cover

རྙིང་མ་རྒྱུད་འབུམ་པོད་ཉེར་གསུམ་པ། འ༽

སྡེ་དགེའི་ཤིང་པར་རྙིང་མ་རྒྱུད་འབུམ།

རྩོམ་མཁན།

Nitartha international

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

རལ་གཅིག་མ་ཆོས་ཀྱི་དབྱིངས་བདག་མོ་སྤུ་གྲི་ཡ་མའི་རྒྱུད།


DNG023_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། དྷརྨ་དྷཱ་ཏུ་ཨེ་ཀ་ཛ་ཏི་མནྟྲ་ཀ་མ་ལི་ཏིག་ན་ཁཙྪེ་ད་མཱ་ར་ཎ་ཏནྟྲ། བོད་སྐད་དུ། རལ་གཅིག་མ་ཆོས་ཀྱི་དབྱིངས་བདག་མོ་སྤུ་གྲི་ཡ་མའི་རྒྱུད། བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། ཡུམ་གྱི་མཁའ་ཆོས་ཀྱི་དབྱིངས་རྣམ་པར་དག་པ། སྤྲོས་པ་ཐམས་ཅད་དང་བྲལ་བ། ཆོས་ཀྱི་སྐུ་ཐིག་ལེ་ཉག་གཅིག །རྒྱ་ཕྱོགས་བཅུ་ཡོངས་སུ་མ་ཆད་ཅིང་། ལོངས་སྤྱོད་ཐམས་ཅད་རང་ལ་རྫོགས་པའི་སྐུ། རང་བྱུང་ཕོ་ཉ་ལྷ་མོའི་གཟུགས་སུ་བྱུང་བ་ནི། བུད་མེད་སྨུག་མོ་གཡུ་ཡི་སྨིན་མ་ཅན། སྤྲུལ་པའི་དུང་གི་མཆེ་བ་གཙིགས་པ། སྤྱི་བོའི་གཙུག་ན་གཡུ་ཡི་རལ་གཅིག་མ། རལ་པའི་རྩེ་ལ་བསྐལ་པའི་མེ་འབར་བ།རལ་པའི་སྐེད་ནས་སྤྲུལ་པའི་གློག་སྟོང་འགྱུ་བ། རལ་པའི་མཐའ་ནས་ཁྲག་གི་སེར་བ་འབབ་པ། བུད་མེད་སྨུག་མོ་འབུམ་གྱི་དབུས་


DNG023_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

ན་འགྱིང་བ། ཕྲིན་ལས་རྣམ་བཞིས་གདུལ་བྱ་དབྱིངས་སུ་སྒྲོལ་བ། དཔལ་གྱི་གཟུངས་མ་མཛད་ཅིང་ཐིག་ལེ་དབྱིངས་སུ་སྦྱོར་བ། ནམ་ཟླ་དུས་བཞི་ལ་དབང་བསྒྱུར་ཞིང་། སྐྱེ་འགྲོ་ཁྲམ་ལ་འདེབས་པ། འཇིག་རྟེན་གཙོ་མོ་དབྱིངས་ཀྱི་རལ་གཅིག་མ་ཞེས་བྱ་སྟེ། འཁོར་ཞི་བའི་ལས་བྱེད་མ་མོ་བཞི་དང་། རྒྱས་འི་ལས་བྱེད་མ་མོ་བཞི་དང་། དབང་གི་ལས་བྱེད་མ་མོ་བཞི་དང་། དྲག་པོའི་ལས་བྱེད་མ་མོ་བཞི་སྟེ། ལས་བྱེད་མ་མོ་བཅུ་དྲུག་དང་ཐབས་ཅིག་ཏུ་བཞུགས་ནས། དཔྱིད་ཟླ་གསུམ་ལ་དུར་ཁྲོད་ན་བཞུགས་ནས། ཤ་ཁྲག་གི་ཟས་ཚོལ། སྐྱེ་འགྲོ་ཁྲམ་ལ་འདེབས་པས། ཨེ་ཀ་ཛ་ཏི་མ་ཞེས་ཀྱང་བྱ། དབྱར་ཟླ་གསུམ་ལ་ནམ་མཁར་གནས་ཤིང་། མེ་ཏོག་དང་སེམས་ཅན་གྱི་བཀྲག་མདངས་དང་བཅུད་ལེན། སྐྱེ་འགྲོ་ཁྲམ་ལ་འདེབས་པས། བྷ་ག་ཧྲིཥྚི་མཁའ་ལ་ཆར་འབེབས་མ་ཞེས་ཀྱང་བྱའོ། །སྟོན་ཟླ་གསུམ་ལ་རི་རབ་ཀྱི་ཟོམ་ལ་གནས་ཤིང་། འབྲས་བུ་ཐམས་ཅད་ཀྱི་བཅུད་ལེན། སྐྱེ་འགྲོ་ཁྲམ་ལ་འདེབས་པས་གླིང་བཞི་རབ་འབྱམས་དྲག་མོ་རྒྱལ་ཞེས་ཀྱང་བྱའོ། །དགུན་ཟླ་གསུམ་ལ་བྱང་ཤར་མཚམས་ན། ཆགས་པ་རཀྟའི་


DNG023_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ་ལ་གནས་ཤིང་སྲིད་པ་གསུམ་ལ་རྒྱས་འདེབས། སྐྱེ་འགྲོ་ཁྲམ་ལ་འདེབས་པས། མེ་ཟ་བྲག་གྱོན་མ་ཞེས་ཀྱང་བྱའོ། །སྔགས་ཀྱི་སྲུང་མ་བྱེད་ཅིང་། དམ་ཚིག་རྗེས་གཅོད་པས་བཀའི་བྱ་ར་མ་ཞེས་ཀྱང་བྱའོ། །སྤུ་གྲི་ཡ་མའི་རྒྱུད་ལས་གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གི་ཤངས་འབར་བའི་རླུང་སྒྲོམ་ནས། ཧྲཱྀ་ཧྲཱྀ་ཧྲཱྀ། ཧཱུཾ་ཧཱུཾ་ཧཱུཾ། ཞེས་བརྗོད་པས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ། འབྲུག་སྟོང་དུས་གཅིག་ལ་འགྱུར་བའི་སྒྲར་གྱུར་ཏེ། འཇིག་རྟེན་ཁམས་ཐམས་ཅད་ཉམས་ཤིང་དྲག་འཁྲུགས་ནས། ཁམས་གསུམ་དབང་དུ་བསྡུས། སྲིད་གསུམ་ཟིལ་གྱིས་མནན། དྲེགས་པ་ཅན་ཐམས་ཅད་ཚར་བཅད་ནས་སླར་འདུས་པ་ལས། ཧཱུཾ་ལས་ངག་གི་དབང་ཕྱུག །ཡེ་ཤེས་ཀྱི་ཧེ་རུ་ཀ་རྫུ་འཕྲུལ་ཅན་གཅིག་ཏུ་གྱུར་ཏེ། དཔལ་ཆེན་པོ་ལ་གསོལ་པ། སྐུ་མཆོག་དྲེགས་པ་འདུལ་མཛད་པ། །འཇིག་རྟེན་མགོན་ལ་བདག་བཏུད་ནས། །འབར་མ་དབྱིངས་ཀྱི་རལ་གཅིག་མ། །ལྟ་བའི་ཐག་ནི་ཇི་ལྟར་བཅད། །སྤྱོད་པའི་ལ་ནི་ཇི་ལྟར་དོར། །དབང་དང་དམ་ཚིག་ཁྱད་པར་གང་། །བསྒྲུབ་ན་ཉམས་སུ་ཇི་ལྟར་བླང་། །ཁྱད་པར་རྫས་ནི་གང་ལ་བརྟེན། །གསང་སྔགས་རིམ་པ་ཇི་ལྟར་བཟླས། །ཐུགས་དམ་གནད་ནས་ཇི་ལྟར་བསྐུལ། །གྲུབ་པའི་རྟགས་ཚད་གང་ལ་སྦྱར། །མ་གྲུབ་གནད་ལ་ཇི་ལྟར་དབབ། །ཉམས་ན་ཐུགས་དམ་ཇི་ལྟར་བསྐང་། །ཕྲིན་ལས་ཁྱད་པར་རྣམ་པ་དུ། །འདི་དོན་བརྩོན་འགྲུས་ནན་ཏན་དུ། །དཔའ་བོ་ཐུགས་རྗེས་བཀའ་སྩོལ་ཅིག །སྤུ་གྲི་ཡ་མའི་རྒྱུད་ལས་རྐྱེན་གླེང་སློང་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས། དབྱིངས་ཀྱི་རལ་གཅིག་མ་བྱང་ཆུབ་ཏུ་སྲོག་གཟུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། བལྟ་བས་ཐག་བཅད་པ་འདི་ཆེད་དུ་གསུངས་པ། ཐིག་ལེ་སྙིང་པོ་བྱང་ཆུབ་སེམས། །ངོ་བོ་


DNG023_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

འདི་འདྲ་མ་ངེས་པས། །རིག་དང་མ་རིག་རང་བྱུང་ནས། །ལས་དང་ཡེ་ཤེས་གཉིས་སུ་སྣང་། །མ་རིག་པ་ལ་མངོན་ཞེན་ནས། །ལས་ཀྱི་མ་མོར་གཟུང་བ་ཡི། །རང་སེམས་རང་གི་གདོན་དུ་ཆེ། །ཁམས་གསུམ་འཁོར་བའི་གཡང་ས་ཡིན། །དུག་སྦྲུལ་རྒྱ་མཚོར་ལྷུང་བར་འགྱུར། །རིག་པ་ཡེ་ཤེས་མ་མོ་སྟེ། །མ་མོ་ཐིག་ལེ་བྱང་ཆུབ་སེམས། །ཐིག་ལེ་ཉིད་ལ་ཉིད་སྣང་སྟེ། །རིག་དང་མ་རིག་ཐིག་ལེར་མཉམ། །ལས་དང་ཡེ་ཤེས་གཉིས་སུ་མེད། །མ་མོ་རང་བྱུང་ཡེ་ཤེས་ཏེ། །རང་བྱུང་ཡེ་ཤེས་རང་ལ་སྣང་། །དེ་རྟོགས་དེ་ལ་གང་གནས་པ། །སངས་རྒྱས་སྙིང་པོ་ཡིན་པར་བཤད། །སྤུ་གྲི་ཡ་མའི་རྒྱུད་ལས་མ་མོ་བྱང་ཆུབ་ཏུ་སྲོག་གཟུང་ཞིང་ལྟ་བས་ལ་བཟླ་བའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས་བླང་དོར་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། སྤྱོད་པས་ལ་དོར་བ་འདི་ཆེད་དུ་བཀའ་སྩལ་ཏོ། །ཐིག་ལེ་སྤྲོས་བྲལ་མ་གཅིག་མ། །ཐམས་ཅད་འབྱུང་གནས་ཀུན་བཟང་མོ། །གཉིས་མེད་སྤྱོད་པ་བདེ་བའི་མཆོག །གཟུགས་སྣང་སྒྲར་གྲག་སེམས་སྣང་བ། །མ་མོའི་སྐུ་གསུང་ཐུགས་ཉིད་དེ། །དེ་ཉིད་ཐིག་ལེར་ལོངས་སྤྱོད་པ། །སྤྱོད་པ་རྨད་དུ་བྱུང་བ་ཡིན། །ཕན་གནོད་དམིགས་འགྲོ་ཡོན་ཏན་ཞིང་། །བྱེད་སྤྱོད་ཕྲིན་ལས་རྣམ་པ་བཞི། །གཉིས་མེད་བདེ་བར་སྦྱར་བར་བྱ། །སྐྱེ་ཤི་མེད་པར་བསྒྲལ་བ་ཡང་། །ཐིག་ལེ་ཉིད་ལས་མ་གཡོས་ན། །སྤྱོད་པ་ཐིག་ལེ་རོལ་པའི་རྒྱན། །ཞེས་བཀའ་སྩལ་ཏོ། །སྤུ་གྲི་ཡ་མའི་རྒྱུད་ལས་སྤྱོད་པས་ལ་དོར་བའི་ལེའུ་སྟེ་བཞི་པའོ།། །།དེ་ནས་དཔལ་པདྨ་གར་གྱི་དབང་ཕྱུག་གིས། ཁམས་གསུམ་དབང་དུ་བསྡུ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རིམ་པ་དབང་གིས་བགྲོད་པ་འདི་ཆེད་དུ་བཀའ་སྩལ་ཏོ། །དབང་གི་ངོ་བོ་ཤེས་རབ་སྟེ། །ཏིང་ངེ་འཛིན་དང་ལྡན་པ་ལ། །ལུང་བསྟན་བྱིན་གྱིས་བརླབ་པ་དང་། །དབང་


DNG023_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་ཐོབ་པར་བྱ་བ་ལ། །ཕྱི་ནང་གསང་བ་རྣམ་གསུམ་སྟེ། །དེ་ལ་ཕྱི་ཡི་དབང་བསྐུར་བ། །མ་མོ་མཁའ་འགྲོ་འདུ་བའི་སར། །དུར་ཁྲོད་གསང་བའི་དཀྱིལ་འཁོར་དུ། །མ་གཅིག་བསྙེན་ཅིང་སྒྲུབ་པ་དང་། །མཚན་མའི་བརྟན་པ་ཐོབ་བྱ་སྟེ། །གསང་བ་མཆོག་གི་དམ་རྫས་ཀྱིས། །དམ་ལ་མི་ལྡོག་དབང་བསྐུར་རོ། །ནང་གི་དབང་བསྐུར་ཐོབ་བྱ་བ། །བདག་ཉིད་དབང་ཆེན་སྐུར་བསྒོམས་ཏེ། །གཟུངས་མ་ཤ་མདོག་དམར་བ་ལ། །བདག་མོར་དབང་བསྐུར་བྱིན་གྱིས་བརླབ། །ཐིག་ལེ་བྱང་ཆུབ་སེམས་སྤྲོས་ལ། །བྱང་སེམས་ཐིག་ལེ་དཀར་དམར་གྱིས། །སྐུ་གསུང་ཐུགས་དང་ཡོན་ཏན་དང་། །ཕྲིན་ལས་རྣམས་སུ་དབང་བསྐུར་རོ། །ཏྲག་རགྴ་མུ་ཏྲ། ཨེ་ཀ་ཛ་ཏི་སྙིང་ཁ་རག་མོ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཞེས་པས་མ་མོའི་སྐུའི་དབང་ཐོབ་པར་གྱུར་ཅིག །ཏྲག་རགྴ་མུ་ཏྲ་ཨེ་ཀ་ཛ་ཏི་སྙིང་ཁ་རག་མོ་ཝཱཀ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཞེས་མ་མོ་གསུང་གི་དབང་ཐོབ་པར་གྱུར་ཅིག །ཏྲག་རགྴ་མུ་ཏྲ་ཨེ་ཀ་ཛ་ཏི་སྙིང་ཁ་རག་མོ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཞེས་མ་མོ་ཐུགས་ཀྱི་དབང་ཐོབ་པར་གྱུར་ཅིག །ཏྲག་རགྴ་མུ་ཏྲ་ཨེ་ཀ་ཛ་ཏི་སྙིང་ཁ་རག་མོ་ཨ་ནུ་རཱ་ག་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། མ་མོ་ཡོན་ཏན་གྱི་དབང་ཐོབ་པར་གྱུར་ཅིག །ཏྲག་རགྴ་མུ་ཏྲ་ཨེ་ཀ་ཛ་ཏི་སྙིང་ཁ་རག་མོ་ཀརྨ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཞེས་མ་མོ་ཕྲིན་ལས་ཀྱི་དབང་ཐོབ་པར་གྱུར་ཅིག །སོ་སོའི་རྫས་ཀྱིས་དབང་བསྐུར་ཏེ། །མི་ལྡོག་བརྟན་ཞིང་ཐོབ་པར་བྱ། །གསང་བའི་དབང་བསྐུར་ཐོབ་པ་ནི། །མ་མོར་སྣང་བ་རང་གི་སེམས། །སེམས་ཉིད་མ་བཅོས་ཐིག་ལེའི་ངང་། །སེམས་ལ་རང་དབང་ཐོབ་པ་ན། །ཆོས་ཀྱི་སྐུ་ཡི་རང་བཞིན་དེ། །ཁམས་གསུམ་འཁོར་བའི་གཡུལ་ལས་རྒྱལ། །ཞེས་བཀའ་སྩལ་ཏོ། །སྤུ་གྲི་ཡ་མའི་རྒྱུད་ལས་དབང་གི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་དཔལ་པདྨ་གར་གྱི་དབང་ཕྱུག་གིས། མི་འདའ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དམ་ཚིག་གི་གནད་འདི་ཆེད་དུ་བཀའ་སྩལ་ཏོ། །དམ་དུ་


DNG023_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་སྡོམ་པ་སྟེ། །མི་འདའ་བ་སྟེ་དམ་པའི་རིགས། །འདས་ན་འབྲས་བུ་ཚིག་པས་ན། །དཔེར་ན་ཏ་ལ་མགོ་བཅད་བཞིན། །འབྲས་བུ་མེད་ཅིང་རླག་པར་འགྱུར། །དམ་ཚིག་དང་ནི་སྡོམ་པ་ལ། །ཁྱད་པར་ཐུན་མོང་རྣམ་པ་གཉིས། །ཐུན་མོང་འབུམ་སྡེ་ས་མ་ཡ། །བསྡུ་ན་སུམ་བརྒྱ་དྲུག་ཅུར་འདུས། །དེ་ཡང་རྩ་བ་ཡན་ལག་གི། །དམ་ཚིག་ཉི་ཤུ་རྩ་བརྒྱད་དོ། །བསྡུས་པ་སྐུ་གསུང་ཐུགས་ཡིན་ནོ། །བླ་མེད་མི་སྤང་བླ་མ་བཀུར། །སྔགས་དང་ཕྱག་རྒྱ་རྒྱུན་མི་གཅད། །གསང་ཚིག་གཞན་དུ་སྨྲ་མི་བྱ། །དམ་ཚིག་རྡོ་རྗེ་མཆོག་གསུམ་པོ། །མ་མོའི་སྐུ་གསུང་ཐུགས་ཡིན་ཏེ། །དངོས་གྲུབ་ཐམས་ཅད་འབྱུང་བའི་གཞི། །ཡིད་བཞིན་དགོས་འདོད་སྐོང་བའི་གཏེར། །ཁྱད་པར་མ་མོའི་དམ་ཚིག་ནི། །མ་དང་མོ་ཡི་དོན་རྟོགས་ནས། །བཟླས་བརྗོད་བསྙེན་པ་རྒྱུན་མི་གཅོད། །ཏིང་འཛིན་རྩེ་གཅིག་བརྟན་པ་དང་། །རྟག་ཏུ་དམ་ཚིག་བདེན་པ་དང་། །མཆོད་ཚོགས་གཏོར་མ་རྒྱུན་མི་གཅད། །མ་ལ་རྟག་ཏུ་གདུང་བ་བསྐྱེད། །དམ་ཚིག་སྔགས་དང་ཕྱག་རྒྱ་བརྟེན། །རྒྱུད་ཀྱི་ཁུངས་དང་སྒྲུབ་པའི་གནས། །བསྒྲུབ་པའི་གྲོགས་དང་གཟུངས་མ་དང་། །བརྡ་ཚིག་ནམ་ཡང་བརྗོད་མི་བྱ། །རྟག་ཏུ་དམེ་ཉམས་མཁོན་མི་བྱ། །དུས་བཞི་རྒྱུ་བའི་གནས་སུ་བསྐང་། །ཞེས་བཀའ་སྩལ་ཏོ། །སྤུ་གྲི་ཡ་མའི་རྒྱུད་ལས་དམ་ཚིག་གནད་ཀྱི་ལེའུ་སྟེ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས། དབང་སྒྱུར་ཐབས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། སྒྲུབ་ཐབས་ཀྱི་རིམ་པ་བཀའ་སྩལ་པ་ནི། མ་མོ་བསྙེན་ཅིང་སྒྲུབ་པ་ལ། །ཐབས་ནི་རབ་འབྲིང་ཐ་མ་གསུམ། །རབ་ཀྱིས་ཏིང་འཛིན་བརྟེན་ཏེ་བསྒྲུབས། །འབྲིང་གིས་སྔགས་ལ་བརྟེན་ཏེ་བསྒྲུབས། །ཐ་མས་རྫས་ལ་བརྟེན་ཏེ་བསྒྲུབས། །རབ་ཀྱིས་ཏིང་འཛིན་བརྟེན་བྱ་བ། །བསྐྱེད་པའི་ཚུལ་དང་རྫོགས་པ་དང་། །རྫོགས་པ་ཆེན་པོའི་ཏིང་འཛིན་གསུམ། །རིམ་


DNG023_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚུལ་གྱིས་ཐོབ་བྱས་ན། །ཤེས་རབ་ཏིང་འཛིན་ཡོ་བྱད་རྟེན། །ཡོ་བྱད་གཉིས་དང་མ་ལྡན་ན། །དངོས་གྲུབ་ཐོབ་པའི་ཐབས་དང་བྲལ། །ཡོ་བྱད་གཉིས་ལ་ལོངས་སྤྱོད་ན། །མ་མོའི་དངོས་གྲུབ་རང་དབང་བྱེད། །དེས་ན་ཡོ་བྱད་བརྟག་པར་བྱ། །བསྐྱེད་པའི་ཏིང་འཛིན་རིམ་པ་ནི། །དེ་བཞིན་ཉིད་དང་ཀུན་སྣང་རྒྱུ། །དབང་ཆེན་ཡུམ་ལྔའི་བྷ་ག་རུ། །བྷནྡྷ་འབར་བའི་གཞལ་ཡས་བསྒོམ། །རོ་ཚོགས་སྟོང་གི་གདན་སྟེང་དུ། །ལྷ་མོ་བསྣོལ་བའི་ཁྲི་སྟེང་ན། །ཆུ་སྲིན་ཏི་ར་ནག་མོ་ནི། །བཞི་ཡི་ཁྲི་སྟེང་ཉི་ཟླ་བསམ། །སྨུག་ནག་ཛ་ཡིས་འཕྲོ་འདུ་ལས། །བུད་མེད་སྨུག་མོ་ཆེན་མོ་གཅིག །གསེར་གྱི་སྤྱན་ལ་གཡུ་ཡི་སྨིན། །ཞལ་བགྲད་དུང་གི་མཆེ་བ་གཙིགས། །སྐུ་སྟོད་ཞིང་གི་གཡང་གཞི་གསོལ། །སྐུ་སྨད་སྟག་གི་ཤམ་ཐབས་ཅན། །ཀླུ་རིགས་ལྔས་ནི་སྐུ་ལ་བརྒྱན། །ཐོད་པ་ཚར་གསུམ་སེར་ལ་ཁ། །དབུ་ལ་བསྐལ་པའི་མེ་དཔུང་འབར། །སྤྱན་མིག་གཡས་ན་ཁྲག་མཚོ་འཁྱིལ། །ཕྱག་གཡོན་བྷནྡྷ་རཀྟས་བཀངྐ་། །གཡས་པ་རྡོ་རྗེས་དཀྲུག་ཅིང་གསོལ། །ཞབས་གཉིས་བརྐྱང་བསྐུམ་དོར་ཐབས་བགྲད། །བུད་མེད་སྨུག་མོ་འབུམ་གྱིས་བསྐོར། །ཏིང་ངེ་འཛིན་གྱི་མེ་གཏོང་ཞིང་། །རིམ་པས་བསྒོམ་ཞིང་བརྟན་པར་བྱ། །ཡེ་ཤེས་མ་མོ་སྤྱན་དྲངས་ཤིང་། །ལས་ཀྱི་མ་མོ་དགུག་གཞུག་བསྡིམ། །དེ་ཡི་མཐུ་དང་ལྡན་བྱ་སྟེ། །ཕྲིན་ལས་རྣམ་བཞི་དམིགས་དང་སྦྱར། །ཡེངས་ན་བར་དུ་གཅོད་པར་འགྱུར། །མ་ཡེངས་བརྟན་ན་དངོས་གྲུབ་འགྲུབ། །སྤུ་གྲི་ཡ་མའི་རྒྱུད་ལས་བསྐྱེད་པའི་ཏིང་ངེ་འཛིན་གྱི་ལེའུ་སྟེ་བདུན་པའོ།། །།དེ་ནས་རྫོགས་པའི་ཏིང་ངེ་འཛིན་སྒྲུབ་པ་ནི། སྙིང་པོ་ཚིག་ཙམ་བརྗོད་པ་འམ། །དྲན་རིག་ཙམ་གྱིས་རྫོགས་པ་ནི། །ཆུ་ལས་ཆུ་བུར་རྡོལ་བའི་ཚུལ། །བུད་མེད་སྨུག་མོ་གོ་ཟུ་ཅན། །བཀའ་སྩལ་ནོད་ཅིང་གམ་དུ་འོང་། །ལུས་དང་གྲིབ་མའི་ཚུལ་དུ་འགྲོགས། །མ་སྲིང་ལྟ་བུར་གདུང་བ་ལ། །བསྒོ་བ་ཉན་པའི་བྲན་མོར་བརྟག །


DNG023_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

སྤུ་གྲི་ཡ་མའི་རྒྱུད་ལས་རྫོགས་པའི་ཏིང་ངེ་འཛིན་གྱི་ལེའུ་སྟེ་བརྒྱད་པའོ།། །།རྫོགས་ཆེན་ཏིང་འཛིན་སྒྲུབ་པ་ནི། །ཏིང་ངེ་འཛིན་ལ་དབང་ཐོབ་པས། །མ་མོའི་སྲོག་ལ་རང་དབང་བྱེད། །སེམས་དང་མ་མོ་གཉིས་མེད་པས། །སེམས་ཉིད་མ་མོའི་རྣམ་པར་སྣང་། །ཡིད་བཞིན་ནོར་བུའི་གཏེར་འཆང་བས། །དགོས་འདོད་རང་ལ་འབྱུང་བ་ལྟར། །གཟུགས་སྣང་ཐམས་ཅད་མ་མོའི་སྐུ། །སྒྲ་སྐད་ཐམས་ཅད་མ་མོའི་གསུང་། །དྲན་རིག་ཐམས་ཅད་མ་མོའི་ཐུགས། །སྐྱེ་མེད་རྫོགས་པའི་སྟོབས་འཆང་བ། །ལོངས་སྤྱོད་རང་ལ་རྫོགས་པའི་སྐུ། །སྤྲུལ་པ་མི་བཟད་འདོད་དགུར་སྒྱུར། །སེམས་ཀྱི་ཡོན་ཏན་ཏིང་འཛིན་མཛོད། །དངོས་གྲུབ་གང་འདོད་ཡིད་བཞིན་སྐོང་། །སྤུ་གྲི་ཡ་མའི་རྒྱུད་ལས་རྫོགས་ཆེན་ཏིང་ངེ་འཛིན་གྱི་ལེའུ་སྟེ་དགུ་པའོ།། །།འབྲིང་གིས་གསང་སྔགས་བརྟན་བྱ་བ། །ངན་སྔགས་དྲག་སྔགས་རྣམ་པ་གཉིས། །དྲག་སྔགས་ལ་ཡང་རྣམ་གཉིས་ཏེ། །གསད་དང་དམོད་པའི་དྲག་སྔགས་གཉིས། །ངན་སྔགས་ལ་ཡང་རྣམ་གཉིས་ཏེ། །སྦྱོར་བ་ཕྱི་ཡི་ངན་སྔགས་དང་། །སྦྱོར་བ་ནང་གི་ངན་སྔགས་གཉིས། །གང་ལ་དམིགས་པས་དེ་འགྲུབ་པས། །གསང་སྔགས་རིམ་པ་དེ་བསྟན་པ། །མ་ནོར་རྩ་བའི་རྒྱུ་སྔགས་ནི། །ཛ་སྨུག་གུའོ། །བསྐྱེད་པ་རྐྱེན་གྱི་སྔགས་ནི། ཨེ་ཀ་ཛ་ཏི་མ་ཧཱ་ཀྲོ་དྷ་ཧཱུཾ་ཕཊ། དབང་བསྐུར་བའི་སྔགས་ནི། ཏྲག་ཏྲག །སྤྱན་དྲང་བའི་སྔགས་ནི། མ་མ་ཨེ་ཀ་ཛ་ཏི་ཨ་ར་ལི། ཛ་ཛ་ཧྲིང་ཧྲིང་། མཆོད་པའི་སྔགས་ནི། མ་མ་ཏྲག་ཤ་མུ་ཏྲ་ཨེ་ཀ་ཛ་ཏི་ཨི་དཾ་ཨ་མྲྀ་ཏ་མ་ཧཱ་བ་ལིཾ་གྲྀཧྞ་པཱུ་ཛ་ཁཱ་ཧི། དངོས་གྲུབ་བླང་བའི་སྔགས་ནི། མ་མ་ཏྲག་རཀྴ་མུ་ཏྲ་ཨེ་ཀ་ཛ་ཏི་ཀཱ་ཡ་སིདྡྷི་ཨོཾ། ཝཱཀྐ་སིདྡྷི་ཨཱཿ། ཙིཏྟ་སིདྡྷི་ཧཱུཾ། དམ་ཚིག་གསུམ་གྱི་སྔགས་དང་། ཕྱག་རྒྱ་ལ། ཐོད་སྐམ་གྱི་ཕྱག་རྒྱ་བཅས་ལ། ཨོཾ་བཛྲ་གུ་ཧྱ་དྲྀ་ཤྱ་ས་མ་ཡ་ཧཱུཾ། སྐུའི་དམ་ཚིག་གོ། །ཐོད་རློན་གྱི་ཕྱག་རྒྱ་བཅས་ལ། ཨོཾ་གུ་ཧྱ་དྲྀ་ཤྱ་ས་མ་ཡ་ཧོ། ཐོད་ཚལ་


DNG023_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཕྱག་རྒྱ་བཅས་ལ། ཨོཾ་གུ་ཧྱ་དྲྀ་ཤྱ་ས་མ་ཡ་ཕཊ། ཐུགས་ཀྱི་དམ་ཚིག་གོ། །གསང་བའི་དྲག་སྔགས་སྲོག་གི་སྙིང་པོ་ནས་དྲང་བ། མ་མ་ཏྲག་རཀྴ་མུ་ཏྲ་ཨེ་ཀ་ཛཱ་ཏི་སྙིང་ཁ་རག་མོ་བྷྱོ། དམོད་པའི་དྲག་སྔགས་ལས་ལ་བསྐུལ་ཞིང་རྦད་པ་ནི། མ་མ་ཨེ་ཀ་ཛ་ཏི་ས་མ་ཡ་སྙིང་ལ་སེན་སེན། སྲོག་ལ་ཡཾ་ཡཾ། སྙིང་རྩ་ནི་རྦད་བམ་རོལ། ཏྲག་རཀྴ་མུ་ཏྲ་ནི་དགྲ་ལ་ཡ་བཛྲ་བྷནྡྷ་ན་བྷྱོ། གསད་སྔགས་ལ། ཁཱ་ཁཱ་མཱ་ར་ཡ་རཀྟ་ཕྱུང་ཕྱུང་མ་ཧཱ་ཨེ་ཀ་ཛ་ཏི། ཀྲོ་དྷ་མ་ཧཱུཾ་ཕཊ། ཐུན་སྒྲུབ་པའི་སྔགས་ལ། མ་མ་རཀྴ་ཁ་རམ་མྱོས། སྲོག་རྩ་རྦད་ཙིཏྟ་ལོང་རཀྟ་ཐུན་མ་མ། རཀྟ་ཙ་མུཎྜི། སྙིང་ཁྲག་རག་ཁྲ་རག་ཐུན་ཐུན་ཡཱ་མ་ཡ་བྷྱོ། ཐུན་བརྡེག་པའི་སྔགས་ལ། ཏྲག་རཀྴ་མཱ་ཡ་མཱ་ཡ་མ་སྙིང་ཁ་རག་ཚལ་པ་སྲོག་ལ་ཐུན་བྷྱོ། ཕྲིན་ལས་བཞིའི་སྔགས་ལ། མ་ཏྲག་རཀྴ་མུ་ཏྲ་ཨེ་ཀ་ཛ་ཏི་སྙིང་ལ་རག་མོ་ཤཱན་ཏིང་ཀུ་རུ་སྭཱ་ཧཱ། ཚེ་དང་བསོད་ནམས་རྒྱས་པའི་སྔགས་ལ། མ་མ་ཏྲག་རཀྴ་མུ་ཏྲ་ཨེ་ཀ་ཛ་ཏི་སྙིང་ཁ་རག་མ། པུ་ཏྲ་ཨཱ་ཡུཿཕ་ལ་སིདྡྷི་ཧཱུཾ། ལོག་པར་བལྟ་བ་དབང་དུ་བསྡུ་བའི་སྔགས་ལ། མ་མ་ཏྲག་རཀྴ་མུ་ཏྲ་ཨེ་ཀ་ཛ་ཏི་སྙིང་ཁ་རག་མ་བ་ཤཾ་ཀུ་རུ་སྭཱ་ཧཱ། ལྷ་འདྲེ་ཐམས་ཅད་དབང་དུ་བྱ་བའི་སྔགས་ལ། མ་མ་ཏྲག་རཀྴ་མུ་ཏྲ་ཨེ་ཀ་ཛ་ཏི་སྙིང་ཁ་རག་མ། བཛྲ་དུན་བྷྱོ། ཏིཀྣ་ཛ་ཛ་ས་མ་ཡ་སྟྭཾ། གཞན་གྱི་རིག་སྔགས་བཟློག་པའི་སྔགས་ལ། མ་མ་ཏྲག་རགྴ་མུ་ཏྲ་ཨེ་ཀ་ཛ་ཏི་སྙིང་ཁ་རག་མོ་མནྟྲ་ཀཱ་ལ་ཡཀྴ་ཟློག །བདུད་ནག་པོ་བཀྲག་མེད་བཟློག་པའི་སྔགས་ལ། ཡཀྴ་པཱ་ལ་ཧ་ན་ཧ་ན་ཧཱུཾ་ཕཊ། དམུ་བདུད་ནག་པོ་བཟློག་པའི་སྔགས་ལ། བྷེ་བ་སཏྭ་ཡེ་ཧ་ན་ཧ་ན་ཧཱུཾ་ཕཊ། ཀླུ་བདུད་ནག་པོ་བཟློག་པའི་སྔགས་ལ། ནཱ་ག་ཧ་ཏི་ནན་པ་ལིང་པ་ཀུ་རུ་ལིང་མ་ཏིང་སོད། གནོད་སྦྱིན་ནག་མོ་བཟློག་པའི་སྔགས་ལ། མ་མོ་དུན་དུན་བཟློག །ཡག་ཤ་མོ་དུན་དུན་བཟློག །སྙིང་ཁ་རག་དུན་བཟློག །སྦྱོར་བ་ཕྱི་ཡི་ངན་སྔགས་ལ། ངུད་མོ་ཕྲོམ་དཀར་ཕྲོམ་ཤུ་རི་ཕྲོམ། ཡུག་ཏི་སྨིན། ཏྲག་དུ་ཙར་ཧྲིལ་བྷྱོ། ཏྲྀ་ཏྲྀ་ཧྲིལ་བྷྱོ། ལྟས་ངན་དབབ་པའི་ངན་སྔགས་


DNG023_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

ལ། ཏྲག་ཧེ་ཧེ་མ་མ་དུན་ཙེ་ལ། ཀངྐ་ཀེ་པྲི་ལ་དུན་ཙེ་ལ། ཀྱང་ཀིང་ཕོབ་ཡ་ཡ་མ་ལིང་ཤམ་ལིང་མཾ་ཤ་དུན་ཛ། ཕོབ་ཡ་འུར་འུར་ཏྲབ་ཏྲབ་ཐིབ་ཐིབ་ཀྱིང་ཀྱིང་། དུན་དུན་ཕོབ་ལ། ཙི་བི་ལི་རུ་ར་ཡག་ཤི་དུ་དུ་པྲི་ལ་དུན་ཕོབ་ལ། སྦྱོར་བ་ནང་གི་ངན་སྔགས་ལ། མ་མ་ཏྲག་རཀྴ་ཁ་མུན་ཏྲ། མུ་ཏྲ་ཨེ་ཀ་ཛ་ཏི་སྙིང་ཁ་རག་མ་བྷྱོ། ཏྲག་རཀྴ་ས་མ་ཡ་དགྲ་བོའི་སྙིང་ལིང་རྦུད། སྤུ་གྲི་ཡ་མའི་རྒྱུད་ལས་སྙིང་པོའི་སྔགས་ཀྱི་ལེའུ་སྟེ་བཅུ་པའོ།། །།ཐ་མ་རྫས་ལ་བརྟེན་བྱ་བ། །ཕོ་སྒྲུབ་འཁོར་ལོ་ལ་བརྟེན་བསྒྲུབ། །མོ་སྒྲུབ་འཁོར་བའི་ཁྲག་ལ་བསྒྲུབ། །དྲག་སྔགས་ཉུང་དཀར་བརྟེན་ལ་བསྒྲུབ། །ཕོ་སྒྲུབ་འཁོར་ལོ་བརྟེན་བྱ་བ། །དབང་ཆེན་ཡབ་ཀྱི་འཁོར་ལོ་དང་། །ལས་བྱེད་གིང་གི་འཁོར་ལོ་གཉིས། །དབང་ཆེན་ཡབ་ཀྱི་འཁོར་ལོ་ནི། །ཞིང་ཆེན་གསར་པའི་གཡང་གཞི་ལ། །དུག་དང་རྨེ་ཁྲག་སྦྱར་བྱས་ཏེ། །མི་རྐང་མཆོག་གི་རྨྱུག་གུས་བྲི། །དབྱིབས་ནི་ཟླ་བ་ཉ་ལྟ་བུ། །ཀུན་ནས་ཡོངས་སུ་ཟླུམ་པ་ལ། །རིམ་པ་གསུམ་དང་ལྡན་པར་བྲི། །དབུས་སུ་གྲུ་གསུམ་ཟླ་གམ་གསུམ། །དེ་ཡི་ཕྱི་རིམ་ཐིག་སྐོར་ལ། །འཁོར་ལོའི་རེའུ་མིག་བཅུ་པ་བྲི། །གྲུ་གསུམ་དབུས་སུ་པདྨ་བྲིས། །ཟླ་གམ་གསུམ་ལ་མ་མ་ཧཱ། །དེ་ཡི་ཕྱི་རིམ་རྩིབས་བཅུ་ལ། །ད་ར་ཧྲི་ཞེས་བྱ་བ་དང་། །པདྨ་ཤྲཱི་ཧེ་རུ་ཀ་ཨ། ཞེས་བྱ་བ་བཅུ་པོ་བྲི། ཐིག་སྐོར་རིམ་པ་གཉིས་པ་ལ། །འཁོར་ལོ་རྩིབས་ནི་བཅུ་པའི་ནང་། །ཧྲཱྀཿཔདྨཱན་ཏ་ཀྲྀཏ་ཅེས་པ་དང་། ཨེ་ཀ་ཛ་ཏི་ཞེས་པ་ནི། ཐིག་སྐོར་རིམ་པ་གསུམ་པ་ལ། ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཅེས་བསྐོར། དམར་ནག་འཇིགས་པའི་གཟུགས་བྱས་ཏེ། །དབུ་ལྔ་རྟ་མཆོག་མཛེས་པར་བྱ། །བསྐལ་པའི་མེ་དཔུང་ཀློང་དཀྱིལ་ན། །གྱད་ཀྱི་དོར་ཐབས་བརྗིད་པར་བསྐོར། །སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས། །ཡེ་ཤེས་ལྔ་རུ་དབང་བསྐུར་རོ། །ཡབ་ཀྱི་འཁོར་ལོ་སྟེང་དུ་དགབ། །གོང་དུ་བསྙེན་པ་རྫོགས་བྱས་ལ། །དུས་བཞིར་ཡབ་ཀྱི་འཁོར་ལོ་ནི། །


DNG023_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དུ་བསྡུ་ཞིང་ལས་ལ་བཟུང་། །རྟག་ཏུ་ཡབ་ཀྱི་འཁོར་ལོ་བཅངས། །གང་དམིགས་ལས་རྣམས་མ་འགྲུབ་ན། །ཡབ་ཀྱི་འཁོར་ལོ་གྱེན་ལ་བསྟན། །གྲུ་གསུམ་དབུས་སུ་ཁྲག་ཐུན་བཞག །ཡབ་ཀྱི་འཁོར་ལོ་གོ་ཡང་བཟློག །དཔལ་གྱི་གདངས་སྐད་ཐང་གསུམ་གྱིས། །དབང་དུ་དགུག་གཞུག་ཟིལ་གྱིས་མནན། །ཕྲིན་ལས་ཞི་ཁྲོ་དམིགས་དང་སྦྱར། །སྤུ་གྲི་ཡ་མའི་རྒྱུད་ལས་ཡབ་ཀྱི་འཁོར་ལོའི་ལེའུ་སྟེ་བཅུ་གཅིག་པའོ།། །།ལས་བྱེད་གིང་གི་འཁོར་ལོ་ནི། །སྒྲོལ་གིང་བདག་པོ་མ་རུ་ཙེ། །སྦྱོར་སྒྲོལ་ལས་ཀྱི་བདག་པོ་སྟེ། །དཀྱིལ་འཁོར་གྲུ་གསུམ་ཐ་མ་རུ། །ས་བདག་རྒྱལ་པོའི་སྙིང་སོགས་དགུ། །གང་ལ་བྱ་བའི་མིང་རུས་བཅས། །མི་ཟད་མཚོན་ཆའི་འཁོར་ལོ་བསྐོར། །གིང་ཆེན་གསད་པ་ལྡོག་མེད་ཀྱི། །སྲོག་གི་ཡང་སྙིང་འབྲུ་བརྒྱད་པ། །སྤུ་གྲི་འབར་བའི་དྲག་སྔགས་ཡིན། །ཨོཾ་བཛྲ་གིང་ཙ་ར་ཡམ་ཤྭ་བྷྱོ། སྐྱ་རེངས་དང་པོ་ཤར་བ་དང་། །ཉི་མའི་ཟེར་ལ་དྲག་ཏུ་བཟླས། །ཀུན་གཞི་རྩ་ཡི་དྲག་སྔགས་དང་། །དབང་པོ་ལྔ་ཡི་སྒྲོལ་སྔགས་བརྒྱད། །མཚོན་ཆའི་འཁོར་ལོ་བསྐོར་ཞིང་བསད། །སྤུ་གྲི་འབར་བའི་སྒྲོལ་སྔགས་བརྒྱད། །འདི་བརྒྱད་གིང་གི་རེག་ཆོད་ཡིན། །ཨོཾ་བཛྲ་ཐིབ་དུ་དྷ་ར་ཡ་ཐིབ་རྦད། སུ་རཀྴ་ཐིབ་སུ་ཏི་དྷ་ར་ཐིབ། ཨོཾ་བཛྲ་ཚུ་བ་རིལ་རྦད། པྲ་ཏི་མུ་ཙཀྲ་དྷ་ར་རྦད། ཨོཾ་བཛྲ་དྷ་ར་ལྡིབས། ཨོཾ་བཛྲ་སྙིང་མགོ་ཆོད། ཁ་ལ་མུ་ལ་དན་ཏི། དྷ་ར་ཡ་མ་ར་དུ་རྦད། སྙིང་དང་ལིངྒར་བཅས་པ་ལ། །འབར་བའི་འཁོར་ལོ་ཆར་པར་དབབ། །ཕུང་པོ་རྡུལ་དུ་བཤིག་ནས་ཀྱང་། །གིང་ཆེན་ཚོགས་ཀྱིས་རོལ་པར་བྱ། །རྣམ་ཤེས་རྒྱལ་བའི་སྲས་སུ་བརླབ། །སྤུ་གྲི་ཡ་མའི་རྒྱུད་ལས་གིང་མཚོན་ཆའི་འཁོར་ལོའི་ལེའུ་སྟེ་བཅུ་གཉིས་པའོ།། །།མོ་སྒྲུབ་ཁྲག་ལ་བརྟེན་བྱ་བ། །དུས་བཞི་རྒྱུ་བའི་ས་ཕྱོགས་སུ། །དཀྱིལ་འཁོར་མདའ་གང་གྲུ་བཞི་ལ། །བདུད་རྩི་སྣ་ལྔའི་ཆག་ཆག་གདབ། །གསང་བ་མཆོག་གི་དཀྱིལ་འཁོར་ནི། །དབུས་ཀྱི་གྲུ་གསུམ་ཐུར་དུ་བྲུ། །


DNG023_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

སོར་གཉིས་འཕང་དུ་གྱེན་ལ་བསྟོད། །དུར་ཁྲོད་སོལ་བས་ནག་པོར་བྱ། །ཟླ་གམ་དམར་པོ་གསུམ་གྱིས་བསྐོར། །མུ་ཁྱུད་དཀར་པོ་ཐོད་ཕྲེང་དམར། །གྲུ་ཆད་བཞི་ནི་ལྗང་གུར་བྱ། །བར་ཁྱམས་རྣམས་སུ་སེར་པོ་ལ། །སྒོ་བཞི་ཕྱོགས་ཀྱི་རིགས་དང་སྦྱར། །དབུས་ཀྱི་གྲུ་གསུམ་ཧེ་ཞལ་དུ། །འདོད་ཆགས་རང་གཤེད་ཐོད་པར་ནི། །ཁྱི་སྨུག་མོ་དང་ལུག་སྨུག་མོ། །ར་སྨུག་མོ་དང་བྱ་སྨུག་མོ། །སྨུག་མོ་བཞི་ཡི་སྙིང་ཁྲག་བསྩལ། །དར་སྨུག་པོ་ཡི་གུར་ཁང་དབུབ། །བར་ཁྱམས་སྒོ་བཞིར་འབྲུབ་ཁུང་བཞི། །དྲག་པོའི་ཐོད་པར་ཐུན་བཞི་བཅའ། །ཤར་དུ་ར་སྨུག་སྙིང་ཁྲག་ཐུན། །ལྷོ་རུ་ཁྱི་སྨུག་སྙིང་ཁྲག་ཐུན། །ནུབ་ཏུ་ལུག་སྨུག་སྙིང་ཁྲག་ཐུན། །བྱང་དུ་བྱ་སྨུག་སྙིང་ཁྲག་ཐུན། །ཉུང་དཀར་ཉུང་ནག་སྐེ་ཚེ་དང་། །ཤང་ཚེ་བཞི་ལ་བསྔགས་ཤིང་བླུག །དཀྱིལ་འཁོར་ལྕགས་རིའི་སྒོ་བཞི་རུ། །སྨན་དང་རཀྟ་གཏོར་མ་བཞག །བྱང་སྒོར་མ་མོ་བརྟེན་པའི་རྫས། །ཟངས་སམ་འཁར་བའི་གཞོང་པ་རུ། །སྨུག་མོ་བཞི་ཡི་ཁྲག་མཚོ་བསྐྱིལ། །སྨུག་མོ་བཞི་ཡི་ཁྲག་གིས་ནི། །རམ་བུའི་ཕྱེ་ལ་སྦྲུས་པ་ཡི། །དཔལ་བཤོས་ཟུར་གསུམ་ཁྲུ་གང་ཚད། །སེང་ལྡེང་ཕུར་པ་ཁྲུ་གང་ལ། །བུད་མེད་སྨུག་མོའི་དབང་པོ་ལྔ། །སྐྲ་དང་སོ་དང་སེན་མོ་ལ། །གང་ལ་བྱ་བའི་གསོན་ཐུན་དབབ། །འབུར་རམ་རིས་སུ་བྱས་པ་ཡི། །མ་མོ་སྐུ་ཡི་གཟུགས་བརྙན་ལ། །སྙིང་པོ་སྲོག་གི་སྙིང་པོ་བྲིས། །ཁྲག་གི་ཞུ་མར་སྐུ་ཡི་མདངས། །མ་མོའི་གཟུགས་བརྙན་ཁྲག་མཚོར་དབྱུང་། །གང་དམིགས་གཟུགས་མདངས་ཁྲག་གི་ཐུན། །གཟུགས་ལ་ལྕགས་ཐག་ཟངས་ཐག་གདགས། །ལྕགས་དང་ཟངས་ཀྱི་ཕུར་བུས་བརྟོད། །སྤྱི་ཐུན་དྲིལ་དང་སྒོས་ཐུན་གཏོར། །ཐུན་དབབ་དངོས་དང་ཕྱོགས་སུ་འཕངས། །སྤུ་གྲི་ཡ་མའི་རྒྱུད་ལས་མ་མོ་ཁྲག་ལ་བསྟེན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དྲག་སྔགས་ཉུང་དཀར་ལ་


DNG023_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་བྱ། །ཉུང་དཀར་རྒྱལ་པོ་སྔགས་ཀྱི་མདའ། །སྣ་ཚོགས་དུག་གི་ཁུ་བ་ནས། །སྔགས་ཀྱི་མདའ་མཆོག་དབྱུང་བར་བྱ། །ཤེས་རབ་པདྨའི་མཚལ་ཆེན་གྱིས། །ཞེ་སྡང་སྲིན་མོར་དབང་བསྐུར་ནས། །རྒྱུན་དུ་གནག་པ་རྩེ་གཅིག་བྱ། །བསྙེན་པ་མངོན་དུ་རྫོགས་པ་དང་། །གང་ལ་བྱ་བའི་སྙིང་དཀྱིལ་དུ། །སྙིང་པོ་ཡི་གེ་ནྲྀ་བསམ་ལ། །དྲག་སྔགས་འདིས་ནི་བརྡེག་པར་བྱ། །མ་མ་ཏྲག་རཀྴ་ཁ་མུན་ཏྲ་ཨེ་ཀ་ཛ་ཏི་སྙིང་ཁ་རག་མོ་བྷྱོ། མ་མ་ཏྲག་རཀྴ་ས་མ་ཡ། དགྲ་བོའི་སྙིང་ལིང་རྦུད། ཡང་ན་སྙིང་དཀྱིལ་ནྲྀ་བསམ་ལ། །དྲག་སྔགས་འདིས་ནི་བརྡེག་པར་བྱ། །ཏྲག་རཀྴ་མུ་ཏྲ་ཨེ་ཀ་ཛ་ཏི་སྙིང་ཁ་རག་མོ་བྷྱོ། ཡ་མ་དུ་སྙིང་ཁྲག་དགྲ་བོ་མཱ་ར་ཡ་ནྲྀ་ཤ་ཀུ་རུ། ཁ་སོ་བ་ཏྲི་ཡཾ། དུ་མ་སོན་སེན་ཡཾ། དགྲ་བོའི་སྲོག་རྩ་ལ་མ་ཡ། ཁ་འོག་བར་ན་གནས་པ་ཡི། །སྲིད་པ་གསུམ་ཡང་རླག་པར་ངེས། །སྤུ་གྲི་ཡ་མའི་རྒྱུད་ལས་དྲག་སྔགས་ཉུང་དཀར་ལ་བརྟེན་པའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་དཔལ་པདྨ་གར་གྱི་དབང་ཕྱུག་གིས། ཕྱི་ནང་གསང་བ་རྣམ་པ་གསུམ། །ངན་ཐབས་རྣམ་གསུམ་བཀའ་སྩལ་པ། །སྣེལ་གྲི་མོ་ཡི་ཐོད་པ་རུ། །སྨོད་མོ་ཉིད་ཀྱི་མཎྜལ་བྲི། །དྲག་པོའི་སྣོད་དུ་ཐུན་བཞི་བཅའ། །དབུས་སུ་སྙིང་ཐུན་ཉིད་ལ་བསྡུ། །མཐའ་མ་ངན་ཐབས་རྣམ་པ་གསུམ། །འདོད་ཆགས་བྱ་ལ་ཐུན་ཟོར་བྱ། །ཞེ་སྡང་ཁྱི་ལ་སྦྱིན་བསྲེག་བྱ། །གཏི་མུག་ཙ་ར་དག་ལ་མནན། །ཕུར་པས་གདབ་ཅིང་ཁྲག་ཐུན་བརྡེག །ཕྱེད་ཕྱར་ཕྱེད་ནི་ཆུ་ལ་གཏོར། །སྙིང་ཁྲག་དུག་སྣ་མིང་བྱང་བསྲེག །སྔགས་བརྗོད་ཀླུ་བདག་གཉན་སར་མནན། །སྐེ་ཚེ་སྙིང་སྣ་ཁྲག་སྣ་དུག །སོགས་པ་མིང་བྱང་ཙིཏྟ་ཡང་། །སྐེ་ལ་བསྐོན་ལ་དགྲ་སར་བསྐྱལ། །རྒྱུན་དུ་བླ་རྡོ་ལུག་ལ་བྱ། །སྔགས་ལ་ཕྱི་ནང་གསང་བ་གསུམ། །དེ་ལ་ཕྱི་ལྟར་བཟླས་པ་ནི། །ཏྲག་རཀྴ་ཁ་མུན་ཏྲ་ཨེ་ཀ་ཛ་ཏི་སྙིང་ཁ་རག་མ་བྷྱོ། ཐོག་མཐའ་ཏྲག་དང་བྷྱོ་ཡིས་སོ། །བར་ན་བཅོ་ལྔ་འབྲུ་གནས་པ། །མ་གཅིག་མ་ཡི་ཡང་སྙིང་ངོ་། །མ་ཏྲག་རཀྴ་མུ་ཏྲ་ཨེ་ཀ་ཛ་ཏི་སྙིང་ཁ་རག་


DNG023_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

མ་བྷྱོ། ཐོག་མཐའ་མ་དང་བྷྱོ་ཡིས་སོ། །བར་ན་བཅུ་བཞིའི་འབྲུ་གནས་པ། །ནང་ལྟར་བཟླས་པའི་ཡང་སྙིང་ཡིན། །ཏྲག་རཀྴ་མུ་ཏྲ་ཨེ་ཀ་ཛ་ཏི་སྙིང་ཁ་རག་མ་བྷྱོ། ཐོག་མཐའ་ཏྲག་དང་བྷྱོ་ཡིས་སོ། །བར་ན་བཅུ་གཉིས་འབྲུ་གནས་པ། །གསང་བར་བཟླས་པའི་ཡང་སྙིང་ཡིན། །ཕྱི་ནང་གསང་བ་ཡང་སྙིང་ལ། །མཇུག་ཏུ་བསྲེག་ན་སྭཱ་ཧཱ་སྦྱོར། །འཕང་ན་མཇུག་ཏུ་ཐུན་བྷྱོས་སྐྱོར། །མཇུག་ཏུ་མནན་པ་ནན་གྱིས་སྐྱོར། །ཕྲིན་ལས་བཅོལ་དང་སྲོག་ལས་དྲང་། །མཆོད་པ་དབུལ་དང་ཟོར་ཐུན་དྲིལ། །བཞི་རུ་དྲིལ་ཏེ་མནན་བསྲེག་འཕང་། །ལུག་སྨུག་མོ་ཡི་སྙིང་ནང་དུ། །སྨུག་མོ་གསུམ་གྱི་སྙིང་ཁྲག་དང་། །གང་ལ་བྱ་བའི་མིང་དང་རུས། །ཉུང་དཀར་ཉུང་ནག་སྐྱེ་ཚེ་དང་། །ཤ་ཆེན་རྣམས་ནི་བླུག་པར་བྱ། །མ་གཅིག་མ་ཡི་ཡང་སྙིང་ནི། །ལེ་བརྒན་དར་ལ་གྲིལ་ལ་སྩལ། །མཐིང་ནག་དར་གྱི་ནང་དུ་བཏུམས། །རྒྱུན་དུ་བླ་རྡོ་ལུས་ལ་བཅངས། །སྔགས་བཟླས་ཚད་དུ་ཕྱིན་པར་བྱ། །མི་བསད་ལྕགས་ཕུར་སོར་བརྒྱད་ལ། །ཁྲག་སྣ་བདུན་ལ་སྲོག་སྙིང་བཟླས། །མགར་བ་ཤ་མདོག་ནག་པོ་དང་། །ཁྲོ་གཏུམ་ཆེ་བའི་དཔྲལ་བར་གདགས། །ཏྲག་ཅེས་པས་དབང་ཡང་བསྐུར། །མ་མོར་མངའ་གསོལ་རྒྱུན་སྔགས་བཟླས། །རྩེ་གཅིག་གནག་པའི་འཕྲོ་འདུ་བྱ། །སྤུ་གྲི་ཡ་མའི་རྒྱུད་ལས་ཕྱི་ནང་གསང་བ་རྣམ་པ་གསུམ། ངན་ཐབས་གསུམ་དུ་དྲིལ་བའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས། གྲུབ་པའི་རྟགས་ཚད་བསྟན་པ་ནི། །མངོན་ཤེས་འཕྲུལ་གྱི་མེ་ལོང་འདི། །རྟགས་ལ་རྣམ་པ་གསུམ་དུ་བསྟན། །རྨི་ལམ་ཉམས་དང་མངོན་སུམ་དུ། །བུད་མེད་སྨུག་མོ་འོང་བ་དང་། །འོད་དང་མཚོན་ཆར་འོང་བ་དང་། །སྦྱོར་ཁའི་རྟགས་ནི་ཐུན་ལ་འོང་། །མཚན་མའི་རྣམ་པ་གང་བྱུང་ཡང་། །དམ་ཚིག་སྔགས་དང་ཕྱག་རྒྱ་བསྟན། །བར་ཆོད་ཡིན་ན་རྟགས་མི་བཟོད། །འོད་ནི་དཀར་ཞིང་གསལ་བ་དང་། །


DNG023_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

དམར་ཞིང་གདངས་ལ་ཆེ་ན་བཟང་། །སྨུག་ནག་མོག་པོར་བྱུང་བ་ནི། །སྔགས་པ་ལམ་ལོག་དམ་ཉམས་ཡིན། །མོག་པོར་བྱུང་ན་བཤགས་པ་བྱ། །གསང་བའི་རྟགས་ནི་མཚོན་ཆ་སྟེ། །ཁ་གས་སོ་ཆག་རྩ་ནལ་ངན། །མཚོན་ཆ་མེ་འབར་འོད་འཕྲོ་དང་། །ཐོགས་པ་མེད་པར་གཅོད་ན་བཟང་། །ཐུན་གྱི་རྟགས་མཚན་བསྟན་པ་ནི། །བྷནྡྷའི་རཀྟ་ཁོལ་ན་བཟང་། །དྲི་ཞིམ་མནམ་ཞིང་འཕེལ་ན་བཟང་། །ཝུ་བ་སོབ་མོར་བྱུང་ན་ངན། །དྲི་མི་ཞིམ་ཞིང་ཉུང་ན་ངན། །དམ་ཚིག་ཉམས་ན་བསྐང་བཤགས་བྱ། །རྟགས་ཀྱི་རྣམ་པ་གང་བྱུང་ཡང་། །དམ་ཚིག་བསྲེ་ཞིང་དངོས་གྲུབ་བླངས། །གསང་ཞིང་ཡིད་ལ་བརྣག་པར་བྱ། །དབང་ཆེན་བསྒོམ་ཞིང་དབང་དུ་བསྡུ། །ཉམས་ཀྱི་ཕྱག་རྒྱ་རང་དོན་བརྟན། །བབ་ཆོལ་རས་ཆོད་སྤྱད་ཉེས་ན། །ལོང་བ་རི་མོ་མཁན་དང་འདྲ། །ཚི་ཆད་རང་གི་གཉེན་པོར་འགྱུར། །དེ་བས་ཉམས་ཀྱི་ཕྱག་རྒྱ་བསྟན། །སྤུ་གྲི་ཡ་མའི་རྒྱུད་ལས་མཚན་རྟགས་ཀྱི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས། སྔགས་ཀྱི་འཁོར་ལོ་བསྐོར་བ་དང་། །བཟླས་ལུགས་རིམ་པ་བཀའ་སྩལ་པ། །དབང་ཆེན་ཡབ་ཀྱི་ཐུགས་ཀ་ནས། །ཙིཏྟ་རིན་ཆེན་གའུ་རུ། །ཨ་ལས་ཟླ་བའི་དཀྱིལ་འཁོར་བསམ། །དེ་དཀྱིལ་ཧཱུཾ་ལ་སྙིང་པོས་བསྐོར། །པདྨ་མ་ད་ཧྲི། པདྨ་ཤྲཱི་ཧེ་རུ་ཀ་ཨ། ཡབ་ཀྱི་འཁོར་ལོ་གཡས་སུ་བསྐོར། ཧྲཱྀ་པདྨ་ཏ་ཀྲྀཏ་ཧ་ཡ་གྲཱི་བ་ཧཱུཾ། ཨེ་ཀ་ཛ་ཏི་རུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཡབ་ཀྱི་མཐའ་མ་ལས་སྔགས་བསྐོར། །གསེར་གྱི་བ་ཐག་བཞིན་དུ་སྤྲོ། །ཡུམ་གྱི་ཙིཏྟ་གའུ་རུ། །མ་ལས་ཉི་མའི་དཀྱིལ་འཁོར་བསམ། །ཉི་དཀྱིལ་ཏྲག་ལ་སྙིང་པོས་བསྐོར། །མ་མ་ཏྲག་རཀྴ་མུ་ཏྲ་ཨེ་ཀ་ཛ་ཏི། སྙིང་ཁ་རག་མ་བྷྱོ། ཡུམ་གྱི་འཁོར་ལོ་གཡོན་དུ་བསྐོར། །དེ་ཡི་ཕྱི་རིམ་རྦད་པའི་སྔགས། །ཐ་མ་བསད་པའི་སྔགས་ཀྱིས་བསྐོར། །འོད་ཟེར་ལྕགས་ཀྱུ་ལྟ་བུར་བསྐོར། །


DNG023_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

སྲོད་ལ་སྲོག་གི་སྙིང་པོ་ནི། །དགེ་འདུན་གྲོང་དུ་འདུ་བའི་ཚུལ། །འོད་དང་བུད་མེད་མཚོན་ཆར་འོང་། །ནམ་གུང་རྦད་པའི་སྙིང་པོ་ནི། །རླུང་ནག་འཚུབས་མའི་ཚུལ་དུ་བཟླས། །སྣང་སྲིད་མ་མོ་འཁྲུག་ན་བཟང་། །ཐོ་རངས་བསད་པའི་སྙིང་པོ་ནི། །ཁྲ་སྤྱང་གཟན་ལ་རུབ་པའི་ཚུལ། །གསད་བཅད་མང་པོ་བྱེད་པ་དང་། །ཤ་ཆང་མང་པོ་བྱེད་ན་བཟང་། །ཡབ་ཀྱི་འཁོར་ལོ་གཡས་སུ་བསྐོར། །ཡུམ་གྱི་འཁོར་ལོ་གཡོན་དུ་བསྐོར། །གཉིས་སུ་མེད་པ་འཕྲོ་འདུ་བྱ། །སྤུ་གྲི་ཡ་མའི་རྒྱུད་ལས་བཟླས་ལུགས་འཁོར་ལོ་བསྐོར་བའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས། ཐབས་དང་ཤེས་རབ་གཉིས་མེད་པས། །རྒྱལ་བ་ཡབ་དང་སྡེབས་པ་དང་། །ལས་མཁན་གིང་དང་སྡེབས་པ་དང་། །རྒྱལ་བ་ཡབ་དང་སྡེབས་པ་ནི། །ཡབ་ནི་བྱིན་ཆེ་བཀྲ་ཤིས་ཤིང་། །དབང་དུ་བསྡུ་ཞིང་བྱང་ཆུབ་ཐོབ། །ཡུམ་གྱིས་རྣོ་ཞིང་མྱུར་བ་དང་། །བཀྲག་ཟེར་ཆེ་ཞིང་ཉེ་བས་ན། །ཡབ་ཡུམ་གཉིས་མེད་སྒྲུབ་པའི་ཐབས། །དཀྱིལ་འཁོར་ཕྲིན་ལས་རྣམ་པ་བཞི། །དབུས་ཀྱི་ཨེ་ལས་ཨ་དང་མ། །གཡས་སུ་ཨ་ལས་ཟླ་དཀྱིལ་ཏེ། །ཧྲཱྀཿལས་པདྨ་དབང་ཆེན་ནི། །དབུ་ལ་རྟ་མགོ་འཇིགས་པའི་གཟུགས། །དམར་ནག་གྱད་ཀྱི་དོར་སྟབས་ཅན། །མི་བཟད་འབར་བའི་སྐུ་རུ་བསྐྱེད། །གཡོན་དུ་མ་ལས་ཉི་དཀྱིལ་སྟེང་། །ཏྲག་ལས་ཨེ་ཀ་ཛ་ཏི་མ། །དམར་མོ་ཞལ་གཅིག་ཕྱག་གཉིས་པ། །གཡས་པ་རྡོ་རྗེ་གཡོན་པ་ན། །བྷནྡྷ་རཀྟས་བཀངྐ་བ་བསྐྱེད། །ཡེ་ཤེས་དཀྱིལ་འཁོར་སྤྱན་དྲངས་ཤིང་། །གཉིས་མེད་བསྡིམ་ཞིང་བརྟན་པར་བྱ། །ཕྱག་འཚལ་མཆོད་ཅིང་དགྱེས་པ་བསྟོད། །ཡབ་ཡུམ་བསྙེན་ཅིང་བསྒྲུབ་པའི་སྔགས། །ཐོག་མཐའ་ཨོཾ་དང་ཨཱ་ཡིས་སོ། །བར་ན་བཅུ་གསུམ་འབྲུ་གནས་པ། །དབང་ཆེན་ཡབ་ཀྱི་བསྙེན་པ་ཡིན། །འབྲུ་བརྒྱད་མེ་དང་ཕཊ་ཀྱིས་སོ། །ཨེ་ཀ་ཛ་ཏིའི་བསྙེན་པ་ཡིན། །ཡབ་ཡུམ་


DNG023_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་པའི་སྙིང་པོ་ནི། །ཐོག་མཐའ་ཧྲཱྀཿདང་ཕཊ་ཀྱིས་སོ། །བར་ན་བཅུ་བདུན་འབྲུ་གནས་པ། །བསྒྲུབ་ཅིང་ལས་སུ་རུང་བར་བྱ། །ཕྲིན་ལས་རྣམ་བཞི་དམིགས་དང་སྦྱར། །སྤུ་གྲི་ཡ་མའི་རྒྱུད་ལས་རྒྱལ་བ་ཡབ་དང་སྡེབས་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།ལས་མཁན་གིང་དང་སྡེབས་པ་དང་། །ཕོ་ཤམ་མོ་ལ་གདགས་པ་དང་། །མོ་ཤམ་ཕོ་ལ་གདགས་པ་ནི། །རྣོ་ལ་ངར་གཅིག་བླུད་པ་ཡིན། །གདུག་པའི་དཔལ་གཅིག་དབྱུང་བ་ཡིན། །དཀྱིལ་འཁོར་ལས་ནི་ཧེ་ཞལ་ལ། །གཡས་སུ་ཨ་ལས་ཟླ་བའི་སྟེང་། །ཧྲཱྀཿལས་སྒྲོལ་གིང་བདག་པོ་བསྐྱེད། །གཡོན་དུ་མ་ལས་ཉི་མའི་སྟེང་། །ཏྲག་ལས་སྒྲོལ་གིང་བདག་མོ་བསྐྱེད། །སྐུ་མཁར་ཁུ་ལེ་རྩེ་དགུ་ལ། །དཀར་པོ་གསུམ་གྱི་སྙིང་སྲོག་དང་། །རིན་ཆེན་སྣ་ཚོགས་དར་ཟབ་གདགས། །ཟླ་བའི་དཀྱིལ་འཁོར་སྟེང་དུ་དགོད། །མདངས་ལྡན་རྨ་བྱའི་རྒྱལ་མཚན་དང་། །སྨུག་མོ་གསུམ་གྱི་སྙིང་སྲོག་བཅས། །གཡབ་དར་དམར་ནག་རིན་ཆེན་རྣམས། །ཉི་མའི་དཀྱིལ་འཁོར་སྟེང་དུ་དགོད། །བདག་ཉིད་དཔལ་ཆེན་སྐུར་བསྒོམ་ལ། །སྲོག་གི་སྙིང་པོ་རྒྱུན་དུ་བཟླས། །ཏྲག་རཀྴ་མུ་ཏྲ་ཨེ་ཀ་ཛ་ཏི་སྙིང་ཁ་རག་མ་བྷྱོ། མ་མོའི་སྲོག་གི་སྙིང་པོའོ། །ཨོཾ་བཛྲ་གི་ཙོ་ར་ཡཾ་ཤྭ་བྷྱོ། སྒྲོལ་གིང་བདག་པོའི་སྙིང་པོའོ། །ལས་ཀྱི་སྦྱོར་ཁ་ཐུན་འདི་བཅའ། །སྣེལ་གྲི་མོ་ཡི་ཐོད་པ་རུ། །འདོད་ཆགས་སྲིན་མོའི་མངལ་ཁྲག་དང་། །ཞེ་སྡང་ཁྱི་ཡི་སྙིང་ཁྲག་དང་། །གཏི་མུག་བམ་གྱི་སྙིང་ཁྲག་བསགས། །ལེ་བརྒན་དར་གྱིས་ཁ་བཅད་ལ། །ཐལ་ཆེན་རྒྱས་གདབ་གཡུང་དྲུང་བྲི། །ཙིཏྟ་དབྱུང་བའི་སྔགས་འདི་བཟླས། །ཏྲག་རཀྴ་ཁ་མུན་ཏྲ་ཨེ་ཀ་ཛ་ཏི་སྙིང་ཁ་རག་མ་བྷྱོ། ཏྲག་རཀྴ་ས་མ་ཡ་དགྲ་བོའི་སྙིང་ལིང་རྦུད། དེས་ནི་ཙིཏྟ་དངོས་སུ་འབྱུང་། །གསད་ཅིང་གནན་པའི་སྦྱོར་བ་བྱ། །བསྒྲུབ་པའི་དཀྱིལ་འཁོར་བྱང་ཤར་དུ། །དྲག་པོ་ཨེ་ཡི་དཀྱིལ་འཁོར་ལ། །གིང་གི་བསད་པའི་འཁོར་ལོ་བཅའ། །ཡི་དྭགས་གོས་སམ་ཞིང་ལྤགས་ལ། །འཁོར་ལོ་རིམ་པ་གསུམ་ལྡན་པ། །ཐིག་བཞི་བཏབ་


DNG023_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

པས་ལིང་ཙེ་བརྒྱད། །དབུས་ཀྱི་ལིང་ཙེ་གྲུ་གསུམ་ལ། །གང་ལ་དམིགས་པའི་དོན་མིང་བཞག །ནང་རིམ་ཕྱོགས་མཚམས་ལིང་ཙེ་བརྒྱད། །སྲོག་གི་སྙིང་པོ་འབྲུ་བརྒྱད་བྲི། །ཨོཾ་བཛྲ་གིང་ཙྭ་ར་ཡཾ་ཤྭ་བྷྱོ། ཕྱི་རིམ་ཕྱོགས་མཚམས་ལིང་ཙེ་ལ། །བསད་པའི་དྲག་སྔགས་འདི་བརྒྱད་བྲི། །ཨོཾ་བཛྲ་ཐིབས་དུ་རྦད། དྷ་ར་མུ་ཐིབས་རྦད། སུ་རཀྴ་ཐིབས། ཕྲ་ཏི་དྷ་ར་ཐིབས། ཨོཾ་བཛྲ་ཚུབ་རིལ་རྦད། ཕྲ་ཏི་པུ་ཙག་དུ་ར་རྦད། ཨོཾ་བཛྲ་དྷ་ར་ལྡིབས། ཨོཾ་བཛྲ་སྙིང་མགོ་ཆོད། ཁ་ལ་མུ་ལི་དན་ཏི་དྷ་ར་ཡ་མ་ར་དུ་རྦུད། དེ་ཡི་ཕྱི་རིམ་མཚོན་ཆས་བསྐོར། །ཐོ་རངས་ནམ་གྱི་ཆ་སྨད་ལ། །ཉི་མའི་རྩེ་ལ་སྦྱོར་བ་བྱ། །ལིངྒ་འཁོར་ལོ་བཅས་པ་དེ། །ཤུགས་འཆང་གསེར་མདོག་ཐོད་པར་སྩལ། །འབྱུང་པོ་འདུས་པའི་ཁྱིམ་དུ་སྦ། །སྤུ་གྲི་ཡ་མའི་རྒྱུད་ལས་ལས་མཁན་གིང་དང་སྡེབས་པའི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་གར་གྱི་དབང་ཕྱུག་གིས། །བསྙེན་བསྒྲུབ་ལས་ཀྱི་སྦྱོར་ཁའི་ཚེ། །ཐུགས་དམ་གནད་ནས་བསྐུལ་བ་བསྟན། །བསྙེན་པའི་དུས་སུ་བསྐུལ་བ་ནི། །ཧཱུཾ། དད་པ་དང་ནི་དམ་ཚིག་གིས། །ཚུར་བྱོན་ཚུར་གཤེགས་ལྷ་མོ་ཁྱོད། །ཁྱད་པར་མཛེས་པའི་སྐུ་ལུས་ལ། །ཤིན་ཏུ་མཛེས་པའི་རྒྱན་གྱིས་བཀླུབས། །ཐུགས་ནི་སྣ་ཚོགས་ཅིར་ཡང་སྟོན། །མཛད་པའི་ཆ་ལུགས་སངས་རྒྱས་འདྲ། །ལྟ་བའི་འཕང་ནི་ནམ་མཁའ་འདྲ། །སྐུ་ཡི་ཡོན་ཏན་བསམ་མི་ཁྱབ། །དགོངས་པའི་བྱེ་བྲག་ཇི་སྙེད་པ། །ཁྱུང་ཆེན་མཁའ་ལ་ལྡིང་བ་བཞིན། །ཐུགས་རྗེའི་རླབས་ཀྱིས་སྣང་སྲིད་རློབ། །གཡས་ཀྱི་གཤོག་པ་གདེངས་པ་ཡིས། །ཡེ་ཤེས་རྡོ་རྗེ་རྩེ་དགུས་འབར། །གཡོན་གྱི་གཤོག་པ་ཕྱར་བ་ཡིས། །མ་མོ་ལས་བྱེད་བཅུ་དྲུག་འཆར། །རླབས་ཀྱིས་འཛམ་གླིང་ཁྱབ་པར་གཅོད། །དགེ་སྡིག་གཉིས་ཀྱི་སྐུལ་མ་འདེབས། །སྲིད་པ་གསུམ་གྱི་བདུད་གཅོད་མ། །རཱུ་ཏྲ་ནག་པོའི་སྲོག་ལེན་མ། །ཨེ་ཀ་ཛ་ཏི་རལ་གཅིག་མ། །


DNG023_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་ཡི་རལ་པ་སེ་ཡན་ཅན། །རལ་གཅིག་གནམ་ལ་ཡར་བརྐྱང་བས། །སྟེང་གི་ལྷ་རྣམས་ཀུན་འདུལ་མ། །རལ་གཅིག་ས་ལ་མར་བརྐྱང་བས། །ས་བདག་ཀླུ་སྲིན་ཀུན་འདུལ་མ། །ལག་ན་ཟངས་ལྕགས་པོར་ཐོགས་མ། །ཟངས་ཟོར་དམར་པོ་ཆེམས་སེ་ཆེམ། །བསྟན་པ་གཉན་ལ་དགྲ་དར་གྱི། །བསྟན་པ་བསྲུང་བའི་མཐུ་མོ་ཆེ། །སྲོག་གི་སྙིང་པོས་གནས་ནས་སྤྱན་དྲངས་ན། །རཀྟ་དམར་གྱི་གཏོར་མ་འདི་གསོལ་ལ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །བསྒྲུབ་པའི་དུས་སུ་བསྐུལ་བ་ནི། །ཨེ་ཀ་ཛ་ཏི་ནམ་མཁའི་གོ་ཟུ་ཅན། །ཐོར་ཚུགས་འབར་བའི་སྤྱན་གཅིག་རལ་གཅིག་མ། །དམར་ནག་འབར་བ་ཨེ་ཡི་ཀློང་དཀྱིལ་ན། །ཀྲོ་དྷཱི་ཤྭ་རཱིའི་ཡུམ་གྱི་བྷ་གའི་ཀློང་། །གདུག་པ་འདུལ་ཕྱིར་འཇིགས་པའི་སྐུ་བྱུང་བ། །རལ་གཅིག་རྒྱ་མཚོ་ཁྲག་གི་མེ་འབར་མ། །ཐོར་ཅོག་གཅིག་བཅིངས་སྤྱན་མིག་དམར་ལ་སེར། །རྒྱ་མཚོ་ཆེན་པོའི་ཀློང་ནས་མེ་འབར་ཏེ། །རི་རབ་ཟོམ་འཛིན་ཀླུ་རྒྱལ་སྦྱོར་ཆེན་མོ། །ཆུ་གྲི་བརྒྱ་ཡིས་བྲང་གི་དངོས་གཏམས་ཤིང་། །ལྕགས་ཀྱུ་བརྒྱ་ཕྲག་དགྲ་སྙིང་འདྲེན་མཛད་མ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །ཛ་ཛ་རཀྴ་མུ་ཏྲ་དགྲ་ལ་ཡ། སྙིང་ལ་ཀཱི་ལི་མ་ཏི་ཡ། མ་མ་རཀྴ་རུ་ཏྲ་རྦད་རྦུད། ཕྲིན་ལས་སྦྱོར་ཁར་བསྐུལ་བ་ནི། །ཨེ་ཀ་ཛ་ཏི་གུ་ཡ་གསང་བའི་ཡུམ། །སྐུ་ནི་པདྨ་རཱ་གའི་མདོག །རོ་ཚོགས་མང་པོ་བསྣོལ་བའི་གདན་སྟེང་ན། །ཏི་ར་ནག་པོ་བསྣོལ་བའི་གདན་ལ་བཞུགས། །ཆིབས་སུ་ཆུ་སྲིན་ནག་མོ་ཆིབས། །སྐུ་ལ་ཆུ་སྲིན་གཡང་གཞི་གསོལ། །ཀླུ་རྒྱལ་རིགས་ལྔས་སྐུ་ལ་བརྒྱན། །ཉི་ཟླའི་ཐོད་ཐབས་བཅིངས་པ་དབུ་ཡི་རྒྱན། །དབུ་ལ་མེ་ཡི་རལ་པ་དམར་པོ་འཕྲོ། །རལ་པ་བསྐལ་པའི་མེ་འབར་ལམས་སེ་ལམ། །སྡེར་མོ་རྣོ་དབལ་རྒྱུད་དྲུག་ཐབས་ཀྱིས་སྒྲོལ། །སྤྱན་མིག་གཡས་ལ་ཁྲག་མཚོ་འཁྱིལ། །ཕྱག་གཡོན་དུང་ཆེན་དམར་གྱིས་བཀངྐ་བ་ལ། །ཕྱག་གཡས་རྡོ་རྗེས་དཀྲུག་ཅིང་གསོལ། །དམར་གྱི་ཨརྒྷ་འདི་གསོལ་


DNG023_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །ཨེ་ཀ་ཛ་ཏི་ཨ་ར་ལི་ཛ། ཁྱོད་ཀྱི་ཐུགས་དམ་སྤྲུལ་པ་ཆེན་མོ་ནི། །སྲིང་མོ་གར་གྱི་དབང་ཕྱུག་མ། །སྐུ་ནི་རཀྟའི་ཁྲོ་མོ་ལ། །ཁྲོ་མོ་རཀྟ་ཛ་མུན་ཏི། །རཀྟའི་ཁྲོ་མོ་དབུ་གསུམ་སྤྱན་དགུ་མ། །མཆེ་བ་དྲུག་གཙིགས་ཞལ་ནི་གཉེར། །ཕྱག་དང་ཞབས་ནི་ཅིར་མི་གསལ། །སྲོག་རྩ་དབུགས་དང་སྙིང་ལ་འཇུམ། །དབུ་ལ་རཀྟ་འཁྲུག་པའི་ལན་ཕྲན་ལས། །རཀྟ་འཁྲུག་པའི་ཁྲོ་མོ་འབུམ་འབུམ་འཕྲོ། །སྐུ་ཡི་བ་སྤུ་ཉག་རེ་ལས། །རཀྟ་ཁྲག་གི་ཝ་མོ་རེ། །ཁྲག་གི་ཝ་མོ་ལྕེ་བརྒྱད་མ། །དམ་ཉམས་རྣམས་ཀྱི་སྙིང་ཁྲག་འཐུང་། །སྙན་ནས་རཀྟའི་འབྲུག་ལྡིར་མ། །སྤྱན་ནས་རཀྟའི་ཆུ་འབབ་མ། །ཤངས་ནས་རཀྟའི་རླུང་འཚུབས་མ། །ཞལ་ནས་རཀྟའི་མེ་འབར་མ། །གཟིགས་ནི་ཁྲག་མཚོའི་དབུས་ན་གཟིགས། །མཛད་ནི་སྲོག་གི་དབང་པོ་འཕྲོག །དམར་གྱི་གཏོར་མ་འདི་གསོལ་ལ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །མ་མ་རཀྴ་དུན་དུན་སྙིང་ལ་ཛ་ཛ་བྷྱོ། ལས་བྱེད་མ་མོ་བསྐུལ་བར་བྱ། །སྲོད་ལ་ནག་མོའི་སྦུབས་སུ་ཞུགས། །སྐུ་ནི་ནག་མོ་ཆེན་མོ་ལ། །སྤྲིན་ནག་རལ་པའི་ཐོད་གདེངས་ཅན། །སྐུ་ལ་ཆར་སྤྲིན་ནག་མོ་གྱོན། །བདུད་ཀྱི་གཡང་གཞི་ཡ་བས་བསྐོར། །ཁྱོད་ཀྱི་ལག་པ་གཡོན་པ་ནི། །བྷནྡྷ་ཁྲག་གིས་བཀངྐ་བ་གསོལ། །ཁྱོད་ཀྱི་ལག་པ་གཡས་པ་ན། །བདུད་ཀྱི་བསྒྲལ་རུས་ཐོད་པ་འཆང་། །ས་ལ་བརྡབ་ཅིང་རྡུང་བའི་ཚུལ། །ནྲྀ་ཏི་ར་ནག་མོ་ཛ་ཛ་ནན་ནན། གུང་ལ་དམར་མོའི་དབུས་སུ་ཞུགས། །སྐུ་ནི་པདྨ་རཱ་གའི་མདོག །ཤ་ཁྲག་དམར་གྱི་རྗེས་གཅོད་མ། །སྲིད་པ་གསུམ་གྱི་ཤ་ཟ་མ། །སྲིད་པ་གསུམ་གྱི་ཁྲག་འཐུང་མ། །ཅི་ཙམ་ཟོས་ཀྱང་འགྲངས་པ་མེད། །དགྲ་བོའི་ཤ་ཁྲག་ཟ་རུ་བྱོན། །མ་ར་དམར་མོ་ནན་ནན། ནམ་ཕྱེད་མཐིང་གའི་སྦུབས་སུ་ཞུགས། །སྦྲུལ་ནག་འབུམ་གྱི་ཐོད་གདེངས་ཅན། །སྦྲུལ་ནག་སྟོང་གི་སྙན་ཆ་ཅན། །རིགས་ལྔས་སྐུ་ལ་བརྒྱན་


DNG023_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། །ལག་པ་གཡས་པའི་གུང་མོ་ལ། །དཀར་ཁྲ་གསུམ་གྱིས་ཕྱིན་ཀ་ལོག །རྐང་པ་གཡོན་པའི་མཐེ་བོང་ལ། །ནག་ཁྲ་གསུམ་གྱིས་ནང་ཀ་ལོག །ལག་པ་དགུ་ཚིགས་འཁོར་ལོ་ཡིས། །རྒྱ་མཚོའི་གཏིང་དུ་ཕྱག་བྱུགས་པས། །ཀླུ་ཆེན་བརྒྱད་ནི་གདན་དུ་འདིང་། །ཀླུ་སྲིན་ནག་མོ་ཟས་སུ་ཟ། །དམར་གྱི་ཨརྒྷ་འདི་གསོལ་ལ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །ཐོ་རངས་སེར་མོའི་སྦུབས་སུ་ཞུགས། །སྐུ་ནི་གསེར་གྱི་ཁ་དོག་ལ། །སྤྱན་ཡང་གསེར་གྱི་ཐུ་ལུམ་འདྲ། །ཕྱག་ན་གསེར་གྱི་ཟོར་བ་བསྣམས། །གསེར་རལ་སེར་མོ་སྤྲུགས་པ་ཡིས། །གསེར་ཐོག་འབར་བའི་འོད་ཟེར་གྱིས། །དགྲ་བོའི་སྙིང་ལ་ཐུན་འབེབས་མ། །མ་མ་ཧ་ཏི་ནན། ས་བདག་ཀུམ་པ་ལ།དགྲ་བོ་ཞིག་ཐུན་ཐུན། ཁྱེད་ནི་བདུད་ཀྱི་བུ་མོ་བཞི། །དམར་གྱི་ཨརྒྷ་འདི་གསོལ་ལ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །སྙིང་དང་སྲོག་རྩ་མཁལ་མ་དང་། །གློ་བ་ནང་ཁྲོལ་གང་ཡང་རུང་། །ཁྲག་དང་སེན་མོ་སོ་དང་སྐྲ། །མི་བླ་སྤྲང་ཙམ་ཁུག་ལ་ཤོག །མི་བླ་སྤྲང་ཙམ་མ་ཁུགས་ན། །རང་གི་གནས་ཀྱང་ཞིག་ཏ་རེ། །ཉིན་མོ་དཀར་མོའི་སྦུབས་སུ་ཞུགས། །སྐུ་ནི་དུང་གི་ཁ་དོག་ལ། །དབུ་ལ་དུང་གི་ཐོར་ཚུགས་ཅན། །ཕྱག་ན་དུང་གི་འཁོར་ལོ་བསྣམས། །ཁྲོས་ཏེ་གཉེན་པོར་མངགས་པའི་ཚེ། །དུང་གི་འཁོར་ལོ་བསྐོར་བ་ཡིས། །ཚངས་རིགས་ལྷ་ཡི་གནས་རིས་འཇོམས། །ཚངས་རིགས་ཐམས་ཅད་རྡུལ་དུ་རློག །མ་ཧཱ་ཡཀྴ་སེ་ན་ཧ་ན་ནྲྀ་ནན། དཔྲལ་བ་དེ་ནི་མིག་གཅིག་མ། །ཡེ་ཤེས་འབར་བའི་སྤྱན་གཅིག་མ། །རྒྱབ་ན་དེ་ནི་གཤོག་གཅིག་མ། །འཇིག་རྟེན་འཕྱོ་བའི་གཤོག་གཅིག་མ། །དབུ་ལ་དེ་ནི་རལ་གཅིག་མ། །སྟོང་ཁམས་དབང་སྡུད་རལ་གཅིག་མ། །ཞལ་ན་དེ་ནི་ཚེམས་གཅིག་མ། །སྐྱེ་ནི་རྩད་གཅོད་ཚེམས་གཅིག་མ། །བྲང་ན་དེ་ནི་ནུ་གཅིག་མ། །བདུད་རྩི་ཆར་འབེབས་ནུ་གཅིག་མ། །དབུ་ཡི་བ་སྤུ་ཉག་རེ་ལ། །གནམ་ལྕགས་ཐོག་གི་བུ་ཡུག་འཚུབ། །དབུ་རྒྱན་བྱུ་རུའི་མཆོད་རྟེན་ལ། །གསེར་གྱི་


DNG023_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

དྲིལ་བྲན་འབུམ་གྱིས་བརྒྱན། །གནམ་ཕྱེད་གོས་སུ་གྱོན་པས་ཡང་བས་བསྐོར། །ས་ཕྱེད་གདན་དུ་བཏིང་བས་གཏིང་ཟ་སྤགས། །ཅེར་ཅེར་བལྟས་པས་སྟོང་གསུམ་བསྲེག །སྙིང་དང་སྲོག་རྩ་གློ་སྙིང་དང་། །བགེགས་ཀྱི་སྙིང་ཁྲག་ཁ་ནས་སྐྱུགས། །ཡག་མོ་ཡག་མོ་ཀྲོ་ཏཱི་ཤྭ་རཱི་ཐུན་ཐུན། རུ་རུ་ཙ་ལ་ཙ་ལེ། མགོ་ལ་ཙ་ལེ། སྙིང་ཁྲག་ཐོག་ལ་ཁཱ་ཧི། སྙིང་དང་སྲོག་རྩ་གློ་སྙིང་དང་། །མཆིན་པ་ནང་ཁྲོལ་ཁུག་ལ་ཤོག །མི་བླ་སྦྲང་ཙམ་ཁུག་ལ་ཤོག །ད་ནི་བདུད་ཀྱི་ཆུང་མ་བཞི། །དམར་གྱི་ཨརྒྷ་འདི་གསོལ་ལ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །པ་ཏ་ཏ་ཐུན། དགུན་གྱི་རྒྱལ་མོར་གཤེགས་པའི་ཚེ། །མེ་ཟ་བྲག་གྱོན་རྒྱ་མཚོའི་གཏིང་ན་ཉལ། །ཁྱོད་ནི་ས་བདག་དགུ་བསྐོར་ཆུང་མ་ཡིན། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །ས་པ་ར་ཏི་པ་ཏི་ག་ཐུན་ཐུན། དཔྱིད་ཀྱི་རྒྱལ་མོར་གཤེགས་པའི་ཚེ། །ན་བཟའ་སྤྲིན་དཀར་གོ་ཟུ་ལ། །ཐ་མ་རླུང་དམར་འཚུབས་མས་བསྐོར། །ཟས་སུ་གློ་སྙིང་ནང་ཁྲོལ་ཟ། །ཁྱོད་ནི་ཙང་ཀུན་ནག་མོའི་ཆུང་མ་སྟེ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །ཏེ་བ་ཏེ་བ་ཏི་ལ་པྲ་ར་བ་ཏེ་ནི་ཐུན་ཐུན། དབྱར་གྱི་རྒྱལ་མོར་གཤེགས་པའི་ཚེ། །གོས་སུ་འཇའ་སྤྲིན་སྤེལ་མ་གྱོན། །ཟས་སུ་མེ་ཏོག་སྣ་ཚོགས་ཟ། །ཁྱོད་ནི་ས་བདག་ཧལ་ཁྱིའི་ཆུང་མ་ཡིན། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །ན་མོ་རཏྣ་ཏྲ་ཡཱ་ཡ། བཛྲ་ཀྲོ་ཏཱི་ནི་ཐུན་ཐུན། སྟོན་གྱི་རྒྱལ་མོར་གཤེགས་པའི་ཚེ། །གོས་སུ་གཤིན་རྗེའི་གཡང་གཞི་གྱོན། །ཟས་སུ་འབྲུ་དང་ལོ་ཐོག་ཟ། །ཁྱོད་ནི་ཐེ་སེའི་ཆུང་མ་ཡིན། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །ཁྱོད་ནི་བདུད་ཀྱི་ཕོ་ཉ་བཞི། །དམར་གྱི་ཨརྒྷ་འདི་གསོལ་ལ། །སྙིང་དང་སྲོག་རྩ་མཁལ་མ་དང་། །གློ་སྙིང་ནང་གྲོལ་གང་ཡང་རུང་། །སྐྲ་དང་སོ་དང་སེན་མོ་དང་། །མི་བླ་སྦྲང་ཙམ་ཁུག་ལ་ཤོག །བླ་ཤ་རེ་མ་ཏི་འགྲིམ་འགྲིམ། ཤ་ར་མ་ཏི་ཐུལ་ཐུལ། མྱོས་མྱོས་ཡེད་ཡེད། ཤ་ར་མ་ཏི་གུག་ལིང་། མྱོས་


DNG023_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

ལིང་ཤ་ལིང་པ་དུམ། ཙ་མུན་ཏྲི་བྷྱོ། བླ་འགུགས་སྤྱིར་དགུག་པའི་སྔགས་སོ། །སྲོག་དགུག་པའི་སྔགས་ལ། ཙིཏྟ་ནི་ག་ཤ་ན་ས་ལ། ཛྭ་ཀྲ་ཀ་ཏྲི་པ་ཁུག་ཤིག །གློ་སྙིང་ནང་གྲོལ་དགུག་པའི་སྔགས་ལ། ཛོ་ལི་ཙ་མུན་ཊ་ཊ། ནྲྀ་ཏྲི་ཤི་ཤི་ནུ་རྦུད། ཁྲག་དགུག་པའི་སྔགས་ལ། རཀྟ་ཙག་ཀྲ་དེ་བ་ནི་ཤིག་ཐུམ་ཐུམ། རྦུད་རྦུད་ཐུམ་ཐུམ་རྦུད་རྦུད། སོ་དང་སེན་མོ་སྐྲ་དགུག་པའི་སྔགས་ལ། ད་ཡི་མི་རྣ་སད་ཀ་པ་ལི་སིན། ཟིན་གྱི་ནི་གི་རྦད་ཐུམ་དུ་ཁུག་ཅིག །ཆེ་གེ་མོའི་མགོ་བོ་ཁོས་ཤིག །ལུས་སྐོམས་ཤིག །སྒོའི་ནོར་དང་ཕྲོལ་ཅིག །སྐྲ་ཕྱི་ཞིག །ལས་ཀྱི་རླུང་དམར་གྱིས་རྒྱབ་ནས་ཕུལ་ཅིག །འཇིགས་པའི་མུན་ནག་གིས་མདུན་ནས་སུས་ཤིག །ཁྲོ་བོ་ལག་གསུམ་པོས་སྙིང་ནས་དྲོངས་ཤིག །ལས་བྱེ་མའི་རི་རྡིབས་པ་བཞིན་ཐོང་ཞིག །སྙིང་ཨརྫ་ཀ་ཡི་དོག་པ་བཞིན་དུ་ཁོས་ཤིག །མགོ་པདྨ་བཞིན་ཁོས་ཤིག །སྙིང་ཁྲག་ཁ་ནས་སྐྱུགས་ཤིག །དོན་སྙིང་ཁོང་ནས་ཕྱུང་ཞིག །ཁ་སོ་སིལ་བུར་ལྷོགས་ཤིག །མིག་འབྲས་ཐང་ལ་ཕྱུང་ཞིག །དམ་ཚིག་གི་དམོད་པས་སྡིགས་ཤིག །དཔལ་གྱི་ཆད་པ་ཆོད་ཅིག །སྤུ་གྲི་ཡ་མའི་རྒྱུད་ལས་ཐུགས་དམ་གནད་ནས་བསྐུལ་བ་དང་། དམ་ཚིག་དམོད་པའི་ལེའུ་སྟེ་ཉི་ཤུ་པའོ།། །།དེ་ནས་གར་གྱི་དབང་ཕྱུག་གིས། །ཚེ་དང་བསོད་ནམས་སྒྲུབ་པ་དང་། །རིགས་བརྒྱུད་སྤེལ་བར་བཀའ་སྩལ་པ། །བཙན་ཕྱུག་འཕན་དར་ཐོད་པ་ལ། །གངས་ཆུ་ཙནྡན་ཆུས་བཀྲུས་ལ། །མཚན་ལྡན་བུ་མོ་གཞོན་ནུ་ཡི། །ནུ་ཞོ་མཚལ་དང་ཐིག་ལེར་སྦྱར། །ཡུམ་དང་ཚེ་ཡི་སྙིང་པོ་བྲི། །རྡོ་རྗེ་ཚེ་དང་སྙིང་པོར་བཅས། །གསང་སྔགས་འདིས་ནི་བརྟན་པར་བྱ། །ཨཱ་ཡུཿཕ་ལ་སིདྡྷི་ཧཱུཾ། བར་བར་ཚེ་ཡི་ལྷ་མོ་བསྐུལ། །ཨིནྡྲ་ནཱི་ལ་པདྨ་ཚེ་ཡི་ཡུམ། །སྐུ་མདོག་པདྨ་རཱ་གའི་མདོག །རལ་པ་དཀར་པོ་གཡས་ནས་གཡོན་དུ་འཁྱིལ། །ཕྱག་ན་རིན་ཆེན་བུམ་པ་འཛིན། །ཚེ་སྲོག་ཀུན་ལ་དབང་བྱེད་མ། །མཐུ་ཆེན་དྲེགས་པའི་ལག་ནས་ཚེ་དྲོངས་ལ། །སྐལ་ལྡན་རིགས་ཀྱི་བུ་


DNG023_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དབང་ཅིག་སྐུར། །གཟི་བྱིན་མཐུ་དང་རྫུ་འཕྲུལ་དངོས་གྲུབ་སྩོལ། །ནྲྀ་བྷྲཱུཾ་ཛ་ཨཱ་ཡུ་ཥེ་ཨཱ། ཚེ་དང་བསོད་ནམས་གང་འདོད་ལ། །དབང་བསྐུར་བྱིན་བརླབ་བརྟན་པར་བྱ། །གནས་ཆེན་གསུམ་དུ་ཐིག་ལེ་གདབ། །ཏི་ར་འཕེལ་བྱེད་རྟག་ཏུ་བཅངས། །སྤུ་གྲི་ཡ་མའི་རྒྱུད་ལས་ཚེ་དང་བསོད་ནམས་འཕེལ་བའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། །།དེ་ནས་གར་གྱི་དབང་ཕྱུག་གིས། །ཉམས་པ་བསྐང་བའི་ལུང་བསྟན་པ། །ཟངས་སམ་བསེ་ཡི་གཞོང་པ་རུ། །སྨུག་མོ་གསུམ་གྱི་སྙིང་ཁྲག་བསྐྱིལ། །རམ་བུའི་ལྷ་བཤོས་སུམ་བརྩེགས་ལ། །རི་རབ་ཆེན་པོར་བྱིན་གྱིས་བརླབས། །རི་རབ་ཕྱོགས་བཞིར་སྨུག་མོ་བཞི། །ཤར་དུ་ར་སྨུག་དགུ་ཡི་གཟུགས། །ལྷོ་རུ་ཁྱི་སྨུག་དགུ་ཡི་གཟུགས། །ནུབ་ཏུ་ལུག་སྨུག་དགུ་ཡི་གཟུགས། །བྱང་དུ་བྱ་སྨུག་དགུ་ཡི་གཟུགས། །ཕྱོགས་བཞིར་གླིང་བཞིའི་རྒྱལ་མོ་བཞི། །ལག་ཏུ་བ་དན་རིན་པོ་ཆེ། །ངར་གླུད་བརྒྱ་བརྒྱ་བཞི་བརྒྱས་བསྐོར། །རི་རབ་ཟོམ་ལ་སྨུག་ནག་དགུར། །རྩེ་ལ་རྨ་བྱའི་རྒྱལ་མཚན་བསྣམས། །གུར་ནག་བུད་མེད་སྨུག་མོ་ལ། །མཆོང་གི་ལེའུ་གའུ་གྱོན་པར་བྱ། །བང་རིམ་བར་དང་ཐ་མ་རུ། །བུད་མེད་སྨུག་མོ་འབུམ་གྱིས་བསྐོར། །སྣ་ཚོགས་སྙིང་དང་དར་སྣས་བརྒྱན། །ཐིག་ལེ་དཀར་དམར་མེ་ལོང་བཅས། །སྨུག་མོ་བཞི་ཡི་མདངས་ཀྱིས་བསྐོར། །དགུ་འམ་བདུན་གྱི་བར་དུ་བསྙེན། །གསོ་གསད་སྐོང་བཟློག་དམིགས་དང་སྦྱར། །མ་གཅིག་མ་ལ་ཞུ་གསོལ་གདབ། །ལས་ཟིན་དགྲ་ཕྱོགས་བྷྱོས་བཏབ་ན། །གང་དམིགས་དེ་འགྲུབ་གདོན་མི་ཟ། །སྤུ་གྲི་ཡ་མའི་རྒྱུད་ལས་ཉམས་ན་བཟློག་པའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ།། །།དེ་ནས་གར་གྱི་དབང་ཕྱུག་གིས། །ཅི་ལྟར་བསྙེན་ཅིང་བསྒྲུབ་བྱས་ཀྱང་། །མ་འགྲུབ་གནད་ལ་དབབ་པ་བསྟན། །བདག་ཉིད་དབང་ཆེན་སྐུར་བསྒོམས་ཏེ། །མ་མོའི་སྐུ་བསྐྱེད་གདན་དུ་བཏིང་། །གདན་གྱི་སྙིང་ཁྲག་ཞལ་དུ་རྔུབ། །ལྕེ་ཡི་སྟེང་དུ་མཁས་པས་བཞག །གསང་སྔགས་འདིས་ནི་གནད་ལ་དབབ། །ཧྲཱྀཿ


DNG023_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

པདྨཱ་ཏ་ཀྲྀཏ་ཧ་ཡ་གྲཱི་བ་ཏྲག་རཀྴ་མུ་ཏྲ་ཨེ་ཀ་ཛ་ཏི་སྙིང་ཁ་རག་མ་མུ་ཙིཏྟ་ཏྲ་ཏ་ཕཊ་ནན། ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཆེ་བའི་ང་རྒྱལ་འདི་སྐད་བསྐྱེད། །ང་ནི་སངས་རྒྱས་ཀུན་གྱི་ཡབ། །ང་ནི་བདེ་གཤེགས་ཀུན་གྱི་གཙོ། །ང་ནི་གཤིན་རྗེ་ཀུན་གྱི་གཤེད། །ང་ནི་མ་མོ་ཀུན་གྱི་ཡབ། །ང་ནི་དུར་ཁྲོད་ཉིང་ཤ་ཅན། །ང་ནི་བདུད་ཀྱི་བདུད་ཆེན་པོ། །ཐམས་ཅད་དབང་ཆེན་ང་ཡི་སྐུ། །པདྨ་ཤྲཱི་ཧེ་རུ་ཀ །ང་ནི་སྦྱོར་བདག་ཆེན་པོ་སྟེ། །ཡཀྴ་ཤྲཱི་ཧེ་རུ་ཀ །ང་ནི་སྒྲོལ་བདག་ཆེན་པོ་སྟེ། །རཀྴ་ཤྲཱི་ཧེ་རུ་ཀ །ང་ནི་དམ་ཚིག་ཆེན་པོ་སྟེ། །ས་མ་ཡ་ཤྲཱི་ཧེ་རུ་ཀ །ང་ནི་ཐམས་ཅད་སྦས་པའི་རང་བཞིན་ཏེ། །གུ་ཧྱ་དཔལ་ཆེན་ཧེ་རུ་ཀ །ང་ནི་དུས་གསུམ་ཀུན་ཏུ་འབྱུང་། །ང་ནི་དུས་གསུམ་ད་ལྟར་གནས། །ང་ནི་དུས་གསུམ་སླད་ཀྱིས་འབྱུང་། །དུས་གསུམ་འདི་ནི་ང་ཡི་དབང་། །དཔལ་འབར་དབང་ཆེན་སྐུ་བཞེངས་པ། །དམར་ནག་འབར་བ་འཇིགས་པའི་སྐུ། །དབུ་ལྔ་ཕྱག་ཀྱང་བཅུ་དྲུག་པ། །ཞབས་ཀྱང་འབར་བ་དྲུག་ཏུ་བགྲད། །དུར་ཁྲོད་འབར་བའི་ཆས་ཀྱིས་བརྒྱན། །རྡོ་རྗེའི་གཤོག་པ་ནམ་མཁར་གདེངས། །ཐོད་སྦྲུལ་འབར་བའི་རྒྱན་གྱིས་བཀླུབས། །མེ་དཔུང་འབར་བའི་ནང་ན་བཞུགས། །ཞལ་བགྲད་འབར་བའི་མཆེ་གཙིགས་ཤིང་། །སྤྱན་བཟློག་སྨིན་མ་གློག་ལྟར་འཁྱུག །ཚམ་རྔམས་དྲག་པོས་མ་མོ་འདུལ། །ཁྱོད་ཀྱི་སྲོག་སྙིང་ང་ལ་ཡོད། །ཁྲ་སྤྱང་གཟན་ལ་འཇུམ་པ་བཞིན། །སྲོག་གི་སྙིང་པོ་དམ་ལ་འདུ། །ཁྱོད་ཀྱི་དམ་རྫས་ང་ལ་ཡོད། །རས་བལ་རླུང་གིས་བསྐྱོད་པ་བཞིན། །མཐུན་པའི་དམ་རྫས་དམ་ལ་འདུ། །བཀའ་དང་དམ་ལས་མི་གནས་ན། །གཞོབ་རྒོད་རྡོག་པས་བརྫིས་པ་བཞིན། །གསོ་གླག་མེད་པར་དམྱལ་ཐག་ཆོད། །ནི་པ་ཏིང་ཀུ་རུ་ནི་ཀུ་རུ་ནི། ཁ་སོ་བ་ཏྲི་ཡཾ། སེན་ཡཾ་རུ་ཡཾ་ནི་སོད། སྙིང་ཟ་བ་ཙིཏྟ། མ་ཤ་རོ་ལ་ཁྲག་ཐུན། ཤ་ལ་ཀྱི་ཁྲིག་ཀངྐྈ་ཤ་ཡ། ཏ་པ་ར་མ་ཏོ་ཧྲི་ཧྲི་ཧཱུཾ་ཕཊ་ཏྲ་ཧེ་ཏྲ་ཧེ། གྲོ་ཤོག་ཞིང་རས་ལ་གནས་པའི། །མ་མོའི་གཟུགས་ཀྱི་སྙིང་གར་བྲབ། །རྩ་མ་ར་འམ་ཛ་ཏིས་བརྡབས། །ཚམ་རྔམས་དྲག་པོའི་སྟངས་སྟབས་བྱ། །ཞག་གསུམ་བར་


DNG023_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གཟིར་གནན་བྱ། །དེས་ནི་གནད་ལ་འབེབས་པར་འགྱུར། །དེ་ནས་བསྐང་ཞིང་ལས་ལ་སྦྱར། །སྤུ་གྲི་ཡ་མའི་རྒྱུད་ལས་ཁྲོ་བོ་འཇིགས་བྱེད་གསང་བས་དབང་དུ་བསྡུ་བའི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ།། །།དེ་ནས་གར་གྱི་དབང་ཕྱུག་གིས། །ཕྲིན་ལས་ཁྱད་པར་བསྟན་པ་ནི། །ཞི་བའི་ལས་སུ་བྱ་བ་ནི། །མཎྜལ་ཟླ་བ་ཉ་ལྟ་བུ། །ཀུན་ནས་ཡོངས་སུ་ཟླུམ་པ་ལ། །དུར་ཁྲོད་ཐལ་བས་དཀར་པོར་བྱ། །དར་དཀར་རས་ལ་མ་གནས་པ། །དཀར་ལ་མཛེས་པའི་ལྷ་མོ་གཅིག །བརྩེ་གདུང་བྱང་སེམས་མ་ལྟ་བུ། །གདུལ་བྱ་གང་དམིགས་དེ་ལ་སྐྱོབས། །གསང་སྔགས་འདིས་ནི་ཞི་བར་བྱ། །མ་མ་ཏྲག་རཀྴ་མུ་ཏྲ་ཨེ་ཀ་ཛ་ཏི་སྙིང་ཁ་རག་མ། ཤཱནྟིང་ཀུ་རུ་སྭཱ་ཧཱ། རྟག་ཏུ་འདི་ལ་གང་གནས་པ། །གནོད་སྡིག་ཐམས་ཅད་ཞི་བར་བྱེད། །རྒྱས་པའི་ལས་སུ་བྱ་བ་ལ། །མཎྜལ་ཆུ་སྐྱེས་རྒྱས་པ་ནི། །བཙོ་མ་གསེར་གྱི་ཁ་དོག་ལ། །བཙན་ཕྱུག་འཕན་དར་ཀ་པཱ་ལ། །ཙནྡན་གུར་གུམ་ཆུས་བཀྲུས་ཏེ། །བཟང་པོའི་དྲི་དང་ལྡན་པས་བདུག །སྨན་ལྔ་སྙིང་པོ་ལྔ་ལྡན་ཞིང་། །རྡོ་རྗེ་ཚེ་དང་བཅས་པ་ལ། །སྙིང་པོ་འདིས་ནི་བརྟན་པར་བྱ། །མ་མ་ཏྲག་རཀྴ་མུ་ཏྲ་ཨེ་ཀ་ཛ་ཏི་སྙིང་ཁ་རག་པུ་ཏྲ་ཨཱ་ཡུ་ཕ་ལ་པུཥྚིང་ཧཱུཾ། པུཥྚིང་ཀུ་རུ་སྭཱ་ཧཱ། བཟླས་བརྗོད་བསྙེན་པའི་གྲངས་ཐེམས་ན། །ལོངས་སྤྱོད་ཐམས་ཅད་རྒྱས་པར་འགྱུར། །ལོག་ལྟ་དབང་དུ་བྱ་བ་ན། །མཎྜལ་བྷ་གའི་དབྱིབས་འདྲ་བར། །ཤེས་རབ་མཚལ་གྱིས་དམར་པོར་བྱ། །བུད་མེད་ན་ཆུང་མཛེས་མ་ཡི། །ཐོད་པར་དབང་གི་གའུ་བྱ། །མཚལ་ཆེན་དག་གིས་མ་གཅིག་བྲི། །སྨུག་མོ་མཛེས་པའི་ཚུལ་གཅིག་མ། །ཆགས་པས་ཁམས་གསུམ་དབང་དུ་སྡུད། །གསང་སྔགས་འདིས་ནི་རང་དབང་འགྱུར། །མ་མ་ཏྲག་རཀྴ་མུ་ཏྲ་ཨེ་ཀ་ཛ་ཏི་སྙིང་ཁ་རག་མ་བ་ཤཾ་ཀུ་རུ་སྭཱ་ཧཱ། གསང་སྔགས་ཚད་དུ་ཕྱིན་པ་ན། །ལོག་པར་ལྟ་བ་དབང་དུ་འགྱུར། །སྐྱིན་ཐང་དབབ་པའི་ལས་བྱས་ན། །མུ་སུ་ལྐུགས་པ་ར་ཡི་ཐོད་པ་ལ། །གང་དམིགས་ཡུལ་དང་


DNG023_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

མིང་བྲིས་ཏེ། །དབབ་སྔགས་སྙིང་པོས་ཐ་མ་བསྐོར། །སྨུག་མོ་གསུམ་གྱི་སྙིང་ཁྲག་དང་། །སྣ་ཚོགས་དུག་དང་ལོ་བླ་སོགས། །གུ་གུལ་དུད་པས་བདུག་བྱ་སྟེ། །སྨུག་མོ་འཇིགས་པའི་ཆ་བྱད་ཅན། །ཐོད་པ་ཁྲག་གི་རྒྱ་མཚོའི་ནང་། །ཁྲག་གི་སྐྱིན་ཐང་འདེབས་པའི་བདག །ཉུང་དཀར་ཁྲག་སྐམ་གུ་གུལ་ལ། །སྐྱིན་ཐང་སྙིང་པོ་འདི་ཡིས་དབབ། །མ་མ་ཏྲག་རཀྴ་མུ་ཏྲ། ཨེ་ཀ་ཛ་ཏི་སྙིང་ཁ་རག་མ་དུད་ཕྲོམ། དཀར་ཕྲོམ།ཤུད་ཏི་ཕྲོམ། ཡུག་ཏི་སྨིན། ཤར་ཤར་པ་ཏ་ཧྲིལ་བྷྱོ། ཆུ་འཁྱགས་སྙིང་པོར་དྲིལ་བའི་སྔགས། །སྒྲུབ་པ་པོས་ནི་ནན་ཏན་བྱ། །ཆུ་རྣམས་སྙིང་པོར་དྲིལ་བ་དང་། །ཁྱད་པར་དུས་ཚོད་གཟའ་ལ་གཏད། །བདག་པོ་གནས་པའི་རྟེན་ས་རུ། །སྐྱིན་ཐང་ཟོར་ཐུན་དབབ་པར་བྱ། །ཏྲག་རཀྴ་ས་མ་ཡ་སྙིང་ཁ་རག་ཡུལ་ཆེ་གེ་མོ་དུད་ཕྲོམ། དཀར་ཕྲོམ། ཤུ་ཏི་ཕྲོམ། ཡུག་ཏི་སྨིན། ཤར་ཤ་ཏ་ཧྲིལ་ཚལ་པ་ཐུན་བྷྱོ། གུ་གུལ་དུད་པས་ཡུལ་བདག་གཟིར། །ཁྲག་གི་སྐྱིན་ཐང་གློ་བུར་དབབ། །ལྟས་ངན་དབབ་པའི་ལས་བྱས་ན། །སྣེལ་གྲི་མོ་ཡི་ཐོད་པ་རུ། །ལྟས་ངན་སྣ་ཚོགས་སྙིང་ཁྲག་བསགས། །དུར་ཁྲོད་རས་ཀྱིས་ཁ་བཅད་ལ། །ཞིང་ཆེན་གསར་པའི་ལྡིང་ཁང་དབུབ། །འབྲུ་སྣ་ཚོགས་པའི་ཕྱེ་བཏགས་ལ། །ལྟས་ངན་ཤ་ཁྲག་སྙིང་དང་བསྲེ། །ལྟས་ངན་རྒྱལ་མོའི་གཟུགས་བྱས་ཏེ། །དཀྱིལ་འཁོར་གྲུ་གསུམ་ཨེ་ལ་བཞག །སྣ་ཚོགས་ལྟས་ངན་གཟུགས་ཀྱིས་བསྐོར། །ལེ་བརྒན་དར་གྱི་གུར་ཕུབ་ལ། །ལྟས་ངན་སྣ་ཚོགས་བསྒྲུབ་པར་བྱ། །ཉུང་དཀར་སྔགས་ལ་ཐུན་དུ་བླུག །ལྟས་ངན་རྒྱལ་མོ་འབར་བར་བསྐུལ། །སྙིང་པོ་འདི་ནི་བརྩོན་བྱས་ནས། །དངོས་སམ་ཕྱོགས་སུ་ཐུན་འཕང་ན། །ལྟས་ངན་སྣ་ཚོགས་མཆོང་འཁྲབ་བྱེད། །མ་མོའི་ཕོ་བྲང་ཐེབས་པའི་རྟགས། །མ་མ་ཏྲག་རཀྴ་མུ་ཏྲ། ཨེ་ཀ་ཛ་ཏི་སྙིང་ཁ་རག་མ་ཏྲག་ཧ་ཧེ་མ་དུན་ཙེ་ཡ། ཀངྐ་ཀེ་པྲི་ལ་དུན་ཙེ་ཡ་ཀྱང་ཀྱི་ཕོབ་ཡ། ཡ་མ་ལིང་ཤ་མ་ལིང་། ཤ་མ་ལིང་། མི་ཤ་ཛ། མི་ཤ་དུན་ཛ་ཕོབ་ཡ། འུར་འུར། ཏྲབ་


DNG023_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

ཏྲབ། ཐིབ་ཐིབ། ཀྱིང་ཀྱིང་དུན་དུན་ཕོབ་ཡ། ཙི་པི་ལི་དུར་ཡག་ཤིང་འདུ་འུ་འདུ་འུ་ཤྲི་བ་ལ་དུན་ཙེ་ཕོབ་ཡ། དབབ་པའི་སྦྱོར་བ་བརྩམ་པ་ཡིན། །རིག་སྔགས་སྦྱོར་བ་བཟློག་པའི་ལས། །སྨིན་པའི་ས་ལ་བྱས་པ་ཡི། །མཆོད་རྟེན་དམར་པོ་ཁྲུ་གང་བ། །བུམ་པར་བཟློག་པའི་འཁོར་ལོ་བྱ། །རི་རབ་ནང་དུ་བསད་པའི་ལས། །འོག་ཏུ་མནན་པའི་འཁོར་ལོ་ཡི། །འཁོར་ལོ་རྩིབས་མཆན་ཡིག་འབྲུ་རེ། །ལས་སྔགས་རྩ་བའི་ཡི་གེ་ལ། །མིང་དང་དབྱངས་ཀྱི་ཡི་གེས་བསྐོར། །ལིངྒ་ཕུར་པ་གནད་དང་བཅས། །དབང་བསྐུར་བྱིན་རླབས་ཐོབ་བྱས་ལ། །རབ་ཏུ་དབེན་པའི་གནས་སུ་བཞག །དེ་ཡི་གསང་སྔགས་རིམ་པ་ནི། །མ་མ་ཏྲག་རཀྴ་མུ་ཏྲ་ཨེ་ཀ་ཛ་ཏི་སྙིང་ཁ་མ། ཨེ་ཀ་དུ་ན་བཟློག །མ་ཧཱ་དུ་ན་བཟློག །ས་ག་དུ་ན་བཟློག །ཙ་དུར་སྙིང་ན་བཟློག །ར་ཙ་དུ་ན་བཟློག །གཅིག་ཏུ་དྲིལ་ཞིང་སྐབས་སུ་གཏོར། །སྤྱི་དང་ཁྱད་པར་བཟློག་པའི་ལས། །བསད་པའི་སོ་ལ་མཱ་ར་ཡ། །མནན་པའི་སོ་ལ་སྟྭཾ་བྷ་ཡ་ནན། སྤྱི་དང་ཁྱད་པར་བཟློག་པ་ནི། །གཅིག་ཏུ་དྲིལ་ཞིང་སོ་སོར་གཏོར། །གང་ལ་བྱ་བ་དུས་དང་སྦྱར། །གང་དམིགས་དེ་འགྲུབ་གདོན་མི་ཟ། །སྤུ་གྲི་ཡ་མའི་རྒྱུད་ལས་ཕྲིན་ལས་ཁྱད་པར་སོ་སོར་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པའོ།། །།དེ་ནས་དཔལ་པདྨ་གར་གྱི་དབང་ཕྱུག་གིས། འབར་མ་དབྱིངས་ཀྱི་རལ་གཅིག་མ། །སྐུ་དང་གསུང་དང་ཐུགས་ཀྱི་གཏེར། །ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱང་། །ཁྱད་པར་ཐབས་ཀྱི་རིམ་པ་ཡིས། །དངོས་གྲུབ་དྲང་དབང་སྒྱུར་བ་དང་། །ལྟ་སྤྱོད་སོ་སོར་བསྟན་པ་ལ། །འདུས་པའི་འཁོར་རྣམས་ཡི་རངས་ཏེ། །མངོན་པར་བསྟོད་ནས་སོ་སོར་དེངས། །གར་གྱི་དབང་ཕྱུག་ཡབ་ལ་ཐིམ། །དབང་ཆེན་མི་གནས་དབྱིངས་སུ་མནལ། །སྤུ་གྲི་ཡ་མའི་རྒྱུད་ལས་བསྟན་པའི་རྒྱུད་ཀྱི་དོན་ཡོངས་སུ་གཏན་ལ་ཕབ་ནས། རྗེས་སུ་ཡི་རངས་ཤིང་མངོན་པར་བསྟོད་པའི་ལེའུ་སྟེ་ཉི་ཤུ་རྩ་ལྔ་པའོ།། །།སྤུ་གྲི་ཡ་མའི་རྒྱུད་རྫོགས་སོ།། །།རྒྱ་གར་གྱི་སློབ་དཔོན་དཱ་ན་ཤཱི་ལ་དང་། བོད་ཀྱི་སློབ་དཔོན་དགེ་སློང་ཡང་དབང་གཏེར་གྱིས་བསྒྱུར་ཅིང་ཞུས་ཏེ་
གཏན་ལ་ཕབ་པའོ། །ཀུན་གྱི་ཐུན་མོང་མ་ཡིན་ཏེ། །འདི་བསྒྱུར་བསོད་ནམས་ཆེན་པོས་ནི། །ཕྱི་རབས་བསྟན་པ་སྲུང་བར་ཤོག །ཡོན་ཏན་རྒྱ་མཚོ་གར་གནས་པར། །བསྟན་པ་རྒྱ་མཚོ་ཚུགས་པར་ཤོག །འགྲོ་བ་ཡོངས་ཀྱིས་ཁུར་བར་ཤོག། །།

ཨེ་ཀ་ཛ་ཊི་སྦས་པ་ནག་མོའི་རྒྱུད།


DNG023_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཙི་ར་མ་ནི་ཤ་པྲ་ཏི་ཏནྟྲ། བོད་སྐད་དུ། ཨེ་ཀ་ཛ་ཊི་སྦས་པ་ནག་མོའི་རྒྱུད། དཔལ་ཁྲག་འཐུང་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ལྕང་ལོ་ཅན་གྱི་ཕོ་བྲང་ནས། ཀུན་བཟང་ལྷའི་རྒྱལ་པོའི་ཕྱོགས་ཀྱི་རི་མ་ལ་ཡའི་བྲག་ཕུག་ཏུ། དཔལ་ཆེན་པོ་ཧཱུཾ་སྒྲའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ལས། འཁོར་གྱི་ཨེ་ཀ་ཛ་ཊི་དང་། རེ་མ་ཏི་དང་། རེ་མ་ཊི་དང་། རེ་མ་ཛ་དང་། རེ་མ་ཛུ་དང་། ནག་མོའི་ཚོགས་དང་། དམར་མོའི་ཚོགས་དང་། ཁྲོ་གཉེར་རླབས་ཅན་མའི་ཚོགས་དང་། བཅོམ་ལྡན་འདས་དཔལ་ཁྲག་འཐུང་གི་རྒྱལ་པོ་ལ་རྐང་མགྱོགས་ཀྱི་རྫུ་འཕྲུལ་བསྟན་པས། བཅོམ་ལྡན་འདས་དཔལ་ཆེན་པོས། དབུ་དགུ་ཕྱག་བཅོ་བརྒྱད་དུ་སྤྲུལ་ཏེ། དུར་ཁྲོད་ཀྱི་ཆས་བརྒྱད་སྐུ་ལ་བརྒྱན་ནས། བསྐལ་པའི་མེ་རི་འབར་བའི་ཀློང་ན་བཞུགས་ཏེ། སྡིགས་མཛུབ་མེ་འབར་བ་མ་མོའི་ཚོགས་ལ་བསྟན་པས། མ་མོའི་ཚོགས་འདར་ཞིང་བརྒྱལ་ནས་རྡོག་ས་ལ་འགྱེལ་ཏོ། །བརྒྱལ་བ་སངས་ནས་སྲོག་གི་སྙིང་པོ་འདི་ཕུལ་ལོ། །མ་མ་ཏྲག་རགྴ་ཨ་ཙ་ཏི་ཨ་པ་ར་ཙི་ཏ། ཅེས་ཕུལ་ལོ། །དེ་ནས་ཁྲག་འཐུང་གི་རྒྱལ་པོས་ནག་མོའི་ཚོགས་ལ། ཡུམ་ཨེ་ཀ་ཛ་ཏི་དང་། མ་ཆགས་ཐབས་ཀྱི་སྦྱོར་བ་མཛད་ནས། དབང་མོ་དང་སྦོས་མོས་གསང་བའི་དབང་བསྐུར་ཏེ། མ་མོའི་ཚོགས་ལ་བཀའ་བསྒོས་སོ། །དེ་ནས་དཔལ་ཁྲག་འཐུང་གི་རྒྱལ་པོས་འཇིགས་བྱེད་འབར་བའི་ཏིང་ངེ་འཛིན་ལ་ཞུགས་ཏེ། མ་མོའི་ཚོགས་རྦད་དོ། །སྦས་པ་ནག་མོའི་རྒྱུད་ལས་གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་ཁྲག་འཐུང་གི་རྒྱལ་པོས་ནག་མོའི་དཀྱིལ་འཁོར་འདི་གསུངས་སོ། །དཀྱིལ་འཁོར་དམར་ནག་གྲུ་གསུམ་ལ། །གྲུ་གསུམ་དབུས་ནི་ནག་པོར་བྲི། །


DNG023_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་གམ་གསུམ་ནི་དམར་པོར་བྱ། །ཐ་མ་རྡོ་རྗེ་རྭ་བས་བསྐོར། །ཟླ་གམ་གསུམ་ལ་གཏོར་མ་གསུམ། །ཤ་སྣ་སྣ་ཚོགས་གཏོར་མར་བྱ། །མཐའ་མ་མེ་རི་རྩང་གིས་བསྐོར། །བལ་ཚོན་སྔོན་དམར་བྲུངས་ཀྱིས་དགབ། །རྨ་བྱའི་གདུགས་ཀྱང་སྟེང་དུ་དབུབ། །ལུག་ནག་དཔྱི་དཀར་རྟེན་དུ་བཅའ། །ལུག་ནག་སྤྱི་བོ་དཀར་པོ་ལ། །མ་མོའི་སྐུ་ཡི་སྙིང་པོ་བྲི། །མགྲིན་པར་སྲོག་གི་སྙིང་པོ་བྲི། །དྲག་པོ་ཐུན་ཐུན་ཞེས་བྱ་བ། །བྲིས་ལ་དེ་ཉིད་རྟེན་དུ་གཟུག །བདག་ཉིད་རྡོ་རྗེ་གཞོན་ནུ་ཡི། །ཏིང་ངེ་འཛིན་ལ་ཞུགས་ནས་ནི། །རེ་ནག་གོས་ཟུ་བརྩམ་བྱས་ནས། །ཟ་འོག་ནག་ཁྲའི་ཕུ་དུད་བྱ། །ཕྱག་རྒྱ་བཅས་ལ་བཟླས་པ་བྱ། །ཡུངས་ཀར་ཁྲག་སྐམ་ཕུལ་གང་ལ། །བསད་པའི་རྫས་ནི་སེང་ལྡེང་ཕུར་པ་དང་། །མ་མོའི་གཟུགས་ནི་ཞི་བའི་ཞལ་གསུམ་མ། །ཁ་ནས་ཁྲག་འཛག་མིག་གསུམ་གཅེར་བུར་བྲི། །སྙིང་ལ་གྲུ་གསུམ་འབར་བ་བྲི། །བི་ཏ་མཱ་ར་ཡ་ཕཊ། སྔགས་དང་དགྲ་བོའི་མིང་བྱང་སྤེལ། །མཐའ་མར་མ་མོའི་དྲག་སྔགས་འདོན། །སྦས་པ་ནག་མོའི་རྒྱུད་ལས་དཀྱིལ་འཁོར་གྱི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཁྲག་འཐུང་གི་རྒྱལ་པོས་སྲོག་གི་སྙིང་པོ་འདི་རྣམས་དྲངས་ཏེ། མ་མ་ཏྲག་རགྴ་དྷ་དྷ་དྷ་པ་མི་མ་ཧ་མ་མ་ཤ་ཏྲུཾ། ཨ་མུ་ཀ་ཤ་ཧཱུཾ། ཀུ་རུ་ཀུ་རུ། ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཨོཾ་ཨོཾ་སྲོག་ལ་མྱུར། རག་མོ་ཡག་མོ་ཀ་ལ་དུམ་པ་སྙིང་རྩ་ཤ་ལ་མ་ཡཾ་སརྦ་བིགྷྣཱན་བཾ་ཧཱུཾ་ནི། སྲོག་ལ་ཡཾ་རྦད། སརྦ་བིགྷྣཱན་བཾ་ཧཱུཾ་ཕཊ། མ་ར་ས་ན་ས་པ་ཡར་ཏ་ན་ཡེ་ཧཱུཾ་ཕཊ། སྙིང་ཕྲིལ་ཕྲིལ། སྲོག་ཡམ་ཡམ། ཆུ་མ་ཏ་ཡ་ཧཱུཾ་ཕཊ། སྙིང་ལ་ཟ་བ་མ་ཏེ་ཤ་ཡ་ཧཱུཾ་ཕཊ། རྟགས་ཐོན་སྙིང་ཏྲག་ཤ་ཛ། ཙིཏྟ་སྲོག་ཏུད་ཏུད། ཐུམ་རིལ་ཤམ་ཁྱེར་བྷྱོ། ལས་ཀྱི་མཐའ་བརྟུལ་ཕྲིན་ལས་ཤམ་ཁྱེར་བྷྱོ། ཞེས་ནག་མོའི་ཚོགས་ཀྱི་སྐུ་གསུང་ཐུགས་དང་། སྲོག་གི་སྙིང་པོ་དང་། འགུགས་བྱེད་ཀྱི་སྙིང་པོ་དང་། དྲིལ་དེ་གཙོ་བོ་ལ་ཕུལ་བས་ཁྲག་འཐུང་གི་རྒྱལ་པོ་ཞལ་མངོན་སུམ་དུ་ཁུགས་པར་གྱུར་ཏོ། །ནག་མོའི་ཚོགས་ཀྱིས་ཀྱང་ལས་
མངོན་དུ་བྱེད་པར་གྱུར་ཏོ། །སྦས་པ་ནག་མོའི་རྒྱུད་ལས་སྔགས་ཀྱི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཁྲག་འཐུང་གི་རྒྱལ་པོས་རྦད་པའི་བྱ་ཐབས་འདི་གསུངས་ཏེ། དཔལ་ཆེན་ཏིང་འཛིན་མངོན་ཞུགས་ནས། །ཐུགས་ཀའི་ཛཿལས་ལྕགས་ཀྱུ་འཕྲོས། །དགྲ་བགེགས་ཤེས་པ་བཀུག་ནས་ནི། །ཨཱ་བེ་ཤ་ཡིས་བསྡིམ་པར་བྱ། །གྲོ་ག་ཤིང་ཤུན་གྲོག་མཁར་ས། །གནས་ལྔའི་རྫས་ནི་སྦྲུ་བར་བྱ། །ལིངྒ་བཅས་ལ་མིང་རུས་བྲི། །མོན་པ་ནག་པོའི་ཐོད་པར་གཞུག །ཡུངས་ཀར་བྲབ་ཅིང་དགུག་གཞུག་བྱ། །བི་ཏ་ཡ་དང་ལྷ་མོའི་སྲོག་སྙིང་སྤེལ། །འབུམ་ཚོ་གཉིས་སུ་བཟླས་པར་བྱ། །ཡུངས་ཀར་བཟླས་ཤིང་ལིངྒ་བྲབ། །ཆེ་གེ་གྲུབ་པའི་རྟགས་འོང་སྟེ། །ལྷ་མོའི་སྐུ་ནི་མངོན་དུ་སྟོན། །ཡང་ན་འོད་དང་སྒྲ་དང་དྲི་འབྱུང་ངོ་། །དེ་ཚེ་དམོད་སྔགས་རྦད་ཅིང་བཟླས། །ཀི་ན་མུ་ཀ་ཤ་ནག་པས་ཏ་པ་ལི་ད་ཏི། ར་ལ་མུར་ཏི་ཙ་མ་བ་ལ། མཱ་ར་ཡ་ཕཊ། ཅེས་བཟླས་ཤིང་ཡུངས་ཀར་གྱིས་བྲབ་བོ། །སྦས་པ་ནག་མོའི་རྒྱུད་ལས་ལས་སྦྱོར་རྟགས་ཀྱི་ལེའུ་སྟེ་བཞི་པའོ།། །།དེ་ནས་མ་མོའི་ཚོགས་རྣམས་ཀྱི། །བྲུབ་ཁུང་ལས་ཀྱི་ཧོམ་བྱས་ཏེ། །གྲུ་གསུམ་ཁྲུ་ཕྱེད་ཐུར་དུ་བྲུ། །ཁྲུ་ཕྱེད་འདག་པས་གྱེན་དུ་བརྩིགས། །མཐའ་མ་རྡོ་རྗེའི་ར་བས་བསྐོར། །དེ་ཡི་མཐའ་མ་མེ་རིས་བསྐོར། །གདུག་པ་ཚེར་མ་ཅན་གྱི་ཤིང་རྣམས་ལ། །སྐྱེ་ཚེར་བྲ་མ་གང་རུང་གིས། །ཆག་གང་པ་ཡི་ཧོམ་བྱས་ལ། །ཧོམ་ཁུང་ནང་དུ་ལྷ་མོ་བསྐྱེད། །ཛྭ་ལ་རཾ་གྱིས་མེ་འབར་གྱིས། །ཀྲི་ན་མུ་ཀའི་སྔགས་རྣམས་དང་། །བི་ཏ་ཡ་ཡི་སྔགས་སྤེལ་ལ། །སྦྱིན་བསྲེག་བྱ་ཞིང་ལིངྒ་དབུལ། །ཐལ་བ་བསྡུས་ལ་རྒྱ་གྲམ་སར། །གནན་པ་བྱ་ཞིང་དམོད་སྔགས་བཟླས། །ཕྱིན་མ་ཐག་ཏུ་འཆི་བར་འགྱུར། །སྦས་པ་ནག་མོའི་རྒྱུད་ལས་སྦྱིན་བསྲེག་གི་ལེའུ་སྟེ་ལྔ་པའོ།། །།རྫོགས་སོ།། །།

མ་མོ་ཨེ་ཀ་ཛ་ཏི་ཟ་བྱེད་སྤྱང་རྒྱལ་ནག་མོའི་རྒྱུད་ཅེས་བྱ་བ།


DNG023_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཤྭ་ན་པྲ་མ་རཱ་ཛ་ཀཱ་ལཱི་ཏནྟྲ་ནཱ་མ། བོད་སྐད་དུ། མ་མོ་ཨེ་ཀ་ཛ་ཏི་ཟ་བྱེད་སྤྱང་རྒྱལ་ནག་མོའི་རྒྱུད་ཅེས་བྱ་བ། དཔལ་རང་བྱུང་གི་རྒྱལ་མོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། །དཔལ་རང་བྱུང་གི་


DNG023_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་མོའི་གནས། །རང་བཞིན་ལྷུན་གྱིས་རྫོགས་པ་ཡི། །བྷནྡྷ་འབར་བའི་གཞལ་ཡས་ཁང་། །དཀར་དང་དམར་དང་སེར་དང་ནག་པ་ཡི། །ཕྲིན་ལས་རྣམ་བཞིར་ལྷུན་གྱིས་གྲུབ་པ་ཡི། །ཞི་བས་སྤ་བཀོང་རྒྱས་པས་ཟིལ་གནོན་པ། །དབང་གིས་དབང་སྡུད་དྲག་པོས་སྒྲོལ་བར་བྱེད། །ཁམས་གསུམ་དབང་སྡུད་བྷནྡྷའི་གཞལ་ཡས་ནི། །དྲི་ཟ་ལ་སོགས་ཕྱོགས་སྐྱོང་བཅུ་ཡི་མགོས། །ཤར་ལ་སོགས་པ་དེ་བཞིན་རབ་ཏུ་མཛེས། །བྷནྡྷའི་གཞལ་ཡས་ལྷུན་གྱིས་གྲུབ་པ་ལ། །གནམ་ལྕགས་འབར་བའི་གཟེར་ཆེན་རབ་ཏུ་བཏབ། །ཡེ་ཤེས་ལྔ་ལྡན་ཁ་དོག་རབ་ཏུ་འཕྲོ། །ལྷ་བརྒྱད་ཀ་བ་ཀླུ་བརྒྱད་གདུང་དུ་དྲེས། །གཟའ་བརྒྱད་ཕྱམ་དྲེས་རྒྱུ་སྐར་དྲལ་དྲབ་བགྱིས། །རཱུ་ཏྲ་དཀར་པོ་སེར་པོ་དམར་པོ་དང་། །ལྗང་གུ་ལ་སོགས་པགས་པས་ཐོག་ཀྱང་ཕུབ། །ཡེ་ཤེས་བཞི་ལྡན་སྒོ་བཞིར་གནས་པ་ནི། །སྒོ་སྐྱེས་གཡས་གཡོན་ཆུ་སྲིན་འགྲམ་པ་ལ། །གཟས་པ་ཕོ་མོས་ཡ་ཐེམ་མ་ཐེམ་བྱས། །ཆུ་སྲིན་ཐོད་པའི་རྟ་བབས་རབ་ཏུ་མཛེས། །བ་དན་སུམ་ཅུ་རྩ་གཉིས་རབ་ཏུ་གཏིབས། །ཆོས་ཀྱི་འཁོར་ལོ་རབ་ཏུ་ཉམས་སུ་དགའ། །འོད་ཟེར་དམར་ནག་འཕྲོ་འདུ་རྒྱུན་མི་འཆད། །ཆོས་ཀྱི་འཁོར་ལོ་སྨུག་ནག་གདུགས་ཕུབ་པའི། །གཡས་གཡོན་ཆུ་སྲིན་ཕྲུ་གུ་བལྟ་ཞིང་ཕྱོགས། །སེང་གེ་སྟག་དང་ཆུ་སྲིན་དོམ་གྱི་མགོས། །བྷནྡྷ་འབར་བའི་གཞལ་ཡས་བད་བགྱིས་ཏེ། །ཐོད་པའི་དྲ་བ་ཚལ་བུའི་དྲ་ཕྱེད་པ། །ཞེ་སྡང་སྦྲུལ་ནག་ཆེན་པོའི་ཐག་པས་བརྒྱུས། །གསེར་གྱི་དྲིལ་འཁྲོལ་རིན་ཆེན་འོད་ཟེར་འབར། །སྦྲུལ་ནག་གདུག་པའི་ཆུན་པོ་ཉི་ལི་ལི། །ཐབས་དང་ཤེས་རབ་འོད་ཟེར་གསལ་རྒྱས་ཏེ། །གཞལ་ཡས་ཕྱི་ནང་མེད་པར་འོད་གསལ་འབར། །ཐོད་པ་ཁྲག་འཛག་ཟར་བུ་བད་དུ་ལྡན། །སྤྲུལ་པའི་ལྷ་མོས་འདོད་ཡོན་མཆོད་པ་སྟོབ། །རྒྱལ་མཚན་ཆེན་པོ་བཞི་ཡང་གནས་པ་ནི། །བྱང་ཤར་སྤྲུལ་པ་རྡོ་རྗེའི་རྒྱལ་མཚན་དང་། །ཤར་ལྷོ་འདུལ་བྱེད་ལྕགས་ཀྱི་རྒྱལ་མཚན་དང་། །ལྷོ་ནུབ་ལྡ་ལྡི་དར་གྱི་རྒྱལ་མཚན་དང་། །ནུབ་བྱང་དམར་ནག་ཁྲག་གི་རྒྱལ་མཚན་ཏེ། །རྒྱལ་མཚན་


DNG023_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་བཞི་ཡང་དེ་བཞིན་གནས། །དེ་ལྟར་གནས་པའི་གཞལ་ཡས་ཆེན་པོ་དེ། །དཔལ་ལྡན་རང་བྱུང་རྒྱལ་མོ་བཞུགས་པའི་གནས། །གཞལ་ཡས་ཕྱི་རིམ་ཁྲག་གི་རྒྱ་མཚོར་ནི། །སྤྲུལ་པའི་མ་མོ་མཁའ་འགྲོ་བཞུགས་པའི་གནས། །ཕྱི་རིམ་ཐོད་པའམ་ལྕགས་ཀྱི་གྲོང་ཁྱེར་ནི། །བདུད་དང་སྲིན་པོ་གཤིན་རྗེ་བཞུགས་པའི་གནས། །མཐའ་མ་ལྕགས་རི་ནག་པོས་བསྐོར་བའི་ནང་། །དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་གཏམས་པ་ནི། །དུར་ཁྲོད་བདག་པོ་ཕྱོགས་སྐྱོང་ཡི་དྭགས་དང་། །རོ་ནི་སྣ་ཚོགས་རྣམ་པར་བམས་པ་དང་། །རུལ་དང་མྱགས་དང་རྣམ་པར་སྔོ་བ་དང་། །སྟག་དང་གཟིག་དང་གཅན་གཟན་སྣ་ཚོགས་དང་། །ཀངྐ་ཀ་དུར་བྱ་འདབ་ཆགས་སྣ་ཚོགས་དང་། །ཤིང་ལ་སོགས་པ་སྣ་ཚོགས་དེ་བཞིན་གནས། །ཤ་ཟ་ཁྲག་འཐུང་ལས་ཀྱི་མཁའ་འགྲོ་དང་། །གིང་དང་ལང་ཀ་གནོད་སྦྱིན་ཕོ་མོའི་གནས། །གཞན་ཡང་དུར་ཁྲོད་གླིང་ན་མ་མོ་མཁའ་འགྲོའི་ཚོགས། །དཔལ་ཆེན་བཀའ་ལ་གཏོགས་པ་བསམ་མི་ཁྱབ། །དེ་དག་ཐམས་ཅད་འཁོར་དང་ཐབས་ཅིག་བཞུགས། །དུར་ཁྲོད་གཞལ་ཡས་དེ་ཡི་ཕྱི་རིམ་ན། །དུར་ཁྲོད་མེ་དཔུང་འབར་བས་བསྐོར་ཏེ་གནས། །ཆོས་ཉིད་གང་དུ་མི་འགྱུར་མི་ཤིགས་རྟགས། །རྡོ་རྗེའི་ར་བ་ཕྱོགས་སུ་རྒྱ་མ་ཆད། །དེ་ལྟ་བུ་ཡི་གཞལ་ཡས་འབར་བ་དེ། །ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པའི་རྟགས། །ཕོ་བྲང་གྲུ་གསུམ་མཁའ་དབྱིངས་བདེ་ཆེན་ན། །དུར་ཁྲོད་རོ་ཡི་གདན་ལ་འགྱིང་བའི་ཚུལ། །བུད་མེད་ནག་མོ་མཛེས་པའི་ཆ་བྱད་ཅན། །དཀར་མོ་སེར་མོ་དམར་མོ་ནག་མོའི་ཚོགས། །ཉིད་ལས་མི་གཞན་འཁོར་གྱིས་བསྐོར་ཏེ་གནས། །ཉིད་ཀྱིས་ཐེ་ཚོམ་རྒྱས་པར་བཤད་པའི་ཕྱིར། །ཕྱག་ན་རྡོ་རྗེའི་སྤྲུལ་པ་ལྷ་མོ་བདེ་བྱེད་མ། །ཉིད་ལས་མི་གཞན་དམོད་པའི་མཚོན་ཆ་ཅན། །རང་ལས་བྱུང་བའི་ནག་མོ་འབུམ་དང་ཆས། །རང་བྱུང་རྒྱལ་མོ་ཉིད་ལ་འདི་སྐད་གསོལ། །ཨེ་མ་ཧོ་རང་བྱུང་རྒྱལ་མོ་ཉིད། །བདག་ནི་རྟག་ཏུ་ཁྱོད་ལ་འདུད། །ཁྱོད་ཀྱི་བྱིན་རླབས་ཐུགས་རྗེ་གང་། །རྒྱ་ཆེར་བདག་ལ་བཤད་དུ་གསོལ། །ཞེས་


DNG023_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་པས། དེའི་དུས་དེའི་ཚེ། དཔལ་ལྡན་རང་བྱུང་གི་རྒྱལ་མོ་དེ་ཡང་། སྐུ་མདོག་མཐིང་ནག་འབར་བ། མཆེ་བ་གཙིགས་པ། རལ་པས་ས་གཞི་ཁེབས་པ་ལ་སྤྱི་བོའི་གཙུག་ན་གཡུའི་རལ་པ་མཐིང་ག་འོད་དུ་འབར་བ་གཅིག་གནས་པ། ཞབས་གྱད་ཀྱི་དོར་ཐབས་སུ་བཞུགས་པ། གཡས་ན་བམ་ཆེན་གྱི་ཙིཏྟ་སྲོག་པ་རྩ་དང་བཅས་ནས་བཟུང་བ། གཡོན་པ་ན་གཡུའི་སྤྱང་མོ་རྐེ་ནས་བཟུང་ནས་ཕྲ་ཐབས་སུ་བསྣམས་པ། ཏི་ར་རོའི་གདན་ལ་ཏྲག་རཀྴ་ཞེས་བྱ་བའི་སྒྲ་བརྗོད་ནས། ཉིད་ཀྱི་ལས་སྤྲུལ་པའི་མ་མོ་བཀྱེ་སྟེ། སྐུའི་སྤྲུལ་པ་ལས་བལ་མོ་ནག་མོ། གསུང་གི་སྤྲུལ་པ་ལས་མ་མོ་སྲིན་མོའི་ཚོགས་དང་། ཐུགས་ཀྱི་སྤྲུལ་པ་ལས་མ་མོ་མོན་མོའི་ཚོགས་དང་། གཞན་ཡང་སྦྱོར་གིང་དང་སྒྲོལ་གིང་ལ་སོགས་པ་ཁྲམ་ཐོགས་ཀྱི་བདུད་དང་། སྲོག་གཅོད་ཀྱི་གིང་ལ་སོགས་པ་དང་བཅས་ཏེ། སྤྲུལ་པ་མང་པོ་ཉིད་ལས་བཀྱེ་བས། སྣང་སྲིད་ཐམས་ཅད་དུས་གཅིག་ཏུ་གཡོས་པར་གྱུར་ཏེ། ནད་ཀྱི་རླངས་པ་དང་། མཚོན་གྱི་ཆར་པ་དང་། བསྐལ་པ་ཕྲ་མོ་དང་། དུག་དབལ་ཡམས་ནད་དང་། གནམ་ལྕགས་སེར་བ་ལ་སོགས་པ། དུས་གཅིག་ཏུ་འཁྲུགས་པར་གྱུར་ཏེ། སླར་ཡང་འཁོར་བདུད་ཕོ་མོ་དེ་དག་རང་ལ་རྫོགས་པར་གྱུར་ཏོ། །སྣང་སྲིད་ཐམས་ཅད་བདེ་བ་ལ་དུས་གཅིག་ཏུ་བཀོད་དོ། །དུག་དབལ་དང་ཡམས་ནད་ལ་སོགས་པ་ཐམས་ཅད་བདུད་རྩི་ཆེན་པོར་གྱུར་ཏེ། ཐམས་ཅད་ཐུགས་རྗེ་ཆེན་པོས་བདེ་བ་ལ་བཀོད་དོ། །ཟ་བྱེད་སྤྱང་རྒྱལ་ནག་མོའི་རྒྱུད་ལས་གླེང་གཞིའི་སྐབས་ཏེ་དང་པོའོ།། །།ལྷ་མོ་བདེ་བྱེད་མས་འདི་སྐད་ཅེས་གསོལ་ཏོ། །དཔལ་ལྡན་རང་བྱུང་རྒྱལ་མོ་ཆེ། །ཐུགས་རྗེའི་བྱིན་རླབས་བདག་མོ་ནི། །ཉིད་ཀྱི་ལྟ་སྤྱོད་ཇི་ལྟར་ལགས། །ཐུགས་རྗེའི་བདག་མོས་བཤད་དུ་གསོལ། །ཅེས་གསོལ་པས། དཔལ་ལྡན་རང་བྱུང་རྒྱལ་མོས་བཀའ་སྩལ་པ། ལྟ་བ་རྣམ་པ་གཉིས་ཡོད་དེ། །གཉིས་པོ་དེ་ཡང་གཅིག་གི་ངང་། །རང་བཞིན་ལྷུན་རྫོགས་ལྟ་བ་དང་། །རྟོགས་པ་མངོན་གྱུར་ལྟ་བའོ། །རང་བཞིན་ལྷུན་རྫོགས་ལྟ་བ་ནི། །སྣང་སྲིད་འདི་ལྟར་སྣང་བའི་ཆོས། །ཕྱི་ནང་


DNG023_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

སྣོད་བཅུད་ཐམས་ཅད་ཀུན། །མ་མོ་ཉིད་ལས་གཞན་མ་ཡིན། །མ་ནི་ཀུན་གཞི་དབྱིངས་ཀྱི་ཀློང་། །མོ་ནི་བྱང་སེམས་ཡེ་ཤེས་དང་། །དབྱིངས་དང་ཡེ་ཤེས་དོན་རྟོགས་པ། །མ་དང་མོ་ཡི་དོན་རྟོགས་ཡིན། །མ་མོ་དེ་ལྟར་རྟོགས་པ་ནི། །རྟོགས་པ་མངོན་གྱུར་ལྟ་བ་ཡིན། །དེ་ལྟར་གཉིས་མེད་དོན་རྟོགས་ན། །བགྲོད་པ་མེད་པའི་ས་ཆེན་ནོན། །ཡང་གཅིག་མ་མོའི་ལྟ་བ་ནི། །མ་མོ་སྙིང་པོ་བྱང་ཆུབ་སེམས། །སྙིང་པོ་ཉིད་ལས་གཞན་མ་ཡིན། །སྙིང་པོ་བྱང་ཆུབ་ཡེ་སངས་རྒྱས། །ཐམས་ཅད་དག་པས་སངས་རྒྱས་ཡིན། །ལྷུན་གྱིས་གྲུབ་པས་མ་མོ་ཡིན། །གཉིས་སུ་མེད་པས་མ་མོ་ཡིན། །རང་ལས་བྱུང་བས་མ་མོ་ཡིན། །ཡོངས་ལ་ཁྱབ་པས་མ་མོ་ཡིན། །ཅིར་ཡང་སྣང་བས་མ་མོ་ཡིན། །གང་ཡང་ཤར་བས་མ་མོ་ཡིན། །ཁྱབ་པར་གདལ་བས་མ་མོ་ཡིན། །མི་འགྱུར་མི་ཤིགས་མ་མོ་ཡིན། །གཅིག་ལས་མེད་པས་མ་མོ་ཡིན། །ཐ་དད་མེད་པས་མ་མོ་ཡིན། །མ་མོ་སྒོམ་ཞིང་སྒྲུབ་ཏུ་མེད། །མ་མོ་བསྒོམས་ཤིང་བསྒྲུབས་ན་འགྲུབ། །བགྲོད་དུ་མེད་པར་གར་ཡང་ཕྱིན། །རྩལ་དུ་མེད་པས་གང་ཡང་འགྲུབ། །གདགས་སུ་མེད་པས་ཐམས་ཅད་ཡིན། །ཐ་དད་སྣང་བས་གཉིས་སུ་མེད། །གཉིས་མེད་དོན་རྟོགས་མ་མོ་ཡིན། །མ་ནི་སྙིང་པོ་བྱང་ཆུབ་སེམས། །མོ་ནི་རང་བྱུང་ཡེ་ཤེས་ཡིན། །སྙིང་པོ་བྱང་ཆུབ་ཉིད་ལ་ནི། །རང་བྱུང་ཡེ་ཤེས་དེ་བཞིན་ཉིད། །ཡེ་ནས་རྣམ་དག་སྙིང་པོ་ཉིད། །ཡེ་ནས་ལྷུན་གྱིས་རྫོགས་པར་གནས། །ཁྱུང་ཆེན་ནམ་མཁར་ལྡིང་བ་ཡང་། །སྣང་སྲིད་ཕྱི་རྒྱ་རླབས་ཀྱིས་གཅོད། །སྙིང་པོ་བྱང་ཆུབ་ཉིད་ལས་ནི། །མ་མོ་ཞེས་སུ་གདགས་སུ་མེད། །སྙིང་པོ་བྱང་ཆུབ་སེམས་ལས་ནི། །མ་མོ་གཞན་ནས་བཙལ་མི་རྙེད། །སེམས་ལ་ཀུན་འབྱུང་ཐམས་ཅད་སེམས། །མ་མོ་བྱང་ཆུབ་སེམས་ཀྱི་རྒྱན། །དེ་ལྟར་གཉིས་མེད་དོན་རྟོགས་ན། །མ་མོ་བསྒོམ་ཞིང་བསྒྲུབ་མི་དགོས། །མ་མོ་ལུས་དང་གྲིབ་བཞིན་འགྲོགས། །ཞེས་གསུངས་སོ། །ཟ་བྱེད་སྤྱང་རྒྱལ་ནག་མོའི་རྒྱུད་ལས་ལྟ་བ་བསྟན་པའི་སྐབས་ཏེ་གཉིས་པའོ།། །།


DNG023_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་སྤྱོད་པ་བཀའ་སྩལ་པ་ནི། གཟུགས་སུ་སྣང་བ་ཐམས་ཅད་ཀུན། །མ་མོའི་སྐུ་ཡི་བདག་ཉིད་ཡིན། །སྒྲ་རུ་གྲག་པ་ཐམས་ཅད་ཀུན། །མ་མོའི་གསུང་གི་བདག་ཉིད་ཡིན། །སེམས་ཀྱི་དྲན་རྟོག་ཐམས་ཅད་ཀུན། །མ་མོའི་ཐུགས་ཀྱི་བདག་ཉིད་ཡིན། །རང་བྱུང་ཡེ་ཤེས་ཐམས་ཅད་ཀུན། །མ་མོའི་ཡོན་ཏན་བདག་ཉིད་ཡིན། །ཐམས་ཅད་རང་ལས་བྱུང་བས་ནི། །ཕྲིན་ལས་རྣམ་བཞི་ཅིར་སྤྱད་ཀྱང་། །མ་མོའི་ཕྲིན་ལས་བདག་ཉིད་ཡིན། །དེ་ལྟར་སྤྱད་ལུགས་ཅི་བདེར་སྤྱད། །ཐམས་ཅད་གཉིས་སུ་མེད་པར་སྤྱད། །ཐམས་ཅད་མ་ལུས་མ་མོར་སྤྱད། །མ་མོའི་སྙིང་པོ་སེམས་སུ་སྤྱད། །ཅེས་གསུངས་སོ། །ཟ་བྱེད་སྤྱང་རྒྱལ་ནག་མོའི་རྒྱུད་ལས་སྤྱོད་པ་བསྟན་པའི་སྐབས་ཏེ་གསུམ་པའོ།། །།ལྷ་མོ་བདེ་བྱེད་ཡང་གསོལ་པ། །དཔལ་ལྡན་རང་བྱུང་རྒྱལ་མོ་ཆེ། །ལྟ་སྤྱོད་གཉིས་ཀྱི་བདག་མོ་ན། །ཉིད་ཀྱི་སྒོམ་སྒྲུབ་ཇི་ལྟར་ལགས། །ལྟ་སྤྱོད་བདག་མོས་བཤད་དུ་གསོལ། །དེ་སྐད་གསོལ་པ་གསན་ནས་ཀྱང་། །རང་བྱུང་རྒྱལ་མོས་བཀའ་སྩལ་པ། །སྣང་སྲིད་ཐམས་ཅད་མ་མོར་བསྒོམ། །མ་མོ་བྱང་ཆུབ་སེམས་སུ་བསྒོམ། །སེམས་ཉིད་ཡེ་སངས་རྒྱས་པར་བསྒོམ། །ཐམས་ཅད་འབྱུང་བ་ལྔ་རུ་བསྒོམ། །འབྱུང་བ་ལྔ་ཉིད་ནམ་མཁར་བསྒོམ། །ཕྱི་ནང་སྣོད་བཅུད་ཆོས་རྣམས་ཀུན། །ཆོས་ཉིད་བྱང་ཆུབ་སེམས་སུ་བསྒོམ། །དབྱིངས་དང་ཡེ་ཤེས་གཉིས་མེད་ན། །དེ་ཡང་མ་མོའི་སྒོམ་པ་ཡིན། །ཐབས་དང་ཤེས་རབ་གཉིས་མེད་ན། །དེ་ཡང་མ་མོའི་སྒོམ་པ་ཡིན། །འཁོར་བ་མྱང་འདས་གཉིས་མེད་ན། །དེ་ཡང་མ་མོའི་སྒོམ་པ་ཡིན། །སངས་རྒྱས་སེམས་ཅན་གཉིས་མེད་ན། །དེ་ཡང་མ་མོའི་སྒོམ་པ་ཡིན། །བདེ་དང་སྡུག་བསྔལ་གཉིས་མེད་ན། །དེ་ཡང་མ་མོའི་སྒོམ་པ་ཡིན། །ཤེས་རབ་ཏིང་འཛིན་གཉིས་མེད་ན། །དེ་ཡང་མ་མོའི་སྒོམ་པ་ཡིན། །ལྟ་བ་སྤྱོད་པ་གཉིས་མེད་ན། །དེ་ཡང་མ་མོའི་སྒོམ་པ་ཡིན། །ཕྱི་ནང་སྣོད་བཅུད་གཉིས་མེད་ན། །དེ་ཡང་མ་མོའི་སྒོམ་པ་ཡིན། །ཡུལ་དང་དབང་པོ་གཉིས་མེད་ན། །


DNG023_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་མ་མོའི་སྒོམ་པ་ཡིན། །མ་མོ་སེམས་དང་གཉིས་མེད་ན། །བསྒོམ་དུ་མེད་པ་སྒོམ་པའི་མཆོག །ཅེས་གསུངས་སོ། །ཟ་བྱེད་སྤྱང་རྒྱལ་ནག་མོའི་རྒྱུད་ལས་སྒོམ་པ་བསྟན་པའི་སྐབས་ཏེ་བཞི་པའོ།། །།དེ་ནས་སྒྲུབ་པ་བསྟན་པ་ནི། །སྣང་ཞིང་སྲིད་པའི་ཆོས་རྣམས་ཀུན། །ཐམས་ཅད་མ་མོར་བསྒྲུབ་པར་བྱ། །མ་མོ་རང་བྱུང་སེམས་སུ་བསྒྲུབ། །སེམས་ཉིད་ཡེ་བསྒྲུབས་ཆེན་པོ་ཡིན། །སྣང་མེད་ཀུན་ཏུ་སྣང་བའི་གདོས་པ་ཅན། །བྱ་བ་མེད་ཅིང་མཚན་ཉིད་ཅི་དགར་འགྱུར། །ནོར་བུ་རིན་ཆེན་ལྟ་བུའི་སེམས་ཉིད་དེ། །མ་མོ་མཁའ་འགྲོ་སེམས་ཅན་རྣམས་ཀྱི་དངོས། །དེ་ཉིད་མ་ཡེངས་མ་མོའི་སྒྲུབ་པ་ཡིན། །ཞེས་གསུངས་སོ། །ཟ་བྱེད་སྤྱང་རྒྱལ་ནག་མོའི་རྒྱུད་ལས་སྒྲུབ་པ་བསྟན་པའི་སྐབས་ཏེ་ལྔ་པའོ།། །།ལྷ་མོ་བདེ་བྱེད་ཡང་གསོལ་པ། །དཔལ་ལྡན་རང་བྱུང་རྒྱལ་མོ་ཆེ། །སྒོམ་སྒྲུབ་གཉིས་ཀྱི་བདག་མོ་ནི། །ཉིད་ཀྱི་སྦྱོར་སྒྲོལ་ཇི་ལྟར་ལགས། །སྒོམ་སྒྲུབ་བདག་མོས་བཤད་དུ་གསོལ། །དེ་སྐད་གསོལ་པ་གསན་ནས་ཀྱང་། །རང་བྱུང་རྒྱལ་མོས་བཀའ་སྩལ་པ། །བདེ་གཤེགས་ཐུགས་ཀྱི་ཡེ་ཤེས་ལ། །རང་གི་ཡེ་ཤེས་བློ་ཡིས་སྦྱོར། །ཐམས་ཅད་ཆོས་ཀྱིས་ཆོས་ཉིད་ལ། །སེམས་ཀྱིས་སེམས་ཉིད་གཉིས་མེད་སྦྱོར། །ཐབས་དང་ཤེས་རབ་གཉིས་མེད་སྦྱོར། །དབྱིངས་དང་ཡེ་ཤེས་གཉིས་མེད་སྦྱོར། །སངས་རྒྱས་སེམས་ཅན་གཉིས་མེད་སྦྱོར། །འཁོར་བ་མྱང་འདས་གཉིས་མེད་སྦྱོར། །ཕྱི་ནང་སྣོད་བཅུད་གཉིས་མེད་སྦྱོར། །ཡུལ་དང་དབང་པོ་གཉིས་མེད་སྦྱོར། །སྣང་སྲིད་ཐམས་ཅད་མ་མོར་སྦྱོར། །མ་མོའི་སྙིང་པོ་སེམས་སུ་སྦྱོར། །སེམས་ཉིད་ཡེ་སྦྱོར་ཆེན་པོ་ཡིན། །དེ་ལྟར་གཉིས་མེད་སྦྱོར་བ་ན། །དེ་ནི་མ་མོའི་སྦྱོར་བ་ཡིན། །ཞེས་གསུངས་སོ། །ཟ་བྱེད་སྤྱང་རྒྱལ་ནག་མོའི་རྒྱུད་ལས་སྦྱོར་བ་བསྟན་པའི་སྐབས་ཏེ་དྲུག་པའོ།། །།དེ་ནས་སྒྲོལ་བ་བསྟན་པ་ནི། ཁམས་གསུམ་ཐམས་ཅད་རང་གི་སེམས་ཡིན་པས། །སེམས་ཉིད་ཡེ་སངས་རྒྱས་པས་ཁམས་གསུམ་ཡོངས་སྒྲོལ་


DNG023_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །སྲིད་གསུམ་ཐམས་ཅད་རང་གི་སེམས་ཡིན་པས། །སེམས་ཉིད་ཡེ་སངས་རྒྱས་པས་བྱར་མེད་འབད་རྩོལ་བྲལ། །སྲིད་པ་དག་པའི་ཞིང་དུ་ཡེ་སྒྲོལ་ཆེན་པོ་ཡིན། །རྒྱུད་དྲུག་ཕུང་པོར་སྣང་བ་ཡང་། །རང་གི་སེམས་ཉིད་ཡིན་ཏེ་ཡེ་སངས་རྒྱས། །རྒྱུད་དྲུག་འཁོར་བའི་རྩད་བཅད་དག་པའི་ཞིང་དུ་སྒྲོལ། །རྒྱུད་ལྔ་ལམ་གྱི་སྒོ་ཡང་རང་གི་སེམས་ཡིན་པས། །སེམས་ཉིད་ཡེ་ནས་སངས་རྒྱས་པས། །ངན་སོང་ལམ་ཡང་ཡེ་ནས་མེད། །ཡེ་ནས་དག་པས་དག་པའི་ཞིང་དུ་སྒྲོལ། །སྣང་སྲིད་ཐམས་ཅད་མ་མོའི་ངང་དུ་བསྒྲལ། །མ་མོ་མཁའ་འགྲོ་བྱང་ཆུབ་སེམས་སུ་བསྒྲལ། །སེམས་ཉིད་ཡེ་སངས་རྒྱས་པས་ཡེ་བསྒྲལ་ཆེན་པོ་ཡིན། །ཞེས་གསུངས་སོ། །ཟ་བྱེད་སྤྱང་རྒྱལ་ནག་མོའི་རྒྱུད་ལས་སྒྲོལ་བ་བསྟན་པའི་སྐབས་ཏེ་བདུན་པའོ།། །།ལྷ་མོ་བདེ་བྱེད་ཡང་གསོལ་པ། །དཔལ་ལྡན་རང་བྱུང་རྒྱལ་མོ་ཆེ། །སྦྱོར་སྒྲོལ་གཉིས་ཀྱི་བདག་མོ་ན། །ཉིད་ཀྱི་གསོ་གསད་ཇི་ལྟར་ལགས། །སྦྱོར་སྒྲོལ་བདག་མོས་བཤད་དུ་གསོལ། །དེ་སྐད་གསོལ་པ་གསན་ནས་ཀྱང་། །རང་བྱུང་རྒྱལ་མོས་བཀའ་སྩལ་པ། །འཁོར་བའི་སྡུག་བསྔལ་ཐམས་ཅད་ཀུན། །བདེ་ཆེན་ཆོས་ཀྱི་དབྱིངས་སུ་གསོ། །ཕྱི་ནང་སྣོད་བཅུད་ཐམས་ཅད་ཀུན། །སྙིང་པོ་བྱང་ཆུབ་སེམས་སུ་གསོ། །ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །ཁམས་གསུམ་སེམས་ཅན་ཉོན་མོངས་གསོ། །འདུ་བའི་ནད་ཀྱིས་ཟིན་པ་རྣམས། །བདུད་རྩི་ཆེན་པོའི་སྨན་གྱིས་གསོ། །ཐུགས་རྗེའི་རྒྱུན་ཐག་ཆད་པ་རྣམས། །རང་བྱུང་ཡེ་ཤེས་ཐུགས་རྗེས་གསོ། །དམ་ཚིག་རྒྱུན་ཐག་ཆད་པ་རྣམས། །མི་བརྗེད་གཟུངས་ཀྱི་ཐུགས་རྗེས་གསོ། །ཤེས་རབ་མེ་སྟག་ཤི་བ་རྣམས། །ཏིང་འཛིན་མི་ཡེངས་བརྟན་པོས་གསོ། །ཤེས་རབ་མེ་ལྕེ་ཆད་པ་རྣམས། །རྟོགས་པའི་ཁྱད་པར་བརྟན་པོས་གསོ། །རང་བྱུང་ཡེ་ཤེས་རྒྱུན་ཆད་པ། །སྙིང་པོ་བྱང་ཆུབ་སེམས་ཀྱིས་གསོ། །སེམས་ཀྱི་དེ་ཉིད་མ་རྟོགས་པས། །


DNG023_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཏིང་འཛིན་བརྟན་པོས་གསོ། །མ་མོ་མཁའ་འགྲོ་གདུག་གཏུམ་པ། །སྙིང་པོ་བྱང་ཆུབ་སེམས་ཀྱིས་གསོ། །ཞེས་གསུངས་སོ། །ཟ་བྱེད་སྤྱང་རྒྱལ་ནག་མོའི་རྒྱུད་ལས་གསོ་བ་བསྟན་པའི་སྐབས་ཏེ་བརྒྱད་པའོ།། །།གསད་པའི་སྦྱོར་བ་བསྟན་པ་ནི། །དུག་ལྔ་ཡེ་ཤེས་ལྔ་རུ་བསད། །དུག་གསུམ་སྐུ་གསུང་ཐུགས་སུ་བསད། །སྡུག་བསྔལ་བདེ་བ་ཆེན་པོར་བསད། །འཁོར་བ་མྱ་ངན་འདས་པར་བསད། །ཤེས་རབ་མེ་ལྕེ་འབར་བ་ཡིས། །གཟུང་འཛིན་རླུང་ཚུབ་འཚུབས་པ་བསད། །ཤེས་རབ་མེ་སྟག་ཆེན་པོ་ཡིས། །རྣམ་རྟོག་གྲུ་ཆར་འབབ་པ་བསད། །རྣལ་འབྱོར་རྟོགས་པའི་ཁྱད་པར་གྱིས། །མ་རྟོགས་རྨོངས་པའི་གཏི་མུག་བསད། །ཡེ་ཤེས་ཉི་མ་འོད་གསལ་བས། །གཏི་མུག་མུན་པ་འཐིབས་པ་བསད། །སྣང་སྲིད་ཆོས་རྣམས་སེམས་སུ་བསད། །མ་མོ་མཁའ་འགྲོའི་དབྱིངས་སུ་བསད། །ཤི་བ་མེད་པས་ཡེ་བསད་ཡིན། །སེམས་ཅན་ཐམས་ཅད་སེམས་སུ་བསད། །རྟོགས་པ་མངོན་དུ་གྱུར་པ་ན། །ཏིང་འཛིན་ལས་སུ་རུང་བ་ན། །སྣང་སྲིད་ཐམས་ཅད་གསད་པར་བྱ། །གསད་དུ་མེད་དེ་ཡེ་བསད་ཡིན། །ཞེས་གསུངས་སོ། །ཟ་བྱེད་སྤྱང་རྒྱལ་ནག་མོའི་རྒྱུད་ལས་བསད་པ་བསྟན་པའི་སྐབས་ཏེ་དགུ་པའོ།། །།ལྷ་མོ་བདེ་བྱེད་ཡང་གསོལ་པ། །དཔལ་ལྡན་རང་བྱུང་རྒྱལ་མོ་ཆེ། །གསོ་གསད་གཉིས་ཀྱི་བདག་མོ་ན། །ཉིད་ཀྱི་དབབ་བཅད་ཇི་ལྟར་ལགས། །གསོ་གསད་བདག་མོས་བཤད་དུ་གསོལ། །དེ་སྐད་གསོལ་པ་གསན་ནས་ཀྱང་། །རང་བྱུང་རྒྱལ་མོས་བཀའ་སྩལ་པ། །འཁོར་བའི་ལུང་རོང་སྐམ་པོ་རུ། །བྱང་ཆུབ་སེམས་ཀྱི་ཆུ་བོ་དབབ། །རྣམ་རྟོག་མེ་ཆེན་འབར་བ་ལ། །ཡེ་ཤེས་ཆེན་པོའི་ཆུ་བོ་དབབ། །དུག་ལྔའི་འབྲས་བུ་སྨིན་པ་ལ། །ཡེ་ཤེས་ལྔ་ཡི་སེར་བ་དབབ། །དུག་གསུམ་ལོ་མ་རྒྱས་པ་ལ། །སྐུ་གསུང་ཐུགས་ཀྱི་ཐོག་ཆེན་དབབ། །གཟུང་འཛིན་རླུང་ཚུབ་ལྡང་བ་ལ། །ཏིང་འཛིན་བརྟན་པོའི་ཐིབས་


DNG023_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་གནོན། །ཡུམ་གྱི་པདྨའི་བྷ་ག་རུ། །བྱང་ཆུབ་སེམས་ཀྱི་ཆུ་བོ་དབབ། །ཆོས་ཀྱི་དབྱིངས་ཉིད་གདལ་བ་རུ། །རིག་པའི་ཡེ་ཤེས་ཆུ་བོ་དབབ། །མཁའ་དབྱིངས་བདེ་ཆེན་ཀློང་ཡངས་སུ། །ཤེས་རབ་ཏིང་འཛིན་ཆུ་བོ་དབབ། །མཁའ་འགྲོ་མ་མོའི་ཕྱོགས་ཆད་དུ། །སྙིང་པོ་བྱང་ཆུབ་ཆུ་བོ་དབབ། །དབབ་ཏུ་མེད་དེ་ཡེ་ཕབ་ཡིན། །དེ་ལྟར་དབབ་པ་བསྟན་པ་ནི། །བྱང་ཆུབ་སེམས་ཀྱི་ཆུ་ཆེན་ཏེ། །མ་མོ་མཁའ་འགྲོའི་དབབ་ལུགས་ཡིན། །ཟ་བྱེད་སྤྱང་རྒྱལ་ནག་མོའི་རྒྱུད་ལས་དབབ་པ་བསྟན་པའི་སྐབས་ཏེ་བཅུ་པའོ།། །།དེ་ནས་བཅད་ལུགས་བཀའ་སྩལ་པ། །བདེ་ཆེན་ཆོས་དབྱིངས་ཀློང་ཡངས་སུ། །ཉོན་མོངས་འཁོར་བའི་རྒྱུན་ཐག་བཅད། །ང་དང་བདག་ཏུ་བལྟ་བ་ལ། །གཉིས་མེད་རལ་གྲི་རྣོན་པོ་ཡིས། །བྱང་ཆུབ་སེམས་སུ་རྒྱུན་ཐག་གཅད། །དུག་ལྔའི་ཁང་བུར་བཅུག་པ་ལ། །ཡེ་ཤེས་ལྔ་རུ་རྒྱུན་ཐག་གཅད། །དུག་གསུམ་དྲ་བར་ཆུད་པ་ལ། །སྐུ་གསུང་ཐུགས་སུ་རྒྱུན་ཐག་གཅད། །ཆགས་སྡང་ལྕགས་སུ་བཙུད་པ་ལ། །ཐབས་དང་ཤེས་རབ་སྤུ་གྲི་ཡིས། །ཆགས་སྡང་གཉིས་ཀྱི་རྒྱུན་ཐག་གཅད། །ཡིད་གཉིས་ཐེ་ཚོམ་ཟ་བ་ལ། །ཤེས་རབ་ཏིང་འཛིན་བརྟན་པོ་ཡིས། །ཡིད་ཆེས་དད་པར་རྒྱུན་ཐག་གཅད། །སྣང་སྲིད་མ་མོ་ཐམས་ཅད་ཀུན། །རང་གི་སེམས་ལས་བྱུང་བས་ན། །སེམས་ཉིད་ཡིན་པར་རྒྱུན་ཐག་གཅད། །གཅད་དུ་མེད་དེ་རྣམ་རྟོག་རྣམས། །ཡེ་སངས་རྒྱས་པས་ཡེ་རྩད་གཅད། །ཅེས་གསུངས་སོ། །ཟ་བྱེད་སྤྱང་རྒྱལ་ནག་མོའི་རྒྱུད་ལས་གཅད་ཐབས་བསྟན་པའི་སྐབས་ཏེ་བཅུ་གཅིག་པའོ།། །།བདེ་བྱེད་ལྷ་མོས་ཡང་གསོལ་པ། །དཔལ་ལྡན་རང་བྱུང་རྒྱལ་མོ་ཆེ། །དབབ་གཅད་གཉིས་ཀྱི་བདག་མོ་ན། །ཉིད་ཀྱི་མངོན་དུ་སྒྲུབ་ཐབས་གང་། །རྫས་དང་བྱ་བ་ཇི་ལྟར་ལགས། །ཕྲིན་ལས་གཞུང་བསྲང་ཇི་ལྟར་ལགས། །སྒྲུབ་ཐབས་རྣམ་པ་དུ་རུ་བསྟན། །དབབ་གཅད་བདག་


DNG023_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

མོས་བཤད་དུ་གསོལ། །དེ་སྐད་གསོལ་པ་གསན་ནས་ཀྱང་། །རང་བྱུང་རྒྱལ་མོས་བཀའ་སྩལ་པ། །ལས་སུ་བྱ་བའི་བྱེ་བྲག་རྣམས། །ངེས་པར་བཤད་ཀྱི་ཚུལ་བཞིན་ཉོན། །མངོན་དུ་སྒྲུབ་ཐབས་རྣམ་པ་གསུམ། །རབ་ཀྱིས་ཏིང་འཛིན་བརྟེན་ནས་བསྒྲུབ། །འབྲིང་གིས་སྔགས་ལ་བརྟེན་ཏེ་བསྒྲུབ། །ཐ་མས་རྫས་ལ་བརྟེན་ཏེ་བསྒྲུབ། །རབ་ཀྱིས་ཏིང་འཛིན་སྒྲུབ་ཐབས་ནི། །དཀྱིལ་འཁོར་གཞལ་ཡས་གསལ་བ་ལ། །དམིགས་པ་བསྐྱེད་ལ་ནན་ཏན་བྱ། །དམིགས་པ་གསལ་བར་གྱུར་པ་དང་། །ཏིང་འཛིན་བརྟན་པོར་གྱུར་པ་ཡིས། །མ་མོ་ལས་སུ་རུང་བ་དང་། །རྣལ་འབྱོར་ལུས་དང་གྲིབ་བཞིན་འགྱུར། །དམིགས་པ་གསལ་བར་མ་གྱུར་ཅིང་། །ལྷ་མོ་ལས་སུ་མ་རུང་ན། །ནམ་ཀྱང་བཀོལ་དུ་མི་བཏུབ་སྟེ། །དབེན་པ་ཆེན་པོའི་ས་ཕྱོགས་སམ། །དུར་ཁྲོད་མ་མོ་ཆགས་ས་རུ། །བདག་ལས་མ་ཡིན་གཞན་མི་བསྙེན། །འདུ་འཛི་སྤངས་ལ་བདེ་གནས་བཤམས། །མཎྜལ་ཆག་ཆག་ལེགས་བཏབ་ལ། །དར་དཀར་རས་ལ་མ་མོ་ཉིད། །འབྲི་མཁན་དམ་ཚིག་ཅན་གྱིས་བྲི། །མདོག་ནག་ཞབས་བགྲད་མཆེ་གཙིགས་པ། །སྤྱན་བཟློག་རལ་པ་ཐུར་དུ་བསིག །མཐིང་གའི་རལ་པ་ཆག་གང་བ། །འོད་འབར་གྱེན་དུ་བསྒྲེང་བའོ། །གཡས་པ་བམ་ཆེན་ཙིཏྟ་ལ། །གཡོན་པ་སྤྱང་མོ་ཕྲ་ཐབས་ཐོགས། །སྐྲ་དང་རལ་པའི་གསེབ་ནས་ཀྱང་། །སྤྱང་མོ་མང་པོ་འཕྲོ་བ་བྲི། །གཡས་སུ་སྒྲོལ་བའི་གིང་ཆེན་བྲི། །གཡོན་དུ་སྦྱོར་བའི་གིང་ཆེན་བྲི། །ཁ་དོག་གཟུགས་མདངས་མཛེས་པར་བྲི། །དེ་ལྟར་བྲིས་པའི་མ་མོ་དེ། །མཎྜལ་དབུས་སུ་དེ་བཞག་ལ། །དམིགས་པ་བསྐྱེད་ལ་ནན་ཏན་བྱ། །རེས་བྱིང་རེས་གསལ་ཅུང་ཟད་ཙམ། །མང་དུ་བྱུང་བས་ནན་ཏན་བྱ། །དེ་ལྟར་བྱུང་སྟེ་མངོན་གསལ་ན། །རང་གི་སེམས་ཉིད་ཡིན་པར་བལྟ། །ལོ་འམ་ཟླ་བའི་བར་དུ་བྱ། །དེ་ལྟར་ཡིན་པར་ཤེས་རྟོགས་ན། །ཕྲིན་ལས་རྣམ་བཞི་ཅི་དགར་སྤྱད། །ཞི་རྒྱས་གཉིས་ཀྱིས་གསོ་བར་བྱ། །དབང་དྲག་གཉིས་ཀྱིས་གསད་པར་བྱ། །གསལ་བ་མངོན་


DNG023_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གྱུར་པ་ན། །རང་ཉིད་ཅི་བདེ་ཅི་དགར་སྤྱད། །ཅེས་གསུངས་སོ། །ཟ་བྱེད་སྤྱང་རྒྱལ་ནག་མོའི་རྒྱུད་ལས་རབ་ཏིང་ངེ་འཛིན་ལ་བརྟེན་ཏེ་བསྒྲུབ་པའི་སྐབས་ཏེ་བཅུ་གཉིས་པའོ།། །།སྔགས་ལ་བརྟེན་ཏེ་བསྒྲུབ་པ་ནི། །དེ་ལྟར་བཀྲམ་པའི་མ་མོ་དེའི། །མདུན་དུ་དམ་རྫས་འཚོགས་བྱས་ལ། །སྔགས་ནི་སེལ་མ་ཞུགས་པར་བཟླས། །ཏྲག་རཀྴ་ཁ་མུན་ཏྲ་མུ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། རག་མོ་ཏེ་ཀུམ་ཛ་ཛ་ཁ་ལ་བྷྱོ། རུ་ལུ་རུ་ལུ་མ་ཧི་བྷྱོ། དེ་ནི་རྒྱུན་དུ་དྲང་བར་བྱ། །དྲག་མོའི་སྔགས་འདིས་མཆོད་པར་བྱ། །ཤ་ཁྲག་སྙིང་སོགས་སྤྱན་གཟིགས་དང་། །གཏོར་མ་རྒྱས་པར་གསལ་བཀྲམ་ལ། །ཏྲག་རཀྴ་ཏྲག་རཀྴ་ཙིཏྟ་ཁཱ་ཧི་སྙིང་ཁ་རག །ཏྲག་རཀྴ་གྲམ། མ་ཧཱ་མཱཾ་ས་ལ་ཡ། མ་ཧཱ་རཀྟ་གྲམ། ཙིཏྟ་རྦད་ཐུམ་རི་ལི་ལི་རྦད། དྲག་པོའི་སྔགས་འདིས་ལས་ལ་བཏང་། །ཏྲག་རཀྴ་བཛྲ་ཁ་ཆུམས་རི་ལི་ལི། བྷྱོ་རྦད་བྷྱོ། པྲ་ཏི་ས་ནམ་ཛ་སྨག་པྲ་ཏི་ས་ནམ་ཛ་ནི་ཁྲི་མག་ཁུམ་ཁུམ་མག་མག་ཆོད། ཡུངས་ཀར་ཡུངས་ནག་སྐེ་ཚེ་དང་། །དུག་རྫས་ལ་སོགས་རྫས་ཀྱིས་བརྡེག །རྫས་རྣམས་སྒྲོལ་བའི་གིང་དུ་བསྒོམ། །དེ་བཞིན་སྔགས་རྣམས་རིམ་གྱིས་སོ། །ཞེས་གསུངས་སོ། །ཟ་བྱེད་སྤྱང་རྒྱལ་ནག་མོའི་རྒྱུད་ལས་སྔགས་ལ་བརྟེན་ཏེ་བསྒྲུབ་པའི་སྐབས་ཏེ་བཅུ་གསུམ་པའོ།། །།རྫས་ལ་བརྟེན་ཏེ་བསྒྲུབ་པ་ནི། །རྫས་ནི་རྣམ་པ་ལྔ་རུ་བཤད། །དབང་རྫས་མཆོད་རྫས་བསྒྲུབ་པའི་རྫས། །བརྟེན་རྫས་བསྐང་རྫས་ལྔ་རུ་བཤད། །དབང་རྫས་བྱང་སེམས་དཀར་དམར་དང་། །ཆང་ཕུད་ཨ་མྲྀ་ཏ་སྦྱར་བའོ། །རྒྱུས་ཆེན་སྲོག་ཤད་ལ་སོགས་པའོ། །མཆོད་རྫས་སྙིང་ཁྲག་ལ་སོགས་ཤ །དཀར་གསུམ་མངར་གསུམ་སྤྱན་གཟིགས་སོགས། །སྨན་དང་ཕུད་དང་སྙིང་གིས་མཆོད། །འབྲས་བུ་སྣ་ཚོགས་དེ་བཞིན་དུའོ། །སྒྲུབ་རྫས་རྦ་དཀར་ཚིགས་གསུམ་པ། །དུག་ཁྲག་ལ་སོགས་ཐུན་རྣམས་སོ། །རྟེན་རྫས་ཤེས་རབ་མཚལ་ཆེན་དང་། །ཨ་མྲྀ་ཏ་དང་བྱང་ཆུབ་སེམས། །ཤ་ཁྲག་སྙིང་སྣ་ཚོགས་པའི་ཕྱེ། །རྟག་ཏུ་ལུས་


DNG023_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བསྲེལ་བར་བྱ། །རུ་དར་དམར་ནག་ལེ་བརྒན་གུར། །རྨ་བྱའི་རྒྱལ་མཚན་མཐིང་ནག་གུར། །སྣེལ་མོའི་གཡང་གཞི་སྣེལ་མོའི་མགོ། །ནལ་བུའི་རྒྱལ་མཚན་ཤ་ཁྲག་སྙིང་། །སྤྱི་བླུགས་ཞྭ་དང་རྔ་གླིང་དུང་། །ཙིཏྟའི་རྒྱལ་མཚན་ལུག་ནག་གསོབ། །ལྟག་སྤྲོད་རྔ་དང་ཕྲེང་ཆེན་རྣམས། །མ་མོ་བརྟེན་པའི་རྫས་སུ་བཤད། །བསྐང་རྫས་འབྲས་བུ་སྣ་ཚོགས་དང་། །བྱ་ནག་ལུག་ནག་ཁྱི་རོག་མོ། །འབྲི་རོག་མོ་ལ་སོགས་པས་བསྐང་། །མི་ཁྱི་རྟ་ཡི་བམ་གྱིས་བསྐོར། །མདོས་ལ་སོགས་པའང་དེ་བཞིན་ནོ། །དེ་ལྟར་རྫས་རྣམས་ཚོགས་པ་དང་། །མ་མོ་གཉིས་སུ་མེད་པར་འགྱུར། །ཞེས་གསུངས་སོ། །ཟ་བྱེད་སྤྱང་རྒྱལ་ནག་མོའི་རྒྱུད་ལས་རྫས་ལ་བརྟེན་ཏེ་བསྒྲུབ་པའི་སྐབས་ཏེ་བཅུ་བཞི་པའོ།། །།དེ་ནས་ཕྲིན་ལས་གཞུང་བསྲང་བ། །བྲག་དམར་ཆོལ་ཟངས་འདྲ་བ་འམ། །མཚོ་གླིང་དུར་ཁྲོད་དག་ཏུ་བསྒྲུབ། །ཟླ་བ་མར་གྱི་ཉི་ཤུ་གཉིས། །གཟའ་མཆོག་སྒྲ་གཅན་འཛིན་ལ་གཏད། །བསྒྲུབ་བྱ་ཤེས་ལྡན་དབང་རྫོགས་པས། །དཀྱིལ་འཁོར་ཞི་རྒྱས་དབང་དྲག་བཞི། །དབུས་སུ་མཚལ་གྱིས་ཏྲག་བྲིས་ལ། །རྦ་དཀར་ཚིགས་གསུམ་གཟུག་པར་བྱ། །སྐྱེར་པ་མགོ་ལིང་ཡལ་ག་ལྔ། །དེ་བཞིན་མཁར་བའི་རྩ་རུ་གཟུག །སྣེལ་མོའི་ཐོད་པ་དུམ་ལྔའི་ནང་། །རྟེན་རྫས་ཤེས་རབ་མཚལ་ཆེན་དང་། །ཨ་མྲྀ་ཏ་དང་ཆང་ཕུད་སོགས། །སྤྱན་གཟིགས་གཏོར་མ་དེ་བཞིན་ཏེ། །རྒྱབ་ནི་འཇམ་དཔལ་ཕུར་ལ་བརྟེན། །ཡང་ན་ཆེ་མཆོག་དེ་བཞིན་ནོ། །ཏིང་འཛིན་རྣམ་གསུམ་གསལ་བསྒོམ་ལ། །དབང་ཆེན་གཞལ་ཡས་གདན་བཅས་བསྒོམ། །བསྐྱེད་པ་རྐྱེན་གྱི་སྔགས་བརྗོད་དེ། །དབུས་ཀྱི་ཤིང་དང་ཐ་མི་དད། །སྐུ་ལ་དབང་བསྐུར་དུག་གིས་མཐུ་བྱིན་བསྐྱེད། །ཕྲིན་ལས་རྫོགས་ནས་རྟག་པར་རྒྱུན་སྔགས་བཟླས། །བར་དུ་རྦད་ཅིང་ཐ་མར་བསད་སྔགས་བཟླས། །བརྡེག་པའི་སྔགས་བཟླས་སྙིང་ཐུན་དབབ་པར་བྱ། །གཏོར་མ་གཏང་ཞིང་


DNG023_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱི་མཐའ་བསྡུ་སྟེ། །ས་ཚོན་མཁར་བ་དགྲ་བོའི་ཕྱོགས་སུ་བསྟན། །བརྣག་པའི་ལིངྒ་དུག་གིས་གནན་པར་བྱ། །མིང་བྱང་གཏུབ་ཅིང་སྔགས་བཟླས་སྦྱིན་བསྲེག་བྱ། །རྦ་དཀར་མི་ལག་མི་བསྐུར་རྟག་ཏུ་མ་མོར་བསྒོམ། །ཕྲིན་ལས་ཡོངས་སུ་རྫོགས་ནས་ལུས་དང་གྲིབ་བཞིན་འགྱུར། །ཞེས་གསུངས་སོ། །ཟ་བྱེད་སྤྱང་རྒྱལ་ནག་མོའི་རྒྱུད་ལས་ཕྲིན་ལས་བསྟན་པའི་སྐབས་ཏེ་བཅོ་ལྔ་པའོ།། །།བདེ་བྱེད་ལྷ་མོས་ཡང་གསོལ་པ། །དཔལ་ལྡན་རང་བྱུང་རྒྱལ་མོ་ཆེ། །ཕྲིན་ལས་ཐམས་ཅད་བདག་མོ་ན། །སྒྲུབ་ཐབས་རྣམ་པ་དུ་རུ་བསྟན། །ཕྲིན་ལས་བདག་མོས་བཤད་དུ་གསོལ། །དེ་སྐད་གསོལ་པ་གསན་ནས་ཀྱང་། །རང་བྱུང་རྒྱལ་མོས་བཀའ་སྩལ་པ། །སྒྲུབ་ཐབས་རྣམ་པ་གསུམ་དུ་བཤད། །ཕོ་བསྒྲུབ་འཁོར་ལོ་ལ་བརྟེན་བསྒྲུབ། །མོ་བསྒྲུབ་འཁོར་བའི་ཁྲག་ལ་བསྒྲུབ། །དྲག་སྔགས་ཡུངས་ཀར་ལ་བརྟེན་བསྒྲུབ། །ཕོ་བསྒྲུབ་འཁོར་ལོར་བརྟེན་བསྒྲུབ་པ། །ཕོ་དང་འཁོར་ལོ་སྟོབས་ཆེ་སྟེ། །དེ་ཕྱིར་འཁོར་ལོར་བརྟེན་ཏེ་བསྒྲུབ། །ཕོ་ནི་གདུག་ཅིང་གཏུམ་པ་སྟེ། །དེ་ཕྱིར་འཁོར་ལོར་བརྟེན་ལ་བསྒྲུབ། །ཕོ་ཡིས་ཐམས་ཅད་སྒྲོལ་བྱེད་པས། །དེ་ཕྱིར་འཁོར་ལོར་བརྟེན་ལ་བསྒྲུབ། །འཁོར་ལོ་བསྐོར་བས་ཐམས་ཅད་སྒྲོལ། །འཁོར་ལོ་བསྐོར་བས་ཐམས་ཅད་གཅོད། །ཕྲིན་ལས་རྣམ་བཞིས་དངོས་པོ་གཅོད། །དེ་ཕྱིར་འཁོར་ལོར་བརྟེན་ཏེ་བསྒྲུབ། །དུར་ཁྲོད་རས་ལ་སྐྱང་ནུལ་བྱ། །དུག་ཁྲག་མཚོན་ལྕགས་བརྡར་ལ་བྱུག །སྒྲོལ་གིང་སྦྱོར་གིང་ཞལ་བྲིས་ལ། །ལྟོ་བར་སྲིད་པའི་འཁོར་ལོ་བསྐོར། །སྲོག་གི་འཁོར་ལོ་བསྐོར་བའི་ཚེ། །སྲོག་ལས་དྲང་བའི་སྙིང་པོས་བསྐོར། །བསད་པའི་འཁོར་ལོ་བསྐོར་བའི་ཚེ། །ཕུང་ཞིང་བསྒྲལ་བའི་འཁོར་ལོ་བསྐོར། །བར་བར་མིང་རུས་ཤམ་བུར་སྦྱར། །མཱ་ར་ཡ་ཡི་བྷྱོ་བསྒྲགས་གདབ། །སྲོག་གི་འཁོར་ལོ་གྲུབ་པ་ན། །བདུད་རྩི་ཆང་ཕུད་སྨན་གྱིས་བཀྲུ། །བསྐང་བའི་ཆོ་ག་རྒྱ་ཆེར་བྱ། །བསད་པའི་འཁོར་ལོ་འགྲུབ་པའི་ཚེ། །རབས་ཆད་ཐོད་བཅུག་གནན་གཏད་བྱ། །སྒྲོལ་བ་


DNG023_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོལ་གིང་ཉིད་ལ་སྟེ། །གཏད་པ་ཞང་བོ་ཀླུ་ལའོ། །ཞེས་གསུངས་སོ། །ཟ་བྱེད་སྤྱང་རྒྱལ་ནག་མོའི་རྒྱུད་ལས་ཕོ་འཁོར་ལོ་ལ་བརྟེན་ཏེ་བསྒྲུབ་པའི་སྐབས་ཏེ་བཅུ་དྲུག་པའོ།། །།མོ་སྒྲུབ་འཁོར་བའི་ཁྲག་ལ་བསྒྲུབ་པ་ནི། །མོ་ཡི་རང་བཞིན་འདོད་ཆགས་ཆེ། །ཁྲག་གི་རང་བཞིན་ཆགས་པའི་རྒྱུ། །ཆགས་པའི་འབྲས་བུ་ཁྲག་ཏུ་སྨིན། །དེ་ཕྱིར་ཁྲག་ལ་བརྟེན་ཏེ་བསྒྲུབ། །དང་པོ་བསྒྲུབ་ཚེ་ཁྲག་གིས་མཆོད། །བསད་པའི་མཚོན་ཆ་ཁྲག་གིས་བྱ། །ཁྲག་ལ་དུག་གི་གྲོགས་དང་སྦྱར། །དུག་ཁྲག་ནད་ཀྱི་རྒྱུ་ཡིན་པས། །གསོད་ཚེ་དུག་ཁྲག་སྤྱོ་བར་བྱ། །ཁྲག་ལ་རྣམ་པ་གཉིས་ཡོད་སྟེ། །ཤི་བའི་ཁྲག་དང་གསོན་པོའི་ཁྲག །གསོན་པོའི་ཁྲག་གིས་བསྒྲུབ་ཅིང་མཆོད། །ཤི་བའི་ཁྲག་གིས་གསད་པར་བྱ། །དུག་དང་ཁྲག་གཉིས་དྲག་པོའི་རྫས། །ཁྲག་འཕང་དུག་ལ་གནན་པ་བྱ། །ཞེས་གསུངས་སོ། །ཟ་བྱེད་སྤྱང་རྒྱལ་ནག་མོའི་རྒྱུད་ལས་མོ་འཁོར་བའི་ཁྲག་ལ་བརྟེན་ཏེ་བསྒྲུབ་པའི་སྐབས་ཏེ་བཅུ་བདུན་པའོ།། །།དྲག་སྔགས་ཡུངས་ཀར་ལ་བརྟེན་བསྒྲུབ་བྱ་བ། །ཡུངས་ཀར་སྔགས་ཀྱི་མཚོན་ཡིན་ཏེ། །དྲག་པོའི་རྫས་སུ་རབ་ཏུ་བསྔགས། །ཡུངས་ཀར་རྒྱལ་པོ་དག་ལའང་། །གོང་དུ་བསྙེན་པ་རྫོགས་བྱས་ཏེ། །མཚན་མ་དྲོད་ལ་ཕེབས་པ་དང་། །དམིགས་བྱའི་ལིངྒ་ཉིད་ལའོ། །ཏྲིག་ཏྲིག །སེར་སེར། ཀུ་ལུ་ཀུ་ལུ། མོ་ཀུ་མོ་ཀུ། ཙ་ཧ་ཙ་ཧ། མུ་ཏ་ཛྭ་ལ་ཁ་ཧེ། ཙག་ར་ལྡིང་། མུ་ལུ་མུ་རུ། མྱོགས་ལྡིང་ལྡང་། བུ་ཆག་ཕྱུག །མི་ཧ་ཧེ། བཤལ་བཤུལ། མུ་ཧུ་པ་ནི་ཙག་ཙག །ཙིག་ཙིག །མུ་སྟམ་ཏི། ཧེ་ལེ་ཧེ་ཏེ། སུ་རུ་ཙིས་ཙི། མྱོག་མྱོག །ཐུམ་ཐུམ། དཀར་ལྡན་མེ་ཧེ། ཧཾ་ཀུ་ལུ་ཙེ་ཨེ་ཕཊ་ནི། དགའ་བའི་མཆོག་ཆེན་པོའོ། །ཙིང་ལྡིང་མུ་ཀ་ཡེ་ཀོད་ཀོད་མི་ཧེ། མྱ་མྱ། མི་མི་ཙེ་ཀུ། ཧཱུ་ཧཱུ་ཙི་ལྡེང་། མུ་ད་ཡ་ཙིང་ལྡིང་། ཁུ་རྩོག་ནེ། ཙ་ཧ་མེ་མུ་ཀ་ཡེ། ཏིང་མུ་ལོང་རྩ་ཀ་ཡེ། སྐར་མི་ཏིང་ཏིང་པྲག་པྲག །པྲིབ་པྲིབ་རྩིང་ལེ་སྟེང་། མི་ལོ་ཀ་ཡང་ཤིང་པི་མྱོངས་སྟ་རི། ཞེས་གོང་དུ་བསྙེན་པ་རྫོགས་


DNG023_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ཏེ། །ལིངྒ་ཉིད་ལ་བརྡེག་པར་བྱ། །འདི་ནི་སྔགས་ཀྱི་མཆོག་ཡིན་ཏེ། །ཡང་སྙིང་ཐུགས་ཀྱི་རྒྱལ་པོས་བྱ། །བརྡེག་ན་གང་ཡིན་གསོད་པ་སྟེ། །ཕུང་བྱེད་དྲག་སྔགས་གཟིར་བའི་ཐབས། །དཀྲུགས་ན་སྲིད་པ་གོ་བཟློག་སྟེ། །སྲིད་པ་གསུམ་ཡང་འཁྲུགས་པར་འགྱུར། །ཞེས་གསུངས་སོ། །ཟ་བྱེད་སྤྱང་རྒྱལ་ནག་མོའི་རྒྱུད་ལས་དྲག་སྔགས་ཡུངས་ཀར་ལ་བརྟེན་ནས་བསྒྲུབ་པའི་སྐབས་ཏེ་བཅོ་བརྒྱད་པའོ།། །།ལྷ་མོ་བདེ་བྱེད་ཡང་གསོལ་པ། །ལས་ཀྱི་དཀྱིལ་འཁོར་ཆེན་པོ་དག །ཚུལ་དང་ཐབས་ནི་ཇི་ལྟར་ལགས། །རང་བྱུང་རྒྱལ་མོས་བཤད་དུ་གསོལ། །དེ་སྐད་གསོལ་པ་གསན་ནས་ཀྱང་། །རང་བྱུང་རྒྱལ་མོས་བཀའ་སྩལ་པ། །མན་ངག་ལས་ཀྱི་དཀྱིལ་འཁོར་ནི། །དུར་ཁྲོད་མ་ལ་ཡར་སོང་ལ། །སྣེལ་མོའི་རོའམ་ཡང་ན་ནི། །གྲི་མོར་ཤི་བའི་རོ་བླངས་ལ། །སྡི་ར་རོ་ཚོལ་ཆོ་ག་བྱ། །སྤོས་དང་སྨན་གྱིས་རོ་སྦྱངས་ལ། །རོ་ལ་དཀྱིལ་འཁོར་བྲི་བར་བྱ། །སྙིང་གར་སྲོག་གི་འཁོར་ལོ་བྲི། །མཐིང་ནག་གྲུ་གསུམ་ཟླ་གམ་གསུམ། །མུ་ཁྱུད་ཟླུམ་པོ་གྲུ་ཆད་ལྗང་། །སྒོ་བཞི་རིགས་དང་མཐུན་པར་བྱ། །ཤེས་རབ་མཚལ་གྱིས་སྔགས་འདི་བྲི། །གྲུ་གསུམ་དབུས་སུ་ཏྲག་བྲིས་ཏེ། །ཐ་མར་དྲག་པོ་འདི་རྣམས་བྲི། །རག་རཀྵ་ཁ་མུན་ཏྲ་ཅེས་པ། སྲིན་མོ་ནག་མོའི་དྲག་སྔགས་ཏེ། །རང་རྟགས་སྲོག་གི་སྙིང་པོར་བཤད། །སྲིད་པ་གསུམ་ཡང་སྒྲོལ་བར་བྱེད། །ཟླ་གམ་གསུམ་ལ་སྔགས་འདི་བྲི། །མུ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། གནོད་སྦྱིན་ནག་མོའི་དྲག་སྔགས་ཏེ། །གྲུབ་པ་རྟགས་ཀྱི་སྙིང་པོར་བཤད། །སྲིད་གསུམ་དབང་དུ་སྡུད་པར་བྱེད། །མུ་ཁྱུད་ཟླུམ་པོར་སྔགས་འདི་བྲི། །རཀ་མོ་ཏེ་ཀེ་མ་ཙ་ཙ་ཁ་ལ་མ་ཏི་བྷྱོ། མ་མོ་ནག་མོའི་དྲག་སྔགས་ཏེ། །ཁམས་གསུམ་ཟ་བྱེད་སྙིང་པོར་བཤད། །ཐམས་ཅད་མ་ལུས་ཞི་བར་བྱེད། །གྲུ་ཆད་བཞི་ལ་སྔགས་འདི་བྲི། །རུ་ལུ་རུ་ལུ་མ་ཧི་བྷྱོ། བདུད་མོ་ནག་མོའི་དྲག་སྔགས་ཏེ། །གདུག་པ་འདུལ་བྱེད་སྙིང་པོར་བཤད། །ཐམས་


DNG023_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་མ་ལུས་རྒྱས་པར་བྱེད། །སྒོ་བཞིར་ཛཿཧཱུཾ་བཾ་ཧོཿབྲི། །སྒོ་བཞི་འབྱེད་པའི་ཕོ་ཉ་མོ། །དེ་ལྟར་དཀྱིལ་འཁོར་བྲི་བ་ཡང་། །བྱང་སེམས་དཀར་དམར་སྦྱར་ལ་བྲི། །དེ་ནི་སྲོག་གི་དཀྱིལ་འཁོར་ཡིན། །ལྟེ་བར་སྲིད་པའི་འཁོར་ལོ་བྲི། །དབུས་སུ་དུག་གསུམ་ཡི་གེ་དགོད། །མཐའ་མ་བསད་པའི་སྔགས་ཀྱིས་བསྐོར། །མཱ་རའི་མཐའ་མ་མིང་རུས་སྦྱར། །དུག་དང་ཁྲག་ཏུ་སྦྱར་ལ་བྲི། །སྲིད་པ་བཤིག་པའི་འཁོར་ལོར་བཤད། །གསང་གནས་བསད་པའི་འཁོར་ལོ་དག །གྲུ་གསུམ་བྷ་གའི་མཎྜལ་དུ། །དབུས་སུ་ལྗང་གུའི་ནྲྀ་གཅིག་བྲི། །མཐའ་མ་མིང་རུས་དག་གིས་བསྐོར། །དེ་ཡི་མཐའ་མ་ཛས་བསྐོར་ཏེ། །ལྷ་མོ་ལྕགས་ཀྱུ་སྤྲོ་ཞིང་བསྡུ། །ཞགས་པ་ལྕགས་སྒྲོག་ཐོ་བ་དང་། །མདའ་གཞུ་མེ་རི་དམར་ནག་བྲི། །དེ་ནི་བསྒྲལ་བའི་དཀྱིལ་འཁོར་ཡིན། །ཞལ་དུ་བསྲེག་པའི་མཎྜལ་ལ། །གྲུ་གསུམ་རྩེ་མོ་སྣ་སྒོར་བསྟན། །ནང་དུ་རྡོ་སོལ་ཆང་དུ་སྦྱར། །དབུས་སུ་རཾ་ཞེས་བྲི་བར་བྱ། །མཐའ་མར་ཨག་ནེ་མ་བརྒྱད་བྲི། །ཛྭ་ལ་རཾ་བརྒྱད་བྲི་བར་བྱ། །གྲུ་གསུམ་ཁ་ཁྱེར་མེ་རིས་བསྐོར། །དཔལ་ལྡན་རང་བྱུང་རྒྱལ་མོ་ཡང་། །སྦྱིན་སྲེག་མེ་ཡི་ལྷ་མོར་བསྐྱེད། །དུག་ཤིང་སྣ་ཚོགས་ཧོམ་བྱས་ཏེ། །ཚེར་མ་ཅན་གྱི་ཤིང་ལ་སྦར། །སྦྱིན་སྲེག་འབོད་རྦད་སྦྲེལ་ལ་བྱ། །མགོ་བོ་བྱང་ཤར་མཚམས་སུ་བསྟན། །སྙིང་གར་རྦ་དཀར་ཚིགས་གསུམ་གཟུག །དབང་བསྐུར་སྐུ་བསྐྱེད་ཕྲིན་ལས་བཅོལ། །ལྟེ་བར་འཁོར་ལོར་མིང་རུས་བྲི། །གོས་དང་རྐང་རྗེས་ངར་སྣབས་དང་། །དྲི་ཆེན་དྲི་ཆུ་དག་ལས་བྱ། །སྔོན་དམར་བཏགས་ལ་བྱད་དུ་གཞུག །སྣེ་གཅིག་འཁར་བའི་རྩེ་མོར་གདགས། །ཉམས་པ་ཚེ་ཡི་རྒྱུན་ཐག་ཀྱང་། །མ་མོའི་ཞལ་དུ་རྔུབས་པར་བསམ། །གསང་གནས་བྷ་གའི་འབྲུབ་ཁུང་ཉིད། །ལྕགས་ཀྱི་ཁང་སྒྲོམ་འབར་བར་བསམ། །རབས་ཆད་ཐོད་པར་མིང་རུས་གཞུག །ལྕགས་ཀྱི་ཕུར་བུ་སོར་བརྒྱད་པ། །གདུག་བྱེད་ནག་མོའི་སྐུར་བསྒོམ་སྟེ། །སྔོན་དམར་སྣེ་


DNG023_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཕུར་བུ་ལའོ། །གདུག་བྱེད་ཕུར་བུ་བྷ་གར་གདབ། །བསད་པ་ལས་ཀྱི་སྦྱོར་བ་བྱ། །རོ་དེ་མ་མོ་ཉིད་ཡིན་ཏེ། །ནང་ནུབ་ཉིན་གུང་མཚན་གུང་དུ། །མཆོད་པ་སྦྱིན་སྲེག་ཞལ་དུ་འབུལ། །སྙིང་གར་དར་ནག་གུར་གཅིག་དབུབ། །གལ་ཏེ་རོ་ནི་མེད་གྱུར་ན། །སྦྱིན་པོའི་ས་ལ་རོ་གཟུགས་བྱ། །གོང་བཞིན་དཀྱིལ་འཁོར་རྒྱས་པར་བྲི། །རོ་དེ་མི་ཡིས་མཐོང་མི་རུང་། །མཐོང་ན་དམ་ཚིག་ཉམས་པ་སྟེ། །རྣལ་འབྱོར་བདག་ལ་བར་ཆད་འབྱུང་། །མིས་མ་མཐོང་ན་དངོས་གྲུབ་སྟེར། །ཕྲིན་ལས་རྣམ་བཞིའི་དངོས་གྲུབ་ཐོབ། །ཅེས་གསུངས་སོ། །ཟ་བྱེད་སྤྱང་རྒྱལ་ནག་མོའི་རྒྱུད་ལས་མན་ངག་གསང་བའི་དཀྱིལ་འཁོར་སྲོག་གི་བསྒྲུབ་པའི་སྐབས་ཏེ་བཅུ་དགུ་པའོ།། །།བདེ་བྱེད་ལྷ་མོས་ཡང་གསོལ་པ། །དཔལ་ལྡན་རང་བྱུང་རྒྱལ་མོ་ཆེ། །དེ་ཡི་གསང་སྔགས་ཇི་ལྟར་ལགས། །བདག་འདུད་ཁྱོད་ཀྱིས་བཤད་དུ་གསོལ། །དེ་སྐད་གསོལ་པ་གསན་ནས་ཀྱང་། །རང་བྱུང་རྒྱལ་མོས་བཀའ་སྩལ་པ། །གསང་སྔགས་དགོས་པའི་རྩ་བ་རྣམས། །ངེས་པར་བཤད་ཀྱི་ཡང་དག་ཉོན། །ཏྲག་རཀྴ་ཁ་མུན་ཏྲ། མུ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། རག་མོ་ཏེ་ཀུམ་ཛཱ་ཛཱ་ཁ་ལ་བྷྱོ། རུ་ལུ་རུ་ལུ་མ་ཧིང་བྷྱོ། རྩ་བ་རྒྱུན་གྱི་སྙིང་པོ་ཡིན། །ཏྲག་ཏྲག་གུར་ལན་གུར་ལན། སེར་སེར་དུག་དུག་ཆ་རུ་ན་ཤག །བལ་མོ་ཤ་མ། མུ་ཀ་ཡེ་ཨ་པ་ཡེ། ཀ་པ་ཡེ། ནམ་མཁའ་ཁམས་ཀྱི་སྒྲ་དྲག་པོའི། །ནུས་པའི་མཐུ་ལྡན་དབང་བསྐུར་སྔགས། །ཛཿཧཱུཾ་བཾ་ཧོཿ། མ་མ་ཁྭ་དག་ཤ་མ་མ་ཁྭ་དག་ཤ་ཛ་ཧཱུཾ་ཧཱུཾ་ཧྲིང་ཧྲིང་། དེ་ནི་མ་མོ་སྤྱན་དྲང་སྔགས། །མ་མ་ཏྲག་རཀྴ་ས་མ་ཡ་ཏིཥྛ་ལྷན། དེ་ནི་བཞུགས་སུ་གསོལ་བའི་སྔགས། །ཏྲག་རཀྴ་ཨེ་ཀ་ཛཱ་ཏི་པ་ཏྲི་ན་མོ། ཏྲག་རཀྴ་ཙ་པ་ལ་ན་མོ། དེ་ནི་ཕྱག་བཙལ་བའི་སྔགས་སོ། །མ་མ་ཏྲག་རཀྴ་ཨེ་ཀ་ཛ་ཏི། ཨི་དམ་བ་ལིཾ་པཱུ་ཙ་ཧོ་ཁ་རཾ་ཁཱ་ཧི། དེ་ནི་གཏོར་མ་དབུལ་བའི་སྔགས་སོ། །ཏྲག་རཀྴ་མ་མ་ཏིཥྛ་ས་མ་ཡ། དམ་བདར་བའི་སྔགས་སོ། །ལས་ལ་དྲག་པོའི་སྔགས་འདིས་བཏང་། །


DNG023_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

ཏྲག་རཀྴ་མུ་ཏྲ་སྙིང་ཁ་རག་སྲོག་རྩ་རྦད། ཙིཏྟ་ལོང་རཀྟ་ཐུན་བྷྱོ། ཐུམས་རི་ལི་ལི་རྦད། དྲག་པོའི་སྔགས་འདིས་གསད་པར་བྱ། །ཏྲག་རཀྴ་བཛྲ་ཁ་ཆུམ་ས་རི་ལི་ལི་བྷྱོ་རྦད་བྷྱོ། པྲ་ཏི་ས་མ་ཛ། སྨག་པྲ་ཏི་ས་ན་མ་ཛ། ནྲྀ་ཁཾ་ཁཾ་ཁུཾ་ཁུཾ་མག་མག་ཆོད། མིང་རུས་གཟུགས་ལ་སྔགས་འདིས་བརྡེག །ཨོཾ་མེ་ད་ར་ཧྲི་ཐུམ་རིལ་རྦད། ཨོཾ་མེ་ད་ར་ལིག་སྙིང་ཁ་རག་རྦད། ཨོཾ་ཙ་མ་ར་སྙིང་ཁ་རག་ཏི་བཛྲ་དུན་བྷྱོ། བསད་པ་ཕོ་མོའི་སྔགས་འདིས་བརྡེག །ཏྲིག་ཏྲིག །སེར་སེར། ཀུ་ལུ་ཀུ་ལུ། མོ་ཀུ་མོ་ཀུ། ཙ་ཧ་ཙ་ཧ། མ་ཏི་ཛྭ་ལ། ཁ་ཧེ་ཙག་ར་ལྡིང་། མུ་ཧུ་མུ་རུ་མྱོགས་ལྡིང་ལྡང་བུ། ཕྱག་ཕྱུག །མི་ཧེ་ཧ་བཤལ་བཤུལ། མ་ཧུ་ས་ནེ། ཙག་ཙག་ཙིག་ཙིག་མུ་ཏཾ་མ་ཏི། ཕུ་རུ་ཙིས་ཙི། མྱོགས་མྱོགས། ཐུཾ་ཐུཾ། དཀར་ལྡན་མེ་ཧེ་ཧི། ཀུ་མ་ལུ་ཙེ། ཨེ་ཕཊ་ནྲྀ། དགའ་བའི་མཆོག་ཆེན་པོ། ཙིང་ལྡིང་མུ་ཀ་ཡེ་ཀོད་ཀོད་མི་ཧེ། མྱགས་མྱགས་མི་ཙ་ཀུ། ཧུ་ཧུ་ཙེ་ཧེ། མུད་ཡེ་ཡེ། སྐར་མི་ཏིང་ཏིང་། པྲབ་པྲབ། པྲིབ་པྲིབ། ཙིང་ལེ་ལྡིང་མིང་ལོ་ཀ །ཡ་ཤི་བཾ་མྱོགས་སྟ་རི། ཕོ་མོ་བསད་པ་རུ་བཟློག་དང་། །དཀྲུག་དང་བཅུད་དང་བརྡེག་པའི་སྔགས། །དེ་ལ་རབ་ཏུ་བརྣག་པར་བྱའོ། །མོ་རང་སྙིང་ཐུན་སྔགས་འདིས་བསྒྲུབ། །ཏྲག་རཀྴ་ཁ་མུན་ཏྲ་མུ་ཏྲ། མུ་རུ་ལུ་རུ་ལུ་ཁ་ལ་མ་ཧི། རུ་ལུ་བྷྱོ། འདིས་སྙིང་ལ་རྦད་པར་བྱའོ། །ཨེ་ཀ་ཛཱ་ཏི་མེ་ད་ར་ལིག །སྙིང་ཁ་རག་མ། རག་མོ་སྲོག་རྩ་རྦད། ཁ་འདར་རུ་ནི་ས་མ་ཡ་བྷྱོ། འདིས་ནི་གསད་པར་བྱའོ། །ཨེ་ཀ་ཛཱ་ཏི་མེ་སེན་མེ་སེན། ཏྲག་རཀྴ། སྙིང་ཁ་རག་ས་མ་ཡ་ཛ་ཛ། དྲག་སྔགས་གསུམ་པའི་བསྒྲུབ་ལུགས་སུ། །ཕུར་བུའི་སྔགས་འདིས་གཟིར་བར་བྱའོ། །ཧཱུཾ་ཧཱུཾ་ཚིནྡྷ་ཚིནྡྷ་མཱ་ར་ཡ། མ་ག་ཤ་ཏྲུཾ་པྲ་བེ་ཤ་ཕཊ། ཕུང་པོ་བཤིག་པའི་སྔགས་འདིས་བརྡེག །པྲ་བེ་ཤག་ཕཊ། ཙི་བེ་ཤག་ཏེ། མྱོགས་ཤུ་གུ་ཨཾ་ཀུ་ཤ་ཛ། ཙིཏྟ་གུ་ལུ་སྨྲ་ར་མ་ཤག་ཏི་ཛཱ། ཡིད་ཀྱི་རྣམ་པར་ཤེས་པ་དྲངས་ཤིག་པའོ། །བམ་རྨུགས་རྦད་ཐིབས། ལིང་ཤར་ངེས་


DNG023_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

སོད། ཙིཏྟ་རྩད་ནས་དྲོངས་ཤིག་པའོ། །དེ་ནི་སྙིང་ཐུན་སྔགས་གཟེར་ཏེ། །ཕུང་པོ་བཤིག་པའི་དྲག་སྔགས་ཡིན། །ཕྲིན་ལས་བདག་མོ་ཡིན་པའི་ཕྱིར། །ཐམས་ཅད་ཞི་བར་བྱ་བ་ནི། །ཏྲག་རཀྴ་ཨེ་ཀ་ཛཱ་ཏི་སརྦ་ཤཱན་ཏིང་ཀུ་རུ་སྭཱ་ཧཱ། ཐམས་ཅད་རྒྱས་པར་བྱ་བའི་ཕྱིར། །ཏྲག་རཀྴ་ཨེ་ཀ་ཛཱ་ཏི། སརྦ་པུཥྚིང་ཀུ་རུ་སྭཱ་ཧཱ། ཐམས་ཅད་དབང་དུ་བསྡུ་བའི་ཕྱིར། །ཏྲག་རཀྴ་ཨེ་ཀ་ཛཱ་ཏི། སརྦ་བ་ཤང་ཀུ་རུ་སྭཱ་ཧཱ། དྲག་པོས་བསྒྲལ་བའི་བསད་སྔགས་ནི། །ཏྲིག་ཏྲིག་སེར་སེར་སྔགས་ཀྱིས་སོ། །སེར་བ་དབབ་ན་འདིའོ། །ཏྲག་རག་ཤ་མ་མ། རག་མོ་ཨེ་ཀ་ཛཱ་ཏི། དུད་ཕྲོམ། དཀར་ཕྲོམ། ཤུ་ཏི་ཕྲོམ། ཡུག་ཏི་སྨིན། དྲག་ཏུ་ཚར། ཤར་ཤལ་ཏ་ཕོབ། ཋྲི་ཋྲི་ཕོབ་དྲག་ཏུ་ཕོབ། ཆོ་འཕྲུལ་ལྟས་ངན་དབབ་པ་ནི། །མ་མ་རག་མོ་ཨེ་ཀ་ཛཱ་ཏི། ཡོམ་ལིམ་ཤག་ལིམ་མ་ཤ་ཛཱ། མི་ཤ་དུན་ཛ་ཕོབ་ཡ། ཏྲག་ཏག་ཧེ་ཧེ། མ་དུན་ཙ་ཡ། ཀྲམ་ཀེམ། སིལ་དུན་ཙེ་ཡ། ཀྱང་ཀྱང་ཕོབ་ཡ། འུར་འུར། ཏྲབ་ཏྲབ་ཐིབ་ཐིབ། ཀྱིང་ཀྱིང་དུན་དུན་ཕོབ་ཡ། ཙི་ཕོ་ལིང་། དུར་ཡག་ཤི། དུ་དུ་པྲི་ལ་དུན་ཙེ་ཕོབ་ཡ། རྒྱ་རྒྱ་ཡ་ཕོབ་ཡ། དེ་ནི་སྔགས་ཀྱི་དགོས་པ་སྟེ། །ཡང་དག་བཤད་ཀྱི་ངེས་པར་བྱོས། །ཟ་བྱེད་སྤྱང་རྒྱལ་ནག་མོའི་རྒྱུད་ལས་དགོས་པ་མ་ལུས་པའི་གསང་སྔགས་ཀྱི་སྐབས་ཏེ་ཉི་ཤུ་པའོ།། །།བདེ་བྱེད་ལྷ་མོས་ཡང་གསོལ་པ། །དཔལ་ལྡན་རང་བྱུང་རྒྱལ་མོ་ཡི། །ཐུན་ཀྱི་ཁ་ཚར་བདག་ཉན་འཚལ། །གདུག་བྱེད་ལྷ་མོས་བཤད་དུ་གསོལ། །དེ་སྐད་གསོལ་པ་གསན་ནས་ཀྱང་། །རང་བྱུང་རྒྱལ་མོས་བཀའ་སྩལ་པ། །ཐུན་ལ་རྣམ་པ་བཞི་རུ་བཤད། །བསྒྲུབ་པར་བྱ་བའི་ཐུན་བཞི་ནི། །སྙིང་ཐུན་ཁྲག་ཐུན་དུག་ཐུན་ཕུར་ཐུན་ནོ། །ཁྲག་ཐུན་སྙིང་དུ་བསྒྲུབ་པར་བྱ། །དཀྱིལ་འཁོར་མཐིང་ནག་གྲུ་གསུམ་དུ། །སྒྱེད་པུ་གསུམ་ཁར་ཐོད་ཁྲག་བཞག །རྒྱས་གདབ་སོལ་རིས་ལེ་བརྒན་གུར། །བྱ་རྒོད་སྒྲོ་རྩ་དག་ནས་བསྔགས། །སྒོ་བཞི་འབྱེད་པའི་ཕོ་ཉ་བཏང་། །སྔོན་དམར་


