདུལ་བ་བྱིན་རླབས་ནི། །སྐབས་དང་གནས་སྐབས་ཤེས་པར་བྱ། །བདག་དང་གཞན་གྱི་དོན་རྣམས་ཀྱང་། །རྣམ་པ་གཉིས་སུ་ཤེས་པར་བྱ། །ཤིན་ཏུ་ཕྲ་ལ་རབ་སྦྱངས་ན། །བློ་ཡི་རྟོགས་པས་ཁ་ཕྱེ་ནས། །རིག་འཛིན་ས་ལ་རྣམ་པར་འགྲོ། །རྡོ་རྗེ་ཁྲོས་པ་རྩ་བའི་རྒྱུད་ལས། དགོངས་པ་བསྟན་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་དྲག་པོའི་ལས་རྣམས་བསྟན་པའི་ཕྱིར། །བསྒྲལ་བའི་ཞིང་བཅུ་བསྒྲལ་བའི་ཕྱིར། །བསྟན་པ་གཉན་པོ་འཇིག་པ་དང་། །ལུ་གུ་རྒྱུད་ལས་འགལ་བྱེད་པ། །ཞེ་སྡང་མེ་ལྟར་འབར་བ་དང་། །གཏི་མུག་མུན་ལྟར་འཐིབས་པ་དང་། །ཕྲག་དོག་རླུང་ལྟར་འཚུབ་པ་དང་། །ང་རྒྱལ་བསེ་ལྟར་མཁྲེག་པ་དང་། །འདོད་ཆགས་སྤྱིན་ལྟར་འཛིན་པ་དང་། །དོན་མེད་ལོག་པར་འཁྱམས་པ་དང་། །མི་ཤེས་ཚུལ་འཆོས་བྱེད་པ་དང་། །


DNG020_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

བནྡི་མནའ་ཟན་དམ་ལོག་དང་། །འདི་བཅུ་བསྒྲལ་བའི་རིམ་པ་ཡིན། །ངེས་པར་ཁུགས་པར་བྱ་བའི་ཕྱིར། །རྟེན་དང་འདྲེལ་བའི་ཀློང་གིས་དབྱེ། །སྤྲུལ་པ་ཁམས་གསུམ་དག་པའི་ཕྱིར། །སྐུ་གསུམ་སྤྲུལ་པའི་ཀློང་གིས་དབྱེ། །གང་དུ་འབྲོས་པའི་དབང་མེད་པར། །ཕྱག་རྒྱ་བཞི་ཡི་ཀློང་གིས་དགུག །ངེས་པར་རྟེན་ལ་དབབ་པའི་ཕྱིར། །དབབ་པར་བྱ་བའི་ཀློང་གིས་བསྡིམ། །རྟེན་ལ་གནས་པར་བྱ་བའི་ཕྱིར། །བཅིང་བར་བྱ་བའི་ཀློང་གིས་སྡོམས། །ཉོན་མོངས་ཤ་མདངས་དབྱེ་བའི་ཕྱིར། །སྒྲོལ་བ་གནས་ཀྱི་ཀློང་གིས་གདབ། །སྐྱེ་མེད་ཆོས་ཀྱི་དོན་མཐོང་ཕྱིར། །དོན་དམ་ཆོས་ཀྱི་བདེན་པ་བདར། །འཁོར་བའི་གནས་སུ་མི་འཁོར་ཕྱིར། །ཐུན་མཚོན་དྲུག་གི་ཀློང་གིས་གདབ། །ལྷ་རྣམས་དགྱེས་པར་བྱ་བའི་ཕྱིར། །བརྡུང་དང་སྡུག་བསྔལ་བསྐྱེད་པ་དང་། །བྱང་ཆུབ་སེམས་ཀྱི་ཀློང་གིས་བསྟབ། །འཁོར་བའི་གནས་སུ་འཁྱམས་པ་ལ། །ཐུགས་རྗེ་ཆེན་པོ་ཐབས་མཁས་པས། །སྐྱེ་བ་མེད་པའི་དོན་མཐོང་བས། །ཀློང་ཞེས་རྒྱལ་བས་དེ་ལྟར་གསུངས། །སྐུ་སྟོད་ཁྲོ་བོ་ཆེན་པོ་ལ། །སྐུ་སྨད་ལྕགས་ཕུར་ཟུར་གསུམ་པས། །སྟོང་གསུམ་མ་ལུས་ཀུན་བཀང་ནས། །བདེ་བར་གཤེགས་པའི་ཐུགས་རྗེ་ཡི། །གང་གིས་འདུལ་བའི་དོན་བསྟན་ནས། །ཀློང་དྲུག་ལྷ་དབྲལ་དགུག་བསྡིམ་བྱ། །བྱིན་བརླབས་དབང་བསྐུར་བྱས་ནས་ནི། །ཉི་ཤུ་རྩ་གཅིག་ཀཱི་ལ་ཡ། །ཀླད་ལ་བསྐོར་ཞིང་བཟླས་པར་བྱ། །ཨོཾ་ལཾ་ཧཱུཾ་ཡཾ་སྟམྦྷ་ནན། མོ་ཧ་གྷ་ཡ། བྷ་ག་ཝཱན། ཤི་ཀྲི་བི་ཀྲི་བཛྲ་ཧཱུཾ་ཀཱ་ར་ཧཱུཾ་ཧཱུཾ་ཕཊ་ཕཊ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཛཿཧཱུཾ་བཾ་ཧོཿ། སརྦ་བིགྷྣཱན། བཛྲ་ཀཱི་ལི་ཀཱི་ལ་ཡ། ཧཱུཾ་ཧཱུཾ་ཕཊ་ཕཊ། བཛྲ་ཧཱུཾ་ཀཱ་ར་ཧཱུཾ་ཕཊ། བཛྲ་ཧཱུཾ་ཀཱ་ར་ཧཱུཾ་ཨ། ཧཱུཾ་པ་ར་བིདྱན་ཧཱུཾ་ཕཊ།སརྦ་ཨཱ་ན་ཡ་ཧཱུཾ་ཕཊ། ཧ་ན་ཧ་ན་ཧཱུཾ་ཕཊ། ད་ཧ་ད་ཧ་ཧཱུཾ་ཕཊ། པ་ཙ་པ་ཙ་ཧཱུཾ་ཕཊ། བྷན་དྷ་བྷན་དྷ་ཧཱུཾ་ཕཊ། གྲྀ་ཧྞ་གྲྀ་ཧྞ་ཧཱུཾ་ཕཊ། མ་ཐ་མ་ཐ་ཧཱུཾ་ཕཊ། ཏིཥྛ་ཏིཥྛ་ཧཱུཾ་ཕཊ། ཙྪིནྡྷ་ཙྪིནྡྷ་ཧཱུཾ་ཕཊ། བྷིནྡྷ་བྷིནྡྷ་ཧཱུཾ་ཕཊ། ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུཾ་ཕཊ། དྲག་པོ་རྫས་དང་དྲག་པོ་སྔགས། །དྲག་པོ་ལྷ་དང་དྲག་པོ་དཀྱུས། །མཐར་གནས་དྲུག་གིས་ངེས་པར་བརྡེབ། །རྡོ་རྗེ་ཁྲོས་པ་རྩ་


DNG020_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྒྱུད་ལས། ཞིང་བཅུ་བསྒྲལ་བའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་སྲས་མཆོག་ལྔ་བསྒྲུབ་པར་བྱ་བ་བསྟན་ཏེ། དོན་དམ་སྐྱེ་མེད་ཆོས་དབྱིངས་ལས། །སྐྱེ་བའི་ཆོ་འཕྲུལ་སྐུར་སྟོན་པ། །དབྱིངས་དང་ཡེ་ཤེས་བྱིན་བརླབས་ལས། །ཆུ་ལ་ཆུ་བུར་རྡོལ་བ་འདྲ། །ཧཱུཾ་ཨེ་ཡཾ་ར་ཀེཾ་རཾ་བྷྲཱུཾ། ཛཿཧཱུཾ་བཾ་ཧོཿ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། སརྦ་བིགྷྣཱཾ་བཾ་ཧཱུཾ་ཕཊ། སུ་རུ་སུ་རུ་པྲ་སུ་རུ་ཧཱུཾ་ཕཊ། བི་ཏ་ཡ་བི་ཏ་ཡ་བིད་ཧཱུཾ་ཕཊ། ན་མཿསནྟ་བི་ཤོ་ཏ་ཡ་བི་བིད་ཧཱུཾ་ཕཊ།མཱ་ར་ཡ་མཱ་ར་ཡ་ཧཱུཾ་ཕཊ། འཇིགས་བྱེད་སྲས་མཆོག་རྣམ་པ་ལྔ། །གྲུ་གསུམ་ཨེ་ཡི་དཀྱིལ་འཁོར་ན། །དུག་གསུམ་བསྒྲལ་བའི་ཞིང་ཆེན་ལ། །རཱུ་ཏྲ་བསྣོལ་བའི་གདན་སྟེང་དུ། །སྐུ་སྟོད་ཁྲོ་བོ་ཆེན་པོ་ལ། །སྐུ་སྨད་ཟུར་གསུམ་དཔལ་གྱིས་བཞུགས། །རྡོ་རྗེ་ཁྲོས་པ་རྩ་བའི་རྒྱུད་ལས། སྲས་མཆོག་ལྔ་བསྒྲུབ་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་དམ་ཚིག་དམ་པ་འདི་དག་མཆོག་ཏུ་བསྟན་ཏོ། །སྔ་རབས་འདས་པའི་སངས་རྒྱས་ཀྱང་། །དམ་ཚིག་འདི་ལ་བརྟེན་ནས་གྲུབ། །ད་ལྟར་བཞུགས་པའི་སངས་རྒྱས་ཀྱང་། །དམ་ཚིག་འདི་ལ་བརྟེན་ནས་གྲུབ། །སླད་ནས་འབྱོན་པའི་སངས་རྒྱས་ཀྱང་། །དམ་ཚིག་འདི་ལ་བརྟེན་ནས་འགྲུབ། །དེ་ཕྱིར་དམ་ཚིག་ཐེག་ཆེན་འདི། །ཕྱི་རབས་སྔགས་འཆང་རྣམས་ཀྱིས་སྲུང་། །དམ་ཚིག་འདི་ནི་ས་གཞི་འདྲ། །ས་ལ་སྐྱེ་འཁྲུངས་ཀུན་སྐྱེད་ལྟར། །དམ་ཚིག་གཞི་ཡི་ས་གཞིས་ནི། །སྐུ་དང་ཡེ་ཤེས་སྐྱེད་པར་བྱེད། །རྩ་བའི་དམ་ཚིག་གསུམ་པོ་དང་། །ཡན་ལག་དམ་ཚིག་ལྔ་རྣམས་ལས། །མ་འདས་བསྲུངས་ན་སངས་རྒྱས་ཡིན། །དེ་ལས་འདས་ན་སེམས་ཅན་ཡིན། །དམ་ཚིག་གཞུང་བཞིན་བསྲུང་བ་ལ། །དམ་ཅན་རྣམས་ཀྱིས་བསྒོ་བ་ཉན། །གལ་ཏེ་བསྒོ་བ་མ་ཉན་ན། །དམ་ཅན་ཉིད་ཀྱང་རླག་པར་འགྱུར། །ལྷ་ཡང་འདས་ན་མྱོས་འགྱུར་ན། །རྣལ་འབྱོར་འདས་ན་སྨོས་ཅི་དགོས། །དམ་ཚིག་འདི་ནི་གཙོ་ཡིན་ཞེས། །དཔའ་བོ་ཆེན་པོས་ཡང་དག་བཤད། །དམ་ཚིག་ཉམས་པའི་སྔ་ལྟས་ནི། །བྱ་རུ་མི་རུང་སྣ་ཚོགས་བྱེད། །སློབ་དཔོན་བཀའ་སླུ་སྨོད་པ་དང་། །ལུ་གུ་རྒྱུད་


DNG020_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དབྱེན་འདོགས་དང་། །སྔགས་དང་ཕྱག་རྒྱ་རྒྱུན་བཅད་ནས། །གཞན་ནས་དངོས་གྲུབ་ཐོབ་འདོད་པ། །འདི་ཡང་ཉམས་པའི་སྔ་ལྟས་ཡིན། །རྫས་དང་ལག་ཆ་མངོན་བསྟན་ནས། །ཕ་རོལ་གཞན་ལ་སྡིག་བྱེད་ཅིང་། །མན་ངག་གཏིང་ནས་མ་ཐོབ་པར། །ཨ་ཚར་ཁ་ཡིས་ངོམ་པ་དང་། །རིག་པའི་རྩལ་དང་མ་ལྡན་པར། །ཁ་ནས་ལྷ་སྲིན་གཉན་འབོད་པ། །འདི་རྣམས་ཉམས་པའི་སྔ་རྟགས་ཡིན། །མཚན་དང་ལྡན་པའི་རིག་མ་ལ། །ཕྲད་ནས་སྦྱོར་བ་མ་བྱས་དང་། །ལས་ངན་སྐྱོན་ཅན་མཚན་རྫོགས་པ། །བསྒྲལ་བའི་ཞིང་བཅུ་མ་བསྒྲལ་ན། །འདི་ཡང་ཉམས་པའི་སྔ་ལྟས་ཡིན། །དམ་ཚིག་ཉམས་པའི་སྔ་ལྟས་ནི། །རྩ་བ་གསུམ་པོ་ཉམས་གྱུར་ན། །རྡོ་རྗེ་དམྱལ་བར་སྐྱེ་བར་འགྱུར། །འདིར་ཡང་ཉེས་པ་སྣ་བཅུ་འོང་། །ཕྱི་མ་ན་རག་དམྱལ་ཁམས་སྐྱེ། །འདིར་ཡང་ནད་དང་སྡུག་བསྔལ་ཆེ། །མཛེ་དང་ནད་དང་སྡུག་བསྔལ་སྣ་ཚོགས་འོང་། །མ་ཚོགས་སྟོང་གིས་སྙིང་ནས་འདྲེན། །ཤ་ཟན་སྟོང་གིས་ཤ་རུས་འབྲལ། །འཇིག་རྟེན་མ་མོ་མཁའ་འགྲོ་ཡང་། །དམ་ཚིག་ཉམས་པའི་བདུད་དུ་འབབ། །མ་མོ་ཀུན་ཀྱང་གཤེད་དུ་འོང་། །ཚེ་དང་སྲོག་ལ་བར་ཆོད་བྱེད། །དམ་ཚིག་འདི་ལ་མི་གནས་ན། །བརྩམས་པ་མི་འགྲུབ་མྱ་ངན་ནོན། །དམ་ཚིག་བསྲུངས་པའི་ཡོན་ཏན་ནི། །ཅི་བསམ་ལས་རྣམས་འགྲུབ་པར་འགྱུར། །ཡི་དམ་ལྷ་ཡི་དངོས་གྲུབ་ཐོབ། །མཁའ་འགྲོ་མང་པོ་འཁོར་ཞིང་འདུ། །དངོས་གྲུབ་རྣམ་གསུམ་རིམ་བཞིན་ཐོབ། །ཚེ་དང་བསོད་ནམས་དབང་ཐང་འཕེལ། །ལྷ་སྲིན་ཀུན་ཀྱང་དེ་བཞིན་བཀུར། །དགྲ་བགེགས་ཀུན་ཀྱང་གཞོམ་ཞིང་འདུལ། །བསྟན་པ་ཀུན་ཀྱང་དར་ཞིང་བསྲུང་། །དམ་ཚིག་འདི་དག་གཙོར་ལེན་ན། །གྲུབ་པར་འགྱུར་བ་གདོན་མི་ཟ། །དམ་ཚིག་བསྲུང་བའི་རིམ་པ་ནི། །རྡོ་རྗེ་སློབ་དཔོན་ཕ་ལྟར་ཁུར། །ཡུམ་གྱི་དབང་མོ་མ་ལྟར་ཁུར། །མཆེད་དང་ལྕམ་དྲལ་སྤུན་ལྟར་བརྩེ། །ཉིན་དང་མཚན་དུ་དུས་མེད་པར། །སྔགས་དང་ཕྱག་རྒྱ་རྒྱུན་མི་གཅོད། །མ་ཡེངས་གསལ་བའི་དོན་བརྩོན་པ། །འདི་ཡང་བསྲུང་བའི་རིམ་པ་ཡིན། །མཉན་བསམ་


DNG020_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས་པ་རྒྱ་བསྐྱེད་ནས། །འདུ་འཛིའི་དབང་དུ་མི་གཏོང་བར། །རྟག་ཏུ་སྒྲུབ་ལ་བརྩོན་བྱེད་པ། །འདི་ཡང་བསྲུང་བའི་རིམ་པ་ཡིན། །ཕ་རོལ་དམ་ཉམས་དགྲ་བོ་ལ། །དམོད་བཙུག་ཁ་ཚོ་མི་ཟེར་བར། །གསང་ཞིང་བསྟུན་ནས་ལས་བྱེད་པ། །འདི་ཡང་བསྲུང་བའི་རིམ་པ་ཡིན། །རྡོ་རྗེ་ཕུར་པ་རྩ་བའི་རྒྱུད་ལས། དམ་ཚིག་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་དབང་རྣམ་པར་བསྐུར་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། སྲོག་དང་ལུས་ལ་མི་འཛེམ་ཞིང་། །ནོར་དང་དད་པས་མཉེས་བྱས་ནས། །འཁོར་གསུམ་ཡོངས་སུ་དག་བྱས་ཏེ། །བླ་མ་མཉེས་པར་བྱ་ཕྱིར་དབུལ། །བཀའ་དང་འཁོར་ལོ་བུམ་པ་དང་། །བསྐྱེད་དང་རྫོགས་པའི་རིམ་པ་དང་། །ཕན་དང་ནུས་པའི་བྱིན་རླབས་དབང་། །རིམ་པ་བཞིན་དུ་བསྐུར་བར་བྱ། །སློབ་དཔོན་ཇི་བཞིན་མཉམ་བཞག་ནས། །བསྙེན་པའི་རྫས་རྣམས་བསགས་བྱས་ལ། །ཕུར་བུ་བུམ་པ་ལ་སོགས་དང་། །སྨན་ལྔ་འབྲུ་ལྔ་རིན་ཆེན་ལྔ། །སྤོས་དང་སྙིང་པོ་ལྔ་དག་དང་། །ཁ་རྒྱན་མགུལ་ཆིངས་དེ་བཞིན་བཤམས། །བསྙེན་པ་ཚུལ་བཞིན་བྱས་ནས་ནི། །ཕུར་པ་འགུལ་ཞིང་འབར་ཀྱང་རུང་། །སྐུ་གཟུགས་བཞད་ཅིང་འགུལ་བ་དང་། །བུམ་པ་ནམ་མཁར་འདུག་ནས་ནི། །དཀྱིལ་འཁོར་ལས་ལ་དེ་བཞིན་བཤམས། །རིན་ཆེན་ཟུར་བརྒྱད་དཀྱིལ་འཁོར་དུ། །དར་དཀར་ཡོལ་གྱིས་དྲེས་པ་རུ། །རྫས་དང་ལག་ཆ་ཀུན་བཀྲམ་ནས། །སློབ་མ་ལྔའམ་གཅིག་ཀྱང་རུང་། །གདོང་གཡོགས་དར་གྱིས་རབ་དཀྲིས་ལ། །དག་པའི་ཁྲུས་ཀྱིས་བཀྲུ་བྱས་ནས། །རིན་ཆེན་སྣ་ཚོགས་སྙིམ་པ་བཀང་། །རྡོ་རྗེ་ཡེ་ཤེས་ཆེན་པོ་ཡིས། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སྟེ། །དེ་རིང་བདག་ལ་དབང་སྐུར་ཤོག །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཆེ། །མ་ལུས་གཞུང་བཞིན་བསྒྲུབས་ནས་ནི། །སྐུ་གསུང་ཐུགས་ཀྱི་ཕུར་པ་བཞིན། །ཡེ་ཤེས་རྡོ་རྗེའི་དཀྱིལ་འཁོར་དུ། །བདག་གི་དད་པས་འཇུག་པར་བགྱི། །འཇོམས་བྱེད་རྡོ་རྗེ་ཆེན་པོ་ཡིས། །བདག་ལ་


DNG020_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

དབང་མཆོག་དེ་རིང་སྩོལ། །ང་ནི་ཡེ་ཤེས་རྡོ་རྗེ་སྟེ། །ཉོན་མོངས་རྣམ་རྟོག་འཇོམས་པའི་ཕྱིར། །འཇོམས་བྱེད་རྡོ་རྗེ་ཆེན་པོ་འདི། །དེ་རིང་ཁྱོད་ལ་སྦྱིན་པར་བྱ། །འཇོམས་བྱེད་ཆེན་པོའི་དཀྱིལ་འཁོར་དུ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཆེ། །རྣམ་རྟོག་གཞོམ་ཕྱིར་ཡེ་ཤེས་གསལ། །སངས་རྒྱས་བདག་ལ་དབང་ལྡན་ཤོག །ཨེ་མ་ཧོ་རིགས་ཀྱི་བུ་ཁྱོད་ཀྱིས། །གང་ལ་ཕོག་པ་ཡི་དམ་ལྷ། །མེ་ཏོག་དམ་པ་དོར་བར་གྱིས། །དཔལ་ཆེན་རྡོ་རྗེ་གཞོན་ནུ་དང་། །ཡུམ་ཆེན་འཁོར་ལོ་རྒྱས་འདེབས་གཉིས། །གཡོན་ནས་ཡུམ་གྱིས་ཡབ་ལ་འཁྱུད། །ཕྱག་གིས་བུམ་པ་རབ་ཏུ་བླངས། །ཡེ་ཤེས་དབང་གི་ཆུ་བོ་འདི། །ཉོན་མོངས་མ་གོས་དཀར་ལ་འཚེར། །སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །སྤྱི་བོར་བུམ་པའི་དབང་བསྐུར་བས། །ཉོན་མོངས་གསུམ་དང་དུག་གསུམ་སྦྱངས། །དབང་གི་ཆུ་བོ་རྒྱུན་བཞིན་འབབ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུཾ་ཕཊ། དབང་བསྐུར་ཡི་དམ་ལྷར་བསྐྱེད་ལ། །ལུས་ཀྱི་དཀྱིལ་འཁོར་རྫོགས་པར་བསྐྱེད། །སྐུ་དང་གསུང་དང་ཐུགས་ཀྱི་དབང་། །ཕན་པའི་དབང་དང་ནུས་པའི་དབང་། །དུར་ཁྲོད་དབང་དང་དམ་རྫས་དབང་། །རིམ་པ་བཞིན་དུ་བསྐུར་བར་བྱ། །ཕུར་པའི་དབང་དང་འདེབས་པའི་དབང་། །དྲག་པོའི་ལས་སུ་གྱུར་པ་ཡི། །ཀུན་ཀྱང་མ་ལུས་དབང་དུ་བསྐུར། །སྲིད་པའི་ཕུར་བུ་སྒྲུབ་པ་དང་། །དབང་དང་དངོས་གྲུབ་བླང་བའི་ཕྱིར། །ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ། །ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང་། །རྟགས་དང་མཚན་མ་བསྟན་པ་དང་། །ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ། །གསང་བའི་དབང་རྣམས་བསྐུར་བའི་ཕྱིར། །དབང་གི་སྟེགས་བུ་རབ་བརྩེགས་ལ། །ཤ་རྩི་དཀར་ལ་ལྕང་ལོའི་སྐྲ། །པདྨའི་མཆུ་ལ་སོ་ཚགས་དམ། །སྨིན་མཚམས་བར་ཡང་མ་ཆད་པར། །ཚེས་བརྒྱད་ཟླ་བའི་མིག་འདྲ་བ། །སློབ་དཔོན་གནང་བའི་ཐུགས་རྗེ་བསྐྱེད། །ཡུམ་གྱིས་དུས་གསུམ་བདེ་གཤེགས་བསྐྱེད། །ཛཿཧཱུཾ་བཾ་ཧོཿ། ས་མ་ཡ་ཧོ། ས་མ་ཡ་སྟྭཾ། ཨ་ནུ་རཱ་ག་ཡཱ་མི། ཨ་ནུ་རཱ་ག་ཡ་ཧོ། ཛཿཧཱུཾ་བཾ་ཧོཿ། ཧཱུཾ་ཧཱུཾ་ཧཱུཾ། ཨ་ཨ་ཨ། དེ་བཞིན་བྱང་སེམས་ཕབ་ནས་ནི། །


DNG020_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་འཇུག་པ་བཞིན་དུ་བསྐུར། །རྡོ་རྗེ་ཁྲོས་པ་རྩ་བའི་རྒྱུད་ལས། དབང་གི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་ཚོགས་སྒྲུབ་པ་རྣམ་པར་སྤྲོས་ཏེ། ཚོགས་ཀྱི་དཀྱིལ་འཁོར་དམ་པ་འདིར། །འབྱོར་པ་ཕུན་སུམ་ཚོགས་བྱས་ལ། །བྱིན་རླབས་ཚོགས་ཀྱི་དཀྱིལ་འཁོར་དུ། །བསམ་པ་དག་གིས་རབ་བསམ་ལ། །སྣོད་ནི་ཨ་ལས་རྣམ་པར་དག །བཅུད་ནི་ཧཱུཾ་ལས་བསམ་པར་བྱ། །ཡཾ་གིས་འབར་བའི་མེ་བསྐྱོད་ནས། །རཾ་གྱི་མེ་ཡིས་ཨ་ཞུ་ནས། །བཅུད་ཀྱི་ཧཱུཾ་ལ་ཐིམ་པར་གྱུར། །ཧཱུཾ་ནི་རྣམ་པར་ཞུ་གྱུར་ནས། །ཕྱོགས་བཅུར་འོད་ཟེར་འཕྲོས་པ་ལས། །དུས་གསུམ་རྒྱལ་བའི་ཐུགས་དམ་བསྐུལ། །སླར་འདུས་བདུད་རྩི་ཉིད་དུ་གྱུར། །བདུད་རྩི་བྱིན་རླབས་ཆེན་པོ་ཡིས། །ཡེ་ཤེས་ལྷ་ལ་མཆོད་པར་དབུལ། །བདག་ལ་བདག་མཆོད་མཉམ་ཉིད་ཐིམ། །འོད་ཟེར་གསུམ་དུ་རྣམ་པར་གསལ། །དཀར་དམར་ནག་པོའི་འོད་དང་གསུམ། །དབུལ་དང་བཤགས་པ་བསྟབ་པར་བྱ། །དགུག་དང་བཅིང་དང་བསྒྲལ་བ་དང་། །རིམ་པ་བཞིན་དུ་རྫོགས་པར་བྱ། །རྡོ་རྗེ་ཁྲོས་པ་རྩ་བའི་རྒྱུད་ལས། ཚོགས་སྒྲུབ་པའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་ཐམས་ཅད་བསྡུས་པའི་དཀྱིལ་འཁོར་རྣམ་པར་བསྡུས་ནས། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། །དྲི་ཡི་རྒྱལ་པོ་ལྔ་ཡིས་བྱུག །མཐིང་ནག་གྲུ་གསུམ་ནག་པོ་ལ། །དྲག་པོ་ཧཱུཾ་གིས་མཚན་པ་བྲི། །སྒོ་དང་རྟ་བབས་དེ་བཞིན་ནོ། །ལྕགས་སམ་སེང་ལྡེང་ཕུར་པ་ལ། །མཐིང་ནག་དར་གྱི་ཅོད་པན་ཅན། །ཉུང་དཀར་རྒྱལ་པོ་དག་དང་ནི། །གུ་གུལ་སྦྱར་བ་ལ་སོགས་པ། །དབང་བསྐུར་རིམ་པར་བྱས་ནས་སུ། །དྲག་པོ་གྲུ་གསུམ་དབུས་སུ་དགོད། །ཤ་ཁྲག་སྣ་ཚོགས་གཏོར་མ་དང་། །རིམ་པ་བཞིན་དུ་སྐུར་བསྐྱེད་བྱ། །མཆོད་པ་དབུལ་ཞིང་ཕྲིན་ལས་བཅོལ། །སྒྲུབ་ཆེན་ལས་རྣམས་བྱས་ནས་ནི། །ཀློང་གི་བྱ་བའི་ལས་བྱས་ནས། །བསྟབ་ཅིང་བསྲེགས་ཏེ་འཕང་བ་དང་། །མནན་ཏེ་ལས་བཞིས་མཐའ་བརྟུལ་བྱ། །ཚེ་བསྡིམ་བཀྲ་ཤིས་གཏོར་མ་བཏང་། །རྡོ་རྗེ་ཁྲོས་པ་རྩ་བའི་རྒྱུད་ལས། དཔའ་བོ་གཅིག་པ་སྒྲུབ་པའི་
ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་ཉུངས་ཀར་གུ་གུལ་རཀྟ་གསུམ་སྒྲུབ་པ་གསུངས་ཏེ། མཚན་མ་ངན་པའི་ཐོད་པ་རུ། །གསུམ་པོ་སོ་སོར་བླུག་བྱས་ལ། །ཚེར་མའི་ཤིང་གིས་ཁ་བཅད་ལ། །དཀར་ནག་སྦྲ་ནི་ཕུབ་བྱས་ལ། །ལམ་པོ་ཆེ་ཡི་རྒྱ་གྲམ་དུ། །མ་གྲུབ་བར་དུ་དེ་བཞིན་བྱ། །གཞན་ཡང་གྲུ་གསུམ་མཐིང་ནག་བསྒོམ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧྲིལ་ཤག་ཛྭ་ལ་ནི་ཧཱུཾ་ཕཊ། དུ་བ་རླངས་དང་མེ་འོད་དང་། །འགུལ་དང་ཁོལ་བ་ལ་སོགས་འབྱུང་། །དེ་བཞིན་རྟགས་ལ་ཕེབས་པ་དང་། །ཉུངས་ཀར་དབང་པོ་རྣམ་ལྔར་བྲབ། །དྲི་ཆེན་དྲི་ཆུ་རྐྱེན་ལས་བསྐྱེད། །བདུད་ཀྱི་ཉི་མ་བཀྲ་མི་ཤིས། །ངན་པའི་དུས་སུ་འདི་དག་སྒྲུབ། །རྡོ་རྗེ་ཁྲོས་པ་རྩ་བའི་རྒྱུད་ལས། རྫས་སྒྲུབ་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།ཨེ་མ་ཧོ་ཕྱོགས་བཅུ་དུས་བཞིར་ནི། །སྐྱེ་བ་མེད་པའི་ཆོས་ཉིད་ལས། །ལོག་པར་འཁྱམས་པ་བསྒྲལ་སླད་དུ། །དྲག་པོ་རྩ་བའི་རྒྱུད་འདི་གསུངས། །སྐལ་ལྡན་ཡང་རབ་བློ་ཅན་དང་། །ཐེག་པ་མཆོག་ལ་རྟོགས་པ་ཆེ། །རྩོལ་བ་ཆེ་ཞིང་ཤེས་རབ་རྣོ། །བསམ་པ་དག་པར་གྱུར་པ་ལ། །རྒྱུད་འདི་ཡོངས་སུ་གཏད་པར་བྱ། །རྡོ་རྗེ་ཁྲོས་པ་རྩ་བའི་རྒྱུད་ལས། རྒྱུད་གཏད་པའི་ལེའུ་སྟེ་བཅུ་བདུན་པའོ།། །། རྫོགས་སོ།། །།རྒྱ་གར་གྱི་སློབ་དཔོན་པདྨ་འབྱུང་གནས་དང་། བོད་ཀྱི་ལོ་ཙཱ་བ་ངམ་འདྲེ་ས་ལེས་བསམ་ཡས་ཀྱི་མཆིམས་ཕུ་དགེ་གོང་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་ པའོ།། །།

དཔལ་རྡོ་རྗེ་གཞོན་ནུ་ཐུགས་རྗེ་ཁྲོས་པ་རྩ་བའི་རྒྱུད་ཀྱི་བཤད་པ་ཞེས་བྱ་བ།


DNG020_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཤྲི་བཛྲ་ཀུ་མཱ་ར་ཏནྟྲ་ནཱ་མ་ཀཱ་རུ་ཎ་ཀྲོ་དྷ་མཱུ་ལ་ས སྟྭཾ ་ཏི། བོད་སྐད་དུ། དཔལ་རྡོ་རྗེ་གཞོན་ནུ་ཐུགས་རྗེ་ཁྲོས་པ་རྩ་བའི་རྒྱུད་ཀྱི་བཤད་པ་ཞེས་བྱ་བ། དཔལ་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་སྙིང་པོ་རྡོ་རྗེ་བཙུན་མོའི་བྷ་ག་ལ། ཁྲོ་བོ་དང་ཁྲོ་མོ་མཁའ་འགྲོ་མ་བྱེ་བ་ཁྲག་ཁྲིག་དཔག་ཏུ་མེད་པ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེའི་ཚེ་དེའི་དུས་ན་འཇིག་རྟེན་གྱི་ཁམས་འདི་ནས་དྲག་པོར་གྱུར་པ་རཱུ་ཏྲ་དང་། ཡུམ་དྲག་བྱེད་མ་དང་། འཁོར་མ་


DNG020_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་དབང་ཕྱུག་མ་དང་བཅས་པ། ཤ་དང་ཁྲག་དང་རུས་པ་ལ་ལོངས་སྤྱོད་པའི་ཚེ། དཔལ་རྡོ་རྗེ་ཁྲག་འཐུང་དབུ་དགུ་ཕྱག་བཅོ་བརྒྱད་པས། རཱུ་ཏྲ་བསྒྲལ་བའི་གནས་སྐབས་སུ་རཱུ་ཏྲའི་སྙིང་ཁྲག་ཐེབ་ལོང་ཙམ་གཉིས་ཡལ་བ་ལས། རཱུ་ཏྲའི་སྲས་དྲག་བྱེད་མ་ཧཱ་དེ་ཝ་ཞེས་བྱ་བ། ཞལ་གསུམ་ཕྱག་དྲུག་པ། མཚོན་ཆ་སྣ་ཚོགས་པ་ཐོགས་པ། ཡུམ་དྲག་མོ་རལ་གཅིག་མ་ཞེས་བྱ་བ་དང་། དྲག་མོ་སྲིད་པ་འཁོར་བྱེད་མ་ཞེས་བྱ་བ་གཉིས་དང་ལྡན་ཏེ། དེ་གཉིས་ལས་སྲས་ཕྱོགས་བཅུར་དམ་སྲི་བཅུ་བྱུང་སྟེ།སྟེང་གི་ཕྱོགས་ན་ཡབ་ཉི་མ་འབར་གསལ། ཡུམ་ཟླ་བ་སྒྲ་འབྱིན་མ། བུ་ཕོ་ཉི་མ་ཕག་གི་མགོ་ཅན་དང་། བུ་མོ་ཟླ་བ་སྨིག་བུའི་མགོ་ཅན་གནས། ཤར་ཕྱོགས་ན་དྲི་ཟ་ཕོ་རྒྱལ་བའི་སྒྲ། དྲི་ཟ་མོ་རྒྱལ་བའི་སྒྲ་འབྱིན་མ། བུ་སྟག་གི་མགོ་ཅན་དང་། བུ་མོ་བྱ་རྒོད་མགོ་ཅན་གནས། ཤར་ལྷོ་ན་མེ་ལྷ་དབྱུག་པ་ཅན། མེ་ལྷ་མོ་ལྕགས་སྡེར་ཅན། བུ་གཡག་གི་མགོ་ཅན་དང་། བུ་མོ་བྱ་རོག་གདོང་ཅན་གནས། ལྷོ་ན་འཆི་བདག་གཤིན་རྗེ་དང་། གཤིན་རྗེ་མོ་ཤ་ཟན། བུ་ཤ་བའི་མགོ་ཅན་དང་། བུ་མོ་འུག་པའི་མགོ་ཅན་གནས། ལྷོ་ནུབ་ན་སྲིན་པོ་གཡོ་བྱེད་དང་། སྲིན་མོ་གཏུན་ཤིང་འཛིན་མ། བུ་གཟིག་གི་མགོ་ཅན་དང་། བུ་མོ་ཁྲའི་མགོ་ཅན་གནས། ནུབ་ཕྱོགས་ན་ཀླུ་རྒྱལ་ཆུ་ཟླ་དབང་དང་། ཀླུ་མོ་པིར་ལ་ཞོན་མ་དང་། བུ་བྱི་ལའི་མགོ་ཅན་དང་། བུ་མོ་པུ་ཤུད་མགོ་ཅན་གནས།ནུབ་བྱང་ན་རླུང་ལྷ་གཞན་འཇོམས་དང་། རླུང་ལྷ་མོ་མཛའ་འཛིན་མ་དང་།བུ་སྤྱང་ཀིའི་མགོ་ཅན་དང་། བུ་མོ་ཁྲའི་མགོ་ཅན་གནས། བྱང་ན་གནོད་སྦྱིན་ལས་ཀྱི་བདུད་དང་། གནོད་སྦྱིན་མོ་རླུང་ལྷ་ཞོན། བུ་སེང་གེའི་མགོ་ཅན་དང་། བུ་མོ་ཝ་གདོང་ཅན་གནས། བྱང་ཤར་ན་འབྱུང་པོ་ཁམས་གསུམ་གྱི་བདག་པོ་དང་། འབྱུང་མོ་སྲོག་གཅོད་མ་དང་། བུ་དོམ་གྱི་མགོ་ཅན་དང་། བུ་མོ་སྲེ་མོང་གི་མགོ་ཅན་གནས། འོག་ཕྱོགས་ནས་བདག་གཞན་སྟོབས་འཇོམས་དང་།ས་བདག་མོ་རླུང་གི་གཟུགས་འཛིན་མ། ས་བདག་གི་བུ་དྲེད་ཀྱི་མགོ་ཅན་དང་། ས་བདག་


DNG020_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

གི་བུ་མོ་བྱི་ལའི་མགོ་ཅན་གནས་ཏེ། དེ་རྣམས་ཀྱིས་འཇིག་རྟེན་ཁམས་ཀྱི་སེམས་ཅན་ཐམས་ཅད་ཀྱི་སྲོག་བཅད། ཤ་ཟོས་ཁྲག་འཐུངས། དབུགས་རྔུབས་ཤིང་། དམ་པའི་ཆོས་ལ་གནས་པ་དང་། དཀར་པོའི་ཕྱོགས་ལ་གནས་པ་ཐམས་ཅད་ཀྱི་དམ་སྲི་བྱེད་ཅིང་། བར་དུ་གཅོད་པར་བྱེད་པ་ལ་གནས་པ་ལ།དེའི་ཚེ་འོག་མིན་གྱི་གནས་ན། ཆོས་སྐུ་སྐྱེ་བ་མེད་པའི་ངང་ལས། ལོངས་སྤྱོད་རྫོགས་པའི་སྐུ་རྡོ་རྗེ་འཆང་ཡབ་ཡུམ་ལ། སངས་རྒྱས་ཏིལ་གྱི་གོང་བུ་ལྟ་བུས་བསྐོར་ནས་གནས་པ་ལ་གདུལ་བྱ་དྲག་བྱེད་དབང་ཕྱུག་མ་ཧཱ་དེ་ཝ་དེ་གཟིགས་ནས། ལྷོ་ཡི་འཛམ་བུའི་གླིང་གི་ཨུ་རྒྱན་གྱི་ཡུལ་གྱི་དུར་ཁྲོད་ཆོས་ཀྱི་དབྱིངས་ཀྱི་གནས་སུ། ཕྱི་རིན་ཆེན་ལྔ་ལས་གྲུབ་ཅིང་། ནང་ཐོད་པ་སྐམ་རློན་ལས་གྲུབ་པའི་གཞལ་ཡས་ཁང་རྒྱ་ཁྱོན་དཔག་ཏུ་མེད་པ་སྤྲུལ་པའི་ནང་དུ་དཔལ་རྡོ་རྗེ་གཞོན་ནུ་ཡབ་ཡུམ་མེ་དཔུང་གི་དཀྱིལ་ན་འཇིགས་ཤིང་རྔམ་པར་བཞུགས་ཏེ་གནས། དེའི་ཚེ་བཅོམ་ལྡན་འདས་བདུད་ཐམས་ཅད་བཏུལ་བའི་ཏིང་ངེ་འཛིན་ལ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱི་གསང་གནས་ནས། ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ་བ་བྱུང་ནས། ཁམས་གསུམ་གྱི་བདུད་ཐམས་ཅད་དང་། དམ་སྲི་བཅུའི་ཡབ་ཡུམ་རྣམས། དབང་དུ་བསྡུས་ནས་མདུན་དུ་བཀུག་ནས་ཁྲོ་བོ་དེ་སླར་གསང་གནས་སུ་ཐིམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱི་གསང་གནས་དང་། སྤྱན་གཉིས་དང་། སྤྱི་བོ་ཚངས་པའི་བུ་ག་ནས་སྒོ་མ་བཞི་བྱུང་སྟེ། ལྕགས་ཀྱུ་མས་དམ་སྲི་བཅུའི་སྙིང་ག་ནས་བཟུང་། ཞགས་པ་མས་བཅིངས། ལྕགས་སྒྲོག་མས་བསྡམས། དྲིལ་བུ་མས་མྱོས་པར་བྱས་ཏེ། དཔལ་ཆེན་པོ་ཡབ་ཡུམ་གྱི་མཁའ་གསང་བར་ནས་སྲས་ཀྱི་མཆོག་བྱུང་སྟེ། བགེགས་ཀྱི་ཚོགས་དེ་རྣམས་ཀྱི་ཀླད་པ་ཚལ་པ་བརྒྱ། ལུས་དུམ་བུ་སྟོང་སྙིང་ཚལ་པ་བདུན་དུ་གཏུབས་ནས་སྲོག་ཡེ་ཤེས་སུ་བསྒྱུར། ཡབ་ཡུམ་གྱི་མཁའ་གསང་ནས་འོད་ཀྱི་གོང་བུ་བཅུ་ལས། ཁྲོ་བོ་ཡབ་ཡུམ་ཕྲ་ཐབས་སུ་བཅས་པ་ཕྱོགས་བཅུར་སྤྲུལ་ནས། དམ་སྲི་བཅུ་གདན་དུ་བྱས་ཏེ། དེའི་ཚེ་སེམས་ཅན་ཐམས་ཅད་སྡུག་


DNG020_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་དང་བྲལ་ཞིང་། བདུད་བཞི་རང་ཞིར་སོང་ངོ་། །སྤྲུལ་པའི་སྐུ་དེ་ཉིད་སྣང་བའི་དུས་ན། བྱང་ཤར་གྱི་ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ་བ་རིག་པའི་རྒྱལ་པོ་ཁྲོ་བོ་བྱེ་བ་ཁྲག་ཁྲིག་དང་། ཡེ་ཤེས་ཀྱི་མཁའ་འགྲོ་མ་དཔག་ཏུ་མེད་པ་དང་བཅས་པས། ཤ་དང་། རུས་པ་དང་། ཁྲག་དྲོན་མོ་རྣམས། བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་ཕུལ་ནས། ཕྱག་དང་བསྐོར་བ་ལན་དུ་མ་བྱས་ཏེ། ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ་བས་གསོལ་པ། ཨེ་མ་ཧོ་རིག་པའི་ཡེ་ཤེས་འཁོར་འདས་གཞི། །རྟོགས་ན་བླ་མེད་དབྱིངས་ཀྱི་ངང་། །མ་རྟོགས་འཁོར་བ་ཉིད་དུ་འཁོར། །དེ་བས་ཐོགས་མེད་ཀུན་འགྲོ་བའི། །ནམ་མཁའ་བཞིན་དུ་བརྟག་དཀའ་ཡང་། །འཁོར་བའི་འདམ་ལས་ཐར་པའི་ཐབས། །བདག་དང་གཞན་ལ་སྨན་སླད་དུ། །དོན་དམ་དབྱིངས་ཀྱི་ཐིག་ལེ་ལས། །འདུ་འབྲལ་མེད་པའི་ངང་ཉིད་དུ། །ཡང་དག་དོན་གྱི་མཐར་ཕྱིན་པའི། །གསང་བ་ལས་ཀྱང་ཆེས་གསང་བ། །གསང་ཆེན་རྒྱུད་འདི་བཀའ་སྩོལ་ཅིག །ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེགས་པར་ཉོན་ཅིག་ཁམས་གསུམ་རྒྱལ། །དབྱིངས་ལ་སྐྱེ་འགག་མི་གནས་ཀྱང་། །འོན་ཀྱང་འཁོར་བ་ལས་ཐར་ཕྱིར། །དྲི་མས་དྲི་མ་དག་བྱེད་ཅིང་། །དུག་གིས་དུག་ནི་ཞི་བར་བྱེད། །ཞེ་སྡང་དྲག་པོ་རྒྱས་པ་ལ། །ཡང་དག་དབྱེར་མེད་དོན་དང་ལྡན། །ཞེ་སྡང་རྡོ་རྗེ་རྒྱུད་འདི་ཉོན། །ཞེས་བཀའ་སྩལ་ཏོ། །དཔལ་རྡོ་རྗེ་གཞོན་ནུ་ཐུགས་རྗེ་ཁྲོས་པའི་རྒྱུད་ཀྱི་བཤད་པ་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་ཁམས་གསུམ་རྣམ་པར་རྒྱལ་བས་གསོལ་བ། བདུད་རྣམས་འདུལ་བའི་བཅོམ་ལྡན་འདས། །ཞེ་སྡང་ཅན་གྱི་གང་ཟག་རྣམས། །རྡོ་རྗེའི་རིགས་སུ་སྨིན་པའི་ཐབས། །རིམ་པ་ཇི་ལྟར་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །རྡོ་རྗེ་རིགས་ཀྱི་སྲོག་ལ་ཡང་། །འབུམ་ཕྲག་གཅིག་ཏུ་ངེས་བཟླས་པས། །ལྷ་ཡིས་ལུང་ནི་བསྟན་པ་དང་། །ས་བརྟག་དཀྱིལ་འཁོར་དྲག་པོར་སྦྱར། །རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་ནི། །གྲུ་གསུམ་


DNG020_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

གྲུ་བཞི་མཐིང་ནག་ལྡན། །མ་ཏྲཾ་བསྒྲལ་ཞིང་བདུད་རྩི་ལྔ། །དུར་ཁྲོད་རྫས་ཀྱིས་བྱུག་པར་བྱ། །ཨོཾ་པཉྩ་ཨ་མྲྀ་ཏ་མཎྜལ་ཧཱུཾ། ཨོཾ་རཀྟ་མཎྜལ་ཧཱུཾ། ཨོཾ་ན་མཿས་མནྟ་མཎྜལ་ཧཱུཾ། ཨོཾ་ཀེང་ཀ་པཱ་ལ་མཎྜལ་ཧཱུཾ། བ་ཡི་རྣམ་ལྔ་དེ་བཞིན་ཏེ། །ལྷ་ཡི་གནས་སུ་མེ་ཏོག་ནི། །ཚོམ་བུ་སྔོན་པོ་ལྷ་གྲངས་དགོད། །བདུད་རྩི་ལྔ་ཡི་ཐིག་ལེ་དགོད། །ཕུན་སུམ་ཚོགས་པ་ལྔ་ལྡན་པས། །དཀྱིལ་འཁོར་ལྷ་ལ་གསོལ་བ་གདབ། །བླ་མ་རྡོ་རྗེ་སློབ་དཔོན་གྱིས། །སློབ་མ་དག་ལ་བྱིན་གྱིས་བརླབ། །ཨོཾ་ཨཱཿཧཱུྃ་བཛྲ་སཏྭ་ཧཱུཾ། ཧཱུཾ་སྟོང་གསུམ་སྟོང་གི་འཇིག་རྟེན་ན། །འགྲོ་བ་རིགས་དྲུག་སེམས་ཅན་རྣམས། །དུག་ལྔ་ཉོན་མོངས་ཚར་གཅད་ཕྱིར། །རིགས་ལྔ་ཁྲག་འཐུང་ཉིད་དུ་བརྗོད། །ཨ། འགྲོ་བ་རིགས་ལྔར་གསལ་བ་འདི། །རྟོག་འཇོམས་ཡེ་ཤེས་ལྔ་རང་བཞིན། །ཡེ་ནས་སྐྱེ་མེད་ཆོས་སྐུ་ལ། །སྣང་བ་འཁྲུལ་པ་སྙིང་རེ་རྗེ། །བཛྲ། ཐམས་ཅད་རྡོ་རྗེའི་རང་བཞིན་ཏེ། །ཅིས་ཀྱང་མི་ཆོད་མི་ཤིགས་ཤིང་། །སྐྱེ་འགག་མེད་པ་རྡོ་རྗེའི་ངང་། །དེ་བཞིན་ཉིད་དུ་རྣམ་པར་དག །ས། དབྱིངས་ལས་ངོ་བོ་མ་གྲུབ་ཀྱང་། །སྣང་བ་ཙམ་དུ་ཁྲག་འཐུང་སྐུ། །དུག་ལྔ་རྩད་ནས་གཅད་པའི་ཕྱིར། །རིགས་ལྔའི་ཁྲོ་བོ་རྣམ་པར་དག །ཏྭ། རིགས་ལྔ་ཁྲོ་བོར་བསྒྲུབ་པ་ལ། །སྙིང་རྗེ་སེམས་ཅན་ལ་བསྐྱེད་ནས། །ཐར་པར་འདོད་པའི་བསམས་པ་ཡིས། །དམ་ཚིག་ལྔ་པོ་གཟུང་བར་བགྱི། །འདི་ཡིས་མྱུར་དུ་སྒྲོལ་བར་ངེས། །ཧཱུཾ། ཐམས་ཅད་མཁྱེན་པའི་བཅོམ་ལྡན་འདས། །རིགས་ལྔ་འདུས་པའི་ཁྲོ་རྒྱལ་གཙོ། །རྡོ་རྗེ་གཞོན་ནུ་ཁྲོས་པའི་དཔལ། །སྐལ་ལྡན་རྣམས་ཀྱིས་ཐོབ་པར་ཤོག །སློབ་དཔོན་རིགས་དྲུག་རྡོ་རྗེ་འཆང་། །ཨཱོཾ། གཙུག་ཏོར་སངས་རྒྱས་ཁྲག་འཐུང་དཔལ། །བཛྲ། ལག་གཡས་རྡོ་རྗེ་ཁྲག་འཐུང་དཔལ། །ས། ལག་གཡོན་རིན་ཆེན་ཁྲག་འཐུང་དཔལ། །ཏྭ། རྐང་གཡས་ལས་ཀྱི་ཁྲག་འཐུང་དཔལ། །ཨ། རྐང་གཡོན་པདྨ་ཁྲག་འཐུང་དཔལ། །ཧཱུཾ། ཐུགས་ཀ་གསང་བའི་དཀྱིལ་འཁོར་ཉིད། །ལུས་ཀྱི་དཀྱིལ་འཁོར་འདི་ཡིན་ནོ། །མཐོང་བས་རིགས་ལྔ་ཁྲག་འཐུང་


DNG020_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ། །བཤགས་པས་ལུས་ངག་དག་པར་བྱའོ། །ཨོཾ་ཨཱཿཧཱུཾ་བཛྲ་སཏྭ་ཧཱུཾ། ཨོཾ།ཡེ་ཤེས་ལྔ་ལྡན་བླ་མ་རྡོ་རྗེ་འཛིན། །རྡོ་རྗེ་རིགས་ཀྱི་ལྷ་ཚོགས་དགོངས་སུ་གསོལ། །ཁྲག་འཐུང་ཁྲོ་བོ་ཁྲོ་མོས་བྱིན་གྱིས་རློབས། །བདག་གི་ལུས་ཀྱིས་སྲོག་བཅད་མ་བྱིན་བླངས། །མི་ཚངས་སྤྱོད་ཅིང་ཏིང་འཛིན་སྐུ་མ་གསལ། །སྐུ་ཡི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཨ། བདག་གི་ངག་ནི་རྫུན་དང་ཕྲ་མ་དང་། །ངག་འཁྱལ་ཚིག་རྩུབ་བཟླས་བརྗོད་གྲངས་མ་འཁྱོལ། །རྡོ་རྗེའི་བཟླས་པའི་དོན་ནི་བདག་གིས་མ་རྟོགས་ཏེ། །གསུང་གི་དམ་ཚིག་ཉམས་དེ་མཐོལ་ལོ་བཤགས། །བཛྲ། བདག་གིས་སྣོད་ལྡན་སེམས་ཅན་ཐམས་ཅད་ལ། །བརྣབ་སེམས་གནོད་སེམས་ལོག་ལྟ་བསྐྱེད་པ་དང་། །ཆོས་ཉིད་ཟབ་མོའི་དོན་ནི་མ་རྟོགས་ཏེ། །ལྟ་བ་སངས་རྒྱས་ཐུགས་ཀྱི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ས། སེམས་ཅན་ཐམས་ཅད་ཡེ་ནས་སངས་རྒྱས་རྒྱུ། །མ་རྟོགས་བདག་གིས་མངན་དང་སྐྱོན་དུ་བགྲངས། །སངས་རྒྱས་ཡོན་ཏན་མཐའ་ཡས་མ་བརྗོད་ཅིང་། །ཡོན་ཏན་དམ་ཚིག་ཉམས་ཏེ་མཐོལ་ལོ་བཤགས། །ཏྭ། སངས་རྒྱས་ཕྲིན་ལས་སྣ་ཚོགས་དཔག་མེད་ཀྱིས། །སྙིང་རྗེ་ཆེན་པོས་སེམས་ཅན་དོན་མ་བྱས། །བདུད་རྩི་ལྔ་ལ་ལོངས་སྤྱོད་མ་ནུས་ཤིང་། །ཕྲིན་ལས་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཧཱུཾ། སྐྱེ་བ་རྣམ་བཞིས་བསྡུས་པའི་སེམས་ཅན་རྣམས། །ཆོས་སྐུ་རྣམ་དག་དབྱིངས་ལས་གཟུགས་སྐུ་སྣང་། །བདེ་བ་ཆེན་པོས་ཀུན་ལ་ཁྱབ་དམིགས་ཏེ། །ཡང་དག་དོན་དམ་མ་རྟོགས་མཐོལ་ལོ་བཤགས། །བླ་མ་རྡོ་རྗེ་འཛིན་མཆོད་ཅིང་། །སྐྱབས་འགྲོ་སེམས་བསྐྱེད་གཞན་དོན་དམིགས། །བླ་མ་རྡོ་རྗེ་འཛིན་སོགས་དང་། །མཁའ་འགྲོའི་ཚོགས་རྣམས་དགོངས་སུ་གསོལ། །ཨོཾ། ཆོས་སྐུ་མཁའ་འདྲ་གཟུགས་སྐུ་འཇའ་ལྟར་སྣང་། །ཨཱཿ། གསང་སྔགས་སྒྲ་བརྙན་ལྟ་བུར་སྒྲ་གྲགས་ཅིང་། །ཧཱུཾ། ཁྲོ་བོ་ཁྲོ་མོ་གདུག་པ་འདུལ། །བླ་མེད་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །ཨཱོཾ། བདག་གིས་བྱང་ཆུབ་མཆོག་གི་སེམས། །ཨཱཿ། མ་ལུས་པར་ནི་བསྐྱེད་པར་བགྱི། །བཛྲ། ངན་སོང་གསུམ་ལས་མ་གྲོལ་བ། །ལྷ་མི་


DNG020_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སུ་གྲོལ་བར་བགྱི། །ས། མ་བསྒྲལ་བ་ཡི་ལྷ་མི་རྣམས། །བྱང་ཆུབ་ས་ལ་བསྒྲལ་བར་བགྱི། །ཏྭ། དབུགས་མ་ཕྱུང་བའི་སེམས་ཅན་རྣམས། །ས་བརྒྱད་པ་ལ་དབུགས་དབྱུང་ཞིང་། །ཧཱུཾ། སེམས་ལ་མྱ་ངན་འདས་པའི་མཐའ། །རྡོ་རྗེ་འཆང་ལ་རབ་ཏུ་འགོད། །ལན་གསུམ་རྒྱུད་ལ་གནས་པར་འགྱུར། །བསྲུང་བ་སོ་ཤིང་འཁྱོར་བའི་ཆུ། །ཀུ་ཤའི་སྔས་སྟན་སྟེང་དུ་ནི། །དུར་ཁྲོད་ཞིང་ལྤགས་རྟིང་ཉལ་རྨི་ལམ་བརྟག །འགྲུབ་པའི་རྟགས་རྣམས་རབ་ཏུ་འབྱུང་། །བུམ་པ་མཐིང་ཤུན་སྔོན་པོའི་མདོག །གསང་ཞིང་དུར་ཁྲོད་རས་ཀྱིས་དཀྲིས། །ལྗོན་ཤིང་བཟང་པོས་ཁ་བརྒྱན་ཅིང་། །བདུད་རྩི་ལྔ་ཡིས་བུམ་པ་དགང་། །དབང་དང་བདུད་སེལ་བགེགས་བསལ་བའི། །བུམ་པ་གསུམ་དུ་ཡང་དག་ངེས། །རྡོ་རྗེ་གཞོན་ནུ་རིགས་ཀྱི་ལྷ། །ཡེ་ཤེས་ཁྲོ་བོ་ཐུགས་བསྐུལ་སྔགས། །ལྷ་ཡི་སྔགས་རྣམས་རབ་ཏུ་བཟླས། །ཁྲི་དང་སྟོང་གིས་དངོས་གྲུབ་འབྱུང་། །རྟགས་བྱུང་ཉི་མ་རྩེ་ཤར་ལ། །རྒྱུ་མ་རིགས་ལྔ་ཁྲག་འཐུང་དཔལ། །མི་འགྱུར་ཐིག་གིས་ལེགས་པར་བཏབ། །དུར་ཁྲོད་ཚོན་རྩི་སྣ་ལྔ་ཡིས། །དཀྱིལ་འཁོར་རྡོ་རྗེ་རིགས་སུ་ངེས། །རྫས་རྣམས་ཕུན་སུམ་ཚོགས་ལྡན་པས། །ལྷ་རྣམས་བསྒྲུབ་པ་ཚུལ་བཞིན་བྱ། །སློབ་མའི་བདུད་དང་བགེགས་བསལ་ཏེ། །ཡོན་ནི་ཁས་ནི་ལེན་དུ་གཞུག །ཧཱུཾ་ཁྲག་འཐུང་རྡོ་རྗེ་ཧེ་རུ་ཀ །བདག་གིས་བདུད་རྩི་ལྔས་མཆོད་དེ། །བདག་གིས་རབ་ཏུ་བསྒྲལ་སླད་དུ། །མི་ཕྱེད་རྡོ་རྗེ་བདག་ལ་སྩོལ། །སློབ་མས་ལན་གསུམ་ལེགས་བརྗོད་པས། །བླ་མ་རྡོ་རྗེ་སློབ་དཔོན་གྱིས། །སློབ་མ་བཟང་ལ་འདི་སྐད་བརྗོད། །ཧཱུཾ་སྐལ་ལྡན་རིག་འཛིན་རིགས་ཀྱི་བུ། །ལྷག་པའི་བསམ་པ་བཟང་པོའི་ཕྱིར། །ད་ལྟའི་དུས་ནི་སེམས་བསྐྱེད་ནས། །བུ་ཁྱོད་དགའ་བ་ཅི་ལ་དགའ། །མཚན་ལྡན་སློབ་མས་འདི་བརྗོད་དོ། །ཧཱུཾ། བདག་ནི་སྐལ་བཟང་བདེ་ཆེན་ལ། །བདེ་ཆེན་མཆོག་ལ་བདག་དགའ་སྟེ། །བླ་མེད་བྱང་ཆུབ་ཐོབ་བྱའི་ཕྱིར། །ཁྲག་འཐུང་དཔལ་ལ་བདག་དགའ་འོ། །


DNG020_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

སྐལ་ལྡན་དེ་ལ་དམ་ཚིག་དབོག །ཧཱུཾ།སངས་རྒྱས་ཀུན་གྱིས་གྲུབ་པའི་གཞི། །བླ་མེད་རྡོ་རྗེ་དམ་ཚིག་སྟེ། །དམ་པ་འདི་ནི་གཟུང་བར་བགྱི། །བླ་མ་རྡོ་རྗེ་སློབ་དཔོན་དང་། །དཀོན་མཆོག་མཁའ་འགྲོ་ཡང་དག་གཟུང་། །ཕྱག་རྒྱ་སྔགས་རྣམས་རྒྱུན་མི་གཅད། །ཡང་དག་ལམ་དུ་ཞུགས་ལ་བྱམས། །གསང་བ་ཆེན་པོ་སྨྲ་མི་བྱ། །འདི་ནི་རྩ་བ་ལྔ་རྣམས་བཟུང་། །སྒྲུབ་དང་སྲུང་བའི་དམ་ཚིག་མཆོག །ཞེ་སྡང་གཏི་མུག་ཆགས་ང་རྒྱལ། །དཀར་དམར་ལྗང་སེར་མཐིང་གའི་མདོག །དག་པའི་སྣོད་བཅུད་མི་འདོར་རོ། །ཡན་ལག་བཅུ་ཡི་དམ་ཚིག་སྟེ། །བདག་གིས་བརྟན་པར་གཟུང་བར་བགྱི། །ནམ་དུ་ཡང་ནི་མི་སྤང་ངོ་། །ལན་གསུམ་རྒྱུད་ལ་གནས་པར་འགྱུར། །རྡོ་རྗེ་དམ་ཚིག་མནའ་བསྒག་སྟེ། །ཨོཾ་བཛྲ་ས་མ་ཡ་ཧཱུཾ་ཧྲཱྀ་ཐཱ། མེ་ཏོག་སྔོན་པོ་སྣ་ཚོགས་གཏད། །ཧཱུཾ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་འདིར། །རྡོ་རྗེ་རིགས་ཀྱི་མེ་ཏོག་དོར་ནས་ཀྱང་། །ཁྲག་འཐུང་རྡོ་རྗེ་རིགས་ཀྱི་ལྷ་ཚོགས་ཀྱིས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་རབ་འབྱམས་རྣམས། །སྐལ་ལྡན་རིག་འཛིན་བདག་ལ་སྩལ་དུ་གསོལ། །བདག་ནི་རྡོ་རྗེའི་རིགས་སུ་གཟུང་དུ་གསོལ། །ཨོཾ་བོ་དྷི་ཙིཏྟ་པཱུ་ཙ་ཧོ། བླ་མ་རྡོ་རྗེ་སློབ་དཔོན་གྱིས། །ལྷ་ངོ་བསྟན་ཅིང་ཅོད་པན་སྦྱིན། །དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །བྱང་ཆུབ་རྡོ་རྗེའི་ལམ་ནས་དྲངས་ནས་ཀྱང་། །ཁྲག་འཐུང་རྡོ་རྗེ་རིགས་ཀྱི་ལྷ་ཚོགས་ཀྱི། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་རབ་འབྱམས་རྣམས། །སྐལ་ལྡན་རིག་འཛིན་ཁྱོད་ལ་སྦྱིན་པར་བྱ། །དྲག་པོའི་ལྷ་ཚོགས་ཁྱེད་ཀྱིས་བལྟ་བར་བྱོས། །པུཥ྇་ཨཱ་ཝེ་ཤ་ཡ་ཨ་ཨ། གང་གིས་སློབ་མར་དབང་བསྐུར་ཕྱིར། །བུམ་པ་རྡོ་རྗེ་དྲིལ་བུ་དང་། །ཐོད་པ་རྡོ་རྗེ་མིང་དུ་གྲགས། །ཕུར་པ་ཁྲོ་བཅུ་དཔའ་བོའི་ཚུལ། །གསང་སྔགས་འཆི་མེད་འདོད་ཡོན་ཆེ། །ཨོཾ་བོ་དྷི་ཙིཏྟ་ས་མ་ཡ་སྟྭཾ། ཨ་བྷི་ཥིཉྩ་ཨཱ། ནུས་པ་སྐྱེད་པར་བྱེད་པ་ཡིས། །རྡོ་རྗེ་ནང་གི་དབང་ལྔ་སྟེ། །ཐོས་བསྒོམ་སྨྲ་བྱེད་ཕྲིན་ལས་དབང་། །རྡོ་རྗེ་སློབ་དཔོན་དཔའ་བོ་ཆེ། །ཡབ་ཡུམ་བདེ་བ་སྦྱོར་བའི་སྒྲས། །


DNG020_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་སེམས་དཀར་དམར་ཐིག་ལེའི་དབང་། །ས། ཉན་བྱེད་རྣ་བའི་གཞལ་ཡས་སུ། །གསལ་བ་རིན་ཆེན་ངོ་བོ་ཉིད། །ས་ཡི་ཕྱག་རྒྱའི་ཚོགས་མཆོག་ལས། །རིན་ཆེན་ཁྲག་འཐུང་གསལ་སྤྲོ་བསྡིམ། །ས། དབང་དེ་བསྐུར་ཞིང་སྨིན་པ་ཡིས། །གསང་བའི་གསང་མཆོག་དམ་པ་ལས། །གསང་བ་གཞལ་ཡས་བསྙེན་པར་བྱ། །གསང་བའི་དོན་ཉིད་རྟོགས་པར་བྱ། །གསང་བ་གཞན་དུ་སྨྲ་མི་བྱ། །བཛྲ།བསམ་བྱེད་སྙིང་གི་གཞལ་ཡས་སུ། །གསང་བ་རྡོ་རྗེའི་ངོ་བོ་ཉིད། །ཡི་གེ་ཕྲེང་བའི་ཚོགས་མཆོག་ལས། །རྡོ་རྗེ་ཁྲག་འཐུང་གསལ་སྤྲོ་བསྡིམ། །བཛྲ། དུས་གསུམ་རྒྱལ་བའི་སྲས་ཆེན་པོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་གདན། །རྒྱལ་བ་ཐམས་ཅད་མཉེས་མཆོད་ལ། །རྒྱལ་བ་ཀུན་དང་མཉམ་པར་སྦྱོར། །ཏྭ། ལག་མཐིལ་གཉིས་ཀྱི་གཞལ་ཡས་སུ། །གསལ་བའི་རྒྱ་གྲམ་ངོ་བོ་ཉིད། །ཏྭ་ཡི་ཕྱག་རྒྱའི་ཚོགས་མཆོག་ལས། །ལས་ཀྱི་ཁྲག་འཐུང་གསལ་འཕྲོ་བསྡིམ། །ཏྭ། ཁྱོད་ནི་རྡོ་རྗེ་ལས་ཡིན་པས། །ལས་རྣམས་མ་ལུས་ཀུན་གྱིས་ཤིག །ཕོ་ཉ་འདུ་འཕྲོ་མང་པོ་ཀུན། །ཁྱོད་ཀྱི་དགོངས་པ་བྱེད་པར་འགྱུར། །ཨ། སྨྲ་བྱེད་ལྕེ་ཡི་གཞལ་ཡས་སུ། །གསལ་བ་ཨ་ཡི་ངོ་བོ་ཉིད། །ཨ་ཡི་ཕྱག་རྒྱའི་ཚོགས་མཆོག་ལས། །པདྨ་ཁྲག་འཐུང་གསལ་སྤྲོ་བསྡིམ། །ཨ། ཆོས་ཀྱི་བདུད་རྩི་བླ་ན་མེད། །དད་ལྡན་སྐྱེས་བུ་ངོམས་པར་བྱེད། །རབ་འབྲིང་ཐ་མའི་བློ་ཅན་ལ། །འཐུང་བར་གསང་བསྒྲག་གཞན་དུ་མིན། །ཨོཾ། བསྐྱོད་ཆེན་ཡན་ལག་གཞལ་ཡས་སུ། །གསལ་བ་ཨོཾ་གྱི་ངོ་བོ་ཉིད། །ཨོཾ་ཨཱཿབཛྲ་སཏྭ་ཧཱུཾ་ལས། །རིགས་ལྔ་ཁྲག་འཐུང་ལྔ་རུ་གསལ། །ཨོཾ། ཕྱོགས་བཅུ་དུས་གསུམ་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཆེ། །དཀྱིལ་འཁོར་ཀུན་གྱི་སྦྱིན་པ་སྤྱོད། །དཀྱིལ་འཁོར་ཀུན་གྱི་མངའ་བདག་འགྱུར། །ཨོཾ། སློབ་མའི་ལུས་ནི་དག་ཅིང་སྨིན། །རྡོ་རྗེའི་ལུས་ནི་རྣམ་པར་དག །དེ་ནི་བུམ་པའི་དབང་ཡིན་ཏེ། །ལྷ་ཡི་སྐུ་ནི་རྣམ་དག་དཔའ། །མྱུར་དུ་ཐོབ་སྟེ་ཐེ་ཚོམ་མེད། །རྡོ་རྗེ་ཐེག་ལ་མོས་པ་ཡི། །བུ་མོ་མཚན་བཟང་ལྡན་པ་


DNG020_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

བཙལ། །ཐབས་ནི་རྡོ་རྗེ་གཞོན་ནུ་སྟེ། །དེ་ཉིད་ཤེས་རབ་བདེ་བའི་ཡུམ། །རྡོ་རྗེའི་ལམ་ནས་པདྨོར་འཁྱིལ། །བདེ་བ་ཐུགས་ཀྱི་ཐིག་ལེ་སྤྲོ། །ཨོཾ་ཨ་ནུ་རཱ་ག་པཱུ་ཙ་ཧོ། ཟག་མེད་ཉི་ཟླའི་སྙིང་པོ་དེ། །སློབ་མའི་ངག་ལ་ཡང་དག་སྦྱིན། །ཀཱ་ཡ་སིདྡྷི་ཨོཾ། ཝཱཀྐ་སིདྡྷི་ཨཱ། ཙིཏྟ་སིདྡྷི་ཧཱུཾ། ཨོཾ་ཨཱཿཧཱུཾ་མ་ཧཱ་སུ་ཁ་ཧོ། ཧཱུཾ་བདེ་ཆེན་ཐིག་ལེ་ཡབ་ཡུམ་བཅུད། །རྡོ་རྗེའི་ལམ་ནས་པདྨོར་འཁྱིལ། །བུ་ཡི་ལྕེ་ལ་དབབ་པར་བྱ། །སྙིང་གི་དཀྱིལ་དུ་གཟུང་བར་གྱིས། །ཨཱོཾ་བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཨ། གསང་བ་བྱང་སེམས་རྡོ་རྗེའི་ངག །རྡོ་རྗེ་གསུམ་གྱིས་རྣམ་པར་དག །རྡོ་རྗེ་གཞོན་ནུ་ཁྲག་འཐུང་དཔལ། །ཤེས་རབ་བཅུ་དྲུག་ལོན་པ་ཡི། །བུ་མོ་མཚན་དང་ལྡན་པ་ལ། །གར་དང་ལྡན་པས་ཡང་དག་སྤྱོད། །བདེ་ཆེན་སྒྱུ་མའི་བརྡ་མཚོན་ཏེ། །གཉིས་ཤོར་གཉིས་མཉམ་དབུས་དག་ཏུ། །དབྱིངས་ཀྱི་བདེ་ཆེན་བྱུང་བ་སྟེ། །རང་རིག་ཡེ་ཤེས་དེ་ལ་ཡོད། །ཧཱུཾ་བདེ་བ་ཐུགས་ཀྱི་སེམས་དཔའ་ཆེ། །ཡབ་ཡུམ་གཉིས་མེད་མུ་ཏིག་གི། །ཁུ་འཕང་བྱང་སེམས་ཕབ་པ་ཡི། །དུས་གསུམ་བླ་མ་སངས་རྒྱས་དང་། །མཁའ་འགྲོའི་ཚོགས་ལ་བདེ་ཆེན་གྱིས། །བྱང་ཆུབ་སེམས་ཀྱི་མཆོད་པ་ཕུལ། །རྡོ་རྗེ་བདེ་ཆེན་ཐིག་ལེ་དབྱིངས། །ཟག་མེད་དབྱིངས་སུ་མི་རྟོག་སྐྱེ། །དེ་བས་བློ་མཆོག་ལོངས་སྤྱོད་ཅིག །ཧཱུཾ་ཡབ་ཆེན་ཆོས་ཀྱི་དབྱིངས་མཐོང་བའི། །པདྨ་དག་ལ་འོ་བྱེད་དམ། །དེ་ལས་བྱང་ཆུབ་སེམས་འཁྱིལ་པའི། །ཟག་མེད་བདེ་བ་ལོངས་སྤྱོད་དམ། །ཨེ་མ་ཧོ། ཤེས་རབ་ལྷ་མོ་ཡུམ་ཆེན་མོ། །ཆོས་ཀྱི་དབྱིངས་འཐོབ་འོ་བྱེད་དམ། །བྱང་ཆུབ་སེམས་མཐོང་ཐིག་ལེ་ལ། །རྟག་ཏུ་གུས་ཤིང་བདེ་བར་སྦྱོར། །ཧོ། ཨཱོཾ་ཨ་བཛྲ་སཏྭ་ཧཱུཾ། དེ་ཡིས་ཤེས་རབ་ཡེ་ཤེས་ཀྱི། །དབང་གི་རྡོ་རྗེ་ཐུགས་ཉིད་བདག །རྡོ་རྗེ་སེམས་དཔའི་བྱིན་རླབས་ཀྱིས། །སེམས་ཉིད་མཁའ་དང་མཚུངས་པར་མཐོང་། །ཆོས་སྐུ་མངོན་གསུམ་མཐོང་བའི་ཚེ། །མཆོག་གི་དབང་དུ་དེ་ཉིད་ངེས། །རྡུལ་ཚོན་


DNG020_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་དང་བྱང་ཆུབ་སེམས། །དེ་བཞིན་ཉིད་ཀྱི་དཀྱིལ་འཁོར་མཆོག །བརྟེན་ནས་དབང་རྣམས་ཡང་དག་བསྐུར། །བུམ་པ་གསང་བ་ཤེས་རབ་དབང་། །བཞི་པ་མཆོག་གི་དབང་ཆེན་ཡིན། །བླ་མ་མཉེས་པར་མ་བྱས་ཤིང་། །དབང་གིས་སྨིན་པར་མ་བྱས་ན། །ཐོས་བསམ་བསྒོམ་པ་དོན་མེད་འགྱུར། །དེ་བས་དབང་བསྐུར་མཆོག་ཐོབ་ཀྱིས། །བླ་མ་མཉེས་པས་དོན་འགྲུབ་འབྱུང་། །དམ་ཚིག་ཉམས་པར་གྱུར་པ་ན། །བླ་མ་མཉེས་པར་བྱས་པས་སྐོངས། །གོང་བཞིན་དམ་ཚིག་བསྲུང་བ་དག །དམ་ཚིག་དང་པོ་ཡིན་པར་བརྗོད། །བདུད་རྩི་ལྔ་ལ་ལོངས་སྤྱོད་ཅིང་། །དེ་བཞིན་བུམ་བུ་གའི་ཡང་པའི་སྙིང་པོ་གཞིབ། །དམ་ཚིག་གཉིས་པ་ཡིན་པར་ངེས། །ཤེས་རབ་རང་བཞིན་བུད་མེད་ལ། །རིགས་ལྔའི་མཁའ་འགྲོ་ཉིད་དུ་བརྟག །མདོག་དང་སྤྱོད་པ་རི་མོ་དང་། །དྲི་དང་པདྨ་ཡོངས་བརྟགས་ལ། །གུས་པས་བསྟེན་ཅིང་བརྩེ་བར་བྱ། །དམ་ཚིག་གསུམ་པ་ཡིན་པར་ངེས། །ཏིང་འཛིན་གསུམ་ལྡན་ངེས་པ་ཡིས། །སེམས་ཅན་སངས་རྒྱས་དབྱེར་མེད་ཀྱང་། །ནམ་མཁའི་མཐའ་དང་མཉམ་པར་དམིགས། །ནམ་ཡང་འབྲལ་བར་མི་བྱེད་པ། །དམ་ཚིག་བཞི་པ་ཡིན་པར་བཤད། །བཛྲ། གསང་གསུམ་དམ་ཚིག་ལས་བྱུང་བ། །ཡབ་ཡུམ་གཉིས་མེད་བདེ་ཆེན་ལས། །བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་འདིས། །རྡོ་རྗེ་རིགས་ཀྱི་དབང་བསྐུར་རོ། །ཨོཾ་བོ་དྷི་ཙིཏྟ་ཨཱ་དཪྴ་ཛྙཱ་ན་བཛྲ་ཨ་བྷི་ཥིཉྩ་མཱཾ། སྭཱ། སངས་རྒྱས་ཀུན་གྱི་རྒྱལ་སྲིད་ཆེ། །ཐོད་པ་ལྔ་ཡིས་དབང་བསྐུར་བས། །རིན་ཆེན་རིགས་ཀྱི་དབང་བསྐུར་མཆོག །རིན་ཆེན་ཁྲག་འཐུང་བརྟན་གྱུར་ཅིག །ས་མནྟ་རཏྣ་བཛྲ་ཨ་བྷི་ཥིཉྩ་མཱཾ། ཨ། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་། །རྡོ་རྗེ་གསུང་གིས་དོན་མཛད་པ། །པདྨ་ཁྲག་འཐུང་རྡོ་རྗེ་དཔལ། །རྡོ་རྗེ་ཆོས་ཀྱི་དབང་བསྐུར་རོ། །བཛྲ་ཨ་བྷི་ཥིཉྩ་མཱཾ། པྲ་ཏྱ་བེཀྵ་ཎ་ཛྙཱ་ན་ཨ་བྷི་ཥིཉྩ་མཱཾ། ཏྭ། མཁའ་འགྲོ་ཀུན་གྱི་དྲིལ་བུའི་དབང་། །རྟོག་མེད་ཆོས་ཀྱི་སྒྲ་འབྱིན་ཞིང་། །ལས་ཀྱི་ཁྲག་འཐུང་ཕྲིན་ལས་བདག །ཤེས་རབ་དྲིལ་བུའི་དབང་བསྐུར་རོ། །


DNG020_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

ཏིཥྛ་ཨ་ནུཥྛ་ན་བཛྲ་ཨ་བྷི་ཥིཉྩ་མཱཾ། ཨཱོཾ། རྡོ་རྗེ་མིང་གི་ཆོས་ཉིད་དེ། །ཅིས་ཀྱང་མི་ཚུགས་མི་ཤིགས་ཏེ། །སངས་རྒྱས་ཁྲག་འཐུང་ངོ་བོ་ཉིད། །རྡོ་རྗེ་མིང་དུ་དབང་བསྐུར་རོ། །དྷརྨ་དྷཱ་ཏུ་བི་ཤོ་དྷ། བཛྲ་ཨ་བྷི་ཥིཉྩ་མཱཾ། ཐམས་ཅད་འདུས་པའི་ཡེ་ཤེས་ལ། །དྲུག་པ་རྡོ་རྗེ་གཞོན་ནུའི་སྐུ། །ཟླ་བ་དྲུག་གིས་ངེས་པར་འགྲུབ། །ལྷ་ཀླུ་ཐམས་ཅད་དབང་སྡུད་ཅིང་། །མཁའ་འགྲོའི་གནས་སུ་མྱུར་དུ་འགྲོ། །དཔལ་རྡོ་རྗེ་གཞོན་ནུ་ཐུགས་རྗེ་ཁྲོས་པ་རྩ་བའི་རྒྱུད་ཀྱི་བཤད་པ་ལས། དབང་གི་ལེའུ་སྟེ་གཉིས་པའོ།། །།དེ་ནས་རྣམ་རྒྱལ་ཁྲོ་བོ་ཡིས། །བཅོམ་ལྡན་འདས་ལ་འདི་སྐད་གསོལ། །ཨེ་མ་ཧོ་བཅོམ་ལྡན་ཁྲོ་བོའི་གཙོ། །སེམས་ཀྱི་ཞེ་སྡང་འདུལ་བའི་ཕྱིར། །རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་རྫས། །ལྷ་ཡི་དེ་ཉིད་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །གནས་དང་དཀྱིལ་འཁོར་ཕུར་པ་དང་། །ལྷ་ཡི་སྐུ་མདོག་ཕྱག་མཚན་རྣམས། །ང་ཡིས་བཤད་ཀྱིས་ལེགས་པར་ཉོན། །རྡོ་རྗེ་རིགས་ཀྱི་སྒྲུབ་པའི་གནས། །དུར་ཁྲོད་ཆེན་པོ་རབ་འཇིགས་དང་། །རི་དང་བྲག་དང་ས་ཡི་དབྱིབས། །རིགས་ཀྱི་མཚན་མར་ངེས་པ་དང་། །ཉམས་དགའ་བ་ཡི་ས་ཕྱོགས་སུ། །གནག་ཅིང་ཆེར་རྩུབ་ས་བཙལ་ལ། །རྡོ་རྗེའི་དཀྱིལ་འཁོར་གྲུ་གསུམ་པ། །གྲུ་བཞི་མཉམ་ཞིང་འཐས་པར་བཞག །འབྱུང་ཆེན་རབ་འཇིགས་རཱུ་ཏྲ་བསྒྲལ། །དུར་ཁྲོད་དཀྱིལ་འཁོར་གཞི་ཡིན་ནོ། །རྡོ་རྗེ་ཐོད་པ་མཚན་ལྡན་ལ། །ཐིག་གདབ་དུར་ཁྲོད་ཚོན་གྱིས་བྲི། །ལྕགས་སམ་སེང་ལྡེང་རྩུབ་པའི་ཤིང་། །དྲག་པོའི་ཕུར་པ་སོར་བརྒྱད་པ། །ཡེ་ཤེས་ལྔ་ཡི་བསྙེན་པ་བརྩམ། །དུར་ཁྲོད་ཐིག་ཚོན་རབ་ལྡན་པས། །འཁོར་ལོ་རྩིབས་བརྒྱད་རབ་བྲིས་ཏེ། །ཕུར་པའི་དབྱིབས་ལ་ཁྲོ་བོར་རྫོགས། །ཏིང་འཛིན་རྫོགས་པའི་བསྙེན་པ་བརྩམ། །གྲུ་གསུམ་ཤེལ་གྱི་དཀྱིལ་འཁོར་ནི། །ཉི་ཤུ་རྩ་གཅིག་རབ་ཏུ་བྲི། །ཕུར་པ་ལྷ་ཡི་བསྒྲུབ་པ་བརྩམ། །དུར་ཁྲོད་ཐིག་ཚོན་རབ་ལྡན་པས། །དྲག་པོའི་དཀྱིལ་འཁོར་གྲུ་གསུམ་ནི། །དྲག་པོའི་ཕུར་པས་ལས་ལ་སྦྱར། །དཀྱིལ་འཁོར་བཞི་ཡིས་ལས་


DNG020_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་འགྲུབ། །རྡོ་རྗེ་ཕུར་པའི་བསམ་གཏན་གནས། །ཁམས་གསུམ་སེམས་ཅན་བསྒྲལ་གྱུར་ན། །བསད་པ་འདི་ཡིས་མཆོག་ཐོབ་ཅིང་། །རྡོ་རྗེའི་རིགས་སུ་མངོན་འཚང་རྒྱ། །ཏིང་འཛིན་དཀྱིལ་འཁོར་རྒྱུ་ཉིད་ཀྱིས། །མཛེས་ཤིང་འཇིགས་པར་རབ་ཏུ་གནས། །ཕྱི་ནི་རིན་ཆེན་ལྔ་ལས་གྲུབ། །དབུས་སུ་ནོར་བུ་བཻ་ཌཱུརྱ། །ཤར་ནི་ཤེལ་ཡིན་ལྷོ་ནི་གསེར། །ནུབ་ནི་པདྨ་རཱ་ག་ལ། །བྱང་ནི་ཨིནྡྲ་ནཱི་ལར་གནས། །རིན་ཆེན་ལྔ་ཡི་རྩིག་པས་མཛེས། །འདོད་ཡོན་ལྷ་མོ་རིན་ཆེན་བདག །མེ་ཏོག་ཕྲེང་བ་མུ་ཏིག་ཧར། །ཏྭ་ར་ཎ་ཞིང་འཁོར་ལོ་གདུགས། །བ་དན་ལ་སོགས་རབ་ཏུ་མཛེས། །ཏོག་ནི་རྡོ་རྗེ་རྩེ་དགུ་པའོ། །ནང་ནི་དུར་ཁྲོད་གཞལ་ཡས་ཁང་། །ཀླུ་ཆེན་བརྒྱད་ཀྱི་ཀ་བ་ལ། །ཉི་མ་ཟླ་བ་ལྷ་ཡི་བུས། །ཀ་གདན་ཀ་གཞུ་མཛེས་པར་གནས། །ལྷ་ཆེན་བརྒྱད་ཀྱི་གདུང་ལ་ནི། །ཟླ་བའི་སྐར་ཁུང་ཡང་དག་གནས། །གཟའ་ཆེན་བརྒྱད་ཀྱི་ཕྱམ་ལ་ནི། །ཉི་མའི་མཐོངས་ཁུང་བཅུ་ཡིས་མཛེས། །ཉི་ཤུ་རྩ་བརྒྱད་རྒྱུ་སྐར་གྱིས། །གྲལ་མ་རྣམས་སུ་རབ་ཏུ་མཛེས། །ཐོད་པ་སྐམ་རློན་ར་རི་ཡིས། །ཕྱོགས་བཞིར་རྩིགས་པ་རབ་ཏུ་བྱས། །འབྱུང་པོ་བསྣོལ་བའི་མ་ཐེམས་བྱས། །ཆུ་སྲིན་ཡ་ཐེམས་ཉིད་དུ་གནས། །རོ་རློན་ལ་སོགས་སྐྱེས་བུ་ལ། །རིགས་བཞི་ཀླུ་ཡིས་སྒོ་བཞི་མཛེས། །དབུས་ཀྱི་གྲུ་གསུམ་མཐིང་ནག་ལ། །ཟླ་གམ་དམར་པོ་གསུམ་དང་ལྡན། །འཁོར་ལོ་རྩིབས་བརྒྱད་ནག་པོར་གནས། །དུར་ཁྲོད་བརྒྱད་དུ་གནས་པ་སྟེ། །མཚོ་དང་ཀླུ་དང་སྤྲིན་དང་ནི། །ཞིང་སྐྱོང་ཕྱོགས་སྐྱོང་མཆོད་རྟེན་དང་། །བྲག་དང་མེ་ཡི་རྣམ་པར་གནས། །རོ་ནི་རློན་པས་ར་རི་དང་། །ཀེང་རུས་བམ་རུལ་རྣམ་པར་འཐོར། །བྱ་གཅན་འཇིགས་པའི་མ་མོ་དང་། །སྲིད་པའི་མཁའ་འགྲོ་མང་པོ་གནས། །གཞལ་ཡས་མཛེས་ཤིང་འཇིགས་པ་དེར། །ལྷ་ནི་བརྒྱད་དང་ཉི་ཤུ་གཉིས། །དབུས་སུ་དྲུག་པ་རྡོ་རྗེ་འཛིན། །རཱུ་ཏྲ་བསྣོལ་བའི་གདན་སྟེངས་ན། །པདྨ་ཉི་ཟླ་བདུད་བཞི་མནན། །དཔལ་ཆེན་རྡོ་རྗེ་གཞོན་ནུ་ནི། །སྒེག་པ་དཔའ་བ་གར་དགུ་པ། །རབ་འཇིགས་མེ་དཔུང་དཀྱིལ་ན་བཞུགས། །ཞལ་


DNG020_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་ལ་ཕྱག་དྲུག་མཛེས། །ཞབས་གཉིས་གྱད་ཀྱི་དོར་ཐབས་བགྲད། །ཞབས་གཉིས་བརྐྱང་བསྐུམ་ཚུལ་དུ་བཞུགས། །སྐྲ་བརྫེས་བཞད་ཁྲོ་གཤེ་བའི་ཞལ། །སྤྱན་དམར་སྨིན་མ་སྨ་ར་སེར། །ཁྲོ་གཉེར་ཆུ་ཡི་རླབས་བཞིན་འཁྲུགས། །ཕྱག་དྲུག་གཡས་ཀྱི་དང་པོ་ཡིས། །གསེར་གྱི་རྡོ་རྗེ་རྩེ་དགུ་བསྣམས། །བར་པ་རྡོ་རྗེ་རྩེ་ལྔ་བསྣམས། །གཡོན་གྱི་དང་པོ་མེ་དཔུང་བསྣམས། །བར་པ་ཁ་ཊྭཱཾ་རྩེ་གསུམ་བསྣམས། །མཐའ་གཉིས་རི་རབ་ཕུར་པ་འདྲིལ། །མཐིང་ནག་སྐུ་ལ་དུར་ཁྲོད་བརྒྱན། །རིགས་ལྔ་ཐོད་པ་ལྔ་ཡིས་བརྒྱན། །ཀླུ་ཆེན་བརྒྱད་དང་ཐོད་པས་བརྒྱན། །འཁོར་ལོ་རྒྱས་འདེབས་བདེ་བའི་ཡུམ། །ཞལ་གཅིག་ཕྱག་གཉིས་བདེ་བའི་སྐུ། །སྦྲུལ་དང་ཐོད་པ་གཟིག་གིས་བརྒྱན། །དྲིལ་བུ་ཐོད་ཁྲག་ཕྱག་ན་བསྣམས། །ཨེ་ཀ་ཙ་རྟི་སྒྲོལ་བའི་ཡུམ། །གྲི་གུག་ཐོད་ཁྲག་ཁམས་གསུམ་སྒྲོལ། །རེས་འགའ་ཁ་ཊྭཱཾ་རྩེ་གསུམ་བསྣམས། །གཡེར་ཁ་དྲིལ་བུ་ཉིད་ལ་ཡང་། །རྟོག་མེད་ཆོས་ཀྱི་སྒྲ་འབྱིན་མ། །མ་མོ་བཅུ་དྲུག་ཕོ་ཉར་འགྱེད། །ཡབ་ཡུམ་གཉིས་མེད་སྦྱོར་བའི་སྲས། །སྟོད་ནི་གཙོ་བོ་ཡབ་འདྲ་ལ། །སྨད་ནི་ཆུ་སྲིན་ཕུར་བུའི་དཔལ། །རྡོ་རྗེ་ཕུར་པས་དགྲ་བགེགས་སྒྲོལ། །དེ་ནས་ཕྱོགས་སྐྱོང་ཚར་བཅད་ཕྱིར། །འོད་ཀྱི་གོང་བུ་སྒོ་ང་བཅུ། །ཡབ་ཡུམ་ཕྲ་ཐབས་ཉི་ཤུར་བཅས། །སྟེང་འོག་ཉི་ཟླའི་གདན་སྟེངས་སུ། །རྡོ་རྗེ་ཁྲོ་བོ་ཧཱུཾ་མཛད་དང་། །ཡུམ་ཆེན་རྡོ་རྗེ་སྒྲ་འབྱིན་མ། །སྤྲུལ་པ་གཡག་དང་སྨིག་བུའི་མགོ། །ཤར་ཕྱོགས་དྲི་ཟའི་གདན་སྟེངས་སུ། །ཁྲོ་བོ་རྡོ་རྗེ་རྣམ་པར་རྒྱལ། །ཡུམ་ཆེན་རྡོ་རྗེ་སྙེམས་མ་དང་། །སྤྲུལ་པ་སྟག་དང་བྱ་རྒོད་མགོ། །ཤར་ལྷོ་མེ་ལྷའི་གདན་སྟེངས་སུ། །ཁྲོ་བོ་རྡོ་རྗེ་དབྱུག་སྔོན་ཅན། །ཡུམ་ཆེན་རྡོ་རྗེ་སྡེར་མོ་དང་། །སྤྲུལ་པ་གཡག་དང་བྱ་རོག་མགོ། །ལྷོ་ཕྱོགས་གཤིན་རྗེའི་གདན་སྟེངས་སུ། །ཁྲོ་བོ་རྡོ་རྗེ་གཤིན་རྗེའི་གཤེད། །ཡུམ་ཆེན་དུར་ཁྲོད་བདག་མོ་དང་། །སྤྲུལ་པ་ཤ་བ་འུག་པའི་མགོ། །ལྷོ་ནུབ་སྲིན་པོའི་གདན་


DNG020_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

སྟེངས་སུ། །ཁྲོ་བོ་ཆེན་པོ་མི་གཡོ་མགོན། །ཡུམ་ཆེན་རྡོ་རྗེ་གཏུན་ཁུང་མ། །སྤྲུལ་པ་གཟིག་དང་ཁྭ་ཏའི་མགོ། །ནུབ་ཕྱོགས་ཀླུ་ཡི་གདན་སྟེངས་སུ། །ཁྲོ་བོ་ཆེན་པོ་རྟ་མགྲིན་རྒྱལ། །ཡུམ་ཆེན་རྡོ་རྗེ་གཏུམ་མོ་དང་། །སྤྲུལ་པ་བྱི་ལ་པུ་ཤུད་མགོ། །ནུབ་བྱང་རླུང་ལྷའི་གདན་སྟེངས་སུ། །ཁྲོ་བོ་ཆེན་པོ་གཞན་མི་ཐུབ། །ཡུམ་ཆེན་རྡོ་རྗེ་མདའ་སྙེམས་མ། །སྤྲུལ་པ་སྤྱང་ཀི་ཁྲ་ཡི་མགོ། །བྱང་ཕྱོགས་གནོད་སྦྱིན་གདན་སྟེངས་སུ། །ཁྲོ་བོ་རྡོ་རྗེ་བདུད་རྩི་འཁྱིལ། །ཡུམ་ཆེན་རྡོ་རྗེ་རླུང་འབྱིན་མ། །སྤྲུལ་པ་ཕ་ཝང་སེང་གེའི་མགོ། །བྱང་ཤར་འབྱུང་པོའི་གདན་སྟེངས་སུ། །ཁྲོ་བོ་རྡོ་རྗེ་ཁམས་གསུམ་རྒྱལ། །ཡུམ་ཆེན་རྡོ་རྗེ་གསོད་མ་དང་། །སྤྲུལ་པ་དོམ་དང་སྲེ་མོ་མགོ། །འོག་ཕྱོགས་ས་བདག་གདན་སྟེངས་སུ། །ཁྲོ་བོ་རྡོ་རྗེ་སྟོབས་པོ་ཆེ། །ཡུམ་ཆེན་རྡོ་རྗེ་བསྐྱོད་མ་དང་། །སྤྲུལ་པ་དྲེད་དང་བྱི་ལའི་མགོ། །ལྷ་ནི་བཞི་བཅུ་གཉིས་རྣམས་ཀྱང་། །ཞལ་གཅིག་ཕྱག་གཉིས་མདོག་ནག་གཟུགས། །སྟག་དང་གཟིག་གི་ཤམ་ཐབས་ཅན། །མཆེ་བ་ཅན་དང་གཤོག་པ་ཅན། །ཕྲ་མེན་མགོ་བརྙན་ཉི་ཤུ་ནི། །སྦྲུལ་དང་ཐོད་པས་རབ་ཏུ་བརྒྱན། །ཕུར་པ་ལྕགས་ཀྱུ་ཕྱག་ན་བསྣམས། །སྐྲ་བརྫེས་སྤྱན་དམར་མཆེ་བ་གཙིགས། །དུས་མཐའི་འོད་ཟེར་འཕྲོ་བས་འཁྲུགས། །དྲོད་གཤེར་ལས་སྐྱེས་སྒོ་མ་བཞི། །ཤར་ཕྱོགས་དྲི་ཟའི་གདན་སྟེངས་སུ། །སྐྱེ་ཀའི་མགོ་ཅན་ལྕགས་ཀྱུ་མ། །ལྷོ་ཕྱོགས་གྲུལ་བུམ་གདན་སྟེངས་སུ། །པུ་ཤུད་མགོ་ཅན་ཞགས་པ་མ། །ནུབ་ཕྱོགས་ཆུ་བདག་གདན་སྟེངས་སུ། །སྲིན་བྱའི་མགོ་ཅན་ལྕགས་སྒྲོག་མ། །བྱང་ཕྱོགས་གནོད་སྦྱིན་གདན་སྟེངས་སུ། །ཁྲ་ཡི་མགོ་ཅན་དྲིལ་བུ་མ། །འདི་བཞི་ཞལ་གཅིག་ཕྱག་གཉིས་མ། །དཀར་སེར་དམར་དང་ལྗང་བའི་མགོ། །གཟིག་དང་ཐོད་སྦྲུལ་རྒྱན་དུ་བྱས། །བསྐུམ་ཞིང་བརྐྱང་བའི་ཞབས་ཀྱིས་གནས། །ཕྱག་གཡོན་ཕུར་པ་འདེབས་པར་མཛད། །མེ་དཔུང་དཀྱིལ་ན་ཁྲོ་ཚུལ་བཞུགས། །ལྷ་ནི་བརྒྱད་དང་བཞི་བཅུ་རྣམས། །དྲག་པོའི་ཚུལ་གྱིས་ཞེ་སྡང་འཇོམས། །


DNG020_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཡིས་ལུས་ངག་སེམས་སྦྱངས་ཏེ། །བདུད་ཀྱིས་འཚེ་བ་ཞི་བ་དང་། །ཚེ་འདི་ཉིད་ལ་བུཌྜྷར་འགྱུར། །དཔལ་རྡོ་རྗེ་གཞོན་ནུ་ཐུགས་རྗེ་ཁྲོས་པ་རྩ་བའི་རྒྱུད་ཀྱི་བཤད་པ་ལས། དཀྱིལ་འཁོར་ལྷའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་རྣམ་རྒྱལ་ཁྲོ་བོ་ཡིས། །བཅོམ་ལྡན་འདས་ལ་འདི་སྐད་གསོལ། །ཨེ་མ་ཧོ་བཅོམ་ལྡན་རིག་པའི་གཙོ། །དུག་ལྔ་རྩད་ནས་བཅད་པའི་ཕྱིར། །རྡོ་རྗེ་ཁྲག་འཐུང་ཁྲོ་ཚོགས་ཀྱི། །མངོན་རྟོགས་རིམ་པ་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དུག་འཇོམས་ཡེ་ཤེས་ལྔ་ལྡན་འདི། །ང་ཡིས་བཤད་ཀྱིས་ལེགས་པར་ཉོན། །དང་པོ་བདུད་བཞི་ལོག་འདྲེན་ཚོགས། །ཚར་གཅད་བསྲུང་བ་རབ་ཏུ་བྱ། །སེམས་བསྐྱེད་གཞན་ལ་རབ་དམིགས་ལ། །ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ནམ་མཁའ་རྡོ་རྗེ་ཏིང་འཛིན་གནས། །རྫུས་སྐྱེས་གཙོ་འཁོར་ཁྲོ་བོ་ནི། །སྐད་ཅིག་ཙམ་ལ་རབ་ཏུ་གསལ། །སྒྲ་ཡི་རྐྱེན་གྱིས་ཡོངས་སུ་རྫོགས། །ཧཱུཾ་ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ང་ཡི་བཀའ་ལས་འདའ་མ་བྱེད། །རྡོ་རྗེ་གསང་བའི་བཀའ་ལས་ནི། །སྡིག་ཅན་གང་ཞིག་འདའ་བྱེད་པ། །སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས། །ཀླད་པ་ཚལ་པ་བརྒྱ་རུ་ཁོས། །ལུས་ཀྱང་དུམ་བུ་སྟོང་དུ་གཏུབས། །སྙིང་ཡང་ཚལ་པ་བདུན་དུ་གཏུབས། །དྲག་པོ་སྔགས་ཀྱིས་ཚར་གཅོད་དོ། །ཨོཾ་བཛྲ་སཏྭ་ཧཱུཾ། ཉི་ཤུ་རྩ་གཅིག་ཉམས་པ་བསྐང་། །ཕྱི་ནང་གསང་བ་རབ་ཏུ་བརྗོད། །མཚན་ལྡན་རྡོ་རྗེ་ཀ་པཱ་ལར། །བདུད་རྩི་ལྔ་དང་རཀྟའི་ཚོགས། །ཤ་ཁྲག་རུས་པ་གཏོར་མར་བཤམ། །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཧྲཱྀ་ཋཱ། ཨོཾ་ཨཱཿཧཱུཾ་མ་ཧཱ་རཀྟ་ཛྭ་ལ་ས་མུཉྩ་ཧཱུཾ། ཨོཾ་ཨཱཿཧཱུཾ་བ་ལིཾ་ཏ་ཏེ་ཛྭ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཡ་ས་མ་ཡ་ཧཱུཾ། སྔགས་ཀྱི་སྒྲ་ཡིས་དག་པ་གསུམ། །མཆོད་རྫས་རང་བཞིན་དུག་ལྔ་དང་། །དུག་གསུམ་མཆོད་པ་བླ་ན་མེད། །ཧཱུཾ་རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད། །མཚོན་ཆ་སྔོན་པོ་འབར་བ་ཡིས། །ནམ་མཁའི་དཀྱིལ་ནས་ཤར་བ་


DNG020_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ། །སྲོག་གི་གོ་རུ་ཤར་བ་དང་། །སྙིང་གི་གོ་རུ་བསྒོམ་པར་བྱ། །ཧཱུཾ་ཨེ་ཡཾ་ར་སུཾ་ཀེཾ་རཾ་བྷྲཱུཾ། བྷྲཱུཾ་བི་ཤྭ་བི་ཤུདྡྷེ་ཛྙཱ་ན་ཙཀྲ་མནྜལ་བྷྲཱུཾ། སྲོག་ལས་ནམ་མཁའ་གྲུ་གསུམ་དང་། །རླུང་ཁྲག་ཤ་ཆེན་ཀེང་རུས་མེ། །འཇིགས་པའི་དུར་ཁྲོད་གཞལ་ཡས་ཁང་། །སྒྲ་ཡི་རྐྱེན་གྱིས་རབ་ཏུ་རྫོགས། །ཛཿཧཱུཾ་བཾ་ཧོཿ། ཏི་ར་བཾ། ཨ་མ་པཾ་ལས་རྫོགས་པའི་གདན། །རཱུ་ཏྲ་ཕོ་མོ་དམ་སྲི་བཅུ། །བདུད་བཞི་བགེགས་བཞི་ཡབ་ཡུམ་རྣམས། །ཁ་སྦུབ་གན་རྐྱལ་བྱི་ཆིངས་མནན། །པདྨ་ཉི་ཟླ་ཡོན་ཏན་སྒྲས། །རབ་བསྐྱེད་འོད་ཟེར་རབ་ཏུ་འཁྲུགས། །ཧཱུཾ་ཧཱུཾ་གདུག་པ་འཇོམས་བྱེད་ཚོགས། །ཨོཾ་ཨཱཿབཛྲ་སཏྭ་ཧཱུཾ། རྡོ་རྗེ་སེམས་དཔའ་ཡབ་ཡུམ་ནི། །མཚན་དང་དཔེ་བྱད་ཡང་དག་རྫོགས། །རྡོ་རྗེ་དྲིལ་བུ་བདེ་བར་འཁྱུད། །ཀུནྡ་ལྟ་བུར་དཀར་བའི་མདོག །རིགས་ལྔ་ཁྲག་འཐུང་ཡབ་ཡུམ་བཅུ། །འདུས་པའི་རྡོ་རྗེ་གཞོན་ནུའི་སྐུ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དཱིཔྟ་ཙཀྲ་ཧ་ན་ཧ་ན་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཞེས་པ་ཁྲག་འཐུང་རྒྱལ་པོ་དང་། །བདེ་བར་སྒྲོལ་བར་བྱེད་པའི་ཡུམ། །ཁྲོ་ཞིང་རྔམ་པའི་ཚུལ་བསྐྱེད་པས། །གདུག་པ་མ་ལུས་སྒྲོལ་བར་བྱེད། །ཧཱུཾ། སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །གསད་ཅིང་གནན་པ་མ་ཡིན་ཏེ། །ཕུང་པོ་རྡོ་རྗེས་གཏམས་བྱས་ན། །རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། །སྲོག་གི་གོ་རུ་ཤར་བ་དང་། །སྙིང་གི་གོ་རུ་བསྒོམ་པར་བྱ། །སྒྲ་ཡི་སྟོབས་ཀྱིས་གསལ་བར་བསྒོམ། །ཡབ་ཡུམ་མཁའ་གསང་བྱིན་གྱིས་བརླབ། །ཨ་དང་ཧཱུཾ་ལས་རབ་ཏུ་སྦྱངས། །ཡུམ་གྱིས་ཡབ་ཀྱི་ལྕེ་གཞིབས་ནས། །ཡུམ་གྱི་ཐུགས་ཀར་ཨུཏྤལ་གཏད། །གདུང་བའི་ང་རོ་འདི་སྐད་བརྗོད། །ཧཱུཾ་རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས། །སྲིད་པ་རྡོ་རྗེར་གྲུབ་མཛོད་ཅིག །སྲིད་པ་རྡོ་རྗེ་ཕུར་པའི་ལྷ། །ཡེ་ཤེས་ཁྲོ་བོ་གྲུབ་པར་མཛོད། །ས་མ་ཡ་ཧོ། ས་མ་ཡ་སྟྭཾ། ཞེས་བརྗོད་པས་ཡབ་ཡུམ་བདེ་བས་སྒོ་ང་བཅུ་ཕྱུང་སྟེ་ཕྱོགས་བཅུར་རབ་ཏུ་སྤྲོ། ཨཱོཾ་བཛྲ་ཀྲོ་དྷ་ཧཱུཾ་ཀཱ་ར་ཧཱུཾ། གརྫ་ཧཱུཾ་ཕཊ། གརྫ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུཾ། ཧ་ན་ཧཱུཾ་ཕཊ། ཧ་


DNG020_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུཾ། ད་ཧ་ཧཱུཾ་ཕཊ། ད་ཧ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཡ་མཱན་ཏ་ཀ་ཧཱུཾ། པ་ཙ་ཧཱུཾ་ཕཊ། པ་ཙ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཨཱརྱ་ཨ་ཙ་ལ་བྷྱོ་ཧཱུཾ། བནྡྷ་ཧཱུཾ་ཕཊ། བནྡྷ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧྲི། ཧུ་ལུ་ཧཱུཾ་ཕཊ། ཧུ་ལུ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཨ་པཱ་ར་ཛི་ཏ་ཧཱུཾ། ཏིཥྛ་ཧཱུཾ་ཕཊ། ཏིཥྛ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ། ཙྪིནྡྷ་ཧཱུཾ་ཕཊ། ཙྪིནྡྷ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུཾ། བྷིནྡྷ་ཧཱུཾ་ཕཊ། བྷིནྡྷ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཀྲོ་དྷ་ཧཱུཾ། སྥོ་ཊ་ཧཱུཾ་ཕཊ། སྥོ་ཊ་ཧཱུཾ་ཕཊ། ཡབ་ཀྱིས་དེ་བརྗོད་སྒྲ་སྟོབས་ཀྱིས། །ཁྲོ་བོ་ཡབ་ཡུམ་མགོ་བརྙན་ཚོགས། །ལྷ་ནི་བཞི་བཅུ་ཐམ་པ་བསྐྱེད། །ཉི་ཟླ་ཡི་གེ་བཞི་ཉིད་ལས། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་བི་དྷ་ཡ་བིད་བིད་ཧཱུཾ་ཕཊ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ན་མཿསརྦ་ཏ་ཐཱ་ཧྲིང་ཧྲིང་ཧཱུཾ་ཕཊ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སུ་རུ་སུ་རུ་པྲ་སུ་རུ་ཧཱུཾ་ཕཊ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མཱ་ར་ཡ་མཱ་ར་ཡ་ཧཱུཾ་ཕཊ། དྲོད་དང་གཤེར་ལས་གྲུབ་པ་ཡི། །སྔགས་བརྗོད་ཁྲོ་མོ་བཞི་པོ་བསྐྱེད། །ཡབ་ཡུམ་འདོད་ཆགས་ང་རོ་བརྗོད། །བྱིན་གཉིས་དམ་དུ་རབ་འཁྱུད་དེ། །ལག་པ་དམ་འཁྱུད་མ་མཆུ་འཇིབས། །ཧཱུཾ་སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ངང་ཉིད་རྡོ་རྗེའི་ཆོས་དབྱིངས་ལས། །འབར་བའི་ཁྲོ་བོ་མི་བཟད་པ། །སྐུ་ཡི་དབྱིག་ཏུ་སྲས་བསྐྱེད་ཅིག །དེ་བརྗོད་བདེ་བའི་རྦ་རླབས་ཀྱིས། །ཡི་གེ་འཇོམས་བྱེད་སྒྲ་ཡིས་བསྐྱེད། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བཾ་ཧཱུཾ་ཕཊ། སྲས་མཆོག་རྡོ་རྗེ་ཕུར་པ་ནི། །ཡུམ་གྱི་བྷ་གར་སྐུ་གསུམ་རྫོགས། །བཛྲ་ས་མ་ཡ་ཛཿ། དེ་བརྗོད་ཡབ་ཀྱི་ཕྱག་གིས་བླངས། །ཕྱག་ནི་རིགས་ལྔ་ཡབ་ཡུམ་བཅུ། །ས་མ་ཡ་ཧོ། ས་མ་ཡ་སྟྭཾ། བདེ་བའི་རླབས་ཀྱིས་དབང་བཞི་བསྐུར། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཨ་བྷི་ཥེ་ཀ་ཧཱུཾ་ཕཊ། རིགས་ལྔ་དབུ་ཡི་གཙུག་ཏོར་ཅན། །ཐམས་ཅད་འདུས་པའི་སྲས་མཆོག་སྟེ། །དུག་ལྔ་རྩད་ནས་གཅོད་པར་བྱེད། །སངས་རྒྱས་འདུས་པ་ཐམས་ཅད་ཀྱིས། །སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ། །ཨོཾ་བུཌྜྷ་ཀཱི་ལི་ཀཱི་ལ་ཡ་བཛྲཱ་ཎཱཾ་


DNG020_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

ཛྭ་ལ་ཛྭ་ལ་པྲ་ཛྭ་ལ། སྥུ་ཊ་སྥུ་ཊ་སརྦ་ན་ས་པ་ན་ཡེ་ཧཱུཾ་ཕཊ། ཨོཾ་པདྨ་ཀཱི་ལི་ཀཱི་ལ་ཡ་ཝཱ་ཀ་བཛྲཱ་ཎཱཾ་སརྦ་དུཥྚཱན་ཧྲི་ཤོ་དྷ་ཡ་ཧཱུཾ་ཕཊ། ཨོཾ་བཛྲཱ་ཀཱི་ལི་ཀཱི་ལ་ཡ་བཛྲ་ཙིཏྟ་ནཱན། ཙྪིནྡྷ་ཙྪིནྡྷ་ཧཱུཾ་ཕཊ། ལུས་ཀྱི་བ་སྤུའི་བུ་ག་ཀུན། །ཁྲོ་ཆུང་ཉིད་ཀྱིས་རབ་ཏུ་གཏམས། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་བེ་ཏ་ལཱི་མཎྜལ་རཀྵ་རཀྵ་ཧཱུཾ་ཕཊ།ལུས་ནི་བཀྲག་དང་ལྡན་པ་དང་། །བ་སྤུའི་བུ་ག་རྡོ་རྗེས་གཏམས། །ཨོཾ་བཛྲ་ཀཱི་ལི་ཀཱི་ལི་ཡ་མ་གུ་ཏ་ལ་ཏ་ལ་པྲ་ཏ་ལ་ཧཱུཾ་ཕཊ། ཨོཾ་བུཌྜྷ་ཐམས་ཅད་འདུས་པའི་སྐུ། །ཁྲོ་བོ་དུ་མས་བྱིན་གྱིས་བརླབ། །ཁམས་གསུམ་གདུག་པ་བསྒྲལ་བའི་ཕྱིར། །གདུལ་བྱའི་གདན་ལ་བཞུགས་སུ་གསོལ། །ས་མ་ཡ་ཏིཥྛ། སྒྲ་ཡི་སྟོབས་ཀྱི་ཡབ་ཡུམ་གྱི། །སྔོན་དུ་བཀའ་སྟོང་ཚུལ་དུ་ནི། །ཁྲག་འཐུང་འདུས་པའི་ཕུར་པ་ནི། །སྲས་ཀྱི་མཆོག་ཏུ་རབ་ཏུ་དམིགས། །ཁྲག་འཐུང་འདུས་པའི་དཀྱིལ་འཁོར་ལ། །དབང་ནི་རབ་ཏུ་བླང་བར་བྱ། །དང་པོ་བདེ་བའི་སྒྲ་ཡིས་མཆོད། །ཧཱུཾ་ཐབས་ཀྱིས་སྤྱོད་པས་འགྲོ་དོན་དུ། །བྱམས་དང་སྙིང་རྗེས་གང་འདུལ་བ། །སངས་རྒྱས་ཕྲིན་ལས་རྫོགས་མཛད་པ། །དབང་དང་བྱིན་རླབས་བདག་སྩོལ་ཅིག །དབང་བཞི་རྫོགས་པར་རབ་ཏུ་བླངས། །ཨོཾ་ཨཱཿཧཱུཾ། ཧཱུཾ་ཧཱུཾ་ཧཱུཾ། འགྲོ་དྲུག་ཉོན་མོངས་བཅིངས་པ་རྣམས། །ཧཱུཾ་གིས་དུག་ཆེན་རབ་སྦྱང་སྟེ། །ཨ་ནྲྀ་སུ་ཏྲི་པྲེ་དུར་འགྱུར། །རཾ་ཡཾ་ཁཾ་ལས་མེ་རླུང་ཆུས། །འགྲོ་བ་རབ་སྦྱངས་ཧཱུཾ་དུ་གྱུར། །ཁམས་གསུམ་ཐམས་ཅད་རྡོ་རྗེ་སེམས། །ཏིལ་གྱི་གོང་བུ་ལྟ་བུས་གང་། །ཧཱུཾ་རྟ་མགྲིན་རྒྱལ་པོ་ཡེ་ཤེས་ལ། །བསྡིམས་པས་བྱང་ཆུབ་སེམས་རྒྱས་གྱུར། །ཡབ་ཡུམ་གཉིས་མེད་སྦྱོར་བའི་སྒྲས། །ཡེ་ཤེས་ཁྲོ་བོ་སྤྱན་དྲངས་ཏེ། །ཧཱུཾ་སྲིད་པའི་ཕུར་བུ་སྒྲུབ་པ་དང་། །དབང་དང་དངོས་གྲུབ་བླང་བའི་ཕྱིར། །ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ། །ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང་། །རྟགས་དང་མཚན་མ་བསྟན་པ་དང་། །རྡོ་རྗེ་ཕུར་པའི་དངོས་གྲུབ་སྩོལ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ས་མ་ཡ་ཛཿ། ཨ་ཏི་པུ་ཧོ། པྲ་ཏཱིཙྪ་ཧོ། སརྦ་ཏ་ཐཱ་ག་ཏ་བནྡ་ནཾ་ཀ་རོ་ཡཱ་མི། ཛཿཧཱུཾ་བཾ་


DNG020_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ཧོཿ། ཡབ་ཡུམ་བདེ་བའི་སྦྱོར་བ་ལས། །མཆོད་པ་རྣམས་དང་འདོད་ཡོན་ལྔ། །བདེ་བའི་མཆོད་པ་རབ་ཏུ་བརྩམ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུཾ་བཾ་ཧོཿ། སརྦ་བིགྷྣཱཾ་བཾ་ཧཱུཾ་ཕཊ། པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། གཏོར་མས་ལྷ་རྣམས་ཚིམ་པར་བྱ། །ཧཱུཾ་མཐུ་རྩལ་དབྱུང་བའི་དུས་ལ་བབ། །དམ་ཚིག་ཆེན་པོའི་དུས་ལ་བབ། །སྤྲུལ་པ་ཆེན་པོའི་དུས་ལ་བབ། །ཕྱག་བརྙན་ཆེན་པོའི་དུས་ལ་བབ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུཾ་བཾ་ཧོཿ། སརྦ་བཾགྷྣཱཾ་བཾ་ཧཱུཾ་ཏུཾ་ཕཊ། མ་ཧཱ་བ་ལིཾ་ཏ་ཁཱ་ཧི། དུག་གསུམ་མཆོད་པ་རབ་ཕུལ་བས། །སངས་རྒྱས་སྐུ་གསུང་ཐོབ་པར་འགྱུར། །བདུད་རྩི་ལྔ་ཡི་མཆོད་པ་ཡིས། །ཁྲོ་བོའི་ཚོགས་རྣམས་མཉེས་པར་འགྱུར། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ན་མཿསརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་ཧོ། ཤྲཱི་པཉྩ་ཨ་མྲྀ་ཏ། ཁཱ་ཧི་ཁཱ་ཧི། ཁ་རཾ་ཁཱ་ཧི། ཁ་རཾ་ཁཱ་ཧི། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུཾ་བཾ་ཧོཿ། སརྦ་བིགྷྣཱཾ་བཾ་ཧཱུཾ་ཧཱུཾ་ཕཊ། པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། བདུད་རྩི་ལྔ་ཡི་མཆོད་པ་ཡིས། །དུག་ཆེན་ལྔ་པོ་རབ་དག་ནས། །སངས་རྒྱས་ལྔ་ཡི་ངོ་བོར་གྱུར། །ཨོཾ་ཨཱཿཧཱུཾ། ཤེས་རབ་ཐབས་ཀྱི་ངོ་བོ་ལས། །སངས་རྒྱས་སྐུ་གསུང་ཐུགས་རྣམས་འགྲུབ། །འདོད་ཆགས་རབ་ཏུ་དག་བྱའི་ཕྱིར། །རཀྟའི་མཆོད་པ་བརྩོན་པར་བྱ། །ཧཱུཾ་དངོས་གྲུབ་བར་ཆོད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ཟུང་ཞིག་རྒྱོབ་ཅིག་རྣམ་པར་ཆིངས། །གཏོགས་ཤིག་གྲོགས་དང་བྲལ་བར་གྱིས། །རིངས་པར་ཁུག་ལ་སྨྲར་ཆུག་ཅིག །ཕོབ་ཅིག་རྣམ་པར་གཟིར་བར་གྱིས། །ང་ཡི་དབང་དུ་གྱུར་ནས་ཀྱང་། །བསྒོ་བའི་བཀའ་འདི་ཉན་པར་བྱོས། །མ་ཧ་རཀྟ་ཁཱ་ཧི། ཧཱུཾ་བྲན་དང་བཀའ་ཉན་ཕོ་ཉའི་ཚོགས། །ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །སྔོན་ཆད་ཇི་བཞིན་བཅས་པ་ཡིས། །མངོན་སྤྱོད་ཕྲིན་ལས་མྱུར་དུ་མཛོད། །མ་ཧཱ་རཀྟ་ཁཱ་ཧི། ཧཱུཾ་དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ལྷ་འམ་འོན་ཏེ་བདུད་ཀྱང་རུང་། །ང་ལ་བར་ཆད་བྱེད་པ་


DNG020_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས། །མཐུ་དང་རྫུ་འཕྲུལ་མེད་པར་ཤོག །མ་ཧཱ་རཀྟ་ལ་ཁཱ་ཧི། ལག་པ་ཁྲག་འཐུང་ཡབ་ཡུམ་བཅུས། །དུག་གསུམ་རྩད་ནས་བཅད་པའི་ཕྱིར། །ཁམས་གསུམ་ཡོངས་སྒྲོལ་སྦྱོར་བར་བྱ། །ཧཱུཾ་རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན། །བཀའ་ལས་འདའ་བྱེད་སྡིག་ཅན་རྣམས། །རྡོ་རྗེ་མེ་དབལ་སྙིང་བསྲེག་ནས། །ལུས་ངག་རྡུལ་ཕྲན་བཞིན་དུ་རློགས། །ཁྲོ་མོ་འབར་བའི་གཏུན་ཁུང་དུ། །རྡོ་རྗེ་ཐོ་བས་བརྡུང་བྱས་ནས། །ལྷ་ཡང་རུང་སྟེ་བསྒྲལ་བར་གྱིས། །ཁ་ཐཾ་ཁ་ཐཾ་ཁ་ཐཾ། ཁཱ་ཧི་ཁཱ་ཧི་ཁཱ་ཧི། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། ཧ་ཧ་ཧ།དཔལ་ལྡན་ཁྲག་འཐུང་འཁོར་བཅས་ཀྱིས། །འགྲོ་བ་རིགས་དྲུག་སེམས་ཅན་གྱི། །དུག་གསུམ་རྩད་ནས་བཅད་པར་འགྱུར། །ཚོགས་ཀྱི་དཀྱིལ་འཁོར་རྣམ་པ་གསུམ། །མཆོད་དང་བཤགས་དང་བསྟབ་པ་བྱ། །ལྷག་མས་མཁའ་འགྲོ་མཉེས་པར་འགྱུར། །ལྷག་མ་རྣམ་པ་གཉིས་ཡིན་ཏེ། །དཔལ་གྱི་ལྷག་མ་དང་། རིག་འཛིན་གྱི་ཕུད། རིག་འཛིན་གྱི་ལྷག་མ་བསྲེས་ལ། རང་གི་ཁར་རཀྟ་དང་ཆང་བླུག་ལ། རྟ་མགྲིན་གྱི་ཕྱག་རྒྱ་བཅས་ལ། རང་གི་ལྕེ་ཐོག་ཏུ་ཧྲཱྀཿཛི་ལ་རྟ་མགྲིན་ཡབ་ཡུམ་ཞལ་གཅིག་ཕྱག་གཉིས་པ་དམར་པོ་པདྨ་ཐོད་ཁྲག་ཅན་དུ་བསམ་ཕྱག་རྒྱ་བྱས་ཏེ་གཏོར་མ་ཡང་། དེ་ཁོ་ན་འདྲ་བར་བསམ་ཁ་ཕྲུ་ཕྱག་རྒྱ་ནས་གཏོར་མར་བཏབ་པས། ལྕེའི་རྟ་མགྲིན་ཡབ་ཡུམ་སྦྱོར་བ་བྱས་པའི་ཐིག་ལེ་འོད་དུ་ཞུ་ཕྱག་རྒྱ་ལ་ཕོག་སྟེ། སྦྱོར་བས་གཏོར་མར་འོད་དུ་ཞུ་ནས། བདུད་རྩི་མུ་ཏིག་དཀར་པོ་ལྟ་བུར་གྱུར། དམ་ཅན་རྣམས་ཀྱིས་གསོལ་ནས་བར་ཆོད་བསལ་ལོ། །དགའ་ཞིང་སྤྲོ་དང་བཅས་པ་ཡིས། །གསང་སྔགས་དྲག་པོའི་སྔགས་འདི་བཟླས། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ། ཡི་གེ་དགུ་པ་སྔགས་ཀྱི་མཆོག །མ་བྱུང་འབྱུང་བར་མི་འགྱུར་རོ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དཱིཔྟ་ཙཀྲ་ཧ་ན་ཧ་ན་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཡབ་ཡུམ་གཉིས་ཀྱི་སྙིང་པོ་མཆོག །སྡིག་པ་ཐམས་ཅད་ཟད་འགྱུར་ཅིང་། །སྡུག་བསྔལ་ཐམས་ཅད་མེད་པར་བྱེད། །གདུག་པ་ཚར་གཅོད་བདུད་ལས་རྒྱལ། །བདེ་སྒྲོལ་


DNG020_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་མཉམ་དབྱེར་མེད་ཐོབ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བཾ་ཧཱུཾ་ཕཊ། ལྷ་རྣམས་བསྡུས་པའི་ཉེ་སྙིང་སྟེ། །སེམས་ཀྱི་སྡིག་པའི་སྡུག་བསྔལ་སེལ། །ལྷ་ཀླུ་དབང་གྱུར་དངོས་གྲུབ་ཐོབ། །མ་བྷྱོ་དྲག་ཛ། མཁའ་འགྲོ་ཀུན་གྱི་སྲོག་འཕྲོག་སྔགས། །ཡི་གེ་མཚན་མ་མཐོང་བ་དང་། །འོད་མེ་འཚག་འཁྲོལ་མཆོང་ལྡིང་འགྱུར། །མྱུར་དུ་ལྷ་ཡི་ཞལ་མཐོང་འགྱུར། །དཔལ་རྡོ་རྗེ་གཞོན་ནུ་ཐུགས་རྗེ་ཁྲོས་པ་རྩ་བའི་རྒྱུད་ཀྱི་བཤད་པ་ལས། བསམ་གཏན་གྱི་ལེའུ་སྟེ་བཞི་པའོ།། །།དེ་ནས་རྣམ་རྒྱལ་ཁྲོ་བོ་ཡིས། །བཅོམ་ལྡན་འདས་ལ་འདི་སྐད་གསོལ། །གདུག་པ་ཚར་གཅོད་བཅོམ་ལྡན་འདས། །ཀླུ་ཚོགས་དབང་དུ་ཇི་ལྟར་བསྡུ། །འགྲོ་བ་རིགས་དྲུག་ཇི་ལྟར་བསྒྲལ། །ཐུགས་རྗེ་ཅན་གྱིས་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ང་ཡིས་བཤད་ཀྱིས་ལེགས་པར་ཉོན། །ཀླུ་དང་གཤིན་རྗེ་བདུད་ལ་སོགས། །དྲག་པོ་ཐམས་ཅད་དབང་སྡུད་ན། །གྲུ་གསུམ་དྲག་པོའི་གནས་ཉིད་དུ། །དུར་ཁྲོད་ས་ལ་དཀྱིལ་འཁོར་ནི། །གྲུ་གསུམ་མཐིང་ནག་དཀྱིལ་འཁོར་བྱ། །སོར་བརྒྱད་ཕུར་པ་ཉི་ཤུ་བརྒྱད། །དཀྱིལ་འཁོར་རྫས་སུ་ཡང་དག་བཀོད། །གོང་བཞིན་མངོན་རྟོགས་རིམ་པ་ལས། །བཞི་བཅུ་ཞེ་བརྒྱད་ལྷ་ཚོགས་ཀུན། །ཀུན་གྱི་སྤྱི་བོའི་གཙུག་ཏོར་ན། །རྟ་མགོ་ལྗང་ཞུར་རྟ་སྐད་མཚེར། །ཁམས་གསུམ་ཀླུ་ཚོགས་དབང་དུ་སྡུད། །རྡོ་རྗེའི་གཤོག་པས་བར་སྣང་ཁེབས། །ཕྱག་ན་ཕུར་པ་བྱ་ཁྱུང་བསྣམས། །ཞབས་ཀྱི་ཆུ་སྲིན་ཕུར་པའི་དཔལ། །ཀླུ་ལ་སོགས་པའི་སྙིང་གར་གཟེར། །ཀུན་ཀྱང་ཁ་དོག་དམར་པོར་དམིགས། །གདུག་པ་ཐམས་ཅད་དབང་དུ་འགྱུར། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུཾ་བཾ་ཧོཿ། བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧྲི། ཧུ་ལུ་ཧུ་ལུ་ཧྲི། པདྨ་པདྨ་ཧྲི། བྷནྡྷ་བྷནྡྷ་ཧྲི། ཧཱུཾ་ག་རུ་ཎ་ཙ་ལེ་ཙ་ལེ་ཧྲི། སརྦ་བིགྷྣཱཾ་བཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་བྷྱོ་ནཱ་ག་བྷྱོ། ཞག་གསུམ་ལོན་ནས་དབང་དུ་འགྱུར། །ཀླུ་སོགས་ཐམས་ཅད་དབང་དུ་འགྱུར། །གང་


DNG020_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་གསད་པར་འདོད་པ་ན། །དྲག་པོའི་ལས་ཀྱི་བསམ་གཏན་བརྩམ། །ལྷ་རྣམས་སྐུ་མདོག་ནག་པོ་སྟེ། །སྔགས་ཀྱང་སྒྲ་དང་མེ་རུ་བྱུང་། །གང་ཞིག་གསད་པར་འདོད་པ་ལ། །ཕུར་པའི་སེར་ཆེན་རབ་ཏུ་དབབ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུཾ་བཾ་ཧོཿ། བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ནཱ་ག་ཧུ་ལུ་ཧུ་ལུ་སརྦ་བིགྷྣཱཾ་བཾ་ཧཱུཾ་ཕཊ། སྦྱོར་བ་ཞག་བདུན་བྱས་གྱུར་ན། །ལྷ་ཀླུ་ཐམས་ཅད་འཆིང་བར་འགྱུར། །མི་དང་ལྷ་དང་ཀླུ་ལ་སོགས། །ཡང་དག་ས་ལ་བསྒྲལ་འདོད་པས། །ངང་ཉིད་རྡོ་རྗེ་སྙིང་རྗེ་ཡིས། །གསད་ཅིང་མནན་པ་མ་ཡིན་ཏེ། །ཕུང་པོ་རྡོ་རྗེ་གཏམས་བྱས་ནས། །རྣམ་ཤེས་རྡོ་རྗེ་ཏིང་འཛིན་གནས། །ཧཱུཾ་རྡོ་རྗེ་རིགས་ཀྱི་ལྷ་ཚོགས་ནི། །ཏིལ་གྱི་གོང་བུ་ལྟ་བུ་ཡིས། །རྩ་བཅུད་ཀུན་གྱི་རྩེ་ལ་འབར། །དེ་ཉིད་སྐུ་ཡི་རྣམ་པ་ལས། །སྔགས་ཀྱི་འོད་ཟེར་དུ་མ་བྱུང་། །ཁྲོ་རྒྱལ་ཁྱོད་ཀྱིས་མཉན་པར་བྱོས། །དེ་ཚེ་དེ་ཡི་རྗེས་ལ་ནི། །ཐུགས་ཀྱི་དཔལ་བེའུ་རྩེ་མོ་དང་། །ལྗགས་ཀྱི་པདྨའི་ཀློང་དཀྱིལ་ནས། །ངན་སྔགས་སྙིང་པོ་འདི་ཕྱུང་ངོ་། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ལོག་འདྲེན་ཐམས་ཅད་མཱ་ར་ཡ། ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཧཱུཾ་ཕཊ། དེ་ཡིས་ལོག་འདྲེན་ཐམས་ཅད་ཀུན། །སྨྱོ་ཞིང་སྨྲ་བར་འགྱུར་བ་ཡིན། །རྡོ་རྗེ་རིགས་ཀྱི་ལྷ་ཚོགས་ཀྱིས། །སྨྱོ་བྱེད་ཅེས་བྱའི་སྔགས་སུ་གསུངས། །བཅོམ་ལྡན་དབུ་ཡི་གཙུག་ཏོར་ནས། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ལོག་འདྲེན་ཐམས་ཅད་མཱ་ར་ཡ། ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུཾ་ཕཊ། སྣོད་བཅུད་ལོག་འདྲེན་ཐམས་ཅད་ཀུན། །རྡུལ་ཕྲན་བཞིན་དུ་ཕྱེ་མར་འགྱུར། །རྡོ་རྗེ་རིགས་ཀྱི་ལྷ་ཚོགས་ཀྱིས། །རྡུལ་རློག་ཅེས་བྱ་བའི་སྔགས་སུ་གསུངས། །བཅོམ་ལྡན་གསང་བའི་སྦུབས་ནས་ནི། །ངན་སྔགས་སྙིང་པོ་འདི་བྱུང་ངོ་། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ལོག་འདྲེན་ཐམས་ཅད་མཱ་ར་ཡ། བྷིནྡྷ་ཡ་བྷིནྡྷ་ཡ་ཧཱུཾ་ཕཊ། སྣོད་བཅུད་ལོག་འདྲེན་ཐམས་ཅད་ཀུན། །བཅོམ་ལྡན་འདས་ཀྱི་ཞལ་དུ་གསོལ། །རྡོ་རྗེ་རིགས་ཀྱི་ལྷ་ཚོགས་ཀྱིས། །ཞལ་དུ་གསོལ་བའི་སྙིང་པོ་གསུངས། །བཅོམ་ལྡན་འདས་ཀྱི་མཛོད་སྤུ་ནས། །ངན་སྔགས་སྙིང་པོ་


DNG020_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

འདི་བྱུང་ངོ་། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། གནོད་པའི་ནུས་པ་ཧ་ས་ར་ཡ་ཧྲྀ་ད་ཡ་ཧཱུཾ་ཕཊ།ངན་སྔགས་སྙིང་པོ་འདི་བྱུང་བས། །ལོ་ཀ་ཁམས་འདི་རབ་ཏུ་གཡོས། །བདུད་དཔུང་ཐམས་ཅད་ཕམ་པར་གྱུར། །རྡོ་རྗེ་རིགས་ཀྱི་ལྷ་ཚོགས་ཀྱིས། །ལྷ་དང་དབྲལ་བའི་སྔགས་སུ་གསུངས། །བཅོམ་ལྡན་འདས་ཀྱི་ལྟེ་བ་ནས། །དབང་སྡུད་འགུགས་པའི་སྙིང་པོ་བྱུང་། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ལོག་འདྲེན་ཐམས་ཅད་ཨཱ་ཝེ་ཤ་ཡ་ཨཱ་ཝེ་ཤ་ཡ་ཧཱུཾ་ཕཊ། སྟོང་གསུམ་ལོག་འདྲེན་ཐམས་ཅད་ཀུན། །གཟུགས་ནས་དབང་སྡུད་རྡོ་བཞིན་འགྱུར། །རྡོ་རྗེ་རིགས་ཀྱི་ལྷ་ཚོགས་ཀྱིས། །འབེབས་པར་བྱེད་པའི་སྔགས་སུ་གསུངས། །བཅོམ་ལྡན་འདས་ཀྱི་ཕྱག་ཞབས་ལས། །ངན་སྔགས་སྙིང་པོ་འདི་བྱུང་ངོ་། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ལོག་འདྲེན་ཐམས་ཅད་མཱ་ར་ཡ་ཤྲཱི་གྷྲི་ཨ་ན་ཡ་ཧཱུཾ་ཕཊ། བདུད་དང་ལོག་འདྲེན་ཐམས་ཅད་ཀུན། །ཡན་ལག་གྲུ་གུ་བཞིན་དུ་གྱུར། །རྡོ་རྗེ་རིགས་ཀྱི་ལྷ་ཚོགས་ཀྱིས། །བྱད་དུ་གཞུག་པའི་སྔགས་སུ་གསུངས། །བཅོམ་ལྡན་ཐུགས་ཀའི་དཔལ་བེའུ་ནས། །གསང་བའི་སྙིང་པོ་འདི་བྱུང་ངོ་། །ཨོཾ་ལམ་ཧཱུཾ་ལམ་སྟམྦྷ་ཡ་ནན། མོ་ཧ་གྷ་ཡ་བྷ་ག་ཝཱན་ཧྲཱྀཿ ཿབི་ཀྲི་བཛྲ་ཧཱུཾ་ཀཱ་ར་ཨཱ། ཧཱུཾ་མ་མ་པ་ཤཾ་ཀུ་རུ་མཥྚཾ་ཛྙཱ་ན་ཀ་ར་ཨི་དན། བྷ་ཏི་མ་མ་ཀརྨཱ་པ་ཤི་ཀརྨ་ཡ་ཤཱི་གྷྲཾ་ཀཱ་ར་ཡ་ཧཱུཾ་ཕཊ། འདི་བྱུང་ལོག་འདྲེན་ཐམས་ཅད་ཀྱི། །རྣམ་ཤེས་འཕོས་ཤིང་བདེ་བ་ཐོབ། །རྡོ་རྗེ་རིགས་ཀྱི་ལྷ་ཚོགས་ཀྱིས། །དག་ཅིང་ཚེ་འཛིན་སྔགས་སུ་གསུངས། །བཅོམ་ལྡན་འདས་ཀྱི་ལྟེ་བ་དང་། །ཐུགས་ཀ་དཔུང་པ་དཔྱི་མིག་དང་། །གཙུག་ཏོར་གསང་བའི་ལམ་དང་ནི། །སྤྱི་བོ་གསང་བའི་གནས་རྣམས་ནས། །གསང་བའི་སྙིང་པོ་འདི་བྱུང་ངོ་། །ཧཱུཾ་པ་ར་བིདྱཱན་བིག་ནཱཾ། ཚིནྡྷ་ཚིནྡྷ་ཧཱུཾ་ཕཊ། བིནྡྷ་བིནྡྷ་ཧཱུཾ་ཕཊ། གྲྀ་ཧྞ་གྲྀ་ཧྞ་ཧཱུཾ་ཕཊ། ཧ་ན་ཧ་ན་ཧཱུཾ་ཕཊ། བནྡྷ་བནྡྷ་ཧཱུ་ཕཊ། སརྦ་ཨཱ་ན་ཡ་ཧཱུཾ་ཕཊ། ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུཾ་ཕཊ། འདི་བྱུང་ཁྲོ་མོ་བཅུ་པོ་ཡི། །གནས་བཅུ་ཉོན་མོངས་རང་དག་ནས། །ལོག་འདྲེན་ཐར་པ་


DNG020_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དུ་གྱུར། །བཅོམ་ལྡན་འདས་ཀྱི་ཤངས་དང་ནི། །སྤྱན་སྙན་ལྟེ་ལྗགས་གསང་སྦུབས་དང་། །ཐུགས་ཀྱི་དཔལ་བེའུ་རྩེ་མོ་ནས། །གསང་བའི་སྙིང་པོ་འདི་རྣམས་བྱུང་། ཧ་ན་ཧ་ན་བཛྲ། ད་ཧ་ད་ཧ་བཛྲ། པ་ཙ་པ་ཙ་བཛྲ། མ་ཐ་མ་ཐ་བཛྲ། ཛྭ་ལ་ཛྭ་ལ་བཛྲ། སུ་རུ་སུ་རུ་བཛྲ། མུ་རུ་མུ་རུ་བཛྲ། ཀ་ཏང་ཀ་ཡེ། ཛ་ཡེ་བི་ཛ་ཡེ། ཨ་ཛི་ཏེ་ཨ་པ་ར་ཛི་ཏེ། མཱ་ར་སེ་ན་པྲ་མརྡ་ན་ཡ་ཧཱུཾ་ཕཊ། འདི་བྱུང་རིག་པའི་ཁྲོ་བོ་བཅུས། །ལོག་པར་འདྲེན་པ་ཐམས་ཅད་ཀྱིས། །གནས་བཅུའི་ཉོན་མོངས་རྣམ་དག་ནས། །ཐིག་ལེ་དབྱིངས་སུ་མི་འགྱུར་ཐིམ། །བཅོམ་ལྡན་འདས་ཀྱི་སྤྱི་བོ་དང་། །སྙིང་ག་ལྟེ་བའི་གནས་གསུམ་ནས། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་བིད་ཡ་བིད་ཡ་ཧཱུཾ་ཕཊ། ན་མཿས་མནྟ་ཧྲིང་ཧྲིང་ཧཱུཾ་ཕཊ། སུ་རུ་སུ་རུ་པྲ་སུ་རུ་ཧཱུཾ་ཕཊ། མཱ་ར་ཡ་མཱ་ར་ཡ་ཧཱུཾ་ཕཊ། དེ་བྱུང་སྒོ་མ་བཞི་པོ་ཡིས། །མཚོ་བཞི་ཉོན་མོངས་གནས་དག་ནས། །དག་པའི་མཚོ་ནི་ཉག་གཅིག་སྟེ། །ཆོས་ཀྱི་དབྱིངས་སུ་རྣམ་པར་དག །ངན་སྔགས་འདུས་པའི་དཀྱིལ་འཁོར་ནི། །གྲུ་གསུམ་མཐིང་ནག་དཀྱིལ་འཁོར་ལ། །རྒྱར་ནི་ཁྲུ་གང་ཟབས་སུ་ཕྱེད། །ཁ་ཁྱེར་གསུམ་ལ་སོར་བཞི་སྟེ། །དཀྱིལ་འཁོར་རྣམ་པ་བཞི་ཡིན་ཏེ། །དྲག་པོའི་མེ་ཡི་དཀྱིལ་འཁོར་དང་། །མཱ་ར་ཡ་གསད་པའི་དཀྱིལ་འཁོར་དང་། །འབྲུབ་ཁུང་ལས་ཀྱི་དཀྱིལ་འཁོར་དང་། །བསྟབ་པ་ཞལ་གྱི་དཀྱིལ་འཁོར་རོ། །གནག་པ་དམར་བའི་མདོག་འདྲ་བ། །མཐུན་པའི་རྫས་ནི་ཙཀྲ་གཙོ། །སྲ་བ་ཀླད་རྒྱས་འཁོར་ལོ་ནི། །ལྷ་དང་དབྲལ་བའི་དཀྱིལ་འཁོར་ཡིན། །པདྨ་འདབ་བཞིའི་འཁོར་ལོ་ནི། །གཟུགས་ལ་དབབ་པའི་འཁོར་ལོ་ཡིན། །ཉ་ལྟ་བུ་ཡི་ཙཀྲ་ནི། །བྱད་དུ་གཞུག་པའི་ཙཀྲ་ཡིན། །པདྨ་འདབ་འདྲའི་ཙཀྲ་ནི། །སྨྱོ་བར་བྱེད་པའི་ཙཀྲ་ཡིན། །པདྨ་འདབ་བཞིའི་ཙཀྲ་ནི། །རྡུལ་དུ་རློག་པའི་ཙཀྲ་ཡིན། །རྡོ་རྗེ་དབྱིབས་འདྲའི་ཙཀྲ་ནི། །ཞལ་དུ་བསྟབ་པ་ཉིད་དུ་འགྱུར། །སྲོག་ལ་འཁོར་ལོ་བསྐོར་བ་ནི། །རྩིབས་དྲུག་ལྟེ་བར་ལིངྒ་བཀོད། །གཏད་མནན་བྱས་པས་ལས་འགྲུབ་ཅིང་། །ཁྱད་པར་ཀླུ་ལ་གཏད་པས་འགྲུབ། །རྫས་ནི་རྣམ་པ་དྲུག་ཡིན་ཏེ། །


DNG020_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

གུ་གུལ་ཚིལ་ཆེན་དྲི་ཆེན་གསུམ། །རྐང་དྲག་གུ་གུལ་ར་ཡི་གཞོག །ལྷ་དང་ཕྲལ་བའི་རྫས་ཡིན་ནོ། །དབབ་ལ་ཉུང་དཀར་རྒྱལ་པོ་དང་། །སྨད་དཀྲིས་རཀྟ་ཚ་བ་ཡིན། །ཚོན་སྣ་ལྔ་ཡི་བྱད་དུ་གཞུག །སྨྱོ་བ་དུག་གི་ཆུ་ཡིས་སོ། །རྡོ་རྗེ་ཐོ་བས་རྡུལ་དུ་བརླག །བསྟབ་པ་མེ་ཡི་དཀྱིལ་འཁོར་རོ། །ལྷ་དང་ཕྲལ་བས་དགུག་པ་དང་། །རྣམ་ཤེས་བསྡིམ་ཞིང་བྱད་དུ་གཞུག །སྨྱོར་གཞུག་རྡུལ་དུ་བརླག་པ་དང་། །ཞལ་དུ་བསྟབ་པས་དགྱེས་པར་འགྱུར། །དངོས་གྲུབ་བར་ཆོད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །གཏོགས་ཤིག་གྲོགས་དང་ཕྲལ་བར་གྱིས། །ཕོབ་ཅིག་རྣམ་པར་གཟིར་བར་བྱོས། །ཟུང་ཞིག་རྒྱོབ་ཅིག་རྣམ་པར་ཆིངས། །རེངས་པར་ཁུག་ལ་སྨྱོར་ཆུག་ཅིག །ང་ཡི་དབང་དུ་གྱུར་ནས་ཀྱང་། །བསྒོ་བའི་བཀའ་འདི་ཉན་པར་བྱོས། །ཞལ་དུ་བསྟབ་པོ་མགུལ་དུ་བསྡིམ། །སྐུ་ཡི་གཟི་བརྗིད་རྒྱས་པར་མཛོད། །བཛྲ་ཡཀྵ་ཀྲོ་དྷ་ཁ་ཐམ་ཁ་ཐམ་ཁ་ཐམ། ཁཱ་ཧི་ཁཱ་ཧི་ཁཱ་ཧི། ཧཱ་ཧཱ་ཧཱ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། ཕུར་པ་ཉི་ཤུ་རྩ་བརྒྱད་ལ། །ཡབ་ཡུམ་གཉིས་ཀྱི་བདེན་གཉིས་ཀྱིས། །ཕྱག་རྒྱ་ཆེན་པོའི་སྐུ་རུ་གསལ། །ཛ་ཏིས་དགུག་དང་བསད་པའི་མཆོག །སྲས་ཀྱི་མཆོག་གིས་ལས་རྣམས་འགྲུབ། །ཁྲོ་བོ་ཡབ་ཡུམ་བཅུ་པོ་ཡི། །གནས་བཅུ་དུག་གསུམ་རྩད་ནས་གཅོད། །སྒོ་བ་བཞི་ཡིས་མཚོ་བཞི་སྐེམས། །སྲིད་པ་རྡོ་རྗེ་ཕུར་པའི་ལྷ། །ཡེ་ཤེས་འཁོར་ལོ་རབ་གྲུབ་ནས། །ཉོན་མོངས་དུག་ལྔ་རྩད་ནས་གཅོད། །ཁྲག་འཐུང་རིགས་ལྔ་འདྲེས་པ་ལ། །རྡོ་རྗེ་གཞོན་ནུའི་དངོས་གྲུབ་ཐོབ། །ལས་བཞི་གྲུབ་པའི་སྨོན་ལམ་གདབ། །གང་ཞིག་མཚོན་ཆ་མང་པོ་ཡིས། །ཕྱག་མཚན་ཕྲེང་བ་ཡིག་འབྲུ་དང་། །སྒྲ་དང་མེ་དང་འོད་དང་འཇའ། །དྲག་བྱེད་ཐམས་ཅད་ཕྲན་དུ་བཀོལ། །ཁྲག་མཚོ་ཤ་རུས་སྤུད་པ་ཡི། །དྲག་བྱེད་མངོན་དུ་མཐོང་བ་དང་། །འོད་དང་དུ་བ་མེ་རྣམས་འབྱུང་། །ཚེ་དང་མི་འཕེལ་ལོངས་སྤྱོད་དང་། །རིག་འཛིན་ས་དང་དབྱིངས་རྣམས་ཐོབ། །ཁམས་


DNG020_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཡོངས་གྲོལ་ཏིང་འཛིན་གྱིས། །ནམ་མཁའ་ཆོས་སྐུ་ཉག་གཅིག་ཐོབ། །དཔལ་རྡོ་རྗེ་གཞོན་ནུ་ཐུགས་རྗེ་ཁྲོས་པ་རྩ་བའི་རྒྱུད་ལས། སྔགས་དྲུག་གི་ལེའུ་སྟེ་ལྔ་པའོ།། །།དེ་ནས་རྣམ་རྒྱལ་ཁྲོ་བོ་ཡིས། །བཅོམ་ལྡན་འདས་ལ་འདི་སྐད་གསོལ། །འགྲོ་བའི་མགོན་མཛད་བཅོམ་ལྡན་འདས། །རོ་ཡི་དངོས་གྲུབ་ཇི་ལྟར་ལགས། །དུར་ཁྲོད་སྤྱོད་པ་ཇི་ལྟར་ལགས། །མགོན་མཛད་ཁྱོད་ཀྱིས་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །རོ་སྒྲུབ་སྤྱོད་པ་བྱེད་པ་རྣམས། །ང་ཡིས་བཤད་ཀྱིས་ལེགས་པར་ཉོན། །རོ་ཡི་མཚན་ཉིད་ལེགས་པར་བརྟག །མི་རིགས་ལྔ་ལ་ཀུན་ཏུ་བཤད། །ཤ་ཆེན་ལྔ་ལ་འདི་ལྟར་བརྟག །གྲུབ་རྫས་དངོས་གྲུབ་ལྷ་རུ་བརྟག །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། གཤེད་དང་ཕྲལ་ཕྱིར་བདུད་རྩི་འཁྱིལ། །མཆོག་ཕུར་སོར་བརྒྱད་ཉིད་ལ་བསྒྲུབ། །གནས་པའི་ཁུང་དུ་སྦྱོར་བར་འགྱུར། །ཕ་རོལ་ཕྱིན་བཅུ་དག་པ་ཡི། །ཁྲོ་བོ་བཅུ་ཡིས་སྡིག་པ་སྦྱང་། །ཡི་གེ་དྲུག་གིས་འགྲོ་དྲུག་སྦྱང་། །བར་ཆད་བསལ་ཕྱིར་བྲོ་བརྡུང་སྟེ། །ཧཱུཾ་སྟོང་གསུམ་སྟོང་གི་ལོ་ཀ་ན། །དབུས་ཕྱོགས་སྟོང་གི་ལོ་ཀ་ན། །དྲེགས་པ་བསྣོལ་བའི་གདན་སྟེང་ན། །རྡོ་རྗེ་ཁྲག་འཐུང་བྲོ་ར་བཅས། །ཞལ་གཅིག་ཕྱག་གཉིས་མཐིང་ནག་སྐུ། །རྡོ་རྗེ་དབྱིངས་ཕྱུག་ཡུམ་ལ་འཁྱུད། །རྡོ་རྗེ་ཐོད་ཁྲག་དགུག་ཅིང་གསོལ། །དུར་ཁྲོད་ཆས་ཀྱིས་ལྷ་སྲིན་འདུལ། །རྡོ་རྗེའི་གཤོག་པ་བར་སྣང་བརྐྱངས། །སྤྱན་གསུམ་དམར་ཟླུམ་སྟོང་གསུམ་བསྲེག །མཆེ་བ་གཙིགས་པས་བདུད་བཞི་འཇོམས། །ལྗགས་དམར་གློག་ལྟར་འཁྱུག་པ་ཡིས། །སྟོང་གསུམ་མ་ལུས་གསལ་བར་བྱེད། །ཧཱུཾ་གི་སྒྲ་ནི་འབྲུག་བཞིན་སྒྲོགས། །བརྐྱང་བསྐུམ་ཞབས་ཀྱིས་བྲོ་བརྡུང་བས། །བདུད་ནི་ཕྱེ་མར་འཐག་པའི་བྲོ། །ཀླུ་ནི་ཡོས་སུ་རྔོད་པའི་བྲོ། །བགེགས་རྣམས་མེར་ནི་སྲེག་པའི་བྲོ། །མ་བདུད་ཐལ་བར་རློག་པའི་བྲོ། །དུར་ཁྲོད་འདི་ལ་བྲོ་བརྡུང་བས། །དམ་ཉམས་གཤེད་ནི་རླག་པར་འགྱུར། །ཨཱོཾ་


DNG020_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཕྱོགས་བཞི་རིགས་ཀྱི་བྲོ་བརྡུང་བས། །བར་ཆད་བགེགས་ནི་སྦྱང་བར་འགྱུར། །ཁྲོ་བཅུ་རྡོ་རྗེ་འགྲོས་ཀྱིས་བླང་། །དྲག་པོ་བྱ་ཡི་འགྲོས་ཀྱིས་བླང་། །མཁའ་འགྲོ་ཅེ་སྤྱང་འགྲོས་ཀྱིས་བླང་། །བདུད་ཀྱི་སྒོ་ལ་འཇུ་ཐག་བཅད། །ས་ཡི་རྟེན་ཕུར་འོག་ཏུ་བཀོད། །རྡོ་རྗེ་རྒྱ་གྲམ་ཐག་པས་གདགས། །དཀྱིལ་འཁོར་སྟེང་དུ་རཱུ་ཏྲ་བཞིན། །དུར་ཁྲོད་གཞལ་ཡས་ཁང་དུ་བཟུང་། །སྒྲུབ་པ་བྱེད་པའི་རྫས་སུ་བཟུང་། །ཐུགས་དམ་སྐོང་བའི་བདུད་རྩིར་བཟུང་། །ཨཱོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། དུར་ཁྲོད་གནས་སུ་བྱིན་གྱིས་བརླབ། །བསྒྲུབ་པ་ལྷ་དང་བདུད་རྩི་ལྔར། །བྱིན་གྱིས་བརླབས་པའི་ཡོན་ཏན་སྒྲ། །ཧཱུཾ་ཛ་ཏི་དབྱིངས་ཀྱི་ཡུམ་ཆེན་ལས། །མཁའ་འགྲོ་མང་པོའི་སྤྲུལ་པ་འགྱེད། །ཀཽ་རཱི་བྷན་དམར་ཞིང་དབྱུག་སྔོ། །ཙཽ་རཱི་སེར་མོ་མདའ་གཞུ་འགེངས། །པྲ་མོ་ཆུ་སྲིན་རྒྱལ་མཚན་དམར་ནག་སྔོ། །བེ་ཏཱ་ནག་མོ་ཞིང་ཆུང་ཟ། །པུཀྐ་དམར་སེར་རྒྱུ་ཞགས་འདྲེན། །གྷསྨ་ལྗང་གུ་དུང་ཁྲག་འཐུང་། །སྨ་ཤ་ལྗང་ནག་ཞིང་སྙིང་ཟ། །ཙཎྜ་སེར་སྐྱ་ཞིང་ལུས་འབྲལ། །མ་མོ་ཆེན་མོ་ཁྱེད་བརྒྱད་ཀྱིས། །དུར་ཁྲོད་གནས་སུ་བྱིན་གྱིས་རློབས། །ཧེ་རུ་ཀ་ཡི་གྲོང་ཁྱེར་མཛོད། །བདུད་རྩི་ལྔ་རུ་བྱིན་གྱིས་རློབས། །བྷྱོ་སེང་གདོང་སེར་མོ་རོ་བསྣོལ་ཟ། །སྟག་གདོང་དམར་མོ་བསྣོལ་མར་བལྟ། །ཝ་གདོང་ནག་མོ་རོ་ལ་ལྡག །ཁྱི་གདོང་མཐིང་ནག་ཟུར་བལྟ་ལེན། །བྱ་རྒོད་གདོང་དམར་རྒྱུ་མ་འདྲེན། །ཀཾ་ཀ་སྔོ་སྐྱ་ཞིང་ལ་ཟ། །བྱ་རོག་མདོག་ནག་བྷན་གྲི་འཛིན། །འུག་གདོང་ཁྲ་མོ་རྒྱ་གྲམ་འཛིན། །ཕྲ་མེན་རྡོ་རྗེ་ཁྱེད་བརྒྱད་ཀྱིས། །རུ་ལུ་ཟློས་ཤིང་བྱིན་གྱིས་བརླབ། །ཨཱོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཐུགས་དམ་བསྐང་བ་བསྒྲུབ་པའི་རྫས། །བདུད་རྩི་ལྔ་སོགས་བ་ལིཾ་བསྐང་། །བརྟེན་པའི་གནས་ཀྱིས་ཐུགས་དམ་བསྐང་། །རོ་ཡི་ཧ་སྟས་སྤྱན་དྲངས་ལ། །ཧཱུཾ། བསྐང་ངོ་བསྐལ་པའི་ཐུགས་དམ་བསྐང་། །དྷཱུ་ཏཱི་རྩ་ཡི་བྱང་སེམས་ཀྱིས། །བླ་མ་དམ་པའི་ཐུགས་དམ་བསྐང་། །དམ་ཚིག་གཉེན་པོ་བསྐངས་གྱུར་ནས། །ཟག་མེད་


DNG020_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་རྒྱས་གྱུར་ཅིག །ཧཱུཾ་རོ་ལུས་འདོམ་གང་གྲུ་བཞི་འདི། །དུར་ཁྲོད་གཞལ་ཡས་ཁང་དུ་གསལ། །གྲུ་བཞི་པ་ལ་ཁ་དོག་ལྔ། །དྲི་མ་ནག་པོ་བཻ་ཌཱུར་སྔོ། །རྩིབ་རྣམས་ལྗང་གུ་མ་རྒད་མདོག །ཚིལ་བུ་སེར་པོ་གསེར་ལྟར་སྣང་། །རུས་པ་དཀར་པོ་ཤེལ་དངུལ་མདོག །ལྔ་ཡི་རྩིགས་པ་རབ་ཏུ་མཛེས། །སྒལ་ཚིགས་དུང་གི་རང་བཞིན་ལ། །རྐང་བརྒྱད་ཀ་བ་བརྒྱད་ཡིན་ནོ། །ཐར་མ་ལྕམ་ལ་རྩིབ་མ་དྲལ། །རྩ་ཡི་དྲ་བས་རབ་འདྲེལ་ཅིང་། །མགོ་ཡི་གསང་སྒོ་ཤེལ་ལྟར་དཀར། །མིག་གཡས་ལྷོ་སྒོ་གསེར་ལྟར་སེར། །མིག་གཡོན་བྱང་སྒོ་དམར་དང་ལྗང་། །ནུབ་ཀྱི་ཚ་སྒོ་པད་ལྟར་དམར། །འོག་གི་སྤུ་ནག་སྨིན་མ་དང་། །སྐྲ་རྣམས་སྒོ་ཡི་རྒྱན་ཡིན་ནོ། །རྐང་ལག་སེན་མོའི་ཕྲེང་བ་རྣམས། །མུ་ཏིག་དྲ་བ་ཕྱེད་པས་མཛེས། །ཚིག་མདུད་རིན་ཆེན་ཕ་གུ་ལ། །ཕག་ལ་འདོད་ཡོན་ལྷ་མོས་མཛེས། །དུར་ཁྲོད་གཞལ་ཡས་མཛེས་པ་ཡིས། །དཀྱིལ་འཁོར་ལྷ་ཡི་ཐུགས་དམ་བསྐང་། །ཕུང་པོ་ལྔ་ནི་གནས་གྱུར་པ། །ཁྲག་འཐུང་ལྔ་ཡི་ཐུགས་དམ་བསྐང་། །འབྱུང་བ་ལྔ་ཡི་གནས་གྱུར་པ། །ཡུམ་ཆེན་ལྔ་ཡི་ཐུགས་དམ་བསྐང་། །ཀུན་གཞིའི་རྣམ་ཤེས་གནས་གྱུར་པ། །རྡོ་རྗེ་གཞོན་ནུའི་ཐུགས་དམ་བསྐང་། །སྒོ་ལྔའི་རྣམ་ཤེས་གནས་གྱུར་པ། །ཨེ་ཀ་ཙ་ཏའི་ཐུགས་དམ་བསྐང་། །མ་མོ་བཅུ་དྲུག་ཐུགས་དམ་བསྐང་། །ཡིད་ཀྱི་རྣམ་ཤེས་གནས་གྱུར་པ། །འཁོར་ལོ་རྒྱས་འདེབས་ཐུགས་དམ་བསྐང་། །ཡན་ལག་ཆ་ཤས་དུམ་བུ་བཅུ། །གནས་གྱུར་ཁྲོ་བོ་བཅུ་ཡི་ཐུགས་དམ་བསྐང་། །ཁྲོ་མོ་བཅུ་ཡི་ཐུགས་དམ་བསྐང་། །སྒལ་ཚིགས་ཉི་ཤུ་གནས་གྱུར་པ། །མགོ་བརྙན་ཉི་ཤུའི་ཐུགས་དམ་བསྐང་། །ལུས་ཀྱི་མཚོ་བཞི་གནས་གྱུར་པས། །སྒོ་མ་བཞི་ཡི་ཐུགས་དམ་བསྐང་། །རོ་ལ་གནས་པའི་བདུད་རྩི་ལྔས། །དཀྱིལ་འཁོར་ལྔ་ཡི་ཐུགས་དམ་བསྐང་། །དུག་ལྔ་རྩད་ནས་གཅོད་གྱུར་ཅིག །ཡེ་ཤེས་ལྔ་དང་ལྡན་གྱུར་ནས། །ཟག་མེད་བདེ་བ་རོལ་པ་དང་། །སངས་རྒྱས་ལྷུན་གྱིས་འགྲུབ་པར་ཤོག །ཐིག་གདབ་བདུད་རྩི་བུམ་པ་དབྱེ། །


DNG020_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱོཾ་ཨཱཿཧཱུཾ་ཨ་མྲྀ་ཏ་སིདྡྷི་ཧཱུཾ་ཧྲི་ཋཱ། བླ་མ་རྡོ་རྗེ་སློབ་དཔོན་དང་། །ཡེ་ཤེས་ལྔ་དང་མཁའ་འགྲོའི་ཚོགས། །མ་ལུས་བདག་ལ་དགོངས་སུ་གསོལ། །བདག་གི་ཐོག་མ་མེད་པ་ནས། །ད་ལྟ་ཡན་ཆད་སྡིག་བགྱིས་དང་། །དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །དངོས་གྲུབ་རྣམ་གསུམ་བདག་ལ་སྩོལ། །སྐུ་གསུང་ཐུགས་ཀྱི་དག་པ་དང་། །རྡོ་རྗེ་གསུམ་ནི་བདག་ལ་སྩོལ། །དུག་ལྔ་འཇོམས་པའི་ཁྲག་འཐུང་དཔལ། །ཡེ་ཤེས་ལྔ་ནི་བདག་ལ་སྩོལ། །ཏིང་འཛིན་ཚེ་ཡི་དངོས་གྲུབ་དང་། །མངོན་ཤེས་ལྔ་ཡི་དངོས་གྲུབ་སྩོལ། །གྲུབ་པ་བརྒྱད་ཀྱི་དངོས་གྲུབ་དང་། །ཕྲིན་ལས་བཞི་ཡི་དངོས་གྲུབ་སྩོལ། །འབྱོར་ལྡན་ལོངས་སྤྱོད་དངོས་གྲུབ་སྩོལ། །ཨ་ལ་ལ་ཧོ། ས་མ་ཡ་ཧོ། ས་མ་ཡ་སྟྭཾ། རྡོ་རྗེ་གསུམ་ལྡན་ཉིད་དུ་འགྱུར། །ཧཱུཾ་བླ་མ་རྡོ་རྗེ་སློབ་དཔོན་དང་། །ཧེ་རུ་ཀ་སོགས་ཁྲག་འཐུང་ཚོགས། །མ་མོ་མཁའ་འགྲོ་བརྟེན་པའི་ཕྱིར། །ཙིཏྟ་གསང་བའི་རྟེན་དུ་བཅངས། །མཚན་ལྡན་རྡོ་རྗེ་ཀ་པཱ་ལ། །བདུད་རྩི་ལྔ་ཡི་སྣོད་དུ་བཅངས། །ལུས་ལ་གནས་པའི་བདུད་རྩི་ལྔ། །ལྷ་རྣམས་འདུས་པའི་རྫས་སུ་བཅངས། །ཕུང་པོའི་རྐང་ལ་ཕུར་པ་སྟེ། །ཁྲོ་བོ་བཅུ་ཡི་རྟེན་དུ་བཅངས། །བརླ་ཡི་རྐང་ལ་འབུད་པའི་དུང་། །ལྕང་ལོ་མཚན་དང་ལྡན་པ་ལ། །མ་མོ་མཁའ་འགྲོའི་རྟེན་དུ་བཅངས། །ལག་པ་གཡས་པ་ཧ་སྟ་ཡང་། །མཁའ་འགྲོ་གཡོབ་པའི་རྟེན་དུ་བཅངས། །སོག་པ་དམ་སྲི་བྲི་བའི་རྫས། །ཞིང་ལྤགས་གཡང་གཞི་བྱས་པ་ཡང་། །ཕྲ་མེན་ཉི་ཤུའི་རྟེན་དུ་བཅངས། །རྒྱུ་མའི་ཞགས་པ་འདྲེན་པ་ཡང་། །མ་མོ་བཅུ་དྲུག་བརྟེན་པའི་རྫས། །དབང་པོ་ལྔ་ཡི་མེ་ཏོག་ཀྱང་། །ཡབ་ཡུམ་གསུམ་ནི་བརྟེན་པའི་རྫས། །མཚོ་བཞི་དུམ་བུ་འཆང་བ་ཡང་། །སྒོ་བ་བཞི་ཡི་རྟེན་དུ་བྱུང་། །ཨ་ལ་ལ་ཧོ། དུར་ཁྲོད་རོ་ལ་ལོངས་སྤྱོད་ཅིང་། །དུར་ཁྲོད་ཆས་ཀྱིས་རབ་ཏུ་བརྒྱན། །དུར་ཁྲོད་གནས་སུ་རྒྱུ་བྱ་ཞིང་། །བདུད་རྩི་ལྔ་ལ་ལོངས་སྤྱོད་ནས། །དུར་ཁྲོད་མཁའ་འགྲོ་ཀུན་དང་འགྲོགས། །འདོད་ཡོན་ལྔ་ལ་ལོངས་སྤྱོད་ཅིང་། །


DNG020_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་གསུམ་པ་ཡི་སེམས་ཅན་ཀུན། །བསད་པས་གྲོལ་བར་འགྱུར་བ་ཡིན། །རྟོག་མེད་དབྱིངས་ལ་གནས་གྱུར་ན། །བསད་པས་སྡིག་གིས་མ་གོས་ཤིང་། །རིག་འཛིན་ས་ལ་མྱུར་དུ་འགྲོ། །ཟག་མེད་བདེ་སྟོང་དབྱེར་མེད་ལ། །མཁའ་འགྲོ་ཀུན་དང་ལོངས་སྤྱོད་འགྱུར། །དཔལ་རྡོ་རྗེ་གཞོན་ནུ་ཐུགས་རྗེ་ཁྲོས་པ་རྩ་བའི་རྒྱུད་ཀྱི་བཤད་པ་ལས། རོ་སྒྲུབ་པ་སྤྱོད་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་རྣམ་རྒྱལ་ཁྲོ་བོ་ཡིས། །བཅོམ་ལྡན་འདས་ལ་འདི་སྐད་གསོལ། །ཕྲིན་ལས་མཛད་པའི་བཅོམ་ལྡན་འདས། །ཕུར་པས་ཕྲིན་ལས་འགྲུབ་པ་ཡང་། །འགྲོ་བའི་དོན་དུ་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཕུར་པ་རྣམ་པ་བཞི་ཡིན་ཏེ། །ཆོས་ཉིད་དོན་གྱི་ཕུར་པ་དང་། །རིག་པ་ཡེ་ཤེས་ཕུར་པ་དང་། །འདུས་བྱས་རྫས་ཀྱི་ཕུར་པ་དང་། །བརྟེན་པ་ལུས་ཀྱི་ཕུར་པའོ། །འདུས་བྱས་རྫས་ཀྱི་ཕུར་པ་ནི། །དངུལ་ལམ་འོ་མ་ཅན་གྱི་ཤིང་། །ཟངས་སམ་ཙནྡན་དམར་པོའི་ཤིང་། །ལྕགས་སམ་རྐང་དང་ཚེར་མའི་ཤིང་། །གསེར་རམ་འོ་སེ་སེར་པོའི་ཤིང་། །སོར་བརྒྱད་སོར་དྲུག་བཅུ་གཉིས་དང་། །བཅུ་དྲུག་ཕུར་པའི་ཚད་ཡིན་ནོ། །ཟླུམ་དང་གྲུ་བཞི་ཟླ་གམ་དང་། །ཟུར་གསུམ་དབྱིབས་སུ་ངེས་པ་ཡིན། །གཅིག་དང་ལྷ་གྲངས་མཉམ་པའོ། །མཎྜལ་དབྱིབས་དང་ཁ་དོག་ཉིད། །གཟུངས་ཐག་ཁ་དོག་བཞི་དང་ལྡན། །གཏོར་མའི་རིགས་སུ་ངེས་པ་ཡིན། །བཟླས་པས་དངོས་གྲུབ་མྱུར་དུ་ཐོག །ཤཱནྟིང་ཀུ་རུ་སྭཱ་ཧཱ། པུཥྚིང་ཀུ་རུ་ཨོཾ། ཝ་ཤང་ཀུ་རུ་ཧོ། མཱ་ར་ཡ་ཕཊ། ལིངྒ་ཉིད་ལ་མངོན་པར་བསྒྲུབ། །བདུན་འབུམ་གྲངས་ཀྱིས་འགྲུབ་པར་འགྱུར། །འགུལ་དང་འཕྲོ་དང་འཚེག་པ་འབྱུང་། །གྲུབ་ནས་སོ་སོའི་ལས་ལ་སྦྱར། །དགྲ་དང་བགེགས་དང་ནད་ཞི་དང་། །ཚེ་དང་ལོངས་སྤྱོད་རྒྱས་པར་འགྱུར། །འདི་ནས་ཕྱི་མར་བསྒྲལ་བ་དང་། །བླ་མེད་ལྔ་རུ་བསྒྲལ་བར་བྱ། །འདི་བསྒྲལ་བསོད་ནམས་དཔག་ཏུ་མེད། །རྡོ་རྗེ་འཛིན་པ་ཀུ་མཱ་རའི། །དངོས་གྲུབ་ཐམས་ཅད་མྱུར་དུ་འགྲུབ། །དཔལ་རྡོ་རྗེ་གཞོན་ནུ་ཐུགས་རྗེ་ཁྲོས་པ་རྩ་བའི་རྒྱུད་ཀྱི་བཤད་པ་ལས།


DNG020_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ཕུར་པས་ཕྲིན་ལས་བཞི་འགྲུབ་པ་སྟེ་ལེའུ་བདུན་པའོ།། །།དེ་ནས་རྣམ་རྒྱལ་ཁྲོ་བོ་ཡིས། །བཅོམ་ལྡན་འདས་ལ་འདི་སྐད་གསོལ། །ཐུགས་རྗེ་བྱམས་མགོན་བཅོམ་ལྡན་འདས། །ཚེ་ཡི་རིག་འཛིན་ཇི་ལྟར་སྒྲུབ། །བསྒྲུབ་པའི་དངོས་གྲུབ་ཇི་ལྟར་བླངས། །མགོན་མཛད་ཁྱོད་ཀྱིས་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དེ་ཡང་སྒྲུབ་པའི་དངོས་གྲུབ་ནི། །ང་ཡིས་བཤད་ཀྱིས་ལེགས་པར་ཉོན། །ཚེ་ནི་རྣམ་པ་གསུམ་ཡིན་ཏེ། །མི་འགྱུར་མི་འཕྲོག་རྡོ་རྗེའི་ཚེ། །ཉམས་ཤིང་འཕོ་བ་ཐིག་ལེའི་ཚེ། །འཁྲུལ་ཞིང་རྟོག་པ་སྣང་བའི་ཚེ། །ཉམས་ཤིང་འཕོ་བ་ཚེའི་རང་བཞིན། །ཉམས་པའི་རྒྱུ་ནི་འདི་ལྟར་ཏེ། །དམ་ཉམས་བཞིན་འགྱུར་སྤྱོད་ལམ་ཉམས། །དམ་ཅན་འཁྲུགས་ཤིང་སེམས་འཁྲུགས་དང་། །ཞེ་སྡང་རྒྱས་དང་བགེགས་དང་འཕྲད། །དྲེད་དངངས་རྦོད་གཏོང་ཁར་རྦད་དང་། །དམ་ཅན་གཏོར་ཆགས་ཚེ་ཉམས་འགྱུར། །བླ་མ་ལ་གུས་རྒྱུད་ལ་སྦྱངས། །ཏིང་འཛིན་བརྟན་ཞིང་རིགས་སྔགས་འཛིན། །དམ་ཅན་ཉེ་བར་འགྱུར་བ་ཡི། །འདི་ཡིས་ཚེ་ནི་ཁུགས་འགྱུར་ཏེ། །ཉམས་པ་གསོ་བར་འདོད་པ་ཡིས། །བཀྲ་ཤིས་ས་ལ་མཎྜལ་བྱ། །པདྨ་འཁོར་ལོ་རྒྱ་གྲམ་ལྡན། །ལྷ་ཡི་རྟེན་ནི་མར་མེ་དགུ། །ཁྲོ་བཅུའི་ཕུར་པས་བགེགས་བསལ་ཞིང་། །བདུད་རྩི་ལྔ་དང་སྨན་ལྔ་དང་། །ཕུང་པོ་བརྟེན་པའི་ཟས་མཆོག་ལ། །ཐོད་པ་ལྕགས་དང་རིན་ཆེན་སྣོད། །བུམ་པ་ཡིད་འོང་མཛེས་པ་རུ། །བསྒྲུབ་པས་ཚེ་ནི་རབ་ཏུ་འཕེལ། །བྷུཌྜྷ་ཀུན་གྱི་བྱིན་གྱིས་རློབས། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུཾ་བཾ་ཧོཿ། ཨཱ་ཡུརྫྙཱ་ན་ཨཱ་ཀཪྵ་ཡ་ཛ། རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཨཱོཾ་ཨཱཿཧཱུཾ། ཚེ་ནི་རིགས་ལྔ་ཁྲག་འཐུང་སྟེ། །དུག་འཇོམས་ཡེ་ཤེས་ལྔའི་རང་བཞིན། །ཐིག་ལེ་མི་ཤིགས་ངོ་བོ་ཉིད། །གདོད་ནས་མ་སྐྱེས་ངོ་བོ་ལ། །རང་བཞིན་དག་པས་རིན་ཆེན་འདྲ། །ཧཱུཾ་དབུས་ནས་རང་བྱུང་གྲུབ་པའི་ལྷ། །དཔལ་ཆེན་རྡོ་རྗེ་ཁྲག་འཐུང་དང་། །ཁྲོ་མོ་རྡོ་རྗེ་དབྱིངས་


DNG020_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུག་མ། །མཐིང་ནག་མི་འགྱུར་ནམ་མཁའི་མདོག །ཞལ་གཅིག་ཕྱག་གཉིས་ཁྲོ་མོའི་ཚུལ། །རྡོ་རྗེས་གདུག་པ་འདུལ་མཛད་ཅིང་། །བཻ་ཌཱུརྱ་ཡི་བུམ་པ་གཡོན། །ནད་ནི་འཆི་མེད་བདུད་རྩིས་བཀང་། །ཀ་ཤི་དར་གྱིས་མགུལ་ཆིངས་ལ། །དཔག་བསམ་ལྗོན་པས་ཁ་བརྒྱན་ནས། །ཡབ་ཡུམ་བདེ་བའི་སྦྱོར་བ་ལས། །བྱང་སེམས་མུ་ཏིག་ཁུ་འཕངས་འབེབས། །རྡོ་རྗེ་ཁྲག་འཐུང་དཔག་མེད་ཀྱིས། །སྟོང་གསུམ་སྟོང་གི་འཇིག་རྟེན་བཀང་། །ཞལ་ནས་ཚེ་ཡི་སྔགས་ཟློས་ཤིང་། །ལྷ་ཀླུ་གནོད་སྦྱིན་གཤིན་རྗེ་དང་། །མཁའ་འགྲོའི་ལག་ནས་ཚེ་ཁུག་ཅིག །དྲོངས་ཤིག་དྲོངས་ཤིག་ཚེ་དྲོངས་ཤིག །ཚེ་བུམ་འདི་ལ་བྱིན་གྱིས་རློབས། །ཚེ་བུམ་འདི་ལ་རྟགས་ཕྱུང་ཞིག །རིག་འཛིན་སྒྲུབ་པ་པོ་ཡི་ཚེ་སྤེལ་ཅིག །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ཨཱོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཨཱ་ཡུརྫྙཱ་ན་ཙིཏྟ་བྷྲཱུཾ། ཧཱུཾ་ཤར་ནས་རང་བྱུང་གྲུབ་པའི་ལྷ། །དཔལ་ཆེན་བདེར་གཤེགས་ཁྲག་འཐུང་སྟེ། །ཁྲོ་མོ་སངས་རྒྱས་དབྱིངས་ཕྱུག་མ། །སྐུ་མདོག་ཤེལ་ལྟར་དཀར་གསལ་ཞིང་། །ཞལ་གཅིག་ཕྱག་གཉིས་ཁྲོ་མོའི་སྐུ། །འཁོར་ལོས་བདུད་བཞི་འཇོམས་པར་མཛད། །གཡོན་ན་ཤེལ་གྱི་བུམ་པ་བསྣམས། །ནང་ན་འཆི་མེད་བདུད་རྩིས་བཀང་། །ཀ་ཤི་དར་གྱིས་མགུལ་ཆིངས་ལ། །དཔག་བསམ་ལྗོན་པས་ཁ་བརྒྱན་ནས། །ཡབ་ཡུམ་བདེ་བའི་སྦྱོར་བ་ལས། །བྱང་སེམས་མུ་ཏིག་ཁུ་འཕང་འབེབས། །བྷུཌྜྷ་ཁྲག་འཐུང་དཔག་མེད་ཀྱིས། །སྟོང་གསུམ་སྟོང་གི་འཇིག་རྟེན་བཀང་། །ཞལ་ནས་ཚེ་ཡི་སྔགས་ཟློས་ཤིང་། །ལྷ་ཀླུ་གནོད་སྦྱིན་གཤིན་རྗེ་དང་། །མཁའ་འགྲོའི་ལག་ནས་ཚེ་ཁུག་ཅིག །དྲོངས་ཤིག་དྲོངས་ཤིག་ཚེ་དྲོངས་ཤིག །ཚེ་བུམ་འདི་ལ་བྱིན་གྱིས་རློབས། །ཚེ་བུམ་འདི་ལ་རྟགས་ཤིག་ཕྱུང་། །རིག་འཛིན་སྒྲུབ་པ་པོ་ཡི་ཚེ་སྤེལ་ཅིག །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ཨཱོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཨཱ་ཡུརྫྙཱ་ན་བྷྲཱུཾ། ཧཱུཾ་ལྷོ་ནས་རང་བྱུང་གྲུབ་པའི་ལྷ། །དཔལ་ལྡན་རིན་ཆེན་ཁྲག་འཐུང་དང་། །ཁྲོ་མོ་རིན་ཆེན་དབྱིངས་ཕྱུག་མ། །སྐུ་མདོག་གསེར་འོད་རྒྱས་མཛད་ཅིང་། །ཞལ་གཅིག་ཕྱག་གཉིས་ཁྲོ་མོའི་སྐུ། །རིན་ཆེན་


DNG020_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་འདོད་རེ་བ་སྐོང་། །གཡོན་ན་གསེར་གྱི་བུམ་པ་བསྣམས། །ནང་ན་འཆི་མེད་བདུད་རྩིས་བཀང་། །ཀ་ཤི་དར་གྱིས་མགུལ་ཆིངས་ལ། །དཔག་བསམ་ལྗོན་པས་ཁ་བརྒྱན་ནས། །ཡབ་ཡུམ་བདེ་བའི་སྦྱོར་བ་ལས། །བྱང་སེམས་མུ་ཏིག་ཁུ་འཕང་འབེབས། །རིན་ཆེན་ཁྲག་འཐུང་དཔག་མེད་ཀྱིས། །སྟོང་གསུམ་སྟོང་གི་འཇིག་རྟེན་བཀང་། །ཞལ་ནས་ཚེ་ཡི་སྔགས་ཟློས་ཤིང་། །ལྷ་ཀླུ་གནོད་སྦྱིན་གཤིན་རྗེ་དང་། །མཁའ་འགྲོའི་ལག་ནས་ཚེ་ཁུག་ཅིག །དྲོངས་ཤིག་དྲོངས་ཤིག་ཚེ་དྲོངས་ཤིག །ཚེ་བུམ་འདི་ལ་བྱིན་གྱིས་རློབས། །ཚེ་བུམ་འདི་ལ་རྟགས་ཤིག་ཕྱུང་། །རིག་འཛིན་སྒྲུབ་པ་པོ་ཡི་ཚེ་སྤེལ་ཅིག །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ཨཱོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཨཱ་ཡུརྫྙཱ་ན་ཙིཏྟ་བྷྲཱུཾ། ཧཱུཾ་ནུབ་ནས་རང་བྱུང་གྲུབ་པའི་ལྷ། །དཔལ་ལྡན་པདྨ་ཁྲག་འཐུང་དང་། །ཁྲོ་མོ་པདྨ་དབྱིངས་ཕྱུག་མ། །སྐུ་མདོག་དམར་གསལ་དབང་དུ་བྱེད། །ཞལ་གཅིག་ཕྱག་གཉིས་ཁྲོ་མོའི་ཚུལ། །པདྨ་ཉོན་མོངས་ཆགས་པ་སེལ། །པདྨ་རཱ་གའི་བུམ་པ་གཡོན། །ནང་ན་འཆི་མེད་བདུད་རྩིས་བཀང་། །ཀ་ཤི་དར་གྱིས་མགུལ་བཅིངས་ལ། །དཔག་བསམ་ལྗོན་པས་ཁ་བརྒྱན་ནས། །ཡབ་ཡུམ་བདེ་བའི་སྦྱོར་བ་ལས། །བྱང་སེམས་མུ་ཏིག་ཁུ་འཕང་འབེབས། །པདྨ་ཁྲག་འཐུང་དཔག་མེད་ཀྱིས། །སྟོང་གསུམ་སྟོང་གི་འཇིག་རྟེན་བཀང་། །ཞལ་ནས་ཚེ་ཡི་སྔགས་ཟློས་ཤིང་། །ལྷ་ཀླུ་གནོད་སྦྱིན་གཤིན་རྗེ་དང་། །མཁའ་འགྲོའི་ལག་ནས་ཚེ་ཁུག་ཅིག །དྲོངས་ཤིག་དྲོངས་ཤིག་ཚེ་དྲོངས་ཤིག །ཚེ་བུམ་འདི་ལ་བྱིན་གྱིས་རློབས། །ཚེ་བུམ་འདི་ལ་རྟགས་ཤིག་ཕྱུང་། །རིག་འཛིན་སྒྲུབ་པ་པོ་ཡི་ཚེ་སྤེལ་ཅིག །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ཨཱོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཨཱ་ཡུརྫྙཱ་ན་ཙིཏྟ་བྷྲཱུཾ། ཧཱུཾ་བྱང་ནས་རང་བྱུང་གྲུབ་པའི་ལྷ། །དཔལ་ལྡན་ལས་ཀྱི་ཁྲག་འཐུང་དང་། །ཁྲོ་མོ་ལས་ཀྱི་དབྱིངས་ཕྱུག་མ། །ལྗང་གུ་ཕྲིན་ལས་སྣ་ཚོགས་འགྲུབ། །རྒྱ་གྲམ་ཕྲག་དོག་སྡུག་བསྔལ་སེལ། །ཨིནྡྲ་ནཱི་ལའི་བུམ་པ་བསྣམས། །ནང་ན་འཆི་མེད་བདུད་རྩིས་བཀང་། །ཀ་ཤི་དར་གྱིས་མགུལ་


DNG020_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

ཆིངས་ལ། །དཔག་བསམ་ལྗོན་པས་ཁ་བརྒྱན་ནས། །ཡབ་ཡུམ་བདེ་བའི་སྦྱོར་བ་ལས། །བྱང་སེམས་མུ་ཏིག་ཁུ་འཕང་འབེབས། །ལས་ཀྱི་ཁྲག་འཐུང་དཔག་མེད་ཀྱིས། །སྟོང་གསུམ་སྟོང་གི་འཇིག་རྟེན་བཀང་། །ཞལ་ནས་ཚེ་ཡི་སྔགས་ཟློས་ཤིང་། །ལྷ་ཀླུ་གནོད་སྦྱིན་གཤིན་རྗེ་དང་། །མཁའ་འགྲོའི་ལག་ནས་ཚེ་ཁུག་ཅིག །དྲོངས་ཤིག་དྲོངས་ཤིག་ཚེ་དྲོངས་ཤིག །ཚེ་བུམ་འདི་ལ་བྱིན་གྱིས་རློབས། །ཚེ་བུམ་འདི་ལ་རྟགས་ཤིག་ཕྱུང་། །རིག་འཛིན་སྒྲུབ་པ་པོ་ཡི་ཚེ་སྤེལ་ཅིག །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ཨཱོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཨཱ་ཡུརྫྙཱ་ན་ཙིཏྟ་བྷྲཱུཾ། ཧཱུཾ་དབུས་ནས་རང་བྱུང་གྲུབ་པའི་ལྷ། །དཔལ་ཆེན་རྡོ་རྗེ་གཞོན་ནུ་ནི། །ཞལ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །གར་དགུའི་རོལ་པས་གནས་མཛད་ཅིང་། །འཁོར་ལོ་རྒྱས་འདེབས་ཡུམ་ལ་འཁྱུད། །ཡབ་ཡུམ་གཉིས་མེད་སྦྱོར་བའི་རྫས། །དུས་གསུམ་བྷུཌྜྷ་རབ་མཆོད་ནས། །བྱང་ཆུབ་སེམས་ཀྱི་ཐིག་ལེ་ལས། །མུ་ཏིག་ཁུ་འཕང་དབབ་ཏུ་གསོལ། །ཚེ་བུམ་འདི་ལ་བྱིན་གྱིས་རློབས། །ཚེ་བུམ་འདི་ལ་རྟགས་ཕྱུང་ཞིག །རིག་འཛིན་སྒྲུབ་པ་པོ་ཡི་ཚེ་སྤེལ་ཅིག །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུཾ་བཾ་ཧོཿ། ཨཱ་ཡུརྫྙཱ་ན་ཨཱ་ཀཪྵ་ཛཿ།ཨཱོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཨོཾ་ཨཱཿཧཱུཾ། སྒྲོལ་ཡུམ་ཨེ་ཀ་ཙ་ཏི་མ། །ཆོས་ཀྱི་དབྱིངས་ཀྱི་མཁའ་འགྲོ་ཡུམ། །ཁྲག་འཐུང་ལྷ་ཚོགས་མཉེས་བྱེད་མ། །བྷུཌྜྷ་ཀུན་དང་མཉམ་སྦྱོར་ལ། །བདེ་འོད་ཉི་མའི་གཟི་བརྗིད་ཀྱིས། །མཁའ་འགྲོ་ཐམས་ཅད་དབང་བསྡུས་ནས། བྱང་ཆུབ་སེམས་ཀྱི་ཐིག་ལེ་ནི། །མུ་ཏིག་ཁུ་འཕང་དབབ་ཏུ་གསོལ། །ཚེ་བུམ་འདི་ལ་བྱིན་གྱིས་རློབས། །ཚེ་བུམ་འདི་ལ་རྟགས་ཤིག་ཕྱུང་། །རིག་འཛིན་སྒྲུབ་པ་པོ་ཡི་ཚེ་སྤེལ་ཅིག །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ཨཱོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཨཱ་ཡུརྫྙཱ་ན་ཛ། རྡོ་རྗེ་མ་མོ་ཀཽ་རཱི་མ། །གཡས་གཡོན་ཞིང་དབྱུག་ཐོད་ཁྲག་མཐིང་། །རྡོ་རྗེ་མ་མོ་ཙཽ་རཱི་མ། །སེར་མོ་ཕྱག་གཉིས་མདའ་གཞུ་འགེངས། །རྡོ་རྗེ་མ་མོ་པྲ་མོ་ཧཱ། །ཆུ་སྲིན་རྒྱལ་མཚན་ཐོད་ཁྲག་དམར། །རྡོ་རྗེ་མ་མོ་


DNG020_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

བེ་ཏ་ལཱི། །གཡས་ན་རྡོ་རྗེ་ཞིང་དབྱུག་མཐིང་། །རྡོ་རྗེ་མ་མོ་པུཀ་ཀ་སཱི། །དམར་སེར་ཞིང་བཅུའི་རྒྱུ་མ་འདྲེན། །རྡོ་རྗེ་མ་མོ་གྷསྨ་རཱི། །ལྗང་གུ་རྡོ་རྗེ་ཐོད་ཁྲག་ཐོགས། །རྡོ་རྗེ་མ་མོ་སྨ་ཤ་ནཱི། །ཕྱག་གཉིས་རོ་འཛིན་སྙིང་ཟ་ཞིང་། །རྡོ་རྗེ་མ་མོ་ཙཎྜ་ལཱི། །སེར་སྐྱ་རོ་འཛིན་མགོ་ལུས་འབྲལ། །མ་མོ་ཆེན་མོ་ཁྱེད་བརྒྱད་ནི། །སྤྲུལ་པའི་མ་མོས་སྟོང་ཁམས་འགེངས། །ཐུགས་ཀ་མ་མོའི་དཔལ་བེའུ་ནས། །བྱང་ཆུབ་སེམས་ཀྱི་ཚེ་འཛིན་མ། །ཁུག་ཅིག་དྲོངས་ཤིག་ཚེ་དྲོངས་ཤིག །ཚེ་བུམ་འདི་ལ་བྱིན་གྱིས་རློབས། །ཚེ་བུམ་འདི་ལ་རྟགས་ཤིག་ཕྱུང་། །རིག་འཛིན་སྒྲུབ་པ་པོ་ཡི་ཚེ་སྤེལ་ཅིག །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །རྟགས་དང་མཚན་མ་དབྱུང་དུ་གསོལ། །ཨཱོཾ་བཛྲ་ཀཽ་རཱི་ཧ། ཨཱོཾ་བཛྲ་ཙཽ་རཱི་ཧ། ཨཱོཾ་བཛྲ་ཕྲ་མོ་ཧ། བཛྲ་བེ་ཏ་ལཱི་ཧ། བཛྲ་ཕུཀྐ་སཱི་ཧ། བཛྲ་གྷ་སྨ་རཱི་ཧ། བཛྲ་སྨ་ཤ་ནཱི་ཧ། བཛྲ་ཙཎྜ་ལཱི་ཧ། ཨོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཨ་ཡུརྫྙཱ་ན་ཨངྐུ་ཤ་ཛ། བྷྱོ་རྡོ་རྗེ་ཕྲ་མེན་སེང་གདོང་མ། །ཕྱག་གཉིས་ཁ་ཡི་རོ་འཛིན་སེར། །རྡོ་རྗེ་ཕྲ་མེན་སྟག་གདོང་མ། །ཕྱག་གཉིས་བསྣོལ་ཞིང་མནན་ནས་རོལ་པ་ལྟ། །རྡོ་རྗེ་ཕྲ་མེན་ཝ་གདོང་མ། །དམར་ནག་རོ་སྙིང་ཕྱུང་ནས་ལྡག །རྡོ་རྗེ་ཕྲ་མེན་ཁྱི་གདོང་མ། །རོ་ཡི་ཁོག་འབྱེད་ནང་བལྟ་མཐིང་། །རྡོ་རྗེ་ཕྲ་མེན་བྱ་རྒོད་གདོང་། །དམར་པོ་རྒྱུ་ཟ་གྲི་ཐོད་བསྣམས། །རྡོ་རྗེ་ཕྲ་མེན་ཀངྈ་གདོང་། །སྨུག་ནག་ཞིང་འཛིན་ཕྲག་ལ་བཀལ། །རྡོ་རྗེ་ཕྲ་མེན་བྱ་རོག་གདོང་། །ནག་མོ་རོ་འཛིན་གྲི་ཐོད་བསྣམས། །རྡོ་རྗེ་ཕྲ་མེན་འུག་པའི་གདོང་། །ལྗང་གུ་ལྕགས་ཀྱུ་ཐོད་ཁྲག་བསྣམས། །རྡོ་རྗེ་ཕྲ་མེན་ཁྱེད་བརྒྱད་ནི། །སྤྲུལ་པ་དཔག་མེད་སྟོང་ཁམས་འགེངས། །ཐུགས་ཀ་དཔལ་བེའུའི་དཀྱིལ་འཁོར་ནས། །བྱང་སེམས་ཐིག་ལེ་ཁུ་འཕང་འབེབས། །ཁུག་ཅིག་ཁུག་ཅིག་ཚེ་ཁུག་ཅིག །དྲོངས་ཤིག་དྲོངས་ཤིག་ཚེ་དྲོངས་ཤིག །ཚེ་བུམ་འདི་ལ་བྱིན་གྱིས་རློབས། །ཚེ་བུམ་འདི་ལ་རྟགས་ཤིག་ཕྱུང་། །ཨཱོཾ་བཛྲ་སིངྷ་མུ་ཁཱི་ཧེ། ཨཱོཾ་བཛྲ་བྱཱ་གྷྲ་མུ་ཁཱི་ཧེ། ཨཱོཾ་བཛྲ་ཤཱི་ག་ལ་