DNG023_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

གཟུངས་ཐག་ལྕགས་ཕུར་བརྟོད། །འབྱུང་བཞིའི་མ་མོ་བསྒོམ་ལ་གདབ། །དྲག་སྔགས་འདིས་ནི་མངོན་དུ་བསྒྲུབ། །ཏྲག་རཀྴ་ཁ་མུན་ཏྲ། མུ་ཏྲ་ཨེ་ཀ་ཛཱ་ཏི་སྙིང་ཁ་རག་མ་བྷྱོ། ཏྲག་རཀྴ་ས་མ་ཡ་དགྲ་བོའི་སྙིང་ལིང་རྦུད། མ་མ་སྙིང་ཁ་རག་སྙིང་ཁ་རག །མ་མ་རག་ཤ །མ་མ་རཀྴ་ཤ །རག་མོ་སྙིང་ཁྲག་ལམ་དུན་དུན། ཏྲག་རཀྴ་མ། སྙིང་ལེ་ཧེ་ཀེ་མ། མ་མ་རུ་ལུ་རུ་ལུ་བྷྱོ། ཁོག་སྦུབ་དྲོངས་ཤིག །སྙིང་ཁྲག་ལ་ས་མ་ཡ་བྷཾ་ཛ་ཛ། སྙིང་རྩ་ཕྱུང་ཞིག །མ་མ་སྙིང་ཙིཏྟ་ལ་ཐུན། སྙིང་ཁྲག་མ་མ་ཐུན། ཤི་སྡི་ཏ་མ་སྙིང་ལ་ཡ་མ་བྷྱོ། མ་མ་ཤ་ཤ་མ་མ་ཧྲིང་ཧྲིང་། མཱ་མཱ་ས་མ་ཡ་དགྲ་བོ་ནི་མཱ་ར་ཡ་སོད་སོད། མ་མ་ཙིཏྟ་ཛྭ་ལ་རཾ། སྙིང་རྩ་ལ་རོལ། ཆུམ་ཐུམ་རི་ལི་ལི། མ་ལས་མྱུར་དུ་མཛོད་ཅིག །ཁྲག་ལས་སྙིང་དུ་གྲུབ་པ་དང་། །དེ་ནས་སྔགས་འདི་བཟླས་པར་བྱ། །ཨོཾ་བཛྲ་སྙིང་ལིག །ཨོཾ་བཛྲ་སྙིང་མགོ་ཆོད་ཅིག །ཁ་ལ་ཟ་མུན་ཏ་ལོ་དུན་ཏི་ད་ར་ཡ་རྦད། ཨོཾ་བཛྲ་ཁྲག་ཏི་སྣར་བ་རྦད། ཨོཾ་བཛྲ་ཙ་ཏུ་ཀྲི་ད་ར་རྦད། ཨོཾ་ག་ཤུ་ཀྲི་ད་ར་ཏི་ཏི་ཡ་བཛྲ་ཧཱུཾ་ཕཊ། རྦད་དུ་རྦད་དུ། རྦད་པུ་རྦུད་པུ་ད་ར་ཀ་ཡ། སྡིམ་བམ་ཤི་སྟ་སམ་ཡ། དེ་ནས་སྙིང་དེ་གཏུབ་ཅིང་བསྲེག །དངོས་གྲུབ་མཆོག་ཏུ་ཐོབ་པར་བཤད། །ཟ་བྱེད་སྤྱང་རྒྱལ་ནག་མོའི་རྒྱུད་ལས་ཁྲག་ཐུན་གྱི་སྐབས་ཏེ་ཉི་ཤུ་གཅིག་པའོ།། །།དེ་ནས་སྙིང་ཐུན་འདི་གསུངས་སོ། །གྲུ་གསུམ་མཐིང་ནག་ཁ་ཁྱེར་ཛ། །དབུས་སུ་བྷནྡྷ་ཁ་སྦྱར་ལ། །ཕྱི་རོལ་དུག་ཁྲག་དམར་ནག་བྱུག །གྲི་མོར་ཤི་བའི་སྙིང་ཆེན་ལ། །ནང་དུ་སྙིང་ཕྱེ་སྣ་ཚོགས་བླུགས། །རྒྱུས་ཆེན་དག་གིས་བཙེམ་པར་བྱ། །མིང་རུས་སྙིང་གར་སྔོན་དམར་བཏགས། །དེ་ཡང་སྙིང་གའི་ནང་དུ་གཞུག །སྐུད་པ་སྲོག་རྩའི་ནང་ནས་ཕྱུང་། །ལྕགས་ཕུར་བརྟོད་ལ་གདུག་བྱེད་བསྒོམ། །ཐོད་པའི་སྟེང་དུ་བུ་གུ་དབུག །གྲི་ལྕགས་སྦུ་གུར་ཡུངས་ཀར་བསྔགས། །མཐིང་ནག་དར་རམ་ལེ་བརྒན་གུར། །རྒྱ་དང་བཅས་ཏེ་སྔོན་དམར་བཅིང་། །སྲོག་གི་སྙིང་པོས་མངོན་དུ་


DNG023_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ། །མ་མ་ཏྲག་རཀྴ་ཁ་མུན་ཏྲ། མུ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། རག་མོ་ཏེ་ཀུ་མ་ཛཱ་ཁ་ལ་བྷྱོ། འབོད་ཅིང་མ་མོ་མངོན་དུ་བསྒྲུབ། །མ་མ་ཏྲག་རཀྴ་ཁ་མུན་ཏྲ། སྙིང་ཁ་རག་སྲོག་རྦད། ཙིཏྟ་ལོངས། རཀྟ་ཐུན་བྷྱོ། ཆུམ་ཐུམ་རི་ལི་ལི་རྦད། ཙིཏྟ་ཀུ་ལུ་སྨ་ར་མ་ཤག་ཏི་ཛ་ཛ། རྟགས་དང་སྦྱར་ལ་ལས་ལ་རྦད། །དེ་ནས་སྲོག་སྙིང་འདི་ཡིས་བསྒྲུབ། །སྙིང་བམ་རིལ། སྙིང་ཁ་རག་ཚལ་པ། རྦད་འུད་རྦད་ཕཊ། ཙག་ལེ་མུ་རུ་བམ། ཨེ་སྟེ་ཕཊ། ནེ་ཙག་སོད་སོད། འུད་མྱོགས་ཐུམ་རིལ། ཨ་ལོ་ཤ་འུད། ཁ་ཐུན་སྙིང་དུམ་བུ་རྦད། དུག་སྲོག་ཁྱེར་ཡག་ཤ་བམ་རིལ་རྦད། ཡུངས་ཀར་རྒྱལ་པོར་བསྔགས་ཤིང་བརྡེག །དེ་ནས་ཕུར་བུ་དྲིལ་བྱ་ཞིང་། །སྙིང་ལ་མགོ་མཇུག་མེད་པར་བརྡེག །ཨོཾ་བཛྲ་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུཾ་ཕཊ། ཙིཏྟ་རྦུད་ཁུག་ཡང་ཕྱུག །མྱོགས་ཐུམ་བར་རིལ། ཞུང་ཞུང་ཆུམ་ཆུམ་རྦ་ན་རྦ་ན་ཀཱི་ལ་ཡ་ཀཱི་ལ་ཡ། རཀྵ་རཀྵ། ཁྲུམ་ཁྲུམ། ཀྲོ་དྷ་བམ་རིལ། ཞེས་བརྡེག་གོ། །དེ་ནས་སྙིང་དང་ལིངྒར་བཅས། །གཏུབ་ཅིང་སྔགས་བཟླས་གཏོར་མར་དབུལ། །གཏོར་མ་བདུད་ཀྱི་ཉི་མ་ལ། །རླུང་ལ་འཕྱར་ན་ཕུང་བར་བཤད། །ཟ་བྱེད་སྤྱང་རྒྱལ་ནག་མོའི་རྒྱུད་ལས་སྙིང་ཐུན་གྱི་སྒྲུབ་པ་བརྣག་པའི་སྐབས་ཏེ་ཉི་ཤུ་གཉིས་པའོ།། །།དེ་ནས་མྱོས་པའི་དུག་ཐུན་དག །ཤིན་ཏུ་དྲག་པོའི་མཛེ་ཐོད་ནང་། །ཕྱི་རོལ་དུག་བྱུག་རེ་བར་གྲིལ། །སྣ་ཚོགས་ཁྲག་དང་དུག་སྦྱར་ལ། །བུད་མེད་ཞབས་མས་ཁ་ཡང་གཅད། །དྲག་པོའི་སྔགས་འདིས་དུག་ཐུན་བསྒྲུབ། །མ་མ་ཏྲག་རཀྴ། ཐུམ་རི་ལི་ལི། བལ་དུག་ཀུན་དུག་ཨེ་ཀ་ཛཱ་ཏི་ཏཱིཔྟ་ཙཀྲ་ཀྲོ་དྷ་མཱ་ར་ཡ་བྷྱོ་བྷྱོ། ཁོལ་ལམ་རླངས་བྱུང་སྦོས་པ་ན། །མིང་རུས་དུག་གི་རླངས་པས་བདུག །གྲུ་གསུམ་བཅུག་ལ་དུག་གིས་བརྡེག །ཨོཾ་ཨཱ་བེ་ཤ་ཁ་བེ་ཤ་བེ་ཤ་མ། རུ་བེ་ཤ་ཀ་ཐུན་ཁ་ཐུན། ཤོག་ཐམ་ཤོག་ཐམ། ས་ཐམ་ས་ཐམ། པཾ་མུགས་པཾ་མུགས། མྱོས་རྒལ་མྱོས་རྒལ། ན་ཏི་སྟྭཾ་བྷ་ནན། ཞེས་བཟླས་ལ་ལིངྒ་ལ་གཏིག་ཅིང་། ཀླུ་ནག་པོ་གནས་


DNG023_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སར་མནན་ནོ། །ཟ་བྱེད་སྤྱང་རྒྱལ་ནག་མོའི་རྒྱུད་ལས་མྱོས་པ་དུག་ཐུན་གྱི་སྐབས་ཏེ་ཉི་ཤུ་གསུམ་པའོ།། །།དེ་ནས་གདུག་བྱེད་ཕུར་ཐུན་དག །གྲུ་གསུམ་མཐིང་ནག་ཐུར་དུ་བརྐོ། །ཁ་ཁྱེར་ཐོད་ཕྲེང་མེ་རིས་བསྐོར། །ལྕགས་ཀྱི་ཕུར་པ་སོར་བརྒྱད་པ། །གདུག་བྱེད་ནག་མོར་བསྒོམ་པར་བྱ། །སོ་བ་ཚིག་ཕྱེ་གུ་གུལ་དང་། །ཤ་ཆེན་རཀྟ་ཞིང་གི་རས། །གོ་རོ་ཙ་ན་ལ་སོགས་པས། །ཆག་གང་གཟུགས་དང་དབང་པོ་བཏོད། །མིང་རུས་བྲིས་ལ་མདུན་རྒྱབ་བསླན། །རྐང་རྗེས་ལུད་པ་ངར་སྣབས་ཀྱང་། །ལིངྒ་དེ་ཡི་རྒྱུ་རུ་བྱ། །ཚོན་སྐུད་སྣ་ལྔས་གཟུགས་བཀྱིགས་ལ། །ཕུར་པ་དེ་ལ་བཏགས་ལ་བཞག །གུ་གུལ་དུད་པས་ལྷ་དང་དབྱེ། །ཡུངས་ཀར་རྒྱལ་པོ་དག་དང་ནི། །ཕུར་པ་དབང་བསྐུར་བྱིན་གྱིས་བརླབ། །ཕུར་པ་དྲག་པོའི་སྔགས་འདིས་བསྒྲུབ། །ཨོཾ་མེ་དར་ཧྲིང་ཐུམ་རིལ་རྦད། ཨོཾ་ཙ་ར་མ་སྙིང་ཁྲག་རག་ར་ཏི་བཛྲ་དུན་བྷྱོ། ཨོཾ་མེ་དར་ལིག་སྙིང་ཁ་རག་རྦད། །གྲུབ་རྟགས་འོད་དང་དུ་བ་དང་། །མེ་འབར་སྒྲ་དང་དྲི་ཞིམ་ན། །འབར་བའི་སྔགས་བཟླས་གཟུགས་ལ་བརྡེག །ད་ར་ཧྲིང་གིས་མིང་ལ་བརྡེག །ད་ར་ལིང་གིས་རུས་ལ་བརྡེག །དེ་ནས་ལུས་སྤྱིར་སྔགས་འདིས་བརྡེག །ཧཱུཾ་ཧཱུཾ་ཚིནྡྷ་ཚིནྡྷ་མཱ་ར་ཡ། མ་ག་ཤ་ཏྲུཾ་པྲ་བེ་ཤ་ཕཊ། དེ་ནི་ལུས་སྤྱིར་བསྟུད་ཅིང་བརྡེག །སྙིང་ཁྲག་སྲོག་པ་རྩ་ཡི་ཁྲག །པདྨ་རཀྟའི་གཏོར་མ་ཡང་། །གདུག་བྱེད་མ་མོ་ཉིད་ལ་དབུལ། །གཟུགས་དེ་ཀླུ་གནས་ས་རུ་སྦ། །ཡང་ན་བྱང་ཤར་སྦྱིན་སྲེག་ཧོམ། །ཞེས་གསུངས་སོ། །ཟ་བྱེད་སྤྱང་རྒྱལ་ནག་མོའི་རྒྱུད་ལས་ཡང་ཐིག་ཡང་སྙིང་ཕུར་ཐུན་གྱི་སྐབས་ཏེ་ཉི་ཤུ་བཞི་པའོ།། །།ལྷ་མོ་བདེ་བྱེད་ཡང་གསོལ་པ། །དཔལ་ལྡན་རང་བྱུང་རྒྱལ་མོ་ཆེ། །དབབ་པའི་ལས་དག་བཤད་དུ་གསོལ། །དེ་སྐད་གསོལ་པ་གསན་ནས་ཀྱང་། །རང་བྱུང་རྒྱལ་མོས་བཀའ་སྩལ་པ། །དབབ་པ་རྣམ་པ་གཉིས་ཡིན་ཏེ། །སེར་བ་དབབ་དང་ལྟས་ངན་དབབ། །སེར་བ་དབབ་པར་འདོད་པ་ན། །མཛེ་ཅན་དག་གི་མགོ་ཐོད་དམ། །རབས་


DNG023_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་ཡུགས་སའི་ཐོད་ནང་དུ། །ཁྱི་རྒྱ་ར་རོག་བ་དམར་ཁྲག །སྔོ་སྣ་སྣ་ཚོགས་བརྡུངས་ཏེ་སྦྱར། །གུ་གུལ་དུད་པ་ཐོད་པར་བདུག །རྒྱ་ཚིལ་གསུར་ཆེན་གུ་གུལ་གྱི། །དུད་པས་ཡུལ་ལྷ་བདུག་པར་བྱ། །རྟ་མགྲིན་སྐུར་བསྒོམ་མ་མོ་གཟིར། །མ་མོའི་བསྙེན་པ་རྫོགས་པ་དང་། །སྔགས་འདིས་བསྙེན་པ་འབུམ་དུ་བསྐྱལ། །དུད་ཕྲོམ་དཀར་ཕྲོམ། ཤུད་ཏི་ཕྲོམ་ཡུག་ཏི་སྨིན། ཏྲག་དུར་ཙར་ཧྲིལ་བྷྱོ། ཤ་ར་ཤ་ལ་ཏ་ཧྲིལ་བྷྱོ། ཏྲཾ་ཏྲཾ་མུར་བྷྱོ། ཕོབ་རབ་ཏུ་ཕོབ་ཡ། ཡུལ་ལྷའི་ཐོག་ཏུ་ཐོད་པ་གནན། །ཁྲག་དང་སྔོ་ཁུས་ཡུལ་ལྷ་བསྐུ། །དེ་དུས་སྔགས་འདིས་ཡུལ་ལྷ་གཟིར། །ཨོཾ་ཡ་མཱནྟ་ཀ །པདྨཱནྟ་ཀྲྀ་ཏ། ཧ་ཡ་གྲཱི་བ། ཨ་ཙ་མེ་དར་ཀུ་རུ་མེ་ཙེ་ས་བྲག་སྭཱ་ཧཱ། དྲག་ཏུ་ཁྲོས་ཏེ་བཟླས་པར་བྱ། །ཡུལ་ལྷ་རྟེན་བདག་གཟིར་ནས་ཀྱང་། །ཡུལ་ཁམས་སེར་བས་འཇོམས་པར་བཤད། །ཡང་ན་ཀླུ་གནས་ཆུ་མིག་དང་། །བདག་ཉིད་ནུབ་ཕྱོགས་ཕྱིར་བསྐྱེད་ལ། །བག་ཕྱེའི་སྦལ་པ་བཞི་བྱས་ཏེ། །ཁྲག་ལ་སྔགས་བཟླས་སྤྱི་བོར་བླུགས། །མགོ་མཇུག་ཁྲག་དང་སྔོ་ཁུས་བསྐུ། །ཀླུ་ཡང་མི་བཟོད་འཇོམས་པར་བཤད། །ཐང་པོ་ཆེ་ལ་ལས་བྱས་ན། །ཕུག་པ་གཅིག་ཏུ་མེ་བཏང་ལ། །དགྲ་གཟུགས་བག་ཕྱེ་དག་ལ་བྱ། །མིང་རུས་ཁྲག་དང་སྔོ་ཁུ་དག །གཅིག་ཏུ་བསྲེས་ལ་སྦྱིན་བསྲེག་བྱ། །སྲིད་པ་འཁྲུག་པར་མ་གྱུར་ན། །སེར་བ་ཕེབས་པར་མི་འགྱུར་ཏེ། །མ་མོ་ཆུ་འཁྱགས་བདག་མོར་བསྒོམ། །ཞེས་གསུངས་སོ། །ཟ་བྱེད་སྤྱང་རྒྱལ་ནག་མོའི་རྒྱུད་ལས་སེར་བ་དབབ་པའི་སྐབས་ཏེ་ཉི་ཤུ་ལྔ་པའོ།། །།དེ་ནས་ལྟས་ངན་དབབ་པའི་ཕྱིར། །དཀྱིལ་འཁོར་ཕྲིན་ལས་རྣམ་བཞིར་བྲི། །དབུས་སུ་མཐིང་ནག་གྲུ་གསུམ་དུ། །ལྟས་ངན་བདག་མོ་ཞལ་ཕྱུང་སྟེ། །འབྲུ་ནག་ཟན་ལ་ཇི་བཞིན་པའི། །མཐིང་ནག་རལ་པས་ས་གཞི་ཁྱབ། །མཆེ་གཙིགས་སྤྱན་དམར་རྣ་བ་ཀྲོག །ཕྱག་གཡས་ཙིཏྟ་གཡོན་སྤྱང་མོ། །ཐུགས་ཀར་གྲུ་གསུམ་ཁ་ཕྱེ་ལ། །


DNG023_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བགེགས་གང་རུང་མིང་རུས་དང་། །མ་མོའི་སྙིང་པོ་གཞུག་པར་བྱ། །སླར་ཡང་མཐིང་ནག་དར་གྱིས་གཅད། །སྤྱི་བོར་ལེ་བརྒན་གུར་གཅིག་དབུབ། །འབྲུ་ནག་ཟན་ལ་ལྟས་ངན་ནི། །རང་ཉིད་གང་འབེབས་ཤ་ཁྲག་དང་། །བསྲེས་ཏེ་ལྟས་ངན་གཟུགས་བྱས་ཏེ། །མ་མོ་ཉིད་ལ་བསྐོར་ལ་བཞག །ཡང་སྤྲུལ་སྣ་ཚོགས་དབབ་པའི་ཕྱིར། །རེ་རེ་ལ་ཡང་བཞི་བཞིས་བསྐོར། །རང་རང་སྙིང་ཁྲག་ཤ་རུས་ལ། །གཏོར་མ་བྱས་ཏེ་གཞག་པར་བྱ། །གསོབ་ལ་སོགས་པའང་དེ་བཞིན་ཏེ། །སུམ་སྤྲུལ་འོད་དང་དབབ་པའི་ཕྱིར། །མེ་ལོང་གཡབ་ཅིང་སྔགས་ཀྱང་བཟླས། །རུ་དར་ནག་པོ་རྟེན་དུ་བཅའ། །མ་མོ་ཉིད་ཀྱི་རྒྱབ་ཏུ་ཡང་། །སྔོན་དམར་དྲ་བ་བསྐུར་བར་བྱ། །རྐེ་རུ་གསེར་གྱི་དྲ་བ་གདགས། །མདུན་དུ་རྒྱ་ཤོག་དག་ལ་ཡང་། །མ་ཉེས་ཡུས་ཁ་བྲིས་ལ་བཞག །རྣལ་འབྱོར་རང་གི་སྤྱོད་ཡུལ་ལས། །རྒྱལ་བའི་སྲས་པོ་ཉིད་མི་བསྙེན། །བྱང་སེམས་དཀར་དམར་ཨ་མྲྀ་ཏ། །ཆང་ཕུད་སོགས་པས་དབང་ཡང་བསྐུར། །ལྟས་ངན་བདག་མོར་དབང་ཡང་བསྐུར། །ལྟས་ངན་སྣ་ཚོགས་འབེབས་པར་བསྒོམ། །སྙིང་ཁྲག་སྙིང་དང་སྲོག་རྩའི་ཁྲག །སྣ་ཚོགས་ལྟས་ངན་ཤ་ཁྲག་སྦྱར། །ནང་ནུབ་གཏོར་མ་རྒྱུན་མི་གཅད། །ཉམས་དང་རྨི་ལམ་མངོན་སུམ་དུ། །རྣལ་འབྱོར་རང་གི་གནས་སུ་འོང་། །དེ་ནས་དགྲ་ལ་རྦད་པར་བྱ། །བདག་ཉིད་ཆེ་མཆོག་ཧེ་རུ་ཀ །མ་མོ་ཏྲག་ལས་མངོན་དུ་བསྐྱེད། །ལྟས་ངན་སྣ་ཚོགས་འགྱེད་པར་བསྒོམ། །སྔགས་འདི་རྒྱུན་དུ་བཟླས་པར་བྱ། །ཏྲག་རཀྴ་ཁ་མུན་ཏྲ་མུ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་བྷྱོ། རག་མོ་ཏེ་ཀེ་མ་ཛ་ཛ་ཁ་ལ་བྷྱོ། རུ་ལུ་རུ་ལུ་མ་ཧི་བྷྱོ། ཡཾ་ལིམ་ཤཾ་ལིམ་མ་ཤ་ཛ། མ་ཤ་དུ་ན་ཛཱ་ཕོབ་ཡ། ཏྲག་ཧེ་ཧེ་ཡ་དུན་ཙེ་ཡ། ཀྲཾ་ཀྲཾ་སྲི་ལ་དུན་ཙེ་ཡ། ཀྱང་ཀྱིང་ཕོབ་ཡ། འུར་འུར་ཏྲབ་ཏྲབ་ཐིབ་ཐིབ་ཀྱིང་ཀྱིང་། དུན་དུན་ཕོབ་ཡ། ཙི་པི་ལི་དུར་ཡག་ཤི། དུ་དུ་པྲི་ལ་དུན་ཙེ་ཕོབ་ཡ། རྒྱ་རྒྱ་ཕོབ་ཡ། རང་གི་གནས་དང་ཐོ་ཕྱི་རུ། །ཐིབ་ཐིབ་མ་བྱུང་བར་དུ་བཟླས། །ཏིང་ངེ་འཛིན་གྱིས་མ་ཟིན་ན། །ཡང་


DNG023_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་འོང་ཡང་ཐེབས་པར་དཀའ། །དེ་ནས་འོ་དོད་དཔང་གཟུག་སྟེ། །རྫས་རྣམས་དགྲ་ཕྱོགས་ཁ་ཡང་བསྟན། །འོད་དང་སྒྲ་དང་ཐུག་ཆོམ་དང་། །སྣ་ཚོགས་ལྟས་ངན་གདོན་མི་ཟ། །དེ་ནས་རྫས་རྣམས་དྲིལ་བྱས་ཏེ། །རང་གི་ལུས་ལ་བསྲེལ་བར་བྱ། །ཕྱིས་ནི་རྫས་ཀུན་གཏོར་བས་ཆོག །ཡིད་ལ་གང་བསམ་གང་འདོད་འོང་། །ཞེས་གསུངས་སོ། །ཟ་བྱེད་སྤྱང་རྒྱལ་ནག་མོའི་རྒྱུད་ལས་ཆོ་འཕྲུལ་ལྟས་ངན་དབབ་པའི་སྐབས་ཏེ་ཉི་ཤུ་དྲུག་པའོ།། །།ལྷ་མོ་བདེ་བྱེད་ཡང་གསོལ་པ། །རང་བྱུང་རྒྱལ་མོའི་བསྐང་རྫས་གང་། །བསྐང་ལུགས་གང་ལགས་བཤད་དུ་གསོལ། །དེ་སྐད་གསོལ་པ་གསན་ནས་ཀྱང་། །རང་བྱུང་རྒྱལ་མོས་བཀའ་སྩལ་པ། །རྣལ་འབྱོར་མ་མོ་སྤྱོད་པའི་ཚེ། །བསྐང་ལུགས་བཅོས་ཐབས་འདི་ལྟར་བྱ། །དུར་ཁྲོད་དབེན་པའི་གནས་མལ་ལམ། །ཆུ་འགྲམ་མཚོ་གླིང་རི་རབ་ཁར། །སྦྲ་ཕུབ་མི་དང་མ་འཕྲད་པར། །འབྲུ་སྣ་ཚོགས་པའི་ངར་ཕྱེ་ལ། །ཤ་ཁྲག་སྙིང་ཕྱེ་གསེར་གཡུ་བརྡར། །ཞི་རྒྱས་ལས་བཞིའི་གློ་འབུར་བརྩེགས། །རྒྱས་པ་གསེར་གཞིའི་སྟེང་དག་ཏུ། །སྣང་སྲིད་གཟུགས་ཀྱིས་བསྐོར་ལ་གཞག །དེ་སྟེང་ཞི་བ་དཀར་ཟླུམ་དུ། །སྤྱན་གཟིགས་སྣ་ཚོགས་བཀྲམ་ལ་གཞག །ཟུར་གསུམ་བརྩེགས་པར་ཟླ་གམ་གསུམ། །ཟླ་གམ་གསུམ་ལ་གཏོར་མ་གསུམ། །མི་ཁྱི་རྟ་ཡི་ཤ་ཁྲག་སྙིང་། །གཞན་ཡང་སྣ་ཚོགས་འབྱོར་པ་དགྲམ། །གྲུ་གསུམ་རྩེ་མོ་ལྷོ་རུ་བསྟན། །སོར་གཉིས་གྱེན་དུ་སློང་བ་ལ། །ཁྲུ་གང་ཐུར་དུ་བྲུ་བར་བྱ། །སོལ་ཆེན་དག་གིས་ནག་པོར་བྱ། །ཟུར་གསུམ་རྩེ་ལ་རུ་དར་གསུམ། །རྨ་བྱའི་རྒྱལ་མཚན་གསུམ་ཡང་དགོད། །མི་ཁྱི་རྟ་ཡི་སྙིང་གསུམ་ཡང་། །སྲོག་པ་རྩ་དང་བཅས་ཏེ་གཞག །གྲུ་གསུམ་དབུས་སུ་སྣེལ་མོའི་མགོ། །དུམ་བུ་ལྔ་པ་གཞག་པར་བྱ། །དེ་ཡི་ནང་དུ་མ་མོའི་སྐུ། །ལུགས་


DNG023_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

མ་དག་གམ་རྭ་ཤིང་ལ། །འབུར་དུ་བྲུས་པ་བཞུགས་སུ་གསོལ། །ཡང་ན་འཕྲུ་ཟན་ལས་བྱས་པའི། །མཐིང་ནག་འཇིགས་པའི་ཆ་བྱད་ཅན། །ཞལ་གདངས་སྤྱན་བགྲད་མཆེ་གཙིགས་པའི། །རལ་པས་ས་གཞི་ཁྱབ་པ་ལ། །སྤྱི་གཙུག་མཐིང་གའི་རལ་པ་འོད་དུ་འབར། །གཡས་པ་བམ་ཆེན་ཙིཏྟ་ལ། །གཡོན་པ་གཡུ་ཡི་སྤྱང་མོ་ཕྲ་ཐབས་ཐོགས། །སྤྱང་མོ་འབུམ་གྱིས་བསྐོར་བར་བྱ། །ཐུགས་ཀར་མཚལ་གྱིས་ཏྲག་གཅིག་བྲི། །ཞལ་དུ་བརྣག་པའི་མིང་རུས་གཞུག །སྔོན་དུ་རྣལ་འབྱོར་བྱོལ་ཟོར་བྲི། །ལེ་བརྒན་གུར་དབུབ་ཞིང་ཡོལ་བྲི། །དེ་ལྟར་བཞེངས་པའི་མ་མོ་དེ། །ཚེ་སྲོག་བདག་མོ་ཡིན་པར་བཤད། །ཚེ་ཡི་དཀྱིལ་འཁོར་བཞེངས་གསོལ་ལ། །སྐབས་སུ་ཚེ་ཡི་སྙིང་པོ་དྲང་། །དང་པོར་ཏིང་འཛིན་རྣམ་གསུམ་གྱིས། །རང་གི་སེམས་ཉིད་རྟོགས་པར་བྱ། །རྟོགས་པ་མ་ཡེངས་བརྟན་པོ་ཡིས། །ཕྲིན་ལས་རྣམ་བཞིའི་མཎྜལ་ལ། །བྷནྡྷ་འབར་བའི་གཞལ་ཡས་སུ། །རང་བྱུང་ཡེ་ཤེས་ཆེན་པོ་ལས། །ཡི་གེ་ཏྲག་ཏུ་འཕྲོས་པ་ཡིས། །ཏྲག་ལས་མ་མོ་གསལ་བསྒོམ་སྟེ། །འཁོར་ནི་ནག་མོ་འབུམ་དང་བཅས། །ཏིང་འཛིན་བརྟན་པོ་མ་ཡེངས་བསྒོམ། །དེ་ཡི་མདུན་དུ་མཆོད་པ་ཀུན། །འདོད་ཡོན་སྣ་ཚོགས་ལྡན་པ་བསྒོམ། །བྱ་ནག་ལུག་ནག་བསྐང་བའི་རྫས། །བདུད་དང་གིང་ལའང་དེ་བཞིན་དུ། །རང་རང་མཉེས་པའི་རྫས་ཀྱང་བཤམ། །ཞག་གསུམ་བར་དུ་དཔལ་བསྙེན་བྱ། །དྲུག་གི་བར་དུ་ཚེ་བསྒྲུབ་བྱ། །དགུ་ཡི་བར་དུ་མ་མོ་བསྙེན། །བཅུ་གཉིས་བར་དུ་མ་མོ་བསྐང་། །བཅོ་ལྔའི་ནུབ་མོ་ཐུན་ཟོར་འཕང་། །རྒྱ་མཚོ་ཆུ་བོའི་གཞུང་ལ་བསྐྱོན། །དེ་ཡིས་དགོས་འདོད་ཐམས་ཅད་འགྲུབ། །ཅེས་གསུངས་སོ། །ཟ་བྱེད་སྤྱང་རྒྱལ་ནག་མོའི་རྒྱུད་ལས་གུ་ཧྱ་ཙིཏྟ་མདོས་ཀྱི་ལེའུ་ཞེས་བྱ་སྟེ་ཉི་ཤུ་བདུན་པའོ།། །།བདེ་བྱེད་ལྷ་མོས་ཡང་གསོལ་པ། །བདག་མ་ཡིན་པ་


DNG023_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ཆེས་ཕྱིར། །སྐྱེ་རྒྱུད་ལུང་བསྟན་བདག་ཉན་འཚལ། །དེ་སྐད་གསོལ་པ་གསན་ནས་ཀྱང་། །རང་བྱུང་རྒྱལ་མོས་བཀའ་སྩལ་པ། །ཉོན་ཅིག་ལྷ་མོ་བདེ་བྱེད་མ། །སུམ་ཅུ་རྩ་གསུམ་ལྷ་གནས་ན། །ལྷ་ཆེན་མ་ཧཱ་དེ་བ་དང་། །ལྷ་མོ་ཨུ་མ་དེ་ཝཱི་གཉིས། །མ་མཇལ་ཡིད་ཀྱིས་སྦྱོར་བ་མཛད་པ་ལས། །ཡབ་ཡུམ་གཉིས་སུ་མེད་པའི་མདངས་ལས་ལྷ་མོ་ཨུ་མའི་དཔྲལ་བར་ལྕགས་ཀྱི་མཛེར་པ་གཅིག་སྐྱེས་པ་ལས། ཡབ་ཀྱིས་ཁྱེའུར་སྨོན་ལམ་བཏབ། ཡུམ་གྱིས་བུ་མོར་སྨོན་ལམ་བཏབ་སྟེ། ཡུམ་གྱི་སྨོན་ལམ་མཐུ་བཙན་ནས། བུ་མོ་བཟང་སྡུག་ལ་འོད་ཆགས་པ་གཅིག་སྐྱེས་སོ། །མིང་ཡང་ལྷ་མོ་མདངས་ལྡན་མར་བཏགས་སོ། །བུ་མོ་དེ་ཟས་སུ་ནི་ལྷའི་ཞལ་ཟས་རོ་མཆོག་བརྒྱ་དང་ལྡན་པ་ཟ། གོས་སུ་ནི་ལྷ་ཡི་ན་བཟའ་པཉྩཱ་ལི་ཀ་གོན་པ་ལ། བདུད་ཐོད་པའི་ཕྲེང་བ་ཅན་དང་བདུད་མོ་བརྒྱ་བྱིན་ཀུན་དགའ་མོའི་བུ་བདུད་བྲང་རྐུན་ནག་པོ་བྱ་བའི་ཆུང་མར་ཕྱིན་ཏེ། ཕ་མ་གཉིས་ཀྱིས་དམོད་པ་བོར་རོ། །ཁྱོད་ལྷ་ཞིག་ལ་བག་མ་སོང་ན་ཡང་གལ་མེད་པ་ལ། ཁྱོད་ལྷའི་བུ་མོ་གསོས་པས་བདུད་ལ་སོང་བ་ལས། ཁྱོད་ལུས་མཐིང་ལས་གནག་པར་སོང་ཞིག །ཟས་སུ་མི་ཤ་རྟ་ཤ་ཟ་བ་གཅིག་ཏུ་སོང་ཞིག །སྐོམ་དུ་མི་ཁྲག་རྟ་ཁྲག་འཐུང་བ་གཅིག་ཏུ་སོང་ཞིག །གོས་སུ་མི་ལྤགས་གོན་པ་གཅིག་ཏུ་སོང་ཞིག །ཅེས་དམོད་པ་བོར་བས། ཡུམ་གྱི་དམོད་པ་བཙན་པར་གྱུར་ཏེ། མོད་དེ་ཉིད་ལ་དེ་བཞིན་ཉིད་དུ་གྱུར་ཏེ། དམེ་ཤ་གསུམ་ལ་རྐན་ཕབ་པས། ལྷའི་ཞལ་ཟས་ཟོས་པས་ཤིན་ཏུ་རོ་རྒྱས་པ། གོས་སུ་མི་ལྤགས་གོན་པས་ཤིན་ཏུ་བརྗིད་ཆེ། རལ་པ་ནག་པོ་ས་གཞི་ཁྱབ་པ་གཅིག་ཏུ་གྱུར་ཏེ། ཡབ་ཡུམ་ལྷ་ཡིན་པའི་རྟགས་སུ། སྤྱི་བོའི་གཙུག་ཏུ་མཐིང་གི་རལ་པ་འོད་དུ་འཕྲོ་བ་གཅིག་མ་འགྱུར་བར་གནས་པ་ལས། མཚན་ཡང་རལ་པ་གཅིག་


DNG023_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

མར་མངའ་གསོལ་ལོ། །དེ་ནས་རྒྱ་མཚོའི་གཏིང་དུ་ཡུམ་མཚོ་སྨན་རྒྱལ་མོའི་དངོས་གྲུབ་བརྙེས་ཏེ། བྲག་དམར་ཆོལ་ཟངས་འདྲ་བ་ལ་ཉིན་གྱི་གནས་བཅས། མཚན་ཡང་མེ་ཟ་བྲག་གྱོན་མར་གསོལ་ལོ། །དེ་ནས་དུར་ཁྲོད་གནས་ཀུན་ཉུལ་བས། །མཚན་ཡང་དུར་ཁྲོད་ཀློང་དགུ་མ། །གྲུ་གསུམ་དཔལ་གྱི་ཕོ་བྲང་དུ། །དཔལ་ཆེན་ཁྲག་འཐུང་དབང་ཐོབ་པས། །མཚན་ཡང་དཔལ་གྱི་གཟུངས་གཅིག་མ། །ལྷོ་ཕྱོགས་གཤིན་རྗེའི་ཕོ་བྲང་དུ། །ཡ་མཱན་ཏ་ཀའི་ཡུམ་མཛད་པས། །མཚན་ཡང་སྒེག་མོ་རལ་གཅིག་མ། །གྲུ་གསུམ་ཤེལ་གྱི་དཀྱིལ་འཁོར་དུ། །རྡོ་རྗེ་གཞོན་ནུའི་ཡུམ་མཛད་པས། །མཚན་ཡང་འཁོར་ལོ་རྒྱས་འདེབས་མ། །རི་བོ་མ་ལ་ཡ་ཡི་རྩེར། །ཕྱག་ན་རྡོ་རྗེའི་ཞབས་དྲུང་དུ། །གསང་སྔགས་བསྲུང་མར་དབང་བསྐུར་བས། །མཚན་ཡང་སྔགས་སྲུང་ནག་མོ་བྱ། །ཐམས་ཅད་གསོད་པའི་ལས་བྱེད་པས། །སྲིན་མོ་རལ་གཅིག་ཤ་ཟ་མ། །རྣལ་འབྱོར་ཡོངས་ཀྱི་གྲོགས་བྱེད་པས། །མཚན་ཡང་དགྲ་འདུལ་ནད་ཚོང་མ། །དེ་ཡང་ཚ་བའི་ནད་གཏོང་བས། །མཚན་ཡང་བལ་མོ་ཀུན་སྡུག་མ། །ཁྲག་རིམས་ཡམས་ནད་གཏོང་བྱེད་པས། །མཚན་ཡང་ནག་མོ་ཁྲག་འཛག་མ། །ལྟས་ངན་ཆོ་འཕྲུལ་གཏོང་བས་ན། །མཚན་ཡང་མོན་མོ་ནག་མོ་བྱ། །དེ་བཞིན་མཚན་གྱི་རྣམ་གྲངས་ཡང་། །བརྗོད་ཀྱིས་མི་ལང་བསམ་ཡས་ཏེ། །ཕྱག་ན་རྡོ་རྗེ་སྤྲུལ་པའི་སྐུ། །དེ་ཉིད་སྤྲུལ་པ་བསྟན་པ་བས། །ཞེས་གསུངས་སོ། །ཟ་བྱེད་སྤྱང་རྒྱལ་ནག་མོའི་རྒྱུད་ལས་སྐྱེ་རྒྱུད་ལུང་བསྟན་པའི་སྐབས་ཏེ་ཉི་ཤུ་བརྒྱད་པའོ།། །།དེ་ནས་འདུས་པའི་ཕལ་མོ་ཆེ། །ཤིན་ཏུ་ངོ་མཚར་ཡི་རངས་ནས། །མ་མོ་ཉིད་ལ་མངོན་པར་བསྟོད། །ཧཱུཾ། གསང་སྔགས་གཉན་གྱི་སྲུང་མ་མཐུ་མོ་ཆེ། །སྔགས་སྲུང་ནག་མོ་རལ་གཅིག་མ། །མངོན་པར་བསྟོད་ཀྱིས་དམ་མ་འདའ། །གྲུ་གསུམ་ཡུམ་གྱི་མཁའ་དབྱིངས་ནས། །


DNG023_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

ཏྲག་ལས་སྐུར་བསྐྱེད་རྫོགས་པ་ནི། །ཐུགས་ཉིད་མྱ་ངན་ལས་འདས་ཀྱང་། །སྦྱོར་བ་ཁམས་གསུམ་མཛད་པའི་རྟགས། །རལ་པ་མཐིང་ནག་འབར་བ་ནི། །ཆོས་ཉིད་འགྱུར་བ་མེད་པ་ཡི། །དོན་དམ་ཐུགས་སུ་ཆུད་པའི་རྟགས། །རལ་པ་ཐོར་ཚུགས་གཅིག་བཅིངས་པ། །ཁམས་གསུམ་དབང་དུ་སྡུད་པའི་རྟགས། །ཕྱག་གཡས་ཞིང་ཆེན་ཙིཏྟ་ནི། །འགྲོ་དྲུག་རྩད་ནས་གཅོད་པའི་རྟགས། །ཕྱག་གཡོན་གཡུ་ཡི་སྤྱང་མོ་ཕྲ་ཐབས་གཏོང་བ་ནི། །གདུག་པའི་དགྲ་བགེགས་མྱུར་དུ་འདྲེན་པའི་རྟགས། །ཐུགས་ལས་སྤྱང་མོ་དགུ་འབུམ་འཕྲོ་བ་ནི། །སྟོང་ཁམས་དགྲ་བོ་མ་ལུས་སྒྲོལ་བའི་རྟགས། །ཞབས་གཉིས་གྱད་ཀྱི་དོར་ཐབས་བཞུགས་པ་ནི། །ཐབས་དང་ཤེས་རབ་གཉིས་མེད་སྦྱོར་བའི་རྟགས། །མ་མོ་ནག་མོ་གདུག་པའི་སྲོག་སྒྲོལ་མ། །མངོན་པར་བསྟོད་ཀྱི་མཐུ་མ་ཆུང་། །ཞེས་བརྗོད་དོ། །དེ་ནས་ཕྲིན་ལས་ཀྱིས་མ་མོ་འདི་སྐད་བསྐུལ་བར་བྱའོ། །ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ། །གྲུ་གསུམ་མཐིང་ནག་ཀློང་དཀྱིལ་ནས། །སྔགས་ཀྱི་སྲུང་མ་མཐུ་མོ་ཆེ། །སྐུ་མདོག་མཐིང་ནག་འབར་བ་ལ། །རལ་པའི་ཟར་བུས་ས་གཞི་ཁེབས། །གཡས་ཀྱི་ཕྱག་ན་ཞིང་ཆེན་ཙིཏྟ་བསྣམས། །གཡོན་ན་གཡུ་ཡི་སྤྱང་མོ་བསྣམས། །གཡུ་ཡི་སྤྱང་མོ་དགུ་འབུམ་ཐུགས་ཀྱི་ཕོ་ཉར་འགྱེད། །འཛིན་བྱེད་འབར་བའི་ལྕགས་ཀྱུ་ཡིས། །མིག་གི་དབང་པོ་མངོན་དུ་ཕྱུང་། །ལྕགས་ཀྱི་སྡེར་ཆེན་གདེངས་པ་ཡིས། །ལུས་ཀྱི་ཁོང་ཁྲོལ་སྙིང་ཕྱུང་ཞིག །སྤྱང་མོ་སྤྲུལ་པའི་འཕྲོ་འདུ་ཡིས། །སྲོག་རྩ་སྙིང་རྩ་ཕྱུང་ལ་ཤོག །མགོ་དང་ལུས་སུ་ཕྲོལ་ལ་ཤོག །ཤ་དང་རུས་པ་ཕྲོལ་ལ་ཤོག །ནང་ཁྲོལ་དབང་པོ་སྤྱོས་ལ་ཤོག །དགྲ་བོའི་ལྷ་ལྔ་དབང་དུ་སྡུས། །མངོན་སྤྱོད་དྲག་པོས་རྡུལ་དུ་རློགས། །ཞེ་སྡང་སྐྱེད་ཅིང་སྲིད་པ་དཀྲུགས། །མི་མངོན་མཁའ་དབྱིངས་བདེ་ཆེན་ནས། །ཨེ་ཀ་ཛཱ་ཏི་རལ་གཅིག་མ། །དབུ་དགུ་ཐོར་ཚུགས་གཅིག་བཅིངས་ཤིང་། །ཁམས་


DNG023_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་སྲིད་གསུམ་དབང་དུ་སྡུད། །དེང་འདིར་ལས་རྣམས་ཐམས་ཅད་བྱེད། །མཁའ་ལ་དེ་བཞི་གཤོག་གཅིག་མ། །དཔལ་གྱི་གཙུག་འབྱམས་ཨ་ལ་ལ། །ཟངས་ཀྱི་ཁ་ལ་ལྕགས་ཀྱི་སོ། །སྣ་ཚོགས་ཞལ་ལ་ཞིང་སྒྲོལ་མ། །མཐིང་ནག་གཅེར་བུ་དབུ་དགུ་མ། །སྙིང་ཡང་དགུ་སྟེ་རྐང་གཅིག་མ། །སྟོང་ཁམས་འཕྱོ་ཞིང་མཁའ་ལ་འགྲོ། །བལྟས་པས་བདུད་རྣམས་སྒྲོལ་བར་བྱེད། །ལག་ན་ལྕགས་ཀྱུ་རྩེ་དགུ་བསྣམས། །གདུག་བྱེད་རྣམས་ཀྱི་སྙིང་འབྱིན་མ། །རྡོ་རྗེ་བ་སྤུ་རེ་རེ་ལས། །རྡོ་རྗེ་ལྕགས་ཀྱུ་རེ་རེ་འཕྲོ། །གནོད་བྱེད་མ་ལུས་རྡུལ་དུ་རློགས། །བར་བར་མིག་ནས་ཁྲག་འཛག་མ། །རྐན་སྒྲ་རྡེབས་ཤིང་བདུད་དཔུང་འཇོམས། །རྟག་ཏུ་དབང་ཕྱུག་སྐུ་ལ་རོལ། །དགའ་བའི་དབང་གིས་གྲོགས་མཛད་མ། །འདོད་ཁམས་གཙོ་མོ་དབང་དུ་སྡུད། །ཁྱོད་ནི་མ་བརྒྱད་གཙོ་མོ་སྟེ། །ཁྲག་གི་བཅུད་ལ་འཐུང་ཞིང་ལྷ་རྣམས་དབང་དུ་སྡུད། །དམ་རྫས་རྒྱན་གྱི་གཏོར་མ་འདི་ལོངས་ལ། །ཁྲག་ནད་དུག་མདའ་འཕེན་ཅིང་ཕྲིན་ལས་མཛོད། །དེ་ཕྱིར་ཕྲིན་ལས་བདག་མོ་མཐུ་མ་ཆུང་། །ཞེས་པས་ཕྲིན་ལས་ཀྱི་བདག་མོ་བསྐུལ། །ལྟས་ངན་བདག་མོ་འདི་སྐད་བསྐུལ། །རུ་དར་ནག་པོ་རྨ་བྱ་དང་། །མེ་ལོང་གཡབ་མོས་གཡབ་པར་བྱ། །ཧཱུཾ། གསང་སྔགས་གཉན་གྱི་སྲུང་མ་མཐུ་མོ་ཆེ། །བཞེངས་ཤིག་མི་མངོན་དབྱིངས་ནས་བཞེངས། །བསྐུལ་ལོ་དམ་ཚིག་བདག་མོ་བསྐུལ། །གཤེགས་ཤིག་ཆོ་འཕྲུལ་བདག་མོ་གཤེགས། །སྐུ་མདོག་མཐིང་ནག་ཙེ་རེ་རེ། །རལ་པ་ནག་པོ་ཤ་ར་ར། །མཐིང་ནག་རལ་གཅིག་རྒྱངས་སེ་རྒྱང་། །གཡུ་ཡི་སྨིན་མ་ཁྱུགས་སེ་ཁྱུག །སྤྱན་མིག་ཉི་ཟླ་འཁྱིལ་པ་ཙམ། །ཁྲག་གི་མཆི་མ་ཤ་ར་ར། །ཞལ་གདངས་མཆེ་གཙིགས་ཐམས་སེ་ཐམ། །ཁྲག་དང་ཞག་འཛག་ཟུ་ལུ་ལུ། །ལྗགས་འདྲིལ་རྐན་རྡེབ་ཆེམས་སེ་ཆེམ། །མི་ལྤགས་གཡང་གཞི་འཇོལ་ལོ་ལོ། །དར་ནག་བེར་ཆེན་ལྷུབས་སེ་ལྷུབ། །གཡས་ཀྱི་ཕྱག་ན་ཙིཏྟ་འཕར་མི་ཆད། །གཡོན་གྱི་ཕྱག་ན་སྤྱང་མོ་ཕྲ་ཐབས་བསྣམས། །དེ་ཕྱིར་ཕྲིན་ལས་བདག་མོ་དམ་ལ་འདུ། །ཞལ་ནས་ནད་ཀྱི་རླངས་པ་འཐུལ། །མིག་ནས་ཁྲག་རིམས་ཡམས་ནད་གཏོང་། །སྣ་


DNG023_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དུད་འཐུལ་མཛེ་ནད་གཏོང་། །སྐུ་ལས་ཟེར་འཕྲོས་འབྲུམ་ནད་གཏོང་། །ཁོང་ནས་ནད་སློང་མཁྲིས་པ་གཏོང་། །དེ་ཕྱིར་ནད་ཀྱི་བདག་མོ་དམ་ལ་འདུ། །གཡས་ན་གསེར་གྱི་བྲག་ཆེན་ཟངས་སེ་ཟང་། །གཡོན་ན་གཡུ་ཡི་མཚོ་ཆེན་ཁྱི་ལི་ལི། །སྔོན་ན་མོན་མོ་མཛེས་མ་ཤ་ར་ར། །ཀླད་ན་བལ་མོ་མཛེས་མ་ལྡེམས་སེ་ལྡེམ། །ཞབས་གཉིས་དོར་ཐབས་དམ་ཉམས་སྙིང་དང་ལྟེ་བར་གཟིར། །ལྟས་ངན་ཝ་སྤྱང་ཆོ་ངེ་དི་རི་རི། །འདབ་ཆགས་ཕྲ་ཐབས་མང་པོ་ཞ་ལ་ལ། །ཤ་ཟན་སྡེར་ཆགས་མང་པོ་འཕུར་ལྷབ་ལྷབ། །སྡེར་ཆགས་སྟག་གཟིག་མང་པོ་འཛུམ་མདངས་མུ་ལུ་ལུ། །སྦལ་ནག་སྦྲུལ་ནག་སྡོམ་སྡིག་ཉི་ལི་ལི། །ཅེ་སྤྱང་ཁ་གདངས་མང་པོ་འདུ་རུ་རུ། །མོན་པ་སྤྲེའུ་སྐྱ་ཞོན་ཡེ་རེ་རེ། །གསེར་འོད་གཡུ་འོད་དུང་འོད་ལམས་སེ་ལམ། །བུད་མེད་ནག་མོ་གཡབ་འདོར་ལིངས་སེ་ལིང་། །ལྟས་ངན་ཡང་སྤྲུལ་མང་པོ་ཐིབས་སེ་ཐིབ། །དེ་ཕྱིར་ལྟས་ངན་བདག་མོ་དམ་ལ་འདུ། །ཉིད་ཀྱི་ཆེ་བ་བརྗོད་ཀྱིས་མི་ལང་སྟེ། །ཡོན་ཏན་སྣ་ཚོགས་འབྱུང་བའི་དཔལ་ལྡན་མ། །ལྟས་ངན་ཆོ་འཕྲུལ་དགྲ་ལ་དབབ་ཏུ་གསོལ། །མ་མ་ཨི་ལ་ཏ་ཀ་ཀེང་ཀྱིང་ཀྱིང་མཁའ་ལ་ལྡིང་། དུར་དུ་བྷྱོ་རོག་མ་རྒྱུག་པ་ལ་ཚོར། ཨ་མོ་ཀར་ནོངས་ཞེས་ཡུངས་ཀར་ལ་བཟླས་ལ་གཏོར་རོ། །ལྟས་ངན་སྣ་ཚོགས་སུ་ཤུགས་ཀྱིས་འོང་བར་འགྱུར་རོ། །ཟ་བྱེད་སྤྱང་རྒྱལ་ནག་མོའི་རྒྱུད་ལས་མངོན་དུ་བསྐུལ་བའི་སྐབས་ཏེ་ཉི་ཤུ་དགུ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བསྟན་པའི་བསྲུང་མར་དབང་བསྐུར་ཏེ། །མཎྜལ་མདའ་གང་གྲུ་བཞི་ལ། །སྣ་ཚོགས་ཁྲག་གིས་ཆག་ཆག་གདབ། །རྡོ་རྗེ་སྔགས་སྲུང་ནག་མོ་ནི། །ལུགས་སམ་ཡང་ན་དར་དཀར་ལ། །མཁས་པས་ཆ་བྱད་རྫོགས་པར་བྲི། །དེ་ཡི་མཐའ་མར་རྫས་རྣམས་དགོད། །ཏིང་འཛིན་བརྟན་པས་དགུག་ཅིང་བསྡིམ། །ཡང་ནས་ཡང་དུ་དམིགས་པ་བསྐྱེད། །དམིགས་པ་བརྟན་པོར་གྱུར་པ་ན། །བསྟོད་ཅིང་བསྐང་ཞིང་དབང་ཡང་བསྐུར། །བཀའ་རྟགས་ཕྱག་རྒྱའི་དབང་རྟགས་ཡིན། །རུ་དར་ནག་པོ་རྟེན་དུ་བཅའ། །འབར་བ་སྐུ་ཡི་དབང་ཡང་བསྐུར། །
དྲག་སྔགས་གསུང་གི་དབང་ཡང་བསྐུར། །གཉིས་མེད་ཐུགས་ཀྱི་དབང་ཡང་བསྐུར། །ཡེ་ཤེས་ཡོན་ཏན་དབང་ཡང་བསྐུར། །ཐུན་རྫས་ཕྲིན་ལས་དབང་ཡང་བསྐུར། །འབྲས་བུ་སྣ་ཚོགས་གཏོར་མས་བསྐུར། །བྱང་སེམས་དཀར་དམར་སྦྱོར་བའི་དབང་། །དེ་ལྟར་དབང་རྣམས་རྫོགས་པར་བསྐུར། །དེ་རྫོགས་ཕྲིན་ལས་ཐོགས་པ་མེད། །དེ་མ་རྫོགས་པའི་རྣལ་འབྱོར་པས། །མ་མོ་བསྒྲུབས་ཀྱང་འགྲུབ་མི་འགྱུར། །ཞེས་གསུངས་སོ། །ཟ་བྱེད་སྤྱང་རྒྱལ་ནག་མོའི་རྒྱུད་ལས་དབང་བསྐུར་བའི་སྐབས་ཏེ་སུམ་ཅུ་པའོ།། །།དེ་ནས་དཔལ་ལྡན་རང་བྱུང་རྒྱལ་མོ་དེས། འདི་སྐད་ཅེས་བཀའ་སྩལ་ཏོ། །ཧེ། ང་ནི་དུས་གསུམ་ཐམས་ཅད་དུ། །ང་ཡི་ཐུགས་རྗེ་རྒྱུན་མི་འཆད། །ང་ནི་བདེ་གཤེགས་སྦྱོར་སྡེ་མོ། །དམ་ཚིག་ཅན་གྱི་དགྲ་འདུལ་མ། །ང་ནི་རྣལ་འབྱོར་སྒྲུབ་སྡེ་མོ། །དམ་ཚིག་ཉམས་པའི་སྲོག་གཤེད་མོ། །ང་ནི་རང་བྱུང་རྒྱལ་མོ་སྟེ། །ང་ནི་ང་ལས་བྱུང་བ་ཡིན། །ཐམས་ཅད་ང་ཡི་སྤྲུལ་པ་ཡིན། །དཀར་མོ་སྐུ་ཡི་སྤྲུལ་པ་ཡིན། །སྨུག་མོ་གསུང་གི་སྤྲུལ་པ་ཡིན། །ནག་མོ་ཐུགས་ཀྱི་སྤྲུལ་པ་ཡིན། །སེར་མོ་ཡོན་ཏན་སྤྲུལ་པ་ཡིན། །དམར་མོ་ཕྲིན་ལས་སྤྲུལ་པ་ཡིན། །དེ་དག་ཐམས་ཅད་ང་ཡིན་པས། །ང་ཡི་སྤྲུལ་པ་བསམ་མི་ཁྱབ། །ང་ཡི་མིང་ནི་ཅིར་ཡང་གྲགས། །ང་ཡི་ཕྲིན་ལས་ཐམས་ཅད་བྱེད། །ཀུན་གྱི་རྩ་བ་གཅོད་འདོད་ན། །ཐམས་ཅད་ང་ཡིན་ང་ཉིད་ལྟོས། །ང་ཉིད་ཡོངས་སུ་གཟུང་བར་གྱིས། །ཞེས་ཟེར་ཏེ་མི་སྣང་བར་གྱུར་ཏོ། །ཡོངས་སུ་གཏད་པའི་སྐབས་ཏེ་སུམ་ཅུ་གཅིག་པའོ།། །།སྙིང་པོར་གྱུར་པའི་རྒྱུད་རྫོགས་སོ། །དེ་བ་ཙནྡྲ་ལ་བཻ་རོས་ཞུས།། །།

མཁའ་འགྲོ་མ་མེ་ལྕེ་འབར་བའི་རྒྱུད།


DNG023_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཌཱ་ཀི་ནཱི་ཨགྣི་ཛི་ཧྭ་ཛྭ་ལ་ཏནྟྲ། བོད་སྐད་དུ། མཁའ་འགྲོ་མ་མེ་ལྕེ་འབར་བའི་རྒྱུད། སྲིད་གསུམ་འཇིགས་བྱེད་དྲག་པོ་རྡོ་རྗེའི་སྐུ། །བདག་དང་གཞན་གྱི་དཔལ་གྱུར་སྙིང་རྗེ་ཅན། །བདུད་ལས་རྣམ་རྒྱལ་ཡེ་ཤེས་ལྔ་དང་ལྡན། །ཕྱག་ན་རྡོ་རྗེ་ཆེ་ལ་ཕྱག་འཚལ་བསྟོད། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། རི་རབ་རིའི་རྩེ་མོ་གཤིན་རྗེ་འབར་བའི་ཕོ་བྲང་།


DNG023_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་སྦྱིན་ཨུཏྤ་ལའི་གདོང་གནས་པའི་དུར་ཁྲོད། སྲིན་པོ་མ་ཏངྈ་རུ་ཏྲ་ཀའི་འཆག་ས། བདུད་གཙུག་ཕུད་ནག་པོའི་ཁང་པ། རྩུབ་འགྱུར་གྱི་ཚལ་ཆེན་པོ། ལྷ་དང་ལྷ་མ་ཡིན་གཡུལ་འགྱེད་པའི་གནས། འབྱུང་པོ་དགེ་བ་ཁ་ཊྭཱཾ་གའི་ཤིང་ནག་པོ་ཏི་ཤ་ཀ་སྐྱེས། སྲིན་མོ་ཀངྐཱ་ལ་ཟངས་ཀྱི་གཤོག་པ་མེ་ལྟར་འབར་བའི་ཞིང་ཁམས་མི་རོ་གསར་རྙིང་མང་པོ་ཡོད་པ། ནམ་མཁའ་ལས་ཏྲི་ཤཱུལ་དང་འཁོར་ལོ་དང་ལྕེ་འབབ་པ། ས་གཞི་ལས་རལ་གྲི་དང་། སྤུ་གྲི་དང་མདུང་རྩེ་ལྔ་པ་སྐྱེས་པ། རི་བོ་ཐམས་ཅད་ཀེང་རུས་སུ་སྣང་བ། ཆུ་ཀླུང་ཐམས་ཅད་རྣག་ཁྲག་ཏུ་འབབ་པ། ས་ཕྱོགས་ཐམས་ཅད་ནི་མི་རོ་ཨུཏྤ་ལ་སྔོན་པོའི་དྲི་མནམ་པ། ཉེ་འཁོར་ན་རྔམ་པ་དང་། ངུ་བའི་ང་རོ་རབ་ཏུ་འཇིགས་པ་དྲག་སྟེ། ཤིན་ཏུ་འཇིགས་པ་རབ་ཏུ་སྐྱི་གཡའ་བའི་གནས་དེ་ན། བཅོམ་ལྡན་འདས་དཔལ་འཇིགས་བྱེད་ཀྱི་རྒྱལ་པོ། རིགས་སྔགས་དང་གསང་སྔགས་ཀྱི་བདག་པོ། ཐབས་དང་ཤེས་རབ་ཀྱི་དབང་ཕྱུག །སྐུ་དང་ཡེ་ཤེས་ཀྱི་རང་བཞིན། དྲག་པོ་ཆེན་པོ་དཔལ་ཕྱག་ན་རྡོ་རྗེ་སྙིང་རྗེ་ཆེན་པོ་གཏུམ་ཞིང་ཁྲོ་བ། ལུས་བསྐལ་པའི་མེ་ཆེན་པོ་ལྟར་འབར་བ། སྲིད་པ་གསུམ་དང་བདུད་བཞི་དང་། ཉོན་མོངས་པ་བརྒྱད་ཁྲི་དང་། སྒྲིབ་པ་རྣམ་པ་གཉིས་ལས་རབ་ཏུ་རྒྱལ་བ། སངས་རྒྱས་སྟོང་རྩ་བརྒྱད་ཀྱི་ཐུགས་ཡང་དག་པའི་ཡེ་ཤེས་ལས་གྲུབ་པ། ལྷ་མ་སྲིན་སྡེ་བརྒྱད་ཀྱིས་མཆོད་ཅིང་ཕྱག་བྱས་པ། ཉི་མ་སྟོང་གི་གཟི་དང་ལྡན་པ། དབུ་སྐྲ་ཁམ་པ་གྱེན་ལ་བརྫེས་པ། སྤྱན་སྡང་མིག་མེ་ལྟར་འབར་བ། ཤངས་ཀྱི་རླུང་སྒྲོམ་ནས་བསྐལ་པའི་རླུང་འབྱུང་བ། ཞལ་གྱི་མཆེ་བ་རྡོ་རྗེ་ཟླ་ཚེས་སུ་གཙིགས་པ། རིན་པོ་ཆེ་མརྒཏྟས་དབུ་བརྒྱན་པ། རིགས་ལྔའི་རྒྱལ་བ་མི་བསྐྱོད་པ་བཞུགས་པ། ཐོད་པ་སྐམ་རློན་གྱི་དབུ་རྒྱན་དང་མགུར་ཆུ་ཅན། མཆོག་དང་གླང་གི་ཀོ་བས་བརྒྱན་པ། ལག་ན་ཡེ་ཤེས་ཀྱི་རྡོ་རྗེ་རྩེ་ལྔ་པ་འཛིན་པ། ཀླུའི་རྒྱལ་པོ་གཟི་ཅན་གྱིས་


DNG023_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་དུ་བཅིངས་པ། ཀླུ་ཏཀྵ་ཀས་རྐེད་ཆིངས་བྱས་པ། ཀླུ་ཀུན་ནས་གདུགས་དང་། སོག་མ་མེད་ཀྱིས་གདན་ཁྲི་བྱས་ཏེ། ཁྲོ་བོ་ཆེན་པོའི་ཆ་བྱད་དུ་བྱས་ནས་བཞུགས་སོ། །དེའི་འཁོར་ནི་ཚངས་པ་དང་། འཇུག་སྲེད་དང་། བརྒྱ་བྱིན་དང་། མ་ཧཱ་ཀཱ་ལི་དང་། དྲང་སྲོང་མེ་བཞི་འཇུག་དང་། ཐང་ལ་གནས་དང་། གཤིན་རྗེ་རྟེལ་པ་ནག་པོ་དང་། སྲིན་པོ་རཱ་མ་ཎ་དང་། ཆུའི་ལྷ་དང་། རླུང་གི་ལྷ་དང་། གནོད་སྦྱིན་ཆེན་པོ་ཀུ་བེ་ར་དང་། འབྱུང་པོ་དབང་ལྡན་དང་། ཉི་མ་དང་། ཟླ་བ་དང་། སྐར་མ་དང་། ས་བདག་ལག་ཆེན་དང་། མ་མོ་ནག་མོ་རལ་གཅིག་མ་དང་། ལྟོ་འཕྱེ་རབ་བརྟན་དང་། གྲུལ་བུམ་དང་། དྲི་ཟ་དང་། མི་འམ་ཅི་དང་། རྣམ་ཐོས་ཀྱི་བུ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། འབྱུང་པོ་ཕོ་མོ་དང་། གཅན་གཟན་གྱི་ཚོགས་ནི་སེང་གེ་དང་། སྟག་དང་། ཁྭ་དང་། སྤྱང་ཀི་དང་། དོམ་དང་། ཆུ་སྲིན་དང་། གུང་དང་། གཟིག་དང་། ཅེ་སྤྱང་དང་། སྲེ་མོ་དང་། ཁྱི་ལི་འདུ་དང་། འཕར་བ་དང་། སྲམ་དང་། བྱའི་ཚོགས་ཀྱང་བྱ་རྒོད་དང་། ཆུ་ཀླག་དང་། དུར་བྱ་ཀངྐྈ་དང་། བཞད་དང་། ཁྱུང་དང་། བྱ་རོག་དང་། སོ་བྱ་དང་། འུག་པ་དང་། ཁྲ་དང་། སྐྱེ་ག་དང་། སྲིན་བྱ་དང་། ཤང་ཤང་ཏེའུ་དང་། ནེ་ཙོ་ཡང་ཡོད་དོ། །གཞན་ཡང་གླང་པོ་དང་། ཤ་སྦྲང་དང་། སྦྲུལ་གདུག་པ་ཅན་དང་། རུས་སྦལ་དང་། རྔ་མོ་དང་། བསེ་དང་། ཕག་རྒོད་དང་། བ་མེན་དང་། ཁྱི་སྙ་དང་། ཤ་བ་དང་། གླ་བ་ལ་སོགས་པས་བསྐོར་ཏེ་བཞུགས་སོ། །དེའི་ཚེ་འཁོར་འདུས་པ་དེ་རྣམས་ཀྱི་ནང་ནས་གླང་པོ་ཆེ་རབ་ཏུ་བརྟན་པ་གཙུག་ན་གསེར་གྱི་དྲ་བས་བརྒྱན་པ། མགོ་བོ་སུམ་ཅུ་རྩ་གསུམ་ཡོད་པའི་སྟེང་ན། ཉེ་དབང་སུམ་ཅུ་རྩ་གཉིས་ཀྱི་དབུས་ནས། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ཞེས་བྱ་བ། སྤྱི་བོའི་གཙུག་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འབར་བ། ལུས་ལ་གསེར་དང་། བཻ་ཌཱུརྱས་བརྒྱན་པ། དེས་འཁོར་ལོས་སྒྱུར་བའི་ཆ་བྱད་དུ་བྱས་ནས། གླང་པོ་ཆེའི་སྟན་


DNG023_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ལངས་ཏེ། དཔལ་ཕྱག་ན་རྡོ་རྗེ་ལ་བསྐོར་བ་ལན་གསུམ་བྱས་ནས། རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་གྱིས་མཆོད་པ་བྱས་སོ། །དེ་ནས་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །རྡོ་རྗེ་འཛིན་པ་གསང་དབང་པོ། །ཡིད་བཞིན་ནོར་བུ་རབ་འདྲ་ཞིང་། །དངོས་གྲུབ་ཚོགས་ལ་མངའ་བརྙེས་ཁྱོད། །སྙིང་རྗེ་བདག་པོ་ཡིན་པས་ན། །མ་འོངས་སེམས་ཅན་སྐལ་ལྡན་གྱི། །རྡོ་རྗེ་མཁའ་འགྲོ་གོ་འཕང་མཆོག །ནག་མོ་མེ་ལྕེ་འབར་བའི་རྒྱུད། །བདག་ནི་ཁྱོད་ལ་དྲི་བར་འཚལ། །དེང་འདིར་སྟོན་པས་སྐབས་འབྱེད་ཞུ། །ཞེས་གསོལ་པ་དང་། དཔལ་ཧཱུཾ་མཛད་ཆེན་པོ་དེས་མེ་འབར་བའི་གདན་ལས་བཞེངས་ཏེ། རྡོ་རྗེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། བརྒྱ་བྱིན་ལ་སེང་གེའི་ལྟ་སྟངས་ཀྱིས་གཟིགས་ནས། གླང་པོ་ཆེའི་འགྱིང་བག་ཏུ་གོམ་པ་གསུམ་བོར་ཏེ། ཧཱུཾ་ཧཱུཾ་ཧཱུཾ་གི་སྔགས་བཟླས་ཏེ། ཡེ་ཤེས་ཀྱི་ཕྱག་གིས་རྡོ་རྗེ་ལན་གསུམ་ནམ་མཁའ་ལ་དྲིལ་ཏེ། འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་གཡོས་སོ། །དེ་ནས་དཔལ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་བཀའ་སྩལ་ཏོ། །སྙིང་རྗེའི་ཡིད་ཀྱིས་བརྒྱ་བྱིན་ཉོན། །སྐལ་ལྡན་དུས་མཐའི་སེམས་ཅན་རྣམས། །མི་ནུབ་ཆོས་ཀྱི་རྒྱལ་མཚན་དང་། །རྡོ་རྗེ་མཁའ་འགྲོ་མེ་ལྕེའི་རྒྱུད། །བདག་གཞན་དོན་ལ་འཇིགས་མེད་པ། །ངས་བཤད་ཁྱོད་ཀྱི་ཡིད་ཀྱིས་ཟུང་། ཞེས་བཀའ་སྩལ་པ་དང་། བརྒྱ་བྱིན་ལ་སོགས་པའི་འཁོར་ཤིན་ཏུ་དགའ་བ་དང་། སྤྲོ་བ་སྐྱེས་ནས། ལ་ལས་ནི་མེ་ཏོག་མནྡཱ་ར་བ་དང་། པུཎྜ་རི་ཀ་དང་། པདྨ་དང་། ཨུཏྤ་ལ་དང་། ཙམ་པ་ཀ་དང་། བུ་རམ་དང་། བདུག་སྤོས་དང་། མར་མེ་དང་། བྱུག་པ་དང་། ཁ་ཟས་དང་། གདུགས་དང་། བ་དན་དང་། བསིལ་ཡབ་དང་། བླ་རེ་དང་། རྒྱལ་མཚན་དང་། འཕན་ལ་སོགས་པ་ཕྱིའི་མཆོད་པས་མཆོད་དོ། །འཁོར་ལ་ལས་ནི་བདུད་རྩི་རྣམ་པ་ལྔ་དང་། ལྕགས་ཀྱུ་ལ་སོགས་པ་ནང་གི་མཆོད་པས་མཆོད་དོ། །འཁོར་ལ་ལས་ལྷ་མོ་དང་གནོད་སྦྱིན་མོའི་ཆ་བྱད་དུ་བྱས་ནས་གསང་བའི་མཆོད་པས་ཕུལ་ལོ། །དེ་ནས་དཔལ་ཕྱག་ན་རྡོ་རྗེ་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་


DNG023_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་ཏོ། །ཁྲོ་ཆེན་དུས་མཐའི་མེ་ལྟར་འབར། །དྲག་པོ་ཧཱུཾ་མཛད་རྡོ་རྗེ་འཛིན། །ད་ལྟར་འདོད་པའི་ཁམས་འདི་ན། །ལྷ་མོ་ནག་མོ་ཞེས་བྱ་བ། །གཏུམ་ཞིང་ཁྲོ་ལ་ལུས་ཀྱང་འཇིགས། །སྲིད་གསུམ་སྐྲག་པའི་ནུས་མཐུ་ཅན། །དངོས་གྲུབ་དམ་པའི་གཞིར་གྱུར་འདི། །དང་པོ་གླེང་གཞི་རྒྱུ་ཡི་རྒྱུད། །སློབ་དཔོན་སློབ་མ་གང་གི་རྒྱུད། །དོན་དམ་ཀུན་རྫོབ་ལྟ་བའི་རྒྱུད། །དཀྱིལ་འཁོར་དམ་པ་གསུམ་གྱི་རྒྱུད། །ཐང་ཀ་ལྷ་རྟེན་སྐུ་གཟུགས་རྒྱུད། །དཔོན་དང་གཡོག་ནི་དམ་རྫས་རྒྱུད། །བསྐྱེད་དང་རྫོགས་ནི་ཏིང་འཛིན་རྒྱུད། །རྗེ་དང་ཁོལ་གྱི་སྔགས་ཀྱི་རྒྱུད། །བཅའ་བ་ཕྱག་རྒྱ་བཅུ་གཉིས་རྒྱུད། །མཆོད་པ་གཏོར་མ་སྦྱིན་སྲེག་རྒྱུད། །འདའ་བར་དཀའ་བ་དམ་ཚིག་རྒྱུད། །གྲུབ་པའི་དྲོད་ཚད་མཚན་མའི་རྒྱུད། །སྤོགས་དང་གནད་ལ་དབབ་པའི་རྒྱུད། །མི་འབྲལ་འགྲོགས་པ་གཟུངས་ཀྱི་རྒྱུད། །པྲ་དང་མཚན་མ་དབབ་པའི་རྒྱུད། །དབང་བསྐུར་གནང་བ་སྦྱིན་པའི་རྒྱུད། །སོ་སོ་ལས་ཀྱི་བྱེ་བྲག་རྒྱུད། །མར་མེ་དང་ནི་བདུད་རྩི་རྒྱུད། །ཐིག་ལེ་ཡེ་ཤེས་མན་ངག་རྒྱུད། །ལྷ་སྲིན་སྡེ་བརྒྱད་བསྟོད་པའི་རྒྱུད། །འཁོར་ལ་ཡོངས་སུ་གཏད་པའི་རྒྱུད། །ཐ་མ་ལུང་དུ་བསྟན་པའི་རྒྱུད། །དགོས་འདྲེལ་ཉི་ཤུ་རྩ་གཉིས་གང་། །སྟོན་པས་བཀའ་སྩོལ་བདག་ཉན་འཚལ། །དེ་སྐད་ཅེས་གསོལ་པ་དང་། དཔལ་ཕྱག་ན་རྡོ་རྗེས་བཀའ་སྩལ་པ། བརྒྱ་བྱིན་ལ་སོགས་པ་ཁྱེད་རྣམས་ཀྱིས། རྡོ་རྗེ་མཁའ་འགྲོ་མའི་དངོས་གྲུབ་འབྱུང་བའི་རྒྱུད་ཆེན་པོ་ཞུ་བ་ཞུས་པ་ལེགས་སོ་ལེགས་སོ། །ཁྱེད་ཀྱང་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག །ངས་རྣམ་པར་ཕྱེ་བ་བསྟན་པར་བྱའོ། །སྔོན་འདོད་པའི་ཁམས་འདི་ཉིད་ན། རི་རབ་ཀྱི་རྩེ་བྱང་ཤར་གྱི་མཚམས། ཤིང་ཡོངས་འདུ་ས་བརྟོལ་ཞེས་བྱ་བ། རྩེ་མོ་ན་བྱ་ཁྱུང་ག་རུ་ཎ་གནས་པ། ལོ་མ་ལ་འདོད་པའི་ཡོན་ཏན་ལྔ་རང་འབྱུང་བ། འབྲས་བུ་ལ་རིན་པོ་ཆེ་སྣ་བདུན་ལོ་ཏོག་ལྟར་སྨིན་པ། ཡལ་གའི་རྩེ་གཡུའི་ཟེ་བའི་བར་བར་ན། ལྷ་དང་ལྷ་མོ་དང་། གཟའ་དང་སྐར་མ་དང་། ཉི་མ་དང་ཟླ་


DNG023_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཚོགས་ཀྱིས་བརྒྱན་པ། རྩ་བའི་ངོས་ལ་ཁྲུས་ཀྱི་རྫིང་བུ་བདུན་ལ། རེ་རེ་ལ་ཤིང་རྟ་རེ་རེ། ཤིང་རྟ་རེ་རེ་ལ་བུ་མོ་བདུན་བདུན། བུ་མོ་རེ་རེ་ལ་གཡོག་མོ་བདུན་བདུན། གཡོག་མོ་རེ་རེ་ལ་རྨ་བྱ་བདུན་བདུན་ཡོད་དོ། །ཤིང་རྟ་དེའི་ས་ཕྱོགས་ན། སྨན་གྱི་རྣམ་པ་སྣ་ཚོགས་དང་། ལོ་ཏོག་གི་རིགས་ཁྲི་ཕྲག་བཞི་རང་སྐྱེ་བ་ཙནྡན་དང་། ག་བུར་དང་། གོ་ཤིཪྵདང་། སྦྲུལ་གྱི་སྙིང་པོ་རྫིང་བུ་ལྔ་བརྒྱས་བསྐོར་ཏེ། དེ་ལྟ་བུའི་ཤིང་དེ་ཐུན་མོང་གི་བསོད་ནམས་ཀྱིས་སྐྱེས་སོ། །དེའི་དུས་ལ་འདོད་པའི་ཤིང་དེ་ནི་ལྷ་རྣམས་ཀྱིས་དབང་བྱེད་པའི་ཚེ། རི་རབ་ཀྱི་རྩ་བ་ན་འོད་མི་སྣང་བ་ཞེས་བྱ་བའི་གནས་ན། ལྷ་མ་ཡིན་གྱི་རྒྱལ་པོ་སུམ་བརྩེགས་དང་། ཐགས་ཟངས་རིས་དང་། ཧེ་རནྣ་ཀེ་ཤུན་དང་། རྣམ་པར་སྣང་བྱེད་དང་། རབ་སིམ་དང་། སྒྲ་གཅན་འཛིན་ལ་སོགས་པ་བྱེ་བ་དུང་ཕྱུར་ཙམ། ཤིན་ཏུ་མི་སྡུག་པའི་ཆ་བྱད་དུ་བྱས་ནས། རབ་ཏུ་རྔམ་པའི་ང་རོ་དང་། འཇིགས་ཤིང་སྐྲག་པའི་མཚོན་ཆ་ཐོགས་ནས། རི་རབ་ཀྱི་ཁ་ཆོས་བཟངས་ཞེས་བྱ་བར་ལྷགས་སོ། །དེ་ནས་རི་རབ་ཀྱི་ཁ་ལ་ལྷ་བ་སུ་དེ་བ་དང་། ལྷ་མ་ཧཱ་དེ་བ་དང་། བརྒྱ་བྱིན་ཉིད་ལ་སོགས་པ། ལྷ་བྱེ་བ་དུང་ཕྱུར་ལ་ལྷ་མ་ཡིན་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ། །རི་རབ་རྩེ་གནས་སུམ་ཅུ་རྩ་གསུམ་ལྷ། །ཤིང་འདིའི་ལྷ་དང་ལྷ་མིན་ཐུན་མོང་ལས། །ད་ལྟ་འདོད་པའི་ཁྱེད་ཅག་ལྷ་དབང་ན། །ད་ནི་ངེད་ཅག་ལྷ་མིན་བདུད་ལ་བླང་། །ཞེས་སྨྲས་པ་དང་། ལྷ་རྣམས་ཀྱིས་སླར་སྨྲས་པ། དཔག་བསམ་ཤིང་ལ་འདོད་ཡོན་བསམ་ཡས་ཀྱང་། །བསོད་ནམས་དབང་གིས་ལྷ་ལ་ཡོངས་སུ་གྲུབ། །གཞན་ལ་ཡོད་ན་སྐམས་ཤིང་མེད་པར་འགྱུར། །དེ་བས་ཁྱེད་ལ་ལྗོན་ཤིང་ངེད་མི་སྟེར། །ཞེས་སྨྲས་པ་དང་། སླར་ལྷ་ལ་སྨྲས་པ། ཐུན་མོང་ལས་གྲུབ་བདེ་ལྡན་ལྗོན་པའི་ཤིང་། །ལྷ་ཡིས་དབང་བྱས་ངེད་ལ་མི་སྟེར་ན། །འཇིག་རྟེན་སྲེག་པའི་མཚོན་གྱི་ཆར་ཕབ་ལ། །ལྷ་དང་ལྷ་མིན་གཡུལ་


DNG023_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་འགྱེད་ཅེས་ཟེར། །ཅེས་སྨྲས་ཏེ། སླར་ཡང་སོང་ནས་ལྷ་མ་ཡིན་གྱིས་དམག་དྲངས་སོ། །གླང་པོ་ཆེ་ས་སྲུང་གི་མགོ་སུམ་ཅུ་རྩ་གཉིས་ལ་གནོད་སྦྱིན་སུམ་ཅུ་རྩ་གཉིས་ཞོན་ཏེ། དབུས་ཀྱི་མགོ་ལ་དབང་པོ་ཐགས་ཟངས་རིས་ཞོན་ཏེ། གླང་པོ་ཆེའི་སྣ་ལ་ཀ་མ་ལ་ནག་པོ་བཏགས་ཏེ། ལྷ་མ་ཡིན་གྱི་དམག་བྱེ་བ་དུང་ཕྱུར་གྱིས་བསྐོར་ཏེ། རྫུ་འཕྲུལ་གྱིས་ནམ་མཁའ་ལ་མཚོན་གྱི་ཆར་ཆེན་པོ་མེ་ལྕེ་འབར་བ་འདྲ་བའི་ཆར་འབེབས་ཏེ་དམག་དྲངས་སོ། །དེ་ནས་ཆོས་བཟངས་ཞེས་བྱ་བའི་གདན་སར་ལྷ་རྣམས་འཚོགས་ཏེ། འཐབ་པར་བརྩམས་པ་དང་། དང་པོ་ལྷ་རྣམས་ཀྱིས་ཁྲོ་མ་ཤེས་ནས་རྩུབ་འགྱུར་གྱི་ཁང་པ་ན། ཁྲོ་བོ་ལངྈ་ནག་པོ་ཁྲོས་པའི་ཁ་ཆུ་ཁྲོ་ཆུའི་རྫིང་བུ་བདུན་འཁྱིལ་པ་ལས་འཐུངས་སོ། །དེར་ལྷ་རྣམས་ཞེ་སྡང་སྐྱེས་ཏེ་ཤིན་ཏུ་ཁྲོ་བར་གྱུར་ནས། བཟོའི་ལྷ་བི་ཤོ་ཀར་མས་ནུབ་གཅིག་ལ་གསེར་ཁྲབ་བྱེ་བ་ཕྲག་དགུ་འབུམ་རང་བརྡུངས་སོ། །ལྷ་མ་ཧཱ་ཀྲོ་དྷས་ནུབ་གཅིག་ལ་མཚོན་རལ་གྲི་དང་། འཁོར་ལོ་དང་། ཐོད་པ་དང་། ལྕགས་ཀྱུ་དང་། དགྲ་སྟྭ་དང་། མདུང་རྩེ་གསུམ་པ་བྱེ་བ་ཕྲག་དགུ་ཁྲི་དགུ་འབུམ་རང་བརྡུངས་སོ། །དུས་དེ་ཙམ་ན་ལྷ་རྣམས་གོ་མཚོན་ཐོགས་ཏེ། གླང་པོ་ཆེ་རབ་ཏུ་བརྟན་པའི་མགོ་སུམ་ཅུ་རྩ་གཉིས་ལ་ཉེ་དབང་སུམ་ཅུ་རྩ་གཉིས་ཞོན། དབུས་ཀྱི་མགོ་བོ་ལ་ལྷའི་དབང་པོ་བརྒྱ་བྱིན་ཞོན། ལྷ་དམག་བྱེ་བ་དུང་ཕྱུར་གྱིས་མཐའ་བརྟེན་ཏེ། གླང་པོ་ཆེའི་སྣ་ལ་རལ་གྲི་བཏགས་ནས་ལྷ་དང་ལྷ་མ་ཡིན་གཉིས་གཡུལ་བཀྱེའོ། །དུས་དེ་ཙམ་ན་ལྷས་མཚོན་བརྒྱབ་པ་རྣམས་ནི། ཁྲག་གར་ཕོག་པ་ལ་བདུད་ཀྱི་དམག་མི་ཁྲི་ཁྲི་ཙམ་དུ་འཕེལ་ལོ། །ལྷ་མ་ཡིན་གྱིས་མཚོན་བརྒྱབ་པ་ལ་ནི་ཁྲག་ལ་དམག་མ་འཕེལ་བར་ཤིའོ། །དེར་ལྷ་ཐམས་ཅད་གཏིང་འཕམ་སྟེ། ལྷ་མ་ཡིན་རབ་ཏུ་རྒྱལ་བའི་དུས་སུ། ཕྱག་ན་རྡོ་རྗེ་ཉིད་ཀྱིས་ལྷ་རྣམས་རྒྱལ་བར་བྱ་བའི་ཕྱིར། དཔལ་བེའུ་དབུས་ནས་ཧཱུྃ་མཐིང་ནག་འབར་བ་གཅིག་སྤྲུལ་ཏེ། ལྷ་བིཥྞུ་རཱ་ཛའི་


DNG023_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

དཔྲལ་བའི་དབྱིངས་སུ་ལྕགས་ཀྱི་མཛེར་པ་ཅིག་ཏུ་གྱུར་ཏོ། །མཛེར་པ་བརྟོལ་བའི་ནང་ནས་བུད་མེད་སྔོན་མོ་དབུ་སྐྲ་བཻ་ཌཱུརྱའི་ཆུན་འཕྱངས་ཅན། མིག་ཨུཏྤ་ལའི་འདབ་མ་འདྲ་བ། མཚན་དང་དཔེ་བྱད་དུ་ལྡན་པ་ཅིག་བྱུང་ངོ་། །དེ་ལ་ལྷ་རྣམས་ཀྱིས་མིང་བཏགས་པ། ལྷ་མོ་ཨུ་མ་དེ་བ་བྱ་བར་བཏགས། ལྷའི་བུ་མོ་དེ་ཀུན་གྱི་ཆུང་མར་འདོད་པ་ལ། ནམ་མཁའ་ལ་ཕྱག་ན་རྡོ་རྗེས་ངའི་སྤྲུལ་པའི་ཚིགས་བཅད་འདི་བསྒྲགས་སོ། །ལྷ་ཡི་རྒྱལ་སྲིད་མཐོ་ཞིང་བརྟན་པ་དང་། །རིས་དྲུག་སེམས་ཅན་དགེ་ལ་དགོད་པ་དང་། །ལྷ་མིན་བདུད་ཀྱི་གཡུལ་ཆེན་བཟློག་པའི་ཕྱིར། །དབང་ཕྱུག་ལྷ་ལ་ཨུ་མ་ཆུང་མར་བྱིན། །ཞེས་བསྒྲགས་སོ། །དུས་དེའི་ཚེ་ན་འཛམ་བུའི་གླིང་གི་ནུབ་བྱང་མཚམས། ཡཀྵ་ཀ་མ་ལ་འབར་བའི་དུར་ཁྲོད་ན། ལྷ་མ་ཧཱ་དེ་བ་དགེ་སློང་གི་ཆ་ལུགས་སུ་འགོག་པའི་བརྟུལ་ཞུགས་དྲག་པོ་ལ་ཞུགས་པའི་དྲུང་དུ་ཨུ་མ་དེ་བ་ཁྲིད་ནས་ཞག་བདུན་ཕྲག་བདུན་དྲོད་ལ་བཙས་པས། འདོད་པའི་འཁྲིག་པ་སྤྱད་དོ། །འཁྲིག་པ་སྤྱད་པའི་དབང་གིས་བར་སྣང་ལ་གཟའ་དང་སྐར་མ་བྱུང་ངོ་། །དེར་ལྷ་མོ་ཨུ་མ་དེ་བ་ལ་བུ་ཚ་མིང་སྲིང་གཉིས་སྐྱེས་སོ། །མིང་པོ་ནི་གཤིན་རྗེ་མ་ཧཱ་ཀཱ་ལ་ཞེས་གྲགས་སོ། །སྲིང་མོ་ནི་ལྷ་མོ་དམར་མོ་ཙ་མུཎྜི་ཞེས་བྱ་བར་གྲགས་སོ། །གཤིན་རྗེ་མིང་སྲིང་དེ་གཉིས་ཆོས་བཟངས་ལྷའི་འདུན་སར་ཁྲིད་ནས་ཕྱིན་ཏོ། །དེ་ནས་ཕྱག་ན་རྡོ་རྗེ་ཉིད་ཀྱིས། གཤིན་རྗེའི་མིང་སྲིང་ལ། མ་ཧཱ་ཡཀྵ་བདུད་ལས་རྣམ་པར་རྒྱལ་བའི་དབང་བསྐུར་ཏེ། སྔར་བཞིན་དུ་ལྷ་དང་ལྷ་མ་ཡིན་གཉིས་གཡུལ་ཆེན་པོ་བཀྱེའོ། །དེ་ནས་གཤིན་རྗེ་མ་ཧཱ་ཀཱ་ལས། ལག་ན་གསལ་ཤིང་རི་རབ་ཙམ་གཅིག་གིས། ལྷ་མ་ཡིན་གྱི་གཡུལ་ངོར་དྲིལ་བས་གཡུལ་བཟློག་གོ། །ཙ་མུཎྜིའི་རལ་གྲི་མེ་ལྕེ་ཕྲེང་བ་ཞེས་བྱ་བས། ལྷ་མ་ཡིན་ཧེ་ར་ཎ་ཀེ་ཤུའི་མགོ་བཅད་དོ། །དེ་ནས་ལྷ་དམག་མང་པོས་ཀྱང་ལྷ་མ་ཡིན་ལ་མཚོན་ཆའི་ཆར་ཕབ་ནས། ཁྲག་རྣམས་


DNG023_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

དམག་མིར་སྤྲུལ་པ་འདྲ་སྟེ། ལྷ་མོ་ཙ་མུཎྜིས་ཧེ་ར་ཎ་ཀེ་ཤུའི་ཐོད་པས། ཁྲག་བཅུས་ཤིང་རོལ་པས་འཕེལ་མ་ནུས་པར་བྱེད་ཀྱིན་མཚོན་གྱི་ཆར་ཕབ་ནས། ཙ་མུཎྜིའི་ལྟེ་བ་ལ་ལྷ་བྱེ་བ་དུང་ཕྱུར་རྣམས་ཀྱི་རྫོང་བྱས་པས་འཐབས་སོ། །ལྷ་དམག་དཀར་པོ་རྒྱལ་བར་བྱས་ཤིང་དཔག་བསམ་ཤིང་གི་མངའ་བདག་ཏུ་གྱུར་ཏེ། རྣམ་པར་རྒྱལ་བའི་ཁང་བཟངས་ཀྱང་རང་བྱུང་དུ་ཡོད་དོ། །ལྷ་མ་ཡིན་འཕམ་པར་གྱུར་ཏོ། །བརྒྱ་བྱིན་ཉོན་ཅིག །དེ་ནས་ལྷའི་བུ་མོ་ཙ་མུཎྜི་དེས། རི་ཁྲོད་ཆེན་པོ་མདངས་དགའ་ཞེས་བྱ་བར། ཤིང་རི་ཁྲོད་ཞེས་བྱ་བའི་ལོ་མ་གྱོན་ནས། ལོ་བདུན་དུ་འཕགས་པ་མི་ཕམ་པའི་གཟུངས་བཟླས་པ། ལྷ་མོ་པརྞྞ་ཤ་བ་རི་རི་ཁྲོད་ལོ་མ་ཅན་ཞེས་བྱ་བར་གྱུར་ཏོ། །དེ་ནས་ལྷ་མོ་དེས་ཀླུ་དུང་གི་མཛེར་པ་ཅན་ཞེས་བྱ་བའི་བྱང་ཆུབ་སེམས་དཔའ་དེ་བྱ་ཁྱུང་ཀ་རུ་ཎ་ཞེས་བྱ་བས་འཚེ་བ་ལ། ལྷ་མོ་པརྞྞ་ཤ་བ་རི་དེས་བྱ་ཁྱུང་བཏུལ་བས་ཀླུ་བསྐྱངས་ཏེ། ལྷ་མོ་དཀར་མོ་དུང་སྐྱོང་མ་ཞེས་བྱ་བར་གྱུར་ཏོ། །ལྷ་མོ་དུང་སྐྱོང་མ་དེ་ནི་རི་རབ་རྩེ་མོ་རྣམ་པར་རྒྱལ་བའི་ཁང་བཟངས་རྩ། བྱང་ཤར་གྱི་མཚམས་བྱང་ཆུབ་ཀྱི་ཤིང་དྲུང་ན། རིན་པོ་ཆེའི་ཁང་པ་བདུན་བརྩེགས་ཀྱི་གཞལ་ཡས་ཀྱི་ཁང་ན། རིན་པོ་ཆེའི་ཁྲི་སྟེངས་ན། གསེར་དངུལ་བཻ་ཌཱུརྱའི་དབུ་རྒྱན་དང་མགུར་ཆུས་བརྒྱན་ཏེ། ལུས་འགྱིང་བག་ཏུ་བཞུགས་སོ། །ལྷའི་བུ་དང་བུ་མོ་མང་པོས་ཀྱང་ལོངས་སྤྱོད་དང་། གླུ་དང་དབྱངས་དང་། རོལ་མོ་བསམ་གྱིས་མི་ཁྱབ་པའི་མཆོད་པ་བྱེད་དོ། །བརྒྱ་བྱིན་ཉོན་ཅིག །དེ་ནས་ཡུལ་ལངྈ་པུ་རི་རུ་སྲིན་པོའི་གྲོང་ཁྱེར་བདུན་འབུམ་ཡོད་པ་ལ། ལྷ་རྣམས་ཀྱིས་སྐྱོན་ཕབ་སྟེ། སྲིན་པོ་ད་ཤ་གྲཱི་བ་དང་། དེའི་སྲིང་མོ་རྣ་ལ་རྩེ་གཉིས་ལུས་སོ། །དེ་ནས་སྲིན་པོ་ད་ཤ་གྲཱི་བས། ལྷ་དང་མི་འདུལ་འདོད་པའི་དོན་ཆེད་དུ། སྲིང་མོ་ལྷ་མ་ཧཱ་དེ་བ་ལ་བཙུན་མོར་ཕུལ་ལོ། །དེ་ནས་ལྷ་དབང་ཕྱུག་མ་ཧཱ་དེ་བ་དང་། སྲིང་མོ་རྣ་ལ་རྩེ་གཉིས་ཚོགས་


DNG023_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས། ཕས་ནི་ཁྱེ་འུར་སྨོན་ལམ་བཏབ། མས་ནི་བུ་མོར་སྨོན་ལམ་བཏབ། མའི་སྨོན་ལམ་མཐུ་བཙན་པས། ཡ་མཚན་ཅན་གྱི་བུ་མོ་གཅིག་བྱུང་། ཕ་ཁྲོས་པས་ཐལ་ཁུང་དུ་བོར་རོ། །མས་སླར་བླངས་ནས་ལུས་ཀྱི་དྲོད་ལ་བཙོས་ནས། ཨཱ་ཡུ་བྷྲཱུྃ་ཞེས་ཚེ་དྲངས་གསོས་ཏེ། ཕས་མིང་བཏགས་པ་སྦས་པའི་ཐལ་མདོག་མར་མིང་བཏགས། མས་མིང་མི་ཕམ་ཁྲོ་གཉེར་རོ་ལངས་མར་མིང་བཏགས། གནོད་སྦྱིན་ལག་ན་རྡོ་རྗེས་དམོད་བཙུགས་ནས་མིང་བཏགས་པ། དུས་ཐམས་ཅད་དུ་ནག་མོ་རེ་མ་ཏི་ཞེས་བྱ་བར་གྲགས་པར་གྱུར་ནས། སངས་རྒྱས་ཀྱི་བསྟན་པ་བསྲུང་བའི་ནུས་མཐུ་དང་ལྡན་པར་གྱུར་ཅིག་ཅེས་མིང་དུ་བཏགས་པའི་ཚེ། བར་སྣང་གི་ལྷ་མ་སྲིན་སྡེ་བརྒྱད་པོ་ཡོངས་ཀྱིས་ཀྱང་དེ་ལྟར་གྱུར་ཅིག་ཅེས་བཟླས་སོ། །དེ་ནས་སྐྱེ་བ་ཐམས་ཅད་དུ་ནག་མོ་རེ་མ་ཏི་ཞེས་བྱ་བར་གྲགས་སོ། །ལྷ་མོ་དུང་སྐྱོང་མས་མིང་བཏགས་པ་ནི། སྲིན་མོ་དམར་འདབ་ཕུར་པའི་ལྷ་གསེར་ཅན་ཞེས་བྱ་བར་མིང་བཏགས་སོ། །དུས་དེར་སྲིན་པོ་ད་ཤ་གྲཱི་བ་དེས། ང་ནི་ལྕེབ་པོ་ལྕེབ་པོའི་སྒྲས་འཇིག་རྟེན་དུ་གྲགས་སོ། །སྲིང་མོ་དང་རྣ་ལ་རྩེ་གཉིས་ཀྱིས་མིང་པོ་མ་ལྕེབ་པར་ཅི་འདོད་པ་ང་ལ་སྨྲོས་ཤིག་ཅེས་གསོལ་ཏོ། །ད་ཤ་གྲཱི་བས་གསོལ་པ། ང་ནི་ལྷ་མོ་དུང་སྐྱོང་འདོད་དོ་ཞེས་གསོལ་ཏོ། །སྲིང་མོས་སྨྲས་པ། ངའི་བུ་མོ་ཕུར་པའི་ལྷ་འདི་ནི་ལྷ་མོ་དུང་སྐྱོང་གི་ཁོལ་མོ་བྱེད་དུ་གསོལ་ཏེ། དེ་ནས་གདོད་བསླུའོ་ཞེས་སྨྲས་སོ། །དེ་ནས་རྣ་ལ་རྩེ་ཡིས་བུ་མོ་ཁྲིད་ནས་དཀར་མོ་དུང་སྐྱོང་གི་གཡོག་ཏུ་ཕུལ་ལོ། །དེ་ནས་རེ་མ་ཏིས་དཀར་མོ་དུང་སྐྱོང་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཆེ་ཞེ་ཆེན་མོ་རིགས་ཀྱི་ཡུམ། །བདག་ཉིད་ཆེན་མོ་ག་གར་མ། །དབུ་བཟང་རིན་ཆེན་ཐོར་ཚུགས་ལ། །བཻ་ཌཱུར་སྔོན་མོ་འོད་ལམ་ལམ། །ཞལ་བཟང་པདྨའི་དཀྱིལ་འཁོར་དུ། །ཉི་ཟླ་ཕྲུགས་གཅིག་རྒྱན་བཀོད་དེ། །


DNG023_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

ཚེམས་བཟང་དུང་ལ་ལྗགས་བཟང་མེ། །ཁྱོད་འདྲ་འཇིག་རྟེན་ཁམས་ན་མེད། །བདག་ནི་ཁྱོད་ཀྱི་གཏན་འབངས་བགྱི། །ཁྱོད་ཀྱིས་བདག་ལ་ཐུགས་བརྩེར་དགོངས། །བདག་ཀྱང་གློ་བ་ཉེ་བར་བགྱི། །ཅེས་གསོལ་ཏོ། །དེ་ནས་ལྷ་མོའི་གཡོག་མོ་བྱས་ནས་གློ་བ་ཉེ་བར་བྱས་ཏེ་ལྷ་མོའི་ཡིད་ལ་ཅི་འདོད་པ་དགོས་པ་བྱས་སོ། །དེ་ནས་ལྷ་མོ་ཡང་ཁོལ་མོ་དེ་ལ་དགྱེས་ནས་གཅེས་པར་བྱེད་དེ། དེའི་ཚེ་དེའི་དུས་ན་ཡུལ་ལང་ཀ་པུ་རི་རུ། སྤྲེའུ་འབལ་ལེ་དང་མགྲིན་བཟངས་འཐབས་པ་ལ་ལྷ་ཐམས་ཅད་ལྟད་མོ་ལ་འགྲོ་བས། ལྷ་མོ་ཨུ་མས་བུ་མོ་དུང་སྐྱོང་མ་ལ་འདི་སྐད་ཅེས་སྨྲས་སོ། །དེ་རིང་ཁྱོད་ཀྱི་གན་དུ་སུ་འོངས་པས་ཁྱོད་བསླུ་སྟེ་འོང་བས། དེ་ལ་མ་ལྟ་ཅིག་ཅེས་བསྟན་ཙམ་ན། ཁོལ་མོས་སྐབས་དེར་ད་ཤ་གྲཱི་བ་ལ་སྦྲན་ནོ། །དེར་སྲིན་པོ་ད་ཤ་གྲཱི་བས། སྲིན་གྱི་བོང་བུ་དམར་གྭ་ལ་ཞོན་ནས། ལྷ་མོའི་ཕོ་བྲང་སྒོར་ཕྱིན་ཏེ་སྲིན་པོ་ཁོ་བདག་ནི་མིའི་ཆ་བྱད་ལ་ཤིན་ཏུ་གཟུགས་བཟང་ལ་མཛེས་པ་ཅིག་ཏུ་སྤྲུལ། བོང་བུ་ནི་རི་དྭགས་གྭ་དོར་སྨུག་པོ་ཅིག་ཏུ་སྤྲུལ་ཏེ། ལྷ་མོ་དུང་སྐྱོང་མའི་སྤྱན་སྔར་ཕྱིན་ནས། རོལ་མོའི་སིལ་སྙན་དང་གླུ་དབྱངས་སྣ་ཚོགས་བྱས་པས་བསླུས་སོ། །ལྷ་མོ་རོལ་མོ་ལ་དགའ་བས་འཛུམ་ཅིག་ཤོར་རོ། །དེ་ནས་སྲིན་པོས་གླགས་རྙེད་དེ། ལྕགས་ཀྱི་ལྷམ་སྒྲོག་སྔོན་པོ་བཀྲོལ་ནས་བཟུང་སྟེ་གླུ་འདི་སྐད་བླངས་སོ། །ཀྱེ་ཡོངས་འདུ་ཤིང་གི་གནས་མཆོག་ན། །རིན་ཆེན་མཛེས་པའི་ཕོ་བྲང་ནས། །བདེ་ལྡན་འཕྲུལ་གྱི་ལྡིང་ཁང་ན། །འགྱིང་བག་ཚུལ་དུ་གར་མཛད་པ། །དབང་ཕྱུག་སྲས་མོ་མ་ལགས་སམ། །དགའ་བྱེད་དུང་སྐྱོང་མ་ལགས་སམ། །ལྷ་མོ་མང་པོའི་ཚོགས་དང་རོལ། །དབུ་ཡི་སྙན་ཆ་གདུབ་འཁོར་ནི། །རིན་ཆེན་མཛེས་པས་ཀུན་ནས་སྤྲས། །སྤྱན་ནི་ཨུཏྤལ་འདབ་མ་འདྲ། །ཤངས་ནི་བིལ་བའི་འབྲས་བུ་འདྲ། །ཞལ་ནས་ཨུཏྤལ་ངད་ཀྱང་བྲོ། །སྐུ་ནི་འཁྲིལ་


DNG023_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

ལྡེམ་གཞོན་ཚུལ་འདྲ། །གསུང་ནི་ཚངས་པའི་དབྱངས་སྙན་མཆོག །ནུ་འབུར་སྟོད་སྨད་ཕྱེད་པས་འགྱིང་། །ཁྱོད་འདྲའི་སྐུ་ནི་གཞན་ན་དཀོན། །ལྷ་ཡི་ལོངས་སྤྱོད་མཛེས་པས་མི་དྲེལ་ཡང་། །ཞབས་ཀྱི་ཆས་སུ་ལྕགས་སྒྲོག་འདི་འབུལ་ཞེས། །ཅི་མཛད་ཅི་སྡུག་ཅི་ཡང་གསུང་བ་སྙན། །ཁམས་གསུམ་དག་ན་ཁྱོད་འདྲ་ཤིན་ཏུ་དཀོན། །སེམས་ཅན་ཀུན་གྱིས་ལྟ་བས་མི་ངོམས་ཁྱོད། །བདག་གིས་དབུལ་འདི་བཞེས་པར་གནང་བར་མཛོད། །ཅེས་ཕུལ་བ་ལ། ལྷ་མོས་ལྕགས་སྒྲོག་བླངས་སོ། །དེ་ནས་རང་གི་རྐང་པ་གཡས་པ་ལ་དཀྲིས་ཏེ་རྒྱན་བྱས་སོ། །དེ་ནས་ཁོལ་མོ་དེས། ཇོ་མོ་དུང་སྐྱོང་མ་ལ་ཞུས་པ། ཀྱེ་ཇོ་མོ་བདེ་མཆོག་དུང་སྐྱོང་མ། བདག་ཞུ་བ་གཅིག་མཆིས་ན་གནང་ངམ་བྱས་པ་ལ། ཇོ་མོ་ན་རེ་ཁྱོད་གློ་བ་ཉེ་བས་ཅི་ཞུས་པ་གནང་ངོ་ཟེར་རོ། །དེ་ནས་ལྷ་ནི་ངག་བདེན་པའི་སྡོམ་པ་ཡོད་པས། ཇི་སྐད་སྨྲས་པ་ལྟར་བྱེད་པ་ཡིན་ནོ། །དེ་ནས་ཁོལ་མོས་གསོལ་པ། ཀྱེ་བདག་གི་ཡུན་གྱི་རྗེར་གྱུར་དུང་སྐྱོང་མ། །ཁྱོད་འདྲ་འཇིག་རྟེན་གཞན་ན་མེད། །འགྲོགས་པས་ཟླ་མེད་སྐར་མ་གཅིག་ཤར་འདྲ། །དེང་འདིར་མཆིས་པས་ལྕགས་སྒྲོག་འབུལ་མཁན་དེ། །གཏན་གྱི་གྲོགས་ཟླར་མཛད་པར་ཞུ་བ་འབུལ། །བདག་ཀྱང་རྟག་ཏུ་ཁྱོད་ཀྱི་བྲན་མོ་བྱེད། །ཞེས་ཞུས་པ་ལ། ལྷ་མོ་དེས་སྔར་ཁས་བླངས་པ་དེས་མི་བྱ་བའི་དབང་མེད་ནས། ལྷ་མོ་ན་རེ་ཁྱོར་བྱའི་མི་དེ་གང་ན་འདུག །སུ་ཡིན་བྱས་པ་ལ། ཁོལ་མོས་སྨྲས་པ། དེ་ནི་བདག་གི་ཞང་པོ་སྲིན་པོ་ད་ཤ་གྲཱི་བ་ཡིན། ཡུལ་ལངྈ་པུ་ར་ན་འདུག་ཅེས་སྨྲས་པ་དང་། དེ་ནས་དུང་སྐྱོང་མ་དབང་མེད་དུ་སྲིན་པོའི་ཆུང་མར་སོང་ངོ་། །དེ་ནས་ལྷ་མོ་ཨུ་མས་བུ་མོ་དུང་སྐྱོང་མ་ལ་དམོད་པ་བོར་བ་ངའི་བུ་མོ་རབ་ཏུ་གཅེས་པར་བྱས་ཏེ། ལྷའི་ལོངས་སྤྱོད་མཛེས་པས་མི་དྲེལ་ཡང་། །ང་ལ་གསངས་ལ་སྲིན་པོའི་ཆུང་མར་སོང་། །ཕྱིན་ཅད་བུ་མོ་ཁྱོད་


DNG023_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་སྲིན་དང་འགྲོགས། །མི་ཤ་ཟ་ཡི་མི་ལྤགས་གྱོན་པར་གྱུར། །སྲོག་གཅོད་བྱེད་ཅིང་མི་ཡི་ཐོད་ཁྲག་ཐོགས། །བོང་བུ་ཞོན་ལ་ལྷ་ཡི་ཁ་དོག་ཉམས། །སྲིན་གྱི་ཁ་དོག་ནག་ལ་འཇིགས་པར་ཤོག །དེ་ཡི་ཁོལ་མོ་རེ་མ་ཏི་ཁྱོད་ཀྱང་། །ང་ཡི་བུ་མོ་བསླུས་ཏེ་སྲིན་ལ་བྱིན། །ཁྱོད་ཀྱང་མི་སྡུག་འཇིགས་པའི་གདོང་དུ་གྱུར། །ཚེ་རབས་ཀུན་དུ་ཁྱོ་དང་མ་ཕྲད་ཅིག །ཅེས་དམོད་པ་བཅུ་གཉིས་པ་བོར་རོ། །དེ་ནས་བུ་མོ་ལ་མའི་དམོད་པས་བསྡིགས་ནས་ལྷའི་ཁ་དོག་དཀར་པོ་ཉམས་ཏེ་མཐིང་ནག་ཏུ་གྱུར། མི་ཤ་ཟ་མི་ཁྲག་འཐུང་། མི་ལྤགས་གྱོན་བོང་བུ་ཞོན།གཅེར་བུར་བུད་ནས་འདུག་གོ། །བུ་ནི་སྲིན་པོ་ཕྲུ་གུ་སེང་གེ་ཟླ་དང་། མེ་ཏོག་ཅོད་པན་དང་། གངས་ཅན་དང་། མཆེ་བ་བདུན་ལ་སོགས་པ་ལྔ་བརྒྱ་སྐྱེས་ཙམ་ན། ཁྱོ་སྲིན་པོ་ད་ཤ་གྲཱི་བ་ཤིའོ། །དེ་ནས་བུ་མོ་དུང་སྐྱོང་མ་ཡང་ཡུགས་སའི་ཆ་ལུགས་བྱས་ཏེ། སྐྲ་མདུན་སྐྲ་ལན་བུ་གཅིག་ལ་བླས་སོ། །བྲན་མོ་ཕུར་པའི་ལྷ་ཡང་དམོད་པས་བསྡིགས་པས། སྲིན་གྱི་ཕག་རྫི་བྱེད་ཙམ་ན། ཕག་རྫི་དུན་བུ་སྲིན་བྱ་བས་མོ་ལ་དབང་མེད་དུ་ཆགས་པ་སྤྱད་དོ། །དེ་ནས་ཕུར་པ་ལྷ་ཡང་ནལ་བུ་སྦྲུམ་མོ། །དེ་ནས་དཔོན་གཡོག་གཉིས་ཀྱིས་སྲིན་པོའི་བོང་བུ་བརྐུས་པ་ཞོན་ནས། ད་ཤ་གྲཱི་བའི་རལ་གྲི་སྡིག་པ་ཅན་བརྐུས་པ་གཡས་ན་ཐོགས། སྲིན་པོའི་ནོར་བུ་རིན་པོ་ཆེ་བརྐུས་ནས་ནེའུ་ལེའི་རྐྱལ་བུར་སྦས་ནས། ལག་པ་གཡོན་དུ་ཐོགས་ནས་བྲོས་སོ། །ཕྱི་ནས་སྲིན་པོའི་དམག་གིས་བསད་ཀྱིས་དོགས་ནས། བོང་བུ་བསྐྱོད་ནས་ཁ་ཕྱིར་བསྟན་ཏེ། ཕྱི་ན་སྲིན་པོ་བྱ་ར་བྱེད་ཅིང་ཕྱིན་ནོ། །ཐ་མར་དུར་ཁྲོད་གཅིག་ཏུ་ཕྱིན་ན་སྐྱེས་པ་གཡུལ་དུ་བསད་པའི་རོ་གཅིག་དང་ཕྲད་དོ། །དེ་ནས་ཁོང་གཉིས་ཤ་དེ་བསྲེགས་ནས་ཟ་འདོད་པ་ལ་གཙུབ་ཤིང་མེད་ནས། རྒྱ་མཚོའི་འགྲམ་ན་རྡོ་སོལ་གྱི་རི་ལ་ཆར་བབ་ནས་མེ་འབར་བ་མཐོང་ནས་རྡོ་སོལ་མེ་བླངས་ནས་ཤ་བསྲེགས་ནས་


DNG023_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

ཟོས་སོ། །ཕྱི་ན་ཁྱི་དཀར་པོ་གཅིག་འབྲང་བ་ཡང་བསད་ནས་ཟོས་སོ། །པགས་པ་ལ་རྒྱལ་མཚན་བྱས་སོ། །དེ་ནས་ཁོལ་མོ་རེ་མ་ཏི་ལ་ནལ་ཕྲུག་སྐྱེས་སོ། །ཁོང་གཉིས་ཀྱིས་ནལ་ཕྲུག་གི་ཤ་ཡང་ཟོས་སོ། །དེ་ནས་ཇོ་མོས་བོང་བུ་ལ་ཞོན་ཁོལ་མོས་ཁ་ཁྲིད་བྱས་ནས་རྒྱ་མཚོའི་ཁར་ཕྱིན་ནས། གཤིན་རྗེ་རླུང་གི་འཁོར་ལོ་ཅན་ཞག་བདུན་བསྒོམས་པས། རླུང་ནག་ཚུབ་མ་ནག་པོ་གཅིག་དྲུང་དེར་གྲུབ་པོ། །དེ་ནས་ལྷ་མོ་དཔོན་གཡོག་གཉིས་ཀྱིས། སྣང་སྲིད་ཀྱི་ལྷ་འདྲེ་མཐུ་བོ་ཆེ་བོས་ནས་སྨོན་ལམ་བཏབ་པ། ང་ཡང་ཚེ་འདི་འཕོས་མ་ཐག་ཏུ་གསང་སྔགས་ཀྱི་གྲུབ་པ་ཐོབ་ནས་རྒྱལ་བའི་ཞལ་མཐོང་སྟེ། འདོད་པའི་ཁམས་ཀྱི་དབང་ཕྱུག་མར་ཤོག་ཤིག །ངའི་བྲན་མོ་ཕུར་པའི་ལྷ་འདི་ཡང་དུས་ཐམས་ཅད་དུ་ངའི་འབངས་ཀ་མ་ལར་ཤོག་ཤིག །ནོར་དུ་མི་མགོ་ལ་ལོངས་སྤྱོད་པར་ཤོག་ཤིག །ཞོན་པ་བོང་བུ་ལ་བྱེད་ལ། ལག་ཆ་རལ་གྲི་ལ་བྱེད་པར་ཤོག་ཤིག་ཅེས་སྨྲས་སོ། །རྒྱ་མཚོ་བསྐོར་ཞིང་རླུང་ཚུབ་མ་ལ་བཱ་ཡ་བེ་བཱ་ཡ་བེ་ཞེས་བོས་ཙམ་ན། ཚུབ་མ་བྱུང་བས་དཔོན་གཡོག་གཉིས་ཀ་རྒྱ་མཚོའི་ནང་དུ་བསྐྱུར་ཏེ་བཏང་ངོ་། །དེ་ནས་ལྷ་མོ་དུང་སྐྱོང་མ་དེས་མི་ཤ་ཟོས་པའི་མཐུ་དང་། རང་གི་སྨོན་ལམ་གྱི་དབང་གིས། རྒྱ་མཚོའི་འགྲམ་དུ་དུར་ཁྲོད་ཆེན་པོ་རོའི་ཚལ་ཞེས་བྱ་བར། གཤིན་རྗེའི་ལྷ་མཐུ་ཅན་གྱི་བུ་མོར་སྐྱེས་ཏེ། གནོད་སྦྱིན་མ་ཆེན་མོ་ལ་ཁ་དོག་མཐིང་ནག་ལ་རབ་ཏུ་འཇིགས་པ། མིག་རྩ་དམར་བ་མཆེ་བ་ཟང་ཡག་ལ་རལ་པ་ཏིང་ཟ་པང་དུ་འདུག་པ་ཅིག་ཏུ་གྱུར་ཏེ། གཤིན་རྗེ་མ་རུ་རྩེ་དང་སྦྱོར་བ་བྱས་པ་ལ་བུ་བདུད་ཁྲམ་ནག་པོ་བྱ་བ་བྱུང་། བོང་བུ་ཡང་དམར་གྭ་ལ་གཡུའི་རྣ་བ་ཅན་རླུང་གི་གཤོག་པ་ཅན། མིག་མཇུག་མར་ཡོད་པ་ཅིག་ཏུ་བྱུང་ནས་ནོར་སྐལ་བྱེད་དོ། །དེ་ནས་ཁོལ་མོ་རེ་མ་ཏི་རོ་ལངས་མ་འདི་ནི་སྐྱེ་བ་གང་བླངས་ཞེ་ན། རྒྱ་མཚོའི་ནང་དུ་བུད་མེད་ལུས་པོ་ཕྱེད་སྐམས་ལ་ཆུ་སྲིན་གྱི་མགོ་ཅན་གཅིག་ཏུ་སྐྱེས་


DNG023_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། མིང་ཡང་ཀླུ་མོ་གཞོགས་སྐམས་ཆུ་སྲིན་མགོ་ཀླུ་མོ་རེ་མ་ཏི་ཞེས་བྱ་བར་བཏགས་ནས། ཞག་དགུ་བཅུ་ན་ཚེ་འཕོས་ནས། སྐྱེ་བ་བླངས་པ་ནི་ཡུལ་དྲི་ཟའི་གྲོང་ཁྱེར་གསེར་སྡིངས་སྐྱེད་མོས་ཚལ་ཞེས་བྱ་བ་ན། དུག་ཤིང་ནག་པོ་འགྱུར་མེད་ཀྱི་རྩ་བ་ན་བདུད་རི་ཏི་འགོང་ཉག་དང་། དྲན་པ་དབང་བྱེད་གཉིས་བྱི་བྱས་པ་ལ་ཞག་དྲུག་ཅུ་རྩ་གཅིག་ན་བུ་མོ་གཅིག་སྐྱེས་ཏེ། ཕས་ནི་སྲིད་པ་གསུམ་གྱི་བློ་འཕྲོག་མར་བཏགས། མས་མིང་བཏགས་པ་ནི་ཡ་མཚན་འཕྲུལ་གྱི་གཤོག་པ་ཅན་དུ་བཏགས། བདུད་ཕོ་མོ་གཉིས་ཀྱིས་རང་གི་བུ་མོ་ལ་སྐྲ་ཉག་རེ་ལ་གསེར་དང་། བཻ་ཌཱུརྱའི་ཆུན་འཕྱང་དང་། རིན་པོ་ཆེའི་དབུ་རྒྱན་དང་། ཉི་ཟླའི་ཐོད་གདེངས་དང་། ཐོད་པའི་མགུར་ཆུ་དང་། སྦྲུལ་གྱི་གདུ་བུས་བརྒྱན་ཏེ། བྱི་བྱས་པའི་ནལ་ཕྲུག་ཡིན་པས། བདུད་ཀྱིས་རིན་པོ་ཆེ་སྣ་ལྔའི་ཁང་པའི་དབུས་སུ་ཐོད་པའི་གཞལ་ཡས་ཁང་བྱས། ཐོད་པའི་ནང་དུ་ཡང་ཐོད་འཕྲུལ་གྱི་ལྡིང་ཁང་གྲུབ། དེའི་ནང་དུ་ཁང་པ་བདུན་བརྩེགས་ཀྱི་བདུན་ཚོགས་ཀྱི་ནང་དུ། མི་རོ་འབུམ་གྱི་ཁྲི་སྟེངས་སུ་བུ་མོ་དེ་སུས་མ་མཐོང་སུས་ཀྱང་མ་ཚོར་བར་སྦས་ཏེ། སྒོ་སྨྲ་བོ་ལག་རིངས་དང་། ནམ་གྲུ་ཁྲབ་ཐོགས་ཀྱིས་བཅད་དོ། །བདུད་ཀྱི་དམག་གི་རྒྱལ་མོ་དང་། གླིང་བཞིའི་རྒྱལ་མོ་དང་། ས་བདག་གི་རྒྱལ་མོ་དང་། དེ་རྣམས་ཀྱིས་ཁང་པ་དེ་རབ་ཏུ་སྲུང་ཞིང་འཁོད་དོ། །བརྒྱ་བྱིན་ཉོན་ཅིག །དེའི་ཚེ་ན་ལྷ་མོ་དུང་སྐྱོང་མ་ནི། སྔོན་གྱི་ཁོལ་མོ་རེ་མ་ཏི་རོ་ལངས་མ་བདུད་ཀྱི་བུ་མོར་སྐྱེས་པ་བཀུག་ནས་ཁོལ་འདོད་པ་ལས། ཕྱག་ན་རྡོ་རྗེ་ངའི་གསང་སྔགས་བྱེ་བ་ཕྲག་བཅྭ་བརྒྱད་བཟླས་པས། གསང་སྔགས་དེའི་བྱིན་གྱི་བརླབས་ལས། མཁའ་འགྲོའི་ཏིང་ངེ་འཛིན་གྲུབ་པ་མོ། ལག་ན་པདྨ་ཧེ་རུ་ཀ་ཐོགས་པ་གཅིག་རང་བྱུང་བས། མ་བདུད་ཀྱི་ཡུལ་དང་ཕོ་བྲང་ཀུན་བྱིན་གྱིས་བརླབས་པའི་ཚེ་ན། བདུད་ཀྱི་རྒྱལ་པོ་དང་། བློན་པོ་དང་། འཁོར་རྣམས་དྲན་པ་མེད་པར་མྱོས་པར་གྱུར་ཏོ། །བདུད་ཀྱི་བུ་མོ་རེ་མ་


DNG023_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

ཏི་དེས་སྔོན་གྱི་ཇོ་མོ་ལྷ་མོ་དུང་སྐྱོང་མ་དྲན་པས། ཡིད་ཕྱོགས་ཏེ་དུང་སྐྱོང་མའི་སྤྱན་སྔར་འགྲོ་འདོད་པའི་བསམ་པ་དྲག་པོ་བྱུང་ནས། བདུད་རི་ཏི་འགོང་ཉག་གི་མཚོན་བདུད་ཀྱི་ཁྲམ་བམ་ནག་པོ་དེ། བུ་མོ་རེ་མ་ཏིས་བརྐུས་ནས། ལག་པ་གཡས་སུ་ཐོགས། མའི་ཚོན་གྱི་གྲུ་གུ་སྔོན་དམར་དེ་བརྐུས་ནས་ལག་པ་གཡོན་ན་ཐོགས་ནས། ནམ་ཕར་ཕྱེད་ཚུར་ཕྱེད་ན་ཇོ་མོ་དུང་སྐྱོང་མའི་གན་དུ་བྲོས་ཏེ་ཕྱིན་ནས། ལུས་གཅེར་བུར་འདུག་པ་ལ། ཁྱིམ་བདག་རབ་སྦྱིན་གསལ་གྱི་བ་རྫི་མོ་དམངས་རིགས་མོ་བྱ་ཧ་མུ་ཞེས་བྱ་བ་དེ་རེ་ལྡེ་ནག་པོ་གྱོན་ནས་འདུག་པ་དང་ཕྲད། མོས་དམངས་རིགས་མོ་བསད་ནས་ཤ་ཟོས། པགས་པ་རྐེད་ལ་དཀྲིས། དེའི་གོས་རེ་ལྡེ་བཤུས་ནས་བདུད་མོ་ཉིད་གྱོན་ནས་ཕྱིན་ཙམ་ན། ལམ་ཁར་སྲིན་མོ་པུརྣ་ཤི་བའི་གསུར་ཁྲག །ནད་ཀྱི་རྫིང་བུ་ཅིག་ཡོད་པའི་ཁར་ཕྱིན་པ་ལས། བདུད་མོ་རེ་མ་ཏིས་སྐོམ་ནས་ཐོག་ཅིག་འཐུངས་ཙམ་ན། ཁ་རླངས་ལས་ནང་དུ་སོང་བས། མོའི་ཁ་རླངས་གར་ཕོག་པས་རིམས་ནད་བྱུང་ངོ་། །དེར་མོ་རང་ཡང་ངོ་ཚ་སྐྱེས་ནས། སྔར་གྱི་དམངས་རིགས་མོ་བསད་པའི་རླུང་བུ་རྐེད་ལས་བཀྲོལ་ཏེ། ནང་ནད་ཀྱི་རྫིང་བུས་བཀངྐ་ནས། ཁ་སྦྲུལ་གྱིས་བཅིངས་ཏེ། མཆན་ཁུང་དུ་སྦས་ནས། སེམས་ཅན་ལ་གདུག་པར་བྱ་བར་བསམས་ཏེ། ཕྱིན་ཙམ་ན། བཙན་སྐྱ་རྡོ་རྗེ་ཟླ་བ་དང་ཕྲད་པ་ན་རེ་བདུད་མོ་ཆེན་མོ་ཆགས་པ་སྤྱད་དགོས། རྔན་པ་ཡང་སྦྱིན་ཟེར་ནས། མོ་བཟུང་ནས་ཆགས་པ་སྤྱད་པའི་ཁུ་བ་ཐིགས་པ་གཅིག་འཛམ་བུའི་གླིང་དུ་བོ་བ་ནི་ཇོང་ཇི་དཀར་པོར་སོང་། དེར་བཙན་སྐྱ་རྡོ་རྗེ་ཟླ་བའི་ལག་ན་ཤོད་རྡེའུ་དཀར་ནག་གང་ལ་བོར་བ་ཕུང་བར་བྱེད་པ་བདུན་ཡོད་པ་ལ། མོ་ལ་བྱི་རྔན་དུ་བྱིན་པ་དེ་བླངས་ཏེ། ལག་པ་གཡོན་དུ་བཟུང་ནས། གྲོང་ཁྱེར་སྦྲང་ལྡན་ཞེས་བྱ་བར་ཕྱིན་ཙམ་ན། རྒྱལ་པོ་སེང་གེ་རྩལ་ལ་བསོད་སྙོམས་


DNG023_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ཏེ། སྦྲང་རྩི་ལྷུང་བཟེད་གང་ཕུལ་ནས། སྦྲང་རྩི་ལག་ཏུ་ལེན་ཁར་ཕྱག་ཚང་བས་ཧུབ་བྱས་ནས་མོ་ལ་སྦྱིན། མོས་བླངས་ཙམ་ན། བར་སྣང་གི་ལྷ་རྣམས་ཀྱིས་བདུད་མོ། རྒྱལ་པོའི་ཁོལ་མོའི་ལྷག་མ་དང་ཁ་འཕྲོ་འཐུང་ངམ། ཆེ་བ་ཉམས་སོ་ཞེས་ཟེར་ཙམ་ན། བདུད་མོ་རེ་མ་ཏི་ཁྲོས་པས་ཡིད་འཁྲུགས་ཏེ། རྒྱལ་རིགས་ལ་དེར་རིམས་ནད་བཏང་ངོ་། །དེར་རྒྱལ་པོའི་དཀོར་ཟངས་ཀྱི་དྲ་བ་དགུ་ཕུལ་ནས་རིམས་བཅད་དོ། །དེ་ནས་ནག་མོ་རེ་མ་ཏི་དེས། རྒྱ་མཚོའི་འགྲམ་དུ་དུར་ཁྲོད་ཆེན་པོ་རོའི་ཚལ་དུ་སྔོན་གྱི་ཇོ་མོ་དུང་སྐྱོང་མའི་སྤྱན་སྔར་ཕྱིན་ཏོ། །དེ་ནས་དཔོན་གཡོག་གཉིས་འགྲོགས་ནས། སྲིད་པ་གསུམ་གྱི་སེམས་ཅན་ཟད་ཅིང་སྟོངས་པར་བྱེད་པའི་དུས་དེ་ཙམ་ན། ཇོ་མོ་དུང་སྐྱོང་མའི་ཞོན་པ་སྲིན་གྱི་བོང་བུ་དམར་གྭ་དང་། སྲིན་མོ་རྣ་ལ་དུན་རྩེའི་རྒོད་མ་ཟངས་ཀྱི་སོ་ཅན་གཉིས་ཆགས་པ་སྤྱད་པ་ལས། དྲེའུ་མོ་སྔོན་མོ་རླུང་གི་གཤོག་པ་ཅན་གཅིག་བྱུང་བ་དེ། རྒྱུ་མའི་མཐུར་ལ་ཟངས་ཀྱི་སྒ་བསྟད་ནས། ལྷ་མོ་དུང་སྐྱོང་མས་ཁོལ་མོ་རེ་མ་ཏི་ལ་ཞོན་པར་བྱིན། དེར་ཇོ་མོ་ནི་བོང་བུ་དམར་གྭ་ལ་ཞོན། ཁོལ་མོས་དྲེའུ་སྔོན་མོ་ལ་ཞོན། རྗེ་མོས་མི་པགས་གོན་ཐོད་པ་དང་རལ་གྲི་ལག་ན་ཐོགས། ཁོལ་མོས་རེ་ལྡེ་ནག་པོ་གྱོན། ལག་ན་ཁྲམ་བམ་དང་། ཤོད་རྡེའུ་ཐོགས། དེ་ནས་ཤིན་ཏུ་མཐུ་རྩལ་ཆེ་སྟེ་སྐྱེ་བ་རྣམ་བཞིའི་སེམས་ཅན་ཡོ་ཟད་ཅིང་སྟོངས་པ་ཙམ་དུ་ཟོས་སོ། །འཇིག་རྟེན་གྱི་མཁའ་འགྲོ་མ། དཀར་མོའི་ཚོགས་དང་། སྔོན་མོ་དང་དམར་མོ་དང་། སེར་མོའི་ཚོགས་དང་། ལྷ་མོ་དང་། བདུད་མོ་དང་། སྲིན་མོ་དང་། བསམ་གྱིས་མི་ཁྱབ་པ་མང་པོ་ཡང་ལྷ་མོ་རྗེ་ཁོལ་གྱི་འབངས་བགྱི་ཟེར་ཞིང་བྲན་དུ་འོངས་སོ། །བརྒྱ་བྱིན་ཉོན་ཅིག་དུས་དེ་ཙམ་ན་ལྷ་མོ་དཔོན་གཡོག་གཉིས། བུད་མེད་ཀྱི་རང་བཞིན་དུ་གྱུར་པ་ཉིད་ཀྱིས། རྟག་པར་འདོད་


DNG023_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འཁྲིག་པ་སྤྱད་པའི་ཆེད་དུ་ཁྱོ་དགུ་དང་སྦྱོར་བ་བྱེད་དེ། ཇོ་མོ་ལ་ཁྱོ་ལྔ་ཁོལ་མོ་ལ་ཁྱོ་བཞི་ཡོད་དེ། རྗེ་མོའི་ཁྱོ་ལྔ་ནི། གཟའ་རཱ་ཧུ་ལ། སྲིན་པོ་སྒྲ་ལྡན། གཤིན་རྗེ་མཱ་རུ་རྩེ། བདུད་ཆར་ཀ་ནག་པོ། ཀླུ་ཀུནྡཱ་ལ་དང་ལྔ། ཁོལ་མོའི་ཁྱོ་བཞི་ནི། འབྱུང་པོ་དགེ་བ་དང་། བགེགས་བཱི་ན་ཡ་ཀ་དང་། གནོད་སྦྱིན་ཡཀྴ་ཀ་པ་ལ་དང་། རླུང་བཱ་ཡ་བེ་དང་བཞིའོ། །དེ་ལྟར་དཔོན་གཡོག་གཉིས་ཀྱི་ཁྱོ་དགུ་ནི། ཉིན་པར་ནི་མཆན་ཁུང་གཡོན་དུ་བསྐུངས་ཤིང་སྦེད་ལ། མཚན་མོ་དུར་ཁྲོད་དུ་བསྐུང་ཞིང་སྦྱོར་བ་བྱེད་དོ། །བརྒྱ་བྱིན་ཉོན་ཅིག་དེ་ནས་ལྷའི་བུ་མོ་ལ་སྔོན་གྱི་ལས་འཕྲོས་འདྲེལ་ཞིང་དགེ་བ་སྤྱད་པའི་ཤུགས་ཀྱིས། བྱང་ཆུབ་ཀྱི་ཤིང་དྲུང་ན། བཅོམ་ལྡན་འདས་བཞུགས་པའི་སྤྱན་སྔར་ཕྱིན་ནས། ལྷ་མོ་དེས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ནས་རང་གི་སྙིང་པོ་འདི་ཕུལ་ལོ། །ཏདྱ་ཐཱ། ཨོཾ་རུ་རུ་བེ་ཏི་སྟ་བ་དོ་སི། རུ་རུ་རོ་རུ་བེ་སྡི་སྟ་བ་དོ་སི། ཙ་པ་ལ་ཨ་ཤུགྨེ་ཧཱུྃ་བྷྱོ་ཛཿ། ཞེས་ཕུལ་ལོ། །ཁོལ་མོས་རང་གི་སྙིང་པོ་ཕུལ་བ། ཏདྱ་ཐཱ། ཨོཾ་རུ་རུ་བེ་རོ་རུ་ཧཱུྃ་ཏི་སྟ་ཏོ་སི། ར་ཙིཏྟ་ཁ་རགྨ་དུན་བྷྱོ། མ་མ་ཏྲགྼཀྴ་ཁ་མུནྟྲ་བ་ཏྲ་རཀྴ་ཙིཏྟ་ཁ་རགྨ་དུཾ་ཧཱུྃ་བྷྱོ། རུ་ལུ་ས་མ་ཡ་ཕྲ་མ་མ་ཧཱ་སྡི་ཕྲ་བྷྱོ་ཞེས་ཕུལ་ལོ། །དེ་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་ལྷ་མོ་དཔོན་གཡོག་གཉིས་ཀྱིས་ཨ་སུ་རའི་བྲག་ཕུག་ཏུ་ཕྱིན་པ་ལས་བྲམ་ཟེ་མཆོག་སྲེད་སྒྲུབ་པ་བྱེད་པ་དང་ཕྲད་དོ། །ལྷ་མོས་ཁྱོད་འདི་ན་ཅི་བྱེད་བྱས་པ་ལ། བྲམ་ཟེ་མཆོག་སྲེད་ཀྱིས་སྨྲས་པ། སྔོན་ཁམས་འདི་ཉིད་ན་དགེ་སློང་བརྟན་པའི་སྡེ་དང་། དགེ་སློང་མ་དར་རི་སྡེ་གཉིས་ཁྲིམས་ཉམས་ཏེ་རྒྱལ་པོའི་ཆད་པས་བསད་དོ། །དེ་སྐྱེ་བ་འཕོས་པ་ནི། བདུད་ལཾ་ང་འགེའུ་རི་དང་། རོ་ཤ་ཁ་འདར་གཉིས་སུ་གྱུར་ཏེ། ཡུལ་མི་ཅི་ཡོད་ཟད་པར་ཟོས་ནས།


DNG023_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ང་ལ་ཟ་རེས་བབ་པས། ང་ནི་བདུད་འདུལ་བའི་ཕྱིར། ཡུམ་ཨེ་ཀ་ཛ་ཊི་རལ་གཅིག་མ། བསྒྲུབ་བོ་ཞེས་ཟེར་རོ། །དུང་སྐྱོང་མ་ན་རེ་འོ་ན་ངེད་དཔོན་གཡོག་ཀྱང་བསྒྲུབ་པར་བྱ་ན། ཡོན་ཏན་དེ་ལྟ་བུ་ཡོད་དམ་བྱས་པ་ན། བྲམ་ཟེ་ན་རེ་ཁྱེད་གཉིས་དངོས་གྲུབ་ཅི་འདོད་པ་ཡིན། ལྷ་མོ་ན་རེ་ངེད་གཉིས་འདོད་པའི་ཁམས་ཀྱི་དབང་མོ་ཆེར་གྱུར་ནས། སངས་རྒྱས་ཀྱི་བསྟན་པ་བསྲུང་བའི་གྲུབ་པ་འདོད་བྱས་པ་ལ། འོ་ན་གྲུབ་པར་བྱའོ་ཞེས་ཟེར་ནས། བྲམ་ཟེ་དང་ལྷ་མོ་དཔོན་གཡོག་བསྒྲུབ་པ་བྱས་པས་ཡུམ་ཨེ་ཀ་ཛ་ཊི་ཞལ་མཐོང་ནས་གྲུབ་པ་ཐོབ་བོ། །ཡུམ་ཨེ་ཀ་ཛ་ཊིས། ལྷ་མོ་དུང་སྐྱོང་མའི་མིང་ནི།དཔལ་ལྷ་མོ་ནག་མོ་མ་ཧཱ་ཀཱ་ལི་ཞེས་བཏགས་སོ། །ཁོལ་མོའི་མིང་ནི་ཨཀྴ་རེ་མ་ཏི་ཞེས་བྱ་བར་བཏགས་སོ། །འདོད་ཁམས་འདུལ་བའི་དབང་མོ་ཆེར་དབང་བསྐུར་རོ། །མ་ཧཱ་ཀཱ་ལིས་ཀྱང་ཆོས་བསྐྱང་ཞིང་བསྟན་པ་བསྲུང་བར་ཁས་བླངས་སོ། །རང་གི་སྙིང་པོ་འདི་ཕུལ་ལོ། །ཨོཾ་རུ་རུ་བེ་ཏི་སྟ་བ་དོ་སི། རུ་རུ་རོ་རུ་བེ་ཏིསྟ་བ་དོ་སི། ཙ་པ་ལ་ཨ་ཤུག་མེ་བྷྱོ་ཛཿརེ་མ་ཏིས་ཀྱང་། ཨོཾ་རུ་རུ་རོ་རུ་བེ་ཏིསྟ་བ་དོ་སི། རག་མོ་ཙིཏྟ་ཁ་རག་མ་ཧཱུྃ་བྷྱོ། མ་མ་ཏྲག་རགྴ་ཁ་མུན་ཏྲ་བ་ཏྲ་ཏྲག་རགྴ། ཙིཏྟ་ཁ་རག་མེ་རེ་མ་ཏི་ས་མ་ཡ་ཕྲ་མ་ཡ་ཕྲ་མ་མ་ཧཱ་ཏེ་ཕྲ་དུན་བྷྱོ། ཛཿཛཿརུ་ལུ་བྷྱོ་ཞེས་ཕུལ་ལོ། །བདུད་ལཾ་ང་འགེའུ་རི་དང་རོ་ཤ་ཁ་འདར་བསྒྲལ་ལོ། །དེ་ནས་སའི་ལྷ་མོ་བརྟན་མས་ཀྱང་ནམ་གྲུ་མཆེད་བརྒྱད་ཀྱང་འབངས་སུ་ཕུལ་ལོ། །སྲིན་ཡུལ་དུ་དམག་གྲངས་པས། སྲིན་པོ་ཡགྴ་ཀོ་རེ་བསྒྲལ་ལོ། །བརྒྱ་བྱིན་ཉོན་ཅིག །དེ་ནས་འཕགས་པ་སྤྱན་རས་གཟིགས་ཀྱིས། དཔལ་རྟ་མགྲིན་དུ་སྤྲུལ་པའི་བསྒྲུབ་པ་བྱས་ཏེ། རྟ་མགྲིན་གྱི་ཞལ་མཐོང་ཞིང་གསང་བའི་གཟུངས་མ་བྱས་ཏེ། རྗེ་མོའི་མིང་དཔལ་ལྷ་མོ་ནག་མོར་བཏགས་སོ། །ཁོལ་མོའི་མིང་ནི་རྡོ་རྗེ་གློག་མ་སྲིན་དུ་


DNG023_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

མིང་བཏགས་སོ། །དེས་ཕྱག་རྒྱ་ཆེན་པོའི་དབང་བསྐུར་རོ། །ལས་ཀྱི་ལྷར་བྱིན་གྱིས་བརླབས་སོ། །དེའི་ཚེ་ན་དཔལ་ལྷ་མོ་ནག་མོས། དཔལ་རྟ་མགྲིན་ལ་སྙིང་པོ་མདོངས་གསོལ་དུ་ཕུལ་ལོ། །བསྟན་པ་བསྲུང་བར་ཁས་བླངས་སོ། །དེ་ནས་སྔོན་གྱི་ཨུ་མ་དེ་བ་དང་རྣལ་རྩེ་གཉིས་ཀྱང་། སྔོན་གྱི་བུ་མོ་གཉིས་ལ་སྲིན་ལག་རྩེ་ལ་ནུ་ཞོ་བླུགས་པས་བྲོས་ནས། དྲེད་མོའི་རལ་པས་གཡབ་མོས་འབོད་དེ། བུ་མོ་གཉིས་མའི་དྲུང་དུ་ཕྱིན་ཙམ་ན། དབང་བསྐུར་ཞིང་དམ་བསྒྲགས། བསྟན་པ་བསྲུང་བར་དབང་བྱིན་ཏོ། །འཁོར་ལོས་སྒྱུར་བའི་རྒྱལ་པོས་ཀྱང་རང་གི་རྩ་དང་ཁྲག་དང་ཁུ་བའི་མཆོད་པ་བྱས་ནས། ལྷ་དང་མིའི་རྒྱལ་སྲིད་ཕུལ་ནས། རྨ་བྱ་རིན་པོ་ཆེའི་གཤོག་པ་ཅན་སྤྱི་བོ་ན་ནོར་བུ་རིན་པོ་ཆེ་ཡོད་པ། ཇོ་མོ་ལ་ནོར་སྐལ་དུ་བྱིན་ནོ། །བྱ་དེ་མོ་ནག་མོ་སྤྱི་བོ་ན་ནོར་བུ་རིན་པོ་ཆེ་ཡོད་པ་ཅིག་ཁོལ་མོ་ལ་ནོར་སྐལ་དུ་བྱིན་ནས། ལྷ་མོ་རྗེ་ཁོལ་གཉིས་འཁོར་ལོས་སྒྱུར་བའི་རྒྱལ་པོས་བྱིན་པའི་རྨ་བྱ་དང་། དེ་མོ་ནག་མོ་གཉིས་གཏན་གྱི་ནོར་སྐལ་བྱེད་ཅིང་ཆགས། དེ་ནས་དཔལ་ལྷ་མོ་ནི་གསང་བའི་གནས་དུར་ཁྲོད་རོ་ཁང་ནག་པོའི་དབུས་མཱ་རུ་རྩེའི་སྒོ་འགྲམ་དུ། དཔལ་ཕྱག་ན་རྡོ་རྗེའི་ཧེ་རུ་ཀའི་དངོས་གྲུབ་སྒྲུབ་པའི་ཚེ། དཔལ་ཕྱག་ན་རྡོ་རྗེའི་དངོས་གྲུབ་གྲུབ་སྟེ། དཔལ་ཕྱག་ན་རྡོ་རྗེས་ལྷ་མོ་དཔོན་གཡོག་ལ་སྤྱི་བོ་གཙུག་ཏུ་དཔལ་རྟ་མགྲིན་གསང་བའི་དབང་བསྐུར། ལུས་ངག་ཡིད་གསུམ་ལ་ཁྲག་འཐུང་ཧེ་རུ་ཀའི་དབང་བསྐུར། ཐུགས་ཀྱི་དཔལ་བེའུ་རིགས་ལྔ་སངས་རྒྱས་ཀྱི་དབང་བསྐུར། སྐུ་སྟོད་ཀྱི་རྒྱན་དུ་ཕྲ་མེན་མ་བཅུ་དྲུག་གི་དབང་བསྐུར། ལྗགས་ཀྱི་དཀར་དམར་ལ་ལྕགས་ཀྱུ་གསང་བའི་དབང་བསྐུར་རོ། །གནད་མདོ་ཆེན་དྲུག་ཏུ་ཚོམ་བུ་གསང་བའི་


DNG023_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར་རོ། །གསང་བ་པདྨ་ལ་ཐིག་ལེ་ཡེ་ཤེས་ཤར་བའི་དབང་བསྐུར། རྡོ་རྗེ་ཕོ་ཉ་མོ་དྲུག་ཅུ་རྩ་བཞི་འཁོར་དུ་དབང་བསྐུར། པདྨ་གར་གྱི་དབང་ཕྱུག་ནི་སྤྲུལ་པ་དང་ཡང་སྤྲུལ་དུ་དབང་བསྐུར། དེའི་ཚེ་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་གཡོས་སོ། །དེ་ནས་དཔལ་ཕྱག་ན་རྡོ་རྗེས་ཇོ་མོའི་མིང་ནི་དཔལ་མ་ཧཱ་ཀཱ་ལི་ཞེས་བཏགས་སོ། །ཁོལ་མོའི་མིང་ནི་གནོད་སྦྱིན་ཤན་པ་ནག་མོ་རེ་མ་ཏི་ཞེས་བཏགས་སོ། །སངས་རྒྱས་ཀྱི་བསྟན་པ་བསྲུང་བར་གཉེར་གཏད་དོ། །དེ་ནས་དཔལ་ཕྱག་ན་རྡོ་རྗེ་ཉིད་ལ། དཔལ་ལྷ་མོས་རང་གི་སྙིང་པོ་ཕུལ་ཏེ། སངས་རྒྱས་ཀྱི་བསྟན་པ་དུས་རྟག་ཏུ་བསྲུང་བར་ཁས་བླངས་སོ། །དེ་ནས་དཔལ་ལྷ་མོ་དེ་མཐུ་དང་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པར་གྱུར་ཏོ། །འདོད་པའི་ཁམས་ཀྱི་དབང་ཕྱུག་མར་གྱུར་པའི་ཚེ། ལྷ་ཚངས་པས་ཉི་མའི་རྒྱན་ཕུལ། ཁྱབ་འཇུག་གིས་ཟླ་བའི་རྒྱན་ཕུལ། རྣམ་ཐོས་སྲས་ཀྱིས་སེང་གེའི་རྣ་ཆ་ཕུལ། ནམ་མཁའི་ལྷ་བྲན་རྣམས་ཀྱིས་གསེར་གྱི་དྲིལ་བུའི་རྒྱན་ཕུལ། སྲིན་པོ་དང་ཤ་ཟ་རྣམས་ཀྱིས་ཐོད་ཕྲེང་དང་ཁྲག་དང་ཞག་གི་ཐིག་ལེ་ཕུལ་ལོ། །ཀླུ་དགའ་བོས་སྦྲུལ་གྱི་གདེངས་ཀ་ཕུལ། ལྷ་མོ་དེ་སྲིད་པ་གསུམ་ན་འགྲན་པའི་ཟླ་མེད་པར་གྱུར་ཏོ། །དེ་ནས་བརྒྱ་བྱིན་གྱིས་གསོལ་པ། ཀྱེ་བཅོམ་ལྡན་འདས་གསང་བའི་བདག་པོ། འདོད་པའི་ཁམས་ཀྱི་དབང་ཕྱུག་མ་འདི། དང་པོར་ལྷའི་བུ་མོར་གྱུར་པ་དང་། བར་དུ་སྲིན་པོའི་ཆུང་མར་གྱུར་པ་དང་། ད་ལྟར་འདོད་པའི་ཁམས་ཀྱི་དབང་ཕྱུག་མར་གྱུར་པ་འདི། སྔོན་གྱི་རྐྱེན་ཅི་ལས་གྲུབ་པ་ལགས་ཞེས་གསོལ་པ་དང་། གསང་བའི་བདག་པོས་བཀའ་སྩལ་པ། བརྒྱ་བྱིན་ཉོན་ཅིག །ད་ལྟར་ལྷ་མོ་ནག་མོ་འདི་སྔོན་སངས་རྒྱས་འཁོར་བ་འཇིག་གི་བསྟན་པ་ལ་ལྷ་མོ་འོད་ཟེར་ཅན་དུ་གྱུར་ཏེ་དགེ་བ་བཅུ་ཤ་སྟག་


DNG023_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱད་དོ། །དེ་ནས་སངས་རྒྱས་གསེར་ཐུབ་ཀྱི་བསྟན་པ་ལ་ལྷ་མོ་དཔའ་བརྟན་མ་ཞེས་བྱ་བར་གྱུར་ཏེ་ཞེ་སྡང་རང་ཁ་མར་སྤྱད་དོ། །དེ་ནས་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་ལྷ་མོ་མཉྫུ་ཞེས་བྱ་བར་གྱུར་ཏེ། དུས་དེ་ཙམ་ན་ཤཱཀྱ་ཐུབ་པ་ནི་དགེ་སློང་དབང་ཕྱུག་དཔའ་བོ་ཞེས་བྱ་བར་གྲགས་སོ། །དགེ་སློང་དེ་ལ་ལྷ་མོ་མཉྫུས་མཆོད་གནས་བྱས་ཤིང་སྨོན་ལམ་གཅིག་ཏུ་བཏབ་པོ། །བརྒྱ་བྱིན་ཉོན་ཅིག །དེ་ད་ལྟ་ན་ནི་ལྷ་མོ་འདི་ལ་སངས་རྒྱས་གསུམ་གྱི་རིང་གི་རྣམ་པར་སྨིན་པ་ཤཱཀྱ་ཐུབ་པའི་བསྟན་པ་ལ་དུས་གཅིག་ཏུ་སྨིན་ནོ། །ལྷ་མོ་འདི་དང་པོར་མ་ཧཱ་དེ་བའི་བུ་མོར་སྐྱེས་པ་ནི། དང་པོར་དགེ་བ་སྤྱད་པའི་མཐུའོ། །བར་དུ་སྲིན་པོའི་ཆུང་མར་གྱུར་ནས་རང་ལྕེབ་པ་ནི་ཞེ་སྡང་སྤྱད་པའོ། །ཐ་མར་ད་ལྟར་འདོད་པའི་ཁམས་ཀྱི་དབང་ཕྱུག་མར་གྱུར་པ་ནི། སངས་རྒྱས་ཐམས་ཅད་ཀྱིས་དབང་བསྐུར་ནས་ཤཱཀྱ་ཐུབ་པའི་བསྟན་པ་སྲུང་བ་ནི་སྔོན་ཤཱཀྱ་ཐུབ་པ་ལ་སྡིག་བཤགས་བྱས་ཀྱི་སྨོན་ལམ་བཏབ་བོ། །ཁོལ་མོ་རེ་མ་ཏི་སྔགས་ཀྱི་བསོད་ནམས་ལས་གྲུབ་པའོ། །མཁའ་འགྲོ་མ་མེ་ལྕེ་འབར་བའི་རྒྱུད་ལས་གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། གསང་བའི་བདག་པོ་དཔལ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་བཅོམ་ལྡན་མགོན་པོ་གསང་བའི་བདག །མ་འོངས་ཕྱི་མའི་སེམས་ཅན་རྣམས། །མཁའ་འགྲོ་རྣལ་འབྱོར་རབ་བསྒྲུབ་པའི། །སློབ་དཔོན་སློབ་མའི་མཚན་མའི་རྒྱུད། །གང་ཡིན་བདག་གིས་ཉན་པར་འཚལ། །ཞེས་ཞུས་པའི་ཚེ། གསང་བའི་བདག་པོས་བཀའ་སྩལ་པ། །དཔལ་ལྡན་ལྷ་མོ་རྡོ་རྗེ་མཁའ་འགྲོ་མ། །ཐུན་མོང་མ་ཡིན་ཀུན་གྱིས་བྱ་བ་མིན། །དེ་ཡང་སློབ་དཔོན་མཚན་ཉིད་བཤད། །སློབ་དཔོན་ཆོས་ལ་རབ་འདུད་པ། །ཚད་མེད་བཞིར་ལྡན་སྙིང་རྗེ་ཅན། །ཕྱི་ནང་གསང་བའི་དབང་ཐོབ་ནས། །


DNG023_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་སྲོག་བཞིན་འཛིན་བྱེད་ཅིང་། །བདེན་པ་གཉིས་རྟོགས་ལྟ་བ་ཅན། །སྔགས་དང་ཕྱག་རྒྱ་མི་སྤོང་ཞིང་། །རྟག་ཏུ་ཕྱག་རྒྱ་ཆེ་ལ་གནས། །སེམས་ཅན་དོན་བྱེད་མན་ངག་ལྡན། །དེ་ནི་སློབ་དཔོན་མཚན་ཉིད་དེ། །སློབ་མ་དུལ་ལ་དད་པ་ཅན། །བླ་མའི་ཞབས་ལ་རབ་འདུད་ཅིང་། །དད་དང་གཏོང་ཕོད་སྙིང་རྗེ་ཅན། །འདུལ་དང་སྡོམ་པ་དམ་ཚིག་འཛིན། །ལྷ་དང་སློབ་དཔོན་རྟག་ཏུ་བཅང་། །གསང་སྔགས་འཛིན་པའི་སྣོད་ལྡན་ལ། །སློབ་མར་བྱ་བ་ང་ཡིས་བཤད། །དཔལ་མཁའ་འགྲོ་མ་མེ་ལྕེ་འབར་བའི་རྒྱུད་ལས་སློབ་དཔོན་དང་སློབ་མའི་མཚན་ཉིད་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། དཔལ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ། །རྡོ་རྗེ་སེམས་དཔའ་དཔའ་བོ་ཆེ། །དུས་མཐའི་རྣལ་འབྱོར་བསྐྱང་སླད་དུ། །རྡོ་རྗེ་གསང་བའི་མཁའ་འགྲོ་མའི། །ལྟ་བ་དམ་པ་བདག་ཉན་འཚལ། །ཞེས་ཞུས་པའི་ཚེ། དཔལ་ཕྱག་ན་རྡོ་རྗེས་བཀའ་སྩལ་པ། བདག་དང་རྡོ་རྗེ་མཁའ་འགྲོ་མའི། །གདོད་ནས་མ་སྐྱེས་གཟུང་འཛིན་ཡུལ་དང་བྲལ། །ང་དང་བདག་འཛིན་མཚན་མའི་རྟོག་པ་བཅོམ། །དོན་དམ་ཀུན་རྫོབ་སྐྱེ་བ་མེད་པའི་གཞི། །གཉིས་མེད་ཆོས་ཀྱི་དབྱིངས་སུ་དབྱེར་མེད་ཅིང་། །སྟོང་ཉིད་ཆོས་སྐུ་ནམ་མཁའ་ཡེ་ཤེས་ལྔ། །སྤྲུལ་པའི་ཕྱག་རྒྱ་ལྷ་དང་ལྷ་མོའི་མཚན་མར་སྣང་། །མཁའ་ལ་འཇའ་འདྲ་རང་བཞིན་ག་ལ་ཡོད། །སྙིང་རྗེའི་དབང་གིས་འགྲོ་དོན་བྱེད་པ་ན། །མདོར་ན་སངས་རྒྱས་སྤྲུལ་པ་ཡིན་པ་སྟེ། །ཁོལ་མོ་བྱང་ཆུབ་སེམས་དཔའི་སྤྲུལ་པའོ། །མཚན་མའི་སྲིན་མོ་བདུད་མོར་བལྟ་མི་བྱ། །མཁའ་འགྲོ་མ་མེ་ལྕེ་འབར་བའི་རྒྱུད་ལས་ལྟ་བ་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་


DNG023_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

ཏོ། །གསང་བའི་བདག་པོ་ཡེ་ནས་ཐུགས་རྗེ་ཅན། །རྡོ་རྗེ་མཁའ་འགྲོའི་དངོས་གྲུབ་བསྒྲུབ་པའི་ཕྱིར། །དཀྱིལ་འཁོར་རྣམ་པ་གསུམ་གྱི་རྒྱུད་བཤད་འཚལ། །ཞེས་ཞུས་པའི་ཚེ། ཕྱག་ན་རྡོ་རྗེས་བཀའ་སྩལ་པ། བརྒྱ་བྱིན་ལ་སོགས་འཁོར་རྣམས་རབ་ཏུ་ཉོན། །དཀྱིལ་འཁོར་རྣམ་གསུམ་མཚན་མའི་ཕྱག་རྒྱ་ནི། །རང་བཞིན་དཀྱིལ་འཁོར་བྱང་ཤར་རི་རབ་རྩེ། །ཏིང་འཛིན་དཀྱིལ་འཁོར་རྣལ་འབྱོར་སེམས་ཀྱི་ཡུལ། །གཟུགས་བརྙན་དཀྱིལ་འཁོར་གནས་བཞིའི་ས་ལ་བྱ། །ཚོན་རྩི་མི་རུས་ལྡོང་རོས་རམས་དང་སྐྱེགས། །མཐིང་ནག་གྲུ་བཞིའི་དབུས་ནི་ཨེ་གྲུ་གསུམ། །དབུས་སུ་གཙོ་བོ་ཕྱག་ན་རྡོ་རྗེ་སྟེ། །དེ་ཡི་གཡས་སུ་ལྷ་མོ་ནག་མོ་སྟེ། །གཡོན་དུ་མ་མོའི་ཏིང་འཛིན་གྲུབ་པ་མོ། །གཙོ་བོའི་མདུན་དུ་ཁོལ་མོ་རེ་མ་ཏི། །དེ་ཡི་ཕྱི་རིམ་སྲིད་པའི་མ་མོ་དང་། །སྟག་སྤྱང་བྱ་རྒོད་སེང་གེ་ཁྱུང་གིས་བསྐོར། །ཕྱི་རིམ་ཐོད་ཕྲེང་མེ་རི་ཀེང་རུས་བྲི། །ཙ་ཀ་ལི་འམ་ཡིག་འབྲུ་ཕྱག་མཚན་བྲི། །མཁའ་འགྲོ་མ་མེ་ལྕེ་འབར་བའི་རྒྱུད་ལས་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་དཔལ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་འཇིགས་བྱེད་ཆེ་མཆོག་འགྲོ་ཀུན་འདུལ་བའི་གཙོ། །རྡོ་རྗེ་མཁའ་འགྲོ་ནག་མོ་དམ་པ་ཡི། །དངོས་གྲུབ་བསྒྲུབ་པའི་རྫས་རྣམས་གང་ལགས་པའི། །གསང་བའི་བདག་པོ་བདག་ལ་བཤད་དུ་གསོལ། །ཞེས་ཞུས་པ་དང་། ཕྱག་ན་རྡོ་རྗེས་བཀའ་སྩལ་པ། རྡོ་རྗེ་མཁའ་འགྲོའི་དངོས་གྲུབ་འདོད་པའི་མིས། །རྫས་རྣམས་མེད་ན་དངོས་གྲུབ་མི་ཐོབ་སྟེ། །རྨོངས་པས་ས་བོན་གཙུབ་ཤིང་གཙུབ་སྟན་འདྲ། །ཀུན་ཀ་ཚང་ན་དངོས་གྲུབ་མཚན་མ་སྟེར། །མཁའ་འགྲོ་མ་ལ་རྫས་


DNG023_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རྣམ་པ་བདུན། །བོད་པའི་རྫས་དང་མ་མོ་བསྟེན་རྫས་དང་། །མཆོད་པའི་རྫས་དང་དམ་ཚིག་བསྲེ་བའི་རྫས། །བསྐུལ་བའི་རྫས་དང་མཚན་མ་དབབ་པའི་རྫས། །ཐ་མར་གནད་ལ་འབེབས་ཤིང་བཟློག་པའི་རྫས། །བདུན་པོ་འདི་ཚང་གྲུབ་པའི་མཚན་མ་འབྱུང་། །གཙོ་བོ་ཕྱག་ན་རྡོ་རྗེའི་དམ་རྫས་ནི། །གོ་རོ་ཙ་ན་གཙོ་བོ་བོད་པའི་རྫས། །གཙོ་བོའི་རྟེན་ནི་སེང་ལྡེང་མི་རུས་ཕུར། །གསལ་བ་ལྔ་དང་བདུད་རྩིས་གཙོ་བོ་མཆོད། །དམ་ཚིག་བཅུ་ཡིས་རྡོ་རྗེ་ས་ནི་མཆོད། །གུ་གུལ་ནག་པོ་ཡུངས་ནག་ཏིལ་གྱིས་བསྐུ། །སྤོས་དང་ལྕེ་པོག་མི་ཚིལ་མཚན་མ་འབེབས། །གཙོ་བོ་གནད་ལ་འབེབས་པ་ཨ་མྲྀ་ཏ། །དཔལ་ལྡན་ལྷ་མོ་ནག་མོའི་བོད་རྫས་ནི། །གཡབ་དར་དང་ནི་ཧསྟ་མི་ཚིལ་དང་། །ཅོང་ཞུན་སྤོས་ལྔས་བསྲེགས་ལ་བོད། །ལྷ་མོའི་རྟེན་ནི་བུ་མོ་གཙང་མ་དང་། །རྒྱ་མཚོར་ཤི་བའི་བུད་མེད་ཐོད་པ་གཉིས། །མཁར་དུ་བརྩིགས་ལ་དཀྱིལ་འཁོར་དབུས་སུ་ཁ་སྤྲད་ལ། །མི་གསོད་མཚོན་གྱི་རལ་གྲི་སོར་བརྒྱད་པ། །ཡུ་བ་མ་བྲིས་དཀྱིལ་འཁོར་དབུས་སུ་གཟུགས། །རྨ་བྱ་སེང་གེ་གཡང་གཞི་གོ་ཟུང་ནག་པའོ། །རྗེ་མོ་ལྷ་མོ་ནག་མོའི་དམ་རྫས་ནི། །དགེ་སློང་ཤ་དང་མི་རོ་སེང་གེའི་སྙིང་། །གྲི་རྒོད་ཤ་དང་དབང་པོ་རྣམ་པ་ལྔ། །རུ་ཏྲ་ནག་པོའི་སྙིང་དང་བདུད་རྩི་ལྔ། །སྨན་མའི་ཁྲག་དང་ཤ་ཁྲག་སྣ་ཚོགས་དང་། །ཕྱེ་མ་ལྔ་ཡིས་གཏོར་བས་གུར་ཀུམ་བརྫི། །པདྨའི་རཀྟས་བྱུགས་ལ་རྒྱུན་གཏོར་བྱ། །ལྷ་མོ་ནག་མོ་འདི་དང་དམ་ཚིག་བསྲེ་བའི་རྫས། །རུ་ཧི་རྡོ་རྗེ་པདྨ་མི་དེ་སྔགས། །བསྐུལ་རྫས་མི་ཡི་ཚིལ་དང་གུ་གུལ་བསྲེག །མཚན་མ་འབེབས་པ་བུ་མོ་གཙང་མའོ། །གནད་ལ་འབེབས་ཤིང་བཟློག་པ་ཡུགས་སའི་རྐང་། །ཁོལ་མོ་རེ་མ་ཏི་ཡི་བོད་རྫས་ནི། །དྲེད་མོའི་རལ་པས་གཡབ་ཅིང་སྲིན་ལག་བསྟན། །གུ་གུལ་དང་ནི་མི་ཚིལ་གསུར་གྱིས་བོད། །རེ་མ་ཏི་ཡི་རྟེན་དུ་ལུག་ནག་གམ། །དེ་མོ་ནག་མོ་དྲི་མོའི་ཐོད་པའོ། །


DNG023_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

ཁོལ་མོ་རེ་མ་ཏི་ཡི་མཆོད་རྫས་ནི། །བུམ་པ་གང་བའི་ཁྲག་དང་ཨ་མྲྀ་ཏ། །ནལ་བུའི་ཤ་དང་མི་ཤ་ཆང་ཕུད་དོ། །དམ་ཚིག་བསྲེ་ཞིང་རྟག་ཏུ་མཆོད་པའི་རྫས། །རུ་ཧི་རྡོ་རྗེ་པདྨ་དག་གིས་ཤིས། །བསྐུལ་རྫས་གུ་གུལ་ནག་དང་ཅོང་ཟིའོ། །མཚན་མ་འབེབས་པ་བུ་མོ་གཙང་མའོ། །གནད་ལ་འབེབས་ཤིང་བཟློག་རྫས་དྲེའུ་ཡི་རྐང་། །འདི་རྣམས་གཙང་ཞིང་མ་ཉམས་ཚོགས་འགྱུར་ན། །རྡོ་རྗེ་མཁའ་འགྲོ་མ་ཡི་ཚོགས་རྣམས་ནི། །བུང་བས་ཨུ་དུམ་བཱ་ར་མཐོང་བ་ལྟར། །དགའ་བ་སྐྱེས་ནས་མི་ལ་དངོས་གྲུབ་སྟེར། །དེ་བས་ནན་ཏན་བསྐྱེད་ལ་བརྩོན་པར་བྱ། །མཁའ་འགྲོ་མ་མེ་ལྕེ་འབར་བའི་རྒྱུད་ལས་དཔོན་གཡོག་གི་དམ་རྫས་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། དཔལ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་གསང་བདག་ཕྱག་ན་རྡོ་རྗེ་འདུལ་བའི་གཙོ། །བསྒྲུབ་པའི་རྟེན་གྱི་རྡོ་རྗེ་མཁའ་འགྲོ་སྐུ། །ཐང་ཀ་འདྲི་བའི་ནན་ཏན་འདྲི་བར་འཚལ། །ཞེས་ཞུས་པའི་ཚེ། གསང་བའི་བདག་པོས་བཀའ་སྩལ་པ། མཁའ་འགྲོའི་རྟེན་གྱི་སྐུ་གཟུགས་ནི། །མིས་མ་འཕྲིགས་པར་དུར་ཁྲོད་འགྲོ། །དང་པོ་ཕྱག་ན་རྡོ་རྗེ་དང་། །ལྷ་མོའི་བསྙེན་པ་འབུམ་འབུམ་བཟླས། །དེ་ལ་སྦྱིན་སྲེག་གཏོར་མ་འབུལ། །རི་མོ་མཁན་ལ་དབང་བསྐུར་རོ། །དམ་ཚིག་རབ་ཏུ་སྦྱིན་པར་བྱ། །དེ་ནས་བུད་མེད་ཞབས་མ་དང་། །རོ་དཀྲིས་དག་གི་རས་དག་ནི། །རོ་བསྲེགས་མགལ་པའི་ཤིང་གིས་ཀྱང་། །བྲི་བའི་ཚོན་རྩི་རྣམ་པ་ལྔ། །དཔའ་བོ་འབྲི་ལྔའི་འཕྲོ་འདུ་ལས། །རྒྱལ་བ་རིགས་ལྔར་བྱིན་བརླབས་ལ། །དབུས་སུ་ཕྱག་ན་རྡོ་རྗེ་བྲི། །མདུན་དུ་ལྷ་མོ་ནག་མོ་ནི། །བོང་ཞོན་རལ་གྲི་ཐོགས་པར་བྲི། །གཡོན་དུ་ཁོལ་མོ་རེ་མ་ཏི། །དྲེའུ་ཞོན་ཁྲམ་བམ་ཐོགས་པའོ། །གཡས་སུ་བྲམ་ཟེ་མཆོག་སྲེད་ནི། །མགྲིན་པ་སྨ་ར་དཀར་


DNG023_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རིང་། །ཀྲྀཥྞའི་སྟན་ལ་ལོང་ཕྲེང་འཛིན། །རྨ་བྱ་ནེའུ་ལེ་ཐོགས་པའོ། །དེ་ཡི་གཡོན་དུ་བདག་ཉིད་ནི། །ཀྲྀཤྞའི་སྟན་ལ་ལོང་ཕྲེང་འཛིན། །རྨ་བྱའི་སྤུ་དང་ནེའུ་ལེ་ཐོགས། །དེ་ནས་རང་གི་སྲིན་ཁྲག་གིས། །སྐུ་གཟུགས་རྣམས་ཀྱི་སྤྱན་ཕྱེ་ལ། །མདུན་དུ་གཏོར་མའི་སྦྱིན་སྲེག་དབུལ། །ཞབས་ལ་བཏུད་དེ་ཕྱག་བྱས་ལ། །དངོས་གྲུབ་གང་འདོད་གསོལ་བ་གདབ། །དཀྱིལ་འཁོར་དབུས་སུ་བཞུགས་སུ་གསོལ། །ལྷ་ཡི་སྐུ་ཡི་ཐུགས་ཀར་ནི། །སྲིན་ལག་ཁྲག་གིས་ཟླ་ཁམ་བྲི། །དེ་ཡི་དབུས་སུ་སྙིང་པོ་བྲི། །དེའི་དབུས་རྒྱུས་ཆེན་སུམ་སྒྲིལ་གདགས། །རྩེ་མོ་བདག་བཟུང་བཟླས་པ་བྱ། །ཡང་ན་ལུགས་མ་དག་ལ་བྱ། །དེ་ལྟར་བྱས་ན་དངོས་གྲུབ་རྒྱུ། །མཁའ་འགྲོ་མ་མེ་ལྕེ་འབར་བའི་རྒྱུད་ལས་སྐུ་གཟུགས་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། གསང་བའི་བདག་པོ་དཔལ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་གསང་མཛད་དྲག་པོ་ཧཱུཾ་མཛད་ཆེ། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མའི། །ཏིང་འཛིན་བསྒོམ་ཐབས་བདག་ལ་ཤོད། །ཅེས་གསོལ་པ་དང་། ཕྱག་ན་རྡོ་རྗེས་བཀའ་སྩལ་པ། ལྷའི་དབང་པོ་བརྒྱ་བྱིན་ཉོན་ཅིག །སྐྱེ་བ་མེད་པའི་ངང་ལས་སྤྲུལ་པའི་ཆོ་འཕྲུལ་ནི། །ཧཱུྃ་ལས་རྡོ་རྗེ་རྩེ་ནི་ལྔ་པ་སྟེ། །དེ་ནས་བདག་ཉིད་ཕྱག་ན་རྡོ་རྗེ་ཡིན། །མདོག་ལྗང་སྔོ་ལ་ཁྲོ་བོའི་ཆ་བྱད་དེ། །ལུས་འགྱིང་བག་ཅན། དབུ་སྐྲ་རལ་པ་གྱེན་ལ་བརྫེས་པ་ལ།རིགས་ལྔའི་དབུ་རྒྱན་ཅན། ཕྱག་ན་ཡེ་ཤེས་ཀྱི་རྡོ་རྗེ་རྩེ་ལྔ་པ་འབར་བ། ལུས་ལ་གླང་ཆེན་གྱི་ཀོ་བ་དང་། མཆོག་གི་གཡང་གཞི་དང་། སྟག་གི་ཤམ་ཐབས་དང་། ཐོད་པའི་ཕྲེང་བ་དང་། སྦྲུལ་གྱི་ཆུན་པོས་ལུས་བརྒྱན་པ། སྤྱན་མིག་དམར་བ། མཆེ་བ་གཙིགས་པ།


DNG023_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

བསྐལ་པའི་མེ་དཔུང་ལྟར་འབར་བའོ། །དེའི་མདུན་དུ་དཔལ་ལྷ་མོ་ནག་མོ་བསྐྱེད་དེ། མ་ཧཱ་ཀཱ་ལི་བཱ་ཡ་བེ་སྥ་ར་ཎ་ཡང་། དེ་ནི་རླུང་ནག་ཚུབ་མའི་དཀྱིལ་འཁོར་བསྐྱེད་པའོ། །མ་ཧཱ་ཀཱ་ལི་ཛྭ་ལ་རྃ། དེ་ནི་མེའི་དཀྱིལ་འཁོར་བསྐྱེད་པའོ། །དེའི་དབུས་སུ་བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཀ་པཱ་ལ་ཧཱུྃ། དེ་ནི་ཐོད་པའི་གཞལ་ཡས་ཁང་ངོ་། །གརྦྷ་པ་ཧཱུྃ། དེ་ནི་བོང་བུ་དམར་གྭ་ལ་མིག་མཇུག་མ་ན་ཡོད་པ། རླུང་གི་གཤོག་པ་ཅན་ནོ། །ཏི་ར་པྃ། བོང་བུའི་ཐོག་ཏུ་ཞིང་བསྣོལ་བའོ། །མ་སཱུརྱ་མཎྜ་ལ་ཨ། ཉི་ཟླའི་གདན་ནོ། །བྷྱོ་ནག་མོའི་འཕྲོ་འདུ་ལས། ལྷ་མོའི་ཏིང་ངེ་འཛིན། ཨོཾ་དེ་བཱི་ཤྲཱི་མ་ཧཱ་ཀཱ་ལཱི་ཧཱུྃ་ཞེས་པ་ལ། རང་གི་བྱང་ཆུབ་ཀྱི་སེམས་ལ། ལྷ་མོ་ནག་མོ་ནི་ཁ་དོག་ནག་མོ་ལ། རལ་པ་གཏིང་ཟ་པང་དུ་འདུག་པ། མིག་རྩ་དམར་བ་ཁ་གདངས་པ། མཆེ་བ་གཙིགས་པ།ལུས་ལ་སྦྲུལ་དང་། ཐོད་པས་བརྒྱན་པ། ལག་ན་རལ་གྲི་དང་། ནེའུ་ལེ་ཐོགས་པའོ། །ཐལ་བ་དང་ཁྲག་དང་ཞག་གིས་མཚོན་པའོ། །རྣ་རྒྱན་དྲིལ་བུ་དང་སེང་གེ་ལ་བྱས་པ། ཉི་མ་དང་ཟླ་བས་ལུས་བརྒྱན་པའོ། །སྐུ་སྨད་གླང་གི་ཀོ་བས་བརྒྱན་པའོ། །རྐང་པ་ལ་ལྕགས་སྒྲོག་གིས་བརྒྱན་པའོ། །ལྷ་མོ་དེའི་སྤྱན་སྔར་རེ་མ་ཏི་ཁོལ་མོ་བསྐྱེད་དེ། ཡྃ་བཱ་ཡ་བེ་རླུང་གི་ཚུབ་མའོ། །བྷྲུྃ་བི་ཧ་ར་ཎ་ཧཱུྃ། རིན་པོ་ཆེའི་གཞལ་ཡས་ཁང་ངོ་། །དེའི་ནང་དུ་ཀ་པཱ་ལ་བྷྲཱུྃ་ལས་ཐོད་པའི་གཞལ་ཡས་ཁང་ངོ་། །དེའི་ནང་རྟི་རྷི་སྡི་བྲུཾ་ལས་འཕྲུལ་གྱི་ལྡིང་ཁང་ངོ་། །དེའི་ནང་དུ་ཁང་པ་བདུན་བསྐྱེད་དོ། །དེའི་ནང་དུ་དྲེའུ་རླུང་གི་གཤོག་པ་ཅན་བསྐྱེད་དོ། །དེའི་སྟེང་དུ་བསེའི་གདན་ནོ། །དེའི་སྟེང་དུ་མ་ནག་མོའི་འཕྲོ་འདུ་ལས། རཀྴ་རེ་མ་ཏི་ཧཱུྃ་ཞེས་པ་ལས། བདུད་ཀྱི་བུ་མོ་རེ་མ་ཏི་དེ་ནག་མོ་རལ་པ་ཁམ་པ་ལ། མེ་སྟག་དང་རིན་པོ་ཆེས་བརྒྱན་པའོ། །མིག་དམར་


DNG023_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

བ་མཆེ་བ་གཙིགས་པ། རེ་ལྡེ་ནག་པོ་དང་མི་ལྤགས་གྱོན་པ། ལག་པ་ན་ཁྲམ་བམ་དང་། ཤོད་རྡེའུ་ཐོགས་པའི་སྦྲུལ་གྱི་གདེངས་ཀ་དང་། ཉི་ཟླའི་ཐོད་གདེངས་དང་། ནད་ཀྱི་ཁ་རླངས་ཅན། སྟག་གི་ཤམ་བུ་དང་། ཟངས་ཀྱི་དྲ་བ་དང་། མཚོན་གྱི་གྲུ་གུ་དང་ལྡན་པ་རྣམས་བསྐྱེད་དོ། །བྷྱོ་བྷྱོ་བྷྱོ་བྷྱོ་ཞེས་བརྗོད་པ་ལས། འཁོར་ནག་མོ་འབུམ་བསྐྱེད་དོ། །དཔལ་མེ་ལྕེ་འབར་བའི་རྒྱུད་ལས་ཏིང་ངེ་འཛིན་བསྟན་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། དཔལ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ། །མཉམ་ཉིད་རྡོ་རྗེའི་སྐུ་བསྙེམས་གསང་བའི་ལྷ། །མཚན་མ་འཇོམས་པའི་དཔའ་བརྟན་དྲག་ཤུལ་ཅན། །རྡོ་རྗེ་མཁའ་འགྲོ་མེ་ལྕེ་ཕྲེང་བ་ཡི། །སྲོག་སྙིང་བསྒྲུབ་པའི་སྔགས་རྣམས་བཤད་པར་ཞུ། །ཞེས་གསོལ་པ་དང་། དཔལ་ཕྱག་ན་རྡོ་རྗེས་བཀའ་སྩལ་པ། སྔགས་ཞེས་བྱ་བ་མཁའ་འགྲོའི་སྲོག་རྩ་ཡིན། །གྲངས་ཀྱང་མང་ལ་ཟུར་ཡང་མ་ཆག་སྟེ། །གུག་སྐྱེད་ཚེག་དྲག་དག་ཀྱང་མ་ནོར་ན། །ལྷ་མོ་ནག་མོ་སྔོན་དུ་འགུགས་པ་ཡིན། །ཞེས་བཀའ་སྩལ་པ་དང་། དཔལ་ཕྱག་ན་རྡོ་རྗེ་དེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་ཞུགས་ཏེ། དཔལ་ཕྱག་ན་རྡོ་རྗེས་རང་གི་སྙིང་པོ་འདི་ཐུགས་ཀ་ནས་ཕྱུང་ངོ་། །ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ། གཙོ་བོ་ཕྱག་ན་རྡོ་རྗེའི་བསྙེན་པ་འདི་སྔོན་དུ་འབུམ་ཚོ་བདུན་དུ་བཟླས་པ་བྱས་ལ། གཏོར་མ་དང་ནི་སྦྱིན་སྲེག་གིས་མཆོད་དེ། །དེས་ནི་ཕྱག་ན་རྡོ་རྗེའི་གྲུབ་པ་ཐོབ། །ལྷ་མོ་བཀུག་ཅིང་དབང་དུ་བྱེད་པར་ནུས། །དེ་ནས་གདོད་ཅིག་ལྷ་མོའི་སྔགས་ལ་འཇུག །སྔགས་ནི་དཔོན་མོའི་སྙིང་དང་གཡོག་མོའི་སྲོག །མངོན་དུ་འགུགས་པ་སྲོག་གི་སྙིང་པོའི་སྔགས། །གཙོ་བོའི་སྤྱན་འདྲེན་གཡོག་མོ་འགུགས་པའི་སྔགས། །མི་གཡོ་བརྟན་པ་རྡོ་རྗེ་གདན་གྱི་སྔགས། །མཉེས་པར་བྱ་ཕྱིར་གཏོར་མ་དབུལ་བའི་སྔགས། །གིང་དུ་དབང་བསྐུར་དམ་ལ་གདགས་པའི་སྔགས། །


DNG023_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

མངག་ཞུགས་ཕན་གནོད་ལས་ལ་བསྐུལ་བའི་སྔགས། །མི་བྱ་དབང་མེད་གནད་ལ་འབེབས་པའི་སྔགས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བླང་བའི་སྔགས། །ཞབས་ལ་འདུད་པའི་སློབ་མ་དབང་བསྐུར་སྔགས། །ལྷ་དང་བགེགས་ཀྱི་ཉམས་ལེན་བརྟག་པའི་སྔགས། །བརྡ་དང་མཆོད་པ་རྡོ་རྗེ་གསང་བའི་སྔགས། །བར་ཆོད་མཚན་མ་ངན་པ་བཟློག་པའི་སྔགས། །བཅུ་གཉིས་རྡོ་རྗེའི་གསང་སྔགས་བསྟན་པར་བྱ། །དཔལ་ལྷ་མོ་ནག་མོའི་སྲོག་སྙིང་ལ། ཨོཾ་རུ་རུ་བེ་ཏི་སྟ་བ་དོ་སི། རུ་རུ་རོ་རུ་བེ་ཏིཥྚ་བ་དོ་སི། པ་ཙ་ལ་ཨ་ཤུ་ག་མེ་ཧཱུཾ་བྷྱོ་ཛཿ། ཁོལ་མོ་རེ་མ་ཏིའི་སྲོག་སྙིང་ལ། ཨོཾ་རུ་རུ་རོ་རུ། ཧུ་ཏིཥྚ་བ་ཏོ་སི། རག་མོ་ཙིཏྟ་ཁ་རག་མོ་ཧཱུྃ་བྷྱོ། མ་མ་ཏྲག་རཀྵ། ཁ་མུནྟྲ་བ་ཏྲ་བ་ཏྲག་རཀྵ་ཙིཏྟ་ཁ་རག་མ། རེ་མ་ཏི་ས་མ་ཡ། པྲ་མ་མ་ཧཱ་སྟེ་པྲ་དུན་བྷྱོ་རུ་ལུ་རུ་ལུ་བྷྱོ་ཛཱ་ཛཱ། དེ་ནི་སྲོག་ལས་འདྲེན་པའི་སྔགས་ཡིན་ཏེ། །ས་ཡ་བཟླས་ན་མ་མོ་མངོན་དུ་ཡོང་། །བྱེ་བ་བཟླས་ན་ཕྱག་རྒྱ་སྟོན་པར་བྱེད། །འབུམ་ཕྲག་གིས་ཀྱང་དངོས་གྲུབ་མཚན་མ་སྟེར། །ཁོལ་མོའི་སྙིང་པོ་བཟླས་མ་ཐོག་ནས་འོང་། །ས་མ་ཡ་དུ་ལིང་རཀྴ་སི། ཧེ་རཀྴ། བྷྱོ་རཀྵ། དུ་རཀྵ་མཱ་རཱཀྵ་སི། མཱ་མཱ་མཱ་མཱ། རུ་ལུ་རུ་ལུ། རུ་ལུ་རུ་ལུ། བྷྱོ་བྷྱོ་བྷྱོ་བྷྱོ། རུ་རུ་རུ་རུ། དེ་ནི་འཁོར་མ་མོ་འབུམ་གྱི་སྤྱིའི་སྙིང་པོའོ། །ཨོཾ་མ་ཧཱ་ཀཱ་ལི་མཎྜལ་མ་ཏྲེ། ཨཱ་གཙྪ་ཡ། ཨཱ་གཙྪ་ཡ། པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། ཏིཥྛ་ཏིཥྛ། ཨ་བ་ལོ་ཀ །ཨ་བ་ལོ་ཀ་ཡེ། ཧཱུྃ་ཛཿ། དེ་ནི་སྤྱན་དྲང་བའི་སྔགས་སོ། །ཨོཾ་མ་ཧཱ་ཀཱ་ལི་མ་མ་ས་མ་ཡ། ཤི་ཏི་ཏིཥྛ་སྟྭཾ། མ་ཧཱ་ཀཱ་ལི་ཨཱ་བེ་ཤ་ཡ། རེ་མ་ཏི་ས་མ་ཡ་བེ་ས། དེ་ནི་གདན་གདིང་བའི་སྔགས་སོ། །ཨ་མཥྚ་བི་མ་ཧཱ་ཀཱ་ལི་རེ་མ་ཏི་བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ཧཱ་པཱུ་ཛ་ཧོཿ། ཨ་མྲྀ་ཏ་ཁ་ཁ་ལེ་ལེ། དེ་ནི་གཏོར་མ་འབུལ་བའི་སྔགས་སོ། །མ་མ་ས་མ་ཡ་མ་ཧཱ་ཀཱ་ལི་ས་མ་ཡ། མ་ཧཱ་ཀཱ་ལི་ཀཱ་ཡ་ས་མ་ཡ། མ་ཧཱ་ཀཱ་ལི་བཱག་ས་མ་ཡ། མ་ཧཱ་ཀཱ་ལི་ཙིཏྟ་ས་མ་ཡ། མ་ཧཱ་མུ་ཏྲ་ཀ་པཱ་ལ་ཧཱུཾ། དེ་ནི་དམ་ཚིག་བསྟན་པའི་སྔགས་སོ། །ཨོཾ་བཛྲ་ཛོ་གི་ནི་ཏི་བི་མ་ཧཱ་ཀཱ་ལི་ས་མ་ཡ། བཛྲ་ཀྲོ་དྷ་ཀརྨ་རཀྵ་ཧཱུྃ། དེ་ནི་ལས་ལ་བསྐུལ་བའི་


DNG023_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་སོ། །ཨོཾ་རུ་རུ་རུ་ཙ་ཧཱུྃ། ཨ་ཤུག་མེ་བ་ཏྲི་རུ་ཏྲ་ཁ་ཤ་ལ་ནག་མོ་ཧཱུྃ། རཀྴ་ཙིཏྟ་མ་ཧཱ་ས་མཱ་དྷི། མ་རུ་ཁ་ཙིཏྟ་ནན། རག་མོ་ཏི་ཀི་མ་ཛཿ། མ་མ་ཏི་ཏི་ཧཱུྃ་བྷྱོ། དེ་ནི་དཔོན་གཡོག་གནད་ནས་བསྐུལ་བའི་སྔགས་སོ། །ཨོཾ་བཛྲ་ཌཱ་ཀི་ནི་དེ་བ་མ་ཧཱ་ཀཱ་ལ་རེ་མ་ཏི། ཀཱ་ཡ་ཝཱཀ་ཙིཏྟ་སིདྡྷི་ས་མ་ཡ་ཕ་ལ་ཨཱ་བེ་ཤ་ཡ་ཨ། དེ་ནི་དངོས་གྲུབ་བླང་བའི་སྔགས་སོ། །ཨོཾ་མ་ཧཱ་ཀཱ་ལི་ཡེ་ཧཱུྃ་ཕཊ། རུ་རུ་ཙ་པ་ལ་ཨ་ཤུག་མེ་ཧཱུྃ་མ་ཧཱ་ཀཱ་ལི་ཨ་བྷི་ཥིཉྩ། ཀ་པཱ་ལ་ཏྲི་ནི། མ་ཧཱ་ཛྙཱ་ན། ཀཱ་ཡ་ཝཱཀ་ཙིཏྟ་སིདྡྷི་ཧཱུྃ། དེ་ནི་དབང་བསྐུར་བའི་སྔགས་སོ། །ཧྲིང་ཧྲིང་ཙ་མིཎྜི་གུ ཀྚཽ་ཧཱུྃ། དེ་ནི་ཉམས་ལེན་བརྟག་པའི་སྔགས་སོ། །ཧཱུྃ་ཕཊ། མ་ཧཱ་དེ་བི་ཀཱ་ལི་དུཥྚཱནྟ་ཀ་ཧ་ན་ད་ཧ་པ་ཙ་ཧུ་ལུ་ནན། ད་ཧ་པ་ཙ་མཱ་ར་ཡ་ཧཱུྃ་ཕཊ། དེ་ནི་མཚན་མ་ངན་པ་བཟློག་པའི་སྔགས་སོ། །ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཧྲིང་ཧྲིང་ཧྲིང་ཧྲིང་ཧྲིང་ཧྲིང་ཧྲིང་ཧྲིང་། ཏ་ཀི་ཏ་ཀི་ཏ་ཀི་ཏ་ཀི་ཏ་ཀི་ཏ་ཀི་ཏ་ཀི་ཏ་ཀི། བྲུཾ་གེམ་བྲུཾ་གེམ་བྲུཾ་གེམ་བྲུཾ་གེམ་བྲུཾ་གེམ་བྲུཾ་གེམ་བྲུཾ་གེམ། ཧཱུྃ་དུྃ་ཧཱུྃ་དུྃ་ཧཱུྃ་དུྃ་ཧཱུྃ་དུྃ་ཧཱུྃ་དུྃ་ཧཱུྃ་དུྃ་ཧཱུྃ་དུྃ། ཕ་ཊ་ཀ་ཕ་ཊ་ཀ་ཕ་ཊ་ཀ་ཕ་ཊ་ཀ་ཕ་ཊ་ཀ་ཕ་ཊ་ཀ་ཕ་ཊ་ཀ དེ་ནི་རྡོ་རྗེ་མ་ཧཱ་མཁའ་འགྲོ་མའི་རྔ་སྒྲའོ། །མཁའ་འགྲོ་མ་མེ་ལྕེ་འབར་བའི་རྒྱུད་ལས་སྔགས་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། དཔལ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་མགོན་པོ་རྒྱལ་ཚབ་ལས་ཀྱི་ལྷ། །རྡོ་རྗེ་མཁའ་འགྲོའི་རྣལ་འབྱོར་མའི། །གསང་བའི་ཕྱག་རྒྱ་བདག་ལ་བསྟན་པར་འཚལ། །ཞེས་ཞུས་པ་དང་། ཕྱག་ན་རྡོ་རྗེས་བཀའ་སྩལ་པ། རྣལ་འབྱོར་གསང་བའི་ཕྱག་རྒྱ་དམ་པ་ནི། །སྤང་བར་མི་བྱ་རྟག་ཏུ་བཅང་བར་བྱའོ། །དང་པོ་གཙོ་བོ་རྡོ་རྗེ་རྒྱལ་ལ་གནས། །རླུང་གིས་མེ་སྦར་བོང་ཞོན་དབང་ཕྱུག་མ། །ལྕགས་ཀྱུས་བཟུང་ནས་གཤོག་པས་ཟིལ་གྱིས་གནོན། །བོང་བུས་གདན་འདིངས་ཐོད་པས་དབང་བསྐུར་ཏེ། །ཐོད་རློན་དམ་བརྟན་གཉིས་མེད་དངོས་གྲུབ་བླང་། །རྟག་ཏུ་མཚན་མ་ངན་པ་ཕྱག་རྒྱས་བཟློག །དང་པོ་གཙོ་བོ་རྡོ་རྗེ་རྩེ་ལྔ་ནི། །ལག་གཉིས་སོར་མོ་རྒྱབ་ཏུ་བསྣོལ་བཅངས་ལ། །མཐེ་བོང་གུང་མོ་མཐེའུ་ཆུང་གཤིབས་ལ་བསྒྲེང་། །རྡོ་རྗེ་རྩེ་ལྔ་ཕྱག་ན་རྡོ་རྗེའི་རྒྱའོ། །དང་པོ་རླུང་ནག་ཚུབ་


DNG023_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

མའི་ཕྱག་རྒྱ་ནི། །ལག་ན་ཐལ་སྦྱར་གུང་སྤྲོད་བསྒྲེང་བ་དང་། །མཐེ་ཆུང་སྲིན་ལག་ཚིགས་བསྣོལ་བགྲད་པ་དང་། །དེ་བརྐྱང་མཐེ་བོང་གུང་གཏད་མཛུབ་མོ་གཉིས་བསྒྲེང་རྫོང་། །རྩེ་མོ་བཀུག་པ་རླུང་གི་ཕྱག་རྒྱའོ། །མེ་རི་སྨུག་ནག་འབར་བའི་ཕྱག་རྒྱ་ནི། །མཛུབ་མོ་གཉིས་ནི་སོར་མོ་དགུག་བྱས་ཏེ། །མཐེ་བོང་བཀུག་སྟེ་དེ་ལ་གཏད་བྱས་ལ། །གུང་མོ་མཐེའུ་ཆུང་བསྒྲེང་སྟེ་ཕྱར་བའོ། །ལྷ་མོ་ནག་མོའི་རལ་གྲིའི་ཕྱག་རྒྱ་ནི། །ལག་གཡས་མཐེའུ་ཆུང་བཀུག་སྟེ་མཐེ་བོས་མནན། །གུང་མཛུབ་སྲིན་ལག་གཤིབས་ཏེ་བསྒྲེང་བའོ། །ཁོལ་མོ་རེ་མ་ཏི་ཡི་ཕྱག་རྒྱ་ནི། །ལག་པ་གཡས་བཀུག་མཐེ་བོས་མནན་བྱས་ཏེ། །ལྷག་མ་གསུམ་བརྐྱང་བས་ནི་ཁྲམ་བམ་ཕྱག་རྒྱ་ཡིན། །མ་མོ་དགུག་པ་ལྕགས་ཀྱུའི་ཕྱག་རྒྱ་ནི། །ལག་གཉིས་རྒྱབ་སྤྲད་མཐེའུ་ཆུང་བསྒྲེང་ནས་ནི། །མཛུབ་མོ་གཉིས་བཀུག་གུང་སྲིན་མཐེ་བོས་བསྡུ། །བརྐྱང་སྟེ་ཕྲལ་ནས་སྙིང་གར་ལྕགས་ཀྱུ་གཉིས། །ཟིལ་གྱིས་མནན་པ་ཁྱུང་གཤོག་ཕྱག་རྒྱ་ནི། །མཐེ་བོང་གཉིས་གཤིབས་སོར་མོ་གཤོག་ལྟར་བརྐྱང་། །གདན་མཆོག་བོང་བུ་དག་གི་ཕྱག་རྒྱ་ནི། །མཐེའུ་ཆུང་བསྣོལ་བས་སྲིན་ལག་མནན་བྱས་ཏེ། །སྲིན་ལག་ཐོར་ཏོ་མཐེ་བོས་མནན་པའོ། །དེ་བཞིན་གུང་མོ་གཉིས་ཀྱང་ནང་དུ་བསྟན། །བྱིན་བརླབས་དབང་བསྐུར་ཐོད་ཕྲེང་ཕྱག་རྒྱ་ནི། །ལག་པ་གཡས་གཡོན་ཁུ་ཚུར་བཅངས་པ་ལ། །མཐེབ་མཛུབ་བཞི་པོ་ལྕགས་སྒྲོག་ལྟ་བུར་སྦྲེལ། །ལག་གཉིས་ཐོད་རློན་དམ་ཚིག་ཕྱག་རྒྱ་ནི། །མཐེ་བོང་མཛུབ་མོ་བཀུག་ནས་བཟླུམ་བྱས་ཏེ། བཀུག་ནས་སྲིན་ལག་གཉིས་བཅུག་མིག་འབྲས་འདྲ། །གུང་མོ་མཐེའུ་ཆུང་གཉིས་ནི་ཐོད་རློན་ཁ། །དངོས་གྲུབ་བླང་བའི་བདུད་རྩི་བུམ་པ་ནི། །ལག་གཉིས་སོར་བཅུ་རྩེ་བསྡུས་བཀུག་ལ་ཟླུམ། །མཚན་ངན་བཟློག་པ་ཏྲི་ཤཱུལ་ཕྱག་རྒྱ་ནི། །ལག་གཡས་མཐེབ་མཛུབ་སྲིན་ལག་མཐིལ་དུ་དགུག །མཐེ་བོ་གུང་མོ་མཐེའུ་ཆུང་ཕྱར་ལ་བསྒྲེང་། །མཁའ་འགྲོ་མ་མེ་ལྕེ་འབར་བའི་རྒྱུད་ལས་ཕྱག་རྒྱ་བསྟན་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། དཔལ་ཕྱག་ན་རྡོ་རྗེ་ལ་འདི་


DNG023_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཅེས་གསོལ་ཏོ། །ཀྱེ་སྟོབས་པོ་ཆེ་ལ་གནོད་སྦྱིན་གྲགས་པ་ཅན། །རིག་སྔགས་གསང་སྔགས་ཚོགས་ཀྱི་མངའ་བདག་གིས། །རྡོ་རྗེ་མཁའ་འགྲོ་མཉེས་པར་བྱ་བའི་ཕྱིར། །མཆོད་པའི་རིམ་པ་བདག་ལ་བཤད་དུ་གསོལ། །ཞེས་ཞུས་པ་ལ། གསང་བའི་བདག་པོས་བཀའ་སྩལ་པ། རྡོ་རྗེ་མཁའ་འགྲོའི་དངོས་གྲུབ་མྱུར་བྱའི་ཕྱིར། །མཉེས་པར་བྱས་ཏེ་མཆོད་པ་རྟག་ཏུ་འབུལ། །དང་པོར་མཆོད་པའི་རྫས་ཀྱི་གཏོར་མ་འབུལ། །གཉིས་པ་ལ་ནི་སྦྱིན་སྲེག་དབུལ་བའོ། །དེ་བཞིན་གསུམ་པ་གསང་བའི་མཆོད་པ་དབུལ། །དང་པོར་གཏོར་མ་ཤ་ལྔ་བདུད་རྩི་ལྔ། །མཆོད་པའི་རྫས་དང་ཛ་གད་རཀྟ་རྣམས། །པདྨ་མཛེས་པའི་སྣོད་དུ་བཀངྐ་བྱས་ནས། །རླུང་གིས་མེ་སྦར་ཨ་ཡིས་ཐོད་པ་བསྐོལ། །ཧཱུྃ་གི་རྡོ་རྗེས་རབ་ཏུ་དཀྲུགས་ནས་ཀྱང་། །ཨ་དཀར་འབར་བས་ཁ་ཟས་དུག་བཅོམ་ལ། །དཔའ་བོ་འབྲུ་ལྔས་བདུད་རྩིར་བྱིན་གྱིས་བརླབས། །དང་པོས་གཙོ་བོ་ཕྱག་ན་རྡོ་རྗེ་མཆོད། །གཉིས་པས་ལྷ་མོས་འཐུངས་པར་བསམ། །ཐ་མ་རེ་མ་ཏི་ཡིས་རྔུབས་པར་བསྒོམ། །ཨོཾ་བཛྲ་པཱ་ཎི་ཧཱུྃ། ཌཱ་ཀི་ནཱི་མ་ཧཱ་ཀཱ་ལི། ཡཀྴ་རེ་མ་ཏི། མ་མ་ཤ་ཏྲུྃ་ཨ་མུ་ཀ །མ་ཙ་མེ་ཏ་བ་ས་མ་ས། རུ་ཏི་ཛི་བྃ། པྲཱི་ཡ་བགྴི་ནི། ཨི་དྃ་བ་ལིཾ་གྲྀཧྞ་གྲྀཧྞ། ཁ་ཁ་ཁ་ཁ། ཁཱ་ཧི་ཁཱ་ཧི། གསང་སྔགས་དེས་ནི་རྟག་ཏུ་གཏོར་མ་དབུལ་བའོ། །དེ་ནས་སྦྱིན་སྲེག་དབུལ་བ་བསྟབ་པར་བྱ། །སྐུ་གཟུགས་མདུན་དུ་མེ་ཐབ་བསྐོར་བྱས་ཏེ། །འོ་མ་ཚེར་མ་ཡོད་པའི་ཤིང་བརྩིགས་ལ། །བྲམ་ཟེ་ཁྱིམ་ནས་མེ་བླངས་མེ་སྦར་ལ། །བསྲེག་རྫས་མི་ཤ་མར་ནག་སྦྲང་རྩི་ཆང་། །ཁྲག་ལ་སྦྱར་ལ་ཁྲི་ཕྲག་གཅིག་ཏུ་དབུལ། །བསྒོམ་ཐབས་མེ་ཉིད་མེ་ལྷ་ར་སྐྱེས་ཞོན་པ་ལ། །ཕྱག་བཞི་གཡས་ན་དབྱུག་པ་དང་ནི་མཆོད་སྦྱིན་ནོ། །གཡོན་ན་གྷུནྡྷེ་དང་ནི་བགྲང་ཕྲེང་རབ་ཏུ་འཛིན། །དེ་ཡི་སྙིང་གར་ཕྱག་ན་རྡོ་རྗེ་དང་། །ལྷ་མོ་ཉིད་དང་ཁོལ་མོ་རེ་མ་ཏི། །གསལ་བར་བསྐྱེད་ལ་སྦྱིན་སྲེག་དབུལ་བར་བྱའོ། །གཉིས་པ་གཙོ་བོ་ཕྱག་ན་རྡོ་རྗེ་མཆོད། །གསུམ་པས་ལྷ་མོ་ནག་མོ་དེ་ལ་དབུལ། །དེ་བཞིན་ཐ་མས་རེ་མ་ཏི་ལ་མཆོད། །སོ་སོའི་སྙིང་པོ་བཟླས་ཤིང་དབུལ་


DNG023_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱའོ། །ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ། མ་ཧཱ་དེ་བི་ཀཱ་ལི་ཧཱུྃ། ཡཀྴ་རེ་མ་ཏི་ཧཱུྃ། ཨགྣ་ཡེ་ཧ་བྱ་ཀ་བྱ། མ་ཧཱ་ཏི་བ་ཏི་བ་ཏི་བྱ། སརྦ་དུཥྚཱན་བཀྴ་ནི་ཁ་རྃ་ཁཱ་ཧི་སྭཱ་ཧཱ། དེ་ནས་ཐལ་བ་དུར་ཁྲོད་དུ་བསྐྱལ། །དེ་ནས་གསང་བའི་མཆོད་པས་རབ་བཤད་བྱ། །དངོས་ལ་མཁའ་འགྲོ་གསལ་ལམ་ཏིང་འཛིན་ལ། །གསང་བ་ཡེ་ཤེས་ཧཱུྃ་དང་ཨྃ་གཉིས་ལ། །རྡོ་རྗེ་པདྨས་རབ་ཏུ་དཀྲུགས་ནས་ཀྱང་། །ཟླ་བས་མཁའ་འགྲོ་རབ་ཏུ་མཉེས་འགྱུར་ཏེ། །ཐུགས་ཀྱི་ཐིག་ལེས་བདག་གི་གཟི་བྱིན་བསྐྱེད། །ཐུགས་ཀྱི་དངོས་གྲུབ་དམ་པའི་མན་ངག་གོ། །མ་ཧཱ་ཀཱ་ལི་ས་མ་ཡ་བོ་དྷི་ཙིཏྟ། མ་ཧཱ་པུ་ཛ་གུ་ཧྱ་སྟྭཾ་སྤྲོ་བའོ། །མ་ཧཱ་ཀཱ་ལི་ས་མ་ཡ། མ་ཧཱ་རཀྟ་གུ་ཧྱ་སྟྭཾ། ཨཱ་བེ་ཤ་ཨ། བསྡུ་བའོ། །མཁའ་འགྲོ་མ་མེ་ལྕེ་འབར་བའི་རྒྱུད་ལས་མཆོད་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་ལྷའི་དབང་པོ་བརྒྱ་བྱིན་དེས། དཔལ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ། །ཡེ་ཤེས་ལྔར་ལྡན་དཔའ་བརྟན་ཐུགས་རྗེ་ཅན། །དཔལ་ལྡན་མི་བསྐྱོད་རྡོ་རྗེ་སེམས་དཔའ་ཁྱོད། །རྡོ་རྗེ་མཁའ་འགྲོ་མ་ཡི་དངོས་གྲུབ་ནི། །སྲོག་དང་འདྲ་བའི་དམ་ཚིག་བདག་ཉན་འཚལ། །ཞེས་གསོལ་པ་དང་། དཔལ་ཕྱག་ན་རྡོ་རྗེས་བཀའ་སྩལ་པ། མཁའ་འགྲོ་མ་ཡི་དམ་ཚིག་ནི། །གསང་བའི་ཕྱག་རྒྱ་འདའ་དཀའ་བ། །མི་ཤིགས་རྒྱལ་པོས་དབང་བསྐུར་ཏེ། །རྡོ་རྗེ་མཚན་མ་འཇོམས་པའི་རྒྱུ། །དམ་ཚིག་དེ་ཉིད་རབ་བཤད་བྱ། །འདས་ན་རྡོ་རྗེ་དམྱལ་བའོ། །མ་འདས་དངོས་གྲུབ་དམ་པའི་རྒྱུ། །གཙོ་བོ་ཕྱག་ན་རྡོ་རྗེ་དང་། །ལྷ་མོ་ནག་མོ་དཔོན་གཡོག་ལ། །སྐུ་གསུང་ཐུགས་ཀྱི་དམ་ཚིག་ནི། །གཙོ་བོའི་སྐུ་ཡི་དམ་ཚིག་ནི། །སྐུ་ཡི་ཕྱག་རྒྱ་མི་སྤོང་ཞིང་། །ལྷ་དང་སློབ་དཔོན་མཉེས་པར་བྱ། །རྡོ་རྗེ་སྤུན་ལ་གདུང་བ་བསྐྱེད། །གཙོ་བོའི་གསུང་གི་དམ་ཚིག་ནི། །བཟླས་བརྗོད་སྙིང་པོ་རྒྱུན་མི་གཅོད། །མི་ཡེངས་རྫུན་སྤངས་གསང་སྔགས་འཛིན། །གཙོ་བོའི་ཐུགས་ཀྱི་དམ་ཚིག་ནི། །གསང་བ་གཞན་ལ་མི་སྤེལ་ཞིང་། །སྟན་གན་འབྲས་བུ་ལྔ་ལ་སྤྱོད། །དེ་ནས་གཙོ་མོའི་དམ་ཚིག་བཤད། །ལྷ་མོའི་སྐུ་ཡི་དམ་ཚིག་ནི། །བོང་བུ་ལ་ནི་བྱམས་


DNG023_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ། །ཁལ་གྱིས་མི་མནན་དབྱུག་མི་བརྡེག །རྨ་བྱའི་མདོངས་ནི་རྟག་ཏུ་བཅང་། །མེ་ཡི་དཀྱིལ་འཁོར་མཐོང་བ་ན། །མེ་ཏོག་སྐྱེས་ལྟར་དགའ་བར་བྱ། །རྟག་ཏུ་ཡི་དམ་མི་འདའ་བའི། །ཞག་རེ་ཕྱག་རྒྱ་གཉིས་གཉིས་བསྟན། །ལྷ་མོ་གསུང་གི་དམ་ཚིག་ནི། །རྒྱུན་དུ་བཟླས་པ་བྱེད་པ་དང་། །ནེའུ་ལེ་མཐོང་ན་བསྟོད་པ་བྱ། །ཕྱག་རྒྱ་བསྟན་ཞིང་དགའ་བར་བྱ། །ཞིང་པགས་རྫས་ཀྱི་སྣོད་དུ་བྱ། །ཚུབ་མ་དག་དང་ཕྲད་གྱུར་ན། །རྐེད་པར་མི་གཅོད་རྒྱབ་མི་བསྟན། །ཚེས་གྲངས་ཤིས་དང་ནམ་གུང་ལ། །ཕྱག་རྒྱ་བྱ་ཞིང་བསྟོད་པ་བྱ། །ལྷ་མོའི་ཐུགས་ཀྱི་དམ་ཚིག་ནི། །འཇིག་རྟེན་གང་དང་གང་དག་ན། །བུད་མེད་ཡུགས་ས་ཡོད་པ་ལ། །བྱམས་པར་བྱ་ཞིང་ཆགས་པ་སྤྱད། །རྟག་ཏུ་བུ་མོ་གཙང་མ་བསྟེན། །ལྷ་མོ་ཟླ་མཚན་རྒྱུ་དུས་སུ། །གསང་བའི་མཆོད་པས་དམ་བསྲེའོ། །ལྷ་མོའི་ཁོལ་མོ་རེ་མ་ཏིའི། །དེ་ཡི་སྐུ་ཡི་དམ་ཚིག་ནི། །བྱིས་པ་དག་གི་ནལ་ཕྲུག་ལ། །གོས་དང་ཁ་ཟས་མགྲོན་དུ་སྦྱིན། །རྟག་པར་དེ་ལ་བྱམས་པར་བྱ། །ཤིང་ལོ་སོར་བཞི་རྐེད་པར་གཅད། །ཕྱེད་ལ་མ་མོའི་སྐུ་བྲིས་ཏེ། །ཕྱེད་ལ་དངོས་གྲུབ་གསོལ་བར་བྲི། །དེ་ནི་རྟག་ཏུ་བཅང་བའོ། །ཁོལ་མོ་གསུང་གི་དམ་ཚིག་ནི། །མ་ཕེབས་བར་དུ་སྲོག་སྙིང་དྲང་། །ནུབ་རེ་གཏོར་མ་འདར་མི་རུང་། །ཁ་འཕྲོ་དག་ཀྱང་བསྲེ་བ་མིན། །ཕྲེང་བ་ལ་ཡང་རེག་པ་བསྲུང་། །བདག་གིས་དགྲ་ལ་བྱད་བྱས་ཏེ། །ཕྱིས་ནི་བཅོས་པར་མ་བཤད་དོ། །ཁས་བླངས་ཡོལ་དུ་ག་ལ་རུང་། །ཕུད་ཀྱང་ཉམས་པར་བྱ་བ་མིན། །རྡོ་སོལ་ཆུར་ནི་བསྐྱུར་མི་བྱ། །ཁོལ་མོ་ཐུགས་ཀྱི་དམ་ཚིག་ནི། །ནལ་བུ་ཡོད་པའི་སྦྲུམ་མ་ལ། །མེ་ཏོག་གཏོར་ཞིང་བྱམས་པར་བྱ། །ཁ་ཟས་སྦྱིན་ཞིང་དངན་མི་བགྲང་། །སྣ་ཁྲག་ཟླ་མཚན་བླང་བར་བྱ། །དམ་ཚིག་ཡོད་རུང་མེད་རུང་སྟེ། །བདག་མ་ཡིན་པའི་རྣལ་འབྱོར་ལ། །རང་གི་ལྷ་དང་སྙིང་པོ་དང་། །རྫས་དང་ཕྱག་རྒྱ་མི་བསྟན་ནོ། །མཚན་མ་རྡོ་སོལ་ཞུ་བས་བསྐུ། །བྱ་ནག་ལུག་ནག་རྟག་ཏུ་བཅང་། །ཐེ་ཚོམ་ཟར་ནི་མི་རུང་ངོ་། །དཔོན་གཡོག་སྤྱི་ཡི་དམ་ཚིག་ནི། །རུ་ཧི་རྡོ་རྗེ་པདྨའི་མི། །རྟག་ཏུ་བཅངས་ལ་བསྟེན་ཅིང་མཆོད། །


DNG023_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དང་བྲལ་དུ་མི་རུང་ངོ་། །རྣལ་འབྱོར་དངོས་གྲུབ་ཐོབ་བྱའི་ཕྱིར། །སྐུ་གསུང་ཐུགས་ཀྱི་དམ་ཚིག་བསྟན། །བརྒྱ་བྱིན་དག་གིས་རབ་ཞུས་པ། །དམ་ཚིག་ཉམས་པའི་སྐྱོན་ནི་གང་། །དམ་ཚིག་བསྲུངས་པའི་ཡོན་ཏན་གང་། །འབྱུང་པོའི་གཙོ་བོས་བཤད་དུ་གསོལ། །ཕྱག་ན་རྡོ་རྗེས་བཀའ་སྩལ་པ། །རབ་ཏུ་བཤད་ཀྱིས་བརྒྱ་བྱིན་ཉོན། །གཙོ་བོ་ཕྱག་ན་རྡོ་རྗེ་ཡི། །སྐུ་ཡི་དམ་ཚིག་ཉམས་པ་ན། །མཐོ་རིས་གོ་འཕང་རྒྱུད་ལམ་འཆད། །གསུང་གི་དམ་ཚིག་ཉམས་པ་ན། །བསྒྲུབས་ཀྱང་དངོས་གྲུབ་མི་འཐོབ་ཅིང་། །སྔགས་ལ་ནུས་མཐུ་མེད་པར་རོ། །ཐུགས་ཀྱི་དམ་ཚིག་ཉམས་པ་ན། །མཁའ་འགྲོའི་ཆད་པས་རབ་བཅད་ནས། །ངེས་པར་རྡོ་རྗེ་དམྱལ་བར་སྐྱེ། །དངོས་གྲུབ་མེད་པར་བར་ཆོད་འབྱུང་། །དཔལ་ལྡན་ལྷ་མོ་ནག་མོ་ཡི། །སྐུ་ཡི་དམ་ཚིག་ཉམས་པ་ན། །རྒྱལ་པོའི་ཆད་དང་སྦྲུལ་གདུག་དང་། །མེ་དང་ཆུ་ཡི་བར་དུ་ཆོད། །གསུང་གི་དམ་ཚིག་ཉམས་པ་ན། །བསྒྲུབ་ལ་གཡེལ་ཞིང་ནུས་མཐུ་མེད། །བསྒྲུབ་པ་རྩོམ་རེས་བར་ཆོད་འོང་། །ཐུགས་ཀྱི་དམ་ཚིག་ཉམས་པ་ན། །ཉམས་ལེན་འོང་ཞིང་རིམས་ནད་འོང་། །ཁོལ་མོ་བདུད་མོ་རེ་མ་ཏིའི། །སྐུ་ཡི་དམ་ཚིག་ཉམས་གྱུར་ན། །འཁོར་ལ་རིམས་ནད་སྨྱོ་འབོག་འོང་། །དགྲ་རྣམས་ཚེ་དང་བསོད་ནམས་འཕེལ། །གསུང་གི་དམ་ཚིག་ཉམས་པ་ན། །བུ་དང་ཆུང་མ་འཆི་བ་དང་། །སྙིང་མི་དགའ་ཞིང་ཁ་ཡང་ཡོ། །ནོར་དང་ལོངས་སྤྱོད་ཟད་པར་འགྱུར། །ཐུགས་ཀྱི་དམ་ཚིག་ཉམས་པ་ན། །རང་གི་ཚེ་ལ་བར་ཆོད་འོང་། །མཛེ་དང་རྒྱུ་གཟེར་ན་ཞིང་འབོག །སྤྱི་ཡི་དམ་ཚིག་ཉམས་པ་ན། །རྟག་པར་བསྒྲུབས་ཀྱང་འགྲུབ་དུས་མེད། །རྟག་པར་དགྲ་དང་མི་འབྲལ་ལོ། །ཡང་ནི་ལྷ་དབང་བརྒྱ་བྱིན་ཉོན། །དམ་ཚིག་བསྲུང་བའི་ཡོན་ཏན་ལ། །གཙོ་བོ་ཕྱག་ན་རྡོ་རྗེ་ཡི། །སྐུ་ཡི་དམ་ཚིག་མ་ཉམས་ན། །བླ་མེད་བྱང་ཆུབ་གོ་འཕང་འཐོབ། །གསུང་གི་དམ་ཚིག་མ་ཉམས་ན། །ཕྱག་ན་རྡོ་རྗེའི་ཞལ་མཐོང་ནས། །རྡོ་རྗེའི་ངག་ལ་དབང་ཐོབ་འགྱུར། །ཐུགས་ཀྱི་དམ་ཚིག་མ་ཉམས་ན། །ཕྲིན་ལས་རྣམ་བཞི་མངོན་དུ་འགྲུབ། །མཁའ་འགྲོ་མ་


DNG023_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་མངོན་དུ་འཁོལ། །མཐུ་དང་རྫུ་འཕྲུལ་བསམས་པས་འགྲུབ། །དཔལ་ལྡན་ལྷ་མོ་ནག་མོ་ཡི། །སྐུ་ཡི་དམ་ཚིག་མ་ཉམས་ན། །ལྷ་སྲིན་ཕོ་མོས་ཕྱག་བྱེད་དེ། །འདོད་པའི་ཁམས་ཀྱི་རྒྱལ་སྲིད་ཐོབ། །གསུང་གི་དམ་ཚིག་མ་ཉམས་ན། །སྔགས་བཟླས་མཁའ་འགྲོ་མངོན་དུ་འོང་། །བར་ཆད་མེད་པར་དངོས་གྲུབ་སྟེར། །ཐུགས་ཀྱི་དམ་ཚིག་མ་ཉམས་ན། །བདུད་དང་དགྲ་ཡིས་མི་ཚུགས་ཤིང་། །རྟག་ཏུ་རིམས་ནད་མི་འབྱུང་ཞིང་། །དགྲ་རྣམས་ཐེ་ཚོམ་མེད་པར་འཆི། །ལྷ་མི་ཡོངས་ཀྱིས་བཀུར་བར་འགྱུར། །ཚེ་རིང་ནོར་དང་ལྡན་པར་འགྱུར། །དེ་ནས་ནག་མོ་རེ་མ་ཏིའི། །སྐུ་ཡི་དམ་ཚིག་མ་ཉམས་ན། །འཁོར་ནི་བཀྲ་ཤིས་དར་ཞིང་རྒྱས། །དགྲ་དང་བགེགས་རྣམས་ཕུང་བར་བྱེད། །གསུང་གི་དམ་ཚིག་མ་ཉམས་ན། །བུ་དང་ཆུང་མ་དར་བ་དང་། །ནོར་དང་ལོངས་སྤྱོད་རྒྱས་པར་འགྱུར། །མིག་རྣོན་རྐང་མགྱོགས་རོ་ལངས་འགྲུབ། །ཐུགས་ཀྱི་དམ་ཚིག་མ་ཉམས་ན། །ཚེ་རིང་གྲགས་པ་ཐོབ་པ་དང་། །ལུས་ལ་ཆད་ཀྱིས་མི་ཐེབས་ཤིང་། །སེམས་ལ་སྡུག་བསྔལ་མེད་པར་འགྱུར། །མཐུ་རྩལ་ཆེན་པོ་ཐོབ་པར་འགྱུར། །སྤྱི་ཡི་དམ་ཚིག་མ་ཉམས་ན། །གཙོ་བོ་ཕྱག་ན་རྡོ་རྗེ་དང་། །ལྷ་མོ་ནག་མོ་དཔོན་གཡོག་ཀུན། །རྟག་ཏུ་བདག་དང་མི་འབྲལ་ལོ། །ཇི་ལྟར་འདོད་པའི་དོན་དེ་འགྲུབ། །གང་ལྟར་མངག་པའི་ལས་དེ་བྱེད། །མཁའ་འགྲོ་མེ་ལྕེ་འབར་བའི་རྒྱུད་ལས་དམ་ཚིག་གི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། དཔལ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ། །ཧཱུྃ་མཛད་ཧཱུྃ་གི་རྒྱལ་པོ་རྡོ་རྗེ་ཆེ། །རྡོ་རྗེ་མཁའ་འགྲོའི་དྲོད་ཚད་མཚན་མ་ཤོད། །ཅེས་ཞུས་པ་དང་། དཔལ་ཕྱག་ན་རྡོ་རྗེས་བཀའ་སྩལ་པ། སྐྱེས་བུ་བློ་ལྡན་མན་ངག་རྩལ་ཅན་གྱིས། །གསང་སྔགས་ཏིང་འཛིན་ཕྱག་རྒྱར་རབ་ལྡན་ན། །རྡོ་རྗེ་མཁའ་འགྲོའི་གྲུབ་རྟགས་འདི་ལྟར་འབྱུང་། །གྲུབ་རྟགས་ཕྱི་ནང་གསང་བ་གསུམ་དུ་བཤད། །ནང་གི་གྲུབ་རྟགས་མིག་


DNG023_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྣ་བ་དང་། །སྣ་དང་ལྕེ་དང་ལུས་དང་སྙིང་ལ་འབྱུང་། །གལ་ཏེ་མིག་གིས་སྲིད་པ་གསུམ་མཐོང་ན། །གཙོ་བོ་ཕྱག་ན་རྡོ་རྗེའི་མཚན་མ་ཡིན། །མིག་གིས་ལྷ་མོ་མཐོང་ན་ལྷ་མོ་ཡིན། །མིག་ནི་འདར་ཞིང་འགུལ་ན་རེ་མ་ཏི། །རྣ་བས་སྲིད་པ་གསུམ་པོ་ཐོས་ན་རྡོ་རྗེ་འཛིན། །མཁའ་འགྲོས་གཏམ་ཟེར་ཐོས་ན་ལྷ་མོས་བསྟན། །བུད་མེད་འབྲུག་སྒྲ་སྒྲོགས་ན་རེ་མ་ཏི། །སྣ་ལ་ག་བུར་དྲི་ནི་རྡོ་རྗེ་འཛིན། །ཀུ་མུ་ད་ཡི་དྲི་ནི་ལྷ་མོ་ཉིད། །སྤོས་སམ་གུར་གུམ་བྲོ་ན་རེ་མ་ཏི། །ལྕེ་ལ་དམ་ཆོས་འཆད་ན་རྡོ་རྗེ་འཛིན། །ལྕེ་ལ་གསང་སྔགས་ཟློས་ན་ལྷ་མོ་ཡིན། །ལེགས་ཉེས་མཚན་མ་སྨྲ་ན་རེ་མ་ཏི། །ལུས་ནི་འཕྲོ་ན་ཕྱག་ན་རྡོ་རྗེ་ཡིན། །ལུས་ལས་འོད་འབྱུང་བ་ནི་ལྷ་མོའི་རྟགས། །ལུས་པོ་འདར་རམ་སྐྱི་ཤ་བུང་བ་དང་། །ཤ་རྩ་འགུལ་ན་རེ་མ་ཏི་ཡི་རྟགས། །གླལ་ལམ་སྐྱུགས་ཤིང་མཆི་མ་འོང་བ་ན། །ལྷ་མོ་དཔོན་གཡོག་ཡོ་ག་ཕེབས་པ་ཡིན། །གལ་ཏེ་སྙིང་གིས་སྐྱེ་བ་དྲན་པ་ན། །ཕྱག་ན་རྡོ་རྗེའི་དངོས་གྲུབ་མཚན་མའོ། །སྙིང་ནི་དགའ་ལ་འཚིག་ན་རྗེ་མོ་ཡིན། །སྙིང་འདི་ཁྲི་ལ་འཚིག་ན་ཁོལ་མོ་ཡིན། །ད་ནི་གསང་བ་གྲུབ་རྟགས་བསྟན་པར་བྱ། །སྔགས་དང་ཏིང་འཛིན་ནུས་པ་སྐྱེད་ཙམ་ན། །རྡོ་རྗེ་དབུས་ཀྱི་རྩ་ཡི་ནམ་མཁའ་ལ། །བྱང་ཆུབ་སེམས་ཀྱི་དགའ་བདེ་སྐྱེ་བ་ན། །མཁའ་འགྲོ་རང་ལ་ཤར་བར་བཤད། །ད་ནི་ཕྱི་ཡི་གྲུབ་རྟགས་བསྟན་པར་བྱ། །ཕྱི་ཡི་རྟགས་ནི་རབ་འབྲིང་ཐ་མ་གསུམ། །རབ་ནི་ལྷ་མོ་ཉིད་ཀྱི་སྐུ་མཐོང་སྟེ། །ནམ་མཁའི་དབུས་སུ་ཕྱག་ན་རྡོ་རྗེ་མཐོང་། །བུད་མེད་དཀར་མོ་བཞད་ཅིང་བྱུང་བ་ན། །གསང་བའི་ཡེ་ཤེས་དངོས་གྲུབ་སྟེར་བའོ། །ནག་མོ་རལ་པ་ཅན་དུ་བྱུང་བ་ན། །འདོད་ཁམས་འདུས་པའི་མཐུ་རྩལ་དངོས་གྲུབ་བདག་ལ་སྟེར། །དམར་མོ་བསེ་ཡི་རལ་པ་ཅན་དུ་བྱུང་བ་ན། །འཇིག་རྟེན་དབང་དུ་སྡུད་པའི་དངོས་གྲུབ་སྟེར། །སེར་མོ་ཐོད་པའི་ཕྲེང་བ་ཅན་དུ་བྱུང་བ་ན། །ཚེ་དང་ལོངས་སྤྱོད་རྒྱས་པའི་གྲུབ་པ་སྟེར། །མཁའ་འགྲོ་གྲུབ་རྟགས་འབྲིང་པོ་ནི། །རྡོ་རྗེ་ནམ་མཁའ་ལས་དབབ་གཙོ་བོ་ཡིན། །རྗེ་མོ་ལྷ་མོ་དུང་སྐྱོང་གྲུབ་རྟགས་ལ། །རྫས་ལུད་དང་ནི་མུན་པ་


DNG023_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་ནག །མེ་ཏོག་ཆར་འབབ་འབྲུག་དང་རླུང་དམར་དང་། །བུད་མེད་གཟུགས་དང་གཞའ་ཚོན་སྟོན་པའོ། །ཁོལ་མོ་རེ་མ་ཏི་ཡི་གྲུབ་རྟགས་ནི། །འབྲུག་དང་རླུང་དམར་སྒོ་རྡུང་ཁང་ཐོག་འཚེག །ཐིབས་ཐིབས་མནན་དང་ཐྭལ་ཐྭལ་སྨྲ་བའོ། །གྲུབ་རྟགས་ཐ་མ་རྨི་ལམ་དག་ཏུ་སྟོན། །བྱང་ཆུབ་སེམས་དཔའ་རྨིས་ན་གཙོ་བོ་ཡིན། །མ་དང་སྲིང་མོ་རྨིས་ན་ཇོ་མོ་ཡིན། །ཆུང་མ་ཁོལ་མོ་རྨིས་ན་གཡོག་མོ་ཡིན། །བོང་བུ་ཤ་བ་རྨིས་ན་རྗེ་མོ་ཡིན། །དྲེའུ་དང་བྱ་ནག་རྨིས་ན་ཁོལ་མོ་ཡིན། །མ་མོ་གྲུབ་ནས་དབང་དུ་འདུས་པ་ན། །བུད་མེད་དག་གིས་བདག་ལ་ཕྱག་འཚལ་ན། །འཛུམ་ཞིང་འཁྲིག་གོ་བྱེད་པ་སྤྱོད་པ་ཡིན། །མ་མོ་གྲུབ་ནས་དབང་དུ་མ་འདུས་ན། །མི་སྡུག་གཟུགས་སུ་སྟོན་ཞིང་རྗེ་མོར་རྫུ། །གཅན་གཟན་ཟར་འོང་མ་མོ་ཕྱག་སྒུགས་སོ། །དམ་ཚིག་ཉམས་ནས་མ་མོ་འཁྲུགས་གྱུར་ན། །མ་མོ་ནང་འཐབས་མཚོན་གྱི་ཆར་པ་འབབ། །བྱ་ནག་ནང་འཐབས་ཁྲག་གི་ན་བུན་འཁྲིགས། །ལྟས་དེ་མཐོང་ན་བཀའ་ཆད་འོང་བའི་རྟགས། །གལ་ཏེ་ལྟེ་ཕུར་ནག་མོ་ལ་སོགས་པའི། །དམ་སྲི་རྣམས་ཀྱིས་བསྒྲུབ་པར་བར་གཅོད་ན། །གྲང་ལ་འཁྲིགས་ཤིང་ཁྱིམ་དུ་འགྲོ་སྙིང་འདོད། །ཁ་བླ་སྨྲ་སྙིང་འདོད་ལ་ཁྲོ་ཞིང་འཚིག །བུད་མེད་རྐུབ་དང་མོ་མཚན་སྟོན་པ་རྨི། །གལ་ཏེ་གཏོར་མ་དུས་ལས་ཡོལ་བ་ན། །མོ་མཚན་དང་ནི་སྔོན་གྱི་དབང་རྟགས་སྟོན། །དུ་བ་འཁྲིགས་ནས་བུད་མེད་གླལ་བ་མཐོང་། །བུད་མེད་དུ་བ་མཐོང་ན་ཉམས་པ་གནོད། །མིག་ནི་བཙུམས་པ་ཏིང་འཛིན་གཡེལ་བའི་རྟགས། །ཐལ་མོ་རྡེབ་ན་དམ་ཚིག་མ་ཚང་ཟེར། །ལྕེ་རྩེ་སྟོན་ན་སྙིང་པོ་ཆད་པ་ཡིན། །སོ་སྒྲ་འཁྲིགས་ན་གཞན་དང་འཐབ་མོ་འོང་། །རྒོད་པ་ཐོས་ན་དགྲ་བགེགས་བསྒྲལ་བའི་རྟགས། །ཁྲོ་ན་བར་ཆད་འོང་བ་སྦྲོན་པ་ཡིན། །སྦྱོར་བར་བྱེད་ན་དངོས་གྲུབ་སྟེར་བ་ཡིན། །རྒྱང་གླུ་ལེན་པ་མཐོང་ན་གྲུབ་ཐག་རིང་། །མཆི་རིས་ངོ་ལ་ཡོད་ན་རིམས་ནད་འོང་། །གར་ཐབས་བྱེད་ཅིང་བྱུང་ན་ཅི་བསམས་འགྲུབ། །གླིང་བུ་འབུད་པ་མཐོང་ན་གཏོར་མ་འདོད་པ་ཡིན། །ཕྲེང་བ་བགྲང་བ་མཐོང་ན་སྦྱིན་སྲེག་འདོད་པ་ཡིན། །ཁ་ལ་འོ་བྱེད་


DNG023_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བ་འདོད་པ་ཡིན། །བོང་བུ་ཞོན་པ་རྨིས་ན་རྗེ་མོ་ཡིན། །དྲེའུ་ཞོན་པ་རྨིས་ན་ཁོལ་མོ་ཡིན། །སྙི་སྦམས་ཐོགས་པ་མཐོང་ན་རང་ལ་ཆགས། །གཡབ་དར་ཐོགས་པ་མཐོང་ན་རང་ལ་ཆགས་པའོ། །མེ་ལོང་ཐོགས་པ་མཐོང་ན་ཆུང་མའི་ལུས་ལ་ཆགས། །སྟང་སྟབས་བྱེད་པ་སློབ་མའི་ལུས་ལ་ཆགས། །བྱ་དང་གཅན་གཟན་གཏོར་མ་ཟ་བ་བཟང་། །ཁ་རོག་འདུག་ན་སྙིང་པོ་ཕྱག་རྒྱ་ནོར། །འཛུམ་པ་མཐོང་ན་བདག་ཉིད་ཚེ་རིང་རྟགས། །གོས་ལ་མེ་རག་ཡོད་ན་སློབ་མ་ཉམས། །ཤ་བ་ཞོན་ན་ནོར་རྣམས་འཕེལ་བའི་རྟགས། །མ་མོ་གྲུབ་པའི་རྟགས་རྣམས་གང་བྱུང་ཡང་། །དེ་ནས་གྲུབ་རྟགས་བཟང་པོ་མཐོང་བ་ན། །བདུད་རྩི་བུམ་པའི་ཕྱག་རྒྱ་བཅས་ལ་ནི། །དངོས་གྲུབ་བླང་བའི་སྔགས་ནི་བཟླས་བྱས་ལ། །སྙིང་ལ་ཅི་འདོད་པ་ཡི་དངོས་གྲུབ་བླང་། །མ་དང་སྲིང་མོ་ཁོལ་མོ་དམ་ལ་གདགས། །མཚན་མ་ངན་པ་དག་ནི་མཐོང་བ་ན། །མཚན་མ་ངན་པ་བཟློག་པའི་ཏྲི་ཤཱུལ་ཕྱག་རྒྱ་བཅའ། །མཚན་མ་ངན་པ་བཟློག་པ་སྔགས་ཀྱིས་བཟློག །གལ་ཏེ་བདག་ནི་གཞན་དུ་དོན་གཉེར་ན། །བུད་མེད་གལ་ན་རྫས་ནི་གང་བ་ཐོགས། །བྱ་དང་གཅན་གཟན་མངོན་དུ་འགྲོ་ན་བཟང་། །དེ་ཚེ་གཏོར་མ་ཕུལ་ལ་དོན་ལ་འགྲོ། །སྤྱད་སྟོང་ཐོགས་པ་མཐོང་ན་དོན་མི་གཉེར། །གྲུབ་པའི་དྲོད་ཚད་རྣལ་འབྱོར་སྤྱི་ལ་གཅེས། །མཁའ་འགྲོ་མ་མེ་ལྕེ་འབར་བའི་རྒྱུད་ལས་དྲོད་ཚད་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་དཔལ་ཕྱག་ན་རྡོ་རྗེ་ལ། ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །ཐབས་དང་ཤེས་རབ་མངའ་མཛད་རྡོ་རྗེ་འཛིན། །རྡོ་རྗེ་མཁའ་འགྲོ་བསྒྲུབས་ཀྱང་མ་གྲུབ་ན། །སྤོབས་ཤིང་གནད་ལ་དབབ་པར་ཞུ། །ཞེས་གསོལ་པ་དང་། དཔལ་ལྡན་ཕྱག་ན་རྡོ་རྗེས་བཀའ་སྩལ་པ། །སྐྱེས་བུ་ཏིང་འཛིན་བློ་ལྡན་རྩལ་ཅན་གྱིས། །རྡོ་རྗེ་མཁའ་འགྲོ་མ་ཡི་གསང་སྔགས་གཙོར་བླངས་ཏེ། །གང་འདོད་དངོས་གྲུབ་མི་ཐོབ་མི་སྲིད་དོ། །འོན་ཀྱང་བསྒྲུབ་ཐག་རིང་བ་ན། །དེ་ལ་ཉེས་དམིགས་རྣམ་པ་བཞི། །སྔོན་གྱི་ལས་འཕྲོས་མ་འདྲེལ་དང་། །བསྙེན་པ་ཞག་གྲངས་ཉུང་བ་


DNG023_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །བགེགས་ཀྱིས་བར་དུ་གཅོད་པ་དང་། །རྣལ་འབྱོར་དམ་ཚིག་ཉམས་པ་བཞི། །བསྒྲུབ་ཐག་རིང་བའི་རྒྱུ་བཞི་ཡིན། །དེ་བཞིན་མཚན་མ་ངོས་བཟུང་སྟེ། །སྔོན་གྱི་ལས་འཕྲོས་མ་འདྲེལ་ན། །བསྒྲུབས་ཀྱང་དངོས་གྲུབ་མཚན་མ་མེད། །བཟླས་བརྗོད་བསྙེན་པ་གྲངས་ཉུང་ན། །གྲུབ་རྟགས་འོང་ཞིང་ལས་མི་ཉན། །བགེགས་ཀྱིས་བར་དུ་གཅོད་པ་ན། །སྙིང་མི་དགའ་ལ་འགྲོ་ཞིང་འཇིགས། །རྣལ་འབྱོར་དམ་ཚིག་ཉམས་པ་ན། །བར་ཆོད་རྐྱེན་དབང་དྲག་པོ་འབྱུང་། །འོན་ཀྱང་མི་གཞག་བསྐྱར་ཞིང་བསྒྲུབ། །སྔོན་གྱི་ལས་འཕྲོས་མ་འདྲེལ་ན། །དང་པོ་བསྙེན་པ་ཡུན་རིངས་ལ། །དེ་ནས་གནད་ལ་དབབ་པ་ནི། །བསྒྲུབ་པའི་དཀྱིལ་འཁོར་བྱང་ཤར་དུ། །དུར་ཁྲོད་ས་ལ་གྲུ་གསུམ་དཀྱིལ། །འཕང་དུ་ཁྲུ་གང་ཡོད་པ་བརྩིགས། །མི་ཡི་ཁྲག་གིས་ཆག་ཆག་གདབ། །དེ་ནས་ཞིང་སོགས་གཡས་པ་ལ། །ལྷ་མོ་ཉིད་ཀྱི་སྐུ་བྲིས་ལ། །རྒྱུས་པའི་གཟུངས་ཐག་སྙིང་གར་གདགས། །གྲུ་གསུམ་སྟེང་དུ་གན་རྐྱལ་མནན། །གཟུངས་ཐག་རྩེ་མོ་སོས་བཟུང་ལ། །ཧཱུྃ་མཛད་ཆེན་པོར་གསལ་བསྒོམས་ལ། །མ་མོ་གསོད་པའི་སྙིང་པོ་བཟླས། །རག་མོ་ཙིཏྟ་རཀྟ་སྡི་ར་ཏི་ཏི་མཱ་ར་ཡ་ཧཱུྃ། ཛཿ། དེ་སྐད་གསང་སྔགས་བཟླས་ནས་ནི། །མ་མོའི་སྙིང་ཁྲག་རྔུབ་པར་བསྒོམ། །མ་མོ་བོང་བུར་བཅས་པ་རྣམས། །མ་ཏྲང་བཞིན་དུ་འགྱེལ་བར་བསམ། །དེ་ནས་སྙིང་གར་རྡོག་པས་མནན། །ཙིཏྟ་ཛྭ་ལ་རྃ་ཞེས་པས། །བདག་གི་ཞལ་ནས་མེ་བྱུང་བས། །མ་མོ་ཐུལ་གྱིས་བསྲེགས་པར་བསམ། །མ་མོའི་ས་བོན་མྃ་ནག་མོ། །བདག་གི་ཞབས་འོག་རྒྱུད་པ་ལས། །མ་མ་རུ་ལུ་ཞེས་བརྗོད་པ་ལས། བདག་ཉིད་དཔལ་གྱི་ཞབས་འོག་ནས། །ལྷ་མོ་ནུས་པའི་ཐོད་ཕྲེང་ཅན། །ཐལ་མོ་སྦྱར་ནས་འདུག་པར་བསྒོམ། །རྟ་མགྲིན་ཕྱག་རྒྱས་དབང་དུ་བསྡུ། །ཁྱུང་གཤོག་ཕྱག་རྒྱས་ཟིལ་གྱིས་མནན། །གནད་ལ་གདབ་པའི་དམ་རྫས་བསྲེག །དེ་ལྟར་ལན་ཅིག་བསད་པ་དེས། །གཟུགས་ནི་རྡོག་པའི་འོག་ནས་དབྱུང་། །བྱང་ཤར་མཚམས་སུ་བཞུགས་སུ་གསོལ། །སྨྲེ་བཤགས་བྱ་ཞིང་གདུང་གླུ་བླང་། །བདུད་རྩི་རྣམ་པ་


DNG023_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་ཡིས་གསོ། །མཚང་ནས་བྲུ་ཞིང་གནད་ནས་བསྐུལ། །དེ་ནས་བསྒྲུབ་པ་བསྐྱར་ལ་བརྩམ། །ཐེ་ཚོམ་མེད་པར་འགྲུབ་པར་འགྱུར། །བསྙེན་པ་ཞག་གྲངས་ཉུང་བ་ན། །མི་རུས་སམ་ནི་རུ་རག་ཤ །ལུང་ཐང་དག་གི་ཕྲེང་བ་ལ། །མ་ཡེངས་གྲངས་ཀྱི་བསྙེན་པ་ནི། །འབུམ་ཚོ་བདུན་དུ་བཟླས་ཀྱང་རུང་། །ཡང་ན་མཚན་མའི་བཟླས་པ་ཤིས། །བགེགས་ཀྱིས་བར་དུ་གཅོད་པ་ན། །གྲུ་གསུམ་ཨེ་དོང་ནག་པོ་བརྐོ། །མི་ཁྱི་ཕག་གི་ཆག་ཆག་གདབ། །ཁམ་ས་རྫ་ཡི་ལིངྒ་ལ། །སྙིང་གར་དམ་སྲིའི་མིང་བྲིས་ལ། །རབས་ཆད་ནག་པོའི་ཐོད་པར་གཞུག །ཐོད་པ་དོང་གི་ནང་དུ་གཞུག །འབར་བའི་དཀྱིལ་འཁོར་གསལ་བར་བསྒོམ། །དམ་སྲི་བཀུག་ཅིང་བསྡིམ་བྱས་ལ། །མི་རུས་སོར་བརྒྱད་ཕུར་པ་ཡིས། །མི་གཡོ་མགོན་པོར་གསལ་བསྒོམས་གདབ། །མཚན་མ་ངན་པ་བཟློག་སྔགས་བཟླས། །དེ་སྟེང་རྡོ་བ་ནག་པོ་ལ། །རི་རབ་རྡོ་རྗེ་རྒྱ་གྲམ་བྲི། །འབྲུབ་ཁུང་དེ་ཡི་ཁ་བཅད་ལ། །དེ་སྟེང་སྐུ་གདུང་ནག་པོ་བརྩིག །དེ་ནི་དམ་སྲི་མནན་པར་བཤད། །རྣལ་འབྱོར་དམ་ཚིག་ཉམས་པ་ལ། །མཁའ་འགྲོ་མ་ཡི་ཆད་པ་འབྱུང་། །ཉམས་ཚད་ཆེ་ན་བཀའ་ཆད་ཆེ། །བསྒྲུབ་པ་གྲུབ་རྟགས་མེད་པ་དང་། །རང་ཉིད་སྲོག་ལ་བབ་པའོ། །ཉམས་པ་འབྲིང་གི་བཀའ་ཆད་ནི། །འཁོར་ལ་རྐྱེན་དང་རིམས་ནད་འབྱུང་། །ཉམས་པ་ཐ་མའི་བཀའ་ཆད་ནི། །དགྲ་དང་ནོར་ལ་གོད་ཀ་འབྱུང་། །དེ་ནས་ཉམས་པ་བསྐང་བ་བསྟན། །ཉམས་པ་ཆེན་པོ་བསྐང་བ་ནི། །གཏོར་མ་ཁྲི་དང་སྦྱིན་སྲེག་ཁྲི། །དེ་བཞིན་ར་ཙ་གསུམ་གྱིས་བསྐང་། །དེས་ཀྱང་སྐོངས་པར་མི་འགྱུར་ན། །དང་པོ་མཁའ་ལྡིང་གསུམ་གྱིས་བསྐང་། །དེ་ནས་ཤེལ་ནག་གསུམ་གྱིས་བསྐང་། །བཀའ་ཆད་འབྲིང་པོ་བྱུང་བ་ན། །གཏོར་མ་སྟོང་དང་སྦྱིན་སྲེག་སྟོང་། །མཁའ་ལྡིང་གཉིས་དང་སྤྱི་ནག་གཉིས། །དེ་བཞིན་ར་ཙ་གཉིས་ཀྱིས་བསྐང་། །མདངས་ཀྱི་མར་མེ་བཅྭ་བརྒྱད་དབུལ། །བཀའ་ཆད་ཐ་མ་བྱུང་བ་ན། །གཏོར་མ་བརྒྱ་དང་སྦྱིན་སྲེག་བརྒྱ། །མཁའ་ལྡིང་གཅིག་དང་ཤེལ་ནག་གཅིག །ར་ཙ་གཅིག་གིས་སྐོངས་པར་བཤད། །མཁའ་འགྲོ་མ་


DNG023_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ལྕེ་འབར་བའི་རྒྱུད་ལས་སྤོགས་ཤིང་ཐུགས་དམ་སྐོང་བའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་དཔལ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ། །དྲག་པོ་དཔལ་འབར་གནོད་སྦྱིན་ཁྲོས་པའི་གཙོ། །རྡོ་རྗེ་མཁའ་འགྲོའི་དངོས་གྲུབ་བསྒྲུབ་འདོད་པས། །རྟག་ཏུ་བསྟེན་པ་རྡོ་རྗེ་འཛིན་པས་ཤོད། །ཅེས་གསོལ་པ་དང་། དཔལ་ཕྱག་ན་རྡོ་རྗེས་བཀའ་སྩལ་པ། ཉོན་ཅིག་མཁའ་འགྲོ་རྟག་ཏུ་བསྟེན་པ་ནི། །དང་པོ་གྲུབ་ཅིང་མཚན་མ་ཐོབ་པ་གཅེས། །དེ་ནས་ཕྱི་ནང་གསང་བ་གསུམ་དུ་བསྟན། །དཔོན་མོའི་ཕྱི་ཡི་རྟེན་ནི་རྨ་བྱའོ། །རྨ་བྱའི་སྙིང་གར་བྷྱོ་ལས་ལྷ་མོ་བསྐྱེད། །ཁོལ་མོའི་ཕྱི་ཡི་རྟེན་ནི་བྱ་ནག་མོ། །སྙིང་གར་བྷྱོ་ལས་རེ་མ་ཏི་བསྐྱེད་ལ། །རྨ་བྱ་དེ་མོ་ནག་གམ་ཤེལ་ནག་ལ། །སྣ་ལ་མ་མོ་དཔོན་གཡོག་ལེགས་པར་དབབ། །དེ་ནས་ཕྱི་ནང་གསང་བའི་དབང་བསྐུར་ལ། །དུས་སུ་གཏོར་མས་མཆོད་ཅིང་རྟེན་དུ་བཟུང་། །ནང་གི་རྟེན་ནི་སྐུ་དང་གསང་མཚན་ནོ། །རང་གི་གཟུགས་དང་གསང་མཚན་ཁ་སྤྲད་ལ། །བར་དུ་རུ་ཏི་རྡོ་རྗེ་པདྨ་མི། །གསང་བ་ག་བུར་སྩལ་ཏེ་ལུས་ལ་བསྲེལ། །གསང་བའི་རྟེན་ནི་ལྷན་ཅིག་གྲུབ་པའི་ལྷ། །གསང་བ་ཡེ་ཤེས་ཐིག་ལེ་མ་མོར་བལྟའོ། །དེ་ནས་རྟག་ཏུ་སྔགས་དང་ཕྱག་རྒྱ་དང་། །ཏིང་འཛིན་རྫས་དང་དམ་ཚིག་མི་སྤོང་ངོ་། །རྟག་ཏུ་ཟས་ཀྱི་ཕུད་ཀྱིས་བསྟེན་པར་བཤད། །མཁའ་འགྲོ་མ་མེ་ལྕེ་འབར་བའི་རྒྱུད་ལས་མ་མོ་རྟག་ཏུ་བསྟེན་པའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་དཔལ་ཕྱག་ན་རྡོ་རྗེ་ལ། ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་དཔལ་འབར་ཆེན་མོ་ཉི་མ་སྟོང་གི་གཟི། །རྡོ་རྗེ་ལྷ་མོ་མཁའ་འགྲོ་མ་དཔལ་གྱི་ལྷ་མོའི། །པྲ་རྟགས་དབབ་དང་སློབ་མ་དབང་བསྐུར་བའི། །མ་མོ་དབབ་པའི་གསང་སྔགས་བདག་ལ་ཤོད། །ཅེས་གསོལ་པ་དང་། དཔལ་ཕྱག་ན་རྡོ་རྗེས་བཀའ་སྩལ་པ། ལྷ་མོ་འབེབས་ཤིང་སློབ་མ་དབང་བསྐུར་བའི། །སློབ་དཔོན་ཉིད་ཀྱིས་མ་མོ་གྲུབ་པ་གཅེས། །དེ་ནས་མ་མོ་གྲུབ་པའི་སློབ་དཔོན་དེས། །དུར་ཁྲོད་ཆེན་པོར་ཞག་བདུན་བསྙེན་པ་བྱ། །སྔགས་དང་མན་ངག་རྫས་སུ་ལྡན་པར་བྱ། །


DNG023_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་རང་ལ་མ་མོ་ཕེབས་པར་དབབ། །དེ་ནས་སློབ་མ་དཀྱིལ་འཁོར་འཇུག་པ་དང་། །མེ་ཏོག་དོར་དང་ལྷ་ངོ་བསྟན་བྱ་དང་། །དང་ལ་ཕྱག་ན་རྡོ་རྗེའི་དབང་བཞི་བསྐུར། །དང་པོ་རྡོ་རྗེ་རྩེ་ལྔ་འབར་བའི་དབང་། །གཉིས་པ་ཤེས་རབ་དྲིལ་བུ་དག་གི་དབང་། །དེ་བཞིན་གསུམ་པ་ལ་ནི་དབུ་རྒྱན་ཏེ། །བཞི་པ་རིགས་ལྔ་ཡེ་ཤེས་ལྔ་ཡི་དབང་། །དེ་ནས་ལྷ་མོ་ནག་མོའི་དབང་བཞི་བསྐུར། །དང་པོ་ལ་ནི་ཐོད་པའི་དབང་། །གཉིས་པས་ཤེས་རབ་རལ་གྲིའི་དབང་བསྐུར་ཏེ། །གསུམ་པ་ལ་ནི་ནེའུ་ལེའི་རྐྱལ་བུའོ། །དེ་བཞིན་བཞི་པ་དཔའ་བོ་ཧསྟ་སྦྱིན། །དེ་ནས་རེ་མ་ཏི་ཡི་དབང་བཞི་བསྐུར། །དང་པོ་དུར་ཁྲོད་གཡང་གཞིའི་དབང་། །གཉིས་པ་རྡོ་རྗེ་ཌ་མ་རུ་ཡི་དབང་། །གསུམ་པ་ཁ་ཊྭཱཾ་བདུད་ཀྱི་ཁྲམ་བམ་དབང་། །དེ་བཞིན་བཞི་པ་ཆུ་གྲི་འདོད་པའི་དབང་། །དབང་ནི་བསྐུར་བའི་སྔགས་ཀྱང་བཟླས་པར་བྱ། །བཅུ་གཉིས་རིམ་པ་སྔོན་དུ་རྗེས་པ་དང་། །སྐུ་དང་གསུང་གི་དམ་ཚིག་དབོག་པར་བྱའོ། །དེ་ནས་གསང་བའི་དབང་ལ་འཇུག་པར་བྱ་སྟེ། དབང་པོ་བྲམ་ཟེ་རྒྱལ་རིགས་རྗེའུ་རིགས་ཀྱི། །བུ་མོ་བརྒྱད་དང་བཅུ་དྲུག་ཉི་ཤུ་མ། །མིག་གི་དཀྱུས་རིངས་སྔོ་བསངས་ནུ་མ་རྒྱས། །སྐྲ་བཟང་སོ་དཀར་ཨུཏྤལ་བྲོ། །དེ་ལ་ཁྲུས་བྱས་མེ་ཏོག་གསེར་གྱིས་བརྒྱན། །དབང་པོ་ལྔ་ལ་བདུད་རྩི་དག་གིས་གདབ། །དཔྲལ་བར་ཕྱག་ན་རྡོ་རྗེའི་གསང་སྔགས་བྲི། །དེ་ཡི་སྙིང་གར་ལྷ་མོའི་སྙིང་པོ་ལ། །ལྟེ་བར་རེ་མ་ཏི་ཡི་སྙིང་པོ་བྲི། །སྨན་ལྔ་བདུད་རྩི་ལྔ་ཡི་ཟས་བྱིན་ལ། །གསང་བའི་པདྨར་རུ་ཧི་རྡོ་རྗེ་སྩལ། །དེ་ནས་བསྒྲུབ་པའི་དཀྱིལ་འཁོར་ནུབ་ཕྱོགས་སུ། །དབང་བསྐུར་སྟེགས་བུ་ཟླུམ་པོ་དམར་པོ་བརྩིག །དེ་ཡི་སྟེང་དུ་བུ་མོ་དེ་བཞག་ལ། །ཕྱོགས་མཚམས་ཀུན་དུ་ཚིལ་དང་ཅོང་ཟི་བསྲེག །སྟེང་འོག་ཀུན་དུ་ཞིང་གི་བླ་རེ་གདན། །མདུན་དང་རྒྱབ་ཏུ་གཏོར་མ་སྦྱིན། །དེ་ནས་མ་མོའི་སྙིང་པོ་འབུམ་དུ་གདོན། །དེ་ནས་རྡོ་རྗེ་སློབ་དཔོན་གུ་རུ་ཡིས། །ཌ་མ་རུ་རྡུང་མ་མོ་དྲག་ཏུ་བོད། །སྲོག་སྙིང་དྲང་ཞིང་གཡབ་དར་གཡབ། །དེ་ནས་བུ་མོ་དེ་ལ་སེམས་གཏད་ལ། །སྔགས་འདི་བཟླས་ཤིང་གདོང་དུ་རྟག་ཏུ་བལྟ། །བུ་མོ་མ་ཡེངས་


DNG023_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

ས་ལེ་བསྒོམ་དུ་གཞུག །ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ས་མ་ཡ་པྲ་ཐཱ་རུ་རུ་རོ་རུ་ཙ་པ་ལ་ཨ་ཤུག་མེ་ས་མ་ཡ་པྲ་ཐཱ། ཁ་མུནྟྲ་པྲ་མ་ཡ་མ་ཏི ཥྞཱ་པྲ་ཡོ་ག་སིདྡྷི་ས་མ་ཡ་པྲ་ཐཱ། ཨཱ་བེ་ཤ་ཨ། དྲག་ཏུ་མ་མོ་བསྐུལ་ཞིང་དབབ་པར་བྱའོ། །ཕེབས་པར་དཀའ་ན་གནད་ལ་འབེབས་རྫས་བསྲེག །ལན་གསུམ་མ་མོ་འབུམ་གྱིས་ངེས་པར་ཕེབས། །བཟང་ངན་ལེགས་ཉེས་མཚན་མ་ཐྭལ་ཐྭལ་སྨྲའོ། །ཡང་ན་མི་སྨྲ་བར་ཡང་ཕེབས་པར་བྱེད། །དེ་ནས་བུ་མོ་དེ་ཡི་ལུས་པོ་ལ། །སྤོས་དང་མེ་ཏོག་མར་མེ་དྲི་ཆབ་ཀྱིས། །དང་པོ་ལ་ནི་ཕྱི་ཡི་མཆོད་པ་བྱ། །ཤ་ལྔ་བདུད་རྩི་ལྔ་དང་བཟའ་བཏུང་གིས། །དེ་ནས་གཉིས་པ་ནང་གི་མཆོད་པ་དབུལ། །གསང་བའི་མཆོད་པ་ཁུ་བའི་ཐིག་ལེ་དེས། །དང་པོས་གཙོ་བོ་རྡོ་རྗེ་འཛིན་པ་མཆོད། །གཉིས་པས་ལྷ་མོ་དཔོན་གཡོག་མཆོད་པར་བྱ། །གསུམ་པས་ཁུ་བ་བདག་བཏུང་དངོས་གྲུབ་བླང་། །གཟུངས་མ་མཁའ་འགྲོ་ཡིན་པར་ངེས་བསྐྱེད་ལ། །གཟུངས་མའི་ལྕེ་ལ་གཞག་ལ་དམ་ཚིག་བསྲེ། །དེ་ནས་ཐིག་ལེ་སློབ་མའི་ལྕེ་ལ་གཞག །དེ་ནས་མ་མོ་ཐུགས་ཀྱི་དབང་སྦྱིན་ནོ། །དེ་ནས་བུ་མོ་དེ་ཡི་མདུན་དུ་ནི། །དབང་གི་རྟགས་སུ་ཟླ་གམ་དམར་པོ་བརྩིག །དེ་ནས་སློབ་མ་སྟེགས་བུའི་ཁ་ལ་གཞག །མཁའ་འགྲོ་ཀུན་ལ་སྦྱིན་སྲེག་གཏོར་མ་དབུལ། །དེ་ནས་བུ་མོ་ཤེས་རབ་མ་དེ་ཡིས། །མ་མོ་འདོད་ཀྱི་སློབ་མ་དེ་ལ་དབབ། །མ་མོ་བསྐུལ་བའི་རྫས་རྣམས་བསྲེག་པར་བྱ། །ཕྱི་དང་ནང་གི་དྲོད་ཚད་མཚན་མ་དབབ། །མཚན་མ་ཕེབས་ནས་ཐུགས་ཀྱི་དམ་ཚིག་དབབ། །དམ་ཚིག་བསྲེ་བའི་གསང་བའི་དབང་བསྐུར་རོ། །དེས་ནི་མཁའ་འགྲོ་མངོན་དུ་འགྲུབ་པར་བཤད། །མ་མོ་མཁའ་འགྲོ་ཐུགས་ཀྱི་གསང་རྒྱུད་འདི། །དབང་དང་དམ་ཚིག་མེད་པའི་སློབ་མ་ལ། །ཚིག་གཅིག་བསྟན་ཡང་ཚེ་ཡི་འདུ་བྱེད་བསྐུལ། །མྱུར་དུ་ཤི་ནས་རྡོ་རྗེ་དམྱལ་བར་སྐྱེ། །དེ་བས་དབང་བསྐུར་གནང་བ་ཐོབ་ལ་སྦྱིན་པར་བཤད། །མཁའ་འགྲོ་མ་མེ་ལྕེ་འབར་བའི་རྒྱུད་ལས་དབང་བསྐུར་བའི་ལེའུ་སྟེ་བཅྭ་ལྔ་པའོ།། །།དེ་ནས་ལྷའི་དབང་པོ་བརྒྱ་བྱིན་དེས།


DNG023_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་ཕྱག་ན་རྡོ་རྗེ་ཆེ། །ངོ་མཚར་བྱིན་བརླབས་རྣམས་ཀྱི་མཆོག །ལྷ་མོ་གྲུབ་པའི་རྣལ་འབྱོར་པའི། །ལས་ཀྱི་རིམ་པ་བཤད་དུ་གསོལ། །ཅེས་གསོལ་པ་དང་། དཔལ་རྡོ་རྗེ་འཛིན་པས་བཀའ་སྩལ་པ། ཉོན་ཅིག་ལྷ་ཡི་དབང་པོ་བརྒྱ་བྱིན་ཉོན། །ལྷ་མོའི་གྲུབ་པ་ཐོབ་པའི་རྣལ་འབྱོར་པས། །སོ་སོའི་ལས་ལ་ཆེད་དུ་མ་བརྩམས་ཀྱང་། །ཡིད་ལ་ཅི་འདོད་བསམས་པ་ཙམ་གྱིས་འགྲུབ། །འོན་ཀྱང་ཆེད་དུ་སྒྲུབ་པ་རྩོམ་པ་ན། །ལས་ཀྱི་བྱེ་བྲག་དམ་པ་ངས་བཤད་དོ། །མ་མོ་གྲུབ་པ་རྣམས་ཀྱིས་བྱ་བ་ཡིན། །དང་པོའི་ལས་ཅན་རྣམས་ཀྱིས་མི་བརྩམ་མོ། །བརྒྱ་བྱིན་ཉོན་ཅིག །ཞི་བའི་ལས་ཀྱི་ཁྱད་པར་ནི། །བུ་རམ་སྦྲང་རྩི་གིའུ་ཝང་དང་། །གུ་གུལ་སྤོས་དང་འོ་མ་དང་། །མར་ཁུ་ཏིལ་དང་འབྲས་ཆན་དང་། །ཨ་ག་རུ་དང་དུ་རུ་སྐ། །གང་ལ་བྱ་བའི་མིང་དང་བཅས། །རིལ་བུ་ཁྲི་ཚོ་གཅིག་བྱས་ལ། །ཞི་བའི་ཐབ་ཁུང་ཟླུམ་པོ་དང་། །འོ་མ་ཡོད་པའི་ཤིང་བརྩིགས་ལ། །མཁའ་འགྲོ་མ་རྣམས་དཀར་པོ་ལ། །བདུད་རྩིའི་བུམ་པ་ཐོགས་ནས་ཀྱང་། །གང་ལ་བྱ་བའི་སྤྱི་བོ་ནས། །དབང་བསྐུར་ལུས་པོ་ཞི་བར་བསྒོམ། །མེ་སྦར་རིལ་བུ་རིམ་གྱིས་བསྲེག །གོང་མའི་སྲོག་སྙིང་བཟླས་ཤིང་དབུལ། །སྲོག་གི་སྙིང་པོའི་གཞུག་རྒྱན་དུ། །ཤཱིནྟཾ་ཀུ་རུ་སྭཱ་ཧཱ་བཟླས། །འབུམ་ཚོ་བཞི་རུ་བཟླས་བྱས་ལ། །བདུད་དང་བགེགས་རྣམས་ཞི་བ་དང་། །དགྲ་དང་ནད་ཡམས་ཞི་བར་བྱེད། །རྒྱས་པའི་ལས་སུ་བྱ་བ་ནི། །གུར་གུམ་སྟརྒའི་རྒུན་འབྲུམ་དང་། །ཨུཏྤལ་མར་ཁུ་གིའུ་ཝང་དང་། །བདུད་རྩི་ལྔ་དང་དཔག་བསམ་ཤིང་། །གང་ལ་བྱ་བའི་མིང་དང་བཅས། །ཁྲི་ཚོ་གཉིས་ཀྱི་རིལ་བུ་བྱ། །རྒྱས་པའི་ཐབ་ཁུང་གྲུ་བཞི་པ། །འབྲས་བུ་ཡོད་པའི་ཤིང་བརྩིགས་ལ། །གཙོ་བོ་ཕྱག་ན་རྡོ་རྗེ་དང་། །མཁའ་འགྲོ་མ་ཀུན་སེར་པོ་ལ། །རིན་ཆེན་མཛོད་དང་བུམ་པ་ཐོགས། །གང་ལ་བྱ་བའི་སྙིང་ག་རུ། །དབང་བསྐུར་ཕུང་པོ་རྒྱས་པར་ཤོག །མེ་སྦར་རིལ་བུ་རིམ་གྱིས་དབུལ། །ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ། ཁ་


DNG023_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

མུནྟྲ་བ་ཏྲ་བ་ཏྲ་ཏྲག་རག་མོ་པུཀྚིངྐུ་རུ་སྭཱ་ཧཱ། འབུམ་ཚོ་བརྒྱད་དུ་བཟླས་པ་བྱ། །ཚེ་དང་རིགས་རྒྱུད་འཕེལ་བར་བྱེད། །ནོར་དང་ལོངས་སྤྱོད་འཕེལ་བར་འགྱུར། །དབང་གི་ལས་སུ་བྱ་བ་ནི། །སྦྲང་རྒོད་ར་ཁྲག་ཆང་དང་ཆབ་ཚན་དང་། །ཁུག་ཆོས་ལུག་མིག་པ་དང་ནི། །ཡུང་དང་གླ་རྩི་ཅོང་ཞུན་དང་། །ཉ་ཤ་མར་ཁུ་རྒྱ་སྐྱེགས་ནི། །རིལ་བུ་ཁྲི་ཚོ་གསུམ་བྱས་ལ། །དབང་གི་ཐབ་ཁུང་ཟླ་གམ་ལ། །ཚེར་མ་ཅན་གྱི་ཤིང་བརྩིགས་ལ། །གཙོ་དང་འཁོར་གྱི་མ་མོ་ཀུན། །མདོག་དམར་ལྕགས་ཀྱུ་ཐོགས་པ་ཡིས། །གང་ལ་བྱ་བ་བཀུག་པར་བསྒོམ། །མེ་སྦར་རིལ་བུ་རིམ་གྱིས་བསྲེག །ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ། པ་ཙ་ལ་ཨ་ཤུག་མེ། པྲ་མ་མ་ཧཱ་སྡི་པྲ་ཆེ་གེ་མོ་ཨཱ་ཀཪྵ་མ་ནཱ་ཡ་ཧྲཱྀཿཛཿ། འབུམ་ཚོ་བཅུ་དྲུག་བཟླས་པ་ན། །འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་། །སྟག་དང་གླང་པོ་ནོར་བུ་དང་། །འགྲོ་བ་བཟང་དང་བློན་པོ་དང་། །དམག་མི་དང་ནི་ལྷ་མི་དང་། །ཀླུ་དང་གནོད་སྦྱིན་བུ་མོ་དང་། །ཀུན་ཀྱང་བདག་གི་དབང་དུ་འགྱུར། །བསྐྲད་པའི་ལས་སུ་བསྟན་པ་ནི། །དྲག་པོའི་མེ་ཐབ་གྲུ་གསུམ་དུ། །དུག་ཤིང་ཚེར་མའི་མེ་བུས་ལ། །རྟ་དང་མགྲིན་རིང་ཤ་དང་ཚིལ། །ཁྭ་ཡི་སྒྲོ་དང་ཐར་ནུའི་ཆང་། །གང་ལ་བྱ་བའི་མིང་དང་བཅས། །འབུམ་ཚོ་རུ་ནི་བཟླས་པ་བྱ། །རླུང་གི་དཀྱིལ་འཁོར་སྟེང་དུ་ནི། །རླུང་གི་རྔ་མོ་སྔོན་མོ་བསྐྱོན། །དེ་སྟེང་གང་ལ་བྱ་བ་བསྐྱོན། །རེ་མ་ཏི་ཡིས་སྣ་ནས་ཁྲིད། །ལྷ་མོ་ནག་མོས་ཕྱི་ནས་དེད། །ཕྱག་ན་རྡོ་རྗེས་རྒྱབ་ནས་ཕུལ། །དཔག་ཚད་བརྒྱད་ཁྲིར་བསྐྲད་པར་བསམ། །སྙིང་པོ་བཟླས་ཤིང་ཡ་སྟགས་བསྲེག །སྙིང་པོ་ཐ་མ་སྐྲོད་ཅེས་བསྐུལ། །ཡུལ་ནས་དབྱུང་ཞིང་འཁྱམས་པར་ནུས། །ཕཊ་ཙ་པ་ལ་ཨ་ཤུག་མེ། སྥཱ་ར་ཎ་མ་ཡྃ་ཕཊ་ཕཊ་སྐྲོད་ཅིག །དབྱེ་བའི་ལས་སུ་བསྟན་པ་ནི། །རྟ་གཡག་བྱ་རོག་འུག་པའི་ཤ །བཙན་དུག་སྐྱེ་ཚེ་སྤྱང་ཀིའི་ཚིལ། །མཛའ་བོ་གཉིས་ཀྱི་མིང་བཅས་ལ། །ཚེར་མའི་ཤིང་ལ་མེ་བུས་ལ། །འབུམ་ཚོ་གཅིག་ཏུ་བསྟབས་པ་བྱ། །སྲོག་གི་སྙིང་པོའི་ཐ་མར་ནི། །མ་མ་ཏྲག་རག་ཤ་རུ་ཏྲ་མཱ་ར་


DNG023_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་ཧཱུྃ་ཕཊ། གཙྪ་ཕཊ་ཞེས་ནི་བཟླས་པ་བྱ། །ཐེ་ཚོམ་མེད་པར་དབྱེ་བར་ནུས། །བུད་མེད་འགུགས་པའི་སྦྱོར་བ་ནི། །ལན་ཚྭ་རྒྱ་སྐྱེགས་རྡོ་སོལ་དང་། །ཅོང་ཟི་བུ་རམ་ཉ་ཤ་དང་། །སྦྲང་རྩི་མངལ་ཁྲག་ཁུ་བ་དང་། །གང་ལ་བྱ་བའི་མིང་ངམ་སྐྲ། །རིལ་བུ་བརྒྱ་རྩ་བརྒྱད་བྱས་ལ། །སེང་ལྡེང་མེ་ལ་བསྲེག་པར་བྱ། །དུ་བ་བྱུང་ན་འདོད་ཆགས་ལངས། །མེ་ལྕེ་འབར་ནས་ཁུགས་པར་བྱེད། །སྔགས་ནི་མཁའ་འགྲོའི་སྙིང་པོས་བྱ། །ཐ་མ་བུད་མེད་འདི་ཁུག་བྱ། །དེས་ནི་ཐེ་ཚོམ་མེད་པར་ནུས། །ལྐུགས་པར་བྱ་བ་བསྟན་པ་ནི། །ཁམ་པའི་རྫས་ལ་དགྲ་གཟུགས་བྱ། །ལུག་གི་རྐན་ལ་མིང་བྲིས་ལ། །དེ་ཡི་སྙིང་གར་གཞུག་པར་བྱ། །ཁ་ཡི་ནང་དུ་ཉ་མགོ་གཞུག །ཁ་ནི་ཚེར་མས་རབ་ཏུ་གཏུར། །གཟུགས་ནི་ཁྱི་མགོའི་ཁར་གཞག་ལ། །ཁྱི་མགོ་སྤྱང་ཀིའི་རྒྱུས་པས་དཀྲིས། །གསང་སྔགས་བརྒྱ་རྩ་བརྒྱད་དུ་བཟླས། །ཨོཾ་བཛྲ་ཙཎྜ་རོ་ཥ་ཎ་ཧཱུྃ། རེ་མ་ཏི་ཆེ་གེ་མོ་བགྴ་ཧཱུྃ། སོས་པར་བྱ་ན་སླར་ལ་བཤིག །གལ་ཏེ་མ་བཤིག་མནན་ན་ནི། །མ་ཤིའི་བར་དུ་ཁ་འཐམས་སོ། །སྨྱོ་བའི་ལས་སུ་བྱ་བ་ནི། །བཙན་དུག་ལྡོང་རོས་སྦྲུལ་ནག་གོ། །སྡིག་པའི་རྭ་དང་བྱེའུ་ཆུང་རོ། །གང་ལ་བྱ་བའི་མིང་དང་བཅས། །དེ་ཉིད་ཀྱི་ནི་གནས་སུ་བསྲེག །ཆེ་གེ་མོ་ཤ་ཏྲཱུན་ནཱ། ཤ་པྲ་མ་ཡ་ཧཱུྃ་ཕཊ། ཐེ་ཚོམ་མེད་པར་འབོག་ཅིང་སྨྱོ། །རེངས་པར་བྱ་བ་བསྟན་པ་ནི། །གྲི་རྒོད་རོ་བསྲེགས་རུས་པ་དང་། །ཨ་བྲ་ནག་པོའི་འབྲས་བུ་དང་། །དམངས་རིགས་ཁྱིམ་གྱི་དུད་པ་དང་། །བྱི་ལའི་ཤ་དང་བཙན་དུག་དང་། །ཕབས་དང་སུག་པ་གུ་གུལ་ནག་པོ་དང་། །ཕྱེ་མ་དག་ཏུ་རབ་སྦྱར་ལ། །སྔགས་ནི་འབུམ་དུ་བཟླས་པ་བྱ། །ཨོཾ་པཱ་ཎི་བཛྲ་མ་ཧཱ་ཀ་ལི་ཙ་པ་ལ་ཧཱུྃ། སྲོ་ཏ་གྲུམ་སྔོ་སྲེང་ཧཱུྃ་ཧཱུྃ་ཧཱུྃ། དེ་རྣམས་ཀྱིས་ནི་ཕྱེ་མ་དེ། །གང་ལ་གཏོར་བས་རེངས་པར་ནུས། །རང་ལུས་སྦ་བའི་སྦྱོར་བ་ནི། །ཁྭ་ཏ་ནག་པོའི་ཚང་ཤིང་ལ། །ཨུཏྤལ་ནག་པོའི་ཁུ་བས་བྱུག །བྲམ་ཟེའི་གོ་རོ་ཙ་ནས་བསྐུ། །བསྒྲུབ་པའི་དཀྱིལ་འཁོར་དབུས་སུ་གཟུགས། །ཕྱག་ན་རྡོ་རྗེའི་


DNG023_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོ་བཟླས། །དེ་ནས་ན་བུན་བུ་མོ་བདུན། །སྲིན་བལ་ནང་དུ་དྲིལ་ལ་གཞག །ལྷ་མོ་དཔོན་གཡོག་སྙིང་པོ་བཟླས། །སྲིན་བལ་ཐུལ་པོ་ཤིང་ལ་གདགས། །མིས་མ་མཐོང་བར་ལུས་ལ་བཅང་། །བདག་ནི་སུས་ཀྱང་མི་མཐོང་ངོ་། །ཉོན་ཅིག་ལྷ་དབང་བརྒྱ་བྱིན་ཉོན། །བསྟན་པ་གཉན་པོ་བཤིག་པ་དང་། །རྡོ་རྗེ་སློབ་དཔོན་བརྙས་པ་དང་། །གསད་པའི་སྦྱོར་བ་རབ་ཏུ་བཤད། །རྗེ་མོས་གསད་པའི་ལས་བཞི་དང་། །ཁོལ་མོ་ནག་མོའི་ཐུན་དྲུག་ནི། །ངས་གསུངས་པ་ལ་ཐེ་ཚོམ་མེད། །གསད་པའི་ལས་བཞི་བསྟན་པ་ནི། །དང་པོར་ཁྲག་ནད་དབབ་པ་དང་། །གཉིས་པ་རིམས་ནད་དབབ་པ་དང་། །གསུམ་པ་ཚ་བ་འབྲུམ་ནག་འབར། །བཞི་པ་སྙིང་གཟེར་འབར་བའོ། །ནད་བཞི་གང་འདོད་འབར་བས་བསད། །ཁྲག་ནད་དག་གིས་དགྲ་གསད་ན། །རོ་ཚས་རས་ལ་ལིངྒ་བྲི། །ཚ་བ་གསུམ་གྱི་ཁུ་བས་བསྐུ། །བཟླས་པ་བྱ་ཞིང་གཏོར་མ་གཏང་། །ཕེབས་པར་དབབ་ཅིང་བསྐུལ་བར་བྱ། །ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ། ཨོཾ་རུ་རུ་ཏིཥྚ་བ་ཏོ་སི། རུ་རུ་བེ་རོ་རུ་བེ་ཏིཥྚ་བ་ཏོ་སི། ཙ་པ་ལ་ཨ་ཤུག་མེ། ཆེ་གེ་མོ་རཀྟ་རོ་གེ་ན་ག་མཱ་ར་ཡ་ཧཱུྃ་ཕཊ། ཁྲི་ཚོ་གཅིག་ཏུ་བཟླས་བྱས་ལ། །ལིངྒ་གཏོར་མར་དབུལ་བར་བྱ། །ཁྲག་ནད་ཀྱིས་ནི་འཆི་བར་འགྱུར། །ད་ནི་རིམས་ནད་དབབ་པ་བཤད། །བཙན་དུག་མདའ་དུག་རྒྱུ་གཟེར་ཁྲག །ཆང་དང་ལོ་དུག་ཁྲག་དང་བཞི། །ཐོད་པ་དུམ་བུ་བརྒྱད་པར་སྩལ། །ཞིང་རས་དག་གིས་ཁ་བཅད་ལ། །སྔགས་འདི་སུམ་འབུམ་བཟླས་པ་བྱ། །ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ། རུ་རུ་བེ་ཏིཥྚ་བ་ཏོ་སི། རུ་རུ་རོ་རུ་ཧོ་རུཥྚ་བ་ཏོ་སི། ཙ་པ་ལ་ཨ་ཤུག་མེ་ཧཱུྃ་བྱ་ཧ་དི་མ་རོ་གེ་ན་ག་ཨཱ་བེ་ཤ་ཡ། མཱ་ར་ཡ་ཕཊ།རང་ཉིད་ཁྲོས་པའི་ཆ་ལུགས་བྱ། །དགྲ་ཡི་ཕྱོགས་སུ་མཚན་མོ་གཏོར། །རིམས་ནད་དག་གིས་ཕུང་བར་ནུས། །ཚ་བའི་ནད་ཀྱིས་གསད་པ་ནི། །རབས་ཆད་ནག་པོའི་ཤ་ཁྲག་དང་། །བྱ་རོག་འུག་པའི་ཤ་ཚིལ་དང་། །སེང་སྟག་བྱ་རྒོད་སྐྱུང་ཀའི་སྙིང་། །རྟ་ནག་ར་རོག་


DNG023_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

ཕག་གི་སྙིང་། །སྤྱང་མོའི་སྙིང་དང་རྨེ་གྲིའི་ཤ །ཅོང་ཞུན་དང་ནི་གིའུ་ཝང་སྦྱར། །དུག་དང་ཁྲག་ཀྱང་བསྲེས་བྱས་ལ། །རིལ་བུ་ཁྲི་ཚོ་བཞི་བྱས་ལ། །མ་ཏྲང་ནག་པོའི་ཞལ་བཅས་ལ། །མ་ཏྲང་དེ་ཡི་ཁ་ནང་དུ། །དུག་ཤིང་ནག་པོའི་ཧོམ་སྦར་ཏེ། །རྡོ་རྗེ་མཁའ་འགྲོ་དཔོན་གཡོག་ཀྱང་། །ནག་མོ་རལ་པ་རྔམ་བག་ཅན། །ལག་ན་རལ་གྲི་ཐོགས་པ་ཡི། །དགྲ་ཤ་བཅད་ཅིང་ཟ་བར་བསྒོམ། །རིལ་བུ་རེ་དང་དགྲ་མིང་རེ། །བསྡེབས་ཤིང་བསྲེགས་པའི་ལས་བྱའོ། །མ་མོ་བསྐུལ་བའི་རྫས་རེ་བསྲེག །ནག་མོ་ཆེན་མོའི་དམོད་པ་ནི། །ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ། རུ་རུ་བེ་ཏིཥྚ་བ་ཏོ་སི་རུ་རུ་རོ་རུ་བེ་ཏིཥྚ་བ་ཏོ་སི། ཙ་པ་ལ་ཨ་ཤུག་མེ། མ་མ་སརྦ་ཤ་ཏྲུྃ་ཨ་མུ་ཀ་ཤཱི་གྷྲྃ་མཱ་ར་ཎ། ཛྭ་ལ་རྃ་ཙིཏྟ་ཛྭ་ལ་ཛི་བྃ་རུ་དྷི་རྃ་མཱ་ར་ཡ་ནཱ་ཤ་ཡ་ཧཱུྃ་ཕཊ། དེ་ནས་ཐལ་བ་ཧོཾ་ཁུང་མནན། །ཚ་བའི་ནད་ལ་ཐེ་ཚོམ་མེད། །སྙིང་གཟེར་འབར་བས་དགྲ་བསད་ན། །ལྕགས་སམ་དུག་ཤིང་ཕུར་བུ་ལ། །ལུས་ལ་བཅངས་ལ་བསྙེན་པ་དབུལ། །སྤྱི་བོར་ཕྱག་ན་རྡོ་རྗེ་བསྒོམ། །རྐེད་པར་ལྷ་མོ་ནག་མོ་བསྒོམ། །རྩེ་མོར་རེ་མ་ཏི་ཡང་བསྒོམ། །ལོགས་ལ་འཁོར་གྱི་མ་མོ་བསྒོམ། །ཀཱི་ལ་ཡ་ལ་བསྒོམ་པ་རྣམས། །སྐུ་སྟོད་རྒྱན་དང་ལག་ཆར་ལྡན། །རྐེད་པར་ཞེ་སྡང་སྦྲུལ་གྱིས་དཀྲིས། །སྐུ་སྨད་གདུག་པའི་ཕུར་བུ་འབར། །ལུས་ལ་བཅངས་ལ་བསྙེན་པ་དབུལ། །ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ། རུ་རུ་བེ་ཏིཥྚ་བ་ཏོ་སི། རུ་རུ་རོ་རུ་བེ་ཏིཥྚ་བ་ཏོ་སི། ཙ་པ་ལ་ཨ་ཤུག་མེ། རེ་མ་ཏི་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་མཱ་ར་ཎ་ཧཱུྃ་ཕཊ། རྟག་ཏུ་བསྙེན་པ་དབུལ་བྱས་ལ། །གཏོར་མ་སྦྱིན་སྲེག་དག་གིས་མཆོད། །དེ་ནས་དགྲ་ཡི་གཟུགས་བྱས་ལ། །རྐང་ལག་དག་ལ་བཏབ་པ་ན། །སྙིང་ལ་བཏབ་ན་འཆི་བར་བྱེད། །སྙིང་གཟེར་འབར་བའི་ཆོ་གའོ། །ཁོལ་མོ་ནག་མོའི་ཐུན་དྲུག་ནི། །འགུ་ལི་ནག་མོའི་ཐོད་པའི་ཐུན། །ནིར་ཏི་ནག་མོ་མདའ་ཡི་ཐུན། །རཀྟ་ནག་མོ་ཁྲག་གི་ཐུན། །ཙ་རྃ་ནག་མོ་སྒོ་ངའི་ཐུན། །བྱི་ཤ་ནག་མོ་དུག་གི་ཐུན། །ཙིཏྟ་ནག་མོ་སྙིང་གི་ཐུན། །ནག་མོའི་ཐུན་དྲུག་རབ་བཤད་བྱ། །འགུ་ལི་ནག་མོའི་


DNG023_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་མདའ་ནི། །མི་རོ་དཀྲིས་པའི་དཀྲིས་མ་ལ། །དུག་དང་ཁྲག་གི་སྣག་ཚ་ཡིས། །དབུས་ནས་བསྐོར་ལ་ཡི་གེ་བྲི། །ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ། ཞེས་བྱ་བ་དབུས་སུ་བྲི། དེ་ཡི་ཕྱི་རིམ་དུ་རུ་རུ་བེ་ཏིཥྚ་བ་རོ་སི། རུ་རུ་རོ་རུ་བེ་ཏིཥྚ་བ་དོ་སི། ཙ་པ་ལ་ཨ་ཤུག་མེ་ཧཱུྃ་བྷྱོ་ཞེས་བྲི། དེའི་ཕྱི་རིམ་དུ་རུ་རུ་བེ་རོ་རུ་ཧཱུྃ་ཏིཥྚ་བ་དོ་སི། རག་མོ་ཙིཏྟ་ཁ་རག་མ་ཧཱུྃ་བྷྱོ། མ་མ་ཏྲག་རཀྴ་ཁ་མུན་ཏྲ་བ་ཏྲ་བ་ཏྲག་རགྴ་ཙི་ཏྲ་ཁ་རག་མ། རེ་མ་ཏི་ས་མ་ཡ་མ་ཧཱ་པྲ་མ་སྡི་པྲ་དུན་བྷྱོ་ཛཿཛཿ། རུ་ལུ་བྷྱོ་བྷྱོ་ཞེས་བྲི། དེའི་ཕྱི་རིམ་དུ་མ་ནག་མོས་བསྐོར། དེའི་ཕྱི་རིམ་དུ་བྷྱོས་བསྐོར། དེ་ནས་སྔགས་ཀྱི་འཁོར་ལོ་དེ། །ནལ་ཐོད་དུམ་བུ་བརྒྱད་པར་སྩལ། །ཐོད་པ་དེ་ཡི་ནང་དུ་ནི། །བྃ་དང་ཁྱི་རྒྱ་ར་རོག་སྙིང་། །ཡུགས་ས་མོ་ཡི་མངལ་ཁྲག་དང་། །ནད་གང་འདོད་པའི་ཤ་རུས་ཁྲག །དུག་སྣ་ཚོགས་དང་ཁྲག་སྣ་ཚོགས། །ཆང་དང་སྦྱར་ལ་ཐོད་པར་བླུག །ཐོད་པ་གཡང་གཞིའི་སྟེང་དུ་གཞག །དེ་ར་ག་ཛ་ཏི་ཏ་བྃ་དང་། །མཁའ་འགྲོ་མ་ལ་ཕུལ་ནས་ནི། །སྐེ་ཚེ་ཡུངས་ནག་ཐལ་ཆེན་ལ། །སྔགས་འདི་བཟླས་ལ་ཐོད་པར་བླུག །ཨོཾ་རུ་རུ་བེ་རོ་རུ་ཧཱུྃ་ཏིཥྚ་བ་ཏོ་སི། ཧཱུྃ་ཧཱུྃ། ཙ་པ་ལ་ཨ་ཤུག་མེ་ཀཪྨ་དེ་བྱི་མུ་དི་རཱ་ག་བྃ་ཧཱུྃ་ཧཱུྃ་ཙ་པ་ལ་ཨ་ཤུག་མེ། མུ་ཡཾ་རཀྵ་ཐུམ་དུ་ན་ནན། ཁ་རག་ཙ་མུན་ཏི་ཧཱུྃ་ཧཱུྃ་ཙ་པ་ལ་ཨ་ཤུག་མེ། ཨ་ཀམ་མཱ་ར་ཎ་ཧཱུྃ་ཕཊ། སྔགས་དེ་ཁྲི་ཚོ་ཐོན་པའི་ཚེ། །གོ་རོ་ཙ་ནས་ཁ་བཅད་ལ། །དུར་ཁྲོད་དག་ཏུ་གནས་དག་སྟེ། །ནམ་ཕྱེད་ཐོད་མདའ་དགྲ་ལ་འཕང་། །མ་མོ་བསྐུལ་བའི་དམ་རྫས་བསྲེག །དེ་ནི་ཕུང་ཞིང་རླག་པར་བྱེད། །ནིར་ཏི་ནག་མོའི་མདའ་ཐུན་ནི། །མདའ་སྒྲོ་བྱ་སྐྱུང་ཀ་ཡིས་སྒྲོན། །དུག་ཤིང་ནག་པོའི་མདེའུ་བཙུགས་ལ། །བམ་གྱི་སྙིང་ཁྲག་ཡུགས་སའི་ཁྲག །བཙན་དུག་ཡུངས་ཀར་སྐྱེ་ཚེ་དང་། །མི་རིགས་དགུ་ཡི་སོ་སེན་དང་། །བྱ་དང་གཅན་དགུའི་སྡེར་མོ་དང་། །ཚེར་མ་དགུ་དང་མཚོན་དབལ་དགུ། །གྲི་རྒོད་ཁྲག་དང་གཡུལ་སྤྲད་ས། །དེ་རྣམས་བསྲེས་པའི་ཕྱེ་མ་ལ། །མ་མོ་ལས་ལ་བསྐུལ་བ་དང་། །གནད་ལ་དབབ་པའི་སྔགས་ཀྱིས་གདབ། །དེ་ཡི་གཏིང་ལ་ཐུན་གྱི་མཐུ། །དམེ་གྲི་ནག་མོའི་ཟོར་སྔགས་


DNG023_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས། །རག་མོ་ཙིཏྟ་མོ་ཙ་ཙ་མོ་བྷྱོ། ཧི་ལི་ཧི་ལི་མ་མ་བྷྱོ། བཛྲ་ཨ་ལི་ག་སྲི་ག་སི་ཧཱུྃ་བྷྱོ། བཛྲ་མ་མ་ཏི་བྷྱོ། དེ་སྐད་སྔགས་ནི་བཟླས་ནས་ནི། །རྫས་དང་ཕུར་ཐུན་མདའ་སྦུབས་བླུག །མདའ་ཉིད་དུག་དང་ཁྲག་གིས་བྱུག །དུར་ཁྲོད་མགལ་བའི་གཞུ་བདུངས་ལ། །མདེའུ་ཡི་རྩེ་མོ་བསྲེག་བྱས་ལ། །མདའ་དེ་ནམ་ཕྱེད་དགྲ་ལ་འཕང་། །གང་ལ་བྱ་བ་གྲི་རུ་འཆི། །རགྟ་ནག་མོའི་ཁྲག་ཐུན་ནི། །མི་རྟ་ར་ཁྱི་ཕག་ཁྲག་དང་། །རིམས་ནད་ཁྲག་དང་གུ་གུལ་དང་། །ཚེར་མ་དགུ་དང་མཆེ་སྡེར་དགུ། །ཀླུ་ཡི་ཆུ་དང་བཙན་དུག་དང་། །རྔར་གྲི་འབུམ་ཏྲི་ནང་དུ་སྩལ། །ཡུངས་ཀར་དག་ལ་ཐུན་སྔགས་འདི། །བདུན་ཁྲི་བཟླས་ལ་ཁྲག་གི་ནང་དུ་བླུག །རུ་རུ་ཙ་དུག་ཨ་ཤུག་མེ་པ་ཏི་རུ་ཏྲ་ཁ་ཤལ་མོ། ཆེ་གེ་མོ་ཨ་མུ་ཀ་རཀྟ་ཙ་ར་ནན། མཱ་ར་ཡ་མཱ་ར་ཡ་རུ་ཏི་རྃ། ཨཱ་ཀཪྵ་ཡ་ཨ་ཧཱུྃ་ཕཊ། དེ་སྐད་ཁྲག་ལ་སྔགས་བཟླས་ལ། །མ་མོ་ལས་ལ་བསྐུལ་སྔགས་གདབ། །དེ་ནས་ཁྲག་གི་ཟོར་མདའ་དེ། །རོ་དཀྲིས་དག་གི་འུར་རྡོར་སྩལ། །ནམ་ཕྱེད་དགྲ་ལ་འཕང་བར་བྱའོ། །དེས་ནི་གང་ལ་བྱ་བ་འཆི། །ཙ་ར་ནག་མོའི་སྒོང་ཐུན་ནི། །བྱ་མོ་ནག་མོའི་སྒོ་ང་ཡི། །སྤྱི་བོ་བརྟོལ་བའི་སྒོང་སྟོང་དུ། །རིམས་ཀྱི་ཁྲག་དང་བཙན་དུག་སྩལ། །ཡུངས་ཀར་ཐལ་ཆེན་མཚོན་དབལ་ལ། །སྲོག་གི་སྙིང་པོ་འབུམ་དུ་བཟླས། །ཐ་མར་སྒོང་ཐུན་གདབ་སྔགས་བཟླས། །ཁ་མུན་ཏྲ་བ་ཏྲ་བ་ཏྲག་ཤ་རག་མོ་ཏེ་ཀེམ་ཛཱ་ཛཱ། ཁ་རག་ཏེ་ཀེ་མ་བྷྱོ་བྷྱོཿ། དེ་ནས་སྒོ་ང་ཁ་བཅད་ལ། །ཧ་སྟ་ལག་པར་བཅུག་ལ་འཕང་། །མཁར་ལ་བརྒྱབ་ཀྱང་འཇིག་པར་ནུས། །དགྲ་ལ་འཕང་ན་ཐེ་ཚོམ་མེད། །བྱི་ཤ་ནག་མོའི་དུག་ཐུན་ནི། །མ་ཧེའི་རྭ་འམ་བ་མེན་རུ། །མདའ་དུག་བཙན་དུག་ལོ་དུག་དང་། །རིམས་ནད་ཁྲག་དང་ཆང་བླུགས་ལ། །རྭ་རུ་ནང་ཉིད་ཁར་བཅུག་ལ། །དང་ལ་མཁའ་འགྲོའི་སྙིང་པོ་དང་། །ལས་ལ་བསྐུལ་སྔགས་མིང་དང་བཅས། །དེ་ནས་དུག་གི་དབལ་སྔགས་བཟླས། །ཧཱུྃ་རེ་མ་ཏི་མ་མ་རུ་ལུ་རག་ཥ་བྷྱོ། རེ་མ་ཏི་བྱི་ཤི་མ་ཡ་སྟ་ཡཀྴ་ཀྲོ་དྷ་ཆེ་གེ་མོ་མཱ་ར་ཡ་ཕཊ།


DNG023_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

རྭ་རྩེ་ཕྲ་མོ་བཅད་པར་ནི། །དུག་གི་ཁུ་བ་མི་མགོས་གཏིང་། །མི་མགོ་དུག་གིས་ཁེངས་ཙམ་ན། །མ་མོ་བསྐུལ་བའི་རྫས་བསྲེགས་ལ། །ཁྲམ་བམ་ཕྱག་རྒྱ་བཅས་ལ་ནི། །ནམ་ཕྱེད་ཁྲོས་ཏེ་དགྲ་ལ་འཕང་། །ཐེ་ཚོམ་མེད་པར་དགྲ་བརླག་གོ། །ཙིཏྟ་ནག་མོའི་སྙིང་ཐུན་ནི། །སྤྱང་ཀི་སྟག་དང་སྲེ་མོང་སྙིང་། །ཁྱི་དང་འུག་པ་ཝ་ཡི་སྙིང་། །ཕོ་རོག་ཁྲག་དང་སྦྲུལ་གྱི་སྙིང་། །ཐོད་པའི་ནང་དུ་སྩལ་ལ་ནི། །དང་པོ་མ་མོ་དཔོན་གཡོག་གི། །གནད་ལ་བསྐུལ་བའི་སྔགས་བཟླས་ཤིང་། །མ་མོ་བསྐུལ་བའི་དམ་རྫས་བསྲེག །དེ་ནས་སྙིང་གི་ཐུན་སྔགས་ནི། །ཏྲག་རགྴ་ཙི་ཏ་དུང་རོ་ཏ་མ་ཏ་སྨ་ར་ར་ཏ་བྷྱོ། དེ་སྐད་བཟླས་པའི་སྙིང་ཐུན་དེས། །གྲོང་ལ་བརྒྱབ་ཀྱང་ཕུང་བར་བྱེད། །ནག་མོ་འབར་བའི་ཐུན་དྲུག་འདིས། །མཁར་ལ་བརྒྱབ་ཀྱང་འཇིག་པ་ལ། །གཡུལ་ངོ་ཆེན་པོར་བརྒྱབ་ཀྱང་བཟློག །གཞན་གྱི་བྱད་དང་སྔགས་ཀྱང་བཟློག །དགྲ་དང་བགེགས་ལ་ཐེ་ཚོམ་མེད། །ཡང་ནི་བཤད་ཀྱིས་བརྒྱ་བྱིན་ཉོན། །བསྟན་པ་གཉན་པོའི་སྐུ་དགྲ་ལ། །ལྟས་ངན་བྱ་ནག་དབབ་པ་སྟེ། །དང་པོ་བྱ་ནག་བཟུང་བྱས་ལ། །བཅུ་གཉིས་དབང་གི་རིམ་པ་བསྐུར། །དེ་ནས་བྱ་ལ་མ་མོ་དབབ། །བྱ་དེ་མིག་རྩ་རྒོད་པ་དང་། །སྐད་འབྱིན་གཤོག་པ་གདེང་བ་ན། །མ་མོ་ཕེབས་པའི་རྟགས་ཡིན་པས། །ཕྱི་དང་ནང་གི་མཆོད་པ་བྱ། །ཕྱག་རྒྱ་དགུ་ནི་རབ་བསྟན་ལ། །དབང་བསྐུར་དམ་ཚིག་སྦྱིན་པར་བྱ། །དེ་ནས་མ་མོ་བསྐུལ་སྔགས་བཟླས། །ལས་ལ་བསྐུལ་བའི་དམ་རྫས་བསྲེག །སྔགས་འདིས་བྱ་དེ་སྤར་ལ་གཏང་། །ཨོཾ་ཀྵ་རག་ཤ་ཙི་ཏ་ཁ་རག་མ་ཙིཏྟ་ཏུང་ཏུང་ཛ་ཤ་ཡུ་ཏ་ཏི་བྷྱོ། རེ་མ་ཏི་རཱཀྵ་སི་རུ་ལུ་རུ་ལུ་པྲ་མ་མ་ཧཱ་སྡི་པྲ་དུང་བྷྱོ། ཀར་མ་ས་མ་ཡ་བྷྱོ་བྷྱོ་བྷྱོ་ཞེས་གཏང་ངོ་། །དེས་ནི་བྱ་ནག་གང་དུ་སྨོས་པར་འགྲོའོ། །མཁའ་འགྲོ་མ་མེ་ལྕེ་འབར་བའི་ལས་ཀྱི་རྒྱུད་ལས་ལས་སོ་སོ་མ་མོའི་བྱེ་བྲག་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་ལྷའི་དབང་པོ་བརྒྱ་བྱིན་དེས། དཔལ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་རིག་སྔགས་གསང་སྔགས་


DNG023_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

བདག་པོ་གསང་དབང་པོ། །ཕྱག་ན་རྡོ་རྗེ་ཐིག་ལེ་བསྟན་པ་བསྲུང་བ་ཡི་དོན་དུ། །བདུད་རྩི་འཆང་བཞིན་མར་མེ་གསོད་པ་ཡི། །སྐྱེས་བུ་ཆེན་པོ་མངའ་བདག་བཤད་དུ་གསོལ། །ཞེས་ཞུས་པ་ལ། དཔལ་ཕྱག་ན་རྡོ་རྗེས་བཀའ་སྩལ་པ། ལྔ་བརྒྱ་ཐ་མ་མེ་ལྟར་འབར་བའི་ཚེ། །ཉམས་པ་གསོད་པའི་སྦྱོར་བ་བཤད་ཀྱིས་ཉོན། །དང་པོ་མཁའ་འགྲོ་མེ་ལྕེ་བསྒྲུབ་པའི་རྣལ་འབྱོར་པས། །སྐབས་སུ་གསད་པའི་ལས་ལ་འཇུག་པ་ནི། །དར་ལ་མཚན་མ་ཕེབས་པའི་བསྙེན་པ་བྱ། །གཏོར་མ་སྦྱིན་སྲེག་སྡི་རས་བུ་ཙ་བྱ། །ཁམ་ས་རྐང་རྗེས་དྲི་ཆུ་སྐྲ་ཤད་ལ། །གང་ལ་བྱ་བའི་སྙིང་གར་མིང་། །དུག་དང་བདུད་རྩིའི་གཏོར་མའི་ནང་དུ་སྩལ། །དེ་ནས་མ་མོ་ཞག་བདུན་དབབ་ཅིང་བསྟབ། །བསྐུལ་བ་གནད་ལ་དབབ་པའི་དམ་རྫས་བསྲེག །གནད་ལ་དབབ་ཅིང་ལས་ལ་བསྐུལ་སྔགས་བཟླས། །ཏིང་འཛིན་ཁྲག་འཐུང་བདུད་མོའི་བར་དུ་ནི། །སྙིང་གི་འོད་ཟེར་དག་གིས་དྲངས་བྱས་ཏེ། །བདུད་རྩི་དྲངས་པའི་སྦྱོར་བ་སྟོན་པ་ནི། །གསལ་བ་དངོས་གྲུབ་སྤྱི་སྟེ་ལོག་པ་ཡིས། །གསང་སྦུགས་བདུད་རྩི་བདུད་མོའི་ཞལ་དུ་དྲང་། །ཐུགས་ཀྱི་དཀར་དམར་པདྨའི་སྦུ་གུར་སྤྲོ། །བདག་གི་སྦུབས་ན་ཐུགས་ཀྱི་དཔལ་བེའུ་རྒྱས། །དེ་ནས་མར་མེ་གསད་པའི་ཏིང་འཛིན་ནི། །བཞིས་བསྡུས་དབུས་ནས་ནྲྀ་ལས་འོད་འབར་བ། །བདག་ཉིད་བདུད་མོའི་རང་བཞིན་གསལ་བ་ལ། །སྤྲོ་བའི་རླུང་གིས་མར་མེ་གཏིང་ནས་སྦར། །བུད་པའི་རླུང་གིས་མར་མེ་ཁད་ཀྱིས་གསད། །འདྲེན་པའི་རླུང་གིས་ཐིག་ལེའི་རྩེ་མོར་དྲང་། །དང་པོས་བཀྲག་ཤོར་གཉིས་པས་སུམ་ཆ་ཉམས། །གསུམ་པས་ཕྱེད་ལ་བཞི་པས་སུམ་གཉིས་མེད། །ལྔ་པས་མུན་ཁང་ལྟར་གྱུར་བདག་ལ་གསལ། །མར་མེ་བདུད་རྩི་ལོ་གྲངས་དུ་ལོན་ཐུབ། །དེ་ནས་དགྲ་གཟུགས་འགུ་ལིང་ནག་པོར་གཞུག །ཧོམ་ཁུང་ནང་དུ་རྩང་ནང་ཕུར་བུས་བསྐོར། །ནག་མོ་རོ་ཟན་ཁ་ལ་མེ་འབར་མ། །མ་བདུད་རྒྱལ་པོ་ལྷག་པའི་སྙིང་རྗེ་ཅན། །ཁྲག་འཐུང་རེ་མ་ཏི་ཡི་དམོད་པ་ནི། །ཏྲག་རག་ཤ་རེ་མ་ཏིའི་ཧཱུྃ་ཨ་མུ་ཀ་སྲི་


DNG023_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

ཀྲམ་མ་ར་ན་ཡ་མ་རག་མོ་ཨཱརྱ་ཙ་ཙ་ཐི་གི་མ་ཁ་ལ་བྷྱོ་བྷྱོ། རག་མོ་ཙི་ཏ་ཁ་རག་མ་བྷྱོ། རག་མོ་ཏི་ཀི་མ་ཛཿཛཿ། ཁ་ལེ་དུན་བྷྱོ། ཁ་རག་ཏི་ཀི་མ་ཛ་ཁ་ལེ་དུན་བྷྱོ། མ་རག་ཐུན་མ་བྷྱོ། ཆེ་གེ་མོ་མཱ་ར་ཡ་ཧཱུྃ་ཕཊ། གསང་སྔགས་དེ་ནི་ཁྲི་ཚོ་གཉིས་སུ་གདབ། །ཡུངས་ཀར་ཐལ་ཆེན་དག་ལ་སྔགས་ལ་གདབ། །འགུ་ལིང་དུར་ཁྲོད་རྙིང་པའི་གཏིང་དུ་མནན། །གང་ལ་བྱ་བ་དེ་ནི་ཞག་བདུན་ལེན། །མཁའ་འགྲོ་མ་མེ་ལྕེ་འབར་བའི་རྒྱུད་ལས་མར་མེ་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་དཔལ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་བདེ་བ་ཆེན་པོ་རྡོ་རྗེ་འཆང་། །འཁོར་བའི་རྒྱུན་ལམ་བཅད་པ་དང་། །ཡེ་ཤེས་ནུས་པ་བསྐྱེད་པའི་ཕྱིར། །ཐིག་ལེ་ཡེ་ཤེས་མན་ངག་འདི། །སྙིང་རྗེ་ཅན་གྱིས་བཤད་དུ་གསོལ། །ཞེས་ཞུས་པའི་ཚེ། དཔལ་ཕྱག་ན་རྡོ་རྗེ་དེས་གསང་བའི་ཐུགས་ཀ་ནས། ཡེ་ཤེས་འབྱུང་བ་ཞེས་བྱ་བའི་འོད་ཟེར་བཀྱེ་ནས་འཛུམ་པའི་མདངས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཡེ་ཤེས་རྡོ་རྗེ་ཐིག་ལེ་ནི། །ཐུན་མོང་མ་ཡིན་ཤེས་པར་དཀའ། །དོན་དམ་ཀུན་རྫོབ་གཉིས་སུ་བཤད། །དོན་དམ་སེམས་ཀྱི་སྤྱོད་ཡུལ་ལོ། །ཀུན་རྫོབ་ལས་ཀྱི་ཕྱག་རྒྱ་དངོས། །རྒྱལ་རིགས་བུ་མོ་དེ་ལ་བསྟེན། །རང་རིག་རྩལ་གྱིས་རླུང་གཡོས་ཏེ། །རླུང་གི་ཐིག་ལེ་ཡེ་ཤེས་མེ། །རྡོ་རྗེ་གསང་བས་ས་བོན་བསྐུལ། །རྟོག་མེད་གསང་བའི་ཐིག་ལེ་ལ། །མི་བསྐྱོད་མཉམ་པར་སེམས་གཏད་ན། །མར་མེའི་རྩེ་མོ་ལྟ་བུར་བརྟན། །གནས་པའི་རྩ་ཡི་ནམ་མཁའ་ལ། །སྲོག་འདྲེན་ཐིག་ལེ་བསྒོམ་པའི་ཚེ། །བརྟན་དང་གཡོ་བའི་དངོས་པོ་ཀུན། །བདེན་གཉིས་བྱང་ཆུབ་དོན་གསལ་ནས། །དང་བའི་ཆུ་ལ་གཟུགས་བརྙན་བཞིན། །རྒྱལ་བའི་གོ་འཕང་རང་ལ་འཆར། །མཁའ་འགྲོ་མ་ཡི་རང་བཞིན་འགྲུབ། །ལྷན་ཅིག་སྐྱེས་པའི་ལྷ་མོའི་དོན། །མཁའ་འགྲོ་མ་མེ་ལྕེ་འབར་བའི་རྒྱུད་ལས་ཡེ་ཤེས་ཀྱི་ཐིག་ལེ་བཤད་པའི་ལེའུ་སྟེ་བཅྭ་བརྒྱད་པའོ།། །།དེ་ནས་ལྷའི་དབང་པོ་བརྒྱ་བྱིན་དེས། དཔལ་ཕྱག་ན་རྡོ་རྗེ་ལ་འདི་སྐད་


DNG023_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་གསོལ་ཏོ། །བགེགས་ཀྱི་གཙོ་བོ་དབང་ཕྱུག་རྗེ། །འགྲོ་བ་ཐུགས་རྗེས་བསྐྱང་བའི་ཕྱིར། །བཅུ་དྲུག་རྡོ་རྗེ་འཕྲུལ་གྱི་རྒྱུད། །དཔའ་བོ་ཆེན་པོས་བཤད་དུ་གསོལ། །ཞེས་ཞུས་པ་དང་། དཔལ་ཕྱག་ན་རྡོ་རྗེས་བཀའ་སྩལ་པ། མ་འོངས་ཕྱི་མའི་སེམས་ཅན་རྣམས། །དད་དང་སྤྲོ་བ་བསྐྱེད་པའི་ཕྱིར། །རྫུ་འཕྲུལ་བཅུ་དྲུག་བཤད་ཀྱིས་ཉོན། །དང་པོ་ལྷ་ཡི་རྣལ་འབྱོར་ལ། །དྲོད་དང་མཚན་མ་ཐོབ་པར་བྱ། །དེ་ནས་འཕྲུལ་ལ་འཇུག་པ་ནི། །ཨ་ནུ་ས་ཏིའི་རིལ་བུ་སྦྱར། །རྨ་བྱ་ཁྲུང་ཁྲུང་ནེ་ཙོ་ཤ །ཉ་དང་སྤྲེའུ་དང་བྱི་ལའི་ཤ །རྔ་མོ་ཁྭ་ཏ་ངང་པའི་ཤ །ནེའུ་ལེ་སོ་བྱ་མཐིང་རིལ་ཤ །དེ་རྣམས་སྐམས་པའི་ཕྱེ་མ་དང་། །བིལ་བའི་ཤིང་དང་ཨ་རུ་ར། །ཤིང་ཚ་སུག་སྨེལ་རུས་སྦལ་རུས། །ཀ་ཀ་རུ་དང་མེ་ཁྱེར་སྲིན། །མི་རུས་དང་ནི་ཕག་རྒོད་ཁྲག །མི་རྒོད་སྐྲ་དང་ཆུ་ཀླག་སྒྲོ། །དེ་རྣམས་བསྲེས་ལ་རིལ་བུ་བྱ། །སྦྲང་རྒོད་དག་གིས་མགོ་བསྡུས་ལ། །དུར་ཁྲོད་ཐོད་པའི་ག་འུར་སྩལ། །ཕྱག་ན་རྡོ་རྗེའི་སྙིང་པོ་དང་། །མ་མོའི་སྲོག་སྙིང་བདུན་འབུམ་བཟླས། །བར་བར་བྲམ་ཟེའི་མེ་ལ་བསྲོ། །དེ་ནས་སྣ་ཡི་རིལ་བུ་ལ། །འོད་དང་མེ་སྟག་འཕྲོས་ཙམ་ན། །ཟངས་སམ་ལྕགས་ཀྱི་ག་འུར་སྩལ། །དེ་ནས་རྡོ་རྗེ་མཁའ་འགྲོ་ལ། །དུག་དང་ཁྲག་གི་སྦྱིན་སྲེག་དབུལ། །ཨ་བུ་སི་ཏིའི་རིལ་བུ་དེ། །རང་གི་ལྕེ་ལ་མྱངས་པ་ན། །རྟག་ཏུ་བཙན་དུག་འཐུང་བར་ནུས། །ཡང་ན་མ་མོ་མཁའ་འགྲོ་ལ། །སོ་བྱ་རོག་མོའི་སྦྱིན་སྲེག་དབུལ། །ཨ་བུ་སི་ཏིའི་རིལ་བུ་དེ། །རྐང་པའི་མཐིལ་དུ་བསྐུས་པ་དེས། །ཆུ་ཡི་སྟེང་དུ་འགྲོ་བར་བྱེད། །མ་མོ་མཁའ་འགྲོ་དཔོན་གཡོག་ལ། །ཆང་དང་བྱ་རྒོད་སྦྱིན་སྲེག་དབུལ། །རིལ་བུ་ཡན་ལག་བཞི་ལ་བསྐུ། །བདག་ནི་ནམ་མཁའ་དག་ལ་འཕུར། །རྡོ་རྗེ་མཁའ་འགྲོ་མ་དག་ལ། །མི་ཤའི་མར་ཁུ་སྦྱིན་སྲེག་དབུལ། །རིལ་བུ་ལྕེ་ལ་མྱངས་པ་ན། །སྐྱེ་བ་སྔ་ཕྱི་དྲན་པར་ནུས། །མ་མོ་དག་དང་མཁའ་འགྲོ་ལ། །མར་དང་ར་ཁྲག་སྦྱིན་སྲེག་དབུལ། །ཨ་བུ་སི་ཏིའི་རིལ་བུ་དེ། །བུད་མེད་གང་གི་དཔྲལ་བར་བསྐུས། །དེ་ནི་བདག་གི་དབང་དུ་འགྱུར། །རྡོ་རྗེ་ནག་མོ་ཆེན་མོ་ལ། །ཆང་དང་


DNG023_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

སྦྲང་རྒོད་སྦྱིན་སྲེག་དབུལ། །དེ་ནས་རིལ་བུ་མིག་ལ་བསྐུ། །སྲིད་པ་གསུམ་ཀ་དུས་གཅིག་མཐོང་། །རྡོ་རྗེ་མཁའ་འགྲོ་ཆེན་མོ་ལ། །མར་དང་ཁྭ་ཏའི་སྦྱིན་སྲེག་དབུལ། །རིལ་བུ་རྐང་པའི་མཐིལ་ལ་བསྐུ། །ཉིན་གཅིག་དཔག་ཚད་བརྒྱད་ཁྲིར་ཕྱིན། །རྡོ་རྗེ་ལྷ་མོ་ནག་མོ་ལ། །ཁྲག་དང་མར་ཁུའི་སྦྱིན་སྲེག་དབུལ། །རིལ་བུ་མཆན་ཁུང་གཉིས་བསྐུས་ན། །རང་ལུས་སུས་ཀྱང་མི་མཐོང་ངོ་། །དཔལ་ལྡན་ལྷ་མོ་དཔོན་གཡོག་ལ། །འབྲས་དང་བུ་རམ་སྦྱིན་སྲེག་དབུལ། །རིལ་བུ་ཁོང་པར་འཐུངས་པ་ན། །ཚེ་ལོ་སྟོང་ནི་ཐུབ་པར་ངེས། །དཔལ་ལྡན་རྡོ་རྗེ་ལྷ་མོ་ལ། །འབྲུ་དང་མར་ཁུའི་སྦྱིན་སྲེག་དབུལ། །རིལ་བུ་ལུས་ལ་བསྲེལ་བ་ན། །ནོར་གྱི་གཏེར་ལ་སྤྱོད་པར་འགྱུར། །དེ་ནས་མཁའ་འགྲོ་མ་ལ་ནི། །ཏིལ་དང་མི་ཤའི་སྦྱིན་སྲེག་དབུལ། །ཨ་བུ་སི་ཏིའི་རིལ་བུ་དེ། །མི་རོ་སར་པའི་ཁར་བཅུག་ནས། །མ་མོའི་སྙིང་པོ་འབུམ་བཟླས་ན། །མི་རོ་ལངས་ནས་དངོས་གྲུབ་སྟེར། །གསེར་དང་དངུལ་དུ་འགྱུར་ཡང་རུང་། །ཡང་ན་དེ་ལ་རལ་གྲི་སྦྱིན། །ཅི་འདོད་ཕོ་ཉའི་མངག་གཞུག་བྱེད། །ཕྲིན་ལས་རྣམ་བཞི་གང་བཅོལ་འགྲུབ། །རྡོ་རྗེ་དཔལ་ལྡན་ལྷ་མོ་ལ། །གོ་རོ་ཙ་ནའི་སྦྱིན་སྲེག་དབུལ། །རིལ་བུ་ནད་པའི་ལུས་ལ་བསྐུ། །ནད་པ་རྣམས་ནི་འཚོ་བར་བྱེད། །ཡང་ནི་རྡོ་རྗེ་ལྷ་མོ་ལ། །ཆང་དང་གི་ཝང་སྦྱིན་སྲེག་དབུལ། །རིལ་བུ་བགྱིས་པ་ལྟེ་བར་བསྐུ། །སྲི་བུ་དག་ནི་འཚོ་བའོ། །རྡོ་རྗེ་དཔལ་ལྡན་ནག་མོ་ལ། །ཏིལ་མར་སྐེ་ཚེའི་སྦྱིན་སྲེག་དབུལ། །རིལ་བུ་མེ་རུ་བསྲེགས་པ་ན། །དགྲ་ལ་ཐོག་དང་སེར་བ་འབེབས། །རྡོ་རྗེ་ལྷ་མོ་ནག་མོ་ལ། །མར་དང་མུ་ཏིག་སྦྱིན་སྲེག་དབུལ། །རིལ་བུ་དཔྲལ་བའི་དབྱིངས་སུ་བསྐུ། །རྒྱལ་པོའི་ཆད་པ་མི་འབྱུང་ཞིང་། །མེ་དང་ཆུས་ཀྱང་མི་ཚུགས་སོ། །རྡོ་རྗེ་མཁའ་འགྲོ་མ་ཀུན་ལ། །མེ་ཏོག་བུ་རམ་སྦྱིན་སྲེག་དབུལ། །རིལ་བུ་ལྟེ་བར་བསྐུས་པ་ན། །སྦྲུལ་དང་བཙན་གྱིས་མི་ཚུགས་སོ། །བྱད་སྟེམས་ཀྱང་ནི་བཟློགས་པར་འགྱུར། །མཁའ་འགྲོ་མ་མེ་ལྕེ་འབར་བའི་རྒྱུད་ལས་རྫུ་འཕྲུལ་བཅུ་དྲུག་གི་ལེའུ་སྟེ་བཅུ་དགུ་པའོ།། །།དེའི་ཚེ་འཁོར་འདུས་པའི་ནང་ནས། ལྷའི་དབང་


DNG023_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

པོ་བརྒྱ་བྱིན་སྟན་ལས་ལངས་ཏེ། དཔལ་ལྡན་ཕྱག་ན་རྡོ་རྗེ་ལ་བསྟོད་པ། བཅོམ་ལྡན་མགོན་པོ་རྡོ་རྗེ་འཛིན། །སྐུ་གསུང་ཡེ་ཤེས་ལྔར་ལྡན་ལྷ། །ཐབས་དང་ཤེས་རབ་བདག་ཉིད་ཅན། །རིག་སྔགས་གསང་སྔགས་དངོས་པོ་འཛིན། །སྲིད་པ་གསུམ་གྱིས་བསྐུར་བའི་གནས། །ལྷ་སྲིན་བརྒྱད་ཀྱིས་མཆོད་ཅིང་བསྟོད། །ཉོན་མོངས་བདུད་ལས་རྣམ་པར་རྒྱལ། །ཕྱག་ན་རྡོ་རྗེ་ཆེ་ལ་ཕྱག་འཚལ་བསྟོད། །དཔལ་ལྷ་མོ་ལ་དགེ་བཅུའི་སྒོ་ནས་བསྟོད་པ། བརྒྱ་བྱིན་གྱིས་བསྟོད་པ། དེ་ནས་དཔལ་ལྷ་མོ་ལ་ལྷ་མ་སྲིན་སྡེ་བརྒྱད་ཀྱིས་སོ་སོ་ནས་དཔལ་ལྷ་མོ་བསྟོད་པ། དེ་ནས་གཡོག་མོ་རེ་མ་ཏི་ལ། བདུད་རི་ཏི་འགོང་ཉག་གིས། འདུལ་ཐབས་ཀྱི་དབང་གི་སྒོ་ནས་བསྟོད་པ། ལྷ་ལ་དབང་སྒྱུར་ལྷ་མོ་དཔལ་འབར་མ། །དབང་ཕྱུག་སྲས་མོ་ལྷ་མོ་གཟི་ལྡན་མ། །སུམ་ཅུ་རྩ་གསུམ་གནས་ཀྱི་གཙོ་མོ་སྟེ། །ལྷ་མོ་རེ་མ་ཏི་ལ་ཕྱག་འཚལ་བསྟོད། །བདུད་ལ་དབང་སྒྱུར་བདུད་མོ་དཔལ་འབར་མ། །རི་ཏི་འགོང་ཉག་བུ་མོ་རེ་མ་ཏི། །ནག་མོ་རྩེ་དགུ་གནས་ཀྱི་གཙོ་མོ་སྟེ། །བདུད་མོ་རེ་མ་ཏི་ལ་ཕྱག་འཚལ་བསྟོད། །ཀླུ་ལ་དབང་སྒྱུར་ཀླུ་མོ་དཔལ་འབར་མ། །གཙུག་ན་རིན་ཆེན་བུ་མོ་ཡིད་འོང་མ། །རོལ་མཚོ་བདུན་གྱི་གནས་ཀྱི་གཙོ་མོ་སྟེ། །ཀླུ་མོ་རེ་མ་ཏི་ལ་ཕྱག་འཚལ་བསྟོད། །གནོད་སྦྱིན་དབང་སྒྱུར་གནོད་སྦྱིན་དཔལ་འབར་མ། །གང་བ་བཟང་པོའི་བུ་མོ་ཤང་ཀ་ན། །ནགས་ཚལ་དྲ་བ་ཅན་གྱི་གཙོ་མོ་སྟེ། །གནོད་སྦྱིན་རེ་མ་ཏི་ལ་ཕྱག་འཚལ་བསྟོད། །བསྟོད་པའི་ལེའུ་སྟེ་ཉི་ཤུ་པའོ།། །།དེ་ནས་དཔལ་ཕྱག་ན་རྡོ་རྗེ་དེས། པདྨའི་གདན་ལས་སྐུ་བཞེངས་ཏེ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྲས་མཆོག་འཁོར་གྱི་དམ་པ་བརྒྱ་བྱིན་ཉོན། །ལྷ་དང་ལྷ་མིན་མི་དང་ནམ་མཁའ་ལྡིང་། །བགེགས་དང་གཤིན་རྗེ་མ་མོ་དང་། །ཤ་ཟ་ལྟོ་འཕྱེ་དྲི་ཟ་དང་། །སྲིན་པོ་གྲུལ་བུམ་བདུད་དམ་མི། །སྔགས་འཆང་རྣལ་འབྱོར་གནོད་སྦྱིན་དང་། །ང་ཡི་འཁོར་རྣམས་རབ་ཏུ་ཉན་པར་གྱིས། །ངས་ནི་རྡོ་རྗེ་ཏིང་འཛིན་ལྷུན་


DNG023_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་གྲུབ། །ངས་ནི་མཚན་མ་འཇོམས་པའི་ཕྱག་རྒྱ་རྙེད། །ངས་ནི་ཐུན་མོང་སྟོན་པའི་བདུད་ལས་རྒྱལ། །ངས་ནི་སྙིང་རྗེས་འགྲོ་ཀུན་དགེ་ལ་བཀོད། །ངས་ནི་ཐབས་དང་ཤེས་རབ་ཀུན་ལ་བྱེད། །ངས་ནི་རྡོ་རྗེ་མཁའ་འགྲོའི་གསང་རྒྱུད་འདི། །ཐུན་མོང་མ་ཡིན་མེ་ལྕེ་འབར་མ་འདི། །ངོ་མཚར་ཐབས་མཆོག་དངོས་གྲུབ་དམ་པའི་གཞི། །ངས་ནི་བཤད་ཟིན་ཁྱོད་ལ་རབ་ཏུ་གཏད། །སྐལ་ལྡན་དད་དང་བརྩོན་འགྲུས་ཡོད་ལ་གཏད། །སྙིང་རྗེ་གཞོལ་ཞིང་བརྟུལ་ཞུགས་ཆེ་ལ་གཏད། །བདེན་གཉིས་དོན་རྟོགས་ཡི་རངས་བརྟན་ལ་གཏད། །བརྣག་པའི་གཟུངས་ཐུབ་སྣོད་ལྡན་ཡོངས་ལ་གཏད། །ཟུང་ཤིག་ཆོངས་ཤིག་སྣོད་ལྡན་རྣམས་ལ་ཤོད། །འདི་ཡི་དོན་རྣམས་རྩེ་གཅིག་ཡིད་ཀྱིས་ཉོན། །འདིས་ནི་མི་ནུབ་ཆོས་ཀྱི་རྒྱལ་མཚན་ཆེན་པོ་ཐོབ། །འདིས་ནི་ཆོས་ཀྱི་དབང་ཕྱུག་གོ་འཕང་ཐོབ། །འདིས་ནི་ཡིད་བཞིན་རིན་ཆེན་འབར་བ་ཐོབ། །འདིས་ནི་ཅི་འདོད་ཐོགས་མེད་དངོས་གྲུབ་ཐོབ། །བློ་དམན་ཤེས་ཆུང་ཉན་ཐོས་རྣམས་ལ་གསང་། །ལོག་པའི་མཐར་འཁྱམས་མུ་སྟེགས་ཅན་ལ་གསང་། །དམུ་རྒོད་མི་མཁས་སྐུར་པ་མཁན་ལ་གསང་། །དད་མེད་སྙིང་རྗེ་སྤངས་པ་རྣམས་ལ་གསང་། །མ་རིག་རྨོངས་པའི་ལེ་ལོ་ཅན་ལ་གསང་། །ཞེས་བཀའ་སྩལ་ནས། བརྒྱ་བྱིན་གྱིས་སྤྱི་བོས་བླངས་སོ། །འཁོར་ལ་གཏད་པའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། །།དེ་ནས་ལྷའི་དབང་པོ་བརྒྱ་བྱིན་དེས། དཔལ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་བཅོམ་ལྡན་འདས་ལུང་བསྟན་དུ་གསོལ། བདེ་བར་གཤེགས་པ་མཁའ་འགྲོ་མ་ལུང་བསྟན་དུ་གསོལ་ཞེས་ཞུས་པ་དང་། དཔལ་ཕྱག་ན་རྡོ་རྗེས་བཀའ་སྩལ་པ། མཁའ་འགྲོ་མ་ལྷ་མོ་ནག་མོ་འདིས། །བསྐལ་པ་མང་པོའི་སྔོན་རོལ་ནས། །དུས་གསུམ་རྒྱལ་བའི་ཞལ་མཐོང་སྟེ། །དམན་པའི་ཞིང་འདིར་སྤྲུལ་སྐུ་ཡིས། །ལྷ་མོའི་ཚུལ་དུ་སྐུ་བསྟན་ནས། །འགྲོ་བའི་དོན་ལ་རབ་ཏུ་བརྩོན། །ཉོན་མོངས་སྒྲིབ་པ་རབ་ཏུ་སྤངས། །ད་ལྟར་ཤེས་བྱའི་སྒྲིབ་པ་སྦྱོང་། །དེ་ཡི་ཁོལ་མོ་རེ་མ་ཏི། །
སྨོན་ལམ་དབང་གིས་འགྲོ་དོན་བྱེད། །བསྒོམ་པའི་ལམ་ལ་རབ་གནས་ནས། །ད་ལྟར་ཉོན་མོངས་སྒྲིབ་པ་སྦྱོང་། །འདི་ནས་དུས་འདི་ཕྱི་མའི་ཚེ། །མཁའ་འགྲོ་ལྷ་མོ་ནག་མོ་འདི། །བྱང་ཤར་མཚམས་ཀྱི་འཇིག་རྟེན་ཁམས། །པདྨོ་རྣམ་པར་རོལ་པ་དེར། །ཡང་དག་རྫོགས་པའི་སངས་རྒྱས་སུ། །པདྨའི་དཔལ་ཞེས་བྱ་བར་ནི། །ངས་ནི་ལྷ་མོ་ལུང་བསྟན་ཏོ། །དེ་ཡི་གཡོག་མོ་རེ་མ་ཏི། །པདྨ་ཅན་གྱི་ཞིང་ཁམས་དེ། །བདེ་བའི་བྱང་ཆུབ་སེམས་དཔའ་ནི། །བློ་གྲོས་བཤེས་གཉེན་བྱ་བར་ནི། །དེ་འདིར་ངས་ནི་ལུང་བསྟན་ནོ། །མཁའ་འགྲོ་མ་མེ་ལྕེ་འབར་བའི་རྒྱུད་ལས་ཡོངས་སུ་ལུང་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པ་རྫོགས་སོ།། །།མཆོད་ན་རྒྱལ་བ་རིགས་ལྔ་རྟག་ཏུ་མཆོད། །སྲུང་ན་དམ་ཚིག་ཉི་ཤུ་རྩ་བརྒྱད་སྲུངས། །དགྲ་བྱུང་ལྷ་མོ་ནག་མོ་མཚོན་ཆར་ཕྱུང་། །ཉེས་ཆུང་ཁ་འཐབ་ཙམ་ལ་མཚོན་མི་དབྱུང་། །ང་ཡི་དཀོར་ཁང་འཇིག་ན་མཚོན་ཆར་ཕྱུང་། །དཀོན་མཆོག་དབུ་འཕང་སྨོད་ན་མཚོན་ཆར་ཕྱུང་། །སངས་རྒྱས་བསྟན་པ་འཇིག་ན་མཚོན་ཆར་ཕྱུང་། །དཀོན་མཆོག་སྐུ་དགྲ་དར་ན་མཚོན་ཆར་ཕྱུང་། །ཞེས་སློབ་དཔོན་པདྨས་སློབ་བུ་གླང་དཔལ་གྱི་སེང་གེ་ལ་དེ་སྐད་ཅེས་བཀའ་སྩལ་ཞིང་གདམས་སོ།། །།

འཕགས་མ་ཧེ་སྡུད་འབར་བའི་རྒྱུད་ཅེས་བྱ་བ།


DNG023_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱརྱ་རེ་མ་ཏི་མ་ཧཱ་ཨ་ནན་ཏནྟྲ། བོད་སྐད་དུ། འཕགས་མ་ཧེ་སྡུད་འབར་བའི་རྒྱུད་ཅེས་བྱ་བ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ། དེ་བཞིན་གཤེགས་པ་སྲས་དང་འཁོར་དུ་བཅས་པ་རྣམས་ཤེས་རབ་མའི་དབྱིངས་བྷ་ག་རྣམ་པར་དག་པའི་མཁའ་ལ་བཞུགས་སོ། །གཞན་ཡང་རྣལ་འབྱོར་དང་རྣལ་འབྱོར་མའི་ཚོགས་རབ་ཏུ་མང་པོ་དང་། རྣམ་པར་རོལ་ཅིང་བཞུགས་པ་འདི་ལྟ་སྟེ། རྣལ་འབྱོར་མ་ཧེ་སྡུད་ཆེན་མོ་དང་། རྣལ་འབྱོར་མ་དྲི་ཟའི་རྗེ་མོ་དང་། རྣལ་


DNG023_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་མ་གཤིན་རྗེའི་རྗེ་མོ་དང་། རྣལ་འབྱོར་མ་ཀླུའི་རྗེ་མོ་དང་། རྣལ་འབྱོར་མ་གནོད་སྦྱིན་གྱི་རྗེ་མོ་དང་། རྣལ་འབྱོར་མ་དྲང་སྲོང་གི་རྗེ་མོ་དང་། རྣལ་འབྱོར་མ་སྲིན་མོའི་རྗེ་མོ་དང་། རླུང་ལྷའི་རྗེ་མོ་དང་། དབང་ལྡན་གྱི་རྗེ་མོ་དང་། ཉི་ཟླའི་རྗེ་མོ་དང་། ས་བདག་གི་རྗེ་མོ་དང་། ཐམས་ཅད་ཀྱི་རྗེ་མོ་དང་། རྣལ་འབྱོར་མ་དུར་ཁྲོད་ཀྱི་བདག་མོ་ལ་སོགས་པ་དང་ཐབས་ཅིག་གོ། །གཞན་ཡང་རྣལ་འབྱོར་མའི་བདག་མོ་དཔལ་ནག་མོ་ཆེན་པོ་ལ་སོགས་པ་རྣལ་འབྱོར་མའི་ཚོགས་དུ་མ་དང་ཡང་ཐབས་ཅིག་ཏུ་བཞུགས་ཏེ། དེ་དག་འཁོར་གཡོག་སོ་སོ་སྡེ་ཚན་མང་པོས་གཅིག་ཏུ་བསྐོར་ཏེ། རྣམ་པར་རོལ་ཅིང་ཡོངས་སུ་བསྡིམ་ནས་བཞུགས་སོ། །དེའི་ཚེ་དེའི་དུས་ན་དཔལ་རྡོ་རྗེ་འཛིན་པ་ཆེན་པོས་ནག་པོའི་གདོང་གི་དཀྱིལ་འཁོར་ལ་རྣམ་པར་གཟིགས་སོ། །དེ་ནས་སངས་རྒྱས་ཀྱི་མཐུས་དཔལ་ནག་པོ་ཆེན་པོ་རང་གི་སྟན་ལས་ལངས་ནས། བཅོམ་ལྡན་འདས་དཔལ་རྡོ་རྗེ་འཛིན་པ་ཆེན་པོ་ལ་གཡས་ཕྱོགས་ནས་ལན་བརྒྱ་སྟོང་དུ་མར་བསྐོར་བ་བྱས་ནས། དམ་པའི་ཆོས་ཞུ་བའི་ཆོ་ག་བྱས་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་སྟེ། འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་མ་འོངས་པའི་དུས་ན་ཧེ་སྡུད་ཆེན་མོའི་མཐུས། ཀུན་ཏུ་ཁྱབ་པ་ཞེས་བྱ་བའི་དུས་མཆིས་ཏེ། དེའི་ཚེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གཞན་ཞིག་གིས་ནི་འདུལ་བ་ཉུང་། འཕགས་པ་ཧེ་སྡུད་ཆེན་མོའི་རྣམ་པར་སྤྲུལ་ནས་འདུལ་བ་ནི་ཤིན་ཏུ་ཡང་མང་བར་མཆིས་ཏེ། དེའི་དུས་ན་སེམས་ཅན་དག་ཧེ་སྡུད་ཆེན་མོ་ལ་ལ་ལ་ནི་བལྟ། ལ་ལས་ནི་མཐོང་། ལ་ལས་ནི་མི་མཐོང་། ལ་ལས་ནི་དག་པར་མཐོང་། ལ་ལས་ནི་མ་དག་པར་མཐོང་། ལ་ལས་ནི་མཆོད། ལ་ལས་ནི་ཚུལ་དང་མ་ཡིན་པར་མཆོད། ཐམས་ཅད་ཚུལ་དང་མཐུན་པ་མ་ཡིན་པའི་ལས་ཀྱིས། ཧེ་སྡུད་ཀྱི་འཁོར་གཏུམ་པ་རྣམས་ཤིན་ཏུ་མི་དགའ་ཞིང་ཁྲོས་ཚེ་འཇིག་རྟེན་དུ་ཡང་དུས་མ་ཡིན་པའི་བར་ཆོད་མང་དུ་བཏང་བས་སེམས་ཅན་རྣམས་ཉམས་དམན་པར་འཆི་བའི་དུས་མཆིས་པས། དེ་དག་ལ་ཕན་གདགས་པའི་སླད་དུ། དེ་བཞིན་གཤེགས་པ་ཐམས་


DNG023_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་མཁྱེན་པས། ཧེ་སྡུད་ཆེན་མོ་འཁོར་དང་བཅས་པ་དགའ་བར་གྱུར་ན་གྲུབ་པ་ཆེན་པོ་ལགས་པས། ཧེ་སྡུད་ཆེན་མོ་འཁོར་དང་བཅས་པ་དགའ་བར་བགྱི་བའི་དོན་བསྟན་དུ་གསོལ། ཞེས་གསོལ་བ་བཏབ་པོ། །དེ་ནས་དཔལ་རྡོ་རྗེ་འཛིན་པ་ཆེན་པོས་འདི་སྐད་ཅེས་གསུངས་སོ། །ནག་པོ་ཆེན་པོ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། མ་འོངས་པའི་དུས་ན་ཧེ་སྡུད་ཆེན་མོ་དགའ་བ་མ་ཡིན་པ་ལས། སེམས་ཅན་རྣམས་བྱང་ཆུབ་ཀྱི་དམིགས་པའི་ལམ་དང་བྲལ་བར། མུན་སྤྲུལ་དང་བསླུ་བའི་ལས་ལ་འགྲན་དོར་གྱིས་སྟོན་པར་འགྱུར་ཏེ། དེའི་རྐྱེན་གྱིས་ཧེ་སྡུད་ཀྱི་འཁོར་རབ་ཏུ་མི་བསྒྲུངས་པ་རྣམས་ཆེར་འཁྲུག་པར་གྱུར་རྔམ་པར་གྱུར། དྲག་པོའི་མཐུ་ཆེ་བར་གྱུར། ཐོགས་པ་མེད་པའི་རྫུ་འཕྲུལ་གྱིས་འཇིག་རྟེན་དུ་དུས་མ་ཡིན་པའི་གནོད་པ་དུས་མ་ཡིན་པའི་རྐྱེན་གྱིས་འགྲོ་བ་ཉམ་ཐག་པར་འགྱུར་བས། སེམས་ཅན་ལ་སྙིང་བརྩེ་བའི་དོན་གྱིས་ཁྱོད་དེ་ལྟ་བུ་ཞུས་པ་ལེགས་སོ་ལེགས་སོ། །དེའི་ཕྱིར་ངས་ཁྱོད་ལ་ལེགས་པར་བསྟན་ཉོན་ལ་ཡིད་ལ་ཟུང་ཞིག་ཅེས་གསུངས་སོ། །འཕགས་པ་ཧེ་སྡུད་ཆེན་མོ་དགའ་བར་བྱེད་པའི་རྒྱུད་ལས་གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཛིན་པ་ཆེན་པོས་ཧེ་སྡུད་ཆེན་མོ་དགའ་བར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་སྐད་ཅེས་གསུངས་སོ། །ཆོས་རྣམས་ཀུན་གྱི་རང་བཞིན་ནི། །ཅི་ཡང་མེད་པའི་ཐིག་ལེ་ལས། །འགྲོ་བ་མཐའ་དག་རྟོག་པ་ཡིས། །བརྟགས་པའི་ཆོས་ནི་ཅིར་ཡང་སྣང་། །བདེ་བར་གཤེགས་པའི་ཆོས་རྣམས་ནི། །བྱིས་པ་རྣམས་ཀྱི་སྤྱོད་ཡུལ་མིན། །སོ་སོ་རང་རིག་ཏིང་འཛིན་གྱིས། །རྣམ་དག་ཆོས་སྐུ་ཐོབ་པའི་ཚེ། །འཁྲུལ་པ་ཞེས་པ་ཇི་བཞིན་དུ། །བྱང་ཆུབ་སེམས་དཔའི་ཆོས་འཕྲུལ་ནི། །ཆུ་ཀླུང་ནམ་མཁའ་སོགས་དང་མཚུངས། །འགྲོ་བ་རྣམས་ཀྱི་མཚན་ཉིད་ནི། །མོ་གཤམ་བུ་བཞིན་ཀུན་ཏུ་བརྟགས། །ཐ་མ་ཐ་མའི་དུས་རྣམས་ལ། །ཐ་མ་ཐ་མའི་སེམས་ཅན་རྣམས། །ཐ་མ་ཐ་


DNG023_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

མའི་སྤྱོད་ལམ་གྱིས། །ཐ་མ་ཐ་མའི་འབྲས་བུར་བཤད། །སྲིད་པ་དགག་པའི་ཚད་མ་ཡང་། །ཧེ་རུ་ཀ་ཡིས་མི་སྤྱོད་དེ། །ཨུ་དུམ་བ་རའི་མེ་ཏོག་བཞིན། །ལོ་དང་ཟླ་བ་ཞག་དང་དུས། །མི་ཤེས་ལས་རྣམས་རྩོམ་པ་ནི། །ཧེ་སྡུད་མ་འོངས་དུས་རྣམས་སུ། །མིག་གིས་མཐོང་བའི་སྤྱོད་ལམ་དང་། །དེ་བཞིན་ཤེས་རབ་དབང་པོས་ཀྱང་། །གསལ་ཞིང་མཐོང་བའི་མན་ངག་བྲལ། །བརྟགས་པའི་སྒོ་གསུམ་མཛེས་པས་ཀྱང་། །ཇི་བཞིན་མྱང་བའི་སྟོབས་མེད་པར། །ཐོ་འཚམས་ལ་ནི་སྟོན་པ་དང་། །ཕྱོགས་གཅིག་པ་ལ་མོས་པ་ཡིས། །ཧེ་སྡུད་དགའ་བ་མ་ཡིན་པས། །འཁོར་རྣམས་ཀྱིས་ཀྱང་གནོད་པ་སྟོན། །ལོ་ཏོག་རྣམས་ལ་དུས་མེད་པར། །བཅུད་དང་ཁ་དོག་བསད་པ་ལྟར། །ཐམས་ཅད་ཉམས་པར་གྱུར་པ་སྟེ། །དེ་དག་དུས་ལ་ཁུངས་འབྱིན་ནོ། །དཔེར་ན་ཁ་ཟས་རོ་མཆོག་ནི། །དུ་མའི་ནང་དུ་བཅུད་ཟད་དག །ཆུང་ཡང་ཐམས་ཅད་ཕུང་བ་ལྟར། །སྦྱོར་བ་ཉམས་པ་གཅིག་གིས་ཀྱང་། །དངོས་པོ་མང་པོ་རླག་པར་འགྱུར། །ལས་མཐུན་མང་པོས་དཔག་ཏུ་མེད། །མཚན་རྣམས་རྫོགས་པའི་ཏིང་འཛིན་ནི། །གང་གིས་མཚན་གྱིས་བསྡུས་པའི་ལས། །དེ་དག་རྣམ་པ་འདིར་བཤད་བྱ། །ལྷ་མོ་ཞེས་བྱའི་མཚན་ཉིད་ནི། །དུས་གསུམ་ཀུན་ཏུ་ཞི་བའི་མཚན། །དཔལ་ཆེན་མོ་ཞེས་བྱ་བ་ནི། །དུས་གསུམ་ཀུན་ཏུ་རྒྱལ་བའི་མཚན། །ཆེན་མོར་གྲགས་པའི་མཚན་གྲགས་པ། །ཡོན་ཏན་སྤྲུལ་པ་གསང་བའི་མིང་། །བྱིན་བརླབ་དབང་བསྐུར་སྨོན་ལམ་མོ། །དགའ་བར་བྱེད་པའི་སྦྱོར་བས་ནི། །གང་གི་ཕུན་སུམ་ཚོགས་པ་རྣམས། །བུམ་པ་ནང་གི་ལག་པ་དང་། །དཔག་བསམ་ཤིང་ལ་ཕྲེང་བ་འམ། །ལག་ན་རིན་ཆེན་ལྟ་བུ་སྟེ། །ཉི་མ་སྤྲིན་ལས་བྱུང་བ་བཞིན། །གང་གིས་ཧེ་སྡུད་དགའ་མི་བྱེད། །ཅུང་ཟད་ཡོན་ཏན་སྲིད་པ་ཡང་། །དུས་ཀྱི་སེམས་ཅན་ཇི་བཞིན་དུ། །སྲོག་དང་འབྱོར་པ་དེ་བཞིན་ནོ། །འཕགས་མ་ཧེ་སྡུད་དགའ་བར་བྱེད་པའི་རྒྱུད་ལས་


DNG023_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བར་བྱེད་པའི་ཚུལ་ཕུན་སུམ་ཚོགས་པ་ཞེས་བྱ་བའི་ལེའུ་སྟེ་གཉིས་པའོ།། །།དམར་ནག་ས་དང་དུར་ཁྲོད་དང་། །ཉམས་དགའ་དབེན་པའི་སྒྲུབ་གནས་དེར། །སོང་ནས་བསོད་ནམས་ཚོགས་བསགས་ཏེ། །ཕྱི་ནང་བཤགས་པ་གཞུང་དུ་སྙོགས། །མཎྜལ་བྱི་དོར་ལེགས་བྱས་ལ། །ཐིག་དང་ཆག་ཆག་ལ་སོགས་པ། །སྤྱི་ཡི་ལས་ཀུན་འདྲ་བར་བྱའོ། །མཐིང་ནག་གྲུ་གསུམ་བྱ་བ་ཡི། །ཟུར་ལ་ལོགས་བསྟད་ཐོད་པའི་ར། །ཕྱི་མཐར་མེ་རི་བཅས་པར་བྲི། །དབུས་སུ་ནག་པོ་རེ་མ་ཏི། །དེ་མཐའ་གསུམ་དུ་རེ་མ་ཏྲིའི། །སྤྲུལ་པ་སྐུ་གསུང་ཐུགས་ཀྱིའོ། །དེ་མཐའ་ནག་མོ་འབུམ་གྱི་འཁོར། །ཕུར་པ་གསུམ་དང་དབུས་དང་བཞི། །དེ་མཐར་འཁོར་གྱི་མ་མོ་དགོད། །སྙིང་པོ་བྲིས་ཤིང་གདགས་པར་བྱའོ། །བྱ་ལུག་ཐུགས་དམ་བསྐང་རྟེན་གཞག །གཏོར་མ་ཤ་ཁྲག་སྤྱི་གཞུང་སྙེགས། །ར་ཁྱི་མི་རྟ་བཞི་སྙིང་གཞག །དཔལ་གཏོར་རྟེན་ནི་བཅས་ལ་གཞག །ནང་ནུབ་ཉིན་མཚན་བཞི་ལ་གཞག །འཛབ་དང་སྙིང་པོ་རྒྱུན་དུ་གཏང་། །བསྟོད་བསྐུལ་ལ་སོགས་ཐང་རེ་བྱ། །དེ་ལྟར་རྟག་ཏུ་བྱས་པ་དང་། །རྣལ་འབྱོར་པ་དེ་གཙང་ས་དང་། །ལྷ་མོ་ཉིད་ཀྱང་དཀར་མོར་བྱོན། །འབྲིང་ན་དམར་ལ་ཐ་མ་ནག །གང་ལྟར་བྱས་ཀྱང་བྱོན་པར་ངེས། །འབྲིང་དང་ཐ་མ་བཤགས་ཤིང་བསྐང་། །ཏིང་འཛིན་གང་མོས་ལྷ་གསལ་བྱ་བ་གཅེས། །གང་གསལ་བསྒོམ་པའི་ཐུགས་ཀ་ནས། །ཉི་མའི་གདན་ནས་ཀྴི་འཕྲོ་འདུས། །ལྷ་མོ་ཉིད་ཀྱི་སྐུ་བསྐྱེད་པའོ། །ཏདྱ་ཐཱ་ཏྲག་ཤག་གྲ་རུ་ནན། མུག་སྡི་བཾ་མཱ་མཱ་རུ་རུ་ཛ་ཛ་རུ་ལུ་རུ་ལུ་བྷྱོ། ཞེས་བསྐྱེད། མཐིང་ནག་གཅེར་བུ་དྲེའུ་རྟ་རྐང་གསུམ་ཞོན། །ཞིང་ལྤགས་ལ་སོགས་རྒྱན་དང་ལྡན། །གསོད་བྱེད་ཕྱག་ན་ཁ་མེ་འབར། །མི་གནས་ཁྲག་འཛག་སྣ་ནས་དུད་པ་འཐུལ། །སྙན་ནས་འབྲུག་སྒྲོགས་ལྗགས་ནས་གློག་འགྱུ་མ། །ལུས་ལས་འོད་འཕྲོ་ཁ་རླངས་ནད་གཏོང་བའོ། །སྤྲུལ་པ་ཁྲག་གི་རལ་ཅན་སྟོང་གསུམ་


DNG023_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

ཁེངས་པར་འགྱེད། །དེ་ལྟའི་སྤྱི་བོ་ནས་བསྐྱེད་པ། །པདྨ་ར་ཏི་རུ་ཏི་རེ་མ་ཏ་ཙིཏྟ་ཙིཏྟ་སྙིང་ལ་བྷྱོ། ཞེས་པས་སྐུ་དེ་དམར་ནག་རེའུ་ལྡེ་ནག་པོ་གསོལ། ཆུ་གླང་ཞོན་ནས་གོང་བཞིན་བསམ་པར་བྱའོ། །གསུང་ལས་སྤྲུལ་པ་འདི་ལྟའོ། ཨཱོཾ་རུ་ལུ་ཀོའུ་འཛུ་སེན་མྱེ་ནན་ཛ་ཛ་ལས་བྱེད་དུན་ཏིང་བྷྱོ། ཞེས་པས་སེར་ནག་རྨ་བྱའི་ལའུ་གསོལ། །ཡུ་ཆུང་ཤ་བ་བཅིས་པ་གོང་དང་འདྲའོ། །ཐུགས་ལས་བསྐྱེད་པ་འདི་ཉིད་དོ། །ཨོཾ་ཨུ་ཏི་དུ་རུ་དུ་རུ་ཚལ་པ་མེ་ཛ་ཛ་ལས་ལ་བྷྱོ། ལྗང་ནག་དར་ནག་ཐུལ་པ་གསོལ། །རྔ་མོ་ཞོན་པ་དེ་དེ་འདྲའོ། །སྙིང་པོས་སྤྱན་དྲང་བའོ། །མ་མ་ནག་མོ་བྷྱོ། ནག་མོ་དུན་ཏིང་ཧེད་མ་ལས་ལ་དུན་དུན་ཛ་ཛ།ནག་མོ་ཧར་ཧོར་བྷྱོ། ནག་མོ་ཧར་ཧུར་བྷྱོ། ནག་མོ་དུན་ཏིང་ཧེད་བྷྱོ། ནག་མོ་པ་ཤ་དགྲ་བོའི་ཤ་ལ་ཛ་ཛ། ནག་མོ་དགྲ་བོའི་སྙིང་ལ་ཛ་ཛ། ནག་མོ་དགྲ་བོའི་རྩ་ལ་ཛ་ཛ། ནག་མོ་དགྲ་བོའི་སྲོག་ལ་ཛ་ཛ། ནག་མོ་དགྲ་བོའི་དབུགས་ལ་ཛ་ཛ། ནག་མོ་དགྲ་བོའི་སྙིང་ལ་ཧུར་ཧུར་ཛ་ཛ། རྦད་པ་འདི་ཁོ་ནའོ། །མཱ་བྷྱོ་ཛ་མཱ་བྷྱོ་ཛ། ནག་མོ་བཾ་རི་ལི། ནག་མོ་ཤ་ལ་རི་ལི་ལི། ནག་མོ་ཁྲག་ལ་རི་ལི་ལི། ནག་མོ་རྩ་ལ་རི་ལི་ལི། ནག་མོ་སྙིང་ལ་རི་ལི་ལི། ནག་མོ་སྲོག་ལ་རི་ལི་ལི།བམ་རི་ལི་ལི་ཛ་བྷྱོ། ཨོཾ་ཛ་ཛ་རེ་མ་ཏི་པ་ཤ་ཙ་ལ་ཛ་ཛ། སྙིང་རྒྱུད་རྩ་ལ་ཛ་ཛ། རྩ་རྒྱུད་སྲོག་ལ་ཛ་ཛ། ཤ་རྒྱུད་སྙིང་ལ་ཛ་ཛ། སྙིང་རྒྱུད་དབུགས་ལ་ཛ་ཛ། ཛ་ཛ་རེ་མ་ཏི་པ་ཤ་ཙ་པ་ལ་ཛ་ཛ། དགྲ་བོའི་སྙིང་ལ་ཛྷ་ཛྷ། བསྟོད་བསྐུལ་མཚང་འབྲུ་གཞུང་ལྟར་རོ། །སྲོག་ལ་གཅོད་པའི་སྙིང་པོའོ། །མཆེད་བཞི་ཟེར་ཡང་མ་ཡིན་ཏེ། །མ་མོ་ཀུན་གྱི་ལས་མཁན་མ། །རེ་མ་ཏི་ཞེས་བྱ་བར་གྲགས། །དེ་ཡི་ལས་མཁན་མ་མོ་གསུམ། །སྐུ་གསུང་ཐུགས་ལས་སྤྲུལ་པར་ཕྱུང་། །མ་ཉིད་ཀྴ་ལས་བསྐྱེད་པ་ཡིན། །གསུམ་པོ་རུ་ལས་བསྐྱེད་པ་སྟེ། །སྲིན་མོ་ཡིན་ཕྱིར་རུ་ལས་བསྐྱེད། །མིང་ཡང་དེ་ལས་ཟུར་བཏགས་པའོ། །གསོད་པ་མོ་དང་འགུགས་པ་མོ། །སྟོབ་བྱེད་མ་དང་གསུམ་དུ་བསྟན། །འཛུགས་བྱེད་མ་ནི་


DNG023_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

རྡེག་པ་ཡིན། །འཛུམ་མེད་མ་ནི་འགུགས་པ་ཡིན། །འདྲེལ་བྱེད་མ་ནི་ལྷ་མོ་ཡིན། །གཅོད་བྱེད་མ་ནི་གསོད་པ་ཡིན། །གནོད་སྦྱིན་སྲིང་མོ་བཙན་གསུམ་ལ། །ད་ནི་སྨྲེ་སྔགས་འདི་ལྟར་འཐོན་ཏེ། ཧཱུཾ། མ་སྲིང་གཉེན་གྱི་མཐུ་མོ་ཆེ། །དབྱིངས་ལས་བསྐྱེད་པའི་མ་མོ་ནི། །མ་མོ་ཀུན་གྱི་གཙོ་མོ་སྟེ། །དམ་ལ་གནས་པའི་སྲིང་མོ་ཡིན། །ཡིད་ལ་གཞུངས་པའི་གྲོགས་མོ་ཡིན། །ལུས་ལ་བསྐྱེད་པའི་བུ་མོ་ཡིན། །བདུད་རྩི་བསྒྲུབ་པའི་རྒྱལ་མོ་ཡིན། །ཕུར་བུ་བསྒྲུབ་པའི་བློན་མོ་ཡིན། །ལས་ལ་གཤིན་པའི་བྲན་མོ་ཡིན། །མ་མོ་ཐུན་གྱི་བདག་མོ་ཡིན། །དམ་ཚིག་ཅན་གྱིས་བསྐུལ་བའི་ཚེ། །འགྲོ་བའི་ཚེ་སྲོག་སྲིད་གསུམ་འཁྱམས། །ད་ནི་ནམ་མཁའི་གུང་ལ་བབ། །ད་ནི་ཆུ་བོའི་གཞུང་ལ་བབ། །དགྲ་སྲོག་ཁོག་ནས་ཕྱུང་ལ་ཤོག །མ་སྲིང་ཆེན་མོ་མཐུ་མོ་ཆེ། །དམག་དཔུང་བསྐྱེད་ལ་བདུད་དཔུང་ཆོམས། །རུ་མཚོན་ཕྱོར་ལ་བགེགས་དཔུང་ཆོམས། །དམ་ལ་གནས་པའི་མ་སྲིང་ཚོགས། །མིང་པོ་རྡོ་རྗེ་བདག་འབོད་ཚེ། །བདུད་རྩི་སྨན་གྱིས་གཡབ་འདོར་ན། །མིང་པོའི་ལྟངས་མ་འཛིན་དུ་སྤྱོན། །བདུད་སྲིང་གཏིང་ནས་གཡོས་པའི་ཚེ། །ཅི་ལ་ཡང་ནི་རྟགས་ཕྱིན་ཡང་། །རྣལ་འབྱོར་དགྲ་ལ་རྟགས་མ་ཕྱིན། །མ་སྲིང་ཆེན་མོ་དགྲ་ལ་ཆེམ། །མ་སྲིང་ཁྲོལ་ཁྲོལ་དགྲ་ལ་ཁྲོལ། །ཅེས་བསྐུལ་ལོ། །དེ་ལྟར་གདུང་ཞིང་གཏོར་མ་གཏང་། །རང་ཉིད་ལྷ་ཡི་ང་རྒྱལ་བྱ། །གཏོར་མ་རྟག་པར་སྦྱིན་པར་བྱ། །ཡཾ་ལས་རླུང་གི་དཀྱིལ་འཁོར་བྱ། །གཞུ་བདུངས་འདྲ་བའི་བ་དན་ཕྱར། །རཾ་ལས་མེ་ཡི་མཎྜལ་བྱ། །གྲུ་གསུམ་མེ་རིས་མཚན་པའོ། །བཾ་ལས་པདྨའི་བྷན་དྷ་རུ། །རྫས་ལྔའི་སྟེང་དུ་ལྕགས་ཀྱུ་ལྔ་བསམ་སྟེ། །དེ་སྟེང་ཨོཾ་ཨཱཿཧཱུཾ་སྭཱ་ཧཱ་བསམ། །ལྕགས་ཀྱུས་བཀུག་ནས་རྫས་ལྔ་འོད་ཞུ་ནས། །འབྲུ་ལྔས་འཕྲོ་འདུས་རྫས་ལྔ་འོད་ཞུ་ནས། །བདུད་རྩིའི་གོང་བུ་གཅིག་ཏུ་གྱུར་པར་བསམ། །མདུན་དུ་ལྷ་མོ་ལྕགས་ཀྱུས་དགུག །མདུན་དུ་གནས་བསམ་བ་ལིཾ་དབུལ། །ཨོཾ་རུ་རུ་རག་མོ་


DNG023_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཤ་མ་ནི་ཙ་པ་ལ་ལྷ་མོ་ཡང་མ་མ་དུང་ཧྲིང་ཡག་དུ་མ་ཛ་ཛ། མ་མ་ཤ་ཏྲུ་མེ་མེ་དྷ་ཛི་བཾ་རུ་ཏི་ར་བྲཱི་ཡ་བྷཀྵ་ནི་ཨི་དམ་བ་ལིཾ་གྲྀཧྞ་གྲྀཧྞ་ཁཱ་ཧི་ཁཱ་ཧི། ཕུལླ་ཧོ་བྷུཉྫ་ཧོ་པི་པ་ཧོ་ཧྲྀ་དམ་ཨ་མྲྀ་ཧ་མ་ཧཱ་སྭཱ་ཧཱ། ཧཱུཾ་ས་མ་ཡ་ཁཱ་ཧི། ཞེས་གཏོར་མ་དབུལ། དུས་དྲུག་ཏུ་ནི་གཏང་བར་བྱའོ། །འཕགས་མ་ཧེ་སྡུད་དགའ་བར་བྱེད་པའི་རྒྱུད་ལས་དཀྱིལ་འཁོར་རྫས་དང་སྔགས་ཀྱི་ལེའུ་སྟེ་གསུམ་པའོ།། །།དེ་ལྟར་བསྒྲུབས་ཤིང་བྲུབ་ཁུང་ཐུན་བྱ་སྟེ། ལིངྒ་མཚན་ཉིད་གཞུང་དང་མཐུན་པར་བྱ་སྟེ། བསྐུལ་ཞིང་བརྡེག་པ་དང་གསད་པའི་ལས་བྱའོ། །རང་ཉིད་བདུད་ཀྱི་བུ་མོར་བསམ། སྤྱི་བོར་སྐྲ་བཅིངས་གདོང་པ་ཁྲག་གིས་བསྐུས། བདུད་ཀྱི་བུ་མོ་ཉིད་བསྐུལ་བ་འདི་སྐད་དོ། །བྷྱོ་བྷྱོ། མ་བདུད་ཀུན་གྱི་གཙོ་མོ་སྟེ། །ནག་མོ་ཆེན་མོ་དྲེའུ་ཞོན་མ། །ཁྱོད་ནི་མ་བདུད་རྒྱལ་མོ་སྟེ། །ཁམས་གསུམ་སྲིད་གསུམ་ཟས་སུ་ཟ། །ཁམས་གསུམ་སྲིད་གསུམ་སྐོམ་དུ་འཐུང་། །དམ་ཉམས་ཤ་ཁྲག་ཟས་སྐོམ་ཡིན། །དཔལ་གྱི་བཀའ་ལས་མ་འདའ་བར། །དམ་ཉམས་སྙིང་ནས་དྲོངས་ཤིག་ཁུག །ཨཾ་ཀུ་ཤ་ཛཿ། པཱ་ཤ་ཧཱུཾ། སྥོ་ཊ་བཾ། གྷཎྜ་ཧོཿ། ཏྲག་ཤ་དགྲ་བོ་ནི་ཛཿ། ནག་མོ་ཧར་ཧུར་ནི་ཆེ་གེ་མོ་ནི་འུས་འུས་ཆེ་གེ་མོ་ནི་ཛ་ཛཿ། བྷྱོ། དཔལ་ལྡན་ནག་མོ་རེ་མ་ཏི། །སྐྱེ་འགྲོ་ཀུན་གྱི་སྲོག་གཅོད་མ། །གནས་ནི་ཁྲག་གི་མཚོ་ལ་གནས། །མི་ཐོད་སྤུངས་པའི་མཁར་ན་བཞུགས། །སྐུ་ལ་རེ་ལྡེ་ནག་པོ་གསོལ། །ཁྲག་གི་རལ་པ་ཉི་ལི་ལི། །རལ་པ་དམར་པོའི་སྐྲ་གསེབ་ན། །ཞེ་སྡང་མེ་སྟག་ཐ་ར་ར། །དཔྲལ་བའི་དབྱིངས་ན་མིག་གཅིག་གིས། །ཁམས་གསུམ་མི་མཐོང་གཅིག་ཀྱང་མེད། །དགྲ་བོ་གང་ཡིན་རྟགས་ལ་ཕོབ། །སྤྱན་མིག་བཟློག་པའི་རྫི་མ་ལ། །ལྕགས་ཀྱི་ཚ་ཚ་སྐར་ལྟར་འཁྲུག །དམ་ཉམས་སྙིང་ནས་དྲོངས་ཤིང་ཁུག །སྣ་ནི་དྲི་རྣམས་སྣོམ་བྱེད་སྟེ། །དམ་ཉམས་དྲི་དག་ཚོར་བ་ན། །དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཡང་། །ཡུན་ཙམ་


DNG023_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ནི་འཁོར་བར་རྒྱུག །ཞལ་ནས་ཚེམས་ཆེན་གཙིགས་པ་ཡིས། །དམ་ཉམས་ཆེམ་ཆེམ་གསོལ་བར་མཛད། །མཆེ་བ་ཟུར་གསུམ་ཕུར་པ་འདྲ། །དམ་ཉམས་སྲོག་རྩ་སྙིང་རྩ་ཆོད། །བྲང་ནས་ནུ་མ་གཅིག་གིས་ཀྱང་། །རྣལ་འབྱོར་ཡོངས་ཀྱི་གསོས་མཛད་མ། །གཡས་ན་ཤང་ལང་ནག་པོ་ཡིས། །དམ་ཉམས་རྩད་ནས་གཅོད་པར་མཛད། །གཡོན་ན་ཏྲི་ཤཱུལ་རྩེ་གསུམ་གྱིས། །སྲིད་གསུམ་དགྲ་བོ་ཐལ་བར་རློགས། །ཁྲག་གི་ལྕགས་ཀྱུ་འབར་བ་ཡིས། །དཀར་ནག་མཚམས་ནས་དྲོངས་ཤིག་ཁུག །དམ་ཉམས་རྩད་ནས་གཅོད་པར་མཛད། །ནད་ཀྱི་རྐྱལ་པ་སྔོན་དམར་གྱིས། །དམ་ཉམས་དགྲ་ལ་ནད་ཀ་ཐོང་། །སྐུ་ལ་བུས་པའི་ཐོད་པས་བརྒྱན། །ལྕགས་ཀྱི་དྲེའུ་རྟ་རྐང་གསུམ་བཅིབས། །ཚོན་གྱི་གྲུ་གུ་སྔ་ཤད་བཏགས། །ཁྲམ་བམ་མང་པོ་ཕྱི་ཤད་བཏགས། །མཆན་ན་རྒྱུ་ཞགས་དམར་པོ་བསྡོག །རྒྱུ་ནི་ནམ་གྱི་གུང་ལ་རྒྱུ། །འཁོར་ནི་བདུད་མོ་འབུམ་གྱིས་བསྐོར། །བདུད་ནི་མི་ཕྱུགས་ཀུན་གྱི་བདུད། །མཆན་ནས་བུ་སྡུག་ཕྲོལ་ལ་ཤོག །མ་མ་ཏྲག་རཀྴ་ཕཊ། ཆེ་གེ་མོ་ནི་ཛ་མཱ་ར་ཡ་ནི་ཛ། སྙིང་ཁ་རག་མ་བྷྱོ་ཛ་ཛ། ཆེ་གེ་མོ་ནི་ཛ་མཱ་ར་ཡ་ནི་ཛ། སྙིང་ཁ་རག་མོ་བྷྱོ་ཛ་ཛ། བྷྱོ། དཔལ་ལྡན་ནག་མོ་རེ་མ་ཏི། །ཁྱོད་ཀྱི་ཁ་རླངས་སེར་པོ་བཏང་བའི་ཚེ། །བུད་མེད་སེར་མོའི་སྤྲུལ་པ་བསམ་མི་ཁྱབ། །ནད་དང་མཁྲིས་པ་སྣ་ཚོགས་གཏོང་། །བྷྱོ། དཔལ་ལྡན་ནག་མོ་རེ་མ་ཏི། །ཁྱོད་ཀྱི་ཁ་རླངས་དམར་པོ་བཏང་བའི་ཚེ། །བུད་མེད་དམར་མོའི་སྤྲུལ་པ་བསམ་མི་ཁྱབ། །ཁྲག་ནད་རྒྱུ་གཟེར་སྣ་ཚོགས་གཏོང་། །བྷྱོ། དཔལ་ལྡན་ནག་མོ་རེ་མ་ཏི། །ཁྱོད་ཀྱི་ཁ་རླངས་སྔོན་པོ་བཏང་བའི་ཚེ། །བུད་མེད་སྔོན་མོའི་སྤྲུལ་པ་བསམ་མི་ཁྱབ། །དབྱིག་དུག་མིག་སྔོན་སྣ་ཚོགས་གཏོང་། །བྷྱོ། དཔལ་ལྡན་ནག་མོ་རེ་མ་ཏི། །ཁྱོད་ཀྱི་ཁ་རླངས་སྨུག་པོ་བཏང་བའི་ཚེ། །བུད་མེད་སྨུག་མོའི་སྤྲུལ་པ་བསམ་མི་ཁྱབ། །འབྲུམ་ནད་ཤར་པོ་སྣ་ཚོགས་གཏོང་། །བྷྱོ། དཔལ་ལྡན་ནག་མོ་རེ་མ་ཏི། །


DNG023_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ཀྱི་ཁ་རླངས་ནག་པོ་བཏང་བའི་ཚེ། །བུད་མེད་ནག་མོའི་སྤྲུལ་པ་བསམ་མི་ཁྱབ། །བལ་ནད་སྨོར་བུ་ཀར་ཐོར་ལྷོག་པ་སྣ་ཚོགས་གཏོང་། །བྷྱོ། སྐུ་ཡི་སྤྲུལ་པ་རེ་མ་ཏི། །འཇིག་རྟེན་ཁམས་ཀྱི་དཔལ་མོ་བཙན། །བཞུགས་ནི་ནམ་མཁའི་དཀྱིལ་ན་བཞུགས། །རྒྱུ་བ་ཕྱོགས་བཅུར་རྒྱུ་མཛད་མ། །རལ་པ་སེར་པོས་སྟོང་གསུམ་ཁེངས། །སྲིན་མོ་རེ་བཤལ་ཆེན་མོའི་གཟུགས། །ཆུ་རིས་ཨག་ཚོམ་སེར་ནག་ལ། །མི་རུས་ཕྲེང་བ་གླད་ལ་བསྐོར། །གླང་ཆེན་ཀོ་རློན་སྐུ་ལ་གསོལ། །གཅན་གཟན་སྟག་གི་ཤམ་ཐབས་ཅན། །གཡས་ཀྱི་ལྕགས་མདུང་དམར་པོ་འབར་བ་ཡིས། །ཉམས་པའི་དགྲ་ལ་གདབ་པར་བྱའོ། །བྷྱོ། གསུང་ལས་སྤྲུལ་པའི་རེ་མ་ཛ། །བར་སྣང་ཁམས་ཀྱི་བོ་དེ་མ། །དམར་ནག་མི་སྲུན་མཆེ་བ་ཅན། །རལ་པ་གཡས་ནས་གཡོན་དུ་འཁྱིལ། །སྡང་མིག་དགྲ་ལ་འབྲུ་ཚུགས་བལྟ། །མཆེ་བ་ཟླ་ཚེས་གཙིགས་པ་ཡིས། །ནག་པོ་ཤ་ལ་ཆེམ་ཆེམ་ཟ། །སྡང་མིག་དམར་ཟློག་དགྲ་བོ་འདུལ། །མི་ལྤགས་རློན་པ་སྐུ་ལ་གསོལ། །རྨྱུག་མའི་རེ་ལྡེས་སྐུ་སྨད་དཀྲིས། །བུས་པའི་ཐོད་པ་སྙན་ཆ་བྱས། །སྦྲུལ་ནག་སྟོང་གི་སྐེ་རགས་ཅན། །མདུང་ཐུང་ཟླ་མེད་རུ་མཚོན་གྱིས། །དགྲ་བོའི་སྙིང་ལ་གཟེར་བར་བྱེད། །ནད་ཀྱི་རྐྱལ་པ་ཁ་ཐོང་ལ། །དགྲ་ལ་ནད་ཀ་དལ་ཀ་ཕོབ། །གློག་དམར་ཞོན་ལ་ལྕགས་བརྡབས་ཏེ། །དམ་ཉམས་ཁུག་ལ་སྙིང་ནས་དྲོངས། །བྷྱོ། ཐུགས་ལས་སྤྲུལ་པའི་རེ་མ་ཛ། །འཇིག་རྟེན་ཁམས་ཀྱི་གློག་མ་སྲིན། །སྔོ་སྐྱ་མི་སྲུན་མཆེ་བ་ཅན། །རལ་པ་ཁམ་ནག་གྱེན་དུ་འཁྱིལ། །གཏི་མུག་མུན་ནག་ཚུབས་མར་འཚུབས། །རལ་གསེབ་མེ་སྟག་ཚ་ཚ་འཕྲོ། །རྣོ་དབལ་མཆེ་བ་གཙིགས་པ་ཡིས། །དམ་ཉམས་སྙིང་རྩ་གཅོད་མཛད་མ། །ཆུ་དར་ཁྲ་བོ་སྐུ་ལ་གསོལ། །རིན་ཆེན་སྣ་ལྔའི་དབུ་རྒྱན་ཅན། །ཐོད་སྐམ་ཕྲེང་བ་དབུ་ཡི་ཐོད། །རྡོ་རྗེ་འབར་བ་རྩེ་དགུ་བསྣམས། །དམ་ཉམས་དགྲ་བོ་རྡུལ་དུ་རློགས། །ཁྲག་སྐམ་ལྕགས་ཀྱུ་མང་


DNG023_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཡིས། །དམ་ཉམས་དགྲ་བོའི་སྙིང་ནས་དྲོངས། །བོང་བུ་གྭ་པ་བསྐྱོན་ནས་ཀྱང་། །དམ་ཉམས་དགྲ་བོ་འདིར་ཁུག་ཅིག །སྙིང་ནས་དྲོངས་ཤིག་ཨཾ་ཀུ་ཤ །མགུལ་ནས་ཆིངས་ཤིག་པཱ་ཤ་ཧཱུཾ། །དབང་དུ་སྡུས་ཤིག་སྥོ་ཊ་བཾ། །ཐལ་བར་རློག་ཅིག་གྷན་ཌེ་ཧོཿ། ཏྲག་རཀྴ་དགྲ་བོ་ནི་ཛ། ནག་མོ་ཧར་ཧུར་ནི། ཆེ་གེ་མོ་ནི་འུབ་འུབ་ཛ་ཛ། འཕགས་མ་ཧེ་སྡུད་དགའ་བར་བྱེད་པའི་རྒྱུད་ལས་སྐུ་གསུང་ཐུགས་ཀྱི་ཕོ་ཉའི་ལེའུ་སྟེ་བཞི་པའོ།། །།གསད་པ་ལས་ཀྱི་ཧོམ་ལས། མ་ཏང་མགོ་བྱང་ཤར་དུ་བསྟན། །སྙིང་གར་ཧོམ་ཁུང་ཟུར་གསུམ་བྲུ། །སེ་བ་དབུས་ལ་སྐྱེར་པ་དང་། །མཛོ་མོ་བྲ་མས་མཐའ་མ་བསྐོར། །བྲ་མས་རླུང་བུས་མེ་བུས་ལ། །རཾ་ཡཾ་ཁཾ་གསུམ་བསྐྱེད་པར་བྱ། །ཡི་གིས་བུས་ལ་རཾ་གྱིས་བསྲེག །དང་པོ་འབར་བའི་སྔགས་འདིས་བསྲེག །རཾ་རཾ་བཛྲ་ཛྭ་ལ་རཾ་རཾ། མེ་སྦར་དེར་ནི་མིང་བྱང་དང་། །ཉུང་དཀར་ཤ་སྣ་དབུལ་ཞིང་བཟླས། །ཧཱུཾ་ནྲྀ་ནྲྀ་མ་མ་ཡ་ཕྲ་ཤ་བུ་ཤ་ཀུ་རུ་རག་ཏ་ཁམ། ཏྲི་རུ་རྩ་ཤིང་རཾ་ཞེས་བསྲེག །གསང་སྔགས་མཐའ་དག་དང་། ཐུན་སྔགས་མཐའ་དག་བཟླས་པར་བྱ། བར་བར་ཕོ་ཉ་གཏོང་བ་ནི། སྲིན་མོ་ནད་གཏོང་བསྐྱེད་བསྐུལ་བྱའོ། །སྦྱིན་སྲེག་གི་ལེའུ་སྟེ་ལྔ་པའོ།། །།ལྷ་མོ་ཤ་རི་སྒྲུབ་ཐབས། གནས་དང་དུས་ལ་སོགས་པ་ཡང་། །འོག་ནས་ཟུར་གྱིས་སྟོན་པའོ། །བསྒྲུབ་པའི་རྟགས་རྣམས་རིམ་པ་ལས། །ལྷ་མོ་དངོས་སུ་སྟོན་པ་དང་། །མོན་པ་ནག་པོར་སྟོན་པ་དང་། །གཏོར་མའི་རྫས་རྣམས་ལུད་པའོ། །གྲུབ་རྟགས་གསུམ་པོ་བྱུང་བ་དང་། །བསྟོད་ཅིང་མཆོད་ལ་དངོས་གྲུབ་བླང་བའོ། །འོད་དཀར་མེ་ཡི་ཐུམ་པོ་དང་། །གྲང་ཞིང་འཇིགས་ལ་འགྲོ་སྙིང་འདོད། །གཉིད་རྡིབ་སྐྱོ་བ་ངན་པ་གསུམ། །བྱ་ལུག་ཐུགས་དམ་བསྐང་བཤགས་བྱ། །མ་དང་སྲིང་མོ་འོང་བ་དང་། །ཁོལ་མོ་འོང་ཞིང་ཕྱག་བགྱིད་དང་། །བོང་བུ་དྲེའུ་དམ་བཅའ་འདོད། །གྲུབ་ནས་


DNG023_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

དབང་འདུས་བཟང་པོ་ཡིན། །ནག་མོ་རལ་བསྙིལ་མདོག་མི་སྡུག །བཙན་མོ་ཇོ་མོ་ཆུང་མར་འོང་། །གཅན་གཟན་རྫུས་དང་ཕྱག་འདོད་པ། །གྲུབ་ཀྱང་དབང་དུ་མ་འདུས་ཏེ། །ལྟ་བའི་གྱབས་བསྐྱེད། ནང་འཐབ་མཚོན་ཆ་མང་བ་དང་། །མེ་ཏོག་མང་པོ་བྱ་ནག་འཐབ་པ་དང་། །ཁྲག་གི་ན་བུན་སྨུག་པོ་འཐུལ། །མ་མོ་འཁྲུགས་ཏེ་ཁྲག་བསྐང་དགོས། །ལྟོ་བཀྲེས་གཡལ་དང་ངུ་སྙིང་འདོད། །སྟུ་རྐུབ་སྟོན་ཅིང་དབང་རྟགས་སྟོན་པ་དང་། །དུད་པ་མང་པོ་ལྟག་པ་དང་། །རྔན་པ་དུས་ལས་ཡོལ་བས་བསྐང་བ་མང་པོ་བྱ། །ལེགས་ཉེས་ཇི་ལྟར་བྱུང་ཡང་ཁོར་ཅིག་བྱོན་པ་ཡིན། །དེ་ཡི་ཕྱིར་ན་གཟབས་ལ་བྱའོ། །ལས་བྱེད་དུ་མི་འདོད་ཅིང་དྲག་པའི་ལས་བྱ་ན། ཧེ་སྡུད་ཀྱི་ནང་གི་མཆོད་མཁན་སྐབས་སུ་ཐོང་། རྟགས་ཀྱི་ལེའུ་སྟེ་དྲུག་པའོ།། །།ཐོག་མདའ་ནག་པོའི་ལས་འཇུག་འཕང་བ་ལ། །གང་མོས་བསམ་པ་འདིར་མ་སྨོས། །ཐོད་པ་ནག་པོ་ཚེག་ཚེར་བྱུག །ཁྲག་ཆེན་དག་གིས་བྱུག་པར་བྱ། །ནང་བསྐང་སྔགས་བཟླས་ཕོ་ཉ་གཏོང་། །ནེ་ཚོ་ན་བུན་འཛིན་དུ་ཤེད་ཤེད། །སྔགས་དེ་བཟླས་པའི་ཐོད་པ་ལ། །མ་མོ་འཁོར་ལོ་དྲེད་གདོང་མ། །དྲེའུའི་ལུས་ལ་མདོག་ནག་པོ། །སོ་ནི་རལ་གྲི་གཏམས་པ་འདྲ། །སྔགས་བཟླས་བསྐུལ་བ་འདི་དག་གོ། །ཧཱུཾ། སྲིད་པ་གསུམ་གྱི་གཙོ་མོ་ལ། །ཁམས་གསུམ་ཁྱབ་པར་གསོད་བྱེད་མོ། །འཁོར་ལོ་ཆེན་མོ་དྲེའུ་གདོང་མ། །མིག་ནི་སྐར་ཆེན་རྡོལ་བ་འདྲ། །བྲང་ནི་ཆུ་སྲིན་གཏམས་པ་འདྲ། །དྲེའུ་སྐད་མཁའ་ལ་བཏང་བས་ཀྱང་། །སྲིད་པའི་རྩེ་མོ་ཚངས་པ་ཡང་། །ཐལ་བ་བཞིན་དུ་གཏོང་བར་བྱེད། །དྲེའུ་སྐད་ས་ལ་བཏང་བས་ཀྱང་། །རྒྱ་མཚོའི་གཏིང་གི་ཀླུ་རྣམས་ཀྱང་། །དྲེའུ་སྡུད་འབྱིན་ཞིང་ཞལ་ལ་བལྟ། །དྲེའུ་མགོ་མཁའ་ལ་བརྡབས་པ་ཡིས། །རི་རབ་རྩེ་ནས་སྙིལ་ཞིང་ལྷ་རྣམས་ཐལ་བར་རློག །དྲེའུ་མགོ་ས་ལ་བརྡབས་པ་ཡིས། །རྒྱ་མཚོ་གཏིང་སྐམ་ཀླུ་རྣམས་


DNG023_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ཐང་ལ་འབྱིན། །དྲེའུ་གདོང་མ་ཡི་དུས་ལ་བབ། །ཅེས་བསྐུལ་ལོ། །ཐོད་པ་ཀླད་ལ་བསྐོར་ལ་སྔགས་འདི་བཟླས་སོ། །ཁ་ལ་ཁ་ལ་རཀྴ་ཁ་ལ་རཀྴ་ནི་ཏི་རྟ་རྦད། ཐུམ་རི་ལི་ལི། སྙིང་ཁ་ལ་རཀྴ་ནི་ཏི་རྦད། ཐུམ་རི་ལི་ལི། ཐོད་པ་དེ་ལྟར་འཕར་བ་ཡིན། །མདའ་ཐུན་བརྡེག་པ་འདི་ཡིན་ཏེ། །སྐྱེར་པ་མི་བསད་ཁྱི་བསད་ལ། །སྤྱི་བཞུར་རྩེ་མོས་ལྟོང་བྱས་ཏེ། །འུག་པ་བྱ་རྒོད་གོང་རུས་གཉིས། །ཁྱི་རྒྱ་པོའི་སྙིང་ཁྲག་སྤྱིན་གྱིས་སྦྱར། །ར་ཁྱིའི་སྤུ་བསྲེས་རྒྱུད་དུ་བྱས། །མིང་རུས་གཟུགས་བཅས་སྙིང་ག་རུ། །མདེའུ་རྩེ་གཏད་ལ་སྔགས་འདི་བཟླས། །ཧཱུཾ་ཙ་པ་ལ་ཐུན་ཁ། ཁྲག་ལ་ཐུན་ཁ། ཁྲག་ཡམ་ཡམ། ཕོ་ཉ་གཏོང་ངོ་། །ཡུལ་ཕྱོགས་སུ་འཕང་བར་བྱ། །གཟུགས་བྱས་སྙིང་གར་བརྡེག་པར་བྱ། །ཧཱུཾ། ཁམས་གསུམ་སྒྲོལ་བྱེད་ཆེན་མོ་ཡིས། །ལྷོ་ཡི་ཕྱོགས་སུ་ཞབས་བརྐྱང་བས། །ཞབས་ཀྱི་དཀྱིལ་འཁོར་ཉིད་ལས་ཀྱང་། །མི་བཟད་འབར་བའི་སྐུ་ཕྱུང་སྟེ། །སྐུ་ནི་སྔོ་སྐྱ་ཆེན་མོ་ལ། །ཞལ་ལྔ་མ་ལ་ཕྱག་བཅུ་སྟེ། །དམར་དང་ལྗང་གུ་དང་ཀ་སྟེ། །སེར་བའི་ཞལ་ལྔར་བསྟན་པ་སྟེ། །གཡས་ཀྱི་ཕྱག་རྒྱ་ལྔ་ཕྱུང་སྟེ། །ཁྲོ་བོ་བཅུ་ཡང་གསོད་པ་སྙམ། །གཡོན་གྱི་ཕྱག་རྒྱ་ལྔ་བྱུང་བ། །ཁྲོ་མོ་བཅུ་ཡི་སྙིང་ཡང་གཟེར། །རྒོལ་བ་ངན་པ་སྨོས་ཅི་དགོས། །ཞལ་ནས་ཁྲག་གི་རལ་གྲི་འབྱུང་། །སྐུ་ནི་མཐིང་ནག་རལ་པ་ཅན། །རལ་པའི་ཟར་བུ་རེ་རེ་ལ། །མཆོང་གི་སྤྱང་མོ་འབུམ་འབུམ་འབྱུང་། །སྲིད་པའི་ལྷ་འདྲེ་ཀུན། ཐུགས་དམ་དུས་ལ་བབ། ཀེའུ་རཾ་ཀེའུ་རཾ། འབུམ་བཟླས། འགྲོ་ལ། དེ་ནས་གྲོལ་ན་འདི་བཟླས་སོ། །ཏི་མ་ཏི་མ་ཁ། བྱས་ཏེ་བརྡེག །བསྐུལ་ལ་བསྙེན་པ་རྫོགས་པར་བྱའོ། །ཐུན་གྱི་ལེའུ་སྟེ་བདུན་པའོ།། །།ཁྲག་ཐུན་བརྡེག་པ་འདི་ཡིན་ཏེ། །ཐོད་པ་ནག་པོར་ལིངྒ་གཞུག །ཧཱུཾ་རྒྱ་མཚོ་མེར་བའི་གཏིང་རུམ་ནས། །ཁྲག་གི་བཙུན་མོ་ཆེན་མོ་ནི། །ལག་ན་ཟངས་ཀྱི་གཞུ་བདུངས་


DNG023_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །ཁྲག་གི་མདའ་འཕེན་ཏ་ལ་ལ། །དགྲ་བགེགས་གདུག་པའི་སྙིང་རུམ་དུ། །ཁྲག་མདའ་དམར་པོ་དྲེངས་སེ་དྲེང་། །ཡ་མ་དམ་སྲི་ངན་པ་ལ། །ཁྲག་གི་དབལ་ལ་གདབ་འཚལ་ལོ། །ཁྲག་དུག་དཔལ་གྱིས་བསད་འཚལ་ལོ། །ཁྲག་དུག་གིས་ལིངྒ་ལ་གདབ་བོ། །མཁར་ཁྱིམ་ལ་བརྡེག་གོ། །མ་མ་ཏྲག་སྙིང་ཁ་རག་བྷྱོ། བྱས་ལ་བརྡེག་གོ། །སྔགས་སྤྱིར་ཡང་བཟླས་སོ། །ཁྲག་མདའི་ལེའུ་སྟེ་བརྒྱད་པའོ།། །།ཐལ་བ་རྫས་ཀུན་ཀླུ་ལ་གཏད་པ་ནི། །ཆུ་མགོ་བྱང་དུ་བལྟས་པར་གཏད། །ཀླུ་འདུལ་བའི་ཏིང་ངེ་འཛིན་དུ་བྱ། །ཀླུ་གཏོར་གཞུང་བཞིན་དུ་གཏོང་བ་གཅེས། །ནཱ་ག་རཱ་ཙའི་སྔགས་དག་བཟླས། །དགྲ་བོ་མིང་རུས་གཏོར་མར་གསལ། །ཀླུ་གཉན་ཁྱོད་ཀྱིས་སྔོན་ཇི་ལྟར་དམ་བཅས་པ་བཞིན་དུ་དམ་ཉམས་པ་འདི་བཞེས་ཤིག །མ་བཞེས་སམ་བཀའ་བཅག་ན། བེ་ཏ་ལི་ཧ་ཡ་གྲཱི་བ་དང་བྱ་ཁྱུང་ག་རུ་ཊས་ཀླུའི་རྒྱལ་ཁམས་ཕུང་བར་འོང་ངོ་། །ཀླུའི་གཏོར་མ་འདི་ལ་མྱུར་བར་ལས་གྱིས་ཤིག །ཅེས་བྱས་ལ་གཏད་པའི་ལས་བྱའོ། །ཀླུ་ལ་གཏད་པའི་ལེའུ་སྟེ་དགུ་པའོ།། །།བཙན་ལ་གཏད་པ་འདི་བཞིན་བྱའོ། །བྷེ་བྷ་ཙདྷི་བྷ་ཙ་ཙ་ན་སྤྱན་དྲངས། བྷེ་ཙ་ལ་བྷེ་ཙ་ལ་དབུ་ཛལ་དབུ་ཛལ། ཅེས་ཕྱག་འཚལ་ལོ། །བཙན་ཁྱོད་ལ་དགྲ་བོ་འདི་གཏད་དོ། །ཨ་བྷི་ཤུ་ཛ་ཨ་བྷི་ཤུ་ཛ་ཧཱུཾ་ས་མ་ཡ་ཧཱུཾ་ཕཊ། འདི་བཞེས་སུ་གསོལ། ཚོན་སྐུད་ཀྱིས་བཅིངས་ལ་བཙན་ཆེ་སར་མནན་ནོ། །དང་པོ་གྲུབ་རྟགས་ཕེབས་པ་དང་ཐུན་རྣམས་མྱུར་བར་བརྡེག་གོ། །ཕུར་ཐུན་ཁྲག་ཐུན་ཉུང་ཐུན་ཟན་ཐུན་ཐོད་ཐུན་སྦྱིན་བསྲེག་གི་རིམ་པ་བྱ། ཐ་མ་ཀླུ་བཙན་དག་ལ་གཏད། མ་མ་ཏྲག་རཀྴ་རུ་ལུ་རུ་ལུ། རེ་མ་ཏི་ཏྲི་རུ་ཏི་རུ་ཏི་སྙིང་ཁ་རག་རག་མོ་ཙ་ཙ་མོ་ཛ། བཙན་གྱི་ལེའུ་སྟེ་བཅུ་པའོ།། །།བྷྱོ་བྷྱོ་བྷྱོ་བྷྱོ། ཛཱ་ཛཱ་ཛཱ་ཛཱ། ནག་མོ་བམ་ར་ལི་ལི། ནག་མོ་ཁྲག་ལ་རི་ལི་ལི། ནག་མོ་སྙིང་ལ་རི་ལི་ལི། ནག་མོ་སྲོག་ལ་རི་ལི་ལི། ནག་མོ་སྲོག་ལ་ཆོམ་ཆོམ། བམ་རི་ལི་ལི་བྷྱོ། མ་རུ་ལུ་རུ་ལུ་བྷྱོ། ནམ་ནམ་ཧ་ར་ཧེ་དེ་མ་བྷྱོ།


DNG023_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

རུ་ལུ་རུ་ལུ། རག་མོ་ཙ་ཙ་མུན་ད་ན། རག་མོ་རག་མོ་པྲི་ལ་ཁ་ཐུན། ཏིང་ཏིང་ཙེམ་ཙེམ། ཀྲོལ་ཀྲོལ་ས་མ་ཡ་དྲེངས། མ་ལས་ལ་བྷྱོ། ཏྲི་མོ་ཤུ་ཤུ་ཡགྴ་ནག་མོ་བྷྱོ་བྷྱོ། ཨཱོཾ་ཏདྱ་ཐཱ་པདྨ་ར་ཏི་རུ་ཏི། རུ་ལུ་ཀོ་རུ། ཨུས་སྡི་དུ་རུ་དུ་རུ། ཙལ་པ་ལ་ཨ་ཤུག་མེ། ཨི་དན་དྷུ་པ་པུཥྤ་པ། ཤྲཱི་བཱ་ན་ཁ་རཾ་ཁཱ་ཧི། ཤྲཱི་དེ་བཱི་མ་ཧཱ་ཀ་ལཱི་ཁཱ་ཧི། མ་ཧཱ་རག་མོ་ཡགྴ་ནག་མོ་ཁཱ་ཧི། མ་རག་མོ་དུན་ཏིང་ཁཱ་ཧི། མ་མ་རེ་མ་ཏི་རག་ཏི་ཤམ་ལ་ཁཱ་ཧི། མ་རི་མ་ཏི་མ་ནུ་རག་མོ་ཁཱ་ཧི། མ་རག་མོ་ཁྲག་ལ་མ་ཤ་མ་ཁཱ་ཧི། མ་མ་མུག་སྡི་གྲྀཧྞ་ཁཱ་ཧི། མ་མ་ནག་མོ་རེའུ་ཏྲི་གྲྀཧྞ་ཁཱ་ཧི། ཏྲི་མོ་ཤུ་ཤུ་ཤ་ཤ་ནག་མོ་ཁཱ་ཧི། ཛ་ཛ་རེ་མ་ཏི་པ་ཤ་ཙ་པ་ལ་ཛ་ཛ་ནག་མོ་དགྲ་བོའི་སྙིང་ལ་ཐུམ་རིལ་རྦད། ནག་མོ་དགྲ་བོའི་སྲོག་ལ་བམ་རིལ་རྦད། ནག་མོ་དགྲ་བོའི་རྩ་ལ་བམ་རིལ་རྦད། །ནག་མོ་དགྲ་བོའི་དབུགས་ལ་བམ་རིལ་རྦད། རེ་མ་ཏི་པ་ཤ་ཙ་པ་ལ་དགྲ་བོ་མཱ་ར་ཡ་ཐུམ་རིལ་རྦད། ནག་མོ་བྷྱོ། རག་མོ་བྷྱོ། ཡག་མོ་བྷྱོ། འདྲིག་མོ་བྷྱོ། མཱའོ་མཱའོ་མཱའོ་མཱའོ། རག་མོ་ཏེ་ཀུམ་བྷྱོ་བྷྱོ། ཡག་མོ་སོད་ཅིག་ནྲྀ་ཛ་ཛ་བྷྱོ། མ་མ་རག་མོ་བྷྱོ་བྷྱོ། ནག་མོ་རེ་མ་ཏི་བྷྱོ། ནག་མོ་རེ་མ་ཏི་བྷྱོ། ནག་མོ་རེ་མ་ཛ་བྷྱོ། ནག་མོ་རེ་མ་འཛུ་བྷྱོ། དགྲ་བོའི་ཤ་ལ་བྷྱོ། དགྲ་བོའི་སྙིང་ལ་བྷྱོ། དགྲ་བོའི་རྩ་ལ་བྷྱོ། དགྲ་བོའི་ཁྲག་ལ་བྷྱོ། བྱས་ལ་ཐོད་པའི་ཁྲག་ཐུན་འཕང་ངོ་། །སྤྱིར་བསྒྲུབ་པ་ཐུན་གྱི་ལེའུ་སྟེ་བཅུ་གཅིག་པའོ།། །།ཡེ་ཤེས་ཀྱི་མ་མོ་བརྒྱད་དང་། ལས་ཀྱི་མ་མོ་བརྒྱད་དང་། འཁོར་ནག་མོ་ས་མ་ཡ་འབུམ་སྡེ་ལ་སོགས་པ་རྣམས་ལ། རྒྱུད་འདི་ཟུང་ཞིག་ཆོངས་ཤིག །ཕྱི་རབས་ཀྱི་བསྟན་པ་སྲུངས་ཤིག །འཁོར་རྣམས་ཀྱིས་རྗེས་སུ་ཡི་རངས་ཏེ་མངོན་པར་བསྟོད་པ་འདི་ལྟ་བུའི་དོན་ཡང་དག་པར་བསྟན་པ། བསྟན་པ་བསྲུང་བར་བགྱིའོ། །བསྐྱང་བར་བགྱིའོ། །ཞེས་གསུངས་ནས་མངོན་པར་བསྟོད་དོ། །རེ་མ་ཏི་མཆེད་བཞི་ཕྲིན་ལས་ཀྱི་རྒྱུད་རྫོགས་སྷོ།། །།ཨི་ཏི།། །།

ལས་ཀྱི་མཁའ་འགྲོ་མ་དེ་ཁོ་ན་ཉིད་གསུམ་དུ་འདུས་པ་ཞེས་བྱ་བའི་རྒྱུད།


DNG023_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཌཱ་ཀཱི་མ་ཧཱ་ཀརྨ་ཏ་ཏྭ་ཏྲི་ས་མཱ་ཛ་ནཱ་མ་ཏནྟྲ། བོད་སྐད་དུ། ལས་ཀྱི་མཁའ་འགྲོ་མ་དེ་ཁོ་ན་ཉིད་གསུམ་དུ་འདུས་པ་ཞེས་བྱ་བའི་རྒྱུད། བཅོམ་ལྡན་འདས་ངག་གི་དཔལ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། རི་རབ་རིའི་རྩེ་མོ་བྱང་ཤར་གྱི་མཚམས་ཤིང་ཡོངས་འདུའི་ཚལ་ཆེན་པོ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་ཉིད་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ། འཁོར་ལྷ་མ་སྲིན་སྡེ་བརྒྱད་ལ་སོགས་པ། མཁའ་འགྲོ་མའི་ཚོགས་བྱེ་བ་དུང་ཕྱུར་གྱིས་བསྐོར་ཏེ་བཞུགས་སོ། །དེའི་ཚེ་བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ་ལ་འཁོར་འདུས་པ་རྣམས་ཀྱིས་ཕྱི་ནང་གསང་བའི་མཆོད་པ་ཕུལ་ནས། ཀརྨ་ཌཱ་ཀཱིས་འདི་སྐད་ཞུས་སོ། །སྟོབས་ཆེན་དྲག་པོ་འཇོམས་མཛད་རྡོ་རྗེ་ཅན། །བཅུད་ཀྱིས་བསྡུས་པའི་འགྲོ་བ་བདག་ལ་སོགས། །བསྟན་པ་འདི་ལ་སྐྱེ་བ་ཅི་ལྟར་སྨིན། །ཡེ་ཤེས་སྤྲུལ་པས་རང་རྒྱུད་གྲུབ་པ་མོ། །དེ་བཞིན་རིགས་དང་ངེས་ཚིག་ཅི་ལྟར་ལགས། །ཁྱེད་ཀྱིས་བཀའ་སྩོལ་བདག་ཅག་ཉན་པར་འཚལ། །དེའི་ཚེ་བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེས་པདྨའི་གདན་ལས་བཞེངས་ཏེ་བཀའ་སྩལ་པ། འདས་པའི་དུས་མ་བྱུང་བའི་སྔོན་རོལ་དུ། །བཅུད་ནི་བསྐལ་པའི་རྣམ་པའི་གྲངས་ཀྱིས་འགྲུབ། །ལུས་མེད་ཤེས་པ་ཆང་སྦྲང་བཞིན་དུ་གནས། །འཇིག་ཆགས་གཉིས་ཀྱིས་སྟོངས་ནས་བསྐལ་པ་ལས། །དུས་གཅིག་ཚ་གྲང་རླུང་འཐབས་འབྲས་བུར་སྨིན། །དེ་མིན་སྤྱི་མཐུན་ལས་ཀྱི་མཁའ་འགྲོ་མ། །ལུས་ལ་བལྟ་བས་མི་ངོམས་སྤྱན་གསུམ་མ། །མཆེ་གཙིགས་གཅོང་རོང་ཆགས་པའི་གདུང་བ་གཡོས། །ཕྱག་གིས་བྷ་ག་བསྒྲད་པ་རླུང་གིས་བསྐྱོད། །འབྱུང་བཞི་འདུས་པ་རྒྱུ་དང་རྐྱེན་དུ་འཕྲད། །འགྲོ་དྲུག་མ་བུ་ཏིལ་གང་བཞིན་དུ་སྨིན། །དེ་མིན་འབྱུང་བ་འདུས་པའི་མཁའ་འགྲོ་མ། །ཡུམ་ཆེན་མོ་ལས་བརྫུས་ཏེ་སྐྱེས་པ་ལྔ། །དབུགས་དང་དྲོད་དང་ཁྲག་དང་ཤ་རུས་ལས། །རླུང་གི་རྒྱལ་མོ་འཇིག་རྟེན་འདེགས་བྱེད་མ། །དྲོད་ཀྱི་རྒྱལ་མོ་འཇིག་རྟེན་སྲེག་བྱེད་མ། །རླན་གྱི་རྒྱལ་མོ་འཇིག་རྟེན་སྡུད་བྱེད་མ། །ས་ཡི་རྒྱལ་མོས་འཇིག་རྟེན་རྟེན་པར་བྱེད། །འཇིག་རྟེན་ཀུན་ཁྱབ་རྒྱུ་བའི་རང་བཞིན་ལས། །


DNG023_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་མཐུན་སྲིད་པ་ཆགས་པའི་མཁའ་འགྲོ་མ། །མཁའ་འགྲོ་དེ་རྣམས་ནུས་པའི་མཐུ་སྐྱེས་པས། །འོད་ཀྱིས་སོ་སོའི་འཇིག་རྟེན་གང་བར་གྱུར། །སོ་སོའི་ནུས་མཐུས་འཇིག་རྟེན་དབང་དུ་འདོད། །འབྱུང་བ་མི་མཐུན་རིགས་ལྔའི་ངོ་བོ་ལས། །སྤྲུལ་པའི་ཡུམ་གྱིས་འབྱུང་བ་ཆ་སྙོམས་ཏེ། །འཇིག་རྟེན་རྒྱུ་བའི་རང་བཞིན་ལས། །སྲིད་པ་ཆ་སྙོམས་བྱེད་མཁན་མཁའ་འགྲོ་མ། །གཞན་ཡང་འབྱུང་བ་ཆེན་པོ་ལྔ་རྣམས་ཀྱིས། །སོ་སོ་རང་གི་ལུས་ལས་མཁའ་འགྲོ་མ། །རང་ལུས་འཛིན་པ་རྩི་ཐོག་བཞིན་དུ་སྐྱེས། །འདོད་ཁམས་གཟུགས་ཁམས་གཟུགས་མེད་མཁའ་འགྲོ་མ། །ཞལ་དང་མིག་དང་རྣ་བ་ལས་ནི་སྐྱེས། །མ་རྒྱུད་ཐམས་ཅད་མངལ་ནས་རབ་ཏུ་སྐྱེས། །བདུད་དང་གཤིན་རྗེ་སྲིན་པོ་དབུགས་ལས་སྐྱེས། །བགེགས་རིགས་སྟོང་ཕྲག་དྲུག་ཅུ་བརྫུས་ལས་སྐྱེས། །མཁའ་འགྲོ་མ་དེ་རྣམས་ཀྱི་ལུས་ལ་ཡང་། །སྐྱེས་པ་མང་ཞིང་སྲིད་པ་འདི་ལྟ་སྟེ། །ལྷ་དང་ལྷ་མིན་ཀླུ་དང་གནོད་སྦྱིན་མཁའ་འགྲོ་མ། །སྲིན་པོ་ཤ་ཟ་གཤིན་རྗེ་མཁའ་འགྲོ་མ། །དྲི་ཟ་མཁའ་ལྡིང་མིའམ་ཅི་མཁའ་འགྲོ་མ། །ལྟོ་འཕྱེ་དྲང་སྲོང་སྲོག་གི་མཁའ་འགྲོ་མ། །བདུད་དང་དུར་ཁྲོད་མི་ཡི་མཁའ་འགྲོ་མ། །བྱོལ་སོང་ཡི་དྭགས་དམྱལ་བའི་མཁའ་འགྲོ་མ། །ལས་དང་རབ་ཏུ་དམྱལ་བ་ལ་སོགས་ཏེ། །མཁའ་འགྲོ་མ་རིགས་ཐམས་ཅད་གཅིག་ལ་གཅིག །ཡིད་དུ་མི་འོང་ཁྲོ་ཞིང་འཁྲུག་པ་ནི། །སྤྱི་མཐུན་སོ་སོའི་ལས་ཀྱི་དབང་ཉིད་ཀྱིས། །ཉིང་ཤ་ཉིང་ཁྲག་པགས་པ་སྲོག་ལ་སྤྱོད། །འཇིགས་སྐྲག་འདོད་པ་ལ་སོགས་ཐ་དད་པས། །ལ་ལ་འབྲོས་ལ་འདེད་ཅིང་འཚོལ་བ་དང་། །གབ་གསོད་ཤ་ཟ་ཁྲག་འཐུང་འོ་དོད་འབོད། །མི་བཟོད་ངུ་བ་མགོ་ལུས་ཐང་ལ་རྡེབ། །རྩལ་དང་ལྡན་པ་རྒོད་ཅིང་ཐལ་མོ་རྡེབ། །མི་མཐུན་མགོ་བརྙན་ལུས་ནི་སྣ་ཚོགས་ཏེ། །མི་ལུས་བྱ་གཤོག་མིག་གསུམ་སྡེར་མོ་ཅན། །མཆེ་བ་རྭ་ཅན་ལུས་གཅིག་མགོ་མང་དང་། །མཛེས་འོད་འབར་བ་མི་སྡུག་སྣ་ཚོགས་རྣམས། །སྡུག་བསྔལ་མང་པོའི་ཚོགས་


DNG023_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་གདུངས་པ་ལ། །ཐབས་ལས་སྤྲུལ་པའི་མཁའ་འགྲོ་མ་ཆེན་གཅིག །གཞན་ལས་འཕགས་ཤིང་མཐུ་རྩལ་ཆེ་བ་ཡིས། །མི་བཟོད་སྡུག་བསྔལ་སྐད་ཅིག་བདེར་མཛད་པས། །སྣ་ཚོགས་མཁའ་འགྲོ་འདུས་ཏེ་ཕྱོགས་གཅིག་ནས། །སྤྱི་མཐུན་ལས་ཀྱི་མཁའ་འགྲོ་མ་ཉིད་ལ། །ཞུ་བའི་ཚིག་ནི་འདི་སྐད་ཅེས་གསོལ་ཏོ། །ཁ་དོག་དབྱིབས་ཀྱི་མཁའ་འགྲོ་མ། །བདག་ཅག་ལས་དང་རྒྱུ་འབྲས་ནི། །གང་ཡིན་རིགས་དང་རིགས་ཀྱི་གཙོ་མོ་གང་། །ཡུལ་དང་ལས་དང་ཟས་དང་སྐལ་བ་གང་། །ཞེས་གསོལ་ཏོ། །ཡུམ་ཆེན་མོ་དེ་ཤིན་ཏུ་ཆགས་པས་གདུང་བའི་སེམས་གཡོས་པར་གྱུར་ཏེ། སེམས་རྩེ་གཅིག་ཏུ་སྦྱོར་བའི་གྲོགས་གཅིག་བསྒོམས་པའི་འབྲས་བུ་སྟག་གི་ལོའི་དཔྱིད་ཟླ་ར་བ་ལ། འཇིག་རྟེན་ཡུམ་གཅིག་མིང་དགུའི་རྨི་ལམ་དུ། མི་ནག་ལུས་བོངས་རི་རབ་ཙམ། །དབུ་གསུམ་མཛེས་པའི་ཕྱག་དྲུག་གཤོག་པར་ལྡན། །འཇིགས་པའི་ང་རོས་ལག་པ་སར་བརྡབས་པས། །མཁའ་འགྲོའི་ཚོགས་རྣམས་བརྒྱལ་ཞིང་སྙིང་ཁྲག་སྐྱུགས། །སངས་རྒྱས་མགོ་བཅད་འཇིགས་པའི་རྒྱན་མངའ་བས། །བདེ་བའི་ཆགས་པ་མངོན་གསུམ་སྤྱད་པ་རྨིས། །ལྷུམས་བདེར་གནས་དེ་ཕྱི་དེ་ལོ་དུས་སུ། །སྲིན་པོ་ལྕམ་དྲལ་གཉིས་སྐྱེས་པར་གྱུར་ཏེ། དྲལ་པོ་རྨི་ལམ་དང་ནི་མཐུན་པར་སྐྱེས། །དེ་ནས་ར་ལ་ར་ལ་རུ་ལུ་རུ་ལུ་བྷྱོ་བྷྱོའི་སྒྲ་བྱུང་བས། མཁའ་འགྲོ་མ་ཐམས་ཅད་ཤིང་ལོ་རླུང་གིས་བདས་པ་བཞིན་དུ་འདུས་ཏེ་དབང་ཕྱུག་ཆེན་པོ་ལྕམ་དྲལ་བདག་ཅག་གི་གཙོ་བོ་གཙོ་མོ་མཛོད་ཅིག་ཅེས་གསོལ་བ་བཏབ་བོ། །དེ་ནས་མཁའ་འགྲོ་མའི་རིགས་ཐམས་ཅད་ཀྱིས། དགུང་དང་ནམ་ཕྱེད་ཐོ་རངས་སྔ་དྲོ་རུ། །ཉི་ཁྲི་ཆིག་སྟོང་རེས་མཆོད་པ་བྱེད་དོ། །བདུད་ཀྱི་རྒྱལ་པོ་དེས། ཏྲང་མ་ཏྲང་རུ་ཏྲང་། སརྦ་ཌཱཀྐི་ཨཱ་ཀ་ཡ་ཨཱ་ཀ་ཡ། ནིརྨ་ཎ་ཨ་བྲ་མེ་ཡ། ཨ་ཛི་ཏེ་ན་ཀརྨ་ས་རུ།ས་མཱ་ཛ་ས་མཱ་ཛ། ཞེས་བརྗོད་པས། མཁའ་འགྲོ་མ་ཐམས་ཅད་སྲོག་རང་དབང་མེད་པར་འདུས་ཏེ། མཆོད་ནས་སྲོག་གི་སྙིང་པོ་


DNG023_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

ཕུལ་པ། མ་རག་ཤ་ཁ་མུན་ཛ། ཏྲག་རཀ་ཤ་སྙིང་ཁ་རག་མ་བཛྲ་དུན་ཏིང་། རག་མོ་ཡག་མོ་མ་ར་ཎ་བྷྱོ། ཌཱཀྐི་ནཱི་དེ་ཝ་ཨ་སུ་ར་ནཱ་ག་ཡག་ཤ་རག་ཤ །པཱི་ཙ་ཤ །དྷྲིཥྚ་རཥྚ་ག་རུ་ཌ་ཀིནྣ་ར་མ་ཧོ་ར་ག་ཨག་ནི་བ་རུ་ཎ། རུ་ཏྲ་བ་ཏི། གནྡྷརྦྷ་ཏིརྱ་ཀ་པྲེ་ཏ་ཀ་ན་ར་ཀ་ཀརྨ་ན་ར་ཀ །སརྦ་ཌཱཀྐི་པཱ་ཏ་ལ་པཱ་ལ་བ་སི། སརྦ་ཌཱཀྐི་ཨ་ནན་ཏ་རི་བ་ཙ་ར། སརྦ་ཌཱཀྐི་ནཱི་བྷྱོ་བྷུ་མ་ཏ་བྷྱོ་བྷྱོ་རུ་རུ། ཞེས་ཕུལ་བས། ཧེ་རུ་ཀ་ཆེ་བའི་ང་རྒྱལ་སྐྱེས་ཏེ། འཇིག་རྟེན་དུ་ཧ་ཧ་ཧི་ཧི་ཞེས་བརྗོད་པས། སྣོད་བཅུད་ཐམས་ཅད་གཡོ་ཞིང་འཁྲུགས་ཏེ། འོག་མིན་གྱི་གནས་ན་དེ་བཞིན་གཤེགས་པ་ལོངས་སྤྱོད་རྫོགས་པའི་སྐུ་ཡང་ལྡེག་ལྡེག་འགུལ་ལོ། །བདེ་གཤེགས་ཐུགས་ཁྲོས་བརྡས་མཚོན་བཀའ་བགྲོས་མཛད། །གདུལ་ཐབས་རྣམ་གཉིས་བཀའ་མཐུན་སྟངས་གཅོད་པས། །སྲིད་པའི་རྒྱལ་མོ་ཀྲོ་ཏཱི་ཤྭ་རཱིས་གཟིགས། །ཏྲང་མ་ཏྲང་རུ་ཏྲང་ཨཱ་གཌྜྷ་ཡ་ཨཱ་གཌྜྷ་ཡ། ཏ་ཐཱ་ཡ་ཏ་ཐཱ་ཡ། ར་ལ་ར་ལ་བྷྱོ་རུ་ལུ་རུ་ལུ་བྷྱོ། སརྦ་ཌཱཀྐཱི་རུ་ཏྲ། ཀྲོ་ཏ་ཀྲོ་ཏཱི་རུ་ཏི། ས་མ་བན་དཾ་ཀུ་རུ་ཞེས་བརྗོད་པས། བདུད་དང་ཁྲོ་བོ་ཁྲོ་མོ་ཡབ་ཡུམ་གྱི་ཚོགས་ཐམས་ཅད་སིལ་གྱིས་ལྷགས་པར་གྱུར་ཏོ། །ཡུམ་ཆེན་མོ་དེའི་ཞལ་ནས་འཇིག་རྟེན་དབང་ཕྱུག་ཆེན་པོ། འོག་མིན་གྱི་གནས་ན་དཔལ་ཆེན་པོ་རྫུ་འཕྲུལ་ཆེན་པོ་ཡེ་ཤེས་ཀྱི་རྩལ་དང་ལྡན་པ་ཞིག་ཡོད། འཁོར་མཁའ་འགྲོ་མ་དང་ཁྲོ་བོ་ཐམས་ཅད་ཀྱིས་ཕྱོགས་མཚམས་ཆོད་ཅིག་པར་བསྒོའོ། །འཇིག་རྟེན་དབང་ཕྱུག་རབ་ཏུ་དྲེད་པར་གྱུར། །ཤིན་ཏུ་བསྔངས་པས་རང་གི་གནས་སུ་ཕྱིན་ནས། །ཀེང་རུས་ཐོད་མཁར་གསུམ་ཐོག་བརྩིགས་པའི་སྟེང་། །བྷནྡྷའི་གཞལ་ཡས་དུར་ཁྲོད་འཇིགས་པས་བརྒྱན། །རྟ་བབས་མུ་ཁྱུད་ལྕགས་རི་མེ་འོབས་བྱས། །རྣག་ཁྲག་བཤང་གཅི་ཀླད་པ་དྲི་ཆེན་དང་། །བམ་རུལ་ཟག་པ་མནམ་ཞིང་དཀུ་བ་དང་། །མི་གཙང་རྣམ་པ་སྣ་ཚོགས་པས་བསྐོར་རོ། །ཕྱི་རིམ་དུར་ཁྲོད་མ་བརྒྱད་བཀའ་ཉན་དང་། །རིམ་པས་འཇིགས་བྱེད་ཁྲོ་བོ་བཅུ་ཡིས་བསྐོར། །སྲིད་པའི་


DNG023_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

ཕུར་བུ་དཔག་ཆེན་མདའ་བཞིན་འཕེན། །དེ་ཡི་ཕྱི་རིམ་དབང་ཕྱུག་མ་ཡིས་བསྐོར། །གཞན་ཡང་རལ་པ་ཅན་གྱི་ཚོགས་རྣམས་དང་། །མཆེ་བ་གཤོག་པ་ནུ་མ་སྡེར་མོ་ཅན། །མགོ་བརྙན་མ་ཚོགས་སྣ་ཚོགས་པས་བསྐོར་རོ། །དཔལ་ཆེན་པོ་དང་ནོར་གྱིས་དོགས་པས་ནི། །བརྡའ་ནི་རྣམ་དྲུག་ཕྱེད་ཅིང་འབོད་པ་སྟེ། །སྤྱུགས་པ་གཡབ་མོ་ཐལ་མོ་སེ་གོལ་དང་། །རྐུན་པོ་གླུ་སྟེ་སོ་སོས་གོ་བར་བྱས། །འཇའ་དང་འབྲུག་གློག་སྟོང་གི་སྒྲ་འབྱིན་ཞིང་། །འབྲུ་དང་རིན་ཆེན་སྣ་ཚོགས་སྨན་དང་ཆུ། །འགྲོ་དྲུག་མཁའ་འགྲོ་ཤ་རུས་ཟ་བ་རྣམས། །ཁ་ནས་ནད་ཀྱི་རྣམ་པ་སྣ་ཚོགས་སྐྱུགས། །ཀུན་ནས་བསྐོར་ཏེ་བཙན་པར་བྱས་པ་ཡིས། །བདུད་ཀྱི་སེམས་དེ་རབ་ཏུ་དེར་གནས་པས། །མ་ཏྲང་རུ་ཏྲས་དཔལ་ལ་སྐུར་པ་བཏབ། །དཔལ་ཆེན་བྱ་བ་མེད་པར་ངེས་པ་ལས། །སྲིད་པའི་རྒྱལ་མོས་བཅོས་པ་འདྲ་ཟེར་རོ། །འོག་མིན་གནས་ནས་དཔལ་གྱིས་དགོངས་པ་མཛད། །ཅི་ཕྱིར་ཉོན་མོངས་དེ་དང་སེམས་ཅན་རྣམས། །ཐུགས་རྗེའི་ཞིང་དུ་གྱུར་པས་སྒྲོལ་དུ་གཤེགས། །མཐོང་བའི་ལོགས་སུ་ལྷ་ཡི་གཞལ་ཡས་སྤྲུལ། །སྲིན་པོའི་རྣམ་ཤེས་མཛེས་ཤིང་འཛིན་པར་བྱས། །སྲིན་པོ་ཆགས་སྐྱེས་འཁོར་ལ་གདམས་ངག་བྱས། །དཔལ་གྱི་སྲིན་པོའི་ལུས་ཀྱིས་གནས་སུ་ཕྱིན། །སྣ་ཚོགས་གཟུགས་སུ་འདུག་པའི་འཁོར་རྣམས་ནི། །རྭ་གཟེངས་མིག་བགྲད་མཆེ་གཙིགས་སྡེར་མོ་གདེངས། །འཇིགས་པའི་སྐད་ཀྱིས་ཅོ་ལོང་ཆེན་པོ་འབྱིན། །ཁ་ནས་ཁྲག་དང་ནད་སྐྱུགས་འདི་སྐད་ཟེར། །གཙོ་བོ་རྗེ་བོ་ལགས་སམ་གསང་བརྡའ་སྟོན། །དཔལ་གྱིས་སོ་སོའི་བརྡའ་རྣམས་ངེས་བསྟན་པས། །དངོས་ཉིད་ཡིན་པར་མཐོང་སྟེ་མཆོད་པ་ཕུལ། །གཞལ་ཡས་ནང་དུ་བྱོན་ཏེ་ཁ་ཊྭཱཾ་གདེངས། །སྲིན་མོ་ཀྲོ་ཏཱི་ཤྭ་རཱི་ཅིར་གྱིས་བཟུང་། །བསྒྲལ་བར་བྱས་ནས་རང་རྟགས་སྙིང་པོ་ཕུལ། །བཀའ་ལ་བཏགས་ཏེ་ཁ་ཊྭཱཾ་སྤུ་གྲི་བྱིན། །མ་མོའི་གཙོ་མོ་སྦྱོར་བའི་ཡུམ་དུ་བྱས། །དཔལ་གྱི་སྐུ་གསུང་ཐུགས་ཀྱི་གནས་ཡུལ་ལས། །སྤྲུལ་པ་ཀཽ་རཱི་སེང་ཧ་ཁྲོ་མོ་དྲག་པོའི་ཚོགས། །དུར་ཁྲོད་ཕོ་ཉ་


DNG023_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་སྐྱོང་ལ་སོགས་ཀུན། །རང་རང་འདྲ་བའི་སྤྲུལ་པ་མང་པོས་བཏུལ། །ཀུན་གྱིས་མགྲིན་གཅིག་དཔལ་ལ་འདི་སྐད་ཞུས། །བདུད་ཀྱི་བདུད་རྗེ་ཐུགས་རྗེའི་བདག་པོ་ཁྱོད། །བདག་ཅག་འཁོར་དང་བཅས་པ་འབངས་སུ་མཆི། །ཞེས་སྲོག་གི་སྙིང་པོ་ཕུལ་ནས། ཐ་ཚིག་བླངས་ཏེ་དཀྱིལ་འཁོར་བྲན་ལ་གནས་པར་བྱས་སོ། །དེ་ཡི་འཁོར་རྣམས་སྔར་འདུས་གཞལ་ཡས་མེད། །སྲིན་པོ་གཞལ་ཡས་མེད་པས་སྔངས་པར་གྱུར། །སངས་རྒྱས་ཆོ་འཕྲུལ་ཡིན་པར་རབ་ཏུ་ཤེས། །རང་གི་གནས་སུ་རྒྱུག་པས་དཔལ་དང་འཕྲད། །མཐོང་ཐོས་འཇིགས་པ་ཆེན་པོ་རབ་ཏུ་སྐྱེས། །དཔལ་གྱིས་ཚམ་རྔམས་བརྟུལ་ཞུགས་སྤྱོད་པ་མཛད། །ཛཿཧཱུཾ་བཾ་ཧོཿའི་ཕྱག་རྒྱ་བཞི་ཡིས་བཟུང་། །སྒྲོལ་སྔགས་ཁ་ཊྭཱཾ་སྲིན་པོའི་སྙིང་གར་བརྒྱབ། །མགོ་བོ་ལྷོ་ནུབ་རྐང་པ་བྱང་ཤར་བསྟན། །ཤ་རུས་ཁྲག་ལ་རོལ་པ་ཆེན་པོར་མཛད། །མ་མོ་མཁའ་འགྲོའི་ཚོགས་ཀྱང་རོལ་དུ་བཅུག །དབང་པོ་རྣམ་ལྔ་ཡེ་ཤེས་ཁྲག་འཐུང་རྫས། །ཁོག་པར་ཞུགས་ནས་རྒྱལ་བའི་དཀྱིལ་འཁོར་བསྐྱེད། །དུར་ཁྲོད་གཞལ་ཡས་འབར་བར་བྱིན་གྱིས་བརླབས། །བདུད་སྡེ་ལྡང་བ་མེད་པར་བྱ་བའི་ཕྱིར། །གནས་ཆེན་བརྒྱད་དུ་མཆོད་རྟེན་རེ་རེ་བརྩིག །དུར་ཁྲོད་མ་བརྒྱད་བཀའ་ཉན་བཅས་པས་བསྲུང་། །རིགས་ལྔ་ཡེ་ཤེས་ཆོས་དང་རང་བཞིན་ལས་ལས་སྐྱེས། །རྡོ་རྗེ་མཁའ་འགྲོ་ཤུགས་ཀྱི་མཁའ་འགྲོ་ཡང་། །ཆགས་པའི་མཁའ་འགྲོ་ལས་ཀྱི་མཁའ་འགྲོ་མ། །རེ་རེ་ལའང་བཞི་བཞི་བཅུ་དྲུག་ཡེ་ཤེས་མངའ། །དུར་ཁྲོད་ཀཽ་རཱི་སེང་ཧ་བཅུ་དྲུག་གྲུབ་པའི་རིགས། །ཨ་ཕྱི་ཤམ་ཤམ་མན་ཆད་སྨན་མོའི་རིགས། །ངེས་པའི་ཚིག་ནི་རྒྱུ་ལས་མ་བྱུང་རང་བཞིན་ལྷུན་གྱིས་གྲུབ། །ཐུགས་རྗེ་ཉི་མ་ལྟ་བུར་ཡོངས་ལ་ཁྱབ། །དོན་དམ་སྐྱེ་མེད་འཁོར་བའི་བདུད་ལས་རྒྱལ། །རང་བཞིན་མཁའ་འགྲོ་ཡེ་ཤེས་མ་རུ་བསྟན། །སྲིད་པ་ཉོན་མོངས་རྒྱུ་མཐུན་སྲིན་པོའི་འཁོར། །ཆགས་པའི་དབང་གིས་སྡུག་བསྔལ་སྣ་ཚོགས་སྤྱད། །


DNG023_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་སྤྱད་ཉོན་མོངས་ཟད་པས་དཔལ་ཆེན་ཞལ་ཡང་མཐོང་། །དགོས་དོན་ཅི་འདོད་བསྒྲུབས་པས་གྲུབ་པ་མོ། །དམན་པའི་སེམས་ཀྱིས་ཆོས་ཉིད་དོན་མི་རྟོག །ཉོན་མོངས་སྟུག་པོས་བདེ་གཤེགས་ཞལ་མ་མཐོང་། །བདག་ཏུ་རྟོག་པས་འཁོར་བ་དུག་གསུམ་རྒྱས། །རང་བཞིན་མཐུ་བལྟས་སྲིད་པའི་སྨན་མོར་གྲགས། །ལས་ཀྱི་མཁའ་འགྲོ་མ་ཆེན་མོའི་རྒྱུད་ལས་སྐྱེ་རྒྱུད་ཀྱི་གླེང་གཞི་རིགས་དང་ངེས་ཚིག་བསྟན་པ་ཞེས་བྱ་བ་སྟེ་ལེའུ་དང་པོའོ།། །།དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ་ལ་མཆོད་པ་རྒྱ་ཆེན་པོ་མཆོད་ནས། འདི་སྐད་ཅེས་གསོལ་ཏོ། །མཐུ་ཆེན་རྫུ་འཕྲུལ་འགྲོ་སྐྱབས་ཐུགས་རྗེ་ཅན། །འཇིག་རྟེན་དབང་ཆེན་མཁའ་འགྲོ་འདི་དག་རྣམས། །སྒྲུབ་ཐབས་གནས་དང་དམ་རྫས་བཀོལ་ཐབས་རྣམས། །འགྲོ་རྣམས་གཉིས་པོ་དོན་ཕྱིར་བདག་གིས་ཞུ། །ཀུན་མཁྱེན་རིག་པའི་རྩལ་ཆེན་ཁྱོད་ཀྱིས་གསུང་། །ཞེས་གསོལ་པས། བཀའ་སྩལ་པ། ལྷའི་དབང་པོ་འདི་ལྟ་སྟེ། གཙོ་མོ་བསྒྲུབ་པའི་རིམ་པ་བསྡུས་པའི་དོན། །གཞན་གསལ་མེད་པས་བདག་གིས་འདིར་བཤད་བྱ། །སྐྱེ་མེད་ཆོས་རྣམས་ནམ་མཁའ་ལྟ་བུ་ལས། །དབང་ཆེན་འབྱུང་བ་ཡུམ་གྱི་ངོ་བོར་བརྩེགས། །ཀེང་རུས་རི་རབ་བྷན་དྷའི་གཞལ་ཡས་ཁང་། །ནང་དུ་ཙཀྲ་རྩིབས་བཞི་རོ་ཡི་སྟེང་། །མན་ངག་རིམ་པས་མཁའ་འགྲོ་ལྔ་རུ་བསྐྱེད། །ཁ་དོག་དབྱིབས་ནི་རིགས་དང་མཐུན་པ་ལས། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་དུར་ཁྲོད་རྒྱན། །དབུས་ཤར་ལྷོ་ཕྱོགས་ཕྱག་གཡས་ཀ་པཱ་ལ། །ནུབ་བྱང་གཉིས་གཡས་ཙིཏྟ་ཐོད་པ་བསྣམས། །གཡང་གཞི་སྦྲུལ་ཞགས་དགྲ་སྟྭ་ཞགས་པ་ཐོད། །གཡོན་པའི་ཕྱག་ནི་ལྔ་སྟེ་ཐེགས་པར་བསམ། །རྩེ་གཅིག་དབང་པོ་གང་དང་གང་སྤྱོད་ཡུལ། །བསྒོམ་ན་དེ་དང་དེ་ཡི་རང་བཞིན་འགྲོ། །མཉམ་པར་མ་བཞག་རྣལ་འབྱོར་པས་མི་བྱ། །ཆོས་ཅན་མེད་ཕྱིར་ཆོས་ཉིད་ཡོད་མ་ཡིན། །བྲག་ཆའི་སྒྲ་དང་མཚུངས་པའི་ཆོས་འདི་བསྟན། །བསམ་པ་པོ་མེད་


DNG023_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་པའི་ཆོས་ཀྱང་མེད། །སྔགས་དང་ལྷ་མེད་སྤྲོས་མེད་རང་བཞིན་ལས། །འཁྲུལ་རྟོག་སྤྲོས་པའི་རང་བཞིན་ཅིར་ཡང་སྣང་། །སྟོན་པའི་ཞལ་ནས་གསུངས་པའི་ལུང་གསུམ་ལས། །གནས་དང་རྒྱུ་རྩིས་དུས་ཚོད་གཙུག་ལག་རྒྱུད། །མཐུ་འཕྲོག་ལས་བཅོལ་དངོས་གྲུབ་མངོན་བཀོལ་རྒྱུད། །སྒྲུབ་རྫས་གསང་ཚིག་ཐུགས་ཀྱི་སྒྲོམ་བུའི་རྒྱུད། །དེ་གསུམ་འདུས་པའི་དོན་ནི་འདི་ལྟ་སྟེ། །རིགས་དང་གྲངས་དང་དོན་གྱི་ངོ་བོ་སྟེ། །ལས་ཡུལ་རྒྱུ་སྲང་འདུན་པ་གར་རྒྱུའི་ཕྱོགས། །དམ་རྫས་སྔགས་ལས་དུས་ཚོད་མྱུར་འགྲུབ་ཐབས། །རྫུ་འཕྲུལ་སྒྲིབས་ཤིང་འཁྲུགས་ཉམས་ཆད་ལ་སོགས། །དོན་སྔགས་ལན་ཅིག་ཕྱིར་ནི་རྩིས་རྒྱུད་ཡིན། །ཞེས་བཀའ་སྩལ་པ་དང་། ལྷའི་དབང་པོས་ཡང་འདི་སྐད་ཅེས་གསོལ་ཏོ། །ཀུན་མཁྱེན་དོན་རྣམས་འབྱེད་པ་ཤེས་རབ་བདག །འགྲོ་དྲུག་བདག་ཅག་རྨོངས་པའི་དོན་སླད་དུ། །བསྡུས་དོན་རེ་རེ་ནས་ནི་བཤད་པར་ཞུ། །ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བསྡུས་དོན་རེ་རེ་ལ་ཡང་གཉིས་གཉིས་ཏེ། །བཀའ་དང་རང་བཞིན་གཉིས་སུ་ཤེས་པར་བྱ། །ཡེ་ཤེས་ཆོས་ལས་སྐྱེ་བའི་མཁའ་འགྲོ་མ། །རྡོ་རྗེ་མཁའ་འགྲོ་ཤུགས་ཀྱི་མཁའ་འགྲོ་མ། །ཆགས་པའི་མཁའ་འགྲོ་ལས་ཀྱི་མཁའ་འགྲོ་མ། །རང་བཞིན་རིགས་ལས་ཐ་དད་གཅིག་གནས་པ། །སྤྱིར་ནི་མཁའ་འགྲོ་ཤུགས་འགྲོ་ལས་ཀྱི་འགྲོ། །དེ་གསུམ་དག་ཏུ་ཐམས་ཅད་འདུས་པ་ཡིན། །དེ་ལས་ལས་ཀྱི་མཁའ་འགྲོ་བཞི་ཡོད་དེ། །གྲལ་རྒྱུག་དགོན་པ་གནས་འཁྱར་ཆད་པས་ཕོག །གྲལ་རྒྱུག་བཅུ་དྲུག་དགོན་པ་དུར་ཁྲོད་གནས། །གནས་འཁྱར་ཆད་པས་ཕོག་པ་འདི་འདྲ་སྟེ། །གནས་འཁྱར་འགྲོ་བ་རིགས་དྲུག་ཡོད་པ་ལས། །མི་དང་བྱོལ་སོང་གཉིས་ལ་བརྟག་པ་ནི། །སྐྲ་དང་དཔྲལ་བ་མིག་གཉིས་དང་། །སེན་མོ་ལུས་ཀྱི་དྲི་མ་མོ་མཚན་རྟགས། །རྨེན་སྲུབ་འཁྱིལ་པ་ཁ་བྲག་ཆེ། །མགོ་མཇུག་ལོག་དང་ལྕགས་ཀྱུ་བཤུལ་བ་རྣམས། །འདི་དག་མི་ལ་


DNG023_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་དེ་ནུས་མཐུ་ཆེ། །མཁའ་ལྡིང་འཁོར་བ་བྱ་ཡི་མཁའ་འགྲོ་མ། །སྨྲ་ཉན་ཁ་དོག་སྟོན་པ་ཁྱི་ཡི་མཁའ་འགྲོ་མ། །མཐོང་མེད་སྒྲ་སྙན་འབྱིན་པ་སྤྲུལ་པའི་མཁའ་འགྲོ་མ། །བྱིང་རྨུགས་མི་དགའ་འཕྱོ་ཞིང་འགྲོ་སྙིང་འདོད། །འདི་དག་ཉམས་ལེན་བར་ཆོད་མཁའ་འགྲོ་མ། །ཆད་པས་ཕོག་པའི་མཚན་ཉིད་འདི་ལྟ་སྟེ། །སྤྱང་གདོང་མིག་རྩ་དམར་ལ་མཆི་རིས་ཡོད། །སྐད་ཆུང་ཅོ་ལོང་གཞན་རྣམས་སྔངས་པར་ནུས། །དྲེད་འདྲ་ལུས་པོ་ཁམ་ནག་ཡན་ལག་རིང་། །སྤྲེའུ་གཟུགས་ཁ་དམར་ལྕེ་རིང་བྱ་བྱེད་མང་། །སྟག་འདྲ་ངོ་དམར་ཤ་ཁྲག་དམར་ལ་དགའ། །གཟུགས་ཆུང་ཕ་ཝང་མཚན་ངན་མིག་རྩ་དམར། །སེན་མོ་ཁྭ་འདྲ་སོར་མོ་རིང་ལ་ཕྲ། །ཆད་སྐོང་རྡུ་དུ་ཡང་ཚུལ་མཐུན་འཇུག་སྤྱོད་པ་བྱེད། །དུས་མ་ཡིན་པས་སྤེལ་ཞིང་བདེ་བ་ཡོད། །ངོ་བོ་སྲོག་གིས་བསྡུས་པའི་སེམས་ཅན་རྣམས། །ལུས་པོར་ཤེས་པ་ནམ་མཁར་ལས་ཀྱིས་འགྲོ། །ལས་ནི་ཕྱི་ནང་གཉིས་སུ་ཤེས་པར་བྱ། །ཕྱི་ཡི་ལས་ལ་གཡེལ་བ་བཞི་ཡོད་དེ། །སྲིད་པ་ཆགས་འཇིག་བསྐལ་པ་དང་པོའི་ལས། །ནམ་ཟླ་དུས་བཞི་འབྱུང་བ་བཞི་ཡི་ལས། །དགུན་འཁྱགས་དཔྱིད་འཇུ་དབྱར་སྐྱེ་སྟོན་སྨིན་ནོ། །འབྱུང་བ་ཆེན་པོ་བཞི་ཡི་ལས་རྣམས་ལ། །སྲ་བྱེད་ས་སྟེ་རླན་བྱེད་ཆུ། །ཚ་བྱེད་མེ་ལ་གཡོ་བྱེད་རླུང་། །ནང་གི་ལས་ལ་དབྱེ་བ་གཉིས་ཡོད་དེ། །སྐྱེ་བར་བྱེད་དང་འཆི་བར་བྱེད། །སྐྱེར་མི་སྟེར་དང་མོད་ལ་སྐྱེ། །མོད་ལ་འཆི་དང་འཆིར་མི་སྟེར། །ས་གཡོས་འགུལ་དང་ས་རྡོལ་ཐོག་སེར་དང་། །སྐར་མདའ་ཀོ་རྡུང་ལ་སོགས་རང་བཞིན་ལས། །ཡུལ་ནི་རྡོ་རྗེ་མཁའ་འགྲོ་ཤ་སར་གནས། །ཤུགས་ཀྱི་མཁའ་འགྲོ་ཁྲག་དང་ཆུ་ལ་གནས། །ཆགས་པའི་མཁའ་འགྲོ་དྲོད་དང་མེ་ལ་གནས། །ལས་ཀྱི་མཁའ་འགྲོ་དབུགས་དང་རླུང་ལ་གནས། །ཡུལ་ཆེན་བརྒྱད་ན་འབུམ་སྡེ་རེ་རེ་གནས། །ཕོ་ཉ་ནག་མོ་བྱང་ཤར་མཚམས་ན་གནས། །འཛམ་བུ་གླིང་ན་ཉི་ཁྲི་ཆིག་སྟོང་གནས། །རི་ནག་ཕོག་ཆད་མཚེའུ་བདུན་ན་ཡོད། །བདུད་ཀྱི་རིགས་


DNG023_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་དེ་ལྟ་བུ་ལ་གནས། །རི་མདོག་དམར་པོ་ཤ་ཤོ་བཞིན་མི་སྡུག །སྲིན་པོའི་རིགས་ཀྱི་མཁའ་འགྲོ་གནས་པའི་ས། །ས་གཞི་ཚ་སྒོ་དམྱལ་བའི་ཆུ་ཁོལ་བ། །ལས་ཀྱི་གཤིན་རྗེ་ལ་སོགས་གནས་པའི་ས། །ཆུ་སྲིན་ཁ་འདྲ་ཤིང་གཅིག་ཆུ་སྣ་འཐབ། །དེར་ནི་གནོད་སྦྱིན་དྲག་པོ་གནས་པའི་ས། །ཤིང་རིགས་ཆུ་མིག་མང་པོ་ཡོད་པ་ནི། །ཀླུ་རིགས་མང་པོ་དེ་ལ་གནས་པའི་ས། །རི་རྩེ་ཐང་དམར་ཤིང་རིགས་འགའ་སྐྱེས་པ། །གདུག་པ་ཀླུ་རིགས་གདོལ་པ་གནས་པའི་ས། །དེའུ་མཁར་རྙིང་རྒྱལ་པོ་གནས་པའི་ས། །རི་བྲག་ས་ནི་མི་འདྲ་མཚན་མ་ཅན། །བཙན་བཙུན་དམུ་བདུད་སྐྱ་རེངས་གནས་པའི་ས། །དབེན་ས་རེ་འུ་རུ་ལ་དགོན་ཤུལ་དང་། །ས་ཕུག་རི་ཕུག་རྙིང་པ་དང་། །ལམ་མདོ་ཆུ་གླིང་ཚུགས་པ་དང་། །གྲོག་པོ་གཏིང་ཟབ་དུར་ཁྲོད་དག །སྨན་མོ་ནག་མོ་གནས་པའི་སའོ། །རྡོ་རྗེ་མཁའ་འགྲོ་མ་ཡི་རྒྱུ་སྲང་ས། །ཤུགས་ཀྱི་མཁའ་འགྲོ་མ་ཡི་རྒྱུ་སྲང་ཆུ། །ཆགས་པའི་མཁའ་འགྲོ་མ་ཡི་རྒྱུ་སྲང་མེ། །ལས་ཀྱི་མཁའ་འགྲོ་མ་ཡི་རྒྱུ་སྲང་རླུང་། །དགུན་ཟླ་གསུམ་ལ་རྡོ་རྗེ་མཁའ་འགྲོ་རྒྱུ། །དཔྱིད་ཟླ་གསུམ་ལ་ཤུགས་ཀྱི་མཁའ་འགྲོ་རྒྱུ། །དབྱར་ཟླ་གསུམ་ལ་ཆགས་པའི་མཁའ་འགྲོ་རྒྱུ། །སྟོན་ཟླ་གསུམ་ལ་ལས་ཀྱི་མཁའ་འགྲོ་རྒྱུ། །རེ་རེ་ལ་ཡང་རྒྱུ་རྩིས་བཞི་བཞི་སྟེ། །གཅིག་ནས་བདུན་དུ་རྡོ་རྗེ་མཁའ་འགྲོ་རྒྱུ། །དགུ་ནས་བཅུ་བཞི་ཤུགས་ཀྱི་མཁའ་འགྲོ་རྒྱུ། །བཅུ་དྲུག་ཉི་ཤུ་གཉིས་སུ་ཆགས་པའི་མཁའ་འགྲོ་རྒྱུ། །ཉེར་གསུམ་དགུ་ལ་ཐུབ་པ་ལས་ཀྱི་མཁའ་འགྲོ་རྒྱུ། །དེ་བཞིན་ཀུན་ལ་སོ་སོར་སྦྱར་བར་བྱ། །སྲོད་དང་སྔ་དྲོ་རྡོ་རྗེ་མཁའ་འགྲོ་རྒྱུ། །དྲོས་ཆེན་དྲོས་ཡོལ་ཤུགས་ཀྱི་མཁའ་འགྲོ་རྒྱུ། །ཉིན་མཚན་ཕྱེད་ཡོལ་ཆགས་པའི་མཁའ་འགྲོ་རྒྱུ། །དགོངས་དང་ཐོ་རངས་ལས་ཀྱི་མཁའ་འགྲོ་རྒྱུ། །ཉ་སྟོང་བརྒྱད་ལ་ཀུན་ཀ་ཕྲུགས་རེ་རྒྱུ། །ཏིང་འཛིན་དྲོད་ཉུལ་ཉི་ཤུ་དགུ་ལ་རྒྱུ། །དེ་ཉིད་རྣལ་འབྱོར་ཡུམ་ནི་མཚན་མོ་རྒྱུ། །ཚོགས་


DNG023_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཕུད་ཉུལ་ཉིན་མོ་རྒྱུ། །དགོན་པའི་མཁའ་འགྲོ་ཀུན་ཏུ་རྒྱུ། །ནམ་ལངས་ཉི་ནུབ་ཉི་མ་རྒྱུ། །རྩེ་སྲོས་བདུན་སྲོས་ཟླ་བ་རྒྱུ། །སྔ་དྲོ་སྲོད་ལ་དམག་དཔོན་རྒྱུ། །ཉིན་གུང་ནམ་གུང་ལྷག་པ་རྒྱུ། །གུང་གཉིས་ཡོལ་བ་ཕུར་བུ་རྒྱུ། །སྣུར་དང་ནམ་ཆུང་པ་སངས་རྒྱུ། །ནུབ་ཀ་ཐོ་རངས་སྤེན་པ་རྒྱུ། །ཁྱབ་འཇུག་རྒྱུ་བ་འདི་ལྟ་སྟེ། །ལོ་འཇུག་ཟླ་འཇུག་ཡང་འཇུག་ཟུང་འཇུག་བཞི། །གླང་ལུག་འབྲུག་ཁྱི་བཞི་ཡི་དབྱར་དགུན་འབྲིང་། །བཅོ་བརྒྱད་ཉི་ཤུ་དགུ་ལ་ནམ་ཕྱེད་རྒྱུ། །བྱི་ཕག་གཉིས་ཀྱི་དཔྱིད་དབྱར་འབྲིང་པོ་ལ། །བཅུ་བཞི་ཉི་ཤུ་དྲུག་གི་ཉི་རྩེ་ལ། །རྟ་སྦྲུལ་གཉིས་ཀྱི་སྟོན་དཔྱིད་ར་བ་ཡི། །ཡར་ངོ་བཅུ་གསུམ་ཉི་མ་རྨྱུར་ན་རྒྱུ། །བྱ་སྤྲེལ་གཉིས་ཀྱི་དགུན་དཔྱིད་ར་བ་ལ། །མར་ངོ་ཉི་ཤུ་དགུ་ཡི་ཉིན་ཕྱེད་ན། །སྟག་ཡོས་གཉིས་ཀྱི་དབྱར་དགུན་ཐ་ཆུང་ལ། །མར་ངོ་བཅོ་བརྒྱད་ཉི་མ་ཕྱེད་ན་རྒྱུ། །བཅུ་གཉིས་རེ་རེའི་ངོས་ལ་བརྒྱད་རྒྱུ་སྟེ། །བཞི་བརྒྱད་བཅུ་གཅིག་བཅོ་ལྔ་བཅོ་བརྒྱད་དང་། །ཉི་ཤུ་གཉིས་ཏེ་ལྔ་དང་དགུ་རྣམས་ཀྱི། །སྲོད་དང་ཉི་དྲོས་ནམ་འཇིང་ཉིན་ཕྱེད་དང་། །ནམ་ཕྱེད་ཉིན་ཕྱེད་ཐོ་རངས་ཉི་མ་མྱུར། །རིམ་གྱི་ནུབ་ནས་ཤར་རྒྱུ་ལྷོ་ནས་བྱང་། །སྐོར་ཐབས་དེ་བཞིན་ཕྱོགས་མཚམས་ཁྱབ་པར་རྒྱུ། །དཔྱིད་ར་དབྱར་འབྲིང་སྟོན་ཟླ་ཐ་ཆུང་གི། །ཚེས་གཅིག་བཅོ་བརྒྱད་བཅུ་བདུན་གསུམ་ལ་རྒྱུ། །དབྱར་ར་སྟོན་འབྲིང་དགུན་ཟླ་ཐ་ཆུང་གི། །ཚེས་ལྔ་བཅུ་བདུན་ཉི་ཤུ་གསུམ་ལ་རྒྱུ། །དགོངས་དང་ཐོ་རངས་བྱ་ཟེར་ཙམ་ན་རྒྱུ། །ནམ་གུང་ཉིན་གུང་གཉིས་ཀྱི་ཡོལ་ནས་རྒྱུ། །ནམ་གྱི་སྲོད་དང་ཉི་མ་དྲོས་ནས་རྒྱུ། །ཉི་མ་རྩེ་ཤར་མུན་སྲོས་ཙམ་ནས་རྒྱུ། །གྲིབ་ཆུང་སྲོད་ཀྱི་བར་དུ་ཐམས་ཅད་རྒྱུ། །སྐྱ་རེངས་ཤར་ནས་ཐུན་གྱི་ཀླུ་རིགས་རྒྱུ། །ལས་ཀྱི་མཁའ་འགྲོ་ནམ་ལངས་ཡོས་བུ་རྒྱུ། །རྩེ་ཤར་འབྲུག་རྒྱུ་ཤར་དག་བས་སྦྲུལ། །དྲོས་ན་རྟ་རྒྱུ་ཕྱེད་ན་ལུག །མྱུར་ན་སྤྲེའུ་དགོངས་མོ་བྱ། །སྲོད་ལ་ཁྱི་རྒྱུ་འཇིང་ལ་ཕག །གུང་ལ་བྱི་བ་ནམ་ཆུང་གླང་། །ཐོ་རངས་གཤེད་པོ་སྟག་གི་དུས། །མཁའ་འགྲོ་རྣམས་ཀྱི་འདུན་ས་ནི། །དུར་ཁྲོད་བརྒྱད་དང་སྟོན་པའི་ཞབས་ཀྱིས་