DNG020_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

མུ་ཁཱི་ཧ། ཨཱོཾ་བཛྲ་ཤྭ་ན་མུ་ཁཱི་ཧེ། ཨཱོཾ་བཛྲ་གྲྀཌྜྷ་མུ་ཁཱི་ཧེ། ཨཱོཾ་བཛྲ་ཀཱཾ་ཀ་མུ་ཁཱི་ཧེ། ཨཱོཾ་བཛྲ་ཨུ་ལཱུ་མུ་ཁཱི་ཧེ། ཨཱོཾ་བཛྲ་ཀཱ་ཀ་མུ་ཁཱི་ཧེ། ཨོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཨཱ་ཡུརྫྙཱ་ན་ཨངྐུ་ཤ་ཛཿ། ཧཱུཾ་བྷ་ག་དབྱིངས་ཀྱི་ཕོ་བྲང་ནས། །སྲས་མཆོག་རྡོ་རྗེ་ཕུར་པ་སྟེ། །བུཌྜྷ་ཀུན་གྱི་ཐུགས་ཀྱི་སྲས། །ཁྲོ་བོའི་ཚུལ་སྟོན་གདུག་པ་འདུལ། །སྟོང་གསུམ་སྟོང་གི་འཇིག་རྟེན་འདིར། །སྤྲུལ་པ་གྲངས་མེད་ཁྲོ་ཚོགས་ཀྱིས། །དགྲ་བགེགས་གདུག་པ་དབྱིངས་སུ་སྒྲོལ། །མཁའ་མཉམ་བདེ་ཆེན་དབྱིངས་སུ་ཆུག །བྱང་སེམས་ཐིག་ལེ་མི་ཤིགས་དབུས། །མུ་ཏིག་ཁུ་འཕང་དབབ་ཏུ་གསོལ། །ཚེ་བུམ་འདི་ལ་བྱིན་གྱིས་རློབས། །ཚེ་བུམ་འདི་ལ་རྟགས་ཤིག་ཕྱུང་། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བཾ་ཧཱུཾ་ཧཱུཾ་ཕཊ། ཧཱུཾ་སྟེང་ནས་རང་བྱུང་གྲུབ་པའི་ལྷ། །རྡོ་རྗེ་ཁྲོ་བོ་ཧཱུཾ་མཛད་ནི། །ཡབ་ཡུམ་ཕྲ་ཐབས་དཔག་མེད་ཀྱང་། །མཐིང་ནག་ཞལ་གཅིག་ཕྱག་གཉིས་ཏེ། །བགེགས་ཆེན་འདུལ་བའི་ཁྲོ་ཚུལ་སྟོན། །གཡས་ན་ལྕགས་ཀྱུ་ཕུར་པ་བསྣམས། །གཡོན་ན་བདུད་རྩི་བུམ་པ་བསྣམས། །ཐུགས་ཀའི་ཉི་ཟླ་ཁ་སྦྱོར་ནས། །ཚེ་འཛིན་ཐུགས་ཀྱི་དཔལ་བེའུ་ནས། །བྱང་སེམས་ཐིག་ལེ་ཁུ་འཕང་འབེབས། །ཁུག་ཅིག་ཁུག་ཅིག་ཚེ་ཁུག་ཅིག །དྲོངས་ཤིག་དྲོངས་ཤིག་ཚེ་དྲོངས་ཤིག །ལྷ་ཡི་གནས་ནས་ཚེ་ཁུག་ཅིག །ཚེ་བུམ་འདི་ལ་བྱིན་གྱིས་རློབས། །ཨཱོཾ་བཛྲ་ཀྲོ་དྷ་ཧཱུཾ་ཀཱ་ར་ཧཱུཾ་གརྫ་གརྫ་ཧཱུཾ་ཕཊ།ཨཱ་ཡུརྫྙཱ་ན་ཛ། ཧཱུཾ་ཤར་ནས་རང་བྱུང་གྲུབ་པའི་ལྷ། །རྡོ་རྗེ་ཁྲོ་བོ་རྣམ་པར་རྒྱལ། །ཡབ་ཡུམ་ཕྲ་ཐབས་དཔག་མེད་ཀྱང་། །མཐིང་ནག་ཞལ་གཅིག་ཕྱག་གཉིས་ཏེ། །བགེགས་ཆེན་འཇོམས་ཤིང་ཁྲོ་ཚུལ་སྟོན། །གཡས་ན་ལྕགས་ཀྱུ་ཕུར་པ་བསྣམས། །གཡོན་ན་བདུད་རྩི་བུམ་པ་བསྣམས། །ཐུགས་ཀའི་ཉི་ཟླ་ཁ་སྦྱོར་ནས། །ཚེ་འཛིན་ཐུགས་ཀྱི་དཔལ་བེའུ་ནས། །བྱང་སེམས་ཐིག་ལེའི་ཁུ་འཕང་འབེབས། །ཁུག་ཅིག་ཁུག་ཅིག་ཚེ་ཁུག་ཅིག །དྲོངས་ཤིག་དྲོངས་ཤིག་ཚེ་དྲོངས་ཤིག །ཤར་ཕྱོགས་དྲི་ཟའི་ལག་ནས་ཚེ་དྲོངས་ཤིག །ཚེ་བུམ་འདི་ལ་བྱིན་གྱིས་རློབས། །ཨཱོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུཾ། ཧ་ན་ཧ་


DNG020_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཧཱུཾ་ཕཊ། ཨཱ་ཡུརྫྙཱ་ན་ཛ། ཧཱུཾ་ཤར་ལྷོ་མཚམས་ནས་རང་བྱུང་གྲུབ་པའི་ལྷ། །རྡོ་རྗེ་ཁྲོ་བོ་དབྱུག་སྔོན་ཅན། །ཡབ་ཡུམ་ཕྲ་ཐབས་དཔག་མེད་ཀྱང་། །མཐིང་ནག་ཞལ་གཅིག་ཕྱག་གཉིས་ཏེ། །བགེགས་ཆེན་འདུལ་བའི་ཁྲོ་ཚུལ་ཅན། །གཡས་པ་ལྕགས་ཀྱུ་ཕུར་པ་བསྣམས། །གཡོན་པས་བདུད་རྩི་བུམ་པ་བསྣམས། །ཐུགས་ཀའི་ཉི་ཟླ་ཁ་སྦྱོར་ནས། །ཚེ་འཛིན་ཐུགས་ཀྱི་དཔལ་བེའུ་ནས། །བྱང་སེམས་ཐིག་ལེ་ཁུ་འཕང་འབེབས། །ཁུག་ཅིག་ཁུག་ཅིག་ཚེ་ཁུག་ཅིག །དྲོངས་ཤིག་དྲོངས་ཤིག་ཚེ་དྲོངས་ཤིག །མེ་ལྷའི་ལག་ནས་ཚེ་ཁུག་ཅིག །ཚེ་བུམ་འདི་ལ་བྱིན་གྱིས་རློབས། །ཨཱོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུཾ་ད་ཧ་ད་ཧ་ཧཱུཾ་ཕཊ། ཨཱ་ཡུརྫྙཱ་ན་ཛ་ཧཱུཾ། ཧཱུཾ་ལྷོ་ནས་རང་བྱུང་གྲུབ་པའི་ལྷ། །རྡོ་རྗེ་ཁྲོ་བོ་གཤིན་རྗེའི་གཤེད། །ཡབ་ཡུམ་ཕྲ་ཐབས་དཔག་མེད་ཀྱང་། །མཐིང་ནག་ཞལ་གཅིག་ཕྱག་གཉིས་ཏེ། །བགེགས་ཆེན་འདུལ་བའི་ཁྲོ་ཚུལ་སྟོན། །གཡས་ན་ལྕགས་ཀྱུ་ཕུར་པ་བསྣམས། །གཡོན་ན་བདུད་རྩི་བུམ་པ་བསྣམས། །ཐུགས་ཀའི་ཉི་ཟླ་ཁ་སྦྱོར་ནས། །ཚེ་འཛིན་ཐུགས་ཀྱི་དཔལ་བེའུ་ནས། །བྱང་སེམས་ཐིག་ལེ་ཁུ་འཕང་འབེབས། །ཁུག་ཅིག་ཁུག་ཅིག་ཚེ་ཁུག་ཅིག །དྲོངས་ཤིག་དྲོངས་ཤིག་ཚེ་དྲོངས་ཤིག །གཤིན་རྗེའི་ལག་ནས་ཚེ་ཁུག་ཅིག །ཚེ་བུམ་འདི་ལ་བྱིན་གྱིས་རློབས། །ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུཾ་པ་ཙ་པ་ཙ་ཧཱུཾ་ཕཊ། ཨཱ་ཡུརྫྙཱ་ན་ཛ། ཧཱུཾ་ལྷོ་ནུབ་མཚམས་ནས་རང་བྱུང་གྲུབ་པའི་ལྷ། །རྡོ་རྗེ་ཁྲོ་བོ་མི་གཡོ་མགོན། །ཡབ་ཡུམ་ཕྲ་ཐབས་དཔག་མེད་ཀྱང་། །མཐིང་ནག་ཞལ་གཅིག་ཕྱག་གཉིས་ཏེ། །བགེགས་ཆེན་འདུལ་ཞིང་ཁྲོ་ཚུལ་སྟོན། །གཡས་ན་ལྕགས་ཀྱུ་ཕུར་པ་བསྣམས། །གཡོན་ན་བདུད་རྩི་བུམ་པ་བསྣམས། །ཐུགས་ཀའི་ཉི་ཟླ་ཁ་སྦྱོར་ནས། །ཚེ་འཛིན་ཐུགས་ཀྱི་དཔལ་བེའུ་ནས། །བྱང་སེམས་ཐིག་ལེ་ཁུ་འཕང་འབེབས། །ཁུག་ཅིག་ཁུག་ཅིག་ཚེ་ཁུག་ཅིག །དྲོངས་ཤིག་དྲོངས་ཤིག་ཚེ་དྲོངས་ཤིག །སྲིན་པོའི་ལག་ནས་ཚེ་ཁུག་ཅིག །ཚེ་བུམ་འདི་ལ་བྱིན་གྱིས་རློབས། །ཨཱོཾ་བཛྲ་ཨཱརྱ་ཨ་ཙ་ལ་ཧཱུཾ་བྷནྡྷ་བྷནྡྷ་ཧཱུཾ་ཕཊ། ཨཱ་ཡུརྫྙཱ་ན་


DNG020_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

ཛ་ཧཱུཾ། ཧཱུཾ་ནུབ་ནས་རང་བྱུང་གྲུབ་པའི་ལྷ། །རྡོ་རྗེ་ཁྲོ་བོ་རྟ་མགྲིན་དཔལ། །ཡབ་ཡུམ་ཕྲ་ཐབས་དཔག་མེད་ཀྱང་། །མཐིང་ནག་ཞལ་གཅིག་ཕྱག་གཉིས་ཏེ། །བགེགས་ཆེན་འདུལ་བའི་ཁྲོ་ཚུལ་སྟོན། །གཡས་ན་ལྕགས་ཀྱུ་ཕུར་པ་བསྣམས། །གཡོན་ན་བདུད་རྩི་བུམ་པ་བསྣམས། །ཐུགས་ཀའི་ཉི་ཟླ་ཁ་སྦྱོར་ནས། །ཚེ་འཛིན་ཐུགས་ཀྱི་དཔལ་བེའུ་ནས། །བྱང་སེམས་ཐིག་ལེ་ཁུ་འཕང་འབེབས། །ཁུག་ཅིག་ཁུག་ཅིག་ཚེ་ཁུག་ཅིག །དྲོངས་ཤིག་དྲོངས་ཤིག་ཚེ་དྲོངས་ཤིག །ཀླུ་ཡི་ལག་ནས་ཚེ་ཁུག་ཅིག །ཚེ་བུམ་འདི་ལ་བྱིན་གྱིས་རློབས། །ཨཱོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ།ཨཱ་ཡུརྫྙཱ་ན་ཛ། ཧཱུཾ་ནུབ་བྱང་མཚམས་ནས་རང་བྱུང་གྲུབ་པའི་ལྷ། །རྡོ་རྗེ་ཁྲོ་བོ་གཞན་གྱིས་མི་ཐུབ་པ། །ཡབ་ཡུམ་ཕྲ་ཐབས་དཔག་མེད་ཀྱང་། །མཐིང་ནག་ཞལ་གཅིག་ཕྱག་གཉིས་ཏེ། །བགེགས་ཆེན་འདུལ་བའི་ཁྲོ་ཚུལ་སྟོན། །གཡས་ན་ལྕགས་ཀྱུ་ཕུར་པ་བསྣམས། །གཡོན་ན་བདུད་རྩི་བུམ་པ་བསྣམས། །ཐུགས་ཀའི་ཉི་ཟླ་ཁ་སྦྱོར་ནས། །ཚེ་འཛིན་ཐུགས་ཀྱི་དཔལ་བེའུ་ནས། །བྱང་སེམས་ཐིག་ལེ་ཁུ་འཕང་འབེབས། །ཁུག་ཅིག་ཁུག་ཅིག་ཚེ་ཁུག་ཅིག །དྲོངས་ཤིག་དྲོངས་ཤིག་ཚེ་དྲོངས་ཤིག །རླུང་ལྷའི་ལག་ནས་ཚེ་ཁུག་ཅིག །ཚེ་བུམ་འདི་ལ་བྱིན་གྱིས་རློབས། །ཨོཾ་བཛྲ་ཀྲོ་དྷ་ཨ་པ་ར་ཛི་ཏ་ཧཱུཾ། ཏིཥྛ་ཏིཥྛ་ཧཱུཾ་ཕཊ། ཨཱ་ཡུརྫྙཱ་ན་ཛ།ཧཱུཾ་བྱང་ནས་རང་བྱུང་གྲུབ་པའི་ལྷ། །རྡོ་རྗེ་ཁྲོ་བོ་བདུད་རྩི་འཁྱིལ། །ཡབ་ཡུམ་ཕྲ་ཐབས་དཔག་མེད་ཀྱང་། །མཐིང་ནག་ཞལ་གཅིག་ཕྱག་གཉིས་ཏེ། །བགེགས་ཆེན་འདུལ་བའི་ཁྲོ་ཚུལ་སྟོན། །གཡས་ན་ལྕགས་ཀྱུ་ཕུར་པ་བསྣམས། །གཡོན་ན་བདུད་རྩི་བུམ་པ་བསྣམས། །ཐུགས་ཀའི་ཉི་ཟླ་ཁ་སྦྱོར་ནས། །ཚེ་འཛིན་ཐུགས་ཀྱི་དཔལ་བེའུ་ནས། །བྱང་སེམས་ཐིག་ལེ་ཁུ་འཕང་འབེབས། །ཁུག་ཅིག་ཁུག་ཅིག་ཚེ་ཁུག་ཅིག །དྲོངས་ཤིག་དྲོངས་ཤིག་ཚེ་དྲོངས་ཤིག །གནོད་སྦྱིན་ལག་ནས་ཚེ་ཁུག་ཅིག །ཚེ་བུམ་འདི་ལ་བྱིན་གྱིས་རློབས། །ཨཱོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ་ཕཊ། ཙྪིནྡྷ་ཙྪིནྡྷ་ཧཱུཾ་ཕཊ། ཨཱ་ཡུརྫྙཱ་ན་ཛ། ཧཱུཾ་བྱང་ཤར་མཚམས་ནས་རང་བྱུང་གྲུབ་པའི་ལྷ། །རྡོ་རྗེ་ཁམས་གསུམ་རྣམ་རྒྱལ་དང་། །


DNG020_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་ཡུམ་ཕྲ་ཐབས་དཔག་མེད་ཀྱང་། །མཐིང་ནག་ཞལ་གཅིག་ཕྱག་གཉིས་ཏེ། །བགེགས་ཆེན་འདུལ་བའི་ཁྲོ་ཚུལ་སྟོན། །གཡས་པ་ལྕགས་ཀྱུ་ཕུར་པ་བསྣམས། །གཡོན་ན་བདུད་རྩི་བུམ་པ་བསྣམས། །ཐུགས་ཀའི་ཉི་ཟླ་ཁ་སྦྱོར་ནས། །ཚེ་འཛིན་ཐུགས་ཀྱི་དཔལ་བེའུ་ནས། །བྱང་སེམས་ཐིག་ལེ་ཁུ་འཕང་འབེབས། །ཁུག་ཅིག་ཁུག་ཅིག་ཚེ་ཁུག་ཅིག །དྲོངས་ཤིག་དྲོངས་ཤིག་ཚེ་དྲོངས་ཤིག །འབྱུང་པོའི་ལག་ནས་ཚེ་ཁུག་ཅིག །ཚེ་བུམ་འདི་ལ་བྱིན་གྱིས་རློབས། །ཨཱོཾ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུཾ་ཕཊ། བིནྡྷ་བིནྡྷ་ཧཱུཾ་ཕཊ། ཨཱ་ཡུརྫྙཱ་ན་ཛ། ཧཱུཾ་འོག་གི་ཕྱོགས་ནས་རང་བྱུང་གྲུབ་པའི་ལྷ། །རྡོ་རྗེ་ཁྲོ་བོ་སྟོབས་པོ་ཆེ། །ཡབ་ཡུམ་ཕྲ་ཐབས་འཁོར་བཅས་ཀྱང་། །མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། །བགེགས་ཆེན་འདུལ་བའི་ཁྲོ་ཚུལ་སྟོན། །གཡས་ན་ལྕགས་ཀྱུ་ཕུར་པ་བསྣམས། །གཡོན་ན་བདུད་རྩི་བུམ་པ་བསྣམས། །ཐུགས་ཀའི་ཉི་ཟླ་ཁ་སྦྱོར་ནས། །ཚེ་འཛིན་ཐུགས་ཀྱི་དཔལ་བེའུ་ནས། །བྱང་སེམས་ཐིག་ལེ་ཁུ་འཕང་འབེབས། །ཁུག་ཅིག་ཁུག་ཅིག་ཚེ་ཁུག་ཅིག །དྲོངས་ཤིག་དྲོངས་ཤིག་ཚེ་དྲོངས་ཤིག །ས་བདག་ལག་ནས་ཚེ་ཁུག་ཅིག །ཚེ་བུམ་འདི་ལ་བྱིན་གྱིས་རློབས། །ཨཱོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུཾ། སྥོ་ཊ་སྥོ་ཊ་ཧཱུཾ་ཕཊ། ཨཱ་ཡུརྫྙཱ་ན་ཛ། ཧཱུཾ་ཤར་གྱི་ཕྱོགས་ནས་ཚེ་འགུགས་མ། །དཀར་མོ་ཞི་མཛད་སྐྱ་ཀའི་མགོ། །ལྕགས་ཀྱུ་ཚེ་ཡི་བུམ་པ་བསྣམས། །ལོག་འདྲེན་འགུགས་མཛད་སྒོ་སྲུང་མ། །ཁུག་ཅིག་ཁུག་ཅིག་ཚེ་ཁུག་ཅིག །དྲོངས་ཤིག་དྲོངས་ཤིག་ཚེ་དྲོངས་ཤིག །དྲི་ཟའི་ལག་ནས་ཚེ་ཁུག་ཅིག །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། བིད་བིད་བིད་ཧཱུཾ་ཕཊ། ཨཱ་ཡུརྫྙཱ་ན་ཛ། ཧཱུཾ་ལྷོ་ཡི་ཕྱོགས་ནས་རང་བྱུང་གྲུབ་པའི་ལྷ། །སེར་མོ་པུ་ཤུད་མགོ་ཅན་མ། །ཞགས་པ་ཚེ་ཡི་བུམ་པ་བསྣམས། །ཚེ་དང་ལོངས་སྤྱོད་རྒྱས་པར་མཛོད། །ཁུག་ཅིག་ཁུག་ཅིག་ཚེ་ཁུག་ཅིག །དྲོངས་ཤིག་དྲོངས་ཤིག་ཚེ་དྲོངས་ཤིག །གྲུལ་བུམ་ལག་ནས་ཚེ་ཁུག་ཅིག །ཚེ་བུམ་འདི་ལ་བྱིན་གྱིས་རློབས། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ན་མ་ས་མནྟ་ཧྲིང་ཧྲིང་


DNG020_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ་ཕཊ། ཨཱ་ཡུརྫྙཱ་ན་ཛ། ཧཱུཾ་ནུབ་ནས་རང་བྱུང་གྲུབ་པའི་ལྷ། །དམར་མོ་སྲིན་བྱའི་མགོ་ཅན་མ། །ལྕགས་སྒྲོག་ཚེ་ཡི་དངོས་གྲུབ་སྩོལ། །ལོག་འདྲེན་དབང་མཛད་སྒོ་སྲུང་མ། །ཁུག་ཅིག་ཁུག་ཅིག་ཚེ་ཁུག་ཅིག །དྲོངས་ཤིག་དྲོངས་ཤིག་ཚེ་དྲོངས་ཤིག །ཀླུ་ཡི་ལག་ནས་ཚེ་ཁུག་ཅིག །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། སུ་རུ་སུ་རུ་པྲ་སུ་རུ་ཧཱུཾ་ཕཊ།ཨཱ་ཡུརྫྙཱ་ན་ཛ། ཧཱུཾ་བྱང་གི་ཕྱོགས་ནས་རང་བྱུང་གྲུབ་པའི་ལྷ། །ལྗང་གུ་ཁྲ་ཡི་མགོ་ཅན་མ། །དྲིལ་བུ་ཚེ་ཡི་བུམ་པ་བསྣམས། །ལོག་འདྲེན་སྒྲོལ་མཛད་སྒོ་སྲུང་མ། །ཁུག་ཅིག་ཁུག་ཅིག་ཚེ་ཁུག་ཅིག །དྲོངས་ཤིག་དྲོངས་ཤིག་ཚེ་དྲོངས་ཤིག །གནོད་སྦྱིན་ལག་ནས་ཚེ་ཁུག་ཅིག །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མཱ་ར་ཡ་མཱ་ར་ཡ་ཧཱུཾ་ཕཊ། ཨཱ་ཡུརྫྙཱ་ན་ཛ། ཚེ་ཡི་དངོས་པོ་འཆི་མེད་འདི། །ཁྲག་འཐུང་ལྔ་ཡི་ཐུགས་ཀར་སྦ། །མི་འགྱུར་ཚེ་ཡི་ཐིག་ལེ་ལ། །རྡོ་རྗེས་རྒྱས་བཏབ་མི་ཤིགས་དབུས། །འཁོར་ལོས་རྒྱས་བཏབ་བདུད་བཞི་བཅོམ། །རིན་ཆེན་རྒྱས་བཏབ་བསམ་ཞིང་འགྲུབ། །པདྨས་རྒྱས་བཏབ་ཉོན་མོངས་བསྒྲལ། །རྒྱ་གྲམ་རྒྱས་བཏབ་དོན་རྣམས་འགྲུབ། །ཡེ་ཤེས་ལྔ་ཡི་རྒྱས་བཏབ་པས། །དབྱིངས་ཀྱི་ཐིག་ལེ་མི་ཤིགས་སོ། །ཨཱ་ཡུ་ཨཱ་བེ་ཡ་ཨཱ། ནམ་མཁའ་ལྟ་བུར་སྐྱོན་མེད་ཀྱང་། །ཆར་སྤྲིན་ལྟ་བུར་ཚེ་དབང་བླང་། །ཧཱུཾ་དཔལ་ཆེན་རྡོ་རྗེ་གཞོན་ནུ་ནི། །བདེ་ཆེན་རྒྱས་པ་བྷ་གའི་དབྱིངས། །ཁྲག་འཐུང་འདུས་པའི་ཁྲོ་རྒྱལ་བཅུ། །འགྱུར་བ་མེད་པ་ཚེ་ཡི་ཐུགས། །ཐབས་ཀྱིས་སྤྱོད་པས་འགྲོ་དོན་དུ། །བྱམས་དང་སྙིང་རྗེས་གང་འདུལ་བ། །བུཌྜྷ་ཕྲིན་ལས་རྫོགས་མཛད་པ། །དབང་དང་བྱིན་རླབས་བདག་སྩོལ་ཅིག །ཧཱུཾ་ཁྲག་འཐུང་ལྔ་ཡི་དབང་བསྐུར་བས། །ཉོན་མོངས་དུག་ལྔ་རབ་དག་ནས། །ཡེ་ཤེས་ལྔ་རྫོགས་ཐིག་ལེ་རྒྱས། །འཆི་མེད་ཚེ་ཡི་རིག་འཛིན་ཐོབ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུཾ་བཾ་ཧོཿ། བཛྲ་ཤྲཱི་ཧེ་རུ་ཀ་བཛྲ་ཀྲོ་དྷཱི་ཤྭ་རཱི་སྟྭཾ། ཨ་བྷི་ཥིཉྩ་མཱཾ། བྷུཌྜྷ་ཤྲཱི་ཧེ་རུ་ཀ་བྷུཌྜྷ་ཀྲོ་དྷཱི་ཤྭ་རཱི་སྟྭཾ། རཏྣ་ཤྲཱི་ཧེ་རུ་ཀ །རཏྣ་ཀྲོ་དྷཱི་ཤ་རཱི་སྟྭཾ། པདྨ་ཤྲཱི་ཧེ་རུ་ཀ །པདྨ་ཀྲོ་དྷཱི་ཤྭ་རཱི་སྟྭཾ། ཀརྨ་ཤྲཱི་ཧེ་རུ་ཀ །ཀརྨ་ཀྲོ་དྷཱི་ཤྭ་རཱི་སྟྭཾ། ཨ་བྷི་ཥིཉྩ་མཱཾ།ཨོཾ་ཨཱཿཧཱུཾ། ཚེ་ཡི་དངོས་གྲུབ་བླང་བ་ཡིས། །ནད་དང་བྲལ་ཞིང་སྡུག་བསྔལ་


DNG020_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

ཞི། །བགེགས་མེད་ཉི་ཟླའི་ཚེ་དང་མཉམ། །ཁྲག་འཐུང་སྐུ་དང་དབྱེར་མེད་འགྱུར། །འོད་དང་འཇའ་དང་དུ་བ་མེ། །ཁོལ་བ་ཚེ་ཡི་རྟགས་ཡིན་ནོ། །ཉེ་བསྙེན་བསྙེན་སྒྲུབ་སྒྲུབ་ཆེན་ནོ། །དམིགས་པའི་རྟེན་ལ་ངེས་པར་འགྲུབ། །སྐུ་གསུང་ཐུགས་ལ་བསྒྲུབ་གྱུར་ཀྱང་། །ཁྱད་པར་ཐུགས་ལ་ཉེ་བར་འགྲུབ། །གྲུབ་པའི་རྟགས་ནི་བྱུང་བ་དང་། །ལྕང་ལོ་ཐོད་པ་ཁ་སྦྱར་དུ། །བདུད་རྩི་རྩ་བ་ལྔ་བཙལ་ནས། །རྩ་བརྒྱད་སྟོང་ལ་སྦྱར་བའི་རིལ་བུ་གཞུག །འོད་ཟེར་ལྔ་དང་ཡང་དག་ལྡན། །དེ་བཞིན་བཟའ་བ་བཅའ་བ་དང་། །བཏུང་དང་ལྡག་དང་གཞིབ་ལ་སོགས། །རྒྱན་དང་རིན་ཆེན་གོས་རྣམས་ལ། །དག་ཅིང་སྤེལ་བའི་སྔགས་འདི་བརྗོད། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུཾ་བཾ་ཧོཿ། ཨ་མྲྀ་ཏ་སིདྡྷི་ཧཱུཾ་ཧཱུཾ་ཧྲི་ཐཱ། ཨཱ་བེ་ཤ་ཡ་ཧོ།འདོད་པའི་ཡོན་ཏན་ལྔ་རྣམས་ཀྱང་། །མྱུར་དུ་འགྲུབ་ཅིང་མངོན་ཤེས་འཆར། །རིག་པ་འཛིན་པ་མྱུར་དུ་ཐོབ། །ཨ་ལ་ལ་ཧོ། ཨེ་མ་ཧོ། བཅོམ་ལྡན་འདས་ནི་ཁྲོ་རྒྱལ་གཙོ། །རྡོ་རྗེ་སྲིན་པོའི་ནམ་ནི་ལངས་ལགས་ན། །གཟའ་སྐར་རྒྱལ་པོ་ཉི་མ་རྩེ་ཤར་གྱིས། །བཟླས་བརྗོད་བསྙེན་པའི་གྲངས་ནི་ཐེམས་ལགས་ན། །འགྲུབ་པའི་རྟགས་མཚན་མྱུར་དུ་བསྟན་ནས་ཀྱང་། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ་རེ་རན། །དབང་དང་བྱིན་རླབ་ཐམས་ཅད་བདག་སྩོལ་ཅིག །ཧཱུཾ་བརྗོད་མེད་སྤྲོས་བྲལ་ཆོས་ཀྱི་སྐུ། །སྐུ་གསུམ་རྫོགས་པ་ཁྲོ་རྒྱལ་སྐུ། །མི་གནས་ཡེ་ཤེས་ནམ་མཁའི་ཐུགས། །ཐུན་མོང་མ་ཡིན་ཁྱད་པར་འཕགས། །ཡེ་ཤེས་མི་འགྱུར་དཔལ་བེའུ་ནས། །བདེ་ཆེན་ཐིག་ལེ་བྱང་ཆུབ་སེམས། །བདུད་འདུལ་རྡོ་རྗེ་གཞོན་ནུ་ཡི། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་རྣམས། །མ་ཐོགས་མྱུར་དུ་སྩལ་དུ་གསོལ། །མི་འཆི་ཚེ་ཡི་དངོས་གྲུབ་སྩོལ། །མངོན་པར་ཤེས་པའི་དངོས་གྲུབ་སྩོལ། །རྫུ་འཕྲུལ་མཐུ་ཡི་དངོས་གྲུབ་སྩལ་དུ་གསོལ། །རིག་པ་འཛིན་པའི་དངོས་གྲུབ་སྩལ་དུ་གསོལ། །ཕྲིན་ལས་རྣམ་བཞིའི་དངོས་གྲུབ་སྩལ་དུ་གསོལ། །རིགས་རྒྱུད་འཕེལ་བའི་དངོས་གྲུབ་སྩལ་དུ་གསོལ། །གྲུབ་མཆོག་བརྒྱད་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ནད་བགེགས་འཇོམས་པའི་དངོས་གྲུབ་སྩལ་དུ་གསོལ། །ཧཱུཾ་བདེ་མཆོག་


DNG020_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའི་དཀྱིལ་ཡངས་ནས། །ཡིད་འོང་སྐྱོན་བྲལ་བདེ་སྤྱོད་མ། །འཁོར་ལོ་རྒྱས་འདེབས་ཁྲོ་མོའི་གཙོ། །ཡུམ་གྱི་མཁའ་ཀློང་ཐིག་ལེ་ལས། །ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ཧཱུཾ་ནམ་མཁའ་ལྟ་བུར་དག་པའི་སྐུ། །མཁའ་འདུས་བདེ་ཀློང་རྒྱས་པའི་སྐུ། །དབྱིངས་ཀྱི་ཐིག་ལེ་ཛ་ཏི་མ། །ཟག་མེད་བདེ་བའི་དངོས་གྲུབ་སྩོལ། །ཧཱུཾ་ཡབ་ཡུམ་གཉིས་མེད་བདེ་ཆེན་ལས། །མི་ཤིགས་ཐིག་ལེ་ལས་བྱུང་བའི། །ལྷ་རྣམས་འདུས་པའི་པུར་སྲས་མཆོག །ཕྲིན་ལས་སྣ་ཚོགས་དངོས་གྲུབ་སྩོལ། །ཧཱུཾ་ཉི་ཟླ་བསྣོལ་བའི་གདན་སྟེངས་ན། །ལྷ་རྣམས་འདུལ་བའི་ཁྲོ་རྒྱལ་གཙོ། །རྡོ་རྗེ་ཧཱུཾ་མཛད་སྒྲ་འབྱིན་མ། །སྤྲུལ་པ་ཕག་དང་སྨིག་བུའི་མགོ། །ཕྱག་བརྙན་ཡང་སྤྲུལ་མང་པོའི་ཚོགས། །ལྷ་ཡི་གདོན་ཆེན་འདུལ་བ་དང་། །ཚེ་ལ་དབང་བའི་དངོས་གྲུབ་སྩོལ། །ཧཱུཾ་དྲི་ཟ་བསྣོལ་བའི་གདན་སྟེངས་ན། །དྲི་ཟ་འདུལ་བའི་ཁྲོ་བོ་གཙོ། །རྡོ་རྗེ་རྣམ་རྒྱལ་མདའ་སྙེམ་མ། །སྤྲུལ་པ་སྟག་དང་བྱ་རྒོད་མགོ། །ཕྱག་བརྙན་ཡང་སྤྲུལ་མང་པོའི་ཚོགས། །དྲི་ཟའི་གདོན་ཆེན་འདུལ་བ་དང་། །ལས་ལ་དབང་བའི་དངོས་གྲུབ་སྩོལ། །ཧཱུཾ་མེ་ལྷ་བསྣོལ་བའི་གདན་སྟེངས་ན། །མེ་ལྷ་འདུལ་བའི་ཁྲོ་བོ་གཙོ། །རྡོ་རྗེ་དབྱུག་སྔོན་སྡེར་མོ་དང་། །སྤྲུལ་པ་གཡག་དང་བྱ་རོག་མགོ། །ཕྱག་བརྙན་ཡང་སྤྲུལ་མང་པོའི་ཚོགས། །མེ་ལྷའི་གདོན་ནི་འདུལ་བ་དང་། །ཡོ་བྱད་དབང་བའི་དངོས་གྲུབ་སྩོལ། །ཧཱུཾ་གཤིན་རྗེ་བསྣོལ་བའི་གདན་སྟེངས་ན། །གཤིན་རྗེ་འདུལ་བའི་ཁྲོ་བོའི་གཙོ། །གཤིན་རྗེའི་གཤེད་པོ་དུར་ཁྲོད་བདག །སྤྲུལ་པ་ཤ་བ་འུག་པའི་མགོ། །ཕྱག་བརྙན་ཡང་སྤྲུལ་མང་པོའི་ཚོགས། །གཤིན་རྗེའི་གདོན་རྣམས་འདུལ་བ་དང་། །མོས་ལ་དབང་བའི་དངོས་གྲུབ་སྩོལ། །ཧཱུཾ་སྲིན་པོ་བསྣོལ་བའི་གདན་སྟེངས་ན། །སྲིན་པོ་འདུལ་བའི་ཁྲོ་རྒྱལ་གཙོ། །རྡོ་རྗེ་མི་གཡོ་གཏུན་ཁུང་མ། །སྤྲུལ་པ་གཟིག་དང་ཁྭ་ཡི་མགོ། །ཕྱག་བརྙན་ཡང་སྤྲུལ་མང་པོའི་ཚོགས། །སྲིན་པོའི་གདོན་ཚོགས་འདུལ་བ་དང་། །སྨོན་ལམ་དབང་བའི་དངོས་གྲུབ་སྩོལ། །ཧཱུཾ་ཀླུ་དབང་བསྣོལ་བའི་གདན་སྟེངས་ན། །ཀླུ་དབང་འདུལ་བའི་ཁྲོ་བོ་གཙོ། །རྟ་མགྲིན་


DNG020_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་གཏུམ་མོ་དང་། །སྤྲུལ་པ་བྱི་ལ་པུ་ཤུད་མགོ། །ཕྱག་བརྙན་སྤྲུལ་པ་མང་པོའི་ཚོགས། །ཀླུ་ཡི་གདོན་རྣམས་འདུལ་བ་དང་། །རྫུ་འཕྲུལ་དབང་བའི་དངོས་གྲུབ་སྩོལ། །ཧཱུཾ་རླུང་ལྷ་བསྣོལ་བའི་ཁྲི་སྟེངས་སུ། །རླུང་ལྷའི་གདོན་འདུལ་ཁྲོ་བོའི་གཙོ། །གཞན་གྱིས་མི་ཐུབ་མདའ་སྙེམ་མ། །སྤྲུལ་པ་སྤྱང་ཀི་ཁྲ་ཡི་མགོ། །ཕྱག་བརྙན་ཡང་སྤྲུལ་མང་པོའི་ཚོགས། །རླུང་ལྷའི་གདོན་རྣམས་འདུལ་བ་དང་། །སྐྱེ་ལ་དབང་བའི་དངོས་གྲུབ་སྩོལ། །ཧཱུཾ་གནོད་སྦྱིན་བསྣོལ་བའི་གདན་སྟེང་ན། །གནོད་སྦྱིན་འདུལ་བའི་ཁྲོ་བོའི་གཙོ། །རྡོ་རྗེ་བདུད་རྩི་རླུང་འབྱིན་མ། །སྤྲུལ་པ་སེང་གེ་ཕ་ཝང་མགོ། །ཕྱག་བརྙན་ཡང་སྤྲུལ་མང་པོའི་ཚོགས། །གནོད་སྦྱིན་གདོན་རྣམས་འདུལ་བ་དང་། །ཆོས་ལ་དབང་བའི་དངོས་གྲུབ་སྩོལ། །ཧཱུཾ་འབྱུང་པོ་བསྣོལ་བའི་གདན་སྟེངས་ན། །འབྱུང་པོ་འདུལ་བ་ཁྲོ་བོའི་གཙོ། །ཁམས་གསུམ་རྣམ་རྒྱལ་གསོད་མ་དང་། །སྤྲུལ་པ་སྲེ་མོ་དོམ་གྱི་མགོ། །ཕྱག་བརྙན་ཡང་སྤྲུལ་མང་པོའི་ཚོགས། །འབྱུང་པོའི་གདོན་རྣམས་འདུལ་བ་དང་། །སེམས་ལ་དབང་བའི་དངོས་གྲུབ་སྩོལ། །ཧཱུཾ་ས་བདག་བསྣོལ་བའི་གདན་སྟེངས་ན། །ས་བདག་འདུལ་བའི་ཁྲོ་རྒྱལ་གཙོ། །སྟོབས་ཆེན་རྡོ་རྗེ་བསྐྱོད་མ་དང་། །སྤྲུལ་པ་དྲེད་དང་བྱི་ལའི་མགོ། །ཕྱག་བརྙན་ཡང་སྤྲུལ་མང་པོའི་ཚོགས། །ས་བདག་གདོན་རྣམས་འདུལ་བ་དང་། །སེམས་ལ་དབང་བའི་དངོས་གྲུབ་སྩོལ། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་མ། །སྐྱ་ཀ་པུ་ཤུད་སྲིན་བྱ་ཁྲ་ཡི་མགོ། །འགུགས་འདེགས་སྡོམ་འབེབས་མཁའ་འགྲོ་མ་བཞི་ཡིས། །ཕྲིན་ལས་རྣམ་བཞིའི་དངོས་གྲུབ་སྩོལ། །ལྷ་ཡི་སྐུ་རྣམས་གཡོ་འགུལ་ཡིག་འབྲུ་སྒྲ། །ཐུགས་ནི་ལྡིང་འཕྱོ་གོས་འོད་མེ། །བདུད་རྩི་བཟའ་བཏུང་གོས་རྣམས་ཀྱང་། །དུ་བ་འཇའ་དང་མེ་དང་འཚག །མདངས་རྣམས་གསལ་ན་དངོས་གྲུབ་ཐོབ། །ཕྲིན་ལས་བཞི་དང་གྲུབ་པ་བརྒྱད། །མཁའ་སྤྱོད་གནས་སུ་མྱུར་དུ་འགྲོ། །རྡོ་རྗེ་མེ་ལྕེ་གསུམ་ལྡན་ཞིང་། །མི་གནས་ཡེ་ཤེས་སྐུར་འགྱུར་ཞིང་། །ཐིག་ལེ་ཉག་གཅིག་མྱུར་དུ་ཐོབ། །དཔལ་རྡོ་རྗེ་


DNG020_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

གཞོན་ནུ་ཐུགས་རྗེ་ཁྲོས་པ་རྩ་བའི་རྒྱུད་ཀྱི་བཤད་པ་ལས། ཚེ་དང་དངོས་གྲུབ་བླང་བའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་རྣམ་རྒྱལ་ཁྲོ་བོ་ཡིས། །བཅོམ་ལྡན་འདས་ལ་འདི་སྐད་གསོལ། །གདུག་པ་འདུལ་བའི་བཅོམ་ལྡན་འདས། །བར་ཆོད་ཐམས་ཅད་གནོན་པའི་ཐབས། །དེ་ནི་གང་ལགས་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །བསྒྲལ་བའི་ཞིང་ནི་དགྲ་དང་ནི། །བར་དུ་གཅོད་པའི་བགེགས་ཆེན་ལ། །དཀྱིལ་འཁོར་ལྷོ་ནུབ་སྲིན་པོའི་སར། །གྲུ་གསུམ་རིམ་གསུམ་ནག་པོར་བྱ། །རྣམ་ལྔའི་ལིངྒ་འཁོར་ལོར་ལྡན། །འཁོར་ལོ་རྩིབས་དྲུག་མུ་ཁྱུད་ལྡན། །ལིངྒ་འཁོར་ལོའི་ལྟོ་བར་སྦྱར། །རྒྱུ་མ་ཆེན་པོས་རབ་ཏུ་བསྡམ། །རས་སྐུད་ཁ་དོག་ལྔ་ཡིས་བཅིང་། །རྣམ་ལྔ་དུར་ཁྲོད་བགེགས་ཀྱི་ཤུལ། །གནོད་པའི་ལིངྒ་དེ་རུ་སྦྱར། །བསམ་གཏན་རྩེ་གཅིག་ཡིད་ཀྱིས་འགྲུབ། །སྔགས་ཀྱི་གྲངས་ནི་ཁྲི་ཚོ་གཅིག །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཉུང་དཀར་ཉུང་ནག་སྐེ་ཚེ་དང་། །ཤང་ཚེ་བྱེ་མ་གསུམ་དང་ལྡན། །རྡོ་དྲེག་ཟི་ར་ཏིལ་ནག་དང་། །དུག་ཁྲག་ཚོགས་པས་རྣོ་ངར་བསྐྱེད། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དཱིཔྟ་ཙཀྲ་ཧ་ན་ཧ་ན་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ་ཛཿཧཱུཾ་བཾ་ཧོཿ། སརྦ་བིགྷྣཱན་བཾ་ཧཱུཾ་ཕཊ། ཨོཾ་ལཾ་ཧཱུཾ་ལཾ། མོ་ཧ་གྷ་ཡ་ཆེ་གེ་མོ་སྟྭཾ་བྷ་ཡ་ནན། མོན་དང་རབས་ཆད་ཐོད་པ་དང་། །ལ་ཆའི་སྦལ་པ་གླང་རུ་དང་། །སྣེལ་གྲི་ར་ཡི་ཐོད་པ་དང་། །སྤྲེའུ་བྱི་ལ་ཕག་ཐོད་དང་། །སྦྲུལ་སྦལ་རུས་སྦལ་ཁོག་པ་དང་། །མཆོད་རྟེན་སཙྪ་རྡོ་རྗེ་དང་། །རི་རབ་རྒྱ་གྲམ་རྡོ་རྗེ་དང་། །མཁའ་ལྡིང་སྐུ་གདུང་འོག་ཏུ་མནན། །མི་ཉིད་གཤིན་རྗེ་མགོན་པོ་དང་། །བདུད་སྲིན་མ་མོ་ཕོ་མོའི་རིགས། །ཀླུ་གཉན་ས་བདག་ཀླུ་མོ་རྣམས། །མནན་པས་བསོད་ནམས་ཆེན་པོ་ཐོབ། །བག་ཆགས་ཉོན་མོངས་རབ་དག་ནས། །སྐྱེ་འགག་མེད་ཅིང་རོལ་པའི་ངང་། །བསམ་དུ་མེད་ཅིང་བརྗོད་ལས་འདས། །རྟོགས་ནས་བླ་མེད་ཡུལ་དུ་འགྱུར། །དཔལ་རྡོ་རྗེ་གཞོན་ནུ་ཐུགས་རྗེ་ཁྲོས་པ་རྩ་བའི་རྒྱུད་ཀྱི་བཤད་པ་ལས། མནན་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་རྣམ་རྒྱལ་ཁྲོ་བོ་ཡིས། །བྷ་ག་ཝཱན་


DNG020_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འདི་སྐད་གསོལ། །ཐུགས་རྗེ་ལྡན་པའི་བཅོམ་ལྡན་འདས། །ཟོར་གྱིས་བཟློག་དང་གསོད་བྱེད་པའི། །ཐབས་ནི་གང་ལགས་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཟོར་ནི་ལྷ་ཡི་སྐུ་ཡིན་ཏེ། །ནུབ་བྱང་རླུང་ལྷ་འདུ་མཚམས་སུ། །བསམ་གཏན་རྩེ་གཅིག་ཡིད་ཀྱིས་བསྒྲུབ། །དྲག་པོ་ཕུར་ཐུན་ཁྲོ་བོའི་ལས། །དྲག་པོ་ལས་ནི་མདའ་ཡི་ཟོར། །མཁའ་འགྲོ་རྣམས་ཀྱི་ཁྲག་གི་ཟོར། །དབང་ཕྱུག་ཕྲ་མེན་སྒོ་ངའི་ཟོར། །རྭ་དང་ཐོད་པ་ཟོར་དུ་འཕང་། །རྣོ་བར་བྱེད་པ་ཐུན་གྱི་རྫས། །དྲག་པོར་བྱེད་པ་སྔགས་ཀྱི་དཔལ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུཾ་བཾ་ཧོཿ། སརྦ་བིགྷྣཱན་བཾ་ཧཱུཾ་ཕཊ། མ་མ་པ་ཤི་ཀུ་རུ་མ་ཏཾ་ཉ་ཀ་ར་ཨི་དན། དྷ་ཏི་མ་མ་ཀརྨ་ཤི་གྷྲཾ་ཀཱ་ར་ཡ་མཱ་ར་ཡ་ཐུན། རབ་འབྲིང་ཐ་མ་བརྡེག་པའི་གནས། །དམག་དང་གཏོར་མ་མདའ་འཕེན་དང་། །ཁྲག་མཚོ་ཁོལ་ན་གྲུབ་པའི་རྟགས། །གང་ལ་འཕེན་པས་བཟློག་པར་འགྱུར། །གློ་དང་གཟེར་ཐབས་མཆིན་ནད་ཀྱིས། །འཆི་འགྱུར་འདི་ལ་ཐེ་ཚོམ་མེད། །ལྷ་ཀླུ་ཀུན་ཀྱང་གསོད་པར་འགྱུར། །བསད་པས་བྱང་ཆུབ་སྒྲུབ་པར་བྱེད། །སྐྱེ་འཆི་མེད་པའི་བྱང་ཆུབ་སེམས། །འཁོར་འདས་རོ་གཅིག་ཆོས་ཀྱི་དབྱིངས། །ནམ་མཁའ་ལྟ་བུར་ཁྱབ་པའི་སྐུ། །མྱུར་དུ་འགྲུབ་སྟེ་ཐེ་ཚོམ་མེད། །དཔལ་རྡོ་རྗེ་གཞོན་ནུ་ཐུགས་རྗེ་ཁྲོས་པ་རྩ་བའི་རྒྱུད་ཀྱི་བཤད་པ་ལས། ཟོར་གྱི་ལེའུ་སྟེ་བཅུ་པའོ།། །།དེ་ནས་རྣམ་རྒྱལ་ཁྲོ་བོ་ཡིས། །བཅོམ་ལྡན་འདས་ལ་འདི་སྐད་གསོལ། །བདུད་རྣམས་སྲེག་མཛད་བཅོམ་ལྡན་འདས། །སྦྱིན་སྲེག་ལས་ནི་ཅི་ལྟར་སྒྲུབ། །བཅོམ་ལྡན་འདས་ལ་འདི་སྐད་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །གང་ཞིག་སྦྱིན་སྲེག་མ་བྱས་ན། །ལས་རྣམས་འགྲུབ་པར་མི་འགྱུར་ཅིང་། །དམ་ཚིག་ཉམས་པ་མི་སྐོངས་ཤིང་། །སྡིག་པ་དག་པར་མི་འབྱུང་བས། །དེ་བས་ནན་ཏན་ཆེར་བསྐྱེད་ནས། །སྦྱིན་སྲེག་ལས་ལ་སྦྱོར་བར་བྱ། །གཟའ་སྐར་ཕུན་སུམ་ཚོགས་པ་ལ། །དུས་ཚོད་ལྡན་པས་གནས་ཉིད་དུ། །བྲམ་ཟེའི་ཁྱིམ་དང་གཙུག་ལག་ཁང་། །སྨད་ཚོང་ཁྱིམ་དང་དུར་ཁྲོད་དུ། །ཞི་དང་རྒྱས་པ་དབང་དྲག་གི། །ཐབ་ཁུང་ཟླུམ་ཞིང་དཀར་ལ་འཚེར། །ཟླ་གམ་དམར་ལ་གདེངས་པ་དང་། །གྲུ་བཞི་སེར་ལ་


DNG020_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

སྣུམ་པ་དང་། །གནག་ཅིང་རྩུབ་པ་དྲག་པོའི་ཐབ། །རིམ་པ་གསུམ་ལྡན་ཞལ་གྱི་དབྱིབས། །ཤར་ལྷོ་མེ་ལྷའི་མཚམས་ཉིད་དུ། །མ་ཏྲཾ་དཀྱིལ་འཁོར་ཡང་དག་གནས། །འོ་མ་ཅན་དང་དྲི་ཞིམ་དང་། །དཀར་ནག་ཚེར་མ་ཅན་གྱི་ཤིང་། །ཏིལ་དཀར་ཡུངས་ཀར་ཙནྡན་དམར། །ཏིལ་དང་ཟི་ར་ནག་པོ་དང་། །ཤ་ཁྲག་རུས་པ་གུ་གུལ་ནག །དུག་ཁྲག་སྙིང་སྣ་ཚོགས་ཚད་རྣམས། །དཱུར་བ་ཀུ་ཤ་ཡམ་ཤིང་དང་། །འབྲས་དང་འབྲས་སོ་སྲན་མ་ནས། །བྲ་འོ་མར་ཁུ་སྐེ་ཚེ་མར། །བོང་བུ་རྔ་མོའི་སྦངས་དང་ནི། །བྱ་རོག་འུག་པའི་ཤ་དང་བཅས། །རྔ་མོ་མ་ཧེ་གླང་གི་ཤ །ཆང་དང་མི་ཤ་ཉ་ཡི་ཤ །ཡུང་བ་གུར་གུམ་མེ་ཏོག་སེར། །འོ་མ་ཞོ་མར་མངར་གསུམ་བཅས། །མེ་ཏོག་དམར་པོ་ལྕགས་ལྟ་བུ། །སྦལ་པ་ལྕོང་མོ་སྦྲུལ་གྱི་ཤ །བསྲེག་པས་ལས་རྣམས་ཐམས་ཅད་འགྲུབ། །མེ་ཡི་བདག་པོ་དྲང་སྲོང་ཀྱང་། །བསམ་གཏན་རྩེ་གཅིག་མ་ཡེངས་གསལ། །ཧཱུཾ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་མེ་ལྷའི་རྒྱལ་པོ་ཆེ། །བསྲེག་བླུག་ཞལ་ཟས་བཞེས་སུ་གསོལ། །འབར་བའི་གདན་ལ་བཞུགས་ནས་ཀྱང་། །ལས་རྣམས་འགྲུབ་པར་མཛད་དུ་གསོལ། །དངོས་གྲུབ་ཚུལ་བཞིན་སྩལ་དུ་གསོལ། །ཨངྐུ་ཤ་ཛ། མཆོད་པས་མེ་ལྷ་མཉེས་པར་བྱ། །ཧཱུཾ། ཚངས་པ་འཇིག་རྟེན་མགོན་གྱི་སྲས། །དྲང་སྲོང་ཆེན་པོའི་ཆ་བྱད་ཅན། །ཚངས་པའི་སྐུད་པས་རབ་དགེ་བ། །རིན་ཆེན་རུས་པའི་རྒྱན་གྱིས་མཛེས། །ཞལ་གསུམ་ཕྱག་དྲུག་ཁྲོ་ཚུལ་སྟོན། །སྐུ་མདོག་འདོད་དགུར་སྒྱུར་མཛད་ཅིང་། །ཕྱག་དྲུག་མཛེས་པའི་མཚོན་ཆ་ནི། །གྷུན་དྷི་མེ་ཐབ་བགྲང་ཕྲེང་དང་། །སྤྱི་བླུག་སྐྱབས་སྦྱིན་ཕུར་བུ་བསྣམས། །རྒྱུད་དྲུག་རྩད་ནས་གཅོད་ལ་བསྟོད། །ཞབས་བཞིས་བདུད་རྩི་གཅོད་ལ་བསྟོད། །ཞབས་བཞི་བདུད་བཞི་གནོན་པའི་ཚུལ། །ཆུ་སྐྱེས་ཉི་མའི་སྟེང་ན་བཞུགས། །དག་བྱེད་ར་ཡི་གདན་ལ་བཞུགས། །བདུད་རྣམས་འདུལ་ལ་བདག་བསྟོད་དོ། །ཡོན་ཏན་ཆུ་ཐིགས་ཙམ་བསྟོད་པས། །དྲང་སྲོང་ཆེན་པོ་མཉེས་པར་བྱས། །བསྲེགས་པའི་རྫས་ཀྱིས་ལས་འགྲུབ་པོ། །ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཤཱནྟིཾ་ཀུ་རུ་སྭཱ་ཧཱ། པུཥྚིཾ་ཀུ་རུ་སྭཱ་ཧཱ། པ་ཤཾ་ཀུ་རུ་ཧོ། མཱ་ར་ཡ་


DNG020_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ཕཊ། ཨུཙྪ་ཊ་ཡ། ཨུནྨཱ་ད་འདྲ་ཨུ་མནྟ། ཨངྐུ་ཤ་ཛཿཞེས་པས་དྲང་སྲོང་མཉེས་པར་འགྱུར། །རྩ་བ་གཙོ་བོའི་དཀྱིལ་འཁོར་དང་། །ཕུར་པ་ལྷ་ཡི་དཀྱིལ་འཁོར་དང་། །ཕྱོགས་བཅུའི་ཁྲོ་བོའི་དཀྱིལ་འཁོར་རྣམས། །མེ་ལྷའི་སྙིང་གར་རྫོགས་པར་བསྐྱེད། །ཏིང་འཛིན་བརྟན་པས་འགྲུབ་པར་འགྱུར། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུཾ་བཾ་ཧོཿ། སརྦ་བིགྷྣཱན་བཾ་ཧཱུཾ་ཕཊ། ལས་རྣམས་སྔགས་ཀྱིས་འགྲུབ་པར་འགྱུར། །ཞི་རྒྱས་དབང་དྲག་བསྐྲད་པ་དང་། །དབྱེ་བ་རེངས་པ་རྨོངས་བྱེད་ཅིང་། །འགུགས་པ་ལ་སོགས་དཔག་ཏུ་མེད། །སྦྱིན་སྲེག་གིས་ནི་ཐམས་ཅད་འགྲུབ། །དམ་ཚིག་ཉམས་པ་སྐོང་འགྱུར་ཅིང་། །མཚམས་མེད་ལྔ་ཡི་སྡིག་བྱས་པ། །འདི་ཡིས་དག་པར་འགྱུར་བ་ཡིན། །ཕྲིན་ལས་མཐར་ཕྱིན་སྦྱིན་སྲེག་སྟེ། །ཁྲོ་བོའི་རྒྱལ་པོ་གཞོན་ནུ་ཡིས། །ཁྲོ་བོ་རྣམས་ཀྱི་མཚན་ཉིད་ཀྱང་། །དཔག་ཏུ་མེད་ཅིང་བརྗོད་དུ་མེད། །ཡབ་ཡུམ་སྲས་སུ་སྣང་བ་ཡང་། །ཆོས་ཀྱི་སྐུ་ལས་ཡེ་མ་འདས། །སེམས་ཀྱི་རང་བཞིན་ཅིར་སྣང་ཡང་། །དཔེར་ན་ནམ་མཁའི་འཇའ་ཚོན་བཞིན། །ཐོག་མ་ཐ་མ་སྐྱེ་འགག་མེད། །རྒྱལ་བའི་དབང་པོ་ཉིད་ཐོབ་འགྱུར། །དཔལ་རྡོ་རྗེ་གཞོན་ནུ་ཐུགས་རྗེ་ཁྲོས་པ་རྩ་བའི་རྒྱུད་ཀྱི་བཤད་པ་ལས། སྦྱིན་སྲེག་གི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་རྣམ་རྒྱལ་ཁྲོ་བོ་ཡིས། །བཅོམ་ལྡན་འདས་ལ་འདི་སྐད་གསོལ། །ཨེ་མ་ཧོ་བཅོམ་ལྡན་དངོས་གྲུབ་སྩོལ། །བདེ་གཤེགས་སྲས་ཀྱི་དངོས་གྲུབ་རྣམས། །སྒྲུབ་པའི་ཐབས་ནི་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཐུན་མོང་དངོས་གྲུབ་ཐམས་ཅད་ཀུན། །ང་ཡིས་བཤད་ཀྱི་ལེགས་པར་ཉོན། །ཕུར་པ་ལྷ་ཡི་དཀྱིལ་འཁོར་ཡང་། །ཐུགས་ཀྱི་རྟེན་ལས་ཡང་དག་འགྲུབ། །དེ་ཡི་རྒྱུ་ཡང་རྣམ་པ་གཉིས། །ལྕགས་དང་ཤིང་གི་བྱེ་བྲག་གོ། །ལྕགས་ནི་རྣམ་ལྔ་འདུས་པ་ཡིན། །སྤུ་གྲི་སྲོག་རྩ་བཅད་པའི་ལྕགས། །གནམ་ལྕགས་དུར་མོ་ཐོག་གི་ལྕགས། །ཁབ་ལེན་དབང་སྡུད་རྒྱལ་པོ་ལ། །ལྷ་དང་ཕྲལ་བ་སྒོ་ཡི་ལྕགས། །མཉེན་ལ་ལྕུག་པ་རྣོ་བའི་ལྕགས། །དགེ་སློང་བཤན་པ་དགེ་བསྙེན་དང་། །རྣལ་འབྱོར་རིག་སྔགས་འཆང་དང་ནི། །ལྷ་བཟོས་བླང་བ་མཆོག་


DNG020_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །ཞེ་གནག་ཁྲིམས་གཙང་སྡོམ་ལྡན་པ། །དབང་ཐོབ་དད་པ་ལྡན་པས་བརྡུང་། །གདུག་པའི་ཤིང་ནི་རྣམ་མང་ཡང་། །རྡོ་རྗེ་རིགས་ཀྱིས་བྱིན་བརླབས་པའི། །ཆུ་འགྲམ་བྲག་རི་ས་ལས་སྐྱེས། །ལྗང་ནག་དཀར་སེར་དམར་པོ་ནི། །ལས་བཞི་འགྲུབ་པའི་ཕུར་པ་སྟེ། །ཚེར་མ་ཅན་ལ་བུག་པ་ཁྲག །ཤ་སྐམ་རུས་པས་དུག་གསུམ་འཇོམས། །མཚན་ལྡན་དྲག་པོའི་ཕྱོགས་ལས་བླངས། །བཟོ་མཁས་ཡོན་ཏན་ལྡན་པས་བྱའོ། །ཤིང་ལྕགས་གཉིས་ཀྱི་ཚད་དང་དབྱིབས། །སོར་བརྒྱད་ཚད་དུ་རྫོགས་པ་ལ། །དབུ་ཡི་རྒྱ་མདུད་སོར་གཅིག་སྟེ། །ཟུར་གསུམ་བརྒྱད་དང་གྲུ་བཞི་ལྔ། །ཧཱུཾ་མཛད་ཁྲག་འཐུང་ལྔ་རྫོགས་ཏེ། །སོར་གཉིས་ལྟེ་བ་ཡན་ཆད་ལ། །བཅུམ་བཞོག་བརྒྱད་དུ་ཡང་དག་ཤེས། །ཁྲོ་བརྒྱད་མགོ་བརྙན་བཅུ་དྲུག་རྫོགས། །སོར་ཅིག་ལྟེ་བ་གསུས་པ་སྟེ། །སྒོ་བཞི་སྒོ་མ་བཞི་དང་ལྡན། །འོག་གི་སྟོབས་ཆེན་དེ་ཉིད་དོ། །སོར་ཅིག་བཙོས་སོ་མཚན་མ་སྟེ། །ཆུ་སྲིན་ཁ་རུ་ཡང་དག་རྫོགས། །དྲག་པོ་ཁྲོ་བོའི་དཀྱིལ་འཁོར་ཡིན། །སོར་གསུམ་དཔལ་དང་ལྡན་པ་སྟེ། །ཡུམ་ཆེན་ལྔ་ཡི་དཀྱིལ་འཁོར་ཡིན། །བཅུ་གཉིས་ལྡན་ན་དབུས་དེ་གཙོ། །སོར་མགོའི་རྒྱ་མདུད་རེ་ཡིན་ཞིང་སྐུ་སྟོད་ལ། །སོར་གསུམ་ལྡན་པ་ཅུང་བཞོག་རྫོགས་པར་རྐེད་པའི་རྒྱ་མདུད་ཡིན་བྱས། །གཞན་དྲུག་དབལ་དུ་ཤེས་པར་བྱ། །སོར་དྲུག་བརྒྱད་འདྲ་ཆུང་བ་གཉིས། །སོར་ནི་བཅུ་དྲུག་ལྡན་པ་ལ། །སོར་གཉིས་དབུ་ཡིན་སྐུ་སྟོད་བཞི། །ལྟེ་བ་གཉིས་ལ་མཚན་མ་གཉིས། །དྲུག་ནི་དབལ་དུ་རྫོགས་པ་ཡིན། །ཆག་ཚད་ལྡན་པས་རྟགས་མྱུར་རོ། །རབ་གནས་རྩེ་གཅིག་ཡིད་ཀྱིས་རྫོགས། །རང་གི་ལུས་ཉིད་ཕུར་པ་སྟེ། །མགོ་བོ་རྒྱ་མདུད་གོང་མ་ཡིན། །སྐུ་སྟོད་བཅུམ་ཞོག་བརྒྱད་ཡིན་ནོ། །ལྟེ་བ་རྒྱ་མདུད་འོག་མ་ཡིན། །རྩོས་སོ་མཚན་མ་ཆུ་སྲིན་ཁ། །རྐང་པ་གཉིས་ནི་དབལ་དུ་ཤེས། །ལུས་ཀྱི་ནང་དུ་ལྷ་རྫོགས་པས། །ཕུར་པ་གཅིག་ཏུ་བསྒྲུབ་པ་ཡིས། །ལས་རྣམས་འགྲུབ་པར་ཐེ་ཚོམ་མེད། །ཚོན་སྣ་ལྔའམ་བ་སུ་ཏས། །གཟུངས་ཐག་ལྡན་ལ་བཟླས་པ་ནི། །བྱེ་བ་གཅིག་གིས་ལྡིང་བར་འགྱུར། །འཁྲོལ་བ་མེ་དང་འོད་རྣམས་འབྱུང་། །དེ་ཡིས་ལས་རྣམས་


DNG020_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་འགྲུབ། །མཚན་ལྡན་རྡོ་རྗེ་ཀ་པཱ་ལར། །དཀར་རྩི་དམར་རྩི་དྲི་ཤ་ཆེན། །རིགས་ལྔ་ཁྲག་འཐུང་ཡབ་ཡུམ་རྫོགས། །བསམ་གཏན་རྫོགས་ནས་བཟླས་པ་ནི། །ཨོཾ་ཨཱཿཧཱུཾ། སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཧྲཱྀ་ཋ་སྭཱ་ཧཱ།འབུམ་ཕྲག་གསུམ་བཟླས་དུ་བ་དྲི། །འོད་རྣམས་བྱུང་ན་གྲུབ་པ་སྟེ། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུཾ་བཾ་ཧོཿ། མ་བྷྱོ་ཏྲག་ཛ། སརྦ་བིགྷྣཱན་བཾ་ཧཱུཾ་ཧཱུཾ་ཕཊ། བཛྲ་ཨ་མྲྀ་ཏ་ཧཱུཾ་ཧྲི་ཐ། འབུམ་ཕྲག་གཅིག་གི་བཟླས་པས་འགྲུབ། །འོད་དང་འཇའ་ཁོལ་མེ་བྱུང་རྟགས། །ཨོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ལྷ་རྣམས་ཀུན་གྱི་སྙིང་པོའི་མཆོག །མཁའ་འགྲོ་ཀུན་གྱི་སྲོག་སྙིང་ཡིན། །བདུད་རྩི་སྒྲུབ་པའི་སྔགས་ཡིན་ཏེ། །ཡང་དག་དོན་གྱི་ལྟ་བའོ། །འགྲུབ་ན་ལས་བརྒྱད་བསྒྲུབ་པར་བྱ། །བདུད་རྩི་རིལ་བུ་ལྗགས་སུ་དྲིལ། །ཁར་བཅུག་ལག་ན་ཕུར་པ་ཐོགས། །གཞན་གྱིས་མི་མཐོང་གནས་སུ་ཕྱིན། །ཡང་དག་པ་ཡི་དོན་ལ་སྤྱོད། །སྨན་དེ་གང་གི་མིག་ལ་བསྐུས། །གཞན་གྱིས་མི་མཐོང་ལྷ་སྲིན་མཐོང་། །སྒྱུ་མ་ལྟ་བུའི་སིདྡྷི་རྫོགས། །ས་འོག་གཏེར་ཀྱང་མཐོང་བར་འགྱུར། །ནམ་མཁའ་མཛོད་ལ་མངའ་ཡང་བརྙེས། །ལོངས་སྤྱོད་ཀུན་ལ་མ་ཆགས་ཤིང་། །ཀུན་སྣང་སིདྡྷི་ལྡན་པས་སྤྱད། །ཕུར་པ་ལྷ་ཡི་དངོས་པོ་ལ། །རིལ་བུ་དེ་ཉིད་རབ་བསྡུས་ན། །ཕུར་པའི་རིག་པ་འཛིན་པ་ཐོབ། །ནམ་མཁའ་ལ་སྤྱོད་རིག་འཛིན་དང་། །མཁའ་འགྲོའི་གནས་སུ་འགྲོ་བར་འགྱུར། །རིལ་བུ་དེ་ཉིད་རྐང་ལ་བསྐུས། །ཕུར་པ་ལག་ན་ཐོགས་གྱུར་ན། །ནམ་མཁའ་ཉིད་ལ་འཕུར་བར་འགྱུར། །རིལ་བུ་དེ་ཉིད་རྟག་ཏུ་ཟོས། །ནད་རྣམས་འཇོམས་ཤིང་བགེགས་རྣམས་མེད། །བདེ་ཆེན་ཉིད་ལ་ལོངས་སྤྱོད་ཅིང་། །བདག་གཞན་བདེ་བས་ཁྱབ་པར་འགྱུར། །ཕུར་པ་ཐོགས་ཤིང་རིལ་བུ་ལ། །ཨཱ་ཡུརྫྙཱ་ན་འབུམ་བཟླས་ན། །ཟོས་པས་ཚེ་ཡི་རིག་འཛིན་འགྱུར། །དེ་བཞིན་ཉིད་ལ་བྱས་ནས་སྤྱོད། །རིལ་བུས་དབང་པོ་རབ་སྦྱར་ཅིང་། །ཁྲག་འཐུང་ལྔ་དང་ལྡན་པ་ཡིས། །མངོན་ཤེས་ལྔ་པོ་རྒྱུད་ལ་སྐྱེ། །ཕུར་པ་ལྷ་མིས་འགྲུབ་པར་འགྱུར། །ཧེ་རུ་ཀ་ཡི་ཞལ་མཐོང་འགྱུར། །སྐུ་གསུམ་མྱུར་དུ་འགྲུབ་པར་འགྱུར། །སྐུ་གསུམ་ཞིང་དང་སྐུ་གསུམ་ལམ། །འབྲས་བུ་


DNG020_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ཕྱིན་ཡོངས་སུ་རྫོགས། །སེར་བ་གཅོད་ཅིང་འབེབས་པ་དང་། །ཆར་པ་བཅད་འབེབས་ལས་རྣམས་ཀུན། །ཕུར་པ་འདི་ཡིས་འགྲུབ་པར་འགྱུར། །སྲོག་ཆགས་འབྲུ་ལ་གནོད་པ་ཡང་། །ཕུར་པ་འདི་ཡིས་གནོད་པ་འཇོམས། །ནད་དང་གདོན་གྱིས་གནོད་པ་ཡང་། །ཕུར་པ་འདི་ཡིས་སྲུང་བར་བྱེད། །ཚེ་ཐུང་བ་ཡང་ཚེ་རིང་འགྱུར། །མེ་སྟག་སེང་གེའི་འཇིགས་པ་དང་། །སྦྲུལ་གདུག་གླང་ཆེན་སྨྱོན་པ་དང་། །དྲེད་མོ་མེ་དང་ཆུར་བཅས་རྣམས། །ཕུར་པ་འདི་ཡིས་འབིགས་པ་སེལ། །མཛེ་ཡི་ནད་འཇོམས་ཀླུ་དུག་སེལ། །ལས་རྣམས་ཐམས་ཅད་འགྲུབ་པར་འགྱུར། །དཔལ་རྡོ་རྗེ་གཞོན་ནུ་ཐུགས་རྗེ་ཁྲོས་པ་རྩ་བའི་རྒྱུད་ཀྱི་བཤད་པ་ལས། ཕུར་པ་དང་བདུད་རྩི་ལྔ་ལས་ཐམས་ཅད་གྲུབ་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་རྣམ་རྒྱལ་ཁྲོ་བོ་ཡིས། །བཅོམ་ལྡན་འདས་ལ་འདི་སྐད་གསོལ། །ཨེ་མ་ཧོ་བཅོམ་ལྡན་བདུད་འདུལ་དག །རང་བཞིན་རྣམ་དག་བདེ་ཀློང་ནས། །རྡོ་རྗེ་ཁྲག་འཐུང་སྐུར་སྣང་བ། །དེ་ཡི་ཡོན་ཏན་ཇི་ལྟར་ལགས། །ཡང་དག་ལྷ་དང་དཔལ་གྲུབ་པ། །བཅོམ་ལྡན་བདུད་འཇོམས་བཤད་དུ་གསོལ། །སྐུ་ཡི་ཆ་བྱད་རབ་འཇིགས་པས། །ཏིང་ངེ་འཛིན་ལ་སྙོམས་ཞུགས་སོ། །བཅོམ་ལྡན་འདས་ཀྱི་ཐུགས་ཀ་ནས། །ཁྲོ་རྒྱལ་ཁྲག་འཐུང་ལྔ་བྱུང་སྟེ། །གསུང་དབྱངས་ལྔ་ཡིས་འདི་སྐད་བརྗོད། །ཧཱུཾ་བདེ་ཀློང་ནམ་མཁའི་དཀྱིལ་ཉིད་ནས། །དུར་ཁྲོད་གཞལ་ཡས་འཇིགས་རྔམ་དབུས། །གྲུ་གསུམ་མཐིང་ནག་ཀློང་དཀྱིལ་ནས། །དཔལ་ཆེན་རྡོ་རྗེ་གཞོན་ནུ་ནི། །སྒེག་པ་དཔའ་བ་གར་དགུའི་ཚུལ། །རབ་འཇིགས་མེ་དཔུང་དཀྱིལ་ན་བཞུགས། །མཉམ་ཉིད་ངང་ལས་མ་གཡོས་ཀྱང་། །ཁྲོ་རྒྱལ་འདུས་པ་རྡོ་རྗེ་ཕུར་པའི་ལྷ། །ཞལ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །དཀར་དང་དམར་དང་གནག་པའི་ཞལ། །མཆོག་གི་སྐུ་གསུམ་ལྡན་ལ་བསྟོད། །ཕྱག་དྲུག་ཕ་རོལ་ཕྱིན་པ་དྲུག །ཕྱག་གཡས་རྡོ་རྗེ་རྩེ་དགུ་ཡིས། །འགྲོ་བ་ས་རིམ་དགུ་ལ་དགོད། །བར་མ་རྡོ་རྗེ་རྩེ་ལྔ་ཡིས། །དུག་ལྔ་རྩད་གཅོད་ཡེ་ཤེས་ལྔ། །ཕྱག་གཡོན་མེ་དཔུང་འབར་བ་ཡིས། །ཉོན་མོངས་འདམ་རྫབ་སྐེམ་པར་བྱེད། །


DNG020_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

བར་མ་ཁ་ཊྭཱཾ་རྩེ་གསུམ་གྱིས། །དུག་གསུམ་རྩད་ནས་གཅོད་པར་བྱེད། །མཐའ་གཉིས་རི་རབ་ཕུར་བུ་འདྲིལ། །དགྲ་བགེགས་གཏན་ནས་སྒྲོལ་བར་བྱེད། །སྤྱན་དགུ་སྡང་མིག་དམར་ལ་ཟླུམ། །འགྲོ་དྲུག་དུག་གསུམ་སྲེག་པར་བྱེད། །སྨིན་མ་སྨ་ར་གློག་ལྟར་འཁྱུག །ཐུགས་རྗེ་ཆེན་པོས་འགྲོ་བ་སྒྲོལ། །ཁྲོ་གཉེར་ཆུ་ཡི་རླབས་བཞིན་འཁྲུག །སྲིད་གསུམ་མ་ལུས་སྒྲོལ་བར་མཛད། །དབུ་སྐྲ་ཁམ་ནག་གྱེན་དུ་བརྫེས། །འགྲོ་དྲུག་བདེ་ཆེན་དབྱིངས་སུ་སྒྲོལ། །ཞབས་བཞི་བརྐྱང་བསྐུམ་བདུད་རྣམས་གནོན། །རཱུ་ཏྲ་སྒྲོལ་ལ་བདག་བསྟོད་དོ། །དུར་ཁྲོད་ཆས་བརྒྱད་སྐུ་ལ་བརྒྱན། །ལྷ་སྲིན་སྡེ་བརྒྱད་དབང་དུ་སྡུད། །ཐོད་པ་ལྔ་ཡིས་དབུ་ལ་བརྒྱན། །རིགས་ལྔ་ཁྲག་འཐུང་ལྔ་ལ་བསྟོད། །ཕྱག་དྲུག་སྦྲུལ་གྱིས་བརྒྱན་པ་ལ། །ཨ་དང་ཧ་ལའི་སྒྲ་སྒྲོགས་ཤིང་། །ཀླུ་ཆེན་བརྒྱད་པོ་རབ་བཏུལ་ནས། །རིགས་བཞིའི་ཀླུ་རྣམས་འཇོམས་ལ་བསྟོད། །ཞལ་ནས་ལྗགས་འདྲིལ་གད་རྒྱངས་སྒྲོགས། །འཇིགས་པའི་ཧཱུཾ་སྒྲ་ཕྱོགས་བཅུར་སྒྲོགས། །སྐུ་ལས་རྡོ་རྗེ་ཁྲོ་ཆུང་འཕྲོ། །བགེགས་ཆེན་སྲེག་མཛད་ཁྱེད་ལ་བསྟོད། །ཕྲིན་ལས་དྲག་བྱེད་འདུལ་ལ་བསྟོད། །བདེ་ཆེན་མཁའ་ཀློང་རྒྱས་ལ་བསྟོད། །རྟོག་མེད་བསམ་མི་ཁྱབ་ལ་བསྟོད། །ཧཱུཾ་གསང་བ་ཟག་མེད་བདེ་བའི་ཡུམ། །འཁོར་ལོ་རྒྱས་འདེབས་ཁྲོ་མོའི་གཙོ། །མཉམ་ཉིད་མི་འགྱུར་མཐིང་ནག་སྐུ། །ཞག་གཅིག་ཕྱག་གཉིས་སྐུ་ལ་འཁྲིལ། །ཕྱག་གཡས་དྲིལ་བུ་དཀུ་ལ་འཁྱུད། །སྟོང་པ་ཉིད་ཀྱི་སྒྲ་སྒྲོགས་ཤིང་། །གཡོན་པས་དུང་དམར་གཙོ་ལ་སྟོབ། །ཟག་མེད་བདེ་བ་རྒྱས་ལ་བསྟོད། །གཟིག་དང་ཐོད་སྦྲུལ་རྒྱན་དུ་བྱས། །མི་རྟོག་ཡེ་ཤེས་འཕེལ་བར་མཛད། །མི་འགྱུར་བརྟན་པ་ཐུགས་ཀྱི་རིགས། །བདེ་ཆེན་ཡུམ་ལ་བདག་བསྟོད་དོ། །ཧཱུཾ་གཡོན་ནས་རོལ་པ་སྒྲོལ་བའི་ཡུམ། །ཟ་བྱེད་རྔམ་ཐབས་ཁྲོ་གཏུམ་འབར། །མཐིང་ནག་འབར་ཆེན་གདུག་པ་སྲེག །རཀྟ་ཚིལ་ཆེན་ཐལ་བས་བརྒྱན། །གཟིག་དང་ཐོད་སྦྲུལ་རྒྱན་དུ་བྱས། །ལྷ་ཀླུ་ཐམས་ཅད་དབང་དུ་སྡུད། །


DNG020_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་པས་རྡོ་རྗེ་གྲི་གུག་བསྣམས། །རེས་འགའ་ཁ་ཊྭཱཾ་རྩེ་གསུམ་བསྣམས། །སྲིད་པ་གསུམ་པོ་དབང་དུ་སྡུད། །དགྲ་བགེགས་སྲོག་རྩ་གཅོད་པར་བྱེད། །གཡོན་པས་ཐོད་པ་ཙིཏྟ་བསྣམས། །བྷུཌྜྷ་ཀུན་གྱི་ཐུགས་དམ་བསྐང་། །ཐུགས་ཀའི་རུ་ལུ་འབྲུ་བརྒྱད་ལས། །མ་མོ་ཕྲ་མེན་བཅུ་དྲུག་འགྱེད། །གསང་ཆེན་མི་བཟད་རལ་གཅིག་མ། །ཨེ་ཀ་ཙ་ཏི་མཁའ་འགྲོའི་གཙོ། །ཁྲོ་མོའི་གཙོ་ལ་ཕྱག་འཚལ་བསྟོད། །སྣང་སྲིད་དབང་སྡུད་ཁྱོད་ལ་བསྟོད། །ཧཱུཾ་སྲིད་གསུམ་སྡུག་བསྔལ་མཐར་མཛད་མ། །སྐུ་གསུང་ཐུགས་མཆོག་བདུད་འདུལ་སྐུ། །ཡབ་ཡུམ་གཉིས་མེད་སྦྱོར་བའི་སྲས། །དབུ་གསུམ་ཕྱག་དྲུག་གཏུམ་ཆེན་སྐུ། །ཕྱག་ན་མཚོན་ཆ་བསྣམས་པ་ཡིས། །རྒྱུད་དྲུག་འཁོར་བ་རྩད་ནས་གཅོད། །མི་འགྱུར་བརྟན་པའི་གདུག་པ་འདུལ། །སྐུ་སྨད་ཕུར་པ་ཟུར་གསུམ་པོ། །དགྲ་བགེགས་གདུག་པའི་སྙིང་ལ་འདེབས། །དུག་གསུམ་མ་ལུས་རྩད་ནས་གཅོད། །གདུག་པ་ཆུ་སྲིན་ཁ་ནས་ཕྱུང་། །རྒྱ་མདུད་ནང་ནས་འབྲུག་སྟོང་ལྡིར། །ཆུ་སྲིན་ཁ་ནས་གློག་སྟོང་འཁྱུག །གདུག་པ་སྡིག་སྦྲུལ་སྦལ་ལྕོང་འཕྱོ། །ཀླུ་བདུད་དབང་དུ་སྡུད་ལ་བསྟོད། །ཁམས་གསུམ་མ་ལུས་སྒྲོལ་ལ་བསྟོད། །ཧཱུཾ་ཕྱོགས་བཅུ་དམ་སྲི་གནོན་མཛད་སྐུ། །ཡབ་ཡུམ་གཉིས་མེད་ལས་ལ་གྲུབ། །ཧཱུཾ་མཛད་ལ་སོགས་ཁྲོ་རྒྱལ་བཅུ། །དྲག་པོ་འབར་བའི་སྐུ་མདོག་ནག །ཞལ་གཅིག་ཕྱག་གཉིས་སྟག་ལྤགས་དཀྲིས། །ཕྱོགས་སྐྱོང་བཅུ་པོ་འདུལ་བར་བྱེད། །ཕུར་པ་ལྕགས་ཀྱུ་བསྣམས་པ་ཡིས། །འགུགས་ཤིང་འདེབས་པས་སྲིད་གསུམ་སྒྲོལ། །ཧཱུཾ་གི་ང་རོ་སྒྲོགས་པར་བྱེད། །མཉམ་ཉིད་ཁྲོ་རྒྱལ་བཅུ་ལ་བསྟོད། །མི་འགྱུར་བརྟན་པ་སྦྱོར་བའི་ཡུམ། །མཐིང་ནག་ཞལ་གཅིག་ཕྱག་གཉིས་མ། །གཙོ་མོ་ཡབ་བཞིན་འགུགས་འདེབས་མཛད། །སྒྲ་འབྱིན་ཡུམ་བཅུ་མེ་ལྟར་འབར། །ཧཱུཾ་སྒྲ་འབྲུག་ལྟར་རྔམ་པའི་སྒྲས། །དགྲ་བགེགས་གནས་སུ་སྒྲོལ་ལ་བསྟོད། །ཧཱུཾ་ཡབ་ཡུམ་གཉིས་མེད་ཐུགས་ལས་སྤྲུལ། །ཟ་བྱེད་གསོད་བྱེད་ཕྲ་མེན་ཚོགས། །མགོ་བརྙན་ཉི་ཤུ་ཕྱག་བརྙན་ཏེ། །གདུག་པ་འདུལ་བྱེད་སྐུ་མདོག་ནག །ཞལ་གཅིག་ཕྱག་གཉིས་མི་བཟད་སྐུ། །


DNG020_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲིན་ལས་འགུགས་ཤིང་འདེབས་པར་མཛད། །སྣང་སྲིད་སྒྲོལ་མཛད་མཐུ་སྟོབས་ཅན། །ཧཱུཾ་དང་ཕཊ་ནི་སྟོང་གསུམ་སྒྲོགས། །ཁ་རླངས་མེ་འབར་གདུག་པ་སྲེག །ཕྱོགས་བཅུར་སྤྲུལ་པ་འགྱེད་ལ་བསྟོད། །ཧཱུཾ་དྲོད་དང་གཤེར་ལས་སྐུ་འཁྲུངས་པ། །ཞལ་གཅིག་ཕྱག་གཉིས་སྒོ་བ་བཞི། །སྐྱ་ཀ་པུ་ཤུད་སྲིན་བྱ་ཁྲ། །མགོ་བརྙན་ཞལ་གཅིག་ཕྱག་གཉིས་མ། །ཕྲིན་ལས་འགུགས་འཆིང་སྡོམ་པ་དང་། །མྱོས་ཤིང་མཉེས་པའི་ལས་མཛད་མ། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ། །ཕུར་པ་འདེབས་པའི་ལས་མཛད་ཅིང་། །དཀར་སེར་དམར་ལྗང་ཁྲོ་མོའི་སྐུ། །ཞལ་ལས་ཛཿཧཱུཾ་བཾ་ཧོཿའི་སྔགས། །འབྲུག་སྒྲ་ཆེན་པོ་ཕྱོགས་བཞིར་སྒྲོགས། །དགྲ་བགེགས་གནས་སུ་སྒྲོལ་ལ་བསྟོད། །ཧཱུཾ་ཐུགས་ཀ་དཔལ་བེའུ་དཀྱིལ་འཁོར་ནས། །སྒོ་གཅིག་རིན་ཆེན་གཞལ་ཡས་ཁང་། །བདེ་སྟོང་དབྱེར་མེད་ངང་ཉིད་ལས། །ཆོས་ཀྱི་སྐུ་ལས་ལོངས་སྐུ་ཤར། །པདྨ་ཟླ་བའི་གདན་ལ་བཞུགས། །སྐྱོན་གྱིས་མ་གོས་གཏི་མུག་སེལ། །ཡབ་ཡུམ་གཉིས་མེད་ཟག་མེད་སྐུ། །སྐུ་མདོག་དཀར་གསལ་རྣམ་དག་དབྱིངས། །རྡོ་རྗེ་དྲིལ་བུ་ཕྱག་ན་བསྣམས། །ཤེས་རབ་བྱང་ཆུབ་སེམས་དང་ལྡན། །རྟོག་མེད་མི་འགྱུར་སྐྱིལ་ཀྲུང་བཞུགས། །མཁའ་དབྱིངས་བདེ་ཆེན་སྐུ་ལ་བསྟོད། །ཁྲག་འཐུང་ལྔ་ནི་དབྱིངས་ལ་ཐིམ། །ཡོན་ཏན་རྒྱ་མཚོ་ལྟ་བུ་ལ། །ཆུ་ཐིགས་ཙམ་གཅིག་བསྟོད་གྱུར་པས། །བདུད་རྩི་ལོག་འདྲེན་ནད་མེད་ཅིང་། །དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར། །ཐིག་ལེ་ཉག་གཅིག་ངེས་ཐོབ་པོ། །ཨེ་མ་ཧོ། ཡང་དག་དོན་ལ་མ་ཡེངས་ཀྱང་། །ཀུན་ཀྱང་ཁྲག་འཐུང་རང་བཞིན་ཏེ། །ངེས་པའི་དོན་འདི་ཁྱོད་ཀྱིས་ཉོན། །ཧཱུཾ་སྟོང་གསུམ་སྟོང་གི་འཇིག་རྟེན་ན། །དབུས་ཕྱོགས་སྟོང་གི་འཇིག་རྟེན་ན། །བརྟན་གཡོ་རྩི་ཤིང་ནགས་ཚལ་ཀུན། །ཀུན་ཀྱང་རྡོ་རྗེ་ཕུར་པའི་ལྷ། །ཞལ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །མཐིང་ནག་མེ་ཡི་འོད་འཕྲོ་ཞིང་། །རྒོད་དང་གཤེ་དང་ཁྲོ་བའི་ཚུལ། །ཕྱག་དྲུག་འཇིགས་པའི་མཚོན་ཆ་ཡིས། །འགྲོ་དྲུག་བྷ་གའི་དབྱིངས་སུ་སྦྱོར། །ཞབས་བཞིས་བདུད་བཞི་


DNG020_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

ཟིལ་གྱིས་གནོན། །ཞལ་ནས་ཀཱི་ལའི་སྔགས་ཟློས་ཤིང་། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །གནས་འདིར་སྤྱན་འདྲེན་གཤེགས་ནས་ཀྱང་། །དཀྱིལ་འཁོར་འདི་ལ་བརྟན་པར་བཞུགས། །ཕུར་པ་འདི་ལ་དབང་ཞིག་སྐུར། །ཕུར་པ་འདི་ལ་བྱིན་གྱིས་རློབས། །རྟགས་དང་མཚན་མ་དབྱུང་བ་དང་། །རིག་འཛིན་བདག་ལ་དངོས་གྲུབ་སྩོལ། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཧཱུཾ་སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ཤར་ཕྱོགས་སྟོང་གི་འཇིག་རྟེན་ན། །བརྟན་གཡོ་རྩི་ཤིང་ནགས་ཚལ་ཀུན། །ཀུན་ཀྱང་བྷུཌྜྷ་ཕུར་པའི་ལྷ། །ཞལ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །དཀར་གསལ་མེ་ཡི་འོད་འཕྲོ་ཞིང་། །ཁྲོ་དང་བཞད་དང་གཤེད་དང་ཚུལ། །ཕྱག་དྲུག་འཇིགས་པའི་མཚོན་ཆ་ཡིས། །འགྲོ་དྲུག་བྷ་གའི་དབྱིངས་སུ་སྦྱོར། །ཞབས་བཞིས་བདུད་བཞི་ཟིལ་གྱིས་གནོན། །ཞལ་ནས་ཀཱི་ལའི་སྔགས་ཟློས་ཤིང་། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །གནས་འདིར་སྤྱན་འདྲེན་གཤེགས་ནས་ཀྱང་། །དཀྱིལ་འཁོར་འདི་ལ་བརྟན་པར་བཞུགས། །ཕུར་པ་འདི་ལ་དབང་ཞིག་སྐུར། །ཕུར་པ་འདི་ལ་བྱིན་གྱིས་རློབས། །རྟགས་དང་མཚན་མ་དབྱུང་བ་དང་། །རིག་འཛིན་བདག་ལ་དངོས་གྲུབ་སྩོལ། །ཨཱོཾ་བྷུཌྜྷ་ཀཱི་ལི་ཀཱི་ལ་ཡ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཧཱུཾ་སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ལྷོ་ཕྱོགས་སྟོང་གི་འཇིག་རྟེན་ན། །བརྟན་གཡོ་རྩི་ཤིང་ནགས་ཚལ་ཀུན། །ཀུན་ཀྱང་རིན་ཆེན་ཕུར་པའི་ལྷ། །ཞལ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །སེར་འོད་མེ་ཡི་འོད་འཕྲོ་ཞིང་། །སྡང་དང་ཁྲོ་དང་གཤེ་བའི་ཚུལ། །ཕྱག་དྲུག་འཇིགས་པའི་མཚོན་ཆ་ཡིས། །འགྲོ་དྲུག་བྷ་གའི་དབྱིངས་སུ་སྦྱོར། །ཞབས་བཞིས་བདུད་བཞི་ཟིལ་གྱིས་གནོན། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །གནས་འདིར་སྤྱན་འདྲེན་གཤེགས་ནས་ཀྱང་། །དཀྱིལ་འཁོར་འདི་ལ་བརྟན་པར་བཞུགས། །ཕུར་པ་འདི་ལ་དབང་ཞིག་སྐུར། །ཕུར་པ་འདི་ལ་བྱིན་གྱིས་རློབས། །རྟགས་དང་མཚན་མ་དབྱུང་བ་དང་། །རིག་འཛིན་བདག་ལ་དངོས་གྲུབ་སྩོལ། །ཨཱོཾ་རཏྣ་ཀཱི་ལི་ཀཱི་ལ་ཡ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཧཱུཾ་སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ནུབ་ཕྱོགས་སྟོང་གི་འཇིག་རྟེན་ན། །བརྟན་གཡོ་རྩི་ཤིང་ནགས་ཚལ་ཀུན། །ཀུན་ཀྱང་


DNG020_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་ཕུར་པའི་ལྷ། །ཞལ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །དམར་གསལ་མེ་ཡི་འོད་འཕྲོ་ཞིང་། །གཤེ་དང་ཁྲོ་དང་བཞད་པའི་ཚུལ། །ཕྱག་དྲུག་འཇིགས་པའི་མཚོན་ཆ་ཡིས། །འགྲོ་དྲུག་བྷ་གའི་དབྱིངས་སུ་སྦྱོར། །ཞབས་བཞིས་བདུད་བཞི་ཟིལ་གྱིས་གནོན། །ཞལ་ནས་ཀཱི་ལའི་སྒྲ་ཟློས་ཤིང་། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །གནས་འདིར་སྤྱན་འདྲེན་གཤེགས་ནས་ཀྱང་། །དཀྱིལ་འཁོར་འདི་ལ་བརྟན་པར་བཞུགས། །ཕུར་པ་འདི་ལ་དབང་ཞིག་སྐུར། །ཕུར་པ་འདི་ལ་བྱིན་གྱིས་རློབས། །རྟགས་དང་མཚན་མ་དབྱུང་བ་དང་། །རིག་འཛིན་བདག་ལ་དངོས་གྲུབ་སྩོལ། །ཨཱོཾ་པདྨ་ཀཱི་ལི་ཀཱི་ལ་ཡ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཧཱུཾ་སྟོང་གསུམ་སྟོང་གི་འཇིག་རྟེན་ན། །བྱང་ཕྱོགས་སྟོང་གི་འཇིག་རྟེན་ན། །བརྟན་གཡོ་རྩི་ཤིང་ནགས་ཚལ་ཀུན། །ཀུན་ཀྱང་ལས་ཀྱི་ཕུར་པའི་ལྷ། །ཞལ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །ལྗང་གུ་མེ་ཡི་འོད་འཕྲོ་ཞིང་། །རྔམ་དང་བཞད་དང་ཁྲོ་བོའི་ཚུལ། །ཕྱག་དྲུག་འཇིགས་པའི་མཚོན་ཆ་ཡིས། །འགྲོ་དྲུག་བྷ་གའི་དབྱིངས་སུ་སྦྱོར། །ཞབས་བཞིས་བདུད་བཞི་ཟིལ་གྱིས་གནོན། །ཞལ་ནས་ཀཱི་ལའི་སྒྲ་ཟློས་ཤིང་། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །གནས་འདིར་སྤྱན་འདྲེན་གཤེགས་ནས་ཀྱང་། །དཀྱིལ་འཁོར་འདི་ལ་བརྟན་པར་བཞུགས། །ཕུར་པ་འདི་ལ་དབང་ཞིག་སྐུར། །ཕུར་པ་འདི་ལ་བྱིན་གྱིས་རློབས། །རྟགས་དང་མཚན་མ་དབྱུང་བ་དང་། །རིག་འཛིན་བདག་ལ་དངོས་གྲུབ་སྩོལ། །ཨཱོཾ་ཀརྨ་ཀཱི་ལི་ཀཱི་ལ་ཡ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། བྷ་ག་བདེ་བའི་ཀློང་ཡངས་ནས། །མི་འགྱུར་མཐིང་གའི་ཐུགས་ཉིད་དེ། །ཐིག་ལེ་དབྱེར་མེད་ཐུགས་ཀྱི་སྐུ། །རིགས་ལྔ་ཁྲག་འཐུང་ཆོས་དབྱིངས་དང་། །དབྱིངས་ལས་མ་གཡོས་རྣམ་དག་སྟེ། །ཨེ་མ་ཧོ་སྲས་ཀྱི་མཆོག་ལས་མ་གཡོས་ཀྱང་། །བྷ་གའི་དབྱིངས་ལས་བྱུང་བ་སྟེ། །རང་བཞིན་རྣམ་དག་ཁྲོ་བོའི་སྐུ། །ཡང་དག་པ་ཡི་དོན་འདི་ཉོན། །ཧཱུཾ་ཡབ་ཡུམ་བདེ་ཀློང་ཐིག་ལེ་ནས། །མི་ཤིགས་བྱང་ཆུབ་སེམས་ཀྱི་ཧཱུཾ། །འཇོམས་བྱེད་དཔལ་བེའུ་ཕུར་པའི་དབྱིབས། །ཐིག་ལེ་ཡིག་འབྲུ་རྣམ་པ་ཀུན། །ཕུར་པའི་ལོགས་ལ་ལྷ་བཀོད་ནས། །འགྱུར་མེད་དབྱིངས་ཀྱི་ངང་ཉིད་ལས། །ཁྲག་འཐུང་འདུས་པ་ཕུར་པའི་ལྷ། །སྲས་ཀྱི་མཆོག་གྱུར་ཕུར་པའི་


DNG020_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ། །ཞལ་གསུམ་ཕྱག་དྲུག་འཇིགས་བྱེད་སྐུ། །ཨུཏྤལ་སྔོན་པོའི་མདོག་འདྲ་ཞིང་། །ཁྲོ་དང་བཞད་དང་གཤེ་བའི་ཚུལ། །ཕྱག་དྲུག་རྒྱུད་དྲུག་རྩད་ནས་གཅོད། །ཕྱག་མཚན་མཚོན་ཆས་འགྲོ་དྲུག་སྒྲོལ། །སྐུ་སྨད་ཆུ་སྲིན་ཕུར་པའི་དབལ། །རྒྱ་མདུད་ནང་ནས་སྔགས་ཀྱི་སྒྲ། །འབྲུག་སྟོང་ལྟ་བུར་ལྡིར་ཞིང་གྲགས། །ཆུ་སྲིན་ཁ་ནས་མེ་ལྕེ་འོད། །གློག་ལྟར་འཁྱུག་ཅིང་སྟོང་གསུམ་གསལ། །གདུག་པ་ཆུ་སྲིན་ཁ་ནས་ནི། །སྡིག་སྦྲུལ་སྦལ་ལྕོང་ཆོ་འཕྲུལ་འགྱེད། །སྟོང་ཁམས་གང་ཞིང་ཀླུ་རྣམས་འདུལ། །ཐུགས་ཀའི་དཔལ་བེའུའི་དཀྱིལ་འཁོར་ནས། །བཞི་བཅུ་རྩ་བདུན་ལྷ་ཚོགས་གནས། །དགུ་ལ་རིགས་ལྔའི་ཁྲག་འཐུང་རྫོགས། །ཡེ་ཤེས་ལྔ་ལྡན་དུག་ལྔ་འཇོམས། །སྲས་ཀྱི་ཐུགས་ཀྱི་དཀྱིལ་འཁོར་ནས། །བདེ་ཆེན་ཡབ་ཡུམ་དབྱིངས་སུ་བཞུགས། །ཁྲོ་བོའི་སྤྲུལ་པས་ནམ་མཁའ་གང་། །ཁྲོ་མོའི་སྤྲུལ་པས་ས་གཞི་གང་། །ཕྲ་མེན་སྤྲུལ་པས་བར་སྣང་གང་། །སྒོ་བའི་སྤྲུལ་པས་ཕྱོགས་བཅུར་འགྱེད། །ཁྲོ་བོ་ཕྲ་མེན་སྒོ་བའི་ཚོགས། །ཐམས་ཅད་འདུས་པ་སྲས་ཀྱི་མཆོག །མ་བཏབ་ཙམ་ན་ལྷུན་གྱིས་གྲུབ། །བཏབ་ན་ལྷ་ཡང་བརླག་པར་འགྱུར། །དགྲ་བགེགས་ཐིག་ལེའི་དཀྱིལ་དུ་ཀཱི་ལ་ཡ། །དུག་གསུམ་རྩད་ནས་གཅོད་ཅིག་ཀཱི་ལ་ཡ། །རྒྱུད་དྲུག་གནས་སུ་སྒྲོལ་ཅིག་ཀཱི་ལ་ཡ། །སེམས་ཀྱི་བག་ཆགས་སྦྱོངས་ཤིག་ཀཱི་ལ་ཡ། །སེམས་ཉིད་དབྱིངས་སུ་བསྡིམས་ཤིག་ཀཱི་ལ་ཡ། །དབྱིངས་ལས་བདེ་ཆེན་རྒྱས་གྱུར་ཀཱི་ལ་ཡ། །སྤྲུལ་སྐུས་འགྲོ་དོན་མཛོད་ཅིག་ཀཱི་ལ་ཡ། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུཾ་ཧཱུཾ་ཕཊ། ཨེ་མ་ཧོ། སེམས་ནི་ནམ་མཁའི་རང་བཞིན་ཏེ། །ནམ་མཁའ་ཉིད་ལས་ཆོ་འཕྲུལ་འབྱུང་། །ཆོ་འཕྲུལ་ནམ་མཁའི་དབྱིངས་ལ་ཐིམ། །རྣམ་རྒྱལ་ཡང་དག་དོན་འདི་ཉོན། །ཐམས་ཅད་འདུས་པའི་སྲས་མཆོག་ཉིད། །སྦྱོར་སྒྲོལ་སྦྱོར་སྤོར་ཐིམ་པའི་ཚེ། །ནམ་མཁའི་ཀློང་ཉིད་ལས་བྱུང་ངོ་། །གདོད་ནས་མ་སྐྱེས་རང་བཞིན་རྣམ་པར་དག །སྲིད་པའི་ཕུར་བུ་སྒྲུབ་པའི་ཕྱིར། །གཞི་དང་ལམ་དང་འབྲས་བུ་ཉིད། །དབྱེར་མེད་ངང་ལས་ཡང་དག་སྟེ། །དག་དང་མ་དག་དབྱེར་མེད་དབྱིངས། །བསམ་དང་མི་བསམ་བརྗོད་དུ་མེད། །ཆོ་འཕྲུལ་སྣ་ཚོགས་ཅིར་སྣང་ཡང་། །བྷ་ག་དབྱིངས་ཀྱི་ངང་ཉིད་དུ། །ཐམས་ཅད་བདེ་བ་ཀློང་ནས་ཤར། །བསམ་གྱིས་མི་ཁྱབ་ཀུན་ལས་འདས། །བརྗོད་མེད་དབྱིངས་ཀྱི་ཐིག་ལེ་ཆེ། །འགྲོ་བ་ཡོངས་ལ་ཐམས་ཅད་ཁྱབ། །སྐྱེ་དང་


DNG020_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

མི་སྐྱེ་ཀུན་སྣང་ཡང་། །ཡང་དག་དོན་ལ་རིག་མི་ནུས། །ཕུར་པའི་རྫས་ཉིད་ལ་བརྟེན་ནས། །ཕྲིན་ལས་སྣ་ཚོགས་སྒྲུབ་པ་ཡང་། །ཡང་དག་དོན་ལ་ཡོད་མ་ཡིན། །ཐམས་ཅད་འགྲོ་བ་དྲང་ཕྱིར་ཏེ། །དྲི་མས་དྲི་མ་དག་བྱེད་ཅིང་། །འཁྲུལ་པ་བསྐྱེད་པའི་རིམ་པས་འཇིགས། །བསྐྱེད་པའི་རིམ་པའི་ལྷ་བསྒོམ་ཡང་། །ཡང་དག་དོན་དུ་ཡོད་མིན་ཏེ། །སྣང་བ་སྤྲུལ་སྐུ་སྔགས་བརྗོད་མེད། །བདེ་ཆེན་རྒྱས་པར་ལོངས་སྤྱོད་ཉིད། །དབྱིངས་སུ་ཐིམ་པ་ཆོས་ཀྱི་སྐུ། །བརྗོད་མེད་གཉིས་སུ་མེད་པ་སྟེ། །བརྗོད་དུ་མེད་པ་སངས་རྒྱས་ཉིད། །སྔགས་ཀྱི་སྒྲ་ཡང་བརྗོད་ལས་འདས། །ཐིག་ལེ་ཆེན་པོ་མི་ཤིགས་དབུས། །བདག་དང་བདག་མེད་དབྱེར་མེད་ཉིད། །གཉིས་མེད་ཡེ་ཤེས་རྡོ་རྗེ་སྟེ། །ཆོས་སྐུ་བྱང་སེམས་གཞོན་ནུ་ང་། །སྲིད་པའི་འཁོར་ལོ་ཕུར་པ་སྟེ། །མི་རྟོག་དབྱིངས་ཀྱི་རྒྱས་འདེབས་མ། །ཨེ་ཀ་ནམ་མཁའི་རང་བཞིན་ཏེ། །ཛ་ནི་དུག་ཆེན་བདེ་དབྱིངས་ཐིམ། །ཏི་ནི་དུག་ཆེན་རྟོག་མེད་དབྱིངས། །ཡབ་ཡུམ་བྱང་སེམས་ཆོས་སྐུ་སྲས། །དུག་ཐིམ་ཕུར་པ་བརྗོད་བྲལ་ཐིམ། །བདེ་ཆེན་དུག་གསུམ་དབྱིངས་སུ་ཐིམ། །ཁྲོ་རྒྱལ་བྱང་སེམས་ཞེ་སྡང་འཇོམས། །ཧཱུཾ་མཛད་དུག་འཇོམས་ཐིག་ལེ་ལྔ། །དབྱིངས་སུ་ཐིམ་པས་ཐིག་ལེ་སྟེ། །ཧཱུཾ་གི་ཡེ་ཤེས་དང་ལྡན་ཞིང་། །ཀཱ་ཡིས་དུག་ལྔ་འཇོམས་པར་བྱེད། །རས་ནི་རྣམ་རྟོག་དབྱིངས་སུ་ཐིམ། །ཡུམ་ཆེན་མི་ཕྱེད་རྡོ་རྗེ་སྟེ། །སངས་རྒྱས་སྐྱེད་པར་བྱེད་པའི་ཡུམ། །སེམས་ཅན་བྷུཌྜྷ་འགྱུར་བྱེད་ཆེ། །མི་ཕྱེད་ཡེ་ཤེས་རྡོ་རྗེ་སྟེ། །སྒྲ་འབྱིན་བྲག་ཆ་ལྟར་སྣང་ལ། །མ་ནི་སྤྲུལ་པ་བསྐྱེད་པའི་ཡུམ། །སྤྲུལ་པ་རོལ་པ་འགག་མེད་ཉིད། །ཕག་ལས་མ་རིག་མུན་པ་སེལ། །སྨིག་བུས་འདམ་རྫབ་སྐམ་པར་བྱེད། །འོད་གསལ་བདུད་འཇིགས་རྣམ་པར་རྒྱལ། །སྣང་བ་མུན་སེལ་རྡོ་རྗེ་སྙེམ། །སྣང་བ་སྣ་ཚོགས་སྟག་གི་མགོ། །བྱ་རྒོད་ནམ་མཁའ་ལྟ་བུ་སྟེ། །དབྱུག་པས་ལྟ་ལོག་འཇོམས་བྱེད་ཅིང་། །སྔོན་པོས་མཚན་མའི་རྣམ་རྟོག་འཇོམས། །གཉིས་མེད་རྡོ་རྗེ་སྡེར་མོ་རྣོ། །ལས་རྣམས་མི་རྟོག་དབྱིངས་སུ་ཐིམ། །གཡག་མགོ་དབྱིངས་ལས་འགྱུར་བ་མེད། །བྱ་རོག་ཆོས་དབྱིངས་རྣམ་པར་དག །གཤིན་རྗེ་གཟུང་འཛིན་དག་པ་དང་། །དམྱལ་བའི་ཁམས་ནི་དཔག་མེད་ཀྱང་། །དོན་དམ་དབྱིངས་ལ་ཡོད་མ་ཡིན། །རྗེས་ནི་ཆོས་ཀྱི་དབྱིངས་སུ་ཐིམ། །དུར་ཁྲོད་རོལ་པ་དཔག་མེད་ཀྱང་། །བདག་མོ་མཁའ་དབྱིངས་རྣམ་པར་དག །ཤ་བ་སྐྱེ་འགག་མེད་པ་ཉིད། །


DNG020_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

འུག་པ་ཤེས་རབ་དབྱིངས་ཉིད་དེ། །ལོ་ཀ་ཆོས་བརྒྱད་ཉིད་ཀྱི་སེམས། །རྟག་ཏུ་ཡེངས་ཤིང་གནས་པ་ཡང་། །རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །མི་གཡོ་ཐིག་ལེ་ཉག་གཅིག་གོ། །སེམས་ཅན་དོན་བྱེད་ཐམས་ཅད་ཀྱང་། །དམ་པའི་དབྱིངས་ནི་མགོན་ཡིན་ནོ། །རྡོ་རྗེ་གཉིས་མེད་ཟུང་འཇུག་པ། །གཏུན་ཁུང་སྣང་བ་འཇོམས་བྱེད་མ། །དོན་དམ་ཉིད་ལས་མ་གཡོས་ཀྱང་། །ཐིག་ལེ་ཉག་གཅིག་གཟིག་གི་མགོ། །ཁྭ་ཏ་ནམ་མཁའ་ལྟ་བུར་ཁྱབ། །རྟ་མགྲིན་རྟ་སྐད་སྒྲ་སྙན་ལྟ་བུ་སྟེ། །རྡོ་རྗེ་སྟོང་པའི་ངང་ཉིད་ཀྱིས། །ཁྲོ་བར་སྣང་བས་གཏུམ་མོའོ། །བྱི་ལས་གཟུང་འཛིན་རྣམ་རྟོག་འཇོམས། །པུ་ཤུད་བཟང་ངན་རྣམ་རྟོག་མེད། །དོན་དམ་ཉིད་ལས་ཡོད་མ་ཡིན། །ཉོན་མོངས་ཉེ་བའི་ཉོན་མོངས་རྣམས། །རྟོག་མེད་མཁའ་དབྱིངས་གཞན་མི་ཐུབ། །མི་ཤིགས་རྡོ་རྗེ་འབིགས་བྱེད་མདའ། །མཚན་མ་འཇོམས་པར་བྱེད་སྙེམ་མ། །སྤྱང་ཀིའི་མགོ་ནི་ཡེ་སངས་རྒྱས། །རྣམ་རྟོག་ཕྲ་མོ་སེམས་བྱེད་ཀྱང་། །ཡང་དག་ཉིད་བལྟ་ཁྲ་ཡི་མགོ། །བདུད་ནི་བཞི་པོར་སྣང་བྱེད་པ། །རྩི་ཡིས་མི་ཤིགས་ཀློང་དུ་ཐིམ། །འཁྱིལ་པ་བདེ་བ་ཆེན་པོའི་ངང་། །གཅིག་དང་དུ་མ་དང་བྲལ་ཞིང་། །རྟོག་མེད་དབྱིངས་ནི་རླུང་འབྱིན་མ། །ཉི་མ་ལྟ་བུའི་གཟི་བརྗིད་ཀྱིས། །མུན་པའི་ཚོགས་འཇོམས་སེང་གེའི་མགོ། །ཡོད་མེད་གཉིས་ལས་འདས་པ་ཡིས། །མཐའ་གཉིས་བྲལ་བ་ཕ་ཝང་མགོ། །ལུས་ངག་ཡིད་གསུམ་སྣང་བ་ཡང་། །དོན་དམ་ཉིད་ལ་ཡོད་མིན་ཏེ། །འཁོར་བ་ལས་འདས་ཁམས་གསུམ་རྒྱལ། །མི་ཤིགས་རྡོ་རྗེས་ལོག་འགྲོ་འཇོམས། །གཟུང་འཛིན་རྟོག་པ་ཤེས་པ་གསོད། །ཕ་རོལ་ཕྱིན་པ་ཡིན་པ་སྟེ། །སྤྱོད་པ་བརླང་པོ་དོམ་གྱི་མགོ། །གང་དུ་མི་གནས་སྲེ་མོའི་མགོ། །དོན་དམ་བདེན་པས་སེམས་ཅན་གྱི། །ཉོན་མོངས་སྟོབ་བྱེད་སྟོབས་པོ་ཆེ། །རྡོ་རྗེ་དོན་དམ་བདེན་པ་སྟེ། །དག་པ་མཁའ་དབྱིངས་ཀློང་དུ་བསྐྱོད། །བུཌྜྷ་སྐྱེད་པའི་ཡུམ་ཡིན་མ། །ཡེ་ཤེས་ཐོགས་མེད་དྲེད་ཀྱི་མགོ། །ལོག་པའི་ལམ་ཞུགས་སུམ་བྱེད་ཅིང་། །དེ་བཞིན་ཉིད་གནས་བྱི་ལའི་མགོ། །སྣང་བ་སྟོང་པས་འགུགས་བྱེད་མ། །ལྕགས་ཀྱུས་ཡེ་ཤེས་ས་ལ་དགོད། །སྟོང་པ་བཅོ་བརྒྱད་ཞགས་པ་ཡིས། །མི་རྟོག་རྟོག་པ་འཆིང་བྱེད་མ། །ཡོད་དང་མེད་པའི་ཕྱོགས་སྤངས་ཤིང་། །སྙིང་རྗེས་མི་ཕྱེད་ལྕགས་སྒྲོག་མ། །སྟོང་པ་ཉིད་ཀྱི་སྒྲ་སྒྲོགས་པས། །མཚན་མའི་རྣམ་པར་རྟོག་པ་འཇོམས། །ཤེས་རབ་ཕ་རོལ་ཕྱིན་མ་ཉིད། །གཟུང་འཛིན་དང་བྲལ་དྲིལ་བུ་མ། །ས་ནི་ཐམས་ཅད་ཀུན་གྱི་རྟེན། །དེ་བཞིན་ལྟ་བ་ཀུན་གྱི་གཞི། །དེ་ནི་གང་


DNG020_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

དུའང་མ་གྲུབ་པ། །བསམ་དང་བརྗོད་པའི་ཡུལ་ལས་འདས། །མེ་ཡིས་སྲེག་པར་བྱེད་པ་སྟེ། །ལྷ་ཡི་མཚན་མ་དེ་བཞིན་ཉིད། །ཆུ་ཡིས་སྡུད་པར་བྱེད་པ་སྟེ། །ཆུ་ལྟར་སྣང་བའི་སྣ་ཚོགས་ཀྱང་། །དེ་བཞིན་ཉིད་ལས་བྱུང་ནས་ནི། །སླར་ཡང་དེ་བཞིན་ཉིད་ལ་ཐིམ། །རླུང་གིས་གཡོ་བར་བྱེད་པ་ཉིད། །རླུང་གཡོས་ཆུ་དང་སྤྲིན་ལས་ཀྱང་། །སེམས་ཅན་ཀུན་གྱི་དོན་ལ་གཡོ། །ནམ་མཁའ་གོ་འབྱེད་ཀུན་ལ་ཁྱབ། །ཆོ་འཕྲུལ་དམ་པའི་དབྱིངས་ལ་ཐིམ། །ལོག་ལྟ་འཇོམས་བྱེད་དོན་ལ་སྤྱོད། །ཡང་དག་དོན་ལ་སྤྱོད་པ་གྱིས། །ཉི་མས་མུན་སེལ་རྣམ་རྟོག་ཐིམ། །ཉི་མས་མུན་སེལ་འཇོམས་བྱེད་ཅིང་། །མཚན་མའི་རྣམ་པར་རྟོག་པ་རྣམས། །ཡེ་ཤེས་དབྱིངས་ཀྱི་ངང་དུ་ཐིམ། །ཟླ་བ་ཆུ་ཤེལ་གྲུབ་པ་ཉིད། །ཟླ་བ་དུག་གསུམ་གདུང་བ་སེལ། །ཉི་ཤུ་ཉེ་བའི་ཉོན་མོངས་རྣམས། །དབྱིངས་ལས་མ་འདས་ཐིག་ལེ་ཉིད། །དེ་བཞིན་རེ་སྐོང་སྐུར་སྣང་ཡང་། །རིན་ཆེན་དགོས་འདོད་རེ་བ་སྐོང་། །གདུལ་བྱའི་དོན་དུ་སྐུར་སྣང་ཡང་། །ཡང་དག་དབྱིངས་ལས་མ་གཡོས་སོ། །དཔག་བསམ་ཤིང་གིས་དོན་རྣམས་འགྲུབ། །ཡང་དག་དོན་ལ་གང་དམིགས་པ། །དོན་དམ་མྱུར་དུ་རྟོགས་པར་འགྱུར། །པདྨ་མི་སྤང་འདམ་མི་ཆགས། །པདྨ་སྐྱོན་གྱིས་མ་གོས་ཏེ། །འཁོར་བ་མི་སྤང་འདམ་མི་ཆགས། །ཡོད་མེད་གཉིས་སུ་མི་གནས་ཤིང་། །དབྱེར་མེད་པ་གནས་ཡང་དག་ལྟ། །ནམ་མཁའ་ས་ཆུ་མེ་གནས་པའི། །ཚད་མེད་བཞི་ལ་གནས་ནས་ཀྱང་། །ཕྱག་རྒྱ་བཞི་རྫོགས་ཐིག་ལེ་གཅིག །ཡང་དག་དོན་དང་ལྡན་གྱུར་ན། །ཐིག་ལེ་ཉག་གཅིག་བརྗོད་དང་བྲལ། །ཨེ་མ་ཧོ།སེམས་ཅན་ཐམས་ཅད་བུཌྜྷ་ཡང་། །གློ་བུར་དྲི་མས་སེམས་ཅན་བསྒྲིབས། །ནམ་མཁའ་ཆུ་གསེར་ལྟ་བུར་དག །ཡང་དག་ལྟ་མཐོང་རྣམ་པར་གྲོལ། །གཟུགས་སྐུ་རྣམ་གཉིས་འཇའ་ལྟ་བུ། །གཟུགས་བརྙན་ལྟ་བུར་སྣང་གྱུར་ཀྱང་། །ཡང་དག་དོན་ལ་རེག་མ་ཡིན། །ནམ་མཁའ་ཉིད་ལས་སྤྲིན་བྱུང་ལྟར། །འཁྲུལ་རྟོག་དོན་རྟོགས་གཉིས་མེད་ལྟ། །ཇི་ལྟར་སྤྲིན་རྣམས་སྣ་ཚོགས་ཀྱང་། །ནམ་མཁའ་ཉིད་ལས་བྱུང་ལྟར་ཐིམ། །ལས་གཉིས་ཨ་མྲའི་འབྲས་བུ་བཞིན། །འཁྲུལ་ཞིང་རྟོག་པའི་གང་ཟག་བླུན། །ཡང་དག་ལྟ་བ་ཉིད་མཐོང་ན། །དབྱེར་མེད་པ་ཡི་ངང་ལ་གནས། །དེ་ཡང་སྨྲ་བསམ་བརྗོད་མེད་བརྡའ། །ཡོད་མེད་མཚན་མར་འཛིན་དང་བྲལ། །མཐའ་གཉིས་གང་དུ་མི་གནས་པ། །ཡང་དག་ལྟ་བ་གཟུང་བར་བྱོས། །དེ་རྟོགས་པ་ཡི་གང་ཟག་རྣམས། །འཆི་བ་ཞེས་ནི་རྣམ་རྟོག་སྟེ། །མཁའ་སྤྱོད་གནས་སུ་འཁྲིད་པར་འགྱུར། །དཀྱིལ་གསུམ་བདག་ཉིད་བརྗོད་ལས་འདས། །གང་དུ་མི་གནས་ལྟ་སྤྱོད་སྒོམ་པའོ། །ཐ་སྙད་མཚན་མར་འཛིན་པ་གང་བརྗོད་རྣམས། །གང་དུ་མ་གྲུབ་འདིར་ནི་བརྗོད་པ་མིན། །འགྱུར་མེད་དག་པའི་སེམས་རང་


DNG020_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན། །སེམས་ནི་གང་དུ་གནས་པའང་མེད། །དེ་རྟོགས་པ་ཡི་གང་ཟག་རྣམས། །ཐུགས་ཀྱི་རིགས་ལ་གནས་པར་འགྱུར། །རྡོ་རྗེའི་རིགས་སུ་མངོན་སངས་རྒྱ། །ང་ཡིས་བསྟན་པས་མངོན་སངས་རྒྱས། །སེམས་ཅན་དུག་ལྔ་རྒྱས་པའི་དུས། །དྲག་པོའི་ལས་ཀྱིས་ཚར་གཅོད་པའི། །སྔགས་ལ་སྦྱངས་པས་རྒྱལ་པོའི་རིགས། །པདྨ་ལས་སྐྱེས་སྐྱེ་བ་དྲན། །སྤྱོད་པ་སྣ་ཚོགས་བྱས་གྱུར་ནས། །མཁའ་འགྲོ་མ་ཡི་ལུང་བསྟན་ཐོབ། །ཚེ་གཅིག་ཉིད་ལ་བུཌྜྷ་འགྱུར། །ཞེ་སྡང་རྡོ་རྗེའི་རིགས་ཡིན་ནོ། །རྡོ་རྗེ་ཁྲག་འཐུང་ང་ཉིད་ཀྱིས། །ཆོས་ལ་རྟག་ཏུ་སྒྲུབ་འགྱུར་ཞིང་། །ང་ཡི་བསྟན་པ་འདི་ཡིས་འཛིན། །འདི་ལ་བརྟེན་པའི་གང་ཟག་རྣམས། །ཐམས་ཅད་གྲོལ་འགྱུར་ཐེ་ཚོམ་མེད། །རྡོ་རྗེ་ཁྲག་འཐུང་ངང་ཉིད་ཀྱིས། །ཡི་གེ་ཧཱུཾ་ཙམ་བཟླས་པ་ཡང་། །བར་ཆོད་བདུད་ཀྱིས་མི་ཚུགས་ཤིང་། །མཚན་མ་གྲུབ་པར་ཐེ་ཚོམ་མེད། །རྡོ་རྗེ་ཅན་གྱི་ཞིང་དུ་སྐྱེ། །ལྷ་ཀླུ་ཀུན་ལ་དབང་བྱེད་འགྱུར། །འདི་སྒྲུབ་པ་ཡི་གང་ཟག་རྣམས། །སྔ་ནས་སྦྱངས་པར་ཐེ་ཚོམ་མེད། །ཚེ་གཅིག་འདི་ལ་བརྩོན་ལྡན་པས། །འཁོར་བར་མི་ལྡོག་མངོན་སངས་རྒྱས། །གང་གིས་དབང་དང་མན་ངག་ཐོབ། །སྐད་ཅིག་ཙམ་གྱིས་མོས་གྱུར་ན། །འཆི་བ་ཞེས་ནི་རྣམ་རྟོག་སྟེ། །མཁའ་སྤྱོད་གནས་སུ་འཁྲིད་པར་འགྱུར། །གང་ཞིག་འདི་ལ་མོས་པ་ཙམ། །དབང་དང་དམ་ཚིག་འཛིན་འགྱུར་ན། །སྐྱེ་བདུན་ཉིད་ལ་སངས་རྒྱས་འགྱུར། །སྐྱེ་བ་གཞན་གྱིས་བར་མ་ཆོད། །འདི་ལ་ཐེ་ཚོམ་ལེ་ལོ་སྤང་། །བརྩོན་འགྲུས་དད་ལྡན་ཅན་གྱིས་སྒྲུབ། །རྒྱུད་འདི་རྟག་ཏུ་གསང་བར་བྱ། །མཁའ་འགྲོའི་ཚོགས་ཀྱིས་སྲུང་བར་འགྱུར། །བྷ་ག་ཝཱན་གྱིས་དེ་སྐད་ཅེས་བཀའ་སྩལ་ནས། བུཌྜྷ་དང་ཀྲོ་དྷ་དང་ཀྲོ་དྷཱི་དང་། བྱང་ཆུབ་སེམས་དཔའ་དང་། མཁའ་འགྲོ་མ་རྣམས་ཡི་རང་སྟེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །དཔལ་རྡོ་རྗེ་གཞོན་ནུ་ ཐུགས་རྗེ་ཁྲོས་པ་རྩ་བའི་རྒྱུད་ཀྱི་བཤད་པ་ལས། བསྟོད་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དཔལ་རྡོ་རྗེ་ཁྲོས་པའི་རྩ་བའི་རྒྱུད་ཀྱི་བཤད་པ་ཞེས་བྱ་བ་རྫོགས་སོ།། །།རྒྱ་གར་ཁ་ཆེའི་ཡུལ། དུར་ཁྲོད་བི་ས་ཀའི་རང་བྱུང་མཆོད་རྟེན་རྩེར། དངོས་གྲུབ་བརྙེས་པའི་རྗེ་བཙུན་རྡོ་རྗེ་སེམས་མ་དང་། སྒྲ་བསྒྱུར་ལོཙྪ་བ་འགར་ཤེས་རབ་འབྱུང་ཞེས་བྱ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །སླད་ནས་རྗེ་བཙུན་མ་དེ་ཉིད་དང་སྒྲ་བསྒྱུར་ལོཙྪ་བ་འབྲོམ་སྟོན་རྒྱལ་བས་བཅོས་ཏེ་གཏན་ལ་ ཕབ་པའོ། །སྒྲ་ལོག་ན་རྗེ་བཙུན་མས་བཟོད་པར་གསོལ་ལོ།། །།

རྡོ་རྗེ་ཕུར་བུ་གསང་བའི་རྩ་བ་རྣལ་འབྱོར་ཆེན་པོ་ཡང་དག་པའི་རྒྱུད་ཅེས་བྱ་བ།


DNG020_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བཛྲ་ཀཱི་ལ་ཡ་གུ་ཧྱ་མཱུ་ལ་མ་ཧཱ་ཡོ་ག་སཾ་གི་ཏི་ཏནྟྲ་ནཱ་མ། བོད་སྐད་དུ། རྡོ་རྗེ་ཕུར་བུ་གསང་བའི་རྩ་བ་རྣལ་འབྱོར་ཆེན་པོ་ཡང་དག་པའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་དཔལ་རྡོ་རྗེ་གཞོན་ནུ་ཁྲོས་པ་ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡ་བདེ་བ་ཆེན་པོ་དེས། དབྱིངས་རྣམ་པར་དག་པའི་ངང་ལས་ཡེ་ཤེས་མ་འགགས་པར་སྣང་བ་ནི། སྐུ་གསུང་ཐུགས་དང་ལྡན་པ། སྣང་བ་ཡུམ་གྱི་བྷ་ག་ཕྱི་མེད་ནང་མེད་ཀུན་ཏུ་གསལ་བའི་གཞལ་ཡས་ཁང་། ཕྱི་རིན་པོ་ཆེ་འབར་བའི་གཞལ་ཡས་ཁང་། ནང་དུར་ཁྲོད་འཇིགས་པ་གྲུ་གསུམ་མཐིང་ནག་འབར་བའི་གཞལ་ཡས་ཁང་། རྒྱན་སྣ་ཚོགས་དང་ལྡན་པས། རྒྱ་ཕྱོགས་བཅུར་ཡོངས་སུ་མ་ཆད་པ། འབྱུང་བ་ཡུམ་དང་ལྡན་པའི་གཞལ་ཡས་ཁང་། འོག་མིན་ཆོས་ཀྱི་དབྱིངས། ཐབས་དང་ཤེས་རབ་མ་ཆགས་ཤིང་ཉོན་མོངས་པས་མ་གོས་པའི་གདན་ལ། ཡུམ་འཁོར་ལོ་རྒྱས་འདེབས་མ་དང་གཉིས་སུ་མེད་པར་བཞུགས་སོ། །ཡབ་ཡུམ་ཐབས་ཤེས་གཉིས་སུ་མེད་པའི་བྱིན་རླབས་ལས་བྱུང་བ་ཡེ་ཤེས་ལྔ་ལས་གྲུབ་པ་རྡོ་རྗེ་འདུས་པ་ལ་སོགས་སྲས་མཆོག་ལྔ་དང་། རོལ་པའི་རྣམ་པར་ཤེས་པ་ལས་གྲུབ་པའི་ཁྲོ་བོ་བཅུ་དང་།ཡུམ་རྣམ་པར་དག་པ་ལས་གྲུབ་པའི་ཁྲོ་མོ་བཅུ་དང་། བྱང་ཆུབ་སེམས་ཀྱི་བདེ་བ་དཀར་དམར་ཉི་ཤུ་ལས་གྲུབ་པའི་ཕྲ་མེན་མ་ཉི་ཤུ་དང་། གཞན་ཡང་སྤྲུལ་པ་དང་ཡང་སྤྲུལ་སུམ་སྤྲུལ་བསམ་གྱིས་མི་ཁྱབ་པ་དང་། ཁྲོ་བོ་ཀརྨ་ཧེ་རུ་ཀ་དང་།གཞན་ཡང་ས་བཅུའི་བྱང་ཆུབ་སེམས་དཔའ་མང་པོ་དང་། དེ་དག་ལ་སོགས་པ་འཁོར་དུ་དེར་འདུས་པ་ནི། གསང་བའི་རིག་པ་འཛིན་པའི་ཁྲོ་བོ་མང་པོ་དང་།འཇིག་རྟེན་པའི་དྲེགས་པ་ཅན་ཕོ་མོ་ཁྲོ་བོའི་གཟུགས་འཛིན་པ་མང་པོ་དང་ཐབས་ཅིག་ཏུ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡས། དབྱིངས་ལས་སྐུའི་ཡེ་ཤེས་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་མ་ཐག་ཏུ་སྐུའི་གནས་རྣམ་པ་ལྔ་ནས་འོད་ཟེར་ཁ་དོག་རྣམ་པ་ལྔ་བྱུང་སྟེ། ཡེ་ཤེས་གསལ་བ་ཞེས་བྱ་བར་ཕྱོགས་བཅུ་མ་ལུས་མི་ལུས་ཤིང་། ལུས་པར་མི་འགྱུར་བའི་འཇིག་རྟེན་ཐམས་ཅད་དུ་ཁྱབ་པར་གྱུར་ཏེ།


DNG020_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

འོད་དེས་འགྲོ་བ་རིགས་དྲུག་གི་ཉོན་མོངས་པ་ཐམས་ཅད་དག་པར་མཛད་དེ། དེ་དག་པས་ཕུར་པ་གཉིས་མེད་ངེས་པ་ཞེས་བྱ་བར་གསལ་བར་གྱུར་ཏོ། །དེ་དག་སླར་འདུས་པས་སྐུ་ཐམས་ཅད་ཤིན་ཏུ་ཡང་དག་པར་རྫོགས་པར་མཛད་དེ། ཡེ་ཤེས་མ་འགོགས་པ་མ་འདྲེས་པ་ཡོངས་སུ་རྫོགས་པར་མཛད་ནས་སླར་ཉིད་ཀྱི་ཐུགས་ཀར་ཐིམ་མོ། །འཁོར་རྣམས་ཀྱིས་ཀྱང་ཡེ་ཤེས་གཉིས་མེད་དག་པ་ཕུར་པ་བདེ་བ་ཆེན་པོ་ཞེས་བྱ་བའི་དོན་རྟོགས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡས། རང་བྱུང་གི་ཕུར་པའི་དོན་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། སེམས་ཅན་མ་རིག་པའི་དོན་དུ་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་རྡོ་རྗེ་བདེ་བའི་ཚིག་འདི་གསུངས་སོ། །ཨ་ཧོ་བདེ་བ་ཡེ་དག་པའི། །རང་བྱུང་ཕུར་པའི་ངེས་དོན་འདི། །ཐུན་མོང་མ་ཡིན་ཡེ་དག་པའི། །རྡོ་རྗེ་གཞོན་ནུ་བདག་ལ་གསལ། །དབྱིངས་དང་ཡེ་ཤེས་ཕུར་བུ་འདི། །གཉིས་སུ་མེད་པ་བདེ་བའི་ཕུར། །ཡེ་ནས་དག་པའི་ཀློང་དཀྱིལ་ན། །མ་འདྲེས་དག་ལ་སོ་སོར་གསལ། །ཞེས་གསུངས་སོ། །དེ་ནས་འཁོར་རྣམས་ཀྱིས་རང་བྱུང་གི་ཕུར་པ་བདེ་བ་ཆེན་པོའི་དོན་རབ་ཏུ་རྟོགས་ཏེ་རང་རང་གི་དོན་གོ་བ་ཆེན་པོ་རྙེད་པར་གྱུར་ཏོ། །དེ་ནས་སྲས་མཆོག་རྣམ་པ་ལྔས། རྟོགས་པའི་དོན་འདི་གསུངས་སོ། །ཨ་ཧོ་རང་བྱུང་ཕུར་པ་ཡེ་ཤེས་ལྔར། །གྲུབ་པའི་དོན་ཤེས་བྱང་སེམས་འདི། །ཡེ་ནས་ཡེ་ཤེས་ལྔར་གནས་ཕྱིར། །ཕུར་པ་ཐམས་ཅད་འདི་རུ་ངེས། །ཞེས་གསུངས་སོ། །དེ་ནས་ཧཱུཾ་ཀཱ་ར་ལ་སོགས་པ་ཡབ་ཡུམ་གྱིས་རྟོགས་པ་དོན་གོ་བ་འདི་གསུངས་སོ། །ཨ་ཧོ་གཉིས་མེད་ཕུར་པ་ཆེན་པོའི་དོན། །རོལ་པའི་སྟོབས་ཀློང་ཕྱོགས་བཅུར་ནི། །ཕུར་པ་ཐམས་ཅད་འདིར་འདུས་པས། །བྱང་ཆུབ་སེམས་ཀྱི་ཕུར་འདིར་ངེས། །ཞེས་གསུངས་སོ། །དེ་ནས་ཕག་མགོ་ཅན་ལ་སོགས་པའི་ཕྲ་མེན་མ་རྣམས་ཀྱིས་རྟོགས་དོན་འདི་གསུངས་སོ། །ཨ་ཧོ་ཕུར་པ་མ་འགགས་ཆེན་པོའི་དོན། །བྱང་ཆུབ་སེམས་ནི་ཉི་ཤུ་རུ། །མ་ལུས་འདུས་པ་ཆེན་པོའི་དོན། །བྱང་སེམས་ཕུར་པ་འདི་ངེས་སོ། །ཞེས་གསུངས་སོ། །དེ་ནས་ཀརྨ་ཧེ་རུ་ཀས། རང་གིས་རྟོགས་པའི་གོ་བ་འདི་གསུངས་སོ། །ཕུར་པ་དག་པ་ཆེན་པོ་རྣམས། །མ་ལུས་ཕྲིན་ལས་


DNG020_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པ་ཡིས། །བྱང་ཆུབ་སེམས་སུ་རབ་འདུས་པས། །རྡོ་རྗེ་ཕྲིན་ལས་འདི་ངེས་པའོ། །ཞེས་གསུངས་སོ། །དེ་ནས་འཁོར་དྲེགས་པ་ཅན་མང་པོས་རང་བྱུང་གི་དོན་ངེས་པར་རིག་ནས། གཞི་ཇི་བཞིན་པའི་ཕུར་བུ་ལ། བློ་ཇི་བཞིན་པའི་དོན་གཞག་ཐབས་ངེས་པར་རབ་ཏུ་ཤེས་པར་གྱུར་ཏོ། །དེ་ནས་ཡང་གཙོ་བོ་ཡབ་ཡུམ་ལ་སོགས་པ་རྣམས། གསང་བ་རྣམ་པར་རོལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་གྱུར་ཏེ་བདེ་བའི་རོལ་པ་མཛད་ནས། གཉིས་སུ་མེད་པའི་བྱང་ཆུབ་སེམས་བདེ་བ་ཆེན་པོའི་དགའ་བ་ཉམས་སུ་མྱོང་ནས། བུམ་པ་ཆུས་གང་བ་བཞིན་དུ་བྱང་ཆུབ་ཀྱི་སེམས་ཀྱིས་ནམ་མཁའ་ཐམས་ཅད་དཀར་ལྟེམ་གྱིས་གང་བར་གྱུར་ཏོ། །དེ་དག་སླར་རང་རང་གི་བདེ་བའི་གནས་སུ་ཐིམ་སྟེ། རང་རང་གི་བྱང་ཆུབ་སེམས་བདེ་བ་འདི་གསུངས་སོ། །ཨེ་མ་ཧོ་རང་བྱུང་བདེ་བ་ཆེན་པོའི་དོན། །ཕུར་པ་བྱང་སེམས་ཆེན་པོ་སྟེ། །སྣང་བ་མ་ལུས་ཐམས་ཅད་སེམས། །ཐམས་ཅད་དེ་ལས་མ་གཡོས་པས། །བྱང་ཆུབ་སེམས་ནི་ངེས་པར་འགྲུབ། །ཅེས་གསུངས་སོ། །རྡོ་རྗེ་ཕུར་པ་གསང་བའི་རྩ་བ་རྣལ་འབྱོར་ཆེན་པོ་ཡང་དག་པའི་རྒྱུད་ལས། གླེང་གཞི་དང་ཕུར་བུ་ངེས་པར་བཀོད་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་ཕྲིན་ལས་ཀྱི་བདག་པོ་ཀརྨ་ཧེ་རུ་ཀས། བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡ་ལ་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ། རང་བྱུང་ཕུར་བུའི་དོན་བསྟན་པ། །འདི་ནི་རབ་ཏུ་ངེས་པ་སྟེ། །འདི་ལ་ཐ་སྙད་ལས་བཏགས་པའི། །ཕུར་པ་ངེས་པ་དུ་རུ་བཤད། །ཅེས་གསོལ་པ་དང་། བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡས། ཕུར་པའི་རྣམ་གྲངས་རྣམ་པར་ངེས་པ་གསལ་བར་འབྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་སྐད་ཅེས་བཀའ་སྩལ་ཏོ། །ཨེ་མ་ཧོ། ཉོན་ཅིག་ཀརྨ་ཧེ་རུ་ཀ །རང་བྱུང་ཕུར་བུ་དོན་ངེས་པའི། །རྣམ་གྲངས་དབྱེ་བ་ངས་བཤད་དོ། །ཕུར་པ་རང་བྱུང་ངེས་པ་ལ། །དབྱེ་ན་རྣམ་པར་བཞི་ཡིན་ཏེ། །རང་རིག་ཡེ་ཤེས་ཕུར་པ་ཡིས། །ཡུལ་ཆོས་དབྱིངས་ལ་གདབ་པ་དང་། །ཐུགས་རྗེ་ཆེན་པོའི་ཕུར་པ་ཡིས། །ཁམས་གསུམ་སེམས་ཅན་གདབ་པ་དང་། །གསང་བ་བྱང་སེམས་ཕུར་པ་


DNG020_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས། །ཡུམ་གྱི་མཁའ་ལ་གདབ་པ་དང་། །མཚན་རྫོགས་རྫས་ཀྱི་ཕུར་པ་ཡིས། །ཉམས་པ་བདུན་ལ་གདབ་པའོ། །དེ་དག་རང་རང་གདབ་ཐབས་དང་། །སྐྱོན་ཡོན་ཐེབས་ཚད་ཤེས་པ་ན། །ཕུར་པ་ངེས་པར་འགྲོལ་བ་ཡིན། །ཡང་ན་གསུམ་དུ་ངེས་པ་ཡིན། །དབྱིངས་དང་ཡེ་ཤེས་བདེ་བའི་དོན། །གདལ་བ་ཆོས་ཉིད་ཕུར་པ་དང་། །ཁྱབ་པའི་ཡེ་ཤེས་ཕུར་པ་དང་། །གཉིས་མེད་བདེ་བ་ཆེན་པོའི་ཕུར། །དེ་ཡི་ངེས་དོན་རྟོགས་ཤེས་ན། །ཕུར་པའི་དོན་རྣམས་དེར་ངས་བཤད། །ཡང་ན་དོན་དམ་ཕུར་པ་དང་། །ཀུན་རྫོབ་ཕུར་པ་གཉིས་ཡིན་ཏེ། །དམིགས་མེད་ཡེ་ཤེས་དག་པ་དང་། །སྣང་བ་འཁྲུལ་པར་ངེས་པ་ཡི། །གཉིས་སུ་མེད་པར་ཀུན་འདུས་ཏེ། །ཤེས་རབ་གསུམ་ལྡན་མཁས་པས་དཔྱད། །དེ་ལ་སོགས་པའི་ཕུར་པ་ནི། །ཐ་སྙད་ཕྱིར་ན་ངེས་པ་ཡིན། །དོན་ལ་ཕུར་བུ་གང་ཡང་མེད། །ཕུར་པའི་ངོ་བོ་ངེས་ཚིག་དང་། །དབྱེ་བ་ལ་སོགས་མང་པོ་རྣམས། །ཀུན་ལ་རབ་ཏུ་ཤེས་པར་བྱ། །ཐམས་ཅད་མ་ལུས་ཕུར་པ་ཡིན། །ཡེ་ནས་གནས་པས་བཅོས་སུ་མེད། །རྟོག་པ་མེད་པས་བདེ་བ་ཡིན། །མཐུན་གཉིས་ཀུན་རྫོབ་མི་སྤང་ངོ་། །གཏན་ཚིགས་བསྒྲུབ་བྱ་ངེས་པར་བཤད། །དོན་ལས་སངས་རྒྱས་ཕུར་བུ་དང་། །སེམས་ཅན་ཕུར་བུ་གཉིས་མེད་དེ། །བཙལ་དུས་ཁྱབ་བྱ་ཁྱབ་བྱེད་ཀྱིས། །ཕུར་པ་ངེས་པར་རབ་ཏུ་བཙལ། །ཕུར་བུའི་ངེས་དོན་དག་པ་ཡང་། །ལྷངས་ཀྱིས་རྟོགས་ན་ཐེབས་པ་ཡིན། །གཉིས་སུ་མེད་ན་སྦྱོར་བ་ཡིན། །མཚན་མ་བྲལ་ན་བརྗོད་དུ་མེད། །ནམ་མཁའ་ཆོས་ཉིད་སེམས་ཉིད་ཕུར། །གཉིས་མེད་ཕུར་བུ་མྱ་ངན་འདས། །ཞེས་གསུངས་སོ། །རྡོ་རྗེ་ཕུར་བུ་རྩ་བའི་རྣལ་འབྱོར་ཆེན་པོ་ཡང་དག་པའི་རྒྱུད་ལས། གླེང་བསླང་བ་དང་ཕུར་པའི་རྣམ་གྲངས་རྣམ་པར་བཤད་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་ཀརྨ་ཧེ་རུ་ཀས། བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་བཅོམ་ལྡན་བཛྲ་ཀཱི་ལ་ཡ། །རྡོ་རྗེ་ཞེས་ནི་གང་ལ་བགྱི། །ཕུར་པ་ཞེས་ནི་གང་ལ་བགྱི། །དགོངས་པ་ཞེས་ནི་གང་ལ་བགྱི། །རྒྱུད་ཅེས་བྱ་བ་ཇི་ལྟ་བུ། །ཆེན་པོ་ཞེས་ནི་གང་ལ་བགྱི། །དེ་ལ་སོགས་


DNG020_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ངེས་པ་རྣམས། །གཙོ་བོས་བདག་ལ་བཤད་དུ་གསོལ། །ཞེས་གསོལ་པ་དང་། དེ་ནས་བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡས། ཐ་སྙད་ཐམས་ཅད་རྣམ་པར་ངེས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་སྐད་ཅེས་བཀའ་སྩལ་ཏོ། །ཨེ་མ་ཧོ། ཉོན་ཅིག་ཀརྨ་ཧེ་རུ་ཀ །ཐུགས་རྗེ་ཆེན་པོ་ལྡན་པ་ཡིས། །ཁྱོད་ཀྱིས་འདོད་པ་ངས་སྐོང་ངོ་། །རྡོ་རྗེ་གཉིས་སུ་མེད་པ་སྟེ། །མི་འགྱུར་ཆོས་ཀྱི་སྐུ་རུ་བཤད། །ཕུར་པ་ཡེ་ཤེས་གཉིས་མེད་དོན། །དབྱིངས་དང་ཡེ་ཤེས་འདྲེལ་བར་བཤད། །གསང་བ་རྣམ་པ་གསུམ་ཡིན་ཏེ། །ཕྱི་ནང་གསང་བས་གསང་བ་སྟེ། །རྒྱ་རུ་འདེབས་པ་ངས་བཤད་དོ། །དགོངས་པ་སངས་རྒྱས་དགོངས་པ་སྟེ། །དབྱིངས་ལས་གང་འདོད་སྐོང་བར་བྱེད། །རྣལ་འབྱོར་མ་བཅོས་བློ་ལའོ། །རྒྱུད་ནི་ཐམས་ཅད་འདྲེལ་བས་ཏེ། །དོན་དམ་ཀུན་རྫོབ་ཕུར་བུར་འདྲེལ། །ཆེན་པོ་གཞན་ལས་ཁྱད་པར་འཕགས། །བལྟ་བ་སྤྱོད་པ་ཕྲིན་ལས་དང་། །དམ་ཚིག་ཡེ་ཤེས་ལ་སོགས་འཕགས། །བཅོམ་པ་གཟུང་འཛིན་གཉིས་བཅོམ་སྟེ། །ལྡན་པ་དབྱིངས་དང་ཡེ་ཤེས་ལྡན། །རྡོ་རྗེ་གང་ཡང་གཉིས་མེད་དེ། །ངེས་པའི་ཕུར་པ་ཀུན་རྟོགས་རྒྱའོ། །ཞེས་གསུངས་སོ། །རྡོ་རྗེ་ཕུར་པ་གསང་བའི་རྩ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ལས། ངེས་ཚིག་བཤད་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་འཇིག་རྟེན་པའི་དྲེགས་པ་ཆེན་པོ་རྟོགས་པ་རང་རྒྱུད་པ། བདེན་པའི་དོན་མ་མཐོང་བ། དུག་ལྔ་རང་གར་སྤྱད་པའི་ཉེས་པ་ཡིས། ལུས་ཤིན་ཏུ་འཇིགས་པ་རྒྱུ་དང་རྐྱེན་གྱིས་གོལ་བའི་རཱུ་ཏྲ་ཆེན་པོ་དེས། འདོད་ཁམས་ཀྱི་ལྷ་མན་ཆད་དབང་དུ་བསྡུས་ནས་ལམ་ལོག་པ་ལ་འགོད་ཅིང་སྲོག་གཅོད་པར་བྱེད་དོ། །དེའི་འཁོར་དུག་ལྔ་ལས་གྲུབ་པའི་ལྷ་ཆེན་པོ་ལྔ་དང་། མི་དགེ་བ་བཅུ་ལས་གྲུབ་པའི་ཕྱོགས་སྐྱོང་བཅུ་དང་། དམ་སྲི་དམར་པོ་ཞེས་བྱ་བ་དང་། གཞན་ཡང་དྲེགས་པ་ཅན་ཕྲ་མེན་གྱི་གཟུགས་འཛིན་པ་མང་པོས། སེམས་ཅན་མང་པོའི་སྲོག་གཅོད་ཅིང་ལོག་པའི་དོན་ལ་བཀོད་ཅིང་། རང་རང་གི་གནས་སུ་དུར་ཁྲོད་ལྟ་བུ་དུག་ལྔའི་རྟེན་ཅན་གནས་སོ། །


DNG020_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཀརྨ་ཧེ་རུ་ཀས། དེ་ལྟ་བུའི་དོན་ལོག་པ་མཐོང་ནས། བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡ། འཇིག་རྟེན་ལོག་པའི་སེམས་ཅན་འདི། །རྒྱུ་དང་རྐྱེན་ལས་རང་གར་འཁྲུལ། །དུག་ལྔ་རྟོག་པའི་ལས་བྱས་པས། །རྒྱུ་མཐུན་འབྲས་བུ་འཇིགས་པའི་གཟུགས། །ཤིན་ཏུ་ཁྲོ་གཏུམ་གདུག་པ་ཡིས། །འདོད་པའི་ཁམས་སོགས་དབང་བསྡུས་ནས། །སྲོག་གཅོད་ལོག་པ་ལ་སྡུད་པ། །མ་བཏུལ་ཉེས་པ་གཉིས་སུ་འགྱུར། །བཏུལ་ན་ཡོན་ཏན་མང་པོ་སྟེ། །དེ་བཞིན་གཤེགས་པ་མང་པོ་ཀུན། །ཡེ་ཤེས་འཁོར་ལོ་སྤྱན་དྲངས་ལ། །གདུག་པ་ཁྲོ་གཏུམ་གདུལ་བར་བྱ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡས། དྲེགས་པ་ཡེ་ཤེས་ཆེན་པོས་འདུལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཉོན་ཅིག་ཀརྨ་ཧེ་རུ་ཀ །བདག་རྟོག་ཞེ་སྡང་ལས་འཁྲུལ་པ། །ཤིན་ཏུ་འཇིགས་པའི་རཱུ་ཏྲ་འདིས། །སྔོན་ཡང་བསྐལ་པ་རེ་རེ་ལ། །བར་ཆོད་སྲིན་པོར་གྱུར་པ་སྟེ། །འདི་མ་བཏུལ་ན་སེམས་ཅན་དག །ཐམས་ཅད་མ་ལུས་དམྱལ་བར་འགྲོ། །སངས་རྒྱས་ཀུན་གྱི་དཔུང་བཟློག་ལ། །ཤེས་རབ་ཐབས་སྦྱོར་ཆེན་པོ་ཡིས། །དེ་བཞིན་གཤེགས་པ་ཁྲོ་བོ་བྱའོ། །ངང་ཉིད་པ་ཡི་ཆོས་དབྱིངས་ལས། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །འགྱུར་མེད་ཡེ་ཤེས་དག་པ་སྟེ། །ཡེ་ཤེས་ཁྲོ་བོ་གཤེགས་གསོལ་ནས། །འཁོར་བས་སྐུ་དབྱིག་རབ་བསྐྱེད་བྱ། །སྲིད་པ་རྡོ་རྗེ་རབ་བསྒྲུབ་སྟེ། །སྲིད་པ་རྡོ་རྗེ་ཕུར་པའི་ལྷ། །ཡེ་ཤེས་ཁྲོ་བོ་སྒྲུབ་པར་བྱེད། །འབར་བའི་ཁྲོ་བོ་མི་བཟད་པས། །རྟགས་དང་མཚན་མ་རབ་ཏུ་བསྟན། །ཁོ་ལ་ཕུར་པའི་དངོས་གྲུབ་སྦྱིན། །ཞེས་གསུངས་ཏེ། ཞི་བའི་བདེན་པས་ཡང་ནས་ཡང་དུ་བཏུལ་བས་མ་ཐུལ་ཏེ། ཁྲོ་བོས་འདུལ་བར་དགོངས་ནས། བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡས། ནམ་མཁའ་གང་བའི་དེ་བཞིན་གཤེགས་པ་ཐམས་ཅད་རིགས་ལྔར་བསྡུས་ཏེ། བདག་གི་ལྷ་དང་གཉིས་སུ་མེད་པར་སྦྱོར་བར་མཛད་དེ། སྐུ་འཇིགས་པའི་ཁྲོ་བོ་


DNG020_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

མང་པོ་བྱུང་ནས། ཁྲོ་བོ་འཇིགས་པའི་གླིང་ཁམས་སུ་བྱོན་ནས། ཡུམ་ལ་རོལ་པར་མཛད་དོ། །འདོད་པའི་ཉེས་པ་མང་པོ་ཡང་གསོལ་ནས་བཞུགས་པ་ལས། རུ་དྲ་ལོག་ནས་རང་རང་གི་གནས་ཁང་དུ་ཕྱིན་པ་དང་། རང་ལས་ལྷག་པའི་ཁྲོ་བོ་སྔར་མ་མཐོང་བ་འདུག་པར་མཐོང་ནས། ཤིན་ཏུ་དངངས་ཏེ་ང་རྒྱལ་སྐྱེས་སོ། །དེ་ནས་བཛྲ་ཀཱི་ལ་ཡས་ཤིན་ཏུ་ཡང་འཇིགས་པའི་སྦྱོར་བ་མཛད་དེ་གསུངས་པ། དམ་ཚིག་ཆེན་པོའི་དུས་ལ་བབ། །སྤྲུལ་པ་ཆེན་པོའི་དུས་ལ་བབ། །ཕྱག་བརྙན་ཆེན་པོའི་དུས་ལ་བབ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི། །དུས་གསུམ་རྒྱལ་བའི་སྐུར་སྤྲུལ་པ། །རིག་འཛིན་ངེས་པ་མང་པོ་ལ། །དངོས་གྲུབ་འཕྲོག་པར་བྱེད་པ་ཡི། །རཱུ་ཏྲ་རྟག་པའི་རྒྱལ་པོ་འདི། །ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས། །ཡུད་ཙམ་གྱིས་ནི་རབ་ཕོབ་ལ། །སྡུག་བསྔལ་ཉམས་སུ་མྱོང་བར་གྱིས། །ཞེས་གསུངས་ནས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བཾ་ཧཱུཾ་རཱུ་ཏྲ་མཱ་ར་ཡ་ཕཊ། ཅེས་གསུངས་པས། ཁོ་ཡང་ཀཱི་ལ་ཡའི་སྦྱོར་བས་དཔའ་བོ་འདྲ་བའི་གཟུགས་འཇིགས་པར་སྤྲུལ་ཏོ། །དེ་ནས་ཉིད་ཀྱིས་བཛྲ་ཀཱི་ལ་ཡ་ཧེ་རུ་ཀ་མ་ཧཱ་བཛྲ་ཞེས་གསུངས་པས། དབུ་དགུ་ཕྱག་བཅོ་བརྒྱད་པར་སྤྲུལ་ཏེ། དེས་ཕྱག་མཚན་ཡང་ཕྲོགས་ཏེ། འདི་སྐད་ཅེས་གསུངས་སོ། །དངོས་གྲུབ་བར་གཅོད་རཱུ་ཏྲ་འདིས། །གདུག་ཅིང་སྡང་སེམས་ལྡན་པས་ན། །ཟུང་ཞིག་ཆིངས་ཤིག་རྣམ་པར་ཆིངས། །གཏོགས་ཤིག་གྲོགས་དང་ཕྲལ་བར་གྱིས། །རེངས་པར་ཁུག་ལ་སྨྲར་ཆུག་ཅིག །ཕོབ་ཅིག་རྣམ་པར་གཟིར་བར་གྱིས། །ལུས་ངག་རྡུལ་དུ་བརླག་པར་བྱའོ། །དཔའ་བོ་རྡོ་རྗེའི་ཞལ་དུ་རྔུབས། །ཞེས་གསུངས་ཏེ། སྔགས་དྲུག་རིམ་པས་གསུངས་ཏེ། ཐ་མས་ཞལ་དུ་རྔུབས་སོ། །རྔུབས་པས་ཁོ་བདེ་བའི་རྒྱུ་རྐྱེན་གྱིས་བདེ་བ་ཉམས་སུ་མྱོང་བ་ལ། སྣམ་ནས་བཏོན་པས་གསོལ་པ། དཔའ་བོ་ཐུགས་རྗེ་ངེས་པར་ཆུང་། །བདག་ཉིད་བདེ་ལྡན་ལས་ལས་ཟློག །དེ་རིང་ཕན་ཆད་འབངས་སུ་མཆི། །ཁྱོད་ཀྱི་ཐབས་ཀྱི་སྤྱོད་པ་ཡིས། །སངས་རྒྱས་ཕྲིན་ལས་རྫོགས་པར་མཛད། །ཚད་མེད་བཞི་ཡི་གང་རིགས་པར། །བདག་ལ་དབང་དང་བྱིན་


DNG020_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

རླབས་སྩོལ། །ལུས་པོ་སྒྲིབ་སྦྱངས་གདན་དུ་དབུལ། །ཞེས་གསོལ་པས། བཛྲ་ཀཱི་ལ་ཡས། དམ་ཚིག་ཆེན་པོའི་ཕྱག་རྒྱ་བསྟན་ཏེ་ས་མ་ཡ་ཧཱུཾ་ཞེས་གསུངས་ཏེ་བཀའ་སྩལ་པ། ང་ཡི་དབང་དུ་གྱུར་ནས་ནི། །བསྒོ་བའི་བཀའ་རྣམས་ཉན་པར་གྱིས། །སྙིང་རྗེས་ཁྱོད་བསྒྲལ་དམ་ཚིག་ནི། །གསད་གནན་བྱ་བ་མ་ཡིན་ཏེ། །ཕུང་པོ་རྡོ་རྗེར་གཏམས་བྱས་ལ། །ང་ཡི་རྣམ་ཤེས་རྡོ་རྗེར་བསྐྱོད། །ཅེས་གསུངས་ནས། གཟུགས་ཀྱི་ཕུང་པོ་གདན་དུ་བྱས། ཕུང་པོ་ལྔ་ལྷར་བསྐྱེད། རྣམ་པར་ཤེས་པ་མྱ་ངན་ལས་འདས་པར་མཛད་དོ། །དེ་བཞིན་དུ་ཡུམ་གྱིས་ཁོའི་ཆུང་མ་བཏུལ་ལོ། །ཁོའི་འཁོར་ལྷ་ཆེན་པོ་ལྔ། སྲས་མཆོག་ལྔས་འདུལ་བ་ནི། གདུག་ཅིང་སྡང་སེམས་ལྡན་པ་ཡི། །ལྷ་ཆེན་ཉི་ཟླ་ལ་སོགས་པ། །མཐུ་དང་རྫུ་འཕྲུལ་མེད་པར་བྱོས། །ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ངེད་ཀྱི་བཀའ་ལས་འདའ་མ་བྱེད། །ཅེས་གསུངས་ནས། རང་རང་གི་སྔགས་ཀྱིས་ཕྱོགས་སྐྱོང་བཅུ་བཏུལ་ལོ། །དེ་ནས་ཀརྨ་ཀཱི་ལ་ཡས། དམ་སྲི་དམར་པོ་ཆོས་ལ་སྐུར་པ་འདེབས་པའི་ངག་འཁྱལ་པར་སྨྲ་བར་བྱེད་པ་ལ་གསུངས་པ་ནི། རྡོ་རྗེ་གསང་བའི་བཀའ་ལས་ནི། །སྡིག་ཅན་གང་ཞིག་འདའ་བྱེད་པ། །ཁྲོ་བོ་ཆེན་པོ་ང་ཡིས་ནི། །ཀླད་པ་ཚལ་པ་བརྒྱ་རུ་འགས། །ཞེས་གསུངས་ནས། ཁྲོ་བོ་སྟོབས་ཆེན་གྱི་སྔགས་འདིས་བསྒྲལ་ནས། ལུས་པོ་གཞལ་ཡས་ཁང་གི་རྐྱེན་བྱས་ནས་སེམས་བདེ་བ་ལ་བཀོད་དོ། །དེ་ནས་ཕྲ་མེན་མ་རྣམས་ཀྱིས་རཱུ་ཏྲའི་འཁོར་འདུལ་བར་གསུངས་པ་ནི། གདུག་ཅིང་སྡང་སེམས་བྱེད་པའི་འཁོར། །བཀའ་ལས་འདའ་བའི་ལོག་འདྲེན་འདི། །རྡོ་རྗེ་མེ་དབལ་སྙིང་བསྲེགས་ནས། །ལུས་ངག་རྡུལ་ཕྲན་བཞིན་དུ་བརླག །ཅེས་གསུངས་ནས། རང་རང་གི་སྔགས་ཀྱིས་མང་པོ་བཏུལ་ལོ། །དེ་དག་ཀུན་བསྒྲལ་ནས། བྱང་ཆུབ་སེམས་སངས་རྒྱས་སུ་ལུང་བསྟན་ནོ། །དེ་དག་གི་ལུས་གདན་དུ་བྱས་ཏེ། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་རྣམ་པར་འཕྲུལ་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཆེད་དུ་བརྗོད་པ་འདི་གསུངས་སོ། །ཨེ་མ་ཧོ། སངས་རྒྱས་ཐམས་ཅད་བདག་


DNG020_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འཁྲུངས། །དེ་ནི་རྨོངས་དང་སྡང་ལས་འཁྲུངས། །ང་རྒྱལ་ཕྲག་དོག་བདག་ལས་འཁྲུངས། །གཉིས་མེད་རྟོགས་པས་རབ་ཤེས་ན། །འདི་ནི་ཆོས་ཉིད་བདེན་པར་གསུངས། །གསང་སྔགས་བྱིན་རླབས་སངས་རྒྱས་མཐུ། །འདི་དག་བསྒྲལ་བའི་དུས་ཡིན་ཏེ། །དེ་དག་བསྒྲལ་ནས་སངས་རྒྱས་འགྲུབ། །འདི་དག་རྒྱལ་བྱེད་དཔའ་བོ་སྟེ། །ལྷག་མས་རོ་ལ་གསོད་པ་ཡིན། །ཉམས་པའི་ནང་ནས་ཉམས་པའི་མཆོག །འདིས་ནི་ཉམས་པ་བརྒྱད་ཡིན་ཏེ། །གཅིག་ནི་ཅིར་ཤེས་ཉམས་པ་བདུན། །ཡིན་པར་ངས་གསུངས་ངེས་པ་ཡིན། །འདི་ཡང་རྣམ་པར་འཕྲུལ་པ་སྟེ། །རྗེས་འཇུག་རྣམས་ཀྱིས་དེ་བཞིན་དུ། །ཉམས་སུ་བླངས་ན་སངས་རྒྱས་འགྲུབ། །ཅེས་གསུངས་སོ། །རྡོ་རྗེ་ཕུར་པ་གསང་བའི་རྩ་བ་རྣལ་འབྱོར་ཆེན་པོ་ཡང་དག་པའི་རྒྱུད་ལས། དྲེགས་པ་བཏུལ་བའི་ལེའུ་སྟེ་བཞི་པའོ།། །།དེ་ནས་འཇིག་རྟེན་གྱི་ཁམས་འདི་ན། དྲེགས་པ་ཅན་གནས་པ་ནི། འདི་ལྟ་སྟེ། བདུད་ནག་པོ་ཡབ་ཡུམ་རོལ་པའི་སྲས། ལྷ་མོ་ནག་མོ་རེ་ཝ་ཏི་མཆེད་བཞི་དང་། དེའི་མིང་པོ་མ་ཧཱ་ཀཱ་ལ་སྟེ། དེ་དག་རི་རབ་ཀྱི་བྱང་ཤར་ན། མཚོ་མུ་ལེ་དིང་གི་ནང་ན། ལྕགས་མཁར་ནག་པོའི་ནང་དུ་དུག་ལྔའི་རྟེན་ཅན་ཤིན་ཏུ་དྲེགས་པར་གནས་སོ། །གནོད་སྦྱིན་ཟངས་ཏོག་གི་རྒྱལ་པོ་ཡབ་ཡུམ་རོལ་པའི་སྲས། བསེ་མོ་བཞི་དང་མིང་པོ་བསེའི་སྐྱེས་བུ་གདུག་པ་ཅན་བཞི་ནི། རི་རབ་ཀྱི་ལྷོ་ནུབ་མཚམས་ན། བསེ་མཚོ་མེར་བའི་དབུས་ན་བསེ་མཁར་སྨུག་པོ་དུག་ལྔའི་རྟེན་ཅན་ན་ཡོད་དོ། །སྲིད་པ་ཕྱ་ཧེ་ལེ་ཡབ་ཡུམ་བཤོས་པའི་སྲས། ཤོ་ན་མུ་ཁ་མཆེད་བཞི་དང་། མིང་པོ་ཤེལ་གིང་དཀར་པོ་སྟེ། རི་རབ་སྟེང་ན་དུག་མཚོ་མེར་བ་དང་། དུང་མཁར་དཀར་པོའི་ནང་ན་དུག་ལྔའི་རྟེན་ཅན་ཡོད་པ་དེ་ནི། དྲེགས་པ་ཅན་ཡང་དག་པར་གནས་སོ། །གཞན་ཡང་འཇིག་རྟེན་གྱི་མ་བདུན་དང་སྲིང་མོ་བཞི་དང་། དྲེགས་པ་ཅན་ཆེན་པོ་དྲུག་དང་། འཇིག་རྟེན་པ་མང་པོ་གཞན་གྱི་སྲོག་འཕྲོག་ཅིང་། དྲེགས་པའི་དོན་དང་ལྡན་པར་གནས་སོ། །དེ་ནས་ཀརྨ་ཧེ་རུ་ཀས་དོན་


DNG020_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟ་བུ་གཟིགས་ནས། བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་བཛྲ་ཀཱི་ལ་ཡ། །དཔའ་བོ་ཆེན་པོ་ཐུགས་རྗེ་ཅན། །འཇིག་རྟེན་དྲེགས་པ་ཆེན་པོ་རྣམས། །རང་རང་ཆེས་ཆེར་གྱུར་དྲགས་པས། །སེམས་ཅན་མ་ལུས་སྲོག་གཅོད་ཅིང་། །དུག་ལྔས་བརྒྱལ་ནས་གནས་པ་འདི། །ཐུགས་རྗེས་རབ་བཏུལ་ལས་བྱེད་ཆུག །འདི་རྣམས་སངས་རྒྱས་བསྟན་པ་བསྲུང་། །དམ་ཅན་རྣམ་གསུམ་ངེས་པ་ནི། །བྱས་ལ་ཡེ་ཤེས་བདེ་ལ་བཀོད། །ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དམ་ཅན་གནང་ལ་རབ་ཏུ་འབེབས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་སྐད་ཅེས་གསུངས་སོ། །ཉོན་ཅིག་ཀརྨ་ཧེ་རུ་ཀ །དྲེགས་པ་ཚོ་གསུམ་མིང་སྲིང་འདི། །བར་དུ་ཐུགས་རྗེས་འདུལ་བར་བྱ། །མ་བཏུལ་དྲེགས་པ་དམྱལ་བར་འགྲོ། །བཏུལ་ལ་སངས་རྒྱས་བསྟན་པ་ནི། །རབ་ཏུ་བསྲུང་བའི་ལས་བྱེད་གཞུག །ཅེས་གསུངས་ཏེ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། བི་ཤྭ་ཀྲོ་དྷ་བྷ་ཏ་མ་མ་སརྦ་བིགྷྣཱཾ་བཾ་ཧཱུཾ་ཕཊ། ཅེས་པ་དང་ཉིད་ཀྱི་ཐུགས་ཀ་ནས་སྲས་མཆོག་ཞལ་གཅིག་ཕྱག་གཉིས་པ། ཕྱག་ན་མཚོན་ཆ་སྣ་ཚོགས་ཐོགས་པ་མང་པོ་ཐོན་ཏེ།དེས་དྲེགས་པ་ཅན་མང་པོ་རང་དབང་མེད་པར་བཀུག་སྟེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འོང་བ་དང་། བཅོམ་ལྡན་འདས་ཀྱིས་བཛྲ་ཨཱ་ཀཪྵ་ཡ་ནན། ཞེས་གསུངས་པས་ཐམས་ཅད་ཞབས་འོག་ཏུ་བཅུག་ནས། སརྦ་བིགྷྣཱཾ་མ་མ་ཧཱུཾ། ཞེས་གཟིར་བས། ཤིན་ཏུ་ཉམ་ཐག་པའི་སྒྲ་ཕྱུང་སྟེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ་དཔའ་བོ་ཐུགས་རྗེ་ཅན། །ཐུགས་རྗེ་ཆུང་བས་བདག་ཅག་གཟིར། །རང་རང་ཟས་སྐལ་སྲོག་གཅོད་ལགས། །དེ་རིང་ཕན་ཆད་ཁྱེད་ཉིད་ཀྱི། །འབངས་མཆི་བདག་ཅག་རྣམས་ལ་ནི། །དཔའ་བོས་འབངས་རྣམས་ཡང་དག་རྩོལ། །ཁོ་བོ་ཅག་ལ་འཚལ་སྐལ་གསོལ། །ཁྱོད་ཀྱི་དགོས་འདོད་བདག་ཅག་གིས། །རབ་ཏུ་ཡང་དག་བསྐང་བར་བྱ། །ཞེས་ཞུས་པས། དཔའ་བོས་དམ་ཚིག་གི་ཕྱག་རྒྱ་དང་། ཟིལ་གྱིས་གནོན་པའི་ཕྱག་རྒྱ་བསྟན། བདུད་རྩི་


DNG020_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

ལྕེ་ལ་བྱིན། རྡོ་རྗེ་ཕུར་བུ་ལག་ཏུ་གཏད། མིང་སོ་སོར་བཏགས་ཏེ་གསང་བའི་དབང་བསྐུར། ངན་སོང་གི་ཆོས་མང་པོ་ལས་བཟློག་པའི་དོན་བསྟན་ཆོས་ཉིད་ཡང་དག་པའི་ཡེ་ཤེས་ཀྱང་བསྟན་ཏེ། དེ་རྣམས་ཀྱིས་རིག་པའི་མེ་ཏོག་ཏུ་སྲོག་སྙིང་འབུལ་བ་ནི་འདི་ལྟ་སྟེ། ནག་མོས་ཕུལ་བ། མ་ཐ་མ་ཐ་བཛྲ་ཏྲག་རཀྵ་མ་ཏི་ཧེ་དུན་བྷྱོ། མ་ཧཱ་ཡཀྵ་ཏཱིཀྵྞ་ནག་མོ་ཧེ་དུན་བྷྱོ། ཞེས་པ་དང་། གཞན་ཡང་རང་རང་གི་སྔགས་མང་པོ་ཕུལ་ལོ། །བསེ་མོས་ཕུལ་བ། ཀ་ཏང་ཀ་ཡེ་ཛ་ཡེ་བི་ཛ་ཡེ་ཨ་ཛི་ཏེ། ཨ་པ་ར་ཛི་ཏ་སུ་ཁཱི་བྷ་ར་བྷ་ཡ་ཙིཏྟ་ཡོ་གཱི་ཤྭ་རཱི་ཡ་མ་ཙིཏྟ་ཧཱུཾ་ཕཊ། ཅེས་གཞན་ཡང་མང་པོས་ཕུལ་ལོ། །ཤྭ་ན་མས་ཕུལ་བ། ཛྭ་ལ་ཛྭ་ལ་བཛྲ་མ་མ་མུག་ཏ་ལ་ཡེ་ཛཱ་ཡ་དུ་བྷིནྡྷེ་ཤྭ་རི་ལ་ཕུ་ཙི་ཧཱུཾ་བྷྱོ་ཧཱུཾ་བྷྱོ། ཞེས་པ་དང་།གཞན་ཡང་མང་པོས་ཕུལ་ལོ། །མགོན་པོས་ཕུལ་བ། ཀཱ་ལ་མ་ཏཾ། མ་ཧཱ་ཀཱ་ལ་ར་ཏི་ཡེ་ཀཱ་ལ་རཱུ་པ་ཧཱུཾ་ཕཊ། ཅེས་ཕུལ་ཏེ། གཞན་ཡང་མང་པོས་ཕུལ་ལོ། །བསེའི་སྐྱེས་བུས་ཕུལ་བ། མཱ་ར་སེ་ནི་ར་ཤ་ནི་ད་ཤ་བྷི་ཀུན་ལེན་ཕུལ་ན་ཧཱུཾ་ཕཊ།ཅེས་པ་དང་གཞན་ཡང་མང་པོས་ཕུལ་ལོ། །རྒྱལ་པོས་ཕུལ་བ། ཀཱ་ར་མ་ཀཱ་ར་ཡ། ཏྲི་ཙ་བ་ལ་ཏྲི་ལ་ཐུན། ཞེས་པ་དང་། གཞན་ཡང་མང་པོས་ཕུལ་ལོ། །མ་བདུན་སྲིང་བཞིས་ཕུལ་བ། ཧཱུཾ་མ་མ་བ་ཤཾ་ཀུ་རུ་མ་ཏང་ཀ་ར་ཨི་ནན། །ཞེས་ཕུལ་ལོ། །གཞན་ཡང་འཇིགས་བྱེད་དྲུག་ལ་སོགས་པ་མང་པོས་ཕུལ་བ། དྷ་ཏི་མ་མ་ཤཱི་གྷྲཾ་ཀརྨ་ཀཱ་རཱ་ཡ། པྲ་མརྡ་ནི་ཧཱུཾ་ཕཊ། ཅེས་གཞན་ཡང་མང་པོས་ཕུལ་ལོ། །ཐམས་ཅད་མགྲིན་གཅིག་ཏུ་གསོལ་པ། བཅོམ་ལྡན་འཕགས་པ་ཆེན་པོ་ཡིས། །བདག་ཅག་རྣམས་ཀྱིས་སྲོག་དོན་འདི། །དཔའ་བོས་ཡང་དག་བཞེས་སུ་གསོལ། །སངས་རྒྱས་བསྟན་པ་བསྲུང་བར་བགྱི། །བདག་ཅག་དེ་ལྟར་མ་བགྱིས་ན། །རྡོ་རྗེ་ཡཀྴའི་ཆད་པ་ཡིས། །ཀླད་པ་ཚལ་པ་བརྒྱ་རུ་ཁོས། །མགོ་བོ་ལུས་པོ་རུལ་མྱགས་ཤོག །བཀའ་ལས་འདས་ན་རྡོ་རྗེ་དམྱལ་བར་ལྟུང་། །ཞེས་པ་དང་། བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡས་བཀའ་སྩལ་པ། བྲན་དང་ཕོ་ཉ་བཀའ་ཉན་ཚོགས། །ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །


DNG020_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

ང་ཡི་སྤྱན་སྔར་ཁས་བླངས་ཤིང་། །ཕྱི་རབས་རྣལ་འབྱོར་ཕྲིན་ལས་ཀྱིས། །བསྟན་པར་དགྲ་འདྲེ་བྱུང་བའི་ཚེ། །ཤྭ་ན་མུ་ཁའི་དུས་ལ་བབ། །བདག་ཉིད་ཆེན་མོའི་དུས་ལ་བབ། །ས་བདག་ཆེན་མོའི་དུས་ལ་བབ། །དྲེགས་པ་མང་པོའི་དུས་ལ་བབ། །ཁྱེད་ཀྱི་མཐུ་རྩལ་རབ་ཏུ་ཕྱུང་། །སངས་རྒྱས་བསྟན་པ་བཤིག་པ་དང་། །དཀོན་མཆོག་སྐུ་དགྲ་དབེན་ཚང་འཇོམས། །ཆོས་ཁྲིམས་འདྲལ་དང་སློབ་དཔོན་དགྲ། །རྣལ་འབྱོར་འཇོམས་པ་ལ་སོགས་པ། །གསད་དང་དབབ་དང་ནད་ངན་གྱིས། །ཅི་ནས་བརླག་པར་ཁྱོད་ཀྱིས་གྱིས། །དེ་ལ་ང་ཡིས་དབང་བསྐུར་རོ། །གར་དགར་བསད་པར་བྱས་གྱུར་ན། །དམ་ཚིག་ཉམས་ཏེ་དམྱལ་བར་འགྲོ། །རྡོ་རྗེ་ཡཀྴ་གནོད་སྦྱིན་གྱིས། །ཁྱེད་ཀྱི་སྙིང་ཁྲག་ཞོ་བཞིན་འཐུང་། །བསད་ནས་དམྱལ་བའི་གནས་སུ་ཁྲིད། །ཆོས་ཀྱི་རྒྱལ་པོས་བཙོ་སྲེག་བྱེད། །ང་ནི་ཁྲག་འཐུང་ཧེ་རུ་ཀ །ཁྱོད་ཀྱི་སྙིང་ཁྲག་ང་ལ་ཡོད། །རྡོ་རྗེ་གསང་བའི་བཀའ་ལས་ནི། །ཁྱོད་ཀྱིས་འདས་པར་གྱུར་ན་ནི། །ཁྲོ་བོ་སྟོབས་ཆེན་ཧེ་རུ་ཀས། །མགོ་བོ་རྡོ་རྗེས་ཚལ་པར་འགས། །དེ་བས་བཀའ་ལས་མ་འདའ་ཞིག །ཁྱེད་ལ་རང་རང་དམ་རྫས་དང་། །ཟས་སྐལ་ང་ཡིས་ལེགས་པར་བྱིན། །ཞེས་གསུངས་ཏེ། ས་མ་ཡ་ཨི་དན་ཏི་ན་ར་ཀན། ཞེས་གསུངས་པས། ཐམས་ཅད་དམ་ཚིག་ཆོས་ཤེས་ནས། ཡེ་ཤེས་ཀྱི་ལྷ་ཉིད་དང་མཉམ་པར་གྱུར་ཏོ། །རྡོ་རྗེ་ཕུར་པ་གསང་བའི་རྩ་བ་རྣལ་འབྱོར་ཆེན་པོ་ཡང་དག་པའི་རྒྱུད་ལས། དམ་ཅན་དྲེགས་པ་ཅན་རྣམས་བཏུལ་ནས་དམ་ལ་བཏགས་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཀརྨ་ཧེ་རུ་ཀས། བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡ། ཨེ་མ་ཧོ་ངོ་མཚར་ཐུགས་རྗེ་ཅན། །དྲེགས་པ་ཆེན་པོ་སྒྲོལ་ལ་མཁས། །ཕུར་པ་བལྟ་བའི་དངོས་པོ་དང་། །ངེས་པའི་ལུང་རྣམས་བཤད་དུ་གསོལ། །ཞེས་གསོལ་པ་དང་། བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡ་དོན་རྣམ་པར་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་སྐད་ཅེས་བཀའ་སྩལ་


DNG020_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

ཏོ། །ཉོན་ཅིག་ཀརྨ་ཧེ་རུ་ཀ །འདོད་པའི་དོན་རྣམས་རབ་ཏུ་བཤད། །ཕུར་པ་ཡེ་ནས་དོན་ཆེན་ནི། །གསང་བ་ལས་ཀྱང་གསང་བ་སྟེ། །རང་བྱུང་ཕུར་པའི་དོན་དེ་ཉིད། །དབྱིངས་ཀྱི་ཕུར་པ་ཡེ་གནས་པ། །སངས་རྒྱས་ཀྱིས་ཀྱང་བརྗོད་དུ་མེད། །དེ་ལས་ཡེ་ཤེས་མ་འགགས་པ། །ཐམས་ཅད་རབ་ཏུ་ངེས་པར་བཤད། །དེ་ཉིད་དབྱེར་མེད་ཕུར་བུ་སྟེ། །བདེ་བ་ཆེན་པོའི་ཕུར་པ་ཡིན། །བལྟ་རུ་མེད་པའི་ཕུར་པ་ཡིན། །ང་ཡི་ཐུགས་སུ་གནས་པ་ནི། །ཡེ་ཤེས་རྩེ་མོ་མཆོག་ཉིད་དེ། །ཧཱུཾ་དུས་གསུམ་ལས་ནི་འདས་པའི་ཕྱིར། །རྩེ་མོ་མེད་པའི་ལས་སུ་བསྟན། །རྣམ་པར་ཤེས་པ་ཡེ་ཤེས་མཆོག །སྲོག་དང་ཐུགས་ཀྱི་བྱིན་རླབས་ལས། །བྱང་ཆུབ་སེམས་ཀྱི་ཕུར་པ་ཡིས། །མ་བཏབ་བཞིན་དུ་ལྷུན་གྱིས་གྲུབ། །མཉམ་པའི་རྒྱལ་པོས་ཐམས་ཅད་སྒྲོལ། །སངས་རྒྱས་སེམས་ཅན་མེད་པར་ངེས། །ཐམས་ཅད་མཉམ་པའི་ཕུར་པ་ཡིན། །གཉིས་འཛིན་མེད་པའི་ཕུར་པ་ཡིས། །གཟུང་འཛིན་རྣམ་རྟོག་གཉིས་ལ་གདབ། །ཤེས་པའི་གཉིས་འཛིན་རྣམ་པར་སྒྲོལ། །དེ་ནི་གཟུགས་དང་བྱིན་རླབས་དང་། །བཟླས་བརྗོད་དང་ནི་ཕྲིན་ལས་དང་། །དུས་དང་གནས་དང་བདག་ཉིད་དོ། །ཕུན་སུམ་ཚོགས་པ་བདུན་པོ་ཡིས། །བསྟན་ནས་ཅི་འདོད་སྦྱིན་ནོ་ཞེས། །དམ་ཚིག་བདག་པོ་ངས་གསུངས་ཏེ། །འདས་ན་ང་ཡང་བརླག་པའི་ཕྱིར། །རང་གི་བཀའ་ལ་རང་མི་འདའ། །གང་ལ་བཏབ་ན་ངེས་པར་ཐེབས། །ཡེ་ཤེས་ལྔ་ཡི་ཕུར་པ་ཡིས། །དུག་ལྔ་འཁྲུལ་ལ་རབ་ཏུ་གདབ། །གཉིས་སུ་མེད་པའི་ཕུར་པ་ཡིན། །ཡེ་ཤེས་དག་པའི་ཕུར་པ་ཡིས། །འཁོར་བའི་མ་རིག་ལ་གདབ་པས། །རབ་ཏུ་ངེས་པའི་རིག་པ་འཆར། །དེ་ལ་སོགས་པའི་ཕུར་པ་ནི། །མང་པོ་དག་ནི་རབ་བཤད་དེ། །རྣལ་འབྱོར་ཡོན་ཏན་ལྡན་པ་དང་། །རྩ་བ་ཡན་ལག་དམ་ཚིག་དང་། །ཤེས་རབ་གསུམ་དང་ལྡན་པ་ཡིས། །ཕུར་པ་དེ་དག་ངེས་པར་བསྒྲུབ། །རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད། །མཚོན་ཆེན་སྔོན་པོ་འབར་བ་ཡིས། །


DNG020_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའི་དཀྱིལ་ནས་ཐིགས་པ་ཤར། །སྲོག་གི་གོ་རུ་ཤར་བ་དང་། །སྙིང་གི་དཀྱིལ་དུ་བསྒོམ་པར་བྱ། །སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །བསད་ཅིང་མནན་པ་མ་ཡིན་ཏེ། །ཕུང་པོ་རྡོ་རྗེས་གཏམས་བྱས་ནས། །རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བཾ་ཧཱུཾ་ཕཊ། རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས། །སྲིད་པའི་རྡོ་རྗེ་འགྲུབ་མཛོད་ཅིག །སྲིད་པ་རྡོ་རྗེ་ཕུར་པའི་ལྷ། །ཡེ་ཤེས་ཁྲོ་བོ་འགྲུབ་པར་མཛོད། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས། །འབར་བའི་ཁྲོ་བོ་མི་བཟད་པ། །སྐུ་ཡི་དབྱིག་ཏུ་བདག་སྐྱེད་ཅིག །ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ། །བྱམས་དང་སྙིང་རྗེས་གང་འདུལ་བ། །སངས་རྒྱས་ཕྲིན་ལས་རྫོགས་མཛད་ནས། །དབང་དང་བྱིན་རླབས་འདིར་སྩོལ་ཅིག །ཨོཾ་བཛྲ་ཀྲོ་དྷ་ཧཱུཾ་ཀཱ་ར་ཧཱུཾ། གརྫ་གརྫ་ཧཱུཾ་ཕཊ། རྡོ་རྗེ་ཁྲོ་བོ་ཧཱུཾ་ཀཱ་ར། ཡུམ་རྡོ་རྗེ་སྒྲ་འབྱིན་དང་སྤྲུལ་པའི་ཕྲ་མེན་མ་ཕག་གི་མགོ་དང་སྨིག་བུའི་གསང་སྔགས་ཡིན། ཨོཾ་ཀྲོ་དྷ་བི་ཛ་ཡ་ཧཱུཾ། ཧ་ན་ཧ་ན་ཧཱུཾ་ཕཊ། ཁྲོ་བོ་ཆེན་པོ་རྣམ་པར་རྒྱལ་བ་དང་། ཡུམ་རྡོ་རྗེ་སྙེམས་མ་དང་། སྤྲུལ་པའི་ཕྲ་མེན་སྟག་དང་བྱ་རྒོད་གསང་སྔགས་ཡིན། ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུཾ། ད་ཧ་ད་ཧ་ཧཱུཾ་ཕཊ། ཁྲོ་བོ་ཆེན་པོ་དབྱུག་སྔོན་དང་། ཡུམ་རྡོ་རྗེ་སྡེར་མོ་དང་། སྤྲུལ་པའི་ཕྲ་མེན་སྟག་དང་བྱ་རོག་གསང་སྔགས་ཡིན། ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུཾ། པ་ཙ་པ་ཙ་ཧཱུཾ་ཕཊ། ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེད་པོ་དང་། ཡུམ་རྡོ་རྗེ་དུར་ཁྲོད་མ་དང་། སྤྲུལ་པའི་ཕྲ་མེན་མ་ཤ་བ་དང་འུག་པའི་མགོ་ཅན་གསང་སྔགས་ཡིན། ཨོཾ་བཛྲ་ཀྲོ་དྷ་ཨཱརྱ་ཨ་ཙ་ལ་ཧཱུཾ། བནྡྷ་བནྡྷ་ཧཱུཾ་ཕཊ། ཁྲོ་བོ་ཆེན་པོ་མི་གཡོ་མགོན་པོ་དང་། ཡུམ་རྡོ་རྗེ་གཏུན་ཁུང་མ་དང་། སྤྲུལ་པའི་ཕྲ་མེན་གཟིག་དང་ཁྭའི་མགོ་ཅན་གསང་སྔགས་ཡིན། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧཱུཾ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཁྲོ་བོ་ཆེན་པོ་རྟ་མགྲིན་དང་། ཡུམ་རྡོ་རྗེ་གཏུམ་མོ་དང་། སྤྲུལ་པའི་ཕྲ་མེན་མ་བྱི་ལ་དང་པུ་ཤུད་མགོ་ཅན་གསང་སྔགས་ཡིན། ཨོཾ་བཛྲ་ཀྲོ་དྷ་ཨ་པ་ར་ཛི་ཏ་ཧཱུཾ། ཏིཥྛ་ཏིཥྛ་ཧཱུཾ་ཕཊ། ཁྲོ་བོ་ཆེན་པོ་གཞན་གྱིས་མི་ཐུབ་པ་དང་། ཡུམ་རྡོ་རྗེ་


DNG020_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

མདའ་སྙེམས་མ་དང་། སྤྲུལ་པའི་ཕྲ་མེན་སྤྱང་ཀི་དང་ཁྲའི་མགོ་ཅན་གསང་སྔགས་ཡིན། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ། ཙྪིནྡྷ་ཙྪིནྡྷ་ཧཱུཾ་ཕཊ། ཁྲོ་བོ་ཆེན་པོ་བདུད་རྩི་འཁྱིལ་པ་དང་། ཡུམ་རྡོ་རྗེ་རླུང་འབྱིན་མ་དང་། སྤྲུལ་པའི་ཕྲ་མེན་མ་སེང་གེ་དང་ཕ་ཝང་མགོ་ཅན་གསང་སྔགས་ཡིན། ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུཾ། བྷིནྡྷ་བྷིནྡྷ་ཧཱུཾ་ཕཊ། ཁྲོ་བོ་ཆེན་པོ་ཁམས་གསུམ་རྣམ་པར་རྒྱལ་བ་དང་། ཡུམ་རྡོ་རྗེ་གསོད་མ་དང་། སྤྲུལ་པའི་ཕྲ་མེན་མ་དྲེད་དང་སྲེ་མོའི་གསང་སྔགས་ཡིན། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུཾ། སྥོ་ཊ་སྥོ་ཊ་ཧཱུཾ་ཕཊ། ཁྲོ་བོ་ཆེན་པོ་སྟོབས་པོ་ཆེ་དང་། ཡུམ་རྡོ་རྗེ་སྐྱོང་བྱེད་མ་དང་། སྤྲུལ་པའི་ཕྲ་མེན་མ་དོམ་དང་བྱི་ལའི་མགོ་ཅན་གསང་སྔགས་ཡིན། དཀྱིལ་འཁོར་གཏམས་པར་ཤེས་པར་བྱ། །སྲིད་པའི་ཕུར་བུ་བསྒྲུབ་པ་དང་། །དབང་དང་དངོས་གྲུབ་བླང་བའི་ཕྱིར། །ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ། །ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང་། །རྟགས་དང་མཚན་མ་བསྟན་པ་དང་། །ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ། །དམ་ཚིག་ཆེན་པོའི་དུས་ལ་བབ། །སྤྲུལ་པ་ཆེན་པོའི་དུས་ལ་བབ། །ཕྱག་བརྙན་ཆེན་པོའི་དུས་ལ་བབ། །ཤྭ་ན་མུ་ཁའི་དུས་ལ་བབ། །བདག་ཉིད་ཆེན་པོའི་དུས་ལ་བབ། །ཁྱེད་ཀྱི་ཕྲིན་ལས་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །དུས་གསུམ་རྒྱལ་བའི་གདུང་གསོབ་པ། །རིག་འཛིན་བདག་ཅག་རྣམས་ལ་ནི། །གནོད་ཅིང་གདུག་པའི་དགྲ་དང་བགེགས། །བདུད་དང་བར་དུ་གཅོད་པ་དང་། །དངོས་གྲུབ་འཕྲོག་ཅིང་འཚེ་བ་རྣམས། །ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས། །ཡུད་ཙམ་གྱིས་ནི་འདིར་ཁུག་ནས། །མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང་། །ལུས་ངག་རྡུལ་དུ་བཤིག་ནས་ཀྱང་། །སྡུག་བསྔལ་ཉམས་སུ་མྱོང་བར་མཛོད། །ཨོཾ་ལཾ་ཧཱུཾ་ལཾ་སྟྭམྦྷ་ཡ་ནན། མོ་ཧ་ཡ། བྷ་ག་ཝཱན་ཤཱི་གྷྲཾ་བི་ཀྲི་བཛྲ་ཧཱུཾ་ཀཱ་ར་ཧཱུཾ་ཧཱུཾ་ཕཊ་ཕཊ། བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུཾ་བཾ་ཧོཿ། བཛྲ་བི་གྷ་ནཱན་བཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་བཛྲ་ཧཱུཾ་ཀཱ་ར་ཧཱུཾ་ཧཱུཾ་ཕཊ་ཕཊ། བཛྲ་ཧཱུཾ་ཀཱ་ར་ཨཱ། དངོས་


DNG020_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་བར་ཆོད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ཟུང་ཞིག་ཆིངས་ཤིག་རྣམ་པར་ཆིངས། །གཏོགས་ཤིག་གྲོགས་དང་ཕྲལ་བར་གྱིས། །རེངས་པར་ཁུག་ལ་སྨྲ་རུ་ཆུག །ཕོབ་ཅིག་རྣམ་པར་གཟིར་བར་གྱིས། །ང་ཡི་དབང་དུ་གྱུར་ནས་ཀྱང་། །བསྒོ་བའི་བཀའ་རྣམས་ཉན་པར་བྱོས། །ཧཱུཾ་བ་ར་བི་དྷྭ་ན་ས་ཡ། ཙྪིནྡྷ་ཙྪིནྡྷ་ཧཱུཾ་ཕཊ། བྷིནྡྷ་བྷིནྡྷ་ཧཱུཾ་ཕཊ། གྲྀཧྣ་གྲྀཧྣ་ཧཱུཾ་ཕཊ། ཧ་ན་ཧ་ན་ཧཱུཾ་ཕཊ། བནྡྷ་བནྡྷ་ཧཱུཾ་ཕཊ། ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུཾ་ཕཊ། ཧ་ས་ཡ་ར་ཧྲྀ་ད་ན་ཧཱུཾ་ཕཊ། ཤི་གྷྲཾ་ཨཱ་ན་ཡ་ཧཱུཾ་ཕཊ། ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཧཱུཾ་ཕཊ། ཨཱ་ཝེ་ཤ་ཡ་ཨཱ་ཝེ་ཤ་ཡ་ཧཱུཾ་ཕཊ། བྷིནྡྷ་ཡ་བྷིནྡྷ་ཡ་ཧཱུཾ་ཕཊ། བྲན་དང་བཀའ་ཉན་ཕོ་ཉའི་ཚོགས། །ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །སྔོན་ཆད་ཇི་བཞིན་དམ་བཅས་པའི། །མངོན་སྤྱོད་ཕྲིན་ལས་མྱུར་དུ་མཛོད། །ཧ་ན་ཧ་ན་བཛྲ། ད་ཧ་ད་ཧ་བཛྲ། པ་ཙ་པ་ཙ་བཛྲ། མ་ཐ་མ་ཐ་བཛྲ། ཛྭ་ལ་ཛྭ་ལ་བཛྲ། སུ་རུ་སུ་རུ་བཛྲ། མུ་རུ་མུ་རུ་བཛྲ། ཀ་ཏཾ་ཀ་ཡེ་ཛ་ཡེ་བི་ཛ་ཡེ། ཨ་ཛི་ཏེ་ཨ་པ་ར་ཛི་ཏེ། མཱ་ར་སེ་ན་པྲ་མརྡ་ན་སྭཱ་ཧཱ། རྡོ་རྗེ་གསང་བའི་བཀའ་ལས་ནི། །སྡིག་ཅན་གང་ཞིག་འདའ་བྱེད་པ། །སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས། །ཀླད་པ་ཚལ་པ་བརྒྱ་རུ་ཁོས། །ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ང་ཡི་བཀའ་ལས་འདའ་མ་བྱེད། །ཧཱུཾ་མ་མ་པ་ཤཾ་ཀུ་རུ་མ་ཏང་ཀ་ར་ཨི་ད་ན་དྷ་ཏི། མ་མ་ཀརྨ་ཤཱི་གྷྲཾ་ཀཱ་ར་ཡ། གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ལྷ་འམ་འོན་ཏེ་བདུད་ཀྱང་རུང་། །ང་ལ་བར་གཅོད་བྱེད་པ་རྣམས། །མཐུ་དང་རྫུ་འཕྲུལ་མེད་པར་བྱོས། །སརྦ་ཨཱ་ན་ཡ་ཧཱུཾ་ཕཊ། ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུཾ་ཕཊ། རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན། །བཀའ་ལས་འདའ་བྱེད་སྡིག་ཅན་རྣམས། །རྡོ་རྗེ་མེ་དབལ་སྙིང་བསྲེགས་ནས། །ལུས་ངག་རྡུལ་ཕྲན་བཞིན་དུ་རློག །ཁྲོ་མོ་འབར་བའི་གཏུན་ཁུང་དུ། །རྡོ་རྗེ་ཐོ་བས་བརྡུངས་བྱས་ན། །ལྷ་ཡང་རུང་སྟེ་བསྒྲལ་བར་བྱ། །ཁ་ཐཾ་ཁ་ཐཾ་ཁ་ཐཾ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། བཛྲ་ཡཀྴ་ཀྲོ་དྷ་ཁཱ་ཧི་ཁཱ་ཧི་