DNG023_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

བཅགས། །བྱ་རྒོད་རི་དང་གྲུབ་པ་ཐོབ་པའི་ས། །དུར་ཁྲོད་ལ་སོགས་མཁའ་འགྲོ་འདུན་ས་ནི། །དབྱར་གསུམ་གངས་དཀར་རྩེ་ལ་འདུ། །སྟོན་གསུམ་སྤང་སྣར་གོང་དུ་འདུ། །དགུན་གསུམ་དགོན་དམར་ཐང་ལ་འདུ། །དཔྱིད་གསུམ་ཆུ་ཆུ་བའི་གཞུང་ཡང་འདུས་སླེ་ལ་འདུ། །ཐ་ཆུང་བཞི་ལ་འདུན་ཐག་གཅོད། །དབྱར་ཟླ་ཐ་ཆུང་སྟངས་ཁ་ཀླུ་ཡིས་གཅོད། །སྟོན་ཟླ་ཐ་ཆུང་སྟངས་ཁ་ས་བདག་གཅོད། །དགུན་ཟླ་ཐ་ཆུང་སྟངས་ཁ་མ་མོས་གཅོད། །སྟོན་ཟླ་ཐ་ཆུང་སྟངས་ཁ་བཙན་ལ་འདོར། །མཁའ་འགྲོའི་རིགས་ཀྱི་རྒྱུ་ཕྱོགས་ནི། །རྡོ་རྗེ་མཁའ་འགྲོ་ཤར་ནས་ནུབ་ཏུ་རྒྱུ། །ཤུགས་ཀྱི་མཁའ་འགྲོ་ལྷོ་ནས་བྱང་དུ་རྒྱུ། །ཆགས་པའི་མཁའ་འགྲོ་ནུབ་ནས་ཤར་དུ་རྒྱུ། །ལས་ཀྱི་མཁའ་འགྲོ་བྱང་ནས་ལྷོ་རུ་རྒྱུ། །མཁའ་འགྲོ་མགོ་བརྙན་བཅུ་གཉིས་རྒྱུ་ཕྱོགས་ནི། །དགུན་ར་ཕག་གི་མགོ་ཅན་ལྷོ་རུ་རྒྱུ། །འབྲིང་པོ་བྱི་བའི་མགོ་ཅན་ནུབ་ཏུ་རྒྱུ། །ཐ་ཆུང་གླང་གི་མགོ་ཅན་བྱང་དུ་རྒྱུ། །དཔྱིད་ར་སྟག་གི་མགོ་ཅན་ཤར་དུ་རྒྱུ། །འབྲིང་པོ་ཡོས་བུའི་མགོ་ཅན་ལྷོ་རུ་རྒྱུ། །ཐ་ཆུང་འབྲུག་གི་མགོ་ཅན་ནུབ་ཏུ་རྒྱུ། །དབྱར་ར་སྦྲུལ་གྱི་མགོ་ཅན་བྱང་དུ་རྒྱུ། །འབྲིང་པོ་རྟ་ཡི་མགོ་ཅན་ཤར་དུ་རྒྱུ། །ཐ་ཆུང་ལུག་གི་མགོ་ཅན་ལྷོ་རུ་རྒྱུ། །སྟོན་ར་སྤྲེའུའི་མགོ་ཅན་ནུབ་ཏུ་རྒྱུ། །འབྲིང་པོ་བྱ་ཡི་མགོ་ཅན་གོང་བཞིན་རྒྱུ། །ཐ་ཆུང་ཁྱི་ཡི་མགོ་ཅན་ཤར་དུ་རྒྱུ། །བཙན་བཙུན་དམུ་བདུད་གངས་གསུམ་རྩིབས་ལ་རྒྱུ། །མ་ཡམས་སྨན་གསུམ་ཐ་ཆུང་རྩིབས་ལ་རྒྱུ། །ས་བདག་ཀླུ་སྲིན་ས་ཡི་སྦུག་ལ་རྒྱུ། །ཐམས་ཅད་དུས་གཅིག་རྒྱུ་བ་འདི་ལྟ་སྟེ། །བྱི་རྟ་སྟོན་དཔྱིད་འབྲིང་པོའི་བཅོ་ལྔ་ལས། །གླང་ལུག་དཔྱིད་སྟོན་ཐ་ཆུང་ཉི་ཤུ་གཉིས། །སྟག་སྤྲེལ་དབྱར་དགུན་ར་བའི་ཚེས་བརྒྱད་ལ། །བྱ་ཡོས་དབྱར་དགུན་འབྲིང་པོའི་བཅོ་ལྔ་ལ། །ཁྱི་འབྲུག་དབྱར་དགུན་ཐ་ཡི་ཉི་ཤུ་གཉིས། །ཕག་སྦྲུལ་སྟོན་དཔྱིད་ར་བའི་ཚེས་བརྒྱད་ལ། །དུས་བཞི་ཟླ་བ་ར་འབྲིང་ཐ་ཆུང་ལ། །ར་བའི་ཚེས་དྲུག་འབྲིང་པོའི་ཉ། །ཐ་ཆུང་བཞི་ཡི་ཉི་ཤུ་དྲུག །བར་སྣང་རི་རྩེ་ས་ཡི་མཚམས། །རིས་མེད་


DNG023_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་རྒྱུ་བ་ཡིན། །རྫས་ནི་བསྒྲུབ་རྫས་བསྐྲད་རྫས་ཏེ། །ཨ་མྲྀ་ཏ་སྟེ་ཤ་ལྔ་ཆེན་པོ་ལྔ། །བདུག་སྤོས་རིན་ཆེན་མེ་ཏོག་སྣ་ཚོགས་དང་། །འབྲུ་དང་ཤིང་ཐོག་གཅན་ཟན་གདུག་པའི་ཤ །སྐྱུར་དང་འོ་མ་མཁྲིས་པ་ཚ་སྨན་དང་། །གཡུ་རྒོད་གསེར་ཤ་སླུབ་བུ་ཤ་ཡི་རིགས། །བསྐྲད་པ་བཙན་བཙུན་དམུ་བདུད་མ་ཡམས་སྨན། །ས་བདག་ཀླུ་སྲིན་བགེགས་ཆེན་ཕལ་པ་རྣམས། །གསུར་ཆེན་འགར་སྟའི་ཁུ་བས་ཐབས་ཀྱིས་བསྐྲད། །ར་དང་ཀུ་ཀུ་ར་ཡི་ཁུ་བས་བསྐྲད། །མ་གི་རྩི་དང་བསེ་ཡི་ཤིང་གིས་བསྐྲད། །གང་བསྲུང་བ་ལ་སྦྱར་བའི་གུ་གུལ་བྱུགས། །ལས་དང་དུས་སུ་འཛོམ་པ་ནི། །ལས་ཀྱི་དབང་གིས་དུས་སུ་འཛོམ་པ་དང་། །ཐབས་དང་མན་ངག་ཤེས་པས་འཛོམ་པའོ། །མྱུར་དུ་འགྲུབ་པ་འདི་ལྟ་སྟེ། །མན་ངག་ཐབས་ཀྱིས་མྱུར་དུ་འགྲུབ་པ་དང་། །ཏིང་འཛིན་སྔགས་དང་ཕྱག་རྒྱས་འགྲུབ་པའོ། །དུས་ཚོད་རྣམས་ནི་གོང་དུ་བསྟན་པའོ། །རྫུ་འཕྲུལ་ལ་ཡང་རྣམ་པ་གསུམ་ཡོད་དེ། །རང་བཞིན་བྱིན་རླབ་ཐབས་ཀྱི་རྫུ་འཕྲུལ་ཏེ། །རང་བཞིན་གཅིག་ལ་སྣ་ཚོགས་སྤྲུལ་པའོ། །བྱིན་རླབས་མེ་འབར་དུད་པ་འཐུལ་བའོ། །ཐབས་ཀྱི་རྫུ་འཕྲུལ་ཐུན་མོང་དངོས་གྲུབ་རྣམས། །སྒྲིབ་ཤིང་ཉིད་དང་རྫུ་བ་དང་། །རྫུ་བ་ལྷ་ཡི་ང་རྒྱལ་ལོ། །མ་མོའི་སྒྲིབ་ཤིང་དུར་ཁྲོད་རྫས། །ཀྱུང་ཀ་ཁུ་བྱུག་དང་རུ་བདུད་ཀྱི་ཤིང་། །ཝ་ཁྲག་བྱང་ཆུབ་སེམས་ནི་བཙན་རིགས་ཤིང་། །ཁྭ་སྒྲོ་མ་གིའི་རྩི་ནི་ཀླུ་ཡི་ཤིང་། །འུག་པ་སྲིན་བྱའི་དང་རུ་ཐེའུ་རང་ཤིང་། །དེ་རྣམས་གཅིག་ཏུ་སྦྱར་ན་མི་ལ་སྒྲིབས། །འཁྲུགས་པའི་རྟགས་ནི་དྲུག་ཡོད་དེ། །ཉི་མ་ཟླ་བ་འཆི་བ་དང་། །དུས་མིན་པ་ཡི་རླུང་བྱུང་དང་། །སྒྲ་དང་འོད་དང་ས་འགུལ་དྲུག །འདི་རྣམས་མཁའ་འགྲོ་འཁྲུགས་ན་འབྱུང་། །མི་འདོད་འབྲས་བུ་བྱུང་ན་ཉམས་པའི་རྟགས། །བཅོལ་བ་དུས་སུ་མེད་ན་ཆད་པའི་རྟགས། །དེ་བྱུང་འཁྲུགས་ན་ཞིང་གིས་བཅོས། །ཉམས་པ་རྣམས་ནི་ཚོགས་ཀྱིས་བསྐང་། །ཆད་པ་ཐམས་ཅད་མདོས་ཀྱིས་བཟློག །ལས་ཀྱི་མཁའ་འགྲོ་མའི་རྒྱུད་ཆེན་པོ་ལས་སྒྲུབ་པའི་ཐབས་དོན་གྱི་རིམ་པ་སྟེ་གཉིས་པའོ།། །།


DNG023_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་དཔལ་ཆེན་བཀའ་ཡི་བསྡུས་དོན་ནི། །ཡུལ་དང་རྒྱུ་སྲང་རིགས་དང་དུས་ཚོད་སྔགས། །བརྡའ་དང་ལས་ཚོགས་བལྟ་བ་བསྟན་པའོ། །རྣལ་འབྱོར་གཉིས་མེད་དཔལ་དང་མཉམ་པ་ཡི། །ཕྱག་རྒྱ་ཆེན་པོ་བསྒོམ་པ་ཡུལ་ཞེས་བྱའོ། །བྱང་ཆུབ་སེམས་ལ་རྡོ་རྗེ་མཁའ་འགྲོ་རྒྱུ། །རྩ་ལ་ཤུགས་ཀྱི་མཁའ་འགྲོ་རྒྱུ། །དྲོད་ལ་ཆགས་པའི་མཁའ་འགྲོ་རྒྱུ། །དབུགས་ལ་ལས་ཀྱི་མཁའ་འགྲོ་རྒྱུ། །རྫས་དང་དཀྱིལ་འཁོར་འདུན་ས་ཡིན། །རིགས་ནི་མཁའ་འགྲོ་ཤུགས་འགྲོ་ལས་ཀྱི་མཁའ་འགྲོ་མ་གསུམ། །དཔལ་ཆེན་བཀའ་ཡི་དུས་ཚོད་ནི། །གང་ལ་མོས་པའི་རྒྱུ་དུས་གང་དུ་བསྟན། །དཔལ་ཆེན་བཀའ་ཡི་སྔགས་ནི་འདི་ལྟ་སྟེ། །ཨོཾ་ཤྲཱི་བཛྲ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ། སརྦ་མ་ཧཱ་ཌཱཀྐི་ནཱི། ཛཱ་ལ་ས་མ་བ་ར་ཧཱུཾ། ཡོ་གི་ནཱི། མ་ཧཱ་ཀྲོ་དྷ་ཀྲོ་དྷཱི་སརྦྦ་དུཥྚཱན། ཛྭ་ལ་ནི་བྱ་ཨ་མཱུ་ཀ་སྱེ། སརྦཱ་པཱ་པམ་ཀརྨ་ཨཱ་བ་ར་ཎཱ་ནཱན་ཤཱནྟིཾ་ཀུ་རུ། ཀཱ་ཡེ་ཙིཏྟན་ཏ་བྱི་པ་ཙ་ལེ་བ་པ་ཙ་ལེ་བ། པེ་ལེ་བ་པེ་ལེ་བ། ཨཱ་ཀར་ཤ་ཡ་ཨཱ་ཀར་ཤ་ཡ། དུཥྚ་བིགྷྣཱན། སརྦཱ་གྲ་ཧ་བིགྷྣཱན། སརྦ་ཛྲ་རཱ་ནཱན། བྱཱ་དྷི་པི་ཤ་དུར་ནི་མིཏྟ་སརྦ་ཨ་མཾ་ག་ལཱ་ནཱན། ཨ་ར་མ་རཥྚ་གཙྪཥྚ། གཙྪ་པི་རཱ་ཡན་ཏི། སརྦ་གྲ་ཧ་བྷྱི་ག །ཙིཏྟ་རཀྟ་ཨཱ་ཀར་ཤ་ཡ་ཨཱ་ཀར་ཤ་ཡ། དཱ་ར་ཡ་དཱ་ར་ཡ། ཨཱ་གད་ཏ་ཡ་ཨཱ་གད་ཏ་ཡ། བནྡྷ་བནྡྷ། བཛྲ་སྲིཾ་ཁ་ལེ་ན་བ་ན་བད་ཡ། མོ་ཧ་ཡ་མོ་ཧ་ཡ། ཀུ་རུ་པ་ཤང་ཀུ་རུ། བཛྲ་མུད་ཀ་རེ་ཎ་དན་ཏེ། ནཱཌྜྷ་ཡ་ནཱཌྜྷ་ཡ། ཧ་ན་ཧ་ན་བྷྱི་རྩི། ར་པ་པྲ་ཧ་རེ། དྷ་ར་དྷ་ར། ཁཱ་ད་ཁཱ་ད། ཕ་དྷ་ཡ་ཕ་དྷ་ཡ། ཙྪེ་ད་ཡ་ཙྪེ་ད་ཡ། ད་ཧ་ན་མཱ་ར་ཡ་མཱ་ར་ཡ། ཙྪིནྡྷ་ཡ་ཙྪིནྡྷ་ཡ། གྷཱི་ཀུ་རུ་པ་ར་བིད་དྷྭན་ཚེ་དྷ་ཡ་མཱན་ཏ་ཀྲིཏྱ་ནི་ཀ་ཁོ་ར་ནི་ན། པྲ་ཡོ་ག་ད་ཤ་པ་ལཱ་ནཱན། བ་ལ་མེལ་ཀ་སརྦ་བི་སྥོ་ཊ་ཡ། སརྦཱ་དེ་ཙ་ནན་བྱ་པ་ཏ་ཡ། ཨུཙྪ་ཊ་ཏ་ཡ། བཛྲ་ཧེ་ཧེ་རུ་རུ་ཀ་སརྦཱ་ཌཱཀྐི་ཡོ་གཱི། ཨ་མུ་ཀ་སྱ། པུཎྱཻ་སྱ། ཛྙཱ་ན་སྱ། ཤྲཱི་བཱ་ན་ཏེ་ཛ་སྱ། ཨཱ་ཡུ་ཥེ་བ་ལ་སྱ། སརྦ་སམ་བྷོ་ག་པུཥྚི་ཀུ་རུ། ཡོ་གི་མ་ཧཱ་སཱ་དྷ་ཀ་རཀྵ་རཀྵ་སྭཱ་ཧཱ། བརྡའ་ནི་ལུས་ངག་ཡིད་དེ་དཀྲུག་པའོ། །ལས་ཀྱི་ཚོགས་ནི་


DNG023_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་འབྱུང་སྟེ། །བུད་མེད་གསང་དང་དུས་ལས་ཟློག་པར་བྱེད། །དབང་དང་དགུག་པ་བསད་པ་བསྐྲད། །ཚེ་སྲུང་བ་དང་བགེགས་བཟློག་པའོ། །རྣལ་འབྱོར་ལྷ་དང་གཉིས་མེད་པས། །གནས་དང་འདུན་སར་བསྙེན་པ་ལ་སོགས་བྱ། །དྲོད་ཚད་ཡོད་པས་རྒྱུ་སྲང་ས་རུ་གསད། །རྡོ་རྗེ་མཁའ་འགྲོ་རྒྱུ་ན་དབང་དུ་བྱ། །ལས་ཀྱི་མཁའ་འགྲོ་རྒྱུ་ན་དགུག་པར་བྱ། །ཆགས་པའི་མཁའ་འགྲོ་རྒྱུ་ན་གསད་པར་བྱ། །ཤུགས་ཀྱི་མཁའ་འགྲོ་རྒྱུ་ན་བསྐྲད་པར་བྱ། །དེ་བཞིན་དུས་རྣམས་གང་ལ་བབ་པའི་ཚེ། །རང་རང་སྔགས་ཀྱིས་མཇུག་ལ་གདགས་པ་ནི། །དབང་ལ། བ་ཤཾ་ཀུ་རུ་ཤྲྀད་ཁ་ལེ་ན་བནྡྷ་ཡ། དགུག་པ་ལ། ཨཱ་ཀར་ཤ་ཡ། ཨཱ་ཀར་ཤ་ཡ། དྷ་ར་དྷ་ར། བསད་པ་ལ། མཱ་ར་ཡ་མཱ་ར་ཡ། ཁཱ་ད་ཁཱ་ད། བསྐྲད་པ་ལ། ཨུཙྪ་ན་ཡ་ཨ་ཏྲ་མ་ཏི་དི་ཤ་གཙྪ་གཙྪ། སྔགས་རྣམས་མགོ་འཇུག་ཨཱོཾ་ཕཊ་གདགས་པར་བྱ། །ཚེ་སྲུང་བགེགས་བཟློག་འདོད་པས་གཏོར་མ་བཏང་། །གང་ལ་སྟེར་བ་དེ་ཡི་སྔགས་མཇུག་ལ། །ཨ་མུ་ཀ་སྱེ་ཀ་ཡ་ཙིཏྟ། པུ་ཎྱ་སྱ་ཛྙཱ་ན་སྱ། ཤྲི་མཱན་ཏེ་ཛ་སྱ། ཨཱ་ཡུ་ཥེ་བ་ལ་སྱ། རཀྵ་རཀྵ། ཀ་རེ་ཎ་ཀརྨ་ཀུ་རུ། ཞེས་བརྗོད་པའོ། །ལྷ་ཡི་དབང་པོ་འདི་ལྟ་སྟེ། རྡོ་རྗེ་སེམས་དཔའ་མཁའ་འགྲོ་ཉིད་འགྱུར་ཏེ། །བུད་མེད་བདེ་བའི་སྟོབས་ཀྱིས་སྡིག་པ་འཇོམས། །ཕྱོགས་བཅུའི་མཁའ་ལ་གཤེགས་པའི་མཁའ་འགྲོ་མ། །མཚན་ཉིད་ནམ་མཁའ་འདྲ་བ་ལས། །སྒྱུ་མ་ལྟ་བུར་འཕྲུལ་པ་མཛད། །ཀུན་རྫོབ་ཙམ་དུ་བསྟན་པ་འདི། །མྱ་ངན་འདས་ལ་མི་གནས་པ། །འཇིག་རྟེན་འཁྲུལ་བ་ཟློག་པར་སྣང་། །སྣང་བ་དེ་ལ་རང་བཞིན་མེད། །སེམས་ཀྱི་རང་བཞིན་དངོས་མ་གྲུབ། །དངོས་པོའི་རོ་ནི་ཀུན་དང་བྲལ། །བློ་དང་ལྡན་པས་མཁའ་ལྟར་བསྒོམ། །སྨིག་སྒྱུ་རྨི་ལམ་ལྟ་བུར་ནི། །མཁས་པས་རང་རིག་རྩལ་གྱིས་ནི། །སྦྱོར་བའི་མཐའ་དྲུག་བསམ་གཏན་བྱའོ། །དང་པོ་གླེང་གཞིའི་གནས་རྒྱུ་དང་། །ཕྱག་རྒྱ་སྔགས་དང་བསམ་གཏན་དང་། །དེ་བཞིན་ལ་སོགས་ཆོ་གའི་ཐབས། །དེ་བཞིན་འདོད་པའི་བསྟན་བྱ་རྣམས། །ལྷ་ཁྱོད་ལ་ནི་ངས་བསྟན་
ཏོ། །གང་འདི་འཆང་ངམ་འཛིན་པ་ལ། །འཇིག་རྟེན་པས་ཀྱང་ཉེ་བྱེད་དེ། །མཁའ་འགྲོའི་ཚོགས་ཀྱིས་སྲུང་བར་བྱེད། །ཅེས་བཀའ་སྩལ་ཏོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱི་སྟན་ལས་ལངས་ཏེ། ལྷ་མ་སྲིན་སྡེ་བརྒྱད་དང་མཁའ་འགྲོ་མའི་ཚོགས་ཐམས་ཅད་རབ་ཏུ་མགུ་སྟེ་ཐམས་ཅད་ཀྱིས་མཆོད་པ་ཆེན་པོས་མཆོད་དེ། དཔལ་ཕྱག་ན་རྡོ་རྗེ་ལ་འདི་སྐད་དུ་བསྟོད་དོ། །ཨེ་མ་ཧོ། མཐུ་ཆེན་ཀུན་ལས་ཁྱད་དུ་འཕགས། །ཐུགས་རྗེ་དྲག་པོས་གདུག་པ་འཇོམས་མཛད་ལྷ། །ལྗགས་སེར་སྤྱན་བགྲད་མཆེ་གཙིགས་པདྨའི་གདན། །ཐུགས་རྟགས་རྡོ་རྗེ་འཛིན་པ་ཁྱོད་ལ་བསྟོད། །ཅེས་བསྟོད་ནས། དེ་དག་ཐམས་ཅད་རང་གི་གནས་སུ་འཁོད་པར་འགྱུར་རོ། །ལས་ཀྱི་མཁའ་འགྲོ་མའི་རྒྱུད་ཆེན་པོ་རྫོགས་སྷོ།། །།རྒྱ་གར་གྱི་མཁན་པོ་ཤཱན་ཏིང་གརྦྷ་དང་། བོད་ཀྱི་ལོ་ཙཱ་བ་ལྕེ་བཀྲ་ཤིས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།

སྲིད་པ་རྒྱ་མཚོ་བཞིའི་རྒྱུད་ཅེས་བྱ་བ།


DNG023_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། དུ་ར་ཀ་བི་ཏནྟྲ། བོད་སྐད་དུ། སྲིད་པ་རྒྱ་མཚོ་བཞིའི་རྒྱུད་ཅེས་བྱ་བ། ཡབ་མངོན་རྫོགས་རྒྱལ་པོ་དང་། ཡུམ་རིག་པའི་རྒྱལ་མོ་ལ་ཕྱག་འཚལ་ལོ། །འདས་དང་མ་འོངས་ཀྱི་མཚམས་སུ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། གསེར་གྱི་ཉི་མའི་གདན་ལ། རིག་པའི་ཡེ་ཤེས་གཞལ་ཡས་འབར་བ་རུ། ཡེ་ཤེས་རང་སྣང་གདལ་བ་ལ། རིགས་ལྔའི་སངས་རྒྱས་ཀྱི་ཁྲི་ལ། སྐུ་རུ་བླ་མེད་ཁྲག་འཐུང་བརྗིད་པ། མངའ་དབང་ལྷུན་གྱིས་རྫོགས་པ། མཛད་པ་གར་གྱི་ཕྱག་རྒྱས་བཞུགས་ཏེ། བརྟུལ་ཤུགས་ཆེན་པོའི་མངའ་བདག །བུམ་པའི་འཁོར་ལོ་ལ་རིན་པོ་ཆེའི་འོད་འབར་བ། པདྨའི་ལྕེ་ལ་ཟངས་ཀྱི་མུ་ཁྱུད་འཁྱིལ་པ། གསེར་གྱི་འཁོར་ལོ་ལ་མུ་ཏིག་གི་འབུར་འཕང་བཅས་པ། སྲིད་པའི་ས་གཞི་ལ་མུ་ཏིག་གི་ཤར་བུ་འཕྲོ་བ། བདུད་རྩིའི་ཐིག་ལེ་ཧཱུཾ་བཅུར་འབར་བ། ཚོན་སྦྲེལ་བཞི་ལ་ཧཱུཾ་བཞི་བརྟེན་པ། ཆགས་པའི་འདབ་མ་ལ་བྱུ་རུའི་ཧཱུཾ་བཅུ་འབར་བ། རྣ་བ་ཡ་ཧཱུཾ་བཞིས་འདྲེལ་བ། གསེར་གྱི་འཁོར་ལོ་ལ་ཤེལ་གྱི་ཧཱུཾ་བཅུ་འབར་བ། འབུར་བཞི་ཧཱུཾ་


DNG023_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

བཞིས་བསྲུང་བ། ཆགས་པ་སྣ་ཚོགས་རིགས་ལ་མུ་ཁྱུད་མུ་ཏིག་གི་ཧཱུཾ་བཅུས་འཁྲིགས་པ་ལས། ཁུག་པ་བཞི་ལ་ཧཱུཾ་བཞིས་མཛེས་པ། ཡུམ་གྱི་མཁའ་ལྔ་དབུ་མ་ལ་ཕྲིན་ལས་བཞིའི་དཀྱིལ་འཁོར་ཆགས་པ། དབུས་རྡོ་རྗེ་དབྱིངས་མ་ལ་རྒྱ་བཞིའི་ལྕགས་དང་ལྡན་ཏེ་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཟ་མ་ཏོག་ཏུ་གནས་སོ། །རྡོ་རྗེ་འཇིགས་བྱེད་ཀྱི་རྭ་ལྔ་ལས། བྱང་ཆུབ་སེམས་ལྔའི་ཆར་བཞུགས་པའི་གནས་འཛིན་པའི་གནས་བཞིར་བབ་པ། དེ་ལྟ་བུའི་ཡུམ་ལ་སྐུ་ལས་ཧཱུཾ་བདུན་ཧ་ལྔ་མུཾ་གཅིག་ཏུ་ཤར་ཏེ། ཐུགས་ལས་ཧཱུཾ་མུཾ་གཉིས། མུཾ་བཞི། ཧཱུཾ་མཚན་གསུམ་དུ་ལྡན་ཏེ། ཡོན་ཏན་ལས་བྷྱོ་ལྔ་བཅུ་དྲུག་ཏུ་ཤར་བ། རུ་མཚོན་བཞི་ལ་བྷྱོ་བཞི། བྷ་ག་བཞི་ལ་ཧཱུཾ་བཞི། དེ་ལྟ་བུའི་ཡབ་ཡུམ་ལ། སྐུའི་སྤྱི་དཔལ་གྱི་ཁྲོ་བོ་བཅུ་ལ་ཏ་ཀྲྀཏ་བཞིས་བསྐོར་བ་དང་། གསུང་གསང་ཆེན་གྱི་ཁྲོ་བོ་བཅུ་ལ་ཏ་ཀྲྀཏ་བཞིས་བསྐོར་བ་དང་། ཐུགས་གདེང་ཆེན་གྱི་ཁྲོ་བོ་བཅུ་ལ་ཏ་ཀྲྀཏ་བཞིས་བསྐོར་བ། ཡོན་ཏན་རྫོགས་ཆེན་གྱི་ཁྲོ་བོ་བཅུ་ལ་ཏ་ཀྲྀཏ་བཞིས་བསྐོར་བས། དེ་ལྟ་བུའི་ཡབ་ཡུམ་ལ་དཀར་མོའི་མདོ་བཅུ་གསུམ་དང་། ནག་མོའི་མདོ་བཅོ་བརྒྱད་དང་། སེར་མོའི་མདོ་ལྔ་བཅུ་དྲུག་དང་།སྤྲུལ་པའི་མ་མོ་བརྒྱད་དུ་ལྡན་ཏེ་ཐབས་ཅིག་ཏུ་བཞུགས་སོ། །དེ་ནས་སྲིད་པའི་ཕྲ་མེན་རྒྱ་མཚོས་འདི་སྐད་ཅེས་གསོལ་ཏོ། །ཡབ་ཡུམ་སྲིད་པའི་བཅའ་བཞི་ཀུན། །གཏན་ཚིགས་རྩ་བ་ཇི་ལྟར་ལགས། །རྫོགས་སངས་རྒྱས་ལ་བདག་ཉན་འཚལ། །ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །ཕྲ་མེན་རྒྱ་མཚོ་གསང་བའི་ཡུམ། །གཏན་ཚིགས་རྩ་བ་འདི་རྣམས་ཀུན། །སྲིད་པའི་རྩ་བ་མཚོ་བཞིར་བཤད། །ཕྲ་མེན་རྒྱ་མཚོས་ཡང་གསོལ་པ། །སྲིད་པའི་རྩ་བ་མཚོ་བཞི་ཇི་ལྟར་ལགས། །མངོན་རྫོགས་ཡབ་ཀྱིས་བཀའ་སྩལ་པ། །མཚོ་བཞི་སྲིད་པའི་དོན་བཤད་པ། །སྲིད་པའི་བྱ་ལུང་རྒྱ་མཚོ་དང་། །དབང་ཕྱུག་ལས་ཀྱི་རྒྱ་མཚོ་དང་། །བསྐང་ལུང་ལས་ཀྱི་རྒྱ་མཚོ་དང་། །བརྟན་མ་ལས་ཀྱི་རྒྱ་མཚོ་རྣམས། །ཡང་དག་ཉིད་དུ་བཤད་པར་བྱའོ། །མ་མོ་སྲིད་པའི་རྒྱ་མཚོ་བཞི་ལས། གླེང་


DNG023_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

གཞིའི་ལེའུ་སྟེ་དང་པོའོ།། །།བྱ་ལུང་སྲིད་པའི་རྒྱ་མཚོ་ལས། །དང་པོ་བཅས་དང་གཉིས་པ་སྐོངས། །གསུམ་པ་དགྲ་ཡི་བྱེ་བྲག་གོ། །སྲིད་པའི་མ་མོ་ཐམས་ཅད་དང་། །ཕོ་ཡི་རིགས་སུ་གཏོགས་པ་ཀུན། །སྲིད་པ་འཁྲུག་པའི་བྱད་བསྟན་པ། །ནམ་མཁའ་སྨུག་ནག་འཐིབས་པ་ལ། །དྲེད་མོ་རལ་པ་འཛིངས་པ་བྱུང་། །དེ་ནི་མ་མོ་འཁྲུག་པའི་བྱད། །གནམ་ལ་སེང་གེ་དཀར་མོ་དང་། །འབྲུག་རིས་སྔོན་མོ་འཐབ་པའི་རྟགས། །ས་ལ་གནམ་ལྕགས་འབར་བ་འཁྲུག །གླང་པོ་རྦ་ལ་མཆོངས་པ་ཡིས། །ས་ལ་སྟག་སེང་འཛིངས་པ་བྱུང་། །གནམ་ལ་སྤྲིན་དམར་མཆེད་པ་ཡིས། །ས་ལ་བུད་མེད་རལ་འཛིངས་བྱུང་། །སྐར་མདའ་ནམ་མཁར་འཕྲོས་པ་ཡིས། །ས་ལ་དབྱིག་གི་ནོར་བུ་ཉམས། །རི་རབ་རྩེ་ལ་མེ་ཆེན་འབར། །ས་ལ་ལྕི་བའི་ཟས་རྣམས་ཟ། །རྒྱ་མཚོའི་གཏིང་ནས་སྦྲུལ་གདུག་ལངས། །ས་ལ་མེ་ཏོག་བཅུད་དང་བྲལ། །མཁའ་ལ་སྟག་མོ་མཆོངས་པ་དེ། །ས་ལ་རྣལ་འབྱོར་རྫི་བས་བསྐྱོད། །མཁའ་ལ་བྱ་རྒོད་སྡེར་ཆེན་འཛིངས། །ས་ལ་གཏེར་གྱི་བཅུད་ཉམས་འགྱུར། །གཡུ་ཤ་དཀར་མོ་རྭ་འཛིངས་པས། །ས་ལ་དུས་ཀྱི་དོ་བ་འབྱུང་། །ཐོ་རངས་སེང་གེ་ངུ་ཞིང་འབོད། །ས་ལ་རྣོ་དབལ་ངར་དུ་འབབ། །སྲོད་ལ་གསེར་གྱི་སྦུད་པ་སྦུད། །ས་ལ་རྨ་བྱ་གཡེངས་པར་འགྱུར། །གཡུ་སྒོང་སྔོན་མོ་གནམ་དུ་ཡར། །ལྕགས་ཀྱི་སེར་བ་ཐབ་ཏུ་འབབ། །ཤེལ་དཀར་ནང་དུ་དུག་གིས་བཀངྐ་། །ཟངས་སྒོང་དམར་པོ་ཐུར་དུ་འདྲིལ། །མི་བཟད་འབར་བ་ཀླད་ལ་བསྐོར། །མི་བཟད་འབར་བའི་ནད་ཟེར་འབྱུང་། །ཉི་མ་སྤྲིན་གྱི་ཤུགས་ཅན་འཁྲུགས། །ཚུབ་མ་དམར་པོ་ནམ་མཁར་འཕྱོ། །སེང་གེ་གངས་ཀྱི་སྟོད་ནས་ལྷུང་། །སྒོ་ནས་ཤེལ་གྱི་སྒོ་ང་ཡར། །ནམ་མཁའི་དཀྱིལ་ནས་སྤྲིན་ཆེན་རལ། །ས་ལ་བོང་བུའི་བཅུད་ཆེན་ཟགས། །བསེ་སྒོང་ཁྲ་བོ་རྒྱ་མཚོར་འབར། །ས་ལ་ལྕུག་ཕྲན་ཟོར་གྱིས་འདེབས། །གཟའ་སྐར་འཁྲུག་པའི་ཆོ་འཕྲུལ་ནི། །ཟོ་བ་རྒྱན་


DNG023_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རྩེ་མོ་རུ། །ཟ་འོག་ཝུ་བ་མིན་ནམ་སྦུད་པ་ཆགས་པ་ནི། །དེ་ལ་ལྟས་ངན་དགྲ་བཟློག་བྱ། །སྲིད་པ་མཚོ་བཞི་ལས། ལྟས་ངན་གྱི་དགྲ་ཇི་ལྟར་འབྱུང་བའི་ལེའུ་སྟེ་གཉིས་པའོ།། །།ཕྲ་མེན་རྒྱ་མཚོས་ཡང་གསོལ་པ། །བཅས་ཀྱི་རིམ་པ་ཅི་ལྟར་ལགས། །རྫོགས་སངས་རྒྱས་ལ་བདག་ཉན་འཚལ། །རྫོགས་སངས་རྒྱས་ཀྱིས་བཀའ་སྩལ་པ། །ས་ཡི་འཁོར་ལོ་སྦྱངས་པ་ལ། །འོག་གཞི་རུས་སྦལ་ཁོག་པ་ལ། །གསེར་གྱི་འཁོར་ལོ་རྩིབས་བརྒྱད་ལ། །གླིང་བཞི་འཁོར་ཡུག་གླིང་ཕྲན་ལྡན། །མཐའ་མ་ལྕགས་རི་ནག་པོ་ལ། །རིན་ཆེན་སྣ་ལྔའི་གཅལ་བཀྲམ་སྟེ། །རྩིབས་བརྒྱད་སྟེང་དུ་ཀླུ་བརྒྱད་བྲི། །འབྲུ་སྣ་ལྔ་ཡི་ངར་ཕྱེ་ལ། །ཞབས་བརྒྱད་ཀླུ་བརྒྱད་བརྫིས་པར་བྱ། །ཞབས་ཀྱི་རྩེ་ནི་ཕྱི་རུ་བསྟན། །ཞབས་བརྒྱད་བང་རིམ་མཐའ་མས་བཏེགས། །བང་རིམ་ལྟེ་བའི་ཕོ་བྲང་ལ། །དབུས་སུ་ཆགས་འཛིན་ཆེན་མོ་ལ། །བུད་མེད་ལྔ་བཅུ་ལྔ་ཡིས་བསྐོར། །རྡོ་རྗེའི་ཀ་བ་བཞི་ཡིས་བཏེགས། །དེ་སྟེང་བང་རིམ་བར་མ་ལ། །དབུས་སུ་ཕྲ་མེན་རྒྱ་མཚོ་ལ། །བུད་མེད་བཅུ་བདུན་འཁོར་གྱིས་བསྐོར། །རྡོ་རྗེའི་ཀ་བ་བཞི་ཡིས་བཏེགས། །དེ་སྟེང་བང་རིམ་གསུམ་པ་ལ། །བུམ་པ་ཞལ་ལྔའི་དབྱིབས་སུ་བྱ། །ནང་གི་དབུས་སུ་དགོད་པ་ནི། །དབུས་སུ་སྲིད་པའི་རྒྱལ་མོ་ལ། །དབྱིངས་ཀྱི་མ་བདུན་འབྱུང་ལྔའི་ཡུམ། །བཅུ་གཉིས་ཡང་དག་དཀྱིལ་འཁོར་ལྡན། །མཚམས་དང་ཡན་ལག་ཀླུ་ཡང་མ་ཆེན་བརྒྱད། །དང་པོ་དུང་སྒོང་བཅུ་གསུམ་ལ། །མཚལ་གྱིས་ཁ་མིག་གཤག་པ་བྲི། །དབུས་ཀྱི་བུམ་པ་ཉིད་ལའོ། །སྤྱན་གཟིགས་གཏོར་མ་ཕྲ་མེན་སྣོད། །ཁ་ཁྱེར་དང་པོ་འཁོར་བར་བཞག །དར་དཀར་རུ་མཚོན་བཅུ་གསུམ་གཟུག །ཐུགས་ཀྱི་བང་རིམ་ཕོ་བྲང་ལ། །ལྕགས་སྒོང་ནག་པོ་བཅོ་བརྒྱད་དང་། །དར་ནག་རུ་མཚོན་བཅོ་བརྒྱད་གཟུག །སྤྱན་གཟིགས་གཏོར་མས་འཁོར་བར་བྱ། །ཡོན་ཏན་བང་རིམ་ཕོ་བྲང་ལ། །བསྭེ་སྒོང་ཁྲ་བོ་ལྔ་བཅུ་དྲུག །དར་སེར་རུ་མཚོན་དེ་བཞིན་བྱ། །རྒྱན་གྱི་གཏོར་མ་དགྲམ་པར་བྱ། །ཡན་ལག་བཞི་དང་བྷ་ག་


DNG023_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

བཞི། །སྒོ་ང་བརྒྱད་དང་རུ་མཚོན་བརྒྱད། །དེ་བཞིན་གནས་སུ་དགོད་པར་བྱ། །ཕྱི་ཁྱམས་མདའ་བཞི་མེ་ལོང་བཞི། །རལ་གྲི་བཞི་དང་གུར་དུ་བཅས། །གཅིག་གིས་གཟུགས་མེད་དངོས་སུ་བསྐང་། །སྲིད་པ་མཚོ་བཞི་ལས། བཅས་ཀྱི་ལེའུ་སྟེ་གསུམ་པའོ།། །།ཕྲ་མེན་རྒྱ་མཚོས་ཡང་གསོལ་པ། །བསྐང་གི་རིམ་པ་གང་ལགས་པ། །རྫོགས་སངས་རྒྱས་ལ་བདག་ཉན་འཚལ། །ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །ཧཱུཾ། དུང་མཁར་ཟོ་བའི་ནང་ཤེད་ནས། །སྲིད་པའི་རྒྱལ་མོ་ཡུམ་གཅིག་མ། །དཀར་མོ་མཛེས་ལ་ཤེལ་ལྟར་དག །སྨན་གྱི་གའུ་བུམ་པ་འཛིན། །སྤྱན་ནས་ཟླ་བའི་དཀྱིལ་འཁོར་འཆར། །ཐུགས་ལས་མེ་ལོང་ཡེ་ཤེས་གསལ། །མི་བསྐྱོད་དབྱིངས་ནས་ཐུགས་རྗེ་གསལ། །ནམ་མཁའི་མདངས་ལ་ཁྱབ་པ་མོ། །འགྲོ་བ་ཡོངས་ཀྱི་མདངས་འཕྲོག་མ། །ཧཱུཾ། ཡུམ་ཆེན་དབུ་ལས་སྤྲུལ་པ་ནི། །དུང་སྒོང་འབར་བ་དཀར་པོ་གཅིག །མཐོ་སྟེ་ནམ་མཁའི་དབྱིངས་སུ་འབར། །དམའ་སྟེ་རྒྱ་མཚོའི་གཏིང་ན་ཉལ། །ལྕགས་ཀྱི་སྒོ་ང་རང་རྡོལ་བས། །རིགས་སུ་སྒུམ་ཐུན་མཆུ་ཟླུམ་བྱུང་། །དེ་ནས་རིགས་ཀྱི་མིག་དཀར་བ། །རྨ་བྱའི་བུ་མོ་ཧ་ལོ་མགྲིན། །དཔྲལ་བའི་དཀྱིལ་ན་ཟླ་གམ་ནི། །རི་རབ་ཀྱི་ཟོམ་དང་མཉམ། །ཁ་དོག་ནི་སྣ་ཚོགས་ནི། །བདེར་གཤེགས་ཀྱི་རིགས་དང་མཉམ། །སྤྱན་མིག་ནི་དམར་བཟློག་པས། །ཁམས་གསུམ་ནི་དབང་དུ་སྡུད། །འཕྲག་ལེ་ནི་གཡས་གོང་ནས། །རི་རབ་ནི་གོང་ལྟར་འཕེན། །འཕྲག་ལེ་ནི་གཡོན་གོང་ནས། །རྒྱ་མཚོ་ནི་ཞོ་ལྟར་བཤིག །གཡུ་སྡེར་འབར་བ་ཡིས། །འགྲོ་དྲུག་ནི་གནས་ནས་འདྲེན། །གཡས་ཀྱི་འདབ་གཤོག་བཞི་བཅུ་རྩ་གཉིས་ཀྱིས། །སངས་རྒྱས་བཞི་བཅུ་རྩ་གཉིས་རོལ་པ་མཛད། །གཡོན་གྱི་འདབ་གཤོག་དྲུག་ཅུ་རྩ་བརྒྱད་ལ། །མ་མོ་དྲུག་ཅུ་རྩ་བརྒྱད་རོལ་པ་མཛད། །བསྐང་ངོ་སྲིད་པའི་རྒྱལ་མོའི་ཐུགས་དམ་བསྐང་། །མི་ལ་ནི་སྲིད་པ་མེད། །བྱ་ལ་ནི་སྲིད་པ་ཡོད། །མི་ལ་ནི་མཐོ་འཇུང་མེད། །བྱ་ལ་ནི་མཐོ་


DNG023_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

འཇུང་ཡོད། །མི་ཡི་གླུད་དུ་བྱ་བཞེས་ཤིག །གསེར་མཁར་གའུ་འབར་བ་ནས། །དཀར་མོའི་རྒྱལ་མོ་མི་བཟད་མ། །འབར་མ་གློག་གི་བང་བ་ཅན། །གསེར་གྱི་དྲིལ་ཞགས་སྡོག་ཅིང་འཕེན། །མི་འགྱུར་དབྱིངས་ནས་འོད་གསལ་མ། །བྱ་ཐང་དཀར་ནི་གཡང་ཞུ་ནི། །མཐིང་ནག་ནམ་མཁའི་ན་བཟའ་ལ། །གཞའ་ཚོན་འབར་བའི་མཐའ་ཆག་ཅན། །འདི་ཡི་མདངས་ཀྱིས་ཐུགས་དམ་བསྐང་། །གཏི་མུག་ནད་རྣམས་ཞི་བར་མཛོད། །རྣལ་འབྱོར་ཉམས་པ་སྐོང་གྱུར་ཅིག །གཡུ་སྒོང་ཁ་འབར་ནང་ནས་ནི། །སྔོན་མོ་གཡུ་ཡི་འཕུར་རྩལ་ཅན། །མཐིང་ནག་ནམ་མཁའི་རྒྱལ་མཚན་ཅན། །ཉི་ཟེར་ཞགས་པས་སྐྱེ་འགྲོ་འདྲེན། །བྱ་སྐྱིན་དཀར་ནི་གཡང་ཞུ་ནི། །ན་བཟའ་མཐིང་ནག་ན་བཟའ་ལ། །ཉི་ཟེར་དམར་པོའི་འོད་ཀྱིས་མཛེས། །ལྗགས་ལ་གློག་དམར་ལམས་སེ་ལམ། །འདི་ཡི་མདངས་ཀྱིས་བསྐང་བྱས་པས། །གཏི་མུག་ནད་རྣམས་ཞི་བར་མཛོད། །དམ་ཚིག་ཉམས་པ་སྐོང་གྱུར་ཅིག །ཟངས་མཁར་དམར་པོ་འབར་བ་ན། །དམར་མོ་ཁྲག་གི་ཕོ་འཐིང་ཅན། །སྤྲིན་དམར་མཆེད་པའི་ན་བཟའ་ཅན། །བྱུ་རུའི་ཞགས་པས་འགྲོ་བ་འདྲེན། །བྱ་ལྕོག་འབར་བའི་གྱུར་མོ་མགྲིན། །ཆོས་ཀྱི་སྒྲ་སྒྲོགས་ནམ་མཁའི་དབྱིངས་སུ་ཁྱབ། །ཐེ་བྲང་གཉིས་ལས་ཤར་བའི་སྲས་གཅིག་མ། །མཐུན་པའི་རྫས་ཆེན་འདི་ཡིས་སྐོང་། །གཏི་མུག་ནད་རྣམས་ཞི་བར་མཛོད། །དམ་ཚིག་ཉམས་པ་སྐོང་གྱུར་ཅིག །ཤེལ་མཁར་འོད་གསལ་མཛེས་པ་ན། །སྤྱན་ནི་ཟླ་ཚེས་འབར་བ་ལ། །ཞལ་ནི་གཡུ་ཞལ་སྔོན་མོ་སྟེ། །གཡུ་ཡི་སྨིན་མ་ལམས་སེ་ལམ། །ཟླ་ཚེས་ཞགས་པ་སྡོག་ཅིང་འཕེན། །མཁའ་ལ་རྒྱུ་བའི་མ་མོ་སྟེ། །ཐུགས་རྗེས་དབྱིངས་ནས་རོལ་པ་མཛད། །རིག་བྱེད་གསལ་བའི་ཐང་དཀར་ནི། །ཟླ་བ་ཚེས་གཅིག་དབུ་ལ་རྫོགས། །སྤྱན་ནི་ཁྲོ་ཆུ་འབར་བ་ལ། །ན་བཟའ་ཤེལ་དཀར་མཛེས་པས་བརྒྱན། །རིག་པ་འདི་ཡིས་ཐུགས་དམ་བསྐང་། །མུ་མེན་མཛེས་པའི་དཀྱིལ་འཁོར་ནས། །མཐིང་ནག་ནམ་མཁའི་གོ་ཟུ་ལ། །རྡོ་རྗེ་ཧ་ཡི་ཆ་ག་


DNG023_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། །སྤུ་གྲི་འབར་བ་ལག་ན་ཐོགས། །སོ་སོར་རྟོག་པའི་ཐུགས་མངའ་བ། །ཚུལ་ཁྲིམས་ལྡན་པའི་རིག་པ་ཅན། །བཅོས་ཀྱི་རལ་ཀ་སྐུ་ལ་གསོལ། །གཟི་ཡི་ཕྲེང་བས་དབུ་ལ་མཛེས། །རིག་བྱེད་འདི་ཡི་མདངས་ཀྱིས་བསྐང་། །གཏི་མུག་ནད་རྣམས་ཞི་བར་མཛོད། །གསེར་མཁར་གྲུ་བཞི་ལྡེམ་པ་ན། །སེར་མོ་རླུང་གི་གོ་ཟུ་ཅན། །རྡོ་རྗེ་རྒྱ་གྲམ་ཕྲ་བཀྱེ་བ། །འཛུམ་པའི་མདངས་ཀྱིས་སྲིད་པ་གསལ། །འདྲེ་བྱ་རིག་བྱེད་མདངས་ལྡན་མ། །ཟངས་ཀྱི་ཞབས་མས་ལུས་མཛེས་ཤིང་། །འདི་ཡི་མདངས་ཀྱིས་བསྐང་བྱས་པས། །མ་རིག་ནད་རྣམས་བྱང་བར་མཛོད། །རླུང་གི་དཀྱིལ་འཁོར་ཟླ་གམ་ནས། །ལག་ན་བ་དན་ལྕེ་བརྒྱད་ཐོགས། །བསམ་པ་ཙམ་གྱིས་ཕྱོགས་བཅུར་ཕྱིན། །སྲོག་ཆགས་ཀུན་གྱི་དབུགས་ལ་ཉུལ། །འོད་ལྡན་བཀྲག་གསལ་རླུང་ཞོན་མ། །སྤུ་རུ་རྒྱལ་མཚན་མཛེས་ལྡན་འབར། །ལུས་ལ་བྲ་ཕ་མ་ཙར་ཡང་མ་ར་ཙས་བརྒྱན། །འདི་ཡི་མདངས་ཀྱིས་བསྐང་བྱས་པས། །མ་རིག་ནད་རྣམས་བྱང་བར་མཛོད། །ཧཱུཾ། ནམ་མཁའ་ཡངས་པའི་དཀྱིལ་འཁོར་ནས། །སྐྱེ་མེད་འགྲོ་བ་བཀྲག་གི་བདག །སེང་གེའི་གདངས་སྐད་ཕྱོགས་བཅུར་སྒྲོགས། །ཞེ་སྡང་ནད་རྣམས་ཞི་བར་མཛོད། །སེང་གེ་དཀར་མོའི་མདངས་ཀྱིས་བསྐང་། །གཡུ་བྱ་ཁྲག་མིག་མདངས་ཀྱིས་བསྐང་། །སེམས་ཀྱི་ནད་རྣམས་བྱང་བར་མཛོད། །བྱང་ཕྱོགས་རླུང་གི་དཀྱིལ་འཁོར་ནས། །ལྗང་མོ་སྟོང་གསུམ་ཁྱབ་པར་འགྲོ། །ཁྱུང་གི་སྐད་ཀྱིས་ཀླུ་བདུད་འཇོམས། །ཕྲག་དོག་ནད་རྣམས་ཞི་བར་མཛོད། །བྱ་ཁྱུང་སྔོན་མོའི་མདངས་ཀྱིས་བསྐང་། །ཁ་རླངས་ནམ་མཁའི་སྤྲིན་དུ་འཁྲིགས། །རླབས་ཀྱིས་ནམ་མཁའ་ཁེབས་པར་གཅོད། །འདི་ཡི་མདངས་ཀྱིས་བསྐང་བྱས་པས། །མ་རིག་ནད་རྣམས་བྱང་བར་མཛོད། །རྒྱ་མཚོ་ཆེན་པོའི་དཀྱིལ་འཁོར་ནས། །དམར་མོ་ཆུ་ཡི་འཁོར་ལོ་ཅན། །ཁྲག་གི་རལ་པས་སྟོང་གསུམ་ཁེབས། །འདོད་ཆགས་ནད་རྣམས་བྱང་བར་མཛོད། །དུད་ཁ་འབར་བའི་མདངས་ཀྱིས་བསྐང་། །མ་རིག་ནད་རྣམས་བྱང་བར་མཛོད། །


DNG023_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

མེ་རི་གྲུ་གསུམ་འབར་བ་ནས། །མེ་ཡི་འོད་ལས་སྤྲུལ་པ་མོ། །རལ་པ་མེ་སྟག་མེ་དཔུང་འབར། །གླང་ཆེན་མདངས་ཀྱིས་གཤིན་རྗེ་འཇོམས། །ང་རྒྱལ་ནད་རྣམས་བྱང་བར་མཛོད། །གླང་ཆེན་གཟུགས་ཀྱི་རྒྱལ་པོས་བསྐང་། །མ་རིག་ནད་རྣམས་བྱང་བར་མཛོད། །གསེར་གྱི་ས་གཞི་འབར་བ་ནས། །སེར་མོ་རྡོ་རྗེའི་རལ་པ་ཅན། །ལག་ན་ས་ཡི་དཀྱིལ་འཁོར་ཐོགས། །གཏི་མུག་ནད་རྣམས་བྱང་བར་མཛོད། །མི་ཡི་རྒྱལ་མཚན་འབར་བས་བསྐང་། །མ་རིག་ནད་རྣམས་བྱང་བར་མཛོད། །དཀར་མོའི་རྒྱལ་མོ་བློན་མོ་དང་། །བར་མཚམས་བློན་མོ་གོང་ལེར་བཅས། །དུང་སྒོང་དཀར་མོ་བཅུ་གསུམ་ལ། །མཚལ་གྱི་ཐིག་ཕྲན་འབར་བས་བརྒྱན། །དཀར་མོའི་ཚོགས་ཀྱི་ཐུགས་དམ་བསྐང་། །བསྐང་བཟློག་ཆེན་མོའི་དུས་ལ་བབ། །དར་གྱི་རུ་མཚོན་འབར་བ་འདིས། །དཔུང་བཞིའི་ཚོགས་ཀྱི་དཔུང་ཆེན་བཟློག །ཐུགས་དམ་ཆེན་པོ་སྐོང་གྱུར་ཅིག །དུས་བཞི་དཔལ་གྱི་གཏོར་མ་ཡིས། །དབྱིངས་ཀྱི་མ་བདུན་དུས་ཀྱི་སྲིང་། །ཐུགས་དམ་ཆེན་པོ་སྐོང་གྱུར་ཅིག །དཀར་མོ་སྒེག་མ་ཐུགས་དམ་དབྱིངས་ཀྱི་ལྷ། །མདོག་བཟང་དབྱིངས་ཀྱི་ཡུམ་ཆེན་ལ་སོགས་རྣམས། །ཐུགས་རྗེའི་དབྱིངས་ནས་ཤར་བའི་གྲུབ་པ་མོ། །མི་འགྱུར་ཆོས་ཀྱི་དབྱིངས་ལས་ཕྱི་རོལ་མེད། །ཐུགས་རྗེ་མི་འགྱུར་དབྱིངས་ནས་སྐུ་སྤྲུལ་པ། །གང་ཟག་ཤེས་བྱའི་བག་ཆགས་ཅི་མཆིས་པ། །བྱམས་མགོན་ཁྱོད་ཀྱི་སྤྱན་སྔར་མཐོལ་ཞིང་བཤགས། །ཁྱེད་ཀྱི་ཐུགས་རྗེ་ནམ་མཁའི་མཐའ་དང་མཉམ། །འགྲོ་བ་ཀུན་ལ་སྙོམས་པའི་ཐུགས་རྗེ་ཅན། །རྟོག་མེད་ཐུགས་དམ་ངང་གི་དགོངས་ནས་ཀྱང་། །ཉོན་མོངས་སྒྲིབ་པ་མ་ལུས་སྦྱང་དུ་གསོལ། །སྲིད་པའི་ལས་ཀྱིས་མནར་བའི་སེམས་ཅན་རྣམས། །དང་པོ་མ་རིག་འཁོར་བའི་གནས་ལ་འཁྱམས། །བྱམས་མགོན་ཐུགས་རྗེས་དགོངས་ནས་སྦྱང་དུ་གསོལ། །དཀར་མོ་འོད་གསལ་སྲིད་པའི་རྒྱལ་མོ་དང་། །དབྱིངས་ཀྱི་མ་བདུན་དུས་ཀྱི་སྲིང་མོ་ལྔ། །མཐུན་པའི་རྫས་དང་མཆོད་པའི་ཡོ་བྱད་རྣམས། །བསྒྲུབ་པའི་དུས་སུ་


DNG023_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སུ་བསྟབ་བྱས་ན། །དམ་སྐོང་ཕྲིན་ལས་ཆེན་པོ་མཛད་དུ་གསོལ། །དཀར་མོ་གཤོག་ཐོགས་ནམ་མཁར་འཕུར་བའི་ཚོགས། །བརྩོན་འགྲུས་མཐར་ཕྱིན་ཕྱི་བཤོལ་མི་མངའ་བས། །འགྲོ་དྲུག་ཐུགས་རྗེས་གནས་ནས་དྲང་དུ་གསོལ། །སེམས་ཅན་ལས་ཀྱི་བག་ཆགས་དབང་གིས་ན། །དམ་ཚིག་ཆེན་པོའི་བསྐང་བཟློག་འདི་བྱས་པས། །སྲིད་པའི་དགྲ་ལྟས་ངན་པ་བཟློག་ཏུ་གསོལ། །སྲིད་པ་མཚོ་བཞི་ལས། དཀར་མོའི་མདོས་ཀྱི་སྐོང་། བྱ་ལུང་ལས་ཀྱི་རྒྱ་མཚོ་ལས། དཀར་མོའི་མདོས་བསྟན་པའི་ལེའུ་སྟེ་བཞི་པའོ།། །།ཕྲ་མེན་རྒྱ་མཚོས་ཡང་གསོལ་པ། །ནག་མོའི་རིམ་པ་གང་ལགས་པ། །རྫོགས་སངས་རྒྱས་ལ་བདག་ཉན་འཚལ། །སྤྱི་དཔལ་ཆེན་པོས་བཀའ་སྩལ་པ། །ཧཱུཾ། ཡུམ་གྱི་ཐུགས་མཆོག་འབར་བ་ལས། །གསེར་གྱི་ཐིག་ལེ་གྲུ་གསུམ་ནས། །བཙོ་མ་གསེར་གྱི་སླག་པ་ལ། །རྡོ་རྗེ་ཧ་ཡི་ཕྲེང་བས་བརྒྱན། །ཐུགས་ལས་ཡེ་ཤེས་འོད་གསལ་མ། །ཁྱོད་ཀྱི་ཐུགས་དམ་བསྐང་བ་ནི། །ལྕགས་སྒོང་ནག་པོ་འབར་བ་ལ། །གཡུ་ཡི་ཐིག་ཕྲན་འབར་བ་འཕྲོས། །ཡུམ་གྱི་ཐུགས་ལས་སྤྲུལ་པ་སྟེ། །མཐོ་ཡང་དེ་ནི་མི་མཐོ་སྟེ། །རི་རབ་ཀྱི་ནི་ཟོམ་ལས་འཕར། །དམའ་ཡང་དེ་ནི་མི་དམའ་སྟེ། །རྒྱ་མཚོ་ཆེན་པོའི་གཏིང་ནས་ཉུལ། །སྒོ་ང་རང་གིས་རང་བརྡོལ་བས། །ཤ་ཟན་མཆུ་གུག་རིགས་སུ་བྱུང་། །བྱ་ཆེན་འདི་ཡི་དཔྲལ་བ་ནི། །རི་རབ་བུམ་པའི་གཏོས་དང་མཉམ། །དབུ་ལ་གཡུ་ཡི་རྭ་འབར་བ། །ནམ་མཁའི་ཁམས་ཀྱི་མཐོངས་སུ་སླེབས། །ཁ་ཡིས་ཀླུ་བདུད་དྲེགས་པ་ནི། །འོག་གི་རྒྱ་མཚོའི་གཏིང་ནས་འདྲེན། །མིག་ནི་ཉི་ཟླ་འབར་བ་སྟེ། །ཀླུ་བརྒྱད་ཟིལ་གྱིས་གནོན་པར་བྱེད། །ཁ་ནས་མེ་འབར་རྒྱ་མཚོ་སྐེམས། །སེམས་ནི་ཆགས་སྡང་ལྔ་དང་ལྡན། །སྡེར་མོ་གཡུ་སྡེར་འབར་བ་ཡིས། །ཆུ་སྲིན་ནག་པོའི་སྙིང་ནས་འདྲེན། །ཁ་རླངས་ན་བུན་བཞིན་དུ་ཆགས། །དུང་གི་གཤོག་འདབ་འབར་བ་བ་ལས། །གཡུ་ཡི་གཤོག་རྩེ་


DNG023_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་འཕྲོ་བས། །ཐགས་བཟངས་རིས་ཀྱི་མགོ་བོ་གཅོད། །གཡས་ཀྱི་གཤོག་པ་བརྐྱང་བ་ཡིས། །ལྷ་ཡི་དབང་པོའི་གནས་ལ་ཁྱབ། །གཡོན་གྱི་གཤོག་པ་རླབས་པ་ཡིས། །གསེར་གྱི་ས་གཞི་འབར་བ་གཤོག །ལྟོ་ནས་འབྲུག་སྔོན་འབར་བ་འཁྲུག །ཁ་ནས་གློག་འཁྱུག་ལྗིབས་སེ་ལྗིབ། །ལྕེ་ཡི་རྩེ་ལས་ཐོག་ཆེན་འབེབས། །མིག་ནས་ལྕགས་ཀྱི་སེར་ཆེན་འབེབས། །སྣ་ནས་བུ་ཡུག་ཚུབ་མར་འཚུབས། །ཁྱོད་ཀྱི་ཙིཏྟ་འབར་བ་ནས། །ཟུར་ཕུད་ལྔ་པའི་ཆོ་འཕྲུལ་འགྱེད། །མཁལ་མ་ཨག་ནི་དེ་བ་སྟེ། །མཆིན་པ་རོ་གླིང་ཆེན་པོ་ལ། །མཁྲིས་པ་གསོད་བྱེད་ཆེན་པོ་སྟེ། །མཆེར་པ་མྱོས་བྱེད་འབར་བ་ལ། །གློ་བ་སྐྱོད་བྱེད་སྟོབས་ཅན་ཏེ། །གྲོང་པ་སྡེ་དཔོན་ཆེན་པོ་སྟེ། །གཉེ་མ་དབང་ལྡན་འབར་བར་སྤྲུལ། །སྒལ་ཚིགས་འཁོར་ལོ་བཅུ་དྲུག་ལ། །སྲིད་པའི་ཕོ་རྒྱུད་བཅུ་དྲུག་སྤྲུལ། །གཡས་ཀྱི་གཤོག་སྦུབས་ལྔ་བཅུ་དྲུག །ཁྲག་འཐུང་ལྔ་བཅུ་རྩ་དྲུག་རྫོགས། །གཡོན་གྱི་འདབ་གཤོག་ལྔ་བཅུ་དྲུག །དམན་མོ་ལྔ་བཅུ་རྩ་དྲུག་འཆར། །མདངས་ཀྱི་ཐིག་ལེ་བཅུ་གསུམ་ལ། །ཡུལ་གྱི་མ་མོ་བཅུ་གསུམ་འཆར། །དཔལ་བེའི་ཐིག་སྒྲོ་བཅོ་བརྒྱད་ལ། །སེམས་ཀྱི་མ་ཆེན་བཅོ་བརྒྱད་གནས། །མཇུག་སྒྲོའི་ཐིག་ལེ་བརྒྱད་དུ་ཤར། །སྣང་སྲིད་ཕོ་རྒྱུད་མོ་རྒྱུད་དང་། །མ་མོར་གྲགས་པ་ཐམས་ཅད་ཀུན། །ཁྱུང་ཆེན་སྐུ་ཡི་ཁྱོན་དུ་རྫོགས། །ཀླུ་ཡི་རྒྱལ་པོ་ནོར་འཛིན་དང་། །སྲིད་པའི་བྱ་ཁྱུང་འབར་བ་གཉིས། །གནོད་སྦྱིན་བུ་མོ་རྟ་གདོང་མས། །རྒྱ་མཚོ་ཆེན་པོའི་གཏིང་ནས་དཀྲུགས། །ཁ་རླངས་ནམ་མཁའི་སྤྲིན་དུ་ཆགས། །ཀླུ་དང་བྱང་ཆུབ་སེམས་འཁྲུགས་ནས། །སྲིད་པའི་མ་མོ་ཐུགས་འཁྲུགས་ཏེ། །དེ་ཕྱིར་སྐོང་ཟློག་འདི་ལྟར་རོ། །ཧཱུཾ། སེར་མོ་འོད་བཟང་མདངས་བཟང་མོ། །མཁའ་ལྡིང་ནམ་མཁའི་སྐར་མདའ་ཅན། །འདི་ཡི་མདངས་ཀྱིས་ཐུགས་དམ་བསྐང་། །དཀར་མོ་འོད་ཀྱི་ཟེར་འཕྲོ་མ། །མཐིང་ནག་འབར་བས་ཐུགས་དམ་བསྐང་། །དཀར་མོ་ཤེལ་གྱི་མདངས་བཟང་མོ། །ཚུལ་ཁྲིམས་རྣམ་དག་མདངས་


DNG023_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བསྐང་། །གསེར་བྱ་ནམ་མཁའི་སྤྲིན་དམར་མགོ། །མགྲིན་བཟང་མོ་ཡི་མདངས་ཀྱིས་བསྐང་། །དམར་མོ་ཟངས་ཀྱི་མིག་གཅིག་མ། །རོ་འདྲེན་ཁ་འབར་མདངས་ཀྱིས་བསྐང་། །ནག་མོ་སྤྱང་གདོང་དབུགས་འཕྲོག་མ། །དྲན་བྱེད་ནག་མོའི་མདངས་ཀྱིས་བསྐང་། །མེ་ལོང་ཡེ་ཤེས་ཀུན་གསལ་མ། །སྔོན་མོ་མདངས་ཀྱིས་ཐུགས་དམ་བསྐང་། །མཉམ་ཉིད་ཡེ་ཤེས་ཀུན་སྙོམས་མ། །གསེར་མདའ་རིག་པའི་མདངས་ཀྱིས་བསྐང་། །སོ་སོར་ཀུན་རྟོགས་མ་འདྲེས་གསལ། །བསྒྲུབ་བྱ་དམར་མོའི་མདངས་ཀྱིས་བསྐང་། །བྱ་བ་ནན་ཏན་མཛད་པ་རྫོགས། །ནཱིར་ཏི་ལྗང་མོའི་མདངས་ཀྱིས་བསྐང་། །བག་ཆགས་ཀུན་གསལ་དབྱིངས་ཉིད་གསལ། །ཀྲོ་ཏ་ནག་མོའི་མདངས་ཀྱིས་བསྐང་། །སྣང་སྲིད་ལོངས་སྤྱོད་རྒྱན་དུ་ཤར། །གཟི་ཆེན་དིར་བའི་མདངས་ཀྱིས་བསྐང་། །ཉོན་མོངས་གནས་ནས་རིག་པ་གསོལ། །ཁྲ་རི་ཁྲ་མོའི་མདངས་ཀྱིས་བསྐང་། །ཉོན་མོངས་གནས་ནས་རིག་པ་གསལ། །སྐད་ཅིག་གཅིག་ལ་སྟོང་གསུམ་ཁྱབ། །རོ་ཟ་ནག་མོའི་མདངས་ཀྱིས་བསྐང་། །དཀར་མོ་དཔལ་ཆེན་ཡབ་ལ་བཞད། །རུ་ཚེ་རྐང་ལྡན་མདངས་ཀྱིས་བསྐང་། །ནག་མོ་ཁ་འབར་སྟོང་གསུམ་གྲགས། །སྲིན་མོ་དྲི་ཟའི་མདངས་ཀྱིས་བསྐང་། །དམར་མོ་གཟི་མདངས་འོད་འཕྲོ་མ། །ཟངས་སྤྲིན་དམར་མོའི་མདངས་ཀྱིས་བསྐང་། །སེར་མོ་རླུང་ཞོན་སྟོང་གསུམ་ཁྱབ། །རིག་བྱེད་གསེར་བྱའི་མདངས་ཀྱིས་བསྐང་། །ཞེ་སྡང་ནད་རྣམས་བྱང་བར་མཛོད། །ཧཱུཾ་ཐུགས་རྗེའི་དབྱིངས་ནས་ཤར་བའི་མ་ཆེན་རྣམས། །རིག་པ་གསལ་བའི་མ་ཆེན་རྒྱ་མཚོ་མ། །ཐུགས་རྗེ་རྒྱུན་གྱིས་བདག་ལ་དགོངས་སུ་གསོལ། །ཉི་ཟླའི་འོད་ཀྱིས་ཁམས་གསུམ་གསལ་མཛད་མ། །བྱམས་མགོན་ཐུགས་རྗེས་བདག་ལ་དགོངས་སུ་གསོལ། །མི་འགྱུར་དབྱིངས་ནས་ཤར་བ་གསང་བའི་ཡུམ། །གཟུང་འཛིན་སྤྲོས་པའི་མཚན་མ་གཞོམ་དུ་གསོལ། །ཡེ་ཤེས་མཁའ་ལས་ཀར་ཚོགས་རྒྱས་པའི་ཡུམ། །མ་


DNG023_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

རིག་མུན་པའི་ལིང་ཏོག་བསལ་དུ་གསོལ། །འཁོར་བའི་རྒྱུན་གཅོད་ཐུགས་རྗེའི་དབྱིངས་ནས་གསལ། །ལས་ཀྱིས་མནར་བའི་འགྲོ་བ་དྲང་དུ་གསོལ། །འཛུམ་པའི་མདངས་ཀྱིས་དབང་ཆེན་ཡབ་ལ་སྦྱོར། །གཟི་མདངས་བཀྲག་ལ་ལོངས་སྤྱོད་མཛད་པ་མོ། །ཡུན་རིང་དུས་ནས་འགྲོ་བའི་དོན་མཛད་མ། །ཆག་ཉམས་འགལ་འཁྲུལ་ཅི་མཆིས་བཟོད་པར་གསོལ། །ལྕགས་སྒོང་བཅོ་བརྒྱད་རུ་མཚོན་འབར་བ་ཡིས། །ནག་མོའི་རྒྱལ་མོ་བློན་མོ་ལ་སོགས་དང་། །བར་མཚམས་བློན་མོ་ཁ་བློན་གུང་བློན་མོ། །ཉུལ་བྱེད་གོ་ལ་ལ་སོགས་བློན་མོའི་ཚོགས། །ཐུགས་དམ་ཆེན་པོ་དབྱིངས་སུ་སྐོང་གྱུར་ཅིག །སྲིད་པ་མཚོ་བཞི་ལས། བྱ་ལུང་རྒྱ་མཚོ་ནག་མོའི་མདོས་བསྐང་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།ཕྲ་མེན་རྒྱ་མཚོས་ཡང་གསོལ་པ། །སེར་མོའི་བསྐང་ལུགས་གང་ལགས་པ། །རྫོགས་སངས་རྒྱས་ལ་བདག་ཉན་འཚལ། །རྫོགས་སངས་རྒྱས་ཀྱིས་བཀའ་སྩལ་པ། །ཡུམ་ཆེན་ཆགས་པའི་ལྟེ་བ་ནས། །བསེ་སྒོང་ཁྲ་བོ་རྡོལ་བ་ནས། །འདམ་འདབ་བཟང་ཡང་ཟན་རིགས་ཀྱི་མཆུ་ལེབ་བྱུང་། །རི་རབ་ཆེན་པོའི་བྱང་ཕྱོགས་ནས། །ཤང་ཤང་ཏེའུའི་གཟི་མདངས་ཅན། །ལུས་ནི་གསེར་གྱི་བུམ་པ་ལ། །གཤོག་པ་གཡུ་ཡི་རྡོ་རྗེ་རིས། །སྡེར་མོ་ལྕགས་སྡེར་རྩེ་གསུམ་འབར། །མགྲིན་པ་ཟངས་ཀྱི་འཁོར་ལོ་ལ། །སྤྱན་ནི་འབར་བ་མེ་ཡི་སྤྱན། །མཆུ་ནི་ཟླ་གམ་འབར་བ་ལས། །ལྕེ་ནི་རྡོ་རྗེ་ཧ་རུ་འབར། །དཔྲལ་བ་ཟླ་ཚེས་འབར་བ་ལ། །ཚིགས་པ་དུང་གི་འཁོར་ལོའི་རྒྱུད། །ཙིཏྟ་རིན་ཆེན་འབར་བ་སྟེ། །གློ་བ་པདྨའི་རྩེ་ཟུར་ལྡན། །མཁལ་མ་མུ་ཏིག་རྔོག་མ་ལས། །གཉེ་མ་བདུད་ཀྱི་ཞགས་པ་འཁྱིལ། །མཚེར་པ་མཆོང་གི་མཆིང་བུ་སྟེ། །མགྲིན་པ་དབང་གི་དཀྱིལ་འཁོར་ལ། །ལྟེ་བ་ཞི་བའི་དཀྱིལ་འཁོར་འབར། །སྙིང་ག་རྒྱས་པ་ཆེན་པོ་སྟེ། །གཞུག་མ་མངོན་སྤྱོད་དྲེགས་པ་སྒྲོལ། །ལས་བཞིའི་ཡོན་ཏན་ཀུན་ལ་རྫོགས། །སྲིད་པ་ཆགས་བྱེད་ཆེན་མོ་ལ། །འདི་ཡི་མདངས་ཀྱིས་ཐུགས་


DNG023_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

དམ་བསྐང་། །འདོད་ཆགས་ནད་རྣམས་བྱང་བར་མཛོད། །གསེར་གྱི་བུམ་པ་གཡུ་ཆག་ཅན། །ཆ་སྙོམས་མ་ཡི་ཐུགས་དམ་བསྐང་། །དུང་གི་འཁོར་ལོ་སྨིན་རིས་ཅན། །ཨེ་ཀ་ཙ་ཏིའི་ཐུགས་དམ་བསྐང་། །ནམ་མཁའི་འཁོར་ལོ་མགྲིན་རིངས་འབར། །ནམ་མཁའི་རྒྱལ་མོའི་ཐུགས་དམ་བསྐང་། །ནག་མོ་དུང་གི་ཁོལ་ཐག་ཅན། །སྤྱི་ཕུད་མ་ཡི་ཐུགས་དམ་བསྐང་། །ཁྲ་མོ་གཟི་མདངས་ཆུ་གཞུང་ཞོན། །སྲིང་མོ་བཞི་ཡི་ཐུགས་དམ་བསྐང་། །རོལ་པ་དུང་གི་མཆེ་བ་ཅན། །དམག་དཔོན་བཞི་ཡི་ཐུགས་དམ་བསྐང་། །དཀར་དམར་འཕྱོན་མ་སྒྲ་འབྱིན་མ། །གྲུ་འདེགས་བཞི་ཡི་ཐུགས་དམ་བསྐང་། །འདམ་བྱ་ནག་མོ་གསེར་མིག་མ། །འདོད་ཁམས་ནེ་མཚན་ཐུགས་དམ་བསྐང་། །སྒྲིགས་མ་རྒྱ་མཚོའི་རླབས་ལ་འཕྱོ། །སྲིན་མོ་བདུན་གྱི་ཐུགས་དམ་བསྐང་། །དུང་གི་སྤུ་རིས་གསེར་མཆུ་ཅན། །ཤར་གྱི་མ་བདུན་ཐུགས་དམ་བསྐང་། །སེར་མོ་འཕྱོ་བའི་ལྡིང་སྟབས་ཅན། །ལྷོ་ཡི་མ་བདུན་ཐུགས་དམ་བསྐང་། །དམར་མོ་ཁྲག་གི་མཆུ་དྲེག་ཅན། །ནུབ་ཀྱི་མ་བདུན་ཐུགས་དམ་བསྐང་། །ཉུལ་བྱེད་སྔོན་མོ་རླུང་ལ་འཕྱོ། །བྱང་གི་མ་བདུན་ཐུགས་དམ་བསྐང་། །ནག་མོ་གསེར་མིག་བུམ་པའི་ལུས། །དུས་བཞི་རྒྱལ་མོའི་ཐུགས་དམ་བསྐང་། །བདུད་བྱ་ནག་མོ་སྲིན་སྐད་ཅན། །གདོང་མོ་བཞི་ཡི་ཐུགས་དམ་བསྐང་། །བསེ་སྒོང་ལྔ་བཅུ་རྩ་དྲུག་དང་། །དར་སེར་རུ་མཚོན་འབར་བ་ཡིས། །སེར་མོ་མདོག་བཟང་ཐུགས་དམ་བསྐང་། །ཧཱུཾ། མི་ཕམ་ཐུགས་རྗེ་དབྱིངས་ལས་སྤྲུལ་པ་མོ། །ཡོན་ཏན་ལྷུན་རྫོགས་སྐུ་འཁྲུངས་ཕྱི་བཤོལ་མེད། །ཆགས་བྱེད་ཆ་སྙོམས་ཀུན་ལ་བཟོད་པར་གསོལ། །ཕྲིན་ལས་དྲག་པོས་སྐྱེ་ཤི་རྩད་གཅོད་མ། །ཨེ་ཀ་ཛ་ཏིའི་སྐུ་ལ་བཟོད་པར་གསོལ། །དྲག་ཤུལ་སྤྱོད་པས་ཁམས་གསུམ་རྡུལ་དུ་རློག །སྲིན་མོ་བདུན་གྱི་ཚོགས་ལ་བཟོད་པར་གསོལ། །ཐུགས་རྗེ་ཐབས་ཀྱིས་འགྲོ་དོན་མཐར་ཕྱིན་མ། །ནམ་མཁའི་རྒྱལ་མོའི་སྐུ་ལ་


DNG023_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

བཟོད་པར་གསོལ། །དུར་ཁྲོད་བསྐལ་པ་བརྒྱད་ཀྱི་གནས་ཉུལ་མ། །འདོད་ཁམས་ནག་མོའི་ཚོགས་ལ་བཟོད་པར་གསོལ། །ཐུགས་རྗེའི་རྒྱུན་གྱིས་བྲིང་བྲིང་དགོངས་མཛད་མ། །ལས་ཀྱི་སྲིང་མོའི་ཚོགས་ལ་བཟོད་པར་གསོལ། །གླིང་བཞི་དམག་དཔོན་དྲི་ཟའི་འཁོར་སྐྱོང་མ། །དམག་གི་རྒྱལ་མོའི་ཚོགས་ལ་བཟོད་པར་གསོལ། །རི་རབ་གླིང་བཞིའི་ཁམས་ཀྱི་འཁོར་སྐྱོང་མ། །གྲུ་འདེགས་ཆེན་མོའི་སྐུ་ལ་བཟོད་པར་གསོལ། །རྣལ་འབྱོར་ཀུན་གྱི་ཕྲིན་ལས་མཐར་ཕྱིན་མ། །དབང་ཕྱུག་རྩ་བརྒྱད་ཚོགས་ལ་བཟོད་པར་གསོལ། །དུས་བཞི་དབྱིངས་ནས་རང་བཞིན་འཆར་མཛད་མ། །རྒྱལ་མོ་བཞི་ཡི་ཚོགས་ལ་བཟོད་པར་གསོལ། །འཇིག་རྟེན་ཐོག་དང་སེར་བའི་སྣ་འདྲེན་མ། །གདོང་མོ་བཞི་ཡི་སྐུ་ལ་བཟོད་པར་གསོལ། །བྱ་ལུང་རྒྱ་མཚོ་ལས་སེར་མོའི་མདོས་སྐོང་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།ཕྲ་མེན་རྒྱ་མཚོས་ཡང་གསོལ་པ། །བཟློག་པའི་ལས་རྣམས་བཤད་དུ་གསོལ། །ཡང་དག་རྫོགས་པས་དོན་གསུངས་པ། །བཟློག་པ་ལ་ཡང་གཉིས་ཡོད་དེ། །ཏིང་འཛིན་རྩལ་གྱིས་བཟློག་པ་དང་། །སྲིད་པའི་མདངས་ཀྱིས་བཟློག་པའོ། །ཏིང་འཛིན་རྩལ་ལ་འདི་ལྟ་སྟེ། །ཡུལ་དང་དྭངས་མ་རྩ་གསུམ་ལས། །སྲིད་པའི་མདོ་གསུམ་རང་བཞིན་ཤར། །དང་པོ་ལྔ་གཉིས་གསུམ་དུ་ལྡན། །གཉིས་པ་ལྔ་གསུམ་གསུམ་པར་སྣང་། །གསུམ་པ་བཅུ་ཚན་ལྔ་དང་དྲུག །བཞི་པ་བཞི་ཉིད་གར་དུ་འཕྱོ། །ནམ་མཁའ་ཚངས་པའི་བུ་ག་ནས། །སྐར་མདའ་འབབ་པའི་ཚུལ་འཕྲོས་པས། །ལས་ཀྱི་བ་དན་བསྐུལ་བྱས་ནས། །སྲིད་པའི་བསྐལ་པ་འོད་འབར་བས། །རྩ་ཡི་མཁའ་འགྲོ་འོད་དུ་འབར། །འོད་ཟེར་ལྔ་བཅུ་དྲུག་ཏུ་འཕྲོས། །དྭངས་མའི་མཁའ་འགྲོ་ཐིག་ལེ་འབར། །བཅོ་བརྒྱད་འོད་ཀྱི་ཟེར་འཕྲོས་པས། །ཡུལ་གྱི་མཁའ་འགྲོ་གནས་སུ་ཐིམ། །བཅུ་གསུམ་འོད་ཟེར་མཁའ་ལ་འཕྲོས། །ཕུང་པོ་སྒྱུ་མ་གནས་སུ་བསྒྲལ། །ཕོ་བྲང་གསུམ་གྱི་དཀྱིལ་འཁོར་


DNG023_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

དུ། །དུག་གསུམ་རྩ་བ་རྩད་ནས་བཅད། །སྲིད་པ་མཚོ་བཞི་ལས། ཏིང་ངེ་འཛིན་གྱི་རྩལ་གྱི་བཟློག་ཐབས་ཀྱི་ལེའུ་སྟེ་བདུན་པའོ།། །།མདངས་ཀྱི་བཟློག་པ་འདི་ལྟ་སྟེ། །བསྒྲལ་བ་དང་ནི་བཟློག་པའོ། །བསྒྲལ་བ་ལ་ནི་གསུམ་ཡིན་ཏེ། །འཁོར་ལོ་གསུམ་དང་བཤགས་པ་ལྔ། །སྦྱོར་བ་གསུམ་གྱི་བདག་ཉིད་དོ། །སྲིན་མོའི་གཟུགས་ཀྱི་ལིངྒ་ལ། །སྒྲོམ་བུ་བྷ་གའི་ཧོམ་ཁུང་དུ། །ཟ་འོག་རྒྱལ་པོ་གསེར་མིག་ཅན། །ལྟས་ངན་ཀུན་གྱི་མིང་བྲིས་ལ། །དེ་ཡི་སྐེ་རུ་བཏགས་ནས་ནི། །སྲོ་ཙ་ན་ཡི་ཐག་པས་བཏགས། །འབྲུ་སྣ་ལྔ་ལ་བྱས་པའི་གཟུགས། །པུ་ཏྲ་ཟླ་བ་ལོན་པ་ལ། །མགོ་བོ་བྱ་ཡི་མགོ་བོ་ལ། །ལུས་ལ་ལྟས་ངན་སྤུ་ཡིས་བརྒྱན། །ལག་པ་གཡས་སུ་འགྱོག་ཕུར་ལ། །གཡོན་པ་མཆོག་གི་ཕུར་པའོ། །རྐང་པ་གཡས་པ་ཐོག་ཕུར་ལ། །གཡོན་པ་ཤིང་བུའི་མཆོག་ཕུར་རོ། །དེ་ཡི་ལག་ཏུ་གོང་མ་གཏད། །དེ་ཡི་གནས་ལྔར་དགོད་པ་ནི། །ས་བོན་ལྔ་ནི་དགོད་བྱས་ཏེ། །དེ་ཡི་སྟེང་དུ་དགོད་བྱ་བ། །རལ་གྲི་ས་བོན་ལྔ་ཡིས་སྦྱངས། །མར་མེ་ལྔ་ཡིས་གནས་ལྔར་མཚོན། །སྟོང་པ་ལྔ་དང་མཉེས་པ་ལྔ། །གྲུབ་པ་ལྔ་ཡང་དེ་བཞིན་དུ། །རྟོག་པ་ལྔ་ཡང་ཡང་དག་ལྡན། །དེ་ལྟར་སྦྱངས་ནས་བཟློག་པར་བྱ། །ཧཱུཾ། བདག་ཉིད་ཆེ་མཆོག་ཧེ་རུ་ཀ །དབུ་ནི་ཉི་ཤུ་རྩ་གཅིག་ལ། །ཕྱག་ནི་བཞི་བཅུ་རྩ་གཉིས་ལ། །སངས་རྒྱས་བཞི་བཅུ་རྩ་གཉིས་བསྣམས། །དུར་ཁྲོད་རྒྱན་གྱིས་བརྒྱན་པ་ལས། །ཁྲོ་ཚུལ་དྲུག་ཅུ་རྩ་གཅིག་སྤྲུལ། །དབུ་ལ་ཁྱུང་ཆེན་འབར་བས་བརྒྱན། །ཁྱུང་གི་རལ་པ་སྤྲུག་པ་ཡིས། །ཡུལ་གྱི་མ་མོ་ཀུན་སྤྱོད་དེ། །ནམ་མཁའ་སྨུག་ནག་འཐིབས་པའི་བྱད། །དྲེད་མོ་རལ་འཛིན་ལྟས་ངན་བཟློག །གཡས་ཀྱི་གཤོག་ཟུར་དང་པོ་ལས། །སྟེང་གི་ཁྲོ་བཅུ་འབར་བ་ཤར། །སེང་གེ་འབྲུག་སྔོན་འཐབ་པའི་བྱད། །གནམ་ལྕགས་འབར་བའི་ལྟས་ངན་བཟློག །གཤོག་ཟུར་འབར་བ་གཉིས་པ་ནས། །གསང་བའི་ཁྲོ་བོ་བཅུ་རུ་འབར། །


DNG023_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

གླང་ཆེན་རྦ་ལ་མཆོངས་པའི་བྱད། །སྟག་སེང་འཛིངས་པའི་ལྟས་ངན་བཟློག །གཤོག་ཟུར་གསུམ་པའི་འོད་ཟེར་ལས། །སྤྱི་དཔལ་ཁྲོ་བཅུ་འབར་བར་ཤར། །གནམ་ལ་སྤྲིན་དམར་མཆེད་པའི་བྱད། །བུད་མེད་རལ་འཛིངས་ལྟས་ངན་བཟློག །གཡས་ཀྱི་གཤོག་ཟུར་བཞི་པ་ལས། །རྫོགས་པ་ཆེན་པོ་ཁྲོ་བཅུ་འབར། །སྐར་མདའ་ས་ལ་ལྟུང་བའི་བྱད། །དབྱིག་གི་ནོར་བུའི་ལྟས་ངན་བཟློག །གཡས་ཀྱི་གཤོག་ཟུར་ལྔ་པ་ལས། །ཏ་ཀྲིཏ་ཁྲོ་བོ་བཅུ་དྲུག་བྱུང་། །རི་རབ་མེ་ཆེན་འབར་བའི་བྱད། །ལྕི་བ་ཟས་ཀྱི་ལྟས་ངན་བཟློག །གཡོན་གྱི་གཤོག་ཟུར་དང་པོ་ལས། །སྲོག་རྩའི་མ་མོ་བདུན་དུ་ཤར། །རྒྱ་མཚོ་སྦྲུལ་གདུག་ལངས་པའི་བྱད། །མེ་ཏོག་བཅུད་ཉམས་ལྟས་ངན་བཟློག །གཡོན་གྱི་གཤོག་ཟུར་གཉིས་པ་ལས། །ཨེ་ཀ་དྲག་མོ་སྤུན་དྲུག་སྤྲུལ། །མཁའ་ལ་སྟག་མོ་མཆོངས་པའི་བྱད། །རྫི་བ་སྤྱོད་པའི་ལྟས་ངན་བཟློག །གཡོན་གྱི་གཤོག་ཟུར་གསུམ་པ་ལས། །སྲིན་མོ་འབར་མ་བདུན་དུ་སྤྲུལ། །མཁའ་ལ་བྱ་རྒོད་སྡེར་འཛིངས་བྱད། །གཏེར་གྱི་བཅུད་ཉམས་ལྟས་ངན་བཟློག །གཡོན་གྱི་གཤོག་ཟུར་བཞི་པ་ལས། །སྲིང་མོ་བཞི་དང་རྒྱལ་མོ་ཤར། །གཡུ་ཤ་དཀར་མོ་རྭ་འཛིངས་དང་། །སེང་གེ་ངུ་འབོད་ལྟས་ངན་བཟློག །གཡོན་གྱི་གཤོག་ཟུར་ལྔ་པ་ལས། །ཉི་ཤུ་བརྒྱད་ཀྱི་སྤྲུལ་པ་འབྱུང་། །རྣོ་དབལ་མཚོན་གྱི་ལྟས་ངན་དང་། །རྨ་བྱ་གཡེང་བའི་ལྟས་ངན་བཟློག །གཡུ་སྒོང་སྔོན་མོ་ཡར་བ་དང་། །ལྕགས་ཀྱི་སེར་བ་ཐབ་ཏུ་འབབ། །ཤེལ་དཀར་སྣོད་དུ་དུག་སྤྱོད་དང་། །ཟངས་སྒོང་དམར་པོ་མཐུར་དུ་འདྲིལ། །མི་བཟད་འབར་བ་གླད་ལ་བསྐོར། །ཉི་མ་སྤྲིན་གྱིས་འཁྲུག་པ་དང་། །འཚུབ་མ་དམར་པོའི་རྨིས་ཀྱང་སྙིང་རྟགས་དང་། །སེང་གེ་གངས་ཀྱི་སྟོངས་ནས་ལྷུང་། །ཤེལ་གྱི་སྒོ་ང་ཡར་བ་དང་། །སྤྲིན་ཆེན་རལ་པའི་རྟགས་བསྟན་པ། །བོང་བུ་བཅུད་ཆེན་ཟགས་པ་དང་། །དབང་མོ་ཉི་ཤུ་རྩ་བརྒྱད་ཀྱིས། །ལྟས་ངན་བཅུ་གསུམ་སླར་ལ་བཟློག །ཁྱུང་གི་མཇུག་སྒྲོ་བརྒྱད་པོ་ལ། །རྒྱལ་


DNG023_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

མོ་བཞི་དང་གདོང་མོ་བཞི། །སྤྲུལ་པ་འོད་ཀྱི་ཕྲེང་བར་ཤར། །བསེ་སྒོང་ཁྲ་བོའི་བྱད་བསྟན་ཏེ། །ལྕུག་ཕྲན་ཟོར་གྱིས་འདེབས་པ་དང་། །གཟའ་སྐར་འཁྲུག་པའི་བྱད་བྱུང་བ། །ཟོར་བརྒྱད་ཀྱང་རྒྱན་རྩ་ལ་སྦུད་པ་ཆགས། །དེ་ཡི་ལྟས་ངན་སླར་ལ་བཟློག །ཁྲོ་བོའི་རྒྱལ་པོ་ཁམས་གསུམ་ཧཱུཾ་སྒྲ་ཅན། །སྐུ་ལ་ཟངས་ཁྲབ་དམར་པོའི་འོད་ཀྱིས་མཛེས། །ཕྱག་ན་མདུང་དམར་མེ་ལྕེ་ལམས་སེ་ལམ། །བ་དན་རྩེ་གསུམ་སྲིད་གསུམ་གཡབ་མོས་འདེབས། །གཡས་ནས་བསྐོར་བས་སྲིད་གསུམ་དབང་དུ་སྡུད། །གླད་ལ་བསྐོར་བས་བདུད་དཔུང་རྡུལ་དུ་བཟློག །སྲོག་དབུགས་གཟུགས་ལ་དབང་ཞིང་ཀུན་གྱི་དྲོད་ལ་ཁྱབ། །ལྟས་ངན་དམིགས་ཀྱིས་བསྒྲལ་བའི་དུས་ལ་བབ། །དེ་ནས་ཉུང་དཀར་གྱི་རྒྱལ་པོས་བྲབ་ལ། ཨོཾ་རཀྴ་ཤྲཱི་ཧེ་རུ་ཀ །བྱི་ཀྲམ་ཧ་ཀྲམ་རྦད། དེ་ལ་དུ་ན་རྦད། དེ་ནས་བསྟབ་སྟེ། ཧཱུཾ། འཇིགས་བྱེད་ཆེན་པོ་ཞལ་ཕྱེས་ཤིག །ཁྲོ་བོ་འབར་བའི་ཞལ་དུ་བསྟབ། །མ་མོ་ཆེན་མོ་ཞལ་ཕྱེས་ཤིག །དམ་ཅན་རྒྱ་མཚོའི་ཞལ་དུ་བསྟབ། །ཕོ་ཉ་ཆེན་མོ་ཞལ་ཕྱེས་ཤིག །མཆེ་གཤོག་ནུ་མའི་ཞལ་དུ་བསྟབ། །དགེ་བསྙེན་ཆེན་པོ་ཞལ་ཕྱེས་ཤིག །གིང་ཆེན་ཚོགས་ཀྱི་ཞལ་དུ་བསྟབ། །ཡས་ཀྱི་བདུད་གཡོས་ཁཱ་ཧི། མས་ཀྱི་སྲི་ལངས་ཁཱ་ཧི། སྲིན་པོའི་དམགས་ཚོགས་ཁཱ་ཧི། སྔགས་ཀྱི་ཨ་བྷི་ཙ་ར་ཁཱ་ཧི། བྱ་བསད་སྐྱིབས་ངན་ཁཱ་ཧི། དེ་ནས་བྱ་ཡི་སྐྱིབས་ངན་ན། །ཧཱུཾ། ལས་ཀྱི་ཕོ་ཉ་ཆེན་མོ་སྟེ། །ལྕགས་ཀྱི་བྱ་ཁྲ་ཆེན་མོ་ལ། །དམར་མོ་ཉི་མའི་མིག་ཅན་ཞོན། །ན་བཟའ་སྤྲིན་དམར་མཆེད་པ་ལ། །རྡོ་རྗེ་མེ་སྟག་ཚོམ་བུར་འཕྲོ། །ཉི་ཟེར་ཞགས་པ་སྡོག་ཅིང་འཕེན། །སྙིང་ཟན་ཙིཏྟའི་དཀྱིལ་ན་གནས། །ཤན་པ་འབུམ་གྱི་འཁོར་གྱིས་བསྐོར། །སྲོག་ཟན་ཆེན་མོའི་དུས་ལ་བབ། །སྡེར་མོ་ཁྲག་གི་དྲེག་པ་ཅན། །གང་ལ་བྱ་བའི་སྙིང་འདྲེན་མ། །རེངས་པར་ཁུག་ལ་མྱུར་དུ་སྒྲོལ། །བསྡིམས་ལ་དྲག་སྔགས་འབར་བས་གདབ། །


DNG023_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ་ཙི་ར་དུང་ཏྲི་ཙ་ར་ལས་ལ་ཆུམ་ཆུམ་སོད་རྦད་ཕཊ་སྭཱ་ཧཱ། དེ་ནས་རྣོ་དབལ་ཏྲི་རྩེ་ལ། །རྡོ་རྗེ་གདན་གྱིས་བསྒྲལ་བྱས་ཏེ། །དེ་ནས་མེ་ལོང་གཡས་གཡོན་གྱི་བར་དུ་སྲིན་མོ་རྐང་བཙུག་ལ་བསྒྲལ། ཧོམ་ཁུང་ནང་དུ་ཡུ་བ་གཟུག །ཟ་འོག་སྦུད་པས་གན་རྐྱལ་བསྟན། །ཙིཏྟ་དྲུང་ཕྱུང་ལྟོ་བར་གཞག །ཙིཏྟ་པཉྩ་ལྔ་རུ་བྱ། །རླངས་པ་ནམ་མཁའི་ཁམས་སུ་འཁྲིགས། །སྲིད་པ་མཚོ་བཞི་ལས། བྱ་ལུང་ལས་ཀྱི་རྒྱ་མཚོ་ལས་རྫས་ཀྱི་བཟློག་ཐབས་ཏེ་ལེའུ་བརྒྱད་པའོ།། །།ཕྲ་མེན་རྒྱ་མཚོས་ཡང་གསོལ་པ། །སྲིད་པའི་བསྐང་ལུང་ཇི་ལྟར་ལགས། །རྫོགས་སངས་རྒྱས་ལ་བདག་ཉན་འཚལ། །ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །རྩ་བ་ཆེན་མོ་མདོ་འགྲེལ་དང་། །ཉམས་ན་བསྐང་བའི་རིམ་པའོ། །རྩ་བ་ལ་ནི་འདི་ལྟ་སྟེ། །རྒྱལ་པོའི་བཀའ་རྟགས་རྗེས་སུ་ཐོབ། །དེ་ནི་སྐུ་ཡི་ས་མ་ཡ། །བསྐྱེད་རྫོགས་ས་བོན་རྒྱུན་མི་གཅད། །འདི་ནི་གསུང་གི་ས་མ་ཡ། །རིག་པའི་རྩལ་ནི་རྡོ་རྗེར་བསྒོམ། །འདི་ནི་ཐུགས་ཀྱི་ས་མ་ཡ། །རྫས་ཆེན་གནས་སུ་སྟབ་པ་ནི། །འདི་ནི་ཡོན་ཏན་ས་མ་ཡ། །རྩེ་གཅིག་མཁའ་འགྲོ་འདུ་བྱེད་པ། །འདི་ནི་ཕྲིན་ལས་ས་མ་ཡ། །སྡོམ་པའི་དམ་ཚིག་རྣམ་ལྔ་པའོ། །འདི་ནི་ཡན་ལག་ས་མ་ཡ། །འདི་ནི་ས་གཞི་རྡོ་རྗེ་སྟེ། །འདས་ན་ཕུང་བྱེད་སྲེག་པར་འགྱུར། །ལྡན་ན་ཡོན་ཏན་གཏེར་དུ་འགྱུར། །བསྐང་ན་གསེར་དངུལ་བཞུ་བ་བཞིན། །སྲིད་པའི་བསྐང་ལུང་ལས་རྩ་བ་ཆེན་པོའི་མདོ་འགྲེལ་གྱི་ལེའུ་སྟེ་དགུ་པའོ།། །།བསྐང་བའི་རིམ་པ་འདི་ལྟ་སྟེ། །རྣལ་འབྱོར་སྡོམ་ལ་མི་གནས་པས། །དེ་ཚེ་སྲིད་པའི་མ་མོ་འཁྲུག །མ་མོ་འཁྲུག་པའི་བྱད་བསྟན་པ། །ཡིད་དུ་མི་འོང་ཡ་ང་འབྱུང་། །དེ་ལ་གོང་གི་བམ་གྱིས་བསྐང་། །ཧཱུཾ། ང་ནི་མ་མོ་ཀུན་གྱི་རྗེ། །ང་ནི་རྒྱལ་བ་ཀུན་གྱི་ཡབ། །ང་ནི་སྲིད་གསུམ་སྙིང་རྗེའི་མཆོག །ང་ཡི་བཀའ་ལས་མ་འདའ་ཞིག །ཧཱུཾ། སྤྱི་གཙུག་གཡུ་ཡི་རྡོ་རྗེ་རྩེ་དགུ་འབར། །གཡུ་


DNG023_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་རལ་པས་སྟོང་གསུམ་ཁེབས། །རིགས་ལྔའི་སངས་རྒྱས་དབུ་ལ་རྫོགས། །བདག་གི་གང་བའི་ཐིག་ལེ་ལས། །བླ་ན་མེད་པའི་ཡབ་ཡུམ་གཉིས། །ཕ་མ་མེད་པའི་སྔོན་དུ་བྱུང་། །སངས་རྒྱས་ཉིད་པས་ཤིན་ཏུ་བགྲེས། །འདི་ཡི་སེམས་དང་ཡུལ་གྱིས་སྐོང་། །གཉིས་མེད་སྦྱོར་བའི་འོད་ཟེར་ལས། །མཁའ་འགྲོ་བརྟན་འབར་སེམས་མའི་མཆོག །སེང་གེ་བརྗིད་པའི་དབུ་མངའ་བ། །སྤྲིན་དཀར་མཛེས་པའི་ན་བཟའ་ཅན། །འདི་ཡི་ཤ་ཡིས་ཐུགས་དམ་བསྐང་། །ཡུམ་དང་གཉིས་སུ་མེད་གྱུར་ཅིག །གཏི་མུག་ནད་རྣམས་ཞི་བར་མཛོད། །གཉིས་མེད་སྦྱོར་བའི་འོད་ཟེར་ལས། །མཁའ་འགྲོ་ཡང་གསལ་སེམས་མའི་མཆོག །འཕྱོ་བ་ཁྱུང་གི་དབུ་མངའ་མ། །ལྗང་ནག་འབར་བའི་ན་བཟའ་ནི། །ཕྲིན་ལས་ལྷུན་གྱིས་གྲུབ་པ་མོ། །འདི་ཡི་དབུགས་ཀྱིས་ཐུགས་དམ་བསྐང་། །ཡུམ་དང་གཉིས་སུ་མེད་གྱུར་ཅིག །ཕྲག་དོག་ནད་རྣམས་ཞི་བར་མཛོད། །གཉིས་མེད་སྦྱོར་བའི་འོད་ཟེར་ལས། །མཁའ་འགྲོ་གཉེན་གསལ་སེམས་མའི་མཆོག །མཛེས་པ་ཆེན་མོའི་དབུ་མངའ་མ། །དམར་ནག་འབར་བའི་ན་བཟའ་ཅན། །འདི་ཡི་ཁྲག་གིས་ཐུགས་དམ་བསྐང་། །ཡུམ་དང་གཉིས་སུ་མེད་གྱུར་ཅིག །འདོད་ཆགས་ནད་རྣམས་བྱང་བར་མཛོད། །གཉིས་མེད་སྦྱོར་བའི་འོད་ཟེར་ལས། །མཁའ་འགྲོ་འོད་གསལ་སེམས་མའི་མཆོག །བརྟན་པ་གླང་ཆེན་སྐུ་མངའ་མ། །བཻ་ཌཱུརྱ་སྔོན་པོའི་ན་བཟའ་གསོལ། །འདི་ཡི་དྲོད་ཀྱིས་ཐུགས་དམ་བསྐང་། །ཡུམ་དང་གཉིས་སུ་མེད་གྱུར་ཅིག །ང་རྒྱལ་ནད་རྣམས་བྱང་བར་མཛོད། །གཉིས་མེད་སྦྱོར་བའི་འོད་ཟེར་ལས། །མཁའ་འགྲོ་བཀྲག་གསལ་སེམས་མའི་མཆོག །མི་འགྱུར་རྡོ་རྗེའི་དབུ་མངའ་མ། །བཙོ་མ་གསེར་གྱི་ན་བཟའ་ཅན། །འདི་ཡི་བཀྲག་གིས་ཐུགས་དམ་བསྐང་། །ཡུམ་གྱི་ཐུགས་དམ་སྐོང་གྱུར་ཅིག །ཞེ་སྡང་ནད་རྣམས་ཞི་བར་མཛོད། །


DNG023_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་གསུམ་གསང་བའི་ཡུམ་མཆོག་མ། །ཕྲ་མེན་རྒྱ་མཚོ་གསང་བའི་ཡུམ། །རྣལ་འབྱོར་ཁྲོས་པས་སྲིད་པ་སྒྲོལ། །རྡོ་རྗེ་ཁ་ཊྭཱཾ་མཚོན་ཆ་ཐོགས། །འདི་ཡི་གསེར་གྱི་ཐིག་ལེས་བསྐང་། །རྡོ་རྗེ་ཁྲོ་མོ་ཁམས་གསུམ་སྒྲོལ། །སྤྲིན་དཀར་མཛེས་པའི་ན་བཟའ་ཅན། །ཙིཏྟ་བརྒྱུས་པའི་ཞགས་པ་འཕེན། །ཉི་མ་ཟླ་བའི་རྒྱན་གྱིས་མཛེས། །འདི་ཡི་ཐིག་ལེས་ཐུགས་དམ་བསྐང་། །རིག་པའི་ཡོན་ཏན་རྒྱན་མངའ་མ། །སྣང་སྲིད་ཀུན་གྱི་བྷ་གའི་དབྱིངས། །གཅིག་པུ་ཀུན་ཏུ་ཁྱབ་པར་མཛད། །ཆེ་བའི་ང་རྒྱལ་བདག་ཉིད་མ། །འདི་ཡི་དྭངས་མས་ཐུགས་དམ་བསྐང་། །རྡོ་རྗེ་ཁྲོས་པས་ཞེ་སྡང་འཇོམས། །རིན་ཆེན་ཁྲོས་པས་ང་རྒྱལ་འཇོམས། །པདྨ་ཁྲོས་པས་འདོད་ཆགས་འཇོམས། །ལས་མཆོག་ཁྲོས་པས་ཕྲག་དོག་འཇོམས། །དཀར་མོ་རལ་གཅིག་ཡབ་ལ་བཞེད། །ནག་མོ་གཡུ་ཡི་ཕོད་མཐིང་ཅན། །དམར་མོ་ཁྲག་གི་རལ་གཅིག་མ། །སེར་མོ་རླུང་གི་གོ་ཟུ་ཅན། །དྭངས་མ་བརྒྱད་ཀྱིས་ཐུགས་དམ་བསྐང་། །སྲིད་པ་གསུམ་གྱི་སྐྱེད་བྱེད་མ། །འདི་ཡི་ལྟེ་བས་ཐུགས་དམ་བསྐང་། །བདུད་རྩི་ཡོངས་ཀྱི་བཅུད་སྙོམས་མ། །འདི་ཡི་ཕོ་བས་ཐུགས་དམ་བསྐང་། །ནག་མོ་རལ་གཅིག་འཇིགས་པའི་གཟུགས། །ནག་མོ་རལ་གཅིག་མཆེ་བ་ཅན། །ཧར་ཏིང་དཀར་མོ་འཇིགས་པའི་གཟུགས། །དུན་ཏིང་ནག་མོ་མཆེ་བ་ཅན། །ཤན་ཏིང་དམར་མོ་གཤོག་པ་ཅན། །གྲུབ་ཏིང་སེར་མོ་ནུ་མ་ཅན། །འདི་ཡི་གཞུང་པས་ཐུགས་དམ་བསྐང་། །ཞིང་ལྤགས་གཡང་གཞིའི་རུ་མཚོན་ཅན། །དབུ་བརྒྱ་སྤྱན་སྟོང་འཇིགས་པའི་གཟུགས། །མ་ཡམས་ཆེན་མོ་གསང་བའི་ཡུམ། །འདི་ཡི་སྲོག་རྩས་ཐུགས་དམ་བསྐང་། །དཀར་མོ་གསེར་གྱི་ལྕགས་ཀྱུ་ཅན། །དམར་མོ་དུང་གི་ཟོ་བ་ཅན། །སྲིད་པའི་མེ་དང་རླུང་གིས་བསྐང་། །རྒྱ་མཚོ་རློབ་པའི་མཐུ་མོ་ཆེ། །རི་རབ་བསྙིལ་བའི་རྔམ་སྟབས་ཅན། །མཛེས་པའི་ཚུལ་གྱིས་འོད་འཕྲོ་མ། །བརྟུལ་ཞུགས་ཟ་བྱེད་འཇིགས་པའི་སྐུ། །ཕྲིན་ལས་འབྱུང་པོ་ཀུན་འདུལ་མ། །


DNG023_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

རལ་པ་ཅན་གྱི་འཁོར་འདུལ་མ། །ཟ་བྱེད་མེ་ཟ་བྲག་གྱོན་མ། །དབང་པོ་བདུན་གྱིས་ཐུགས་དམ་བསྐང་། །མགྱོགས་མ་ཆེན་མོ་ལྷ་ཡི་སྲིང་། །ཁྱུང་ལྡིང་མ་ནི་གཤིན་རྗེའི་སྲིང་། །གཡག་མགོ་མ་ནི་ཀླུ་ཡི་སྲིང་། །སྡེར་མོ་ཅན་ནི་གནོད་སྦྱིན་སྲིང་། །འཕར་རྩ་བཞི་ཡིས་ཐུགས་དམ་བསྐང་། །སྤྱན་གཅིག་ལྷ་ཡི་དམག་དཔོན་མ། །རལ་གཅིག་གཤིན་རྗེའི་དམག་དཔོན་མ། །མཆུ་འཇིབ་ཀླུ་ཡི་དམག་དཔོན་མ། །ལས་མཁན་གནོད་སྦྱིན་དམག་དཔོན་མ། །ཉ་ཤ་བཞི་ཡིས་ཐུགས་དམ་བསྐང་། །དཀར་མོ་གཟུགས་ལྡན་མདངས་མཛེས་མ། །དམར་མོ་མེ་ཡི་མདངས་འཕྲོག་མ། །སྔོན་མོ་རལ་བཅིངས་གློག་བས་མགྱོགས། །དམར་ནག་རུས་སྦལ་ཆིབས་སུ་བཅིབས། །དམར་མོ་སྦལ་པ་ནག་པོ་ཞོན། །སྔོ་བསངས་ཤ་བ་ཆིབས་སུ་བཅིབས། །སེར་མོ་རླུང་ལ་འཕྱོ་ཞིང་འགྲོ། །སེར་སྐྱ་འཕར་བ་ལྕེ་བརྒྱད་ཞོན། །རྣམ་ཤེས་བརྒྱད་ཀྱི་མདངས་འཕྲོག་མ། །འདི་ཡི་འབྲས་བུས་ཐུགས་དམ་བསྐང་། །དུང་གི་སྤྱང་མོ་མགོ་མངས་མ། །ལྕགས་ཀྱི་སྤྱང་མོ་མཆེ་བ་ཅན། །ཟངས་ཀྱི་སྤྱང་མོ་ལྕེ་མངས་མ། །གསེར་གྱི་འཕར་མོ་མདངས་འཕྲོག་མ། །འདི་ཡི་རུས་པས་ཐུགས་དམ་བསྐང་། །ལྷ་ཡི་བུ་མོ་དུང་སྐྱོང་མ། །གཤིན་རྗེའི་བུ་མོ་དྲི་སྣོམ་མ། །ཀླུ་ཡི་བུ་མོ་འོད་འཕྲོ་མ། །གནོད་སྦྱིན་བུ་མོ་ཤན་པ་མོ། །འདི་ཡི་ཤ་ཡིས་ཐུགས་དམ་བསྐང་། །དེ་བའི་བུ་མོ་ལྷ་མོ་དབང་། །དཔལ་ཆེན་བུ་མོ་དཔལ་མོ་དབང་། །འཇོག་པོའི་བུ་མོ་ཀླུ་མོ་དབང་། །གནོད་སྦྱིན་བུ་མོ་ཤན་པ་མོ། །འདི་ཡི་ཁྲག་གིས་ཐུགས་དམ་བསྐང་། །དཔལ་ཆེན་ཐུགས་ཀྱི་བཀའ་སྡོད་མ། །དཀར་མོ་ཞི་བའི་ལས་བྱེད་མ། །སེར་མོ་རྒྱས་པའི་ལས་བྱེད་མ། །དམར་མོ་དབང་གི་ལས་བྱེད་མ། །ལྗང་མོ་མངོན་སྤྱོད་ལས་བྱེད་མ། །སྒལ་ཚིགས་འདི་ཡིས་ཐུགས་དམ་བསྐང་། །ཟློག་སྒྱུར་ཆེན་མོ་མཛད་དུ་གསོལ། །དབང་ཆེན་མོ་རྣམས་བསྐངས་པས་ན། །དབང་བྱེད་ཕོ་ལ་མི་འཚལ་ལམ། །རྫོགས་སངས་རྒྱས་


DNG023_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བཀའ་སྩལ་པ། །ཚངས་པ་ཆེན་པོ་མགོ་ལྔ་པ། །འདི་ཡི་ཀླད་པས་ཐུགས་དམ་བསྐང་། །ཀླད་གཟེར་ནད་རྣམས་ཞི་བར་མཛོད། །གནམ་གིང་དཀར་པོ་མིག་གཅིག་མ། །འདི་ཡི་མིག་གིས་ཐུགས་དམ་བསྐང་། །མིག་གི་ནད་རྣམས་ཞི་བར་མཛོད། །བརྒྱ་བྱིན་སེར་སྐྱ་ཆེན་པོ་ལ། །འདི་ཡི་སྙིང་གིས་ཐུགས་དམ་བསྐང་། །སྙིང་ནད་ཐམས་ཅད་ཞི་བར་མཛོད། །ལྷ་ཆེན་བྷྲིཾ་གི་རི་ཏི་ལ། །འདི་ཡི་མཚན་གྱིས་ཐུགས་དམ་བསྐང་། །མཆུ་སོའི་ནད་རྣམས་ཞི་བར་མཛོད། །འཁོར་ལོ་ཁྱབ་འཇུག་ཆེན་པོ་ལ། །འདི་ཡི་ལྟེ་བས་ཐུགས་དམ་བསྐང་། །སྦོ་ཡི་ནད་རྣམས་ཞི་བར་མཛོད། །ལྷ་ཆེན་སྟོབས་བཟང་སེར་སྐྱ་ལ། །གྲུ་མོ་བཞི་ཡིས་ཐུགས་དམ་བསྐང་། །ཡན་ལག་ནད་རྣམས་ཞི་བར་མཛོད། །སྐོས་རྗེ་དྲང་དཀར་ཆེན་པོ་ལ། །འདི་ཡི་ཕོ་བས་ཐུགས་དམ་བསྐང་། །ཕོ་མཆིན་ནད་རྣམས་ཞི་བར་མཛོད། །ཀཱི་ལ་ཡགྴ་ཆེན་པོ་ལ། །འདི་ཡི་མཁྲིས་པས་ཐུགས་དམ་བསྐང་། །མིག་སེར་ནད་རྣམས་ཞི་བར་མཛོད། །འབྱུང་རིགས་སྤུན་དགུ་ཆེན་པོ་ལ། །འདི་ཡི་སྲོག་རྩས་ཐུགས་དམ་བསྐང་། །སྟོད་གཟེར་ནད་རྣམས་ཞི་བར་མཛོད། །ས་བདག་ཕག་ཆེན་དྲེགས་པ་ལ། །འདི་ཡི་མཆིན་པས་ཐུགས་དམ་བསྐང་། །ཁྲག་གཟེར་ནད་རྣམས་ཞི་བར་མཛོད། །སྲིད་པའི་ཀླུ་བདུད་དྲེགས་པ་ལ། །འདི་ཡི་གློ་བས་ཐུགས་དམ་བསྐང་། །མཛེ་ནད་ཐམས་ཅད་ཞི་བར་མཛོད། །ནོར་ལྷ་ཆེན་པོའི་བདག་ཉིད་ལ། །འདི་ཡི་མཁལ་མས་ཐུགས་དམ་བསྐང་། །ཟ་ཁུའི་ནད་རྣམས་ཞི་བར་མཛོད། །རྣམ་སྤྲུལ་རྒྱལ་ཆེན་རིགས་བཞི་ལ། །ཡན་ལག་བཞི་ཡིས་ཐུགས་དམ་བསྐང་། །ཞ་གྲུམ་ནད་རྣམས་ཞི་བར་མཛོད། །གཤིན་རྗེ་ཆེན་པོ་གཟུགས་ཉིད་ལ། །འདི་ཡི་གཉེ་མས་ཐུགས་དམ་བསྐང་། །འདུས་པའི་ནད་རྣམས་ཞི་བར་མཛོད། །རཱུ་ཏྲ་ཆེན་པོ་གཟུགས་ཉིད་ལ། །དམ་རྫས་ལྔ་ཡིས་བསྐང་བྱས་པས། །སྨྱོ་འབོག་ནད་རྣམས་ཞི་བར་མཛོད། །བྱང་སྤྲིན་དམར་པོའི་གཟུགས་ཉིད་ལ། །


DNG023_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཡི་མཆེར་པས་བསྐང་བྱས་པས། །མཆེར་ནད་འབར་བ་ཞི་བར་མཛོད། །སྲིད་པའི་བམ་སྐོང་གི་ལེའུ་སྟེ་བཅུ་པའོ།། །།སྲིད་པའི་མ་མོ་ཐུགས་འཁྲུག་སྟེ། །ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །མ་མོའི་ཁ་རླངས་སྤྲིན་དུ་འཁྲིགས། །ནད་ཀྱི་བསྐལ་པ་སྣ་ཚོགས་འབྱུང་། །དེ་ཡི་སྐོང་ལུགས་ཇི་ལྟར་ལགས། །ཉག་གཅིག་ཡབ་ལ་བདག་ཉན་འཚལ། །ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །འཇིགས་བྱེད་ཆེན་པོའི་ཐུགས་ཀ་ནས། །རྒྱ་གྲམ་འབར་བའི་ཡི་གེ་ཡཾ་དུ་སྤྲུལ། །སྙིང་རྗེ་ཆེན་པོའི་ས་བོན་བཾ་དུ་སྤྲུལ། །ཤེས་རབ་ཆེན་པོའི་ས་བོན་རཾ་དུ་སྤྲུལ། །བཏང་སྙོམས་ཆེན་པོའི་ཡི་གེ་མ་རུ་སྤྲུལ། །ཡེ་ཤེས་ཆེན་པོའི་རི་རབ་སྭ་རུ་སྤྲུལ། །སྐྱེ་མེད་ནམ་མཁའི་ཡི་གེ་ཨེ་རུ་སྤྲུལ། །རི་རབ་རི་བདུན་གླིང་ཕྲན་འཁོར་ཡུག་བཅས། །དཔག་བསམ་ཤིང་དང་པདྨའི་ཤིང་ཆེན་དང་། །ཙུན་དའི་ཤིང་དང་ཛམ་བུའི་ཤིང་ཆེན་དང་། །སྒྲ་སྒྲོགས་ཤིང་དང་བཅས་པའི་ཡོན་ཏན་ལ། །ཉི་ཟླ་གཟའ་སྐར་རྒྱན་རྣམས་རྫོགས་པར་ལྡན། །སྲིད་པའི་ལྷ་བྲན་མང་པོ་རང་བཞིན་གནས། །སྲིད་པའི་ཆགས་ལུགས་དེ་ལྟར་ཆགས། །སྤྲུལ་པའི་གནས་ལུགས་འདི་ལྟར་ལགས། །རི་རབ་གཡུ་ཡི་བུམ་པ་ལ། །ལྷ་ཆེན་ཚངས་པ་ཆེན་པོ་དང་། །ཀུན་ཏུ་བཟང་མོ་ཐབས་ཅིག་བཞུགས། །རི་རབ་བུམ་པའི་ཤིང་མཚམས་སུ། །གནམ་གྱི་དཀར་པོ་མིག་མེད་དང་། །རྒྱལ་པོ་ལྔ་རུ་མདངས་ལ་གནས། །ཤིང་དང་ལོ་མའི་མཚམས་སུ་ཡང་། །ལྷ་ཆེན་སེར་སྐྱ་ཆེན་པོ་དང་། །རྒྱ་མཚོ་ཉི་མའི་མདངས་སུ་གནས། །རི་རབ་བུམ་པའི་ལྕོག་བཞི་ན། །ལྷ་ཆེན་བྷྲིཾ་གི་རི་ཏི་དང་། །ཁྲོས་པའི་དབང་ཆེན་རང་བཞིན་གནས། །རི་རབ་ཕྱི་ཡི་ལྕོག་བཞི་ལ། །ལྷ་ཆེན་འཁོར་ལོ་ཁྱབ་འཇུག་དང་། །ཐུགས་ཀྱི་དགྱེས་སྡེ་བག་ལ་གནས། །ལྷ་ཆེན་སྟོབས་བཟང་སེར་སྐྱ་དང་། །སྦས་པའི་མ་མོ་བཞི་པོ་རྣམས། །གྲ་བཞི་དག་ལ་རང་བཞིན་གནས། །རི་རབ་ཁོང་སེང་སྐེད་པ་ན། །སྐོས་རྗེ་བྲང་དཀར་ཆེན་པོ་དང་། །ཆགས་བྱེད་


DNG023_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་སྙོམས་རང་བཞིན་གནས། །དཔག་བསམ་ཤིང་གི་རྩ་བ་ན། །ཀཱ་ལ་བདུད་ཀྱི་རྒྱལ་པོ་དང་། །ནམ་མཁའི་རྒྱལ་མོ་རང་བཞིན་གནས། །དཔག་བསམ་ཤིང་གི་ལོ་མ་ལ། །འབྱུང་མཇུང་རིངས་ཡང་རིགས་སྤུན་དགུའི་ཆོ་འཕྲུལ་དང་། །ཨེ་ཀ་ཆེན་མོ་ཐབས་གཅིག་བཞུགས། །རི་རབ་རྨང་གི་གྲ་བཞི་ལ། །ས་བདག་ཕག་མགོ་ཆེན་པོ་དང་། །གྲུ་འདེགས་བཞི་པོ་ཐབས་ཅིག་གནས། །སྲིད་པའི་རོལ་མཚོ་བདུན་པོ་ལ། །ཕུང་བྱེད་དྲེགས་པའི་ཀླུ་བདུན་དང་། །སྲིན་མོ་བདུན་པོ་ཐབས་ཅིག་བཞུགས། །དཔག་བསམ་ཤིང་གི་སུམ་ཆ་ལ། །དེ་བ་ནོར་གྱི་བདག་པོ་དང་། །འདོད་ཁམས་ནེ་མཚན་རང་བཞིན་གནས། །རི་རབ་བང་རིམ་བཞི་པོ་ལ། །རྒྱལ་པོ་ཆེན་པོ་སྡེ་བཞི་དང་། །ལས་ཀྱི་སྲིང་བཞི་རང་བཞིན་གནས། །དཔག་བསམ་ཤིང་གི་རྩ་བ་ན། །གཤིན་རྗེ་རཱུ་ཏྲའི་གཟུགས་ཉིད་དང་། །དབང་མོ་ཆེ་བརྒྱད་རང་བཞིན་གནས། །རྣལ་འབྱོར་ཉམས་ནི་འཁྲུགས་པ་དང་། །སེམས་ཅན་ཀུན་ལ་སྨན་སླད་དུ། །བསྐང་བའི་རྫས་རྣམས་འདི་ལྟར་ལགས། །ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །མ་མོ་བསྐང་བའི་རྫས་རྣམས་ནི། །ལྷ་མོ་ཡོངས་འཁྱུད་དེ་བཱ་ཡིས། །ལྷ་རྣམས་སྲོག་གི་འཇིགས་འགྱུར་ནས། །མ་མོ་རྣམས་ལ་རྫས་ཕུལ་བ། །རི་རབ་གཡུ་ཡི་བུམ་པ་ལ། །ཤུགས་ཀྱི་རྒྱལ་པོ་དྲུག་པོ་ལ། །བུད་མེད་གཙོ་མོ་དྲུག་པོ་བསྐྱོན། །ཉོན་མོངས་དྲུག་པོ་སྦྱང་བའི་རྫས། །རི་རབ་བང་རིམ་བར་མ་ལ། །གླང་ཆེན་གཟུགས་ནི་བཅུ་བཞི་ནི། །བག་ཆགས་གཏི་མུག་སྦྱང་བའི་རྫས། །སྟག་གཟིག་ལ་སོགས་བཅུ་བཞི་ནི། །བག་ཆགས་ང་རྒྱལ་སྦྱང་བའི་རྫས། །ཁྱུང་དང་རྨ་བྱ་བཅུ་བཞི་ནི། །བག་ཆགས་འདོད་ཆགས་སྦྱང་བའི་རྫས། །ཁྱི་དང་སེང་གེ་བཅུ་བཞི་ནི། །ཞེ་སྡང་བག་ཆགས་སྦྱང་བའི་རྫས། །རི་རབ་བང་རིམ་ཐ་མ་ལ། །སེམས་ཅན་མི་ལ་ཕན་སླད་དུ། །གནམ་ལ་འཕུར་དང་ཆུ་ལ་འཕྱོ། །ས་ལ་སྐྱེ་བ་དགུ་ཡི་རྫས། །བཞི་བརྒྱ་རྩ་བཞི་སྦྱང་བའི་རྫས། །ནམ་མཁའ་དཔག་བསམ་


DNG023_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་གི་ལོ་མ་ལ། །ཏིལ་གོང་བདུད་རྩི་བུམ་པར་བཅས། །སེམས་ཅན་སྲོག་དང་མདངས་ཀྱི་རྫས། །དབང་བྱེད་ཕོ་ཡི་རྫས་རྣམས་ནི། །གསེར་སྐྱེམས་ཕྲ་མེན་སྐྱོགས་ལྔ་ལ། །ཕུང་པོ་ལྔ་ནི་སྦྱང་བའི་རྫས། །གསལ་བའི་མེ་མར་བརྒྱད་པོ་ནི། །རྣམ་ཤེས་ཚོགས་བརྒྱད་སྦྱང་བའི་རྫས། །དར་སྣ་ལྔ་ཡི་རུ་མཚོན་ནི། །དུག་ལྔའི་བག་ཆགས་སྦྱང་བའི་རྫས། །སྟག་གི་རྒྱལ་མཚན་འབར་བ་ནི། །ང་རྒྱལ་རི་བོ་སྦྱང་བའི་རྫས། །ཉི་མའི་འཁོར་ལོ་འབར་བ་ནི། །མ་རིག་མུན་པ་གསལ་བའི་རྫས། །ཤྭ་དང་ཁྲམ་ཤིང་མང་པོ་ནི། །ཕུང་པོའི་ནད་རྣམས་སྦྱང་བའི་རྫས། །མཁར་ཐབས་མདའ་ལ་སྦྲུལ་འཁྲིལ་བ། །ཕུང་པོའི་བདུད་རྣམས་འཇོམས་པའི་རྫས། །གུར་གྱི་དབྱེ་བ་གང་ལགས་པ། །ངོ་མཚར་ལྷ་ལ་བདག་ཉན་འཚལ། །མདའ་བཞི་རྒྱལ་མཚན་གནམ་དུ་ཡེ་རེ་རེ། །ཡེ་ཤེས་བཞི་ཡི་མེ་ལོང་འོད་ལམ་ལམ། །རལ་གྲི་རྒྱལ་མཚན་དམག་དཔོན་བཞི། །སྲིད་པའི་གུར་ཆེན་ལྔ་ནི་ལྡིངས་སེ་ལྡིང་། །སྟོན་ཟླ་གསུམ་གྱི་ངོ་ཤེད་ལ། །ཁྲི་གདུགས་བརྡལ་བའི་ཤར་ཕྱོགས་ནས། །དར་དཀར་གུར་ཕུབ་ལྡིངས་སེ་ལྡིང་། །དེ་ཡི་སྒོ་ཁྱུད་གཡས་པ་ལ། །དྲི་ཟའི་ཁྲམ་ཐོགས་ཡེ་རེ་རེ། །དེ་ཡི་སྒོ་ཁྱུད་གཡོན་པ་ལ། །སྨྲ་བོ་ལག་རིངས་རྒྱངས་སེ་རྒྱང་། །བཞི་ཟུར་མ་གཅིག་ལྡེམས་སེ་ལྡེམ། །ཞབས་བརྒྱད་མ་གཅིག་ཁྲིགས་སེ་ཁྲིག །ཤར་གྱི་གུར་བདག་སྒོ་ཕྱེས་ཤིག །དགུན་ཟླ་གསུམ་གྱི་ངོ་ཤེད་ལ། །ཁྲི་གདུགས་བརྡལ་བའི་ལྷོ་ཕྱོགས་ནས། །མཐིང་གི་གུར་ཕུབ་ལྡིངས་སེ་ལྡིང་། །དེ་ཡི་སྒོ་ཁྱུད་གཡས་པ་ལ། །གཤིན་རྗེའི་ཁྲམ་ཐོགས་ཡེ་རེ་རེ། །དེ་ཡི་སྒོ་ཁྱུད་གཡོན་པ་ལ། །སྨྲ་བོ་ལག་རིངས་རྒྱངས་སེ་རྒྱང་། །བཞི་ཟུར་མ་གཅིག་ལྡེམས་སེ་ལྡེམ། །ཞབས་བརྒྱད་མ་གཅིག་ཁྲིགས་སེ་ཁྲིག །ལྷོ་ཡི་གུར་བདག་སྒོ་ཕྱེས་ཤིག །དཔྱིད་ཟླ་གསུམ་གྱི་ངོ་ཤེད་ལ། །ཁྲི་གདུགས་བརྡལ་བའི་ནུབ་ཕྱོགས་ནས། །བྱི་རུའི་གུར་ཕུབ་ལྡིངས་སེ་ལྡིང་། །དེ་ཡི་སྒོ་


DNG023_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱུད་གཡས་པ་ལ། །ཀླུ་བདུད་ཁྲམ་ཐོགས་ཡེ་རེ་རེ། །དེ་ཡི་སྒོ་ཁྱུད་གཡོན་པ་ལ། །སྨྲ་བོ་ལག་རིངས་རྒྱངས་སེ་རྒྱང་། །བཞི་ཟུར་མ་གཅིག་ལྡེམས་སེ་ལྡེམ། །ཞབས་བརྒྱད་མ་གཅིག་ཁྲིགས་སེ་ཁྲིག །ནུབ་ཀྱི་གུར་བདག་སྒོ་ཕྱེས་ཤིག །དབྱར་ཟླ་གསུམ་གྱི་ངོ་ཤེད་ལ། །ཁྲི་གདུགས་བརྡལ་བའི་བྱང་ཕྱོགས་ནས། །གསེར་གྱི་གུར་ཕུབ་ལྡིངས་སེ་ལྡིང་། །དེ་ཡི་སྒོ་ཁྱུད་གཡས་པ་ལ། །གནོད་སྦྱིན་ཁྲམ་ཐོགས་ཡེ་རེ་རེ། །དེ་ཡི་སྒོ་ཁྱུད་གཡོན་པ་ལ། །སྨྲ་བོ་ལག་རིངས་རྒྱངས་སེ་རྒྱང་། །བཞི་ཟུར་མ་གཅིག་ལྡེམས་སེ་ལྡེམ། །ཞབས་བརྒྱད་མ་གཅིག་ཁྲིགས་སེ་ཁྲིག །བྱང་གི་གུར་བདག་སྒོ་ཕྱེས་ཤིག །གླིང་བཞི་མི་ལ་སྨན་སླད་དུ། །གླུད་ཀྱི་བྱེ་བྲག་ཇི་ལྟར་ལགས། །ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །ལུས་ངག་ཡིད་གསུམ་དག་བྱའི་ཕྱིར། །འབྲུ་སྣ་གསུམ་ལ་རྟེན་བཅས་ཏེ། །ཕུང་པོ་ལྔ་པོ་དག་བྱའི་ཕྱིར། །སྙིང་པོ་ལྔ་ཡིས་དོན་མཚོན་ནས། །ཉོན་མོངས་ལྔ་པོ་དག་བྱའི་ཕྱིར། །རིན་ཆེན་ལྔ་ཡི་ཟེར་སྤྲོས་ཏེ། །དབང་པོ་ལྔ་པོ་གསལ་བྱའི་ཕྱིར། །སྤོས་ཆེན་ལྔ་ཡི་དྲི་ཡིས་བརྒྱན། །རྒྱལ་པོ་ཆེན་པོའི་གཟུགས་གཅིག་ལ། །འགྲོན་བུའི་སོ་ལ་བྱུ་རུའི་ལྕ། །ཞོ་ཤའི་སྙིང་ལ་ལོང་ཏང་མིག །མུ་ཏིག་ཀླད་ལ་ཟེར་མོའི་སྐྲ། །ཐབས་ཆེན་ལྕགས་ལ་ཤེས་རབ་ཟངས། །ཡན་ལག་བཞི་ལ་བ་དན་བཞི། །རྣམ་ཤེས་བརྒྱད་ལ་མར་མེ་བརྒྱད། །གཡས་པ་རིན་ཆེན་གསེར་དང་དངུལ། །གཡོན་པ་བྱུ་རུ་མཚལ་དང་སྤོས། །འབྲས་སྲང་ཕྱེད་ལ་མ་ཏྲང་གཟུགས། །གཡས་སུ་ཟླ་བའི་འཁོར་ལོ་ལ། །གཡོན་དུ་ཉི་མའི་འཁོར་ལོ་བྲི། །ཕྱྭ་དང་དམུ་རྗེ་བཙན་པོ་དང་། །གནམ་ཁྱི་དཀར་པོ་ལྡེམ་པ་དང་། །བདུད་ལ་རེ་སྡེ་འགོང་ཡག་དང་། །བཙན་ལ་བཙན་རྗེ་ཡག་པ་དང་། །བཙན་ལ་སྐྱེས་བུའི་ལུང་བཙན་དང་། །ཆུ་སྲིན་རྒྱལ་པོ་ཀུ་བེ་ར། །ཤ་ནང་བྱད་སྤྲིན་དམར་པོ་དང་། །ལྷ་ལ་ཨཱརྱ་ཛམ་བྷ་ལ། །དྲི་ཟ་ཟུར་ཕུད་ལྔ་པ་དང་། །


DNG023_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་ཆེན་པོ་སྡེ་བཞི་དང་། །ས་ཡི་ལྷ་མོ་བརྟན་མ་དང་། །ཉི་པ་སད་ཀྱི་འཁོར་ཚོགས་དང་། །སྣང་སྲིད་མ་མོ་འཁྲུག་པ་ལ། །མཐུན་པའི་རྫས་ཆེན་འདི་འབུལ་ན། །འབྲུ་སྣ་ལྔ་ལ་མ་ཏྲང་གཟུགས། །མགྲོན་བུའི་སོ་ལ་སོགས་པ་ཡི། །ལོངས་སྤྱོད་འཕན་བཟང་བཅུ་གསུམ་པོ། །སྲིད་པའི་བགེགས་ཆེན་བཅུ་གསུམ་གྱིས། །ལྷུ་གསུམ་དེ་ནི་བཅུ་གསུམ་དང་། །མགོ་དང་བཅུ་གསུམ་གླུད་དུ་འབུལ། །སྲིད་པ་མཚོ་བཞི་ལས། སྐོས་བྱང་ཆེན་མོའི་ལེའུ་སྟེ་བཅུ་གཅིག་པའོ།། །།ཕྲ་མེན་རྒྱ་མཚོས་ཡང་གསོལ་པ། །དབང་ཆེན་རྒྱ་མཚོ་ཇི་ལྟར་ལགས། །ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །རྫོགས་པའི་ཐིག་ལེ་ཆེན་པོ་དང་། །རྩ་བ་སྔགས་ཀྱི་སྙིང་པོ་བཤད། །འབྲུ་གསུམ་གསེར་གྱི་སྒྲོམ་བུ་ནི། །ཤེལ་ལྟར་དག་པའི་ཐིག་ལེ་ཅན། །ཨཱོཾ་ནི་ཡེ་ཤེས་རྫོགས་པའི་སྐུ། །ཨཱཿནི་སྣ་ཚོགས་སྤྲོས་པའི་གསུང་། །མཐིང་ནག་ཧཱུཾ་ནི་ཐུགས་ཀྱི་སྟེ། །གཅིག་ཏུ་གྱུར་པའི་རིན་པོ་ཆེ། །སྐྱེ་ཤི་མེད་པར་སྡུག་བསྔལ་སྤངས། །འདུ་འབྲལ་མེད་པ་ཕྱག་རྒྱའི་མཆོག །དུས་གསུམ་ཐིག་ལེ་གཅིག་ཏུ་འདུས། །ཐིག་ལེ་རྣམ་གསུམ་གཅིག་གི་ངང་། །ཀུན་འདུས་བྱང་ཆུབ་སེམས་ཆེན་པོ། །རྟག་ཆེན་གཡུང་དྲུང་རྒྱལ་བའི་སྐུ། །གནས་སུ་བགྲོད་པས་ཐབས་མཆོག་སྟེ། །གཞན་ནས་འོང་བ་མ་ཡིན་ཏེ། །བསྒོམ་པས་རང་གི་སེམས་ལས་འབྱུང་། །རྣམ་ཤེས་ཧཱུཾ་ནི་རྟག་པ་སྟེ། །སྐུར་གྱུར་ཡེ་ཤེས་སེམས་དཔའ་ལ། །བདེ་ཆེན་འོད་ཟེར་འཕྲོས་པས་བརྗིད། །རྡོ་རྗེ་སྔོན་པོ་རྩེ་ལྔ་པ། །ཡབ་ཡུམ་གཉིས་སུ་མེད་པའི་ངང་། །ལེ་བརྒན་ཧཱུཾ་གི་སྦྱོར་བའི་དབྱིངས། །ཀུན་ཏུ་བཟང་མོ་བདེ་བའི་མཁའ། །སངས་རྒྱས་སེམས་ཅན་གཉིས་ཀའི་ཡུམ། །རྡོ་རྗེ་སེམས་དཔའ་སངས་རྒྱས་གཙོ། །འབྲས་བུ་གྱུར་པ་བདེ་བའི་མཆོག །ཧཱུཾ། ཀུན་གཞི་བདེ་ཆེན་སྙིང་པོ་ལ། །སྐུ་གྱུར་ཀུན་ཏུ་བཟང་པོ་སྟེ། །བདེ་ཆེན་འོད་ཟེར་འཕྲོས་པས་བརྗིད། །ཧེ་རུ་


DNG023_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་ནི་ཟ་བྱེད་པའོ། །གོ་རོ་ཙ་ན་འོག་མིན་གནས། །མ་ཆགས་པདྨ་བདེ་བའི་མཁར། །རྡོ་རྗེ་རྐྱང་པས་སྤྱོད་པའི་ལམ། །རྡོ་རྗེ་རྒྱ་གྲམ་གྲུབ་པའི་ས། །ཨ་དཀར་སྐྱེ་འགག་མེད་པའི་དབྱིངས། །སྐྱོན་བྲལ་ཟླ་བའི་གདན་ལ་བཞུགས། །སྒྲོལ་མ་རླུང་གིས་བཏེགས་ནས་སུ། །འོག་མིན་གནས་མཆོག་ཁྱད་པར་དུ། །ཀུན་ཏུ་བཟང་མོའི་སྐུར་བསྟན་པས། །འགྲོ་བ་ཀུན་གྱི་དཔལ་དུ་ཆེ། །དྭངས་མ་ཆེན་པོའི་ཡེ་ཤེས་ཏེ། །ཡེ་ཤེས་ཆེན་པོ་ཉིད་ཀྱི་གནས། །གསེར་གྱི་ཉི་མ་འོད་ཀྱི་གཙོ། །འོད་ཀྱི་ཐིག་ལེ་ཉི་མའི་གདན། །བཅུད་ཀྱི་གཙོ་བོ་ཉིད་ཀྱི་བདག །རྣམ་ཤེས་གཙོ་བོ་བྱང་ཆུབ་སེམས། །སྐྱོན་བྲལ་ཉིད་ཀྱི་ཕྱག་རྒྱ་ཆེ། །སྐུ་གྱུར་མངོན་རྫོགས་རྒྱལ་པོ་ལ། །ཁམས་གསུམ་ཐམས་ཅད་སྐུ་ཡི་དབྱིག །སྐུ་ལས་ཡེ་ཤེས་འོད་འཕྲོས་པས། །གསུང་ལྔ་མི་བཟད་མཛོད་དུ་གསལ། །ཐུགས་ལ་ཡེ་ཤེས་རྒྱ་ཡིས་བཏབ། །རྩ་བརྒྱད་རྩ་བྲན་སྟོང་བཤད་ཅིང་། །ཐམས་ཅད་དབང་གི་རང་བཞིན་ཏེ། །བདུད་རྩི་ལྔ་རུ་རང་གནས་ཀྱང་། །སྟོང་གི་འཇིག་རྟེན་ཐམས་ཅད་ན། །རྟོགས་པའི་མཐུ་དང་གྲུབ་པའི་མཐུ། །རྩལ་དང་ལྡན་པ་བསམ་ཡས་ཀྱང་། །འགྲན་ཟླ་མེད་པའི་གཅིག་པུ་ཉིད། །ཁམས་གསུམ་བྱ་བའི་ངང་ཉིད་ན། །ཕྱི་དང་ནང་དང་གསང་བ་ཡི། །ནོར་བུ་རིན་ཆེན་འབར་བ་བཞིན། །ཀུན་གྱི་རེ་སྐོང་གཅིག་པུ་ཉིད། །བྱང་ཆུབ་སེམས་ཀྱི་ངང་ཉིད་ནི། །སྐྱོན་དང་བྲལ་བས་དག་པ་ཉིད། །ཐབས་དང་ཤེས་རབ་ངང་ཉིད་ནི། །བསྒྲུབ་པའི་ལམ་དུ་མིང་བཏགས་ཀྱང་། །ཅི་ལ་མི་བརྟེན་བསྒྲུབ་དང་བྲལ། །ཁམས་གསུམ་ཧེ་ཡི་ངང་ཉིད་དེ། །ཡང་དག་ཧེ་ནི་གཅིག་པུ་ཉིད། །དགྱེས་པ་ཆེན་པོས་སྟོབ་པར་བཤད། །སྲིད་གསུམ་ཁྲག་གི་རང་བཞིན་ཏེ། །ཆགས་པ་དབང་ཆེན་གཅིག་པུ་ཉིད། །འཐུང་ཞིང་བསྡུས་པའི་སྒྲ་རུ་བརྗོད། །སྣོད་བཅུད་ཁ་ཡི་རང་བཞིན་ཏེ། །མཚན་མའི་རྟོག་པ་མ་ལུས་ཀུན། །ཟ་ཡིན་སྟོང་པ་ཉིད་དུ་བཤད། །ཐེག་པའི་


DNG023_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

བྱེ་བྲག་བསམ་ཡས་ཀུན། །གནས་དང་གནས་ཀྱི་ཁྱད་པར་རྣམས། །ས་ཡི་ཁྱད་པར་བཅུ་དང་གསུམ། །རྒྱུ་འབྲས་ཁྱད་པར་ལྷུན་གྱིས་གྲུབ། །བླ་མེད་ཡེ་ཤེས་མཆོག་གི་ས། །དབང་ཕྱུག་ལས་ཀྱི་རྒྱ་མཚོ་ལས། ཐིག་ལེའི་ལེའུ་སྟེ་བཅུ་གཉིས་པའོ།། །།རྩ་བའི་སྙིང་པོ་འདི་ལྟ་སྟེ། བླ་མེད་ཁྲག་འཐུང་སྐུ་ཡི་སྙིང་པོར་གསལ། །ཨཱོཾ་ལ་འགྲོ་བ་ལྔ་ཡི་སྙིང་པོར་རྫོགས། །དེ་ལ་སྤྱི་དཔལ་བཅུ་དང་ལྡན། །ཨཱོཾ་ཨཱོཾ་ཨཱོཾ་ཨཱོཾ་ཨཱོཾ་ཨཱོཾ་ཨཱོཾ་ཨཱོཾ་ཨཱོཾ་ཨཱོཾ། ཕཊ་ཕཊ་ཕཊ་ཕཊ། ཨཱཾ་ཨཱཾ་ལ་དྭངས་མ་ལྔ་པོ་རྫོགས། །བདེར་གཤེགས་གསུང་གི་སྙིང་པོར་ཤར། །དེ་ལ་གདེང་ཆེན་བཅུ་ཡི་དབྱིངས། །ཨཱཾ་ཨཱཾ་ཨཱཾ་ཨཱཾ་ཨཱཾ་ཨཱཾ་ཨཱཾ་ཨཱཾ་ཨཱཾ་ཨཱཾ། ཕཊ་ཕཊ་ཕཊ་ཕཊ། ཁྲག་འཐུང་ཐུགས་ཀྱི་སྙིང་པོ་ལ། ཧཱུཾ་ཧཱུཾ་ལས་ཡེ་ཤེས་ལྔ་ཚན་ལྔ། །དེ་ལ་གསང་ཆེན་བཅུ་དང་ལྡན། །ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ་ཕཊ། སྭཱ་སྭཱ་ལ་འབྱུང་བ་ལྔ་པོ་ཚང་། །ཁྲག་འཐུང་ཡོན་ཏན་སྙིང་པོ་སྟེ། །དེ་ལ་རྫོགས་ཆེན་བཅུ་དང་ལྡན། །སྭ་སྭ་སྭ་སྭ་སྭ་སྭ་སྭ་སྭ་སྭ་སྭ། ཕཊ་ཕཊ་ཕཊ་ཕཊ། དབང་ཕྱུག་ལས་ཀྱི་རྒྱ་མཚོ་ལས། རྩ་བ་སྔགས་ཀྱི་ལེའུ་སྟེ་བཅུ་གསུམ་པའོ།། །།ཕྲ་མེན་རྒྱ་མཚོས་ཡང་གསོལ་པ། །སྲིད་པའི་མ་མོ་ཐུགས་འཁྲུགས་པས། །ནད་དང་མཚོན་གྱི་ཆར་པ་དང་། །ལྟས་ངན་བྱད་ཀྱི་དགྲ་ཐབས་དང་། །དུས་མིན་འཆི་དང་མུ་གེ་དང་། །མེ་དང་རྒྱལ་པོའི་ཆད་པ་འབྱུང་། །དེ་ཡི་བསྐང་བཟློག་ཇི་ལྟར་ལགས། །ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །དེ་ཡི་བསྐང་ལུགས་བསྟན་པ་ནི། །སྲོག་གིས་བསྐང་བ་འདི་ལྟར་རོ། །ཧཱུཾ། སྐུ་རུ་བླ་མེད་ཁྲག་འཐུང་བརྗིད། །གཟུངས་མར་དཔལ་འབར་ཁྲོ་མོ་རྩེ། །སེམས་སུ་མཁའ་འགྲོ་རྣམ་ལྔ་གསལ། །རྒྱན་དུ་འོད་ཆེན་སྣ་ཚོགས་བརྗིད། །འཁོར་དུ་གསང་བའི་ཡུམ་བཞི་གདུང་། །ཡུལ་དང་ཐུགས་ཀྱི་དགྱེས་སྡེ་ཤར། །གནས་སུ་ཁྲོས་པའི་དབང་ཆེན་བཟང་། །


DNG023_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲི་རུ་ཆགས་བྱེད་ཆགས་སྙོམས་སྤགས། །གདེང་དུ་བུ་མོ་སྤུན་དྲུག་ཆེ། །མཆོད་པར་སྲིན་མོ་བདུན་པོ་བཟང་། །གཏེར་དུ་གར་གྱི་མཁའ་འགྲོ་སྦས། །མཁའ་ལ་བུ་མོ་སྤུན་གཉིས་འགྲོ། །ཐུགས་རྗེ་ལས་ཀྱི་སྲིན་མོ་ཆེ། །དཔུང་རྣམས་དམག་གི་རྒྱལ་མོས་འཛེམས། །བཀའ་བཞིན་ལས་ཀྱི་དབང་ཕྱུག་མཛད། །ཡུམ་ཆེན་ཐུགས་ཀྱི་ཆོ་འཕྲུལ་ལས། །འབྱུང་བ་ལྔ་ཡི་ཆོ་འཕྲུལ་འབྱུང་། །འབྱུང་བ་ས་ཡི་ངོ་བོ་ལ། །རྣམ་སྣང་གསལ་གྱི་ངོ་བོར་གསལ། །ཤེལ་དཀར་དགུ་བརྩེགས་འབར་བའི་ནང་ཤེད་ནས། །རྣམ་པར་སྣང་མཛད་སྐུ་ནི་ཕྱེད་ནུབ་ཙམ། །མེ་ལོང་ལྟ་བུའི་ཡེ་ཤེས་རང་བཞིན་ཤར། །འབྱུང་བ་རླུང་གི་རང་བཞིན་ལས། །ཡང་གསལ་གཡོས་ཀྱི་ངོ་བོར་སྤྲུལ། །རྒྱ་གྲམ་དགུ་བརྩེགས་འབར་བའི་ནང་ནས་ནི། །དོན་ཡོད་གྲུབ་པའི་སྐུ་ནི་ཕྱེད་ནུབ་ཙམ། །བྱ་བ་ནན་ཏན་ཡེ་ཤེས་རང་བཞིན་ཤར། །འབྱུང་བ་ཆུ་ཡི་རང་བཞིན་ལས། །གཉེན་གསལ་འབར་གྱི་ངོ་བོར་སྤྲུལ། །བྱུ་རུ་དགུ་བརྩེགས་འབར་བའི་ནང་ཤེད་ནས། །འོད་དཔག་མེད་པའི་སྐུ་ནི་ཕྱེད་ནུབ་ཙམ། །སོ་སོར་རྟོགས་པའི་ཡེ་ཤེས་རང་བཞིན་ཤར། །འབྱུང་བ་མེ་ཡི་རང་བཞིན་ལས། །འོད་གསལ་འབར་བའི་ངོ་བོར་སྤྲུལ། །མུ་མེན་དགུ་བརྩེགས་འབར་བའི་ནང་ནས་ནི། །རིན་ཆེན་འབྱུང་ལྡན་སྐུ་ནི་ཕྱེད་ནུབ་ཙམ། །མཉམ་པ་ཉིད་ཀྱི་ཡེ་ཤེས་རང་བཞིན་ཤར། །འབྱུང་བ་ནམ་མཁའི་རང་བཞིན་ལས། །བཀྲག་གསལ་གཉེན་གྱི་ངོ་བོར་སྤྲུལ། །རྡོ་རྗེ་དགུ་བརྩེགས་འབར་བའི་ནང་ནས་ནི། །མི་བསྐྱོད་པ་ཡི་སྐུ་ནི་ཕྱེད་ནུབ་ཙམ། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རང་བཞིན་ཤར། །སྲོག་ཆགས་བཀྲག་དང་མདངས་ཉམས་ན། །བསྐང་བའི་ཆོ་ག་འདི་ལྟར་ལགས། །ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །ཧཱུཾ། ནག་མོ་གཡུ་ཡི་ཁ་རན་ཅན། །མཁའ་ཀློང་ཡུམ་གྱི་རྫས་སུ་འབུལ། །ཚོན་ལྔས་མཛེས་པའི་རྒྱ་རན་ལ། །མདངས་ལྡན་དར་གྱིས་བརྒྱན་པ་ནི། །


DNG023_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་མོ་ལྔ་ཡི་ཐུགས་དམ་བསྐང་། །ནམ་མཁའ་ཤེལ་མིག་བཅུ་བཞི་ལ། །ཚོན་ལྔ་གཞན་གྱིས་སྤྲས་པ་ནི། །ཕྲ་མེན་རྒྱ་མཚོ་ལ་སོགས་ཏེ། །རྗེ་མོ་བཅུ་བཞིའི་རྫས་སུ་འབུལ། །ནག་མོ་རྒྱ་རན་གཡུ་ཆག་ཅན། །སྲིད་པ་ཆགས་བྱེད་རྫས་སུ་འབུལ། །སེར་མོ་དར་དཀར་ཁ་ཆག་ཅན། །ཆ་སྙོམས་མ་ཡི་རྫས་སུ་འབུལ། །དཀར་མོ་གསེར་གྱི་མཐའ་ཆག་ཅན། །ཨེ་ཀ་ཙ་ཏིའི་རྫས་སུ་འབུལ། །སྔོན་མོ་དུང་གི་མཐའ་ཆག་ཅན། །ནམ་མཁའ་རྒྱལ་མོའི་རྫས་སུ་འབུལ། །ལྗང་མོ་སྣ་ཚོགས་མིག་མངས་རིས། །གླིང་བཞི་སྤྱི་ཕུད་རྫས་སུ་འབུལ། །གསེར་མིག་སྣ་ཚོགས་མཐའ་ཆག་ཅན། །དམག་དཔོན་རྒྱལ་མོའི་རྫས་སུ་འབུལ། །གཡུ་མིག་ཚོན་ལྔ་གཞན་གྱིས་སྤྲས། །གྲུ་འདེགས་ཆེན་མོའི་རྫས་སུ་འབུལ། །དམར་མོ་ཁྲག་གི་ཕོ་མཐིང་ཅན། །སྲིན་མོ་ཆེན་མོའི་རྫས་སུ་འབུལ། །ནག་མོ་གཡུ་ཡི་ཕོ་མཐིང་ཅན། །ས་བདག་ཆེན་མོའི་རྫས་སུ་འབུལ། །སྔོན་མོ་གཡུ་ཡི་གཞའ་ཚོན་རིས། །རྡོ་རྗེ་གར་དབང་རྫས་སུ་འབུལ། །ཤེལ་མི་གསེར་གྱི་ཕོ་མཐིང་ཅན། །སྲིན་མོ་བཞི་ཡི་རྫས་སུ་འབུལ། །དཀར་མོ་བདུན་དང་སེར་མོ་བདུན། །དམར་མོ་བདུན་དང་ལྗང་མོ་བདུན། །ཉི་ཤུ་རྩ་བརྒྱད་རྫས་སུ་འབུལ། །གཡུ་མིག་དུང་གི་ཆ་ག་ཅན། །བརྟན་མ་བཅུ་གཉིས་རྫས་སུ་འབུལ། །ཧཱུཾ། རི་རབ་གཡུ་ཡི་ཟོམ་རྩེ་ལ། །གསང་བའི་ཡུམ་གཅིག་མཁའ་འགྲོ་མ། །རྣམ་པར་རྟོག་བྲལ་ཀུན་བཟང་མོ། །སྐྱེ་མེད་མ་མོ་ཀུན་ཏུ་བཟང་། །སྐུ་མེད་མ་མོ་རྟོག་བྲལ་སྐུ། །སྐྱེ་མེད་ཀུན་ཏུ་བཟང་མོ་ལ། །བྱ་ཆེན་ཁྱུང་གི་གཟུགས་པོ་ཆེ། །དུག་ལྔ་རགས་པས་གཟུགས་པོ་ཆེ། །ཁྱུང་གི་གཟུགས་ཀྱིས་ཐུགས་དམ་བསྐང་། །ཁྱུང་གི་སྒོ་ང་གཡུ་སྒོང་འབར། །སྲོག་མེད་གཟུགས་ཀྱིས་ཐུགས་དམ་བསྐང་། །ཁྱུང་གི་གཤོག་འདབ་དཀར་ལ་འཚེར། །ཁྱུང་གི་མདངས་ཀྱིས་ཐུགས་དམ་བསྐང་། །


DNG023_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བའི་མཁའ་ཀློང་ཡུམ་གྱི་བྷ་ག་ལས། །སེམས་ཅན་ལས་ཀྱི་སྐུ་ནི་མཚོན་པ་སྟེ། །སེམས་ཀྱི་རང་བཞིན་འོད་གསལ་མ། །སྐྱོན་གྱིས་མ་བསྒྲིབས་འོད་གསལ་མ། །གླང་ཆེན་གཟུགས་ཀྱིས་ཐུགས་དམ་བསྐང་། །གཏི་མུག་རགས་པའི་གཟུགས་པོ་ཆེ། །ཨེ་ན་ཡ་ནི་གཟུགས་ཀྱིས་བཟློག །གིའུ་ཝཾ་བདུད་རྩི་སྨན་གྱི་མཆོག །སྟོབས་བཅུ་གླང་ཆེན་ཐུགས་དམ་བསྐང་། །ཐམས་ཅད་སྙོམས་མཛད་ཀུན་གྱི་ཡུམ། །གསང་བའི་གནས་ནས་ཕྲག་དོག་འཇོམས། །ཡེ་ཤེས་དོན་གསལ་ལྷུན་གྱིས་གྲུབ། །ཐོགས་མེད་ཁྱུང་གིས་ཐུགས་དམ་བསྐང་། །ཕྲག་དོག་རླུང་ནི་མཁའ་ལ་འཕྱོ། །ཤེས་རབ་མཐར་ཕྱིན་ཁྱུང་ཆེན་གཟུགས། །ཁྱུང་གི་དབུགས་ཀྱང་གཟུགས་ཀྱིས་ཐུགས་དམ་བསྐང་། །ཧཱུཾ། ཐམས་ཅད་སྦྱོར་མཛད་ཡུམ་མཆོག་སྐུ། །སྦྱོར་བ་མཐར་ཕྱིན་དབྱིངས་སུ་གསལ། །མཁའ་ལ་རླུང་ཆེན་ཕོ་བྲང་ནས། །ཐུགས་རྗེས་འབྱུང་བའི་སྐུར་བཞེངས་ཤིག །མདངས་ལྡན་ཕུད་ཀས་ཐུགས་དམ་བསྐང་། །འདོད་ཆགས་གཟུགས་ནི་འོད་འབར་སྐུ། །ཆགས་པའི་འབྲས་བུར་མདངས་སུ་ཤར། །ཆགས་པའི་ནད་ཀྱིས་ཟིན་པ་ལ། །རྨ་བྱ་མདོངས་ལྡན་ཁྲག་གིས་བསྐང་། །སྐྱེ་མེད་མོ་ནི་ལྷུན་རྫོགས་སྐུ། །ཤེས་རབ་གསལ་བའི་རང་བཞིན་གསུང་། །ཐབས་ལ་མཁས་པའི་ཡེ་ཤེས་ཐུགས། །གང་གིས་མི་བསྐྱོད་གསལ་བའི་སྤྱན། །རྫུ་འཕྲུལ་མདངས་ལྡན་དྲོད་ཀྱིས་བསྐང་། །ང་རྒྱལ་རགས་པའི་རྫུ་འཕྲུལ་གཟུགས། །དར་དུ་དྲག་ཅིང་མདངས་སུ་ཆེ། །འདི་ཡི་དྲོད་ཀྱིས་ཐུགས་དམ་བསྐང་། །མཁའ་ལ་གླང་ཆེན་ཕོ་བྲང་ནས། །ཀུན་དུ་བྱང་ཆུབ་སེམས་ཆེན་པོ། །རྟོག་བྲལ་ནམ་མཁའི་མདངས་ཅན་མ། །སྐྱེ་འགག་མེད་པའི་མདངས་ཀྱི་བདག །ཞེ་སྡང་རགས་པའི་གཟུགས་ཀྱིས་བསྐང་། །རྩལ་གསུམ་ཁྱོན་དུ་རྫོགས་པ་ཡི། །སྟོབས་ཀྱིས་གཅན་གཟན་ཟིལ་གྱིས་གནོན། །འདི་ཡི་སེམས་ཀྱིས་ཐུགས་དམ་བསྐང་། །རི་རབ་གཡུ་ཡི་བུམ་རྩེ་ལ། །རིན་


DNG023_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་གཡུ་མིག་གསེར་གྱིས་སྤྲས། །ལེ་བརྒན་འབར་བའི་གདུགས་ཀྱིས་བཀབ། །ཕྲ་མེན་སྐྱོགས་ལྔའི་མདངས་ཀྱིས་མཛེས། །རིགས་དང་མཐུན་པའི་རུ་མཚོན་ལྔ། །ཕྱོགས་བཞི་དབུས་དང་ལྔ་ལའོ། །མདངས་དང་བཀྲག་གིས་ཐུགས་དམ་བསྐང་། །གཅན་གཟན་རྒྱལ་པོ་དྲུག་པོ་ལ། །དཀར་ལ་མཛེས་པའི་རྒྱན་གྱིས་བརྒྱན། །མཁའ་དྲུག་རྒྱལ་མོའི་ཐུགས་དམ་བསྐང་། །ཧཱུཾ། ལྷུན་གྱིས་གྲུབ་པའི་བདག་ཉིད་ཅན། །ཐིག་ལེ་འོད་ཀྱི་ཀློང་དཀྱིལ་ནས། །དཔལ་འབར་ཉག་གཅིག་སེམས་མའི་སྐུ། །ཐུགས་རྗེ་སྣ་ཚོགས་དབྱིངས་ནས་འཆར། །གཞོགས་ཕྱེད་ན་ཞིང་དབུགས་མི་བདེ། །རྨ་བྱའི་བུ་མོ་ཧ་ལོ་མགྲིན། །སྐྱིན་དཀར་གཡང་ཞུས་ཐུགས་དམ་བསྐང་། །ཇི་ལྟར་སྣང་བའི་བདག་ཉིད་སྐུ། །ཉི་མ་འབུམ་གྱི་འོད་ཟེར་ཅན། །ཀུན་ལ་ཁྱབ་གདལ་འོད་གསལ་ཅན། །མ་སྐྱེས་དབྱིངས་ནས་ཕྱག་རྒྱར་གསལ། །ཧ་ཕྲེང་འབར་བའི་གཟུ་ཐོག་ལྕམ། །ཐང་དཀར་གཡང་ཞུས་ཐུགས་དམ་བསྐང་། །སྐྲང་འབུར་ནད་རྣམས་ཞི་བར་མཛོད། །ཧཱུཾ། སྐྱེ་འགྲོ་མ་ལུས་གསོ་མཛད་མ། །འགྲོ་བ་གསལ་བའི་མིག་གཅིག་མ། །བྷ་ག་གསལ་བའི་ལྷུན་རྫོགས་མ། །དུག་གསུམ་གསོལ་མཛད་ཁྱབ་པ་མོ། །རི་སྐེགས་མདངས་ཀྱིས་ཐུགས་དམ་བསྐང་། །ཧཱུཾ། མཚན་མའི་རྣམ་རྟོག་ལྷུན་རྫོགས་སྐུ། །ལྟ་བ་འགྱུར་མེད་བྱང་ཆུབ་སེམས། །སྤྱོད་པ་སྤྲོས་མེད་སྤྲོས་དང་བྲལ། །མ་བྱུང་མ་སྐྱེས་དབྱིངས་ནས་གསལ། །ཤང་ཤང་མདངས་ཀྱིས་ཐུགས་དམ་བསྐང་། །རྣམ་རྟོག་སྤྲོས་བྲལ་མཚན་མེད་སྐུ། །སྟོང་པ་འགྱུར་མེད་ཀུན་ལ་ཁྱབ། །ཁྱབ་གདལ་ཆེན་པོ་སྦས་པའི་སྐུ། །ཡེ་ཤེས་ཐུགས་ཡང་སྦས་པའི་སེམས། །གསུང་སྙན་ནེ་ཙོས་ཐུགས་དམ་བསྐང་། །ཧཱུཾ།དབྱིངས་ཀྱི་མ་མོ་སྐྱེ་མེད་མ། །རྣལ་འབྱོར་རིག་པའི་ཐུགས་མཚན་མ། །དམ་ཚིག་ཉམས་པའི་རྗེས་གཅོད་མ། །ཁུ་བྱུག་མདངས་ཀྱིས་ཐུགས་དམ་བསྐང་། །ཞེ་སྡང་རྣམ་དག་ཁྲོས་


DNG023_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྐུ། །གཙོ་མོ་ཆེན་མོ་དབྱིངས་ནས་གསལ། །ཅི་ལ་ཐོགས་མེད་སྤྱོད་པ་མོ། །ཀུན་གཞི་དབྱིངས་ནས་དབྱིངས་སུ་སྦྱོར། །མཁའ་ལྡིང་མདངས་ཀྱིས་ཐུགས་དམ་བསྐང་། །ཇི་ལྟར་ཐོགས་མེད་ལྷུན་རྫོགས་སྐུ། །ང་ཕྲག་དོག་ཡང་རྒྱལ་ཁྲོས་པའི་ཐུགས་མཆོག་མ། །སྐྱོན་བྲལ་རྣམ་རྟོག་སྤྲོས་མེད་མ། །སེམས་ཉིད་མི་འགྱུར་ཆོས་ཀྱི་དབྱིངས། །གསེར་མིག་མདངས་ཀྱིས་ཐུགས་དམ་བསྐང་། །དབྱིངས་ནས་སྐུ་འཁྲུངས་གསང་བའི་ཡུམ། །བརྩོན་འགྲུས་ལྷུན་གྲུབ་མཐར་ཕྱིན་མ། །རང་བཞིན་འོད་གསལ་སེམས་མའི་མཆོག །སྣང་བ་ཐམས་ཅད་ཆོས་ཀྱི་དབྱིངས། །གླང་པོའི་མདངས་ཀྱིས་ཐུགས་དམ་བསྐང་། །གསང་བའི་བྷ་གའི་མཁའ་དབྱིངས་ནས། །མཚན་མེད་མི་འགྱུར་ནམ་མཁའི་སྐུ། །སྐྱོན་གྱིས་མ་བསྒྲིབས་དག་པའི་གསུང་། །ཐབས་དང་ཤེས་རབ་གཉིས་མེད་ཐུགས། །སྣར་སྣང་བ་དཀར་དམར་བྱུང་མོ་རྐང་མར་མདངས་ཀྱིས་བསྐང་། །གླང་ཐབས་ནད་རྣམས་ཞི་བར་མཛོད། །ཧཱུཾ། གསང་བའི་དབྱིངས་ལས་གཏེར་འཆང་མ། །གཟའ་སྐར་རྫོགས་པའི་རྒྱན་མངའ་ཞིང་། །རང་བཞིན་ལྷུན་གྱིས་གྲུབ་པའི་སྐུ། །གཏིང་དཔག་མེད་པའི་དབྱིངས་ནས་ཤར། །ནམ་མཁའ་ཧན་གྱི་ཐུགས་དམ་བསྐང་། །སྲིད་པའི་དབང་བསྒྱུར་མཐུ་མོ་ཆེ། །ཤིན་ཏུ་རྙེད་དཀའ་གསང་བའི་ཡུམ། །རང་བཞིན་འོད་གསལ་ཀློང་དུ་འཁྱིལ། །རྒྱལ་བའི་སྐུ་དང་ཡེ་ནས་མཉམ། །གཤོག་སྡེར་ལྟོ་འགྲོའི་མདངས་ཀྱིས་བསྐང་། །རྣམ་གྲོལ་མ་རིག་མུན་པ་སེལ། །ཡེ་ཤེས་ལྔ་ལྡན་གསལ་བའི་ཐུགས། །མཁའ་ལྟར་ཡངས་པའི་ཐུགས་མངའ་མ། །སྦེད་བྱེད་མདངས་ཀྱིས་ཐུགས་དམ་བསྐང་། །གསང་བའི་འོད་འབར་བཀྲག་ཆེན་ལྡན། །སུས་ཀྱང་མ་རྟོགས་གསང་བའི་ཡུམ། །སྐྱེ་མེད་དབྱིངས་ནས་ཤར་བའི་སྐུ། །སེམས་ཅན་ལས་ཀྱི་མདངས་འཕྲོག་མ། །དེ་བ་ཧི་ཏའི་མདངས་ཀྱིས་བསྐང་། །མདོངས་པའི་ནད་རྣམས་ཞི་བར་མཛད། །ཡེ་ཤེས་རྗེ་མོ་བཅུ་བཞི་ལ། །ཐུན་མོང་མཐུན་པའི་རྫས་ཀྱིས་


DNG023_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

བསྐང་། །གླང་ཆེན་སྟག་དང་གཟིག་ལ་སོགས། །ཀུ་ཀུ་ར་ཙའི་གཟུགས་སོགས་དང་། །བཅུ་བཞི་ཕྲག་བཞིས་ཐུགས་དམ་བསྐང་། །སྟག་མོ་དར་མའི་མཆེ་བ་ནི། །ཞེ་སྡང་ཟ་བྱེད་ཁ་འབར་མ། །ལྟག་པར་རྡོ་རྗེ་རྩེ་ལྔ་འབར། །གཞའ་ཚོན་འབར་བའི་རི་མོ་ཅན། །ཡེ་ཤེས་རྗེ་མོའི་ཐུགས་དམ་བསྐང་། །ཧཱུཾ། ཁམས་གསུམ་ཟ་བའི་མངའ་བདག་མོ། །ཚོགས་ཀྱི་གཙོ་མོ་འཇིགས་པའི་སྐུ། །གཡང་གཞི་རུ་མཚོན་ཕྱར་ནས་སུ། །ན་ཚེ་ཟ་བྱེད་ཆེན་མོ་ལ། །ངེས་མེད་ལྡེམ་བུའི་སྙིགས་མས་བསྐང་། །མཁལ་སྐེད་ནད་རྣམས་ཞི་བར་མཛོད། །ཐིག་ལེ་བཅུད་བསྡུས་དཀྱིལ་འཁོར་ནས། །གདོང་བརྒྱ་འཇིགས་པའི་ཆ་ལུགས་ལ། །སྟག་ལྤགས་གཡང་གཞིའི་ན་བཟའ་ཅན། །སྙོམས་བྱེད་ཆེན་མོ་འཇིགས་པའི་སྐུ། །གཟི་ཆེན་ལྡིར་བའི་སྙིགས་མས་བསྐང་། །ཕོ་མཆིན་ནད་རྣམས་ཞི་བར་མཛོད། །འཇིགས་པ་ཚངས་པའི་རྩེ་ལ་གནས། །སྤྲིན་དཀར་མཛེས་པའི་ན་བཟའ་ཅན། །བྷན་དྷ་སྟོང་སྐོར་གླད་ལ་སྡེབ། །རལ་གཅིག་མི་བཟད་འཇིགས་པའི་སྐུ། །བྱི་ཀྲ་ཏྲི་ཡི་སྙིགས་མས་བསྐང་། །སྐེ་མཇིང་ནད་རྣམས་ཞི་བར་མཛོད། །ཧཱུཾ། མེ་རི་གྲུ་གསུམ་འབར་བ་ནས། །སྲིད་པའི་དྲོད་ལ་ཉུལ་བྱེད་མ། །མུ་ཏིག་ཟར་བུ་གོས་སུ་གསོལ། །བདེ་བ་ཆེན་པོའི་གནས་ཉུལ་མ། །བེ་ཏ་ལི་ཀའི་སྙིགས་མས་བསྐང་། །ཆུ་སོའི་ནད་རྣམས་ཞི་བར་མཛོད། །ཟླ་གམ་རླུང་གི་དཀྱིལ་འཁོར་ནས། །ཉག་གཅིག་དཀར་མོ་མཛེས་མ་ལ། །གུར་གུམ་ལྕགས་ཡུ་གླད་ལ་བསྐོར། །དྭངས་མའི་གནས་རྣམས་ཉུལ་བྱེད་མ། །གོར་ར་ཧ་ཏའི་ཐུགས་དམ་བསྐང་། །ལྒང་བའི་ནད་རྣམས་ཞི་བར་མཛོད། །ཟླ་གམ་དབང་གི་དཀྱིལ་འཁོར་ནས། །དཀར་མོ་རལ་པ་འཁྱིལ་པ་མོ། །ཁ་ཊྭཱཾ་ཀ་ཡི་མཚོན་ཆ་ཐོགས། །ཤིན་ཏུ་འཇིགས་པའི་སྐུ་མངའ་མ། །ཀུ་ཀུ་ར་ཙའི་སྙིགས་མས་བསྐང་། །སྟོད་གཟེར་ནད་རྣམས་


DNG023_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་བར་མཛོད། །སོག་ཁ་གདེངས་པའི་དཀྱིལ་འཁོར་ནས། །ནག་མོ་མཆེ་བའི་དཔུང་རྒྱན་ཅན། །འཁོར་ལོ་འབར་བ་ལག་ན་ཐོགས། །ཤིན་ཏུ་འཇིགས་པའི་སྐུ་མངའ་མ། །མྱུར་བ་སྲིད་འགྲོའི་སྙིགས་མས་བསྐང་། །རྒྱུ་གཟེར་ནད་རྣམས་ཞི་བར་མཛོད། །རྒྱ་མཚོ་ཟླུམ་པོའི་དཀྱིལ་འཁོར་ནས། །དམར་མོ་ཁྲག་གི་ཕོ་མཐིང་ཅན། །རྒྱ་མཚོ་ཆེན་པོ་གླད་ལ་བསྐོར། །བཤན་པ་འབུམ་གྱི་དབུས་ནས་འགྱིངས། །བརྩོན་འགྲུས་ཝ་ཡི་སྙིགས་མས་བསྐང་། །མཛེ་ཤུའི་ནད་རྣམས་ཞི་བར་མཛོད། །ཧཱུཾ། རླུང་ནག་འཁྲུག་པའི་དཀྱིལ་འཁོར་ནས། །སེར་མོ་རླུང་གི་གོ་ཟུ་ཅན། །ཤིན་ཏུ་མི་བཟད་འཇིགས་པའི་སྐུ། །མི་ཀྲི་བྱ་ཀྲིའི་སྙིགས་མས་བསྐང་། །ལྷོག་ནད་སྐམ་པ་ཞི་བར་མཛོད། །ཧཱུཾ། ནམ་མཁའ་ཡངས་པའི་དཀྱིལ་འཁོར་ནས། །སྐུ་ནི་དཀར་མོ་མཛེས་པ་ལ། །ལག་ན་དར་དཀར་རུ་མཚོན་བསྣམས། །འཇོམས་བྱེད་ཆེན་མོ་ལས་ཀྱི་ཡུམ། །དགེ་བསྙེན་ཆས་སུ་ཞུགས་པས་བསྐང་། །དབྱལ་པའི་ནད་རྣམས་ཞི་བར་མཛོད། །མཐིང་ནག་འབར་བའི་དཀྱིལ་འཁོར་ནས། །ནག་མོ་ལྕགས་ཀྱི་རལ་པ་ཅན། །དར་ནག་རུ་མཚོན་ལག་ན་འཕྱར། །འཇོམས་བྱེད་ཆེན་མོ་ལས་ཀྱི་ཡུམ། །དགེ་བསྙེན་ཆས་སུ་ཞུགས་པས་བསྐང་། །དྲག་ཤུལ་གཟེར་ནད་ཞི་བར་མཛོད། །ལེ་བརྒན་དར་གྱི་ནང་ཤེད་ནས། །དམར་མོ་ཁྲག་གི་མཆུ་འཇིབས་མ། །དར་དམར་རུ་མཚོན་ཕྱར་ནས་སུ། །འཇོམས་བྱེད་ཆེན་མོ་ལས་ཀྱི་ཡུམ། །དགེ་བསྙེན་ཆས་སུ་ཞུགས་པས་བསྐང་། །སྨྱོ་འབོག་ནད་རྣམས་ཞི་བར་མཛོད། །ལྗང་ནག་འབར་བའི་དཀྱིལ་འཁོར་ནས། །སེར་མོ་རླུང་གི་རལ་གྲིའི་སོ། །ལག་ན་དར་སེར་རུ་མཚོན་ཐོགས། །འཇོམས་བྱེད་ཆེན་མོ་ལས་ཀྱི་ཡུམ། །དགེ་བསྙེན་ཆས་སུ་ཞུགས་པས་བསྐང་། །ཚ་བའི་ནད་རྣམས་ཞི་བར་མཛོད། །ཧཱུཾ། ཐུགས་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ནས། །མེ་ལོང་ཡེ་ཤེས་རིག་པ་གསལ། །མགྱོགས་མ་ཆེན་མོ་ལྷ་ཡི་སྲིང་། །དུང་


DNG023_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

སྒོང་འབར་བས་ཐུགས་དམ་བསྐང་། །སྙིང་ནད་འབར་བ་ཞི་བར་མཛོད། །རིག་པ་རྩལ་གྱི་དཀྱིལ་འཁོར་ནས། །མཉམ་ཉིད་ཡེ་ཤེས་རིག་པ་གསལ། །ཁྱུང་ཆེན་ལྡིང་བ་གཤིན་རྗེའི་སྲིང་། །གསེར་སྒོང་སེར་པོས་ཐུགས་དམ་བསྐང་། །སྙིང་ནད་འབར་བ་ཞི་བར་མཛོད། །ཆགས་པ་དབང་གི་དཀྱིལ་འཁོར་ནས། །སོ་སོར་རྟོགས་པའི་ཡེ་ཤེས་གསལ། །དམར་མོ་ཀླུ་ཡི་སྲིང་གཅིག་མ། །ཟངས་སྒོང་དམར་པོས་ཐུགས་དམ་བསྐང་། །སྙིང་ནད་འབར་བ་ཞི་བར་མཛོད། །ཕྲག་དོག་ལས་ཀྱི་དཀྱིལ་འཁོར་ནས། །བྱ་བ་གྲུབ་པའི་ཡེ་ཤེས་གསལ། །ནག་མོ་གནོད་སྦྱིན་སྲིང་མོ་སྟེ། །བསེ་སྒོང་ཁྲ་བོས་ཐུགས་དམ་བསྐང་། །སྙིང་ཆུའི་ནད་རྣམས་ཞི་བར་མཛོད། །ལྕགས་མཁར་གྲུ་གསུམ་འབར་བ་ན། །ནག་མོ་རལ་པས་སྟོང་གསུམ་ཁེབས། །སྙིང་ཟན་ཙིཏྟའི་དཀྱིལ་ན་བཞུགས། །བདུད་ཀྱི་རུ་མཚོན་ཕྱར་ནས་སུ། །སྲིད་པའི་ལྷ་འདྲེ་དམ་ལ་སྡུད། །ངེས་མེད་ད་རྩེའི་ཡང་ཆའི་འབྲས་བུས་བསྐང་། །འོད་གསལ་རྨ་བྱའི་གདུགས་ཀྱིས་བསྐང་། །མིག་སར་ནད་རྣམས་ཞི་བར་མཛོད། །ཧཱུཾ། ཁྲག་གི་རྒྱ་མཚོའི་ཀློང་དཀྱིལ་ནས། །སྲིན་མོ་འདོད་ཆགས་མི་བཟད་མ། །བྱ་རྒོད་དར་མའི་སྙིང་གིས་བསྐང་། །སྒྲིབ་བྱེད་ནད་རྣམས་ཞི་བར་མཛོད། །འོད་ཕུང་འཁྲིགས་པའི་དཀྱིལ་འཁོར་ནས། །སྲིན་མོ་འཁོར་འདུལ་མི་བཟད་མ། །གཙོས་མོ་དར་མའི་ཁྲག་གིས་བསྐང་། །གློ་བུར་ནད་རྣམས་ཞི་བར་མཛོད། །ནམ་མཁའ་ཡངས་པའི་དཀྱིལ་འཁོར་ནས། །སྲིན་མོ་ནམ་མཁའི་ཆ་བྱད་ཅན། །སྤྱང་མོ་དར་མའི་ལྕེ་ཡིས་བསྐང་། །ལྕེ་ནད་འབར་བ་ཞི་བར་མཛོད། །གཅན་ཟན་སྤུངས་པའི་དཀྱིལ་འཁོར་ནས། །འཁོར་འདུལ་ཆེན་མོ་སྐུ་སྤྲུལ་ནས། །ཕག་རྒོད་འབར་བའི་མཁལ་མས་བསྐང་། །འོན་པའི་ནད་རྣམས་ཞི་བར་མཛོད། །གཞའ་ཚོན་འབར་བའི་དཀྱིལ་འཁོར་ནས། །སྲིན་མོ་ཁ་འབར་སྟོང་གསུམ་གྲགས། །


DNG023_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

འཕར་བ་རྐན་རྡེབས་འབྲས་བུས་བསྐང་། །ཟ་ཁུའི་ནད་རྣམས་ཞི་བར་མཛོད། །འདབ་ཆགས་མང་པོའི་དཀྱིལ་འཁོར་ནས། །སྲིན་མོ་ནག་མོ་གཤོལ་ཐོགས་མ། །དྲེད་མོ་འབར་བའི་མཆེར་བས་བསྐང་། །མཆེར་བའི་མཁུན་ནད་ཞི་བར་མཛོད། །བུད་མེད་མང་པོའི་དཀྱིལ་འཁོར་ནས། །སྲིན་མོ་སྤྱང་གདོང་དབུགས་འཕྲོག་མ། །བྱ་གཅན་གསོད་བྱེད་མཁྲིས་པས་བསྐང་། །མཁྲིས་ནད་འབར་བ་ཞི་བར་མཛོད། །ཧཱུཾ། ལྕགས་མཁར་དགུ་བརྩེགས་འབར་བ་ནས། །ནག་མོ་མི་བཟད་འཛེམ་བག་མེད། །དྲིབ་ལེན་བཙོས་རྐའི་མགོ་བོས་བསྐང་། །འབྲུམ་བུའི་ནད་རྣམས་ཞི་བར་མཛོད། །ཧཱུཾ། སྦྲུལ་ནག་གདེངས་པའི་དཀྱིལ་འཁོར་ནས། །འབྲོག་མོ་འབུམ་གྱི་ཁ་བློན་མོ། །ཙུན་ད་རིག་པས་ཐུགས་དམ་བསྐང་། །ཤ་བཀྲའི་ནད་རྣམས་ཞི་བར་མཛོད། །ཧཱུཾ། དུང་མཁར་ཟོ་བའི་ནང་ཤེད་ནས། །དཀར་མོ་ཉག་གཅིག་སེམས་མའི་མཆོག །གཡུ་བྱ་སྔོན་མོ་སྣ་ཚོགས་མདོག །སྤྱན་ནི་བསྐལ་པའི་མེ་དབལ་འབར། །གསུང་གིས་ཁམས་གསུམ་གནད་ལ་འདོར། །སྡེར་མོ་ལྕགས་ཀྱུ་འདྲིལ་བ་འདྲ། །གཤོག་འདབ་ཡི་གེ་ཛ་བྲིས་པས། །རྨུ་ཡི་ཚོགས་རྣམས་འདུལ་བར་མཛད། །ལྐུགས་པའི་ནད་རྣམས་ཞི་བར་མཛོད། །མཐིང་གི་གུར་ཕུབ་ལྡིང་བ་ནས། །སྔོན་མོ་གཡུ་ཡི་རལ་པ་ཅན། །བདུད་བྱ་ནག་མོ་ལྕགས་མིག་མ། །མཆུ་ནི་བྱུ་རུ་འབར་བ་ལ། །སྐད་ནི་སྲིན་པོའི་གདངས་སྐད་ཅན། །གཤོག་རླབས་ལྷ་སྲིན་དབང་དུ་སྡུད། །སྲིད་པ་བྱ་ཡི་ལྟོགས་རྟོགས་འདོད་ཡང་ནད་ཅན། །འདི་ཡི་ཁྲག་གིས་ཐུགས་དམ་བསྐང་། །སྨྲ་བའི་ནད་རྣམས་ཞི་བར་མཛོད། །བྱུ་རུའི་གུར་ཕུབ་ལྡིང་བ་ན། །དམར་མོ་དུང་ཤིང་མཁའ་ལ་འགྲོ། །དུར་ཁྲོད་ལྷ་སྲིན་གདུག་པའི་བྱ། །གསེར་མིག་འཁྱིལ་པའི་འོད་འཕྲོ་ཞིང་། །ཟ་འོག་འཇོལ་བེར་ལུས་ལ་གོན། །སྲོག་ཆགས་དྭངས་པའི་གདངས་སྐད་ཅན། །ལྷ་སྲིན་འདུལ་བའི་བྱ་སྐད་ཅན། །འཕྱོ་ཞིང་སྒྲེགས་པའི་ནད་རྣམས་ཞི་


DNG023_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

བར་མཛོད། །གསེར་མཁར་གྲུ་བཞི་སྤྲས་པ་ན། །སེར་མོ་འཕུར་བའི་ལྡིང་སྟབས་ཅན། །མོན་བྱ་ཏི་པ་བྱུ་རུའི་རྭ། །བཙོ་མ་གསེར་གྱི་སླག་པ་ལ། །སྐད་ནི་ནམ་མཁའི་གདངས་ལ་སྒྲོགས། །འདོད་ཆགས་རྒྱལ་མོ་འདི་ཡིས་བསྐང་། །གློ་སུབ་ནད་རྣམས་ཞི་བར་མཛོད། །ཧཱུཾ། ཤར་ཕྱོགས་ནམ་མཁའི་དཀྱིལ་ཡངས་ནས། །དཔལ་གྱི་མདངས་འཕྲོག་ན་བཟའི་གཟི། །དྲི་ཟ་མགོ་བཅད་ཁྲག་གིས་བསྐང་། །ལྷོ་ཕྱོགས་ནམ་མཁའི་དཀྱིལ་ཡངས་ནས། །དཔལ་གྱི་ཁྲག་འཕྲོག་ནམ་མཁའི་གཟི། །གཤིན་རྗེའི་མགོ་བཅད་ཁྲག་གིས་བསྐང་། །ནུབ་ཕྱོགས་ནམ་མཁའི་དཀྱིལ་ཡངས་ནས། །དཔལ་གྱི་དྲོད་འཕྲོག་ནམ་མཁའི་གཟི། །ཀླུ་བདུད་མགོ་བཅད་ཁྲག་གིས་བསྐང་། །བྱང་ཕྱོགས་ནམ་མཁའི་དཀྱིལ་ཡངས་ནས། །དཔལ་གྱི་དྲོད་འཕྲོག་ནམ་མཁའི་གཟི། །གནོད་སྦྱིན་མགོ་བཅད་ཁྲག་གིས་བསྐང་། །ནམ་མཁའི་ཁམས་ཀྱི་གློག་མ་སྲིན། །དམ་སྲི་འདི་ཡི་ཐོད་པས་བསྐང་། །བར་སྣང་ཁམས་ཀྱི་གློག་མ་སྲིན། །དམ་སྲི་འདི་ཡི་སྙིང་གིས་བསྐང་། །ས་ཡི་ཕུང་བྱེད་ནག་མོ་སྟེ། །དམ་སྲི་འདི་ཡི་འབྲས་བུས་བསྐང་། །བྱང་ཤར་སྟག་སྨན་ཟོར་བ་གདོང་། །འདི་ཡི་ལག་པ་གཡས་པས་བསྐང་། །ནུབ་བྱང་བམ་སྲིན་དྲེད་མོའི་གདོང་། །འདི་ཡི་ལག་པ་གཡོན་པས་བསྐང་། །ལྷོ་ནུབ་འབྲོག་སྲིན་ཆུ་སྲིན་གདོང་། །འདི་ཡི་རྐང་པ་གཡས་པས་བསྐང་། །ཤར་ལྷོ་བ་ལམ་དྲེའུ་སྣ་མ། །འདི་ཡི་རྐང་པ་གཡོན་པས་བསྐང་། །དུང་གི་སྤྱང་མོ་མགོ་དགུ་མ། །སྤྱང་མོ་དར་མའི་སྙིང་གིས་བསྐང་། །ལྕགས་ཀྱི་ཁྱི་མོ་མགོ་དགུ་མ། །སྤྱང་མོ་དར་མའི་སྙིང་གིས་བསྐང་། །ལྕགས་ཀྱི་སྤྱང་མོ་མགོ་དགུ་མ། །ལྕགས་ཀྱི་ཁྱི་མོའི་སྙིང་གིས་བསྐང་། །ཟངས་ཀྱི་འཕར་བ་ལྕེ་བརྒྱད་མ། །འཕར་བ་རྐན་རྡེབ་སྙིང་གིས་བསྐང་། །གསེར་གྱི་ཝ་མོ་རྫུ་འཕྲུལ་ཅན། །ཝ་མོ་འདི་ཡི་སྙིང་གིས་


DNG023_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

བསྐང་། །ལྷ་ཡི་བུ་མོ་མདངས་འཕྲོག་མ། །ངེས་མེད་འདི་ཡི་ཤ་ཡིས་བསྐང་། །གཤིན་རྗེའི་བུ་མོ་དྲི་སྣོམ་མ། །ངེས་མེད་འདི་ཡི་ཁྲག་གིས་བསྐང་། །ཀླུ་ཡི་བུ་མོ་ཁྲག་འཇིབས་མ། །ངེས་མེད་འདི་ཡི་རུས་པས་བསྐང་། །གནོད་སྦྱིན་བུ་མོ་ལས་མཁན་མ། །ངེས་མེད་འདི་ཡི་དབུགས་ཀྱིས་བསྐང་། །ལྷ་ཆེན་བུ་མོ་ལྷ་མོ་དབང་། །འདི་ཡི་ཁྲག་གིས་ཐུགས་དམ་བསྐང་། །དཔལ་ཆེན་བུ་མོ་དཔལ་མོ་དབང་། །འདི་ཡི་ཁྲག་གིས་ཐུགས་དམ་བསྐང་། །གནོད་སྦྱིན་བུ་མོ་ལེགས་མོ་དབང་། །འདི་ཡི་ཁྲག་གིས་ཐུགས་དམ་བསྐང་། །འཇོག་པོའི་བུ་མོ་ཀླུ་མོ་དབང་། །འདི་ཡི་ཁྲག་གིས་ཐུགས་དམ་བསྐང་། །ཚངས་མ་རྡོ་རྗེ་མགོ་བཞི་མ། །ཁྲོ་མོ་རྡོ་རྗེ་གཟིག་གི་མགོ། །ཁྱབ་འཇུག་རྡོ་རྗེ་དྲེད་མོའི་མགོ། །གཞོན་ནུ་རྡོ་རྗེ་ཕ་ཝང་མགོ། །དབང་མོ་རྡོ་རྗེ་དོམ་གྱི་མགོ། །ནག་མོ་རྡོ་རྗེ་ཁྱུང་གི་མགོ། །དབང་མོ་རྡོ་རྗེ་དྲེད་ཀྱི་མགོ། །ཤར་ཕྱོགས་གླིང་ཁམས་ཟླ་གམ་དུ། །དར་དཀར་ཕྱར་བ་གསར་བཏིང་ནས། །རྟ་དང་བོང་བུ་དྲེའུ་དང་རྐྱང་། །རྨིག་པ་ཟླུམ་པོར་གཏོགས་པའི་རིགས། །ཤར་གྱི་མ་བདུན་ཐུགས་དམ་བསྐང་། །ཕུང་པོའི་ནད་རྣམས་ཞི་བར་མཛོད། །ཆུ་ལྷ་རྡོ་རྗེ་ཆུ་སྲིན་མགོ། །བེ་ཅོན་རྡོ་རྗེ་ཁྲ་ཡི་མགོ། །སྲིན་མོ་རྡོ་རྗེ་སྟག་གི་མགོ། །ཟ་བ་རྡོ་རྗེ་ཕག་གི་མགོ། །གཅིག་སྤྱོད་རྡོ་རྗེ་བྱ་རྒོད་མགོ། །ཁྲག་འཐུང་རྡོ་རྗེ་རྟ་ཡི་མགོ། །ཕྲག་དོག་རྡོ་རྗེ་གཟིག་གི་མགོ། །ལྷོ་ཕྱོགས་གླིང་ཁམས་སོག་ཁ་ལ། །མཐིང་ནག་ཕྱར་བ་གསར་བཏིང་ནས། །བ་དང་མཛེ་དང་ཤ་བ་གནག །རྨིག་པ་ཁ་བྲག་གཏོགས་པའི་རིགས། །ལྷོ་ཕྱོགས་མ་བདུན་ཐུགས་དམ་བསྐང་། །ཚོར་བའི་ནད་རྣམས་ཞི་བར་མཛོད། །གྲུབ་པ་རྡོ་རྗེ་པུ་ཤུད་མགོ། །རླུང་མོ་རྡོ་རྗེ་ཤ་བའི་མགོ། །བུམ་པ་རྡོ་རྗེ་སེང་གེའི་མགོ། །གསོད་བྱེད་རྡོ་རྗེ་སྤྱང་ཀིའི་མགོ། །མི་མོ་རྡོ་རྗེ་ཀྱུང་ཀའི་མགོ། །གཏུམ་མོ་རྡོ་རྗེ་ཕག་གི་མགོ། །རྒན་བྱེད་རྡོ་རྗེ་ཁྱུང་གི་མགོ། །


DNG023_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

ནུབ་ཕྱོགས་གླིང་ཁམས་ཟླུམ་པོ་རུ། །དར་དམར་ཕྱར་བ་གསར་བཏིང་ནས། །འདམ་ཟན་མ་ནི་ཤ་ཟན་དང་། །སྒུམ་ཐུ་ལ་སོགས་རིགས་གསུམ་པོ། །སྦྲུལ་དང་སྡིག་པ་ལ་སོགས་པས། །ནུབ་ཕྱོགས་མ་བདུན་ཐུགས་དམ་བསྐང་། །འདུ་ཤེས་ནད་རྣམས་ཞི་བར་མཛོད། །སྣ་ཚོགས་རྡོ་རྗེ་བ་གླང་མགོ། །ཀླུ་མོ་རྡོ་རྗེ་སྦྲུལ་གྱི་མགོ། །བདག་ཉིད་རྡོ་རྗེ་ཀུན་གྲགས་མ། །བུམ་སྣ་རྡོ་རྗེ་སྲིན་མོའི་མགོ། །དམར་སེར་རྡོ་རྗེ་ར་ཡི་མགོ། །བུམ་སྣ་རྡོ་རྗེ་སྤྲེལ་གྱི་མགོ། །ལྗང་ནག་རྡོ་རྗེ་འུག་པའི་མགོ། །བྱང་ཕྱོགས་གླིང་ཁམས་གྲུ་བཞི་ལ། །དར་སེར་ཕྱར་བ་གསར་བཏིང་ན། །སྤྲ་དང་སྤྲེལ་དང་ཤང་ཤང་དང་། །མི་ལ་སོགས་ཏེ་གདོང་པ་ཅན། །བྱང་ཕྱོགས་མ་བདུན་ཐུགས་དམ་བསྐང་། །འདུ་བྱེད་ནད་རྣམས་ཞི་བར་མཛོད། །སྨན་ཕྲན་ཡོངས་ཀྱི་བཀའ་སྡོད་མ། །བོད་ཁམས་སྐྱོང་བར་མཚན་གྲགས་པའི། །ཕྲ་མེན་གསེར་སྐྱེམས་མཆོད་པས་བསྐང་། །རིམས་ནད་ཐམས་ཅད་ཞི་བར་མཛོད། །རི་རབ་གླིང་བཞིའི་གཏོར་མ་ནི། །རྡོ་རྗེ་རྒྱ་གྲམ་མིག་མང་རིས། །རིན་ཆེན་སྣ་ལྔ་རིམ་བརྩེགས་ཚུལ། །དཔག་བསམ་ཤིང་བུ་བདུད་རྩིའི་བཅུད། །ལྷ་སྲིན་སྡེ་བརྒྱད་བསྐོར་ཕྱག་འཚལ། །ཙུ་ཏའི་ཤིང་དང་གེལ་པའི་ཤིང་། །འཛམ་བུའི་ཤིང་དང་སྒྲ་སྒྲོགས་པ། །ཕྱོགས་བཞིར་བྱུ་རུའི་སྐས་བཙུགས་ནས། །གཏོར་ཐོགས་གཞོང་ཐོགས་ལྷ་བྲན་རྣམས། །བྱང་ཆུབ་ཤིང་ལ་སྐྱེས་ཤིང་མཆོད། །རི་བདུན་བང་རིམ་བརྩེགས་པའི་ཚུལ། །རོ་དྲུག་རྒྱ་མཚོ་སྣ་ཚོགས་མདོག །བུམ་པ་བདུད་རྩི་ཆུ་མིག་བཞི། །ལྷ་རུ་གྲགས་པའི་གསོས་སུ་ཆེ། །ལྕགས་རི་འབར་བའི་མཐའ་བསྐོར་ཅན། །སྲིད་པ་ཕོ་རྒྱུད་མོ་རྒྱུད་དང་། །མ་མོར་གྲགས་པ་ཀུན་གྱི་གནས། །སྤྲུལ་པའི་འཁོར་ལོ་ཐམས་ཅད་ལ། །སྣང་སྲིད་གཟུགས་ཀྱིས་བསྐང་བྱས་པས། །ཡོན་ཏན་ནམ་མཁའི་མཐའ་དང་མཉམ། །མཆོག་དང་ཐུན་མོང་དངོས་གྲུབ་ཐོབ། །


DNG023_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

བསྐང་ལུང་ལས་ཀྱི་རྒྱ་མཚོ་ལས། སྲིད་པའི་སྲོག་སྐོང་གི་ལེའུ་སྟེ་བཅུ་བཞི་པའོ།། །།ཕྲ་མེན་རྒྱ་མཚོས་ཡང་གསོལ་པ། ཤིན་ཏུ་བྱིན་རླབས་ཆེན་པོ་དང་ལྡན་པའི་ཧེ་རུ་ཀ་ལ། དབང་བསྐུར་བའི་རིམ་པ་འདི། དུས་འདིར་བདག་ལ་བསྟན་དུ་གསོལ། །ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །དབྱར་དགུན་སྟོན་དཔྱིད་ར་བ་ཡི། །བརྒྱད་དང་གནམ་སྟོང་ཉ་ལ་བསྐུར། །སངས་རྒྱས་ཀུན་ལ་དབང་བསྐུར་ཞིང་། །སྲིད་པ་གསུམ་ལ་དབང་སྒྱུར་ཞིང་། །མཁའ་འགྲོ་དབང་ཕྱུག་དབང་དུ་སྡུད། །འཇིག་རྟེན་དགོས་པ་ཐམས་ཅད་འགྲུབ། །དབང་བསྐུར་གནང་བ་མ་ཐོབ་པར། །གང་ཞིག་སྔགས་ལ་འཇུག་བྱེད་པ། །ཉན་དང་སྒྲུབ་པ་བྱེད་པ་རྣམས། །འཁོར་ལོ་སྲོག་ཤིང་མེད་དང་འདུ། །ངོ་བོ་ཉི་ཤུ་རྩ་གཅིག་སྟེ། །རྡོ་རྗེ་རྒྱལ་པོའི་དབང་དང་ནི། །རྡོ་རྗེ་སློབ་དཔོན་གྱི་དབང་དང་། འབར་བ་ཆེན་པོའི་དབང་དང་། འཁོར་ལོ་སྒྱུར་བའི་དབང་དང་། རྒྱལ་ཐེབས་སྤྱི་བླུགས་ཀྱི་དབང་དང་། རྡོ་རྗེ་རྒྱལ་ཐེབས་ཀྱི་དབང་དང་། ཀརྨའི་དབང་དང་། གིང་གི་དབང་དང་། ཉན་པའི་དབང་དང་། ཕྲིན་ལས་མཐར་ཕྱིན་གྱི་དབང་དང་། ཐབས་དང་ཤེས་རབ་ཀྱི་དབང་དང་། རྡོ་རྗེ་ཚེའི་དབང་དང་། དངོས་གྲུབ་རྣམ་གསུམ་གྱི་དབང་དང་། མཐུ་སྟོབས་ཕུན་སུམ་ཚོགས་པའི་དབང་དང་། འཆད་པའི་དབང་དང་། དེ་བཱི་ཡུམ་གྱི་དབང་དང་། རྒྱན་ཆས་རྟགས་ཀྱི་དབང་དང་། ལོངས་སྤྱོད་རྫས་ཀྱི་དབང་དང་། རོལ་པ་ཆེན་པོའི་དབང་དང་། ཕྱི་ནང་གསང་བའི་དབང་ངོ་། །ཐོག་མར་བདག་ལ་གང་གནང་བ། །དེ་ནི་སློབ་མ་དེ་ལ་སྦྱིན། །ཕྲིན་ལས་གཞུང་ཐུབ་འཛིན་པ་ལ། །རང་རྟགས་རྡོ་རྗེ་དྲིལ་བུ་སྦྱིན། །སྒྲུབ་པའི་དོན་མཆོག་ལྷུར་ལེན་པར། །རྫས་མཆོག་བཟང་པོའི་དབང་རྟགས་སྦྱིན། །འཆད་ཅིང་སྟོན་པར་བྱེད་པ་ལ། །གསེར་གྱི་གླེགས་བམ་བཟང་པོ་སྦྱིན། །བསྒོམ་པའི་དབང་དང་ལྡན་པ་ལ། །རིན་པོ་ཆེ་ཡི་ཕྲེང་བ་སྦྱིན། །ཟབ་མོའི་དབང་མཆོག་ལྡན་པ་ལ། །མཐིང་ག་ལེ་བརྒན་ཅོད་པན་སྦྱིན། །


DNG023_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་མཆོད་པའི་རིམ་པ་ལ། །འཛམ་གླིང་རིན་ཆེན་གང་བ་དང་། །རྟ་དང་གླང་པོ་དུད་འགྲོའི་ཚོགས། །རྫ་དང་ཤིང་ལས་སྐྱེས་པ་ཡི། །དེ་ཡི་གྲངས་དེ་དབུལ་བར་བྱ། །འདི་དང་ལྡན་པའི་བུ་མཆོག་ནི། །སངས་རྒྱས་སེམས་ཅན་ཐམས་ཅད་ལ། །ཡིད་ཅི་དགའ་བར་དབང་ཡང་བསྐུར། །མ་མོ་མཁའ་འགྲོ་བྲན་བཞིན་ཁོལ། །ཚེ་དང་ལོངས་སྤྱོད་ཕུན་སུམ་ཚོགས། །ངན་སོང་གསུམ་པོ་ཀུན་སྤངས་ནས། །བླ་མེད་འབྲས་བུ་ཐོབ་པར་འགྱུར། །ཚེ་ཟད་འཆི་བར་ངེས་པ་ཡང་། །ཚེ་དཔག་མེད་པ་ཐུབ་པར་འགྱུར། །དབང་ཕྱུག་ལས་ཀྱི་རྒྱ་མཚོ་ལས། དབང་གི་ལེའུ་སྟེ་བཅོ་ལྔ་པའོ།། །།བཞི་བསྡུས་པ་ཡི་དཀྱིལ་ཁོར་ནས། །རྩ་བརྒྱད་སྟོང་དང་ཙཀྲ་བརྒྱད། །སྙིང་པོ་གཉིས་ཏེ་རྫོགས་པའི་ལུང་། །རིམ་གྱིས་བཤད་དེ་བྱེ་བྲག་དབྱེ། །གྲུབ་པའི་མཆོག་སྟེ་སྤྱོད་པས་བསྟན། །མཐར་གྱིས་བགྲོད་དེ་གནས་སུ་བྱུང་། །དེ་ལ་ཧཱུཾ་ཉིད་རིང་པོར་སྤྲོས། །ཐིག་བཞིན་ལྡན་པའི་དཀྱིལ་འཁོར་ནས། །ཀུན་ནས་ཟླུམ་པའི་ཐིག་ལེ་ནི། །བཟླས་པས་སྐྱེ་ཤི་སྡུག་བསྔལ་སྤངས། །ཤྲཱི་མ་ཧཱ་སུ་ཁ་བཛྲ་བོ་དྷི་ཧཱུཾ་ཧོ། ལྟ་སྤྱོད་རྣམ་བཞིས་ཐག་བཅད་དེ། །ཆགས་སྡང་རྣམ་གཉིས་རྩད་བཅད་ནས། །བག་ཆགས་རྣམ་གཉིས་དབྱིངས་སུ་དགོད། །ང་རྒྱལ་ཕྲག་དོག་གནས་འགྱུར་ཏེ། །སྒོམ་སྒྲུབ་རྣམ་གཉིས་རྣམ་པར་སྤངས། །གཏི་མུག་ཆེན་པོ་ཡང་དག་ཉིད། །ཡང་དག་སྐུ་ལྔ་མངོན་པར་ཤར། །དེ་ལ་གསུང་ལྔ་ཡང་དག་གྲགས། །དེ་ལ་ཐུགས་ལྔ་རྟོག་པ་མེད། །ཡོན་ཏན་ལྔ་ཡང་མངོན་པར་ཤར། །ཕྲིན་ལས་ལྔ་ཡང་ཡང་དག་མཛད། །དེ་ལ་བླ་མེད་ཧེ་རུ་ཀ །དཔལ་འབར་ཀྲོ་ཏཱི་ཤྭ་རཱིའི་སྐུ། །སྦྱོར་བས་སྐྱེ་ཤི་རྩ་བ་གཅོད། །བཅུ་དྲུག་ས་ལ་མངོན་པར་ཕྱིན། །དབང་ཕྱུག་ལས་ཀྱི་རྒྱ་མཚོ་ལས། བཞི་བསྡུས་ཐིག་ལེའི་ལེའུ་སྟེ་བཅུ་དྲུག་པའོ།། །ཁྲུ་བརྒྱད་པ་ཡི་དཀྱིལ་འཁོར་དུ། །སྦྱང་དང་བསྲུང་བའི་ལས་རྣམས་བྱ། །སྲད་བུ་ཚོན་གྱི་ཆོ་ག་བྱ། །འོག་


DNG023_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་འཁོར་ལོ་རྩིབས་བཞི་བྲི། །དབུས་སུ་འཁོར་ལོ་རྩིབས་བཞི་ལ། །དབུས་སུ་ཧཱུཾ་མུཾ་ཡབ་ཡུམ་བསྐྱེད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ། དབུ་དགུ་ཕྱག་ནི་བཅོ་བརྒྱད་ལ། །ཞབས་ཀྱང་རྣམ་པ་བརྒྱད་དུ་བསྟན། །གཤོག་པ་རྡོ་རྗེ་འབར་བས་གཏམས། །དུར་ཁྲོད་ཆས་བརྒྱད་སྐུ་ལ་རྫོགས། །ཀྲོ་ཏཱི་ཤྭ་རཱི་ས་མ་ཡ་ཧཱུཾ་ཕཊ། ཡབ་དང་གཉིས་སུ་མེད་པ་སྟེ། །ཆ་ལུགས་ཐམས་ཅད་གཙོ་དང་མཐུན། །འཁོར་ལོ་བཞི་ལ་གསང་བའི་ཡུམ། །ཙ་ར་མ་ནུ་ཕཊ། རཏྣ་ད་རུ་ཕཊ། པདྨ་གུར་པ་ཡ་ཕཊ། གར་སེ་ཏྲི་ཏ་ཡ་ཕཊ། དཀར་མོ་ཉི་མའི་གའུ་ཅན། །སེར་མོ་རིན་ཆེན་འོད་འབར་མ། །དམར་མོ་པདྨའི་བཅུད་འཛིན་མ། །ལྗང་མོ་རྡོ་རྗེ་རྒྱ་གྲམ་ཅན། །ཕྱི་ཡི་ཤར་གྱི་འཁོར་ལོ་ལ། །དངུལ་གྱི་ཕུར་པ་བཅུ་པོ་དང་། །སྒོ་བཞིར་མཆོག་གི་ཕུར་པ་བཞི། །ཡབ་ཡུམ་མཁའ་ནས་ཁྲོ་བཅུ་དགོད། །སྒོ་བཞིར་ཏ་ཀྲིཏ་བཞི་པོ་དགོད། །བཛྲ་གར་བྷ་ཀཱི་ལ་ཡ་ཕཊ། རཏྣ་གར་བྷ་ཀཱི་ལ་ཡ་ཕཊ། པདྨ་གར་བྷ་ཀཱི་ལ་ཡ་ཕཊ། ཀརྨ་གར་བྷ་ཀཱི་ལ་ཡ་ཕཊ། མཻ་ཏྲི་ཀཱི་ལ་ཡ་ཕཊ། ཀ་རུ་ཎ་གར་བྷ་ཀཱི་ལ་ཡ་ཕཊ། ལོ་ཀ་ཀཱི་ལ་ཡ་ཕཊ། བི་རུ་ཀཱི་ལ་ཡ་ཕཊ། གར་བྷ་ཀཱི་ལ་ཡ་ཕཊ། ཡགྴ་ཀཱི་ལ་ཕཊ། སརྦ་དུ་ཤ་ཕཊ། སིངྷ་ཤི་རི་ཕཊ། གར་ཤ་ཧེ་ཕཊ། ཛག་ཤ་ཕཊ། ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱན་བཛྲ་སྭ་བྷཱ་བ་ཨཱདྨ་ཀོ྅ཧཾ། ཨཱ་དཪྴ་ཨ་ཧཾ། ས་མན་ཏ་ཨ་ཧཾ། པྲ་ཏི་བེཀྵ་ཎ་ཨ་ཧཾ། ཀྲྀ་ཏྱཱ་ནུཥྠ་ན་ཨ་ཧཱཾ། ཀཱ་ཡ་བཛྲ་སྭ་བྷཱ་བ་ཨཱདྨ་ཀོ྅ཧཾ། ཝཱཀ་བཛྲ་སྭ་བྷཱ་བ་ཨཱདྨ་ཀོ྅ཧཾ། ཙིཏྟ་བཛྲ་སྭ་བྷཱ་བ་ཨཱདྨ་ཀོཉཱཧཾ། ཛཿཧཱུཾ་བཾ་ཧོཿ། ཐུགས་རྗེ་བྱམས་སྙོམས་འགྱུར་བ་མེད་པའི་སྐུ། །ཧཱུཾ་ལྔ་འདྲེལ་པའི་གསུང་ལས་འགྲོ་དོན་མཛད། །ཐུགས་ལྔ་མི་རྟོག་ཅིར་ཡང་ས་ལེར་མཁྱེན། །སྐུ་གསུང་ཐུགས་ཀྱི་གཙོ་ལ་ཕྱག་འཚལ་བསྟོད། །ཐུགས་རྗེ་དབྱིངས་རྫོགས་རཀྟའི་རྒྱ་མཚོ་འཁོལ། །དཔལ་ཆེན་ཁྲོ་ཚོགས་ཞལ་དུ་མཆོད་པར་བཞེས། །དམ་རྫས་རྣམ་ལྔ་རང་བྱུང་བདུད་རྩི་ལྔ། །དུག་ལྔ་བཅོམ་པས་ཡེ་ཤེས་མཆོད་པར་བཞེས། །སྲིད་པའི་ཤ་ཆེན་


DNG023_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

སྤུངས་པའི་བ་ལིཾ་ཏ། །འཁོར་ཡུག་རྟོགས་པའི་མཆོད་པ་ཆེན་པོར་བཞེས། །དེ་ནས་ཐུགས་ཀྱི་བསྙེན་པ་བྱ། །ཨོཾ་ཤྲཱི་ཧེ་རུ་ཀ་ཀྲོ་ཏཱི་ཤྭ་རཱི་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ། ཤར་གྱི་འཁོར་ལོའི་ལྟེ་བ་ལ། །ལིངྒ་འོད་འབར་ནུབ་ཏུ་བསྟན། །སྣ་ཚོགས་དྲི་ཡི་ཐག་པས་གདགས། །རྟེན་དང་མཚན་མ་སྙིང་དང་བྲལ། །ཆོས་ཉིད་བཀའ་ཡི་བདེན་པ་བདར། །གསུམ་ལྡན་དོན་དང་ལྡན་བྱས་ཏེ། །དྲིལ་ཅིང་འབྱུང་བ་གསུམ་གྱིས་སྦྱང་། །དམིགས་པའི་ཕྱོགས་བཅུར་ཁྱབ་པར་བྱ། །ལྷུ་དུམ་ཕྲལ་ཏེ་ཟོས་བསམ་ནས། །དེ་ནས་ཞི་བའི་མེ་ལ་བསྲེག །ཐལ་བ་གནོད་པའི་ས་རུ་སྦ། །ཕྱི་བའི་རྐྱལ་པར་གཟུགས་བཅུག་ལ། །ཉི་ཟེར་ཞགས་པས་བཏགས་ནས་ནི། །རྒྱལ་པོ་དེ་དེ་བས་ཀྱང་ལ་བྲབ་པར་བྱ། །ཨོཾ་ཤྲཱི་ཧེ་རུ་ཀ་དན་ལ་དུན་རྦད། ཁ་འདར་ལིང་། མྱོགས་རྨུག་རྦད་ཕཊ་སྭཱ་ཧཱ། ཤིན་ཏུ་འགུལ་ན་ཐུན་དུ་འཕང་། དབང་ཕྱུག་ལས་ཀྱི་རྒྱ་མཚོ་ལས། སྤྱི་དཔལ་ཕུར་ནག་གི་ལེའུ་སྟེ་བཅུ་བདུན་པའོ།། །།སྟོང་པ་ཉིད་ཀྱི་ངང་ཉིད་ལས། །ལྷོ་ཡི་འཁོར་ལོའི་གདན་སྟེང་དུ། །ཡབ་ཡུམ་མཁའ་ནས་ཨོཾ་ཡང་འོད་འཕྲོས་པས། །ཁྲོ་བཅུ་ཟ་བྱེད་བཞི་རུ་གསལ། །གསེར་གྱི་ཕུར་པ་བཅུ་དགོད་ནས། །སྒོ་བཞིར་སེང་ལྡེང་ཕུར་པ་དགོད། །ཡགྴ་ཀཱི་ལ་ཡ་ཕཊ། རགྴ་ཀཱི་ལ་ཡ་ཕཊ། བི་ཤྭ་ཀཱི་ལ་ཡ་ཕཊ། བི་ཤ་ཀཱི་ལ་ཡ་ཕཊ། ཏེ་ཤ་ཀཱི་ལ་ཡ་ཕཊ། ཀེ་ཤ་ཀཱི་ལ་ཡ་ཕཊ། བེ་ཤ་ཀཱི་ཡ་ཡ་ཕཊ། བི་ཤ་ཀཱི་ལ་ཡ་ཕཊ། དྷྲི་ཤ་ཀཱི་ལ་ཡ་ཕཊ། ཏྲ་ཤ་ཀཱི་ལ་ཡ་ཕཊ། ཀ་ཤ་ཕཊ། བག་ཤ་ཕཊ། རུ་ཏྲི་ཕཊ། རག་ཏྲི་ཕཊ། དབང་དང་བྱིན་བརླབ་ལྡན་པར་བྱ། །མཆོད་དང་བཟླས་པ་གོང་བཞིན་བྱ། །ལྷོ་ཡི་འཁོར་ལོའི་ལྟེ་བ་ལ། །གྲུ་བཞི་བྷ་གའི་དབྱིངས་ཉིད་དུ། །བདུན་དང་ལྡན་པའི་གཟུགས་ཉིད་ལ། །ཡན་ལག་ཧཱུཾ་ལ་གསང་བར་ཕཊ། །སྙིང་གར་མ་ར་ཡ་དང་ལྡན། །ལུང་གསུམ་ལྡན་ན་ཨ་ཡིས་བསྡུ། །སྟེང་གི་ཕྱོགས་བཅུར་ཁྱབ་པར་སྦྱངས། །ཡན་ལག་བཞི་ལ་ཏ་ཀྲིཏ་སྦྱར། །གདབ་པ་གོང་གི་སྔགས་ཀྱིས་གདབ། །ལྷུ་དུམ་ཕྲལ་ཏེ་བསྟབ་པར་བྱ། །དེ་ནས་རྒྱས་པའི་སྦྱིན་བསྲེག་བྱ། །ཐལ་བ་གནོད་པའི་


DNG023_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

ས་རུ་སྦ། །སྟག་མོ་དར་མའི་རྐྱལ་པ་རུ། །གཟུགས་དང་དུག་གི་རྫས་སྦྱར་ལ། །ལྕགས་དང་ཟངས་ཀྱི་གཟེར་གྱིས་གདབ། །ཨོཾ་ཤྲཱི་ཧེ་རུ་ཀ །དུར་བ་ཁ་ཐུན་རྦད། རགྴ་ཛ་དུར་བྷྱོ། ལི་ཀྲ་ཐུན་ཏྲ་ཆུམ། སྲོག་ལ་ཡང་སྭཱ་ཧཱ། འགུལ་ན་ཉི་ཟེར་རྟ་ལ་བསྐྱོན། །དབང་ཕྱུག་ལས་ཀྱི་རྒྱ་མཚོ་ལས། ཕུར་ནག་གདེང་ཆེན་གྱི་ལེའུ་སྟེ་བཅོ་བརྒྱད་པའོ།། །།དེ་ནས་སྐད་ཅིག་གསུམ་པ་ལ། །ནུབ་ཀྱི་འཁོར་ལོའི་དཀྱིལ་ཉིད་དུ། །ཡབ་ཡུམ་ཐབས་དང་ཤེས་རབ་ལས། །གསང་བ་སྔགས་ཀྱིས་བསྐྱེད་བྱ་བ། །ཟངས་ཀྱི་ཕུར་པ་བཅུ་བཀོད་ནས། །སྒོ་བཞིར་སྐྱེར་པའི་ཕུར་པ་དགོད། །ཧཱུཾ་ཀཱ་ར་ཀཱི་ལ་ཡ་ཕཊ། བི་ཛ་ཡ་ཀཱི་ལ་ཡ་ཕཊ། ནཱི་ལ་དཎྜ་ཀཱི་ལ་ཡ་ཕཊ། ཡ་མཱན་ཏ་ཀཱི་ལ་ཡ་ཕཊ། ཨཱརྱ་ཀཱི་ལ་ཡ་ཕཊ། ཧ་ཡ་གྲཱི་ཝ་ཀཱི་ལ་ཡ་ཕཊ། ཨ་པ་ར་ཛི་ཏ་ཀཱི་ལ་ཡ་ཕཊ། ཨ་མྲྀ་ཏ་ཀཱི་ལ་ཡ་ཕཊ། ཏྲཻ་ལོ་ཀྱ་ཀཱི་ལ་ཡ་ཕཊ། མ་ཧཱ་བ་ལ་ཀཱི་ལ་ཡ་ཕཊ། ཛ་ལ་ཕཊ། ཀེ་དུ་ར་ཕཊ། རིག་ཤ་ཕཊ། ཧ་ཏེ་ཕཊ། དབང་ལྔ་བྱིན་གསུམ་ལྡན་བྱས་ནས། །མཉེས་དང་བསྟོད་པའི་ལས་སུ་བྱ། །བསྙེན་པ་དམིགས་པའི་དོན་དུ་ལྡན། །ནུབ་ཀྱི་པདྨ་ཟླ་གམ་དུ། །གདུག་པ་དྲག་པོའི་གཟུགས་ཉིད་ལ། །ཡན་ལག་ལྔ་པོ་ཐམས་ཅད་ལ། །མནན་དང་སྦར་བའི་སྔགས་ཀྱིས་བསྐོར། །ཛ་ཡིས་དྲངས་ཤིང་ཕཊ་ཀྱིས་བསྡིམ། །ཉི་ཟླ་ལྡན་པའི་རྒྱལ་བ་ཡིས། །རྟེན་གྱི་ཕྱོགས་བཅུར་སྦྱར་བྱས་ནས། །ཧྲཱྀཿལ་ཧཱུཾ་གིས་བསྡུ་བྱས་ཏེ། །ཡན་ལག་ཏ་ཀྲིཏ་སྦྱར་བར་བྱ། །ལྷུ་དུམ་ཕྲལ་ཏེ་ཟོས་བསམ་ནས། །དབང་གི་སྦྱིན་བསྲེག་དེ་བཞིན་བྱ། །ཐལ་བ་ཀླུ་ལ་གཏད་དེ་གནན། །ཟངས་སྲིན་གླང་དམར་སྲོག་རྟེན་དུ། །རྟེན་གྱི་གསལ་ཕུར་དྲག་པོས་བྲབ། །ཨཱོཾ་ཤྲཱི་ཧེ་རུ་ཀ །ཟིར་བ་ཁ་ཐུན་ལི་ཀྲི་ཆུམ། །སྲོག་ལ་ཡ་ཡ། ཁྲག་ལ་ཐིབས་སྭཱ་ཧཱ། དབང་ཕྱུག་ལས་ཀྱི་རྒྱ་མཚོ་ལས། ཕུར་ནག་གསང་ཆེན་གྱི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་སྐད་ཅིག་བཞི་པ་ལ། །བྱང་གི་འཁོར་ལོའི་དཀྱིལ་ཉིད་དུ། །ཡབ་ཡུམ་ཐབས་དང་ཤེས་རབ་ལས། །ལྕགས་ཀྱི་ཕུར་པ་ནག་པོ་བཅུ། །སྒོ་བཞིར་རྒོད་ཀྱི་


DNG023_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་ཕུར་དགོད། །བཛྲ་ཏྲ་ཏྲིད་ཀཱི་ལ་ཡ། ཁ་ཐུན་ཏ་ཏྲ་ཀཱི་ལ་ཡ། རེ་མ་ར་ཏི་ཀཱི་ལ་ཡ། རུ་སྡི་རཱུ་སི་སུ་ཏྲ་ཀཱི་ལ་ཡ། རགྴ་ཏེ་ཏྲ་ཀཱི་ལ་ཡ། ཧེ་ཏེ་ཁ་རག་ཀཱི་ལ་ཡ། ད་དུར་ཕྲ་ཏི་ཀཱི་ལ་ཡ། རུ་བི་སུ་ཏྲི་ཀཱི་ལ་ཡ། གར་བྷེ་ལང་ཏེ་ཀཱི་ལ་ཡ། རིག་ཤ་ཀྲོ་ཏ་ཀཱི་ལ་ཡ། རིག་ཤ་ཕཊ། གར་བྷེ་ཕཊ། རུ་བེ་ཕཊ། ཀི་ཏ་རད་ཏ་ཕཊ། བྱིན་བརླབས་དབང་གིས་མཛེས་བྱས་ནས། །མཆོད་དང་བཟླས་པ་གོང་བཞིན་བྱ། །བྱང་གི་ཕོ་བྲང་ལྟེ་བ་ལ། །མ་ཏཾ་བཞི་ཡི་ལིངྒ་ལ། །ལུས་ཀྱི་ཕྱོགས་སུ་ངེས་པར་སྦྱར། །ཏ་ཀྲིཏ་ཡན་ལག་བཞི་ལའོ། །ཧཱུཾ་གིས་ཨ་ཡི་འོད་བསྡུས་ནས། །མཁའ་ལ་བབ་ནས་ཕཊ་ཀྱིས་སྤྲོ། །ལྷུ་དུམ་ཕྲལ་ཏེ་ཟོས་བསམ་ན། །རྡོ་རྗེ་བྲག་ཡང་འཇིག་པར་འགྱུར། །དེ་བཞིན་དྲག་པོའི་སྦྱིན་བསྲེག་བྱ། །ཐལ་བ་གནོད་སྦྱིན་བྲག་ལ་གཏད། །གཏོར་ལྟོ་བ་ཡང་ནག་པོའི་སྦུད་པ་རུ། །ཁ་གསར་དྲེ་བོའི་ལྟོ་བར་གཞུག །གསལ་བའི་མདོངས་དང་བཅས་པར་གཞུག །ཟི་ར་ནག་པོས་བྲབ་པར་བྱ། །ཨོཾ་ཤྲཱི་ཧེ་རུ་ཀ་ཐུ་ར་ཏ་ཀྲཾ་སྙིང་ལ་རྦད། ཁ་ས་ད་རོ་ཆེ་ལ་རྦད། ན་རཱ་ཙ་དུར་རྦད་སྭཱ་ཧཱ། དེ་ནས་སྦུད་པས་སྤྲུགས་པ་ན། །ནུབ་ཀའི་འོད་དང་ནམ་ལངས་ནས། །སྲིན་མོ་དམར་ཐག་ཟེར་དུ་འཕྲོ། །རུ་པ་སེ་ཏྲ་གུ་ལ་ཀ་པི་རུ་ཏྲ་ཁ་དུ་ཡ་ས་ཏོ་རྦད། ཐིག་ལེའི་ནད་རྣམས་འབྱུང་བར་འགྱུར། །དབང་ཕྱུག་ལས་ཀྱི་རྒྱ་མཚོ་ལས། དཀྱིལ་འཁོར་ཕྲིན་ལས་ཀྱི་ངོ་བོ་བསྟན་པའི་ལེའུ་སྟེ་ཉི་ཤུ་པའོ།། །།ཕྲ་མེན་རྒྱ་མཚོས་ཡང་གསོལ་པ། །ཕོ་ཡི་སྐོང་ལུགས་ཇི་ལྟར་ལགས། །ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །དེ་ནས་ཕོ་རིགས་མཆོད་འདོད་ན། །རི་རབ་ཆེན་པོའི་དཀྱིལ་འཁོར་ནས། །རི་རབ་བུམ་པའི་ནང་དུ་ནི། །ཚངས་པ་མགོ་ལྔའི་གཟུགས་སུ་བྱ། །རི་རབ་བུམ་པའི་ཤིང་མཚམས་སུ། །དཀར་མོ་མིག་གཅིག་གཟུགས་སུ་གནས། །ཤིང་དང་ལོ་མའི་མཚམས་སུ་ནི། །བརྒྱ་བྱིན་དབུ་རྟའི་ཚུལ་དུ་གནས། །རི་རབ་བུམ་པའི་ལྕོག་བཞི་ལ། །བྷྲིཾ་གི་རི་ཏིའི་གཟུགས་སུ་གནས། །རི་རབ་ཕྱི་ཡི་ལྕོག་བཞི་ལ། །འཁོར་ལོ་ཁྱབ་འཇུག་གཟུགས་སུ་གནས། །རི་རབ་བུམ་པའི་གྲ་བཞི་ལ། །སྟོབས་བཟང་སེར་སྐྱའི་གཟུགས་སུ་གནས། །


DNG023_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་བསམ་ཤིང་གི་སྐེད་པ་ལ། །སྐོས་རྗེ་དྲང་དཀར་གཟུགས་སུ་གནས། །དཔག་བསམ་ཤིང་གི་རྩ་བ་ན། །ཀཱ་ལ་བདུད་ཀྱི་གཟུགས་སུ་གནས། །དཔག་བསམ་ཤིང་གི་སྐེད་པ་ན། །འབྱུང་རིགས་སྤུན་དགུའི་གཟུགས་སུ་གནས། །རི་རབ་རྨང་གི་གྲ་བཞི་ལ། །ཕག་ཆེན་པོ་ཡི་གཟུགས་སུ་གནས། །རོལ་མཚོ་བདུན་གྱི་ནང་དུ་ནི། །སྲིད་པའི་ཀླུ་བདུན་གཟུགས་སུ་གནས། །དཔག་བསམ་ཤིང་གི་སུམ་ཆ་ལ། །ནོར་ལྷ་ཆེན་པོའི་གཟུགས་སུ་གནས། །རི་རབ་བང་རིམ་བཞི་པོ་ལ། །རྒྱལ་ཆེན་བཞི་ཡི་གཟུགས་སུ་གནས། །རི་རབ་བྱང་ཤར་མཚམས་སུ་ཡང་། །བྱང་སྤྲིན་དམར་པོའི་གཟུགས་སུ་གནས། །དཔག་བསམ་ཤིང་གི་རྩ་བ་ན། །རཱུ་ཏྲ་ཆེན་པོའི་གཟུགས་སུ་གནས། །དེ་ཡི་མཐུན་རྫས་བསྟན་པ་ནི། །རྒྱལ་པོ་ཆེན་པོའི་གཟུགས་གཅིག་ལ། །ཡན་ལག་ལྔ་ལ་རིན་ཆེན་དགོད། །གོང་མ་འདྲ་བའི་གཟུགས་གཅིག་ལ། །མེ་མར་བརྒྱད་ཀྱིས་མཛེས་པར་བྱ། །གོང་མ་འདྲ་བའི་གཟུགས་གཅིག་ལ། །དར་སྣ་ལྔ་ཡི་ཚོམ་བུས་བརྒྱན། །རྒྱལ་པོའི་གཟུགས་དང་འདྲ་གཅིག་ལ། །སྟག་གི་རྒྱལ་མཚན་ལག་ཏུ་བསྐུར། །གོང་མའི་གཟུགས་དང་འདྲ་གཅིག་ལ། །ཉི་མའི་འཁོར་ལོ་ལག་ཏུ་བསྐུར། །རྒྱལ་པོའི་གཟུགས་དང་འདྲ་གཅིག་ལ། །གླང་པོ་ཆེ་ལ་ཞོན་པ་བྱ། །གོང་མ་འདྲ་བའི་གཟུགས་གཅིག་ལ། །ཤོད་ཀྱི་རྡེའུ་ཐོགས་པར་བྱ། །མི་ནག་གཟུགས་སུ་བྱས་པ་ལ། །ཁྲམ་ཤིང་ལག་ན་ཐོགས་པ་བྱ། །འབྲང་རྒྱས་གཅིག་ལ་མི་ཐུང་དགུ། །ཕྱོགས་མཚམས་དབུས་སུ་དགོད་པར་བྱ། །སྦྲུལ་འཁྱིལ་པ་ཡི་སྟེང་དུ་ནི། །ཕག་གི་མགོ་ཅན་ལྟ་བུར་བྱ། །འབྲང་རྒྱས་གྲུ་བཞི་པ་གཅིག་ལ། །ཀླུ་རྒྱལ་བདུན་གྱི་གཟུགས་སུ་བྱ། །གོང་དང་འདྲ་བའི་གཟུགས་གཅིག་ལ། །ནེའུ་ལེ་ཐོགས་པ་གཅིག་ཏུ་བྱ། །གླིང་བཞི་ལྡན་པའི་འབྲང་རྒྱས་ལ། །རྒྱལ་ཆེན་བཞི་ཡི་གཟུགས་སུ་བྱ། །ཐོད་པ་མཚན་ངན་ནང་དུ་ནི། །ར་ཁྱིའི་ཁྲག་དང་འབྲུ་ནག་ཆན། །སྨེ་བཞི་རྒྱན་དང་ལྡན་པར་བྱ། །འབྲང་རྒྱས་ཟླ་གམ་ཁ་གཅིག་ལ། །ཟ་འོག་མདའ་ལ་བསེ་གླུད་ལྡན། །དྲེ་ཆ་གསང་ཕྱེ་དྲེ་བཞི་ལ། །ལྕོག་མོ་བྷན་དྷའི་གཟུགས་བྱས་ལ། །མཁར་ཐབས་མདའ་ཡིས་རྣམ་པར་བརྒྱན། །ཞིང་


DNG023_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

གི་འཕན་གྱིས་རྣམ་པར་བརྒྱན། །སྤྱན་གཟིགས་ཟས་དང་ལྡན་པ་འདི། །དེ་ནི་ཕོ་རིགས་སྤྱི་ཡི་རྫས། །ཧཱུཾ། རི་རབ་གཡུ་ཡི་བུམ་པ་ལ། །ཆགས་པའི་ལོངས་སྤྱོད་སྤྱད་པས་གྲོལ། །ཤེལ་དཀར་མཛེས་པའི་སླག་པ་ལ། །གཡུ་ཡི་ཐིག་ཕྲན་འབར་བ་ཅན། །དབུ་ལ་ཉི་མའི་ཕྲེང་བས་བརྒྱན། །ཕྱག་ན་གསེར་གྱི་ཕྲེང་བ་ཐོགས། །ཡུམ་དང་གཉིས་སུ་མེད་པ་སྟེ། །སྲིད་པ་ཀུན་ལ་ལོངས་སྤྱོད་མཛད། །འདིར་བྱོན་ཚེ་སྲོག་གླུད་ལོངས་ཤིག །སྲིད་པ་དེ་ཡི་བཀའ་ཉན་ནི། །ཕ་མ་མེད་པའི་ངང་ལས་སྤྲུལ། །སྐུ་ནི་གངས་རི་འཚེར་བ་ལ། །དུང་གི་རལ་པ་ཐོར་ཚུགས་འཁྱིལ། །སྲིད་པ་གསུམ་གྱི་བྱད་མཁན་དེ། །འདིར་བྱོན་ཚེ་སྲོག་གླུད་བཞེས་ཤིག །སྲིད་པ་དེ་ཡི་བཀའ་ཉན་ནི། །འོད་ཀྱི་རྫུ་འཕྲུལ་ལས་སྤྲུལ་པ། །རིན་ཆེན་འབར་བའི་ན་བཟའ་ལ། །ཞབས་ལ་ཉི་མའི་ཕྲེང་བས་བརྒྱན། །སྐུ་ལ་ལོངས་སྤྱོད་བརྒྱ་བརྒྱ་སྤྲུལ། །འདིར་བྱོན་ཚེ་སྲོག་གླུད་བཞེས་ཤིག །མེ་ལས་སྤྲུལ་པའི་སྲིད་པ་དེ། །ཨ་འབྲས་ཤིང་གི་སླག་པ་ལ། །མེ་ཏོག་ཧ་ཡི་ཕྲེང་བས་བརྒྱན། །ལག་ན་པླཀྵྀའི་ཕྲེང་བ་ཐོགས། །སྦྲུལ་ནག་སྟོང་གི་སྐུ་རགས་ཅན། །འདིར་བྱོན་ཚེ་སྲོག་གླུད་བཞེས་ཤིག །ཉི་མའི་འོད་ལས་སྤྲུལ་པ་སྟེ། །བཙོ་མ་གསེར་གྱི་སླག་པ་ལ། །མུ་ཏིག་ཤར་བུའི་འཕྲ་ཐིག་ཅན། །ཉི་མའི་སྤུ་གྲི་གླད་ལ་བསྐོར། །འདིར་བྱོན་ཚེ་སྲོག་གླུད་བཞེས་ཤིག །ཆུ་ཡི་སྐྱར་ལས་སྤྲུལ་པ་སྟེ། །གསེར་དངུལ་འབར་བའི་སླག་པ་ལ། །མུ་ཏིག་འབར་བའི་ཤར་བུས་བརྒྱན། །ཟླ་བའི་འཁོར་ལོ་ལག་ན་ཐོགས། །འདིར་བྱོན་ཚེ་སྲོག་གླུད་བཞེས་ཤིག །ནམ་མཁའི་མདངས་ལས་སྤྲུལ་པ་སྟེ། །དཔག་བསམ་ཤིང་གི་སྐེད་པ་ནས། །གསེར་མཁར་ནི་སེར་པོ་ལ། །གསེར་སྒོ་ནི་ཐབས་སེ་ཐབས། །གཡུ་བད་ནི་སྔོན་པོས་བསྐོར། །དེ་ཡི་ནི་ནང་ཤེད་ན། །སྐུ་ལ་སྤྲིན་དཀར་གཡང་གཞི་ཅན། །གཞའ་ཚོན་འབར་བའི་མཐའ་ཆག་ཅན། །འདིར་བྱོན་ཚེ་སྲོག་གླུད་བཞེས་ཤིག །དཔག་བསམ་ཤིང་གི་རྩ་བ་ལ། །རིན་ཆེན་ནི་སྟེགས་བུ་ལ། །ལྕགས་ཀྱི་ནི་མུ་ཁྱུད་


DNG023_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། །སྲིད་པ་ནི་ཞིག་འཛིན་ཏེ། །ལྕགས་ཀྱི་ནི་སླག་པ་ལ། །རྡོ་རྗེ་ནི་ཧ་ཡིས་བརྒྱན། །ལག་ན་མདུང་དམར་ཟངས་སེ་ཟང་། །ཚེ་སྲོག་ནི་གླུད་བཞེས་ཤིག །དཔག་བསམ་ཤིང་གི་རྩེ་ལྐོག་ན། །ལྕགས་མཁར་ནི་སྔོན་པོ་ལ། །བསེ་ཡི་ནི་མཐའ་བསྐོར་ཅན། །ཟངས་ཀྱིས་ནི་སྒོ་སྩལ་ལོ། །མ་ཧཱ་དེ་ཝ་ལྷ་ཆེན་པོ། །ཞིང་ལྤགས་གཡང་གཞིའི་ན་བཟའ་ལ། །ཐོད་པ་འབུམ་གྱི་མཐའ་བསྐོར་ཅན། །བེ་ཅོན་འབར་བ་ལག་ན་ཐོགས། །སྲིད་པ་གསུམ་གྱི་མཐུ་མོ་ཆེ། །འབྱུང་རིགས་སྤུན་དགུའི་འཁོར་གྱིས་བསྐོར། །མདོས་བདག་ཆེན་པོས་མདོས་བཞེས་ཤིག །རྒོད་མ་ཁ་ཡི་སྤྲུལ་པ་སྟེ། །ས་བདག་ཕག་ཆེན་མི་བཟད་པ། །ཆུ་སྲིན་འབར་བའི་སླག་པ་ལ། །མུ་ཏིག་ཤར་བུའི་ག་ཤས་བརྒྱན། །ལག་ན་ཆུ་སྲིན་རྒྱལ་མཚན་ཐོགས། །མདོས་བདག་ཆེན་པོས་མདོས་བཞེས་ཤིག །སྲིད་པའི་མཚོ་བདུན་ནང་ཤེད་ནས། །ཕུང་བྱེད་དྲེགས་པའི་གཟུགས་སུ་སྣང་། །དབུ་ལ་ཡིད་བཞིན་ནོར་བུས་བརྒྱན། །ཕྱག་ན་དོན་ཡོད་ཞགས་པ་བསྣམས། །མཁའ་ལ་ཡིད་བཞིན་ཆར་འབེབས་ཤིང་། །རྒྱ་མཚོ་མཐའ་བཞི་རྦ་རླབས་ནས། །ཀླུ་བྲན་ཐམས་ཅད་ཆོ་ངེ་བརྡུང་། །འདིར་བྱོན་ཚེ་སྲོག་གླུད་བཞེས་ཤིག །ནམ་མཁའི་ཁམས་ན་གནས་པ་སྟེ། །མ་ཧཱ་དེ་ཝ་ལྷ་ཆེན་པོ། །བཙུན་མོ་ཨུ་མ་འཁོར་དང་བཅས། །བཻ་ཌཱུར་སྔོན་པོའི་སླག་པ་ལ། །གཟའ་སྐར་ཐོད་ཕྲེང་ཕྲེང་བས་བརྒྱན། །ལག་ན་དུང་གི་ཟོ་བ་ཐོགས། །ནོར་ལྷ་ཆེན་པོའི་མིང་ནས་བྱུང་། །མདོས་བདག་ཆེན་པོས་མདོས་བཞེས་ཤིག །རྒྱལ་པོ་ཆེན་པོ་སྡེ་བཞི་ཡང་། །འཇིག་རྟེན་སྐྱོང་བར་མཚན་གྲགས་པའི། །ལྷ་མི་ཡོངས་ཀྱི་འཁོར་སྐྱོང་ཞིང་། །ལྷ་མ་ཡིན་གྱི་གཡུལ་བཟློག་པ། །ཁ་དོག་ལས་བཞིའི་མདོག་ཏུ་གསལ། །རྒྱན་རྣམས་རིན་ཆེན་ཤར་བུས་མཛེས། །དབུ་ལ་སངས་རྒྱས་ལྔ་ཡིས་མཛེས། །ཕྱག་ན་རིན་ཆེན་ཕྱག་རྒྱས་མཛེས། །མདོས་བདག་ཆེན་པོས་མདོས་བཞེས་ཤིག །ཉི་མ་བྱང་ཤར་མཚམས་ཤེད་ནས། །དཔག་བསམ་ཤིང་གི་རྩ་བ་ན། །ཀེང་རུས་བརྩེགས་པའི་གདན་སྟེང་ན། །དམ་རྫས་ལྔ་ལ་ལོངས་སྤྱོད་ཅིང་། །ཞིང་ཆེན་གཡང་གཞིའི་སླག་


DNG023_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ། །རཀྟའི་ཐིག་ལེ་འབར་བས་བརྒྱན། །ཐོད་པ་ཚར་གསུམ་སྐུ་ལ་བརྒྱན། །རིགས་བཞི་སྦྲུལ་གྱི་རྒྱན་གྱིས་བརྒྱན། །སྲིན་མོ་འབུམ་གྱི་དབུས་ནས་འགྱིང་། །མདོས་བདག་ཆེན་པོས་མདོས་བཞེས་ཤིག །ཉི་མ་བྱང་ཤར་མཚམས་ཤེད་ནས། །བསེ་མཁར་ནི་ཁྲ་བོ་ལ། །དངུལ་གྱི་ནི་མཐའ་བསྐོར་ཅིང་། །ཟངས་ཀྱིས་ནི་སྒོ་གསལ་ལ། །དེ་ཡི་ནི་བདག་མོ་ལ། །ལུས་ལ་ཟངས་ཀྱི་སླག་པ་ལ། །དུང་གི་ཐིག་ཕྲན་ཕྲེང་བས་བརྒྱན། །གཡོན་པ་ལྕགས་ཀྱུ་འབར་བ་ལ། །གཡས་པས་སྤུ་གྲིས་གསོད་ཅིང་གཅོད། །མདོས་བདག་ཆེན་པོས་མདོས་བཞེས་ཤིག །སྲིད་པའི་བསྐང་ལུང་ལས། ཕོ་སྐོང་གི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། །།ཕྲ་མེན་རྒྱ་མཚོས་ཡང་གསོལ་པ། །བརྟན་མའི་བྱེ་བྲག་གང་ལགས་པ། །ཡང་དག་རྫོགས་ཀྱིས་བཤད་དུ་གསོལ། །རྫོགས་སངས་རྒྱས་ཀྱིས་བཀའ་སྩལ་པ། །ལྷ་མོ་བརྟན་མའི་བྱེ་བྲག་རྣམས། །ངས་བསྟན་པ་ལ་སེམས་ཐུད་ཅིག །དཀྱིལ་འཁོར་བཞི་ཡི་བྱང་ཤར་དུ། །མཎྜལ་གྲུ་གང་འཁོར་རྒྱུད་ལས། །དབུས་སུ་ཡབ་ཡུམ་བསྐྱེད་བྱས་ཏེ། །དཔལ་གྱི་གཏོར་མ་བཏེགས་བྱས་ཏེ། །བཅོམ་ལྡན་ཆེ་མཆོག་ཧེ་རུ་ཀ །མཛད་པ་མཐར་ཕྱིན་ཆེ་བའི་སྐུ་མངའ་བ། །ཐུགས་རྗེ་རྒྱུན་གྱིས་འགྲོ་དོན་རྫོགས་པར་མཛད། །ཡབ་ཡུམ་གཉིས་མེད་བཀའ་ཡི་གཏོར་མ་བཞེས། །ཐོད་པ་རློན་པའི་ཕྱག་རྒྱ་མདུད་ལ། ཨོཾ་ཤྲཱི་ཧེ་རུ་ཀ་ཀྲོ་དྷཱི་ཤྭ་རཱི་ས་མ་ཡ་ཨ་མྲྀ་ཏ་བ་ལིཾ་ཏ་ཁཱ་ཧི། ཞེས་བསྟབ་བོ། །བཅོམ་ལྡན་དཔལ་ཆེན་ཧེ་རུ་ལ། །དཀར་མོ་བཅུ་གསུམ་འཁོར་གྱིས་བསྐོར་བ་ནི། །ཐུགས་རྗེ་ལས་ཀྱི་འབྲས་བུ་མཆིས་པར་མཛོད། །མུཾ་དཾ་ཥྚ་ཡོ་གི་ནཱི་ཨ་མྲྀ་ཏ་ཁཱ་ཧི། བཅོམ་ལྡན་དཔལ་ཆེན་ཧེ་རུ་ལ། །ནག་མོ་བཅོ་བརྒྱད་ཚོགས་ཀྱིས་བསྐོར་བ་ནི། །ཐུགས་རྗེ་ལས་ཀྱི་འབྲས་བུ་མཆིས་པར་མཛོད། །ཁ་མུན་བ་ཏི་ཡ་ཧཱུཾ་བྷྱོ་ཁཱ་ཧི། ཞེས་བསྟབ། བཅོམ་ལྡན་དཔལ་ཆེན་ཧེ་རུ་ལ། །སྐུ་ཡི་ཁྲོ་བོ་བཅུ་དྲུག་བསྐོར་བ་ནི། །སྐུ་མཆོག་འབར་བའི་ཕྲིན་ལས་མཛད་དུ་གསོལ། །ཨོཾ་ཤྲཱི་ཧེ་རུ་ཀ་ཨཱ་གཙྪ་ཡ་ཤཱནྟིཾ་ཁཱ་ཧི། ཞེས་བསྟབ། བཅོམ་ལྡན་དཔལ་ཆེན་ཧེ་རུ་ལ། །གསུང་གི་ཁྲོ་བོ་བཅུ་དྲུག་བསྐོར་བ་ནི། །གསུང་


DNG023_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་འབར་བའི་ཕྲིན་ལས་མཛད་དུ་གསོལ། །ཨོཾ་ཤྲཱི་ཧེ་རུ་ཀ་བྷ་ག་བཱན་གརྦྷ་བ་ལིཾ་ཁཱ་ཧི། བཅོམ་ལྡན་དཔལ་ཆེན་ཧེ་རུ་ལ། །ཐུགས་ཀྱི་ཁྲོ་བོ་བཅུ་དྲུག་བསྐོར་བ་ནི། །ཐུགས་མཆོག་འབར་བའི་ཕྲིན་ལས་མཛད་དུ་གསོལ། །ཨོཾ་ཤྲཱི་ཧེ་རུ་ཀ་ཙིཏྟ་ཁ་སྟྭ་མཱ་ར་ཡ་ཁཱ་ཧི། བཅོམ་ལྡན་དཔལ་ཆེན་ཧེ་རུ་ལ། །རྫོགས་ཆེན་ཁྲོ་བོ་བཅུ་དྲུག་བསྐོར་བ་ནི། །ཡོན་ཏན་འབར་བའི་ཕྲིན་ལས་མཛད་དུ་གསོལ། །སྭཱ་ཤྲཱི་ཧེ་རུ་ཀ་རཏྣ་ཀེ་ཏུ་པུཥྚིཾ་ཁཱ་ཧི། བཅོམ་ལྡན་དཔལ་ཆེན་ཧེ་རུ་ལ། །སྤྲུལ་པའི་བུ་མོ་བརྒྱད་ཀྱིས་བསྐོར་བ་ནི། །བཀའ་ཡི་གཏོར་མ་འདི་འབུལ་གྱི། །ལས་ཀྱི་འབྲས་བུ་མཆིས་པར་མཛོད། །ཀྲོ་ཏཱི་ཤྭ་རཱི་བ་སཱ་ཏ་རག་ཏ་ཁཱ་ཧི། བཅོམ་ལྡན་དཔལ་ཆེན་ཧེ་རུ་ལ། །སེར་མོ་ལྔ་བཅུ་རྩ་དྲུག་ཚོགས་ཀྱིས་བསྐོར་བ་ནི། །བཀའ་ཡི་གཏོར་མ་འདི་འབུལ་ན། །ལས་ཀྱི་འབྲས་བུ་མཆིས་པར་མཛོད། །ཀྲོ་ཏཱི་ཤྭ་རཱི་ཙིཏྟ་རག་ཤ་དེ་བ་ཁ་དུར་ནི་ཁཱ་ཧི། བཅོམ་ལྡན་དཔལ་ཆེན་ཧེ་རུ་ལ། །ཤྭ་ན་མུ་ཁའི་ཚོགས་ཀྱིས་བསྐོར་བ་ནི། །སྐུ་ཡི་འབྲས་བུ་མཆིས་པར་མཛོད། །ཀཱ་ཡ་དུ་ར་ཀ་ཏོ་ཡ་ཏི་ཁཱ་ཧི། བཅོམ་ལྡན་དཔལ་ཆེན་ཧེ་རུ་ལ། །གསུང་གི་ཕོ་ཉའི་ཚོགས་ཀྱིས་བསྐོར་བ་ནི། །ཀུ་མ་རཱ་ཙ་ཁ་དུར་ཏྲི་ཀ་ན་ར་ཁཱ་ཧི། བཅོམ་ལྡན་དཔལ་ཆེན་ཧེ་རུ་ལ། །ཐུགས་ཀྱི་ཕོ་ཉའི་ཚོགས་ཀྱིས་བསྐོར་བ་ནི། །ཐུགས་ཀྱི་ཕྲིན་ལས་འབྲས་བུ་མཆིས་པར་མཛོད། །རཀྴ་ཀྲོ་དྷཱི་ཤྭ་རཱི་ཏ་རི་ཀ་ཏ་ར་ཁཱ་ཧི། འཇིགས་བྱེད་ཡབ་ཡུམ་འཁོར་བཅས་ལ། །ཁ་འབར་རྩ་འདྲེན་བརྒྱད་ཀྱིས་བསྐོར་བ་ལ། །ཐུགས་ཀྱི་ཕྲིན་ལས་གྲུབ་པར་མཛད་དུ་གསོལ། །ཙ་དུར་ཁ་ས་པ་ཏི་རག་ཏི་རག་དུར་ཁཱ་ཧི། དེ་ནས་དཔལ་ཆེན་ཡབ་ཡུམ་ལ། །བདུད་མོ་བཞི་དང་གནོད་སྦྱིན་བཞི། །སྨན་ཕྲན་བཞི་ཡིས་བསྐོར་བ་རྣམས། །བཀའ་ཡི་གཏོར་མ་འདི་བཞེས་ལ། །ལས་ཀྱི་འབྲས་བུ་མཆིས་པར་མཛོད། །སྲིད་པའི་ཕྲ་མེན་རྒྱ་མཚོ་ལ་སོགས་པ་ལ། །སྲིད་པ་གསལ་བའི་དོན་དུ་གཏད་པའོ། །སྒྲུབ་མཆོག་རྣལ་འབྱོར་རྣམས་དང་འཕྲད་པར་ཤོག །སྲིད་པའི་བརྟན་མ་ལས་ཀྱི་རྒྱ་མཚོའོ། །སྲིད་པ་མཚོ་བཞིའི་ལེའུ་ཐ་མ་སྟེ་ཉི་ཤུ་རྩ་གཉིས་པའོ།། །།རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྲིད་པ་མཚོ་བཞིའི་རྒྱུད་ཅེས་བྱ་བ་རྫོགས་སོ།། །། 

མ་མོ་འདུས་པའི་ཏནྟྲ།


DNG023_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་མོ་ལ་ཕྱག་འཚལ་ལོ། །འདས་པའི་དུས་མ་བྱུང་བའི་སྔོན་རོལ་ན། སེམས་ཅན་ཐམས་ཅད་སེམས་མྱ་ངན་ལས་བཟླ་བ་དང་། ཐེ་ཚོམ་བཅད་པ་བཅད་པའི་ཕྱིར། རྡོ་རྗེ་སེམས་དཔས་གསོལ་པ། གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །འཇིག་རྟེན་པ་ཡི་ཆོས་རྣམས་ལ། །སེམས་ཉིད་མྱ་ངན་ཇི་ལྟར་བཟླ། །རྟག་ཆད་མཐའ་ཉིད་གང་དུ་བསྡུ། །ཡང་དག་རྫོགས་ཀྱིས་བཀའ་སྩོལ་ཅིག །དེ་སྐད་གསོལ་པ་གསན་ནས་ཀྱང་། །ཉག་གཅིག་ཡབ་ཀྱིས་བཀའ་སྩལ་པ། །སྣོད་ཀྱི་འཇིག་རྟེན་ཀུན་བཟང་ཟླ། །བཅུད་ཀྱི་འཇིག་རྟེན་སངས་རྒྱས་རྒྱུ། །ཕྱི་ནང་སྣོད་བཅུད་རྣམ་པར་དག །རྟག་ཆད་མཐའ་གཉིས་མྱ་ངན་འདས། །གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །སྟོན་པ་རྣམ་གསུམ་གང་ལ་བགྱི། །སྡུད་པ་རྣམ་གསུམ་གང་ལ་བགྱི། །གནས་ཞེས་བགྱི་བ་ཇི་ལྟ་བུ། །གནས་ལ་ངེས་པ་དུ་ཞིག་མཆིས། །དུས་ཞེས་བགྱི་བ་ཇི་ལྟ་བུ། །དུས་ལ་རྣམ་པ་དུ་ཞིག་མཆིས། །ཡང་དག་རྫོགས་ཀྱིས་བཀའ་སྩོལ་ཅིག །ཉོན་ཅིག་གཡུང་དྲུང་ཡང་དག་པ། །སྟོན་པ་རྣམ་གསུམ་རིག་པའི་གཏེར། །འཕོ་འགྱུར་མེད་པས་གནས་ཞེས་བྱ། །ཡང་དག་དོན་རྟོགས་དུས་ཞེས་བྱ། །གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །ལྷ་ལ་རྣམ་པ་དུ་ཞིག་མཆིས། །འཁོར་ལ་རྣམ་པ་དུ་ཞིག་མཆིས། །ལུང་ལ་རྣམ་པ་དུ་ཞིག་མཆིས། །ཡང་དག་རྫོགས་ཀྱིས་བཀའ་སྩོལ་ཅིག །ཉོན་ཅིག་གཡུང་དྲུང་ཡང་དག་པ། །ལྷ་ལ་རྣམ་པ་གསུམ་དུ་བསྟན། །འཁོར་ལ་རྣམ་པ་གསུམ་དུ་བསྟན། །ལུང་ལ་རྣམ་པ་གསུམ་དུ་བསྟན། །གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །རྒྱུད་ཅེས་བྱ་བ་ཇི་ལྟར་ལགས། །ལུང་ཞེས་བྱ་བ་ཇི་ལྟར་ལགས། །མན་ངག་བགྱི་བ་ཇི་ལྟར་ལགས། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །རྒྱུད་ཅེས་བྱ་བ་འདྲེལ་པའི་དོན། །ལུང་ཞེས་བྱ་བ་སྟོན་པའི་བཀའ། །མན་ངག་བྱ་བ་ལ་བཟླའོ། །གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །ཡུམ་གྱི་དབྱིངས་


DNG023_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གང་ལ་བགྱི། །ཡབ་ཀྱི་མཁའ་ཞེས་གང་ལ་བགྱི། །འཁོར་བའི་གནས་འདི་མི་འཚལ་ན། །ཀློང་ཞེས་བྱ་བ་ཇི་ལྟ་བུ། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །འདུ་འབྲལ་མེད་པ་ཡུམ་གྱི་དབྱིངས། །སྐྱེ་ཤི་མེད་པ་ཡབ་ཀྱི་མཁའ། །བླང་དོར་མེད་པ་བདེ་བའི་ཀློང་། །བདེ་བ་ཆེན་པོ་དོན་རྟོགས་ན། །བླང་དོར་མེད་པ་དེ་ཡིས་གྲུབ། །གཉིས་མེད་དོན་རྟོགས་དེ་ཡི་ངང་། །གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །ཆོས་ཉིད་རྟོགས་པ་གཡུང་དྲུང་ལྷ། །སེམས་ཉིད་རྟོགས་པའི་ལ་དོར་བ། །འགྱུར་མེད་དོན་ཆེན་བརྗོད་པ་གང་། །དེ་སྐད་གསོལ་པ་གསན་ནས་ཀྱང་། །མངོན་རྫོགས་ཡབ་ཀྱིས་བཀའ་སྩལ་པ། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །ཆོས་ཉིད་རྟོགས་པའི་གཡུང་དྲུང་བའི། །སེམས་ཉིད་དོན་གྱི་ངོ་བོ་ལ། །རྫོགས་པའི་ལྟ་བ་ལ་དོར་བའོ། །གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །མ་ཞེས་བྱ་བ་གང་གི་མཁའ། །མོ་ཞེས་བྱ་བ་གང་གི་ཀློང་། །མ་མོའི་གཏན་ཚིགས་ཇི་ལྟར་ལགས། །འབྱུང་བ་ལྔ་པོ་གང་ལས་གྲུབ། །སངས་རྒྱས་རྒྱུ་ཉིད་གང་གིས་གྲུབ། །བདེ་བ་ཆེན་པོ་ངང་ཉིད་ལས། །རྒྱུ་རྐྱེན་གཉིས་ཀྱིས་བསྐྱེད་ལགས་སམ། །འགྱུར་བ་ལྷ་ཡི་ངང་ཉིད་ལས། །འདི་ལ་འཕོ་འགྱུར་མཆིས་ལགས་སམ། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །ཆེ་བས་ཆེ་བ་ཟབ་མོ་འདི། །ཤེས་རབ་ཐབས་ལ་བརྟེན་ཏེ་གྲུབ། །མ་དང་མོ་ཡི་དོན་རྟོགས་ན། །མ་བགྲོད་ས་རྣམས་ངེས་པར་ཐོབ། །ཡིད་བཞིན་ནོར་བུ་མ་བཙལ་རྙེད། །ཡེ་ཤེས་ཉི་མ་རང་ལ་ཤར། །ཆེན་པོ་ལྔ་ཡི་ངང་ཉིད་དུ། །ཐམས་ཅད་མ་ལུས་སངས་རྒྱས་སོ། །ཧཱུཾ་ཧཱུཾ་ཧཱུཾ། གསང་བའི་མགུར་ཆེན་པོའི་ལེའུ་སྟེ་དང་པོའོ།། །།ཏིང་འཛིན་དབང་ཆེན་དཀྱིལ་འཁོར་བསྐྱེད། །བདག་ཉིད་ཆེ་མཆོག་སྐུར་བསྒོམས་ལ། །ཐམས་ཅད་མ་ལུས་དབང་དུ་བསྡུ། །མན་ངག་མཛུབ་ཚུགས་དོན་ལ་རྣམ་པ་དྲུག་ཏུ་བསྟན། །གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །སེམས་ཅན་དུས་མིན་འཆི་བ་རྣམས། །དེ་ལ་བཟློག་ན་ཇི་ལྟར་བཟློག །བསྐང་བའི་གནས་ལྔ་ཇི་ལྟར་ལགས། །ཡང་དག་རྫོགས་ཀྱིས་བཀའ་


DNG023_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

སྩལ་པ། །དེ་སྐད་གསོལ་པ་གནས་ནས་ཀྱང་། །སེམས་ཅན་དུས་མིན་འཆི་བའི་ཚེ། །བསྐང་བའི་གནས་རྣམས་འདི་རྣམས་སོ། །ཧཱུཾ་སྣང་སྲིད་ཐམས་ཅད་ཡུམ་གྱི་བྷ་ག་སྟེ། །དུས་གསུམ་བདེ་གཤེགས་ཡུམ་གྱི་དབྱིངས་ནས་བསྐྱེད། །དབུས་ཀྱི་ཡུམ་དང་ཆེ་མཆོག་ཡབ་ཡུམ་ཚོགས། །མུ་མཁར་ཁྱབ་པའི་ཐུགས་གསུམ་བདག་སྐོང་ན། །ཐམས་ཅད་སྐོངས་ནས་དབང་དང་དངོས་གྲུབ་གསོལ། །ཧཱུཾ་ཤར་ཕྱོགས་རྡོ་རྗེ་རིགས་ཀྱི་གཙོ། །རྡོ་རྗེ་དབྱིངས་ཕྱུག་མི་ཕྱེད་མ། །བསྐང་ངོ་བསྐལ་པའི་ཐུགས་དམ་བསྐང་། །ལྷོ་ཕྱོགས་རིན་ཆེན་རིགས་ཀྱི་གཙོ། །རིན་ཆེན་དབྱིངས་ཕྱུག་མི་ཕྱེད་མ། །བསྐང་ངོ་བསྐལ་པའི་ཐུགས་དམ་བསྐང་། །ནུབ་ཕྱོགས་པདྨ་རིགས་ཀྱི་གཙོ། །པདྨ་དབྱིངས་ཕྱུག་མི་ཕྱེད་མ། །བསྐང་ངོ་བསྐལ་པའི་ཐུགས་དམ་བསྐང་། །བྱང་ཕྱོགས་ལས་ཀྱི་རིགས་ཀྱི་གཙོ། །ལས་ཀྱི་དབྱིངས་ཕྱུག་མི་ཕྱེད་མ། །བསྐང་ངོ་བསྐལ་པའི་ཐུགས་དམ་བསྐང་། །དབྱིངས་ཀྱི་མ་ཆེན་བརྒྱད་རྣམས་དང་། །ཡུལ་གྱི་སྲིང་མོ་བརྒྱད་རྣམས་ཀྱང་། །བསྐང་ངོ་བསྐལ་པའི་ཐུགས་དམ་བསྐང་། །བསྐལ་ལེ་ཆུང་ངུ་གསང་བ་མགུར་ཆུང་གི་ལེའུ་སྟེ་གཉིས་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །བསྟན་པ་གཉན་པོ་འཇིག་བྱེད་ཅིང་། །ལུ་གུ་རྒྱུད་ལས་འགལ་བྱེད་པ། །སེམས་ཅན་ཀུན་ལ་གནོད་བྱེད་པའི། །རྟག་ཏུ་གདུག་པའི་སེམས་ཅན་རྣམས། །ལུས་སེམས་སོ་སོར་དབྲལ་བའི་ཕྱིར། །ལྷ་དང་དབྱེ་བ་ཇི་ལྟར་ལགས། །རྫོགས་སངས་རྒྱས་ལ་བདག་ཉན་འཚལ། །དེ་སྐད་གསོལ་པ་གསན་ནས་ཀྱང་། །ངོ་མཚར་ལྷ་ཡིས་བཀའ་སྩལ་པ། །རྟག་ཏུ་གདུག་པའི་སེམས་ཅན་རྣམས། །ལུས་སེམས་སོ་སོར་ཕྲལ་བའི་ཕྱིར། །དབྱེ་བའི་ལས་རྣམས་ངས་བསྟན་གྱི། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །འགོ་བའི་ལྷ་དང་བྲལ་བའི་ཕྱིར། །བྱ་རོག་འུག་པའི་དང་རུ་ལ། །ཨ་དང་ནྲྀ་ཡི་ཡི་གེ་བྲི། །དམེ་བ་མགར་གྱི་དྲེག་པས་བསླན། །ཤོག་ཤོག་ཚོན་གང་གྲུ་བཞི་ལ། །ལྷ་དང་མི་ཡི་མིང་བྲིས་ལ། །ཚོན་སྐུད་སྣ་ལྔས་བྱད་དུ་གཞུག །


DNG023_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

རྐང་དུ་ཛ་དུར་བཅུག་ནས་ནི། །འོག་ཏི་ཕྱིན་ཕྱོགས་དག་ཏུ་བསྟན། །དུ་ར་ནག་པོའི་རྟ་རྐང་བསྡམ། །གོང་མའི་ལས་རྣམས་བསྐྱར་ལ་བྱ། །དེས་ནི་མཚན་མ་འབྱུང་བར་འགྱུར། །དེས་ཀྱང་མཚན་མ་མ་བྱུང་ན། །འདའ་ར་པ་ཏིའི་སོག་པ་ལ། །མཎྜ་ལ་ཡི་དར་གྱིས་དཀྲི། །ཨ་ཏི་ར་ཡི་ཐག་པས་བཅིངས། །ད་ར་པ་ཏི་རྒྱུད་པས་གདགས། །སྦ་མ་ཏི་ཡི་དུད་པས་བདུག །འབྲིག་ཤ་ཤིང་ལ་བཏགས་ནས་ཀྱང་། །དད་ལ་ཕྱར་ཏེ་སྡང་མིག་བལྟ། །ཨ་ཏ་ར་ཡི་ལྕགས་ཀྱིས་བྲབ། །རྦ་ན་ཏི་ཡི་དུད་པས་བདུག །ཨ་ར་མ་ཏིའི་མདའ་ཡིས་བརྡེག །གུ་པ་ར་ཡི་མགུལ་ཏུ་བཏགས། །མ་ལ་ཏི་ཡི་མདོམས་ནས་དབྱུང་། །ས་འབར་མ་ཡི་སྙིང་པོ་བཟླས། །རྣ་མཉན་ཕྲ་མའི་གཟུགས་བྲིས་ལ། །ལྷ་དང་མི་ཡི་བར་དུ་གཞུག །མ་ར་ཎ་ཡི་སྔགས་ཀྱིས་དབྱེ། །མཚོན་ཆའི་ཕྱག་རྒྱ་བཅས་ནས་སུ། །གཟུགས་ལ་རྣམ་པར་བརྡེག་པར་བྱའོ། །རཀྵ་ཏུའི་དྲག་སྔགས་ཀྱིས་གདབ། །ལྕགས་ཀྱུའི་ཕྱག་རྒྱ་གཉིས་བཅིངས་ནས། །ཨཾ་ཀུ་ཤ་ཡི་སྔགས་ཀྱིས་དྲང་། །ཞགས་པའི་ཕྱག་རྒྱ་གཉིས་བཅིངས་ནས། །པཱ་ཤ་ཧཱུཾ་གི་སྔགས་ཀྱིས་བཅིངས། །ལྕགས་སྒྲོག་ཕྱག་རྒྱ་གཉིས་བཅིངས་ནས། །སྥོ་ཊ་བཾ་གྱི་སྔགས་ཀྱིས་བསྡམ། །དྲིལ་བུའི་ཕྱག་རྒྱ་གཉིས་བཅིངས་ལ། །གྷཎྜ་ཧོཿཡི་སྔགས་ཀྱིས་གདབ། །བདག་ཉིད་དབང་ཆེན་སྐུར་བསྒོམས་ཏེ། །སྤྲོ་བ་དྲུག་རྣམས་གནད་ལ་གདབ། །གོང་མའི་ལས་རྣམས་བསྐྱར་ལ་བྱ། །དེས་ནི་མཚན་མ་འབྱུང་བར་འགྱུར། །དེས་ཀྱང་མཚན་མ་མ་བྱུང་ན། །འདའ་ར་དི་ཏིའི་སོག་པ་ལ། །ནུ་ཏ་མ་ཡི་ཁྲག་གིས་བྲིས། །འདའ་ན་ནག་ནི་ས་དོང་དུ་གཞུག །ཆེ་མཆོག་ཡབ་ཡུམ་བསྒོམས་ནས་ནི། །སྨན་མོའི་སྔགས་དང་ཕྱག་རྒྱས་གདབ། །བསྐུལ་བའི་ཕྲིན་ལས་གཞུང་བཞིན་བྱ། །ཉེ་འབྱེད་ཀྱི་ལེའུ་སྟེ་གསུམ་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །བསྟན་པ་གཉན་པོ་འཇིག་བྱེད་ཅིང་། །ལུ་གུ་རྒྱུད་ལས་འགལ་བྱེད་པ། །སེམས་ཅན་ཀུན་ལ་


DNG023_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་བྱེད་ཡིད། །རྟག་ཏུ་གདུག་པའི་སེམས་གྱུར་ལ། །ནན་ཏུར་ལས་རྣམས་ཇི་ལྟར་ལགས། །རྫོགས་སངས་རྒྱས་ལ་བདག་ཉན་འཚལ། །དེ་སྐད་གསོལ་པ་གསན་ནས་ཀྱང་། །ངོ་མཚར་ལྷ་ཡིས་བཀའ་སྩལ་པ། །རྟག་ཏུ་གདུག་པའི་སེམས་གྱུར་ཏེ། །སེམས་ཅན་ཀུན་ལ་གནོད་པ་ལ། །ནན་ཏུར་ལས་རྣམས་ངས་བསྟན་གྱིས། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །སྲོག་ལུས་རྩ་ནས་སྐམ་པའི་ཕྱིར། །ར་སོག་གྲོ་ག་ཤིང་ཤུན་ནམ། །གཡམ་པ་སྔོན་པོའི་ངོས་དག་ལ། །ཁྱི་ཁྲག་ར་ཁྲག་གསོལ་བ་ཡིས། །དགྲ་བོའི་གཟུགས་དག་བྲིས་ནས་ནི། །ཚེར་མ་ཅན་གྱི་ཤིང་དག་ལ། །རྫས་ཀྱི་བྲྀཀྵའི་ཤིང་བུ་ལ། །དམར་ཏི་དམར་པོའི་ལྕག་འབྲས་གདགས། །དགྲ་བོའི་གཟུགས་ལ་བརྡེག་པར་བྱའོ། །ཡང་ན་ཀ་སའི་ཤུན་པ་ལ། །ན་ས་ཀུ་རུ་ཏ་ཡིས་ནི། །འགྲོ་བའི་མཁའ་འགྲོ་ལྔ་པོ་ཡང་། །ཙ་ར་མ་ཏི་ཏི་ཡིས་ནི། །ལྟེ་བར་ཆགས་འཛིན་སྤུན་གཉིས་བྲི། །རྐང་པ་གཉིས་ལ་མ་བདུན་ནི། །གཡས་པའི་དུམ་བུ་བཞི་པོ་ལ། །ཕུང་བྱེད་སྦས་པའི་མ་བཞི་ནི། །གཡོན་པ་དུམ་བུ་བཞི་པོ་ལ། །ཁྲོས་པའི་དབང་ཆེན་བཞི་པོ་ནི། །གསང་བའི་ཡུམ་བཞི་ཀླད་པ་ལ། །ཉི་ཟླ་ཐོད་ཕྲེང་སྙིང་གི་དཀྱིལ། །ཕྲ་མེན་རྒྱ་མཚོ་མཁའ་ལའོ། །ཕུང་གི་བདག་མོ་བཞུགས་སུ་གསོལ། །ཕྱི་མའི་དམན་མོ་འཁོར་རྣམས་ཀྱིས། །གུང་རྩིབས་འཁོར་དང་ལོ་རེ་ལའོ། །ཨ་ཕྱི་ཆེན་པོ་གཞུངས་པ་ལའོ། །དུས་དྲུག་རྒྱུ་བའི་དགྲ་བོ་ནི། །ཤ་བ་གཉན་དང་བ་གླང་ངོ་། །འདི་རྣམས་ནམ་གྱི་གུང་ལ་རྒྱུ། །རྟ་དང་ལུག་དང་ར་གསུམ་ནི། །འདི་ནི་ཉིན་བཞིན་རྒྱུ་བའོ། །རྗེ་ཁོལ་དྲུག་ཅུ་རྩ་བརྒྱད་དང་། །དུས་དྲུག་རྒྱུ་བ་དེ་བཞིན་ནོ། །མྱུར་དུ་བཟླས་པའི་སྔགས་རྣམས་ནི། །གོང་གི་སྔགས་རྣམས་བཟླས་པ་ཡིན། །སྔགས་ཉུང་དག་ལ་ཁྲི་འབུམ་དུ། །བཟླས་ནས་དགྲ་ལ་བརྡེག་པར་བྱ། །གཡོན་གྱི་དམེ་ལག་བཅད་ནས་ནི། །རང་གི་དཔྲལ་བའི་དབྱེས་སུ་བཞག །བདུད་ཀྱི་ཆས་སུ་ཞུགས་


DNG023_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ནི། །སྐྲ་བཤིག་མིག་ནས་མཆི་མ་ཕྱུང་། །དེ་ཕྱོགས་ཉིད་དུ་བསྟན་པས་ནི། །ང་རོ་དྲག་ཏུ་བཟླས་ནས་ཀྱང་། །གཡས་པའི་ཕྱག་རྒྱ་སྡིགས་མཛུབ་ཀྱིས། །སྔགས་འདི་དྲག་ཏུ་བཟླས་ལ་བརྡེག །སྙིང་ལ་ཟོ་ཞིག་ལཱ་མཱ་ཤ །རོ་ལ་ཤ་ཁྲག་འཐུང་ཀངྐ་ཀ་ཤ་ཟ་ན་ཡང་ཏ་སར་ལ་ཧོ། ཤ་ལ་ཀྱི་སྤྱང་ཀྲ་ཧེ་ཀྲ་ཧེ། བཛྲ་བནྡྷ་བྷྱོ་རུ་ལུ་རུ་ལུ། ཤ་ཁྲག་སྐམས་པའི་ལེའུ་སྟེ་བཞི་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །དམ་ལས་འདས་པའི་སྔགས་གཟེར་དང་། །འཇིག་རྟེན་མཚན་མ་བྱོལ་བ་དང་། །ལྷ་འདྲེ་རྫུ་འཕྲུལ་དྲག་གཡོས་ན། །ངན་སྔགས་རྫུ་འཕྲུལ་ཇི་ལྟར་བཟློག །རྫོགས་སངས་རྒྱས་ལ་བདག་ཉན་འཚལ། །དེ་སྐད་གསོལ་པ་གསན་ནས་ཀྱང་། །ངོ་མཚར་ལྷ་ཡིས་བཀའ་སྩལ་པ། །དམ་ལས་འདས་པའི་སྔགས་གཟེར་དང་། །འཇིག་རྟེན་མཚན་མ་བྱོལ་བ་དང་། །དྲེགས་མྱོས་པ་ཡི་རྫུ་འཕྲུལ་དག །བཟློག་པའི་ལས་རྣམས་ངས་བསྟན་གྱིས། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །ངན་སྔགས་པར་བུ་བཟློག་པའི་ཕྱིར། །གཏན་ཚིགས་མན་ངག་འདི་གསུངས་སོ། །བ་ཀོ་འདྲ་བའི་མཎྜལ་བྱས། །འཇིག་རྟེན་མཚན་མ་བྱོལ་བ་དང་། །མཎྜལ་མཆོད་པ་གཞུང་བཞིན་བྱ། །སཱཙྪ་ཙ་ཏི་མང་དུ་གདབ། །ཕྱི་ཡི་བཤགས་པ་གཞུང་བཞིན་བྱ། །དེ་ནས་གསང་བའི་མཚམས་ཀྱང་བཅད། །དེ་ནས་དཀྱིལ་འཁོར་གཞུང་བཞིན་བྱ། །ནང་གི་རཱུ་པ་སརྦ་བཏང་། །བསྐང་གསོ་སྤང་སྐོང་གྲངས་ཀྱིས་གདོན། །བསྐང་བའི་གནས་ལྔ་གཞུང་བཞིན་བྱ། །མ་ཧཱ་ཤཱནྟིཾ་མཆོད་པར་བྱ། །མ་མོར་གྱུར་པ་ཀུན་ཀྱང་བསྐང་། །ཡོ་བྱད་ནག་པོ་གཞུང་བཞིན་བཏང་། །རྟགས་དང་མཚན་མ་ཞིབ་ཏུ་བརྟགས། །རྟགས་དང་མཚན་མ་ཟིན་པ་དང་། །སྐོང་ཟློག་ཆོ་ག་གཞུང་བཞིན་བྱ། །དེས་ནི་མཚན་མ་བཟློག་པར་འགྱུར། །དེ་ནས་བསྐྱར་ཏེ་ཡང་གསུངས་པ། །བསྐང་བ་དེས་ཀྱང་མ་སྐོང་ན། །དབང་གི་རྒྱལ་མོའི་སྐུར་བསྒོམས་ལ། །རྩ་བ་གང་ཡིན་མ་མོ་དེ། །ཀུ་ཤ་ལ་ནི་གཟུགས་བྱས་ལ། །


DNG023_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་བསྡུས་ཏེ་རྒྱ་ཡིས་བསྡམ། །སྨན་མོ་ལྔ་བཅུ་རྩ་གསུམ་ཡང་། །ཤིང་ཤུན་དག་ལ་གཟུགས་བྱས་ལ། །དར་བ་ཏི་ཡི་རྒྱུད་པས་གདགས། །ཡེ་ཤེས་རྗེ་མོ་བཅུ་བཞི་ཡང་། །ཆེ་མཆོག་སྐུ་རུ་བསྒོམས་ནས་ནི། །མགོ་ལུས་བསྣོལ་ཏེ་གདན་དུ་གདིང་། །དེས་ནི་ངན་སྔགས་ཟློག་པར་འགྱུར། །དེས་ཀྱང་ལས་རྣམས་མ་གྲུབ་ན། །བརྟགས་ཏེ་རྩ་བ་གང་ཡིན་ལ། །ཤོག་ཤོག་དག་ལ་གཟུགས་བྱས་ལ། །མཆོག་གི་ཕུར་པ་དག་གི་བརྡེག །སྨན་མོ་ལྔ་བཅུ་རྩ་གསུམ་ཡང་། །འཇག་མ་དག་ལ་གཟུགས་བྱས་ལ། །ཟངས་ཀྱི་ཕུར་པ་དམར་པོས་གདབ། །དབུས་ཀྱི་མ་མོ་རྣམ་གསུམ་ཡང་། །ཞིང་གི་ཤུན་པའི་རས་མ་ལ། །ཁྲག་དང་མཚལ་གྱི་གཟུགས་བྱས་ལ། །གསེར་རམ་སེར་པོའི་ཕུར་པ་གདབ། །དེས་ནི་ངན་སྔགས་ཟློག་པར་འགྱུར། །གལ་ཏེ་ལས་སུ་མ་གྱུར་ན། །དབུས་ཀྱི་ཆེ་མཆོག་ཡབ་ཡུམ་གཉིས། །སྤྲ་ཚིལ་དག་ལ་གཟུགས་བྱས་ནས། །ལྕགས་སམ་ནག་པོའི་ཕུར་པ་ཡིས། །ཐུགས་ཀ་ཉིད་དུ་གདབ་པར་བྱ། །ལས་རྣམས་འགྲུབ་པར་གདོན་མི་ཟ། །ཀཱི་ལ་ཡ་ཡི་སྔགས་བརྗོད་ནས། །ཆོས་ཉིད་དབྱིངས་སུ་གདབ་པར་བྱ། །ཆེ་མཆོག་རྟགས་ཀྱི་ཕྱག་རྒྱ་ཡིས། ། འགྱུར་མེད་དབྱིངས་སུ་ཕུར་པས་གདབ། །ངན་སྔགས་པར་བུ་ཟློག་པའི་ལེའུ་སྟེ་ལྔ་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །དེ་ལྟར་པར་བུ་བཟློག་ནས་ནི། །སྔོན་དུ་སྔགས་ཀྱི་སྔགས་གཟེར་དེས། །ཚེ་སྲོག་ཉམས་པ་ཇི་ལྟར་གསོ། །རྫོགས་སངས་རྒྱས་ལ་བདག་ཉན་འཚལ། །སྔོན་དུ་སྔགས་པའི་སྔགས་གཟེར་དེས། །ཚེ་སྲོག་ཉམས་པ་གསོ་བའི་ཕྱིར། །གསོ་བའི་ཆོ་ག་ངས་བསྟན་གྱིས། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །སྟེགས་བུ་འདོམ་གང་གྲུ་བཞི་ལ། །འཁོར་ལོ་རྩིབས་བརྒྱད་དེ་དབུས་སུ། །པདྨ་ཆེན་པོ་འདབ་བརྒྱད་བྲི། །པདྨ་ཆེན་པོ་དེ་དབུས་སུ། །རིན་ཆེན་འབར་བ་ཟུར་བརྒྱད་བྲི། །དེ་དབུས་ཟླ་གམ་


DNG023_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

ཟླུམ་པོ་ལ། །བྷནྡྷ་མཚན་དང་ལྡན་པ་བཞག །རིན་ཆེན་འབར་བའི་ཟུར་བརྒྱད་ལ། །ལྔ་ལ་རྟག་པའི་རྒྱལ་མོ་ལྔ། །གཉིས་པ་སྨ་ཤ་པྲ་མོ་ཧ། །གཅིག་ལ་ཚེ་ཡི་སྙིང་པོ་བྲི། །པདྨ་ཆེན་པོའི་འདབ་བརྒྱད་ལ། །ཕྱོགས་བཞིར་ཁྲོས་པའི་དབང་ཆེན་བསྐྱེད། །མཚམས་སུ་གསང་བའི་ཡུམ་བཞི་དགོད། །འཁོར་ལོ་ཆེན་པོ་རྩིབས་བརྒྱད་ལ། །ཕྱོགས་བཞིར་ཕྱག་མཚན་ཆེན་པོ་བཞི། །གཉིས་པར་རྒྱ་མཚོ་ཐོད་ཕྲེང་དགོད། །གཅིག་ལ་ཚེ་ཡི་སྙིང་པོ་དགོད། །སྨན་མོ་ཕྱི་མ་དོན་གྱིས་སྦྱར། །དཀྱིལ་འཁོར་དེ་ཡི་ཕྱི་རིམ་དུ། །བཀྲ་ཤིས་བརྒྱད་ཀྱང་དགོད་པར་བྱ། །སྒོ་བཞིར་ཁྲོ་བོ་བཞི་ཡང་དགོད། །ཏིལ་ཆེན་མེ་མར་རྒྱུན་མི་གཅད། །ཡོ་བྱད་ཆེན་པོའི་ཟས་རྣམས་ལ། །རྩ་བའི་སྔགས་ཀྱིས་བཏབ་ལ་བཞག །མ་མོ་བྱོན་གྱིས་སྔགས་རྒྱས་གདབ། །ཨུ་ཏའི་བྱ་བའི་སྔགས་ཀྱིས་གདབ། །དངོས་གྲུབ་རྟགས་དང་སྦྱར་ནས་ནི། །གསོ་བསྐྱེད་བཟང་ཞིང་གཏམས་པར་བྱ། །ཚེ་སྒྲུབ་པའི་རིམ་པ་སྟེ་ལེའུ་དྲུག་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །དཔའ་བོ་ཐིག་ལེ་ཉམས་པ་དང་། །ཐིག་ལེའི་སྤྱོད་པ་ཉམས་པ་རྣམས། །ལས་དེ་སླར་ལ་ཟློག་པའི་ཕྱིར། །ཉག་གཅིག་ཡབ་ལ་བདག་ཉན་འཚལ། །ཡང་དག་རྫོགས་ཀྱིས་བཀའ་སྩོལ་ཅིག །དེ་ལས་སླར་ལ་ཟློག་པའི་ཕྱིར། །ངེས་པའི་མན་ངག་ངས་བསྟན་གྱིས། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །རྟགས་དང་མཚན་མ་བྱུང་བའི་ཚེ། །བསྡམ་པའི་ཕྱག་རྒྱ་བཀྲོལ་ནས་ནི། །དགྲ་བོའི་ཡུལ་ཕྱོགས་བསྟན་པ་ནི། །གྲོ་ག་ཤིང་ཤུན་རས་ལ་སོགས། །མི་དེའི་མིང་རུས་བྲིས་ནས་ནི། །དེ་ཡི་ལག་ཏུ་བསྐུར་བྱའོ། །ཤུགས་སྒྲོལ་མ་ཡི་སྔགས་ཀྱིས་གདབ། །ཁྲག་དང་དུག་གི་གཏོར་མ་ཡང་། །རབས་ཆད་ཐོད་པར་བཤམས་ནས་ནི། །ཡུལ་སའི་ཕྱོགས་སུ་གཏོར་མ་གཏང་། །སྙིང་གི་ཕུར་པ་ཕྱུང་ནས་ནི། །ཨ་མྲྀ་ཏ་ཡིས་མཆོད་བྱས་ནས། །དམ་རྫས་ཚང་བའི་གཏོར་མ་ལ། །ཀུ་པ་ར་ཡི་རཀྟས་


DNG023_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

སྦྲེང་། །གང་ཡིན་ཕྱོགས་སུ་ཁ་བལྟས་ལ། །གཙོ་བོ་གཞུང་བཞིན་བསྐུལ་ནས་ནི། །ལུས་ཀྱིས་བསིག་ཅིང་ཕྱག་རྒྱས་བསྡམ། །བདག་ཉིད་དབང་གི་སྐུར་བསྒོམས་ལ། །དབང་དྲག་ཕྱག་རྒྱ་བཅས་ནས་ནི། །གཟུགས་དེ་ཉིད་ལ་ཚམ་རྔམས་བྱ། །དྲག་ཤུལ་དབང་གིས་བསྐྱོད་ལ་བཏང་། །འདི་ལྟར་མ་མོ་དྲག་ཤུལ་གྱི། །དཔལ་གྱི་དབང་གིས་བསྡུས་ལ་བཏང་། །ལས་ཀྱི་མི་འགྲུབ་མི་སྲིད་དོ། །བསྡམས་པའི་ཕྱག་རྒྱས་བཀྲོལ་ནས་ནི། །འབྲིག་ཤའི་ཤིང་གི་ལྕགས་ཀྱིས་བསྡམ། །གོང་མའི་ཕྱག་རྒྱ་བཅས་ནས་ནི། །རྡོ་རྗེ་གནོན་འགྲོས་གོང་མ་ཡིས། །ཕྱོགས་དེར་གོམ་པ་བདུན་འགྲོའོ། །ཡབ་ཡུམ་སྔགས་ཀྱིས་བཏབ་ནས་ནི། །གོང་གི་ཕྱག་རྒྱ་དྲག་བསྐུལ་ལོ། །དེས་ནི་མོད་ལ་ལས་རྣམས་འགྲུབ། །ལན་གསུམ་བྱས་ན་ན་བར་འགྱུར། །ལན་ལྔ་བྱས་ན་འཆི་བར་འགྱུར། །སྙིང་གི་ཕུར་པ་ཕྱུང་ནས་ནི། །ལན་གསུམ་དྲག་ཏུ་དྲིལ་ནས་ནི། །སྤྱི་བོའི་གཙུག་ཏུ་གདབ་པར་བྱ། །ལྕགས་སྣ་ལྔ་ཡི་ཕུར་བུ་ལ། །དབང་དྲག་ལས་རྣམས་གཞུང་བཞིན་བྱའོ། །དེས་ནི་འཆི་བར་གདོན་མི་ཟ། །མོན་ནམ་རབས་ཆད་ཐོད་པ་ལ། །ནང་དུ་མ་བདུན་སྙིང་པོ་བྲི། །སྤྱི་གཙུག་ཉི་ཟླ་ཐོད་ཕྲེང་བྲི། །ཆགས་འཛིན་སྤུན་གཉིས་རྣ་ལྟག་གོ། །ཚོན་སྐུད་གཉིས་སུ་མི་གནས་གདགས། །རག་ཤ་རཱུ་ཏྲའི་སྔགས་ཀྱིས་གདབ། །གོང་གི་ཕྱག་རྒྱ་གཉིས་སྤེལ་ཏེ། །དྲག་ཏུ་བསྐུལ་ཏེ་འཕངས་ལ་གཏང་། །ཞིང་གི་ཤ་ཚིལ་རོ་སོགས་ཀྱིས། །མ་མོ་རྣམས་ལ་གཏང་རག་གཏང་། །ལས་རྣམས་འགྲུབ་པར་གདོན་མི་ཟ། །ངན་སྔགས་པར་བུས་བསད་པའི་ལེའུ་སྟེ་བདུན་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །བསྟན་པ་གཉན་པོ་འཇིག་བྱེད་ཅིང་། །ལུ་གུ་རྒྱུད་ལ་འགལ་བྱེད་པ། །སེམས་ཅན་ཀུན་ལ་གནོད་བགྱིད་པ། །རྟག་ཏུ་གདུག་པའི་སེམས་ཅན་ལ། །ནན་ཏུར་ལས་རྣམས་ཇི་ལྟར་ལགས། །རྫོགས་སངས་རྒྱས་ལ་བདག་ཉན་འཚལ། །དེ་སྐད་གསོལ་པ་


DNG023_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

གསན་ནས་ཀྱང་། །ངོ་མཚར་ལྷ་ཡིས་བཀའ་སྩལ་པ། །རྟག་ཏུ་གདུག་པའི་སེམས་གྱུར་པས། །སེམས་ཅན་ཀུན་ལ་གནོད་གྱུར་དེར།།ནན་ཏུར་ལས་རྣམས་ངས་བསྟན་གྱིས། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །ཇི་ལྟར་ཡིད་འཐད་གནས་སུ་ནི། །འབྲུ་སྣ་ཚོགས་པའི་མི་གཟུགས་ལ། །མཁར་ཐབས་མདའ་ཡིས་རབ་བརྒྱན་ནས། །གླིང་བཟང་དར་དཀར་ཆས་ཀྱིས་བརྒྱན། །ཡོ་བྱད་ཚོགས་པའི་གདེར་ཆ་དང་། །ཟ་འོག་མདའ་ཡིས་རྣམ་པར་བརྒྱན། །ཕྱི་ཡི་མ་ཧཱ་ཤཱནྟིཾ་བྱ། །མ་ཧཱ་ཤཱནྟིང་གཞུང་བཞིན་བརྗོད། །ཕོ་རིགས་རྣམས་ལ་འདི་སྐད་སྐོང་། །སོལ་བའི་དོང་ནི་ཁྲུ་གང་པར། །ནང་དུ་གླུད་ཕྱི་རྒན་དུ་མནན་ལ། དེའི་ནང་དུ་གསེར་རམ་གཡུ་བརྡར་ལ། དགྲ་གང་ཡིན་པ་ར་སོག་ལ་གཟུགས་བྲིས་ལ་ཁ་བུབ་ཏུ་མནན་ནོ། །དེའི་སྟེང་དུ་རྡོ་རྗེ་རྒྱ་གྲམ་གྱིས་གནོན། དེས་དགྲ་བོའི་གཟུགས་བྲིས་ཏེ་འོ་དོད་བོས་ལ་བཏང་། ལས་མྱུར་བར་འགྲུབ་བོ། །སྙུག་རྒོད་ལ་དཔག་བསམ་ཤིང་གི་གཟུགས་བྱས་ལ། ཡང་ན་གྲོ་ག་ལ་མིང་རུས་བྲིས་ལ་སྙིང་གར་གླན། གསེར་གཡུ་གཉིས་སྐོས་རྗེ་དྲང་ཀར་ལ་བསྔོ། དེ་ནས་མན་ད་ལའི་དར་དུ་གཏུམས་ལ་མདའ་སྤ་ཏིས་གདགས་སོ། །ཨ་ཏི་པ་ཏི་ཐག་པས་གདགས་སོ། །འོ་དོད་དྲག་ཏུ་འབོད། དེས་ནི་སྨྱོ་འབོག་དྲག་པོས་འདེབས་པར་འགྱུར་རོ། །ལྕགས་དང་གསེར་གཡུ་བསྲེས་ལ་ཁོལ་མོ་ཞིག་འཛིན་ལ་བསྔོས་ཏེ། གོང་དུ་བསྟན་པའི་གཟུགས་དང་བསྔོ་བའི་ཡས་སྟགས་བསྲེས་ལ་རུས་སྦལ་ཤུན་པས་གཏུམས་ལ་ལ་ར་ཏིའི་དོང་དུ་གཞུག་གོ། །ཡེ་ཤེས་མ་མོའི་ཕྱག་རྒྱས་གདབ། དེ་ཡིས་དབང་པོ་མི་གསལ་བ་དང་། ལྕེ་དིག་པ་དང་ལྐུགས་པར་འགྱུར་རོ། །ལྕགས་དང་གསེར་དང་ཟངས་དང་གསུམ་བརྡར་ལ་ཡ་བདུད་ཆེན་པོ་ལ་བསྔོས་ལ། གོང་དུ་བསྟན་པའི་གཟུགས་དང་བསྔོ་བའི་ཡས་སྟགས་བསྲེས་ལ་མུ་ལའི་དོང་དུ་གཞུག་གོ། །ཆེ་མཆོག་རྟགས་ཀྱི་ཕྱག་རྒྱས་གདབ། དེས་ནི་གློ་བུར་དུ་འཆི་བར་འགྱུར་རོ། །འབྲུ་ཟན་དྲེ་གང་ལ་གླིང་ཕྲན་བཅུ་གཉིས་ཀྱི་གཟུགས་བྱས་ལ་དཀོར་ཆས་བརྒྱན་ལ་


DNG023_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

ཡར་ལ་ཤོད་ཀྱི་སྐྱེས་ཏོ་རེ་ལ་བསྔོའོ། །དེ་ནས་འཇག་མ་ལ་གཟུགས་བྱས་ལ་དགྲ་བོའི་མིང་རུས་བྲིས་ལ་གཟུགས་ཀྱི་སྙིང་གར་གླན་ནོ། །ཟས་ལ་ཟ་བའི་ཚུལ་བྱེད་དུ་གཞུག་གོ། །འོ་དོད་དྲག་ཏུ་འབོད་དོ། །དེ་ལྟར་བྱས་ན་གློ་བུར་དུ་འཆི་བར་འགྱུར་རོ། །རུས་པ་སྣ་ཚོགས་བསྡུས་ནས་གཤིན་རྗེ་ལ་བསྔོས་ནས་ཡས་སྟགས་དེའི་གསེབ་ཏུ་ཁམ་ས་ལ་དགྲ་བོའི་གཟུགས་བྱས་ལ་མིང་རུས་བྲིས་ཁ་བུབ་ཏུ་བསྟན་ལ་འདའ་འགེངས་པའི་ཚུལ་དུ་བྱའོ། །ཅི་ཡང་རུང་བའི་ཞིང་ལྤགས་བསྐོན་ལ་གཤིན་རྗེ་ནག་པོའི་སྔགས་ཀྱིས་གདགས་སོ། །དེས་གྲིར་འཆིའོ། །མི་ནོར་དུ་བཏགས་པའི་གཟུགས་བྱས་ལ། ས་ལ་ཨུ་མ་དེ་ཝའི་གཟུགས་བྱས་ལ། ཨུ་མ་དེ་ཝའི་སྟེང་དུ་བསྐྱོན་ལ་འདོད་ཆགས་སྤྱོད་པའི་ཚུལ་དུ་བྱའོ། །མ་ཨེ་བ་ནི་རྦན་ཙ་མ་ནི་ཕཊ། བྱ་བའི་སྔགས་ཀྱིས་གདབ་པའོ། །མཁལ་སྐེད་ན་བ་དང་། ཕོ་མཚན་སྐྲངས་པ་དང་། ཆུ་འགགས་ནས་འཆིའོ། །དུང་གསེར་གཡུ་དང་བསྭེ་དང་མཚལ་ལ་སོགས་པའི་ཡས་སྟགས་སྣ་ཚོགས་པ་དང་དགྲ་བོའི་མིང་རུས་བྲིས་ལ། ར་ཏི་ཚ་རའི་པགས་པས་གཏུམས་ལ་ས་ཏི་ས་ལ་མ་རན་བཟླས་ཏེ་དེ་ལ་གདབ་པར་བྱའོ། །དེས་ནི་མྱུར་དུ་འབོག་པར་འགྱུར་རོ། །བསེ་དང་དུང་དང་ལྕགས་དགྲ་བོའི་མིང་བསྲེས་ཏེ་རྫ་ནག་པོའི་ནང་དུ་བཅུག་ལ། བ་ཏ་མ་ནའི་སྔགས་ཀྱིས་བཏབ་ལ་བོས་ཤིང་གཏད་ན་རྦབ་དང་གཡང་དུ་འགྲོའོ། །ཆོ་ག་བྱེད་པའི་དུས་སུ་མ་བདུན་གྱི་ཆས་སུ་ཞུགས་ལ་ངོ་ཁྲག་གིས་བྱུགས་ཏེ། བདག་ཉིད་དབང་ཆེན་ཏིང་འཛིན་ནམ་ཡུམ་མུ་ཁ་ལེའི་ཏིང་འཛིན་དུ་ཞུགས་ལ། གཞུང་བཞིན་བསྐུལ་ལ་ལས་བཅོལ་ལོ། །ཕོ་རིགས་ཕྱི་མ་ལ་ལས་བཅོལ་ཞིང་གཏད་པ་ཡོད་ན་འཁུ་ལྡོག་ཆེ་ལ་རྒྱབ་འགྱུར་བས་འདིར་མ་གསུངས་སོ། །དགྲ་བོ་བདུད་ནག་པོ་ལ་གཏད་པའི་ལེའུ་སྟེ་བརྒྱད་པའོ།། །།ཆུ་སྲིན་པིར་གྱི་ཁ་ནང་དུ། །གྲེ་བར་རིན་ཆེན་སོང་བ་ལྟར། །བསྐལ་པར་
བཞག་ཀྱང་མི་གཏོང་ངོ་། །རྨོངས་པ་འཕྱར་བས་བྱིན་གྱུར་ན། །དུས་མེད་པར་ནི་སྲོག་ཟད་ནས། །བསྐལ་པ་བདུན་དུ་རླག་པར་འགྱུར། །གསང་བ་གཏན་ཚིགས་ཞེས་བྱའོ། །མ་མོ་འདུས་པའི་ཏནྟྲ་རྫོགས་སོ།། །།

མ་མོ་སྲིད་པ་ཟླ་གསང་ཐིག་ལེའི་རྒྱུད།


DNG023_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། མ་ཏྲྀ་ཨ་ལང་བྷ་ར་གུ་ཧྱ་ཏིལ་ཀ་ཏནྟྲ། བོད་སྐད་དུ། མ་མོ་སྲིད་པ་ཟླ་གསང་ཐིག་ལེའི་རྒྱུད། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། འོག་མིན་གྱི་གནས་ཁྱབ་གདལ་ཆེན་པོ། བདེ་བ་ཅན་དང་པདྨ་ཅན་དུ་གྲུབ་པ་མོས་པ་ཅན་དུ་སྣང་བར་བྱེད་པ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་བླ་མེད་ཧེ་རུ་ཀ་དེ་ནི། ནམ་མཁའ་ཆེན་པོ་མི་གནས་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་བྱེད་པའི་རྒྱལ་པོ་དང་། གང་ཡང་མ་འགགས་ཀུན་སྣང་ཆེན་པོ་དང་། མ་གསུངས་པ་གསུང་བའི་གསུང་བ་ཆེན་པོ་མཛད་པ་དང་། གསང་མཆོག་བདག་པོ་བླང་དོར་མེད་པའི་འདོད་པ་ཀུན་འབྱུང་བ་དང་། འཁོར་བ་འདྲེན་པའི་སངས་རྒྱས་ཆེན་པོ་སྣང་སྲིད་སྟོན་པའི་སྒྲོན་མ་དང་། དུས་གསུམ་སོ་སོ་ཐ་མི་དད་དབྱེར་མེད་པར་ཡུམ་ཆེན་མོ་ཉིད་གཞི་མུ་ཁ་ལེ་དང་གཉིས་སུ་མེད་པར་བཞུགས་སོ། །དེ་དག་ཡོངས་སུ་འདུས་པ་ནི། །ཡེ་ཤེས་ཉིད་ལས་མི་གཞན་པ། །རྟག་པའི་རྒྱལ་མོ་ཆེན་མོ་ལྔ་དང་། །རིག་པ་སེམས་ལས་བསྐྱེད་པའི་ཁྲོ་མོ་བཅུ་གསུམ་དང་། །ཡེ་ཤེས་འཁོར་དུ་བསྡུས་པ་རྗེ་མོ་བཅུ་བཞི་དང་། བྱིན་རླབ་དབང་དུ་བསྡུས་པ་སྨན་མོ་ཉི་ཤུ་རྩ་བདུན་དང་། གཞན་ཡང་ཡེ་ཤེས་ལས་གྲུབ་པ་དང་། ལས་ལས་གྲུབ་པ་དང་། ཞིང་ལས་སྐྱེས་པ་དང་། སྔགས་ལས་སྐྱེས་པ་དང་། དམ་ལ་གནས་པ་དང་། བཀའ་ལ་བཏགས་པ་དང་། མོས་པས་འདུལ་བ་དུ་མ་དང་བཅས་པའོ། །དེ་ནས་བཅོམ་ལྡན་འདས་ཡུམ་གྱི་བྷ་ག་ལས་སྐུ་བཞེངས་ནས་ཞལ་འཛུམ་པ་མཛད་ནས། བྱང་ཆུབ་སེམས་ཀྱི་འོད་ཟེར་འཕྲོས་པས་འཁོར་འདུས་པ་ཐམས་ཅད་ཀྱང་ལ་ལ་ནི་སྐད་ཅིག་ཏུ་དགའ་བ་བཞི་ཉམས་སུ་མྱོང་། ལ་ལ་ནི་ཕྱིའི་གནས་བཞིར་དགའ་བ་སྐྱེས། ལ་ལ་ནི་ནང་གི་གནས་བཞིར་དགའ་བ་སྐྱེས། ལ་ལ་ནི་རྣམ་རྟོག་


DNG023_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

སྤང་བའི་དགའ་བས་ལོག་རྟོག་སྤངས། ལ་ལ་ནི་ཆོས་ཉིད་རང་གི་ངོ་བོ་ཉམས་སུ་མྱོང་བའི་དགའ་བས་རྟོགས་པར་ཤར། ཀུན་ཀྱང་གསང་བ་བླ་ན་མེད་པ་ཟླ་གསང་ཐིག་ལེའི་རྒྱུད་དོན་རྟོགས་པར་གྱུར་པ་ཁོ་ནར་སྤྱོད་ཅིང་གནས་སོ། །དེ་ནས་འཁོར་རྣམས་ཀྱིས་མཆོད་པ་དང་རྫས་དང་ཕྱག་རྒྱ་བསྒྱུར་བ་དང་། སྔགས་དང་དབྱངས་བརྗོད་པ་དང་། ཏིང་ངེ་འཛིན་བཟང་པོས་བཅོམ་ལྡན་འདས་ལ་བསྔགས་པ་བརྗོད། ཕྲ་མེན་རྒྱ་མཚོ་མས་སྣ་དྲངས་ནས་མགྲིན་གཅིག་ཏུ་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ། གསང་བ་རྨད་བྱུང་ཡེ་ཤེས་ཆེ། །ཐབས་ཆེན་ཟླ་གསང་ཐིག་ལེ་འདི། །ཀྱེ་ཧོ་རབ་ཏུ་བརྟག་དཀའ་བ། །དབང་པོ་ཇི་ལྟར་གནས་པ་སྤྱི། །གསང་བ་ཡེ་ཤེས་བགྲོད་པ་ལམ། །རྣམ་པར་མངོན་དུ་གྱུར་པ་ཡི། །ཐིག་ལེ་གསང་བའི་ཐེག་པ་རྣམས། །གསལ་བྱེད་མེ་ལོང་སྒྲོན་མ་འདི། །ཇི་ལྟར་གནས་པ་ཀྱེ་ཀྱེ་ཤོད། །འདིར་འདུས་མ་འོངས་ཀུན་དོན་དུ། །བླ་འོག་རང་བཞིན་གནས་པ་ཡིས། །རྒྱུད་ཆེན་ཡང་དག་བཤད་དུ་གསོལ། །ཅེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འདི་གསུངས་སོ། །འཁོར་བཅས་ཆོས་ནི་སེམས་སུ་འདུས། །སེམས་ཀྱི་ཆོ་འཕྲུལ་ཅིར་སྣང་ཡང་། །སྣ་ཚོགས་སེམས་ལ་བསྡུ་བའི་ཕྱིར། །སྐལ་དང་ལྡན་པ་ཐུད་ལ་ཉོན། །ཅེས་གསུངས་སོ། །མ་མོ་སྲིད་པའི་ཟླ་གསང་ཐིག་ལེ་ལས། རྒྱུད་འབྱུང་བའི་རྒྱུ་གླེང་གཞི་དང་། རྐྱེན་གླེང་སློང་བའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་ཐམས་ཅད་ཡོངས་སུ་འདུས་པ་ལས་ཀུན་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་འདི་གསུངས་སོ། །ཐམས་ཅད་ཆོས་ཀྱི་རང་བཞིན་ནི། །ཡེ་ནས་སངས་རྒྱས་རྣམ་དག་ཅིང་། །ཡེ་ནས་སངས་རྒྱས་བྱང་ཆུབ་སེམས་ཀྱི་རྡོ་རྗེ་སྟེ། །མི་འགྱུར་ཡོངས་སུ་གྲུབ་པ་ཡིས། །མ་བཅོས་དེ་བཞིན་ཉིད་ཀྱི་ངང་། །ཡེ་ནས་ལྷུན་གྱིས་གྲུབ་པར་གནས། །སྣོད་ཀྱི་ཆོས་རྣམས་རང་བཞིན་ནི། །ཐམས་ཅད་མཉམ་པར་བཀོད་པའི་གནས། །གསང་བ་བས་ཀྱང་ཡང་གསང་ཞིང་། །ཀུན་གཞི་ཆོས་ཀྱི་ཕོ་བྲང་ལ། །


DNG023_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

གསང་ཆེན་ཡུམ་གྱི་མཁའ་དག་པ། །ཐིག་ལེ་བརྡལ་བ་ཆེན་པོའི་ཀློང་། །ཡེ་འབྱམས་རྨད་དུ་གྲགས་པའི་གནས། །སྤྲོས་པ་མེད་པའི་གཞལ་ཡས་ཁང་། །ཕྱོགས་བཅུར་རྒྱ་ཡོངས་མ་ཆད་པའི། །ཆོས་དབྱིངས་ཆེན་པོ་དེ་ཁོ་ན། །དེ་ཉིད་ཁོ་ན་ངེས་པའི་གནས། །རྒྱལ་བ་རྣམས་ཀྱིས་རབ་ཏུ་གསུངས། །བཅུད་ཀྱི་རང་བཞིན་ཆོས་རྣམས་ནི། །སྟོན་པ་ཆོས་ཀྱི་མངའ་དབང་རྫོགས། །བཅོམ་ལྡན་འདས་དེ་བཞིན་ཐམས་ཅད་དཔལ། །ཆེ་བའི་ཡོན་ཏན་ཐམས་ཅད་ལ། །དམ་པའི་སྤྱོད་པས་སྤྱོད་པ་ཡིས། །ཡེ་ཤེས་དེ་ཉིད་ཁོ་ན་ལ། །ཀུན་ནས་ཀུན་ཏུ་བཟང་པོ་ཡིན། །ཐམས་ཅད་ཆོས་སྐུར་སངས་རྒྱས་སོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་ལ་སྣང་བའི་ཡེ་ཤེས་མི་འགག་པར་ཤར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་གསུངས་སོ། །ཐམས་ཅད་ཡེ་ནས་སངས་རྒྱས་ཀྱང་། །མུན་པས་བསྒྲིབས་པས་དེ་མ་ཤེས། །སེམས་ཅན་རྒྱུ་ཡང་སངས་རྒྱས་ལ། །སངས་རྒྱས་རྒྱུ་ཡང་སེམས་ཅན་ཡིན། །རིག་པ་སྟོང་པ་ཆོས་སྐུ་ལ། །ཡེ་ཤེས་འོད་གསལ་ཆེན་པོ་གསལ། །དབྱིངས་དང་ཡེ་ཤེས་ཡབ་ཡུམ་སྦྱོར། །ཆོས་སྐུ་འོད་གསལ་གཉིས་ཀྱི་སྲས། །ལྷན་ཅིག་སྐྱེས་པའི་མ་རིག་པ། །འཇིག་རྟེན་རྒན་མོ་ལོང་མ་འདྲ། །ཀྱེ་ཧོ་ཀུ་ཀུ་ར་ཙ་ནི། །ཡིད་ཀྱིས་ཀུན་ཏུ་འཚོལ་བ་ནི། །མིན་པའི་དོན་ལ་ཡིན་པར་སེམས། །དེ་ལ་ངེས་པར་འཇོག་པ་དང་། །ལོག་པར་ཡང་དག་གཏན་ལ་འབེབས། །འཇིགས་དགྲས་ཐོ་ལ་མིར་འཛིན་འདྲ། །ལུས་ངག་ཡིད་ཀྱི་དགེ་སྤྱོད་པ། །མཐོ་རིས་གནས་སུ་སྐྱེ་བའི་རྒྱུ། །དེ་ནི་མི་ལྡན་སྡིག་ལ་གཞོལ། །དེ་ནི་ངན་སོང་འགྲོ་ཞེས་བཤད། །ལ་ལ་ལུང་དུ་མ་བསྟན་པ། །རང་སྐལ་ཙམ་དུ་སྣང་བ་ཡིན། །ཉོན་མོངས་ལྔ་ལ་ཞེན་སྤྱད་པས། །སྔ་ཕྱི་འཁོར་བ་དྲུག་ཏུ་སྐྱེལ། །ལ་ལ་འཇིག་ན་ལ་ལར་ཆགས། །ལ་ལ་སྟོངས་ན་ལ་ལར་གནས། །ལྷུན་པོ་གླིང་དང་མུ་ཁྱུད་བཅས། །ཤི་བ་མེད་པའི་བཅུད་ཀྱང་གྲུབ། །མཁའ་ལ་འཕྱོ་བའི་


DNG023_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཀྱང་གསལ། །འོག་ནས་བརྟེན་པའི་གཞི་ཡང་གྲུབ། །སྟོང་ནི་ཆུང་ངུ་ཞེས་བྱ་དང་། །དེ་བཞིན་སྟོང་གཉིས་བར་མ་དང་། །སྟོང་གསུམ་གྱི་ནི་སྟོང་ཆེན་པོ། །སྣོད་ཅེས་བྱ་བར་རྒྱལ་བས་བཤད། །དེ་ཡང་ལས་ཀྱི་སྲིད་པ་ལས། །རྫུས་དང་མངལ་ལས་སྐྱེས་པ་དང་། །དྲོད་གཤེར་སྒོ་ང་སོགས་པ་དང་། །འབྱུང་བ་དར་གུད་མ་སྙོམས་པས། །གཅིག་གི་གཉེན་པོར་གཅིག་མི་རྒས། །རླུང་མཁྲིས་བད་ཀན་འདུས་པ་ཡིས། །གྲང་དང་ཚ་བའི་ཟུག་རྔུ་ཆེ། །འབྱུང་བ་རྟག་པའི་རྒྱལ་མོ་རྣམས། །ཐིམ་པར་ཡུམ་ཆེན་ངང་དུ་རྫོགས། །མ་རིག་ཆེན་པོའི་རྫིར་གྱུར་པ། །རྣམ་ཤེས་རྟེན་དང་བྲལ་བ་ཡིན། །དེ་མིན་སྡུག་བསྔལ་གསུམ་བརྒྱད་སྤྱོད། །དྲུག་གི་ལས་བསྐལ་བརྗོད་མི་ལང་། །དེ་ནས་བཅོམ་ལྡན་འདས་ཀྱིས་ཐུགས་རྗེ་ཆེན་པོ་ཡེ་ཤེས་དག་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་འདི་གསུངས་སོ། །མ་བསགས་ཚོགས་གཉིས་རང་རྫོགས་པས། །དགེ་བའི་སྟོབས་ལ་ཟད་འཕེལ་མེད། །མ་བསལ་སྒྲིབ་གཉིས་རང་དག་པས། །སྒྲིབ་པར་གྱུར་པ་ཐམས་ཅད་དག །མ་སྦྱངས་ཐམས་ཅད་མཁྱེན་གྲོལ་བས། །ཡོན་ཏན་ཐམས་ཅད་ལྷུན་གྲུབ་རྫོགས། །དེ་ནི་སྐྱེ་དང་འཇིག་པ་མེད། །དེས་ན་མྱ་ངན་འདས་པ་ཡིན། །ངོ་བོ་དག་པ་ཆོས་ཀྱི་སྐུ། །རང་བཞིན་ལོངས་སྤྱོད་རྫོགས་པ་ཆེ། །མཛད་པ་སྤྲུལ་པའི་སྐུར་བྱུང་བས། །སྐུ་གསུམ་འདུ་འབྲལ་མེད་པ་ཡིན། །སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །དེ་བཞིན་གཤེགས་པའི་སྟོན་པ་ཡིན། །རྫོགས་སངས་རྒྱལ་བ་རིགས་ལྔ་ནི། །བྱང་ཆུབ་སེམས་དཔའི་འཁོར་དང་ལྡན། །སྤྲུལ་པ་གྲངས་མེད་སྣ་ཚོགས་ནི། །འགྲོ་བའི་བླ་མ་སྟོན་པ་པོ། །སྐུ་གསུམ་རིམ་པར་སྣང་བས་ན། །ཐམས་ཅད་ཀུན་གྱི་སྟོན་པ་མཛད། །ཅེས་གསུངས་སོ། །མ་མོ་སྲིད་པའི་རྒྱུད་ལུང་ཟླ་གསང་ཐིག་ལེ་ལས། འཁོར་འདས་སྤྱིའི་གནས་ལུགས་དང་། མ་རྟོགས་འཁྲུལ་པའི་གནས་ལུགས་དང་། རྟོགས་ལྡན་སངས་རྒྱས་ཀྱི་གནས་ལུགས་བསྟན་པ་སྟེ་ལེའུ་གཉིས་པའོ།། །།དེ་ནས་བཅོམ་ལྡན་


DNG023_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ཀྱིས་ཐུགས་རྗེ་ཆེན་པོ་རྒྱུན་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ལོག་རྟོག་ཉིད་ཀྱང་བྱང་ཆུབ་སེམས། །སངས་རྒྱས་ཉིད་ལས་མི་གཞན་ཕྱིར། །དུས་དང་གནས་སྐབས་ཐམས་ཅད་དུ། །ཆུ་བོ་ལྟ་བུར་ཆད་པ་མེད། །ཐུགས་རྗེའི་ཉི་མ་ཀུན་ལ་སྙོམས། །མེ་ཤེལ་དག་ལ་བརྟེན་ནས་ནི། །རྟེན་འདྲེལ་འཛོམ་ན་མེ་དུ་སྣང་། །ཆུ་ཤེལ་དག་ལས་ཆུ་འབྱུང་བ། །དེ་བཞིན་སྔོན་དང་དེ་རྗེས་འཇུག །བྱད་དང་མེ་ལོང་བཞིན་དུ་གཟིགས། །བླང་དོར་མེད་པའི་མཛད་སྤྱོད་ནི། །ཡུལ་དང་ཡུལ་ཅན་ཀུན་ལས་གྲོལ། །གཟུང་འཛིན་ཆོས་ལ་མི་གནས་ཡང་། །རང་སེམས་དག་པའི་བསོད་ནམས་ཡིན། །དེ་ནས་བཅོམ་ལྡན་འདས་ཀྱིས་ཐེག་པ་ཐམས་ཅད་རབ་ཏུ་གསལ་བ་ཞེས་བྱ་བ་འདི་གསུངས་སོ། །ཉོན་མོངས་སྟོང་ཕྲག་བརྒྱད་ཅུ་ཡི། །གཉེན་པོར་ཆོས་ཀྱི་སྒོ་མོ་སྤྲོ། །ཆོས་དང་གང་ཟག་བདག་གཉིས་ཀྱང་། །དེ་ལ་སྡེ་སྣོད་རྣམ་གསུམ་སྤྲོ། །ཉོན་མོངས་ལྔ་ལ་ཞེན་པ་ཡང་། །ཉོན་མོངས་ལམ་སློང་གསང་སྔགས་སྤྲོ། །མོས་པ་ཆུང་ངུའི་དོན་ཆེད་དུ། །སྦྱངས་པའི་ཡོན་ཏན་བཅུ་གཉིས་དང་། །གང་ཟག་ཆོས་ལ་བདག་བལྟ་ཞིང་། །རྩ་བ་ཡན་ལག་ཚུལ་ཁྲིམས་བསྲུང་། །ལུས་ངག་ཡིད་གསུམ་དགེ་བཅུ་སྤྱོད། །བདེན་པ་བཞི་ཡི་དོན་བསྒྲུབས་ནས། །འབྲས་བུ་རྣམ་བཞི་འགྲུབ་པར་འདོད། །དམིགས་པ་ཕྲ་བ་འདུལ་དོན་དུ། །འདྲེལ་ཅིང་འབྱུང་བ་རྟེན་འདྲེལ་སྐོར། །གང་ཟག་ཆོས་ལ་ཕྱོགས་གཅིག་རྟོགས། །རང་གོམས་ཤུགས་ཀྱིས་དཀའ་ཐུབ་སྲུང་། །རྫུ་འཕྲུལ་ལུས་ཀྱིས་འགྲོ་དོན་སྤྱོད། །དགེ་བཤེས་མི་ལྟོས་མངོན་གོམས་བསྒྲུབས། །ནེ་ཚོ་བསེ་རུ་ལྟ་བུར་གནས། །ཟབ་ཅིང་རྒྱ་ཆེ་འདུལ་བ་ནི། །བདེན་པ་གཉིས་ཀྱི་སྒོར་ཞུགས་ནས། །གང་ཟག་ཆོས་ལ་བདག་མེད་ཅིང་། །བྱང་ཆུབ་སེམས་ལྡན་བསླབ་པ་བསྲུང་། །ཚད་མེད་བསྡུ་བའི་དངོས་པོ་སྤྱོད། །ཕ་རོལ་ཕྱིན་བཅུ་སྒྲུབ་པར་ལྡན། །ས་བཅུ་བགྲོད་ནས་སངས་རྒྱས་གནས། །བྱ་སྤྱོད་འདུལ་བའི་དོན་ཆེད་དུ། །གོམས་གྱུར་སྒོམ་ལུགས་བྱིན་རླབས་སྐོར། །དོན་རྟོགས་བྱིན་བརླབས་རྗེ་ཁོལ་ཚུལ། །རང་གི་རྩ་བ་ཡན་


DNG023_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

ལག་བསྲུང་། །ཕྲིན་ལས་ཁྲུས་དང་གཙང་སྦྲ་སྤྱོད། །དག་པ་གསུམ་དང་ལྡན་པར་བསྒྲུབས། །རིགས་གསུམ་མགོན་པོའི་ས་ལ་འགྲོ། །མཉམ་པས་འདུལ་བའི་དོན་ཁྱེད་དུ། །འཇུག་པའི་སྒོ་ཚུལ་སྤྱོད་པ་ནི། །བྱ་བའི་རྒྱུད་དང་མཐུན་པར་བྱེད། །ལྟ་བ་སྒྲུབ་ཐབས་འབྲས་བུ་ནི། །རྣལ་འབྱོར་རྒྱུད་ཀྱི་རྗེས་སུ་བསྒྲུབས། །གཉི་གའི་རྒྱུད་ཅེས་གྲགས་པར་བཤད། །རིགས་བཞི་རྡོ་རྗེ་འཆང་སར་གནས། །ཟབ་མོས་འདུལ་བའི་དོན་ཆེད་དུ། །མངོན་པར་བྱང་ཆུབ་ལྔ་ཡི་སྒོར། །དོན་རྟོགས་ཀུན་རྫོབ་གྲོགས་པོར་བལྟ། །སྤྱི་དང་ཁྱད་པར་དམ་ཚིག་བསྲུང་། །ཕྲིན་ལས་བཞི་ལ་ཏིང་ངེས་སྤྱོད། །ཕྱག་རྒྱ་བཞི་དང་ལྡན་པར་བསྒྲུབས། །རིགས་ལྔའི་སངས་རྒྱས་འགྲུབ་པར་འདོད། །ཚོགས་ཀྱི་སྒྲུབ་པས་འདུལ་དོན་དུ། །ཏིང་འཛིན་རྣམ་གསུམ་སྒོར་ཞུགས་ནས། །དབྱེར་མེད་སྐྱེ་འགག་མེད་པར་བལྟ། །རྩ་བ་ལྔ་སོགས་ཡན་ལག་བཅས། །སྒྲོལ་དང་སྦྱོར་ལ་རབ་ཏུ་བརྩོན། །ཐབས་ཤེས་གཉིས་མེད་བསྙེན་བསྒྲུབ་བཞི། །ཡི་གེ་འཁོར་ལོ་ཚོགས་ཆེན་པོ། །མཉམ་པའི་སྤྱོད་པས་འདུལ་དོན་དུ། །ཡོངས་རྫོགས་ཏིང་འཛིན་སྒོར་ཞུགས་ནས། །དབྱིངས་དང་ཡེ་ཤེས་ཡབ་སྲས་ལྷ། །སྤྱི་དང་ཁྱད་པར་ལྷག་པ་བསྲུང་། །མཚན་མ་སྤྱོད་མེད་སྣོད་བཅུད་མེད། །མ་སྐྱེས་བརྗོད་པའི་ཚུལ་དུ་བསྒྲུབས། །པདྨ་ཅན་གྱི་ས་ལ་འགྲོ། །ཞེས་གསུངས་སོ། །མ་མོའི་རྒྱུད་ལུང་ཟླ་གསང་ཐིག་ལེའི་རྒྱུད་ལས། ཐུགས་རྗེས་གཟིགས་པ་དང་ཐེག་པ་སོ་སོའི་གནས་ཚུལ་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་ཡུམ་གྱི་མཁའ་ལས་ཤར་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་འདི་སྐད་ཅེས་གསུངས་སོ། །ཡང་དག་ཡེ་ཤེས་དེ་ཉིད་ལྡན། །མཚན་དང་དཔེ་བྱད་རྒྱན་འོད་ལྡན། །འགྲོ་ཀུན་དོན་མཐུན་བྱེད་པའོ། །དེ་ནི་སྐུ་གསུམ་ཞེས་སུ་བཤད། །ཀུན་གཞི་སྦྱང་དང་ཉོན་ཡིད་སྦྱང་། །སྒོ་ལྔ་སྦྱང་དང་རྣམ་པ་ཡིན། །དེ་ནི་དེ་རྒྱུ་གྱུར་ཞེས་བྱ། །རང་བཞིན་དག་དང་ཡེ་ཤེས་དག །ཏིང་ངེ་


DNG023_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་དང་གསུམ་ཡིན་ནོ། །དེ་ནི་དག་པ་ཞེས་སུ་བྱ། །ལས་སྒྲིབ་བྱང་བ་སྤྲུལ་པ་སྟེ། །ཉོན་མོངས་སྒྲིབ་བྱང་ལོངས་སྤྱོད་རྫོགས། །ཤེས་བྱ་དག་པ་ཆོས་ཀྱི་སྐུ། །དེ་ནི་སྒྲིབ་པ་བྱང་བའི་རིམ། །དང་པོ་མ་ནོར་ཡང་དག་སྐུ། །སྐུ་གཉིས་ཀྱི་ནི་གཞི་ཡིན་ནོ། །སྐུ་གཉིས་བཏགས་པ་ཙམ་ཡིན་ཏེ། །དེ་ཉིད་མིན་པའི་སྐུ་མེད་དོ། །ཆོས་ཀྱི་སྐུ་ཡི་གཟུགས་བརྙན་ཡིན། །དཔེར་ན་མེ་ལོང་ཆུ་ཟླ་བཞིན། །སྐུ་གསུམ་ལྷུན་གྲུབ་ཅེས་ཀྱང་བྱ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་ཡུམ་གྱི་མཁའ་ལ་གསལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་གསུངས་སོ། །ཀུན་གཞི་རིན་ཆེན་གཞོང་པ་རུ། །ཉོན་མོངས་གོམས་པའི་ཡིད་བྱུང་བ། །གོས་པ་མེད་པའི་ཡིད་གནས་ཏེ། །འཛིན་པ་བརྡའ་སྦྱོར་སྒོ་ལྔ་ལས། །ཆོས་དབྱིངས་མེ་ལོང་མཉམ་པ་ཉིད། །སོ་སོར་བྱ་གྲུབ་ཡེ་ཤེས་ལྔ། །ཡུམ་གྱི་མཁའ་ལ་སྐུ་ཤར་བས། །ཞལ་གྱི་ནང་དུ་གཟུགས་སུ་གྲུབ། །ཐུགས་ལ་ཡེ་ཤེས་རྣམ་ལྔ་ཤར། །དེ་ཕྱིར་ཡུམ་དུ་བཤད་པ་མཛད། །ཅེས་གསུངས་སོ། །མ་མོ་རྒྱུད་ལུང་ཟླ་གསང་ཐིག་ལེའི་རྒྱུད་ལས། སྐུ་གསུམ་དང་ཡེ་ཤེས་ལྔ་བསྟན་པ་སྟེ་ལེའུ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་ཀྱི་ལམ་ཡོངས་སུ་གསལ་བའི་ཏིང་ངེ་འཛིན་ལ་གནས་ཏེ་འདི་གསུངས་སོ། །ཕུན་སུམ་ཚོགས་པ་ཞེས་བྱ་བ། །བཀྲ་ཤིས་ཡིད་འཐད་གཞུང་མཐུན་པར། །སྟོན་པ་འཁོར་དང་ཡོ་བྱད་རྫས། །དུས་དང་བཅས་པ་ལྡན་ནས་ནི། །ས་ཡི་བྱ་བ་ཀུན་ཏུ་ཟིན། །དཀྱིལ་འཁོར་བཞེང་དང་ཆག་ཆག་གདབ། །ཐིག་དང་ཚོན་དང་བྲི་བ་རྣམས། །ཆོ་ག་ཡན་ལག་ཚང་བ་དང་། །རྒྱལ་ཆེན་བཞི་དང་ཁྲོ་བོ་ཡིས། །ཕྱོགས་མཚམས་ཕུར་པས་གདབ་པ་དང་། །མགོན་པོ་མཆོད་དང་ཕྱོགས་གཏོར་བཏང་། །བགེགས་ལ་སོགས་པ་ཞི་བ་དང་། །སཱཙྪ་མདོ་འདོན་སྲོག་སྐྱོབ་ཅིང་། །བསྐང་བཤགས་དམ་སྲི་སྒོ་བྱང་རྣམས། །ཚོགས་ཀྱི་ལམ་དུ་བཤད་པ་ཡིན། །དཀྱིལ་འཁོར་སྟེང་དུ་དམ་རྫས་དགོད། །གནས་ཁང་རྣལ་འབྱོར་མཆོད་པའི་རྫས། །བྱིན་བརླབ་ནང་མཚམས་བཅད་པ་དང་། །ཏིང་འཛིན་


DNG023_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དང་འབྱུང་བ་རིམ། །གཞལ་ཡས་གདན་དང་བཅས་པ་ལ། །རྗེ་མོ་བཅུ་བཞི་བཏིང་བ་ནི། །སྦྱོར་བའི་ལམ་ཞེས་བཤད་པ་ཡིན། །ཆོ་ག་གསུམ་ལས་ཡབ་ཡུམ་སྐུ། །བརྡས་བསྐུལ་མཁའ་བརླབ་སྦྱོར་བ་བྱ། །བྱང་སེམས་སྤྲོ་བསྡུས་རྒྱལ་མོ་ལྔ། །སྐུ་བསྐྱེད་སྤྱན་དྲང་བསྡིམ་པ་དང་། །སྤྲུལ་པའི་ཁྲོ་མོས་སྨན་མོ་དགུག །དམ་བཏགས་མནའ་བོར་དལ་དུ་བཀོད། །ཕྲིན་ལས་བཅོལ་བའི་གཉེར་གཏད་པ། །བསྒོམ་པའི་ལམ་དུ་བཤད་པ་ཡིན། །ཚོགས་ཀྱི་ཕུད་ཀྱིས་མ་མོ་མཆོད། །ལྷག་མ་སྨན་མོའི་ཚོགས་ལ་དབུལ། །ཚོགས་དང་ལྷག་མ་ལ་སོགས་ཏེ། །ལྷག་ཕུད་བསྲེས་ལ་ཕྲིན་ལས་བཅོལ། །ཏིང་འཛིན་བསར་ལ་བཟླས་པ་བྱ། །རྟགས་དང་མཚན་མ་མཐོང་བ་དང་། །བཟླས་པ་ཐེམ་པར་གྱུར་པ་ནི། །མཐོང་བའི་ལམ་དུ་བཤད་པ་ཡིན། །བསྙེན་པ་ཐེམ་པར་གྱུར་པ་དང་། །རང་གི་འདོད་པའི་དངོས་གྲུབ་བླང་། །སློབ་མའི་ཚོགས་ལ་དབང་བསྐུར་བ། །བྱ་བའི་ལས་རྣམས་གྲུབ་པ་ནི། །མཐར་ཕྱིན་པ་ཡི་ལམ་དུ་བཤད། །དེ་ཡི་དོན་རྣམས་ཡོངས་རྫོགས་པ། །རིག་འཛིན་ས་ལ་བགྲོད་པ་འམ། །ཡང་ན་སངས་རྒྱས་ས་ལ་འགྲོ། །བཅུ་གསུམ་ས་ལ་གནས་པའོ། །ཞེས་གསུངས་སོ། །མ་མོའི་རྒྱུད་ལུང་གསང་བའི་ཐིག་ལེ་ལས། ལམ་ལྔ་མཐར་ཕྱིན་པར་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་འཁོར་བ་རྣམ་པར་དག་པར་སྦྱོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་འདི་གསུངས་སོ། །འབྱུང་བ་ས་ཡི་དྭངས་མ་ནི། །རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ། །རྣམ་སྣང་གསལ་དུ་མྱ་ངན་འདས། །ས་ཞེས་རྟག་ཙམ་མིང་གིས་སྟོང་། །ཆུ་ནི་པདྨའི་རིགས་ཡིན་ཏེ། །གཉེན་གསལ་མྱང་འདས་མིང་གིས་སྟོང་། །མེ་ནི་རིན་ཆེན་རིགས་སུ་བཤད། །མྱ་ངན་འདས་སྟོང་འོད་གསལ་འབར། །རླུང་ནི་ལས་ཀྱི་མ་མོ་ཆེ། །ཡང་གསལ་འདས་སྟོང་རྟག་ཙམ་བྲལ། །ནམ་མཁའ་ཀུན་གྱི་གནས་གྱུར་མ། །བདེ་གཤེགས་ཡུམ་ཆེན་བཀྲག་གསལ་མཉམ། །འབྱུང་ལྔའི་མཁའ་འགྲོ་འདི་ལྔ་ཡང་། །


DNG023_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

མིང་ནི་རྟག་པའི་རྒྱལ་མོ་ལྔ། །དབང་ནི་འབྱུང་བ་ལྔ་ལ་མཛད། །ལས་ནི་འཁོར་དང་ཐམས་ཅད་འགྲུབ། །སེམས་ཅན་ཐམས་ཅད་སྐྱེད་པར་མཛད། །སངས་རྒྱས་ཐམས་ཅད་བཞུགས་པར་མཛད། །ཐེག་ཆེན་ས་ནི་ངང་གིས་དག །ཞི་གནས་ཆུ་ནི་ཏིང་ངེ་འཛིན། །ལྷག་མཐོང་མེ་ནི་ངེས་ཤེས་སྐྱེ། །གཡོ་འཛིན་རླུང་ནི་ལས་ཀུན་བྱེད། །ཡེ་ཤེས་ནམ་མཁའ་རྒས་གུད་སྟོངས། །འབྱུང་བ་ལྔ་དང་སྟོང་པ་ཉིད། །ནམ་མཁའ་དབྱིངས་ཀྱི་དཀྱིལ་གནས་པར། །རྡོ་རྗེ་མཁའ་འགྲོ་བསྒོམ་པར་བྱ། །རྡོ་རྗེ་འཁྲིགས་པའི་འོད་ཟེར་གྱིས། །ཞེ་སྡང་དམྱལ་ཁམས་བཅོ་བརྒྱད་སྦྱངས། །ནམ་མཁའི་དབྱིངས་ཀྱི་དཀྱིལ་གནས་པར། །རིན་ཆེན་མཁའ་འགྲོ་བསྒོམ་པར་བྱ། །རིན་ཆེན་འབར་བའི་འཕྲོ་འདུ་ཡིས། །ཡི་དྭགས་སྒྲིབ་པ་སྦྱང་བར་བྱ། །ནམ་མཁའ་དབྱིངས་ཀྱི་དཀྱིལ་གནས་པར། །པདྨའི་མཁའ་འགྲོ་བསྒོམ་པར་བྱ། །པདྨ་འབར་བའི་འོད་ཟེར་གྱིས། །འདོད་ཆགས་མི་ཡི་གནས་རྣམས་སྦྱངས། །ནམ་མཁའ་དབྱིངས་ཀྱི་དཀྱིལ་གནས་པར། །ལས་ཀྱི་མཁའ་འགྲོ་བསྒོམ་པར་བྱ། །རྡོ་རྗེ་རྒྱ་གྲམ་འཕྲོ་འདུ་ཡིས། །ང་རྒྱལ་ཕྲག་དོག་ལྷ་མིན་སྦྱངས། །ནམ་མཁའ་དབྱིངས་ཀྱི་དབུས་གནས་པར། །དེ་བཞིན་མཁའ་འགྲོ་བསྒོམ་པར་བྱ། །འཁོར་ལོའི་འོད་ཟེར་འབར་འཕྲོས་པས། །གཏི་མུག་བྱོལ་སོང་རིགས་རྣམས་སྦྱངས། །ལྷ་ཀླུ་མི་ལས་སྐྱེས་པ་ཡི། །བུ་མོ་རབ་ཏུ་མཛེས་པ་ནི། །པད་ཅན་དུང་ཅན་གླང་སྣ་ཅན། །རི་དྭགས་ཅན་དང་རི་མོ་ཅན། །བྱིན་བརླབ་དབང་བསྐུར་མཉམ་འདོད་པས། །རླུང་དང་ཤེས་པ་ཏིང་འཛིན་གྱིས། །བདེ་བ་ཆེན་པོ་སྐྱེད་བྱེད་པ། །བཅུ་དྲུག་དྭངས་ཤེས་ཏིང་འཛིན་གྱིས། །བདེ་བ་ཆེན་པོ་སྐྱེད་བྱེད་པ། །བཅུ་དྲུག་དགའ་བ་མྱོང་བར་བྱ། །ཡོན་ཏན་ནམ་མཁའི་མཐའ་དང་མཉམ། །བུད་མེད་རིགས་ཀྱི་དངོས་གྲུབ་འདིས། །མཁའ་འགྲོ་སྤྱོད་པའི་གནས་སུ་འགྲོ། །གསང་སྔགས་གསང་བའི་མཛད་སྤྱོད་ནི། །ཐབས་ཆེན་ཟླ་གསང་ཐིག་ལེ་ཡིན། །མ་མོ་སྲིད་པའི་ཟླ་གསང་ཐིག་ལེའི་རྒྱུད་ལས། མ་མོའི་རང་བཞིན་དབྱིངས་སུ་བསྟན་པ་དང་འཕྲ་མོའི་ཏིང་ངེས་འགྲོ་དྲུག་


DNG023_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱང་བ་དང་། ཆགས་པའི་དགའ་བས་སངས་རྒྱས་པར་འགྲོ་བ་སྟེ་ལེའུ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱུད་ཀྱི་དོན་ཡོངས་སུ་བསྡུ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་འདི་གསུངས་སོ། །སྣང་བ་ངོ་བོ་ཉིད་ཀྱིས་སྟོང་། །སྟོང་ཞིང་གསལ་བའི་རིག་པ་ཉིད། །རང་རིག་མ་མོའི་ངང་དུ་གྲོལ། །དེ་ནི་ཆོས་ཀྱི་སྐུ་རུ་འདོད། །དེ་ལྟར་རྟོགས་ན་མ་མོ་ཡིན། །དམན་པའི་སྤྱོད་པ་ཡོངས་མི་སྤོང་། །ཡང་དག་དོན་ལ་སྨད་པ་མིན། །ལུས་ངག་སྤྱོད་པ་མཐོ་དམན་རྣམས། །ཇི་ལྟར་མཐུན་པར་སྤྱོད་པ་ཡིན། །རང་བཞིན་དཀྱིལ་འཁོར་ཆེན་པོ་ནས། །གཟུགས་བརྙན་དལ་དུ་སྤྱན་འདྲེན་ཅིང་། །དཀྱིལ་འཁོར་ཏིང་འཛིན་སྒྲུབ་པ་ནི། །དེ་ནི་མ་མོའི་དཀྱིལ་འཁོར་ཡིན། །བུམ་དབང་རྡུལ་ཚོན་དལ་དུ་བསྐུར། །རིག་པའི་དབང་ལྔ་རྫོགས་པར་བྱ། །གསང་དང་ཤེས་རབ་བདེ་ཆེན་པོ། །རྫོགས་པར་བསྐུར་བ་མ་མོའི་དབང་། །ཡན་ལག་ཉི་ཤུ་རྩ་ལྔ་པ། །སྐྱོན་མེད་བསྲུང་དང་ཉམས་ན་བཤགས། །རང་གི་སྲོག་ལྟར་མི་གཏོང་བ། །དེ་ནི་མ་མོའི་དམ་ཚིག་ཡིན། །ཞི་རྒྱས་དབང་དྲག་བདག་གཞན་དོན། །དེ་སྤྱོད་མ་མོའི་ཕྲིན་ལས་ཡིན། །བསྙེན་པས་ཡེ་ཤེས་མ་མོ་ལ། །བསྒྲུབ་པས་ལས་ཀྱི་མ་མོ་འཁོལ། །མཆོག་ཏུ་ཐུན་མོང་ཐོབ་པ་ནི། །དེ་ནི་མ་མོའི་སྒྲུབ་པ་ཡིན། །ཅེས་གསུངས་སོ། །མ་མོ་སྲིད་པའི་རྒྱུད་ལུང་ཟླ་གསང་ཐིག་ལེའི་རྒྱུད་ལས། རྒྱུད་ཀྱི་དངོས་པོ་བདུན་གྱི་ལེའུ་སྟེ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་བགྲོད་པ་ཐམས་ཅད་ཡོངས་སུ་གསལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་གསུངས་སོ། །འཆར་ནུབ་རྣམ་རྟོག་རྣལ་འབྱོར་རྩ། །སྐྱེ་འགག་ཡེ་ཤེས་དངོས་གྲུབ་གནས། །རྒྱུ་ནི་ཡིད་ལས་བྱུང་བ་ལས། །དེ་ཡི་བདག་པོ་བསལ་བར་བྱ། །མདུན་དུ་ཡུལ་ལ་དམིགས་པ་ནི། །བག་ཆགས་དེ་མ་ཐག་པ་འདྲེས། །རྩ་ནང་ལྷ་མོ་རབ་ཏུ་སད། །སྣང་མཆེད་ཐོབ་པས་ཉེར་གནས་པས། །ཡུལ་དྲུག་ལ་ནི་རྣམ་པར་སྤྱོད། །ཡེ་ཤེས་སྣང་བ་འཆར་བའོ། །ནུབ་པ་དེ་དག་ཞན་པ་ལ། །འོད་ཟེར་


DNG023_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

དང་ནི་འོད་འཕེལ་དང་། །གཟི་བརྗིད་མ་ནི་གསལ་བ་དང་། །འབར་མ་འོད་ཅན་དམིགས་སོགས་རྟེན། །མུན་སེལ་དང་ནི་འོད་མ་དང་། །སྣང་བ་མ་དང་གསལ་མཛེས་མ། །གསལ་བྱེད་མ་དང་འོད་འདུ་མ། །ཉི་མར་གསལ་དྲུག་གཟུགས་སོགས་སྤྱོད། །བཅུ་གཉིས་ཡུལ་ལ་ཞེན་པ་ལོག །ཡིད་ལ་བྱེད་པ་རང་ལ་ཞེན། །དབང་པོ་སྙིང་དཀྱིལ་ཧཱུཾ་རིང་ལ། །སངས་རྒྱས་ཉི་མའི་གྲོང་ཁྱེར་དུ། །གཟུང་འཛིན་བྲལ་བའི་རང་རིག་ཉིད། །ངང་གིས་མ་བཅོས་ཡེ་གནས་ཕྱིར། །ཡོངས་ཀྱི་འོད་ཀྱིས་རབ་ཏུ་གསལ། །ཉི་མའི་སྙིང་པོ་ལྟར་གྱུར་པས། །འཆར་ནུབ་ཡེ་ཤེས་ཆེན་པོ་སྟེ། །དབྱིངས་དང་ཡེ་ཤེས་གཉིས་མེད་པས། །སྣང་སྲིད་རྣམ་དག་ངང་དུ་ཤེས། །ཕྱི་ནང་གཟུང་འཛིན་བགེགས་ཡིན་པས། །པགས་པ་རྡོ་རྗེ་བ་སྤུ་མེ། །ལུས་ངག་ཡིད་ཀྱིས་ལས་བྱས་པས། །སྒྲིབ་པ་བྱང་བ་བཤགས་བདག་སེམས། །ཐམས་ཅད་རྟེན་འདྲེལ་ཆེ་བར་གནས། །དེ་ཕྱིར་བདུད་རྩི་རཀྟ་བཤམ། །ཆོས་རྣམས་སྟོང་པ་ཉིད་ལས་བྱུང་། །དེ་ཕྱིར་དང་པོ་དེ་བཞིན་ཉིད། །ནང་དུ་སྟོང་པའི་རྩིས་ཟིན་ན། །ཕྱི་རོལ་སྙིང་རྗེ་ཡོངས་ལ་འཆར། །དོན་མཛད་རང་སེམས་སྣང་བ་སྟེ། །དེ་ཕྱིར་རྒྱུ་ཡི་ཡི་གེ་གསལ། །སྦྱང་བྱ་སྣོད་ཀྱི་འཇིག་རྟེན་པས། །སྦྱོང་བྱེད་རིམ་པ་འབྱུང་བར་བརྩེགས། །བཞུགས་གནས་ཆོས་ཀྱི་དབྱིངས་ཡིན་པས། །མ་བསྒྲུབས་ཕོ་བྲང་གཞལ་ཡས་བསྐྱེད། །བག་ཆགས་སྒྲིབ་སྦྱོང་དབང་སྡུད་ཕྱིར། །མཁའ་འགྲོ་བཅུ་བཞི་གདན་དུ་གདིང་། །རྒྱུད་དང་དཀྱིལ་འཁོར་ཀུན་བྱེད་པས། །བླ་མེད་མུ་ཀ་ཡབ་ཡུམ་རོལ། །ཐམས་ཅད་ཆགས་པས་རང་བསྐྱེད་པས། །དགའ་དང་རབ་དགའ་བྲལ་བའི་དགའ། །ལྷན་ཅིག་སྐྱེས་པས་འཁོར་འདས་ཀུན། །སྒྲིབ་སྦྱངས་ཐུགས་བསྐུལ་མཁའ་འགྲོའི་རྒྱུ། །ཐིག་ལེ་འབར་བའི་ས་བོན་ལས། །རང་རིག་འབྱུང་བ་ཉིད་དུ་སྐྱེ། །ནམ་མཁའི་མཁའ་འགྲོ་བཀྲག་གསལ་མཉམ། །ས་ཡི་མཁའ་འགྲོ་རྣམ་སྣང་གསལ། །མེ་ཡི་མཁའ་འགྲོ་འོད་གསལ་འབར། །ཆུ་ཡི་མཁའ་འགྲོ་གཉེན་གསལ་མ། །རླུང་གི་མཁའ་འགྲོ་ཡང་གསལ་གཡོས། །སྐྱེ་


DNG023_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་རྩི་ཤིང་ནགས་ཚལ་དང་། །འབྱུང་བ་ལྔ་ལས་འཁོར་འདས་གྲུབ། །སྐུ་གསུམ་དབང་མཛད་རྒྱལ་པོ་ལྔ། །སྤྱན་དྲང་མཆོད་བསྟོད་བཟླས་པ་ཡིས། །ཐུགས་ལས་སྤྲུལ་པའི་ཁྲོ་མོ་ནི། །བཅུ་གསུམ་འཕྲོས་པས་མ་མོ་བཀུག །དབང་བསྡུས་དམ་བཏགས་དཀྱིལ་འཁོར་དུ། །ཉི་ཤུ་རྩ་བདུན་ལས་ལ་འགྱེད། །དྲོད་དང་རྟགས་དང་མཚན་མ་ཡིས། །ཐུན་མོང་མཆོག་གི་དངོས་གྲུབ་ཀུན། །སྐུ་གསུང་ཐུགས་ལ་ཐིམ་གྱུར་ན། །བུམ་པ་རྣམ་སྣང་ཆུ་ཡི་དབང་། །ཅོད་པན་འོད་གསལ་མཉམ་པ་ཉིད། །རྡོ་རྗེ་གཉེན་གསལ་འདོད་ཆགས་དག །དྲིལ་བུ་ཡང་གསལ་རླུང་གི་རྒྱུ། །རྡོ་རྗེ་མིང་ནི་བཀྲག་གསལ་དྲན། །ཀུན་འདུས་མུ་ཀ་བླ་མེད་སྐྱེ། །འདིར་སྦྱང་བར་མ་དོར་དྲན་པས། །རིག་པ་འཛིན་ནམ་གང་མོས་སམ། །སངས་རྒྱས་ཐམས་ཅད་ཐོབ་པ་ཡིན། །གྲོལ་བའི་ལམ་དུ་བརྗོད་པ་སྟེ། །རྣལ་འབྱོར་ཀུན་གྱིས་བསྒོམ་པར་བྱ། །ཆགས་པས་ཆགས་པ་གྲོལ་བྱེད་པ། །ལུས་ཀྱི་གཡས་གཡོན་དབུས་གནས་པ། །གཟུང་འཛིན་མེད་པའི་དངོས་པོ་སྟེ། །འདོད་ཆགས་ཞེ་སྡང་གཏི་མུག་དང་། །རླུང་དང་མཁྲིས་པ་བད་ཀན་དང་། །ཉིན་མོ་མཚན་མོ་མཚམས་ཀྱི་ཆ། །འདོད་གཟུགས་མེད་པའི་ཁམས་གསུམ་དང་། །རྒྱུ་ལམ་འབྲས་བུའི་རྣལ་འབྱོར་གསུམ། །སངས་རྒྱས་ཆོས་དང་དགེ་འདུན་དང་། །སྟོང་ཉིད་ཡེ་ཤེས་རྡོ་རྗེ་ཀུན། །ཕ་ལས་བྱུང་བའི་ག་པུར་ཕོ། །མ་ཡིས་བྱིན་པའི་ས་བླ་མོ། །རང་གི་སྐྱེད་པ་ཆར་དུ་ཡང་ཆགས་སུ་བཤད། །སྲོག་གི་རྣམ་པ་འདི་གསུམ་དུ། །འཁོར་དང་མྱ་ངན་འདས་པ་གྲུབ། །བཅུ་ཚན་གསུམ་དང་དེ་སྟེང་གཉིས། །རུས་མཚོ་ཀླད་པ་དེ་ལ་ཡོད། །རྐང་གཉིས་ལ་ནི་སྐད་རྣམས་འབྱུང་། །དེ་ལ་ཟས་ཀྱི་ལོངས་སྤྱོད་གསོལ། །བཞི་གཉིས་རང་གི་སྙིང་ཡིན་ཏེ། །དེ་ལ་འཁོར་འདས་ཆོས་གནས་སོ། །བཅུ་ཚན་དྲུག་དང་དེ་སྟེང་བཞི། །མ་སྟེ་བུ་སྟེ་འདྲེལ་བར་སྤྲུལ། །མེ་དང་རླུང་གི་གནས་ནི་འོག །དེ་ཡང་གྲུ་གསུམ་འོད་མའི་གཞུ། །གཡས་ཀྱི་ཉི་མ་དམར་ཞིང་གདངས། །གཡོན་གྱི་ཟླ་བ་དཀར་ལ་གསལ། །དབུས་ཀྱི་ཀ་བ་བསྟན་པ་ནི། །པདྨའི་


DNG023_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

སྣལ་མ་ལྟ་བུར་ཕྲ། །ཆུ་ཤིང་སྙིང་པོ་འདྲ་བར་དྲངས། །ཏིལ་གྱི་མར་མེ་ལྟ་བུར་གསལ། །རྒྱ་སྐྱེགས་མེ་ཏོག་བཞིན་དུ་དམར། །སྤྱི་བོ་གདུགས་ཀྱི་རྣམ་པ་ལ། །མགྲིན་པ་མཚེ་མ་སྦྲུལ་ཆུན་གཅུས་པ་སྟེ། །སྙིང་ག་གྲུ་གུ་བསྒྲིལ་བ་འདྲ། །ལྟེ་ཟུར་གཉིས་ནི་ལྗོན་ཤིང་སྐྱེས། །ཚིགས་ཆེན་བཅུ་གཉིས་སྐྲ་ཤད་འཛིངས། །སྟོང་ཕྲག་ལ་སོགས་བ་ཐག་བརྒྱངས། །འབར་བ་གཞུང་རིང་འཁོར་ལོ་གསུམ། །མེ་ཆུ་མཚལ་གྱི་དབང་པོས་མཐོང་། །མཚམས་ལ་གཡེལ་བྱུང་མཁལ་མར་མིག །རྔམ་བྱེད་མ་ནི་རོ་ལ་སྤྱོད། །མཁལ་མའི་ནང་གཉིས་ཉམ་ང་བྱེད། །ཀུན་ཏུ་རྒྱལ་བ་དྲི་ལ་སྤྱོད། །རབ་གསལ་སྒྲོགས་མ་སྒྲ་ཡིན་ཏེ། །བྱེད་པ་ཆེན་པོ་ཐམས་ཅད་དགྱེས། །རྐང་ལག་མཐེ་བོང་མྱ་ངན་འདས། །དེ་བཞིན་སྲིན་ལག་གདོན་དང་འདྲེ། །གསང་བ་རྡོ་རྗེ་པདྨ་འདྲ། །བྷ་ག་བདེ་བ་ཆེན་པོ་ལོངས་སྤྱོད་ཨ། །ཧཱུཾ་མི་ཤིགས་ཐིག་ལེ་ཆེན་པོ་ལ། །ཨོཾ་དཀར་སྐུ་སྟེ་ཨཱ་དམར་གསུང་། །སྭ་སེར་ཡོན་ཏན་ལས་ནི་ཧ། །དེས་ཤིང་ཞི་བའི་དཀར་པོ་ཨ། །ཐབས་དང་ལྡན་པ་སྔོན་པོ་ནྲྀ། །ཁྲོ་ཞིང་གཏུམ་པ་སེར་པོ་སུཾ། །བཀྲེས་ཤིང་སྐོམ་པའི་དམར་པོ་པེ། །གླེན་ཞིང་ལྐུགས་པ་སྨུག་ནག་ཏྲི། །ཚ་གྲང་དུ་ནག་གནས་རྣམས་སྦྱང་། །ཨ་རཾ་ཡཾ་ནི་འོག་ཏུ་བཤད། །ཀུན་ལ་ཨ་ལི་ཀ་ལི་སོགས། །ཁྱབ་པར་འདྲེས་དང་སོ་སོར་གནས། །བྷ་ག་ཡངས་པའི་སྡོང་པོ་ལ། །བསམ་གཏན་ཨོཾ་དཀར་ཤེས་རབ་ཨཱ། །དམར་ཞིང་ཟུང་འཇུག་མཐིང་ག་ཧཱུཾ། །སྙིང་པོ་དབྱིབས་ཀྱི་ཨ་དཀར་ལས། །དྲག་པོ་ཕཊ་དམར་ཧཱུཾ་ནག་སྟོབས། །ལྷ་སྲིན་དབྱིབས་ནང་སྲོག་དམར་ཀྵ། །ཁྲག་གི་ཐིགས་པ་བཅུ་གཉིས་ལྷུང་། །ཁམས་ཀྱི་དྲི་ཆེན་རྣམ་སྣང་ལ། །ཆུ་ཡི་ཐིག་ལེ་གཉེན་གསལ་མ། །མ་ནི་ཁྲག་སྟེ་འོད་གསལ་འབར། །རླུང་ནི་བསིལ་བ་བྱང་སེམས་ཡང་། །ཀུན་འདུས་རྟག་པའི་མུ་ཁ་ལེ། །ཧ་གནས་རྡོ་རྗེ་རྒྱ་གྲམ་ལས། །ཡང་གསལ་གཡོས་ནི་རབ་ཏུ་འབར། །པད་མདུང་མེ་ལོང་རལ་གྲི་བཞི། །ཕྲ་རྣོ་གཅོད་གསལ་ཆེན་པོ་ལས། །འབྱུང་འཇུག་གནས་པའི་ལས་ཀྱིས་བསྐྱོད། །འོད་གསལ་འབར་ནི་རབ་ཏུ་ཁྲོས། །ནམ་ལངས་ཉི་ཤར་ཟླ་བ་ལྟར། །


DNG023_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་ལྡན་རྣམ་སྣང་གསལ་ཡང་བསྐུལ། །བཀྲག་གསལ་བདེ་བའི་རོས་གང་བ། །དང་པོ་རང་ཉིད་སྦྱང་བར་བྱ། །བུད་མེད་འདོད་པའི་ཆགས་པས་བལྟ། །རྣམ་པ་སྣ་ཚོགས་དགའ་བ་ལ། །པདྨ་ལིངྒ་མཉམ་སྦྱར་བས། །ཤིན་ཏུ་ཆགས་མེས་ཐིག་ལེ་དབབ། །མི་མཁས་ཐིག་ལེ་མྱུར་དུ་ཉམས། །རུས་སྦལ་འགྲོས་ཀྱིས་མཁས་པར་བྱ། །རྣམ་པར་སྨིན་པ་མཆོག་ཏུ་དགའ། །འབོབས་ཕྱིར་ཐིག་ལེ་འབར་བའི་དྲོད། །བསྲུབས་པས་མི་རྟོག་བདེ་འབར་བ། །རྣམ་པར་འཇོམས་པ་བྲལ་དགའ་ཡིས། །གཡོས་པའི་དྲོད་ལ་ཐིག་ལེ་གཟུང་། །མི་མཁས་བདེ་བ་ཡུན་ཐུང་བས། །ལུས་ངག་འགྱུར་བའི་ལས་རྣམས་བྱ། །རྟགས་བྱུང་ཐིག་ལེ་ཟིན་པ་ན། །པདྨ་ལིངྒ་ཁ་སྦྱར་བས། །བདེ་བ་གཡོ་བ་བརྟན་པར་སྦྱོར། །རྒྱ་མཚོ་རི་རབ་ངོས་ལ་སྦྱར། །གླིང་བཞི་རང་གི་གནས་སུ་བསྡུ། །རོ་འཛིན་རང་གི་གནས་ལ་སྦྱོར། །དབང་མཆོག་ཉི་མའི་སྟེང་དུ་བཞག །ཧཱུཾ་རིང་ཧཱུཾ་ཕཊ་མདའ་གཞུ་བྱ། །སྐེ་རགས་བཅང་ཞིང་ཞགས་པ་འཕང་། །བུ་ཆུང་སྤྱོད་ལམ་རབ་ཏུ་བྱ། །མཚན་ཉིད་བྲལ་བའི་ལྷན་ཅིག་སྐྱེས། །བཟློག་པ་མ་ཤེས་ཆུ་དང་བསྡང་། །དེ་ཕྱིར་དུད་འགྲོའི་འགྱུར་བ་བྱ། །འགྲིམས་པ་མ་བྱས་ནད་ཡིན་པས། །དེ་ཕྱིར་རྣམ་གྲོལ་ཕྱག་རྒྱ་བྱ། །ལུས་ཀྱི་ཁོལ་བུ་ཕར་ཆེར་རམ། །ཐམས་ཅད་སྣང་དངོས་བདེ་བ་ཕྱི། །ནང་གནས་སྤྱི་མགྲིན་ལྟེ་སྙིང་གསང་། །བདག་ཡུམ་གཟུང་འཛིན་རྟོག་གསུམ་འགོག །དེ་ཕྱིར་སྤང་བྱ་བྲལ་བ་ཡིན། །བདེ་བ་ཆུང་ཆེ་མི་རྟོག་དང་། །བདེ་སྟོང་དེ་ཡང་ལྷན་ཅིག་སྐྱེས། །སྐྲ་དཀར་བྲལ་དང་སྟོབས་རྫོགས་གསལ། །མཚན་དཔེ་ཚང་ཞིང་འཆི་མེད་པས། །ཡིད་བཞིན་སྤྲིན་གྱི་བདག་པོ་སྟེ། །ཚེ་ཡི་རིག་འཛིན་ཐོབ་པའོ། །ཞེས་གསུངས་སོ། །མ་མོ་རྒྱུད་ལུང་ཟླ་གསང་ཐིག་ལེ་ལས། ལམ་གྱི་རིམ་པ་སྟེ་ལེའུ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་ངོ་བོར་གྱུར་པ་འདི་གསུངས་སོ། །ཀུན་གཞི་མ་སྐྱེས་མུ་ཁ་ལེ། །དབུ་ལྔ་ཕྱག་དྲུག་ཞབས་བརྒྱད་ལ། །འཁོར་བཅས་སྣོད་བཅུད་མ་ལུས་ཀུན། །རང་གི་


DNG023_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ལ་བསྡུས་ལ་བསྒོམ། །ཨོཾ་ཉིད་གཞི་མུ་ཁ་ལེ་ཀྲོ་ཏཱི་ཤྭ་རཱི་བྷ་ག་པདྨ་བདེ་ཀློང་འདུས་ན་སྙིང་ཛྙཱ་ཤ་ཡུ་ཏོ་ཧཱུཾ་བྷྱོ། སྤྱི་གཙུག་འཁོར་ལོ་རྩིབས་བརྒྱད་སྟེང་། །བཀྲག་གསལ་མཉམ་གྱི་ངོ་བོ་ཉིད། །ཞལ་གསུམ་ཕྱག་དྲུག་རྒྱན་དང་བཅས། །བཀྲག་གི་རྒྱལ་མོ་ཆེན་མོར་བཞུགས། །མགྲིན་པ་པདྨར་གཉེན་གསལ་མ། །གསུང་གི་མཁའ་འགྲོ་རབ་ཏུ་བསྒོམ། །སྙིང་ག་དཔལ་བེའུ་རྣམ་སྣང་གསལ། །རྡོ་རྗེ་མཁའ་འགྲོ་འཁོར་དང་བཅས། །ལྟེ་བ་ཟུར་བརྒྱད་འོད་གསལ་འབར། །ཡོན་ཏན་མཁའ་འགྲོ་རིན་པོ་ཆེ། །གསང་བ་རྒྱ་གྲམ་ཡང་གསལ་གཡོས། །ལས་ཀྱི་མཁའ་འགྲོ་རབ་ཏུ་བསྒོམ། །ཀུན་ཀྱང་ཞལ་གསུམ་ཕྱག་དྲུག་སྟེ། །ཉོན་མོངས་འབྱུང་བ་ཡེ་ཤེས་དང་། །རྣམ་པ་རང་བཞིན་མཚན་ཉིད་ལྡན། །མ་ཧཱ་ལམ་ཏེ་ཧ། བྷི་ཤ་སནྟི་ཧ། གྲི་བ་མུ་ཧཱུཾ་ཧ། ཛྭ་ལ་བ་རཾ་ཧ། བྷི་ཡང་ཡང་དེ་ཧ། མཁའ་འགྲོ་ཆེན་མོ་རྟག་པ་མོ། །འབྱུང་ལྔའི་མ་མོ་རྣམས་ལས་སྤྲུལ། །སྐྱེད་པའི་ཁྲོ་མོ་བཅུ་གསུམ་རྣམས། །འོད་ཆེན་དྭངས་བཞི་དྭངས་མ་བརྒྱད། །དཔག་བསམ་བྱང་ཆུབ་སྦུ་གུའི་ཟངས། །སྲིད་པ་དབང་པོའི་མདོ་སྡུད་གཉིས། །ཐབས་ཤེས་སྲིད་པ་འཇུག་བྱེད་ལས། །ཁྲོས་པའི་ཚུལ་དུ་རང་བྱུང་བ། །དཔལ་འབར་ཁྲོ་བོ་གསང་ཡུམ་བཞི། །ཁམས་གསུམ་རྩད་གཅོད་སྐྱེ་ཤི་གཅོད། །དུག་གསུམ་དབང་སྡུད་པདྨ་དབང་། །གནོད་སྦྱིན་སྲིན་པོ་དམ་ཚིག་ཁྲོ། །གསང་བའི་ཁྲོ་མོ་དཔལ་འབར་ཁྲོ། །ཀ་མ་ལེ་ཤྭ་རཱི་ཧ་དྷ་དྷི་ག །ཅེས་གསུངས་སོ། །མ་མོ་སྲིད་པའི་རྒྱུད་ལུང་ཟླ་གསང་ལས། ཡེ་ཤེས་ཀྱི་གཙོ་མོ་སྤྲུལ་པ་དང་བཅས་པ་སྟེ་ལེའུ་དགུ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་རྒྱལ་པོ་རྣམས་ཀྱི་དགོངས་པ་འདི་གསུངས་སོ། །རྣལ་འབྱོར་ལུས་ཀྱི་རི་རབ་ལ། །སྲིད་པ་བདེ་འགྲོ་ཆེན་མོ་དང་། །དེ་སྤྲུལ་ཉི་ཟླ་ཐོད་ཕྲེང་དང་། །རི་རབ་ཕྱོགས་བཞིའི་དགྱེས་སྡེ་བཞི། །རྣལ་འབྱོར་ཁྲོས་པའི་དབང་མོ་བཞི། །ཕུང་བྱེད་སྦས་པའི་མ་མོ་བཞི། །གཉིས་ནི་སྲིད་པ་ཡོངས་ཀྱི་དཔལ། །བཞི་ནི་དཔལ་གྱི་གཟུངས་མ་མཛད། །བཞི་ནི་རྣལ་འབྱོར་ཆུང་མ་སྟེ། །འཇིག་རྟེན་སྐྱེད་བྱེད་ཆེན་མོ་བཞི། །


DNG023_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་དམ་ཚིག་བརྗོད་པ་འདིའོ། །ཨོཾ་བཛྲ་ཀྲོ་ཏཱི་ཤྭ་རཱི་བ་ག་པདྨ་རྱ་ཧཱུཾ་ཧཱུཾ། ཨོཾ་བཛྲ་ཤནྟིཾ་པདྨ་ག་རུ་ཏི་བྷྱོ། ཨོཾ་མུ་ཏྲི་ནི། ཨ་ཤནྟྲི་ནི། བ་ག་དུནྟྲི་ནི། ཁ་མུན་དན་ཏྲི་ནི། ཨོཾ་བཛྲ་སུརྱ་བྱི་ཏ་མ་ཏོ་ཡེ། བཛྲ་པདྨ་བྱི་ཏ་མ་ཏོ་ཡེ། བཛྲ་ཁ་རག་བྱི་ཏ་མ་ཏོ་ཡེ། བཛྲ་སྲིང་འགྲོ་བྱི་ཏ་མ་ཏོ་ཡེ། ཨོཾ་བཛྲ་ཀེམ་བཛྲ་ཀེམ། བཛྲ་ཏ་ཀེམ་བཛྲ་ཏ་ཀེམ། བཛྲ་ནི་ལ་བཛྲ་ནི་ལ། བཛྲ་ལནྡྷ་བཛྲ་ལནྡྷ། མ་མོ་ཐམས་ཅད་ཆགས་པ་ཆེ། །ཨ་བྷི་ཥེ་ཀ་ཙ་རི་ལས། །ལུས་ཀྱི་རྩ་རྣམས་བུམ་པ་སྟེ། །སྔགས་ནི་གསང་བ་ཞེས་སུ་བཤད། །ཁམས་ཀྱི་བདུད་རྩི་ཤེས་རབ་ཤེས། །སྙིང་པོ་གཡོ་བྱེད་བདེ་བ་ཆེ། །བུམ་པ་ས་དྲུག་རྫོགས་པ་ལས། །ས་བཞི་གསང་བའི་དབང་ཞེས་བྱ། །ཤེས་རབ་ཡེ་ཤེས་ས་གཉིས་གཅོད། །བདེ་ཆེན་བཞི་ལས་བྱད་དུ་བགྲོད། །དང་པོ་བསྐྱེད་པའི་རིམ་པ་ལ། །གཉིས་པ་བདག་ཉིད་བྱིན་གྱིས་བརླབས། །གསུམ་པ་ལས་ཀྱི་འཁོར་ལོ་སྟེ། །བཞི་པ་རྡོ་རྗེའི་རྦ་རླབས་བསྟན། །དང་པོར་སྤྲུལ་སྐུའི་ཞིང་ཁམས་དབང་། །གཉིས་པར་ལོངས་སྐུའི་ཞིང་ཁམས་ལ། །གསུམ་པར་དེ་བཞིན་ཆོས་སྐུ་ལས། །བཞི་པར་ངོ་བོ་ཉིད་སྐུ་ཐོབ། །དང་པོར་ལུས་ཀྱི་དཀྱིལ་འཁོར་མཐོང་། །གཉིས་པ་བྷ་གའི་དཀྱིལ་འཁོར་ཡིན། །གསུམ་པར་བྱང་ཆུབ་བདུད་རྩི་སེམས། །བཞི་པར་དུས་གསུམ་བདེ་གཤེགས་བཅུད། །དང་པོར་འཁོར་འདས་དབྱེར་མེད་པ། །གཉིས་པར་མ་འདྲེས་ཡོངས་སུ་རྫོགས། །གསུམ་བཞིར་བདེ་སྟོང་ཆུང་དད་ཆེ། །དེ་དག་མཐོང་སྦྱོང་ལམ་གཉིས་ཀྱིས། །རྒྱུད་རྟགས་འབྲས་བུར་བསྡུས་པ་ལས། །ཉེ་དགུ་དབང་དང་ལམ་གཉིས་ལས། །ཕྱི་ནང་རྟེན་འདྲེལ་རྣམ་གཉིས་དང་། །ཐིག་ལེ་རླུང་དང་དེ་ཁོ་ན། །ཕྱི་ནང་སེམས་ཀྱི་རྟགས་ཞེས་བྱ། །ཡང་དག་མྱ་ངན་འདས་པ་ཐོབ། །དེ་ཕྱིར་ཡེ་ཤེས་རྗེ་མོ་ཡིན། །ཤེས་རབ་ཡེ་ཤེས་ཞེས་བྱ་བ། །ཧཾ་འདུས་མགྲིན་པར་དགའ་བ་ནི། །ཉོན་མོངས་པ་དང་མ་བཞི་ལས། །མོས་པ་ཆུང་བའི་ལམ་ཆོད་ནས། །སྙིང་གར་མཆོག་ཏུ་དགའ་བ་ནི། །གཉིས་གསུམ་བཞི་ཆ་ཞི་མ་ཡིན། །དམིགས་པ་ཕྲ་བའི་ལམ་ཡང་ཆོད། །


DNG023_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པོས་བདེ་བ་ལོངས་སྤྱོད་སྐུ། །ལྟེ་བར་མི་རྟོག་ཟུང་ཆུད་བརྒྱན། །དགའ་བྲལ་ཀུན་གཞི་བྱང་ཆུབ་ལམ། །བག་ལ་ཉལ་དག་མི་རྟོག་པ། །སྤྲོས་པ་ཞི་བ་ཆོས་སྐུ་སྟེ། །གསང་བའི་གནས་སུ་སྤྲུལ་པའི་སྐུ། །རྟོགས་པའི་ངོ་ལ་འཁོར་འདས་དག །དེ་ཉིད་མེ་ལོང་ཡེ་ཤེས་ཆེ། །དེ་བཞིན་མཉམ་པ་ཉིད་རྟོགས་བྱེད། །ཀུནྡ་མི་རྟོག་ཆོས་རྣམས་རྟོགས། །ཐམས་ཅད་གཉིས་མེད་ཡེ་ཤེས་གྲུབ། །མི་རྟོག་དོན་གྱི་ཆོས་ཀྱི་དབྱིངས། །ཡེ་ཤེས་རྣམ་པ་ལྔ་རྫོགས་བྱེད། །ཡེ་ཤེས་རྣམ་ལྔའི་ཆུ་བོ་ཡིན། །བྲམ་ཟེ་མོ་དང་གཡུང་མོ་དང་། །གར་མཁན་མ་དང་ཚོས་མ་དང་། །གཏུམ་མོ་ལྔ་ནི་ཕྱག་རྒྱ་ཉིད། །རིགས་ངན་བུད་མེད་ལྔ་རྫོགས་བྱེད། །འདོད་ཡོན་དམ་ཚིག་ཡེ་ཤེས་དང་། །མིང་དོན་བླ་མེད་ཧེ་རུ་ཀའི། །མིང་བྲིས་བཅུ་གཉིས་རྫོགས་པ་དང་། །ལྷ་དང་དཀྱིལ་འཁོར་ཕྱག་རྒྱ་སྔགས། །དེ་ཉིད་བཞི་དང་ལྡན་གྱུར་ན། །ཤེས་རབ་ཡེ་ཤེས་ལམ་གྱི་མཆོག །གསང་དང་བདེ་བ་བཞི་མཐར་ཕྱིན། །ཤིན་ཏུ་རྣམ་དག་སྤྲོས་བྲལ་ཐོབ། །ཅེས་གསུངས་སོ། །མ་མོ་སྲིད་པའི་ཟླ་གསང་ལས། ཡེ་ཤེས་ཀྱི་རྗེ་མོ་ཐུགས་དགྱེས་སྡེའི་མན་ངག་སྟེ་ལེའུ་བཅུ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་སྲིད་པའི་མ་མོ་རྣམས་ཡོངས་སུ་གྲུབ་པ་འདི་གསུངས་སོ། །མ་མོ་སྲིད་པ་ཆགས་བྱེད་མ། །སྦས་པའི་བུ་མོ་ཆ་སྙོམས་མ། །རལ་གཅིག་མ་དང་མ་མོ་བདུན། །རིན་ཆེན་སྲིད་འདེགས་རེ་མ་ཏི། །གླིང་བཞི་སྤྱི་འགྲོ་ཆེན་མོ་དང་། །འདོད་ཁམས་རྡོ་རྗེ་པདྨོ་དང་། །རྒྱལ་ཆེན་ཆུང་མ་གྲུ་འདེགས་བཞི། །རྒྱལ་མོ་བཞི་དང་སྲིང་མོ་བཞི། །གསང་སྔགས་རབ་ཏུ་བཤད་ཀྱིས་ཉོན། །ཨོཾ་བཛྲ་ཟ་འགྲམ་མུ་རཾ་ཤྭ། ཟ་འགྲམ་མུ་རཾ་ཤྭ། ཨོཾ་བཛྲ་ཁ་རག་སྙིང་ཁ་རག །ཏྲག་རག་ཤ་ཏྲག་རག་ཤ །ཏྲག་རག་ཤ་མུ་ཏྲ་བྷན། ཁ་མུན་ཏྲ་བ་ཏྲ་ཏྲ་ག་རག་ཤ །སྤྲ་བ་ན་ཁ་རག་ཏིཥྚ་བྷྱོ། པྲ་གྷྲི་ཝ་གྷི་ཤྭ་བྷྱོ། ཧཱུཾ་བྷྱོ་ཀ་རི་ཀ །བ་དོར་བ་དོར། ནི་ལ་ཆུ་མི་དྷ། ཁ་ཊྭཱཾ་ག་ལ་ད་ལ་ཙ་ལ། པདྨ་ཙནྟྲ་མ་གུ་རག་དོ། དིང་པཾ་དིང་པཾ། ཨེ་ཨཱ་ར་ལི་དེ་ཝཱི་རུ་ལུ་བྷྱོ། ཏྲ་ག་རག་ཤ །ཨཱོཾ་ཨ་ཏི་བྷྱོ། བྷྱི་དི་བྷྱོ། བུ་ཏི་བྷྱོ།


DNG023_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱོཾ་བཛྲ་ཤནྟིཾ་བྷྱོ། དུནྟི་བྷྱོ། ཧར་ཏི་བྷྱོ། གྲུབ་ཏིང་བྷྱོ། ཏེ་པ་བྷྱོ། ཨ་པར་ད་ལ་བྷྱོ། ད་ལ་རྒྱུན་བྷྱོ། དྷི་ན་མ་མ་གཡས་བྷྱོ། གང་གིས་འཆི་བར་བྱེད་པ་ལ། །མཆོད་དང་ཚོགས་རྣམས་ཀུན་བསགས་ནས། །རང་གི་སྒྲིབ་པ་སྦྱང་བར་བྱ། །ལས་ངན་སྣང་བ་ལྟ་སྒོམ་ངོར། །ལྷ་དང་བདག་གི་ཤེས་པ་སྦྱར། །སྣང་བ་བསྒྱུར་ན་རིག་འཛིན་ཐོབ། །བརྒྱ་དང་བརྒྱ་ཡི་ཚུལ་ཞེས་བྱ། །སྔོན་འགྲོ་བྱས་ནས་ཡུལ་གནད་བཅད། །སྙིང་ག་མཐེ་བོང་འོད་བྱུང་བས། །བཤང་ལྕི་ལྟེ་བ་ཁ་སྣ་དང་། །མིག་དང་རྣ་བ་མཛོད་སྤུ་དང་། །ལྟེ་བར་ཟླ་བ་མཐིང་ནག་ཧཱུཾ། །སྟོབས་ཀྱི་ཧཱུཾ་དྲག་ཉི་ཤུ་ཡིས། །རིམ་གྱིས་དྲངས་ནས་ཚངས་པའི་སྒོ། །ཡི་དམ་ལྷ་ཡི་ཐུགས་ཀར་འགྲོ། །འཁྲུལ་འཁོར་ཚོགས་རྫོགས་རྣལ་འབྱོར་པ། །ཡི་གེའི་སྦྱོར་བས་སྒོ་རྣམས་དགག །རླུང་ལྷ་ཧཱུཾ་ཧིག་དྲངས་ནས་ནི། །རིག་འཛིན་སྒྱོགས་དང་འཁྲུལ་འཁོར་བཞིན། །བུམ་པ་ཐོབ་པའི་རྣལ་འབྱོར་མཆོག །འོད་གསལ་རླུང་གིས་བསྐྱེད་པ་ལས། །ལུས་ངག་ཡིད་གསུམ་ཞུགས་པ་ཡིས། །བར་དོ་མེད་པར་གྲུབ་མཐའ་རྟོགས། །རིག་པ་འཛིན་པའི་གཙོ་བོར་འགྱུར། །གསང་དབང་མཆོག་གི་སྟོན་པར་བྱེད། །རྩ་མདུད་བྲལ་ནས་བཅུད་སེམས་འདྲེས། །དབུ་མའི་ནང་དུ་ཚུད་པ་ཡིས། །བདེ་སྟོང་འདྲེས་པའི་རྡོ་རྗེ་པད། །ཤེས་རབ་ཡེ་ཤེས་ཐོབ་པ་ཡང་། །ཡང་གསལ་གཡོས་ནི་འདྲིས་པར་བྱ། །ཁུག་པ་བཅུ་བདུན་ཐུན་བཞི་ཡིས། །ཉེར་གཅིག་ཐ་མར་སོ་བདུན་བྱ། །ཕྲི་ཕྲིན་ལས་ནས་ཉེར་གཅིག་ཚང་གྱུར་ཏེ། །བཞི་བཅུ་རྩ་གཉིས་གྱུར་པ་ན། །ཡང་གསལ་གསལ་དང་ངེས་པ་འབྱུང་། །སྦྱངས་པ་ཐབས་ཀྱི་ཕྱག་རྒྱའོ། །ལུས་གནད་ཧིག་སྒྲ་ཉེར་གཅིག་གིས། །ཐུན་བཞིར་ངལ་བསོ་ཞག་བདུན་སྦྱངས། །སྒོ་རྣམས་སྔགས་ཀྱིས་ཡིག་འབྲུས་དགག །ཕྱི་ཡི་སྣང་བ་དགག་པར་བྱ། །འཁོར་ལོ་བཞི་ལ་ཙཎྜ་ལི། །དཀར་དམར་བཅུ་དྲུག་གྱེན་ལོག་བལྟ། །ཡང་གསལ་ཕྱི་ནང་ཡས་དང་མར། །ཐུན་བཞི་ཞག་བདུན་ངེས་པ་ཡིན། །རང་ཉིད་གང་འདོད་སྒོ་དེ་དབྱེ། །མི་འདོད་སྒོ་རྣམས་


DNG023_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱིས་དགག །རླུང་ཟླ་ཧཱུཾ་སེམས་སྒྲ་ཡིས་དྲངས། །བདེ་འགྲོ་ལ་ནི་སྦྱོར་བར་བྱེད། །རྨ་མེད་ན་ཚོད་མཐུན་པའི་རོ། །བསངས་དང་བགེགས་བསྐྲད་ལྷར་བསྐྱེད་ལྷར། །དང་པོར་གནས་སྲུང་བསྲུང་འཁོར་བསྒོམ། །རྟེན་ལ་གནས་མཆོག་མཉེས་པར་བྱ། །སྣ་ནས་གཞུགས་ཤིང་སྦྱང་བ་ནི། །རྟགས་དང་ངེས་པར་ལྡན་པ་ན། །མི་སེམས་གཅིག་ལ་ལུས་གཉིས་པར། །ན་ས་གཡས་གཡོན་སྙིང་གར་ཞུགས། །གང་དུ་བཅུག་པའི་གནས་དེར་སོང་། །གཞན་གྱི་གྲོང་ལ་ཞུགས་ཞེས་བྱ། །སྒོ་རྣམས་ཡང་ནི་དགག་པ་དང་། །ཚངས་པ་སྟོང་པར་དབྱེ་བ་དང་། །སྙིང་གར་ཧཱུཾ་མཐིང་དྲངས་པ་དང་། །དྲོད་གཤེར་མངལ་སྒོ་བདེ་གནས་སུ། །མདའ་འམ་སྒྱོགས་ཀྱི་འཁྲུལ་འཁོར་འདྲ། །ཡང་གསལ་གཡོས་ནི་ཕྱི་དང་ནང་། །ཧཾ་ཞེས་བྱ་བས་རིམ་པར་ནི། །ཉི་མ་ཟླ་བ་རཱ་ཧུ་ལ། །གཟའ་ཡིས་ཟིན་པར་གྱུར་པ་ན། །ཕྱག་རྒྱ་ཆེན་པོའི་རིག་འཛིན་ཐོབ། །ཅེས་གསུངས་སོ། །མ་མོའི་རྒྱུད་ལུང་ཟླ་གསང་ཐིག་ལེའི་རྒྱུད་ལས། རྣལ་འབྱོར་འཆི་ཁའི་ལམ་ཡེ་ཤེས་སུ་རོལ་པ་སྟེ་ལེའུ་བཅུ་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་དགྱེས་ནས་འཁོར་རྣམས་ཀྱིས་བསྟོད་པ། ཨེ་མ་ཧོ། རབ་ཏུ་བཟང་བའི་ཡེ་ཤེས་ནི། །དངོས་པོ་ཀུན་ལ་རབ་ཏུ་གནས། །དངོས་པོར་འཛིན་པ་ལོག་པ་སྟེ། །ལོག་པར་ཤེས་པ་སྐྱོན་དང་བྲལ། །རྡོ་རྗེ་ལུས་ཀྱི་དྲ་བ་ལས། །སྤྲུལ་པའི་སྐུ་བྱུང་ངོ་མཚར་ཆེ། །དེ་ནས་སྔགས་ཀྱི་ཡི་གེ་ནི། །ལོངས་སྤྱོད་རྫོགས་པ་རྨད་བྱུང་ཆོས། །སེམས་ཅན་ལུས་བཅུད་ཁམས་ཀྱི་བདེ། །དེ་ཉིད་མི་རྟོག་ཆོས་སྐུ་གནས། །ཡང་གསལ་རང་བཞིན་སྙིང་པོ་མེད། །དེ་ཉིད་ངོ་བོ་ཉིད་དུ་དག །སྐུ་བཞིའི་སྙིང་པོར་རང་ཤར་བས། །རྡོ་རྗེ་ཐེག་པ་སྐུ་ལྔའི་བདག །གསང་སྔགས་གསང་བའི་རྒྱུད་ལས་བྱུང་། །སངས་རྒྱས་ཀུན་གྱི་ཡེ་ཤེས་གང་། །སེམས་ཅན་ཀུན་གྱི་སྙིང་ལ་གནས། །བུད་མེད་རྒྱུད་ཀྱི་དོན་རྣམས་ནི། །འབྱུང་བ་ལྔ་ཡི་རྒྱུད་ལས་གྲུབ། །གསང་བའི་དབང་ཕྱུག་དཔའ་བོ་ལ། །རིག་པའི་ཡེ་ཤེས་ངང་དུ་འདུས། །
དེ་ཉིད་བཅོམ་ལྡན་རྣལ་འབྱོར་ཆེ། །ཧེ་རུ་ཀ་ལ་འདུད་ཕྱག་བསྟོད། །ཅེས་གསུངས་སོ། །དེ་ནས་སྟོན་པས་རྒྱུད་ཡོངས་སུ་གཏད་པ་འདི་གསུངས་སོ། །གང་གིས་འབྱུང་བ་ནམ་མཁའ་འཛིན། །དེ་ནི་བཀྲག་གསལ་མཉམ་དུ་གནས། །ས་ནི་རྣམ་སྣང་གསལ་དུ་བསྟན། །མེ་ནི་འོད་གསལ་འབར་བ་ལས། །ཆུ་ནི་གཉེན་གསལ་མ་ཡིན་ཏེ། །རླུང་ཞེས་བྱ་བ་ཡང་གསལ་གཡོས། །འབྱུང་བ་ལྔ་དག་མུ་ཁ་ལེ། །ཆོས་ཀྱི་དབྱིངས་ཀྱི་རྒྱུད་འདི་ཡི། །བུད་མེད་སྟོང་པ་ཉིད་དུ་གནས། །དེ་མཚོན་ཐབས་ཀྱི་ཕྱག་རྒྱ་ཆེ། །དྲ་བའི་ངེས་པ་རྒྱུད་འདི་ལོང་། །ཐབས་ཀྱི་སྦྱོར་བའི་སྟོང་ཉིད་འདི། །བདེ་བྱང་བུད་མེད་ལག་ཏུ་བྱིན། །དེ་ཟླ་གསང་བའི་ཐིག་ལེ་ཉིད། །མིག་ལྡན་དབང་ཕྱུག་སྒྲོམ་དུ་སྦོས། །ཡེ་ཤེས་གསང་བའི་རྡོ་རྗེ་འདི། །རྣལ་འབྱོར་དབང་ཕྱུག་ཆེན་པོ་དང་། །ཡེ་ཤེས་མ་མོ་མཁའ་འགྲོ་དང་། །སྐུ་གསུང་ཐུགས་ཀྱི་མི་ཟད་རྒྱན། །འཁོར་ལོ་གསང་བའི་ངང་ལ་བཞུགས། །ཞེས་གསུངས་སོ། །དེ་ནས་འཁོར་རྣམས་དགྱེས་ཏེ་རྗེས་སུ་ཡི་རང་བར་གྱུར་ཏོ། །མ་མོ་སྲིད་པའི་རྒྱུད་ལུང་ཟླ་གསང་ཐིག་ལེ་བུད་མེད་ཀྱི་རྒྱུད་ལས། རྗེས་སུ་བཟུང་བའི་ལེའུ་སྟེ་བཅུ་གཉིས་པའོ།། །།མ་མོ་ཟླ་གསང་ཐིག་ལེའི་རྒྱུད་ཅེས་བྱ་བ་རྫོགས་སོ། །རྒྱ་གར་གྱི་པཎྜི་ཏ་གུ་ཧྱ་གསང་བ་ལས། འབྲོག་མི་དཔལ་གྱི་ཡེ་ཤེས་ཀྱིས་བསྒྱུར་བའོ།། །།

ཐུགས་ཀྱི་ཡང་སྙིང་མ་མོ་འབུམ་ཏིག་གི་རྒྱུད།


DNG023_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀྱི་ཡང་སྙིང་མ་མོ་འབུམ་ཏིག་གི་རྒྱུད། བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་རྟག་པ་ཆེན་པོ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་ཁྱབ་གདལ་བའི་རང་བཞིན་ལ་ཡུམ་དངོས་གྲུབ་ཆེན་པོར་བསྟན་པ་དང་། ཐུགས་ཀྱི་སྒྲོམ་བུ་ལས་ཕྱུང་བའི་དགོངས་པའི་བརྣག་པ་མཐར་ཕྱིན་པའི་དོན་དུ་གསུངས་པ་ལས། གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །འཇིག་རྟེན་པ་ཡི་ཆོས་རྣམས་ལས། །སེམས་ཉིད་མྱ་ངན་ཇི་ལྟར་བཟླ། །རྟག་ཆད་རྣམ་གཉིས་གང་དུ་བསྡུ། །ཡང་དག་རྫོགས་ཀྱིས་བཀའ་སྩོལ་ཅིག །དེ་སྐད་གསོལ་པ་གསན་ནས་ཀྱང་། །ཉག་


DNG023_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཡབ་ཀྱིས་བཀའ་སྩལ་པ། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །སྣོད་ཀྱི་འཇིག་རྟེན་ཀུན་བཟང་པོ། །བཅུད་ཀྱི་འཇིག་རྟེན་སངས་རྒྱས་རྒྱུ། །ཕྱི་ནང་སྣོད་བཅུད་རྣམ་པར་དག །རྟག་ཆད་རྣམ་གཉིས་མྱ་ངན་འདས། །གཡུང་དྲུང་ལྷ་ཡིས་ཡང་གསོལ་པ། །སྟོན་པ་རྣམ་གསུམ་གང་ལ་བགྱི། །སྡུད་པ་རྣམ་གསུམ་གང་ལ་བགྱི། །གནས་ཞེས་བགྱི་བ་ཇི་ལྟ་བུ། །གནས་ལ་ངེས་པ་དུ་ཞིག་མཆིས། །དུས་ཞེས་བྱ་བ་ཇི་ལྟ་བུ། །དུས་ལ་ངེས་པ་དུ་ཞིག་མཆིས། །ཡང་དག་རྫོགས་ཀྱིས་བཀའ་སྩོལ་ཅིག །དེ་སྐད་གསོལ་པ་གསན་ནས་ཀྱང་། །ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །སྟོན་པ་རྣམ་གསུམ་ཡེ་ཤེས་སྐུ། །སྡུད་པ་རྣམ་གསུམ་རིག་པའི་གཏེར། །འཕོ་འགྱུར་མེད་པས་གནས་ཞེས་བྱ། །ཡང་དག་དོན་རྟོགས་དུས་ཞེས་བྱ། །རྡོ་རྗེ་སེམས་དཔས་ཡང་གསོལ་པ། །ལྷ་ལ་རྣམ་པ་དུ་ཞིག་མཆིས། །འཁོར་ལ་རྣམ་པ་དུ་ཞིག་མཆིས། །ལུང་ལ་རྣམ་པ་དུ་ཞིག་མཆིས། །ཡང་དག་རྫོགས་ཀྱིས་བཀའ་སྩོལ་ཅིག །དེ་སྐད་གསོལ་པ་གསན་ནས་ཀྱང་། །ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །ལྷ་ལ་རྣམ་པ་གསུམ་དུ་བསྟན། །འཁོར་ལ་རྣམ་པ་གསུམ་དུ་བསྟན། །ལུང་ལ་རྣམ་པ་གསུམ་དུ་བསྟན། །རྡོ་རྗེ་སེམས་དཔས་ཡང་གསོལ་པ། །རྒྱུད་ཅེས་བགྱི་བ་ཅི་ལྟར་ལགས། །ལུང་ཞེས་བགྱི་བ་ཇི་ལྟར་ལགས། །མན་ངག་བགྱི་བ་ཇི་ལྟར་ལགས། །དེ་སྐད་གསོལ་པ་གསན་ནས་ཀྱང་། །ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །རྒྱུད་ཅེས་བྱ་བ་འདྲེལ་པའི་བཀའ། །ལུང་ཞེས་བྱ་བ་སྟོན་པའི་བཀའ། །མན་ངག་ཅེས་བྱ་ལ་བཟླའོ། །གཡུང་དྲུང་ལྷ་ཡིས་ཡང་གསོལ་པ། །ཡུམ་གྱི་དབྱིངས་ཤེས་གང་ལ་བགྱི། །ཡབ་ཀྱི་མཁའ་ཞེས་གང་ལ་བགྱི། །བླང་དོར་མེད་པ་གང་གིས་འགྲུབ། །འཁོར་བའི་གནས་འདི་མི་འཚལ་ལམ། །ཀློང་ཞེས་བྱ་བ་ཇི་ལྟར་ལགས། །དེ་སྐད་གསོལ་པ་གསན་ནས་ཀྱང་། །ཡང་དག་


DNG023_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །འདུ་འབྲལ་མེད་པ་ཡུམ་གྱི་དབྱིངས། །སྐྱེ་ཤི་མེད་པ་ཡབ་ཀྱི་མཁའ། །བདེ་བ་ཆེན་པོའི་དོན་རྟོགས་ན། །བླང་དོར་མེད་པ་དེ་ཡིས་འགྲུབ། །གཉིས་མེད་དོན་རྟོགས་དེ་ཡི་ངང་། །རྡོ་རྗེ་སེམས་དཔས་ཡང་གསོལ་པ། །ཆོས་ཉིད་རྟག་པའི་གཡུང་དྲུང་ལ། །སེམས་ཉིད་རྟག་པའི་བློས་བཞག་ན། །འགྱུར་མེད་དོན་ཞེས་རུང་ལགས་སམ། །ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །ཆོས་ཉིད་རྟག་པའི་གཡུང་དྲུང་ལ། །སེམས་ཉིད་རྟག་པའི་བློ་བཞག་པ། །རྫོགས་པའི་ལྟ་བ་ལ་དོར་རོ། །རྡོ་རྗེ་སེམས་དཔས་ཡང་གསོལ་པ། །མ་ཞེས་བྱ་བ་གང་གི་དབྱིངས། །མོ་ཞེས་བྱ་བ་གང་གི་ཀློང་། །མ་མོའི་གཏན་ཚིགས་ཇི་ལྟར་ལགས། །འབྱུང་བ་ལྔ་པོ་གང་ལས་གྲུབ། །སངས་རྒྱས་དགོངས་པ་གང་གིས་འགྲུབ། །བདེ་བ་ཆེན་པོའི་ངང་ཉིད་ལས། །རྒྱུ་རྐྱེན་གཉིས་ཀྱིས་བསྐྱེད་ལགས་སམ། །འབྱུང་བ་ལྔ་ཡི་ངང་ཉིད་ལས། །འདི་ལ་འཕོ་འགྱུར་མཆིས་ལགས་སམ། །ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །མ་མོའི་དོན་རྣམས་རྟོགས་པའི་ཕྱིར། །མ་མོའི་ས་རྣམས་ངེས་པར་ཐོབ། །ཡིད་བཞིན་ནོར་བུ་མ་བཙལ་རྙེད། །ཡེ་ཤེས་ཉི་མ་རང་ལ་ཤར། །ཆེན་པོ་ལྔ་ཡི་ངང་ཉིད་དུ། །ཐམས་ཅད་མ་ལུས་སངས་རྒྱས་སོ། །གསང་བ་གཏན་ཚིགས་ཀྱི་ལེའུ་སྟེ་དང་པོའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །ཐེག་པ་དམན་པའི་འོག་མ་དང་། །སྐྱེ་བོ་དམ་མེད་དམ་ཉམས་ལ། །མི་བསྟན་སྦ་བའི་དམ་ཚིག་གང་། །བདག་གིས་ནན་ཏན་ཇི་ལྟར་བགྱི། །མངོན་སངས་རྒྱས་ལ་བདག་ཉན་འཚལ། །མངོན་སངས་རྒྱས་ཀྱིས་བཀའ་སྩོལ་ཅིག །དེ་སྐད་གསོལ་པ་གསན་ནས་ཀྱང་། །མངོན་སངས་རྒྱས་ཀྱིས་བཀའ་སྩལ་པ། །ཐེག་པ་དམན་པའི་འོག་མ་དང་། །སྐྱེ་བོ་དམ་མེད་དམ་ཉམས་ལ། །


DNG023_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

མི་བསྟན་སྦ་བའི་དམ་ཚིག་ནི། །ཐེ་ཚོམ་མེད་པར་ངས་བསྟན་གྱི། །ངས་གསུང་བ་ལ་རྩེ་གཅིག་སེམས་སྐྱེད་ཅིག །ཐེག་པ་འོག་མ་རྣམས་ལ་གསང་བ་ནི། །རྟོགས་པའི་ལྟ་བ་ཆེན་པོ་གསང་། །མཛད་སྤྱོད་ངོ་མཚར་ཆེན་པོ་གསང་། །རྡོ་རྗེ་སློབ་དཔོན་སྒྲུབ་རོགས་གསང་། །མ་མོ་བརྟེན་པའི་དམ་རྫས་གསང་། །སྒྲུབ་པར་བྱེད་པའི་ལག་ཆ་གསང་། །བཟླས་པར་བྱ་བའི་སྔགས་རྣམས་གསང་། །བསྒྲུབ་པའི་གནས་ཀྱང་དེ་བཞིན་ནོ། །བསྒྲུབ་པའི་དུས་ཀྱང་དེ་བཞིན་ནོ། །བསྒྲུབ་པའི་རྟགས་ཀྱང་དེ་བཞིན་ནོ། །དངོས་གྲུབ་རྟགས་ཀྱང་སྔ་མ་བཞིན། །བླང་བའི་ཐབས་ཀྱང་གསང་བར་བྱ། །དབང་དུ་བསྡུ་བའི་ཐབས་ཀྱང་རབ་ཏུ་གསང་། །བཀོལ་བའི་ཐབས་ཀྱང་དེ་བཞིན་ནོ། །གདམས་པའི་གསང་བའི་དམ་ཚིག་ནི། །གདམས་པ་བཞིན་དུ་མ་ཉན་ཏེ། ། གསང་བ་མ་ཐུབ་འབྲས་བུ་ནི། །ཏིལ་འབྲུ་ཙམ་ཡང་ཐོབ་མི་འགྱུར། །དངོས་གྲུབ་ཉིད་ཀྱང་རིང་བ་དང་། །དེ་ནི་རིགས་ཀྱང་ཡོང་མི་བྱེད། །ཅེས་བཀའ་སྩལ་ཏོ། །མན་ངག་དམ་ཚིག་གི་ལེའུ་སྟེ་གཉིས་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །རྣལ་འབྱོར་ཟབ་མོའི་དོན་སྤྱོད་ལ། །ལྟ་བའི་དོན་གྱིས་ཕན་གདགས་པ། །བདག་གིས་ནན་ཏན་ཇི་ལྟར་བསྐྱེད། །རྟག་ཆེན་ཡབ་ལ་བདག་ཉན་འཚལ། །རྟག་ཆེན་ཡབ་ཀྱིས་བཀའ་སྩོལ་ཅིག །དེ་སྐད་གསོལ་པ་གསན་ནས་ཀྱང་། །རྟག་ཆེན་ཡབ་ཀྱིས་བཀའ་སྩལ་པ། །རྣལ་འབྱོར་ཟབ་མོའི་དོན་སྤྱོད་ལ། །ལྟ་བའི་དོན་གྱིས་ཕན་གདགས་པ། །ཡང་དག་ཉིད་དུ་ངས་བསྟན་གྱི། །ཉོན་ཅིག་གཡུང་དྲུང་ལྷ་ཡི་གཙོ། །ངས་བསྟན་པ་ལ་ཐེ་ཚོམ་མེད། །སྣོད་ཀྱི་འཇིག་རྟེན་ཤེས་བྱའི་ཡུལ། །བཅུད་ཀྱི་འཇིག་རྟེན་རིག་པ་སྟེ། །ཡུལ་དང་རིག་པ་གཉིས་མེད་དོན་གྱིས་བལྟ་བར་བྱ། །མ་མོ་མཁའ་འགྲོ་སྐྱབས་དང་གྲོགས་སུ་བལྟ། །སྣོད་ཀྱི་འཇིག་རྟེན་ཆོས་ཀྱི་དབྱིངས། །བཅུད་ཀྱི་འཇིག་རྟེན་ཡེ་ཤེས་ཆེ། །དབྱིངས་དང་ཡེ་ཤེས་གཉིས་མེད་དོན་གྱིས་བལྟ། །ཐབས་


DNG023_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཤེས་རབ་འདུ་འབྲལ་མེད་པར་བལྟ། །ཡབ་ཡུམ་རོལ་པ་བྱང་ཆུབ་སེམས་སུ་བལྟ། །མ་མོ་མཁའ་འགྲོ་བྲན་དང་གཡོག་ཏུ་བལྟ། །སྤྲུལ་པ་སྣ་ཚོགས་འཕྲོ་འདུ་དབྱིངས་སུ་བལྟ། །སྣང་སྲིད་ཐམས་ཅད་བྱང་ཆུབ་སེམས་ཀྱི་ཐིག་ལེར་བལྟ། །སྣོད་ཀྱི་འཇིག་རྟེན་བྱང་ཆུབ་སེམས། །བཅུད་ཀྱི་འཇིག་རྟེན་ཡེ་ཤེས་ཀློང་། །གཉིས་མེད་དོན་གྱི་སྐྱེ་མེད་སྐུ་རུ་བལྟ། །མ་མོ་མཁའ་འགྲོ་བྱང་ཆུབ་སེམས་ཀྱི་སྤྲུལ་པར་བལྟ། །སྣང་སྲིད་ཐམས་ཅད་ཐིག་ལེ་ཆེན་པོར་བལྟ། །སྣོད་བཅུད་གཉིས་མེད་རྟག་ཆེན་གཡུང་དྲུང་སྐུ། །སྣང་སྲིད་གཉིས་མེད་ཡེ་ཤེས་ཐིག་ལེའི་ཀློང་། །འཕྲོ་འདུ་ཐམས་ཅད་སེམས་ཀྱི་འབྲས་བུ་སྟེ། །མ་མོ་མཁའ་འགྲོ་ཡེ་ཤེས་འཕྲོ་འདུར་བལྟ། །ལུང་འདི་ཉིད་ཀྱི་བལྟ་བ་ནི། །མ་ནི་སྐྱེ་མེད་སྐུ་རུ་བལྟ། །མོ་ནི་བརྗོད་མེད་གསུང་དུ་བལྟ། །མ་དང་མོ་ནི་གཉིས་མེད་ཐུགས་སུ་བལྟ། །མ་ནི་བྱང་ཆུབ་སེམས་སུ་བལྟ། །མོ་ནི་ཡེ་ཤེས་ཀློང་དུ་བལྟ། །གཉིས་མེད་རྟོགས་པ་ཆེན་པོར་བལྟ། །མ་ནི་སྐྱེ་མེད་རྣམ་དག་དབྱིངས། །མོ་ནི་འགྱུར་མེད་ཡེ་ཤེས་ཏེ། །གཉིས་མེད་རྟག་པའི་གཡུང་དྲུང་སྐུ། །མ་དང་མོ་ཡི་ངང་ཉིད་ནི། །གཉིས་སུ་མེད་པའི་བྱང་ཆུབ་སེམས། །མ་དང་མོ་ཡི་ངང་ཉིད་ལས། །ཡེ་ནས་གཉིས་མེད་ཆོས་ཀྱི་སྐུ། །མ་དང་མོ་ཡི་ངང་ཉིད་ནི། །ཡེ་ནས་རྡོ་རྗེ་སྙིང་པོར་བལྟ། །མ་དང་མོ་ཡི་ངང་ཉིད་ནི། །ཡེ་ནས་འབྲས་བུ་གསུམ་དུ་བལྟ། །མ་དང་མོ་ཡི་ངང་ཉིད་ནི། །ཡེ་ནས་སྟོང་པ་གསུམ་དུ་བལྟ། །མ་དང་མོ་ཡི་ངང་ཉིད་ནི། །རྟོགས་ན་རྒྱལ་བའི་སྐུ་ཡང་ཡིན། །མ་རྟོགས་དམྱལ་བའི་གནས་སུ་འགྲོ། ། མདོར་ན་མ་དང་མོ་ཡི་ངང་ཉིད་ནི། །འཚོ་བར་བྱེད་པའི་སྨན་ཡང་ཡིན། །འཆི་བར་བྱེད་པའི་དུག་ཀྱང་ཡིན། །ཅེས་བཀའ་སྩལ་པ་དང་། འཁོར་རྣམས་དམས་ནས་ཡ་མཚན་སྐྱེས་སོ། །མ་མོའི་ལྟ་བའི་ལེའུ་སྟེ་གསུམ་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །སེམས་ཅན་ཀུན་ལ་ཕན་


DNG023_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

གདགས་ཕྱིར། །བསྒོམ་པའི་དོན་ལ་བདག་ཉན་འཚལ། །ཡང་དག་རྫོགས་ཀྱིས་བཀའ་སྩོལ་ཅིག །དེ་སྐད་གསོལ་པ་གསན་ནས་ཀྱང་། །མངོན་རྫོགས་རྒྱལ་པོས་བཀའ་སྩལ་པ། །བསྒོམ་པའི་དོན་འདི་ངས་བསྟན་གྱི། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །ངས་གསུང་བ་ལ་སེམས་མ་ཡེངས། །དེ་ལ་དང་པོ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནི། སྣང་སྲིད་ཐམས་ཅད་མ་བྱུང་མ་སྐྱེས་པར་བསྒོམ། དེ་ནས་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ནི། སྙིང་རྗེ་ནམ་མཁའི་ངོ་བོ་ལྟར། །སྣང་ལ་རང་བཞིན་མེད་པར་བསྒོམ། །དེ་ནས་རྒྱུ་ཡི་ཏིང་ངེ་འཛིན་ནི། ཨོཾ་དཀར་པོ་བཀྲ་ས་ལེ་བསྒོམ། ཨོཾ་དེ་ལས་འོད་འཕྲོས་པས་འཕགས་པའི་ཐུགས་ཀྱི་རྒྱུད་བསྐུལ། འགྲོ་བ་སེམས་ཅན་གྱི་དོན་བྱས་ནས། སླར་འདུས་པ་ལས་ཡེ་ཤེས་ལྔར་གྱུར་པར་བསྒོམ་མོ། །ཡེ་ཤེས་ལྔ་ཡི་འོད་ཟེར་ལས། །ཨེ་ཏཾ་མཾ་སུ་ཀེཾ་ཕྱཾ་ལཾ་བྷྲཱུཾ། ཞེས་བརྗོད་པས། ཡི་གེ་དེ་རྣམས་རིན་ཆེན་རྩར་ལ་བརྒྱུས་པ་བཞིན་དཀར་ཁྲིགས་སེ་བསྒོམ་མོ། །དེ་ནས་ཨེ་བྷ་ག་ཝ་པདྨ་མཎྜལ་ཞེས་བརྗོད་པས། ཡི་གེ་ཨེ་ལས་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་གཅིག་ཏུ་གྱུར་ནས་སྣང་སྲིད་ཀུན་ལ་ཁྱབ་པར་བསྒོམ་མོ། །དེའི་བྱིན་བརླབས་ལས་འོག་གི་ཕྱོགས་སུ་ཏཾ་ཏཾ་ཞེས་བརྗོད་པས་རླུང་གི་འཚུབ་མ་ལ་རྡོ་རྗེ་རྒྱ་གྲམ་གྱིས་ཁ་བཅད་པར་བསྒོམ་མོ། །དེའི་སྟེང་དུ་མཾ་ལས་རཀྟ་མཎྜལ་ཞེས་བརྗོད་པས། རཀྟའི་རྒྱ་མཚོ་མཐའ་དང་དབུས་མེད་པ་དམར་ཆིལ་བར་གྱུར་པར་བསྒོམ་མོ། །དེའི་སྟེང་དུ་སུཾ་ལས་བཛྲ་སུ་ཞེས་བརྗོད་པས། གསེར་གྱི་ས་གཞི་དཔེར་ན་མཚོ་ལ་དར་ཆགས་པ་ཙམ་མམ། འོ་མ་ལ་སྤྲིས་མ་ཆགས་པའི་ཚུལ་དུ་ཁད་ཀྱིས་ཆགས་པར་བསྒོམ་མོ། །དེའི་སྟེང་དུ་ཀེཾ་ལས་ཀེ་ནི་རི་ཛྭ་ལ་མཎྜལ་ཞེས་བརྗོད་པས། ཀེང་རུས་ཀྱི་རི་རབ་གསར་རྙིང་བརྩེགས་པ་ལ། གནམ་ལྕགས་ཀྱི་རྡོ་རྗེ་རྩེ་གཅིག་པའི་གཟེར་གྱིས་བཏབ་པས་རྩིབས་ལ་ཉི་ཟླ་འཆར་བར་བསྒོམ་མོ། །དེའི་སྟེང་དུ་ཕྱི་ལས་ཨགྣི་མཎྜལ་ཞེས་བརྗོད་པས། འབྱུང་བ་མེ་ཡི་དལ་གྱིས་འབྱུང་བ་ཐམས་


DNG023_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཆ་སྙོམས་ཏེ། གྲོའི་གླུམ་ལངས་པ་བཞིན་མྱལ་གྱིས་བཏང་བར་བསྒོམ་མོ། །དེའི་སྟེང་དུ་སུཾ་ལས་སུ་བཛྲ་སུ་མ་མེ་ཞེས་བརྗོད་པས། རི་རབ་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པ་ཤར་ཤེལ་ཀ་ཀ་སྡི་རི་ཡང་ལྟར་དཀར་བ། ལྷོ་བཻ་དཱུརྱ་ཡ་ལྟར་སྔོ་བ། ནུབ་པདྨ་རཱ་ག་ལྟར་དམར་བ། བྱང་ཨིནྡྲ་ནཱི་ལ་ལྟར་ལྗང་བ། དབུས་སུ་ཤ་ར་ཀ་ལྟར་སེར་བ། དཔག་ཚད་བརྒྱད་ཁྲི་བཞི་སྟོང་དུ་ཕྱིན་པ། ཁ་ཁྱེར་གྱེན་དུ་བྱུང་བས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་འཕང་གཅད་པར་བསྒོམ་མོ། །དེའི་སྟེང་དུ་མ་དམར་མོ་གཅིག་གསལ་ནས། དེའི་སྟེང་དུ་བྷྲཱུཾ་སྨུག་ནག་གཅིག་བསྒོམ་མོ། །དེ་ལས་འོད་ཟེར་འཕྲོས་པས་འཕགས་པའི་ཐུགས་དམ་གྱི་རྒྱུད་བསྐུལ། འགྲོ་བ་སེམས་ཅན་གྱི་དོན་བྱས་ནས་སླར་འདུས་པ་ལས། བྷྲཱུཾ་བི་ཤྭ་བི་ཤུདྡྷེ་ཛྙཱ་ན་ཙཀྲ་བྷནྡྷ་བྷྲཱུཾ། ཞེས་བརྗོད་པས་ཡེ་ཤེས་ཀྱི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་དང་ལྡན་པ། སྒོ་ཁྱུད་རྟ་བབས་དང་ལྡན་པ་གཅིག་ཏུ་གྱུར་པར་བསྒོམ་མོ། །གཞལ་ཡས་ཁང་དེའི་ནང་དུ་དུར་ཁྲོད་ཀྱི་རྒྱན་མང་པོས་བརྒྱན་པར་བསྒོམ་མོ། །དེའི་སྟེང་དུ་མ་དམར་མོ་གཅིག་གསལ་བར་བསྒོམ་མོ། །དེ་ལས་མ་སཱུརྱ་མཎྜལ་ཞེས་བརྗོད་པས། ཉི་མའི་དཀྱིལ་འཁོར་དུ་གྱུར་པར་བསྒོམ་མོ། །དེའི་སྟེང་དུ་ཨ་དཀར་པོ་གཅིག་གསལ་བ་ལས། ཨ་ཙནྡྲ་མཎྜལ་ཞེས་བརྗོད་པས། ཟླ་བའི་དཀྱིལ་འཁོར་དུ་གྱུར་པར་བསྒོམ། ཉི་ཟླའི་སྟེང་དུ་ཙཀྲ་མཎྜལ་ཞེས་བརྗོད་པས། འཁོར་ལོ་རྩིབས་བཞི་པ་གཅིག་ཏུ་གྱུར་པར་བསྒོམ་མོ། །དེའི་སྟེང་དུ་མ་ཧཱ་དེ་ཝ་ཕོ་མོ་བསྒོམ་ལ། མ་ཧཱ་དེ་ཝཱ་ཨུ་མ་དེ་ཝཱི་ཁ་ཊྭཱཾ་ག་ཏི་ར་བཾ་ཞེས་བརྗོད་པས། དབང་ཕྱུག་ཆེན་པོ་གན་རྐྱལ་དུ་བསྒྱེལ་ནས་གདན་དུ་བཏིང་བར་བསྒོམ་མོ། །དེའི་སྟེང་དུ་རྒྱུའི་ཡི་གེ་ཨོཾ་དཀར་པོ་བཀྲ་ས་ལེ་བསྒོམ་མོ། །ཨོཾ་དེ་ལས་འོད་ཟེར་འཕྲོས་འདུས་པ་ལས། བྱང་ཆུབ་སེམས་སུ་གྱུར་པར་བསྒོམ་མོ། །དེ་ཡང་སྣང་སྲིད་སེན་མོ་ཙམ་ཡང་མ་གཡོས་པའི་ཐིག་ལེར་གསལ་བར་བསྒོམ་མོ། །ཐིག་ལེ་དེ་ལས་ཨོཾ་གུ་ཡ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་ཧཱུཾ། ཞེས་བརྗོད་པས། བླ་མེད་


DNG023_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

ཧེ་རུ་ཀའི་སྐུར་སལ་གྱིས་གྱུར་ཏོ། །ཏིང་ངེ་འཛིན་གྱིས་ལྕོགས་ཚད་དུ་དབུ་དགུ་ཕྱག་བཅོ་བརྒྱད་པར་བསྒོམ་མོ། །དེ་ལྟར་མི་གསལ་ན་སྐུ་མདོག་མཐིང་ནག་ལ་གཡས་དཀར་གཡོན་དམར། དབུ་གསུམ་ཕྱག་དྲུག་པ་ཞབས་བཞི་ཕྱོགས་བཞིར་གཏམས་པར་བསྒོམ་མོ། །གཤོག་པ་ཕྱོགས་བཞིར་བརྐྱང་བ། གླང་པོ་ཆེའི་ཀོ་རློན་གྱི་སྟོད་གཡོགས་དང་། ཞིང་ལྤགས་ཀྱི་གཡང་གཞི་དང་། ཐོད་རློན་གྱི་ཕྲེང་བ་ཚར་གསུམ་གྱིས་སྤྲས་པ། དབུ་རྒྱན་མགུར་ཆུ་དོ་ཤལ་བྱས། ཀླུ་རིགས་བཞིས་སྐུ་ལ་བརྒྱན་པ། མཚན་མ་རྣམ་པ་གསུམ་གྱིས་མཚན་པ། སྟག་ལྤགས་ཀྱི་ཤམ་ཐབས་ཀྱིས་བརྒྱན་པ། ཞལ་གཡས་དཀར་བ་གཡོན་དམར་བ། དབུས་སྐུ་དང་མཐུན་ཏེ་མཐིང་ནག་ཕྱག་གཡས་དང་པོ་ན་རྡོ་རྗེ་རྩེ་དགུ་པ་ཐོགས་པ། གཡས་བར་མ་ན་རལ་གྲི་བསྣམས་པ། གཡས་ཐ་མ་ན་ཞགས་པ་བསྣམས་པ། གཡོན་དང་པོ་ན་དྲིལ་བུ་བསྣམས་པ། གཡོན་བར་མ་ན་རྔེའུ་ཆུང་གཡོན་ཐ་མ་ན་དགྲ་སྟྭ་བསྣམས་པར་བསྒོམ་མོ། །དེ་ལྟར་གསལ་བ་དང་། གཡོན་གྱི་ཕྱོགས་སུ་གུ་ཡ་ཀྲོ་དྷཱི་ཤྭ་རཱི་ཧཱུཾ། ཞེས་བརྗོད་པས། ལུས་ལ་གྲིབ་མ་བྱུང་བའི་ཚུལ་དུ་ཡུམ་ཉིད་གསང་བའི་ཡུམ་ཆེན་མོར་སལ་གྱིས་གྱུར་པར་བསྒོམ་མོ། །སྐུ་མདོག་དང་ཕྱག་ཆ་གཙོ་བོ་དང་མཐུན་པར་བསྒོམ་མོ། །ཞལ་ལྔ་ཕྱག་དྲུག་པའོ། །གཡས་དང་པོ་ན་དྲིལ་བུ་བསྣམས་པ། གཡོན་དང་པོ་ན་བྷནྡྷ་རཀྟས་བཀངྐ་བ་ཐོགས་པ། གཡས་བར་མ་ན་ཞགས་པ་ཐོགས་པ། གཡས་ཐ་མ་ན་བདུད་རྩི་རྣམ་པ་ལྔ་ཐོགས་པ། གཡོན་བར་མ་ན་བྷནྡྷ་ལྟག་སྤྲོད་ཀྱི་རྔ་བསྣམས་པ། གཡོན་ཐ་མ་ན་གཡང་གཞི་བསྣམས་པ། ཞབས་རྣམ་པ་བརྒྱད་དང་ལྡན་པ་གཅིག་གསལ་བར་བསྒོམ་མོ། །དེ་ནས་ཡབ་ཡུམ་གཉིས་སུ་མེད་པའི་བརྡས་བསྐུལ་ནས། སྦྱོར་བ་མཛད་ནས་བྱང་ཆུབ་སེམས་ཀྱི་འོད་ཟེར་འཕྲོས་པས་ལྕགས་ཀྱུས་སྲིད་པའི་མ་མོ་ཀུན་བཀུག་ནས་གདན་དུ་བཏིང་། ཛཿཧཱུཾ་བཾ་ཧོཿ། ཀྲོ་དྷཱི་ཤྭ་རཱི་ཏི་ར་བཾ་ཤནྟི་ཏི་ར་བཾ། མུ་ཏྲི་ཏི་ར་བཾ། ཤནྟྲ་ཏི་ར་བཾ། དུནྟི་ཏི་ར་བཾ། དནྟི་ཏི་ར་བཾ། སཱུརྱ་ཏི་ར་བཾ། ཁ་ར་ཀ་བི་ཏི་ཏི་ར་བཾ། སྲིད་འགྲོ་ཏི་ར་བཾ། བཛྲ་


DNG023_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱཱུ ་ཕྱཱུ ཏི་ར་བཾ། བཛྲ་ཏ་ཀེཾ་བཛྲ་ཏ་ཀེཾ་ཏི་ར་བཾ། བཛྲ་ནི་ལ་བཛྲ་ནི་ལ་ཏི་ར་བཾ། བཛྲ་ལནྡྷ་བཛྲ་ལནྡྷ་ཏི་ར་བཾ། ནན་ཞེས་བརྗོད་པས། གན་རྐྱལ་དུ་ལིང་ལིང་འགྱེལ་ནས་ཕྱོགས་ཕྱོགས་སུ་གདན་དུ་བཏིང་བར་བསྒོམ་མོ། །ཡང་ཡབ་ཡུམ་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་ལས། ཡི་གེ་ཧ་རེ་རེ་གསལ་བར་བསྒོམ་མོ། །ཡི་གེ་ཧ་འཕྲོས་འདུས་པ་ལས། བྱང་ཆུབ་སེམས་སུ་གྱུར་པར་བསྒོམ་མོ། །ཤར་ཕྱོགས་འཁོར་ལོའི་རྩིབས་སྟེངས་སུ། སྒྲོལ་བྱེད་མ་དང་དཀར་མོ་མིག་གཅིག་མ་གཉིས་བསྣོལ་བའི་གདན་སྟེངས་སུ་བྱང་ཆུབ་ཀྱི་སེམས་ཡི་གེ་ཧ་ལས། ཨོཾ་གྷྲྀ་སྭ་མུ་མ་ཧ་དྷྲི་ག་ཅེས་བརྗོད་པས། རྟག་པའི་རྒྱལ་མོ་རྣམ་སྣང་གསལ་གྱི་སྐུར་སལ་གྱིས་གྱུར་ཏེ། སྐུ་མདོག་དཀར་མོ་ལ་དབུ་གསུམ་ཕྱག་དྲུག་པར་བསྒོམ་མོ། །གཡས་དང་པོ་ན་རྡོ་རྗེ། བར་པ་ན་དགྲ་སྟྭ། ཐ་མ་ན་སེང་གེ་བསྣམས་པ། གཡོན་དང་པོ་བྷནྡྷ་རཀྟས་བཀངྐ་བ། བར་མ་ན་གཏུན་ཤིང་རྡེག་པའི་ཚུལ་སྟོན་པ། ཐ་མ་ན་མཆོག་ཆེན་སྙོད་པར་བསྒོམ་མོ། །ཞབས་བཞི་བརྐྱང་བསྐུམ་དུ་བཞུགས་པར་བསྒོམ་མོ། །བྱང་ཕྱོགས་འཁོར་ལོའི་རྩིབས་སྟེངས་སུ། དབང་ཕྱུག་མ་དང་རལ་གཅིག་མ་གཉིས་བསྣོལ་བའི་གདན་སྟེངས་སུ། བྱང་ཆུབ་ཀྱི་སེམས་ཡི་གེ་ཧ་ལས། ཨོཾ་བྱི་ཡང་ཡང་ཏེ་ཧ་དྷྲིག་ཅེས་བརྗོད་པས། མཁའ་འགྲོ་མ་ཡང་གསལ་གཡོས་ཀྱི་སྐུར་སལ་གྱིས་གྱུར་ཏེ། སྐུ་མདོག་ལྗང་གུ་ལ་དབུ་གསུམ་ཕྱག་དྲུག་པར་གྱུར་ཏོ། ཕྱག་གཡས་དང་པོ་ན་རྡོ་རྗེ་རྒྱ་གྲམ་བསྣམས་པ། གཡས་བར་པ་ན་དབྱུག་ཐོ་ཆེན་པོ་བསྣམས་པ། གཡས་ཐ་མ་ན་སྤྱང་མོ་བསྣམས་པ། གཡོན་དང་པོ་ན་བྷནྡྷ་བསྣམས་པ། གཡོན་བར་མ་ན་རྒྱུ་ཕྲེང་བསྣམས་པ། གཡོན་ཐ་མ་ན་ཞིང་ཆུང་བཟུང་ཞིང་བསྣམས་ནས་སྙོད་པར་བསྒོམ་མོ། །ཞབས་བཞི་བརྐྱང་བསྐུམ་དུ་བཞུགས་པར་བསྒོམ་མོ། །ནུབ་ཕྱོགས་འཁོར་ལོའི་རྩིབས་སྟེངས་སུ། བདུད་རྩི་མ་དང་དམར་མོ་གཉིས་བསྣོལ་བའི་གདན་སྟེངས་སུ། བྱང་ཆུབ་སེམས་ཡི་གེ་ཧ་ལས། ཨོཾ་བྷི་ཤ་སི་དྷི་ཧ་དྷྲིག་ཅེས་བརྗོད་པས། མཁའ་འགྲོ་མ་གཉེན་གསལ་མར་སལ་གྱིས་གྱུར་ཏེ།


DNG023_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་མདོག་དམར་མོ་ལ་ཞལ་གསུམ་ཕྱག་དྲུག་པར་གྱུར་ཏོ། །ཕྱག་གཡས་དང་པོ་ན་པདྨ་བསྣམས་པ། བར་མ་ན་ཞགས་པ། ཐ་མ་ན་ཅེ་སྤྱང་འཛིན་པ། གཡོན་དང་པོ་ན་བྷནྡྷ་བསྣམས་པ། བར་མ་ན་ཏྲི་ཤུལ་བསྣམས་པ། ཐ་མ་ན་ཞིང་ཆེན་ཐོགས་ནས་སྙོད་པར་བསྒོམ་མོ། །ཞབས་བཞི་བརྐྱང་བསྐུམ་དུ་བཞུགས་པར་བསྒོམ་མོ། །ལྷོ་ཕྱོགས་འཁོར་ལོའི་རྩིབས་སྟེངས་སུ། དབང་སྡུད་མ་དང་རལ་གཅིག་མ་གཉིས་བསྣོལ་བའི་གདན་སྟེངས་སུ། བྱང་ཆུབ་ཀྱི་སེམས་ཡི་གེ་ཧ་ལས། ཨོཾ་ཛྭ་ལ་རཾ་ཧ་དྷིག་ཅེས་བརྗོད་པས། མཁའ་འགྲོ་མ་འོད་གསལ་འབར་གྱི་སྐུར་སལ་གྱིས་གྱུར་ཏེ། སྐུ་མདོག་སྔོན་མོ་ལ་ཞལ་གསུམ་ཕྱག་དྲུག་པར་བསྒོམ་མོ། །ཕྱག་གཡས་དང་པོ་ན་རིན་པོ་ཆེ་འབར་བ་བསྣམས་པ། བར་མ་ན་མེ་དཔུང་འབར་བ་བསྣམས་པ། ཐ་མ་ན་སྟག་མོ་འཛིན་པ། གཡོན་དང་པོ་ན་བྷནྡྷ། བར་མ་ན་དབྱུག་ཐོ་འབར་བ། ཐ་མ་ན་ཞིང་ཆུང་སྦྲམ་པོ་བཟུང་ནས་སྙོད་པར་བསྒོམ་མོ། །ཞབས་བཞི་བརྐྱང་བསྐུམ་དུ་བཞུགས་པར་བསྒོམ་མོ། །འཁོར་ལོའི་ལྟེ་བའི་དབུས་ཀྱི་དཀྱིལ་འཁོར་ན། དཔལ་ཆེན་མོ་བསྒོམ་པའི་གཡས་ཕྱོགས་སུ། མ་མོ་ཕྲ་མེན་མ་རྒྱ་མཚོ་མ་དང་། ཉི་ཟླ་ཐོད་ཕྲེང་མ་གཉིས་བསྣོལ་བའི་གདན་སྟེངས་སུ། བྱང་ཆུབ་ཀྱིས་སེམས་ཡི་གེ་ཧ་ལས། ཨོཾ་མ་ཧཱ་ལཾ་ཏེ་ཧ་དྷྲིག་ཅེས་བརྗོད་པས། ཡུམ་བཀྲག་གསལ་མར་སལ་གྱིས་གྱུར་ཏེ། སྐུ་མདོག་སེར་མོ་ལ་ཞལ་གསུམ་ཕྱག་དྲུག་པར་བསྒོམ་མོ། །ཞལ་གཡས་དཀར་བ། གཡོན་དམར་བ། དབུས་སེར་བ། གཡས་དང་པོ་ན་འཁོར་ལོ་བསྣམས་པ། བར་མ་ན་རྒྱལ་མཚན། ཐ་མ་ན་འུག་པ་འཛིན་པ། གཡོན་དང་པོ་ན་བྷནྡྷ། བར་མ་ན་སྤུ་གྲི་བསྣམས་པ། ཐ་མ་ན་ཞིང་ཆུང་བཟུང་ནས་སྙོད་པར་བསྒོམ་མོ། །ཞབས་བཞི་བརྐྱང་བསྐུམ་དུ་བཞུགས་པར་བསྒོམ་མོ། །དེ་ནས་བདག་ཉིད་དཔལ་ཆེན་པོའི་ཐུགས་ཀར་རིན་པོ་ཆེ་སྨུག་པོ་གུར་ཕུབ་པ་འདྲ་བའི་ནང་ན་དྭངས་མ་བཞི་ཞིག་ཡོད་དེ། རྩའི་དྭངས་མ་དང་ཁྲག་གི་དྭངས་མ་དང་། དབུགས་ཀྱི་དྭངས་མ་དང་། འོད་ཀྱི་དྭངས་མ་དང་བཞི་ལས།


DNG023_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་ལྷོའི་མཚམས་སུ་རྒྱན་གྱི་རྒྱལ་མོ་འགྱེལ་བའི་གདན་སྟེངས་སུ། རྩའི་དྭངས་མ་ལས། ཨཱོཾ་ཀ་མ་ལ་ཤྭ་རཱི་ཧ་དྷྲྀག་ཅེས་བརྗོད་པས་གསང་བའི་ཡུམ་རྒྱས་འདེབས་མར་སལ་གྱིས་གྱུར་ཏེ། སྐུ་མདོག་དམར་སྐྱ་ལ་སྐུ་ཕྱག་གིས་གང་བ། ཞལ་སྤྱན་གྱིས་གང་བ་ཅིག་བསྒོམ་མོ། །ལྷོ་ནུབ་ཏུ་དབྱིངས་ཕྱུག་མ་བསྒྱེལ་བའི་གདན་གྱི་སྟེངས་སུ། ཁྲག་གི་དྭངས་མ་ལས། ཨཱོཾ་ཀ་མ་ལ་ཤྭ་རཱི་ཧ་དྷྲྀག །ཅེས་བརྗོད་པས་གསང་བའི་ཡུམ་ཟ་བྱེད་མའི་སྐུར་སལ་གྱིས་གྱུར་ཏེ། སྐུ་མདོག་མཐིང་ནག་ལ་སྐུ་དབུགས་ཀྱིས་གང་བ། ཕྱག་ཞག་གིས་གང་བ་ཅིག་བསྒོམ་མོ། །ནུབ་བྱང་བདུད་རྩི་མ་བསྒྱེལ་བའི་སྟེངས་སུ། དབུགས་ཀྱི་དྭངས་མ་ལས། ཨོཾ་ཀ་མ་ལ་ཤྭ་རཱི་ཧ་དྷྲྀག་ཅེས་བརྗོད་པས། ཡུམ་རྨོངས་བྱེད་མར་སལ་གྱིས་གྱུར་ཏེ། སྐུ་མདོག་དམར་མོ་ལ་སྐུ་ལུས་ཁྲག་གིས་གང་བ། ཕྱག་རླུང་གིས་གང་བ་ཅིག་བསྒོམ་མོ། །བྱང་ཤར་དུ་གཅིག་པུ་མ་བསྒྱེལ་བའི་གདན་སྟེངས་སུ། འོད་ཀྱི་དྭངས་མ་ལས། ཨོཾ་ཀ་མ་ལ་ཤྭ་རཱི་ཧ་དྷྲྀག་ཅེས་བརྗོད་པས། ཡུམ་ཚེ་འཕེལ་མར་སལ་གྱིས་གྱུར་ཏེ། སྐུ་མདོག་ལྗང་གུ་ལ་སྐུ་བད་ཀན་གྱིས་གང་བ། ཕྱག་ཆུ་སེར་གྱིས་གང་བར་གྱུར་ཏེ། དེ་ལྟར་གསལ་བ་དང་། བྱང་ཆུབ་སེམས་ལས་འོད་ཟེར་འཕྲོས་འདུས་པ་ལས། ཛཿཧཱུཾ་བཾ་ཧོཿ། མ་མ་བྷྱོ་ཕཊ་ནན། མ་མ་དུཥྚཱཾ་ཕཊ་ནན། མ་མ་ཏྲག་རཀྴ་པྲ་ཝེ་ཤ་ཕཊ་ནན། ཤན་ནན་ཏི་ར་བཾ་ཞེས་བརྗོད་པས། སྲིད་པའི་དབང་ཆེན་རྣམས་ཁ་བུབ་གན་རྐྱལ་དུ་བསྒྱེལ་བར་བསྒོམ་མོ། །ཡང་བྱང་ཆུབ་སེམས་ལས་སྦས་པའི་མ་བཞི་དང་། དགྱེས་སྡེ་མོ་བཞི་དང་བརྒྱད་བསྒྱེལ་བའི་གདན་སྟེངས་སུ། བདག་གི་རྣམ་པར་ཤེས་པ་མིག་གི་དྭངས་མ་ལས། ཨཱོཾ་ཀ་མ་ལ་ཤྭ་རཱི་ཧ་དྷྲྀག་ཅེས་བརྗོད་པས། ཡུམ་ཁམས་གསུམ་གདར་གཅོད་མར་སལ་གྱིས་གྱུར་ཏེ། སྐུ་མདོག་དཀར་བཀྲ་མར་བཞུགས་པ། ཞལ་གཅིག་ཕྱག་གཉིས་པ་ཞལ་རྔམས་པའི་མཆེ་བ་གཙིགས་པ། ཕྱག་ན་འུག་པ་དང་ཁྱུང་ལ་སོགས་པའི་རྦོད་གཏོང་བསྣམས་པར་བསྒོམ་མོ། །ཨེ་ཀ་ཙ་ཏི་སྤུན་དྲུག་བསྒྱེལ་བའི་


DNG023_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

གདན་སྟེངས་སུ། བདག་གི་རྒྱུངས་པ་ལས། ཨོཾ་ཀ་མ་ལ་ཤྭ་རཱི་ཧ་དྷྲྀག་ཅེས་བརྗོད་པས། སྐྱེ་ཤི་རྩད་གཅོད་མར་སལ་གྱིས་གྱུར་ཏེ་སྐུ་མདོག་དམར་བཀྲར་བཞུགས་པ། ཞལ་གཅིག་ཕྱག་གཉིས་པ། ཞལ་རྔམས་པའི་མཆེ་བ་གཙིགས་པ། ཕྱག་ན་མཚོན་ཆ་སྣ་ཚོགས་བསྣམས་པར་བསྒོམ་མོ། །སྲིད་པ་ཆགས་བྱེད་སྤུན་གཉིས་བསྒྱེལ་བའི་གདན་སྟེངས་སུ། གསང་བའི་བྱང་ཆུབ་སེམས་ལས། ཨཱོཾ་ཀ་མ་ལ་ཤྭ་རཱི་ཧ་དྷྲྀག་ཅེས་བརྗོད་པས། དུས་གསུམ་དབང་སྡུད་མར་སལ་གྱིས་གྱུར་ཏེ། སྐུ་མདོག་དཀར་བཀྲ་ལ་ཞལ་གཅིག་ཕྱག་གཉིས་པ། ཞལ་རྔམས་པའི་མཆེ་བ་གཙིགས་པ་ཕྱག་ན་རྦོད་གཏོང་གི་ཕྱག་བརྙན་བསྣམས་པར་བསྒོམ་མོ། །འདོད་ཁམས་ཀྱི་གཙོ་མོ་སྤུན་གཉིས་བསྒྱེལ་བའི་གདན་སྟེངས་སུ། བདག་གི་ཙིཏྟ་ལ་ཨཱོཾ་ཀ་མ་ལ་ཤྭ་རཱི་ཧ་དྷྲིག་ཅེས་བརྗོད་པས། པདྨ་ཤྭ་རཱིར་བསྐྱེད། དམར་པོ་ཞལ་གཅིག་ཕྱག་གཉིས་བསྒོམ། ནམ་མཁའི་རྒྱལ་མོ་སྤུན་གཉིས་ཀྱང་གན་རྐྱལ་བསྒྱེལ་བའི་གདན་སྟེངས་སུ། བདག་གི་སྲིད་པ་མདོ་བསྡུས་ལས། ཨཱོཾ་ཀ་མ་ལ་ཤྭ་རཱི་ཧ་དྷྲིག་ཅེས་བརྗོད་པས། ཡཀྴ་ཀྲོ་ཏཱི་ཤྭ་རཱི་མར་སལ་གྱིས་གྱུར་ཏེ། སྐུ་མདོག་སྨུག་ནག་ཞལ་གཅིག་ཕྱག་གཉིས་པ་བསྒོམ་མོ། །མ་བདུན་བསྒྱེལ་བའི་གདན་སྟེངས་སུ། །ཡིད་ཀྱི་རྣམ་པར་ཤེས་པ་ལས། ཨཱོཾ་ཀ་མ་ལ་ཤྭ་རཱི་ཧ་དྷྲིག་ཅེས་བརྗོད་པས། རག་མོ་ཀྲོ་ཏཱི་ཤྭ་རཱི་མར་སལ་གྱིས་གྱུར་ཏེ། སྐུ་མདོག་སྔོན་མོ་ལ་ཞལ་གཅིག་ཕྱག་གཉིས་པར་བསྒོམ་མོ། །དམག་གི་རྒྱལ་མོ་བཞི་བསྒྱེལ་བའི་གདན་སྟེངས་སུ། ཐབས་དང་ཤེས་རབ་ལས། ཨོཾ་ཀ་མ་ལ་ཤྭ་རཱི་ཧ་དྷྲིག་ཅེས་བརྗོད་པས། ས་མ་ཡ་ཀྲོ་ཏཱི་ཤྭ་རཱི་མར་སལ་གྱིས་གྱུར་ཏེ། སྐུ་མདོག་དམར་མོ་ལ་ཞལ་གཅིག་ཕྱག་གཉིས་པ་བསྒོམ་མོ། །སྲིང་བཞི་བསྒྱེལ་བའི་གདན་སྟེངས་སུ། སྟེང་འོག་བཤང་ལམ་སྒོ་བཞི་ལས། ཨཱོཾ་ཀ་མ་ལ་ཤྭ་རཱི་ཧ་དྷྲིག་ཅེས་བརྗོད་པས། བི་ཤྭ་ཀྲོ་དྷཱི་ཤྭ་རཱི་མའི་སྐུར་བསྐྱེད་སྐུ་མདོག་ལྗང་ནག་ལ། ཞལ་གཅིག་ཕྱག་ཀྱང་གཉིས་པར་བསྒོམ། ཉི་ཤུ་རྩ་བརྒྱད་བསྒྱེལ་


DNG023_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

བའི་གདན་སྟེངས་སུ། ཉོན་མོངས་པའི་ཡིད་ལས་ནི། ཨཱོཾ་ཀ་མ་ལ་ཤྭ་རཱི་ཧ་དྷྲིག ཅེས་བརྗོད་པས། གུ་ཡ་ཀྲོ་ཏཱི་ཤྭ་རཱི་མར་སལ་གྱིས་གྱུར་ཏེ། སྐུ་མདོག་དཀར་བཀྲ་ལ་ཞལ་གཅིག་ཕྱག་གཉིས་པར་བསྒོམ་མོ། །དེ་ལྟར་དཔལ་ཆེན་པོ་ཡབ་ཡུམ་དང་།ཐུགས་ཡེ་ཤེས་ཀྱི་ངོ་བོ་ཉིད། གསང་བ་ཐུགས་ལས་བསྐྱེད་པའི་སྲས། །དཀྱིལ་འཁོར་བཞི་ཡི་དབང་བཙན་དུ། །ལྷ་རྣམས་གསལ་བར་གྱུར་པ་དང་། །ཡེ་ཤེས་རང་གནས་ཡིན་པ་སྟེ། །བྱིན་བརླབ་དབང་དང་ལྡན་བྱའི་ཕྱིར། །སྤྱན་དྲང་བསྡིམ་པར་བྱ་བ་ཡིན། །དེ་ནས་འབྱོར་ཚོགས་ཀྱི་མཆོད་པ་ཕུལ་ལ། འཛབ་དྲང་བ་ནི། ཨཱོཾ་ཤྲཱི་ཧེ་རུ་ཀ་ཀྲོ་དྷཱི་ཤྭ་རཱི་སྟྭཾ། རཾ་མཾ་མ་མ་ཡོ་གི་ནཱི། རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཕཊ། དེ་ལྟར་བསྒོམ་ཞིང་བཟླས་བརྗོད་ཉིས་བརྒྱ་འབུམ་སུམ་འབུམ་བཟླས་ཏེ། དེ་ལྟར་བྱས་ན་མ་མོ་དེ་དབང་དུ་བསྡུ་འམ་འདུལ། བཀོལ་ཡང་དེ་ལྟར་བྱས་ན་ཇི་ལྟར་དུ་བཀོལ་ཡང་བཏུབ་པོ། །འགྲུབ་ཀྱང་དེས་འགྲུབ་པོ། །ཞེས་དཔལ་ཆེན་པོས་བཀའ་སྩལ་ཏོ། །འཁོར་རྣམས་སྤྲོ་བར་གྱུར་ཏོ། །བསྒོམ་པའི་ལེའུ་སྟེ་བཞི་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །སྲིད་པའི་དབང་ཆེན་མ་རྣམས་ཀུན། །གདན་དུ་གདིང་ན་ཇི་ལྟར་ལགས། །ཡང་དག་རྫོགས་ལ་བདག་ཉན་འཚལ། །ཡང་དག་རྫོགས་ཀྱིས་བཀའ་སྩོལ་ཅིག །དེ་སྐད་གསོལ་པ་གསན་ནས་ཀྱང་། །ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །སྲིད་པའི་དབང་ཆེན་མོ་རྣམས་ཀུན། །གདན་དུ་གདིང་བ་ངས་བསྟན་གྱི། །ཉོན་ཅིག་གནོད་འདུལ་ལྷ་ཡི་གཙོ། །ངས་བསྟན་པ་ལ་ཐེ་ཚོམ་མེད། །དྲག་པོའི་འོད་ཟེར་ལྕགས་ཀྱུ་ཡིས། །དབང་ཅན་མོ་རྣམས་བཀུག་ནས་སུ། །ཆགས་པ་གནས་སུ་སྦྱང་བའི་ཕྱིར། །རྒྱ་མཚོ་ཉི་ཟླ་ཐོད་ཕྲེང་གཉིས། །ཆགས་པའི་གདན་དུ་གདིང་བར་བྱ། །ཞེ་སྡང་གནས་སུ་སྦྱང་བའི་ཕྱིར། །སྒྲོལ་བྱེད་དཀར་མོ་མིག་གཅིག་གཉིས། །ཞི་བའི་གདན་དུ་གདིང་བར་བྱ། །ང་རྒྱལ་གནས་སུ་སྦྱང་བའི་ཕྱིར། །དབང་སྡུད་མ་དང་རལ་གཅིག་


DNG023_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས། །རྒྱས་པའི་གདན་དུ་གདིང་བར་བྱ། །འདོད་ཆགས་གནས་སུ་སྦྱང་བའི་ཕྱིར། །བདུད་རྩི་མ་དང་དམར་མོ་གཉིས། །དབང་གི་གདན་དུ་གདིང་བར་བྱ། །ཕྲག་དོག་གནས་སུ་སྦྱང་བའི་ཕྱིར། །གནས་འཕྲུལ་མ་དང་སེར་མོ་གཉིས། །དྲག་པོའི་གདན་དུ་གདིང་བར་བྱ། །རྒྱན་གྱི་རྒྱལ་མོ་དབྱིངས་ཕྱུག་དང་། །བདག་ཉིད་མ་དང་གཅིག་པུ་མ། །མཚམས་དང་མཚམས་སུ་བསྒྱེལ་ནས་སུ། །ཆགས་པའི་གདན་དུ་གདིང་བར་བྱ། །དབང་ཅན་དྲུག་ཅུ་རྩ་བརྒྱད་ཚོགས། །སྔངས་ཤིང་དྲེད་ནས་ཁ་སྦུད་འགྱེལ། །དེ་ནས་སྲོག་འཕྲོག་པའི་སྙིང་པོ་འདི་བརྗོད་དོ། །ཨཱོཾ་བཛྲ་ཨ་མྲྀ་ཏ། ཨུ་ཙི་ཏ། ཙིཏྟ་ནན། ཏྲ་ཐ་པྲ་ཝེ་ཤ་ནན། ཙིཏྟ་སྙིང་ཁ་རག་ནན། གདན་དུ་གདིང་བའི་ལེའུ་སྟེ་ལྔ་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །སྲིད་པའི་དབང་ཆེན་མ་རྣམས་ཀུན། །འདུལ་བའི་སྙིང་པོ་ཇི་ལྟར་ལགས། །དབང་ཆེན་ཡབ་ལ་བདག་ཉན་འཚལ། །དབང་ཆེན་ཡབ་ཀྱིས་བཀའ་སྩོལ་ཅིག །དེ་སྐད་གསོལ་པ་གསན་ནས་ཀྱང་། །དབང་ཆེན་ཡབ་ཀྱིས་བཀའ་སྩལ་པ། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །མ་མོ་རྣམས་ཀྱི་གཉེན་པོ་ནི། །དཔལ་ཆེན་ཁྲག་འཐུང་མ་མོའི་རྗེ། །ཡུམ་ཆེན་ཉིད་བཞི་མུ་ཁ་ལེ། །ཉི་ཟླ་ཐོད་ཕྲེང་དཀར་མོ་དང་། །ཁྲོས་པའི་དབང་ཆེན་བཞི་པོ་དང་། །དེ་རྣམས་ལ་བས་གཞན་རྣམས་དང་། །ཡེ་ཤེས་ལས་བསྐྱེད་མ་མོ་ཡིས། །སྲིད་པའི་མ་མོ་ཐམས་ཅད་འདུལ། །དེ་རྣམས་བསྒོམས་ཤིང་བསྐུལ་བས་འདུལ། །ཡང་ན་མ་མོའི་གཉེན་པོ་ནི། །སྙིང་ཁྲག་དབང་དུ་བསྡུས་ནས་ནི། །མི་སྲུན་གཉེན་པོར་དེ་ཆེ་སྟེ། །མ་མོ་རྣམས་ཀྱང་དུར་ཁྲོད་ཝ་སྐྱེ་བཞིན། །བརྒྱལ་བར་འགྱུར་ཞིང་འགས་པར་འགྱུར། །ཐུགས་ལ་བརྣག་པའི་སྔགས་འདི་བརྗོད། །མ་ན་ས་མ་ཏི་ཧི་ཨི་ཨི་ཙིཏྟ་ནན། ཏྲ་ཐ་ཕཊ་ནན། དེ་སྐད་ཅེས་ནི་བརྗོད་ནས་སུ། །རང་དབང་མེད་པར་དབང་དུ་སྡུད། །ཡང་ན་བདུད་མོ་བཅུ་གཉིས་ནི། །འཇིག་རྟེན་འདི་ལ་གནོད་བྱེད་ན། །དབྱིངས་ཕྱུག་མ་དང་བདག་


DNG023_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཆེན་མོ་དང་། །གཅིག་པུ་མ་དང་རྒྱན་གྱི་རྒྱལ་མོ་དང་། །ཁྲོས་པའི་དབང་མོ་ཆེ་བཞི་དང་། །ཐུགས་ཀྱི་དགྱེས་མོ་བཞི་རྣམས་ཀྱིས། །སྐྱོང་མ་བཅུ་གཉིས་དབང་དུ་སྡུད། །དབང་དུ་སྡུད་པའི་སྔགས་འདིའོ། །སེ་སེའུ་ཐུ་ལ། ཏཾ་བ་ཡ་བཾ། ནན་ཙིཏྟ་ནན། ཞེས་བརྗོད་པས། དེ་ཕྱིར་དབང་རྣམས་ཆེ་བའི་མཆོག །དེ་སྐད་ཅེས་ནི་བཀའ་སྩལ་པས། །འཁོར་ཐམས་ཅད་ཡི་རངས་པར་གྱུར་ཏོ། །གཉེན་པོའི་ལེའུ་སྟེ་དྲུག་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །མ་མོ་དབང་དུ་བསྡུ་བ་ཇི་ལྟར་ལགས། །རྫོགས་སངས་རྒྱས་ལ་བདག་ཉན་འཚལ། །རྫོགས་སངས་རྒྱས་ཀྱིས་བཀའ་སྩོལ་ཅིག །དེ་སྐད་གསོལ་པ་གསན་ནས་ཀྱང་། །རྫོགས་སངས་རྒྱས་ཀྱིས་བཀའ་སྩལ་པ། །མ་མོ་དབང་དུ་བསྡུ་བའི་དོན། །ཉོན་ཅིག་གནོད་འདུལ་ལྷ་ཡི་གཙོ། །ངས་བསྟན་པ་ལ་ཐེ་ཚོམ་མེད། །སེམས་རྩེ་གཅིག་ཏུ་བསྒོམས་ཏེ་གསལ་ན་མ་མོ་དབང་དུ་འདུའོ། །ཡང་གཅིག་ཏུ་གསལ་བར་རྟོགས་ན་མ་མོ་དབང་དུ་འདུའོ། །དེ་ཡང་མན་ངག་ཏུ་ལུས་ཀྱིས་སྐུ་ལ་སྦྱང་བས་སྐུ་ཕྱག་རྒྱ་ཆེན་པོར་དགོད་དོ། །ངག་གིས་གསུང་ལ་སྦྱང་བས། སྒྱུ་མ་རྣམ་པར་སྦྱང་བས་རྣམ་པར་དག་པ་ལྟར། སེམས་ཀྱིས་ཐུགས་ལ་སྦྱང་བས། རྣམ་པར་མི་རྟོག་པ་དག་པ་ཆོས་ཀྱི་དབྱིངས་ཉིད་གསལ་བར་དགོངས། རིག་སྔགས་ཡིད་ལ་བརྗོད་པས་དེ་བཞིན་གཤེགས་པ་དང་སོ་སོ་ཐ་མི་དད་དོ། །མ་མོ་ནི་སྙིང་པོའོ། །སྙིང་པོ་ནི་འབྲས་བུའོ། །འབྲས་བུ་ནི་བདག་ཉིད་དོ། །བདག་ཉིད་ནི་བྱང་ཆུབ་ཀྱི་སེམས་སོ། །བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་སོ། །མ་མོ་ནི་འདི་ལྟར་གནས་པ་དང་། བདག་ཉིད་ནི་ལས་མ་གཏོགས་པ་ལོགས་ན་གནས་པར་མ་གསུངས་སོ། །དེ་ལྟར་རྟོགས་ན་མ་མོ་དབང་དུ་འདུས་པར་གསུངས་སོ། །ཏིང་འཛིན་མ་ཡེངས་གསལ་བ་གཅེས་སོ། །མ་མོ་དབང་དུ་བསྡུ་བའི་ལེའུ་སྟེ་བདུན་པའོ།། །།རྡོ་རྗེ་སེམས་དཔས་ཡང་གསོལ་པ། །དོན་དུ་མན་ངག་ཇི་ལྟར་ལགས། །