DNG020_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

ཁཱ་ཧི། ཧ་ཧ་ཧ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། ཆོས་ཉིད་ཀྱི་བདེན་པའོ། །གསང་སྔགས་ཀྱི་བྱིན་གྱིས་རླབས་སོ། །སངས་རྒྱས་ཀྱི་མཐུའོ། །ཨ་བྷི་ཙརྱའི་དུས་ལ་བབ་པའི་བརྣགས་པ་དེ་ཁོ་ནའོ། །ཀཱི་ལ་ཡ་བཅོ་བརྒྱད་བཟླས་དཀར་ནག་གི་མཚམས་སུའོ། །ཀཱི་ལ་ཡ་ཉི་ཤུ་རྩ་གཅིག་བཟླས་སོ། །བརྣགས་པ་དེ་ཁོ་ནའོ། །ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། དེ་ནི་རྩ་བ་འདུས་པ་སྟེ། །གསང་སྔགས་ལས་དང་བཅས་པ་བཤད། །ཡིད་བཞིན་ནོར་བུ་ལྟ་བུ་སྟེ། །དགོས་འདོད་ངེས་འབྱུང་ཕྲ་ལ་ཟབ། །རྒྱུད་དང་ལུང་དང་མན་ངག་གི། །མན་ངག་རྣམ་གཉིས་སྟོད་སྨད་དོ། །སྟོད་ལ་དྲུག་སྟེ་དེ་ལ་བཅུ། །གཉིས་སུ་ཤེས་བྱ་ཏིང་ངེ་འཛིན་ནོ། །བདག་ཉིད་དཀྱིལ་འཁོར་གསུམ་བསྟན་པ། །དབབ་དང་གསོལ་བཏབ་དབང་བསྐུར་དང་། །སྤྱན་དང་མཆོད་པ་ལ་སོགས་ཏེ། །མན་ངག་རྣལ་འབྱོར་དོན་དུ་བཤད། །སྨད་ནི་གཟས་པ་པོ་ཡི་ལས། །དེ་ཉིད་བདག་གིས་ལམ་བྱ་སྟེ། །སྟོད་དང་སྨད་དང་བར་གསུམ་མོ། །སྟོད་ལ་གསུམ་དུ་ཤེས་པར་བྱ། །བར་ལ་དེ་བཞིན་སྨད་ལ་གསུམ། །ཏིང་འཛིན་སྔགས་དང་ཕྲིན་ལས་དང་། །དགོངས་པ་ངེས་པའི་ཕུར་པ་འདི། །གབ་པའི་སྡོམ་པ་གཟུང་བ་དང་། །གཟིར་གནོན་དྲག་པོས་བསྡུ་བ་དང་། །སྙིང་པོ་དྲག་ཏུ་བཟླས་པ་དང་། །དམ་ཅན་གནད་ལ་དབབ་པ་དང་། །རྩ་བ་ཁམས་གསུམ་བསྒྲལ་བ་དང་། །བསྒྲལ་ནས་མཆོད་པ་བསྟན་པ་དང་། །བཀྲག་མདངས་ཕྲོགས་ནས་ཚེ་ལུང་བསྟན། །འདི་ནི་བསྒྲལ་བའི་ལས་མཆོག་སྟེ། །ཐམས་ཅད་མ་ལུས་འདུས་པར་བཤད། །གཉིས་མེད་ཕུར་པ་ཤེས་པ་དང་། །ཡོན་ཏན་ལྡན་པའི་སྔགས་པ་ཡིས། །འདིས་ནི་གཞན་བསྒྲལ་བྱང་ཆུབ་ཐོབ། །རྟོགས་པས་བདག་ཉིད་བསྒྲལ་བ་དང་། །ཐུགས་རྗེས་གཞན་བསྒྲལ་ཤེས་པར་བྱ། །རྒྱུ་དང་ལམ་དང་འབྲས་བུ་གསུམ། །རཱུ་ཏྲ་རབ་ཏུ་ཤེས་པར་བྱ། །ཉམས་པ་བདུན་ལ་གཏོགས་པ་ནི། །རྗེས་འཇུག་ཐབས་ཀྱིས་འདི་བསྒྲལ་ན། །སངས་རྒྱས་བསྟན་པ་གཉན་པར་བཤད། །ཐེག་པ་ཆེན་པོ་སྨོད་པ་དང་། །


DNG020_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་སློབ་དཔོན་སྨོད་པ་རྣམས། །མན་ངག་འདི་ཡི་ངེས་པ་ཡིན། །རབ་ཏུ་དབེན་པའི་གནས་དག་ཏུ། །ནན་ཏན་བྱས་ཏེ་གསོད་པར་བྱའོ། །ཡང་ན་གནས་ན་མི་སྣང་བྱ། །འདི་ཡིས་བྱང་ཆུབ་མཆོག་དང་ནི། །ཕུར་པའི་དངོས་གྲུབ་འཐོབ་པར་འགྱུར། །དཔེར་ན་མེ་ལ་ཤིང་བསྣན་ཤིང་། །དེ་ཉིད་ངེས་པར་འཐོབ་པར་བཤད། །ཀུན་ལ་བྱས་ན་དམྱལ་བར་འགྲོ། །ཀུན་ལ་མ་བྱས་དམ་ཚིག་ཉམས། །ཡེ་ཤེས་གཉིས་སུ་མེད་པའི་ཚུལ། །མི་གནས་མྱ་ངན་འདས་པར་གནས། །ཐོག་མ་ཐ་མ་ཞེས་གསུངས་སོ། །རྡོ་རྗེ་ཕུར་པ་གསང་བའི་རྩ་བ་རྣལ་འབྱོར་ཆེན་པོ་ཡང་དག་པའི་རྒྱུད་ལས། བལྟ་བའི་དོན་དང་ཐམས་ཅད་འདུས་པའི་རྩ་བ་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཡང་ཀརྨ་ཧེ་རུ་ཀས། བཛྲ་ཀཱི་ལ་ཡ་ལ་འདི་སྐད་ཅེས་གསོལ་ཏོ། །ཕུར་པ་ཐམས་ཅད་འདུས་པ་ཡི། །རྩ་བའི་དོན་སྒྲུབ་རྣལ་འབྱོར་པས། །ཁ་མི་སྐོང་བའི་དབང་རྣམས་ནི། །ངེས་པར་དག་ལ་བཤད་དུ་གསོལ། །དེ་སྐད་ཅེས་ནི་གསོལ་པ་དང་། །བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡ་རིན་ཆེན་སྦྱིན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། གསུང་ནི་འདི་སྐད་ཅེས་བཀའ་སྩལ་ཏོ། །ཉོན་ཅིག་ཀརྨ་ཧེ་རུ་ཀ །རྣལ་འབྱོར་སྐལ་ལྡན་དེ་ཡི་ཕྱིར། །དབང་གི་རིམ་པ་བཤད་པར་བྱ། །འཁོར་བ་དག་ལས་བྱང་ཆུབ་ཏུ། །སེམས་བསྐྱེད་སྨིན་པར་བྱ་བ་སྟེ། །དབང་རྣམས་ཐོབ་པར་མ་བྱས་ན། །གང་ཡང་འབྲས་བུ་མེད་པར་འགྱུར། །ཁ་སྐོང་དབང་ནི་གོང་དུ་བཤད། །མི་སྐོང་དབང་རྣམས་འདི་ལྟ་སྟེ། །དང་པོ་ཞུས་པ་དེ་ཡི་ཕྱིར། །ཕུར་པའི་བསྙེན་པ་ཡང་དག་བྱ། །དེ་ནས་དཀྱིལ་འཁོར་མངོན་བཞེངས་ལ། །ལྔའམ་གསུམ་མམ་གང་བྱེད་ལ། །རྫས་རྣམས་ལེགས་པར་ཚོགས་པར་བྱ། །ཕུར་པ་ལ་སོགས་ལེགས་པར་དཀྲམ། །དེ་ནས་མིག་དགབ་ཕྱི་རོལ་དུ། །བཞག་ལ་གང་བྱེད་དྲི་བར་བྱ། །སེམས་བསྐྱེད་བཤད་དང་སྡོམ་པ་ནི། །སྨད་སྟོད་དང་པོ་ཚིག་གསུམ་དང་། །སྟོད་ཀྱི་བར་པའི་ཚིག་གསུམ་མོ། །རྟ་དང་གླང་པོ་འབྱོར་པའི་ནོར། །བུ་དང་ཆུང་


DNG020_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

མ་ནོར་གྱི་དབྱིག །ཤིན་ཏུ་གཅེས་དང་ཡིད་འཐད་དབུལ། །བདག་ལུས་སྲོག་ལ་ཕོངས་མེད་བྱ། །མེ་ཏོག་དཀྱིལ་འཁོར་ཡི་དམ་ཞུ། །དེ་ཡང་སྲིད་པ་རྡོ་རྗེས་སོ། །རྩ་བ་ཡན་ལག་དམ་ཚིག་ནི། །སྙིང་རྗེས་བསྒྲལ་བའི་བར་དུ་བསྟན། །མིག་དབྱེ་དཀྱིལ་འཁོར་དོན་རྟགས་རབ་ཏུ་བསྟན། །ལུས་བཀྲུ་གོས་ནི་རབ་ཏུ་ཕུད། །སློབ་དཔོན་སྟ་གོན་གནས་པ་ལ། །སློབ་མ་ལྷ་དང་བུམ་པ་རྣམས། །སྟ་གོན་གནས་པ་ཤེས་པར་བྱ། །རྒྱལ་མཆོག་རྣམ་གསུམ་ལྡན་པར་བྱ། །ཕུར་བུའི་ཀུན་བྱས་རིག་པ་འཇུག །བསྟོད་དང་དཀྱུས་ཚིག་བཞི་པ་ཡིས། །ཡེ་ཤེས་ཕབ་ལ་དམ་ཚིག་བསྟན། །སྟོད་པར་ཚིག་གཉིས་དབང་དང་བཅས། །བུམ་པས་གནས་སུ་དབང་བསྐུར་བས། །དབང་ནི་སྣོད་དང་ལྡན་པར་བཤད། །རིག་དབང་བཞི་པ་རིམ་བཞིན་ནོ། །སྙིང་རྗེས་བསྒྲལ་བའི་ཚིག་བཞི་དང་། །དང་པོ་གསུམ་གྱི་འོག་གི་ཚིག་གཉིས་ཀྱིས། །རྩ་བའི་མཎྜལ་དབང་བསྐུར་ཏེ། །རྒྱན་དང་ཡེ་ཤེས་སེམས་དཔའ་དང་། །དབུ་རྒྱན་རིམ་པས་བསྐུར་ནས་ནི། །གུ་ཧྱ་མནྟྲ་དང་པོ་ལ། །དབང་གི་གསང་སྔགས་སྦྱར་བར་བྱ། །དང་པོའི་ཚིག་དང་དོན་གཉིས་ཀྱིས། །ཕྱོགས་བཅུ་ཁྲོ་བོ་རྫོགས་པར་བསྐུར། །གུ་ཧྱ་མནྟྲ་བཅུ་ཡིས་ནི། །རང་རང་གནས་སུ་ཕུར་པས་བསྡིམས། །དང་པོའི་ཚིག་དང་དེ་འོག་གཉིས། །སྲས་མཆོག་ལྔ་ཡི་ཕུར་པ་ནི། །སྨད་སྟོད་བར་དང་གསང་སྔགས་ཀྱིས། །རང་རང་གནས་སུ་རབ་ཏུ་བསྐུར། །དམ་ཅན་ལ་སོགས་རིམ་བཞིན་དུ། །རང་རང་ཕུར་བུའི་རྫས་ཡིན་ཏེ། །དེ་རྣམས་འཇུག་པར་ཤེས་པར་བྱ། །དབང་དང་ལྡན་པར་ངེས་པའོ། །རིགས་དང་ལས་སུ་གང་འཚམས་པར། །དཀྱིལ་འཁོར་དབང་བསྐུར་ཤེས་པར་བྱ། །གསང་བའི་ཚིག་གསུམ་སྔགས་དང་བཅས། །གསང་སྔགས་བསྐུར་ཏེ་དོན་ཡང་བསྟན། །འདི་ནི་གནོད་པ་གང་བྱེད་པ། །དང་པོ་ཚིག་དེས་གཅིག་པ་ནི། །ལྟ་བའི་མཐར་ཐུག་དབང་ཡང་བསྟན། །དེ་ལྟར་རྫོགས་པར་ངེས་ཐོབ་ནས། །བླ་མ་མིག་གི་འབྲས་བུ་ལྟར། །ཀུ་ཤའི་རྩེ་རྣམས་དོན་གྱིས་སྦྱར། །དུས་ལ་བབ་ན་དྲུག་


DNG020_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དང་། །དེ་ལ་སོགས་པའི་ཚིག་རྣམས་ཀྱིས། །ལུང་བསྟན་གནང་བ་ལེགས་པར་བཟུང་། །ཐེག་ཆེན་སྨོད་པ་ལ་སོགས་པ། །ཅི་ནས་བསད་པར་ངེས་པ་ཡིན། །ཕ་དང་རིགས་ཀྱི་སྐྱེས་པ་རྣམས། །བསད་པས་སངས་རྒྱས་རིགས་སུ་ངེས། །སློབ་དཔོན་སློབ་མ་བསད་ངེས་ན། །རྡོ་རྗེ་རིགས་སུ་ངེས་པ་ཡིན། །ཞང་པོ་དམག་པ་བསད་ངེས་ན། །རིན་ཆེན་རིགས་སུ་ངེས་པ་ཡིན། །མ་སྲིང་བུ་མོ་མོ་ཆགས་ལ། །ཆགས་པར་བྱས་པས་པདྨ་ཅན། །ཐམས་ཅད་གསོད་ཅིང་ལས་བྱེད་པ། །ལས་ཀྱི་རིགས་སུ་ངེས་པར་ཏེ། །དེ་ལྟར་དགོངས་པའི་རྟོགས་པ་ཡིན། །རྒྱལ་པོ་ཡུལ་འཁོར་གཞོམ་པར་བྱ། །བྲམ་ཟེ་བཙོན་བཟུང་རྗེའུ་རིགས་བསད། །དམངས་རིགས་ལས་བཀོལ་དུག་ལ་སྤྱད། །མི་དགེ་དང་བླང་སྦྱོར་སྒྲོལ་བྱ། །འདི་ནི་སངས་རྒྱས་སྤྱོད་པ་སྟེ། །དུག་ལྔ་ལས་ནི་ཐམས་ཅད་འགྲུབ། །དབང་གི་ངོ་བོ་ངེས་ཚིག་དང་། །དབྱེ་བ་ལ་སོགས་ཤེས་པ་ཡིས། །གང་བྱ་མངོན་སངས་རྒྱས་པར་བཤད། །སེམས་ཉིད་རྟོགས་ན་དབང་ཡིན་ཏེ། །ཐམས་ཅད་རང་རིག་ཕུར་བུ་ཡིན། །དེ་ནི་ལུང་གི་ཚད་མར་བཤད། །ཅེས་གསུངས་པས། འཁོར་རྣམས་དབང་དང་ལྡན་པར་གྱུར་ཏོ། །རྡོ་རྗེ་ཕུར་པ་གསང་བའི་རྩ་བ་རྣལ་འབྱོར་ཆེན་པོ་ཡང་དག་པའི་རྒྱུད་ལས། འདུས་པ་དབང་བཤད་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཀརྨ་ཧེ་རུ་ཀས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་བཛྲ་ཧེ་རུ་ཀ །རྩ་བ་འདུས་པའི་ངེས་པ་ལས། །རྣལ་འབྱོར་རྗེས་སུ་འཇུག་པ་ཡི། །ཕྱི་ནང་གསང་བའི་བསྒྲུབ་པ་ལས། །དེ་ལ་དགུ་རུ་ཕྱེ་བ་ཡིས། །ཉམས་སུ་བླང་བྱ་བཤད་དུ་གསོལ། །དེ་སྐད་ཅེས་ནི་གསོལ་པ་དང་། །བཅོམ་ལྡན་བཛྲ་ཀཱི་ལ་ཡས། དོན་གསུམ་དུ་འབྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། གསུང་ནི་འདི་སྐད་ཅེས་བཀའ་སྩལ་ཏོ། །ཉོན་ཅིག་ཀརྨ་ཧེ་རུ་ཀ །ཐམས་ཅད་འདུས་པའི་རྩ་བ་ལ། །ཕྱི་ནང་གསང་བ་ང་ཡིས་བཤད། །ཕྱི་ནང་དཀྱིལ་འཁོར་བཅས་པ་སྟེ། །ཕུན་སུམ་ཚོགས་པ་ལྔ་ལྡན་པས། །ཉི་མ་ཆད་དུ་ཞུགས་པ་དང་། །ཉམས་པ་བདུན་པོ་བསྒྲལ་བའི་ཕྱིར། །ཚད་མེད་


DNG020_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་རྗེས་བསྐྱོད་པ་དང་། །བྱང་ཆུབ་སེམས་དཔའ་དགའ་བ་ནི། །སྔོན་དུ་འགྲོ་བའི་ལས་མཆོག་སྟེ། །མན་ངག་རྣམ་པ་དྲུག་དག་གིས། །འདི་ཡིས་བསྒྲུབ་པ་གཏན་ལ་དབབ། །དཀྱིལ་འཁོར་ལེགས་པར་བརྩིགས་ལ་ནི། །ཆག་ཆག་ཐིག་བྱས་གྲུ་གསུམ་ནི། །བཅུ་གཅིག་ལྡན་པར་བྲི་བར་བྱ། །ཕུར་པ་བཅོ་བརྒྱད་ལེགས་པར་དགོད། །རྨད་དུ་བྱུང་བའི་རྫས་རྣམས་བཤམ། །དེ་ནས་ཏིང་འཛིན་རྣམ་གསུམ་ནི། །མ་ཧཱ་ཡོ་གའི་ཚུལ་དུ་བྱ། །དཀྱིལ་འཁོར་རྣམ་གསུམ་ཚུལ་དུ་བསྐྱེད། །དབང་བསྐུར་སྤྱན་དྲང་མཆོད་པ་འབུལ། །རིགས་ཚོགས་བྱས་ལ་སྨོན་ལམ་གདབ། །སྟོད་ཀྱི་གསང་སྔགས་འབྲུ་དགུ་ལ། །ཆོས་ཉིད་དག་ཏུ་ཤེས་པ་དང་། །ཡི་གེ་ཕྲེང་བ་སྐུ་ཕྱག་རྒྱ། །བཟླས་པ་ལུགས་གསུམ་བྱ་བ་དང་། །འཁོར་དང་དམ་བཅའ་དེ་བཞིན་དུ། །རྫོགས་པར་བྱས་པས་ཕྱི་ནང་གི། །རྟགས་དང་དངོས་གྲུབ་རྣམ་གཉིས་ཐོབ། །རྣལ་འབྱོར་བྲོད་པ་སྐྱེ་བའི་ཕྱིར། །རྟགས་འདོན་པ་ཡི་མན་ངག་བྱ། །བཟླས་པ་དོན་ཡོད་བྱ་བའི་ཕྱིར། །དངོས་གྲུབ་ཤེས་པས་དངོས་གྲུབ་བླང་། །དེ་ནས་གསད་པའི་ལས་བྱ་བ། །དཀྱིལ་འཁོར་དབུས་སུ་གྲུ་གསུམ་བྲུ། །དབུས་སུ་དམ་ཅན་ཕུར་པ་དགོད། །དེ་ཡི་ཕྱི་རིམ་ལྷ་རྣམས་སོ། །དམ་ཅན་རྣམ་གསུམ་མཐུན་པའི་རྫས། །ཐོད་པ་བཅུ་གཉིས་ཡང་ན་གསུམ། །དེ་རུ་ཐུན་གྱི་སྦྱོར་བ་བྱ། །གཏོར་མ་ལ་སོགས་ངེས་པར་བསག །ལིངྒ་བྱས་པ་དག་ལ་ནི། །ལྷ་དབྲལ་དགུག་བསྡིམ་ལས་བྱས་ལ། །དཀར་ནག་ཐག་པས་ཁས་བཀོད་པའི། །འཁོར་བའི་ཞེ་བཅད་ལ་སོགས་བྱ། །དགུག་པ་ལ་སོགས་གབ་པ་ཡིས། །བསྡམ་པ་མན་ངག་ཤེས་པར་བྱ། །དེ་ནས་ཏིང་འཛིན་རྫོགས་ཚུལ་དུ། །ཐམས་ཅད་མཐིང་ནག་འབར་བ་ལ། །སྐུ་སྨད་ཕུར་པ་ཟུར་གསུམ་གྱིས། །ཉམས་པ་ཐལ་བྱུང་རྣམ་པར་བསམ། །དེ་འདྲས་སྤྱན་དྲང་མཆོད་པ་ནི། །གོང་འོག་ནུས་པས་ཤེས་པར་བྱ། །དྲག་པོའི་ལས་ཀྱི་ཕོ་ཉ་བཏང་། །གསང་སྔགས་དང་པོ་གཙོ་བོ་དང་། །མིང་རུས་དངོས་དང་འདུས་པ་


DNG020_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །མིང་པོའི་སྔགས་བཅས་བཟླ་བར་བྱ། །དམ་ཅན་ལ་སོགས་ལྷ་རྣམས་ཀྱིས། །རྣམ་པར་བསད་པའི་དགོངས་པ་བྱ། །སྐབས་སུ་ཐུན་སྔགས་བཅུ་གཉིས་ཀྱིས། །ཐུན་ཕབ་ངེས་པར་བསད་པར་བསམ། །ཐམས་ཅད་འདུས་པས་གནད་ལ་དབབ། །དཔའ་བོ་གཅིག་པས་དགྲ་འཛབ་བྱ། །མ་མོ་འདུས་པས་དམ་ཅན་མ། །བཅུན་ལ་དབབ་པར་ཤེས་པར་བྱ། །ངན་སྔགས་འདུས་པའི་ལས་རྣམས་ནི། །ཁང་དགྲར་བཏང་དང་མགོ་མཇུག་གདགས། །བསྒྲུབ་པའི་སྟེགས་བུ་བྱ་བ་དང་། །ངན་སྔགས་འཁོར་ལོ་བསྐོར་བ་ཡིས། །རབ་ཏུ་ངེས་པར་གསད་པར་བྱ། །དེ་ལ་རྟགས་དང་མཚན་ཚང་ན། །རྡུལ་དུ་བརླག་པར་ཕུར་པས་གདབ། །སྣ་ལ་སྲས་མཆོག་གཅིག་གིས་ནི། །ཚེ་ལུང་ཁྲུས་ལུང་རྫོགས་པར་བྱ། །ཀུན་བཞི་རྩད་ནས་གཅོད་པའོ། །དེ་ནས་སྲས་མཆོག་བཞི་ཡིས་ནི། །ཁ་སྐོང་ཅན་གྱི་སྔགས་ཀྱིས་སུ། །སྤྱི་བོ་ལ་སོགས་གནས་ལྔར་གདབ། །དེ་ནས་ཕུར་པ་བཅུ་ཡིས་ནི། །ལས་སྔགས་དག་གིས་གནས་གནས་སུ། །ལེགས་པར་བཏབ་ལ་ལྷ་ལ་བསྟན། །བསྲེག་དང་གནན་དང་འཕང་བ་ཡིས། །ལས་ཀྱི་མཐའ་བརྟུལ་ཤེས་པར་བྱ། །དེ་ཡིས་གྲུབ་པར་མ་གྱུར་ན། །བསེ་ལྕགས་དུང་གིས་སྤོག་པར་བྱ། །དེ་ཡིས་མ་གྲུབ་ཤི་ས་བསྟན། །འདིས་ནི་ཕུར་པའི་མན་ངག་དྲུག །ཡང་དག་པར་ནི་ངེས་པར་བཤད། །ཕུར་པ་ཕྱི་ཡི་ངེས་པ་ཡང་། །ལྷ་ལ་སོགས་པའི་ཕྱིར་བསྐྱེད་པས། །དེས་ན་དེ་ཡང་རབ་བཤད་དོ། །དམ་ཅན་ངོ་བོ་ངེས་ཚིག་དང་། །དབྱེ་བ་ཤེས་ན་ལས་རྣམས་མྱུར། །དཔྱང་ཐག་ཆད་པ་ཐུགས་རྗེ་ཡིས། །བཟུང་ན་ངེས་པ་བསྟན་པ་ནི། །ཉམས་པ་བདུན་ལས་གཞན་དུ་མིན། །ཞེས་གསུངས་སོ། །རྡོ་རྗེ་ཕུར་པ་གསང་བའི་རྩ་བ་རྣལ་འབྱོར་ཆེན་པོ་ཡང་དག་པའི་རྒྱུད་ལས། ཕུར་པ་ཕྱི་ལྟར་བཤད་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཡང་ནི་བཤད་བྱ་བ། །ང་ལ་རབ་ཏུ་གུས་པས་ཉོན། །གཉིས་མེད་དོན་ཤེས་རྣལ་འབྱོར་པས། །ཉམས་པ་བསྒྲལ་ན་མངོན་སངས་རྒྱ། །དེ་ལ་ནང་དུ་གནས་པ་ནི། །ངེས་པར་ཕུན་སུམ་ཚོགས་


DNG020_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྔའོ། །རྟགས་དང་དྲོད་ཟིན་རྣལ་འབྱོར་པས། །དག་པའི་གནས་སུ་འདུག་ནས་ནི། །དཀྱིལ་འཁོར་རྟེན་བཅའི་རིམ་པ་ཡང་། །ཡལ་ག་མེད་པའི་བྷནྡ་ནི། །ཐོད་པ་རབ་ཏུ་ལེགས་པ་ལ། །ཡུགས་ས་མོ་ཡི་མངལ་ཁྲག་གིས། །གྲུ་གསུམ་མེ་འོད་འབར་བ་ལ། །ཕྲིན་ལས་བཞི་ཡི་དབྱིབས་བྱའོ། །དེ་ལ་དགྲ་བགེགས་མིང་བྱང་གཞུག །བསྙེན་པའི་ཕུར་པས་གཟིར་ལ་གཞག །གཏོར་མ་སྨན་དང་རཀྟ་བཅས། །རྩ་བ་དེ་ལས་བྱུང་བའི་རིགས། །ཏིང་འཛིན་རྣམ་གསུམ་རིམ་བཞིན་བསྒོམ། །གཞལ་ཡས་གདན་དང་བཅས་པར་བསམ། །དེ་དབུས་རྩ་བའི་བདག་ཉིད་སྐུ་བསྐྱེད་པ། །ལུས་ལ་དཀྱིལ་འཁོར་རྫོགས་པའོ། །གཞན་ཡང་ཐོད་པའི་གཞལ་ཡས་སུ། །སྲས་བཅས་དམ་ཅན་བཅས་པ་བསམ། །དབང་བསྐུར་བྱིན་རླབས་ལེགས་པར་བྱ། །རང་བཞིན་དཀྱིལ་འཁོར་སྤྱན་དྲང་བསྡིམ། །ཕྱག་འཚལ་མཆོད་པ་བྱས་ལ་ནི། །བཟླས་པ་དཔའ་བོ་གཅིག་པའི་སྔགས། །དང་པོ་བཅོམ་ལྡན་ཕུར་པའི་རྫས། །ཐམས་ཅད་འདུས་དང་རི་རབ་དང་། །མནན་པ་ཁྲོ་བོ་འདུས་པ་དང་། །གོང་བཞིན་དམ་ཅན་འདུས་པ་དང་། །ཐབས་དང་ཤེས་རབ་གིང་མཆོག་དང་། །རྟོགས་པ་ལས་ཀྱི་སྔགས་བཅས་པ། །རྣམ་བཞི་ཚང་བ་བཞི་སྙིང་སྟེ། །དཔའ་བོ་གཅིག་ལ་ངལ་བ་མེད་པར་བཟླས། །ལྷ་ལ་བསྟོད་ཅིང་སྲུང་མ་བསྐུལ། །དེ་ནི་བསྙེན་པའི་དུས་སུ་སྟེ། །རྟགས་ཚང་གཉིས་མེད་དངོས་གྲུབ་བླང་། །དྲག་པོ་གསད་པའི་ལས་བྱ་བ། །ཉ་ནག་མར་གྱི་ངོ་ལ་ནི། །དྲག་པོ་ལས་ཀྱི་རིམ་པ་བྱ། །གབ་སྔགས་དྲུག་གི་ལས་བྱས་ལ། །དམ་ཅན་སྔགས་དང་བཅས་པ་དང་། །བཞི་སྙིང་སྔགས་ལ་མིང་བཏགས་ལ། །བཟླས་བྱས་ཚེ་ལུང་ཁྲུས་ལུང་གིས། །ཕུར་བཏབ་རྡུལ་དུ་བརླག་པར་བྱ། །ཞལ་དུ་བསྟབ་ཅིང་གཏོར་མ་གཏང་། །ལས་གསུམ་ངེས་པས་ལས་མཐའ་བརྟུལ། །དེ་ལ་རྟགས་མཚན་མེད་པ་ན། །ཡི་དམ་ནར་མ་གཞུང་དུ་བྱའོ། །ལས་ཀྱི་རིམ་པ་རྫོགས་བྱས་པས། །གང་ལ་དམིགས་པ་གདོན་མི་ཟ། །འདི་ནི་ནང་དུ་ངེས་པ་སྟེ། །ལུས་རྩ་གསེར་གྱི་བུ་ག་རུ། །དཀྱིལ་


DNG020_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ཚང་བར་བསྐྱེད་པ་ལས། །ཐོད་པའི་གཞལ་ཡས་ནང་དུའོ། །ཞེས་གསུངས་སོ། །རྡོ་རྗེ་ཕུར་པ་གསང་བའི་རྩ་བ་རྣལ་འབྱོར་ཆེན་པོ་ཡང་དག་པའི་རྒྱུད་ལས། ཕུར་པ་ནང་ལྟར་བཤད་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་འགྲོ་ལ་ཕན་གདགས་ཕྱིར། །གསང་བའི་ངེས་པ་རབ་ཏུ་བཤད། །ངེས་གསུམ་གདེང་གསུམ་ལྡན་པ་ཡིས། །ཕུར་པ་གསང་བ་རབ་ཏུ་བསྒྲུབ། །དེ་ཡང་རྣམ་པ་དྲུག་ཡིན་ཏེ། །ཆོས་ཉིད་བདེན་པ་བསྟན་པ་དང་། །སྔགས་ཀྱི་བྱིན་བརླབ་བསྟན་པ་དང་། །ཨ་བྷི་ཙརྱའི་བརྣགས་པ་དང་། །དེ་ཡི་ཤེས་པ་དགུག་པ་དང་། །སངས་རྒྱས་མཐུ་ཉིད་བསྟན་པ་དང་། །མ་ནོར་ཚུལ་དུ་བསྒྲུབ་པར་ངེས། །དང་པོར་མཎྜལ་བྲི་བ་ནི། །གྲུ་གསུམ་རྒྱ་མདུད་དཀྱིལ་འཁོར་དུ། །ཕྱི་ནང་གསང་བའི་རྫས་རྣམས་བསག །ཕུར་པ་ལ་སོགས་རིམ་བཞིན་དགོད། །ཡང་ན་དཀྱིལ་འཁོར་མི་དགོས་ཏེ། །གསང་བའི་ལས་སུ་བཤད་པ་ཡིན། །དང་པོ་ཏིང་འཛིན་རྣམ་གསུམ་གྱིས། །ཧཱུཾ་ཉིད་སྲོག་གི་གོར་ཤར་བས། །གྲུ་གསུམ་གཞལ་ཡས་བཅས་པར་བསམ། །ཡང་ན་ཕུང་པོའི་གཞལ་ཡས་སུ། །དེ་ལ་ལྷ་རྣམས་གསང་སྔགས་ཀྱིས། །རྫོགས་པའི་ཚུལ་དུ་བསྐྱེད་པ་དང་། །རྣམ་པར་ཤེས་པའི་ཚོགས་ལས་གྱུར། །རང་བཞིན་སྤྱན་དྲང་དེ་ལ་བསྡིམ། །མཆོད་པ་སྦྱོར་སྒྲོལ་ཁམས་གསུམ་སྒྲོལ། །ཁྲོ་བོ་ལྔ་ཡིས་དུག་ལྔ་འདུལ། །དེ་ཡང་བདུད་རྩིའི་ལས་ལའོ། །བསྟོད་དང་སྨོན་ལམ་ངེས་པར་བྱའོ། །ཀཱི་ལ་ཡ་ཡི་གསང་སྔགས་ཀྱིས། །རྟོགས་དང་མ་རྟོགས་མཚམས་སུའོ། །ཆོས་ཉིད་དོན་དམ་ཤེས་པ་ཡིས། །སྲས་དང་སྤྲོ་བསྡུ་ལེགས་པར་བྱ། །དྲག་སྔགས་བདུན་པའི་ཚུལ་དུའོ། །ཡང་ན་ཁོ་ན་ཤེས་པ་ཡིས། །མན་ངག་ཉི་ཤུ་རྩ་གཅིག་གིས། །ལེགས་པར་སྟོད་སྨད་སྦྱར་བར་བྱའོ། །རྟགས་བྱུང་དངོས་གྲུབ་ཤེས་བྱས་པས། །ནུས་པ་འཐོབ་འགྱུར་ངེས་པ་སྟེ། །དོན་དམ་ངེས་པ་སྟོན་པས་ན། །ཆོས་ཉིད་བདེན་པའི་ཕུར་པ་ཡིན། །དེ་ནས་དྲག་པོའི་ལས་འཇུག་པ། །མཎྜལ་


DNG020_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

གོང་ལ་སྒོ་བཞིར་ནི། །ཉམས་པ་བསྒྲལ་བའི་ཡན་ལག་དང་། །མགོ་བཅས་ཉམས་པས་གཞལ་ཡས་ཁང་བྱའོ། །ལིངྒ་ངེས་བྱས་ཕུར་པས་གཟིར། །བསེ་ལྕགས་དུང་གི་རྫས་རྣམས་བསག །དེ་ནས་ཏིང་འཛིན་རྣམ་གསུམ་གྱིས། །ཐམས་ཅད་མཐིང་ནག་ཕུར་པའི་ལྷ། །མེ་རི་སྨུག་ནག་ནང་ན་བཞུགས། །ཉམས་པ་བསྒྲལ་བའི་རྣམ་ཤེས་ལ། །རེངས་པ་སྐད་ཅིག་རྫོགས་ཚུལ་དུའོ། །རང་བཞིན་སྤྱན་དྲང་མཆོད་པ་དབུལ། །སྦྱོར་སྒྲོལ་མཆོད་པ་གོང་འོག་བསྣོར། །ཉམས་པ་བསྒྲལ་བའི་རཀྟ་ནི། །དུག་ལྔ་ལྷ་ལྔའི་སྤྱན་སྔར་དབུལ། །དྲག་པོའི་ཚུལ་དུ་གསལ་གདབ་བསྟོད། །ཁྲོ་བོའི་ཚུལ་དུ་སྤྱན་ཡང་དྲངས། །དང་པོ་གཙོ་བོ་གསང་སྔགས་དང་། །ཕྱག་རྒྱ་བཞི་དང་མིང་རུས་དང་། །མ་མོ་འདུས་དང་ཐམས་ཅད་འདུས། །བཞི་སྙིང་དྲིལ་བ་དྲག་ཏུ་བཟླས། །ཧཱུཾ་ཀཱ་ར་ཡི་ཡི་གེ་བདུན། །ཐམས་ཅད་གྲགས་པ་གསུང་གི་སྔགས། །བདག་ཉིད་གཙོ་བོའི་ཡི་གེ་ལྔས། །གཟུགས་སུ་བསྐྱེད་པ་སྐུ་ཡི་སྔགས། །བདུད་རྩི་འཁྱིལ་པ་ཡི་གེ་དྲུག །དྲན་པར་སྣང་བ་ཐུགས་ཀྱི་སྔགས། །དེ་རྣམས་གོང་གི་བར་དུའོ། །སྐུ་གསུང་ཐུགས་ལ་གཙོ་ཆེན་བྱ། །དྲག་སྔགས་དྲུག་པ་དམ་ཅན་དང་། །བཟླས་སྔགས་ཐམས་ཅད་གོང་གི་བར། །མན་ངག་རིམ་པར་ཤེས་པ་ཡིས། །བཟླས་པ་བྱས་པས་བླ་ཁུགས་འགྱུར། །ཏིང་ངེ་འཛིན་གྱིས་གཟིར་བར་བྱའོ། །བསྒྲུབ་པ་ངེས་པར་གནས་པ་ཡིས། །གསང་སྔགས་བྱིན་རླབས་ཤེས་པར་བྱ། །རྒྱུ་ཡི་རཱུ་ཏྲས་འབྲས་བུ་དང་། །ལམ་གྱི་རཱུ་ཏྲས་བདག་ཉིད་ཕུང་། །དུག་ལྔའི་ངེས་པ་རབ་ཤེས་བྱ། །ལམ་གྱི་རཱུ་ཏྲ་བརྣགས་པ་ཡི། །སྐྱེ་བོ་ཉམས་པ་ཅན་དེ་སྤྱི། །དམ་ཚིག་གཅིག་པ་ཕྱི་དང་ནང་། །གསང་བའི་བརྣག་པ་ཡིན་པ་སྟེ། །དེ་ལ་ལིངྒའི་མན་ངག་དང་། །ཐབས་དང་སྦྱོར་བ་གཞོམ་པ་དང་། །ཁ་སྦྱོར་དབྱེ་བ་གསུམ་བྱས་ལ། །བསྒྲལ་བ་རྣམ་གཉིས་ཤེས་པར་བྱ། །དེ་ནི་མི་འགྱུར་བརྣག་པ་ཡིན། །དེ་ཡི་ཤེས་པ་དགུག་པ་དང་། །དྲག་


DNG020_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་བཞི་ཡི་སྦྱོར་བ་བྱ། །ཕོ་ཉ་སྔགས་དང་ཏིང་འཛིན་གསུམ། །བྲན་དང་ཕོ་ཉ་བཀའ་ཉན་གྱིས། །ཤེས་པ་ངེས་པར་དགུག་པར་བྱ། །མིང་པོ་སྲིན་མོའི་དགུག་སྔགས་སམ། །ཡང་ན་མིང་པོའི་དྲག་སྔགས་སོ། །ཏིང་འཛིན་རི་དྭགས་ཤ་བཀྱེ་བཞིན། །མ་ཁུགས་བར་དུ་ངེས་པར་སྦྱར། །ཁུག་ནས་གདབ་པའི་ལས་བྱའོ། །འདི་ཡིས་ངེས་པར་ཁུགས་པ་ཡིན། །གོང་དུ་བསལ་བས་གདབ་མི་དགོས། །ཡང་ན་གདབ་པར་བྱ་བ་ནི། །དབུས་ཀྱི་སྲས་མཆོག་སྙིང་ལ་ནི། །ཨོཾ་ལཾ་སྔགས་ཀྱིས་གདབ་བྱ་སྟེ། །ཚེ་ལུང་ཁྲུས་ལུང་ལེགས་པར་བྱ། །སྐུ་གསུང་ཐུགས་ཀྱི་ཕུར་པ་ཡིས། །ལུས་ངག་ཡིད་ལ་ངེས་པར་སྦྱར། །ཁྲོ་བོ་བཅུ་ཡི་ཕུར་པ་ཡིས། །སྤྱི་བོ་ལ་སོགས་གནས་བཅུར་གདབ། །དམ་ཅན་མིང་སྲིང་ཕུར་པ་དྲུག །སྔགས་ཀྱིས་གནས་སུ་གདབ་པར་བྱ། །བཏབ་ནས་བསྟབ་པའི་ལས་རྣམས་བྱ། །དེས་ནི་ངེས་པར་གསོད་འགྱུར་བས། །སངས་རྒྱས་མཐུ་རུ་རྣམ་པར་བཤད། །ལས་ཀྱི་མཐའ་བརྟུལ་ངེས་པར་ཡང་། །གབ་སྔགས་དྲུག་གི་འཁོར་ལོ་ནི། །དེ་ཡང་སྲོག་ལ་འཁོར་ལོ་བསྐོར། །ནུབ་ལྔར་ངེས་ཤེས་གོང་བཞིན་གདབ། །ཧོམ་ལ་བསྲེག་པའི་སྦྱོར་བ་ཡིས། །རྡོ་རྗེ་མེ་དབལ་གྱིས་བསྲེག་ནས། །ཐོད་པར་འཕང་བའི་ལས་བྱའོ། །གནོན་པ་ངེས་པར་གནན་པ་ཡིས། །ཉམས་པ་འཆིར་འགྱུར་ངེས་པ་ཡིན། །འདིས་ནི་ཉམས་པ་བསད་པ་ཡི། །དེ་ཁོ་ན་ཉིད་མ་ནོར་ཚུལ་བཞིན་བསྒྲུབ་པའོ། །འདི་དག་ལམ་དུ་བྱས་པ་སྟེ། །བདག་དང་ཕུར་པ་གཟས་པ་གསུམ། །གཅིག་ཏུ་རྟོགས་ན་ཐེབས་པའོ། །ལྷ་རྣམས་རང་གིས་ཤེས་འགྱུར་བས། །འདི་ནི་གསང་བའི་རིམ་པའོ། །ཞེས་གསུངས་སོ། །རྡོ་རྗེ་ཕུར་པ་གསང་བའི་རྩ་བ་རྣལ་འབྱོར་ཆེན་པོ་ཡང་དག་པའི་རྒྱུད་ལས། གསང་བ་བཤད་པའི་རིམ་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་དཔའ་བོ་ཆེན་པོ་ཡིས། །སེམས་ཅན་དབང་པོ་རབ་འབྲིང་བས། །བློ་ཡི་རབ་འབྲིང་མང་ཡོད་པས། །དེ་ཡི་ཕྱིར་ན་རིམ་པ་དག །དགུ་རུ་རྣམ་པར་ངས་བཤད་དོ། །དེ་ལ་ཕུར་པ་ཕྱི་ཡི་ཕྱིའི། །མན་ངག་འདི་ལྟར་ཤེས་པར་བྱ། །


DNG020_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་ལྡན་པའི་སྔགས་པ་ཡིས། །ཉམས་པ་བསྒྲལ་བའི་ལས་བྱས་པས། །དེ་ཉིད་ལམ་དུ་ངེས་པ་ཡིན། །གནས་མཆོག་གཞུང་ལྟར་ངེས་པ་སྟེ། །ཡན་ལག་བདུན་བཅས་སྔོན་འགྲོ་བྱ། །ཕྱི་མཚམས་ལ་སོགས་ངེས་བྱས་ཏེ། །ཚོགས་གཉིས་ལེགས་པར་བསགས་པ་ཡི། །མཎྜལ་རིམ་པ་ལེགས་པར་བྱ། །གྲུ་གསུམ་བཅུ་གཅིག་ལེགས་བྲིས་ལ། །དེ་ལ་རྫས་རྣམས་དགོད་པ་ནི། །བདུད་རྩི་སྨན་དང་རཀྟ་དང་། །རྨད་དུ་བྱུང་བའི་རྫས་རྣམས་དང་། །དྲེགས་པ་བརྟེན་པའི་རྫས་རྣམས་དགོད། །བསྙེན་ཕུར་ལ་སོགས་ཉི་ཤུ་གཅིག །དབུས་ལ་སོགས་པའི་རིམ་པར་དགོད། །དེ་ནས་ཡན་ལག་བདུན་པ་དང་། །ཚད་མེད་འགྲོ་དོན་ཤེས་པར་བྱ། །དང་པོའི་ཚིག་ལ་ཏིང་འཛིན་གསུམ། །ལེགས་པར་བསྐྱེད་པ་དེ་འོག་ལ། །གདན་བཅས་གཞལ་ཡས་བསྐྱེད་པར་བྱ། །དེ་འོག་གཉིས་པའི་ཚིག་བཞིས་ནི། །གཙོ་བོའི་འཁོར་རྣམས་བསྐྱེད་བྱས་ལ། །བདག་དང་ཁྲོ་བོ་ཕུར་པ་རྫས། །རྫོགས་པར་དཀྱིལ་དུ་ཤེས་པར་བྱ། །དེ་འོག་ཚིག་གསུམ་ངེས་པ་ཡིས། །གསོལ་བ་གདབ་པར་ཤེས་པར་བྱ། །ཡང་ན་གོང་གི་ཚིག་བཞི་ཡིས། །ཕུར་པ་རྫས་སུ་ཤེས་པར་བྱ། །དེ་འོག་ཚིག་བཞིས་གདབ་པར་བྱ། །དེ་འོག་བཞི་ཡིས་དབང་བསྐུར་རོ། །དེ་འོག་གསུམ་པས་སྤྱན་དྲངས་ཏེ། །བཞི་པས་དངོས་གྲུབ་ཤེས་པར་བྱ། །མཆོད་བྱས་བསྟོད་པ་སྨོན་ལམ་གདབ། །འབྲུ་དགུ་མ་ནོར་བདུན་ཁྲི་བཟླས། །འཁོར་ལ་དེ་ཡི་ཕྱེད་ཕྱེད་དོ། །དེ་ལ་རབ་འབྲིང་རྟགས་ཚང་ན། །དངོས་གྲུབ་བླང་བ་ཤེས་པར་བྱ། །དེ་ནས་དྲག་པོའི་ལས་བྱ་བ། །དཀྱིལ་འཁོར་འཁོར་ལོ་རྩིབས་དྲུག་པ། །ཕུར་པ་དྲུག་བཅས་རབ་བཀོད་དེ། །ལིངྒ་ཐུན་རྫས་དྲག་པོའི་རྫས། །གབ་སྔགས་རྫས་སུ་ཤེས་པར་བྱ། །དང་པོ་ལྷ་དབྲལ་གཉིས་པ་དབབ། །གསུམ་པས་བྱད་གཞུག་བཞི་པས་སྨྱོ། །ལྔ་པས་རྡུལ་བརླག་དྲུག་པས་བསྟབ། །དེ་ལྟར་མན་ངག་རིམ་པར་སྦྱར། །དང་པོ་ཏིང་འཛིན་རྣམ་གསུམ་ནས། །རྫོགས་པར་མཐིང་ནག་འབར་བ་སྟེ། །དེ་ལྟར་མཆོད་བསྟོད་རྫོགས་པར་བྱ། །


DNG020_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་དྲུག་ལ་དྲེགས་པ་དྲུག །ཁྱམས་ལ་མ་བདུན་སྲུང་མ་གསུམ། །རིམ་པར་རྫོགས་ཚུལ་ཤེས་པར་བྱ། །མཆོད་པ་བསྟོད་པ་ཡན་ཆད་བྱ། །དང་པོ་གཙོ་བོའི་གསང་སྔགས་དང་། །མིང་རུས་བཅས་པའི་ངེས་པ་དང་། །ཧ་ས་ཡ་རའི་ཡི་གེ་དགུ། །སུམ་བརྒྱ་དྲུག་ཅུའི་གཙོ་བོ་སྟེ། །དགྲ་བླའི་རྒྱལ་པོའི་སྙིང་པོ་ཡིན། །དང་པོའི་ཞག་གཅིག་ལྷ་དང་དབྲལ། །དེ་ནས་སྲུང་མ་མ་བདུན་སྔགས། །ཐུན་དུ་བཅས་པས་གསད་པར་བྱ། །རྩ་བས་དམ་ཅན་གནད་ལ་དབབ། །ཨཱ་ཝེ་ཤ་ཡི་ཡི་གེ་བཅུ། །ཀླུ་ཡི་རྒྱལ་པོའི་གསང་སྔགས་ཡིན། །ནུབ་གཉིས་གཟུགས་ལ་དབབ་པའོ། །ཤི་ཀྲི་ཨཱ་ན་ཡ་ཡི་ཡི་གེ་བདུན། །ཕྱོགས་བཞི་དག་ཏུ་ལེགས་པར་དགོད། །དེ་ནས་ཏིང་འཛིན་རྣམ་གསུམ་ནས། །རིམ་པར་རྫོགས་ཚུལ་བསྐྱེད་པ་ནི། །གཙོ་བོ་རྫོགས་ཚུལ་བསྐྱེད་པ་ཡང་། །སྲས་མཆོག་ཕུར་པ་རྣམས་ལ་ནི། །རང་རང་ཞལ་གཅིག་ཕྱག་བཞི་པ། །སྟ་རེ་ཁ་ཊྭཱཾ་ཕུར་བུ་འདྲིལ། །མཐིང་ནག་འབར་བའི་ཚུལ་གནས་སོ། །དམ་ཅན་མ་ནི་འདི་ལྟ་སྟེ། །ནག་མོ་ནག་ལ་བསེ་མོ་དམར། །ཤྭ་ན་དཀར་ལྡེམ་མིང་པོ་སེར། །ཞལ་གཅིག་ཕྱག་གཉིས་ལྕགས་ཀྱུ་ཕུར། །རངས་པ་དྲག་པོ་མིན་ནམ་རྣམས་ལ་ཆིབས་མེད་དོ། །རྩ་བ་སྐུ་གསུང་ཐུགས་སུ་བརླབ། །རང་བཞིན་སྤྱན་འདྲེན་མཆོད་པ་དབུལ། །བསྡོད་པ་ཡན་ལག་རྫོགས་པར་བྱ། །གཙོ་བོ་གསང་སྔགས་ངེས་པ་དང་། །ཁ་སྐོང་སྲས་མཆོག་སྔགས་དྲུག་གམ། །ཡང་ན་མི་སྐོང་བདུན་དུ་ངེས། །དམ་ཅན་རང་རང་གསང་སྔགས་བཅས། །རིམ་པར་གང་རིགས་རྫོགས་པར་བྱ། །ཕར་མཆོད་གུས་པས་བདག་ལ་བསྡིམ། །དེ་ཡིས་ངེས་པར་བསྟན་པ་ཡིན། །དེ་ནས་སྐབས་སུ་ཐུན་དུ་བྱ། །ལྕགས་ཕུར་སྔགས་ཀྱིས་སྙིང་ལ་གདབ། །སྐྱེར་ཕུར་མཆོག་ཕུར་སེང་ལྡེང་ཕུར། །བྱ་ཕུར་ཙནྡན་ཤེར་ཤིང་རྣམས། །རང་རང་སྔགས་ཀྱིས་གནས་གནས་གདབ། །ཀུན་ལ་གསང་སྔགས་འབྲུ་དགུའོ། །དམ་ཅན་གསུམ་པོ་རང་སྔགས་ཀྱིས། །དགྲ་བོའི་གནས་སུ་གདབ་པར་བྱ། །མིང་པོའི་ཕུར་པ་འདུས་པ་ཡིས། །


DNG020_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱིས་གདབ་པར་ཤེས་པར་བྱ། །ལས་གསུམ་ལས་མཐའ་ངེས་པར་བརྟུལ། །ཤི་ནས་ངེས་པར་གནས་སྤར་རོ། །འདི་ནི་ཉམས་པ་བསྒྲལ་བ་སྟེ། །སངས་རྒྱས་བསྟན་པ་བསྲུང་ཕྱིར་བཤད། །ཅེས་གསུངས་སོ། །རྡོ་རྗེ་ཕུར་པ་གསང་བའི་རྩ་བ་རྣལ་འབྱོར་ཆེན་པོ་ཡང་དག་པའི་རྒྱུད་ལས། ཕྱིའི་དབྱེ་བ་རྣམ་གསུམ་བཤད་པ་སྟེ་ལེའུ་བཅུ་གཅིག་པའོ།། །།དེ་ནས་ནང་གི་དབྱེ་བ་རྣམས། །ཡང་དག་པར་ནི་བཀའ་སྩལ་ཏེ། །གཉིས་མེད་ཕུར་པའི་དོན་ཤེས་དང་། །ཤེས་གསུམ་གདེང་གསུམ་ལྡན་པ་ཡི། །ཡོན་ཏན་ལྡན་པའི་རྣལ་འབྱོར་གྱིས། །ནང་གི་ཕྱི་ཡི་བསྒྲུབ་པ་བྱ། །སྔོན་འགྲོ་ལ་སོགས་རིམ་པ་ལས། །མཎྜལ་དྲག་པོ་བྲི་བར་བྱ། །ཕུར་པ་བཅོ་བརྒྱད་ལེགས་པར་དགོད། །ནང་གི་རྫས་རྣམས་ཚང་བ་དང་། །ཐོད་པ་ཆེན་པོའི་ཐུན་དང་བཅས། །དབུས་གཞག་སྔགས་དྲུག་ཐུན་ཀྱང་བཅའ། །དེ་ནས་མཚམས་བཅད་བྱིན་དབབ་བཤགས། །རྫས་རྣམས་ལེགས་པར་བྱིན་བརླབ་བོ། །དེ་ཡང་མི་སྐོང་ཤེས་པར་བྱ། །དེ་ནས་ཏིང་འཛིན་འཇུག་པ་ནི། །དང་པོའི་ཚིག་གསུམ་ཏིང་འཛིན་བསྒོམ། །གཞལ་ཡས་གདན་དང་བཅས་པ་བསྐྱེད། །རྡོ་རྗེའི་ཚིག་ནི་བཞི་པ་ཡིས། །བདག་ཉིད་ཡབ་ཡུམ་རྫོགས་ཚུལ་ལ། །ཡེ་ཤེས་སེམས་དཔའ་བཅས་པར་བསམ། །རྡོ་རྗེའི་ཚིག་ནི་གསུམ་པ་དང་། །གུ་ཧྱ་མནྟྲ་བཅུ་ཡིས་ནི། །ཧཱུཾ་ཀཱར་ལ་སོགས་ཕྱོགས་བཅུ་ཡི། །ཕྲ་ཐབས་ཡང་སྤྲུལ་བཅས་པར་བསྐྱེད། །རྡོ་རྗེའི་ཚིག་གཉིས་སྔགས་བཅས་པས། །སྲས་ལྔ་དབུས་དང་སྒོ་མ་བསྐྱེད། །བྱིན་བརླབ་དཀྱུས་ཚིག་བཞི་པ་དང་། །སྔགས་བཅས་སྲོག་ལ་དབང་བསྐུར་རོ། །སྟོད་སྨད་ཚིག་བཞིས་སྤྱན་དྲངས་ལ། །གཉིས་མེད་བསྡིམ་ལ་མཆོད་པ་ནི། །རང་རང་སྔགས་དང་སྟོབས་བཅས་པས། །རྣམ་ལྔའི་མཆོད་པ་རྫོགས་པར་བྱ། །སྨོན་ལམ་བཅས་ཏེ་སྦྱོར་བ་ཡིས། །མཆོད་པ་རྣམ་པར་དབུལ་བར་བྱ། །རྡོ་རྗེའི་ཚིག་གསུམ་སྔགས་བཅས་པས། །སྨན་གྱི་དངོས་གྲུབ་


DNG020_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པར་བླང་། །དེ་འོག་གསུམ་གྱིས་འཛབ་བསྟོད་དེ། །ལྷ་རྣམས་སྐུ་མདོག་ཁམ་ནག་སྟེ། །ཞབས་ནི་རི་རབ་ཕུར་བུའོ། །དམ་ཅན་མགྲོན་ཐབས་སྤྱན་དྲངས་བསམ། །བར་བར་ཕྲིན་ལས་བཅོལ་བར་བྱ། །གསང་སྔགས་བཟླས་པ་རབ་ཏུ་བྱ། །གཙོ་འཁོར་རིམ་པར་ཤེས་པས་ནི། །རྟགས་མཚན་རབ་ཏུ་འབྱུང་བར་ངེས། །དངོས་གྲུབ་བླང་བའི་རིམ་པ་ཡང་། །འབྲང་རྒྱས་ཟླ་གམ་དཀར་དམར་གཉིས། །གཞན་ཡང་ཞལ་ཟས་མང་པོ་དང་། །བཅས་པ་ཐོད་པའི་ནང་བཞག་ལ། །ལྷ་རྣམས་སྔགས་ལ་གོང་འདུས་སྔགས། །བཏགས་པ་བཟླས་དང་ཏིང་འཛིན་བྱ། །རྡོ་རྗེའི་ཚིག་ནི་གསུམ་པ་ཡིས། །ཞལ་ཟས་ཕུར་པ་གནས་ནས་བསྡིམ། །འདིས་ནི་སྐུ་གསུང་ཐུགས་འཐོབ་སྟེ། །དེ་ཡང་ནམ་མཁའ་རྡོ་རྗེའི་དབུས། །སྙིང་པོ་གསུམ་བསམ་ཟོས་པ་ཡིས། །དེ་ཡིས་གོང་བཞིན་ངེས་པར་འཐོབ། །དང་པོ་གཙོ་བོའི་གསང་སྔགས་དང་། །མིང་རུས་བཅས་པའི་ངེས་ཚིག་དང་། །ཧ་ས་ར་ཡི་ཡི་གེ་བཅུ། །དགྲ་བླའི་རྒྱལ་པོའི་སྙིང་པོ་སྟེ། །དང་པོ་ལྷ་དང་ཕྲལ་བའོ། །ཨ་ཝེ་ཤ་ཡི་ཡི་གེ་བཅུ། །ཀླུ་ཡི་རྒྱལ་པོའི་གསང་སྔགས་ཡིན། །གཉིས་པ་གཟུགས་ལ་དབབ་པའོ། །ཤཱི་གྷྲཾ་ཨཱ་ནའི་ཡི་གེ་བཅུ། །ཁུ་ལེ་ལག་དགུའི་གསང་སྔགས་ཡིན། །གསུམ་པ་བྱད་དུ་གཞུག་པའོ། །ཛྭ་ལ་པ་ཡི་ཡི་གེ་བཅུ། །རྒྱལ་པོ་སྤྱན་གཅིག་སྙིང་པོ་སྟེ། །བཞི་པ་སྨྱ་རུ་གཞུག་པའི་སྔགས། །ཏ་ཐཱ་ཡ་ཡི་ཡི་གེ་བརྒྱད། །བཙན་འགོང་དམར་པོའི་སྙིང་པོ་སྟེ། །ལྔ་པ་རྡུལ་དུ་བརླག་པ་ཡིན། །བྷིན་དྷ་ཡ་ཡི་ཡི་གེ་བཅུ། །རེ་མ་ཏི་ཡི་སྔགས་ཡིན་ཏེ། །དྲུག་པ་ཞལ་དུ་བསྟབ་པའི་སྔགས། །ནུབ་དྲུག་དམ་རྫས་ཕོ་ཉ་དང་། །སྤྲུལ་པའི་ཐུན་རྣམས་སྦྱར་བ་ཡིས། །རླུང་ནད་མཛེ་དང་བྱད་འཆིང་དང་། །སྨྱོ་དང་འབོག་དང་རིམས་ནད་ཀྱིས། །ངེས་པར་དག་ཏུ་འཆི་བར་བཤད། །དྲུག་རྫོགས་ཕུར་པ་གདབ་པ་དང་། །བསྙེན་ཕུར་བཏབ་ལ་ཚེ་ལུང་བྱ། །དེ་ནས་བདག་གི་ཕུར་པ་དང་། །ཁྲོ་བོ་བཅུ་ཡི་ཕུར་པ་དང་། །སྲས་མཆོག་བཞི་ཡི་ཕུར་པ་


DNG020_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །དམ་ཅན་གསུམ་གྱི་ཕུར་པ་དང་། །ཕྲ་ཐབས་སྤྲུལ་པའི་ཕུར་པ་རྣམས། །རང་རང་སྔགས་ཀྱིས་གདབ་པར་བྱ། །དེ་ཡང་དེ་ཡི་གནས་དུས་སུ། །བསྲེག་འཕང་གནན་པས་མཐའ་བརྟུལ་ལོ། །སྤྱིར་ན་གབ་སྔགས་མ་ངེས་ཏེ། །འདི་དྲུག་འཇིག་རྟེན་པ་རུ་གྲགས། །ལྷ་རྣམས་སྤྱི་འདུས་སྙིང་པོའམ། །ཕྲ་མེན་ཡིན་པར་ངས་བཤད་པ། །རྩ་བ་དཀྱུས་དང་དཀྱུས་ལ་གདབ། །འདི་ནི་སྤྱི་ཡི་ཕྱི་ཉིད་དོ། །དྲེགས་པ་སྤྱི་རུ་བསྒྲུབ་པ་ཡིན། །དེས་ན་དེ་ཡི་ནང་སྒྲུབ་ནི། །དང་པོ་གོང་བཞིན་དཀྱིལ་འཁོར་བྲི། །ཕྲིན་ལས་བཞི་ཡི་དཀྱིལ་འཁོར་ལྡན། །རྫས་རྣམས་ལེགས་པར་ཚོགས་པ་དང་། །ཕུར་པ་བཞི་རྣམས་ཕྲིན་ལས་ལ། །རང་རང་གནས་སུ་བཞུགས་སུ་གསོལ། །ཐོད་པ་ཆེན་པོ་མཚན་ལྡན་པར། །ཁྲག་སྣ་ཚོགས་པར་དུག་དང་སྦྱར། །ཐུན་གྱི་རྫས་རྣམས་རབ་བསོག་ལ། །གབ་པའི་རྫས་རྣམས་དེ་བཞིན་དུ། །དང་པོ་བསྙེན་པ་ཉེ་བསྙེན་པ། །བསྒྲུབ་དང་བསྒྲུབ་པ་ཆེན་པོ་དང་། །བསད་པའི་ཐུན་དང་ལྔ་རྣམས་སོ། །ཆོས་ཉིད་བདེན་པའི་གསང་སྔགས་ཀྱིས། །བྱིན་རླབས་གསང་སྔགས་མཐུ་བསྟན་དང་། །ཨ་བྷི་ཙརྱའི་དུས་ལ་བབ། །བརྣག་པ་ཁོ་ནའི་ལས་རྣམས་ཏེ། །སྦྱར་བ་ཐབས་ཀྱིས་ཤེས་པར་བྱ། །དང་པོ་རིམ་པར་ལྷ་བསྐྱེད་ནས། །མཆོད་པ་ཡན་ཆད་རྫོགས་ཚུལ་ལོ། །དང་པོ་བདག་ཉིད་གཙོ་བོའི་སྔགས། །རྫོགས་པར་བརྗོད་པ་བསྙེན་པ་ཡིན། །སྐུ་གསུང་ཐུགས་ཀྱི་གསང་སྔགས་ལ། །ཐེམ་པར་གཞུག་པ་ཁྲོ་བོའི་སྔགས། །དེ་ལ་ཉེ་བསྙེན་ཡང་དག་བྱ། །རྟགས་མཚན་བྱུང་ན་དངོས་གྲུབ་ནི། །རབ་ཏུ་བླང་བ་ཤེས་པར་བྱ། །དེ་ནས་གདབ་པའི་ལས་བྱ་བ། །དབུས་སུ་འབྲུབ་ཁུང་ཐུར་དུ་བྲུ། །དེ་ནས་ཐོད་པ་ལིངྒ་བཅའ། །མན་ངག་རིམ་པས་ལས་བྱའོ། །མན་ངག་རྣམ་གསུམ་འདུས་པ་ནི། །བསྒྲུབ་པ་ཆེན་པོ་མཆོག་ཡིན་ཏེ། །དགྲ་བོའི་བླ་འགུགས་ཤེས་པར་བྱ། །གབ་སྔགས་མིང་རུས་ཐེམས་སྔགས་ཅན། །ངན་སྔགས་


DNG020_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་པས་བསྒྲུབ་ཆེན་ནོ། །གསད་པར་བྱ་བའི་རིམ་པ་ཡིན། །རངས་པ་ཐོད་པར་རྫོགས་བྲབ་པ། །བསད་པ་ཐུན་གྱི་དམོད་མོ་ཡིན། །གབ་སྔགས་ཐབས་དང་ཤེས་རབ་དང་། །ཐུན་དང་ངན་སྔགས་ཁང་ཁྲོལ་བཏང་། །དེ་ཡི་མན་ངག་ཤེས་པ་ཡིས། །དོན་ལྔར་རབ་ཏུ་ཤེས་པར་བྱ། །སྲས་མཆོག་འདུས་པ་སྙིང་ལ་གདབ། །ཁྲོ་བོ་འདུས་པ་མགོ་ལ་གདབ། །མ་མོའི་ཕུར་པ་མགྲིན་པར་གདབ། །ངན་སྔགས་ཕུར་པ་ལྟེ་བར་གདབ། །དེ་ལྟར་དགོངས་པ་རྫོགས་ལྡན་པས། །ཉམས་པ་འཆི་འགྱུར་ངེས་པ་ཡིན། །ཤི་ནས་གནས་སྦར་ངེས་པར་བྱ། །དེ་ལ་དེ་ཡི་གསང་བ་ནི། །གསང་བའི་གནས་རྣམས་ངེས་པར་ནི། །འཇིགས་པ་མེད་པར་བསྒྲུབ་པར་བྱ། །དཀྱིལ་འཁོར་ཆེན་པོ་བཞེངས་པའམ། །ཡང་ན་གྲུ་གསུམ་དྲུག་དུ་བརྩིག །དབུས་དང་མདུན་དུ་ཤེས་པར་བྱ། །དམ་ཅན་གནས་པའི་གྲུ་གསུམ་བཞི། །ཕྱོགས་བཞི་དག་ཏུ་ངེས་པ་ཡིན། །རེ་རེ་ཐོད་ཆེན་རེ་རེ་ལ། །ལིངྒར་བཅས་པ་ངེས་བཅུག་ལ། །རྫས་རྣམས་ངེས་པར་ཚོགས་པར་གསག །ལྕགས་ཕུར་དབུས་སུ་དགོད་པར་བྱ། །མི་བཟད་ཕུར་བུ་དྲུག་རྣམས་ནི། །གྲུ་གསུམ་དྲུག་ལ་ཤེས་པར་བྱ། །དམ་ཅན་མ་གསུམ་ཕུར་པ་དང་། །མིང་པོ་གསུམ་འདུས་ཕུར་པ་གཅིག །དེ་ཉིད་ལམ་བྱས་སངས་རྒྱ་འགྱུར། །དེ་ནས་ཉམས་པ་བསྒྲལ་བྱ་ན། །དབུས་སུ་གྲུ་གསུམ་ལེགས་པར་བརྩིག །དེར་ཡང་གཟས་པོའི་གཟུགས་ལའོ། །དྲི་མའི་ལིངྒ་ཐོད་པའི་ནང་། །ཕུར་པ་འབྲུབ་ཁུང་ཁ་ལའོ། །བསྙེན་པའི་ཕུར་པས་གཟིར་ལ་གཞག །དྲག་པོ་བྱ་བའི་ལས་རྣམས་ནི། །ཉི་ཤུ་རྩ་གཅིག་ཁོ་ནའོ། །དང་པོ་དགུག་པའི་ལས་བྱ་བ། །དུས་ལ་བབ་པ་དྲུག་པོ་སྟེ། །གང་ལ་ཡང་ནི་ཤེས་པར་བྱ། །དངོས་གྲུབ་བར་གཅོད་ཚིག་བཞི་དང་། །སྔགས་དང་རྫས་སུ་བཅས་པ་ཡིས། །ཉམས་པ་འགུགས་པའི་ལས་ཡིན་ནོ། །དེ་བཞིན་རྡོ་རྗེའི་ཚིག་བཞི་དང་། །སྔགས་དང་རྫས་སུ་བཅས་པ་ཡིས། །ཉམས་པ་ལྷ་དང་དབྲལ་བའི་ལས་ཡིན་ནོ། །


DNG020_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

གོང་བཞིན་ཚིག་དྲུག་སྔགས་དང་རྫས། །ཉམས་པའི་ཤེས་པ་འབེབས་པ་ཡིན། །དེ་བཞིན་ཚིག་དང་སྔགས་དང་རྫས། །ཉམས་པ་སྨྱོ་རུ་གཞུག་པ་ཡིན། །དེ་བཞིན་ཚིག་དང་སྔགས་དང་རྫས། །ཉམས་པ་རྡུལ་དུ་བརླག་པ་ཡིན། །དེ་བཞིན་རབ་ཏུ་ཚང་བ་ཡིས། །ཉམས་པ་ཞལ་དུ་བསྟབ་པར་བྱ། །གབ་པའི་སྔགས་དྲུག་སྦས་པའི་ཚིག །རྫས་དྲུག་ཕོ་ཉ་ཕུར་པ་དྲུག །དུས་དྲུག་ཀུན་ལ་ཤེས་པར་བྱ། །འཁོར་ལོ་ངེས་པར་བྲི་བ་དང་། །མནན་པའི་འཁོར་ལོ་ཐོད་པ་ལའོ། །བསྒྲུབ་པའི་དུས་ཀྱི་གསང་སྔགས་ནི། །མ་མོ་འདུས་པར་ངེས་པ་སྟེ། །ལྷ་རྣམས་མཐིང་ནག་དག་ཏུ་བསྒོམ། །ཡན་ལག་མང་པོའི་བསྙེན་པ་བཞིན། །ཏིང་འཛིན་མང་པོ་བསྒྱུར་བའོ། །བར་བར་སྐབས་སུ་ཐུན་དབབ་པ། །ཉུང་དཀར་ལ་སོགས་བཞི་པོ་ལ། །བསེ་མོའི་སྔགས་དང་ཏིང་འཛིན་དང་། །ཚིག་བཞི་ངེས་པས་ཐུན་དབབ་པ། །བསེ་མོའི་ཐུན་དུ་ངེས་པའོ། །རམས་ཀྱི་ཕྱི་མོ་ལ་སོགས་བཞི། །བདག་ཉིད་མ་ཡི་སྔགས་དང་ནི། །ཏིང་འཛིན་བཞི་ཡི་ཐུན་དབབ་པ། །བདག་ཉིད་མ་ཡི་ཐུན་ནག་ཡིན། །ལྕགས་ཕྱེ་ལ་སོགས་རྫས་བཞི་ལ། །ཤྭ་ན་མུ་ཁའི་སྔགས་དང་ཏིང་འཛིན་དང་། །ཚིག་བཞིས་ཐུན་དབབ་ཤྭ་ནའི་ཐུན། །དེ་ཡིས་སོད་པའི་རྟགས་བྱུང་ན། །གདབ་པའི་ལས་ལ་ངེས་པར་འཇུག །དང་པོ་ཚིག་བཞིས་བདེན་པ་བདར། །དེ་ནས་རིམ་པར་ཤེས་པར་བྱ། །བསྙེན་པའི་ཕུར་གདབ་དགོངས་པ་ནི། །སྙིང་པོ་དྲུག་ལྡན་ཁྲུས་ལུང་ནི། །སྨད་སྟོད་ཚིག་ནི་བཅུ་གཅིག་དང་། །གུ་ཧྱ་མནྟྲའི་མིང་དང་བཅས། །ཚེ་ལུང་ཁྲུས་ལུང་སྔགས་བཅས་པས། །བདག་ཉིད་བསྟབ་པས་ཚེ་ལུང་ཤེས་པར་བྱ། །འདི་ནི་ཚེ་ལུང་ཁྲུས་བྱས་པས། །དེ་ནས་དམ་ཅན་ཕུར་པས་གདབ། །བྱིན་བརླབ་དམིགས་པ་ཀུན་ལའོ། །དེ་ཡི་ཚིག་ནི་བརྒྱད་དང་ནི། །སྔགས་ཀྱིས་སྙིང་ལ་ཤྭ་ན་གདབ། །དེ་བཞིན་ཚིག་ཚང་སྔགས་བཅས་པས། །བདག་ཉིད་མ་ནི་སྤྱི་བོར་གདབ། །དེ་འདྲས་སྔགས་བཅས་བསེ་མོ་ཡིས། །ལྕེ་ལ་ཕུར་པས་


DNG020_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་གདབ། །དགོངས་པ་མན་ངག་ཀློང་དང་སྦྱར། །དེ་འོག་ཚིག་བདུན་སྔགས་དང་བཅས། །སྲས་མཆོག་བཞི་ཡིས་གནས་བཞིར་གདབ། །གོང་གི་བསྙེན་ཕུར་ཡང་བླང་ལ། །རྡོ་རྗེའི་ཚིག་བཞི་སྔགས་བཅས་པས། །བདག་ཉིད་ཡབ་ཡུམ་ལྟེ་བར་གདབ། །རྡོ་རྗེའི་ཚིག་ནི་དྲུག་བཅས་པས། །ཧཱུཾ་ཀཱ་ར་ཡི་གསང་སྔགས་ཀྱིས། །སྤྱི་བོ་དག་ལ་ངེས་པར་གདབ། །གོང་གི་རྡོ་རྗེའི་ཚིག་དང་ནི། །རྣམ་པར་རྒྱལ་བ་ལ་སོགས་སྔགས། །དཔྲལ་བ་ལྕེ་དང་དཔུང་པ་གཡས། །སྙིང་དང་གསང་བ་དཔྱི་གཡས་དང་། །དཔུང་གཡོན་དཔྱི་ནི་གཡོན་པ་དང་། །རྐང་པའི་མཐིལ་དུ་རབ་ཏུ་གདབ། །དེ་དག་རང་རང་དགོངས་པ་དང་། །ཐབས་ནི་རབ་ཏུ་ཤེས་བྱས་ལ། །ཁོ་ཡི་ཤེས་པ་བདག་ལ་དབུལ། །འདི་ནི་ཕུར་པ་གདབ་པའི་ལས། །དེ་ལྟར་བཏབ་པའི་ག་གོ་ལ། །བསྙེན་པའི་ཕུར་པས་བྲོ་བརྡུངས་པ། །ཐབས་ནི་ཡང་ན་གཡས་སུ་སྟེ། །ཡུམ་གྱི་མཁར་བསམ་བྲོ་བརྡུང་ངོ་། །སྨད་ཀྱི་རྡོ་རྗེའི་ཚིག་ལྔ་དང་། །གསང་བའི་སྔགས་ནི་ལན་གསུམ་གྱིས། །ཡུམ་གྱི་མཁའ་ལས་བསྒྲལ་བར་བྱ། །མཆོད་པ་གཉིས་གསུམ་དབུལ་བར་བྱ། །དེ་ནས་གསོ་བའི་རིམ་པ་ཡང་། །བྱང་ཆུབ་རྣམ་གསུམ་བདག་བསྡིམ་པས། །བདག་ཉིད་བཀྲག་མདངས་བསྐྱེད་པ་སྟེ། །སྔགས་བཅས་བདག་ཉིད་གསོ་བའོ། །ཕུར་པ་བཏོན་ལ་ཀླད་ལ་བསྐོར། །ཀཱི་ལ་བཅོ་བརྒྱད་ངེས་པ་ཡིན། །འཁོར་ལོ་གསལ་བ་ཉི་ཟླ་བཅས། །ཐམས་ཅད་ཕུར་པའི་རྒྱན་གྱུར་པ། །འདི་ནི་ཕུར་པ་གསོ་བའོ། །དེ་ནས་ཉམས་པ་བསྒྲལ་བ་ཡི། །དམ་ཚིག་གནས་པ་ཆེན་པོ་སྟེ། །བདག་ལས་བྱམས་སེམས་ཚུར་བཏོན་ལ། །ཉི་ཟླར་བཅས་པའི་གདན་སྟེང་དུ། །རྣམ་གསུམ་བཞག་ལ་ཨ་ཡཾ་ཕཊ། །དེ་ཡིས་འོག་མིན་གནས་མཆོག་ཏུ། །ཡབ་ཡུམ་སྦྱོར་མཚམས་དག་ཏུ་འཕང་། །དེ་ཡང་རྡོ་རྗེའི་ཚིག་བཞི་པོ། །སྨད་ནི་ཚིག་བཞིས་སྨོན་ལམ་གདབ། །བྱང་ཆུབ་སེམས་སུ་དབང་བསྐུར་རོ། །སྔགས་ཀྱིས་ལྷར་བསྐྱེད་སྤྱི་གཙུག་ཏུ། །རྣལ་རྒྱལ་སྙིང་ག་བདུད་རྩི་འཁྱིལ། །ཉོན་མོངས་ཡེ་ཤེས་


DNG020_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

ཕུང་པོ་ལྷ། །དེ་ལྟར་གནས་སུ་སྤར་བ་ཡང་། །ཁོ་ཡང་མི་འཕམ་རྒྱལ་ངོ་ཤེས། །འཁོར་བར་མི་ལྟུང་ངས་བཤད་དོ། །འདིས་ནི་གཟས་པ་གསོ་བ་སྟེ། །གསོ་བའི་ལས་སུ་རྣམ་པར་གྲགས། །འདི་ཡང་སྨད་དུ་ཤེས་པར་བྱ། །དང་པོར་ཕུར་བཏབ་མཚོན་གཏུབས་པ། །རལ་གྲི་རྡོ་རྗེའི་ཚིག་ལྔ་དང་། །སྔགས་དང་ཏིང་འཛིན་ལྡན་པ་ཡིས། །ཕུར་པས་མ་ལུས་རྡུལ་དུ་བརླག །གཏུབས་པའི་བཀའ་བསྒོ་བསྟབ་པ་ནི། །རྡོ་རྗེའི་ཚིག་ནི་ལྔ་རྣམས་དང་། །སྔགས་དང་ཏིང་འཛིན་བཅས་པ་ཡིས། །བདག་ཉིད་ཁྲོ་བོ་ཡབ་ཡུམ་དང་། །ཕུར་པ་སྲས་དང་དམ་ཅན་གསུམ། །རང་རང་སྔགས་དང་ཏིང་འཛིན་གྱིས། །ཕུང་པོ་ལྷག་མེད་ཞལ་དུ་གསོལ། །འདི་ནི་བསྟབ་པར་ཤེས་པར་བྱ། །བསྟབ་པའི་ལྷག་མ་ག་གོ་དང་། །རྫས་དང་ལིངྒ་གསར་པ་གདབ་པ་ཀུན། །གྲུ་གསུམ་ནང་དུ་བསྲེག་བྱ་བ། །ཚེར་ཤིང་ཆག་གང་ལྕགས་ཐག་བསྡམ། །གྲུ་གསུམ་ནང་དུ་ཤེས་པར་བྱ། །དགང་གཟར་བླུག་གཟར་ཐོད་པས་བརྒྱན། །བདག་ཉིད་ལྷ་དང་མེ་ལྷ་ནི། །སྐུ་མདོག་དམར་པོར་རབ་བསྐྱེད་དོ། །ཤར་ལྷོ་མཚམས་ནས་མེ་ལྷ་དང་། །རྡོ་རྗེའི་ཚིག་གིས་ལྷ་རྣམས་ནི། །སྤྱན་དྲང་བསྐྱེད་པ་ལ་བསྡིམ་མོ། །སྨད་སྟོད་དྲུག་ལས་གབ་དྲུག་དང་། །དེ་འོག་ཚིག་ནི་བཅུ་གཅིག་གིས། །ཀུན་ལ་ཡང་དག་སྦྱར་བར་བྱ། །ལྷ་རྣམས་ཚན་བཞིའི་བསྐོར་ཚོམ་ལ། །སྨད་སྟོད་དང་པོའི་ཚིག་ནི་གསུམ། །རང་རང་སྔགས་ལས་སྲོག་སྔགས་དང་། །ཏིང་ངེ་འཛིན་གྱིས་དབུལ་བར་བྱ། །སྨོན་ལན་གདབ་ཅིང་ཤེས་པ་དགུག །འདི་ནི་བསྲེག་པའི་རིམ་པ་སྟེ། །བསྲེག་པའི་ཐལ་བ་ལིངྒ་དང་། །དྲག་པོ་རྫས་ཀྱི་རྣམ་པ་དང་། །དེ་ལྟར་གོང་གི་ཐུན་ཁྲག་དང་། །དགྲ་བོའི་གནས་ལ་བརྡེག་པར་ཡང་། །ཚིག་དྲུག་བཅུ་གཅིག་བཅས་པ་དང་། །དམ་ཅན་གནད་ལ་དབབ་པ་དང་། །བར་མའི་གབ་པའི་ཚིག་གཅིག་དང་། །སྔགས་དང་ཏིང་འཛིན་བཅས་པ་ཡིས། །འཕང་ན་ཉམས་པ་ངེས་པར་འཆི། །གང་གི་ལིངྒའི་ངོ་བོ་ཡང་། །ཐོད་པའི་འཁོར་ལོ་རབ་བཅུག་ལ། །


DNG020_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

གཟིར་བའི་ཕུར་པ་དང་བཅས་པས། །གནན་ས་ངེས་པའི་སར་སོང་ལ། །གྲུ་གསུམ་བྲུས་ལ་ཁ་ཡང་བཅད། །དེ་རུ་ལྷ་རྣམས་ཀུན་བསམ་ལ། །དོན་ཡོད་གྲུབ་པས་གནན་པར་བསམ། །དང་པོ་དཀྱུས་ཚིག་ལྔ་པ་དང་། །གབ་པའི་ཚིག་གཅིག་སྔགས་བཅས་པས། །ཏིང་ངེ་འཛིན་གྱིས་ངེས་པར་མནན། །དེས་ནི་བསྐལ་པ་བརྒྱར་མི་འཆོར། །འདི་ནི་ལས་ཀྱི་མཐའ་བརྟུལ་ཏེ། །ཀུན་ལ་ཡང་དག་ཤེས་པར་བྱའོ། །ཁ་མི་སྐོང་བའི་ལས་ཡིན་ཏེ། །ཉི་ཤུ་རྩ་གཅིག་ངེས་པའི་དོན། །ཀུན་ལ་དོན་གྱིས་ཤེས་པར་བྱའོ། །འདི་ནི་མན་ངག་ཡང་དག་སྟེ། །ཀུན་ལ་ཡང་དག་གསང་བར་བྱའོ། །གཞི་ནི་སྙིང་རྗེས་གཟུང་བ་དང་། །རྩ་བ་བྱང་སེམས་རྟོགས་པ་དང་། །ཐག་ནི་ལྟ་བས་བཅད་པ་དང་། །ལ་ནི་སྤྱོད་པས་དོར་བ་དང་། །དབང་ནི་དམ་ཚིག་སྒྲོལ་བས་ཏེ། །ངོ་བོ་ངེས་ཚིག་དབྱེ་ཤེས་ན། །གང་བྱས་སངས་རྒྱས་འགྲུབ་པར་ངེས། །ཕྱི་ནང་ཀུན་ལ་ཚོགས་བསགས་པ། །རྒྱུ་ཉིད་བསོད་ནམས་ཚོགས་གཉིས་ཏེ། །གང་ལ་གང་གིས་ཚོགས་གསོག་པ། །འབྱོར་བའི་ཡོ་བྱད་མང་པོ་རྣམས། །རིན་པོ་ཆེ་ཡི་སྣོད་ནང་དུ། །བསངས་ལ་འབྲུ་གསུམ་དག་པ་དང་། །བདུད་རྩི་འཁྱིལ་པའི་སྔགས་ཀྱིས་བརླབ། །སྟོད་སྨད་ཚིག་གསུམ་སྤྱན་དྲངས་ལ། །བསྐོར་ཚོགས་གསུམ་གྱིས་ངེས་པར་ནི། །སྔགས་དང་ཏིང་འཛིན་བཅས་པ་ཡིས། །ལྷ་ལ་རིམ་པར་དབུལ་བར་བྱ། །རྡོ་རྗེའི་ཚིག་ནི་གསུམ་པོ་དང་། །སྔགས་དང་བཅས་པས་དང་པོར་འབུལ། །བར་པ་བཤགས་པས་ངེས་པར་འབུལ། །ཐ་མར་བསྟབ་པའི་ལས་བྱ་བ། །ལིངྒ་བཅས་ལ་ཤེས་པ་དགུག །རྡོ་རྗེའི་ཚིག་ནི་བཞི་པ་ཡིས། །སྟོབ་པའི་སྔགས་བཅས་འབུལ་བ་ཡང་། །རང་རང་སྔགས་ལས་ཤེས་པར་བྱ། །སྨན་དང་རཀྟ་དེ་བཞིན་འབུལ། །ཏིང་ངེ་འཛིན་གྱིས་གསོལ་བར་བསམ། །དོན་གཉིས་འགྲོ་བ་ཤེས་པར་བྱ། །དེ་ནས་ལྷག་བསྡུས་ལྷན་དུ་བྱ། །ཁ་ཆུས་བྲན་ལ་ཕྱག་རྒྱར་བཅས། །རྡོ་རྗེའི་ཚིག་བརྒྱད་ཚིག་བཞི་


DNG020_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས། །སྔགས་དང་ཏིང་འཛིན་བཅས་པ་ཡིས། །ལྷག་མ་དམ་ཅན་གསུམ་ལ་འབུལ། །སྨོན་ལམ་བཏབ་སྟེ་ཕྲིན་ལས་བཅོལ། །འདི་ནི་ཀུན་ལ་བྱ་བ་སྟེ། །དུས་དྲུག་དག་ཏུ་ཤེས་པར་བྱ། །དེ་དང་ལྡན་ན་རྣལ་འབྱོར་ཡིན། །ཀུན་ལས་ཚོགས་ནི་གཉིས་ཡིན་ཏེ། །རང་རང་ཐབས་ཀྱིས་ཤེས་པར་བྱ། །དེ་ལ་ནང་གི་ནང་སྒྲུབ་ནི། །དྲག་པོ་ཐུན་གྱི་བསྒྲུབ་པ་སྟེ། །སྔོན་དུ་བསྙེན་པ་ཚང་བ་ཡིས། །གྲུ་གསུམ་ཆག་གང་ཐུར་དུ་བྲུ། །བཅུ་གཉིས་གསུམ་དང་དྲུག་ཏུ་འདུས། །མན་ངག་རིམ་པས་ཤེས་པར་བྱ། །ཐོད་པ་དྲུག་གམ་བཅུ་གཉིས་སམ། །གསུམ་མམ་གཅིག་གམ་གང་ཡང་རུང་། །འབྲུབ་ཁུང་ནང་དུ་ལེགས་བཅུག་ལ། །ཐུན་རྫས་བཅུ་གཉིས་ཡང་ན་དྲུག །གསུམ་མམ་གཅིག་ཏུ་ངེས་པར་བསྟན། །ཐུན་ཁྲག་མང་པོས་ལིངྒ་ཡང་། །སྔགས་དང་བཅས་པ་ལེགས་པར་བྱ། །རྫོགས་པའི་ལྷ་རྣམས་དྲག་པོར་བསྐྱེད། །ཐམས་ཅད་མ་ལུས་ཁྱབ་པ་ནི། །ཏིང་ངེ་འཛིན་གྱིས་བསམ་པར་བྱ། །ཐོད་པ་ལྕགས་མཁར་སྒོ་མེད་དུ། །དགྲ་བོ་ངེས་པར་གསལ་མི་གསལ། །གབ་པའི་ལས་རྣམས་རྫོགས་པར་བྱ། །དམ་ཅན་བཅུ་གཉིས་དྲག་སྔགས་སམ། །སྔགས་དྲུག་ཁྲོ་བོ་ལ་སོགས་གསུམ། །གཅིག་ནི་དཔའ་བོ་གཅིག་པ་སྟེ། །གཉིས་ནི་གོང་བཞིན་རབ་ཏུ་གཞུག །དྲག་པོའི་རྫས་རྣམས་ཐུན་ཕབ་པས། །སྤྲུལ་པ་མང་པོས་བསད་པར་བསམ། །འདི་ནི་མན་ངག་ངེས་པ་སྟེ། །ཐ་མ་ཟོར་དུ་འཕང་བའོ། །ནང་གི་ནང་དུ་ཤེས་པར་བྱ། །དེ་ལ་ནང་གི་གསང་བ་ནི། །གོང་བཞིན་བསྙེན་པ་ཚང་བ་ཡིས། །རབ་ཏུ་དབེན་པའི་གནས་དག་ཏུ། །མཎྜལ་གྲུ་གསུམ་ལེགས་པར་བྱ། །ཟུར་ལ་རྩང་གསུམ་དགོད་པར་བྱ། །དུར་ཁྲོད་རོ་རས་འཇིགས་པ་ལ། །དགྲ་བོའི་གཟུགས་ལ་འཁོར་ལོ་དྲུག །སྤྱི་བོར་ཨོཾ་ལཾ་ཀཱི་ལ་ཡ། །གཡས་སུ་ཧཱུཾ་ལ་གཡོན་དུ་ཕཊ། །དཔྲལ་བར་རུས་ལ་སྙིང་གར་མིང་། །འདོམས་སུ་མི་འགྱུར་ངེས་པའོ། །རྩིབས་ལ་སྔགས་དྲུག་


DNG020_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

འཕྱང་དང་བཅས། །ལྟེ་བར་དམ་ཅན་མང་པོའི་སྔགས། །ཐ་མར་དཔའ་བོ་གཅིག་པར་ནི། །དུག་ཁྲག་དྲི་མ་བསྲེས་པར་བྲི། །ཐོད་པ་མཚན་ངན་ནང་དུ་ནི། །ལིངྒ་ཁྲག་ཏུ་བཅས་པ་གཞུག །སྲས་མཆོག་ཕུར་པ་ལྟར་གཟིར་གཞག །འབྲུབ་ཁུང་ནང་དུ་གཞུག་པར་བྱ། །འཁོར་ལོ་རྩང་གི་ཁ་ལ་བརྒྱངས། །དྲག་པོའི་རྫས་ནི་མང་པོ་རྣམས། །ཐོད་པ་ཚལ་བུའི་ནང་དུ་བསག །གོང་བཞིན་ལྷ་རྣམས་རྫོགས་ཚུལ་བསྟན། །མཐིང་ནག་ཕྱག་ན་འཁོར་ལོ་བསྣམས། །ཕུར་པ་དག་ལས་རབ་རྫོགས་པ། །སྲས་ནི་གོང་དུ་བཤད་པ་བཞིན། །གྲུ་གསུམ་ནང་དུ་ལྷ་རྣམས་བསྐྱེད། །འཁོར་ལོ་དགྲ་བོའི་ལྟོ་བར་དམིགས། །དེ་ལྟར་གསལ་བ་གསུམ་ལྡན་པས། །གབ་པའི་སྔགས་ཀྱིས་དགུག་གཞུག་བྱ། །གབ་སྔགས་ཐེམ་པར་བཅས་པ་ལ། །མཱ་ར་ཡ་བཅུག་བཟླས་པར་བྱ། །ལྕགས་ཀྱི་འཁོར་ལོ་རབ་བསྐོར་བས། །དགྲ་བོའི་སྲོག་རྩ་གཅད་པར་བསམ། །ལྷ་ཡི་ཕྱག་མཚན་དེ་བཞིན་ནོ། །བར་བར་དཔའ་བོ་གཅིག་པ་དང་། །དམ་ཅན་སྔགས་ཀྱིས་ཐུན་ཕབ་པས། །ངེས་པར་བསད་པའི་ཏིང་འཛིན་བྱ། །རྩ་བ་རངས་པ་དྲག་པོར་བསྐུལ། །འཁོར་ལོ་གཡས་སུ་ངེས་པར་བསྐོར། །དེ་ལྟར་རབ་ཏུ་བྱས་པ་ཡིས། །ཉམས་པ་གསོད་པའི་རྟགས་བསྟན་པ། །ཉམས་པ་ཁུགས་དང་རི་དྭགས་བསད། །བླ་ཤིང་བཅད་དང་བྲག་གཤག་དང་། །སེམས་ཅན་མང་པོ་བསད་པ་སྟེ། །འདི་ནི་ཀུན་ལ་ཤེས་པར་བྱ། །དེ་ནས་དཔའ་བོ་གཅིག་པ་ཡིས། །འཁོར་ལོ་ལིངྒ་བཅས་པ་རྣམས། །བསྟབ་ལ་དོན་རྣམས་ངེས་པར་བྱ། །ཁྲག་འཕང་ཐོད་པ་འཁོར་ལོ་དང་། །ལིངྒ་ཕུར་པ་དལ་འོག་མནན། །འདིས་ནི་ཉམས་པ་བདུན་སྒྲོལ་ཏེ། །དེ་ཡང་ལམ་དུ་ཤེས་པར་བྱ། །གཉིས་མེད་རྟོགས་པའི་རྣལ་འབྱོར་པས། །ཉམས་པ་བསྒྲལ་ན་མངོན་སངས་རྒྱས། །ཐམས་ཅད་ལྡན་ན་རྣལ་འབྱོར་ཡིན། །སྤྱིར་ན་གསང་སྔགས་


DNG020_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པ་ལ། །ཏིང་འཛིན་གསུམ་བསྐྱེད་བསྙེན་པ་ཡིན། །བདག་ཉིད་ལྷར་བསྐྱེད་ཉེ་བསྙེན་ཡིན། །ཡུམ་བསྐྱེད་བསྒྲུབ་པར་ཤེས་པར་བྱ། །གཞན་རྣམས་བསྒྲུབ་པ་ཆེན་པོ་ཡིན། །འདི་ནི་གསང་བའི་རིམ་པ་སྟེ། །འགྲོ་བའི་དོན་དུ་བཤད་པ་ཡིན། །ཞེས་གསུངས་སོ། །རྡོ་རྗེ་ཕུར་པ་གསང་བའི་རྩ་བ་རྣལ་འབྱོར་ཆེན་པོ་ཡང་དག་པའི་རྒྱུད་ལས། ནང་གི་དབྱེ་བ་གསུམ་བཤད་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་ཡང་ནི་བཤད་བྱ་བ། །གསང་བའི་དོན་གསུམ་ཕྱེ་བ་རྣམས། །ཡང་དག་པར་ནི་བཀའ་སྩལ་ཏོ། །གསང་བའི་དོན་རྣམས་ཤེས་པ་དང་། །ཆོས་ཅན་དངོས་པོར་སྣང་བ་རྣམས། །ཕུར་པའི་དོན་གྱིས་གཏན་ཕེབས་པ། །ཡང་དག་ཕུར་པའི་དོན་བསྒྲུབ་པའི། །གསང་བའི་ཕྱི་ནི་འདི་ལྟ་སྟེ། །རབ་ཏུ་དབེན་པའི་གནས་དག་ཏུ། །ཕུར་པ་ངན་སྔགས་དྲིལ་ལ་བསྒྲུབ། །ས་ལ་གྲུ་གསུམ་ལེགས་བྱས་ལ། །ནག་པོ་བྱུགས་པ་དེ་ཡི་ནང་། །རབས་ཆད་ངེས་པའི་ཐོད་པ་ལ། །ཁྲུས་བྱས་གཞལ་ཡས་ཁང་པར་བྱ། །ཁྲག་དང་དུག་ནི་སྣ་ཚོགས་བླུག །དྲི་མ་དག་ལས་ལིངྒ་ནི། །ཐོད་པའི་ནང་དུ་བཅེར་བར་བྱ། །ལྕགས་སྣ་ལྔ་ཚང་སྲས་མཆོག་གཅིག །སྔགས་བྲིས་དབང་བསྐུར་བྱིན་བརླབ་གཟུག །བདག་ཉིད་རྫོགས་པར་དཀྱིལ་འཁོར་གསལ། །དེ་ནས་སྲས་མཆོག་གཟས་པ་དགུག །མ་ལུས་ཁྱབ་པ་མཐིང་ནག་སྐུ། །སྐུ་གསུང་ཐུགས་ཀྱི་སྣང་བ་སྟེ། །ཡེ་ནས་ཡིན་པར་ཤེས་པར་བྱ། །ཡང་ན་བསྐྱེད་པ་མེད་པར་རོ། །བསྙེན་པ་མི་བྱ་རངས་པ་དྲིལ། །དང་པོ་བདག་ཉིད་འབྲུ་བདུན་དང་། །དེ་འོག་ཕྱག་རྒྱ་གནོན་ཡིད་གསུམ། །མིང་རུས་ཡི་གེ་གཟས་པར་བྱ། །ཤྭ་ནའི་ཡི་གེ་བཅུ་དྲུག་དང་། །རེ་མ་ཏི་ཡི་རྩ་སྔགས་དང་། །བསེ་མོའི་སྙིང་པོ་བཅུ་བདུན་དང་། །འཁོར་བ་རྩད་གཅོད་ཡི་གེ་དགུ། །ཐམས་ཅད་ཚང་བའི་ཡི་གེ་བདུན། །དྲིལ་ཏེ་རབ་ཏུ་བཟླས་པ་ཡིས། །


DNG020_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་གསུམ་དམ་ཅན་བཅས་པ་དང་། །སྤྲུལ་པ་ཡང་སྤྲུལ་བཅས་པ་ཡིས། །རབ་ཏུ་དྲངས་ཏེ་གཟུགས་ལ་བསྡིམ། །སྲས་མཆོག་ཕུར་པས་གཟིར་བར་བྱ། །ཁྲག་དུག་ནད་དུ་གྱུར་པ་ཡིས། །དགྲ་བོ་རིམས་ནད་ཐེབས་པ་བཞིན། །མདངས་དང་བྲལ་བར་རབ་ཏུ་བསམ། །དྲག་པོའི་རྫས་རྣམས་ཐུན་ཕབ་པས། །ཁྲོ་བོར་གྱུར་པས་བསད་པར་བསམ། །དེ་ཡང་བར་བར་ཕྱག་རྒྱ་ཅན། །འཕྲོས་པས་དགུག་པའི་ལས་བྱའོ། །དེ་ནས་ཕུར་གདབ་ཁྲག་ཟོར་འཕང་། །འདི་ནི་ཡང་དག་མན་ངག་སྟེ། །མགོ་མཇུག་དྲིལ་བའི་ངན་སྔགས་ཏེ། །འདིས་ནི་ཉམས་པ་གདོན་མི་ཟ། །ཐུགས་རྗེས་གཟུང་ལ་གནས་སྦར་རོ། །དེ་ནས་གསང་བའི་ནང་བསྒྲུབ་ནི། །དྲག་པོ་ལྡོག་མེད་མཁས་པས་དཔྱད། །རྫས་དང་དཀྱིལ་འཁོར་འདི་མ་ཡིན། །ཕྱི་ཡི་སྣོད་ཀྱི་འཇིག་རྟེན་ནི། །ཡེ་ནས་གྲུ་གསུམ་འབར་བ་སྟེ། །དུར་ཁྲོད་ཀློང་བཅས་རབ་ཏུ་གནས། །ནང་གི་བཅུད་ཀྱི་སེམས་ཅན་ནི། །མ་ལུས་སྣང་བ་ལྷ་ཡི་སྐུ། །ཡེ་ནས་ཡིན་པར་ཤེས་པར་བྱ། །དངོས་སུ་སྣང་བ་མཐིང་ནག་འབར་བའི་སྐུ། །སྒྲར་གྲག་སྲིན་པོ་ངུར་སྒྲ་ཡིན། །རང་བཞིན་སྣང་བ་ཐུགས་སུ་བཤད། །ཡེ་ནས་སྣང་བས་འཕྲལ་བསྐྱེད་མིན། །སྤྲུལ་པ་མང་པོས་འཇིག་རྟེན་གང་། །འཕྲལ་ལ་བཀང་བ་མ་ཡིན་ཏེ། །ཡེ་ནས་ཐམས་ཅད་སྤྲུལ་པར་བཤད། །དེ་ལྟར་གནས་པའི་དོན་རྟོགས་ན། །ཉམ་པར་གྱུར་པ་དགྲ་གཟུགས་དེ། །གང་དུ་བྲོས་པའི་གནས་ནས་དགུག །སྤྲུལ་པ་མང་པོའི་ཚོགས་ཆེན་གྱིས། །ཤིག་ཤིག་འགུལ་འགུལ་གནས་པ་ནི། །དཔེར་ན་གྲོག་ཚང་སྦྲུལ་ཚང་བཞིན། །གནས་པའི་ཞབས་ཀྱི་ཕུར་པ་ཡིས། །སྡོང་པོ་བསྒྱུར་བཞིན་ཞབས་འོག་ན། །མདངས་བྲལ་གནས་པའི་སྦྱོར་བ་བྱ། །འབྲུ་དགུའི་སྔགས་ལ་མཱ་ར་ཡ། །དྲག་པོ་བཏགས་ཏེ་གོང་བཞིན་བསམ། །བཟླས་པས་དྲག་སྔགས་འོད་ཟེར་གྱིས། །གོང་གི་ཏིང་འཛིན་ངེས་པའོ། །བསྐྱེད་པ་མི་དགོས་གསལ་གདབ་མིང་། །


DNG020_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

དྲོད་ཚད་སྐབས་ལ་བབ་པ་དང་། །གོང་གི་སྔགས་ལ་མིང་རུས་བཅས། །བཟླས་པ་གོང་བཞིན་བྱས་པ་ཡིས། །དྲག་པོ་བསད་པའི་ཏིང་འཛིན་བྱ། །སྔགས་རྣམས་ཀུན་ལ་མཱ་ར་ཡ། །བཏགས་པ་སྦྱར་བ་གསུམ་དང་བཅས། །ཡེ་ཤེས་མཚོན་ཆེན་ཕུར་པ་ནི། །ནམ་མཁའི་ཐོག་ལྟར་བརྒྱབ་པ་ཡིས། །ཐོག་བརྫིས་གླང་ཐབས་གནན་གླེབ་དང་། །འགྱུར་མེད་ངེས་པས་གསད་པར་བྱ། །འདིས་ནི་ཡང་དག་དྲག་པོ་སྟེ། །ཉམས་པ་འཆིར་འགྱུར་མཱ་ར་ཡ། །སྟྭ་རེས་གཅོད་པ་སྡིའུའི་དོན། །མ་རྟོགས་པ་ལ་དཀྱིལ་འཁོར་དང་། །རྫས་དང་བསྐྱེད་དང་གསོལ་གདབ་པ། །དགོངས་པ་ཡིན་ཏེ་རྟོགས་པ་ལ། །ཡེ་ནས་དྲག་པོ་ཡིན་ཤེས་ན། །དངོས་སུ་བྱ་བ་གང་ཡང་མེད། །སྤྱིར་ན་ཕུར་པ་མང་བཤད་ཀྱང་། །གསུམ་དུ་འདུས་པར་ངེས་པ་ཡིན། །བསྒྲུབ་ལུགས་ཐུན་དང་དྲག་པོ་སྟེ། །དེ་དོན་རྣམ་པར་ཤེས་པར་བྱ། །གཉིས་སུ་མེད་པར་ཤེས་པ་དང་། །བདེ་ཆེན་རྟོགས་པའི་རྣལ་འབྱོར་པས། །ཉམས་པ་བསྒྲལ་ན་བླ་མེད་འགྲུབ། །དེ་ལ་གསང་བའི་གསང་བ་ནི། །ཆགས་ལམ་ངེས་པར་རབ་བཤད་དོ། །གསང་སྔགས་སྤྱོད་པའི་རྣལ་འབྱོར་པས། །དུག་ལྔ་ལམ་དུ་ཤེས་པ་དང་། །དེ་ཉིད་མ་སྤངས་ཤེས་པར་བྱ། །དཔེར་ན་དྲི་མས་དྲི་མ་འཁྲུད་པ་བཞིན། །དེ་ཉིད་ལམ་བྱས་མངོན་སངས་རྒྱས། །བདག་ཉིད་ཐབས་ལ་བརྟེན་པའི་ཕུར། །གཞན་ལུས་ཤེས་རབ་བརྟེན་པའི་ཕུར། །དབྱེར་མེད་ཕྱག་རྒྱ་ཆེན་པོ་ཡིས། །ཕྱག་རྒྱ་ཆེན་པོའི་འོག་སྒོར་ཤེས། །སྟེང་འོག་འགྲོ་ལམ་བྱང་སེམས་ཕུར། །མཁའ་དབྱིངས་གཏུན་ཁུང་བདེ་གཤེགས་གནས། །གཏིང་དཔག་མེད་པའི་དབྱིངས་ཉིད་དུ། །བྱང་སེམས་ཕུར་པས་མ་ལུས་ཐེབས། །ཁྲོ་མོ་འབར་བའི་གཏུན་ཁུང་དུ། །རྡོ་རྗེ་གསང་བའི་ཐོ་བ་ཡིས། །བརྡུངས་ནས་མ་ལུས་ཡང་དག་བསྒྲལ། །བསྐྱེད་དང་རྫོགས་པ་གཉིས་ཡིན་ཏེ། །དེ་ལ་གཉིས་གཉིས་ཤེས་པར་བྱ། །ཏིང་འཛིན་རྣམ་གསུམ་


DNG020_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པ་ནས། །གཞལ་ཡས་ལྷ་བཅས་བསྐྱེད་པ་ཡང་། །སྣང་སྟོང་དབྱེར་མེད་སྐུ་ལྡན་ལ། །ཉམས་སུ་ཡང་མ་བླངས་པ་ཡིས། །རྟགས་ནི་རིམ་པ་བཅུ་ཡིན་ཏེ། །ཁམས་གསུམ་ས་བཅུ་ལས་འདས་པའོ། །བསྐྱེད་པའི་དོན་རྣམས་དམ་ཚིག་རྒྱ། །ཡང་ན་རང་བཞིན་གནས་པ་ལ། །ཁྲོ་མོས་རྡོ་རྗེའི་གླུས་བསྐུལ་བས། །བསྐྱེད་པ་ལྟ་བུར་ལྷ་རྣམས་བསྐྱེད། །གོང་བཞིན་ངེས་པ་དེ་འདྲར་བཤད། །འདི་ཡང་ཆོས་ཀྱི་ཕྱག་རྒྱའོ། །ཡང་ན་བསྐྱེད་པ་ལས་ཀྱི་རྒྱ། །ཡུམ་བསྐྱེད་དམ་ཚིག་ཕྱག་རྒྱ་ཡིན། །ལྷ་ཡི་དོན་ཤེས་ཆོས་ཀྱི་རྒྱ། །ཕུར་པ་དབྱེར་མེད་ཕྱག་རྒྱ་ཆེན་པོའོ། །རྫོགས་པའི་རིམ་པ་བཤད་པ་ནི། །བདག་ཉིད་ལྷ་རུ་གནས་པ་ལ། །རྩ་ཡི་རྣམ་པ་མང་ཡོད་དེ། །ཐབས་དང་ཤེས་རབ་གཉིས་མེད་པ། །ཨཱ་ལི་ཀཱ་ལི་ཨ་དྷཱུ་ཏཱི། །གཞན་མ་ཐམས་ཅད་ཁྱབ་པ་ནི། །མང་པོ་ཡོད་པར་གནས་པ་ཡིན། །གནས་པ་རྩ་ལ་གཡོ་བ་རླུང་། །མི་ཤིགས་བྱང་ཆུབ་སེམས་སུ་བསྟན། །ལུས་ལ་འཁོར་ལོ་ལྔ་ཡོད་དེ། །ཡེ་ནས་གནས་པར་ངེས་པ་ཡིན། །རྣལ་འབྱོར་པ་ཡིས་ཡང་དག་བསམ། །ཀླད་རྒྱས་བདེ་ཆེན་འཁོར་ལོ་ལ། །རྩ་འདབ་སུམ་ཅུ་རྩ་བཞི་གནས། །མགྲིན་པ་ལོངས་སྤྱོད་འཁོར་ལོ་ལ། །རྩ་འདབ་དྲུག་ཅུ་དག་ཏུ་གནས། །སྙིང་ག་ཆོས་ཀྱི་འཁོར་ལོ་ནི། །རྩ་ཡི་འདབ་མ་བརྒྱད་དུ་གནས། །ལྟེ་བ་སྤྲུལ་པའི་འཁོར་ལོ་ནི། །རྩ་འདབ་དྲུག་ཅུ་རྩ་བཞི་སྟེ། །མེ་རླུང་འཁོར་ལོ་གཞུ་གྲུ་གསུམ། །གནས་པ་རྩ་ཡི་དབྱིབས་སུའོ། །འཁོར་ལོ་རིན་ཆེན་པདྨ་དང་། །རྒྱ་གྲམ་དབྱིབས་སུ་ངེས་གནས་པ། །སྒོ་མོའི་དོན་རྣམས་ཤེས་པར་བྱ། །ཨོཾ་དང་ཨཱཾ་དང་ཧཱུཾ་དང་ནི། །ཨེ་དང་ཡཾ་དང་རཾ་གནས་པ། །སྟོན་པ་བྱང་སེམས་རིམ་པས་གནས། །རྩ་གསུམ་རངས་པ་འདྲེལ་བའོ། །དང་པོ་གསལ་བྱེད་ཡི་གེ་སྟེ། །གཉིས་པ་དབྱངས་ཡིག་དག་དང་སྦྱར། །གསུམ་པ་རང་གི་འབྲུ་དགུའོ། །བཞི་པར་ཨོཾ་ལཾ་ཧཱུཾ་ལཾ་ནི། །གནས་པར་ངེས་པར་ཤེས་པར་བྱ། །དང་པོར་བྱང་སེམས་གཉིས་པ་


DNG020_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །མཆོད་པའི་སེམས་དཔའ་ཡབ་ཡུམ་དང་། །གསུམ་པ་ཁྲོ་བཅུ་འཁོར་བཅས་སོ། །བཞི་པ་ཕྲ་ཐབས་ཡང་སྤྲུལ་ལོ། །དེ་ལྟར་ཤེས་པའི་རིམ་པ་ཡིས། །ཁྲོ་མོའི་ཕུར་པ་རབ་འབར་བས། །སྟེང་ནས་བྱང་སེམས་དབབ་པར་བྱ། །རླུང་གིས་མེ་སྦར་གྱེན་ལ་ནི། །སྤྲུལ་པའི་གནས་ནས་ཡི་གེ་རྣམས། །ལུས་ཞུ་མགོ་ནི་མ་ཡིན་ཏེ། །གྱེན་ལ་དེ་བཞིན་གནས་གསུམ་དུ། །སྦར་ལ་ཤེས་རབ་རྩ་ནས་དེངས། །ཕྱིར་འཕྲོས་མ་ལུས་མཆོད་པར་བྱས། །ཐམས་ཅད་བྱང་སེམས་རབ་བསྡུས་ཏེ། །ཕུར་པ་ཐེབས་ནས་ངེས་པ་ཡིན། །བྱང་ཆུབ་སེམས་ནི་དཀར་འཚེར་བ། །རབ་ཕབ་མགྲིན་པ་ལ་སོགས་པའི། །ལྷ་ལ་མཆོད་པར་ཤེས་པར་བྱའོ། །ཆོས་ཀྱི་འཁོར་ལོའི་གནས་སུ་གཟུང་། །དེར་མ་གནས་ན་སྤྲུལ་པར་དབབ། །དེ་ཡང་མ་གནས་གྱེན་ལ་སྦར། །དེ་ལ་རབ་ཏུ་གོམས་པ་ཡིས། །རྟགས་ལ་སོགས་པ་གོང་མ་བཞིན། །རླུང་ལྷའི་ངེས་པར་མ་ཐུབ་ན། །དེ་ཡི་མན་ངག་ཤེས་བྱ་བ། །འདིས་ནི་ཕྱག་རྒྱ་ཆེན་པོ་མཚོན། །ཕྱི་ཡི་མན་ངག་ཐབས་དང་ལྡན། །ཡང་ན་བཤང་སྒོ་རླུང་འཁོར་ལོ། །སྙིང་པོ་གནས་ལ་འབྱུང་བ་བཞིན། །དེ་ཡི་གོང་བཞིན་དབབ་པ་ནི། །ནང་གི་ངེས་པ་དག་ཏུ་བཤད། །དེ་ཡང་རབ་ཏུ་མ་གྱུར་ན། །ཤེས་རབ་རིག་མ་འཁོར་ལོ་ཅན། །པདྨ་རིན་ཆེན་གླང་པོ་ཅན། །རིགས་ངེས་མཚན་ལྡན་ངེས་པ་ལ། །ནུ་མ་མཉེ་ཞིང་པདྨ་ནི། །རྒྱས་པའི་རིམ་པ་རབ་བྱས་ལ། །དེ་ཉིད་ཡུམ་དུ་ངེས་བསམ་པའི། །བྷ་ག་པདྨ་འདབ་མ་བརྒྱད། །སྙིང་པོ་ངེས་ལྡན་སྣ་རྩེ་ནི། །དེ་ལ་ཐུགས་ལྡན་ངེས་པར་བསམ། །བདག་ཉིད་གསང་བ་རྩེ་ལྔ་པ། །སྙིང་པོ་ལྔ་ལྡན་རྩ་གསུམ་ཅན། །ཨོཾ་དང་ཕཊ་ཀྱིས་བུ་གར་ངེས། །དེ་ལྟར་གནས་པ་མཁའ་གསང་སྦྱར། །འབྱུང་ལྡན་ངེས་པར་སྦྱོར་བས་ནི། །རབ་ཏུ་དབབ་པར་ངེས་པར་རོ། །དེ་ལས་འདས་ན་རིན་ཆེན་ཕུག །རྩ་ལ་ངེས་པར་སེམས་གཟུང་ངོ་། །གོང་བཞིན་བདེ་བ་ཕབ་ལ་ནི། །སྤྲུལ་པའི་གནས་


DNG020_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

སུ་སླེབ་པ་དང་། །བར་དང་བུམ་པ་དེ་ལས་བྱུང་། །དགའ་བ་བཞིན་དུ་ངེས་པར་སྦྱར། །གཉིས་གསུམ་རྟག་ཆད་ཡིན་པས་ཏེ། །བར་ལ་བདེ་གཟུང་གཉིས་མེད་དོ། །མ་ཟིན་དེ་ལས་ཟློག་པར་བྱ། །མ་འཁྱིལ་གཅིག་ཤོར་གཉིས་ཤོར་ན། །དེ་ཡི་མན་ངག་ཤེས་པར་བྱ། །འདི་ནི་གསང་བའི་དབབ་པ་སྟེ། །གཞན་ལུས་ཤེས་རབ་ལ་བརྟེན་པས། །གོང་བཞིན་ངེས་པར་འབྱུང་བ་སྟེ། །ཡང་དང་ཡང་དུ་ཉམས་བླངས་ན། །ཕྱག་རྒྱ་ཆེན་པོ་ངེས་པར་མཐོང་། །མཚོན་བྱ་མཚོན་བྱེད་ཚུལ་བཞིན་ནོ། །ཕུར་བུའི་ངེས་དོན་གཉིས་མེད་པས། །དེ་ནི་ཕྱག་རྒྱ་ཆེན་པོར་བཤད། །དེ་ལྟར་རྟོགས་པའི་རྣལ་འབྱོར་པས། །བླ་ན་མེད་པའི་སངས་རྒྱས་འགྲུབ། །ཕུར་པ་ཕྱི་ནང་གསང་བ་གསུམ། །ལྷ་ལ་ཕྱི་ནང་གསང་བ་གསུམ། །ཁྲོ་བོ་ཕྱི་ནང་གསང་བ་གསུམ། །ཉོན་མོངས་ཕྱི་ནང་གསང་བ་གསུམ། །སྔགས་ལ་ཕྱི་ནང་གསང་བ་གསུམ། །རྫས་ལ་ཕྱི་ནང་གསང་བ་གསུམ། །དཀྱིལ་འཁོར་ཕྱི་ནང་གསང་བ་གསུམ། །གནས་ལ་ཕྱི་ནང་གསང་བ་གསུམ། །དགྲ་ལ་ཕྱི་ནང་གསང་བ་གསུམ། །རྟགས་ལ་ཕྱི་ནང་གསང་བ་གསུམ། །དངོས་གྲུབ་ཕྱི་ནང་གསང་བ་གསུམ། །རྒྱུ་ལ་ཕྱི་ནང་གསང་བ་གསུམ། །ཚད་ལ་ཕྱི་ནང་གསང་བ་གསུམ། །ཏིང་འཛིན་ཕྱི་ནང་གསང་བ་གསུམ། །སྤྲུལ་པ་ཕྱི་ནང་གསང་བ་གསུམ། །གདབ་པ་ཕྱི་ནང་གསང་བ་གསུམ། །མཆོད་པ་ཕྱི་ནང་གསང་བ་གསུམ། །དགོངས་པ་ཕྱི་ནང་གསང་བ་གསུམ། །གནས་པ་ཕྱི་ནང་གསང་བ་གསུམ། །བསྲེག་པ་ཕྱི་ནང་གསང་བ་གསུམ། །གནན་པ་ཕྱི་ནང་གསང་བ་གསུམ། །འཕང་བ་ཕྱི་ནང་གསང་བ་གསུམ། །བསྒྲལ་བ་ཕྱི་ནང་གསང་བ་གསུམ། །བསྒོམ་པ་ཕྱི་ནང་གསང་བ་གསུམ། །རྣལ་འབྱོར་ཕྱི་ནང་གསང་བ་གསུམ། །དམ་ཅན་ཕྱི་ནང་གསང་བ་གསུམ། །བསྐྱེད་རྫོགས་ཕྱི་ནང་གསང་བ་གསུམ། །བསྒྲུབ་པ་ཕྱི་ནང་གསང་བ་གསུམ། །ཐམས་ཅད་མ་ལུས་གནས་པའི་དོན། །གཏན་ཚིགས་བསྒྲུབ་བྱ་ངེས་པ་དང་། །ངོ་བོ་ངེས་ཚིག་


DNG020_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེ་བ་ཡིས། །ཕྱི་ནང་གསང་བ་གསུམ་ཤེས་ན། །དེས་ནི་ཕུར་པའི་ཐེབས་པ་འཐོབ། །གསང་སྔགས་ཚོགས་གཉིས་མྱུར་རྫོགས་དང་། །ཉོན་མོངས་དུག་ལྔ་མི་སྤང་དང་། །འབྲས་བུ་བྱས་པས་ཁྱད་པར་འཕགས། །འོག་མའི་ཆོས་ལ་བརྟེན་པ་ནི། །སྣང་བ་འདི་ལ་མི་བརྟག་གོ། །འོག་མ་ལས་ཀྱང་འདའ་བར་བྱ། །དབྱེར་མེད་གནས་པའི་རྣལ་འབྱོར་པས། །འདིས་ནི་ཕུར་པའི་ཐེག་ཆེན་མཐོང་། །ལྟ་བ་དབྱིངས་དང་ཡེ་ཤེས་ཡིན། །རྟགས་ནི་ཐབས་དང་ཤེས་རབ་ཡིན། །སྤྱོད་པ་བླང་དོར་མེད་པ་ཡིན། །ཕྲིན་ལས་གང་ལ་ཐོགས་མེད་ཡིན། །དམ་ཚིག་རྩ་བ་ཡན་ལག་ཡིན། །དེ་ལྟར་ཤེས་ན་ཕྱི་མ་ལ། །མི་འགྱུར་ཕུར་བུའི་ངེས་བཤད་དོ། །འོག་མས་འབྲས་བུ་ངོ་མ་ཤེས། །རྒྱུ་ལ་ཡེ་ཤེས་འདོད་པས་ཏེ། །ཚོགས་གཉིས་ལྡན་པ་བསྐལ་པ་ཡང་། །མང་པོ་བགྲོད་པར་འབྲས་བུ་ཐོབ། །གང་ཞིག་རྒྱུ་ལས་ལམ་བྱས་པའོ། །གསང་སྔགས་འདི་ནི་ཐབས་ཆེན་པོ། །འབྲས་བུ་ལས་ནི་འབྲས་བུར་ངེས། །གང་ཡང་འབྲས་བུ་ངེས་པ་སྟེ། །ལྷ་ལས་ལྷ་ཡི་འབྲས་བུ་དང་། །ལྷ་ལས་ལྷ་ཡི་བལྟ་བ་སྟེ། །གང་ཞིག་འབྲས་བུ་ལམ་བྱས་པས། །ཚེ་གཅིག་དག་ལ་སངས་རྒྱས་འགྲུབ། །འདི་ནི་རྫོགས་པའི་རྗེས་སུ་སྟེ། །ཉལ་དང་འདུག་དང་འགྲོ་བ་དང་། །སྨྲ་དང་ཟ་དང་བཀོལ་བ་དང་། །འགྲེངས་སོགས་སྤྱོད་པ་ལ་བསྒོམས་པས། །ལྷ་ཡི་རྣལ་འབྱོར་རབ་གནས་པས། །ཚོགས་གཉིས་རྫོགས་ཏེ་ས་གཉིས་ནོན། །འདི་ནི་རྒྱུན་གྱི་ཏིང་འཛིན་ཏེ། །ལྟ་བ་སྤྱོད་པ་ཕྲིན་ལས་དང་། །དམ་ཚིག་བསྐྱེད་པ་ཚོགས་མཆོད་དང་། །ལྷག་མ་བསྡུ་བ་དབང་ཚང་ན། །འདི་ནི་ཕུར་པའི་རྣལ་འབྱོར་ཡིན། །ལྟ་བ་དབྱིངས་ཉིད་དོན་རྟོགས་ཀྱང་། །སྲོག་ཆགས་ཕྲ་མོ་གསད་མི་བྱ། །ཉམས་པ་བདུན་ནི་མ་གཏོགས་སོ། །ཐེག་པ་ཆེན་པོའི་མཛད་སྤྱོད་ཀྱང་། །ཕྲ་བའི་ཆོས་ལ་ནན་ཏན་བྱ། །བརྟུལ་ཞུགས་ལ་སོགས་བྱ་བ་ཡང་། །རྣལ་འབྱོར་གསུམ་གྱི་རིམ་པར་སྤྱད། །ཕྲ་མོ་ཐིག་


DNG020_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

ལེ་ཐེག་ཆེན་ནི། །གང་རིགས་སྤྱད་པས་སངས་རྒྱས་འགྱུར། །ཞེས་གསུངས་སོ། །རྡོ་རྗེ་ཕུར་པ་གསང་བའི་རྩ་བ་རྣལ་འབྱོར་ཆེན་པོ་ཡང་དག་པར་རིག་པའི་རྒྱུད་ལས། གསང་བའི་དབྱེ་བ་གསུམ་བསྟན་པ་སྟེ་ལེའུ་བཅུ་གསུམ་པའོ།། །།དེ་ནས་ཀརྨ་ཧེ་རུ་ཀས། །ཕྱི་ནང་མཆོད་པ་རབ་མཆོད་དེ། །བཅོམ་ལྡན་འདས་ལ་འདི་སྐད་གསོལ། །ཀྱེ་བཅོམ་ལྡན་བཛྲ་ཀཱི་ལ་ཡ། །ཨེ་མ་ཧོ་ངོ་མཚར་ཆེན་པོ་གསུང་། །དམ་ཅན་མིང་སྲིང་བསྒྲུབ་པ་དང་། །གཙོ་བོ་ལ་སོགས་སྒྲུབ་ཐབས་གསུངས། །དེ་སྐད་གསོལ་གསན་གཙོ་བོས་ནི། །རབ་ཏུ་བསྒྲུབ་པ་ཞེས་བྱ་བའི། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ཏེ། །ཡང་དག་པར་ནི་བཀའ་སྩལ་ཏོ། །ཉོན་ཅིག་ཀརྨ་ཧེ་རུ་ཀ །རྣལ་འབྱོར་ཕྱི་རབས་འཇུག་པ་ཡི། །དེ་ཡི་ཕྱིར་ན་ངས་བཤད་དོ། །དུས་ལ་བབ་ན་བདུན་པོ་ལ། །སྒྲུབ་ཐབས་རེ་རེ་ངས་གསུངས་སོ། །དང་པོ་ནག་མོ་བསྒྲུབ་བྱ་བ། །ཁ་སྐོང་མི་སྐོང་ཤེས་པར་བྱ། །རྣལ་འབྱོར་ཡོན་ཏན་ལྡན་པ་དང་། །ཕུར་པའི་དོན་རྣམས་ཤེས་པ་ཡིས། །རབ་ཏུ་དབེན་པར་ལེགས་བསྒྲུབ་པོ། །འཁོར་ལོ་རྩིབས་བཞི་ལྡན་པ་ཡི། །དབུས་སུ་བསྙེན་ཕུར་ཕྱོགས་བཞིར་ཕུར། །ནག་མོ་བཞི་ཡི་ཕུར་པ་དགོད། །ཐོད་པ་བཞི་ལ་ཐུན་དང་བཅས། །ཁྱི་ཡི་ལྟེ་ཁྲག་ནལ་བུའི་ཤ །བུད་མེད་མངལ་ཁྲག་སྦལ་བའི་མགོ། །རམས་ཀྱི་ཕྱེ་མོ་རྡོ་སོལ་དང་། །ཁྲག་ཆེན་མུ་ཟི་གཏོར་མ་སྨན། །གཞན་ཡང་རྫས་རྣམས་མང་པོ་བསོག །རྡོ་རྗེ་ཁྲོས་པ་ལ་སོགས་པས། །དབུས་སུ་བདག་ཉིད་དཔལ་ཆེན་བསྐྱེད། །འཁོར་ལོ་བཞི་ལ་སྤུན་བཞི་སྟེ། །རེ་མ་ཏི་དང་རེ་མ་ཛ། །རེ་མ་ཛི་དང་རེ་མ་ཛུ། །སྐུ་མདོག་རང་རང་རིགས་དང་བསྟུན། །ཆིབས་དང་ཡང་ན་རྐྱང་པ་སྟེ། །རང་རང་ཕྱག་མཚན་ཕུར་བུ་བསྣམས། །རྒྱན་དང་ལྡན་པར་རབ་ཏུ་བསྐྱེད། །རང་བཞིན་སྤྱན་དྲང་མཆོད་པ་འབུལ། །བསྟོད་དང་སྨོན་ལམ་ལེགས་པར་བྱ། །དེ་ནས་བདག་ཉིད་སྔགས་དང་ནི། །མཆེད་བཞིའི་གསང་སྔགས་སྭཱ་ཧཱ་ཅན། །བར་བཅུག་རབ་བཟླས་སྲོག་ཀྱང་དབྲོག །


DNG020_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་པ་དག་དང་ལྡན་པར་བྱ། །བར་བར་མཆོད་བསྟོད་གནད་ལ་དབབ། །རང་རང་དམ་རྫས་ལེགས་པར་བསྟབ། །དེ་ལ་རྟགས་རྣམས་ངེས་པ་ནི། །བུད་མེད་ནག་མོར་དབང་བསྐུར་དང་། །བདག་ལ་ཕྱག་བྱེད་མར་འོང་བ། །འདི་ནི་གྲུབ་སྟེ་དངོས་གྲུབ་བླང་། །དེ་ནས་གསད་པའི་ལས་བྱ་བ། །འབྲུབ་ཁུང་ལྔ་རུ་ངེས་པར་བྱ། །དེ་ནས་ཐོད་པ་ལིངྒ་དང་། །དྲག་པོའི་རྫས་རྣམས་ལེགས་པར་བྱ། །གབ་པའི་ལས་ཀྱི་ལས་བྱའོ། །མིང་པོའི་འགུགས་སྔགས་ཤེས་པར་བྱ། །རབ་བསྐྱེད་མཐིང་ནག་འབར་བ་ཡིས། །ཉམས་པ་དགུག་པའི་ལས་བྱའོ། །སྔགས་ལ་བསད་པའི་སྔགས་བཏགས་སོ། །བསད་པ་ལ་སོགས་དགོངས་པ་ཡིན། །ཉམས་པ་ངེས་པར་གསད་པར་བྱ། །དང་པོ་དུས་ལ་བབ་དྲུག་དང་། །དེ་འོག་བཅུ་གཅིག་དམོད་པ་ཡིས། །རྡོ་རྗེ་ཚིག་བཞིས་གནད་ལ་དབབ། །ཐུན་ལ་སོགས་པའི་སྦྱོར་བ་བྱ། །རྟགས་བྱུང་ཕུར་བཏབ་བསྲེག་འཕང་གནན། །མ་གྲུབ་དུས་ན་ཤི་ས་བསྟན། །འདི་ནི་མིང་པོའི་ལས་ཡིན་ཏེ། །ཉམས་པ་བསད་པའི་མཆོག་ཡིན་ནོ། །ཁ་སྐོང་ལས་ནི་མཆོག་བསྒྲུབ་པ། །གཞན་དུ་གསུངས་པ་ངེས་པ་ཡིན། །ཤྭ་ན་མུ་ཁའི་སྒྲུབ་པ་ནི། །གོང་བཞིན་ཡོན་ཏན་ལྡན་པར་བྱ། །ཤྭ་ན་བསྒྲུབ་པའི་གནས་སུ་ངེས། །དཀྱིལ་འཁོར་མཆེད་བཞིའི་ཚུལ་དུ་ལ། །གྲུ་གསུམ་བཅས་པ་ལེགས་པར་བྲི། །བསྙེན་ཕུར་ཤྭ་ནའི་ཕུར་པ་བཞི། །དབུས་ལ་སོགས་པར་རབ་ཏུ་དགོད། །ཐོད་ཆེན་འཕར་སྤྱང་ལྔ་རྣམས་དགོད། །རང་རང་སྙིང་དང་ཁྲག་ཆེན་དང་། །ལྕགས་ཕྱེ་ཟངས་ཕྱེ་གསེར་ཕྱེ་དང་། །རྡོ་ཕྱེ་གཏོར་མ་ལྔ་རྣམས་དགྲམ། །དེ་ནས་གོང་བཞིན་བསྐྱེད་པ་ཡང་། །ལྕགས་སྤྱང་འཕར་བ་ཝ་མོ་དང་། །ཁྱི་མོ་རང་རང་གང་རིགས་བྱ། །མཆེ་བ་ཅན་ནི་བཞིར་ངེས་པར། །ཆིབས་སམ་ཡན་ན་རྐྱང་པ་སྟེ། །རང་རང་ཅོད་པན་ཕུར་པ་བསྣམས། །ཁྲོས་པའི་ཚུལ་དུ་རབ་ཏུ་བརྟག །སྤྱན་དྲང་ལ་སོགས་གོང་བཞིན་ནོ། །


DNG020_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

གསང་སྔགས་གོང་བཞིན་བཅས་པ་ལ། །བར་དུ་ཤྭ་ནའི་སྔགས་བཅས་པ། །ལེགས་པར་བཟླས་ལ་གོང་བཞིན་བྱ། །དེས་ནི་རྟགས་དང་ནུས་པ་ནི། །འཕར་སྤྱང་མང་པོ་འདུས་པ་དང་། །མགོ་བརྙན་ཚོགས་ལ་དབང་བྱེད་པའོ། །ནུས་ཐོབ་དངོས་གྲུབ་བླང་བར་བྱ། །དེ་ནས་གསོད་པའི་ལས་བྱ་བ། །གོང་བཞིན་འབྲུབ་ཁུང་བཅས་པའོ། །ལིངྒ་ལེགས་བཅས་ལས་རྣམས་བྱ། །ཤྭ་ནའི་ཏིང་འཛིན་མང་པོ་ཡིས། །འགུགས་པ་དག་ཏུ་ངེས་པ་ཡིན། །མིང་པོས་ཡང་ནི་དེ་བཞིན་ནོ། །གསང་སྔགས་མཱ་ར་ཡ་བཅས་སམ། །བཟླས་པས་ཤྭ་ནའི་ཚོགས་བཅས་པས། །སྟོད་ཅིང་ཟ་བའི་ཏིང་འཛིན་བྱ། །བར་བར་ཐུན་རྣམས་བྲབ་པ་ཡིས། །རྫས་རྣམས་སྤྲུལ་པ་ཡང་སྤྲུལ་གྱིས། །ངེས་པར་གསོད་པའི་ཏིང་འཛིན་བྱ། །སྨད་སྟོད་དཀྱུས་ཚིག་ལྔ་བཅས་པ། །དེ་འོག་བཅུ་གཅིག་མཐའ་བསྒྱུར་རོ། །སྟོད་སྨད་ཐ་མའི་བཞི་བཅས་པས། །ཐུགས་དམ་གནད་ལ་དབབ་པར་བྱ། །སེམས་ཅན་བསད་པའི་རྟགས་བྱུང་ན། །རྩ་བ་ཕུར་གདབ་བསྲེག་དང་འཕང་། །གནན་པའི་ལས་རྣམས་བྱ་བ་ཡིས། །ཉམས་པ་ངེས་པར་འཆི་བ་ཡིན། །ཁ་སྐོང་གཞན་དུ་ངེས་པར་གསུངས། །ས་བདག་ཆེན་མོ་བསྒྲུབ་པ་ནི། །གོང་བཞིན་ཡོན་ཏན་ལྡན་པ་ཡིས། །བསེ་མོ་བསྒྲུབ་པའི་གནས་སུ་བྱ། །མཎྜལ་ཟླ་གམ་བཅུ་དྲུག་གམ། །ཡང་ན་བཞིའམ་འབྲུབ་ཁུང་བཅས། །རང་རང་རིགས་དང་མཐུན་ནམ་གཅིག །ཝ་ཐོད་བཞི་ལ་རྩ་སྔགས་བཅས། །མཆོག་ཕུར་ལྕགས་ཕུར་ལྔ་རྣམས་སོ། །མར་ཁུ་ཞག་དང་སྦྲང་རྩི་དང་། །འོ་མ་ལ་སོགས་སྐྱོགས་བཞི་དང་། །ཡུངས་ཀར་ཡུངས་ནག་ཟི་ར་དང་། །སྐྱེ་ཚེ་ལ་སོགས་ཐུན་རྫས་བསག །གཞན་ཡང་སྨན་རཀ་གཏོར་མ་ལྔ། །ལེགས་པར་མཁས་པས་གསོག་པ་ཡིན། །དེ་ནས་ཏིང་འཛིན་བཅས་པ་ནི། །དཔའ་བོ་དཔའ་མོ་བསམ་པ་སྟེ། །རང་རང་རིགས་མཐུན་སྐུ་མདོག་ལ། །བསེ་ཁྲབ་རྒྱན་ཆས་ཕྱག་ན་ཡང་། །ཞགས་པ་ཕུར་


DNG020_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

བུ་བསྣམས་པ་ནི། །ཆིབས་སམ་ཡང་ན་རྐྱང་པ་སྟེ། །བློན་པོ་ཡང་བློན་བཅས་པ་བསྐྱེད། །སྤྱན་དྲང་ལ་སོགས་གོང་བཞིན་ནོ། །དཔའ་བོའི་གསང་སྔགས་བཅས་པ་དང་། །བར་དུ་བསེ་སྔགས་སྭཱ་ཧཱ་བཅས། །བཟླས་པ་གོང་བཞིན་ནུས་པ་དབྲོག །བར་དུ་མཆོད་བསྟོད་གནད་ལ་དབབ། །བལ་མོ་ལ་སོགས་རྟགས་བྱུང་ན། །དངོས་གྲུབ་བླང་ལ་ནུས་པ་ཐོབ། །དེ་ནས་གསད་པའི་ལས་བྱ་བ། །འབྲུབ་ཁུང་ལིངྒར་བཅས་པའོ། །ཁྲོས་པས་ལས་བྱ་བསེ་མོ་དགུག །དེ་ཡང་མིང་པོའི་བླ་འགུགས་སྔགས། །དེས་ནི་ངེས་པར་དགུག་པ་ཡིན། །གསང་སྔགས་མཱ་ར་ཡ་བཅས་ལ། །བཟླས་པས་ཡང་སྤྲུལ་སུམ་སྤྲུལ་གྱིས། །ངེས་པར་བསད་པའི་ཏིང་འཛིན་བྱ། །གོང་བཞིན་དྲུག་དང་བཅུ་གཅིག་དང་། །བཞི་བཅས་གནད་ལ་དབབ་པར་བྱ། །ཐུན་ཕབ་དགོངས་པ་གོང་བཞིན་ནོ། །ཕུར་གདབ་བསྲེག་འཕང་གནན་བྱས་ན། །ཉམས་པ་འཆི་འགྱུར་མཱ་ར་ཡ། །སྤོག་དང་ཤི་སའི་མན་ངག་ནི། །མ་བྱུང་མཁས་པས་རབ་ཏུ་སྦྱར། །ཁ་སྐོང་མན་ངག་གཞན་དུ་གསུངས། །འདི་ནི་མན་ངག་ནང་ན་མཆོག །ཕུར་བུའི་སྲུང་མ་མཐུ་ཆེན་ཡིན། །ཨ་བྷི་ཙརྱའི་དུས་ཞེས་པ། །ལྟ་བ་བྱིན་བརླབ་བརྟེན་པ་དང་། །དྲག་སྔགས་རྟོགས་དབང་མཐུ་ཡིན་ཏེ། །དཔེ་དོན་ངེས་གསུམ་ཤེས་པ་ཡིས། །མཐུ་རྣམས་རབ་ཏུ་བསྒྲུབ་པ་ཡིན། །དགོངས་པ་སྔགས་དང་ཕྲིན་ལས་དང་། །ནུས་པ་གསང་བ་བསད་ཤེས་པའི། །ངེས་པར་དཔེ་དོན་ཤེས་ན་འགྲུབ། །དོན་གསུམ་ངེས་པར་རྣམ་པར་གྲོལ། །ཞེས་གསུངས་སོ། །རྡོ་རྗེ་ཕུར་པ་གསང་བའི་རྩ་བ་རྣལ་འབྱོར་ཆེན་པོ་ཡང་དག་པའི་རྒྱུད་ལས། དམ་ཅན་གསུམ་སྒྲུབ་པའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་ཀརྨ་ཧེ་རུ་ཀས། །ཀཱི་ལ་ཡ་ལ་འདི་སྐད་གསོལ། །ཀྱེ་བཅོམ་ལྡན་བཛྲ་ཀཱི་ལ་ཡ། །དམ་ཅན་སྡེ་གསུམ་མིང་པོ་དང་། །རངས་པ་དྲིལ་


DNG020_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བསྒྲུབ་པ་ནི། །ལེགས་པར་བདག་ལ་བཤད་དུ་གསོལ། །དེ་སྐད་གསོལ་བར་བཀའ་སྩལ་པ། །ཉོན་ཅིག་ཀརྨ་ཧེ་རུ་ཀ །སྲུང་མ་རྣམ་གསུམ་མིང་པོ་དང་། །སྤྱི་དྲིལ་བསྒྲུབ་པ་ངས་བཤད་དོ། །གུས་པར་ཉོན་ལ་ཡིད་ལ་ཟུང་། །ཡོན་ཏན་ལྡན་པའི་སྔགས་པ་ཡིས། །རྒྱལ་པོ་བསྒྲུབ་པའི་གནས་སུ་ནི། །སྔོན་འགྲོ་བཅས་པ་ལེགས་པར་བསྒྲུབ། །མཎྜལ་གྲུ་གསུམ་མཁར་དང་བཅས། །དུང་གི་མདོག་ཅན་ལེགས་པར་བྲི། །ཐོད་པ་བམ་རིལ་ཕུར་པ་གཉིས། །ལུག་དཀར་སྙིང་དང་དཀར་ཚོགས་སྙིང་། །བཤོས་བུ་སྤྱན་གཟིགས་མཐུན་རྫས་བཅས། །རྨྱུག་མ་རྟེན་དང་བཅས་པའོ། །ཏིང་འཛིན་བསྐྱེད་པར་རབ་བྱས་ལ། །རྒྱལ་པོ་དཀར་པོ་གྱིང་དཀར་ཕུར། །རྣམ་པ་རྒྱན་བཅས་བསྐྱེད་པར་བྱ། །སྤྱན་དྲང་མཆོད་འབུལ་བསྟོད་སྨོན་ལམ། །དེ་དག་ལེགས་བྱས་སྔགས་བཟླས་ལ། །ཀ་ར་ཀརྨ་ཡ་ན་ནི། །ཁ་སྐོང་སྔགས་བཅས་རབ་ཏུ་གཞུག །གོང་ལྟར་བཟླས་པས་ནུས་པའི་རྟགས། །སྐྱ་ཤར་མོན་པ་དཀར་པོ་ལ། །དབང་བསྐུར་ངེས་པར་འགྲུབ་པ་ཡིན། །བར་བར་བཤོས་བུ་སྤྱན་གཟིགས་བསྟབ། །དངོས་གྲུབ་བླངས་ལ་གསད་ལས་བྱ། །ལིངྒ་བཅས་པའི་མན་ངག་བྱ། །ཁྲོས་པས་དགུག་བྱ་རྒྱལ་པོས་སོ། །བསད་པའི་སྔགས་ནི་བཅས་པས་བཟླས། །གོང་བཞིན་མི་འགྱུར་གནད་ལ་དབབ། །ཐུན་ཕབ་ཏིང་འཛིན་བཅས་པ་ཡིས། །གསོད་འགྱུར་གོང་བཞིན་ལས་བྱའོ། །ཏྲི་ཙ་པ་ལ་ཨ་ཤུག་མེ་སྭཱ་ཧཱ། ཏྲི་ཁ་ཐུན་ཁ་ཁ་ཐུན་ནི་ར་རྦད། ཨ་ཏྲི་ཙ་པ་ལ་མཱ་ར་ཡ་རྦད། དགུ་དང་རྩ་བདུན་བསད་སྔགས་དེས། །བླ་རྡོའི་མན་ངག་ཤེས་གྱུར་ན། རྒྱལ་པོ་རྟ་ལྟར་གདགས་པ་དང་། །བཙོན་བཟུང་ཁྱི་ལྟར་བཀྲི་བ་འགྲུབ། །བླ་འགུགས་གསང་སྔགས་ཤེས་པར་བྱ། །འདི་ནི་དུང་གི་སྒྲུབ་ཐབས་ཏེ། །ཉམས་པ་འཆིར་འགྱུར་གདོན་མི་ཟ། །དེ་ནས་མགོན་པོའི་སྒྲུབ་པ་ཡང་། །རབ་ཏུ་མཁས་པས་སྤྱད་པར་བྱ། །མགོན་པོ་ངེས་བསྒྲུབ་གནས་སུ་ནི། །མཎྜལ་གྲུ་གསུམ་ཟླུམ་པོ་གནག །མདུན་དུ་ངེས་པར་བྲི་བར་བྱ། །


DNG020_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

དྲེའུ་ནག་ཐོད་པ་མདའ་ནག་དང་། །དར་ནག་ལུག་ནག་སྙིང་དང་ནི། །དེ་བཞིན་ནག་ཚོགས་སྙིང་ཁྲག་བཅས། །རྟ་ནག་རྨིག་པ་གཡས་པ་ལ། །ཐུན་དང་གཏོར་མ་ནག་པོ་དང་། །བསྙེན་ཕུར་ཕུར་པ་ནག་པོ་སྟེ། །དེ་དག་ལེགས་པར་དགོད་པར་བྱ། །དེ་ནས་གོང་བཞིན་བསམ་པ་ཡིས། །མ་ཧཱ་ཀཱ་ལ་མདོག་ནག་སྟེ། །བེ་ཅོན་ཕུར་བུ་རྒྱན་དང་ལྡན། །ཁྲོས་པ་རབ་ཏུ་སྦྱོར་བ་བྱ། །སྤྱན་དྲང་ལ་སོགས་གོང་བཞིན་ནོ། །གསང་སྔགས་མ་ཏཾ་ཡང་ན་ནི། །འོག་ནས་འབྱུང་བ་བཟླས་པ་ཡི། །གོང་བཞིན་ནུས་པ་ཐོབ་པར་ངེས། །བར་དུ་མཆོད་བྱ་བསྟབས་བྱས་སོ། །མོན་པོ་ནག་པོ་ཁྱི་ཕག་ནི། །དབང་དུ་འདུས་པའི་རྟགས་བྱུང་ན། །དངོས་གྲུབ་བླངས་ལ་གསད་ལས་བྱ། །འབྲུབ་ཁུང་ལིངྒར་བཅས་པའོ། །འོག་ནས་འབྱུང་བའི་གསང་སྔགས་ཀྱིས། །དགུག་པའི་ལས་བྱ་གསུམ་པས་གསོད། །འཁོར་དང་བཅས་པས་བསད་པར་བསམ། །གོང་བཞིན་མི་འགྱུར་གནད་ལ་དབབ། །ཐུན་ཕབ་སྦྱོར་བས་བསད་པར་བསམ། །རྟགས་བྱུང་ཕུར་བཏབ་ལས་མཐའ་བརྟུལ། །ཨོཾ་མ་ཧཱ་ཀཱ་ལ་ཡཀྴ་ཏྲི་ཡང་ཛཿ། མ་ཧཱ་ཀཱ་ལ་ཏྲི་ཆུམ་ཤིག་བཾ་རིལ་མཱ་ར་ཡ་ཕཊ། དགུ་དང་བཅུ་གཅིག་གསང་སྔགས་ནི། །དབང་ཕྱུག་མགོན་པོའི་གསང་སྔགས་ཏེ། །བླ་རྡོའི་མན་ངག་ཤེས་པ་ཡིས། །ཆོས་སྐྱོང་བ་རྣམས་སྲུང་འགྱུར་རོ། །འདི་ནི་ལྕགས་ཀྱི་བསྒྲུབ་པ་སྟེ། །ཉམས་པ་ངེས་པར་གསོད་པ་ཡི། །ཡེ་ཤེས་མགོན་པོའི་བསྒྲུབ་པ་ཡིན། །དེ་ནས་བསེ་ཡི་གིང་སྒྲུབ་ནི། །འགྲུབ་ངེས་གནས་སུ་ངེས་པ་ཡིས། །མཎྜལ་གྲུ་གསུམ་བསེ་མཁར་བཞི། །བསྙེན་ཕུར་བསེ་ཡི་ཕུར་པ་བཞི། །བསེ་མདའ་བསེ་ཕོར་བཞི་རྣམས་སོ། །ཁྱི་དམར་སྙིང་ཁྲག་དམར་སྣ་ཚོགས། །དེ་བཞིན་ཤེས་བྱ་ཐུན་རྫས་ནི། །ཟངས་མའི་ཁབ་དང་ཐིག་དམར་བཅས། །གཏོར་མ་བཞི་ཡང་ངེས་པར་བསག །གོང་བཞིན་ཏིང་འཛིན་དག་པ་ཡིས། །གཙོ་རྫོགས་བསེ་ཡི་སྐྱེས་བུ་ནི། །དམར་པོ་འཇིགས་པ་ཕྱག་གཉིས་ན། །བསེ་མདའ་བསེ་གཞུ་ཕུར་པ་


DNG020_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

འདྲིལ། །ཆིབས་སམ་ཡང་ན་རྐྱང་པ་སྟེ། །དེ་བསམ་གོང་བཞིན་ལེགས་པར་བྱ། །གསང་སྔགས་མ་ར་སེ་ན་ཏེ། །ཡང་ན་འོག་ནས་འབྱུང་བ་བཟླས། །དེ་བཞིན་ནུས་པ་ངེས་ཐོབ་རྟགས། །མོན་པ་དམར་པོ་ཁྱི་དམར་པོ། །དབང་བསྒྱུར་ངེས་པར་འགྲུབ་པ་ཡིན། །བར་བར་མཆོད་དབབ་ལེགས་པར་བྱ། །ནུས་ཐོབ་བསད་པའི་ལས་ཀྱང་བྱ། །ཕོར་པའི་ནང་དུ་ལིངྒ་བཅས། །གསང་སྔགས་རབ་ཏུ་བཟླས་པ་ཡིས། །བསེ་ཡི་སྐྱེས་བུ་སྤྲུལ་པ་དང་། །ཡང་སྤྲུལ་སུམ་སྤྲུལ་མོན་པ་ཡིས། །བཀའ་འདས་ཉམས་པ་རབ་བཀུག་ནས། །ནང་དུ་བསད་པའི་སྦྱོར་བ་བྱ། །དེ་ཡང་བླ་འགུགས་སྔགས་ཀྱིས་སོ། །ཐུན་དབབ་གོང་བཞིན་གནད་ལ་དབབ། །ཕུར་བཏབ་མདའ་འཕང་བསྲེག་འཕང་གནན། །ཨོཾ་ར་ཤཱི་ནཱ་ར་ཤི་ན། ཀུ་ལན་ཤུ་ན་ལན་མ་ཧོ་ར་ག་ཧཱུཾ་ཕཊ། ཀྲོ་དྷ་ཙིཏྟ་མཱ་ར་ཎི་ཤུ་རུ་ཤུ་རུ། ཤུ་ལ་ཤུ་ལ། ཙི་པ་ར་ཤུ་ལ་ཧ་མཱ་ར་ཡ་རྦད། བཅོ་ལྔ་རྩ་དྲུག་རྩ་སྔགས་ནི། །བསེ་ཡི་གིང་གི་སྔགས་ཡིན་ནོ། །འདི་ནི་བསེ་ཡི་སྐྱེས་བུའི་བསྒྲུབ་པ་སྟེ། །བླ་རྡོ་མན་ངག་ཤེས་གྱུར་ན། །གང་བཅོལ་ཉན་ལ་སྲོག་གཅོད་བྱེད། །ཟོར་ལ་ཤིས་ཏེ་རབ་ཏུ་གསང་། །དེ་ནས་དམ་ཅན་མ་གསུམ་དང་། །མིང་པོ་ལྔར་བཅས་བསྒྲུབ་པ་ནི། །སྟོད་ཀྱི་སྔགས་དྲུག་བྱིན་མེད་ན། །དེ་ཡང་རྦད་པའི་ལས་བྱ་བ། །སྔགས་དྲུག་དག་གི་ལས་བྱའོ། །ལས་ཀྱི་ཐུན་སྔགས་བསད་པ་དང་། །རྟགས་འབྱིན་ལྷག་པ་ལྷ་ཡི་དམོད། །སྲོག་གི་ཆན་པ་ཐུན་གྱི་སྔགས། །སྔགས་དྲུག་བྱིན་ཡོད་བྱ་བའི་ཕྱིར། །ཁོང་ཁྲག་བཏང་བས་ལས་མྱུར་བཤད། །དོན་རྣམས་ངེས་པའི་རྣལ་འབྱོར་པས། །བདེན་པ་ལུང་ལ་ངེས་གནས་སོ། །ཉམས་པ་བདུན་པོ་བསྒྲལ་བའི་ཕྱིར། །དྲག་པོའི་དུས་གཟུང་ཡོ་བྱད་བསོག །རྩ་བའི་མཎྜལ་ལྷོ་ནུབ་དུ། །བསེ་བྱང་སྦྲག་མའི་མཎྜལ་ནི། །དབུས་སུ་གྲུ་གསུམ་ཐུར་དུ་བྲུ། །དེ་ཡི་ཕྱི་རིམ་མུ་ཁྱུད་བཅས། །འཁོར་ལོ་དྲུག་ཏུ་ངེས་པའོ། །དེ་ཡི་ཕྱི་རིམ་གྲུ་ཆད་བཞི། །གྲུ་གསུམ་མཐིང་ནག་རེ་


DNG020_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

རེ་བྱ། །དབུས་སུ་ཕྱོགས་བཞིར་ཕུར་པ་རེ། །ལྷ་རྣམས་ཚང་བའི་ཕུར་པ་དགོད། །རྩང་བཞིའི་ཁ་ལ་སྙིང་བཞི་དང་། །གོང་དུ་བཤད་པའི་དམ་རྫས་དགྲམ། །ཐུན་རྫས་མང་པོ་ཐོད་པར་བསག །ཐོད་ཆེན་བཞི་རུ་ཐུན་ཁྲག་གོ། །དེ་ལ་བཅའ་བའི་རིམ་པ་ཡང་། །ཤིང་ཤུན་རོ་རས་དག་ལ་ནི། །ལིངྒ་བསད་པའི་འཁོར་ལོ་ནི། །དུར་ཁྲོད་རྨྱུ་གུ་ཁྲག་ཆེན་གྱིས། །ཞེ་སྡང་བཅས་པའི་སེམས་ཀྱིས་བྲི། །འཁོར་ལོ་རྩིབས་དྲུག་བཅས་པ་ལ། །སྤྱི་བོར་ཨོཾ་དང་ཀཱི་ལ་ཡ། །སྙིང་གར་མིང་དང་དཔྲལ་བར་རུས། །གཡས་སུ་ཧཱུཾ་ལ་གཡོན་དུ་ཕཊ། །མཱ་ར་ཡ་ནི་འདོམས་སུ་སྟེ། །དྲུག་ལ་སྔགས་དྲུག་བཅས་པའོ། །སྲོག་ལ་འདྲེན་པའི་སྙིང་པོ་རྣམས། །མཚམས་ལ་མཆོད་དྲུག་ངེས་པ་ཡིན། །ཐམས་ཅད་འདུས་པས་མཐའ་མ་བསྐོར། །སྦ་འཁར་ཚིག་གསུམ་དག་ལ་ཡང་། །བསེ་བྱང་སྙིང་པོ་བཅས་པ་གདགས། །བསེ་བྱང་ནག་པོ་སྙིང་པོར་བཅས། །དེ་འོག་གཉིས་ལ་གདགས་པར་བྱ། །བསེ་བྱང་དཀར་པོ་སྙིང་པོར་བཅས། །དེ་ཡི་འོག་ཏུ་ཤེས་པར་བྱ། །དེ་འོག་མོན་མོ་ནག་མོ་དང་། །ཤྭ་ནའི་སྐུ་དང་སྙིང་པོར་བཅས། །སྦ་ཡང་ཚིགས་གསུམ་དག་ལའོ། །ཐ་མར་ལིངྒ་སྐུད་པར་གདགས། །མཎྜལ་ནང་དུ་སྦ་འཁར་གྱིས། །ལིངྒ་འཁོར་ལོར་བཅས་པ་གཟིར། །ཁྱད་པར་མཆོད་པ་གསུམ་དང་བཅས། །དང་པོར་སྔོན་འགྲོ་ཤེས་པར་བྱ། །དང་པོར་རྩ་བའི་ལྷ་གསུམ་ནི། །གཞུང་བཞིན་ལེགས་པར་བསྐྱེད་པ་ཡིན། །དབང་བསྐུར་བྱིན་དབབ་སྤྱན་དྲང་བྱ། །མཆོད་ཅིང་བསྟོད་དེ་སྨོན་ལམ་གདབ། །དམ་ཅན་མིང་སྲིང་གོང་བཞིན་དུ། །ཤིན་ཏུ་ཁྲོས་པས་ཡང་དག་བརྟག །གོང་བཞིན་མཆོད་བྱས་གནད་ལ་དབབ། །དྲུག་དང་བཅུ་གཅིག་ཚིག་བཞི་པོས། །དམར་ཆེན་སྦྲེང་ལ་དམ་ཅན་བསྐུལ། །གབ་པའི་སྔགས་ཀྱིས་བར་བྱས་ལ། །དམ་ཅན་མང་པོས་དགྲ་བོ་དགུག །མིང་པོའི་བླ་འགུགས་སྔགས་ཀྱིས་སོ། །ཤེས་པ་བསྡིམ་ལ་ཡང་ཡང་ངོ་། །གོང་བཞིན་བསྙེན་པ་རྫོགས་པར་བྱ། །ཕྱི་ནས་དྲངས་ཏེ་རྒྱུན་མི་


DNG020_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

གཅད། །ནང་དུ་མཆོད་བྱ་གནད་ལ་དབབ། །ལྷ་བསྒྲུབ་པ་ནི་དེ་ལྟར་རོ། །དེ་ལྟར་བྱས་པའི་རྟགས་བསྟན་པ། །རབ་ཀྱིས་ཕུར་པ་མཆོངས་པར་འགྱུར། །གཉིས་པ་འབྲིང་ལ་མེ་སྟག་འཕྲོ། །ཐ་མས་ཉམས་དང་རྟགས་སུ་བཤད། །དེ་བྱུང་དངོས་གྲུབ་ངེས་པར་བླང་། །དྲག་པོའི་ལས་དག་བྱ་བ་ནི། །ལྷ་རྣམས་དྲག་པོར་ངེས་བསམ་མོ། །ཡང་སྤྲུལ་སུམ་སྤྲུལ་མང་པོ་ཡིས། །ཤེས་པ་ལིངྒ་ལ་གཞུག་བསད། །བར་བར་ཐལ་མོ་དམོད་པ་བྱ། །ལས་ཀྱི་ཐུན་དྲུག་སྔགས་ལ་ཡང་། །ཉིན་མོ་གཏོར་ལ་ནུབ་མོ་དྲིལ། །གང་བབ་དུས་སུ་ཤེས་པར་བྱ། །རྟགས་འགྱུར་སྲོག་གཅོད་ལ་སོགས་པ། །བར་དུ་ཐུན་རྣམས་བྲབ་པ་ཡང་། །ཐོད་ཆེན་ནང་དུ་ངེས་པར་ཡང་། །ལས་ཀྱི་ཐུན་དྲུག་སྔགས་ཀྱིས་བྲབ། །དམ་ཅན་མང་པོས་བསད་པར་བསམ། །སྟོད་ཅིང་རྟབ་ཅིང་ཟ་བར་བརྟག །དུས་དྲུག་ཕུར་པ་བརྡེག་བྱ་བ། །གསང་བ་གསུམ་ལྡན་བསྒྲལ་མཛད་བཅས། །ཚེ་ལུང་ཁྲུས་ལུང་དགོངས་པ་བསྲང་། །བསྙེན་པའི་ཕུར་པ་སྙིང་ལ་གདབ། །དམ་ཅན་ཕུར་པ་རངས་པ་ལ། །སྔགས་ལ་སུ་རུ་མུ་རུར་བཅས། །རང་རེའི་གནས་སུ་ངེས་པར་གདབ། །ཝ་ཐོད་ནང་དུ་བསེ་བྱང་ནི། །དམར་པོ་བཅུག་ལ་ཕུར་པས་མནན། །ཁྱི་ཐོད་ཁ་ལ་མེ་འབར་ཏེ། །རྫས་རྣམས་སྦྱིན་བསྲེག་བྱ་བ་དང་། །ཀློང་ཡངས་འཁྱིལ་པའི་ཧོམ་དུའོ། །སྤྱང་ཐོད་ཁ་ལ་ལིངྒ་དང་། །གཏོར་མ་ལྷ་ལ་བསྟབ་པ་བྱ། །འཕར་བའི་ཐོད་པར་དམ་རྫས་དང་། །ཁྲག་བཅས་གནས་པ་ཟོར་དུ་འཕང་། །མནན་པ་ལུང་གསུམ་མདོ་རུ་ངེས། །དེ་ལྟར་རབ་ཏུ་བྱས་པ་ཡིས། །རྡོ་རྗེའི་བྲག་ཀྱང་འཇིག་གྱུར་ན། །གཟུགས་ཅན་ལ་ནི་སྨོས་ཅི་དགོས། །གསང་བའི་སྔགས་ནི་འདི་རྣམས་སོ། །ཨོཾ་བཛྲ་ཀྲོ་དྷ་ཙིཏྟ་མ་ཧཱ་ལི་ཤུར་ཤུར། ཁྱི་ར་ཁྲིད། གྷ་དྷ་ར་ཎི་ཤུ་ལ་རྩི་པཱ་ར་ཤུ་པ་ར་ཎི། ཡོ་ག་ཤུདྷ་ཙིཏྟ་མ་ར་ལི། ཀྲོ་དྷ་ཡོ་ག་ནཱི་བཛྲ། ཛ་ལནྡྷ་རི། ཤ་ཥ་ཎི་ཛ་ཛ། ཡི་གེ་ལྔ་བཅུ་ང་གསུམ་ནི། །དམ་ཅན་སྤྱི་ཡི་སྲོག་སྙིང་ངོ་། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཀུ་ལན་ཤུ་ལ་ན། རྩ་མུན་ཀཱཾ་ཀཱ་སྙིང་ཁ་རག་མ་བྷྱོ། རཱུ་ཏྲ་ཏྲ་ཀ་རཀྵ་རྦད། མ་མ་སྙིང་ཙིཏྟ་རྦད། ཁ་རུཾ་


DNG020_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

ཙི་ཏྲ་མཱ་ར་ཡ་བྷྱོ། བལ་ཕུར་མ་མ་དུན་རྦད། རཀ་མོ་སྙིང་རྩ་རུ་རུ་ཡཾ་ཙིཏྟ་ཡཾ་ནྲྀ་ཏྲི་ཧཱུཾ་ཧཱུཾ་ཕཊ་ཕཊ། ཙི་པི་རཱི་ཙཀྲ་ཡ། ནཱ་ག་མཱ་ར་ཡ་ཚལ་པ་ཤུ་ཤུ་རཀྴ་ཚལ་པ། ཨ་ཝེ་ཤུ་ཚལ་པ། ནྲྀ་ཏྲི་མཱ་ར་ཡ། བཛྲ་ཤུ་ཏྲི་དྷ་ར་ཙི་ར་ཡ་ཧཱུཾ་ཕཊ། རྦད་སུ་རྦད་སུ། ཁ་དུཾ་ཁ་དུཾ། མ་མ་ཡཾ་རཀྴ་རཀྴ། ཚལ་པ་ཚལ་པ། ཚལ་བྷྱོ་ཚལ་བྷྱོ། ཕུར་བུ་ཕུར་བུ་ཧཱུཾ་ཕཊ། དགུ་བཅུ་གོ་དྲུག་གསང་སྔགས་ནི། །ཐུན་གྱི་གསང་སྔགས་དམོད་པ་སྟེ། །ཐམས་ཅད་དྲིལ་བའི་སྔགས་སུའམ། །བསེ་ཡི་སྐྱེས་བུ་འཁོར་བཅས་སྔགས། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཙིཏྟ་ཙིཏྟ་ཡང་བྱུང་། ཙོ་ཏྲ་ཙོ་ཏྲ་ཛཿཧཱུཾ་བཾ་ཧོཿ། ཨཱ་ཝེ་ཤ་ཡ་ཨཱ་ཝེ་ཤ་ཡ་ཧཱུཾ་ཕཊ། དྷ་ཏི་མ་མ་ཤཱི་གྷྲཾ་ཀརྨ་ཀཱ་ར་ཡ། མཱ་ར་སེ་ན་པྲ་མརྡ་ན་ཧཱུཾ་ཕཊ། ཛཿཧཱུཾ་བཾ་ཧོཿ། ཤཱི་གྷྲཾ་ཨ་ན་ཡ་ཧཱུཾ་ཕཊ། མ་མ་བ་ཤཾ་ཀུ་རུ་མཱ་ར་སེ་ན་པྲ་མརྡ་ན་ཧཱུཾ་ཕཊ། ཛཿཧཱུཾ་བཾ་ཧོཿ། ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུཾ་ཕཊ། མ་ར་སེ་ན་པྲ་མརྡན་ས་མ་ཡ་ཧཱུཾ་ཕཊ། ཡི་གེ་བརྒྱད་ཅུ་གྱ་དྲུག་ནི། །ལྷག་པ་ལྷ་ཡི་དམོད་པ་སྟེ། །བདག་ཉིད་མ་མོའི་གསང་སྔགས་ཡིན། །ཡང་ན་སྤྱི་རུ་ཤེས་པར་བྱ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ར་ཧོ་ལ་ཤ་ཁྱུང་ཁ་མུར་ཤ་ཡོ་གི་ནཱི། རོག་ན་ན་མོ་མུ་རྩ་ཡ་ཁྲེ་དུ་བྷ་ཡ་ཤེ་ཡ། རོ་ལ་ཁྲག་འཐུང་ཀང་ཀང་ཀེང་ཀེང་ཡ། ཙིཏྟ་མུར་ཤ་ཡ། གཤེ་དུ་ཡ་མ་ནི་ཛ་ཎི་ཕཊ་ཕཊ་སོད་སོད་རྦད་རྦད། ཡི་གེ་ལྔ་བཅུ་རྩ་དྲུག་ནི། །ཐུན་གྱི་དམོད་མོའི་གསང་སྔགས་ཏེ། །ཤྭ་ན་མ་ཡི་དྲག་སྔགས་ཡིན། །ཡང་ན་གོང་བཞིན་ཤེས་པར་བྱ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུཾ་བཾ་ཧོཿ། ཧ་ས་ཡ་ར་བྷི་དོ་བྷི་དོ་པཱ་རཱ་ཕཊ། ར་ཤ་ནི་རི་ཤ་ནི་ཕཊ། ཤུ་ལ་ཚལ་པ་ནི་ཚལ་པ་ནི། ཐུཾ་ཐུཾ། ཨ་ནྲྀ་ཏྲི་མཱ་ར་ཡ་ཛ་ཛ། ཐུཾ་ཐུཾ། ནཱ་ག་མཱ་ར་ཡ་ཚལ་པ་ཐུཾ། རྦད་སུ་ཙིཏྟ་ཡ་ཛཿཧཱུཾ་བཾ་ཧོཿ། རཱུ་ཏྲ་མ་མ་དུན་བྷྱོ་ཛཿཧཱུཾ་བཾ་ཧོཿ།ཏི་ཤ་ཤ་སྙིང་ལ་དུ་ན་དུ་ན། མ་ཧཱ་རཀྴ་ཧཱུཾ་ཕཊ། ཡི་གེ་བདུན་ཅུ་དོན་བརྒྱད་ནི། །བསད་པ་སྲོག་གི་ཤན་པ་སྟེ། །རྒྱལ་པོ་ཤེལ་གིང་གསང་སྔགས་ཡིན། །ཡང་ན་སྤྱི་རུ་ཤེས་པར་བྱ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། སྟེ་ན་སྟེ་སེ་ཧཱུཾ་ཕཊ། སརྦ་བིགྷ་ནཱན་བཾ་ཧཱུཾ་ཕཊ། རཀ་མོ་ཡག་མོ་


DNG020_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

ཀཱ་ལ་རཱུ་པ། སྙིང་ཟ་ས་མ་ཡ། སྙིང་སྲོག་ལ་ཡ་རྦད། ཨཱོཾ་ཨཱོཾ་ཨཱོཾ་ཁྲག་ལ་མྱུར། མཱ་ར་སེ་ན་སྲ་མརྡ་ན་ཡེ་ཧཱུཾ་ཕཊ། ཙིཏྟ་ཕྲིལ་ཕྲིལ། སྲོག་ཡཾ་ཡཾ། སྡྱ ་ཏ་ཐཱ་ཡ་ཧཱུཾ་ཕཊ། སྙིང་ཟ་བ་ཙིཏྟ། མ་ཤ་ལ་ཧཱུཾ་ཕཊ། དྷ་ན་རུ་སྙིང་ཁྲག་ཤ་ལ་ཁ་ཐུཾ་རིལ་ཤཾ་ཁྱེར་བྷྱོ། ཕྲིལ་པ་ཀར་ལ་ཤཾ་ཁྱེར་བྷྱོ། ཡི་གེ་དགུ་བཅུ་གོ་ལྔ་ནི། །བསད་པ་ལས་ཀྱི་དམོད་སྔགས་ཏེ། །མགོན་པོའི་གསང་སྔགས་ཡིན་པར་ཤེས། །ཡང་ན་གོང་བཞིན་ཤེས་པར་བྱ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཀྲོ་དྷ་སི་ཏ་ན་ལི། ཤུ་ར་ཤུ་ར། ར་གཱ་ར་གཱ། ཤུ་རུ་རཀྴ་ཚལ་པ། ཨཱ་ཝེ་ཤ་ཡ་ཨཱ་ཝེ་ཤ་ཡ། ཀང་ཀང་ཀཱེང་ཀཱེང་། མཱ་ར་ཙིཏྟ་རོ་ལ་ཙིཏྟ་ཕཊ། ཀྱི་ཁྲིད་ར་ཁྲིད་མཱ་ར་ཡ། ཤུ་ལ་ཙིཏྟ་ལེ་བུ་སོར་དུན་དུན་ཤ་ཡ། ཀྲེང་ཀྲེང་མཱ་ར་ཡ་མུན། ཀྲེ་མུན་ཏེ་ཏ་ཡ་ཧཱུཾ་ཕཊ། ཡི་གེ་བདུན་ཅུ་རྩ་བདུན་ནི། །མགྱོགས་པ་ལས་ཀྱི་རྟགས་འབྱིན་ཏེ། །ས་བདག་ཆེན་མོའི་གསང་སྔགས་ཡིན། །ཡང་ན་གོང་ལྟར་ཤེས་པར་བྱ། །ཤུ་ཤུ་རཀྴ་ཚལ་པ་ཨཱ་ཝེ་ཤ་ཤུ་ལ་ཀ་ཀེང་མཱ་ར་ཡ་ཕཊ། སྟམ་བྷ་ནན། ཡི་གེ་ཉི་ཤུ་ཐམ་པ་ནི། །ཐམས་ཅད་དྲིལ་བའི་མནན་པའི་སྔགས། །ཤུ་ལཾ་བུ་ལཾ་ད་དྷི་ཛཿནི་ཡོ་གཱི་ཤྭ་རཱི་ནི་ཡ་མ་ཙིཏྟ་སུ་ཏྲི་ཡ་མ་ཙིཏྟ་སུ་ཏྲི་བཛྲ་ཡ་མཱ་ར་ཡ་ཕཊ། རཾ་རཾ་ཁཱ་ཧི་ཧི་ཧོ་ཧོ། ཡི་གེ་སུམ་ཅུ་ཐམ་པ་ནི། །ཐམས་ཅད་དྲིལ་བའི་སྦྱིན་སྲེག་སྔགས། །ཤུ་ཤུ་ཚལ་ལ་ནྲྀ་ཐུཾ་ཐུཾ། ཨ་ནྲྀ་ཏྲི་མ་ར་ཎ། བཛྲ་བཛྲ་ཐུཾ་ཐུཾ། ནཱ་ག་རཀྴ་མཱ་ར་ཡ་ཐུཾ་ཚལ་པ་ལི་ཐུཾ་རིལ་ཁཱ་ཧི། ཡི་གེ་སུམ་ཅུ་སོ་གསུམ་ནི། །ཐམས་ཅད་དྲིལ་བ་བསྟབས་པའི་སྔགས། །འབུ་ལིང་འབུ་ལི་ཁཾ་བཛྲ་ཤི་བྷ་ནི་རི་ཤ་ནི་ཁྱི་ཁྲིད་སྙིང་ཟ་བ་ཙིཏྟ་ཏ་པ་ཏོ་བྷྱོ་བྷྱོ་ཐུན་ཡ། ཡི་གེ་ཉི་ཤུ་རྩ་ལྔ་ནི། །ཐམས་ཅད་དྲིལ་བ་ཟོར་འཕང་སྔགས། །གསང་སྔགས་མ་ནོར་ངེས་པ་ཡིས། །དོན་དང་ལྡན་པའི་མཁས་པས་སྤྱད། །རབ་ཏུ་གསང་བའི་ངེས་དོན་ལ། །གབ་པའི་གདམས་པ་གཟུང་བ་དང་། །ཚེ་ལུང་ཁྲུས་ལུང་བསྟན་པ་དང་། །བཏབ་པས་ཁམས་གསུམ་སྒྲོལ་བ་དང་། །དམ་ཅན་གནད་དབབ་ཐུན་དབབ་དང་། །གཟིར་མནན་དྲག་པོས་བཏུལ་བ་དང་། །སྦྱོར་བར་མཆོད་ནས་བསྟབ་པའོ། །གཏོར་མ་བཏང་སྟེ་དཀྱིལ་འཁོར་བསྡུ། །རྒྱུན་གྱིས་ངེས་


DNG020_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

པས་སྤྱོད་ལམ་བྱ། །འདི་ནི་རངས་པར་དྲིལ་བ་སྟེ། །རྩ་བ་གང་ལ་བྱིན་མེད་ན། །འདི་ནི་སྤོག་པའི་ཁ་སྐོང་ཡིན། །བསྟན་པ་འཇིག་པའི་ཉམས་པ་བདུན། །འདིས་ནི་ངེས་པར་གསོད་འགྱུར་རོ། །ཞེས་གསུངས་སོ། །རྡོ་རྗེ་ཕུར་པ་གསང་བའི་རྩ་བ་རྣལ་འབྱོར་ཆེན་པོ་ཡང་དག་པའི་རྒྱུད་ལས། མིང་པོའི་བསྒྲུབ་པ་དང་སྤྱིར་དྲིལ་བ་མནན་པ་སྟེ་ལེའུ་བཅྭ་ལྔ་པའོ།། །།དེ་ནས་ཕྱི་རབས་ཀྱི་རྣལ་འབྱོར་པའི་ལས་བྱེད་དུ་མ་འདོད་པར་ཐུགས་ཕྱུང་ན། བཛྲ་ཀཱི་ལ་ཡས། དམ་ཅན་གནད་ལ་འབེབས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དམ་ཅན་གྱི་གཏན་ཚིགས་དང་ཤི་ས་འདི་གསུངས་སོ། །ཉོན་ཅིག་ཀརྨ་ཧེ་རུ་ཀ །དམ་ཅན་གཏན་ཚིགས་ཤི་ས་བསྟན། །ཕྱི་རབས་དོན་དུ་རབ་བཤད་དོ། །དང་པོ་རཱུ་ཏྲ་ཞེས་བྱ་བ། །བསྐལ་པ་བརྒྱད་ཁྲིའི་སྔོན་རོལ་དུ། །དགེ་སློང་ཐུབ་དཀའ་གཞོན་ནུ་ལ། །ཐར་པ་དན་ཕག་འཁོར་བཅས་ཀྱིས། །གསང་སྔགས་ཐེག་ཆེན་དམ་ནོས་པས། །གཅིག་གིས་ལེགས་པར་གོ་གྱུར་ཏེ། །ཐར་པ་ནག་པོས་ལོག་པར་གོ། །དེ་ཡི་རྣམ་སྨིན་ཉེས་པ་ཡིས། །ཁྲོ་བོའི་གཟུགས་ཅན་རཱུ་ཏྲར་སྐྱེས། །བསྟན་པ་རེ་ལ་རེ་རེ་བྱུང་། །དེ་ཡི་འཁོར་རྣམས་འདི་ཡིན་ཏེ། །གསང་སྔགས་དེ་དུས་ལོག་པར་གོ། །ཐ་མ་བརྒྱ་བྱིན་བུ་མོར་སྐྱེས། །སྲིན་པོ་ལང་ཀ་མགྲིན་བཅུ་ལ། །ཆུང་མར་བྱིན་པས་ཁོ་ཤི་སྟེ། །ཕྱིར་ལ་བྲོས་ཏེ་མཚོར་གནས་པ། །ཕ་ནི་བརྒྱ་བྱིན་དམོད་པ་ཡིན། །དེ་ཡི་མིང་པོ་འགོང་པོའོ། །ཡབ་ནི་ཟངས་ཏོག་རྒྱལ་པོ་དང་། །ཡུམ་ནི་ཟངས་མགྲིན་བསྡེབས་པའི་སྲས། །བསེ་མོ་བསེ་ཡི་སྐྱེས་བུ་ནི། །གཡོག་གི་འཁོར་རྣམས་བསམ་མི་ཁྱབ། །སྲིད་པའི་ཁུས་འདེབས་རྒྱལ་པོ་ནི། །ཚངས་པ་དུང་གི་ཐོར་ཚུགས་ཅན། །ཨེ་ཀ་ཛ་ཏི་གཉིས་ཀྱི་སྲས། །ཤྭ་ན་སྤྱན་གཅིག་མིང་སྲིང་སྟེ། །འདི་རྣམས་རཱུ་ཏྲའི་འཁོར་ཡིན་ནོ། །གསང་སྔགས་ལོག་པར་སྤྱད་པ་ཡིས། །གནོད་སྦྱིན་སྲིན་པོའི་ལུས་སུ་སྐྱེས། །དེ་ནི་ངས་བཏུལ་ཕན་ཆད་དུ། །སངས་རྒྱས་ས་ལ་ངེས་པ་ཡིན། །འདི་


DNG020_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་གཏན་ཚིགས་ཤེས་གྱུར་ན། །ལས་རྣམས་མ་ལུས་མྱུར་བ་ཡིན། །གལ་ཏེ་དམ་འདས་ལས་མི་བྱེད། །ཕུར་པའི་ལས་ལ་མི་འགྲོ་སྟེ། །ཕུར་བུའི་དོན་ཤེས་རྣལ་འབྱོར་པས། །དེ་ལ་ཤི་ས་བསྟན་པར་བྱའོ། །མཎྜལ་གྲུ་བཞི་མངོན་བཞེངས་ལ། །མ་ཏྲཾ་བཞི་བསྣོལ་དལ་དབུས་སུ། །འབྲུབ་ཁུང་དག་ལ་མཚོན་ཆར་བཅས། །མེ་རི་འབར་བས་བརྒྱན་པར་བྱ། །ཟུར་དུ་རིགས་གསུམ་ཕུར་པ་དང་། །སྲས་མཆོག་ཉི་ཤུ་རྩ་གཅིག་དགོད། །མ་ཏྲཾ་གཞི་ལ་དམ་རྫས་དང་། །བདུད་རྩི་གཏོར་མར་བཅས་པ་གཞག །འབྲུབ་ཁུང་ནང་དུ་རང་རང་གཟུགས། །ཡང་ན་སྙིང་པོར་བཅས་པའོ། །མཐིང་ག་དར་གྱིས་གུར་ཕུབ་པོ། །རྣལ་འབྱོར་ཀུ་མཱ་རར་ཞུགས་ལ། །རྩ་བའི་བསྙེན་པ་ལེགས་པར་བསྙེན། །བསྙེན་བྲིས་ཕུར་པ་གཡོན་པས་གཟུང་། །ཆས་རྣམས་རབ་ཏུ་ལྡན་པ་གཅེས། །ཀཱི་ལ་ཡ་ཡི་འོད་ཟེར་གྱིས། །དམ་ཅན་ཕོ་མོ་དབང་བསྡུས་ཏེ། །མར་ཐིམ་རང་རང་ལེགས་པར་བསམ། །བསྙེན་པ་ལས་སྔགས་བཅས་པའི་བར། །དམ་ཅན་སྔགས་བཅུག་རབ་བཟླས་པས། །ཏིང་འཛིན་མདངས་བཅས་ཡང་དག་བྱ། །དེ་ཡིས་ལས་རྣམས་བྱེད་པར་འགྱུར། །གསུམ་དང་བཅུ་གཅིག་བཞི་བཅས་པའི། །མན་ངག་གིས་ནི་གནད་ལ་དབབ། །དེས་ཀྱང་བྱེད་པར་མ་གྱུར་ན། །གོང་བཞིན་སྔགས་རྣམས་རབ་བཟློག་སྟེ། །མཇུག་ལ་སྟྭམྦྷ་ནན་ཞེས་གདགས། །ཁྲོ་བོས་དབུས་མནན་མདངས་ཕྲལ་བསམ། །དྲུག་པའི་འོག་ཏུ་ཤེས་བྱ་བ། །དེ་འོག་ཚིག་གཉིས་རབ་བསྐུལ་བས། །དེས་ཀྱང་ལས་རྣམས་བྱེད་པར་འགྱུར། །མ་ཐུབ་གོང་བཞིན་ཕུར་པ་ལ། །ཚེ་ལུང་ཁྲུས་ལུང་ཡི་གེ་དང་། །མཱ་ར་ཡ་ཞེས་བཏགས་བཟླས་པས། །དམ་ཅན་སྲས་མཆོག་ཆེན་པོ་ཡིས། །ཕུར་པ་མགོ་ནས་གཞུག་འགེངས་སམ། །གོང་བཞིན་ཚིག་བཞི་ཚིག་ལྔ་དང་། །གོང་གི་ཚིག་བདུན་ངེས་པ་ཡིས། །གནད་ལ་ཕབ་སྟེ་ཐུན་རྣམས་བྱ། །བར་བར་དམ་རྫས་རབ་ཏུ་བསྟབ། །དེས་ནི་ལས་རྣམས་བྱེད་པར་འགྱུར། །དེས་ཀྱང་བྱེད་པར་མ་གྱུར་ན། །སྐུ་གསུང་ཐུགས་ཀྱི་ཕུར་པ་དང་། །སྲས་མཆོག་ཕུར་བཏབ་སྔགས་


DNG020_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ནི། །བཏབ་ལ་ལུས་ལ་སྦྱིན་བསྲེག་བྱ། །ཤི་དང་བརྡུང་དང་རོ་སྦེད་དང་། །ཉམ་ཐག་ཁས་ལེན་བྱུང་བ་ན། །ཀཱི་ལ་ཡ་ཡི་བདུད་རྩིས་གསོ། །བདེན་པ་བརྡར་ལ་དམ་རྫས་བསྟབ། །རྩ་བའི་ལས་ཀྱིས་ལས་ལ་གདགས། །འདིས་ནི་ལས་རབ་འགྲུབ་པ་སྟེ། །སྟོབས་ལྡན་ནུས་པ་ཚང་བ་བྱ། །དེ་མིན་བྱས་ན་སྲོག་ཟད་ཉམས། །ཐམས་ཅད་འགྱོངས་ན་བྱ་བར་བཤད། །ཁ་སྐོང་ཤི་ས་མང་པོ་ནི། །མན་ངག་སྟོབས་ཀྱི་གཞན་དུ་གསུངས། །ཞེས་གསུངས་སོ། །རྡོ་རྗེ་ཕུར་པ་གསང་བའི་རྩ་བ་རྣལ་འབྱོར་ཆེན་པོ་ཡང་དག་པའི་རྒྱུད་ལས། ཤི་ས་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་ཡང་ནི་བཤད་བྱ་བ། །ཕུར་པའི་དོན་ཤེས་རྣལ་འབྱོར་གྱིས། །ཡང་དག་དོན་ཕྱིར་ངས་བཤད་དོ། །དམ་ཚིག་ཆེན་པོའི་དུས་ཤེས་པ། །དཔའ་བོ་དེ་ཉིད་བསྒྲུབ་པ་སྟེ། །ཡོན་ཏན་ལྡན་པའི་གནས་རབ་ཏུ། །གྲུ་གསུམ་ལེགས་པའི་མཎྜལ་བྱ། །ལྕགས་སྣ་ལྔ་བཅས་ཕུར་པ་དགོད། །གཏོར་མ་སྨན་རག་དེ་བཞིན་བསག །ཏིང་འཛིན་རིམ་པས་བདག་བསྐྱེད་དེ། །ཡུམ་དང་བཅས་རྣམས་ལེགས་བསྐྱེད་དེ། །སྤྱན་དྲང་རྩ་བ་མཆོད་པ་དབུལ། །དེ་ཡང་སྦྱོར་སྒྲོལ་ཁམས་གསུམ་ནི། །ཡོངས་སུ་བསྒྲལ་བས་མཆོད་པ་འབུལ། །ཀཱི་ལ་ཡ་ཡི་སྔགས་བཟླས་པ། །དེ་ཡང་འབྲུ་དགུའི་ཚུལ་དུའོ། །བསྙེན་པས་ནུས་ཐོབ་བར་བར་དུ། །རྩ་བ་ངེས་པར་བསྐུལ་བསྟོད་བྱ། །དངོས་གྲུབ་བླང་ཞིང་བརྟན་པ་བྱའོ། །དེ་ནས་ཉམས་པ་གསང་འདོད་པས། །ལིངྒའི་ཕུར་པ་འོག་ཏུའོ། །གབ་པའི་ལས་ཀྱིས་ཐུན་དབབ་བོ། །དེ་ཡང་ལས་སྔགས་མིང་དུ་བཅས། །གཟས་པ་གསད་པའི་དགོངས་པ་བྱ། །ཕུར་བཏབ་ལན་གསུམ་མཐའ་བརྟུལ་ན། །ཉམས་པ་འཆི་འགྱུར་ངེས་པའོ། །འདི་ནི་རྩ་བའི་ལྷ་བསྒྲུབ་ཡིན། །དེ་ནས་ཁྲོ་བོའི་བསྒྲུབ་པ་ཡང་། །སྤྲུལ་པ་ཆེན་པོའི་དུས་ཞེས་བྱ། །མཎྜལ་གྲུ་གསུམ་བཅུ་གཅིག་ལ། །གོང་བཞིན་ཕུར་པ་བཅུ་གཅིག་བཅས། །དབུས་སུ་ཁྱད་པར་རྫས་རྣམས་བསྒྲུབ། །གོང་བཞིན་རྩ་བའི་རིམ་པ་


DNG020_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས། །ཁྲོ་བོ་ཡབ་ཡུམ་བསྐྱེད་པར་བྱ། །རང་བཞིན་སྤྱན་དྲངས་མཆོད་དེ་བསྡིམ། །བསྟོད་ཕྱག་འཚལ་བ་ལ་སོགས་བྱ། །ཁྲོ་བོ་བཅུ་ཡི་གསང་སྔགས་ནི། །བཟླས་བྱ་བར་བར་མཆོད་བསྟོད་དོ། །རྟགས་བྱུང་གོང་བཞིན་རྫོགས་པར་བྱ། །ཉམས་པ་བསྒྲལ་བ་གོང་བཞིན་བྱ། །བསད་དང་ཕུར་པས་གདབ་པ་ཡང་། །ཁྲོ་བོ་བཅུ་ཡི་ལས་སྔགས་སོ། །གནན་དང་བསྲེག་དང་འཕང་བ་ཡིས། །དམ་ཉམས་ངེས་པར་བསྒྲལ་བ་ཡིན། །འདི་ནི་ཁྲོ་བོའི་བསྒྲུབ་པའོ། །དེ་ནས་སྲས་མཆོག་བསྒྲུབ་པ་ཡང་། །སྤྲུལ་པ་ཞེས་པའི་སྒྲ་ཡིས་ནི། །སྲས་མཆོག་ལྔ་ནི་བསྒྲུབ་པ་སྟེ། །འབྲུབ་ཁུང་ལྔ་དང་ཕུར་པ་ལྔ། །རྫས་རྣམས་ཚོགས་པར་བྱ་བའོ། །རྩ་བ་ངེས་པའི་རིམ་པ་ཡིས། །ལྷ་ཆེན་ལྔ་ཡི་གདན་ལ་ནི། །སངས་རྒྱས་འདུས་པ་རྡོ་རྗེ་དང་། །རིན་ཆེན་པདྨ་ལས་རབ་འདུས། །མཐིང་ག་སེར་ནག་དཀར་ནག་དང་། །དམར་ནག་ལྗང་ནག་སྐུ་སྨད་ཕུར། །ཕྱག་བཞི་རྡོ་རྗེ་ཁ་ཊྭཱཾ་དང་། །རི་རབ་ཕུར་འདྲིལ་འཇིགས་པར་བསྐྱེད། །རྒྱན་ལྡན་རང་བཞིན་གོང་བཞིན་བརྟག །མཆོད་པ་ལ་སོགས་རབ་བྱས་ལ། །གསང་སྔགས་གོང་གི་འབྲུ་དགུ་དང་། །ཡོན་ཏན་རྫོགས་པར་རབ་ཏུ་བཟླས། །ཏིང་འཛིན་བར་བར་མཆོད་པ་བྱ། །ནུས་ཐོག་གོང་བཞིན་ཤེས་པར་བྱ། །བསད་པའི་ལིངྒ་གོང་བཞིན་བྱ། །གབ་ལས་བྱས་པའི་ཏིང་ངེ་འཛིན། །དྲག་པོ་མཐིང་ནག་རྫོགས་པ་ལ། །རཀྟ་མཆོད་པ་ལ་སོགས་བྱ། །སྔགས་ལ་མཱ་ར་ཡ་བཏགས་ཏེ། །བཟླས་པས་བསད་པའི་ལས་རྫོགས་བྱ། །ཕུར་གདབ་ལས་མཐའ་དེ་བཞིན་བརྟུལ། །འདིས་ནི་ཉམས་པ་སྒྲོལ་བ་སྟེ། །རིགས་འདུས་ལྔ་ཡི་བསྒྲུབ་པ་ཡིན། །དེ་ནས་ཕྲ་མེན་བསྒྲུབ་པ་ཡང་། །ཕྱག་བརྙན་ཆེན་པོའི་དུས་ཤེས་ནི། །འབྲུབ་ཁུང་ཡང་ན་ཉི་ཤུ་གཉིས། །དམ་རྫས་ཚང་བའི་རྫས་རྣམས་དགྲམ། །རྩ་བས་བསྐྱེད་པ་གོང་བཞིན་དུ། །ཕྲ་ཐབས་ཕོ་མོ་རྫོགས་པ་ཡང་། །སྐུ་དང་ཕྱག་གཡས་རང་རང་གཙོ། །གཡོན་པ་ཕུར་པ་འདྲིལ་ངེས་པའོ། །གོང་བཞིན་རྫོགས་པར་བྱས་ནས་ནི། །ཁྲོ་བོའི་ལས་སྔགས་ཡང་ན་གཉིས། །སྨད་ཀྱི་གཉིས་པ་བཟླས་པ་ཡང་། །རིམ་པ་ལ་


DNG020_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་གོང་བཞིན་དུ། །བསད་པ་མཐིང་ནག་འབར་བ་སྟེ། །མཆོད་པ་གོང་འོག་བསྣུར་བར་བྱ། །སྔགས་ལ་མཱ་ར་ཡ་བཅས་པས། །གོང་བཞིན་རྫོགས་བྱས་ཕུར་པས་གདབ། །ལས་མཐའ་བརྟུལ་བའང་དེ་བཞིན་ནོ། །འདི་ནི་ཕྲ་མེན་བསྒྲུབ་པ་སྟེ། །ཉམས་པ་བསྒྲལ་བར་ངེས་པ་ཡིན། །སྟོབས་ཆེན་ཁྲོ་བོའི་བསྒྲུབ་པ་ནི། །ཁྱེད་ཀྱི་དུས་ལ་བབ་ཅེས་པའམ། །ཡང་ན་སྟོབས་ཆེན་ཞེས་པ་སྟེ། །འབྲུབ་ཁུང་ལྡན་པ་འབུར་ཅན་བཞི། །ཁྱམས་དང་བཅས་པའི་དཀྱིལ་འཁོར་ལ། །དབུས་སུ་སྟོབས་ཆེན་ཕུར་པ་དགོད། །མཐར་ནི་མ་བདུན་སྲིང་བཞི་ཡི། །ཕུར་པ་རབ་ཏུ་དགོད་པར་བྱ། །རྩ་བའི་རིམ་པ་ཡང་དག་པས། །ཁྲོ་བོ་ཀརྨ་ཧེ་རུ་ཀ །ལྗང་ནག་ཕྱག་བཞི་རྡོ་རྗེ་དང་། །ཁ་ཊྭཱཾ་ཕུར་འདྲིལ་འཇིགས་སྟོབས་ཅན། །དམ་སྲིའི་གདན་ལ་བསྐྱེད་པར་བྱ། །མ་བདུན་སྐུ་མདོག་དམར་ནག་ལ། །རྡོ་རྗེ་ཕུར་འདྲིལ་ཆས་དང་ལྡན། །སྲིང་བཞི་སྨུག་ནག་ཐོད་ཁྲག་དང་། །ཕུར་འདྲིལ་རྒྱན་རྣམས་རྫོགས་པར་བསྐྱེད། །སྤྱན་དྲང་མཆོད་པ་གོང་བཞིན་ནོ། །སྔགས་ནི་འདི་ལ་ཡང་དག་པ། །དམོད་པར་གསང་སྔགས་བཟླས་པ་ཡིས། །ནུས་པ་ལྡན་པར་བྱས་པ་སྟེ། །རིམ་པ་གོང་བཞིན་ཤེས་པར་བྱ། །བསད་པའི་རིམ་པ་གོང་བཞིན་དུ། །ཕུར་པ་མགོ་ལ་སོགས་པར་གདབ། །ལས་མཐའ་བརྟུལ་ཏེ་བྱས་པས་ནི། །ཉམས་པ་སྒྲོལ་བར་ངེས་པ་ཡིན། །འདི་ནི་སྟོབས་ཆེན་འཁོར་བཅས་ཏེ། །ཁྲག་གི་རྒྱ་མོ་དྲལ་བ་བཞིན། །མཐུ་དང་རྫུ་འཕྲུལ་དབྲོག་པ་དང་། །ལིངྒ་ཕུར་པ་རྣམ་གཉིས་དང་། །གུ་གུལ་ལུག་མིག་བཅས་པ་རྣམས། །འབྲུབ་ཁུང་ནང་དུ་ངེས་པར་གཞག །རྩ་བས་སྟེང་འོག་ཁྲོ་བོ་བསྐྱེད། །དེ་ཡི་རིམ་པ་རྫོགས་བྱས་ལ། །བཟླས་པས་ཁྲོ་བོ་རྣམ་གཉིས་ཀྱིས། །མཐུ་དང་རྫུ་འཕྲུལ་འཕྲོག་པར་བསམ། །བར་དུ་རྫས་ཀྱིས་དེ་བཞིན་བྱ། །ཕུར་པ་གཉིས་ཀྱིས་གནས་སུ་གདབ། །དེ་ཡང་ཚིག་དང་བཅས་པའོ། །འདིས་ནི་དྲེགས་པ་གང་ཡང་རུང་། །མཐུ་དང་རྫུ་འཕྲུལ་མེད་པར་བྱེད། །ཉམས་པ་དག་ལ་སྨོས་ཅི་དགོས། །སྦྱོར་