DNG023_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

མ་མོའི་མན་ངག་བདག་ཉན་འཚལ། །སྤྱི་དཔལ་ཆེན་པོས་བཀའ་སྩོལ་ཅིག །དེ་སྐད་གསོལ་པ་གསན་ནས་ཀྱང་། །སྤྱི་དཔལ་ཆེན་པོས་བཀའ་སྩལ་པ། །མན་ངག་ཅེས་ནི་བྱ་བའི་དོན། །ངས་བསྟན་པ་ལ་ཐེ་ཚོམ་མེད། །ཉོན་ཅིག་རྡོ་རྗེ་སེམས་དཔའི་གཙོ། །མན་ངག་ཐུགས་ཀྱི་རང་བཞིན་ཏེ། །མན་ངག་གསུང་གི་རང་བཞིན་ཡིན། །མན་ངག་སྐུ་ཡི་རང་བཞིན་ཏེ། །ཐུགས་ནི་སངས་རྒྱས་ཉིད་ཀྱི་སྤྱོད། །གསུང་ནི་སྒྲ་རུ་གྲག་པ་སྟེ། །སྐུ་ནི་འཇིགས་བྱེད་ཁྲོ་བོའི་སྐུ། །དེ་ནི་མ་མོའི་མན་ངག་དགོངས། །ཡང་ན་མ་མོའི་མན་ངག་ནི། །སྣང་སྲིད་ཐམས་ཅད་གསལ་བར་བསྒོམ། །སྣོད་བཅུད་འཇིག་རྟེན་ཐམས་ཅད་གསལ་བར་བསྒོམ། །དེ་ལ་མ་མོའི་རང་བཞིན་ནི། །བྱང་ཆུབ་སེམས་ཀྱི་སྤྲུལ་པ་ཡིན། །རང་བྱུང་རང་སར་གདལ་བ་ཡིན། །བདལ་བས་མཐའ་དབུས་མེད་པར་ཁྱབ། །དུས་གསུམ་འགྱུར་མེད་རིན་པོ་ཆེ། །མི་ནུབ་རྒྱ་ཆེན་གཡུང་དྲུང་ཡིན། །སྐུ་རུ་བཀྲམ། གསུང་དུ་གྲགས། ཐུགས་སུ་གསལ། དེ་ལ་ཐུགས་སུ་གསུང་སྦས། གསུང་ལ་སྐུ་ཐིམ་ནས་བདེ་བ་ལ་མན་ངག་ཅེས་བྱའོ། །མ་མོ་མན་ངག་གི་ལེའུ་སྟེ་བརྒྱད་པའོ།། །།རྡོ་རྗེ་སེམས་དཔས་ཡང་གསོལ་པ། །རྟོགས་པའི་ཁྱད་པར་ཇི་ལྟ་བུ། །སེམས་ཀྱི་ཁྱད་པར་ཇི་ལྟ་བུ། །མངོན་རྫོགས་ཡབ་ལ་བདག་ཉན་འཚལ། །མངོན་རྫོགས་ཡབ་ཀྱིས་བཀའ་སྩོལ་ཅིག །དེ་སྐད་གསོལ་པ་གསན་ནས་ཀྱང་། །མངོན་རྫོགས་ཡབ་ཀྱིས་བཀའ་སྩལ་པ། །རྟོགས་པའི་ཁྱད་པར་ཆེན་པོ་དང་། །སེམས་ཀྱི་ཁྱད་པར་ཆེན་པོའི་དོན། །ངས་བསྟན་པ་ལ་ཐེ་ཚོམ་མེད། །ཉོན་ཅིག་རྡོ་རྗེ་སེམས་དཔའི་གཙོ། །ཉན་ཐོས་དོན་ལ་མཁས་པ་དང་། །རང་རྒྱལ་བྱང་ཆུབ་སེམས་དཔའ་དང་། །ཀྲི་ཡ་དང་ནི་གཉིས་ཀའི་རྒྱུད། །ཡོ་ག་དང་ནི་ཐེག་པ་དྲུག །ཀུན་གྱི་དོན་ལ་མཁས་པ་དང་། །བསྐྱེད་པའི་དོན་དང་རྫོགས་པའི་དོན། །རྫོགས་པ་ཆེན་པོ་གསུམ་ལ་མཁས། །ལུང་དང་མན་ངག་ཕུར་ཐུག་པས། །མན་ངག་གདེང་ཅན་


DNG023_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པ་དེས། །མ་མོའི་གནས་ནི་དབེན་པར་བཙལ། །མ་མོའི་སྒྲུབ་རྫས་ཁྱད་པར་ཅན། །ཁྱད་པར་དུ་ཡང་བསག་པར་བྱ། །མ་མོ་སྒྲུབ་པའི་གཟུངས་མ་ནི། །ང་རྒྱལ་མེད་ཅིང་ལྦ་བ་མེད། །ཙག་རོ་མེད་ཅིང་སྐྱོན་མེད་པ། །ཁྱད་པར་དུ་ཡང་གཟུངས་མར་བཟུང་། །མ་མོ་སྒྲུབ་པའི་གྲོགས་པོ་ཡང་། །ཁྱད་པར་དུ་ཡང་བརྟག་པར་བྱ། །སྒྲུབ་པའི་མཆེད་དང་ལྕམ་དྲལ་ཡང་། །ཁྱད་པར་དུ་ཡང་བརྟག་པར་བྱ། །སྒྲུབ་པའི་རྐྱེན་དང་ཡོ་བྱད་ལ། །རྩིང་ཞིབ་མི་བྱེད་བཀུར་བྱེད་པ། །ཁྱད་པར་དུ་ཡང་བརྟག་པར་བྱའོ། །སྒྲུབ་པའི་རྟེན་མོ་བརྟག་པ་ནི། །མིག་ཁམ་པ་ལ་སྐྲ་སེར་བ། །དཔྲལ་བའི་དབྱེས་ན་སྨེ་ཡོད་པ། །མ་མོ་ཐམས་ཅད་མགུ་བར་ཤེས། །དེ་ནི་རབ་ཏུ་བསྟེན་པར་བྱའོ། །སྒྲུབ་པའི་ཞལ་ཟས་ཡོ་བྱད་ཀྱང་། །རྫས་དང་གསུར་ཆེན་སྨན་ཆེན་རྣམས། །ཡང་དག་ཉིད་དུ་བསག་པར་བྱ། །དེ་ནས་སྒྲུབ་པ་བརྩམ་བྱ་སྟེ། །མ་མོ་ཐམས་ཅད་བསྒྲུབ་པ་ན། །མི་འགྲུབ་པ་ནི་ཡོད་མི་སྲིད། །འགྲུབ་པ་ཉིད་ནི་ཐེ་ཚོམ་མེད། །ལྷུར་ལེན་རྣལ་འབྱོར་བློ་ལྡན་པ། །གཉིས་མེད་རྟོགས་པའི་ཁྱད་པར་གཙོ། །རྟོགས་པ་ཁྱད་པར་གྱི་ལེའུ་སྟེ་དགུ་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །རྣལ་འབྱོར་ཡོངས་ལ་སྨན་སླད་དུ། །ལུང་ལ་རྣམ་པ་དུ་ཞིག་མཆིས། །མངོན་རྫོགས་དཔལ་ལ་བདག་ཉན་འཚལ། །མངོན་རྫོགས་དཔལ་གྱིས་བཀའ་སྩོལ་ཅིག །དེ་སྐད་གསོལ་པ་གསན་ནས་ཀྱང་། །མངོན་རྫོགས་དཔལ་གྱིས་བཀའ་སྩལ་པ། །རྣལ་འབྱོར་ཀུན་ལ་ཕན་གདགས་པའི། །ལུང་གི་གྲངས་ནི་ངས་བསྟན་གྱི། །ཉོན་ཅིག་གནོད་འདུལ་ལྷ་ཡི་གཙོ། །ངས་བསྟན་པ་ལ་གདོན་མི་ཟ། །ལུང་ལ་རྣམ་གྲངས་དགུ་ཞིག་མཆིས། །དུས་ཀྱི་ལུང་ཞེས་བྱ་བ་དང་། །རི་རབ་ལུང་ཞེས་བྱ་བ་དང་། །གསང་བའི་ལུང་དང་མ་མོའི་ལུང་། །དྲོད་ཀྱི་ལུང་ཞེས་བྱ་བ་དང་། །གསང་བ་ཆེན་པོའི་སྤྱི་ལུང་དང་། །ཁྲག་


DNG023_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

གི་ལུང་དང་རྫས་ཀྱི་ལུང་། །དམ་ཚིག་ལུང་དང་དགུ་ཞིག་ཡོད། །སྦས་པའི་ལུང་དང་དགུ་ཞེས་བཤད། །གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །ལུང་དགུ་ཇི་ལྟར་འཚལ་བར་བགྱི། །མངོན་རྫོགས་དཔལ་གྱིས་བཀའ་སྩོལ་ཅིག །དེ་སྐད་གསོལ་པ་གསན་ནས་ཀྱང་། །མངོན་རྫོགས་དཔལ་གྱིས་བཀའ་སྩལ་པ། །དུས་ནི་སྔ་ཕྱི་མེད་པར་ཤེས་པར་བྱ། །རི་རབ་རྒྱས་པའི་མཆོད་རྟེན་དུ། །རང་གི་སེམས་དང་ཕུང་པོར་ཤེས་པར་བྱ། །གསང་བའི་ལུང་ནི་ཐུགས་ལ་གབ། །མ་མོ་བྱང་ཆུབ་སེམས་ལས་བྱུང་། །དྲོད་ནི་གཉིས་སུ་མེད་པའི་དྲོད་ཚད་དོ། །གསང་བ་སྤྱི་ལུང་རྟོགས་པར་དཀའ། །ཁྲག་གི་ལུང་ནི་ཕན་ཡོན་མང་། །དམ་རྫས་ལུང་ནི་ཚང་བར་བྱ། །དམ་ཚིག་ལུང་ནི་མ་ནོར་བར་རྟོགས་པར་བྱའོ། །ལུང་གི་ལེའུ་སྟེ་བཅུ་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །དུས་ཀྱི་ལུང་ཞེས་ཇི་ལྟ་བུ། །ཡང་དག་རྫོགས་ལ་བདག་ཉན་འཚལ། །ཡང་དག་རྫོགས་ཀྱིས་བཀའ་སྩོལ་ཅིག །དེ་སྐད་ཞུས་པ་གསན་ནས་ཀྱང་། །ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །དུས་ཀྱི་ལུང་ཞེས་བྱ་བའི་དོན། །ངས་གསུང་བ་ལ་ཐེ་ཚོམ་མེད། །ཉོན་ཅིག་གནོད་འདུལ་ལྷ་ཡི་གཙོ། །དུས་གསུམ་གཅིག་སྟེ་ཁྱད་པར་མེད། །སྔོན་མེད་ཕྱི་མེད་གདོད་ནས་རྣམ་པར་དག །དེ་ནི་དུས་ཀྱི་ལུང་ཞེས་བཤད། །དུས་ཀྱི་ལུང་གི་ལེའུ་སྟེ་བཅུ་གཅིག་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །མ་མོ་རྣམས་ཀྱི་མཐུན་རྫས་གང་། །ཉག་གཅིག་ཡབ་ལ་བདག་ཉན་འཚལ། །ཉག་གཅིག་ཡབ་ཀྱིས་བཀའ་སྩོལ་ཅིག །དེ་སྐད་གསོལ་པ་གསན་ནས་ཀྱང་། །ཉག་གཅིག་ཡབ་ཀྱིས་བཀའ་སྩལ་པ། །མ་མོ་རྣམས་ཀྱི་མཐུན་པའི་རྫས། །ད་ལྟ་ཉིད་དུ་ངས་བསྟན་གྱི། །ཉོན་ཅིག་གནོད་འདུལ་ལྷ་ཡི་གཙོ། །ཞིང་ཆེན་སྦྲམ་པོ་མེད་ན་མི་འགྲུབ་པོ། །བཅུ་བདུན་ལོན་པའི་གཟུངས་ཆེན་མེད་ན་མི་འགྲུབ་བོ། །དེ་ཡི་རཀྟ་མེད་ན་མི་འགྲུབ་བོ། །བདུད་རྩི་རྣམ་ལྔའི་གསུར་ཆེན་མེད་ན་མི་འགྲུབ་པོ། །སྲོག་


DNG023_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་པའི་དབུགས་དང་། །མི་དབང་ཤ་ཆེན་མེད་ན་མི་འགྲུབ་པོ། །འཆི་ཀའི་མཚལ་ཏིག་མེད་ན་མི་འགྲུབ་བོ། །རྣམ་ལྔ་ཤིང་ཐོག་མེད་ན་མི་འགྲུབ་པོ། །མཚན་དང་ལྡན་པའི་གཡང་གཞིའི་གཡབ་མོ་དང་། །ཟེའུ་འབྲུ་དང་། འབྲས་བུ་ལྔ་དང་། དེ་རྣམས་རྣལ་འབྱོར་པས་བཙལ་དགོས། ཕྱི་མ་ཡང་མཆོག་དང་། རྨིག་པ་ཟླུམ་པོར་གྱུར་པ་དང་། རྨིག་པ་ཁ་བྲག་ཏུ་གྱུར་པའི་བ་གླང་དང་། ཤེལ་དཀར་མོ་དང་། ཤེལ་ནག་མོ་དང་། ཙ་ར་དཀར་པོ་དང་། ཙ་ར་ནག་མོ་དང་། ཀུ་ཀུ་ར་དང་། ནམ་མཁའ་ལྡིང་དཀར་ནག་དང་། དེ་རྣམས་དགོས་སོ། །གཞན་ཡང་དུར་ཁྲོད་ཀྱི་རྫས་སུ་གྱུར་པ་ཀུན་བསག་གོ། །དུར་ཁྲོད་ཀྱི་གནས་སུ་རྫས་དང་ལྡན་པ་ལ་བསྒྲུབས་ན་མི་འགྲུབ་མི་སྲིད་དོ། །མ་མོ་དམ་རྫས་ཀྱི་ལེའུ་སྟེ་བཅུ་གཉིས་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །རི་རབ་ལུང་ཞེས་ཇི་ལྟ་བུ། །དོན་དུ་ཇི་ལྟར་འཚལ་བར་བགྱི། །ཉག་གཅིག་ཡབ་ཀྱིས་བཀའ་སྩོལ་ཅིག །དེ་སྐད་ཞུས་པ་གསན་ནས་ཀྱང་། །ཉག་གཅིག་ཡབ་ཀྱིས་བཀའ་སྩལ་པ། །རི་རབ་ལུང་ཞེས་བྱ་བའི་དོན། །ངས་གསུང་བ་ལ་གདོན་མི་ཟ། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །རི་རབ་རྒྱུ་ནི་རིན་པོ་ཆེ། །ལྔ་ལས་གྲུབ་པའི་མཆོད་རྟེན་དེས། །དེ་ནི་ཕྱི་ཡི་རི་རབ་ལུང་། །ནང་གི་རི་རབ་བསྟན་པ་ནི། །དེ་འདྲའི་སེམས་ཅན་ཕུང་པོ་ཡང་། །རིན་པོ་ཆེ་ལས་གྲུབ་པ་ཡི། །རྒྱལ་བའི་མཆོད་རྟེན་ཆེན་པོ་ཡིན། །ཡབ་ཡུམ་མཁའ་ལས་བྱུང་བའོ། །ཡོངས་འདུ་ས་བརྟོལ་སྲོག་རྩ་ཡིན། །མཆོད་རྟེན་བུམ་པ་མགོ་བོ་ཡིན། །སྙིང་ནས་བྱང་ཆུབ་སེམས་ཀྱི་སྤྲུལ་པ་ལས་བྱུང་ངོ་། །སྲིད་པ་ཆགས་བྱེད་ཆ་སྙོམས་གཉིས། །སྲོག་རྩ་སྒལ་བུའི་སྟེང་ན་གནས། །ཞིག་འཛིན་དང་ནི་བྱན་མཁན་གཉིས། །སྲོག་རྩ་སྒལ་བུ་བཅུ་དྲུག་མོད། །རྩེའུ་ཆུང་གཉིས་ཀྱི་ཟུགས་མཚམས་ན། །དབྱིངས་ཕྱུག་རྒྱན་གྱི་རྒྱལ་མོ་གནས། །ལོང་རྩ་གཉིས་ཀྱི་ཟུགས་མཚམས་ན། །དཀར་མོ་རྩེ་དང་ནག་མོ་གནས། །ཨ་སོ་ལི་ཀའི་ཟུགས་མཚམས་ན། །


DNG023_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་མ་དང་གཅིག་པུ་གནས། །ཨ་སོ་ལི་ཀའི་གནས་མཚམས་ན། །མཆུ་འཇིབ་མ་དང་རྐང་ལྡག་གཉིས། །རྒྱུངས་མ་ཡང་རྩེ་རྩ་དྲུག་ལས། །ཨེ་ཀ་ཛ་ཏི་སྤུན་དྲུག་གནས། །སྲོག་རྩ་འཁོར་ལོ་དབུས་མ་ལ། །འདོད་ཁམས་གཙོ་མོ་ནེ་མཚན་གནས། །འབྱུང་འཇུག་སྒོ་བཞིའི་རྩ་བཞི་ལ། །ལས་ཀྱི་སྲིན་མོ་བཞི་ཡང་གནས། །གསང་བའི་རྩ་ནི་ཟུགས་མཚམས་སུ། །ནམ་མཁའི་རྒྱལ་མོ་སྤུན་གཉིས་གནས། །དབང་པོ་བདུན་རྩ་ཟུགས་མཚམས་ན། །མ་མོ་བདུན་ནི་དེ་ན་གནས། །རྣམ་ཤེས་བརྒྱད་ཀྱི་གྱེས་མཚམས་ན། །ཁྲོས་པའི་མ་མོ་བཞི་རྣམས་གནས། །དེ་ལས་འཕྲོས་པའི་མདོ་རྩ་ལས། །གསང་བའི་དགྱེས་སྡེ་བཞི་རྣམས་གནས། །འཇུ་བྱེད་ཕྲ་མོའི་ཟུགས་མཚམས་ན། །ཉི་ཤུ་རྩ་བརྒྱད་དེ་ན་གནས། །དྭངས་མའི་དྭངས་མ་ཟུགས་མཚམས་ན། །ཡུམ་ཆེན་ལྔ་ནི་དེ་ན་གནས། །མི་ཤིགས་པ་ཡི་ཐིག་ལེར་ནི། །ཡབ་ཡུམ་མི་གཉིས་དེར་གནས་སོ། །འོད་ཟེར་འབྱུང་གནས་ཐོད་ཕྲེང་ངོ་། །ཤིང་གི་སྲོག་ཤིང་ཡལ་གར་བཅས། །ཡེ་ཤེས་མ་མོ་རང་གནས་ལ། །ནང་གི་རི་རབ་ལུང་ཞེས་བྱ། །ཕྱི་ཡང་དེ་དང་འདྲ་བ་སྟེ། །སྲིད་པའི་མ་མོ་རང་གནས་ཡིན། །རི་རབ་ལུང་གི་ལེའུ་སྟེ་བཅུ་གསུམ་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །གསང་ལུང་ཆེན་པོ་ཇི་ལྟར་ལགས། །ཉག་གཅིག་ཡབ་ལ་བདག་ཉན་འཚལ། །དེ་སྐད་གསོལ་པ་གསན་ནས་ཀྱང་། །ཉག་གཅིག་ཡབ་ཀྱིས་བཀའ་སྩལ་པ། །གསང་ལུང་ཆེན་པོ་ངས་བསྟན་གྱི། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །གསང་བའི་ལུང་ཞེས་བྱ་བ་ནི། །ཡབ་ཀྱི་མཁའ་དང་ཡུམ་གྱི་དབྱིངས། །ཤིན་ཏུ་རྟོགས་པར་དཀའ་བའོ། །ཐབས་ནི་མ་འགགས་ཤེས་རབ་ལྡན། །ཤེས་རབ་མ་ཆགས་ཐབས་དང་ལྡན། །དོན་དེ་ཤིན་ཏུ་རྟོགས་པར་དཀའ། །གཉིས་སུ་མེད་པའི་བྱང་ཆུབ་སེམས། །ཐུན་མོང་མ་ཡིན་རྟོགས་པར་དཀའ། །བྷ་ག་དང་ནི་པདྨའི་དོན། །ཤིན་ཏུ་རྟོགས་པར་དཀའ་བའོ། །སྐྱེ་མེད་དབྱིངས་དང་ཡེ་ཤེས་ཀྱང་། །སྟོན་


DNG023_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡི་ནི་ཐུགས་ལ་གབ། །ལུང་དེ་དམན་པས་རྟོགས་པར་དཀའ། །སེམས་ཅན་རྣམས་ལ་ཡེ་ནས་གསང་། །དེ་ནི་ལུང་ཆུང་བ་རྣམས་ལ། །བསྟན་ཀྱང་རྫོགས་པར་མི་འགྱུར་ལ། །བསྟན་ཀྱང་ཡ་ག་སྤ་ལོར་འགྱུར། །ཆོས་ལ་སྨོད་ཅིང་སྤང་བར་འགྱུར། །དེ་ནི་གསང་བའི་ལུང་ཞེས་བཤད། །གསང་བ་ལུང་གི་ལེའུ་སྟེ་བཅུ་བཞི་པའོ།། །།རྡོ་རྗེ་སེམས་དཔས་ཡང་གསོལ་པ། །དྲོད་ལུང་ཆེན་པོ་ཇི་ལྟར་ལགས། །དྲོད་ལུང་ཆེན་པོ་བདག་ཉན་འཚལ། །ངོ་མཚར་ལྷ་ཡིས་བཀའ་སྩོལ་ཅིག །དེ་སྐད་གསོལ་པ་གསན་ནས་ཀྱང་། །ངོ་མཚར་ལྷ་ཡིས་བཀའ་སྩལ་པ། །དྲོད་ལུང་ཆེན་པོ་ཞེས་བྱ་བ། །ད་ལྟ་ཉིད་དུ་ངས་བསྟན་གྱི། །ཉོན་ཅིག་རྡོ་རྗེ་སེམས་དཔའི་གཙོ། །ཐམས་ཅད་བསྐྱེད་པའི་ཡུམ་ཡིན་ནོ། །ཡབ་ཡུམ་གཉིས་སུ་མེད་པ་ལས། །དང་པོ་རྒྱུ་འབྱུང་བ་ལྔ་འབྱུང་། །དེ་ལས་སྐྱེ་འགྲོ་ཀུན་ཀྱང་འབྱུང་། །སྐྱེ་འགྲོ་རྣམ་པ་སྣ་ཚོགས་པའི། །པདྨ་ཀུན་ལ་དྲོད་འབེབས་པའོ། །དེ་ལ་དྲོད་ཀྱི་རང་བཞིན་ནི། །སྙིང་རྩ་དང་ནི་སྲོག་རྩར་འདྲེལ། །དེ་ནི་པདྨར་འདུས་ཏེ་འདུག །སྙིང་ན་ཡུམ་ཆེན་ཉིད་བཞུགས་པ། །དེས་ནི་སྙིང་ལ་དྲོད་འབེབས་སོ། །མོ་རིགས་ཐམས་ཅད་ཁྲག་འཛག་པ། །དོན་དང་གཏན་ཚིགས་དེ་ལྟར་ལགས། །དེ་བས་བུ་མེད་བྱི་ལའང་འཛག །དུད་འགྲོ་རྣམས་ཀྱི་ཕྱིར་མི་འཛག །སྲོག་རྩར་འཁྱུད་ནས་མངལ་དུ་འབབས། །ཕོ་དང་འཕྲད་ན་སྲིད་པར་ཆགས། །དེ་ལས་འགྲོ་བ་ཐམས་ཅད་འབྱུང་། །དོན་འདི་རབ་ཏུ་གསང་བར་བྱ། །ཞེས་བཤད་དོ། །དྲོད་ལུང་གི་ལེའུ་སྟེ་བཅོ་ལྔ་པའོ།། །།རྡོ་རྗེ་སེམས་དཔས་ཡང་གསོལ་པ། །གསང་བ་སྤྱི་ལུང་ཇི་ལྟར་ལགས། །གསང་བའི་དཔལ་ལ་བདག་ཉན་འཚལ། །གསང་བའི་དཔལ་གྱིས་བཀའ་སྩོལ་ཅིག །དེ་སྐད་གསོལ་པ་གསན་ནས་ཀྱང་། །གསང་བའི་བདག་པོས་བཀའ་སྩལ་པ། །གསང་བ་ཆེན་པོའི་སྤྱི་ཡི་ལུང་། །ངས་བསྟན་པ་ལ་ཐེ་ཚོམ་མེད། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །གསང་


DNG023_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཆེན་པོ་སྤྱི་ཡི་ལུང་། །གོང་མའི་གསང་བའི་དོན་དེ་ནི། །སྣང་སྲིད་སྤྱི་ལ་ཁྱབ་སྟེ་གནས། །སངས་རྒྱས་རྒྱུ་ནི་རང་ལ་ཡོད། །སྣང་སྲིད་ཁྲག་གིས་བསྡུས་པ་ཡི། །སྤྱི་ཡི་མངའ་དབང་མཛད་པ་ནི། །ཡུམ་ཆེན་ཉིད་གཞི་ཆེན་མོ་ཡིན། །ཐམས་ཅད་ཉིད་གཞི་ཉིད་ལ་འདུས། །ཡུམ་ཆེན་ཉིད་ཀྱི་དྲོད་འབེབས་པས། །སྤྱི་ཡི་བདག་མོའི་ཡུམ་ཡིན་པས། །ཡུམ་ཆེན་ཉིད་ནི་གསང་བར་བྱ། །དོན་དེ་གསང་བས་གསང་བའི་ལུང་། །རྟོགས་པར་དཀའ་བས་གསང་བའི་ལུང་། །ཞེས་བཤད་དོ། །གསང་བའི་སྤྱི་ལུང་གི་ལེའུ་སྟེ་བཅུ་དྲུག་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །མ་མོ་རྣམས་ལ་ལུང་སྩལ་པ། །མངལ་ལ་སོགས་པ་མི་འཚལ་ན། །བླང་དོར་མེད་པ་གང་གིས་འགྲུབ། །སེམས་ཅན་སྐྱེ་ཤི་གང་ལས་བྱུང་། །སེམས་ཀྱི་རྟག་ཆད་ཇི་ལྟར་བགྱི། །ཆོས་ཀྱི་དབྱིངས་ནི་གང་ལ་བགྱི། །མ་མོ་རྣམས་ཀྱི་མཚན་ཉིད་གང་། །དེ་ལ་དབྱེ་བ་དུ་ཞིག་མཆིས། །གནོད་འདུལ་ལྷ་ཡིས་བཀའ་སྩོལ་ཞུས། །ཡུམ་གཅིག་ཆེན་མོས་བཀའ་སྩལ་པ། །ཉོན་ཅིག་གནོད་འདུལ་ལྷ་ཡི་གཙོ། །མངལ་ལ་སོགས་པ་མི་འཚལ་ན། །བླང་དོར་མེད་པ་གང་གིས་འགྲུབ། །སེམས་ཅན་སྐྱེ་ཤི་གང་ནས་སྐྱེ། །སྲིད་པའི་བྱུང་སྲིད་ཇི་ལྟ་བུ། །ཆོས་ཀྱི་དབྱིངས་ཀྱི་གང་ལ་བྱ། །མ་ནི་རྟག་པ་མེད་པས་མ། །མོ་ནི་སྣང་བ་སྐྱེས་པས་མོ། །མཁའ་དབྱིངས་གཉིས་སུ་མེད་པ་ལ། །སེམས་ཀྱི་རྟག་པ་དེ་ལ་བྱ། །ཆོས་ཀྱི་དབྱིངས་ཆེན་བརྡལ་བ་ལ། །མཐའ་དང་དབུས་སུ་ག་ལ་ཡོད། །ནམ་མཁའི་གཞལ་ཡས་གདངས་པ་ལ། །སྟེང་དང་འོག་ནི་ག་ལ་ཡོད། །ཤ་ཆེན་དམར་ཆེན་བཀྲམ་པ་ལ། །ཁྱོད་དང་ང་རུ་ག་ལ་དབྱེ། །སེམས་ཀྱི་རྟག་པ་དེ་ལ་བྱ། །ཆོས་ཀྱི་དབྱིངས་ཀྱི་བྱ་བ་ནི། །ཐམས་ཅད་སྐྱེ་བ་མེད་པའི་དབྱིངས། །ཐམས་ཅད་འགག་པ་མེད་པའི་ཀློང་། །མ་བཅོས་མ་བྱས་ཆོས་ཉིད་དོ། །མ་མོ་རྣམས་ཀྱི་མཚན་ཉིད་ནི། །གྲངས་སུ་བགྲང་བར་ག་ལ་ཡོད། །ཅེས་བཤད་དོ། །མ་མོའི་


DNG023_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་རྒྱན་ལས་འདས་པར་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །སེམས་ཅན་ཀུན་ལ་ཕན་གདགས་ཕྱིར། །དམ་ཚིག་དོན་ནི་བདག་ཉན་འཚལ། །ཡང་དག་རྫོགས་ཀྱིས་བཀའ་སྩོལ་ཅིག །དེ་སྐད་གསོལ་པ་གསན་ནས་ཀྱང་། །ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །སེམས་ཅན་ཀུན་ལ་ཕན་གདགས་ཕྱིར། །དམ་ཚིག་དོན་རྣམས་ངས་བསྟན་གྱི། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །ངས་བསྟན་པ་ལ་ཐེ་ཚོམ་མེད། །ཡབ་ཀྱི་མཁའ་དང་ཡུམ་གྱི་དབྱིངས། །དེ་ཡི་དོན་རྟོགས་དམ་ཚིག་གོ། །དེ་ཡང་མན་ངག་གུ་ཧྱའོ། །བྱེད་པ་པོ་དང་བྱ་བ་མོ། །དེ་གཉིས་སྣང་སྲིད་ཆ་ཡོད་ན། །དམ་ཚིག་ཉིད་ཀྱང་ཉམས་པ་མེད། །དེ་ཡང་མན་ངག་གུ་ཡའོ། །རང་སེམས་དོན་རྟོགས་སྲིད་པ་ཤེས་གྱུར་ན། །དམ་ལ་ཉམས་མེད་སྟོན་པའི་སྒྲོན་མ་ཡིན། །དེ་ཡང་མན་ངག་གུ་ཡའོ། །ལྷག་པའི་དམ་ཚིག་བཞི་པ་དག །མཁས་པའི་བླ་མ་དེ་ཕྱིན་ན། །རྡོ་རྗེ་སེམས་དཔའི་རྗེ་བཙན་དང་། །སྐལ་བ་མི་མཉམ་རྡུལ་ཙམ་མེད། །དེ་ཡང་མན་ངག་གུ་ཡའོ། །སོ་སོའི་ཐེག་པ་བསམ་ཡས་པ། །སོ་སོ་ཉམས་པ་མེད་ན་བདེ། །འཇིག་རྟེན་པ་ལ་ཆད་མོད་བཙན། །དགེ་བ་སྤྱོད་པས་མི་དགེ་སྤང་། །འདུལ་བ་འཛིན་པས་བསྲུང་ན་བདེ། །བྱང་ཆུབ་ས་ལ་གནས་པ་རྣམས། །ཉམས་པ་མེད་པའི་ལས་ཀྱང་བྱ། །གཙང་སྦྲ་ཡོད་ལ་གཙང་སྦྲ་བྱ། །རྣལ་འབྱོར་སྤྱོད་པ་གཉིས་ཀྱིས་འགྲུབ། །ཐེག་པ་གཡོས་པས་ཐེག་པ་འཇོམས། །ཞེས་བཤད་དོ། །དམ་ཚིག་མན་ངག་ལུང་གི་ལེའུ་སྟེ་བཅོ་བརྒྱད་པའོ།། །།གཡུང་དྲུང་ལྷ་ཡིས་ཡང་གསོལ་པ། །ཁྲག་གི་ལུང་ཞེས་ཇི་ལྟར་ལགས། །ཉག་གཅིག་ཡབ་ལ་བདག་ཉན་འཚལ། །ཉག་གཅིག་ཡབ་ཀྱིས་བཀའ་སྩོལ་ཅིག །དེ་སྐད་ཞུས་པ་གསན་ནས་ཀྱང་། །ཉག་གཅིག་ཡབ་ཀྱིས་བཀའ་སྩལ་པ། །ཁྲག་ལུང་ཆེན་མོ་ངས་བསྟན་གྱིས། །ཉོན་ཅིག་གཡུང་


DNG023_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

དྲུང་ཡང་དག་པ། །ངས་བསྟན་པ་ལ་ཐེ་ཚོམ་མེད། །ལྷག་ཆད་བྱུང་ན་འཆི་བར་འགྱུར། །ལྷག་ཆད་མེད་ན་འཚོ་བ་ཡིན། །ཁྲག་གི་ཚོགས་ལས་གྲུབ་པ་ཡིས། །ནད་ཡམས་སྣ་ཚོགས་གཏང་བར་བྱ། །ཁྲག་སྣ་ཚོགས་པར་བྱ་བ་ནི། །བམ་གྱི་ཁྲག་དང་ཞིང་ཁྲག་དང་། །གསོན་ཁྲག་མངལ་ཁྲག་སྣ་ཚོགས་དང་། །མཁའ་ལ་རྒྱུ་བའི་ཁྲག་རྣམས་དང་། །གཅན་ཟན་གདུག་པའི་ཁྲག་རྣམས་དང་། །སྡེར་ཆགས་མང་པོའི་ཁྲག་སྣ་དང་། །རྨིག་ཟླུམ་ཁ་བྲག་ཁྲག་རྣམས་དང་། །བསད་དང་གསོ་བའི་ལས་རྣམས་རྒྱུ། །གང་འདོད་ལས་རྣམས་བྱེད་པ་ཡིན། །དེ་ཕྱིར་ཕན་གནོད་མང་ཞེས་བྱ། །ཞེས་བཤད་དོ། །ཁྲག་གི་ལུང་གི་ལེའུ་སྟེ་བཅུ་དགུ་པའོ།། །།རྡོ་རྗེ་སེམས་དཔས་ཡང་གསོལ་པ། །མ་མོ་འབྱུང་བའི་རྒྱུ་ཞེས་གང་ལ་བགྱི། །མངོན་རྫོགས་དཔལ་ལ་བདག་ཉན་འཚལ། །མངོན་རྫོགས་དཔལ་གྱིས་བཀའ་སྩོལ་ཅིག །དེ་སྐད་གསོལ་པ་གསན་ནས་ཀྱང་། །མངོན་རྫོགས་ཡབ་ཀྱིས་བཀའ་སྩལ་པ། །ཉོན་ཅིག་རྡོ་རྗེ་སེམས་དཔའི་གཙོ། །མ་མོ་འབྱུང་བའི་རྒྱུ་ཞེས་བྱ་བ་ནི། །རྟེན་པའི་གླུ་དང་དབྱངས་ལ་འབྱུང་། །བདག་གིས་འདི་སྐད་བརྗོད་པར་བྱ། །ཧཱུཾ། མ་གཡེལ་མ་གཡེལ་ཐུགས་དམ་ཅན། །མ་གཡེལ་མ་གཡེལ་སྲུང་མའི་ཚོགས། །ཀུན་ཏུ་བཟང་མོ་ཡུམ་གྱི་དབྱིངས། །མ་མོ་འབོད་པའི་གླུ་ལེན་ཅིང་། །སྒྲ་ནི་སྟོང་གསུམ་ཁྱབ་པར་སྒྲོགས། །བསྒྲུབ་ནི་ཡེ་ཤེས་ཐིག་ལེ་བསྒྲུབ། །བརྟེན་པའི་ཧེ་རུའི་གནས་སུ་བརྟེན། །དུར་ཁྲོད་ཆེན་པོའི་གནས་འདི་རུ། །ཤ་ཆེན་གསུར་གྱི་དྲི་སྣོམ་ཞིང་། །དུས་འདི་ཉིད་དུ་ཕྲིན་ལས་མཛོད། །མཱཾ་ས་ཆེན་པོ་རི་ལྟར་སྤུངས། །རཀྟའི་རྒྱ་མཚོ་མཚོ་ལྟར་བསྐྱིལ། །རུས་པའི་ཕུང་པོ་རི་ལྟར་སྤུངས། །དྲི་ཆུ་མང་པོ་ཆུ་ལྟར་འབྲུབ། །མ་མོ་ཆེན་མོ་སྤྲིན་ལྟར་གཏིབས། །ཕོ་ཉ་མང་པོ་སྐར་ལྟར་འཁྲུག །སུམ་བརྒྱ་དྲུག་ཅུའི་དཀྱིལ་འཁོར་འབྱུང་། །དེ་ནི་མ་མོ་སྒྲུབ་པའི་གླུ། །ཡིད་ཙམ་གདུང་ལ་འཁྱུག་


DNG023_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

པར་བླང་། །ཞེས་བཀའ་སྩལ་ཏོ། །མ་མོ་འབྱུང་བའི་རྒྱུ་དང་། མ་མོའི་གླུའི་ལེའུ་སྟེ་ཉི་ཤུ་ཐམ་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །རྣལ་འབྱོར་རྣམས་ལ་ཕན་གདགས་ཕྱིར། །བྷ་གའི་དོན་རྣམས་ཇི་ལྟར་ལགས། །སྤྱི་དཔལ་མཆོག་ལ་བདག་ཉན་འཚལ། །སྤྱི་དཔལ་མཆོག་གིས་བཀའ་སྩོལ་ཅིག །དེ་སྐད་གསོལ་པ་གསན་ནས་ཀྱང་། །སྤྱི་དཔལ་མཆོག་གིས་བཀའ་སྩལ་པ། །རྣལ་འབྱོར་རྣམས་ལ་ཕན་གདགས་ཕྱིར། །བྷ་གའི་དོན་རྣམས་ངས་བསྟན་གྱི། །ཉོན་ཅིག་གནོད་འདུལ་ལྷ་ཡི་གཙོ། །ངས་བསྟན་པ་ལ་ཐེ་ཚོམ་མེད། །བྷ་ག་ཞེས་ནི་བྱ་བའི་དོན། །ཆགས་པ་མེད་པས་བྷ་ཞེས་བྱ། །འདོད་པ་མེད་པས་ག་ཞེས་བྱ། །ཤེས་རབ་དོན་རྟོགས་བྷ་ཞེས་བྱ། །ཐབས་ཀྱི་དོན་རྟོགས་ག་ཞེས་བྱ། །སྐྱེ་བ་མེད་པས་བྷ་ཞེས་བྱ། །འགག་པ་མེད་པས་ག་ཞེས་བྱ། །སྣ་ཚོགས་འབྱུང་བས་བྷ་ཞེས་བྱ། །ཅིར་ཡང་འབྱུང་བས་ག་ཞེས་བྱ། །ཀུན་ལ་ཁྱབ་པས་བྷ་ཞེས་བྱ། །རྫུ་འཕྲུལ་ཆེན་པོ་ག་ཞེས་བྱ། །ཡང་ན་མཁའ་རྣམ་པར་དག་པ་ཞེས་བྱ་སྟེ། དབྱིངས་རྣམ་པར་དག་པ་ཞེས་ཀྱང་བྱ། བྷ་ག་ཀློང་ཞེས་ཀྱང་བྱ། གཏིང་དཔག་མེད་པ་ཞེས་ཀྱང་བྱ། །ཡངས་པ་ཆེན་པོ་ཞེས་ཀྱང་བྱ། །གཏིང་དཔག་དཀའ་བ་ཞེས་ཀྱང་བྱ། །ཀུན་ལ་ཁྱབ་པ་ཞེས་ཀྱང་བྱ། །སྣ་ཚོགས་འབྱུང་བ་ཞེས་ཀྱང་བྱ། །འདས་པ་ཀུན་གྱི་གནས་ཞེས་ཀྱང་བྱ། །གཤེགས་པ་ཀུན་གྱི་ཤུལ་ཞེས་ཀྱང་བྱ། ཐམས་ཅད་སྡུད་ཅེས་ཀྱང་བྱ། མདོར་འུབ་ཀྱིས་བསྡུས་ན། མཁའ་བཞི་དབྱིངས་དང་ལྔ། བདེ་བ་ཆེན་པོའི་ཀློང་དབྱིངས་སུ་འཁྱིལ་པ་ཞེས་བྱའོ། །དེ་སྐད་ཅེས་བཀའ་སྩལ་ཏོ། །བྷ་ག་དོན་གྱི་ལེའུ་སྟེ་ཉེར་གཅིག་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །འདོད་དགུ་སྒྲུབ་པའི་ཕྱག་རྒྱ་རྣམས། །སྤྱི་ཡི་ཡབ་ལ་བདག་ཉན་འཚལ། །སྤྱི་ཡི་ཡབ་ཀྱིས་བཀའ་སྩོལ་ཅིག །


DNG023_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

དེ་སྐད་གསོལ་པ་གསན་ནས་ཀྱང་། །སྤྱི་ཡི་ཡབ་ཀྱིས་བཀའ་སྩལ་པ། །འདོད་དགུ་བསྒྲུབ་པའི་ཕྱག་རྒྱ་ནི། །ཡང་དག་ཉིད་དུ་ངས་བསྟན་གྱི། །ཉོན་ཅིག་གནོད་འདུལ་ལྷ་ཡི་གཙོ། །ངས་བསྟན་པ་ལ་ཐེ་ཚོམ་མེད། །སྤྱི་ཡི་ཕྱག་རྒྱ་བཅིངས་ནས་ནི། །ཆུ་བོ་ཆེན་པོ་འོང་བའམ། །ཆུ་ཀླུང་ཆེན་པོ་གཙང་བོའི་འགྲམ། །གླང་ནི་སྨུག་པོ་དག་ལ་ཞོན། །སྣང་སྲིད་རྫས་ནི་མང་པོ་བསག །མ་མོ་རྣམས་ནི་བསྐུལ་བར་བྱ། །ཕྱོགས་བཞིར་ཕྱག་རྒྱ་བསྒྱུར་ནས་ནི། །བསྒྲུབ་པའི་སྔགས་ནི་བརྗོད་པར་བྱ། །ཨཱོཾ་བ་མུ་ཀ་ཡོ་གཱི་ཤྭ་རཱི་ཧི་ཧི་ཨི་ཨི་ཞེས་བརྗོད་དོ། །དེས་དགོས་དགུ་འགྲུབ་པོ། །ཅི་འདོད་པ་མངོན་སུམ་དུ་འགྲུབ་པོ། །འདོད་དགུ་ཕྱག་རྒྱ་སྤྱི་བསྒྲུབ་པའི་ལེའུ་སྟེ་ཉེར་གཉིས་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །སེམས་ཅན་ཀུན་ལ་ཕན་གདགས་ཕྱིར། །ཚེ་སྲོག་ཉམས་པ་ཇི་ལྟར་གསོ། །ཡང་དག་རྫོགས་ལ་བདག་ཉན་འཚལ། །ཡང་དག་རྫོགས་ཀྱིས་བཀའ་སྩོལ་ཅིག །དེ་སྐད་ཞུས་པ་གསན་ནས་ཀྱང་། །ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །སེམས་ཅན་ཀུན་ལ་ཕན་གདགས་ཕྱིར། །ཚེ་སྲོག་ཉམས་པ་གསོ་བ་དང་། །གསོ་བའི་ཆོ་ག་ངས་བསྟན་གྱི། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །ངས་བསྟན་པ་ལ་ཐེ་ཚོམ་མེད། །སྟེགས་བུ་མདའ་གང་གྲུ་བཞི་ལ། །འཁོར་ལོ་རྩིབས་བརྒྱད་དེ་དབུས་སུ། །པདྨ་ཆེན་པོ་འདབ་བརྒྱད་བྲིའོ། །པདྨ་ཆེན་པོ་དེ་དབུས་སུ། །རིན་ཆེན་འབར་བ་ཟུར་བརྒྱད་བྲི། །དེ་དབུས་ཟླ་གམ་དམར་པོ་བྲི། །བྷནྡྷ་མཚན་དང་ལྡན་པ་བཞག །རིན་ཆེན་འབར་བ་ཟུར་བརྒྱད་ལ། །ལྔ་ལ་རྟག་པའི་རྒྱལ་མོ་ལྔ། །གཉིས་ལ་སྨེ་ཤ་པྲ་མོ་ཧ། །པདྨ་ཆེན་པོ་འདབ་བརྒྱད་ལ། །ཕྱོགས་བཞིར་ཁྲོས་པའི་དབང་ཆེན་བསྐྱེད། །མཚམས་སུ་གསང་བའི་ཡུམ་བཞི་དགོད། །འཁོར་ལོ་ཆེན་པོ་རྩིབས་བརྒྱད་ལ། །ཕྱོགས་བཞིར་ཕྱག་རྒྱ་ཆེན་པོ་བཞི། །ཉི་ཟླ་ཐོད་ཕྲེང་རྒྱལ་མོ་


DNG023_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

དགོད། །གཅིག་ལ་ཚེ་ཡི་སྙིང་པོ་བྲི། །སྨན་མོ་ཆེན་པོ་དོན་གྱིས་སྦྱར། །དཀྱིལ་འཁོར་དེ་ཡི་ཕྱི་རིམ་དུ། །བཀྲ་ཤིས་བརྒྱད་ཀྱང་བྲི་བར་བྱ། །སྒོ་བཞིར་ཁྲོ་བོ་བཞི་ཡང་དགོད། །ཚིལ་ཆེན་མར་མེ་རྒྱུན་མི་གཅད། །ལང་ཚོའི་སྒྲུབ་པ་འདི་བཞིན་བྱ། །ཤིང་བལ་བུ་དང་འབྲི་ཏ་ཨ་སྟ་དང་། པྲ་རྡོ་དང་། མར་དང་། ཨ་མྲྀ་ཏ་དང་འདི་རྣམས་ཀུན། །དངུལ་གྱི་བུམ་པར་བླུགས་ནས་ནི། དར་དམར་པོས་མགུལ་དཀྲིས་ལ་གཟུངས་ཐག་དཀར་དམར་ཟུང་གཅིག་གིས་བཏགས་ལ་དཀྱིལ་འཁོར་གྱི་དབུས་སུ་བཞག །གཟུགས་ཐག་དམར་པོ་ཡུམ་གྱིས་གཟུང་། དཀར་པོ་ཡབ་ཀྱིས་གཟུང་། ཞག་དགུར་བསྙེན་པ་བྱ་ཞིང་རྟག་པའི་རྒྱལ་མོ་ལྔ་བསྐུལ་ཞིང་བསྒྲུབ་པོ། །དེ་ནས་རང་གི་སྙིང་པོ་བཟླས། ཡང་ན་ཚེའི་སྙིང་པོ་དང་གཞུང་གཞན་ནས་འབྱུང་བའི་སྙིང་པོ་ཡང་གཞུང་བཞིན་དུ་བཟླས་བརྗོད་བགྱི། དུས་དེར་བར་གཅོད་འབྱུང་བས། མཚམས་དྲག་ཏུ་བཅད་དོ། །དེ་སྒྲུབ་པའི་གསང་བའི་སྔགས་འདིའོ། །ཨཱོཾ་ཨ་མྲྀ་ཏ་ཤ་ན། དུན་བུས་བུད་དེ་སྭཱ་ཧཱ། ཨཱ་ཡུཿཨུ་ཧ་ཨ། ཞེས་རྟག་ཏུ་བཟླས་སོ། །དངོས་གྲུབ་བླང་བའི་སྔགས་འདིའོ། །ཨཱོཾ་བྷ་བྷ་ལཾ་ཧཾ་ཨཱ་ཨཱ་ཛྙཱ་ན་སིབ། ཅེས་བཟླས་སོ། །ཚེ་བསྒྲུབ་པའི་ལེའུ་སྟེ་ཉེར་གསུམ་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །སེམས་ཅན་ཀུན་ལ་ཕན་གདགས་ཕྱིར། །རིམས་ནད་གཅོད་པའི་ཆོ་ག་ནི། །མངོན་རྫོགས་ཡབ་ལ་བདག་ཉན་འཚལ། །མངོན་རྫོགས་ཡབ་ཀྱིས་བཀའ་སྩོལ་ཅིག །དེ་སྐད་ཞུས་པ་གསན་ནས་ཀྱང་། །མངོན་རྫོགས་ཡབ་ཀྱིས་བཀའ་སྩལ་པ། །སེམས་ཅན་ཀུན་ལ་ཕན་གདགས་པའི། །རིམས་ནད་གཅོད་པའི་ཆོ་ག་ནི། །ཡང་དག་ཉིད་དུ་ངས་བཤད་ཀྱི། །ཉོན་ཅིག་གནོད་འདུལ་ལྷ་ཡི་གཙོ། །ངས་བསྟན་པ་ལ་ཐེ་ཚོམ་མེད། །རིམས་ནད་གཅོད་པའི་ཆོ་ག་ནི། རེ་མ་ཏི་བསྒྲུབས་ལ། ཐལ་ཆེན་དང་། ཉུང་དཀར་དང་ཙ་རའི་ཁྲག་དང་། རོ་སོལ་དང་། འདི་རྣམས་བསགས་ལ་དེ་ལ་གདབ་པའི་བརྣག་པའི་སྔགས་འདིའོ། ཨཱོཾ་པ་རི་རུ་རུ་སུ་རུ་ན་མ་པ་ར། ཨཱོཾ་འུར་བི་མ་སུ། སུ་ཏ་ན་བྷྱོ། ཞེས་ལན་ཉི་ཤུ་རྩ་གཅིག་བཟླས་ནས།


DNG023_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

རིམས་ནད་ཡོད་པའི་ཕྱོགས་སུ་གཏོར་རོ། །ཕྱི་མ་ཆུ་ལ་ཡང་གཏོར་རོ། །དེ་ལྟར་བྱས་ན་རིམས་ནད་མི་ཆད་མི་སྲིད་དོ། །ཞེས་བཤད་དོ། །རིམས་ནད་གཅོད་པའི་ལེའུ་སྟེ་ཉེར་བཞི་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །སེམས་ཅན་ཀུན་ལ་ཕན་གདགས་ཕྱིར། །ཆར་ཆུ་དབབ་པའི་ཆོ་ག་ནི། །རྫོགས་སངས་རྒྱས་ལ་བདག་ཉན་འཚལ། །རྫོགས་སངས་རྒྱས་ཀྱིས་བཀའ་སྩོལ་ཅིག །དེ་སྐད་ཞུས་པ་གསན་ནས་ཀྱང་། །རྫོགས་སངས་རྒྱས་ཀྱིས་བཀའ་སྩལ་པ། །སེམས་ཅན་ཀུན་ལ་ཕན་གདགས་པའི། །ཆར་ཆུ་དབབ་པའི་ཆོ་ག་ནི། །ཡང་དག་ཉིད་དུ་ངས་བསྟན་གྱི། །ཉོན་ཅིག་གནོད་འདུལ་ལྷ་ཡི་གཙོ། །ཆར་ཆུ་དབབ་པ་ནི། སྲོ་ལོ་བ་དང་། མོན་སྲན་དང་། ཟིང་བུ་དང་། དེ་རྣམས་བསྲེས་ལ། དེ་ནས་སླ་ངའི་ནང་དུ་ཆུ་བླུགས་ལ། སྔགས་ཀྱིས་རྫས་དེ་ལ་བཏབ་ལ། ཁ་ཆུ་ད་རེ་ཡས་སྟགས་ཀྱི་ཐལ་བ་ཆུ་དེ་ལ་བླུགས་ཏེ་ཕྱོགས་བཅུར་གཏོར་རོ། །གནམ་ལ་གཏོར་རོ། །དེ་ལྟར་གཏོར་ཞིང་སྔགས་འདི་གདབ་པོ། ཨཱོཾ་སུ་པ་བེ་བ་སེ་ནམཿཁ་བོ་སུརྱ་བས་སྟ་དུ་ལ་ཧ་ཡ་སྭཱ་ཧཱ། ཞེས་མང་དུ་བཟླས་ཤིང་གཏོར་རོ། །ཡང་ཁ་སྲན་ཆུ་མིག་བཟང་པོར་རྫས་དེ་བླུགས་ལ་ནཱ་ག་རཱ་ཙ་ས་མ་ཡ་ཛཿ། ཞེས་དྲངས་ཤིང་། གོང་གི་སྔགས་དེ་བཟླས་ཤིང་ཆུ་བཅུས་ཤིང་གནམ་ལ་གཏོར་རོ། །དེ་ལྟར་བྱས་ན་ཆར་ཆུ་འབབ་ངེས་སོ། །ཐེ་ཚོམ་མེད་པར་འགྲུབ་ངེས་སོ། །ཆར་དབབ་པའི་ལེའུ་སྟེ་ཉེར་ལྔ་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །བཀའ་འདི་དང་དུ་ལེན་པ་ཡི། །རྣལ་འབྱོར་བསམ་པ་རྫོགས་པའི་ཕྱིར། །བདེ་བའི་དགོངས་པ་བདག་ཉན་འཚལ། །སྤྱི་ཡི་ཡབ་ལ་དགོངས་པ་སྐྱེས། །དེ་སྐད་གསོལ་པ་གསན་ནས་ཀྱང་། །ཉག་གཅིག་ཡབ་ཀྱིས་བཀའ་སྩལ་པ། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །རྣལ་འབྱོར་བསམ་རྫོགས་བྱ་བ་དང་། །བདེ་བའི་དགོངས་པ་ངས་བསྟན་གྱི། །རྣལ་འབྱོར་སྤྱི་ལ་ནན་ཏན་


DNG023_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད། །དེ་ནས་བསྒྲུབ་པའི་སྐྱེས་བུ་དེས། །མ་གོད་རས་ནི་གཙང་མ་ལ། །དུས་དྲུག་བསྲུངས་པའི་བྲིས་མཁན་གྱིས། །མ་འདྲེས་ཚོན་གྱིས་བྲི་བ་ནི། །གསེར་གྱི་ཁ་དོག་ལྟ་བུ་ཡི། །ཕྱག་གཉིས་བརྐྱང་བའི་ཕྱག་རྒྱ་ཡིས། །བླ་མེད་སྤྱི་དཔལ་དེ་བྲིས་ཏེ། །གཡོན་གྱི་ཕྱོགས་སུ་བྲི་བ་ནི། །ཕྱག་ན་རྡོ་རྗེ་དབུ་སྨད་ཅིང་། །སྐུ་མདོག་དཀར་འཚེར་ཚུལ་དུ་བྲི། །དེ་ཡི་འོག་ཏུ་བྲི་བ་ནི། །རིག་པ་འཛིན་པའི་ངོ་བོ་ནི། །གསེར་གྱི་པོག་ཕོར་བཟུང་ནས་ནི། །དེ་ལ་མཆོད་པ་བྱེད་པར་བྲི། །དེ་ནས་བསྙེན་པ་བྱེད་པ་ནི། །པ་ན་ས་ཡི་དྲི་ཆུ་དང་། །འོ་མ་ནས་ཕྱེས་ལུས་བཀྲུས་ཏེ། །བསྙེན་པ་གཞུང་བཞིན་བྱེད་པའོ། །གཙང་མའི་གོས་ཀྱིས་རབ་བརྒྱན་ཏེ། །རྒྱལ་བའི་སྐུ་ལ་མཆོད་པ་དང་། །རྟག་ཏུ་ཕྱག་ན་རྡོ་རྗེ་ལ། །མོས་པའི་སེམས་ཀྱིས་གཏོར་མ་དབུལ། །སྐུ་གཟུགས་མཆོད་རྟེན་སྤྱན་སྔ་རུ། །བཟླས་ན་དངོས་གྲུབ་མཆོག་ཆེན་སྟེར། །དེ་ནི་བྱས་ན་ཉམས་པའང་འགྲུབ། །ཞི་དང་དབང་དང་རྒྱས་དང་བསྐྲད། །བསྐང་བའི་ལས་དང་དགུག་པ་དང་། །རྣམ་པར་དབྱེ་དང་འཕྲོག་པ་དང་། །དུས་སླ་བ་དང་རབ་ཏུ་ཐར། །རྩོད་དང་འཁྲུག་པ་རྣམ་བཅོམ་པ། །ཕ་རོལ་སྡེ་རྣམས་བཤིག་པ་དང་། །ནམ་མཁའ་ལ་ནི་འགྲོ་བ་དང་། །སྤུ་གྲི་རལ་གྲི་འཁོར་ལོ་དང་། །རྡོ་རྗེ་གསལ་ཤིང་ཕུར་བུ་རྣམས། །བསམ་པ་གཅིག་གིས་འགྲུབ་པར་བསྟན། །དེ་ནས་དབང་དུ་བྱ་བ་ནི། །སྦྲང་རྩི་ཞོ་དང་དུར་བ་རྣམས། །མར་དང་ཉུང་དཀར་ལ་སོགས་ལ། །བརྒྱ་སྟོང་བཟླས་ཤིང་བསྲེག་པ་ན། །དབང་དུ་མི་འདུ་གང་ཡང་མེད། །པ་ལ་ཤ་ཡི་མེ་བུས་ཤིང་། །ཨ་ཀ་མ་ལ་ཡ་ཡི་ཡམ་ཤིང་དང་། །མར་དང་སྦྲང་རྩི་འོ་མ་རྣམས། །བདུན་སྟོང་བར་དུ་བཟླས་བསྲེགས་ན། །བསྐྲད་དང་ཕ་རོལ་སྡེ་བ་ཀུན། །ཞི་བར་འགྱུར་བ་གདོན་མི་ཟ། །བིལ་བ་དག་གི་ཡམ་ཤིང་ལ། །ཧཱུཾ་སྟོང་བསྲེག་ན་སྐྲོད་པར་བྱེད། །ན་ལེ་ཤམ་དང་དཀར་པོའི་ཤིང་། །


DNG023_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ཤཏྠ་ཡི་འདབ་མའི་བར་དུ་བཅུག་ལ། ནུབ་བདུན་བཟླས་པ་བྱས་ན་ནི། །རྐང་པའི་བར་དུ་འགྲོ་བར་འགྱུར། །བིལ་བ་ཡམ་ཤིང་མེ་བུས་ལ། །བྱ་རོག་འུག་པའི་སྒྲོ་བཙུགས་ཏེ། །ཉུང་དཀར་མར་ལ་ཉུགས་ནས་ནི། །བརྒྱ་སྟོང་བར་དུ་བཟླས་བསྲེག་ན། །ཁམས་གསུམ་མཐོང་བར་གདོན་མི་ཟ། །གསང་བའི་ཕུར་བུ་ངེས་པ་ལ། །བརྒྱ་སྟོང་བཟླས་ཏེ་བསྐོར་བཏབ་ན། །གདུག་པའི་ཚོགས་ནི་གང་ཡང་རུང་། །འཕྲལ་དུ་འབྲོས་པར་གདོན་མི་ཟ། །སྐེ་ཚེ་ལན་ཚྭ་སྒོག་པ་གསུམ་ལ། །བསྔགས་ཏེ་ས་ལ་སྦས་པ་ན། །འཕྲལ་དུ་སྐྲོད་པར་དོགས་པ་མེད། །དུར་ཁྲོད་ཀྱི་ནི་དབུས་ཉིད་དུ། །ས་ཤི་དུམ་བུའི་མེ་བུས་ལ། །སྔོན་པོ་གོས་སུ་གོན་ནས་སུ། །ཐལ་ཆེན་ཁྲག་དང་སྤྲུས་པ་སྟེ། །བརྒྱ་སྟོང་བར་དུ་བཟླས་བསྲེག་ན། །ཚངས་པའི་ཚེ་ཡང་མོད་ལ་འཆི། །ཁྲོས་ཤིང་གསད་པ་བཟླས་ནས་སུ། །བདག་གི་ལུས་ལ་རྨ་བྱུང་ན། །དུག་འཐུང་བདེ་བར་འདུག་པ་ཡིན། །རྫ་ཆགས་ཕྲུ་བའི་ཁ་སྦུབ་བདུན། །བླངས་བཟླས་ཀྱང་ཏེ་སྔགས་ཀྱིས་བཏབ་ནས་ནི། །དེ་ཡི་གནས་སུ་ཁྱིམ་གྱི་སྟེང་། །དུས་གཏོར་བྱས་ན་རྟག་ཏུ་ངན་དམེ་བྱེད་པའོ། །དགྲ་ཡི་ཕྱོགས་སུ་བརྟགས་ནས་སུ། །དུར་ཁྲོད་དང་ནི་ཁྲག་དག་ལ། །བརྒྱ་སྟོང་བར་དུ་བཟླས་བསྲེག་ན། །དཔུང་གི་ཚོགས་རྣམས་འཇིགས་པར་བྱེད། །ལག་པ་ལ་ནི་བརྒྱ་སྟོང་བར་དུ་བཟླས་ཏེ་ས་ལ་བརྡབས་ན། གཏེར་གྱི་བདག་པོ་འབྲོས་པར་འགྱུར། །ཡོ་བྱད་སྔོན་པོས་བསྒྱུར་ནས་ནི། །མངར་གསུམ་ཡོན་དུ་ཕུལ་ནས་སུ། །ལག་མཐིལ་ས་ལ་བརྡབས་ནས་ནི། །མྱུག་ཅིང་ཞག་བདུན་བར་དུ་བརྒྱ་སྟོང་བཟླས། །གཏེར་ཁུགས་པ་ནི་གདོན་མི་ཟ། །རིང་པར་སྙིང་ནས་བཟླས་བྱས་ཏེ། །སྐུ་གདུང་ལྡན་པའི་མཆོད་རྟེན་ལ། །མཆོད་པ་རྒྱ་ཆེན་བྱས་ནས་སུ། །ཟས་གཙང་མ་དག་ཟ་བཞིན་དུ། །བརྒྱ་སྟོང་བཟླས་ན་མཁའ་ལ་འགྲོ། །གཞན་གྱི་དབང་དུ་མི་འགྱུར་ཞིང་། །ཀུན་གྱི་བླ་ན་སྤྱོད་པ་དང་། །གནོད་སྦྱིན་ཀུན་དང་ལྷན་ཅིག་ལྡིང་། །ཕྱག་


DNG023_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ན་རྡོ་རྗེ་མཆོད་ནས་ནི། །དེ་ཡི་གཡས་ཀྱི་ཕྱོགས་སུ་ནི། །ཨ་ཤྭཏྠ་ཡི་འདབ་མ་ལ། །འོག་བཞི་བཞག་སྟེ་སྟེང་དུ་གསུམ། །ད་ལྟར་ཞག་གསུམ་ཟིན་ནས་ནི། །འབྱུང་པོ་ཀུན་ལ་གཏོར་མ་སྦྱིན། །གྲུབ་པའི་མཚན་མ་གསུམ་གྱི་བར། །དེ་ཡི་བར་དུ་སྙིང་པོ་བཟླས། །འགྲོ་བར་དཀའ་བར་རབ་ཏུ་འགྲོ། །བར་དུ་བསྡུས་ཀྱང་གཏོར་མི་སྲིད། །འབར་བས་མཁའ་ལ་འགྲོ་བར་འགྱུར། །དུར་ཁྲོད་ཀྱི་ནི་དབུས་ཉིད་དུ། །ཕྱག་ན་རྡོ་རྗེའི་གཟུགས་བཞག་སྟེ། །རལ་གྲི་ལག་གིས་བཟུང་ནས་ནི། །དྲུང་དུ་བརྒྱ་སྟོང་བཟླས་པ་ནི། །བླང་བས་རལ་གྲིའི་རིག་འཛིན་ཐོབ། །མ་སྐྱེད་འཁྱིལ་པའི་སྐྲ་དག་དང་། །འདོད་པའི་གཟུགས་དང་ལྡན་པ་སྟེ། །ཆེ་ཚད་བསྐལ་པར་གནས་པ་སྟེ། །གསད་པའི་འཁོར་ལོའི་དུམ་བུའམ། །ལྕགས་གསུམ་དག་ལ་བྱས་པ་ཡི། །འཁོར་ལོ་རྫས་སུ་བཟུང་ནས་སུ། །སྐུ་གསུམ་ལྡན་པའི་མཆོད་རྟེན་དང་། །ཕྱག་ན་རྡོ་རྗེ་གཙོ་མཆོད་དོ། །ཞག་གཅིག་རྨྱུག་ཅིང་འཁོར་ལོ་བཟུང་། །ལན་སྟོང་བཟླས་བརྗོད་བྱས་པ་ན། །རླུང་གཡོས་མཚན་མ་འབྱུང་བ་དང་། །ལག་པ་དག་ཀྱང་དེ་བཞིན་འབར། །འཁོར་ལོ་ཡང་ནི་འོད་འབྱུང་སྟེ། །རིག་འཛིན་འཁོར་ལོ་བསྐོར་བ་ཡང་། །འོང་ནས་རིག་འཛིན་འཁོར་ལོའི་དངོས་གྲུབ་སྟེར། །གཞན་གྱི་མི་མཆེད་གནས་མཆོག་ལ། །བསྐལ་པ་ཆེན་པོར་གནས་པར་འགྱུར། །རྒྱས་པའི་ལྕགས་སུ་གྱུར་པ་ལས། །སོར་དྲུག་པོ་ཡི་རྡོ་རྗེ་བྱ། །སྐུ་གདུང་ལྡན་པའི་མཆོད་རྟེན་ལ། །སྐུ་གཟུགས་སྤྱན་སྔར་མཆོད་བསྙེན་བྱ། །རི་རྩེ་ལ་སོགས་གཙང་འགྲམ་དུ། །སྐུ་ཡི་གཟུགས་བརྙན་གཞག་ནས་སུ། །དྲིལ་བུ་བདུག་སྤོས་ལ་སོགས་པས། །འབྱུང་པོའི་ཚུལ་དུ་རྡོ་རྗེ་མཆོད། །སྔོན་པོའི་གོས་ཀྱང་བགོས་ནས་སུ། །རྡོ་རྗེའི་རིགས་ལ་མཆོད་པ་བྱ། །དེ་ནས་རྒྱ་མཚོ་འཁྲུགས་པ་དང་། །ས་ཡང་རབ་ཏུ་གཡོ་བྱེད་པའོ། །རླུང་ཡང་དྲག་ཏུ་ལྡང་བ་དང་། །ནམ་མཁའ་ནས་ནི་ཧ་ཧ་དང་། །


DNG023_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ཀཱི་ལི་ཀཱི་ལིའི་སྒྲ་ལྡང་བ་དང་། །འོད་ཟེར་གདུག་པ་འབར་བ་དང་། །དངོས་གྲུབ་མཆོག་ཏུ་གྱུར་པ་སྟེ། །ཏིང་འཛིན་འཁོར་ལོ་བསྐོར་བ་དང་། །འབད་དེ་གཡོག་ལྟར་བྱེད་པར་འགྱུར། །གཟུགས་དད་ཆེ་ཡང་བདེ་ལྡན་ཞིང་། །མཐུ་ཡང་ཕྱག་ན་རྡོ་རྗེ་བཞིན། །ཧཱུཾ་ཞེས་པས་ནི་རི་སྙིལ་བའོ། །དེ་ནས་རྒྱལ་པོའི་ས་བཟུང་བ། །རས་སམ་རྩིགས་པའི་ངོས་དག་ལ། །བཅོམ་ལྡན་འདས་མ་བྲི་བར་བྱ། །བདག་གམ་ར་ཡི་ཁྲག་དག་ལས། །གཏོར་མ་རྒྱ་ཆེར་བྱིན་ནས་ནི། །བ་ཤའི་ཤ་ཆེན་བདུག་པ་བྱ། །རྒྱས་པ་བརྒྱ་སྟོང་བཟླས་ན་འགྲུབ། །སྔགས་ཀྱི་མཆོག་ཀྱང་བསྙེན་པ་སྟེ། །ལས་དབང་དེ་ཡིས་འགྲུབ་པར་བྱེད། །བདག་སྐྲ་དག་ནི་བལ་ནས་སུ། །ཉི་ཤུ་རྩ་ལྔར་བསྲེག་པ་ན། །ནུབ་གསུམ་གྱིས་ནི་ནད་རྣམས་ཆད། །སྐྲ་དང་སེན་མོ་བྱིན་པའི་སྤུ། །བདག་གི་ཁྲག་དང་བསྲེས་ནས་སུ། །ཉི་ཤུ་རྩ་ལྔར་བསྲེག་པས་ན། །སྦྱིན་བསྲེག་མཐའ་རུ་དགྲ་མེད་དོ། །བདག་གི་ཁྲག་གིས་སྙིང་ག་རུ། །དགྲ་ཡི་མིང་རུས་བྲིས་ནས་སུ། །གོས་གཤེར་བ་རུ་བགོས་པ་སྟེ། །ཁ་ཤར་དུ་བལྟས་ཏེ་གོམ་སྟབས་ཀྱི་བར་དུ་ཁྲོ་ཞིང་འཛབ་བཟླས་ན་དགྲ་བོ་མོད་ལ་མེད་དོ། །ཁྲག་གིས་སྔགས་པའི་གོས་ཀྱི་དུམ་བུ་གཅིག་གཟུགས་དེ་ལ་དགབ་ལ་བདག་གི་ཁྲག་དང་། །ཉུང་དཀར་བསྲེས་ལ། ལན་ཉི་ཤུ་རྩ་ལྔར་བསྲེག་ན་དགྲ་མེད་དོ། །བ་ལ་ཤའི་གང་གི་གཟུགས་བྱས་ཏེ། བྱ་རོག་རུས་པའི་ཕུར་པ་ལ་བདག་གི་ཁྲག་གིས་བསྐུས་ཏེ། གཟུགས་དེ་ལ་གདབ་ལ་བསྲེག་པའི་དབུས་འོག་ཏུ་སྦས་ཏེ། ཞག་ལྔ་ཚུན་ཆད་ཀྱིས་གནས་རྗེའོ། །བའི་མཁྲིས་པ་ལ་ལན་ཉི་ཤུ་རྩ་ལྔ་བསྲེག་ན། ཚ་བའི་ནད་ཀྱིས་འཆིའོ། །སྟག་ཚིལ་ལན་ཉི་ཤུ་རྩ་ལྔ་བསྲེག་སྟེ་སྒོར་བསྐུས་ན། ནད་ཆེན་པོ་འཇུག་གོ། །བྱ་རོག་སྒྲོལ་བསེའི་འབྲས་བུ་བསྲེགས་པས་འགྲོ་བ་སྟོང་ཀ་འཆིའོ། །ཞོ་དང་སྦྲང་རྩིས་ཞི་བར་བྱེད། དུར་བས་ཚེ་རིང་མར་གྱིས་རྒྱས་པར་འགྱུར། ཉུང་


DNG023_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་གྱིས་ཟློག་པར་བྱེད། སྦྲང་རྩིས་འཕེལ་བར་འགྱུར།བརྩོན་པས་གཞན་གྱི་ལས་འཇིག ཀུན་ཀྱང་བསྲེག་པའི་ལས་རྣམས་ཏེ། །ཉི་ཤུ་རྩ་བཞི་གྲངས་སུའོ། །ཨ་ག་ཏི་དི་བ་མ་མ་དཏྟ་ཡནྟི་སྭཱ་ཧཱ། ཨ་ར་ན་ཏིའི་འདབ་མ་ཁྲག་དང་སྦྲུས་ཏེ། ལན་ཉི་ཤུ་རྩ་ལྔ་བསྲེག་ན། སྙིང་ནད་ཀྱིས་འཆི། མ་ད་ནའི་དུག་གི་ཚེར་མ་ཉི་ཤུ་རྩ་ལྔར་བསྲེག་ན། སྙིང་ནད་ཀྱིས་འཆི། བསེ་འབྲུ་ཉུང་བ་མར་བསྲེས་ཏེ། ཉི་ཤུ་རྩ་ལྔར་བསྲེགས་ན་མི་འགུལ་བར་ནི་འཆི་བར་བྱེད། སུརྱ་སུརྱ་ཕུ་ནར་ག་མ་ན་ཡ་སྭཱ་ཧཱ། གསང་གི་བར་བར་བེ་རེ་མི་རེ་མི་བུ་མི་བ་རང་བནྡྷ་མི། ཨི་དེ་མ་ཧཱ་མ་ཚ་ཚ་རྦ་ཁུ་མ་ར་ཙ་དྷ་ན། མ་ཨཱ་ཡུ་མ་ན་ནྱ་དུ་སྭཱ་ཧཱ། ད་ན་མ་ཏ་ཀརྐ་མ་ཧཱ་བི་ཛ་ཡ་སྭཱ་ཧཱ། སྐེ་ཚེ་དང་ཁྲག་དུག་བསྲེས་ཏེ།སྔགས་ལན་བརྒྱ་རྩ་བརྒྱད་བཟླས་ཏེ། བསྲེགས་ན་འཆི། ཚ་དང་སྐེ་ཚེ་ཁྲག་དང་དུག་བསྲེག་ན། དགྲ་ཡང་སྐད་ངན་འདོན་ནོ། །ཨོཾ་ཀ་ཏ་ཀ་ཏ་ཡཱ། བི་ག་ཏ་ཡཱ། འགྲོ་ཀུན་ཏུ་བབ་ཡཱ། ཤིམ་བུ་པཱུ་ཤ་ཡ་སྭཱ་ཧཱ། སྦལ་པའི་པགས་པ་ལན་ཉི་ཤུ་རྩ་ལྔ་བསྲེག་ན། ལྟོ་བ་སྦལ་པས་འགག་གོ། ཀླུ་ནད་ཀྱིས་འཆི། བི་ཏི་ཏིའི་འབྲས་བུ་དང་། བདག་གི་ཁྲག་ཏུ་བསྲེས་ཏེ་བསྲེག་ན། ཨུ་བ་ཏུམ་པས་འཛིན་ཏོ། །སྦུར་མ་ཚ་དང་རྨྱུག་ཚལ་དང་། རྡོ་དང་འཁར་བ་ལ་སོགས་ལ། བསྲེགས་པས་ལྟོ་བ་དེས་འགེངས་སོ། །འོན་ཏེ་ཁྱི་དང་བྱི་ལའི་དྲི་ཆེན་ལ་སྦྲུལ་གྱི་གཟུགས་བྱས་ཏེ། དེའི་ཁར་བཅུག་ན་སྙིང་འཕར་གདེངས་ཏེ་འཆིའོ། །ཚུར་འཛུལ་བའི་གསེབ་དག་ཏུ། དྲི་ཆུ་སོང་བའི་ས་བླངས་ཏེ། གསོབ་ཏུ་བླུགས་ནས་ཚོན་སྐུད་ལ་བསྔགས་ཏེ་བསྡམས་ན་འགགས་ཏེ་འཆི། ཨོཾ་དུ་ཏ་ར་ཏ་མུ་ཟུར་ཧཱུཾ། གསོ་ན་འགྲོ་བ་འདིས་ཆོག་གོ། །ཨཱོཾ་བཛྲ་ཀྲོ་དྷ་མཾ་འགྲིང་སྙིང་ཛ་ར་ཛ་ར། བུ་རུ་བུ་རུ། ཤེལ་ད་མི་ཧཱུཾ་ཕཊ་སྭཱ་ཧཱ། གཉིས་ཀ་ལན་བཅུ་དགུར་བཟླས་པ་ཡིན་ན། རྡོ་རྗེ་སེམས་དཔར་སྦར་བ་ན། །ས་ངན་ཀུན་གྱི་སོར་གདུབ་ཀྱིས། །གཡོན་པའི་སྲིན་ལག་དཀྲིས་ནས་ནི། །ཕྱག་རྒྱ་བསྡམས་ནས་སྔགས་བཟླས་སོ། །


DNG023_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་འགུག་དྷྲིག་ཨཱོཾ་ན་དབི་མ་ཤ་ཀྲ་གུ་བཻ་ར་ནན། ཉི་ཤུ་རྩ་གཅིག་བཟླས་ནས་ནི། །ཕྱག་རྒྱ་བསྡམས་ནས་འཕངས་པས་ན། །ལག་པ་བྱ་བ་ནི། ཨོཾ་བཛྲ་ཡག་མུཀྵ་དེ་ཤད་དེ། ཐེའུ་རང་ཧ་ཏེ་ཡ་སྭཱ་ཧཱ། ཉི་ཤུ་རྩ་གཅིག་བཟླས་ནས་སུ། །ཕྱག་རྒྱ་དགྲོལ་ལ་ལག་པ་བཟེད། །རྡོ་རྗེ་ལག་ཏུ་འོང་བ་ཡིན། །ཞེས་གསུངས་པ་དང་། འཁོར་གྱི་རྣལ་འབྱོར་པས་ཨ་ལ་ལའི་སྒྲ་བྱུང་ངོ་། །བསམ་རྫོགས་བདེ་བའི་ལེའུ་སྟེ་ཉེར་དྲུག་པའོ།། །།གཡུང་དྲུང་ལྷ་ཡིས་ཡང་གསོལ་པ། །བསྟན་པ་གཉན་པོ་འཇིག་བྱེད་ཅིང་། །ལུ་གུ་རྒྱུད་ལ་འགལ་བྱེད་དང་། །རྟག་ཏུ་གདུག་སེམས་གྱུར་པ་ལ། །སེམས་ལུས་སོ་སོར་དབྲལ་བའི་ཕྱིར། །ལྷ་དང་དབྱེ་བ་ཇི་ལྟར་ལགས། །རྫོགས་སངས་རྒྱས་ལ་བདག་ཉན་འཚལ། །རྫོགས་སངས་རྒྱས་ཀྱིས་བཀའ་སྩོལ་ཅིག །དེ་སྐད་གསོལ་པ་གསན་ནས་ཀྱང་། །རྫོགས་སངས་རྒྱས་ཀྱིས་བཀའ་སྩལ་པ། །བསྟན་པ་གཉན་པོ་འཇིག་བྱེད་དང་། །ལུ་གུ་རྒྱུད་ལས་འགལ་བྱེད་དང་། །རྟག་ཏུ་གདུག་སེམས་གྱུར་པ་རྣམས། །སེམས་ལུས་སོ་སོར་དབྲལ་བའི་ཕྱིར། །དབྱེ་བའི་ལས་རྣམས་ངས་བསྟན་གྱི། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །ངས་བསྟན་པ་ལ་ཐེ་ཚོམ་མེད། །དགྲ་བོ་ལྷ་དང་དབྲལ་བའི་ཕྱིར། །བྱ་རོག་འུག་པའི་དང་རུ་ལ། །ཨ་དང་ནྲྀ་ཡི་མིང་བྲིས་ལ། །སྨྲེ་བ་རྐང་གི་དྲེག་པས་བླན། །ཤོག་ཤོག་ཚོན་རེ་གྲུ་བཞི་ལ། །ལྷ་དང་མི་ཡི་མིང་བྲིས་ལ། །ཚོན་སྐུད་སྣ་ལྔས་བྱད་དུ་གཞུག །རྐང་དུ་རྫ་ལུང་བཅུག་ནས་ནི། །འགི་ཏིའི་ཕྱིན་ཕྱོགས་དག་ཏུ་བསྟན། །དུ་ར་ནག་པོ་རྟ་རྐང་བསྡམས། །མན་དྷ་ལ་ཡི་དར་གྱིས་དཀྲིས། །ཨ་ནྲྀ་ཏཱི་བ་ཏིའི་ཐག་པས་བཅིངས། །ད་ར་པ་ཏའི་རྒྱུས་པས་གདགས། །སྤ་མ་དག་གི་དུད་པས་བདུག །བྲིག་ཤའི་ཤིང་ལ་བརྟགས་ནས་ཀྱང་། །ཐང་ལ་ཕྱར་ཏེ་སྡང་མིག་བལྟ། །ཨ་ཏིའི་རྦ་ཡི་ལྕགས་ཀྱིས་གདབ། །རྦ་ན་ཏ་ཡི་དུད་པས་བདུག །ཙ་ར་ཏ་ཡི་མདའ་ཡིས་བརྡེག །ཀུ་པ་ར་ཡི་མགུལ་དུ་གདགས། །མ་ལ་ཏ་ཡི་


DNG023_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོམ་ནས་བྱུང་། །ལྕེ་འབར་མ་ཡི་སྙིང་པོ་བཟླས། །རྣ་ཉན་ཕྲ་མའི་གཟུགས་བྲིས་ལ། །ལྷ་དང་མི་ཡི་བར་དུ་གཞུག །མཱ་ར་ཡ་ཡི་སྔགས་ཀྱིས་དབྱེ། །མཚོན་ཆའི་ཕྱག་རྒྱ་བཅིངས་ནས་ནི། །གཟུགས་ཀྱི་བར་དུ་བརྡེག་པར་བྱ། །རཀྴ་རུ་ཏའི་སྔགས་ཀྱི་གདབ། །ལྕགས་ཀྱུའི་ཕྱག་རྒྱ་གཉིས་བཅིངས་ལ། །ཨངྐུ་ཤ་ཡི་སྔགས་ཀྱིས་དྲངས། །ཞགས་པའི་ཕྱག་རྒྱ་གཉིས་བཅིངས་ལ། །པཱ་ཤ་ཧཱུཾ་གི་སྔགས་ཀྱིས་བཅིངས། །ལྕགས་སྒྲོག་ཕྱག་རྒྱ་གཉིས་བཅིངས་ལ། །སྥོ་ཊ་བཾ་གྱི་སྔགས་ཀྱིས་བསྡམ། །དྲིལ་བུའི་ཕྱག་རྒྱ་གཉིས་བཅིངས་ལ། །གྷནྜེ་ཧོ་ཡི་སྔགས་ཀྱིས་སྦར། །བདག་ཉིད་ཆེན་མོའི་སྐུར་བསྒོམས་ཏེ། །ཕོ་ཉ་དྲུག་རྣམས་གཏན་ལ་དབབ། །གོང་མའི་ལས་རྣམས་སྦྱར་ཏེ་བྱ། །དེས་ནི་མཚན་མ་འབྱུང་བར་འགྱུར། །དེས་ཀྱང་མཚན་མ་མ་བྱུང་ན། །ད་ར་པ་ཏིའི་སོག་པ་ལ། །མ་ལ་ད་ཡི་ཁྲག་གིས་བྲིས། །ཏ་ན་ག་ནའི་དོང་དུ་གཞུག །ཆེ་མཆོག་ཡབ་ཡུམ་བསྒོམས་ནས་ནི། །སྨན་མོའི་སྔགས་དང་ཕྱག་རྒྱ་གདབ། །བསྐུལ་བའི་ཕྲིན་ལས་གཞུང་བཞིན་བྱ། །མ་མོའི་ཉེ་འབྱེད་ཀྱི་ལེའུ་སྟེ་ཉེར་བདུན་པའོ།། །།གཡུང་དྲུང་ལྷ་ཡིས་ཡང་གསོལ་པ། །དམ་ལས་འདས་པའི་སྔགས་གཟེར་དང་། །མཚན་མ་ངན་པའི་རྫུ་འཕྲུལ་དང་། །བདག་ལ་སྔགས་བཟློག་བྱུང་བ་རྣམས། །བཟློག་པའི་ཆོ་ག་ཇི་ལྟར་ལགས། །མངོན་སངས་རྒྱས་ལ་བདག་ཉན་འཚལ། །མངོན་སངས་རྒྱས་ཀྱིས་བཀའ་སྩོལ་ཅིག །དེ་སྐད་གསོལ་པ་གསན་ནས་ཀྱང་། །མངོན་སངས་རྒྱས་ཀྱིས་བཀའ་སྩལ་པ། །དམ་ལས་འདས་པའི་སྔགས་གཟེར་དང་། །མཚན་མ་ངན་པའི་རྫུ་འཕྲུལ་དང་། །བདག་ལ་སྔགས་བཟློག་བྱུང་བ་རྣམས། །བཟློག་པའི་ཆོ་ག་ངས་བསྟན་གྱི། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །ངས་བསྟན་པ་ལ་ཐེ་ཚོམ་མེད། །བཟློག་པའི་ཆོ་ག་འདི་ལྟར་བྱ། །འཁར་བ་ལས་བྱས་པའི་པར་བུའི་ནང་དུ། ཡི་གེ་བྷྱོ་ཉི་ཤུ་རྩ་གཅིག་བྲིས་ལ། དེའི་ནང་དུ་དགྲ་བོའི་མིང་


DNG023_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་གཞུག །བྷནྡྷ་དུམ་བུ་བརྒྱད་པ་གཅིག་གི་ནང་དུ། དགྲ་བོའི་མིང་དང་བྷྱོ་ཉི་ཤུ་རྩ་བརྒྱད་བྲིས་ལ། གང་ཡིན་པའི་མིང་རུས་གཞུག །དེ་ནས་པར་བུ་དང་བྷནྡྷ་གཉིས་ལ་སྔགས་འདི་བཏབ་ལ། མིང་བྱང་ལ་གདབ་བོ། །བཟློག་པའི་ངན་སྔགས་འདིའོ། །ཨོཾ་བ་ར་བི་ར་ན་ང་ས་ནི་རི་ག ཤ་དུ་ལ་ཧཱུཾ་བྷྱོ་ཧཱུཾ། ཞེས་བརྗོད་དོ། །དེ་ནས་ཡང་པར་བུའི་ནང་དུ་དྲི་ཆེན་བཅུག་ནས་དྲི་ཆུས་གཏོར་ལ། སྔགས་འདི་སྟོང་དུ་བཟླས་ནས། ངན་སྔགས་དང་མཚན་མ་ངན་པའི་རྫུ་འཕྲུལ་དང་། བདག་ལ་སྔགས་བཟློག་བྱུང་བ་རྣམས་བཟློག་པར་འགྱུར་རོ། །ལྟས་ངན་པ་ཐམས་ཅད་བཟློག་པར་འགྱུར་རོ། །རྨི་ལམ་ངན་པ་ཡང་དེ་ལྟར་བྱས་ན་བཟློག་པར་འགྱུར་རོ། །ངན་སྔགས་བྷནྡྷ་པར་བུས་བཟློག་པའི་ལེའུ་སྟེ་ཉེར་བརྒྱད་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །བསྟན་པ་གཉན་པོ་འཇིག་བྱེད་ཅིང་། །ལུ་གུ་རྒྱུད་ལས་འགལ་བྱེད་པ། །སེམས་ཅན་ཀུན་ལ་གནོད་བྱེད་ཅིང་། །བདག་ལ་སྡང་སེམས་བྱེད་པ་ཡི། །རྟག་ཏུ་གདུག་སེམས་གྱུར་པ་ལ། །ངན་སྔགས་པར་བུར་བསད་པ་ཇི་ལྟར་ལགས། །མངོན་རྫོགས་ཡབ་ཀྱིས་བཀའ་སྩོལ་ཅིག །དེ་སྐད་ཞུས་པ་གསན་ནས་ཀྱང་། །མངོན་རྫོགས་ཡབ་ཀྱིས་བཀའ་སྩལ་པ། །བསྟན་པ་གཉན་པོ་འཇིག་བྱེད་ཅིང་། །ལུ་གུ་རྒྱུད་ལས་འགལ་བྱེད་དང་། །སེམས་ཅན་ཀུན་ལ་གནོད་བྱེད་པ། །ངན་སྔགས་པར་བུར་བསད་པ་འདི་བཤད་ཀྱི། །ཉོན་ཅིག་གནོད་འདུལ་ལྷ་ཡི་གཙོ། །ངས་བསྟན་པ་ལ་ཐེ་ཚོམ་མེད། །ངན་སྔགས་པར་བུར་བསད་པ་འདི་ལྟར་བྱ། །མངའ་གསོལ་བྱས་པའི་པར་བུ་རུ། །དགྲ་བོའི་མིང་རུས་བྲིས་ཏེ་གཞུག །མ་བདུན་སྔགས་ནི་སྟོང་བཟླས་ལ། །མིང་བྱང་དེ་ལ་གདབ་པར་བྱ། །དེ་ནས་ཐལ་ཆེན་ཉུང་དཀར་བསྲེག་པ་ཡིས། །ལན་ཁྲིར་བཟླས་ནས་པར་བུར་གདབ། །གང་ལ་བྱ་བ་དེ་དམིགས་ལ། །གསལ་བར་བསྒོམ་སྟེ་ཕྱག་བཙལ་ནས། །བསྒྱུར་ན་དགྲ་བོ་ཕུང་བར་འགྱུར། །དེ་ཡི་མོད་ལ་རྟགས་འོང་ངོ་། །ཐུགས་ལ་བརྣག་པའི་


DNG023_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ངན་སྔགས་ལ། །ཨཱོཾ་ཏ་ར་ཏུ་ར། བུ་ས་བེ་ཏེ་བ་ན་མུད་ལ་བཛྲ། བ་ཡ་བྷྱོ་བྷྱོ་བྷྱོ། མ་མ་ཙིཏྟ་ཁར་རག་མ་ར་ན། མ་ར་ན་བྷྱོ་བྷྱོ། དེ་ལྟར་བྱས་ན་རྟགས་མོད་ལ་འོང་ངོ་། །ངན་སྔགས་པར་བུར་བསད་པའི་ལེའུ་སྟེ་ཉེར་དགུ་པའོ།། །།གཡུང་དྲུང་ལྷ་ཡིས་ཡང་གསོལ་པ། །བསྟན་པ་གཉན་པོ་འཇིག་བྱེད་ཅིང་། །ལུ་གུ་རྒྱུད་ལས་འགལ་བྱེད་དང་། །སེམས་ཅན་ཀུན་ལ་གནོད་བྱེད་དང་། །བདག་ལ་ངན་སེམས་བྱེད་པ་ལ། །པར་བུར་མནན་པའི་ལས་རྣམས་ནི། །ཉག་གཅིག་ཡབ་ལ་བདག་ཉན་འཚལ། །རྟག་ཆེན་ཡབ་ཀྱིས་བཀའ་སྩོལ་ཅིག །དེ་སྐད་གསོལ་པ་གསན་ནས་ཀྱང་། །རྟག་ཆེན་ཡབ་ཀྱིས་བཀའ་སྩལ་པ། །བསྟན་པ་གཉན་པོ་འཇིག་བྱེད་ཅིང་། །ལུ་གུ་རྒྱུད་ལས་འགལ་བྱེད་དང་། །སེམས་ཅན་ཀུན་ལ་གནོད་བྱེད་དང་། །བདག་ལ་ངན་སེམས་བྱེད་པ་དག །པར་བུར་མནན་པ་ངེས་བསྟན་གྱི། །ཉོན་ཅིག་གཡུང་དྲུང་ལྷ་ཡི་གཙོ། །ངེས་བསྟན་པ་ལ་གདོན་མི་ཟ། །པར་བུ་མནན་པའི་ལས་ནི་འདི་ལྟར་བྱ། །ཁམ་ས་ལ་སོགས་སྦྱིན་པོ་ལ། །སླུ་གུའི་ཚུལ་དུ་བྱས་པ་ལ། །ནང་དུ་ཐལ་ཆེན་བླུགས་ནས་སུ། །དེ་ཡི་ནང་དུ་དགྲ་གཟུགས་གཞུག །དེ་ཡི་རུས་ལོ་དང་སྲིད་པའི་འབྲས་བུ་དང་། ཡ་ཆ་མ་ཆ་བར་དུ་དང་། དེ་རྣམས་བསྲེས་ལ་ཏིལ་ནག་པོ་དང་། སྐྱེ་ཚེ་དང་།བེ་རྒྱུ་དང་དེ་རྣམས་བླུགས་ནས་མི་ཁྲག་གིས་སྦྲུས་ལ། གཟུགས་བྱས་ལ། མིང་རུས་དང་། རུས་ཀྱི་ལྷ་དང་བཅས་ཏེ། ས་ཁྲུ་གང་བྲུས་ལ་དེའི་ནང་དུ་བཅུག་ལ་ཁ་སྦུབ་སྟེ་ཁ་རྩི་སྐྱས་དྲེས་ན་ལྐུགས་ཤིང་ཁ་སྦུབ་སྟེ་འཆིའོ། །རྟོགས་པའི་དབང་དུ་མཛད་ན་ནི་ཕྱག་རྒྱའོ། །མནན་པའི་སྔགས་ལ། ཨཱོཾ་དྲིལ་བུ་དེ་ཡག་མོ་ཁུ་གསོལ། དལ་བྷྲུཾ་བྷྲུཾ། མ་ར་ཎ་པྲ་ཝེ་ཤ་ཕཊ་ནན། པར་བུ་མནན་པའི་ལེའུ་སྟེ་སུམ་ཅུ་པའོ།། །།གཡུང་དྲུང་ལྷ་ཡིས་ཡང་གསོལ་པ། །བསྟན་པ་གཉན་པོ་འཇིག་བྱེད་ཅིང་། །ལུ་གུ་རྒྱུད་ལས་འགལ་བྱེད་དང་། །སེམས་


DNG023_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཀུན་ལ་གནོད་བྱེད་དང་། །བདག་ལ་ངན་སེམས་བྱེད་པ་ལ། །སྲོག་རྩ་སྐམ་ན་ཇི་ལྟར་སྐམ། །སྙིང་རྩ་དྲང་ན་ཇི་ལྟར་དྲང་། །རྫོགས་སངས་རྒྱས་ལ་བདག་ཉན་འཚལ། །རྫོགས་སངས་རྒྱས་ཀྱིས་བཀའ་སྩོལ་ཅིག །དེ་སྐད་ཞུས་པ་གསན་ནས་ཀྱང་། །རྫོགས་སངས་རྒྱས་ཀྱིས་བཀའ་སྩལ་པ། །བསྟན་པ་གཉན་པོ་འཇིག་བྱེད་དང་། །ལུ་གུ་རྒྱུད་ལས་འགལ་བྱེད་དང་། །སེམས་ཅན་ཀུན་ལ་གནོད་བྱེད་དང་། །བདག་ལ་སྡང་སེམས་བྱེད་པ་ལ། །སྲོག་རྩ་སྐམ་དང་སྙིང་རྩ་དྲང་། །དེ་ལྟར་གཉིས་ཀྱི་དོན་དེ་ཡང་། །ངས་བསྟན་པ་ལ་གདོན་མི་ཟ། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །སྲོག་རྩ་སྐམ་ན་འདི་ལྟར་སྐམ། །སྙིང་རྩ་དྲང་ན་འདི་ལྟར་དྲང་། །ཞིང་ཆེན་དྲས་ལ་གཟུགས་བྲིས་པའི། །སྙིང་གར་མནན་པའི་སྔགས་བྲིས་ལ། །ཟངས་ཀྱི་སྦུ་གུའི་ནང་དུ་གཞུག །དེ་ནས་མ་མོ་སྲོག་ལ་རྦད་པ་འདི་སྐད་དོ། །ཧཱུཾ་ཁམས་གསུམ་རྒྱལ་མོ་དབང་གི་སྲིད་ཀྱི་གཞི། །གསང་བ་གསུམ་ལ་དབང་སྒྱུར་རྒྱས་འདེབས་མ། །གསང་བའི་ཐིག་བཞིས་གནས་བཞི་འཇོམས་མཛད་པ། །དཀར་མོ་སྔོན་མོ་དམར་མོ་སེར་མོ་བཞི། །ཙིཏྟ་སྨུག་ཆེན་གནས་འདྲེན་པ། །མ་མོ་ཆེན་མོ་འདྲེན་མ་བཞི། །དཀར་མོ་རྐུན་མོའི་ཚོགས་ནི་གནས་ནས་རྒྱུ། །རྔམས་བག་ཡུད་ཙམ་སྣ་ལ་རོལ་མཛད་མ། །ཁྱོད་ཀྱི་ཕྲིན་ལས་སྐལ་བའི་ངོ་ལོང་ཞིག །ཤ་རུ་གཏད་པའི་གནས་སྐལ་མ་རུ་ལོང་། ཧཱུཾ་ཏྲག་ཤ་ཀྲམ། ཧཱུཾ་སྔོན་མོ་རྨོངས་མོས་འདྲེན་བྱེད་ཙིཏྟ་དྲོངས། །སྙིང་དང་ཁྲག་བསྲེས་ཞིམ་དགུའི་ཟས་ལ་རོལ། །གཏད་ཤ་རུས་ནི་གནས་གཞི་ཟས་ལ་གཏད། །ཁ་རཾ་ཏྲག་ཤ་ཏྲམ། ཧཱུཾ་དམར་མོ་སྤོས་མོས་ཙིཏྟ་སྨུག་ཆེན་དྲོངས། །རྩ་བཞི་དྲོད་བཞི་གནས་བཞི་དབྱིངས་སུ་སྤོར། །གཏད་པར་གནས་བཞི་དངོས་ལ་ཁྲག་ཆེན་ཐོབ། །གསོད་མཛད་སྦྱོར་མཛད་ཐུགས་རྗེ་དབྱིངས་སུ་སྡུད། །མ་གཏད་མ་གཡེལ་མྱུར་དུ་ཞིག །ཏི་ཏ་ཀྲམ་མ་ཧཱ་ལ་བྷྱོ། མ་ཧཱ་རཀྟ་ལ་གྲམ་ཧྲི་ནི་ལ་འགྲམ། ཧཱུཾ་སེར་མོ་བྱང་ཆུབ་ཚེ་འདྲེན་མས་ནི་མཐིང་ག་ཧཱུཾ་གི་ཀློང་ནས་དྲོངས། །དཀར་མོ་དབྱིངས་ཀྱི་


DNG023_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་ལེ་མས་ནི་སྤོར། །རྩ་བཞི་དྲོད་ཀྱི་གནས་ནས་སྒྱུར། །ཁྲག་ཆེན་འཁྱིལ་པའི་གནས་ནས་སྒྲོལ། །གསང་བའི་མ་བཞིའི་ཕྲིན་ལས་ནི། །བསད་པའི་དྲག་བགེགས་ད་ལྟ་དྲོངས། །ཁུག་ཅིག་རྒྱོབ་ཅིག་འབར་མ་བཞི། །དྲོངས་ཤིག་སྟོབ་ཅིག་མཚན་ཆེན་སྟོབ། །གསང་བའི་དབྱིངས་ནས་ད་ལྟ་དྲིལ། །མ་ཧཱ་རཀྟ་ལ་གྲམ། མ་ཧཱ་ཙིཏྟ་ལ་བྷྱོ། མ་ཧཱ་མཱཾ་ས་ལ་ཡཱ། མ་ཧཱ་ཤ་ལ་ཡ་གྲམ། དེ་ལྟར་གསང་བའི་མ་བཞི་ལ་དྲིལ་ལོ། །དེ་ནས་འབར་མ་དགུ་རྦད་པ་འདི་སྐད་དོ། །ཧཱུཾ་ནང་གི་འབར་བ་ཁྲག་འཐུང་ལྔ། །རྩ་བཞིའི་དྲོད་ལ་དབང་སྒྱུར་མ། །ཚེ་གསུམ་འབར་མ་ད་ཚུར་བྱོན། །ཁྲག་ཆེན་ཀློང་ནས་ལྗགས་འདྲིལ་མ། །ཡུམ་བཞི་འགས་མ་ད་ཚུར་བྱོན། །རྣམ་ཤེས་འདྲེན་པའི་གད་རྒྱངས་ཅན། །སྙིང་འདྲེན་མ་མོ་ད་ཚུར་བྱོན། །ཀུན་གཞི་སྡུད་པའི་ཚུལ་མཁན་མོ། །མྱོས་བྱེད་མ་མོ་ད་ཚུར་བྱོན། །མ་བཞི་ཀློང་ནས་ཁྲག་ཆེན་འདོར། །གསལ་འཛིན་འབར་མ་ཀློང་དགུ་མོ། །ཡུམ་ཆེན་འབར་མ་ད་ཚུར་བྱོན། །ཀློང་ན་གནས་པའི་འབར་མ་ལྔ། །གནོད་པའི་དགྲ་བགེགས་ཀློང་ནས་དྲོངས། །ཁྲག་འཐུང་ཆེན་མོ་བྱོལ་མཁན་མ། །ཀློང་ན་གནས་པའི་འབར་མ་ལྔ། །ཀློང་ནས་ནི་ཀློང་དུ་རྒྱོབ། གནས་ནས་ནི་གནས་སུ་སྤོར། མ་ཧཱ་ཙི་ཏྟ་སྥ་ར་ཎ་ཕཊ། མ་ཧཱ་རཀྟ་ལ་བྷྱོ། མ་ཧཱ་མཱཾ་ས་ལ་བྷྱོ། མ་ཧཱ་ཏྲག་རཀྴ་ཙིཏྟ་ཁཱ་ཧི། འདི་ལྔ་ནི་སྦས་པའི་མ་བཞི་དང་། ཡང་སྦས་ཀྱི་མ་མོ་གཅིག་སྟེ་ལྔའོ། །དེ་ལྔ་ནི་ཡེ་ཤེས་ཀྱི་འཕྲོ་འདུ་མ་ལྔའོ། །དེ་ནས་ཕྱིའི་མ་མོ་བཞི་བསྐུལ་བ་འདི་སྐད་དོ། །ཧཱུཾ་ཕྱི་རིམ་མ་མོ་འབར་མ་བཞི། །རྩ་བཞིའི་ཀློང་ནས་རྒྱ་གྲམ་འཕྱོ། །དཀར་མོ་འབེབས་མཁན་ཚེ་འཕྲོག་མ། །སྔོན་མོ་འབེབས་མཁན་སྲོག་འཕྲོག་པ། །དམར་མོ་འབེབས་མཁན་དབང་ཕྲོག་མ། །སེར་མོ་འབེབས་མཁན་གཟི་འཕྲོག་མ། །ཕྱི་རིམ་འདྲེན་པའི་འབར་མ་བཞི། །འཁྲུག་བྱེད་མ་མོའི་ལས་ལ་བབ། །གཡུལ་བཞི་མ་ཡི་དུས་ལ་བབ། །འཇིགས་བྱེད་མ་མོ་འབར་མ་བཞི། །ཀློང་


DNG023_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དྲིལ་སྟེ་དང་སྤྲོད་མཛོད། །གཞན་ལས་འཇོམས་བྱེད་གཡུལ་བཤམ་མོ། །རྦོད་གཏོང་མ་མོ་འབར་མ་དགུ། །ཤ་རུ་གནོད་བྱེད་དྲོངས་ལ་ཤོག །གཏད་པའི་གནས་སུ་འཕྲུལ་ཆེན་འགྱིང་། །སྙིང་འདྲེན་མ་མོའི་དུས་ལ་བབ། །པ་མ་ཏྲ་ཀ་ཤ་གྲམ། ཤ་ཏི་ང་ལ་གྲམ། སྨ་ར་རཀྟ་ལ་བྷྱོ། མ་ཧཱ་མཱཾ་ས་ལ་བྷྱོ། མ་ཧཱ་རཀྟ་ལ་བྷྱོ། མ་ཧཱ་ཤ་ཏི་བྷྱོ། དེ་མ་དེ་ས་མཾ། མ་ཧཱ་ཧཱ་ན་ཏེ་ཧཱུཾ། ད་ར་ད་ནི་ཧཱུཾ། ཞེས་བརྗོད་དོ། །རྟག་ཏུ་བཟླས་སོ། །ཡང་ན་རྟག་ཏུ་བཟླས་པའི་སྙིང་པོ་ནི། །ཧཱུཾ་ཏྲ་ཀ་ར་ཀ་ཤ་གྲམ། ཁ་ཏྲག་རཀྴ་ཀྲཾ། ཙིཏྟ་གྲམ། མ་ཧཱ་ལ་བྷྱོ། མ་ཧཱ་རཀྟ་ལ་གྲམ། མ་ཧཱ་མཱཾ་ས་ལ་གྲམ། དྷི་ནི་ལ་གྲམ། འདི་གསང་བའི་མ་བཞི་བརྣག་པའི་སྔགས་ཏེ། དུས་དང་རྣམ་པ་མེད་པར་བཟླས་ན། དགྲའི་སྙིང་ཡང་མངོན་དུ་ཕྱུང་ནས་སྟོན་ཏོ། །སྙིང་རྩ་དྲང་བ་དང་སྲོག་རྩ་སྐམ་པའི་ལེའུ་སྟེ་སོ་གཅིག་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །བསྟན་པ་གཉན་པོ་འཇིག་བྱེད་ཅིང་། །ལུ་གུ་རྒྱུད་ལས་འགལ་བྱེད་དང་། །སེམས་ཅན་ཀུན་ལ་གནོད་བྱེད་དང་། །བདག་ལ་སྡང་སེམས་བྱེད་པ་ལ། །སྲོག་རྩ་སྐམ་ན་ཇི་ལྟར་སྐམ། །ཡང་དག་རྫོགས་ལ་བདག་ཉན་འཚལ། །ཡང་དག་རྫོགས་ཀྱིས་བཀའ་སྩོལ་ཅིག །དེ་སྐད་ཞུས་པ་གསན་ནས་ཀྱང་། །ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །བསྟན་པ་གཉན་པོ་འཇིག་བྱེད་དང་། །ལུ་གུ་རྒྱུད་ལས་འགལ་བྱེད་དང་། །སེམས་ཅན་ཀུན་ལ་གནོད་བྱེད་དང་། །བདག་ལ་སྡང་སེམས་བྱེད་པ་རྣམས། །སྲོག་རྩ་སྐམ་པ་ངས་བསྟན་གྱི། །ཉོན་ཅིག་གནོད་འདུལ་ལྷ་ཡི་གཙོ། །ངས་བསྟན་པ་ལ་ཐེ་ཙོམ་མེད། །སྲོག་རྩ་སྐམ་ན་འདི་ལྟར་སྐམ། །དུར་ཁྲོད་ཞིང་རས་ལ་གཟུགས་བྱས་ལ། འཇག་མ་ལ་བྱས་པའི་གཟུགས་སྒྱེ་ནང་དུ། ཡང་ཀྱི་ནང་དུ་བཅུག་སྟེ། དེ་ནས་ཨ་ཕྱི་ཆེན་མོ་བསྒོམ་པ་ནི། མདོག་ནག་མོ་ལ་ཞིང་ཆེན་གྱི་སླག་པ་གསོལ་བ། ཞིང་ཆེན་གྱི་བྷནྡྷ་མང་པོས་མཐའ་མ་བསྐོར་བ། ཕྱག་གཡས་ཞིང་ཕྲེང་འདྲེན་པ། གཡོན་ན་མི་མགོའི་ཕོར་བུ་རུ། མིའི་སྙིང་དང་ཁྲག་དང་།


DNG023_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

ཚིལ་གཏུབས་ནས་བསྐང་བར་བསྒོམ། དེ་ལྟར་གསལ་བ་དང་འདི་ལྟར་ཅེས་བསྐུལ་ལོ། །ཧཱུཾ་སྲིན་མོ་ཆེན་མོ་ཤམ་ཤམ་མོ། །ཨ་ཕྱི་ཆེན་མོ་མི་བཟད་མ། །སྐུ་མདོག་སྔོ་ནག་མཆེ་བ་ཅན། །བརྗིད་པའི་དབུ་ལ་སྤྱན་རེ་མང་། །གོས་སུ་ཞིང་ཆེན་སླག་པ་གསོལ། །ཐ་མ་མི་མགོ་སྟོང་གིས་བསྐོར། །གཡས་ན་ཞིང་གི་སོར་ཕྲེང་བགྲང་། །གཡོན་ན་མི་མགོའི་ཕོར་བུ་རུ། །མི་ཁྲག་སྙིང་ཚིལ་གཏུབས་ནས་སུ། །རང་གིས་རང་ལ་ཐིམ་པར་སྟོབ། །ཞལ་གདངས་མཆེ་བ་གཙིགས་པ་ཡིས། །མ་མོ་ཐམས་ཅད་འདར་ཞིང་འདུད། །གཡང་གཞི་རུ་མཚོན་ཕྱར་ནས་སུ། །བདུད་དང་མུ་སྟེགས་ཐལ་བར་རློག །འཇིག་རྟེན་ཐམས་ཅད་ཟློག་པར་བྱེད། །སྲིད་པ་གསུམ་ལ་ཕུད་ཉུལ་མ། །དེ་ནི་ཇོ་མོ་ཉིད་ལ་མཆོད། །བཅོལ་ན་ཀུན་ཀྱང་འགྲུབ་པར་བྱེད། །དགྲ་སྲོག་དམར་མོ་རྩད་ནས་ཆོད། །འདིར་བྱོན་དམ་སྐོང་ཕྲིན་ལས་མཛོད། །སྙིང་ཁྲག་མཆོད་པ་འདི་བཞེས་ལ། །དགྲ་བོའི་སྲོག་རྩ་དྲང་དུ་གསོལ། །དགྲ་པོའི་སྲོག་རྩ་སྐམ་དུ་གསོལ། །ཞེས་བསྐུལ་ཞིང་སྔགས་འདིས་གདབ་པོ། །ཨོཾ་ཟང་འགྲོ་མུ་རང་མ་ཤང་། ཟང་འབྲམ་མུ་རཾ་ཤ །ཧཱུཾ་རག་ཏྲག་རཀྴ་གྲམ། ཐུམ་རི་ལི་ལི་རྦད། ཅེས་བཟླས་ཤིང་ཞག་གསུམ་གྱི་བར་དུ་མིའི་ཚིག་གིས་བར་མཆོད་པར་བྱའོ། །དེ་ནས་གཟུགས་ཀྱི་ཁ་བྲག་ནས་སྔགས་གདབ་པོ། །ལས་འདིས་ནི་མི་འགྲུབ་མི་སྲིད་དོ། །ཐེ་ཚོམ་མ་བྱེད་ཅིག་པའོ། །དེ་ནས་གསང་བའི་མ་མོ་བསྐུལ་བ་འདི་སྐད་དོ། །ཧཱུཾ་ཐིག་ལེ་དབྱིངས་ལས་བསྐྱེད་པའི་ཁྲོ་རྒྱལ་ཡུམ། །དཔལ་ཆེན་ཐུགས་ལས་བསྐྱེད་པའི་ཁྲོ་མོའི་སྐུར་སྟོན་པ། །སྲིད་པ་རྩད་གཅོད་དབང་གི་སྐུ། །མཆེ་བ་གཙིགས་ནས་སྲོག་རྩ་འདྲེན། །སྐྱེ་ཤི་རྩ་བ་བཅད་ནས་བདེ་ཀློང་ཐུགས་ལ་སྡུད། །ཕྱག་ནས་སྤྲུལ་པ་གཏོང་ཞིང་དུག་གསུམ་དབྱིངས་སུ་སྡུད། །མ་ཚོགས་དབང་དུ་བསྡུས་ནས་བྷ་གའི་མངའ་མཛད་མ། །དགྲ་བོའི་སྲོག་རྩ་སྐམས་ཞིང་འདིར་གཤེགས་ཤིག །ཁྲག་ཏུ་སྲོག་གཏུབས་མཆོད་པ་འདི་བཞེས་ལ། །


DNG023_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བོའི་སྲོག་རྩ་སྐམ་དུ་གསོལ། ཧ་ཧཾ་ཧེ་བྷྱོ། རུ་ལུ་རུ་ལུ་ཧཱུཾ་ཧཱུཾ། རུ་ལུ་རུ་ལུ་བྷྱོ་བྷྱོ། མ་ཧཱ་ཙིཏྟ་ལ་བྷྱོ། མ་ཧཱ་མཱང་ས་ལ་བྷྱོ། མ་ཧཱ་རཀྟ་ལ་བྷྱོ། ཞེས་ཁྲག་ལ་གདབ་པོ། །ཁ་བྲག་ལ་ཡང་གདབ་པོ། །རྩ་རྣམས་སྐམ་པའི་ལེའུ་སྟེ་སོ་གཉིས་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །བསྟན་པ་གཉན་པོ་འཇིག་བྱེད་དང་། །ལུ་གུ་རྒྱུད་ལས་འགལ་བྱེད་དང་། །སེམས་ཅན་ཀུན་ལ་གནོད་བྱེད་དང་། །བདག་ལ་ངན་སེམས་བྱེད་པ་རྣམས། །རྩ་རྣམས་སྐམ་ན་ཇི་ལྟར་སྐམ། །རྩ་རྣམས་སྐམ་པ་ངས་བསྟན་གྱི། །ཉོན་ཅིག་གནོད་འདུལ་ལྷ་ཡི་གཙོ། །ངས་བསྟན་པ་ལ་གདོན་མི་ཟ། །རྩ་རྣམས་བསྐམ་ན་འདི་ལྟར་སྐམ། །དེ་ལ་སྐེ་ཚེ་དང་ཉུང་དཀར་དང་། ཏིལ་ནག་པོ་ཐལ་ཆེན་བསྲེས་པ་ལ། ལྕེ་པོག་གིས་སྦྲུས་ལ། དེ་ལ་གཟུགས་བྱས་ཏེ། ཤོག་ཤོག་ཚོན་གང་བ་བརྒྱད། གཅིག་ལ་མུ་ཏྲི་ནི་བྷྱོ་ཞེས་བྲིས་ལ་རྩེ་ཆུང་གཡས་ལ་སླན། གཅིག་ལ་ཨ་ཤནྟིང་ནི་བྷྱོ་ཞེས་བྲིས་ལ། རྩེ་ཆུང་གཡོན་པ་ལ་སླན། གཅིག་ལ་བྷ་ག་དུནྟྲི་བྷྱོ། ཞེས་བྲིས་ལ། ཨ་སོ་ལི་ཀ་གཡས་པར་སླན། གཅིག་ལ་ག་མུན་དན་ཏྲི་བྷྱོ་ཞེས་བྲིས་ལ། ཨ་སོ་ལི་ཀ་གཡོན་པ་ལ་སླན་ནོ། །གཅིག་ལ་བཛྲ་ཀེཾ་ཀེཾ་བྷྱོ། ཞེས་བྲིས་ལ་ལོང་རྩ་གཡས་པ་ལ་སླན་ནོ། །གཅིག་ལ་བཛྲ་ཏ་ཀེཾ་ཏ་ཀེཾ་བྷྱོ། ཞེས་བྲིས་ལ། ལོང་རྩ་གཡོན་པ་ལ་སླན་ནོ། །གཅིག་ལ་བཛྲ་ནི་ལ་བཛྲ་ནི་ལ་བྷྱོ། ཞེས་བྲིས་ལ་སྲོག་ཁུང་དུ་མནན་ནོ། །གཅིག་ལ་བཛྲ་ལན་དྷ་བཛྲ་ལན་དྷ་བྷྱོ་ཞེས་བྲིས་ལ་སྲོག་ཡང་འོག་ཏུ་སླན་ནོ། །དེ་ནས་སྙིང་དང་ཁྲག་དང་རྩ་དང་བསྲེས་པའི་མཆོད་པ་ཐོགས་ལ་འདི་སྐད་ཅེས་བསྐུལ་ལོ། །ཧཱུཾ་མ་མོ་ཆེན་མོ་མེ་འབར་མ། །བྷ་ག་འབུམ་ལ་མངའ་མཛད་མ། །དབྱིངས་ཕྱུག་ཆེན་མོ་གཤེགས་སུ་གསོལ། །སྡང་བའི་དགྲ་བོ་ལས་ངན་པོ། །རྩ་རྣམས་གནས་སུ་བསྐམ་པའི་ཕྱིར། །འདི་ཡི་རྩེ་ཆུང་གཡས་པ་དྲོངས། །སྙིང་ཁྲག་མཆོད་པ་འདི་བཞེས་ལ། །བཅོལ་བའི་ལས་རྣམས་འགྲུབ་པར་མཛོད། །མུ་ཏྲ་ནི་ས་མ་ཡ་བྷྱོ་བྷྱོ།


DNG023_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

ཏྲག་རཀྴ་བྷྱོ་བྷྱོ། ཧཱུཾ་མ་མོ་ཆེན་མོ་མེ་འབར་མ། །འཇིག་རྟེན་ཡོངས་ཀྱི་རྒྱན་མཛད་མ། །རྒྱན་གྱི་རྒྱལ་མོ་གཤེགས་སུ་གསོལ། །སྡང་བའི་དགྲ་བོ་ལས་ངན་པོ། །རྩ་རྣམས་གནས་སུ་བསྐམ་པའི་ཕྱིར། །འདི་ཡི་རྩེ་ཆུང་གཡོན་པ་དྲོངས། །སྙིང་ཁྲག་མཆོད་པ་འདི་བཞེས་ལ། །བཅོལ་བའི་ལས་རྣམས་འགྲུབ་པར་མཛོད། །ཨ་ཤནྟིཾ་ནི་ས་མ་ཡ་བྷྱོ་བྷྱོ་ཏྲག་རཀྴ་བྷྱོ་བྷྱོ། ཧཱུཾ་མ་མོ་ཆེན་མོ་མེ་འབར་མ། །བདག་ཉིད་ལྷག་ལྷག་བཞད་མཛད་མ། །བདག་ཉིད་ཆེན་མོ་གཤེགས་སུ་གསོལ། །སྡང་བའི་དགྲ་བོ་ལས་ངན་པོ། །རྩ་རྣམས་གནས་སུ་བསྐམ་པའི་ཕྱིར། །ཨ་སོ་ལི་ཀ་གཡས་པ་དྲོངས། །སྙིང་ཁྲག་མཆོད་པ་འདི་བཞེས་ལ། །བཅོལ་བའི་ལས་རྣམས་འགྲུབ་པར་མཛོད། །བྷ་ག་དན་ཏྲི་ནི་ས་མ་ཡ་བྷྱོ་བྷྱོ། ཏྲག་རཀྴ་བྷྱོ་བྷྱོ། ཧཱུཾ་མ་མོ་ཆེན་མོ་མེ་འབར་མ། །སྟོང་གསུམ་གཅིག་ཏུ་རྒྱུག་འགྲོ་མ། །གཅིག་པུ་ཡུམ་མཆོག་གཤེགས་སུ་གསོལ། །སྡང་བའི་དགྲ་བོ་ལས་ངན་པོ། །རྩ་རྣམས་གནས་སུ་བསྐམ་པའི་ཕྱིར། །ཨ་སོ་ལི་ཀ་གཡོན་པ་དྲོངས། །སྙིང་ཁྲག་མཆོད་པ་འདི་བཞེས་ལ། །བཅོལ་བའི་ལས་རྣམས་འགྲུབ་པར་མཛོད། །ག་མུན་དན་ཏྲི་ནི་ས་མ་ཡ་བྷྱོ་བྷྱོ། ཏྲག་རག་ཤ་བྷྱོ་བྷྱོ། ཧཱུཾ་མ་མོ་ཆེན་མོ་མེ་འབར་མ། །དཀར་མོ་མིག་གཅིག་མཆེ་བ་ཅན། །ཤར་གྱི་གླིང་ནས་གཤེགས་སུ་གསོལ། །སྡང་བའི་དགྲ་བོ་ལས་ངན་པོ། །རྩ་རྣམས་གནས་སུ་བསྐམ་པའི་ཕྱིར། །དམ་ཉམས་འདི་ཡི་ལོང་རྩ་གཡས་པ་དྲོངས། །སྙིང་ཁྲག་མཆོད་པ་འདི་བཞེས་ལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བཛྲ་ཀེཾ་ས་མ་ཡ་བྷྱོ་བྷྱོ། ཏྲག་རཀྴ་བྷྱོ་བྷྱོ། ཧཱུཾ་མ་མོ་ཆེན་མོ་མེ་འབར་མ། །ནག་མོ་ཆེན་མོ་རལ་པ་ཅན། །ལྷོ་ཡི་གླིང་ནས་གཤེགས་སུ་གསོལ། །སྡང་བའི་དགྲ་བོ་ལས་ངན་པོ། །རྩ་རྣམས་གནས་སུ་བསྐམ་པའི་ཕྱིར། །འདི་ཡི་ལོང་རྩ་གཡོན་པ་དྲོངས། །སྙིང་ཁྲག་མཆོད་པ་འདི་བཞེས་ལ། །བཅོལ་


DNG023_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ལས་རྣམས་འགྲུབ་པར་མཛོད། །བཛྲ་ཏ་ཀེཾ་བཛྲ་ཏ་ཀེཾ། ས་མ་ཡ་བྷྱོ་བྷྱོ། ཏྲག་རཀྴ་བྷྱོ་བྷྱོ། ཧཱུཾ་མ་མོ་ཆེན་མོ་མེ་འབར་མ། །དམར་མོ་ཆེན་མོ་དབང་སྡུད་མ། །ནུབ་ཀྱི་གླིང་ནས་གཤེགས་སུ་གསོལ། །སྡང་བའི་དགྲ་བོ་ལས་ངན་པོ། །རྩ་རྣམས་གནས་སུ་བསྐམ་པའི་ཕྱིར། །སྲོག་པ་རྩ་ལ་དམར་མོས་གཞིབ། །དགྲ་སྲོག་དམར་པོ་རྩད་ནས་ཆོད། །ཤ་ཁྲག་དམར་གྱི་མཆོད་པ་འདི་བཞེས་ལ། །བཅོལ་བའི་ལས་རྣམས་མྱུར་དུ་སྒྲུབས། །བཛྲ་ནི་ལ་བཛྲ་ནི་ལ་ས་མ་ཡ་བྷྱོ་བྷྱོ། ཏྲག་རཀྴ་ཏྲག་རཀྴ་བྷྱོ་བྷྱོ། ཧཱུཾ་མ་མོ་ཆེན་མོ་མེ་འབར་མ། །སེར་མོ་ཆེན་མོ་རྐང་ལྡག་མ། །བྱང་གི་གླིང་ནས་གཤེགས་སུ་གསོལ། །སྡང་བའི་དགྲ་བོ་ལས་ངན་པོ། །གསང་བའི་གསང་གནས་བསྐམ་པའི་ཕྱིར། །དགྲ་བོ་འདི་ཡི་གསང་བ་དྲོངས། །དམར་གྱི་མཆོད་པ་འདི་བཞེས་ལ། །བདག་གིས་བཅོལ་བའི་ལས་རྣམས་འགྲུབ་པར་མཛོད། །བཛྲ་ལན་ད་བཛྲ་ལན་ད། ས་མ་ཡ་བྷྱོ་བྷྱོ། ཏྲག་རཀྴ་བྷྱོ་བྷྱོ། སྔགས་ལ། ཏྲག་ཤ་ཁ་ཏཾ། སྙིང་ཁ་རག་པ་ཏི། དུར་ཧ་རི་བྷྱོ་ཛ། ཧཱུཾ་ཛ་ནི་ཛཱ། པ་ར་པ་ར་པ་ཏི་ཛཱ། ཀ་ཏང་ཀ་རི་ཛཱ་ཛཱ། ཞེས་དུས་དང་རྣམ་པ་མེད་པར་བཟླས་སོ། །རྩ་རྣམས་སྐམ་པའི་ལེའུ་སྟེ་སོ་གསུམ་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །བསྟན་པ་གཉན་པོ་འཇིག་བྱེད་དང་། །ལུ་གུ་རྒྱུད་ལས་འགལ་བྱེད་དང་། །སེམས་ཅན་ཀུན་ལ་གནོད་བྱེད་ལ། །རྟག་ཏུ་བཟླས་པའི་ཐུན་སྔགས་གང་། །ངོ་མཚར་ལྷ་ལ་བདག་ཉན་འཚལ། །ངོ་མཚར་ལྷ་ཡིས་བཀའ་སྩོལ་ཅིག །དེ་སྐད་ཞུས་པ་གསན་ནས་ཀྱང་། །ངོ་མཚར་ལྷ་ཡིས་བཀའ་སྩལ་པ། །བསྟན་པ་གཉན་པོ་འཇིག་བྱེད་ཅིང་། །ལུ་གུ་རྒྱུད་ལས་འགལ་བྱེད་དང་། །སེམས་ཅན་ཀུན་ལ་གནོད་བྱེད་དང་། །བདག་ལ་ངན་སེམས་བྱེད་པ་ལ། །མ་མོའི་ཐུན་སྔགས་ངས་བསྟན་གྱི། །ཉོན་ཅིག་གནོད་འདུལ་ལྷ་ཡི་གཙོ། །ངས་བསྟན་པ་ལ་ཐེ་ཚོམ་མེད། །གསང་བའི་ཐུན་སྔགས་འདི་ལྟར་བཟླས། །ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་ཧཱུཾ། གུ་ཧྱ་ཛྙཱ་ན་


DNG023_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

ཀྲོ་ཏཱི་ཤྭ་རཱི་སྟྭམ། ཨོཾ་རུ་ལུ་རུ་ལུ་ཧཱུཾ་མ་བྷྱོ་ཕཊ། མ་ར་ཎ་ཙིཏྟ་ཁ། ཉིད་གཞི་མུ་ཁ་ལེ། ཀྲོ་དྷཱི་ཤྭ་རཱི་བྷ་ག་པདྨརྱ། བདེ་ཀློང་འདུས་འདུས་ན། སྙིང་ཙ་ཤ་ཡུ་ནི། ཧཱུཾ་ཧཱུཾ་བྷྱོ་བྷྱོ། ཨོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ་བྷྱོ་ཕཊ། སྙིང་ཁ་རག་ཙིཏྟ་རྦད། ཏྲག་རཀྴ་གྲམ། ཁ་རམ་ཏྲག་རཀྴ་གྲམ། ཙིཏྟ་གྲམ་ཙིཏྟ་གྲམ་མ་ཧཱ་ལ་བྷྱོ། མ་ཧཱ་རཀྟ་ལ་གྲམ། དྷི་ནི་ལ་བྷྱོ། ཐུམ་རི་ལི་ལི་རྦད། ཙིཏྟ་ཆུམ་རྦད་ཨོ་གྲི་སྭ་མུ་ལ་ཧཱུཾ་ཧ། རུ་ལུ་རུ་ལུ་ཧཱུཾ་བྷྱོ། ཙིཏྟ་ཁ་ཙིཏྟ་རཀྴ་ཁ་མ་ཧཱ་མཱཾ་ས་ལ་ཡཱ། མ་ཧཱ་རཀྟ་ལ་གྲམ། ཙིཏྟ་ལ་རྦད། ཐུམ་རི་ལི་ལི་རྦད། ཨོཾ་ཛྭ་ལ་རཾ་མ་ཧཱ། རུ་ལུ་རུ་ལུ་ཧཱུཾ་བྷྱོ། ཙིན་ད་ཙིན་ད་མ་ཧཱ་མཱང་ས་ལ་ཡ། མ་ཧཱ་རཀྟ་ལ་གྲམ། ཙིཏྟ་ལ་རྦད། ཐུམ་རི་ལི་ལི་རྦད། ཨོཾ་བི་ཤ་སངྷ་ཧ། རུ་ལུ་རུ་ལུ་ཧཱུཾ་བྷྱོ། ས་མ་ཡ་ཙིཏྟ་ཁ་ཙིཏྟ་ཁ། མ་ཧཱ་མཱཾ་ས་ལ་ཡཾ། མ་ཧཱ་རཀྟ་ལ་གྲམ། ཙིཏྟ་རྦད་ཐུམ་རི་ལི་ལི་རྦད། ཨོཾ་བི་ཡང་ཡང་ཏེ་ཧ། རུ་ལུ་རུ་ལུ་ཧཱུཾ་བྷྱོ། ཀར་མ་ཧཱ། ཙིཏྟ་ཁ་མ་ཧཱ་མཱང་ས་ལ་ཡ། མ་ཧཱ་རཀྟ་ལ་གྲམ། ཙིཏྟ་ལ་རྦད། ཐུམ་རི་ལི་ལི་རྦད། ཨོཾ་མ་ཧཱ་ལཾ་ཏེ་ཧ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཙ་ཀ་ཀཱ་ཡ། ཙིཏྟ་ཁ་མ་ཧཱ་མཱཾ་ས་ལ་ཡཱ། མཱ་ཧཱ་རཀྟ་ལ་གྲམ། ཙིཏྟ་རྦད། ཐུམ་རི་ལི་ལི་རྦད། ཨོཾ་བཛྲ་ཀྲོ་དྷཱི་ཤྭ་རཱི་པདྨ་བྷ་ག་པདྨ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཙིཏྟ་ཁ་སྙིང་ཁ་རག །ཏྲག་རཀྴ་གྲམ་མ་ཧཱ་མཱང་ས་ལ་ཡཱ། མ་ཧཱ་རཀྟ་ལ་གྲམ། ཙིཏྟ་རྦད་ཐུམ་རི་ལི་ལི་རྦད། བཛྲ་ཀྲོ་ཏཱི་ཤན་ཏིང་པདྨ་ག་རུ་ཏིང་རུ་ལུ་རུ་ལུ་ཧཱུཾ་བྷྱོ། ཙིཏྟ་སྙིང་ཁ་རག །ཏྲག་རག་ཤ་གྲམ། མ་ཧཱ་མཱང་ས་ལ་ཡཱ། མ་ཧཱ་རཀྟ་གྲམ། ཐུམ་རི་ལི་ལི་རྦད། ཨོཾ་མུ་ཏི་ནི་བྷྱོ། རུ་ལུ་རུ་ལུ་ཧཱུཾ་བྷྱོ། ཙིཏྟ་ཁ་སྙིང་ཁ་རག །ཏྲག་རཀྴ་གྲམ། མ་ཧཱ་མཱང་ས་ལ་ཡཱ། མ་ཧཱ་རཀྟ་ལ་གྲམ། ཙིཏྟ་ལ་རྦད། ཐུམ་རི་ལི་ལི་རྦད། ཨོཾ་ཨ་ཤནྟིཾ་ནི་བྷྱོ། རུ་ལུ་རུ་ལུ་ཧཱུཾ་བྷྱོ། ཙིཏྟ་ཁ་སྙིང་ཁ་རག །ཏྲག་རཀྴ་ལ་གྲམ། མ་ཧཱ་


DNG023_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

མཱང་ས་ལ་ཡཱ། མ་ཧཱ་རཀྟ་ལ་གྲམ། ཙིཏྟ་རྦད། ཐུམ་རི་ལི་ལི་རྦད། ཨོཾ་ག་མུན་དན་ཏི་ནི་བྷྱོ། རུ་ལུ་རུ་ལུ་ཧཱུཾ་བྷྱོ། ཙིཏྟ་ཁ་སྙིང་ཁ་རག །ཏྲག་རཀྴ་གྲམ་མ་ཧཱ་མཱང་ས་ལ་ཡཱ། མ་ཧཱ་རཀྟ་ལ་གྲམ་ཙིཏྟ་རྦད། ཐུམ་རི་ལི་ལི་རྦད། ཨོཾ་བཛྲ་ཀེཾ་བཛྲ་ཀེཾ། རུ་ལུ་རུ་ལུ་ཧཱུཾ་བྷྱོ། ཙིཏྟ་ཁ་སྙིང་ཁ་རག །ཏྲག་རཀྴ་གྲམ་མ་ཧཱ་མཱང་ས་ལ་ཡཱ་མ་ཧཱ་རཀྟ་ལ་གྲམ། ཙིཏྟ་རྦད། ཐུམ་རི་ལི་ལི་རྦད། ཨོཾ་བཛྲ་ཏ་ཀེཾ་བཛྲ་ཏ་ཀེཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ། ཙིཏྟ་ཁ་སྙིང་ཁ་རག །ཏྲག་རཀྴ་གྲམ། མ་ཧཱ་མཱང་ས་ལ་ཡཱ། མ་ཧཱ་རཀྟ་ལ་གྲམ། ཙིཏྟ་རྦད། ཐུམ་རི་ལི་ལི་རྦད། བཛྲ་ནི་ལ། བཛྲ་ནི་ལ། རུ་ལུ་རུ་ལུ་ཧཱུཾ་བྷྱོ། ཙིཏྟ་ཁ་སྙིང་ཁ་རག །ཏྲག་རག་ཤ་གྲམ། མ་ཧཱ་མཾ་ས་ལ་ཡཱ། མ་ཧཱ་རཀྟ་ལ་གྲམ། ཙིཏྟ་ལ་རྦད། ཐུམ་རི་ལི་ལི་རྦད། བཛྲ་ལན་ད་བཛྲ་ལན་ད། རུ་ལུ་རུ་ལུ་ཧཱུཾ་བྷྱོ། ཙིཏྟ་ཁ་སྙིང་ཁ་རག་ཏྲག་རཀྴ་གྲམ། མ་ཧཱ་མཱཾ་ས་ལ་ཡཱ། མ་ཧཱ་རཀྟ་ལ་གྲམ། ཙིཏྟ་རྦད། ཐུམ་རི་ལི་ལི་རྦད། བཛྲ་སཱུརྱ་བྷི་ཏི་ཨ་ཏོ་ཡེ། རུ་ལུ་རུ་ལུ་ཧཱུཾ་བྷྱོ། ཏྲག་རཀྴ་གྲམ། མ་ཧཱ་མཱང་ས་ལ་ཡཱ། མ་ཧཱ་རཀྟ་ལ་གྲམ། ཙིཏྟ་རྦད། ཐུམ་རི་ལི་ལི་རྦད། ཨོཾ་བཛྲ་པདྨ་བི་ཏོ་ཨ་ཏོ་ཡེ་རུ་ལུ་རུ་ལུ་ཧཱུཾ་བྷྱོ། ཙིཏྟ་ཁ་སྙིང་ཁ་རག་ཏྲག་རཀྴ་གྲམ། མ་ཧཱ་མཱང་ས་ལ་ཡཱ། མ་ཧཱ་རཀྟ་གྲམ། ཙིཏྟ་རྦད། ཐུམ་རི་ལི་ལི་རྦད། ཨོཾ་བཛྲ་ཁ་རག་བྷི་ཏོ་ཨ་ཏེ་ཡེ། རུ་ལུ་རུ་ལུ་ཧཱུཾ་བྷྱོ། ཙིཏྟ་ཁ་སྙིང་ཁ་རག །ཏྲག་རཀྴ་གྲམ། མ་ཧཱ་མཱཾ་ས་ལ་ཡཱ། མ་ཧཱ་རཀྟ་གྲམ། ཙིཏྟ་རྦད། ཐུམ་རི་ལི་ལི་རྦད། ཨོཾ་བཛྲ་སྲིད་འགྲོ་བྱི་ཏོ་ཨ་ཏོ་ཡེ། རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཙིཏྟ་ཁ་སྙིང་ཁ་རག །ཏྲག་རཀྴ་གྲམ། མ་ཧཱ་མཱཾ་ས་ལ་ཡཱ། མ་ཧཱ་རཀྟ་ལ་གྲམ། ཙིཏྟ་རྦད། ཐུམ་རི་ལི་ལི་རྦད། ཨོཾ་བཛྲ་ཟ་འགྲམ་མུ་རཾ་ཤྭ། ཟ་འགྲམ་མུ་རཾ་ཤྭ། ཙིཏྟ་ཁ་སྙིང་ཁ་རག །ཏྲག་རཀྴ་གྲམ། མ་ཧཱ་མཱཾ་ས་ལ་ཡཱ། མ་ཧཱ་རཀྟ་གྲམ། ཙིཏྟ་རྦད། ཐུམ་རི་ལི་ལི་རྦད། ཨོཾ་བཛྲ་ཁ་རག་སྙིང་ཁ་རཀ །ཙིཏྟ་སྙིང་ཁ་རག །ཏྲག་རཀྴ་གྲམ། མ་ཧཱ་མཱཾ་ས་ལ་ཡཱ། མ་ཧཱ་རཀྟ་ལ་གྲམ། ཙིཏྟ་རྦད། ཐུམ་རི་ལི་ལི་རྦད། ཏྲག་རཀྴ་ཏྲག་རཀྴ། ཙིཏྟ་ཁ་སྙིང་ག་རག །ཏྲག་རཀྴ་ཤམ་གྲམ། མ་ཧཱ་མཱཾ་ས་ལ་ཡཱ། མ་ཧཱ་རཀྟ་གྲམ། ཙིཏྟ་རྦད། ཐུམ་རི་ལི་ལི་རྦད། རཀྴ་མུན་ཏྲ་བ་མ་


DNG023_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

རཀྴ། ཙིཏྟ་ཁ་སྙིང་ཁ་རག །ཏྲག་རཀྴ་གྲམ། མ་ཧཱ་མཱཾ་ས་ལ་ཡཱ། མ་ཧཱ་རཀྟ་ལ་གྲམ། ཙིཏྟ་རྦད་ཐུམ་རི་ལི་ལི་རྦད། ཁ་མུན་ཏྲ་བ་རཀ་ཤ །ཙིཏྟ་ཁ་སྙིང་ཁ་རཀ་ཏྲག་རཀྴ་གྲམ། མ་ཧཱ་མཱང་ས་ལ་ཡཱ། མ་ཧཱ་རཀྟ་ལ་གྲམ། ཙིཏྟ་རྦད། ཐུམ་རི་ལི་ལི་རྦད། པྲ་བན་པྲ་བན་ཀར་ཏིཥྚ་བྷྱོ། ཙིཏྟ་ཁ་སྙིང་ཁ་རཀ །ཏྲག་རཀྴ་གྲམ། མ་ཧཱ་མཾ་ས་ལ་ཡཱ། མ་ཧཱ་རཀྟ་ལ་གྲམ། ཙིཏྟ་རྦད། ཐུམ་རི་ལི་ལི་རྦད། སྲང་གི་ཁང་གི་ཤྭང་བྷྱོ། ཙིཏྟ་ཁ་སྙིང་ཁ་རག །ཏྲག་རཀྴ་གྲམ། མ་ཧཱ་མཱང་ས་ལ་ཡཱ། མ་ཧཱ་རཀྟ་ལ་གྲམ། ཙིཏྟ་རྦད། ཐུམ་རི་ལི་ལི་རྦད། བྷྱོ་ཧཱུཾ་ཀ་རི་ཁ་བ། ཙིཏྟ་ཁ་སྙིང་ཁ་རཀ །ཏྲག་རཀྴ་གྲམ། མ་ཧཱ་མང་ས་ལ་ཡཱ། མ་ཧཱ་རཀྟ་ལ་གྲམ། ཙིཏྟ་རྦད། ཐུམ་རི་ལི་ལི་རྦད། བཛྲ་ད་རོད་བཛྲ་ད་རོད། ཙིཏྟ་ཁ་སྙིང་ཁ་རཀ །ཏྲག་རཀྴ་གྲམ། མ་ཧཱ་མཱང་ས་ལ་ཡཱ། མ་ཧཱ་རཀྟ་ལ་གྲམ། ཙིཏྟ་རྦད། ཐུམ་རི་ལི་ལི་རྦད། ནི་ལ་ཆུར་མ་དྲི་ཁ་ཊྭཱཾ་ག །ཙིཏྟ་ཁ་སྙིང་ཁ་རཀ །ཏྲག་རཀྴ་གྲམ། མ་ཧཱ་མཱང་ས་ལ་ཡཱ། མ་ཧཱ་རཀྟ་ལ་གྲམ། མ་ཧཱ་ཙིཏྟ་ལ་གྲམ། ཙིཏྟ་རྦད། ཐུམ་རི་ལི་ལི་རྦད། ད་ལ་ཙྪ་ལ་ཙིཏྟ་ཁ། སྙིང་ཁ་རཀ །ཏྲག་རཀྴ་གྲམ། མ་ཧཱ་མཾ་ས་ལ་ཡཱ། མ་ཧཱ་རཀྟ་ལ་གྲམ། ཙིཏྟ་རྦད། ཐུམ་རི་ལི་ལི་རྦད། པདྨ་བ་ལ་ཙནྚ། ཙིཏྟ་ཁ་སྙིང་ཁ་རཀ །ཏྲག་རཀྴ་གྲམ། མ་ཧཱ་མཱཾ་ས་ལ་ཡཱ། མ་ཧཱ་རཀྟ་ལ་གྲམ། ཙིཏྟ་རྦད། ཐུམ་རི་ལི་ལི་རྦད། མ་ཧཱ་འགུར་རཀྟོ། ཙིཏྟ་ཁ་སྙིང་ཁ་རག །ཏྲག་རཀྴ་གྲམ། མ་ཧཱ་མཱང་ས་ལ་ཡཱ། མ་ཧཱ་རཀྟ་ལ་གྲམ། ཙིཏྟ་རྦད། ཐུམ་རི་ལི་ལི་རྦད། ཏིང་སཾ་དད། ཨེ་ཨ་ར་ལི་བྷྱོ། རུ་ལུ་རུ་ལུ་བྷྱོ། བྷྱོ་རུ་ལུ་རུ་ལུ་བྷྱོ། ཙིཏྟ་ཁ་སྙིང་ཁ་རག །ཏྲག་རཀྴ་གྲམ། མ་ཧཱ་མཱཾ་ས་ལ་ཡཱ། མ་ཧཱ་རཀྟ་ལ་གྲམ། ཙིཏྟ་རྦད། ཐུམ་རི་ལི་ལི་རྦད། ཏྲག་རཀྴ་ཏྲག་རཀྴ་བྷྱོ། ཙིཏྟ་ཁ་སྙིང་ཁ་རཀ །ཏྲག་རཀྴ་གྲམ། མ་ཧཱ་མཱང་ས་ལ་ཡཱ། མ་ཧཱ་རཀྟ་ལ་གྲམ། ཙིཏྟ་རྦད། ཐུམ་རི་ལི་ལི་རྦད། ཨོཾ་ཨ་ཏིང་བྷྱོ། ཙིཏྟ་ཁ་སྙིང་ཁ་རཀ །ཨོཾ་ཧེ་པར་ཏི་བྷྱོ། ཙིཏྟ་ཁ་སྙིང་ཁ་བྱི་ཏིང་བྷྱོ། ཙིཏྟ་ཁ་སྙིང་ཁ་


DNG023_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

རཀ་ཕུར་ཏིང་བྷྱོ། ཙིཏྟ་ཁ་སྙིང་ཁ་རག་ཕུར་ཏིང་བྷྱོ། ཙིཏྟ་ཁ་སྙིང་ཁ་རག་ཕུར་ཏིང་བྷྱོ། ཙིཏྟ་ཁ་སྙིང་ཁ་རག །མ་ཧཱ་མཱཾ་ས་ལ་ཡཱ། མ་ཧཱ་རཀྟ་ལ་གྲམ། ཙིཏྟ་རྦད། ཐུམ་རི་ལི་ལི་རྦད། ཤནྟིང་བྷྱོ། ཙིཏྟ་ཁ་སྙིང་ཁ་རཀ །དུན་ཏིང་བྷྱོ། ཙིཏྟ་ཁ་སྙིང་ཁ་རཀ །ཧ་རྟིང་བྷྱོ། ཙིཏྟ་ཁ། སྙིང་ཁ་རཀ །གྲུབྟིཾ་བྷྱོ། ཙིཏྟ་ཁ་སྙིང་ཁ་རཀ །ཏྲག་རཀྴ་ཏྲག་རཀྴ་གྲམ། མ་ཧཱ་མཱཾ་ས་ལ་ཡཱ། མ་ཧཱ་རཀྟ་ལ་གྲམ། ཙིཏྟ་ལ་རྦད། ཐུམ་རི་ལི་ལི་རྦད། ཧེ་ས་ཏི་སང་བྷྱོ། ཙིཏྟ་ཁ་སྙིང་ཁ་རག །ཨ་ཏ་ཡ་ཏ་ལ་བྷྱོ། ཙིཏྟ་ཁ་སྙིང་ཁ་རཀ །ད་ལ་དུ་ན་བྷྱོ། ཙེཏྟ་ཁ་རཀ །འདི་ན་མ་མ་གཡས་བྷྱོ། ཙིཏྟ་ཁ་སྙིང་ཁ་རཀ །ཏྲ་ཏྲག་རཀྴ་གྲམ། མ་ཧཱ་མཱཾ་ས་ལ་ཡཱ། མ་ཧཱ་རཀྟ་ལ་གྲམ། ཙིཏྟ་རྦད། མ་ནུ་རཀྴ་སི་བྷྱོ། ཙིཏྟ་ཁ་སྙིང་ཁ་རཀ །བྲཧྨ་ཎཱི་བྷྱོ། ཙིཏྟ་ཁ་སྙིང་ཁ་རཀ །རོའུ་ཏྲཱི་མ་བྷྱོ། ཙིཏྟ་ཁ་སྙིང་ཁ་རཀ །བིཥྞ་བེ་བྷྱོ། ཙིཏྟ་ཁ་སྙིང་ཁ་རཀ །ཀོའུ་མ་རཱི་བྷྱོ། ཙིཏྟ་ཁ་སྙིང་ཁ་རཀ །ཨིནྟྲ་ཎཱི་བྷྱོ། ཙིཏྟ་ཁ་སྙིང་ཁ་རཀ །ཏྲག་རཀྴ་གྲམ། མ་ཧཱ་མཱཾ་ས་ལ་ཡཱ། མ་ཧཱ་རཀྟ་ལ་གྲམ། ཙིཏྟ་རྦད། ཐུམ་རི་ལི་ལི་རྦད། སིངྒ་ལ་བྷྱོ། ཙིཏྟ་ཁ་སྙིང་ཁ་རཀ །ཨ་མྲྀ་ཏ་བྷྱོ། ཙིཏྟ་ཁ་སྙིང་ཁ་རཀ །སོའུ་མྱ་མ་བྷྱོ། ཙིཏྟ་ཁ་སྙིང་ཁ་རཀ །དཎྜ་བྷྱོ། ཙིཏྟ་ཁ་སྙིང་ཁ་རཀ །རཀྴ་སཱི་བྷྱོ། ཙིཏྟ་ཁ་སྙིང་ཁ་རཀ །བྷ་ག་ཤ་སི་བྷྱོ། ཙིཏྟ་ཁ་སྙིང་ཁ་རཀ །ར་ཏཱི་བཛྲ་བྷྱོ། ཙིཏྟ་ཁ་སྙིང་ཁ་རཀ །ཏྲག་རཀྴ་གྲམ། མ་ཧཱ་མཱཾ་ས་ལ་ཡཱ། མ་ཧཱ་རཀྟ་ལ་གྲམ། ཙིཏྟ་རྦད། ཐུམ་རི་ལི་ལི་རྦད། རུ་ཏེ་ར་མ་ཏྟཱ་བྷྱོ། ཙིཏྟ་ཁ་སྙིང་ཁ་རཀ །ཨེ་ཀ་ཙ་ར་ཎི་བྷྱོ། ཙིཏྟ་ཁ་སྙིང་ཁ་རཀ །མ་ནོ་ཧ་རཾ་བྷྱོ། ཙིཏྟ་ཁ་སྙིང་ཁ་རཀ །སིདྡྷི་བྷྱོ། ཙིཏྟ་ཁ་སྙིང་ཁ་རཀ །བཱ་ཡ་བེ་བྷྱོ། ཙིཏྟ་ཁ་སྙིང་ཁ་རཀ །མ་ཧཱ་མ་ར་ཎཱི་བྷྱོ། ཙིཏྟ་ཁ་སྙིང་ཁ་རཀ །ཨགྣི་མ་བྷྱོ། ཙིཏྟ་ཁ་སྙིང་ཁ་རཀ །ཏྲག་རཀྴ་གྲམ། མ་ཧཱ་མཾ་ས་ལ་ཡཱ། མ་ཧཱ་རཀྟ་ལ་གྲམ། ཙིཏྟ་ལ་རྦད། ཐུམ་རི་ལི་ལི་རྦད། བཱ་ར་ཧཱི་བྷྱོ། ཙིཏྟ་ཁ་སྙིང་ཁ་རཀ །ཙ་མུཎྜི་བྷྱོ། ཙིཏྟ་ཁ་སྙིང་ཁ་རཀ །སུ་ཏ་ནཱ་བྷྱོ། ཙིཏྟ་ཁ་སྙིང་ཁ་རཀ །བཱ་རུ་ཎི་བྷྱོ། ཙིཏྟ་ཁ་སྙིང་ཁ་རཀ །མ་ཧཱ་ཀཱ་ལཱི་བྷྱོ།


DNG023_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

ཙིཏྟ་ཁ་སྙིང་ཁ་རཀ །ཙ་ཀཱ་ལི་བྷྱོ། ཙིཏྟ་ཁ་སྙིང་ཁ་རཀ །ཀུམྦྷ་ཀཪྞ་བྷྱོ། ཙིཏྟ་ཁ་སྙིང་ཁ་རཀ །བཛྲ་ལཾ་བོ་ད་ར་བྷྱོ། ཙིཏྟ་ཁ་སྙིང་ཁ་རཀ །ཏྲག་རཀྴ་གྲམ། མ་ཧཱ་མཱཾ་ས་ལ་ཡཱ། མ་ཧཱ་རཀྟ་ལ་གྲམ། ཙིཏྟ་རྦད། ཐུམ་རི་ལི་ལི་རྦད། ཏྲག་རཀྴ། ཁ་མུཎྜ་བྷྱོ་རུ་ལུ་ཧེ་མོ་ཨ་ལོ། ཙིཏྟ་ནི་ལ་བྷྱོ་རུ་ལུ་ཧེ་མོ་ཡ་བྷྱོ་རུ་ལུ་ན་ག་ནད་ཏེ་མོ་ཡང་ཏན་བྷྱོ་རུ་ལུ། ཡམ་ཤ་ཀ་ཀྲོ་དྷཱི་བྷྱོ་རུ་ལུ། སྙིང་ཁ་རཀ །སྲོག་ཐུན་བྷྱོ་རུ་ལུ། མ་བྷྱོ་སྲིན་བྷྱོ་ཐུན་བྷྱོ། བཛྲ་སྙིང་གོང་ཆོད། ཏི་ཁ་ལ་ཟ་མུཉྫ་མུ་ཉ་ལོང་དན་ཏི་རྦད། དྷ་ར་རྔམ་རྦད། ཤ་ཁྲག་ཐིག་སྣ་རྦད་ཚལ་པ་དུམ་བུ་ཁྲག་ཏི་རྦད། སྣང་ན་ནི་རྦད། ཤཀྟི་ཤཀྟི་རྦད། རྦ་ན་ཏ་རྦ་ན་ཏ་རྦད། དུཾ་བུ་དུཾ་བུ་ཚལ་པ་རྦད། རཀྴ་རཀྴ་རུ་དྲ་རྦད། སྙིང་ནག་སྙིང་སྲོག་རྩ་རྦད། ཚལ་པ་ཚལ་པ་དེ་ནི་རྦད། བཾ་རི་ལི། དཾ་པ་དུཾ་བུ་ཏབྟ་ཙཀྲ་རྦད། གཤིན་ཙཱ་ཚ་ཡ་རུ་ཐུན་ལིང་། གུང་ཐུཾ་ལིང་གུང་ཐུཾ་རྦད་རྦ་རྒུག་ཙར་ལིང་ལིང་། རྨུགས་རྦད། མྱོས་ཙར་ལིང་། མ་མ་རཀྴ་རུ་རུ་ཏྲ་རྦད། ཅེས་དྲག་ཏུ་བཟླས་སོ། །དུག་སྣ་ཚོགས་དང་ཁྲག་ཏུ་སྦྱར་ནས་བཏབ་ལ། དགྲ་བོའི་ཁྱིམ་ལ་ཕོག་པར་གཏོར་རོ། །ཅེས་དྲག་ཏུ་བཟླས་ཤིང་། དགྲ་བོ་ཐག་རིངས་ན་ཡུལ་ཕྱོགས་སུ་གཏོར་རོ། །མ་མོའི་ཐུན་སྔགས་ཀྱི་ལེའུ་སྟེ་སོ་བཞི་པའོ།། །།གཡུང་དྲུང་ལྷ་ཡིས་ཡང་གསོལ་པ། །བསྟན་པ་གཉན་པོ་འཇིག་བྱེད་དང་། །ལུ་གུ་རྒྱུད་ལས་འགལ་བྱེད་དང་། །སེམས་ཅན་ཀུན་ལ་གནོད་བྱེད་དང་། །བདག་ལ་སྡང་སེམས་བྱེད་པ་རྣམས། །དབང་དུ་བསྡུ་བ་ཇི་ལྟར་ལགས། །རྫོགས་སངས་རྒྱས་ལ་བདག་ཉན་འཚལ། །རྫོགས་སངས་རྒྱས་ཀྱིས་བཀའ་སྩོལ་ཅིག །དེ་སྐད་གསོལ་པ་གསན་ནས་ཀྱང་། །རྫོགས་སངས་རྒྱས་ཀྱིས་བཀའ་སྩལ་པ། །བསྟན་པ་གཉན་པོ་འཇིག་པ་དང་། །ལུ་གུ་རྒྱུད་ལས་འགལ་བྱེད་དང་། །སེམས་ཅན་ཀུན་ལ་གནོད་བྱེད་དང་། །བདག་ལ་སྡང་སེམས་བྱེད་པ་རྣམས། །དབང་དུ་བསྡུ་བ་ངས་བསྟན་གྱི། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །


DNG023_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ངས་བསྟན་པ་ལ་ཐེ་ཚོམ་མེད། །དགྲ་བོ་དབང་དུ་བསྡུ་བ་འདི་ལྟར་བྱ་སྟེ། གྲོ་ག་ལ་དགྲ་བོའི་མིང་རུས་བྲིས་ལ། རི་དྭགས་ཆུར་འཛུལ་བའི་མིག་དང་། ཉ་ཐང་ལ་རྒྱུག་པའི་གཤོག་པ་དང་། ཆུ་ཉི་མ་མེད་པ་དང་། དེ་རྣམས་བསྲེས་ལ་ཉུང་དཀར་དང་ཐལ་ཆེན་ལ་སྔགས་ཀྱིས་བཏབ་ལ། ཁྱིམ་མམ་ཡུལ་ཕྱོགས་སུ་གཏོར་རོ། །མིང་བྱང་དོག་པས་བཅིངས་ལ་རྐང་པའི་བར་དུ་གཞུག་གོ། །ངན་སྔགས་ལ། པ་ར་ཙོ་ཏ་ནི། མ་མ་བ་ཏ་ན། ལ་བ་ལཾ་དུ་ཧཱུཾ། ཆེ་གེ་མོ་དབང་དུ་སྡུས་ཤིག་མིང་སྭཱ་ཧཱ། ཨོཾ་བཛྲ་ནི་ལ། སྙིང་ཁ་རཀ །ཏྲག་རཀྴ་ཧྲི་ཧྲི་ཧྲི། དབང་དུ་སྡུས་ཤིག །ཅེས་དྲག་ཏུ་བཟླས་སོ། །དགྲ་བོ་དབང་དུ་བསྡུ་བའི་ལེའུ་སྟེ་སོ་ལྔ་པའོ།། །།རྡོ་རྗེ་སེམས་དཔས་ཡང་གསོལ་པ། །བསྟན་པ་གཉན་པོ་འཇིག་བྱེད་དང་། །ལུ་གུ་རྒྱུད་ལས་འགལ་བྱེད་དང་། །སེམས་ཅན་ཀུན་ལ་གནོད་བྱེད་དང་། །བདག་ལ་སྡང་སེམས་བྱེད་པ་རྣམས། །ཕུར་བུས་གདབ་པ་ཅི་ལྟར་ལགས། །སྤྱི་དཔལ་ཆེ་ལ་བདག་ཉན་འཚལ། །སྤྱི་དཔལ་མཆོག་གིས་བཀའ་སྩོལ་ཅིག །དེ་སྐད་གསོལ་པ་གསན་ནས་ཀྱང་། །སྤྱི་དཔལ་མཆོག་གིས་བཀའ་སྩལ་པ། །བསྟན་པ་གཉན་པོ་འཇིག་བྱེད་དང་། །ལུ་གུ་རྒྱུད་ལས་འགལ་བྱེད་རྣམས། །སེམས་ཅན་ཀུན་ལ་གནོད་བྱེད་དང་། །བདག་ལ་སྡང་སེམས་བྱེད་པའི་དགྲ་རྣམས་ལ། །ཕུར་བུས་གདབ་པ་ངས་བསྟན་གྱི། །ཉོན་ཅིག་རྡོ་རྗེ་སེམས་དཔའི་དཔལ། །ངས་བསྟན་པ་ལ་ཐེ་ཚོམ་མེད། །མཆོག་ཆེན་བསྒྲལ་བའི་དཔའ་ཐུང་གཡས་པ་ལ། སོར་གཅིག་པ་དང་། སོར་གསུམ་པ་དང་། སོར་ལྔ་པ་དང་། སོར་བརྒྱད་པ་དང་། སོར་བཅུ་གཉིས་པ་དང་། ཕུར་བུའི་རྒྱུ་དང་ཚད་ནི་དེ་རྣམས་སོ། །དེ་རྣམས་ཀྱང་མགོའི་རྒྱ་མདུད་ཟུར་གསུམ་པར་བྱས་ལ། དེའི་འོག་མ་ཡང་རྒྱ་མདུད་ཟུར་གསུམ་དུ་བཞག་གོ། །སྐེད་པའི་རྒྱ་མདུད་ཡང་ཟུར་གསུམ་པར་བྱ། རྩེ་མོ་ཟུར་གསུམ་ཆུ་སྲིན་གྱི་ཁ་ནས་བྱུང་བར་བྱའོ། །དེ་ནས་སོར་གཅིག་པར་བྱས་པའི་སྤྱི་བོར་གསང་བའི་ཧེ་རུ་ཀ་དགོད།


DNG023_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

སྐེད་པའི་རྒྱ་མདུད་ལ་གསང་བའི་ཁྲོ་མོ་དགོད། སྟོད་ཀྱི་ལྕུམ་གཞོགས་ལ་གསང་བའི་མ་བཞི་དགོད་དོ། །རྩེ་མོ་ལ་ཨེ་ཀ་ཛ་ཊཱི་དགོད་དོ། །དེ་ནས་མདུན་གྱི་དཀྱིལ་འཁོར་ཨེའི་སྟེང་དུ་བཞུགས་སུ་གསོལ། དེ་ནས་བྱིན་གྱིས་བརླབ་པ་དང་། དབང་བསྐུར་བར་བྱ་སྟེ། དེ་ནས་དྲིལ་ཞིང་འདི་བརྗོད་དོ། ཨོཾ་གུ་ཧྱ་ཤྲཱི་ཧེ་རུ་ཀ་ཧཱུཾ། གུ་ཧྱ་ཀྲོ་ཏཱི་ཤྭ་རཱི་སྟྭཾ། བཛྲ་ཀཱི་ལི་ཀཱི་ལ་ཡ། དགྲ་བོ་མཱ་ར་ཡ་ཕཊ། ཅེས་བཟླས་ཤིང་གང་ལ་དམིགས་པ་དེའི་དཀར་ནག་གི་མཚམས་སུ་བརྡེག་གོ། །ཕུར་བུ་སོར་གསུམ་པ་ལ། སྤྱི་བོར་འཇམ་དཔལ་འཇིགས་བྱེད་ཧེ་རུ་ཀ་དགོད། རྒྱ་མདུད་འོག་མ་ལ་ཡུམ་ཆེན་མོ་ཉིད་གཞི་མུ་ཁ་ལེ་དགོད། སྟོད་ཀྱི་ལྕུམ་གཞོགས་ལ་ཁྲོས་མའི་དབང་མོ་ཆེ་བཞི་དགོད། རྩེ་མོ་ལ་ཧཱུཾ་གསུམ་དགོད། དེ་ནས་མདུན་གྱི་ཉི་མའི་དཀྱིལ་འཁོར་ལ་བཞུགས་སུ་གསོལ། བྱིན་གྱིས་བརླབ་པར་བྱ། དབང་ཡང་བསྐུར་རོ། །དེ་ནས་འདི་བརྗོད་དོ། །ཨོཾ་ཛྙཱ་ན་ཤྲཱི་ཧེ་རུ་ཀ །ཛྙཱ་ན་ཀྲོ་ཏཱི་ཤྭ་རཱི་སྟྭཾ། བཛྲ་ཀཱི་ལི་ཀཱི་ལ་ཡ། དགྲ་བོ་མཱ་ར་ཡ་ཕཊ། དེ་ནས་ཕུར་པ་སོར་ལྔ་པ་ལ་སྤྱི་བོར་དཔལ་ཆེན་པོ་དགོད། སྐེད་པའི་རྒྱ་མདུད་ལ་ཡུམ་བཀྲག་གསལ་མ་དགོད། སྟོད་ཀྱི་ལྕུམ་གཞོགས་ལ་ཡུམ་ཆེན་མོ་བཞི་དགོད། རྩེ་མོ་ལ་ཛ་དམར་པོ་གཅིག་དགོད། དེ་མདུན་གྱི་ནམ་མཁའ་ལ་བཞུགས་སུ་གསོལ། །བྱིན་གྱིས་བརླབ་པ་དང་། དབང་བསྐུར་པ་བྱས་ལ་འདི་སྐད་བརྗོད་དོ། །ཨོཾ་ཤྲཱི་ཧེ་རུ་ཀའི་ཤ་སིདྷི་ཧ། བི་ཡང་ཡང་ཏེ་ཧ། བཛྲ་ཀཱི་ལི་ཀཱི་ལ་ཡ། དགྲ་བོ་མཱ་ར་ཡ་ཕཊ། དེ་ནས་ཕུར་པ་སོར་བརྒྱད་པ་ལ་སྤྱི་བོར་དཔལ་ཆེན་ཧེ་རུ་ཀ་དགོད། སྐེད་པའི་རྒྱ་མདུད་ལ་ཡུམ་སྲིད་པའི་བདེ་འགྲོ་མ་དགོད། སྟོད་ཀྱི་ལྷུམ་གཞོགས་ལ་དབྱིངས་ཕྱུག་མ་དགོད། རྩེ་མོའི་ངོས་སུ་ཁྲོས་མའི་དབང་མོ་ཆེ་བཞི་དགོད། དེ་ནམ་མདུན་གྱི་གདན་ལ་བཞུགས་སུ་གསོལ། བྱིན་གྱིས་བརླབ་པ་དང་། དབང་བསྐུར་བར་བྱས་ལ་འདི་སྐད་དོ། །ཨོཾ་ཤྲཱི་ཧེ་རུ་ཀ་ཀྲོ་དྷཱི་ཤྭ་རཱི་བྷ་ག་པདྨརྱ། བཛྲ་ཀཱི་ལི་ཀཱི་ལ་ཡ། དགྲ་བོ་མཱ་ར་ཡ་ཧཱུཾ་ཕཊ། ཨོཾ་


DNG023_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

མུ་ཏྲ་ཤནྟིཾ། དུནྟྲི་དུནྟྲི། བཛྲ་ཀཱི་ལི་ཀཱི་ལ་ཡ། དགྲ་བོ་མཱ་ར་ཡ་ཧཱུཾ་ཕཊ། ཨོཾ་སཱུརྱ་པདྨ་ཁ་རག་སྲིད་འགྲོ་བཛྲ་ཀཱི་ལི་ཀཱི་ལ་ཡ། དགྲ་བོ་མཱ་ར་ཡ་ཧཱུཾ་ཕཊ། དེ་ནས་ཕུར་པ་སོར་བཅུ་གཉིས་པ་ལ་གོང་མའི་སྟེང་ཐུགས་ཀྱི་དགྱེས་སྡེ་མོ་བཞི་བསྣན་ལ་དགོད་དོ། །དེ་ནས་མ་མོ་རྣམས་སྤྱན་འདྲེན་པ་དང་། བཞུགས་སུ་གསོལ་པ་དང་། གཉིས་སུ་མེད་པར་བསྡིམ་པ་དང་། མཆོད་པ་འབུལ་བ་དང་། བཤགས་པ་བྱ་བ་དང་། དངོས་གྲུབ་གསོལ་པ་ལ་སོགས་བྱས་ལ། དེ་ནས་འཛབ་ལ་ཞུགས། བར་བར་དུ་བསྟོད་ཚིགས་ཀྱི་མཆོད་པ་འབུལ། ཐུགས་དམ་བསྐུལ། ཕྲིན་ལས་བཅོལ། གསང་བའི་ཐུགས་ཀ་ནས་ཛ་འདི་འདྲ་བ་སྤྲོ་ཞིང་མནན་སྔགས་དང་། དགྲ་བོའི་སྲོག་གི་སྙིང་པོ་དང་བཅས་པ་དྲངས་ཤིང་དགུག་གོ། །རྟགས་དང་མཚན་མ་མ་བྱུང་གི་བར་དུ་དེ་ལྟར་བྱའོ། །དེ་ནས་རྟགས་དང་མཚན་མ་བྱུང་བ་དང་། མྱུར་དུ་ཕུར་པས་གདབ་པར་བྱ་སྟེ། ཕུར་པ་རྣམས་གནས་གནས་སུ་གདབ་པར་བྱ་སྟེ། འདེབས་སྟངས་རྣམ་པ་གསུམ་བཞི་ཡང་གྱིས་གདབ་པོ། །དེ་ནས་གནན་པ་བྱའོ། །ཕུར་བུ་གདབ་པའི་ལེའུ་སྟེ་སོ་དྲུག་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །བསྟན་པ་གཉན་པོ་འཇིག་བྱེད་ཅིང་། །ལུ་གུ་རྒྱུད་ལས་འགལ་བྱེད་ཅིང་། །སེམས་ཅན་ཀུན་ལ་གནོད་བྱེད་དང་། །བདག་ལ་སྡང་སེམས་བྱེད་པ་རྣམས། །དཔུང་བཤིག་པ་ཡི་ཆོ་ག་ནི། །ཡང་དག་རྫོགས་ལ་བདག་ཉན་འཚལ། །ཡང་དག་རྫོགས་ཀྱིས་བཀའ་སྩོལ་ཅིག །དེ་སྐད་གསོལ་པ་གསན་ནས་ཀྱང་། །ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །ད་ལྟ་ཉིད་དུ་ངས་བསྟན་གྱི། །ཉོན་ཅིག་གནོད་འདུལ་ལྷ་ཡི་གཙོ། །ངས་བསྟན་པ་ལ་ཐེ་ཚོམ་མེད། །ཕ་རོལ་དགྲ་དཔུང་བཤིག་པ་ནི། །ལས་ཀྱི་ཆོ་ག་འདི་ལྟར་བྱ། །ཁྲབ་ཕུབ་གོན་ལ་རྒྱལ་མཚན་གཅིག་དང་མདུང་གཅིག་དང་གཉིས་ཐོགས་ལ། རྒྱལ་མཚན་གྱི་རྩེ་མོ་ལ། ཨོཾ་བཛྲ་ཀྲོ་དྷཱི་ཤྭ་རཱི་བྷ་ག་པདྨརྱ། ཧཱུཾ་ཧཱུཾ་བྷྱོ་བྷྱོ་ས་མ་ཡ་ཤིག་ཅེས་བྲིའོ། །མགུལ་པར་


DNG023_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཤནྟིཾ་པདྨ་ག་རུ་ཏི་བྷྱོ་བྷྱོ་ས་མ་ཡ་ཤིག་ཅེས་བྲིའོ། །ཤར་ཕྱོགས་སུ་ཨོཾ་མུ་ཏྲི་ནི་བྷྱོ་བྷྱོ་ས་མ་ཡ་ཤིག །ཅེས་བྲིའོ། །ལྷོ་ཕྱོགས་སུ་ཨོཾ་ཨཱ་ཤནྟིཾ་ནི་བྷྱོ་བྷྱོ་ས་མ་ཡ་ཤིག །ཅེས་བྲིའོ། །ནུབ་ཕྱོགས་སུ་ཨོཾ་ག་མུན་དུན་ཏྲི་ནི་བྷྱོ་བྷྱོ་ས་མ་ཡ་ཤིག །ཅེས་བྲིའོ། །བྱང་ཕྱོགས་སུ་ཨོཾ་ག་མུན་དནྟྲི་བྷྱོ་བྷྱོ་ས་མ་ཡ་ཤིག །ཅེས་བྲིའོ། །དེ་ནས་སྐེད་པ་ལ་ཤར་ཕྱོགས་སུ་ཨོཾ་སཱུརྱ་བི་ཏོ་ཨ་ཏོ་ཡེ་བྷྱོ་བྷྱོ་ས་མ་ཡ་ཤིག །ཅེས་བྲིའོ། །ལྷོ་ཕྱོགས་སུ་ཨོཾ་བཛྲ་པདྨ་བྱི་ཏོ་ཨ་ཏོ་ཡེ་བྷྱོ་བྷྱོ་ས་མ་ཡ་ཤིག །ཅེས་བྲིའོ། །ནུབ་ཕྱོགས་སུ་བཛྭ་ཁ་ཊྭཱཾ་ག་བྱི་ཏོ་ཨ་ཏོ་ཡེ་བྷྱོ་བྷྱོ་ས་མ་ཡ་ཤིག །ཅེས་བྲིའོ། །བྱང་ཕྱོགས་སུ་བཛྲ་སྲིད་འགྲོ་བྱི་ཏོ་ཨ་ཏོ་ཡེ་བྷྱོ་བྷྱོ་ས་མ་ཡ་ཤིག །ཅེས་བྲིའོ། །དེ་ནས་སྐེད་སྨད་དུ། ཤར་ཕྱོགས་སུ་བཛྲ་ཀེཾ་བཛྲ་ཀེཾ་བྷྱོ་བྷྱོ་ས་མ་ཡ་ཤིག །ཅེས་བྲིའོ། །ལྷོ་རུ་བཛྲ་ཏ་ཀེཾ་ས་མ་ཡ་བྷྱོ་བྷྱོ་ས་མ་ཡ་ཤིག །ཅེས་བྲིའོ། །ནུབ་ཕྱོགས་སུ། ཨོཾ་བཛྲ་ནི་ལ་ད་བཛྲ་ནི་ལ་ད་བྷྱོ་བྷྱོ་ས་མ་ཡ་ཤིག །ཅེས་བྲིའོ། །བྱང་ཕྱོགས་སུ་བཛྲ་ལན་ད་བཛྲ་ལན་ད་བྷྱོ་བྷྱོ་ས་མ་ཡ་ཤིག །ཅེས་བྲིའོ། །དར་ལ་སྐུར་བྱས་ཏེ་རྒྱལ་མཚན་བྱས་ན་ཡང་བཟང་། དེ་ནས་མདུང་དར་གྱི་རྩེ་མོ་ལ་སྲིད་པའི་མ་མོ་རྣམས་ཀྱི་སྙིང་པོ་བྲི་སྟེ། དར་གྱི་ལྕེ་ལྔ་བཅུ་གཅིག་པར་བྱས་ཏེ། དང་པོ་ལ་བཛྲ་ཟ་འགྲམ་མུ་རཾ་ཤྭ། ཞེས་བྲིས་སོ། །དེའི་འོག་མ་ལ་བཛྲ་ཁ་རག་སྙིང་ཁ་རག །ཅེས་བྲིའོ། །དེའི་འོག་མ་ལ་སྙིང་ཏྲག་རཀྴ་ཏྲག་རཀྴ། ཞེས་བྲིའོ། །དེའི་འོག་མ་ལ་ཁ་མུན་ཙཀྲ་ཤ་བྷྱོ། ཞེས་བྲིའོ། །དེའི་འོག་མ་ལ་ཏྲག་ཤ་མུ་ཏྲ་བན་ཁ་མུནྟྲ་བ་ཏྲ་རཀྴ་བྷྱོ། ཞེས་བྲིའོ། །དེའི་འོག་མ་ལ་པྲ་བན་པྲ་ཀ་ར་ཏིཥྚ་བྷྱོ་བྷྱོ། ཞེས་བྲིའོ། །དེའི་འོག་མ་ལ་སྲང་གི་ཝང་གིང་ཤང་ཞེས་བྲིའོ། །དེའི་འོག་མ་ལ་བྷྱོ་བྷྱོ་ཧཱུཾ་ཀ་རི་ཁ་བ་དོ་རད་བ་དོར་བྷྱོ། ཞེས་བྲི། དེའི་འོག་མ་ལ་ཆུ་ར་མི་ཏ་ཁ་ཊྭཱཾ་བྷྱོ། ཞེས་བྲིའོ། །དེའི་འོག་མ་ལ་བ་ལ་ཛྭ་ལ་བྷྱོ་ཞེས་བྲིའོ། །དེའི་འོག་མ་ལ་པདྨ་བ་ལ་ཙཎྜ་མ་འགུར་རཀྟོ་བྷྱོ། ཞེས་བྲིའོ། །དེའི་འོག་མ་ལ་ཏིང་སཾ་ཏིང་སཾ། ཞེས་བྲིའོ། །དེའི་


DNG023_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

འོག་མ་ལ་ལཱ་ལི་ཏི་བྷྱོ། ཞེས་བྲིའོ། །དེའི་འོག་མ་ལ་ཧེ་སང་ཏིང་བྷྱོ། ཞེས་བྲིའོ། །དེའི་འོག་མ་ལ་བྱི་ཏིང་བྷྱོ། ཞེས་བྲིའོ། །དེའི་འོག་མ་ལ་ཕུར་ཏིང་བྷྱོ་ཞེས་བྲིའོ། །དེའི་འོག་མ་ལ་མུར་ཏིང་བྷྱོ། ཞེས་བྲིའོ། །དེའི་འོག་མ་ལ་བཛྲ་ཤཱནྟིཾ་བྷྱོ། ཞེས་བྲིའོ། །དེའི་འོག་མ་ལ་དུནྟིང་བྷྱོ། ཞེས་བྲིའོ། །དེའི་འོག་མ་ལ་གྲུབ་ཏིང་བྷྱོ། ཞེས་བྲིའོ། །དེའི་འོག་མ་ལ་ཧར་ཏིང་བྷྱོ། ཞེས་བྲིའོ། །དེའི་འོག་མ་ལ་ཧེ་སང་ཏིང་ཧེ་སང་ཏིང་བྷྱོ། ཞེས་བྲིའོ། །དེའི་འོག་མ་ལ་དུ་ན་བྷྱོ། ཞེས་བྲིའོ། །དེའི་འོག་མ་ལ་འདི་ན་མ་མ་གཡས་བྷྱོ། ཞེས་བྲིའོ། །དེའི་འོག་མ་ལ་མ་ནུ་རཀྴ་སཱི་བྷྱོ། ཞེས་བྲིའོ། །དེའི་འོག་མ་ལ་བྲཱ་ཧྨ་ཎཱི་བྷྱོ། ཞེས་བྲིའོ། །དེའི་འོག་མ་ལ་རོའུ་ཏྲི་མ་བྷྱོ། ཞེས་བྲིའོ། །དེའི་འོག་མ་ལ་བིཥྞ་བེ་བྷྱོ། ཞེས་བྲིའོ། །དེའི་འོག་མ་ལ་ཀཽ་མ་རཱི་བྷྱོ། ཞེས་བྲིའོ། །དེའི་འོག་མ་ལ་ཨིནྟྲ་བྷྱོ། ཞེས་བྲིའོ། །དེའི་འོག་མ་ལ་པིཾ་ག་ལ་བྷྱོ། ཞེས་བྲིའོ། །དེའི་འོག་མ་ལ་ཨ་མྲྀ་ཏ་བྷྱོ། ཞེས་བྲིའོ། །དེའི་འོག་མ་ལ་སཽ་མྱ་བྷྱོ། ཞེས་བྲིའོ། །དེའི་འོག་མ་ལ་དཎྜ་དཾ་བྷྱོ། ཞེས་བྲིའོ། །དེའི་འོག་མ་ལ་རཀྴ་སཱི་བྷྱོ། ཞེས་བྲིའོ། །དེའི་འོག་མ་ལ་བག་ཤ་སཱི་བྷྱོ། ཞེས་བྲིའོ། །དེའི་འོག་མ་ལ་ར་ཏྲཱི་བཛྲ་བྷྱོ། ཞེས་བྲིའོ། །དེའི་འོག་མ་ལ་ར་ཏྲི་རེ་མཏྟཱ་བྷྱོ། ཞེས་བྲིའོ། །དེའི་འོག་མ་ལ་ཨེ་ཀ་ཙ་ར་བྷྱོ། ཞེས་བྲིའོ། །དེའི་འོག་མ་ལ་མ་ནོ་ཧ་ར་བྷྱོ། ཞེས་བྲིའོ། །དེའི་འོག་ཏུ་སིདྡྷི་ཀཾ་བྷྱོ། ཞེས་བྲིའོ། །དེའི་འོག་མ་ལ་བཱེ་ཡ་བེ་བྷྱོ། ཞེས་བྲིའོ། །དེའི་འོག་མ་ལ་མ་ཧཱ་མ་ར་ཎ་བྷྱོ། ཞེས་བྲིའོ། །དེའི་འོག་མ་ལ་ཨགྣི་མ་བྷྱོ། ཞེས་བྲིའོ། །དེའི་འོག་མ་ལ་བཱ་ར་ཧཱི་བྷྱོ། ཞེས་བྲིའོ། །དེའི་འོག་མ་ལ་ཙ་མུནྟྲཱི་བྷྱོ། ཞེས་བྲིའོ། །དེའི་འོག་མ་ལ་སུ་ཏ་ཏ་ན་བྷྱོ། ཞེས་བྲིའོ། །དེའི་འོག་ཏུ་བཱ་རུ་ཎཱི་བྷྱོ། ཞེས་བྲིའོ། །དེའི་འོག་མ་ལ་མ་ཧཱ་ཀཱ་ལི་བྷྱོ། ཞེས་བྲིས་སོ། །དེའི་འོག་མ་ལ་ཙ་ཀཱ་ལ་བྷྱོ། ཞེས་བྲིའོ། །དེའི་འོག་མ་ལ་ཀུམྦྷ་ཀརྞ་བྷྱོ། ཞེས་བྲིའོ། །དེའི་འོག་མ་ལ་བཛྲ་ལམ་བྷོ་ད་ར་བྷྱོ། ཞེས་བྲིའོ། །དེ་ནས་དགྲ་བོ་གང་ན་འདུག་པའི་ས་ཕྱོགས་སུ་ཁ་བལྟས་ལ། མ་བདུན་དང་སྲིང་བཞི་ཡང་བསྐུལ། ནམ་མཁའི་རྒྱལ་མོ་ཡང་བསྐུལ་ལོ། །སྔགས་


DNG023_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་ཅུ་རྩ་བརྒྱད་ཀྱང་བཟླས་སོ། །མ་མ་རུ་ལུ་རུ་ལུ་བྷྱོ། ཏྲཀྵ་ཏྲཀྴ་ཏྲཀྴ་རཀྴ་ཏྲཀྴ་ཙིཏྟ་ཁ་ཐུམ། ཁ་རག་བྷྱོ། ཤིག་ཤིག་ཅེས་དུས་དང་རྣམ་པ་མེད་པར་བཟླས་སོ། །དེ་ནས་དགྲ་བོའི་ཕྱོགས་སུ་རྒྱལ་མཚན་བརྡབ། །མདུང་གིས་ཀྱང་གདབ་པའི་ཚུལ་སྟོན་དེས་འགྲུབ་པོ། །དགྲ་བོའི་དཔུང་བཤིག་པའི་ལེའུ་སྟེ་སོ་བདུན་པའོ།། །།གཡུང་དྲུང་ལྷ་ཡིས་ཡང་གསོལ་པ། །བསྟན་པ་གཉན་པོ་འཇིག་བྱེད་དང་། །རྣལ་འབྱོར་ཐམས་ཅད་སུན་འབྱིན་བྱེད། །དམ་པའི་ཆོས་ལ་སྨོད་པ་དང་། །བདག་ལ་དམོད་བྱད་བྱེད་པ་རྣམས། །ཟློག་པའི་ཆོ་ག་ཇི་ལྟར་ལགས། །ཡང་དག་རྫོགས་ལ་བདག་ཉན་འཚལ། །ཡང་དག་རྫོགས་ཀྱིས་བཀའ་སྩོལ་ཅིག །དེ་སྐད་གསོལ་པ་གསན་ནས་ཀྱང་། །ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །བསྟན་པ་གཉན་པོ་འཇིག་པ་དང་། །རྣལ་འབྱོར་ཐམས་ཅད་སུན་འབྱིན་དང་། །དམ་པའི་ཆོས་ལ་སྨོད་པ་དང་། །བདག་ལ་དམོད་བྱད་བྱེད་པ་རྣམས། །བཟློག་པའི་ཆོ་ག་ངས་བསྟན་གྱི། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །ངས་བསྟན་པ་ལ་ཐེ་ཚོམ་མེད། །བཟློག་པའི་ཆོ་ག་འདི་ལྟར་བྱ། །མུ་སྟེགས་ཀྱི་རང་བཞིན་གྱི་འཇིག་རྟེན་ལ་གནས་པས། འཇིག་རྟེན་མཆོག་ཏུ་གྱུར་པའི་སྤྱོད་ཡུལ། ལོངས་སྤྱོད་དུ་གྱུར་པའི་གསུར་ཆེན་དང་། གུ་གུལ་གྱི་དུད་པས་མིང་བྱང་ལ་བདུག །ཐལ་ཆེན་གྱིས་ཁང་ཁྱིམ་ལ་གཏོར་ལ། ཐུགས་ལ་བརྣག་པའི་སྔགས་འདི་བཟླས་སོ། །ཧཱུཾ་བ་ཏོ་བ་ལ་སད་ད་བཛྲ་མཱ་ར་ཡ་ཕྱེ། ཞེས་བཟླས་ཤིང་གཏོར་རོ། །ཁང་པ་ཐག་རིང་ན་ཡུལ་ཕྱོགས་སུ་ཁ་བལྟས་ལ་གང་ལ་བྱ་བ་དེར་དམིགས་ལ། སྔགས་བཟླས་ཤིང་ཐལ་ཆེན་གཏོར་རོ། །དེ་ལྟར་བྱས་ན་མུ་སྟེགས་ཀྱི་བྱད་བཟློག་གོ། །མུ་སྟེགས་བཟློག་པའི་ལེའུ་སྟེ་སོ་བརྒྱད་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །བསྟན་པ་གཉན་པོ་འཇིག་བྱེད་ཅིང་། །ལུ་གུ་རྒྱུད་ལས་འགལ་བྱེད་དང་། །སེམས་ཅན་ཀུན་ལ་གནོད་བྱེད་དང་། །བདག་ལ་སྡང་སེམས་བྱེད་པ་དག །ཡུལ་ནས་དབྱུང་ན་ཅི་ལྟར་དབྱུང་། །རྫོགས་སངས་རྒྱས་ལ་བདག་ཉན་འཚལ། །


DNG023_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་སངས་རྒྱས་ཀྱིས་བཀའ་སྩོལ་ཅིག །དེ་སྐད་གསོལ་པ་གསན་ནས་ཀྱང་། །རྫོགས་སངས་རྒྱས་ཀྱིས་བཀའ་སྩལ་པ། །བསྟན་པ་གཉན་པོ་འཇིག་བྱེད་དང་། །ལུ་གུ་རྒྱུད་ལས་འགལ་བྱེད་དང་། །སེམས་ཅན་ཀུན་ལ་གནོད་བྱེད་དང་། །བདག་ལ་སྡང་སེམས་བྱེད་པ་རྣམས། །ཡུལ་ནས་དབྱུང་བའི་ཆོ་ག་ནི། །གཏན་ཚིགས་རྩ་བ་གཏན་ལ་དབབ། །ཉོན་ཅིག་གནོད་འདུལ་ལྷ་ཡི་གཙོ། །ངས་བསྟན་པ་ལ་ཐེ་ཚོམ་མེད། །མི་མང་པོ་ཕུང་བའི་རོ་ཤུལ་གྱི་ས་དང་། སྲུབ་མའི་ལོ་མ་དང་། ཇུ་ཙེའི་ཕུབ་མ་དང་། ཐལ་ཆེན་དང་དེ་རྣམས་བསྲེས་ལ། རྔ་མོའི་སྙིང་དང་། ཁྱི་དང་སྤྱང་ཀིའི་ཁྲག་གིས་སྦྲུས་ལ་གཟུགས་བྱས་ཏེ། གྲོ་ག་ལ་མིང་རུས་བྲིས། མགོ་བོར་ཧཱུཾ་བྲིས། མཇུག་ཏུ་ཕཊ་བྲིས་ལ། ཙིཏྟ་ན་རཀྴ། ཙིཏྟ་ན་རཀྴ་ཁ། ཙིཏྟ་ཡཀྴ་ཁ། ཙིཏྟ་ཐུམ་རི་ལི་ལི་རྦད། ཅེས་གྲོ་ག་ལ་བྲིས་ལ་མིང་རུས་དང་གཉིས་སྙིང་གར་བླན། ཡཾ་ནག་པོ་བདུན་བྲིས་ལ་ཁ་བྲག་ཏུ་སླན། དེ་ནས་གྲོ་གའི་རྐྱལ་བུའི་ནང་དུ་བཅུག་ལ། རྡོ་རྗེ་རྒྱ་གྲམ་གྱི་ཕྱག་རྒྱ་བྱས་ལ། སྔགས་འདི་ལན་ཉི་ཤུ་རྩ་གཅིག་བཟླས་པས་དམིགས་བྱ་མྱོས་ཤིང་དབྱུང་བར་འགྱུར་རོ། །སྔགས་ལ། བ་ཏི་ཏ་ན་ཐོ་བ་བུད། ན་མ་ཤ་ལ་སྭཱ་ཧཱ། ཡཾ་ཐེག་ཡཾ་ཞེས་བཟླས་ཤིང་མཐུན་པའི་རླུང་ལ་བསྐུར་ན་ཡུལ་ནས་དབྱུང་བ་ལ་ཐེ་ཚོམ་མེད་དོ། །ཡུལ་ནས་དབྱུང་བའི་ལེའུ་སྟེ་སོ་དགུ་པའོ།། །།གཡུང་དྲུང་ལྷ་ཡིས་ཡང་གསོལ་པ། །བསྟན་པ་གཉན་པོ་འཇིག་བྱེད་དང་། །ལུ་གུ་རྒྱུད་ལས་འགལ་བྱེད་དང་། །སེམས་ཅན་ཀུན་ལ་གནོད་བྱེད་དང་། །བདག་ལ་སྡང་སེམས་བྱེད་པ་རྣམས། །མ་མོས་ཁ་བཅིང་ཇི་ལྟར་བགྱི། །རྫོགས་སངས་རྒྱས་ལ་བདག་ཉན་འཚལ། །རྫོགས་སངས་རྒྱས་ཀྱིས་བཀའ་སྩོལ་ཅིག །དེ་སྐད་གསོལ་པ་གསན་ནས་ཀྱང་། །རྫོགས་སངས་རྒྱས་ཀྱིས་བཀའ་སྩལ་པ། །བསྟན་པ་གཉན་པོ་འཇིག་བྱེད་ཅིང་། །ལུ་གུ་རྒྱུད་ལས་འགལ་བྱེད་དང་། །སེམས་ཅན་ཀུན་ལ་གནོད་བྱེད་དང་། །བདག་ལ་སྡང་སེམས་བྱེད་པ་རྣམས། །མ་མོས་ཁ་བཅིང་ངས་བསྟན་


DNG023_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

གྱི། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །ངས་བསྟན་པ་ལ་ཐེ་ཚོམ་མེད། །མ་མོས་ཁ་བཅིང་བ་ལ། མི་འཕན་པོ་ཕྱུག་པོའི་ཐོད་པ་ལ། རྨྱུག་མའི་སྤྲ་རྩི་དང་ཀླད་པར་བརྫིས་ལ་ཐོད་པའི་ཁར་བཅུག་ལ། སྐུད་པ་སྔོ་དམར་གྱིས་ཁ་བཅིངས་ལ། ཆུ་སྲིན་གྱི་ཕྱག་རྒྱ་བཅས་ལ་ཕྱོགས་བཞིར་བསྒྱུར་ཞིང་བསྟན་ནས་བརྣག་པའི་སྔགས་འདི་བཟླས་སོ། ཨོཾ་རྣལ་ཐིག་རྣལ་པྲ་བ་ཚུགས་ཤྭ་ལ་མེད་ཐུ་ལས་ཐུ་ལྕགས་ཀྱིས་ཀྱི་ཀྲ་ཐེད་སྭཱ་ཧཱ། ཞེས་བཟླས་ཤིང་ཕྱག་རྒྱ་བསྒྱུར་རོ། །བཟློག་པའི་ཚེ་མཆིལ་མ་རང་གི་ཁོང་པར་མི་གཏང་བར་བྱའོ། །ལས་འདིས་བདག་ལ་དགྲ་མི་སྲིད་དོ། །དེས་དགྲ་བོ་སྟོང་ཡང་ཁ་བཅིང་བར་འགྱུར་རོ། །མ་མོས་དགྲ་བོའི་ཁ་བཅིངས་པའི་ལེའུ་སྟེ་བཞི་བཅུ་པའོ།། །།གཡུང་དྲུང་ལྷ་ཡིས་ཡང་གསོལ་པ། །བསྟན་པ་གཉན་པོ་འཇིག་བྱེད་དང་། །ལུ་གུ་རྒྱུད་ལས་འགལ་བྱེད་དང་། །སེམས་ཅན་ཀུན་ལ་གནོད་བྱེད་དང་། །བདག་ལ་ངན་སེམས་བྱེད་པ་ལ། །ནན་ཏུར་ལས་རྣམས་ཇི་ལྟར་འཚལ། །རྫོགས་སངས་རྒྱས་ལ་བདག་ཉན་འཚལ། །རྫོགས་སངས་རྒྱས་ཀྱིས་བཀའ་སྩོལ་ཅིག །དེ་སྐད་གསོལ་པ་གསན་ནས་ཀྱང་། །རྫོགས་སངས་རྒྱས་ཀྱིས་བཀའ་སྩལ་པ། །བསྟན་པ་གཉན་པོ་འཇིག་བྱེད་དང་། །ལུ་གུ་རྒྱུད་ལས་འགལ་བྱེད་དང་། །སེམས་ཅན་ཀུན་ལ་གནོད་བྱེད་དང་། །བདག་ལ་ངན་སེམས་བྱེད་པ་ལ། །ནན་ཏུར་ལས་རྣམས་ངས་བསྟན་གྱི། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །ངས་བསྟན་པ་ལ་ཐེ་ཚོམ་མེད། །ཇི་ལྟར་ཡིད་འཐད་གནས་སུ་ནི། །འབྲུ་སྣ་ཚོགས་པའི་མི་གཟུགས་ལ། །མཁར་ཐབས་མདའ་ཡིས་བརྒྱན་ནས་ནི། །སླེའུ་བཟང་དར་དཀར་ཆས་ཀྱིས་བརྒྱན། །ཡོ་བྱད་ཚོགས་པའི་སྡེར་ཆ་ལ། །ཟ་འོག་མདའ་ཡིས་རྣམ་པར་བརྒྱན། །སླེའུ་ཟངས་སླེ་རིས་སྦྲ་ཡི་རྐྱེན། །རིན་ཆེན་སྣ་བདུན་རྒྱན་གྱིས་བརྒྱན། །མ་ཧཱ་ཤནྟིཾ་གཞུང་བཞིན་བརྗོད། །ཕོ་རིགས་རྣམས་ལ་གཞུང་བཞིན་བསྔོ། །དེ་ནས་གཞུང་བཞིན་བསྔོ་བ་དང་། །སོལ་བའི་དོང་ཁྲུ་གང་བའི་


DNG023_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ནང་དུ་ཕྱི་རྒན་དུ་མནན་ལ། དེའི་སྟེང་དུ་ར་སོག་ལ་དགྲ་གང་ཡིན་པའི་གཟུགས་བྲིས་ལ། ཁ་སྦུབ་ཏུ་མནན་ནོ། །དེའི་སྟེང་དུ་རྡོ་རྗེ་རྒྱ་གྲམ་གྱིས་མནན་ནོ། །དེ་ནས་དགྲ་བོའི་མིང་བྲིས་ཏེ། འོ་དོད་འབོད་ལ་གཏོང་ལས་མྱུར་དུ་འགྲུབ་པོ། །རྨྱུག་རྒོད་ལ་དཔག་བསམ་གྱི་ཤིང་གི་གཟུགས་བྱས་ལ། གྲོ་ག་ལ་དགྲ་བོའི་གཟུགས་བྱས་ལ། སྙིང་གར་ཁྲག་གིས་མིང་བྲིས་ལ་གསེར་གཡུ་གཉིས་སྐོས་རྗེ་དྲང་དཀར་ལ་བསྔོས་ལ། དེ་ནས་མན་ཏ་ལའི་དར་དུ་བཏུམ་ལ། འདའ་ར་པ་ཏིས་གདགས་སོ། །ཨ་ཏི་པ་རའི་ཐག་པས་བཅིང་ངོ་། །འོ་དོད་དྲག་ཏུ་འབོད་དོ། །དེས་སྨྱོ་རྒོད་དྲག་པོས་ཐེབས་པར་འགྱུར་རོ། །ལྕགས་དང་གསེར་དུ་གཡུ་བསྲེས་ལ་ཁོལ་པོ་ཞིག་འཛིན་ལ་བསྔོས་ལ། གོང་དུ་བསྟན་པའི་གཟུགས་དང་། བསྔོས་པའི་ཡས་སྟགས་བསྲེས་ལ་རུ་སྦལ་གྱི་ཤུན་པས་གཏུམས་ལ། པ་ར་ཏའི་དོང་དུ་གཞུག་གོ། །ཡེ་ཤེས་རྗེ་མོའི་ཕྱག་རྒྱས་གདབ་པོ། །དེས་ནི་དབང་པོ་མི་གསལ་བ་དང་དིག་པ་དང་ལྐུགས་པར་འགྱུར་རོ། །ཟངས་དང་ལྕགས་དང་གསེར་གསུམ་བརྡར་ལ། ཡ་བདུད་ཆེན་པོ་ལ་བསྔོས་ལ། གོང་དུ་བསྟན་པའི་གཟུགས་དང་། བསྔོས་པའི་ཡས་སྟགས་བསྲེས་ལ་མུ་ལ་ནའི་དོང་དུ་གཞུག་གོ། །ཆེ་མཆོག་རྟགས་ཀྱི་ཕྱག་རྒྱས་གདབ་པོ། །དེས་གློ་བུར་དུ་འཆི་བར་འགྱུར་རོ། །འབྲུ་སྲན་དག་ལ་གླིང་བཅུ་གཉིས་ཀྱི་གཟུགས་བྲིས་ལ། དཀོར་ཆས་བརྒྱན་ལ་ཡར་ལྷ་ཤོད་ཀྱི་སྐྱེས་ཏོ་རེ་ལ་བསྔོས་ལ། དེ་ནས་འཇག་མ་ལ་མི་གཟུགས་བྱས་ཏེ། དགྲ་བོའི་མིང་བྲིས་ཏེ་གཟུགས་སྙིང་གར་གླན་ནོ། །ཟན་ལ་ཟ་བའི་ཚུལ་བྱེད་དུ་གཞུག་གོ། །འོ་དོད་དྲག་ཏུ་འབོད་དོ། །དེ་ལྟར་བྱས་ན་ཐུམ་བུར་འོང་ངོ་། །རུས་པ་སྣ་ཚོགས་སྤུངས་ལ་གཤིན་རྗེའི་རྒྱལ་པོ་ལ་བསྔོས་ལ་ཡས་སྟགས་དེའི་གསེབ་ཏུ་ཁམ་ས་ལ་དགྲ་བོའི་གཟུགས་བྱས་ལ། སྙིང་གར་མིང་རུས་བྲིས་ཏེ་ཁ་སྦུབ་སྟེ་བསྒྱེལ་ལ་མདའ་འཕེན་པའི་ཚུལ་དུ་བྱས་པའོ། །ཅི་ཡང་རུང་བའི་ཤིང་ལྤགས་ཡང་བཀོན་ནོ། །གཤིན་རྗེ་ནག་པོའི་སྔགས་ཀྱང་གདབ་པོ། །དེས་གྲིར་འཆིའོ། །མི་ནོར་


DNG023_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བཏགས་པ་སྣ་ཚོགས་ཀྱི་དཀྱིལ་དུ། རྩྭ་ལ་གཟུགས་བྱས་ལ་གྲོ་ག་ལ་མིང་བྲིས་ཏེ། ས་ལ་ཨུ་མ་དེ་ཝཱིའི་གཟུགས་བྱས་ལ། ཨུ་མ་དེ་ཝཱིའི་གཟུགས་སྟེང་དུ་བསྐྱོན་ལ་འདོད་ཆགས་སྤྱོད་པའི་ཚུལ་དུ་བྱའོ། །མ་ཨེ་བ་ནི་བྷཉྫ་མཱ་ར་ན་ཕཊ་ཅེས་བྱ་བའི་སྔགས་ཀྱིས་གདབ་པོ། །མཁལ་སྐེད་ན་བ་དང་ཕོ་མཚན་སྐྲངས་པ་དང་། ཆུ་འགགས་ནས་འཆིའོ། །དུང་དང་གསེར་དང་གཡུ་དང་བསེ་དང་མཚལ་ལ་སོགས་པའི་ཡས་སྟགས་སྣ་ཚོགས་དང་། དགྲ་བོའི་མིང་བྱང་བྲིས་ལ་བ་ཏི་དམར་པོའི་པགས་པས་གཏུམས། བ་རི་བ་མ་ཧཱ་ར་ན་ཅེས་བཟླས་སོ། །དེ་ལ་གདབ་པར་བྱ། དེས་ནི་མྱུར་དུ་སྦོས་པར་འགྱུར། གསེར་དང་དུང་དང་ལྕགས་གསུམ་ལ་དགྲ་བོའི་མིང་བསྲེས་ཏེ་བསྲེགས་ལ་རྫ་ནག་པོའི་ནང་དུ་བཅུག་ལ། བ་ཏི་མཱ་ར་སྔགས་ཀྱིས་བཏབ་ལ་སྦ་ཞིང་གཏད་ན་རྦབ་དང་བྲག་གཡང་དུ་འཆི། ཆོ་ག་བྱེད་པའི་དུས་སུ་བདག་ཉིད་མུ་ཁ་ལེའི་ཏིང་ངེ་འཛིན་ནམ། དབང་ཆེན་གྱི་ཏིང་ངེ་འཛིན་ལ་ཞུགས་ལ་གཞུང་བཞིན་དུ་བསྐུལ་ལོ། །ཕོ་རིགས་ཀྱི་ཕྱི་མ་ལ་ལས་བཅོལ་བ་ནི་ཡོད་ན། འཁུ་ལྡོག་ཆེ་ལ་རྒྱབ་འགྱུར་བས་འདིར་མ་གསུངས་སོ། །བདུད་ལ་གཏད་པའི་ལེའུ་སྟེ་ཞེ་གཅིག་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །སེང་གེ་ཕྲུ་གུ་ནང་འཛིངས་པའི། །རྨི་ལྟས་བཟློག་ན་ཇི་ལྟར་ཟློག །གསད་པའི་ཐབས་ནི་ཇི་ལྟར་ལགས། །ཡང་དག་རྫོགས་ལ་བདག་ཉན་འཚལ། །ཡང་དག་རྫོགས་ཀྱིས་བཀའ་སྩོལ་ཅིག །དེ་སྐད་ཞུས་པ་གསན་ནས་ཀྱང་། །ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་གནོད་འདུལ་ལྷ་ཡི་གཙོ། །ངས་བསྟན་པ་ལ་ཐེ་ཚོམ་མེད། །སེང་གེ་ཕྲུ་གུ་ནང་འཛིངས་པའི། །རྨི་ལྟས་བཟློག་པར་བྱ་ན་འདི་ལྟར་བཟློག་གོ། ། མ་གྱི་ནང་ནས་འབོབ་ཕྱུང་ལ། །དེ་ཡང་ས་ལ་བརྡབ་པར་བྱ། །བེར་ག་དང་ཕུ་འདུད་ཡང་ས་ལ་བརྡབ་པར་བྱའོ། །དེ་གསུམ་གདབ་པའི་སྔགས་ལ། ཨོཾ་མེ་ཨ་མ་ལ་མེ་སྭཱ་ཧཱ། མེ་ཏི་མེ་ཏི་མཱ་ར་ཡ་ཏི་ནས་སྭཱ་ཧཱ། དེས་ཇི་ལྟར་ལ་ཡང་ཟློག་གོ། །གསད་པའི་ཐབས་


DNG023_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཁྲག་དུང་ཕོར་གང་གི་ནང་དུ་ཁྱི་རུས་དང་ཕག་རུས་དང་ཝ་རུས་དང་ཀུན་བཙོས་ལ། སྲོད་འཁོར་ཙམ་ལ་ཁྱིམ་ལ་གཏོར་ཞིང་སྔགས་འདི་བཟླས་སོ། །མ་དུ་མ་ནུ་ར། རཀ་མ་བ་ཤ །ཀུ་རུ་ཐུམ་རྦད། དུན་ཏི་དུན་ཏིངས་མཱ་ཡ་མ་ཤ་ཁ་མུ་ལེ་རྦད། པར་ལ་ཁྱུང་ཏིང་ཧེ། ཞེས་བརྒྱ་རྩ་བརྒྱད་བཟླས། པུ་ན་ཤ་ཁྲག་སྡིབས། ཁ་མུ་ལེ་རྦད། ཁ་མུ་ཏོ་ཏིང་རྦད། ཨི་ཏིང་ཡ་རྦད། ཅེས་བརྗོད་ན་རྩལ་ཉམས་ནས་ཟླ་བ་ལ་རྟགས་འོང་ངོ་། །སེང་གེ་ཕྲུ་གུ་ནང་འཛིངས་པའི་རྨི་ལྟས་བཟློག་པ་དང་། གསད་པའི་ཐབས་ཀྱི་ལེའུ་སྟེ་ཞེ་གཉིས་པའོ།། །།བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །སྔོན་འདས་པའི་དུས་མ་བྱུང་བའི་སྔོན་རོལ་ན། སྲིད་པ་ཐམས་ཅད་ཀྱི་སེམས་མྱ་ངན་ལས་ཟློས་པའི་ཕྱིར། གཡུང་དྲུང་ལྷ་ཡིས་ཡང་གསོལ་པ། །ཐམས་ཅད་མྱ་ངན་ཇི་ལྟར་ཟློ། །དེ་ཀུན་ལྷ་ཡིས་བཀའ་སྩལ་པ། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །ཆེ་བས་ཆེ་བའི་ཟབ་མོ་འདིར། །ཆེ་བའི་ཡེ་ཤེས་རྙེད་དཀའ་བ། །ཤེས་རབ་ཐབས་ལ་བརྟེན་ཏེ་འགྲུབ། །མིང་ཙམ་འདི་ཞེས་བསྟན་དུ་མེད། །བརྗོད་པ་ཀུན་ལས་འདས་པའོ། །དོན་དམ་སྤྲོས་ལས་འདས་པས་ན། །ཐམས་ཅད་མ་ལུས་སངས་རྒྱས་སོ། །མགུར་ཆེན་གྱི་ལེའུ་སྟེ་ཞེ་གསུམ་པའོ།། །།ཏིང་འཛིན་དབང་ཆེན་དཀྱིལ་འཁོར་རིམ་གྱིས་བསྐྱེད། །བདག་ཉིད་ཆེ་མཆོག་སྐུར་བསྒོམས་ལ། །ཐམས་ཅད་མ་ལུས་དབང་དུ་སྡུད། །མན་ངག་མཛུབ་ཚུགས་དྲུག་གིས་དོན་རྣམས་བྱ་བར་བསྟན། །མགུར་ཆུང་གི་ལེའུ་སྟེ་ཞེ་བཞི་པའོ།། །།རྡོ་རྗེ་སེམས་དཔས་ཡང་གསོལ་པ། །སེམས་ཅན་དུས་མིན་འཆི་བ་རྣམས། །དེ་ལས་བཟློག་པ་ཇི་ལྟར་ཟློག །བསྐང་བའི་གནས་ལྔ་ཇི་ལྟར་ལགས། །ཡང་དག་རྫོགས་ལ་བདག་ཉན་འཚལ། །ཡང་དག་རྫོགས་ཀྱིས་བཀའ་སྩོལ་ཅིག །དེ་སྐད་གསོལ་པ་གསན་ནས་ཀྱང་། །ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །སེམས་ཅན་དུས་མིན་འཆི་བ་རྣམས། །དེ་ལ་བཟློག་པ་ངས་བསྟན་གྱི། །


DNG023_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་ཅིག་རྡོ་རྗེ་སེམས་དཔའི་གཙོ། །ངས་བསྟན་པ་ལ་ཐེ་ཚོམ་མེད། །བསྐང་བའི་གནས་ལྔ་འདི་རྣམས་སོ། །སྣང་སྲིད་ཐམས་ཅད་ཡུམ་གྱི་བྷ་ག་སྟེ། །དུས་གསུམ་བདེ་གཤེགས་ཡུམ་གྱི་ཀློང་ནས་བསྐྱེད། །དབུས་ཀྱི་ཆེ་མཆོག་སྐུ་དང་གཉིས་མེད་བཞུགས། །མུ་མཐར་ཁྱབ་པའི་ཐུགས་དམ་བདག་སྐོང་ན། །དབང་དང་དངོས་གྲུབ་དུས་འདིར་སྩལ་དུ་གསོལ། །ཤར་ཕྱོགས་རྡོ་རྗེ་རིགས་ཀྱི་གཙོ། །རྡོ་རྗེ་དབྱིངས་ཕྱུག་མི་ཕྱེད་མ། །བསྐང་ངོ་བསྐལ་པའི་ཐུགས་དམ་བསྐང་། །ལྷོ་ཕྱོགས་རིན་ཆེན་རིགས་ཀྱི་གཙོ། །རིན་ཆེན་དབྱིངས་ཕྱུག་མི་ཕྱེད་མ། །བསྐང་ངོ་བསྐལ་པའི་ཐུགས་དམ་བསྐང་། །ནུབ་ཕྱོགས་པདྨ་རིགས་ཀྱི་གཙོ། །པདྨ་དབྱིངས་ཕྱུག་མི་ཕྱེད་མ། །བསྐང་ངོ་བསྐལ་པའི་ཐུགས་དམ་བསྐང་། །བྱང་ཕྱོགས་ལས་ཀྱི་རིགས་ཀྱི་གཙོ། །ལས་ཀྱི་དབྱིངས་ཕྱུག་མི་ཕྱེད་མ། །བསྐང་ངོ་བསྐལ་པའི་ཐུགས་དམ་བསྐང་། །དབྱིངས་ཀྱི་མ་ཆེན་བརྒྱད་རྣམས་དང་། །ཡུལ་གྱི་མ་ཆེན་བརྒྱད་རྣམས་ཀྱི། །བསྐང་ངོ་བསྐལ་པའི་ཐུགས་དམ་བསྐང་། །བསྐང་བའི་ལེའུ་སྟེ་ཞེ་ལྔ་པའོ།། །།རྡོ་རྗེ་སེམས་དཔས་ཡང་གསོལ་པ། །དམ་ཚིག་འདས་པའི་སྔགས་གཟེར་དང་། །འཇིག་རྟེན་མཚན་མ་བྱོལ་བ་དང་། །ལྷ་འདྲེ་རྫུ་འཕྲུལ་དྲག་གཡོས་དང་། །ངན་སྔགས་རྫུ་འཕྲུལ་ཅི་ལྟར་བཟློག །རྫོགས་སངས་རྒྱས་ལ་བདག་ཉན་འཚལ། །རྫོགས་སངས་རྒྱས་ཀྱིས་བཀའ་སྩོལ་ཅིག །དེ་སྐད་ཞུས་པ་གསན་ནས་ཀྱང་། །རྫོགས་སངས་རྒྱས་ཀྱིས་བཀའ་སྩལ་པ། །དམ་ཚིག་འདས་པའི་སྔགས་གཟེར་དང་། །འཇིག་རྟེན་མཚན་མ་བྱོལ་བ་དང་། །ལྷ་འདྲེ་རྫུ་འཕྲུལ་དྲག་གཡོས་དང་། །ངན་སྔགས་རྫུ་འཕྲུལ་བཟློག་པ་ནི། །ཟློག་པའི་ལས་རྣམས་ངས་བསྟན་གྱི། །ཉོན་ཅིག་རྡོ་རྗེ་སེམས་དཔའི་གཙོ། །ངས་བསྟན་པ་ལ་ཐེ་ཚོམ་མེད། །ངན་སྔགས་ཕུར་བུས་བཟློག་པའི་ཕྱིར། །གཏན་ཚིགས་མན་ངག་འདི་གསུངས་སོ། །བ་ཀོ་འདྲ་བའི་མཎྜལ་བྱ། །སྤང་སྐོང་མཎྜལ་གཞུང་


DNG023_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་བྱ། །ཚྭ་ཚྭ་ཅ་ཏི་མང་དུ་གདབ། །ཕྱི་ཡི་བཤགས་པ་མང་དུ་བྱ། །དེ་ནས་གསང་བའི་མཚམས་བཅད་དེ། །ལས་ཀྱི་དཀྱིལ་འཁོར་གཞུང་བཞིན་བྱ། །ནང་གི་སརྦ་རུ་པ་བཏང་། །བསྐང་གསོ་སྤང་སྐོང་མང་དུ་གདོན། །བསྐང་བའི་གནས་ལྔ་གཞུང་བཞིན་བྱ། །མ་ཧཱ་ཤནྟིཾ་ཆོ་ག་བྱ། །མ་མོར་གྲགས་པ་ཀུན་ཀྱང་བསྐང་། །ཡོ་བྱད་ནག་མོ་གཞུང་བཞིན་བཏང་། །རྟགས་དང་མཚན་མ་ཞིབ་ཏུ་བརྟགས། །རྟགས་དང་མཚན་མ་ཟིན་པ་དང་། །བསྐང་བཟློག་ཆོ་ག་བརྩམ་པར་བྱ། །དེས་ནི་མཚན་མ་བཟློག་པར་འགྱུར། །དེ་ནས་བསྐྱར་ཏེ་ཡང་གསུངས་པ། །བསྐང་བ་དེས་ཀྱང་མ་སྐོངས་ན། །དབང་གི་རྒྱལ་པོའི་སྐུར་བསྒོམས་ལ། །རྩ་བ་གང་ཡིན་མ་མོ་དེ། །ཀུ་ཤ་དག་ལ་གཟུགས་བྱས་ལ། །འདའ་ར་པ་ཏིའི་རྒྱུས་པས་གདགས། །ཡེ་ཤེས་མ་མོ་བཅུ་བཞི་ཡང་། །ཆེ་མཆོག་ཧེ་རུ་ཀའི་སྐུར་བསྒོམས་ཏེ། །མགོ་ལུས་བསྣོལ་ཏེ་གདན་དུ་གདིང་། །དེས་ནི་ངན་སྔགས་ཟློག་པར་འགྱུར། །གལ་ཏེ་ལས་སུ་མ་གྲུབ་ན། །བརྟགས་ཏེ་རྩ་བ་གང་ཡིན་པ། །ཤོག་ཤོག་དག་ལ་གཟུགས་བྱས་ཏེ། །མཆོག་གི་ཕུར་བུས་གསང་བར་བརྡེག །སྨན་མོ་ལྔ་བཅུ་རྩ་གསུམ་ཡང་། །འཇག་མ་དག་ལ་གཟུགས་བྱས་ཏེ། །ཟངས་ཀྱི་ཕུར་བུ་དམར་པོས་བརྡེག །དབུས་ཀྱི་མ་མོ་བཅུ་གསུམ་ཡང་། །ཞིང་གི་ཤུན་པ་རས་མ་ལ། །ཁྲག་དང་མཚལ་གྱིས་གཟུགས་བྲིས་ཏེ། །གསེར་རམ་སེར་པོའི་ཕུར་པས་གདབ། །དེས་ནི་ངན་སྔགས་ཟློག་པར་འགྱུར། །གལ་ཏེ་ལས་སུ་མ་གྱུར་ན། །དབུས་ཀྱི་ཆེ་མཆོག་ཡབ་ཡུམ་གཉིས། །སྤྲ་ཚིལ་དག་ལ་གཟུགས་བྱས་ཏེ། །ལྕགས་སམ་ནག་པོའི་ཕུར་པ་ཡིས། །ཐུགས་ཀ་ཉིད་དུ་གདབ་པར་བྱ། །ལས་རྣམས་འགྲུབ་པར་གདོན་མི་ཟ། །ཆོས་ཉིད་དབྱིངས་སུ་གདབ་པར་བྱ། །ཆེ་མཆོག་རྟགས་ཀྱི་ཕྱག་རྒྱས་བརྡེག །འགྱུར་མེད་དབྱིངས་སུ་རྒྱས་གདབ་པོ། །དམ་ཚིག་འདས་པའི་སྔགས་གཟེར་དང་། །འཇིག་རྟེན་མཚན་མ་བྱོལ་བ་དང་། །ལྷ་འདྲེ་རྫུ་འཕྲུལ་དྲག་གཡོས་པ། །ངན་སྔགས་ཕུར་བུས་


DNG023_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

བཟློག་པའི་ལེའུ་སྟེ་ཞེ་དྲུག་པའོ།། །།གཡུང་དྲུང་ལྷ་ཡིས་ཡང་གསོལ་པ། །དབང་པོའི་ཐིག་ལེ་ཉམས་པ་དང་། །ཐིག་ལེའི་སྤྱོད་པ་ཉམས་པ་རྣམས། །མྱུར་དུ་བཟློག་ཅིང་གསད་པའི་ཕྱིར། །ཡང་དག་རྫོགས་ལ་བདག་ཉན་འཚལ། །ཡང་དག་རྫོགས་ཀྱིས་བཀའ་སྩོལ་ཅིག །དེ་སྐད་གསོལ་པ་གསན་ནས་ཀྱང་། །ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །སླར་ལ་བཟློག་ཅིང་གསད་པའི་ཕྱིར། །ངེས་པའི་མན་ངག་འདི་བསྟན་གྱིས། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །ངས་བསྟན་པ་ལ་ཐེ་ཚོམ་མེད། །རྟགས་དང་མཚན་མ་བྱུང་བའི་ཚེ། །བསྡམས་པའི་ཕྱག་རྒྱ་བཀྲོལ་ནས་ནི། །དགྲ་དེའི་ཡུལ་ཕྱོགས་བསྟན་ནས་ནི། །གྲོ་ག་ཤིང་ཤུན་ར་སོག་ལ། །མི་དེའི་མིང་བྱང་བྲིས་ནས་ནི། །དེ་ཡི་ལག་ཏུ་བསྐུར་ནས་ནི། །ཤུགས་སྒྲོལ་མ་ཡི་སྔགས་ཀྱིས་གདབ། །ཁྲག་དང་དུག་གི་གཏོར་མ་ཡང་། །རབས་ཆད་ཐོད་པར་བཤམས་ནས་ཀྱང་། །ཡུལ་པ་དེ་ཡི་ཕྱོགས་སུ་གཏོར། །ལས་རྣམས་ངེས་པར་གདོན་མི་ཟ། །སྙིང་གི་ཕུར་བུ་ཕྱུང་ནས་ནི། །ཨ་མྲྀ་ཏ་ཡིས་མཆོད་བྱས་ནས། །དམ་རྫས་གཙང་མའི་གཏོར་མ་ལ། །ཀུ་ས་ར་ཡི་རཀྟས་བྲན། །གང་ཡིན་དེ་ཡི་ཕྱོགས་སུ་ཁ་བལྟས་ཏེ། །གཙོ་འཁོར་གཞུང་བཞིན་བསྐུལ་ནས་ནི། །ལུས་ཀྱང་གསིག་ཅིང་ཕྱག་རྒྱ་བསྡམ། །བདག་ཉིད་དབང་གི་སྐུར་བསྒོམས་ཏེ། །དབང་དྲག་ཕྱག་རྒྱ་བཅིངས་ནས་ནི། །གཟུགས་དེ་ཉིད་ལ་ཚམ་རྔམས་བྱ། །དྲག་ཤུལ་དབང་གིས་བསྐྱོད་ལ་བཏང་། །དེ་ལྟར་དྲག་ཤུལ་གྱིས་སྨན་མོ་རྣམས་དབང་དུ་བསྡུས་ལ་བཏང་ངོ་། །དེ་ལྟར་བྱས་ན་ལས་མི་འགྲུབ་མི་སྲིད་དོ། །འདི་རམ་བུ་གུ་ཧྱ་དེ་བ་ཙནྡྲའི་ཐུགས་ཀྱི་མན་ངག་གོ། །བསྡམས་པའི་ཕྱག་རྒྱ་བཀྲོལ་ནས་ནི། །བྲིག་ཤའི་ལྕགས་ཀྱིས་བསྡམས་ནས་ནི། །བེང་གི་ཕྱག་རྒྱ་བཅིངས་ནས་ཀྱང་། །རྡོ་རྗེ་གནོན་འགྲོས་གོམ་པ་ཡིས། །ཕྱོགས་དེར་བདུན་དུ་འགྲོ་བའོ། །ཡབ་ཡུམ་སྔགས་ཀྱིས་བཏབ་ནས་ནི། །བེང་གི་ཕྱག་རྒྱ་དྲག་བསྒྱུར་ནས། །དེས་ནི་མོད་