DNG020_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོལ་མཆོད་པ་ཀུན་ལ་ནི། །མན་ངག་ཤེས་པས་ཤེས་པར་བྱ། །དང་པོ་བཅུ་གཅིག་གཙོ་བོས་གདབ། །གཉིས་པ་བརྒྱད་དེ་ཁྲོ་བོ་ཡིན། །གསུམ་པ་དམ་ཅན་བཞི་པ་ཡང་། །སྟོབས་ཆེན་གདབ་པ་ཤེས་པར་བྱ། །ལྔ་པ་ཕྲ་མེན་ཕྲིན་ལས་གདབ་པར་བྱ། །བདུན་པ་ཀུན་སྒྲོལ་བརྒྱད་པ་ཡང་། །ཀུན་ལ་འགྲོ་བར་ཤེས་པར་བྱ། །ཚེ་ལུང་ཁྲུས་ལུང་ངེས་པར་སྦྱར། །སྲས་མཆོག་ཕུར་པའི་དམ་ཚིག་ནི། །ཀུན་ལ་བསྟན་པར་མི་བྱའོ། །མཐུ་ཡི་དཔེ་དོན་བཞི་ཤེས་བྱ། །འདུས་པ་གསུམ་ནི་ངེས་པ་ཡིན། །འདི་ལ་སོགས་པའི་རིམ་པ་རྣམས། །རྣལ་འབྱོར་དོན་ལྡན་མཁས་པ་ཡིས། །ཉམས་པ་བསྒྲལ་ན་མངོན་སངས་རྒྱས། །ཀུན་ལ་བྱས་ན་དམྱལ་བར་ལྟུང་། །ཞེས་གསུངས་སོ། །རྡོ་རྗེ་ཕུར་པ་གསང་བའི་རྩ་བ་རྣལ་འབྱོར་ཆེན་པོ་ཡང་དག་པའི་རྒྱུད་ལས། རྩ་བའི་ལྷ་བསྒྲུབ་པ་བསྟན་པ་སྟེ་ལེའུ་བཅུ་བདུན་པའོ།། །།དེ་ནས་ཀརྨ་ཧེ་རུ་ཀས། །ཀཱི་ལ་ཡ་ལ་འདི་སྐད་གསོལ། །ཨེ་མ་ངོ་མཚར་ཆེན་པོ་དེས། །དུས་ངན་ཐ་མ་དུས་ཀྱི་ཚེ། །རྣལ་འབྱོར་ནང་འགྲས་འབྱུང་འགྱུར་ན། །སྦྱོར་བ་གཞོམ་དང་ཁ་སྦྱོར་དབྱེ། །བཟློག་དང་བསྲུང་བ་བཤད་དུ་གསོལ། །དེ་སྐད་གསོལ་པར་བཀའ་སྩལ་པ། །ཉོན་ཅིག་ཀརྨ་ཧེ་རུ་ཀ །དུས་ངན་ཐ་མ་བྱུང་བ་ལ། །རྣལ་འབྱོར་ངེས་པའི་དོན་དེའི་ཕྱིར། །དེ་དག་ངས་ནི་རབ་བཤད་དོ། །ཕྱི་ནང་བྷནྡྷའི་རིམ་པ་བཞིན། །ཤེས་བྱ་བསད་པའི་རིམ་པ་ཡང་། །འབྲུབ་ཁུང་གསུམ་བརྩེག་ལྡན་པ་ལ། །རྩང་དང་ཕུར་པས་རབ་ཏུ་བསྐོར། །རབས་ཆད་ཐོད་པ་ཁ་སྦྱར་ལ། །མན་ངག་རིམ་པར་སྦྱར་བ་དང་། །ལིངྒ་སྔགས་བཅས་རབ་དགོད་དེ། །ཐུན་ཁྲག་བཅས་པའི་སྐུད་པས་བཀྱིག །འབྲུབ་ཁུང་ཁ་ལ་རྩང་གིས་བརྒྱན། །ཐུན་རྫས་དམ་རྫས་བཅས་པའོ། །གབ་པའི་ལས་རྣམས་རྫོགས་པར་བྱ། །ཁ་སྦྱོར་དབྱེ་བ་གསུམ་བྱས་ལ། །རྩ་བའི་རིམ་པས་བདག་ཉིད་ནི། །དབུ་དགུ་ཕྱག་ཀྱང་བཅྭ་བརྒྱད་དེ། །རྒྱན་ལྡན་འཇིགས་པར་བསྐྱེད་པར་བྱ། །གཡས་ན་ཕྲ་ཐབས་གཡོན་ཕུར་པ། །ཁྲོ་བོ་ལ་སོགས་དེ་བཞིན་ནོ། །དེ་ལྟ་བུ་ཡི་ཏིང་འཛིན་གྱིས། །ཁོ་ཡི་


DNG020_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཉིད་སྦྱར་བ་གཞོམ། །སྙིང་ཁྲག་ལ་སོགས་འཐུང་བར་བརྟག །སྤྱན་དྲང་ལ་སོགས་གོང་བཞིན་ནོ། །སྔགས་རྣམས་ཀུན་ལ་གཞོམ་པ་ཡི། །བཟླས་པས་ཁོ་ཉིད་སྦྱོར་བ་གཞོམ། །རི་རབ་རྒྱ་གྲམ་བར་དུའོ། །བར་བར་ཁ་དབྱེ་ཐུན་དབབ་བོ། །སྙིང་ལ་ཁྲག་གནས་ཁྲོ་བོ་ནི། །ཡཀྴ་མེ་དབལ་བསམ་པ་ཡིས། །ཁོ་ཉིད་ལུས་པོ་བསྲེག་པར་བྱ། །ཕྱི་དང་ནང་གི་ཉམས་པ་ནི། །མན་ངག་རིམ་པས་སྦྱོར་གཞོམ་བསད། །ཡང་ན་མས་ཟློག་ཤེས་པར་བྱ། །ཡང་ན་དགུག་པར་ཤེས་པར་བྱ། །ཁོ་ཡིས་གང་བྱེད་ཡི་དམ་ནི། །ལྷ་ཡིས་ངེས་པར་གསད་པར་བྱ། །ཕུར་པ་བཏབ་སྟེ་གསད་པར་བྱ། །ཟོར་འཕང་ཐོད་པ་མལ་འོག་ཏུའོ། །འདི་ནི་སྦྱོར་བ་གཞོམ་པ་སྟེ། །དམ་ཉམས་ངེས་པར་བསྒྲལ་བར་བྱ། །བདག་ཉིད་བསྲུང་བ་བྱད་བཟློག་པ། །འབྲུབ་ཁུང་གོང་བཞིན་མཆོད་རྟེན་བཅས། །དམ་རྫས་ཚང་བར་ངེས་པ་ཡིས། །ལྷ་ཕུར་རངས་པ་ཀུན་ལ་ཡང་། །སྔགས་པས་སྲུང་བཟློག་བརྟགས་ལ་བྲི། །བུམ་པ་དག་ལ་དགོད་པར་བྱ། །འོག་ཏུ་གསད་པའི་རིམ་པར་བྱ། །འཁོར་ལོ་ཕུར་པ་བཅས་པའོ། །སྟེང་དུ་སྲུང་བའི་རིམ་པ་ཡང་། །འཁོར་ལོ་རིམ་པ་གསུམ་བྱས་ལ། །སྲུང་བཟློག་སྔགས་བྲིས་གཞག་པར་བྱ། །མལ་འོག་མན་ངག་ཤེས་པར་བྱ། །ཕྲིན་ལས་ཕུར་ཟོར་དེ་བཞིན་ནོ། །བསྐྱེད་པ་ལ་སོགས་དེ་བཞིན་བྱ། །སྲུང་བ་བཟློག་པའི་རྩ་སྔགས་བཟླས། །ཏིང་ངེ་འཛིན་གྱིས་བསྲུང་བཟློག་བསམ། །བར་བར་ཐུན་གྱི་རིམ་པ་བྱ། །ཕུར་པའི་ཟོར་ཡང་འཕང་བར་བྱ། །དེ་དག་སྐབས་སུ་ཤེས་པའོ། །རྩ་བས་བསྐུལ་ཏེ་བྱད་བཟློག་པས། །ཁོ་ཉིད་བཟླས་ཏེ་གསད་པར་བྱ། །ཕུར་པ་དབང་བསྐུར་བྱིན་བརླབས་པས། །མཁས་པས་ཡང་དག་སྦྱར་བར་བྱ། །གང་བྱུང་མན་ངག་རིམ་བཞིན་བཟློག །སྲུང་བའི་འཁོར་ལོ་མགུལ་དུ་གདགས། །ཁོ་ཉིད་གསད་འདོད་ཕུར་པ་གདབ། །ཟོར་འཕང་བསྲེགས་ལ་ལས་རྣམས་བྱ། །མནན་པའི་རིམ་པ་རྫོགས་བྱས་ནས། །བདག་བསྲུང་མཐུ་བཟློག་ཁོ་ཉིད་འཆི། །འདི་ནི་ཕུར་པའི་མན་ངག་སྟེ། །ཀུན་ལ་གསང་བར་ངས་བཤད་དོ། །


DNG020_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་གཞན་ཡང་བསྲུང་བ་ན། །གང་མཚམས་དབང་དང་བསྐུར་བར་བྱ། །སྲུང་བའི་འཁོར་ལོ་ཕུར་པ་དང་། །བཅའ་ཐབས་གོང་བཞིན་ཤེས་པར་བྱ། །སྲུང་བའི་སྔགས་ནི་རབ་ཏུ་བཟླས། །མ་མོ་གནོད་ན་མ་མོ་བསྲུང་། །ས་བདག་གནོད་ན་ས་བདག་བསྲུང་། །ཀླུ་དང་རྒྱལ་པོ་ལ་སོགས་པ། །སྲུང་བའི་མན་ངག་ལེགས་པར་བྱ། །རིམས་ནད་ལ་སོགས་བསྲུང་བ་ཡང་། །ཁྱད་པར་མན་ངག་གིས་ཤེས་བྱ། །སེར་བ་བསྲུང་བའི་རིམ་བཞིན་ནོ། །འཁོར་ལོ་ཕུར་པ་རྫས་རྣམས་ནི། །ཀུན་ལ་དགོས་པར་ངས་བཤད་དོ། །ཐུགས་རྗེ་ལྡན་པའི་སྔགས་པ་དེས། །ཕུར་པས་ཐམས་ཅད་བསྲུང་བར་བཤད། །དེ་བཞིན་ཉིད་ནི་མ་བཅོས་པ། །ཀུན་ཏུ་སྣང་བའི་སྣང་བ་གསལ། །རྒྱུ་ནི་ཀུན་གྱི་རྒྱུ་རུ་བཤད། །དུས་དང་གནས་སྐབས་ཤེས་པ་ཡི། །གང་བྱས་མངོན་སངས་རྒྱས་པར་བཤད། །ཅེས་གསུངས་སོ། །རྡོ་རྗེ་ཕུར་པ་གསང་བའི་རྩ་བ་རྣལ་འབྱོར་ཆེན་པོ་ཡང་དག་པའི་རྒྱུད་ལས། མན་ངག་མཐའ་བརྟུལ་བསྟན་པ་སྟེ་ལེའུ་བཅོ་བརྒྱད་པའོ།། །།དེ་ནས་ཡང་ཀརྨ་ཧེ་རུ་ཀས། ཀཱི་ལ་ཡ་ལ་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ་འཇིགས་བྱེད་ཐུགས་རྗེ་ཅན། །ངེས་ཚིགས་རྣམ་པར་ངེས་པ་དང་། །བཤད་པའི་དོན་རྣམས་ཡང་དག་པ། །ཕྱི་རབས་རྣལ་འབྱོར་དོན་ཕྱིར་གསུངས། །དེ་སྐད་གསོལ་པས་ཀཱི་ལ་ཡས། །གསན་ཏེ་རབ་ཏུ་བཀའ་སྩལ་པ། །ཉོན་ཅིག་ཀརྨ་ཧེ་རུ་ཀ །རྣལ་འབྱོར་ཆེན་པོ་རིགས་ཅན་གྱི། །དེ་ཡི་ཕྱིར་ན་ངས་བཤད་དོ། །དང་པོ་ཚིགས་སུ་བཅད་པ་གསུམ། །ཏིང་འཛིན་རྣམ་གསུམ་རིམ་པ་བཞིན། །སྐུ་གསུམ་ལྟ་བ་ཡིན་ཞེས་བྱ། །དེ་འོག་ཡི་གེ་ཚིགས་བཅད་གསུམ། །གཞལ་ཡས་ཁང་ན་ཡེ་ཤེས་སེམས། །དེ་འོག་ཚིགས་སུ་བཅད་པ་བཞི། །རྩ་བ་བསྐྱེད་པ་ཡང་ན་ནི། །གནས་སྤར་ཚིགས་སུ་ཤེས་པར་བྱ། །དེ་འོག་སྔགས་ནི་རྩ་བ་སྟེ། །རྩ་བས་དོན་བཞིར་ཤེས་པར་བྱ། །དེ་འོག་འཁྲུགས་བཅས་རིམ་གསུམ་ནི། །ཁྲོ་བོ་བསྐྱེད་པར་ཤེས་པར་བྱ། །འཁྲུགས་བཅས་ཚིགས་གསུམ་ཕུར་པ་རྫས། །དེ་འོག་ཚིགས་གསུམ་གསོལ་བཏབ་པ། །དེ་འོག་ཚིགས་བཞི་


DNG020_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར་བས། །སྲོག་གཉིས་ཡེ་ཤེས་བསྒྱུར་བར་ཤེས། །སློབ་མ་དབང་བསྐུར་རིམ་ཤེས་བྱ། །དེ་འོག་གསང་སྔགས་ཚན་བཅུ་གཅིག །ཕྱོགས་བཅུ་ཁྲོ་བོའི་གསང་སྔགས་ཡིན། །དེ་འོག་རྡོ་རྗེའི་ཚིག་གསུམ་ནི། །རང་བཞིན་དཀྱིལ་འཁོར་སྤྱན་དྲངས་བཞིན། །དེ་འོག་གསུམ་ནི་དངོས་གྲུབ་དང་། །རྟགས་དང་མཚན་མའི་དོན་ཡིན་ནོ། །དེ་འོག་དུས་ལ་བབ་བརྒྱད་ནི། །གནད་ལ་དབབ་པའི་ཀློང་དྲུག་དང་། །སྒྲུབ་ཐབས་དྲུག་ཏུ་ཤེས་པར་བྱ། །དེ་འོག་དཀྱུས་ཚིག་བཅུ་གཅིག་པ། །སྦྱོར་བའི་མཆོད་པ་དབུལ་བར་བྱ། །སྔགས་ནི་ཡབ་ཡུམ་བཅས་པ་དང་། །བསྡུ་དང་སྤྲོ་དང་མཆོད་པའོ། །གནད་དབབ་ཚེ་ལུང་ཁྲུས་ལུང་ངོ་། །དེ་འོག་སྔགས་ནི་ཡོན་ཏན་དག །ཉི་ཤུ་རྩ་གཅིག་བརྗོད་པར་བྱ། །དེ་འོག་དཀྱུས་ཚིག་བརྒྱད་པ་ནི། །སྦས་པ་དྲུག་སྟེ་མཆོད་ཡིན་ནོ། །དེ་འོག་གསང་སྔགས་ལྔ་པ་ནི། །ཁྲོ་བོ་དག་དང་མཚམས་ལྔའི་ལྔ། །དེ་འོག་དྲུག་ནི་གབ་སྔགས་ཡིན། །དེ་འོག་དཀྱུས་ཚིག་བཞི་པ་ནི། །དམ་ཅན་གནད་ལ་དབབ་པའོ། །གསང་སྔགས་གསུམ་ནི་ཁྲོ་བོའི་སྔགས། །དེ་འོག་བདག་ཉིད་མ་ཡི་སྔགས། །དེ་འོག་ཤྭ་ན་མ་ཡི་སྔགས། །དེ་འོག་བསེ་མོ་བཞི་ཡི་སྔགས། །འཁོར་བ་རྩད་གཅོད་མདོ་སྔགས་ཡིན། །དེ་འོག་དཀྱུས་ཚིག་དྲུག་པ་ནི། །སྟོབས་ཆེན་ལས་རྣམས་འགྲུབ་པར་བྱེད། །སྔགས་ནི་སྟོབས་ཆེན་མ་མོར་བཅས། །ལས་གཉེར་གཏད་པ་ཡིན་པར་ཤེས། །དེ་འོག་བཞི་ནི་མཐུ་རྫུ་འཕྲུལ། །མེད་པར་བྱེད་པའི་ཚིག་ཡིན་ནོ། །སྔགས་ནི་སྟེང་འོག་ཁྲོ་བོ་ཡིན། །དེ་འོག་ལྔ་ནི་གནན་བསྲེག་འཕང་། །དེ་འོག་མཆོང་དུ་ཤེས་པར་བྱ། །དེ་འོག་དཀྱུས་ཚིག་གསུམ་པ་ནི། །སྦྱར་བའི་མཆོད་པ་དབུལ་བར་བྱ། །སྔགས་ནི་ཡབ་ཡུམ་བཅས་པ་དང་། །བསྡུ་དང་སྤྲོས་དང་མཆོད་པ་དང་། །དབྱེ་དང་བྱང་སེམས་རྣམ་གསུམ་དང་། །གཟས་པའི་ཤེས་པ་གནས་སྤར་རོ། །དེ་འོག་དཀྱུས་ཚིག་ལྔ་པ་ནི། །བདེན་པ་བརྡར་དང་གནས་སྤར་དང་། །ཀུན་ལ་སྨོན་ལམ་དེ་ཤེས་བྱ། །དུས་གསུམ་བདེ་གཤེགས་སྙིང་པོ་ནི། །རྡོ་རྗེ་ཕུར་བུ་གཞོན་


DNG020_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

ནུར་བཤད། །ཐམས་ཅད་ཕུར་པར་རྟོགས་གྱུར་ན། །དེས་ནི་ངེས་པར་ཐེག་ཆེན་ཤེས། །གཙོ་བོ་ལས་ནི་ཐེ་ཚོམ་མེད། །རྡོ་རྗེ་ཆོས་དབྱིངས་མི་འགྱུར་བར། །གཞོན་ནུ་གཟུགས་སྐུ་རྣམ་གཉིས་སོ། །ཡུམ་ནི་དབྱིངས་ལས་ཤེས་པར་བྱ། །སྲས་ནི་ཡབ་ཡུམ་ལས་བསྐྱེད་དེ། །མཆོག་ནི་ཐོགས་པ་མེད་པའོ། །ཁྲོ་བོ་དབྱིངས་ལས་ཡེ་ཤེས་ཀྱིས། །ཉོན་མོངས་པ་དག་ཁྲོ་བར་བྱེད། །དེ་དོན་གསུམ་དུ་ཤེས་པར་བྱ། །ཁྲོ་མོ་ཤེས་རབ་དབྱིངས་ཡིན་ནོ། །ཕྲ་མེན་གང་དང་འདྲེལ་བ་སྟེ། །མགོ་བརྙན་དག་ཏུ་ཤེས་པར་བྱ། །དང་པོར་དམ་ལ་གནས་པར་བྱ། །ཕྱིས་ནས་ལས་རྣམས་བྱེད་པ་ནི། །དོན་དང་ལྡན་པས་དམ་ཅན་ཡིན། །ཕུར་པའི་དོན་ནི་ངེས་པར་བཤད། །བསྙེན་པས་ལྷ་ཉིད་ཉེ་བ་སྟེ། །བསྒྲུབ་པས་དོན་གྱིས་འབྲས་བུ་སྩལ། །བསད་པས་མཱ་ར་གདོན་མི་ཟ། །བསྲེག་པས་ཉོན་མོངས་བསྲེག་པ་ཡིན། །ཟོར་ནི་དམ་ཅན་རྦོད་པའོ། །མནན་པས་ཕུང་ལྔ་མནན་པས་སོ། །ཉོན་མོངས་མ་ལུས་མནན་པའོ། །ཉོན་མོངས་ཡེ་ཤེས་གནས་པའོ། །གནས་པ་མེད་པར་བཤད་པ་ཡིན། །འདིས་ནི་ངེས་རྣམས་འཆད་པའོ། །དཀྱིལ་ནི་ཡེ་ཤེས་ཕུར་བུ་ལ། །འཁོར་ནི་ཡོན་ཏན་ཀུན་ཡིན་ནོ། །རྩ་བ་ཀུན་འདུས་ཡིན་པས་ཏེ། །བདག་ནི་ཐམས་ཅད་དབང་དུ་འགྱུར། །ཕྱོགས་ནི་རོལ་པའི་ཆ་ལ་དེས། །ཁྲོ་བོ་འདུལ་བར་བྱེད་པའོ། །ཕུར་པ་མཚོན་པར་བྱེད་པ་སྟེ། །རྫས་ནི་མཚན་མར་ངེས་པའོ། །དཀྱིལ་ནི་རང་རང་གཙོ་བོ་ལ། །འཁོར་ནི་ཀུན་ལ་ཤེས་པར་བྱ། །དབང་བསྐུར་ཆེ་བར་བྱེད་པའོ། །སྤྱན་དྲང་དོན་དང་ལྡན་པ་སྟེ། །མཆོད་པ་མཉེས་པར་ཤེས་པར་བྱ། །དེ་ལ་སོགས་པའི་ངེས་པ་ནི། །རྣལ་འབྱོར་ཡང་དག་ལྡན་པས་སྤྱད། །འདེབས་པ་ལ་སོགས་ངེས་པ་ནི། །རྡོ་རྗེ་སྲིན་པོའི་ནམ་ནི་ལངས་ལ་གདབ། །རྡོ་རྗེ་བདུད་ནི་ནམ་གུང་དག་ལ་གདབ། །རྡོ་རྗེ་མ་མོ་སྲོད་ལ་ཤེས་པར་བྱ། །རྡོ་རྗེ་སྲིན་པོ་ཉི་མ་གུང་ལའོ། །དེ་མིན་ཡང་ན་དུས་ལ་བབ། །གར་དགར་བཏབ་པས་སྔགས་པ་ཕུང་། །དེ་བས་དུས་ཚོད་རབ་ཤེས་པས། །གང་བྱས་འབྲས་བུ་ཉིད་དུ་གྱུར། །འཇིག་རྟེན་ལྷ་སྲིན་བྲན་དུ་འཁོལ། །དངོས་གྲུབ་རྣམ་


DNG020_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་འཐོབ་འགྱུར་ཏེ། །རིག་འཛིན་ཉིད་དུ་ངེས་པ་ཡིན། །ཡང་དག་རྟོགས་ན་ཀུན་ཀྱང་ཕུར། །མ་རྟོགས་པ་ལ་ལས་འདི་བཤད། །ཅེས་གསུངས་སོ། །རྡོ་རྗེ་ཕུར་པ་གསང་བའི་རྩ་བ་རྣལ་འབྱོར་ཆེན་པོ་ཡང་དག་པའི་རྒྱུད་ལས། ཐེ་ཚོམ་རྣམ་པར་གཅོད་པ་སྟེ་ལེའུ་བཅུ་དགུ་པའོ།། །།དེ་ནས་འཁོར་བྱང་ཆུབ་སེམས་དཔའ་མང་པོ་དང་། དམ་ཅན་དྲེགས་པ་ཅན་མང་པོའི་ཚོགས་མང་པོས་གཙོ་བོ་ལ་སོགས་པ་ལ་བསྟོད་པ། ཧཱུཾ་ཆོས་ཉིད་ངང་ལས་སྐུར་བཞེངས་ཁྲོ་ཆེན་པོ། །རང་བྱུང་ཕུར་བུས་ཐམས་ཅད་མ་ལུས་མཁྱེན་པར་མཛད། །ཚམ་རྔམས་གང་སྒྲ་ཞི་བས་དྲེགས་པ་སྒྲོལ་བར་མཛད། །ཡབ་ཡུམ་གཉིས་མེད་སྐུ་ལ་ཕྱག་འཚལ་བསྟོད། །རང་བྱུང་ཕུར་བུ་ཡེ་ཤེས་ལྔ་ལྡན་དུག་ལྔ་འཇོམས། །ཕྲིན་ལས་ལྔ་ཡིས་དྲེགས་པ་སྒྲོལ་མཛད་ཡང་དག་དགོད། །ཐོགས་པ་མེད་པའི་ལས་མཛད་འདུས་པ་ལྔ། །སྲས་མཆོག་ལྔ་ཡི་སྐུ་ལ་གུས་པས་ཕྱག་འཚལ་བསྟོད། །ཡེ་ཤེས་རོལ་པའི་སྟོབས་བཅུས་མི་དགེ་འཇོམས། །སྐུ་གསུང་ཐུགས་ཀྱིས་གདུག་པ་མ་ལུས་སྒྲོལ་བར་མཛད། །ཡང་དག་དོན་གྱིས་ལོག་པ་རྣམ་པར་འདྲེན་མཛད་པ། །ཁྲོ་བོ་ཡབ་ཡུམ་སྐུ་ལ་ཕྱག་འཚལ་བསྟོད། །བྱང་ཆུབ་སེམས་དཔའ་སྤྲུལ་པའི་ཕོ་ཉ་མོ། །ཡེ་ཤེས་དོན་ལས་ཕྲ་ཐབས་གཟུགས་འཛིན་ཅིང་། །དྲེགས་པའི་ཚོགས་རྣམས་མ་ལུས་འདུལ་མཛད་པ། །ཕྲ་མེན་ཕོ་ཉའི་ཚོགས་ལ་ཕྱག་འཚལ་བསྟོད། །ཡེ་ཤེས་ལས་ཀྱི་དོན་རྣམས་མ་ལུས་རྫོགས་པར་མཛད། །དབྱིངས་ལས་ངེས་པས་ཐེ་ཚོམ་གཅོད་པར་རབ་མཁས་པས། །འཁོར་བ་མ་ལུས་སེམས་ཅན་ལུས་ངག་ཡིད་གསུམ་ཚིམས་པར་བྱེད། །ཀརྨ་ཧེ་རུ་ཀ་ལ་དང་བས་ཕྱག་འཚལ་བསྟོད། །ཅེས་ལན་མང་པོར་བསྟོད་པ་དང་།མཆོད་པ་མང་པོས་མཉེས་པར་བྱས་སོ། །དེ་ནས་བཛྲ་ཀཱི་ལ་ཡས་གར་གྱི་ཆ་ལུགས་སོགས་བསྟན་པ། རྡོ་རྗེ་སྲིན་པོའི་གསུང་དང་རྡོ་རྗེ་རྣམ་པར་གསོར་ནས་འཁོར་རྣམས་ལ་གདམས་པ་རྣམ་པར་བཤད་པ་འདི་གསུངས་སོ། །ཉོན་ཅིག་གསང་བདག་ལ་སོགས་ཉོན། །རྡོ་རྗེ་ཕུར་པའི་ཚོགས་ཀུན་ལ། །ཁྱེད་ལ་སོགས་པའི་འཁོར་རྣམས་ཀུན། །ཤིན་


DNG020_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་དང་བ་ངེས་པར་ཞོག །ཕྱི་རབས་དུག་ལྔ་སྨིན་པ་ཡི། །སེམས་ཅན་རྣམས་ལ་སྣང་བར་གྱིས། །མཁས་ཤིང་ངང་ཚུལ་བཟང་བ་དང་། །རིགས་ལྡན་དམ་ཚིག་ལྡན་པ་ཡིས། །གང་བསྒྲུབ་ལས་རྣམས་འགྲུབ་ངེས་པ། །དེ་ལ་རབ་ཏུ་སྣང་བར་གྱིས། །བསྟན་པའི་སྙིང་པོ་གང་གནས་པར། །དམ་ཅན་ཡོངས་ཀྱང་གནས་འགྱུར་ཏེ། །དེར་ནི་ལེགས་པ་མང་པོ་འབྱུང་། །ཁྱེད་ཀྱིས་དེ་ཡིས་གྲོགས་མཆོག་གིས། །གསང་སྔགས་ཤིན་ཏུ་རྣལ་འབྱོར་འདི། །སངས་རབས་བདུན་གྱིས་མ་གསུངས་ཏེ། །སེམས་ཅན་ངང་བཟང་ལས་མེད་ཡིན། །ཕྱིས་ནི་གཉིས་སུ་མི་འབྱུང་སྟེ། །དེ་ཡང་གོང་བཞིན་ཤེས་པར་བྱ། །འདིར་ནི་ལས་རྣམས་ཐ་དད་པ། །ཉོན་མོངས་རགས་ཀྱང་ལས་སྐལ་ཅན། །མི་མཇེད་འདི་རུ་སྣང་བ་ཡིན། །དེ་ཕྱིར་དེ་ཡིས་དོན་དེ་ཤེས། །གཞུང་དང་མི་ལྡན་རྣལ་འབྱོར་པས། །འདི་བཅངས་དེ་ཡིས་དེ་སྲོག་གཅོད། །འདི་ནི་ཁྱེད་ཀྱིས་མི་སྣང་བྱོས། །དེ་བས་ང་ཡི་ལུང་ཆེན་ལ། །ཚིག་འགའ་ཐོས་ན་སངས་རྒྱས་ངེས། །འདི་ནི་ཀོ་ས་ལ་ཡི་གླིང་། །དེར་ནི་རིགས་ཅན་དེ་ལ་འབབ། །སྤྲུལ་པ་འཇིག་རྟེན་མི་གནས་ཚེ། །ཁྱེད་ཀྱི་སྤྲུལ་པ་པད་མའི་རྒྱལ། །དེ་ཡི་ནུས་པས་དོན་བྱེད་འགྱུར། །དེས་ན་འདི་ནི་གསང་བའི་ཚེ། །རྣལ་འབྱོར་ངེས་པར་ཁྱེད་ཀྱིས་ཟུང་། །ཀུན་འབྱུང་གྱུར་པ་ཤེས་པ་ཡིས། །དེས་ན་འདི་ནི་ཕུར་པར་གཟུང་། །རླག་པར་བྱེད་དང་འདུལ་བར་བྱེད། །གཉིས་སུ་མེད་པའི་རྒྱུད་དུ་ཟུང་། །ཐེ་ཚོམ་མ་ལུས་གཅོད་པས་ན། །ཕྱི་མ་ཞེས་པར་རབ་ཏུ་ཟུང་། །ཉོན་མོངས་བརྒྱ་སྟོང་ཕྲག་མང་ཡང་། །ཀུན་གྱི་རྩ་བ་མ་རིག་པ། །ཐེག་པ་བརྒྱ་སྟོང་ཕྲག་མང་ཡང་། །ངེས་པར་ཐེག་པ་གཅིག་ཏུ་བཤད། །ཡང་ན་གཉིས་ཏེ་དེ་འདིར་འདུས། །སྲིད་པ་བརྒྱ་སྟོང་ཕྲག་མང་ཡང་། །ཡང་དག་རྩ་བར་འགྲོ་བའི་ལམ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱང་། །དེ་ལ་དེ་བརྟེན་དེས་སངས་རྒྱས། །མྱ་ངན་འདས་པའི་ཐེག་ལས་མེད། །ཅེས་གསུངས་སོ། །འཁོར་རྣམས་དམ་ཚིག་ཅན་དུ་གྱུར་ནས། དོན་ཁས་བླངས་ཏེ་མཆོད་པ་མང་པོས་མཆོད་ནས། ཕྱིར་རང་རང་གི་གནས་སུ་དོང་ངོ་། །བཅོམ་ལྡན་བཛྲ་ཀཱི་ལ་ཡ་ལ་སོགས་པ་རྣམས་ཀྱང་། སྐུ་སྣང་བ་དང་སྟོང་པའི་དབྱིངས་ཡེ་
ཤེས་ལ་གཉིས་སུ་མེད་པར་གྱུར་ཏོ། །རྡོ་རྗེ་ཕུར་པ་གསང་བའི་རྩ་བ་རྣལ་འབྱོར་ཆེན་པོ་ཡང་དག་པའི་རྒྱུད་ལས། བསྟོད་པ་དང་རྒྱུད་གཏད་པ་སྟེ་ལེའུ་ཉི་ཤུ་པའོ།། །།རྡོ་རྗེ་ཕུར་པ་གསང་བའི་རྩ་བ་རྣལ་འབྱོར་ཆེན་པོ་ཡང་དག་པའི་རྒྱུད། རྟོགས་པའི་རྒྱལ་པོའི་རྒྱུད་ཕྱི་མ་ཞེས་བྱ་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པདྨ་སམ་བྷ་ཝ་དང་། བོད་ཀྱི་ལོཙྪ་བ་ཆེན་པོ་བྲང་ཏི་ཛ་ཡ་རཀྵྀ་ཏས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།

དེ་བཞིན་གཤེགས་པ་ཆེན་པོ་རྡོ་རྗེ་ཕུར་པའི་རྒྱུད།


DNG020_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཏ་ཐཱ་ག་ཏ་མ་ཧཱ་བཛྲ་ཀཱི་ལ་ཡ་ཏནྟྲ་ནཱ་མ།བོད་སྐད་དུ། དེ་བཞིན་གཤེགས་པ་ཆེན་པོ་རྡོ་རྗེ་ཕུར་པའི་རྒྱུད། བཅོམ་ལྡན་འདས་དཔལ་རྡོ་རྗེ་གཞོན་ནུ་ལ་ཕྱག་འཚལ་ལོ། །ཀུན་ཏུ་བཟང་པོའི་ངང་ཉིད་ལས། །བཤད་པ་དྲི་མེད་འོད་ལྡན་རྒྱུད། །བདེ་གཤེགས་ཐམས་ཅད་བྱིན་རླབས་འབྱུང་། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསྟན་པ་རིན་པོ་ཆེ། མི་མཇེད་འཇིག་རྟེན་གྱི་ཁམས་སུ་སྤྲུལ་པའི་སྐུ། ཉོན་མོངས་པ་ཐམས་ཅད་སེལ་བར་བྱེད་པའི་བདེ་བར་གཤེགས་པ་ཐུབ་པའི་དབང་པོ་བྱ་བ་བཞུགས་སོ། །དེ་ནས་བསྟན་པ་ཐམས་ཅད་དར་ཞིང་དྲང་བ་མ་ལུས་པའི་དོན་མཛད་དོ། །དྲང་བའི་དོན་དུ་ཐེག་པ་བསམ་གྱིས་མི་ཁྱབ་པ་གཅིག་གསུངས་སོ། །གསུང་ངོ་། །གསུང་བར་འགྱུར་རོ། །དེ་བཞིན་དུ་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་དགའ་བའི་ཞིང་ཁམས་ན། སངས་རྒྱས་དད་པའི་དབང་པོ་ཞེས་བྱ་བ་བཞུགས་ཏེ། དེས་ནི་དྲང་བ་ཉོན་མོངས་པ་ཐམས་ཅད་རབ་ཏུ་སེལ་བར་མཛད་དོ། །ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་རབ་ཏུ་གསལ་བ་ཞེས་བྱ་བ་ན། སངས་རྒྱས་ཡེ་ཤེས་གསལ་བ་ཞེས་བྱ་བ་བཞུགས་ཏེ། དེས་ནི་རབ་ཏུ་གསལ་བ་དང་ཉོན་མོངས་པ་ཐམས་ཅད་རབ་ཏུ་མཛད་དོ། །ནུབ་ཕྱོགས་ཀྱི་ཞིང་ཁམས་འཇིག་རྟེན་གྱི་ཁམས་པདྨ་ཅན་ཞེས་བྱ་བ་ན་སངས་རྒྱས་སྒྲིབ་པ་ཐམས་ཅད་སྤངས་པ་སེལ་བ་བཞུགས་ཏེ། དེས་ནི་ཉོན་མོངས་པ་ཐམས་ཅད་རབ་ཏུ་སྤངས་ཏེ། དྲི་མ་བྲལ་བ་དྲི་མ་སྤངས་པ་དྲི་མ་མེད་པའོ། །བྱང་ཕྱོགས་ཀྱི་ཞིང་ཁམས་རབ་ཏུ་གྲུབ་པ་ཞེས་བྱ་བ་ན། སངས་རྒྱས་ཀྱི་ཕྲིན་ལས་ཐམས་ཅད་ལྷུན་གྱིས་གྲུབ་པ་ཞེས་བྱ་བ་བཞུགས་ཏེ། དེས་ནི་ཕྲིན་ལས་


DNG020_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ལྷུན་གྱིས་གྲུབ་ཅིང་། དོན་ཐམས་ཅད་མཐར་ཕྱིན་ཅིང་གྲུབ་པར་མཛད་དོ། །དེ་བཞིན་དུ་འཛམ་བུ་གླིང་བྱེ་བ་ཕྲག་བརྒྱར་སྟོན་པ་ཡང་དེ་བཞིན་དུ་འབྱུང་བར་འགྱུར་རོ། །རྣམ་པ་གསུམ་གྱི་དོན་རབ་ཏུ་གསལ་བ་ཉིད་དུ་སྟོན་པ་ཡིན་ཏེ། འདུལ་བའི་དབང་གིས་ཤིན་ཏུ་གདུལ་བར་བསྐུལ་བ་དང་རབ་ཏུ་འདུལ་བའི་དོན་མཛད་པར་གྱུར་ཏོ། །དེ་ནས་ཡང་འདུལ་བའི་དབང་དུ་བསྟན་པ་ཡིད་འོང་ཀུན་གྱི་ལྷ་ཞེས་བྱ་བ་གསུངས་ཏེ། རིགས་གསུམ་ཕྱག་ན་རྡོ་རྗེ་དང་རྣམ་པར་སྣང་མཛད་རྡོ་རྗེ་དབྱིངས་ཆེན་པོ་དང་། དག་པ་ཀུན་གྱི་མཆོག་ཏུ་གྱུར་པའོ། །ལོངས་སྤྱོད་རྫོགས་པ་ཉིད་ཀྱི་སྐུ་བསམ་གྱིས་མི་ཁྱབ་པ་ཉིད་དུ་འགྱུར་རོ། །བདེན་པ་གསུམ་དང་ཁྱད་པར་གསུམ་གྱི་དོན་སྟོན་པ་སྟེ།རྣམ་པ་གསུམ་རིགས་སམ་ངེས་པར་འབྱུང་བ་སྟེ། རྣམ་པ་ལྔ་བདེ་གཤེགས་ཉིད་དུ་ཤེས་པ་སྟེ། སྲུང་བ་ཡང་རྣམ་པ་ལྔ་ཁོ་ན་སྟེ་དེ་ཉིད་དོན་ལ་ངེས་པར་རྟོགས་པ་ཉིད་དུ་བྱའོ། །ཅིག་ཆར་འཇུག་པ་གང་ཡིན་པ་དེ་ཉིད་དུ་འཇུག་པའོ། །ཚད་དུ་བྱིན་པ་ཀུན་འབྲས་བུ་སྟེ། ས་རྣམས་མཐའ་རུ་སྐྱོལ་བ་ཉིད་དོ། །ལམ་རྣམས་རིམ་པས་བགྲོད་པ་ཉིད་དོ། །ཐེག་པ་ཐམས་ཅད་ཕྱོགས་འཛིན་ཆེ། །འཛིན་པ་ཉིད་དུ་རྣམ་པར་བལྟས། །དེ་ཉིད་བདེ་བ་འཛིན་པའི་དབང་། །རིན་ཆེན་གསེར་གྱི་ས་གཞི་ལ། །ཐམས་ཅད་འདེགས་པའི་སྟོབས་ཡོད་ཀྱང་། །ཡང་དག་དོན་གྱི་ཐེག་པ་མིན། །སྙིང་པོ་ཡང་དག་དོན་ལས་འབྱུང་། །རྒྱུ་དང་འབྲས་བུ་མི་ཕྱེད་སྟེ། །རྒྱུ་འབྲས་གཉིས་མེད་ངེས་པའི་དོན། །རྒྱུ་ལས་བཙལ་བའི་འབྲས་བུ་གཅིག །དུས་མཐའ་ཉིད་དུ་ཡོངས་མི་རྙེད། །རྒྱུ་ཉིད་འབྲས་བུའི་མཆོག་ཡིན་ཕྱིར། །ཆོས་ཉིད་ཡེ་ནས་སྤྲོས་བྲལ་ལ། །འཛིན་པ་ཕྱོགས་ཅན་གང་ནས་གྲུབ། །གཟུང་བས་ཕྱོགས་སུ་འཛིན་པ་ཡིན། །སྟོང་པའི་ངོ་བོ་གང་ཡིན་པ། །སྣང་བ་ཉིད་དུ་འགག་པ་མེད། །སྣང་བ་དངོས་མེད་སྤྲོས་དང་བྲལ། །སྣང་སྟོང་གཉིས་མེད་འཛིན་དང་བྲལ། །བྲལ་བས་འཛིན་པ་ཉིད་དུ་འགྱུར། །དེས་ན་འཛིན་པ་རང་ཞི་བ། །རང་བཞིན་ཉིད་དུ་གསལ་བ་ལས། །ཐམས་ཅད་ནམ་མཁའི་རང་བཞིན་འདྲ། །དམ་དང་འཛིན་པ་ཀུན་དང་བྲལ། །ཤེས་རབ་གསལ་བ་མ་རྟོགས་ན། །བསམ་གཏན་མཐར་ཐུག་འབྲས་བུ་མེད། །ཐོབ་མེད་རྒྱུ་ལས་


DNG020_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་མེད། །བགྲོད་མེད་ས་ལ་རིམ་པ་མེད། །སྦྱང་མེད་ལམ་ལ་སྦྱང་དུ་མེད། །ཆོས་ཉིད་ཞི་བའི་རང་བཞིན་ལ། །ཞི་བ་ཉིད་ཀྱང་སྤྲོས་དང་བྲལ། །རིགས་ཀྱི་བུ་དེ་བཞིན་གཤེགས་པ་ཡང་། རྡོ་རྗེ་དང་ནི་དེ་བཞིན་རིགས། །རིན་ཆེན་པདྨ་ལས་ཀྱི་རིགས། །ཐུགས་ནི་རྡོ་རྗེའི་རིགས་ཀྱི་བདག །སྐུ་ནི་དེ་བཞིན་གཤེགས་པའི་རིགས། །གསུང་ནི་པདྨ་རིགས་ཀྱི་བདག །ཡོན་ཏན་རིན་ཆེན་ལྔ་ཡིན་ཏེ། །ཕྲིན་ལས་ལས་ཀྱི་རིགས་སུ་བཤད། །རིགས་ཀྱི་རྒྱལ་བ་རྣམ་ལྔ་ཡང་། །ཡེ་ཤེས་ལྔ་ཡི་ངོ་བོ་སྟེ། །ཡེ་ཤེས་བསམ་མེད་བརྗོད་དང་བྲལ། །ཡེ་ཤེས་བརྗོད་པའི་ཚིག་ལས་འདས། །ཡེ་ཤེས་བསམ་པའི་དམིགས་དང་བྲལ། །ཡེ་ཤེས་རེ་བའི་འབྲས་བུ་མེད། །དེ་ཉིད་རང་རིག་ཡེ་ཤེས་ཡིན། །ཁམས་གསུམ་གནས་པའི་སེམས་ཅན་ཡང་། །རང་བྱུང་ཡེ་ཤེས་རང་གནས་ཡིན། །རང་བྱུང་གཞན་ལ་རག་མ་ལུས། །དེ་ཕྱིར་རྒྱུ་འབྲས་དབྱེ་རུ་མེད། །རྒྱུ་ཉིད་འབྲས་བུའི་མཆོག་ཏུ་བསྟན། །སངས་རྒྱས་སྟོང་པ་ལ་སངས་རྒྱས། །དུས་རྣམས་ཀུན་ལས་ད་སྔར་བྱུང་། །ཆེ་བ་ཡོངས་ལས་ད་ཆེར་བྱུང་། །མ་བཏང་གསལ་བའི་སྒྲོན་མར་བྱུང་། །ཀུན་གྱི་སྙིང་པོ་འབྲས་བུའི་གཏེར། །རེ་བ་མེད་པས་དོགས་མི་འཆའ། །དོགས་པ་མེད་པས་ཉམ་ང་མེད། །ཀུན་ཀྱང་དེ་བཞིན་རེ་དོགས་མེད། །ཆོས་ཉིད་དབྱིངས་ཀྱི་རང་བཞིན་ལས། །ཆོས་ཅན་ཐ་དད་སྣང་བ་ནི། །བར་སྣང་འཇའ་ཚོན་ཆུ་ཟླ་འདྲ། །འཛིན་པ་བརྟས་པ་བསེ་ལྟར་མཁྲེགས། །རེ་དོགས་འབྲས་བུ་ཉམ་ང་སྤྱོད། །གཉིས་འབྱུང་ཐ་སྙད་ཐེ་ཚོམ་ཟ། །ངེས་པར་གཏན་ལ་མ་ཕེབས་ཕྱིར། །ཡང་དག་ཉིད་དུ་གང་རྟོགས་པ། །དེ་ཉིད་གང་རྟོགས་སངས་རྒྱས་རྒྱུ། །དེ་ཉིད་རྒྱུ་འབྲས་བདེ་བའི་དོན། །སྙིང་པོ་དམ་པ་དེ་ལ་བྱ། །དེ་ནི་འཁོར་འདས་གཉིས་ཀྱི་གཞི། །བདེ་བར་གཤེགས་པའི་སྙིང་པོ་ཡིན། །ཐམས་ཅད་ཀུན་གྱི་འབྱུང་གནས་ཡིན། །དོན་དམ་ཕུར་པ་དབྱིངས་ལ་སྒྲོལ། །བདག་འཛིན་པ་ཡི་ཕུར་པ་ནི། །འཁོར་བའི་སྡུག་བསྔལ་འཛིན་པའི་རྒྱུ། །དོན་དམ་ཆོས་ཉིད་ཕུར་པས་འཇོམས། །བདེ་བར་འཛིན་པའི་ཤེས་པ་ནི། །འཛིན་པའི་དོན་ལ་ཁྱད་པར་མེད། །སྤང་


DNG020_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

བླང་མེད་པའི་ཕུར་པ་ཡིས། །གང་འཛིན་འཛིན་པ་རྣམ་པར་གྲོལ། །འཛིན་པ་མེད་པར་དོན་རྟོགས་ན། །མཚམས་མེད་སྤྱད་ཀྱང་བྱང་ཆུབ་ཐོབ། །ཡེ་ནས་གནས་པའི་ཕུར་པ་ཡིན། །དང་པོར་འཁོར་བར་འཛིན་པ་ནི། །མ་རྟོགས་པ་ལས་མ་རིག་བྱུང་། །དེ་ཡིས་བག་ཆགས་ཀུན་གཞིར་གྱུར། །དེ་ལས་ཀུན་གཞིའི་རྣམ་ཤེས་བྱུང་། །དེ་ལས་གཞི་བྱུང་རྣམ་པ་གཉིས། །གཅིག་ལས་སྣང་བ་ཐ་དད་པས། །འཁོར་འདས་བསམ་མེད་བརྗོད་ལས་འདས། །ཉི་མའི་ཟེར་ལྟར་རྣམ་པར་འབྱུང་། །ཐིག་ལེ་སྣང་ཞིང་ཡོད་པ་ལས། །རང་རྒྱུད་དངོས་པོ་གཞི་ལ་མེད། །འདྲ་གཞི་ཀུན་ལས་རྣམ་པར་འཁྲུལ། །མེད་པར་འཁྲུལ་པ་མི་འབྱུང་བས། །མི་སྲིད་རྣམ་པའི་དོན་རྟགས་འབྱུང་། །ཡོད་པས་འཁྲུལ་པར་གྱུར་པ་ནི། །གཞི་ལ་རང་རྒྱུད་ཡོད་པས་ན། །འཁོར་བ་རང་རྒྱུད་སངས་མི་རྒྱ། །གཞི་ལས་བཏགས་པའི་གཞི་ཉིད་ནི། །བག་ཆགས་སོགས་པའི་གཞིར་གནས་ཀྱང་། །བཏགས་པས་གཞི་ཉིད་དེར་མི་གནས། །མི་གནས་བག་ཆགས་གཞི་དང་བྲལ། །དེས་ན་ཉོན་མོངས་གོས་པ་མེད། །རྡོ་རྗེ་ཕུར་པ་ཀུན་གྱི་གཞི། །འཁོར་ནི་རྣམ་ཤེས་མང་པོས་བསྐོར། །འཇོམས་ནི་འཛིན་བྱེད་ཕྱོགས་ཆར་འཇོམས། །ཐོབ་ནི་སྐྱེ་མེད་རང་བཞིན་ཐོབ། །དེ་ཉིད་ཡེ་ནས་ཕུར་པ་ཡིན། །དོན་དམ་ཆོས་ཉིད་ཕུར་པ་ནི། །ཀུན་ལ་གནས་པས་ཁྱབ་པའི་དབྱིངས། །ཆེ་བར་གནས་པའི་ཡེ་ཤེས་ལྔ། །འཛིན་པས་མ་བསླད་མྱ་ངན་འདས། །ངར་འཛིན་བརྟས་པས་འཁོར་བའི་རྒྱུ། །གཞི་ནི་མ་བཅོས་དབྱིངས་ཉིད་ལས། །འཁོར་བའི་སྣང་གཞི་མེ་ལོང་འདྲ། །མྱ་ངན་འདས་པ་རྟོགས་པའི་དབྱིངས། །དག་དང་མ་དག་ཆོས་རྣམས་ཀུན། །ཆོས་ཉིད་ཕུར་པ་རྟོགས་པའི་ངང་། །ཡེ་ཤེས་ལྔ་ཡི་ཕུར་པ་ལ། །ཉོན་མོངས་ལྔ་ནི་དབྱིངས་ནས་སྒྲོལ། །སྐུ་གསུང་ཐུགས་ཀྱི་ཕུར་པ་ཡིས། །དུག་གསུམ་སྐུ་གསུང་ཐུགས་ལ་སྦྱོར། །ཡང་དག་དོན་ཉིད་ཕུར་པ་ནི། །མ་སྤངས་མ་བསྒྲུབས་བཙལ་བ་མེད། །མ་བསླད་མ་བཅོས་བསྒྱུར་དུ་མེད། །དེ་ཉིད་རྟོགས་ན་ཕུར་པའི་དོན། །ངེས་པའི་དོན་གྱི་ཕུར་པ་ཡང་། །ངེས་པར་གདེང་དུ་མ་


DNG020_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པར། །ལྟ་བ་ཕྱོགས་འཛིན་རང་རྒྱུད་ཀྱིས། །སྤྱོད་པ་རྣམ་གཉིས་རང་གར་སྤྱོད། །འབྲས་བུ་ངན་སོང་སྡུག་བསྔལ་མྱོང་། །དེ་ལ་བདེ་གཤེགས་བྱིན་རླབས་ཀྱིས། །ཐུགས་རྗེའི་ཕུར་པས་གདུག་པ་འདུལ། །བྱང་ཆུབ་སེམས་ཀྱི་ཕུར་པ་ཡིས། །མཁའ་དབྱིངས་ཉོན་མོངས་དབྱིངས་ལ་སྡུད། །འདུས་བྱས་ཕུར་པ་རྣམ་བཞི་ཡིས། །ཞིང་བཅུ་གཏན་ནས་སྟོངས་པར་བྱེད། །རོལ་པ་སྣ་ཚོགས་ཅིར་ཡང་སྣང་། །ཆོས་ཉིད་ཕུར་པའི་རོལ་པ་ཡིན། །རྡོ་རྗེ་ཕུར་པའི་རང་བཞིན་ནི། །ཅི་སྟེ་ཆོས་ཉིད་ཕུར་པ་འདི། །ཅི་སྟེ་ཡེ་ནས་ཕུར་པ་ཡིན། །ཅི་སྟེ་འཁོར་བ་ཅི་ལྟར་འབྱུང་། །ཅི་སྟེ་མྱ་ངན་ཅི་ལྟར་འདས། །ཅི་སྟེ་འཁོར་འདས་ཅི་ལྟར་མཉམ། །ཅི་སྟེ་ཕུར་པ་ཅི་ཡི་ཕྱིར། །ཅི་སྟེ་ཕུར་པ་གང་ལ་གདབ། །ཅི་སྟེ་རོལ་པ་ཅི་ལྟར་སྣང་། །ཅི་སྟེ་སྲས་སུ་ཅི་ལྟར་བསྐྱེད། །ཅི་སྟེ་ཕུར་པའི་དོན་ཉིད་གང་། །ཡེ་ནས་ཕུར་པའི་རོལ་པ་ལས། །ཅི་སྟེ་ལུང་དང་འགལ་མི་འགྱུར། །རང་ལ་རང་ཆས་གནས་པ་ཡིན། །མ་རིག་པ་ལས་ཀུན་གཞི་འབྱུང་། །ཕྲ་རགས་རྟོག་པ་སོ་སོར་སྨིན། །དག་པ་ཉིད་དུ་དེ་རྟོགས་པས། །རང་བྱུང་ཡེ་ཤེས་དེ་ལས་འབྱུང་། །གཉིས་སུ་མེད་པས་མཉམ་པ་སྟེ། །མཉམ་པའི་དུས་ན་བཟང་ངན་མེད། །མ་བཅོས་དོན་ཉིད་ཕུར་པའི་རྒྱུ། །ཆོས་ཉིད་ཕུར་པ་ཐུགས་རྗེས་བསྒྲལ། །རྣམ་པ་བཞི་རུ་ངེས་པར་གདབ། །ཞི་དང་ཁྲོ་ཡང་དེ་བཞིན་འབྱུང་། །དུས་གསུམ་བདེ་གཤེགས་བྱིན་རླབས་ལས། །གཞི་ཡིས་དོན་རྣམས་མ་ལུས་འགྲུབ། །ཆོས་ཉིད་ཡེ་ནས་ཕུར་པ་ལ། །གང་ལྟར་བསྟན་པ་དེ་ལྟར་ཏེ། །འཁོར་འདས་ལ་ཤན་དབྱེ་བའི་ཕྱིར། །ཡི་གེ་རྟོག་མེད་སྤྲོས་དང་བྲལ། །དོན་ཉིད་ཕུར་པའི་དབྱིངས་ལ་སྤྲོས། །དོན་ཡང་དེ་ལས་གཡོས་པ་མེད། །ཡང་དག་ཉིད་ཀྱི་ཕུར་པ་ལས། །སངས་རྒྱས་སེམས་ཅན་གཉིས་མེད་པས། །དེ་ཉིད་སྣང་བ་རྣམ་གཉིས་གཞི། །ལྟ་བ་དོན་དམ་ཕུར་པ་ལས། །རོལ་པ་ཅིར་ཡང་འགག་པ་མེད། །དེ་ཉིད་མ་སྤངས་ཕུར་པའི་དབྱིངས། །ཕྱོགས་མེད་སྤྲོས་བྲལ་ཕུར་པའི་དབྱིངས། །དེ་ཉིད་ཕྱོགས་སུ་གང་འཛིན་པ། །


DNG020_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཉིད་སྤྲོས་བྲལ་ཕུར་པ་མེད། །འཛིན་པ་མེད་པའི་ཕུར་པ་འདི། །བཙལ་བ་མེད་པར་ལྷུན་གྱིས་གྲུབ། །ཕྱོགས་བྲལ་སེམས་ལ་ལྷུན་གྱིས་གྲུབ། །ཡེ་ནས་སྤྲོས་བྲལ་ཕུར་པ་འདི། །ཕྲ་ཞིང་ཟབ་པ་གཏིང་དཔག་དཀའ། །གཏན་ལ་མི་ཕེབས་ཕྱོགས་འཛིན་ཆེ། །དེ་ཡི་དོན་དུ་བསྟན་པར་བྱ། །བརྟན་པ་རིན་ཆེན་རིགས་པའི་གཏེར། །ཟད་པ་མེད་པར་སྣ་ཚོགས་འབྱུང་། །ཡེ་ནས་ཆོས་ཉིད་ཕུར་པ་ལ། །སངས་རྒྱས་སེམས་ཅན་གཉིས་མེད་དེ། །གང་དུ་འཛིན་པ་སྨིན་པའི་རྒྱུ། །རྒྱུ་གཅིག་འབྲས་བུ་བཟང་ངན་གཉིས། །རྟོགས་པའི་རིམ་པ་དེ་ལྟར་སྣང་། །ཀུན་ཏུ་བཟང་པོའི་ངང་ཉིད་ལས། །སྟོང་གསུམ་རྒྱལ་བའི་སྐུས་གང་ཡང་། །དེ་བཞིན་ཉིད་ལས་ཉམས་པ་མེད། །འཁོར་བའི་རྒྱ་མཚོ་ཀློང་རྡོལ་ཡང་། །འཁྲུལ་པའི་གཞི་ལ་ཟད་པ་མེད། །འཁྲུལ་བར་གཟུང་བ་དམ་པ་སྟེ། །དམ་པའི་ཤེས་པ་རང་འཛིན་རྒྱུ། །རྒྱལ་བ་འབྱུང་བ་བསྟན་པའི་གཞི། །བསྟན་པ་དར་བར་རྒྱལ་བས་གསུངས། །རྒྱལ་བ་གྲངས་མེད་བརྗོད་ལས་འདས། །ཟད་པ་མེད་ཅིང་འཕེལ་བ་མེད། །དེ་ཕྱིར་ཆོས་དབྱིངས་གཏིང་དཔག་དཀའ། །འཁོར་བ་འབྱུང་བ་འཁྲུལ་པ་སྟེ། །འཁྲུལ་པ་མ་རིག་ཤེས་པའོ། །མ་རིག་པ་ཉིད་ཡེ་ཤེས་ཏེ། །སྣང་བ་བཏེགས་པས་མུན་པ་བཞིན། །དག་པ་ཉིད་དུ་དེ་བཞིན་འགྱུར། །དེ་བཞིན་མ་རིག་མ་ཤེས་པས། །རྟོགས་ན་རང་བྱུང་ཡེ་ཤེས་ཏེ། །ཉི་མ་ཤར་བའི་བ་མོ་འདྲ། །བསལ་བ་མེད་པར་རང་དྭངས་འགྱུར། །དག་པ་ཉིད་ལ་བསལ་བ་མེད། །དག་དང་མ་དག་གཉིས་མེད་པས། །ཉོན་མོངས་ལྔ་ནི་ཡེ་ཤེས་ཏེ། །ཉོན་མོངས་རྟོགས་ན་ཡེ་ཤེས་རྒྱས། །ཉོན་མོངས་ཉིད་ཀྱང་ངོས་བཟུང་བྲལ། །བདེ་བ་གཉིས་ཀྱང་འཛིན་པ་རྒྱས། །བྱང་ཆུབ་སེམས་ལས་ཐམས་ཅད་བྱུང་། །མ་རིག་མ་རྟོགས་འཁོར་བ་འབྱུང་། །དེ་ཉིད་རྟོགས་ན་བདེ་གཤེགས་རྒྱུ། །འཁོར་བ་སྤངས་པའི་ཕ་རོལ་ན། །སངས་རྒྱས་བྱ་བ་བཏགས་པ་ཡིན། །དེ་ཕྱིར་འཁོར་བ་མྱ་ངན་འདས། །འཁོར་འདས་ཐ་དད་སོ་སོར་མེད། །གཞི་གཅིག་འབྲས་བུ་སོ་སོར་སྨིན། །སྨིན་པས་འཁོར་འདས་སོ་སོ་སྟེ། །འཁོར་བ་དྲུག་ཏུ་རྣམ་པར་སྨིན། །ལ་


DNG020_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

ལར་དགའ་བདེ་ལོངས་སྤྱོད་འབྱུང་། །ལ་ལར་ཉོན་མོངས་རྩོད་པ་འབྱུང་། །ལ་ལར་ངར་འཛིན་ཀུན་གྱི་གཞི། །ལ་ལར་གཏི་མུག་བྱོལ་སོང་གནས། །ལ་ལར་སེར་སྣ་ཡི་དྭགས་ཏེ། །ལ་ལར་ཞེ་སྡང་དམྱལ་བའི་གནས། །མ་རྟོགས་ཉོན་མོངས་གཞི་ལས་བྱུང་། །དུག་ལྔ་རང་ག་འཁོར་བར་སྨིན། །འཁོར་བ་བསམ་མེད་བརྗོད་ལས་འདས། །འཁོར་བ་རྟོགས་པ་མྱ་ངན་འདས། །ལ་ལར་མངོན་པར་འགོག་པར་འཇུག །ལ་ལར་སྟོང་ཉིད་ལུགས་འབྱུང་བཀག །ལ་ལར་རྣལ་འབྱོར་རྣམ་གཉིས་སྤྱོད། །ལ་ལར་དག་པ་ཕྱོགས་དང་བྲལ། །ལ་ལར་བདེ་གཤེགས་རིགས་ལྔ་རྒྱས། །ལ་ལར་རིམ་པ་ཁད་ཀྱིས་བསྒོམ། །ལ་ལར་རྫོགས་པའི་ངང་དུ་གནས། །ས་ལམ་རིམ་པ་ཉིད་དུ་གནས། །གཅིག་ལ་འབྲས་བུ་སོ་སོར་སྨིན། །བདེ་བ་འདོད་པས་ཆགས་པ་སྟེ། །ལྟ་བ་ཕྱོགས་སུ་བལྟ་བ་དང་། །བསྒོམ་པ་དམིགས་གཏད་བཅས་པ་དང་། །སྤྱོད་པ་སྤྱད་དུ་ཡོད་པ་དང་། །ས་ལམ་བགྲོད་དུ་ཡོད་པ་དང་། །འབྲས་བུ་རེ་དོགས་ཡོད་པ་ཡིས། །ཕྱོགས་སུ་བལྟས་པས་རིམ་པར་འབྱུང་། །ཐེག་པའི་རིམ་པ་བསམ་ཡས་ཀྱང་། །ངེས་པར་ཐེག་པ་གཅིག་ལས་མེད། །འབྲས་བུ་རེ་དོགས་གྲངས་མེད་ཀྱང་། །ངེས་པར་འབྲས་བུ་གཅིག་ལས་མེད། །ལམ་གྱི་རིམ་པ་བསམ་ཡས་ཀྱང་། །ངེས་པའི་ལམ་མཆོག་གཅིག་ལས་མེད། །ས་ལམ་བགྲོད་པ་བསམ་ཡས་ཀྱང་། །ངེས་པའི་ས་ཐོབ་གཅིག་ལས་མེད། །བསྒོམ་པའི་རིམ་པ་གྲངས་མེད་ཀྱང་། །ངེས་པར་བསྒོམ་པ་གཅིག་ལས་མེད། །ཡེ་ཤེས་ཁྱད་པར་བསམ་ཡས་ཀྱང་། །དོན་དམ་ཡེ་ཤེས་གཅིག་ལས་མེད། །བསྟན་པའི་རིམ་པ་བསམ་ཡས་ཀྱང་། །ངེས་པའི་བསྟན་པ་གཅིག་ལས་མེད། །སངས་རྒྱས་གྲངས་མེད་བརྗོད་འདས་ཀྱང་། །ངེས་པའི་སངས་རྒྱས་གཅིག་ལས་མེད། །དེ་ཕྱིར་རྟོགས་པ་རབ་ཏུ་གཅེས། །རྟོགས་པའི་དོན་ཉིད་མ་ལྡན་ན། །བསྒོམ་པ་རྟོགས་པའི་དྲ་བ་སྟེ། །དྲ་བར་འཛིན་པས་དོན་མི་འགྲུབ། །བྱམས་པ་ལྔ་ནི་དུག་ལྔ་སྟེ། །དུག་ལྔ་རྟོགས་


DNG020_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

པས་སངས་རྒྱས་རྒྱུ། །སངས་རྒྱས་རང་ལ་གནས་པ་ལ། །ཕ་རོལ་གཞན་ནས་ཅི་སྟེ་བཙལ། །བཙལ་ནས་འབྲས་བུ་ཐོབ་མི་སྲིད། །རང་རིག་འབྲས་བུའི་ཡེ་ཤེས་ཏེ། །གཞན་ནས་འབྱུང་བ་ག་ལ་སྲིད། །འབྱུང་བར་འགྱུར་བ་རང་བྱུང་མིན། །བསྟན་པ་རིན་ཆེན་སྒྲོན་མ་འདིའི། །ཕ་རོལ་ཕྱིན་པ་དོན་གྱི་མཆོག །ཤེས་རབ་ཕ་རོལ་ཕྱིན་གྱུར་ན། །བསམ་གཏན་ཕ་རོལ་རང་བཞིན་འབྱུང་། །བརྩོན་འགྲུས་ཕ་རོལ་མ་ཕྱིན་ན། །ཤེས་རབ་ཕ་རོལ་རྟོགས་མི་སྲིད། །ཤེས་རབ་ཕ་རོལ་ཕྱིན་པ་ལས། །ཕ་རོལ་ཕྱིན་ལྔ་ཞོར་ལ་འབྱུང་། །དེ་ཕྱིར་ཤེས་རབ་རྟོགས་པ་གཅེས། །ཤེས་རབ་ཡེ་ཤེས་མེ་བོ་ཆེས། །ཉོན་མོངས་གཏན་ནས་སྐེམས་པར་བྱེད། །འཛིན་གཞི་གཏན་ནས་སྟོངས་པར་བྱེད། །ས་ལམ་བགྲོད་པའི་གྲོལ་ས་སྟོངས། །རེ་དོགས་འབྲས་བུས་དོགས་པ་མེད། །རེ་བ་མེད་ཕྱིར་དོགས་མི་འཆའ། །ཡེ་ཤེས་མཚོན་ཆེན་འབར་བ་ཡིས། །ས་ལམ་བསྒོམ་པའི་གོལ་ས་གཅོད། །འཛིན་པ་རང་རྒྱུད་རྩ་བ་འབྱིན། །ཀུན་ཏུ་བཟང་པོའི་རོལ་པ་ལས། །བདེ་བར་གཤེགས་པ་ཐམས་ཅད་འབྱུང་། །སེམས་ཅན་ཀུན་ལ་སྨན་སླད་དུ། །གཏན་ལ་དབབ་པའི་ཡེ་ཤེས་ལ། །ཕབ་པས་ངེས་པར་འཛིན་པ་མེད། །ངོས་བཟུང་བྲལ་བའི་ཡེ་ཤེས་ལ། །ཕྱོགས་སུ་གཟུང་དུ་ག་ལ་ཡོད། །བགྲོད་དུ་མེད་པའི་ས་ལམ་ལ། །རིམ་པས་བགྲོད་དུ་ག་ལ་ཡོད། །རེ་དོགས་མེད་པའི་འབྲས་བུ་ལ། །ཐོབ་པར་སེམས་པ་ག་ལ་ཡོད། །འབྲས་བུ་རེ་དོགས་གཉིས་དང་བྲལ། །རྒྱུ་འབྲས་གཉིས་མེད་དེ་ལྟར་བྱུང་། །རྒྱུ་ཉིད་འབྲས་བུའི་མཆོག་ཉིད་པས། །རྒྱུ་ལས་སྤངས་པའི་འབྲས་བུ་མེད། །རྒྱུ་དེ་ཉིད་དུ་འབྲས་བུར་སྣང་། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི། །སྤྱི་ཉིད་ཆོས་ཉིད་ངེས་བཟུང་བྲལ། །རང་ཉིད་འཛིན་པ་ག་ལ་ཡོད། །འཛིན་པས་མ་བཟུང་ངེས་བཟུང་བྲལ། །འཁོར་འདས་མ་ངེས་ཞེན་པ་མེད། །ཐམས་ཅད་མཁྱེན་པ་དེ་ཡི་ཕྱིར། །སྟོན་པས་ཐམས་ཅད་མཁྱེན་པ་གཟིགས། །འཁོར་ཡང་དེ་ལས་གཞན་པ་མེད། །གཙོ་འཁོར་གཉིས་མེད་ཐམས་


DNG020_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་མཁྱེན། །རྒྱུ་དང་ལམ་དང་འབྲས་བུ་དང་། །སྐུ་གསུང་འདུལ་བའི་དོན་བསྟན་པས། །གང་ལ་གང་འདུལ་དེ་བཞིན་བསྟན། །ཀུན་ཏུ་བཟང་པོ་ཀུན་གྱི་གཞི། །ཐམས་ཅད་ཀུན་གྱི་འབྱུང་གནས་ཡིན། །ས་དང་ལམ་ལྔར་བགྲོད་པ་ཡང་། །རྩོལ་བའི་རིམ་པ་དུ་མ་འབྱུང་། །ཐ་དད་འབྲས་བུ་ཁྱད་པར་ཅན། །ཐོབ་པར་འདོད་པའི་རེ་དོགས་ཅན། །རྒྱུ་དང་འབྲས་བུ་སྐུ་གསུང་དོན། །ཐམས་ཅད་མ་ལུས་གཅིག་ཀྱང་མེད། །འདུལ་བ་སྡོམ་པ་དམ་ཚིག་དང་། །ཞི་དང་ཁྲོ་ཡང་རྣམ་པར་འབྱུང་། །རྒྱུད་དང་ལུང་དང་མན་ངག་དང་། །བསྟན་པ་རྒྱས་དང་ཞི་བ་དང་། །འདུལ་བའི་ལྷ་དང་རྒྱན་དང་ཆས། །རྫས་དང་སྤྱོད་པ་མངོན་དུ་བསྟན། །བརྒྱད་དང་བཅུ་གསུམ་ལྔ་གསུམ་དང་། །མང་ཞིང་ཚང་སྟེ་རྣམ་པར་འཁྲུགས། །གསལ་དག་ངེས་པའི་དྲི་མ་མེད། །གསུམ་དང་ལྡན་ཞིང་ཐེ་ཚོམ་མེད། །ཚད་མ་གསུམ་ནི་མན་ངག་ཡིན། །གཏན་ལ་ཕེབས་པར་འགྱུར་བ་མེད། །གྲངས་མེད་བརྗོད་ཀྱིས་མི་ལང་དང་། །འདུལ་བའི་དོན་དུ་བརྗོད་ལས་འདས། །རིགས་ལྔ་བདེ་གཤེགས་རྒྱལ་བ་ལྔ། །འཁོར་ཚོགས་བསམ་གྱིས་མི་ཁྱབ་འབྱུང་། །ཁྲོ་བོ་བྱང་ཆུབ་སེམས་ལས་འབྱུང་། །གཅིག་དང་གཉིས་སུ་མེད་པར་འབྱུང་། །དུར་ཁྲོད་རྒྱན་ནི་རྣམ་པར་བརྒྱན། །གཅིག་དང་དུ་མས་ཀུན་ལ་ཚང་། །དམ་རྫས་ལྔ་ནི་མངོན་དུ་སྤྱོད། །ཧཱུཾ་ཧཱུཾ་ཕཊ་ཕཊ་སྒྲ་འབྱིན་ཅིང་། །ཚམ་རྔམས་སྟངས་སྟབས་ཕྱོགས་བཅུར་འགྱེད། །ཁྲོ་བོ་ཁྲོ་མོ་སྤྲུལ་པ་དང་། །སྟོང་གསུམ་བཀང་དང་རི་རབ་ཙམ། །ཉུངས་འབྲུའི་གྲངས་ཙམ་རྣམ་པར་འཕྲོ། །ངེས་པ་ཡང་དག་བཤད་པར་བསྟན། །དགོངས་པ་བྱིན་རླབས་ཀུན་ལ་སྣང་། །ཉི་མའི་འོད་འདྲ་སྙོམས་པར་གསལ། །མུན་པ་གསལ་བའི་འོད་པོ་ཆེ། །དུག་གསུམ་སྒྲོལ་བའི་སྒྲོལ་བདག་ཡིན། །དུག་ལྔ་རྩད་གཅོད་གཉེན་གཅིག་ཡིན། །ཆོས་ཉིད་ཡེ་ནས་ཕྱོགས་བྲལ་ཡང་། །འཛིན་པའི་དབང་གིས་སྡུག་བསྔལ་འབྱུང་། །བསྒོམ་པའི་དབང་གིས་ས་ལམ་བགྲོད། །རེ་བའི་དབང་གིས་དོགས་དང་བཅས། །དོགས་པའི་


DNG020_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གིས་གཉིས་སུ་སྣང་། །རྡོ་རྗེ་རིན་ཆེན་པདྨ་དང་། །ལས་དང་དེ་བཞིན་གཤེགས་པའི་རིགས། །ཐུགས་ཉིད་གསལ་ལ་རྟོག་པ་མེད། །དཔེར་ན་རྒྱ་མཚོ་ཉིད་དང་འདྲ། །ཡོན་ཏན་གཏེར་ཉིད་ཟད་པ་མེད། །ཟད་པ་མེད་པ་ཐམས་ཅད་འབྱུང་། །དཔེར་ན་ཡིད་བཞིན་ནོར་བུ་འདྲ། །གསུང་མཆོག་ཚངས་པའི་སྒྲ་དབྱངས་ཏེ། །དཔེར་ན་བྲག་ཆའི་རང་བཞིན་འདྲ། །ཕྲིན་ལས་མཐར་ཕྱིན་སྣ་ཚོགས་སྤྱོད། །དཔེར་ན་གར་མཁན་ཉིད་དང་འདྲ། །སྐུ་མཆོག་གསལ་ལ་རྟོག་པ་མེད། །དཔེར་ན་མེ་ལོང་གཟུགས་བརྙན་འདྲ། །རང་བྱུང་ཡེ་ཤེས་སྟོབས་པོ་ཆེ། །རི་རབ་རྡུལ་དང་ཐིགས་པ་དང་། །སྟོང་གསུམ་ཚད་དུ་གཞལ་བ་དང་། །ཁམས་གསུམ་དབང་དུ་བསྡུ་བ་དང་། །སངས་རྒྱས་གྲངས་མེད་འབྱུང་བ་དང་། །འཁོར་བ་རྒྱུ་དྲུག་ཁ་འཁོར་དང་། །རི་རབ་ཚོག་པོར་འཕེན་པ་དང་། །རྒྱ་མཚོ་གཏིང་ནས་སྐེམས་པ་དང་། །ཐམས་ཅད་རང་བྱུང་སྟོབས་ལས་བྱུང་། །རང་བྱུང་ཡེ་ཤེས་མ་རྟོགས་པས། །ཡིན་པའི་དོན་ཉིད་ངོ་མ་ཤེས། །ལྷན་ཅིག་སྐྱེས་པའི་མ་རིག་པས། །དེ་ཉིད་གཞི་བྱས་ཀུན་གཞི་བྱུང་། །དགེ་དང་མི་དགེའི་བག་ཆགས་ཀུན། །མེ་ལོང་གཡའ་བཞིན་རྣམ་པར་སྣང་། །རིག་པས་བསམ་པས་འཁོར་བར་གྲུབ། །བདེ་བའི་འབྲས་བུའི་ཐད་ཙམ་མེད། །དཔེར་ན་ཤིང་རྟའི་འཕང་ལོ་འདྲ། །ཐར་པའི་དུས་མེད་སྡུག་བསྔལ་ཆེ། །རང་ཉིད་རང་གིས་སྡུག་བསྔལ་ལས། །འབྲས་བུ་མི་མཐུན་སོ་སོར་སྨིན། །རྟོགས་པས་དགེ་བ་བསོད་ནམས་ལས། །བསྒོམ་དང་བསྒྲུབ་པའི་རིམ་པ་ཡིས། །མཐར་ཐུག་འབྲས་བུ་མི་ཐོབ་སྟེ། །གནས་སྐབས་བདེ་བའི་ས་ལམ་འབྱུང་། །དེས་ན་ཀུན་གཞི་གཉིས་ཀྱི་གཞི། །གཉིས་འཛིན་བསགས་པས་སངས་རྒྱས་མེད། །རང་བྱུང་ཡེ་ཤེས་རང་བྱུང་བས། །མ་རིག་རང་བྱུང་ཐ་དད་མེད། །རང་བྱུང་ཡེ་ཤེས་མ་རིག་དྭངས། །དེ་ཉིད་རང་བྱུང་ཡེ་ཤེས་ཡིན། །ལྷན་ཅིག་མ་རིག་རང་བྱུང་སྟེ། །འཁོར་འདས་གཉིས་ཀྱི་བསག་གཞི་མེད། །དཔེར་ན་ནམ་མཁའ་སྟོང་པ་འདྲ། །ཀུན་བརྟགས་མ་རིག་གཞི་མེད་པས། །འཁོར་


DNG020_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

འདས་གཉིས་སུ་བརྟག་ཏུ་མེད། །མ་བརྟགས་དེ་བཞིན་ནམ་མཁའ་འདྲ། །དེ་ལ་ཀུན་གཞི་མིང་དང་བྲལ། །དེ་ཉིད་རྗོད་པའི་ཚིག་ལས་འདས། །མི་བགྲོད་པ་ཡི་ས་ཉིད་ཡིན། །སྟོང་པ་ཆེན་པོའི་ཆོས་ཉིད་ལས། །སྟོང་པ་རྟོག་མེད་སྤྲོས་དང་བྲལ། །སྟོང་པ་དྲི་མེད་འོད་དང་ལྡན། །སྟོང་པ་བྱེད་པ་ཀུན་གྱི་དཔལ། །སྟོང་པ་ཡེ་ཤེས་སྣང་བ་ཅན། །སྟོང་པ་ཁམས་གསུམ་ཀུན་གྱི་བདག །སྟོང་པ་ཡི་གེ་ཀུན་གྱི་གནས། །སྟོང་པ་ཞི་བ་འོད་ཀྱི་ཞལ། །སྟོང་པ་འདུས་པ་དྲག་པོའི་སྐུ། །སྟོང་པ་སྣང་སྟོང་གཉིས་སུ་སྣང་། །སྟོང་པ་ཡོད་པ་ཀུན་དང་བྲལ། །སྟོང་པ་དོན་དམ་བཅུད་ཀྱི་རྒྱན། །སྟོང་པ་རོལ་པ་འགག་པ་མེད། །སྟོང་པ་རིགས་ཀྱི་རྒྱལ་བ་འབྱུང་། །སྟོང་པའི་སྟོང་པ་དྲི་མ་མེད། །སྟོང་པའི་སྣང་བ་ལྷ་ཡི་སྐུ། །སྟོང་པའི་ལོག་རྟོག་ལོག་པར་འཁྱམས། །སྟོང་པའི་འབྲས་བུ་སྣང་བ་ཉིད། །སྟོང་པའི་རྒྱུ་ཉིད་སྣང་བས་གཞིག །སྟོང་པ་བཅུ་དགུའི་རང་བཞིན་ནི། །སྟོང་པའི་སྣང་བ་རྣམ་པར་གསལ། །སྣང་བ་སྣ་ཚོགས་ལྷུན་གྱིས་གྲུབ། །གཉིས་མེད་གཉིས་སུ་འཛིན་དང་བྲལ། །སྣང་བའི་རིགས་ལྔ་རྒྱལ་བའི་སྐུ། །སྣང་བ་བདུད་འདུལ་ཁྲོ་བོའི་སྐུ། །སྣང་བ་རོལ་པ་འཛིན་པ་མེད། །སྣང་བ་བྱ་སྤྱོད་གཉིས་སུ་མེད། །སྣང་བ་དོན་དམ་བཅུད་ཀྱི་རྒྱན། །སྣང་བ་སྣང་ལ་རང་བཞིན་མེད། །སྣང་བ་བཞུགས་གནས་གཞལ་ཡས་ཁང་། །སྣང་བ་མཚོན་བྱེད་ཡི་གེ་མེད། །སྣང་བ་དྲི་མེད་འཛིན་པ་བྲལ། །སྣང་བ་སེམས་ཉིད་འབྱུང་བ་མེད། །སྣང་བ་བཅུད་ཀྱི་སྟོང་པ་གསལ། །སྣང་སྟོང་གཉིས་སུ་མེད་པ་ལ། །སྣང་ཞེས་མཚན་མར་ག་ལ་འཛིན། །སྟོང་ཞེས་མཚན་མར་ག་ལ་བལྟ། །མེད་པ་མ་ཡིན་སྙིང་པོའི་དོན། །ཡོད་པ་མཚན་མ་ཀུན་དང་བྲལ། །དེས་ན་གཉིས་མེད་རེ་དོགས་བྲལ། །ཡོད་མེད་གཉིས་ཀྱི་མཐའ་ལས་འདས། །ཁམས་གསུམ་ཀུན་གྱི་བྱེད་པ་པོ། །ཡེ་ཤེས་སྣང་བ་ཤར་བའོ། །མ་རིག་མུན་པ་འཇོམས་པའོ། །ཐམས་ཅད་རྒྱན་དུ་སྣང་


DNG020_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

བའོ། །གདུག་པ་ཆེན་པོ་འདུལ་བའི་གནས། །མཚམས་མེད་ལྔ་ནི་བདེ་ལྡན་གནས། །ཉོན་མོངས་ལྔ་ནི་ཡེ་ཤེས་ལྔ། །རིགས་ལྔ་བདེ་གཤེགས་ཕུང་པོ་ལྔ། །སེམས་དཔའ་སེམས་མ་རྣམ་ཤེས་རྣམས། །ཕྱིན་ཅི་ལོག་བཞི་ཁྲོ་བོ་བཞི། །ཉོན་མོངས་དྲུག་ནི་ཐུབ་པ་དྲུག །ཐམས་ཅད་ལྷ་ཡི་རང་བཞིན་ལ། །གཞལ་ཡས་བྷནྡྷ་བརྗིད་ཆེན་ལས། །བཞུགས་པའི་དོན་གྱིས་དེ་རུ་བཞུགས། །ལྷ་རྣམས་དོན་གྱིས་དེ་ན་བཞུགས། །རང་བཞིན་ལྷ་དང་མཆོད་པ་དང་། །འཛབ་བསྙེན་བསྟོད་པ་ཚོགས་པ་དང་། །ཀུན་ཀྱང་རྒྱས་པ་རབ་ཏུ་བྱ། །རིམ་པས་འཇུག་ཅིང་འབྲས་བུ་སྨིན། །ཚད་དུ་ཕྱིན་པ་ཡང་དག་ཉིད། །རྣམ་བཞིའི་འབྲས་བུ་རིམ་པར་འཇུག །ཡང་ནས་ཡང་དུ་རྣམ་པར་རྟོག །ཕུང་པོ་ཧེ་རུ་རྣམ་ལྔ་རུ། །འབྱུང་བ་ལྔ་དང་ཡེ་ཤེས་ལྔ། །རྣམ་ཤེས་བཛྲ་ཀཽ་རཱི་མ། །ཡུལ་བརྒྱད་ཕྲ་མེན་སེང་ཧ་བརྒྱད། །ལོག་རྟོག་སྒོ་མ་རྟ་གདོང་མ། །ཡིད་ནི་འཇུག་བྱེད་དབང་ཕྱུག་མ། །རང་བཞིན་ལྷ་དང་རིམ་པ་དང་། །མཆོད་པ་དང་ནི་བསྙེན་བསྟོད་མཆོད། །ལས་རྣམས་མ་ལུས་ཀུན་ཀྱང་རྫོགས། །གྲངས་དང་ཚད་དུ་ཕྱིན་པ་དང་། །རིམ་པ་བཞི་ལ་སྐབས་དང་སྦྱོར། །གྲངས་ཀྱི་རིམ་པ་ཡང་དག་ཉིད། །དེ་ཉིད་གྲུབ་པ་སྐུ་གསུང་ལ། །གང་གིས་རྟོགས་ནས་རིམ་པར་འཇུག །དེ་མ་རྟོགས་པར་སྒྲིབ་པ་གསུམ། །བྲལ་བ་ཉིད་དུ་ཡོངས་མི་འགྱུར། །རྟོགས་ན་ལོངས་སྐུའི་བྱིན་རླབས་ཡིན། །དེ་ཐོས་སྒྲིབ་པ་གསུམ་དང་བྲལ། །ཆེ་ཆུང་གཉིས་མེད་ཡང་དག་བྲལ། །ས་རྣམས་རབ་ཏུ་མནན་པའོ། །ལམ་རྣམས་མཐའ་རུ་སྐྱོལ་བའོ། །རིམ་པ་གནས་སུ་འབྱོར་བའོ། །དགྲ་རྣམས་ཚད་གཅད་འཇོམས་པའོ། །སྟོང་པ་ཆེན་པོའི་ཆོས་ཉིད་ལས། །སྣང་སྟོང་གཉིས་སུ་མེད་པ་སྟེ། །སྣང་བ་ཐམས་ཅད་རྫོགས་པའོ། །རིམ་པར་འབྱུང་ཞིང་རྣམ་པར་གནས། །ཕྱི་ནང་མེད་པར་ཀུན་ཏུ་གསལ། །རིམ་པ་ཉིད་ཀྱིས་གདན་སྟེང་དུ། །དྲེགས་པ་ཕྱོགས་སྐྱོང་ཆེན་པོ་འདུལ་བའི་ལྷ། །ཡབ་ཡུམ་སྲས་དང་བཅས་པ་རྣམས། །


DNG020_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་ལ་རྟོག་མེད་ལྷ་ཡི་སྐུ། །དྲེགས་པ་འདུལ་བའི་ལྷ་ཆེན་སྐུ། །ཉིད་ལས་མི་གཞན་ཐུགས་ལས་སྤྲུལ། །གཙོ་མཆོག་རྒྱལ་པོ་བདུད་དཔུང་འཇོམས། །བདེ་བར་གཤེགས་པའི་བྱིན་རླབས་ཡིན། །ཐམས་ཅད་འདུས་ནས་དབང་བསྐུར་བས། །སྲས་ཀྱི་དམ་པ་ལྷ་ཡི་སྐུ། །སྣང་ལ་རང་བཞིན་མེད་པའི་དབྱིངས། །དེ་ཡི་འཁོར་ཚོགས་འདུལ་བའི་ལྷ། །གདུག་པའི་ཁྲོ་བོ་ཁྲོ་མོའི་ཚོགས། །ཡང་སྤྲུལ་བསམ་གྱིས་མི་ཁྱབ་པ། །གདུག་པ་ཅན་རྣམས་འདུལ་བའི་ཕྱིར། །རང་བཞིན་དག་པའི་དབྱིངས་ན་བཞུགས། །འཇིག་རྟེན་དྲེགས་པ་གདུལ་བ་ཡི། །ཁམས་གསུམ་བདག་པོར་དབང་བསྐུར་ཏེ། །ཀུན་ཏུ་བཟང་པོའི་བྱིན་རླབ་ཡིན། །དབྱིངས་ནས་བཞེངས་ཀྱང་གཡོས་པ་མེད། །སྣང་སྲིད་དྲེགས་པ་དབང་དུ་སྡུད། །གང་འདུལ་སྤྲུལ་པ་བསམ་མི་ཁྱབ། །འགྲོ་བ་ཀུན་ལ་ཅིར་ཡང་སྟོན། །ཞི་དང་ཁྲོ་ཡང་དེ་བཞིན་འབྱུང་། །རྒྱས་པ་ཆེན་པོ་དབང་ཡང་འབྱུང་། །གང་བསྒྲུབ་ཉིད་དུ་རྣམ་པར་འབྱུང་། །སྤྱན་དྲངས་རིམ་པ་མ་ལུས་ཀུན། །དྲང་བའི་དོན་དུ་ཡང་དག་གསུངས། །བྱང་ཆུབ་སེམས་ལས་ཁྱད་པར་མེད། །དེ་བཞིན་རིམ་པ་བསམ་ལས་འདས། །བརྗོད་ཀྱིས་མི་ལང་ལྷ་བསྒོམས་ཀྱང་། །ཐམས་ཅད་རིག་པ་བྱང་ཆུབ་སེམས། །ལས་ཀྱི་ཁྲོ་བོ་འདུལ་བའི་ལྷ། །ཡང་དག་མིན་ཕྱིར་གདུལ་བྱར་གྲགས། །སེམས་ཅན་ཀུན་ལ་རྣམ་པར་འཚེ། །དངོས་པོ་བཞི་ལ་འབྱོལ་ཉོག་སྤྱོད། །ངེས་པར་གདེང་དུ་མ་ཕྱིན་པར། །འཇིག་རྟེན་འདུལ་བའི་གདུག་པ་ཅན། །ང་རོ་འདོན་ཅིང་ཆེ་བས་བསྒྱིངས། །འཁོར་རྣམས་བསྡུས་ཤིང་དམག་དཔུང་འཇོམས། །ཡེ་ཤེས་རང་རྒྱུད་གཟུང་ལས་འབྱུང་། །རྡོ་རྗེ་སེམས་དཔའི་དོན་མ་རྟོགས། །ཀུན་བཟང་ནམ་མཁའི་ལྟ་བ་མེད། །རང་ལ་རང་གི་རྣམ་སྨིན་ཚང་། །གྲང་དང་བཀྲེས་པ་དེ་བཞིན་ཏེ། །རྣམ་སྨིན་ཟད་པར་མ་གྱུར་པས། །ཐུགས་རྗེ་ཆེན་པོའི་བྱིན་རླབ་འབྱུང་། །བྱང་ཆུབ་སེམས་ཀྱི་རང་བཞིན་ལས། །སྟོན་པ་ཉིད་ཀྱང་རྣམ་པར་འདུལ། །འཁོར་གྱི་རྡོ་རྗེ་སེམས་དཔའ་ཡིས། །ཆོས་


DNG020_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཐམས་ཅད་སྡུད་པ་པོ། །འདྲེལ་བ་ཡོད་པས་སྡུད་པར་འབྱུང་། །གཞི་ཉིད་རང་ལས་མི་གཞན་ཏེ། །བརྗོད་ཀྱིས་མི་ལང་ཐེག་པ་འབྱུང་། །སྐྱེ་མེད་དོན་ལ་དགོད་པའི་ཕྱིར། །ཐེག་པ་ཡང་དག་དེ་རུ་བསྟན། །ས་དང་ལམ་ལ་གནས་པ་ནི། །མཐར་ཕྱིན་ས་ཐོབ་ཐེག་པ་མིན། །ལམ་ལྔ་མཐར་ཕྱིན་ཡང་དག་མིན། །སྐབས་ཀྱི་ས་ལ་དེ་བཞིན་གནས། །ཉོན་མོངས་སྦྱོང་ཞིང་རིམ་པར་གནས། །ཤེས་བྱ་ཉིད་དུ་འཛིན་པ་གནས། །སངས་རྒྱས་ཉིད་དུ་དེ་ཤེས་པར། །སངས་རྒྱས་ཆེ་བའི་རྣམ་སེམས་ཀྱིས། །ཤེས་བྱས་གྲོལ་བ་དེ་ཉིད་མིན། །སྟོང་པ་ཉིད་དུ་གང་འཛིན་པ། །ཕྱོགས་སུ་འཛིན་པ་བལྟས་པ་ཡིས། །ཕྱོགས་མེད་དོན་ཉིད་རྟོགས་མི་འགྱུར། །ཞེན་པ་མེད་པར་གྲོལ་མི་འགྱུར། །སྟོང་པ་རིག་པ་རང་བྱུང་ལ། །གཉིས་སུ་འཛིན་པ་རང་བལྟས་པས། །གཞི་རྩ་མེད་པའི་དོན་མི་འབྱུང་། །སྟོང་པ་ཉིད་དུ་སྐྱེ་བ་མེད། །སྐྱེ་བའི་ཆོས་རྣམས་སྣང་གཞི་མེད། །ཅི་ཡང་མེད་པའི་ཆོས་ཉིད་ལས། །ཅིར་ཡང་སྣང་བའི་སྣང་གཞི་མེད། །གསལ་ལ་རྟོག་མེད་ཆོས་ཉིད་ལ། །རྟོག་པ་ཡང་མེད་སྣང་གཞི་མེད། །སྣང་ལ་རང་བཞིན་མེད་པ་ལ། །སྣང་བ་མེད་པའི་སྣང་གཞི་མེད། །དག་པ་ཆོས་ཉིད་ལྟ་བ་ལ། །མ་དག་པ་ཡི་སྣང་གཞི་མེད། །བདེན་པ་གསུམ་གྱི་སྣང་གཞི་ལ། །ཐམས་ཅད་ཀུན་གྱི་སྣང་གཞི་མེད། །ཡོད་མེད་བདེན་པར་ལ་དོར་ལ། །རང་བཞིན་སྣང་བའི་སྣང་གཞི་མེད། །ལྟ་སྒོམ་ཕྱོགས་སུ་བྲལ་བ་ལ། །གཉིས་སུ་མེད་པའི་སྣང་གཞི་མེད། །མ་རིག་པ་ཡི་རིམ་པར་འབྱུང་བ་ལ། །ཆོས་ཉིད་ངོས་བཟུང་སྣང་གཞི་མེད། །རྟག་ཆད་གཉིས་སུ་བལྟ་བ་ལ། །ཆོས་ཉིད་བརྗོད་བྲལ་སྣང་གཞི་མེད། །ཕྱོགས་སུ་བལྟས་པའི་ཐེག་པ་ཡིན། །རྡོ་རྗེ་ཕུར་པའི་ཆོས་ཉིད་ལ། །སྣང་དང་སྟོང་པའི་ཐ་སྙད་མེད། །མེད་པ་མ་ཡིན་ཅིར་ཡང་སྣང་། །ཆོས་ཉིད་སྣང་གཞི་ཡོད་པ་ལས། །རྡོ་རྗེ་ཕུར་པ་རྣམ་བཞིར་གྲགས། །ཆོས་ཉིད་ཕུར་པ་ཀུན་གྱི་གཞི། །ཐུགས་རྗེའི་ཕུར་པས་གདུག་པ་འདུལ། །གསང་བའི་ཕུར་པས་འདོད་


DNG020_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་སྤྱོད། །འདུས་བྱས་ཕུར་པ་རྣམ་བཞི་ཡིས། །ངར་འཛིན་ཉོན་མོངས་ཞིང་བཅུ་སྒྲོལ། །ཐ་དད་ཕུར་པ་བསམ་མི་ཁྱབ། །འདུལ་བའི་དབང་དུ་ཅིར་ཡང་སྣང་། །ལ་ལར་གདུག་པ་སྲིན་པོའི་གཟུགས། །ལ་ལར་ལྷ་ཆེན་ཚངས་པའི་གཟུགས། །ལ་ལར་དྲང་སྲོང་བྲམ་ཟེའི་གཟུགས། །ལ་ལར་སྐུ་ཆེ་རི་རབ་ཙམ། །ལ་ལར་གྲངས་མང་ཉུང་འབྲུ་ཙམ། །ལ་ལར་མེ་དཔུང་ཉོན་མོངས་བསྲེག །ལ་ལར་སྦྱོང་བྱེད་ཡེ་ཤེས་ཆུ། །ལ་ལར་སྒྲོལ་བྱེད་རལ་གྲི་འཛིན། །ལ་ལར་འཇོམས་བྱེད་ཐོ་བ་འཛིན། །ལ་ལར་འཛིན་བྱེད་ལྕགས་ཀྱུ་འཛིན། །ལ་ལར་འཕེན་བྱེད་མདའ་གཞུ་བསྣམས། །ལ་ལར་རྡེག་བྱེད་ཏྲི་ཤཱུལ་བསྣམས། །ལ་ལར་ཟ་བྱེད་མི་མགོ་བསྣམས། །ལ་ལར་གཅོད་བྱེད་སྤུ་གྲི་བསྣམས། །ལ་ལར་གནོན་བྱེད་རྒྱ་གྲམ་བསྣམས། །ལ་ལར་མཚོན་བྱེད་ཁ་ཊྭཱཾ་བསྣམས། །ལ་ལར་རི་རབ་ཚོག་པོར་འཕེན། །ལ་ལར་རྒྱ་མཚོ་གཏིང་ནས་སྐེམས། །ལ་ལར་འཇིག་རྟེན་མངོན་དུ་འགྱུར། །ལ་ལར་ཉི་མ་ཟླ་བའི་གཟུགས། །དེ་བཞིན་གདུལ་བྱའི་ངོ་ལ་སྣང་། །འདུལ་བ་དྲག་པོ་ལས་ཀྱི་མཆོག །ལས་རྣམས་གྲུབ་པའི་ཁྲོ་བོ་འབྱུང་། །དུས་ལ་བབ་པའི་ཕྲིན་ལས་འབྱུང་། །བསྐལ་པ་སྟོང་གི་ཞི་བ་ལས། །དྲག་པོའི་སྔགས་སྒྲ་དི་རི་རི། །ཉོན་མོངས་བསྲེག་པའི་ཡེ་ཤེས་འབྱུང་། །སྦྱོང་བའི་ཆུ་བོ་ཐམས་ཅད་འབྱུང་། །དྲག་པོ་འདུལ་བའི་ལྷ་ཡི་སྐུ། །སྐུ་ཡི་སྐུ་སྟེ་སྐུ་ཡི་མཆོག །སྐུ་བདག་ཆེན་པོ་ཐམས་ཅད་འདུས། །དཔེར་ན་ནམ་མཁའི་ཆོ་འཕྲུལ་འདྲ། །ཞེས་གསུངས་སོ། །རྡོ་རྗེ་ཕུར་པ་ཆེན་པོ་བཤད་པའི་རྒྱུད་ལས། ཆོས་ཐམས་ཅད་ཀྱི་གཞི་དང་གླེང་བསླང་བའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་ཀུན་ཏུ་དགའ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། སེམས་དཔའ་ཆེན་པོའི་ཆོས་ཐམས་ཅད་དེ་ལྟ་བས་ན། ཆོས་ཐམས་ཅད་ཀུན་འབྱུང་ཞིང་འདུལ་བར་སྣང་སྟེ། ཡང་དག་དོན་ལ་མ་རྟོགས་ན། །བསྟན་པའི་དོན་ཉིད་འདི་ལྟ་


DNG020_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། །ཁམས་གསུམ་ཐམས་ཅད་རྒྱལ་བའི་ཞིང་། །སྙིགས་མ་ལྔ་ཉིད་བདེ་ལྡན་གནས། །ཕུང་པོ་ལྔ་ཉིད་རྫོགས་སངས་རྒྱས། །འབྱུང་བ་ལྔ་ཉིད་དབྱིངས་སུ་ཐིམ། །ཁམས་ཀྱི་སྐྱེ་མཆེད་ཐམས་ཅད་ཀུན། །བདེ་བ་ཆེན་པོའི་ཀློང་དུ་ཐིམ། །ཐམས་ཅད་སྐྱེ་མེད་བདེ་ལྡན་གནས། །ཨེ་མ་འདི་ལྟར་ངོ་མཚར་ཆེ། །བསྟན་པའི་དོན་རབ་འདི་ལྟ་བུ། །ཀུན་གྱི་འབྱུང་གནས་ངོ་མཚར་ཆེ། །ཐམས་ཅད་འདུལ་བ་ཡ་མཚན་ཆེའོ། །ཨེ་མ་བྱང་ཆུབ་སེམས་ཉིད་ནི། །ཀུན་ལ་འབྱུང་ཞིང་དམིགས་དང་བྲལ། །བརྗོད་དུ་མེད་ཅིང་ཀུན་ལ་སྣང་། །སྣང་བ་ཉིད་ལ་ངེས་གཟུང་མེད། །ཨེ་མ་རབ་ཏུ་གསང་བའི་ཆོས། །རྡོ་རྗེ་ཕུར་པའི་རང་བཞིན་ལས། །ཇི་ལྟར་བསྟན་པ་དེ་བཞིན་འབྱུང་། །བྱུང་ཡང་ཡེ་ཤེས་དབྱིངས་སུ་ཐིམ། །ཨེ་མ་སངས་རྒྱས་ཐམས་ཅད་ནི། །རིགས་ལས་འབྱུང་ཞིང་རིགས་ལ་འདུ། །རིགས་རྣམས་འབྱུང་བ་ཡང་དག་དབྱིངས། །འདུས་བྱས་དེ་བཞིན་དབྱིངས་སུ་ཐིམ། །དབྱིངས་ལས་དབྱིངས་བྱུང་ངོ་མཚར་ཆེ། །ངོ་མཚར་ཆེན་པོ་ཐམས་ཅད་འབྱུང་། །རིག་པ་ཕྱི་ནང་མེད་པ་ལ། །གཉིས་སུ་སྣང་བ་ངོ་མཚར་ཆེ། །དོན་དམ་གཅིག་ལས་མེད་པ་ལ། །སྣང་བ་ཐ་དད་ངོ་མཚར་ཆེ། །ཆོས་ཉིད་ཀུན་གྱི་རང་བཞིན་ལས། །དངོས་པོར་ལྟ་བ་རྣམ་པར་འཁྲུལ། །འཛིན་པ་མེད་པའི་ཆོས་ཉིད་ལ། །འཛིན་པ་རང་རྒྱུད་རྣམ་པར་འཁྲུལ། །ཨེ་མ་ཀུན་ཏུ་བཟང་པོ་ནི། །ཐམས་ཅད་ཀུན་གྱི་རང་བཞིན་ཏེ། །དཔེར་ན་མེ་ལོང་གཟུགས་བརྙན་འདྲ། །ཀུན་ཏུ་བཟང་པོའི་ཆོས་ཉིད་ནི། །ཆོས་ཉིད་ཕུར་པ་ཀུན་གྱི་གཞི། །རང་རྒྱུད་སྣང་བའི་གཞི་མེད་ཀྱང་། །སྣང་ཞིང་རང་བཞིན་ལྷུན་གྱིས་གྲུབ། །དེ་ཉིད་བྱིན་རླབ་ཆེན་པོ་ནི། །ཐུགས་རྗེའི་ཕུར་པ་ཆེན་པོ་ཡང་། །བདེ་གཤེགས་ཐམས་ཅད་བྱིན་རླབ་ཡིན། །གང་ལ་གང་འདུལ་ངོ་གང་ལ། །རྣམ་གཉིས་རྒྱུ་དང་འབྲས་བུར་བཅས། །ཁྲོ་བོ་རྔམ་ཆེན་ལོངས་སྤྱོད་སྐུ། །དབང་བསྐུར་ཁམས་གསུམ་གདུག་


DNG020_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདུལ། །དེ་ཡི་དབང་བསྐུར་འགྲོ་དོན་དུ། །ལས་རྣམས་མ་ལུས་རྫོགས་པར་འགྱུར། །སྤྲུལ་སྐུ་རྣམ་གཉིས་ཐུགས་ཀྱི་མཆོག །ཉིད་ལས་མི་གཞན་རྣམ་པར་འབྱུང་། །དེ་ཡིས་འདུལ་བའི་གདུག་པ་ཅན། །ཡབ་ཡུམ་སྲས་དང་བཅས་པ་ཀུན། །གདུལ་བྱའི་གཉེན་པོར་འབྱུང་བར་ཟད། །བྱང་ཆུབ་སེམས་ཀྱི་ཕུར་པ་འདི། །གསང་བ་ཆེན་པོ་གསང་བའི་བདག །གསང་བ་བས་ཀྱང་ཆེས་གསང་བ། །མཁའ་དབྱིངས་གཉིས་སུ་མེད་པ་ལས། །མཁའ་ནི་རིག་པའི་ཡེ་ཤེས་ལྔ། །རྡོ་རྗེ་ཕུར་པ་དྲག་པོའི་དབྱིབས། །རྭ་ལྔ་ཡེ་ཤེས་ལྔ་ཡི་བདག །ཡིག་འབྲུ་ལྔ་རུ་འབྱུང་བ་ཡིན། །རོལ་པ་འབྱུང་ཕྱིར་རྣམ་པར་གནས། །དབྱིངས་ནི་ཤེས་རབ་ཆོས་དབྱིངས་ཏེ། །དྲག་པོས་སྒྲོལ་བ་ཨེ་ཡི་དབྱིབས། །ཐམས་ཅད་བསྐྱེད་ཕྱིར་མ་ཡི་མཚན། །མ་ནི་སངས་རྒྱས་ཐམས་ཅད་བསྐྱེད། །ཡབ་ཀྱི་རང་བཞིན་མཉེས་མཛད་པ། །འབྱུང་བ་ལྔ་ཡི་རང་བཞིན་ཡིན། །ཡབ་ཡུམ་གཉིས་སུ་མེད་པ་ལ། །སྦྱོར་བས་ཐམས་ཅད་མཉེས་པར་མཛད། །བདེ་བར་གཤེགས་པ་མཉེས་མཛད་དེ། །ཁམས་གསུམ་སེམས་ཅན་ཉོན་མོངས་སྦྱོང་། །བདུད་དང་སྲིན་པོ་ལོག་ལྟ་འདུལ། །ཐམས་ཅད་བྱང་ཆུབ་སེམས་ཀྱི་ཁྲུས། །སྦྱོར་སྒྲོལ་ཡང་དག་དེ་རུ་འབྱུང་། །འདུས་བྱས་རྫས་ཀྱི་ཕུར་པ་འདི། །རྣམ་པ་བཞི་རུ་ཡང་དག་འབྱུང་། །གཙོ་འཁོར་འདུལ་བའི་ངོ་གང་ལ། །བཞི་རུ་བསྟན་ཏེ་རང་རང་གིས། །གདུལ་བྱའི་ལས་རྣམས་ཡང་དག་མཛད། །ཨེ་མ་ཧོ། བྱང་ཆུབ་སེམས་ཀྱི་རང་བཞིན་ལ། །རྣམ་པ་བཞི་རུ་རྣམ་པར་བསྟན། །སེམས་ཉིད་ནམ་མཁའི་རང་བཞིན་ལས། །ཆོ་འཕྲུལ་སྣ་ཚོགས་འབྱུང་བ་བཞིན། །ཆོས་ཉིད་ཕུར་པའི་རང་བཞིན་ལས། །རོལ་པ་ཆེན་པོ་ཅིར་ཡང་སྣང་། །འདུལ་བའི་རིམ་པ་བསམ་མི་ཁྱབ། །མེ་སྟེ་སྲེག་པར་བྱེད་པ་དང་། །ས་སྟེ་གནོན་པར་བྱེད་པ་དང་། །རླུང་སྟེ་འཕེན་པར་བྱེད་པ་དང་། །འབྱུང་པོ་སྒྲོལ་བར་བྱེད་


DNG020_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། །མི་འགྱུར་དབུས་སུ་གནོན་ཅིང་སྒྲོལ། །དེ་ཡང་བྱིན་རླབ་ཆེན་པོ་ཡིན། །འདུལ་བའི་ངོ་ལ་དེ་ལྟར་སྣང་། །སྣང་བའི་གཞི་ལ་རོལ་པ་འབྱུང་། །དེ་ཡང་སྒྲོལ་བ་ཆེན་པོ་འབྱུང་། །ཨེ་མ་འདི་ལྟར་ངོ་མཚར་ཆེ། །གསད་པ་དང་ནི་གསོ་བ་དང་། །དབབ་པ་དང་ནི་གཅད་པ་དང་། །བསྲུང་བྱའི་རིམ་པ་བསམ་ཡས་ཀུན། །ལོ་དང་ཟླ་བ་དུས་ཚོད་དང་། །ཞག་རྣམས་དང་ནི་ཉི་མ་དང་། །བླ་ཆེན་དང་ནི་འབྱུང་འཇུག་དང་། །ཁམས་རྣམས་དང་ནི་གནན་ཐབས་དང་། །བསྙེན་བྱ་དང་ནི་བསྒྲུབ་བྱ་དང་། །གཅད་བྱ་དང་ནི་གསད་བྱ་དང་། །འཁོར་ལོ་དང་ནི་མཚོན་སྣ་དང་། །གཏོར་མ་དང་ནི་དྲག་པོ་དང་། །བསྐྱེད་པ་དང་ནི་སྤྱན་དྲངས་དང་། །མཆོད་པ་དང་ནི་བསྟོད་པ་དང་། །ལས་རྣམས་མ་ལུས་རྫོགས་པ་རྣམས། །ཐུགས་རྗེ་ཆེན་པོའི་རོལ་པ་ཡིན། །ཆོས་རྣམས་ཕུར་པའི་རོལ་པ་ལས། །འགྲོ་བའི་དོན་ལ་དེ་ལྟར་སྣང་། །རྡོ་རྗེ་སེམས་དཔའ་ཐུགས་ཀྱི་མཆོག །ཡང་དག་དོན་ཉིད་གཏན་ལ་འབེབས། །ཆོས་ཉིད་ཕུར་པའི་རང་བཞིན་ཡིན། །བྱང་ཆུབ་སེམས་ཀྱི་རང་བཞིན་ལས། །ལྷ་ཡང་མེད་ལ་འདྲེ་ཡང་མེད། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །འཕེལ་བ་མེད་ཅིང་འགྲིབ་པ་མེད། །ཟད་པ་མེད་ཅིང་སྟོང་པ་མེད། །དེ་བཞིན་རོལ་པ་ཕྱོགས་མེད་ལ། །ལྟ་བ་ཐ་དད་སྣ་ཚོགས་བལྟ། །སྒོམ་པ་ལས་ཀྱི་རིམ་པ་བསྒོམ། །སྤྱོད་པ་མི་མཉམ་ཐ་དད་པས། །འབྲས་བུ་མི་མཐུན་ཐ་དད་འབྱུང་། །དེ་ཕྱིར་ཆོས་ཉིད་བརྟག་དཀའ་བས། །སྙིང་པོའི་དོན་ལ་མ་ཕེབས་ན། །ཚིག་ཙམ་བསྟན་པས་དོན་མི་འགྲུབ། །དཔེར་ན་ཡི་གེ་མཁས་པས་ཀྱང་། །ངེས་པར་གདེང་དུ་མ་གྱུར་པར། །བྲི་བར་ནུས་པ་ཡོངས་མི་འགྱུར། །སྐྱེས་བུ་རྩལ་དང་མི་ལྡན་པས། །ཕ་རོལ་ཐུབ་པར་ནུས་པ་མེད། །དེ་བཞིན་བྱང་ཆུབ་སེམས་ཉིད་ཀྱང་། །གཞི་རྩ་མེད་པར་མ་ཤེས་ན། །སེམས་ཉིད་གཏན་ལ་ཕེབས་པ་མེད། །ལྷ་ཉིད་བསྒོམ་དང་སྤྱན་དྲང་ཡང་། །གཞི་རྩ་མེད་པར་མ་ཤེས་ན། །ལྷ་ཉིད་བརྟགས་པས་ལོག་རྟོག་


DNG020_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད། །གཞི་རྩ་མེད་པར་ལྷ་བསྒོམ་པས། །ཆོས་ཉིད་དོན་དམ་རྟོགས་པ་དང་། །ལོག་པའི་ཆོས་ཅན་འདུལ་བ་དང་། །འགྲོ་བ་ཐ་དད་དྲངས་པ་དང་། །བདུད་དང་སྲིན་པོ་དབང་དུ་སྡུད། །དཔེར་ན་མེ་ལོང་སྣང་གཞི་ལ། །གཞི་རྩ་མེད་པར་ཐམས་ཅད་སྣང་། །མ་བལྟས་སྟོང་ལ་རྣམ་པར་སྣང་། །ཡོད་མེད་གཉིས་ཀྱི་སྣང་གཞིར་འབྱུང་། །སྣང་དང་མི་སྣང་རང་རྒྱུད་མེད། །དེ་ཕྱིར་གཟུགས་བརྙན་གཞི་རྩ་བྲལ། །ལྟ་སྒོམ་རིམ་པ་དེ་བཞིན་ཏེ། །སེམས་ཉིད་ཀུན་གྱི་སྣང་གཞི་ལ། །འདུལ་བའི་དོན་དུ་ཅིར་ཡང་སྣང་། །སེམས་ལ་ལྷ་ཉིད་གཞི་རྩ་བྲལ། །ཀུན་ལ་སྣང་གཞི་རྩ་བ་བྲལ། །རང་རྒྱུད་གཟུང་བ་ལྷ་ཡང་མིན། །ཕྱོགས་སུ་གཟུང་བ་རོལ་པ་ཙམ། །ལྟ་བ་མ་ངེས་གཞི་རྩ་བྲལ། །དེ་བཞིན་རིམ་པ་མ་ལུས་ཀུན། །རྩ་བ་བྱང་ཆུབ་སེམས་ཉིད་ལ། །ངེས་པར་མི་འཛིན་གཞི་དང་བྲལ། །བསྒོམ་པའི་ལྷ་ཡང་དེ་བཞིན་ཏེ། །རྩ་བ་སེམས་ཉིད་སྣང་གཞི་ལ། །ལྷ་ཡི་རོལ་པ་ཅིར་ཡང་སྣང་། །རོལ་པ་རང་རྒྱུད་གཟུང་བས་ན། །ལྷ་ཡང་རང་རྒྱུད་དག་པས་སྐྱེས། །བེམ་པོ་ཐོ་ཡོར་རིལ་པོ་དང་། །ང་བདག་གཟུང་འཛིན་ཐེར་ཟུག་དང་། །སྟོང་པ་བདག་མེད་མི་དམིགས་ཕྱལ་པ་དང་། །གཉིས་མེད་ངང་དྭངས་མཉམ་ཉིད་ཏིང་འཛིན་བསླད། །ཡོད་དང་མེད་པའི་མཐར་འཛིན་རང་རྒྱུད་དང་། །རང་རང་ཕྱོགས་སུ་འཛིན་ཅིང་རང་གར་གཏོང་། །མ་རིག་མ་ཤེས་ཡིན་པས་ཕྱལ་པར་གཏོང་། །ཡོད་དང་མེད་པའི་མཐའ་ནི་མ་ངེས་ཏེ། །ཡོད་ན་ཡོད་དུ་བས་ཏེ་ཀུན་གྱི་སྣང་གཞིར་ཡོད། །མེད་ན་མེད་དུ་བས་ཏེ་འཁོར་འདས་རང་རྒྱུད་མེད། །རང་རྒྱུད་འཛིན་པའི་ཤེས་པ་ཡིས། །མྱ་ངན་འདས་པ་འཛིན་པའི་རྒྱུ། །བྱང་ཆུབ་སེམས་ཀྱི་རང་བཞིན་ལས། །འཁོར་བ་ཉིད་ཀྱང་གཞི་རྩ་བྲལ། །འཁོར་བ་མ་ངེས་ངེས་བཟུང་བྲལ། །དམ་པའི་འཛིན་པས་མ་གཟུང་ན། །འཁོར་བ་ཉིད་ཀྱང་མྱ་ངན་འདས། །ཁམས་གསུམ་འཁོར་བའི་སེམས་ཅན་རྣམས། །དུས་གསུམ་བཞུགས་པའི་རྒྱལ་བ་ཀུན། །བྱང་ཆུབ་སེམས་ཀྱི་རང་བཞིན་ལས། །ཆེ་ཆུང་མེད་པར་ལྷུན་


DNG020_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་གྲུབ། །རང་རྒྱུད་འཛིན་པ་མ་སྐྱེས་ན། །ཇི་ལྟར་བྱས་པ་རོལ་པ་ཡིན། །རོལ་པ་ཕྱོགས་མེད་ཀུན་ལ་ཤར། །དེ་ཉིད་སངས་རྒྱས་བྱང་ཆུབ་སེམས། །ཡང་དག་དོན་ཉིད་དེ་རུ་རྟོགས། །བསྟན་པ་རྒྱ་མཚོ་དེ་ལས་འབྱུང་། །སྐུ་གཉིས་འགྲོ་བའི་དོན་རྣམས་མཛོད། །དེ་ཉིད་སྣང་བའི་གཞི་ལས་འབྱུང་། །སྣང་གཞི་དཔེར་ན་མེ་ལོང་འདྲ། །སྣ་ཚོགས་སྣང་ལ་ངེས་བཟུང་བྲལ། །དེ་ཉིད་འཛིན་པ་རང་རྒྱུད་གྲོལ། །ཆེ་བའི་དོན་ཉིད་གང་འདོད་པ། །དེ་ཉིད་ཕྱོགས་འཛིན་ཆུང་བའི་རྒྱུ། །ཐེག་པ་མཐོན་པོ་གང་རྟོགས་ནས། །རྣམ་པ་གྲངས་སུ་བཟུང་བ་ནི། །ཐེག་པ་སྐབས་ལ་གནས་པ་ཡིན། །སྟོང་པ་ཉིད་དུ་ཆེར་འཛིན་པ། །རིམ་པ་གཉིས་སུ་འབྱུང་བ་ཡིན། །ཨེ་མ་ཧོ། རྡོ་རྗེ་ཕུར་པའི་སྣང་བ་ལ། །ཐམས་ཅད་ཐམས་ཅད་སྣང་བར་འགྱུར། །སྣང་བའི་ཆོས་རྣམས་ཀུན་འབྱུང་ཡང་། །རང་རྒྱུད་གྲུབ་པ་ཡེ་ནས་མེད། །རོལ་པ་རྣམ་གཉིས་ལྷ་ཡི་སྐུ། །ལྷ་ཉིད་ངེས་པར་གཟུང་དུ་མེད། །ངེས་བཟུང་བྲལ་བའི་ལྷ་ཉིད་ནི། །ཅིར་ཡང་འགྱུར་ཞིང་ཅིར་ཡང་སྣང་། །དེ་ཕྱིར་རང་རྒྱུད་གཞི་ལས་མེད། །འཛིན་པའི་སེམས་དང་མ་བྲལ་ན། །ཅི་ལྟར་སྤྱད་ཀྱང་འཆིང་བའི་རྒྱུ། །ཕྱོགས་སུ་བལྟས་པའི་ཤེས་པ་ཡིས། །ངན་པའི་ལས་ལ་རྣམ་པར་སྨིན། །ཡང་དང་ཡང་དུ་བསྟན་པ་ཡིས། །ཡང་དག་དོན་ལ་གོ་བར་གྱིས། །ཨེ་མ་ཧོ། མེད་པར་སྟོང་པའི་ཆོས་ཉིད་ལ། །ཆོས་ཉིད་ཕུར་པར་ཅི་སྟེ་བཏགས། །ཆོས་ཉིད་ཕུར་པའི་རང་བཞིན་ལ། །སྣ་ཚོགས་སྣང་བ་འབྱུང་མི་འགྱུར། །ཁམས་གསུམ་ཉོན་མོངས་དབྱིངས་མི་འབྱོངས། །ལོག་ལྟ་གདར་ཤ་ཆོད་མི་འགྱུར། །ཨེ་མ་ཧོ། མེད་པ་མ་སྐྱེས་སྟོང་པ་ལ། །ཐུགས་རྗེ་ནམ་མཁའི་སྤྲིན་དང་འདྲ། །སྤྲིན་དང་ནམ་མཁའ་ཐ་དད་མིན། །ཆོས་ཉིད་ཕུར་པའི་རང་བཞིན་ལ། །ཐམས་ཅད་སྣང་བའི་གཞི་ཡོད་པས། །ཐམས་ཅད་འབྱུང་ཞིང་རྣམ་པར་འདུ། །སྣང་སྟོང་གཉིས་སུ་མེད་པ་ལས། །གཉིས་སུ་གཟུང་དུ་ག་ལ་ཡོད། །ཉོན་མོངས་མི་སྤོང་གོས་པ་མེད། །ལོག་པའི་ཆོས་ཅན་ཀུན་ཀྱང་སྒྲོལ། །རང་བཞིན་དག་པའི་ངོ་བོ་ལ། །སངས་རྒྱས་


DNG020_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པས་སེམས་ཅན་མེད། །འཁོར་བ་མེད་པས་མྱང་འདས་མེད། །ཀུན་འབྱུང་སྣང་བ་ངེས་གཟུང་བྲལ། །ཡོད་དང་མེད་པའི་དམིགས་དང་བྲལ། །ཡོད་པའི་ཆོས་ཉིད་དབྱིངས་ལས་ཉལ། །མེད་པར་དངོས་པོ་རང་རྒྱུད་མེད། །ཅི་ཡང་མེད་ལ་ཅིར་ཡང་སྣང་། །སྣང་བ་ཉིད་ནི་བརྗོད་དུ་མེད། །མཚོན་པའི་དོན་ལ་བརྗོད་པར་བྱ། །དེ་ཕྱིར་སྨྲ་བརྗོད་གཉིས་དང་བྲལ། །བརྗོད་བྱ་རྗོད་བྱེད་མཚོན་པ་ཙམ། །རབ་ཏུ་བརྗོད་ཅིང་རྗོད་དང་བྲལ། །བྲལ་བའི་དོན་ཉིད་དབྱིངས་ན་ཉལ། །ཁ་དོག་ལྔ་ཡི་ངོ་བོ་ལ། །ངེས་པ་གཅིག་ཏུ་བསྟན་པར་དཀའ། །འཁོར་འདས་གཉིས་ཀྱི་རང་བཞིན་ལ། །འདི་ཞེས་གཅིག་ཏུ་བསྟན་པར་དཀའ། །ཨེ་མ་འདི་ལྟར་ངོ་མཚར་ཆེ། །སེམས་ཉིད་ཀུན་ཏུ་བཟང་པོ་ལ། །ཐམས་ཅད་འབྱུང་ཞིང་རྣམ་པར་འདུ། །རྡོ་རྗེ་ཕུར་པས་མང་ཤར་ཞིང་། །གདུག་པ་འདུལ་ཞིང་ལས་རྣམས་མྱུར། །བསྟན་པ་རྒྱས་ཤིང་འགྲོ་བ་འདྲེན། །དོན་དུ་འབྱུང་ཞིང་ཚིག་ཏུ་རྒྱས། །སྔགས་རྣམས་ཐམས་ཅད་སྟོན་པར་བྱེད། །དོན་གྱི་བཅུད་ཕྱུང་སྙིང་པོ་ཡིན། །འཁོར་བའི་ལས་ངན་གཏིང་ནས་སྐེམས། །དབང་བསྒྱུར་རྒྱལ་བའི་ཏིང་འཛིན་ལས། །གསད་དང་གཅད་དང་དབབ་པ་དང་། །གསོ་དང་སྲུང་དང་བསྒྲུབ་པ་དང་། །འཁོར་བ་ཉིད་ཀྱང་བདེ་བར་གཤེགས། །ཆོས་ཉིད་ཕུར་པའི་དོན་རྟོགས་ན། །སྙིང་པོའི་དོན་ལས་འདའ་མི་སྲིད། །འཁོར་བ་ཀུན་ཀྱང་མྱ་ངན་འདས། །དོན་གྱི་སྙིང་པོ་ཁམས་གསུམ་ཁྲུས། །ཞེས་ཉིད་ལས་མི་གཞན་པ་ཉིད་དུ་གསུངས་སོ། །རྡོ་རྗེ་ཕུར་པ་ཆེན་པོ་བཤད་པའི་རྒྱུད་ལས། ཆོས་ཐམས་ཅད་འབྱུང་བར་གླེང་བསླང་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་གདུག་པ་ཐམས་ཅད་འདུལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། མ་རྟོགས་གོལ་བའི་སེམས་ཅན་ལ། །དུས་གསུམ་རྒྱལ་བའི་བྱིན་བརླབས་ཀྱིས། །ཐུགས་རྗེའི་ཕུར་པས་གདུག་པ་འདུལ། །སྲས་ཀྱི་དམ་པར་དབང་བསྐུར་ནས། །སྲིན་པོ་གདུག་པ་མ་ལུས་འདུལ། །


DNG020_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་བཅུ་གཏན་ནས་སྟོངས་པར་བྱེད། །ཁམས་གསུམ་ཐམས་ཅད་བསྒྲལ་བའི་ཕྱིར། །སྟོང་གསུམ་ཐམས་ཅད་གནས་ལ་འགོད། །སྙིགས་མ་ལྔ་ཉིད་ཐར་པའི་ལམ། །ཡེ་ཤེས་ཉི་མ་གཅིག་ཤར་བས། །སྟོང་གསུམ་ཐམས་ཅད་འཁྱགས་པ་ཞུ། །དྲོ་བ་ཉིད་ན་ཐམས་ཅད་དྲོ། །དེ་ཉིད་ཡང་དག་བསྟན་པའི་མཆོག །བསྒྲལ་བའི་རིམ་པ་འདི་ལྟ་སྟེ། །སྟོང་གསུམ་ལོག་ལྟ་རང་རྒྱུད་བསྒྲལ། །ཞེ་སྡང་དམྱལ་ཆགས་མེ་ལྟར་འབར། །ལོག་པའི་ལྟ་བ་མུན་ལྟར་འཚུབས། །ལོག་པའི་ང་རྒྱལ་བསེ་ལྟར་མཁྲེགས། །ཕྲག་དོག་ཟུར་རྣོ་ལོག་པའི་ཚོགས། །རང་རྒྱུད་འདོད་ཆགས་སྤྱིན་ལྟར་འཛིན། །ཡོད་མེད་དངོས་པོར་རང་རྒྱུད་འཛིན། །ང་རོ་འདོན་ཅིང་དོན་མ་རྟོགས། །དོན་མེད་ཚིག་ལ་མོས་པ་དང་། །རྫས་དང་ལག་ཆ་མངོན་པར་སྟོན། །ཧཱུཾ་དང་བྷྱོ་ཡིས་སྣ་འདྲེན་ཅིང་། །འདི་རྣམས་བསད་བཅད་ཐོགས་མེད་ང་ལ་ཡོད། །ཤིན་ཏུ་ང་རྒྱལ་ཉོན་མོངས་གནས། །འདི་རྣམས་བསྒྲལ་བའི་རིམ་པ་ཡིན། །རི་རབ་སྙིགས་མ་ལྔ་བརྒྱར་གནས། །དོན་མ་རྟོགས་པར་སངས་རྒྱས་འདོད། །མེད་པར་གཟུང་བས་སྣང་མི་སྲིད། །སྣང་བས་སྟོང་པའི་དོན་མཚོན་པས། །སྣང་བ་ཅན་དུ་གང་ལ་འགྱུར། །གཉིས་མེད་འཛིན་པ་རང་རྒྱུད་ལས། །སྣ་ཚོགས་ངོ་བོ་ག་ལ་འབྱུང་། །ལྟ་བས་གཟུང་བའི་ཆོས་ཉིད་ནི། །གཟུང་བས་ཆོས་ཉིད་ཕྱོགས་ཅན་ཏེ། །འཛིན་མེད་སེམས་དང་མཐུན་མི་སྲིད། །སྒོམ་པ་བསྒོམ་དུ་ཡོད་ལ་ནི། །སྒོམ་མེད་དོན་དང་མཐུན་མི་འགྱུར། །སྒོམ་པ་བསྒོམ་དུ་མེད་པར་ནི། །ཅིར་ཡང་མེད་པའི་རང་བཞིན་ཏེ། །སྒོམ་པའི་དོན་དང་ལྡན་མི་འགྱུར། །ཡོད་དང་མེད་པའི་ངོ་བོ་ལ། །ཅིར་སྣང་ངོ་བོ་ཅིར་མི་འཛིན། །འཛིན་པའི་ངོ་བོ་གང་ཡིན་པ། །དེ་ཉིད་དམ་པའི་ངོ་བོ་ཡིན། །དམ་པ་ཉིད་དུ་གང་འཛིན་པ། །དེ་ཉིད་འཛིན་པ་དམ་པ་ཡིན། །སྣང་ལ་རང་བཞིན་མེད་པ་ལ། །དེ་ཉིད་འཛིན་པ་དམ་པ་སྟེ། །འཛིན་པའི་དོན་ཉིད་གང་འཛིན་པ། །ཁྲོ་བོ་རང་རྒྱུད་རཱུ་ཏྲ་སྟེ། །རཱུ་ཏྲ་རང་རྒྱུད་ཁམས་གསུམ་འཁོར། །སེམས་ཅན་ཐམས་ཅད་འདུལ་བར་འགྱུར། །རྒྱལ་ཁམས་ནག་པོ་མུན་ལྟར་


DNG020_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

གཏིབས། །སེམས་ཅན་ཆེན་པོ་དེ་དག་ཀུན། །ཁམས་གསུམ་འཁོར་བ་དེ་དག་ཡང་། །རང་ཉིད་རང་ལ་རབ་ཏུ་གདུག །གདུག་པའི་འབྲས་བུ་རབ་ཏུ་སྨིན། །སྨིན་པའི་འབྲས་བུ་ཆེན་པོར་འགྱུར། །རླག་བྱེད་ཏིང་འཛིན་ཆེན་པོ་ཡིས། །ཁམས་གསུམ་གདུག་པ་བརླག་པར་འགྱུར། །རླག་བྱེད་སེམས་ཅན་ཆེན་པོ་ཡིས། །ཁམས་གསུམ་གདུག་པ་བརླག་པར་འགྱུར། །ཡང་དག་དོན་ལ་ཡང་དག་དགོད། །དེ་ཕྱིར་བསྟན་པ་རྒྱ་མཚོ་སྐེམས། །ཉི་མའི་འོད་དང་རྒྱ་མཚོ་འདྲ། །གཟུགས་བརྙན་དཔེ་དང་འཇའ་ཚོན་འདྲ། །ངེས་པར་བསྟན་པ་དེ་ཉིད་ཡིན། །གདུག་པ་ཟ་བྱེད་རྣམ་པར་བསྒྱུར། །མཐར་ཕྱིན་འབྲས་བུ་བསྟན་པ་བྱུང་། །བསྟན་པ་རྒྱ་མཚོའི་གཏིང་ལྟར་ཟབ། །ཉི་མའི་ཟེར་དང་རྒྱ་མཚོའི་རླབས། །ཐམས་ཅད་འབྱུང་ཞིང་འགྲོ་བ་འདྲེན། །སྙིང་པོའི་དོན་ལ་ཡང་དག་དགོད། །སེམས་ཅན་ཆེན་པོའི་རིམ་པ་བཞིན། །རྟོགས་པས་ངེས་པའི་འབྲས་བུར་ཤར། །དོན་དམ་བཅུད་ཀྱི་འབྲས་བུར་རྒྱས། །འཛིན་པ་གྲོལ་བའི་ལྟ་བ་རྟོགས། །ལྷ་ཉིད་རོལ་པ་ཕྱོགས་མེད་ཤར། །གཞི་ལ་སྣང་གཞི་ལྷུན་གྱིས་གྲུབ། །རང་རང་འཛིན་པ་རང་རྒྱུད་ཡིན། །ཀུན་ཀྱང་བདེ་གཤེགས་སྙིང་པོར་རྟོགས། །བདེ་བར་གཤེགས་པའི་སྙིང་པོ་འདིས། །ཀུན་ལ་ཁྱབ་ཅིང་ཕྱོགས་དང་བྲལ། །ཕྱོགས་བྲལ་སྐྱེས་བུ་ཆེན་པོ་དེས། །སྤང་མེད་བསྒྲུབ་མེད་འཛིན་དང་བྲལ། །བྲལ་བ་མེད་པར་ཀུན་ཏུ་ཤར། །ཤར་བ་ཉིད་ན་ནུབ་པ་མེད། །ཤར་ནུབ་མེད་པའི་སྙིང་པོ་འདི། །ཀུན་ཏུ་བཟང་པོའི་བྱིན་རླབས་ཡིན། །ཆོས་ཉིད་ཕུར་པའི་ངེས་དོན་གནས། །ཡོད་དང་མེད་པའི་ཚིག་ལས་འདས། །ཡང་དག་ཉིད་ལས་ཡང་དག་འབྱུང་། །ཐམས་ཅད་བདུད་རྩིར་ཆེན་པོར་འགྱུར། །གནན་དང་འཕང་དང་གསད་པ་དང་། །སྲེག་པའི་མཆོག་དང་དབྱེ་བ་དང་། །བསམ་གྱིས་མི་ཁྱབ་སྣ་ཚོགས་འབྱུང་། །ཇི་ལྟར་འདུལ་བའི་དོན་རྣམས་འབྱུང་། །ཟད་པ་མེད་པའི་གཏེར་ཉིད་འབྱུང་། །སྟོངས་པ་མེད་པའི་ཆུ་རྒྱུན་འབྱུང་། །ཟད་པ་མེད་ཅིང་འཕེལ་བ་མེད། །


DNG020_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་དང་གཉིས་སུ་མེད་པ་ལ། །གཟུང་འཛིན་ཅན་གྱི་ལྷ་མི་བསྒོམ། །བསྒོམ་ན་འཛིན་པ་ཉིད་དུ་འགྱུར། །ལྷ་དང་གཉིས་སུ་མེད་པའི་ཕྱིར། །ཆེ་བའི་ལྷ་མཆོག་གསལ་བའི་འོད། །སྐུ་ལྔ་དབང་བསྒྱུར་ཐུགས་ལ་དབང་། །གསུང་ལྔ་ཉིད་ལ་རྣམ་པར་གསལ། །དམ་པའི་སྐུ་ཉིད་ཀུན་ཀྱང་གསལ། །རིམ་པ་བསྒོམ་པས་རྣམ་པར་གསལ། །སྣང་སྟོང་གཉིས་མེད་རྣམ་པར་དབྱེ། །བསྒྲུབས་པས་ས་ལ་རྣམ་པར་གནས། །རྣམ་པར་ཐོས་པས་འཛིན་པ་གྲོལ། །རྫོགས་པའི་ས་ལ་ཡང་དག་ཕྱིན། །མཐར་ཐུག་འབྲས་བུ་ཆོས་སྐུ་ལས། །སྤྲུལ་སྐུ་རྣམ་གཉིས་འགྲོ་དོན་མཛད། །ལ་ལར་མཛེས་བྱེད་རིན་ཆེན་རྒྱན། །ལ་ལར་གདུག་བྱེད་སྲིན་པོའི་གཟུགས། །ལ་ལར་སྙན་བྱེད་ལྷ་ཡི་གསུང་། །མེ་ཡི་འོད་འདྲ་རྫུ་འཕྲུལ་ཅན། །ཐུགས་རྗེའི་བྱིན་རླབ་སྣ་ཚོགས་འབྱུང་། །སྐུ་ཡི་སྐུ་སྟེ་སྐུ་ཡི་བདག །གསུང་གི་གསུང་སྟེ་གསུང་གི་བདག །ཐུགས་ཀྱི་ཐུགས་ཏེ་ཐུགས་ཀྱི་བདག །ཡོན་ཏན་ཕྲིན་ལས་ཐམས་ཅད་ཀུན། །བྱིན་རླབ་ཆོ་འཕྲུལ་ནམ་མཁའ་འདྲ། །ཅིར་ཡང་འགྱུར་ཞིང་ཅིར་ཡང་སྣང་། །སྣང་བ་ཉིད་ན་དམིགས་དང་བྲལ། །དམིགས་པ་སྣང་བ་བསམ་མི་ཁྱབ། །འདུལ་བའི་དབང་དུ་སྣ་ཚོགས་འབྱུང་། །ཧཱུཾ་དང་ཕཊ་ཀྱིས་ཁམས་གསུམ་སྒྲོལ། །ཐུགས་རྗེ་ཆེན་པོའི་བྱིན་བརླབ་ཡིན། །རི་རབ་ཙམ་གྱི་སྐུ་མངའ་ཞིང་། །ཚངས་པ་ལྷ་ཡི་གསུང་དང་ལྡན། །སྤྲུལ་པ་བསམ་གྱིས་མི་ཁྱབ་ཐུགས། །ཡོན་ཏན་ཚད་མེད་རིན་ཆེན་གཏེར། །ཕྲིན་ལས་བྱ་བ་བསམ་མི་ཁྱབ། །ཐུགས་རྗེ་ཆེན་པོའི་བྱིན་རླབས་ཡིན། །བྱིན་རླབས་ཆེན་པོའི་ཆར་ཆེན་འབེབས། །རྒྱུད་དང་ལུང་དང་མན་ངག་དང་། །འདྲེལ་བ་ཡོད་ཕྱིར་རྣམ་པར་འབྱུང་། །རྒྱུད་ནི་མ་ནོར་དོན་རྟོགས་ལྡན། །ལུང་ནི་སྒྲིབ་མེད་རྒྱལ་བའི་གསུང་། །མན་ངག་རྟོགས་པ་གདེང་དང་ལྡན། །ངེས་པར་གཏན་ལ་ཕེབས་པ་ནི། །ཚད་མ་གསུམ་དུ་ཡང་དག་ལྡན། །དེ་ཉིད་བྱིན་བརླབ་ཆེན་པོ་ལས། །ཁམས་གསུམ་དབང་སྡུད་དམ་པ་ཡིན། །ཧཱུཾ་


DNG020_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་ཁྲོ་བོ་བཅུ་པོ་འབྱུང་། །དྲེགས་པ་ཕྱོགས་སྐྱོང་འདུལ་བའི་ལྷ། །ཀུན་ཀྱང་སྲིན་པོའི་ཆ་བྱད་ཅན། །གཉེན་པོས་འདུལ་བའི་ཡུམ་མཆོག་དང་། །ཡབ་ཡུམ་སྤྲུལ་པས་གདུལ་བྱ་འདུལ། །གདུལ་བྱ་འདུལ་བྱེད་འདུལ་ཐབས་ཀྱིས། །ལྷ་དྲུག་ཐུགས་ཀྱི་སྤྲུལ་པ་སྟེ། །གཉེན་པོས་འདུལ་བའི་ལྷ་མཆོག་འབྱུང་། །ཉིད་ལ་མི་གཞན་གདུག་པའི་འཁོར། །འདུལ་བའི་ངོ་ལ་ཅིར་ཡང་སྣང་། །དེ་བཞིན་བསམ་གྱིས་མི་ཁྱབ་པས། །མ་མོ་མཁའ་འགྲོ་དབང་དུ་འདུ། །འཇིག་རྟེན་ཐམས་ཅད་འདར་ཞིང་འཇིགས། །འུར་འུར་རབ་ཏུ་ཆེ་བའི་སྒྲ། །འཇིགས་པས་ཁམས་གསུམ་དབང་དུ་སྡུད། །ཅེས་རྡོ་རྗེ་ཕུར་པ་ཆེན་པོ་བཤད་པའི་རྒྱུད་ལས། གདུག་པ་ཅན་འདུལ་བའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་ཡང་དག་དོན་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དབང་པོ་གསལ་ལ་རྟོག་པ་མེད། །ཡང་དག་དོན་ལ་མཐར་ཕྱིན་པའི། །རིག་འཛིན་པ་དང་བྱང་ཆུབ་སེམས། །དངོས་གྲུབ་མྱུར་ཞིང་ལོངས་སྤྱོད་འཕེལ། །རྡོ་རྗེ་རིགས་ཀྱི་སྒྲུབ་པ་ལ། །བར་ཆད་མེད་ཅིང་བསམ་པ་འགྲུབ། །གང་དུ་སྩོལ་བའི་དོན་རྣམས་འགྲུབ། །རྟེན་པའི་རྫས་ལ་རབ་བརྟེན་ཏེ། །རྫས་ལ་རྣམ་པ་ལྔ་ཉིད་ལས། །རྡོ་རྗེ་རིགས་ཀྱི་རྫས་སུ་བཤད། །སྔོན་མོ་སྐྲ་བཟང་སྐེད་པ་ཕྲ། །སྤྱི་བོ་རིམ་བཞིན་སྟོད་སྨད་སྙོམས། །སྨིན་མཚམས་བར་ཡང་མ་ཆད་པ། །ལག་པ་རྡོ་རྗེའི་རང་བཞིན་ལ། །རྐང་པ་རན་ལ་མཛེས་པ་དང་། །མིག་ཕྲ་མཛེས་ལ་འཁུར་ཤ་སྙོམས། །སོ་ཐགས་དམ་ལ་སྨྲ་བ་སྙན། །སྙན་བདེ་དག་གིས་ངེས་པ་མེད། །སྨྲ་བ་ཉན་ཅིང་སྤྱོད་པ་སྡུག །རིགས་བཙུན་ཉེས་པའི་སྐྱོན་མེད་པ། །ཁོང་ནས་དལ་ཤིང་ཤོང་ཡངས་ཆེ། །འགྲོ་བའི་སྟབས་ཀྱང་ཡིད་དུ་འོང་། །གསལ་ལ་བདེ་ཞིང་རན་པར་འཛིན། །ཡིད་ལ་བསམ་པས་མངོན་དུ་གསལ། །ལྷ་ཡང་མཉེས་ལ་དངོས་གྲུབ་སྟེར། །དེ་ཕྱིར་དངོས་གྲུབ་རྫས་སུ་བཤད། །རྒྱལ་མཚན་རྩེ་ལ་ཕྱར་བ་དང་། །ཤིང་གི་རྟ་ལ་


DNG020_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱོན་པ་དང་། །མཚོན་གྱི་རྩེ་ལ་བརླབས་པ་དང་། །གསུམ་གྱི་ནད་ཀྱིས་ཤི་བ་དང་། །རྦབ་དང་གློ་བུར་དྲག་པོ་དང་། །འཚལ་དང་རྡིབས་དང་འགགས་པ་དང་། །ལོག་པར་བོ་དང་ཕུག་པ་དང་། །རྟ་དང་གླང་ཆེན་བཀའ་ཕབ་དང་། །ཕོ་མོའི་འདྲེལ་བས་ཤི་བ་དང་། །རི་དང་རླུང་དང་ས་གཙང་དང་། །གབ་བྱུང་རིམ་པའི་རྫས་དེ་དག །བསྒྲུབ་པའི་རྫས་མཆོག་ཡིན་པར་བཤད། །རིམས་དང་སྨྱོ་བའི་ནད་རྣམས་དང་། །འབོག་པ་དྲག་པོས་ཉེས་པ་དང་། །མཛེ་དང་ཤུ་བ་གཡེམ་པ་དང་། །འབྲས་དང་ཕོལ་མིག་རྟག་ཏུ་གནས། །དམོད་པའི་ཁ་ཟུགས་ཉེས་པའི་སྐྱོན། །ཆུ་དང་མེ་ཡི་སྐྱོན་མེད་དང་། །སྐྱོན་དུ་འགྱུར་བའི་རྫས་དེ་དག །མི་བཅངས་རབ་ཏུ་སྤང་བར་བྱ། །སྔོ་ནག་བམ་རུལ་ཧམ་པ་ཅན། །རིགས་མེད་སྤྱོད་པ་ཀུན་ཀྱང་བྱེད། །ཁ་ངན་ཟློས་ཤིང་ལག་ངན་བྱེད། །འཇུར་བས་བཅིངས་ལ་ཤོང་ཡངས་མེད། །ཕྲ་མ་དབྱེན་རྫུན་འགྱུར་བ་མཁན། །གཉིས་ཀྱི་དོན་ལ་འགྱུར་བ་ཆེ། །གྲུབ་པ་མེད་པར་ཀུན་ལ་འཇུག །སྐྲ་ངན་ཤ་སྔོ་མིག་ཕོར་ཆེ། །མཇིང་པ་ཐུང་ལ་ཤ་རྩུབས་པ། །མཁུར་ཤ་ཆེ་ལ་གཉེར་མ་མང་། །སོ་དཔྲད་ཀོས་ཀོ་ཡུ་བ་ཐུང་། །ནུ་མ་ལྷོད་ལ་རབ་ཏུ་ཆེ། །སྐེད་པ་སྦོམ་ལ་ཆ་མ་ཕྱེད། །མ་ལྷུ་ཐུང་ལ་བུ་ལྷུ་རིང་། །ཚིགས་པ་ཆེ་ལ་དྲེག་པ་ཆགས། །རྐེད་པ་ཕྲ་ལ་རུས་པ་སྦོམ། །མཐེ་བོང་རིང་ཞིང་སེན་མོ་གྱོང་། །མགོ་བོ་ཆེ་ལ་གསུས་པ་འབུར། །རྣ་བས་མི་ཐོས་ལོག་ལ་དགའ། །མིག་ཀྱང་མི་བདེ་རབ་རིབ་ཅན། །ལྕེ་ཡང་མི་བདེ་དིག་པོར་སྨྲ། །གཉའ་བ་དཔུང་མཐོ་མགོ་བོ་དམའ། །རྟིང་པ་སྦོམ་ལ་སོར་མོ་ཕྲ། །བྱིན་པ་སྦོམ་ལ་བརླ་ཤ་ཆུང་། །སྨད་ཕྲ་སྟེང་སྦོམ་ཤན་མ་ཕྱེད། །མཆུ་འཐུག་རྣ་འབྱར་སྣ་ཞོམ་དང་། །མཚོགས་མ་རྡིབ་དང་གྲེ་བ་འཛེར། །མི་བཅང་རབ་ཏུ་སྤང་བའི་རྫས། །གང་དུ་གནས་པའི་ས་དེ་རུ། །ཚེ་གསུམ་དྲན་བྱེད་ཏིང་འཛིན་གྱིས། །དངོས་གྲུབ་ཆེན་པོ་རྩོལ་བས་བཙལ། །དཔའ་རྟུལ་ཏིང་འཛིན་ལྡན་པ་ཡིས། །སྐོངས་ཤིང་དངོས་གྲུབ་ཡོད་བསམ་ནས། །བཏོན་ནས་གང་


DNG020_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་མནན་པའི་ཕྱིར། །སེང་ལྡེང་ཕུར་བུ་སོར་བརྒྱད་ནི། །སྟོབས་ཆེན་སྔགས་ཀྱིས་བྱིན་བརླབ་ལ། །ཁྲོ་བོ་བཅུ་ཡི་སྔགས་ཀྱིས་བཏབ། །སར་གདབ་སྟངས་སྟབས་དྲག་པོ་བྱ། །སྟོབས་ཀྱི་ཏིང་འཛིན་ཆེན་པོ་ཡིས། །ཁུར་ཏེ་དངོས་གྲུབ་ཐོབ་བསམ་ནས། །རེ་དང་དོགས་པའི་སེམས་མི་བཅའ། །དུར་ཁྲོད་གནས་སུ་སླེབ་པ་དང་། །ཤར་གྱི་ཕྱོགས་སུ་བཞག་ནས་ནི། །ཏིང་འཛིན་གཞལ་ཡས་ལྷ་བསྐྱེད་ལ། །དག་པའི་ཁྲུས་ཀྱིས་བཀྲུས་བྱས་ནས། །སྟངས་སྟབས་རིམ་པར་སྔགས་ཀྱིས་བྱ། །ལྷ་ལ་བསྟབ་ཅིང་གསོལ་བར་བསམ། །ཐིག་ནི་ལྔ་པ་ལྔ་བཏབ་སྟེ། །སྙིང་ནས་ཡན་ལག་བཞི་རྣམས་དང་། །མགོ་དང་ལྔ་རུ་རྣམ་པར་བཏང་། །རྫས་རྣམས་ལེགས་པར་སྤྲོས་པ་སྟེ། །སྙིང་ལ་དུམ་བུ་ལྔ་རུ་བྱ། །སྤྱི་བོ་གསང་བ་མིག་དང་སྣ། །དཔྲལ་བ་དཔུང་པ་ལྟེ་བ་སྙིང་། །དཔྱི་དང་རྐང་པ་རིམ་བཞིན་དུ། །ཡན་ལག་བཞི་དང་སྙིང་དང་མགོ། །གློ་བ་མཆིན་པ་མཆེར་པ་དང་། །མཁལ་མ་རིམ་པ་བཞིན་དུ་དགོད། །དམ་རྫས་ཀུན་ལ་བྱས་པའམ། །ཤ་སྣ་ཀུན་ལ་རྫས་བགོས་ལ། །མཁའ་འགྲོ་ཀུན་ལ་ཡང་དག་དགྲམ། །ཐོད་པ་རངས་པ་ལྔ་དག་དང་། །ཚོམ་བུ་ལྷ་ཡི་གྲངས་དང་མཉམ། །མ་འདྲེས་སོ་སོའི་སྣོད་དུ་གཞག །སྤྱན་དྲངས་སྐོས་ལ་བྱོན་པ་དང་། །སྐོས་གདབ་རིམ་པ་འདི་ལྟ་སྟེ། །དྲན་བྱེད་སྙིང་གི་དམ་རྫས་ནི། །སྲས་མཆོག་ལྔ་ཡི་སྐོས་ཡིན་པས། །མཆོད་པ་དམ་པ་བཞེས་སུ་གསོལ། །སྤྱི་བོའི་ཤ་དང་གསང་བ་དང་། །སྣ་མིག་དཔྲལ་བ་དཔུང་པ་དང་། །ལྟེ་བ་སྙིང་དཔྱི་རྐང་པ་དག །ཁྲོ་བོ་ཡབ་ཡུམ་སྲས་བཅས་རྫས། །མཆོད་པ་དམ་པ་བཞེས་སུ་གསོལ། །གློ་བ་མཆེར་པ་མཆིན་པ་དང་། །མཁལ་མ་ལ་སོགས་དོན་སྙིང་ནི། །གདུག་བྱེད་སྲས་མཆོག་དྲུག་གི་རྫས། །མཆོད་པ་དམ་པ་བཞེས་སུ་གསོལ། །མི་དབང་འབྲས་བུ་ཤ་དག་དང་། །སྲོག་རྩ་ཁྲག་གི་སྦུབས་དག་དང་། །བདེ་བ་ཆེན་པོའི་ཀླད་པ་འདི། །འཁོར་གྱི་མཁའ་འགྲོ་གདུག་


DNG020_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྫས། །མཆོད་པ་དམ་པ་བཞེས་སུ་གསོལ། །སོ་སོའི་རྫས་རྣམས་སོ་སོར་བསྐོས། །ཐོད་པ་དབང་དང་དྲག་པོ་ལ། །གདན་དང་སྙིང་པོ་བཅས་པ་ཀུན། །བྲི་ཞིང་རབ་གནས་བྱ་བ་དང་། །ཕྱིན་ཆད་བསྒྲུབ་པའི་རྫས་བྱའི་ཕྱིར། །ཤུན་དང་རྒྱུ་ཞགས་བཅས་པ་དག །བསྒྲུབ་པའི་རྫས་ཡིན་རབ་ཏུ་སྦ། །དེ་ཕྱིར་སྒྲུབ་པའི་རྫས་ལ་བརྟེན། །དེ་ནི་རྫས་ཀྱི་དམ་པའོ། །ངན་པའི་རྫས་ལ་སྤྱད་པ་དང་། །བརྟེན་པའི་རྫས་སུ་མེད་པ་ནི། །དངོས་གྲུབ་མེད་པར་ཕུར་པའི་རྫས། །དུར་ཁྲོད་མི་རོ་མང་པོ་དང་། །དམར་དང་གནག་པའི་རི་དྭགས་དང་། །བྲག་དང་དམར་ནག་སྤང་བྲག་དབྱིབས། །ཤིང་རྩི་དམར་ནག་སྐྱེས་པའམ། །གྲུ་གསུམ་ཟླ་གམ་སྒོ་ཡོད་པ། །ཕུག་ཀྱང་དེ་འདྲར་གནས་པ་ལ། །བར་སྣང་གྲུ་གསུམ་ཟླ་གམ་དབྱིབས། །ས་ཡང་དེ་བཞིན་ཤེས་པར་བྱ། །མདུན་དུ་ཆུ་འབབ་སྐྱོབས་པའི་རི། །དངོས་གྲུབ་འབྱུང་དང་རིན་ཆེན་དབང་། །འབྱུང་པོ་མ་མོ་སྲིན་པོ་དང་། །རྔམ་པ་ཆེན་པོའི་རྗེས་མེད་པར། །གཉན་རྡོ་མེད་ཅིང་ཚ་དྲག་མེད། །ཟུར་རྡོ་ར་རིའི་བྲག་མེད་པ། །ཟུར་མ་ཟུག་ཅིང་ཡིད་དུ་འོང་། །ཉམས་སུ་བདེ་ཞིང་ཉམ་མི་ང་། །དེ་འདྲ་ཡིད་འོང་གནས་དག་ཏུ། །ས་རིན་བཅལ་ཞིང་ལས་དག་བྱ། །སྟེགས་བུ་འདམ་གང་བརྩིག་ནས་སུ། །དུར་ཁྲོད་སྣ་ཚོགས་རུས་པ་ལ། །ཁྲག་སྣ་ལྔ་ཡིས་ལེགས་པར་བྱུག །དམ་རྫས་ལྔ་ཡིས་ཆག་ཆག་གདབ། །བདེན་པ་སྔགས་ཀྱི་ནུས་པ་དབྱུང་། །དུར་ཁྲོད་ཆེན་པོའི་རྒྱུས་པ་ལ། །མཚན་ལྡན་ཡུམ་གྱིས་བྱིན་བརླབ་ལ། །གཡས་གཡོན་ཐབས་དང་ཤེས་རབ་ལས། །བྱང་ཆུབ་སེམས་ལས་ཡེ་ཤེས་ཀྱིས། །བྱིན་རླབ་ཆེན་པོ་འབྱུང་བར་འགྱུར། །རྣམ་པ་གཉིས་སུ་རབ་ཤེས་བྱ། །ལྔ་ཚན་ལྔ་ཡི་ཚོན་རྣམས་ཀུན། །ཐོད་པ་བརྟན་པའི་རྫས་སུ་བླུག །བྱིན་བརླབ་བྱ་ཞིང་མཆོད་པ་འབུལ། །གྲུ་གསུམ་ཟླ་གམ་མུ་ཁྱུད་དང་། །རྩིབས་བཞི་རྩིབས་བརྒྱད་རིམ་པ་ལ། །གྲུ་གསུམ་གདན་དང་བཅས་པ་གཏད། །གྲུ་ཆད་བར་ཁྱམས་སྒོ་བཞིར་བཅས། །རྟ་བབས་ཐེམ་སྐས་ཚང་བར་བྲི། །


DNG020_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་ཟླ་པདྨ་སུམ་བརྩེགས་དང་། །རྐྱང་པ་ཞིང་ལྡན་རིམ་པར་གཏད། །ལས་ཀྱི་ལྷ་ཡི་ཏིང་འཛིན་གྱིས། །བར་ཆད་བསལ་བའི་ལས་རྣམས་བྱ། །རྫས་ཀྱི་ཐོད་པ་རངས་པ་ལྔ། །ལྷར་བསྐྱེད་སྤྱན་དྲངས་བསྡིམས་པ་དང་། །སྔགས་དང་བསྟོད་པའི་ལས་རྣམས་བྱ། །ཧཱུཾ་དབུས་ནས་རང་བྱུང་གྲུབ་པའི་ལྷ། །བཅོམ་ལྡན་བཛྲ་ཀཱི་ལ་ཡ། །དུར་ཁྲོད་ཆེན་པོའི་གཞལ་ཡས་སུ། །དུག་གསུམ་བསྒྲལ་བའི་གདན་སྟེངས་སུ། །རཱུ་ཏྲ་བསྣོལ་བའི་གདན་སྟེངས་སུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །དགྱེས་ཤིང་བརྟན་པར་བཞུགས་ནས་ཀྱང་། །ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ། །ཆོས་ལ་དབང་བའི་དངོས་གྲུབ་སྩོལ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུཾ་ཕཊ། ས་མ་ཡ་ཏིཥྛ་ལྷན། ཧཱུཾ་ཤར་ནས་རང་བྱུང་གྲུབ་པའི་ལྷ། །བཅོམ་ལྡན་བུཌྜྷ་ཀཱི་ལ་ཡ། །དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་དུ། །དུག་གསུམ་བསྒྲལ་བའི་གནས་ཆེན་འདིར། །བརྒྱ་བྱིན་བསྣོལ་བའི་གདན་སྟེངས་སུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །དགྱེས་ཤིང་བརྟན་པར་བཞུགས་ནས་ཀྱང་། །ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ། །ཆོས་ལ་དབང་བའི་དངོས་གྲུབ་སྩོལ། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུཾ་ཕཊ། ས་མ་ཡ་ཏིཥྛ་ལྷན། ཧཱུཾ་ལྷོ་ནས་རང་བྱུང་གྲུབ་པའི་ལྷ། །བཅོམ་ལྡན་རཏྣ་ཀཱི་ལ་ཡ། །དུར་ཁྲོད་ཆེན་པོའི་གནས་ཆེན་དུ། །དུག་གསུམ་བསྒྲལ་བའི་གཞལ་ཡས་སུ། །གཤིན་རྗེ་བསྣོལ་བའི་གདན་སྟེངས་སུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །དགྱེས་ཤིང་བརྟན་པར་བཞུགས་ནས་ཀྱང་། །ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ། །ཆོས་ལ་དབང་བའི་དངོས་གྲུབ་སྩོལ། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུཾ་ཕཊ། ས་མ་ཡ་ཏིཥྛ་ལྷན། ཧཱུཾ་ནུབ་ནས་རང་བྱུང་གྲུབ་པའི་ལྷ། །བཅོམ་ལྡན་ཀརྨ་ཀཱི་ལ་ཡ། །དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་འདིར། །དུག་གསུམ་བསྒྲལ་བའི་གནས་ཆེན་འདིར། །ཀླུ་བདུད་བསྣོལ་བའི་གདན་སྟེངས་སུ། །དགྱེས་


DNG020_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་བརྟན་པར་བཞུགས་སུ་གསོལ། །དགྱེས་ཤིང་བརྟན་པར་བཞུགས་ནས་ཀྱང་། །ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ། །ཆོས་ལ་དབང་བའི་དངོས་གྲུབ་སྩོལ། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུཾ་ཕཊ། ས་མ་ཡ་ཏིཥྛ་ལྷན། ཧཱུཾ་བྱང་ནས་རང་བྱུང་གྲུབ་པའི་ལྷ། །བཅོམ་ལྡན་ཀརྨཱ་ཀཱི་ལ་ཡ། །དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་དུ། །དུག་གསུམ་བསྒྲལ་བའི་གནས་ཆེན་དུ། །གནོད་སྦྱིན་བསྣོལ་བའི་གདན་སྟེངས་སུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །དགྱེས་ཤིང་བརྟན་པར་བཞུགས་ནས་ཀྱང་། །ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ། །ཆོས་ལ་དབང་བའི་དངོས་གྲུབ་སྩོལ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུཾ་ཕཊ། ས་མ་ཡ་ཏིཥྛ་ལྷན། ཧཱུཾ་སྲིད་པ་ཕུར་བུ་སྒྲུབ་པ་དང་། །དབང་དང་དངོས་གྲུབ་བླང་བའི་ཕྱིར། །ཕྱོགས་བཅུར་དུར་ཁྲོད་གཞལ་ཡས་ནས། །ཁྲོ་རྒྱལ་འཁོར་ཚོགས་བཞུགས་པ་ནི། །དུར་ཁྲོད་ཆེན་པོའི་གཞལ་ཡས་ནས། །དུག་གསུམ་བསྒྲལ་བའི་གནས་ཆེན་འདིར། །ཕྱོགས་སྐྱོང་བསྣོལ་བའི་གདན་སྟེངས་སུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །དགྱེས་ཤིང་བརྟན་པར་བཞུགས་ནས་ཀྱང་། །ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ། །ཆོས་ལ་དབང་བའི་དངོས་གྲུབ་སྩོལ། །ཨོཾ་བཛྲ་ཀྲོ་དྷ་ཧཱུཾ་ཀཱ་ར་ཧཱུཾ། གརྫ་གརྫ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུཾ། ཧ་ན་ཧ་ན་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུཾ། ད་ཧ་ད་ཧ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཡ་མཱན་ཏ་ཀ་ཧཱུཾ། པ་ཙ་པ་ཙ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཨཱརྱ་ཨ་ཙ་ལ་ཧཱུཾ། བནྡྷ་བནྡྷ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧཱུཾ། ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཨ་པ་ར་ཛི་ཏ་ཧཱུཾ། ཏིཥྛ་ཏིཥྛ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ། ཚིནྡྷ་ཚིནྡྷ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུཾ། བྷིནྡྷ་བྷིནྡྷ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུཾ། སྥོ་ཊ་སྥོ་ཊ་ཧཱུཾ་ཕཊ། ས་མ་ཡ་ཏིཥྛ་ལྷན། ཧཱུཾ་ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ། །བྱམས་དང་སྙིང་རྗེས་གང་འདུལ་བ། །སངས་རྒྱས་ཕྲིན་ལས་རྫོགས་མཛད་ནས། །དབང་དང་བྱིན་རླབས་


DNG020_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་སྩོལ་ཅིག །ལས་ཀྱི་སྲས་མཆོག་དྲུག་རྣམས་ནི། །དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་དུ། །དུག་གསུམ་བསྒྲལ་བའི་གནས་ཆེན་དུ། །ཞིང་བཅུ་བསྒྲལ་བའི་གདན་སྟེངས་སུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །དགྱེས་ཤིང་བརྟན་པར་བཞུགས་ནས་ཀྱང་། །ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ། །ཆོས་ལ་དབང་བའི་དངོས་གྲུབ་སྩོལ། །ཧ་ས་ར་ན་ཧ་ར་ཧཱུཾ་ཕཊ། ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཧཱུཾ་ཕཊ། ཥཱིཾ་གྷྲཾ་ཨཱ་ན་ཡ་ཧཱུཾ་ཕཊ། ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཧཱུཾ་ཕཊ། ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུཾ་ཕཊ། བི་ད་ཡ་བི་ད་ཡ་ཧཱུཾ་ཕཊ། ས་མ་ཡ་ཏིཥྛ་ལྷན། ཧཱུཾ་ཐུགས་མཆོག་གསོལ་བའི་བྱིན་བརླབ་ལས། །ཞེ་སྡང་གནས་སུ་འཇོམས་པ་དང་། །མེ་ལོང་ཡེ་ཤེས་འཐོབ་བྱའི་ཕྱིར། །དཀྱིལ་འཁོར་དབུས་སུ་བཞུགས་སུ་གསོལ། །དཀྱིལ་འཁོར་དབུས་སུ་བཞུགས་ནས་ཀྱང་། །ཉོན་མོངས་མུན་པ་བསལ་དུ་གསོལ། །ཛྙཱ་ན་དཱི་པཾ་ས་མ་ཡ་ཏིཥྛ་ལྷན། ཧཱུཾ་དམ་རྫས་ཀུན་གྱི་བཅུད་ལྡན་པའི། །ཐམས་ཅད་སྡུད་པ་རྫས་ཀྱི་མཆོག །མཁའ་འགྲོ་མ་ཆེན་རྣམ་གསུམ་ཡང་། །དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་དང་། །དུག་གསུམ་བསྒྲལ་བའི་གནས་ཆེན་དུ། །དམ་རྫས་སྤུངས་པའི་གདན་སྟེངས་སུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །དགྱེས་ཤིང་བརྟན་པར་བཞུགས་ནས་ཀྱང་། །ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ། །ཆོས་ལ་དབང་བའི་དངོས་གྲུབ་སྩོལ། །ཨ་ཛི་ཏི་ཨ་པ་ར་ཛི་ཏི་ཛ་ཡ་ཀ་ཏང་ཀ་ཡེ་ས་མ་ཡ་ཏིཥྛ་ལྷན། མཚན་ལྡན་དངོས་གྲུབ་རྡོ་རྗེ་ཀ་པཱ་ལ། །གསེར་དངུལ་ལུགས་སུ་བཏང་བ་འདྲ། །ལན་གསུམ་གནས་གསུམ་སྤར་བ་དང་། །ཤར་ཕྱོགས་ནུབ་དང་ལྷོ་ཡང་རབ། །བྱང་དང་ལྷོ་ནུབ་ཤར་ལྷོ་འབྲིང་། །བྱང་ནུབ་བྱང་ཤར་སྟེང་འོག་ཐ། །དངོས་གྲུབ་སྟེར་དང་དབང་ཡང་ཐོབ། །དྲག་པོའི་ལས་ཉིད་ཐོབ་པར་འགྱུར། །ཚེ་རིང་ནད་མེད་ལོངས་སྤྱོད་འཕེལ། །དད་པ་མེད་ཅིང་བསམ་པ་འགྲུབ། །རིག་འཛིན་ས་ལ་རྣམ་པར་འགྲོ། །ཡོན་ཏན་ལྡན་པའི་ཀཱ་པ་ལ། །


DNG020_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་པ་སྤང་བར་མ་གྱུར་ན། །བར་ཆད་འབྱུང་ཞིང་རྟོག་པ་སྐྱེས། །ལྷ་ཉིད་བདུད་དུ་བབས་པ་དང་། །དོན་མེད་ཕྱལ་པར་འགྲོ་བ་ཡིན། །རེ་བ་སྟོངས་ཤིང་མྱ་ངན་གནོན། །དངོས་གྲུབ་རེ་བའི་ཡི་གེ་ལས། །དངོས་གྲུབ་གནས་པའི་རྟེན་བཤད་དེ། །དགོས་པའི་ལས་རྣམས་དེ་བཞིན་བྱ། །དུར་ཁྲོད་ཆེན་པོའི་གཡང་གཞི་ལ། །ལྷ་ཡི་མཚན་མས་མཚན་ཅིང་དགོད། །ཞགས་པ་ཆེན་པོ་རིམ་དྲུག་ནི། །གཙོ་སྔགས་གདབ་ཅིང་བསྐོར་བར་བྱ། །ཕུར་པ་དར་གྱི་ཅོད་པན་ཅན། །རབ་གནས་བྱ་ཞིང་དགོད་པར་བྱ། །བར་ཆད་བསལ་བའི་ལས་བྱ་ཞིང་། །ནུས་པ་ཅན་དུ་བྱ་བའི་ཕྱིར། །སྔོན་དུ་འགྲོ་བའི་དབང་བསྐུར་བྱ། །ལྷ་ཡི་མཚན་མས་མཚན་པར་བྱ། །ནུས་པ་ལྡན་ཞིང་རབ་བརྟན་ནས། །བརྡའ་ཡིས་མཚོན་ཏེ་རྣམ་པར་དབྱེ། །ཕྱག་ནི་ཚུལ་དང་རབ་ཏུ་ལྡན། །སྐབས་དང་མི་མཐུན་གཉན་པོ་བསལ། །འོན་ཀྱང་དངོས་གྲུབ་རེ་བ་སྐོངས། །བསྒྲུབ་པའི་རྫས་ལ་རབ་བརྟན་ཏེ། །ལྷ་རེའི་གྲངས་ཀྱི་སྣང་བ་དགྲམ། །ཤ་ཁྲག་སྣ་ཚོགས་རབ་བསྟར་ལ། །བར་མ་ཆད་པར་སྙིང་པོ་འདོན། །ཐོད་པ་བླང་དང་སྙིང་པོ་འདོན། །ཉུལ་ལེ་ཟློག་དང་ཕུར་ཁ་བསྟན། །ལྷ་ལ་བསྟོད་ཅིང་སྲུང་མ་བསྐུལ། །དུས་དྲུག་མཆོད་པ་དབུལ་བྱ་ཞིང་། །འཇིགས་དང་རེ་བའི་སེམས་མི་འབྱུང་། །ཕུར་པ་འཕར་དང་མཚན་མར་སྟོན། །སྒྲ་སྙན་དྲི་དང་བཅས་པ་འབྱུང་། །ཉམས་དགའ་སྐྱེ་བའི་སེམས་མི་འབྱུང་། །དུས་དུས་ལྷ་རྣམས་གནད་ལ་དབབ། །རྟགས་རྣམས་བྱུང་ན་ལས་རྣམས་བྱ། །དངོས་གྲུབ་རྫས་རྣམས་རབ་ཏུ་སྟེར། །རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས། །སྲིད་པ་རྡོ་རྗེ་གྲུབ་མཛོད་ཅིག །སྲིད་པ་རྡོ་རྗེ་ཕུར་བུའི་ལྷ། །ཡེ་ཤེས་ཁྲོ་བོ་གྲུབ་པར་མཛོད། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ངང་ཉིད་རྡོ་རྗེ་ཆོས་ཉིད་ལས། །འབར་བའི་ཁྲོ་བོ་མི་བཟད་པ། །སྐུ་ཡི་དབྱིག་ཏུ་བདག་སྐྱེད་ཅིག །ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ། །བྱམས་དང་སྙིང་རྗེས་གང་འདུལ་བ། །སངས་རྒྱས་ཕྲིན་ལས་རྫོགས་མཛད་ནས། །དབང་དང་བྱིན་


DNG020_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

རླབ་འདིར་སྩོལ་ཅིག །དམ་ཚིག་ཆེན་པོའི་དུས་ལ་བབ། །སྤྲུལ་པ་ཆེན་པོའི་དུས་ལ་བབ། །ཕྱག་བརྙན་ཆེན་པོའི་དུས་ལ་བབ། །ཤྭ་ན་མུ་ཁའི་དུས་ལ་བབ། །བདག་ཉིད་ཆེན་མོའི་དུས་ལ་བབ། །ས་བདག་རྒྱལ་མོའི་དུས་ལ་བབ། །ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །སྔོན་ཆད་ཇི་ལྟར་དམ་བཅས་བཞིན། །མངོན་སྤྱོད་ཕྲིན་ལས་མྱུར་དུ་མཛོད། །ཧཱུཾ་སྐྱེ་མེད་ཆོས་དབྱིངས་དག་པ་ལས། །ཡང་དག་དོན་གྱི་ལྷ་ཡི་སྐུ། །ཐུགས་རྗེ་ཆེན་པོའི་བྱིན་བརླབ་ཡིན། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། བྱིན་རླབ་ཆེན་པོ་ཆར་ལྟར་ཕོབ། །ཧཱུཾ་ཐུགས་རྗེའི་བྱིན་བརླབ་ཅིར་ཡང་སྟོན། །ཤར་གྱི་སྲས་མཆོག་གདུག་པ་འདུལ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། བྱིན་རླབ་ཆེན་པོ་ཆར་ལྟར་ཕོབ། །ཧཱུཾ་ལྷོ་ཡི་སྲས་མཆོག་གདུག་པ་འདུལ། །སྭཱ་བཛྲ་ཀཱི་ལི་ཀཱི་ལ་ཡ། བྱིན་རླབ་ཆེན་པོ་ཆར་ལྟར་ཕོབ། །ཧཱུཾ་ནུབ་ཀྱི་སྲས་མཆོག་གདུག་པ་འདུལ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ།བྱིན་རླབ་ཆེན་པོ་ཆར་ལྟར་ཕོབ། །ཧཱུཾ་བྱང་གི་སྲས་མཆོག་གདུག་པ་འདུལ། །ཧ་བཛྲ་ཀཱི་ལི་ཀཱི་ལ་ཡ། བྱིན་རླབ་ཆེན་པོ་ཆར་ལྟར་ཕོབ། །ཧཱུཾ་སྟེང་གི་ཁྲོ་བོ་ཚངས་པ་འདུལ། །ཨོཾ་བཛྲ་ཀྲོ་དྷ། བྱིན་རླབ་ཆེན་པོ་ཆར་ལྟར་ཕོབ། །ཧཱུཾ་ཤར་གྱི་ཁྲོ་བོ་བརྒྱ་བྱིན་འདུལ། །ཨོཾ་བཛྲ་ཀྲོ་དྷ། བྱིན་རླབ་ཆེན་པོ་ཆར་ལྟར་ཕོབ། །ཧཱུཾ་ཤར་ལྷོའི་ཁྲོ་བོ་དྲང་སྲོང་འདུལ། །ཨོཾ་བཛྲ་ཀྲོ་དྷ། བྱིན་རླབ་ཆེན་པོ་ཆར་ལྟར་ཕོབ། །ཧཱུཾ་ལྷོ་ཡི་ཁྲོ་བོ་གཤིན་རྗེ་འདུལ། །ཨོཾ་བཛྲ་ཀྲོ་དྷ། བྱིན་རླབ་ཆེན་པོ་ཆར་ལྟར་ཕོབ། །ཧཱུཾ་ལྷོ་ནུབ་ཁྲོ་བོ་སྲིན་པོ་འདུལ། །ཨོཾ་བཛྲ་ཀྲོ་དྷ། བྱིན་རླབ་ཆེན་པོ་ཆར་ལྟར་ཕོབ། །ཧཱུཾ་ནུབ་ཀྱི་ཁྲོ་བོ་ཀླུ་བདུད་འདུལ། །ཨོཾ་བཛྲ་ཀྲོ་དྷ། བྱིན་རླབ་ཆེན་པོ་ཆར་ལྟར་ཕོབ། །ཧཱུཾ་ནུབ་བྱང་ཁྲོ་བོ་རླུང་ལྷ་འདུལ། །ཨོཾ་བཛྲ་ཀྲོ་དྷ། བྱིན་རླབ་ཆེན་པོ་ཆར་ལྟར་ཕོབ། །ཧཱུཾ་བྱང་གི་ཁྲོ་བོ་གནོད་སྦྱིན་འདུལ། །ཨོཾ་བཛྲ་ཀྲོ་དྷ། བྱིན་རླབ་ཆེན་པོ་ཆར་ལྟར་ཕོབ། །ཧཱུཾ་བྱང་ཤར་ཁྲོ་བོ་དབང་


DNG020_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདུལ། །ཨོཾ་བཛྲ་ཀྲོ་དྷ། བྱིན་རླབ་ཆེན་པོ་ཆར་ལྟར་ཕོབ། །ཧཱུཾ་འོག་གི་ཁྲོ་བོ་ས་བདག་འདུལ། །ཨོཾ་བཛྲ་ཀྲོ་དྷ། བྱིན་རླབ་ཆེན་པོ་ཆར་ལྟར་ཕོབ། །ཧཱུཾ་སྟེང་གི་སྲས་མཆོག་གདུག་པ་འདུལ། །ཨོཾ་བཛྲ་ཀྲོ་དྷ་ཀཱི་ལ་ཡ། བྱིན་རླབ་ཆེན་པོ་ཆར་ལྟར་ཕོབ། །ཧཱུཾ་ཤར་གྱི་སྲས་མཆོག་གདུག་པ་འདུལ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། །བྱིན་རླབ་ཆེན་པོ་ཆར་ལྟར་ཕོབ། །ཧཱུཾ་ལྷོ་ཡི་སྲས་མཆོག་གདུག་པ་འདུལ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། བྱིན་རླབ་ཆེན་པོ་ཆར་ལྟར་ཕོབ། །ཧཱུཾ་ནུབ་ཀྱི་སྲས་མཆོག་གདུག་པ་འདུལ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། བྱིན་རླབ་ཆེན་པོ་ཆར་ལྟར་ཕོབ། །ཧཱུཾ་བྱང་གི་སྲས་མཆོག་གདུག་པ་འདུལ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། བྱིན་རླབ་ཆེན་པོ་ཆར་ལྟར་ཕོབ། །ཧཱུཾ་འོག་གི་སྲས་མཆོག་གདུག་པ་འདུལ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ།བྱིན་རླབ་ཆེན་པོ་ཆར་ལྟར་ཕོབ། །ཧཱུཾ་ཁྲོ་བོ་ཆེན་པོ་ལས་ཀྱི་མཆོག །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། བྱིན་རླབ་ཆེན་པོ་ཆར་ལྟར་ཕོབ། །ཧཱུཾ་ལྷ་རྣམས་གནད་ལ་དབབ་པ་དང་། །བསྐྱེད་དང་སྤྱན་དྲང་བསྡིམ་པ་དང་། །སྒོ་བ་བསྐྱེད་པའི་ལས་རྣམས་བྱ། །མཆོད་པ་སྔགས་དང་བསྟོད་པ་དང་། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བླང་། །རིམ་པ་བཞིན་དུ་ཡང་དག་བསྟན། །ཕྲིན་ལས་ཕུར་པའི་དངོས་གྲུབ་དང་། །གང་ཡིན་ཉིད་ལ་གདབ་པ་དང་། །བརྟེན་པའི་རྫས་དེ་ཁ་ཕྱེ་ལ། །ཧཱུཾ་བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་དང་། །ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ། །དངོས་གྲུབ་སྩོལ་བའི་དུས་ལ་བབ། །སྐྱ་རེངས་དང་པོ་དངོས་གྲུབ་དུས་ལ་བབ། །ཀཱི་ལ་ཡ་ཡི་བྲོ་བརྡུང་བས། །དངོས་གྲུབ་སྩོལ་བའི་དུས་ལ་བབ། །དབང་བསྐུར་དམ་པ་སྒྲུབ་པའི་མཆོག །རིམ་པ་བཞིན་དུ་དེ་ཤེས་བྱ། །ཞལ་ཟས་དབང་དར་ཐོད་པ་དང་། །ཀུན་ཀྱང་རིམ་པ་གཉིས་སུ་བསྟན། །རྡོ་རྗེ་ཚེ་ཡི་དབང་བསྐུར་བས། །རྟོགས་པ་ཡེ་ཤེས་མེ་རུ་འབར། །ཧཱུཾ་ཡེ་ཤེས་སྐུ་ཡི་སྤྲུལ་པ་སྟེ། །རྫུ་འཕྲུལ་སྟོན་ཅིང་བཀའ་ཉན་པའི། །དཔའ་རྟུལ་སྟག་གི་


DNG020_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

མགོ་ཅན་ལ། །མི་མོ་སྟག་གི་མགོ་ཅན་ཞོན། །བང་ནི་རླུང་གིས་བསྐྱོད་དུ་མེད། །སྐད་ནི་སྟོང་ཁམས་ཁྱབ་པར་སྒྲོགས། །ལག་པ་གཡས་ན་ཕུར་བུ་བསྣམས། །གང་ལ་བྱ་བའི་སྙིང་ལ་ཡ། །ལག་པ་གཡོན་ན་ལྕགས་ཀྱུ་བསྣམས། །གང་ལ་བྱ་བའི་སྙིང་ནས་དྲོངས། །ཁམས་གསུམ་དབང་དུ་བསྡུ་བ་དང་། །སྲིད་གསུམ་ཟིལ་གྱིས་གནོན་པ་དང་། །སྒྲུབ་ལ་བར་ཆད་བྱེད་པ་རྣམས། །ཐལ་བ་བཞིན་དུ་རྡུལ་དུ་རློགས། །ཧཱུཾ་ཡེ་ཤེས་ཐུགས་ཀྱི་སྤྲུལ་པ་གཅིག །སྟོབས་ཀྱི་རྒྱལ་པོ་སེང་གེ་ལ། །མི་མོ་སེང་གེའི་མགོ་ཅན་ཞོན། །བང་ནི་རླུང་གིས་བསྐྱོད་དུ་མེད། །སྐད་ནི་ཁམས་གསུམ་ཁྱབ་པར་སྒྲོགས། །ལག་པ་གཡས་ན་ཕུར་པ་བསྣམས། །གང་ལ་བྱ་བའི་སྙིང་ལ་ཡ། །ལག་པ་གཡོན་ན་ལྕགས་ཀྱུ་བསྣམས། །གང་ལ་བྱ་བའི་སྙིང་ནས་དྲོངས། །ཁམས་གསུམ་དབང་དུ་བསྡུ་བ་དང་། །སྲིད་གསུམ་ཟིལ་གྱིས་གནོན་པ་དང་། །སྒྲུབ་ལ་བར་ཆད་བྱེད་པའི་བགེགས། །ཐལ་བ་བཞིན་དུ་རྡུལ་དུ་རློགས། །ཧཱུཾ་ཡེ་ཤེས་ཐུགས་ཀྱི་སྤྲུལ་པ་གཅིག །དྲན་བྱེད་མཁའ་ལྡིང་ཕོ་རོག་ལ། །མི་མོ་ཕོ་རོག་མགོ་ཅན་ཞོན། །བང་ནི་རླུང་གིས་བསྐྱོད་དུ་མེད། །སྐད་ནི་སྟོང་ཁམས་ཁྱབ་པར་སྒྲོགས། །ལག་པ་གཡས་ན་ཕུར་པ་བསྣམས། །གང་ལ་བྱ་བའི་སྙིང་ལ་ཡ། །ལག་པ་གཡོན་ན་ལྕགས་ཀྱུ་བསྣམས། །གང་ལ་བྱ་བའི་སྙིང་ནས་དྲོངས། །ཁམས་གསུམ་དབང་དུ་བསྡུ་བ་དང་། །སྲིད་གསུམ་ཟིལ་གྱིས་གནོན་པ་དང་། །སྒྲུབ་ལ་བར་ཆད་བྱེད་པའི་བགེགས། །ཐལ་བ་བཞིན་དུ་རྡུལ་དུ་རློགས། །ཧཱུཾ་ཡེ་ཤེས་ཐུགས་ཀྱི་སྤྲུལ་པ་གཅིག །རྫི་གནོན་གཡག་གི་མགོ་ཅན་ལ། །མི་མོ་གཡག་གི་མགོ་ཅན་ཞོན། །བང་ནི་རླུང་གིས་བསྐྱོད་དུ་མེད། །སྐད་ནི་སྟོང་ཁམས་ཁྱབ་པར་སྒྲོགས། །ལག་པ་གཡས་ན་ཕུར་བུ་བསྣམས། །གང་ལ་བྱ་བའི་སྙིང་ལ་ཡ། །ལག་པ་གཡོན་ན་ལྕགས་ཀྱུ་བསྣམས། །གང་ལ་བྱ་བའི་སྙིང་ནས་དྲོངས། །


DNG020_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་གསུམ་དབང་དུ་བསྡུ་བ་དང་། །སྲིད་གསུམ་ཟིལ་གྱིས་གནོན་པ་དང་། །སྒྲུབ་ལ་བར་ཆད་བྱེད་པའི་བགེགས། །ཐལ་བ་བཞིན་དུ་རྡུལ་དུ་རློགས། །ཧཱུཾ་ཡེ་ཤེས་ཐུགས་ཀྱི་སྤྲུལ་པ་གཅིག །གསོད་བྱེད་ཆེན་མོ་དྲེད་མོ་ལ། །མི་མོ་དྲེད་མོའི་མགོ་ཅན་ཞོན། །བང་ནི་རླུང་གིས་བསྐྱོད་དུ་མེད། །སྐད་ནི་སྟོང་ཁམས་ཁྱབ་པར་སྒྲོགས། །ལག་པ་གཡས་ན་ཕུར་བུ་བསྣམས། །གང་ལ་བྱ་བའི་སྙིང་ལ་ཡ། །ལག་པ་གཡོན་ན་ལྕགས་ཀྱུ་བསྣམས། །གང་ལ་བྱ་བའི་སྙིང་ནས་དྲོངས། །ཁམས་གསུམ་དབང་དུ་བསྡུ་བ་དང་། །སྲིད་གསུམ་ཟིལ་གྱིས་གནོན་པ་དང་། །སྒྲུབ་ལ་བར་ཆད་བྱེད་པའི་བགེགས། །ཐལ་བ་བཞིན་དུ་རྡུལ་དུ་རློགས། །ཧཱུཾ་ཡེ་ཤེས་ཐུགས་ཀྱི་སྤྲུལ་པ་གཅིག །གྲིམ་བྱེད་ཆེན་མོ་གཟིག་མོ་ལ། །མི་མོ་གཟིག་གི་མགོ་ཅན་ཞོན། །བང་ནི་རླུང་གིས་བསྐྱོད་དུ་མེད། །སྐད་ནི་སྟོང་ཁམས་ཁྱབ་པར་སྒྲོགས། །ལག་པ་གཡས་ན་ཕུར་བུ་བསྣམས། །གང་ལ་བྱ་བའི་སྙིང་ལ་ཡ། །ལག་པ་གཡོན་ན་ལྕགས་ཀྱུ་བསྣམས། །གང་ལ་བྱ་བའི་སྙིང་ནས་དྲོངས། །ཁམས་གསུམ་དབང་དུ་བསྡུ་བ་དང་། །སྲིད་གསུམ་ཟིལ་གྱིས་གནོན་པ་དང་། །སྒྲུབ་ལ་བར་ཆད་བྱེད་པའི་བགེགས། །ཐལ་བ་བཞིན་དུ་རྡུལ་དུ་རློགས། །ཉམས་དྲུག་རྟགས་དྲུག་མི་གསལ་བའི། །ཏིང་འཛིན་དྲོད་ཉུལ་ཆེན་མོ་རྣམས། །ཐམས་ཅད་མ་ལུས་དབང་དུ་སྡུད། །ཉི་མའི་ཟེར་ལ་གནོད་བྱེད་པ། །འབྱུང་པོ་ཐེའུ་རང་གནོད་བྱེད་ལྔ། །དྲི་དང་ངད་དུ་བཅས་པ་ལྡང་། །རྩེ་ལ་བར་ཆད་བྱེད་པའི་བགེགས། །ཟློག་བྱེད་སྟག་མོའི་ཏིང་འཛིན་གྱིས། །ཐལ་བ་བཞིན་དུ་རྡུལ་དུ་རློགས། །ཉི་མ་གུང་ལ་གནོད་བྱེད་པ། །ས་བདག་ཆེན་མོ་ལག་ཆེན་ཡང་། །ལྕི་ཞིང་ཉམ་ཆུང་དྲོད་དང་བྲལ། །གུང་ལ་བར་ཆད་བྱེད་པའི་བགེགས། །ཟློག་བྱེད་སྟོབས་ལྡན་ཏིང་འཛིན་གྱིས། །ཐལ་བ་བཞིན་དུ་རྡུལ་དུ་རློགས། །དགོང་གི་དུས་ན་གནོད་བྱེད་པའི། །བཙན་གྱི་ཕོ་ཉ་རྐང་སྲིན་ཡིན། །ཕྱད་ཕྱོད་ཏིང་འཛིན་མི་གསལ་བ། །


DNG020_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

དགོང་ལ་བར་ཆད་བྱེད་པའི་བགེགས། །དྲན་བྱེད་ཆེན་མོའི་ཏིང་འཛིན་གྱིས། །ཐལ་བ་བཞིན་དུ་རྡུལ་དུ་རློགས། །སྲོད་ཀྱི་དུས་ན་གནོད་བྱེད་པ། །བདུད་ཀྱི་རྒྱལ་པོ་མ་རུངས་པ། །གྲིབ་སོ་ནག་ཅིང་རྨུག་པར་བྱེད། །ཟློག་བྱེད་གཡག་གི་ཏིང་འཛིན་གྱིས། །ཐལ་བ་བཞིན་དུ་རྡུལ་དུ་རློགས། །ནམ་ཕྱེད་བར་ཆད་བྱེད་པའི་བགེགས། །མ་བདུད་རྒྱལ་མོ་ཀུན་ཏུ་རྒྱུ། །སྤྱུགས་པ་ལེན་ཅིང་མེ་རུ་འབར། །ནམ་ཕྱེད་བར་ཆད་བྱེད་པའི་བགེགས། །ཐལ་བ་བཞིན་དུ་རྡུལ་དུ་རློགས། །ཧཱུཾ་ཐོ་རངས་བར་ཆད་བྱེད་པའི་བགེགས། །ཚངས་པ་ཆེན་པོའི་སྤྲུལ་པ་སྟེ། །མེ་འོད་ཀུན་གྱི་བདག་པོ་ཡིས། །ཟློག་བྱེད་དྲེད་ཀྱི་ཏིང་འཛིན་དང་། །སྒྲུབ་པ་རྫས་ཀྱི་དམ་པ་ཡིས། །ཐོ་རངས་བར་ཆད་བྱེད་པའི་བགེགས། །ཐལ་བ་བཞིན་དུ་རྡུལ་དུ་རློགས། །ཧཱུཾ་གདུག་བྱེད་གནོད་པའི་བར་ཆད་རྣམས། །དུས་མ་ཡིན་པར་འབྱུང་བར་བྱེད། །ཏིང་འཛིན་མི་གསལ་དྲན་པ་ཉམས། །ཟློག་བྱེད་གཟིག་གི་ཏིང་འཛིན་གྱིས། །ཐལ་བ་བཞིན་དུ་རྡུལ་དུ་རློགས། །ཉམས་པའི་འོད་དང་བདུད་ཀྱི་འོད། །ཐེའུ་རང་འོད་དང་རྟགས་ཀྱི་འོད། །རྟགས་ཀྱི་དྲི་དང་ཐེའུ་རང་དྲི། །བདུད་ཀྱི་ཉམས་དང་དངོས་གྲུབ་ཉམས། །སྤར་ཤད་དྲི་དང་རྫས་ཀྱི་དྲི། །བར་ཆད་འོད་དང་མ་མོའི་རྟགས། །བཙན་གྱི་སྒྲ་དང་རིག་འཛིན་གསུང་། །ཐམས་ཅད་དུས་དང་ཉམས་དགའ་དང་། །རྡོ་རྗེ་ཁ་ཊྭཱཾ་རྔེའུ་ཆུང་དང་། །ཉུང་དཀར་ཕུར་བུ་ཞིང་ལྤགས་དང་། །གུ་གུལ་དུད་པ་བཏང་བས་འབྱུང་། །རབ་རིབ་མེད་པར་རབ་ཤེས་ན། །དེ་ཉིད་ཡེ་ཤེས་ལྷ་ཡི་རྟགས། །གསལ་ལ་རྟོག་མེད་ཉམ་མི་ང་། །རབ་རིབ་མི་བརྟན་འགྱུར་བ་ཅན། །རྟགས་མིན་དངོས་གྲུབ་བར་ཆད་བྱེད། །དེ་ཉིད་བཟློག་པར་རབ་ཤེས་བྱ། །ཡང་ན་ཏིང་འཛིན་ཆེན་པོ་དྲུག །གཙོ་བོའི་ཏིང་འཛིན་ཆེན་པོ་དང་། །མཚམས་དང་སྲས་མཆོག་དྲུག་རྣམས་ཀྱི། །སྔགས་དང་ཚིག་དང་ཕུར་པ་ཡིས། །དུས་རྣམས་ཀུན་ཏུ་བཟློག་པར་བྱ། །ཡང་ན་སྲས་མཆོག་དྲུག་རྣམས་


DNG020_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས། །རིམ་པ་བཞིན་དུ་ཡང་དག་བཟློག །ཡང་ན་ཁྲོ་བོ་ཆེན་པོ་བཅུས། །ཐམས་ཅད་ཀུན་ཏུ་བཟློག་པར་བྱ། །ཨོཾ་སྐུ་གསུམ་ཡོན་ཏན་རྫོགས་པའི་སྔགས། །ཕར་འཕྲོས་ལྷ་རྣམས་ཐུགས་དམ་བསྐུལ། །ཚུར་འདུས་ཅི་བསམ་ཚུལ་བཞིན་སྒྲུབ། །ཡེ་ཤེས་ལྷ་ལ་མཆོད་པ་འབུལ། །དམ་ཅན་རྒྱ་མཚོའི་ཐུགས་དམ་བསྐུལ། །བདུད་དང་སྲིན་པོ་རྡུལ་དུ་རློགས། །བྱིན་རླབ་ཆེན་པོ་ཆར་ལྟར་འབེབས། །སྔགས་ཀྱི་འབྲུ་ནི་ལྷ་ཡིན་ཏེ། །སྔགས་ཀྱི་བཟླས་པ་ཡིད་འོང་གནས། །ལྷ་རྣམས་གསལ་ལ་རྟོག་པ་མེད། །ཉོན་མོངས་དྲི་མ་ཀུན་ཀྱང་འཇོམས། །འཁོར་བའི་རྒྱ་མཚོ་གཏིང་ནས་སྐེམས། །དབང་དང་དངོས་གྲུབ་ཚུལ་བཞིན་སྩོལ། །འབྲུ་དགུ་སྔགས་ཀྱི་བྱིན་བརླབ་ལས། །ལྷ་ལ་བསྟོད་ཅིང་ཐུགས་དམ་བསྐུལ། །རྟོགས་པའི་དོན་གྱི་ཆོས་སྐུ་ཐོབ། །ཉོན་མོངས་རྒྱུད་སྦྱོང་ལོངས་སྐུ་ཐོབ། །ཅིར་ཡང་འདུལ་བ་སྤྲུལ་སྐུ་ཐོབ། །ཐམས་ཅད་ལྷ་ཡི་ངོ་བོར་གསལ། །ཧཱུཾ་གདུག་པ་འདུལ་བའི་ལྷ་ནི་ཅིར་ཡང་སྟོན། །རྔམ་པ་ཆེན་པོས་ཐམས་ཅད་འདུལ་བའི་ལྷ། །ཁམས་གསུམ་དབང་སྡུད་བདུད་ཀྱི་རྒྱལ་པོ་འཇོམས། །རྡོ་རྗེ་གཞོན་ནུའི་སྐུ་ལ་ཕྱག་འཚལ་བསྟོད། །ཧཱུཾ་ཡབ་ལ་དགྱེས་ཤིང་རྒྱལ་བའི་ཐུགས་དམ་སྐོངས། །ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཡུམ། །ཉོན་མོངས་ཆགས་པ་རབ་ཏུ་སྦྱོང་མཛད་པ། །འཁོར་ལོ་རྒྱས་འདེབས་སྐུ་ལ་ཕྱག་འཚལ་བསྟོད། །ཧཱུཾ་ཙངས་པ་འདུལ་བའི་ལྷ་ནི་སྐུ་མདོག་མཐིང་། །འདུལ་བའི་དབང་དུ་ཡབ་ཡུམ་སྲས་འཁོར་བཅས། །རྔོམ་པ་ཆེན་པོ་ཉི་ཟླ་འདུལ་མཛད་པ། །ཚངས་པ་འདུལ་དུ་ཡབ་ཡུམ་སྲས་དང་བཅས། །རྔམ་པ་ཆེན་པོ་གདུག་པ་འདུལ་བའི་ལྷ། །ས་བདག་འདུལ་བའི་ལྷ་ལ་ཕྱག་འཚལ་བསྟོད། །ཧཱུཾ་རྫུ་འཕྲུལ་འཕྲོག་བྱེད་ལྷ་ནི་སྐུ་མདོག་མཐིང་། །འདུལ་བའི་དབང་དུ་རང་རྟགས་གུ་གུལ་བསྣམས། །མཐུ་འཕྲོག་ཕྲིན་ལས་མཐའ་རུ་དབྱུང་བའི་ཕྱིར། །མཐུ་རྣམས་འཕྲོག་པའི་ལྷ་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །ཧཱུཾ་འགུགས་བྱེད་ཆེན་