DNG023_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ལས་རྣམས་འགྲུབ། །ལན་གསུམ་བྱས་ན་ན་བར་འགྱུར། །ལན་ལྔ་བྱས་ན་འཆི་བར་འགྱུར། །ལན་གསུམ་བར་དུ་དྲིལ་ནས་ནི། །སྙིང་གི་ཕུར་བུ་ཕྱུང་ནས་ནི། །སྤྱི་བོའི་གཙུག་ཏུ་གདབ་པར་བྱ། །ལྕགས་སྣ་ལྔ་ཡི་ཕུར་བུ་ལ། །དབང་དྲག་ལས་རྣམས་གཞུང་བཞིན་བྱ། །དེས་ནི་ངེས་པར་གདོན་མི་ཟ། །མོན་ནམ་རབས་ཆད་ཐོད་པ་ལ། །ནང་དུ་མ་བདུན་སྙིང་པོ་བྲི། །སྤྱི་གཙུག་ཉི་ཟླ་ཐོད་ཕྲེང་བྲི། །ཆགས་འཛིན་སྤུན་གཉིས་རྣ་ལྟག་གོ། །ཚོན་སྐུད་གཉིས་ཀྱི་མིང་ནས་གདགས། །རཀྴ་རུ་ཏའི་སྔགས་ཀྱིས་གདབ། །བེང་གི་ཕྱག་རྒྱ་གཉིས་བསྒྲིལ་ཏེ། །དྲག་ཏུ་བསྐུལ་ཏེ་འཕངས་ལ་བཏང་། །ལས་རྣམས་འགྲུབ་པར་གདོན་མི་ཟ། །ཞིང་གི་ཤ་ཚིལ་རས་རོས་ཀྱིས། །མ་མོ་རྣམས་ལ་གཏང་རག་གཏོང་། །མྱུར་དུ་བཟློག་ཅིང་བསད་པའི་ལེའུ་སྟེ་ཞེ་བདུན་པའོ།། །།གཡུང་དྲུང་ལྷ་ཡིས་ཡང་གསོལ་པ། །བསྟན་པ་གཉན་པོ་འཇིག་བྱེད་ཅིང་། །ལུ་གུ་རྒྱུད་ལས་འགལ་བྱེད་དང་། །སེམས་ཅན་ཀུན་ལ་གནོད་བྱེད་དང་། །བདག་ལ་སྡང་སེམས་བྱེད་པ་ལ། །ནན་ཏུར་ལས་རྣམས་ཇི་ལྟར་འཚལ། །ངོ་མཚར་ལྷ་ལ་བདག་ཉན་འཚལ། །ངོ་མཚར་ལྷ་ཡིས་བཀའ་སྩོལ་ཅིག །དེ་སྐད་གསོལ་པ་གསན་ནས་ཀྱང་། །ངོ་མཚར་ལྷ་ཡིས་བཀའ་སྩལ་པ། །བསྟན་པ་གཉན་པོ་འཇིག་བྱེད་ཅིང་། །ལུ་གུ་རྒྱུད་ལས་འགལ་བྱེད་དང་། །སེམས་ཅན་ཀུན་ལ་གནོད་བྱེད་པ། །བདག་ལ་ངན་སེམས་བྱེད་པ་ལ། །ནན་ཏུར་ལས་རྣམས་ངས་བསྟན་གྱི། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །ངས་བསྟན་པ་ལ་ཐེ་ཚོམ་མེད། །སྲོག་ལུས་རྩ་རྣམས་བསྐམ་པའི་ཕྱིར། །ར་སོག་གྲོ་ག་ཤིང་ཤུན་ནམ། །གཡམ་པ་སྔོན་པོའི་ངོས་དག་ལ། །ཁྱི་དང་ར་ཁྲག་སོལ་བ་ཡིས། །དགྲ་བོའི་གཟུགས་ནི་བྲིས་ནས་ནི། །ཚེར་མ་ཅན་གྱི་ཤིང་རྣམས་ལ། །རྫས་ཀྱི་འབྲིག་ཤའི་ཤིང་བུ་ལ། །ར་ཏི་སྨུག་པོའི་ལྕག་འབྲས་བཏགས། །དགྲ་བོའི་གཟུགས་ལ་བརྡེག་པར་བྱ། །ཡང་ན་


DNG023_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

ཏི་ཀའི་བ་ཡི་ཤུན་པ་ལ། །ན་ས་འགུ་རུ་ཏ་ཡིས་བྲིས། །མགོ་ལ་མཁའ་འགྲོ་ལྔ་པོ་ནི། །ཙ་ར་མ་ཏི་ཏ་ཡིས་བྲིས། །ལྟེ་བར་ཆགས་འཛིན་སྤུན་གཉིས་བྲི། །རྐང་པ་གཉིས་ལ་མ་བདུན་བྲི། །གཡས་པའི་དུམ་བུ་བཞི་པོ་ལ། །ཕུང་བྱེད་སྦས་པའི་མ་བཞི་བྲི། །གཡོན་པའི་དུམ་བུ་བཞི་པོ་ལ། །ཁྲོས་པའི་དབང་ཆེན་བཞི་པོ་བྲི། །གསང་བའི་ཡུམ་བཞི་ཀླད་པའི་རྒྱས། །ཉི་ཟླ་ཐོད་ཕྲེང་སྙིང་གི་དཀྱིལ། །ཕྲ་མེན་རྒྱ་མཚོ་མཁལ་མ་ལ། །ཡེ་ཤེས་ཚོགས་ཀྱི་རྗེ་མོ་ནི། །ཕུད་ཀྱི་བདག་མོར་བཞུགས་སུ་གསོལ། །ཕྱི་མ་སྨན་མོའི་ཚོགས་རྣམས་ནི། །གདུང་རྩིབ་ཁར་དང་ཀོ་རེའོ། །ཨ་ཕྱི་ཆེན་མོ་རྒྱུངས་པའོ། །དུས་དྲུག་རྒྱུ་བའི་དགྲ་བོ་ནི། །ཤ་བ་གཉན་དང་བ་གླང་ངོ་། །འདི་ནི་ནམ་གྱི་གུང་ལ་རྒྱུ། །རྟ་དང་ལུག་ནི་ར་དང་གསུམ། །འདི་ནི་ཉི་མའི་གུང་ལ་རྒྱུའོ། །རྗེ་ཁོལ་དྲུག་ཅུ་རྩ་བདུན་ནི། །དུས་དྲུག་རྒྱུ་བ་དེ་བཞིན་ནོ། །མྱུར་དུ་བསྒྲལ་བའི་ངན་སྔགས་རྣམས། །གོང་གི་སྔགས་རྣམས་བཟླས་པ་ཡིས། །དགྲ་བོའི་གཟུགས་ལ་བརྡེག་པར་བྱ། །གཡོན་གྱི་དམེ་ལག་བཅད་ནས་ནི། །རང་གི་དཔྲལ་བའི་དབུས་སུ་བཞག །བདུད་ཀྱི་ཆས་སུ་ཞུགས་ནས་ནི། །སྐྲ་བཤིག་མིག་ནས་མཆི་མ་ཕྱུང་། །དེའི་ཕྱོགས་ཉིད་དུ་བསྟན་པས་ནི། །ང་རོ་དྲག་ཏུ་བསྒྲགས་ནས་ནི། །གཡས་པའི་ཕྱག་རྒྱ་སྡིགས་མཛུབ་ཀྱིས། །སྔགས་འདི་དྲག་ཏུ་བཟླས་ལ་བརྡེག །སྙིང་ལ་ཟ་བ་རྩིབ་མ་ཤ་ལ་རོལ། །ཁྲག་ལ་འཐུང་། ཀངྐ་ཀ་ཤ་ཟན། ཡཾ་ཏཾ་ཕར་ལ་ཏོ། ཤ་ལ་ཀྱི་སྤྱང་། ཀྲང་ཧེ་ཀྲང་ཧེ་བཛྲ་བྷནྡྷ། བྷྱོ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཞེས་བརྡེག་གོ། །ཁྲག་སྐེམས་ཀྱི་ལེའུ་སྟེ་ཞེ་བརྒྱད་པའོ།། །།རྩ་བའི་རྒྱུད་རྫོགས་སོ།། །།རྒྱ་གར་སྐད་དུ། མ་ཧཱ་བོ་དྷི་ཙིཏྟ་གུ་ཧྱ་ཏནྟྲ། བོད་སྐད་དུ། མ་མོ་བྱང་ཆུབ་ཀྱི་སེམས་གསང་བའི་རྒྱུད། བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་ཡབ་མངོན་རྫོགས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །སྔོན་འདས་པའི་དུས་མ་བྱུང་བའི་མངོན་


DNG023_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་ནས། ཡབ་ཀྱི་སྐུ་ཆེ་བའི་ཡོན་ཏན་གྱིས་དགྲ་བགེགས་མནན་ཅིང་གཟིར་བའི་ཕྱིར། འབྱུང་བ་ལྔའི་དབྱིངས་ལས་བསྐྱེད་པའི་བུད་མེད་བཞི་དང་། ཐུགས་ལས་བསྐྱེད་པའི་མ་མོ་དང་། དབྱིངས་ལས་བསྐྱེད་པའི་མ་མོ་དང་། མཁའ་ལས་བསྐྱེད་པའི་མ་མོ་དང་། ཡི་དམ་བསྒོམ་ལེགས་མ་མོའོ། །འདས་པ་དང་མ་བྱུང་བའི་ལེའུ་སྟེ་ཞེ་དགུ་པའོ།། །།རི་རབ་རྩེ་ལ་གཡུང་དྲུང་གི་གནས་ནས། ཐིག་ལེ་ཆེན་པོའི་ཚུལ་དུ་བཞུགས་སུ་གསོལ་ནས། ཡབ་མངོན་རྫོགས་ཀྱི་རྒྱལ་པོས་འབྱུང་བ་ལྔ་སྲིད་པའི་རྒྱུར་བཤིག་ནས་སྐྱེ་འགྲོ་ཐམས་ཅད་དེ་ལས་ཤར་བར་མཁྱེན་ཏེ། ཡབ་མངོན་རྫོགས་ཀྱི་རྒྱལ་པོས། ཐིག་ལེ་ཆེན་པོ་ཡེ་ནས་མཉམ་པ་ལས། ཡེ་ནས་མཉམ་པའི་སླད་བཞིན་དུ། འབྱུང་བ་ལྔ་ཡེ་ནས་སངས་རྒྱས་པར་མཁྱེན་ཏོ། །འབྲས་བུ་བྱང་ཆུབ་སེམས་སུ་ལ་བཟླའོ། །བྱང་ཆུབ་སེམས་སུ་ལ་བཟླ་བའི་ལེའུ་སྟེ་ལྔ་བཅུ་པའོ།། །།ཀུན་གཞི་ཡོངས་སུ་གཏན་ལ་དབབ་པ་ནི། མ་མོ་ལྟ་བ་བྱང་ཆུབ་ཀྱི་སེམས་དང་། མ་མོ་སྤྱོད་པ་བྱང་ཆུབ་ཀྱི་སེམས་དང་། མ་མོ་བསྒྲུབ་པ་བྱང་ཆུབ་ཀྱི་སེམས་དང་། མ་མོ་བསྒོམ་པ་བྱང་ཆུབ་ཀྱི་སེམས་དང་། མ་མོ་སྨོན་པ་བྱང་ཆུབ་ཀྱི་སེམས་དང་། མ་མོ་རྒྱུ་བྱང་ཆུབ་ཀྱི་སེམས་དང་། མ་མོ་འབྲས་བུ་བྱང་ཆུབ་ཀྱི་སེམས་དང་། མ་མོ་རྒྱུ་འབྲས་རྟོགས་པའི་བྱང་ཆུབ་ཀྱི་སེམས་དང་། མ་མོ་ཐུགས་རྗེ་འབྱུང་བ་བྱང་ཆུབ་ཀྱི་སེམས་དང་། མ་མོའི་འབྲས་བུ་གཞན་དུ་མི་འགྱུར་བ་བྱང་ཆུབ་ཀྱི་སེམས་དང་། མ་མོ་རིག་པ་བརྙེས་པ་ཡང་དག་པ་བྱང་ཆུབ་ཀྱི་སེམས་དང་། མ་མོ་སྙིང་རྗེས་སྒྲོལ་བ་བྱང་ཆུབ་ཀྱི་སེམས་དང་། མ་མོ་གནས་ཐ་དད་པའི་བྱང་ཆུབ་ཀྱི་སེམས་དང་། མ་མོའི་དོན་དམ་པ་བྱང་ཆུབ་ཀྱི་སེམས་དང་། ཆོས་ཐམས་ཅད་རང་བཞིན་གྱི་སེམས་སུ་འདུས་ཏེ། སེམས་ཅན་ལ་དོན་བཅུས་བསྟན་ཏེ། མ་མོ་སེམས་ཀྱི་རང་བཞིན་བསྟན་པ་དང་། མ་མོ་སེམས་ཀྱི་འབྲས་བུ་བསྟན་པ་དང་། མ་མོ་སེམས་ཀྱི་ཡུལ་བསྟན་པ་དང་། མ་མོ་སེམས་ཀྱི་རྣམ་གྲངས་བསྟན་པ་


DNG023_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

དང་། མ་མོ་སེམས་ཀྱི་རྩ་བ་བསྟན་པ་དང་། མ་མོ་སེམས་ཀྱི་ཡོན་ཏན་བསྟན་པ་དང་། །མ་མོ་སེམས་ཀྱི་སྐྱོན་བསྟན་པ་དང་། མ་མོ་སེམས་ཀྱི་གོལ་ས་བསྟན་པ་དང་། མ་མོ་སེམས་ཀྱི་གཞག་ཐབས་བསྟན་པ་དང་། མ་མོ་སེམས་ཀྱི་ངོ་བོ་ཉིད་བསྟན་པ་དང་བཅུའོ། །མ་མོ་ཀློང་ཡངས་པའི་ཐིག་ལེ་དང་། ཐམས་ཅད་རང་གི་རིག་པའི་ཡེ་ཤེས་འཕྲོས་ཤིང་འདུས་པའོ། །ཀུན་གཞི་ལྟ་བས་ཐག་བཅད་པའི་ལེའུ་སྟེ་ང་གཅིག་པའོ།། །།འགྲོ་བ་འཚམས་པར་འདུལ་བའི་ཆེད་དུ་རི་བཟང་པོ་བྲག་ཆོལ་ཟངས་འདྲ་བ། སྒོ་ཆུ་ལ་ཕུགས་རིང་བའི་ནང་དུ་དཀྱིལ་འཁོར་ཞལ་དབྱེ་སྟེ། ས་བསླང་བ་དང་། ས་བརྟག་པ་དང་། ས་སྦྱང་བ་དང་། སའི་ལྷ་མོ་སྦྲན་ནོ། །ས་ནི་བྱང་ཤར་མཚམས་ལས་བླང་ངོ་། །རྩིགས་པའི་ཆུ་ནི་ལྷོ་དྲང་པོ་ནས་བླང་ངོ་། །སྐྱེས་བུ་སྔགས་མཁན་ནི་ནུབ་དྲང་པོར་བཞུགས་སོ། །ཁྲོ་བོ་བཅུ་ལ་སོགས་པས་མཚམས་དྲག་ཏུ་བཅད་དོ། །འབྱུང་བ་ཆེན་པོ་ལྔ་ཡེ་ནས་སངས་རྒྱས་པའི་སླད་བཞིན་དུ་བྱང་ཆུབ་ཡེ་ནས་མ་གཡོས་པས་དངོས་གྲུབ་རང་བཞིན་འབྱུང་བར་འགྱུར་རོ། །ཡང་དག་རྨད་བྱུང་དཀྱིལ་འཁོར་དུ། །ནུབ་ཏུ་རཀྟའི་ཆག་ཆག་གདབ། །བཀའ་གསང་དམ་པའི་གནས་མཆོག་ཏུ། །དབུས་སུ་དྲི་ཆེན་ཆག་ཆག་གདབ། །བཀའ་གསང་མཆོག་གི་གནས་འདི་རུ། །ཤར་དུ་བྱང་ཆུབ་སེམས་ཀྱི་ཆག་ཆག་གདབ། །ཡོན་ཏན་རིགས་ཀྱི་གསང་མཆོག་ཆེན་པོ་སྟེ། །དམོད་གཟུགས་ལྷོ་རུ་མཱཾ་སའི་ཆག་ཆག་གདབ། །བཀའ་གསང་རྨད་དུ་བྱུང་བའི་དཀྱིལ་འཁོར་དུ། །བྱང་དུ་དྲི་ཆུའི་ཆག་ཆག་གདབ། །ཡང་གསང་ཐུགས་ཀྱི་དཀྱིལ་འཁོར་དུ། །གཟི་བྱིན་བསྐྱེད་ཕྱིར་ཚིལ་ཆེན་ཆག་ཆག་གདབ། །དེ་ནས་གནམ་ཐིག་གདབ་པར་བྱ་སྟེ། །དམོད་གཟུགས་ཚོན་སྐུད་འཁེལ་དུ་གཞུག །འཁོར་ལོ་རྩིབས་བཞི་ཐིག་ཏུ་གདབ། །ཐིག་རས་བོར་ལ་ས་ཐིག་ནི། །འཁོར་ལོ་རྩིབས་བཞིའི་ཐིག་ཏུ་གདབ། །ལྟེ་བ་ཟླུམ་པོར་བསྐོར་ལ་ཟླ་གམ་བྱ། །ཕྱི་རིམ་སོར་གསུམ་ཐོད་པས་བསྐོར། །འཁོར་ལོ་རྩིབས་བཞི་ཟླུམ་པོར་བསྐོར། །


DNG023_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་རློན་ཕྲེང་བ་གདབ་པར་བྱ། །གྲུ་ཆད་བཞི་དང་ལྡན་པར་བྱ། །ཕྱི་རིམ་སྣམ་བུ་སེར་པོ་གྲུ་བཞི་ལ། །སོར་གསུམ་བཅད་ལ་རྡོ་རྗེ་བཏང་། །དེ་ཡི་ཕྱི་རིམ་སྣམ་བུ་གྲུ་བཞི་ལ། །སྒོ་ཁྱུད་བཞི་དང་ལྡན་པར་བྱ། །ཚོན་ཕྱེ་བྱིན་བརླབ་བྲི་བར་བྱ། །དབུས་ཀྱི་ཟླ་གམ་དམར་པོ་ལ། །མངོན་རྫོགས་རྒྱལ་པོ་དགོངས་པའི་ཁྱད་པར་བཞུགས་སུ་གསོལ། གཡོན་གྱི་ཟླ་གམ་དམར་པོ་ལ། ཡུམ་ཀུན་བཟང་དབྱིངས་ཀྱི་ཆོས་བདག་མོ་བཞུགས་སུ་གསོལ། འཁོར་ལོའི་རྩིབས་བཞི་ལ་རྒྱལ་མོ་བཞི་བཞུགས་སུ་གསོལ། དེ་ནས་ཟླ་གམ་དཀར་པོ་ནི་ཆོས་ཀྱི་སྐུའི་རང་བཞིན་ནོ། །དམར་པོ་ནི་ལོངས་སྤྱོད་རྫོགས་པའི་རང་བཞིན་ནོ། །ཚོན་ཚོགས་སུ་ནི་སྣང་བ་ནི། །སྤྲུལ་པའི་སྐུའི་རང་བཞིན་ནོ། །བྷནྡྷ་བརྒྱད་དམ་ལྔའམ་གསུམ་བཀོད་དེ། རྒྱལ་མོ་བཞིའི་སྐུ་གསུང་ཐུགས་ཕྱོགས་བཞིར་དགོད་དོ། །སྤྱང་ཀིའི་ཁྲག་ཐིགས་གཅིག་དང་། མཚལ་ཆེན་གྱི་ཐིགས་གཅིག་གིས་ནི། ཆགས་ཤིང་འཇིག་ཅིང་འཐོར་བར་འབྱུང་ངོ་། །ཁྲག་སྣ་གཞན་དང་བསྲེས་ལ་བྷནྡྷའི་ནང་དུ་བླུག་གོ། །རིན་ཆེན་གསེར་ཕྱེ་མེ་ལོང་བཞི་དང་། བུད་མེད་མཚན་དང་ལྡན་པའི་ནུ་ཞོ་དང་། སྐྱེས་བུའི་བྱང་ཆུབ་སེམས་སུ་སྦྱར་བས་འཕགས་པ་དང་མ་མོའི་ཐུགས་དམ་བསྐང་ངོ་། །ཡེ་ཤེས་ཀྱི་ལྷ་གསལ་བར་བསྒོམ་མོ། །ཡེ་ཤེས་ཁྲག་སྣ་མང་པོའི་རྟེན་བཅའ་ཞིང་གཡང་གཞི་དང་མ་བྲལ་བ་ཡང་དགྲམ་མོ། །དཀྱིལ་འཁོར་བཅའ་གཞིའི་ལེའུ་སྟེ་ང་གཉིས་པའོ།། །།ཧཱུཾ་དམིགས་མེད་དབྱིངས་ཀྱི་རང་བཞིན་ནི། །དམིགས་མེད་ཡུམ་གྱི་དབྱིངས་སུ་གསལ། །སྙིང་རྗེ་ནམ་མཁའི་ངོ་བོ་ལས། །རིག་པའི་ཡེ་ཤེས་བདེ་ཆེན་མཁའ། །དམིགས་སུ་མེད་པའི་མཁའ་དབྱིངས་ལས། །ཡི་གེ་ཧཱུཾ་གཅིག་གསལ་བར་བསྒོམ། །ཨེ་ཏཾ་མཾ་ལཾ་བཾ་བྷྲཱུཾ་བྷནྡྷ་ཛྙཱ་ན་ཙཀྲ་ཧཱུཾ། ཕྱི་ནི་རིན་པོ་ཆེ་ལས་གྲུབ་པ། ནང་བྷནྡྷའི་གཞལ་ཡས་ཁང་། གནམ་ལྕགས་ཀྱི་གཟེར་ཆེན་བཏབ་པ། ཕྱི་ནང་སྣང་ལ་རང་བཞིན་མེད་པ། དབུས་གྲུ་གསུམ་ཟླ་གམ་དམར་པོ་གསུམ་གྱིས་བསྐོར་བ།


DNG023_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་རྩིབས་བཞི་གྲུ་ཆད་དང་ལྡན་པ། ཕྱི་དང་ནང་མེད་པ་ཀུན་ཏུ་ཡང་ནང་དུ་གྱུར་པ། ཐོད་པ་སྐམ་རློན་གྱི་ཕྲེང་བས་བརྒྱན་པ། སྦྲུལ་ནག་གི་ཆུན་འཕྱང་གིས་བརྒྱན་པ། ཉི་ཟླའི་གདན་བཏིང་བ། དེའི་སྟེང་དུ་ལྷ་ཆེན་དང་། ཁྱུ་མཆོག་གདན་དུ་བཏིང་བ། དེའི་སྟེང་དུ་ཨོཾ་ཤྲཱི་ཧེ་རུ་ཀ་ཧཱུཾ། ཞེས་བརྗོད་པས། དབུ་དགུ་ཕྱག་བཅོ་བརྒྱད་པར་བསྒོམ། ཨོཾ་ཀྲོ་དྷཱི་ཤྭ་རཱི་ཧཱུཾ། ཞེས་བརྗོད་པས་ཡུམ་ཡང་བསྐྱེད། དེ་ནས་ཡབ་ཡུམ་རོལ་ཏེ། ཨངྐུ་ཤ་ཛཿ། པྲ་ཝེ་ཤ་ཕཊ། པཱ་ཤ་ཧཱུཾ། མ་ཧཱ་སུ་ཁ་སྥོ་ཊ་བཾ། བཛྲ་གྷཎྜ་ཧོཿ། སེམས་ལས་བསྐྱེད་པའི་མ་མོ་བཅུ་གསུམ་དང་། ཡེ་ཤེས་མ་མོ་བཅུ་བཞི་དག །དྲུག་ཅུ་རྩ་བརྒྱད་དཀྱིལ་འཁོར་རྫོགས། །ཡང་དག་ཐུགས་ཀྱི་མ་མོ་བཞི། །དང་པོ་བསྐྱེད་ཀྱང་ཐུགས་ལས་བསྐྱེད། །ཕྱོགས་བཞི་དབུས་དང་ལྔ་རུའོ། །དབང་ཆེན་གྱི་དཀྱིལ་འཁོར་གྱི་ལེའུ་སྟེ་ང་གསུམ་པའོ།། །།ད་ནི་ཡུམ་ཆེན་མོ་སྤྱན་དྲང་ངོ་། །མ་གཅིག་ཀུན་བཟང་དབྱིངས་ཀྱི་ཆོས་བདག་མོ། །སྤྱན་འདྲེན་མཆོད་ཀྱི་གཤེགས་སུ་གསོལ། །དུར་ཁྲོད་འབར་བའི་དཀྱིལ་འཁོར་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཡ་མཚན་འཕྲུལ་གྱི་དངོས་གྲུབ་སྩོལ། །དང་པོ་སེམས་ལས་བསྐྱེད་པ་སྟེ། །ཁ་བློན་ཆེན་མོ་སྤྱན་དྲང་ངོ་། །སྔོན་ཚེ་དཔལ་ཆེན་སྤྱན་སྔ་རུ། །ཁ་བློན་ཆེན་མོར་ཞལ་བཞེས་ཀྱི། །ཐུགས་དམ་རྒྱུད་བསྐུལ་གཤེགས་སུ་གསོལ། །མི་ནུབ་རྒྱལ་མཚན་ཞེས་ཀྱང་བྱ། །དེ་ནས་སྒོ་བློན་ཆེན་མོ་སྤྱན་དྲང་ངོ་། །སྔོན་ཚེ་དཔལ་ཆེན་སྤྱན་སྔ་རུ། །སྒོ་བློན་ཆེན་མོར་ཞལ་འཆེས་ཀྱི། །ཐུགས་དམ་རྒྱུད་བསྐུལ་གཤེགས་སུ་གསོལ། །དེ་ནས་ཕྲིན་ལས་ཆེན་མོ་སྤྱན་དྲང་ངོ་། །སྔོན་ཚེ་དཔལ་ཆེན་སྤྱན་སྔ་རུ། །ཕྲིན་བློན་ཆེན་མོར་ཞལ་བཞེས་པའི། །ཐུགས་དམ་རྒྱུད་བསྐུལ་གཤེགས་སུ་གསོལ། །ད་ནི་དུར་ཁྲོད་བདག་མོ་སྤྱན་དྲང་སྟེ། །དུར་ཁྲོད་བདག་མོ་ཤྲི་ཛ་མུན་ཏི། །དཔལ་ཆེན་ཐུགས་ཀྱི་སྲས་མོ་སྟེ། །མཐིང་ནག་རླུང་ཞོན་ཛ་མུནྟྲཱི། །སྔོན་ཚེ་དཔལ་ཆེན་


DNG023_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་སྔ་རུ། །སྲས་མཆོག་དམ་པར་ཁས་བླངས་ཏེ། །ཐུགས་དམ་རྒྱུད་བསྐུལ་གཤེགས་སུ་གསོལ། །ཡུམ་གྱི་སྙིང་པོ་ས་མཱ་ཛ། ཁ་བློན་གྱི་སྙིང་པོ་སྤྱི་དྲི་སྤྱི་དྲི་མ་སྙིང་ཁ་རག་ཛ་ཛ། སྒོ་བློན་གྱི་སྙིང་པོ། རཀྴ་མ་སྙིང་ཁ་རཀྴ་ཛ་ཛ། ཕྲིན་བློན་གྱི་སྙིང་པོ་རཀ་མོ་རཀྴ་སྙིང་ཁ་རག་ཛ་ཛ། ཛ་མུནྟྲིའི་སྙིང་པོ། ཧཱུཾ་ཤྲཱིཿ ཛ་མུནྟྲི་བར་དྷ་ཡི་ཏིཥྚ་ཛྭ་ལ་ནི་ཧཱུཾ་ཕཊ་ཛཿ། གོང་གི་མ་མོ་དེ་རྣམས་ནི། རྩ་ཆེན་པོ་བཞི་ལས་བསྐྱེད་པའོ། །འབྱུང་བ་ལྔ་ལས་རྟག་པའི་རྒྱལ་མོ་སྤུན་ལྔ་བསྐྱེད་དོ། །འགྲི་ས་མུ་ཧཱུཾ་ཧ། ཛྭ་ལ་པ་རཾ་ཧ། བི་ཤྭ་སི་ཏི་ཧ། ཀྲོ་དྷཱི་ཤྭ་རཱི་ཧ། བི་ཡ་ཡཾ་ཏེ་ཧ། ཀྲོ་དྷཱི་ཤྭ་རཱི་ཧི་ཀ་མ་ལ་ཤྭ་རཱི་ཧ། ཀ་མ་དེ་ལ་ཧེ་སི། སོ་སོའི་གནས་ནས་བསྐྱེད་པར་བྱ། །བྱེད་པ་པོ་དང་བྱ་བ་མོ། །ཕ་མ་མེད་པའི་བུ་མོ་གཉིས། །སྲིད་པ་སྔོན་དུ་བྱུང་བ་ཡིན། །སངས་རྒྱས་པས་ཀྱང་ཤིན་ཏུ་བགྲེས། །ལྔ་ལས་བྱུང་བའི་བུད་མེད་ལྔ། །གཉིས་གཉེན་མེད་ཀྱང་མེད་སྲིད་པའི་གཡུང་དྲུང་ཡིན། །བསྐྱེད་པའི་ཁྲོ་མོ་བཅུ་གསུམ་ནི། །ཅིར་མི་འོང་བའི་སྤུན་དྲུག་ཡིན། །མཚོན་དུ་མེད་པའི་ནམ་མཁའ་ལས། །གཟའ་སྐར་མང་པོ་འཆར་བ་ལྟར། །སྐྱེ་འགག་མེད་པའི་དབྱིངས་སུ་ཐིམ། །ཆོས་ཐམས་ཅད་བསྒྲུབ་པ་ལ་གཅད་པའི་ཕྱིར། དཀྱིལ་འཁོར་གྱི་སྤྱན་དྲང་བའི་ལེའུ་སྟེ་ང་བཞི་པའོ།། །།འདིར་ནི་རྩ་ཆེན་པོ་བཞི་ལས། སུམ་བརྒྱ་དྲུག་ཅུར་གྱེས་པ་ནི། མ་མོ་སུམ་བརྒྱ་དྲུག་ཅུའོ། །དེ་ཡང་ཡང་གབ་བཞི་ནི་རྩ་ཆེན་པོ་བཞི་ལ་གནས་སོ། །དེ་ནི་ཡོན་ཏན་གྱི་རྩ་བཞི་དང་། སྐྱོན་གྱི་རྩ་བཞིའོ། །འཆི་བར་བྱེད་པའི་བདུད་ཀྱང་ཡིན། འཚོ་བར་བྱེད་པའི་སྨན་ཀྱང་ཡིན། རྣམ་པར་ཤེས་པ་གཞེར་འདེབས་ཞེས་ཀྱང་བྱ། འོད་ཀྱི་རང་བཞིན་དུ་གནས་སོ། །རྒྱུ་ཆོས་ཀྱི་དབྱིངས་དང་།འབྲས་བུ་རིག་པའི་ཡེ་ཤེས་གཉིས་སུ་མེད། འབྱུང་བ་ཆེན་པོ་ལྔ་ནི་རྒྱུ་ཆོས་ཀྱི་དབྱིངས་སོ། །ཡེ་ཤེས་འབྱུང་བ་ལྔ་ནི་འབྲས་བུ་ཡིན་ཏེ། བདེ་བ་ཆེན་པོ་འཇིག་རྟེན་གྱི་མ་མོ་ཐམས་ཅད་ནི། ཚིག་དང་དོན་འདིར་འདུས་སོ། །འདི་བཞི་ནི་ཡང་གབ་དབང་གི་རྒྱལ་མོ་བཞི་ཞེས་བྱའོ། །


DNG023_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ལ་བསྐྱེད་པའི་མ་མོ་བཞི་དང་། དམ་ལ་གནས་པའི་སྲིང་མོ་བཞི། ཡིད་ལ་གཞུང་བའི་མཛའ་མོ་བཞི། ལུས་ལ་བསྐྱེད་པའི་མ་མོ་བཞི། བདུད་རྩི་སྒྲུབ་པའི་རྒྱལ་མོ་བཞི། ཕུར་བུ་སྒྲུབ་པའི་བློན་མོ་བཞི། མ་མོ་ཀུན་གྱི་གཙོ་མོ་བཞི། མ་མོ་ཐུན་གྱི་བདག་མོ་བཞི། ལས་ལ་གཤིན་པའི་བྲན་མོ་བཞི། དགྲ་བོའི་སྙིང་འཕྲོག་ལྷ་མོ་བཞི། ཐམས་ཅད་ཡང་གབ་ལྷ་མོ་བཞི་རུ་འདུས། ཉིས་བརྒྱ་དང་ནི་ནུབ་པོ། །ཐུགས་རྩ་བའི་མན་ངག་གི་ལེའུ་སྟེ་ང་ལྔ་པའོ།། །།ཡང་གབ་དབང་གི་རྒྱལ་མོ་བཞི་ལ་སོགས་པ། མ་མོ་རྣམས་སྤྱན་དྲང་བའི་སྔགས་ནི། ཏྲག་རཀྴ་མུ་ཏྲ། ཁ་མུན་ཏྲ་རག་མོ་ཛ་ཛ་ཏེ་ཁུམ་ཁ་ལ་མ་ཏི་བྷྱོ་བྷྱོ། རྒྱུན་མ་ཆད་པར་དེ་བཟླས་པས་ནི། རང་དབང་མེད་པར་ནམ་མཁའ་ལ་སྤྲིན་འདུས་པ་བཞིན་ཐམས་ཅད་ཀྱང་ཚོགས་སོ། །རྦད་པའི་སྙིང་པོ་ནི། ཏྲག་རཀྴ་མུ་དྲ་སྙིང་ཁ་རག་རྦད། ཆུམས་ཐུམ་རིལ་ལི་རྦད་བྷྱོ། མ་མ་ར་ཙ་ཡ་ཡཱ་ཐུན་བྷྱོ། སྙིང་པོ་སྔགས་ཀྱི་ལེའུ་སྟེ་ང་དྲུག་པའོ།། །།བྷནྡྷའི་ནང་དུ་ཁྲག་སྣ་སྟོང་རྩ་བརྒྱད་དང་། ཤ་སྣ་སྟོང་རྩ་བརྒྱད་དང་། སྙིང་སྣ་སྟོང་རྩ་བརྒྱད་བླུགས་ལ་དེ་ནས་སྦྲེངས་ཤིང་བསྐུལ་ལོ། །དམ་རྫས་ཙིཏྟ་བརྒྱད་དང་། རཀྟ་བརྒྱད་ཀྱང་དབུལ་ལོ། །མ་རྙེད་ན་འབྱོར་ཚོད་དེ། ཁྲག་གཅིག་དང་། མངལ་ཁྲག་གཅིག་སྦྲེངས་ཤིང་ཐུགས་དམ་བསྐུལ་བ་ནི། གླིང་གཞི་མུན་པའི་གཡུང་དྲུང་འདས་པའི་ཕ་རོལ་ན། །གསེར་གྱི་རི་བདུན་འདས་པའི་ཕ་རོལ་ན། །ལྕགས་མཚོ་ནག་པོ་འཁྱིལ་པའི་ཕ་རོལ་ན། །གསེར་གྱི་ཁྲི་ལ་གཡུ་ཡི་གདན་འདིང་མ། །སྣང་སྲིད་ཐམས་ཅད་དབང་དུ་སྡུད་མཛད་མ། །སྐྱེ་འགྲོ་མཐའ་ལ་ལེགས་ཉེས་སྟངས་འཛིན་མ། །ཐོག་གི་རྒྱལ་མོ་གློག་ཕྲེང་མ། །སྲིང་གཅིག་ཆེན་མོ་ཀླུ་ཡི་རྗེ། །སྐུ་ལ་རྨ་བྱའི་ཐུལ་པ་གསོལ། །ཐ་མ་གཡུ་ཡི་རྡོ་རྗེས་གཏམས། །བུད་མེད་གསེར་གྱི་གོ་ལྕོག་ཅན། །སྤྱན་མིག་གཡས་པ་ཟླ་བ་འཁྱིལ་པ་ཙམ། །གཡོན་པ་ཉི་མ་འཁྱིལ་པ་ཙམ། །བཞུགས་ནི་ཉི་མ་ལྷོ་ན་བཞུགས། །མཚོ་སྨན་ཆེན་མོ་


DNG023_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་ཉེས་སྟངས་འཛིན་མ། །སྐུ་ནི་མི་བསྐྱོད་དབྱིངས་ན་བཞུགས། །ཕྱག་ན་འཕྲུལ་གྱི་མེ་ལོང་བསྣམས། །རྣམ་པར་ཐར་པའི་ལམ་སྟོན་མ། །སངས་རྒྱས་རྣམས་དང་དགོངས་པ་མཐུན། །དབང་ཕྱུག་ཕྲ་མེན་རྣམས་ཀྱི་དགོངས་སྤྱོད་ཅན། །སྲིད་པ་གསུམ་གྱི་ལེགས་ཉེས་སྟངས་འཛིན་མ། །གླིང་བཞི་སེམས་ཅན་ཚེ་ཚད་གཏན་ལ་འབེབས། །རྒྱལ་རིགས་རྣམས་དང་ལས་སྟབས་གཅིག །ལེགས་ལྡན་ནག་པོ་ཕོ་ཉར་འགྱེད། །ཀླུ་ཡང་ཕོ་ཉར་ཕྱོགས་བཅུར་འགྱེད། །ཀླུ་རྣམས་ཀུན་ལ་དབང་བསྒྱུར་མ། །ཁམས་གསུམ་མ་ལུས་དབང་དུ་སྡུད། །གནས་ནི་མ་པང་མཚོ་ལ་གནས། །ཐུགས་རྗེ་མཚོ་ནི་ཆོས་ཀྱི་དབྱིངས། །སྲིད་པ་གསུམ་གྱི་མཚོ་ཆེན་ཡང་། །དབྱར་ནི་མི་སྐྱེ་རྒུན་མི་འཁྱག །མ་པང་མཚོ་ལ་དཔལ་གནས་སོ། །གཡས་ན་སྲིད་པའི་འཁོར་ལོ་བསྣམས། །གཡོན་ན་འཕྲུལ་གྱི་མེ་ལོང་བསྣམས། །ཚེ་ཡི་བུམ་པ་ཕྱག་ན་བསྣམས། །ལེགས་ཉེས་རྣམས་ཀྱི་སྟངས་འཛིན་མ། །རྣལ་འབྱོར་དམ་ཚིག་ཅན་ལ་དངོས་གྲུབ་སྩོལ། །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །ད་ནི་དཀར་མོ་དབུ་ལྔ་མ་བསྐུལ་ཏེ། དཔལ་ཆེན་ཐུགས་ལས་སྤྲུལ་པའི་སྲས་མོ་སྟེ། །གནས་ནི་རོལ་མཚོ་བདུན་ལ་གནས། །ཆིབས་སུ་འཇིགས་པའི་མགོ་དགུ་བཅིབས། །སྐུ་ནི་ཤེལ་སྒོང་དྭངས་པ་འདྲ། །ཉི་མའི་ཟེར་བས་ཤིན་ཏུ་འཚེར། །ཟླ་བའི་འོད་ལས་དཀར་ལ་དྭངས། །སྐུ་ཡི་འོད་ཀྱིས་སྟོང་ཁམས་ཁྱབ། །ཞལ་ནས་འཇིགས་པའི་སྐར་མདའ་འཕྲོ། །དགུ་ཚིགས་གཞུང་དུ་བརྡུང་བ་མོ། །སྐར་ཆེན་མདའ་རུ་འཕེན་པ་མོ། །དགྲ་སྙིང་ཕུར་གྱིས་འདེབས་པ་མོ། །ཆེ་ཞེ་མོན་མོ་དབང་ཕྱུག་མོ། །ཤ་ཁྲག་དམར་གྱི་དྲི་སྣོམ་མོ། །ལེགས་ཉེས་གཉིས་ཀྱི་སྟངས་འཛིན་མ། །དམ་ཚིག་ཅན་གྱི་རྗེས་གཅོད་མོ། །ཐོག་དང་སེར་བ་ཞལ་ནས་འཕེན། །སྦྲུལ་ནག་སྟོང་གི་ཞགས་པ་འདེབས། །ཟླ་བ་ཚེས་པའི་སྤྱན་ཟུར་གཟིགས། །ཁམས་གསུམ་མ་ལུས་ས་ལེར་མཁྱེན། །སྲིད་གསུམ་མ་ལུས་ཟིལ་གྱིས་གནོན། །དགྲ་བོ་དམ་ཉམས་གཤེད་དམར་ཞལ་གྱིས་བཞེས། །རྣལ་འབྱོར་དམ་ཚིག་ཅན་ལ་དངོས་གྲུབ་


DNG023_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

སྩོལ། །ད་ནི་གུ་ཧྱ་མ་བསྐུལ་ཏེ། །གངས་དཀར་རྩེ་ལ་གནས་པ་མོ། །ལས་སུ་བཅོལ་ན་ཀུན་ཀྱང་འགྲུབ། །ཕྱག་ན་གསང་བའི་མཆོག་ཕུར་བསྣམས། །དགྲ་བགེགས་སྙིང་ལ་གཟེར་འདེབས་མ། །སྐུ་ལ་བཙོས་ཀྱི་ལའུ་ནག་གསོལ། །ཞལ་ནས་སྒྲ་ཆེན་འབྲུག་ལྟར་སྒྲོགས། །ཕྱག་ནས་ཐོག་འཛག་དགྲ་སྙིང་སྐྲག །ཐུགས་ནི་དགྲ་བོའི་ཙིཏྟ་རློམ། །སྤྱན་གྱིས་སྟོང་ཁམས་ཁྱབ་པར་གཟིགས། །སྨུག་ནག་ཆེན་མོ་དབུ་ལྔ་མ། །ཙིཏྟ་སྟོང་གི་མངའ་བདག་མོ། །ནམ་མཁའི་ཁམས་ལ་དབང་སྒྱུར་མ། །སྟོན་ཟླ་གསུམ་ལ་མངའ་མཛད་མ། །འབྲས་བུ་ལོ་ཐོག་བཅུད་ལེན་མ། །དབྱར་ཟླ་གསུམ་ལ་མངའ་མཛད་མ། །ཐོག་དང་སེར་བའི་སྣ་འདྲེན་མ། །མེ་ཏོག་ཀུན་གྱི་མདངས་ལེན་མ། །སེམས་ཅན་ཀུན་གྱི་སྲོག་གཅོད་མ། །དགུན་ཟླ་གསུམ་ལ་སྡོམས་མཛད་མ། །ཐེའུ་བྲང་ཧས་པོ་དབང་སྒྱུར་མ། །དཔྱིད་ཀྱི་ཟླ་གསུམ་མངའ་མཛད་མ། །རླུང་དང་འཚུབ་མའི་སྣ་འདྲེན་མ། །སྲིད་པའི་བུ་མོ་ཐུགས་དམ་ཅན། །ཐུགས་དམ་དུས་ལ་བབ་ཀྱི་གཤེགས་སུ་གསོལ། །ད་ནི་ཁྲག་སྐྱུགས་མའི་བདག་མོ་བསྐུལ་ཏེ། ཧཱུཾ། དུར་ཁྲོད་བདག་མོ་ཤྲཱི་ཛ་མུནྟྲི། །སྐུ་མདོག་དམར་སྨུག་ཆེན་མོ་ལ། །ཕྱག་ན་མི་ཐོད་ཕྲེང་བ་རྣམས། །ནུ་མའི་བཤལ་ཁས་གསུས་པ་ཁེབས། །ཡར་བལྟས་གནམ་གྱི་ལྷ་རྒྱལ་མོ། །མར་བལྟས་ས་ཡི་ཀླུ་རྒྱལ་མོ། །ཆིབས་སུ་མགྱོགས་པ་རླུང་ལ་ཆིབས། །ན་བཟའ་གོ་ཟུ་ནག་པོ་མནབས། །ཞལ་ནས་རྫི་བ་འབུད་པ་མོ། །ཕྱག་ན་ཟངས་ཀྱི་རྒྱུད་ཞགས་ཐོགས། །གཡོན་ནི་འཛིན་འགུགས་བྱེད་པའི་ཕྱག །སྡང་བའི་དགྲ་བོ་ཁུགས་ལ་སྒྲོལ། །རླུང་གི་ཕྱོགས་ནས་ཕོ་ཉ་འགྱེད། །སྤྲུལ་པ་ཤ་ཞོན་མང་པོ་གཏོང་། །སྡང་བའི་དགྲ་བོ་དྲོངས་ཤིག་ཁུག །ཅེས་བརྗོད་ལ། ཐུགས་དམ་བསྐང་པའི་རྫས་ཤེལ་སྨུག་པོ་དང་། ཀུ་ཀུ་རཱ་ཙ་དཀར་པོ་ཤེལ་མིག་དང་། རྨ་བྱའི་མདོངས་དང་། རཀྟ་མང་པོ་སྦྲོངས་ཤིང་ནམ་གྱི་གུང་ལ་ཐུགས་དམ་བསྐང་ན་ཟློག་པར་འགྱུར་རོ། །དམ་ཚིག་ཉམས་ན་མི་བཟློག་གོ། །


DNG023_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་པའི་མ་མོ་དང་། འཇིག་རྟེན་གྱི་མ་མོ་དང་། འཇིག་རྟེན་གྱི་ལྷ་འདྲེ་ཐམས་ཅད་ལ་དཔང་གཟུག་གོ། །མ་ཚང་ཚིག་བསྐང་བའི་ལེའུ་སྟེ་ང་བདུན་པའོ།། །།ཞིང་ལྤགས་གཡང་གཞི་དང་མ་བྲལ་བ་བདུན་ཡང་བླ་རེར་གདགས། ཞིང་གི་གུར་ཐབས་དང་། ཞིང་གི་རྦད་ཕུར་དང་། མཆོག་ཕྲན་ཡང་དགྲམ་མོ། །ཙིཏྟའི་ཕོ་ལོང་དང་། མི་དབང་གི་འབྲས་བུ་དང་། མཚལ་ཆེན་བཏབ་པའི་རཀྟ་དང་། སྣེལ་གྲིར་ཤི་བའི་མདོང་མོ་དང་། སྦྲུལ་དཀར་ནག་ལ་སོགས་པས་བརྒྱན་ནོ། །བྱང་ཆུབ་སེམས་དང་ཙིཏྟ་ཕྲུག་པར་བྱ། ལྷོ་ཕྱོགས་ཀྱི་བྷནྡྷར་གླང་པོ་ཆེའི་འབྲས་བུ་གཅིག་དང་། ཙིཏྟ་གཅིག་གིས་རཏྣ་སམ་བྷའི་ཐུགས་དམ་བསྐང་ངོ་། །ནུབ་ཕྱོགས་ཀྱི་བྷནྡྷར་རྨ་བྱའམ་བྱ་མཚལ་བུའི་འབྲས་བུ་དང་། བུད་མེད་སྐྲ་སེར་ལ་ལི་བའི་རཀྟ་གཅིག་གིས་པདྨ་ཧེ་རུ་ཀའི་ཐུགས་དམ་བསྐང་ངོ་། །བྱང་ཕྱོགས་སུ་ཤང་ཤང་ངམ། ཕ་ཝང་གི་འབྲས་བུ་དང་། ཅི་ཡང་རུང་བའི་འབྲས་བུ་ཙིཏྟ་གཅིག་གིས་དོན་ཡོད་གྲུབ་པའི་ཐུགས་དམ་བསྐང་། ཤར་ཕྱོགས་སུ་བྷནྡྷར་གླང་པོ་ཆེའམ། རྟ་སྔོན་པོ་གཅིག་གི་འབྲས་བུ་གཅིག་གིས། རྡོ་རྗེ་སེམས་དཔའི་ཐུགས་དམ་བསྐང་ངོ་། །དབུས་ཀྱི་བྷནྡྷར་དྲི་ཆེན་དང་། ཁྱི་དཀར་པོ་གཅིག་གི་འབྲས་བུའམ་ཙིཏྟས་རྣམ་པར་སྣང་མཛད་ཀྱི་ཐུགས་དམ་བསྐང་ངོ་། །གཟུགས་དང་མིང་རུས་ལྡན་པར་བརྟགས། །རྩིབས་ཆ་ལྔ་དང་དབུས་ལ་དགོད། །ཙིཏྟ་དཔེའུ་ཆུང་གི་ལེའུ་སྟེ་ང་བརྒྱད་པའོ།། །།བྷནྡྷ་བཅོ་བརྒྱད་མེད་དུ་མི་རུང་། ཁྲག་སྣ་སྟོང་རྩ་བརྒྱད་མ་རྙེད་ནའང་། བཅོ་བརྒྱད་མེད་དུ་ཡིད་མི་རུང་ངོ་། །ཤ་སྣ་སྟོང་རྩ་བརྒྱད་མེད་ནའང་བརྒྱ་རྩ་བརྒྱད་མེད་དུ་མི་རུང་། སྨན་སྣ་སྟོང་རྩ་བརྒྱད་མེད་ན་ཡང་། བརྒྱ་རྩ་བརྒྱད་མེད་དུ་མི་རུང་། གསུར་ཆེན་གྱི་དུད་པ་ཡང་རྒྱུན་མི་གཅད་པར་བཏང་ངོ་། །གཟུངས་མ་མཚན་དང་ལྡན་པ་བརྒྱད་མ་རྙེད་ནའང་། བཞི་མེད་དུ་མི་རུང་ངོ་། །དགོངས་པ་མཁན་གཅིག །སྐྱེས་བུ་སྔགས་མཁན་ངར་ཅན་གཅིག་དགོས་སོ། །དལ་གྱི་གྲྭ་བཞིར་ཁམ་རྒྱ་ཆེན་མོའི་སྙིང་པོ་བྲི། དཀྱིལ་


DNG023_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་གྱི་མུ་རན་ལ་ལོང་བ་རྒྱབ་སྦྲེལ་བྲིའོ། །ཡང་སྤྲུལ་དང་བཅས་པར་བྱ། ཕུར་བུ་བརྒྱ་རྩ་བརྒྱད་ཀྱིས་དཀྱིལ་འཁོར་མཐའ་མ་བསྐོར། མདའ་བཞི་ཡང་ཁྱམས་སུ་གཟུག །བྷནྡྷ་བཞི་དགོད་དེའི་བར་ཁྱམས་བཞི་རུ་གསེར་ཕྱེ་མེ་ལོང་བཞི་དགོད་དོ། །དཀྱིལ་འཁོར་བཞི་རྒྱན་གྱིས་བརྒྱན་ནོ། །དཔལ་ཆེན་པོ་རྩ་བཞི་ལས་བསྐྱེད་དེ། ནང་རྟགས་ཕྱིར་ཕྱུང་བས་སྨེ་བ་དཀར་ནག་ཏུ་ཕྱུང་སྟེ། སྨེ་བ་མདངས་ཀྱི་མ་མོ་ཞེས་ཀྱང་བྱའོ། །དྲག་པོ་ཕུར་བུ་ལ་སྔགས་པ་ནི། མ་མ་ཏྲག་ཨེ་ཀཾ་རུ་ལུ་ཞེས་གདབ་པོ། །གུ་ཧྱ་གཏེར་གྱི་ལེའུ་སྟེ་ང་དགུ་པའོ།། །།དེ་ནས་ཡུམ་སྦས་ལ་མཚམས་བཅད། ཡུམ་རྣམས་བདུད་རྩིའི་ཆུས་བཀྲུས་ལ། མདེའུ་སྦྲང་མ་ལ་དར་ལེའུ་བརྒན་གྱིས་མགུལ་ཆིངས་བྱས་ལ། ཡུམ་གྱི་དཔུང་ཀ་ནས་གཟུང་ལ། ཐེ་ཚོམ་རྨ་ཡང་སྤང་སྟེ་བཅོམ་ལྡན་འདས་དང་དགོངས་སྤྱོད་གཅིག་ཏུ་བཞུགས་སོ། །མ་ལྟར་དབང་མ་བྱེད། དབྱིངས་ལས་ཡེ་ཤེས་འབྱོར། སྲིང་ལྟར་ལྷས་མ་དམ། གྲོགས་ལྟར་ཕྲག་མ་དོག །མཛའ་མོ་ལྟར་གཞུང་མ་ངན།བྲན་ལྟར་སྙིང་མ་རིང་། དེ་ནས་དཀྱིལ་འཁོར་གྲྭ་བཞིར་དབང་བསྐུར་ལ་བཞག །དང་པོ་ནུབ་མོ་བཤགས་པ་བྱ། དེའི་ཕྱི་དེའི་ནུབ་མོ་བར་ཆད་ཀྱིས་མི་ཚུགས་པར་བྱ་བའི་ཕྱིར། ཕུར་པ་བརྒྱ་རྩ་བརྒྱད་ཀྱི་དཀྱིལ་འཁོར་བཞེངས་སུ་གསོལ། དེའི་ཕྱི་དེའི་ནུབ་མོ་ནམ་མཁའ་ལྡིང་གཅིག་གིས་ཐུགས་དམ་བསྐང་། དེའི་ཕྱི་དེའི་ནུབ་མོ་ཙ་རས་བཟློག །དེའི་ཕྱི་དེའི་ནུབ་མོ་ལུག་སྨུག་ནག་གིས་ཐུགས་དམ་བསྐང་། ཡུམ་གྱི་དཔུང་ཀ་ནས་བཟུང་ལ་ཐེ་ཚོམ་རྨའོ། །ཁར་སང་ཁར་ཉིན་སྔོན་མ་རུ་ངོ་མ་ཤེས། སྲིང་དུ་ངོ་མ་ཤེས། གྲོགས་སུ་ངོ་མ་ཤེས། མཛའ་མོར་ངོ་མ་ཤེས། བྲན་ལྟར་ངོ་མ་ཤེས། མ་རུ་ངོ་ཤེས་ན། དབྱིངས་དང་ཡེ་ཤེས་ལྡན། གྲོགས་ལྟར་ངོ་ཤེས་ན། བརྩེ་བའི་གཞུང་དང་ལྡན། མིང་པོར་ནི་ངོ་ཤེས་ན། གཟི་བརྗིད་ནི་མཛེས་དང་ལྡན། རྗེ་རུ་ནི་ངོ་ཤེས་ན། དབྱིངས་སུ་ནི་འབངས་སུ་འཆི། དེ་ནས་ཡབ་མངོན་རྫོགས་ཀྱི་རྒྱལ་པོས་སྲིན་ལག་ནས་བཟུང་སྟེ། ཡུམ་གྱི་


DNG023_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

བྷ་ག་དབང་དུ་བསྡུས་ལ་སྤྱན་དྲངས་ཏེ། དགུང་བཞིའི་ནུབ་མོ་ཤེལ་དཀར་པོ་ཡ་སངས་ཀྱིས་དཀར་མོ་རྣམས་ཀྱི་ཐུགས་དམ་བསྐང་། ཁྱི་ནག་པོ་ཤེལ་མིག་གིས་མཚོ་སྨན་དང་ཀླུ་རྣམས་ཀྱི་ཐུགས་དམ་བསྐང་། པྲ་དབབ་པ་ཡང་ཡུམ་བདུད་རྩིའི་ཆུས་བཀྲུས། རཀྟའི་ཐིག་ལེ་གདབ། སྲིན་ལག་ལ་སྐུད་པ་ནག་པོ་གཅིག་གིས་གདགས། གུང་མོ་ནས་སྐུད་པ་དཀར་པོས་བཏགས་ལ་བཟུང་པྲ་དབབ་པའི་ཡུམ་མཚམས་བཅད། དེ་ནས་ཉུང་དཀར་ལ་བསྔགས་ལ་སྤྱི་བོ་ནས་པྲ་དབབ་པའི་སྙིང་པོ་འདི་ཡང་བཟླས་སོ། །ཏྲག་རཀྴ་མུ་ཏྲ་མུ་ཏྲ་རུ་ལུ་རུ་ལུ་རག་མོ་ཛཱ་ཛཱ། ཁ་ལ་མ་ཏི་བྷྲཱུཾ་སྙིང་ཁ་རཀ་བྷྱོ། རུ་ལུ་རུ་ལུ་ཁ་རཾ་རཀྴ་ནི་ཐུམ་རི་ལི་ལི་ཤུ་ཏིཥྛ་རྦ་ཧཱུཾ། གཞུང་ལས་བྱུང་བའི་མ་མོའི་སྙིང་པོ་མཆེད་ཕྱོགས་སུ་ལྷ་ཕོབ་ལ་འཛབ་དཔོག་གོ། །པྲ་དབབ་པའི་ཡུམ་པདྨའི་སྟེང་དུ་བཞག་ལ། ཕྱོགས་ཕྱོགས་ནས་དབང་བསྐུར་རོ། །དེ་ནས་པྲ་དབབ་པ་དང་། དངོས་གྲུབ་ལུགས་བཞིན་བཤམས་ལ། བདུད་རྩིའི་བདག་མོ་ཡིན་པས་བསྙེན་བསྒྲུབ་བདུད་རྩིའི་འཛབ་དྲང་ངོ་། །དེ་ནས་ཡང་སྲིན་ལག་ནས་བཟུང་སྟེ་པྲ་དབབ་པོ། །འཇིག་རྟེན་སྔ་མའི་གཏམ་ཁྱེར་ནས་འོང་བ་ནི། རལ་གཅིག་མ་ཡིན་པས་སྙིང་པོ་དྲང་ངོ་། །ཏྲག་རག་ཤུ་ཏྲ་མོ་རུ་ལུ་བྷྲཱུཾ། ཨོཾ་ཤྲཱི་མཉྫུ་དཱིཔྟ་ཙཀྲ་བྷྲཱུཾ། དེ་ནས་སྔགས་མཁན་གྱི་ཞབས་གཡོན་པའི་མཐེ་བོང་ལ་བཏགས་ལ། ལུང་གིས་ཟིན་པར་བྱས་ལ་ལྷ་སྲིན་སྡེ་བརྒྱད་གང་ལ་བཀོལ་ཀྱང་འགྲུབ་པོ། །པྲ་དབབ་པའི་ལེའུ་སྟེ་དྲུག་ཅུ་པའོ།། །།ཏ་ན་སྒྲོལ་བའི་ལུང་གིས་མ་མོ་རྣམས་ཀྱི་ཐུགས་དམ་བསྐང་། ག་ཎ་སྦྱོར་བའི་ལུང་གིས་འཕགས་པ་རྣམས་ཀྱི་ཐུགས་དམ་བསྐང་ངོ་། །སྦྱོར་སྒྲོལ་གཉིས་སུ་མེད་པར་བལྟ། །སྦྱོར་སྒྲོལ་གྱི་ལེའུ་སྟེ་རེ་གཅིག་པའོ།། །།དབང་དུ་བསྡུ་བ་ལ་ཡང་གསུམ་སྟེ་ནམ་མཁས་འབྱུང་བ་དབང་དུ་བསྡུ་བ་དང་། ཆོས་ཉིད་ཀྱིས་ཆོས་ཅན་དབང་དུ་བསྡུ་བ་དང་། སེམས་ཅན་སྲིད་པས་དབང་དུ་བསྡུ་བ་དང་། སྤྱོད་པས་དབང་དུ་བསྡུ་བ་དང་། ལྟ་བས་དབང་དུ་བསྡུ་བའོ། །དབང་དུ་གང་བསྡུ་ན། མ་མོ་དོན་གྱི་ལྷ་དགུ་དབང་དུ་བསྡུའོ། །


DNG023_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

མ་མོ་འཁོར་ལ་མི་གཟན་པར་དབང་དུ་བསྡུ་བ་དང་། བདག་མ་མོའི་དབང་དུ་མི་འགྲོ་བ་དང་། མ་མོ་བདག་གི་དབང་དུ་འདུ་བར་བསྡུ་བའོ། །དབང་དུ་བསྡུ་བའི་ལེའུ་སྟེ་རེ་གཉིས་པའོ།། །།ཆོས་དང་ནམ་མཁའ་གཉིས་སུ་མེད་དེ། ནམ་མཁའ་འབྱུང་བ་བཞི་ལ་ཤི་ས་བསྟན་པ་དང་། བྱང་ཆུབ་ཀྱི་སེམས་བདག་དཔལ་ཆེན་པོས་སྲིད་པ་གསུམ་ཤི་ས་བསྟན་པ་དང་། དེ་གཉིས་ནི་ལྟ་བས་ཤི་ས་བསྟན་པའོ། །སྤྱོད་པས་ཤི་ས་བསྟན་པ་ནི། ཧེ་རུ་ཀ་ཉིད་ཀྱི་སྨེ་བ་དཀར་ནག་ལས་བསྐྱེད་ནས་ཕྱི་རབས་ཀྱི་རྣལ་འབྱོར་པ་རྣམས་བསྟན་པ་བསྲུང་བར་དམ་བཅས་པའི་ཆེད་དུ། འཇིག་རྟེན་གྱི་མ་མོ་བཀའ་སྲུང་དུ་བཞག་གོ། །ཕྲིན་ལས་ཀྱི་ཤི་ས་བསྟན་པ་ནི། བདག་ཉིད་ཏིང་ངེ་འཛིན་ལས་གནས་ཏེ། ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ་མ་མ་ཧཱུཾ་ཕཊ། ཅེས་བརྗོད་པས། སྐུ་ཆེ་ལ་ཡན་ལག་རགས་པ། ཆུ་ལས་ཆུ་བུར་རྡོལ་བའི་ཚུལ་དུ་ལྷག་གིས་སྐྱེས་པས། དེའི་ཞལ་ནས། མ་མ་རཀྴ་མ་ལེ་ཐུཾ་རྦད་ཛ་ཛཿ། ཞེས་བརྗོད་པས། ཡང་གསང་གི་མ་མོ་དྲུག་དང་། ཡང་གབ་དབང་གི་རྒྱལ་མོ་བཞི་པོ་དེ་བྱ་མདུན་དུ་ནམ་མཁའ་ལས་བབས་པ་བཞིན་ནམ། ཉ་བྱེ་ཚན་ལ་བསྐྱུར་བ་བཞིན་དུ་གྱུར་ཏེ། ཅི་བཀའ་སྩལ། འཇིག་རྟེན་ན་ཉམས་པ་དང་འཁྲུག་པ་ཅི་མཆིས་ཟེར་རོ། །དེ་ལྟར་སྐྲག་ཅིང་སྔངས་པ་ནི། འཆི་ས་བསྟན་པའི་ལེའུ་སྟེ་རེ་གསུམ་པའོ།། །།དཔལ་ཆེན་པོའི་བྱང་ཆུབ་སེམས་རིན་པོ་ཆེའི་སྒྲོམ་ལས། ཐུགས་ཀྱི་རྩ་བཞི་ཕྱོགས་བཞིར་གྱེས་པ་ལས་དར་དཀར་གྱི་སྐུད་པ་གསེར་གྱི་སྦུ་གུ་ནས་ཙམ་གནས་པ་ལས། སྙིང་ཁ་རག་རྦད་ཛ་ཛ། ཅེས་བྱས་པས་ཐུགས་ཀྱི་རྩ་ནས་ཕྲིན་ལས་ཀྱི་དོན་མཛད་པ། སྲིད་པའི་མ་མོ་སྐུ་མདོག་དཀར་པོ་གངས་རི་ལ་ཉི་མ་ཤར་བ་འདྲ་བ་ཕྱག་གཡས་ན་སྙིང་དང་ཁྲག་བསྣམས་པ། གཡོན་ན་མདའ་གཞུ་ཐོགས་པ། མདུན་དྲང་པོར་བན་གླང་དཀར་པོ་བཅིབས་ཏེ་ཉི་ཟེར་འབུམ་གྱིས་བརྒྱན་པ། ཟླ་བ་སྟོང་གིས་བརྒྱན་པ་གཅིག་བྱུང་བས། ཅི་བཀའ་སྩལ་ཟེར་ནས་མདུན་དུ་འདུག་གོ། །སྲིན་མོ་དུང་ལོ་


DNG023_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཞེས་བྱའོ། །ལྷོ་ཕྱོགས་རྩ་བཻ་ཌཱུརྱ་འདྲ་བ་རྩའི་སྒོ་ནས་སྐུ་ནས་ཙམ་ལས། མ་མོ་སྙིང་འདུན་ལིང་སྲོག་རྩ་བྷྱོ། ཞེས་བརྗོད་པས། དེའི་གཡོན་དུ་སྐུ་མདོག་སྔོན་མོ་ཆུ་གླང་འབར་བ་ལ་བཅིབས་པ་སྐུ་དང་ཕྱག་སྦྲུལ་ནག་འབར་བས་ནི་བརྒྱན། ཟངས་ཀྱི་དྲ་བ་མིག་མངས་གཅིག་ནི་བཅིབས་ཀྱི་ཕྱི་གོང་ལ་བཏགས། ཕྱག་གཡས་ན་ལྕགས་ཀྱི་བསེ་གབ་ཆེན་པོ་གཅིག་ཐོགས། གཡོན་ན་འཕྲུལ་གྱི་མེ་ལོང་གཅིག་བསྣམས། སྐུ་ལ་རྨ་བྱའི་ཐུལ་པ་གཅིག་མནབས། ཡིད་ཀྱི་དྲ་བ་བརྒྱ་སྟོང་གིས་འཇིག་རྟེན་གྱི་ཁམས་གཡོགས་པ། སྤྱན་གཡས་གཡོན་དུ་ཉི་ཟླ་འཁྱིལ་པ་ཙམ། ཅི་བཀའ་སྩལ་ཞེས་ཟེར་ནས་མདུན་དུ་འདུག་གོ། །ནུབ་ཕྱོགས་ཀྱི་རྩ་དར་ལེའུ་བརྒན་གྱི་ལྕེ་འདྲ་བ། སྐུ་ནས་ཙམ་ལས། དྷར་མ་རཀྴ་ཛ་ཛཿ། ཞེས་བརྗོད་པས། སྐུ་མདོག་དམར་པོ་མེ་ལྕེ་ཆད་པ་འདྲ་བ།ཟངས་ཀྱི་དྲེའུ་རྟ་སྨུག་པོ་ལ་རྔ་རྔོག་ལྕགས་ཀྱིས་བྱས་པ། ཆེ་ཆུང་གི་ཚད་དཔག་ཚད་བརྒྱད་ཁྲི་བཞི་སྟོང་ལ་ཞོན་ནས་སྐུ་ལ་ལེའུ་བརྒན་དམར་པོ་གསོལ་པ། ཟངས་ཀྱི་ཞགས་པ་འདོམ་དགུ་བརྒྱ་བཞི་སྟོང་ཡོད་པ་སྔ་གོང་ལ་བཏགས། ཡིད་ཀྱི་དྲ་བ་བརྒྱ་སྟོང་གིས་འཇིག་རྟེན་གྱི་ཁམས་གཡོགས་པ། སྐུ་རགས་སྦྲུལ་གྱི་ཞགས་པ་བཅིངས་ཤིང་། ཕྱག་ན་དུང་གི་གའུ་གཅིག་བསྣམས་པ། ཅི་བཀའ་སྩལ་ཞེས་ཟེར་ཞིང་མདུན་ན་ཡེ་རེ་འདུག་པ། བྱང་ཕྱོགས་ཀྱི་རྩ་ལྗང་གུ་ནས་སྐུ་ནས་ཙམ་ལས། རུ་ཏྲ་མ་མ་ཐུམ་ཛ་ཛཿ། ཞེས་བརྗོད་པས། སྐུ་མདོག་ལྗང་སར་རལ་པ་སྤྱི་བོར་བཅིངས་པ། སྤྱན་འབར་བ་སྐུ་ཁྲོ་མོར་བཞུགས་པ། སྐུའི་ཆ་ལུགས་འབར་བ་སྐྱེས་བུའི་ཆས་སུ་ཞུགས་པ། ཟབ་སླག་དམར་བཀྲ་ལ་ལྕགས་ཀྱི་སྟག་རལ་གྱིས་བརྒྱན་པ། ལྕགས་ཀྱི་དྲེའུ་རྟ་ནག་གུ་ལ་རྔ་རྔོག་ཟངས་སུ་འདུག་པ་ཟབས་སུ་ཆག་གང་གྲུ་བཞི་ཡོད་པ་མགྱོགས་པ་གློག་བས་མྱུར་བ་གཅིག་ལ་ཞོན་ནས། བསེ་སྒ་བསྟད་པ། ལག་པ་གཡས་ན་སྤུ་གྲི། གཡོན་ན་སྦྲུལ་ཞགས་དུག་དང་ཁྲག་བསྣམས་པ་གཅིག་བྱོན་ནས། ཅི་བཀའ་སྩལ་ན། ཟེར་ནས་མདུན་ནས་འདུག་གོ། །


DNG023_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

མ་མོ་ལས་ལ་གཟུད་པའི་ལེའུ་སྟེ་རེ་བཞི་པའོ།། །།མ་མོ་མཚན་གྱི་རྣམ་གྲངས་དང་བཟླས་པ་ལས་ཀྱི་སྔགས་སོ། །ཡུམ་ཆེན་མོ་སེམས་ཀྱི་བུ་གཅིག་མ་ནི། ཡུམ་རྡོ་རྗེ་རྫོགས་མ་བྱ་སྟེ་ཡུམ་ཆེན་མོ་ཉིད་དོ། །དཀར་མོ་དབུ་དགུ་མའི་མཚན་གསོལ་པ།། །།རྒྱ་གར་སྐད་དུ། དཀར་མོ་རེ་མ་ཏི། སཾ་སྐྲི་ཏའི་སྐད་དུ། མ་སར་དབང་ཕྱུག་མ། རྡོ་རྗེ་དབང་ཕྱུག་མ། རྡོ་རྗེ་ས་མཉྫ་ཞེས་བྱའོ། །བོད་སྐད་དུ། དཀར་མོ་དབུ་དགུ་མ་ཞེས་བྱའོ། །གསང་བའི་མཚན་གསོལ་པ། རྡོ་རྗེ་ལྕམ་གཅིག་པདྨའི་སྲིང་ཞེས་བྱའོ། །བཟླས་པའི་ལས་ཀྱི་སྔགས་ནི། ཏྲག་ཁ་མུནྟྲ་བྷྱོ་རུ་ལུ་ཧེ་མོ་ཨ་ལོ་ཙིཏྟ་ན་མ་ལ་བྷྱོ་རུ་ལུ་ཧེ་མོ་ཡ་བྷྱོ་རུ་ལུ། ནཱ་ག་དན་ཧ་མོ་ཡ་བྷྱོ་རུ་ལུ། ཡ་མ་ཤ་ཀ་ཀྲོ་ཏ་བྷྱོ་རུ་ལུ། སྙིང་ཁ་རག་སྲོག་ཐུན་བྷྱོ་རུ་ལུ། མ་མོ་བྷྱོ་སྲིང་བྷྱོ་ཐུན་བྷྱོ། མཚོ་སྨན་རྒྱལ་མོའི་མཚན་གསོལ་པ།། །།རྒྱ་གར་སྐད་དུ། ཨཱརྱ་རེ་མནྟི་ཞེས་བྱའོ། སཾ་སྐྲི་ཏའི་སྐད་དུ། འོ་དེའི་སྲིང་མོ་ཞེས་བྱའོ། །བོད་སྐད་དུ། མཚོ་སྨན་ཆེན་མོ་དཔལ་ལྡན་ཞེས་བྱའོ། །གསང་བའི་མཚན་གསོལ་པ། གཉེན་གྱི་ལྷ་གཅིག་ཀླུ་འབུམ་བསིལ་ཞེས་བྱའོ། །བཟླས་པ་ལས་ཀྱི་སྔགས་ནི། བཛྲ་སྙིང་གོད་ཆོད། ཏི་ཁ་ལ་ཟ་མུན་ཟ་མུན་ལོང་ཏནྟྲི་རྦད། ཡུན་ཏན་ཏི་རྦད། ད་ར་རྔཾ་རྦད། ཐིམ་རྔམ་རྦད། ཤ་ཁུག་ཐིག་ན་རྦད། སྲིད་པའི་བུ་མོའི་མཚན་གསོལ་པ།། །།རྒྱ་གར་སྐད་དུ། གུ་ཧ་རེ་མ་ཏི་ཞེས་བྱའོ། །སཾ་སྐྲི་ཏའི་སྐད་དུ། སྨུག་ནག་དབུ་ལྔ་མ་ཞེས་བྱའོ། །བོད་སྐད་དུ། སྲིད་པའི་བུ་མོ་ཞེས་བྱའོ། གསང་བའི་མཚན་གསོལ་པ། ནམ་མཁའ་མཁའ་འགྲོ་དབྱིངས་རུམ་བསིལ་ཞེས་བྱའོ། །བཟླས་པ་ལས་ཀྱི་སྔགས་ནི། ཚལ་པ་དུམ་བུ་ཁྲག་ཏི་རྦད། སྣང་ན་ནི་རྦད། ཤག་ཏི་ཤག་ཏི་རྦད། རྦ་ན་རྦ་ར་རྦ་ཐ་རྦད། དུམ་བུ་དུམ་བུ་ཚལ་པ་རྦད། རཀྴ་རཀྴ་རུ་ཏྲ་རྦད། སྙིང་ནག་སྙིང་ནག་སྲོག་རྩ་རྦད། ཚལ་པ་ཚལ་པ་ཏེ་ནི་རྦད། བཾ་རིལ་དམ་པ་དམ་འུ་དཱིཔྟ་ཙཀྲ་རྦད། དུར་ཁྲོད་ཀྱི་མ་མོ་ཛ་མུནྟྲིའི་མཚན་གསོལ་པ།། །།


DNG023_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། གིང་ཀ་ར་མོ་ཞེས་བྱའོ། །སཾ་སྐྲི་ཏའི་སྐད་དུ། ཤྲཱི་ཛ་མུནྟྲི་ཅེས་བྱའོ། །བོད་སྐད་དུ། རྡོ་རྗེ་རླུང་སྒྲོན་མ་ཞེས་བྱའོ། །གསང་བའི་མཚན་གསོལ་པ། རྡོ་རྗེ་སྒྲོལ་མ་མཁའ་འགྲོ་མཆོག་ཅེས་བྱའོ། །བཟླས་པ་ལས་ཀྱི་སྔགས་ནི། ཤྲཱི་ཛ་ཙ་ཏུ་ཐུན་ལིང་གྲཾ་ཐུན་ལིང་། གྲུམ་ཐུན་རྦད། ཤྭ་རྦ་རྐུག་ཚར་མི་མུགས་རྦད། མྱོས་ཙར་ལིང་། མ་མ་རཀྴ་རུ་ཏྲ་རྦད། ཅེས་བརྗོད་དོ། །མཚན་དང་བཟླས་པ་ལས་སྔགས་ཀྱི་ལེའུ་སྟེ་རེ་ལྔ་པའོ།། །།བུད་མེད་སྣེལ་གྲིར་ཤི་བའི་དོར་རྟ་དང་། མོན་པ་རབས་ཆད་ཀྱི་ཐོད་པ་དང་། སྤྱང་ཐོད་ཕག་ཐོད། གུ་གུལ་ནག་པོ་དང་། དུག་སྣ་ཚོགས་དེ་རྣམས་དགྲ་བོའི་ཁྱིམ་གྱི་སྒོ་ནས་རྐང་འདོམ་བཅུ་གསུམ་བཅལ་བའི་ས་དེར་གཟའ་མིག་དམར་གྱི་ནུབ་མོ། ནམ་གུང་ཕྱེད་ཤིང་ཕྱེད་ན། མགོ་སླེ་རལ་གྱིས་ཕུར་ལ་ཁང་སེལ་དུ་སྦས་ནས། ནང་དུ་མིང་རུས་བཅུག་སྟེ་སྙིང་པོ་གོང་མ་ཀུན་བཟླས་ལ། ཁང་ཁྱིམ་བསྐོར་ན། རྟ་གཡག་འཐབ་པ་བཞིན་དུ་རྟགས་མོད་ལ་འོང་ངོ་། །ཟླ་གསང་ནག་པོ་མན་ངག་གི་ལེའུ་བཅུད་ཀྱི་སྙིང་ཁུའོ། །གོང་གི་མཇུག་སྡུད་འོག་གི་མགོ་འདྲེན་པའོ། །ཟླ་གསང་གི་མན་ངག་བསྟན་པའི་ལེའུ་སྟེ་རེ་དྲུག་པའོ།། །།རྟགས་ནི་ནམ་མཁའི་དབྱིངས་ནས་སྐུ་མདོག་དཀར་མོ་དབུ་དགུ་མར་སྟོན་ཏེ། དེ་ལྟར་ངོ་མ་ཤེས་ན་ཡང་རང་གི་མདངས་དཀར་ལ། མིག་སྤྲིན་དཀར་དུ་བདུག་མ་ཆགས་པ་གཡོན་གྲུབ་པའི་རྟགས་ཡིན་ནོ། །སེམས་སྨྱོ་འདི་དང་འབོག་འདྲེ་དང་། སྙིང་འགས་པར་བྱེད་པ་དང་། དབང་པོ་སྡོམ་པ་དང་། ཡན་ལག་ཟ་རུ་འཇུག་པ་དང་། ཡིད་འགས་པར་བྱེད་པ་དང་། ཡང་ཤི་དང་ཡང་སོས་ནད་ཡིན་ཏེ། འཇིག་རྟེན་སྔ་མ་ལ་དམྱལ་བའི་རྡོ་རྗེ་བྱེད་པ་དང་། ཐིག་ལེའི་སྤྱོད་པ་ཉམས་པ་ཡིན་པས། དེའི་གཉེན་པོ་རང་རང་གི་སེམས་ཀྱི་ཆད་པ་བྱུང་བ་ཡིན་པས། ཐོད་ཕྲེང་ཅན་དང་། ཚངས་པ་ཕོ་ཉར་གཏོང་བ་ཡིན་པས་དེའི་ནད་ཀྱི་གཏན་ཚིགས་དེ་ཡིན་ནོ། །གྲུབ་རྟགས་དམ་ཚིག་དམྱལ་བའི་ལེའུ་སྟེ་རེ་བདུན་པའོ།། །།


DNG023_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་ཡ་མ་རཱ་ཙའི་གསང་ཐུན་འདི་ཡང་། རྣལ་འབྱོར་པ་ཤེས་རབ་ཟབ་མོ་རྣམས་ཀྱི་དོན་ཆེད་དང་། དཔལ་དང་བརྗིད་པ་བསྐྱེད་པ་དང་། ཕྲིན་ལས་བཅོལ་བ་དང་། དཀོན་མཆོག་གསུམ་གྱི་དབུ་འཕང་བསྟོད་པ་དང་། གཙུག་ལག་ཁང་དང་། དབེན་གནས་བསྲུང་བ་དང་། བསྟན་པ་བསྲུང་བའི་དོན་དང་། གསང་བ་ཐུགས་ཀྱི་རེག་ཆོད་དོ། །ཨོཾ་ཤྲཱི་མཉྫུ་ཡ་མ་རཱ་ཙ། ཨེ་ཀ་ཛ་ཏི་ཏྲག་རཀྴ་མུ་ཏྲ་ཁ་མུན་དྲ་རུ་ལུ་བྷྱོ། དཀར་མོ་ཛཱ་ཛཱ། ཨེ་ཀ་མ་ཁ་ལ་མ་མ་ཏི་བྷྱོ། དགྲ་བོ་ནྲྀ་མཱ་ར་ཡ་ཛཱ་ཛཱཿ། དུ་མཱ་ར་ཡ། མཱ་ར་ཡ་དུ། ཡ་མ་སྙིང་ཡ་མ་ཁྲག་ཡ་མ་དུ། ཡ་མ་རྦད། ཚལ་བ་བཾ་རིལ། དཾ་པ་དུམ་བུ་མཱ་ར་ཡ་ཧཱུཾ་ཕཊ། བརྗོད་དོ། །ཙིཏྟའི་ཡང་སྙིང་མཚོ་སྨན་གྱི་ཐུན་འདི་ལ། ཡས་སྟགས་ནི་ཐོད་པ་བྱ་རོག་རྗེས་དྲུག་པར་དུག་སྣ་ཚོགས་དང་། དམེ་ཁྲག་རྣམ་གསུམ་དང་། ཁྱི་ནག་པོ་ཤེལ་མིག་གི་ཁྲག་བསྩལ་ཉུང་དཀར་ལ་བསྔགས་ཤིང་། ས་མ་ཡ་དགྲ་བོའི་སྙིང་ལིང་རྦུད། ས་མ་ཡ་དགྲ་བོའི་སྙིང་དུ་ནང་ལི་རྦད། ས་མ་ཡ་མ་ཡ་དགྲ་བོའི་སྙིང་ཀ་ལི་རྦུད། ས་མ་ཡ་དགྲ་བོའི་སྙིང་རཀྴ་ཙིཏྟ་རྦུད། ས་མ་ཡ་དགྲ་བོའི་སྙིང་ཁྲག་ཚལ་པ་རྦུད། ས་མ་ཡ་དགྲ་བོའི་སྙིང་ཧུར་བུ་རྦུད། ས་མ་ཡ་དགྲ་བོའི་གནས་ནས་ཐིབས་ཐིབས་རྦུད། ས་མ་ཡ་དགྲ་བོའི་སྙིང་ཙིཏྟ་རྦུད། ས་མ་ཡ་དགྲ་བོ་ནྲཾ་སོད་མཱ་ར་ཡ་ཙིཏྟ་བཾ་རི་ལི་ལི་རྦུད། ཅེས་བཟླས་སོ། །འདིས་ཟིན་པའི་ནད་ནི་བྱིང་ནད་དང་། མཛེ་དང་། ཕོ་ལ་མིག་དང་སྨྱོ་ཞིང་འབོག་པར་འགྱུར་རོ། །དཀར་མོ་དབུ་དགུ་མའི་ཐུན་ནི། དམེ་ཁྲག་རྣམ་གསུམ་ཐོད་པའི་ནང་དུ་སྩལ། ཏྲག་རཀྴ་མུ་ཏྲ་སྙིང་ཁ་རག་རྦད། ཆུམ་ཐུམ་རི་ལི་བྷྱོ། ཏྲག་རཀྴ་མུ་ཏྲ་སྙིང་ཁར་ག་གོ་རོ་ཙ་ར་རྦད། སྙིང་རྩ་སྲོག་རྩ་རྦད་མ་མ་སྙིང་རཀྟ་ཐུན་བྷྱོ། མ་མ་ར་ཙ་ཡ་ཐུན་བྷྱོ་ནྲྀ་སོད་རྦད། ཆུམ་ཐུམ་རི་ལི་ལི་དུ་ན་ཡ་མ་སྙིང་ཡ་མ་སྙིང་མཱ་ར་ཡ་ཧཱུཾ་ཕཊ། ནད་ཀྱིས་སྙིང་འགས་པ་དང་གཟེར་བ་དང་། ཡན་ལག་འབྲལ་བར་བྱེད་དོ། །སྲིད་པའི་བུ་མོའི་ཐུན་ནི་བྷནྡྷ་ལ་ཨེ་ཁང་བརྒྱ་རྩ་བརྒྱད་བྲིའོ། །གླང་པོའི་མཆེ་


DNG023_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་། དམེ་ཁྲག་གསུམ་དང་ས་ལས་སྐྱེས་པའི་དུག་སྣ་ཚོགས་བྷནྡྷར་སྩལ་ལ། དྷ་ར་མ་ཤང་ཀ་རི་ཨུ་སྙིང་ཀུ་རུ་ཧཱུཾ་ཕཊ། ཏབ་པ་ལིང་མུ་ལིང་དུ་རུ་དུ་རུ་ཧཱུཾ་ཕཊ། ཀརྨ་ཙཎྜ་མུ་ཏིང་དུ་རུ་དུ་རུ་ཧཱུཾ་ཕཊ། དུག་སྔགས་སོ། །རཀྴ་མུ་རུ་མུ་རུ། རུ་ལུ་རུ་ལུ་ཧཱུཾ་ཕཊ། རྩ་བ་པ་ལ་ནི་ཤིང་དགྲ་བོ་ལ་སྭཱ་ཧཱ། པདྨ་ནི་ར་ཏ་ར་ཏི་རུ་ཏི་ར་ནི་མ་ཏི་བྷྱོ། ཨོཾ་ཏདྱ་ཐཱ། ཏུ་ཧུ་ཏུ་ཧུ་བེ་ཙི་ཏི་པ་ཏི་སོ་རེ་ར་ཧཱུཾ་རོ། དུ་རུ་དུ་བེ་སྭཱ་ཧཱ། ཨེ་བེ་ཤཾ། པྲ་བེ་ཤི། བེ་ཤཾ་རུ་བེ་ཤ་ཀ་ཁ་ཐུན་བྷྱོ། འདིས་ཟིན་པ་ནི་འགག་ནད་དང་། ཆུ་འགག་པ་དང་། སྦོས་ནད་དང་། སྐྱིགས་ཀྱང་སྐབས་སུ་འདྲེན་པ་ལྟར་འོང་ངོ་། །ཙ་མུཎྚིའི་ཐུན་གྱི་ཡས་སྟགས་ནི། ཁྲག་སྣ་ལྔ་དང་། བོང་ང་ནག་པོ་དང་། སྤྱང་ཀིའི་ཁྲག་དང་། བུ་མོ་གཞོན་པའི་མངལ་ཁྲག་དང་སྙིང་སྣ་ཚོགས་སྩལ། བྲ་བོ་སྲན་མ་ལ་ཟན་ཟུར་གསུམ་བྱས་ལ། དེའི་ནང་དུ་དགྲ་བོའི་མིང་རུས་བཙུག་ལ་དེར་སྩལ། སྔགས་ནི། རུ་རུ་རྦད། རཀྴ་རྦད། མ་མ་སྙིང་རྦད། ཙིཏྟ་རྦད། ཁ་ཐུན་རྦད། མཱ་ར་ཡ་རྦད། བལ་ཕྱུག་བལ། མ་མ་ཐུན་ཐུན་བུར་སོད་སྣ་ཏིཀྵྞ་ཏུ་ན་རྦད། ནད་ནི་ཀླད་གཟེར་དང་རྒྱུ་གཟེར་དང་། རྒྱུ་འཁྲིལ་དང་མྱོས་ནད་འོང་། ནམ་གུང་དང་ཉིན་གུང་དང་གནམ་སྟོང་ལ་བཟླས་སོ། །སོ་སོའི་དགྲ་བོའི་གཟུགས་ལ་གནས་བཞིར་ཕུར་བུས་བཏབ་ལ་ཐུན་སྦྲེང་ངོ་། །ཤིན་ཏུ་རྒྱུད་ཀྱི་ངན་སྔགས་ཞེས་ཀྱང་བྱའོ། །ཐུགས་ཀྱི་རེག་ཆོད་ཅེས་བྱ་སྟེ། ཉུང་དཀར་གྱིས་བྲབ། གུ་གུལ་གྱིས་བདུག་གོ། །ཐུན་བསྒྲུབ་པའི་ལེའུ་སྟེ་རེ་བརྒྱད་པའོ།། །།དེ་ནས་ཐོད་པར་ཁྲག་དཀར་དམར་དུ་འདྲེས་ན་ཡབ་ཡུམ་གཉིས་སུ་མེད་པའི་དངོས་གྲུབ་ཐོབ་པ་ཡིན་ནོ། །ཐོད་པའི་ཁྲག་བོ་ན་སྒྲིབ་པ་ཡིན་ནོ། །བཤགས་པ་བྱ། ཐོད་པ་འགུལ་ཞིང་ལྡེག་ན་ཕོ་ཉ་རྣམས་ཀྱི་དངོས་གྲུབ་ཐོབ་པ་ཡིན་ནོ། །ཁོལ་ཞིང་རླངས་པ་བྱུང་ན་ཁྲོ་བོ་ཞེ་སྡང་ཅན་གྱི་དངོས་གྲུབ་ཐོབ་པ་འབྱུང་བ་ཡིན་ནོ། །དེ་ལས་ནག་པར་གྱུར་ན་ཆོས་ཀྱི་དབྱིངས་ཀྱི་དངོས་གྲུབ་ཐོབ་པ་ཡིན་ནོ། །ཐུན་གྲུབ་རྟགས་ཀྱི་ལེའུ་སྟེ་རེ་དགུ་པའོ།། །།རབས་ཆད་ཐོད་པ་གསུམ་


DNG023_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

པོ་གང་ཡང་རུང་། གཟུགས་བཅུག་ལ་ཁ་བཅད་རྒྱས་བཏབ་པོ། །མཚལ་གྱིས་སྲུབས་སུ་རི་བདུན་བྲི། སྙིང་པོ་འབོད་རྦད་བྲིའོ། །སྤྱི་བོར་མུ་ཁ་ལེ་བྲིའོ། །དེ་གར་འཇུག་པར་ཉུང་དཀར་བསྔགས་ཤིང་རས་སུ་ཕུར། ལམ་རྒྱ་གྲམ་དུ་མནན་ན་གྲིར་འཆིའོ། །བང་སོའི་ཟུར་རམ་དུར་མཆད་དམ། བྲག་གམ་ལ་བཙས་གང་ཡང་རུང་སྟེ། ཀླུ་འམ་གདུག་པ་ཅན་ཡོད་པའི་ཆུ་མིག་བྲམ་ཅན་དུ་སྦས། དུས་ཉི་མ་ཕྱེད་ན་བྱ། དེ་ལྟར་བྱས་ན་རྟགས་ཀྱང་མྱུར། །དེས་ཀྱང་འགྲུབ་པར་མ་གྱུར་ན། །ཕྱུང་ལ་བརྟན་པའི་སྟེང་དུ་བཞག །ས་ཕུག་ནང་དུ་རེ་བ་གདེངས། །ཆུ་ཡིས་བྲན་ལ་སྙིང་པོ་བཟླ། །སོ་དང་སེའུ་དང་ཡུག་པོར་ན། །བསྲེས་ལ་ཞིབ་ཏུ་བརྡུང་བར་བྱ། །ཕག་པའི་ཐོད་པར་བླུག་ནས་ནི། །རྒྱ་མཚོ་ཆེན་པོའི་ནང་དུ་བསྒྱུར། །ནམ་ཡང་ཐར་བར་མི་བྱའོ། །ཕྲིན་ལས་རྦོད་གཏོང་མནན་པའི་ལེའུ་སྟེ་བདུན་ཅུ་པའོ།། །།དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །སྐྱེ་མེད་རྣམ་དག་མཁའ་དབྱིངས་དག་པ་ནས། །སྣང་ལ་མ་འགགས་སྣ་ཚོགས་གཟུགས་སུ་ཤར། །སྐྱེ་བའི་ཆོ་འཕྲུལ་འབར་བའི་སྐུར་བསྟན་པ། །ཧཱུཾ་ལས་བསྐྱེད་པའི་དཔལ་ཆེན་ཧེ་རུ་ཀ །ཡེ་ཤེས་ཐུགས་ཀྱི་ཁྱད་པར་ཆེན་པོ་ལས། །འཇིག་རྟེན་ཁམས་ནི་རབ་འབྱམས་མ་ལུས་ཀུན། །རཾ་ཡཾ་ཁཾ་འཕྲོས་མ་དག་བསྲེས་སྦྱངས་བཀྲུས། །སྟེང་འོག་ཕྱོགས་མཚམས་འཁོར་ལོ་པདྨ་གནས། །ཨོཾ་པདྨ་སརྦ་ཡང་ཏ་ཐཱ་ག་ཏ་བུཌྜྷ་གནྡྷེ་ལཾ། པད་མ་དྷ་ར་ཨ། ཨ་བྷི་ཥིཉྩ་ཡ། གྲུ་གསུམ་མཐིང་ནག་འབར་བའི་ནམ་མཁའ་ལས། །འཐོར་བྱེད་རླུང་ནག་ཚོགས་ཀྱི་རྒྱ་གྲམ་གཏམས། །ཆགས་བྱེད་རཀྟའི་ཚོགས་ཀྱི་རྦ་ཀློང་འཁྱིལ། །ཀེང་རུས་འབར་བའི་རི་རབ་མི་བཟད་བརྩེགས། །ས་གཞི་རྡོ་རྗེ་རྒྱ་གྲམ་གཅལ་བཀྲམ་སྟེ། །ཞིང་ཆེན་གསར་རྙིང་གཏམས་པས་མཐའ་དབུས་བརྡལ། །ཨེ་ཡཾ་ཁཾ་སུཾ་བྷྲཱུཾ། མི་བཟད་སྨུག་ནག་འབར་བའི་གཞལ་ཡས་ནི། །ཆུ་སྲིན་བྱེ་བ་ས་ཡའི་ཐོད་པ་ལ། །མི་བཟད་དུར་ཁྲོད་འབར་བའི་རྩིགས་རྨང་བྱས། །དྲེགས་


DNG023_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཐོད་དགུ་འབར་བས་རྩིགས་པ་བརྩིགས། །གནམ་ལྕགས་ངུར་མོ་འབར་བས་གཟེར་ཆེན་བཏབ། །རིན་ཆེན་མཆོག་གིས་ཟུར་བཞི་མཛེས་པར་བརྒྱན། །གཡུ་འོད་སྔོན་པོ་འབར་བའི་ཁ་བད་ཅན། །མུ་ཁྱུད་གནམ་ལྕགས་འབར་བའི་རི་ཡིས་བསྐོར། །བྷྲཱུཾ་བི་ཤྭ་བི་ཤུདྡྷེ་ཛྙཱ་ན་ཙཀྲ་བྷྲཱུཾ། མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་འདིར། །ཟླ་གམ་དབང་ཆེན་འབར་བའི་མཎྜ་ལ། །གྲུ་ཆད་གྲུ་བཞི་སྒོ་ཁྱུད་བཞི་དང་ལྡན། །ཐོད་ཕྲེང་རྡོ་རྗེ་ར་བ་མེ་དཔུང་འབར། །ཛྙཱ་ན་བཛྲ་ཛྭ་ལ། མཎྜལ་ཧཱུཾ་བྷྲཱུཾ། ཞིང་ཆེན་ཞིང་ཆུང་མང་པོ་གཅལ་དུ་བཀྲམ། །མཆོག་ཆེན་མཆོག་ཕྲན་མང་པོ་གདན་དུ་བཏིང་། །ཐེ་རང་དགུ་བརྒྱ་མང་པོའི་གབ་ཙེ་ལ། །ལྷ་སྲིན་སྡེ་བརྒྱད་མང་པོའི་ནང་སྟན་ཅན། །ནྲྀ་ཏི་ར་བཾ། ཨིནྡྲ་ཏི་ར་བཾ། དེ་བ་ཏི་ར་བཾ། རཀྴ་ཏི་ར་བཾ། རཱུ་ཏྲ་མཎྜལ་ལ་ཧཱུཾ། དུར་ཁྲོད་དབྱིངས་ནས་ཕྱག་རྒྱའི་སྐུར་གསལ་བ། །མདོག་བཟང་ནག་མོ་རལ་པའི་ཟར་བུས་བརྒྱན། །རྒྱན་དང་ཆ་ལུགས་སྣ་ཚོགས་འཇིགས་པས་བརྒྱན། །རླུང་འཚུབ་ནང་ན་སྐུ་ཡི་ཕྱག་རྒྱར་གསལ། །ཨོཾ་རུ་རུ་རོ་རུ་ཙ་པ་ལ། ཨ་ཤུག་མེ་མ་ཧཱུཾ་མ་བྷྱོ་ཛ་ཛ། ཏིང་ངེ་འཛིན་དང་གཞལ་ཡས་ཁང་གི་ལེའུ་སྟེ་དོན་གཅིག་པའོ།། །།དཔལ་དང་ལྷ་མོ་འགྲོ་ཀུན་བྱམས་པ་མོ། །སེམས་ཅན་ཀུན་ལ་བྱམས་པ་མ་དང་འདྲ། །མི་སླུ་དམ་ཚིག་རྗེས་སུ་དགོངས་མཛོད་ལ། །བདག་ལ་བརྩེ་དགོངས་གནས་འདི་ཉིད་དུ་སྤྱོན། ཛཿཧཱུཾ་བཾ་ཧོཿ། ཨེ་ཧྱེ་ཧི་མ་མ་ཏྲག་རཱུ་ཏྲ།མ་མ་ཡ་བྷྱོ་རུ་ལུ་རུ་ལུ་ཧཱུཾ་ཛཿ། དད་པ་དང་ནི་དམ་ཚིག་གིས། །མ་གཅིག་ལྷ་མོ་སྤྱན་འདྲེན་ན། །བྱང་ཤར་མཚམས་ནས་སྤྱན་འདྲེན་ནོ། །འཇིགས་བྱེད་ཆེན་མོ་གཤེགས་སུ་གསོལ། །སྤྱོད་པ་རླབས་ཆེན་གཤེགས་སུ་གསོལ། །ཤུགས་དྲག་མཐུ་ཆེན་གཤེགས་སུ་གསོལ། །ཁྱབ་འགྲོ་རྩལ་ཆེན་གཤེགས་སུ་གསོལ། །དགྲ་བགེགས་འདུལ་བྱེད་གཤེགས་སུ་གསོལ། །ཡོན་བདག་འཆི་བདག་བཟློག་ཏུ་གསོལ། །ཁྲག་འཐུང་ཆེན་མོ་གཤེགས་སུ་གསོལ། །འཇིག་རྟེན་འཁྲུགས་ཆེན་གཤེགས་སུ་གསོལ། །བདུད་ཀྱི་ཡུམ་གཅིག་གཤེགས་སུ་


DNG023_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། །གཤིན་རྗེའི་ལྕམ་གཅིག་གཤེགས་སུ་གསོལ། །འདོད་ཁམས་དབང་ཕྱུག་གཤེགས་སུ་གསོལ། །འཚུབ་མ་སྟོང་འཁྱིལ་ནང་ནས་གཤེགས་སུ་གསོལ། །གཡས་ཀྱི་ཕྱག་ན་རླུང་འཚུབས་བསྣམས་པ་ནི། །རླུང་ནག་ནང་ནས་རལ་གྲི་ཕྱུང་བའི་ཚུལ། །དགྲ་བོ་ཆེ་གེ་མོ་ཡི་རྩད་ཆོད་ལ། །དམ་ཚིག་བཞིན་དུ་གཤེགས་སུ་གསོལ། །གཡོན་ན་ནེའུ་ལེའི་རྐྱལ་པ་ཐོགས་པ་ནི། །མི་མགོ་བཅད་པ་སྦས་པའི་སྣོད། །དགྲ་བོ་ཆེ་གེ་མོ་ཡི་དྲུངས་འབྱིན་མ། །དམ་ཚིག་བཞིན་དུ་གཤེགས་སུ་གསོལ། །སྔོན་ཚེ་དཔལ་ཆེན་ཧེ་རུ་ཀའི། །སྤྱན་སྔར་ཁས་བླངས་དམ་བཅས་པས། །མ་རུ་ཙེ་ཡི་སྒོ་འགྲམ་དུ། །ཇི་ལྟར་ཁས་བླངས་དམ་བཅས་བཞིན། །ཁས་བླངས་མནས་བོར་ད་བསྐུལ་གྱི། །དམ་ཚིག་བཞིན་ལ་གཤེགས་སུ་གསོལ། །ཛཿཧཱུཾ་བཾ་ཧོཿཨེ་ཧྱེ་ཧི་རུ་རུ་རོ་རུ་ཙ་པ་ལ་ཨ་ཤུག་མེ་མ་ཧཱུཾ་མ་བྷྱོ་ཛཱ་ཛཱ། ཨཱ་གཙྪ་ཡ་ཨཱ་གཙྪ་ཡ་ཧཱུཾ་ཛཿ། ཁྱོད་ནི་འདོད་ཁམས་འཕྲུལ་མོ་ཆེ། །ང་ནི་རྣལ་འབྱོར་སྒྲུབ་པ་པོ། །ཟས་ངན་མཱཾ་ས་ཟ་ཟ་ཡི། །སྐོམ་ངན་ཁྲག་ཏུ་འཐུང་འཐུང་གི། །སྣོད་ངན་བྷནྡྷ་ཐོགས་ཐོགས་ཀྱི། །གནས་ངན་བྲག་ཕུག་རྒྱུ་རྒྱུ་ཡི། །གོས་ངན་གཡང་གཞི་གོན་གོན་གྱི། །མཚོན་ངན་ཕུར་པ་འདེབས་འདེབས་ཀྱི། །ལས་ངན་དགྲ་བོ་སྒྲོལ་བར་གྱིས། །དམ་ཚིག་དུས་ལ་བབ་ཀྱི་གཤེགས་སུ་གསོལ། །ཛཿཧཱུཾ་བཾ་ཧོཿ། ཨེ་ཧྱེ་ཧི། ཏདྱ་ཐཱ། རུ་རུ་བི་ཏིཥྛ་བ་ཏོ་སི་རུ་རུ་རོ་རུ་པི་ཏིཥྛ་བ་ཏོ་སི་ཧཱུཾ་ཛཱ་ཛཱཿ། འཁོར་བ་མྱ་ངན་འདས་པ་གཉིས་ལ་དབང་བསྒྱུར་ཞིང་། །སྔོན་ཚེ་དཔལ་ཆེན་ཧེ་རུ་ཀའི། །སྤྱན་སྔར་ཁས་བླངས་དམ་བཅས་པའི། །རྣལ་འབྱོར་བདག་གི་ལས་རྣམས་སྒྲུབ་པར་མཛོད། །ནག་མོ་རེ་མ་ཏི་ལ་ཕྱག་འཚལ་ལོ། །མ་མོ་ཁྱོད་ལ་མཆོད་པ་འབུལ་བ་ནི། །དགྲ་བོ་ཆེ་གེ་འདི་ལགས་ཏེ། །ཕུང་པོ་ལྔ་དང་འབྱུང་བ་ལྔ། །ཁམས་དང་སྐྱེ་མཆེད་བཅས་པ་འདི། །མ་ལུས་བཞེས་ནས་བསྣམ་དུ་གསོལ། །མ་མོ་འདིར་སྤྱོན་དམ་ཅན་རྣམས་ལ་སྤྱོན། །འབྱུང་པོ་འབྱུང་མོའི་ཤ་ནི་ཟན་བས་ཞིམ། །མ་མོ་དམ་ཅན་འདིར་སྤྱོན་ཁྲག་ལ་སྤྱོན། །འབྱུང་པོ་འབྱུང་མོའི་ཁྲག་ནི་ཆང་བས་ཞིམ། །མ་མོ་


DNG023_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཅན་འདིར་སྤྱོན་རུས་ལ་སྤྱོན། །འབྱུང་པོ་འབྱུང་མོའི་རུས་པ་མར་བས་ཞིམ། །ཤ་ཁྲག་རུས་པའི་དམ་རྫས་འདི་གསོལ་ལ། །བདག་གིས་བཅོལ་བའི་ལས་འདི་མཐར་ཕྱུང་ཞིག །རུ་རུ་རོ་རུ་ཙ་པ་ལ་ཨ་ཤུག་མེ་ཧཱུཾ་བྷྱོ་ཧཱུཾ་ཛ་ཛ་ཁ་དཾ་བ་ལ་ཏཾ། བཾ་མ་བཾ་མ་མ་ཁཱ་ཧི་མ་ཁཱ་ཧི། དགྲ་བོ་སྙིང་ཙིཏྟ་ཁཱ་ཧི། རཀྟ་ཁཱ་ཧི། ནི་རི་ཏི་ཁཱ་ཧི། བ་སུ་ཏ་ཁཱ་ཧི། གཟུགས་ཕུང་དང་དབང་པོ་ལྔ་གསོལ་ཅིག །རོལ་ཅིག་མངོན་དུ་མཛོད། མ་བྷྱོ་རུ་རུ་ཁཱ་ཧི། མའོ་མའོ། །སྤྱན་དྲང་བ་དང་ཕྱག་འཚལ་བའི་ལེའུ་སྟེ་དོན་གཉིས་པའོ།། །།མ་མོ་ཁྱོད་ལ་མཐོལ་བཤགས་གསོལ་པ་ནི། །བདག་ཅག་རྣལ་འབྱོར་སྒྲུབ་པ་པོས། །ཐོག་མ་མེད་པའི་དུས་མཐའ་ནས། །མཚམས་མེད་ལྔ་དང་མི་དགེ་བཅུ། །མདོར་ན་སྡིག་པ་ཅི་བགྱིས་པ། །དེ་དག་བདག་གིས་སོ་སོར་བཤགས། །ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། སརྦ་སིདྡྷིམྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲི་ཡཿཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿ། བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ། བཛྲཱི་བྷ་ཝ། མ་ཧཱ་ས་མ་ཡ་སཏྭ་ཨཱ། སོགས་དང་། ཨེ་རཀ་ཏི། མ་མོ་ཁྱོད་ལ་དངོས་གྲུབ་སློང་བ་ནི། །དགྲ་བོ་ཆེ་གེ་མོ་འདི་ལགས་ཏེ། དུས་བཏབ་སྟུང་ལ་ཚེ་ཡི་འདུ་བྱེད་སྐུལ། །གཟུགས་ཕུང་ཆོམས་ལ་ཡིད་ཕུང་ཆིངས། །འཁོར་ཤིགས་ཚངས་དཀྲུགས་ལས་མཛོད་ཅིག །ང་ཡང་དམ་ལས་མི་འདའ་འོ། །ཁྱོད་ཀྱིས་དམ་ལས་མ་འདའ་ཞིག །མའོ་མའོ། མ་ཤོད་མ་ཤོད། ཙ་པ་ལ་ཙ་པ་ལ། ཧི་ལི་ཧི་ལི། རུ་རུ་བྷྱོ་བྷྱོ། གསོལ་ལོ། །རོལ་ཅིག །མངོན་དུ་མཛོད་ཅིག །དུས་བཏབ་སྟུང་ལ་ཚེ་ཡི་འདུ་བྱེད་སྐུལ། །ས་མ་ཡ་ས་མ་ཡ། རཏྣ་ཧ་ན་ཧ་ན་སྟྭཾ། གིང་ཀ་ར་གིང་ཀ་ར་ལས་མཛོད་ཅིག །མ་མོ་ཁྱོད་ལ་ཕྲིན་ལས་བཅོལ་བ་ནི། །དགྲ་བོ་ཆེ་གེ་མོ་འདི་ལགས་ཏེ། ཀྱེ་མའོ་ནད་ཀྱི་བདག་མོ་ཆེན་མོ་སྟེ། །གཤིན་རྗེའི་ཁམས་ནས་སྲིང་གཅིག་མ། །འཇིགས་པའི་


DNG023_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ལན་བུ་གཅིག་མ་སྟེ། །རོ་ཉེ་མཛེས་པས་རྣམ་པར་བརྒྱན། །ཆ་ལུགས་མ་ལུས་འཆང་བྱེད་མ། །རྐང་སྒྲོག་ལྕགས་ཀྱིས་རབ་ཏུ་དཀྲིས། །ཕྱིན་ཕྱོགས་དྲེའུའི་ཕ་ལ་ཞོན། །འབྱུང་པོ་ཕལ་ཆེན་ཀུན་གྱིས་རྗེ་མོར་མཐོང་། །འབྱུང་པོ་ཕལ་ཆེན་ཤ་ལ་ཆེམ་ཆེམ་ཟ། །མི་ཁྲག་ཆང་གི་སར་རོ་མྱོས། །མཚན་མོ་རྦད་པས་དཔག་ཚད་དགྲ་རྣམས་ཟ། །ལོངས་ཤིག་དེ་ནི་དགྲ་རྣམས་ལོངས། །རལ་པ་འབར་བ་སྟོང་ཁམས་སྔངས། །དགྲ་རྣམས་ཁྲག་གི་སྐོམ་གྱི་རྒྱ་མཚོར་བསྐྱིལ། །དགྲ་རྣམས་ཤ་ནི་ཁྱོད་ཀྱིས་རྒྱག་མིད་ཅིག །ཕོངས་པས་དགྲ་ཡི་སེམས་འདྲེན་མ། །དུས་ལ་བབས་ཀྱིས་ད་ཟོ་ཞིག །ཀྱེ་མ་རིམས་ཀྱི་རྐྱེན་མོ་ཆེན་མོ་སྟེ། །འཚུབ་མ་སྟོང་འཁྱིལ་བྱེད་པ་མ་མོ་ཁྱོད་ཀྱི་མཐུ། །ཤིང་ལོ་རླུང་ཁྱེར་ས་ལ་མ་རེག་ང་ལ་ཡོད། །སྙིང་རྩ་མ་ཉམས་སྐམ་པ་ང་ལ་ཡོད། །མི་དབང་འབྲས་བུ་སྐམ་པ་ང་ལ་ཡོད། །འཆི་ཀའི་མཚལ་ཐིག་སྐམ་པ་ང་ལ་ཡོད། །མ་མོ་རྟོག་པའི་དབང་གིས་ཐང་གཅིག་མི་བཀྲེས་སམ། །འཛར་བའི་སྣོད་དུ་བྱས་པའི་དགྲ་བོ་ཁྲིད་དེ་ཤོག །མ་མོ་ཁྱོད་ཀྱི་མཐུ་ཡིས་ཁྱད་པར་ནི། །ཤིག་ཤིག་གཏོགས་སྤྱོད་བཤིག་པ་བྱང་ཆུབ་ལམ། །གཏུབས་ཤིག་དམྱལ་བ་སྒྱུ་མ་ཁྱད་པར་གྱིས། །གཏུབས་ཤིག་མ་མོ་ཁྱོད་ཀྱི་མཐུ་དང་དབལ་སོ་ནི། །ཐབས་མཆོག་སྙིང་རྗེའི་བྱིན་རླབ་ཀྱིས། །རི་མཆོག་རྩ་བའི་བྲག་ཕུག་ཏུ། །ཀ་ར་བཱི་རའི་རྒྱ་ལྕགས་ཀྱིས། །རུས་པ་ཕུང་བར་བཤིག་པར་མཛོད། །མ་མོ་དམ་ལས་མ་འདའ་ཞིག །ཨོཾ་ཏདྱ་ཐཱ། རུ་རུ་བེ་རི་སྟ་བ་ཏོ་སོ་རུ་རུ་རོ་རུ་བི་ཏི་སྟ་བ་དེ་སོ་སྭཱ་ཧཱ། ཏདྱ་ཐཱ། དུ་རུ་བ་ཏོ་རྟི་བ་དོ་མ། རུ་རུ་རོ་རུ་ཏིཥྚ་བ་ཏོ་ཧཱུཾ་ཛཿ། སྙིང་པོ་འདི་ལན་དྲུག་ཅུ་བརྗོད། རལ་ཆེན་ལན་བདུན་གདབ། གདུང་བའི་ང་རོ་དབྱུང་། བོད་པའི་བརྡས་འབོད་པའོ། །ཡུན་གྱིས་མ་མོ་ཁྱོད་ལ་གསོལ་འདེབས་ན། །བདག་གིས་བཅོལ་བའི་ལས་རྣམས་ཀུན། །བསམ་པ་ཙམ་གྱིས་འགྲུབ་པར་མཛོད། །མ་མོ་ཁྱོད་ཉིད་བདག་གིས་གྲུབ་པར་གྱུར་ཅིག །ཕྲིན་ལས་བཅོལ་ཞིང་ཐུགས་དམ་བསྐང་བའི་


DNG023_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ལེའུ་སྟེ་དོན་གསུམ་པའོ།། །།ཆོ་ག་འདིའི་ཐབས་ནི་བྱ་རོག་དང་འུག་པའི་གུང་རུ་ལ། ཤོག་ཤོག་གྲུ་བཞི་ཚོན་རེ་བ་གཉིས་ལ། གཅིག་ལ་མིང་བྲི། གཅིག་ལ་དགྲ་བླ་བྲིས། ཁྱི་ཁྲག་དང་ར་ཁྲག་གིས་བླན། བར་དུ་ཤོག་བུ་གྲུ་བཞི་པ་གཅིག་ལ། ཨ་ནྲྀ་རཀ་ཤ་ཕྱེ། བྱ་བ་བྲིས་ལ་བར་དུ་གཞུག །རྩ་བ་ཚོན་སྐུད་ཀྱིས་དཀྲི། ཡང་ཤོག་བུ་གསུམ་ཀ་ཐི་གུས་བཏགས་ལ་སྔགས་བར་དུ་གཞུག །མ་མ་ཏྲག་རཀྴ་མ་ར་ཕྱེ། ཞེས་བརྗོད་ལ། ཉུང་དཀར་ལ་སྔགས་ཏེ་གདབ། རླུང་ཆེན་པོ་ལ་ཕྱར་རོ། །ལས་བྱང་ལས་འབྱུང་བ་བཞིན་དུ་བསྐུལ་ཞིང་ལས་བཅོལ་ལོ། །ལྷ་དང་དཔྲལ་བར་ཡང་བྱེད་དོ། །ནང་འཐབ་ཏུ་གཞུག་ནའང་འགྲུབ་པོ། །ཡང་ན་ཤོག་ཤོག་གཅིག་ལ་དགྲ་བོའི་མིང་བྲི། གཅིག་ལ་ལྷ་འདྲེ་གང་གཉན་པའི་མིང་བྲིས་ལ་བར་དུ་སྔགས་གཞུག །ཤིང་རིང་པོ་ལ་བཏགས་ཏེ། རླུང་ཆེན་པོ་ལ་ཕྱར་ན་མཐའ་ཕུང་བར་འགྱུར་རོ། །ཤོག་ཤོག་ཚོན་གང་གྲུ་བཞི་པ་གཉིས་ལ། གཅིག་ལ་ར་རོག་པོའི་ཁྲག་གིས་དགྲ་བོའི་མིང་བྲིས། སྙིང་པོ་ནི་མ། ཤོག་ཤོག་ཚོན་གང་པ་གཅིག་ལ། ཁྱི་རྒྱ་བོའི་ཁྲག་གིས་དགྲ་བོའི་དགྲ་བླ་བྲིའོ། །སྐྱེར་མདའ་ཟུང་གཅིག་ལ། གཅིག་ལ་བྱ་རོག་གི་སྒྲོས་བསྐྱོན། གཅིག་ལ་འུག་པའི་གུང་རུའི་སྒྲོས་བསྒྲོན། འུག་པའི་སྒྲོས་བསྐྱོན་པའི་མདའ་ནི་སེར་བཀྲར་བྲིའོ། །བྱ་རོག་གིས་བསྒྲོན་པའི་མདའ་ནི་ནག་པོ་ལྡིང་ནག་ཏུ་བྲིའོ། །མདའ་དེ་གཉིས་ལ་བྱ་རོག་གིས་བསྒྲོན་པའི་མདའ་ལ། བྱ་རོག་གི་གུང་རུ་མདའ་ཚད་མ་གཅིག་གདགས་སོ། །ཤོག་ཤོག་ཚོན་གང་པ་གཅིག་ལ་ཁྲག་གིས་བྲིས་ལ་བྱ་རོག་གི་གུང་རུ་ལ་གདགས་སོ། །འུག་པའི་གུང་རུ་ལ་བྲིས་པ་ནི་མདའ་ཁྲ་བོ་ལ་གདགས་སོ། །ཤོག་ཤོག་ཚོན་གང་པ་གྲུ་བཞི་པ་གཅིག་ལ། ཁྱི་ཁྲག་གིས་བྲིས་པ་ནི་འུག་པའི་གུང་རུ་ལ་གདགས་སོ། །གཉིས་པོ་འཐབ་ཏུ་གཞུག་པའི་སྔགས་ནི། ཨོཾ་མཱ་མཱ་ཏྲག་རུ་ཏྲ་མཱ་ར་ཡ། མ་མ་ཁྲག་མཁའ་ལྡིང་། ཏྲག་བྷྱོ་རུ་ལུ་རུ་ལུ་ལུ། ས་སེར་དང་། ཡུངས་ཀར་དང་། ས་ནག་བསྲེས་པ་ལ་སྔགས་བརྒྱ་


DNG023_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བརྒྱད་བཟླས་ཏེ། ཤོག་ཤོག་གུང་རུ་གཉིས་ལ་དྲག་ཏུ་བརྡེག་གོ། །དེ་ནི་དགྲ་དང་དགྲ་བླ་ཕྲལ་བའི་སྔགས་ཡིན་ནོ། །མཁའ་ལྡིང་ནང་འཐབ་ཏུ་གཞུག་པའི་སྔགས་ཀྱང་ཡིན་ནོ། །གནས་ནི་ལྷ་འདྲེ་མི་སྲུན་པའི་བྲག་ཕུག་དགོན་པར་བྱའོ། །བསྙེན་པ་ཞག་བདུན་གྱི་བར་དུ་ཚུགས་ན་ཇི་ལྟར་དགྲ་བླ་བཟང་པོ་ཡང་འོང་ངོ་། །རྟགས་དང་སྦྱར་ལ་བསྲེག་རྫས་ལྔས་ཀྱང་བདུག་ཅིང་དབྱེའོ། །དབྱེ་བ་གསུམ་གྱི་ལེའུ་སྟེ་དོན་བཞི་པའོ།། །།ཡང་རྣམ་པ་གཅིག་ལ། དོང་ཁྲུ་གང་གྲུ་གསུམ་པ་གཅིག་བརྐོས་ལ། ནང་རྒྱ་སོལ་གྱིས་བཀངྐ་ལ་ལྷང་ཚེར་ལ་དགྲ་བོའི་མིང་དང་རུས་དང་། གཟུགས་བྲིས་ནས་མི་ཤི་བའི་ལག་པ་གཡས་པར་བཅུག་ལ། དོང་གི་དཀྱིལ་དུ་བཅུག་ལ། ཤ་རུས་ཟ་བའི་སྙིང་པོ་ཉུང་དཀར་ལ་བཟླས་ཏེ། ཞག་གསུམ་བསྙེན་པ་བཙུགས་ཏེ། སྲིན་མོ་ཏི་སྟ་ལྕགས་ཀྱི་རྐང་གསུམ་མ་རྦད་ཅིང་། དོང་མཚོན་རྣོན་པོས་ཁ་བཅད་དོ། །ཕོ་ཉ་རྣམས་ཀྱི་སྙིང་པོ་དྲག་ཏུ་བཟླས་ཤིང་། ཉུང་དཀར་གྱིས་བྲབ་ཕོ་ཉ་ཡང་བཏང་ལྕགས་ཀྱི་ཕུར་བུ་སོར་གསུམ་པ་གཅིག་སྙིང་གར་བརྡེག་དོན་མ་འགྲུབ་ཀྱི་བར་དུ་མ་བྱུང་ཞིག་པར་བསྒོའོ། །ནམ་ཕྱེད་ཚུར་ཕྱེད་ན་དོང་ཁ་བསུབས་ལ། དམོད་གཟུག་ལ་མནན་པའི་ལས་བྱའོ། །རྡོ་རྗེ་སྤུན་ཡིན་ཡང་གདོན་མི་ཟ་བར་ངེས་སོ། །དཀོན་མཆོག་གསུམ་གྱི་བསྟན་པ་འཇིག་ངེས་པ་ལ་བྱའོ། །བབ་ཆོལ་དུ་མི་བྱའོ། །བྱས་ན་སྡིག་ཆེའོ། །ཡང་ན་གཡམ་པ་སྔོན་པོ་ལ་དགྲ་བོའི་མིང་རུས་དང་གཟུགས་བྲིས། ཤིང་སྲེག་ཤའི་ལྕགས་ཀྱིས་བྲབ་དགྲ་བོའི་གཟུགས་ལ་གདབ་ཅིང་། མ་མོ་རྡོ་རྗེ་དཔུང་སྒྲོལ་མ་ཞེས་བྱ་བ་མདོག་ནག་མོར་འདུག་པ། སེར་བུ་ལུ་ཞོན་པ་གཅིག་བསྒོམ་མོ། །ཏྲག་རཀྴ་བུ་རུ་མུ། རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཞེས་བརྗོད་ཅིང་། བརྡེག་ན་ཞག་བདུན་ནས་རྟགས་འོང་ངོ་། །ཡང་ན་མི་ཁོག་སྐམ་པའི་ནང་དུ་གཏོར་མ་བཤམ། གཏོར་མ་བཤམ་པའི་ཐབས་ལ། དཔྱིད་བྱ་ནག་པོའི་མིག་ལ་གཏོར་མ་བྱ། དབྱར་མེ་ཏོག་སྣ་ཚོགས་དང་ཁྲག་བསྲེས་ལ་གཏོར་མ་བྱ། སྟོང་འབྲུ་སྣ་ཚོགས་དང་


DNG023_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་བསྲེས་ལ་གཏོར་མ་བྱ། དགུན་ཤིང་སུར་བུའི་ཐལ་བ་དང་ཁྲག་བསྲེས་ལ་གཏོར་མ་བྱ། དུས་བཞི་དང་སྦྱར་བའི་གཏོར་མའི་ནང་ནང་དུ་ཞིང་ལྤགས་དང་དགྲ་བོའི་མིང་རུས་དང་གཟུགས་བྲིས་ལ་གཞུག །ཤ་རུས་ཟ་བའི་སྙིང་པོ་འདི་བཟླས་སོ། །སྙིང་ཟ་བ་ཙིཏྟ་མ་མ་ཤ །རོལ་ཁྲག་འཐུང་། ཀངྐ་ཀ་ཤ་ཟན། ཡང་ཏང་པ་ར་དོ་ཤལ་ཁྱི་སྤྱང་། གྲང་སྟེང་། གྲ་ཧེ་བཛྲ་བྷནྡྷ་བྷྱོ་རུ་ལུ་རུ་ལུ། ཞེས་བཟླས་ཏེ། དམེ་ལག་ལ་ཁྲག་ཕྱུང་བ་རང་གི་དཔྲལ་བའི་དབྱེས་སུ་བྱུགས་ཏེ། དབང་ཆེན་གྱི་ཏིང་ངེ་འཛིན་ལ་ཞུགས་པར་གྱུར་ཏེ། བསྒོམས་ཤིང་བསྐུལ་ནས་ཉི་མ་ནུབ་ཁར་བཏང་ན་རྒྱུན་ཆད་པར་གྱུར་ཏོ། །དུས་བཞི་དཔུང་སྒྲོལ་གྱིས་བསད་པའི་ལེའུ་སྟེ་དོན་ལྔ་པའོ།། །།ཡང་ན་རབས་ཆད་ཀྱི་ཐོད་པར་ཆུ་གཙང་མ་དང་ཁྲག་བསྲེས་ལ་བླུག་སྙིང་པོ་ནུས་ཚད་བཟླས་ནས། ཁྱིམ་མམ་མཁར་ལ་གཏོར་ལ་ཞག་བདུན་ན་རྟགས་འོང་ངོ་། །ཡུལ་ཕྱོགས་སུ་གཏོར་ན་ཡུལ་དུ་མི་དགེ་བ་སྣ་ཚོགས་འོང་ངོ་། །ཏྲག་རཀྴ་མུ་ཏྲ་ཤ་མུ་ཏྲ་སྙིང་ཁ་རག་མ་བྷྱོ་བྷྱོ། ཞེས་བརྗོད་དེ། ཐོད་པ་འཕང་ངོ་། །ཡང་ན་རབས་ཆད་ཀྱི་ཐོད་པའི་ནང་དུ་ཁྲག་སྣ་ཚོགས་པ་དང་དུག་སྣ་ཚོགས་ཉུང་དཀར་དང་བསྲེས་ཏེ་བླུགས་ལ་བག་ཟན་གྱིས་ཁ་བཅད་ནས་མིག་ངོས་ནས་ཚོན་སྐུད་ཀྱིས་བཏགས་ལ། བདག་ཨེ་ཀ་ཛཱ་ཏིའི་ཏིང་འཛིན་དུ་ཞུགས་ལ། ཚོན་སྐུད་བདག་གི་སོས་བཟུང་སྟེ་དགྲ་བོའི་ཡུལ་ཕྱོགས་སུ་ཁ་བལྟས་ཏེ་སྔགས་འདི་དྲག་ཏུ་བཟླས་སོ། །མ་མ་ཏྲག་རཀྴ་མུ་ཏྲ་མ་བྷྱོ་རུ་ལུ་རུ་ལུ་བྷྱོ། ཞེས་བརྗོད་པ། གང་ལ་དམིགས་པའི་ཁྱིམ་དང་། ཡུལ་དང་མཁར་ལ་བརྒྱབ་ན་མཐའ་ཕུང་ངོ་། །ཆོ་ག་འདི་གཉིས་ནི་དཀོན་མཆོག་གསུམ་གྱི་སྐུ་དགྲར་དར་བའི་དགྲ་བོའམ་རྒྱལ་ཁམས་ཡོངས་སུ་ཕུང་བར་བྱེད་པའི་ལྷ་འདྲེ་མི་སྲུན་པའམ། བསྟན་པ་འཇིག་པ་སྨད་ཅིང་སྤྱན་མིག་འཛེར་བའི་རཱུ་ཏྲ་ལ་བྱའོ། །ཐོད་པ་དཀར་ནག་གིས་བསད་པའི་ལེའུ་སྟེ་དོན་དྲུག་པའོ།། །།ཡང་ན་ཕུད་གཙང་མ་བྱས་ལ། ལྷ་བཤོས་ཟུར་གསུམ་པ་བྱས་ལ་དཀར་པོ་གཅིག་དམར་


DNG023_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

པོ་གཅིག་ནག་པོ་གཅིག་བྱས་ལ། མདོག་དང་སྦྱར་ཏེ་ཕུར་བུ་སེན་གང་བ་གསུམ་གཞུག་གོ། །གཞོང་སྒོར་གཅིག་གི་ནང་དུ་སྲན་མ་ཕུལ་གང་བྲ་བོ་ཕུལ་གང་། སོ་བ་མཆུ་རིང་ཕུལ་གང་སྟེ་ཕུལ་གསུམ་བླུགས་ལ། དེ་རེ་རེའི་སྟེང་དུ་ལྷ་བཤོས་རེ་རེ་བཞག །ཏིང་ངེ་འཛིན་རྣམ་གསུམ་རིམ་གྱིས་བསྐྱེད་དེ། ལས་ཀྱི་ལྷ་ཧ་ཡ་གྲཱི་ཝ་གསལ་བར་བསྒོམ། སྲིང་མོ་བཞི་དབང་དུ་བསྡུས་ལ་ལས་ལ་གཏོང་ངོ་། །ཕོ་ཉ་ཕྱི་མ་ཡང་གཏོང་ངོ་། །ཕོ་ཉ་བཏང་བའི་རྗེས་སུ་རྒྱས་པའི་ལྷ་བཤོས་ཡང་བཏང་ངོ་། །ཆོས་འཁོར་འཇིག་པའི་དགྲ་བགེགས་དང་། ཕ་ཚན་ཆེན་པོ་ཤི་ཁ་དབྱེ་བ་ལ་བྱའོ། །མདོས་ཕུར་སོར་དྲུག་གིས་བསད་པའི་ལེའུ་སྟེ་དོན་བདུན་པའོ།། །།སྦས་པའི་འཕྱང་བསྐུལ་བའི་ལེའུ་ལྷག་མ། སྣང་སྲིད་ཐམས་ཅད་ཡུམ་གྱི་མཁའ་ལས་སྦས། རྒྱལ་མོ་བཅུ་གསུམ་སྐུ་གཡས་སུ་སྦས། དབྱིངས་ཀྱི་ཡུམ་དགུ་སྐུ་གཡོན་དུ་སྦས། མཚན་མར་སྣང་བ་ཐམས་ཅད་སེམས་སུ་སྦས། སེམས་ཡེ་ཤེས་སུ་སྦས། ཡེ་ཤེས་ཆོས་ཀྱི་དབྱིངས་སུ་སྦས། མན་ངག་སྟོན་པའི་ཕྱིར་ཡང་འཕྱོང་། དོན་སྟོང་པའི་ཕྱིར་ཡང་འཕྱོང་། ལུང་བརྒྱུད་པའི་ཕྱིར་ཡང་འཕྱོང་། རྒྱུད་དང་ལུང་དང་མན་ངག་གསུམ། རྒྱུད་དུ་བསྟན་པའི་ལེའུ་བརྒྱ་ཉི་ཤུ་རྩ་གཉིས། ལུང་དུ་བསྟན་པའི་ལེའུ་བརྒྱ་ཉི་ཤུ་རྩ་གཉིས། མན་ངག་ཏུ་བསྟན་པའི་ལེའུ་བརྒྱ་ཉི་ཤུ་རྩ་གཉིས་ཏེ། སུམ་བརྒྱ་དྲུག་ཅུ་རྩ་ལྔའི་དབུ་ལས་སྤྱན་བཀོལ། ཀུན་གྱི་དོན་བཀོལ་བའི་ཕྱིར་ན་བཀོལ། ལས་དང་དཀྱིལ་བསྒྲུབ་པའི་བཀོལ་བས་བཀོལ། དོན་ཚང་བར་སྟོན་པས་ལེའུ་ལགས། སྐུ་གསུང་ཐུགས་ཀྱི་འཕྱོང་བཀོལ་བའི་ལེའུ་ལགས་ཏེ་དོན་བརྒྱད་པའོ།། །།རྣལ་འབྱོར་ཆགས་པའི་ཆོ་གའི་རྒྱུད་ལས་བྱུང་བའི་ལུང་། །ཡབ་ཡུམ་གཉིས་མེད་དོན་གྱི་རྣལ་མ་ལ། །ཏིང་འཛིན་ཕུན་སུམ་ཚོགས་པར་འབྱོར་ཏེ་གནས། །ཆོ་ནི་ཤེས་རབ་མ་ཆགས་དབྱིངས། །ག་ནི་ཐབས་མཆོག་གནོད་མེད་མཐའ། །གཉིས་སུ་མེད་པས་ནང་ཞེས་བྱ། །སྤྲུལ་པ་འབྱུང་བས་


DNG023_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ཅེས་བྱ། །མངོན་སངས་རྒྱས་པས་ལུང་ཞེས་བྱ། །རྡོ་རྗེ་སྦས་པའི་ཕྱིར། གསང་བ་ལས་ཀྱི་ཐིག་ལེ། ཕྱི་སྣོད་ཀྱི་བསྡུས་པས་ཡུམ་གྱི་རྡོ། ནང་བཅུད་བསྡུས་ཡབ་ཀྱི་རྗེ། གཉིས་མེད་གཅིག་པས་རྡོ་རྗེའི་དོན། རང་བཞིན་གསང་བའི་མཚན། སྦས་པའི་གསང་དང་མན་ངག་གསང་། །ཡིད་བཞིན་འབྱུང་བས་བ་ཞེས་བྱ། །ཐབས་རྣམས་སྟོན་པས་ལས་ཞེས་བྱ། །ཀྱི་ནི་གོང་འོག་འདྲེལ་བའོ། །ཐིག་ནི་མ་ནོར་བྱང་ཆུབ་སེམས། །ལེས་ནི་མ་ཁྱབ་མེད་པའོ། །དོན་གྱི་བཅུད་རྣམས་འབྱུང་བས་འཕྱོང་གི་མདོ། །སྐུ་གསུང་ཐུགས་ཀྱི་བཅུད་ཀྱི་འཕྱོང་སྟེ་ལེའུ་སྟེ་དོན་དགུ་པའོ།། །།དད་པ་དང་བརྩོན་འགྲུས་སུ་ལྡན་པས། སྣོད་དང་སྐལ་བར་ལྡན་པས་གནས་གཞུང་དང་མཐུན་པའི་ཁྱད་པར་ཅན་དུ། གསང་བའི་དཀྱིལ་འཁོར་གཞུང་བཞིན་དུ་བཤམས་ལ། སྒྲུབ་པའི་དཀྱིལ་འཁོར་གང་ཡང་རུང་བ་བཞེངས་སུ་གསོལ། བདུད་རྩི་སྣ་ལྔའི་ཆག་ཆག་བཏབ། སྤྱན་དྲང་བ་ལ་སོགས་གཞུང་བཞིན་བྱ། འབྲས་བུ་ཆེན་པོ་ལྔ་ལ་སོགས་པ་རྩ་བ་ལྔ་སྩལ། བྱིན་གྱིས་བརླབས་པ་དག་པའི་ཞིང་ལྔ་ནི། རྟ་དཀར་པོ་ཤེལ་མིག་ཁྱི་དཀར་པོ་སྣ་དམར། གླང་དཀར་པོ་ལྟེ་དམར། བྱ་དཀར་པོ་ཟེ་དམར། མི་ཤེལ་མིག་ཏུ་འདུག་པའོ། །བྱིན་གྱིས་མ་བརླབས་པའི་ཞིང་ལྔ་ནི། རྟ་ཁྱི་མི་སོགས་མདོག་ནག་པོར་འདུག་པ་ལྔའོ། །འབྲས་བུ་ལྔ་ནི་ཤིང་ལ་གནས་པའི་ནེ་ཙོ། ནགས་ལ་གནས་པའི་སྤྲེའུ། ས་ལ་གནས་པའི་དྲེད་མོ། ནམ་མཁའ་ལ་གནས་པའི་ཤང་ཤང་། ཆུ་ལ་གནས་པའི་སྦལ་པ། སྣང་ཞིང་སྲིད་པས་བསྡུས་པ་ཀུན་ལ་བྱའོ། །སློབ་མ་སྣོད་དང་ལྡན་མི་ལྡན་དང་རྫས་ཀྱི་ལེའུ་སྟེ་བརྒྱད་ཅུ་པའོ།། །།ཏ་ན་ཞེས་པས་སྒྲོལ་བའི་མན་ངག་སྟོན་ཏེ། བཀྲ་ཤིས་དག་པའི་ཞིང་བཅུ་དང་། སྨོན་ལམ་འདྲེལ་བའི་ཞིང་བཅུ་དང་། ཐུགས་རྗེས་སྤྲུལ་པའི་ཞིང་བཅུའོ། །མི་བསྒྲལ་དུ་མི་རུང་བའི་ཞིང་བཅུའོ། །མི་བསྒྲལ་དུ་མི་རུང་བའི་ཞིང་བཅུ་ལ་ནི། ནམ་མཁའ་ལ་རླུང་ལྟར་འཕྱོ་བ་དང་། ཕུག་ན་སྟམ་སྐྲམས་ལྟར་ཐེམས་པ་དང་།


DNG023_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་དྲུག་ཚགས་ན་ཉལ་བ་དང་། །ཨུ་མ་ཚང་ན་སྡོད་པ་དང་། །རྔམ་པའི་དྲག་ཤུལ་བྱེད་པ་དང་། །བདག་སྤུན་སྤྱི་ལ་གནོད་པ་དང་། །དམྱལ་བའི་རྡོ་རྗེ་བྱེད་པ་དང་། །ཐིག་ལེ་སྤྱོད་པ་ཉམས་པའོ། །འདི་རྣམས་ནི་མི་བསྒྲལ་མི་རུང་ངོ་། །ཐབས་རྣམ་པ་བཞིས་བསྒྲལ། གནས་གང་དུ་བསྒྲལ། ཐབས་གང་གིས་བསྒྲལ་བའོ། །ག་ཎ་ཞེས་པས་སྦྱོར་བའི་མན་ངག་སྟོན་ཏེ་བཞི་པའོ། །སྦྱོར་བ་ནི་ཡུལ་ཆོས་ཉིད་དུ་སྦྱོར་བ་དང་། རིག་པ་ཡེ་ཤེས་སུ་སྦྱོར་བ་དང་། ཐབས་ཤེས་རབ་དུ་སྦྱོར་བ་དང་། དབྱིངས་དང་ཡེ་ཤེས་སྦྱོར་བ་དང་། འདོད་ཆགས་དང་ཞེ་སྡང་གཏི་མུག་རྣམས། རྒྱུ་ལ་ཆགས་པའི་འབྲས་བུ་ཡིན། །དྲང་པོར་རྟོགས་པ་སྐུ་གསུང་ཐུགས། །ལོག་པར་རྟོག་ན་འཁོར་བའི་རྒྱུ། །འདོད་ཆགས་རྒྱུ་ནི་ཁྲག་ལས་བྱུང་། །ཁྲག་ནི་འཁོར་བའི་གཞི་ཡིན་པས། །དང་པོ་བསྐྱེད་ཀྱང་ཁྲག་ལས་བསྐྱེད། །ཐ་མ་འཇིག་ཀྱང་ཁྲག་ལས་འཇིག །གཞུང་ལས་མཆོད་པ་དང་། །མཐུན་པའི་རྫས་བསགས་པ་དང་། ཕྱི་ནང་གསང་བའི་མཆོད་པ་དང་། མཆོད་པའི་ཡོན་ཏན་གཞུང་བཞིན་གྱིས། །པད་མ་ཅན་དང་སྡུག་པོ་བཀོད་པ་དང་། །ཡི་གེ་འཁོར་ལོ་ཚོགས་ཆེན་ས་གནོན་ནོ། །ཏ་ན་ག་ཎ་སྤྱོད་པའི་ལེའུ་སྟེ་གྱ་གཅིག་པའོ།། །།ད་ནི་མ་མོ་དབང་དུ་བསྡུ་བའི་ཐབས་བཤད་དོ། །གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །འོག་གི་དབང་ཆེན་མ་མོ་རྣམས། །དབང་དུ་བསྡུ་ན་ཇི་ལྟ་བུ། །མངོན་རྫོགས་དཔལ་ལ་བདག་ཉན་འཚལ། །དེ་སྐད་གསོལ་པ་གསན་ནས་ཀྱང་། །ཡང་དག་གཟིགས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་གནོད་འདུལ་ལྷ་ཡི་གཙོ། །ངས་གསུངས་པ་ལ་གདོན་མི་ཟ། །ང་ཡིས་བཤད་པ་གང་ཞེ་ན། །ཡུལ་དང་དྭངས་མ་རྩ་རྣམས་ལ། །རིམ་གྱིས་མ་མོ་ལ་སོགས་ཏེ། །གུ་ཡ་གསང་བའི་ཡུམ་བཞི་དང་། །རྒྱན་གྱི་མ་སྲིང་ཤེས་པར་བྱ། །དེས་ནི་མ་མོ་དབང་དུ་སྡུད། །དབང་དུ་བསྡུ་བའི་


DNG023_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

ལེའུ་སྟེ་གྱ་གཉིས་པའོ།། །།དབང་ནོད་པ་དང་ཡོན་དབུལ་བ་སྟོན་ཏེ། དབང་ལ་གསུམ་སྟེ། ཕྱི་ཡི་དབང་ནི་རྫས་ལྔ་བཅུ་རྩ་ལྔ་དང་། ཡོ་གའི་དབང་བཅུ་ལ་སོགས་པར་བསྐུར་རོ། །ནང་དབང་བསྒྲུབ་རྫས་ཟབ་མོ་ལ་སོགས་པས་བསྐུར་རོ། །གསང་བའི་དབང་ནི་ཡབ་ཡུམ་བྱང་ཆུབ་སེམས་ཀྱིས་བསྐུར། དབང་བསྐུར་བདེ་གཤེགས་སོ་སོའི་དངོས་གྲུབ་ཐོབ། དབང་ཡོན་འབུལ་བ་ནི། བུ་དང་ཆུང་མ་འཁོར་བཅས་དབུལ། །ཟང་ཟིང་ལོངས་སྤྱོད་ཨ་ཅང་ཞེས། །རབ་འབྲིང་ཐ་གསུམ་དངོས་གྲུབ་ཐོབ། །སྣང་སྲིད་ཀྱི་མ་མོ་ནི་མའམ་ཆུང་མའམ། །སྲིང་མོའམ་བྲན་བཞིན་དུ་ལས་བྱེད་དོ། །དབྱིངས་ལྡན་ཁྱབ་གསལ་ཡེ་གནས་མ། །གདོད་ནས་ཡོད་པས་ཡེ་གནས་མོ། །མཁའ་སྣང་དག་བྱེད་ཡེ་གནས་མ། །དག་པ་ཆེན་མོ་ཡེ་ནས་མོ། །ཡུལ་དུ་སྣང་བ་གདོད་ནས་མོ། །དབང་ནོད་ཅིང་དབང་ཡོན་དབུལ་བའི་ལེའུ་སྟེ་གྱ་གསུམ་པའོ།། །།དོན་འདི་ལ་སྤྱི་དོན་རྣམ་པ་ལྔས་སྟོན་ཏེ། ཐབས་རྣམ་པ་ལྔ། དེ་ཁོ་ན་ཉིད་རྣམ་པ་ལྔ། དགོས་ཆེད་བཅོ་ལྔ་དང་། མཇུག་ཏུ་མན་ངག་གསུམ་དང་། ཐིག་ལེ་ཆེན་པོ་གསུམ་དུ་བསྡུའོ། །ཐབས་ཀྱིས་སྣ་ཚོགས་འབྱུང་བར་བྱེད། དེ་ཟེར་ན་སྐུ། ཁོ་ཟེར་ན་གསུང་། ན་ཟེར་ན་ཐུགས། ཉིད་ནི་མན་ངག་དོན་ལ་བྱའོ། །ཐུགས་ཀྱི་དགོངས་པ་ཡིན་པས་དགོས་ཆེད། ལས་ཀྱི་མན་ངག་ཡིན་པས་དགོས་ཆེད། དགོས་འདྲེལ་གྱི་མཇུག་བསྡུས་པས་མཇུག །དོན་ཐམས་ཅད་ཀྱི་མཇུག་སྡུད་པས་མཇུག །སྣང་སྲིད་སེམས་ལས་བཟློག་པས་མཇུག །ཐིག་མ་ནོར་བ། ལེ་གདལ་བ་མ་ནོར་བ་གདལ་བས་སེམས་ཉིད་ཡངས་པའི་ཀློང་། གསེར་གྱི་སྲོག་རྩའི་ལེའུ་སྟེ་གྱ་བཞི་པའོ།། །།དེ་ལ་ཐབས་རྣམ་པ་ལྔ་གང་ཞེ་ན། བདག་མ་མོའི་དབང་དུ་མི་འགྲོ་བར་འདོད་པའི་ཐབས་དང་། དབང་མ་སྐྱེས་པའི་ཆོས་ཀྱི་དབྱིངས་ལ། ཐབས་ཤེས་རབ་གཉིས་སུ་མེད་པས་མ་མོ། དངོས་པོ་དང་མཚན་མར་སྣང་བ་ཐམས་ཅད་


DNG023_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཉིད་དུ་རྟོགས་པས་དབང་དུ་བྱའོ། །བྱང་ཆུབ་ཀྱི་སེམས་མ་བཙལ་བར་ལྷུན་གྱིས་གྲུབ་པར་རྟོགས་པས་མི་འགྲོ་བའོ། །མ་མོ་བདག་གི་དབང་དུ་བྱ་བ་ལ་གཉིས་ཏེ། ལྟ་བས་དབང་དུ་བསྡུ་བ་དང་། བསྒོམ་པས་དབང་དུ་བསྡུ་བའོ། །དང་པོ་ནི་ཕྱི་སྣང་སྲིད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྐྱེ་བ་མེད་པའི་ངང་དུ་སངས་རྒྱས་པར་རྟོགས་ཙམ་ན། སྣང་སྲིད་ཐམས་ཅད་དབང་དུ་འདུ་ན་གཞན་ལྟ་ཅི་སྨོས། བསྒོམ་པས་དབང་དུ་བསྡུ་བ་ནི། ཏིང་ངེ་འཛིན་རྣམ་གསུམ་རིམ་གྱིས་བསྐྱེད། དེ་ནི་མི་རྟོག་རྟོག་ལས་འདས། །ཀུན་སྣང་ཡིད་བཞིན་ནོར་བུ་ལྟར། །རྒྱུ་ཡི་ཆོས་ཉིད་དབྱིངས་ཉིད་ལས། །དབང་ཆེན་དཀྱིལ་འཁོར་རིམ་གྱིས་བསྐྱེད། །སྤྲོ་བསྡུ་རྣམ་གཉིས་བ་ཐག་གཟིངས། །ཧཱུཾ་ཨེ་ཏཾ་མཾ་ལཾ་སུཾ་བྷྲཱུཾ་བཛྲ་ཛྙཱ་ན་ཙཀྲ་ཧཱུཾ། གཞལ་ཡས་ཁང་རྒྱ་ཁྱོན་དཔག་ཏུ་མེད་པ། ནམ་མཁའི་ཁམས་དང་མཉམ་པ་ཞིག་ལམ་གྱིས་བསྐྱེད་དོ། །དེའི་དབུས་སུ་བཾ་པདྨ་མཎྜལ་ལ་མ་སཱུརྱ་མཎྜལ་ལ། དེའི་སྟེང་དུ་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་བསྣོལ་ལ་བཏིང་། དེའི་སྟེང་དུ་ལྷ་བརྒྱད་བཏིང་། དེའི་སྟེང་དུ་ཀླུ་བརྒྱད་བཏིང་། དེའི་སྟེང་དུ་གཟའ་བརྒྱད་བཏིང་། དེའི་སྟེང་དུ་ཕྱོགས་སྐྱོང་རྒྱལ་ཆེན་ཚངས་པ། བརྒྱ་བྱིན་བསྣོལ་བ་བཏིང་། དེའི་སྟེང་དུ་ཧཱུཾ་ལས་ཆེ་མཆོག་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པ་བསྐྱེད་དེ། ཞབས་གཡས་ཀྱིས་ཚངས་པའི་སྙིང་བརྫིས་པ། གཡོན་གྱིས་བརྒྱ་བྱིན་བརྫིས་པ། ཕྱག་གཡས་ན་གསེར་གྱི་རྡོ་རྗེ་ཐུགས་ཀར་འཛིན་པ། གཡོན་གྱིས་གསེར་གྱི་དྲིལ་བུ་དཀུར་བརྟེན་པ། དབུ་སྐྲ་ཁམ་ནག་རལ་པ་གྱེན་དུ་བསྐྱིལ་པ། ཐོད་པ་སྐམ་རློན་གྱིས་སེ་རལ་ཁར་བརྒྱན་པ། ཞིང་ཆེན་གྱི་གཡང་གཞི། སྟག་ལྤགས་ཀྱིས་ཤམ་ཐབས་བྱས་པ། སྦྲུལ་གྱི་ཆུན་འཕྱང་གིས་སྐུ་ལ་བརྒྱན་པར་བསྒོམ་མོ། །ཡབ་ཀྱི་སྐུ་མདོག་གསལ་བར་བསྒོམས་ལ། མ་མོ་དབང་དུ་སྡུད་པའི་ལེའུ་སྟེ་གྱ་ལྔ་པའོ།། །།གཡོན་དུ་གདན་ཉི་ཟླ་ལས། བརྟན་མ་བཅུ་གཉིས་བཏིང་ངོ་། །དེའི་སྟེང་དུ་


DNG023_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

དབང་མོ་ཉི་ཤུ་རྩ་བརྒྱད་བསྣོལ་ལ་གདིང་། དེའི་སྟེང་དུ་འདོད་ཁམས་གཙོ་མོ། གཤིན་རྗེ་ནག་པོའི་བུ་མོ་གདུག་པ་ཚེ་འཕྲོག་མ། སྲིད་པ་ཆགས་འཛིན་བསྣོལ་ལ་གདིང་། དེའི་སྟེང་དུ་མ་བདུན་བསྣོལ་ལ་གདིང་། དེའི་སྟེང་དུ་སྲིང་བཞི་བསྣོལ་བ་གདིང་། དེའི་སྟེང་དུ་བློན་མོ་བཞི། རྒྱལ་མོ་བཞི་འཇུག་སྒྲོལ་དྲུག །ཤུགས་སྒྲོལ་མ་དྲུག །སྒྲོལ་གིང་མ་དྲུག ཚེ་བདག་མ་ཆེན་མོ། དེའི་སྟེང་དུ་སྤྲུལ་བདག་མ་ཆེན་མོ་གདིང་ངོ་། །དེའི་སྟེང་དུ་རོ་ལང་ཡེ་ཤེས་ཚོགས་ཀྱི་རྗེ་མོ་བསྒོམ། རྒྱན་དང་ཆ་ལུགས་གཙོ་དང་མཐུན། གོང་མ་ལྟར་བཀྲ་ས་ལེ་བསྒོམས་ན། མ་མོ་བདག་གི་དབང་དུ་འགྱུར་རོ། །གཡོན་དུ་ཉིད་བཞི་བསྒོམ་པས་མ་མོ་དབང་དུ་འགྱུར་རོ། །འཁོར་ལོ་ཞལ་གྱིས་བཞེས་པའི་ལེའུ་སྟེ་གྱ་དྲུག་པའོ།། །།མ་མོ་སྲོག་འཛིན་པའི་ཐབས་ལ་དྲུག་སྟེ་གང་ཞེ་ན། ཆོས་ཐམས་ཅད་ཀྱི་སྲོག་ནི་མ་མོས་འཛིན། མ་མོའི་སྲོག་ནི་དམ་ཚིག་གིས་འཛིན། དམ་ཚིག་གི་སྲོག་ནི་ལུང་གིས་འཛིན། ལུང་གི་སྲོག་ནི་མན་ངག་གིས་འཛིན། མན་ངག་གི་སྲོག་ནི་བསྒོམ་པས་འཛིན། སྒོམ་པའི་སྲོག་ནི་ལྟ་བས་འཛིན། མ་མོ་ལྟ་བས་མྱ་ངན་ལས་འདས་པའི་ཐབས་ནི། སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་བརྟན་མ་བཅུ་གཉིས་སུ་ལ་བཟླ། བཅུ་གཉིས་ལྷོའི་སྐྱི་འཐིང་གཡའ་མ་སྐྱོང་དུ་ལ་བཟླ། དེ་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་དུ་ལ་བཟླ། དེ་ལྟར་རིམ་བཞིན་དུ་ཡུམ་མུ་ཁ་ལེ་ལ་ལ་བཟླ། མུ་ཁེ་ལེ་སེམས་ཉིད་དུ་ལ་བཟླ། སེམས་ཉིད་རྒྱུ་རྐྱེན་མེད་པའོ། །མ་མོ་སྲོག་འཛིན་པའི་ལེའུ་སྟེ་གྱ་བདུན་པའོ།། །།དེ་ཁོ་ན་ཉིད་རྣམ་པ་ལྔ་ལ། མ་མོ་དེ་ཁོ་ན་ཉིད་དང་། དངོས་གཞི་དེ་ཁོ་ན་ཉིད་གཉིས་ཏེ་གང་ཞེ་ན། སྣང་སྲིད་ཆགས་པར་བྱེད་པ་ཀུན་གཞི་སྣང་སྲིད་འབྱུང་བར་བྱེད་པ་ཡང་ཀུན་གཞི། སྙིང་པོ་དེ་ཁོ་ན་ཉིད་དང་། སྙིང་པོ་ལ་བཞི་སྟེ། རྒྱུའི་སྙིང་པོ་དང་། རྒྱུའི་ཆོས་ཉིད་ལས་ཡི་གེ་གང་རུང་གིས་བསྐྱེད་པའོ། །རྩ་བའི་སྔགས་ལ། ཨོཾ་ཨཱཿཧཱུཾ། གར་བྱུང་བར་སྐུ་བསྐྱེད་དོ། །


DNG023_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བའི་སྔགས་ལ། ཨོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། སྲོག་གི་སྙིང་པོའོ། །རྩ་བའི་སྔགས་ལ། ཁ་རག་སྙིང་ཁ་རག་ཙིཏྟ་རྦད། ཐུན་བྷྱོ་བྱ་བ་ནི་བརྡེག་པའི་སྔགས་སོ། །དེ་ཁོ་ན་ཉིད་རྣམ་པ་ལྔའི་ལེའུ་སྟེ་གྱ་བརྒྱད་པའོ།། །།རྫས་ཀྱི་དེ་ཁོ་ན་ཉིད་ལ་གསུམ་སྟེ། སྒྲུབ་པའི་རྫས་དང་། བསྙེན་པའི་རྫས་དང་། མཆོད་པའི་རྫས་དང་གསུམ། བསྙེན་སྟངས་ཀྱི་དེ་ཁོ་ན་ལ་ཉིད་ལ་བདུན་ཏེ། ཚོགས་ཀྱི་རྗེ་མོ་ལྟར་བསྙེན། ཡུམ་ལྔ་མའི་ཚུལ་དུ་བསྙེན། སྒྲོལ་གིང་མ་མ་མོ་བཞི། ཕྲ་མེན་རྒྱ་མཚོ་མ་དང་ལྔ་ནི་ཆུང་མ་ལྟར་བསྙེན་ནོ། །འཇུག་སྒྲོལ་མ་མཛའ་མོ་ལྟར་བསྟེན་ནོ། །དངོས་གསང་བའི་ཡུམ་བཞི་སྟེང་འོག་གི་སྒྲོལ་བྱེད་མ་གཉིས་ཏེ་དྲུག་བྱི་མོ་ལྟར་བསྙེན་ནོ། །ཤུགས་སྒྲོལ་མ་བཞི། རྒྱལ་མོ་དང་བློན་མོ་རྣམས་ནི་སྲིང་མོ་ལྟར་བསྟེན་ནོ། །དྲག་ཤུལ་གྱི་ཚུལ་དབང་དུ་བསྡུ་བ་མན་ཆད་བྲན་མོ་མངགས་པའི་ཚུལ་དུ་བསྟེན་ནོ། །གསེར་གྱི་སྲོག་རྩ་དགོས་ཆེད་ཀྱི་ལེའུ་སྟེ་གྱ་དགུ་པའོ།། །།དགོས་ཆེད་བཅོ་ལྔ་དང་། དང་པོ་མ་མོ་གང་ནས་བྱུང་ཤེས་པར་བྱ་བ་དང་། གང་ནས་བྱུང་བའི་ལོ་རྒྱུས་འོག་མ་ཁོ་ནར་ཞིག་ཐིག་ལེའི་བཞེངས་ནས་མར་བྱུང་ངོ་། །བྱུང་ནས་སྲོག་གིས་འཛིན་པ་ལ་གསུམ་སྟེ། མ་མོ་ལུས་ཀྱི་སྲོག་ནི་ཕྱག་རྒྱས་བཟུང་སྟེ། ངག་གི་སྲོག་ནི་སྔགས་ཀྱིས་བཟུང་། སེམས་ཀྱི་སྲོག་ནི་ཏིང་ངེ་འཛིན་གྱིས་བཟུང་། སྲོག་ཟིན་ནས་ཇི་ལྟར་བཀོལ་བ་ལ་གསུམ་སྟེ། སྲོག་བཟུང་ནས་བཀོལ་བ་དང་། རྟེན་སྟངས་བཞིན་དུ་བཀོལ་བ་དང་། གོང་དུ་བསྟན་པ་བཞིན་དུ་ཏིང་ངེ་འཛིན་དང་། དབང་ཆེན་གྱི་དཀྱིལ་འཁོར་དུ་བསྒོམ་ལ་བཀོལ་བའོ། །མ་མོ་ཤི་ས་བསྟན་པར་བྱ་བ་ལ་གསུམ་སྟེ། དམ་ཚིག་མ་བསྲུངས་པས་འཆི་བ་དང་། ལས་གཞུང་བཞིན་མ་བསྒྲུབས་པས་འཆི་བ་དང་། ཏིང་ངེ་འཛིན་ལ་ལེ་ལོ་བྱས་པས་འཆི་བའོ། །མ་མོའི་དཀྱིལ་འཁོར་བསྟན་པ་ལ་གཉིས་ཏེ། དཀྱིལ་ཆོས་ཀྱི་དབྱིངས་ལ་འཁོར་རང་རིག་པས་བསྐོར་བས་དཀྱིལ་འཁོར། དཀྱིལ་ཚོགས་ཀྱི་


DNG023_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་མོ་ལ་འཁོར་སྣང་སྲིད་མ་མོས་བསྐོར་བས་དཀྱིལ་འཁོར་གཞན་དཔེ་ཆུང་ཞིབ་ཏུ་བརྟག་གོ། །གསེར་གྱི་སྲོག་ཐིག་བསྟན་པའི་ལེའུ་སྟེ་དགུ་བཅུ་པའོ།། །།མ་མོ་བསྒྲུབ་པར་བྱ་བའི་ཚད་བསྟན་པ་དང་། དང་པོ་ས་ཆོག་དང་། མཚམས་དང་། གཟུངས་མ་དང་། ཐིག་སྐུད་དང་། ཚོན་དང་། ཞལ་ཟས་ལ་སོགས་པ་བྱིན་གྱིས་བརླབ་པོ། །དེ་ནས་སྒྲུབ་པའི་དཀྱིལ་འཁོར་རྣམས་གཞུང་བཞིན་དུ་བྱ་ལ་བྲིའོ། །སྒྲུབ་པ་ལ་གཉིས་ཏེ་རང་བཞིན་གྱི་སྒྲུབ་པ་དང་། གཟུགས་བརྙན་གྱི་བསྒྲུབ་པའོ། །རང་བཞིན་ལ་གཉིས་ཏེ། ཕྲ་མེན་རྒྱ་མཚོ་དང་། དབྱིངས་ཀྱི་ཡུམ་ལྔའོ། །འོ་ན་ཕྲ་མེན་རྒྱ་མཚོ་ལ་བསྒྲུབ་ཏུ་མེད་ཟེར་ཏེ། བསྒྲུབ་ཏུ་ཡོད། སྐད་ཅིག་ཀྱང་འདིའི་ངང་ལས་འདིར་མི་རུང་བས་རྒྱུན་དུ་བསྒྲུབས་པའི་ལྷ་ཡིན་ནོ། །སྒྲུབ་རྫས་གང་ཞེ་ན། ལུས་སེམས་ཚགས་སུ་བཅུག་ལ། རིག་པ་སྐད་ཅིག་མ་དེ་ཡིན་ལ། མ་ཡེངས་པའི་དོན་སྟོན། སྒྲུབ་པའི་རྟགས་གང་ཞེ་ན། ཆོས་ཐམས་ཅད་བྷ་ག་དགྱེས་པའི་གནས་དེར་ལྷུན་གྱིས་གྲུབ་ཅིང་། སངས་རྒྱས་པས་རང་གི་རིག་པ་ལྷངས་ཀྱིས་རྟོགས་པས་དེ་ཁོ་ན་འགྲུབ་པའི་རྟགས་ཡིན་ནོ། །ཡུམ་ལྔ་བསྒྲུབ་ཏུ་མེད་ཟེར་ཏེ་ཡོད། ཡུམ་ལྟར་སྣང་བ་ཆོས་ཀྱི་དབྱིངས་ཡིན། ཆོས་འཇུག་རིག་པའི་ཡེ་ཤེས་ཡིན། ལྔ་ལྔ་ལྟར་སྣང་བ་ནི་བསྒྲུབ་པའི་རྫས་ལྟ་བུ་ཡིན། རིག་པ་དང་དབྱིངས་ཀྱི་ངང་དུ་ཆོས་ཐམས་ཅད་ལྷུན་གྱིས་གྲུབ་པ་ནི་འགྲུབ་པའི་རྟགས་ཡིན། འགྲོ་ཉལ་འདུག་སྡོད་སྤྱོད་ལམ་རྣམ་བཞིར་སྐད་ཅིག་ཀྱང་མ་ཡེངས་པ་ནི་རང་བཞིན་གྱིས་གྲུབ་པའོ། །མ་མོ་གཉིས་རང་བཞིན་གྱིས་བསྒྲུབས་པའི་ལེའུ་སྟེ་གོ་གཅིག་པའོ།། །།གཟུགས་ཅན་གྱི་སྒྲུབ་པ་ལ་བཅུ་དགུ། དེ་ལ་ཁྲོས་པའི་དབང་མོ་ཆེ་བཞིའི་དཀྱིལ་འཁོར་སྒྲུབ་པ་ནི། གསང་བའི་དཀྱིལ་འཁོར་གཞུང་བཞིན་བཞེང་དུ་གསོལ། རིགས་བཞིའི་སྒྲུབ་རྫས་ཡང་བསག །རྒྱུ་བཞི་ཡང་བསོགས་ཏེ་དགོངས་པ་ཏིང་ངེ་འཛིན་གཞུང་བཞིན་བསྒྲུབ། ཞག་


DNG023_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ནུབ་མོ་གསང་བའི་ཡུམ་དུ་དམ་བཅའོ། །གྲུབ་རྟགས་ནི་འོད་དང་སྒྲ་མངོན་དུ་འབྱུང་ངོ་། །གྲུབ་ནས་ཆེ་མཆོག་གི་ཏིང་ངེ་འཛིན་ཞལ་གཅིག་ཕྱག་གཉིས་ཞབས་གཉིས་ཀྱི། མ་ཧཱ་དེ་བ་ལ་སོགས་པའི་མཐུ་ཆེན་བརྫིས་ཤིང་ཕྱག་ན་འཇིགས་པའི་མཚོན་ཆ་སྣ་ཚོགས་བསྣམས་པ། སྐུ་རྒྱན་དང་ཆ་ལུགས་གསལ་བར་བསྒོམ། དེ་ནས་བདག་གི་མ་མོར་སྦྱོར་རོ། །བྱང་ཆུབ་སེམས་དྲོད་ལ་དབབ་པ་དང་རཀྟ་སྦྱར་སྣ་ལ་བདག་མཆོད། དེ་ནས་སྒྲུབ་ཟླ་ལ་སྦྱིན་གྲུབ་པའི་ཡོན་ཏན་ནི་བསམ་པ་ཡིད་བཞིན་འགྲུབ་པོ། །སྟེང་འོག་གི་མ་མོ་སྒྲུབ་པ་ནི་དཀྱིལ་འཁོར་གཞུང་བཞིན་བཤམས་ལ་གསེར་ཆ་ལ་སོགས་པ་ལ་བསྒྲུབ་པོ། །རྟགས་འོད་དང་སྒྲ་སྙན་མེ་ཆེན་འབྱུང་། དཔའ་བོ་སྒེག་པོའི་ཏིང་ངེ་འཛིན་དུ་འཇུག་པས་པདྨ་དབང་དུ་བསྡུས་ལ་བྱི་མོར་དམ་བཅའོ། །གྲུབ་པའི་ཡོན་ཏན་དགྲ་ལ་དྲག་ཅིང་། བྱང་ཆུབ་སེམས་ཡིད་བཞིན་དུ་འགྲུབ་པོ། །ཤུགས་སྒྲོལ་མ་བཞིའི་སྒྲུབ་ཐབས་ནི། བྷནྡྷ་ཚལ་བུ་བཞིའི་ནང་། བྱང་ཆུབ་སེམས་ཤ་ཆེན་རཀྟ་བ་སུ་ཏ་སོགས་པ་བླུགས་ལ་བསྒྲུབ་པོ། །རྟགས་སྤྲིན་ག་རྟ་སྐད་འབྱུང་། པདྨ་བསྡུ་ཞིང་ཆུང་མར་དམ་བཅའོ། །གྲུབ་པའི་ཡོན་ཏན་དགྲ་ལ་འདེབས། །ཁྲོས་པ་ཤུགས་སྒྲོལ་གྱི་ལེའུ་སྟེ་གོ་གཉིས་པའོ།། །།ཨེ་ཀ་ཛ་ཏིའི་སྒྲུབ་ཐབས་ནི། སྟེགས་བུ་འདོམ་གང་གྲུ་བཞི་པ་གཅིག་བྱས་ལ་དབུས་ཟླ་གམ་གཅིག་པར་བྲིས་ཏེ། དམ་ཚིག་གཙང་མའི་གཏོར་མ་བཤམས་ལ་དར་དམར་པོས་ཁ་བཅད་ལ། ཁ་ནུབ་ཕྱོགས་སུ་བལྟས་ཏེ། སྒྲུབ་རྟགས་ཀུན་གོང་མ་བས། ནུབ་མོ་ཨེ་ཀ་ཙ་ཏི་བསྒྲུབས་ཏེ། སྟེགས་བུ་འདོམ་གང་གྲུ་བཞི་གཅིག་ལ་དབུས་སུ་ཟླ་གམ་གཅིག་བྲི། བྷནྡྷ་མཚན་དང་ལྡན་པ་གཅིག་གི་ནང་དུ་བྱང་ཆུབ་སེམས་ཀྱི་དངོས་གཞི་སྩལ་ལ། ཁ་ནུབ་ཏུ་བལྟས་ལ་དར་དཀར་གྱིས་ཁ་བཅད་དཀྱིལ་འཁོར་བསྒྲུབ་པོ། །བྷ་ག་དབང་དུ་བསྡུ་བ་ཀུན་གོང་མར་འགྲེའོ། །འཇུག་སྒྲོལ་མ་སྒྲུབ་པ་ནི། སྟེགས་བུ་ཁྲུ་གང་པ་གཅིག་ལ་ཟླ་གམ་གཅིག་པར་བྱས་ལ། པདྨ་རིགས་ཀྱི་བྷནྡྷ་མཚན་དང་ལྡན་པ་གཅིག་གི་ནང་དུ། པདྨ་རཀྟ་ལ་ཁ་གནམ་ལ་བསྟན་དབུས་སུ་བཞག་ཅིང་བསྒྲུབ་པོ། །ཡོན་ཏན་སྣང་སྲིད་ཀྱི་བདེ་


DNG023_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཀུན་དུས་གཅིག་ལ་སྙོམས་པར་མཛད་དོ། །བྷ་ག་སྲུང་མར་ས་བདག་ཆེན་མོ་སྒྲུབ་པ་ནི། སྟེགས་བུ་གྲུ་གསུམ་གཅིག་ཟླ་གམ་གཅིག་བྲིས་ལ། མཚན་དང་ལྡན་པ་གཅིག་ཏུ་སྲོག་མེད་པའི་དབུགས་ཏེ། བ་སུ་ཏ་དབུགས་ཀྱིས་བཀངྐ་ལ་བདུད་རྩི་སྣ་ལྔ་ཟླ་གམ་སྟེང་དུ་བཞག །དེའི་སྟེང་དུ་སྟེགས་བུ་ཟླུམ་པོ་མཐོ་གང་གཅིག་ལ་རིན་ཆེན་ཟུར་བརྒྱད་བྲིས་ལ། རིན་པོ་ཆེ་གང་ཡང་རུང་བ་ཅིག་གི་ཕོར་པ་རུ། རིན་པོ་ཆེ་སྣ་ཚོགས་དང་འབྲུ་སྣ་ཚོགས་དང་། ཟབ་དར་ཀུན་ནང་དུ་སྩལ་ལ་བསྒྲུབ་པོ། །ཀླུ་དང་ས་བདག་བྲན་མོ་བཞིན་དུ་འཁོལ་ལོ། །ཕྱོགས་བཞིར་འཇུག་སྒྲོལ་མ་བཞི་སྒྲུབ་པ་ནི། དཀྱིལ་འཁོར་རྩིབས་བཞི་པ་གཅིག་བྱས་ལ་ཟླ་གམ་བཞི་བྲི། མཚན་དང་ལྡན་པ་བཞི་ལ་ཕྱོགས་བཞིར། བོ་དྷི་མཱཾ་ས་རཀྟ་དྲི་ཆུ་བསྟེན་ཅིང་བསྒྲུབ་པོ། །ཁམས་གསུམ་སྒྲོལ་བའི་དངོས་གྲུབ་ཐོབ་པོ། །སྨན་མོ་རྣམས་ཀྱི་སྒྲུབ་ཐབས་ཀྱི་ལེའུ་སྟེ་གོ་གསུམ་པའོ།། །།ཚེ་བདག་ཆེན་མོའི་སྒྲུབ་པ་ནི། དཀྱིལ་འཁོར་ཟླུམ་པོ་ཁྲུ་གང་པ་གཅིག་བྱས་ལ་ཟླ་གམ་གཅིག་པར་བྲིས་ལ། བྷནྡྷ་མཚན་དང་ལྡན་པ་གཅིག་གི་ནང་ལ་ཙིཏྟ་སྣ་ཚོགས་དང་རཀྟས་བཀངྐ་ལ་ཁ་ཤར་དུ་བསྟན་ལ་ཤིང་ཤུན་གྱིས་ཁ་བཅད་ལ་བསྒྲུབ་ན་ཞག་བདུན་ནས་ཟླ་བ་ལྟུང་ངོ་། །བཅུ་བཞི་ན་ཉི་མ་ལྟུང་། ཉི་ཤུ་ན་བྷནྡྷ་མཚན་དང་ལྡན་པའི་ནང་དུ་སྙིང་དང་རཀྟ་བསྲེས་པ་འབྱུང་། ཡོན་ཏན་གཞན་ལྟ་ཅི་སྨོས། ཁྲོས་པའི་མ་བཞི་དང་ཐུགས་ཀྱི་དགྱེས་སྡེ་མོ་བཞི་ཡང་མ་སྲིང་བཞིན་དུ་ལས་བྱེད་དོ། །ཧེ་རུ་ཀས་ནྲྀ་མན་ཆད་སྐུ་བསྐྱེད་པ་ཙམ་གྱིས་འདར་ལྕུག་ལྕུག་ལས་བྱེད་དོ། །ཡིད་བཞིན་དུ་འགྲུབ་སྟེ་འོང་ངོ་། །རྒྱལ་མོ་བཞི་སྒྲུབ་པ་ནི།དཀྱིལ་འཁོར་རིན་ཆེན་མཁར་ཐབས་སུ། །ཐིག་གདབ་ཟླ་གམ་བཞི་བཀོད་དེ། །བྷནྡྷ་མཚན་ལྡན་བཞིར་རྫས་བཀྲམ། །ཤར་དུ་བོ་དྷི་དང་དྲི་ཆེན་དང་། ལྷོར་ཤ་དང་མཱཾ་ས། ནུབ་པདྨ་རཀྟ། བྱང་དུ་དྲི་ཆུ་དང་རྒྱུའི་དྲི་ཆུ་བཞག་གོ། །ཨ་མ་ལ་དེ་ཝ་ཤ་བྷྱོ་རུ་ལུ། ནུས་ཚད་བཟླས། དཔོན་ཆེན་ཟེར་ནས་ཟླ་གམ་འབུལ་དུ་འོང་ངོ་། །དམ་བསྲེ་སྤྲོ་བསྡུ་བྱའོ། །དེ་ཕན་ཆད་བྲན་བཞིན་ལས་བྱེད་དོ། །བྲན་བཞིན་སྒྲུབ་པ་ནི་དཀྱིལ་འཁོར་པདྨ་འདབ་མ་བཞིའི་ཐིག་ཏུ་གདབ། དེ་ལ་དབུས་སུ་ཟླ་གམ་དགོད། མཚན་དང་ལྡན་པའི་བྷནྡྷར་གོང་མ་དང་མཐུན་པའི་རྫས་གཞག །འོད་དང་དྲི་


DNG023_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

དང་གཟུགས་ཀྱང་སྟོན། ཕོ་ཉ་བཞི་བསྒྲུབ་པ་ནི་སྟེགས་བུ་གྲུ་བཞི་པ་གཅིག་ལ་ཐོད་པ་དར་མ་བཞིའི་ནང་དུ་འབྱོར་ཚད་དམ་རྫས་སྩལ་ལ་ཤིང་ཤུན་གྱིས་ཁ་བཅད་ལ་དེས་བསྒྲུབ་པོ། །རྟགས་ཀུན་གོང་མར་བས་ཡོན་ཏན་ནི་ཀུན་དབང་དུ་སྡུད་དོ། །ཐོད་ཕྲེང་རྒྱལ་མོ་བཞི་བྲན་མོ་བཞིའི་སྒྲུབ་ཐབས་ཀྱི་ལེའུ་སྟེ་གོ་བཞི་པའོ།། །།གནོད་སྦྱིན་སྟོབས་བཟང་གི་སྒྲུབ་པ་ནི། དཀྱིལ་འཁོར་ཟླུམ་པོ་ཁྲུ་གང་པ་གཅིག་ལ་ཟླ་གམ་གཅིག་བྱས་ལ། ཟླ་གམ་སྟེང་དུ་ཡཀྴ་ཀྲོ་དྷཱི་ཤྭ་རཱི་ཞེས་བརྗོད་པས། གནོད་སྦྱིན་གྱི་རྒྱལ་མོ་སྟོབས་བཟང་སྐུའི་རྒྱ་ཁྱོན་ནི་འཇིག་རྟེན་འཁྲུག་དོགས་ཙམ་ཡོད་ལ་སྐུ་མཐིང་ནག་འབར་བ་ལ་སྤྱན་ཉི་ཟླ་སྟོང་གིས་བརྒྱན་པ། ཕྱག་གཡས་ན་རྡོ་རྗེ་གདེངས་པ་བསྣམས་པ། གཡོན་ན་བྷནྡྷ་འབར་བ་བསྣམས་པ། གཡས་འོག་མ་ན་སྦྲུལ་ནག་སྟོང་གི་ཞགས་པ་འཕེན་པ། གཡོན་འོག་མ་ན་བདུད་རྩི་བཅུད་ཀྱི་བུམ་པ་བསྣམས་པ། སྐུ་ཡེ་ཤེས་ཐུ་ལུམ་འབར་བའི་ནང་ན་བཞུགས་པ། ཡེ་ཤེས་ཀྱི་མེ་རིས་ཉོན་མོངས་པའི་རྟོག་པ་རྨང་ནས་བསྲེག་པ། འཁོར་གནོད་སྦྱིན་མང་པོས་བསྐོར་བ། སངས་རྒྱས་པས་མཐུ་ཆེ་རྐང་མགྱོགས་པས་བང་མགྱོགས་པ་སྲིད་པའི་འཇིག་རྟེན་ཐམས་ཅད་ཀྱང་འཁྲུག་པར་ནུས་པ། ཤར་ཕྱོགས་ཀྱི་རྒྱལ་པོ་ཡུལ་འཁོར་སྲུང་གི་ཡུམ་མཛད་པ་བདུད་རྩི་བུམ་པ་ལས་ལོངས་སྤྱོད་རྒྱུན་ཏུ་མཛད་པ། རྣལ་འབྱོར་པ་ཐམས་ཅད་ཀྱི་གྲོགས་སུ་འགྲོ་བ་རྒྱུན་ཏུ་མཛད་པ། སྒྲུབ་པ་པོ་རྣམས་ཀྱི་དངོས་གྲུབ་སྒྲུབ་པ་གནོད་སྦྱིན་ཕོ་མོ་ཐམས་ཅད་དབང་དུ་སྡུད་པ། འཇིག་རྟེན་དམག་ཐམས་ཅད་ཀྱི་དཔུང་གནོན་པ་ཉི་ཟླ་ཕྲུགས་གཅིག་ཕོ་ཉར་འགྱེད་པ། གཟའ་ཆེན་པོ་བརྒྱད་ཀྱིས་སྐུ་ལ་བརྒྱན་པ་དེས་ནི་བདུད་རྩིའི་རྒྱ་མཚོ་ཆེན་པོ་ནས། ཟངས་ཀྱི་ལྷུང་བཟེད་ཀྱིས་རྒྱལ་པོ་བཞིའི་ཞལ་དུ་བདུད་རྩིའི་སྐྱེམས་སྟོབ་པ་གང་སུ་ཞིག་དང་དུ་ལེན་པའི་སྒྲུབ་པ་པོས་དེ་ཉམས་སུ་བླངས་ཤིང་བསྒྲུབས་ན། རྣལ་འབྱོར་པ་རྣམས་ཀྱི་དགོངས་པ་ཡིད་བཞིན་དུ་སྟེར་རོ། །ཆར་ཆུ་ཡང་དུས་སུ་འབེབས་སོ། །དགོས་འདོད་རེ་བ་སྐོང་ངོ་། །དངོས་གྲུབ་ཀྱང་དུས་སུ་སྟེར་རོ། །འཇིག་རྟེན་གྱི་མཐུ་ཐམས་ཅད་ཀྱང་འགྲུབ་པོ། །ལས་ཐམས་ཅད་ཀྱང་ཟློག་པར་བྱེད་དོ། །རྫུ་འཕྲུལ་གྱི་མཐུ་མང་པོ་ཡང་མངོན་པར་སྟོན་ནོ། །འཇིག་རྟེན་གྱི་དགོས་པ་ཐམས་ཅད་ཀྱང་མངོན་དུ་སྟེར་རོ། །རིང་ན་གནས་པའི་དངོས་


DNG023_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ཀྱང་ལེན་པར་ནུས་སོ། །གཞན་གྱི་དམག་དཔུང་ཐམས་ཅད་ཟློག་པར་བྱེད་དོ། །གནོད་པ་ཐམས་ཅད་ཀྱང་འཇིགས་པར་བྱེད་དོ། །གཞན་གྱི་མཐུ་དང་རྫུ་འཕྲུལ་ཡང་ལེན་པར་ནུས་སོ། །འཇིག་རྟེན་གཞན་དག་ན་གནས་ཀྱང་བདག་གི་གནས་སུ་འོངས་ནས་ཅི་བྱ་ཟེར་རོ། །ཅི་སྒྲུབ་ཅེས་ཟེར་རོ། །དེ་ལྟར་སྟོབས་བཟང་གི་དངོས་གྲུབ་ཐོབ་ན་གནོད་སྦྱིན་གྱི་འཁོར་ཐམས་ཅད་ཀྱིས་བསྐོར་ནས་བདག་ཅག་གིས་ཅི་བགྱི་ཞེས་བཀའ་ཉན་ནོ། །ཨ་ལ་ལ་ཧོ། བཅོམ་ལྡན་འདས་བདག་ཅག་ལ་ལས་ཀྱི་དངོས་གྲུབ་སྩོལ་ཅིག །རྣལ་འབྱོར་རྣམས་ཀྱི་དམ་བསྲེས་ཤིག །བདག་ཀྱང་བཀའ་ཡི་རྫས་སུ་བསྒྲུབ་པར་བགྱིའོ། །ཞེས་དམ་བཅའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་གྱི་ལས་ཐམས་ཅད་ཡོངས་སུ་སྒྲུབས་ཤིག །ཛཾ་བྷ་ལ་སོགས་ཏེ་གནོད་སྦྱིན་གྱི་སྟོབས་ཐམས་ཅད་ཕྱུང་ཞིག་ཅེས་བསྒོའོ། །དེ་ལྟར་བསྒྲུབས་ན་དགོས་པ་ཐམས་ཅད་ཀྱང་སྟེར་རོ། །རྫས་དང་ཡོ་བྱད་ཀྱང་ལིང་ལིང་སྤྱོད་པར་འགྱུར་རོ། །ཡོན་ཏན་ཀྱང་མངོན་དུ་འཆར་རོ། །བརྒྱ་བྱིན་སྲིན་མོ་སྒྲུབ་པ་ནི་དཀྱིལ་འཁོར་གྲུ་གསུམ་པ་གཅིག་བྱས་ལ་དབུས་སུ་ཟླ་གམ་གཅིག་པར་བྲི། ཁམ་ཕོར་གཅིག་གི་ནང་དུ་གངས་ཀྱི་ཆུ་དང་བྱ་རྒོད་ཀྱི་ཤ་དང་། ཤེལ་དང་ནས་དཀར་མོ་འབྲུ་དགུ་བླུགས་ལ། ཨ་པྲ་བེ་ཤ་བྱའི་འཛབ་དྲང་ངོ་། །གཞན་ཀུན་གོང་མ་བ་མ་ཚངས་པའི་ཆུང་མ་སྒྲུབ་པ་ནི། མ་ཏྲང་གི་ཐོད་པ་བརྩེགས་པ་ལ་དཔྲལ་བར་ཟླ་གམ་བྱས་པ་ལ། མཚན་ལྡན་གཅིག་གི་ནང་དུ་བདུད་རྩི་སྣ་ལྔ་སྩལ་ལ་ཁ་ཤིང་ཤུན་གྱིས་བཅད་ལ། བྲཧྨ་ཎཱི་ཞེས་བཟླས་སོ། །ཡོན་ཏན་ནི་སྲིན་མོ་བརྒྱད་འདུལ་ལོ། །ཕོ་ཉ་དྲུག་ཅུའི་གཙོ་མོ་སྟེ་རྡོ་རྗེ་ཁྱུང་མགོ་ཅན་སྒྲུབ་པ་ནི་ཐོད་པའི་དབུས་དཔྲལ་བར་ཟླ་གམ་བྲི། བྷནྡྷ་མཚན་དང་ལྡན་པ་གཅིག་ཏུ་རཀྟ་དང་དྲི་ཆུ་བསྲེས་ཏེ་ནང་དུ་ཨ་མྲྀ་ཏ་ཡང་བླུགས་ལ་སྙིང་པོ་བཟླས་ཤིང་བསྒྲུབ་པོ། །ཡོན་ཏན་ནི་འོག་མ་ཀུན་འཁོལ་ལོ། །ཨེ་ཀ་ཛ་ཏི་རལ་གཅིག་མགོ་དགུ་མ་བསྒྲུབ་པ་ནི་གོང་མ་དང་མཐུན་ནོ། །སྲིད་པ་ཆགས་བྱེད་མ་སྒྲུབ་པ་ནི་སྟེགས་བུ་ཁྲུ་གང་ལ་པདྨ་འདབ་མ་བཞི་པར་བྱས་ལ་ཁམ་ཕོར་གྱི་ནང་དུ་རྒོད་ཀྱི་ཚིལ་ལམ་ག་ནུས་བུའམ་མ་ཚལ་སྤོས་གསེར་གཡུ་ལ་སོགས་པ་བླུགས་ལ་བསྒྲུབ་པོ། །ཡོན་ཏན་ནི་སྨན་མོ་ཐམས་ཅད་དབང་དུ་སྡུད་ཅིང་འཁོལ་ལོ། །བརྟན་མ་བཅུ་གཉིས་སྒྲུབ་པ་ནི་ས་གཙང་མར་གྲ་ཕྱིང་ལ་སོགས་པ་བཏིང་ལ་འབྱོར་ཚད་བསོག་


DNG023_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

པས་བསྒྲུབ་པོ། །སྙིང་པོ་བཟླས་ཤིང་བསྟེན་ན། ཀུན་མཐུན་གྲུབ་པའི་ཡོན་ཏན་དགྲ་འཇོམས་སོ། །རང་བཞིན་གཉིས་བསྒྲུབ་པའི་དཀྱིལ་འཁོར་དགུ་བཅུ་རྩ་གཉིས་པའི་གསང་བའི་དམ་ཚིག་བསྒྲུབ་པའི་ལེའུ་སྟེ་གོ་ལྔ་པའོ།། །།མ་མོའི་གསང་མཚན་བསྟན་པ་ནི། ཡུམ་ལྔ་ནི་ཀུན་ཏུ་རྒྱུ་ཞིང་ཁྱབ་པའོ། །རྡོ་རྗེ་དབྱིངས་ཀྱི་ཡུམ་མཆོག་མ། སྒྲོལ་གིང་མོ་བཞི་ལ་རྡོ་རྗེ་བདེ་མཆོག་མ། རྡོ་རྗེ་འོད་གསལ་མ། རྡོ་རྗེ་བདེ་སྦྱོར་མ། རྡོ་རྗེ་བདུད་རྩིའི་རྒྱལ་མོ། སྟེང་འོག་གི་སྒྲོལ་གིང་མ། རྡོ་རྗེ་བདེ་འདེགས་མ། རྡོ་རྗེ་བདེ་སྒྲུབ་མའོ། །ཤུགས་སྒྲོལ་མ་དྲུག་ནི། རྡོ་རྗེ་གསང་བའི་གཟུགས་འཛིན་མ། རྡོ་རྗེ་བདེ་སྐྱོང་མ། རྡོ་རྗེ་བདེ་བརྩེགས་མ། རྡོ་རྗེ་གཟུགས་མཛེས་མ། རྡོ་རྗེ་དཔལ་གྱི་ཡུམ་གཅིག་མ། རྡོ་རྗེ་འཁོར་སྐྱོང་མའོ། །འཇུག་སྒྲོལ་མ་དྲུག་ལ། རྡོ་རྗེ་དབྱིངས་ཀྱི་གཏེར་ལྡན་མ། རྡོ་རྗེ་བདེ་ལྡན་དཔལ་གྱི་མཆོག །རྡོ་རྗེ་བདེ་བ་རྒྱས་འདེབས་མ། རྡོ་རྗེ་བདེ་བ་ཟ་བྱེད་མ། རྡོ་རྗེ་བདེ་བ་རྨོངས་བྱེད་མ། རྡོ་རྗེ་བདེ་བ་ཚེ་འཕེལ་མ། རྡོ་རྗེ་གསང་བའི་ཡུམ་གཅིག་མ། རྡོ་རྗེ་བདེ་སྦྱོར་མ། རྡོ་རྗེ་ཡུམ་གཅིག་མ། རྡོ་རྗེ་གྲགས་མ། རྡོ་རྗེ་རྒྱན་གཅིག་མ། རྡོ་རྗེ་མེ་ཏོག་གཟུང་གཅིག་མ། རྡོ་རྗེ་གསང་བའི་དབྱིངས་ཕྱུག་མ། རྡོ་རྗེ་ཐོགས་མེད་མ། རྡོ་རྗེ་གར་གྱི་དབང་ཕྱུག་མ། ཐུགས་རྗེ་ནམ་མཁའི་དབྱིངས་ཕྱུག་མ། རྡོ་རྗེ་ཀུན་ཏུ་བཟང་མོ། རྡོ་རྗེ་ཀུན་ཏུ་གྲགས་མ། རྡོ་རྗེ་ཀུན་གསལ་མ། རྡོ་རྗེ་གསལ་འཕྲོ་མ། བདེ་འགྲོ་མ། རྡོ་རྗེ་འོད་གསལ་མ། རྡོ་རྗེ་འོད་ཆགས་མ། རྡོ་རྗེ་སྡེར་མོ། རྡོ་རྗེ་ཐོ་བ། རྡོ་རྗེ་འཇིགས་བྱེད་མ། དབང་སྡུད་མ། གསང་བ་རྡོ་རྗེ་ཡུམ། རྡོ་རྗེ་འཇིགས་བྱེད་གཟུགས་འཛིན་མ། རྡོ་རྗེ་གྲགས་མ། རྡོ་རྗེ་གཡུ་སྒྲོན་མ། རྡོ་རྗེ་དཔལ་འགྱུར་མ། རྡོ་རྗེ་ལས་བྱེད་མ། རྡོ་རྗེ་གློག་མ། རྡོ་རྗེ་དཔལ་འབར་མ། རྡོ་རྗེ་རེ་རྣམས། རྡོ་རྗེ་ཡེ་ཤེས་འོད་འཕྲོ་མ། རྡོ་རྗེ་དོན་གྲུབ་མ། རྡོ་རྗེ་ཀུན་གྲུབ་མ། བསམ་འཕེལ་གསང་མཚན་གྱི་ལེའུ་སྟེ་གོ་དྲུག་པའོ།། །།དམ་ཚིག་དབོག་པར་བྱིན་པ་དང་། །དབང་དུ་བསྡུ་བའི་ལེའུ་ལས། །ཨ་མྲྀ་ཏ་ནི་ཁར་བླུགས་ལ། །དེ་ནི་བསྡིག་པ་ལྟ་བུའོ། །མ་མོ་འཁྲུག་པའི་སྐོང་ཐབས་བསྟན། །མི་བདེ་སྣ་ཚོགས་གང་བྱུང་ཡང་། །བསྐང་འཕྲོ་ཡང་རྫས་བཞིན་དུ་རིམ་པས་བཅོས། །གོང་མ་སྐོང་པས་འོག་མ་བདེ། །དེ་ནས་ལས་ལ་གཟུད་པ་ལ་གསུམ་སྟེ། མ་མོ་གསང་བའི་ལས་ལ་གཟུད་པ་དང་། དམ་བཅས་པས་


DNG023_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ལ་གཟུད་པ་དང་། བཅོལ་བས་ལས་ལ་གཟུད་པ་དང་། མན་ངག་རྣམ་པ་གསུམ་ལས་དང་པོ་གང་ནས་བྱུང་བའི་མན་ངག་ནི། གང་ནས་མ་བྱུང་བདག་ཉིད་ལས་བྱུང་། ཕུང་པོ་ལྔ་ལ་ཡབ་ལྔ་འབྱུང་བ་ལྔ་ཡུམ་ལྔ། རྣམ་པར་ཤེས་པའི་ཚོགས་བརྒྱད་ཀོའུ་རི་བརྒྱད། །དེའི་ཡུལ་བརྒྱད་ལ་སིང་ཧ་མ་བརྒྱད། ཡན་ལག་བཞི་ལྷ་མོ་བཞི་ཚེའུ་སག་ནེའུ་སག་ཁྲོ་བོ་ཁྲོ་མོ། སྒལ་ཚིགས་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད། བདག་གི་ཀུན་གཞི་རྣམ་པར་ཤེས་པ་ལས། ཚེ་བདག་ཆེན་མོ་གསང་བའི་གཟུངས་མ་གཉིས་བསྐྱེད། ཁྲག་གི་དྭངས་མ་དབུགས་ཀྱི་དྭངས་མ། དྲོད་ཀྱི་དྭངས་མ་རྣམ་པར་ཤེས་པའི་དྭངས་མ་ལས། འཇུག་སྒྲོལ་མ་བཞི་བསྐྱེད། རྣམ་པར་ཤེས་པ་ཚོགས་བརྒྱད་ཀྱི་དངས་མ་ལས། སྒྲོལ་གིང་མ་བཞི་ཤུགས་སྒྲོལ་མ་བཞི་སྟེ་བརྒྱད་བསྐྱེད། བདག་གི་བྱང་ཆུབ་སེམས་ལས། སྲིད་པ་ཆགས་འཛིན་མ་སྤུན་གཉིས་བསྐྱེད། བདག་གི་སྒལ་ཚིགས་ལས་ཨེ་ཀ་ཙ་ཏི་སྤུན་དྲུག་བསྐྱེད། བདག་གི་སྲོག་རྩ་ལས་འདོད་ཁམས་མ་མོ་སྤུན་གཉིས་བསྐྱེད། བདག་གི་ལྟེ་བ་ལས། སྟེང་འོག་སྒྲོལ་གིང་མ་གཉིས་བསྐྱེད། བདག་གི་ཡིད་ཀྱི་རྣམ་པར་ཤེས་པ་ལས། སྲིན་མོ་བརྒྱད་བསྐྱེད། རྐང་ལག་གཡས་གཡོན་བཞི་ལས། དམག་གི་རྒྱལ་མོ་སྤུན་བཞི་བསྐྱེད། སྟེང་འོག་བཤང་ལམ་སྒོ་བཞི་ལས། ལས་ཀྱི་སྲིན་མོ་བཞི་བསྐྱེད། བདག་གི་མཁལ་མ་གཡས་གཡོན་གཉིས་ལས། པདྨ་གར་གྱི་དབང་ཕྱུག་མ་དང་། རྡོ་རྗེ་གར་གྱི་དབང་ཕྱུག་གཉིས་བསྐྱེད། མཁྲིས་པ་ལས་ནག་མོ་ཁྲག་འཛག་མ་བསྐྱེད། ལག་མགོ་རྐང་མགོ་གཉིས་བཞི་ལས། ཕོ་ཉ་ཆེན་མོ་བཞི་བསྐྱེད། བདག་ཉིད་ཉོན་མོངས་པའི་ཡིད་ལས། བརྟན་མ་བཅུ་གཉིས་བསྐྱེད་དོ། །དང་པོ་གང་ནས་མ་མོ་བྱུང་བ་ནི་བདག་ཉིད་ལས་བྱུང་ངོ་། །དེ་ལྟར་བྱུང་བས་མན་ངག་གོ། །མ་མོ་བྱུང་བའི་རྒྱུད་དང་གསང་བའི་ལས་ལ་གཟུད་པའི་ལེའུ་སྟེ་གོ་བདུན་པའོ།། །།དང་པོ་གསང་བའི་ལས་ལ་གཟུད། དུར་ཁྲོད་ཞིང་ལ་ཕོ་ཉར་བཏང་ཞིང་གཟུད། བར་དུ་དམ་བཅའ་ཞིང་ལས་གཟུད་པ་དང་། ཇོ་མོར་གཟུང་ན་ཇོ་མོར་གཟུད་དོ། །


DNG023_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་མར་བཅོལ་བའི་ལས་ལ་གཟུད་པ་ནི། དགྲ་བོའི་ལུས་ལ་གཟུད་པ་ཡིན་ནོ། །ཀུན་གཞི་སྤྲུལ་བདག་དང་། ཚེ་བདག་ཆེན་མོ་གཉིས་ལས་ལ་གཟུད་དོ། །དེས་ཀུན་གཞི་ཉམས་སུ་གཞུག་གོ། །ཐ་མར་མཇུག་བསྡུ་བའི་མན་ངག་ནི། སྣང་སྲིད་ཀྱི་ཆོས་ཐམས་ཅད་ཉོན་མོངས་པའི་ཡིད་ལ་བསྡུའོ། །དེ་ལས་རིམ་གྱིས་ཀུན་གཞི་ལ་བསྡུའོ། །ཀུན་གཞི་སྐྱེ་འགག་མེད་པའི་ངང་ངོ་། །ཐིག་ལེ་རྣམ་པ་གསུམ་ལས། དབྱིངས་དང་རིག་པ་གཉིས་མེད་དང་། །ཐབས་དང་ཤེས་རབ་གཉིས་མེད་དང་། །དེ་ནི་མ་མོའི་ཐིག་ལེའོ། །གྲུབ་པའི་ཐིག་ལེ་ནི་ཆོས་ཐམས་ཅད་རང་བཞིན་ལྷུན་གྱིས་གྲུབ་པ་ནི་རྩལ་སེམས་དང་བྲལ་བ་སྟེ། ཡེ་ནས་བཅོས་སུ་མེད་པའི་ཀློང་ཆེན་པོ་ཡིན་ནོ། །ལེན་པའི་ཐིག་ལེ་ནི། ཐིག་ནི་བདག་གི་ཀུན་གཞི་བྱང་ཆུབ་ཀྱི་སེམས་ཡིན་ནོ། །ལེ་ནི་རང་རིག་གི་ཡོན་ཏན་ཡིན། གཉིས་སུ་མེད་པའི་ངང་ལས་འཇིགས་བྱེད་འབར་བའི་སྐུ། དུར་ཁྲོད་ཀྱི་ཆས་ཀྱིས་གདུག་པ་ཅན་འདུལ་བ་དང་། རྒྱན་དང་ཆ་ལུགས་སུ་སྣང་བ་ལས། རྡོ་ཁབ་ལེན་གྱིས་ལྕགས་རྣམས་སྡུད་ཚུལ་དུ། མ་མོ་ཐམས་ཅད་འདར་ཞིང་འདུད། ཐམས་ཅད་ནི་སྐུ་ལ་འཁྲིལ། རྒྱལ་མོ་བརྒྱད་ཅུ་རྩ་བཞི་བྲན་དུ་ཁོལ། བློན་མོ་དགུ་ནི་དམིགས་པ་བཞིན་དུ་འགྱེད། འཇིག་རྟེན་གྱི་ཆོས་ཐམས་ཅད་གསལ་བར་སྟན། མ་མོ་འབུམ་ལ་སོགས་པ་ནི་ཅི་བགྱི་ཟེར་ཞིང་བཀའ་སྡོད། མ་མོ་བཀོལ་བའི་ལུགས་ཀྱིས་ནི། ཚོགས་ཀྱི་རྗེ་མོ་ཇོ་མོ་བཞིན་དུ་བཀོལ། མ་མོ་བཅུ་གསུམ་ཆུང་མ་བཞིན་དུ་བཀོལ། བྷ་གའི་ཁ་སྲུང་མ་ལ་སོགས་པ་དྲུག་ནི་ཁོལ་མོ་བཞིན་དུ་བཀོལ། ཚེ་བདག་ཆེན་མོ་ལ་སོགས་པ་བུ་མོ་བཞིན་དུ་བཀོལ། བརྟན་མ་བཅུ་གཉིས་གསུམ་བཀྲ་བཞིན་དུ་བཀོལ། དྲག་ཤུལ་གྱིས་དབང་དུ་བསྡུས་པའི་མ་བདུན་ནི་བྱི་མོའི་ཚུལ་དུ་བཀོལ་ལོ། །འཇིག་རྟེན་འདས་པ་ཆེན་མོ་ལས་ནི་བྱུང་། འཇིག་རྟེན་ལ་ནི་གནས་ཏེ་དེ་གང་ནས་བྱུང་ན། མ་མོའི་ལེའུ་སྟོང་ཕྲག་དྲུག་ཅུ་རྩ་ལྔ་ལས། མན་ངག་གི་ལེའུ་འཇིག་རྟེན་ལས་འདས་པའི་ལེའུ་བརྒྱ་ཉི་ཤུ་རྩ་གཉིས་འབྱུང་བའོ།། །།


DNG023_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

མ་མོ་དབང་དུ་བསྡུ་ཞིང་། བཀོལ་ཐབས་བསྟན་པའི་ལེའུ་སྟེ་གོ་བརྒྱད་པའོ།། །།ཏིང་འཛིན་རྣམ་པ་གསུམ་བསྐྱེད་པ། །དེ་བཞིན་ཉིད་ཀྱི་ཏིང་འཛིན་ནི་བསྐྱེད་ལ། དེ་བཞིན་ཉིད་ཀྱི་རང་བཞིན་ནི། །དམིགས་མེད་ཡུམ་གྱི་ངང་དུ་གསལ། །ཁྱབ་གདལ་དོན་ནི་རྫོགས་པར་ལྡན། །མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་མཎྜ་ལ་ཧཱུཾ། ཀུན་སྣང་གི་ཏིང་ངེ་འཛིན་ནི། །དག་པའི་ཡེ་ཤེས་བདེ་ཆེན་མཁར། །ཀུན་ཏུ་སྣང་སྲིད་ཁྱབ་པར་གསལ། །གཉིས་མེད་ལྷུན་གྱིས་གྲུབ་པའི་མཆོག །དྷརྨ་དྷཱ་ཏུ་མཎྜལ་ཧཱུཾ། དེ་ནས་རྒྱུ་ཏིང་ངེ་འཛིན་གྱིས། དབང་ཆེན་ཡུམ་གྱི་དཀྱིལ་འཁོར་བསྐྱེད། །གཉིས་སུ་མེད་པའི་མཁའ་དབྱིངས་ལས། །བྱང་ཆུབ་སེམས་ཀྱི་སྤྲིན་ཚོགས་གཏིབས། །བདེ་མཆོག་ཡིད་བཞིན་ཆར་དུ་འབེབས། །ཐམས་ཅད་མ་ལུས་བསྐྱེད་པའི་རྒྱུ། །རིན་ཆེན་འབར་བའི་འོད་ཟེར་ལས། །དབང་ཆེན་དཀྱིལ་འཁོར་འབྱུང་བའི་རྒྱུ། །ཨེ་ཏཾ་མཾ་ལཾ་བྷྲཱུཾ། གྲུ་གསུམ་མཐིང་ནག་འབར་བའི་ནམ་མཁའ་ལས། །འཐོར་བྱེད་རླུང་ནག་ཚོགས་ཀྱིས་རྒྱ་གྲམ་གཏམས། །ཆགས་པའི་རྒྱ་མཚོ་རཀྟ་རྦ་ཀློང་བསྐྱིལ། །ཞིང་ཆེན་གཏམས་པའི་ས་གཞི་མཐའ་དབུས་བརྡལ། །ཀེང་རུས་འབར་བའི་རི་རབ་གཞལ་ཡས་ནི། །ཆུ་སྲིན་བྱེ་བ་ས་ཡའི་ཐོད་པ་ལ། །མི་བཟད་དུར་ཁྲོད་འབར་བའི་རྩིགས་རྨང་བྱས། །ཐོད་དགུ་འབར་བའི་རྩིགས་པ་མཁར་དུ་བརྩེགས། །གནམ་ལྕགས་ངུར་མོ་འབར་བའི་གཟེར་ཆེན་བཏབ། །རིན་ཆེན་མཆོག་གིས་ཟུར་བཞི་མཛེས་པར་བརྒྱན། །གཡུ་འོད་སྔོན་པོ་འབར་བའི་ཁ་བད་ཅན། །མུ་ཁྱུད་གནམ་ལྕགས་འབར་བའི་མེ་རིས་བསྐོར། །སུཾ་བྷནྡྷ་བྷནྡྷ་རཀྴ་རཀྴ་ཏིར་བཾ། ད་ནི་གདན་ཁྲི་བསྐྱེད་དེ། མཐིང་ནག་འབར་བའི་གཞལ་ཡས་འདིར། །ཞིང་ཆེན་ཞིང་ཆུང་གཅལ་དུ་བཀྲམ། །མཆོག་བྲན་མང་པོ་གདན་དུ་བཏིང་། །ཐེ་བྲང་དགུ་བརྒྱའི་གབ་ཙེ་ལ། །ལྷ་སྲིན་ཀུན་གྱི་ནང་སྟན་བྱ། །ནྲྀ་ཏི་ར་བཾ། ཨ་ཀྲ་ཏི་ར་བཾ། རཀྵ་ཏི་ར་བཾ། ཞེས་བསྐྱེད་དོ། །ད་ནི་ཕྱག་བྱ་སྟེ། མི་མངོན་མཁའ་དབྱིངས་སྨུག་མོའི་དཀྱིལ་འཁོར་དང་། །སྐུ་ལ་ཉག་གཅིག་སྤྲུལ་པ་དྲུག་ལ་བཀའ་ཉན་སྟོང་། །བཀའ་


DNG023_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ཉན་སྟོང་ལ་ཕྱག་བརྙན་འབུམ། །སྣང་སྲིད་བདག་ལ་ཕྱག་འཚལ་ལོ། །དབྱར་ཞིང་ནམ་མཁའི་ཁམས་ན་རྒྱུ། །འབྲུག་དང་གློག་གི་བདག་མོ་མཛད། །ལྕེ་དང་བུ་ཡུག་འབེབས་མཛད་མ། །གློག་མ་སྲིན་ལ་ཕྱག་འཚལ་ལོ། །དཔྱིད་ཅིང་ཀུན་ལ་དྲོད་མཛད་མ། །ཆུ་བོ་ཀུན་གྱི་སྣ་འདྲེན་མ། །ཆུ་བོ་ཀུན་གྱི་གཞུང་འབྱམས་མ། །ནག་མོ་གཙོ་ལ་ཕྱག་འཚལ་ལོ། །སྟོན་ཞིང་འབྲས་བུ་སྨིན་མཛད་མ། །སྤང་བོ་དེ་ནི་ཁ་སེར་ལ། །འབྲུ་དང་ལོ་ཡི་བཅུད་ལེན་པ། །མི་རྣམས་ཀུན་གྱི་དཔལ་འཕྲོག་མ། །གློག་འགྱུ་མ་ལ་ཕྱག་འཚལ་ལོ། །དགུན་ཞིང་རྒྱ་མཚོའི་གཏིང་ན་བཞུགས། །ཁམས་གསུམ་ཀུན་གྱི་རྒྱས་འདེབས་མ། །ཀླུ་འབྲུག་ཀུན་གྱི་དགྱེས་སྡེ་མོ། །གློག་འགྱུ་མ་ལ་ཕྱག་འཚལ་ལོ། །རྡོ་རྗེ་དྲི་ཆུ་བདུད་རྩིའི་མཆོག །པཉྩ་ཨ་མྲྀ་ཏ་དང་སྦྱར། །དམ་རྫས་སྙིང་གི་ཁྲག་ཆེན་པོ། །བསྲེ་བའི་མཆོག་སྟེ་ཁྲག་གི་སྙིང་། །མ་ཧཱ་ཀུ་ཀུ་ལ་ས་མ་ཡ། པཉྩ་ས་མ་ཡ། མ་ཧཱ་ཨ་མྲྀ་ཏ་ས་མ་ཡ། ཏིང་ངེ་འཛིན་གྱི་ལེའུ་སྟེ་གོ་དགུ་པའོ།། །།ད་ནི་མཆོད་པ་འབུལ་ཏེ། སྨུག་ནག་འཇིག་རྟེན་རྒྱལ་མོ་བཞེས་སུ་གསོལ། །ནག་མོ་མི་བཟད་རྒྱ་མཚོ་བཞེས་སུ་གསོལ། །ཕྱག་བརྙན་རྐང་དྲུག་མཛེས་མ་བཞེས་སུ་གསོལ། །མདོག་བཟང་ནག་མོ་མཐུ་ཆེན་བཞེས་སུ་གསོལ། །ཨེ་ཧྱེ་ཧི་ཚུར་སྤྱོན་འཁོར་དང་བཅས། ཛཿཧཱུཾ་བཾ་ཧོཿ། སྤྱན་འདྲེན་མ་ལུས་གཤེགས་སུ་གསོལ། །མ་གཅིག་ཆེན་མོ་འདིར་སྤྱོན་ཤ་ལ་སྤྱོན། །འབྱུང་པོ་འབྱུང་མོའི་ཤ་ནི་ཟན་བས་ཞིམ། །མ་གཅིག་ཆེན་མོ་འདིར་སྤྱོན་ཁྲག་ལ་སྤྱོན། །འབྱུང་པོ་འབྱུང་མོའི་ཁྲག་ནི་ཆང་བས་ཞིམ། །མ་གཅིག་ཆེན་མོ་འདིར་སྤྱོན་རུས་ལ་སྤྱོན། །འབྱུང་པོ་འབྱུང་མོའི་རུས་ནི་མར་བས་ཞིམ། །བདག་གི་བརྣག་པའི་ལས་འདི་མཐར་ཕྱུང་ཞིག །ད་ལྟ་ཉིད་དུ་རྟགས་དང་མཚན་མ་ཕྱུང་། །ཁ་ཁ་དུ་ར་མ་ཏི་རུ་ལུ་བྷྱོ། ད་ནི་སྨན་མཆོད་བྱ་སྟེ། རང་བྱུང་བདུད་རྩི་དམ་རྫས་ལྔ། །གདོད་ནས་དག་པ་བདུད་རྩིའི་མཆོག །རྩ་བ་བརྒྱད་ལ་ལོ་མ་སྟོང་། །སངས་རྒྱས་སྟོང་གི་དངོས་གྲུབ་ལེན། །དམར་ཆེན་མཚོ་དང་མཱཾ་ས་དྲི། །ག་པུར་ཤེལ་དང་


DNG023_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

སྤོས་ཕོར་དྲི། །སངས་རྒྱས་སྟོང་གི་ཐུགས་དམ་སྟེ། །རྣལ་འབྱོར་ཡོངས་ཀྱི་དམ་ཚིག་མཆོག །དམ་ཚིག་སྦྱིན་པ་ཆེན་པོ་འདི། །སྦྱིན་ནོ་བསྟབ་པོ་བསྐུལ་ལོ་གསོལ། །དམ་རྫས་བདུད་རྩི་ཆེན་པོ་འདི། །མ་ཚོགས་སྟོང་གི་འཁོར་ལ་མཆོད་པ་འབུལ། །འདུལ་བའི་ལྷ་མོ་མཐུ་མོ་ཆེ། །དུས་ལ་རྔུབ་ཅིང་དམ་ལ་འཕྲེང་། །དབང་ཕྱུག་ཆེན་མོ་ཀུན་གྱི་སྲིང་། །རྣལ་འབྱོར་ཀུན་གྱི་མ་གཅིག་མ། །མཚན་བཟང་ནག་མོ་རེ་མ་ཏི། །མ་ཚོགས་སྟོང་གི་འཁོར་ཚོགས་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །བར་དེར་མ་མོའི་འཛབ་ནུས་ཚད་བགྲང་ངོ་། །སྤྱན་དྲང་བ་དང་མཆོད་པའི་ལེའུ་སྟེ་བརྒྱ་ཐམ་པའོ།། །།ད་ནི་རྔ་བརྡུང་བ་དང་མ་མོའི་ཐུགས་དམ་བསྐུལ་བ་ནི། མ་གཡེལ་མ་འདའ་སྲིང་གཅིག་མ། །མ་ཡི་ནང་ནས་མ་གཅིག་མ། །དམ་ཉམས་ཀུན་གྱི་བདུད་གཅོད་མ། །དམ་ལ་གནས་པའི་ཚེ་འཛིན་མ། །སྟོང་ཁམས་ཀུན་གྱི་ཉུལ་ལེ་མ། །ནད་བདག་ཆེན་མོ་རིམས་བདག་མོ། །ཆིབས་སུ་དྲེའུ་རྟ་རྐང་གསུམ་ཆིབས། །དྲ་བ་དགུ་ཡི་ལྟི་ལེན་ཅན། །བྱེ་རུ་དམར་པོའི་རྒྱན་སྲབ་ཅན། །ཉིན་བཞིན་ཁྱོ་དགུ་བསྐུངས་ན་སྦེད། །མཚན་མོ་དུར་ཁྲོད་ཁྱབ་པར་ཉུལ། །རྣལ་འབྱོར་མཐའ་དག་ཚོགས་ཁང་འགྲིམ། །རྣལ་འབྱོར་དམ་ཚིག་གཙང་མི་གཙང་། །མཆེད་ལྕམ་བརྩེ་གདུང་ཆེའམ་ཆུང་། །སློབ་དཔོན་ཏིང་འཛིན་དྲོད་ཉུལ་མ། །ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་མ། །ཉིད་ཀྱི་སྐུ་མདོག་མཐིང་ནག་ལ། །རལ་པའི་ཟར་བུ་གཡས་ནས་གཡོན་དུ་འཁྱིལ། །ཞལ་ནས་མི་ཁྲག་རྟ་ཁྲག་འཛག །མིག་ནས་ཁྲག་འཛག་ཟུ་ལུ་ལུ། །ལྕགས་ཀྱི་དྲེའུ་རྟ་རྐང་གསུམ་བསྐྱོད་པའི་ཚེ། །དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཡང་། །མཚན་མོ་གཅིག་ལ་ཁྱབ་པར་གཅོད། །རྣལ་འབྱོར་ཆེན་མོ་ཨ་ལ་ལ། །ཁྱོད་ཀྱི་ལག་པ་གཡས་པ་རུ། །བདུད་ཀྱི་ཁྲམ་བམ་རེ་རེ་ཐོགས། །སྐྱེ་འགྲོ་དབུགས་སུ་སྣང་བ་ཀུན། །སང་ཕོད་དེང་སང་སུ་འཆི་བ། །དོ་ཅིག་ཤོ་རྡེའུ་ནག་པོ་འགྲེམས། །


DNG023_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ཀྱི་མཆན་ཁུང་གཡས་པ་ན། །བྱང་དམར་དཀྱུས་པའི་བམ་པོ་སྦེད། །སང་ཕོད་དེང་སང་སུ་འཆི་བ། །དོ་ཅིག་བྱང་དམར་དཀྱུས་ལ་འདེབས། །ཁྱོད་ཀྱི་མཆན་ཁུང་གཡོན་པ་ན། །ནད་ཀྱི་རྐྱལ་བ་སྔོ་དམར་ལ། །སྦྲུལ་ནག་བརྒྱ་ཡི་ཁ་བཅིངས་ཅན། །ལྔ་བརྒྱ་དུས་ཀྱི་སྙིགས་མ་ལ། །གསང་སྔགས་བོན་དུ་གྱེར་བའི་དུས། །རྣལ་འབྱོར་གྲོང་བསྙེན་བྱེད་པའི་དུས། །དེ་ཚེ་སྲིད་པའི་མ་མོ་འཁྲུག །དེ་ཚེ་ཁྱོད་ཀྱི་རྟགས་བསྟན་པ། །ཁྱོད་ཀྱི་ཁ་རླངས་སེར་པོ་ཡིས། །སྟོང་ཁམས་ཐམས་ཅད་འགེངས་བྱེད་ཅིང་། །བུད་མེད་སེར་པོས་ས་གཞི་འགེངས། །ཆེ་ཞེས་མཁྲིས་ཆེན་ཤ་ཡ་གཏོང་། །ནམ་མཁའི་མཐོངས་ན་ཁྱོད་གནས་པ། །ནམ་མཁའི་དབྱིངས་ཀྱི་དཔལ་མོ་བཙན། །སེམས་ཅན་ཀུན་གྱི་ལམ་སྟོན་མ། །བར་སྣང་མཁའ་ལ་བཞུགས་པའི་ཚེ། །བྷ་ག་ཧྲི་སྡི་མཁའ་ལ་ཆར་འབེབས་མ། །འབྱུང་བ་ལྔ་ཡི་ཆ་སྙོམས་མ། །འཛམ་གླིང་འབྲུ་ཡི་བཅུད་ལེན་མ། །དེ་ཡང་བྱང་ཤར་རེ་མ་ཏི། །རི་རབ་རྩེ་ལ་བཞུགས་པའི་ཚེ། །མེ་ཟ་མ་ལ་བྲག་གྱོན་མ། །རྣལ་འབྱོར་ཀུན་གྱི་ཚེ་འཛིན་མ། །དེ་ཡང་བྱང་ཤར་རེ་མ་ཏི། །འབར་མ་ཉུལ་བྱེད་གཙོ་མོ་ནི། །འབར་མ་ཉི་མའི་ཞགས་པ་ཅན། །ཕུད་ལྷག་ཉུལ་ཞིང་སྒྲུབ་མཆོག་སྐྱོང་། །དེ་ཡང་དཔལ་ལྡན་རེ་མ་ཏི། །ཧཱུཾ། དབང་ཕྱུག་ཉི་ཤུ་རྩ་བརྒྱད་ནང་ན་བཞུགས་པའི་ཚེ། །མི་སྲིང་གཡག་མགོ་ཐོད་རློན་འཆང་། །ཁ་ཆུ་སྙེག་ཅིང་སྒྲུབ་མཆོག་སྐྱོང་། །དེ་ཡང་དཔལ་ལྡན་རེ་མ་ཏི། །མ་བརྒྱའི་གཙོ་མོ་མཛད་པའི་ཚེ། །ཨེ་ཀ་ཛ་ཏི་རལ་གཅིག་མ། །རྣལ་འབྱོར་ཏིང་འཛིན་དྲོད་ཉུལ་མ། །དེ་ཡང་དཔལ་ལྡན་རེ་མ་ཏི། །ཆེ་ཞེ་ཆེན་མོ་མཐུ་མོ་ཆེ། །ཆེ་ཞེ་ཆེན་མོ་དུས་ལ་བབ། །ཕྲིན་ལས་བཅོལ་ཞིང་ངེས་ཚིག་གི་ལེའུ་སྟེ་བརྒྱ་དང་གཅིག་པའོ།། །།བྱང་ཤར་མཚམས་ཀྱི་སྲིང་གཅིག་མ། །བསེ་ཡི་གདོང་ལ་གཡུ་ཡི་སྤྱན། །ཟ་འོག་དཀར་བཀྲའི་སླག་པ་ཅན། །དཔུང་ཟླུམ་རེ་ལྡེའི་སྨད་དཀྲིས་གསོལ། །གཡུ་ཡི་ལྟེ་ཤོ་རྒྱལ་ལ་རྩེ། །ཆིབས་སུ་དྲེའུ་རྟ་རྐང་གསུམ་ཆིབས། །


DNG023_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ལག་ན་ལྕགས་ཕུར་སྲོད་དྲིལ་མ། །ནད་གཏོང་རིམས་ཀྱི་རྐྱེན་བདག་མོ། །མིང་ནས་བོས་ན་མི་གསན་ནམ། །དམ་ཚིག་བསྲུང་ན་མི་དགོས་སམ། །བདུད་ཀྱི་ཡུལ་དུ་དམག་འདྲེན་མ། །སྲིང་གཅིག་རེ་ཏིང་མ་ལ་འདུ། །དགྲ་བགེགས་མ་ལུས་རྡུལ་དུ་རློགས། །མ་རུང་ད་བྷྱོ། མ་རུང་ད་བྷྱོ། དེ་ལྟར་བྱས་ན་གང་ལ་དམིགས་པ་མི་འགྲུབ་མི་སྲིད་དོ། །རེ་མ་ཏི་བྱང་ཤར་སྲིང་གཅིག་གི་ལེའུ་སྟེ་བརྒྱ་དང་གཉིས་པའོ།། །།གབ་པོ། །གསང་ངོ་། །མི་སྤེལ་ལོ། །རང་སྒྲོལ་གྱི་གསང་སྔགས་དང་ཕྱག་རྒྱ་ལ། བསྒོམ་ཞིང་དབང་དུ་བསྡུ་བ་ནི། ཨོཾ་བཛྲ་སཏྭ་ན་ད་ར་ཡ་རྦད། བྱིན་གྱིས་བརླབ་པའི་གསང་སྔགས་ལ། ཨོཾ་བཛྲ་དྷ་ར་རྦད། གཾ་ཤི་ད་ར་ཡ་རྦད།ཁྲག་ཏི་རྦད། ཁཾ་རིལ་རྦད། ཨོཾ་བཛྲ་མུག་ཐིག་ཐིག་རྦད། ཨོཾ་པུ་རགྴ་ཤ་ནི་ཐིམ། པུ་ཏི་ཛྙཱ་ནཱ་ད་ར་ཐིམ། ཨོཾ་བཛྲ་སུ་ན་རི་ལ་རྦད། པྲ་ཏི་བ་ར་སུ་ཙནྡྲ་རྦད། ཨོཾ་བཛྲ་ད་ར་ལྕིབ། ཨོཾ་བཛྲ་སྙིང་གོང་ཆོད། ཁ་ལ་ཟ་མུ་ལོ་དན་ཏི། ཡོ་ཏི་ད་ན་ཏིར་དྷ་ར་ཡ་རྦད། དབང་པོ་ལྔ་ལ་དེ་སྐད་བརྗོད་ལ། སྒོ་བཞི་དབྱེ་བའི་ཕོ་ཉ་བཏང་སྟེ། ཤར་ཕྱོགས་ནམ་མཁའི་དཀྱིལ་ཡངས་ནས། །སྤྲིན་གྱི་སྙིང་པོ་དུ་རུ་ཀ །དབུ་སྟོང་འབུམ་ཕྲག་ཞབས་བརྒྱ་ལ། །ཕྱག་གཡས་རྒྱུ་དྲུག་ཙིཏྟ་བསྣམས། །གཡོན་ན་རྡོ་རྗེ་སྣ་ཚོགས་བསྣམས། །མཆན་ཁུང་གཡས་ཀྱི་སྒོ་ཕྱེ་ལ། །ཙིཏྟ་ཕྱུར་བའི་དུས་ལ་བབ། །དམར་འབྱིན་ཆེན་མོ་ད་ཚུར་སྤྱོན། །ཐར་ལམ་སྟོན་པའི་དུས་ལ་བབ། །ཨོཾ་བཛྲ་ཁྲག་ཏི་ཏི་རྣར་མ་རྦད། ལྷོ་ཕྱོགས་ནམ་མཁའི་དཀྱིལ་ཡངས་ནས། །ཆུ་ཡི་སྙིང་པོ་ན་ཚེ་མ། །ཆུ་སྲིན་འབར་བའི་ཁ་ནས་ནི། །འོད་ཟེར་མང་པོ་སྟོང་འཕྲོས་པས། །འོད་ཟེར་མང་པོའི་འཕྲོ་འདུ་ཡིས། །མཆན་ཁུང་གཡོན་གྱི་སྒོ་ཕྱེ་ལ། །ཙིཏྟ་ཕྱུང་བའི་དུས་ལ་བབ། །དམར་འབྱིན་ཆེན་མོ་ད་ཚུར་སྤྱོན། །ཐར་ལམ་སྟོན་པའི་དུས་ལ་བབ། །ཨོཾ་བཛྲ་ཙཀྲ་རུ་ད་ར་རྦད། སྙིང་རྩ་ཆོད། ནུབ་ཕྱོགས་ནམ་མཁའི་དཀྱིལ་ཡངས་ནས། །ནག་མོ་མཁའ་ལ་དབང་ཕྱུག་འཕྱོ། །རི་རབ་ངོས་ལ་སྐུ་རྟེན་འཆའ། །རྒྱ་མཚོའི་གཏིང་དུ་རྐང་བརྐྱང་