DNG020_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ལྷ་ནི་སྐུ་མདོག་དཀར། །འདུལ་བའི་དབང་དུ་རང་རྟགས་ལྕགས་ཀྱུ་བསྣམས། །འགུགས་པའི་ཕྲིན་ལས་མཐའ་རུ་དབྱུང་བའི་ཕྱིར། །མཐུ་རྣམས་འཕྲོག་པའི་ལྷ་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །ཧཱུཾ་འཆིང་བྱེད་ཆེན་པོའི་ལྷ་ནི་སྐུ་མདོག་སྔོ། །འདུལ་བའི་དབང་དུ་རང་རྟགས་ཞགས་པ་བསྣམས། །འཆིང་བའི་ཕྲིན་ལས་མཐའ་རུ་དབྱུང་བའི་ཕྱིར། །འཆིང་བྱེད་ལྷ་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །ཧཱུཾ་སྨྱོ་བྱེད་ཆེན་པོའི་ལྷ་ནི་སྐུ་མདོག་དམར། །འདུལ་བའི་དབང་དུ་རང་རྟགས་དྲུག་རྣམས་བསྣམས། །སྨྱོ་བའི་ཕྲིན་ལས་མཐའ་རུ་དབྱུང་བའི་ཕྱིར། །སྨྱོ་བྱེད་ལྷ་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །ཧཱུཾ་སྒྲོལ་བྱེད་ཆེན་མོའི་ལྷ་ནི་སྐུ་མདོག་ནག་པོ་སྟེ། །འདུལ་བའི་དབང་དུ་རང་རྟགས་ཐོ་བ་བསྣམས། །སྒྲོལ་བའི་ཕྲིན་ལས་མཐའ་རུ་དབྱུང་བའི་ཕྱིར། །སྒྲོལ་བའི་ལྷ་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །ཧཱུཾ་སྟོབས་པའི་ལྷ་ནི་སྐུ་མདོག་ལྗང་སྔོན་ཏེ། །འདུལ་བའི་དབང་དུ་རང་རྟགས་གཟས་པ་བསྣམས། །སྟོབས་པའི་ཕྲིན་ལས་མཐའ་རུ་དབྱུང་བའི་ཕྱིར། །སྟོབས་པའི་ལྷ་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །ཧཱུཾ་ཡེ་ཤེས་ལས་ལ་གྲུབ་པའི་དབང་ཕྱུག་མ། །ཤ་ཁྲག་དམར་ལ་དད་ཅིང་དམ་ལ་རུབ། །གང་དུ་མངགས་པའི་ལས་རྣམས་སྒྲུབ་པར་བྱེད། །ལས་རྣམས་ཀུན་གྱི་བདག་མོའི་དུས་ལ་བབ། །འཇིག་རྟེན་ཁམས་ཀུན་མ་ལུས་ཁྱབ་པའི་བྱ་མ་རྟ། །བདུད་དང་སྲིན་པོ་རབ་ཏུ་འདར་བྱེད་མ། །གང་ལྟར་འདུལ་བའི་ལྷ་ལ་ཕྱག་འཚལ་བསྟོད། །ཧཱུཾ་བརྒྱ་བྱིན་འདུལ་བའི་ལྷ་ནི་སྐུ་མདོག་དཀར། །འདུལ་བའི་དབང་དུ་ཡབ་ཡུམ་སྲས་དང་བཅས། །རྔམ་པ་ཆེན་པོ་དྲི་ཟ་འདུལ་བའི་ལྷ། །བརྒྱ་བྱིན་འདུལ་བའི་ལྷ་ལ་ཕྱག་འཚལ་བསྟོད། །ཧཱུཾ་དྲང་སྲོང་འདུལ་བའི་ལྷ་ནི་སྐུ་མདོག་སྔོ། །འདུལ་བའི་དབང་དུ་ཡབ་ཡུམ་སྲས་དང་བཅས། །དྲང་སྲོང་འདུལ་བའི་ལྷ་ལ་ཕྱག་འཚལ་བསྟོད། །ཧཱུཾ་གཤིན་རྗེ་འདུལ་བའི་ལྷ་ནི་སྐུ་མདོག་སྔོ། །འདུལ་བའི་དབང་དུ་ཡབ་ཡུམ་སྲས་དང་


DNG020_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

བཅས། །རྔམ་པ་ཆེན་པོ་གཤིན་རྗེ་འདུལ་བའི་ལྷ། །གཤིན་རྗེ་འདུལ་བའི་ལྷ་ལ་ཕྱག་འཚལ་བསྟོད། །ཧཱུཾ་སྲིན་པོ་འདུལ་བའི་ལྷ་ནི་སྐུ་མདོག་ལྗང་། །འདུལ་བའི་དབང་དུ་ཡབ་ཡུམ་སྲས་དང་བཅས། །རྔམ་པ་ཆེན་པོ་སྲིན་པོ་འདུལ་བའི་ལྷ། །སྲིན་པོ་འདུལ་བའི་ལྷ་ལ་ཕྱག་འཚལ་བསྟོད། །ཧཱུཾ་ཀླུ་བདུད་འདུལ་བའི་ལྷ་ནི་སྐུ་མདོག་དམར། །འདུལ་བའི་དབང་དུ་ཡབ་ཡུམ་སྲས་དང་བཅས། །རྔམ་པ་ཆེན་པོ་ཡ་བདུད་འདུལ་བའི་ལྷ། །ཀླུ་བདུད་འདུལ་བའི་ལྷ་ལ་ཕྱག་འཚལ་བསྟོད། །ཧཱུཾ་རླུང་ལྷ་འདུལ་བའི་ལྷ་ནི་སྐུ་མདོག་དམར་སྐྱ་ཅན། །འདུལ་བའི་དབང་དུ་ཡབ་ཡུམ་སྲས་དང་བཅས། །རྔམ་པ་ཆེན་པོ་འབྱུང་པོ་འདུལ་བའི་ལྷ། །རླུང་ལྷ་འདུལ་བའི་ལྷ་ལ་ཕྱག་འཚལ་བསྟོད། །ཧཱུཾ་གནོད་སྦྱིན་འདུལ་བའི་ལྷ་ནི་སྐུ་མདོག་ལྗང་ནག་ལ། །འདུལ་བའི་དབང་དུ་ཡབ་ཡུམ་སྲས་དང་བཅས། །རྔམ་པ་ཆེན་པོ་ནོར་སྲུང་འདུལ་བའི་ལྷ། །གནོད་སྦྱིན་འདུལ་བའི་ལྷ་ལ་ཕྱག་འཚལ་བསྟོད། །ཧཱུཾ་དབང་ལྡན་འདུལ་བའི་ལྷ་ནི་སྐུ་མདོག་ལྗང་སེར་ལ། །འདུལ་བའི་དབང་དུ་ཡབ་ཡུམ་སྲས་དང་བཅས། །རྔམ་པ་ཆེན་པོ་བགེགས་རྣམས་འཆིང་བའི་ལྷ། །དབང་ལྡན་འདུལ་བའི་ལྷ་ལ་ཕྱག་འཚལ་བསྟོད། །ཧཱུཾ་ས་བདག་འདུལ་བའི་ལྷ་ནི་སྐུ་མདོག་དུད་ཁ་ལ། །འདུལ་བའི་དབང་ལ་རྦད་པ་དེ་བཞིན་ལས་བྱེད་མ། །བསྟན་པ་རྒྱས་པར་མཛད་པའི་རྒྱལ་མོ་ཐུགས་དམ་དུས་ལ་བབ། །བྲན་དང་ཕོ་ཉ་ལས་རྣམས་འགྲུབ་བྱེད་མའི། །བསྟན་པ་སྲུང་བའི་ལས་ལ་བརྩོན་པ་མོ། །འཇིག་རྟེན་དབང་དུ་སྡུད་པའི་མཐུ་མོ་ཆེ། །ས་བདག་འཁོར་ཚོགས་ཐུགས་དམ་དུས་ལ་བབ། །ཧཱུཾ་ཡང་དག་དོན་ལས་སྐུ་ནི་ཅིར་ཡང་སྣང་། །བདུད་དང་སྲིན་པོའི་ང་རྒྱལ་མ་ཡིན་ཏེ། །འདུལ་བའི་དབང་དུ་རབ་རྔམ་མཆེ་བ་གཙིགས། །ཧཱུཾ་དང་ཕཊ་ཀྱི་སྒྲས་ནི་ཀུན་ཀྱང་བཀང་། །ཉོན་མོངས་གདུག་པ་འདུལ་བའི་ཐུགས་རྗེ་ཡིས། །བྱམས་མགོན་རྔམ་པའི་ལྷ་ལ་དངོས་གྲུབ་ནོད། །དཀྱིལ་འཁོར་འདི་ལ་བྱིན་ཅིག་ཕོབ། །བྱིན་རླབ་སྟེར་བའི་ལྷ་ལ་ཕྱག་འཚལ་བསྟོད། །འབྱོར་པ་


DNG020_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་དང་རབ་ཚོགས་ནས། །ཅི་ལ་ཐོགས་མེད་སེར་སྣ་སྤངས། །སྤངས་པ་ཅན་དུ་གྱུར་པ་ན། །རྩོལ་བས་རབ་ཏུ་འབྱོར་བས་ནི། །ལྷ་དང་ལྷ་ཡི་རང་བཞིན་ལས། །རིམ་པ་བཞིན་དུ་ཡང་དག་སྦྱར། །དུག་གསུམ་རྩད་བཅད་རྫས་གསུམ་གྱིས། །འབར་བ་མེ་ལ་མཆོད་བྱ་སྟེ། །དུར་ཁྲོད་ཤིང་ལ་མེ་སྦར་ཏེ། །བཀུག་ཅིང་བསྡིམ་སྟེ་བསྟབ་པའི་རྫས། །དུམ་བུ་ཉིད་དུ་རབ་གཏུབས་ལ། །རྩེ་ལྔ་འབར་བའི་མཐིལ་དུ་བླུག །ཧཱུཾ་འབྱུང་པོའི་ཤ་ནི་ཟན་པས་ཞིམ། །གཏི་མུག་མཆོད་པ་བླ་ན་མེད། །བླ་མེད་མཆོད་པ་འདི་འབུལ་གྱི། །སྐུ་ཡི་དངོས་གྲུབ་སྩལ་དུ་གསོལ། །འབྱུང་པོའི་ཁྲག་ནི་ཆང་བས་ཞིམ། །འདོད་ཆགས་མཆོད་པ་བླ་ན་མེད། །བླ་མེད་མཆོད་པ་འདི་འབུལ་གྱི། །གསུང་གི་དངོས་གྲུབ་སྩལ་དུ་གསོལ། །འབྱུང་པོའི་ལྷ་རྐང་མར་བས་ཞིམ། །ཞེ་སྡང་མཆོད་པ་བླ་ན་མེད། །བླ་མེད་མཆོད་པ་འདི་འབུལ་གྱི། །ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །དུག་གསུམ་མཆོད་པ་བླ་ན་མེད། །བླ་མེད་མཆོད་པ་འདི་འབུལ་གྱི། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ཧཱུཾ་མེ་ཡི་རྒྱལ་པོ་ཁྲོ་བོའི་སྐུ། །འུར་འུར་ཆེམ་ཆེམ་འབར་བའི་འོད། །ཁམས་གསུམ་འཁོར་བ་གཞོམ་པ་དང་། །ཉོན་མོངས་ལོག་ལྟ་བསྲེག་པའི་ཕྱིར། །ཡེ་ཤེས་མེ་ཆེན་འབར་བ་ཡིས། །འཁོར་བའི་བག་ཆགས་བསྲེག་པ་དང་། །དངོས་གྲུབ་འཚེ་བའི་གདུག་པ་ཅན། །ཁྲོ་ རྒྱལ་འབར་བའི་མེ་ལ་བསྲེག །རྡོ་རྗེ་ཕུར་པ་ཆེན་པོ་བཤད་པའི་རྒྱུད་ལས། རྫས་སྒྲུབ་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་རྫས་ཐམས་ཅད་བསྒྲུབ་པར་གནས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རྫས་རྣམས་བསྒྲུབས་ནས་རབ་ཏུ་བཅངས། །གང་ལ་ཐོབ་པ་དེ་བཞིན་ཏེ། །དེ་ནི་འགྲུབ་པར་གདོན་མི་ཟ། །མཚན་དང་ལྡན་པའི་དུར་ཁྲོད་དུ། །མཎྜལ་ཐིག་དང་དཀྱིལ་འཁོར་བྲི། །གྲུ་གསུམ་ཟླ་གམ་འཁོར་ལོ་བྲི། །གྲུ་ཆད་བར་ཁྱམས་སྒོ་དང་ལྡན། །ལས་རྣམས་


DNG020_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལུས་ཀུན་བྱ་སྟེ། །བར་ཆད་བསལ་ལ་རྫས་རྣམས་དགོད། །ལྷ་ལྔ་རྫས་དང་མར་མེ་དང་། །སྟེང་འོག་རྫས་རྣམས་དེ་བཞིན་དགྲམ། །རིམ་པར་བྱ་བ་གང་ཡིན་པའི། །ཏིང་འཛིན་རབ་ཏུ་གསལ་བར་བྱ། །ལྷ་ལྔ་སྤྱན་དྲང་མཆོད་པ་དང་། །བསྟོད་དང་འཛབ་བསྙེན་ལས་རྣམས་བྱ། །རིགས་ལྔ་ཁྲག་འཐུང་བསྒྲུབ་པ་སྟེ། །བར་ཆད་བསལ་ཞིང་མཚན་མ་བརྟག །སྒྲུབ་པ་ཆེན་པོའི་ལས་ཀྱི་མཆོག །དུས་རྣམས་ཀུན་ཏུ་བར་མི་གཅད། །ལྷ་ལ་མཆོད་ཅིང་མཁའ་འགྲོ་བསྐུལ། །མི་འགྱུར་མཚན་མ་བྱུང་བ་དང་། །དངོས་གྲུབ་ཆེན་པོའི་ལྷ་ལྔ་ལ། །རིམ་པར་བླང་ཞིང་དབང་བསྐུར་བྱ། །རིམ་པར་དོན་དང་ལྡན་པར་བྱ། །ཐམས་ཅད་ཀུན་ལ་རྣམ་པར་གཡེངས། །དོན་དང་ལྡན་པའི་དུར་ཁྲོད་དུ། །མཎྜལ་བྱ་ཞིང་དཀྱིལ་འཁོར་བྲི། །བསྲུང་བའི་རིམ་པ་མ་ལུས་བྱ། །ཐོད་པ་མཚན་ལྡན་རངས་པོ་ལ། །གཙོ་བོ་ཡབ་ཡུམ་སྔགས་བྲིས་ལ། །སྙིང་དང་བཅས་པ་དབུས་སུ་དགོད། །ཕྱི་མའི་རྫས་རྣམས་རིམ་པས་ཏེ། །མར་མེ་ཡེ་ཤེས་གཅིག་ཏུ་འདུས། །དངོས་གྲུབ་མཚན་ལྡན་ཀ་པཱ་ལར། །ཡབ་ཡུམ་སྔགས་རྣམས་བྲིས་ནས་ནི། །གང་ཡིན་གནས་སུ་དགོད་པར་བྱ། །སྐུ་གསུང་ཐུགས་ཀྱི་དབང་ཡང་དགོད། །ནུས་པའི་དབང་ཡང་སྔོན་དུ་བསྐུར། །ཏིང་འཛིན་རིམ་པ་གྲངས་མང་ཡང་། །ཐམས་ཅད་འདུལ་བའི་ཡབ་ཡུམ་བསྒོམ། །སྤྱན་དྲངས་རིམ་པ་དེ་བཞིན་དུ། །ལས་ཉིད་གྲུབ་པའི་སྙིང་པོར་འདུས། །བྱ་བ་ཐམས་ཅད་ཡོངས་སུ་སྦྱར། །ཆོས་དབྱིངས་ནམ་མཁའི་ངོ་བོ་ལས། །ཅིར་ཡང་སྣང་བ་ལྷ་ཡི་སྐུ། །གསལ་བ་ཉིད་ལ་བསམ་དུ་མེད། །ཐམས་ཅད་རང་རིག་བྱང་ཆུབ་སེམས། །དཀྱིལ་འཁོར་དབུས་སུ་བཞུགས་སུ་གསོལ། །ཧཱུཾ་མེ་ལོང་ཡེ་ཤེས་བྱིན་བརླབ་ལས། །རང་རིག་ཡེ་ཤེས་མེ་བོ་ཆེ། །མ་རིག་མུན་པ་བསལ་དུ་མེད། །ཐམས་ཅད་རང་བྱུང་ཡེ་ཤེས་མེ། །དཀྱིལ་འཁོར་དབུས་སུ་བཞུགས་སུ་གསོལ། །ཧཱུཾ་སྟོང་གསུམ་


DNG020_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་གཞལ་ཡས་ཁང་། །སྐྱེ་བ་མེད་པར་ཡེ་ནས་གྲུབ། །འཛིན་པ་མེད་པར་རང་བཞིན་གྲོལ། །དཀྱིལ་འཁོར་རྒྱན་དུ་དགྲམ་པར་བྱ། །ཧཱུཾ་འཁོར་བ་མ་སྤངས་ལྷུན་གྱིས་གྲུབ། །སྤངས་ན་བྱང་ཆུབ་སེམས་ཉིད་སྤངས། །ཐམས་ཅད་རང་རིག་བྱང་ཆུབ་སེམས། །རྫས་ཀྱང་དེ་བཞིན་རྟོགས་པའི་ངང་། །དཀྱིལ་འཁོར་རྒྱན་དུ་དགྲམ་པར་བྱ། །ཧཱུཾ་ཐམས་ཅད་ཐིག་ལེ་ཡེ་བརྡལ་ལས། །རེ་དང་དོགས་པའི་སེམས་སྤངས་ལ། །རྟེན་ཡང་ཡེ་བརྡལ་ཀ་པཱ་ལར། །དུར་ཁྲོད་རྫས་སུ་བཞག་ནས་ཀྱང་། །དཀྱིལ་འཁོར་དབུས་སུ་བཞུགས་སུ་གསོལ། །ཧཱུཾ་ཆོས་དབྱིངས་གསལ་ལ་རྟོག་པ་མེད། །ཉེས་པས་མ་བསྒྲིབས་གསལ་བའི་འོད། །ཏིང་འཛིན་ཆེན་པོའི་བྱིན་བརླབ་ལས། །རང་བཞིན་ལྷུན་གྱིས་གྲུབ་པའི་དབྱིངས། །ཧཱུཾ་ཆོས་དབྱིངས་ནམ་མཁའི་རང་བཞིན་ལ། །རོལ་པས་འབྱུང་ལྔར་ལྷུན་གྱིས་གྲུབ། །གྲུབ་ཀྱང་རོལ་པ་འཛིན་པ་བྲལ། །རྟེན་དུ་འགྱུར་བས་རྣམ་པར་གསལ། །ཧཱུཾ་དུར་ཁྲོད་ཆེན་པོའི་གཞལ་ཡས་ཁང་། །རང་བྱུང་ཡེ་ཤེས་བཞུགས་གནས་སུ། །མ་བསྒྲིབས་གསལ་བའི་འོད་པོ་ཆེ། །རིག་པ་རང་ཤར་གཞལ་ཡས་སུ། །ཐིག་ལེ་ཅིར་ཡང་སྣང་བ་ཤར། །ཧཱུཾ་རང་བྱུང་ཡེ་ཤེས་གསལ་བའི་འོད། །རོལ་པ་བསམ་མེད་བརྗོད་ལས་འདས། །ལྷ་ཉིད་གསལ་ལ་གཞི་རྩ་བྲལ། །བདེ་བ་ཆེན་པོའི་ཀློང་ན་བཞུགས། །ཧཱུཾ་ཆོས་སྐུ་ཉག་གཅིག་གཉིས་སུ་མེད། །ཅིར་ཡང་སྣང་བས་བསམ་མི་ཁྱབ། །གང་དུ་གནས་པའི་དེ་བཞིན་ཉིད། །རང་བྱུང་ཆེན་པོའི་དབྱིངས་ན་གཡོས། །ཧཱུཾ་གསལ་ལ་རྟོག་མེད་ཡེ་ཤེས་ཏེ། །ཡེ་ཤེས་ཆེན་པོ་ཕྱག་རྒྱ་ཆེ། །རྣམ་པར་གྲོལ་ཅིང་དམིགས་དང་བྲལ། །ཆོས་དབྱིངས་དག་པའི་ཕྱག་རྒྱ་འབྱུང་། །ཐིག་ལེ་བྱང་ཆུབ་སེམས་ཉིད་ལས། །ཐམས་ཅད་དངོས་གྲུབ་ཆེན་པོ་ཡིན། །ཆོས་དབྱིངས་ནོར་བུ་རིན་པོ་ཆེ། །ཟད་པ་མེད་པར་ཐམས་ཅད་འབྱུང་། །སྐུ་དང་ཡེ་ཤེས་བསམ་མི་ཁྱབ། །ཉོན་


DNG020_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་གདུང་བ་སེལ་བར་མཛད། །ཟད་པ་མེད་པའི་དངོས་གྲུབ་གཏེར། །རེ་བ་སྐོང་བས་ཐམས་ཅད་ཚིམ། །དགའ་བར་འགྱུར་བས་རྟོགས་པ་སྐྱེ། །རང་བྱུང་ལྷ་ལ་དངོས་གྲུབ་སློང་། །ཧཱུཾ་བསམ་པས་འགྲུབ་པའི་རིན་པོ་ཆེ། །ཟད་པ་མེད་པའི་གཏེར་དུ་གནས། །ཐམས་ཅད་རེ་སྐོང་བསམ་པ་འགྲུབ། །སྐུ་གསུམ་ས་ཐོབ་དངོས་གྲུབ་གཏེར། །ད་ལྟ་ཉིད་དུ་སྩལ་དུ་གསོལ། །ཐུགས་དམ་ཆེན་པོ་རྒྱུད་བསྐུལ་ན། །གང་ལ་ཐོགས་མེད་དངོས་གྲུབ་སྩོལ། །ཧཱུཾ་རང་བྱུང་ཡེ་ཤེས་ལྷ་ལ་དངོས་གྲུབ་སློང་། །འདིར་གཤེགས་སྤྱན་འདྲེན་དབང་དང་དངོས་གྲུབ་སྩོལ། །ནམ་མཁའ་བཞིན་དུ་རེ་དོགས་མི་མངའ་ཡང་། །ཐུགས་རྗེའི་ཤུགས་ཀྱིས་བྱིན་རླབས་སྤྲིན་དང་འདྲ། །བདུད་རྩི་ཆར་ཆེན་འབེབས་པས་རེ་བ་སྐོང་། །ཆོས་ཉིད་རེ་དོགས་བྲལ་བའི་རང་བཞིན་ལས། །དངོས་གྲུབ་སྩལ་དང་སྩོལ་བར་མི་དམིགས་ཀྱང་། །བྱིན་རླབ་དབང་གིས་དངོས་གྲུབ་སྩལ་དུ་གསོལ། །ཡེ་ཤེས་ལྷ་ལ་རེ་དོགས་མ་མཆིས་ཀྱང་། །དོགས་པའི་སེམས་དང་མི་ཆ་རེ་བ་སྐོང་། །བསམ་པ་འགྲུབ་པའི་དངོས་གྲུབ་སྩལ་དུ་གསོལ། །ཧཱུཾ་ལྷ་དང་གཉིས་སུ་མེད་པར་གང་གསལ་བ། །རེ་བའི་དངོས་གྲུབ་དང་པོ་དེ་བས་ན། །ལྷ་ལ་ལྷ་ཡིས་བྱིན་བརླབ་ནུས་པ་ཅན། །བསྟན་པ་རྒྱས་པའི་ཕྱིར་ན་སློང་ལགས་ཀྱིས། །ཐོགས་པ་མེད་པའི་དངོས་གྲུབ་སྩལ་དུ་གསོལ། །ཧཱུཾ་དུས་གསུམ་རྒྱལ་བ་ཀུན་གྱི་བྱིན་བརླབ་ལས། །ཞལ་བུ་མཚན་ལྡན་རྡོ་རྗེ་ཀ་པཱ་ལར། །འཆི་མེད་ཚེ་ཡི་གཡུང་དྲུང་ཅི་བསམ་འགྲུབ། །འདུན་པ་རིགས་ཀྱི་དངོས་གྲུབ་འཛད་མེད་གཏེར། །བདུད་འདུལ་ལྷ་ཉེ་བགེགས་ཞི་རབ་ཏུ་བཟང་། །ཉེ་བ་ཉིད་དུ་བསམ་པ་ད་རེ་རན། །ཡང་དག་ལྡན་པའི་དངོས་གྲུབ་དམ་པ་འདི། །ཅི་བསམ་འགྲུབ་ཅིང་རེ་བ་སྐོང་བ་དང་། །རིག་འཛིན་ས་ལ་ངེས་པར་ཕྱིན་པ་དང་། །ཐོགས་པ་མེད་པར་ཅི་བསམ་འགྲུབ་པ་དང་། །དངོས་གྲུབ་དམ་པ་དེ་ཉིད་སྩལ་དུ་གསོལ། །ཧཱུཾ་ཆོས་དབྱིངས་ནམ་མཁའ་བསམ་མེད་བརྗོད་ལས་འདས། །ཐམས་ཅད་འབྱུང་ཞིང་རེ་བ་ཐམས་ཅད་སྐོང་། །སྐོང་བ་ཉིད་ན་རྒྱལ་བའི་


DNG020_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་སུ་ཐིམ། །ཆོས་ཉིད་འགྱུར་བ་མེད་པའི་དངོས་གྲུབ་སྩལ་དུ་གསོལ། །ཧཱུཾ་བྱིན་རླབས་ཆེན་པོ་ནམ་མཁའི་སྤྲིན་དང་འདྲ། །བདུད་དང་སྲིན་པོ་འདུལ་ཕྱིར་རྒྱལ་བའི་རིགས་སུ་བྱུང་། །དབང་བསྐུར་བྱིན་བརླབ་ནུས་པ་བསམ་མི་ཁྱབ། །སྲས་ཀྱི་དམ་པའི་དངོས་གྲུབ་སྩལ་དུ་གསོལ། །ཧཱུཾ་ཐབས་དང་ཤེས་རབ་བདེ་བ་ཆེན་པོའི་དབྱིངས། །ཡབ་ལ་ཆགས་ཤིང་གཉིས་སུ་མེད་པའི་ཡུམ། །དོན་དམ་ངང་ལ་རིགས་ཀྱི་ཡུམ་དུ་བསྟན། །ཟད་པ་མེད་པ་གཏེར་གྱི་དངོས་གྲུབ་སྩལ་དུ་གསོལ། །ཧཱུཾ་གདུག་པ་འདུལ་ཕྱིར་ཡབ་ཀྱི་ཐུགས་ལས་སྤྲུལ། །དྲེགས་པའི་འཁོར་རྣམས་མ་ལུས་འདུལ་མཛད་པ། །འདུལ་བའི་དབང་གིས་སྤྲུལ་པ་ཅིར་ཡང་སྟོན། །གདུག་པ་འདུལ་བའི་དངོས་གྲུབ་སྩལ་དུ་གསོལ། །ཡབ་ལ་དགྱེས་ཤིང་གཉིས་སུ་མེད་པའི་ཡུམ། །དྲེགས་པ་ཡུམ་དུ་གྱུར་པ་འདུལ་མཛད་པ། །རེ་སྐོང་བདུད་འདུལ་དངོས་གྲུབ་སྩལ་དུ་གསོལ། །ཧཱུཾ་ཡབ་ཡུམ་གཉིས་མེད་སྲས་ཀྱི་དམ་པ་བྱུང་། །གདུག་པ་སྤྲུལ་པའི་ཚོགས་རྣམས་འདུལ་མཛད་པ། །ཡབ་ཡུམ་རྒྱུན་དུ་འཛིན་ཅིང་ལས་རྣམས་གྲུབ། །ཐོགས་མེད་སྒྲོལ་བའི་དངོས་གྲུབ་སྩལ་དུ་གསོལ། །ལས་ཀྱི་བྱ་བ་ཐམས་ཅད་ཀུན། །དེ་བཞིན་མ་ནོར་རིམ་པ་བཞིན། །གནས་སྐབས་ཉིད་དུ་ཡང་དག་སྦྱར། །ཀུན་ཀྱང་དོན་ལ་རྒྱས་པར་བསྟན། །རྣམ་གཉིས་དོན་ལ་རྣམ་པར་གཏད། །ཡང་དག་འདུས་པའི་དཀྱིལ་འཁོར་དུ། །བསྟན་པའི་ལས་ཉིད་ཀུན་ཀྱང་འགྲུབ། །དཔལ་གྱི་དངོས་གྲུབ་ཆེན་པོ་ནི། །དུར་ཁྲོད་ཆེན་པོའི་གཞལ་ཡས་སུ། །མཎྜལ་མདའ་གང་བྱས་ནས་སུ། །ཐིག་དང་བྲི་བ་དེ་བཞིན་བྱ། །ཕྱི་ནང་གསང་གསུམ་ལས་ཀྱི་མཆོག །ཐོད་པ་དམར་ནག་དབང་དྲག་ལ། །སྙིང་པོ་གདན་དང་བཅས་པ་བྲི། །སྙིང་དང་བཅས་པའི་རྫས་དག་ལ། །བསྐྱེད་དང་སྤྱན་དྲང་བསྡིམ་མཆོད་བསྟོད། །དབུས་སུ་དགོད་ཅིང་གསལ་བར་བསམ། །མར་མེ་གསོལ་བྱང་རྒྱན་རྣམས་དགོད། །མཆོད་པའི་རྒྱན་


DNG020_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དེ་བཞིན་ཏེ། །ཏིང་འཛིན་ཆེན་པོའི་བྱིན་བརླབ་ཀྱིས། །རིམ་པར་བསྒོམ་ཞིང་གཞལ་ཡས་ཁང་། །གྲུ་གསུམ་ཟླ་གམ་མུ་ཁྱུད་ལ། །ཐོད་པ་སྐམ་རློན་བཏང་བར་བསྒོམ། །ཤར་སྒོར་ཡུམ་བཞུགས་སྒོ་བའི་ཚུལ། །གཙོ་བོའི་ཞལ་ནི་ཡུམ་ལ་གཟིགས། །སྤྱན་འདྲེན་བསྡིམ་དང་མཆོད་པ་དང་། །བསྙེན་པ་བསྟོད་དང་མཆོད་པ་དབུལ། །མཚན་མ་བརྟན་པོ་བྱུང་བ་དང་། །ཐོད་པ་བླང་ཞིང་མར་མེ་གསོ། །བར་མ་ཆད་པར་དེ་བཞིན་བྱ། །ལྷ་ལ་བསྟོད་ཅིང་ཐུགས་དམ་བསྐུལ། །དངོས་གྲུབ་ཆེན་པོའི་ལས་རྣམས་ནི། །གནད་ལ་དབབ་ཅིང་མཆོད་པ་དབུལ། །ལྷ་ལ་བསླང་ཞིང་ལན་གསུམ་བསྡིམས། །རྫས་ལ་བླང་བ་དེ་བཞིན་ཏེ། །རིམ་པ་བཞིན་དུ་རབ་ཤེས་བྱ། །ཐ་མ་ལས་ཀྱི་མཐའ་རྣམས་རྒྱས། །ཡི་གེ་འཁོར་ལོའི་ས་ནོན་ནས། །འགྲོ་བའི་དོན་རྣམས་དེ་བཞིན་བྱ། །རྣམ་གཉིས་སྐུ་ཡི་འདུལ་ཐབས་བསྟན། །ཧཱུཾ་ཆོས་སྐུ་བདེ་བ་ཆེན་པོའི་ངང་ཉིད་ལས། །ཀུན་ཏུ་བཟང་པོའི་རོལ་པ་ཅིར་ཡང་སྣང་། །བདུད་དང་སྲིན་པོ་མ་ལུས་འདུལ་བའི་ལྷ། །རྔམ་པ་ཆེན་པོས་སྲིད་གསུམ་འཇོམས་པའི་ལྷ། །བདུད་རྒྱལ་དྲེགས་པ་འདུལ་ཞིང་དབང་དུ་སྡུད། །ཧཱུཾ་དང་ཕཊ་ཀྱི་སྒྲ་འབྱིན་སྟོང་གསུམ་སྒྲོལ། །ཡ་མཚན་རྨད་དུ་ཆེ་བའི་ལྷ་ལ་ཕྱག་འཚལ་བསྟོད། །ཧཱུཾ་དབུ་གསུམ་ཕྱག་དྲུག་རྡོ་རྗེའི་གཤོག་པ་ཅན། །དབུ་གསུམ་རྣམ་ཐར་གསུམ་གྱི་དབུ། །དབུས་ནི་མཐིང་གར་བསྟན་པ་ནི། །ཆོས་ཀྱི་སྐུ་ལ་འགྱུར་བ་མེད་པ་དང་། །ཞེ་སྡང་རྩད་ནས་གཅོད་པ་དང་། །ཆོས་སྐུ་འགྱུར་བ་མེད་པའི་ཞལ་ལ་ཕྱག་འཚལ་བསྟོད། །གཡས་ནི་དཀར་བར་བསྟན་པ་ནི། །ཆོས་ཀྱི་སྐུ་ལ་ཉེས་པ་མེད་པ་དང་། །ཉོན་མོངས་གནས་སུ་དག་པའི་ཕྱིར། །ཉེས་པ་མེད་པའི་ཞལ་ལ་ཕྱག་འཚལ་བསྟོད། །གཡོན་ནི་དམར་བར་བསྟན་པ་ནི། །ཐུགས་རྗེ་ཐབས་ཀྱིས་ཆགས་པ་དང་། །འདོད་ཆགས་རྩད་ནས་གཅད་པའི་ཕྱིར། །ཐུགས་རྗེ་ཆགས་པའི་ཞལ་ལ་ཕྱག་འཚལ་བསྟོད། །སྤྱན་མིག་དགུ་རུ་བསྟན་པ་ནི། །འཁོར་བའི་ས་དགུ་འཇོམས་པ་དང་། །


DNG020_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་པ་དགུ་དང་ལྡན་པའི་ཕྱིར། །འཁོར་བ་འཇོམས་པའི་སྤྱན་ལ་ཕྱག་འཚལ་བསྟོད། །མཆེ་བ་བཅུ་གཉིས་བསྟན་པ་ནི། །སྐྱེ་མཆེད་བཅུ་གཉིས་རྩད་ནས་གཅོད་པ་དང་། །ཤ་ཟ་གདུག་པའི་མཆེ་བ་དམར་བའི་ཕྱིར། །སྐྱེ་མཆེད་རྩད་ནས་གཅོད་པའི་ཚེམས་ལ་ཕྱག་འཚལ་བསྟོད། །ཤངས་ནི་གསུམ་དུ་བསྟན་པ་ནི། །སྐུ་གསུམ་ལྷུན་གྱིས་གྲུབ་པ་དང་། །དུག་གསུམ་རྩད་ནས་གཅོད་པའི་ཕྱིར། །སྐུ་གསུམ་ལྷུན་གྲུབ་ཤངས་ལ་ཕྱག་འཚལ་བསྟོད། །ཞལ་ནི་གསུམ་དུ་བསྟན་པ་ནི། །དུག་གསུམ་ཞལ་དུ་གསོལ་བ་དང་། །སྟོང་གསུམ་སྒྲ་ཡིས་གང་བའི་ཕྱིར། །དུག་གསུམ་གསོལ་བའི་ཞལ་ལ་ཕྱག་འཚལ་བསྟོད། །རི་སྤུ་གྱེན་དུ་འཁྱིལ་པར་བསྟན་པ་ནི། །ཁམས་གསུམ་འཁོར་བའི་གནས་ནས་དྲང་བ་དང་། །སྐུ་གསུམ་ལྷུན་གྱིས་གྲུབ་པའི་ས་ལ་དགོད་པའི་ཕྱིར། །ཁམས་གསུམ་འདྲེན་པའི་རི་སྤུ་ཉིད་ལ་ཕྱག་འཚལ་བསྟོད། །རལ་པ་ཁམ་ནག་གྱེན་དུ་འཁྱིལ་པར་བསྟན་པ་ནི། །གདུག་པ་ཅན་རྣམས་དབང་དུ་བསྡུ་བ་དང་། །སྲིད་པའི་རྩེ་མོ་ཟིལ་གྱིས་གནོན་པ་དང་། །གདུག་པ་འཇོམས་པའི་དབུ་ལ་ཕྱག་འཚལ་བསྟོད། །ཕྱག་དྲུག་ཡེ་ཤེས་དྲུག་གི་རང་བཞིན་ཏེ། །གཡས་ཀྱི་དང་པོ་རྡོ་རྗེ་རྩེ་དགུ་བསྣམས་པ་ནི། །ས་དགུ་ལྷུན་གྱིས་གྲུབ་པ་དང་། །ཐེག་པ་དགུ་དང་ལྡན་པའི་ཕྱིར། །ས་དགུ་གནོན་པའི་ཕྱག་ལ་ཕྱག་འཚལ་བསྟོད། །བར་པ་རྡོ་རྗེ་རྩེ་ལྔ་བསྣམས་པ་ནི། །ཡེ་ཤེས་ལྔ་དང་ལྡན་པ་དང་། །རིགས་ལྔ་འགྲོ་བའི་དོན་བྱའི་ཕྱིར། །ཡེ་ཤེས་ལྔ་ལྡན་ཕྱག་འཚལ་བསྟོད། །གཡོན་གྱི་དང་པོ་མེ་དཔུང་བསྣམས་པ་ནི། །ཡེ་ཤེས་མེ་རུ་འབར་བ་དང་། །འཁོར་བ་ཉོན་མོངས་བསྲེག་པའི་ཕྱིར། །ཡེ་ཤེས་འབར་བའི་ཕྱག་ལ་ཕྱག་འཚལ་བསྟོད། །གཡོན་གྱི་བར་མ་ཁ་ཊྭཱཾ་རྩེ་གསུམ་བསྣམས་པར་བསྟན་པ་ནི། །དུག་གསུམ་རྩད་ནས་བཅད་པ་དང་། །རིགས་གསུམ་མགོན་པོ་རྣམས་དང་གཉིས་སུ་མེད་པའི་ཕྱིར། །དུག་གསུམ་རྩད་གཅོད་ཕྱག་ལ་ཕྱག་འཚལ་བསྟོད། །གཡས་གཡོན་ཐ་མ་རྡོ་རྗེ་རི་རབ་ཕུར་བུ་འདྲིལ་བར་བསྟན་པ་ནི། །ཐབས་དང་


DNG020_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་གཉིས་སུ་མེད་པ་སྟེ། །ཁམས་གསུམ་གདུག་པ་མ་ལུས་བསྒྲལ་བའི་ཕྱིར། །ཐབས་དང་ཤེས་རབ་ཕྱག་ལ་ཕྱག་འཚལ་བསྟོད། །དུར་ཁྲོད་ཆས་བརྒྱད་སྐུ་ལ་གསོལ་བ་ནི། །རྣམ་ཤེས་ཚོགས་བརྒྱད་རྩད་ནས་གཅོད་པའི་རྟགས། །གླང་ཆེན་ཀོ་རློན་སྐུ་ལ་གསོལ་བར་བསྟན་པ་ནི། །གཏི་མུག་རྩད་ནས་བཅད་ནས་ཀྱང་། །ཐུགས་རྗེ་ཐབས་དང་ལྡན་པའི་ཕྱིར། །གཏི་མུག་འཇོམས་པའི་རྒྱན་ལ་ཕྱག་འཚལ་བསྟོད། །ཞིང་ཆེན་གཡང་གཞི་སྐུ་ལ་གསོལ་བར་བསྟན་པ་ནི། །འདོད་ཆགས་རྩད་ནས་གཅོད་པ་དང་། །ཐུགས་རྗེ་ཆགས་པར་ལྡན་པའི་ཕྱིར། །འདོད་ཆགས་འཇོམས་པའི་རྒྱན་ལ་ཕྱག་འཚལ་བསྟོད། །སྟག་གི་ཤམ་ཐབས་སྐུ་ལ་བརྒྱན་པ་ནི། །ཞེ་སྡང་རྩད་ནས་གཅོད་པ་དང་། །ཐུགས་རྗེ་ཐབས་དང་ལྡན་པའི་ཕྱིར། །ཞེ་སྡང་རྩད་གཅོད་རྒྱན་ལ་ཕྱག་འཚལ་བསྟོད། །ཐོད་པ་རློན་པས་སྐུ་ལ་བརྒྱན་པ་ནི། །ཆོས་ཀྱི་སྐུ་དང་གཉིས་སུ་མེད་པ་དང་། །སྐྱེ་བ་མེད་པའི་དོན་ནི་གྲུབ་པའི་ཕྱིར། །ཆོས་སྐུ་གཉིས་མེད་རྒྱན་ལ་ཕྱག་འཚལ་བསྟོད། །ཐོད་པ་སྐམ་པོས་སྐུ་ལ་བརྒྱན་པར་བསྟན་པ་ནི། །ལོངས་སྤྱོད་སྐུ་དང་གཉིས་སུ་མེད་པ་དང་། །ཐམས་ཅད་ཀུན་ཏུ་ལོངས་སྐུ་བསམ་མི་ཁྱབ། །ལོངས་སྤྱོད་རྫོགས་སྐུའི་རྒྱན་ལ་ཕྱག་འཚལ་བསྟོད། །ཐོད་པ་ཚལ་བུས་སྐུ་ལ་བརྒྱན་པར་བསྟན་པ་ནི། །སྤྲུལ་པའི་སྐུ་དང་གཉིས་སུ་མེད་པ་དང་། །སྤྲུལ་སྐུ་འགྲོ་བའི་དོན་དུ་ཅིར་ཡང་སྣང་། །སྤྲུལ་སྐུ་གཉིས་མེད་རྒྱན་ལ་ཕྱག་འཚལ་བསྟོད། །ཞག་གི་ཟོ་རིས་སྐུ་ལ་བརྒྱན་པ་ནི། །འདས་པའི་སངས་རྒྱས་རྣམས་དང་གཉིས་སུ་མེད་པ་དང་། །མར་མེ་མཛད་དང་བསྟན་པ་གཅིག་པའི་ཕྱིར། །འདས་པའི་སངས་རྒྱས་རྣམས་ལ་ཕྱག་འཚལ་བསྟོད། །ཐལ་ཆེན་ཚོམ་བུས་སྐུ་ལ་བརྒྱན་པ་ནི། །ད་ལྟར་སངས་རྒྱས་རྣམས་དང་གཉིས་སུ་མེད་པ་དང་། །བཅོམ་ལྡན་འདས་དང་སྐལ་བ་གཅིག་པའི་ཕྱིར། །ད་ལྟར་སངས་རྒྱས་རྣམས་ལ་ཕྱག་འཚལ་བསྟོད། །རཀྟའི་ཐིག་ལེས་སྐུ་ལ་བརྒྱན་པར་བསྟན་པ་ནི། །མ་བྱོན་སངས་རྒྱས་རྣམས་དང་གཉིས་སུ་


DNG020_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་དང་། །རྒྱལ་བ་བྱམས་པའི་བསྟན་པ་གཅིག་པའི་ཕྱིར། །མ་བྱོན་སངས་རྒྱས་རྣམས་ལ་ཕྱག་འཚལ་བསྟོད། །རྡོ་རྗེའི་གཤོག་པ་སྐུ་ལ་བརྒྱན་པ་ནི། །མ་མོ་མཁའ་འགྲོ་ཟིལ་གྱིས་གནོན་པ་དང་། །ཐམས་ཅད་ཀུན་ཏུ་དབང་དུ་སྡུད་པའི་ཕྱིར། །རྡོ་རྗེ་གཤོག་པའི་རྒྱན་ལ་ཕྱག་འཚལ་བསྟོད། །སྦྲུལ་ཆེན་རིགས་བཞིས་སྐུ་ལ་བརྒྱན་པར་བསྟན་པ་ནི། །གདུག་པ་ཀླུ་རྣམས་རྩད་ནས་གཅོད་པ་དང་། །ཞེ་སྡང་འཇོམས་པའི་རྒྱན་ནི་རིགས་བཞིར་བསྟན་པའི་ཕྱིར། །གདུག་པ་ཆེན་པོའི་རྒྱན་ལ་ཕྱག་འཚལ་བསྟོད། །ཞབས་བཞི་མངོན་པར་བསྟན་པ་ནི། །རྫུ་འཕྲུལ་བཞི་ཡི་རང་བཞིན་ཏེ། །གཡས་གཉིས་བསྐུམ་པར་བསྟན་པ་ནི། །ཕོ་གཉིས་འགྲམ་པ་བརྫིས་པ་དང་། །ཐབས་ནི་ཤེས་རབ་རང་བཞིན་ཏེ། །ཕོ་གཉིས་བརྫིས་པའི་ཞབས་ལ་ཕྱག་འཚལ་བསྟོད། །གཡོན་གཉིས་བརྐྱང་པར་བསྟན་པ་ནི། །མོ་གཉིས་ནུ་ཕྲག་བརྫེས་པ་ནི། །ཤེས་རབ་ཐབས་ཀྱི་རང་བཞིན་ཏེ། །མོ་གཉིས་བརྫིས་པའི་ཞབས་ལ་ཕྱག་འཚལ་བསྟོད། །རྡོ་རྗེ་བ་སྤུ་ཁྲོ་བོས་གཏམས་པར་བསྟན་པ་ནི། །འཇིགས་པ་མེད་པར་དབང་དུ་སྡུད་པ་དང་། །ཐམས་ཅད་ཀུན་ཏུ་སྤྲུལ་པས་ཁྱབ་པ་དང་། །འཇིགས་མེད་ཁྲོ་བོ་འདུལ་བའི་ལྷ་ལ་ཕྱག་འཚལ་བསྟོད། །སྒེག་པ་དཔའ་བ་འཇིགས་སུ་རུང་བ་དང་། །རྒོད་དང་གཤེ་དང་འཇིགས་པར་བྱེད་པ་དང་། །རྔོམ་བརྗིད་ཆེན་པོ་རྡོ་རྗེ་གཞོན་ནུའི་སྐུ། །ཞེ་སྡང་འཇོམས་པའི་ལྷ་ལ་ཕྱག་འཚལ་བསྟོད། །ཞེ་སྡང་ཚུལ་གྱིས་ཞེ་སྡང་འཇོམས་མཛད་པ། །རྡོ་རྗེ་གཞོན་ནུའི་སྐུ་ལ་ཕྱག་འཚལ་བསྟོད། །ཡབ་ཀྱི་ཐུགས་དམ་གཉེན་པོ་བསྐོང་བའི་ཡུམ། །འཁོར་ལོ་རྒྱས་འདེབས་དགྱེས་པ་སྐོང་བའི་ཡུམ། །རྡོ་རྗེ་རིགས་ཀྱི་གཙོ་མོ་ཆེན་མོ་སྟེ། །དགྱེས་པ་སྐོང་བའི་ཡུམ་ལ་ཕྱག་འཚལ་བསྟོད། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང་། །གཡས་པ་དགྱེས་པས་ཡབ་ལ་འཁྱུད། །གཡོན་པ་དུང་དམར་གཙོ་ལ་སྟོབ། །རྡོ་རྗེ་རིགས་ཀྱི་ཡུམ་ལ་ཕྱག་འཚལ་བསྟོད། །སྐུ་མདོག་མཐིང་བར་


DNG020_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་ནི། །འགྱུར་བ་མེད་པའི་རང་བཞིན་ཏེ། །ཐམས་ཅད་ཆོས་སྐུ་གཅིག་པ་དང་། །དོན་རྣམས་ཐམས་ཅད་ཐུགས་སུ་ཆུད་པའི་ཕྱིར། །འགྱུར་བ་མེད་པའི་དབུ་ལ་ཕྱག་འཚལ་བསྟོད། །སྤྱན་མིག་གཉིས་སུ་བསྟན་པ་ནི། །ཐབས་དང་ཤེས་རབ་གཉིས་སུ་མེད་པ་དང་། །འཁོར་འདས་གཉིས་སུ་གཟིགས་པའི་ཕྱིར། །ཐབས་དང་ཤེས་རབ་སྤྱན་ལ་ཕྱག་འཚལ་བསྟོད། །ཞལ་ནི་གཅིག་ཏུ་བསྟན་པ་ནི། །ཡབ་ལ་དགྱེས་པར་བཞད་པ་དང་། །དུག་ལྔ་ཞལ་དུ་གསོལ་བའི་ཕྱིར། །ཡབ་ལ་དགྱེས་པའི་ཞལ་ལ་ཕྱག་འཚལ་བསྟོད། །མཆེ་བ་བཞི་རུ་བསྟན་པ་ནི། །སྐྱེ་བ་རྣམ་བཞི་རྩད་ནས་གཅོད་པ་དང་། །གདུག་པའི་ཚེམས་འདྲ་རྔམ་པའི་ཤ་ཟའི་ཕྱིར། །སྐྱེ་ཤི་རྩད་གཅོད་ཚེམས་ལ་ཕྱག་འཚལ་བསྟོད། །ཤངས་ནི་གཅིག་ཏུ་བསྟན་པ་དང་། །དྲི་ཡི་མཆོད་པས་མཉེས་པའི་ཕྱིར། །ཆོས་ཉིད་གཅིག་པའི་ཤངས་ལ་ཕྱག་འཚལ་བསྟོད། །གཡས་པ་ཡབ་ལ་འཁྱུད་པ་ནི། །ཤེས་རབ་ཐབས་ལ་ཆགས་པ་དང་། །དགྱེས་པ་ཆེན་པོ་བསྐང་བའི་ཕྱིར། །ཤེས་རབ་ཐབས་ལ་ཆགས་པའི་ཕྱག་ལ་ཕྱག་འཚལ་བསྟོད། །གཡོན་ན་བྷནྡྷ་རཀྟ་བསྣམས་པ་ནི། །ཡུམ་གྱི་ཆགས་པ་སེལ་བ་དང་། །འདོད་ཆགས་རྩད་ནས་གཅོད་པའི་ཕྱིར། །ཆགས་པ་སེལ་བའི་ཕྱག་ལ་ཕྱག་འཚལ་བསྟོད། །དུར་ཁྲོད་ཆས་བརྒྱད་སྐུ་ལ་གསོལ་བ་ནི། །སྡུག་བསྔལ་བརྒྱད་པོ་རྩད་ནས་བཅད་ནས་ཀྱང་། །རྣམ་པ་ཐམས་ཅད་ཆོས་ཉིད་དབྱིངས་སུ་སྒྲོལ། །སྡུག་བསྔལ་འཇོམས་པའི་རྒྱན་ལ་ཕྱག་འཚལ་བསྟོད། །ཞབས་གཉིས་མངོན་པར་བསྟན་པ་ནི། །རྐང་གཉིས་ཀུན་ལ་བརྩེ་བར་དགོངས་པ་དང་། །བདེ་བར་གཤེགས་པའི་ཐུགས་དམ་དགྱེས་སྐོང་ཕྱིར། །རྐང་གཉིས་བརྩེ་དགོངས་ཞབས་ལ་ཕྱག་འཚལ་བསྟོད། །འདོད་ཆགས་ཚུལ་གྱིས་འདོད་ཆགས་འཇོམས་མཛད་པ། །འཁོར་ལོ་རྒྱས་འདེབས་སྐུ་ལ་ཕྱག་འཚལ་བསྟོད། །ཧཱུཾ་ཁྲོ་བོ་ཆེན་པོ་ཧཱུཾ་ཀཱ་ར། །དབུ་གསུམ་ཕྱག་དྲུག་རྡོ་རྗེའི་གཤོག་པ་ཅན། །འདུལ་བའི་དབང་གིས་ཕྱག་ན་མདའ་གཞུ་བསྣམས། །


DNG020_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

ཚངས་པ་འདུལ་བའི་ལྷ་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །སྟེང་གི་ཟ་བྱེད་རྡོ་རྗེ་སྒྲ་འབྱིན་མ། །ཞལ་གཅིག་ཕྱག་གཉིས་ཡབ་ལ་འཁྱུད་པའི་ཕྱག །འདུལ་བའི་དབང་གིས་ཚངས་མོའི་གདན་ལ་བཞུགས། །ཚངས་རིགས་འདུལ་བའི་ཡུམ་ལ་ཕྱག་འཚལ་བསྟོད། །ཕག་གི་མགོ་ཅན་ཡབ་ཀྱི་སྤྲུལ་པ་སྟེ། །ཚངས་པ་ཕོ་ཡི་འཁོར་ན་གདུག་པ་འདུལ། །འདུལ་བའི་དབང་དུ་ཕྱག་ན་ཕུར་པ་བསྣམས། །གདུག་རྩུབ་ཀླུ་བདུད་ཁྱོད་ལ་ཕྱག་འཚལ་བསྟོད། །སྨིག་བུའི་མགོ་ཅན་ཡུམ་གྱི་སྤྲུལ་པ་སྟེ། །ཚངས་པ་མོ་ཡི་འཁོར་ན་གདུག་པ་འདུལ། །འདུལ་བའི་དབང་གིས་ཕྱག་ན་མདའ་གཞུ་བསྣམས། །སོ་རྣོ་གྲིམས་བྱེད་ཁྱོད་ལ་ཕྱག་འཚལ་བསྟོད། །ཧཱུཾ་ཁྲོ་བོ་ཆེན་པོ་རྣམ་པར་རྒྱལ། །དབུ་གསུམ་ཕྱག་དྲུག་རྡོ་རྗེའི་གཤོག་པ་ཅན། །འདུལ་བའི་དབང་གིས་ཏྲི་ཤཱུལ་འཁོར་ལོ་བསྣམས། །བརྒྱ་བྱིན་འདུལ་བའི་ལྷ་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །ཤར་གྱི་ཟ་བྱེད་རྡོ་རྗེ་རྣམ་སྙེམས་མ། །ཞལ་གཅིག་ཕྱག་གཉིས་ཡབ་ལ་འཁྱུད་པའི་ཕྱག །འདུལ་བའི་དབང་གིས་བརྒྱ་བྱིན་མོ་ཡི་གདན་ལ་བཞུགས། །བརྒྱ་བྱིན་འདུལ་བའི་ཡུམ་ལ་ཕྱག་འཚལ་བསྟོད། །སྟག་གི་མགོ་ཅན་ཡབ་ཀྱི་སྤྲུལ་པ་སྟེ། །བརྒྱ་བྱིན་ཕོ་ཡི་འཁོར་གྱི་གདུག་པ་འདུལ། །འདུལ་བའི་དབང་གིས་ཕྱག་ན་ཕུར་པ་བསྣམས། །གདུག་པ་འདུལ་བའི་ལྷ་ལ་ཕྱག་འཚལ་བསྟོད། །བྱ་རྒོད་མགོ་ཅན་ཡུམ་གྱི་སྤྲུལ་པ་སྟེ། །བརྒྱ་བྱིན་མོ་ཡི་འཁོར་ན་གདུག་པ་འདུལ། །འདུལ་བའི་དབང་གིས་ཕྱག་ན་ལྕགས་ཀྱུ་བསྣམས། །ཞི་བ་ཆེན་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །ཧཱུཾ་ཤར་ལྷོའི་ཁྲོ་བོ་དབྱུག་སྔོན་པོ། །དབུ་གསུམ་ཕྱག་དྲུག་རྡོ་རྗེའི་གཤོག་པ་ཅན། །འདུལ་བའི་དབང་གིས་དབྱུག་ཏོ་མེ་དཔུང་བསྣམས། །དྲང་སྲོང་འདུལ་བའི་ལྷ་ལ་ཕྱག་འཚལ་བསྟོད། །ཤར་ལྷོ་ཟ་བྱེད་ཆེན་མོ་རྡོ་རྗེ་སྡེར་མོ་ལ། །ཞལ་གཅིག་ཕྱག་གཉིས་ཡབ་ལ་འཁྱུད་པའི་ཕྱག །འདུལ་བའི་དབང་གིས་དྲང་སྲོང་མོ་ཡི་གདན་ལ་བཞུགས། །དྲང་སྲོང་འདུལ་བའི་ཡུམ་ལ་ཕྱག་འཚལ་བསྟོད། །གཡག་གི་མགོ་ཅན་ཡབ་


DNG020_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྤྲུལ་པ་སྟེ། །དྲང་སྲོང་ཕོ་ཡི་འཁོར་གྱི་གདུག་པ་འདུལ། །འདུལ་བའི་དབང་གིས་ཕྱག་ན་ཕུར་པ་བསྣམས། །རྫི་རྣོན་བརྗེད་མེད་ཁྱོད་ལ་ཕྱག་འཚལ་བསྟོད། །བྱ་རོག་མགོ་ཅན་ཡུམ་གྱི་སྤྲུལ་པ་སྟེ། །དྲང་སྲོང་མོ་ཡི་འཁོར་གྱིས་གདུག་པ་འདུལ། །འདུལ་བའི་དབང་གིས་ཕྱག་ན་ལྕགས་ཀྱུ་བསྣམས། །ཚེ་གསུམ་དྲན་བྱེད་ཁྱོད་ལ་ཕྱག་འཚལ་བསྟོད། །ཧཱུཾ་ལྷོ་ཡི་ཁྲོ་བོ་གཤིན་རྗེའི་གཤེད། །དབུ་གསུམ་ཕྱག་དྲུག་རྡོ་རྗེའི་གཤོག་པ་ཅན། །འདུལ་བའི་དབང་གིས་མི་མགོ་དགྲ་སྟྭ་བསྣམས། །གཤིན་རྗེ་འདུལ་བའི་ལྷ་ལ་ཕྱག་འཚལ་བསྟོད། །ལྷོ་ཡི་ཟ་བྱེད་དུར་ཁྲོད་མ། །ཞལ་གཅིག་ཕྱག་གཉིས་ཡབ་ལ་འཁྱུད་པའི་ཕྱག །འདུལ་བའི་དབང་གིས་གཤིན་རྗེ་མོ་ཡི་གདན་ལ་བཞུགས། །གཤིན་རྗེ་འདུལ་བའི་ཡུམ་ལ་ཕྱག་འཚལ་བསྟོད། །ཤ་བའི་མགོ་ཅན་ཡབ་ཀྱི་སྤྲུལ་པ་སྟེ། །གཤིན་རྗེ་ཕོ་ཡི་འཁོར་གྱི་གདུག་པ་འདུལ། །འདུལ་བའི་དབང་གིས་ཕྱག་ན་ཕུར་པ་བསྣམས། །སྨྱོས་པར་བྱེད་པ་ཁྱོད་ལ་ཕྱག་འཚལ་བསྟོད། །འུག་པའི་མགོ་ཅན་ཡུམ་གྱི་སྤྲུལ་པ་སྟེ། །གཤིན་རྗེ་མོ་ཡི་འཁོར་ན་གདུག་པ་འདུལ། །འདུལ་བའི་དབང་གིས་ཕྱག་ན་ཕུར་པ་བསྣམས། །རྟོགས་པ་སྐྱེད་བྱེད་ཁྱོད་ལ་ཕྱག་འཚལ་བསྟོད། །ཧཱུཾ་ལྷོ་ནུབ་ཁྲོ་བོ་མི་གཡོ་མགོན། །དབུ་གསུམ་ཕྱག་དྲུག་རྡོ་རྗེའི་གཤོག་པ་ཅན། །འདུལ་བའི་དབང་གིས་རལ་གྲི་ཞགས་པ་བསྣམས། །སྲིན་པོ་འདུལ་བའི་ལྷ་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །ལྷོ་ནུབ་ཟ་བྱེད་རྡོ་རྗེ་གཏུན་ཁུང་མ། །ཞལ་གཅིག་ཕྱག་གཉིས་ཡབ་ལ་འཁྱུད་པའི་ཕྱག །འདུལ་བའི་དབང་གིས་སྲིན་མོའི་གདན་ལ་བཞུགས། །སྲིན་མོ་འདུལ་བའི་ལྷ་ལ་ཕྱག་འཚལ་བསྟོད། །གཟིག་གི་མགོ་ཅན་ཡབ་ཀྱི་ཕོ་ཉ་སྟེ། །སྲིན་པོའི་འཁོར་ན་གདུག་པ་འདུལ། །འདུལ་བའི་དབང་གིས་ཕྱག་ན་ཕུར་པ་བསྣམས། །དྲན་རྟོག་བང་མགྱོགས་ཁྱོད་ལ་ཕྱག་འཚལ་བསྟོད། །ཁྭ་ཏའི་མགོ་ཅན་ཡུམ་གྱི་ཕོ་ཉ་སྟེ། །སྲིན་མོའི་འཁོར་ན་གདུག་པ་འདུལ། །འདུལ་བའི་དབང་གིས་ཕྱག་ན་ལྕགས་ཀྱུ་བསྣམས། །འཛིན་ཅིང་བསམ་པས་སླེབ་


DNG020_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཁྱོད་ལ་ཕྱག་འཚལ་བསྟོད། །ཧཱུཾ་ནུབ་ཀྱི་ཁྲོ་བོ་རྟ་མགྲིན་དཔལ། །དབུ་གསུམ་ཕྱག་དྲུག་རྡོ་རྗེའི་གཤོག་པ་ཅན། །འདུལ་བའི་དབང་གིས་ཞགས་པ་སྤུ་གྲི་བསྣམས། །ཀླུ་བདུད་འདུལ་བའི་ལྷ་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །ནུབ་ཀྱི་ཟ་བྱེད་རྡོ་རྗེ་གཏུམ་མོ་ནི། །ཞལ་གཅིག་ཕྱག་གཉིས་ཡབ་ལ་འཁྱུད་པའི་ཕྱག །འདུལ་བའི་དབང་གིས་ཀླུ་བདུད་མོ་ཡི་གདན་ལ་བཞུགས། །ཀླུ་བདུད་འདུལ་བའི་ཡུམ་ལ་ཕྱག་འཚལ་བསྟོད། །བྱི་ལའི་མགོ་ཅན་ཡབ་ཀྱི་སྤྲུལ་པ་སྟེ། །ཀླུ་བདུད་ཕོ་ཡི་འཁོར་ན་གདུག་པ་འདུལ། །འདུལ་བའི་དབང་གིས་ཕྱག་ན་ཕུར་པ་བསྣམས། །གདུག་པ་སོ་རྣོན་ཅི་ལ་ཐོགས་མེད་ཁྱོད་ལ་ཕྱག་འཚལ་བསྟོད། །པུ་ཤུད་མགོ་ཅན་ཡུམ་གྱི་སྤྲུལ་པ་སྟེ། །ཀླུ་བདུད་མོ་ཡི་འཁོར་ན་གདུག་པ་འདུལ། །འདུལ་བའི་དབང་གིས་ཕྱག་ན་ལྕགས་ཀྱུ་བསྣམས། །འཇིགས་བྱེད་གློག་གཅོད་ཁྱོད་ལ་ཕྱག་འཚལ་བསྟོད། །ཧཱུཾ་ནུབ་བྱང་ཁྲོ་བོ་གཞན་གྱིས་མི་ཐུབ་པ། །དབུ་གསུམ་ཕྱག་དྲུག་རྡོ་རྗེའི་གཤོག་པ་ཅན། །འདུལ་བའི་དབང་གིས་རྡུལ་གཡབ་བ་དན་བསྣམས། །རླུང་ལྷ་འདུལ་བའི་ལྷ་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །ནུབ་བྱང་ཟ་བྱེད་རྡོ་རྗེ་མདའ་སྙེམས་མ། །ཞལ་གཅིག་ཕྱག་གཉིས་ཡབ་ལ་འཁྱུད་པའི་ཕྱག །འདུལ་བའི་དབང་གིས་རླུང་ལྷ་མོ་ཡི་གདན་ལ་བཞུགས། །རླུང་ལྷ་འདུལ་བའི་ཡུམ་ལ་ཕྱག་འཚལ་བསྟོད། །སྤྱང་ཀིའི་མགོ་ཅན་ཡབ་ཀྱི་ཕོ་ཉ་སྟེ། །རླུང་ལྷ་ཕོ་ཡི་འཁོར་ན་གདུག་པ་འདུལ། །འདུལ་བའི་དབང་གིས་ཕྱག་ན་ཕུར་པ་བསྣམས། །གསོད་པར་བྱེད་པ་ཁྱོད་ལ་ཕྱག་འཚལ་བསྟོད། །ཁྲ་ཡི་མགོ་ཅན་ཡུམ་གྱི་ཕོ་ཉ་སྟེ། །རླུང་ལྷ་མོ་ཡི་འཁོར་ན་གདུག་པ་འདུལ། །འདུལ་བའི་དབང་གིས་ཕྱག་ན་ལྕགས་ཀྱུ་བསྣམས། །གསོད་པར་བྱེད་པ་ཁྱོད་ལ་ཕྱག་འཚལ་བསྟོད། །ཧཱུཾ་བྱང་གི་ཁྲོ་བོ་བདུད་རྩི་འཁྱིལ། །དབུ་གསུམ་ཕྱག་དྲུག་རྡོ་རྗེའི་གཤོག་པ་ཅན། །འདུལ་བའི་དབང་གིས་ཕྱག་ན་རྒྱ་གྲམ་བསྣམས། །གནོད་སྦྱིན་འདུལ་བའི་ལྷ་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །བྱང་གི་ཟ་བྱེད་ཡུམ་ཆེན་


DNG020_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་འབྱིན་མ། །ཞལ་གཅིག་ཕྱག་གཉིས་ཡབ་ལ་འཁྱུད། །འདུལ་བའི་དབང་གིས་གནོད་སྦྱིན་མོ་ཡི་གདན་ལ་བཞུགས། །གནོད་སྦྱིན་འདུལ་བའི་ཡུམ་ལ་ཕྱག་འཚལ་བསྟོད། །སེང་གེའི་མགོ་ཅན་ཡབ་ཀྱི་སྤྲུལ་པ་སྟེ། །གནོད་སྦྱིན་ཕོ་ཡི་འཁོར་གྱི་གདུག་པ་འདུལ། །འདུལ་བའི་དབང་གིས་ཕྱག་ན་ཕུར་པ་བསྣམས། །སྟོབས་ཆེན་འགྲོ་མགྱོགས་ཁྱོད་ལ་ཕྱག་འཚལ་བསྟོད། །ཕ་ཝང་མགོ་ཅན་ཡུམ་གྱི་སྤྲུལ་པ་སྟེ། །གནོད་སྦྱིན་མོ་ཡི་འཁོར་ན་གདུག་པ་འདུལ། །འདུལ་བའི་དབང་གིས་ཕྱག་ན་ལྕགས་ཀྱུ་བསྣམས། །འཕྲུལ་ཆེན་ཐབས་མཁས་ཁྱོད་ལ་ཕྱག་འཚལ་བསྟོད། །ཧཱུཾ་བྱང་ཤར་ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ། །དབུ་གསུམ་ཕྱག་དྲུག་རྡོ་རྗེའི་གཤོག་པ་ཅན། །འདུལ་བའི་དབང་གིས་ཕྱག་ན་རྡོ་རྗེ་མདའ་གཞུ་བསྣམས། །དབང་ལྡན་འདུལ་བའི་ལྷ་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །བྱང་ཤར་ཟ་བྱེད་རྡོ་རྗེ་གསོད་བྱེད་མ། །ཞལ་གཅིག་ཕྱག་གཉིས་ཡབ་ལ་འཁྱུད་པའི་ཕྱག །འདུལ་བའི་དབང་གིས་དབང་ལྡན་མོ་ཡི་གདན་ལ་བཞུགས། །དབང་ལྡན་འདུལ་བའི་ཡུམ་ལ་ཕྱག་འཚལ་བསྟོད། །དྲེད་ཀྱི་མགོ་ཅན་ཡབ་ཀྱི་སྤྲུལ་པ་སྟེ། །དབང་ལྡན་འདུལ་བའི་འཁོར་ན་གདུག་པ་འདུལ། །འདུལ་བའི་དབང་གིས་ཕྱག་ན་ཕུར་པ་བསྣམས། །འཇིགས་མེད་ཤུགས་ཆེན་ཞེ་སྡང་ཁྱོད་ལ་ཕྱག་འཚལ་བསྟོད། །སྲེ་མོའི་མགོ་ཅན་ཡུམ་གྱི་སྤྲུལ་པ་སྟེ། །དབང་ལྡན་མོ་ཡི་འཁོར་ན་གདུག་པ་འདུལ། །འདུལ་བའི་དབང་གིས་ཕྱག་ན་ལྕགས་ཀྱུ་བསྣམས། །བདེ་མགྱོགས་ཤ་གྲིམས་འགུགས་བྱེད་ཁྱོད་ལ་ཕྱག་འཚལ་བསྟོད། །ཧཱུཾ་འོག་གི་ཁྲོ་བོ་སྟོབས་པོ་ཆེ། །དབུ་གསུམ་ཕྱག་དྲུག་རྡོ་རྗེའི་གཤོག་པ་ཅན། །འདུལ་བའི་དབང་གིས་ཐོ་བ་གཏུན་ཤིང་བསྣམས། །ས་བདག་འདུལ་བའི་ལྷ་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །འོག་གི་ཟ་བྱེད་རྡོ་རྗེ་བསྐྱོད་མ་ནི། །ཞལ་གཅིག་ཕྱག་གཉིས་ཡབ་ལ་འཁྱུད། །འདུལ་བའི་དབང་གིས་ས་བདག་མོ་ཡི་གདན་ལ་བཞུགས། །ས་བདག་འདུལ་བའི་ཡུམ་ལ་ཕྱག་འཚལ་བསྟོད། །དོམ་གྱི་


DNG020_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

མགོ་ཅན་ཡབ་ཀྱི་སྤྲུལ་པ་སྟེ། །ས་བདག་ཕོ་ཡི་འཁོར་ན་གདུག་པ་འདུལ། །འདུལ་བའི་དབང་གིས་ཕྱག་ན་ཕུར་པ་བསྣམས། །དམིགས་དང་ཁྲོས་པ་བརྗེད་མེད་ཁྱོད་ལ་ཕྱག་འཚལ་བསྟོད། །བྱི་བའི་མགོ་ཅན་ཡུམ་གྱི་སྤྲུལ་པ་སྟེ། །ས་བདག་མོ་ཡི་འཁོར་ན་གདུག་པ་འདུལ། །འདུལ་བའི་དབང་གིས་ཕྱག་ན་ལྕགས་ཀྱུ་བསྣམས། །འབིགས་བྱེད་སྒྲོལ་བར་བྱེད་པ་ཁྱོད་ལ་ཕྱག་འཚལ་བསྟོད། །རྡོ་རྗེ་ཕུར་པ་ཆེན་པོ་བཤད་པའི་རྒྱུད་ལས། རྫས་ལ་བརྟེན་ཏེ་སྒྲུབ་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་དུར་ཁྲོད་ཀྱི་བདག་པོ་བདུད་རྩི་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། གནས་ནི་དུར་ཁྲོད་གཞལ་ཡས་སུ། །བར་སྣང་དམར་དང་གནག་པ་དང་། །རི་ཡང་དམར་ནག་རྡོ་རྗེའི་དབྱིབས། །མེ་ཏོག་ཤིང་དང་ལོ་འདབ་རྒྱས། །སྨན་རྣམས་འཁྲུངས་དང་ས་བཟང་དང་། །གོང་དུ་བསྟན་པའི་ངེས་པ་མེད། །རྩ་བ་ལོ་མར་བཅས་པ་སྐམ། །ཡུམ་ཡང་ཡིད་དུ་འོང་བ་བཙལ། །རིགས་བཙུན་ངང་བཟང་ཤོངས་ཡངས་ཆེ། །ལྕང་ལོའི་སྐྲ་ལ་སྐེད་པ་ཕྲ། །སྨྲ་བ་སྙན་ལ་རྣ་བ་གསང་། །སྨིན་མཚམས་བར་མ་ཆད་པ་དང་། །སོ་ཐགས་དམ་ལ་ཤངས་ཀྱང་མཛེས། །སྟོད་སྨད་སྙོམས་ལ་ནུ་མ་འབུར། །ཉེས་པའི་སྐྱོན་རྣམས་མེད་པར་བྱ། །ཉིད་ལས་མི་གཞན་མཆོད་པ་སྟོབས། །ཉམས་པ་ཐོགས་མེད་སྤྱོད་ནུས་དང་། །བར་ཆད་སེལ་ཞིང་ཉེས་པ་མེད། །མཛེས་པའི་དོན་ལ་ཡང་དག་གོམས། །ཤེས་བཞིན་ཡིད་འོང་སྟོབས་ལྡན་དང་། །མཐུན་པའི་གཙོ་འཁོར་མཛེས་པར་འགྱུར། །དམ་ཚིག་གཙང་མ་དམ་པ་བསྲུངས། །སྨྲ་ཉུང་དོན་ཆེན་དངོས་གྲུབ་སྣོད། །འཛིན་པས་མ་བཅིངས་ལྟ་བ་རྟོགས། །བསམ་གཏན་དོན་དང་མི་འབྲལ་བའི། །སྙིང་རྗེའི་སེམས་དང་ལྡན་པ་ཡིས། །འདམ་ཞིང་ཉེས་པ་བསལ་བར་བྱ། །སྟོན་པ་ཆེན་པོའི་བྱིན་རླབས་ལས། །ཐུགས་རྗེ་ནམ་མཁའི་ཆོ་


DNG020_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲུལ་གྱིས། །ཐམས་ཅད་བདུད་རྩི་ས་ལ་བབ། །འབྱུང་བ་ཆེན་པོའི་བྱིན་རླབས་ལས། །ཐམས་ཅད་བདུད་རྩིའི་རང་བཞིན་ཏེ། །ཕྱི་ནང་རྩ་བ་བརྒྱད་པོ་དང་། །གསང་བ་ཉིད་དུ་དེ་བཞིན་སྦྱར། །བྱང་ཆུབ་སེམས་དང་མཱཾ་ས་དང་། །དྲི་ཆེན་རཀྟ་དྲི་ཆུ་རྣམས། །སྡེར་ཆགས་ཤ་དང་རྨིག་ཟླུམ་ཤ །ཁ་བྲག་ཤ་དང་འདབ་ཆགས་ཤ །རྐང་ལེབ་ཤ་ཡང་དེ་བཞིན་བཤམས། །ལན་ཚྭ་བྲག་ཞུན་ལག་པ་དང་། །ཅོང་ཞི་རབ་ཏུ་རྣམ་པ་ལྔ། །དེ་བཞིན་རིམ་པས་ཡང་དག་སྦྱར། །མཎྜལ་གྲུ་བཞི་འདོམ་གང་ལ། །དམ་རྫས་ལྔ་ཡིས་ཆག་ཆག་གདབ། །ཨོཾ་ཧཱུཾ་བོ་དྷི་ཙིཏྟ་མཎྜ་ལ་ཧཱུཾ། ཨོཾ་ཀུ་ཀུ་མཎྜ་ལ་ཧཱུཾ། ཨོཾ་མ་ཧཱ་མཱཾ་ས་མཎྜ་ལ་ཧཱུཾ། ཨོཾ་རཀྟ་མཎྜ་ལ་ཧཱུཾ། ཨོཾ་གྷན་དྷ་མཎྜ་ལ་ཧཱུཾ། ལུག་དང་སྤྱང་ཀིའི་སོག་པ་ལ། །གཙོ་བོ་ཉིད་དུ་ཡང་དག་བཤད། །སྤྱན་དྲང་བསྡིམ་ལ་མཆོད་བསྟོད་བྱ། །སོག་པའི་རྒྱབ་ཏུ་སྒོ་སྲུང་བྲི། །ཧཱུཾ་རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས། །སྲིད་པ་རྡོ་རྗེ་ཕུར་པའི་ལྷ། །ཡེ་ཤེས་ཁྲོ་བོ་གྲུབ་པར་མཛོད། །དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །གཏོགས་ཤིག་གྲོགས་དང་བྲལ་བར་གྱིས། །སྒོ་ཡི་གཡས་སུ་གདགས་པར་བྱ། །ཁྱི་དང་ཕག་གི་སོག་པ་ལ། །དམ་སྲི་བྲིས་ལ་ལས་རྣམས་བྱ། །སྒོ་ཡི་གཡོན་དུ་གདགས་པར་བྱ། །འཕགས་པ་མཆོད་དང་འབྱུང་པོ་ལ། །དབུལ་ཞིང་དྲེགས་པ་ཀུན་ཀྱང་མཆོད། །རྡོ་རྗེ་ཕུར་པའི་དམ་སྲི་མནན། །གསུམ་པ་ཚོགས་བསག་སྒྲིབ་སྦྱང་བྱ། །དེ་ནས་ཐིག་ནི་གདབ་པར་བྱ། །ས་ཐིག་གནམ་ཐིག་དེ་བཞིན་སྦྱར། །ཚོན་ཡང་དེ་བཞིན་ཤེས་པར་བྱ། །བྲི་བའི་རིམ་པ་འདི་ལྟ་སྟེ། །གྲུ་གསུམ་ཟླ་གམ་མུ་ཁྱུད་དང་། །འཁོར་ལོ་རྩིབས་བཞི་རྩིབས་བརྒྱད་དང་། །གྲུ་ཆད་བཞི་དང་ལྷ་རྣམས་དང་། །སྒོ་དང་རྟ་བབས་བཅས་པ་དང་། །བུམ་པ་འཁོར་ལོ་གདུགས་དང་བཅས། །


DNG020_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

གྲུ་གསུམ་དམར་དང་གནག་དང་བཅས། །གནག་དང་ཡང་ནི་ཐོད་པ་དཀར། །རིགས་དང་དམར་བ་གནག་པ་དཀར། །སེར་དང་ལྗང་ལ་གྲུ་ཆད་དམར། །སེར་ལས་རིགས་དང་མཐུན་པར་བྲི། །རྩིགས་པ་གཞི་དམར་ཐོད་པ་དཀར། །གཞི་སེར་ལྷུ་དུམ་དམར་བ་དང་། །ལྗང་ལ་རྒྱུ་ཞགས་དཀར་བ་དང་། །རིན་ཆེན་ལྔ་ཡང་རྣམ་པར་གཏང་། །རིན་ཆེན་ཕྲེང་བ་དཀར་པོ་གཏང་། །ལྕགས་རི་ནག་པོ་མེ་རི་དམར། །འཁོར་ལོ་དང་ནི་ལྷ་གནས་སུ། །གྲུ་གསུམ་སྟེང་དུ་ཡིག་འབྲུ་བཀོད། །མཚན་དང་ལྡན་པའི་བྷནྡྷ་ལ། །སུལ་མེད་སུལ་འགྲེང་མང་བ་དང་། །ཟླ་གམ་རྒྱ་གྲམ་མཚན་དང་ལྔ། །རྡོ་རྗེ་དེ་བཞིན་གཤེགས་པ་དང་། །རིན་ཆེན་པདྨ་ལས་ཀྱི་རིགས། །དེ་བཞིན་མཚན་ལྡན་ཐོད་པ་ལ། །རྣམ་པ་གསུམ་གྱི་དྲིས་བདུག་ལ། །བྱང་ཆུབ་སེམས་དང་དྲི་ཆེན་དང་། །ཤ་ཆེན་པདྨ་རཀྟ་དང་། །དྲི་ཆུ་ལྔ་སྟེ་རིམ་པ་བཞིན། །སྡེར་ཆགས་ཤ་དང་རྨིག་ཟླུམ་ཁ་བྲག་དང་། །འདབ་ཆགས་རྐང་ལེབ་རྣམ་པ་ལྔ། །ཚྭ་དང་བྲག་བཅུད་ལག་པ་དང་། །རབ་ཏུ་ཅོང་སྟར་བུ་ཟི་རིམ་པ་ལྔ། །ཕྱི་ནང་གསང་གསུམ་དམ་རྫས་ལྔ། །རིམ་པ་བཞིན་དུ་དགོད་པར་བྱ། །ཕྱི་ནང་གསང་གསུམ་རྩ་བ་བརྒྱད། །མ་ནོར་རིམ་པར་དགོད་པར་བྱ། །མིག་དང་རྡོ་རྗེའི་ཆུ་བ་དང་། །སྣ་དང་གྲེ་བ་ཡང་དག་ལྡན། །ལྕེ་དང་པདྨ་ཆེན་པོ་དང་། །རྣ་བ་དང་ནི་ཙིཏྟ་རྣམས། །དེ་བཞིན་ནང་གི་རྩ་བར་བཤད། །ལུག་མིག་ཐལ་ཀར་རྡོ་རྗེ་དང་། །སྲི་ཤིང་འདབ་མ་དབང་པོ་ལག །ཁ་འབར་མ་དང་རྒུན་འབྲུ་དང་། །ཞོ་ཤ་ཀ་ཤོ་ཀཱ་དྷ་རྣམས། །ཕྱི་ཡི་རིམ་པར་དགོད་པར་བྱ། །ཡང་ན་འདི་ལྟར་བཤད་པར་བྱ། །ཅོང་ཟི་དང་ནི་ལན་ཚྭ་དང་། །ར་མོ་ཤག་དང་རམ་ཉེ་བ། །བྲག་ཞུན་བྲག་རྒྱ་ཧའོ་གཉིས། །བུ་རམ་དང་ནི་དོམ་མཁྲིས་གཉིས། །གསང་བའི་རིམ་པར་དེ་


DNG020_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དགོད། །ཡང་ན་གསང་བ་ཆེན་པོ་ནི། །ཡབ་ཡུམ་བཞི་བཞི་རྣམ་པ་བརྒྱད། །ཡང་དག་ཉིད་དུ་དེ་ཤེས་བྱ། །གཞི་ཡི་རྣམ་ལྔ་མ་འཁྲུལ་ན། །ཇི་ལྟར་ཕྱེ་ཡང་ངེས་པ་མེད། །ཁ་དོག་རོ་དང་དབྱིབས་རྣམས་དང་། །རིགས་དང་སྦྱར་ཏེ་དེ་བཞིན་དབྱེ། །ལྔ་ལ་ལྔ་ཡིས་དགབ་བྱ་ཞིང་། །ལྔ་ཡིས་དེ་བཞིན་གདགས་པར་བྱ། །ཁྲོ་བོ་དྲག་པོའི་ཚམ་རྔམས་བྱ། །མཚམས་ཀྱིས་ཉེས་པ་བསལ་བ་དང་། །ལས་ཀྱི་ལྷ་ཡི་ཏིང་འཛིན་གྱིས། །དབུས་ཀྱི་ཐོད་པ་སྟོང་པར་འགྱུར། །འཇིགས་པའི་སྟོང་པ་ཆེན་པོ་ཡིན། །ཧཱུཾ་དང་རྡོ་རྗེའི་འཕྲོ་འདུ་ལས། །སྔགས་ཀྱི་གཙོ་བོ་ཉིད་དུ་གནས། །གནས་པ་ཆེན་པོ་བདེ་བ་ཆེ། །སྤྱན་དང་བསྡིམ་དང་སྔགས་ཀྱི་ལས། །བསྟོད་ཅིང་ཐོད་པ་དེ་བཞིན་བླང་། །ཧཱུཾ་དབུས་ཀྱི་བྷནྡྷ་སུལ་མེད་བྱ། །བྱང་ཆུབ་སེམས་ལ་སྨན་སྦྱར་ནས། །རྩ་བ་ཡན་ལག་བཅས་པ་རྣམས། །བཛྲ་ཀཱི་ལ་ཡ་རུ་བྱིན་བརླབས་ནས། །རང་བྱུང་བདུད་རྩིའི་སྨན་སྦྱར་ནས། །རྒྱལ་བ་རྒྱ་མཚོའི་ཐུགས་དམ་བསྐང་། །དབུས་སུ་བརྟན་པར་བཞུགས་ནས་ཀྱང་། །རང་བྱུང་བདུད་རྩིའི་དངོས་གྲུབ་སྩོལ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བཾ་ཧཱུཾ་ཕཊ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ་ཕཊ། ས་མ་ཡ་ཏིཥྛ་ལྷན། ཧཱུཾ་ཤར་གྱི་བྷནྡྷ་སུལ་འགྲེང་དུ། །དྲི་ཆེན་མཆོག་ལ་སྨན་སྦྱར་ནས། །རྩ་བ་ཡན་ལག་བཅས་པ་རྣམས། །བུཌྜྷ་ཀཱི་ལ་ཡ་རུ་བྱིན་བརླབས་ནས། །རང་བྱུང་བདུད་རྩིའི་སྨན་སྦྱར་ནས། །རྒྱལ་བ་རྒྱ་མཚོའི་ཐུགས་དམ་བསྐང་། །ཤར་དུ་བརྟན་པར་བཞུགས་ནས་ཀྱང་། །རང་བྱུང་བདུད་རྩིའི་དངོས་གྲུབ་སྩོལ། །ཧཱུཾ་བུཌྜྷ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བཾ་ཧཱུཾ་ཕཊ། ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ་ཕཊ། ས་མ་ཡ་ཏིཥྛ་ལྷན། ཧཱུཾ་ལྷོ་ཡི་བྷནྡྷ་སུལ་མང་དུ། །མཱཾ་ས་མཆོག་ལ་སྨན་སྦྱར་ནས། །རྩ་བ་ཡན་ལག་བཅས་པ་རྣམས། །རཏྣ་ཀཱི་ལ་ཡ་རུ་བྱིན་བརླབས་ནས། །རང་བྱུང་བདུད་རྩིའི་སྨན་སྦྱར་ནས། །རྒྱལ་བ་རྒྱ་མཚོའི་ཐུགས་དམ་བསྐང་། །ལྷོ་རུ་བརྟན་པར་བཞུགས་ནས་ཀྱང་། །རང་བྱུང་བདུད་རྩིའི་དངོས་གྲུབ་སྩོལ། །སྭཱ་བཛྲ་ཀཱི་ལི་ཀཱི་ལ་


DNG020_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་སརྦ་བིགྷྣཱཾ་བཾ་ཧཱུཾ་ཕཊ། ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ་ཕཊ། ས་མ་ཡ་ཏིཥྛ་ལྷན། ཧཱུཾ་ནུབ་ཀྱི་བྷན་དྷ་ཟླ་གམ་དུ། །རཀྟ་མཆོག་ལ་སྨན་སྦྱར་ནས། །རྩ་བ་ཡན་ལག་བཅས་པ་རྣམས། །པདྨ་ཀཱི་ལ་ཡ་རུ་བྱིན་བརླབས་ནས། །རང་བྱུང་བདུད་རྩིའི་སྨན་སྦྱར་ནས། །རྒྱལ་བ་རྒྱ་མཚོའི་ཐུགས་དམ་བསྐང་། །ནུབ་ཏུ་བརྟན་པར་བཞུགས་ནས་ཀྱང་། །རང་བྱུང་བདུད་རྩིའི་དངོས་གྲུབ་སྩོལ། །ཨཱོཾ་པདྨ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བཾ་ཧཱུཾ་ཕཊ། ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ་ཐ། ས་མ་ཡ་ཏིཥྛ་ལྷན། ཧཱུཾ་བྱང་གི་བྷན་དྷ་རྒྱ་གྲམ་དུ། །དྲི་ཆུ་མཆོག་ལ་སྨན་སྦྱར་ནས། །རྩ་བ་ཡན་ལག་བཅས་པ་རྣམས། །ཀརྨ་ཀཱི་ལ་ཡ་རུ་བྱིན་བརླབས་ནས། །རང་བྱུང་བདུད་རྩིའི་སྨན་སྦྱར་ནས། །རྒྱལ་བ་རྒྱ་མཚོའི་ཐུགས་དམ་བསྐང་། །བྱང་དུ་བརྟན་པར་བཞུགས་ནས་ཀྱང་། །རང་བྱུང་བདུད་རྩིའི་དངོས་གྲུབ་སྩོལ། ཧཱ་ཀརྨ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བཾ་ཧཱུཾ་ཕཊ། ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ་ཐ། ས་མ་ཡ་ཏིཥྛ་ལྷན། རང་བྱུང་གདོད་ནས་རྣམ་པར་དག །བདུད་རྩི་ལྔ་དང་རྩ་བ་བརྒྱད། །ཡན་ལག་སྟོང་དང་རབ་བསྙམས་པའི། །འོ་མ་དང་ནི་ཆུ་རྣམས་དང་། །མེ་ཏོག་རིན་ཆེན་མངར་རྣམས་དང་། །འཇིག་རྟེན་འདི་རུ་གྲགས་པ་རྣམས། །འཁོར་གྱི་ཁྲོ་བོར་བྱིན་བརླབས་ནས། །རང་བྱུང་བདུད་རྩིའི་སྨན་སྦྱར་ནས། །རྒྱལ་བ་རྒྱ་མཚོའི་ཐུགས་དམ་བསྐང་། །ཕྱོགས་མཚམས་བརྟན་པར་བཞུགས་ནས་ཀྱང་། །རང་བྱུང་བདུད་རྩིའི་དངོས་གྲུབ་སྩོལ། །ཨོཾ་བཛྲ་ཀྲོ་དྷ་ཧཱུཾ་ཀཱ་ར་ཧཱུཾ་གརྫ་གརྫ་ཧཱུཾ་ཕཊ། ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ་ཐ། ས་མ་ཡ་ཏིཥྛ་ལྷན། ཧཱུཾ་ཐུགས་རྗེ་ཆེན་པོའི་ངང་ཉིད་ལས། །ཐུགས་མཆོག་རབ་ཏུ་གསལ་བའི་ཕྱིར། །མ་རིག་མུན་པ་འཇོམས་པའི་འོད། །འཁོར་བའི་བག་ཆགས་བསལ་བའི་ཕྱིར། །དབུས་སུ་བརྟན་པར་བཞུགས་སུ་གསོལ། །ཛྙཱ་ན་དཱི་པ་ས་མ་ཡ་ཏིཥྛ་ལྷན། ཧཱུཾ་ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ། །བྱམས་དང་སྙིང་རྗེས་གང་འདུལ་བ། །སངས་རྒྱས་ཕྲིན་ལས་རྫོགས་མཛད་ནས། །དབང་དང་བྱིན་རླབས་འདིར་


DNG020_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

སྩོལ་ཅིག །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ས་མ་ཡ་སརྦ་བིགྷྣཱཾ་བཾ་ཧཱུཾ་ཕཊ། སིདྡྷི་སིདྡྷི་ས་མ་ཡ་ཏིཥྛ་ལྷན། ཧཱུཾ་དངོས་གྲུབ་བར་གཅོད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ལྷའམ་འོན་ཏེ་བདུད་ཀྱང་རུང་། །ང་ལ་བར་ཆད་བྱེད་པ་རྣམས། །མཐུ་དང་རྫུ་འཕྲུལ་མེད་པར་གྱིས། །ལས་རྣམས་ཐམས་ཅད་བསྲུང་བ་ཡི། །ལས་སྔགས་ཐམས་ཅད་ཀུན་བསྡུས་ནས། །བར་དུ་གཅོད་པའི་འབྱུང་པོ་ལ། །གསང་བ་ཡང་དག་མཚམས་སུ་བཤད། །ཕྲིན་ལས་མ་ལུས་མཐར་ཕྱུང་བ། །ནུས་པ་ཡོད་པར་བྱ་བའི་ཕྱིར། །སྔོན་དུ་དབང་བསྐུར་ཡང་དག་བཤད། །བདུད་རྩི་ལྔ་ཡི་ཐོད་པ་ལ། །བྱིན་བརླབ་འབྱུང་ཞིང་བསྡིམ་པ་དང་། །བསྒོ་དང་བརྡའ་ཕྱག་དམ་སྲི་མནན། །འཁོར་འདས་གཞུག་ཅིང་སྒོ་བཅད་ནས། །སྟངས་སྟབས་རྟགས་ཀྱི་རིམ་པ་ཡིས། །ལྷ་དང་དོན་གྱིས་གཉིས་སུ་མེད། །ཐོད་པའི་ལྷ་རྣམས་གསལ་བ་ལ། །སྤྱན་དྲངས་ནམ་མཁར་རབ་ཏུ་བཞུགས། །སྔགས་ཀྱི་བདུད་རྩིའི་ཆུ་རྒྱུན་འབབ། །ཐ་མར་རང་ཉིད་ཐིམ་པར་གྱུར། །བདུད་རྩི་མུ་ཏིག་དྲི་མ་མེད། །ཐམས་ཅད་དེ་ཡི་རང་བཞིན་ནོ། །ལས་ཀྱི་བྱ་བ་ཀུན་བྱས་ནས། །བདག་གཞན་གཉིས་སུ་རྣམ་པར་གྱུར། །འཕྲོ་འདུ་ཉི་མའི་ཟེར་ལྟ་བུ། །ནམ་མཁའ་གནས་པའི་སྦྱོར་བ་ལས། །བྱང་སེམས་མུ་ཏིག་རྣམ་པར་ཐིམ། །དེ་ཡང་མུ་ཏིག་དྲི་མེད་འདྲ། །ཡང་ནས་ཡང་དུ་འགྱུར་བས་ན། །དེ་ཉིད་བདུད་རྩི་ཆེན་པོ་ཡིན། །དབུས་ནས་བཟུང་ཏེ་ཤར་དག་ཏུ། །རིམ་པ་ལྔ་ནི་རང་བྱུང་ལྔ། །ཕྱོགས་མཚམས་ར་སཱ་ཡ་ན་ལ། །དེ་བཞིན་ཕྱོགས་མཚམས་ཉིད་དུ་སྦྱར། །ལྔ་ནས་བཟུང་ཞིང་ཡབ་ཡུམ་སྤེལ། །རྒྱན་བསྟར་མེ་ལོང་གཡབ་མོ་བྱ། །རྡོ་རྗེ་རིགས་ཀྱི་ཡབ་ཡུམ་ཡང་། །སྙིང་པོ་འདི་བརྗོད་བདུད་རྩིར་འགྱུར། །ཧཱུཾ་བཛྲ་ཀཱི་ལི་ཀཱི་ལ་སརྦ་བིགྷྣཱཾ་བཾ་ཧཱུཾ་ཕཊ། ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ་ཐ། དེ་བཞིན་གཤེགས་པ་ཡབ་ཡུམ་ཡང་། །རྒྱན་བསྟར་གཡབ་ཅིང་ལྷ་ལ་བསྟོད། །དམ་ཅན་བསྐུལ་ཞིང་དྲི་ཡིས་མཆོད། །སྙིང་


DNG020_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

པོ་འདི་བརྗོད་བདུད་རྩིར་འགྱུར། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བཾ་ཧཱུཾ་ཕཊ། ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ་ཐ། རིན་ཆེན་རིགས་ཀྱི་ཡབ་ཡུམ་ཡང་། །རྒྱན་བསྟར་གཡབ་ཅིང་ལྷ་ལ་བསྟོད། །རིན་ཆེན་རིགས་ཀྱི་སྲུང་མ་བསྐུལ། །སྙིང་པོ་འདི་བཟླས་བདུད་རྩིར་འགྱུར། །སྭཱ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བཾ་ཧཱུཾ་ཕཊ། ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ་ཐ། པདྨ་རིགས་ཀྱི་ཡབ་ཡུམ་ཡང་། །རྒྱན་བསྟར་གཡབ་ཅིང་ལྷ་ལ་བསྟོད། །པདྨ་རིགས་ཀྱི་སྲུང་མ་བསྐུལ། །སྙིང་པོ་འདི་བརྗོད་བདུད་རྩིར་འགྱུར། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བཾ་ཧཱུཾ་ཕཊ། ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ་ཐ། ལས་ཀྱི་རིགས་ཀྱི་ཡབ་ཡུམ་ཡང་། །རྒྱན་བསྟར་གཡབ་ཅིང་ལྷ་ལ་བསྟོད། །ལས་ཀྱི་རིགས་ཀྱི་སྲུང་མ་བསྐུལ། །སྙིང་པོ་འདི་བརྗོད་བདུད་རྩིར་འགྱུར། །ཧཱ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བཾ་ཧཱུཾ་ཕཊ། ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ་ཐ།ཕྱོགས་མཚམས་ཐོད་པའི་སྨན་རྣམས་ལ། །རིམ་པ་བཞིན་དུ་ཡང་དག་བཟླས། །ལྷ་ལ་བསྟོད་ཅིང་སྲུང་མ་བསྐུལ། །མཆོད་པ་འབུལ་ཞིང་བར་གཅོད་བསལ། །ལྔའམ་བདུན་དུ་དེ་ཉིད་སྦྱར། །དཀར་བ་སྔོ་དང་དམར་བ་དང་། །ལྗང་དང་མཐིང་བ་རྣམ་པར་བྱུང་། །ཤ་རྩི་དཀར་ལ་སྔོ་བསངས་མདོག །དམར་ལ་ཆ་ཕྲ་ལྗང་ལ་ལྡེམ། །མཐིང་ག་སྐྲ་བཟང་རྡོ་རྗེའི་དབྱིབས། །མངར་དང་ཁ་བའི་དྲི་དག་དང་། །སྐྱུར་བ་ཚ་བ་ཡང་དག་འབྱུང་། །ངད་པའི་དྲི་རྣམས་དེ་བཞིན་ནོ། །ཡང་བ་གསལ་བ་སྦྱོར་ལ་དགའ། །བརྟུལ་ཞུགས་ཆེ་ཞིང་ཤེས་རབ་གསལ། །དེ་བཞིན་གཤེགས་པའི་རིགས་དག་དང་། །རིན་ཆེན་པདྨ་ལས་ཀྱི་རིགས། །རྡོ་རྗེའི་རིགས་དང་ཡང་དག་དོན། །དེ་ཉིད་དུས་ན་ལྔ་རུ་སྣང་། །འཁོར་ལོ་རིན་ཆེན་པདྨ་དང་། །རྒྱ་གྲམ་རྡོ་རྗེ་ཡང་དག་འབྱུང་། །དེ་བཞིན་རིན་ཆེན་པདྨ་དང་། །ལས་དང་རྡོ་རྗེའི་རིགས་རྣམས་ཀྱིས། །ཁྲོ་བོ་ལྔ་ཡི་དངོས་གྲུབ་བླང་། །ཆེ་བའི་ལུས་དང་ནག་པོའི་འོད། །ལོག་པའི་སྒྲ་དང་གཉིས་པའི་ལས། །གྲངས་མེད་སྤྲུལ་པ་འགྱེད་པ་དང་། །ཡི་དམ་ལྷ་ལ་


DNG020_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོའི་གཟུགས། །དངོས་གྲུབ་སྟེར་དང་སྙན་པའི་གླུ། །འབར་བའི་མེ་རྣམས་ལོག་པའི་ལམ། །ནམ་མཁའི་འོད་དང་གསལ་བའི་མེ། །ཉི་མའི་མདངས་དང་འཇའ་ཚོན་གཟུགས། །བྱིས་པའི་སེམས་དང་ལོག་པའི་རྟགས། །ཕུར་པ་ཉུང་དཀར་ཐོ་བ་དང་། །དགྲ་སྟྭ་རལ་གྲི་ཕྱག་ན་བསྣམས། །གུ་གུལ་རྔ་དང་ཁ་ཊྭཱཾ་དང་། །ཞིང་ལྤགས་ཕྱག་རྒྱས་ཡང་དག་དགབ། །རེ་དོགས་མེད་པའི་སེམས་ཉིད་ཀྱིས། །ཉམ་ང་མེད་པའི་སེམས་དང་བཅས། །དཔའ་བརྟུལ་སྤྱོད་པ་དུས་དང་སྦྱར། །བདེན་པའི་དོན་དང་མ་ལྡན་ན། །བག་མེད་སྤྱད་པས་སྐྱོན་དུ་འགྱུར། །ཡང་དག་ངེས་པའི་གདེང་ཆུད་ན། །བསམ་པ་འགྲུབ་ཅིང་ཆུད་མི་གསོན། །ས་གཞི་དོན་ལ་ཡང་དག་སྦྱོར། །བསོད་ནམས་མེ་ཡི་མཆོད་པ་འབུལ། །ཉེས་པ་མེད་པའི་རྟགས་ལ་དབབ། །དངོས་གྲུབ་ལས་སུ་ཤེས་པ་ཡིན། །ཉི་མ་ཤར་བའི་དུས་དག་ཏུ། །གོ་མཚོན་སྟངས་སྟབས་བར་གཅོད་བསལ། །ཞིང་ཆེན་པདྨའི་གདན་སྟེང་ནས། །ཨ་ལས་ཟླ་བའི་གཏན་པ་ལ། །མ་ལས་ཉི་མའི་ཐོ་བ་ཡིས། །བརྡུངས་པས་ཐབས་དང་ཤེས་རབ་ཀྱིས། །ཉེས་པ་བརྡུང་བའི་བྱིན་རླབས་ཀྱིས། །སྨན་ཉིད་བྱང་སེམས་དྲི་མ་མེད། །ཐམས་ཅད་བདུད་རྩི་འཁྱིལ་པ་ཡང་། །རྣམ་པར་རྒྱལ་བ་ཉིད་ཀྱང་རུང་། །སྔགས་ཉིད་གང་བསྒོམས་དེ་བཞིན་སྦྱར། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བཾ་ཧཱུཾ་ཕཊ། ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཉོན་མོངས་མ་ལུས་བརྡུང་བར་བསམ། །ཧཱུཾ་ཁྲོ་མོ་འབར་བའི་གཏུན་ཁུང་དུ། །རྡོ་རྗེ་ཐོ་བས་བརྡུང་བྱས་ན། །ལྷ་ཡང་རུང་སྟེ་བརྡུང་བར་བྱ། །ཡབ་དང་ཡུམ་དུ་བཅས་པ་དང་། །རྒྱན་དང་ཆ་ལུགས་རབ་ཏུ་བསྟན། །བྱིན་རླབས་བརྡས་བསྐུལ་བྱས་ནས་ནི། །ཐབས་དང་ཤེས་རབ་གཉིས་མེད་པར། །དྲི་མེད་མུ་ཏིག་འོད་བཞིན་འཚེར། །དར་ཚགས་ཡབ་ཡུམ་གཉིས་ཀྱིས་གཟུང་། །རྟ་མགྲིན་དབྱུག་པ་སྔོན་པོ་གཉིས། །གང་ཡིན་ཉིད་དུ་སྔགས་དང་སྦྱར། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བཾ་ཧཱུཾ་ཕཊ།


DNG020_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། གརྫ་ཧ་ན་ད་ཧ་པ་ཙ་བྷནྡྷ་གྲྀ་ཧྞ་ཏིཥྛ་ཚིནྡྷ་བྷིནྡྷ་སྥོ་ཊ་ཧཱུཾ་ཐ། སྐམ་དང་རློན་པའི་ཉེས་པ་མེད། །དར་རམ་ཟ་འོག་སྣོད་དུ་བླུག །ཕུར་པ་བཅུག་ལ་རྒྱ་ཡང་གདབ། །སྲས་མཆོག་རྒྱ་ཡང་དེ་བཞིན་གདབ། །གདགས་ཤིང་ཁ་སྦྱར་ནང་དུ་གཞུག །ཚོད་ལ་བབ་པ་ཤེས་པར་བྱ། །དཀྱིལ་འཁོར་འཁོར་ལོ་རྩིབས་བཞི་ལ། །གྲུ་ཆད་དེ་བཞིན་བསྟན་པར་བྱ། །འཕགས་པ་མཆོད་ཅིང་ལས་རྣམས་བྱ། །སྦྱིན་སྲེག་གཏང་ཞིང་བར་ཆད་བསལ། །ཡབ་ཡུམ་བར་དུ་བཅུག་བྱས་ནས། །གུ་གུལ་དུ་བས་དེ་བཞིན་བདུག །དབུས་ནས་རང་བྱུང་གྲུབ་པའི་ལྷ། །བཅོམ་ལྡན་བཛྲ་ཀཱི་ལ་ཡ། །སྣང་སྲིད་བདུད་རྩིར་བྱིན་བརླབས་ནས། །རྩ་བ་བརྒྱད་དང་ཡན་ལག་སྟོང་། །རྩ་བརྒྱད་སྟོང་ལས་སྦྱར་བའི་སྨན། །ཕོ་བྲང་ཆེན་པོའི་དབུས་སུ་བསྐྱིལ། །རིགས་རྣམས་བསྡུས་ནས་དབུས་སུ་གཞུག །དབུ་མང་ཕྱག་མང་གདུག་པ་འདུལ། །དབུས་སུ་བརྟན་པར་བཞུགས་སུ་གསོལ། །ས་མ་ཡ་ཏིཥྛ་ལྷན། ལས་ཀྱི་བྱ་བ་ཀུན་ཀྱང་བྱ། །ཏིལ་ཆེན་མེ་མར་རྒྱུན་མི་གཅད། །ཡེ་ཤེས་ལྔ་ཡི་མེ་བཏང་ལ། །རིགས་གཅིག་བསྒྲུབ་པ་བར་མི་གཅད། །མཆོད་པ་དུས་སུ་དབུལ་བྱ་ཞིང་། །སྦྱོར་བ་ཆེན་པོ་དེ་དུས་བྱ། །རྒྱུ་མཆོག་མཚན་དང་ལྡན་པ་བསྒྲལ། །མཆོད་པ་དུས་སུ་མེ་མཆོད་བྱ། །དམ་ཚིག་ཟོལ་ཟོག་མེད་པར་བྱ། །ལྷ་ལ་བསྟོད་ཅིང་སྲུང་མ་བསྐུལ། །མེ་དང་དུ་བ་རླངས་པ་དང་། །དྲི་དང་ལྷ་མོ་མངོན་དུ་སྟོན། །མང་དུ་འཕེལ་བ་རྫས་ཀྱི་མཆོག །བསྒྲལ་དང་ཆས་པའི་དངོས་གྲུབ་དང་། །ལུང་བསྟན་རྡོ་རྗེ་རིགས་ཀྱི་བསྒྲུབ། །དེ་ལ་ཡ་མཚན་ཡོངས་མི་བྱ། །རེ་བས་བར་ཆོད་དོགས་པ་འབྱུང་། །ཉམས་སུ་ལོན་ན་ཉམ་ང་མེད། །ཉམ་ང་མེད་ན་དངོས་གྲུབ་མྱུར། །དངོས་གྲུབ་ཆེན་པོ་རེ་དོགས་བཅས། །བདུད་དང་ཆ་བརྟགས་རབ་ཏུ་གཅེས། །བདུད་ཀྱི་སྤྱོད་པ་ཅིར་ཡང་སྟོན། །ཡི་དམ་ལྷ་དང་མཁའ་འགྲོ་དང་། །རིག་འཛིན་ནམ་མཁའ་ལུང་སྟོན་འབྱུང་། །ངེས་པ་མེད་པའི་དོན་རྟོགས་


DNG020_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

ན། །དངོས་གྲུབ་ཆེན་པོ་འབྱུང་བ་ཡིན། །ཧཱུཾ་རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས། །སྲིད་པ་རྡོ་རྗེ་གྲུབ་མཛོད་ཅིག །སྲིད་པ་རྡོ་རྗེ་ཕུར་བུའི་ལྷ། །ཡེ་ཤེས་ཁྲོ་བོ་གྲུབ་པར་མཛོད། །ཐབས་ཀྱིས་སྤྱོད་པས་འགྲོ་དོན་དུ། །བྱམས་དང་སྙིང་རྗེས་གང་འདུལ་བ། །སངས་རྒྱས་ཕྲིན་ལས་རྫོགས་མཛད་ནས། །དབང་དང་བྱིན་རླབས་འདིར་སྩོལ་ཅིག །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཨཾ་ཀུ་ཤ་ཛ། གུ་ཧྱ་དྲྀ་ཤྱ་ས་མ་ཡ་སྟྭཾ། ཧ་ན་ཧ་ན་ཧཱུཾ་ཕཊ། སིདྡྷི་སིདྡྷི་ཧཱུཾ་ཐ་ཧཱུཾ་ཧཱུཾ། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས། །འབར་བའི་ཁྲོ་བོ་མི་བཟད་པ། །སྐུ་ཡི་དབྱིག་ཏུ་བདག་སྐྱེད་ཅིག །རཀྟ་ཁཱ་ཧི། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཨཾ་ཀུ་ཤ་ཛ།ཨ་བྷི་ཥིཉྩ་ཧཱུཾ། ཁྲོ་ཆེན་ཉི་ཤུ་རྩ་གཅིག་དང་། །སྔགས་དང་དབྱངས་ལས་འབྱུང་བ་སྟེ། །རིམ་པས་བླངས་པ་ཀུན་ལ་སྦྱར། །ལྷ་དང་རྫས་ཀྱི་རིམ་པ་གཉིས། །ལྷ་ལ་གསུམ་སྟེ་མ་ལུས་ཐིམ། །རྫས་ལ་བརྟེན་པའི་བྲོ་དང་སྔགས། །བརྒྱད་དང་རྒྱུན་དུ་གདོན་པར་བྱ། །ཚེ་བསྡིམ་བཀྲ་ཤིས་ལས་རྣམས་བྱ། །ཀུན་ཏུ་བཟང་པོའི་རོལ་པ་ལས། །ཐམས་ཅད་བཅུད་ལྡན་རྡོ་རྗེ་ཉིད། །འགྲོ་བའི་རིག་འཛིན་འཐོབ་པར་འགྱུར། །ས་རྣམས་རིམ་པར་བགྲོད་པའོ། །ཧཱུཾ་རྡོ་རྗེ་བདུད་རྩིའི་དཀྱིལ་འཁོར་དུ། །མར་མེ་ལྔ་བརྒྱད་དག་ལ་མདངས་ཕྱུང་ནས། །རྡོ་རྗེ་ཕུར་པ་དག་ལ་དམ་བཅས་ནས། །རྡོ་རྗེ་གཞོན་ནུའི་ཐུགས་ཀྱི་བྱིན་རླབས་ལས། །ཡེ་ཤེས་མེ་ཡི་འོད་ཆེན་རབ་ཏུ་འབར། །རྟག་ཏུ་སྣང་བའི་གོ་འབྱེད་མར་མེ་བལྟམས། །མ་རིག་མུན་པ་བསལ་བ་དང་། །ངན་སོང་འཁོར་བའི་གནས་ནས་ཐར་བར་ཤོག །ཧཱུཾ་ཕྱོགས་ཀྱི་སྲས་མཆོག་བཞི་ཡི་ཐུགས་ཀྱི་བྱིན་རླབས་ལས། །ཡེ་ཤེས་མེ་ཡི་འོད་ཆེན་རབ་ཏུ་འབར། །རྟག་ཏུ་སྣང་བའི་གོ་འབྱེད་མར་མེ་བལྟམས། །སྐྱེ་བ་རྣམ་བཞིའི་གནས་ལས་ཐར་བར་ཤོག །ཧཱུཾ་ཁྲོ་བོ་བཅུ་ཡི་ཐུགས་རྗེའི་བྱིན་རླབས་ལས། །ཡེ་ཤེས་མེ་ཡི་འོད་ཆེན་རབ་ཏུ་གསལ། །རྟག་ཏུ་སྣང་བའི་གོ་འབྱེད་མར་མེ་བལྟམས། །མ་རིག་མུན་པ་བསལ་བ་དང་། །མི་དགེ་བཅུ་ཡི་གནས་ནས་ཐར་བར་ཤོག །ཧཱུཾ་ཁྲོ་མོ་བཅུ་ཡི་ཐུགས་


DNG020_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བྱིན་རླབས་ལས། །ཡེ་ཤེས་མེ་ཡི་འོད་ཆེན་རབ་ཏུ་གསལ། །རྟག་ཏུ་སྣང་བའི་གོ་འབྱེད་མར་མེ་བལྟམས། །མ་རིག་མུན་པ་བསལ་བ་དང་། །འཁོར་བའི་གཡང་ས་རྣམས་ནས་ཐར་བར་ཤོག །ཧཱུཾ་ཕྲ་ཐབས་ཉི་ཤུའི་ཐུགས་ཀྱི་བྱིན་རླབས་ལས། །ཡེ་ཤེས་མེ་འོད་རབ་ཏུ་གསལ་བ་དང་། །རྟག་ཏུ་སྣང་བའི་གོ་འབྱེད་མར་མེ་བལྟམས། །མ་རིག་མུན་པ་བསལ་བ་དང་། །ངན་སོང་འཁོར་བའི་གནས་ནས་འདྲེན་པར་ཤོག །ཧཱུཾ་སྲས་མཆོག་དྲུག་གི་ཐུགས་ཀྱི་བྱིན་རླབས་ལས། །ཡེ་ཤེས་མེ་ཡི་འོད་ཆེན་རབ་ཏུ་གསལ་བ་དང་། །རྟག་ཏུ་སྣང་བའི་གོ་འབྱེད་མར་མེ་བལྟམས། །མ་རིག་མུན་པ་བསལ་བ་དང་། །འགྲོ་བ་རིགས་དྲུག་གནས་ནས་ཐར་བར་ཤོག །ཧཱུཾ་དམ་ཅན་རྣམ་གསུམ་ཐུགས་ཀྱི་བྱིན་རླབས་ལས། །ཡེ་ཤེས་མེ་ཡི་འོད་ཆེན་རབ་ཏུ་གསལ་བ་དང་། །རྟག་ཏུ་སྣང་བའི་གོ་འབྱེད་མར་མེ་བལྟམས། །མ་རིག་མུན་པ་བསལ་བ་དང་། །ངན་སོང་རྒྱུད་གསུམ་གནས་ནས་ཐར་བར་ཤོག །ཧཱུཾ་རིག་འཛིན་རྒྱལ་པོ་ཐུགས་ཀྱི་བྱིན་རླབས་ལས། །ཡེ་ཤེས་མེ་ཡི་འོད་ཆེན་རབ་ཏུ་འབར། །རྟག་ཏུ་སྣང་བའི་གོ་འབྱེད་མར་མེ་བལྟམས། །མ་རིག་མུན་པ་བསལ་བ་དང་། །རིག་འཛིན་རྣམ་བཞིའི་གནས་ནས་འདྲེན་པར་ཤོག །ཧཱུཾ་འཁོར་བའི་མུན་པ་བསལ་བ་དང་། །དོན་དམ་ཆོས་དབྱིངས་མཐོང་བ་དང་། །ཆུ་བོ་བཞི་ལས་བརྒལ་བ་དང་། །བླ་མེད་གནས་སུ་འདྲེན་པའི་ཕྱིར། །མར་མེ་གསལ་བའི་འོད་དབྱུང་ངོ་། །ཧཱུཾ་རིན་ཆེན་གསེར་གྱི་ས་གཞི་ལ། །ས་ཡི་ལྷ་མོ་བརྟན་མ་ནི། །བཙོ་མ་གསེར་གྱི་ཁ་དོག་འདྲ། །བདུད་རྩིའི་བུམ་པ་ཕྱག་ན་བསྣམས། །བསྙེན་བསྒྲུབ་རྣམ་བཞི་མཐར་ཕྱུང་ནས། །འདོད་ཡོན་ལྷ་མོར་བྱིན་བརླབས་པའི། །དམ་རྫས་མང་པོའི་གཏོར་མ་འདི། །ས་ཡི་ལྷ་མོའི་མཁའ་དབྱིངས་སུ། །སྐྱོན་མེད་རྫས་ཀྱི་གཏེར་སྦས་པས། །གསེར་གྱི་ས་གཞིའི་ཡོན་ཏན་དང་། །ས་ཡི་ལྷ་མོའི་བྱིན་རླབས་དང་། །སྒྲུབ་མཆོག་བདག་གི་བྱིན་རླབས་ཀྱིས། །ཟད་མེད་


DNG020_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་ལ་ལོངས་སྤྱོད་ཅིང་། །འདོད་ཡོན་མང་པོའི་དབང་ཐོབ་ནས། །རིན་ཆེན་ལྔ་ལ་དབང་བསྒྱུར་ཤོག །ཧཱུཾ་རྡོ་རྗེ་ཕུར་པ་བདུད་རྩི་མཆོག་གི་སྐུ། །རྔམ་པ་ཆེན་པོའི་རིགས་གཅིག་བསྒྲུབ་པའི་ལྷ། །དབུ་ནི་བཅུ་གསུམ་གང་ལ་གང་འདུལ་བསྟན། །གཡས་དང་གཡོན་དུ་མེད་པར་ཐམས་ཅད་མཐིང་། །ཆོས་སྐུ་འགྱུར་བ་མེད་པ་ཁྱེད་ལ་ཕྱག་འཚལ་བསྟོད། །སྤྱན་ནི་སུམ་ཅུ་སོ་དགུ་བྱུང་བ་ནི། །ཐམས་ཅད་ཀུན་ཏུ་ཁྱབ་པའི་སྤྱན་ལ་ཕྱག་འཚལ་བསྟོད། །མཆེ་བ་ལྔ་བཅུ་རྩ་གཉིས་བསྣོལ་བ་ནི། །ཁམས་གསུམ་གདུག་པ་ཐམས་ཅད་སྒྲོལ་བར་བྱེད། །སྐྱེ་ཤིའི་རྩ་བ་གཅོད་པའི་ཚེམས་ལ་ཕྱག་འཚལ་བསྟོད། །ཤངས་ནི་རྣམ་པ་བཅུ་གསུམ་བྱུང་བ་ནི། །དྲི་རྣམས་མཆོད་པས་མཉེས་བྱེད་ཅིང་། །བདེ་བར་གཤེགས་པའི་ཤངས་ལ་ཕྱག་འཚལ་བསྟོད། །རལ་པ་གྱེན་དུ་འཁྱིལ་པར་བསྟན་པ་ནི། །འཁོར་བ་གནས་སུ་འདྲེན་བྱེད་ཅིང་། །བྱམས་པའི་མགོན་མཛད་ཁྱེད་ལ་ཕྱག་འཚལ་བསྟོད། །གཡས་གཡོན་དང་པོ་ཧཱུཾ་མཛད་ཡབ་ཡུམ་བསྣམས་པ་ནི། །ཚངས་པ་དབང་སྡུད་བདུད་རྩིའི་ཆར་ཆེན་འབེབས། །ཉི་མ་ཟླ་བ་འདུལ་བ་ཁྱོད་ལ་བསྟོད། །དེ་ཡི་འོག་མས་རྣམ་རྒྱལ་ཡབ་ཡུམ་བསྣམས། །དྲི་ཟ་དབང་སྡུད་བདུད་རྩིའི་ཆར་ཆེན་འབེབས། །བརྒྱ་བྱིན་འདུལ་བའི་ལྷ་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །དེ་ཡི་འོག་མས་དབྱུག་སྔོན་ཡབ་ཡུམ་བསྣམས། །དྲང་སྲོང་དབང་སྡུད་བདུད་རྩིའི་ཆར་ཆེན་འབེབས། །མེ་ལྷ་འདུལ་བའི་ལྷ་ལ་ཕྱག་འཚལ་བསྟོད། །དེ་ཡི་འོག་མས་གཤིན་རྗེ་ཡབ་ཡུམ་བསྣམས། །མ་མོ་དབང་སྡུད་བདུད་རྩིའི་ཆར་ཆེན་འབེབས། །གཤིན་རྗེ་འདུལ་བའི་ལྷ་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །དེ་ཡི་འོག་མས་མི་གཡོ་མགོན་པོ་ཡབ་ཡུམ་བསྣམས། །བདེན་བྲལ་དབང་སྡུད་བདུད་རྩིའི་ཆར་ཆེན་འབེབས། །སྲིན་པོ་འདུལ་བའི་ལྷ་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །དེ་ཡི་འོག་མས་རྟ་མགྲིན་ཡབ་ཡུམ་བསྣམས། །བདུད་རྣམས་དབང་སྡུད་བདུད་རྩིའི་ཆར་ཆེན་འབེབས། །ཀླུ་རྣམས་འདུལ་བའི་ལྷ་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །


DNG020_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡི་འོག་མས་གཞན་གྱིས་མི་ཐུབ་ཡབ་ཡུམ་བསྣམས། །ནོར་སྲུང་དབང་སྡུད་བདུད་རྩིའི་ཆར་ཆེན་འབེབས། །རླུང་ལྷ་འདུལ་བའི་ལྷ་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །དེ་ཡི་འོག་མས་བདུད་རྩི་འཁྱིལ་པ་ཡབ་ཡུམ་བསྣམས། །འཆི་བདག་དབང་སྡུད་བདུད་རྩིའི་ཆར་ཆེན་འབེབས། །གནོད་སྦྱིན་འདུལ་བའི་ལྷ་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །དེ་ཡི་འོག་མས་ཁམས་གསུམ་རྣམ་རྒྱལ་ཡབ་ཡུམ་བསྣམས། །བགེགས་རིགས་དབང་སྡུད་བདུད་རྩིའི་ཆར་ཆེན་འབེབས། །དབང་ལྡན་འདུལ་བའི་ལྷ་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །དེ་ཡི་འོག་མས་སྟོབས་ཆེན་ཡབ་ཡུམ་བསྣམས། །ཀླུ་རྣམས་དབང་སྡུད་བདུད་རྩིའི་ཆར་ཆེན་འབེབས། །ས་བདག་འདུལ་བའི་ལྷ་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །གཡས་གཡོན་ཐ་མས་སྲས་མཆོག་དྲུག་བསྣམས་ཤིང་། །འགྲོ་དྲུག་དབང་སྡུད་བདུད་རྩིའི་ཆར་ཆེན་འབེབས། །འཇིག་རྟེན་འདུལ་བའི་ལྷ་ཆེན་དྲུག་ལ་ཕྱག་འཚལ་བསྟོད། །ཐོད་པ་ཚར་གསུམ་སྐུ་གསུམ་ལྷུན་གྲུབ་རྟགས། །ཞག་གི་ཟོ་རིས་དོན་དམ་བཅུད་ཀྱི་རྟགས། །རཀྟའི་ཐིག་ལེ་ཐུགས་རྗེ་ཆགས་པའི་རྟགས། །ཐལ་ཆེན་ཚོམ་བུ་ཐམས་ཅད་མཁྱེན་པའི་རྟགས། །གླང་ཆེན་ཀོ་ཤུན་ཐུགས་རྗེ་སྟོབས་ཀྱི་རྟགས། །ཞིང་ཆེན་གཡང་གཞི་འདོད་ཆགས་རྩད་ནས་གཅོད་པའི་རྟགས། །སྟག་གི་ཤམ་བུ་དཔའ་རྟུལ་ཟིལ་གྱིས་གནོན་པའི་རྟགས། །སྦྲུལ་ཆེན་རིགས་བཞི་ཀླུ་ཡི་རིགས་རྣམས་དབང་དུ་སྡུད་པའི་རྟགས། །རྡོ་རྗེའི་གཤོག་པ་འཇིག་རྟེན་ཟིལ་གྱིས་གནོན་པའི་རྟགས། །ཞབས་བརྒྱད་ཕྱོགས་མཚམས་དྲེགས་པ་གནོན་པའི་རྟགས། །འཇིག་རྟེན་དཔའ་སྟོང་ཐམས་ཅད་འདུལ་བའི་ལྷ། །རྡོ་རྗེ་ཕུར་པ་བདུད་རྩི་འབེབས་མཛད་ལྷ། །བདུད་རྩི་ཆེན་པོའི་ལྷ་ལ་ཕྱག་འཚལ་བསྟོད། །ཐམས་ཅད་འདུལ་བའི་ལྷ་ཆེན་ཁྱོད་ལ་བསྟོད། །བདུད་རྩིའི་ཆར་ཆེན་འབེབས་ལ་ཕྱག་འཚལ་བསྟོད། །བདུད་རྩི་ཆེན་པོ་འདི་དག་ཀྱང་། །སྐྱོན་ཡོན་རབ་ཏུ་ཆེ་བས་ན། །བསྲུང་བའི་རིམ་པ་ཚུལ་བཞིན་བྱ། །མཚན་མ་ཤ་མདངས་ཕྱེད་པར་གྱིས། །ཆོས་ཉིད་བལྟ་བ་ཆེན་པོ་


DNG020_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས། །ངན་པ་ཐམས་ཅད་བཟང་པོར་འགྱུར། །དེ་ཕྱིར་རྟོགས་པ་རབ་ཏུ་གཅེས། །མ་རྟོགས་འཁྲུལ་པ་རྟོགས་པ་བསྒོམ། །རང་རྒྱུད་བྲལ་བའི་ཏིང་འཛིན་གྱིས། །བར་ཆད་གཏན་ནས་འཇོམས་པར་བྱེད། །སྟོང་པ་ཆེན་པོའི་ཏིང་འཛིན་ལ། །བསོད་ནམས་སྟོང་པའི་རང་བཞིན་ཡིན། །དེ་ཉིད་ཡང་དག་དོན་ཤེས་ན། །འབྲས་བུ་བདུད་རྩི་འཁྱིལ་པར་བྱེད། །འཛིན་པས་བཅིངས་པའི་སེམས་ཉིད་ནི། །ཉམ་ང་འཁུ་འཕྲིག་རབ་ཏུ་ཆེ། །རྟགས་ཀྱི་བྱེ་བྲག་མ་ཕྱེད་པར། །དངོས་གྲུབ་ཡལ་བར་གཏོང་བ་དང་། །བདུད་ཀྱི་ལས་ལས་གྲུབ་པར་བྱེད། །རྩི་མེད་བདུད་ཀྱི་ལས་སུ་འགྱུར། །དེ་བཞིན་ཆ་རྟགས་རབ་ཏུ་གཅེས། །སྔོན་གྱི་བདུད་ཀྱི་རྒྱལ་པོ་ཡང་། །གབ་སྦས་ཤ་མདངས་མ་ཕྱེད་པར། །ཁམས་གསུམ་སྡུག་བསྔལ་ཆེན་པོར་གྱུར། །ཐར་པའི་དུས་མེད་ཐུགས་རྗེས་བསྒྲལ། །སྦྱོར་དང་སྒྲོལ་བ་མ་རྟོགས་ཏེ། །རང་དགར་བཟུང་བའི་སྦྱོར་སྒྲོལ་གྱིས། །རྣམ་པ་གཉིས་སུ་སྨིན་པར་འགྱུར། །རྡོ་རྗེ་ཕུར་པ་ཆེན་པོ་བཤད་པའི་རྒྱུད་ལས། སྨན་སྒྲུབ་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་རྫས་ཐམས་ཅད་ཁྲོ་བོས་བསྒྲུབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དུར་ཁྲོད་ཆེན་པོ་བསྟན་པ་བཞིན། །མཎྜལ་བྲི་བ་དེ་བཞིན་ཏེ། །མང་ཉུང་གྲངས་སུ་བཤད་པ་ཙམ། །མཚན་ལྡན་ལྔ་རུ་བཤམས་པའི་རྫས། །བསྟན་པ་དེ་བཞིན་མང་ཉུང་མེད། །བསྐྱེད་དང་སྤྱན་དྲང་བསྡིམ་པ་དང་། །མཆོད་དང་བསྟོད་པ་རབ་ལྡན་བྱ། །ཧཱུཾ་དབུས་ཀྱི་བྷན་དྷ་སུལ་མེད་དུ། །བྱང་ཆུབ་སེམས་ལ་སྨན་སྦྱར་ནས། །རྩ་བ་ཡན་ལག་བཅས་པ་རྣམས། །བཛྲ་ཀཱི་ལ་ཡ་རུ་བྱིན་བརླབས་ནས། །རང་བྱུང་བདུད་རྩི་སྨན་སྦྱར་ནས། །རྒྱལ་བ་རྒྱ་མཚོའི་ཐུགས་དམ་བསྐང་། །དབུས་སུ་བརྟན་པར་བཞུགས་ནས་ཀྱང་། །རང་བྱུང་བདུད་རྩིའི་དངོས་གྲུབ་སྩོལ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བཾ་ཧཱུཾ་ཕཊ། ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ་ཐ། ས་མ་ཡ་ཏིཥྛ་ལྷན། ཧཱུཾ་ཤར་གྱི་བྷནྡྷ་སུལ་འགྲེང་དུ། །དྲི་ཆེན་མཆོག་ལ་སྨན་སྦྱར་ནས། །རྩ་བ་ཡན་ལག་


DNG020_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་རྣམས། །ཁྲོ་བོ་རྣམ་པར་རྒྱལ་བར་བྱིན་བརླབས་ནས། །རང་བྱུང་བདུད་རྩིའི་སྨན་སྦྱར་ནས། །རྒྱལ་བ་རྒྱ་མཚོའི་ཐུགས་དམ་བསྐང་། །ཤར་དུ་བརྟན་པར་བཞུགས་ནས་ཀྱང་། །རང་བྱུང་བདུད་རྩིའི་དངོས་གྲུབ་སྩོལ། །ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུཾ་ཧ་ན་ཧ་ན་ཧཱུཾ་ཕཊ། ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ་ཐ། ས་མ་ཡ་ཏིཥྛ་ལྷན། ཧཱུཾ་ལྷོ་ཡི་བྷན་དྷ་སུལ་མང་དུ། །མཱཾ་ས་མཆོག་ལ་སྨན་སྦྱར་ནས། །རྩ་བ་ཡན་ལག་བཅས་པ་རྣམས། །ཁྲོ་བོ་གཤིན་རྗེའི་གཤེད་དུ་བྱིན་བརླབས་ནས། །རང་བྱུང་བདུད་རྩིའི་སྨན་སྦྱར་ནས། །རྒྱལ་བ་རྒྱ་མཚོའི་ཐུགས་དམ་བསྐང་། །ལྷོ་རུ་བརྟན་པར་བཞུགས་ནས་ཀྱང་། །རང་བྱུང་བདུད་རྩིའི་དངོས་གྲུབ་སྩོལ། །ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུཾ། པ་ཙ་པ་ཙ་ཧཱུཾ་ཕཊ། ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ་ཐ། ས་མ་ཡ་ཏིཥྛ་ལྷན། ཧཱུཾ་ནུབ་ཀྱི་བྷན་དྷ་ཟླ་གམ་དུ། །རཀྟ་མཆོག་ལ་སྨན་སྦྱར་ནས། །རྩ་བ་ཡན་ལག་བཅས་པ་རྣམས། །ཁྲོ་བོ་རྟ་མགྲིན་དཔལ་དུ་བྱིན་བརླབས་ནས། །རང་བྱུང་བདུད་རྩིའི་སྨན་སྦྱར་ནས། །རྒྱལ་བ་རྒྱ་མཚོའི་ཐུགས་དམ་བསྐང་། །ནུབ་ཏུ་བརྟན་པར་བཞུགས་ནས་ཀྱང་། །རང་བྱུང་བདུད་རྩིའི་དངོས་གྲུབ་སྩོལ། །ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧཱུཾ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ་ཐ། ས་མ་ཡ་ཏིཥྛ་ལྷན། ཧཱུཾ་བྱང་གི་བྷན་དྷ་རྒྱ་གྲམ་དུ། །དྲི་ཆུ་མཆོག་ལ་སྨན་སྦྱར་ནས། །རྩ་བ་ཡན་ལག་བཅས་པ་རྣམས། །ཁྲོ་བོ་བདུད་རྩི་འཁྱིལ་པར་བྱིན་བརླབས་ནས། །རང་བྱུང་བདུད་རྩིའི་སྨན་སྦྱར་ནས། །རྒྱལ་བ་རྒྱ་མཚོའི་ཐུགས་དམ་བསྐང་། །བྱང་དུ་བརྟན་པར་བཞུགས་ནས་ཀྱང་། །རང་བྱུང་བདུད་རྩིའི་དངོས་གྲུབ་སྩོལ། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ། ཚིནྡྷ་ཚིནྡྷ་ཧཱུཾ་ཕཊ། ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ་ཐ། ས་མ་ཡ་ཏིཥྛ་ལྷན། ཧཱུཾ་རང་བྱུང་གདོད་ནས་རྣམ་པར་དག །བདུད་རྩི་ལྔ་དང་རྩ་བ་བརྒྱད། །ཡན་ལག་སྟོང་དང་རབ་བསྙམས་པའི། །མེ་ཏོག་རིན་ཆེན་ལྔ་རྣམས་དང་། །འཇིག་རྟེན་འདི་རུ་གྲགས་པ་རྣམས། །མཚམས་


DNG020_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་སྟེང་འོག་བྱིན་བརླབས་ནས། །རང་བྱུང་བདུད་རྩིའི་སྨན་སྦྱར་ནས། །རྒྱལ་བ་རྒྱ་མཚོའི་ཐུགས་དམ་བསྐང་། །མཚམས་བཞི་སྟེང་འོག་བརྟན་པར་བཞུགས། །རང་བྱུང་བདུད་རྩིའི་དངོས་གྲུབ་སྩོལ། །ཧཱུཾ་བཛྲ་ཀྲོ་དྷ་ཧཱུཾ་ཀཱ་ར་ཧཱུཾ་གརྫ་གརྫ་ཧཱུཾ་ཕཊ། ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ་ཕཊ། ས་མ་ཡ་ཏིཥྛ་ལྷན། ལས་རྣམས་མ་ལུས་ཐམས་ཅད་ཀུན། །རིམ་པ་གང་དུ་བཤད་པས་ན། །ཁྲོ་བོ་ལས་ཀྱི་བདུད་རྩི་རྣམས། །མི་བསྲེ་རང་རང་བསྟེན་པར་བྱ། །རྡོ་རྗེ་ཕུར་པ་ཆེན་པོ་བཤད་པའི་རྒྱུད་ལས། ཁྲོ་བོ་བདུད་རྩི་བསྒྲུབ་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་སྨན་རིགས་གཅིག་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། མཚན་ལྡན་དུར་ཁྲོད་གནས་དག་ཏུ། །སྲུང་བའི་ལས་རྣམས་ཀུན་བྱས་ནས། །མཎྜལ་མདའ་གང་གྲུ་བཞི་ལ། །ལས་ཀྱི་བྱ་བ་བྱས་ནས་ཀྱང་། །ཐིག་དང་ཚོན་ཡང་དེ་བཞིན་བྱ། །བྲི་བའི་ལས་ཉིད་ཡང་དག་བཤད། །གྲུ་གསུམ་ཟླ་གམ་སྒོ་དག་བཅས། །ཟླུམ་པོ་བརྩིག་པ་དེ་བཞིན་བྱ། །ཤར་དུ་སྒོ་ཡང་དེ་བཞིན་ཏེ། །རིམ་པས་བསྐོར་བའི་མེ་རི་བྱ། །གདན་དང་སྙིང་པོ་དེ་བཞིན་བརྟག །སྒོ་ལ་ཡུམ་གྱི་སྙིང་པོ་བཀོད། །ཕྱི་ནང་གསང་བའི་ལྔ་གསུམ་དང་། །རྩ་བ་བརྒྱད་ཀྱང་དེ་བཞིན་དུ། །ཐམས་ཅད་བདུད་རྩི་བསྒྲུབ་བྱའི་ཕྱིར། །མཚན་ལྡན་ཐོད་པ་དྲི་ཡིས་བདུག །སྨན་རྣམས་ནང་དུ་བླུག་བྱས་ལ། །སྲུང་བའི་ལས་ཉིད་ཡང་དག་བཤད། །ལས་ཀྱི་ཏིང་འཛིན་ཆེན་པོ་ཡིས། །སྟོང་པ་ཧཱུཾ་དང་རྡོ་རྗེ་དང་། །བརྒྱད་པོ་ཉིད་དུ་ཡང་དག་འགྱུར། །བཞེངས་དང་སྤྱན་དྲངས་བསྡིམས་པ་དང་། །འཕྲོ་འདུ་བསྟོད་པ་ཡང་དག་པ། །བསྟར་ནས་དབུས་སུ་གཞུག་བྱས་ཏེ། །མར་མེ་ཐོད་པ་རྒྱན་རྣམས་དགྲམ། །ཕུར་པ་རྒྱལ་པོར་དབང་བསྐུར་བྱ། །དེ་བཞིན་དཀྱིལ་འཁོར་དབུས་སུ་གཞུག །མཆོད་པའི་རྫས་དང་བསྐྲད་པའི་རྫས། །གསོ་བའི་རྫས་ཀྱང་རིམ་པ་བཞིན། །ཏིང་འཛིན་ཆེན་པོའི་རིམ་པ་བཞིན། །


DNG020_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོར་བསྒོམ་ཞིང་འཕྲོ་འདུ་བྱ། །འཕྲོ་འདུ་བདུད་རྩི་ཆེན་པོར་འགྱུར། །དེ་བཞིན་ལས་སུ་རུང་བར་བྱ། །སོམ་ཉི་མེད་པའི་རྟགས་བྱུང་ན། །བརྡུངས་ཏེ་ལས་རྣམས་དེ་ཉིད་ཡིན། །ཕབ་རྣམས་བཏབ་ལ་ལེགས་པར་སྤེལ། །སྣོད་དུ་སྩལ་ཅིང་བསྲུང་བར་བྱ། །དུ་བས་བདུག་ཅིང་རྒྱལ་པོས་བསྲུང་། །དཀྱིལ་འཁོར་གང་དུ་བསྟན་པའོ། །བཞུགས་སུ་གསོལ་བ་ཀུན་ཀྱང་བྱ། །ཏིལ་ཆེན་མེ་མར་གསལ་བ་བཏང་། །རྒྱན་དང་ཆ་ལུགས་རབ་ཏུ་བསྟར། །སྙིང་པོ་གྲངས་མེད་བརྗོད་ལས་འདས། །ལྷ་ལ་མཆོད་ཅིང་སྲུང་མ་བསྐུལ། །མཆོད་པ་འབུལ་ཞིང་སྦྱོར་བར་བྱ། །དུ་བ་རླངས་པ་མེ་འོད་དང་། །སྙན་པའི་སྒྲ་དང་ཞིམ་པའི་དྲི། །བར་མ་ཆད་པར་བྱུང་གྱུར་ན། །དངོས་གྲུབ་ལས་ལ་ཤིས་པ་ཡིན། །ངན་ན་དུས་དྲུག་ཉུལ་ལེ་བཟློག །རྟ་བའི་ཚད་དང་ལྡན་པར་བྱ། །འོན་ཏང་དངོས་གྲུབ་ཡིན་པར་ངེས། །དངོས་གྲུབ་རྫས་རྣམས་བསྟར་བྱས་ལ། །བསྲུང་ཞིང་བསྐྲད་དེ་ལས་རྣམས་བྱ། །ཡེ་ཤེས་ལྷ་ཡི་དངོས་གྲུབ་དང་། །མཚན་མ་རྫས་ཀྱི་དངོས་གྲུབ་དང་། །དབང་བསྐུར་རིམ་པ་དེ་བཞིན་བྱ། །ལས་ཀྱི་བྱ་བ་ཀུན་ཀྱང་རྫོགས། །རྡོ་རྗེ་ཕུར་པ་ཆེན་པོ་བཤད་པའི་རྒྱུད་ལས། སྨན་རིགས་གཅིག་པ་བསྒྲུབ་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་བདུད་རྩི་སོ་སོར་སྒྲུབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རྒྱུ་གཅིག་པ་དང་རྐྱེན་གཉིས་པ། །བྱང་ཆུབ་སེམས་དང་སྡེར་ཆགས་ཤ །ལན་ཚྭ་ཉིད་དུ་རྐྱེན་དུ་འགྱུར། །འབྱུང་བ་སྟོང་པའི་རང་བཞིན་ལས། །བདུད་རྩིའི་ལྷ་ཉིད་རྣམ་པར་གསལ། །ཡེ་ཤེས་རྡོ་རྗེ་ཆེན་པོ་ཡིས། །ཐམས་ཅད་འདུས་པའི་རང་བཞིན་ཏེ། །འབྲུ་གསུམ་སྔགས་དང་ལྷ་རྣམས་དང་། །བདུད་རྩིའི་སྔགས་ཀྱིས་རྣམ་པར་སྦར། །མ་གྲུབ་བར་དུ་སྔགས་རྣམས་བཟླས། །ཐོད་པ་འགུལ་དང་དུ་བ་དང་། །མེ་དང་འོད་རྣམས་རྣམ་པར་འབྱུང་། །མེ་ལོང་ཡེ་ཤེས་


DNG020_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་ཐོབ། །འབྲས་བུ་རྡོ་རྗེའི་རིགས་སུ་འགྱུར། །སུལ་འགྲེང་ཐོད་པ་མཚན་ལྡན་ལ། །རྒྱུ་གཅིག་པ་དང་རྐྱེན་གཉིས་པ། །རྒྱུ་ནི་བྱང་ཆུབ་དྲི་ཆེན་ལ། །རྨིག་ཟླུམ་ཤ་དང་བྲག་ཞུན་དང་། །རིམ་པ་བྱ་བ་དེ་བཞིན་དུ། །དེ་བཞིན་ཉིད་ཀྱི་ལྷ་ཉིད་གསལ། །ཆོས་ཉིད་ཡེ་ཤེས་ཆེན་པོ་ཡིས། །ཐམས་ཅད་འདུས་པ་དྲི་མ་མེད། །སྔགས་གསུམ་དེ་བཞིན་ཡང་དག་སྦྱར། །སྒྲུབ་པ་ཆེན་པོ་ལས་ཀྱི་མཆོག །ཞིམ་པའི་ངད་དང་སྣ་ཚོགས་དྲི། །སྟོང་པ་ཆེན་པོའི་དངོས་གྲུབ་ཐོབ། །འབྲས་བུ་དེ་བཞིན་གཤེགས་པར་འགྱུར། །སུལ་མང་ཐོད་པ་མཚན་ལྡན་ལ། །རྒྱུ་གཅིག་པ་དང་རྐྱེན་གཉིས་པ། །མཱཾ་ས་ཆེན་པོ་ཡང་དག་འབྱུང་། །ཁ་བྲག་ཤ་དང་དབང་པོ་ལག །བསྒོམ་པའི་ལྷ་ཡང་དེ་བཞིན་ཏེ། །གསལ་ལ་རྟོག་པ་མེད་པ་དང་། །མཉམ་པའི་ཡེ་ཤེས་ཆེན་པོ་ཡིས། །ཐམས་ཅད་འབྱུང་བས་ཟག་པ་མེད། །སྔགས་ལ་སྦྱོར་བའི་རིམ་པ་མེད། །བསྒྲུབ་པའི་འབྲས་བུ་དོན་གྱི་མཆོག །འོད་དང་བར་སྣང་འཇའ་རྣམས་འབྱུང་། །མཉམ་པའི་ཡེ་ཤེས་དངོས་གྲུབ་འབྱུང་། །ཟླ་གམ་ཐོད་པ་མཚན་ལྡན་ལ། །རྒྱུ་གཅིག་པ་དང་རྐྱེན་གཉིས་པ། །རཀྟ་ཆེན་པོ་དངོས་འབྱུང་མིན། །འདབ་ཆགས་ཤ་དང་རམ་བུ་དང་། །བསྒོམ་པས་གསལ་ལ་རྟོག་པ་མེད། །རང་གསལ་བ་ཉིད་དེ་བཞིན་ནོ། །རྟོག་པ་མེད་པའི་ཡེ་ཤེས་ཀྱིས། །གསལ་ལ་དྭངས་པ་པདྨའི་དྲི། །སྔགས་ལ་རིམ་པའི་གྲངས་དང་སྦྱར། །བསྒྲུབ་པའི་འབྲས་བུ་དོགས་པ་མེད། །ཡི་དམ་ལྷ་དང་མཁའ་འགྲོའི་གཟུགས། །སོ་སོར་རྟོག་པའི་དངོས་གྲུབ་ཐོབ། །འབྲས་བུ་པདྨའི་རིགས་སུ་འགྱུར། །རྒྱ་གྲམ་ཐོད་པ་མཚན་ལྡན་དུ། །རྒྱུ་གཅིག་པ་དང་རྐྱེན་གཉིས་པ། །དྲི་ཆུ་བྱང་ཆུབ་སེམས་དཔའ་དང་། །རྐང་ལེབ་ཤ་དང་ཅོང་ཞི་དང་། །བསྒོམས་པས་ཕྲིན་ལས་ཐམས་ཅད་འགྲུབ། །གྲུབ་པས་དོན་རྣམས་འབྱུང་བར་འགྱུར། །ཐམས་ཅད་འགྲུབ་པར་འབྱུང་བ་ཡིན། །གདུག་པ་འདུལ་བས་དྲག་པོར་འགྲུབ། །སྔགས་ལས་


DNG020_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱིས་དོན་དུ་སྦྱར། །ཐམས་ཅད་འབྱུང་བས་རེ་བ་སྐོང་། །དོན་རྣམས་བསྟན་དང་ཡིད་དུ་འོང་། །མེ་ལྟར་འབར་དང་ཆུ་ལྟར་འབབས། །བྱ་བ་གྲུབ་པའི་ཡེ་ཤེས་ཐོབ། །འབྲས་བུ་ལས་ཀྱི་རིགས་སུ་འགྱུར། །སྟོང་པ་ཧཱུཾ་དང་རྡོ་རྗེ་དང་། །ལྷ་ཉིད་བསྒོམ་པའི་རིམ་པ་ཡིས། །གང་ཡིན་ལྷ་ལ་དངོས་གྲུབ་འབྱུང་། །རིམ་པ་ལྔ་ཡི་འབྲས་བུ་ནི། །རིག་འཛིན་ས་ལ་དེ་ཡིས་སླེབ། །ཀུན་ཏུ་བཟང་པོའི་བྱིན་རླབས་ཡིན། །དེ་ལ་ཉེས་པ་གང་ཡང་མེད། །ཁམས་གསུམ་ཉོན་མོངས་འདྲེན་པའི་ལམ། །རྒྱུ་དེ་རྐྱེན་གཉིས་འབྲས་བུར་སྨིན། །ཡེ་ཤེས་ལྔ་ཡི་ངོ་བོ་ལས། །འབྲས་བུ་རིགས་ལྔར་ཡང་དག་འབྱུང་། །སྣང་ལ་རང་བཞིན་མེད་པའི་ལྷ། །དེས་ན་འབྲས་བུ་གདོན་མི་ཟ། །ཡེ་ཤེས་ཆེན་པོའི་རང་བཞིན་ལས། །རྣམ་པ་ལྔ་ཡི་ངོ་བོ་འབྱུང་། །མེ་ལོང་ཡེ་ཤེས་ངོ་བོར་གསལ། །རྡོ་རྗེ་ཕུར་པ་ཆེན་པོ་བཤད་པའི་རྒྱུད་ལས། བདུད་རྩི་ལྔ་བསྒྲུབ་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་བཅོམ་ལྡན་འདས་སྣང་བ་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། སྣང་བ་ཡེ་ཤེས་རབ་གསལ་བ། །དོན་དམ་གསལ་བའི་ཡེ་ཤེས་འབྱུང་། །བརྟེན་པ་གསལ་བའི་ཆོས་ཉིད་འབྱུང་། །ཁམས་གསུམ་གསལ་བའི་སྒྲོན་མེ་འབྱུང་། །རང་གསལ་ཉི་མའི་དཀྱིལ་འཁོར་འབྱུང་། །ཐམས་ཅད་མ་བསྒྲིབས་གསལ་བ་འབྱུང་། །ཡོད་མེད་གཉིས་སུ་མེད་པར་གསལ། །ཁམས་གསུམ་བདེ་བས་གསལ་བ་འབྱུང་། །རང་རིག་སྟོན་པའི་སྒྲོན་མེ་འབྱུང་། །ཡེ་ཤེས་ཉི་མའི་དཀྱིལ་འཁོར་རབ་ཏུ་གསལ། །སྣང་བ་ཉི་འོད་ཐམས་ཅད་སྟོན། །མ་བསྒྲིབས་གསལ་བའི་འོད་དེ་ཐམས་ཅད་སྟོན། །ཉི་མ་རང་གསལ་དོན་རྣམས་ཐམས་ཅད་སྟོན། །དབང་པོ་གསལ་བའི་འོད་དེ་དོན་རྣམས་སྟོན། །འོད་གསལ་ཀུན་དང་མཐུན་པ་ཡོངས་ཀྱིས་མིན། །རང་བྱུང་ཡེ་ཤེས་ཅིར་ཡང་གསལ་བའི་འོད། །ཁམས་གསུམ་གསལ་བའི་སྒྲོན་མ་འབྱུང་། །སྟོང་པ་གསལ་བའི་སྒྲོན་


DNG020_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

མ་རབ་ཏུ་གསལ། །ཉི་མའི་འོད་བཞིན་ཐམས་ཅད་སྙོམས་པར་འབྱུང་། །འདི་ནི་ཡང་དག་གསལ་བའི་སྒྲོན་མར་གསལ། །རང་བྱུང་གསལ་བའི་དབྱིངས་ལས་མ་ཉམས་པར། །སྟོང་ཁམས་ཡོངས་ལ་སྙོམས་པའི་ཐུགས་རྗེ་འབྱུང་། །ཡངས་པ་ཆེན་པོའི་དོན་ལས་མ་གཡོས་པར། །བདེ་བ་ཆེན་པོའི་དོན་རྣམས་སྟོན་པའི་མཆོག །བསྟན་པས་གསལ་བ་ཆེན་པོའི་ངང་། །ཐིག་ལེ་ཆེན་པོ་ཅིར་ཡང་སྣང་བ་ལས། །རོལ་པ་ཕྱོགས་མེད་དོན་དམ་བཅུད་ཀྱི་དབྱིངས། །དུས་གསུམ་ཀུན་ཏུ་འགྱུར་བ་མེད་པའི་ངང་། །དེ་ཉིད་རོལ་པ་ཅིར་ཡང་སྣང་བའི་ཕྱིར། །སྒྲོན་མ་གསལ་བའི་དོན་རྣམས་འདིར་བསྟན་པས། །རྟོགས་པས་གསལ་བའི་དོན་རྣམས་ཡོངས་ཀྱིས་གསལ། །བདེ་བའི་དོན་ལ་ཅིར་ཡང་གསལ་བའི་འོད། །རང་བྱུང་རང་ཤར་མ་བསྒྲིབས་ས་ལེར་གསལ། །ཚུལ་ཁྲིམས་སྡོམ་པ་ཀུན་ཀྱང་རབ་ཏུ་བསྲུང་། །འཛིན་པས་མི་འཆིང་བདེ་བའི་ངང་གིས་གསལ། །དབང་དང་དམ་ཚིག་ཀུན་ཀྱང་མི་སྤང་རབ་ཏུ་བསྲུངས། །ལྷ་ལ་མི་ཆགས་རང་བཞིན་ངང་གིས་སྟོང་། །སྟོང་པ་ཉིད་ལ་མི་གནས་རོལ་པ་ཅིར་ཡང་སྣང་། །རོལ་པ་རང་རྒྱུད་མི་བཟུང་ཡན་པར་བཏང་། །མཁས་པ་ཆེན་པོ་སྟོན་པའི་སྒྲོན་མར་གསལ། །གསལ་ལ་འཛིན་པ་མེད་པའི་ངང་ཉིད་ལས། །དུས་གསུམ་ཀུན་ཏུ་མ་བསྒྲིབས་རབ་ཏུ་གསལ། །འབྱུང་བ་ཆེན་པོའི་དབྱིངས་ལས་མི་ཞེན་པ། །མ་ཡེངས་དོན་ལ་ཅི་ཡང་ས་ལེ་མཁྱེན། །གང་ལ་བསྟན་པ་དེ་ལས་གཞན་ལ་བསྟན་དུ་མེད། །ཉི་མའི་སྙིང་པོ་འགྱུར་བ་མེད་པ་ལྟར། །རང་བྱུང་བྱང་ཆུབ་སེམས་ལ་འགྱུར་བ་མེད། །བདེ་བའི་མྱུ་གུ་བསྟན་པའི་སྒྲོན་མེ་གསལ། །དོན་དུ་བསྟན་ཀྱང་ངེས་པ་དེ་ལས་མེད། །བསྟན་པ་ཉིད་ལ་འདི་ཞེས་བརྗོད་དང་བྲལ། །བྲལ་ཞིང་སྤང་དུ་ཅི་ཡང་མེད་པར་རྟོགས། །ཕྱོགས་དང་བྲལ་ཞིང་ཕྱོགས་ལ་འཛིན་པ་མེད། །བརྡལ་བ་ཆེན་པོའི་ངང་ལས་མ་གཡོས་པར། །གང་གི་དོན་དུ་དེ་ཡི་བསྟན་པར་འབྱུང་། །དོན་དམ་བཅུད་ཀྱི་སྙིང་པོ་ངང་གིས་གསལ། །ཡོད་པའི་ངོ་བོ་ཅིར་ཡང་སྣང་བའི་འོད། །ལེགས་པའི་འབྲས་


DNG020_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ཐོབ་ཏུ་མེད་པའི་དབྱིངས། །དོན་གྱི་སྙིང་པོ་བདེ་བ་འདི་ལས་མེད། །བདེ་བ་ཉིད་ཀྱང་གསལ་བའི་ཉི་མ་འདྲ། །དཔེར་ན་ཆུ་ཡི་ཟླ་བ་བཞིན་ཏེ་རང་བཞིན་གསལ། །གང་གིས་བསྟན་པ་དེ་ཡིས་གོ་བར་བསྟན། །དེ་མ་རྟོགས་པའི་བྱང་ཆུབ་སྙིང་པོ་ནི། །གསལ་བ་མི་འཛིན་རང་བཞིན་འོད་ཀྱིས་གསལ། །སྟོང་པ་ཀུན་བཟང་དུས་གསུམ་འགྱུར་བ་མེད། །རཀྴ་སྲིན་པོ་བདེ་བའི་མྱུ་གུ་བརྟགས། །རང་རང་བག་ཆགས་བརྟས་པས་སྡུག་བསྔལ་འབྱུང་། །མི་སྤང་མི་འདོར་ཡང་དག་སྙིང་པོ་བྲལ། །སྙིང་པོ་ཉིད་ལ་འདི་ཞེས་བསྟན་དུ་མེད། །སྙིང་པོ་ཉིད་ཀྱང་དོན་གྱིས་བརྗོད་དང་བྲལ། །སྙིང་པོ་འདི་ལ་མ་འདུས་གང་ཡང་མེད། །སྙིང་པོ་འདྲི་ལས་རོལ་པ་ཅིར་ཡང་སྣང་། །སྙིང་པོ་འདི་ལས་སེམས་ཅན་སངས་རྒྱས་འབྱུང་། །སྙིང་པོ་འདི་ལས་སྐུ་དང་ཡེ་ཤེས་འབྱུང་། །སྙིང་པོ་འདི་ལས་ཐམས་ཅད་མཁྱེན་པ་འབྱུང་། །སྙིང་པོ་འདི་ལས་གསལ་བའི་ཡེ་ཤེས་འབྱུང་། །སྙིང་པོ་འདི་ལས་རིགས་ཀྱི་སངས་རྒྱས་འབྱུང་། །སྙིང་པོ་འདི་ལས་ཡང་དག་འབྲས་བུ་འབྱུང་། །སྙིང་པོ་འདི་ལས་བསྟན་པ་རྒྱ་མཚོ་འབྱུང་། །སྙིང་པོ་འདི་ལས་མི་བདེ་སྣ་ཚོགས་འབྱུང་། །སྙིང་པོ་འདི་ལས་ས་དང་ལམ་དུ་འབྱུང་། །སྙིང་པོ་འདི་ལས་ས་རྣམས་རིམ་པར་བགྲོད། །སྙིང་པོ་མ་སྤངས་རང་བཞིན་ལྷུན་གྱིས་གྲུབ། །སྙིང་པོ་འདི་ལས་དོན་རྣམས་ཡང་དག་འབྱུང་། །སྙིང་པོ་འདི་ལས་ངེས་མེད་ངེས་པར་གཟུང་དུ་མེད། །སྙིང་པོ་འདི་ལས་བྱིན་རླབས་ཐམས་ཅད་འབྱུང་། །སྙིང་པོ་འདི་ལས་བཙལ་བ་མེད་པར་གསལ། །སྙིང་པོ་འདི་ལས་དབང་རྣམས་མ་བསྐུར་འཐོབ། །སྙིང་པོ་འདི་ལས་ཕྲིན་ལས་ལྷུན་གྱིས་གྲུབ། །སྙིང་པོ་འདི་ལས་ཞི་ཁྲོ་གཉིས་སུ་སྣང་། །སྙིང་པོ་འདི་ལས་བྱ་རྩོལ་མེད་པར་གྲུབ། །སྙིང་པོ་འདི་ལས་སྣང་དང་སྟོང་པར་སྣང་། །སྙིང་པོ་འདི་ལས་བྱིན་རླབས་ཤུགས་ཀྱིས་འབྱུང་། །སྙིང་པོ་འདི་ལས་གང་བསྟན་ཐམས་ཅད་འགྲུབ། །སྙིང་པོ་འདི་ལས་གཙོ་དང་འཁོར་དུ་སྣང་། །སྙིང་པོ་འདི་ལས་བཙལ་དུ་མེད་པར་འགྲུབ། །སྙིང་པོ་འདི་ལས་


DNG020_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་ཐམས་ཅད་འབྱུང་། །སྙིང་པོ་འདི་ལས་ཐམས་ཅད་ཀུན་ཏུ་གསལ། །སྙིང་པོ་འདི་ལས་ཡོངས་སུ་བརྡལ་བའི་ངང་། །སྙིང་པོ་འདི་ལས་རྩལ་དང་ཐུགས་རྗེར་འདྲེལ། །སྙིང་པོ་འདི་ལས་ཐམས་ཅད་གཞི་དང་བྲལ། །སྙིང་པོ་འདི་ལ་བསག་པའི་གཞི་དང་བྲལ། །སྙིང་པོ་འདི་ལ་བརྟེན་པའི་ས་དང་བྲལ། །སྙིང་པོ་འདི་ལ་བརྟེན་པའི་དོན་དང་བྲལ། །སྙིང་པོ་འདི་ལ་བརྗོད་པའི་ཚིག་དང་བྲལ། །སྙིང་པོ་འདི་ལ་ལྟ་བའི་ཡུལ་དང་བྲལ། །སྙིང་པོ་འདི་ལ་བསྒོམ་པའི་དམིགས་དང་བྲལ། །སྙིང་པོ་འདི་ལ་སྤྱོད་པའི་དམིགས་དང་བྲལ། །སྙིང་པོ་འདི་ལ་རེ་བའི་འབྲས་བུ་བྲལ། །སྙིང་པོ་འདི་ལ་ང་དང་བདག་ཏུ་བྲལ། །སྙིང་པོ་འདི་ལ་བརྟེན་པའི་དམིགས་དང་བྲལ། །ཐམས་ཅད་གཟུང་བའི་ཡུལ་མེད་རེ་བ་མེད། །སྙིང་པོ་ཉིད་ཀྱང་བསྟན་པའི་དམིགས་དང་བྲལ། །སྤང་བ་མེད་དེ་རང་བཞིན་ངང་གི་གསལ། །གསལ་བ་ཉིད་ཀྱང་དམིགས་པ་ཀུན་དང་བྲལ། །གསལ་བ་ཉིད་ན་འདི་ཞེས་བསྟན་དུ་མེད། །མེད་པ་མ་ཡིན་ཀུན་གྱི་སྙིང་པོར་གསལ། །སྙིང་པོ་ཉིད་ན་བདེ་བ་ཆེན་པོར་གནས། །བདེ་བས་མི་འཛིན་རང་བཞིན་ཅིར་ཡང་སྣང་། །སྣང་བ་ཀུན་ཀྱང་དམིགས་པའི་བརྟེན་པ་མེད། །ཡོད་དང་མེད་པའི་མཐར་ནི་ཅིར་ཡང་སྣང་། །ཐམས་ཅད་ང་ཡིན་དེ་ལ་ང་མ་གྲུབ། །གྲུབ་པ་མེད་དེ་དེ་ཉིད་རབ་ཏུ་བཟང་། །ང་ལ་ང་ཞེས་བསྟན་པས་རབ་ཏུ་འཁྲུལ། །བྱང་ཆུབ་ཉིད་ལ་འཁྲུལ་དང་མ་འཁྲུལ་མེད། །འཁྲུལ་པ་ཉིད་ཀྱང་བྱང་ཆུབ་ཆེན་པོའི་ལམ། །ལམ་རྣམས་མ་བགྲོད་ཐམས་ཅད་ལྷུན་གྱིས་གྲུབ། །ས་རྣམས་མ་སྦྱངས་ཐམས་ཅད་གྲུབ་པའི་ས། །ས་མཆོག་འདི་ནི་མ་བཙལ་ལྷུན་གྱིས་གྲུབ། །ས་ལ་བརྟེན་ཏེ་སྦྱང་བའི་དམིགས་དང་བྲལ། །ཡེ་ཤེས་ཆེན་པོ་ལྷུན་གྱིས་གྲུབ་པའི་ས། །བདེ་བ་ཆེན་པོ་རང་བཞིན་རྟོགས་པའི་ས། །ས་ལ་རྣམ་པ་གསུམ་དུ་ངེས་པ་མེད། །ཐེག་ཆེན་ས་ནི་ས་གཅིག་ཀུན་གྱི་དུས། །དེ་ཉིད་ངང་ལས་ས་རྣམས་ལྷུན་གྱིས་གྲུབ། །ཐམས་ཅད་འབྱུང་བའི་ས་སྟེ་བདེ་བའི་ངང་། །ལམ་མཆོག་ཉིད་ཀྱང་མ་བགྲོད་ཀུན་ཀྱང་བསྟན། །


DNG020_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་གྱི་སྙིང་པོ་དེ་ཡིས་ལམ་རྣམས་ཐམས་ཅད་འགྲུབ། །ལམ་ལྔ་བགྲོད་པས་ལམ་མཆོག་ཡོངས་མི་ཐོབ། །བགྲོད་དུ་མེད་པའི་ལམ་ཆེན་ང་ཡིས་བསྟན། །ས་དང་ལམ་ལ་ངེས་པ་དེ་ཉིད་ཡིན། །བསྐལ་པར་འཛོམ་ཡང་དེ་ཉིད་འདྲེས་པ་མེད། །གཡེང་བ་མང་པོའི་དོན་རྣམས་ཡལ་བར་དོར། །ཕྱོགས་སུ་འཛིན་ཅིང་ང་ཡི་རང་བཞིན་ཅན། །འཛིན་པ་ཉིད་ཀྱང་སྡིག་པའི་སྣོད་དང་བྲལ། །ཉི་མ་ཤར་བའི་རང་བཞིན་བྱས་པ་མིན། །མ་བྱས་པ་ཡང་མིན་ཏེ་ཐམས་ཅད་དེ་ལྟར་སྣང་། །སྐུ་གསུང་ཐུགས་ཀྱང་ང་རུ་བསྟན་དུ་མེད། །བརྗོད་པ་གསུམ་དང་བྲལ་ཕྱིར་དེ་བཞིན་ནོ། །བརྗོད་པ་ཉིད་ལ་བརྗོད་པའི་དམིགས་དང་བྲལ། །དང་པོ་མ་བྱུང་ཐ་མ་གར་མི་འགྲོ། །དེ་བཞིན་དུས་གསུམ་ཀུན་ཏུ་འདི་ལ་གནས། །ཀུན་ཏུ་བཟང་པོ་ཉིད་ཀྱང་དེ་ཉིད་དོ། །སྣང་བ་ཙམ་དུ་རང་བཞིན་གསལ་བ་ལ། །སྟོང་པ་ཉིད་ལ་ཐ་དད་དེ་བཞིན་འགྱུར། །རྡོ་རྗེ་ཕུར་པ་ཆེན་པོ་བཤད་པའི་རྒྱུད་ལས། སྙིང་པོ་སྣང་བར་བསྟན་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་བཅོམ་ལྡན་འདས་རོལ་པ་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཡེ་ཤེས་བཞི་དང་རྣམ་པ་ལྔ། །མེ་ལོང་ཡེ་ཤེས་ཀུན་གྱི་མཆོག །ཐམས་ཅད་འདི་ཡི་ངོ་བོ་གསལ། །སྟོང་པའི་ཡེ་ཤེས་སྣང་བ་མེད། །སྟོང་པ་ཆེན་པོ་ཆོས་ཀྱི་མཆོག །མཉམ་ཉིད་ཡེ་ཤེས་རིན་པོ་ཆེ། །སྣང་སྟོང་གཉིས་ལ་ཁྱད་པར་མེད། །སོ་སོར་རྟོག་པ་ཤེས་རབ་ཡིན། །རབ་ཏུ་འབྱེད་པའི་ངོ་བོར་གནས། །བྱ་བ་གྲུབ་པས་ལས་རྣམས་སྟོན། །ཐམས་ཅད་སྤྲུལ་པས་སྟོང་གསུམ་འགེངས། །དོན་རྣམས་མ་ལུས་འགྲུབ་པར་བྱེད། །ཡེ་ཤེས་ལྔ་ཡི་རང་བཞིན་ལས། །རང་བཞིན་གསལ་བའི་ཡེ་ཤེས་ཏེ། །རིགས་སུ་ཕྱེ་བས་ལྔ་རུ་བཤད། །རོལ་པའི་དོན་ལ་ཁྱད་པར་མེད། །གཅིག་ནི་ཆོས་སྐུ་དོན་གྱིས་མཚོན། །གཉིས་ནི་ལོངས་སྐུ་འགྲོ་བ་འདུལ། །གཅིག་ནི་སྤྲུལ་པ་བསྟན་པ་བསྲུང་། །དོན་གྱི་ཁྱད་པར་ཡང་དག་པ། །ལྔ་པའི་ངེས་པར་གསལ་བར་འགྱུར། །དོན་


DNG020_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཡེ་ཤེས་རྫོགས་པ་ཡིས། །རོལ་པ་ཆེན་པོའི་རིགས་ལྔར་འབྱུང་། །རྡོ་རྗེ་རིགས་ཀྱི་སངས་རྒྱས་དང་། །གྲུབ་པའི་འབྲས་བུ་གང་བསྟན་པ། །ས་དང་ལམ་ལྔ་རབ་བགྲོད་ཀྱང་། །མེ་ལོང་ཡེ་ཤེས་ཆེན་པོ་ཡིས། །སྣང་བའི་དོན་ལ་ཅིར་ཡང་སྟོན། །དེ་བཞིན་རིགས་ཀྱི་སངས་རྒྱས་དང་། །གྲུབ་པའི་འབྲས་བུ་ཁྱད་པར་ཅན། །ས་དང་ལམ་ལ་རིང་བས་ན། །སྟོང་པ་ཆེན་པོའི་དབྱིངས་སུ་ཐིམ། །རིན་ཆེན་རིགས་ཀྱི་སངས་རྒྱས་ནི། །གྲུབ་པའི་འབྲས་བུ་རིན་ཆེན་ཡང་། །གཞི་ཡི་དོན་གྱིས་ལས་མི་འགྲུབ། །སྐབས་ཀྱི་འབྲས་བུ་རང་སར་གྲོལ། །མཉམ་པའི་ངང་དུ་ཡང་དག་སྟོན། །པདྨ་རིགས་ཀྱི་སངས་རྒྱས་ཀྱང་། །བདེ་བའི་འབྲས་བུ་དོན་གྱིས་གསལ། །རིམ་པ་གྲངས་ལ་བསྟན་ན་ཡང་། །བཞི་དང་ལྔ་རུ་བསྟན་དུ་མེད། །སོ་སོར་རྟོགས་པས་རྟོགས་པའི་ངང་། །ལས་ཀྱི་རིགས་ཀྱི་སངས་རྒྱས་ཀྱང་། །གྲུབ་པ་ཅན་དུ་བསྟན་པ་སྟེ། །ས་དང་ལམ་ལ་བསྟན་པར་ཟད། །གྲུབ་པའི་འབྲས་བུ་གཞི་མི་དགོས། །ཐམས་ཅད་གཅིག་པས་མི་འབྱུང་ཕྱིར། །བྱ་བ་གྲུབ་པའི་རང་བཞིན་ཅན། །སྐུ་ལྔ་ཡེ་ཤེས་རྣམ་ལྔ་ཡང་། །དོན་དམ་གཅིག་ལས་བསྟན་པ་ལ། །དེ་ཉིད་ངོ་བོར་འབྱུང་བས་ན། །རིག་པ་ཅན་དུ་གང་ལ་འགྱུར། །མེད་པར་བྱུང་བའི་དོན་དུ་ཡང་། །བརྗོད་པའི་ཚིག་ཙམ་ཡང་དག་མིན། །རང་རིག་གསལ་བའི་ངོ་བོ་ལས། །སྟོང་པའི་རིག་པར་འགྱུར་བ་མེད། །རིག་པ་ཐམས་ཅད་ཀུན་གྱི་གཞི། །རིག་པ་སྣ་ཚོགས་བྱུང་བས་ན། །རིག་པའི་ངོ་བོར་གཞི་རྩ་བྲལ། །མེད་པའི་རང་བཞིན་གཞི་རྩ་བྲལ། །གཉིས་སུ་མེད་པར་གཞི་རྩ་བྲལ། །ཆོས་ཉིད་ཕུར་པར་གཞི་རྩ་བྲལ། །ཐུགས་རྗེ་ཕུར་པར་གཞི་རྩ་བྲལ། །བྱང་སེམས་ཕུར་པར་གཞི་རྩ་བྲལ། །འདུས་བྱས་ཕུར་པར་གཞི་རྩ་བྲལ། །དེ་བཞིན་ཉིད་དུ་གཞི་རྩ་བྲལ། །ལྷ་ཡི་གཞལ་ཡས་གཞི་རྩ་བྲལ། །ལྷ་ཉིད་བསྒོམ་པར་གཞི་རྩ་བྲལ། །སྤྱན་དང་མཆོད་དང་བསྟོད་པ་དང་། །ཐམས་ཅད་རང་བཞིན་གཞི་རྩ་བྲལ། །གཞི་དང་རྩ་བ་ངེས་གཟུང་མེད། །གཞི་རྩ་


DNG020_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་བའི་ཆོས་ཉིད་ནི། །ཅིར་ཡང་མེད་ལ་ཅིར་ཡང་སྣང་། །སྣང་བ་ཉིད་ཀྱང་གཞི་རྩ་བྲལ། །ཅིར་ཡང་མེད་པས་ངོས་གཟུང་མེད། །ལྷ་དང་ལྷ་རུ་བསྒོམ་པ་ཡང་། །ལྷ་གཉིས་རང་བཞིན་ཁྱད་པར་མེད། །དྲང་བའི་དོན་དུ་ཅིར་ཡང་སྟོན། །དྲང་བ་ཉིད་དུ་བསྟན་པ་ནི། །ངེས་པར་བརྟགས་པས་དེ་བཞིན་ཡིན། །ངེས་པ་ཉིད་དང་གཉིས་སུ་མེད། །ངེས་མེད་རང་བཞིན་ཐམས་ཅད་སྟོན། །སྤངས་པའི་ཆོས་ཉིད་ཐིག་ལྟར་ཕྲ། །ཕྲ་བས་དམིགས་དང་བྲལ་བར་བཤད། །ཕྲ་བའི་རང་བཞིན་བརྟག་དཀའ་བ། །ཕྲ་བའི་དོན་ཉིད་ཅིར་ཡང་སྟོན། །དེ་ཡིས་དོན་རྣམས་སྟོན་པར་བྱེད། །ཡང་དག་ཉིད་དུ་དེ་བསྟན་ན། །ངེས་པ་ཉིད་དུ་འབྲས་བུར་བཅས། །རེ་བ་མེད་པར་དོན་རྟོགས་ནས། །ཡང་དག་བསྟན་པའི་ཕུར་པ་འགྱུར། །ལྷ་ཉིད་གཞི་རྩ་མ་བྲལ་ན། །ཡང་དག་དོན་གྱི་ཕུར་པ་མིན། །འཛིན་པས་བཅིངས་པའི་ལྷ་ཉིད་ནི། །གཞི་དང་རྩ་བ་བཅས་པ་སྟེ། །ངེས་པ་ཅན་དུ་གྱུར་པས་ན། །བྱ་རྩོལ་མེད་པའི་ཡེ་ཤེས་མིན། །དོན་གྱི་ཕུར་པ་གཞི་རྩ་བྲལ། །ངེས་པར་ཕུར་པ་བརྗོད་པ་བྲལ། །སྣང་བ་ཙམ་དུ་བསྟན་པ་སྟེ། །རང་རང་རྒྱུད་དུ་འཛིན་པ་མེད། །འཛིན་པ་རང་བཞིན་དངོས་པོ་སྟེ། །དེ་ཡིས་བསྟན་པའི་འབྲས་བུ་ནི། །ས་དང་ལམ་ལ་རིམ་པར་བསྟན། །རྟོགས་པ་མེད་པའི་ལྷ་ཉིད་ནི། །འབྲས་བུ་སྲིད་པ་ཉིད་དུ་བརྟས། །ཤེས་པའི་རྟོག་པ་རང་སར་གྲོལ། །རང་གྲོལ་འབྲས་བུ་བཙལ་མི་དགོས། །སངས་རྒྱས་ས་ལ་རྣམ་པ་ལྔ། །རང་རིག་ཡེ་ཤེས་རྟོགས་པའི་ས། །འཛིན་པ་ཕྱོགས་སུ་བྲལ་བའི་ས། །ཡེ་ཤེས་རྒྱུན་མི་འཆད་པའི་ས། །རྒྱུ་འབྲས་གཉིས་མེད་རྟོགས་པའི་ས། །ཐམས་ཅད་ལྷུན་གྱིས་གྲུབ་པའི་ས། །ལྔ་ཡིས་རང་བྱུང་ས་ལྔ་རྟོགས། །འབྱུང་བ་ལྔ་ཡི་རང་བཞིན་ལ། །སངས་རྒྱས་ཞིང་ཁམས་ཐམས་ཅད་རྟོགས། །ནམ་མཁའ་སྟོན་པས་རབ་བསྟན་པ། །ངེས་པར་བསྟན་དུ་མེད་པར་རྟོགས། །སྟོན་པས་ཆུ་ཡི་དོན་བསྟན་པ། །འཁོར་བའི་བག་ཆགས་སྦྱོང་བར་རྟོགས། །སྟོན་པས་ས་ཡི་དོན་བསྟན་པ། །འགྲོ་བ་ཚིམས་


DNG020_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་གསོས་སུ་རྟོགས། །སྟོན་པས་མེ་ཡི་དོན་བསྟན་པ། །འཁོར་བའི་རྣམ་རྟོག་བསྲེག་པ་དང་། །ཡེ་ཤེས་མེ་ཆེན་འབར་བའི་རྟགས། །སྟོན་པ་ལྔ་ཡིས་རབ་བསྟན་པ། །འཁོར་བ་ལྔ་ནི་མྱ་ངན་འདས། །རེ་དོགས་མེད་པར་མྱ་ངན་འདས། །ཡང་དག་སྟོན་པའི་སྙིང་པོ་འདི། །ཆོས་ཉིད་ཕུར་པའི་ངོ་བོ་སྟེ། །སེམས་ཅན་དྲག་པོས་སྒྲོལ་བ་ཡང་། །དྲག་པོ་ཉིད་ཀྱང་དམིགས་དང་བྲལ། །ཡེ་ཤེས་མེ་ཡི་ཁྲོ་བོ་ནི། །སྲེག་པའི་ལྷ་སྟེ་འཚིག་པར་བྱེད། །ཁམས་གསུམ་འཁྲུ་བྱེད་ཡེ་ཤེས་ཆུ། །འཁོར་བ་འཁྲུད་བྱེད་ངན་སོང་འཇོམས། །རྡོ་རྗེ་ཕུར་པ་ཆེན་པོ་བཤད་པའི་རྒྱུད་ལས། རོལ་པ་ཆེན་པོའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་རབ་ཏུ་བྱམས་པ་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རྡོ་རྗེ་ཕུར་པའི་ཆོས་ཉིད་ལས། །ཀུན་ཏུ་བཟང་པོའི་རོལ་པ་ཡིས། །དུས་གསུམ་བདེར་གཤེགས་དགོངས་པ་འདུས། །ཤེས་པའི་ཁྱད་པར་བསམ་འདས་པ། །རོལ་པའི་ཐེག་པ་བསམ་ལས་འདས། །ཡིན་དང་མ་ཡིན་བརྟག་དཀའ་བས། །རྟོག་པའི་ལྟ་བ་བསམ་ལས་འདས། །མ་རིག་མ་ཤེས་དྲང་བ་ལས། །ཟག་པ་མེད་པའི་ཆོས་རྣམས་ལ། །རྣམ་པ་གྲངས་སུ་རབ་བསྟན་ཏེ། །དོན་དམ་གཉིས་སུ་བསྟན་པར་སྣང་། །སིལ་བུ་གོང་བུ་སྙོམས་པར་འཇུག །ལྔ་རུ་འཇུག་ཅིང་ས་རྣམས་བགྲོད། །ས་གཉིས་རབ་ཏུ་ནོན་པ་ཡང་། །དོན་དང་མཐུན་པ་ཡང་དག་ས། །བྱམས་པ་ཆེན་པོའི་རོལ་པ་ལས། །ཆོས་ཉིད་ཕུར་པ་ཅིར་ཡང་སྣང་། །རང་རང་རྟོགས་པའི་ཁྱད་པར་ལས། །སྤང་བ་དང་ནི་བསྒྲུབ་པ་དང་། །སྤངས་ན་སྟོང་པ་ནམ་མཁའ་འདྲ། །མ་སྤངས་ས་ལ་རྣམ་པ་གསུམ། །ཉོན་མོངས་ལས་དང་སྡུག་བསྔལ་གསུམ། །རྟོགས་དང་མ་རྟོགས་ཁྱད་པར་ལས། །བྱམས་པ་ཆེན་པོའི་བྱིན་རླབས་ལས། །ཆོས་ཉིད་ཕུར་པ་ཅིར་ཡང་སྣང་། །ཕྱི་ནང་རྟེན་ཅིང་འདྲེལ་བར་གནས། །རྣལ་འབྱོར་རྣམ་གཉིས་རང་བཞིན་ལས། །སྣང་བའི་རྟོག་པ་བཅད་པ་ཡིས། །མེད་པ་ཉིད་དུ་གྱུར་པ་ཡིན། །སྣང་ལ་རང་བཞིན་མེད་པས་ན། །


DNG020_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་ཉིད་དུ་གྱུར་པ་ཡིན། །གསལ་ལ་མི་རྟོག་མར་མེ་འདྲ། །ཤེལ་སྒོང་ལྟ་བུར་རྣམ་པར་དག །དོན་དམ་ཀུན་རྫོབ་རང་བཞིན་ལས། །བསལ་བྱ་སེལ་བར་བྱུང་བ་དང་། །བསལ་མེད་སྣང་བ་རང་བཞིན་མེད། །ས་ལ་གནས་པའི་འབྲས་བུ་གཏེར། །བྱམས་པ་ཆེན་པོའི་བྱིན་རླབས་ལས། །ཆོས་ཉིད་ཕུར་པ་ཅིར་ཡང་སྣང་། །དག་པ་ཆེན་པོའི་ཆོས་ཉིད་ལས། །རྣམ་པ་གསུམ་གྱི་ངོ་བོ་སྟེ། །རིམ་པ་གཉིས་སུ་བསྟན་པ་དང་། །དག་པ་ཅན་དུ་གྱུར་པས་ན། །ས་ལ་རབ་ཏུ་གནས་པའོ། །བྱམས་པ་ཆེན་པོའི་བྱིན་རླབས་ལས། །ཆོས་ཉིད་ཕུར་པ་ཅིར་ཡང་སྣང་། །རིགས་ལྔ་སྣང་བ་རང་བཞིན་མེད། །དག་པས་གཙང་སྟེ་དྲི་མ་མེད། །རིམ་པར་གྱུར་ཏེ་ངོ་མཚར་ཆེ། །ས་ལ་རབ་ཏུ་གནས་པ་སྟེ། །བྱམས་པ་ཆེན་པོའི་བྱིན་རླབས་ལས། །ཆོས་ཉིད་ཕུར་པ་ཅིར་ཡང་སྣང་། །སྣང་ལ་རང་བཞིན་མེད་པའི་ལྷ། །རིམ་པ་མ་ཡིན་གཉིས་སུ་སྣང་། །མཉམ་པར་མཆོད་པ་ངོ་མཚར་ཏེ། །ཡང་དག་ས་ལ་གནས་པའོ། །བྱམས་པ་ཆེན་པོའི་བྱིན་རླབས་ལས། །ཆོས་ཉིད་ཕུར་པ་ཅིར་ཡང་སྣང་། །ལྷ་དང་ལྷ་མོའི་རང་བཞིན་ལ། །སྤྲོས་དང་བྲལ་བའི་ཆོས་ཉིད་ལ། །གཉིས་སུ་མེད་པའི་རྟོགས་པ་ཆེ། །ཏིང་འཛིན་ས་ཡི་རིམ་པ་ཡིན། །བྱམས་པ་ཆེན་པོའི་བྱིན་རླབས་ལས། །ཆོས་ཉིད་ཕུར་པ་ཅིར་ཡང་སྣང་། །ཀུན་བཟང་ཡབ་ཡུམ་རོལ་པ་ལས། །བདེ་བ་ཆེན་པོར་ཡང་དག་འབྱུང་། །གནས་པ་ཆེན་པོའི་ཏིང་འཛིན་གྱིས། །ས་རྣམས་རབ་ཏུ་རྫོགས་པའོ། །བྱམས་པ་ཆེན་པོའི་བྱིན་རླབས་ལས། །ཆོས་ཉིད་ཕུར་པ་ཅིར་ཡང་སྣང་། །རྡོ་རྗེ་ཕུར་པའི་ངོ་བོ་སྟེ། །གདུག་པ་འདུལ་བ་བྱམས་པར་སྣང་། །ཁམས་གསུམ་རྒྱུད་སྦྱོར་བྱམས་པར་སྣང་། །ལོག་པར་སྒྲོལ་བ་བྱམས་པར་སྣང་། །ཡང་དག་བསྟན་པའི་ཕུར་པ་འདི། །དུས་གསུམ་ཀུན་ཏུ་འགྱུར་བ་མེད། །ཐིག་ལེ་ཕུར་པའི་རང་བཞིན་ལས། །འདུལ་བའི་དབང་དུ་ཅིར་ཡང་སྣང་། །ཤེས་པའི་ཁྱད་པར་རྣམ་དགུ་


DNG020_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་། །དྲང་བའི་ལུང་སྟེ་ཉོན་མོངས་སྦྱོང་། །རང་རིག་རང་གསལ་བལྟ་བའི་དོན། །བཞི་ཡིས་བསྟན་ཏེ་ལྔ་ཡང་རུང་། །ཚད་མེད་སྙིང་རྗེའི་ཐེག་པ་དང་། །མཉམ་ཉིད་རིག་པའི་ཐེག་པ་དང་། །ལྷུན་གྲུབ་སྤང་མེད་ཐེག་པ་གང་། །རྡོ་རྗེ་ཕུར་པའི་ཆོས་ཉིད་ཡིན། །བདེ་བ་ཆེན་པོའི་ངང་ཉིད་ལས། །ཡོངས་ལ་དབང་བསྒྱུར་རིན་ཆེན་མཛོད། །རྟོག་པ་ནམ་མཁའི་རང་བཞིན་ལས། །སྐྱེ་བ་མེད་པར་ཐམས་ཅད་སྐྱེ། །སྤྲིན་དང་ན་བུན་ཁུ་རླངས་དང་། །ཉི་མ་ཟླ་བ་སྐར་མ་དང་། །འབྲུག་དང་གློག་དང་ཐུག་ཆོམ་དང་། །སྲེག་པར་བྱེད་དང་འཕང་བར་བྱེད། །ཐམས་ཅད་ཐམས་ཅད་འབྱུང་བར་བྱེད། །རེས་འགའ་སྣ་ཚོགས་ནམ་མཁའ་ལ། །རེས་འགའ་ནམ་མཁའ་སྟོང་པར་འགྱུར། །དེ་འདྲ་ནམ་མཁའི་མཚན་ཉིད་ནི། །ཅིར་ཡང་མེད་ལ་ཅིར་ཡང་སྣང་། །དེ་བས་ནམ་མཁའ་དམིགས་དང་བྲལ། །དེ་བཞིན་བྱང་ཆུབ་སེམས་ཉིད་ནི། །སྐྱིད་པར་བྱེད་དང་སྡུག་པར་བྱེད། །སངས་རྒྱས་འབྱུང་ཞིང་སེམས་ཅན་འབྱུང་། །ལྷ་ཡང་འབྱུང་ལ་འདྲེ་ཡང་འབྱུང་། །མཐོ་རིས་འབྱུང་ཞིང་ངན་སོང་འབྱུང་། །ཡོད་པར་འབྱུང་ཞིང་མེད་པར་འབྱུང་། །རེས་འགའ་སྣ་ཚོགས་ཀུན་ཏུ་འབྱུང་། །རེས་འགའ་སྣ་ཚོགས་དབྱིངས་སུ་ཐིམ། །ཡོད་དང་མེད་པའི་ངོས་གཟུང་མེད། །སྟོན་པའི་འཁོར་དུ་བཅས་པ་ཡང་། །བྱང་ཆུབ་སེམས་ཉིད་རང་བཞིན་འབྱུང་། །གོ་དང་གསལ་བའི་སེམས་ཉིད་ལ། །རྨུགས་དང་འཐིབས་པར་བྱེད་པ་འབྱུང་། །ཁྲོ་དང་གཏུམ་པའི་སེམས་ཉིད་ལ། །ཞི་དང་ངེས་པ་བྱེད་པ་འབྱུང་། །འཛིན་དང་ཆགས་པར་བྱེད་པ་འབྱུང་། །འཛིན་མེད་སྟོང་པའི་སེམས་ཉིད་འབྱུང་། །བསད་དང་བཅད་པའི་སེམས་ཉིད་ལ། །བྱམས་པ་ཆེན་པོའི་སེམས་ཉིད་འབྱུང་། །ཉོན་མོངས་སྡུག་བསྔལ་སེམས་ཉིད་ལ། །བདེ་སྐྱིད་ཡངས་པའི་སེམས་ཉིད་འབྱུང་། །སེམས་ཉིད་ཡངས་པའི་དབྱིངས་ཉིད་དུ། །འཁོར་འདས་བསམ་གྱིས་མི་ཁྱབ་ཤོངས། །དེ་ཕྱིར་སེམས་ཉིད་ཡངས་པ་ནས། །ཐམས་ཅད་ཐམས་ཅད་འབྱུང་བ་ཡིན། །རང་རྒྱུད་དངོས་པོར་མ་གྲུབ་ཕྱིར། །ཐམས་ཅད་


DNG020_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ལ་འགྲུབ་པར་བསྟན། །སྣང་བ་ཙམ་དུ་བསྟན་པར་ཟད། །སྣང་བའི་རང་བཞིན་ཡོད་པའི་ཕྱིར། །ཐམས་ཅད་འབྱུང་བ་སེམས་ལས་འབྱུང་། །དེ་ཕྱིར་ཐམས་ཅད་ཀུན་གྱི་གཞི། །བསྟན་པར་དཀའ་བའི་རང་བཞིན་ཏེ། །ངེས་པར་བསྟན་པའི་ཆོས་ཉིད་ལ། །དངོས་པོར་བསྟན་དུ་མེད་ལ་ཡོད། །སྟོང་པས་སྟོང་པ་མཚོན་པ་ལ། །སྟོང་པའི་རང་བཞིན་བརྟག་དཀའ་བས། །སྟོང་པ་འདི་ཞེས་བསྟན་དུ་མེད། །རྡོ་རྗེ་ཕུར་པའི་ཆོས་ཉིད་ལས། །ཐམས་ཅད་འབྱུང་བ་དེ་ཡི་ཕྱིར། །ངེས་པ་མེད་པས་ངེས་པར་བསྟན། །བྱམས་པ་ཆེན་པོའི་ཏིང་ངེ་འཛིན། །རྡོ་རྗེ་ཕུར་པ་བཤད་པའི་རྒྱུད་ལས། བྱམས་པ་ཆེན་པོའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་དབང་གི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཡེ་ནས་དག་པའི་ཆོས་ཉིད་ལས། །རྟོགས་པ་ཆེན་པོ་དབང་གི་མཆོག །མ་རྟོགས་ནན་དབང་ཆེན་པོ་ཡིས། །ཚུལ་བཞིན་བསྐུར་བས་ངན་སོང་འཇོམས། །ངེས་བཟུང་བྲལ་བའི་དབང་ཐོབ་ན། །སྤྱད་དུ་མེད་དེ་ས་རྣམས་ནོན། །ཆོས་ཉིད་ཕུར་པའི་དབང་རྟོགས་ན། །ཐུགས་རྗེ་ཆེན་པོའི་དབང་རྣམས་ཞོར་ལ་འབྱུང་། །ཡེ་ཀློང་ཆེན་པོའི་དབང་རྣམས་རྟོགས་གྱུར་ན། །བྱམས་པ་ཚད་མེད་དབང་རྣམས་ཞོར་ལ་འབྱུང་། །རིག་པ་གསལ་བའི་དབང་རྣམས་རྟོགས་གྱུར་ན། །མཁས་པ་ཆེན་པོའི་དབང་རྣམས་ཞོར་ལ་འབྱུང་། །སྟོན་པ་གསལ་བའི་དབང་རྣམས་རྟོགས་གྱུར་ན། །ཕན་དང་ནུས་པའི་དབང་རྣམས་ཞོར་ལ་འབྱུང་། །མ་རིག་མུན་པ་སེལ་བའི་དབང་རྟོགས་ན། །སྐུ་གསུང་ཐུགས་ཀྱི་དབང་རྣམས་ཞོར་ལ་འབྱུང་། །ཡེ་འབྱམས་བྱང་ཆུབ་སེམས་ཀྱི་དབང་རྟོགས་ན། །དུར་ཁྲོད་རྫས་ཀྱི་དབང་རྣམས་ཞོར་ལ་འབྱུང་། །དོན་དམ་ཆོས་ཉིད་ཕུར་པའི་དབང་རྟོགས་ན། །གདུག་པ་འདུལ་བའི་དབང་རྣམས་བསྐུར་མི་དགོས། །ཐམས་ཅད་སྣང་བ་བཞི་ཡི་དོན་རྟོགས་ན། །རང་རྒྱུད་དངོས་པོའི་དབང་རྣམས་བསྐུར་མི་དགོས། །རང་བྱུང་ཆེན་པོའི་དབང་རྣམས་རྟོགས་གྱུར་ན། །


DNG020_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

དད་པ་དབང་གི་སྟོབས་རྣམས་བསྐུར་མི་དགོས། །སྟོང་པ་ཆེན་པོའི་དབང་རྣམས་རབ་རྟོགས་ན། །སྣང་བ་རྫས་ཀྱི་དབང་རྣམས་བསྐུར་མི་དགོས། །སྡིག་པའི་གཞི་དང་བྲལ་བའི་དབང་རྟོགས་ན། །བསོད་ནམས་ཆེན་པོའི་དབང་རྣམས་བསྐུར་མི་དགོས། །བསག་པའི་གཞི་དང་བྲལ་བའི་དོན་རྟོགས་ན། །དགེ་བཅུ་བསོད་ནམས་དབང་རྣམས་བསྐུར་མི་དགོས། །བཟང་ངན་བརྟག་ཏུ་མེད་པར་དབང་ཐོབ་ན། །ནན་གྱིས་བརྟགས་པའི་དབང་རྣམས་བསྐུར་མི་དགོས། །ཐིག་ལེ་རང་བཞིན་གནས་པའི་དབང་ཐོབ་ན། །རིམ་པ་གྲངས་ཀྱིས་བསྐུར་བའི་དབང་མི་དགོས། །རང་བྱུང་ཡེ་ཤེས་རང་དབང་ཡེ་རྟོགས་ན། །མར་མེ་ཡེ་ཤེས་དབང་རྣམས་བསྐུར་མི་དགོས། །རང་བྱུང་རྩལ་མེད་ཆེན་པོའི་དབང་རྟོགས་ན། །བསྙེན་བསྒྲུབ་རིམ་པར་ཕྱེ་བའི་དབང་མི་དགོས། །ཆོས་ཉིད་ཡེ་དབང་ཆེན་པོའི་དབང་རྟོགས་ན། །ཡེ་ཤེས་རིམ་པར་ཕྱེ་བའི་དབང་མི་དགོས། །ཡེ་འབྱམས་བྱང་ཆུབ་སེམས་དཔའི་དབང་རྟོགས་ན། །མཎྜལ་དཀྱིལ་འཁོར་བྱ་བའི་དབང་མི་དགོས། །སངས་རྒྱས་རང་ལ་ཡོད་པའི་དབང་རྟོགས་ན། །སངས་རྒྱས་བྱང་ཆུབ་པ་ཡི་དབང་མི་དགོས། །ཐིག་ལེ་སྐུ་གསུང་ཐུགས་ཀྱི་དབང་རྟོགས་ན། །བསྒོམ་བྱ་སྐུ་གསུང་ཐུགས་ཀྱི་དབང་མི་དགོས། །མ་བཙལ་མ་བསྒྲུབས་ཡེ་ཤེས་དབང་རྟོགས་ན། །བསྟན་པ་རྒྱ་མཚོའི་དབང་རྣམས་བསྐུར་མི་དགོས། །ཐུགས་རྗེ་ཕུར་པ་རོལ་པ་དོན་རྟོགས་ན། །ཁྲོ་བོ་དྲག་པོའི་དབང་རྣམས་བསྐུར་མི་དགོས། །ཐབས་དང་ཤེས་རབ་གསལ་བའི་དོན་རྟོགས་ན། །གསང་བ་བྱང་ཆུབ་སེམས་དབང་བསྐུར་མི་དགོས། །མཁས་པ་རང་གསལ་ངེས་མེད་དོན་རྟོགས་ན། །གྲངས་དང་རིམ་པས་བསྐུར་བའི་དབང་མི་དགོས། །ཐམས་ཅད་རང་ལས་བྱུང་བ་དོན་རྟོགས་ན། །གཞན་ནས་བཙལ་བའི་དབང་རྣམས་བསྐུར་མི་དགོས། །ཆོས་ཉིད་གསལ་བའི་སྒྲོན་མའི་དོན་རྟོགས་ན། །གསལ་བྱེད་བཀྲ་བའི་དབང་རྣམས་བསྐུར་མི་དགོས། །སྟོན་པ་རང་ལས་བྱུང་བའི་དོན་རྟོགས་ན། །སྟོན་པ་རྡོ་རྗེ་སེམས་དཔའི་དབང་


DNG020_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

མི་དགོས། །འཁོར་རྣམས་རང་ལས་བྱུང་བའི་དོན་རྟོགས་ན། །ཕྱག་ན་རྡོ་རྗེའི་དབང་རྣམས་བསྐུར་མི་དགོས། །འཁོར་འདས་གཉིས་སུ་མེད་པའི་དོན་རྟོགས་ན། །ལྷ་རྫས་རིམ་པར་བསྐུར་བའི་དབང་མི་དགོས། །ཆོས་ཉིད་ཕུར་པ་རང་བྱུང་དོན་རྟོགས་ན། །རང་བྱུང་ལྷ་རྣམས་བསྐུར་བའི་དབང་མི་དགོས། །དུར་ཁྲོད་ཆེན་པོའི་གནས་དག་ཏུ། །དབང་དང་དྲག་པོར་ལྡན་པ་ལ། །ནམ་མཁའི་ཁམས་ཀྱང་དེ་བཞིན་ཏེ། །ས་དང་རི་ལ་རབ་ཏུ་བརྟག །ངེས་པ་མེད་པའི་ས་ཉིད་ལ། །མཎྜལ་འདོམ་གང་གྲུ་བཞི་ལ། །དུར་ཁྲོད་སྣ་ཚོགས་ཕྱེ་མ་གདབ། །དམ་རྫས་ལྔ་ཡིས་ཆག་ཆག་གདབ། །ཐིག་ལེ་རྣམ་པ་གཉིས་སུ་བཤད། །ས་ཐིག་གནམ་ཐིག་གཉིས་སུ་བསྟན། །ལྔ་དང་གསུམ་གྱི་སྦྱོར་བ་ལ། །གདབ་པའི་རིམ་པ་དེ་བཞིན་བྱ། །ཚོན་སྣ་ལྔ་ཡི་རིམ་པ་ལ། །བསྟན་པའི་དོན་དུ་དེ་བཞིན་བྱ། །གྲུ་གསུམ་ཟླ་གམ་མུ་ཁྱུད་དང་། །འཁོར་ལོ་གྲུ་ཆད་ལྷ་སྣམས་བཅས། །སྒོ་དང་རྟ་བབས་དེ་བཞིན་ཏེ། །མཛེས་པའི་རྒྱན་དང་མཚོན་པ་བརྟག །བསྲུང་བྱའི་རིམ་པ་ཡང་དག་བྱ། །དམ་སྲི་མནན་དང་མ་ཏྲང་བསྒྱེལ། །སྒོ་ལ་རིམ་པ་དེ་བཞིན་སྦྱར། །རྫས་རྣམས་དགོད་པ་ཡང་དག་སྟེ། །སྐུ་ཡི་དབང་དང་གསུང་གི་དབང་། །ཐུགས་ལ་སོགས་པ་དེ་བཞིན་ནོ། །རྫས་ཀྱི་དབང་དང་ཕུར་པའི་དབང་། །ཕན་པའི་དབང་དང་ནུས་པའི་དབང་། །དམ་ཅན་དབང་དང་ལས་བཞིའི་དབང་། །དེ་ལ་སོགས་པའི་དབང་རྣམས་ནི། །རིམ་པ་བཞིན་དུ་དགོད་པར་བྱ། །ཏིང་འཛིན་ཆེན་པོའི་བྱིན་རླབས་ཀྱིས། །བསྙེན་པ་ནམ་མཁར་འགྲུབ་པ་ཡང་། །ནུས་པ་ཡོད་ཕྱིར་རབ་ཏུ་བྱ། །བུམ་པ་ནམ་མཁར་ལྡིང་བ་དང་། །ཕུར་པ་འཕར་ཞིང་འཁྲོག་པ་དང་། །སྐུ་གཟུགས་བཞད་ཅིང་འགུལ་བ་དང་། །དམ་ཅན་མངོན་དུ་ལུང་སྟོན་དང་། །ཤིང་བལ་བཞིན་དུ་ཡང་བ་དང་། །ཅི་ལ་ཐོགས་པ་མེད་པ་དང་། །ནད་རྣམས་ཐམས་ཅད་སེལ་བ་དང་། །སྨན་པའི་མཆོག་ཏུ་གྱུར་པ་


DNG020_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །རིག་པ་ཁོང་དྭངས་ཤར་བ་དང་། །སྙིང་རྗེ་ཆེན་པོ་འབྱུང་བ་དང་། །འགྲོ་བ་རིམ་པས་འདུལ་བ་དང་། །བར་ཆད་སེལ་བའི་རྟགས་བྱུང་ན། །བསྙེན་པ་ལས་སུ་རུང་ཞེས་བྱ། །ལས་སུ་རུང་བར་གྱུར་པ་དང་། །བསྒྲུབ་པ་བྱ་བའི་རིམ་པ་ཡང་། །ཡང་དག་ཉིད་དུ་བསྟེན་པར་བྱ། །ཆེན་པོ་ལས་ཀྱི་རིམ་པ་ནི། །སྲོག་ལུས་རྫས་ཀྱི་འབུལ་བ་ཡིས། །བླ་མ་མཉེས་པར་བྱ་བའི་ཕྱིར། །མཉེས་པའི་ཡོན་ཏན་ཆེན་པོ་ནི། །བསམ་པ་ཐམས་ཅད་འགྲུབ་པར་འགྱུར། །རིག་འཛིན་ས་ལ་འགྲོ་བ་དང་། །བྱང་ཆུབ་སེམས་དཔའི་ས་ལ་གནས། །འགྲོ་བའི་དོན་རྣམས་མ་ལུས་ནུས། །བསྟན་པ་ཀུན་ལ་ཐོགས་པ་མེད། །དེ་ཕྱིར་དབང་བསྐུར་གསོལ་བ་གདབ། །བྱིན་རླབས་ཆེན་པོ་ཆར་ལྟར་འབྱུང་། །འགྲོ་བ་ཚིམས་བྱེད་གསོས་བཞིན་དུ། །དབང་གི་བྱིན་རླབས་དེ་བཞིན་དུ། །འགྲོ་བ་གཉིས་ཀྱི་དོན་བྱེད་ནུས། །དག་པ་ཁྲུས་ཀྱིས་བཀྲུ་བྱ་ཞིང་། །ལྷར་བསྐྱེད་སྤྱན་དྲང་བསྡིམ་པ་དང་། །མཆོད་པ་མ་ལུས་རྫོགས་པར་བྱ། །གཙོ་བོའི་དབང་དུ་དུར་ཁྲོད་དང་། །ཕན་དང་ནུས་པ་རབ་ཏུ་སྦྱིན། །སྐུ་གསུང་ཐུགས་ལ་རྫོགས་པའི་དབང་། །རེ་རེ་ཉིད་ལ་དེ་བཞིན་བསྐུར། །དུར་ཁྲོད་དབང་ཡང་དེ་བཞིན་ཏེ། །ཀུན་ལ་རྫོགས་པར་རིམ་པར་བསྐུར། །དྲག་པོས་འདུལ་བའི་ལས་བྱ་ཞིང་། །དྲག་པོའི་དབང་ཡང་རིམ་པར་བསྐུར། །དྲག་པོ་འདུལ་བའི་དབང་ཐོབ་ནས། །ཕྱིན་ཆད་འགྲོ་བའི་དོན་རྣམས་ནུས། །གཙོ་བོ་ཉིད་ཀྱི་དབང་ཐོབ་ན། །ཅི་བསམ་ལས་རྣམས་འགྲུབ་པར་འགྱུར། །ཧཱུཾ་མཛད་ཆེན་པོའི་དབང་ཐོབ་ན། །ཐོག་དང་སེར་བའི་ལས་རྣམས་འགྲུབ། །རྣམ་པར་རྒྱལ་བའི་དབང་ཐོབ་ན། །སྨྱོ་འབོག་གདོན་རྣམས་ཐུལ་བར་འགྱུར། །དབྱུག་སྔོན་ཅན་གྱི་དབང་ཐོབ་ན། །ཉོན་མོངས་མེ་ནི་བསྲེག་པར་འགྱུར། །གཤིན་རྗེ་གཤེད་པོའི་དབང་ཐོབ་ན། །སྒྲོལ་བ་ཆེན་པོའི་དབང་ཡང་ཐོབ། །མི་གཡོ་མགོན་པོའི་དབང་ཐོབ་ན། །


DNG020_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་སྡང་རང་རྒྱུད་གནོན་པར་འགྱུར། །རྟ་མགྲིན་རྒྱལ་པོའི་དབང་ཐོབ་ན། །ཁམས་གསུམ་དབང་དུ་སྡུད་པར་འགྱུར། །གཞན་གྱིས་མི་ཐུབ་དབང་ཐོབ་ན། །ཉོན་མོངས་ཤ་མདངས་ཕྱེད་པར་འགྱུར། །བདུད་རྩི་འཁྱིལ་པའི་དབང་ཐོབ་ན། །ཁམས་གསུམ་གདུག་པ་གསོད་པར་འགྱུར། །ཁམས་གསུམ་རྣམ་རྒྱལ་དབང་ཐོབ་ན། །གང་ཡིན་དངོས་པོར་འཛིན་པར་འགྱུར། །སྟོབས་པོ་ཆེ་ཡི་དབང་ཐོབ་ན། །འདུལ་བ་ཆེན་པོའི་དབང་ཐོབ་འགྱུར། །སྲས་མཆོག་དྲུག་གི་དབང་ཐོབ་ན། །འཇིག་རྟེན་དྲེགས་པ་འདུལ་བར་འགྱུར། །དུར་ཁྲོད་རྫས་ཀྱི་དབང་ཐོབ་ན། །བདུད་ཀྱི་རྒྱལ་པོ་འདུལ་བར་འགྱུར། །སྐུ་གསུང་ཐུགས་ཀྱི་དབང་ཐོབ་ན། །ཁམས་གསུམ་སྤྲུལ་པས་འགེངས་པར་འགྱུར། །རྡོ་རྗེ་ཕུར་པའི་དབང་ཐོབ་ན། །དྲེགས་པ་ཅན་རྣམས་འདུལ་བར་འགྱུར། །བཀྲ་ཤིས་དམ་པའི་རྫས་ལ་བརྟེན། །དམ་པ་དེ་ཉིད་ཐོབ་གྱུར་ན། །ལེགས་པའི་ཡོན་ཏན་བརྗོད་ལས་འདས། །རྡོ་རྗེ་ཚེ་ཡི་དབང་ཐོབ་ན། །ཚེ་ཡི་རྡོ་རྗེ་ཉིད་དུ་འགྱུར། །ལོངས་སྤྱོད་གཏེར་གྱི་དབང་ཐོབ་ན། །ཟད་མེད་འཕེལ་བའི་དབང་དང་ལྡན། །དབང་ལ་ཡོན་ཏན་བརྗོད་ལས་འདས། །དབང་རྣམས་རྫོགས་པར་མ་གྱུར་ན། །རྫ་བྱས་བེའུར་ལུས་པ་འདྲ། །དབང་རྣམས་ཐོབ་པར་མ་གྱུར་ན། །ཉི་ཁྲི་ཆིག་སྟོང་སྟོན་ནུས་ཀྱང་། །རྒྱལ་པོ་དམངས་སུ་བབ་པ་འདྲ། །ཤིང་ལ་བཙུགས་འབྲུ་བྱས་པ་འདྲ། །དེ་ཕྱིར་དབང་ལ་ནན་ཏན་བྱ། །རྡོ་རྗེ་ཕུར་པ་ཆེན་པོ་བཤད་པའི་རྒྱུད་ལས། དབང་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་དམ་ཚིག་ལ་སྙོམས་པར་འཇུག་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། སྟོན་པ་ཆེན་པོ་དམ་ཚིག་ལ། །རྡོ་རྗེ་རབ་ཏུ་ས་མ་ཡ། །མི་འདའ་བཛྲ་ཀཱི་ལ་ཡ། །མི་འདའ་དམ་ཚིག་རྣམ་པ་ལྔ། །གནས་པའི་དམ་ཚིག་གསུམ་རྣམས་དང་། །ཡོད་པའི་དམ་ཚིག་ཆེན་པོ་དང་། །བསྲུང་བའི་དམ་ཚིག་འགྱུར་བ་མེད། །ཏིང་འཛིན་དམ་ཚིག་བསྲུང་བའི་མཆོག །


DNG020_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བ་ཡན་ལག་དམ་ཚིག་ལས། །མི་སྤང་རབ་ཏུ་བསྲུང་བར་བྱ། །སྤྱོད་པའི་དམ་ཚིག་ཆེན་པོ་དང་། །བསྡམ་པར་བྱ་བའི་དམ་ཚིག་རྣམས། །ཟོལ་ཟོག་མེད་པར་བསྲུང་བར་བྱ། །རྡོ་རྗེ་སློབ་དཔོན་དཔལ་དུ་ཆེ། །འདྲེན་པའི་སློབ་དཔོན་ཆེན་པོ་དང་། །རྩ་བའི་སློབ་དཔོན་ཆེན་པོ་དང་། །དམ་ཚིག་དབང་གི་སློབ་དཔོན་དང་། །མན་ངག་ལུང་གི་སློབ་དཔོན་དང་། །ཤེས་རྒྱུད་གྲོལ་བའི་སློབ་དཔོན་དང་། །བསྲུང་བ་གྲངས་ཀྱི་ཤེས་པར་གྱིས། །རྩ་བ་ཆད་པར་མ་གྱུར་ན། །བླ་མ་རྟག་ཏུ་བསྐུར་བ་དང་། །ཁེ་དང་གྲགས་པ་མ་ཡིན་པ། །དེ་ཡང་བསྲུང་བའི་རིམ་པ་ཡིན། །ཕ་ལྟར་བཀུར་ཏེ་བརྩེ་བ་དང་། །ཚིག་ཙམ་ཕྱལ་པ་མ་ཡིན་པ། །ཁོང་ནས་གདུང་བ་བསྐྱེད་པ་ནི། །དེ་ཡང་བསྲུང་བའི་རིམ་པ་ཡིན། །དབང་པོའི་མིག་ལྟར་བརྩེ་བ་དང་། །དྲན་པ་རྒྱུན་དུ་སེམས་པ་དང་། །ལུས་ལ་མི་ཕོངས་སྲོག་མི་ཕོངས། །དེ་ཡང་བསྲུང་བའི་རིམ་པ་ཡིན། །དབུ་ཡི་གཙུག་གི་རིན་ཆེན་ལྟར། །སྐྱོ་བ་མེད་པར་ཁུར་བྱེད་པ། །དེ་ཡང་བསྲུང་བའི་རིམ་པ་ཡིན། །སྙིང་དང་འདྲ་ཞིང་འབྲལ་མི་ཕོད། །ཇི་ལྟར་ཁྲོ་གཏུམ་གསོད་བྱེད་ཀྱང་། །དེ་ལ་ངན་པའི་སེམས་མི་དབྱུང་། །དེ་ཡང་བསྲུང་བའི་རིམ་པ་ཡིན། །དམ་ཚིག་རྒྱུ་མེད་ཤེལ་སྒོང་འདྲ། །དཀྱིལ་འཁོར་གཉེན་པོ་མི་འདྲལ་ཞིང་། །དམ་ཆོས་གཉེན་པོར་བྱེད་པ་དང་། །དམ་རྫས་གཉེན་པོར་གཙོར་ལེན་ན། །དེ་ཡང་བསྲུང་བའི་རིམ་པ་ཡིན། །དཔག་ཚད་རྒྱང་གྲགས་དུར་ཁྲོད་དུ། །རྟགས་རྣམས་མངོན་དུ་འདོན་པ་དག །དེ་ཡང་བསྲུང་བའི་རིམ་པ་ཡིན། །ལེ་ལོ་སྒྱིད་སྙོམས་མ་ཡིན་པར། །བརྩོན་འགྲུས་དྲག་པོས་སྒྲུབ་བྱེད་པ། །དེ་ཡང་བསྲུང་བའི་རིམ་པ་ཡིན། །རྫས་རྣམས་མངོན་དུ་མི་འདོན་པ། །གསང་ཞིང་རྟགས་རྣམས་འདོན་པ་ཡང་། །དེ་ཡང་བསྲུང་བའི་རིམ་པ་ཡིན། །རྟོགས་པའི་ལྟ་བ་གདེང་ལྡན་ཞིང་། །སྤྱོད་པ་དམན་པར་སྤྱོད་པ་ནི། །དེ་ཡང་བསྲུང་བའི་རིམ་པ་ཡིན། །ཁམས་གསུམ་སེམས་ཅན་ཐམས་ཅད་ལ། །སྙིང་རྗེ་གདུང་སེམས་མི་ཆད་པ། །དེ་ཡང་བསྲུང་བའི་རིམ་


DNG020_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན། །ཤ་ཁྲག་དམ་རྫས་ཚང་བ་ཡིས། །མཁའ་འགྲོ་དུས་སུ་མཆོད་བྱེད་པ། །དེ་ཡང་བསྲུང་བའི་རིམ་པ་ཡིན། །མཁས་ཤིང་ཚུལ་བསྲུང་སྤྱོད་པ་དལ། །འདི་ཡང་བསྲུང་བའི་རིམ་པ་ཡིན། །ཉིན་དང་མཚན་དུ་དུས་མེད་པར། །སྐྱོ་བའི་སེམས་དང་མི་ལྡན་ན། །འདི་ཡང་བསྲུང་བའི་རིམ་པ་ཡིན། །རྔ་སྒྲ་དྲག་པོ་བྷྱོས་འདེབས་དང་། །ཨག་ཙར་ཁ་ཡིས་ངོམ་བྱེད་མིན། །འདི་ཡང་བསྲུང་བའི་རིམ་པ་ཡིན། །དོན་ལ་མ་ཡེངས་བདེ་བ་དང་། །རྟོགས་པ་མངོན་དུ་གཏོང་བ་ཡང་། །འདི་ཡང་བསྲུང་བའི་དམ་ཚིག་ཡིན། །མཚན་དང་ལྡན་པའི་གཟུངས་མ་ལ། །ཐབས་དང་ཤེས་རབ་སྦྱོར་བ་ཡང་། །འདི་ཡང་བསྲུང་བའི་དམ་ཚིག་ཡིན། །བརྩེ་བས་དུས་གསུམ་མི་འགྱུར་བ། །འདི་ཡང་བསྲུང་བའི་དམ་ཚིག་ཡིན། །དོན་དམ་པ་ཡི་ངང་ཉིད་ལས། །ཕྱོགས་རིས་བདག་གཞན་མི་འབྱེད་ན། །འདི་ཡང་བསྲུང་བའི་རིམ་པ་ཡིན། །བསྲུང་བའི་རིམ་པ་གང་ཡིན་པ། །མི་སྤང་རབ་ཏུ་བསྲུང་བར་བྱ། །དམ་ཚིག་གཉེན་པོ་ཉམས་པ་ཡང་། །ལྷ་སྤངས་ཉམས་པ་ཆེན་པོ་དང་། །སྔགས་དང་ཕྱག་རྒྱས་ཉམས་ཏེ་ཉམས་པ་དང་། །དྲན་རྟོག་ལྷ་རུ་མ་རྟོགས་ཉམས་པ་དང་། །གསལ་ལ་འཛིན་མེད་མ་བསྒོམས་ཉམས་པ་དང་། །གཉན་པའི་རིམ་པ་མ་ཁུར་སྤངས་པ་དང་། །བརྩེ་བའི་རིམ་པ་རྒྱུན་བཅད་སྤངས་པ་དང་། །གཟུངས་མ་མཚན་ལྡན་སྤངས་པ་དང་། །འདི་རྣམས་ཉམས་པའི་རང་བཞིན་ཡིན། །རྩ་བའི་དམ་ཚིག་ཉམས་པ་ན། །རྡོ་རྗེ་དམྱལ་བར་སྐྱེ་བར་འགྱུར། །འདིར་ཡང་ཉེས་པ་སྣ་བཅུ་འོང་། །བྱས་པ་མི་འགྲུབ་མྱ་ངན་ནོན། །དེ་ཡང་ཉམས་པའི་སྔ་རྟགས་ཡིན། །རྩ་བ་ཉམས་པའི་སྔ་རྟགས་ནི། །སྣ་ནས་ཁྲག་ཕྱུང་ངོ་བྱུག་ནས། །རྔ་སྒྲ་དྲག་པོས་བྷྱོས་འདེབས་ཤིང་། །ང་ནི་ཐམས་ཅད་ཆེ་བའི་ལྷ། །དབང་དུ་སྡུད་པ་ང་ལས་མེད། །ང་ཡིས་མི་འདུལ་གང་ཡང་མེད། །ཐམས་ཅད་ཀུན་ལ་ང་ཆེ་འབྱུང་། །ལྷ་སྲིན་སྡེ་བརྒྱད་ང་ཡི་བྲན། །ང་ཡི་ཉམས་སུ་ཆོས་སྐུ་འབྱུང་། །མེ་ལོང་ཡེ་


DNG020_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ལུང་ཡང་བསྟན། །འདི་ཡང་ཉམས་པའི་སྔ་རྟགས་ཡིན། །ནམ་མཁའ་ཁེངས་པའི་ལྷ་རྣམས་ཀྱང་། །གཞན་ཡང་ང་ཆེ་ལུང་སྟོན་འབྱུང་། །ས་གཞི་འགེངས་པའི་འཕགས་པ་ཡང་། །གཞན་ལས་མཐུ་ཆེ་ལུང་སྟོན་འབྱུང་། །འདི་ཡང་ཉམས་པའི་སྔ་རྟགས་ཡིན། །སངས་རྒྱས་མང་པོས་ལུང་བསྟན་ནས། །ཁྱོད་ལས་མཁས་པ་གཞན་ན་མེད། །དེ་ཡིས་བསྟན་པ་ང་ལ་ཡོད། །དེ་ཡང་ཉམས་པའི་སྔ་རྟགས་ཡིན། །ང་ནི་ཆེ་བའི་རྒྱལ་པོ་ཡིན། །ཅི་ལ་ཐོགས་པ་མེད་པ་འབྱུང་། །ཧཱུཾ་དང་ཕཊ་ཀྱིས་སྒྲོལ་བར་བྱེད། །འདི་ཡང་ཉམས་པའི་སྔ་རྟགས་ཡིན། །ནམ་མཁའ་ཁེངས་པའི་རྒྱལ་བ་ཡང་། །ད་ལྟ་ང་ལ་ལུང་བསྟན་ནས། །མཁས་པ་ང་ལས་མེད་པ་ཡིན། །ཆེ་བ་ང་ལས་མེད་པ་ཡིན། །འདི་ཡང་ཉམས་པའི་སྔ་རྟགས་ཡིན། །ཆོས་ཉིད་ཕྱོགས་བྲལ་འཛིན་མེད་ལ། །བདག་བསྟོད་གཞན་ལ་སྨོད་པ་ནི། །བདུད་ཀྱི་ལས་ཡིན་ངན་པ་འབྱུང་། །འདི་ཡང་ཉམས་པའི་སྔ་རྟགས་ཡིན། །སྟོན་པ་ང་ཙམ་མ་གཏོགས་པ། །ཕྱི་མ་མི་ཤེས་རྨོངས་པ་ཡིན། །ཆོས་ཉིད་བྱ་བ་འཁྲུལ་པ་ཡིན། །འདི་ཡང་ཉམས་པའི་སྔ་རྟགས་ཡིན། །བསྟན་པ་དོན་རབ་རྒྱ་ཆེ་ལ། །ཕྱོགས་དང་རིས་སུ་གང་འཛིན་པ། །འདི་ཡང་ཉམས་པའི་སྔ་རྟགས་ཡིན། །རང་མཐོང་ཁ་ཡིས་ངོམ་བྱེད་པ། །སྐྱོ་སྐྱེན་ཚོར་སྐྱེན་པུར་སུད་ཀྱང་། །འདི་ཡང་ཉམས་པའི་སྔ་རྟགས་ཡིན། །ངེས་པར་གདེང་དང་མི་ལྡན་པར། །ཁ་ནས་ལྷ་སྲིན་གཉན་འབོད་པ། །འདི་ཡང་ཉམས་པའི་སྔ་རྟགས་ཡིན། །མན་ངག་ཁོང་ནས་མ་ཕྱིན་པར། །ཕ་རོལ་གཞན་ལ་སྨོད་འཛུག་པ། །འདི་ཡང་ཉམས་པའི་སྔ་རྟགས་ཡིན། །ཡེ་ཤེས་རོལ་པ་ཕྱོགས་མེད་པར། །ཕྱོགས་སུ་འཛིན་ཅིང་དམ་པར་བྱེད། །ཡོད་པར་བྱེད་ཅིང་ངེས་པར་བྱེད། །འདྲེན་པར་བྱེད་ཅིང་སེལ་བར་བྱེད། །འདི་ཡང་ཉམས་པའི་སྔ་རྟགས་ཡིན། །དམ་ཚིག་བསྲུང་བའི་ལས་རྣམས་ཀྱིས། །ཅི་བསམ་ལས་རྣམས་འགྲུབ་པར་འགྱུར། །ཡི་དམ་ལྷ་ཡི་དངོས་གྲུབ་མྱུར། །


DNG020_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་དབང་ཆེན་བྲན་བཞིན་ཉན། །འཇིག་རྟེན་མཁའ་འགྲོ་བསྒོ་བ་ཉན། །འཇིག་རྟེན་ལོངས་སྤྱོད་འཕེལ་བར་བྱེད། །རྒྱལ་པོའི་མཛོད་ལྡན་ཟད་མེད་འགྱུར། །རྡོ་རྗེ་ཕུར་པ་ཆེན་པོ་བཤད་པའི་རྒྱུད་ལས། དམ་ཚིག་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་ཐལ་བ་ཆེན་པོ་བསྒྲུབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རྒྱལ་པོ་ཆེན་པོ་བསོད་ནམས་མཆོག །མི་རྟག་སེམས་ཅན་རང་བཞིན་ཡིན། །ཕུང་པོ་སྦྱངས་པའི་ཐལ་བ་ལ། །གསེར་ལ་སོགས་པའི་རིན་ཆེན་ལྔ། །བརྡར་ཏེ་ཞུན་ཆེན་ཁུ་བར་སྦྱར། །གང་ཡིན་དེ་ལ་བསྲེ་བར་བྱ། །སྟོང་པ་ཧཱུཾ་དང་རྡོ་རྗེ་ཡིས། །མཛད་པའི་ལྷ་ཉིད་དེ་བཞིན་བསྒོམ། །དུས་གསུམ་རྒྱལ་བ་སྤྱན་དྲངས་ནས། །བསྡིམས་ལ་རིན་ཆེན་མཆོད་པ་བྱ། །སྙིང་པོ་བཟླས་ཏེ་བསྟོད་པ་བྱ། །ས་ལ་ཐིམ་པས་གཉིས་སུ་མེད། །བར་སྣང་མཇའ་ཚོན་ཚུལ་དུ་གྱུར། །ཡིད་བཞིན་ནོར་བུ་རིན་ཆེན་འདྲ། །ཟད་པ་མེད་པའི་རང་བཞིན་ལས། །སྣོད་ནི་བྷྲཱུཾ་ལས་གཞལ་ཡས་ཁང་། །གདན་ཁྲི་བཅས་པར་ཡང་དག་གྱུར། །གདུག་པ་ཐབས་དང་ཤེས་རབ་གཉིས། །བརྡབས་པས་བྱང་སེམས་མཁའ་ལ་བབས། །དེ་ཉིད་གཙོ་སྔགས་བརྗོད་བྱས་ལ། །ཡེ་ཤེས་ལྔ་ཡི་ངོ་བོར་གྱུར། །སྟོང་ཁམས་ཁྱབ་པའི་སྐུ་བྱུང་ཡང་། །སྣང་ལ་རང་བཞིན་མེད་པར་གྱུར། །དགོངས་པ་དག་པས་བྱས་གྱུར་ན། །སྐུ་གསུམ་རིམ་གྱིས་དོན་བྱས་ནས། །བསྐྱེད་དང་བསྡིམ་དང་སྤྱན་དྲང་དང་། །བསྟོད་པ་བྱ་དང་མཆོད་པ་བྱ། །རིན་ཆེན་སྣ་ལྔས་རབ་མཚོན་ཏེ། །ཐམས་ཅད་གཙོ་བོའི་སྔགས་ལས་བྱུང་། །མཆོད་པའི་སྔགས་ཀྱང་དེ་བཞིན་ཏེ། །ཡང་དང་ཡང་དུ་བྱས་པ་ནི། །རབ་གནས་ཆེན་པོ་ཞེས་ཀྱང་བྱ། །ཀུན་ལ་བྱ་བར་དེ་མ་གསུངས། །ཐལ་བ་ཆེན་པོ་བསྒྲུབ་པར་བྱ། །རྣལ་འབྱོར་ཆེན་པོ་ཐལ་བ་ལ། །ཕྱི་ནང་གསང་བའི་དམ་རྫས་ལྔ། །གཉིས་སུ་མེད་པར་སྦྱར་བར་བྱ། །ཞུན་ཆེན་ཁུ་བ་མང་དུ་བཏང་། །སྟོང་པ་ཧཱུཾ་དང་རྡོ་རྗེ་ཡི། །


DNG020_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱིས་ལོངས་སྤྱོད་རྫོགས་པར་གྱུར། །འཕྲོ་འདུས་དེ་བཞིན་ཐིམ་པར་གྱུར། །ཐིམ་པས་དེ་ཉིད་འོད་དུ་ཞུ། །ཅི་བསམ་འབྱུང་བའི་རིན་པོ་ཆེ། །མང་ཞིང་ཟད་པ་མེད་པར་གྱུར། །སྣོད་ནི་བྷྲཱུཾ་ལས་དེ་བཞིན་དུ། །བསྐྱེད་པས་དཔལ་གྱི་སྐུར་བཞེངས་གྱུར། །སྣོད་དུ་བཅུག་པས་སྐུ་རུ་གྱུར། །བརྡབས་པས་ཐབས་དང་ཤེས་རབ་འབྱུང་། །བྱང་ཆུབ་སེམས་ཀྱི་རང་བཞིན་ལས། །འགྲོ་བའི་དོན་བྱེད་སྐུ་རུ་གྱུར། །དེ་ཡི་བྱིན་རླབས་ནུས་པ་ཅན། །བསྐྱེད་དང་སྤྱན་དྲང་བསྡིམ་པ་དང་། །མཆོད་དང་བསྟོད་དང་དེ་བཞིན་བྱ། །ཕྱིན་ཆད་འགྲོ་བའི་དོན་བྱའི་ཕྱིར། །འགྲོ་བའི་དོན་ལ་བསྐུལ་བར་བྱ། །རྒྱལ་པོ་དམངས་སུ་མི་དབབ་པར། །སྐུ་གདུང་ཆེན་པོ་དེ་བཞིན་བཞེངས། །བློན་པོ་དེད་དཔོན་ཆེན་པོ་ལ། །སྨན་ལྔ་སྤོས་ལྔ་རབ་སྦྱར་ལ། །རྣམ་པར་སྣང་མཛད་རྡོ་རྗེ་སེམས། །རྣམ་པ་གསུམ་ལས་ཡང་དག་བྱུང་། །རྫས་ནི་རིན་ཆེན་རྣམ་ལྔ་ལ། །སྣོད་ནི་བདེ་གཤེགས་ཕོ་བྲང་སྟེ། །བརྡབས་པས་ལོངས་སྐུ་ཡང་དག་འབྱུང་། །ཕྱུང་བས་སྤྲུལ་སྐུ་བསམ་མི་ཁྱབ། །རབ་གནས་ཆེན་པོ་དེ་བཞིན་ཏེ། །འགྲོ་བ་མ་ལུས་ཐལ་བ་ལ། །བ་ཡི་རྣམ་ལྔ་རབ་སྦྱར་བ། །ས་ལ་དེ་བཞིན་རབ་སྦྱར་ཏེ། །དུས་གསུམ་བདེ་གཤེགས་བཞེངས་པར་བསམ། །མེ་ཏོག་ལ་སོགས་ལྔ་ཡིས་མཆོད། །རྒྱལ་བ་སྐུལ་བའི་གསོལ་བ་གདབ། །བརྡབས་པས་འགྲོ་བའི་དོན་ཉིད་དུ། །ཉོན་མོངས་མ་ལུས་དག་པར་འགྱུར། །གང་བྱེད་འདྲེལ་བ་ཡོད་པར་བྱ། །འདྲེལ་བ་མེད་པར་བྱེད་པ་ནི། །རྒྱལ་པོ་དམངས་སུ་ཡོངས་མི་རུང་། །ནོར་བུས་རྒྱལ་ས་ཟིན་མི་འགྱུར། །རྡོ་རྗེ་ཕུར་པ་ཆེན་པོ་བཤད་པའི་རྒྱུད་ལས། ཐལ་བ་ཆེན་པོ་སྒྲུབ་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་དྲག་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རྡོ་རྗེ་ཕུར་པས་གདུག་པ་འདུལ། །དུར་ཁྲོད་ཆེན་པོའི་གནས་དག་ཏུ། །མཎྜལ་མདའ་གང་གྲུ་བཞི་ལ། །ཐིག་དང་ཚོན་ཡང་དེ་བཞིན་ཏེ། །རྫས་རྣམས་མ་ལུས་ཚོགས་པར་


DNG020_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

བསག །བྱ་བའི་རིམ་པ་མ་ལུས་པ། །ཡང་དག་ཉིད་དུ་དེར་བསྟན་ནས། །སྔོན་དུ་དེ་བཞིན་རྫོགས་བྱས་ལ། །ལྷ་རྣམས་རབ་ཏུ་གནས་པ་ཡིན། །ལས་ཀྱི་ལྷ་ཡི་ཏིང་འཛིན་གྱིས། །གོང་དུ་བསྟན་པ་དེ་བཞིན་བྱ། །གདུག་པ་བསྒྲལ་བའི་རྫས་རྣམས་བཤམས། །བསྲེག་དང་མནན་དང་འཕང་བ་དང་། །བསྒྲལ་བ་གནན་པ་ཡང་དག་བྱ། །ཏིང་འཛིན་ཆེན་པོའི་བྱིན་རླབས་ལས། །ལྷ་རྣམས་བསྐྱེད་པ་དེ་བཞིན་བྱ། །རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད། །མཚོན་ཆ་སྔོན་པོ་འབར་བ་ཡིས། །ནམ་མཁའི་དཀྱིལ་ནས་ཐིགས་པར་ཤར། །སྲོག་གི་གོ་རུ་ཤར་བ་དང་། །སྙིང་གི་དཀྱིལ་དུ་བསྒོམ་པར་བྱ། །ཕུང་པོ་རྡོ་རྗེར་གཏམས་བྱས་ནས། །རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། །ཁྲོ་བོ་ཁྲོ་མོ་རྔམས་པའི་ཚོགས། །བསྐྱེད་པའི་སྔགས་ཀྱིས་དེ་བཞིན་བྱ། །གདུག་པ་འདུལ་བའི་སྲས་རྣམས་བསྐྱེད། །སྲིད་པའི་ཕུར་བུ་བསྒྲུབ་པ་དང་། །དབང་དང་དངོས་གྲུབ་བླང་བའི་ཕྱིར། །ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ། །ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང་། །རྟགས་དང་མཚན་མ་བསྟན་པ་དང་། །ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ། །མཆོད་པ་འབུལ་ཞིང་དངོས་གྲུབ་དང་། །ལས་བཞིས་བསྡམ་དང་བཅིང་བ་དང་། །གཅིག་གིས་གདབ་དང་མཚོན་དང་དུག །བརྡུང་དང་བསྟབ་པ་སྔགས་ཀྱིས་བྱ། །བསྐུལ་ཞིང་ལྷ་ལ་བསྙེན་མཆོད་འབུལ། །ལྷ་རྣམས་མཆོད་ཕྱིར་གདུག་པ་བསྒྲལ། །དེ་དང་མཐུན་པར་རབ་བསྟན་ནས། །རྟགས་དང་སྦྱར་བ་དེ་བཞིན་ཏེ། །གསལ་རྐྱེན་འཁྲུལ་པ་མེད་པར་བཟླས། །རིག་འཛིན་ས་ལ་དེ་བཞིན་འགྲོ། །དབུགས་དང་སྦྱར་ཞིང་འཕྲོ་འདུ་བྱ། །རིང་ཐུང་ཚད་དང་ལྡན་པ་དང་། །བརྟན་པའི་ཚད་དང་ལྡན་པར་བྱ། །བརྟན་པའི་ཉམས་ནི་རྣམ་པ་གསུམ། །གྲུབ་པའི་ཚད་ནི་རྣམ་པ་ལྔ། །དེ་བཞིན་ལས་སུ་རུང་བ་ཡིས། །འགྲོ་བའི་དོན་རྣམས་ནུས་པར་འགྱུར། །རྣམ་པ་གཉིས་ཀྱི་དོན་བྱས་ནས། །ཡང་དག་འབྲས་བུ་ཆུད་མི་ཟ། །དྲག་པོ་སྒྲོལ་བའི་དུས་ཉིད་དུ། །ལས་རྣམས་


DNG020_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་ཡང་དག་བྱ། །དམ་ཚིག་ཆེན་པོའི་དུས་ལ་བབ། །སྤྲུལ་པ་ཆེན་པོའི་དུས་ལ་བབ། །ཕྱག་བརྙན་ཆེན་པོའི་དུས་ལ་བབ། །ཤྭ་ན་མུ་ཁའི་དུས་ལ་བབ། །བདག་ཉིད་ཆེན་པོའི་དུས་ལ་བབ། །ས་བདག་རྒྱལ་མོའི་དུས་ལ་བབ། །ཁྱོད་ཀྱི་དམ་ཚིག་དུས་ལ་བབ། །སྔོན་ཆད་ཇི་ལྟར་དམ་བཅས་བཞིན། །མངོན་སྤྱོད་ཕྲིན་ལས་མྱུར་དུ་མཛོད། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །དུས་གསུམ་རྒྱལ་བའི་གདུང་འཚོབ་པའི། །རིག་འཛིན་བདག་ཅག་རྣམས་ལ་ཡང་། །གནོད་ཅིང་གདུག་པའི་དགྲ་དང་བགེགས། །བདུད་དང་བར་དུ་གཅོད་པ་ཡིས། །དངོས་གྲུབ་འཕྲོག་ཅིང་འཚེ་བ་རྣམས། །ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས། །ཡུད་ཙམ་གྱིས་ནི་འདིར་བཀུག་སྟེ། །མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང་། །ལུས་ངག་རྡུལ་དུ་བཤིགས་ནས་ཀྱང་། །སྡུག་བསྔལ་ཉམས་སུ་མྱོང་བར་མཛོད། །ཨོཾ་ལཾ་ཧཱུཾ་ལཾ་སྟྭམ་བྷ་ཡ་ནན་མོ་ཧ་ཡ་གྷཱ་ཏ་ཡ།བྷ་ག་བཱན། ཧྲཱྀཿཥྚྀཿབི་ཀྲྀ་བཛྲ་ཧཱུཾ་ཀཱ་ར་ཧཱུཾ་ཧཱུཾ་ཕཊ་ཕཊ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུཾ་བཾ་ཧོཿ། བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཨོཾ་བཛྲ་ཧཱུཾ་ཀཱ་ར་ཧཱུཾ་ཕཊ། བཛྲ་ཧཱུཾ་ཀཱ་ར་ཧཱུཾ། ཨ་ཨ། ཁམས་གསུམ་འཁོར་བ་བསྒྲལ་བའི་ཕྱིར། །སྟོང་པ་ཉིད་དུ་ཡང་དག་སྒྲོལ། །དོན་དམ་དེ་ལས་འདའ་མི་བྱེད། །སྟོང་པ་ཆེན་པོའི་ཆོས་ཀྱི་མཆོག །དེས་ནི་ཡང་དག་དོན་རྣམས་རྟོགས། །དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ཟུང་ཞིག་རྒྱོབ་ཅིག་རྣམ་པར་ཆིངས། །གཏོགས་ཤིག་གྲོགས་དང་བྲལ་བར་གྱིས། །རེངས་པར་ཁུག་ལ་སྨྲར་ཆུག་ཅིག །ཕོབ་ཅིག་རྣམ་པར་གཟིར་བར་གྱིས། །ང་ཡི་དབང་དུ་གྱུར་ནས་ཀྱང་། །བསྒོ་བའི་བཀའ་རྣམས་ཉན་པར་གྱིས། །བྲན་དང་ཕོ་ཉ་བཀའ་ཉན་ཚོགས། །ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །སྔོན་ཆད་ཇི་ལྟར་དམ་བཅས་བཞིན། །མངོན་སྤྱོད་ཕྲིན་ལས་མྱུར་དུ་མཛོད། །ཧཱུཾ་པ་ར་བི་དྷྭན་ས་ཧཱུཾ་ཕཊ། ཙྪིནྡྷ་ཙྪིནྡྷ་ཧཱུཾ་ཕཊ། བྷིནྡྷ་བྷིནྡྷ་ཧཱུཾ་ཕཊ། གྲྀ་ཧྞ་གྲྀ་ཧྞ་ཧཱུཾ་ཕཊ།


DNG020_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

ཧ་ན་ཧ་ན་ཧཱུཾ་ཕཊ། བནྡྷ་བནྡྷ་ཧཱུཾ་ཕཊ། ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུཾ་ཕཊ། ཧ་ས་ར་ན་ཧ་ས་ར་ན་ཡ་ཧཱུཾ་ཕཊ། ཤཱི་གྷྲཾ་ཨཱ་ན་ཡ་ཧཱུཾ་ཕཊ། ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཧཱུཾ་ཕཊ། བྷིནྡ་ཡ་བྷིནྡ་ཡ་ཧཱུཾ་ཕཊ། ཧ་ན་ཧ་ན་བཛྲ། ད་ཧ་ད་ཧ་བཛྲ། པ་ཙ་པ་ཙ་བཛྲ། མ་ཐ་མ་ཐ་བཛྲ། ཛྭ་ལ་ཛྭ་ལ་བཛྲ། སུ་རུ་སུ་རུ་བཛྲ། མུ་རུ་མུ་རུ་བཛྲ། ཀ་ཏཾ་ཀ་ཡེ། ཛ་ཡེ་བི་ཛ་ཡེ། ཨ་ཛི་ཏེ་ཨ་པ་ར་ཛི་ཏེ། མཱ་ར་སཻ་ནི་པྲ་མརྡ་ནི་ཧཱུཾ་ཕཊ། རྡོ་རྗེ་གསང་བའི་བཀའ་ལས་ནི། །སྡིག་ཅན་གང་ཞིག་འདའ་བྱེད་པ། །སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས། །ཀླད་པ་ཚལ་པ་བརྒྱ་རུ་ཁོས། །ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ང་ཡི་བཀའ་ལས་འདའ་མ་བྱེད། །ཧཱུཾ་མ་མ་པ་ཤང་ཀུ་རུ། མ་ཏཾ་ཉ་ཀ་ར་ཨི་དན། དྷ་དྷི་མ་མ་ཀ་ར་མ། ཤཱི་གྷྲཾ་ཀཱ་རཱ་ཡ་ཧཱུཾ་ཕཊ། གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ལྷའམ་འོན་ཏེ་བདུད་ཀྱང་རུང་། །ང་ལ་བར་ཆད་བྱེད་པ་རྣམས། །མཐུ་དང་རྫུ་འཕྲུལ་མེད་པར་གྱིས། །སརྦ་ཨཱ་ན་ཡ་ཧཱུཾ་ཕཊ། ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུཾ་ཕཊ། རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན། །བཀའ་ལས་འདའ་བྱེད་སྡིག་ཅན་རྣམས། །རྡོ་རྗེ་མེ་དབལ་སྙིང་བསྲེགས་ནས། །ལུས་ངག་རྡུལ་ཕྲན་བཞིན་དུ་རློགས། །ཁྲོ་མོ་འབར་བའི་གཏུན་ཁུང་དུ། །རྡོ་རྗེ་ཐོ་བས་བརྡུངས་བྱས་ན། །ལྷ་ཡང་རུང་ཏེ་རླག་པར་འགྱུར། །ཁ་ཐམ་ཁ་ཐམ་ཁ་ཐམ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། བཛྲ་ཡཀྴ་ཀྲོ་དྷ་ཁཱ་ཧི་ཁཱ་ཧི། ཧ་ཧ། བསྒྲལ་བ་ཡང་དག་དོན་བསྟན་པ། །གཙོ་བོ་ལྷ་སོགས་སྔགས་རྣམས་ལ། །གནད་སྔགས་སྒྲོལ་སྔགས་གཉིས་སུ་འགྱུར། །ཀུན་ལ་དེ་བཞིན་ཤེས་པར་བྱ། །གདབ་པའི་ལས་དེ་བྱ་བ་དང་། །འཁོར་གྱི་སྔགས་རྣམས་དེ་བཞིན་ཏེ། །ཐུན་དང་བདེན་པའི་བྱིན་རླབས་དང་། །མཚོན་དང་དུག་དང་དེ་བཞིན་ཏེ། །བརྡུང་དང་སྡུག་བསྔལ་བསྐྱེད་པ་དང་། །བསྟབ་དང་བྱང་ཆུབ་སེམས་སུ་བསྟན། །ཆོས་ཉིད་ཀྱི་བདེན་པའོ། །གསང་སྔགས་ཀྱི་བྱིན་གྱིས་རླབས་སོ། །སངས་རྒྱས་ཀྱི་མཐུའོ། །ཨ་བྷི་ཙརྱའི་དུས་ལ་བབ་


DNG020_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བརྣགས་པ་དེ་ཁོ་ན་ལའོ། །ཏིང་འཛིན་ཆེན་པོའི་བྱིན་རླབས་ཀྱིས། །གནས་སྐབས་བསྒྱུར་ཅིང་ཤེས་པར་བྱའོ། །ཆོ་འཕྲུལ་བསྟན་པ་ཀུན་ཀྱང་འདུལ། །སྲེག་པ་མེ་ཡི་ལས་ལ་སྦྱར། །མནན་པ་ས་ཡང་དེ་བཞིན་ཏེ། །འཕང་བ་ཟོར་དུ་དེ་བཞིན་བསྟན། །ཉམས་པ་མ་ལུས་གནན་བྱའི་ཕྱིར། །ཚེ་བསྡིམ་རིམ་པའི་ལས་རྣམས་བྱ། །འགྲོ་བ་མ་ལུས་འདུལ་བར་འགྱུར། །དཔེར་ན་རྒྱུད་ཀྱི་རང་བཞིན་ནི། །ཕུག་རོན་རྐེ་དང་རྨ་བྱའི་མདོངས། །མང་བ་མ་ཚང་འཁྲུགས་པ་དང་། །རྒྱུད་རྣམས་རང་རང་དོན་དང་བསྟུན། །ངེས་པ་མེད་པའི་རྒྱུད་བྱུང་ཡང་། །དཔེར་ན་དམུས་ལོང་མར་བཞིན་འགྱུར། །མང་བས་སྐོངས་ལ་འཁྲུགས་པ་སྡེབས། །གབ་པ་གསལ་བ་བརྡར་བསྟན་དགྲོལ། །དེས་ན་དྲེང་ཆགས་རྒྱུད་དུ་འབྱུང་། །རྒྱུད་རྣམས་དོན་དང་མ་ལྡན་ན། །ས་དང་ཆུ་འདྲེས་རྙོག་མ་ཅན། །སྨན་དང་དུག་ཏུ་རྣམ་པར་འདྲེས། །སྤྱིན་དང་མར་དང་ཆུ་འདྲ་སྟེ། །དེ་ཡིས་བྱ་བའི་དོན་མི་ནུས། །དེ་གཉིས་དོན་ཉམས་གང་ཡང་མེད། །དེ་བཞིན་རྒྱུད་ཀྱི་རང་བཞིན་ཡང་། །གཏན་ལ་མི་ཕེབས་ཕྱོགས་འཛིན་ཅན། །དེ་ཡིས་བསྟན་པའི་རྒྱུད་དེ་ནི། །ཡང་དག་མིན་ཏེ་དེ་ཕྱིར་བསྟན། །དཔེར་ན་ཆུ་ལ་མར་འདོད་བཞིན། །གཏན་ལ་མི་ཕེབས་རྒྱུད་ཉིད་ལ། །བྱ་བཙལ་མེད་པའི་དོན་མི་འབྱུང་། །སྲིན་བུ་བལ་དུ་གཏུམས་པ་འདྲ། །གྲོལ་བའི་དོན་རྣམས་ཡོངས་མི་འབྱུང་། །རྒྱུད་ཀྱི་རང་བཞིན་མང་བ་སྟེ། །ཚང་བར་བྱེད་དེ་འཁྲུགས་པར་འབྱུང་། །ཡོད་པར་འབྱུང་སྟེ་རང་རྒྱུད་མེད། །མེད་པ་ལྟ་བུ་ཆད་པ་མེད། །ཀུན་ཏུ་བཟང་པོའི་ངང་ཉིད་ལས། །རྒྱུད་རྣམས་ཐམས་ཅད་སྟོན་པར་བྱེད། །གྲངས་མེད་བརྗོད་ཀྱིས་མི་ལང་བའི། །གསལ་ལ་རྟོག་མེད་རྒྱུད་རྣམས་འབྱུང་། །ལྷ་དང་རྒྱུད་དུ་ཆགས་པ་ལ། །བསྟན་པ་དོན་མེད་ཡལ་བར་འགྱུར། །རྒྱུད་ཀྱི་ཤེས་པ་འཛིན་པ་གྲོལ། །ལྷས་ཀྱང་དེ་བཞིན་ས་ཉིད་བྲལ། །ལྷ་ཉིད་མ་ངེས་ངོས་བཟུང་བྲལ། །རང་རྒྱུད་འཛིན་པའི་ལྷ་རྣམས་ནི། །དཔེར་


DNG020_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

ན་མེ་ལོང་གཟུགས་བརྙན་ཏེ། །ངེས་པ་ཅན་དུ་གྱུར་པས་ན། །གང་གིས་བལྟ་བ་དེ་མི་མཐོང་། །དེ་བཞིན་ལྷ་ཡི་རང་བཞིན་ཡང་། །ངེས་པ་ཅན་དུ་གྱུར་པས་ན། །གཅིག་ལས་གཉིས་སུ་བསྒོམ་མི་ནུས། །བསྒོམས་པས་རང་རྒྱུད་གྲོལ་མི་ནུས། །མཆོད་པ་རང་གྲོལ་མ་ཤེས་ན། །གསོལ་དང་མི་གསོལ་ངོས་བཟུང་བྲལ། །མཆོད་པ་རྒྱ་མཚོ་རྒྱ་ཆེན་ཡང་། །ཏིང་འཛིན་ཆེན་པོའི་ཆོ་འཕྲུལ་ཡིན། །སྤྱན་དྲངས་དོན་ཡང་དེ་བཞིན་དེར། །གཤེགས་ལ་བྱོན་པའི་རང་བཞིན་ཡང་། །ངེས་པར་གཟུང་ཞིང་རང་རྒྱུད་མིན། །སྟོན་པ་རང་བྱུང་རང་ལ་གནས། །སྡུད་པ་རང་བྱུང་རང་ལ་གནས། །འཁོར་རྣམས་རང་བྱུང་རང་ལ་གནས། །བསྟན་པ་རང་བྱུང་རང་ལ་གནས། །སངས་རྒྱས་རང་བྱུང་རང་ལ་གནས། །སེམས་ཅན་རང་བྱུང་རང་ལ་གནས། །སྡུག་བསྔལ་རང་བྱུང་རང་ལ་གནས། །ཞེ་སྡང་རང་བྱུང་རང་ལ་གནས། །སེར་སྣ་རང་བྱུང་རང་ལ་གནས། །གཏི་མུག་རང་བྱུང་རང་ལ་གནས། །འདོད་ཆགས་རང་བྱུང་རང་ལ་གནས། །ཕྲག་དོག་རང་བྱུང་རང་ལ་གནས། །ལེ་ལོ་རང་བྱུང་རང་ལ་གནས། །རྩ་བ་བྱང་ཆུབ་སེམས་ཉིད་ལ། །འབྲས་བུ་མི་མཐུན་སོ་སོར་སྣང་། །ཨེ་མ་ཡ་མཚན་ཆོ་འཕྲུལ་ཅན། །གཅིག་ལས་གྲངས་མེད་བརྗོད་ལས་འདས། །རྡོ་རྗེ་ཕུར་པ་ཆེན་པོ་བཤད་པའི་རྒྱུད་ལས། དྲག་པོ་ལས་ཀྱི་རིམ་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་དྲག་པོ་སྒྲོལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། སྟོན་པ་ཆེན་པོའི་བྱིན་རླབས་ལས། །བྱིན་རླབས་ཆོ་འཕྲུལ་འདི་ལྟ་སྟེ། །ཇི་ལྟར་སྒྲོལ་བའི་གནས་ཆེན་དུ། །མཎྜལ་མདའ་གང་གྲུ་བཞི་ལ། །དམ་རྫས་འདི་ལྔས་ལས་བྱ་ཞིང་། །འཁོར་ལོ་རྩིབས་དྲུག་དཀྱིལ་འཁོར་བྲི། །ལྷ་ཡི་གནས་སུ་ཨེ་རེ་བྲི། །ཤར་གྱི་ལྷ་ཡི་སྒོ་བསྲུང་བྱ། །མུ་ཁྱུད་ཐོད་པའི་བརྩིག་པ་བྱ། །རིན་པོ་ཆེ་ཡི་འོད་དང་བཅས། །དབྱེ་བའི་རྫས་དང་འགུགས་པའི་རྫས། །བཅིང་བའི་རྫས་དང་སྨྱོ་བའི་རྫས། །བསྒྲལ་


DNG020_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྫས་དང་བསྟབ་པའི་རྫས། །རྫས་དྲུག་དྲག་པོ་ལས་ཀྱི་རྫས། །སེང་ལྡེང་ཕུར་བུ་སོར་བཅུ་གཉིས། །ཉུང་དཀར་ཉིད་དུ་བཅས་པ་དང་། །དར་གྱི་ཅོད་པན་ལྔ་བཏགས་པ། །གཙོ་བོ་ཉིད་ལ་དེ་བཞིན་བཤམ། །ལྷ་དྲུག་ཕུར་བུ་ཐུགས་ཀྱི་མཆོག །ལྷ་རུ་དབང་སྡུད་ལས་ལ་འགྱེད། །སེང་ལྡེང་ཕུར་བུ་སོར་བརྒྱད་ནི། །རྫུ་འཕྲུལ་སྟོན་ཅིང་ནུས་པ་ཅན། །དེ་ཡིས་ལྷ་དབྲལ་ལས་རྣམས་བྱེད། །བྱ་རྒོད་གཤོག་ཕུར་ཞི་བ་སྟེ། །གདུག་པ་ཀླུ་རྣམས་ཞི་བར་བྱེད། །གསེར་རམ་སེར་པོ་རྒྱས་པ་སྟེ། །ཚེ་དང་དབང་ཐང་རྒྱས་པར་བྱེད། །ཟངས་སམ་ལྗོན་དམར་མཆོག་ཕུར་ཡང་། །ཁམས་གསུམ་དབང་དུ་སྡུད་པས་ན། །ལྕགས་སམ་ལྗོན་ཤིང་སྒྲོལ་མའི་རྫས། །ཙནྡན་རྒྱ་ཤུག་གཟི་བྱིན་མྱུར་དུ་སྡུད་པའི་རྫས། །རྫས་དྲུག་དེ་བཞིན་ལས་རྣམས་བྱ། །བར་ཆད་བསལ་བའི་ལས་རྣམས་བྱ། །དང་པོ་སྟོང་པའི་རང་བཞིན་ལས། །ཧཱུཾ་དང་རྡོ་རྗེ་སྔགས་ཀྱིས་བསྐྱེད། །སྙན་གསན་སྤྱན་དྲངས་བསྡིམ་པར་བྱ། །མཆོད་པ་བསྟོད་པ་མ་ལུས་ཀུན། །ཡང་དག་ཉིད་དུ་དེ་བཞིན་སྦྱར། །དབུས་སུ་སེང་ལྡེང་ཕུར་པ་དགོད། །སྟེང་དུ་འདུལ་བ་ནམ་མཁའ་སྟེ། །སྟེང་ལ་སོགས་པ་ཕུར་བུ་དྲུག །རིམ་པ་བཞིན་དུ་དགོད་པར་བྱ། །སྟེང་དུ་གུ་གུལ་རྫས་རྣམས་གཞག །ཤར་དུ་ལྕགས་ཀྱུ་ཉུང་དཀར་བཞག །ལྷོ་རུ་ཞགས་པ་སྔོན་དམར་གཞག །ནུབ་ཏུ་དུག་རྫས་མང་དུ་གཞག །བྱང་དུ་རལ་གྲི་ཐོ་བ་གཞག །འོག་ཏུ་མིང་དང་རུས་སུ་བཅས། །ཏིང་འཛིན་རིམ་པ་བསྒོམ་པས་སྟེ། །དབུས་སུ་དཔལ་གྱི་གཏོར་མ་གཞག །སྟེང་དུ་སྙིང་སྣ་བཞི་ལ་བྱ། །ཤར་དུ་ཀླུ་སྨན་དེ་བཞིན་བྱ། །ལྷོ་རུ་དཀར་པོ་ལྔ་ལ་བྱ། །ནུབ་ཏུ་ར་དང་ཁྱི་ལ་བྱ། །བྱང་དུ་ནག་པོ་གསུམ་ལ་བྱ། །འོག་ཏུ་ར་དམར་གཏོར་མ་བྱ། །ཏིང་འཛིན་དཔལ་དུ་བསྒོམ་བྱས་ནས། །རང་རང་སྔགས་ཀྱིས་འཁོར་རྣམས་བསྐྱེད། །སྙན་གསན་སྤྱན་དྲང་བསྡིམ་པ་དང་། །མཆོད་པ་འབུལ་དང་དངོས་གྲུབ་དང་། །སྦྱོར་བའི་བར་དུ་


DNG020_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོལ་བ་རྣམས། །བསྟབ་པ་ཆེན་པོ་དེ་བཞིན་བྱ། །བསྙེན་པ་ཡེ་ཤེས་ལྷ་ཉིད་ལ། །གདུག་པ་དྲུག་གི་སྔགས་བཟླས་པ། །བསྟོད་པ་དེ་བཞིན་རིམ་པས་འབྱུང་། །ཚོགས་པ་སྦྱོར་བ་དེ་བཞིན་ཏེ། །ཕོ་ཉ་ལས་བཞིའི་ཕུར་པ་གདབ། །དེ་བཞིན་བསྙེན་པའི་ལས་རྣམས་བྱ། །ས་ཡ་དྲུག་འབུམ་མང་དུ་བསྐྱལ། །མངོན་དུ་འོང་དང་ཉམས་སུ་འོང་། །མཚན་མ་ཙམ་དུ་འབྱུང་བ་དང་། །འོད་དང་མེ་དང་དུ་བ་དང་། །མི་རེང་ནམ་མཁའ་གང་བ་དང་། །རྟ་དང་ཁྱི་དང་སྦྲུལ་དང་བྱ། །རྟགས་ལ་བབ་པ་རབ་ཏུ་བརྟག །ངེས་པར་གདེང་དུ་གྱུར་པ་དང་། །བསྒྲུབ་པའི་ལས་ནི་ཤེས་པར་བྱ། །ལྷ་དང་རྫས་ཀྱི་བྱེ་བྲག་དང་། །སྔགས་དང་བསྐུལ་པ་དེ་བཞིན་ཏེ། །གཙོ་བོ་གསལ་བའི་བྱིན་རླབས་ཀྱིས། །འཁོར་རྣམས་གསལ་བར་གྱུར་པ་དང་། །ཐམས་ཅད་སྔགས་ལ་རབ་ཏུ་འདུས། །སྔགས་རྣམས་འགྲུབ་པ་རབ་ཏུ་གཅེས། །ཡེ་ཤེས་ལྔ་ཡི་སྔགས་རྣམས་ལ། །དྲེགས་པའི་སྔགས་ཉིད་རབ་ཏུ་གདགས། །རྐྱང་པར་མི་བྱ་དྲིལ་བ་དང་། །ནག་པོའི་རྟགས་རྣམས་འབྱུང་བར་འདོད། །ཐུན་གྱི་ཕུར་པ་དྲུག་གམ་གཅིག །གཅིག་ལ་རྫས་དྲུག་རང་རང་བྲབ། །གཅིག་ལ་རྫས་རྣམས་དྲིལ་བ་སྟེ། །ཁྲག་དང་སྙིང་དུ་བཅས་པ་ལ། །སོ་སོ་རང་རང་དམ་རྫས་བྲབ། །གང་ཡིན་ཉམས་པ་བསྒྲལ་བར་བྱ། །ཐུན་ཉིད་ཁོལ་དང་ལུད་པ་དང་། །མང་བ་ཙམ་དུ་གྱུར་པ་ན། །ཉུང་དཀར་ཉུང་ནག་སྐྱེ་ཚེ་དང་། །དྷ་དུ་ར་ཡི་རྩ་བ་ཡིས། །ཉིན་དང་མཚན་དུ་དུས་མེད་པར། །ཡང་ནས་ཡང་དུ་བབ་པར་བྱ། །དེ་ཡིས་ཐུན་ཀྱང་རབ་ཏུ་ཁོལ། །ནན་དུ་དཀར་པོ་སྔགས་ལ་སྦྱར། །ནག་པོ་དེ་བཞིན་རབ་ཏུ་མནན། །རྟགས་དེ་བརྟན་པར་བྱུང་བ་དང་། །དྲག་པོའི་ལས་ལ་སྦྱར་བར་བྱ། །བདུད་ཀྱི་ཉི་མ་བཀྲ་མི་ཤིས། །ངན་པའི་ལས་རྣམས་བྱ་བར་འབྱུང་། །ཉི་ནག་མར་གྱི་ངོ་དག་གམ། །འབྱུང་ཞིང་འཇུག་པའི་ཉི་མ་ལ། །དུར་དུ་འཇུག་དང་རྒྱུ་བ་དང་། །མངོན་དུ་བྱུང་དང་ཁུགས་པ་དང་། །དྲག་


DNG020_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་བསམ་པ་སྐྱེས་པ་དང་། །མེ་ཡི་འོད་དུ་བྱུང་བ་ན། །དེ་ཡིས་ལས་ཉིད་མྱུར་བར་འགྲུབ། །ཀློང་དུ་བསྟན་པའི་ལས་བྱ་སྟེ། །སྤྱིར་ཡང་འདི་ཉིད་ཀློང་དྲུག་སྟེ། །གཙོ་བོ་ཕོ་ཉ་གོང་བཞིན་སྦྱར། །སྒྲོལ་བ་གནས་སུ་བཅས་པས་གདབ། །ཐུན་ཀྱང་རབ་ཏུ་དེ་བཞིན་བྱ། །འཁོར་ལོ་ཀློང་དྲུག་རང་རང་སྟེ། །དང་པོ་བྲལ་བའི་ཀློང་ཉིད་ལ། །རང་གིས་ཀློང་དང་སྔགས་སུ་བཅས། །སྔགས་གསུམ་སྦྲེལ་ཏེ་ལས་རྣམས་བྱ། །ཐུན་ཀྱང་དེ་བཞིན་ཤེས་པར་བྱ། །ཕྱི་མ་ལྔ་ཡང་དེ་བཞིན་ཏེ། །རང་རང་ཕོ་ཉ་སྔགས་རྣམས་དང་། །རང་རང་ཐུན་དང་རྫས་རྣམས་དང་། །གསུམ་དུ་སྦྲེལ་བའི་སྔགས་ཉིད་ལ། །ཕུར་པ་རང་རང་དེ་བཞིན་གདབ། །གཙོ་བོས་སྙིང་ལ་དེ་བཞིན་ཏེ། །འཁོར་རྣམས་ཡན་ལག་རྣམས་ལ་གདབ། །ཡང་ན་སྙིང་ལ་དེ་བཞིན་སྦྱར། །མཚོན་དང་དུག་ཀྱང་དེ་བཞིན་ཏེ། །གདུང་བ་དྲག་པོས་བཏབ་པ་དང་། །བྱང་ཆུབ་སེམས་དཔའ་རབ་བསྟན་ཏེ། །བྱད་དང་མེ་དང་གནན་པ་དང་། །ཚེ་བསྡིམ་རིམ་པ་སྔགས་ཀྱིས་བྱ། །ལས་རྣམས་མ་ལུས་རྫོགས་པར་འགྱུར། །རྡོ་རྗེ་ཕུར་པ་ཆེན་པོ་བཤད་པའི་རྒྱུད་ལས། དྲག་པོའི་ལས་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་གདུག་པ་ལྷ་དང་དབྱེ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དྲག་པོ་ལས་ཀྱི་དོན་བསྟན་པ། །དབྱེ་བའི་ལས་རྣམས་མ་བྱས་ན། །གདུག་པའི་ལས་རྣམས་རྡུགས་པར་འགྱུར། །དུར་ཁྲོད་དམར་ལ་མཐོ་བ་ལ། །ཤར་གྱི་ཕྱོགས་སུ་སྒོ་བསྟན་པ། །ཉི་མའི་ཟེར་མ་ནང་དུ་འཆར། །དེ་ལྟའི་གནས་དང་ལྡན་པ་དང་། །མཎྜལ་མདའ་གང་བྱས་ནས་སུ། །མི་ཡི་དེ་བཞིན་རུས་པས་གདབ། །དམར་ཆེན་ཁྲག་གཉིས་རབ་ཏུ་བྱུག །གྲུ་གསུམ་ཟླ་གམ་མུ་ཁྱུད་བྲི། །མུ་ཁྱུད་དུར་ཁྲོད་བརྩིག་པ་ལ། །ཤར་དུ་བསྟན་པའི་སྒོ་གནས་པའོ། །དེ་ཡི་ཕྱི་རིམ་ཟླུམ་པོ་ལ། །དམར་པོ་བྱས་ཏེ་གཟུགས་ཀྱང་བྲི། །དབུས་སུ་དཔལ་གྱི་གཏོར་མ་སྟེ། །ཁྱད་པར་ཉིད་དུ་གྱུར་པའོ། །ཤར་གྱི་མུ་


DNG020_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

རན་ཟླུམ་པོ་ལ། །འཇིག་རྟེན་དྲེགས་པའི་གཏོར་མ་གཞག །རྟེན་དུ་བཅས་པ་མ་ལུས་ཀུན། །ཡང་དག་ཉིད་དུ་བརྗོད་པར་བྱ། །དབུས་སུ་བསྙེན་པའི་ཕུར་པ་ལ། །མཐིང་ནག་དར་གྱི་ཅོད་པན་གདགས། །ཤར་དུ་སེང་ལྡེང་ཕུར་པ་ལ། །སྙིང་པོ་བྲིས་ལ་ཡང་དག་དགོད། །དབུས་སུ་སྙིང་ཆེན་མ་ཉམས་གཞག །ཤར་དུ་ར་སྙིང་དེ་བཞིན་གཞག །དབུས་སུ་མིང་བྱང་རུས་སུ་བཅུག །ཤར་དུ་ར་ཡི་སྙིང་ཁྲག་གམ། །ཡང་ན་ར་སོག་གཡས་པ་ལ། །མིང་བྱང་བྲིས་ལ་དེ་བཞིན་གཞག །ཡང་ན་ར་མགོར་མིང་བྱང་བཅུག །རྩང་གིས་བཙུག་ལ་སྔོ་དམར་བཅིངས། །དྲེགས་པའི་སྙིང་པོ་དེ་བཞིན་བྲི། །རིམ་པས་བསྙེན་པ་དེ་བཞིན་དུ། །ཏིང་འཛིན་རིམ་པས་ཡང་དག་འབྱུང་། །དུར་ཁྲོད་ཆེན་པོའི་གཞལ་ཡས་སུ། །དབུས་སུ་བསྙེན་པའི་ཕུར་པ་དགོད། །ཤར་སྒོར་སྲས་མཆོག་ཕུར་པ་དགོད། །ཕྱི་རོལ་དྲེགས་པའི་རྫས་རྣམས་དགོད། །བསྒོམ་པའི་རིམ་པ་དེ་བཞིན་ཏེ། །སྤྱན་དྲངས་བསྡིམ་པ་དེ་བཞིན་ཏེ། །བསྙེན་པ་ཡེ་ཤེས་ལྷ་ལ་དབུལ། །འཇིག་རྟེན་དྲེགས་པ་ཞོར་ལ་འབྱུང་། །བསྟོད་ཅིང་བསྐུལ་ཏེ་ལས་རྣམས་བཅོལ། །ཧཱུཾ་མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ན། །ཡབ་གཅིག་རྡོ་རྗེ་གཞོན་ནུ་ནི། །སྐུ་ནི་རི་རབ་ཉི་ཟླའི་གཟུགས། །རྔམ་པ་ཆེན་པོའི་ཚེམས་བརྡར་ཞིང་། །གདུག་པ་ཅན་རྣམས་ཞབས་ཀྱིས་གནོན། །ཕྱག་གི་ཕུར་པས་ཉོན་མོངས་སྦྱོང་། །ཞབས་བཞི་རྫུ་འཕྲུལ་བཞི་དང་ལྡན། །སྤྱན་མིག་གྲུ་གསུམ་དུག་གསུམ་འདུལ། །ཡ་མཚན་ཆེན་པོ་འཕྲུལ་གྱི་ལྷ། །གདུག་པ་འདུལ་བའི་ལྷ་ལ་ཕྱག་འཚལ་བསྟོད། །ཉོན་མོངས་འཇོམས་པའི་ལྷ་ལ་ཕྱག་འཚལ་བསྟོད། །མེ་དཔུང་ཆེན་པོའི་འོད་ལ་ཕྱག་འཚལ་བསྟོད། །ཧཱུཾ་ཐུགས་ཀྱི་སྤྲུལ་པ་ཅིར་ཡང་སྟོན། །ཡ་མཚན་ཆེན་པོ་ལྷ་ཡི་ལྷ། །ཁམས་གསུམ་གདུག་པ་འདུལ་བའི་དཔལ། །སྟོང་གསུམ་རྔམས་པ་དྲག་པོའི་སྒྲ། །ཡེ་ཤེས་ལྷ་ཡི་སྤྲུལ་པ་སྟེ། །མ་བསྐུལ་དབྱིངས་ནས་བཞེངས་


DNG020_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལྷ། །མཐིང་ག་འཇིགས་པའི་སྐུ་མདོག་ལ། །ཉོན་མོངས་འཇོམས་པའི་ཕུར་པ་བསྣམས། །རང་རྟགས་འདྲེལ་བའི་གུ་གུལ་དང་། །ཁམས་གསུམ་གདར་གཅོད་ཕུར་པ་འཛིན། །སྟོད་ནི་ཞལ་གསུམ་ཕྱག་དྲུག་པ། །སྨད་ནི་ཟུར་གསུམ་དཔལ་དང་ལྡན། །འཇིག་རྟེན་དྲེགས་པ་འདུལ་བའི་ལྷ། །ཐུགས་དམ་ཆེན་པོའི་དབྱིངས་ནས་བསྐུལ། །འཇིག་རྟེན་དྲེགས་པ་ལས་ལ་འཛུད། །ལས་རྣམས་མ་ལུས་འགྲུབ་པ་དང་། །ལྷ་ཡི་ལས་བྱས་དྲེགས་པ་འདུལ། །དྲེགས་པ་སྔགས་ཀྱི་སྦྱོར་བ་ཡིས། །རན་དང་མཛེས་པ་རབ་སྦྱར་ལ། །མཆོད་པའི་དུས་སུ་ཕུར་པ་གདབ། །དུམ་བུར་གཏུབ་ཅིང་མཆོད་པར་དབུལ། །བསྟོད་ཅིང་བསྐུལ་བ་ཡང་ནས་ཡང་། །ཐུན་རྣམས་ར་ཐོད་ནང་དུ་སྦྱར། །སྙིང་དང་ཁྲག་དང་དེ་བཞིན་སྦྱར། །དེ་ཉིད་ལས་སུ་རུང་བ་དང་། །གདབ་པའི་ལས་ཉིད་འདི་ལྟ་སྟེ། །གུ་གུལ་དུ་བས་བདུག་བྱས་ཏེ། །དབྲལ་བའི་སྔགས་དང་ཚིག་ཏུ་བཅས། །ཡང་ནས་ཡང་དུ་དེ་བཞིན་བྱ། །ཕོ་ཉ་ལས་རྣམས་དེ་བཞིན་ཏེ། །གདབ་པའི་སྔགས་གཉིས་སྙིང་ལ་གདབ། །ཐུན་དང་དེ་བཞིན་འཛོམ་པར་བྱས། །མཚོན་དང་དུག་དང་བརྡུང་བ་དང་། །གདབ་དང་བྱང་སེམས་སྔགས་ཀྱིས་བྱ། །མེ་ལ་བསྲེགས་ཏེ་ཕྱེ་མ་དང་། །སོལ་བས་གཡོགས་པའི་མིང་བྱང་རྣམས། །སྔོན་དམར་དག་གིས་རབ་དཀྲིས་ལ། །ར་ཡི་ཐོད་པའི་ནང་དུ་གཞུག །ལ་བཙས་དག་ལ་རབ་ཏུ་སྦ། །གཏོར་མ་ཚེ་བསྡིམ་བཀྲ་ཤིས་དང་། །དེ་བཞིན་ལས་རྫོགས་རྫོགས་པར་བྱ། །རྡོ་རྗེ་ཕུར་པ་ཆེན་པོ་བཤད་པའི་རྒྱུད་ལས། ལྷ་དང་དབྲལ་བའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་དྲག་པོ་འགུགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དུར་ཁྲོད་ཆེན་པོ་གངས་དང་ཤེལ་ལྟ་བུ། །རྒྱལ་པོའི་ཕོ་བྲང་གནས་དག་དང་། །དེ་བཞིན་མཆོད་པའི་ས་ཡོད་པར། །སྒོ་ཡི་ཕྱོགས་ཀྱང་ཤར་དུ་བལྟས། །རྟ་དང་བྱ་ཡི་གཟུགས་ཡོད་པར། །མཎྜལ་མདའ་གང་བྱས་ནས་སུ། །དཀར་པོ་གསུམ་གྱི་ཁྲག་


DNG020_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

གིས་བྱུགས། །གྲུ་གསུམ་ཟླ་གམ་མུ་ཁྱུད་བྲི། །མུ་ཁྱུད་དེ་བཞིན་བསྟན་པ་ལ། །དཀར་པོའི་མུ་རན་ཡང་གཅིག་བསྣན། །དབུས་སུ་དཔལ་གྱི་སྙིང་པོ་བྲི། །ཤར་དུ་འགུགས་པའི་སྙིང་པོ་བྲི། །བསྙེན་ཕུར་དེ་བཞིན་བསྟན་པ་ཡང་། །སྲས་མཆོག་བྱ་རྒོད་གཤོག་ཕུར་ལ། །དར་གྱི་ཅོད་པན་དེ་བཞིན་གདགས། །བར་ཆད་བསལ་བའི་ལས་བྱས་ལ། །དབུས་སུ་བསྙེན་པའི་ཕུར་པ་ལ། །གཙོ་བོའི་ཕུར་པ་དབུས་སུ་དགོད། །ཤར་གྱི་ཕུར་པ་དེ་བཞིན་བྱ། །དབུས་སུ་དཔལ་གྱི་གཏོར་མ་ནི། །ཁྱད་པར་རྨད་དུ་བྱུང་བར་བྱ། །གདུག་པའི་གཏོར་མ་སྙིང་སྣ་གསུམ། །བསེ་ཕོར་བཤམས་ཏེ་ཤར་དུ་གཞག །རྟེན་ཡང་དེ་བཞིན་ཤར་དུ་གཞག །མིང་རུས་དབུས་དང་ཤར་དུ་གཞག །དྲག་པོའི་རྩང་གིས་བསྐོར་བར་བྱ། །ཏིང་འཛིན་རིམ་པ་བསྟན་པར་བྱ། །གཞལ་ཡས་གདན་དང་བཅས་པ་རུ། །དབུས་སུ་གཙོ་བོ་རབ་བསྐྱེད་ལ། །ཤར་དུ་འགུགས་པའི་ལྷ་མཆོག་བསྐྱེད། །སྤྱན་དྲང་རིམ་པ་དེ་བཞིན་ཏེ། །བསྡིམ་དང་མཆོད་པ་མ་ལུས་བྱ། །ཡེ་ཤེས་ལྷ་ལ་བསྙེན་པ་བྱ། །ཤར་གྱི་དེ་བཞིན་ཤེས་པར་གྱིས། །བསྐུལ་ཞིང་བསྟོད་པ་འདི་ལྟ་སྟེ། །ཧཱུཾ་གདུག་པ་འདུལ་བ་དྲག་པོའི་སྐུ། །སྟོད་ནི་ཞལ་གསུམ་ཕྱག་དྲུག་ལ། །སྨད་ནི་ཟུར་གསུམ་དཔལ་དང་ལྡན། །དཀར་བའི་ཞལ་ལ་དྲག་པོའི་དབྱིབས། །གདུག་པ་འདུལ་བའི་ཕུར་པ་བསྣམས། །ལྕགས་ཀྱུའི་སྟངས་སྟབས་ཕྱག་རྒྱ་ཅན། །ཁམས་གསུམ་གདར་གཅོད་ཕུར་པ་བསྣམས། །གདུག་པ་ཀླུ་ཡི་འཁོར་རྣམས་འདུལ། །མང་དུ་སྤྲུལ་ཅིང་ལས་ལ་གུས། །གང་ཡིན་འགུགས་པའི་ལས་མཛོད་ཅིག །སྙིང་ཁྲག་རྣམ་གསུམ་སྦྲེང་བྱེད་ཅིང་། །མཆོད་པའི་དུས་སུ་བཀུག་ཅིང་བསྡིམ། །བསྙེན་པའི་རྟགས་རྣམས་འདི་ལྟ་སྟེ། །འོད་དུ་འཁྱིལ་ལམ་མེ་རུ་འབར། །དངོས་སུ་བྱུང་ངམ་ཉམས་སུ་བྱུང་། །དེ་ནི་བསྙེན་པའི་རྟགས་སུ་བསྟན། །རན་དང་མཛེས་པའི་ལྷ་སྔགས་ལ། །དྲག་པོའི་སྔགས་ཀྱི་གནད་དུ་བསྟན། །


DNG020_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

ཉིན་དང་མཚན་དུ་རབ་བསྟན་ནས། །ལྷ་ལ་མཆོད་ཅིང་དྲེགས་པ་བསྐུལ། །ཀླུ་ཡིས་བཟུང་བའི་ཐོད་པ་རུ། །སྙིང་པོ་བྲི་ཞིང་ཐུམ་པོ་བྱ། །གདུག་པ་སྦྲུལ་གྱི་སྙིང་ལ་གཞུག །སྦལ་པ་ཕོ་མོའི་གཟུགས་བྲིས་ལ། །དཀར་པོའི་སྙིང་དང་སྦལ་པ་དང་། །ཁྲག་དང་བསྲེས་པ་དེ་བཞིན་བྱ། །བསྣོལ་མཚམས་བརྟན་པ་རབ་ཏུ་གཅེས། །ཐུན་སྔགས་བཟླས་ཤིང་དེ་ལ་བྲབ། །ཐུན་དེ་ལས་སུ་རུང་བ་དང་། །གདུག་པ་དངོས་སུ་སྟོན་པ་དང་། །དེ་ཉིད་དངོས་སུ་འཁོལ་བར་འགྱུར། །ཡང་ནས་ཡང་དུ་དེ་བཞིན་བྱ། །དྲག་པོ་བསྒྲལ་བའི་ངོ་བོ་ནི། །ལན་གསུམ་མནན་ཏེ་ཕོ་ཉས་དགུག །དབང་པོ་མངོན་གསུམ་གསལ་བར་འགྱུར། །གདབ་པ་རྣམ་པ་གཉིས་སུ་བསྟན། །ཐུན་ཡང་དེ་བཞིན་ཡང་དག་སྦྱར། །མཚོན་ལ་སོགས་པ་དེ་བཞིན་འབྱུང་། །ཐ་མ་བསྲེག་སྟེ་གནན་པ་བྱ། །འཕང་དང་བསྲེགས་པའི་ལྷག་མ་དེ། །བསམ་པ་ཉིད་ཀྱིས་གསོས་བྱས་ལ། །བྱང་དུ་ཁ་བལྟས་འགྲམ་དུ་མནན། །དེ་ཡིས་འོག་མ་དེ་བཞིན་འབྱུང་། །རྡོ་རྗེ་ཕུར་པ་ཆེན་པོ་བཤད་པའི་རྒྱུད་ལས། དྲག་པོ་འགུགས་པའི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་བཅོམ་ལྡན་འདས་དྲག་པོ་བཅིང་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དུར་ཁྲོད་སྔོ་ལ་འོད་ཆགས་སུ། །ཀླུ་ཡི་ཕོ་བྲང་ཡོད་པ་རུ། །མཎྜལ་དེ་བཞིན་ཡང་དག་སྦྱར། །གསེར་རམ་སེར་པོའི་ཕུར་པ་ལ། །དར་གྱི་ཅོད་པན་དེ་བཞིན་བྱ། །ཚམ་རྔམས་དྲག་པོས་བགེགས་བསྐྲད་ལ། །འགོད་པ་དེ་བཞིན་ཡང་དག་བསྟན། །གཏོར་མ་དབུས་དང་ཤར་དུ་དགོད། །ཤར་དུ་དགོད་པའི་གཏོར་མ་ལ། །རྩི་སྨན་སྣ་ཚོགས་དགོད་པར་བྱ། །རྟེན་ཡང་རབ་ཏུ་དེ་བཞིན་གཞག །མིང་བྱང་རྩང་དང་བཅས་པ་ཡང་། །དེ་བཞིན་བསྟེན་ཏེ་རབ་ཏུ་དགོད། །ཏིང་འཛིན་རིམ་པ་དེ་བཞིན་ཏེ། །གཙོ་དང་འཁོར་ཡང་དེ་བཞིན་བསྐྱེད། །སྤྱན་དྲང་རིམ་པ་གྲངས་དང་སྦྱར། །མཆོད་པ་བསྙེན་པ་བསྟོད་པ་དང་། །བསྙེན་པ་ཡེ་ཤེས་ལྷ་ལ་འབུལ། །རན་པ་ཉིད་དུ་དེ་བཞིན་སྦྱར། །ཧཱུཾ་གདུག་པ་འདུལ་བ་དྲག་པོའི་


DNG020_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ། །སྟོད་ནི་ཞལ་གསུམ་ཕྱག་དྲུག་པ། །སྨད་ནི་ཟུར་གསུམ་དཔལ་དང་ལྡན། །སྔོ་བའི་ཞལ་ནི་འགྱུར་བ་མེད། །གདུག་པ་འདུལ་བའི་ཕུར་པ་བསྣམས། །ཞགས་པ་རང་རྟགས་ཕྱག་རྒྱ་ཅན། །ཁམས་གསུམ་གདར་གཅོད་ཕུར་པ་བསྣམས། །གདུག་པ་ཤར་གྱི་འཁོར་ལོ་བཅས། །སྤྲུལ་པ་གང་ཡིན་ཉམས་པ་འཆིང་། །གང་ཡིན་བཅིང་བའི་ལས་མཛོད་ཅིག །དམ་རྫས་ཉིད་ཀྱིས་དེ་བཞིན་མཆོད། །མཆོད་པའི་དུས་སུ་རབ་ཏུ་འཆིང་བར་བསྟན། །བསྙེན་པའི་རྟགས་ནི་འདི་ལྟ་སྟེ། །སྦྲུལ་དང་སྦལ་པ་ལ་སོགས་པ། །དངོས་སུ་བྱུང་ངམ་ཉམས་སུ་བྱུང་། །སྔོན་དུ་བྱུང་བའི་འོད་བཞིན་དུ། །བསྙེན་པའི་རྟགས་ནི་དེ་ལྟར་འབྱུང་། །ལྷ་སྔགས་བསྟན་པས་དེ་ཉིད་ཙམ། །དྲག་པོའི་སྔགས་ལ་ནན་ཏན་བྱ། །ཉིན་དང་མཚན་དུ་གྲངས་མེད་བཟླས། །བསྟོད་དང་བསྐུལ་པ་དེ་བཞིན་བྱ། །དཀར་པོ་གསུམ་གྱི་ཐོད་པ་རུ། །སྔགས་བྲིས་ཐུན་གྱི་རྫས་རྣམས་བཤམ། །དཀར་པོ་གསུམ་གྱི་སྙིང་ཡང་གཞུག །གཟུགས་བྲིས་ཁྲག་ཏུ་དེ་བཞིན་བཅས། །དོན་གྱི་སྦྱར་བ་དེ་བཞིན་བྱ། །མང་དུ་དེ་བཞིན་ཐུན་ཡང་བྲབ། །དེ་ཉིད་ལས་སུ་རུང་བ་དང་། །ཆ་བྱད་སྟོན་ཅིང་ཐུན་ཉིད་ཁོལ། །རྟགས་མ་བྱུང་བར་དེ་བཞིན་བྱ། །དྲག་པོས་བཅིངས་པའི་རིམ་པ་ནི། །ཡང་དང་ཡང་དུ་རབ་ཏུ་བསྡམ། །ཡན་ལག་དངོས་སུ་བཅིངས་པར་འགྱུར། །གདབ་པའི་ཐུན་ཡང་དེ་བཞིན་བསྟན། །ལས་རྣམས་མ་ལུས་རྫོགས་པར་བྱ། །སྲེག་དང་འཕང་བ་དེ་བཞིན་དུ། །ཡང་གཅིག་མནན་ཏེ་ཕོ་བྲང་སྦ། །རྡོ་རྗེ་ཕུར་པ་ཆེན་པོ་བཤད་པའི་རྒྱུད་ལས། དྲག་པོ་བཅིངས་པའི་ལེའུ་སྟེ་ཉི་ཤུ་པའོ།། །།དེ་ནས་བཅོམ་ལྡན་འདས་དྲག་པོ་སྨྱོ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དུར་ཁྲོད་ཆེན་པོ་ཟད་ཟེད་ཅན། །མི་རེང་འགྲོ་དང་ཁྱི་རྒྱུག་འདྲ། །ཐེའུ་རང་གནས་པའི་ས་ཡོད་པར། །སྒོ་ནི་ཤར་ལྷོ་མཚམས་སུ་བལྟས། །མཎྜལ་མདའ་གང་བྱས་ནས་སུ། །རྣམ་པ་གསུམ་གྱིས་རབ་ཏུ་བྱུག །གྲུ་གསུམ་དེ་བཞིན་རིམ་པས་བྱ། །


DNG020_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

སེར་པོ་མུ་རན་ཡང་གཅིག་བསྣན། །སྙིང་པོ་བྲི་བ་དེ་བཞིན་བྱ། །ཤར་དུ་སྨྱོ་བའི་སྙིང་པོ་བྲི། །བསྙེན་ཕུར་སྨྱོ་བའི་སྙིང་པོ་ཡང་། །དར་གྱི་ཅོད་པན་དེ་བཞིན་གདགས། །ཉེས་པ་མེད་ཕྱིར་བསྲུང་བ་བྱ། །གཙོ་འཁོར་ཕུར་པ་བྱིན་བརླབས་ལ། །རང་རང་གནས་སུ་དེ་བཞིན་དགོད། །དཔལ་གྱི་གཏོར་མ་ཁྱད་པར་ཅན། །སྙིང་སྣ་གསུམ་ལ་དེ་བཞིན་བྱ། །དཀར་པོ་སྣ་དམར་ཐོད་པར་བྱ། །རྟེན་ཡང་དེ་བཞིན་ཡང་དག་གཞག །རྩང་གིས་དེ་བཞིན་རབ་ཏུ་བསྐོར། །ཏིང་འཛིན་རིམ་པའི་ཁྱད་པར་ལས། །དུར་ཁྲོད་གཞལ་ཡས་གདན་ཡང་བཅས། །དབུས་དང་ཤར་དུ་ལྷ་ཉིད་བསྐྱེད། །རིམ་པ་བཞིན་དུ་ཡང་དག་སྦྱར། །བསྡིམ་དང་མཆོད་པ་མ་ལུས་བྱ། །བསྙེན་པ་རྫོགས་པ་རབ་ཏུ་གཅེས། །རིམ་པ་བཞིན་དུ་དེ་ལྟར་བྱ། །བསྐུལ་པ་དང་ནི་བསྟོད་པ་བྱ། །ཧཱུཾ་གདུག་པ་འདུལ་བ་དྲག་པོའི་སྐུ། །སྟོད་ནི་ཞལ་གསུམ་ཕྱག་དྲུག་ལ། །སྨད་ནི་ཟུར་གསུམ་དཔལ་དང་ལྡན། །དམར་བའི་ཞལ་ལ་དབང་དུ་སྡུད། །གདུག་པ་འདུལ་བ་ཕུར་པ་བསྣམས། །དྲག་པོའི་དུག་གཏོར་རང་རྟགས་ཅན། །ཁམས་གསུམ་གདར་གཅོད་ཕུར་པ་བསྣམས། །གདུག་པ་ཡམ་ཤུད་འཁོར་དང་བཅས། །སྤྲུལ་པས་ཉམས་པ་སྨྱོ་བར་མཛོད། །མཆོད་པ་འབུལ་བའི་ལས་ཉིད་བྱ། །མཆོད་པའི་དུས་སུ་སྨྱོ་རུ་གཞུག །བསྙེན་པའི་རྟགས་རྣམས་རབ་ཏུ་འབྱུང་། །དཀར་སེར་འོད་ཀྱི་རྣམ་པ་དང་། །བཙུན་པ་བནྡི་བོང་བུ་དང་། །དེ་ལྟར་རྟགས་རྣམས་བྱུང་བ་དང་། །བསྙེན་སྔགས་སྒྲུབ་སྔགས་ཤ་ཐང་དབྱེ། །དྲག་པོ་ཉིད་དུ་དེ་བཞིན་བྱ། །མང་པོའི་བྱིན་རླབ་ཤུགས་ཀྱིས་འབྱུང་། །བསྟོད་ཅིང་བསྐུལ་བའི་ལས་ཉིད་བྱ། །བོང་བུ་དག་གི་ཐོད་པ་རུ། །སྔགས་བྲིས་ཐུན་རྣམས་རབ་ཏུ་བླུག །མིང་དང་ཁྲག་ཏུ་བཅས་པ་བྱ། །རྒྱུ་བའི་དུས་སུ་ཡང་དག་བྱ། །ནན་ཏན་དྲག་པོའི་ཐུན་ལ་བྱ། །ལས་རྣམས་འགྲུབ་པར་གདོན་མི་ཟ། །གཟུགས་སྟོན་རྟགས་གཉིས་རབ་ཏུ་འབྱུང་། །སྨྱོ་བ་དྲག་པོའི་ལས་བྱ་སྟེ། །མང་དུ་དེ་བཞིན་ནན་ཏན་བྱ། །དབང་པོ་ཉམས་པས་སྨྱོ་བར་འགྱུར། །


DNG020_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

གདབ་སྟེ་ལས་ནི་མཐའ་རུ་དབྱུང་། །འཕང་དང་བསྲེག་པ་དེ་བཞིན་ཏེ། །དུག་གིས་བརྡེག་ཅིང་ས་དེར་མནན། །ཚེ་དང་བཀྲ་ཤིས་དེ་བཞིན་བྱ། །རྡོ་རྗེ་ཕུར་པ་ཆེན་པོ་བཤད་པའི་རྒྱུད་ལས། དྲག་པོ་སྨྱོ་བའི་ལེའུ་སྟེ་ཉི་ཤུ་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་སྒྲོལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དུར་ཁྲོད་བྲག་ནག་ནུབ་སྒོ་ཅན། །མཎྜལ་མདའ་གང་བྱས་ནས་སུ། །ནག་པོ་གསུམ་གྱི་ཁྲག་གིས་བྱུག །རིམ་པ་བཞིན་དུ་བྲིས་པ་དང་། །ནག་པོའི་མུ་རན་ཡང་གཅིག་མནན། །རང་རང་གནས་སུ་སྙིང་པོ་བྲི། །བསྙེན་ཕུར་སྒྲོལ་བའི་ཕུར་པ་ཡང་། །ཅོད་པན་རིགས་དང་ཡང་དག་སྦྱར། །བསྐྲད་པའི་ལས་རྣམས་དེ་བཞིན་དུ། །རྣམ་པ་གཉིས་སུ་བྱིན་བརླབས་ནས། །གང་ཡིན་གནས་སུ་དེ་བཞིན་དགོད། །རྣམ་གཉིས་གཏོར་མ་དེ་བཞིན་དུ། །ནག་པོའི་ཐོད་པར་དེ་བཞིན་བཤམ། །བདུད་ལུག་ནག་པོ་རྟེན་དུ་བཅས། །དམིགས་པའི་རྟེན་དུ་དེ་བཞིན་ཏེ། །རིམ་པས་བསྐོར་ཏེ་དེ་ཉིད་དངོས། །ཏིང་འཛིན་གསལ་བའི་ཁྱད་པར་ལས། །གྲུ་གསུམ་ཨེ་ཡི་དཀྱིལ་འཁོར་བསམ། །ཡབ་ཡུམ་དབུས་དང་གདུག་པ་ཤར། །སྤྱན་དྲང་བྱོན་དང་བསྡིམ་པ་དང་། །ལྷ་ལ་འབུལ་ཞིང་ཤགས་ཀྱིས་དབྱེ། །བསྐུལ་པས་ལས་རྣམས་བྱེད་པར་འགྱུར། །ཧཱུཾ་གདུག་པ་འདུལ་བ་དྲག་པོའི་སྐུ། །སྟོད་ནི་ཞལ་གསུམ་ཕྱག་དྲུག་ལ། །སྨད་ནི་ཟུར་གསུམ་དཔལ་དང་ལྡན། །གནག་པའི་ཞལ་ལ་ཁྲོ་གཉེར་ཅན། །གདུག་པ་འདུལ་བ་ཕུར་པ་བསྣམས། །ཐོ་བ་ཕུར་པ་རང་རྟགས་ཅན། །ཁམས་གསུམ་གདར་གཅོད་ཕུར་པ་བསྣམས། །གདུག་པ་བདུད་ཀྱི་འཁོར་རྣམས་འདུལ། །བདུད་ཀྱི་སྤྲུལ་པ་བསམ་མི་ཁྱབ། །གང་ཡིན་སྒྲོལ་བའི་ལས་རྣམས་མཛོད། །ནག་པོ་གསུམ་གྱི་ཁྲག་གིས་མཆོད། །མཆོད་པའི་དུས་སུ་བསྒྲལ་བར་བྱ། །བསྙེན་པའི་རྟགས་རྣམས་རབ་ཏུ་འབྱུང་། །སྒྲ་དང་ནག་པོའི་འོད་དག་དང་། །འཚུབ་ནག་འཁྱིལ་པའི་མེ་སྟག་འཕྲོ། །དངོས་དང་ཉམས་སུ་འབྱུང་བའོ། །བསྙེན་པའི་རྟགས་རྣམས་རབ་ཏུ་


DNG020_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

གཅེས། །ལྷ་དང་དྲེགས་པ་སྒྲོལ་བའི་སྔགས། །གང་ཡིན་ཤ་ཐང་དབྱེ་བར་བྱ། །དྲག་པོ་ཉིད་དུ་དེ་བཞིན་བྱ། །སྐྱོ་བ་མེད་པར་ལས་རྣམས་བྱ། །མཆོད་ཅིང་དྲག་པོས་རབ་ཏུ་བསྐུལ། །བདུད་རྟ་ནག་པོའི་ཐོད་པ་རུ། །སྔགས་དང་ཐུན་སྔགས་རབ་ཏུ་བཅས། །གང་ཡིན་རྒྱུ་དུས་དག་ཏུ་བཟླས། །དྲག་པོ་ཐུགས་ཉིད་ལས་ཀྱི་མཆོག །མང་དུ་འབྱུང་ཞིང་དངོས་སུ་སྟོན། །གང་ཡིན་བསྒྲལ་བ་ལས་ཀྱི་མཆོག །གདབ་དང་ལས་རྣམས་རྫོགས་པར་བྱ། །ལམ་པོ་ཆེ་ཡི་རྒྱ་གྲམ་མནན། །བཀྲ་ ཤིས་ཚེ་ཡི་ལས་རྣམས་བྱ། །རྡོ་རྗེ་ཕུར་པ་ཆེན་པོ་བཤད་པའི་རྒྱུད་ལས། དྲག་པོ་བསྒྲལ་བའི་ལེའུ་སྟེ་ཉི་ཤུ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་དྲག་པོ་བསྟབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དུར་ཁྲོད་ཤིང་རྩི་ཆུ་མིག་ཅན། །ཀླུ་ཤིང་སྣ་དགུ་ཡོད་པའི་སར། །ས་ཡང་ལྗང་སྔོན་དེ་བཞིན་འབྱུང་། །མཎྜལ་མདའ་གང་གྲུ་བཞི་ལ། །ནག་པོ་བཞིན་དུ་རིམ་པས་བྲི། །ལྗང་གུའི་མུ་རན་ཡང་གཅིག་བསྣན། །སྙིང་པོ་མནན་པ་དེ་བཞིན་བྲི། །རྣམ་པ་གཉིས་ཀྱི་ཕུར་པ་ཡང་། །ཅོད་པན་གདགས་པ་དེ་བཞིན་བྱ། །སྲུང་བའི་མཚམས་ཀྱིས་རབ་ཏུ་བསྲུང་། །རྣམ་པ་གཉིས་སུ་བྱིན་བརླབ་བྱ། །གནས་གཉིས་ཉིད་དུ་དེ་བཞིན་དགོད། །ཐུན་རྫས་རྣམ་གཉིས་དེ་བཞིན་བཤམ། །རུས་སྦལ་ཐོད་པར་ཡང་དག་བྱ། །ཆུ་ལུག་སྔོ་བཀྲ་རྟེན་དུ་བཅས། །རུས་དང་མིང་ཡང་དེ་བཞིན་བྲི། །རིམ་པ་གྲངས་སུ་དེ་བཞིན་བསྟན། །ཏིང་འཛིན་སྒྲོལ་བའི་གྲངས་དང་སྦྱོར། །མཐིང་ནག་གྲུ་གསུམ་དཀྱིལ་འཁོར་བསྒོམ། །ལྷ་གཉིས་རང་རང་གནས་སུ་བསྒོམ། །བཞེངས་དང་སྤྱན་དྲང་བསྡིམ་མཆོད་དང་། །བསྐུལ་བ་ཉིད་དུ་ལྷ་ཉིད་གསལ། །ཧཱུཾ་གདུག་པ་འདུལ་བ་དྲག་པོའི་སྐུ། །སྟོད་ནི་ཞལ་གསུམ་ཕྱག་དྲུག་ལ། །སྨད་ནི་ཟུར་གསུམ་དཔལ་དང་ལྡན། །ལྗང་བའི་ཞལ་ལ་ཕྲིན་ལས་རྫོགས། །གདུག་པ་འདུལ་བ་ཕུར་པ་བསྣམས། །རང་རྟགས་གང་ཡིན་ཕུར་པ་བསྣམས། །ཁམས་གསུམ་གདར་གཅོད་ཕུར་པ་བསྣམས། །གདུག་པ་བཙན་གྱི་འཁོར་རྣམས་འདུལ། །བཙན་གྱི་སྤྲུལ་པ་


DNG020_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་མི་ཁྱབ། །གང་ཡིན་བསྟབ་པའི་ལས་རྣམས་མཛོད། །གང་ཡིན་སྙིང་ཁྲག་དག་གི་མཆོད། །མཆོད་པའི་དུས་སུ་བསྟབ་པ་བྱ། །བསྙེན་པའི་རྟགས་རྣམས་འབྱུང་བ་ཡང་། །དམར་བའི་འོད་ལ་འཚུབ་མ་དམར། །རྟ་དང་ར་དང་ཤ་བ་དང་། །གླང་བུ་ལ་སོགས་དངོས་སམ་ཉམས། །བསྙེན་པའི་རྟགས་རྣམས་རབ་ཏུ་གཅེས། །ལྷ་དང་དྲེགས་པ་སྟོབ་པའི་སྔགས། །དེ་ཉིད་བསྟན་པར་གོ་བར་བྱ། །དྲག་པོ་ཉིད་དུ་དེ་བཞིན་བྱ། །བྱིན་རླབས་ནུས་པ་མང་བས་འབྱུང་། །བསྟོད་ཅིང་བསྐུལ་བའི་ལས་རྣམས་བྱ། །བཙན་རྟ་དམར་པོའི་ཐོད་པ་རུ། །སྔགས་བྲིས་ཐུན་རྣམས་རབ་ཏུ་བཤམ། །སྙིང་དང་ཁྲག་ཏུ་བཅས་པ་བླུགས། །གང་ཡིན་རྒྱུ་བའི་དུས་སུ་སྦྱར། །དྲག་པོ་ནན་ཏན་ཐུན་ལ་བྱ། །དེ་ཡིས་ལས་ཉིད་འགྲུབ་པར་འགྱུར། །དངོས་སམ་ཉམས་སམ་མང་བ་དང་། །ཁོལ་བ་དག་ཀྱང་རབ་ཏུ་བཟད། །བསྟབ་པ་དྲག་པོ་ལས་བྱའི་ཕྱིར། །ཡང་ནས་ཡང་དུ་དེ་བཞིན་བྱ། །རང་དབང་མེད་དེ་སྟོབ་པར་འགྱུར། །གདབ་པའི་ལས་ཉིད་འདི་ལྟ་སྟེ། །སྙིང་དང་ཡན་ལག་དེ་བཞིན་གདབ། །མཚོན་དང་དུག་དང་བརྡུང་བ་དང་། །བསྟབ་པ་བྱས་ཏེ་སྲེག་དང་འཕང་། །ཚེ་བསྡིམ་བཀྲ་ཤིས་དེ་ལྟར་བྱ། །མ་ལུས་རྫོགས་པའི་ལས་ཀྱི་མཆོག །བསྙེན་པ་ཡེ་ཤེས་ལྷ་ལ་འབུལ། །བསྒྲུབ་པ་དྲེགས་པ་དྲུག་ལ་འབུལ། །མཆོད་པའི་དུས་སུ་ལས་དྲུག་འབྱུང་། །བྲི་བ་དེ་བཞིན་དབྱིབས་སུ་མཐུན། །བསགས་པའི་རྫས་དྲུག་རང་རང་སྟེ། །ཕུར་པ་དྲུག་ཡང་དེ་བཞིན་དུ། །ཐོད་པ་དྲུག་ཡང་རབ་ཏུ་བསྟན། །རྟགས་དྲུག་མི་མཐུན་རང་རང་སྟེ། །བསྟོད་པ་གཅིག་ལ་བསྐུལ་བ་དྲུག །ལྷ་སྔགས་གཅིག་ལ་གཅིག་པར་ དྲུག །ལྷ་ཡི་གཅིག་ལ་ལས་སྣ་དྲུག །ཐུན་ཡང་དེ་བཞིན་ཤེས་པར་བྱ། །རྡོ་རྗེ་ཕུར་པ་ཆེན་པོ་བཤད་པའི་རྒྱུད་ལས། དྲག་པོ་བསྟབ་པ་ཞེས་བྱ་བའི་ལེའུ་སྟེ་ཉི་ཤུ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་དྲག་སྔགས་བསྟན་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བསྟན་པ་གཉན་པོར་འཚེ་བྱེད་དང་། །སྒྲོལ་བའི་ཞིང་དུ་


DNG020_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ་ལ། །དྲག་པོ་དྲེགས་པའི་མན་ངག་བསྟན། །དྲེགས་པའི་རྒྱལ་པོ་བཅོ་ལྔ་ལ། །ཐོད་པ་མཚན་ལྡན་སྣ་གཉིས་སུ། །སྙིང་ཁྲག་ལྔ་ཡི་གཏོར་མ་བྱ། །ཡང་ན་ཐོད་པ་བཅོ་ལྔ་སྟེ། །ནག་པོ་ལྔ་ལ་དཀར་པོ་ལྔ། །དམར་དང་སྔོ་དང་ཞུར་བ་དང་། །སེར་བ་ཁམ་པ་སྣ་ལྔ་ཡང་། །དེ་བཞིན་སྙིང་ཁྲག་གཏོར་མ་བྱ། །ཡང་ན་ཐོད་པ་གཅིག་ཏུ་བྱ། །སྙིང་སྣ་ཁྲག་སྣ་མང་དུ་བརྡར། །མཚན་མ་ངན་པའི་ཐོད་པ་ལ། །མེད་དུ་མི་རུང་སྙིང་པོ་བྲི། །གཉིས་སུ་བཅད་པའི་དུམ་བུ་ལ། །ལུས་ཀྱི་ཕྱོགས་སུ་བདུད་པོ་བྲི། །སྤྱི་བོར་གདུག་པ་འཁོར་ལ་བྲི། །དྲུག་དང་བརྒྱད་དུ་རབ་བསྐོར་ལ། །དྲག་སྔགས་དྲུག་ལ་བྲི་བར་བྱ། །བརྒྱད་ལ་དྲེགས་པའི་སྙིང་པོ་བྲི། །མུ་ཁྱུད་མུ་བྲན་ལས་སྔགས་བྲི། །དེ་བཞིན་ཕྱི་མར་རྩ་སྔགས་བྲི། །རྩིབས་མཆན་རྣམས་ལ་མིང་བྱང་བྲི། །ལུས་ཀྱི་ཕྱོགས་སུ་བདུད་ཕོ་བྲི། །ཁ་གདངས་མཆེ་བ་གཙིགས་པ་བྲི། །བར་དུ་མིང་བྱང་གཞུག་པར་བྱ། །ཐོད་པ་ངན་པའི་མཚན་ལྡན་ལ། །ཁྲག་སྣ་མང་དུ་བླུགས་བྱས་ལ། །ཐུན་དུ་འཕང་བའི་རྫས་སུ་བྱ། །གྲུ་གསུམ་ཁྲུ་གང་བརྐོས་པ་ལ། །དེ་རྣམས་བཅུག་སྟེ་ཁ་བཅད་ལ། །རྡོ་རྗེ་རྒྱ་གྲམ་ལྡོང་རོས་ཀྱིས། །གཡམ་པ་དག་ལ་བྲི་བ་དང་། །མི་མངོན་ལེགས་པར་གཅད་པར་བྱ། །ཉུང་དཀར་ཉུང་ནག་སྐེ་ཚེ་དང་། །དུག་དང་སྙིང་སྣའི་ཕྱེ་མ་ལ། །སྐྱེས་པ་དར་མའི་མཆོག་ཕུར་དང་། །ས་སེར་དངོས་པོའི་ཕྱེ་མ་རྣམས། །ཐུན་གྱི་རྫས་སུ་དེ་བཞིན་བཤམ། །རུས་པ་བརྡུང་བའི་ཕྱེ་མ་རྣམས། །ཐུན་གྱི་རྫས་སུ་བཞག་ཀྱང་རུང་། །རུས་བྱང་ཐོད་པའི་ཁ་ལ་གཞག །ཡེ་ཤེས་ལྷ་ཡི་སྐུར་བསྒོམ་ལ། །གནས་རྣམས་བསྲུང་ཞིང་སྙིང་པོ་བཟླས། །མཛེས་པ་ཙམ་དུ་རབ་ཏུ་བཟླས། །དྲེགས་པ་ཅན་གྱིས་ལས་བྱའི་ཕྱིར། །ཕོ་མོ་སྔགས་ཀྱི་བྱེ་བྲག་ལས། །ན་ཡར་བསྒྱུར་བས་གང་བསྒྲུབ་འགྲུབ། །མོ་ལ་ཕོ་རུ་ན་ཡས་བསྒྱུར། །མོ་ཡི་བདུད་མོ་ཕོ་ལས་འབྱུང་། །ཕོ་ཡི་བདུད་མོ་དེ་བཞིན་ནོ། །སྲོག་སྙིང་ཕོ་རུ་བསྒྱུར་བ་འདི། །ཕོ་ལ་བཅོ་ལྔ་སྤྱི་སྔགས་དང་། །ཐུན་རྫས་རྣམས་ལ་མང་དུ་བཟླས། །མཆོག་


DNG020_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཕུར་པས་ཡང་དག་གདབ། །བསྟན་པ་བསྲུང་བའི་ལས་ཀྱང་བཅོལ། །ཧཱུཾ་གདུག་པ་འདུལ་བ་དྲེགས་པའི་ལྷ། །དྲེགས་པ་རྔམ་པའི་རལ་པ་ཅན། །མཆེ་བ་གཙིགས་ཤིང་ཚེམས་བརྡར་བ། །སྐུ་ལ་ཞིང་ལྤགས་རློན་པ་གསོལ། །རལ་པ་བཅིངས་པའི་ཐོར་ཚུགས་ཅན། །གཡས་པས་དགྲ་སྙིང་སྤར་གྱིས་འདེབས། །གཡོན་པ་བདུད་ཀྱི་ཁྲམ་བམ་བསྣམས། །རྔམ་པའི་ཚེམས་བརྡར་སྤུ་གྲིའི་སོ། །མཆེ་བ་ལྕགས་ཀྱི་སྤུ་གྲི་ཅན། །སྤུ་གྲི་ཤད་ཤད་སྙིང་ལ་ཤད། །བསྟན་པ་གཉན་པོར་མི་བྱེད་པའི། །ཉམས་པ་གང་ཡིན་སྙིང་ལ་ཤད། །ཧཱུཾ་བདུད་ཀྱི་རྒྱལ་པོ་མ་རུངས་པ། །མུན་པ་ནག་པོའི་ཁ་དོག་ལ། །སྐུ་ལ་དར་ནག་བེར་མཐིང་གསོལ། །རལ་པ་ནག་པོ་སྤྱི་བཅིངས་ཅན། །ལག་ན་གཅོད་པའི་སྟ་རེ་ཐོགས། །དགྲ་སྟྭ་སྡང་བའི་དགྲ་ལ་ཐོབ། །མཆེ་བ་དུང་གི་སྤུ་གྲི་གཏམས། །སྤུ་གྲི་ཤད་ཤད་སྙིང་ལ་ཤད། །དམ་ཉམས་གང་ཡིན་སྙིང་ལ་ཡ། །ཧཱུཾ་འཇིགས་པར་བྱེད་པའི་བདུད་ཕོ་ནི། །མོན་པ་ནག་པོ་རྣ་ཆ་ཅན། །སྐུ་ལ་སྟག་ལྤགས་གཡང་གཞི་གསོལ། །རལ་པ་ནག་པོ་མུན་ལྟར་གཏིབས། །ལག་ན་འདྲེག་པའི་ཟོར་བ་བསྣམས། །ཟོར་ཁ་སྡང་བའི་དགྲ་ལ་ཡ། །མཆེ་བ་ལྕགས་ཀྱི་སྤུ་གྲི་གཏམས། །སྤུ་གྲི་ཤད་ཤད་སྙིང་ལ་ཤད། །ཉམས་པ་གང་ཡིན་སྙིང་ལ་ཡ། །ཧཱུཾ་སྒྲོལ་བྱེད་བདུད་ཀྱི་བཤན་པ་ནི། །མོན་པ་ནག་པོའི་ཁ་དོག་ལ། །སྐུ་ལ་ཞིང་གི་གཡང་གཞི་ལ། །རལ་པ་ནག་པོ་གྱེན་ལ་འགྲེང་། །ལག་ན་འཆིང་བའི་ཞགས་པ་ཐོགས། །དམ་ཉམས་གང་ཡིན་འཆིང་བར་བྱེད། །མཆེ་བ་ཟངས་ཀྱི་སྤུ་གྲི་གཏམས། །སྤུ་གྲི་ཤད་ཤད་སྙིང་ལ་ཤད། །ཉམས་པ་གང་ཡིན་སྙིང་ལ་ཡ། །ཧཱུཾ་ཤ་ཟ་ཁྲག་འཐུང་བདུད་ཀྱི་བུ། །མོན་པ་ནག་པོ་མེ་ཏྲི་ཅན། །སྐུ་ལ་དྲེད་ཀྱི་པགས་པ་ལ། །རལ་པ་ཁམ་པ་ཡ་ལེབ་ཅན། །ལག་ན་བསྲེག་པའི་མེ་དཔུང་ཐོགས། །ཉམས་པ་གང་ཡིན་སྲེག་པར་བྱེད། །མཆེ་བ་བསེ་ཡི་སྤུ་གྲི་གཏམས། །སྤུ་གྲི་ཤད་ཤད་སྙིང་ལ་ཤད། །ཉམས་པ་གང་ཡིན་སྙིང་ལ་ཡ། །དྲེགས་


DNG020_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

པ་བདུད་ཀྱི་རྒྱལ་པོ་ལ། །འཁོར་ནི་བདུད་ནག་སྟོང་གིས་བསྐོར། །ཞིང་ལྤགས་རློན་པའི་སྟོད་ཐུལ་ཅན། །སྤྱི་བཅིངས་བདུད་ཀྱི་རིགས་རྣམས་ཀྱང་། །མཆེ་བ་ལྕགས་ཀྱི་སྤུ་གྲི་གཏམས། །སྤུ་གྲི་ཤད་ཤད་སྙིང་ལ་ཤད། །བསྟན་པ་འཇིག་པའི་ཉམས་པ་ལ། །སྲོག་རྩ་དམར་པོ་ཆོད་ལ་ཤོག །ཁོང་ཁྲག་ཁ་རུ་རྔུབ་པར་གྱིས། །ཆོས་ཤིག་རང་གི་དམག་དཔུང་ཆོས། །ཕྱོར་ཅིག་རུ་མཚོན་ནག་པོ་ཕྱོར། །ཐོབ་ཅིག་བདུད་ཀྱི་ཁྲམ་ལ་ཐོབ། །འཐུངས་ཤིག་སྙིང་ཁྲག་དྲོན་མོ་འཐུང་། །ཟོ་ཞིག་ཉམས་པའི་ཤ་ལ་ཟོ། །འཆོ་ཞིག་ཉམས་པའི་སྙིང་རུས་འཆོ། །ཧཱུཾ་བདུད་ཀྱི་དམག་དཔུང་ཆི་ལི་ལི། །བདུད་ཀྱི་དམག་སྣ་ད་དྲོངས་ཤིག །དམ་ཉམས་དགྲ་བོ་གང་ཡིན་པ། །ཁྲམ་ལ་ཐོབ་ཅིག་བདུད་ཀྱི་ཚོགས། །ཧཱུཾ་ཡ་བདུད་ཚོགས་ཀྱི་གཙོ་བོ་ནི། །ཤེལ་གྱི་མི་ཕོ་དཀར་པོ་ལ། །སྐུ་ལ་བྱ་རྒོད་ཐུལ་པ་གསོལ། །ཕྱག་ན་ཤེལ་གྱི་འགྱིང་འཁར་ཐོགས། །ཉི་མ་ཟླ་བའི་གདོང་པ་ཅན། །གསེར་གྱི་སོ་བརྡར་ཁྲིགས་སེ་ཁྲིག །མཆེ་བ་གསེར་གྱི་སྤུ་གྲི་གཏམ། །སྤུ་གྲི་ཤད་ཤད་སྙིང་ལ་ཤད། །དམ་ཉམས་ཀུན་གྱི་སྙིང་ལ་ཤད། །ཆིབས་སུ་དུང་གི་རྟ་ཕོ་ཆིབས། །ཕུམ་ཕུམ་དམར་པོ་དར་ལྟར་འཕྱར། །དཀར་པོ་ཀུན་གྱི་གཙོ་བོ་སྟེ། །དཀར་པོ་འབུམ་ལ་མངའ་མཛད་ཅིང་། །འོད་དཀར་ལམ་གྱི་བདག་པོ་སྟེ། །ཉམས་པ་འདི་ལ་རྟགས་ཕྱུང་ཞིག །ཧཱུཾ་ཤར་ཕྱོགས་སྲིད་པའི་རྒྱལ་པོ་ནི། །ཤེལ་གྱི་འོད་དཀར་ལམས་སེ་ལམ། །སྐུ་ལ་བསྲེ་ཁྲབ་སྨུག་པོ་གསོལ། །ཕྱག་ན་བསེ་ཡི་མདུང་དམར་བསྣམས། །མཆེ་བ་དུང་གི་སྤུ་གྲི་གཏམས། །སྤུ་གྲི་ཤད་ཤད་སྙིང་ལ་ཤད། །སྨྱོ་འབོག་ལྷོག་རྒོད་དུས་ལ་བབ། །ཧཱུཾ་ལྷོ་ཕྱོགས་སྲིད་པའི་རྒྱལ་པོ་སྟེ། །ལྕགས་ཀྱི་འོད་འཕྲོ་ལམས་སེ་ལམ། །སྐུ་ལ་ལྕགས་ཀྱི་ཚེམ་ཁྲབ་གསོལ། །ཕྱག་ན་ལྕགས་ཀྱི་སྲིན་མོ་རྐང་། །མཆེ་བ་ལྕགས་ཀྱི་སྤུ་གྲི་གཏམས། །སྤུ་གྲི་ཤད་ཤད་སྙིང་ལ་ཤད། །ཕོ་ལོག་ནད་ཀྱི་དུས་ལ་བབ། །ཧཱུཾ་ནུབ་ཕྱོགས་སྲིད་པའི་རྒྱལ་པོ་སྟེ། །ཟངས་ཀྱི་འོད་འཕྲོས་ལམས་སེ་


DNG020_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

ལམ། །སྐུ་ལ་ཟངས་ཀྱི་ཚེམ་ཁྲབ་གསོལ། །ཕྱག་ན་ཟངས་ཀྱི་མདུང་དམར་བསྣམས། །མཆེ་བ་ཟངས་ཀྱི་སྤུ་གྲི་གཏམས། །སྤུ་གྲི་ཤད་ཤད་སྙིང་ལ་ཤད། །གཟེར་ནད་ནད་ཀྱི་ཐུན་ཕོབ་ཅིག །ཧཱུཾ་བྱང་ཕྱོགས་སྲིད་པའི་རྒྱལ་པོ་སྟེ། །བསེ་ཡི་འོད་འཕྲོ་ལམས་སེ་ལམ། །སྐུ་ལ་བསེ་ཡི་ཚེམ་ཁྲབ་གསོལ། །ཕྱག་ན་བསེ་ཡི་མདུང་དམར་བསྣམས། །མཆེ་བ་བསེ་ཡི་སྤུ་གྲི་གཏམས། །སྤུ་གྲི་ཤད་ཤད་སྙིང་ལ་ཤད། །ལྷོག་རྒལ་ནད་ཀྱི་ཐུན་ཕོབ་ཅིག །སྲིད་པའི་མངའ་བདག་ཀུན་ལ་དབང་། །སྐར་ཆེན་དམར་པོ་རྟ་རུ་ཞོན། །སྲིད་པའི་རྒྱལ་པོ་འབུམ་གྱིས་བསྐོར། །ཁམས་གསུམ་དབང་སྡུད་སྲོག་ལ་དབང་། །སྲོག་བདག་ཆེན་པོས་དམག་སྣ་དྲོངས། །དམག་དཔུང་རུ་མཚོན་དཀར་པོ་ཕྱོར། །དམག་དཔུང་བསྡུ་བའི་དུས་ལ་བབ། །སྲིད་པའི་རྒྱལ་པོས་དམག་སྣ་དྲོངས། །ཧཱུཾ་ཤར་ཕྱོགས་བཙན་གྱི་རྒྱལ་པོ་སྟེ། །རྟ་དཀར་ཤེལ་མདོག་ཆིབས་སུ་ཆིབས། །སྐུ་ལ་དར་དཀར་རལ་ག་གསོལ། །ཕྱག་ན་ཞགས་པ་དཀར་པོ་བསྣམས། །དྲི་ཟའི་དམག་དཔུང་འབུམ་གྱིས་བསྐོར། །ཤར་ཕྱོགས་བཙན་གྱི་དམག་སྣ་དྲོངས། །ཕོ་ལོག་ནད་ཀྱི་ཐུན་ཕོབ་ཅིག །ཧཱུཾ་ལྷོ་ཕྱོགས་སྲིད་པའི་ཡུལ་རྩེ་ནས། །སྲིད་པ་བཙན་གྱི་རྒྱལ་པོ་སྟེ། །སྔོན་པོ་གཞའ་དགུ་ཆིབས་སུ་ཆིབས། །སྐུ་ལ་བེར་ཆེན་སྔོ་བཀྲ་གསོལ། །ཕྱག་ན་ཞགས་པ་སྔོན་པོ་ཐོགས། །གཤིན་རྗེའི་དམག་དཔུང་འབུམ་གྱིས་བསྐོར། །ལྷོ་ཕྱོགས་བཙན་གྱི་དམག་སྣ་དྲོངས། །གཟེར་ནད་ནད་ཀྱི་ཐུན་ཅིག་ཕོབ། །ཧཱུཾ་ནུབ་ཕྱོགས་སྲིད་པའི་ཡུལ་རྩེ་ནས། །སྲིད་པ་བཙན་གྱི་རྒྱལ་པོ་སྟེ། །དམར་པོ་ཟངས་མདོག་ཆིབས་སུ་ཆིབས། །ལེ་བརྒན་དམར་པོའི་ཆར་ཆེན་གསོལ། །ཕྱག་ན་ཞགས་པ་དམར་པོ་ཐོགས། །ཀླུ་བདུད་དམག་དཔུང་འབུམ་གྱིས་བསྐོར། །ནུབ་ཕྱོགས་བཙན་གྱི་དམག་སྣ་དྲོངས། །གླང་ཐབ་ནད་ཀྱི་ཐུན་ཕོབ་ཅིག །ཧཱུཾ་བྱང་ཕྱོགས་སྲིད་པའི་ཡུལ་རྩེ་ནས། །སྲིད་པ་བཙན་གྱི་རྒྱལ་པོ་དེ། །ལྗང་གུ་སྤུན་དམར་ཆིབས་སུ་ཆིབས། །ན་བཟའ་ལྗང་གུ་བེར་ཆེན་གསོལ། །


DNG020_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་ན་ཞགས་པ་ལྗང་གུ་ཐོགས། །གནོད་སྦྱིན་དམག་དཔུང་འབུམ་གྱིས་བསྐོར། །བྱང་ཕྱོགས་བཙན་གྱི་དམག་སྣ་དྲོངས། །ལྷོག་རྒལ་ནད་ཀྱི་ཐུན་ཕོབ་ཅིག །འབྱུང་བའི་བདུད་བཅོམ་བཙན་ཆེན་ཡང་། །སྲོག་རྩ་གཅོད་ཅིང་ཤ་ལ་ཡ། །སྙིང་རྩ་གཅོད་ཅིང་སྙིང་ཁྲག་འཐུང་། །བཀྲག་དང་མདངས་ལ་དབང་བསྒྱུར་བའི། །ནད་ཁ་དབབ་པའི་དུས་ལ་བབ། །བསྟན་པ་བསྲུང་བའི་དུས་ལ་བབ། །ཧཱུཾ་སྟོང་གསུམ་རྣམ་དག་དམག་གི་སྣ་འདྲེན་པ། །དགེ་བསྙེན་སྲུང་མ་བཙན་གྱི་ཚོགས། །དུས་ཀྱི་འཁྲུག་པ་སློང་བྱེད་ཅིང་། །མཚོན་གྱི་བསྐལ་པ་འབེབས་བྱེད་པ། །སྐུ་ལ་ཟ་འོག་བེར་ཆེན་གསོལ། །ཕྱག་ན་ཤེལ་གྱི་རྡོ་རྗེ་བསྣམས། །རོལ་པས་དབང་བསྐུར་རང་ལ་དབང་། །ཆིབས་སུ་སེང་གེ་དཀར་མོ་ཆིབས། །རོལ་དུ་སྟོང་གསུམ་འཁོར་གྱིས་བསྐོར། །རྡོ་རྗེ་དྲག་པོ་དམག་དཔུང་འཇོམས། །གང་དུ་རྦད་པར་དམག་སྣ་འདྲེན། །བདུད་ཀྱི་དམག་སྣ་མུན་ལྟར་འདྲེན། །བཙན་གྱི་དམག་སྣ་མེ་ལྟར་འཕྲོ། །རྒྱལ་པོའི་དམག་སྣ་སྐར་ལྟར་འཁྲུག །བ་དན་རུ་མཚོན་མེ་ལྟར་འབར། །མ་བདུད་མང་པོ་མུན་ལྟར་གཏིབས། །ཤ་ཟ་མང་པོ་ཁྲ་ལྟར་ལྡིང་། །ཁྲག་འཐུང་མང་པོ་མཚོ་ལྟར་རློབ། །གང་དུ་རྦད་པའི་དམག་སྣ་འདྲེན། །ཤར་གྱི་ཕྱོགས་སུ་དམག་འདྲེན་ན། །བ་དན་དཀར་པོ་རྫི་ལ་ཕྱར། །ལྷོ་ཡི་ཕྱོགས་སུ་དམག་འདྲེན་ན། །བ་དན་སྔོན་པོ་གནམ་ལྟར་སྔོ། །ནུབ་ཀྱི་ཕྱོགས་སུ་དམག་འདྲེན་ན། །བ་དན་དམར་པོ་མེ་ལྟར་འབར། །བྱང་གི་ཕྱོགས་སུ་དམག་འདྲེན་ན། །བ་དན་ལྗང་གུ་ཆུ་ལྟར་འབྲུབ། །རུ་མཚོན་ཕྱོར་ཞིང་དམག་སྣ་དྲོངས། །གང་དུ་བསམ་པའི་ཆིབས་བསྐྱོད་ལ། །བདུད་ཀྱི་མུན་པ་ཆར་ལྟར་ཕོབ། །བཙན་གྱི་ཤ་བདལ་ཁྲག་ཏུ་སྐྱུགས། །རྒྱལ་པོའི་འོད་ཟེར་སྐར་ལྟར་འཁྲུག །དེ་ཡང་དགེ་བསྙེན་གཉན་གྱི་གྲོགས། །མེ་ལྟར་འབར་ཞིང་དམག་སྣ་དྲོངས། །ཆུ་ལྟར་འབྲུབ་ཅིང་དམག་སྣ་དྲོངས། །བྷྱོ་བྷྱོ་གང་ཡིན་ལས་ལ་ཐུན་ཕོབ་ཅིག །ཐུན་གྱི་ལས་ཉིད་དྲག་པོར་སྦྱར། །རྒྱུ་དུས་བཞི་རུ་ཐུན་རྣམས་བྲབ། །མིང་བྱང་གསལ་བར་གྱུར་པ་དང་། །མེ་རུ་འབར་བའི་འོད་


DNG020_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འབྱུང་། །ཐོད་པ་ལུང་དང་ཕུར་པ་འཕར། །གཏོར་མ་མེ་རུ་འབར་བ་དང་། །བཞི་པོ་མངོན་དུ་བྱུང་བ་དང་། །དྲག་སྔགས་དྲག་པོའི་ཐུན་གྱིས་བྲབ། །ཕུར་པ་གདབ་ཅིང་མཚོན་གྱིས་གཏུབ། །ཐོད་པ་འཕང་ཞིང་གཏོར་མ་གཏང་། །གས་དང་འགྱེལ་བ་དེ་བཞིན་འབྱུང་། །ནད་རྣམས་དེ་བཞིན་ཤེས་པར་བྱ། །རྡོ་རྗེ་ཕུར་པ་ཆེན་པོ་བཤད་པའི་རྒྱུད་ལས། དྲག་པོ་དྲེགས་པ་བསྒྲུབ་པའི་ལེའུ་སྟེ་ཉི་ཤུ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་དྲེགས་པ་བསྡུས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དྲེགས་པ་བསྡུས་ཏེ་གདུག་པ་འདུལ། །མཚན་ངན་རྫས་ཀྱི་ནང་དུ་ཡང་། །གཏོར་མ་མིང་བྱང་བཅུག་བྱས་ནས། །ཡི་དམ་དམ་པ་བསྒོམ་པར་བྱ། །གཅིག་ལ་མཐའ་བཞི་སྤེལ་བའི་སྔགས། །རང་རང་གང་བྱེད་སྔགས་སུ་དབྱེ། །ཡང་ན་སྔགས་ཀྱི་བྱེ་བྲག་ལས། །དངོས་དང་འགྲེང་བུ་གི་གུ་དང་། །ན་རོ་ཁྱད་པར་དབྱེ་བར་བྱ། །རྫས་ཀྱི་དེ་བཞིན་རིམ་པར་དབྱེ། །ཐུན་ཡང་དེ་བཞིན་བསྟན་པར་བྱ། །རང་རང་ཐུན་ལ་རང་རང་སྔགས། །གྲངས་དང་རྟགས་དང་དུས་དག་དང་། །གང་ཡིན་ལས་སུ་རུང་བར་བྱ། །བསྐུལ་ཞིང་རྦད་པ་དེ་བཞིན་ཏེ། །རང་རང་རྫས་ལ་བརྟེན་པར་བྱ། །ཕྱོགས་སུ་འཕང་བའི་ལས་ཉིད་བྱ། །དེ་ཡིས་ལས་རྣམས་འགྲུབ་པར་འགྱུར། །གལ་ཏེ་གནད་དུ་མ་སྐྱོལ་ན། །ནག་པོ་སྤྱི་དཀར་ཐོད་པ་རུ། །དེ་ཉིད་སྙིང་དང་ཁྲག་དུ་བཅས། །མོན་པ་ནག་པོའི་སྙིང་ཡང་རུང་། །དེ་ཡི་ནང་དུ་མིང་བྱང་གཞུག །རེ་བའི་ཁུག་མར་བཅུག་ཀྱང་རུང་། །གསལ་བའི་ལྷ་ཡི་ང་རྒྱལ་གྱིས། །གང་ཡིན་དམིགས་པ་གསལ་བ་ལས། །དཀར་ནག་མཚམས་སུ་དྲག་སྔགས་བརྡེག །དེ་ཡི་རྟགས་ལ་ལས་སྔགས་བྱ། །གྲངས་སུ་བསྟན་པའི་ལས་ཉིད་དེ། །སྲོག་མེད་རྡོ་ཡང་འགས་པར་འགྱུར། །དཀར་པོ་ཕྲུམ་དམར་ཐོད་པ་རུ། །སྙིང་སྣ་ལྔ་ལ་དེ་བཞིན་བྱ། །མིང་དང་རུས་ཡང་བྲི་བར་བྱ། །ཐུན་རྫས་སྣ་ཚོགས་མང་དུ་བསྟར། །གསལ་བའི་ཏིང་འཛིན་དགོངས་པ་ཡིས། །རང་བསྲུང་གནད་ལ་དབབ་པར་བྱ། །


DNG020_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་རྣམས་དུས་སུ་བྲབ་པར་བྱ། །རྟགས་ཉིད་མྱུར་དུ་བྱུང་བ་དང་། །གང་ཡིན་དེ་ལ་ཐོད་པ་བརྡེག །དེ་ནི་ས་རུ་རྟགས་བྱུང་ན། །བསམ་པའི་འབྲས་བུ་ཆུད་མི་ཟ། །གང་བྱས་ལས་ལ་ཐེ་ཚོམ་མེད། །མོན་པ་ནག་པོའི་ཐོད་པ་རུ། །གང་ཡིན་སྙིང་དང་ཁྲག་བླུགས་ནས། །ཐུན་རྣམས་རབ་ཏུ་བྲབ་བྱས་ཏེ། །དེ་ཉིད་ཁོལ་དང་མེ་རུ་འབར། །འོད་དང་མངོན་དུ་འབར་བ་འབྱུང་། །དེ་བྱུང་གང་ཡིན་ཡུལ་དུ་བརྡེག །དེ་ཡི་བསྟན་པ་བསྲུང་བར་འགྱུར། །ཤ་བ་དག་གི་ཐོད་པ་རུ། །གླ་བ་ལུག་དང་བྱ་རྣམས་ཀྱི། །སྙིང་དང་ཁྲག་ཏུ་བཅས་པ་བླུག །དམ་རྫས་ཀུན་ཀྱང་ཚང་གྱུར་ན། །ཡ་མཚན་འཕྲུལ་གྱི་སྔགས་འབྲུ་ལ། །རིམ་པ་སྔགས་ཀྱི་བྱ་བར་ཤེས། །དེ་ཡིས་དོན་འདི་འགྲུབ་པར་འགྱུར། །ཝ་འམ་སྤྱང་ཀིའི་ཐོད་པ་རུ། །རིམས་ཀྱིས་ཤི་བའི་ཁྲག་བླུགས་ལ། །དུག་དང་སྦང་མས་བརླན་པར་བྱ། །ཟངས་ཕྱེ་དུག་རྣམས་ཡང་དག་བསྟན། །སྦྱོར་བ་སྔགས་ཀྱི་ན་ཡ་ལ། །གནད་ལ་དབབ་པ་རབ་བརྡེག་ལ། །ནམ་གྱི་འཇིང་ལ་ཐུན་ཡང་བརྡེག །རྟགས་རྣམས་འབྱུང་བར་གདོན་མི་ཟ། །ཁམས་གསུམ་གདུག་པ་སྒྲོལ་བའི་ལས། །གང་དུ་བཏབ་པ་འགྲུབ་པར་བྱེད། །བདུད་དང་སྲིན་པོ་གནོད་སྦྱིན་ཡང་། །བསྒྲུབ་པའི་འབྲས་བུ་ཐོབ་པར་འགྱུར། །ཡང་དག་མིན་ཏེ་གདུག་པ་འདུལ། །དེ་ཡིས་དྲག་པོའི་འབྲས་བུར་འགྱུར། །ལས་ཀྱི་སྲིན་པོ་གདུག་པའི་མཐུས། །དམ་པ་མིན་ཏེ་བྱིན་རླབ་འབྱུང་། །རྟོགས་ན་ཡང་དག་ཉིད་དུ་འགྱུར། །དེས་ན་རྟོགས་པ་རབ་ཏུ་གཅེས། །བདེན་པའི་སྟོབས་ལ་རབ་བརྟེན་ན། །ངེས་བཟུང་བྲལ་བས་གང་ཡང་རུང་། །ངེས་པར་འཛིན་པས་གང་ཡང་འཆིང་། །འཆིང་མེད་རབ་ཏུ་དགྲོལ་བར་བྱ། །དེ་ནི་སངས་རྒྱས་ལག་བཅངས་ཡིན། །ཀུན་ཏུ་བཟང་པོའི་རོལ་པ་ལས། །བདུད་དང་སྲིན་པོ་ཐམས་ཅད་བཏུལ། །རང་རྒྱུད་མ་ཡིན་རོལ་པར་སྣང་། །རྡོ་རྗེ་ཕུར་པ་ཆེན་པོ་བཤད་པའི་རྒྱུད་ལས། དྲེགས་པ་བསྡུས་ཏེ་བསྒྲུབ་པའི་ལེའུ་སྟེ་ཉི་ཤུ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་མཁའ་འགྲོ་གདུག་བྱེད་མ་སྒྲུབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བསྟན་པ་གཉན་པོ་


DNG020_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

བསྲུང་བའི་ཕྱིར། །གདུག་བྱེད་སྲིན་མོ་རབ་ཏུ་སྒྲུབ། །དེ་ནི་བསྟན་པ་བསྲུང་བའི་ཕྱིར། །ཡ་མཚན་ཅན་དུ་གྱུར་པས་ན། །སྲིད་པའི་དབང་ཆེན་རྣམ་གསུམ་ཡིན། །དུར་ཁྲོད་ཆེན་པོ་གསར་རྙིང་ཅན། །མང་པོར་སྤུངས་པའི་ཕུང་པོ་ཅན། །གདུག་པའི་སེམས་ཅན་མང་པོ་གནས། །རྔམ་པའི་སྒྲ་དང་བཅས་པའི་གནས། །དུར་ཁྲོད་སྲུང་དང་དབང་བྱེད་དང་། །ཤ་ཟ་ཁྲག་འཐུང་མཆེ་བ་དམར། །ཤ་ཟ་མཆུ་གུག་ཚང་ཡོད་དང་། །ས་ཕྱོགས་འཇིགས་པའི་གདུག་ཆེན་དང་། །དེ་ལྟ་བུ་དང་ལྡན་པ་རུ། །མཁའ་འགྲོ་གདུག་བྱེད་རབ་ཏུ་བསྒྲུབ། །མཎྜལ་མདའ་གང་གྲུ་བཞི་ལ། །རཀྟ་རྣམ་གསུམ་ཆག་ཆག་གདབ། །དམར་ལ་འོད་དང་ཆས་པར་བྱ། །དམ་རྫས་ལྔ་ལ་དེ་བཞིན་བྱ། །ཐིག་ཡང་བྱིན་བརླབ་རིམ་པ་སྟེ། །ཧཱུཾ་ལས་ཡེ་ཤེས་ལྔ་བསམས་ཏེ། །དེ་ཉིད་རིགས་ཀྱི་ལྷ་ལྔར་བྱུང་། །སྤྱན་དྲང་མཆོད་པ་བྱས་ནས་སུ། །ནམ་མཁའ་དག་གི་དཀྱིལ་འཁོར་བསམ། །ས་ལ་རིམ་པ་མ་ནོར་གདབ། །ཚོན་ཡང་དེ་བཞིན་རབ་ཏུ་བརླབ། །གྲུ་གསུམ་ཟླ་གམ་མུ་ཁྱུད་དང་། །འཁོར་ལོ་རྩིབས་བཞི་གྲུ་ཆད་འབར། །སྣམ་བུ་སྒོ་དང་བཅས་པ་ལ། །ཕྱོགས་བཞིར་དུར་ཁྲོད་ཆེན་པོའི་ཚལ། །མི་རོ་མང་པོ་སྤུངས་པ་བྲི། །མཐིང་ནག་དམར་དང་དཀར་བ་དང་། །གདན་ཡང་ཐོད་པ་དམར་པོར་བཏང་། །འཁོར་ལོ་ཕྱོགས་དང་མཚམས་སུ་སེར། །མི་རོའི་སྟེང་དུ་མཚན་མ་བཀོད། །མུ་ཁྱུད་ནག་ཅིང་ཐོད་པ་དཀར། །གྲུ་ཆད་ལྗང་ཞིང་སྣམ་བུ་སེར། །སྒོ་ནི་རིགས་དང་མཐུན་པ་དང་། །གཞི་དམར་ཐོད་པ་དཀར་པོ་བཏང་། །གཞི་སེར་ལྷུ་དུམ་དཀར་པོར་བཏང་། །གཞི་ལྗང་རྒྱུ་ཞགས་དཀར་པོར་བཏང་། །རིན་ཆེན་སྣ་ལྔའི་བརྩིག་པ་ལ། །རིན་ཆེན་སྣ་ལྔའི་ཕྲེང་བ་བཏང་། །ལྕགས་རི་ནག་ལ་མེ་རི་དམར། །དེ་བཞིན་མ་ནོར་རིམ་པ་བྲི། །དབུས་སུ་ཧཱུཾ་དང་གདན་དུ་བཅས། །ཕྱོགས་བཞིར་རྩིབས་ལ་རུ་བཞི་དགོད། །མཚམས་བཞི་རྩིབས་ལ་ཛ་བཞི་དགོད། །སྒོ་བཞིར་ཡ་བཞིར་དགོད་པར་བྱ། །གཅན་གཟན་ཤ་དང་སྙིང་དུ་བཅས། །ནག་སྨུག་སྙིང་ཡང་དེ་


DNG020_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཏེ། །ཐོད་པ་མཚན་ལྡན་བཞི་རུ་བཤམ། །མི་དབང་འབྲས་བུ་ཤ་ཁྲག་དང་། །མཚན་མ་ཚོལ་བའི་ཤ་ཁྲག་དང་། །ནག་པོའི་སྙིང་དང་ཤ་ཁྲག་དང་། །མཚན་ལྡན་བཞི་རུ་བཤམ་པར་བྱ། །མཚོ་ཆེན་བཞི་དང་ཤ་ཁྲག་དང་། །སྙིང་སྣ་བཞི་དང་ཤ་སྣ་བཞི། །གྲུ་སྐྱོག་བཞི་རུ་ཡང་དག་བཤམ། །དབྱིངས་སུ་ཤ་ཁྲག་མང་བསྟར་ནས། །དམར་ཆེན་མཚོ་ལྟར་བསྐྱིལ་བ་བཤམ། །སྙིང་སྣ་རེ་དང་རྩང་རེར་བཅས། །རང་རང་གདན་སྟེང་དགོད་པར་བྱ། །ཏིང་འཛིན་ཆེན་པོས་བྱིན་བརླབས་ནས། །སྔོན་དུ་ལས་རྣམས་གྲུབ་པར་བྱ། །དཔལ་གྱི་གཏོར་མ་དབུས་སུ་གཞག །ཕྱི་མ་རང་རང་གནས་སུ་དགོད། །ཡང་ན་སྡེར་བུ་བཞི་རུ་བྱ། །ལིངྒ་དབུལ་དང་བསྟབ་པ་དང་། །ལས་རྣམས་བསྟན་པའི་གཞི་ཡིན་པས། །རིམ་པ་མ་ནོར་གྲངས་ཀྱིས་བྱ། །དབུས་སུ་དཔལ་གྱི་སྐུ་བསྐྱེད་ནས། །ཡིད་འབྲུ་རྣམས་ལ་མ་མོ་བསྐྱེད། །སྤྱན་དྲང་བསྡིམ་དང་མཆོད་པ་དང་། །ཕུར་པས་གདབ་དང་དབུལ་བར་བྱ། །བསྐུལ་བའི་སྙིང་པོའི་ལས་རྣམས་བྱ། །བསྙེན་པ་རྐྱང་པར་དགྲ་ཡིས་སྡེབ། །བག་ཙམ་ཟུར་ཙམ་ནོར་མི་བྱ། །རྐྱང་པ་རིམ་པའི་གྲངས་གསུམ་སྟེ། །གསུམ་དང་གཉིས་དང་གཅིག་ཏུ་སྡེབ། །དེ་ཡིས་གནད་ལ་དབབ་པར་འགྱུར། །རང་གི་ཐུན་ལ་མ་ལུས་བཟླས། །ཐུན་ཕོར་བཅུ་གཉིས་རང་རང་སྣོད། །ཡང་ན་བཞི་དང་གསུམ་ཀྱང་རུང་། །ཡང་ན་ཐམས་ཅད་འདུས་པའི་ཐུན། །བསེ་ཕོར་ཁ་སྦྱར་ནང་དུ་བྱ། །ཐུན་གསུམ་སྒོར་སྒོར་བྱེད་ཀྱང་རུང་། །བསྟོད་ཅིང་བསྐུལ་ཏེ་ལས་རྣམས་བཅོལ། །འབྱོར་པའི་རྫས་ལ་མཆོད་པ་འབུལ། །བསྐང་བ་དྲག་པོ་དེ་དུས་བྱ། །ཉིན་དང་མཚན་དུ་རབ་ཏུ་བསྐང་། །དེ་བཞིན་ལས་སུ་རུང་བ་དང་། །སྒྲུབ་པ་དྲག་པོ་ལས་ལ་འཛུད། །སྙིང་པོ་དྲིལ་བས་དྲག་པོར་འགྱུར། །སྙིང་པོ་བཞི་ལས་ཡང་དག་གཅིག །རྦད་པ་ཉིད་དུ་དེ་འགྲོ་བས། །དེ་ཡི་དུས་སུ་ཐུན་ལ་བྲབ། །གཟུགས་ལ་དུས་དུས་ཕུར་པ་གདབ། །ཐུན་ཡང་ཁོལ་དང་མང་བར་འབྱུང་། །འོད་དང་དུ་བྱེ་སྒྲ་སྙན་


DNG020_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །སྤྱུགས་པ་གླུ་དང་མེ་རུ་འབྱུང་། །སྒྲ་དང་ཚུབ་མ་ཁ་བ་དང་། །སེམས་ཅན་དངོས་དང་གཟུགས་སུ་འབྱུང་། །ལུང་སྟོན་ངེས་པའི་གདེང་དང་ལྡན། །རྟགས་གཉིས་དེ་ལྟར་རབ་ཏུ་འབྱུང་། །དེ་བཞིན་གཏན་ལ་ཕེབས་པ་དང་། །དབུས་ཀྱི་ཕུར་པ་གདབ་བྱ་ཞིང་། །མཆོག་ཕུར་བཅུ་གཉིས་གདབ་པ་སྟེ། །རང་རང་རུས་སྔགས་བཅས་པས་གདབ། །ཐུན་ཡང་དེ་བཞིན་སྔགས་ཀྱིས་གདབ། །ལྷག་ལྷོག་བསྲེགས་ཏེ་ཐུན་ལ་བླུག །ཐུན་འཕང་གཏོར་མ་བཀྲ་ཤིས་ལས། །ཡངས་པ་ཉིད་དུ་ཡང་དག་བསྟན། །དཔལ་གྱི་ཕོ་ཉའི་དུས་ལ་བབ། །ཡ་མཚན་འཕྲུལ་གྱི་སྤྱང་མོ་ནི། །ལྕགས་ཀྱི་སྤྱང་མོ་མགོ་དགུ་མ། །ཁ་དགུ་གདངས་ཤིང་ཤངས་དགུ་སྣོམ། །སྤྱན་མིག་མཚལ་ཆུ་ཁོལ་མ་འདྲ། །སྙན་ནི་སྲིད་པ་གསུམ་ན་ཉན། །སྒྲོལ་བྱེད་ཆིབས་ཀྱི་དུས་ལ་བབ། །ཕྱོགས་བཞིར་རྒྱུག་ཅིང་ཆོ་ངེས་འདེབས། །ཟས་སུ་སེམས་ཅན་འབུམ་ཟ་མ། །རྒྱུག་བྱེད་ཆིབས་ཀྱི་དུས་ལ་བབ། །ནང་ཡང་སེམས་ཅན་འབུམ་ལ་ཟ། །ནུབ་ཀྱང་སེམས་ཅན་འབུམ་ཟ་མ། །རྟག་ཏུ་ཤ་དང་ཁྲག་ལ་རྔམ། །ཟ་བྱེད་ཆིབས་ཀྱི་དུས་ལ་བབ། །ལེ་བརྒན་དམར་པོའི་ལྗགས་བརྐྱངས་པས། །ཉམས་པའི་སྙིང་འབྱིན་ཟངས་ཀྱི་ལྕེ། །སྟོང་གསུམ་དབང་སྒྱུར་ཟངས་ཀྱི་ལྕེ། །སྨྲ་བྱེད་ཆིབས་ཀྱི་དུས་ལ་བབ། །བསྐྱོད་པས་རླུང་བས་རབ་ཏུ་མགྱོགས། །མནོས་ཤིང་བསམ་པས་ཡུད་ཀྱིས་ཕྱིན། །སྟོང་གསུམ་ཡུད་ཀྱིས་སླེབ་པར་མཛད། །བསམས་སླེབས་ཆིབས་ཀྱི་དུས་ལ་བབ། །དེ་འདྲའི་ལྕགས་ཀྱི་སྤྱང་མོ་ལ། །ལྕགས་ཀྱི་མི་མོ་བཟང་མོ་ཞོན། །ཤར་གྱི་ཕྱོགས་སུ་རྒྱུག་པའི་ཚེ། །དྲི་ཟའི་དམག་དཔུང་དབང་དུ་སྡུད། །བརྒྱ་བྱིན་འཁོར་བཅས་རྡུལ་དུ་རློགས། །ཤ་རུས་ཟ་བའི་དུས་ལ་བབ། །ལྷོ་ཡི་ཕྱོགས་སུ་རྒྱུག་པའི་ཚེ། །གཤིན་རྗེའི་དམག་དཔུང་དབང་དུ་སྡུད། །མེ་མོ་འཁོར་བཅས་རྡུལ་དུ་རློགས། །བཀྲག་མདངས་དྲོད་དང་ད་ཁྲོལ་ཅིག །ནུབ་ཀྱི་ཕྱོགས་སུ་རྒྱུག་པའི་ཚེ། །ཀླུ་ཡི་དམག་དཔུང་དབང་དུ་སྡུད། །ཡ་བདུད་


DNG020_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བཅས་རྡུལ་དུ་རློགས། །ཁྲག་འཐུང་བཅུད་འཕྲོག་དུས་ལ་བབ། །བྱང་གི་ཕྱོགས་སུ་རྒྱུག་པའི་ཚེ། །གནོད་སྦྱིན་དམག་དཔུང་དབང་དུ་སྡུད། །ནོར་སྲུང་འཁོར་བཅས་རྡུལ་དུ་རློགས། །དབུགས་འཕྲོག་སྲོག་གཅོད་དུས་ལ་བབ། །སྟེང་གི་ཕྱོགས་སུ་རྒྱུག་པའི་ཚེ། །ཚངས་པའི་དམག་དཔུང་དབང་དུ་སྡུད། །ཉི་ཟླ་འཁོར་བཅས་རྡུལ་དུ་རློགས། །རྣམ་ཤེས་དབྲལ་བའི་དུས་ལ་བབ། །འོག་གི་ཕྱོགས་སུ་རྒྱུག་པའི་ཚེ། །ས་བདག་དམག་དཔུང་དབང་དུ་སྡུད། །ས་ཡི་ལྷ་མོ་རྡུལ་དུ་རློགས། །ཤ་རུས་དབྲལ་བའི་དུས་ལ་བབ། །ཤ་ལ་ཟ་ཞིང་ད་ཚུར་བྱོན། །ཁྲག་ལ་འཐུང་ཞིང་ད་ཚུར་བྱོན། །རྣམ་ཤེས་འཕྲོག་ལ་ད་ཚུར་བྱོན། །བདུད་ཀྱི་སྤྱང་མོའི་དུས་ལ་བབ། །ཧཱུཾ་དཔལ་གྱི་ཕོ་ཉ་ཆེན་མོ་ནི། །ལྕགས་ཀྱི་ཁྱི་མོ་རྐང་གསུམ་མ། །སྟོང་གསུམ་ཀུན་ལ་དབང་སྒྱུར་ཞིང་། །སྲིད་པ་གསུམ་ལ་མངའ་མཛད་མ། །དབང་བྱེད་ཆེན་མོའི་དུས་ལ་བབ། །སྲིན་མོ་འབུམ་ལ་མངའ་མཛད་མ། །གནོད་སྦྱིན་འབྱུང་པོ་ཐལ་བར་རློགས། །བདུད་འདུལ་ཁྱི་མོའི་དུས་ལ་བབ། །ཟས་སུ་ཤ་གསུམ་སོ་བརྡར་ཁྲིགས། །སྐོམ་དུ་ཁྲག་འཐུང་མཆིལ་ཟ་ཁྲུང་། །ལྷ་རྐང་ཟ་བའི་སོ་བརྡར་ཁྲིགས། །དུག་གསུམ་རྩད་གཅོད་ཁྱི་མོའི་དུས་ལ་བབ། །དེ་འདྲའི་ལྕགས་ཀྱི་ཁྱི་མོ་ལ། །ལྕགས་ཀྱི་མི་མོ་བཟང་མོ་ཞོན། །འཇིགས་པའི་གཟུགས་ལ་ཁྲོ་གཉེར་ཅན། །དཔའ་བྱེད་ཆེན་མོའི་དུས་ལ་བབ། །ཕྱོགས་བཞིའི་རྒྱལ་པོ་དབང་དུ་སྡུད། །རྒྱལ་ཕྲན་མང་པོ་རྡུལ་དུ་རློགས། །སུམ་ཅུ་རྩ་གསུམ་མངའ་མཛད་མ། །དབང་སྡུད་ཆེན་མོའི་དུས་ལ་བབ། །དབུ་ལ་གཡག་མགོ་ཐོད་དུ་བཅིངས། །རྫི་རྣོ་སྲིད་གསུམ་དབང་དུ་སྡུད། །དྲན་པའི་གཟུངས་མ་ཉམས་པར་འཛིན། །ངོ་མཚར་ཐོད་ཀྱི་དུས་ལ་བབ། །སྤྱན་ནས་མེ་འབར་ལམས་སེ་ལམ། །སྲིད་པ་གསུམ་པོ་སྲེག་པར་བྱེད། །ཉམས་པ་ཐབས་ཀྱིས་འཚིག་པར་བྱེད། །སྲེག་བྱེད་སྤྱན་གྱི་དུས་ལ་བབ། །སྣ་ནས་དུད་པ་ཐུ་ལུ་ལུ། །ཡེ་ཤེས་ལྷ་ལ་མཆོད་པ་འབུལ། །ཉམས་པ་གར་


DNG020_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་འཐིབ་པར་བྱེད། །བདུད་འདུལ་ཤངས་ཀྱི་དུས་ལ་བབ། །ལག་པ་གཡས་ན་ཕུར་པ་བསྣམས། །རྡོ་རྗེ་ཕུར་པའི་སྲུང་མ་སྟེ། །ཉམས་པ་གང་ཡིན་སྒྲོལ་བར་བྱེད། །ཕུར་པའི་སྲུང་མའི་དུས་ལ་བབ། །ཉི་མའི་ཟེར་ལ་རྒྱུག་བྱེད་ཅིང་། །ཟླ་བའི་ཟེར་ལ་དབང་དུ་སྡུད། །སྲིད་པ་གསུམ་པོ་ཕུང་བར་བྱེད། །རྒྱུག་བྱེད་ཝ་མོའི་དུས་ལ་བབ། །རག་ཤ་སྲིན་པོའི་ཤ་ཟ་ཞིང་། །སྲིན་མོའི་དོན་སྙིང་སྤར་གྱིས་འདེབས། །ཕུང་པོ་རྗེས་ཤུལ་མེད་པར་ཟ། །སྲིན་པོ་འདུལ་བྱེད་ཝ་མོའི་དུས་ལ་བབ། །དེ་འདྲའི་ཟངས་ཀྱི་ཝ་མོ་ལ། །ཟངས་ཀྱི་མི་མོ་བཟང་མོ་ཞོན། །སྐུ་ནི་ཟངས་གཞུང་འདྲིལ་བ་འདྲ། །ངོ་མཚར་ཅན་རྣམས་དབང་དུ་སྡུད། །ཡ་མཚན་ཆེ་བ་དེ་འདྲར་སྣང་། །རྡོ་རྗེ་སྐུ་ཡི་དུས་ལ་བབ། །སྐུ་ལ་བེར་ཆེན་དམར་ནག་གསོལ། །དབང་དང་དྲག་པོའི་ཚད་བཟུང་ནས། །དབང་དུ་སྡུད་ཅིང་སྒྲོལ་བར་བྱེད། །དྲག་པོ་བདུད་འདུལ་དུས་ལ་བབ། །ལག་པ་གཡས་ན་ཕུར་པ་བསྣམས། །རྡོ་རྗེ་ཕུར་པའི་སྲུང་མ་སྟེ། །ཉམས་པ་གང་ཡིན་སྒྲོལ་བར་བྱེད། །ཕུར་པའི་སྲུང་མའི་དུས་ལ་བབ། །ལག་པ་གཡོན་ན་ལྕགས་ཀྱུ་བསྣམས། །འཛིན་པ་མི་འཚེར་དབང་དུ་སྡུད། །གང་ཡིན་ཉམས་པ་འཛིན་པར་བྱེད། །འཛིན་བྱེད་ཕྱག་གི་དུས་ལ་བབ། །ཟས་སུ་ཤ་དང་ཁྲག་ལ་དགའ། །ཉམས་པའི་ཤ་ཁྲག་རྒྱ་མཚོ་ལ། །ལྷག་མ་མེད་པར་ཟ་བྱེད་ཅིང་། །ཤ་རུས་ཟ་བའི་དུས་ལ་བབ། །ཟངས་ཀྱི་ཝ་མོའི་དུས་ལ་བབ། །ཧཱུཾ་དཔལ་གྱི་ཕོ་ཉ་ཆེན་མོ་ནི། །ཟངས་ཀྱི་ཝ་མོ་རྐང་གསུམ་མ། །དུར་ཁྲོད་ཀུན་ཏུ་རྒྱུ་བྱེད་ཅིང་། །ཤ་རུས་ཟ་ཞིང་ཁྲག་ལ་རྔམ། །དུས་མ་ཡིན་པར་གསོད་བྱེད་ཅིང་། །ཤ་རུས་ཟ་བའི་དུས་ལ་བབ། །ལག་པ་གཡོན་ན་རྡོ་རྗེ་བསྣམས། །རི་རབ་ཀུན་ཀྱང་རྩེ་ནས་བསྙིལ། །རྒྱ་མཚོ་ཀུན་ཀྱང་གཏིང་ནས་སྐེམས། །སྙིལ་བྱེད་ཕྱག་གི་དུས་ལ་བབ། །ཝ་མོ་རྒྱུག་ཅིང་འདྲལ་བའི་ཚེ། །ཉམས་པ་གང་ཡིན་དམིགས་ལ་འཛིན། །མི་འཚེར་གང་དུ་འབྲོས་པ་འཛིན། །


DNG020_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་བྱེད་ཆེན་པོའི་དུས་ལ་བབ། །ཝ་མོའི་ཆིབས་ཀྱི་སྔ་ལོང་ལ། །ཉམས་པ་གང་ཡིན་འགེལ་བར་བྱེད། །སོ་བརྡར་མཆེ་གཙིགས་རོ་ལ་རྔམ། །རྔམ་བྱེད་ཆེན་མོའི་དུས་ལ་བབ། །ཉི་མ་ཟླ་བ་དབང་དུ་སྡུད། །ཐུན་དམར་འབེབས་ཤིང་ལས་རྣམས་སྒྲུབ། །ཚ་གྲང་གཉིས་ཀྱི་ནད་འབེབས་ཤིང་། །དབང་སྡུད་ཆེན་མོའི་དུས་ལ་བབ། །གང་ཡིན་ཉམས་པ་སྒྲོལ་བའི་ཚེ། །ཐེ་ཚོམ་མེད་པར་དབང་དུ་སྡུད། །ཉམ་ང་མེད་པར་སྒྲོལ་བར་བྱེད། །སྒྲོལ་བྱེད་ཆེན་མོའི་དུས་ལ་བབ། །དུར་ཁྲོད་ཤ་ལ་རྔམས་པའི་ཚེ། །ཝ་སྐད་འདོན་ཅིང་དབང་དུ་སྡུད། །ཁྱོད་ཀྱིས་མི་སྒྲོལ་གཅིག་ཀྱང་མེད། །རྔམ་བྱེད་ཆེན་མོའི་དུས་ལ་བབ། །ཧཱུཾ་དཔལ་གྱི་ཕོ་ཉ་ཆེན་པོ་ནི། །གསེར་གྱི་འཕར་བ་ལྕེ་བརྒྱད་ནི། །ཤར་གྱི་ཕྱོགས་སུ་ལྕེ་བརྐྱངས་པས། །རྡོ་རྗེ་རྩེ་གསུམ་དྲག་པོའི་ལྕེ། །རྡོ་རྗེ་རིགས་ལ་དབང་སྒྱུར་ཞིང་། །རྡོ་རྗེ་དྲག་པོའི་དུས་ལ་བབ། །ལྷོ་ཡི་ཕྱོགས་སུ་ལྕེ་བརྐྱངས་པས། །རིན་ཆེན་རྩེ་གསུམ་ཡིད་བཞིན་ལྕེ། །རིན་ཆེན་རིགས་ལ་དབང་སྒྱུར་ཞིང་། །བསམ་འགྲུབ་རིན་ཆེན་དུས་ལ་བབ། །ནུབ་ཀྱི་ཕྱོགས་སུ་ལྕེ་བརྐྱངས་པས། །དབང་ཕྱུག་པདྨ་འདབ་བརྒྱད་ལྕེ། །པདྨ་རིགས་ལ་དབང་སྒྱུར་ཞིང་། །དབང་སྡུད་པདྨའི་དུས་ལ་བབ། །བྱང་གི་ཕྱོགས་སུ་ལྕེ་བརྐྱངས་པས། །མཐར་ཕྱིན་རྡོ་རྗེ་རྒྱ་གྲམ་ལྕེ། །ལས་ཀྱི་རིགས་ལ་དབང་སྒྱུར་ཞིང་། །མཐར་ཕྱིན་འཕྲིན་ལས་དུས་ལ་བབ། །ཤར་ལྷོ་མཚམས་སུ་ལྕེ་བརྐྱངས་པས། །སྲེག་བྱེད་དྲག་པོ་མེ་ཡི་ལྕེ། །མེ་ལྷ་དྲང་སྲོང་དབང་སྒྱུར་ཅིང་། །སྲེག་བྱེད་མེ་ཡི་དུས་ལ་བབ། །ལྷོ་ནུབ་མཚམས་སུ་ལྕེ་བརྐྱངས་པས། །གསོད་བྱེད་དྲག་པོ་རལ་གྲིའི་ལྕེ། །བདེན་བྲལ་སྲིན་པོ་དབང་སྒྱུར་ཞིང་། །གསོད་བྱེད་རལ་གྲིའི་དུས་ལ་བབ། །ནུབ་བྱང་མཚམས་སུ་ལྕེ་བརྐྱངས་པས། །འབིགས་བྱེད་དྲག་པོ་མདུང་གི་ལྕེ། །རླུང་ལྷ་ཕྲ་མ་དབང་སྒྱུར་ཅིང་། །འབིགས་བྱེད་མདུང་གི་དུས་ལ་བབ། །བྱང་ཤར་མཚམས་སུ་ལྕེ་བརྐྱངས་པས། །ཐོགས་མེད་དྲག་པོ་མདའ་ཡི་ལྕེ། །དབང་ལྡན་བགེགས་ལ་དབང་སྒྱུར་ཅིང་། །ཐོགས་མེད་མདའ་ཡི་དུས་ལ་བབ། །གསེར་གྱི་འཕར་བ་ལྕེ་བརྒྱད་མ། །གསེར་གྱི་མི་མོ་ཆེན་མོ་ཞོན། །ཤར་གྱི་ཕྱོགས་སུ་ཁུས་བཏབ་ནས། །དྲི་ཟའི་ཚེ་ལ་ངུ་ཞིང་ཟུག །ཤར་ཕྱོགས་རྒྱལ་པོ་དབང་དུ་སྡུད། །བརྒྱ་


DNG020_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་འཁོར་བཅས་རྡུལ་དུ་རློགས། །དཔལ་གྱི་སྲུང་མ་ཆེན་མོ་བཞི། །དམ་ལ་རུབ་པའི་ལས་མཛོད་ཅིག །སྟོང་གསུམ་དབང་སྡུད་ཤྭ་ན་མ། །དམ་ཉམས་གང་ཡིན་དབང་དུ་སྡུད། །སྲིད་གསུམ་མངའ་མཛད་ཤྭ་ན་མ། །སྲིད་པ་གསུམ་གྱི་ཉམས་པ་སྒྲོལ། །ཧཱུཾ་ཤྭ་ན་ལས་ཀྱི་བཤན་པ་མོ། །ཡང་སྤྲུལ་ཆེན་མོའི་དུས་ལ་བབ། །ལྕགས་ཀྱི་སྤྱང་མོ་མགོ་དགུ་ནི། །ཤིན་ཏུ་སྤྲུལ་ཅིང་འགྱེད་པའི་ཚེ། །ལྕགས་ཀྱི་སྤྱང་མོས་སྟོང་གསུམ་བཀང་། །གཡས་པ་སྒྲོལ་བྱེད་ཕུར་པ་བསྣམས། །ཉམས་པ་གང་ཡིན་སྒྲོལ་ལ་ཤོག །གཡོན་ན་གྲི་ཐོགས་བཤན་པ་མོ། །དམ་ཉམས་གང་ཡིན་ཤོས་ལ་ཤོག །ཧཱུཾ་ཤྭ་ན་ལས་ཀྱི་བཤན་པ་མོ། །ཡང་སྤྲུལ་ཆེན་མོའི་དུས་ལ་བབ། །ཟངས་ཀྱི་ཝ་མོ་རྐང་གསུམ་མ། །ཤིན་ཏུ་སྤྲུལ་ཅིང་འགྱེད་པའི་ཚེ། །ཟངས་ཀྱི་ཝ་མོས་སྟོང་གསུམ་བཀང་། །གཡས་པ་སྒྲོལ་བྱེད་ཕུར་པ་བསྣམས། །ཉམས་པ་གང་ཡིན་སྒྲོལ་ལ་ཤོག །གཡོན་ན་གྲི་ཐོགས་ཤན་པ་མོ། །དམ་ཉམས་གང་ཡིན་ཤོས་ལ་ཤོག །ཧཱུཾ་ཤྭ་ན་ལས་ཀྱི་བཤན་པ་མོ། །ཡང་སྤྲུལ་ཆེན་མོའི་དུས་ལ་བབ། །གསེར་གྱི་འཕར་བ་ལྕེ་བརྒྱད་མ། །ཤིན་ཏུ་སྤྲུལ་ཅིང་འགྱེད་པའི་ཚེ། །གསེར་གྱི་འཕར་བས་སྟོང་གསུམ་བཀང་། །གཡས་པ་སྒྲོལ་བྱེད་ཕུར་པ་བསྣམས། །ཉམས་པ་གང་ཡིན་སྒྲོལ་ལ་ཤོག །གཡོན་ན་གྲི་ཐོགས་བཤན་པ་མོ། །དམ་ཉམས་དགྲ་བོ་ཤོས་ལ་ཤོག །བཤན་པ་ཆེན་མོའི་དུས་ལ་བབ། །སྟོང་གསུམ་དམ་ཉམས་དགྲ་བགེགས་ལ། །བཤན་པ་ཆེན་མོའི་དུས་ལ་བབ། །ཧཱུཾ་བདུད་ཀྱི་ཡུམ་ཆེན་གཤིན་རྗེའི་ལྕམ་གཅིག་མ། །འཇིག་རྟེན་ཁམས་ཀྱི་བྱ་མ་རྟ། །ཁམས་གསུམ་ནད་ཀྱི་བདག་མོ་སྟེ། །མ་བདུད་ཆེན་མོའི་དུས་ལ་བབ། །ཆིབས་སུ་དྲེལ་རྟ་རྐང་གསུམ་ཆིབས། །གང་དུ་བསམ་པར་ཡུད་ཀྱིས་ཕྱིན། །མཚན་མོ་གཅིག་ལ་ཁྱབ་པར་ཉུལ། །མགྱོགས་བྱེད་དྲེའུ་རྟ་ཡི་དུས་ལ་བབ། །སྲིན་པོའི་ཡ་མཁལ་སྔ་རུ་བྱས། །སྲིན་མོའི་མ་མཁལ་ཕྱི་རུ་བྱས། །ཞིང་ཆེན་གཡང་གཞི་


DNG020_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

སྟན་དུ་བཏབ། །གདུག་བྱེད་རྒྱན་པའི་དྲེའུ་རྟའི་དུས་ལ་བབ། །གོང་ཐག་གོང་རྨེད་སྦྲུལ་གྱིས་བརྒྱན། །ཁལ་དུ་ནད་ཀྱི་རྐྱལ་པ་བཀལ། །ཚོན་གྱི་གྲུ་གུ་འཕོང་ལ་བཀལ། །ནད་ཀྱི་བདག་མོའི་དུས་ལ་བབ། །མདུན་ན་ཤྭ་རྡེའུ་དཀར་ནག་འགྲེམས། །ནག་མོ་གང་བྱུང་ཁྲམས་པར་བྱེད། །ཉམས་པ་ཀུན་ལ་ཤོད་ནག་ཁྲམས། །འབེབས་བྱེད་ཆེན་མོའི་དུས་ལ་བབ། །དྲེལ་རྟའི་ཆིབས་ཀྱི་དཔྲལ་བ་ན། །མེ་ལོང་རྒྱ་ལོང་ཏ་ལ་ལ། །སྲིད་པ་གསུམ་ཅར་གསལ་བར་འཆར། །གསལ་བྱེད་ཆེན་མོའི་དུས་ལ་བབ། །དཔལ་ལྡན་ནག་མོ་རེ་མ་ཏི། །སྐུ་མདོག་ནག་མོ་རལ་པ་ཅན། །རྔམ་པའི་སྒྲ་ཡིས་སྟོང་གསུམ་འགེངས། །དཔལ་གྱི་སྐུ་མཉེས་ཐུགས་དམ་དུས་ལ་བབ། །ཞལ་ནི་དམར་ལ་གདངས་པ་ལ། །དུས་གསུམ་མ་ལུས་དབང་དུ་སྡུད། །མཆེ་བ་དཀར་པོ་སྐྱེ་ཤི་རྩ་བ་གཅོད། །ཞལ་བགྲད་མཆེ་གཙིགས་རྔམ་པའི་དུས་ལ་བབ། །དུར་ཁྲོད་ཆས་བརྒྱད་སྐུ་ལ་གསོལ་བ་ཡིས། །མི་མཐུན་གཉེན་པོའི་སྟོབས་ལ་མངའ་བརྙེས་ནས། །ཁམས་གསུམ་གདུག་པ་མ་ལུས་འདུལ་བ་སྟེ། །དཔའ་གཏུམ་ཆེན་མོའི་ཐུགས་དམ་དུས་ལ་བབ། །གཡས་ན་དུག་གི་ཕུར་པ་བསྣམས་པ་ནི། །སྲིད་པ་གསུམ་ལ་གདར་ཤ་བཅད་ནས་ཀྱང་། །གདུག་པ་ཅན་རྣམས་དབང་དུ་བསྡུས་ནས་སུ། །རྡོ་རྗེ་ཕུར་པའི་ཐུགས་དམ་དུས་ལ་བབ། །གཡོན་པ་བདུད་ཀྱི་ཁྲམ་བམ་བསྣམས་པ་ནི། །ཞིང་བཅུ་རིམ་གྱིས་ཁྲམ་ལ་བཏབ་ནས་ཀྱང་། །བསྟན་པ་གཉན་པོ་བསྲུང་ཞིང་ཉམས་པ་སྒྲོལ། །ཁྲམ་བདག་ཆེན་མོའི་ཐུགས་དམ་དུས་ལ་བབ། །རལ་པ་ནག་པོ་མེ་སྟག་རབ་ཏུ་འཕྲོ། །སྟོང་གསུམ་འགུལ་ཞིང་ཉམས་པ་སྲེག་པར་བྱེད། །རང་དབང་མེད་པར་ཚ་བའི་ནད་བདག་མོ། །རལ་པས་གདུག་པ་འདུལ་བའི་དུས་ལ་བབ། །ཁྱོད་ཀྱི་སྲིད་པའི་ལྟེ་བ་ལ། །ལྷ་དང་ལྷ་མིན་གཡུལ་འགྱེད་པའི། །དམག་དཔུང་འཇོམས་པའི་མཐུ་མོ་ཆེ། །དམག་བདག་ཆེན་མོའི་དུས་ལ་བབ། །རལ་པའི་ཅོད་པན་རེ་རེ་ལ། །བྱེ་རུ་དམར་པོའི་རྒྱན་བཀོད་པ། །སྲིད་པ་དབང་སྡུད་རྒྱན་ཆ་


DNG020_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། །སྲིད་པ་གསུམ་ལ་དབང་སྒྱུར་ཞིང་། །དབང་བདག་ཆེན་མོའི་དུས་ལ་བབ། །ཁམས་གསུམ་ནད་ཀྱི་བདག་མོ་ཁྱོད། །དམ་ཉམས་དགྲ་ལ་ནད་ཀ་ཕོབ། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །ཧཱུཾ་དཔལ་ལྡན་ནག་མོ་རེ་མ་ཏི། །ཆིབས་སུ་བྱ་རྒྱལ་ཁྱུང་ལ་ཆིབས། །ཁམས་གསུམ་ཐོགས་པ་མེད་པར་ཁྱབ། །ཁྱུང་ལ་མངའ་མཛད་མྱུར་བའི་དུས་ལ་བབ། །ཁྱུང་སྡེར་མང་པོ་གདེངས་པ་ཡིས། །སྲིད་པ་གསུམ་ཡང་སྡེར་མོས་བསྡུས། །ཉམས་པའི་སྙིང་ཕྱུང་ཞལ་དུ་སྟོབ། །སྡེར་མོས་དབང་སྡུད་དུས་ལ་བབ། །གཡུ་རུ་གནམ་དུ་ལྡེམ་པ་ཡིས། །སྲིད་པའི་རྩེ་མོ་དབང་དུ་སྡུད། །ལོག་པའི་ཆོས་ཅན་ཟིལ་གྱིས་གནོན། །སྲིད་གསུམ་དབང་སྡུད་དུས་ལ་བབ། །ཁྱུང་སྡེར་ས་ལ་འབྲད་པས་ཡང་། །གདུག་པ་ཀླུ་ལ་དབང་སྒྱུར་ཞིང་། །རྒྱ་མཚོ་ཀུན་ཀྱང་གཏིང་ནས་འཁྲུགས། །ཀླུ་བདུད་དབང་སྡུད་དུས་ལ་བབ། །སྤྱན་མིག་ཟངས་སུ་དམར་བས་ཀྱང་། །གདུག་བྱེད་ཆུ་སྲིན་དབང་དུ་སྡུད། །མ་རུངས་འབྱུང་པོ་ཟིལ་གྱིས་གནོན། །དབང་དུ་སྡུད་པའི་དུས་ལ་བབ། །མིག་སྤྲིན་གསེར་དུ་བྱུང་བ་ནི། །ཀླུ་བདུད་དབང་སྡུད་རྒྱས་པའི་ཕྲིན་ལས་མཛོད། །ཁྱུང་གིས་གདུག་པ་འདུལ་བའི་རྟགས། །ཁྱུང་རྒྱལ་རྩལ་རྣམས་རྒྱས་མཛད་དུས་ལ་བབ། །སྨིན་མ་རྡོ་རྗེ་བྱུང་བ་ཡིས། །ཡཀྴ་གནོད་སྦྱིན་དབང་དུ་སྡུད་མཛད་ཅིང་། །མ་རུངས་འབྱུང་པོ་ཐལ་བར་རློག་མཛད་པའི། །རྡོ་རྗེ་ཆེན་པོའི་ཐུགས་དམ་དུས་ལ་བབ། །ནག་མོ་ཁྲམ་ཐོགས་རེ་མ་ཏི། །ནག་མོས་བདུད་འདུལ་སྲིད་པ་སྒྲོལ། །དྲག་པོས་བགེགས་རིགས་འཇོམས་མཛད་པ། །ནག་མོ་བདུད་འདུལ་དུས་ལ་བབ། །ཁྲག་གི་ཐིག་ལེས་སྐུ་ལ་རབ་བརྒྱན་པས། །མ་བདུད་ནག་མོ་དབང་དུ་སྡུད་པ་དང་། །སྲིད་པ་ཁྲག་གི་རྒྱ་མཚོ་སྐེམ་པ་དང་། །ཆགས་པ་དབང་སྡུད་ཕྲིན་ལས་དུས་ལ་བབ། །ཕྱག་གཡས་མཆོག་གི་ཕུར་པ་འདྲིལ་བ་དང་། །རྡོ་རྗེ་ཕུར་བུས་ཉམས་པ་སྒྲོལ་བའི་རྟགས། །གདུག་པ་ཅན་རྣམས་ཐབས་ཀྱིས་བསྒྲལ་ནས་ཀྱང་། །རྡོ་རྗེ་ཕུར་བུའི་ཐུགས་དམ་དུས་ལ་བབ། །གཡོན་པ་འཛིན་བྱེད་


DNG020_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་ཀྱུ་བསྣམས་པ་ནི། །རྒྱུད་དྲུག་གནས་སུ་འདྲེན་པ་དང་། །འབྱུང་པོ་མང་པོ་འཛིན་པར་བྱེད། །འཛིན་བྱེད་ཆེན་མོའི་དུས་ལ་བབ། །ཞབས་གཉིས་བརྐྱང་བསྐུམ་ཚུལ་དུ་བཞུགས་ནས་ཀྱང་། །དྲེགས་པ་ཅན་རྣམས་ཐབས་ཀྱིས་འདུལ་བའི་རྟགས། །གནོད་བྱེད་གདུག་པ་ཞབས་ཀྱིས་བཙིར་བར་འགྱུར། །གདུག་བྱེད་ཆེན་མོའི་ཐུགས་དམ་དུས་ལ་བབ། །ཞལ་གདངས་མཆེ་བ་གཙིགས་པ་ཡང་། །གདུག་པ་ཞལ་དུ་གསོལ་བ་དང་། །མཆེ་བ་དམར་པོས་སྒྲོལ་བ་དང་། །གདུག་པ་ཆེན་པོའི་ཞལ་གྱི་དུས་ལ་བབ། །ཐུགས་དམ་ཆེན་མོའི་དུས་ལ་བབ། །ཧཱུཾ་དཔལ་ལྡན་ནག་མོ་རེ་མ་ཛ། །ཆིབས་སུ་ཤ་བ་ཡུ་མོ་ཆིབས། །ཤ་བའི་ཆིབས་ཀྱི་སྔ་ལོང་ལ། །མི་ནད་ལང་དགུའི་རྐྱལ་པ་བཀལ། །སྟོང་ཁམས་ནད་ཀྱིས་ཁེངས་བྱེད་ཅིང་། །ནད་བདག་ཆེན་མོའི་དུས་ལ་བབ། །ཤ་བའི་ཆིབས་ཀྱི་ཕྱི་ལོང་ལ། །ཚོན་གྱི་གྲུ་གུ་སྔོ་དམར་བཀལ། །ཚོན་ནད་ཁྲག་དུ་སྐྱུག་བྱེད་ཅིང་། །ཚོན་བདག་ཆེན་མོའི་དུས་ལ་བབ། །ཁ་རླངས་གནམ་དུ་བསྟན་པ་ཡིས། །ནམ་མཁའ་སྤྲིན་དུ་ཁེངས་བྱེད་ཅིང་། །ནད་དོ་ཅོག་གི་སྣ་འདྲེན་ཅིང་། །ནད་བདག་ཆེན་མོའི་དུས་ལ་བབ། །རྨིག་བཞི་ས་ལ་བརྡབ་པས་ཀྱང་། །ཀླུ་བདུད་མང་པོ་དབང་དུ་སྡུད། །ཀླུ་བྲན་འབུམ་ཡང་དམྱལ་ཐག་གཅོད། །ཀླུ་བདུད་ཆེན་མོའི་དུས་ལ་བབ། །སྤྱན་མིག་བར་སྣང་གཟིགས་པ་ཡིས། །བར་སྣང་ལྷ་བྲན་དབང་དུ་སྡུད། །གདུག་བྱེད་མང་པོ་ཟིལ་གྱིས་གནོན། །གདུག་བྱེད་སྤྱན་གྱི་དུས་ལ་བབ། །རྣ་བས་ལེགས་ཉེས་ཤན་ཐངས་འབྱེད། །གདུག་བྱེད་མང་པོ་དབང་དུ་སྡུད། །ལེགས་ཉེས་སྟངས་འཛིན་སྲིད་གསུམ་སྒྲོལ། །སྒྲོལ་བྱེད་ཆེན་མོའི་དུས་ལ་བབ། །བ་སྤུ་ཆུ་གྲིས་གཏམས་པ་ཡང་། །བདུད་དང་སྲིན་པོའི་འཁོར་རྣམས་འདུལ། །ཉི་མའི་ཟེར་བཞིན་སྲིད་པར་གསལ། །གནོད་སྦྱིན་མཚོན་གྱི་དུས་ལ་བབ། །དཔལ་ལྡན་ནག་མོ་རེ་མ་ཛ། །སྐུ་ལ་ཞིང་ལྤགས་རློན་པའི་གཡང་གཞི་གསོལ། །གདུག་པ་རྩད་གཅོད་སྲིན་མོའི་ཆས། །གདུག་བྱེད་ཆས་ཀྱི་དུས་ལ་བབ། །


DNG020_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་སྐྲ་ཐོར་ཚུགས་བཅིངས་པ་ཡང་། །སྲིད་པའི་རྩེ་མོ་ཟིལ་གྱིས་གནོན། །ལྷ་སྲིན་སྡེ་བརྒྱད་དབང་དུ་སྡུད། །གདུག་བྱེད་དབུ་སྐྲའི་དུས་ལ་བབ། །སྤྱན་མིག་སྟོང་གསུམ་གཟིགས་པ་ཡང་། །ལེགས་ཉེས་གཉིས་ཀྱི་སྟངས་འཛིན་ཅིང་། །ཉམས་པ་སྒྲོལ་བའི་དུས་ལ་བབ། །མཆེ་བ་དམར་པོ་གཙིགས་པ་ཡིས། །ཉོན་མོངས་སྐྱེ་ཤི་རྩ་བ་གཅོད། །ཤ་ཟ་ཚེམས་བརྡར་ཁྲིགས་སེ་ཁྲིག །རྩད་གཅོད་ཚེམས་ཀྱི་དུས་ལ་བབ། །ཕྱག་མ་གཡས་ན་སེང་གདེང་ཕུར་པ་བསྣམས། །སྤྱན་མིག་གདུག་པས་སེམས་ཅན་བསྒྲལ་བ་དང་། །ཕུར་པའི་སྲུང་མ་ཐུགས་དམ་ཅན། །གདུག་པ་འདུལ་བའི་དུས་ལ་བབ། །ཕྱག་མ་གཡོན་ན་ཁྲམ་བམ་བསྣམས། །སྟོང་གསུམ་ཁྲམ་ལ་འདེབས་པའི་རྟགས། །གདུག་བྱེད་ཆེན་མོ་ཁྲམ་གྱི་བདག །ཉམས་པ་ཁྲམ་ལ་གདབ་པའི་དུས་ལ་བབ། །ཞབས་ཀྱིས་གདུག་པ་ཕོ་མོ་གནོན། །ཁམས་གསུམ་དབང་སྡུད་གདུག་པའི་ཞབས། །འཆི་བདག་བདུད་ཀྱང་གནོན་པར་བྱེད། །གནོན་བྱེད་ཞབས་ཀྱི་དུས་ལ་བབ། །སྤྲུལ་པ་རླུང་ནག་འཚུབ་པར་བྱེད། །གང་དུ་བསམས་པར་ཡུད་ཀྱིས་ཕྱིན། །ལེགས་ཉེས་གཉིས་ཀྱི་སྟངས་འཛིན་ཅིང་། །སྟངས་འཛིན་ཆེན་མོའི་དུས་ལ་བབ། །སྤྲུལ་པ་ཆུ་རླུང་འགྱེད་བྱེད་ཅིང་། །གདུག་བྱེད་མེ་ལྟར་འབར་བ་གསོད། །འཆི་བདག་བདུད་ཀྱང་གསོད་པར་ནུས། །གསོད་བྱེད་ཆེན་མོའི་དུས་ལ་བབ། །རླུང་ལྟར་འཚུབ་ཅིང་ད་ཚུར་བྱོན། །མེ་ལྟར་འབར་ཞིང་ད་ཚུར་བྱོན། །ཆུ་ལྟར་འབྲུབ་ཅིང་ད་ཚུར་བྱོན། །འབྱུང་བའི་བདག་མོའི་དུས་ལ་བབ། །ཧཱུཾ་དཔལ་ལྡན་ནག་མོ་རེ་མ་ཛུ། །ཆིབས་སུ་ཆུ་གླང་སྔོན་པོ་ཆིབས། །རྨིག་བཞི་ཐུར་དུ་བསྟན་པ་ཡང་། །ཉོན་མོངས་གདུག་པ་གནོན་བྱེད་ཅིང་། །གདུག་པ་རླུང་ཡང་གནོན་པར་བྱེད། །འདུལ་བྱེད་ཞབས་ཀྱི་དུས་ལ་བབ། །དུང་རུ་གནམ་དུ་སླེབ་པ་ཡང་། །ཉི་མ་ཟླ་བ་དབང་དུ་སྡུད། །བར་སྣང་འབྱུང་པོ་ཟིལ་གྱིས་གནོན། །དབང་སྡུད་ཆེན་མོའི་དུས་ལ་བབ། །ཁ་རླངས་གནམ་དུ་འབྱུང་བ་ཡང་། །ཉི་མ་ཟླ་བའི་འོད་


DNG020_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

མནན་ནས། །སྨུག་ཟིལ་སྔོན་པོའི་ཁ་དོག་ཅན། །ཁ་རླངས་ནག་པོའི་དུས་ལ་བབ། །གཞུག་མ་ལན་གསུམ་གཡབ་པ་ཡང་། །མ་བདུད་ནག་མོའི་དཔུང་བསྡུས་ནས། །ནད་དོ་ཅོག་གི་སྣ་འདྲེན་ཅིང་། །ནད་བདག་ཆེན་མོའི་དུས་ལ་བབ། །སྤུ་རྩ་དངུལ་དུ་བྱུང་བ་ནི། །ཁམས་གསུམ་འཁྲུག་བྱེད་སྡུག་བསྔལ་སེལ། །ཡང་དག་ལམ་དུ་བསྟན་པའི་དོན། །ངན་སོང་འཇོམས་པར་བྱེད་པའི་དུས་ལ་བབ། །སྤུ་རྩེ་ལྕགས་སུ་བྱུང་བ་ནི། །གདུག་པ་ཅན་རྣམས་འཇོམས་བྱེད་ཅིང་། །ཅི་ལའང་ཐོགས་མེད་གདུག་པ་སྒྲོལ། །གདུག་བྱེད་མཚོན་རྩེའི་དུས་ལ་བབ། །དཔལ་ལྡན་ནག་མོ་རེ་མ་ཛུ། །སྐུ་མདོག་ནག་མོ་འཇིགས་པ་ལ། །དྲག་པོ་སྒྲོལ་བྱེད་དབང་དུ་སྡུད། །རཀྴ་གདུག་བྱེད་དུས་ལ་བབ། །ཞལ་བགྲད་མཆེ་བ་གཙིགས་པ་ཡིས། །ཁྲོ་མོ་འབར་བའི་ཆ་ལུགས་ལས། །གདུག་བྱེད་གང་ཡིན་ཆེམས་ཆེམས་གསོལ། །ཁྲོ་བདག་ཆེན་མོའི་དུས་ལ་བབ། །སྤྱན་མིག་ཟངས་སུ་བྱུང་བ་ནི། །སྲིད་པ་གསུམ་ཡང་དབང་དུ་སྡུད། །རཀྴ་སྲིན་པོ་ཕུང་བར་བྱེད། །གང་དུ་བལྟས་པ་མེ་རུ་འབར། །གདུག་པ་ཅན་གྱི་དུས་ལ་བབ། །རལ་པས་སྟོང་ཁམས་བཀང་བ་ཡིས། །སྲིད་གསུམ་དབང་དུ་སྡུད་ནས་ཀྱང་། །འཇིག་པ་མེད་པ་དྲག་པོར་སྟོན། །དབང་སྡུད་དབུ་སྐྲའི་དུས་ལ་བབ། །སྐུ་ལ་མེ་དཔུང་འབར་བ་ཡིས། །སྟོང་ཁམས་ཐམས་ཅད་སྲེག་བྱེད་ཅིང་། །སྟོང་ཁམས་འོད་ཀྱིས་གསལ་བར་བྱེད། །སྐུ་ལ་མེ་འབར་དུས་ལ་བབ། །ཕྱག་གཡས་ལྕགས་ཀྱི་ཕུར་པ་བསྣམས། །སྒྲོལ་བྱེད་ཆེན་མོའི་དུས་ལ་བབ། །དམ་ཉམས་དགྲ་བོ་སྒྲོལ་བར་བྱེད། །སྲིད་པའི་གདར་ཤ་གཅོད་པའི་རྟགས། །ཉམས་པ་སྒྲོལ་བྱེད་དུས་ལ་བབ། །གཡོན་པ་འཛིན་པའི་ལྕགས་ཀྱུ་བསྣམས། །གང་དུ་འབྲོས་པར་དབང་མེད་པར། །གཟུང་ཞིང་རབ་ཏུ་འཆོར་མི་སྲིད། །འཛིན་བྱེད་ཆེན་མོའི་དུས་ལ་བབ། །ཞབས་ཀྱིས་གདུག་པའི་ཀླུ་རྣམས་གནོན། །གནོན་པའི་སྟབས་ཀྱི་གར་བྱེད་ཅིང་། །རབ་ཏུ་མཆོང་ཞིང་འཇིགས་པའི་འགྲོས། །གདུག་


DNG020_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཞབས་ཀྱི་དུས་ལ་བབ། །ངོ་མཚར་ཆས་ཀྱིས་རབ་བརྒྱན་ནས། །སྟོང་གསུམ་སྤྲུལ་པ་ནག་མོས་འགེངས། །གཅིག་ཏུ་མ་བས་སྟོང་ཁམས་སྒྲོལ། །ངོ་མཚར་ལྷ་ཡི་དུས་ལ་བབ། །ཧཱུཾ་ནག་མོ་སྟོང་གི་དཀྱིལ་འཁོར་ན། །རབ་ཏུ་སྤྲུལ་ཅིང་བཀྱེ་བའི་ཚེ། །གང་དུ་རྦད་པའི་ས་ཕྱོགས་སུ། །ཐོགས་པ་མེད་དེ་མེ་ལྟར་འབར། །ཤར་ཕྱོགས་དྲི་ཟའི་མངའ་བདག་མོ། །ནག་མོ་ཆེན་མོ་རལ་པ་ཅན། །ཆིབས་སུ་རླུང་ནག་འཚུབས་མ་ཆིབས། །གང་དུ་བསམས་པར་ཡུད་ཀྱིས་ཕྱིན། །མཐིང་ནག་སྐྲ་ལ་ལྕགས་ཀྱི་སོ། །མཆེ་བ་ལྕགས་ཀྱི་སྤུ་གྲི་གཏམས། །སྤུ་གྲི་ཤད་ཤད་སྙིང་ལ་ཤད། །ཉམས་པ་གང་ཡིན་སྙིང་ལ་ཤད། །གཡས་ན་གྲི་ཐོགས་བཤན་པ་མོ། །དམ་ཉམས་བཤའ་བའི་དུས་ལ་བབ། །གཡོན་ན་ཁྲག་འཐོར་རྔམ་པ་མོ། །གང་ཡིན་རོ་ལ་རྔམས་ཤིང་སྤྱོན། །རྐང་པ་མཆོང་སྟབས་གདུག་པས་བརྐྱང་། །གཡས་པ་བཤའ་ན་སྟ་རེའི་ཞབས། །དམ་ཉམས་དགྲ་བོ་ཤོས་ལ་ཤོག །གཡོན་ན་གཅོད་བྱེད་ཁྱེ་བོའི་ཞབས། །དམ་ཉམས་གང་ཡིན་སྙིང་རྩ་བྲོག །བསྐུལ་ཞིང་རྦད་དེ་རབ་ཏུ་བསྐུལ། །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །ལྷོ་ཕྱོགས་གཤིན་རྗེའི་མངའ་བདག་མོ། །སེར་ནག་ཆེན་མོ་རལ་པ་ཅན། །ཆིབས་སུ་གསོད་བྱེད་སྤྱང་ཀི་ཆིབས། །གང་དུ་བསམས་པར་ཡུད་ཀྱིས་ཕྱིན། །སེར་ནག་སྐྲ་ལ་ལྕགས་ཀྱི་སོ། །མཆེ་བ་ལྕགས་ཀྱི་སྤུ་གྲི་གཏམས། །སྤུ་གྲི་ཤད་ཤད་སྙིང་ལ་ཤད། །ཉམས་པ་གང་ཡིན་སྙིང་ལ་ཡ། །གཡས་ན་གྲི་ཐོགས་བཤན་པ་མོ། །ཉམས་པ་བཤའ་བའི་དུས་ལ་བབ། །གཡོན་ན་མེ་འབུད་སྲེག་པ་མོ། །ཉམས་པ་གང་ཡིན་སྲེག་པར་བྱེད། །རྐང་པ་མཆོང་སྟབས་རྔམས་པས་ཀྱང་། །གཡས་པ་དགྲ་སྟྭ་བཤན་པའི་ཞབས། །ཉམས་པ་གང་ཡིན་ཤོས་ལ་ཤོག །གཡོན་པ་གཅོད་བྱེད་འཁོར་ལོའི་ཞབས། །ཉམས་པ་གང་ཡིན་སྙིང་རྩ་ཆོད། །བསྐུལ་ཞིང་རྦད་དེ་རབ་ཏུ་བསྐུལ། །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །ཧཱུཾ་ནུབ་


DNG020_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ཀླུ་ཡི་མངའ་བདག་མོ། །དམར་ནག་ཆེན་མོ་རལ་པ་ཅན། །ཆིབས་སུ་སྟག་མོ་གྲུས་མ་ཆིབས། །གང་དུ་བསམས་པར་ཡུད་ཀྱིས་ཕྱིན། །དམར་ནག་སྐྲ་ལ་ཟངས་ཀྱི་སོ། །མཆེ་བ་ཟངས་ཀྱི་སྤུ་གྲི་གཏམས། །སྤུ་གྲི་ཤད་ཤད་སྙིང་ལ་ཤད། །ཉམས་པ་གང་ཡིན་སྙིང་ལ་ཤད། །གཡས་ན་གྲི་ཐོགས་བཤན་པ་མོ། །དམ་ཉམས་བཤའ་བའི་དུས་ལ་བབ། །གཡོན་ན་ཆུ་འཐོར་ཆར་འབེབས་མ། །ཤྭ་དང་སེར་བ་འབེབས་བྱེད་མ། །རྐང་པ་མཆོང་སྟབས་གདུག་པ་རྐྱོང་། །གཡས་པ་བཤན་པ་མདུང་གི་ཞབས། །དམ་ཉམས་དགྲ་བོ་ཤོས་ལ་ཤོག །གཡོན་པ་གཅོད་བྱེད་སྤུ་གྲིའི་ཞབས། །ཉམས་པ་གང་ཡིན་སྙིང་རྩ་གཅོད། །བསྐུལ་ཞིང་རྦད་དེ་རབ་ཏུ་མྱུར། །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །བྱང་ཕྱོགས་གནོད་སྦྱིན་བཤན་པ་མོ། །ལྗང་ནག་ཆེན་མོའི་རལ་པ་ཅན། །ཆིབས་སུ་ཆུ་སྲིན་རྒྱལ་པོ་ཆིབས། །གང་དུ་བསམས་པར་ཡུད་ཀྱིས་ཕྱིན། །ལྗང་ནག་སྐྲ་ལ་དུང་གི་སོ། །མཆེ་བ་དུང་གི་སྤུ་གྲི་གཏམས། །སྤུ་གྲི་ཤད་ཤད་སྙིང་ལ་ཤད། །ཉམས་པ་གང་ཡིན་སྙིང་ལ་ཡ། །གཡས་ན་གྲི་ཐོགས་བཤན་པ་མོ། །ཉམས་པ་བཤའ་བའི་དུས་ལ་བབ། །གཡོན་ན་སྟ་ཐོགས་འགེམས་པ་མོ། །ཉམས་པ་འགེམས་པའི་དུས་ལ་བབ། །རྐང་པ་མཆོང་སྟབས་རྔམས་པས་ཀྱང་། །གཡས་པ་གཞོག་བྱེད་སྟེའུའི་ཞབས། །ཉམས་པ་གང་ཡིན་སྙིང་རྩ་གཞོགས། །གཡོན་པ་གཅོད་བྱེད་རལ་གྲིའི་ཞགས། །ཉམས་པ་གང་ཡིན་སྙིང་རྩ་གཅོད། །བསྐུལ་ཅིང་རྦད་དེ་རབ་ཏུ་མྱུར། །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །བཤན་པ་ཆེན་པོ་བཞི་རྣམས་ཀྱང་། །རབ་ཏུ་རྦད་ཅིང་བསྐུལ་བའི་ཚེ། །གང་དུ་འགྲོ་བའི་ས་ཕྱོགས་སུ། །བང་ནི་རླུང་གིས་བསྐྱོད་དུ་མེད། །གཟུགས་ནི་ཅིར་ཡང་སྤྲུལ་པའོ། །ཉམས་པ་བཤའ་བའི་དུས་བྱུང་ན། །གྲི་ཐོགས་བཤན་པས་རབ་ཏུ་སྒྲོལ། །དམ་ཉམས་བཤའ་བའི་དུས་ལ་བབ། །སྙིང་རྩ་དྲེག་པའི་དུས་ལ་བབ། །ཧཱུཾ་བདུད་ཡུལ་ནག་པོའི་བཙན་བྲག་ན། །འཆི་བདག་བདུད་ཀྱི་བུ་མོ་ནི། །ཆིབས་


DNG020_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བདུད་རྟ་ནག་པོ་བཅིབས། །བདུད་རྟ་ནག་པོ་ཞགས་པས་བརྒྱན། །ཕྱོགས་བཅུར་འཕེན་ཅིང་བདུད་རྟ་རྒྱུག །ཉམས་པ་བཅིང་བའི་དུས་ལ་བབ། །སྦྲུལ་ནག་སྟོང་གིས་རབ་ཏུ་བརྒྱན། །གདུག་པ་གདོལ་པའི་ཀླུ་རྣམས་འདུལ། །དྲག་པོ་སྒྲོལ་ཅིང་དབང་དུ་སྡུད། །བདུད་འདུལ་སྦྲུལ་ནག་དུས་ལ་བབ། །བདུད་བྱ་ནག་པོ་ལྡིང་བ་བཞིན། །འཆི་བདག་བདུད་དུ་བབ་པའི་བྱ། །བདུད་བྱ་ནག་པོ་གྲིབ་སོ་འདྲ། །བདུད་འདུལ་བྱ་ནག་དུས་ལ་བབ། །མཐིང་ནག་དར་གྱི་སྟན་བསྟད་པས། །སྲིད་པའི་བགེགས་རིགས་སྟན་དུ་བཏིང་། །བདུད་འདུལ་སྟན་གྱི་དུས་ལ་བབ། །བདུད་སྒ་ནག་པོ་བསྟད་པ་ཡང་། །བདུད་ཕོ་ནག་པོའི་ཡ་མགལ་དང་། །བདུད་མོ་ནག་མོའི་མ་མགལ་ལ། །བདུད་འདུལ་སྒ་ནག་དུས་ལ་བབ། །སྔ་ལོང་ནད་ཀྱི་རྐྱལ་པ་བཀལ་བས་ཀྱང་། །སྲིད་པ་གསུམ་གྱི་ནད་འབེབས་ཤིང་། །བསྐལ་པ་སྟོང་དུ་ནད་འབེབས་ཤིང་། །ནད་བདག་ཆེན་མོའི་དུས་ལ་བབ། །ཕྱི་ལོང་ཚོན་གྱི་གྲུ་གུ་བཀལ་ནས་ཀྱང་། །ཉམས་པ་ཚོན་ནད་ཁྲག་དུ་སྐྱུག །སྟོང་གསུམ་ཚོན་གྱི་ནད་གཏོང་བ། །ཚོན་ནད་གཏོང་བའི་དུས་ལ་བབ། །གསེར་དང་གཡུ་ཡི་གོང་རྨེད་ཀྱི། །རིན་ཆེན་ཆར་ལྟར་འབེབས་པ་དང་། །ཚོན་གྱི་རྒྱལ་པོའི་ཆར་ཕབ་ནས། །ཚོན་བདག་ཆེན་མོའི་དུས་ལ་བབ། །གསེར་ཁྲབ་སིལ་གྱིས་བཀྲབ་པས་ཀྱང་། །རིན་ཆེན་གསེར་འབབ་ལྕི་བ་དང་། །རིན་ཐང་གསེར་དུ་གཅིག་པ་དང་། །གསེར་བདག་ཆེན་མོའི་དུས་ལ་བབ། །ཡ་བྱིན་བདུད་ཀྱི་བུ་མོ་ཡང་། །སྐུ་ལ་མཐིང་ནག་བེར་ཆེན་གསོལ། །མཐིང་ནག་བདུད་ཀྱིས་འགྲན་ཟླ་མེད། །བདུད་འདུལ་ཆེན་མོའི་དུས་ལ་བབ། །སྐུ་མདོག་ནག་མོར་བཞུགས་པས་ཀྱང་། །ཕྲིན་ལས་དྲག་པོས་བདུད་བཏུལ་ནས། །གདུག་པ་བདུད་པས་རབ་ཏུ་ཆེ། །བདུད་འདུལ་ཆེན་མོའི་དུས་ལ་བབ། །མཐིང་ནག་རལ་པས་བརྒྱན་པས་ཀྱང་། །འཇིག་རྟེན་མུན་པར་འགྱུར་བ་དང་། །ཀླུ་བདུད་སྟན་གྱི་དུས་ལ་བབ། །ཀླུ་སྒ་སྔོན་པོ་བསྟད་པ་ཡང་། །ཀླུ་བདུད་ཁོལ་པོའི་ཡ་མཁལ་དང་། །ཀླུ་སྒ་སྔོ་བཀྲའི་


DNG020_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ལ་བབ། །སྔ་ལོང་ནད་ཀྱི་རྐྱལ་བ་སྔོ་བཀྲ་བཀལ་བས་ཀྱང་། །སྲིད་པ་གསུམ་དུ་ནད་འབེབས་ཤིང་། །བསྐལ་པ་སྟོང་གི་ནད་གཏོང་བའོ། །ནད་བདག་ཆེན་མོའི་དུས་ལ་བབ། །ཕྱི་ལོང་ཚོན་གྱི་གྲུ་གུ་བཀལ་བ་ཡང་། །ཉམས་པ་ཚོན་ནད་ཁྲག་ཏུ་སྐྱུག །སྟོང་གསུམ་ཚོན་གྱི་ནད་གཏོང་མ། །ཚོན་ནད་གཏོང་བའི་དུས་ལ་བབ། །ཟངས་དང་ལྕགས་ཀྱི་གོང་རྨེད་ཀྱི། །རིན་ཆེན་ཆར་ལྟར་འབེབས་པ་དང་། །ཚོན་གྱི་རྒྱལ་པོའི་ཆར་ཕབ་ནས། །ཚོན་བདག་ཆེན་མོའི་དུས་ལ་བབ། །ཟངས་སྲབ་དམར་པོ་སྲབས་པས་ཀྱང་། །ཐམས་ཅད་དབང་དུ་སྡུད་ནས་ཀྱང་། །སྣང་སྲིད་བལྟས་སྡུད་ཟངས་ཀྱི་སྲབ། །དབང་སྒྱུར་ཆེན་མོའི་དུས་ལ་བབ། །ཕག་བྱིན་ཀླུ་ཡི་བུ་མོ་ཡང་། །སྐུ་ལ་ལྗང་ནག་བེར་ཆེན་གསོལ། །ལྗང་ནག་ཀླུ་ཡིས་འགྲན་ཟླ་མེད། །ཀླུ་བདུད་ཆེན་མོའི་དུས་ལ་བབ། །སྐུ་མདོག་ལྗང་ཁུར་བཞུགས་པ་ཡང་། །ཕྲིན་ལས་མཐའ་རུ་དབྱུང་བ་དང་། །གདུག་པ་འདུལ་བས་རབ་ཏུ་ཆེ། །ཀླུ་བདུད་ཆེན་མོའི་དུས་ལ་བབ། །ལྗང་ནག་རལ་པས་བརྒྱན་པ་ཡང་། །འཇིག་རྟེན་ལས་ངན་གཅོད་པ་དང་། །ཀླུ་ཡི་རིགས་རྣམས་ཟིལ་གྱིས་གནོན། །ཀླུ་བདུད་ཆེན་མོའི་དུས་ལ་བབ། །གསེར་གྱི་རྣ་ཆ་འབྱུང་བ་ཡང་། །སྙན་པ་གསེར་བས་ལྷག་པའི་རྟགས། །དྲག་པོའི་སྒྲུབ་བདག་སྙེམས་པའི་རྟགས། །དྲག་པོ་ཀླུ་འདུལ་དུས་ལ་བབ། །བ་སྤུ་ལྕགས་ཀྱུ་འཛིངས་པ་ཡང་། །ཉམས་པ་གང་ཡིན་འཛིན་པར་བྱེད། །རབ་ཏུ་བཟུང་བས་འཆོར་མི་སྲིད། །འཛིན་པ་ཀླུ་འདུལ་དུས་ལ་བབ། །དར་ནག་ཅོད་པན་འཕུར་བས་ཀྱང་། །ཆོས་ཀྱི་རྒྱལ་མཚན་འཛུག་པ་དང་། །ཀླུ་འདུལ་སྔོན་མོའི་དུས་ལ་བབ། །འཕུར་བྱེད་ཀླུ་འདུལ་དུས་ལ་བབ། །ལྗང་ནག་རལ་པས་བརྒྱན་པ་ཡང་། །ཀླུ་བདུད་འཁོར་བཅས་ཟིལ་གྱིས་གནོན། །འཇིག་རྟེན་ཁམས་རྣམས་སྤ་བཀོང་ཕྱིར། །ཀླུ་འདུལ་རལ་པའི་དུས་ལ་བབ། །ཕྱག་གཡས་ཕུར་པ་བསྣམས་པ་ཡང་། །གང་ཡིན་སྙིང་ལ་ཕུར་པ་འདེབས། །རྡོ་རྗེ་ཕུར་པའི་སྲུང་མ་སྟེ། །ཕུར་སྲུང་ཀླུ་འདུལ་དུས་ལ་བབ། །


DNG020_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་པ་ལྕགས་ཀྱུ་བསྣམས་པ་ཡང་། །ཉམས་པ་གང་ཡིན་འགུགས་པར་བྱེད། །ལྕགས་ཀྱུས་ཟུང་ལ་ཕུར་པས་ཐོབ། །འཛིན་བྱེད་ཆེན་མོའི་དུས་ལ་བབ། །ཧཱུཾ་འཇིག་རྟེན་དབང་སྡུད་བཤན་པ་མོ། །བདུད་ཀྱི་བུད་མེད་ནག་མོ་ལ། །ལུས་ལ་མཐིང་ནག་བེར་ཆེན་གསོལ། །མཐིང་ནག་རལ་པ་ཤ་ར་ར། །རལ་པ་རེ་ལ་ཕུར་པ་རེ། །ཕུར་པའི་ལན་ཕྲན་ཁྲ་ལ་ལ། །ཁ་རླངས་ནད་གཏོང་ཐུ་ལུ་ལུ། །བུད་མེད་ནག་མོས་སྟོང་ཁམས་ཁེངས། །སྙིང་རྗེ་མེད་པར་སྒྲོལ་བར་བྱེད། །གཡས་ཀྱི་གྲི་ཐོགས་བཤན་པ་མོ། །ཉམས་པ་བཤའ་བའི་དུས་ལ་བབ། །གཡོན་ན་མི་སྙིང་ནང་ཁྲོལ་ཐོགས། །མི་སྙིང་མགོ་ནས་གཅོད་ཅིང་ཟ། །མཆེ་བ་ལྕགས་ཀྱི་སྤུ་གྲི་གཏམས། །སྤུ་གྲི་ཤད་ཤད་སྙིང་ལ་ཤད། །དམ་ཉམས་ཀུན་གྱི་སྙིང་ལ་ཤད། །བཤན་པ་ཆེན་མོའི་དུས་ལ་བབ། །ཧཱུཾ་འཇིག་རྟེན་དབང་སྡུད་ཤན་པ་མོ། །གཟའ་ཡི་བུད་མེད་སེར་མོ་ལ། །ལུས་ལ་སེར་ནག་བེར་ཆེན་གསོལ། །སེར་ནག་རལ་པ་ཤ་ར་ར། །རལ་པ་རེ་ལ་ཕུར་པ་རེ། །ཕུར་བུའི་ལན་ཕྲན་ཁྲ་ལ་ལ། །ཁ་རླངས་ནད་གཏོང་ཐུ་ལུ་ལུ། །བུད་མེད་སེར་མོས་སྟོང་ཁམས་ཁེངས། །སྙིང་རྗེ་མེད་པར་སྒྲོལ་བར་བྱེད། །གཡས་ན་གྲི་ཐོགས་བཤན་པ་མོ། །ཉམས་པ་བཤའ་བའི་དུས་ལ་བབ། །གཡོན་ན་མི་སྙིང་ནང་ཁྲོལ་ཐོགས། །མི་སྙིང་མགོ་ནས་གཅོད་ཅིང་ཟ། །མཆེ་བ་གསེར་གྱི་སྤུ་གྲི་གཏམས། །སྤུ་གྲི་ཤད་ཤད་སྙིང་ལ་ཤད། །ཉམས་པ་ཀུན་གྱི་སྙིང་ལ་ཤད། །བཤན་པ་ཆེན་མོའི་དུས་ལ་བབ། །འཇིག་རྟེན་དབང་སྡུད་ཤན་པ་མོ། །བཙན་གྱི་བུད་མེད་དམར་མོ་ལ། །ལུས་ལ་དམར་ནག་བེར་ཆེན་གསོལ། །དམར་ནག་རལ་པ་ཤ་ར་ར། །རལ་པ་རེ་ལ་ཕུར་པ་རེ། །ཕུར་པའི་ལན་ཕྲན་ཁྲ་ལ་ལ། །ཁ་རླངས་ནད་གཏོང་ཐུ་ལུ་ལུ། །བུད་མེད་དམར་མོས་སྟོང་ཁམས་ཁེངས། །སྙིང་རྗེ་མེད་པར་སྒྲོལ་བར་བྱེད། །གཡས་པ་གྲི་ཐོགས་བཤན་པ་མོ། །ཉམས་པ་བཤའ་བའི་དུས་ལ་བབ། །གཡོན་པ་མི་སྙིང་ནང་རོལ་


DNG020_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

ཐོགས། །མི་སྙིང་མགོ་ནས་གཅོད་ཅིང་ཟ། །མཆེ་བ་ཟངས་ཀྱི་སྤུ་གྲི་གཏམས། །སྤུ་གྲི་ཤད་ཤད་སྙིང་ལ་ཤད། །ཉམས་པ་ཀུན་གྱི་སྙིང་ལ་ཤད། །བཤན་པ་ཆེན་མོའི་དུས་ལ་བབ། །ཧཱུཾ་འཇིག་རྟེན་དབང་སྡུད་བཤན་པ་མོ། །ཀླུ་ཡི་བུད་མེད་ནག་མོ་ལ། །ལུས་ལ་བེར་ཆེན་ལྗང་ནག་གསོལ། །ལྗང་ནག་རལ་པ་ཤ་ར་ར། །རལ་པ་རེ་ལ་ཕུར་པ་རེ། །ཕུར་པའི་ལན་ཕྲན་ཁྲ་ལ་ལ། །ཁ་རླངས་ནད་གཏོང་ཐུ་ལུ་ལུ། །བུད་མེད་སྔོན་མོས་སྟོང་ཁམས་ཁེངས། །སྙིང་རྗེ་མེད་པར་སྒྲོལ་བར་བྱེད། །གཡས་ན་གྲི་ཐོགས་བཤན་པ་མོ། །ཉམས་པ་བཤའ་བའི་དུས་ལ་བབ། །གཡོན་པ་མི་སྙིང་ནང་རོལ་ཐོགས། །མི་སྙིང་མགོ་ནས་གཅོད་ཅིང་ཟ། །མཆེ་བ་གཡུ་ཡི་སྤུ་གྲི་གཏམས། །སྤུ་གྲི་ཤད་ཤད་སྙིང་ལ་ཤད། །ཉམས་པ་ཀུན་གྱི་སྙིང་ལ་ཤད། །བཤན་པ་ཆེན་མོའི་དུས་ལ་བབ། །ཧཱུཾ་སྲོག་གཅོད་བཤན་པ་ལག་རིང་ནི། །སྐུ་ལ་ཞིང་ལྤགས་རློན་པ་གསོལ། །རལ་པ་ནག་པོས་རབ་ཏུ་བརྒྱན། །མེ་སྟག་འབར་བའི་ཆ་ག་ཅན། །སྐྱེ་ན་གསེར་གྱི་དྲིལ་བུ་བཏགས། །ཕྱག་གཡས་བདུད་ཀྱི་ཞགས་པ་བསྣམས། །ཉམས་པ་བཅིང་བའི་དུས་ལ་བབ། །གཡོན་ན་བདུད་ཀྱི་གྲི་ནག་བསྣམས། །ཉམས་པ་གང་ཡིན་སྲོག་རྩ་གཅོད། །དམ་ཉམས་སྙིང་ལ་ས་མ་ཡ། །བདུད་ཀྱི་ཁྲམ་བམ་རྒྱབ་ན་བསྣམས། །གང་ལ་རྦད་པ་ཁྲམ་ལ་འདེབས། །ལྕགས་ཀྱི་སོ་བརྡར་ཁྲིགས་སེ་ཁྲིག །མཆེ་བ་ཟངས་ཀྱི་སྤུ་གྲི་གཏམས། །སྤུ་གྲི་ཤད་ཤད་སྙིང་ལ་ཤད། །ཉམས་པ་ཀུན་གྱི་སྙིང་ལ་ཤད། །གྲི་ནི་མོན་གྲི་ཆི་ལི་ལི། །སྤྱུག་པ་གླུ་ལེན་ཀྱུ་རུ་རུ། །བདུད་ཀྱི་བཤན་པའི་དམག་དཔུང་སྡུས། །བདུད་ཀྱི་བཤན་པས་སྟོང་ཁམས་ཁེངས། །གཡས་ན་སྟ་ཐོགས་ཆེམས་སེ་ཆེམ། །དམ་ཉམས་མགོ་ལུས་ཚལ་པར་ཁོས། །གཡོན་ན་གྲི་ཐོགས་བཤན་པའི་རིགས། །ཉམས་པའི་ལྷུ་དང་དུམ་བུར་ཕྲོལ། །གློ་སྙིང་ནང་རོལ་ཁ་རུ་རྫོང་། །ཉམས་པའི་ནང་ཁྲོལ་ཁ་རུ་རྫོང་། །ཁ་ནས་མེ་འབར་ལམས་སེ་ལམ། །


DNG020_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ནས་དུད་པ་ཐུ་ལུ་ལུ། །བཤན་པ་ཁྱེད་ཀྱི་དུས་ལ་བབ། །སྲོག་ཟན་ཁྱེད་ཀྱི་དུས་ལ་བབ། །ཧཱུཾ་སྲོག་གཅོད་བཤན་པ་ལག་རིངས་ནི། །འབྱུང་པོ་སེར་པོ་སྣ་ཡོན་པོ། །སྐུ་ལ་ཤིང་གོས་གྲོ་ག་གསོལ། །རལ་པ་སེར་པོས་རབ་ཏུ་བརྒྱན། །མེ་སྟག་འབར་བའི་ཆ་ག་ཅན། །སྐྱེ་ན་དབང་གི་དྲིལ་བུ་བཏགས། །ཕྱག་གཡས་ཞགས་པ་སེར་པོ་བསྣམས། །ཉམས་པ་བཅིང་བའི་དུས་ལ་བབ། །གཡོན་ན་འབྱུང་པོའི་རལ་གྲི་བསྣམས། །ཉམས་པ་གང་ཡིན་སྲོག་རྩ་གཅོད། །ཉམས་པའི་སྙིང་ལ་ས་མ་ཡ། །འབྱུང་པོའི་ཁྲམ་བམ་ཕྱག་ན་བསྣམས། །གང་ལ་རྦད་པ་ཁྲམ་ལ་འདེབས། །ཟངས་ཀྱི་སོ་བརྡར་ཁྲིགས་སེ་ཁྲིག །མཆེ་བ་ཟངས་ཀྱི་སྤུ་གྲི་གཏམས། །སྤུ་གྲི་ཤད་ཤད་སྙིང་ལ་ཤད། །དམ་ཉམས་ཀུན་གྱི་སྙིང་ལ་ཤད། །གྲི་ནི་མོན་གྲི་ཆི་ལི་ལི། །སྤྱུག་པ་གླུ་ལེན་ཀྱུ་རུ་རུ། །འབྱུང་པོ་བཤན་པའི་དམག་དཔུང་སྡུས། །འབྱུང་པོ་བཤན་པས་སྟོང་ཁམས་ཁེངས། །གཡས་ན་སྟྭ་ཐོགས་ཆེམས་སེ་ཆེམ། །དམ་ཉམས་མགོ་ལུས་ཚལ་པར་ཁོས། །གཡོན་གྱི་གྲི་ཐོགས་ཤན་པའི་རིགས། །ཉམས་པའི་ལྷུ་དང་དུམ་བུ་ཕྲོལ། །གློ་སྙིང་ནང་ཁྲོལ་ཁ་རུ་རྫོང་། །ཁ་ནས་མེ་འབར་ལམས་སེ་ལམ། །སྣ་ནས་དུད་པ་ཐུ་ལུ་ལུ། །བཤན་པ་ཁྱེད་ཀྱི་དུས་ལ་བབ། །ཧཱུཾ་སྲོག་གཅོད་བཤན་པ་ལག་རིངས་ནི། །སྐུ་མདོག་རབ་དམར་བེར་ཆེན་གསོལ། །རལ་པ་དམར་པོས་རབ་ཏུ་བརྒྱན། །མེ་སྟག་འབར་བའི་ཆ་ག་ཅན། །སྐྱེ་ན་གཡུ་ཡི་དྲིལ་བུ་བཏགས། །ཕྱག་གཡས་ཞགས་པ་དམར་པོ་ཐོགས། །ཉམས་པ་བཅིང་བའི་དུས་ལ་བབ། །གཡོན་ན་སྐུ་མཆོག་ཕུར་པ་བསྣམས། །ཉམས་པའི་སྙིང་ལ་ས་མ་ཡ། །སྐུ་མཆོག་ཁྲམ་བམ་རྒྱབ་ན་ཐོགས། །དུང་གི་སོ་བརྡར་ཁྲིགས་སེ་ཁྲིག །མཆེ་བ་དུང་གི་སྤུ་གྲི་གཏམས། །སྤུ་གྲི་ཤད་ཤད་སྙིང་ལ་ཤད། །དམ་ཉམས་ཀུན་གྱི་སྙིང་ལ་ཤད། །གྲི་ནི་མོན་གྲི་ཆི་ལི་ལི། །སྤྱུག་པ་གླུ་ལེན་ཀྱུ་རུ་རུ། །སྐུ་


DNG020_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་དམར་པོ་དབང་དུ་སྡུད། །སྐུ་མཆོག་བཤན་པས་སྟོང་ཁམས་ཁེངས། །བདུད་ཀྱི་རིགས་རྣམས་དབང་སྡུད་ནས། །བདུད་འདུལ་ཆེན་མོའི་དུས་ལ་བབ། །གསེར་གྱི་རྣ་ཆར་བྱུང་བ་ཡང་། །སྙན་པ་གསེར་ལས་ལྷག་པའི་རྟགས། །རྒྱས་པ་སྒྲུབ་ཐབས་སྙེམས་པའི་རྟགས། །རྒྱས་པ་བདུད་འདུལ་དུས་ལ་བབ། །བ་སྤུ་ལྕགས་ཀྱུ་བཅིངས་པ་ཡང་། །ཉམས་པ་གང་ཡིན་འཛིན་པ་དང་། །རབ་ཏུ་གཟུང་ནས་འཆོར་མི་སྲིད། །འཛིན་བྱེད་བདུད་འདུལ་དུས་ལ་བབ། །དར་ནག་ཅོད་པན་འཕུར་བས་ཀྱང་། །ཆོས་ཀྱི་རྒྱལ་མཚན་འཛུག་པ་དང་། །མ་བདུད་མང་པོའི་དཔུང་བསྡུས་ནས། །འཕུར་བྱེད་བདུད་འདུལ་དུས་ལ་བབ། །མཐིང་ནག་རལ་པས་བརྒྱན་པ་ཡང་། །བདུད་དཔུང་ཟིལ་གྱིས་གནོན་པ་དང་། །འཇིག་རྟེན་ཁམས་ཀུན་སྤ་བཀོང་ཕྱིར། །བདུད་འདུལ་སྔགས་པའི་དུས་ལ་བབ། །ཕྱག་གཡས་ཕུར་པ་བསྣམས་པ་ཡང་། །རྡོ་རྗེ་ཕུར་པའི་སྲུང་མ་སྟེ། །གང་ཡིན་སྙིང་ལ་ཕུར་པ་འདེབས། །ཕུར་སྲུང་བདུད་འདུལ་དུས་ལ་བབ། །གཡོན་པ་ལྕགས་ཀྱུ་བསྣམས་པ་ཡང་། །ཉམས་པ་གང་ཡིན་འགུགས་པར་བྱེད། །ལྕགས་ཀྱུས་ཟུང་ལ་ཕུར་བུས་ཐོབ། །འཛིན་བྱེད་ཆེན་མོའི་དུས་ལ་བབ། །ཧཱུཾ་གཟའ་ཡུལ་ཟླ་འོད་རླུང་སྟེང་ནས། །འཆི་བདག་གཟའ་ཡི་བུ་མོ་སྟེ། །ཆིབས་སུ་གཟའ་རྟ་འུར་པ་ཆིབས། །གཟའ་རྟ་འུར་བ་ཞགས་པས་བརྒྱན། །ཕྱོགས་བཅུར་འདྲེན་ཅིང་གཟའ་རྟ་རྒྱུག །ཉམས་པ་བཅིང་བའི་དུས་ལ་བབ། །སེར་ཁྲ་སྦྲུལ་གྱིས་རབ་ཏུ་བརྒྱན། །གདུག་པ་དམངས་རིགས་ཀླུ་རྣམས་འདུལ། །རྒྱས་པར་སྒྲོལ་ཅིང་དབང་དུ་སྡུད། །གཟའ་འདུལ་སེར་ཁྲའི་དུས་ལ་བབ། །གཟའ་བྱ་ནག་པོ་ལྡིང་བ་ཡང་། །གཟའ་བདུད་བདུད་དུ་བབ་པའི་བྱ། །གཟའ་བྱ་ཁྲ་བོ་གསེར་ལྟར་འབར། །གཟའ་འདུལ་བྱ་ཁྲའི་དུས་ལ་བབ། །སེར་ནག་དར་གྱི་སྟན་བསྟད་ནས། །སྲིད་པའི་བགེགས་རིགས་སྟན་དུ་བཏིང་། །ཀི་ཀང་དམར་པོ་སྟན་དུ་བཏིང་། །གཟའ་འདུལ་སྟན་གྱི་དུས་ལ་བབ། །གཟའ་སྒ་སེར་པོ་


DNG020_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

བསྟད་པས་ཀྱང་། །གཟའ་བདུད་ཁྲ་བོའི་ཡ་མཁལ་ལ། །གཟའ་བདུད་མོ་ཡི་མ་མཁལ་ཅན། །གཟའ་སྒ་སེར་བཀྲའི་དུས་ལ་བབ། །སྔ་ལོང་ནད་ཀྱི་རྐྱལ་པ་སེར་བཀྲ་བཀལ་བ་དང་། །སྲིད་པ་གསུམ་གྱི་ནད་འབེབས་ཤིང་། །བསྐལ་པ་སྟོང་ཏུ་ནད་འབེབས་པའི། །ནད་བདག་ཆེན་མོའི་དུས་ལ་བབ། །ཕྱི་ལོང་ཚོན་གྱི་གྲུ་གུ་བཀལ་བས་ཀྱང་། །ཉམས་པ་ཚོན་ནད་ཁྲག་ཏུ་སྐྱུག །སྟོང་གསུམ་ཚོན་གྱི་ནད་གཏོང་མ། །ཚོན་ནད་གཏོང་བའི་དུས་ལ་བབ། །ཟངས་དང་ལྕགས་ཀྱི་གོང་རྨེད་ཅན། །རིན་ཆེན་ཆར་ལྟར་འབེབས་པ་དང་། །ཚོན་གྱི་རྒྱལ་པོའི་ཆར་ཕབ་ནས། །ཚོན་བདག་ཆེན་མོའི་དུས་ལ་བབ། །གཡུ་སྲབ་སྔོན་པོ་སྲབས་པས་ཀྱང་། །རིན་ཆེན་གཡུ་བས་ཆེ་བའི་ཕྱིར། །རིན་ཐང་གཡུ་རུ་གཅིག་པ་དང་། །གཡུ་སྲབ་བདག་མོའི་དུས་ལ་བབ། །དེ་བྱིན་གཟའ་ཡི་བུ་མོ་ཡང་། །སྐུ་ལ་སེར་ནག་བེར་ནག་གསོལ། །སེར་ནག་གཟའ་ཡི་འགྲན་ཟླ་སྟེ། །གཟའ་བདུད་ཆེན་མོའི་དུས་ལ་བབ། །སྐུ་མདོག་སེར་མོར་བཞུགས་པ་ཡང་། །ཕྲིན་ལས་རྒྱས་པས་ཐམས་ཅད་འདུལ། །གདུག་པ་འདུལ་བས་རབ་ཏུ་ཆེ། །གཟའ་བདུད་ཆེན་མོའི་དུས་ལ་བབ། །སེར་ནག་རལ་པས་བརྒྱན་པ་ཡང་། །འཇིག་རྟེན་གནས་ལ་འབེབས་པ་དང་། །གཟའ་ཡི་རིགས་རྣམས་དབང་བསྡུས་ནས། །གཟའ་བདུད་ཆེན་མོའི་དུས་ལ་བབ། །གསེར་གྱི་རྣ་ཆར་བྱུང་བ་ཡང་། །སྙན་པ་གསེར་བས་ལྷག་པའི་རྟགས། །རྒྱས་པའི་སྒྲུབ་བདག་སྙེམས་པའི་རྟགས། །རྒྱས་པ་གཟའ་འདུལ་དུས་ལ་བབ། །བ་སྤུ་ལྕགས་ཀྱུ་འཛིངས་པ་ཡང་། །ཉམས་པ་གང་ཡིན་འཛིན་པར་བྱེད། །རབ་ཏུ་བཟུང་བས་འཆོར་མི་སྲིད། །འཛིན་བྱེད་གཟའ་འདུལ་དུས་ལ་བབ། །དར་ནག་ཅོད་པན་འཕུར་བས་ཀྱང་། །ཆོས་ཀྱི་རྒྱལ་མཚན་འཛུག་པ་དང་། །གཟའ་བདུད་མང་པོའི་དཔུང་བསྡུས་ནས། །འཕུར་བྱེད་གཟའ་འདུལ་དུས་ལ་བབ། །སེར་ནག་རལ་པས་བརྒྱན་པས་ཀྱང་། །གཟའ་འདུལ་ཀིང་ཀ་ཟིལ་གྱིས་གནོན་པ་ཡང་། །འཇིག་རྟེན་ཁམས་རྣམས་སྤ་བཀོང་ཕྱིར། །གཟའ་


DNG020_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རལ་པའི་དུས་ལ་བབ། །ཕྱག་གཡས་ཕུར་པ་བསྣམས་པ་ཡང་། །རྡོ་རྗེ་ཕུར་པའི་སྲུང་མ་སྟེ། །གང་ཡིན་ཉིད་ལ་ཕུར་པ་འདེབས། །ཕུར་སྲུང་གཟའ་འདུལ་དུས་ལ་བབ། །གཡོན་པས་ལྕགས་ཀྱུ་བསྣམས་པ་ཡང་། །ཉམས་པ་གང་ཡིན་འགུགས་པར་བྱེད། །ལྕགས་ཀྱུས་ཟུང་ལ་ཕུར་པས་ཐོབ། །འཛིན་བྱེད་ཆེན་མོའི་དུས་ལ་བབ། །ཧཱུཾ་བཙན་ཡུལ་ཁྲོམ་མཁར་བཞི་སྟེང་ན། །འཆི་བདག་བཙན་གྱི་བུ་མོ་སྟེ། །ཆིབས་སུ་བཙན་རྟ་དམར་པོ་ཆིབས། །བཙན་རྟ་དམར་པོ་ཞགས་པས་བརྒྱན། །ཕྱོགས་བཅུར་འཕེན་ཅིང་བཙན་རྟ་རྒྱུག །ཉམས་པ་བཅིང་བའི་དུས་ལ་བབ། །དམར་ཁྲ་སྦྲུལ་གྱིས་རབ་ཏུ་བརྒྱན། །གདུག་པ་རྗེའུ་རིགས་ཀླུ་རྣམས་འདུལ། །དབང་དུ་སྡུད་ཅིང་སྒྲོལ་བར་བྱེད། །བཙན་འདུལ་དམར་ཁྲའི་དུས་ལ་བབ། །བཙན་བྱ་དམར་པོ་ལྡིང་བ་ཡང་། །བཙན་བདུད་བདུད་དུ་བབ་པའི་བྱ། །བཙན་བྱ་དམར་པོ་ཁྲག་ལྟར་ལུད། །བཙན་འདུལ་བྱ་དམར་དུས་ལ་བབ། །དམར་ནག་དར་གྱི་སྟན་བསྟད་པས། །སྲིད་པའི་བགེགས་རིགས་སྟན་དུ་བཏིང་། །དགེ་བསྙེན་དམར་པོ་སྟན་དུ་བཏིང་། །བཙན་འདུལ་སྟན་གྱི་དུས་ལ་བབ། །བཙན་སྒ་དམར་པོ་བསྟད་པ་ཡང་། །བཙན་འདུལ་དམར་པོའི་ཡ་མགལ་དང་། །བཙན་འདུལ་དམར་པོའི་མ་མགལ་དང་། །བཙན་སྒ་དམར་བཀྲའི་དུས་ལ་བབ། །སྔ་ལོང་ནད་ཀྱི་རྐྱལ་པ་དམར་ཁྲ་བཀལ་བ་ཡང་། །སྲིད་པ་གསུམ་གྱི་ནད་འབེབས་ཤིང་། །བསྐལ་པ་སྟོང་དུ་ནད་འབེབས་པ། །ནད་བདག་ཆེན་མོའི་དུས་ལ་བབ། །ཕྱི་ལོང་ཚོན་གྱི་གྲུ་གུ་བཀལ་བ་ཡང་། །ཉམས་པ་ཚོན་ནད་ཁྲག་ཏུ་སྐྱུག །སྟོང་གསུམ་ཚོན་གྱི་ནད་གཏོང་མ། །ཚོན་ནད་གཏོང་བའི་དུས་ལ་བབ། །གཡུ་དང་གསེར་གྱི་གོང་རྨེད་ཅན། །རིན་ཆེན་ཆར་ལྟར་འབེབས་པ་དང་། །ཚོན་གྱི་རྒྱལ་མོའི་ཆར་ཕབ་ནས། །ཚོན་བདག་ཆེན་མོའི་དུས་ལ་བབ། །གསེར་ཁྲབ་སེར་པོས་བརྒྱན་པས་ཀྱང་། །ཐམས་ཅད་རིན་ཆེན་རྒྱན་བསྟར་ནས། །སྣང་སྲིད་གསེར་དུ་དབང་སྒྱུར་རྟགས། །དབང་སྒྱུར་ཆེན་མོའི་དུས་ལ་བབ། །བསེ་བྱིན་བཙན་གྱི་བུ་མོ་ཡང་། །སྐུ་ལ་དམར་ནག་


DNG020_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

བེར་ཆེན་གསོལ། །དམར་ནག་བཙན་གྱི་འགྲན་ཟླ་སྟེ། །བཙན་འདུལ་ཆེན་མོའི་དུས་ལ་བབ། །སྐུ་མདོག་དམར་མོར་བཞུགས་པ་ཡང་། །ཐམས་ཅད་དབང་དུ་བསྡུ་བ་དང་། །གདུག་པའི་འདུལ་བ་རབ་ཏུ་ཆེ། །བཙན་འདུལ་ཆེན་མོའི་དུས་ལ་བབ། །དམར་ནག་རལ་པས་བརྒྱན་པ་ཡང་། །འཇིག་རྟེན་དབང་དུ་སྡུད་པ་དང་། །བཙན་གྱི་རིགས་རྣམས་ཟིལ་གྱིས་གནོན། །བཙན་འདུལ་ཆེན་མོའི་དུས་ལ་བབ། །གསེར་གྱི་སྙན་ཆ་བྱུང་བ་ཡང་། །སྙན་པ་གསེར་བས་ལྷག་པའི་རྟགས། །རྒྱས་པའི་སྒྲུབ་རྟགས་བསྙེན་པའི་རྟགས། །རྒྱས་པ་བཙན་འདུལ་དུས་ལ་བབ། །བ་སྤུ་ལྕགས་ཀྱུ་འཛིན་པ་ཡང་། །ཉམས་པ་གང་ཡིན་འཛིངས་པར་བྱེད། །རབ་ཏུ་བཟུང་བས་འཆོར་མི་སྲིད། །འཛིན་བྱེད་བཙན་འདུལ་དུས་ལ་བབ། །དར་ནག་ཅོད་པན་འཕུར་བས་ཀྱང་། །ཆོས་ཀྱི་རྒྱལ་མཚན་འཛུག་པ་དང་། །བཙན་འདུལ་དམར་པོའི་དཔུང་བསྡུས་ནས། །འཕུར་བྱེད་བཙན་འདུལ་དུས་ལ་བབ། །དམར་ནག་རལ་པས་བརྒྱན་པ་ཡང་། །དགེ་བསྙེན་འཁོར་བཅས་ཟིལ་གྱིས་གནོན་པ་དང་། །འཇིག་རྟེན་ཁམས་རྣམས་སྤ་བཀོང་ཕྱིར། །བཙན་འདུལ་རལ་པའི་དུས་ལ་བབ། །ཕྱག་གཡས་ཕུར་པ་བསྣམས་པ་ཡང་། །གང་ཡིན་སྙིང་ལ་ཕུར་པ་འདེབས། །ཕུར་སྲུང་བཙན་འདུལ་དུས་ལ་བབ། །གཡོན་པ་ལྕགས་ཀྱུ་བསྣམས་པ་ཡང་། །ཉམས་པ་གང་ཡིན་འགུགས་པར་བྱེད། །ལྕགས་ཀྱུས་ཟུང་ལ་ཕུར་བུས་ཐོབ། །འཛིན་བྱེད་ཆེན་མོའི་དུས་ལ་བབ། །ཧཱུཾ་ཕོ་བྲང་ཀླུ་འདུལ་གདུག་པ་འདུལ། །འཆི་བདག་ཀླུ་ཡི་བུ་མོ་ནི། །ཆིབས་སུ་ཀླུ་རྟ་ལྗང་སྔོན་ཆིབས། །ཀླུ་རྟ་སྔོན་པོ་སྦྲུལ་གྱིས་བརྒྱན། །ཕྱོགས་བཅུར་འཕེན་ཅིང་ཀླུ་རྟ་རྒྱུག །ཉམས་པ་བཅིང་བའི་དུས་ལ་བབ། །སྔོ་ཁྲ་སྦྲུལ་གྱིས་རབ་ཏུ་བརྒྱན། །གདུག་པ་རྒྱལ་རིགས་ཀླུ་རྣམས་འདུལ། །ཕྲིན་ལས་མཐར་ཕྱིན་ཉེས་པ་མེད། །ཀླུ་འདུལ་སྔོ་བཀྲའི་དུས་ལ་བབ། །ཀླུ་བྱ་སྔོན་པོ་ལྡིང་བས་ཀྱང་། །ཀླུ་བདུད་བདུད་དུ་བབ་པའི་བྱ། །ཀླུ་བྱ་ལྗང་སྔོན་ཆུ་ལྟར་འབྲུབ། །


DNG020_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུ་བྱ་སྔོ་བཀྲའི་དུས་ལ་བབ། །ལྗང་སྔོན་དར་གྱི་སྟན་བསྟད་པས། །སྲིད་པའི་བགེགས་རིགས་གདན་དུ་བཏིང་། །ཀླུ་སྲིན་སྔོན་པོ་གདན་དུ་བཏིང་། །གཡས་པ་སྟ་ཐོགས་ཆེམས་སེ་ཆེམ། །དམ་ཉམས་མགོ་ལུས་ཚལ་པར་ཁོས། །གཡོན་པ་གྲི་ཐོགས་བཤན་པའི་རིགས། །ཉམས་པའི་ལྷུ་དང་དུམ་བུར་ཕྲོལ། །གློ་སྙིང་ནང་རོལ་ཁ་རུ་རྫོང་། །ཁ་ནས་མེ་འབར་ལམས་སེ་ལམ། །སྣ་ནས་དུད་པ་ཐུ་ལུ་ལུ། །བཤན་པ་ཁྱེད་ཀྱི་དུས་ལ་བབ། །སྲོག་ཟན་ཁྱེད་ཀྱི་དུས་ལ་བབ། །སྐུ་མཆོག་རབ་ཏུ་མི་བསྒྲུབས་ཀྱང་། །རྔམ་པ་ཆེན་པོའི་སྐུ་བསྐྱོད་ཅིང་། །ཧ་ཧོས་སྟོང་ཁམས་ང་རོས་འགེངས། །བདུད་དཔུང་རབ་ཏུ་འཇིགས་པར་བྱེད། །ཡ་མཚན་ཅན་གྱི་ལྷ་མཆོག་ཀྱང་། །ཆེ་བས་འགྲན་པའི་ཟླ་དང་བྲལ། །མི་སྙིང་ནང་རོལ་འདི་གསོལ་ལ། །གང་ཡིན་སྙིང་རྩ་ཆོད་ལ་ཤོག །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །རྡོ་རྗེ་ཕུར་པ་ཆེན་པོ་བཤད་པའི་རྒྱུད་ལས། གདུག་བྱེད་མ་མོ་སྒྲུབ་པའི་ལེའུ་སྟེ་ཉི་ཤུ་རྩ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་མཚོན་བྱེད་ཡི་གེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཡི་གེ་མཚོན་བྱེད་རང་བཞིན་ཏེ། །མེད་ལས་ཅིར་ཡང་སྣང་བ་སྟེ། །ཐམས་ཅད་མཚོན་བྱེད་རང་བཞིན་ཏེ། །གང་དུ་བསྟན་པ་མཚོན་པར་བྱེད། །ཡོད་པར་བསྟན་དང་མེད་པར་བྱེད། །ཡོད་མེད་གཉིས་དང་རབ་ཏུ་མཚོན། །ལྷ་དང་མཁའ་འགྲོ་དྲེགས་པ་ཅན། །ལས་རྣམས་ཐམས་ཅད་འགྲུབ་པར་བྱེད། །ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ཝ་ར་ལ། ཤ་ཥ་ས་ཧ། ཨ་ཨཱ། ཨི་ཨཱིཾ། ཨུ་ཨཱུ། ཨེ་ཨཻ། ཨོ་ཨཽ། རྀ་རཱྀ། ལྀ་ལཱྀ། ཡི་གེའི་རང་བཞིན་ཀུན་ཀྱང་སྟོན། །དངོས་མེད་མཚོན་པའི་རང་བཞིན་ལས། །ལྔ་ཚན་བཞི་དང་བཞི་ཚན་གཉིས། །ན་ས་བསྡུ་བའི་ཡི་གེ་དྲུག །སིལ་མ་བཅུ་གཉིས་ངེས་པར་འབྱུང་། །འཐོར་བའི་ཡི་གེ་རྣམ་པ་བཞི། །སིལ་མ་ན་ཡ་དྲུག་ཏུ་འགྱུར། །བསྡུས་པ་ཉིད་ལས་བཞི་བཅུར་འགྱུར། །ཡི་གེ་དྭ་


DNG020_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

བོ་དྭ་མོ་ལ། །བཅུ་པ་ཡི་ནི་སྟོད་ནས་སྡེབས། །བཞི་པ་ཡི་ནི་ལྔ་པ་དང་། །ན་ཡ་འབྱུང་བས་ཡང་དག་སྦྱར། །བཞི་པ་ཡི་ནི་གསུམ་པ་དང་། །གཉིས་པ་ཡི་ནི་དེ་ཉིད་དང་། །ལྔ་པ་ཡི་ནི་གསུམ་པའོ། །དང་པོ་ཡི་ནི་དེ་ཉིད་དང་། །བདུན་པ་ཡི་ནི་དེ་བཞིན་ནོ། །བཅུ་གཅིག་པ་ཡི་གཉིས་པ་ལ། །བདུན་པའི་ན་ཡང་དེ་བཞིན་ནོ། །དང་པོ་ཡི་ནི་དེ་ཉིད་ལ། །བདུན་པོ་དེ་ཉིད་ན་ཡའོ། །གཉིས་པ་ཡི་ནི་དེ་ཉིད་དང་། །ལྔ་པ་ཡི་ནི་གསུམ་པའོ། །དང་པོ་ཡི་ནི་དེ་ཉིད་དང་། །བདུན་པའི་ན་ཡ་དེ་བཞིན་ནོ། །བཅུ་གཅིག་པ་ཡི་གཉིས་པ་ལ། །བདུན་པའི་ན་ཡ་དེ་བཞིན་ནོ། །དང་པོ་ཡི་ནི་དེ་ཉིད་ལ། །བདུན་པའི་དེ་ཉིད་ན་ཡའོ། །བཅུ་གཅིག་པ་ཡི་གཉིས་པ་དང་། །ལྔ་པ་ཡི་ནི་འདོད་མའོ། །ཡི་གེ་དྭ་བོ་དང་པོ་དང་། །གཉིས་པ་ཡི་ནི་དེ་ཉིད་དང་། །བདུན་པ་ཡི་ནི་ན་ཡར་བཅས། །གསུམ་པ་ཡི་ནི་དང་པོ་ལ། །དགུ་པ་ཡི་ནི་ན་ཡར་སྡེབས། །ཡི་གེ་དྭ་བོ་དང་མོ་ལ། །བཞི་པ་ཡི་ནི་ད་མོའོ། །ལྔ་པ་ཡི་ནི་གསུམ་པའོ། །གཉིས་པ་ཡི་ནི་དེ་ཉིད་དང་། །བདུན་པ་ཡི་ནི་ན་ཡར་བཅས། །གསུམ་པ་ཡི་ནི་དེ་ཉིད་ཡིན། །གསུམ་པ་ཡི་ནི་དང་པོ་ལ། །དགུ་པ་ཡི་ནི་ན་ཡར་སྦྱར། །དྲུག་པ་ཡི་ནི་མ་ཐ་ལ། །བརྒྱད་པ་ཡི་ནི་ན་ཡར་སྦྱར། །དང་པོ་ཡི་ནི་ཐ་མ་དང་། །རིམ་པ་གྲངས་དང་དེ་བཞིན་སྦྱར། །བཞི་པ་ཡི་ནི་ཐ་མ་རྣམ་གཉིས་ལ། །བཞི་པ་ཡི་ནི་དང་མོ་ལ། །དྲུག་པ་ཡི་ནི་དང་པོ་ལ། །བདུན་པའི་ན་ཡར་དེ་བཞིན་སྦྱར། །དང་པོ་ཡི་ནི་དེ་ཉིད་དང་། །བརྒྱད་པའི་དེ་ཉིད་དེ་བཞིན་སྦྱར། །ལྔ་པ་ཡི་ནི་གསུམ་པ་དང་། །བརྒྱད་པ་ཡི་ནི་ན་ཡར་སྦྱར། །བཞི་པ་ཡི་ནི་ཐ་མ་དང་། །དྲུག་པ་ཡི་ནི་གསུམ་པ་དང་། །གསུམ་པ་ཡི་ནི་ཐ་མ་དང་། །བཞི་པ་ཡི་ནི་དང་མོ་ལ། །ལྔ་པ་ཡི་ནི་གསུམ་པར་སྦྱར། །ལྔ་པ་ཡི་ནི་གསུམ་པ་ལ། །གསུམ་པ་ཡི་ནི་དང་པོར་སྦྱར། །གསུམ་པ་ཡི་ནི་ཐ་མ་ལ། །བདུན་པ་ཡི་ནི་ན་ཡར་སྦྱར། །དྲུག་པ་ཡི་ནི་ཐ་མ་


DNG020_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །བརྒྱད་པ་ཡི་ནི་ན་ཡར་སྦྱར། །རིམ་པའི་ན་ཡ་དེ་བཞིན་སྦྱར། །བཞི་པ་ཡི་ནི་གསུམ་པ་དང་། །གསུམ་པ་ཡི་ནི་དང་པོར་སྦྱར། །དྲུག་པ་ཡི་ནི་གསུམ་པ་དང་། །ལྔ་པ་ཡི་ནི་གསུམ་པ་ལ། །བཞི་པ་ཡི་ནི་གསུམ་པར་སྦྱར། །བཞི་པ་ཡི་ནི་གསུམ་པ་ལ། །བདུན་པ་ཡི་ནི་ན་ཡར་སྦྱར། །དང་པོ་ཡི་ནི་གསུམ་པ་གཞག །གསུམ་པའི་ཐ་མ་གཉིས་པོ་དང་། །བཞི་པ་ཡི་ནི་གསུམ་པ་ལ། །དེ་ཉིད་ཀྱི་ནི་ཐ་མར་གཞག །དྲུག་པ་ཡི་ནི་ཐ་མ་ལ། །བརྒྱད་པ་ཡི་ནི་ན་ཡར་སྦྱར། །བཅུ་པ་ཡི་ནི་དེ་བཞིན་དུ། །བཞི་པ་ཡི་ནི་ཐ་མར་གཞག །རིམ་པར་སྦྱར་བ་དེ་བཞིན་བྱ། །བཞི་པ་ཡི་ནི་གཉིས་པ་དང་། །གསུམ་པ་ཡི་ནི་དང་པོར་གཞག །ཡེ་ཤེས་ལྷ་ལ་མཁའ་འགྲོ་ནི། །ཡང་དག་ཉིད་དུ་དེ་བཞིན་བསྒྲུབ། །ཡང་ན་ཕོ་མོ་རྣམ་གཉིས་ཏེ། །རབ་ཏུ་སྦྱོར་ཕྱིར་འདི་ལྟར་བྱ། །དྲུག་པ་ཡི་ནི་དང་པོ་ལ། །བདུན་པ་ཡི་ནི་ན་ཡར་སྦྱར། །དང་པོ་ཡི་ནི་དེ་ཉིད་དང་། །ལྔ་པ་ཡི་ནི་གསུམ་པ་དང་། །དང་པོ་ཡི་ནི་ཐ་མར་སྦྱར། །དང་པོ་ཡི་ནི་དེ་ཉིད་དང་། །ལྔ་པ་ཡི་ནི་གསུམ་པར་སྦྱར། །དང་པོ་ཡི་ནི་དེ་ཉིད་ལ། །དང་པོ་ཡི་ནི་ཐ་མར་སྦྱར། །དང་པོ་ཡི་ནི་དེ་ཉིད་དང་། །ལྔ་པ་ཡི་ནི་གསུམ་པར་སྦྱར། །གཉིས་པ་ཡི་ནི་ཐ་མ་ལ། །དགུ་པ་ཡི་ནི་ན་ཡར་སྦྱར། །ལྔ་པ་ཡི་ནི་དང་མོ་ལ། །དགུ་པ་ཡི་ནི་ན་ཡར་སྦྱར། །དེ་ཉིད་དངོས་སུ་བྱས་ཀྱང་རུང་། །དྲུག་པ་ཡི་ནི་ཐ་མ་ལ། །བརྒྱད་པ་ཡི་ནི་ན་ཡར་སྦྱར། །དང་པོ་ཡི་ནི་དང་མོ་དང་། །རིམ་པའི་ན་ཡ་ཡང་དག་སྦྱར། །བཞི་པ་ཡི་ནི་གཉིས་པ་དང་། །གསུམ་པ་ཡི་ནི་དང་པོ་སྦྱར། །ཕོ་མོ་གཉིས་སུ་གྱུར་པས་ན། །ལས་སྔགས་རྩ་སྔགས་མཚམས་སུ་སྦྲེལ། །གཅིག་དང་བཞི་དང་དྲུག་རྣམས་ལ། །རིམ་པས་ཕོ་དྲུག་བསྒྲུབས་ཀྱང་རུང་། །དམར་མོ་ལས་སུ་རུང་བྱའི་ཕྱིར། །རྐྱང་པ་དག་ཏུ་གནད་ལ་དབབ། །དེ་ཡིས་ངོ་མཚར་རྟགས་རྣམས་འབྱུང་། །དངོས་སུ་བསྟན་པ་དེ་བཞིན་བྱ། །གཉིས་པ་ཡི་ནི་གསུམ་པ་དང་། །ལྔ་པ་ཡི་ནི་དང་པོ་ལ། །དགུ་པ་ཡི་ནི་ན་ཡར་སྦྱར། །བཞི་པ་ཡི་ནི་གསུམ་པ་དང་། །བདུན་པ་ཡི་ནི་ན་ཡར་


DNG020_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར། །གཉིས་པ་ཡི་ནི་གསུམ་པ་དང་། །ལྔ་པ་ཡི་ནི་དང་པོ་ལ། །དགུ་པ་ཡི་ནི་ན་ཡར་སྦྱར། །བཞི་པ་ཡི་ནི་ཐ་མ་དང་། །གསུམ་པ་ཡི་ནི་དང་པོ་ལ། །བཞི་པ་ཡི་ནི་ཐ་མར་སྦྱར། །གཉིས་པ་ཡི་ནི་ཐ་མ་དང་། །དང་པོ་ཡི་ནི་དེ་ཉིད་དང་། །ལྔ་པ་ཡི་ནི་གསུམ་པ་དང་། །ཡི་གེ་དྭ་བོ་དྭ་མོ་ལ། །བདུན་པ་ཡི་ནི་ན་ཡར་སྦྱར། །གསུམ་པའི་ཐ་མ་རྣམ་གཉིས་ཡིན། །ལྷ་སྔགས་ལས་སྔགས་རྣམ་གཉིས་དང་། །དྲེགས་པ་ཕོ་མོའི་དྲག་སྔགས་ཉིད། །གོང་དུ་སྟོན་པ་དེ་བཞིན་སྦྱར། །ཤྭ་ནའི་ལས་རྣམས་བསྒྲུབ་བྱའི་ཕྱིར། །རྐྱང་པ་དག་ཏུ་བསྟན་པ་ཡིས། །ངོ་མཚར་རྟགས་རྣམས་འབྱུང་བར་འགྱུར། །དང་པོ་ཡི་ནི་དེ་ཉིད་དང་། །གསུམ་པ་ཡི་ནི་དང་པོ་ལ། །དང་པོ་ཡི་ནི་ཐ་མར་སྦྱར། །དང་པོ་ཡི་ནི་དེ་ཉིད་དང་། །གསུམ་པ་ཡི་ནི་དང་པོ་ལ། །དགུ་པ་ཡི་ནི་ན་ཡར་སྦྱར། །ལྔ་པ་ཡི་ནི་དང་མོ་ལ། །དགུ་པ་ཡི་ནི་ན་ཡར་སྦྱར། །བཞི་པ་ཡི་ནི་ཐ་མ་དང་། །གསུམ་པ་ཡི་ནི་དེ་ཉིད་སྦྱར། །གསུམ་པ་ཡི་ནི་དང་མོ་ལ། །བདུན་པ་ཡི་ནི་ན་ཡར་སྦྱར། །བཞི་པའི་ཐ་མ་རྣམ་གཉིས་དང་། །དང་མོ་ཡི་ནི་དེ་ཉིད་ལ། །ལྔ་པ་ཡི་ནི་གསུམ་པར་སྦྱར། །བཞི་པ་ཡི་ནི་ཐ་མའོ། །ལྷ་སྔགས་ལས་སྔགས་རྣམ་གཉིས་དང་། །དྲེགས་པ་པོ་བདུན་དྲག་སྔགས་གསུམ། །གོང་དུ་བསྟན་པ་དེ་བཞིན་ཏེ། །མ་ནོར་རིམ་པར་སྦྲེལ་བར་བྱ། །ནག་མོས་ལས་རྣམས་བསྒྲུབ་བྱའི་ཕྱིར། །རྐྱང་པ་གནད་ལ་དབབ་པ་སྟེ། །དེ་ཡིས་ངོ་མཚར་རྟགས་རྣམས་འབྱུང་། །མཁའ་འགྲོ་རྣམ་གསུམ་སྔགས་དག་ནི། །རྐྱང་པས་རབ་ཏུ་བསྙེན་པའོ། །རྡོ་རྗེ་ཕུར་པ་ཆེན་པོ་བཤད་པའི་རྒྱུད་ལས། མཁའ་འགྲོ་མ་རྐྱང་པ་ཉེ་བར་བསྙེན་པའི་སྔགས་བཏུ་བའི་ལེའུ་སྟེ་ཉི་ཤུ་རྩ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་དྲེགས་པ་ཕོ་མོའི་སྔགས་ཐམས་ཅད་གཅིག་ཏུ་དྲིལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཡི་གེ་དྭ་བོ་དྭ་མོ་ལ། །བཅུ་པ་ཡི་ནི་ན་ཡར་སྦྱར། །བཞི་པ་ཡི་ནི་ཐ་མར་སྦྱར། །རིམ་པར་སྦྱར་བ་དེ་བཞིན་ནོ། །བཞི་པ་ཡི་ནི་གསུམ་པ་དང་། །གཉིས་པ་ཡི་ནི་གསུམ་


DNG020_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། །ལྔ་པ་ཡི་ནི་གསུམ་པ་སྦྱར། །དང་པོ་ཡི་ནི་དེ་ཉིད་དང་། །བདུན་པ་ཡི་ནི་ན་ཡར་སྦྱར། །ལྔ་པ་ཡི་ནི་ཐ་མ་དང་། །ལྔ་པ་ཡི་ནི་དང་པོའོ། །གཉིས་པ་ཡི་ནི་དང་པོ་ལ། །བདུན་པ་ཡི་ནི་ན་ཡ་དང་། །གསུམ་པ་ཡི་ནི་ཐ་མར་སྦྱར། །གསུམ་པ་ཡི་ནི་དེ་ཉིད་དང་། །གཉིས་པ་ཡི་ནི་དང་པོ་ལ། །བདུན་པ་ཡི་ནི་ན་ཡ་དང་། །གསུམ་པ་ཡི་ནི་ན་ཡར་སྦྱར། །གསུམ་པ་ཡི་ནི་དང་མོ་ལ། །དྲུག་པ་ཡི་ནི་ཐ་མ་དང་། །བརྒྱད་པ་ཡི་ནི་ན་ཡ་དང་། །བཞི་པ་ཡི་ནི་ཐ་མར་སྦྱར། །རིམ་པར་སྦྱར་བ་དེ་ཉིད་དོ། །བཞི་པ་ཡི་ནི་གཉིས་པ་དང་། །གསུམ་པ་ཡི་ནི་དང་མོར་སྦྱར། །བཞི་པ་ཡི་ནི་དང་མོ་ལ། །ལྔ་པ་ཡི་ནི་གསུམ་པ་དང་། །བཞི་པ་ཡི་ནི་དང་མོ་ལ། །བདུན་པ་ཡི་ནི་ན་ཡར་སྦྱར། །གསུམ་པ་ཡི་ནི་དེ་ཉིད་སྦྱར། །གསུམ་པ་ཡི་ནི་དང་མོ་ལ། །གསུམ་པ་ཡི་ནི་ཐ་མར་སྦྱར། །ཡི་གེ་དྲུག་པའི་ཐ་མ་ལ། །བརྒྱད་པ་ཡི་ནི་ན་ཡ་དང་། །དང་པོ་ཡི་ནི་ཐ་མ་སྦྱར། །བཞི་པ་ཡི་ནི་གཉིས་པ་ལ། །གསུམ་པ་ཡི་ནི་དང་པོར་སྦྱར། །ཡི་གེ་དྭ་བོ་དྭ་མོ་ལ། །གཉིས་པ་ཡི་ནི་དང་མོ་ལ། །བདུན་པ་ཡི་ནི་ན་ཡ་དང་། །གསུམ་པ་ཡི་ནི་དེ་ཉིད་སྦྱར། །གསུམ་པ་ཡི་ནི་དང་པོ་ལ། །དགུ་པ་ཡི་ནི་ན་ཡར་སྦྱར། །ཡི་གེ་དྭ་བོ་དྭ་མོ་ལ། །བཞི་པ་ཡི་ནི་དང་མོ་དང་། །ལྔ་པ་ཡི་ནི་གསུམ་པ་དང་། །གཉིས་པ་ཡི་ནི་དང་པོ་ལ། །བདུན་པ་ཡི་ནི་ན་ཡ་དང་། །གསུམ་པ་ཡི་ནི་དེ་ཉིད་སྦྱར། །གསུམ་པ་ཡི་ནི་དང་མོ་ལ། །དགུ་པ་ཡི་ནི་ན་ཡར་སྦྱར། །ལྔ་པ་ཡི་ནི་དང་པོའོ། །གཉིས་པ་ཡི་ནི་གསུམ་པ་དང་། །ལྔ་པ་ཡི་ནི་དང་པོ་ལ། །དགུ་པ་ཡི་ནི་ན་ཡར་སྦྱར། །བཞི་པ་ཡི་ནི་གསུམ་པ་ལ། །བདུན་པ་ཡི་ནི་ན་ཡར་སྦྱར། །གཉིས་པ་ཡི་ནི་གསུམ་པ་དང་། །ལྔ་པ་ཡི་ནི་དང་པོ་ལ། །དགུ་པ་ཡི་ནི་ན་ཡར་སྦྱར། །ལྔ་པ་ཡི་ནི་དང་པོའོ། །དང་པོ་ཡི་ནི་དེ་ཉིད་དང་། །གསུམ་པ་ཡི་ནི་དང་པོ་ལ། །དང་པོ་ཡི་ནི་ཐ་མར་སྦྱར། །དང་པོ་ཡི་ནི་དེ་ཉིད་དང་། །གསུམ་པ་ཡི་ནི་དེ་ཉིད་ལ། །དགུ་པ་ཡི་ནི་ན་ཡར་བཏགས། །ལྔ་པ་ཡི་ནི་དང་པོ་ལ། །དགུ་པ་ཡི་ནི་ན་


DNG020_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

ཡར་སྦྱར། །ལྔ་པ་ཡི་ནི་དང་པོའོ། །དྲུག་པ་ཡི་ནི་ཐ་མར་སྦྱར། །བརྒྱད་པ་ཡི་ནི་ན་ཡ་དང་། །དང་པོ་ཡི་ནི་ན་ཡར་སྦྱར། །བཞི་པའི་ཐ་མ་རྣམ་གཉིས་དང་། །བཞི་པ་ཡི་ནི་དང་མོ་དང་། །དྲུག་པ་ཡི་ནི་དང་མོ་ལ། །བདུན་པ་ཡི་ནི་ན་ཡར་སྦྱར། །དང་པོ་ཡི་ནི་དེ་ཉིད་དང་། །བརྒྱད་པ་ཡི་ནི་ན་ཡར་སྦྱར། །ལྔ་པ་ཡི་ནི་གསུམ་པ་ལ། །བརྒྱད་པ་ཡི་ནི་ན་ཡར་སྦྱར། །བཞི་པ་ཡི་ནི་ཐ་མ་ལ། །གསུམ་པ་ཡི་ནི་དང་པོ་ལ། །བཞི་པ་ཡི་ནི་ཐ་མར་སྦྱར། །གཉིས་པ་ཡི་ནི་ཐ་མ་དང་། །དང་པོ་ཡི་ནི་དེ་ཉིད་དང་། །ལྔ་པ་ཡི་ནི་གསུམ་པ་དང་། །ཡི་གེ་དྭ་བོ་དྭ་མོ་ཡང་། །བདུན་པ་ཡི་ནི་ན་ཡར་སྦྱར། །གསུམ་པའི་ཐ་མ་རྣམ་གཉིས་པའོ། །བཞི་པ་ཡི་ནི་ཐ་མ་དང་། །གསུམ་པ་ཡི་ནི་དེ་ཉིད་སྦྱར། །བཞི་པ་ཡི་ནི་ཐ་མ་རྣམ་གཉིས་དང་། །དང་པོ་ཡི་གེ་དེ་ཉིད་ལ། །ལྔ་པ་ཡི་ནི་གསུམ་པར་སྦྱར། །བཞི་པ་ཡི་ནི་ཐ་མའོ། །དྲུག་པ་ཡི་ནི་དང་པོ་ལ། །བདུན་པ་ཡི་ནི་ན་ཡར་སྦྱར། །དང་པོ་ཡི་ནི་དེ་ཉིད་ལ། །ལྔ་པ་ཡི་ནི་གསུམ་པ་དང་། །དང་པོ་ཡི་ནི་ཐ་མར་སྦྱར། །དང་པོ་ཡི་ནི་དེ་ཉིད་ལ། །དང་པོ་ཡི་ནི་ཐ་མར་སྦྱར། །དང་པོ་ཡི་ནི་དེ་ཉིད་ལ། །ལྔ་པ་ཡི་ནི་གསུམ་པར་སྦྱར། །གཉིས་པ་ཡི་ནི་ཐ་མ་ལ། །དགུ་པ་ཡི་ནི་ན་ཡར་སྦྱར། །ལྔ་པ་ཡི་ནི་དང་པོ་ལ། །དགུ་པ་ཡི་ནི་ན་ཡར་སྦྱར། །དྲུག་པ་ཡི་ནི་ཐ་མ་ལ། །བརྒྱད་པ་ཡི་ནི་དང་མོ་ལ། །བཞི་པ་ཡི་ནི་ན་ཡར་སྦྱར། །བཞི་པ་ཡི་ནི་གཉིས་པ་དང་། །གསུམ་པ་ཡི་ནི་དང་པོར་སྦྱར། །དྲུག་པ་ཡི་ནི་ཐ་མ་དང་། །དྲུག་པ་ཡི་ནི་གསུམ་པ་དང་། །ལྔ་པ་ཡི་ནི་གསུམ་པ་དང་། །གསུམ་པ་ཡི་ནི་ཐ་མ་དང་། །དྲུག་པ་ཡི་ནི་ཐ་མ་དང་། །གསུམ་པ་ཡི་ནི་དང་པོ་དང་། །གསུམ་པ་ཡི་ནི་ཐ་མ་དང་། །ཡི་གེ་དྭ་བོ་དྭ་མོ་ལ། །བཅུ་པ་ཡི་ནི་ན་ཡ་དང་། །དང་པོ་ཡི་ནི་ཐ་མ་སྦྱར། །བཞི་པ་ཡི་ནི་གཉིས་པ་དང་། །གསུམ་པ་ཡི་ནི་དང་པོར་སྦྱར། །བཞི་པ་ཡི་ནི་ཐ་མར་སྦྱར། །ལྔ་པ་ཡི་ནི་གསུམ་པ་དང་། །དྲུག་པ་ཡི་ནི་གསུམ་པ་དང་། །གསུམ་པ་ཡི་ནི་ཐ་མ་དང་། །


DNG020_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པ་ཡི་ནི་དང་པོ་ལ། །ལྔ་པ་ཡི་ནི་གསུམ་པར་སྦྱར། །བཞི་པ་ཡི་ནི་ཐ་མ་ལ། །ལྔ་པ་ཡི་ནི་གསུམ་པར་སྦྱར། །ལྔ་པ་ཡི་ནི་གསུམ་པ་ལ། །གསུམ་པ་ཡི་ནི་དང་པོར་སྦྱོར། །གསུམ་པ་ཡི་ནི་ཐ་མ་ལ། །བདུན་པ་ཡི་ནི་ན་ཡར་སྦྱར། །ཡི་གེ་དྲུག་པའི་ཐ་མ་ལ། །བརྒྱད་པ་ཡི་ནི་ན་ཡ་དང་། །དང་པོ་ཡི་ནི་ཐ་མར་སྦྱར། །བཞི་པ་ཡི་ནི་གཉིས་པ་དང་། །གསུམ་པ་ཡི་ནི་ཐ་མར་སྦྱར། །དྲུག་པ་ཡི་ནི་གསུམ་པ་དང་། །ལྔ་པ་ཡི་ནི་གསུམ་པ་ལ། །བཞི་པ་ཡི་ནི་གསུམ་པར་སྦྱར། །བདུན་པ་ཡི་ནི་ན་ཡར་སྦྱར། །གསུམ་པའི་ཐ་མ་རྣམ་གཉིས་དང་། །བཞི་པ་ཡི་ནི་གསུམ་པ་ལ། །དང་པོ་ཡི་ནི་ཐ་མར་སྦྱར། །དྲུག་པ་ཡི་ནི་ཐ་མ་ལ། །བརྒྱད་པ་ཡི་ནི་ན་ཡ་དང་། །དང་པོ་ཡི་ནི་ཐ་མར་སྦྱར། །བཞི་པ་ཡི་ནི་གཉིས་པ་ལ། །གསུམ་པ་ཡི་ནི་དང་པོར་སྦྱར། །དེ་བཞིན་དྲུག་པོའི་སྔགས་འདི་དག །ཡེ་ཤེས་ལྔ་ཡི་སྔགས་དག་དང་། །འགུགས་བྱེད་མ་མོའི་སྔགས་དག་དང་། །སྒྲོལ་བྱེད་གིང་གི་སྔགས་དག་དང་། །འཆི་བདག་བདུད་དང་རྣམ་པ་བཞི། །གཅིག་ཏུ་དྲིལ་བའི་དྲག་སྔགས་ཡིན། །ཕོ་དྲུག་རིམ་པས་ཡང་དག་སྦྱར། །ཡང་ན་དྲེགས་པ་གཅིག་ལ་གཏང་། །དེ་ཡིས་ངོ་མཚར་རྟགས་རྣམས་སྟོན། །ངོ་མཚར་ཅན་དུ་གྱུར་པ་དང་། །དེ་ཡིས་བྱ་བའི་ལས་རྣམས་འགྲུབ། །གོང་དུ་བསྟན་པའི་ལས་ཉིད་ལ། །ངོ་མཚར་རྟགས་རྣམས་མ་བྱུང་ན། །འདི་ཡང་དེ་བཞིན་འབྱུང་མི་འགྱུར། །དེ་ཕྱིར་གོང་དུ་བསྟན་པའི་རྗེས། །གོང་དུ་བསྟན་པའི་སྔགས་ཉིད་ལ། །འགུགས་དང་གསོད་དང་ཕ་རོལ་སྒྲོལ། །ན་ཡ་འབྲུ་ཡི་བྱེ་བྲག་བསྟན། །དེ་ཉིད་རབ་ཏུ་བསྒྲུབ་སྔགས་ལ། །དྲེགས་པ་ཅན་དྲུག་རིམ་པར་སྦྱར། །རྡོ་རྗེ་ཕུར་པ་ཆེན་པོ་བཤད་པའི་རྒྱུད་ལས། དྲེགས་པ་ཅན་དྲག་སྔགས་བཞིའི་སྙིང་པོའི་ལེའུ་སྟེ་ཉི་ཤུ་རྩ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་སྐུ་གསུང་ཐུགས་རབ་ཏུ་བྱེ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ཏེ། ཡི་གེ་དྭ་བོ་དྭ་མོ་དང་། །གཉིས་པ་ཡི་ནི་དང་པོ་ལ། །བདུན་པ་ཡི་ནི་ན་ཡ་དང་། །གསུམ་པ་ཡི་ནི་དེ་ཉིད་


DNG020_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར། །གསུམ་པ་ཡི་ནི་དང་པོ་ལ། །དགུ་པ་ཡི་ནི་ན་ཡར་སྦྱར། །དྲག་པོ་སྐུ་ཡི་སྔགས་སུ་བཤད། །ཡི་གེ་དྭ་བོ་དྭ་མོ་དང་། །བཞི་པ་ཡི་ནི་གསུམ་པ་དང་། །གཉིས་པ་ཡི་ནི་དང་པོ་ལ། །བདུན་པ་ཡི་ནི་ན་ཡར་སྦྱར། །གསུམ་པ་ཡི་ནི་དང་པོ་དང་། །དགུ་པ་ཡི་ནི་ན་ཡར་སྦྱར། །དྲག་པོ་གསུང་གི་སྔགས་སུ་བཤད། །དྲུག་པ་ཡི་ནི་ཐ་མ་ལ། །བརྒྱད་པ་ཡི་ནི་ན་ཡ་དང་། །དང་པོ་ཡི་ནི་ཐ་མར་སྦྱར། །བཞི་པའི་ཐ་མ་རྣམ་གཉིས་སོ། །དྲག་པོ་ཐུགས་ཀྱི་སྔགས་སུ་བཤད། །བཞི་པ་ཡི་ནི་དང་པོ་དང་། །དྲུག་པ་ཡི་ནི་དང་པོ་ལ། །བདུན་པ་ཡི་ནི་ན་ཡར་སྦྱར། །དང་པོ་ཡི་ནི་དེ་ཉིད་དང་། །བརྒྱད་པ་ཡི་ནི་ན་ཡར་སྦྱར། །ལྔ་པ་ཡི་ནི་གསུམ་པ་ལ། །བརྒྱད་པ་ཡི་ནི་ན་ཡར་སྦྱར། །དྲག་པོ་ཡོན་ཏན་སྔགས་སུ་བཤད། །བཞི་པ་ཡི་ནི་ཐ་མ་ལ། །ལྔ་པ་ཡི་ནི་གསུམ་པ་དང་། །གསུམ་པ་ཡི་ནི་ཐ་མ་དང་། །བཞི་པ་ཡི་ནི་དང་མོ་ལ། །ལྔ་པ་ཡི་ནི་གསུམ་པར་སྦྱར། །ལྔ་པ་ཡི་ནི་གསུམ་པ་ལ། །གསུམ་པ་ཡི་ནི་དང་པོར་སྦྱར། །གསུམ་པ་ཡི་ནི་ཐ་མ་ལ། །བདུན་པ་ཡི་ནི་ན་ཡར་སྦྱར། །དྲུག་པ་ཡི་ནི་ཐ་མ་ལ། །བདུན་པ་ཡི་ནི་ན་ཡར་སྦྱར། །དྲུག་པ་ཡི་ནི་ཐ་མ་ལ། །བརྒྱད་པ་ཡི་ནི་ན་ཡ་དང་། །དང་པོ་ཡི་ནི་ཐ་མར་སྦྱར། །བཞི་པ་ཡི་ནི་གཉིས་པ་དང་། །གསུམ་པ་ཡི་ནི་དང་པོར་སྦྱར། །དྲག་པོའི་ཕྲིན་ལས་སྔགས་ཡིན་ཏེ། །འགུགས་བྱེད་བསེ་མོའི་སྔགས་སུ་བཤད། །གཉིས་པ་ཡི་ནི་གསུམ་པ་དང་། །ལྔ་པ་ཡི་ནི་དང་པོའོ། །དགུ་པ་ཡི་ནི་ན་ཡར་སྦྱར། །དྲག་པོ་ཐུགས་ཀྱི་སྔགས་སུ་བཤད། །བཞི་པ་ཡི་ནི་གསུམ་པ་དང་། །བདུན་པ་ཡི་ནི་ན་ཡར་སྦྱར། །གཉིས་པ་ཡི་ནི་གསུམ་པ་དང་། །ལྔ་པ་ཡི་ནི་དང་པོ་ལ། །དགུ་པ་ཡི་ནི་ན་ཡར་སྦྱར། །དྲག་པོ་གསུང་གི་སྔགས་སུ་བཤད། །བཞི་པ་ཡི་ནི་ཐ་མ་དང་། །གསུམ་པ་ཡི་ནི་དང་པོ་ལ། །བཞི་པའི་ཡང་ནི་ཐ་མར་སྦྱར། །གཉིས་པ་ཡི་ནི་ཐ་མའོ། །དྲག་པོ་སྐུ་ཡི་སྔགས་སུ་བཤད། །དང་པོ་ཡི་ནི་དེ་ཉིད་


DNG020_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ལྔ་པ་ཡི་ནི་གསུམ་པའོ། །དྲག་པོ་ཡོན་ཏན་སྔགས་སུ་བཤད། །ཡི་གེ་དྭ་བོ་དྭ་མོ་ལ། །བདུན་པ་ཡི་ནི་ན་ཡར་སྦྱར། །གསུམ་པའི་ཐ་མ་རྣམ་གཉིས་སོ། །དྲག་པོ་ཕྲིན་ལས་སྔགས་སུ་བཤད། །ཤྭ་ན་ལས་ཀྱི་དྲག་སྔགས་འདི། །སྐུ་གསུང་ཐུགས་དང་རབ་ལྡན་པའོ། །དང་པོ་ཡི་ནི་དེ་ཉིད་དང་། །གསུམ་པ་ཡི་ནི་དང་མོ་ལ། །དང་པོ་ཡི་ནི་ཐ་མར་སྦྱར། །དྲག་པོ་གསུང་གི་སྔགས་སུ་བཤད། །དང་པོ་ཡི་ནི་དེ་ཉིད་དང་། །གསུམ་པ་ཡི་ནི་དང་པོ་ལ། །དགུ་པ་ཡི་ནི་ན་ཡར་སྦྱར། །ལྔ་པ་ཡི་ནི་དང་པོ་ལ། །དགུ་པ་ཡི་ནི་ན་ཡར་སྦྱར། །དྲག་པོ་སྐུ་ཡི་སྔགས་སུ་བཤད། །བཞི་པ་ཡི་ནི་ཐ་མ་ལ། །གསུམ་པ་ཡི་ནི་དེ་ཉིད་སྦྱར། །གསུམ་པ་ཡི་ནི་དང་པོ་ལ། །བདུན་པ་ཡི་ནི་ན་ཡར་སྦྱར། །དྲག་པོ་ཐུགས་ཀྱི་སྔགས་སུ་བཤད། །བཞི་པ་ཡི་ནི་རྣམ་གཉིས་ནི། །དྲག་པོ་ཡོན་ཏན་སྔགས་སུ་བཤད། །དང་པོ་ཡི་ནི་དེ་ཉིད་ལ། །ལྔ་པ་ཡི་ནི་གསུམ་པར་སྦྱར། །བཞི་པ་ཡི་ནི་ཐ་མའོ། །དྲག་པོའི་ཕྲིན་ལས་སྔགས་སུ་བཤད། །སྐུ་གསུང་ཐུགས་ཀྱི་སྙིང་པོ་འདི། །དོན་གྱིས་བསྟན་པས་གོ་བར་བྱ། །སྤྱི་རུ་འདི་ལྟར་བསྟན་པ་སྟེ། །ཡེ་ཤེས་ལྷ་ཡི་སྔགས་ཉིད་ནི། །ཐམས་ཅད་ཀུན་གྱི་སྐུ་རུ་བཤད། །རང་རང་རྩ་བའི་སྙིང་པོ་འདི། །ཐམས་ཅད་ཀུན་གྱི་ཐུགས་སུ་བཤད། །རང་རང་སྙིང་པོ་འབྲུ་རེ་ནི། །ཐམས་ཅད་ཀུན་གྱི་གསུང་དུ་བཤད། །རང་རང་ཕྱི་སྐོར་སྙིང་པོ་ནི། །ཐམས་ཅད་ཀུན་གྱི་ཡོན་ཏན་བཤད། །དམ་ཅན་བསེ་མོའི་ལས་སྔགས་ནི། །ཐམས་ཅད་ཕྲིན་ལས་སྔགས་སུ་བཤད། །དེ་ནི་དྲིལ་བའི་སྙིང་པོ་ཡིན། །ཐ་མ་ཡི་ནི་གསུམ་པ་ལ། །བརྒྱད་པ་ཡི་ནི་ན་ཡར་སྦྱར། །ལྔ་པ་ཡི་ནི་གསུམ་པ་ལ། །བརྒྱད་པ་ཡི་ནི་ན་ཡར་སྦྱར། །དེ་ཉིད་དེ་བཞིན་བྱས་པ་དང་། །བཞི་པ་ཡི་ནི་གསུམ་པ་ལ། །གཉིས་པ་ཡི་ནི་གསུམ་པ་ལ། །ལྔ་པ་ཡི་ནི་གསུམ་པར་སྦྱར། །ཤྭ་ན་ལས་ཀྱི་ཐུན་དུ་བཤད། །བཞི་པའི་ཐ་མ་རྣམ་གཉིས་ལ། །བརྒྱད་པ་ཡི་ནི་ན་ཡར་སྦྱར། །ལྔ་པ་ཡི་ནི་གསུམ་པ་ལ། །བརྒྱད་


DNG020_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡི་ནི་ན་ཡར་སྦྱར། །དེ་ཉིད་རིམ་པར་ཡང་དག་འབྱུང་། །བཞི་པ་ཡི་ནི་གསུམ་པ་དང་། །གཉིས་པ་ཡི་ནི་གསུམ་པ་ལ། །ལྔ་པ་ཡི་ནི་གསུམ་པར་སྦྱར། །ནག་མོ་ལས་ཀྱི་ཐུན་དུ་བཤད། །རང་རང་རྩ་བཞི་སྙིང་པོ་དང་། །ཐུན་དང་དྲག་སྔགས་དྲག་པོ་ལ། །བསེ་མོའི་ལས་སྔགས་རབ་ཏུ་སྦྲེལ། །རིམ་པ་གྲངས་སུ་བསྟན་པ་ནི། །རྣམ་པ་གཉིས་ཀྱི་ཐུན་སྔགས་དང་། །བསེ་མོ་དྲག་མོའི་ལས་སྔགས་དང་། །ཡེ་ཤེས་ལྷ་དང་རྣམ་པ་བཞི། །བཟླས་སྔགས་ཐུན་སྔགས་ཀུན་ཀྱང་བྱ། །རང་རང་སྙིང་པོ་ཕྱོགས་སུ་སྡེབས། །ཡེ་ཤེས་ལྷ་དང་རྣམ་གཉིས་ལ། །གང་ཡང་བསྒྲུབ་པའི་རང་སྔགས་བྱ། །རང་རང་སྔགས་ལ་ཐུན་དུ་བྱ། །སྙིང་པོ་དྲག་སྔགས་འདི་དག་ནི། །ཐེ་ཚོམ་ཡིད་གཉིས་མེད་པ་རུ། །ཡང་དག་ཉིད་དུ་བསྒྲུབ་པར་བྱ། །རྡོ་རྗེ་ཕུར་པ་ཆེན་པོ་བཤད་པའི་རྒྱུད་ལས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ཡི་གེ་བཏུ་བའི་ལེའུ་སྟེ་རྩ་དགུ་པའོ།། །།དེ་ནས་བཅོམ་ལྡན་འདས་དྲེགས་པ་ཅན་གྱི་སྲོག་སྙིང་བཏུ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། གསུམ་པ་ཡི་ནི་དང་པོ་དང་། །གསུམ་པ་ཡི་ནི་གཉིས་པ་དང་། །ལྔ་པ་ཡི་ནི་དང་པོ་དང་། །དེ་བཞིན་ཡང་གཅིག་འབྱུང་བ་དང་། །དྲུག་པ་ཡི་ནི་ཐ་མ་ལ། །བརྒྱད་པ་ཡི་ནི་ན་ཡ་དང་། །དང་པོ་ཡི་ནི་ཐ་མར་སྦྱར། །བཞི་པ་ཡི་ནི་གཉིས་པ་ལ། །གསུམ་པ་ཡི་ནི་དང་པོར་སྦྱར། །ཤི་བཀྲམ་གོང་དུ་བསྟན་པ་དང་། །དྲུག་པ་ཡི་ནི་ཐ་མ་དང་། །དེ་ཉིད་ཀྱི་ནི་གསུམ་པ་དང་། །ལྔ་པ་ཡི་ནི་གསུམ་པ་དང་། །གསུམ་པ་ཡི་ནི་ཐ་མ་དང་། །དྲུག་པ་ཡི་ནི་ཐ་མ་དང་། །གསུམ་པ་ཡི་ནི་དང་པོ་དང་། །གསུམ་པ་ཡི་ནི་ཐ་མ་དང་། །དྲུག་པ་ཡི་ནི་ཐ་མ་དང་། །བརྒྱད་པ་ཡི་ནི་ན་ཡ་དང་། །དང་པོ་ཡི་ནི་ཐ་མར་སྦྱར། །བཞི་པ་ཡི་ནི་གཉིས་པ་དང་། །གསུམ་པ་ཡི་ནི་དང་པོར་སྦྱར། །ཡེ་ཤེས་ལྷ་ལ་སྦྲེལ་མི་དགོས། །དེ་ཉིད་གོང་གི་ལས་རྣམས་འགྲུབ། །དྲེགས་པ་ཅན་རྣམས་འགྲུབ་པར་འགྱུར། །རྐྱང་པ་གསུམ་དུ་བསྒྲུབས་ཀྱང་རུང་། །རང་རང་རྫས་ལ་


DNG020_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་པར་བྱ། །ཉམ་ང་མེད་པར་སྒྲུབ་འདོད་ལ། །ཡེ་ཤེས་ལྷ་ཡི་སྔགས་ཉིད་ལས། །དེ་ཉིད་གསུམ་གྱི་སྔགས་སྦྲེལ་ལ། །བསེ་མོ་ཉིད་ཀྱང་ལས་སྔགས་གདགས། །དེ་ཉིད་ཉམ་ང་མེད་པར་བསྒྲུབ། །རང་རང་རྫས་ལ་བརྟེན་པའོ། །དྲག་པོ་དྲུག་གི་སྔགས་ཉིད་ནི། །བཏུ་མི་དགོས་ཏེ་རང་རང་གསལ། །ལྷ་དང་དྲེགས་པ་མ་མོ་གསུམ། །གཅིག་ཏུ་བསྡུས་ནས་ཉམ་ང་མེད། །དྲུག་ཏུ་བསྒྲུབས་ཀྱང་དེ་བཞིན་ནམ། །རང་རང་སྔགས་དང་རྫས་བཅས་པས། །ཐེ་ཚོམ་སོམ་ཉི་མེད་པར་འགྲུབ། །དེ་ཡིས་དོན་ཉིད་འགྲུབ་པར་འགྱུར། །རྡོ་རྗེ་ཕུར་པ་ཆེན་པོ་ཡིས། །བཀའ་དང་དམ་ལ་བཏགས་པ་ཡིས། །མཁའ་འགྲོ་སྒོ་སྒོར་བསྒྲུབ་པ་ནི། །གོང་དུ་རྐྱང་པར་བསྟན་པའོ། །ཁྲོ་བཅུ་ལྷ་ཚོགས་རང་སྔགས་ཚང་། །མང་ཉུང་བསྣན་དང་དབྲི་རུ་མེད། །འཁྲུགས་ཤིང་བསྡེབ་ཏུ་མེད་པར་བཤད། །ཡི་གེ་དྭ་བོ་དྭ་མོ་ལ། །བཅུ་པ་ཡི་ནི་ན་ཡ་དང་། །བཞི་པ་ཡི་ནི་ཐ་མར་སྦྱར། །ཡེ་ཤེས་ལྷ་དང་མཉམ་སྦྱོར་ནས། །ཡི་གེ་ལྷ་རུ་འགྱུར་བ་ཡིན། །ལྔ་པ་ཡི་ནི་ཐ་མ་ལ། །དང་པོ་ཡི་ནི་ཐ་མར་སྦྱར། །ཤེས་རབ་ཐབས་ཀྱི་སྔགས་སུ་བཤད། །དྲུག་པ་ཡི་ནི་ཐ་མ་ལ། །བརྒྱད་པ་ཡི་ནི་ན་ཡ་དང་། །དང་པོ་ཡི་ནི་ཐ་མར་སྦྱར། །ལྔ་པ་ཡི་ནི་ཐ་མ་ལ། །དང་པོ་ཡི་ནི་ཐ་མར་སྦྱར། །ཤེས་རབ་ཡུམ་གྱི་སྔགས་སུ་བཤད། །དྲུག་པ་ཡི་ནི་ཐ་མ་དང་། །གསུམ་པ་ཡི་ནི་དང་པོ་ལ། །བཞི་པ་ཡི་ནི་ཐ་མ་སྦྱར། །བཞི་པ་ཡི་ནི་གསུམ་པ་དང་། །བཞི་པ་ཡི་ནི་ཐ་མ་རྣམ་གཉིས་སོ། །ཐབས་དང་ཤེས་རབ་གཉིས་མེད་པའི། །ཡབ་ཡུམ་འཛོམས་པའི་སྔགས་སུ་བཤད། །བཞི་པ་ཡི་ནི་ཐ་མ་དང་། །དྲུག་པ་ཡི་ནི་ཐ་མའོ། །མཚོན་པ་ཡི་ནི་སྔགས་སུ་བཤད། །བཞི་པ་ཡི་ནི་ཐ་མ་དང་། །དང་པོ་ཡི་ནི་གསུམ་པར་སྦྱར། །ལྔ་པ་ཡི་ནི་དང་པོའོ། །མཚོན་བྱེད་རུས་ཀྱི་སྔགས་སུ་བཤད། །བཞི་པ་ཡི་ནི་གསུམ་པ་ནི། །དང་པོ་ཡི་ནི་གསུམ་པ་དང་། །བཞི་པ་ཡི་ནི་གསུམ་པ་དང་། །གསུམ་པ་ཡི་ནི་ཐ་མར་སྦྱར། །ཕ་རོལ་ཕྱིན་པ་བཅོམ་ལྡན་འདས། །བདེ་བར་གཤེགས་པའི་སྔགས་སུ་བཤད། །དྲུག་


DNG020_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡི་ནི་དང་པོ་ལ། །བདུན་པ་ཡི་ནི་ན་ཡར་སྦྱར། །དང་པོ་ཡི་ནི་དེ་ཉིད་དང་། །བདུན་པ་ཡི་ནི་ན་ཡ་དང་། །ལྔ་པ་ཡི་ནི་གསུམ་པར་སྦྱར། །ཐབས་ཀྱི་རང་བཞིན་བཅིངས་པའི་སྔགས། །ཡབ་ལས་བྱིན་རླབས་འབྱུང་བར་བཤད། །བཞི་པ་ཡི་ནི་གསུམ་པ་དང་། །བདུན་པ་ཡི་ནི་ན་ཡར་སྦྱར། །དང་པོ་ཡི་ནི་དེ་ཉིད་དང་། །བདུན་པ་ཡི་ནི་ན་ཡ་དང་། །ལྔ་པ་ཡི་ནི་གསུམ་པར་སྦྱར། །ཤེས་རབ་རང་བཞིན་བཅིངས་པས་ན། །ཡུམ་ལས་བྱིན་གྱིས་བརླབས་པར་བཤད། །བཞི་པ་ཡི་ནི་གསུམ་པ་དང་། །གཉིས་པ་ཡི་ནི་གསུམ་པ་ལ། །ལྔ་པ་ཡི་ནི་གསུམ་པར་སྦྱར། །ཐམས་ཅད་རྡོ་རྗེ་ཁྲོ་བོར་འགྱུར། །རྡོ་རྗེ་རིགས་ལས་འབྱུང་བར་བཤད། །དྲུག་པ་ཡི་ནི་ཐ་མ་ལ། །བརྒྱད་པ་ཡི་ནི་ན་ཡ་དང་། །དང་པོ་ཡི་ནི་ཐ་མར་སྦྱར། །དང་པོ་ཡི་ནི་དེ་ཉིད་དང་། །ལྔ་པ་ཡི་ནི་གསུམ་པ་དང་། །དྲུག་པ་ཡི་ནི་ཐ་མ་དང་། །བརྒྱད་པ་ཡི་ནི་ན་ཡ་དང་། །དང་པོ་ཡི་ནི་ཐ་མར་སྦྱར། །ཡང་གཅིག་དེ་བཞིན་འབྱུང་བར་འགྱུར། །བཞི་པ་ཡི་ནི་གཉིས་པ་ལ། །གསུམ་པ་ཡི་ནི་དང་པོར་སྦྱར། །ཡང་གཅིག་དེ་བཞིན་འབྱུང་བར་འགྱུར། །ཁྲོ་བོ་ཐམས་ཅད་འདུས་པ་སྟེ། །དྲག་པོས་དབང་དུ་བསྡུ་བ་དང་། །སྒྲོལ་བའི་ལས་ཉིད་བྱེད་པར་འགྱུར། །ཡི་གེ་དྭ་བོ་དྭ་མོ་ལ། །བཅུ་པ་ཡི་ནི་ན་ཡ་དང་། །བཞི་པ་ཡི་ནི་ཐ་མར་སྦྱར། །ཡེ་ཤེས་ལྔ་ཡི་ངོ་བོར་འགྱུར། །ཐམས་ཅད་རྩ་བའི་སྔགས་སུ་བཤད། །བཞི་པ་ཡི་ནི་གསུམ་པ་དང་། །གཉིས་པ་ཡི་ནི་གསུམ་པ་ལ། །ལྔ་པ་ཡི་ནི་གསུམ་པར་སྦྱར། །རྡོ་རྗེ་ཁྲོ་བོར་འབྱུང་བར་འགྱུར། །ཡི་གེ་དྭ་བོ་དྭ་མོ་ལ། །བཅུ་པ་ཡི་ནི་ན་ཡ་དང་། །དྲག་པོ་ཉིད་དུ་བསྟན་པར་བཤད། །དང་པོ་ཡི་ནི་དེ་ཉིད་ལ། །བདུན་པ་ཡི་ནི་ན་ཡར་སྦྱར། །ལྔ་པ་ཡི་ནི་ཐ་མ་ལ། །བདུན་པ་ཡི་ནི་ན་ཡར་སྦྱར། །ཐུགས་རྗེ་སྤྲུལ་པ་རབ་ཏུ་འབྱུང་། །གོང་གི་བྱིན་རླབས་ཡིན་པར་བཤད། །དང་པོ་ཡི་ནི་དེ་ཉིད་ལ། །བདུན་པ་ཡི་ནི་ན་ཡར་སྦྱར། །ལྔ་པ་ཡི་ནི་ཐ་མའོ། །སྲིད་པ་གསུམ་ཆར་ཕུར་པ་སྟེ། །ཐམས་ཅད་ཁྲོ་བོས་གང་བར་བཤད། །དྲུག་པ་ཡི་ནི་དང་པོ་སྟེ། །དྲེགས་པ་ཐམས་ཅད་སྙིང་པོ་


DNG020_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། །འཇིག་པར་བྱེད་པའི་ལས་སུ་བཤད། །གཉིས་པ་ཡི་ནི་གསུམ་པ་དང་། །དྲུག་པ་ཡི་ནི་ཐ་མ་ལ། །བརྒྱད་པ་ཡི་ནི་ན་ཡ་ལ། །དང་པོ་ཡི་ནི་ཐ་མར་སྦྱར། །དྲུག་པ་ཡི་ནི་ཐ་མ་ལ། །བཅུ་པ་ཡི་ནི་ཐ་མ་ལ། །བཅུ་པ་ཡི་ནི་ན་ཡར་སྦྱར། །ཐམས་ཅད་རྡོ་རྗེ་ལྕགས་ཀྱུ་བསྣམས། །དེ་བཞིན་འཆིང་བྱེད་ཞགས་པ་དང་། །སྡོམ་པར་བྱེད་པའི་ལྕགས་སྒྲོག་དང་། །རྡེག་པར་བྱེད་པའི་དྲིལ་བུ་ཡིས། །དབང་མེད་རབ་ཏུ་སྡོམ་པར་བྱེད། །ལས་ཀྱི་ཕྱག་རྒྱ་བཞི་རུ་བཤད། །དྲུག་པ་ཡི་ནི་གསུམ་པ་དང་། །ལྔ་པ་ཡི་ནི་གསུམ་པ་ལ། །བཞི་པ་ཡི་ནི་གསུམ་པར་སྦྱར། །བཞི་པ་ཡི་ནི་གསུམ་པ་ལ། །བདུན་པ་ཡི་ནི་ན་ཡ་དང་། །དང་པོ་ཡི་ནི་གསུམ་པར་སྦྱར། །གསུམ་པ་ཡི་ནི་ཐ་མ་རྣམ་གཉིས་སོ། །ལྷ་ཡི་ལས་སྔགས་དྲག་པོ་སྟེ། །དྲེགས་པ་ཅན་གྱི་སྔགས་སུ་བཤད། །བཞི་པ་ཡི་ནི་གསུམ་པ་ལ། །གཉིས་པ་ཡི་ནི་གསུམ་པ་ལ། །ལྔ་པ་ཡི་ནི་གསུམ་པ་སྦྱར་བར་བྱ། །ཉིད་ལས་མི་གཡོ་ཐུགས་ཀྱི་སྲས། །སྲས་ཀྱི་དམ་པ་རྡོ་རྗེའི་སྐུ། །རྣམ་པ་དྲུག་ཏུ་འབྱུང་བའི་རྟགས། །དང་པོ་ཡི་ནི་དེ་ཉིད་ལ། །བདུན་པ་ཡི་ནི་ན་ཡར་སྦྱར། །ལྔ་པ་ཡི་ནི་ཐ་མ་ལ། །ལྔ་པ་ཡི་ནི་དང་པོའོ། །ཐུགས་ལས་སྤྲུལ་པའི་སྲས་མཆོག་སྟེ། །ཉིད་ལས་མི་གཞན་འབྱུང་བའི་རྟགས། །དྲེགས་པ་འདུལ་བའི་ལྷ་རུ་བཤད། །དྲུག་པ་ཡི་ནི་ཐ་མ་ལ། །བརྒྱད་པ་ཡི་ནི་ན་ཡ་དང་། །དང་པོ་ཡི་ནི་ཐ་མར་སྦྱར། །ཡང་གཅིག་དེ་བཞིན་འབྱུང་བར་འགྱུར། །བཞི་པ་ཡི་ནི་གཉིས་པ་ལ། །གསུམ་པ་ཡི་ནི་དང་པོར་སྦྱར། །ཡང་གཅིག་དེ་བཞིན་འབྱུང་བར་འགྱུར། །དྲག་པོའི་ལྷ་ནི་རབ་ཏུ་ཁྲོས། །སྟོང་གསུམ་སྤྲུལ་པས་གང་བར་བཤད། །ཡི་གེ་དྭ་བོ་དྭ་མོ་ལ། །བཅུ་པ་ཡི་ནི་ན་ཡར་དང་། །བཞི་པ་ཡི་ནི་ཐ་མར་སྦྱར། །དྲུག་པ་ཡི་ནི་ཐ་མ་ལ། །བརྒྱད་པ་ཡི་ནི་ན་ཡ་དང་། །དང་པོ་ཡི་ནི་ཐ་མར་སྦྱར། །ཡེ་ཤེས་ལྔ་དང་རིགས་ལྔ་ལས། །ཅི་ལྟར་འདུལ་བའི་འབྱུང་བའི་རྟགས། །དང་པོ་ཡི་ནི་དེ་ཉིད་དང་། །ལྔ་པ་ཡི་ནི་གསུམ་པ་དང་། །དྲུག་པ་ཡི་ནི་ཐ་མ་ལ། །བརྒྱད་པ་ཡི་ནི་ན་ཡ་དང་། །དང་པོ་ཡི་ནི་ཐ་མར་སྦྱར། །བཞི་པ་ཡི་ནི་གཉིས་པ་ལ། །གསུམ་པ་ཡི་ནི་དང་པོར་སྦྱར། །དྲག་པོའི་


DNG020_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱི་ཁྲོ་བོ་ཡིས། །དངོས་པོར་རང་གར་འཛིན་པ་སྒྲོལ། །འཁོར་བ་འཛིན་པ་སྒྲོལ་བའི་རྟགས། །བཞི་པ་ཡི་ནི་གསུམ་པ་དང་། །གཉིས་པ་ཡི་ནི་གསུམ་པ་ལ། །ལྔ་པ་ཡི་ནི་གསུམ་པར་སྦྱར། །རྡོ་རྗེ་ལས་ཀྱི་ཁྲོ་བོ་ཡིས། །དོན་དམ་དབྱིངས་སུ་དགོད་པར་བྱ། །དྲུག་པ་ལ་ནི་ཐ་མ་ལ། །བརྒྱད་པ་ཡི་ནི་ན་ཡ་དང་། །དང་པོ་ཡི་ནི་ཐ་མར་སྦྱར། །དང་པོ་ཡི་ནི་དེ་ཉིད་དང་། །ལྔ་པ་ཡི་ནི་གསུམ་པ་དང་། །དྲུག་པ་ཡི་ནི་ཐ་མ་ལ། །བརྒྱད་པ་ཡི་ནི་ན་ཡ་དང་། །དང་པོ་ཡི་ནི་ཐ་མར་སྦྱར། །འཁོར་བའི་རྣམ་རྟོག་ཀུན་བསྡུས་ནས། །རྩ་མཆོག་བཞིན་དུ་སྲེག་པར་བཤད། །ཡི་གེ་དྭ་བོ་གཉིས་པོ་ཡང་། །སྟོང་པ་ཉིད་ཀྱི་ཡི་གེ་སྟེ། །འཛིན་པ་སྟོང་པར་བསྒྲལ་བར་བཤད། །དེ་ཡིས་ཡང་དག་དོན་རྟོགས་འགྱུར། །དངོས་པོ་འཛིན་པ་རང་རང་སྔགས། །སྟོང་པར་སྒྲོལ་བ་དེ་ཉིད་དོ། །སྔགས་ནི་འཁྲུགས་པ་སྡེབ་པར་བསྟན། །ཨོཾ་ལམ་ཧཱུཾ་ལས་ཡབ་དང་ཡུམ། །ཀཱི་ལི་གོང་དང་ཧཱུཾ་ཀཱ་ར། །གདུག་པ་འཁོར་བཅས་སྔགས་སུ་བཤད། །ཀཱི་ལི་འོག་མ་བིག་དང་བཅས། །གདུག་བྱེད་སྲས་མཆོག་དྲུག་ཏུ་བཤད། །སྟྭམ་བྷ་ཐབས་དང་ཤེས་རབ་སྔགས། །གཉིས་མེད་སྦྱོར་བས་ཉོན་མོངས་སྦྱོང་། །དྲག་པོ་ཡབ་ཡུམ་སྒྲོལ་བར་བཤད། །མོ་ཧ་མིང་ལ་གྷ་ཡ་རུས། །རྟེན་ལ་དབབ་པའི་ལས་སུ་བཤད། །ཛཿཧཱུཾ་བཾ་ཧོས་ཕྱག་རྒྱ་བཞི། །རྟེན་དང་གཉིས་སུ་མེད་པར་བཤད། །ཡཾ་དང་ཧཱུཾ་གིས་བསྡུས་པའི་སྔགས། །ཉོན་མོངས་རང་དབང་མེད་པར་བཤད། །བྷ་ག་བཱན་ནི་བཅོམ་ལྡན་འདས། །སྒྲོལ་བའི་གཙོ་བོ་ཡིན་པར་བཤད། །ཤྲི་ཀྲི་ཡབ་དང་བི་ཀྲི་ཡུམ། །གཉིས་མེད་ཡབ་ཡུམ་བྱང་དུ་བཤད། །བཛྲ་ཧཱུཾ་དང་ཨར་བཅས་པ། །ཡང་དག་དོན་གྱི་འབྲས་བུ་སྟེ། །སྟོང་པ་ཆེན་པོར་སྒྲོལ་བར་བཤད། །རང་རང་འཛིན་པ་ཀུན་བཅོམ་ནས། །དངོས་མེད་ནམ་མཁའི་རང་བཞིན་གནས། །ཆོ་འཕྲུལ་སྣ་ཚོགས་འགྲོ་དོན་མཛད། །རྡོ་རྗེ་ཕུར་པ་ཆེན་པོ་བཤད་པའི་རྒྱུད་ལས། དྲེགས་པ་ཆེན་པོ་དང་སྟོང་པར་བསྒྲལ་བའི་ཡི་གེའི་སྔགས་བཏུ་བའི་ལེའུ་སྟེ་སུམ་ཅུ་པའོ།། །།


DNG020_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བཅོམ་ལྡན་འདས་དྲག་པོ་གདབ་པའི་སྔགས་བཏུ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དྲུག་པ་ཡི་ནི་ཐ་མ་ལ། །བརྒྱད་པ་ཡི་ནི་ན་ཡ་དང་། །དང་པོ་ཡི་ནི་ཐ་མར་སྦྱར། །བཞི་པ་ཡི་ནི་དང་པོ་ལ། །ལྔ་པ་ཡི་ནི་གསུམ་པ་དང་། །བཞི་པ་ཡི་ནི་དང་པོ་ལ། །བདུན་པ་ཡི་ནི་ན་ཡར་སྦྱར། །གསུམ་པ་ཡི་ནི་དེ་ཉིད་སྦྱར། །གསུམ་པ་ཡི་ནི་དང་པོ་ལ། །ལྔ་པ་ཡི་ནི་གཉིས་པ་དང་། །གསུམ་པ་ཡི་ནི་ཐ་མར་སྦྱར། །དྲུག་པ་ཡི་ནི་ཐ་མ་ལ། །བརྒྱད་པ་ཡི་ནི་ན་ཡར་དང་། །དང་པོ་ཡི་ནི་ཐ་མར་སྦྱར། །བཞི་པ་ཡི་ནི་གཉིས་པ་དང་། །གསུམ་པ་ཡི་ནི་དང་པོ་སྦྱར། །དེ་བཞིན་དེ་ཡིས་ཤེས་པར་བྱ། །བཅོམ་ལྡན་འདས་སུ་གསུངས་པ་སྟེ། །ཕ་རོལ་སྒྲོལ་བའི་གསང་སྔགས་ཡིན། །དྲུག་པ་ཡི་ནི་གསུམ་པ་དང་། །ལྔ་པ་ཡི་ནི་གསུམ་པ་ལ། །བཞི་པ་ཡི་ནི་གསུམ་པར་སྦྱར། །ཡི་གེ་དྭ་བོ་དྭ་མོ་དང་། །གསུམ་པ་ཡི་ནི་ཐ་མ་དང་། །ལྔ་པ་ཡི་ནི་དང་པོའོ། །སྔགས་གཞུག་གོང་དུ་བསྟན་པ་གང་། །ཚངས་པ་དབང་སྡུད་གདུག་པ་ཅན། །རང་རྒྱུད་དངོས་པོར་སྒྲོལ་བར་བཤད། །དྲུག་པོ་ཡི་ནི་ཐ་མ་དང་། །གསུམ་པ་ཡི་ནི་ཐ་མ་དང་། །ཡང་གཅིག་དེ་བཞིན་འབྱུང་བ་དང་། །བཛྲ་ཧཱུཾ་དང་ཕཊ་དུ་བསྒྱུར། །བརྒྱ་བྱིན་དབང་སྡུད་གདུག་པ་ཅན། །རང་རྒྱུད་དངོས་པོར་སྒྲོལ་བར་བཤད། །གསུམ་པ་ཡི་ནི་དེ་ཉིད་དང་། །བཞི་པ་ཉིད་དུ་བྱས་ཀྱང་རུང་། །དྲུག་པ་ཡི་ནི་ཐ་མ་དང་། །ཡང་གཅིག་དེ་བཞིན་འབྱུང་བ་དང་། །དྲང་སྲོང་དབང་སྡུད་གདུག་པ་ཅན། །རང་རྒྱུད་དངོས་པོར་གྲོལ་བར་བཤད། །བཞི་པ་ཡི་ནི་དང་པོ་དང་། །གཉིས་པ་ཡི་ནི་དང་པོ་དང་། །ཡང་གཅིག་འབྱུང་བ་དེ་བཞིན་དུ། །གཤིན་རྗེ་དབང་སྡུད་གདུག་པ་ཅན། །རང་རྒྱུད་དངོས་པོར་སྒྲོལ་བར་བཤད། །བཞི་པ་ཡི་ནི་དེ་ཉིད་དང་། །གསུམ་པ་ཡི་ནི་ཐ་མར་སྦྱར། །གསུམ་པ་ཡི་ནི་བཞི་པ་དང་། །ཡང་གཅིག་དེ་བཞིན་འབྱུང་བར་འགྱུར། །སྲིན་པོ་དབང་སྡུད་གདུག་པ་ཅན། །རང་རྒྱུད་དངོས་པོར་འཛིན་པ་སྒྲོལ། །སྒྲ་ཡིག་དང་པོ་ན་ཡ་དང་། །དང་པོ་ཡི་ནི་གསུམ་པ་ལ། །ལྔ་པ་ཡི་ནི་གསུམ་པ་དང་། །


DNG020_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་པ་ཡི་ནི་ན་ཡར་སྦྱར། །བཞི་པ་ཡི་ནི་ཐ་མའོ། །ཡང་གཅིག་འབྱུང་བ་དེ་བཞིན་དུ། །ཀླུ་བདུད་དབང་སྡུད་གདུག་པ་འདུལ། །རང་རྒྱུད་དངོས་པོར་འཛིན་པ་སྒྲོལ། །བཞི་པ་ཡི་ནི་ཐ་མ་དང་། །གསུམ་པ་ཡི་ནི་དང་པོ་དང་། །ཡང་གཅིག་འབྱུང་བ་དེ་བཞིན་དུ། །རླུང་ལྷ་དབང་སྡུད་གདུག་པ་འདུལ། །རང་རྒྱུད་དངོས་པོར་འཛིན་པ་གྲོལ། །གཉིས་པ་ཡི་ནི་དང་པོ་ལ། །བདུན་པ་ཡི་ནི་ན་ཡ་དང་། །གསུམ་པ་ཡི་ནི་ཐ་མར་སྦྱར། །གསུམ་པ་ཡི་ནི་བཞི་པའོ། །ཡང་གཅིག་འབྱུང་བ་དེ་བཞིན་དུ། །གནོད་སྦྱིན་དབང་སྡུད་གདུག་པ་འདུལ། །རང་རྒྱུད་དངོས་པོར་འཛིན་པ་སྒྲོལ། །བཞི་པ་ཡི་ནི་གསུམ་པ་དང་། །བདུན་པ་ཡི་ནི་ན་ཡ་དང་། །གསུམ་པ་ཡི་ནི་ཐ་མར་སྦྱར། །གསུམ་པ་ཡི་ནི་བཞི་པ་དང་། །ཡང་གཅིག་འབྱུང་བ་དེ་བཞིན་དུ། །དབང་ལྡན་དབང་སྡུད་གདུག་པ་འདུལ། །རང་རྒྱུད་དངོས་པོར་འཛིན་པ་སྒྲོལ། །གསུམ་པ་ཡི་ནི་དང་པོ་དང་། །དེ་ཉིད་ཀྱི་ནི་གཉིས་པ་དང་། །ལྔ་པ་ཡི་ནི་དང་པོའོ། །ཡང་གཅིག་འབྱུང་བ་དེ་བཞིན་དུ། །ས་བདག་དབང་སྡུད་གདུག་པ་འདུལ། །རང་རྒྱུད་དངོས་པོར་འཛིན་པ་སྒྲོལ། །ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས། །འདུལ་བའི་གཉེན་པོ་ལས་ཀྱི་མཆོག །དྲག་པོ་ཉིད་དུ་ཡང་དག་བཤད། །གཉིས་པ་ཡི་ནི་གསུམ་པ་ལ། །བཞི་པ་ཡི་ནི་གསུམ་པར་སྦྱར། །ལྔ་པ་ཡི་ནི་ཐ་མའོ། །ཡང་གཅིག་འབྱུང་བ་དེ་བཞིན་དུ། །བཞི་པ་ཡི་ནི་གསུམ་པ་ལ། །གཉིས་པ་ཡི་ནི་གསུམ་པ་དང་། །ལྔ་པ་ཡི་ནི་དེ་བཞིན་སྦྱར། །ཡེ་ཤེས་ལྷ་ལ་དེ་ཉིད་དང་། །བསེ་མོ་ཉིད་ཀྱི་ལས་སྔགས་གསུམ། །དྲག་པོ་མོ་ཡི་སྔགས་སུ་བཤད། །བཞི་པ་ཡི་ནི་གསུམ་པ་དང་། །གཉིས་པ་ཡི་ནི་གསུམ་པ་ལ། །ལྔ་པ་ཡི་ནི་ན་ཡར་སྦྱར། །ལྔ་པ་ཡི་ནི་དང་པོ་ལ། །དང་པོ་ཡི་ནི་གསུམ་པར་སྦྱར། །དྲུག་པ་ཡི་ནི་དང་པོ་ལ། །དང་པོ་ཡི་ནི་གཉིས་པ་ལ། །ལྔ་པ་ཡི་ནི་གསུམ་པ་དང་། །བཅུ་པ་ཡི་ནི་ན་ཡར་སྦྱར། །གསུམ་པ་ཡི་ནི་བཞི་པ་དང་། །དང་པོ་ཡི་ནི་གཉིས་པ་དང་། །དྲུག་པ་ཡི་ནི་ཐ་མ་ལ། །བདུན་པ་ཡི་ནི་ན་ཡར་སྦྱར། །


DNG020_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིས་ཀྱང་གཉིས་ཏེ་གསུམ་དུ་འགྱུར། །ཉི་ཤུ་རྩ་གཅིག་གཞུག་ལ་གདགས། །བསྟབ་ཅིང་ཞལ་དུ་གསོལ་བའི་སྔགས། །དྲུག་པ་ཡི་ནི་ཐ་མ་རྣམ་གཉིས་ལ། །མཉེས་པས་རབ་ཏུ་དགྱེས་པར་འགྱུར། །དེ་ཡིས་བདེ་བ་ཆེན་པོར་འགྱུར། །བཅོ་ལྔ་བདུད་ཕོ་མོ་ཡི་སྔགས་ཉིད་ནི། །མོ་སྔགས་ཕོ་རུ་བསྒྱུར་བའི་ཕྱིར། །བཅོ་ལྔ་ཡང་དག་རྣམ་པར་ལྡན། །རང་རང་རྫས་སུ་བསྟན་པར་ཟད། །གང་བསྟན་པ་ཡང་རབ་ཏུ་བསྒྱུར། །རྡོ་རྗེ་ཕུར་པ་ཆེན་པོ་བཤད་པའི་རྒྱུད་ལས། དྲག་པོ་སྒྲོལ་བའི་སྔགས་བཏུ་བའི་ལེའུ་སྟེ་སོ་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་དྲག་སྔགས་དྲག་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཡི་གེ་དྭ་བོ་དྭ་མོ་ལ། །བཅུ་པ་ཡི་ནི་ན་ཡ་དང་། །བཞི་པ་ཡི་ནི་ཐ་མར་སྦྱར། །ལྔ་པ་ཡི་ནི་དང་པོ་ལ། །དང་པོ་ཡི་ནི་ན་ཡར་སྦྱར། །དྲུག་པ་ཡི་ནི་དང་པོའོ། །དྲུག་པ་ཡི་ནི་དང་པོ་དང་། །ཡི་གེ་དྭ་བོ་ན་ཡ་དང་། །དང་པོ་ཡི་ནི་གསུམ་པ་ལ། །ལྔ་པ་ཡི་ནི་གསུམ་པ་དང་། །བདུན་པ་ཡི་ནི་ན་ཡར་སྦྱར། །ལྔ་པ་ཡི་ནི་གཉིས་པའོ། །བཞི་པ་ཡི་ནི་ཐ་མ་དང་། །ལྔ་པ་ཡི་ནི་གསུམ་པ་དང་། །ལྔ་པ་ཡི་ནི་དང་པོའོ། །ལྔ་པ་ཡི་ནི་གསུམ་པ་ལ། །བཞི་པ་ཡི་ནི་གསུམ་པ་ལ། །གསུམ་པ་ཡི་ནི་དེ་ཉིད་སྦྱར། །དང་པོ་ཡི་ནི་གསུམ་པ་དང་། །བདུན་པ་ཡི་ནི་ན་ཡ་དང་། །དང་པོ་ཡི་ནི་ཐ་མར་སྦྱར། །བཞི་པ་ཡི་ནི་ཐ་མ་ལ། །བདུན་པ་ཡི་ནི་ན་ཡར་སྦྱར། །དྲུག་པ་ཡི་ནི་གསུམ་པ་དང་། །གཉིས་པ་ཡི་ནི་ཐ་མ་ལ། །བདུན་པ་ཡི་ནི་ན་ཡར་སྦྱར། །དང་པོ་ཡི་ནི་ཐ་མའོ། །དང་པོ་ཡི་ནི་གཉིས་པ་དང་། །ལྔ་པ་ཡི་ནི་གསུམ་པ་ལ། །དང་པོ་ཡི་ནི་གསུམ་པར་སྦྱར། །ལྔ་པ་ཡི་ནི་གསུམ་པ་ལ། །བཞི་པ་ཡི་ནི་གསུམ་པར་སྦྱར། །གསུམ་པ་ཡི་ནི་དེ་ཉིད་ཡིན། །གསུམ་པ་ཡི་ནི་དང་པོ་ལ། །ལྔ་པ་ཡི་ནི་གསུམ་པ་ལ། །བདུན་པ་ཡི་ནི་ན་ཡར་སྦྱར། །གསུམ་པ་ཡི་ནི་དང་པོ་དང་། །བཞི་པ་ཡི་ནི་ཐ་མ་ལ། །ལྔ་པ་ཡི་ནི་ན་ཡར་སྦྱར། །ཡང་གཅིག་འབྱུང་བ་དེ་བཞིན་ནོ། །བཞི་པ་ཡི་ནི་དང་པོ་ལ། །ལྔ་པ་ཡི་ནི་གསུམ་པ་དང་། །བདུན་པ་


DNG020_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་ནི་ན་ཡར་སྦྱར། །གསུམ་པ་ཡི་ནི་དང་པོ་ལ། །བདུན་པ་ཡི་ནི་ན་ཡར་སྦྱར། །ཡང་གཅིག་འབྱུང་བ་དེ་བཞིན་ནོ། །དྲུག་པ་ཡི་ནི་དང་པོ་ལ། །བརྒྱད་པ་ཡི་ནི་ན་ཡར་སྦྱར། །ལྔ་པ་ཡི་ནི་ཐ་མར་སྦྱར། །ཡང་གཅིག་འབྱུང་བ་དེ་བཞིན་ནི། །བཞི་པ་ཡི་ནི་ཐ་མ་དང་། །གསུམ་པ་ཡི་ནི་དེ་བཞིན་སྦྱར། །དྲུག་པ་ཡི་ནི་དེ་ཉིད་དང་། །ཡི་གེ་དང་པོའི་ན་ཡ་དང་། །དང་པོ་ཡི་ནི་གསུམ་པ་ལ། །ལྔ་པ་ཡི་ནི་གསུམ་པ་ལ། །བདུན་པ་ཡི་ནི་ན་ཡར་སྦྱར། །ལྔ་པ་ཡི་ནི་གཉིས་པའོ། །དྲུག་པ་ཡི་ནི་ཐ་མ་ལ། །བརྒྱད་པ་ཡི་ནི་ན་ཡ་དང་། །དང་པོ་ཡི་ནི་གསུམ་པར་སྦྱར། །བཞི་པ་ཡི་ནི་གཉིས་པ་ལ། །གསུམ་པ་ཡི་ནི་དང་པོར་སྦྱར། །མཐིང་ནག་གྲུ་གསུམ་དཀྱིལ་འཁོར་དུ། །གང་ཡིན་ཉམས་པ་སྒྲོལ་བར་བྱེད། །ཐེ་ཚོམ་མེད་པར་རབ་ཏུ་འགྲུབ། །ཐེ་ཚོམ་ཟོས་པ་ཉིད་ན་ནི། །ཉམ་ང་བྱས་པས་དོན་མི་འགྲུབ། །ས་བོན་མེ་ཡིས་ཚིག་པ་འདྲ། །ཏཱ་ལའི་མགོ་བོ་བཅད་པ་བཞིན། །ཉམ་ང་ཅན་གྱིས་སྒྲུབས་མི་དགོས། །ཉམ་ང་མེད་པའི་སེམས་ཀྱིས་སྤྱོད། །སྲོག་གི་འཁོར་ལོའི་ལས་ཉིད་ནི། །ཡེ་ཤེས་སེམས་དཔའི་ཐུགས་ཀ་རུ། །རྡོ་རྗེ་ལྟེ་བའི་བུམ་པ་ལ། །འཁོར་ལོའི་རྩིབས་བརྒྱད་སེར་པོ་ལ། །ཨོཾ་ནི་བུམ་པའི་ནང་ན་གནས། །མཁའ་འགྲོ་རྣམ་གསུམ་སྙིང་པོ་ཡང་། །བཀླག་པའི་ཕྱོགས་སུ་དེ་ལ་བསྐོར། །ཕྱི་མའི་ཡི་གེ་ན་ཡ་ནི། །ཤར་ལྷོའི་འཁོར་ལོའི་རྩིབས་ཉིད་ལ། །བཛྲ་རྡོ་རྗེ་མཚོན་བྱེད་གནས། །དེ་བཞིན་རིམ་པར་ཡང་དག་འབྱུང་། །ཏིང་ངེ་འཛིན་པའི་བྱིན་བརླབས་ལ། །མཁའ་འགྲོ་རྣམ་གསུམ་སྙིང་པོར་ཐིམ། །གོང་དང་འདྲ་བའི་འཁོར་ལོ་ལ། །བདུན་པ་འབྲུ་དགུས་བསྐོར་བར་བརྟགས། །སྔགས་གསུམ་འཁོར་ལོར་བཅས་པ་ལ། །དེ་ཉིད་ལུས་ལ་ཐུགས་ཀར་ཐིམ། །རང་དབང་མེད་དེ་ཡང་ནས་ཡང་། །ཐེ་ཚོམ་མེད་པར་ཆོད་པར་འགྱུར། །ལས་ཀྱི་བྱ་ཐབས་ཕྱི་མར་བཤད། །གནད་ལ་དབབ་པའི་ཚིག་བརྗོད་ཅིང་། །རྡོ་རྗེ་ཐོ་བས་རབ་ཏུ་བརྡུང་། །ཞབས་འོག་དག་ཏུ་བཅུག་ཀྱང་


DNG020_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

རུང་། །དེ་ཡིས་འགྲོ་བའི་ལས་རྣམས་བྱེད། །རྐྱང་པ་རེ་ལ་དྲག་སྔགས་རེ། །ཡེ་ཤེས་ལྷ་ཡི་སྔགས་ཉིད་ལ། །དམར་པོ་སྐུ་སྔགས་ལས་སྔགས་བཅས། །མ་མོ་ཕྱི་མ་དེ་བཞིན་སྟོན། །རྒྱལ་བ་གཅིག་བསྒྲུབས་ཀུན་ཀྱང་འགྲུབ། །དུར་ཁྲོད་ཆེན་པོའི་གནས་དག་ཏུ། །མཎྜལ་མདའ་གང་བྱས་ནས་སུ། །རྣམ་པ་ལྔ་ཡི་ཆག་ཆག་གདབ། །ཐིག་དང་ཚོན་རྣམས་རིམ་པ་སྟེ། །གྲུ་གསུམ་ཟླ་གམ་མུ་ཁྱུད་ལ། །ཐོད་པ་སྐམ་རློན་བརྩིག་པ་བཏང་། །དབུས་སུ་མཚན་མའི་ཡི་གེ་དགོད། །ཤར་དུ་སྒོ་བཏོད་རིམ་པ་གསུམ། །དང་པོར་ལྷུ་དུམ་བཅད་སོར་ཁ། །གཉིས་པ་རྒྱུ་ཞགས་བཏང་བའོ། །གསུམ་པ་ལྕགས་ལ་མེ་རི་བཏང་། །དང་པོར་བདེ་གཤེགས་རབ་མཆོད་ལ། །བསྲུང་བར་བྱ་ལ་ཡང་དག་བཤད། །གསུམ་ལས་བྱིན་བརླབས་སྙན་གསན་དང་། །སྤྱན་དྲང་བསྡིམ་དང་དབང་བསྐུར་དང་། །ཕུར་པ་བསྐོར་ཞིང་གཞུག་པ་དང་། །ཁ་བཅད་རྫས་གསུམ་མཆོད་པར་དབུལ། །གོང་དུ་སྔགས་དང་ཚིག་སྦྱར་ལ། །གཞུག་པ་སྔགས་ཚིག་གཉིས་སུ་བསྟན། །གཏུན་དང་རྡོ་རྗེ་ཐོ་བ་དང་། །གང་ཡིན་རྫས་རྣམས་ཡང་དག་དགྲམ། །བརྟེན་པ་ལས་བཞིའི་ལས་བྱ་ཞིང་། །དབུལ་དང་གཟིར་བ་སྔགས་ཀྱིས་བྱ། །ཁྱད་པར་ཅན་དང་དྲག་པོ་དང་། །ཁྱད་པར་གཏོར་མ་ལ་སོགས་རྫས། །རིམ་པས་ཡང་དག་དགོད་པར་བྱ། །ཏིང་འཛིན་ཆེན་པོའི་བྱིན་རླབས་ལས། །གཙོ་བོ་བསྐྱོད་དང་བསྟོད་པ་དང་། །སྙན་གསན་སྤྱན་དྲང་བསྡིམ་པ་དང་། །མཆོད་པ་སྒྲོལ་བྱེད་རྣམ་གཉིས་དང་། །བསྐུལ་དང་སྔགས་ཚིག་བསྟོད་པ་དང་། །ཚིག་ལ་ལས་བཞི་གདབ་པ་དང་། །བསྟབ་པ་ལ་སོགས་དེ་བཞིན་བྱ། །མཚན་མ་བརྟན་པོ་བྱུང་བ་དང་། །བྱེ་བྲག་ཏུ་ནི་ཤེས་པར་བྱ། །བསྙེན་བསྒྲུབ་སྔགས་ཀྱི་ཁྱད་པར་ནི། །དམར་མོ་ལས་སྔགས་གཅིག་གིས་བསྟན། །དེ་ཡིས་མཚན་མ་བྱུང་བ་དང་། །དྲག་པོ་ཉིད་ཀྱི་ཕོ་ཉ་བཏང་། །ལྷ་ཉིད་སྒྲོལ་སྔགས་ལས་སྔགས་བཅས། །དངོས་པོར་འཛིན་པའི་བག་ཆགས་སྒྲོལ། །སྟོང་


DNG020_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དོན་སྟོན་སྔགས་ཀྱི་གནས། །རང་བཞིན་དོན་གྱི་བདེན་པ་བདར། །མི་འཁོར་ཐུན་རྣམས་དེ་བཞིན་བྱ། །མེ་ལ་བསྲེགས་དང་བཀྲ་ཤིས་དང་། །ཚེ་བསྡིམ་རིམ་པ་མ་ནོར་བྱ། །ལས་རྣམས་མ་ལུས་རྫོགས་པར་འགྱུར། །ཧཱུཾ་སྐུ་མདོག་དུག་མདོག་ནག་པོ་ལ། །བར་བར་སྟང་ཟིལ་བཅག་པ་འདྲ། །མཐིང་ནག་རྔམ་པའི་མདངས་དང་བཅས། །ཞལ་གསུམ་ནག་པོར་འགྱུར་བ་མེད། །བསྒྲུབ་པ་ཆེན་པོ་ལས་ཀྱི་མཆོག །དང་པོར་ཆོས་ཉིད་སྟོང་པའི་དབྱིངས། །བར་དུ་ཐུགས་རྗེ་བྱིན་རླབས་འབྱུང་། །ཐ་མར་གདུག་པ་ཐབས་ཀྱིས་འདུལ། །བདུད་ཀྱི་དམག་དཔུང་རབ་ཏུ་འཇོམས། །ཟ་བྱེད་རྔམས་པས་རབ་ཏུ་ཟ། །ཧ་ཧ་ཧ་ཡི་གདངས་ཀྱིས་ཀྱང་། །ཉོན་མོངས་གདུག་པ་ཟིལ་གྱིས་གནོན། །ཧཱུཾ་ཧཱུཾ་ཧཱུཾ་གི་སྒྲ་ཕྱུང་བས། །སྲིད་གསུམ་གདུག་པ་དབང་དུ་སྡུད། །ཕཊ་ཕཊ་ང་རོ་དྲག་པོ་ཡིས། །གདུག་པ་ཅན་རྣམས་སྒྲོལ་བར་བྱེད། །ཁྲོ་བོ་རྔམ་ཆེན་ཡེ་ཤེས་སྐུ། །ལྷ་མཆོག་ཆེན་པོ་བདུད་ཀྱི་ཆས། །འདུལ་བའི་ཕྱིར་ན་བདུད་ཆས་གསོལ། །གང་དུ་འདུལ་བ་བདུད་བཞིན་དུ། །ཁྲོས་པའི་མདོག་ཏུ་རྣམ་པར་གནག །ཐུགས་རྗེས་རབ་ཏུ་ཁྲོས་པས་ཀྱང་། །སྟོད་ནི་ཞལ་གསུམ་ཕྱག་དྲུག་པ། །སྔོ་ནག་རབ་ཏུ་འཇིགས་པ་ལ། །ཟ་བྱེད་རྔམ་པའི་ཞལ་གདངས་ཤིང་། །དབྱིངས་དང་ཡེ་ཤེས་དབྱེར་མེད་ལས། །རྡོ་རྗེ་རྩེ་དགུ་རོལ་པའི་ཕྱག །རྩེ་ལྔ་ཡེ་ཤེས་ལྔ་ཡི་ཕྱག །གདུག་བྱེད་མེ་ཡིས་སྲེག་པའི་ཕྱག །ཁ་ཊྭཱཾ་དུག་གསུམ་རྩད་གཅོད་ཕྱག །དབྱིངས་དང་ཡེ་ཤེས་གཉིས་མེད་ལས། །ཁམས་གསུམ་གདུག་པ་རྩད་གཅོད་རྟགས། །སྨད་ནི་ཟུར་གསུམ་དཔལ་དང་ལྡན། །དུག་གསུམ་གནས་སུ་སྒྲོལ་བའི་ཞབས། །མེ་དཔུང་འབར་བའི་ནང་དུ་བཞུགས། །སེར་ནག་མེ་དཔུང་རྒྱས་པའི་རྟགས། །སྟོང་གསུམ་དབང་སྡུད་འཇིགས་པ་ཡིས། །བདུད་དཔུང་དབང་སྡུད་འཇིགས་དང་བྲལ། །སྲིད་པ་གསུམ་ཡང་ཐལ་བར་རློག །ཡ་མཚན་རྨད་དུ་ཆེ་


DNG020_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ལྷ། །བསྐུལ་ནི་བྱིན་རླབས་ཆེན་པོས་བསྐུལ། །འབྱུང་ནི་བདུད་དང་སྲིན་མོ་འབྱུང་། །ཟ་ནི་མི་ཤ་གདངས་སུ་ཟ། །འཐུང་ནི་མི་ཁྲག་མངར་དུ་འཐུང་། །ཐུགས་དམ་གཉེན་པོ་དབྱིངས་ནས་བསྐུལ། །ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ། །ཧཱུཾ་དྲག་པོ་སྒྲོལ་བའི་ལྷ་མཆོག་ནི། །དམར་པོ་སྐུ་མདོག་དབང་དུ་སྡུད། །ཞལ་གཅིག་ཕྱག་གཉིས་སྲིད་གསུམ་སྒྲོལ། །སྟོད་ནི་ཞལ་གཅིག་ཕྱག་གཉིས་ལ། །གདངས་པའི་ཞལ་གཅིག་གདུག་པ་གསོལ། །མཆེ་བ་གཙིགས་བསྣོལ་སྲིད་གསུམ་སྒྲོལ། །གདུག་པ་རྩད་གཅོད་སྤྱན་མིག་གསུམ། །དབྱིངས་སུ་སྡུད་པའི་ཤངས་དང་ལྡན། །གདུག་པ་འཇོམས་པའི་སྙན་དང་ལྡན། །རལ་པ་ཁམ་ནག་སྲིད་པ་འཇོམས། །སྤུ་རིས་ངན་སོང་གནས་ནས་འདྲེན། །ཕྱག་གཉིས་རྡོ་རྗེ་ཕུར་པ་ཡིས། །གདུག་བྱེད་བདུད་ཀྱི་རྒྱལ་པོ་འཇོམས། །སྨད་ནི་ཟུར་གསུམ་དཔལ་དང་ལྡན། །དབང་དང་དྲག་པོའི་ཆ་བཟུང་ནས། །དབང་གིས་ཁམས་གསུམ་དབང་དུ་སྡུད། །དྲག་པོས་ངན་སོང་གདར་ཤ་གཅོད། །དབང་དང་དྲག་པོས་རབ་ཏུ་སྒྲོལ། །ལེ་བརྒན་དམར་པོའི་མདོག་འདྲ་བས། །ཁམས་གསུམ་དབང་དུ་སྡུད་པ་དང་། །འདོད་ཆགས་རྩད་ནས་གཅོད་པའི་རྟགས། །སྟོང་གསུམ་མངའ་མཛད་ལྷ་ཡི་ལྷ། །གདུག་པ་སྒྲོལ་བ་དྲག་པོའི་ཞལ། །དབང་དུ་སྡུད་པ་དམར་པོའི་སྐུ། །འཁོར་བ་གདར་གཅོད་ཕུར་པའི་ཕྱག །འཇིགས་བྱེད་སྤ་བཀོང་དུར་ཁྲོད་ཆས། །ཟུར་གསུམ་དཔལ་ལྡན་དྲག་པོའི་ཞབས། །གྲུ་གསུམ་ཨེ་ཡི་མཎྜལ་ནས། །གདུག་བྱེད་བསྣོལ་བའི་གདན་སྟེང་ནས། །རྡོ་རྗེ་རབ་ཏུ་ཀཱི་ལ་ཡ། །འཁོར་བ་སྒྲོལ་ཅིག་ཀཱི་ལ་ཡ། །བདུད་དཔུང་འཇོམས་ཤིག་ཀཱི་ལ་ཡ། །འཁོར་རྣམས་སྡུས་ཤིག་ཀཱི་ལ་ཡ། །ཞིང་བཅུ་སྒྲོལ་ཅིག་ཀཱི་ལ་ཡ། །འཁོར་བ་སྒྲོལ་ཅིག་ཀཱི་ལ་ཡ། །རོལ་པ་ཆེན་པོའི་སྐུ་ལ་ཕྱག་འཚལ་བསྟོད། །ཡེ་ཤེས་ཆེན་པོའི་སྐུ་ལ་ཕྱག་འཚལ་


DNG020_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད། །གདུག་བྱེད་སྲིན་པོའི་སྐུ་ལ་ཕྱག་འཚལ་བསྟོད། །འཇོམས་བྱེད་ཆེན་པོའི་སྐུ་ལ་ཕྱག་འཚལ་བསྟོད། །མ་མོ་མངའ་མཛད་ལྷ་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །མེ་དཔུང་འབར་བའི་དཀྱིལ་འཁོར་ནང་ན་བཞུགས། །ལྗང་ནག་མེ་ཡི་ཕྲིན་ལས་མཐའ་རུ་ཕྱིན། །རྡོ་རྗེ་ཕུར་པ་གཅིག་བཏབ་པས། །དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱང་། །བྱིན་རླབས་ཆེན་པོ་ཆར་ལྟར་ཕོབ། །ཞིང་བཅུ་འཁོར་བ་གཏན་ནས་སྐོམས། །ཁྲོས་པའི་ལྷ་མཆོག་དུས་ལ་བབ། །སྙིང་གི་དཀྱིལ་དུ་ཕུར་པ་ཐོབ། །སྐུ་མཆོག་རབ་ཏུ་ཀཱི་ལ་ཡ། །སྒྲོལ་བའི་ལས་ཉིད་གྲུབ་པར་མཛོད། །རྡོ་རྗེ་ཕུར་པ་ཆེན་པོ་བཤད་པའི་རྒྱུད་ལས། དྲེགས་པ་ཅན་གྱི་ཡི་གེ་བཏུ་བ་དང་། དྲག་པོའི་ལྷ་ལ་བསྟོད་པའི་ལེའུ་སྟེ་སོ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་མཁའ་འགྲོ་མ་རབ་ཏུ་མཆོད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། མཁའ་འགྲོ་རྣམ་གསུམ་མཆོད་པ་ཡང་། །གླིང་གསུམ་པ་ཡི་བྷན་དྷ་རུ། །སྙིང་དང་དྭངས་མ་འབྲས་བུ་དང་། །མི་དབང་འབྲས་བུའི་ཤ་དག་དང་། །གཞོབ་མགོ་སྣ་སྐམ་ལྟོ་སེར་དང་། །ཆུ་ལུག་སྨུག་ནག་གང་ཡང་རུང་། །དམ་རྫས་ཚང་བའི་གཏོར་མ་དང་། །སྨན་དང་རཀྟ་བཅས་པ་ལ། །དང་པོ་དངོས་མེད་སྟོང་པ་ལས། །དཔལ་གྱི་སྐུ་བསྐྱེད་བསྲུང་བ་བྱ། །བྱིན་རླབས་གཞུང་དུ་དེ་བཞིན་བྱ། །ཏིང་འཛིན་ཆེན་པོའི་བྱིན་རླབས་ལས། །དཔའ་བོ་ཆེན་པོའི་སྐུ་བསྐྱེད་པ། །སྙིང་པོ་བརྒྱ་དང་སྟོང་དུ་གདོན། །མཁའ་འགྲོ་རྣམ་གསུམ་སྔགས་ཀྱིས་བསྐྱེད། །སྤྱན་དྲང་རང་རང་སྔགས་རྣམས་ལ། །སྤྱན་དྲང་སྔགས་ཉིད་བཏགས་པ་དང་། །མདུན་གྱི་ནམ་མཁར་བྱོན་པར་གྱུར། །བསྡིམ་མམ་དེ་བཞིན་མཆོད་ཀྱང་རུང་། །བསྡིམ་པ་ཧཱུཾ་གིས་གཉིས་སུ་མེད། །རྣམ་པ་གསུམ་གྱིས་མཆོད་བྱས་ཏེ། །གང་ཡིན་རྩ་བའི་སྔགས་ཉིད་ལ། །བཏགས་པའི་སྔགས་ཀྱིས་མཆོད་པ་དབུལ། །རྣམ་གསུམ་རིམ་པ་གསུམ་དུ་དབུལ། །མཁའ་འགྲོ་རྣམ་གསུམ་ཕྱག་རྒྱ་ཡང་། །གཙོ་བོ་ནས་བཟུང་རིམ་པ་


DNG020_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། །རྡོ་རྗེ་དྲག་པོ་གར་ལས་འབྱུང་། །རྡོ་རྗེ་འཕྱར་དང་དུང་དམར་འཐུང་། །སྙིང་གར་གར་དུ་བསྐོར་བར་བྱ། །སྣང་ལ་རང་བཞིན་མེད་པའི་ལྷ། །གཟུགས་བརྙན་འཇའ་ཚོན་ཆུ་ཟླ་དང་། །སྙིང་པོ་བར་མ་ཆད་པ་བྱ། །བསྟོད་པ་བྱ་ཞིང་རབ་ཏུ་བསྐུལ། །དུས་དྲུག་མཆོད་པ་ཡང་དག་བྱ། །བྱ་བའི་རིམ་པ་གོང་བཞིན་ནོ། །ཡང་ནས་ཡང་དུ་རབ་ཏུ་བྱ། །ཐ་མ་འཁོར་གྱི་བློན་མོ་མཆོད། །ཡང་ན་མཁའ་འགྲོ་དབང་ཕྱུག་མཆོད། །ཡང་དེ་མཁའ་འགྲོ་དངོས་ལ་དབུལ། །ཡང་ན་ལང་ཀའི་ཚོགས་ལ་དབུལ། །ཡང་ན་དམར་མོ་ཉིད་ལ་དབུལ། །ཡང་ན་སྐྱེས་བུ་ཉིད་ལ་དབུལ། །གང་དབུལ་ཐོབ་པའི་ལས་ཉིད་བྱ། །ཟིན་ནས་དཔའ་བོ་ཉིད་ལ་བསྡུ། །ངལ་མེད་ཡུན་དུ་བཟླས་པ་བྱ། །དངོས་པོའི་རྫས་ཡང་སྒྱུ་མ་སྟེ། །ལྷ་ཡང་དེ་བཞིན་དངོས་དང་བྲལ། །མེད་པ་མ་ཡིན་སྙིང་པོའི་དོན། །སྙིང་པོ་ནམ་མཁའི་མཐའ་ཡས་ལྟར། །རང་བྱུང་ཡེ་ཤེས་ཆེན་པོའི་དོན། །དང་པོ་གང་ནས་མ་བྱུང་བས། །ཐ་མ་གར་ཡང་འགྲོ་བ་མེད། །སྣང་སྲིད་གཏོར་མའི་རང་བཞིན་ལ། །ཟད་པ་མེད་ཅིང་འཕེལ་བ་མེད། །ཐམས་ཅད་བདུད་རྩིའི་རང་བཞིན་ལ། །སྤང་ཞིང་བླང་བ་གང་ཡང་མེད། །ཐམས་ཅད་དམ་རྫས་རྣམ་ལྔ་ནི། །ཡེ་ཤེས་ལྔ་ཡི་རང་བཞིན་ཏེ། །ཐམས་ཅད་རྩ་བ་ལྔ་རུ་སྨིན། །སྨན་དུ་མི་འགྱུར་གང་ཡང་མེད། །ལྷ་ཡང་དངོས་མེད་གཞི་རྩ་བྲལ། །རྫས་ཀྱང་དངོས་མེད་གཞི་རྩ་བྲལ། །བེམ་པོ་རིལ་པོ་ཐོ་ཡོར་དང་། །རང་རྒྱུད་འཛིན་པ་གཏིང་ནས་གྲོལ། །དངོས་པོར་བཟུང་དུ་ག་ལ་ཡོད། །འགྲོ་བ་ཞེན་པ་བྲལ་བ་དང་། །ཉོན་མོངས་སེར་སྣ་སྦྱང་བ་དང་། །དྲང་བའི་དོན་དུ་བཟུང་བར་ཟད། །རྒྱལ་བ་བགྲེས་རྒུད་མི་མངའ་ཞིང་། །སྒྲིབ་དང་བསེར་བ་གང་ཡང་མེད། །དེ་ཕྱིར་མཆོད་པ་ངེས་དོན་མེད། །ཐམས་ཅད་རང་རིག་བྱང་སེམས་ལ། །ལྷ་ལ་འབུལ་ཞིང་ཚོགས་བསགས་པ། །ཟག་པར་བཅས་པའི་མཆོད་པ་བཞིན། །འཛིན་མེད་དམིགས་པ་ང་བདག་མེད། །ལེན་བྱེད་འཛིན་པ་མི་དམིགས་ཤིང་། །རྣམ་པ་གསུམ་ཆར་མི་དམིགས་ན། །འབྲས་བུ་ཡེ་ཤེས་ཚོགས་སོགས་འགྱུར། །


DNG020_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཕུར་པ་ཆེན་པོ་བཤད་པའི་རྒྱུད་ལས། མཁའ་འགྲོ་མའི་གཏོར་མ་བཏང་བའི་ལེའུ་སྟེ་སོ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་དབང་རྣམས་བསྐུར་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རྡོ་རྗེ་རིགས་ཀྱི་དབང་མཆོག་སྟེ། །དབང་རྣམས་ཐོབ་པར་མ་བྱས་ན། །ལས་རྣམས་འབྲས་བུ་མེད་པར་འགྱུར། །དཔེར་ན་ནོར་བུ་རིན་ཆེན་ཡང་། །བྱི་དོར་མཆོད་པ་མ་བྱས་ཤིང་། །རྒྱལ་མཚན་རྩེ་ལ་མ་འཕྱར་ན། །རྫས་རྣམས་འབྱུང་བར་ག་ལ་འགྱུར། །དེ་བཞིན་དབང་རྣམས་མ་རྫོགས་པར། །སྣ་ཚོགས་ཤེས་པ་མུ་མེད་ཀྱང་། །འབྲས་བུ་ཡེ་ཤེས་ག་ལ་ཐོབ། །དབང་མཆོག་ཐོབ་པར་མ་བྱས་ཤིང་། །བླ་མ་མཉེས་པར་མ་ཐོགས་ན། །རྫ་བྱས་བེའུར་ལུས་པ་འདྲ། །རྫ་ལ་ཚོན་གྱིས་བྱུག་པ་བཞིན། །ཡང་དག་དོན་དང་ལྡན་མི་འགྱུར། །ཧཱུཾ་འཁོར་བ་བྱང་ཆུབ་ཐོབ་བྱའི་ཕྱིར། །འདོད་པའི་སྟོབས་སུ་གྱུར་པ་ཡིས། །བདེ་བར་གཤེགས་པའི་མཚོན་པ་འདིས། །འཁོར་བའི་དུག་འཇོམས་དབང་ཐོབ་ཤོག །ཧཱུཾ་རྟོགས་པའི་ཁྱད་པར་མཚོན་བྱེད་པའི། །གབ་པས་རྨོངས་པ་སེལ་བྱེད་པའི། །ལས་ཤན་འབྱེད་པའི་ཕྱག་ཤིང་འདིས། །རྟོགས་ཤིང་ཤེས་པའི་དབང་ཐོབ་ཤོག །ཧཱུཾ་ཐབས་དང་ཤེས་རབ་གཉིས་མེད་པའི། །རིན་ཆེན་གསེར་བས་ལྷག་པས་ན། །ཡབ་ཡུམ་གཉིས་སུ་མེད་པ་སྟེ། །གཉིས་མེད་སྒྲ་དབྱངས་དབང་ཐོབ་ཤོག །ཧཱུཾ་ཆོས་རྣམས་ཐུགས་སུ་ཆུད་པ་དང་། །ཐམས་ཅད་རྡོ་རྗེ་སེམས་དཔའ་སྟེ། །འགྲོ་བ་ཀུན་ལ་ཁྱབ་པར་གནས། །བདེ་གཤེགས་སྙིང་པོའི་དབང་ཐོབ་ཤོག །ཧཱུཾ་ཆོས་སྐུ་ལྷུན་གྲུབ་ཐམས་ཅད་ཐོབ། །འཁོར་བའི་བག་ཆགས་སྦྱོང་མཛད་པ། །བུམ་པ་རྒྱན་ལྡན་འཁོར་བ་སོལ། །ཆོས་རྣམས་ལྷུན་གྲུབ་དབང་ཐོབ་ཤོག །ཧཱུཾ་རིགས་ལྔ་ཉོན་མོངས་དྲུག་ལྔ་འཇོམས། །ཡེ་ཤེས་ལྔ་རུ་མཉམ་སྦྱར་ནས། །མཚོན་པས་རང་བཞིན་དབུ་ལ་བཞུགས། །ཡེ་ཤེས་ལྔ་ཡི་དབང་ཐོབ་ཤོག །ཧཱུཾ་ཅོད་པན་ཆོས་རྣམས་མཚོན་པ་སྟེ། །སྣང་སྲིད་ཆོས་ཀྱི་དར་པོ་ཆེ། །བདེ་གཤེགས་ཀུན་ཀྱང་མཉམ་སྦྱར་བས། །


DNG020_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

ཅོད་པན་དམ་པའི་དབང་ཐོབ་ཤོག །ཧཱུཾ་རིགས་ལྔ་རྒྱལ་བས་དོན་མཛད་པའི། །རིགས་ལྔ་མཚོན་བྱེད་དམ་པ་དང་། །གང་འདུལ་བསྟན་པ་རྒྱས་མཛད་པའི། །རིགས་ཀྱི་མཚན་མའི་དབང་ཐོབ་ཤོག །ཧཱུཾ་ཡི་གེ་འབྲུ་ལྔ་ཡེ་ཤེས་ལྔ། །མཚོན་བྱེད་དོན་གྱི་སྙིང་པོ་སྟེ། །སྙིང་པོ་དམ་པ་ལྷ་ཡི་སྐུ། །འབྲུ་ལྔ་སྙིང་པོའི་དབང་ཐོབ་ཤོག །ཧཱུཾ་གདུག་པ་འཇོམས་ཤིང་ཡེ་ཤེས་གསལ། །སྐུ་ལྔ་མཚོན་བྱེད་ཕྱག་མཚན་ལྔ། །རྒྱལ་བ་འབྱུང་བའི་རང་རྟགས་ཏེ། །ཕྱག་མཚན་ལྔ་ཡི་དབང་ཐོབ་ཤོག །ཧཱུཾ་དུག་ལྔའི་མཚོན་གྱིས་མི་ཚུགས་པའི། །གསེར་གྱི་རྡོ་རྗེས་རབ་ཏུ་མཚོན། །དཔའ་རྟུལ་སྟག་གི་རྒྱན་ཆ་ཅན། །འཇོམས་བྱེད་གོ་ཆའི་དབང་ཐོབ་ཤོག །ཧཱུཾ་དུས་གསུམ་འཕགས་པ་མཆོད་མཛད་པའི། །རིན་ཆེན་མཛེས་སུ་སྡུག་པ་ཡིས། །དང་བའི་སྟོབས་ཀྱིས་མཆོད་པ་ཡི། །མེ་ཏོག་དམ་པའི་དབང་ཐོབ་ཤོག །ཧཱུཾ་དུས་གསུམ་རྒྱལ་བའི་སྐུ་ཡི་རྒྱན། །འཁོར་རྣམས་རབ་ཏུ་མཉེས་མཛད་པ། །ཉེས་པས་མ་གོས་དབུ་ལ་བསྐོར། །རྒྱལ་མཚན་གདུགས་ཀྱི་དབང་ཐོབ་ཤོག །རོ་མཆོག་ལྔ་ལྡན་ཞལ་ཟས་ལ། །དབུལ་ཞིང་ཕོངས་པ་སེལ་མཛད་པ། །འབྲུ་བཅུད་རྒྱན་དང་ལྡན་པ་འདི། །ཞལ་ཟས་མོད་ལ་དབང་ཐོབ་ཤོག །ཧཱུཾ་ཀུན་ཏུ་བཟང་པོའི་རོལ་པ་ལས། །ཐུགས་རྗེས་ཁམས་གསུམ་གདུག་པ་འདུལ། །གཉེན་པོ་ལས་སུ་རུང་མཛད་པའི། །འཇིགས་བྱེད་གཉེན་པོའི་དབང་ཐོབ་ཤོག །ཧཱུཾ་གསུང་གི་རང་བཞིན་མཚོན་བྱེད་པའི། །ལེ་བརྒན་འབར་བའི་ཁ་དོག་ལ། །སྙིང་པོ་ནུས་པའི་དོན་དང་ལྡན། །ནུས་པ་ཅན་གྱི་དབང་ཐོབ་ཤོག །ཧཱུཾ་ཙིཏྟ་སྨུག་པོའི་གཞལ་ཡས་ན། །ཁམས་གསུམ་དབང་གི་བདག་པོ་སྟེ། །བརྐྱང་བསྐུམ་རབ་ཏུ་གདེངས་པ་ཡིས། །གདུག་པ་འཇོམས་པའི་དབང་ཐོབ་ཤོག །ཧཱུཾ་ཐུགས་ཀ་རིན་ཆེན་ཟུར་བརྒྱད་ལས། །ཕྲིན་ལས་སྣ་ཚོགས་ལྷུན་གྱིས་གྲུབ། །ཐམས་ཅད་ཀུན་ལ་རང་བཞིན་གནས། །ཡེ་ཤེས་སེམས་དཔའི་དབང་ཐོབ་ཤོག །ཧཱུཾ་སྟེང་གི་ཕྱོགས་ལ་མངའ་མཛད་པའི། །གདུག་པ་ཚངས་པ་མ་ལུས་འདུལ། །ཡེ་ཤེས་


DNG020_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་བྱིན་རླབས་ཡིན། །གདུག་པ་འདུལ་བའི་དབང་ཐོབ་ཤོག །ཧཱུཾ་སྟེང་གི་ཡུམ་ཆེན་ཟ་བྱེད་མ། །ཚངས་པ་མོ་ཡི་གདུག་པ་འདུལ། །རང་བྱུང་ཡེ་ཤེས་བྱིན་རླབས་ཡིན། །སྟེང་གི་ཡུམ་ཆེན་དབང་ཐོབ་ཤོག །ཧཱུཾ་གདུག་པ་ཚངས་པའི་འཁོར་འཇོམས་པ། །ཕག་གི་མགོ་ཅན་གདུག་པ་སྒྲོལ། །ཟ་བྱེད་ཆེན་མོ་མཆེ་བ་ཅན། །ཕག་གི་མགོ་ཅན་དབང་ཐོབ་ཤོག །ཧཱུཾ་ཚངས་པ་ཆེན་པོའི་འཁོར་འཇོམས་པ། །གདུག་བྱེད་ཆེན་མོ་རབ་ཏུ་འཇོམས། །གདུག་པ་རྩད་གཅོད་བསམ་སླེབ་མ། །གཤོག་པ་ཅན་གྱི་དབང་ཐོབ་ཤོག །ཧཱུཾ་རང་བྱུང་རྒྱལ་པོ་དམ་རྫས་ལྔ། །བདུད་རྩི་ཆེན་པོའི་རང་བཞིན་ཏེ། །རྟོགས་ན་རང་བྱུང་སངས་རྒྱས་ལྔ། །བདུད་རྩི་ལྔ་ཡི་དབང་ཐོབ་ཤོག །ཧཱུཾ་ཁྱད་པར་དཔལ་གྱི་གཏོར་མ་འདི། །འདོད་པའི་ལྷ་མོ་ཆུ་ཟླ་འདྲ། །སྣང་སྲིད་གཏོར་མའི་རང་བཞིན་ཏེ། །ཁྱད་པར་གཏོར་མའི་དབང་ཐོབ་ཤོག །ཧཱུཾ་རང་བྱུང་རྒྱལ་པོ་ལྷ་ཡི་རྒྱན། །མཛེས་པས་རབ་ཏུ་བརྒྱན་པ་སྟེ། །ལྷ་ལ་རབ་ཏུ་མཛེས་པས་བརྒྱན། །དབུ་རྒྱན་ཅོད་པན་དབང་ཐོབ་ཤོག །ཧཱུཾ་རྣམ་ཐར་དགུ་དང་རབ་ལྡན་པའི། །ཐེག་པ་དགུ་ཡི་སྒོ་གནས་ནས། །ཁྱད་པར་ཆེན་པོ་ངན་སོང་འཇོམས། །ས་དགུ་གནོན་པའི་དབང་ཐོབ་ཤོག །ཧཱུཾ་ཡེ་ཤེས་ལྔ་དང་རབ་ལྡན་པའི། །རྡོ་རྗེ་རྩེ་ལྔ་ཡེ་ཤེས་ལྔ། །འགྲོ་བ་ལྔ་ནི་རབ་ཏུ་འདྲེན། །དུག་ལྔ་འཇོམས་པའི་དབང་ཐོབ་ཤོག །ཧཱུཾ་ཡེ་ཤེས་མེ་དཔུང་འབར་བ་སྟེ། །ཐུགས་མཆོག་རབ་ཏུ་འབར་བའི་རྟགས། །འཁོར་བའི་སྡུག་བསྔལ་ཐམས་ཅད་སྲེག །ཉོན་མོངས་སྲེག་པའི་དབང་ཐོབ་ཤོག །ཧཱུཾ་མཚོན་གྱི་རྒྱལ་པོས་རཱུ་ཏྲ་སྒྲོལ། །སྐུ་གསུམ་ལྷུན་གྲུབ་རྩེ་མོས་མཚན། །ངན་སོང་གསུམ་པོ་རྟག་ཏུ་སྒྲོལ། །དུག་གསུམ་རྩད་གཅོད་དབང་ཐོབ་ཤོག །ཧཱུཾ་ཐུགས་རྗེའི་ཕུར་པས་གདུག་པ་འདུལ། །བགེགས་ཀྱི་རྒྱལ་པོ་སྒྲོལ་མཛད་པ། །འཁོར་བ་གདར་གཅོད་དབྱིངས་སུ་སྒྲོལ། །གདུག་པ་འདུལ་བའི་དབང་ཐོབ་ཤོག །ཧཱུཾ་ཞག་གི་ཟོ་རིས་དམ་རྫས་བཅུད་ཀྱི་རྒྱན། །


DNG020_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ་ཆེན་ཚོམ་བུ་འཁོར་བ་འཇོམས་པའི་རྟགས། །རཀྟའི་ཐིག་ལེ་ཐུགས་རྗེ་ཆགས་པའི་རྟགས། །མཚན་མ་རྣམ་པ་གསུམ་གྱི་དབང་ཐོབ་ཤོག །ཧཱུཾ་ཐོད་པ་རློན་པ་ཆོས་ཀྱི་སྐུ་ཡི་རྟགས། །ཐོད་པ་སྐམ་པོ་ལོངས་སྤྱོད་རྫོགས་པའི་རྟགས། །ཐོད་པ་ཚལ་བུ་སྤྲུལ་པ་སྐུ་ཡི་རྟགས། །སྐུ་གསུམ་མཚོན་བྱེད་ཐོད་པའི་དབང་ཐོབ་ཤོག །ཧཱུཾ་རིགས་བཞི་ཀླུ་རྣམས་མ་ལུས་འདུལ་བའི་རྟགས། །གདུག་པ་སྦྲུལ་ནི་རིགས་བཞིས་སྐུ་ལ་བརྒྱན། །ཞེ་སྡང་ཆེན་པོ་གནས་སུ་འཇོམས་མཛད་པ། །གདུག་པ་ཆས་ཀྱི་དབང་རྣམས་ཐོབ་པར་ཤོག །ཧཱུཾ་ཡེ་ཤེས་མེ་དཔུང་འཁོར་བ་སྲེག་པའི་རྟགས། །ཡེ་ཤེས་མེ་རི་ལྗང་སེར་དམར་པོའི་འོད། །མདོར་ན་ཡེ་ཤེས་ལྔ་ཡི་རང་བཞིན་ཏེ། །དུག་ལྔ་སྲེག་པའི་དབང་རྣམས་ཐོབ་པར་ཤོག །ཧཱུཾ་ཁམ་ནག་རལ་པ་ཀུན་གྱི་རྒྱན་དུ་བཅིངས། །སྲིད་པའི་རྩེ་མོ་ཟིལ་གྱིས་གནོན་པའི་རྟགས། །གཏི་མུག་ཆེན་པོ་རྩད་ནས་བཅད་ནས་ཀྱང་། །དབུ་སྐྲ་རལ་པའི་དབང་མཆོག་ཐོབ་པར་ཤོག །ཧཱུཾ་ཚོན་གང་སྐུ་ཡི་བ་སྤུའི་བུ་ག་རྣམས། །ཐུགས་རྗེ་ཆེན་པོའི་བྱིན་རླབས་ཅིར་ཡང་སྣང་། །རྡོ་རྗེ་ཕུར་པ་རབ་ཏུ་ཀཱི་ལ་ཡ། །གདུག་པ་འཇོམས་པའི་ལྷ་རྣམས་དབང་ཐོབ་ཤོག །ཧཱུཾ་ཡེ་ཤེས་རྡོ་རྗེ་རབ་ཏུ་འབར་བ་ཡིས། །རྡོ་རྗེ་གཤོག་པས་ཁམས་གསུམ་ཟིལ་གྱིས་གནོན། །གདུག་བྱེད་རང་དབྱུང་མེད་པར་གནོན་མཛད་པར། །རྡོ་རྗེ་གཤོག་པའི་དབང་མཆོག་ཐོབ་པར་ཤོག །ཧཱུཾ་ཞིང་ཆེན་གཡང་གཞིས་འདོད་ཆགས་རྩད་ནས་གཅོད། །གླང་ཆེན་ཀོ་རློན་ཐུགས་རྗེ་སྟོབས་ཀྱི་བདག །སྟག་ཤམ་ཕྲིན་ལས་ཐམས་ཅད་རྒྱས་པའི་རྟགས། །བདུད་ཆས་དཔའ་བོའི་དབང་རྣམས་ཐོབ་པར་ཤོག །ཧཱུཾ་རྡོ་རྗེ་ཐོད་ཁྲག་རབ་ཏུ་གསོལ་བ་ཡིས། །ཁམས་གསུམ་ཆགས་པ་རབ་ཏུ་ཞི་བར་མཛད། །འདོད་ཆགས་རྩད་ནས་གཅོད་བྱེད་ཐོད་པའི་ཁྲག །རཀྟ་ཆེན་པོའི་དབང་མཆོག་ཐོབ་པར་ཤོག །ཧཱུཾ་ཅོད་པན་དམར་སྔོ་རབ་ཏུ་འཕུར་བྱེད་པའི། །ཐབས་དང་ཤེས་རབ་སྣ་གཉིས་ཚོན་དུ་ལྡན། །འཁོར་བ་དབྱིངས་སུ་འདྲེན་པའི་མཚན་མ་སྟེ། །རབ་ཏུ་བརྒྱན་པའི་དབང་མཆོག་ཐོབ་པར་ཤོག །ཧཱུཾ་དུས་གསུམ་རྒྱལ་བ་མ་ལུས་མཉེས་མཛད་པ། །ཁམས་


DNG020_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་འཁོར་བའི་བག་ཆགས་སྦྱོང་མཛད་པའི། །ལྷ་མོ་ལྔ་དང་ལྡན་པའི་མཆོད་པ་ཡིས། །མཆོད་པ་རྒྱ་ཆེར་མཆོད་པའི་དབང་ཐོབ་ཤོག །ཧཱུཾ་དངོས་མེད་སྐུ་ལ་རྒྱལ་བར་བཞེངས་མཛད་པའི། །བཟླས་བརྗོད་གྲངས་ཀྱི་སྙིང་པོ་རབ་ཏུ་འབུལ། །ཐུགས་དམ་ཆེན་པོ་བསྙེན་པ་འབུལ་བའི་རྟེན། །བཟླས་བརྗོད་བསྙེན་པའི་དབང་རྣམས་ཐོབ་པར་ཤོག །ཧཱུཾ་འཇིག་རྟེན་ཁམས་རྣམས་དབང་དུ་སྡུད་པ་ཡི། །ལྕགས་ཀྱི་སྤྱང་མོ་ཁམས་གསུམ་དབང་དུ་སྡུད། །མངགས་པས་ཕོ་ཉའི་ཚུལ་ཏེ་རྔམ་པའི་གདངས། །དབང་སྡུད་དམ་ཅན་དབང་མཆོག་ཐོབ་པར་ཤོག །ཁྱི་མོ་རལ་པས་ཁམས་གསུམ་དངངས་པའི་བདག །ཁམས་གསུམ་ཟས་སུ་ཟ་བའི་རྐན་སྒྲ་ཅན། །སྲིད་གསུམ་སྐོམ་དུ་འཐུང་བའི་ཧུབ་སྒྲ་ཅན། །དམ་ཅན་མཁའ་འགྲོའི་དབང་མཆོག་ཐོབ་པར་ཤོག །ཧཱུཾ་འཕར་བ་ལྕེ་བརྒྱད་སྣང་སྲིད་སིལ་བུར་འདོན། །ཁམས་གསུམ་ཀུན་ཏུ་ཕྱོགས་བཞིའི་དམག་དཔུང་འཇོམས། །ང་རོ་ཆེན་པོ་ཕྱོགས་བཅུ་ཀུན་ཏུ་སྒྲོགས། །མཁའ་འགྲོ་རྒྱས་པའི་དབང་མཆོག་ཐོབ་པར་ཤོག །ཧཱུཾ་ཟངས་ཀྱི་ཝ་མོས་སྣང་སྲིད་གདུག་པ་འདུལ། །རི་རབ་རྩེ་ནས་སྙིལ་བའི་དབང་མོ་ཆེ། །ཙིཏྟ་དོན་སྙིང་ཟ་བའི་རྐན་སྒྲ་ཅན། །དབང་སྡུད་མཁའ་འགྲོའི་དབང་མཆོག་ཐོབ་པར་ཤོག །ཧཱུཾ་ཁམས་གསུམ་ནད་ཀྱི་བདག་མོ་དབང་སྒྱུར་མ། །འཇིག་རྟེན་ཁམས་ཀུན་ཁྱབ་པའི་བྱ་མ་རྟ། །མི་ཕྱུགས་ཀུན་ལ་མངའ་མཛད་དབང་མོ་ཆེ། །གདུག་པ་མ་མོའི་དབང་རྣམས་ཐོབ་པར་ཤོག །ཧཱུཾ་དུས་གསུམ་ཀུན་ཏུ་རྒྱལ་བའི་སྐུ་བརྙེས་པ། །བསྟན་པ་རྒྱས་པའི་སླད་དུ་ཕྲིན་ལས་མཛད། །སེར་ནག་ཆེན་མོ་ཁམས་གསུམ་ཀུན་གྱི་བདག །མཁའ་འགྲོ་དབང་སྡུད་དབང་རྣམས་ཐོབ་པར་ཤོག །ཧཱུཾ་ལས་སུ་ཤ་ཁྲག་རོ་ལ་རྔམ་པའི་ཡུམ། །ཁྲག་འཐུང་དམར་ནག་སྲིད་གསུམ་དབང་དུ་སྡུད། །སྟོང་ཁམས་དགེ་སྡིག་བྱ་ར་བྱེད་པའི་ཡུམ། །དད་པ་སྟོབས་ལྡན་མཁའ་འགྲོའི་དབང་ཐོབ་ཤོག །ཧཱུཾ་ཕྲིན་ལས་སྣ་ཚོགས་མཐར་ཕྱིན་གྲུབ་པ་མོ། །རྒྱ་མཚོའི་གཏིང་གི་ཀླུ་རྣམས་འཁྲུག་བྱེད་མ། །ལྗང་ནག་ཆེན་མོའི་ཕྲིན་ལས་མཐར་


DNG020_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་མ། །མཁའ་འགྲོ་མཐུ་ཡི་དབང་རྣམས་ཐོབ་པར་ཤོག །ཧཱུཾ་བདུད་ཀྱི་རིགས་རྣམས་དབང་དུ་སྡུད་མཛད་མ། །མཐིང་ནག་བདུད་ཀྱི་ཆས་སུ་རབ་ཏུ་ཞུགས། །ཁམས་གསུམ་བདུད་དཔུང་འཇོམས་པའི་དབང་མོ་ཆེ། །གདུག་པ་བདུད་འདུལ་དབང་རྣམས་ཐོབ་པར་ཤོག །ཧཱུཾ་འཇིག་རྟེན་གནོད་བྱེད་རབ་ཏུ་འདུལ་མཛད་མ། །སེར་བས་རྒྱས་པའི་རང་བཞིན་མཚོན་མཛད་མ། །ཀི་ཀང་ལས་ཀྱིས་བསྐལ་པར་འདུལ་མཛད་མ། །མཁའ་འགྲོ་མཐུ་བྱིན་དབང་རྣམས་ཐོབ་པར་ཤོག །ཧཱུཾ་ཁམས་གསུམ་གང་འདུལ་དབང་གི་བདག་མོ་སྟེ། །རཀྴ་སྲིན་པོ་ཟ་བྱེད་དབང་དུ་སྡུད། །དཔལ་གྱི་བཀའ་ཉན་ཁྲག་གི་དྲི་སྣོམ་མ། །དབང་ཕྱུག་ཆེན་མོའི་དབང་རྣམས་ཐོབ་པར་ཤོག །ཧཱུཾ་གདུག་པ་ཀླུ་རྣམས་རབ་ཏུ་འདུལ་མཛད་མ། །ནད་ངན་ཕྲིན་ལས་དབང་གི་བདག་མོ་སྟེ། །ཀླུ་ལ་མངའ་མཛད་ནད་ཀྱི་བདག་མོ་ཡང་། །ལས་རྣམས་མཐར་ཕྱིན་དབང་རྣམས་ཐོབ་པར་ཤོག །ཧཱུཾ་འཇིག་རྟེན་དྲེགས་པ་འདུལ་བའི་ལས་མཛད་མ། །གྲངས་དང་ལྡན་པ་མ་ནོར་རིམ་པར་ལྡན། །རྣམ་བཞི་རྟོགས་པའི་ཁྱད་པར་སྟོན་མཛད་པ། །ཡང་དག་དོན་དང་ལྡན་པའི་དབང་ཐོབ་ཤོག །ཧཱུཾ་ཐུགས་མཆོག་རང་བྱུང་ཡེ་ཤེས་འོད་དང་ལྡན། །འཁོར་བའི་མུན་པ་མ་ལུས་སེལ་མཛད་པ། །རྒྱལ་བའི་ཐུགས་ལ་ཉོན་མོངས་ཉེས་པ་མེད། །སྣང་བ་མར་མེའི་དབང་རྣམས་ཐོབ་པར་ཤོག །ཧཱུཾ་གདུག་པ་ཆེན་པོ་ཐབས་ཀྱིས་འདུལ་མཛད་པ། །མཐིང་ནག་དྲག་པོས་ཐམས་ཅད་འཇོམས་པའི་སྐུ། །ཞལ་གསུམ་ཕྱག་དྲུག་ཟུར་གསུམ་དཔལ་དང་ལྡན། །སྒྲུབ་པ་དྲག་པོའི་དབང་རྣམས་ཐོབ་པར་ཤོག །ཧཱུཾ་ཉུང་དཀར་རྒྱལ་པོས་ཐམས་ཅད་སྒྲོལ་བའི་དབང་། །ཁྲོ་བོའི་རྒྱལ་པོ་འབུམ་ཕྲག་བསམ་ལས་འདས། །སྟོང་གསུམ་ཁྲོ་བོས་དུས་གཅིག་ཁེངས་མཛད་པ། །ཉུང་དཀར་རྒྱལ་པོ་སྒྲོལ་བའི་དབང་རྣམས་ཐོབ་པར་ཤོག །ཧཱུཾ་གུ་གུལ་སྦྱར་བའི་རྫས་ཀྱི་དམ་པ་སྟེ། །ཡེ་ཤེས་ལྔ་བརྙེས་ཉེས་བྱེད་རྟེན་དང་འབྲལ། །རབ་ཏུ་བསྒྲུབས་པས་འོད་དང་དུ་བར་ལྡན། །དྲག་པོ་རྫས་ཀྱི་དབང་རྣམས་ཐོབ་པར་ཤོག །ཧཱུཾ་དུར་ཁྲོད་ཆེན་པོའི་གཞལ་ཡས་ལྷུན་གྱིས་གྲུབ། །རང་བཞིན་ཡེ་


DNG020_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ལྷ་རྣམས་བཞུགས་པའི་རྟེན། །མཐིང་ནག་གྲུ་གསུམ་ཕོ་བྲང་དབུས་གསལ་བའི། །ཕོ་བྲང་ཆེན་པོའི་དབང་རྣམས་ཐོབ་པར་ཤོག །ཧཱུཾ་འཁོར་བ་ཉོན་མོངས་མ་ལུས་སྲེག་པ་སྟེ། །མེ་ཡི་རྒྱལ་པོ་དྲང་སྲོང་རབ་ཏུ་འབར། །ཐམས་ཅད་སྲེག་པར་བྱེད་པ་མེ་ཡི་དབང་། །ཉོན་མོངས་རང་རྒྱུད་སྲེག་པའི་དབང་རྣམས་ཐོབ་པར་ཤོག །ཧཱུཾ་ཐབས་དང་ཤེས་རབ་ཟུང་དུ་འདྲེལ་བའི་རྟགས། །དྲག་པོ་ཧོམ་ལ་རབ་ཏུ་མཆོད་པར་བྱེད། །སྲེག་བྱེད་དྲང་སྲོང་མཉེས་པའི་མཆོད་པ་འབུལ། །མཆོད་འབུལ་དགང་བླུག་དབང་རྣམས་ཐོབ་པར་ཤོག །ཧཱུཾ་ཞེ་སྡང་ཆེན་པོ་རབ་ཏུ་གནོན་མཛད་པ། །རྡོ་རྗེ་རྒྱ་གྲམ་ཕྲིན་ལས་མཐར་ཕྱིན་པ། །གང་ལ་བྱ་བའི་ལས་ཉིད་གདོན་མི་ཟ། །གནོན་བྱེད་རྒྱ་གྲམ་དབང་རྣམས་ཐོབ་པར་ཤོག །ཧཱུཾ་གཟས་པ་བསྒྲལ་བའི་ཞིང་བཅུར་གྱུར་པ་ལ། །རྟེན་དང་ཕྲལ་བའི་ཕྲ་མར་རབ་ཏུ་བསྔགས། །རང་གི་རྫས་ལ་དབྱེ་བའི་དབང་དང་ལྡན། །ཞིང་བཅུ་དབྱེ་བའི་དབང་རྣམས་ཐོབ་པར་ཤོག །ཧཱུཾ་ཕྱེ་ནས་རབ་ཏུ་བསྒྲལ་བའི་དོན་མཛད་པ། །ང་རྒྱལ་རང་ཁར་འཛིན་པ་སྒྲོལ་མཛད་པ། །ཞེ་སྡང་རང་རྒྱུད་ངན་སོང་གནས་སུ་ལྟུང་། །སྟོང་པ་ཆེན་པོར་སྒྲོལ་བའི་དབང་ཐོབ་ཤོག །ཧཱུཾ་གཏི་མུག་ཤ་ཡི་མཆོད་པ་རི་རབ་ཙམ། །འདོད་ཆགས་ཁྲག་གི་རྒྱ་མཚོ་ཀྱི་ལི་ལི། །ཞེ་སྡང་རུས་པའི་མཆོད་པ་ཁྲ་ལ་ལ། །དུག་གསུམ་ཞལ་དུ་གསོལ་བའི་དབང་ཐོབ་ཤོག །ཧཱུཾ་ཁམས་གསུམ་དབང་དུ་སྡུད་མཛད་སྒྲོལ་བྱེད་སྐུ། །ཉོན་མོངས་ཐང་གཅིག་ཡུད་ལ་སྒྲོལ་མཛད་པ། །རྡོ་རྗེ་ཕུར་པ་ཞིང་བཅུ་སྒྲོལ་བའི་ལྷ། །ཁམས་གསུམ་དབྱིངས་སུ་སྒྲོལ་བའི་དབང་ཐོབ་ཤོག །རྡོ་རྗེ་ཕུར་པ་རབ་ཏུ་ཀཱི་ལ་ཡ། །ཞིང་བཅུ་སྒྲོལ་མཛད་བཛྲ་ཀཱི་ལ་ཡ། །རཱུ་ཏྲ་གནས་སུ་སྒྲོལ་མཛད་བཛྲ་ཀཱི་ལ་ཡ། །ཉོན་མོངས་དབྱིངས་སུ་སྒྲོལ་བའི་དབང་ཐོབ་ཤོག །ཧཱུཾ་འཁོར་བ་རང་རྒྱུད་ངན་སོང་དབྱིངས་སུ་འཁྱམས། །འཛིན་པ་སྒྲོལ་ཕྱིར་མཚོན་གྱི་རྒྱལ་པོ་དང་། །མཁའ་འགྲོ་གདུག་བྱེད་ཕྱག་ཆས་དབྱིངས་སུ་སྒྲོལ། །འཇོམས་བྱེད་མཚོན་གྱི་དབང་མཆོག་ཐོབ་པར་ཤོག །ཧཱུཾ་དྲག་པོ་


DNG020_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་གྱི་རྒྱལ་པོ་གཏོར་མ་ལ། །ངར་འཛིན་རབ་ཏུ་བརྟས་པས་གཅོད་པར་བྱེད། །ཐབས་དང་ཤེས་རབ་ལྡན་པའི་ཟངས་དང་ལྕགས། །གཅོད་བྱེད་རལ་གྲིའི་དབང་རྣམས་ཐོབ་པར་ཤོག །ཧཱུཾ་ཉོན་མོངས་དུག་ལྔ་དྲུག་གིས་འཐིབས་པར་བྱེད། །རུལ་ཅིང་མྱགས་པས་འཁོར་བ་གཏིང་ནས་སྐེམས། །གཉེན་པོའི་དབང་དུ་ཐབས་ལས་དེ་ལྟར་སྣང་། །ཉོན་མོངས་ཞེན་པ་སྒྲོལ་བའི་དབང་ཐོབ་ཤོག །ཧཱུཾ་ཁྱད་པར་ཆེན་པོ་འབར་བས་ཞེན་པ་གཅོད། །སྣ་ལྔས་མཚོན་ལས་ནད་ལྔས་འཁོར་བ་ཉེན། །དེ་ཉིད་རྒྱལ་བས་བྱིན་རླབས་རབ་ཏུ་གསུངས། །ཞེན་པ་གཅོད་པའི་དབང་རྣམས་ཐོབ་པར་ཤོག །ཧཱུཾ་གཏུན་ཁུང་གྲུ་གསུམ་ཡུམ་གྱི་མཁའ་དབྱིངས་སུ། །རིག་པ་ཡེ་ཤེས་ཡབ་ཀྱི་རྡོ་རྗེ་འདི། །ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རྟགས། །རྡོ་རྗེ་ཐོ་བའི་དབང་རྣམས་ཐོབ་པར་ཤོག །ཧཱུཾ་ཁམས་གསུམ་གདུག་པ་མ་ལུས་འདུལ་བའི་ཕྱིར། །འདྲེལ་བའི་ལྷ་མཆོག་བཛྲ་ཀཱི་ལ་ཡ། །གང་ཡིན་སྟོངས་བྱེད་མཐུ་འཕྲོག་བཛྲ་ཀཱི་ལ་ཡ། །གདུག་བྱེད་སྟོབས་དང་བྲལ་བའི་དབང་ཐོབ་ཤོག །ཧཱུཾ་ཁམས་གསུམ་ཉོན་མོངས་གནས་སུ་དྲང་བའི་ཕྱིར། །རབ་ཏུ་འགུགས་བྱེད་བཛྲ་ཀཱི་ལ་ཡ། །ཉོན་མོངས་ཞིང་བཅུ་གནས་སུ་འདྲེན་མཛད་པ། །ཉོན་མོངས་གདུག་པའི་དབང་རྣམས་ཐོབ་པར་ཤོག །ཧཱུཾ་ཉོན་མོངས་རང་གར་མི་གཏང་བཅིང་བའི་ཕྱིར། །རབ་ཏུ་འཆིང་བྱེད་བཛྲ་ཀཱི་ལ་ཡ། །ཞིང་བཅུ་འཆིང་བྱེད་བཛྲ་ཀཱི་ལ་ཡ། །ཉོན་མོངས་འཆིང་བའི་དབང་རྣམས་ཐོབ་པར་ཤོག །ཧཱུཾ་གདུག་པ་ཅན་རྣམས་རབ་ཏུ་འདུལ་བའི་ཕྱིར། །སྨྱོ་བྱེད་ཆེན་པོ་བཛྲ་ཀཱི་ལ་ཡ། །ཉོན་མོངས་འཇོམས་ཕྱིར་བཛྲ་ཀཱི་ལ་ཡ། །སྨྱོ་བྱེད་ཆེན་པོའི་དབང་རྣམས་ཐོབ་པར་ཤོག །ཧཱུཾ་གདུག་པ་ཐབས་ཀྱིས་སྒྲོལ་བ་འཇིགས་པའི་སྐུ། །ཉོན་མོངས་སྒྲོལ་བྱེད་བཛྲ་ཀཱི་ལ་ཡ། །ཞེན་པའི་དངོས་པོ་རབ་ཏུ་གཅོད་བྱེད་པའི། །སྒྲོལ་བ་ཆེན་པོའི་དབང་རྣམས་ཐོབ་པར་ཤོག །ཧཱུཾ་གདོས་པའི་དངོས་པོ་བརླག་པར་བྱ་བའི་ཕྱིར། །སྟོབ་བྱེད་ཆེན་མོ་བཛྲ་ཀཱི་ལ་ཡ། །གདངས་པའི་ཞལ་དུ་ཉོན་མོངས་སྟོབ་བྱེད་པ། །སྟོབ་བྱེད་ཆེན་པོའི་


DNG020_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

དབང་རྣམས་ཐོབ་པར་ཤོག །དངོས་གྲུབ་དམ་པ་ལྷ་ཡི་ལྷ། །དུར་ཁྲོད་ཆེན་པོའི་གཞལ་ཡས་དམ་པ་འདིར། །དུར་ཁྲོད་རྫས་ལ་བརྟེན་ཏེ་བསྒྲུབས་ལགས་ན། །སྣང་སྲིད་བྱམས་པའི་དངོས་གྲུབ་སྩལ་དུ་གསོལ། །ཡེ་ཤེས་ལྷ་ནི་ནམ་མཁའི་རང་བཞིན་ལ། །དངོས་གྲུབ་སྩལ་དང་སྩོལ་བར་མི་དམིགས་ཀྱང་། །གདུག་པ་ཆེན་པོ་ཐབས་ཀྱིས་འདུལ་བའི་ཕྱིར། །དྲག་པོས་འདྲེན་པའི་དངོས་གྲུབ་སྩལ་དུ་གསོལ། །ཧཱུཾ་ཆོས་ཉིད་ཀུན་ཏུ་བཟང་མོའི་བྱིན་རླབས་ལས། །དྲེགས་པ་འདུལ་བའི་ཐུགས་རྗེའི་བྱིན་རླབས་འབྱུང་། །བདུད་ཀྱི་རྒྱལ་པོས་རཱུ་ཏྲ་འདུལ་བ་ལྟར། །བདུད་རྒྱལ་དྲེགས་པ་འདུལ་བའི་དངོས་གྲུབ་སྩལ་དུ་གསོལ། །ཧཱུཾ་བདུད་དཔུང་ཆོམས་ནས་ཆོས་ཉིད་དོན་མཐོང་བས། །བདུད་རྒྱལ་རཱུ་ཏྲས་ཆོས་ཉིད་དོན་རྟོགས་ནས། །ཐུགས་རྗེའི་བྱིན་རླབས་བདུད་ལ་སྣང་བ་ལྟར། །ཉོན་མོངས་དབྱིངས་སུ་བསྒྲལ་བའི་དངོས་གྲུབ་སྩོལ། །ཧཱུཾ་འཁོར་གྱིས་གདུག་པ་མ་ལུས་བསྒྲལ་བའི་ཕྱིར། །སྟེང་ཕྱོགས་ཁྲོ་རྒྱལ་ཡབ་ཡུམ་འཁོར་དང་བཅས། །ཚངས་པ་འཁོར་བཅས་རབ་ཏུ་བཏུལ་བ་ལྟར། །འཇིག་རྟེན་དྲེགས་པ་བཏུལ་བའི་དངོས་གྲུབ་སྩོལ། །ཧཱུཾ་རོལ་པ་ཆེན་པོ་སྟེང་གི་སྲས་མཆོག་ཡང་། །ཞིང་བཅུ་སྟོབས་དང་རབ་ཏུ་འབྲལ་མཛད་པ། །བདུད་རྒྱལ་རཱུ་ཏྲ་གྲོགས་དང་བྲལ་བ་བཞིན། །ཞིང་བཅུ་སྟོབས་དང་འབྲལ་བའི་དངོས་གྲུབ་སྩོལ། །སྤྲུལ་པས་སྟོང་ཁམས་རབ་ཏུ་བཀང་ནས་ཀྱང་། །འདུལ་བའི་དབང་གིས་གང་ལ་ཅི་འདུལ་སྟོན། །རྒྱལ་བས་སྟོང་གསུམ་སྤྲུལ་པས་བཀང་བ་ལྟར། །སྤྲུལ་པ་ཁམས་གསུམ་འགེངས་པའི་དངོས་གྲུབ་སྩོལ། །ཧཱུཾ་དཔལ་གྱི་བཀའ་ཉན་ལས་ལ་བརྩོན་པ་མོ། །འཇིག་རྟེན་དྲེགས་པ་མ་ལུས་འདུལ་མཛད་པ། །འཇིག་རྟེན་དབང་དུ་སྡུད་པའི་ལས་བྱས་ལྟར། །དམ་ལས་མི་འདའ་བཀའ་ཉན་དངོས་གྲུབ་སྩོལ། །ཧཱུཾ་འཇིག་རྟེན་ཁམས་ལ་དབང་སྒྱུར་མཐུ་མོ་ཆེ། །ལས་ངན་ཞིང་བཅུ་མ་ལུས་སྒྲོལ་མཛད་པ། །བཅོལ་ཅིང་རྦད་ན་ལས་སུ་ཕོ་ཉ་མཛད་པ་ལྟར། །གང་དུ་མངགས་པའི་ལས་རྣམས་འགྲུབ་པའི་དངོས་གྲུབ་སྩོལ། །ཧཱུཾ་


DNG020_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

དྲེགས་པ་སྡེ་བཞི་རབ་ཏུ་འདུལ་མཛད་པ། །ནད་ཀྱི་བདག་པོ་བཀའ་ཉན་གསུང་སྡོད་མ། །བྲན་དང་ཕོ་ཉ་ལས་རྣམས་འགྲུབ་བྱེད་ལྟར། །གང་ལ་བྱ་བའི་ལས་རྣམས་མྱུར་འགྲུབ་དངོས་གྲུབ་སྩོལ། །ཧཱུཾ་རོལ་པ་ཆེན་པོའི་བྱིན་རླབས་ཅིར་ཡང་སྣང་། །འདུལ་ཐབས་དྲག་པོ་བདུད་ཀྱི་ཆས་འདྲ་ཡང་། །སྙིང་རྗེ་བྱང་ཆུབ་སེམས་ལས་ཉམས་པ་མེད། །དྲག་པོ་བྱམས་པའི་དངོས་གྲུབ་སྩལ་དུ་གསོལ། །ཧཱུཾ་ཐུགས་རྗེ་བྱམས་པས་འགྲོ་ལ་སྙིང་བརྩེའི་ཕྱིར། །ལ་ལར་ཞི་དང་ལ་ལར་ཁྲོ་བར་སྣང་། །འདུལ་ཐབས་དྲག་པོས་འགྲོ་བ་འདུལ་ལགས་ན། །ཉོན་མོངས་གནས་སུ་འདྲེན་པའི་དངོས་གྲུབ་སྩོལ། །བདུད་དང་སྲིན་པོ་འདུལ་བའི་དངོས་གྲུབ་སྩོལ། །དོན་དམ་ཆོས་ཉིད་རྟོགས་པའི་དངོས་གྲུབ་སྩོལ། །སངས་རྒྱས་ས་ལ་འགྲོ་བའི་དངོས་གྲུབ་སྩོལ། །འཁོར་བ་ངན་སོང་སྦྱོང་བའི་དངོས་གྲུབ་སྩོལ། །རྡོ་རྗེ་ཕུར་པ་ཆེན་པོ་བཤད་པའི་རྒྱུད་ལས། དབང་དམ་པ་བསྐུར་བ་དང་བཀྲ་ཤིས་དངོས་གྲུབ་ཀྱི་ལེའུ་སྟེ་སོ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་དྲག་པོ་མེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཀུན་བཟང་རོལ་པ་ཅིར་ཡང་སྣང་། །ལ་ལར་བཅོམ་ལྡན་བསྟན་པའི་བདག །ལ་ལར་འཇིགས་བྱེད་ཧེ་རུ་ཀ །ལ་ལར་སྦྱོང་བྱེད་ཁྲུས་ཀྱི་ཆུ། །ལ་ལར་གནོན་བྱེད་རི་རབ་གཟུགས། །ལ་ལར་གསོད་བྱེད་ཤན་པ་འདྲ། །ལ་ལར་དགེ་སྦྱོང་དམ་པའི་མགོན། །ལ་ལར་ཤ་ཟ་སྲིན་པོའི་གཟུགས། །ལ་ལར་འཇིགས་པ་བདུད་ཀྱི་ཆས། །ལ་ལར་སྲེག་བྱེད་མེ་ཡི་འོད། །མེ་ཡི་རྒྱལ་པོ་ཁྲོ་བོས་ཀྱང་། །སྟོང་གསུམ་ཉོན་མོངས་སྲེག་པར་བྱེད། །འཁོར་བའི་ཞེན་པ་གཏིང་ནས་སྐེམ། །ཞིང་བཅུ་ལོག་ལྟ་སྲེག་པར་བྱེད། །དེ་ཕྱིར་རབ་ཏུ་བསྲེག་པར་བྱ། །མེ་ལྷ་ཆེན་པོ་སྲེག་པའི་སར། །གྲུ་གསུམ་སུམ་རིམ་གྲངས་སུ་བྱ། །ནག་དང་སེར་ལ་དམར་བའི་འོད། །རང་རང་ཡིག་འབྲུ་བཀོད་ཀྱང་རུང་། །དྲག་པོའི་ཤིང་ལ་ལེགས་པར་བྱ། །རབ་ཏུ་རྫས་ཀྱི་དམ་པ་ནི། །དམ་པ་གསུམ་གྱི་རྫས་དག་དང་། །ཆན་དང་མེ་ཏོག་སྔོན་པོ་དང་། །ནག་པོའི་འབྲུ་དང་ཉུང་ནག་དང་། །དྲག་པོའི་ཤིང་དང་མིང་བྱང་


DNG020_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །རབ་ཏུ་དེ་ལ་བསྐོར་ལ་བཞག །དུག་དང་དྲག་པོའི་རྫས་རྣམས་ནི། །མ་ལུས་དེ་ལ་བསྐོར་ཏེ་གཞག །དྲག་པོའི་ལྷ་དང་མཉམ་པའི་རྩང་། །དམར་པོ་བྱས་ཏེ་དེ་ལ་བསྐོར། །རིམ་པས་འབྱུང་བ་དེ་བཞིན་དུ། །ཧོམ་ཐབ་ནང་དུ་ལྷ་རྣམས་བསྐྱེད། །སྤྱན་དྲང་རིམ་པ་ཡང་དག་བྱ། །བཟླས་བརྗོད་མེ་དང་འདྲ་བ་ཡིས། །ཉོན་མོངས་རྩ་མཆོག་འདྲ་བ་བསྲེག །བསྟོད་པ་བྱ་ཞིང་རབ་ཏུ་མཆོད། །ཏིང་འཛིན་རྩལ་གྱི་ཁྱད་པར་ལ། །དྲོད་རྣམས་འབྱུང་བར་གདོན་མི་ཟ། །གང་ཡིན་མེ་ཉིད་རབ་ཏུ་སྦྱར། །མེ་ཡི་ལྷ་ཉིད་དེ་བཞིན་སྦྱར། །ཧཱུཾ་མེ་ལྷ་དྲང་སྲོང་ཉོན་མོངས་སྲེག །འབར་བ་མེ་ལྷ་སྤྱན་འདྲེན་ན། །འབར་བ་མེ་ཡི་དབྱིངས་ན་བཞུགས། །དྲང་སྲོང་ཆེན་པོ་མེ་ཡི་ལྷ། །མཆོད་འབུལ་མཉེས་པ་འདི་བཞེས་ལ། །འཁོར་བའི་སྡུག་བསྔལ་ཚིག་པར་མཛོད། །ཧཱུཾ་གྲུ་གསུམ་མེ་ཡི་དཀྱིལ་འཁོར་ནས། །དྲང་སྲོང་ཆེན་པོ་མེ་ཡི་ལྷ། །ཆིབས་སུ་ར་སྐྱེས་ཁམ་བུ་ཆིབས། །སྐུ་ལ་མེ་ཡི་སླག་པ་གསོལ། །གྷུན་དྷི་བགྲང་ཕྲེང་ཕྱག་ན་བསྣམས། །རྡོ་རྗེ་ཕུར་པའི་ཞབས་དང་ལྡན། །དུས་གསུམ་རྒྱལ་བའི་སྐུ་མཉེས་པ། །གདུག་བྱེད་དྲག་པོ་མེ་ཡི་ལྷ། །གདུག་པའི་ཚོགས་ཀུན་སྲེག་པར་བྱེད། །གང་ཡིན་ཞིང་བཅུ་ཚིག་པར་མཛོད། །རྣམ་གསུམ་མཆོད་པ་ལྷ་ལ་འབུལ། །མཉེས་པས་ལྷ་ཡི་དངོས་གྲུབ་སྟེར། །ལྷ་ཡང་དྲག་པོ་མེ་ཡི་ཆས། །རབ་ཏུ་འབར་བའི་ནང་ན་བཞུགས། །ཧཱུཾ་ཕྱོགས་སྐྱོང་རྒྱལ་པོ་མེ་ཡི་ལྷ། །སྟེང་ཕྱོགས་འབར་བ་མེ་ཡི་ལྷ། །ཕྱག་གཡས་མདའ་གཞུ་རང་འགེངས་བསྣམས། །གཡོན་པ་མེ་ཡི་ཕུང་པོ་འབར། །དཀར་བའི་ཞལ་ནི་གཏིང་ནས་མཐིང་། །བུས་ཤིག་བུས་ཤིག་མེ་བུས་ཤིག །རྒྱ་མཚོའི་གཏིང་ནས་མེ་ལོང་ལ། །རི་རབ་རྩེ་ནས་མེ་བུས་ཤིག །ཉམས་པ་གང་ཡིན་སྲེག་པར་མཛོད། །འབྱུང་པོ་གང་ཡིན་ཚིག་པར་མཛོད། །ཧཱུཾ་ཕྱོགས་སྐྱོང་རྒྱལ་པོ་མེ་ཡི་ལྷ། །ཤར་ཕྱོགས་འབར་བ་མེ་ཡི་ལྷ། །ཕྱག་གཡས་འཁོར་ལོ་དཀར་པོ་བསྣམས། །གཡོན་པ་མེ་ཡི་


DNG020_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

ཕུང་པོ་བསྣམས། །སྐུ་མདོག་དཀར་པོ་ཤིན་ཏུ་གསལ། །བུས་ཤིག་བུས་ཤིག་མེ་བུས་ཤིག །རྒྱ་མཚོའི་གཏིང་ནས་མེ་ལོང་ལ། །རི་རབ་རྩེ་ནས་མེ་བུས་ཤིག །ཉམས་པ་གང་ཡིན་སྲེག་པར་མཛོད། །ཧཱུཾ་ཕྱོགས་སྐྱོང་རྒྱལ་པོ་མེ་ཡི་ལྷ། །ཤར་ལྷོ་འབར་བ་མེ་ཡི་ལྷ། །ཕྱག་གཡས་དགྲ་སྟྭ་རབ་ཏུ་འདེབས། །གཡོན་པ་མེ་ཡི་ཕུང་པོ་བསྣམས། །དམར་སྔོན་སྐུ་མདོག་རབ་ཏུ་གསལ། །བུས་ཤིག་བུས་ཤིག་མེ་བུས་ཤིག །རྒྱ་མཚོའི་གཏིང་ནས་མེ་ལོང་ལ། །རི་རབ་རྩེ་ནས་མེ་བུས་ཤིག །ཉམས་པ་གང་ཡིན་སྲེག་པར་མཛོད། །འབྱུང་པོ་གང་ཡིན་ཚིག་པར་མཛོད། །ཧཱུཾ་ཕྱོགས་སྐྱོང་རྒྱལ་པོ་མེ་ཡི་ལྷ། །ལྷོ་ཕྱོགས་འབར་བ་མེ་ཡི་ལྷ། །ཕྱག་གཡས་དགྲ་སྟྭ་རབ་ཏུ་འདེབས། །གཡོན་པ་མེ་ཡི་ཕུང་པོ་བསྣམས། །སྐུ་མདོག་སྔོན་པོ་ཤིན་ཏུ་གསལ། །བུས་ཤིག་བུས་ཤིག་མེ་བུས་ཤིག །རྒྱ་མཚོའི་གཏིང་ནས་མེ་ལོང་ལ། །རི་རབ་རྩེ་ནས་མེ་བུས་ཤིག །ཉམས་པ་གང་ཡིན་སྲེག་པར་མཛོད། །འབྱུང་པོ་གང་ཡིན་ཚིག་པར་མཛོད། །ཧཱུཾ་ལྷོ་ནུབ་ཕྱོགས་སྐྱོང་མེ་ཡི་ལྷ། །ལྷོ་ནུབ་འབར་བ་མེ་ཡི་ལྷ། །ཕྱག་གཡས་རལ་གྲི་རབ་ཏུ་འདེབས། །གཡོན་པས་མེ་ཡི་ཕུང་པོ་བསྣམས། །ལྗང་སྔོན་རབ་ཏུ་གསལ་བའི་སྐུ། །བུས་ཤིག་བུས་ཤིག་མེ་བུས་ཤིག །རྒྱ་མཚོའི་གཏིང་ནས་མེ་ལོང་ལ། །རི་རབ་རྩེ་ནས་མེ་བུས་ཤིག །ཉམས་པ་གང་ཡིན་སྲེག་པར་བྱེད། །འབྱུང་པོ་གང་ཡིན་ཚིག་པར་མཛོད། །ཧཱུཾ་ནུབ་ཀྱི་ཕྱོགས་སྐྱོང་མེ་ཡི་ལྷ། །ནུབ་ཕྱོགས་འབར་བ་མེ་ཡི་ལྷ། །གཡས་པ་སྤུ་གྲིས་རབ་ཏུ་གཅོད། །གཡོན་པ་མེ་ཡི་ཕུང་པོ་བསྣམས། །སྐུ་མདོག་དམར་པོ་རབ་ཏུ་གསལ། །བུས་ཤིག་བུས་ཤིག་མེ་བུས་ཤིག །རྒྱ་མཚོའི་གཏིང་ནས་མེ་བུས་ཤིག །རི་རབ་རྩེ་ནས་མེ་བུས་ཤིག །ཉམས་པ་གང་ཡིན་སྲེག་པར་བྱེད། །འབྱུང་པོ་གང་ཡིན་ཚིག་པར་མཛོད། །ཧཱུཾ་ནུབ་བྱང་ཕྱོགས་སྐྱོང་མེ་ཡི་ལྷ། །ནུབ་བྱང་འབར་བ་མེ་ཡི་ལྷ། །ཕྱག་གཡས་རྡུལ་གཡབ་བ་དན་བསྣམས། །གཡོན་པ་མེ་ཡི་ཕུང་པོ་བསྣམས། །དམར་སྐྱ་སྐུ་མདོག་ཤིན་ཏུ་གསལ། །བུས་ཤིག་བུས་ཤིག་མེ་བུས་ཤིག །རྒྱ་མཚོའི་གཏིང་ནས་མེ་ལོང་ལ། །རི་རབ་རྩེ་ལ་


DNG020_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

མེ་བུས་ཤིག །ཉམས་པ་གང་ཡིན་སྲེག་པར་བྱེད། །འབྱུང་པོ་གང་ཡིན་ཚིག་པར་མཛོད། །ཧཱུཾ་ཕྱོགས་སྐྱོང་རྒྱལ་པོ་མེ་ཡི་ལྷ། །བྱང་ཕྱོགས་འབར་བ་མེ་ཡི་ལྷ། །ཕྱག་གཡས་རྒྱ་གྲམ་རབ་ཏུ་འཛིན། །གཡོན་པས་མེ་ཡི་ཕུང་པོ་བསྣམས། །ལྗང་ནག་ཤིན་ཏུ་གསལ་བའི་སྐུ། །བུས་ཤིག་བུས་ཤིག་མེ་བུས་ཤིག །རྒྱ་མཚོའི་གཏིང་ནས་མེ་ལོང་ལ། །རི་རབ་རྩེ་ནས་མེ་བུས་ཤིག །ཉམས་པ་གང་ཡིན་སྲེག་པར་བྱེད། །འབྱུང་པོ་གང་ཡིན་ཚིག་པར་མཛོད། །ཧཱུཾ་ཕྱོགས་སྐྱོང་རྒྱལ་པོ་མེ་ཡི་ལྷ། །བྱང་ཤར་འབར་བ་མེ་ཡི་ལྷ། །གཡས་པས་ཁ་ཊྭཱཾ་རྩེ་གསུམ་བསྣམས། །གཡོན་པས་མེ་ཡི་ཕུང་པོ་བསྣམས། །ལྗང་སེར་ཤིན་ཏུ་གསལ་བའི་སྐུ། །བུས་ཤིག་བུས་ཤིག་མེ་བུས་ཤིག །རྒྱ་མཚོའི་གཏིང་ནས་མེ་ལོང་ལ། །རི་རབ་རྩེ་ནས་མེ་བུས་ཤིག །ཉམས་པ་གང་ཡིན་སྲེག་པར་མཛོད། །འབྱུང་པོ་གང་ཡིན་ཚིག་པར་མཛོད། །ཧཱུཾ་ཕྱོགས་སྐྱོང་རྒྱལ་པོ་མེ་ཡི་ལྷ། །འོག་ཕྱོགས་འབར་བ་མེ་ཡི་ལྷ། །ཕྱག་གཡས་ཐོ་བ་གཏུན་ཤིང་བསྣམས། །གཡོན་པ་མེ་ཡི་ཕུང་པོ་བསྣམས། །དུད་ཁ་ཤིན་ཏུ་གསལ་བའི་སྐུ། །བུས་ཤིག་བུས་ཤིག་མེ་བུས་ཤིག །རྒྱ་མཚོའི་གཏིང་ནས་མེ་ལོང་ལ། །རི་རབ་རྩེ་ནས་མེ་བུས་ཤིག །ཉམས་པ་གང་ཡིན་སྲེག་པར་བྱེད། །འབྱུང་པོ་གང་ཡིན་ཚིག་པར་མཛོད། །སྟེང་ནས་དངུལ་གྱི་སྦུད་པ་ཅན། །ཤར་ནས་ཤེལ་གྱི་སྦུད་པ་ཅན། །ཤར་ལྷོར་མཆོང་གི་སྦུད་པ་ཅན། །ལྷོ་ནས་རིན་ཆེན་སྦུད་པ་ཅན། །ལྷོ་ནུབ་གཡུ་ཡི་སྦུད་པ་ཅན། །ནུབ་ནས་བྱེ་རུའི་སྦུད་པ་ཅན། །ནུབ་བྱང་ཟངས་ཀྱི་སྦུད་པ་ཅན། །བྱང་ནས་མཐིང་གི་སྦུད་པ་ཅན། །བྱང་ཤར་གསེར་གྱི་སྦུད་པ་ཅན། །འོག་ནས་སྣ་ཚོགས་སྦུད་པ་ཅན། །ཚངས་པ་འཁོར་ཚོགས་མེ་བུས་ཤིག །བརྒྱ་བྱིན་འཁོར་ཚོགས་མེ་བུས་ཤིག །དྲང་སྲོང་འཁོར་ཚོགས་མེ་བུས་ཤིག །གཤིན་རྗེའི་འཁོར་ཚོགས་མེ་བུས་ཤིག །སྲིན་པོའི་འཁོར་ཚོགས་མེ་བུས་ཤིག །ཀླུ་བདུད་འཁོར་ཚོགས་མེ་བུས་ཤིག །རླུང་ལྷའི་འཁོར་ཚོགས་མེ་བུས་ཤིག །གནོད་སྦྱིན་འཁོར་ཚོགས་མེ་བུས་


DNG020_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག །དབང་ལྡན་འཁོར་ཚོགས་མེ་བུས་ཤིག །ས་བདག་འཁོར་ཚོགས་མེ་བུས་ཤིག །ཧཱུཾ། མཐིང་ནག་འབར་བའི་འཁོར་ཚོགས་ནས། །དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡང་། །ཁྲོ་རྔམ་རབ་ཏུ་གདུག་པའི་བྲོ། །ཐུགས་རྗེ་ཆེན་པོ་བྲོ་ལ་གཤེགས། །དགྲ་ནི་ཐལ་བར་རློག་པའི་བྲོ། །བདུད་ནི་ཕྱེ་མར་འཐག་པའི་བྲོ། །རྔམ་པ་ཆེན་པོ་བྲོ་ལ་གཤེགས། །ཧཱུཾ་མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས། །ཚངས་པ་འདུལ་བ་གདུག་པའི་ལྷ། །ཧཱུཾ་མཛད་ཡབ་ཡུམ་བྲོ་ལ་གཤེགས། །ཁྲོ་བོ་མཐིང་ག་སྤྲིན་ལྟར་གཏིབས། །ཁྲོ་ཆུང་ཚོན་གང་སྐར་ལྟར་འཁྲུགས། །བདུད་དང་སྲིན་པོ་འདུལ་བའི་བྲོ། །དགྲ་ནི་ཐལ་བར་རླག་པའི་བྲོ། །བདུད་ནི་ཕྱེ་མར་འཐག་པའི་བྲོ། །ངན་སོང་འཁོར་བ་འཇོམས་པའི་བྲོ། །བླ་མེད་བྱང་ཆུབ་ཐོབ་པའི་བྲོ། །ཕུང་པོ་རྡུལ་དུ་བཤིགས་པའི་བྲོ། །རྣམ་ཤེས་དབྱིངས་སུ་འདྲེན་པའི་བྲོ། །ཏ་ཀྲྀཏ་ཆེན་པོ་བྲོ་ལ་གཤེགས། །ཧཱུཾ་གདུག་པ་ཕག་དང་སྨིག་བུའི་མགོ། །ཚངས་པ་ཕོ་མོ་འཁོར་བཅས་འདུལ། །ལ་ལ་ལྡིང་ཞིང་ལ་ལ་འདྲལ། །གཤོག་པ་ཅན་གྱིས་མཐའ་ནས་སྦུད། །མཆེ་བ་ཅན་གྱིས་གསོད་པར་བྱེད། །ཚམ་རྔམས་དྲག་པོས་བདུད་དཔུང་འཇོམས། །དཔལ་རྟུལ་དྲག་པོས་ཚངས་རིགས་འདུལ། །འཇིགས་པའི་ཁྲོ་བདག་སྤྲིན་ལྟར་གཏིབས། །ཁྲོ་ཆུང་ཚོན་གང་སྐར་ལྟར་འཁྲུགས། །བདུད་དང་སྲིན་པོ་འདུལ་བའི་བྲོ། །ཧཱུཾ་ཁྲོ་བོས་གདུག་པ་གྲོགས་དང་བྲལ། །ཐུགས་ལས་སྤྲུལ་ཅིང་ལས་རྣམས་བྱེད། །སྲས་མཆོག་མཐིང་ག་སྤྲིན་ལྟར་གཏིབས། །ཁྲོ་ཆུང་ཚོན་གང་སྐར་ལྟར་འཁྲུགས། །བདུད་དང་སྲིན་པོ་འདུལ་བའི་བྲོ། །ཧཱུཾ་མཁའ་འགྲོ་མ་ཆེན་གདུག་པའི་བྲོ། །མ་མོའི་རྟ་བྲོ་སི་ལི་ལི། །སྔོན་དམར་བྱང་ཐག་རྒྱངས་སེ་རྒྱང་། །ཤ་ཁྲག་དམར་པོ་མཁའ་འགྲོའི་ཟས། །ཤ་ལ་རོལ་ཅིག་མཁའ་འགྲོའི་ཚོགས། །ཁྲག་ལ་འཐུང་ཞིག་མཁའ་འགྲོའི་ཚོགས། །རུས་ལ་འཆོ་ཞིག་མཁའ་འགྲོའི་ཚོགས། །མཁའ་འགྲོ་རྔམ་བྱེད་རོ་ལ་རྔམ། །གཡས་སུ་བལྟས་ནས་གཡོན་དུ་འཁྱུད། །རྔམ་པའི་ཚེམས་གཙིགས་མདུན་དུ་བལྟ། །


DNG020_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་པ་གང་ཡིན་སྤྱན་གྱིས་གཟིགས། །སོ་བརྡར་མཆེ་གཙིགས་ཧ་སྒྲ་ཅན། །སྟོང་གསུམ་རོ་ཟ་ཁྲག་འཐུང་ཡང་། །མ་འགྲངས་མ་ངོམས་སོ་བརྡར་ཁྲིག །མཁའ་འགྲོ་མ་ཆེན་སྤྲིན་ལྟར་གཏིབས། །ཕོ་ཉ་ཕྱག་བརྙན་སྐར་ལྟར་འཁྲུགས། །བདུད་དང་སྲིན་པོ་འདུལ་བའི་བྲོ། །ཧཱུཾ་སྙིང་གི་དཀྱིལ་དུ་བྲོ་བརྡུང་བས། །ཡེ་ཤེས་ལྔ་པོ་མཉེས་པར་བྱེད། །དྲན་པ་གནས་སུ་དག་པའི་བྲོ། །མིག་གི་སྟེང་དུ་བྲོ་བརྡུང་བས། །གཟུགས་ཀྱི་ལྷ་མོ་མཉེས་པའི་བྲོ། །རྣ་བའི་སྟེང་དུ་བྲོ་བརྡུང་བས། །སྒྲ་ཡི་ལྷ་མོ་མཉེས་པའི་བྲོ། །སྣ་ཡི་སྟེང་དུ་བྲོ་བརྡུང་བས། །དྲི་ཡི་ལྷ་མོ་མཉེས་པའི་བྲོ། །ལྕེ་ཡི་སྟེང་དུ་བྲོ་བརྡུང་བས། །རོ་ཡི་ལྷ་མོ་མཉེས་པའི་བྲོ། །ལུས་ཀྱི་སྟེང་དུ་བྲོ་བརྡུང་བས། །རེག་བྱའི་ལྷ་མོ་མཉེས་པའི་བྲོ། །སྙིང་གི་དཀྱིལ་དུ་བྲོ་བརྡུང་བས། །ཆོས་ཀྱི་ལྷ་མོ་མཉེས་པའི་བྲོ། །མཛེས་བྱེད་ལྷ་མོ་སྤྲིན་ལྟར་གཏིབས། །ཕྱི་ནང་ལྷ་མོ་སྐར་ལྟར་འཁྲུགས། །བདུད་དང་སྲིན་པོ་འདུལ་བའི་བྲོ། །རྡོ་རྗེ་ཕུར་པ་ཆེན་པོ་བཤད་པའི་རྒྱུད་ལས། དྲག་པོ་མེའི་ལས་དང་བྲོའི་རིམ་པའི་ལེའུ་སྟེ་སོ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་ཟོར་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། མཐིང་ནག་གྲུ་གསུམ་རིམ་པ་ལ། །དྲུག་པར་བྱུང་བ་ངན་པའི་ཐོད་པ་རུ། །རྩིབས་དྲུག་རང་སྔགས་ཟོར་དུ་བཅས། །སྙིང་དང་ཁྲག་སྣ་མང་དུ་བླུགས། །རིམ་པ་གྲངས་ཀྱི་བཤམས་ནས་སུ། །དྲག་པོ་སྔགས་ཀྱི་རིམ་པ་ཡིས། །གང་ཡིན་དངོས་པོ་སྒྲོལ་བར་ནུས། །བསྙེན་སྒྲུབ་བཞི་པོ་མཐའ་རུ་ཕྱིན། །མེ་ཉེས་གཟུ་དང་དཔང་དུ་གཟུག །བསྙེན་པའི་ལྷ་ཡན་ད་རུང་བསྙེན། །བདེན་པའི་བྱིན་རླབས་དེ་བཞིན་བྱ། །ཧཱུཾ་མཐིང་ནག་གྲུ་གསུམ་དཀྱིལ་འཁོར་ནས། །དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡང་། །གཡས་ན་ཁྲག་ཟོར་མདའ་ཟོར་འཕེན། །གཡོན་པ་ཉུང་ཟོར་རྦབ་ལྟར་འདྲིལ། །ཁྲག་ཟོར་དམར་པོ་མཚོ་ལྟར་རློབས། །མདའ་ཟོར་དྲག་པོ་སྐར་ལྟར་འཁྲུགས། །དྲག་པོ་


DNG020_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

ཉུང་ཟོར་རྦབ་ལྟར་འདྲིལ། །མཚེ་ཟོར་རྣོན་པོ་མདུང་ལྟར་འདེབས། །དྲག་པོའི་ཕུར་ཟོར་སྙིང་ལ་འདེབས། །དོ་ནུབ་ཟོར་གྱི་ལས་མཛོད་ཅིག །ཧཱུཾ་ཡུམ་གཅིག་འཁོར་ལོ་རྒྱས་འདེབས་མ། །གཡས་པ་ཁྲག་ཟོར་མདའ་ལྟར་འཕེན། །གཡོན་ནས་ཉུང་ཟོར་རྦབ་ལྟར་དྲག །བྷྱོ། སྟེང་ཕྱོགས་ཚངས་པ་འདུལ་བའི་ལྷ། །ཁྲོ་བོ་ཆེན་པོ་ཧཱུཾ་ཀཱ་ར། །ཚངས་པ་འདུལ་བའི་མཐུ་བོ་ཆེ། །གཡས་པ་ཁྲག་ཟོར་མདའ་ལྟར་འཕེན། །གཡོན་པ་ཉུང་ཟོར་རྦབ་ལྟར་དྲག །བྷྱོ། ཡུམ་ཆེན་རྡོ་རྗེ་སྒྲ་འབྱིན་མ། །སྟེང་ཕྱོགས་མོ་རིགས་འདུལ་བའི་མཐུ་མོ་ཆེ། །གཡས་པ་ཁྲག་ཟོར་མཚོ་ལྟར་རློབས། །གཡོན་པ་ཉུང་ཟོར་རྦབ་ལྟར་འདྲིལ། །སྟེང་ཕྱོགས་གདུག་པ་ཕག་གི་མགོ། །གཡས་པ་དྲག་པོ་ཕུར་ཟོར་བསྣམས། །གཡོན་པ་ཁྲག་ཟོར་མཚོ་ལྟར་རློབས། །སྟེང་ཕྱོགས་འགུགས་བྱེད་སྨིག་བུའི་མགོ། །གཡས་པ་འཛིན་བྱེད་ལྕགས་ཀྱུ་བསྣམས། །གཡོན་པ་ཁྲག་ཟོར་མཚོ་ལྟར་རློབས། །ཧཱུཾ་སྟེང་ཕྱོགས་འབྲལ་བྱེད་སྲས་མཆོག་ནི། །སྟོད་ནི་ཞལ་གསུམ་ཕྱག་དྲུག་ལ། །སྐུ་སྨད་ལྕགས་ཕུར་དབལ་དང་ལྡན། །གཡས་པ་འབྲལ་བྱེད་གྲི་གུག་བསྣམས། །གཡོན་པ་ཁྲག་ཟོར་མཚོ་ལྟར་རློབས། །ཁྲག་མདའ་ཁྲག་ཕུར་ཆི་ལི་ལི། །ཁྲག་མདའ་བུ་ཡུག་ཆར་ལྟར་ཕོབ། །དགྲ་བོའི་ཁོང་དུ་དུག་མདའ་གཡོས། །བྷྱོ། ཤྭ་ན་ལས་ཀྱི་མཁའ་འགྲོ་མ། །ལྕགས་ཀྱི་སྤྱང་མོ་མགོ་དགུ་མ། །ལས་སུ་ཤ་ཟ་ཁྲག་འཐུང་མ། །གཡས་སུ་ཕུར་ཟོར་མདའ་ལྟར་འཕེན། །གཡོན་དུ་ཁྲག་ཟོར་མཚོ་ལྟར་རློབས། །ཉིད་ཀྱི་དམ་ཚིག་ཁྲག་མདའ་འདི། །ད་ནི་འཕེན་པའི་དུས་ལ་བབ། །ཁྲག་མདའ་ཁྲག་ཕུར་ཆི་ལི་ལི། །ཁྲག་མདའ་བུ་ཡུག་ཆར་ལྟར་ཕོབ། །དགྲ་བོའི་ཁོང་དུ་དུག་མདའ་རྒྱོབ། །ལས་ཀྱི་མཁའ་འགྲོ་རྣམ་གསུམ་ཡང་། །ཁྲག་ཟོར་དམར་པོའི་སྣ་དྲོངས་ལ། །ཁྲག་ཟོར་མེ་ལྟར་མཆེད་ནས་ཀྱང་། །དམ་ཉམས་དགྲ་བོ་འཚིག་པར་བྱེད། །ཁྲག་ཟོར་ཆུ་ལྟར་བྲུབ་ནས་ཀྱང་། །དམ་ཉམས་དགྲ་བོ་ཁྱེར་བར་བྱེད། །ཁྲག་ཟོར་གཉན་པོའི་སྣ་དྲོངས་ཤིག །ཟོར་འཕང་སླར་ལ་མ་ལོག་


DNG020_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག །གཉན་བྱས་དགྲ་རུ་མ་སྡང་ཞིག །ཟས་སྦྱར་དུག་ཏུ་མ་གཡོ་ཞིག །དམ་ཉམས་གང་ཡིན་ཡུལ་མཁར་སྐྱེལ། །མི་ནད་མེ་ལྟར་མཆེད་ནས་ཀྱང་། །གང་ཡིན་ཉམས་པ་འཕུང་བར་བྱེད། །དམག་སྣ་དྲོངས་ཤིག་དྲག་པོ་ཟོར་གྱི་ལྷ། །བྷྱོ་བྷྱོ། དྲག་པོ་ཟོར་གྱི་ཐུན་ཕོབ་ཅིག །རྡོ་རྗེ་ཕུར་པ་ཆེན་པོ་བཤད་པའི་རྒྱུད་ལས། དྲག་པོ་ཟོར་གྱི་ལེའུ་སྟེ་སོ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་རབ་ཏུ་དབྱེ་བ་དང་བསྒྲལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ཏེ། དབྱེ་བའི་ས་ཕྱོགས་གང་ཡིན་པར། །རིམ་པ་གསུམ་གྱི་གྲུ་གསུམ་ལ། །དཔངས་སུ་ཁྲུ་གང་པ་གཅིག་བརྩིག །གུ་གུལ་ཆུ་ཡིས་ལེགས་པར་བྱུག །རྣམ་གཉིས་ལས་སུ་བསྟན་པའི་ཕྱིར། །ལྷོ་རུ་སྒོ་རེ་ཡང་དག་བཤམ། །དམེ་བའི་རྫས་ལྔ་དེ་བཞིན་བྱ། །ཚོན་སྐུད་གཉིས་ཀྱིས་རྩ་བ་བསྡམ། །ཞིང་གི་རྒྱུས་པའི་ཐག་པས་གདགས། །ཡི་གེ་གཉིས་ཀྱི་བར་དག་ཏུ། །དབྱེ་བའི་ལྷ་ཉིད་གཞུག་པར་བྱ། །དབྱེ་བའི་སྙིང་པོ་རྒྱབ་ཏུ་བྲི། །རྣམ་གསུམ་རྫས་ཀྱིས་མཆོད་པའི་ཕྱིར། །དེ་ཉིད་གསུམ་ཡང་རབ་ཏུ་གདམས། །ཏིང་འཛིན་རིམ་པས་བསྒོམ་བྱ་སྟེ། །དཔལ་དུ་བསྐྱེད་དང་ལས་མཁན་བསྒོམ། །སྤྱན་དྲང་བསྡིམ་དང་མཆོད་པ་དང་། །དབྱེ་བའི་སྔགས་ཉིད་མང་དུ་བཟླས། །བསྟོད་ཅིང་བསྐུལ་ཏེ་མཆོད་པ་འབུལ། །དབྱེ་བའི་རྟགས་ཉིད་བྱུང་བ་དང་། །ཐུན་རྣམས་བྲབ་ཅིང་རབ་ཏུ་རྦད། །སྒྲོ་གཉིས་ལས་ཀྱི་རླུང་ལ་ཕྱར། །ལས་ཀྱི་རླུང་གིས་ཁྱེར་བར་འགྱུར། །ཧཱུཾ་ཉེ་འབྱེད་ལས་ཀྱི་ཕྲ་མ་མཁན། །རླུང་ལྷའི་བུ་ལ་སྲིན་པོའི་ཚ། །ཕ་ནི་རླུང་ལྷ་ཁ་སྐྱེས་རཾ་པ་ཡིན། །མ་ནི་སྲིན་མོ་ཁ་འབར་མ། །གཉིས་མེད་བུ་གཅིག་བྱུང་བ་ནི། །ཉེ་འབྱེད་ཆེན་མོ་ཕྲ་མ་མཁན། །སྐུ་མདོག་དུད་ཁ་ཆེན་མོ་ལ། །འཇིགས་པའི་ཁྲོ་གཉེར་མང་པོས་བརྒྱན། །གཡས་ཀྱི་དང་པོ་བྱ་རོག་གོང་རུ་བསྣམས། །ཉམས་པ་སྤྱན་གྱིས་གཟིགས་པར་བྱེད། །གཡོན་གྱི་དང་པོ་འུག་པའི་གོང་རུ་བསྣམས། །མི་འཆོར་རྟོག་པ་རབ་ཏུ་གསལ། །གཡས་འོག་ལྕགས་ཀྱུ་སྟ་


DNG020_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

རེ་བསྣམས། །ཉམས་པ་མགོ་ལུས་འབྲལ་བའི་རྟགས། །གཡོན་གྱི་འོག་མ་རླུང་གི་རྐྱལ་པ་བསྣམས། །ཉམས་པ་རླུང་ལ་སྐུར་བའི་རྟགས། །ཁྱོད་ཀྱི་ཕྲག་པ་གཡས་པ་ན། །ལྕགས་ཀྱི་བྱ་ཁྲ་གཡུ་མིག་ཅན། །སྣང་སྲིད་མི་མཐོང་གཅིག་ཀྱང་མེད། །དམ་ཉམས་ཕྲག་པ་གཡས་ཀྱི་ཕོ་ལྷ་ཕྲོལ། །ཁྱོད་ཀྱི་ཕྲག་པ་གཡོན་པ་ན། །ཟངས་ཀྱི་བྱ་ཁྲ་གསེར་མིག་ཅན། །སྲིད་པ་གསུམ་ཡང་དུས་གཅིག་གཟིགས། །ཕྲག་པ་གཡོན་གྱི་མོ་ལྷ་ཕྲོལ། །ཁྱོད་ཀྱི་སྤྱི་བོའི་གཙུག་རུམ་ན། །ཤེལ་གྱི་བྱ་ཁྱུང་གཡུ་མིག་ཅན། །དགེ་སྡིག་གཉིས་ཀྱི་ལས་ཀྱང་གཟིགས། །འགོ་བར་བྱེད་པའི་ལྷ་དང་ཕྲོལ། །ཁྱོད་ཀྱི་རྒྱབ་ཀྱི་སོག་པ་ལ། །སྟག་དང་སྤྱང་ཀི་རྔམ་ཞིང་རྒྱུག །ཉམས་པ་ཟས་སུ་ཟ་བར་བྱེད། །ཉམས་པའི་རྒྱབ་ཀྱི་དགྲ་ལྷ་ཕྲོལ། །ཁྱོད་ཀྱི་མདུན་གྱི་ལྷེ་སྣ་ལ། །སེང་གེ་དཀར་མོ་འགྱིང་ཞིང་འཕྱོ། །སྣང་སྲིད་དབང་དུ་སྡུད་པར་བྱེད། །དམ་ཉམས་མདུན་གྱི་སྲོག་ལྷ་ཕྲོལ། །ཁྱོད་ནི་སྟོང་གསུམ་ཕྲ་མ་མཁན། །རླུང་ལྷའི་བུ་ལ་སྲིན་བུའི་ཚ། །མཆུ་ནི་ལྕགས་ཀྱི་གཟོང་བས་རྣོ། །དམ་ཉམས་མི་དང་ལྷ་ཡི་བར་དུ་དབྱེན་ཆུག་ཅིག །ཁྱོད་ཀྱིས་མི་བྱེད་གང་ཡང་མེད། །ལྷ་དང་ལྷ་མིན་གཡུལ་འགྱེད་ཀྱང་། །འབྱེད་པར་ཁྱོད་ཀྱིས་ནུས་པར་བྱེད། །ཚེ་གསུམ་དྲན་བྱེད་ཕོ་རོག་མ། །ཁྱོད་ཀྱིས་མི་དྲན་ཅི་ཡང་མེད། །བསྟན་པ་གཉེན་ལ་གནོད་པ་ཡི། །དམ་ཉམས་བསྒྲལ་བའི་ཞིང་བཅུ་འདི། །འགོ་བར་བྱེད་པའི་ལྷ་དང་ཕྲོལ། །སྟོངས་པར་བྱེད་པའི་གཉེན་དང་ཕྲོལ། །ཧུ་ལུ་མུན་མཐོང་འུག་པ་མོ། །ཁྱོད་ཀྱིས་མི་མཐོང་གང་ཡང་མེད། །བསྟན་པ་གཉན་ལ་གནོད་བྱེད་པའི། །དམ་ཉམས་བསྒྲལ་བའི་ཞིང་བཅུ་འདི། །ཁྱོད་ཀྱིས་བསྒྲལ་བའི་ཕྲིན་ལས་མཛོད། །ཅེས་སོ་སོའི་སྒྲོ་གཉིས་ལས་ཀྱི་རླུང་ལ་ཕྱར་རོ། །རྡོ་རྗེ་ཕུར་པ་ཆེན་པོ་བཤད་པའི་རྒྱུད་ལས། ཞིང་བཅུ་ལྷ་དང་དབྱེ་བའི་ལེའུ་སྟེ་སོ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་གནོད་སྦྱིན་སྒྲུབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དུར་ཁྲོད་ཆེན་པོའི་གནས་དག་ཏུ། །


DNG020_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་གྲུ་གསུམ་བྱས་ནས་སུ། །སྟེང་དུ་སོལ་མེ་རབ་ཏུ་བཏང་། །ཐལ་ཆེན་སོལ་བས་ནང་བྱུགས་ལ། །ཞབས་མ་དམར་པོའི་གདན་བཏིང་ལ། །ལིངྒ་བྱ་བའི་རྒྱུད་ཉིད་ལ། །ལིངྒ་རབ་ཏུ་བཟོས་བྱས་ལ། །སྐེ་ནས་སྔོ་དམར་རབ་ཏུ་གདགས། །དྲག་པོ་རྩང་ལ་བསྟོད་པར་བྱ། །ནག་པོ་སྐྲ་ཡིས་སྐྱེ་གནས་བཏགས། །ཕུར་པ་ཉིད་ལ་བསྟོད་པར་བྱ། །རྩ་གཉིས་ཀྱི་ནི་ཁྲག་གིས་བྱུགས། །ཐོད་པ་མཚན་དང་ལྡན་པ་རུ། །དམར་པོ་གཉིས་ཀྱི་སྙིང་ཁྲག་ལ། །དེ་བཞིན་བསྲེ་བའི་རྫས་རྣམས་དང་། །དེ་བཞིན་ཟུར་ལ་རབ་ཏུ་གཞག །བསེ་ཕོར་མཚན་ལྡན་ནང་དག་ཏུ། །ཆང་དང་རིན་ཆེན་སྣ་ལྔ་དང་། །འབྲུ་ལ་སོགས་ཏེ་ཟུར་དུ་གཞག །ཙ་ར་ཁྲག་གིས་བྱུགས་པ་ཡི། །ཕུར་པའི་རྩེ་མོ་གནམ་དུ་བསྟན། །རབ་ཏུ་ཟུར་ལ་དགོད་པར་བྱ། །དེ་ལ་སོགས་པའི་རྫས་རྣམས་ནི། །སྙིང་སྣ་ཁྲག་སྣ་མང་དུ་བསགས། །ལྷ་ཉིད་གསལ་ལ་གནས་རྣམས་བསྲུང་། །དེ་ཉིད་ལས་སུ་རུང་བ་དང་། །དྲེགས་པ་ཅན་གྱི་སྔགས་ལ་འཇུག །གོང་དུ་བསྟན་པ་དེ་བཞིན་དུ། །ནུར་བ་མེད་པ་རབ་ཏུ་བཟླས། །ཅི་བགྱི་བཀའ་ཉན་བྲན་ལྟར་ཁོལ། །ཐེ་ཚོམ་སོམ་ཉི་མ་ཡིན་པར། །དྲེགས་པའི་སྲོག་སྙིང་མར་དུ་བཟླས། །ཧཱུཾ་བསྟན་པ་གཉན་པོ་བསྲུང་བར་ཞལ་བཞེས་པའི། །རྡོ་རྗེ་ཕུར་པའི་སྲུང་མ་དམ་ཚིག་ཅན། །ཁས་བླངས་དམ་བཅས་སྲོག་གི་སྙིང་པོ་ཕུལ། །བསྟན་པ་རྒྱས་པའི་སླད་དུ་དོན་མཛད་པའི། །མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས། །དྲེགས་པའི་མངའ་མཛད་གནོད་སྦྱིན་མེ་རུ་ཙེ། །ཁྲག་མདོག་དམར་པོ་བསེ་ཡི་རལ་པ་ཅན། །སྤྱན་མིག་ཉི་མའི་འོད་ཟེར་སྐར་ལྟར་འཁྲུགས། །སྨིན་མ་གློག་འགྱུ་བར་སྣང་གོ་སྐབས་འབྱེད། །ཤངས་ནས་བུ་ཡུག་རྡོ་རྗེ་ཐོག་ཆེན་འབེབས། །ཞལ་བགྲད་ཚེམས་ནི་སྤུ་གྲི་འབུམ་གྱིས་གཏམས། །རྔམ་པའི་ལྗགས་འདྲིལ་བསྐལ་པའི་མེ་ལྟར་འབར། །ཨག་ཙོམ་དམར་སེར་དུག་གསུམ་རྩད་ནས་བསྲེག །སྙན་ནས་འབྲུག་སྟོང་སྒྲ་སྐད་ལྡི་རི་རི། །སེན་མོ་ལྕགས་ཀྱུའི་རྩེ་ལྟར་འཛིན་ཞིང་འགུགས། །བ་སྤུའི་ནང་ནས་གནམ་ལྕགས་ཞུན་ཆུ་འབྲུབ། །


DNG020_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་མིག་དམར་པོས་སྣང་སྲིད་གསལ་བར་མཛད། །ལྕགས་ཀྱུས་སྣང་སྲིད་དབང་དུ་སྡུད་པའི་རྟགས། །སྨིན་མ་འཛིངས་པས་མེ་སྟག་རབ་ཏུ་འཕྲོ། །ཡཀྴ་གནོད་སྦྱིན་འཇིགས་པས་རབ་ཏུ་རྔམ། །ཆུ་ལྟར་འབྲུབ་ཅིང་མེ་ལྟར་སྲེག་པར་བྱེད། །ཞབས་ཀྱིས་གང་དུ་བསམས་པར་ཡུད་ཀྱིས་ཕྱིན། །ན་བཟའ་དམར་པོ་སྤྲིན་གྱི་གཡང་གཞི་གསོལ། །ཉམས་པའི་སྙིང་འབྱིན་ཆང་པར་བཅུག་ནས་གསོལ། །རྡོ་རྗེ་ཕུར་པའི་ལས་རྣམས་ཁྱེད་ཀྱིས་སྒྲུབས། །བཅོལ་བའི་ལས་རྣམས་མ་ལུས་འགྲུབ་པར་མཛོད། །ཧཱུཾ་གནོད་སྦྱིན་མེ་རུ་ཙེ་ཡི་ཐུགས་དམ་དགྱེས་སྐུལ་མ། །ཡུམ་གཅིག་རྡོ་རྗེ་གར་གྱི་དབང་ཕྱུག་མ། །ཁྲོས་པའི་སྐུ་མདོག་ཁྲག་གི་ཐིགས་པ་འདྲ། །མི་བཟད་རྡོ་རྗེ་ལྕགས་ཀྱི་ཕུར་པས་གཏམས། །རྡོ་རྗེའི་རལ་པ་སི་ལི་ལི། །ཁྲག་གི་མཆི་མ་ཕྲུ་ལུ་ལུ། །སྙིང་རྗེ་མི་མངའ་དམ་ཉམས་སྒྲོལ་བར་བྱེད། །ཕྱག་ན་རྡོ་རྗེ་ཕུར་པ་འདྲིལ་ཞིང་འདེབས། །དུས་ལ་བབ་བོ་གར་གྱི་དབང་ཕྱུག་མ། །གྲུ་བཞི་སྲིན་མོ་སྦྲུལ་འདྲ་མ། །ཡབ་ཡུམ་རྟགས་དང་གདུག་པ་ཅན། །བྱ་བ་མ་ཡིན་རབ་ཏུ་གཟེམ། །རྟ་དང་བྱིས་པ་མུག་པའམ། །ཙག་ཙོག་མང་པོ་བྱུང་བ་དང་། །ཁུག་པས་རབ་ཏུ་གདབ་བྱ་སྟེ། །ཕུར་པ་བླངས་ཤིང་རབ་ཏུ་འདྲིལ། །དྲོད་དང་ཚངས་པའི་མགོ་ལ་གདབ། །ས་ཏི་ཡམ་ཤུད་རྐང་པ་ལ། །ཤུ་ལ་ཁུ་ལེ་ལག་པ་ལ། །ད་ཤ་གྲཱི་པ་གསང་བ་ལ། །རྩ་གཉིས་ཡབ་ཡུམ་སྔགས་ཀྱིས་གདབ། །ཡབ་སྙིང་ཡུམ་ལྟེ་རྣམ་པ་གཉིས། །རབ་ཏུ་གདབ་པ་དེ་བཞིན་བྱ། །གྱད་ཀྱི་སྐུ་མདོག་བཞིར་བསྒོམ་ལ། །ཕུར་པ་གདབ་ཅིང་ལས་རྣམས་བྱ། །གཏོར་མ་ལག་ཏུ་ཐོགས་བྱས་ལ། །སྲོད་ལ་ཟླ་བའི་འོད་ལ་བསྐུལ། །ཐོ་རངས་སྐར་ཆེན་ཤར་ནས་བསྐུལ། །དགོངས་མོ་གྲིབ་སོ་ཆགས་ལ་བསྐུལ། །ནང་པར་ཉི་མའི་རྩེ་ལ་བསྐུལ། །རང་བཞིན་རྟགས་ནི་བྱུང་བ་དང་། །གང་ཡིན་ཕྱོགས་སུ་གཏོར་མ་འཕངས། །དེ་ཡི་ལས་རྣམས་འགྲུབ་པར་འགྱུར། །རྡོ་རྗེ་ཕུར་པ་ཆེན་པོ་བཤད་པའི་རྒྱུད་ལས། གནོད་སྦྱིན་དྲེགས་པ་ཅན་སྒྲུབ་པའི་ལེའུ་སྟེ་སོ་བརྒྱད་


DNG020_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

པའོ།། །།དེ་ནས་བཅོམ་ལྡན་འདས་ཡོན་ཏན་བསྟན་པའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ཏེ། བསྟན་པ་ཐམས་ཅད་འཕེལ་བ་དང་། །ཆོས་ཉིད་ཞི་བས་འདུལ་བ་དང་། །མ་རིག་རིག་པར་འགྱུར་བ་དང་། །སྟོན་པ་རང་ལས་བྱུང་བ་དང་། །འབྲས་བུ་གཞན་ལ་མེད་རྟོགས་ན། །རྒྱུད་གཉིས་ཡོངས་སུ་རྟོགས་ལས་བྱུང་། །ཞི་བ་ཆེན་པོར་རྟོགས་པ་དང་། །མ་རིག་མུན་པ་བསལ་བ་དང་། །རིག་པའི་ཡེ་ཤེས་གསལ་བ་དང་། །རྟོགས་པས་འབྲས་བུར་གྱུར་པ་དང་། །དྲི་མེད་འོད་ལྡན་གསལ་བ་དག །རྒྱུད་འདི་ཡོངས་སུ་རྟོགས་ལས་བྱུང་། །ཀུན་བཟང་དོན་ཉིད་སྟོན་པ་དང་། །དེ་ཉིད་གཞི་རུ་གྱུར་པ་དང་། །རྣམ་པ་ཐམས་ཅད་མཁྱེན་པ་དང་། །དེ་ཡིས་ཐམས་ཅད་ཆོས་སྟོན་དང་། །རྒྱུད་འདི་ཡོངས་སུ་རྟོགས་ལས་བྱུང་། །ཆོས་ཉིད་ཕུར་པ་ཀུན་གྱི་གཞི། །བསྟན་པ་དར་དང་འདུལ་བའི་དོན། །གང་དུ་བསྟན་པར་འབྱུང་བར་བྱེད། །རང་བཞིན་འདུལ་བའི་དོན་བསྟན་པ། །རྒྱུད་འདི་ཡོངས་སུ་རྟོགས་ལས་བྱུང་། །ཡེ་ནས་གནས་པའི་ཆོས་ཉིད་འདི། །ཆོས་ཉིད་རིག་པ་ཀུན་གྱི་གཞི། །རྡོ་རྗེ་ཡང་དག་སྐྱེ་བ་མེད། །སྤྲོས་མེད་དོན་རྣམས་རྟོགས་བྱེད་པ། །རྒྱུད་འདི་ཡོངས་སུ་རྟོགས་ལས་བྱུང་། །ཐུགས་རྗེ་ནམ་མཁའི་བྱིན་རླབས་ལས། །འདུལ་བའི་དོན་ལ་ཅིར་ཡང་སྟོན། །གདུག་པ་འདུལ་བའི་ཁྲོ་བོ་འབྱུང་། །ཐམས་ཅད་མ་ལུས་འདུལ་བ་ཡང་། །རྒྱུད་འདི་ཡོངས་སུ་རྟོགས་ལས་བྱུང་། །ཀུན་ཏུ་བཟང་པོའི་ངང་ཉིད་ལས། །གདུག་པ་འདུལ་བའི་ཁྲོ་བོ་ཡང་། །ཧཱུཾ་ཧཱུཾ་ཕཊ་ཕཊ་སྒྲ་སྒྲོགས་པ། །ཡོངས་སུ་འདུལ་བ་བསྟན་པ་ཡང་། །རྒྱུད་འདི་ཡོངས་སུ་རྟོགས་ལས་བྱུང་། །བདེ་བར་གཤེགས་པའི་བྱིན་རླབས་ལས། །བདུད་དང་སྲིན་པོ་འདུལ་བའི་ལྷ། །རྔམ་པའི་སྒྲ་ཡིས་ཀུན་བཀང་ནས། །ཉོན་མོངས་སྲེག་པར་བྱེད་པའི་མེ། །རྒྱུད་འདི་ཡོངས་སུ་རྟོགས་ལས་བྱུང་། །ཐབས་དང་ཤེས་རབ་འདྲེལ་བ་ཡང་། །འགྲོ་བ་འདུལ་བ་དོན་གྱི་ཕྱིར། །བྱང་ཆུབ་སེམས་ཀྱི་བདེ་བ་ཡང་། །བདེ་གཤེགས་དགོངས་པའི་བྱིན་རླབས་ཏེ། །རྒྱུད་


DNG020_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཡོངས་སུ་རྟོགས་ལས་བྱུང་། །འདོད་ཆགས་སྦྱོར་ཞིང་བྱང་ཆུབ་ཐོབ། །ཆགས་པ་རང་རྒྱུད་སྡུག་བསྔལ་སེལ། །ཞེན་པ་རང་རྒྱུད་གྲོལ་བར་བྱེད། །འཛིན་པ་མེད་ཅིང་ཞེན་པ་གཅོད། །རྒྱུད་འདི་ཡོངས་སུ་རྟོགས་ལས་བྱུང་། །མཁའ་ལ་བྱ་ལྟར་འཕུར་བ་དང་། །ཆུ་ལ་མི་འབྱིང་མེས་མི་ཚིག །ཐོགས་པ་མེད་པར་འགྲོ་བ་དང་། །མངོན་ཤེས་རབ་ཏུ་མི་སླུ་དང་། །བདེན་པ་དོན་དང་ལྡན་པ་འདི། །རྒྱུད་འདི་ཡོངས་སུ་རྟོགས་ལས་བྱུང་། །ལོག་པའི་ཆོས་ཅན་འདུལ་བ་དང་། །དངོས་གྲུབ་བར་ཆད་བྱེད་པ་དང་། །བསྒྲལ་བའི་ཞིང་བཅུར་གྱུར་པ་དང་། །ངན་སོང་སྡུག་བསྔལ་མཁའ་འགྲོར་བཅས། །ཐུགས་རྗེའི་བྱིན་རླབས་འབྱུང་བར་ནི། །རྒྱུད་འདི་ཡོངས་སུ་རྟོགས་ལས་བྱུང་། །འགྲོ་བ་འདུལ་བའི་དོན་སླད་དུ། །ཞི་དང་ཁྲོ་དང་འདུལ་བའི་དོན། །འདུལ་བའི་དབང་དུ་དེ་ལས་བྱུང་། །དྲང་དོན་ངེས་དོན་རྣམ་པ་གཉིས། །འགྲོ་བ་འདུལ་བའི་དོན་དུ་འབྱུང་། །རྒྱུད་འདི་ཡོངས་སུ་རྟོགས་ལས་བྱུང་། །རང་རྒྱུད་དངོས་པོར་འཇོམས་པ་དང་། །སྟོང་པའི་དོན་ལ་དགོད་པ་དང་། །བདེན་པའི་དབྱིངས་ལས་འདུལ་བ་དང་། །མི་འཁོར་དོན་ལ་འགོད་པ་དང་། །ཞིང་བཅུའི་དོན་རྣམས་མཐོང་བ་དང་། །རྒྱུད་འདི་ཡོངས་སུ་རྟོགས་ལས་བྱུང་། །ཉི་མའི་འོད་བཞིན་གསལ་བ་དང་། །གསལ་ལ་འགྱུར་མེད་བརྟན་པ་དང་། །ཉེས་པ་མེད་པར་རྟོགས་པ་དང་། །བགྲོད་དུ་མེད་པར་མཐར་ཕྱིན་པ། །རྒྱུད་འདི་ཡོངས་སུ་རྟོགས་ལས་བྱུང་། །སྐབས་དང་རིམ་པར་གྱུར་པ་ལ། །ས་དང་ལམ་ལ་དེ་བཞིན་ཏེ། །རིམ་པར་ནུས་པའི་བྱིན་རླབས་དང་། །འབྲས་བུའི་རིམ་པ་དེ་བཞིན་ཏེ། །རྒྱུད་འདི་ཡོངས་སུ་རྟོགས་ལས་བྱུང་། །བསམ་གཏན་ཏིང་འཛིན་རིམ་པ་ནི། །ཏིང་འཛིན་རྩལ་གྱི་རིམ་པ་ཡིས། །ས་ལ་རྣམ་པ་གཉིས་ཡོད་དེ། །འཁོར་འདས་གཉིས་སུ་དེ་བཞིན་འབྱུང་། །མྱ་ངན་འདས་པའི་ས་ལམ་ཡང་། །རྒྱུད་འདི་ཡོངས་སུ་རྟོགས་ལས་བྱུང་། །བསྟན་པའི་སྙིང་པོ་དམ་པ་ཡང་། །གང་ཡིན་རྟོགས་ལས་དེ་བཞིན་འབྱུང་། །མ་ངེས་འཛིན་པ་དེ་བཞིན་བྲལ། །འཛིན་པ་མེད་པ་གཞི་


DNG020_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བྲལ། །རྒྱུད་འདི་ཡོངས་སུ་རྟོགས་ལས་བྱུང་། །བཤད་པ་དྲི་མེད་འོད་ལྡན་འདི། །བསྟན་པ་ཡོངས་ཀྱི་འབྱུང་གནས་ཡིན། །བདེ་བར་གཤེགས་པའི་སྙིང་པོ་ཡིན། །ཐམས་ཅད་འབྱུང་བའི་གནས་ཆེན་ཡིན། །མུན་པ་སེལ་བའི་སྒྲོན་མེ་ཡིན། །རྟོགས་པར་བྱེད་པའི་ཤེས་རབ་ཡིན། །སྒོམ་པར་བྱེད་པའི་བསམ་གཏན་ཡིན། །ཤེས་པར་བྱེད་པའི་སྤྱོད་པ་ཡིན། །ཐོབ་པར་བྱེད་པའི་འབྲས་བུ་ཡིན། །ངེས་པར་འགྲུབ་པའི་དངོས་གྲུབ་ཡིན། །ཞི་བར་བྱེད་པའི་ཆོས་ཉིད་ཡིན། །འཇོམ་པར་བྱེད་པའི་ཁྲོ་བོ་ཡིན། །སྒྲོལ་བར་བྱེད་པའི་ཕུར་པ་ཡིན། །གཏུབ་པར་བྱེད་པའི་མཚོན་ཆ་ཡིན། །གསལ་བར་བྱེད་པའི་མར་མེ་ཡིན། །རྡོ་རྗེ་ཕུར་པ་ཆེན་པོ་བཤད་པའི་རྒྱུད་ལས། རྒྱུད་འབྱུང་བའི་དོན་བསྟན་པའི་ལེའུ་སྟེ་སོ་དགུ་པའོ།། །།དེ་ནས་བཅོམ་ལྡན་འདས་དྲག་པོ་ཉིད་སྒྲུབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དུར་ཁྲོད་ཆེན་པོའི་གནས་དག་ཏུ། །དྲག་པོ་གྲུ་གསུམ་རིམ་པ་བཞིན། །དུར་ཁྲོད་རུས་པའི་ཕྱེ་མ་ལ། །ཁྲག་གིས་སྦྲུས་ཏེ་རབ་ཏུ་བྱུག །རིམ་པ་བཞིན་དུ་བྱས་ཀྱང་རུང་། །རྫས་རྣམས་གོང་དུ་བསྟན་པ་བཞིན། །ཚང་བར་བསགས་ཤིང་ལས་རྣམས་བྱ། །བར་ཆད་བསྲུང་ཞིང་བྱིན་བརླབ་བྱ། །ཕུར་པ་སྔགས་ཀྱི་བྱིན་བརླབ་བྱ། །བརྗོད་ཀྱིས་རིམ་པས་གཞུག་པར་བྱ། །རྣམ་ལྔ་ལས་ཀྱི་ལིངྒ་འབུལ། །གཙོ་བོ་སྔགས་ཀྱིས་གཟིར་ལ་གཞག །སྔགས་ཀྱི་ལས་བྱ་ཏིང་འཛིན་བསྒོམ། །རྣམ་གསུམ་བསྐྱེད་དང་མཆོད་པ་འབུལ། །ལས་བཞི་བརྡུང་བའི་སྦྱོར་སྒྲོལ་བྱ། །བསྟབ་པའི་སྔགས་ཀྱིས་དེ་བཞིན་འབུལ། །སྙིང་པོ་དྲིལ་ཞིང་ལས་རྣམས་བྱ། །ཚོགས་མཆོད་གོང་དུ་བསྟན་པ་བཞིན། །དེ་ཡིས་རྟགས་རྣམས་བྱུང་བ་དང་། །རབ་ཏུ་དྲིལ་ཞིང་དྲག་པོར་བསྟན། །གོང་དུ་བསྟན་པ་དེ་མིན་དགོས། །དྲག་པོའི་ལས་སུ་བསྟན་པ་ཡིན། །མཚན་མ་བརྟན་པོ་བྱུང་བ་དང་། །ཕོ་ཉ་དཀྱུས་སུ་བཅས་པ་དང་། །རང་རང་དྲག་པོ་བསྒྲལ་བའི་སྔགས། །མཐའ་ཡིས་བརྟེན་ཅིང་གདབ་པར་བྱ། །


DNG020_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོར་འཛིན་པ་སྒྲོལ་བ་ཡི། །དྲག་པོ་ཁྲོ་བའི་བྱིན་རླབས་ཡིན། །དངོས་པོ་སྟོང་བར་སྒྲོལ་བ་དང་། །དེ་ཡི་དོན་ལས་མི་འདའ་དང་། །འཁོར་བར་མི་འཁོར་འོར་གཅིག་བྱ། །མཚོན་དང་དུག་དང་བརྡུང་བ་དང་། །བསྟབ་དང་གནས་པའི་རིམ་པ་ཡང་། །འདུས་པ་ཆེན་པོ་རང་རང་ཡིན། །གནས་གསུམ་ལས་ཉིད་གང་བྱེད་ཀྱང་། །རང་རང་སྔགས་ཀྱིས་དེ་བཞིན་བྱ། །ཚེ་དང་བཀྲ་ཤིས་དངོས་གྲུབ་ཀྱང་། །ཐམས་ཅད་ འདུས་པའི་སྔགས་ཚིག་ཡིན། །རྡོ་རྗེ་ཕུར་པ་ཆེན་པོ་བཤད་པའི་རྒྱུད་ལས། དྲག་པོ་བསྒྲུབ་པའི་ལེའུ་སྟེ་བཞི་བཅུ་པའོ།། །།དེ་ནས་བཅོམ་ལྡན་འདས་སྲས་མཆོག་སྒྲུབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དུར་ཁྲོད་ཆེན་པོའི་གནས་དག་ཏུ། །གྲུ་གསུམ་མཐིང་ནག་འབར་བ་བྲི། །དུར་ཁྲོད་རུས་པའི་ཕྱེ་མ་གདབ། །སྔགས་ཀྱིས་བསྲུང་ཞིང་ཕུར་པ་དགོད། །བྱིན་བརླབས་དགོད་པ་སྔགས་ཉིད་ཡིན། །དེ་ཉིད་བསྐྱེད་དང་སྤྱན་དྲང་དང་། །མཆོད་དང་ལས་བཞིའི་བརྡུང་བ་དང་། །གདབ་ཅིང་བསྐུལ་ཞིང་སྙིང་པོ་བཟླས། །བསྟོད་བཞིན་གོང་བཞིན་ཚོགས་མཆོད་བྱས། །རྟགས་རྣམས་རབ་ཏུ་བྱུང་བ་དང་། །བསྒྲུབ་པ་དྲག་པོ་སྔགས་ལ་འཇུག །བསྙེན་བསྒྲུབ་ཤ་མདངས་ཕྱེད་པར་བྱ། །བརྡུང་བའི་ལས་ནི་དུས་དུས་བྱ། །དེ་ཡིས་རྟགས་ཉིད་བྱུང་བ་དང་། །ཕོ་ཉ་དཀྱུས་དང་ཡང་དག་སྦྱར། །སྒྲོལ་བའི་སྔགས་ཀྱིས་བསྒྲལ་བར་བྱ། །ཕྱི་མའི་ལས་ཉིད་གོང་དུ་བསྟན། །དྲག་པོ་སྒྲོལ་བའི་ལས་ཉིད་ཡིན། །རྡོ་རྗེ་ཕུར་པ་ཆེན་པོ་བཤད་པའི་རྒྱུད་ལས། སྲས་མཆོག་ཉིད་དུ་སྒྲུབ་པའི་ལེའུ་སྟེ་ཞེ་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་ལས་མཁན་དགུ་བཅུ་སྒྲུབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དུར་ཁྲོད་མེ་རི་སྤུངས་པའི་སར། །གྲུ་གསུམ་མཐིང་ནག་འབར་བ་བྲི། །སྔོན་དུ་བྱ་བའི་རིམ་པའི་ས། །གསུམ་དང་བཞི་བཞི་གཅིག་ཀྱང་རུང་། །རིམ་པས་དེ་བཞིན་གང་ཡིན་སྦྱར། །སོ་སོའི་རྫས་རྣམས་སོ་སོར་བསག །ཐུན་ཡང་དེ་བཞིན་རིམ་པར་བྱ། །ཏིང་འཛིན་


DNG020_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པའི་བྱིན་རླབས་ལས། །ཕུར་པ་དར་གྱི་ཅོད་པན་ཅན། །མངའ་གསོལ་རིམ་པ་བཞིན་དུ་བྱ། །མདུན་དུ་ལས་མཁན་དེ་ཉིད་བསྐྱེད། །སྤྱན་དྲང་བསྡིམ་དང་མཆོད་པ་བྱ། །སྙིང་པོ་དྲག་པོ་སྔགས་སུ་སྦྲེལ། །ལྷ་གསལ་གང་ཡིན་ལས་སྔགས་བྱེད། །བསྙེན་བསྒྲུབ་མི་དབྱེ་གཅིག་ཏུ་དྲིལ། །དྲག་པོར་སྦྲེལ་ཅིང་རཀྟ་སྦྲེང་། །དུས་དུས་རྦད་ཅིང་རབ་ཏུ་ཁྲོ། །རྟགས་རྣམས་དབྱུང་བའི་ཕུར་པའི་ལས། །ཐུན་ཡང་དེ་བཞིན་འཕང་བར་བྱ། །ཐུན་ལ་མེ་རུ་འབར་བ་དང་། །འོད་དང་སྐད་དང་དུ་བ་དང་། །རྟགས་དེ་མངོན་དུ་འོང་བར་བཤད། །བསྙེན་སྔགས་གདབ་སྔགས་ཐུན་སྔགས་དང་། །མི་དབྱེ་དེ་ཉིད་གཅིག་པ་ཡིན། །དྲིལ་བའི་སྔགས་ཀྱིས་ལས་རྣམས་འགྲུབ། །ཏིང་འཛིན་རིམ་པ་སོ་སོ་ཡིན། །རྫས་ཀྱང་མི་མཐུན་སོ་སོ་ཡིན། །བྱེ་བྲག་ཏུ་ནི་ཤེས་པར་བྱ། །གཙོ་བོ་གཅིག་ལ་ལས་མཁན་ནི། །རྐྱང་པ་བཅུ་དགུའི་རིམ་པ་སྟེ། །དེ་རྣམས་གང་བྱེད་ལས་མཁན་ཡིན། །བཅུ་དགུ་ཕོ་མོ་གཉིས་སུ་འདུས། །གང་བྱེད་ཡེ་ཤེས་ལྷ་ལ་གདགས། །དྲིལ་བས་སྔགས་སུ་གོང་བཞིན་འགྲོ། །ན་ཡ་བྱེ་བྲག་རིགས་དང་སྦྱར། །ལས་ཀྱི་ཕོ་མོ་རྣམ་གཉིས་སོ། །གང་ཡིན་རྟགས་དང་སྦྱར་བར་བྱ། །རྡོ་རྗེ་ཕུར་པ་ཆེན་པོ་བཤད་པའི་རྒྱུད་ལས། ལས་མཁན་བཅུ་དགུའི་སྒྲུབ་པ་བསྟན་པའི་ལེའུ་སྟེ་ཞེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ཡོན་ཏན་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱིན་རླབས་ནམ་མཁའི་ངོ་བོ་ལས། །ཐུགས་རྗེ་ཆེན་པོའི་བྱིན་རླབས་འདུ། །འདུལ་བའི་དོན་དུ་ཅིར་ཡང་སྟོན། །ཐབས་མཁས་རྒྱལ་བའི་བྱིན་རླབས་ཀྱིས། །འདུལ་བ་རྣམ་གཉིས་གང་འདུལ་བ། །ཡང་དག་དོན་ལ་ཁྱད་པར་མེད། །བསྟན་པའི་སྙིང་པོ་དམ་པ་འདི། །འདུལ་བའི་དོན་དུ་ཅིར་ཡང་སྟོན། །སྙིང་པོ་དམ་པ་ལྷ་ཡི་སྐུ། །ཁམས་གསུམ་སེམས་ཅན་དེ་བཞིན་འབྱུང་། །རྟོགས་དང་མ་རྟོགས་ཁྱད་པར་མེད། །རྣམ་པ་གཉིས་ཀྱི་འབྲས་བུ་འབྱུང་། །གཅིག་ལས་གཉིས་སུ་དེ་བཞིན་སྣང་། །སྙིང་


DNG020_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་དོན་ལ་བཟང་ངན་མེད། །མེད་པ་མ་ཡིན་ཅིར་ཡང་སྣང་། །རྒྱལ་བ་ཐམས་ཅད་འབྱུང་བར་བྱེད། །ཁམས་གསུམ་སེམས་ཅན་འབྱུང་བར་བྱེད། །འབྲས་བུ་བཟང་ངན་གཉིས་སུ་སྨིན། །རྒྱལ་བའི་བྱིན་རླབས་རྣམ་པར་འབྱུང་། །རྒྱལ་བ་གྲངས་མང་བསམ་འདས་ཀྱང་། །དོན་དམ་སྙིང་པོ་ཉིད་ལས་བྱུང་། །རྒྱུད་རྣམས་ཐམས་ཅད་འབྱུང་བ་ཡང་། །དོན་དམ་སྙིང་པོ་དབྱིངས་ལས་བྱུང་། །སྟོན་པ་ཐམས་ཅད་འབྱུང་བ་ཡང་། །དོན་དམ་སྙིང་པོ་དབྱིངས་ལས་བྱུང་། །འཁོར་རྣམས་ཐམས་ཅད་འབྱུང་བ་ཡང་། །དོན་དམ་སྙིང་པོ་དབྱིངས་ལས་བྱུང་། །སྡུད་པ་ཐམས་ཅད་འབྱུང་བ་ཡང་། །དོན་དམ་སྙིང་པོ་དབྱིངས་ལས་བྱུང་། །ཐེག་པ་ཐམས་ཅད་འབྱུང་བ་ཡང་། །དོན་དམ་སྙིང་པོ་དབྱིངས་ལས་བྱུང་། །བསྟན་པ་ཐམས་ཅད་འབྱུང་བ་ཡང་། །དོན་དམ་སྙིང་པོ་དབྱིངས་ལས་བྱུང་། །རིགས་རྣམས་ཐམས་ཅད་འབྱུང་བ་ཡང་། །དོན་དམ་སྙིང་པོ་དབྱིངས་ལས་བྱུང་། །ལྟ་བ་སྒོམ་པ་རྟོགས་པ་ཡང་། །དོན་དམ་སྙིང་པོ་དབྱིངས་ལས་བྱུང་། །འབྲས་བུ་མཐའ་རུ་ཕྱིན་པ་ཡང་། །དོན་དམ་སྙིང་པོ་དབྱིངས་ལས་བྱུང་། །འགྲོ་བའི་དོན་ལ་སྤྱོད་པ་ཡང་། །དོན་དམ་སྙིང་པོ་དབྱིངས་ལས་བྱུང་། །དོན་རྣམས་ཐམས་ཅད་འགྲུབ་པ་ཡང་། །དོན་དམ་སྙིང་པོ་དབྱིངས་ལས་བྱུང་། །གཏན་ལ་དབབ་པར་བྱ་བ་དང་། །གཏན་ལ་འབེབས་པར་བྱེད་པ་ཡང་། །དོན་དམ་སྙིང་པོ་དབྱིངས་ལས་བྱུང་། །དོན་དམ་སྙིང་པོ་ཅི་ཡང་མེད། །ཅི་ཡང་མེད་པ་ཅིར་ཡང་སྣང་། །སྣང་བའི་དངོས་པོ་དམིགས་དང་བྲལ། །སྣང་བ་དངོས་མེད་སྟོང་པའི་དབྱིངས། །སྣང་བ་རང་བཞིན་མེད་པའི་ངང་། །སྣང་བ་རང་བཞིན་ཅི་ཡང་མེད། །སྟོང་པ་ཅིར་ཡང་སྣང་བའི་སྟོང་། །སྟོང་པ་ཐམས་ཅད་ཀུན་ཀྱང་འབྱུང་། །སྟོང་པ་ཡེ་ཤེས་ལྔ་ཡི་ངང་། །སྟོང་པ་རིགས་ལྔ་བདེར་གཤེགས་བྱུང་། །སྟོང་པ་སྟོང་པས་ཆད་པ་མེད། །སྟོང་པ་སྟོང་པས་ཐམས་ཅད་འབྱུང་། །སྟོང་པ་སྟོང་པས་དབྱིངས་སུ་ཐིམ། །སྟོང་པའི་སྟོང་པ་ཡེ་ཤེས་མཆོག །སྣང་སྟོང་གཉིས་མེད་བདེ་བའི་མཆོག །གཉིས་སུ་མེད་པ་གཉིས་མེད་


DNG020_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས། །གཉིས་སུ་མེད་པར་བདེན་པའི་དབྱིངས། །གཉིས་སུ་མེད་པར་བསྟན་པའི་གཞི། །གཉིས་སུ་མེད་པ་སྙིང་པོའི་དངོས། །གཉིས་སུ་མེད་པ་འབྲས་བུའི་མཆོག །གཉིས་སུ་མེད་པ་དོན་དམ་ལམ། །གཉིས་སུ་མེད་པ་བདེ་བའི་མཆོག །གཉིས་སུ་མེད་པ་མཉམ་པའི་དབྱིངས། །མཉམ་ཉིད་རིག་པའི་ཀློང་བརྡལ་བས། །སྣང་སྟོང་གཉིས་སུ་མེད་པ་ཡང་། །ཐམས་ཅད་རང་རིག་བྱང་ཆུབ་སེམས། །བདེ་བ་ཆེན་པོ་དབྱིངས་ལ་གསལ། །རིག་དང་མ་རིག་ཁྱད་པར་ལས། །འཁོར་བ་མྱ་ངན་འདས་པ་བྱུང་། །འཁོར་བ་བསམ་མེད་བརྗོད་ལས་འདས། །རྟོག་པ་བརྟས་ལ་སོ་སོར་སྨིན། །རང་རང་བཅིངས་པ་གྲོལ་བ་མེད། །བཅིང་བྱ་འཆིང་བྱེད་གཉིས་སུ་མེད། །རྟོག་པ་བརྟས་ལ་དེ་ལྟར་སྣང་། །རྟོག་པ་བརྟས་ལ་མེ་ལྟར་ཚ། །རྟོག་པའི་དབང་དུ་དེ་ཉིད་ལྟར། །སྡུག་བསྔལ་ངན་སོང་འབྲས་བུ་ལས། །གྲངས་དང་བརྗོད་ལས་འདས་པ་རུ། །སྡུག་བསྔལ་སྣ་ཚོགས་ཐར་པ་མེད། །ལོག་པར་བརྟས་པས་དེ་བཞིན་བྱུང་། །འགྲོ་བའི་དུས་མེད་ངན་སོང་འཁྱམས། །ཐུགས་རྗེའི་བྱིན་རླབས་རབ་ཏུ་དཀོན། །འབྲས་བུ་རླག་པར་གྱུར་པ་ཡིན། །རྟོག་པའི་རིམ་པ་ཁྱད་པར་གྱིས། །གྲངས་དང་བརྗོད་ལས་འདས་པ་བྱུང་། །ཐེག་པའི་རིམ་པ་བསམ་འདས་ཀྱང་། །ངེས་པར་བསྟན་པ་གཅིག་ལས་མེད། །སངས་རྒྱས་གྲངས་མང་བརྗོད་འདས་ཀྱང་། །ངེས་པར་བསྟན་པ་གཅིག་ལས་མེད། །འབྲས་བུ་གྲངས་མང་བརྗོད་འདས་ཀྱང་། །ངེས་པའི་འབྲས་བུ་གཅིག་ལས་མེད། །དེ་བཞིན་ཐམས་ཅད་འབྱུང་བ་ཡང་། །ངེས་པར་མ་རྟོགས་རིམ་པར་བགྲོད། །གཏན་ལ་ཕེབས་པ་གཅིག་ལས་མེད། །རྟོགས་པའི་ཁྱད་པར་གཉིས་ལ་འབྱུང་། །དེ་ཡང་སྣང་བ་རྣམ་གཉིས་ཡིན། །ལྟ་བ་ཐམས་ཅད་དེ་ལ་འདུས། །སྒོམ་པ་ཐམས་ཅད་དེ་ལ་འདུས། །སྤྱོད་པ་ཐམས་ཅད་དེ་ལ་འདུས། །འབྲས་བུ་ཐམས་ཅད་དེ་ལ་འདུས། །དཀྱིལ་འཁོར་ཐམས་ཅད་དེ་ལ་འདུས། །ཞི་དང་ཁྲོ་ཡང་དེ་ལ་འདུས། །ལམ་དང་རིམ་པ་དེ་ལ་འདུས། །


DNG020_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་རྣམས་ཐམས་ཅད་དེ་ལ་འདུས། །སྟོན་པ་ཐམས་ཅད་དེ་ལ་འདུས། །འཁོར་རྣམས་ཐམས་ཅད་དེ་ལ་འདུས། །བསྟན་པའི་སྙིང་པོ་རིན་པོ་ཆེ། །རྒྱུད་རྣམས་ཐམས་ཅད་འབྱུང་བ་ཡང་། །དེ་ལ་ཟད་ཅིང་སྟོངས་པ་མེད། །དེ་ཕྱིར་ཟད་མེད་རིག་པའི་གཏེར། །རིན་ཆེན་དབང་གི་རྒྱལ་པོར་བཤད། །བདུད་དང་སྲིན་པོ་འདུལ་བ་ཡང་། །སྙིང་པོ་དོན་དམ་དབྱིངས་ལས་བྱུང་། །དཔེར་ན་ཆོས་ཉིད་ནམ་མཁའ་འདྲ། །ཅིར་ཡང་མེད་དེ་ཀུན་གྱི་གཞི། །ཐམས་ཅད་ཐམས་ཅད་འབྱུང་བར་བྱེད། །དེ་ཡིས་རྒྱུད་ཀྱི་རང་བཞིན་འབྱུང་། །འདུལ་བའི་དོན་དུ་རྒྱུད་འབྱུང་བ། །རྣམ་པ་གཉིས་སུ་ངེས་པར་འབྱུང་། །བྱུང་ཡང་དོན་དམ་དབྱིངས་ལས་བྱུང་། །འདུས་ཀྱང་དོན་དམ་དབྱིངས་ལ་འདུ། །དེ་ཕྱིར་ཀུན་གྱི་གཞི་ཡིན་པས། །གཞི་ལ་རྒྱུད་རྣམས་སོ་སོར་འབྱུང་། །གཞི་དེ་ཉིད་ལས་མ་གཡོས་པར། །ཐམས་ཅད་དེ་བཞིན་འབྱུང་བ་ཡང་། །འདུས་ཀྱང་གཞི་དེ་ཉིད་དུ་འདུས། །བདུད་དང་སྲིན་པོ་འདུལ་བ་ཡི། །ཁྲོ་བོས་སྟོང་གསུམ་ཀུན་བཀང་ནས། །ཁྲོ་བོ་བྱང་ཆུབ་སེམས་ལས་བྱུང་། །བྱང་ཆུབ་སེམས་ཀྱི་རང་བཞིན་ལས། །ཐམས་ཅད་འབྱུང་བའི་ཆོས་རྣམས་ནི། །རྟོགས་མ་རྟོགས་ཀྱི་ཁྱད་པར་ཡིན། །བསྟན་པའི་སྙིང་བོ་དེ་ལ་བྱ། །རྡོ་རྗེའི་སྙིང་པོ་ཀུན་གྱི་གཞི། །རྡོ་རྗེ་ཕུར་པ་ཆེན་པོ་བཤད་པའི་རྒྱུད་ལས། རྒྱུད་གཏན་ལ་དབབ་པའི་ལེའུ་སྟེ་བཞི་བཅུ་ཞེ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་རྒྱུད་གཏད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དུས་གསུམ་སྐྱེ་ཤི་མི་མངའ་བའི། །རིག་པ་གསལ་བ་འདུན་པའི་དོན། །རྒྱུད་རྣམས་ཐམས་ཅད་སྡུད་པར་བྱེད། །རྡོ་རྗེ་རིགས་ལ་མངའ་བརྙེས་པའི། །དམ་པའི་རིགས་ཅན་ཁྱོད་ཀྱིས་ཟུང་། །ལས་དང་སྐལ་བར་ལྡན་པ་དང་། །ཚེ་རབས་སྔོན་དུ་སྦྱངས་པ་དང་། །བྱང་ཆུབ་སེམས་དང་ལྡན་པ་དང་། །སྙིང་རྗེ་ཆེ་ཞིང་ཤེས་རབ་གསལ། །འགྲོ་བའི་དོན་ལ་མོས་པ་ལ། །རྒྱུད་འདི་ཡོངས་སུ་འབྱུང་བར་འགྱུར། །རྡོ་རྗེ་ཕུར་པ་ཆེན་པོ་བཤད་པའི་རྒྱུད་ལས། རྒྱུད་ཡོངས་
སུ་གཏད་པའི་ལེའུ་སྟེ་བཞི་བཅུ་ཞེ་བཞི་པའོ།། །།རྡོ་རྗེ་ཕུར་པ་ཆེན་པོ་བཤད་པའི་རྒྱུད་དྲི་མེད་འོད་ལྡན་ཞེས་བྱ་བ་རྫོགས་སོ།། །།

ཕྲིན་ལས་ཕུན་སུམ་ཚོགས་པའི་རྒྱུད་ཅེས་བྱ་བ།


DNG020_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཀརྨ་ཀུ་རུ་རཏྣ་ཏནྟྲ་ནཱ་མ། བོད་སྐད་དུ།ཕྲིན་ལས་ཕུན་སུམ་ཚོགས་པའི་རྒྱུད་ཅེས་བྱ་བ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་སྐུ་གསུང་ཐུགས་ཀྱི་བདག་པོ་དགེས་པ་ཆེན་པོའི་སྙིང་པོ་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོར་གྱུར་ནས་ཡུམ་གྱི་བྷ་ག་ལ་རྟག་ཏུ་བཞུགས་སོ། །དེ་ནས་མངོན་པར་བྱང་ཆུབ་པའི་བྱིན་རླབ་ཀྱིས། ལོངས་སྤྱོད་པར་མཛད་པའི་དཔལ་རྣམ་པར་སྣང་མཛད་ཆེན་པོ་ཞི་བའི་ཚུལ་དང་ལྡན་པའི་གཟུགས་བཟང་པོ་ཞལ་གསུམ་ཕྱག་དྲུག་པ། རྣམ་པར་ཐར་པ་གསུམ་གྱི་མདོག་མངའ་བ་སོ་སོའི་ལག་ཆ་ལ་སོགས་པའི་ཕྱག་ཆ་དང་། དཔེ་བྱད་འཛིན་པ་དེ། འོག་མིན་གྱི་གནས་གཞི་དང་།སྙིང་པོ་མེ་ཏོག་ཀར་ཏི་ཀས་བརྒྱན་པ། ཡེ་ཤེས་ཀྱི་རང་བཞིན་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པ་ཚད་མེད་པའི་གཞལ་ཡས་ཁང་དེ་དབྱིབས་དང་ཁ་དོག་དང་ལྡན་པ། གྲུ་བཞི་དང་། སྒོ་བཞིར་ལྡན་པ། གྲུ་ཆད་དང་བཅས་པ། རྟ་བབས་དང་ཐེམས་སྐས་དང་བཅས་པ། ཀ་བ་བརྒྱད་དང་གདུང་བཅུ་དྲུག་གིས་རྣམ་པར་སྤྲས་པ། རིན་པོ་ཆེའི་རྒྱན་གྱིས་བཀླུབས་པ། སྣ་ཚོགས་པའི་གཟུགས་ལ་སོགས་པ་ན་ཉིད་ལས་མི་གཞན་པའི་འཁོར་རྣམས་དང་། ཐབས་ཅིག་ཏུ་བཞུགས་པ་ནི།འདི་ལྟར་བཞུགས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་དང་། རྡོ་རྗེ་སེམས་དཔའ་དང་། རིན་ཆེན་མཆོག་དང་། ཚེ་དཔག་མེད་དང་། དོན་ཡོད་གྲུབ་པ་དང་། བཙུན་མོ་རྣམས་དང་བཅས་པ་དང་།གཞན་ཡང་འཁོར་གྱི་ལྷ་མོ་དུ་མས་བསྐོར་བ་འདི་ལྟ་སྟེ། སྒེག་མོ་དང་། ཕྲེང་བ་མ་དང་། དབྱངས་ལེན་མ་དང་། གར་སྒྱུར་མ་དང་། བདུག་སྤོས་མ་དང་།མེ་ཏོག་མ་དང་། མར་མེ་མ་དང་། དྲི་ཆབ་མ་དང་། ལྕགས་ཀྱུ་མ་དང་།ཞགས་པ་མ་དང་། ལྕགས་སྒྲོག་མ་དང་། དྲིལ་བུ་མ་


DNG020_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་དང་། གཉིས་སུ་མེད་པར་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་དགེས་པ་ཆེན་པོ་དགའ་བའི་མཆོག་དེ་ལོངས་སྤྱོད་རྫོགས་པའི་སྐུར་བཞུགས་ནས། འོད་ཀྱི་བྱེ་བྲག་གིས་སྟོང་གསུམ་གྱི་སྟོང་ཆེན་པོ་སྣང་བར་བྱས་སོ། །དེ་ནས་སྟོང་གི་དཀྱིལ་འཁོར་གྱི་ནང་དུ་གཟིགས་ནས་ཐད་ཀར་བལྟས་སམ་གསལ་བར་བྱས་ནས། མཉམ་པ་ཆེན་པོ་ལས་མི་སྣང་བར་གྱུར་ཏོ། །ཨེ་མ་ཧོ། ཐུགས་རྗེས་མ་བཟུང་སེམས་ཅན་གཅིག་ཀྱང་མེད། །དེ་ཡི་སྟོབས་ཀྱིས་བྱམས་པ་ངོ་མ་ཤེས། །ཀུན་ལ་བརྩེ་བས་དགའ་བ་མཆོག་ཏུ་གྱུར། །ཐམས་ཅད་སྐྱོབ་པས་བཏང་སྙོམས་ཆེན་པོར་བཞེངས། །དེ་ནས་དེ་བཞིན་གཤེགས་པ་དགའ་བའི་མཆོག་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞལ་གསུམ་པར་ཀུན་གྱིས་གཟིགས་སོ། །དེ་ནས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ལ་སོགས་པ་དང་། དྷཱུ་པེ་ལ་སོགས་པ་ཕྱིའི་མཆོད་པ་དང་།སྒེག་མོ་ལ་སོགས་པ་ནང་གི་མཆོད་པ་དང་། མེ་ཏོག་ཀར་ཏི་ཀ་ལ་སོགས་པ་གསང་བའི་མཆོད་པས་མཆོད་དེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། འདི་སྐད་ཅེས་གསོལ་ཏོ། །སྤྱན་རས་དྲི་མེད་ཀུན་གྱིས་གཟིགས། །རབ་དགེས་རྒྱལ་པོ་ཁྱོད་ཉིད་ལ། །སྐུ་གསུང་ཐུགས་ཀྱི་གསང་བ་རྣམས། །དང་པོ་གང་གི་སྒོ་ནས་ཞུགས། །ཁྱེད་ཀྱིས་དགའ་བ་སྐྱེད་པར་གསོལ། །ཞེས་བརྗོད་པས། ཉིད་ཀྱིས་ཉིད་ལ་གཟིགས་ནས། ཆོས་ཐམས་ཅད་དབུགས་འབྱིན་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། ཚད་མེད་སྙིང་རྗེ་བསྐྱེད་པ་དང་། །བྱང་ཆུབ་སེམས་ལ་དགའ་བ་ནི། །སྔོན་དུ་འགྲོ་བའི་མཆོག་ཡིན་ཏེ། །སྒྲུབ་པ་པོས་ནི་ནན་ཏན་བྱ། །གང་གིས་སྟོང་ཉིད་མི་ཤེས་པས། །སྟོང་པ་ཉིད་ཀྱང་འདི་ལྟར་བྱ། །སྟོང་པ་ཉིད་ཀྱི་ཡེ་ཤེས་ནི། །སྟོང་པ་ཉིད་ཀྱི་དོན་གྱིས་ཀྱང་། །ཡི་གེའི་མིང་ཚོགས་སྒྲ་ལ་གྲགས། །ཨོཾ་མ་ཧཱ་ཤུ་ནྱཱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཡེ་ཉིད་སྟོང་པའི་རང་བཞིན་ལས། །དངོས་མེད་སྟོང་པའི་ཆོས་རྣམས་ནི། །བདག་དང་ཆོས་དང་རྣམ་རིག་དང་། །གཟུང་འཛིན་སྤངས་པའི་སྟོང་པའོ། །སྟོང་པ་ཉིད་ཀྱི་ཡེ་ཤེས་ནི། །ཡེ་ཤེས་རྣམས་ཀྱི་རྩེ་མོ་སྟེ། །


DNG020_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པས་མཐོང་བའི་ཡུལ་མེད་དོ། །གང་གིས་མཐོང་བ་ཡེ་ཤེས་སྐྱེ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་དེས་རྣལ་འབྱོར་གྱི་ཚུལ་འདི་ལྟ་བུ་གསུངས་སོ། །ཡེ་ནས་ཆོས་ཉིད་རང་བཞིན་ལ། །སྙིང་རྗེས་ཐམས་ཅད་ཁྱབ་པར་བསྒོམ། །ཆོས་རྣམས་ཀུན་གྱི་སྙིང་པོ་འདི། །དོན་གྱི་རྩ་བ་ཡིན་པར་གསུངས། །རྣམ་ཀུན་མཁྱེན་པའི་ཡེ་ཤེས་དང་། །ཀུན་ལ་ཁྱབ་པའི་སྙིང་རྗེ་ནི། །ཐུན་མོང་ཐེག་པའི་རང་བཞིན་ནོ། །དྲང་བའི་དོན་གྱིས་སངས་རྒྱས་ཀྱི། །བྱམས་དང་དགའ་དང་བཏང་སྙོམས་སོགས། །རྣལ་འབྱོར་པ་ཡིས་བསམ་པར་བྱ། །གཞན་གྱི་དོན་ལ་དམིགས་པ་དང་། །ཆོས་རྣམས་ལ་ནི་དམིགས་པ་དང་། །མི་དམིགས་པ་ལ་དམིགས་པ་ནི། །ཚད་མེད་བཞི་པོ་བསྒོམ་པའོ། །སྟོང་ཉིད་ནམ་མཁའ་དཔེར་བསྒོམ་ལས། །རྒྱུ་ཡི་ས་བོན་ཧཱུཾ་དུ་གསལ། །དེ་ལས་གནས་བསྲུང་བ་ནི་རབ་ཏུ་བརྩམ། །རྟེན་དང་བརྟེན་པའི་དཀྱིལ་འཁོར་ལས། །དཀྱིལ་འཁོར་ཡང་དག་དོན་ལས་སྐྱེས། །དེ་རུ་ཡི་གེ་བྷྲཱུཾ་བསམ་མོ། །ཡཾ་རཾ་བཾ་ལཾ་ཏྲཾ་བྷྲཱུཾ་ཧཱུཾ། །དེ་ནས་ཡང་དག་དཔའ་བོ་དེ། །སྐུ་གསུང་ཐུགས་དང་མཉམ་སྦྱོར་བའི། །ཏིང་ངེ་འཛིན་ལ་སྙོམས་པར་ཞུགས། །བདག་ཉིད་དབུས་ཀྱི་གཙོ་བོས་ནི། །རང་གིས་རང་ལ་བྱིན་གྱིས་བརླབས། །བྱིན་གྱིས་བརླབས་མ་ཐག་ཏུ་ཡང་། །ཞལ་གསུམ་ཕྱག་ནི་དྲུག་པར་གྱུར། །མ་ཧཱ་ཡོ་གའི་ཚུལ་གྱིས་སུ། །རྣལ་འབྱོར་མ་ནི་དགའ་བྱ་སྟེ། །འདོད་ཆགས་ཆེན་པོ་ཏིང་ངེ་འཛིན། །སྙོམས་ཞུགས་འཁོར་ནི་སྐུ་ལ་བསྡུས། །དེ་ནས་དཀྱིལ་འཁོར་གདོན་པའི་སྔགས། །ཉིད་ཀྱིས་ཉིད་ལ་གདོན་པ་ནི་འདིའོ། །ཨོཾ་ཨཱཿཧཱུཾ། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་རྣམས། །བཙུན་མོ་ཡུམ་གྱི་བྷ་ག་ལ། །རིམ་པ་བཞིན་དུ་བཀོད་དེ་གནས། །སྐུ་གསུང་ཐུགས་ཀྱི་དམ་ཚིག་རྣམས། །ལྡན་པར་བྱས་ནས་གདོན་པར་བྱ། །དེ་ནས་ཐུགས་རྗེའི་བདག་པོ་ཡིས། །དཀྱིལ་འཁོར་རྣམས་


DNG020_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གཙོ་བོར་གྱུར། །དཀྱིལ་འཁོར་འཁོར་ལོའི་ལྟེ་བ་དང་། །རྩིབས་དང་རྩིབས་མཆན་གྲུ་ཆད་དང་། །གྲུ་བཞི་སྒོ་བཞི་རིམ་པར་བསམ། །དེ་ཡང་རྣམ་པར་སྣང་མཛད་དང་། །རྡོ་རྗེ་སེམས་དཔའ་རིན་ཆེན་དཔལ། །འོད་དཔག་མེད་དང་དོན་གྲུབ་པ། །ཡུམ་རྣམས་ལྷ་མོ་སྒོ་མ་རྣམས། །དཀར་པོ་མཐིང་ག་དམར་དང་སེར། །ལྗང་གུའི་མདོག་ཏུ་སྣང་བ་དང་། །རང་རང་ལག་ཆ་འཁོར་ལོ་དང་། །རྡོ་རྗེ་རིན་ཆེན་པདྨ་རལ་གྲི་རྣམས། །ཕྱག་མཚན་གཡས་ཀྱི་དང་པོར་འཛིན། །གཡོན་པས་རང་དང་འདྲ་བའི་རིག་མ་རྣམ་འཁྱུད་པ། །ཆོས་ཀྱི་ཕྱག་རྒྱས་དབང་བསྐུར་བ། །རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སོ་སོའི་མདོག་དང་ལག་ཆ་ཡིས་བརྒྱན་པའི་དཀྱིལ་འཁོར་རྫོགས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་འདུས་པ་རྡོ་རྗེ་ཕྲིན་ལས་ཕུན་སུམ་ཚོགས་པའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་ དང་པོའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགའ་བའི་སྙིང་པོ་དེ། དཔའ་བོ་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། མཚམས་ཀྱི་དཀྱིལ་འཁོར་འདི་ལྟ་བུ་གསུངས་སོ། །ཡེ་ནས་དངོས་མེད་དངོས་པོའི་ཚོགས། །དངོས་པོར་བྱུང་བས་དངོས་པོའི་གནས། །ངོ་བོ་ཉིད་ཀྱིས་སྟོང་པ་ལ། །དངོས་པོར་བཏགས་ཀྱང་དངོས་མེད་པའོ། །ཆོས་རྣམས་ཀུན་གྱི་རང་བཞིན་ལ། །རྒྱུ་ཡི་ངོ་བོར་གསལ་བ་ལས། །གནས་བསྲུང་བ་ནི་རྣམ་པར་བསམ། །གཉིས་པ་ཡིས་ནི་རྣམ་བརྒྱན་ལས། །བཅུ་བཞི་པ་ཡི་སྤྲིན་སྟེངས་སུ། །བཅོ་ལྔའི་གདན་དང་ཐིག་ལེར་བཅས། །དེ་ལས་འཁོར་ལོའི་རྩིབས་བཅུ་པ། །རིམ་པ་ཅུང་ཟད་འཁོར་བ་ལས། །ཉི་མའི་དཀྱིལ་འཁོར་མ་ནོར་བསམ། །དེ་སྟེང་པདྨ་ལྷ་ཆེན་དང་། །ཐབས་ཀྱི་དབུས་སུ་བསམ་བྱ་བ། །ཁྲོ་བོ་ཞེ་སྡང་གནས་ལས་སྐྱེས། །ཞལ་གསུམ་ཕྱག་ནི་དྲུག་པའོ། །གཡས་པ་དཀར་ལ་གཡོན་པ་དམར། །རྩ་བའི་ཞལ་ནི་བུང་བ་མཚུངས། །ཕྱག་གཉིས་ཧཱུཾ་གི་རྒྱ་བཅིངས་ཏེ། །དང་པོ་རྡོ་རྗེ་དྲིལ་བུ་འཛིན། །ལྷག་མ་ཞི་བའི་ཚུལ་དུ་བྱ། །སེམས་དཔའ་གསུམ་གྱི་སྦྱོར་


DNG020_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡིས། །བགེགས་རྣམས་ཀུན་གྱི་སྙིང་ག་ནས། །འཛིན་པའི་ཁྲོ་བོའི་རྒྱལ་པོ་ནི། །ཐུགས་ཀ་དག་ནས་ཕྱུང་བ་སྟེ། །ཁྲོ་བོའི་རྒྱལ་པོ་གནོད་མཛེས་ནི། །སྤྱན་སྔར་སྲས་ཀྱི་ཚུལ་དུ་བཞུགས། །ཧཱུཾ་བཞི་ལས་ཀྱི་ཕྱག་རྒྱ་ནི། །གཡས་པ་རྡོ་རྗེ་ཐོ་བ་སྟེ། །གཡོན་པ་འཆིང་བའི་ཞགས་པའོ། །ཨོཾ་སུམ་བྷ་ནི་སུམ་བྷ་ཧཱུཾ། གྲྀ་ཧྞ་གྲྀ་ཧྞ་ཧཱུཾ། གྲྀ་ཧྞཱ་པ་ཡ་གྲྀ་ཧྞཱ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ། བྷ་ག་བཱན་བིདྱཱ་རཱ་ཛ་ཧཱུཾ་ཕཊ། བགེགས་རྣམས་ཀུན་ནི་རབ་བཀུག་སྟེ། །དཀྱིལ་འཁོར་རྣམས་ཀྱི་གདན་དུ་བྱ། །ཨ་ཀོ་ཊ་ཡ་མུངྒ་ར་ཧཱུཾ། ཐོ་བ་ལྕགས་ཀྱུ་འཁྲིགས་པ་ཡིས། །རྡོ་རྗེ་ཕུར་པའི་ཁྲོ་བོ་ནི། །སྐུ་སྟོད་བདུད་རྩི་འཁྱིལ་པ་སྟེ། །དབྱར་གྱི་སྤྲིན་ཕུང་ལྟ་བུ་ལ། །བསྐལ་པའི་མེ་བཞིན་རབ་ཏུ་འབར། །ཨིནྡྲ་ནཱི་ལའི་མདོག་འདྲ་བ། །རྡོ་རྗེ་ཕུར་བུ་ཕྱག་ན་བསྣམས། །སྨད་ནི་གསལ་ཤིང་ལྟ་བུ་ལ། །འོད་ཟེར་རྣམ་པར་འཕྲོ་བར་བསམ། །རྡོ་རྗེ་ཕུར་བུ་ངེས་བཏབ་ནས། །བགེགས་ལུས་ཤིན་ཏུ་མི་གཡོའོ། །ཨོཾ་ན་མཿས་མནྟ་ཀཱ་ཡ་ཝཱཀྐ་ཙིཏྟ་བཛྲཱ་ཎཱཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྚཱཾ་ཧཱུཾ་ཕཊ། ཀཱི་ལི་ཀཱི་ལ་ཡ་སརྦ་པཱ་པཾ་ཕཊ། ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་ཡ། བཛྲ་དྷ་རོ་ཨཱ་ཛྙཱ་པ་ཡ་ཏི། སརྦ་བིགྷྣཱན་ཀཱ་ཡ་ཝཱཀ་བཛྲཱ་ཎཱཾ་ཀཱི་ལ་ཡ་ཧཱུཾ་ཕཊ། སེམས་དཔའ་ཕྲ་མོའི་རང་བཞིན་གྱི། །སྙིང་གའི་ཆུ་སྐྱེས་ཉི་གཟུགས་གསལ། །ཧཱུཾ་ཡིག་རྣམ་པར་ཕྱུང་ནས་ནི། །ཁྲོ་བོ་བཅུ་ཡི་གཟུགས་སུ་གྱུར། །བསྐྱེད་དང་བཟླས་པ་ལས་ཀྱི་སྔགས། །ཐུན་མོང་གཅིག་ཏུ་བསྒྲགས་པའོ། །ཨོཾ་བཛྲ་ཀྲོ་ཏ་ཧཱུཾ་ཀཱ་ར་ཧཱུཾ། གརྫ་གརྫ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུཾ། ཧ་ན་ཧ་ན་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུཾ། ད་ཧ་ད་ཧ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུཾ། པ་ཙ་པ་ཙ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཨཱརྱ་ཨ་ཙ་ལ་ཧཱུཾ། བྷནྡྷ་བྷནྡྷ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུཾ། ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཨ་པཱ་ར་ཛི་ཏ་ཧཱུཾ། ཏིཥྛ་ཏིཥྛ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ། ཙྪིནྡྷ་ཙྪིནྡྷ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུཾ། བིནྡྷ་བིནྡྷ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་བ་ལ་ཧཱུཾ། སྥོ་ཊ་སྥོ་ཊ་ཧཱུཾ་ཕཊ། གསལ་བར་


DNG020_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

བརྟས་པའི་ཏིང་འཛིན་གྱིས། །མི་གཡོ་ལྟ་བུར་འཁོར་བ་ཡི། །མེ་སྟག་མང་པོ་འཕྲོ་བ་ཅན། །ཕྱོགས་བཅུ་རྣམས་སུ་འཁོར་བར་འགྱུར། །དེ་ནི་དེ་མ་ཐག་ཏུ་ཡང་། །རྡོ་རྗེ་ཕུར་བུར་བྱིན་བརླབས་ནས། །ཕྱོགས་བཅུ་རྣམས་སུ་རྣམ་པར་བསམ། །དེ་ནས་རྒྱུ་ཡི་ས་བོན་ལས། །ལས་དང་མཐུན་པའི་འོད་ཟེར་འཕྲོས། །འོད་ལས་སྤྲུལ་པའི་ཁྲོ་བོ་ནི། །ཡན་ལག་བྱིན་གྱིས་བརླབས་བྱས་ཏེ། །ཏན་གཎ་ཟབ་མོའི་སྦྱོར་སྒྲོལ་གྱིས། །རང་རང་རིགས་ལ་སོགས་པ་ཡི། །རང་རང་ལག་ཆ་ལྡན་འཕྲོས་ཏེ། །དེ་ནི་སྤྲོས་མ་ཐག་ཏུ་ཡང་། །བར་གཅོད་བགེགས་རྣམས་གཞོམ་པ་དང་། །གནས་བསྲུང་བ་ནི་ཡང་དག་གོ། །རྡོ་རྗེའི་རིགས་ལ་སོགས་པ་ཡི། །གུར་དང་ས་གཞི་ར་བར་བསམ། །རྟེན་གྱི་དཀྱིལ་འཁོར་ཡང་དག་པར། །སྟེང་དུ་མེ་ཡི་དཀྱིལ་འཁོར་དང་། །ཆུ་ཡིས་རྣམ་པར་གཡོགས་པར་བསྒོམ། །ལས་ཀྱི་ཕྱག་རྒྱ་དེ་ཡིས་ནི། །ཞེ་སྡང་གཏི་མུག་འདོད་ཆགས་དང་། །ང་རྒྱལ་ཕྲག་དོག་མཆོད་པའོ། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ལས། །ཡོན་ཏན་ཕྲིན་ལས་རྣམས་ཀྱིས་བརྒྱན། །བགེགས་རྣམས་རྣམ་པར་ཚིག་པར་གྱུར། །མེ་དཔུང་རྒྱལ་པོའི་བྱིན་རླབས་ཀྱིས། །མྱོས་ཤིང་འགྱེལ་བུབ་འཕྲོས་པར་འགྱུར། །བ་མོའི་མདོག་དང་མཚུངས་པ་ལ། །རྡོ་རྗེ་ལ་སོགས་གུར་ལྔར་གསལ། །གུར་དང་ས་གཞི་བླ་རེ་དང་། །རྒྱལ་མཚན་བ་དན་རྩིག་པར་བཅས། །བཀའ་དང་བཀའ་ཡི་མཚམས་རྣམས་ནི། །ཐུན་མོང་དབང་ཆེན་མཚམས་རྣམས་དང་། །ཐུན་མོང་མ་ཡིན་བཀའ་ཡི་མཚམས། །རྟེན་དང་བརྟེན་པའི་དཀྱིལ་འཁོར་ནི། །ཡི་གེ་ཧཱུཾ་ལས་བསྐྱེད་པར་བྱ། །དེ་ལས་ཨ་རྣམས་སྤྲོ་ཞིང་བསྡུ། །རླུང་གི་དཀྱིལ་འཁོར་བ་དན་འཕྱར། །དེ་བཞིན་རྒྱུ་དང་འབྲས་བུ་གཉིས། །གཅིག་ལ་གཅིག་བརྟེན་རྒྱུ་འབྲས་ཚུལ། །དེ་ཡི་སྟེང་དུ་ཡི་གེ་ཨོཾ། །རྡོ་རྗེ་གཉིས་དང་ཡང་དག་ལྡན། །དེ་ཡི་སྟེང་དུ་ཡི་གེ་རཾ། །དབྱིབས་དང་ཁ་དོག་རྡོ་རྗེས་མཚན། །དེ་ཡི་སྟེང་ན་ཡི་གེ་ཨཾ། །དབྱིབས་དང་རྡོ་རྗེ་གཉིས་དང་ལྡན། །དེ་ཡི་སྟེང་ན་ཡི་གེ་པཾ། །བ་མོའི་


DNG020_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་ལ་བུམ་པས་བརྒྱན། །དེ་ཡི་སྟེང་ན་ཡི་གེ་ཧཱུཾ། །རྡོ་རྗེ་གཉིས་དང་ཡང་དག་ལྡན། །དེ་ཡི་སྟེང་ན་ཡི་གེ་སུཾ། །ཁ་དོག་དབྱིབས་ཅན་གྲུ་བཞིར་གནས། །དེ་ཡི་སྟེང་དུ་ཡི་གེ་ཡཾ། །རྡོ་རྗེ་གཉིས་དང་ཡང་དག་ལྡན། །དེ་ཡི་སྟེང་དུ་ཡི་གེ་ལཾ། །དེ་ལས་བྱུང་བའི་ཡོན་ཏན་ནི། །རིན་ཆེན་གྲུ་བཞི་ཕྲེང་བས་བརྒྱན། །གཞལ་གྱིས་མི་ལང་གཞལ་ཡས་ནི། །ཡོན་ཏན་ཀུན་གྱིས་བརྒྱན་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་འདུས་པ། ཀརྨ་ཀུ་རུའི་རྒྱུད་ལས། གཞིའི་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྐུ་དགའ་བ་ཆེན་པོ་དེ། བྱ་སྒྲོམ་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། བྱ་བྱེད་སྡིག་པའི་འཁོར་ལོ་འདི་བཤད་དོ། །མ་འོངས་པའི་རྣལ་འབྱོར་པ་རྣམས་ལ་ངས་བཤད་པར་བྱའོ། །ཡང་དག་པར་བསྒྲུབ་པར་བྱ་སྟེ། ཡང་དག་པར་སྦྱིན་པའི་སྡིག་པ་དང་། ཡང་དག་པར་ཤེས་རབ་ཀྱི་སྡིག་པ་དང་། ཡང་དག་པར་བསམ་གཏན་གྱི་སྡིག་པ་དང་། ཡང་དག་པར་བཟོད་པའི་སྡིག་པ་དང་། ཡང་དག་པར་བརྩོན་འགྲུས་ཀྱི་སྡིག་པ་དང་། ཡང་དག་པར་སྙིང་རྗེའི་སྡིག་པ་དང་། ཡང་དག་པར་སྟོབས་ཀྱི་སྡིག་པ་དང་། ཡང་དག་པར་སྤྱོད་པའི་སྡིག་པ་དང་། ཡང་དག་པར་བལྟ་བའི་སྡིག་པ་དང་། ཡང་དག་པར་ཏིང་ངེ་འཛིན་གྱི་སྡིག་པ་དང་། ཡང་དག་པར་དྲོད་ཀྱི་སྡིག་པ་དང་། ཡང་དག་པར་བཟང་པོའི་སྡིག་པ་དང་། ཡང་དག་པར་སྨན་པའི་སྡིག་པ་དང་། ཡང་དག་པར་ཚུལ་ཁྲིམས་ཀྱི་སྡིག་པ་དང་། ཡང་དག་པར་སྦྱོར་བའི་སྡིག་པ་དང་། ཡང་དག་པར་སྒྲོལ་བའི་སྡིག་པ་དང་། ཡང་དག་པར་ཐབས་ཀྱི་སྡིག་པ་དང་། ཡང་དག་པར་ཤེས་རབ་ཀྱི་སྡིག་པ་དང་། ཡང་དག་པར་མཐོང་བའི་སྡིག་པ་དང་། ཡང་དག་པའི་སྡིག་པ་མ་ཡིན་པའི་སྡིག་པ་ཐམས་ཅད་ནི། ཤེས་བཞིན་མ་ཡིན་པའི་སྡིག་པ་སྟེ་ཡང་དག་པར་སྤང་བར་བྱའོ། །ཞེས་གསུངས་སོ། །དེ་བཞིན་གཤེགས་པའི་སངས་རྒྱས་བཅོམ་ལྡན་འདས་དེ། ཐམས་ཅད་མཁྱེན་


DNG020_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡེ་ཤེས་མངའ་བ་དེ་ཐོབ་པར་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་འདུས་པ། ཀརྨ་ཀུ་རུའི་རྒྱུད་ལས། དེ་བཞིན་མ་ཡིན་པའི་སྡིག་པའི་འཁོར་ལོར་བཤད་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས། ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་པ་དགའ་བའི་མཆོག་དེས། དཔལ་གདེང་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་གསུངས་སོ། །ཡང་དག་པར་འདི་གསུངས་སོ། །དཔལ་ཆེན་པོ་སྦྱིན་པའི་གདེང་དང་དཔལ་ཆེན་པོ་བརྩོན་འགྲུས་ཀྱི་གདེང་དང་། དཔལ་ཆེན་པོ་བསམ་གཏན་གྱི་གདེང་དང་། དཔལ་ཆེན་པོ་ཤེས་རབ་ཀྱི་གདེང་དང་། དཔལ་ཆེན་པོ་བཟོད་པའི་གདེང་དང་། དཔལ་ཆེན་པོ་ཚུལ་ཁྲིམས་ཀྱི་གདེང་དང་། དཔལ་ཆེན་པོ་སྙིང་རྗེའི་གདེང་དང་། དཔལ་ཆེན་པོ་སྟོབས་ཀྱི་གདེང་དང་། དཔལ་ཆེན་པོ་ཏིང་ངེ་འཛིན་གྱི་གདེང་དང་། དཔལ་ཆེན་པོ་སྤྱོད་པའི་གདེང་དང་། དཔལ་ཆེན་པོ་ལྟ་བའི་གདེང་དང་། དཔལ་ཆེན་པོ་དྲོད་ཀྱི་གདེང་དང་། དཔལ་ཆེན་པོ་མཐོང་བའི་གདེང་དང་། དཔལ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པའི་གདེང་ངོ་། །ཞེས་གསུངས་ནས་མཉམ་པར་བཞག་གོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གདེང་རྣལ་འབྱོར་ལ་གདམས་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀརྨ་ཀུ་རུ་ལས། རྣལ་འབྱོར་ཆེན་པོའི་གདེང་གི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགའ་བའི་མཆོག་དེ་གཞི་དང་རང་བཞིན་རྣམ་པར་དག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་གསུངས་སོ། །དེ་ལྟར་ན་འདི་ལྟ་སྟེ། བྱང་ཆུབ་སྙིང་པོ་ཅན་རྣམས་ཀྱིས། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །ས་ཟིན་ཨ་འཐས་མ་ཡིན་ཏེ། །རྟེན་འདྲེལ་ཙམ་དུ་རང་བཞིན་ནི། །དངོས་སུ་རྟག་པ་མ་ཡིན་པ། །རྟག་ན་ཆོས་སྐུ་བདེ་བ་ཆེ། །ཡང་དག་པར་ནི་རྣམ་ཐར་གསུམ། །རྣལ་འབྱོར་འཇུག་པའི་སྒོ་རྣམས་ཀྱི། །སྟོང་པའི་སྒོ་རྣམས་ཤེས་པར་བྱའོ། །དེ་ལྟར་ཤེས་པའི་སྒོ་རྣམས་


DNG020_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས། །རྟེན་ཅིང་འདྲེལ་བར་ཤེས་པར་བྱ། །དེ་ཉིད་ཤེས་པ་མ་ཡིན་ཏེ། །ཐ་དད་མ་ཡིན་དོན་གཅིག་མིན། །འགག་པ་མེད་པས་སྐྱེ་མེད་པ། །རྟག་པ་མ་ཡིན་ཆད་པ་མིན། །འོང་བ་མེད་པས་འགྲོ་བ་མེད། །དེ་བས་རྒྱུ་ཡི་རང་བཞིན་ནི། །ངོ་བོ་ཉིད་ཀྱིས་མ་གྲུབ་པས། །རྒྱུ་འབྲས་གཉིས་ལས་མྱ་ངན་འདས། །ཡོད་པ་མ་ཡིན་མེད་པ་མིན། །བདག་ལས་སྐྱེ་བ་མེད་པས་ནུས། །གཞན་ལས་སྐྱེ་བ་ག་ལ་ཡོད། །དེ་ལྟར་དངོས་པོ་དངོས་མེད་པས། །བསྒོམ་པར་བྱ་བ་ཡོད་མ་ཡིན། །དེ་ཉིད་རྣམ་པར་ཐར་པའོ། །དེ་ཉིད་ཀྱི་ནི་རང་བཞིན་ནི། །རྒྱུ་ལས་འབྲས་བུས་རྒྱས་མ་བཏབ། །ངོ་བོ་ཉིད་ཀྱིས་མ་སྐྱེས་པས། །སྟོང་པ་ཉིད་ཀྱི་རྣམ་ཐར་རེ། །རྒྱུ་དང་རྐྱེན་གྱིས་མ་བསྐྱེད་པས། །འབྲས་བུ་རང་ཉིད་མི་སྐྱེ་བས། །སྨོན་པར་བྱ་བའི་ངེས་འདྲེལ་ཏེ། །སྨིན་པར་བྱ་བའི་རྣམ་ཐར་རོ། །དེ་ཉིད་ཟིལ་གྱིས་གནོན་པ་ནི། །ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭཱ་བྷཱ་བ་ཨཱདྨ་ཀོ྅ཧཾ། ཡང་དག་དོན་དུ་བསྒོམ་པ་ནི། །དོན་དམ་པ་ཡི་སེམས་བསྐྱེད་ལ། །འགྲོ་བའི་དོན་གྱིས་སངས་རྒྱས་བསྐྱེད། །དེ་ནས་ཀུན་རྫོབ་བདེན་པ་དེ། །ཀུན་རྫོབ་པར་ཡང་སེམས་བསྐྱེད་དེ། །བྱམས་དང་སྙིང་རྗེ་ལ་སོགས་བྱ། །སྟོང་པ་ཉིད་ཀྱི་ཡེ་ཤེས་ནི། །འགྲོ་བ་རྣམས་ཀྱིས་དོན་མི་མཐོང་། །དེ་ལ་ཚད་མེད་བཞི་པོ་བསྟན། །དེ་ནི་ཐེག་པའི་རང་བཞིན་ཏེ། །ཐེག་པའི་ནང་ནས་ཆེན་པོར་གྲགས། །འདྲེལ་བར་བྱེད་པ་གང་བསྒྲུབ་པ། །ཤེས་རབ་སྙིང་རྗེ་ལྡན་པའོ། །དུག་གསུམ་ལྔ་ཡི་རང་བཞིན་གྱིས། །གང་རྣམས་སྡུག་བསྔལ་ཉེན་པ་ལ། །འདོད་པའི་དོན་གྱི་སྙིང་རྗེ་འབྱུང་། །སྒྲུབ་པར་འདོད་པ་བྱམས་པ་སྟེ། །ཀུན་གྱི་དོན་བྱེད་བྱམས་པ་ཡིན། །དགའ་བ་རབ་ཏུ་དགའ་བ་སྟེ། །དོན་དམ་འདུན་པའི་འདོད་པའོ། །ཆགས་དང་ཞེ་སྡང་རྣམ་བྲལ་བ། །དོན་དམ་པར་ནི་སེམས་ཉིད་དོ། །དེ་བས་དོན་དམ་བཏང་སྙོམས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་འདུས་པ་ཀརྨ་ཀུ་རུའི་རྒྱུད་ལས། ངེས་པར་འདྲེལ་བའི་རྣམ་པར་ཐར་པ་དང་། དེ་ཉིད་


DNG020_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོས་པའི་མཐའ་དང་། ཚད་མེད་པ་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་རྟེན་དང་རྟེན་ཅན་གྱི་སྔགས་འདི་ཐུགས་ལས་ཕྱུང་ངོ་། །ཨོཾ་ཡཾ་ར་སུཾ་རཾ་ཀཾ། བྲུཾ་བི་ཤྭ་བི་ཤུདྡྷེ། ཨོཾ་ལཾ། ཧཱུཾ་མཱུཾ། སྭཱ་མཾ། ཨཱཾ་པྱཾ། ཧ་ཧཱཾ། ཛཿཧཱུཾ་བཾ་ཧོཿ། ཨོཾ་ཛི་ན་ཛིཀ་ཡཾ་ཏྭེ་ཤ་ར་སྡི། ཧཱུཾ་བཛྲ་དྷྲྀཀ་མུཾ་དྷཱ་ཏྭཱི་ཤྭ་རཱི། སྭཱ་རཏྣ་དྷྲྀཀ་མཾ་ཧོ་ཧ་ར་ཏི། ཨཱཾ་ཨཱ་རོ་ལིཀ་པྱཾ་རཱ་ག་རཱ་ཏི། ཧ་པྲཛྙཱ་དྷྲྀཀ་ཏཱཾ་བཛྲ་ར་ཏི། བཛྲ་ཨཾ་ཀུ་ཤ་ཛཿ། བཛྲ་པཱ་ཤ་ཧཱུཾ། བཛྲ་སྥོ་ཊ་བཾ། བཛྲ་གྷཎྜ་ཧོཿ། ཕྱོགས་བཅུར་བཞུགས་པའི་རྒྱལ་བ་རྣམས། །རང་བྱུང་གདོད་ནས་དག་པ་ཡི། །ཕྱོགས་ཆ་མེད་པའི་གཞལ་ཡས་ནས། །ཐུགས་རྗེའི་འོད་ཟེར་རབ་སྤྲོས་ནས། །འོད་ཟེར་ཆར་པ་ཕབ་པ་བཞིན། །མདུན་ནས་ཐད་ཀར་དམིགས་པ་ལས། །ཐ་དད་མ་ཡིན་གཉིས་མེད་བསྡིམ། །ཨེ་ཧྱེ་ཧི་བྷ་ག་ཝཱན། མ་ཧཱ་ཀ་རུ་ཎི་ཀ་དྲྀ་ཤ་ཧོ། ས་མ་ཡ་སྟྭམ། ཛཿཧཱུཾ་བཾ་ཧོཿ། བཛྲ་པུཥ྇་པུ་སྭཱ་ཧཱ། ཨེ་ཨ་ར་ལི་ཧོ་ཛ་ཛ་ཛཿ། ཨོཾ་བཛྲ་ས་མ་ཡ་ཨོཾ། ཨཱཾ་བཛྲ་ས་མ་ཡ་ཨཾ། ཧཱུཾ་བཛྲ་ས་མ་ཡ་ཧཱུཾ། སྭཱ་བཛྲ་ས་མ་ཡ་སྭཱ། ཧཱ་བཛྲ་ས་མ་ཡ་ཧཱ། ཨོཾ་བཛྲ་པུཥ྇་པུ་ཨཿཧཱུཾ། ཛཿཧཱུཾ་བཾ་ཧོཿ། ཁ་རཾ་སྭཱ་ཧཱ། དེ་ནས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་གསོལ་བ་འདི་གསུངས་སོ། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་རྣམས། །མི་བཟད་རྒྱན་གྱི་འཁོར་ལོ་དང་། །སྐུ་གསུང་ཐུགས་སུ་དབང་བསྐུར་ནས། །དངོས་གྲུབ་རབ་མཆོག་བླང་བར་བྱ། །ཨོཾ་བཛྲ་ས་མ་ཡ་སྟྭམ། ཨོཾ་བཛྲ་ས་མ་ཡ་ཧཱུཾ། ཨོཾ་བཛྲ་ས་མ་ཡ་ཕཊ། དེ་ནས་དངོས་གྲུབ་རབ་བླངས་ནས། །བདག་དང་གཟུགས་བརྙན་དབྱེར་མེད་ཕྱིར། །ཐ་དད་མ་ཡིན་གཉིས་སུ་མེད། །དེ་ལྟར་ཡེ་ཤེས་ཕེབས་པ་དང་། །ཉིད་ལ་ཉིད་སྤྱོད་ཉིད་ལ་རོལ། །བདག་གིས་བདག་ལ་མཆོད་པས་ནི། །སངས་རྒྱས་ཐམས་ཅད་མཆོད་པ་ཡིན། །དེ་ཕྱིར་དངོས་གྲུབ་གསོལ་བར་བྱའོ། །ཨོཾ་བཛྲ་ཨཱ་བེ་ཤ་ཨ་ཨཾ་ཨ། དེ་ལྟར་གཉིས་སུ་མེད་པ་དང་། །ཉིད་ཀྱིས་ཉིད་ལ་སྤྱོད་པ་དང་། །ཉིད་ལ་ཉིད་ཀྱིས་རོལ་པ་དང་། །ཉིད་ལ་ཉིད་ཀྱིས་བསྟོད་པ་དང་། །ཉིད་ལ་ཉིད་ཀྱིས་དབང་བསྐུར་ནས། །དེ་ཡིས་ཐེག་པ་ཆེན་པོ་


DNG020_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་། །གཞན་དུ་བསྟན་པར་བྱ་བ་མིན། །འགྲོ་བ་རྣམས་ཀྱི་སེམས་བསྐྱེད་ལ། །ཕྱི་དང་ནང་དང་གསང་བ་དང་། །མཐར་ཐུག་མངོན་པའི་དབང་རྣམས་བསྐུར། །རྣམ་པར་དབེན་དོན་མི་ཤེས་ན། །སྤྱོད་པའི་ལས་རྣམས་བརྟག་པར་བྱ། །དེ་ལྟར་སྤྱོད་པ་མཐར་ཕྱིན་ནས། །གསང་བའི་དོན་ལ་འཇུག་པར་བྱ། །ཤེས་རབ་མ་ཡི་མཚན་བརྟག་པ། །རྒྱལ་རིགས་རྗེ་རིགས་བྲམ་ཟེའི་རིགས། །གདོལ་པ་མོ་ཡང་མི་དོར་ཏེ། །བཅུ་གཉིས་བཅོ་ལྔ་ཉི་ཤུ་གཉིས། །ཡང་ན་རྩ་ལྔ་དག་ལ་བྱ། །བྱང་ཆུབ་སེམས་ཕེབས་བླ་མ་སྟེ། །རྩ་དང་རླུང་གི་ལས་ཤེས་ན། །དགའ་བ་བཞི་ཡང་བརྟེན་པར་བྱ། །ས་དང་ཆུ་དང་མེ་དང་རླུང་། །དྲོད་ལ་ཕེབས་དང་བྱང་ཆུབ་སེམས། །གནས་བཞི་དག་ཏུ་ཟིན་པར་བྱ། །དེ་ནས་ཕྲ་མོའི་ཐིག་ལེ་དང་། །ནཱ་དའི་རྟགས་དག་བྱུང་བ་ན། །བྱང་ཆུབ་སེམས་ཀྱང་བལྟ་བར་བྱ། །དེ་ལྟར་རྟགས་དག་བྱུང་བ་ན། །སྨིག་སྒྱུ་སྲིན་བུ་མེ་ཁྱེར་དང་། །དུ་བ་ལྟ་བུ་མཐོང་བར་བྱ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ཀརྨ་ཀུ་རུའི་རྒྱུད་ལས། སྙིང་པོ་སྔགས་དང་སྤྱོད་པ་དང་གསང་བའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་གསང་བའི་བདག་པོ་དགེས་པ་ཆེན་པོ་དེ་བཞིན་རྣམ་པར་ཟློག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཞི་བ་ལས་ཁྲོ་བོའི་ངང་ཚུལ་དུ་བཞེངས་ནས། སྐུ་འབར་བ་ལས་དྲག་པོའི་ཆས་ཀྱིས་ཀུན་ཏུ་བརྒྱན་ནས། ཧ་ཧ་དང་ཧཱུཾ་ཧཱུཾ་དང་། སྤྱོ་དང་རུ་ལུ་ལ་སོགས་པའི་སྒྲས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀུན་ཐུགས་ཀའི་འོད་ཟེར་གྱིས་བཀང་ནས། འགྲོ་བའི་དོན་བྱས་སླར་འདུས་པ་ལས། འདུས་མ་ཐག་ཏུ་འཁོར་གྱི་གཙོ་བོ་ཁྲོ་བོ་དང་ཁྲོ་མོ་ལ་སོགས་པ་རིགས་ཀྱི་ལྷ་མོ་དུ་མ་དང་། སྟག་དང་།ཁྱི་དང་། སྤྱང་ཀི་དང་། ཝ་དང་། ཅེ་སྤྱང་དང་། དེ་ལ་སོགས་ཏེ་ཡེ་ཤེས་ལས་གྲུབ་པའི་དུར་བྱ་སྣ་ཚོགས་པ་དང་། གཞན་ཡང་ཡེ་ཤེས་ཀྱི་མ་མོ་ཆེན་མོ་ཁྲོ་མོ་མི་ཕམ་མ་དང་། རལ་པ་གཅིག་མ་དང་། འཕེལ་བྱེད་མ་ལ་སོགས་པའི་ཁྲོ་མོ་རྣམས་དང་། ལྷན་ཅིག་ཏུ་འཁོད་དེ་བཞུགས་པ་ལས། སྟོན་


DNG020_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

པ་དཔལ་ཀཱི་ལ་ཡས་འཁོར་རྣམས་ལ་ཡ་མཚན་སྐྱེད་པ་དང་། འདུལ་བའི་དོན་དུ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཨེ་མ་ཧོ། ཨེ་མ་ཧོ་ངོ་མཚར་ཆོས། སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་བུ་འདུལ་བའི་ཆོས་ཡིན་ཏེ། །ཞི་ཁྲོར་སྟོན་པ་ངོ་མཚར་ཆེ། །ངོ་མཚར་རྨད་དུ་བྱུང་བའི་རྒྱུད། །སྟོང་པ་ཆེན་པོའི་བྱང་ཆུབ་སེམས། །གཟུགས་རྣམས་ཉིད་ཀྱི་རྒྱུད་དུ་གྲགས། །ཞེས་བཀའ་སྩལ་པས། འཁོར་རྣམས་ཡ་མཚན་སྐྱེས་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །སྟོན་པ་སངས་རྒྱས་བཅོམ་ལྡན་འདས། །གང་ཞིག་མེ་ཡིས་ཚིག་པ་ལ། །མེ་ཡིས་གསོ་བ་ཡ་མཚན་ཆེ། །གང་ཞིག་ཆུ་ཡིས་འགག་པ་ལ། །ཆུ་རྣམས་དག་གིས་དབྱུང་བར་བྱ། །དེ་ཡི་བྱིན་རླབས་ཡ་མཚན་ཆེ། །དེ་ལྟར་སྟོང་པ་ཆེན་པོ་ལ། །སྟོང་པའི་བྱ་བྱེད་ཡ་མཚན་ཆེ། །ཞི་བས་མི་འདུལ་གདུག་པ་ལ། །ཁྲོ་བོས་འདུལ་བ་ཡ་མཚན་ཆེ། །ཞེས་གསོལ་པ་དང་། གླེང་བསླང་བ་དང་། གླེང་སློང་བ་ལས། ཡ་མཚན་རྨད་དུ་བྱུང་བའི་ཆོས་དུ་མས་མ་འོངས་པ་ཐམས་ཅད་ཡིད་ཆེས་པ་དང་། འདུལ་བར་བྱེད་དང་དེ་དག་གང་དང་གང་ལམ་དུ་འཁྱེར་བ་དང་། ཆོས་ཐམས་ཅད་རང་བཞིན་གྱིས་ཡེ་ནས་སངས་རྒྱས་པ་ལ། ཀུན་རྫོབ་ཏུ་གང་ལྟར་འདུལ་བའི་ཆོས་ལ་ཇི་ལྟར་ངོ་མཚར་རྨད་དུ་བྱུང་བ་ལྟར། ཡ་མཚན་རྨད་དུ་བྱུང་ནས། སྟོན་པ་དང་འཁོར་རྣམས་ཐ་མི་དད་པའི་གཞུང་གིས་འདུལ་བའི་དོན་དུ་བསྟན་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་མི་ཟད་པའི་རྒྱུད། ཀརྨ་ཀུ་རུ་ལས། དྲག་པོ་གླེང་གཞིའི་ལེའུ་སྟེ་བདུན་པའོ།། །།དེ་ནས་དེ་བཞིན་གཤེགས་པ་དགེས་པ་ཆེན་པོ་དེ་བཞིན་རྣམ་པར་ཟློག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དཀྱིལ་འཁོར་གྱི་མཚམས་སྦྱོར་བ་འདི་གསུངས་སོ། །ཞི་བ་ཤིན་ཏུ་ཞི་བ་ལས། །ཁྲོ་བོའི་ངང་ཚུལ་བཟུང་བ་དང་། །དཀྱིལ་འཁོར་གཉིས་ཀྱི་མཚམས་སྦྱར་དང་། །གང་གིས་མི་འདུལ་གང་གིས་འདུལ། །ཤིན་ཏུ་ཁྲོ་ཞིང་གཏུམ་པ་ལ། །ཞི་བས་ཕན་པར་མི་འགྱུར་ཏེ། །ཤེས་རབ་ཐབས་སུ་སྦྱོར་བ་ཡིས། །ཁྲོ་བོར་དེ་བཞིན་


DNG020_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་ཀུན་མཛད། །ཞེས་གསུངས་ནས། དྲག་པོའི་དཀྱིལ་འཁོར་ལ་མཉམ་པར་གཞག་གོ། །དེ་ནས་དགེས་པ་ཆེན་པོ་དེ། དཔལ་ཀཱི་ལ་ཡའི་རྒྱལ་པོ་ཞལ་གསུམ་ཕྱག་དྲུག་པ། ཞབས་བཞི་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཞིག་ཏུ་གྱུར་ནས། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་འདི་ཆེད་དུ་བརྗོད་དོ། །ཁྲག་འཐུང་ཐུགས་སུ་གནས་པ་ནི། །ཡེ་ཤེས་རྩེ་མོ་མཆོག་ཡིན་ཏེ། །ཧཱུཾ་གསུམ་ལས་ནི་བཟླས་པའི་ཕྱིར། །རྩེ་མོ་མེད་པའི་ལས་སུ་བསྟན། །ཞེས་ཆེད་དུ་བརྗོད་དོ། །དེ་ནས་དཔལ་ཀཱི་ལ་ཡའི་རྒྱལ་པོ་དེས། ཕྲིན་ལས་ཕུན་སུམ་ཚོགས་པའི་གཞི་འདི་གསུངས་སོ། །དེ་ནི་གཟུགས་དང་བྱིན་རླབས་དང་། །བཟླས་བརྗོད་དང་ནི་ཕྲིན་ལས་དང་། །དུས་དང་གནས་དང་བདག་ཉིད་དོ། །ཕུན་སུམ་ཚོགས་པ་བདུན་པོ་ཡིས། །བཏབ་ན་ཅི་འདོད་སྦྱིན་ནོ་ཞེས། །དམ་ཚིག་བདག་པོས་རབ་གསུངས་ཏེ། །རང་གི་བཀའ་ལས་རང་མི་འདའ། །འདས་ན་ལྷ་ཡང་རླག་པའི་ཕྱིར། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ཀརྨ་ཧེ་རུ་ཀས། འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་ནི་རྒྱལ་པོའི་ཚིག་ཡིན་ཏེ། རྗེའུ་ཡི་ཚིག་གཅིག་བཀའ་སྩོལ་དང་། །སྡོམ་དང་ཡན་ལག་བཅས་པ་ནི། །གསེར་མིག་གཡུ་ཡིས་སྤྲས་པ་འདྲ། །ཞེས་གསོལ་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉོན་ཅིག་ཀརྨ་ཧེ་རུ་ཀ །སྔ་མ་སྨྲས་པ་རྒྱལ་པོ་ན། །ལྷུག་པ་རྗེའུ་ཡི་ཚིག་ཡིན་ཏེ། ཞེས་གསུངས་ནས། བརྟག་པའི་རྒྱལ་པོ་ཕྱི་མ་འདི་གསུངས་སོ། །འདི་ལྟ་སྟེ། དེ་ཕུན་སུམ་ཚོགས་པ་བདུན་ཡོད་དེ། དེ་ལ་བདག་ཉིད་ཕུན་སུམ་ཚོགས་པ་དང་། དུས་ཕུན་སུམ་ཚོགས་པ་དང་། གནས་ཕུན་སུམ་ཚོགས་པ་དང་། གཟུགས་ཕུན་སུམ་ཚོགས་པ་དང་། བྱིན་རླབས་ཕུན་སུམ་ཚོགས་པ་དང་། བཟླས་བརྗོད་ཕུན་སུམ་ཚོགས་པ་དང་། ཕྲིན་ལས་ཕུན་སུམ་ཚོགས་པའོ། །ཞེས་གསུངས་སོ། །དེ་ནས་ཡང་ཀརྨ་ཧེ་རུ་ཀས་དཔལ་ཀཱི་ལ་ཡའི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རྗེའུ་


DNG020_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྒྱལ་པོའི་བཀའ་སྩལ་པ། དམངས་ཀྱི་ཚིག་གཅིག་བཀའ་སྩོལ་དང་། ཞེས་གསོལ་ཏོ། །བཅོམ་ལྡན་འདས་དཔལ་ཀཱི་ལ་ཡའི་རྒྱལ་པོས་བཀའ་སྩལ་པ། ཉོན་ཅིག་ཀརྨ་ཧེ་རུ་ཀ །རྗེའུ་ཡི་ཚིག་ནི་དེ་འདྲ་ན། དམངས་ཀྱི་ཆོ་ག་རྣམས་བདག་གིས་བཤད། ཞེས་གསོལ་ནས། བཤད་པའི་རྒྱལ་པོ་འདི་བཤད་དོ། །བདག་ཉིད་ཕུན་སུམ་ཚོགས་པ་ནི། བྱང་ཆུབ་ལ་གཞོལ་ཞིང་མང་དུ་ཐོས་པ་དང་། ལས་ལ་མཁས་པ་དང་། ལྷ་ཉེ་བར་གྱུར་པ་དང་། མི་ཕྱེད་པའི་དད་པ་ཐོབ་པ་དང་། དྲག་ཅིང་ལྡོག་པ་མེད་པའི་སེམས་དང་ལྡན་པ་དང་། ཕྲག་དོག་དང་འབྲས་བུ་གཞན་ལ་རེ་བ་མི་འཇོག་པ་དང་། དམ་ཚིག་མ་ཉམས་པ་འདི་རྣམས་ནི། བདག་ཉིད་ཕུན་སུམ་ཚོགས་པ་འདི་གསུངས་སོ། །སྐུ་གསུང་ཐུགས་མི་ཟད་པ་ཀརྨ་ཀུ་རུའི་རྒྱུད་ལས། སྡོམ་དང་ཡན་ལག་ཏུ་བཅས་པའི་གཞི་ཕུན་སུམ་ཚོགས་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས། དུས་ཕུན་སུམ་ཚོགས་པ་འདི་བཤད་དོ། །ཚེས་བཅུ་བདུན་མན་ཆད་མར་གྱི་ངོ་དང་། ཉིན་མཚན་གྱི་གུང་དང་། བསྙེན་པ་ཚང་བ་དང་། རྟགས་བྱུང་བ་དང་ལ་སོགས་ཏེ། འདི་ནི་དུས་ཕུན་སུམ་ཚོགས་པའོ། །ཞེས་གསུངས་སོ། །དེ་ནས་ཡང་ཕུན་སུམ་ཚོགས་པ་འདི་བཤད་དོ། །གནས་ཕུན་སུམ་ཚོགས་པ་ནི། གནས་ཆེན་པོ་དང་། ཤིང་རྐང་གཅིག་པ་དང་། གནོད་པར་ངེས་པ་སྟེ། འདི་ནི་གནས་ཕུན་སུམ་ཚོགས་པའོ་ཞེས་བཤད་དོ། །དེ་ནས་ཡང་གཟུགས་ཕུན་སུམ་ཚོགས་པ་བཤད་དོ། །དེ་ལ་གཟུགས་ཕུན་སུམ་ཚོགས་པ་ནི། ཐུགས་ཀྱི་ཕྱག་རྒྱའི་དབྱིབས་ལ་བྱ་སྟེ། ཕུར་པ་ནི་སྐབས་འདིར་ལྕགས་སམ། ལྕགས་སྣ་ལྔའམ། སེང་ལྡེང་ལ་སོགས་ཚེར་མ་ཅན་གྱི་ཤིང་ལས་སོར་བརྒྱད་དམ། སོར་བཅུ་གཉིས་པར་བྱས་ལ། མགོ་མཇུག་མ་ནོར་བར་བྱས་ལ། རྩ་བའི་ངོས་ལ་མགོ་བྱ། མགོ་སོར་གཅིག་ལ་རྒྱ་མདུད། སྐེད་སོར་གཅིག་ལ་རྒྱ་མདུད། སྟོད་ཟུར་བརྒྱད། སྨད་ཟུར་གསུམ་པ། རི་རབ་ལྟར་


DNG020_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

བརྗིད་པར་འདུག་པ་ནི། གཟུགས་ཕུན་སུམ་ཚོགས་པ་ཞེས་བཤད་དོ། །དེ་ནས་ཡང་བྱིན་རླབས་ཕུན་སུམ་ཚོགས་པ་འདི་བཤད་དོ། །བྱིན་རླབས་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི། ཐོག་མ་ཉིད་དུ་སྐུ་གསུམ་དུ་བྱིན་གྱིས་བརླབ་པར་བྱ་སྟེ། དང་པོ་ཁོ་ནར་སྟོང་པ་ཉིད་དུ་བསྒོམ་སྟེ། ཆོས་སྐུར་བྱིན་གྱིས་བརླབ་པ་དང་། དེའི་འོག་ཏུ་རྒྱ་མདུད་གཞལ་ཡས་ཁང་དུ་དམིགས་ཏེ། ཕྱོགས་བཞི་དབུས་དང་ལྔར་ཧཱུཾ་སྒྲིལ་མ་ལྔ་གཞག་སྟེ། དབུས་སུ་ཧེ་རུ་ཀ །ཤར་དུ་ཁམས་གསུམ་རྣམ་པར་རྒྱལ་བ། ལྷོར་གཤིན་རྗེའི་གཤེད། ནུབ་ཏུ་རྟ་མགྲིན། བྱང་དུ་སྟོབས་པོ་ཆེ། འདི་རྣམས་སོ་སོའི་སྙིང་པོ་དྲན་པ་ཙམ་གྱིས་བསྐུལ་ཏེ། གཟུགས་དང་གཉིས་སུ་མེད་པར་འཁོད་པ་དང་། འཁོར་རྒྱས་པར་དམིགས་ཏེ་ཕྱི་ནང་གི་མཆོད་པ་ཅི་འབྱོར་བ་ཕུལ་ཏེ། དམ་ཚིག་རྗེས་སུ་བསྐུལ་ནས། གཉིས་སུ་མེད་པའི་རྒྱན་རྫོགས་པ་ནི་ལོངས་སྤྱོད་རྫོགས་པའི་སྐུར་བྱིན་གྱིས་བརླབས་པའོ། །དེ་ལ་སྲས་ཕུར་པ་ཁྲོ་བོར་བསྐྱེད་པ་ནི། ལྟེ་བ་ཡན་ཆད་མཐིང་ནག་ལ། དབུ་སྐྲ་ཁམ་པ་ཟུར་གསུམ་གྱི་ཐབས་སུ་འགྲེང་བ། བྲང་གིས་འགྲོ་བ་ཆེན་པོ་དང་། ཐོད་རློན་གྱིས་བཅིངས་ཤིང་བཞད་པ། སྤྱན་གསུམ་སྡང་མིག་ཏུ་བགྲད་པ། སྤྱན་གཡོན་པ་ཕུར་བུ་ལ་གཟིགས་པ། མཆེ་བ་གཙིགས་པ་རབ་ཏུ་རྔམ་པ། དུར་ཁྲོད་ཀྱི་མེ་དཔུང་གི་ནང་ན། ལྟེ་བ་མན་ཆད་ལྕགས་ཀྱི་ཕུར་པ་ཟུར་གསུམ་པ། ཨེའི་ནང་དུ་སུམ་ཆ་ཙམ་ནུབ་པ། ཕྱག་བཞི་པ་སྟེ། གཡས་ཀྱི་གོང་ན་སྟ་རེ་ཁ་ཡར་བསྟན་ཏེ་ལྷག་པས་རྡེག་པར་བྱེད་པ། འོག་མ་ན་རྡོ་རྗེ་རི་རབ་ཀྱིས་གནོན་པའི་ཐབས་སུ་འཛིན་པ། གཡོན་དང་པོ་ན་རྡོ་རྗེ་ཁ་ཊྭཱཾ་འཁྲོལ་ཞིང་བདུད་ཀྱི་ཁམས་གསུམ་འཇིགས་པ། འོག་མ་ན་ཕུར་པ་ཟུར་གསུམ་པ་འདེབས་པའི་ཐབས་སུ་གཟས་ཤིང་ངན་སོང་གསུམ་འཇིག་པ། སྟོབས་དང་མཐུ་དང་དཔུང་ལ་སོགས་པ་ཁྲོ་བོ་ཐམས་ཅད་འདུས་པ་ལས་ལྷག་པར་ཆེ་བ་གཅིག་འོག་ཏུ་ཕྱུང་བ་སྟེ། རྟག་པ་ཆེན་པོར་བཞུགས་པར་བསམ་པ་འདི་ནི། སྤྲུལ་པའི་སྐུར་བྱིན་གྱིས་བརླབས་པའོ། །དེ་བཞིན་གཤེགས་པ་


DNG020_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱི་སྐུ་གསུང་ཐུགས་མི་ཟད་པ་ཀརྨ་ཀུ་རུའི་རྒྱུད་ལས། དུས་དང་གནས་དང་རྫས་ལ་བརྟེན་ནས་མངོན་པར་སངས་རྒྱས་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་ཡང་དཔལ་ཀཱི་ལ་ཡའི་རྒྱལ་པོས། བྱིན་གྱིས་བརླབ་པ་འདི་གསུངས་སོ། །དེ་ལ་རིགས་ལྔར་བྱིན་གྱིས་བརླབ་པར་བྱ་སྟེ། འབྲུ་ལྔས་གནས་ལྔར་བྱིན་གྱིས་བརླབ་པའོ། །དེ་ནས་ཡང་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ་པར་བྱ་སྟེ། སྤྱི་བོའི་གཙུག་ཏུ་ཨཱོཾ། སྐེད་པར་ཧྲཱྀཿ། རྩེ་མོར་ཕཊ་བསམ་མོ། །དེ་ནས་ཡང་དཔལ་ཀཱི་ལ་ཡའི་རྒྱལ་པོས་འདི་སྐད་བཤད་དོ། །དེའི་འོག་ཏུ་ཐུགས་ཡེ་ཤེས་རྩེ་གཅིག་པར་བྱིན་གྱིས་བརླབ་པར་བྱ་སྟེ། ཟུར་གསུམ་དུ་ཕཊ་གསུམ། ངོས་གསུམ་དུ་ཧཱུཾ་གསུམ་གཞག་པའོ། །དེ་ནས་ཡང་སྐུ་གསུང་ཐུགས་ཀྱི་བརྟགས་པ་དང་། རིགས་ཀྱི་ཁྲོ་བོའི་བྱིན་གྱིས་བརླབ་པ་འདི་བཤད་དོ། །དེ་ནས་ཡང་སྐུ་བརྟག་པ་དང་། རིགས་སོ་སོའི་ཁྲོ་བོ་རྣམས་ཀྱིས་བྱིན་གྱིས་བརླབ་ཅིང་དབང་བསྐུར་བར་བྱ་སྟེ། ཁྲོ་བོའི་དཀྱིལ་འཁོར་དེ་དག་ཉིད། ཕྱོགས་བཅུར་འཕྲོས་ནས་སླར་འདུས་པ་སྟེ། ཧཱུཾ་ཧཱུཾ་དང་ཕཊ་ཕཊ་ཀྱི་སྒྲ་འབྱིན་ཅིང་དེ་ཉིད་སྐུ་ལ་བསྡིམས་ཏེ། དབང་དང་བྱིན་རླབས་ཐམས་ཅད་ཀྱིས་ཚིམ་པར་བྱའོ། །དེ་ནས་ཡང་འདི་བཤད་པར་བྱ་སྟེ། དེ་ནས་འགྲོ་བའི་དོན་ལ་གཤེགས་ན། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སྟོང་གྲོགས་མཛད་པར་གནང་ངོ་། །སྔོན་ཞལ་གྱིས་བཞེས་པ་ལགས་པས་དེའི་སྟོང་གྲོགས་མཛད་ཅིང་། དེའི་སྐུ་ལ་འཇུག་པ་དང་། བདག་ཉིད་དང་བདག་ཉིད་ཆེན་པོ་ཉིད་དུ་དབང་བསྐུར་ཞིང་། བྱིན་གྱིས་བརླབ་པའི་ཕྱིར། ལག་མཐིལ་གཡས་པར་མ་ལས་ཉི་མའི་དཀྱིལ་འཁོར་དུ་གྱུར་པའི་སྟེང་དུ་ཧཱུཾ། གཡོན་པའི་ལག་མཐིལ་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་དུ་གྱུར་པའི་སྟེང་དུ་ཨ་བསམ་ལ་གུང་མོ་ལ་ཨོཾ། མཐེ་བོང་ལ་ཧཱུཾ། མཛུབ་མོ་ལ་ཏྲཱཾ། སྲིན་ལག་ལ་ཧྲཱྀཿ། མཐེའུ་ཆུང་ལ་ཧཱ། འདི་རྣམས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བཞག་སྟེ། སུ་ར་ཏ་སྟྭཾ་ཞེས་བརྗོད་ལ་ཐལ་མོ་མཉམ་པར་སྦྱར། བཛྲ་ཨཉྫ་ལི་ཧཱུཾ་ཞེས་བརྗོད་ནས་སོར་མོ་ཅུང་ཟད་བསྣོལ་


DNG020_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་བྷནྡྷ་ཧཱུཾ། ཞེས་བརྗོད་ནས། སོར་མོ་རྒྱབ་ཏུ་བསྣོལ་ལ་བསྡམ་མོ། །ས་མ་ཡ་སྟྭཾ། ཞེས་བརྗོད་ལ། ཕུར་པ་བླངས་ཏེ་འཆང་བའི་བར་དུ་བཅུག་ནས། ལག་པའི་རྟིང་པ་ཕྱེ་ལ། མཐེ་བོང་སྲིན་ལག་དང་མཐེའུ་ཆུང་གི་བར་དུ་ཕུར་པ་བཅུག་ལ། མཐེ་བོང་གིས་ཅུང་ཟད་བསྒུལ་ཞིང་དྲིལ་ལོ། །ཨོཾ་བཛྲ་ཨཱ་བེ་ཤ་ཨ་ཨ་ཞེས་བརྗོད་པས་ཕྱོགས་བཅུ་དུས་གསུམ་གྱི་བདེ་བར་གཤེགས་པ་ཡབ་ཡུམ་སྲས་དང་བཅས་པ་ཐམས་ཅད། ཞེ་སྡང་རྗེས་སུ་དྲན་པའི་སྐུ་ཡུངས་འབྲུ་ཙམ་བར་མཚམས་མེད་པར་ཕུར་པ་ལ་བསྡུ་ཞིང་བསྡིམ་མོ། །དེ་ནས་ཡང་ཀཱི་ལ་ཡའི་རྒྱལ་པོ་དེས། བཤད་པའི་རྒྱལ་པོ་འདི་ཉིད་བཤད་དོ། །སྐུ་གསུང་ཐུགས་ཀྱི་བདག་པོ་ཆེན་པོ་ཉིད་དུ་རྫོགས་པར་བྱིན་གྱིས་བརླབ་ཅིང་དབང་བསྐུར་བར་བྱ་སྟེ། སོར་མོ་རྒྱབ་ཏུ་བསྣོལ་ལ། གུང་མོ་གཉིས་གཞིབ་པའི་བར་དུ་ཕུར་པ་བཟུང་ནས། ཨོཾ་བཛྲ་སཏྭ་རཱ་ཛ་ཧཱུཾ་ཞེས་བཟླས། དེ་ནས་སོར་མོ་རྣམས་སུག་སུག་པོར་བྱས་ལ། ལག་པའི་རྟིང་པས་ཕུར་པ་བཟུང་ལ།ཨོཾ་ཏྲི་བྷུར་བྷུ་བ་ཕཊ། ཅེས་བརྗོད། དེ་ནས་སོར་མོ་རྣམས་རྒྱབ་ཏུ་བསྣོལ་ཏེ།མཐེ་བོང་གཞིབ་པའི་བར་དུ་ཕུར་པ་བཅུག་ལ། ཧ་ན་ཧ་ན་དཱིཔྟ་ཙཀྲ་ཧཱུཾ་ཕཊ།ཅེས་བརྗོད་ནས་དྲིལ་ཏེ། བདག་ཉིད་ཆེན་པོ་ཐམས་ཅད་གཉིས་སུ་མེད་པར་སྦྱོར་བ་མཛད་པའི་གཟི་བྱིན་ཐམས་ཅད་ཕུར་པའི་སྐུ་ལ་ཞུགས་པས་སྟོང་ཁམས་ཐམས་ཅད་གང་བར་མེ་སྟག་འཕྲོ་ཞིང་དམིགས་པ་ཐམས་ཅད་ངེས་པར་འགྲུབ་པའི་བྱིན་རླབ་དང་། དབང་ཆེན་པོ་དང་ལྡན་པར་གྱུར་ཏེ། མདུན་གྱི་ནམ་མཁའ་ཨེའི་གདན་ལ་བཞུགས་སུ་གསོལ་ནས། ཡུངས་ཀར་གྱི་རྒྱལ་པོས་བརྡེག་ཅིང་། གུ་གུལ་སྦྱར་མས་བདུག་ལ། ཕྱི་ནང་གི་མཆོད་པ་ཅི་འབྱོར་བ་ཐམས་ཅད་དབུལ་བར་བྱའོ། །དེ་ནས་ཡིད་ལ་བརྣག་པའི་ཕྲིན་ལས་བཅོལ་ཏེ། འདི་ནི་བྱིན་རླབ་ཕུན་སུམ་ཚོགས་པའོ། །ཞེས་ཡང་དག་པར་བཤད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་མི་ཟད་པ། ཀརྨ་ཀུ་རུའི་རྒྱུད་ལས། རྫོགས་པའི་སངས་རྒྱས་ཀྱིས་ཕུར་པ་ཉིད་ལ་དབང་བསྐུར་བ་དང་བྱིན་གྱིས་བརླབས་ཀྱིས་འགྲོ་བའི་དོན་ལ་


DNG020_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

ཐོགས་ཆགས་མེད་པར་བྱེད་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་ཡང་ཀརྨ་ཧེ་རུ་ཀས། བཅོམ་ལྡན་འདས་ཀཱི་ལ་ཡའི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་རྫོགས་པའི་སངས་རྒྱས་ཀྱི་སངས་འཕྲལ་ལ་རྒྱས་པ་མ་ཡིན་ཏེ། ཡེ་ཉིད་ནས་ནི་རྫོགས་སངས་རྒྱས། །དམངས་རིགས་བཟླས་བརྗོད་ཇི་ལྟར་ལགས། །ཞེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །བཟླས་བརྗོད་ཕུན་སུམ་ཚོགས་པ་ནི། །བདག་ཉིད་ལས་ཀྱི་ལྷར་བསྒོམས་ལ། །སྙིང་གར་ཉི་མའི་དཀྱིལ་འཁོར་དུ། །ཧཱུཾ་མཐིང་ནག་གཅིག་བཞག་ནས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཆེ་གེ་མོ་ཞིག་མཱ་ར་ཡ་ཕཊ། ཅེས་བརྗོད་པས། ཕུར་པའི་ཁྲོ་བོ་ཅི་འདྲ་བ་གཅིག་བྱུང་བར་གྱུར་ཏེ། ཕྱོགས་བཅུ་ཐམས་ཅད་དུ་སེམས་ཅན་གྱི་དོན་བྱས་ནས་ཕུར་པ་ལ་བསྡིམ་མོ། །འདི་འདྲ་བ་འབུམ་མམ། བདུན་འབུམ་བྱེ་བའམ། ས་ཡ་ཡན་ཆད་བཟླས་པ་བྱ་སྟེ། བསྙེན་པ་གཏང་བར་འདོད་ན།ཕུར་པ་ཉིད་སྙིང་གའི་ཧཱུཾ་ལ་བསྡུས་ཏེ། འདི་ནི་བཟླས་བརྗོད་ཕུན་སུམ་ཚོགས་པའོ། །ཞེས་བཤད་དོ། །དེ་ནས་ཡང་ཀརྨ་ཧེ་རུ་ཀས་ཀཱི་ལ་ཡ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་མགོན་པོ་ཆེན་པོ་ཁྱོད། །ཕྲིན་ལས་གང་ལགས་བཤད་དུ་གསོལ། །བདག་གཞན་ལས་གཉིས་བཤད་དུ་གསོལ། །སྔོན་གྱི་ལས་དང་གཞུང་གི་ལས། །དགུག་དང་བཅིང་དང་དགྲོལ་བ་རྣམས། །ཇི་ལྟར་ལགས་པ་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕྲིན་ལས་ཕུན་སུམ་ཚོགས་པ་ནི། ཐོག་མ་ཉིད་དུ་བརྟག་པའི་ས་རྙེད་ནས། བགེགས་བསྐྲད་པ་དང་མཚམས་བཅད་པ་ལ་སོགས་པ་བྱ་སྟེ། སྐད་ཅིག་མའི་ཏིང་འཛིན་གྱིས་ཁྲོ་བོའི་སྡང་མིག་དང་། མཚོན་ཆའི་ཆར་དང་། རྡོ་རྗེ་གནོད་སྦྱིན་ལ་སོགས་པས་བགེགས་བསྐྲད་ལ། ཕུར་པ་བཅུ་ཁྲོ་བོ་བཅུར་བྱིན་གྱིས་བརླབས་ཏེ། ཕྱོགས་བཅུར་བཏབ་ནས་ཅི་ཙམ་འདོད་པ་བསྲུང་བར་མཚམས་བཅད་དོ། །དང་པོ་རིགས་ལྔའི་ལྷ་མཉེས་པར་བྱས་ཏེ། དེ་ནས་ལས་ཀྱི་ལྷ་མཉེས་པར་བྱས་ལ།


DNG020_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཏིང་ངེ་འཛིན་གོང་ནས་འབྱུང་བ་དང་། བསྙེན་པ་རྣམས་ཚང་ནས།གནས་ཆེན་པོར་དཀྱིལ་འཁོར་གྲུ་གསུམ་པ། རྩེ་མོ་ལྷོ་ཕྱོགས་སུ་བསྟན་ཏེ། ཞིང་ཆེན་གྱི་ཐལ་བ་དང་། སྐེ་ཚེ་དང་། ལན་ཚྭ་དང་། ཞིང་ཆེན་གྱི་རཀྟ་དང་།སྲུམ་མའི་ལོ་མ་དང་། ཁྲེ་དང་། ཇུ་ཚེའི་ཕུབ་མ་དང་། གྲོག་མཁར་གྱི་ས་དང་། བོང་བུའི་བདུད་རྩི་ལས་སྦྲུས་ཏེ། ཞིང་ཆེན་ཐལ་བ་མ་རྙེད་ན། ཏིལ་ནག་པོ་ལ་གཞི་བླངས་ཏེ། གཟུགས་བྱས་ཀྱང་རུང་། རི་མོ་བྲིས་ཏེ་མདོག་སྨུག་ནག་ཏུ་བྱས་ཏེ། ཤུན་ལ་སོགས་པ་ལ་ཞིང་གི་རཀྟས་ཧཱུཾ་ཆེ་མོ་མཱ་ར་ཡ་ཕཊ། ཅེས་བྲིས་ནས་སྙིང་གར་བླན་ཏེ། དཀྱིལ་འཁོར་གྱི་སྟེང་དུ་གན་རྐྱལ་དུ་བཞག་ནས། མགོ་ལྷོ་ཕྱོགས་སུ་བསྟན་ཏེ། གདོན་དེ་ཉིད་དགུག་པ་ནི། མངག་གཞུག་གམ་ཁྲོ་བོ་སུམ་བྷ་ནིའི་སྦྱོར་བ་ཡང་རུང་། གསང་བའི་ཐུགས་ཀའམ་རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་ཛ་ཛཿ། འདི་འདྲ་བ་དམར་པོ་གཅིག་བཞག་ལ་ཛཿཧཱུཾ་བཾ་ཧོཿ། བཛྲ་ཨཾ་ཀུ་ཤ་ཛཿ། ཆེ་གེ་མོ་ཞིག་ཧཱུཾ་ཛ་ཞེས་བརྗོད་ནས། མངག་གཞུག་ལྷ་མོ་ལྕགས་ཀྱུ་ཅན་གྲངས་མེད་པ་བརྒྱུད་མར་བྱུང་ནས། བགེགས་ཀྱི་སྙིང་ག་ནས་བཟུང་སྟེ་དེར་འོང་བ་དང་། ཛཿཧཱུཾ་བཾ་ཧོཿ། བཛྲ་ཆེ་གེ་མོ་པྲ་བེ་ཤ་ཧཱུཾ། ཞེས་ཅིར་ན་བརྗོད་ནས། གཟུགས་སམ་རི་མོ་ལ་ཕབ་སྟེ་ཛཿཧཱུཾ་བཾ་ཧོཿ། ཞེས་བརྗོད་ནས་ལྕགས་ཀྱུ་དང་། ཞགས་པ་དང་། ལྕགས་སྒྲོག་གི་ཕྱག་རྒྱས་བཅིངས་པ་དང་། བསྡམས་པ་དང་། དེའི་སེམས་འཁྲུག་པར་བྱས་ནས། ཨེའི་ནང་དུ་རྩི་མོའི་འོག་ཏུ་སོང་བར་བསམ་ལ། དེ་ནས་ཕུར་པ་བླངས་ཏེ། ལས་ཀྱི་ལྷའི་སྙིང་པོ་དང་བཅས་པས་དྲག་ཏུ་ཅུང་ཟད་ཅིག་བསྒུལ་ལ། ཐལ་མོ་སྦྱར་ཐབས་ཀྱིས་གསོར་ཏེ། རྡོ་རྗེ་སྡེར་མོའི་སྔགས་བཟླས་ལ། ཏིང་འཛིན་གསལ་བར་མ་གྱུར་གྱི་བར་དུ་དྲིལ་ནས། ཏིང་ངེ་འཛིན་ཁུགས་པ་དང་། གནོད་བྱེད་ཀྱི་སྟེང་དུ་རྩེ་མོ་ནས་གང་ཙམ་གྱིས་མ་རེག་པར་གཟས་ལ། ཁྲོ་བོའི་སྐེད་པ་ནས་ལག་པ་གཡོན་པས་བཟུང་སྟེ།


DNG020_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཐོ་བའམ་སྟ་རེ་ཡི་ལྷག་པས་བརྡེག་ཅིང་། རྡོ་རྗེ་སྡེར་མོའི་སྔགས་ལན་གསུམ་མམ་ལན་བདུན་ནམ། ཉི་ཤུ་རྩ་གཅིག་ཏུ་བཟླས་ཤིང་བཏབ་སྟེ། སེང་ལྡེང་གི་ཕུར་པ་སོར་བརྒྱད་པ་གཅིག་སྙིང་གར་གདབ། གཅིག་དཔྲལ་བར་གདབ། བཞི་དཔུང་མགོ་གཉིས་དང་། བརླའི་ནང་རོལ་གཉིས་སུ་གདབ། ལྟེ་བའི་ཁུང་དུ་ཡང་གདབ་པོ། །རྡོ་རྗེ་སྡེར་མོའི་སྔགས་ནི། ན་མཿས་མནྟ་ཀཱ་ཡ་ཝཱཀ་ཙིཏྟ་བཛྲཱ་ཎཱན། ཨོཾ་གྷ་གྷ་གྷཱ་ཏ་ཡ་ཆེ་གེ་མོ་ཕཊ། སརྦ་དུཥྚཱཾ་ཀཱི་ལི་ཀཱི་ལ་སརྦ་པཱ་པཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་ཡ་བཛྲ་དྷ་རོ་ཨ་ཛྙཱ་ཏཱ་ཡ་ཏི་ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ། ཅེས་དྲག་ཏུ་བརྗོད་དོ། །ཕུར་པ་དེ་དག་བཏབ་ཟིན་ནས། དེའི་སྟེང་དུ་ལས་ཀྱི་ལྷའི་ཕྱག་རྒྱ་དང་། སྔགས་ཀྱིས་མནན་ཏེ། ལག་པ་གཉིས་སོར་མོ་བསྣོལ་ཏེ། མཐེ་བོང་དང་མཐེའུ་ཆུང་གཉིས་ངོས་སྦྱར་ཏེ་བརྐྱང་ལ་གཞན་མ་ནི་རྒྱབ་དྲང་པོར་བསྲང་། དེའི་སྔགས་ལ། ཨོཾ་ཀརྨ་བཛྲ་ཀྲོ་དྷ་ཧཱུཾ་ཕཊ་སྭཱ་ཧཱ།ལན་ཉི་ཤུ་རྩ་གཅིག་བཟླས་ཏེ་གཡས་ཕྱོགས་ནས་བསྐོར་ལ། ཀཱི་ལ་ཡའི་མགོ་ལ་ལན་གསུམ་ཏུ་གཏུག་གོ། །དེ་ནས་ཡང་ཕུར་པ་སླར་མི་དབྱུང་ཞིང་། སུས་ཀྱང་མ་ཕྱིན་པར་སླར་མི་དབྱུང་ཞིང་། ལྷག་པར་ཡང་མི་ཕྱིན་པར་ལྷག་པར་ཡང་ཟུག་ཅིང་ཐལ་ཕྱིན་པར་བསམ་མོ། །དེ་ནས་དམ་ཚིག་གི་ཕྱག་རྒྱ་བསྟན་པར་བྱས་ཏེ།སོར་མོ་རྣམས་རྒྱབ་ཏུ་བསྣོལ་ཏེ་བཅངས་ལ་གུང་མོ་གཉིས་གཞིབ་ལ། རྩེ་མོ་བསྒྲེངས་ལ་རྣོན་པར་བྱས་ཏེ་ཕུར་པའི་སླད་དུ་མནན། ཕུར་པའི་ལྷ་དང་བགེགས་ཆེ་གེ་མོ་ཁྱོད་དམ་ཚིག་ལས་མ་འདའ་ཞིག་བར་བསྒོ་ཞིང་། སྔགས་འདི་ལན་བདུན་བཟླས་སོ། །ཨོཾ་བཛྲ་སཏྭ་ས་མ་ཡ་ཧཱུཾ་ཕཊ། ཅེས་བརྗོད་དོ། །འདི་ནི་སེམས་མ་དམ་ཚིག་རྡོ་རྗེའི་སྔགས་དང་ཕྱག་རྒྱ་སྟེ། བསྒོ་བ་ཐམས་ཅད་ཉན་པར་བསམ། དེ་ནས་སོར་མོ་རྣམས་ནང་དུ་བསྣོལ་ཏེ། མཐེ་བོང་མཐེའུ་ཆུང་གཉིས་ངོས་སྦྱར་ལ་བསྒྲེང་། ཁུ་ཚུར་མི་བཅང་བར་སོར་མོ་རྣམས་ཕྱིར་བསྐྱེད་དེ། ཕུར་པའི་སྟེང་དུ་མནན་ཅིང་སྔགས་འདི་བརྗོད་དོ། །ཨོཾ་


DNG020_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་ཀྲོ་དྷ་ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། བནྡྷ་བནྡྷ། ཙྪིནྡྷ་ཙྪིནྡྷ། ཧཱུཾ་ཧཱུཾ་ཕཊ་ཕཊ། ཅེས་ཉི་ཤུ་རྩ་གཅིག་བཟླས་སོ། །སྟོབས་པོ་ཆེའི་སྔགས་དང་ཕྱག་རྒྱ་སྟེ། གོང་དུ་བཀའ་ཉན་པ་བདག་གི་དབང་དུ་གྱུར་ནས། ཅི་བསྒོ་བ་ཐམས་ཅད་བདག་གི་བྲན་བཞིན་ལས་བྱེད་པར་འགྱུར་རོ། །དེ་ནས་ཡུངས་ཀར་རྒྱལ་པོས་བརྡེག །གུ་གུལ་སྦྱར་མ་བདུག་ལ་བཞག །དེ་ནས་ལག་པ་གཉིས་རྒྱབ་སྦྱར། མཐེའུ་ཆུང་གཅིག་ལ་གཅིག་མཁྱུད། མཛུབ་མོ་གཉིས་ཁ་འགྲམ་གཡས་གཡོན་དུ་བཟུང་སྟེ། ཡིད་ཙམ་མགུ་བར་བྱས། ལྷག་མ་རྣམས་ནང་དུ་བཅངས་ལ། མཛུབ་མོ་གཉིས་མཆེ་བར་བསམས་ཏེ། རྐང་པ་གཡོན་པས་དགྲ་བགེགས་ཀྱི་སྙིང་གར་མནན་ལ། སྔགས་འདི་ལན་བདུན་བཟླས་སོ། །ཨོཾ་བཛྲ་ཡཀྵ་ཀྲོ་དྷ་ཁ་ཁ་ཧ་ཧ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཅེས་བརྗོད་དོ། །དེ་ནས་རྡོ་རྗེ་བེ་ཅོན་གྱི་སྔགས་དང་ཕྱག་རྒྱ་སྟེ། ལག་པ་སོར་མོ་ལུ་གུ་རྒྱུད་དུ་བསྣོལ་ལ། མཐེ་བོང་གཡས་པ་གཡོན་གྱི་སྟེང་དུ་བཞག་ལ། མཛུབ་མོ་གཉིས་ངོས་སྦྱར་ཏེ་སྦྲེང་ནས། སྡང་མིག་བགྲད་ཅིང་བརྡེག་པ་སྔགས་འདི་ལན་བདུན་ནམ། ཉི་ཤུ་རྩ་གཅིག་གམ། བརྒྱ་རྩ་བརྒྱད་བཟླས་སོ། །ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧ་ན་ད་ཧ་པ་ཙ་བི་དྷྭན་ས་མ་ཡ་ཛ་ཏི་ལམ་པོ་ད་ར་ཨུ་ཙྪུཥྨ་ཀྲོ་དྷ་ཧཱུཾ་ཕཊ། ཅེས་བརྗོད་དོ། །དེ་ནས་ཡུངས་ཀར་གྱི་རྒྱལ་པོས་བརྡེག་ཅིང་གུ་གུལ་གྱིས་བདུག་ལ་བཞག་གོ། །ལས་འདི་ཤིན་ཏུ་བརྟན་ཅིང་གྲུབ་པར་མཛོད་ཅིག་པར་བསམ་མོ། །ཅུང་ཟད་བྱིན་ཆུང་བ་འདྲ་ན། རྡོ་རྗེ་བརྗིད་གནོན་གྱི་བསམ་གཏན་གྱིས་མནན་པར་བྱ་སྟེ། ཁྲོ་བོ་རྣམས་ཀྱི་སྤྱི་བོར་བསྡུས་པའི་སྟེང་དུ་ཧཱུཾ་མཐིང་ནག་ལ་རྡོ་རྗེ་ལྗང་གུ་རྒྱ་གྲམ་མེ་ལྕེའི་ཕྲེང་བས་བསྐོར་བ་རྒྱ་གྲམ་གྱི་སྟེང་དུ་ཡི་གེ་སུ་སེར་པོ་གསེར་བཙོ་མའི་ཁ་དོག་འདྲ་བ་ཅིག་བསམ་ལ། ཨོཾ་བཛྲ་སུ་མེ་རུ་ཧཱུཾ་ཧཱུཾ་ས་མ་ཡ་སྟྭཾ། ཞེས་བརྗོད་པས། གསེར་གྱི་རི་རབ་དཔག་ཚད་བྱེ་བ་གྲུ་བཞི་པ་ཞིག་ཏུ་གྱུར་པའི་སྟེང་དུ། བཅོམ་ལྡན་


DNG020_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

འདས་དོན་ཡོད་གྲུབ་པ། སྐུ་མདོག་ལྗང་གུ་དབུ་གསུམ་ཕྱག་དྲུག་པ། གཡས་ཀྱི་དང་པོ་ན་འཁོར་ལོ་འབར་བ་ཕྱར་ཏེ་བསྣམས་པ། གཡོན་གྱི་དང་པོ་རྡོ་རྗེ་རྒྱ་གྲམ་ཐུགས་ཀར་བརྟེན་པ། འཁོར་དཔག་ཏུ་མེད་པ་དང་བཅས་པས་ཕོ་བྲང་བཏབ་པས། ཁྲོ་བོ་རྣམས་ཀྱང་ཤིན་ཏུ་གཟིར་ཞིང་མི་གཡོ་བ་དང་། ལས་མ་གྲུབ་ན་བསྐལ་པའི་བར་ཡང་མནན་པར་བསམ་མོ། །ཕྲིན་ལས་ཀྱང་དེ་བཞིན་དུ་བཅོལ་ཏེ་བཞག་གོ། །ཡོ་བྱད་ཐམས་ཅད་ཀྱང་ནག་པོར་བཤམ། གཏོར་མ་ནག་པོ་ཆ་གཅིག་བཤམ། དམ་ཚིག་ཅན་འཁོར་དང་བཅས་པ་དང་། འཇིག་རྟེན་པ་ཐམས་ཅད་ལ་བསྔོ་ཞིང་ལས་ལ་བཅོལ། དྲག་པོའི་གཏོར་མ་ཆ་གཅིག །གདོན་དེ་ཉིད་བཀུག་ལ་ཟར་གཞུག་གོ། །ཕྲིན་ལས་འདིའི་དུས་སུ་ཕྲ་མེན་མ་དང་། གནོད་སྦྱིན་མོ་དང་། སྲིན་མོ་རྣམས་ཀྱང་སྤྱན་དྲངས་ཤིང་གཏོར་མ་དབུལ། ལས་བཅོལ་ཏེ། སྔགས་ཀྱི་རྒྱལ་པོ་འདི་བརྗོད་པར་བྱའོ། །ཛཿཧཱུཾ་བཾ་ཧོཿ། ཨེ་ཧྱེ་ཧི་བྷ་ག་བཱན། བྷི་དྷི་ཡ་ཀྲོ་དྷ་ཛ་བྷྱོ་རུ་ལུ་རུ་ལུ་ཧཱུཾ། ཞེས་ལན་གསུམ་བརྗོད་པས་སྤྱན་དྲངས་སོ། །ཨོཾ་པྲ་ཏི་ཛ་ཧཱུཾ། ཞེས་བརྗོད་པས་གཏོར་མ་འབུལ་ལོ། །ཨོཾ་ས་མ་ཡ་ཨ་མྲྀ་ཏ་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱ་ཧཱ། ཞེས་བཟླས་ཏེ། ཨ་མྲྀ་ཏ་ཕུལ་ནས་ཅི་འདོད་པའི་ལས་བཅོལ་ལོ། །འདི་ནི་ཕྲིན་ལས་ཕུན་སུམ་ཚོགས་པ་ཞེས་བཤད་པའི་རྒྱལ་པོས་ཡང་དག་པར་བཤད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་མི་ཟད་པའི་རྒྱུད། ཀརྨ་ཀུ་རུ་ལས། རྟེན་དང་བརྟེན་ཅན་དུ་གྱུར་པའི་ཕྲིན་ལས་འཇིག་རྟེན་འདི་ནས་ཕ་རོལ་ ཏུ་སྒྲོལ་བའི་ལས་ཀྱི་རྒྱལ་པོའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་དཔལ་ཀཱི་ལ་ཡའི་རྒྱལ་པོ་ལ། ཀརྨ་ཧེ་རུ་ཀས་གསོལ་པ། ཨེ་མ་ཧོ་སངས་རྒྱས་བཅོམ་ལྡན་འདས། །མ་མཐོང་རྨོངས་ལ་བསྟན་པའི་ཕྱིར། །གཟུགས་བརྙན་དཀྱིལ་འཁོར་བསྟན་པ་དང་། །ལས་ཀྱི་ཤམ་བུ་ཧོམ་ཁུང་རྣམས། །དཔའ་བོས་ཡང་དག་བཤད་དུ་གསོལ། །ཞེས་གསོལ་ཏོ། །དཔའ་བོ་ཉིད་ཀྱིས་བཀའ་སྩལ་པ། །ཉོན་ཅིག་རིགས་ཀྱི་ཧེ་རུ་ཀ །རྗེའུ་དམངས་དང་རྒྱལ་པོའི་


DNG020_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ། །ཡང་ནི་བདག་གིས་བཤད་པར་བྱ། །ཞི་བའི་གནས་དང་དྲག་པོའི་གནས། །སྔ་མ་ཉིད་ལས་བརྟག་པར་བྱ། །དེ་ལྟ་བུ་ཡི་གནས་རྙེད་ནས། །སྔོན་གྱི་ལས་རྣམས་རབ་བརྟགས་ནས། །མཎྜལ་འདོམ་གང་མདའ་གང་ངམ། །ཆེ་ཆུང་ཚད་ནི་མ་ངེས་ཏེ། །དཔངས་སུ་ཁྲུ་གང་བརྩིག་པར་བྱ། །ཆ་མཉམ་ཆག་ཆག་གོ་མ་ཡེ། །བདུད་རྩི་དག་གིས་རབ་བྱ་སྟེ། །བཅུ་གཉིས་རྩ་བཅོ་ལྔ་ཡང་ལྔ་རྩ་གཉིས་ཏེ། །བུ་མོས་ལེགས་པར་བཀལ་བ་ཡི། །ཐིག་སྐུད་མ་ཉམས་གསང་བ་ཡིས། །དཀྱིལ་འཁོར་ཆ་ནི་བསྙམ་པར་བྱ། །ཟུར་བཞི་ཚངས་ཐིག་བཏབ་ནས་ནི། །སྣོམ་བུ་བརྒྱད་དུ་བགོ་བར་བྱ། །དབུས་སུ་འཁོར་ལོ་རྩིབས་བཞི་པ། །ལྟེ་བ་མུ་ཁྱུད་དག་གིས་བསྐོར། །དེ་ཡི་ཕྱི་རིམ་སྣམ་བུ་ལ། །སྲུང་མ་རྣམས་ཀྱི་ཁྱམས་དག་བྱ། །དེ་ཡི་ཕྱི་རིམ་སྣམ་བུ་ལ། །སྒོ་མ་བཞི་ཡི་རང་བཞིན་ཏེ། །དེ་ཡི་ཕྱི་རིམ་སྣམ་བུ་ལ། །དེ་བཞིན་ལྕགས་རི་བཏང་བར་བྱ། །ལྟེ་བ་དག་ནི་ནག་པོ་སྟེ། །དེ་ལ་གྲུ་གསུམ་གྲུ་གསུམ་བྱ། །འཁོར་ལོ་བཞི་ནི་སེར་པོ་སྟེ། །དེ་ཡི་གོང་རས་ནག་པོར་བྱ། །བར་ཁྱམས་དམར་ལ་སྒོ་ཁྱམས་སེར། །གྲུ་ཆད་ལྗང་གུ་ལྕགས་རི་ནག །དེ་བཞིན་ཚོན་གྱིས་བཀྱེ་བ་ལ། །དབུས་སུ་ཀརྨ་ཡབ་ཡུམ་སྟེ། །ཤར་ནས་བརྩམས་ཏེ་ཁྲོ་བོ་བཞི། །རིམ་པ་བཞིན་དུ་དགོད་པར་བྱ། །དེ་ཡི་ཕྱི་རིམ་སྣམ་བུ་ལ། །སྲུང་མ་རྣམས་ནི་སྤེལ་མར་དགོད། །སྒོ་ལ་སྒོ་མ་བཞི་རྣམས་ཏེ། །ལྕགས་རི་ལ་ནི་དབང་ཕྱུག་མ། །དོན་གྱིས་སངས་རྒྱས་ཡིན་མོད་ཀྱང་། །བྲན་གྱི་ཚུལ་དུ་མུ་རན་བཞུགས། །དབུས་ཀྱི་གཙོ་བོའི་མདུན་ཉིད་དུ། །སྲས་མཆོག་བདུན་པོ་དེ་བཞིན་གཞག །དེ་ལྟར་དོན་གྱི་ལྷ་བཀོད་ནས། །མཆོད་པ་རྣམས་ཀྱང་དེ་བཞིན་གཞག །དེ་ནས་མཆོད་པའི་ལས་བྱ་བ། །རྒྱལ་པོ་རྒྱལ་པོ་དེ་བཞིན་ཏེ། །རྒྱལ་ཐེབས་ཀརྨ་གིང་གིས་བྱ། །དེ་ནས་ལས་རྣམས་མཐའ་རུ་བསྐྱལ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་མི་ཟད་པ་ཀརྨ་ཀུ་རུའི་རྒྱུད་ལས། དཀྱིལ་འཁོར་གྱི་བཅའ་གཞི་དང་ལྷ་བཀོད་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་ཡང་ཀརྨ་ཧེ་རུ་ཀས།


DNG020_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་སངས་རྒྱས་བཅོམ་ལྡན་འདས། །དྲག་པོ་ལས་ཀྱི་ཤམ་བུ་སྟེ། །མེ་ཡི་ཆོ་ག་བཤད་དུ་གསོལ། །ཞེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དཀྱིལ་འཁོར་དབུས་ནས་ཤར་ལྷོའི་མཚམས། །མེ་ཡི་དཀྱིལ་འཁོར་གྲུ་གང་བྱ། །དེ་ལ་ཁ་ཁྱེར་གསུམ་དང་ལྡན། །ཟབས་དང་རྒྱར་ཡང་མཉམ་པ་ལ། །ཧོམ་ཁུང་སོར་ནི་བཞི་པར་བྱ། །དང་པོ་ལ་ཡང་ཐོད་པ་གསུམ། །བར་མ་དག་ལ་མཚོན་ཆ་ལྔ། །ཐ་མ་རྩང་དམར་དག་གིས་བསྐོར། །ཡང་ན་དཀྱིལ་འཁོར་ཆེན་པོ་དང་། །འདྲེལ་བ་ཉིད་དུ་བྱ་བ་ཡི། །དཀྱིལ་འཁོར་རྣམ་གསུམ་རྫོགས་པ་དང་། །གང་ལ་དམིགས་པའི་ལིངྒ་ལ། །དགུག་གཞུག་ལས་རྣམས་ཚང་བར་བྱ། །གཅད་དང་གཏུབ་དང་གདབ་པ་རྣམས། །རྡོ་རྗེ་སྡེར་ལ་སོགས་པས་བྱ། །དེ་ནས་མེ་ལྷ་སྤྱན་ཡང་དྲང་། །དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་འབྱུང་བ་ཆེ། །མེ་ལྷ་དྲང་སྲོང་བྲམ་ཟེ་མཆོག །སུམ་ཅུ་རྩ་ལྔའི་ལྔ་ཚིགས་ནི། །ལྔ་པ་མེ་ལྷ་ཞེས་ཀྱང་བྱ། །རབ་ཏུ་སྤུན་ལ་སྐུ་མདོག་སེར། །མགྲིན་པ་རིང་ལ་གསུང་ཡང་སྙན། །ཐུགས་རྗེའི་དབང་གིས་སྤྱན་དྲངས་ཏེ། །འབར་བའི་ནང་དུ་བཞུགས་ནས་ནི། །སྲེག་བླུག་ཞལ་ཟས་བཞེས་སུ་གསོལ། །ཁྱོད་ལ་ཕྲིན་ལས་བཅོལ་བ་ནི། །ཧོམ་ཁུང་མ་ཉམས་དམ་པ་འདིར། །དྲོངས་ཤིག་དྲོངས་ཤིག་མེ་དྲོངས་ཤིག །སྦོར་ཅིག་སྦོར་ཅིག་མེ་སྦོར་ཅིག །ཟུར་ཕུད་ཅན་གྱིས་མེ་གསོས་ལ། །ཁ་འབར་མ་ཡིས་མེ་བུས་ཤིག །བྲམ་ཟེ་བུ་མོ་ལྔ་བརྒྱ་ཡང་། །ཁྱོད་ཀྱི་གཡོག་དང་བྲན་དུ་ཁོལ། །ཐུགས་དམ་རྒྱུད་བསྐུལ་བཅོལ་པའི་ཕྲིན་ལས་མཛོད། །ཛཿཧཱུཾ་བཾ་ཧོཿ། ན་མོ་བཛྲ་པ་ཎི་བྷྱ། ནག་མོ་ཨགྣེ་ཡེ། ཀཱི་ལི་ཀཱི་ལ་ཡ། དན་ཏ་ལ་སི། མ་ཧཱ་ཨཱ་གཙྪ་ཧཱུཾ། བྷནྡྷ་སྭཱ་ཧཱ། དེ་ནས་བཞུགས་སུ་གསོལ། ཛཿཧཱུཾ་བཾ་ཧོཿ། ཨེ་ཧྱེ་ཧི་མ་ཧཱ་ཤུདྡྷེ་དེ་བ་རྀ་ཥི། ཧ་ད་ས་ད་ན་ཏི་མ་ཧཱ་ཧི་ད་ཏ་ཨུདྨ་ཧཱ་རཾ་ས་མ། སན་ཏི་སི་ཏི་བྷ་བ། ཨོཾ་


DNG020_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

ཨགྣ་ཡེ་ཧ་བྱ་ཀ་བྱ། མ་ཧཱ་ན་ཡ་སྭཱ་ཧཱ། དེ་ནས་ཡང་རིག་པའི་རྒྱལ་པོས་འདི་གསུངས་སོ། །ཡང་དག་བདེན་པའི་སྙིང་པོ་འདི། ཛཿཧཱུཾ་བཾ་ཧོཿ། ཨོཾ་བཛྲ་ཨགྣེ་རཾ། ཞེས་བརྒྱ་རྩ་བརྒྱད་བཟླས་སོ། །དེ་ནས་སྦར་བའི་རིག་པ་འདི་གསུངས་སོ། །ཙི་རི་ཤག་རཾ། ཧི་པ་ར་ཤག་རཾ། ཡཾ་རཾ་ཡཾ་རཾ་ཡཾ་རཾ། ཞེས་ལན་བདུན་བརྗོད་དེ། དེ་ནས་ཡང་རིག་པ་འདི་གསུངས་སོ། །མ་ཀྱེན་རཾ་བྱི་རཾ། ཧེ་ལ་ཧེ་ཤུ་རཾ། ཐེ་ཁྱེར་སེ་ན་རཾ། མ་རཾ་མ་རཾ་ཞེས་བྱའོ། །དེ་ནས་ཡང་འདི་གསུངས་སོ། །ཧེ་ལ་བྱི་ལཾ། ལ་བྱི་ལཾ། རཏྣ་རྨི་བྱི་ལཾ། ཞེས་གསུངས་སོ། །དེ་ནས་བསྲེག་རྫས་དབུལ་བར་བྱ། །ལིངྒ་མིང་རུས་དང་བཅས་པར། །ཏིལ་ནག་དུག་སྣ་ཤ་སྣ་རྣམས། །དྲག་པོའི་སྔགས་ནི་མཐར་བརྗོད་དོ། །ལྷ་རྣམས་དགའ་མགུ་རང་བའི་ཕྱིར། །མཆོད་པ་ཕུལ་ནས་རྒྱལ་ཐབས་བྱ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་མི་ཟད་པ་ཀརྨ་ཀུ་རུའི་རྒྱུད་ལས། མེའི་ལས་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་རིག་པའི་རྒྱལ་པོ་འདི་གསུངས་སོ། །ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཛཿཧཱུཾ་བཾ་ཧོཿ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། དེ་ནས་ཡང་འདི་གསུངས་སོ། །ཨོཾ་ཀརྨ་ཤྲཱི་ཧེ་རུ་ཀ ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཙཎྜ། སརྦ་དུཥྚཱཾ།ད་ཀ་ཧ་ན། ད་ཧ་པ་ཙ་ཧཱུཾ་ཕཊ། སརྦ་ཨ་མོ་གྷ་སིདྡྷི་ཀྲོ་དྷཱི་ཤྭ་རཱི་ཧཱུཾ་ཕཊ། ཨོཾ་བཛྲ་ཏྲཻ་ལོཀྱ་བི་ཛ་ཡ་བཛྲ་ཀྲོ་དྷ་ཧཱུཾ་ཕཊ། ཀྲོ་དྷཱི་ཤྭ་རཱི་ཧཱུཾ། ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུཾ་ཕཊ། ཨོཾ་ཀྲོ་དྷཱི་ཤྭ་རཱི་ཧཱུཾ། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུཾ་ཕཊ། ཀྲོ་དྷཱི་ཤྭ་རཱི་ཧཱུཾ། ཨོཾ་མ་ཧཱ་བ་ལ་བཛྲ་ཀྲོ་དྷ་ཧཱུཾ་ཕཊ། ཀྲོ་དྷཱི་ཤྭ་རཱི་ཧཱུཾ། ཞེས་ཡང་དག་པར་ཐུགས་ལས་ཕྱུང་ངོ་། །དེ་ནས་ཡང་འདི་གསུངས་སོ། །ཕྱག་རྒྱ་བཞི་དང་ལྡན་པ་ཡི། །ཡབ་ཡུམ་སྐུ་ནི་གསལ་བར་བསྐྱེད། །ཨོཾ་དང་ཨཱཿདང་ཧཱུཾ་རྣམས་ཀྱི། །འཕྲོ་འདུ་ལས་ཀྱི་ཕྱག་རྒྱ་ཡིས། །གནས་བཞི་དག་ཏུ་རྒྱ་ཡིས་གདབ། །བསྙེན་པ་དང་ནི་ཉེ་བསྙེན་དང་། །སྒྲུབ་པ་དང་ནི་སྒྲུབ་པ་ཆེ། །དེ་ལྟར་


DNG020_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་རྫོགས་པ་དང་། །རང་བཞིན་དཀྱིལ་འཁོར་སྤྱན་ཡང་དྲངས། །ཛཿཧཱུཾ་བཾ་ཧོཿ། ཨེ་ཧྱེ་ཧི་བྷ་ག་ཝཱན་བིནྡྷ་ཡ་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ། རུ་ལུ་རུ་ལུ། ཨ་ར་ལི་ཧྲིཾ་ཧྲིཾ། དེ་ནས་མཉེས་དང་མགུ་བའི་ཕྱིར། ཡང་འདི་གསུངས་སོ། །ཨོཾ་བཛྲ་པུཥ྇་ཨཱ་ཧཱུཾ། ན་མཿཤྲཱི་ཧེ་རུ་ཀ་ཧཱུཾ། དྷཱུ་པེ་དྷུ་ཨཱ་ཧཱུཾ། ཨཱ་ལོ་ཀེ་ཧྲཱྀ་ཨཱ་ཧཱུཾ། གྷནྡྷེ་ཨ་ཧཱུཾ། ནཻ་ཝི་དྱ་ཨཱ་ཧཱུཾ། ན་མཿཤྲཱི་ཧེ་རུ་ཀ་ཧཱུཾ། ཞེས་ཕྱིའི་མཆོད་པ་གསུངས་སོ། །དེ་ནས་གསང་བའི་མཆོད་པ་འཁོར་ལོར་འབུལ་བ་འདི་གསུངས་སོ། །ཨོཾ་མ་ཧཱ་ཤྲཱི་ཧེ་རུ་ཀ་ས་མ་ཡ་ཨ་མྲྀ་ཏ་ཨརྒྷཾ་པྲ་ཏཱིཙྪ་ཧོ། ཀརྨ་ཤྲཱི་ཧེ་རུ་ཀ་ཀརྨ་ཀྲོ་དྷཱི་ཤྭ་རཱི་ཁ་རཾ་ཁཱ་ཧི། ཞེས་གསུངས་སོ། །དེ་ནས་བསྟོད་པའི་རྒྱལ་པོ་འདིས་བསྟོད་དོ། །ཧཱུཾ་ཁམས་གསུམ་ཐུགས་རྗེས་འདྲེན་པའི་ཡཀྴ་ཧེ་རུ་ཀ །སྲིད་གསུམ་སྔངས་པར་བྱེད་པའི་ཡཀྴ་ཧེ་རུ་ཀ །ས་གསུམ་ཟིལ་གྱིས་གནོན་པའི་ཡཀྴ་ཧེ་རུ་ཀ །འགྲོ་བ་མཐར་ཕྱིན་སྐུ་གསུང་ཐུགས་མངའ་བ། །སྐུ་ཡི་ཆས་ཀྱིས་གདུག་བྱེད་ཟིལ་གྱིས་གནོན། །གསུང་གི་ང་རོས་བདུད་དགྲ་རླག་པར་བྱེད། །ཐུགས་ཀྱི་འོད་ཟེར་བཀྱེ་བས་ལས་དང་ཉོན་མོངས་འཇོམས། །ཡོན་ཏན་རྫོགས་པའི་སྐུ་གསུང་ཐུགས་ལ་ཕྱག་འཚལ་བསྟོད། །དེ་ནས་ཡང་སྲས་མཆོག་ལ་བསྟོད་པའི་རྒྱལ་པོ་འདིས་བསྟོད་དོ། །རིགས་ལྔ་རྒྱལ་བ་ཁྲག་འཐུང་མང་པོའི་ཚོགས། །སྐུ་གསུང་ཐུགས་ཀྱི་སྲས་མཆོག་ཀཱི་ལ་ཡ། །ཆོས་སྐུ་མི་འགྱུར་སྐུ་མདོག་མཐིང་ནག་ལ། །ཞེ་སྡང་བདུད་འདུལ་ཁམ་ནག་གྱེན་དུ་འཁྱིལ། །འཁོར་བ་མི་སྤང་ཐོད་རློན་ཕྲེང་བས་བཅིངས། །གདུག་པའི་ཀླུ་འདུལ་སྦྲུལ་གྱིས་རབ་ཏུ་བརྒྱན། །སྤྱན་གསུམ་བགྲད་པས་འཁོར་བ་ཞེ་ལ་གནོན། །མཆེ་བ་གཙིགས་པས་སྐྱེ་ཤི་རྩ་བ་གཅོད། །རྫུ་འཕྲུལ་ཕྱག་བཞི་གཡས་ཀྱི་གོང་མ་ན། །ཡེ་ཤེས་སྟ་རེས་ཁམས་གསུམ་རྡུལ་དུ་རློག །གཡས་འོག་རྒྱ་གྲམ་འཁོར་བ་ཟིལ་གྱིས་གནོན། །གཡོན་གྱི་དང་པོས་ཁ་ཊྭཱཾ་བདུད་ཁམས་འདུལ། །གཡོན་འོག་ཕུར་པས་ངན་སོང་གནས་གསུམ་འཇིག །བསྐལ་པའི་མེ་དཔུང་འབར་བའི་ཀློང་


DNG020_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་ན། །ལྟེ་བ་མན་ཆད་སྐུ་སྨད་ནི། །ཨུཏྤལ་སྔོན་པོའི་མདོག་འདྲ་བ། །ཆོས་ཉིད་རིག་པའི་ཡེ་ཤེས་རྩེ་གཅིག་པོ། །ཤེས་རབ་ཡུམ་གྱི་མཁའ་ཡི་ཕོ་བྲང་ནས། །སྟོབས་དང་མཐུ་དཔུང་ཁྲོ་བོ་འབུམ་པས་ལྷག །ཆོས་སྐུ་ལོངས་སྤྱོད་རྟག་པར་སྐུ་སྤྲུལ་པ། །ཡེ་ཤེས་ཀཱི་ལ་ཡ་ལ་ཕྱག་འཚལ་བསྟོད། །དེ་ནས་ཡང་འདི་གསུངས་སོ། །ལས་ཀྱི་རིགས་མཆོག་བདུད་བཞི་འདུལ་བའི་གཙོ། །བདུད་ཀྱི་རིགས་རྣམས་རྡུལ་དུ་རློག་མཛད་ཅིང་། །བླ་མེད་བྱང་ཆུབ་གནས་སུ་འདྲེན་མཛད་པ། །ཀརྨ་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད། །ཅེས་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་མི་ཟད་པ་ཀརྨ་ཀུ་རུའི་རྒྱུད་ལས། རིག་པའི་རྒྱལ་པོ་དང་བསྟོད་པའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་འཁོར་རྣམས་ལ། བདག་དང་ཁྱེད་དུ་བཅས་པས་རྒྱུད་འདི་ཉིད་ཀྱིས་འགྲོ་བའི་དོན་བྱོས་ཤིག །ཅེས་གསུངས་ནས་མི་སྣང་བར་གྱུར་ཏོ། །དེ་ནས་འཁོར་རྣམས་ཀྱིས་རྒྱུད་འཆད་པའི་སྐྱེས་བུ་ལ་བསྟོད་པ། ཧཱུཾ་ཁྲོ་ལ་ཁྲོས་པའི་རྒྱལ་པོ་ཡིས། །ཁྲོ་བོ་ཉེ་བར་ཞི་མཛད་པ། །ཁྲོ་ཞི་ཆེ་ལ་ཕྱག་འཚལ་ཏེ། །ཞི་བས་མི་འདུལ་ཁྲོ་བོར་སྟོན། །ཁྲོ་བོས་འདུལ་ལ་ཕྱག་འཚལ་ལོ། །ཞེས་མགྲིན་གཅིག་དབྱངས་གཅིག་པར་བསྟོད་ནས་མི་སྣང་བར་གྱུར་ཏོ། །ཀརྨ་ཀུ་རུའི་རྒྱུད་ལས། ཡོངས་སུ་གཏད་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།རྒྱ་གར་གྱི་མཁན་པོ་བི་མ་ལ་མི་ཏྲ་དང་། ལོཙྪ་བ་ཨཱ་ཙརྱ་གཉགས་ཛྙཱ་ནས་གཏན་ལ་ཕབ་པ་ལས། རྨ་རིན་ཆེན་མཆོག་གིས་སྐད་གསར་བཅད་ཀྱིས་གཏུགས་པའོ། །བརྟག་པ་ཕྱོགས་གཅིག་པ་རྫོགས་སོ།། །།