DNG023_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །ཕྱག་གིས་སྟོང་ཁམས་ཡོངས་སུ་ཉུལ། །ནུབ་ཕྱོགས་དབུགས་ཀྱི་སྒོ་ཕྱེ་ལ། །ཙིཏྟ་དབྱུང་བའི་དུས་ལ་བབ། །དམར་འབྱིན་ཆེན་མོ་ད་ཚུར་སྤྱོན། །ཐར་ལམ་སྟོན་པའི་དུས་ལ་བབ། །ཨོཾ་བཛྲ་ཀྵུ་ཏཱ་བྷ་ར་ཧྲྀ་ད་ཡ་བཛྲ་ཧཱུཾ་ཕཊ། བྱང་ཕྱོགས་ནམ་མཁའི་དཀྱིལ་ཡངས་ནས། །དབང་དྲག་རལ་པ་འཇོམས་མཛད་མ། །རལ་པ་མང་པོ་གཏིབས་འཕྲོས་པར། །རལ་པ་མང་པོའི་འཕྲོ་འདུ་ཡིས། །བྱང་ཕྱོགས་ལྕགས་ཀྱི་སྒོ་ཕྱེ་ལ། །ཙིཏྟ་དབྱུང་བའི་དུས་ལ་བབ། །དམར་འབྱིན་ཆེན་མོ་ད་ཚུར་སྤྱོན། །ཐར་ལམ་སྟོན་པའི་དུས་ལ་བབ། །བཛྲ་པ་རི་ཤུ་བ་རུ་ཀ་ར་ཁྲག་པ་ར་རྦད། ལག་པ་གཡས་ཀྱི་སོར་མོ་གསུམ་ལྕགས་ཀྱི་སྤྱང་མོ་མགོ་དགུ་གཅིག་ཏུ་བསམ་ལ། མཆན་ཁུང་གཡས་པའི་རྩིབ་མ་ཡར་གཉིས་མར་གཉིས་བར་དུ་བཙུགས་ལ་གདབ། ལག་པ་གཡོན་པའི་སོར་མོ་གསུམ་ལ་འཛིན་པའི་ལྕགས་ཀྱུར་བསམ་ལ། མཆན་ཁུང་གཡོན་མའི་འོག་ཏུ་བཙུགས་ལ། སྔགས་གདབ། ལྗགས་ཀྱི་སྟེང་ནས་རྡོ་རྗེ་ལྕགས་ཀྱུ་གྲངས་མེད་པ་ཞིག་འཕྲོས་པས་ཕུང་པོ་བསྒྱེལ་བའི་ཕོ་ཉར་གྱུར་ཏེ། ལྗགས་ཀྱི་སྟེང་དུ་དགྲ་བོའི་ཙིཏྟ་དམར་པོ་སུ་ལ་གསུམ་དྲང་ངོ་། །དེའི་འཕྲོས་པས། ཧ་དམར་པོ་གཅིག་ཏུ་གྱུར་ཏེ། ཡེ་ཤེས་ཀྱི་གཞལ་ཡས་ཁང་ལས། བྷ་གའི་དཀྱིལ་དུ་ཙིཏྟ་ཟུར་གསུམ་དྲང་བར་བསམ་མོ། །དུར་ཁྲོད་ཀྱི་སྒོ་བཞི་ཕྱེ་བས། དབང་པོ་ལྔ་དབྱུང་བའི་སྔགས་ནི། བཛྲ་ཀ་རུ།གློ་བ་མ་ལྔ་བུ་ལྔ་གྲོལ། སྙིང་ཁ་ཁྲག་རྦད། སྡྱ་ཐུཾ་རི་ལི་ལི། འབྲུ་སི་ཏི་ས་མནྡ་ཆོད། ད་ར་དབྱུགས་ད་ར་ཁུམས་ད་ར་ཆོད། སྣང་སྲིད་རང་གྲོལ་གྱི་ལེའུ་སྟེ་བརྒྱ་གསུམ་པའོ།། །།མ་མོ་བྷྱོ། རུ་ལུ་རུ་ལུ། སྙིང་ཁ་རག །མ་རག་ཤ །རཀྴ་རག་མོ། སྙིང་ཁྲག་མ་ཐུན་ཐུན། ཏྲག་རག་ཤ །མ་སྙིང་ཏ་ཀེཾ། མ་མ་བྷྱོ། རུ་ལུ་རུ་ལུ་བྷྱོ་བྷྱོ། སྙིང་ཁ་རག །ས་མ་ཡ་དཾ་དཾ། ཛ་ཛ། ཀྲོ་མ་ཙ་ལ། ཀྲོ་མ་ཙ་ལ། དགྲ་བོ་ནྲྀ་མཱ་ར་ཡ་ཛ། མ་མོ་ནི་སྙིང་རྩ་ལ་ཐུན་ཐུན། སྙིང་ཁྲག་མ་ཐུན།


DNG023_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་ཏི་ཏཾ་མ་མ་སྙིང་ལ་ཡཱ་ཡཱ་བྷྱོ། མ་མ་ཤ་ཤ །མ་མ་ཧྲིང་ཧྲིང་། སཱ་མཱ་ཡཱ། སཱ་མཱ་ཡཱ། དགྲ་བོ་ནྲྀ་མཱ་ར་ཡ་སོད་སོད། མ་ཙིཏྟ་ལ་ཛྭ་ཝ་རཾ། སྙིང་ལ་ཙིཏྟ་མ་རིལ། སྡྱ་ཐུཾ་རིལ་བྷྱོ། རག་མོ་སྙིང་རྩ་བྷྱོ། རག་མོ་རག་མ། རུ་རུ་རོ་རུ་ཙ་པ་ལ། དགྲ་བོའི་སྙིང་ཁ་རག་མ་བྷྱོ། ཙ་པ་ཙ་པ་མ་བྷྱོ། ཁྲག་ལ་མུ་ཤ་མ་བྷྱོ། རུ་སྙིང་ཁྲག །ཁ་ལ་རག་ཤ་ནི་རྦད། ཐུཾ་རི་ལི་ལི་རྦད། སྙིང་ལ་རག་ཤ་ན། ཤ་ཏི་ཏ་རྦད། ཐུཾ་རི་ལི་ལི། ནི་ཤང་ཀུ་རུ་རཀྴ་ཏ་ཁ་རཾ། ཀུ་ནི་ཀུ་རུ་ཁ་རཾ། ཏྲག་རག་ཤ་མུ་ཏྲ། སྙིང་ཁ་རག་མ་བྷྱོ། ལི་པ་ཏི་ནན་ཡུང་ཏིམ་ནན། ཤལ་མ་ཏི་ནན། ཁུངས་བུ་ནི། ཨ་མ་ཏི་ནན། རཀྵ་ཙ་དྲ་མ་ནི་ཧཱུཾ། རཏྣ་ཙཀྲ་ཡ་ནི་ཧཱུཾ། ཀརྨ་ཙ་ན་ཧཱུཾ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། མཱ་མཱ་མཱ་མཱ། ལི་ལི་ལི་ལི། དྲུང་དྲུང་། རུང་རུང་། བྷྱོ་བྷྱོ། བྷྱོ་བྷྱོ། དཱིཔྟ་ཙཀྲ་ནི་ཧཱུཾ། བཾ་ནི་རྟི། བ་ཡ་དཱིབྟ་ཙཀྲ་ནི་ཧཱུཾ། ར་བ་ཏ་ས་ཏ་ནི་བྱི་ལེན། ཁ་ཁྱུད་ཚོ། པྲ་ཕུད་སེ་ནེ་ཚོ། ལྟི་མ་ཐཱ་སེ་ནེ་ཚོ། མ་མ་ལི་ཐུང་ཥུང་ཚོ། ཤ་བ་རི་ནི་རུ་ཆོང་། ཤ་བ་རི་ནི་རུ་ཆོང་ནཾ་སུ་ཏི་ནི་བྷྱོ། སྙིང་ཁ་རཀ་བྷྱོ། སུ་ཏི་ཁ་རཀ་བྷྱོ། སྙིང་ཁ་རཀ་བྷྱོ། མ་མོ་སྟོང་རྩ་བརྒྱད་ཀྱི་སྤྱིར་བསྒྲུབ་པའི་ལེའུ་སྟེ་བརྒྱ་བཞི་པའོ།། །།དཔལ་རི་རབ་ཕྱི་བཾ་ནི་རྟི་ཧཱུཾ། ལཾ་ནི་རྟ་ཡ་ཧཱུཾ། ཙི་རྟ་ནི་རྟ་ཡ་ཧཱུཾ། མ་ཤུན་ནི་རྟ་ཡི་ཧཱུཾ། ལིང་གས་ཏིང་སང་། རུ་པ་སི་ཏི་སང་། ཤ་ན་ཏིང་བར་སད། ས་སྙིགས་ཏི་སང་། ར་ཤ་ཏིང་ནི་རུབ། མུ་རཾ། ས་ཏི་རུབ། ཉག་ཏི་མ་ཤ་ལྗོམ་ཏིས་ཤཾ། མྱོས་ཏི་མཱ་རཾ། ཁ་རཾ་ཏི་རཾ། རོ་ཏི་མ་ཤཾ། ཤི་ལི་གི་ཧཱུཾ། མ་ལིང་གི་ནི་ཧཱུཾ། ཁར་གཱ་ནི་ཧཱུཾ། ཤ་ཀ་ནི་ཧཱུཾ། སྲ་བ་གིར་ནི་ཧཱུཾ། ཙིཏྟ་གཱ་ནི་ཧཱུཾ། ཡཾ་ཡཾ་ཡཾ་ཡཾ། ཡཾ་ཡཾ་གི་ན་ལུཾ་པོ་རི་ཏི་ཡཾ། ས་རོག་མ་ཏི་ཡཾ། བྱི་ལི་མཾ་ཡཾ། ཀྲ་ཀྲི་མཾ་ཡཾ། ཁ་དུབ་ཏི་ཡཾ། གུང་གུང་། གུང་གུང་། མ་གུང་མ་གུང་། མ་གུང་མ་གུང་། སྣ་རོག་སྲ་ཏི་རཾ། ཤ་རོག་སྲ་ཏི་རཾ། དམུག་ཡོ་ས་མ་རཾ། ལེ་བ་ཏེ་མ་རཾ། ཤིང་ཁ་རུབ་ཏི་རཾ། ཤ་ཁ་ལ་རཾ།


DNG023_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་ཥླྀ་པ་རཾ། གྲི་ཐོག་མ་རཾ། ལཾ་ལཾ། ལཾ་ལཾ། བཾ་བཾ། བཾ་བཾ། ཛ་མ་རེ་མ་རཾ། སྨཾ་ནི་རྟ་རིན་ཡ་བཾ་བཾ། གང་ཤུ་ཏི། བཾ་བཾ། སྲུཾ་ཛ་ཏི་བཾ་བཾ། ཀྲོ་ཏ་ཛ་ཏི་བཾ་བཾ། གྲི་ན་བ་ཏི། བཾ་བཾ། རུལ་རུལ། རུལ་རུལ། ཧཱུཾ་ཧཱུཾ། ཧཱུཾ་ཧཱུཾ། བྷྱོ་བྷྱོ། བྷྱོ་བྷྱོ། གིང་ན་ཏི་བཾ། ཛ་ལ་ནི་བཾ་ཀུར་བ་ནི་བཾ། མ་གུར་པ་ནི་བཾ། ཕྱི་རྩྭ་ར་ལ་ཏི་བཾ་བཾ། གྲ་གྲི་ལི་ལི། རུང་རུང་ཨོཾ་བ་ཡུ་ས་ལ་ཡེ་མ། ཏ་ཏེ་ང་ཉ་ར་རཾ་རཾ། ཤང་ལ་ལ་རཾ་རཾ། མ་ཀུ་མ་མ་ན་མ་དྲི་ལན། མ་ལ་ཀུན་ན། བྱི་སྒེ་མ་མོ་རོ་ཁཾ། ཀེས་ན་ཀེས་མ། ཤི་མ་ལ་ཀྵ་ཏྭ། བྷྱོ་བྷྱོ་བྷྱོ་བྷྱོ། སྙིང་ཁྲག་ཚལ་པ། སྙིང་ཁྲག་ཚལ་པ། ཀངྐ་ཀ་བྷྱོ། ལི་བ་ཏིཾ་བྷྱོ། མ་ནི་བྷྱོ། སིང་ཁ་རོ་བྷྱོ། སྒ་རོག་མ་བྷྱོ། ཕྱག་གཡོས་མ་བྷྱོ། ཤནྟིང་མ་བྷྱོ། གྲུང་མ་བྷྱོ། སྲུཾ་ཏིང་བཾ་བཾ། དུནྟི་དབུགས་འཕྲོག་མ་བྷྱོ། ཤོ་ན་མ་སྣ་བཾ་བཾ་བྷྱོ། ཨོཾ་ཏུ་ཧཱུཾ་ཙ་ར་ཕཊ་དུ། སྐྱེ་འགྲོ་ཀུན་ལ་མངའ་མཛད་མ། དུང་དུང་མ་མོ་དུང་། སྔགས་འདི་འཛབ་ཏུ་བཟླས་སོ། །མ་མོ་བསད་པ་དུག་སྔགས་ཀྱི་ལེའུ་སྟེ་བརྒྱ་ལྔ་པའོ།། །།མཚན་གྱི་རྣམ་གྲངས་བསྟན་པ་ནི། ཐམས་ཅད་སྒྲོལ་བས་ན་སྒྲོལ་བའི་ལེའུ་ཞེས་བྱ། ཐོད་པའི་ལས་ཀྱིས་ཐམས་ཅད་གསོད་པས་ན་སྒྲུབ་པའི་ཐོད་མདའ་ཞེས་བྱ། མ་མོ་ཐམས་ཅད་ཀྱིས་ལས་ཐམས་ཅད་ཁྲག་གིས་བྱེད་པས་མ་མོའི་ཁྲག་མདའ་ཞེས་ཀྱང་བྱ། དུག་དང་ཁྲག་ཏུ་བསྲེས་ནས་ལས་བྱེད་པས་ཁྲག་ཟོར་ནག་པོ་ཞེས་ཀྱང་བྱ། མ་མོ་སྟོང་རྩ་བརྒྱད་འབུམ་དུ་སྤྲུལ་ནས་ལས་ལ་གཏོང་བས་རྦད་པའི་ཕོ་ཉ་ཞེས་ཀྱང་བྱ། སྔགས་ཀྱིས་ལས་ཐམས་ཅད་བྱེད་པས་གསོད་པའི་ངན་སྔགས་ཞེས་ཀྱང་བྱ། ཆོས་ཉིད་ལས་མ་གཡོས་པས་གསང་བའི་ཐིག་ལེ་ནག་པོ་ཞེས་ཀྱང་བྱ། མ་མོ་རྣམས་ཀྱི་སྲོག་འཛིན་པས་ན་མ་མོ་རྣམས་ཀྱི་སྲོག་ཅེས་ཀྱང་བྱ། མ་མོ་རྣམས་ཀྱི་ཐབས་རྫོགས་པར་སྟོན་པས་ན་མ་མོ་འབུམ་གྱི་ཏི་ཀ་ཞེས་ཀྱང་བྱའོ། །མ་མོ་འབུམ་གྱི་ལས་ཐམས་ཅད་ཀྱི་མཚན་བསྟན་པའི་


DNG023_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

ལེའུ་སྟེ་བརྒྱ་དྲུག་པའོ།། །།མ་མོ་སྟོང་རྩ་བརྒྱད་ཀྱི་སྲོག་གི་སྙིང་པོ་བསྟན་པ་ནི། མ་མོ་སྙིང་ཁ་རག་སྙིང་ཁ་རག་སྙིང་ཁ་རག་ཤམ་རག་ཤ །རག་མོ་འབུམ་སྙིང་ཁྲག་མ་དུན་དུན། ཏྲག་རག་ཤ་མ་སྙིང་ཏེ་ཀེཾ། མ་མ་རུ་ལུ་རུ་ལུ་བྷྱོ་བྷྱོ། སྙིང་ཁ་རག་ས་མ་ཡ། དཾ་དཾ་ཛ་ཛ། མ་མོ་སྟོང་རྩ་བརྒྱད་རྦད་པའི་སྔགས་བསྟན་པ་ནི། མ་མོ་ནི་སྙིང་ཙིཏྟ་ཐུན་ཐུན། སྙིང་ཁྲག་མ་ཐུན། ཤ་ཏ་ས་མ་སྙིང་ལ་ཡ་ཡ་མ་བྷྱོ། མ་མོ་སྟོང་རྩ་བརྒྱད་ཀྱི་བསད་པའི་སྔགས་ནི། མ་མོ་ཤག་མ་མ་ཧྲིང་ཧྲིང་། མ་མ་ས་མ་ཡ། དགྲ་བོ་ནྲྀ་མ་ར་ན་སོད། མ་ཙ་ཏ་ཛྭ་ལ་རཾ། སྙིང་ལ་ཙིཏྟ་མ་རོལ། ཐུཾ་ཐུཾ་རིལ་ལ་བྷྱོ། མ་མོ་ལས་མྱུར་དུ་མཛོད་ཅིག །མཇུག་ལ་བསྐུལ་བའི་ཚིག་དེ་བར་བར་དུ་བཏང་། སྔགས་ཀྱི་ཚིག་གསུམ་གྱིས་ཐམས་ཅད་འགྲུབ་པར་བྱེད་པ་གསང་བའི་ཡང་ཐིག་ཐུགས་ཀྱི་བརྣག་པའོ། །མ་མོ་སྟོང་རྩ་བརྒྱད་ཀྱི་བསྡུས་པའི་ངན་སྔགས་བསྟན་པའི་ལེའུ་སྟེ་བརྒྱ་བདུན་པའོ།། །།དེ་གསུམ་གཅིག་ཏུ་དྲིལ་ནས་བཟླས་པའི་ཐབས་བསྟན་པ་ནི། དུས་ནམ་ཡང་རུང་སྟེ་གསུམ་གཅིག་ཏུ་འདྲེལ་ནས་ཟུར་མ་ཆག་པར་གྲངས་མང་དུ་བཟླས་ཏེ། ཡུངས་ཀར་ལ་བསྔགས་ཤིང་ཁྲག་གི་ནང་དུ་གདབ་པོ། །རྒྱུན་མི་འཆད་པར་བྱའོ། །གང་ལ་བྱ་བ་ལ་བརྡེག་པའི་དུས་སུ་མཇུག་གདགས་པའི་སྔགས་བསྟན་པ་ནི། དགྲ་བོའི་ཡུལ་མཁར་དང་དུར་མཆད་དང་དགྲ་ཕས་འོང་བའི་མདུན་དུ་བརྡེག་པ་དང་། དེ་གསུམ་གྱི་སྔགས་འདྲ་སྟེ། དགྲ་བོ་ཀླད་པ་ལ་ཡ། སྙིང་ལ་ཡ།དབང་པོ་ལ་ཡ། མ་མ་སྙིང་ཟན་མ་བྷྱོ། ཁ་འདར་ཁ་འདར་བྷྱོ། བྱ་བ་འདིས་སྔགས་གོང་མ་གསུམ་གྱི་མཇུག་ལ་གདགས་ཏེ། ཁྲག་དང་ཡུངས་ཀར་བསྲེས་པ་དེ་གཏོར་ཞིང་གཡབ་མོས་གཡབ་བོ། །ཀླུ་ལ་བརྡེག་ན། ནཱ་ག་ནཱ་ག་ཤིག་དུཾ་པ་ཧུ་ཡ་ཤིག །ནཱ་ག་ས། ནཱ་ག་ལས་མྱུར་དུ་གྱིས་ཤིག །བྱ་བ་མཇུག་ལ་བཏགས་ལ་བརྡེག་གོ། །བཙན་ལ་བརྡེག་ན། བཙན་སྟེམ་དམུ་སྟེམ། སྣན་ཀྲིམ་རག་ཤ །ཛྭ་ལ་ཆོམ་ཏྲི་མ་ཛ། བཙན་གྱིས་ལས་མྱུར་དུ་གྱིས་ཤིག་བྱ་བ་


DNG023_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

མཇུག་ལ་བཏགས་ཏེ་བརྡེག་གོ། །གནོད་པའི་འདྲེ་ལ་བརྡེག་ན། ཀྲི་ལིང་ཤ་ཁྱུང་ཁྱུང་ཏྲི་ཙ་པ་ལ་ཤིག་ཁྱུང་ཁྲི་ཚོམ་མ། དུར་ཁྲི་ཀ་མ་མ་ལས་དྲག་ཏུ་མཛོད་ཅིག །བྱ་བ་འདིས་མཇུག་ལ་བཏགས་ཏེ་བརྡེག་གོ། །ངན་སྔགས་བཟླས་པའི་ཐབས་དང་གཟེར་སྔགས་བསྟན་པའི་ལེའུ་སྟེ་བརྒྱ་བརྒྱད་པའོ།། །།བསྒྲུབ་པའི་དུས་བསྟན་པ་ནི། བཅུ་བཞི་བཅོ་ལྔ་ཉ་གསུམ་ལ་བསྒྲུབ་པོ། །ཚེས་བརྒྱད་དང་ཉི་ཤུ་གཉིས་དང་། གནམ་སྟོང་ལ་བསྒྲུབ་པོ། །བརྡེག་པའི་དུས་བསྟན་པ་ནི། ཉ་གསུམ་ལ་བསྒྲུབ་ལ་བཅུ་བདུན་གྱི་ནང་པར་ཉི་མ་ཕྱེད་ནས་བརྡེག །གནམ་སྟོང་ཚེས་བརྒྱད་ཉི་ཤུ་གཉིས་ལ་བསྒྲུབ་ལ་ཕྱེད་ནུབ་མོ་བརྡེག་པར་བྱའོ། །བརྡེག་པའི་དུས་བསྟན་པའི་ལེའུ་སྟེ་བརྒྱ་དགུ་པའོ།། །།བསྒྲུབ་པའི་གནས་བསྟན་པ་ནི། དབེན་པའི་དུར་ཁྲོད་དམ། སུ་ཕུག་གམ། རི་བྲག་ཉམ་ང་བའི་བྲག་ཕུག་གམ་ཆུ་གླིང་དང་ནགས་ཚལ་སྟུག་པོའི་གནས་སུ་བསྒྲུབ་པར་བྱའོ། །བསྙེན་པ་བྱ་བ་ནི་རྣལ་འབྱོར་པ་རང་ཉམས་གར་བདེ་བའི་གནས་སུ་བྱའོ། །བརྡེག་པའི་གནས་ནི་ཀླུ་ཡོད་པའི་ཆུ་མིག་ཏུ་བརྡེག་པ་དང་།བཙན་གནས་པའི་རྟེན་ལ་བརྡེག་པ་དང་། དགྲ་བོའི་དུར་མཆད་ལ་བརྡེག་པ་དང་། གྲོང་ཁྱེར་སྤྱིར་བརྡེག་པ་དང་། དགྲ་གང་ཡིན་པའི་ཁྱིམ་ལ་བརྡེག་པ་དང་། ཡུལ་གྱི་ཕྱོགས་སུ་བརྡེག་པ་དང་། གནོད་ནས་ཆགས་པའི་འདྲེ་ཆེན་པོ་ལ་བརྡེག་པ་དང་། དགྲ་ཕས་འོང་བའི་མདུན་དུ་བརྡེག་པའོ། །གནས་བསྟན་པའི་ལེའུ་སྟེ་བརྒྱ་བཅུ་པའོ།། །།བརྡེག་པའི་ཐབས་བསྟན་པ་ནི། གང་ལ་བརྡེག་པའི་གནས་སུ་རྒྱ་བཀྲོལ་ལ། མི་ཤི་བའི་ལག་པ་གཡས་པར་བླུག་ལ་གཏོར་རོ། །གདུག་པའི་སྔགས་བཟླས་མིའི་གཡང་གཞིའམ། ཁྱི་ནག་པོའི་གཡང་གཞི་གང་ཡོད་པས་གཡབ་ཅིང་བརྡེག་གོ། །གྲོང་ཡུལ་རང་ས་ལ་གཏོར་ན་ཕྱིན་ཕྱོགས་སུ་བསྐོར་ཞིང་ཁྲག་གཏོར་གཡབ་མོ་ནག་པོས་བརྡེབ་པོ། །དུར་མཆད་ལ་བརྡེག་ན་གོང་མའི་སྟེང་དུ་བུད་མེད་ཀྱི་ཞབས་མ་རྙིང་པས་བརྡེག ། མ་གྱི་འབོག་དང་གསུར་ཆེན་དང་གུ་གུལ་སྦྱར་བའི་དུད་པ་གཏང་། ཀླུ་ལ་བརྡེག་ན། ཁྲག་དང་གུ་གུལ་དང་ཚིལ་ཆེན་གྱི་དུད་པ་བཏང་ན། དགྲ་དང་ཀླུ་ནད་དང་ཐོག་སེར་མྱུར་དུ་འོང་ངོ་། །


DNG023_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

བཙན་ལ་བརྡེག་ན་ཁྲག་དང་གུ་གུལ་དང་རྟ་བོང་གི་ཚིལ་ཆེན་བསྲེགས་པའི་དུད་པ་བཏང་ན། བཙན་སེར་དང་ཐོག་མྱུར་དུ་འོང་ངོ་། །དམུ་ལ་བརྡེག་ན་ཁྲག་གི་སྟེང་དུ་ར་ཐུག་ལུག་ཐུག་གི་སྤུའི་གཞོབ་བཏང་ན། དམུ་སེར་དང་ཐོག་མྱུར་དུ་ཡོང་ངོ། །སྨན་ལ་བརྡེག་ན་ཁྲག་གི་སྟེང་དུ་གུ་གུལ་དང་ཚིལ་ཆེན་དང་རྒྱ་ཚིལ་བསྲེགས་ཏེ་དུད་པ་བཏང་ན། སྨན་སེར་དང་ཐོག་མྱུར་དུ་ཡོང་ངོ་། །ཡུལ་གྱི་ལྷ་ལ་བརྡེག་ན་ཁྲག་དང་ར་ཐུག་གི་རྨང་ཁའི་དྲི་མ་དང་རྭ་གཉིས་བསྲེས་པའི་དུད་པས་བདུག་ན་སེར་བ་དང་ཐོག་འོང་ངོ་། །གནོད་པའི་འདྲེ་ལ་བརྡེག་ན། ཁྲག་དང་གུ་གུལ་གྱི་དུད་པ་བཏང་ནས་འདྲེ་དང་བྲལ་ནས་འགྲོའོ། །དགྲ་ཕས་འོང་བའི་གདོང་དུ་ཁྲག་བརྒྱབ་ན་མོད་ལ་རྟགས་འོང་ངོ་། །སྔགས་ཟུར་ཆག་ཏུ་མི་རུང་། དེ་ནས་སླར་ལོག་ནས་གཏོར་མ་ཀུན་ཁ་ཅིག་ཏུ་བསྲེས་ལ་ཕྲིན་ལས་བཅོལ། བྱང་ཤར་གྱི་མཚམས་སུ་མ་མོ་འབུམ་ལ་བསྔོས་ལ་བཏང་ངོ་། །དེ་ནས་ལས་ཀྱི་རྗེས་མི་མངོན་པར་བྱ། རྫས་རྣམས་ཀྱང་མིས་མི་མཐོང་བར་སྦའོ། །བརྡེག་པའི་ཐབས་ཀྱི་ལེའུ་སྟེ་བརྒྱ་བཅུ་གཅིག་པའོ།། །།རྒྱུན་གྱི་ཏིང་འཛིན་བསྟན་པ་ནི། རུ་དོང་ཁ་དམ་པོ་འམ་རྨྱུག་དོང་དམ་པོའམ། ཤིང་དོང་ཁ་དམ་པོའི་ནང་དུ་གོང་དུ་བླུགས་པའི་རྫས་དེ་རྣམས་བཙལ་ལ། ལུས་ལ་ཡུངས་ཀར་གྱི་སྒྱེའུ་བཏགས་ལ། ཁྱིམ་ན་འདུག་ཀྱང་རུང་འགྲོ་ཡང་རུང་། ཁོམ་དལ་གྱིས་སྔགས་ཟུར་མ་ཆག་པར་ཡུངས་ཀར་ལ་བསྔགས་ལ་ཁྲག་ཏུ་བླུགས་སོ། །ཡུལ་དུ་འདུག་ན་མིས་མི་མཐོང་བར་སྦའོ། །བྱེས་སུ་འགྲོ་ན་ལུས་ལ་བཅང་། དགྲ་བྱུང་ན་སྔོན་དུ་གཏོར། ནུབ་མོ་ཁྱིམ་དང་གྲོང་ཡུལ་དུ་གཏོར་ན་རྟགས་མོད་ལ་འོང་ངོ་། །རྒྱུན་གྱི་ཏིང་ངེ་འཛིན་བསྟན་པའི་ལེའུ་སྟེ་བརྒྱ་བཅུ་གཉིས་པའོ།། །།བསྐང་བའི་ཆོ་ག་བསྟན་པ་ནི། མདོས་ཆེན་པོ་བཤམས་ལ། ཤ་སྣ་མང་པོ་དང་། བྱ་སྤུའི་རྣམ་གྲངས་དང་། གཅན་གཟན་སྣ་ཚོགས་ཀྱི་སྤུ་དང་། དར་སྣ་ཚོགས་པས་བརྒྱན་ལ། བྷན་དྷ་གླིང་བཞི་པའི་ནང་དུ་མཐུན་པའི་རྫས་རྣམས་སྩལ་ལ། གླིང་གི་ཕྱོགས་བཞིར་བཞག་གོ། །དེ་ནས་ཕྲིན་ལས་གཞུང་བསྲངས་ལ། འཛབ་ཤས་གཅིག་བྱས་ལ་བསྐང་བའི་ཆོ་ག་བྱའོ། །གསང་བའི་ཆོ་ག་ནི་སྙིང་པོ་


DNG023_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་གང་ཡིན་པའི་གནས་བཞི་རུ་བཏགས་ལ། དེ་ལས་མ་མོ་བཞིའི་གཞལ་ཡས་ཁང་དུ་བསྐྱེད་དོ། །དེའི་ནང་དུ་མ་མོ་བཞིས་གཙོ་མོ་བྱས་ནས། མ་མོ་འབུམ་གནས་པར་བྱ་ལ། དེའི་ཚེ་སྲོག་བྱིན་གྱིས་བརླབ་པར་བྱས་ཤིང་གསོ་བའི་ལས་བྱའོ། །གསོ་བའི་ལས་གཅིག་ནི་ཆེ་མཆོག་ཧེ་རུ་ཀ་ཡབ་ཀྱི་མཁའ་ཀློང་དུ་ཧེ་རུ་ཀ་རང་བྱུང་གནས་པར་བསྟན་ལ། དེ་ལ་དབང་མ་མོ་རྣམས་ཀྱིས་བཀུར་ལ། འཇིག་རྟེན་ཁམས་སུ་འདུ་བའི་ཞིང་ཁམས་སུ་ལས་ལ་གཏོང་ངོ་། །བསྐང་བའི་ལེའུ་སྟེ་བརྒྱ་བཅུ་གསུམ་པའོ།། །།ལས་ཀྱི་བརྣག་པ་མ་མོའི་སྙིང་ཟོར་བྱ་ན། རབས་ཆད་ཀྱི་ཐོད་པའི་ནང་དུ་ནས་སྔོན་མོའི་ངར་ཕྱེ་དང་། ཕ་བོང་གི་དྲེག་པ་ནག་པོ་དང་། ཏིལ་ནག་པོ་དང་། སྐེ་ཚེ་དང་། དེ་རྣམས་ར་ཁྲག་གིས་སྦྲུས་ལ་གཏོར་མར་བྱ། དེ་ལ་ཆང་ཕུད་ཀྱིས་ཀྱང་བྲན་ནོ། །ཞིང་རས་ལ་དགྲ་བོ་གང་ཡིན་པའི་གཟུགས་བྱས་ཏེ། སྙིང་གར་ར་ཁྲག་གིས་མིང་བྲིས་ཏེ། དེ་དྲིལ་ནས་མགོ་ཐུར་དུ་བསྟན་ཏེ། སྙིང་གསར་པའི་ནང་དུ་བཅུག་ལ། སྙིང་གི་ཁ་ངར་ཟན་གྱིས་བཅད་དེ་གཏོར་མའི་ནང་དུ་གཞུག་གོ། །མདུན་དུ་དོང་གྲུ་གསུམ་པ་ཕྱག་གང་པ་གཅིག་པོ་བརྐོས་ལ། དེའི་ནང་དོང་ཁའི་ཐོ་ཕྱི་ཀུན་མི་རོ་བསྲེགས་པའི་སོལ་བས་བྱུག་སྟེ། དེའི་ནང་དུ་གཏོར་མ་བཅུག་སྟེ། རྣལ་འབྱོར་པ་ཁ་བྱང་ཕྱོགས་སུ་བལྟས་ནས་ཞེ་སྡང་རྡོ་རྗེའི་ཏིང་ངེ་འཛིན་དུ་ཞུགས་ལ་ཆེ་བའི་ང་རྒྱལ་བསྐྱེད་དེ། ས་མ་ཡ་དུ་ཡ་དུ་ཞེས་བྱ་སྟེ་མ་མོ་འབུམ་ལས་ལ་གཞུག་པའི་སྙིང་པོ་འདི་སྟོང་རྩ་བརྒྱད་དུ་ཟུར་མ་ཆག་པར་བཟླས་ཤིང་། མི་ཁྲག་ཁྱི་ཁྲག་ཟངས་ཕྱེ་ལྕགས་ཕྱེ་རྡོ་ཕྱེ། དུག་ཀྱི་ལྕེ་བ་ནག་པོ་དང་རེ་ལྕག་པའི་རྩ་བ་དང་། ཆང་ཕུད་དང་ཁ་ཆར་གྱི་ཆུ་དང་བསྲེས་ཏེ། སྙིང་པོ་ཐོག་ལག་ཏུ་ཐོགས། ནས་མར་ལམ་སྒྲོལ་སྔགས་བཟླས་ཤིང་། ལན་གསུམ་བླུགས་སོ། །སྙིང་པོ་འདི་བརྗོད་དོ། །མ་མ་ས་ཡ་དུ་ཁ་ཤ་སཾ། ཏྲག་རག་ཤམ་བྷྱོ། སྙིང་སྙིང་། ཁྲག་ཁྲག །ཏི་ཐུན་ཐུན་མ་ཐུན་ཛ་ཐུན། བྷྱོ་བྷྱོ་མ་མ་ཡ་ཡ། ནི་ན་ཁུག་དཾ་ཛ་ཛ་ཞེས་བརྒྱ་རྩ་བརྒྱད་ཐིམ་པ་དང་། རང་གིས་མ་ཉེས་པའི་དཔང་གཟུགས་དོང་གི་ཁ་གཡམ་པས་བཅད་ལ་དེའི་སྟེང་དུ་གདན་བཏིང་ལ་བདག་ཉིད་འདུག་ལ།


DNG023_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

རྨྱུག་མ་མཐོ་གང་པ་བཞི་ལ་ཞིང་ལྤགས་ཀྱི་སྒྲོས་བསྒྲོན་ལ། སྐྱེར་པའི་མདེའུ་སོར་གསུམ་པ་བཙུགས་ཏེ། ལྟོང་གི་བུ་ག་ནས་མར་ཉུང་ནག་ལ། སྒྲོལ་གིང་སྔགས་འདི་བརྒྱ་རྩ་བརྒྱད་བཟླས་སྟེ་བླུགས་ནས་རྨྱུག་མའི་ནང་ཁེངས་པ་དང་ཁ་ངར་ཟན་གྱིས་བཅད་ལ། སྐྱེར་པའི་གཞུ་བྱས་ཏེ་གཏོར་མའི་ནང་ན་མོའི་སྙིང་ལ་ཁ་བྱང་ཕྱོགས་སུ་བལྟས་ལ། ཕྱོགས་བཞིར་མདའ་རེ་རེ་བརྡེག་གོ། །རྟགས་ཞག་བཅོ་ལྔ་ན་འོང་ངོ་། །དུས་ནི་ཉ་གསུམ་ལ་བྱའོ། །བསྟན་པ་འཇིག་པ་ལ་བྱ་ཕྲན་ཚེགས་ལ་མི་བྱའོ། །སྔགས་ནི་ཡུངས་ནག་ལ་འདི་བཟླས་སོ། །མ་ཏི་རཀྨོ་ཐུན་སྲོག་ལ་དུན་དུན་མ་མ་སྲོག་ཤ་སྙིང་ཤ་ཟ་མ་དུན་ཡ་ཞེས་བཟླས་སོ། །དེ་ནས་མདའ་ཕྱུང་ལ་གཏོར་མའི་ནང་དུ་སྙིང་དང་གཟུགས་དུམ་བུར་གཏུབས་ལ་ཕྱོགས་ཀྱི་ལམ་དུ་གཏོར་རོ། །མིས་མ་ཚོར་བར་བྱ། ཞག་བཅོ་ལྔ་ནས་རྟགས་འོང་ངོ་། །དུས་ནི་ཉ་གསུམ་ལ་བྱའོ། །བསྟན་པ་འཇིག་པ་ལ་བྱ་ཡི་ཕྲན་ཚེགས་ལ་མི་བྱའོ། །མ་མོ་སྙིང་ཟོར་གྱི་ལེའུ་སྟེ་བརྒྱ་བཅུ་བཞི་པའོ།། །།དགྲ་བོ་བདུད་ཐམས་ཅད་ལ་གཏད་ན་གནས་དབེན་པར་སོང་ལ་ཁམ་ཕོར་གྱི་ནང་དུ་ནས་ནག་སྲན་མ་གྲོ་ཏིལ་དེ་རྣམས་བཏགས་པའི་གཏོར་མ་བྱས་ལ། ནང་དུ་རིན་པོ་ཆེ་སྣ་བདུན་དང་། ལུག་གི་ཤ་རྗེ་ངར་གཏུབས་པ་བླུགས་ལ་གཏོར་མ་བྱ། ཕྱི་ནང་གསང་བའི་སྟེང་དུ་བཞག །ངར་ཟན་ལ་གླུད་སོར་བཅུ་གཉིས་པ་གཅིག་བྱས་ལ། ཁ་སྣ་དང་གཟུགས་ལེགས་པར་བྱས་ལ། ཞིང་ལྤགས་ལ་གང་ཡིན་པའི་མིང་རུས་བྲིས་ཏེ། དེའི་སྙིང་གར་གཞུག །དེ་གཏོར་མའི་ནང་དུ་གཞག་གོ། །གྲ་ཕྱིང་གི་སྟེང་དུ་དར་མཐིང་ནག་གི་གུར་དབུབ། དེའི་ནང་དུ་གཏོར་མ་གཞུག་བདག་ཉིད་དཔལ་རྟ་མགྲིན་གྱི་ཏིང་ངེ་འཛིན་དུ་ཞུགས་ལ་ཆེ་བའི་ང་རྒྱལ་བསྐྱེད་དེ་བདུད་ཐམས་ཅད་ལ་གཏད་པའི་སྙིང་པོ་འདི་ཟུར་མ་ཆག་པར་སྟོང་རྩ་བརྒྱད་ཐེམ་པར་བཟླས་སོ། །བདུད་ཏྲི་ནི་ར་ཟུང་། མ་ཏི་ནི་ཟུང་། ཏྲི་ཙ་པ་ལ་ནི་ར་ཟུང་། ཆུམས་ཤིག་ཡམ་ནི་ར་ཟུང་། ཐུན་ཏྲི་པ་ཧྲིང་དུན་ཏྲི།མ་མ་ཏྲི། དུན་ཛ། མ་ར་ཛ་ཛ། ཡ་ཡ་ཏིང་ཏིང་ཞེས་བཟླས་སོ། །དེ་ནས་སྙིང་པོ་ཐེམ་པ་དང་། གཏོར་མ་དང་གླུད་གཉིས་ཀ་བུད་


DNG023_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཡུགས་ས་མའི་ཞབས་མ་རྙིང་པར་བཏུམས་ལ། ཆུར་བསྐུར་ན་ཆུར་འཆི། གྲོག་པོ་མགོ་རྡུམ་དུ་སྦས་ན་ལུང་པ་སབ་སུབ་ཏུ་འཆི། བྲག་ཆེན་པོའི་སར་སྦས་ན་རི་བྲག་དང་གཡང་སར་འཆི། རེ་རུལ་འདྲེ་ཅན་དུ་སྦས་ན་གྲོང་ཟང་ཟིང་གི་ནང་དུ་འཆི། ལམ་པོ་ཆེའི་བཞི་མདོར་སྦས་ན་མི་མང་པོ་འདུ་བའི་སར་འཆི་བར་འགྱུར་རོ། །དགྲ་བོ་བདུད་ལ་གཏད་པའི་ལེའུ་སྟེ་བརྒྱ་བཅོ་ལྔ་པའོ།། །།ཟླ་བ་ཉ་གསུམ་ལ་གནས་དབེན་པར་སོང་ལ། ཕྱེ་ཕུད་མ་ཉམས་པའི་གཏོར་མ་གཅིག་བྱས་ལ་ལུག་གི་སྙིང་ཁྲག་རྟའི་སྙིང་ཁྲག་ཁྱིའི་སྙིང་ཁྲག་གསེར་གཡུ་མཆོང་བྱུ་རུ་ཤེལ་དངུལ་དེ་རྣམས་གཏོར་མར་བླུགས་ལ། གྲ་ཕྱིང་གསར་པའི་སྟེང་དུ་བཞག་ལ། བདག་ཉིད་དཔལ་རྟ་མགྲིན་གྱི་ཏིང་ངེ་འཛིན་དུ་གནས་ཏེ། ཆེ་བའི་ང་རྒྱལ་བསྐྱེད་ལ། རྨྱུག་མ་ཚིགས་གསུམ་པ་ལ་སྲིན་བྱའི་སྒྲོ་བསྐྱོན་ལ། ལྟོང་གི་བུ་ག་ནས་ཉུང་དཀར་ལ་བདུད་ཐམས་ཅད་ལ་བསྐུལ་བའི་སྙིང་པོ་འདི་སྟོང་རྩ་བརྒྱད་བཏབ་ལ་བླུགས་ནས་གང་བ་དང་། བུ་གའི་ཁ་བལ་ནག་གིས་དགག་གོ། །རྨྱུག་མ་ལ་ལྟས་ངན་སྣ་ཚོགས་ཀྱི་གཟུགས་ར་ཁྲག་གིས་བྲིས་ལ། འཕེན་ཁར་འོ་མ་བུ་དམར་ཁམ་འདུག་པའི་མདེའུ་བཅུག་ལ། རྭ་གཞུས་དགྲ་གང་ན་ཡོད་པའི་ཕྱོགས་སུ་འཕང་ན། དགྲ་བོའི་ཁྱིམ་དུ་ལྟས་ངན་སྣ་ཚོགས་པ་འབབ་ཅིང་སྨྱོ་འབོག་དང་། བརྒྱལ་ནད་ཀྱིས་འཆིའོ། །འཕེན་ཀར་ཡུངས་ནག་ལ་བཟླས་པའི་སྙིང་པོ་འདིའོ། །ཏྲི་ཁ་ཐུན། ཁཱ་ཁཱ་ཏྲཱི། སྨུག་ཏྲི། བདུད་ཏྲི། བདུད་མ་ཏྲི་སྐྱོལ་སི་བཾ། དུམ་མཚོ་སྐྱོལ། མ་ར་དད་པའི་སེར་ཏ། ཆོ་ཕོབ། ཡ་ཡ་མ་ཡ་ཏྲི་ཏྲི་ཛ་ཛ། ཞེས་བཟླས་ལ་གྲངས་ཐེམས་པར་བྱས་ཤིང་ཟུར་ཆག་ཏུ་མི་རུང་བས་མ་ཆག་པར་བྱ་སྟེ་མདའ་འཕང་ངོ་། །མདའ་འཕང་བའི་རྟིང་ན་ཕར་གཏོར་མ་ཡང་བདུད་ལ་འཕང་བཏང་ངོ་། །རང་གིས་མ་ཉེས་པའི་དམོད་གཟུག །དགྲ་བོའི་ཡུལ་དུ་ལྟས་ངན་སྣ་ཚོགས་པ་ཕོབ་ཅིག །ཆོ་འཕྲུལ་སྣ་ཚོགས་པ་སྟོན་ཅིག་ཅེས་བསྒོའོ། །ཐ་ཡ་དུ་རག་ཏུ་མྱགས་ཞེས་བྱས་འཕང་ངོ་། །ལྟས་ངན་དབབ་པའི་ལེའུ་སྟེ་བརྒྱ་བཅུ་དྲུག་པའོ།། །།


DNG023_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཡང་བསྒོམ་པའི་ཐབས་བསྟན་པ་ནི། དང་པོ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་སྟོང་ཞིང་བདག་མེད་པར་བསྒོམ་མོ། །ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་རྐྱེན་གྱི་རང་བཞིན་སྣང་ལ་རང་བཞིན་མེད་པར་བསྒོམ་མོ། །རྒྱུའི་ཏིང་ངེ་འཛིན་ནི་སེམས་ཉིད་ཡི་གེ་ཧཱུཾ་དུ་གསལ་བ། དེའི་ཁྱད་པར་ལས་གཞལ་ཡས་ཁང་ལ་སོགས་པ་གསལ་བར་བྱས་པའི་རྗེས་ལ། ཆེ་མཆོག་ཧེ་རུ་ཀ་གསལ་བར་བསྒོམ་མོ། །གཡོན་དུ་ཡུམ་འདོད་པའི་དབང་མོ་ཡང་ལུས་དང་གྲིབ་མའི་ཚུལ་དུ་གསལ་བར་བསྒོམ་མོ། །ཆེ་མཆོག་ཡབ་ཡུམ་རོལ་པའི་བྱང་ཆུབ་སེམས་ལས་བྷྱོ་བཞི་འཕྲོས་པ་ལས། བྷྱོ་སྨུག་ནག་གཅིག་ལས་ཁྲམ་ཁ་སྟོང་གི་དབང་མོ་ཆེ་བསྐྱེད་དེ། སྐུ་མདོག་མཐིང་ནག་ཕྱག་གཡས་པ་བརྒྱ་ཡིས་ལྕགས་ཀྱུ་དང་མདུང་བརྒྱ་བསྣམས་པ། ཕྱག་གཡོན་མདའ་གཞུ་བསྣམས་པ། ཞབས་བརྒྱ་ཚར་གཅིག་གིས་ལྷ་ཆེན་རྣམས་གནོན་པ་ཞིག་བསྐྱེད་དོ། །བྷྱོ་གཅིག་ལ་ཐེག་ཆེན་ས་གཞིའི་དབང་མོ་ཆེ་བསྐྱེད་དེ། སྐུ་མདོག་སེར་ནག་ཕྱག་གཡས་བརྒྱ་ན་དར་ནག་འབུམ་བསྣམས་པ། གཡོན་མཚོན་ཆ་སྣ་ཚོགས་བསྣམས་པའོ། །བྷྱོ་གཅིག་ལ་རི་རབ་གླིང་བཞིའི་དབང་མོ་ཆེ་བསྐྱེད་དོ། །སྐུ་མདོག་ལྗང་ནག་ཕྱག་གཡས་པ་བརྒྱ་ན་ལྕགས་ཀྱུ་འབར་བ་བསྣམས་པ། གཡོན་པ་ན་བྷན་དྷ་བསྣམས་པའོ། །བྷྱོ་གཅིག་ལ་རྒྱ་མཚོ་གླིང་གི་དབང་མོ་ཆེ་བསྐྱེད་ལ། སྐུ་མདོག་དམར་ནག་ཕྱག་གཡས་པ་བརྒྱ་ན་མཚོན་ཆ་འབར་བ་བསྣམས་པའོ། །གཡོན་ན་ལྕགས་ཀྱུ་བསྣམས་པའོ། །དེ་རྣམས་ཀྱང་ཞབས་ཐུར་དུ་ཟུག་པས་གདུག་པ་ཅན་ཐམས་ཅད་བརྫིས་པ། སྟག་ལྤགས་ཀྱི་ཤམ་ཐབས་ཅན། སྦྲུལ་ནག་སྟོང་གིས་སྐུ་ལ་བརྒྱན་པ། དབུ་སྐྲ་ཁམ་ནག་གྱེན་དུ་བརྫེས་པ། མཆེ་བ་གཙིགས་པ། ལྗགས་འདྲིལ་བ། རྐན་རྡེབ་པ་ཐོད་པ་སྐམ་རློན་གྱིས་དབུ་བཅིངས་པ། སྤྱན་དགུ་ཉི་ཟླའི་དཀྱིལ་འཁོར་དུ་འདྲིལ་བ། བསྐལ་པའི་མེ་དཔུང་གི་དབུས་ན་བཞུགས་པར་བསྒོམ་མོ། །དཀྱིལ་འཁོར་བསྐྱེད་པའི་ལེའུ་སྟེ་བརྒྱ་བཅུ་བདུན་པའོ།། །།དེ་ནས་མ་མོ་རྣམས་སྤྱན་དྲངས་ཏེ། ཧཱུཾ།


DNG023_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་ཆེ་མཆོག་ཧེ་རུ་ཀ །མཐིང་ནག་འབར་བའི་ཞལ་མངའ་ཞིང་། །ཕྱག་དྲུག་ཕྱག་ཆས་སྲིད་པ་སྒྲོལ། །ཡུམ་དང་གཉིས་སུ་མེད་པ་སྟེ། །ཐུགས་རྗེའི་དབྱིངས་ནས་རོལ་མཛོད་གཤེགས། །སྲིད་པ་བདེ་འགྲོ་ཁམས་གསུམ་ཀུན་གྱི་ཡུམ་མཆོག་མ། །གེ་སར་དཀྱིལ་ནས་འཕེལ་འགྲིབ་མཛད། །ཟུར་གསུམ་འཁྱིལ་པས་སྣང་སྲིད་ཟིལ་གྱིས་གནོན། །ཤ་ཁྲག་དམ་རྫས་འདི་ལ་བརྟེན་ཏེ་གཤེགས་སུ་གསོལ། །ཁྲམ་ཁ་སྟོང་གི་དབང་མོ་ཆེ། །སྐུ་མདོག་མཐིང་ནག་འབར་བ་ལ། །ཕྱག་ན་མཚོན་ཆ་འབར་བ་བསྣམས། །ཡ་བདུད་རྒྱལ་པོའི་སྙིང་ཡང་འབྱིན། །དམ་རྫས་བདུད་རྩི་འབར་བ་འདི་ལ་བརྟེན་ཏེ་གཤེགས་སུ་གསོལ། །ཐེག་ཆེན་ས་གཞི་འདེགས་པའི་དབང་མོ་ཆེ། །སྐུ་མདོག་སེར་ནག་འབར་བ་ལ། །ཕྱག་ན་བདུད་ཀྱི་ཁྲམ་བམ་བསྣམས། །གནམ་ས་གཉིས་ལ་བྷྱོ་བཟློག་མཛད། །ཀླུ་ཆེན་བརྒྱད་ཀྱི་སྙིང་ཡང་འབྱིན། །དམ་རྫས་འདི་ལ་བརྟེན་ཏེ་གཤེགས་སུ་གསོལ། །རྒྱ་མཚོ་གླིང་གི་དབང་མོ་ཆེ། །སྐུ་མདོག་དམར་ནག་འབར་བ་ལ། །ཕྱག་ན་མཚོན་ཆ་འབར་བ་བསྣམས། །ཀླུ་རྣམས་ཀུན་ལ་མངའ་མཛད་མ། །དམ་རྫས་འདི་ལ་བརྟེན་ཏེ་གཤེགས་སུ་གསོལ། །རི་རབ་གླིང་བཞིའི་དབང་མོ་ཆེ། །སྐུ་མདོག་ལྗང་ནག་འབར་བ་ལ། །ཕྱག་ན་རི་རབ་གླིང་བཞི་བསྣམས། །སྣང་སྲིད་ཀུན་ལ་མངའ་མཛད་མ། །དམ་རྫས་འདི་ལ་བརྟེན་ཏེ་གཤེགས་སུ་གསོལ། །མ་མ་བྷྱོ་བྷྱོ་རུ་ལུ་རུ་ལུ། སྙིང་ཁ་རག །སྙིང་ཁ་རཀ །མ་རགྴ་མ་རགྴ། རག་མོ་སྙིང་ཁྲག་མ་ཐུན་ཐུན། ཏྲག་རག་ཤ་སྙིང་ཏེ་ཀེ་མ། མ་མ་མ་བྷྱོ་བྷྱོ་རུ་ལུ་རུ་ལུ། སྙིང་ཁ་རག་ས་མ་ཡ་ཛ་ཛ། ཀྲོ་མ་ཛྭ་ལ། ཀྲོ་མ་ཛྭ་ལ། ཛཿཧཱུཾ་བཾ་ཧོཿ། ཞེས་སྤྱན་དྲང་བར་བྱའོ། །སྤྱན་དྲང་བའི་ལེའུ་སྟེ་བརྒྱ་བཅོ་བརྒྱད་པའོ།། །།དེ་ནས་ཕྱག་འཚལ་ཏེ། གདུག་པའི་ཚོགས་འཇོམས་ཀུན་བཟང་ཧེ་རུ་ཀ །ལྷ་ཡི་ལྷ་ཁྱོད་བདག་ལ་དགོངས་ནས་ཀྱང་། །ཡབ་ཡུམ་ཐབས་དང་ཤེས་རབ་གཉིས་མེད་ལས། །ཡབ་ཡུམ་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ། །དབྱིངས་མ་བཞི་ཡི་ཡུམ་


DNG023_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་དབང་སྡུད་མ། །ཕྱི་ནང་སྣོད་བཅུད་སྐྱེ་འགྲོ་སྐྱེད་མཛད་པ། །ཁམས་གསུམ་སྣང་སྲིད་ཡོངས་ཀྱི་ཁ་ལོ་སྒྱུར། །དབང་བྱེད་ཆེན་མོ་བཞི་ལ་ཕྱག་འཚལ་ལོ། །ཁམས་གསུམ་ཡུམ་མཆོག་ལ་སོགས་སྟོང་དང་འབུམ། །ཀུན་གྱི་མངའ་བདག་ལགས་པས་བྲན་དང་རྗེ་ཡི་ཚུལ། །སྐྱེ་འགྲོ་ཀུན་གྱི་ཚེ་སྲོག་བཅུད་ལེན་མ། །མ་ལུས་སྤྲུལ་པའི་ཚོགས་ལ་ཕྱག་འཚལ་ལོ། །ཕྱག་བཙལ་བའི་ལེའུ་སྟེ་བརྒྱ་བཅུ་དགུ་པའོ།། །།མཆོད་ཅིང་ཐུགས་དམ་བསྐུལ་བ་ནི། ཤ་ཁྲག་དམ་རྫས་སུ་སྦྱར་བ་བྷན་དྷའི་ནང་དུ་སྩལ་པ་ཐོགས་ལ་པདྨ་བྷན་དྷ་འཕྲུལ་གྱི་གཞལ་ཡས་སུ། རཀྟ་དམར་གྱི་རྦ་ཀློང་འཁྱིལ་པ་དང་། །ཁམས་གསུམ་སྒྲོལ་བའི་དམ་རྫས་ཤ་ཆེན་དང་། །སྙིང་གསུམ་ཆུ་གསུམ་སྦྱར་བའི་བདུད་རྩི་ཆེན་པོ་འདིས། །དཔལ་ལྡན་ཡབ་ཡུམ་སྐུ་ལ་མཆོད་པར་འབུལ། །ཡེ་ཤེས་འཕྲུལ་གྱི་དངོས་གྲུབ་སྩལ་དུ་གསོལ། །མ་མོ་མཐིང་ནག་འཁྱིལ་པའི་སྐུ། །གནས་ནི་ནམ་མཁའི་དཀྱིལ་ན་གནས། །དབུ་ཡང་སྟོང་ལ་ཕྱག་གཡས་སྟོང་། །སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ཁྲོ་མོ་མི་བཟད་སྐུ་བྱུང་བ། །སྐུ་ནི་རིན་ཆེན་ནམ་མཁའི་སྐུ། །ཕྱག་ན་དར་ནག་རུ་མཚོན་བསྣམས། །བདུད་ཀྱི་དམག་དཔུང་རྡུལ་དུ་རློག །དམ་རྫས་བདུད་རྩི་འབར་བ་འདི་གསོལ་ལ། །བདག་གིས་བཅོལ་བའི་འབྲས་བུ་མཆིས་པར་མཛོད། །མ་མོ་སེར་ནག་འཁྱིལ་པའི་སྐུ། །བཞུགས་ནི་ས་གཞི་ཉིད་ལ་བཞུགས། །སྣང་སྲིད་ཡོངས་ལ་མངའ་མཛད་ཅིང་། །སྲིད་པ་གསུམ་ཆར་དབང་དུ་སྡུད། །གནམ་ས་གཉིས་ལ་བྷྱོ་བཟློག་མཛད། །དམ་རྫས་བདུད་རྩི་འབར་བ་འདི་གསོལ་ལ། །བདག་གིས་བཅོལ་བའི་འབྲས་བུ་མཆིས་པར་མཛོད། །མ་མོ་དམར་ནག་མཐུ་མོ་ཆེ། །བཞུགས་ནི་གླིང་བཞི་ཀུན་ན་བཞུགས། །གླིང་བཞི་ཀུན་འབྱམས་དྲག་མོ་རྒྱལ། །བདུད་ཀྱི་ཡུལ་རྣམས་རྡུལ་དུ་རློག །དམ་རྫས་བདུད་རྩི་འབར་བ་འདི་གསོལ་ལ། །བདག་གིས་བཅོལ་བའི་འབྲས་བུ་མཆིས་པར་མཛོད། །ཅེས་བརྗོད་ཅིང་དམ་རྫས་རྣམས་སྒྲེངས་ཤིང་ལས་བཅོལ་བར་བྱའོ། །ཐུགས་དམ་བསྐུལ་ཞིང་མཆོད་པ་དབུལ་


DNG023_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ལེའུ་སྟེ་བརྒྱ་ཉི་ཤུ་པའོ།། །།དེ་ནས་སྙིང་ཐིག་བསྟན་ཏེ། མ་མ་ས་མ་ས་མ་ཡ་ཧོ། མ་མ་ས་མ་ས་མ་ཡ་སྟྭ་མ། ཧཱུཾ་བྷྱོ་བྷྱོ། རོ་ཧ་ར་སྡྱ་མི་ཏ། ཁ་ཊྭཱཾ་ག་ཛྭ་ལ་ཛྭ་ལ། ཏི་ཏ་དང་ཤཾ། ཁ་རཾ་ཁ་ལ་བྷྱོ། ཛ་དུན་ཏིང་བྷྱོ། སྙིང་ཁ་རག །ཏྲག་རག་ཤ །ཁ་མུན་ཛ་བཛྲ་དུན་བྷྱོ། རུ་ལུ་རུ་ལུ་ཧཱུཾ་བྷྱོ། ཞེས་པ་ནི་ཁམས་གསུམ་ཡུམ་མཆོག་མའི་སྲོག་གི་སྙིང་པོའོ། །ཨོཾ་རུ་སྙིང་ཁྲག་ཁ་ལ་རག་ཤ་ནི་རྦད་ཐུམ་རི་རི་ལི་ལི་བྷྱོ། ཁྲམ་ཁ་སྟོང་གི་དབང་མོ་ཆེའི་སྲོག་གི་སྙིང་པོའོ། །ནི་ཤ་ཀུ་རུ་རག་ཏ་ཁ་རཾ་ནི། ཀུ་ནི་ཀུ་རུ་ཁ་རཾ་ཁ་རྦད་རི་ལི་ལི་བྷྱོ། ཐེག་ཆེན་ས་གཞི་འདེགས་པའི་སྲོག་གི་སྙིང་པོའོ། །སྙིང་ལ་རག་ཤ་ནི་སྡི་སྟ། རྦད་ཐུཾ་རི་ལི་ལི་བྷྱོ། ཞེས་པ་ནི་རི་རབ་འདེགས་པ་དབང་མོ་ཆེའི་སྲོག་གི་སྙིང་པོའོ། །ཏྲག་རག་ཤ་མུ་ཏྲ་སྙིང་ཁ་རག་མ་བྷྱོ། ཞེས་པ་ནི་རྒྱ་མཚོ་གླིང་གི་དབང་མོ་ཆེའི་སྲོག་གི་སྙིང་པོའོ། །སྙིང་ཐིག་གི་ལེའུ་སྟེ་བརྒྱ་ཉེར་གཅིག་པའོ།། །།དེ་ནས་ཡང་ལན་སྟོང་ངམ་ཁྲི་ལ་སོགས་པ་བཟླས་ཤིང་བར་བར་དུ་བསྐུལ་ཞིང་རཀ་ཏ་སྦྲེང་། དེ་ནས་མ་མོ་སྤྱིའི་སྲོག་གི་སྙིང་པོ་དང་། གཙོ་མོ་བཞིའི་སྲོག་གི་སྙིང་པོ་དང་སྦྲེལ་ཏེ་བཟླས་ལ་བྷན་དྷའི་ནང་དུ་རྫས་སྩལ་ཏེ་བསྒྲུབ་ན་རྟགས་འབྱུང་སྟེ། ཚེས་བརྒྱད་ནས་བཙུགས་བཅོ་ལྔ་ལ་རྟགས་འབྱུང་ངོ་། །གྲུབ་པའི་རྟགས་བྱུང་བ་དང་བསྙེན་པ་དབུལ་ལོ། །བཅོ་ལྔ་ལ་དབུ་བཙུགས་ན་ཉི་ཤུ་གཉིས་ན་རྟགས་འོང་ངོ་། །དེ་ལྟར་རྟགས་བྱུང་བ་དང་ལས་ལ་སྦྱར་བར་བྱ་སྟེ། གསང་སྔགས་འདི་བཟླས་སོ། །ཨོཾ་བཛྲ་ད་ར་ལིང་། ཨོཾ་བཛྲ་སྙིང་གོ་ཆོད། ཛ་ལ་ཛ་མུན་ལོ་དན་ཏིང་ད་ར་ཡ་རྦད། ཨོཾ་བཛྲ་ཁུག་ཏི་སྣར་བ་རྦད། ཨོཾ་བཛྲ་ཙཀྲ་དུ་ཀྲི་ད་ར་ཡ་རྦད། ཨོཾ་བཛྲ་ག་ཤུད་ཀྲི་ད་ར་ཏི་ཡ་བཛྲ་ཧཱུཾ་ཕཊ། རྦད་དུ་རྦད་དུ་རྦད་དུ་རྦད་དུ། དུ་ར་ཤ་ཀ་སྟ། བི་ཏ་ས་མ་ཡ། ཞེས་པས་གྲངས་འབུམ་དུ་བཟླས་ཤིང་བསྐུལ་ན་རྟགས་འོང་ངོ་། །དུས་དང་རྟགས་དང་གསང་བའི་སྔགས་བསྟན་པའི་ལེའུ་སྟེ་བརྒྱ་ཉེར་གཉིས་པའོ།། །།དེ་ནས་མ་མོའི་ཤི་ས་བསྟན་པར་བྱ་སྟེ། ལས་མ་


DNG023_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ན་ལས་འདིའི་ཐབས་བྱའོ། །རཀ་ཏའི་མཚོ་ལ་གནས་པ་མོ། །དབུ་ཡང་རྡོ་རྗེས་ཚལ་པར་འགེམས། །མགོ་ནས་བརྒྱབ་ནས་མཇུག་ཏུ་འགེམས། །ལུས་ཀྱང་རྡོ་རྗེས་འགེམས་པར་བྱེད། །ཕྱག་ན་གནམ་ལྕགས་ཨུར་མོ་ཡིས། །མགོ་ནས་བརྒྱབ་ནས་མཇུག་ཏུ་འགེམས། ། ངག་ཀྱང་རྡོ་རྗེས་རྡུལ་དུ་རློག །ཅེས་བསྡིག་སྟེ། བདག་ཉིད་ཀྱི་ཕྱག་ན་གནམ་ལྕགས་ཨུར་མོའི་རལ་གྲི་བསྣམས་པས། མ་མོ་རྣམས་རང་དབང་མེད་པར་སྲོག་གི་སྙིང་པོ་ནས་དྲངས་ཏེ། འདར་ཡེད་ཡེད་འདུག་པར་བསྒོམ། སྔགས་འདི་བཟླས་སོ། །རག་ཤ་པ་ཙ་རག་ཤ་པ་ཙ་ཚ་ལ་པ་ཚལ་པ། ཀྲོ་མ་ཛ་ལ་ཀྲོ་མེ་ཛ་ལ། ཞེས་དྲག་ཏུ་བཟླས་ཏེ་ཨ་མྲྀ་ཏ་གཏོར་བས་རང་དབང་མེད་པར་ལས་བྱེད་པར་འགྱུར་རོ། །ཡང་མ་མོ་ལས་བྱེད་དུ་མ་འདོད་ན་བདག་ཉིད་ཆེ་མཆོག་ཧེ་རུ་ཀར་བསྒོམས་ལ་ཕུག་ན་ལྕགས་ཀྱུ་བཙོ་རལ་པོ་ཅན་གྱིས། མ་མོའི་མགོ་ནས་བརྒྱབ་ནས་མཇུག་ཏུ་འགེམས་པར་བསྒོམ་ཞིང་། སྔགས་གོང་མ་བཟླས་ཤིང་ཨ་མྲྀ་ཏ་གཏོར་ན་ལས་བྱེད་དོ། །དེས་ཀྱང་ལས་བྱེད་དུ་མ་འདོད་ན། ཚིག་དང་དབྱངས་སུ་བཅས་པས་བསྟོད་དོ། །མ་མོ་ཤི་ས་བསྟན་པའི་ལེའུ་སྟེ་བརྒྱ་ཉེར་གསུམ་པའོ།། །།དེ་ནས་ཡང་ཁྱད་པར་དུ་ལས་ལ་གཏོང་ཞིང་མྱུར་དུ་བསད་པའི་ལས་ཐེམས་འདི་དག་གོ། །མར་གྱི་ཚེས་བརྒྱད་ཉི་ཤུ་གསུམ་དང་གནམ་སྟོང་ལ་གསང་བའི་ལས་བྱ་སྟེ། གནས་དབེན་པར་སོང་ལ་ཧེ་རུ་ཀའི་གཏོར་མ་དང་ཁྲག་གིས་བསྐུལ་བར་བྱ། ནུབ་མོ་ཧེ་རུ་ཀའི་འབྲུ་གསུམ་དང་མ་མོའི་འབྲུ་གསུམ་བཟླས་པ་ནི་མ་མོའི་ལས་ལ་བཏང་བའི་འབྲུ་གསུམ་དང་། མ་མོ་བསད་པའི་འབྲུ་གསུམ་དང་། བརྒྱ་རྩ་བརྒྱད་བཟླས་ཏེ་ལས་བྱས་ན་འགྲུབ་པོ། །གྲོ་གའམ་ཤིང་ཤུན་ནམ་ཤོག་ཤོག་ལ་དགྲ་བོའི་གཟུགས་མིང་བྱང་དང་བཅས་ཏེ། བྱ་རྒོད་ཀྱི་ཁྲག་དང་སྦྱར་སྤེལ་ནས། ར་དུག་པ་ལ་མེ་སྦར་ནས་བསྲེགས་ན་ལུས་འདི་མི་གཡོ་བར་འཆིའོ། །སྔགས་ཀྱང་བཟླས་པར་བྱའོ། །བྱ་རོག་གི་ཤ་ཁྲག་སྒྲོ་དང་མིང་རུས་ལ་སྔགས་བརྒྱ་རྩ་བརྒྱད་བཟླས་ནས་བསྲེག་ན་ཚངས་པའི་ཚེ་དང་མཉམ་པ་ལ་ཡང་སྐད་ཅིག་གིས་འཆིའོ། །འུག་པའི་ཤ་ཁྲག་དང་


DNG023_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོ་མིང་རུས་ཀུན་གོང་མ་བཞིན་དུ་བསྲེགས་ན་མྱུར་དུ་སྨྱོ་ནས་འཆི་བར་འགྱུར་རོ། །སྲིན་བྱའི་ཁྲག་དང་སྒྲོ་དང་དགྲ་བོའི་མིང་རུས་བཅས་པས་སྔགས་བརྒྱ་རྩ་བརྒྱད་བཟླས་ནས་བསྲེགས་ན་ལུས་འདར་ཞིང་འཆིའོ། །རའི་ཤ་ཁྲག་དང་མི་རུས་གོང་མ་བཞིན་དུ་བསྲེགས་ན་སྐད་ངན་འདོན་ཅིང་འཆིའོ། །སྲིན་ཤིང་སྣང་མའི་འབྲས་བུ་གོང་མ་བཞིན་དུ་བསྲེགས་ན་རེངས་ནས་འཆི་བར་འགྱུར་རོ། །སྟར་བུའི་འབྲས་བུ་གོང་མ་བཞིན་དུ་བསྲེགས་ན་བྱིང་ནས་འཆི་བར་འགྱུར་རོ། །འདྲེ་ཚེར་མའི་འབྲས་བུས་གོང་མ་བཞིན་དུ་བསྲེགས་ན་ལུས་སྐམས་ནས་འཆི་བར་འགྱུར་རོ། །ཤུག་པའི་ཐང་ཆུ་དང་སྐེ་ཚེ་དང་ཏིལ་ནག་པོ་དང་། ལན་ཚྭ་བ་དང་རི་ཤོ་བའི་རྩ་བ་དང་བ་གླང་གི་མཁྲིས་པ་དང་དེ་རྣམས་རེ་རེ་གོང་མ་བཞིན་དུ་བསྲེགས་ན་ཚ་བའི་ནད་ཀྱིས་འཆིའོ། །སྦྱིན་སྲེག་དྲག་པོའི་ལས་ཀྱི་ལེའུ་སྟེ་བརྒྱ་ཉེར་བཞི་པའོ།། །།གསང་བའི་སྔགས་བསྟན་པར་བྱ་སྟེ། ཧེ་རུ་ཀའི་སྙིང་པོ་འབྲུ་གསུམ་ནི། ཨོཾ་ཤྲཱི་བཛྲ་ཨོཾ་པདྨ་ཏ་ཀྲི་ཏ་ཧཱུཾ། བཛྲ་མ་ཧཱ་ཀྲོ་ཏཱ་ཕཊ་བཾ་ཧཱུཾ། ཨོཾ་ཨ་ར་ལི་ཧྲི་ཛ། མ་ཧེ་སྲོག་རྩ་ཐུན་བྷྱོ། སྲོག་གི་སྙིང་པོ་འབྲུ་གསུམ་ནི། མ་མ་ཁ་རག །སྙིང་ཁ་རག །མ་རག་ཤ་མ་རག་ཤ །མ་ཧཱ་ཙིཏྟ་མ་ཧཱ་ཙིཏྟ། ཛ་ཛ་ཏིང་ཏིང་བྷྱོ། རག་མོ་སྙིང་ཁྲག་མ། མ་རག་ཤ་མ་རཀ་ཤ །མ་སྙིང་ཛ་ཛ། དུན་དུན་རག་མོ་ཏ་ཀེཾ། མ་མ་མ་བྷྱོ་རུ་ལུ་རུ་ལུ། སྙིང་ཁ་རག་ས་མ་ཡ་དུ་ཛ་ཛ་དཾ་དཾ་ཛ་ཛ། ལས་ལ་བཏང་བ་འབྲུ་གསུམ་ནི། ཙ་ར་ནན། མ་རག་ཤ་ནི་དུ་ཛ། སྙིང་ཙིཏྟ་མ་ཐུན་ཐུན། སྙིང་ཁ་རག་མ་ཐུན་ཐུན། མ་ཏིང་ནག་མོ་ཐུན་ཐུན། སྙིང་ཁྲག་མ་ར་ཐུན། ཆེ་གེ་མོ་ཐུན་ཐུན་ཤལ་ཤ་ཏི་རག་མོ་སྙིང་མ་རག་ཏུ་ཆེ་གེ་མོ་ལ་ཐུན། བསད་པའི་འབྲུ་གསུམ་ནི། མ་དུ་སྙིང་ཤ་སྙིང་དུ་ཕྱིག་ཡཾ། ཆེ་གེ་མོ་ས་དུ་དུ་མཱ་ར་ཡ་ཐུན་བྷྱོ། མ་མ་ཏྲག་མོ་ཐུན་བྷྱོ། ཁ་ལ་ཁ་ལ་ཤ་ཁ་ཚེ། སྙིང་དུ་ཕྱིག་ཡཾ། ཆེ་གེ་མོ་ས་དུ་ལིང་དུན་ཕཊ། ཐུན་ཐུན་བྷྱོ། མ་མ་ཏྲག་མུ་དུད་ཧྲིང་། མ་ར་ཤ་དུ་ཆེ་གེ་མོ་སྙིང་ཟན་མ། ཙིཏྟ་རོལ་སྙིང་དུ་ཕྱིག་ཡཾ། ཆེ་གེ་མོ་ས་དུ་མཱ་ར་ཡ་ཐུན་བྷྱོ་ཕཊ། ཐུན་བྷྱོ། ཞེས་པ་བཟླས། ཉི་མ་དམར་ཐག་ཆད་ཀྱི་བར་དུ་


DNG023_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

བསྲེགས་པ་མིང་རུས་དང་རྫས་རྣམས་སྤེལ་ལ་བྱའོ། །བསྲེག་པའི་ཐལ་བ་གཏོར་མར་བླུགས་ཏེ། ཆུ་མིག་བསྣོལ་བའི་དབུས་སམ། ལམ་རྒྱ་གྲམ་མམ། མི་རོ་བམ་པའི་ཁུང་དུ་སྦས་ལ་བཞག་གོ། །གསང་བ་སྦས་པའི་འབྲུ་གསུམ་གྱི་ལེའུ་སྟེ་བརྒྱ་ཉེར་ལྔ་པའོ།། །།གསང་བའི་དཀྱིལ་འཁོར་བསྟན་པ་ནི། ཞིང་གི་སྣམ་བུ་ལ་ཐིག་བཏབ་ལ་གྲུ་བཞི་ཁྲུ་གང་གི་ཚད་དུ་བྱ། གྲུ་བཞི་པ་ལ་མ་མོའི་ཞལ་བྲི། མ་མོ་བཞིའི་དབུས་སུ་གྲུ་གསུམ་བྲི། དེའི་ཕྱི་རིམ་ཟླུམ་པོས་བསྐོར་དབུས་ཀྱི་གྲུ་གསུམ་ར་བར་མི་ཁྲག་ཁྱི་ཁྲག་མི་རུས་བསྲེགས་པའི་སོལ་ཕྱེ་དང་བསྲེས་ལ་དམར་ནག་དུ་བྱུག་ཟླ་གམ་ཁྲག་གིས་དམར་པོར་བྱུག་རེ་ཁ་ཀུན་ཐལ་ཆེན་དང་དུག་དང་རེ་ལྕག་པ་བརྡུངས་པའི་ཁུ་བ་དང་བསྲེས་ལ་དཀར་པོར་བཏང་། མ་མོའི་ཞལ་དམར་པོས་བྱུག་སྤྱན་དཀར་པོར་བྲི། དབུ་ནག་པོར་བྱ། ཕྱི་རིམ་སྣམ་བུ་སོར་གསུམ་པ་གཅིག་བཏང་ལ།གཞི་ཁྲག་གིས་དམར་པོར་བྱུག་ཐོད་པའི་ཕྲེང་བས་བསྐོར། སྒོ་མི་བཏོད་དོ། །དེ་ནི་བར་སྣང་གི་དཀྱིལ་འཁོར་རོ། །སའི་དཀྱིལ་འཁོར་བསྟན་ཏེ། མདུན་དུ་དཀྱིལ་འཁོར་འདོམ་གང་པ་ཞིག་བྱས་ལ་གཞི་ཁྲག་གིས་དམར་པོར་བྱུག་ལ་དབུས་སུ་གྲུ་གསུམ་བྲི། ཐ་མ་ཟླ་གམ་གསུམ་གྱིས་བསྐོར། དེའི་ཕྱི་རིམ་དུ་འཁོར་ལོ་རྩིབས་བཞི་པར་བྲི། དེའི་ཕྱི་རིམ་ཐོད་ར་ཟླུམ་པོར་བསྐོར། དེའི་ཕྱི་རིམ་གྲུ་བཞིར་བྱ། སྒོ་མི་བཏོད། དབུས་ཀྱི་གྲུ་གསུམ་ལ་དཔལ་ཆེན་པོའི་ཞལ་གཅིག་བྲི། ཟླ་གམ་གསུམ་ལ་ཡང་ཞལ་རེ་རེ་བྲི། འཁོར་ལོ་བཞི་ལ་བྷན་དྷ་རེ་བྲི། དེའི་ཕྱི་རིམ་ལ་མདའ་གཞུ་བྲི། དེའི་ཕྱི་རིམ་ལ་མེ་རི་བྲི་བར་བྱ། གསང་བའི་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་བརྒྱ་ཉེར་དྲུག་པའོ།། །།གསང་བའི་རྫས་བསྟན་པ་ནི། ས་བདག་རྒྱལ་པོའི་སྙིང་གསར་པ་གཅིག་དགོས། དེ་མེད་ན་བམ་གསར་པས་བྱའོ། །སེང་གེ་དཀར་པོའི་སྙིང་དགོས།དེ་མེད་ན་ཁྱི་དཀར་པོའི་སྙིང་ལ་བྱའོ། །སྟག་དར་མའི་སྙིང་དགོས། དེ་མེད་ན་སྲེ་མོང་གི་སྙིང་ངོ་། །གླང་པོ་ཆེའི་སྙིང་དགོས། །དེ་མེད་ན་གླང་ཁྱུ་བའི་སྙིང་ངོ་། །དེའི་སྟོངས་བཞི་ལ།


DNG023_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་ཕོ་མཚལ་བུའི་སྙིང་དང་། ཉ་མཁར་པའི་སྙིང་། ལུག་ནག་མོ་མཁལ་དཀར་གྱི་སྙིང་དང་། སྲམ་གྱི་སྙིང་བཞིའོ། །གཡོན་ན་ཡང་སྟོངས་སུ་གྱུར་པའི་སྙིང་སྣ་ཚོགས་པ་བསག་པར་བྱའོ། །གཡོན་ཁྲག་གསུམ་ལ། བུ་མོ་གཞོན་ནུའི་མངལ་ཁྲག་དང་། །བྱེའུ་སྐྱེས་པའི་ལྟེ་ཁྲག་དང་། མཚོན་གྱིས་ཕོག་པའི་ཁྲག་དང་གསུམ་མོ། །དེའི་སྟོངས་སུ་གྱུར་པའི་མི་ཁྲག་ཁྱི་ཁྲག་རྟ་ཁྲག་གསུམ་མོ། །དེ་ལ་སོགས་པ་ཁྲག་སྣ་མང་པོ་བསག་པར་བྱའོ། །ཆུ་སྣ་གསུམ་ལ་གངས་ཆུ། ཆུ་མིག་ལྐུགས་པའི་ཆུ། ཁ་ཆར་གྱི་ཆུ་དང་གསུམ་མོ། །དེ་ནི་ཕྱིའི་ཆུ་སྣ་གསུམ་མོ། །དེའི་སྟོངས་སུ་གྱུར་པ་ནི་བུད་མེད་བུ་ཁྱེའུ་སྐྱེས་པའི་ནུ་ཞོ་དང་། ནལ་གྱི་མཁྲིས་པ་དང་། ར་ཐུག་གི་རྨང་ཀའི་དྲི་མ་གསུམ་ནི་གསང་བའི་རྫས་སོ། །དུག་སྣ་གསུམ་ལ་སྦྱར་དུག་ར་དུག་ཀྱི་ལྕེ་བ་ནག་པོ་དང་གསུམ་མོ། །ལྕགས་སྣ་གསུམ་ལ་ལྕགས་ཕྱེ་ཟངས་ཕྱེ་རྡོ་ཕྱེ་གསུམ་མོ། །དེའི་སྟོངས་སུ་གྱུར་པ་ལ་ལུག་མིག་ཁྲག་ཐལ་ཆེན་གཞན་བདུད་རྩི་ལྔ་དང་ཆང་ཕུད་ཚིལ་ཆེན་ཤ་ཆེན་གྱིས་གཞི་བཟུང་ནས་ཤ་སྣ་ཚོགས་དང་། གཏོར་གཞོང་ཆེན་པོ་གཅིག་བྷན་དྷ་གཉིས། མེ་མར་གཅིག །ཡུངས་ཀར་ཁྲག་གིས་བྱུགས་པ་ཁྱོར་གང་། ཟངས་མའི་རལ་ཐོག་མཐིལ་ནག་སྒྲུབ་པའི་སྣོད་རབས་ཆད་ཀྱི་ཐོད་པ་དུམ་བུ་གསུམ་པ་མ་ཉམས་པ་གཅིག །ཞིང་གི་རྒྱུས་པ་བཀལ་བ་ཁྲག་གིས་བྱུགས་པ་དང་། ཞིང་གི་རྒྱུ་མ་བཀལ་བའི་ཐག་པ་ཁྲག་གིས་བྱུགས་པ་དགོས་སོ། །རབས་ཆད་ཀྱི་ཐོད་པ་མེད་ན། ཁམ་སའི་གབ་ཚེ་ཁ་སྦྱང་ལེགས་པ་སྟེང་མའི་དཀྱིལ་དུ་མཐོང་ཁུང་རང་བ་ཞིག་བཏོད་ལ། ར་ཁྲག་ཁྱི་ཁྲག་མི་ཁྲག་གསུམ་གྱིས་ཞན་པར་བསྐུས་ལ་མི་འགོག་པར་བྱུག །ཕྱོགས་བཞིར་མི་མགོའི་གཟུགས་ཁ་སྣ་ཚང་བ་ལེགས་པར་བྲི་སྟེ། མི་རོ་བསྲེགས་པའི་སོལ་བས་སོ། །གསང་བའི་རྫས་བསྟན་པའི་ལེའུ་སྟེ་བརྒྱ་ཉེར་བདུན་པའོ།། །།དེ་ནས་ཡང་གསང་བའི་རྫས་དགྲམ་པ་བསྟན་པ་ནི། མདུན་གྱི་གྲུ་གསུམ་སྟེང་དུ་གཏོར་མ་གཞི་ཆེན་པོའི་ནང་དུ་ར་ཁྲག་ཁྱི་ཁྲག་མི་ཁྲག་གསུམ་དང་། ཤ་སྣ་མང་པོ་དང་སྙིང་སྣ་


DNG023_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

གཏུབས་པའི་དུམ་བུ། མཆོད་པའི་སྨན་དང་ཚིལ་ཆེན་དང་། ཆང་ཕུད་དང་ཚིལ་ཆེན་ཕྱེ་ཕུད་ལ་ཟན་ཁམས་ལ་ཟུར་གསུམ་དུ་བྱས་ལ་དེ་རྣམས་ཀུན་བཀོལ་ལ་ཁྲག་གིས་བྲན་ཏེ། དམར་མེར་རེ་བཞག །གཡས་ཕྱོགས་ཀྱི་ཟླ་གམ་ལ་བྷན་དྷ་གཅིག་གི་ནང་དུ་ཟན་ཁྲག་གིས་བྱུགས་པ་ཟུར་གསུམ་པ་བཅུ་གསུམ་བཞག་ལ། ལོགས་གསུམ་དགྲ་བོ་གང་ལ་བྱ་བའི་མིང་རུས་བྲིས་ཏེ་དགོད་དོ། །དེའི་ནང་དུ་ཡང་སྙིང་གཏུབས་པ་དང་། ཆང་ཕུད་ཤ་ཡི་དམ་དུམ་དང་། ར་ཁྲག་ཁྱི་ཁྲག་མི་ཁྲག་ཡང་རྩལ་ལ་བཞག་གོ། །གཡོན་གྱི་ཟླ་གམ་ལ་བྷན་དྷའི་ནང་དུ་ཡུངས་ཀར་བླུག་ལ་བཞག་གོ། །འཁོར་ལོ་དང་མཐུན་པའི་རྫས་བཞག་གོ་མེ་རི་ལ་ཞིང་ཆེན་གྱི་སྒལ་ཚིགས་དང་ལྷུ་དུམ་དང་། ཚིལ་ཆེན་གྱི་མེ་མར་དང་། གསུར་ཆེན་རྒྱུན་མི་འཆད་པར་བཏང་ངོ་། །དབུས་ཀྱི་གཏོར་མའི་ནང་དུ་ལྷ་བཤོས་ཟུར་གསུམ་པ་ཁྲག་གིས་བྱུག་པ་གཅིག་ཀྱང་བཞག་ཟླ་གམ་གྱི་ཕྱི་རོལ་འཁོར་ལོ་བཞིའི་རྩེ་མོ་ལ། སྐྱེར་པའི་རྩང་ཁྲག་གིས་བྱུགས་པ་མདའ་གང་བ་བཞི་གཟུག་གོ། །དེ་ལ་ནམ་མཁའི་དཀྱིལ་འཁོར་ལ་ཕྱོགས་བཞིར་བུག་པ་ཕུག་ལ་རྩང་བཞི་ཚོན་སྐུད་ཀྱིས་དུམ་བུས་བཏགས་སོ། །གཏོར་མ་བྱས་ཕྱག་གང་གི་མཐོ་བར་བྱས། དེའི་དབུས་སུ་གྲུ་གསུམ་ཐོད་པ་རབས་ཆད་ཀྱི་ཐོད་པའམ། ཁམ་ཕོར་ཁ་སྦྱར་ཏེ་གཞག་པར་བྱའོ། །དེའི་ནང་དུ་སྙིང་སྣ་གསུམ་དང་གསོན་ཁྲག་གསུམ་དང་། ཆུ་སྣ་གསུམ་དང་། དུག་སྣ་གསུམ་དང་། ལྕགས་ཕྱེ་ཟངས་ཕྱེ་རྡོ་ཕྱེ་ཆང་ཕུད་དེ་རྣམས་སྩལ་ཏེ། རྒྱུ་ཞགས་ཀྱིས་དམ་དུ་བཅིངས་ལ། ཕྱོགས་བཞི་འོག་དང་སྟེང་དང་ལྔར་རྒྱུ་ཞགས་ཀྱི་ཐོད་དུ་ཁྲག་གིས་སྦྲུས་པའི་ཟན་ལ་ཡི་གེ་ཧཱུཾ་གི་རྒྱ་སྩལ་ལོ། །དེའི་དབུས་ནས་རྒྱུས་པའི་གཟུངས་ཐག་མ་བཏགས་ལ་གཞག་གོ། །དེའི་ནང་དུ་སྐྱེར་པའི་རྩངས་མཐོ་གང་ཙམ་གྱིས་མཐོ་བར་ཞིང་ཆེན་དཀྱིལ་འཁོར་ཁེབས་པར་དར་མཐིང་ནག་གམ་ཞིང་ཆེན་གྱི་གཡང་གཞིའམ། ཁྱི་ནག་པོའི་གཡང་གཞིའམ། དེ་རྣམས་གང་ཡོད་པ་གཅིག་གིས་ཐིབ་བེ་གཡོགས་སོ། །རྫས་དགོད་པའི་ལེའུ་སྟེ་བརྒྱ་ཉེར་བརྒྱད་པའོ།། །།


DNG023_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་བསྒོམ་པའི་ཐབས་བསྟན་པ་ནི། པདྨ་ཧེ་རུ་ཀའམ། ཆེ་མཆོག་གམ། གཤིན་རྗེའམ་རང་གི་ཡི་དམ་གང་བྱེད་པའི་གཙོ་བོར་བྱས་ཏེ། མན་ངག་གི་སེམས་ལས་མ་གཡོས་པར་བྱ་སྟེ། མཚམས་བཅད། བཤགས། བྱིན་དབབ། མཆོད་པའི་རྫས་རྣམས་དབུལ། ཡི་དམ་གང་བྱེད་པའི་གཞུང་བསྲངས། འཛབ་ཤས་གཅིག་བྱས་ལ། དེ་ནས་མ་མོའི་ཡིད་ཀྱིས་མ་མོའི་ཆས་གོས་རྣམས་གོན་ལ། ཁ་ལྷོ་ཕྱོགས་སུ་བལྟས་ལ། མ་མོའི་དཀྱིལ་འཁོར་བསྐྱེད་ལ། ཆེ་མཆོག་གམ་གཙོ་བོ་གང་ཡིན་པའི་ང་རྒྱལ་དང་ལྡན་པས་གཟུངས་ཐག་བཟུང་སྟེ། ཡུངས་ཀར་ཆང་བར་བླུག་ལ། མ་མོ་སྟོང་རྩ་བརྒྱད་སྤྱིའི་འཛབ་ཟུར་མ་ཆག་པ་བརྒྱའམ་སྟོང་འབུམ་ཇི་ཙམ་ནུས་ཚད་རྒྱུན་མི་འཆད་པར་བཟླས་ཤིང་། བར་བར་དུ་མ་མོ་འབུམ་གྱི་རྗེ་མོ་བསྐུལ་ཞིང་ཡིད་ལ་བརྣག་པའི་ཕྲིན་ལས་གྲུབ་པར་མཛོད་ཅིག །ཅེས་བསྐུལ་ཞིང་སྔགས་ཀྱིས་བཏབ་པའི་ཡུངས་ཀར་ཐོད་པའམ་ཁམ་སའི་གའུའི་མཐོང་ཁུང་ནས་མར་ཁྲག་གི་ནང་དུ་བླུག་གོ། །ཡང་ཡུངས་ཀར་ལ་སྔགས་བཟླས་ཤིང་དེ་བཞིན་དུ་བྱ། ཉིན་ལན་གསུམ་མཚན་ལན་གསུམ་དཀྱིལ་འཁོར་གསལ་བར་བསྒོམ་མོ། །བསྒོམ་པའི་ཐབས་ཀྱི་ལེའུ་སྟེ་བརྒྱ་ཉེར་དགུ་པའོ།། །།གསང་བའི་ཡང་ཏིག་བཀྲོལ་བ་ནི། གཙོ་མོ་བཞིའི་མཆན་བུ་རེ་རེ་བརྡེག་པར་འབྱུང་སྟེ། ཁྲམ་ཁ་སྟོང་གི་བྱ་བ་དང་། མ་མ་སྙིང་ཁ་རག་བྱ་བ་དང་སྦྱོར་རོ། །སྲོག་གི་བཤན་པ་བསྐུལ་བ་ནི། །ནམ་མཁའ་སྟོང་གི་དཀྱིལ་འཁོར་ནས། །མུན་པའི་བུ་མོ་གློག་མ་སྲིན། །སྐུ་ཡི་ཆ་བྱད་འབྱུང་བ་ནི། །སྟོང་གི་མུན་ནག་འཐིབས་པ་གྱོན། །མཁའ་བཞིན་ནག་མོ་འཇིགས་པའི་ཚུལ་སྟོན་ཅིང་། །རལ་པ་ཁམ་ནག་བར་སྣང་ཁེབས་པ་བསིག །ཐོག་འབྲུག་ཆེམ་ཆེམ་བསྐལ་པའི་སྒྲ་སྒྲོགས་ཤིང་། །ཞལ་ཆེན་གདངས་ནས་ཁམས་གསུམ་ཞལ་དུ་རྔུབས། །ཁ་དགུ་གདངས་ནས་སྲིད་གསུམ་སྐོམ་དུ་འཐུང་། །བར་སྣང་ཁམས་ཀྱི་ཡེ་ཤེས་བོ་དྷི་མ། །སྐུ་ལུས་ནག་མོ་རླུང་གི་འཁོར་ལོ་ཅན། །མགྱོགས་མའི་ཆིབས་སུ་ལྕགས་ཀྱི་སྤྱང་མོ་ཆིབས། །རྔམ་པའི་ཆ་ལུགས་


DNG023_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

སྟག་གི་མཆེ་བ་གཙིགས། །ཟ་བའི་ཚུལ་སྟོན་མི་ཤ་རློན་པ་ཟ། །སྐོམ་པའི་རྟགས་སུ་མི་ཁྲག་བཤུལ་པོར་འཐུང་། །ཙིཏྟ་འདྲེན་པའི་ལྕགས་ཀྱུ་ཕྱག་ན་བསྣམས། །གཡས་ཀྱི་ཕྱག་ན་མི་མགོ་འབུད་དུང་བསྣམས། །ཁྱོད་ཀྱི་མིག་རྩ་རིག་རིག་བལྟས་པའི་ཚེ། །མ་མོ་འབུམ་ཡང་ཁྱེད་ལ་རིག་རིག་བལྟ། །བ་སྤུ་སེར་ནག་བསིགས་པའི་སྐྲ་གསེབ་ནས། །སྤྲུལ་པའི་ཕོ་ཉ་ལྕགས་ཀྱི་ཚ་ཚ་འཁྲུག །ལས་སུ་སྲིད་པ་གསུམ་གྱི་བྷྱོ་བཟློག་མཛད། །ཁྱོད་ནི་བདུད་དང་སྲིན་པོའི་ཕོ་ཉ་སྟེ། །རྔམ་པའི་ང་རོས་སྟོང་ཁམས་སྒྲོལ་མཛད་མ། །བར་སྣང་ཁམས་ནས་ལྕགས་ཀྱི་གཞུ་བདུངས་ནས། །སྡང་བའི་དགྲ་ལ་གསེར་མདའ་སེར་པོ་འཕེན། །དགྲ་བོའི་རྣམ་ཤེས་བརྒྱད་ལ་གསེར་མདའ་ཡཱ། །ཐོད་པ་ཁྲག་གི་རྒྱ་མཚོ་དཀྲུགས་དཀྲུགས་ནས། །དགྲ་བོའི་སྙིང་ལ་ཁྲག་ཟོར་ཡཱ། །ལས་སུ་དགྲ་བོ་ཚོལ་ཚོལ་ནས། །དགྲ་རྙེད་ནས་ནི་ཆོ་ངེས་འདེབས། །ཡཱ་ཡཱ་མཱ་མཱ། དགྲ་བོའི་སྙིང་ལ་ཐུན་ཐུན། སྙིང་ཙིཏྟ་སྙིང་ཙིཏྟ། ཁ་ཤ་ཐུན་རིལ་ཡ་མ་སྙིང་ཁྲག་ཤ་མ་མ་སྙིང་དུ་ཕྱིག་ཡཾ། ཡ་ཐིབས་ཙ་ཏེ་བཾ། ཤན་བ་དུ་ཡ་སོད་སོད། ཅེས་ཁྲག་སྦྲེངས་ཤིང་སྙིང་པོ་བཟླས་ལ་མདའ་ཕུར་བརྡེག་པར་བྱའོ། །བདུད་མོ་ཀུན་གྱི་གཙོ་མོ་དང་། མ་མོ་ཁྲག་ལ་བྱ་བ་དང་སྦྱར་ལ། སྲོག་གི་བཤན་པ་ཆེན་མོ་ནི། །སྐུ་མདོག་མཐིང་ནག་ཆེན་མོ་ལ། །ཁྲག་དང་ཞག་གི་ཐིག་ལེས་བརྒྱན། །རལ་པ་སེར་ནག་ནམ་མཁའི་ཁམས་སུ་གཏིབས། །སྤྱན་གསུམ་ཟློག་ཅིང་ཁ་བཞིན་ནག་མོར་བལྟ། །ཡ་མཁལ་ལྡིང་ཞིང་བར་སྣང་ཁམས་སུ་ཉབ། །མ་མཁལ་བཤལ་ནས་དགྲ་བོའི་ཤ་རུས་ཟ། །མི་སྙིང་བརྒྱུས་པའི་སློག་པ་སྐུ་ལ་གསོལ། །དབུ་གསུམ་རུས་སྦལ་ནག་པོའི་ཐོད་པས་བརྒྱན། །གཡས་ཀྱི་ཕྱག་ན་ཐོད་པའི་ཁྲག་ཟོར་འཕེན། །གཡོན་གྱི་ཕྱག་གིས་དགྲ་ལ་གཡབ་མོ་འདོར། །ཞབས་དྲུག་བགྲད་ཅིང་དགྲ་བོའི་སྙིང་རྩ་གཅོད། །དུར་ཁྲོད་ཀློང་དུ་ལྕགས་ཀྱི་གཞུ་བདུངས་ནས། །བསྐུལ་བའི་གནས་ནས་གསེར་གྱི་མདའ་འཕེན་མ། །དགྲ་བོའི་རྣམ་ཤེས་བརྒྱད་ལ་གཟེར་འདེབས་མ། །དཔལ་གྱི་མ་མོ་སྲིད་པའི་ཁྲག་འཐུང་མ། །


DNG023_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

མགྱོགས་པའི་ཆིབས་སུ་འཕར་བ་རྐང་གསུམ་ཆིབས། །རག་ཤ་དབུགས་བདག་སྲོག་གི་ཤན་པ་མོ། །རེངས་པར་ཁུགས་ལ་དགྲ་བོའི་ཙིཏྟ་ཕྱུང་། །རླུང་ནག་འཚུབ་མ་འཁྱིལ་པའི་དཀྱིལ་འཁོར་ནས། །མཁའ་ལ་རླུང་ལྟར་གཏིབས་ཤིང་དབུགས་ལ་བྷྱོ། །ཁྲག་གི་རྦ་ཀློང་འཁྱིལ་པའི་དཀྱིལ་འཁོར་ནས། །རག་མོ་ཁྲག་འཐུང་ཁོང་གི་སྙིང་ལ་བྷྱོ། །དམ་ཉམས་དགྲ་བོ་སྡང་བྱེད་སྙིང་ལ་ཡཱ། །མ་མ་ཏྲག་ཤ་ཀཱ་པཱ་ཙ་ཡ། མུ་ཏི་རི་རྦད། ཤ་ཏ་མཱ་ར་ཡཱ་སོད་སོད། སྙིང་ཁྲག་ཞུས་ཡ་སོད། མེ་ས་དུ་སོད་མཱ་ར་ཡ། ཤིག་ཤིག་མ་སྙིང་ཡ་དུ་ཛ་ཛ། མ་དུ་མ་ཤ་མ་ཛ་ཛ་ཅེས་པས་རཀ་ཏ་སྦྲེང་ངོ་། །སྨན་ཕྲན་ཀུན་གྱིས་གཙོ་མོ་དང་། །མ་མ་པ་ཤ་བྱ་བ་དང་། །སྲོག་གི་བཤན་པ་ཆེན་མོ་ནི། །སྐུ་མདོག་དམར་ནག་ཆེན་མོ་ལ། །སྤྲིན་དམར་གཞའ་ཚོན་གོས་སུ་གྱོན། །ཆིབས་སུ་རླུང་ནག་འཚུབས་མ་ཆིབས། །རྔམ་པའི་སྐུ་མདོག་ཟ་ཚུལ་བསྟན། །མི་ལྤགས་གཡང་གཞི་གོས་སུ་གོན། །ལག་ན་ཙིཏྟའི་ཕྲེང་བ་བགྲང་། །ཁ་དུག་ལྕེ་འབར་བདུད་ཀྱི་བཤན་པ་མོ། །དབུ་དགུ་གསིགས་པས་བསྐལ་པའི་མེ་སྟག་འཕྲོ། །ཁ་དགུ་གདངས་ཤིང་ཁམས་གསུམ་ཟས་སུ་ཟ། །ཞལ་དུ་རྔུབས་པས་སྲིད་གསུམ་སྐོམ་དུ་འཐུང་། །སྤྱན་གསུམ་བཟློག་པས་ཁྲག་གི་རྒྱ་མཚོར་འཁྱིལ། །ཁ་ནས་མེ་འབར་བདུད་བཞི་སྲེག་པར་མཛད། །ཁྲོས་པའི་ཁ་བཞིན་མིག་རྩ་དམར་པོར་སྟོན། །དབུ་དགུ་རལ་པ་ཐུར་དུ་བསིགས་པ་ཡིས། །གནམ་ལྕགས་ཨུར་མོའི་ཐོག་དང་སེར་ཆེན་འབེབས། །ཕྱག་ན་སྤུ་གྲི་མཚོན་ཆ་སྣ་ཚོགས་བསྣམས། །དམ་ཉམས་དགྲ་བོ་རྣམས་ཀྱི་སྙིང་རྩ་ཆོད། །ཞལ་ནས་སྒྱུགས་པའི་བརྡའ་སྐད་ཕྱོགས་བཅུར་འབོད། །སྦྲུལ་ནག་འཁྲིགས་པའི་ཞགས་པས་བཅིངས་ནས་ཀྱང་། །རག་ཤ་མདའ་ཟོར་སྙིང་གི་དཀྱིལ་དུ་རྒྱོབ། །ཚེ་སྲོག་གཅོད་ཅིང་ཀུན་གྱི་ཕུད་ཉུལ་མ། །ལྕགས་ཀྱུ་འབར་བས་སྙིང་གི་དཀྱིལ་ནས་དྲོངས། །དམ་ལས་མ་འདའ་བཅོལ་བའི་ཕྲིན་ལས་མཛོད། །མི་མགོ་སྟོང་གི་ཐོད་ཕྲེང་བསིགས་ཤིང་སྤྱོན། །འོ་དོད་ཆེན་པོ་ཕྱོགས་བཅུར་འབོད་ཅིང་སྤྱོན། །དགྲ་


DNG023_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

བོའི་ཤ་དང་ཁྲག་ལ་ལོངས་སྤྱོད་མ། །དགྲ་ལ་ཆོ་ངེས་འདེབས་ཤིང་གཤེགས་སུ་གསོལ། །ཡཱ་ཡཱ་མཱ་མཱ་ཧྲི་ཛ་ཛ། ཙིཏྟ་བ་ཤིག་ལ། མ་བཾ་ཡ་ཐུཾ་དུར་སྙིང་དུ་ཟུར་ཙིཏྟ་ཤ་ཡ། ཙིཏྟ་ཤ་ཡ། ཙིཏྟ་ཤ་ཡ་བཾ་ཙིཏྟ་ཤ་ཡ་ཟང་ཤག་མ་མ་ཐུཾ་ཡ། སྙིང་དུན་དུན་ཀེཾ། སྙིང་ཀེཾ་མ་ར་ཏྲི་ཟོ་ཞིག་གཏོར་མར་སྦྲེང་ངོ་། །ཉུལ་ལེ་མ་ཀུན་གྱི་གཙོ་མོ་དང་སྔགས་དང་སྦྱར། བཤན་པ་ནི། གདུག་བྱེད་གསོད་པའི་ཕོ་ཉ་ནི། །སྐུ་མདོག་ཅིར་ཡང་མ་ངེས་ཏེ། །སྤྲུལ་པའི་མངའ་བདག་ཆེན་མོ་སྟེ། །ལྕགས་ཀྱི་སྤྱང་མོ་བརྒྱ་ལ་ཆིབས། །ཤིན་ཏུ་གདུངས་ཤིང་རྦད་པའི་ཚེ། །མེ་ལྕེ་འབར་བའི་འོད་ཟེར་འཕྲོ། །བ་སྤུ་ཉག་མ་རེ་རེ་ནས། །སྲིན་མོ་འབུམ་གྱི་གཟུགས་སུ་སྟོན། །གདོང་དང་མིག་ནི་ཁྲོ་ཚུལ་བལྟ། །ཕྱག་ན་ལྕགས་ཀྱུ་འབར་བ་བསྣམས། །དམ་ཉམས་དགྲ་བོའི་སྙིང་ནས་དྲོངས། །མཆི་མ་ཁྲག་གི་ཐིགས་པ་ལས། །ལྕགས་ཀྱི་སྤྱང་མོ་དགུ་བྱུང་སྟེ། །ཟས་སུ་དགྲ་བོའི་རྣམ་ཤེས་ཟ། །སྐོམ་དུ་དགྲ་བོའི་ཁྲག་ལ་འཐུང་། །ཡ་སོ་ལྕགས་ཀྱི་སྤུ་གྲིས་གཏམས། །མ་སོ་གསེར་གྱི་སོག་ལེས་གཏམས། །མཆེ་བ་རྣོ་དཀར་ཟླ་ཚེས་བཞིན། །སེང་གེའི་སྤུ་ལྟར་གཅིག་ནས་སྐྱེས་པ་ཡིས། །བ་སྤུ་སེར་ནག་བསྐལ་པའི་མེ་ལྟར་འབར། །སྤྱན་གསུམ་བགྲད་པའི་ཁྲོ་ཚུལ་སྟོན། །རྔམས་པའི་ཞལ་ནས་འབྲུག་སྒྲ་དྲག་པོ་སྒྲོགས། །ཆིབས་སུ་ཕག་མོ་མགོ་དགུ་ཆིབས། །ཁྱོད་ནི་སྲིན་པོའི་བུ་མོ་སྟེ། །སྲིན་མོ་འབུམ་ཕྲག་བྲན་དུ་ཁོལ། །ཉམས་པའི་སྙིང་འབྱིན་ཆད་པར་བཅུག་ནས་ཟ། །མ་མ་སྙིང་མཱ་ར་ཡ་ཛ་ཛ་སྙིང་ཙིཏྟ། ཐུན་ཛ་ཛ། སྙིང་ཤ་ཤ་མཱ་ར་ཡ། སྙིང་ཏི་མཱ་ར་ཡ། ཤིན་ཏུ་ཡ་གཾ། སྙིང་དུ་བཾ་ཡཾ། སྙིང་ཁ་རག །ཤ་པ་ཡ་ནི་སོད་ཡ། ཀྱིས་ཡང་སོད། ཡ་གདུན་ནེ་ཤ་སོད། ཅེས་པས་བརྡེག་གོ། །ཆོ་ག་ཟིན་པ་དང་ཁྲག་ཟོར་སྤྱན་དྲངས་ལ་མཁར་རམ་དུར་མཆད་ལ་བརྡེག་གོ། །དགྲ་བོའི་ཕྱོགས་སུ་འཕེན་ན། མདའ་ལ་བྱ་རྒོད་སྡེར་མོ་མདེའུ་རུ་བཅུག་ལ། མདའ་ཁྲག་གིས་དམར་པོར་བྱུགས་ལ། སྣ་ལ་དམར་གཏོར་འཕང་མ་མོ་རྦད་ལ་མདའ་ཕྱིས་ལ་འཕང་། ཕོ་ཉ་ནི་མ་བྷྱོ་བྱ་བ་བཏང་ངོ་། །ནམ་ལངས་


DNG023_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་ཕོ་རོག་ཁང་ཐོག་དུ་འབབ་པོ། །དེ་ལྟར་བྱུང་ན་ལས་འགྲུབ་པའི་རྟགས་སོ། །ཡུངས་ཀར་དང་ཁྲག་བརྡེག་པའི་སྔགས། རག་མོ་རག་མོ་རུ་རུ་ཚལ་པ་སྙིང་ཁྲག་མ་བྷྱོ། ཁྲག་ལ་མུ་མུ་ཤ་མ་བྷྱོ། རག་མོ་སེར་བྱེད་སྙིང་ལ་བྷྱོ། རག་མོ་ལྟ་བྱེད་མིག་ལ་བྷྱོ། རག་མོ་ཉན་བྱེད་རྣ་བ་ལ་བྷྱོ། རག་མོ་སྣོམ་བྱེད་སྣ་ལ་བྷྱོ། རག་མོ་མྱོང་བྱེད་ལྕེ་ལ་བྷྱོ། རག་མོ་སྲོག་རྒྱུད་ལུས་ལ་བྷྱོ། རག་མོ་བམ་རིལ་རག་མོ་ཆེམ་ཆེམ་ཆེམ། རག་མོ་པ་ཤ་པ་ལ་ཛ་ཛ། རག་མོ་སྙིང་རྒྱུད་རྩ་ལ་ཛ་ཛ། རྩ་རྒྱུད་སྲོག་ལ་ཛ་ཛ། སྲོག་རྒྱུད་དབུགས་ལ་ཛ་ཛ། རུ་ལུ་རུ་ལུ་མདའ་དེ་བྷྱོ། དགྲ་བོའི་སྙིང་ལ་ཐུན་བྷྱོ་ཞེས་པས་ལ་འགྲུབ་པ་སྟེ། གསང་བ་ཡང་ཏིག་གི་ལེའུ་སྟེ་བརྒྱ་སུམ་ཅུ་པའོ།། །།དེ་ནས་མ་མོ་བསྐུལ་པ་བསྟན་པ་ནི་ཕོ་ཉ་ཐམས་ཅད་ཀྱི་གཙོ་མོ་ཁྲམ་ཁ་སྟོང་གི་དབང་མོ་ཆེའོ། །དེ་བསྐུལ་བ་ནི། ནམ་མཁའི་དབྱིངས་ཀྱི་དཀྱིལ་འཁོར་ནས། །སྐུ་ཡི་ཆ་བྱད་བྱུང་བ་ནི། །སྐུ་ནི་རིན་ཆེན་ནམ་མཁའི་སྐུ། །ཤིན་ཏུ་འབར་བའི་སྐུ་མངའ་བ། །གསུང་ནི་སྟོང་ཁམས་གྲགས་པར་འབྱུང་། །ཕྱག་ཀྱང་འབུམ་ཕྲག་བསམ་ཡས་ཏེ། །ཕྱག་ན་དར་ནག་འབུམ་བསྣམས་ཤིང་། །བདུད་ཀྱི་དམག་དཔུང་རྡུལ་དུ་རློག །ཕྱག་ན་རག་ཤའི་མདའ་གཞུ་འགེངས། །དགྲ་བགེགས་མ་ལུས་ཐལ་བར་རློག །སྐུ་ལས་འོད་ཟེར་འཕྲོས་པ་ཡིས། །ཕོ་ཉ་འབུམ་གྱི་གཟུགས་སྣང་བས། །སྲི་དང་གསུམ་གྱི་མུ་སྟེགས་འདུལ། །བདུད་ཀྱི་ཁྲག་གིས་མ་མོ་ངོམས་བྱེད་ཅིང་། །བདུད་ཀྱི་ཁྲག་གིས་མ་མོ་སྐུ་རྒྱན་བཞུགས། །ཐུགས་དམ་དུས་ལ་བབ་པོ་འཕྲིན་ལས་མཛོད། །སྲོག་གི་སྙིང་པོ་དམ་ལས་མ་འདའ་ཞིག །བདུད་མོ་ཐམས་ཅད་ཀྱི་གཙོ་མོ་རི་རབ་གླིང་བཞི་དབང་མོ་ཆེའོ། །དེ་བསྐུལ་བ་ནི། རི་རབ་གླིང་བཞིའི་དཀྱིལ་འཁོར་ནས། །སྐུ་ཡི་ཆ་བྱད་བྱུང་བ་ནི། །སྲིན་མོ་འབུམ་གྱི་ཐོད་པས་བརྒྱན། །ཐོད་པ་རབ་ཏུ་གསིགས་པ་ཡིས། །བདུད་ཀྱི་དཔུང་ཡང་རྡུལ་དུ་རློག །ཞབས་ཀྱང་འབུམ་ཕྲག་ཡངས་པར་འབྱུང་། །


DNG023_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་ཀྱིས་རི་རབ་གླིང་བཞི་གནོན། །བདུད་ཀྱི་གཡུལ་ཡང་འཇོམས་པར་མཛད། །གཡས་ཀྱི་ཕྱག་ན་བསྣམས་པ་ནི། །སྤུ་གྲི་འབར་བའི་ཞགས་པ་དང་། །ཞིང་གི་དབྱུག་པ་བསྣམས་པས་ནི། །བཀའ་ལས་འདའ་བ་ཐམས་ཆད་སྒྲོལ། །གཡོན་གྱི་ཕྱག་ན་བསྣམས་པ་ནི། །ལྕགས་མདུང་འབར་བ་འབུམ་ཕྲག་ལ། །དར་ནག་འབར་བ་འབུམ་གྱིས་བཀླུབས། །ལྷ་སྲིན་མང་པོའི་དཔུང་ཡང་བཟློག །སྐུ་མདོག་དམར་ནག་སྒེག་པ་ལ། །དབུ་གསུམ་རབ་ཏུ་འཇིགས་པར་སྣང་། །དབུ་སྐྲ་རལ་ནག་འབར་བ་ལ། །རལ་པ་གྱེན་དུ་གསིགས་པ་ཡིས། །སྟེང་གི་ལྷ་རྣམས་དབང་དུ་སྡུད། །རལ་པ་ཐད་ཀར་གསིགས་པ་ཡིས། །ཁམས་གསུམ་མ་ལུས་དབང་དུ་སྡུད། །རལ་པ་ཐུར་དུ་གསིགས་པ་ཡིས། །མི་ཡུལ་དགྲ་བགེགས་རྡུལ་དུ་རློག །ཐུགས་དམ་དུས་ལ་བབ་ཀྱི་ཕྲིན་ལས་མཛོད། །སྲོག་གི་སྙིང་པོ་དམ་ལས་མ་འདའ་ཞིག །སྨན་ཕྲན་ཀུན་གྱི་གཙོ་མོ་སྟེ། །ས་གཞི་འདེགས་པའི་དབང་མོ་ཆེ། །དེ་བསྐུལ་བ་ནི། ཐེག་ཆེན་ས་གཞིའི་དཀྱིལ་འཁོར་ནས། །སྐུ་ཡི་ཆ་བྱད་བྱུང་བ་ནི། །སྣང་སྲིད་ཀུན་གྱིས་སྐུ་བརྒྱན་ཅིང་། །དབུ་ནི་ལྕགས་མདུང་མེས་བསྲེགས་འདྲ། །བ་སྤུ་ཀུན་གྱི་བུ་ག་ནས། །ལྕགས་ཀྱི་མཚོན་ཆ་སྣ་ཚོགས་འཕྲོ། །རབ་ཏུ་འབར་བས་དགྲ་བགེགས་འཇིལ། །ཕྱག་རྒྱ་གཡོན་པ་བཞི་བྱུང་བས། །ལྕགས་ཀྱུ་མེ་འོད་འབར་བ་བསྣམས། །དགྲ་བགེགས་མ་ལུས་སྙིང་ནས་འདྲེན། །ཕྱག་རྒྱ་གཡས་པ་བཞི་བྱུང་བས། །རལ་གྲི་མེ་འོད་འབར་བ་བསྣམས། །དགྲ་བགེགས་མ་ལུས་སྙིང་ཆེན་འབྱིན། །ཞབས་དགུ་ཐུར་དུ་བྱུང་བ་ནི། །རྡོ་རྗེ་ཕུར་བུ་དགུ་འདྲིལ་ཞིང་། །དགྲ་བགེགས་མ་ལུས་སྙིང་ལ་འགེམས། །ཁམས་གསུམ་སྒྲོལ་བའི་ཞེ་སྡང་གིས། །ཕ་རོལ་གདུག་པའི་ཞེ་སྡང་གཅོད། །ཐུགས་དམ་དུས་ལ་བབ་ཀྱི་ཕྲིན་ལས་མཛོད། །སྲོག་གི་སྙིང་པོ་དམ་ལས་མ་འདའ་ཞིག །ཉུལ་ལེ་ཀུན་གྱི་གཙོ་མོ་སྟེ། །རྒྱ་མཚོ་གླིང་གི་དབང་མོ་ཆེ། །དེ་བསྐུལ་བ་ནི། རྒྱ་མཚོ་གླིང་བཞིའི་དཀྱིལ་འཁོར་ནས། །སྐུ་ཡི་ཆ་བྱད་བྱུང་བ་ནི། །སྐུ་ནི་རིན་ཆེན་འབར་བ་ལ། །གཡུ་ཡི་དབུ་ལ་ཤེལ་གྱི་གདོང་། །སྐུ་ལས་འོད་ཟེར་འཕྲོས་


DNG023_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིས། །ཁམས་གསུམ་མ་ལུས་བདུད་དཔུང་འཇོམས། །དེ་ཡི་ཐོད་པ་དམར་པོ་ནི། །ཡང་དག་གསང་བའི་དཀྱིལ་འཁོར་འདིར། །རྡོ་རྗེ་རལ་པ་གཡེངས་པ་ཡིས། །ཁམས་གསུམ་མ་ལུས་དམྱལ་ཐག་གཅོད། །དེ་ཡི་ཞེ་སྡང་ཆེན་པོས་ནི། །རྡོ་རྗེ་མཚོན་ཆ་རབ་ཏུ་འབེབས། །མི་བཟད་གདོན་དང་དགྲ་བགེགས་སྒྲོལ། །ཕྱག་ན་མདུང་དམར་གཞིབས་པ་ལ། །དར་ནག་འབུམ་གྱིས་བཀླུབས་ནས་ནི། །ཕས་ཀྱི་གཡུལ་ངོ་ཟློག་པར་མཛད། །ཟློག་ཅིག་ཐུགས་དམ་དུས་ལ་བབ། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །སྲོག་གི་སྙིང་པོ་དམ་ལས་མ་འདའ་ཞིག །སྲོག་གི་སྙིང་པོ་རྣམ་གསུམ་དྲངས་ཤིང་བརྣག་པའི་ལས་བཅོལ་ལོ། །བསྐུལ་བའི་ལེའུ་སྟེ་བརྒྱ་སོ་གཅིག་པའོ།། །།དེ་ནས་ཡང་ཕྲིན་ལས་རྫོགས་རྟགས་བྱུང་ནས་དངོས་གྲུབ་བླང་བ་བསྟན་པ་ནི། བྷན་དྷ་མཚན་དང་ལྡན་པའི་ནང་དུ་བདུད་རྩི་བླུགས་ལ། དམ་བཅའ་བ་དང་དམ་བསྲེ་བ་བདུད་རྩིས་བྱས་ལ། དེ་ནས་ཞལ་ཟས་རྣམ་པ་སྣ་ཚོགས་པ་བསགས་ཏེ་བདུད་རྩིས་བསངས། མཚམས་དྲག་ཏུ་བཅད། བཟླས་པ་མང་དུ་བྱ། དེ་ནས་དངོས་གྲུབ་བླང་སྟེ། འདི་སྐད་དོ། །ཧཱུཾ། རང་བཞིན་རྣམ་དག་པདྨའི་སྐུ་འཁྲུངས་པ། །རིག་འཛིན་རྩལ་འཕང་ཆོས་ཀྱི་དབྱིངས་ཉིད་ཧཱུཾ། །ཡང་དག་མཐར་ཕྱིན་བདག་ཉིད་སྨྲེང་ཞིང་གསོལ། །མ་ཡིས་མངོན་སྤྱོད་དངོས་གྲུབ་བདག་ལ་སྩོལ། །ཧཱུཾ། ཆོས་ཉིད་དོན་རིག་པདྨའི་སྐུ་འཁྲུངས་པ། །སྐྱེ་འགྲོ་འབྱུང་འགྱུར་ཡུམ་ཆེན་དབྱིངས་ཀྱི་ངང་། །ཡུམ་ཆེན་གཟི་ལྡན་པདྨའི་ངང་ཉིད་ཐུགས། །དེ་ཉིད་མཉམ་དགོངས་དངོས་གྲུབ་བདག་ལ་སྩོལ། །ཧཱུཾ། ང་ཡི་ཁྱད་པར་རིག་པ་མངོན་པར་བཞུགས། །ཐུགས་རྗེ་རྔམ་འབྱུང་བྷན་དྷ་རྟགས་ཀྱིས་འབོད། །མ་ཆེན་སྙིང་གི་དངོས་གྲུབ་བདག་ལ་སྩོལ། །ཧཱུཾ། མཁའ་དབྱིངས་དག་པའི་ནམ་མཁའི་ཀློང་འཁྱིལ་དུ། །རིགས་མཆོག་དག་པའི་དངོས་གྲུབ་བདག་ལ་སྩོལ། །ཧཱུཾ། རབ་འབྱམས་བདེན་


DNG023_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

མོས་ཡང་དག་དོན་གྲུབ་མ། །འབྲས་བུ་མི་དམིགས་ཐུགས་རྗེའི་ངང་འབྱམས་མ། །མཐའ་ཡས་ཀློང་གི་དངོས་གྲུབ་བདག་ལ་སྩོལ། །ཧཱུཾ། བཀྲ་ཤིས་བདེན་མོའི་ངང་འབྱམས་མ། །ཐུགས་མཆོག་ཡུམ་གྱི་དངོས་གྲུབ་བདག་ལ་སྩོལ། །ཧཱུཾ། ཕྱག་རྒྱ་རིགས་མོ་ཡངས་པས་ཀུན་ཏུ་གསལ། །མ་གཅིག་ཐུགས་རྗེ་ཆེན་པོ་བདག་ལ་སྩོལ། །ཧཱུཾ། མྱ་ངན་འདས་པའི་ཆོས་ལ་ཟབ་མོས་པ། །ས་བདག་རྒྱལ་པོའི་དངོས་གྲུབ་བདག་ལ་སྩོལ། །ཧཱུཾ། མི་མཉམ་བྷ་ག་དག་པ་ཆོས་ཀྱི་སྐུ། །བདག་གི་རྣམ་ཤེས་ཙིཏྟ་བེམ་པོ་འདི། །གཏི་མུག་ཤས་བསྡུས་རང་བཞིན་མུན་པའི་ཁམས། །ནང་ཁྲོལ་ཕྱི་ཤ་རྩ་བརྒྱད་འཁོར་བའི་རྒྱུ། །མ་དག་དག་ཕྱིར་ཡི་དམ་ལྷ་ཁྱོད་ལ། །འབྲས་བུ་ཐོབ་ཕྱིར་བདག་གིས་སྨྲེང་གསོལ་ན། །མ་ལ་ཡེ་ཤེས་སྤྱན་མངའ་བས། །སྤྱན་གྱི་དངོས་གྲུབ་བདག་ལ་སྩོལ། །མ་ལ་ཡེ་ཤེས་ཐུགས་མངའ་བས། །ཐུགས་ཀྱི་དངོས་གྲུབ་བདག་ལ་སྩོལ། །ཧཱུཾ། རིགས་མཆོག་ཁྱད་པར་སྤྲུལ་པ་མངོན་འབྱིན་མ། །མ་ལ་སྐུ་མཆོག་ཁྱད་པར་བསམ་ཡས་པས། །སྐུ་མཆོག་ཁྱད་པར་དངོས་གྲུབ་བདག་ལ་སྩོལ། །མ་ལ་རྫུ་འཕྲུལ་རྐང་མངའ་བས། །རྐང་མགྱོགས་དངོས་གྲུབ་བདག་ལ་སྩོལ། །ཧཱུཾ། མ་ལ་ཡེ་ཤེས་ཞལ་མངའ་བས། །མི་བརྗེད་གཟུངས་ཀྱི་དངོས་གྲུབ་བདག་ལ་སྩོལ། །ཧཱུཾ།དུས་འདི་ཐམས་ཅད་གཟུང་བའི་སྙོམས་པའི་ཁམས། །སྐལ་ལྡན་དད་མོས་བདག་གིས་སྨྲེང་གསོལ་ན། །བྱིན་རླབ་མཐུ་ཆེན་སྩོལ་བའི་དུས་ལ་བབ། །དྲག་ཤུལ་མཐུ་ཡི་དངོས་གྲུབ་སྩལ་དུ་གསོལ། །ཞེས་དངོས་གྲུབ་བླང་བའི་ལེའུ་སྟེ་བརྒྱ་སོ་གཉིས་པའོ།། །།དེ་ནས་ཡང་སེར་བའི་ཐབས་ལ་སྦྱོར་བར་འདོད་ན་ལས་འདི་བྱའོ། །ཞིང་གི་གཡང་གཞི་ཡན་ལག་བཞི་ལ་སྲོག་ལ་བྱེད་ན་བཤན་པ་མོ་བཞི་བྲིས་ལ་སྦྱར་རོ། །སེར་བ་ལ་སྦྱར་ན་གདོང་མོ་བཞི་སྤྱན་དྲངས་ཏེ། ཤར་ཕྱོགས་ནམ་མཁའི་དཀྱིལ་ཡངས་ནས། །ཤར་གྱི་སྟག་སྲིན་ཟོར་བ་གདོང་། །ཐོག་མདའ་ཐམས་ཅད་གཤེགས་ཤིང་གཤེགས། །ལྷོ་ཕྱོགས་ནམ་མཁའི་དཀྱིལ་ཡངས་ནས། །སྲིང་གཅིག་བམ་སྲིང་དྲེད་མོ་གདོང་། །སྲིང་གཅིག་གཟེར་ཐབས་བདག་མོ་ད་ཚུར་སྤྱོན། །ནུབ་ཕྱོགས་ནམ་མཁའི་དཀྱིལ་ཡངས་ནས། །ནུབ་ཀྱི་ཀོང་སྲིན་བན་གླང་གདོང་། །སྲིང་གཅིག་གླང་ཐབས་བདག་མོ་ད་ཚུར་སྤྱོན། །བྱང་ཕྱོགས་ནམ་མཁའི་དཀྱིལ་ཡངས་ནས། །བྱང་གི་འཕྲོག་སྲིན་ཆུ་སྲིན་གདོང་། །རི་རབ་རྩེ་ནས་འབྲུག་སྒྲོགས་


DNG023_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

མ། །འབྲུག་ལྡིང་གློག་འགྱུ་ད་ཚུར་སྤྱོན། །ཞེས་སྤྱན་དྲངས་ལ། དེ་ནས་སྔགས་ཀྱིས་བརྟན་པར་བཞུགས་སུ་གསོལ་བ་ནི། རག་མོ་རག་མོ་སྙིང་རྩ་ཤ་མ་མ་ས་མ་ཡ་ཏིཥྠ་ལྷན། རག་མོ་རག་མོ་རུ་རུ་རོ་རུ་ཙ་པ་ལ་དགྲ་བོའི་སྙིང་ཁ་རག་ས་མ་ཡ་ཏིཥྠ་ལྷན། རག་མོ་རག་མོ་ཙབ་མོ་ཙབ་མོ། ཁྲག་ལ་མུ་ཤ་མ་ས་ཡ་ཏིཥྠ་ལྷན། རག་མོ་རག་མོ་ཏྲག་མོ་ཏྲག་ཤིག་ཤིག་དགྲ་བོའི་སྙིང་ཁ་རག་ལ་མ་ས་ཡ་ཏིཥྠ་ལྷན། མ་མོ་རྣམས་དམ་ཚིག་གི་དབང་གིས་ས་མ་ཡ་ཏིཥྠ་ལྷན། ཞེས་པས་བཞུགས་སུ་གསོལ་བར་བྱའོ། །སྤྱན་དྲངས་པ་དང་བཞུགས་སུ་གསོལ་བའི་ལེའུ་སྟེ་བརྒྱ་སོ་གསུམ་པའོ།། །།དེ་ནས་མཆོད་པ་འབུལ་ཏེ། ཤ་ཁྲག་སྣ་ཚོགས་པ་དང་ར་ཁམ་རོག་གི་ཤ་ཁྲག་གི་མཆོད་པ་དབུལ་བར་བྱ་སྟེ། འདི་སྐད་དོ། །ཤར་ཕྱོགས་ནམ་མཁའི་དཀྱིལ་ཡངས་ནས། །ཤར་གྱི་སྟག་སྲིན་ཟོར་པ་གདོང་། །ནམ་མཁའི་དཀྱིལ་ནས་ཐོག་འབེབས་མ། །འདིར་གཤེགས་རྣལ་འབྱོར་མཆོད་པ་བཞེས། །ལྷོ་ཡི་བམ་སྲིན་དྲེད་མོ་གདོང་། །བར་སྣང་ཁམས་ནས་འབྲུག་སྒྲོགས་མ། །འདིར་གཤེགས་རྣལ་འབྱོར་མཆོད་པ་བཞེས། །ནུབ་ཀྱི་ཀོང་སྲིན་གློག་འགྱུ་མ། །འདིར་གཤེགས་རྣལ་འབྱོར་མཆོད་པ་བཞེས། །བྱང་གི་འབྲོག་སྲིན་ཆུ་སྲིན་གདོང་། །འདིར་གཤེགས་རྣལ་འབྱོར་མཆོད་པ་བཞེས། །ཞེས་པའི་རྟིང་མ་ལ་སོགས་གོང་གི་མཆོད་སྔགས་ཏེ། དེའི་མཐར་སྭཱ་ཧཱ་ཞེས་བཏགས་ལ་གཟར་བུའི་ནང་དུ་རཀྟ་སྦྲེང་ངོ་། །རའི་སྙིང་ནང་དུ་མིང་རུས་དང་བཅས་པའི་གཟུགས་བཅུག་ལ་བསྟབ་པར་བྱ་སྟེ། རྣལ་འབྱོར་དམ་ཚིག་ཅན་གྱི་གྲོགས་མཛད་མ། །ཤ་ཁྲག་དམར་གྱི་ཕོ་ཉ་རྗེས་གཅོད་མ། །ཙ་རའི་སྙིང་དང་ཁྲག་ལ་དགྱེས། །ལེགས་ཉེས་ཀུན་གྱི་སྟངས་འཛིན་མ། །ཤ་ཁྲག་དམར་གྱི་རྗེས་གཅོད་མ། །ཕྲིན་ལས་དམ་ཉམས་གཤེད་དམར་གཤེགས། །དམ་ཉམས་གཤེད་དམར་ཞལ་འཆེས་མ། །མནའ་ཟན་གང་ཡིན་ཁྲིད་ལ་ཤོག །སྔགས་གོང་མ་ལ་ཁ་རཾ་ཁཱ་ཧི་ཞེས་པས་བསྟབ་པར་བྱའོ། །མཆོད་པ་དབུལ་བ་དང་བསྟབ་པའི་ལེའུ་སྟེ་བརྒྱ་སོ་བཞི་པའོ།། །།གསང་བའི་སྔགས་བསྟན་པ་ནི། གུ་སི་དན་མ་དགྲ་ལ་བྷྱོ། ཨུ་ཙུཥྨ་ཤ་དགྲ་ལ་བྷྱོ། ཁཾ་ཁ་རྦད་ཤ་དགྲ་ལ་བྷྱོ། སྙིང་ཁ་རག་མ་དགྲ་ལ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ། འུ་ཡཾ་ལོ་ཐོག་ལ་བྷྱོ། ས་ཤར་བ་བ་


DNG023_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ཐོག་ལ་བྷྱོ། ནལ་ཆན་ལོ་ཐོག་ལ་བྷྱོ། ཐོར་ཐོག་ལོ་ཐོག་ལ་བྷྱོ། ཨོཾ་ཧ་ཡ་གྲཱི་བ་ཧྲི། པདྨ་བ་མོ་ཏ་ཧྲི། ཙ་ན་ད་རག་ཤ་ཧྲི་དབང་། ཙིན་ད་ཙིན་ད་ཤད་ཡ་མཱན་ཏ་ཀ་ཧཱུཾ་པ་ཙ་པ་ཙ་ཧཱུཾ་ཕཊ། ཛྭ་ལ་ཛྭ་ལ་རཾ། ཛྭ་ལ་ཛྭ་ལ་རཾ་ཧཱུཾ་ཕཊ། མ་མ་རིལ་རིལ། ཤར་ཤར་ཏྲ་ཏྲག་ཏུ་ཙ་ཏུ་ཙ་ཤུ་ཏི་པྲོཾ། ཙ་མུན་དུད་པྲོཾ། ཡ་མཱན་ཏ་ཀ་ཨ་དཀར་དུ་རུ་དུ་རུ། ཕྲཾ་དུད་པྲོཾ། དཀར་པྲོཾ་ཡུ་ཏི་སྨིན། ཤ་ར་ཤ་ལ་ལྟ་ཧྲིལ་བྷྱོ། རག་མོ་སྙིང་ཙ་རུ་རུ་ཙབ་མོ་སྙིང་ཁ་རག་གུ་སི་དན་མ་ཤག་མུ་ཤ་མ་བྷྱོ། ཞེས་པ་སྟེ་སྔགས་འདིས་ཐམས་ཅད་འགྲུབ་པའོ། །གསང་བ་སྔགས་ཀྱི་ལེའུ་སྟེ་བརྒྱ་སོ་ལྔ་པའོ།། །།རྫས་སྣ་བསྟན་པ་ནི། ཡུལ་གང་དུ་ལས་བྱེད་པའི་སྔོ་སྣ་ཚང་བར་བླངས་ལ། དེ་རྣམས་བརྡུངས་ལ་ཁྲག་གི་ཟངས་བུ་རུ་མཆོད་པ་དབུལ་ལོ། །ཚིལ་ཆེན་གྱི་དུད་པ་བཏང་། དེ་ནས་མཐུན་པའི་རྫས་གང་བྱེད་པས་ལྷ་བསང་། གང་ལ་བྱེད་པའི་ཡུལ་ལྷ་ཡང་རུང་སྟེ་གཟུགས་ལ་ཕུར་པས་གདབ། ཕུར་བུའི་ངོས་བཞི་རུ་སྲོག་གི་སྙིང་པོ་ཐི། ཕུར་པ་སེང་ལྡིང་ལ་བགྱི། བདེན་པ་བདར་མ་ཉེས་པའི་དཔང་གཟུག །ཡམས་ནད་འབེབས་པར་འདོད་ན། དུག་སྣ་ཚོགས་དང་ཁྲག་སྣ་ཚོགས་དང་སྔོ་ཁུར་སྦྱིན་བསྲེག་བྱ། དེའི་ཐལ་འཇིམ་དེ་ཕྱོགས་སུ་རླུང་ཕྱོགས་མ་ལངས་པ་ལ་གཏོར་ཞིང་སྔགས་བཟླས་ན་ཡམས་ནད་འོང་། ཐལ་འཇིམ་དེ་ཕྱུགས་ལ་གཏོར་ནས་སྔགས་བཟླས་ན། ཡམས་ནད་ལྷོག་རྒལ་འབྱུང་ངོ་། །མི་ལ་གཏོར་ན་ཕོ་གཟེར་དང་གླང་ཐབས་འོང་ངོ་། །མཁར་གྱི་འགྲམ་རྩར་སྦས་ན་མཁར་འཇིག་གོ། །ལས་འདི་བྱས་ན་ཁྲག་གི་སེར་བ་དགུན་ཡང་འབེབས་ན་སྟོན་ཟླ་གསུམ་ལ་སྨོས་ཀྱང་ཅི་འཚལ། ཞེས་གསུངས་སོ། །རྫས་བསྟན་པ་དང་སྐྱིན་ཐང་དབབ་པའི་ལེའུ་སྟེ་བརྒྱ་སོ་དྲུག་པའོ།། །།དེ་ནས་ཡང་སྲིད་པ་ལས་ཀྱི་མ་མོ་དང་། །བདེ་འགྲོ་ལས་ཀྱི་མ་མོ་དང་། །མཁས་པ་ལས་ཀྱི་མ་མོ་དང་། །རྒྱུའི་བདེ་འགྲོ་ལས་ཀྱི་མ་མོ་དང་། །སྲས་ཀྱིས་དབང་དུ་བསྡུས་པ་ལས་ཀྱི་མ་མོ་དང་། །གྲགས་པ་ལས་ཀྱི་མ་མོ་དང་། །གྲང་ཀྲིད་ལས་ཀྱི་མ་མོ་དང་། །ཡང་གསལ་ལས་ཀྱི་མ་མོ་དང་། །ཤུ་བ་བན་ཆེན་ལས་ཀྱི་མ་མོ་དང་། །འཇུག་པ་ལས་ཀྱི་མ་མོ་དང་། །འཕེན་པ་ལས་ཀྱི་མ་མོ་དང་། །རྡོ་རྗེ་དབང་ཕྱུག་ལས་ཀྱི་མ་མོ་དང་། །ལག་པ་གཅོད་པ་ལས་ཀྱི་མ་མོ་དང་། །དོན་ལ་མཁས་པ་ལས་


DNG023_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་མ་མོ་དང་། །མཁའ་ལ་འགྲོ་བ་ལས་ཀྱི་མ་མོ་དང་། །དབྱིངས་ལ་ཤར་བ་ལས་ཀྱི་མ་མོ་དང་། །གདུག་པ་འདུལ་བ་ལས་ཀྱི་མ་མོ་དང་། །རྒྱུ་མ་འདྲེན་པ་ལས་ཀྱི་མ་མོ་དང་། །རོ་ལ་དགའ་བ་ལས་ཀྱི་མ་མོ་དང་། །ནད་ཁ་གཏོང་བ་ལས་ཀྱི་མ་མོ་དང་། །ཁྲག་ཚིལ་འཇིབས་པ་ལས་ཀྱི་མ་མོ་དང་། །སྣང་སྲིད་ཉུལ་བ་ལས་ཀྱི་མ་མོ་དང་། །མངལ་ནས་འདྲེན་པ་ལས་ཀྱི་མ་མོ་དང་། །ཕུར་བུ་འཕེན་པ་ལས་ཀྱི་མ་མོ་དང་། །དབུགས་ལ་མངའ་མཛད་ལས་ཀྱི་མ་མོ་དང་། །བཙོ་ལ་བཏབ་པ་ལས་ཀྱི་མ་མོ་དང་། །རག་མོ་ཤ་ཟན་ལས་ཀྱི་མ་མོ་དང་། །དཀར་མོ་ཤ་ཟན་ལས་ཀྱི་མ་མོ་དང་། །སྔོན་མོ་དྲོད་ལེན་ལས་ཀྱི་མ་མོ་དང་། །སྤྱི་འདུལ་ལས་ཀྱི་མ་མོ་དང་། །གླིང་བཞི་རྒྱལ་མོ་ལས་ཀྱི་མ་མོ་དང་། །སྲིན་མོ་འཇིགས་བྱེད་ལས་ཀྱི་མ་མོ་དང་། །གླིང་བཞི་རྒྱལ་མོ་ལས་ཀྱི་མ་མོ་དང་། །གནོད་སྦྱིན་རྒྱལ་མོ་ལས་ཀྱི་མ་མོ་དང་། །རལ་གཅིག་འཇིགས་བྱེད་ལས་ཀྱི་མ་མོ་དང་། །རྔམས་མ་འཇིགས་ཚོགས་ལས་ཀྱི་མ་མོ་དང་། །ཤ་ཟན་ཁྲག་འཐུང་ལས་ཀྱི་མ་མོ་དང་། །རུས་པ་འཇིགས་ཚོགས་ལས་ཀྱི་མ་མོ་དང་། །དམ་སྲི་འཇིགས་ཚོགས་ལས་ཀྱི་མ་མོ་དང་། །ཕྱག་བརྙན་གཙོ་མོ་ལས་ཀྱི་མ་མོ་དང་། །བུད་མེད་འཇིགས་ཚོགས་ལས་ཀྱི་མ་མོ་དང་། །ལྕགས་ཀྱི་སྤྱང་མོ་མགོ་དགུ་ལས་ཀྱི་མ་མོ་དང་། །མི་མོ་ཡེ་ཤེས་མཁའ་ལྡན་ལས་ཀྱི་མ་མོ་དང་། །ལྕགས་ཀྱི་བྱ་ཁྭ་ལས་ཀྱི་མ་མོ་དང་། །དབང་བྱེད་ཁ་འབར་ལས་ཀྱི་མ་མོ་དང་། །གཤིན་རྗེ་ཁ་འབར་ལས་ཀྱི་མ་མོ་དང་། །རྒྱ་ཡུལ་སྤྱན་ཕྲན་ལས་ཀྱི་མ་མོ་དང་། །གཡུའི་རལ་ཅན་ལས་ཀྱི་མ་མོ་དང་། །གཅེར་བུ་རྒྱུག་པ་ལས་ཀྱི་མ་མོ་དང་། །ཚིག་གིས་དོན་བསྲུངས་ལས་ཀྱི་མ་མོ་དང་། །མཆེ་གཅིག་རྩད་གཅོད་ལས་ཀྱི་མ་མོ་དང་། །ཚལ་པར་གཏོང་བ་ལས་ཀྱི་མ་མོ་དང་། །རྐན་རྡེབ་ཕྲིན་ལས་ཀྱི་མཛད་རྩ་ལས་ཀྱི་མ་མོ་དང་། །བུད་མེད་མཛེས་པ་ལས་ཀྱི་མ་མོ་དང་། །ཤྭ་རེ་ཛ་ཛ་ལས་ཀྱི་མ་མོ་དང་། །དམག་གི་རྒྱལ་མོ་ལས་ཀྱི་མ་མོ་དང་། །དགྲ་བླའི་རྒྱལ་མོ་ལས་ཀྱི་མ་མོ་དང་། །བག་ཞད་ཐལ་བར་རློག་པ་ལས་ཀྱི་མ་མོ་དང་། །དམ་ཚིག་གཉན་པོ་ཚུལ་བཞིན་བསྲུངས་པ་ལས་ཀྱི་མ་མོ་དང་། །


DNG023_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་དམ་བསྐུལ་བ་ལས་ཀྱི་མ་མོ་དང་། །ཆ་ལུགས་བརྟེན་པ་ལས་ཀྱི་མ་མོ་དང་། །གྲུབ་པའི་ལྷ་མོ་ལས་ཀྱི་མ་མོ་དང་། །ཕྲིན་ལས་མཛད་པ་ལས་ཀྱི་མ་མོ་དང་། །མཁའ་ལྡིང་གསེར་ཅན་ལས་ཀྱི་མ་མོ་དང་། །གླིང་ག་ཏྭ་ར་ལས་ཀྱི་མ་མོ་དང་། །ཁྲོ་གཉེར་སྲོག་བདག་ལས་ཀྱི་མ་མོ་དང་། །ཤ་ཁྲག་སྲོག་བདག་ལས་ཀྱི་མ་མོ་དང་། །སྨེ་ཤ་སྲོག་བདག་ལས་ཀྱི་མ་མོ་དང་། །མཁའ་ལྡིང་རོ་ཟ་རྔམ་བྱེད་ལས་ཀྱི་མ་མོ་དང་། །ད་ར་སྲི་བདག་ལས་ཀྱི་མ་མོ་དང་། །ད་ར་དབུགས་ལེན་ལས་ཀྱི་མ་མོ་དང་། །དུ་ར་ཡིད་འཕྲོག་ལས་ཀྱི་མ་མོ་དང་། །ཁྱབ་གདལ་ཕོ་ཉ་ལས་ཀྱི་མ་མོ་དག །ལ་ལའི་ལག་ན་རྒྱུ་ཞགས་འཆིང་། །ལ་ལའི་ལག་ན་ཐོད་ཕྲེང་འཛིན། །ལ་ལ་ཞིང་ཆུང་བ་སུ་འདྲེན། །ལ་ལ་མིག་མེད་རྒྱ་མཚོ་སྐེམས། །ལ་ལ་འགུགས་བྱེད་ལྕགས་ཀྱུ་འཛིན། །ལ་ལ་སྦྲུལ་ནག་ཞགས་པ་འཛིན། །ལ་ལ་ཕོ་ཉ་འགུགས་ཤིང་འདྲེན། །སྲིད་པའི་བུ་གཅིག་མ་དང་བརྒྱ་བཅུ་གཅིག་གཤིན་རྗེའི་ལྕམ་མོ་དཔལ་གྱི་ཕྱག་བརྙན་དཔལ་གྱི་དྲི་སྣ་ཚོགས་མ་དང་། གཤིན་རྗེའི་ལྕམ་མོ་ལྕགས་ཀྱི་སྤྱང་མོ་མགོ་དགུ་མ་དང་། ཡ་མཱན་ལྕམ་མོ་ཡེ་ཤེས་མཁའ་ལྡན་མིང་མོའི་དཔལ་དང་། ཡ་མཱན་ལྕམ་མོ་སྲིང་གཅིག་འབར་བ་དང་། ཡ་མཱན་ལྕམ་མོ་བྱིས་པ་ལས་ཀྱི་དུར་བྱེད་མ་དང་། ཡ་མཱན་ལྕམ་མོ་སྲིད་པའི་བདེ་འགྲོ་མ་དང་། ཡ་མཱན་སྲིན་མོ་ལས་ཀྱི་བདེ་འགྲོ་མ་དང་། ཡ་མཱན་ལྕམ་མོ་མཁའི་བདེ་འགྲོ་མ་དང་། ཡ་མཱན་ལྕམ་མོ་རྒྱུའི་བདེ་འགྲོ་མ་དང་། ཡ་མཱན་ལྕམ་མོ་སྲས་ཀྱི་བདེ་འགྲོ་མ་དང་། གཤིན་རྗེ་ཀྲང་ཀྲི་ཡང་གསལ་གཡོས་དང་། ཡ་མཱན་ལྕམ་མོ་བམ་ཆེན་ཤུ་བའི་ཡང་གསལ་གཡོས་དང་། གཤིན་རྗེའི་ལྕམ་མོ་ལས་ལ་འཇུག་པས་ཡང་གསལ་གཡོས་དང་། གཤིན་རྗེའི་ལྕམ་མོ་ཙིཏྟཾ་འཕེན་པའི་ཡང་གསལ་གཡོས་དང་། གཤིན་རྗེའི་ལྕམ་མོ་གསང་སྔགས་མ་ཡང་གསལ་གཡོས་དང་། ཡ་མཱན་ལྕམ་མོ་མངལ་ནས་འདྲེན་མ་དང་། གཤིན་རྗེའི་ལྕམ་མོ་རོ་ལ་དགའ་བའི་ལེན་མ་དང་། གཤིན་རྗེའི་ལྕམ་མོ་ཁྲག་ཚིལ་ལེན་མ་དང་། གཤིན་རྗེའི་ལྕམ་མོ་མ་མོ་སྤྱི་ཕུད་མ་དང་། གཤིན་རྗེའི་ལྕམ་མོ་རྒྱུ་མ་འདྲེན་མ་དང་།


DNG023_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་རྗེའི་ལྕམ་མོ་དགྲ་བགེགས་ལེན་དང་། གཤིན་རྗེའི་ལྕམ་མོ་སྣང་སྲིད་ཀྱི་སྤྱི་ཕུད་མ་དང་། གཤིན་རྗེའི་ལྕམ་མོ་མ་མོ་སྤྱི་ཕུད་མ་དང་། གཤིན་རྗེའི་ལྕམ་མོ་གང་སྤྱི་ཕུད་མ་དང་། གཤིན་རྗེའི་ལྕམ་མོ་སྲས་ཀྱི་དབང་དུ་སྡུད་མ་སྤྱི་ཕུད་མ་དང་། གཤིན་རྗེའི་ལྕམ་མོ་གསང་སྔགས་མ་སྤྱི་ཕུད་མ་དང་། མཚོ་སྨན་རྒྱལ་མོ་དང་ཉི་ཤུ་རྩ་གཅིག །དབྱིངས་ཀྱི་བཀའ་སྡོད་བློན་མོ་གཅིག་མ། བཀའ་གཉན་བློན་མོ་པྲེ་ཏ་ལི། གཤིན་རྗེའི་ལྕམ་མོ་བཀའ་སྡོད་བློན་མོ་སྣང་སྲིད་སྤྱི་ཕུད་མ་དང་། སེམས་ལས་བསྐྱེད་པའི་བཀའ་སྡོད་བློན་མོ་ཡང་གསལ་གཡོས་དང་། ཐུགས་དམ་བསྐང་བའི་བཀའ་སྡོད་བློན་མོ་བཀྲག་གསལ་མཉམ་དང་། ཤུགས་སྒྲོལ་བཀའ་སྡོད་ཁྲག་འཐུང་མ། དྲེགས་ལྡན་བཀའ་སྡོད་བློན་མོ་དྲུག་ཅུ་གཙོ། གནོད་བྱེད་སྙིང་འཕྲོག་མ་འབར་མ་མེ་ཁྱེར་གློག་ཕྲེང་འཛིན་ཏེ་དགུའོ། །མ་མོ་རྣམས་ཀྱི་ཀུན་གྱི་བློན་མོ་རེ་མ་ཏིའོ། །མ་མོ་བྱུང་བ་བསྟན་པའི་ལེའུ་སྟེ་བརྒྱ་སོ་བདུན་པའོ།། །།ཨོཾ་ཏི་ཁྲག་ཤ་ཁྲག་མ་རུ་ལུ། སྙིང་ཕུར་ཏི་བྷྱོ། མུ་ལ་ཤ་གྲཾ། སྙིང་ཀྲཾ་མ་བྷྱོ། མུནྟི་ཤནྟི་སྙིང་ཁ་རག་ཤུ་ལ་ཙཀྲ་ཁྲ་མ་མུ་ཏི་བྷྱོ། ཁ་ཐུན་ཤིག་ཤིག །བྷྲཱུཾ་བྷྲཱུཾ་ཤིག་ཤིག་རོ་ཟ་མུ་བྷྱོ། ཛུ་ནམ་ཤིག་ཤིག །སྙིང་ལ་ཕུར་བྷྱོ། ཨོཾ་རོ་ལ་ཤྭ་ཁྲག་མ་མུ་ཛཱི་ཧ་ལ་ཧ་ལ་ཙཀྲ་མ་བྷྱོ། ཨོཾ་ཏི་ཤི་ཏི་ཤིག་ཤིན་ཏིང་མ་མོ་བྷྱོ། ཨོཾ་མུ་ཏི་པྲ་མ་གཟེར་ན་གཟེར་ན་བྷྱོ། ཤིག་ཤིག་མ་མོ་དགྲ་ལ་བྷྱོ། ཨོཾ་རོ་ཟ་ཤིག་ཤིག་ཏི་སྒ་རྦད་རྦད་བྷྱོ། ཛ་ཛ་ས་མུན་ཛ། རག་ཤ་དུན་དུན་ལི་ལི། གྲཾ་གྲཾ་ཛ། རི་ལུངས་རྨུགས། ས་མ་ཡཱ། འགིལ་འགིལ་ཛ། ས་མ་ཡ་ཏྲི་རུ་ལུ་ཁ་ཐུན་སྨ་ར་ཀེ་ཛ། གང་དུ་ཛ་ཡ་རུ་བས་ཤ་ཁྲག་ལ་དུ་ལ་ཛ་ཏི་ཤ་ཤ་ཕཊ། ཛ་ཛ་ཀྲི་ཟད་ཀྲི་ཟད་གྲི་རི་ལུ་གཾ། ཚལ་དུམ་བྷྱོ། ཙིཏྟ་ཁྲག་དུག་ཤ་ན་བྷྱོ། ཀྲུག་པ་ར་ལ་ཤ་ཡ། རུ་པ་ཏི་ཤ་དུ་ཁྲག་ལ་ཤ་ཤ་ཟབ་ལ་བྷྱོ། བཛྲ་ཀ་རུན་ཚུར་ཆོད་རྦད། ཤིང་ཤིང་ཧུབ་ཐུཾ་གཞུང་ཀས་ཕཊ་རྦད་ཛ་ཛ། རག་ཤ་དུན་ཕུར་འདྲི་དུ་རག་ཤ་རྦད་རྦད། རག་ཤ་ཁ་ལ་དུན་ཏྲི་ཚུབ་པ་ལི་ཀ་ཤ་ཀ །རག་ཕུད་ཏྲག་ཕཊ། རྦ་ན་རྦ་ན་ཕཊ། ཛ་ཛ་ཕཊ་ཕཊ་རྦད་རྦད། རགྴ་


DNG023_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

གྲི་ར་ཏུ་སི་ནན། དུ་ཏྲི་མོ་རུབ་པ་ཤ་ཁྲག་ལ་རུབ། སུ་ནི་ཁྲག་དུ་དུ་ཛ། ཁ་རགྴ་སྙིང་ལས་ཡང་ཙིབ་མ་ལ་ཤ །རོ་ལ་ཁྲག་འཐུང་ཐུཾ་ཛ། ཙི་བ་རཀྴ་རྦད་རྦད། གདུག་པའི་ལྷ་མོ་མི་སྲིན་གྱིས་བསད་པའི་ལེའུ་སྟེ་བརྒྱ་སོ་བརྒྱད་པའོ།། །།གི་ལིང་ག་ལཾ་ཏི་ས་ཤ་ལང་ལང་སུ་ར་ཏོ། བཾ་ནི་ར་ཏི་ཡ་གར་བྷ་ཡ། གུར་བ་ས་ཏི་ཡ་པེ་ཧ་མ་ཤན་ཏིང་ནོར་རྡིང་ཡིད། ས་མུན་ཏྲི་ཕཊ་ཕཊ། རབ་ཤིང་ཀས་ནི་ཀི་ན་ཡ་དང་། སྣི་སྣི་ལ་གུཾ་གུཾ་དུན་ཏི་ཡ། གུཾ་གུཾ། པྲ་ཏི་ཡ་གུཾ་གུཾ། པ་ཡ་ཏ་ན། ཨོཾ་ཤི་ལ་དན་ཏིང་ཨོཾ། ཀྲས་ལང་པས་མི་ཨོཾ། ཨོཾ་ཨོཾ་ཨོཾ། ཧཱུཾ་ཧཱུཾ། ཛྭ་ལ་ཛྭ་ལ་སརྦ་ཛྭ་ལ་ཀི་ཏ་མཱ་རཱ་ཡཱ་བཾ། ནི་རྟི་ཡེ། ཨེ་དན་དན། མང་གྲི་བ་ལང་། ཧ་ར་ཧ་ར། བ་ར་འདྲེ། ཧྲི་པ་ཆིངས་ཤིག །ཀྲང་ཅིང་ཧར་སྭཱ་ཧཱ། ཉུང་དཀར་དང་ཆུ་ལ་བརྒྱ་རྩ་བརྒྱད་བཟླས་ཏེ་གཏོར་རོ། །ཨོཾ་ཧ་ར་ཧ་ར་བྲ་མ་ཡཱ། ཙང་ཤིག་ཙང་ཤིག་ཧ་ར་སྭཱ་ཧཱ། མ་མོ་སྣང་སྲིད་དབང་དུ་བསྡུ་བའི་ལེའུ་སྟེ་བརྒྱ་སོ་དགུ་པའོ།། །།ཧཱུཾ། ཕོ་བྲང་རིན་ཆེན་གཞལ་ཡས་ཁང་། །ཕོ་བྲང་འབྱམས་ཀླས་སྤྲིན་གཏིབས་ཤིང་། །ཕོ་བྲང་རིན་ཆེན་གཞལ་ཡས་ཁང་། །རིན་ཆེན་མཛེས་པའི་རྒྱན་ལྷབ་ལྷུབ། །ཤར་ལྷོ་ནུབ་བྱང་སྒོ་བཞི་ནས། །འཇིགས་པ་བཞི་ཡིས་སྒོ་བཀག་ཀྱང་། །མགྱོགས་མ་བཞི་ཡིས་སྒོ་ཕྱེ་ཞིག །ཁམ་བྲུམ་བྲ་བེ་ཤ་ཤག །ཅེས་བརྗོད་ལ་སྒོ་དབྱེའོ། །ཧཱུཾ། ཡང་དག་གསང་བའི་དཀྱིལ་འཁོར་དུ། །སངས་རྒྱས་བདེ་ཆེན་ཡང་དག་པ། །ཡབ་ཡུམ་སྲས་དང་འཁོར་བཅས་རྣམས། །རིགས་ཀྱི་ལྷར་ནི་རྣམ་རྟོགས་ཤིང་། །གཉིས་མེད་དོན་གྱིས་འདྲེལ་བ་ལ། །མི་ཕྱེད་དད་པས་ཕྱག་འཚལ་ལོ། །ཧཱུཾ། ཡང་དག་གསང་བའི་དཀྱིལ་འཁོར་དུ། །རྡོ་རྗེ་སློབ་དཔོན་ཡེ་ཤེས་ལྷར། །བཀའ་དྲིན་རྗེས་སུ་དྲན་པའི་ཕྱིར། །གསང་བའི་ཚུལ་གྱིས་ཕྱག་འཚལ་ལོ། །ཧཱུཾ། ཡང་དག་གསང་བའི་དཀྱིལ་འཁོར་དུ། །དམ་ཚིག་གཟུང་གིས་འདྲེལ་པའི་མཆེད། །མ་བུའི་འདུ་ཤེས་ཉེར་གཞག་ནས། །གདུང་བའི་ཚུལ་གྱིས་ཕྱག་འཚལ་ལོ། །ཨ་ལ་ལ་ཧོ། ཞེས་ཕྱག་བྱའོ། །ཧཱུཾ། དགོངས་ཤིག་ཡེ་ཤེས་མངོན་རྫོགས་ལྷ། །ཡབ་ཡུམ་འཁོར་དང་བཅས་པ་རྣམས། །བདག་ཅག་རྣལ་འབྱོར་སྒྲུབ་པ་ལ། །དགྱེས་ཤིང་ཡེ་ཤེས་མདངས་ཕྱུང་ཞིག །བྱམས་པ་ཕྱོགས་མེད་སྤྱན་གྱིས་


DNG023_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས། །འཁོར་བའི་སེམས་ཅན་བདག་ཅག་རྣམས། །མ་རིག་འཁྲུལ་པའི་རང་དབང་གིས། །གཟུང་འཛིན་གཉིས་སུ་བཟུང་བས་ནོངས། །སྡིག་ལ་མ་འཛེམ་མི་དགེ་སྣ་ཚོགས་སྤྱད། །གྲིབ་མ་ངན་པས་ན་བུན་བཞིན་དུ་གཏིབས་ཤིང་མཆིས། །མི་གསང་མི་འཆབ་ཡེ་ཤེས་ལྷ་ལ་མཐོལ། །ཡེ་ཤེས་ལྷ་ཡིས་བཟོད་པར་བཞེས། །ཨ་ལ་ལ་ཧོ། བརྡའ་སྒོ་དབྱེ་ཞིང་བཤགས་པ་བྱེད་པའི་ལེའུ་སྟེ་བརྒྱ་བཞི་བཅུ་པའོ།། །།ཧཱུཾ། རིན་ཆེན་ཨིནྡྲ་ནཱི་ལའི་བུམ་པ་རུ། །འབྲུ་བཅུད་སྟོང་ལས་སྦྱར་བའི་འཛའ་གད་དཔའ་བོས་གཏམས། །གཉིས་མེད་བྱང་ཆུབ་སེམས་ཀྱི་རང་བཞིན་ཏེ། །འཐུངས་པས་ཚིམས་པའི་ལོངས་སྤྱོད་ཆེན་པོ་འདི། །མཆོད་ནི་ཡེ་ཤེས་ལྷ་ལ་མཆོད། །སྐོང་ནི་མ་མོའི་ཐུགས་དམ་སྐོང་། །འབུལ་ནི་སློབ་དཔོན་ལྷ་ལ་འབུལ། །ཨ་ལ་ལ་སྟེ་བཞེས་སུ་གསོལ་ལོ། །མདུན་དུ་དྲང་ངོ་། །ཧཱུཾ། གཞོང་པ་ཟླ་གམ་དཀྱིལ་འཁོར་དུ། །ཚེ་དང་གལ་གཉིས་མཐུན་བསྡེབས་སོ། །དཀར་གྱི་ཐིག་དགྱེ་དམར་གྱི་གུར་ཕུབ་པ། །ལོངས་སྤྱོད་མཆོད་པ་ཆེན་པོ་འདིས། །འཕགས་པ་མཆོད་ལ་མ་མོ་སྐོངས། །ཨ་ལ་ལ་ཧོ། རཀ་ཏ་ཁྲག་གི་རྒྱ་མཚོའི་ཐིག་ལེ་དང་། །སྣང་སྲིད་ཁྲག་གི་རྦ་རླབས་ཆི་ལི་ལི། །མཁའ་དབྱིངས་རྒྱལ་བ་མ་ལུས་མཆོད་པ་དང་། །འཕགས་པ་མཆོད་པས་མ་མོའི་ཐུགས་དམ་སྐོངས་། །ཨ་ལ་ལ་བརྗོད་ལ་དྲང་ངོ་། །ཛ་གད་གཏོར་མ་དྲང་བའི་ལེའུ་སྟེ་བརྒྱ་ཞེ་གཅིག་པའོ།། །།རྡོ་རྗེ་རྒྱལ་ཐེབས་ཡབ་ཡུམ་ལངས་ལ། རྡོ་རྗེ་རྒྱལ་པོ་ལ་རྒྱན་ཆས་གསོལ་བ་འདི་སྐད་དོ། །ཧཱུཾ། གསང་བ་ཆེན་པོའི་དཀྱིལ་འཁོར་དུ། །རང་བཞིན་མཚན་མའི་དུས་ནི་འདི་ཉིད་དུ། །རྡོ་རྗེ་རྒྱལ་པོར་མངའ་གསོལ་ལོ། །ཐེག་པ་ཀུན་ལས་དཔགས་པ་དང་། །མ་མོ་དབང་དུ་བསྡུ་བའི་ཕྱིར། །ཤུན་ཆེན་རལ་ཀ་འདི་གསོལ་བས། །མི་འཁོར་ཆོས་ཉིད་རྒྱན་དུ་ཤོག །ཨོཾ་གུ་ཡ་སིདྡྷི་ཧཱུཾ། ཞེས་སྐུ་ལ་གསོལ་ལོ། །དབུ་རྒྱན་མཆོག་གིས་མངའ་གསོལ་བས། །ཐེག་པ་ཡོངས་སུ་དཔགས་པ་དང་། །སྲིད་གསུམ་དབང་དུ་བསྡུ་བའི་ཕྱིར། །སྲིད་པའི་སྤྱི་བླུགས་དབུ་ཞྭ་འདི་གསོལ་བས། །སྲིད་པའི་དབང་ཅན་རྣམས་ལ་དབང་སྒྱུར་ཤོག །ཨོཾ་གུ་ཡ་ཧེ་ཧེ། ཞེས་བརྗོད་པས་དབུ་ལ་གསོལ་ལོ། །དེ་ནས་ཞིང་གི་སོར་ཕྲེང་དབུལ་བ་འདི་སྐད་དོ། །


DNG023_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲེང་བ་ཆེན་པོས་མངའ་གསོལ་ལོ། །ཐེག་པ་ཡོངས་ལ་འཕགས་པ་དང་། །མ་མོའི་སྲོག་སྙིང་དྲང་བའི་ཕྱིར། །ཞིང་གི་སོར་ཕྲེང་འདི་ཕུལ་བས། །མ་མོ་རྣམས་ལ་དབང་སྒྱུར་ཤོག །ཨོཾ་གུ་ཡ་མ་མ་རཀྟ་ཧཱུཾ། ཕྱག་ཏུ་དབུལ་ལོ། །ཕྱག་རྒྱ་ཆེན་པོས་མངའ་གསོལ་ལོ། །བདུད་དང་མུ་སྟེགས་འདུལ་བ་དང་། །མ་མོ་གཡབ་ཀྱིས་གདབ་པའི་ཕྱིར། །རྩེ་ལྔ་འབར་བའི་ཕྱག་རྒྱ་འདི་རྣམས་ལ། །བདུད་དང་མུ་སྟེགས་དབང་དུ་སྡུས། །ཨོཾ་གུ་ཡ་ཧ་ཧ། ཞེས་བརྗོད་ལ་འབུལ་ལོ། །སྟག་ལྤགས་གཡང་གཞིས་མངའ་གསོལ་ལོ། །བདུད་བཞི་རྡུལ་དུ་རློག་པ་དང་། །ཕྲིན་ལས་རྣམ་བཞི་སྒྲུབ་པའི་ཕྱིར། །སྟག་ལྤགས་གཡང་གཞི་འདི་གསོལ་བས། །དཔལ་རྟུལ་ཟ་བྱེད་རྒྱན་དང་ལྡན་པར་ཤོག །ཨོཾ་གུ་ཡ་བྱཱ་བྷྲ་ཧཱུཾ། ཞེས་བརྗོད་ལ་སྐུ་ལ་གསོལ་ལོ། །དེ་ནས་ཡུམ་ལ་རྒྱན་ཆས་གསོལ་ཏེ། གཙོ་བོ་ལས་དང་མཐུན་ནོ། །དེ་ནས་ལས་ཀྱི་ཀར་མས་རྡོ་རྗེ་རྒྱལ་ཐེབས་ལ་རྒྱན་ཆས་གསོལ་ཏེ་འདི་སྐད་དོ། །ཧཱུཾ། བཀའ་གསང་དམ་པའི་གནས་མཆོག་འདིར། །རྡོ་རྗེ་རྒྱལ་ཐེབས་གསན་ཅིང་དགོངས་སུ་གསོལ། །རྡོ་རྗེ་རྒྱལ་པོ་བསྙེལ་ཅིང་བསྙེལ་བའི་ཚེ། །ཐུགས་དམ་འཕྲོ་ནས་གཟུང་ནས་བསྐུལ་བའི་ཕྱིར། །རྒྱན་ཆས་གསུམ་གྱིས་མངའ་གསོལ་ལོ། །ཞྭ་དཀར་ཚིལ་ཆེན་དབུ་རྒྱན་དང་། །མཆོག་གི་ཕུར་བུ་བཅིང་བ་དང་། །དུང་ཆེན་ཕྲེང་བས་དབང་བསྐུར་ཏེ། །རྒྱན་ཆས་གསུམ་གྱིས་དབང་བསྐུར་བས། །བདུད་དང་མུ་སྟེགས་རྡུལ་དུ་རློག །དེ་ནས་མཆེད་བྱིངས་ལ་མཚན་མ་གདབ་པ་འདི་སྐད་དོ། །དུར་ཁྲོད་ཆེན་པོའི་གནས་བརྒྱད་དང་། །ཡེ་ཤེས་ཆེན་པོའི་ཀློང་དཀྱིལ་ནས། །དཔལ་ཆེན་ཀུན་དང་གཅིག་པ་དང་། །མ་མོ་གཡབ་ཀྱིས་གདབ་པ་དང་། །མཁའ་འགྲོ་དབང་དུ་བསྡུ་བའི་ཕྱིར། །ཐལ་ཆེན་མཚན་མ་དཔྲལ་བར་གདབ། །མཚན་མ་དཔྲལ་བར་མི་གདབ་ཏུ། །དཔལ་ཆེན་ཀུན་དང་རང་རྟགས་གཅིག །པདྨའི་རཀྟའི་མཚན་མ་འདི། །སྨིན་མཚམས་བར་དུ་ཐིག་ལེར་དགོད། །ཞག་གི་སོར་རིས་ཁ་འགྲམ་ལ། །བདུད་རྩི་རཀྟ་ཐུགས་ཀ་ལ། །ཨོཾ་ཀ་ར་སིང་སིང་ཧ། ཨོཾ་དཀར་སིང་དཀར་སིང་ཧ། ཞེས་ཀུན་གྱིས་དིར་རི་རི་བཟླས་ཤིང་ཀུན་ལ་གདབ་པོ། །རྡོ་རྗེ་རྒྱལ་པོ་རྒྱལ་ཐེབས་མངའ་གསོལ་ཞིང་མཆེད་ལ་མཚན་མ་གདབ་པའི་ལེའུ་སྟེ་བརྒྱ་བཞི་བཅུ་ཞེ་གཉིས་པའོ།། །།བསྟན་པ་བསྲུང་བའི་མན་ངག་ཐུགས་ཀྱི་ཡང་སྙིང་མ་མོ་འབུམ་ཐིག་འདི། རྩ་བའི་རྒྱུད་ལ་ལེའུ་ཞེ་བརྒྱད། ཕྱི་མ་ལ་ལེའུ་དགུ་བཅུ་གོ་གཉིས། འཕྱོང་གི་ལེའུ་གཉིས་ཏེ་བསྡོམས་པས་བརྒྱ་བཞི་བཅུ་ཞེ་གཉིས་པ་རྫོགས་སོ།། །།

རྒྱུད་ལུང་བྱང་སྐོར་རྩ་རྒྱུད་ཅེས་བྱ་བ།


DNG023_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་དཔལ་ཧེ་རུ་ཀའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །སྔོན་འདས་པའི་དུས་མ་བྱུང་བའི་སྔོན་རོལ་ནས། རི་རབ་རིའི་རྩེ་ལྷ་གཡུང་དྲུང་གི་གནས། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པའི་དཔལ་ཧེ་རུ་ཀ་ཡིས། སྲིད་པ་ཐམས་ཅད་ཡུམ་གྱི་མཁའ་ལས་ཤར་བར་མཁྱེན་ནས། ཡུམ་ཆེན་མོ་ཉིད་གཞི་མུ་ཁ་ལེའི་མཁའ་བདེ་བ་ཆེན་པོའི་ཀློང་གསང་བའི་གནས་ནས། ཐིག་ལེ་ཆེན་པོའི་ཚུལ་དུ་བཞེངས་ནས། རྡོ་རྗེ་གསང་བའི་ཐུགས་ཀ་ནས། ཧཱུཾ། དཀར་པོ་ཞིག་ལས་གསང་བའི་དགྱེས་པའི་སྤྲོ་བསྡུ་རྒྱུན་མི་གཅོད་པར་སྐྱེ་བ་ལས། ཡུམ་ཆེན་མོ་ཉིད་གཞི་མུ་ཁ་ལེའི་བྷ་གར་དགྱེས་པ་ཆེན་པོའི་ཚུལ་དུ་ཐིམ་པར་མཛད་དོ། །ཡུམ་ཆེན་མོ་ཉིད་གཞི་མུ་ཁ་ལེར་དགྱེས་པ་ཆེན་པོས་ཐིམ་པར་མཛད་ནས། པདྨའི་འདབ་མ་རྒྱས་པར་མཛད་དོ། །པདྨའི་འདབ་མ་རྒྱས་པར་མཛད་ནས། སྟོང་གི་འཇིག་རྟེན་གྱི་ཁམས་ཁེབས་པར་མཛད་དོ། །དེས་སྟོང་གི་འཇིག་རྟེན་གྱི་ཁམས་ན། རཀྟར་ཆགས་པ་ཐམས་ཅད་པདྨ་གཡོས་པར་གྱུར་ཏོ། །དེས་སྲིད་པའི་འཇིག་རྟེན་གྱི་ཁམས་ན། རྡོ་རྗེར་གྱུར་པ་ཐམས་ཅད་རྡོ་རྗེ་རྩ་བ་བཏེགས་པར་གྱུར་ཏེ། ཆགས་པའི་སེམས་གཡོས་ནས། ཤིན་ཏུ་ངོ་མཚར་སྐྱེས་ནས། རྫུ་འཕྲུལ་གྱི་ཤུགས་ཀྱིས་ཆགས་པའི་གཞི་མོ་ག་ལ་བ་དེར་དོང་ངོ་། །དོང་ནས་བྷ་གའི་དཀྱིལ་འཁོར་ཆགས་པའི་གནས་སུ་ཕྱིན་ནས། དངངས་ནས་སོ་སོ་ན་གུས་པས་ཕྱག་འཚལ་བ་ནི། གཡུང་དྲུང་ལྷའི་གཙོ་བོ་གནོད་འདུལ་ལྷའི་རྒྱལ་པོ་ལ་སོགས་པ། ལྷ་གཡུང་དྲུང་གི་ཚོགས་དང་། ལྷའི་གཡུང་དྲུང་གི་རྒྱལ་མོ་སྲིད་པ་ཕྲ་མེན་རྒྱ་མཚོ་ལ་སོགས་པ། མ་མོ་བཅུ་བཞིའི་དཀྱིལ་འཁོར་དང་། སྲིད་པ་སྨན་མོའི་ཚོགས་སམ། ལྷའི་ཚོགས་ཀྱི་རྗེ་མོ་ལ་སོགས་པ་མ་མོའི་ཚོགས་ཐམས་ཅད་དང་། གཞན་ཡང་མ་མོའི་ཚོགས་ཐམས་ཅད་ཆགས་པའི་མདངས་ཕྱུང་ནས། བསྐོར་ཞིང་ཕྱག་འཚལ་བ་དང་། བསྟོད་པ་


DNG023_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

བགྱིས་པ་ལགས་སོ། །ཡུམ་ཆེན་མོ་ཉིད་གཞི་མུ་ཁ་ལེའི་བྷ་ག་ལས། རྟག་པའི་རྒྱལ་མོ་རྣམ་སྣང་གསལ་ལ་སོགས་ཏེ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ལྔའི་དཀྱིལ་འཁོར་འཐོན་པར་གྱུར་ཏོ། །དེ་ནས་ཡུམ་ཆེན་མོ་མུ་ཁ་ལེས། བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོ་རྡོ་རྗེ་ཧེ་རུ་ཀ་གཟིགས་ནས། སྤྱན་གྱིས་བརྡ་ཞིག་མཛད་ནས་ཞལ་གྱིས་འཛུམ་པ་ཕྱུང་བ་དང་། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་ཧེ་རུ་ཀ །ཡུམ་གྱི་བྷ་ག་ལས་སྐུ་ཕྱེད་ནུབ་ཙམ་དུ་བཞེངས་ཏེ། རྣམ་པར་ཐར་པའི་དབུ་གསུམ་ཕྱུང་ནས་གཡུང་དྲུང་ལྷའི་རྒྱལ་པོ་ལྷ་གདོན་འདུལ་གཟིགས་ནས། ཞལ་འཛུམ་པ་མཛད་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱི་བྱིན་གྱིས་བརླབས་ཀྱིས། ལྷ་གནོད་འདུལ་སྟན་ལ་འདུག་པར་གྱུར་ཏོ། །དེ་ནས་ཆགས་པའི་ཡིད་ཅན་དེ་དག་ཕྱོགས་ཕྱོགས་སུ་ཡངས་ལ་འདུག་པར་གྱུར་ཏོ། །དེ་ནས་ཡུམ་ཆེན་མོས་ལྷ་གདོན་འདུལ་གཟིགས་ནས། ལྗགས་ཀྱིས་བརྡའ་ཞིག་མཛད་ནས། དེ་ནས་ལྷ་གདོན་འདུལ་སྟན་ལས་ལངས་ནས། བཅོམ་ལྡན་འདས་ལ་ལན་སྟོང་བརྐྱང་ཕྱག་འཚལ་ཞིང་། བག་བཞི་ས་ལ་བརྡབས་ནས་གསོལ་པ། འབྱུང་བ་ལྔ་ལ་སོགས་པ་ཡི། །མེ་ལ་སོགས་པ་ཇི་ལྟར་ལགས། །ས་ལ་སོགས་པ་ཇི་ལྟར་བྱུང་། །སྲིད་པའི་འཇིག་རྟེན་ཐམས་ཅད་ན། །མོ་དང་ཕོ་ཡི་མཚན་ཉིད་ནི། །གང་ཞིག་སུ་ལས་སྐྱེས་པ་སྟེ། །ཐབས་དང་ཤེས་རབ་སུ་ལས་སྐྱེས། །སེམས་ཀྱི་རྟག་ཆད་ཇི་ལྟར་བགྱི། །ཡེ་ཤེས་མང་པོ་གང་ནས་བྱུང་། །ཡེ་ཤེས་ལྔ་ཉིད་གང་ལས་ཤར། །སྤྲུལ་པ་མང་པོ་གང་ལས་ཤར། །སྐྱེ་མེད་ཆོས་ཉིད་ཅི་ལ་བགྱི། །ཡུམ་གྱི་མཁའ་ཞེས་ཇི་ལྟ་བུ། །མངལ་ལ་སོགས་པ་མི་འཚལ་ན། །བླང་དོར་མེད་པ་གང་གིས་འགྲུབ། །སྲིད་པའི་དབང་ཆེན་དེ་སྙེད་ཀུན། །རབས་རྒྱུད་རྩ་བ་ཇི་ལྟར་ལགས། །དམ་ཚིག་ལུང་ནོད་མཆི་བའི་ཚེ། །སྲོག་ལས་དྲང་བ་ཇི་ལྟར་ལགས། །འཇིག་རྟེན་འདིར་འགྲུབ་ཇི་ལྟར་བསྐུལ། །དུས་མིན་འཆི་ན་གང་གིས་བཀངྐ་། །ཡང་དག་


DNG023_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་ལ་བདག་ཉན་འཚལ། །དེ་སྐད་གསོལ་པ་གསན་ནས་ཀྱང་། །ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་གནོད་འདུལ་ལྷ་ཡི་ཚོགས། །རྣལ་འབྱོར་རྣམས་ཀྱི་ལས་དབང་མཆོག །མ་མོ་རྣམས་ཀྱི་གཏན་ཚིགས་སུ། །སྲིད་པ་ཀུན་གྱི་བཅའ་གཞི་རྣམས། །ཡང་དག་ཉིད་དུ་བཤད་པར་བྱ། །དེ་ལ་མ་མོ་བཅུ་བཞིའི་ཇོ་མོ་བཤད་པར་བྱ་སྟེ། ཡུམ་ཆེན་མོ་ཉིད་གཞི་མུ་ཁ་ལེ་ཞེས་བྱ་བ། སྐུའི་ཁྱོན་ཡང་གླིང་བཞི་ཙམ་ཡོད་པ། སྐུ་གཅིག་ལ་ཞལ་རྣམ་པ་ལྔར་སྣང་བ། ཕྱག་བཞི་ཀ་འཇིགས་པའི་མཚོན་ཆ་ཐོགས་པ། ཞབས་རྣམ་པ་བརྒྱད་དུ་གཏམས་པ། ཙིཏྟའི་རྩ་བ་གཅིག་ལ་རྩེ་མོ་རྣམ་པ་ལྔར་འབར་བ། ཤར་གྱི་ཞབས་གཉིས་ཀྱི་བར་གསང་བའི་མཁའ་གྲང་ལ་འདྲེད་པ་ཤེལ་གྱི་བྷ་ག་ལ་རྡོ་རྗེའི་གེ་སར་ཅན་ནོ། །ལྷོ་ཕྱོགས་ཀྱི་ཞབས་གཉིས་ཀྱི་བར་ལ།གསང་བའི་མཁའ་དྲོ་ལ་འཇམ་པ་ཀེ་ཀེ་རུའི་བྷ་ག་ལ། རིན་པོ་ཆེའི་གེ་སར་ཅན་ནོ། །ནུབ་ཕྱོགས་ཀྱི་ཞབས་གཉིས་ཀྱི་བར་ནས་གསང་བའི་མཁའ་གཤེར་ལ་རླན་པ་པདྨའི་བྷ་ག་ལ་བྱེ་རུའི་གེ་སར་ཅན་ནོ། །བྱང་ཕྱོགས་ཀྱི་ཞབས་གཉིས་ཀྱི་བར་ན་གསང་བའི་མཁའ་རྩུབ་ལ་གྲང་བ་སྟེ་གེ་སར་དཔལ་ཅན་ནོ། །དེ་ལྟར་མཁའ་བཞིས་སྐུ་བརྒྱན་པས། དེ་བཞིའི་ཀློང་སྐུའི་གཏིང་ཁུང་དུ་བསྡུས་པ་ནི། གཡུའི་བདེ་ཀློང་ལ་ཆགས་པའི་གེ་སར་ཅན་ནོ། །ཟངས་ཀྱི་རལ་པ་འདབ་མ་སྟོང་དང་ལྡན་པ་ཞིག་ཡོད་དོ། །དེ་ལ་ཞལ་རྣམ་པ་ལྔ་ལ། ཤར་གྱི་ཞལ་དཀར་ལ་འཚེར་བ། མཆེ་བ་གཙིགས་པའི་ནང་ནས། ཤེལ་གྱི་རྡོ་རྗེ་རྩེ་དགུ་པ་འཛིན་པས་འགྱུར་བ་ས་རུ་བྱིན་གྱིས་བརླབས་ཏེ། སྐུ་རྡོ་རྗེའི་རིགས་སུ་གྱུར་ཏོ། །ལྷོ་ཕྱོགས་ཀྱི་ཞལ་སྔོ་ལ་གདངས་པ། མཆེ་བ་གཙིགས་པའི་ནང་ནས། ཀེ་ཀེ་རུ་འབར་བ་དགུ་འཛིན་པས། འབྱུང་བ་མེར་བྱིན་གྱིས་བརླབས་ཏེ། རིན་པོ་ཆེའི་རིགས་སུ་གྱུར་ཏོ། །ནུབ་ཕྱོགས་སུ་ཞལ་དམར་ལ་གདངས་པ། མཆེ་བ་གཙིགས་པའི་ནང་ནས། པདྨ་དགུ་བརྩེགས་བཟུང་ནས། འབྱུང་བ་ཆུར་བྱིན་གྱིས་བརླབས་ཏེ།


DNG023_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

པདྨའི་རིགས་སུ་གྱུར་ཏོ། །བྱང་ཕྱོགས་ཀྱི་ཞལ་ལྗང་ལ་གདངས་པ། མཆེ་བ་གཙིགས་པའི་ནང་ནས། རྡོ་རྗེ་རྒྱ་གྲམ་དགུ་བརྩེགས་བཟུང་བས། འབྱུང་བ་རླུང་དུ་བྱིན་གྱིས་བརླབས་ཏེ་ལས་ཀྱི་རིགས་སུ་གྱུར་ཏོ། །ཐམས་ཅད་དེ་ལྟ་བུའི་དཀྱིལ་འཁོར་དུ་གྱུར་ཏོ། །དབུས་ཀྱི་ཞལ་སེར་ལ་ལྡེམ་པའམ། ཅིར་ཡང་འགྱུར་བ་མཆེ་བ་གཙིགས་པའི་ནང་ནས། གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ཞིག་བཟུང་ནས། འབྱུང་བ་ནམ་མཁར་བྱིན་གྱིས་བརླབས་ཏེ། དེ་བཞིན་གཤེགས་པའི་རིགས་སུ་གྱུར་ཏོ། །འབྱུང་བ་ལྔ་ཡང་དེ་ལྟར་བསྐྱེད་དོ། །རིགས་ལྔའི་སངས་རྒྱས་ཀྱང་དེ་ལྟར་བྱུང་ངོ་། །ཞལ་སོ་སོའི་བར་བར་ན་རལ་པ་སོ་སོའི་རིགས་དང་མཐུན་པར་སྣང་ངོ་། །ཙིཏྟ་རྩ་བ་གཅིག་ལ་རྩེ་མོ་ལྔར་སྣང་བ་ནི། རྩེ་མོ་ལྔ་ལས་རིགས་ལྔ་ཡེ་ཤེས་ལྔ་ཡང་དེ་ལས་ཤར་རོ། །རྩ་བ་གཅིག་ལ་ཆོས་སྐྱེ་བ་མེད་པའི་དབྱིངས་ཀྱང་དེ་ལ་འདུས་ཏེ། མི་ནུབ་པའི་རྒྱལ་མཚན་ཞེས་ཀྱང་གྲགས་སོ། །རྩེ་མོ་ལྔར་འབར་བ་ལས་སྲོག་གིས་བསྡུས་པའི་ཀུན་གཞི་ལ་སོགས་པའི་དྲན་པ་ཐམས་ཅད་ཀྱང་དེ་ལས་འབྱུང་ངོ་། །རྩ་བ་གཅིག་ལས་སེམས་ཅན་གྱི་རྟག་པ་ཆེན་པོ་ཡང་དེ་ལས་འབྱུང་ངོ་། །ཤར་ཕྱོགས་ཀྱི་གསང་བའི་མཁའ་གྲང་ལ་འདྲེད་པས་དགུན་དུ་བྱིན་གྱིས་བརླབས་སོ། །བྱང་ཕྱོགས་ཀྱི་གསང་བའི་མཁའ་རྩུབ་ལ་གྲང་བས། དཔྱིད་དུ་བྱིན་གྱིས་བརླབས་སོ། །ནུབ་ཕྱོགས་ཀྱི་གསང་བའི་མཁའ་གཤེར་ལ་རླན་པས་དབྱར་དུ་བྱིན་གྱིས་བརླབས་སོ། །ལྷོ་ཕྱོགས་ཀྱི་གསང་བའི་མཁའ་དྲོ་ལ་འཇམ་པས་སྟོན་དུ་བྱིན་གྱིས་བརླབས་སོ། །དུས་བཞི་ཡང་དེ་ལྟར་ཆགས་སོ། །ཆ་ཡང་དེ་ལྟར་སྙོམས་སོ། །སྐུ་སྟོད་ཀྱི་ཞལ་ནས་འབྱུང་བའི་རིགས་ལྔ་ཧེ་རུ་ཀའི་སངས་རྒྱས་རྣམས། སྐུ་སྨད་གསང་བའི་བྷ་གར་སྦྱོར་ཚུལ་ཕྱེད་ནུབ་ཙམ་དུ་བཞུགས་པས། སྐྱེ་བ་བཞིའི་རིགས་དྲུག་སོ་སོར་ཡང་དེར་འཐོན་ཏོ། །རིགས་སོ་སོར་བཏུལ་བ་ཡང་དེར་བཏུལ་ལོ། །ཕྱག་བཞི་ལ་གཡས་གཡོན་གྱི་དང་པོ་གཉིས་ཀྱིས་ཁོལ་མོ་བཅུ་བཞིའི་གཙོ་མོ་སྲིད་པ་བདེ་འགྲོ་མ་དང་། ཉི་ཟླ་ཐོད་


DNG023_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲེང་ཅན་གཉིས་ཀྱི་སྙིང་རྩ་བ་གཟུང་བ། གཡས་གཡོན་ཐ་མ་གཉིས་ཀྱིས་ཁྲོས་པའི་དབང་མོ་ཆེ་གཉིས་ཀྱི་སྙིང་རྩ་བ་གཟུང་བ། སྦས་པའི་ཕྱག་གཉིས་ཀྱིས་བདུད་རྩི་རྣམ་པ་ལྔའི་ལོངས་སྤྱོད་མངོན་དུ་མཛད་པ། ཞབས་བརྒྱད་ཀྱིས་དབྱིངས་ཀྱི་མ་བཞི་དང་། ཐུགས་ཀྱི་དགྱེས་སྡེ་མོ་བཞིའི་སྙིང་བརྫིས་པ་དང་།དབུས་ཀྱི་ཞལ་དཔྲལ་བའི་དབྱེས་ནས་མིག་ཟུར་གསུམ་གཅིག་གཟིགས་པས། མ་མོ་བཅུ་བཞིའི་ཁོལ་མོ་སྲིད་པ་ཆགས་བྱེད་མ་དང་། ཤན་ཤན་ནེའུ་དང་། ཨེ་ཀ་ཙ་ཏི་རལ་གཅིག་མ་ལ་སོགས་པ་འདར་ལྕུག་ལྕུག་བྱེད་པ། དབུས་ཀྱི་ཞལ་ནས་རྐན་སྒྲ་བརྡབས་པས། ཧེ་རུ་ཀ་སྣི་ལ་སོགས་ཏེ། སྲིད་པའི་མ་མོ་ཐམས་ཅད་ཀྱི་སྙིང་རྩར་གྱིས་འབྱིན་པའོ། །མ་མོ་དབང་དུ་ཡང་དེ་ལྟར་འདུས་སོ། །དབུས་ཀྱི་ཞལ་གྱིས་མཁའ་ཡེལ་ཡེལ་བ་ཡང་དེ་ལྟར་རྫོགས་སོ། །སྲིད་པ་གསུམ་གྱི་གཙོ་མོ་ཡང་དེར་རྫོགས་སོ། །སྐུ་གསང་བའི་བྷ་ག་ལ་ཡུམ་གྱི་མཁའ་བདེ་བ་ཆེན་པོའི་ཀློང་ཞེས་ཀྱང་དེ་ལ་བྱའོ། །རྣམ་པར་ཤེས་པ་ཐམས་ཅད་ཀྱི་བཅུད་ལེན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་ཀྱང་དེ་ལ་བྱའོ། །སྐུ་རྟག་པ་ཆེན་པོའི་གཡུང་དྲུང་དུ་བཞུགས་པས། སྐྱེ་ཤི་འདས་པ་ཞེས་ཀྱང་དེ་ལ་བྱའོ། །དེ་ལ་སྡུག་བསྔལ་མི་འབྱུང་བས། མྱ་ངན་ལས་འདས་པ་ཞེས་ཀྱང་བྱའོ། །དེ་ལྟ་བུ་ལ་བླང་དོར་མེད་པས་ཀུན་ཏུ་བཟང་མོ་ཞེས་ཀྱང་དེ་ལ་བྱའོ། །འབྱུང་བ་ལྔ་སྐུ་ལ་རྫོགས་པས། འབྱུང་བའི་རྒྱལ་མོ་ཞེས་ཀྱང་དེ་ལ་བྱའོ། །དུས་བཞི་དབྱིངས་ལ་ཤར་བས། དུས་བཞི་ཆ་སྙོམ་མ་ཞེས་ཀྱང་དེ་ལ་བྱའོ། །སྐུ་སྟོད་ཀྱི་ཞལ་ནས་བྱུང་བའི་རིགས་ལྔའི་སངས་རྒྱས་ཀྱང་། སྐུ་སྨད་ནས་བྱུང་བའི་གསང་བའི་བྷ་ག་ལ་རུབ་པས། རིགས་ཀྱི་ཡུམ་ཞེས་ཀྱང་དེ་ལ་བྱའོ། །སྦས་པའི་ཕྱག་གཉིས་ནས་ཀྱང་བདུད་རྩི་རྣམ་པ་ལྔའི་ལོངས་སྤྱོད་མངོན་དུ་མཛད་པས། བདུད་རྩིའི་


DNG023_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་མོ་ཞེས་ཀྱང་དེ་ལ་བྱའོ། །སྣང་སྲིད་ཐམས་ཅད་གཏན་ལ་འབེབས་པས། སྲིད་པའི་རྒྱལ་མོ་ཞེས་ཀྱང་དེ་ལ་བྱའོ། །སྐུ་གཅིག་ལ་མཚན་དགུ་མ་ཞེས་ཀྱང་དེ་ལ་བྱའོ། །དེ་ལ་ཐུགས་ནས་དྲང་བའི་སྙིང་པོ་ནི། ཉིད་གཞི་མུ་ཁ་ལེའི་ཀྲོ་དྷཱི་ཤྭ་རཱི་བྷ་ག་པདྨ་རྱ་བདེ་ཀློང་འདུས་ན་སྙིང་ཛ༔ཤ་ཡུ་ཏི་ཧཱུཾ་བྷྱོ་བྷྱོ། ཡང་མ་མོ་ཞེས་བྱ་བ་ནི། མ་ནི་རྒྱལ་བ་ཀུན་གྱི་ཡུམ། །མོ་ནི་སྲིད་པ་ཀུན་གྱི་མ། །མ་ནི་སྐྱེ་བ་མེད་པའི་དབྱིངས། །མོ་ནི་འགག་པ་མེད་པའི་ཀློང་། །མ་ནི་ཐབས་མཆོག་རྟོག་མེད་མཁའ། །མོ་ནི་ཤེས་རབ་ཆགས་མེད་ཀློང་། །དེ་ལྟ་བུའི་ཡུམ་ཆེན་མོ་ལ་སྐུ་སྟོད་ནས་བྱུང་བའི་རིགས་ལྔའི་སངས་རྒྱས་དང་། སྐུ་སྨད་ཀྱི་བྷ་ག་སྦྱོར་བ་མཛད་པའི་སྲས་མོ་ལྔ་ཡོད་དེ། གཅིག་ནི་རྟག་པའི་རྒྱལ་མོ་རྣམ་སྣང་གསལ་ཞེས་བྱ་སྟེ། སྐུ་མདོག་དཀར་མོ་ལ་ཤེལ་གྱི་རལ་པ་ཅན་གསང་བའི་མཁའ་ཤེལ་གྱི་གའུར་འཁྱིལ་པ་མ་ཆགས་པའི་ཐབས་ལ་རོལ་པའོ། །གཅིག་ནི་རྟག་པའི་རྒྱལ་མོ་འོད་གསལ་འབར་ཞེས་བྱ་སྟེ། སྐུ་མདོག་སྔོན་མོ་ལ་རིན་པོ་ཆེའི་ལན་ཕྲན་ཅན། གསང་བའི་མཁའ་རིན་པོ་ཆེའི་གའུར་འཁྱིལ་པ་མི་ལེན་པའི་ཐབས་ལ་རོལ་པའོ། །གཅིག་ནི་རྟག་པའི་རྒྱལ་མོ་གཉེན་གསལ་མ་ཞེས་བྱ་སྟེ། སྐུ་མདོག་དམར་མོ་ལ་བྱུ་རུའི་རལ་པ་ཅན།གསང་བའི་མཁའ་བྱེ་རུའི་གའུར་འཁྱིལ་པ་གཉིས་སུ་མེད་པའི་ཐབས་ལ་རོལ་པའོ། །གཅིག་ནི་རྟག་པའི་རྒྱལ་མོ་ཡང་གསལ་གཡོས་ཞེས་བྱ་སྟེ། སྐུ་མདོག་ལྗང་གུ་ལ།རྡོ་རྗེའི་ལན་ཕྲན་ཅན། གསང་བའི་མཁའ་རྡོ་རྗེའི་གའུར་འཁྱིལ་པ་གྲུབ་པའི་ཐབས་ལ་རོལ་པའོ། །གཅིག་ནི་རྟག་པའི་རྒྱལ་མོ་བཀྲག་གསལ་མཉམ་ཞེས་བྱ་སྟེ། སྐུ་མདོག་ཅིར་ཡང་འགྱུར་བ་ལ། གཡུའི་ལན་ཕྲན་ཅན། གསང་བའི་མཁའ་གཡུའི་གའུར་འཁྱིལ་པ་གཉིས་མེད་བརྟེན་པའི་ཐབས་ལ་རོལ་པའོ། །འདི་ལྔ་ནི་མཁའ་བཞི་དབྱིངས་དང་ལྔ་ཞེས་བྱ་སྟེ། རིགས་ཀྱི་ཡུམ་ལྔ་བྱ་བ་ཡང་འདི་ཡིན། སེམས་ཅན་དུས་ཆེན་པོ་ལས་བབ་པ་ཡང་འདི་ལྔས་དབང་བྱེད་


DNG023_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །ཚེའི་བདག་མོ་ཡང་འདི་ལྔ་ཡིན་ནོ། །སྲོག་ལས་དྲང་བའི་སྙིང་པོ་ནི། གྲི་སྭ་མུཾ་ཧཱུཾ་ཧ། ཛྭ་ལ་པ་ར་རཾ་ཧ། བྱཱྀ་ཤ་སིངྷ་ཧ། བྱི་ཡཾ་ཡཾ་ཏེ་ཧ། མ་ཧཱ་ལཾ་ཏེ་ཧ། དེ་ལྟར་བདག་ཉིད་བསྒོམ་པ་ནི། དང་པོར་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་གསལ་བར་བསྒོམ་པ་ནི། ཐུགས་ཀ་ནས་ཡི་གེ་ཨོཾ་དཀར་པོ་གཅིག་ལས། ཡེ་ཤེས་ལྔའི་གཞལ་ཡས་ཁང་། ཆོས་ཀྱི་དབྱིངས་ལྟར་ཁྱབ་གདལ་བའི་དབུས་སུ། བདག་ཉིད་བླ་ན་མེད་པའི་ཏིང་ངེ་འཛིན་དུ་ཞུགས་ལ། སྙིང་གར་མུ་ཁ་ལེ་ལས། ཡེ་ཤེས་ཚོགས་ཀྱི་རྗེ་མོ་བསྒོམ། མིག་གཡས་པ་ཧ་ལས། མཁའ་འགྲོ་མ་རྣམ་སྣང་གསལ་བསྒོམ་མོ། །མིག་གཡོན་པར་ཧ་ལས། མཁའ་འགྲོ་འོད་གསལ་འབར་བསྒོམ་མོ། །རྣ་བ་གཡས་པར་ཧ་ལས་མཁའ་འགྲོ་མ་གཉེན་གསལ་འབར་བསྒོམ། རྣ་བ་གཡོན་པར་ཧ་ལས་མཁའ་འགྲོ་མ་ཡང་གསལ་འབར་བསྒོམ། སྣ་ལ་ཧ་ལས་མཁའ་འགྲོ་མ་བཀྲག་གསལ་མཉམ་བསྒོམ། སྐུ་མདོག་དང་ཕྱག་མཚན་ནི། འོག་མའི་ཚིགས་བཅད་དང་སྦྱར། མ་མོ་རྣམས་ཀྱི་གཙོ་མོ་དང་ཇོ་མོའི་ཡང་གསང་ཐིག་ལེ་གཏན་ཚིགས་ཀྱི་ལེའུ་སྟེ་དང་པོའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །སྲིད་པའི་དཀྱིལ་འཁོར་བསྒོམ་པ་དང་། །བདག་ཉིད་ཕྱག་རྒྱར་བསྐྱེད་བྱ་བ། །འབྱུང་དང་འཇུག་པའི་མཚན་ཉིད་ལས། །ཇི་ལྟར་བདག་གིས་ནན་ཏན་བགྱི། །མངོན་རྫོགས་དཔལ་ལ་བདག་ཉན་འཚལ། །དེ་སྐད་གསོལ་པ་གསན་ནས་ཀྱང་། །མངོན་རྫོགས་དཔལ་གྱིས་བཀའ་སྩལ་པ། །འབྱུང་དང་འཇུག་པའི་མཚན་ཉིད་ལས། །ཇི་ལྟར་དཀྱིལ་འཁོར་བསྐྱེད་བྱ་བ། །ངས་བསྟན་པ་ལ་གདོན་མི་ཟ། །ཉོན་ཅིག་གནོད་འདུལ་ལྷ་ཡི་གཙོ། །འབྱུང་བ་སྤྲོ་བའི་ངོ་བོ་ལ། །འཇུག་པ་བསྡུ་བའི་མཚན་ཉིད་དེ། །ས་བོན་གྱིས་ནི་བསྟན་པར་བྱ། །བདག་ཉིད་ཐིག་ལེར་མཉམ་སྦྱར་ནས། །རྣམ་གསུམ་རིམ་གྱིས་ཏིང་འཛིན་བསྒོམ། །དམིགས་མེད་ཏིང་འཛིན་རྣམ་དག་ཅིང་། །


DNG023_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་མེད་ཆོས་ཉིད་དབྱིངས་སུ་ཐིམ། །དམིགས་མེད་མ་ཆགས་ས་བོན་གྱིས། །དེ་བཞིན་ཉིད་དུ་རྣམ་པར་དྲངས། །སྙིང་རྗེ་ནམ་མཁའི་ངོ་བོ་ལྟར། །བླང་དོར་མེད་པར་སྣང་བ་ཡི། །མཚམས་སུ་སྦྱོར་བའི་ས་བོན་གྱིས། །ཀུན་ཏུ་སྣང་ཞེས་གྲགས་པ་ཡིན། །བདག་གི་རླུང་ལས་གྱུར་པ་ཡིས། །འོག་གི་ཕྱོགས་སུ་ས་བོན་བརྟན། །བདག་གི་ཆུ་ལས་གྱུར་པ་ཡིས། །དེ་ཡི་སྟེང་དུ་ས་བོན་བརྟན། ། བདག་གི་ས་ལས་གྱུར་པ་ཡིས། །ས་བོན་ལས་ནི་སྤྲིས་མ་བརྟན། །བདག་གི་མེ་ལས་བྱུང་བ་ཡིས། །ས་བོན་ལས་ནི་དྲོད་དུ་ལྡན། །བདག་གི་ནམ་མཁའི་ངོ་བོ་ལས། །ས་བོན་གསུམ་གྱི་སྣང་སྲིད་བསྒོམ། །དབྱིངས་ལས་འབྱུང་ལྔའི་རྒྱུ་བསྐྱེད་དོ། །མཁའ་ལ་རླུང་བརྟན་འགྲོ་ལྔ་གནས། །བྷ་ག་ཉིད་དུ་གསལ་བ་ལས། །ས་བོན་གྱིས་ནི་དཀྱིལ་འཁོར་བསྒོམ། །འཁོར་ལོ་ས་བོན་གྱིས་སྦྱངས་ནས། །རྩིབས་བརྒྱད་པ་རུ་རྣམ་པར་གྲགས། །གདན་གྱི་ས་བོན་རྣམ་སྦྱངས་ནས། །རྩིབས་བརྒྱད་སྟེང་དུ་བཅུ་བཞི་བསྐྱེད། །དཀྱིལ་དུ་རྒྱ་མཚོ་ཐོད་ཕྲེང་གཉིས། །ཤར་དང་ནུབ་ཏུ་མགོ་བསྣོལ་བའོ། །སྒྲོལ་བྱེད་དཀར་མོ་མིག་གཅིག་གཉིས། །བརྒྱ་བྱིན་ཕྱོགས་སུ་མགོ་བསྟན་པ། །དབང་སྡུད་ནག་མོ་རལ་གཅིག་གཉིས། །གཤིན་རྗེའི་ཕྱོགས་སུ་མགོ་བསྟན་པའོ། །བདུད་རྩི་བྱེད་དང་དམར་མོ་གཉིས། །ཆུ་བདག་ཕྱོགས་སུ་མགོ་བསྟན་པའོ། །གནས་འཕྲུལ་སེར་མོ་ལས་མཁན་གཉིས། །གནོད་སྦྱིན་ཕྱོགས་སུ་མགོ་བསྟན་པ། །རྒྱན་གྱི་རྒྱལ་མོ་མེ་ཡི་ཕྱོགས། །དབྱིངས་ཕྱུག་མ་ནི་བདེན་བྲལ་ཕྱོགས། །བདག་ཉིད་མ་ནི་རླུང་གི་ཕྱོགས། །གཅིག་པུ་མ་ནི་དབང་ལྡན་ཕྱོགས། །རིམ་གྲོ་བསྐྱེད་ཕྱིར་འཁོར་རྣམས་བསྒྱེལ། །བྷ་ག་བཅུ་བཞིའི་གདན་སྟེང་ན། །བདག་ཉིད་བྱང་ཆུབ་ཐིག་ལེ་ལས། །སྙིང་པོ་ཡེ་ཤེས་མངོན་དུ་ཤར། །བྱེད་པ་པོ་ནི་ཀུན་ཏུ་བཟང་། །རྣམ་པར་ཐར་པའི་དབུར་ལྡན་ཞིང་། །ཡེ་ཤེས་དྲུག་གི་ཕྱག་རྒྱར་བཅས། །མཚན་དང་དཔེ་བྱད་ཡང་དག་ལྡན། །རྫུ་


DNG023_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲུལ་བཞི་ཡི་ཞབས་དང་ལྡན། །བདག་གི་ཀུན་གཞིའི་ངོ་བོ་ལ། །རྣལ་འབྱོར་ཉིད་གཞི་བདེ་མཆོག་མ། །བྱ་བ་མོ་ནི་ཆོས་ཀྱི་དབྱིངས། །ཆོས་ཉིད་རྟག་པ་ཐུགས་ཀྱི་དཀྱིལ། །འོད་ཟེར་མང་པོ་རྩེ་ནས་འཕྲོས། །འབྱུང་བ་ལྔ་ཡི་ཞལ་མངའ་ཞིང་། །ཡེ་ཤེས་དྲུག་གི་ཕྱག་རྒྱར་བཅས། །ཕྱོགས་མཚམས་གནོན་པའི་ཞབས་བརྒྱད་ཀྱིས། །མ་གཤེགས་པར་ནི་སྲིད་པར་ཕྱིན། །དུས་བཞི་འཆར་བའི་བྷ་ག་ལ། །སྐྱེ་ཤི་མེད་པའི་ཀློང་དུ་ཐིམ། །སྲིད་པ་གསུམ་གྱིས་སྐུ་བརྒྱན་ཅིང་། །སྤྱི་དཔལ་མཆོག་ལ་འདི་སྐད་གསུངས། །ཡེ་ཤེས་སྙིང་པོ་བླ་ན་མེད། །བླ་མེད་ཁྲག་འཐུང་དཔལ་གྱི་དཔལ། །འཇིགས་བྱེད་གསང་བའི་རྡོ་རྗེ་ནི། །མཁའ་ཀློང་ཀུན་གྱི་གཏེར་ལགས་ཏེ། །མཁའ་ཀློང་བདེ་བའི་ལམ་མཆོག་ནི། །སྐྱེ་འགྲོ་ཡོངས་ཀྱི་ཐར་པའི་ལམ། །སངས་རྒྱས་ཡོངས་ཀྱི་རེ་སྐོང་ཕྱིར། །ཐར་ལམ་བདེ་བའི་ལོངས་སྤྱོད་ནི། །འཛུམ་པའི་མདངས་ཀྱིས་འབུལ་ལགས་ཀྱི། །དགྱེས་པའི་རྡོ་རྗེ་གསོར་ནས་ཀྱང་། །རེ་སྐོང་བདུད་རྩིའི་ཆར་ཆེན་ཕོབ་ཧོ། །ཧཱུཾ་མཉམ་ཉིད་ཡེ་ཤེས་པདྨའི་དབྱིངས། །འབྱུང་གནས་སྐྱེ་འགྲོ་ཐར་པའི་ལམ། །རིན་ཆེན་དཀྱིལ་འཇམ་ཀློང་ཡངས་སུ། །སྤྱི་དཔལ་རྡོ་རྗེ་གསང་བའི་གཏེར། །རེ་སྐོང་རྡོ་རྗེ་ཆར་ཆེན་ཕོབ་ཧོ། །ཧཱུཾ་བྷ་ག་པདྨའི་དཀྱིལ་འཁོར་འདིར། །འདབ་བརྒྱད་པདྨའི་དཀྱིལ་འཁོར་ལྡན། །ཕྱི་ལྕགས་ནང་སྟན་སྒོ་བར་བཅས། །རིན་ཆེན་དཀྱིལ་འཇམ་གདན་བཏིང་སྟེ། །བླ་མེད་འཕྲུལ་གྱི་ལྡེ་མིག་གིས། །ལྕགས་ཁྲོལ་གདན་ཕྱེ་གདན་ལ་བཞུགས། །རིན་ཆེན་བརྩེགས་པའི་གའུ་རུ། །བླ་མེད་ཁྲག་འཐུང་སྐུ་བསིལ་ནས། །བདུད་རྩི་ཆེན་པོའི་བུམ་པ་ཡིས། །སྲིད་གསུམ་འགྲོ་བའི་བག་ཆགས་བཀྲུས། །མི་དམིགས་པ་ལ་དམིགས་པ་ཆེ། །མ་ཆགས་པ་ལ་ཆགས་པ་ཆེ། །ཐར་ལམ་བདེ་བ་བྷ་གའི་དབྱིངས། །བླང་དོར་མེད་པའི་ཀློང་ཡངས་སུ། །སྲིད་པའི་བག་ཆགས་བཀྲུ་བའི་ཕྱིར། །སྤྱི་དཔལ་བླ་ན་མེད་པ་ཡི། །


DNG023_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བའི་དོན་ལྡན་ལྡེ་མིག་གིས། །རྣམ་པར་ཐར་པའི་སྒོ་ཕྱེ་སྟེ། །ཡེ་ཤེས་ཆུ་བོས་ཁྲུས་ཆེན་མཛོད། །ཨོཾ་ཐབས་ལས་དབྱིངས་བྱུང་ཐར་པའི་ལམ། །དབྱིངས་ལས་ཐབས་བཞེངས་བླ་མེད་སྐུ། །བླ་མེད་དབྱིངས་དང་ཡེ་ཤེས་སྦྱོར་བས་ན། །བདུད་རྩི་ཆེན་པོའི་ཆར་ཆེན་སྲིད་པར་སྤྲོ། །ཕྱོགས་བཅུ་རྒྱལ་བ་མཉེས་པའི་མཆོད་པར་སྤྲོ། །རྣལ་འབྱོར་མཁའ་འགྲོ་སྐོང་བའི་ཚོགས་སུ་སྤྲོ། །འགྲོ་བ་རིགས་དྲུག་སྒྲིབ་པ་སྦྱོང་བའི་ཕྱག་རྒྱ་ཆེན་པོར་སྤྲོ། །མུ་སྟེགས་བདུད་འདུལ་ཁྲོ་རྒྱལ་ཚོགས་སུ་སྤྲོ། །སྡུག་བསྔལ་ཟད་ཕྱིར་བདུད་རྩིའི་ཆར་ཆེན་སྤྲོ། །དབང་པོ་གསལ་བྱེད་ཡེ་ཤེས་སྒྲོན་མར་སྤྲོ། །འདོད་ཆགས་ཚིམ་བྱེད་གསང་བའི་སེམས་སུ་སྤྲོ། །ཧཱུྃ་བྱང་ཆུབ་སེམས་ཀྱི་ཐིག་ལེ་ལས། །མ་བཀག་ལྷུན་གྱིས་རྫོགས་པ་ནི། །ཐམས་ཅད་ཐིག་ལེ་ཉིད་ཀྱི་ངང་། །གཉིས་མེད་སྦྱོར་བའི་ཐིག་ལེ་ཆེ་ཧོ། །གཉིས་མེད་སྦྱོར་བའི་འོད་ཟེར་ལས། །འབྱུང་བ་ལྔ་ཡི་འཕྲོ་འདུ་བྱུང་། །བདག་གི་ས་ཡི་ངོ་བོ་ལས། །ས་བོན་ལས་ནི་སྐུ་བསྐྱེད་པ། །མཁའ་འགྲོ་བརྟན་འབར་སེམས་མའི་མཆོག །མི་འཇིགས་པ་ཡི་དབུ་གསུམ་གྱིས། །དུག་གསུམ་དབྱིངས་སུ་སྒྲོལ་བྱེད་ཅིང་། །ཕ་རོལ་ཕྱིན་དྲུག་ཕྱག་རྒྱ་ལས། །སྦྱིན་པ་ཆེན་པོ་རྟག་ཏུ་གཏོང་། །མཚོན་དུ་མེད་པའི་སྐུ་མདོག་ལ། །དཀར་ལ་དག་པའི་ན་བཟའ་གསོལ། །རྫུ་འཕྲུལ་བཞི་ཡི་ཞབས་དག་གིས། །ས་བདག་གདན་ལ་བརྐྱང་བསྐུམ་བཞུགས། །བདག་གི་རླུང་ལས་གྱུར་པ་ཡི། །ས་བོན་ལས་ནི་སྐུར་བསྐྱེད་པ། །མཁའ་འགྲོ་ཡང་གསལ་སེམས་མའི་མཆོག །ཐོགས་པ་མེད་པའི་དབུ་གསུམ་གྱིས། །ཁམས་གསུམ་ཐིག་ལེར་སྒྲོལ་བྱེད་ཅིང་། །ཕ་རོལ་ཕྱིན་དྲུག་ཕྱག་རྒྱ་ལས། །སྦྱིན་པ་ཆེན་པོ་རྟག་ཏུ་གཏོང་། །སྣ་ཚོགས་འགྱུར་བའི་སྐུ་མདོག་ལས། །ལྗང་གུ་ན་བཟའ་བཻ་ཌཱུརྱ། །རྫུ་འཕྲུལ་བཞི་ཡི་ཞབས་དག་གིས། །གནོད་སྦྱིན་གདན་ལ་བརྐྱང་བསྐུམ་བཞུགས། །བདག་གི་ཆུ་ལས་གྱུར་པ་ཡི། །ས་བོན་


DNG023_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ནི་སྐུར་བསྐྱེད་པ། །མཁའ་འགྲོ་གཉེན་གསལ་སེམས་མའི་མཆོག །རོལ་པ་ཆེན་པོའི་དབུ་གསུམ་གྱིས། །དུག་གསུམ་དབྱིངས་སུ་སྒྲོལ་བྱེད་ཅིང་། །ཕ་རོལ་ཕྱིན་དྲུག་ཕྱག་རྒྱ་ལས། །སྦྱིན་པ་ཆེན་པོ་རྟག་ཏུ་གཏོང་། །མཚོན་དུ་མེད་པའི་སྐུ་མདོག་ལས། །དམར་མོ་དབང་གི་ན་བཟས་བརྒྱན། །རྫུ་འཕྲུལ་བཞི་ཡི་ཞབས་དག་གིས། །ཆུ་བདག་གདན་ལ་བརྐྱང་བསྐུམ་བཞུགས། །བདག་གི་མེ་ལས་གྱུར་པ་ཡི། །ས་བོན་ལས་ནི་སྐུར་བསྐྱེད་པ། །མཁའ་འགྲོ་འོད་གསལ་སེམས་མའི་མཆོག །སྟོབས་ལྡན་མཆོག་གི་དབུ་གསུམ་གྱིས། །སྲིད་གསུམ་ཐིག་ལེར་སྒྲོལ་བྱེད་ཅིང་། །ཕ་རོལ་ཕྱིན་དྲུག་ཕྱག་རྒྱ་ལས། །སྦྱིན་པ་ཆེན་པོ་རྟག་ཏུ་གཏོང་། །མཚོན་དུ་མེད་པའི་སྐུ་མདོག་ལས། །རིན་ཆེན་སྔོན་པོའི་ན་བཟས་བརྒྱན། །རྫུ་འཕྲུལ་བཞི་ཡི་ཞབས་དག་གིས། །གཤིན་རྗེའི་གདན་ལ་བརྐྱང་བསྐུམ་བཞུགས། །བདག་གི་བཀྲག་ལས་གྱུར་པ་ཡི། །ས་བོན་ལས་ནི་སྐུར་བསྐྱེད་པ། །མཁའ་འགྲོ་བཀྲག་གསལ་སེམས་མའི་མཆོག །མི་འགྱུར་བ་ཡི་དབུ་གསུམ་གྱིས། །སྐྱེ་འགྲོ་མཁའ་ལ་སྒྲོལ་བྱེད་ཅིང་། །ཕ་རོལ་ཕྱིན་དྲུག་ཕྱག་རྒྱ་ལས། །མི་འཛད་པ་ཡི་སྦྱིན་པ་གཏོང་། །ཅིར་ཡང་འགྱུར་བའི་སྐུ་མདོག་ལས། །བཙོ་མ་གསེར་གྱི་ན་བཟའ་གསོལ། །རྫུ་འཕྲུལ་བཞི་ཡི་ཞབས་དག་གིས། །བརྒྱ་བྱིན་གདན་ལ་བརྐྱང་བསྐུམ་བཞུགས། །བདག་གི་གབ་པའི་ཐིག་ལེ་འདི། །ས་བོན་ལས་ནི་སྐུར་བསྐྱེད་པ། །བླ་ན་མེད་པའི་ཡབ་ཡུམ་གྱིས། །སྦྱོར་བའི་གདན་དུ་དྲུག་པོ་འདིང་། །བདག་གི་འོད་ཅན་སྣ་ཚོགས་ལས། །ས་བོན་ལས་ནི་སྐུར་བསྐྱེད་པ། །དཔལ་འབར་ཁྲོ་མོ་ཉིད་ཀྱི་སྐུ། །བདག་གི་དྭངས་མ་བཞི་པོ་ལས། །ས་བོན་ལས་ནི་སྐུར་བསྐྱེད་པ། །གསང་བའི་ཡུམ་བཞི་ཉིད་ཀྱི་སྐུ། །བདག་གི་དྭངས་མ་བརྒྱད་པོ་ལས། །ས་བོན་ལས་ནི་སྐུར་བསྐྱེད་པ། །ཁམས་གསུམ་གདར་གཅོད་ཉིད་ཀྱི་སྐུ། །བདག་གི་དཔག་བསམ་ཤིང་བུ་ལས། །ས་


DNG023_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

བོན་ལས་ནི་སྐུར་བསྐྱེད་པ། །སྐྱེ་ཤི་རྩད་གཅོད་ཉིད་ཀྱི་སྐུ། །གཡང་གཞི་དག་གི་གདན་སྟེང་ན། །བདག་གི་བདེ་ཆེན་གསལ་བ་ལས། །ས་བོན་ལས་ནི་སྐུར་བསྐྱེད་པ། །དུག་གསུམ་དབང་སྡུད་ཉིད་ཀྱི་སྐུ། །བདག་གི་དཔག་བསམ་ཤིང་བུ་ལས། །ས་བོན་ལས་ནི་སྐུར་བསྐྱེད་པ། །སྲིད་པ་རྩད་གཅོད་ཉིད་ཀྱི་སྐུ། །བདག་གི་ཟངས་ཀྱི་བུ་གུ་ལས། །ས་བོན་ལས་ནི་སྐུར་བསྐྱེད་པ། །པདྨ་ཤན་ཏིང་དབང་གི་སྐུ། །འདོད་ཁམས་ཆེན་མོ་གཙོ་མོའི་ཡུམ། །བདག་གི་སྲིད་པའི་མདོ་སྡུད་ལས། །ས་བོན་ལས་ནི་སྐུར་བསྐྱེད་པ། །ཡཀྴ་ཀྲོ་དྷཱི་ཤྭ་རཱིའི་སྐུ། །གཡས་གཡོན་ཐབས་དང་ཤེས་རབ་ལས། །ས་བོན་ལས་ནི་སྐུར་བསྐྱེད་པ། །ཀྲོ་དྷཱི་ཤྭ་རཱི་ས་མ་ཡ། །བདག་གི་དབང་པོ་མདོག་སྡུས་ལས། །ས་བོན་ལས་ནི་སྐུར་བསྐྱེད་པ། །རཀྴ་ཀྲོ་དྷཱི་ཤྭ་རཱིའི་སྐུ། །བདག་གི་སྲིད་པ་འཇུག་བྱེད་ལ། །ས་བོན་ལས་ནི་སྐུར་བསྐྱེད་པ། །གྷུ་ཡ་ཀྲོ་དྷཱི་ཤྭ་རཱིའི་སྐུ། །དེ་ལྟར་རྟག་ཏུ་བསྒོམ་པ་ནི། །བྱེད་པ་པོ་དང་བྱ་བ་མོ། །ཕ་མ་མེད་པའི་བུ་མོ་གཉིས། །སྲིད་པའི་སྔོན་དུ་བྱུང་བ་ཡིན། །སངས་རྒྱས་བས་ཀྱང་ཤིན་ཏུ་བགྲེས། །ལྔ་ལས་གྱུར་པའི་བུད་མེད་ལྔ། །གཉེན་མེད་སྲིད་པའི་གཡུང་དྲུང་ཡིན། །བསྐྱེད་པའི་ཁྲོ་མོ་བཅུ་གསུམ་ནི། །ཅིར་ཡང་མི་འོང་གཡུང་དྲུང་སྟེ། །རུས་མེད་གཡུང་དྲུང་བཅུ་གསུམ་ཡིན། །མཚོན་དུ་མེད་པའི་ནམ་མཁའ་ལ། །གཟའ་སྐར་མང་པོ་འབར་བ་ལྟར། །བྱང་ཆུབ་སེམས་ཀྱི་ཐིག་ལེ་ལས། །རིག་པའི་ཕྱག་རྒྱ་ཅིར་སྣང་ཡང་། །སྐྱེ་འགག་མེད་པའི་དབྱིངས་སུ་ཐིམ། །གསང་ཆེན་བདེ་བའི་རྡོ་རྗེ་ལ། །བྷ་གའི་དཀྱིལ་དུ་ལིངྒ་སྤྲོས། །རྩེ་ནས་ཐིམ་ཞིང་དཀྱིལ་འཁོར་བསྒྱུར། །ངས་གསུང་པ་ལ་ཐེ་ཚོམ་མེད། །དཀྱིལ་འཁོར་བསྐྱེད་པའི་བཅའ་གཞི། གབ་པའི་ཐིག་ལེའི་ལེའུ་སྟེ་གཉིས་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །འགྲོ་བ་སེམས་ཅན་ཐམས་ཅད་ཀུན། །རྟོག་


DNG023_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ནད་ཀྱིས་ཟིན་པ་ལ། །བདུད་རྩི་སྨན་བཏང་ཇི་ལྟར་ལགས། །ངོ་མཚར་ལྷ་ལ་བདག་ཉན་འཚལ། །དེ་སྐད་གསོལ་པ་གསན་ནས་ཀྱང་། །བླ་མེད་དཔལ་གྱིས་བཀའ་སྩལ་པ། །རྟོག་པའི་ནད་གཞིལ་སྨན་ཆེན་ནོ། །ངས་བསྟན་པ་ལ་ཐེ་ཚོམ་མེད། །ངས་བསྟན་པ་ལ་གདོན་མི་ཟ། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །རྒྱུ་གཅིག་དང་ནི་རྐྱེན་གཉིས་ལས། །ས་བོན་གྱིས་ནི་རྣམ་སྦྱོང་བ། །སྟོང་གསུམ་སྦྱངས་པས་དྲི་མཆོག་འགྱུར། །དུག་གསུམ་ནད་ཀྱི་གཉེན་པོ་ཡིན། །རྒྱུ་གཉིས་དང་ནི་རྐྱེན་གསུམ་ལས། །ས་བོན་གྱིས་ཀྱང་རྣམ་སྦྱོང་བ། །སྤྲོ་དང་བསྡུ་བ་མཐུན་པ་ལས། །རྟོག་འདུལ་རྣམ་རྟོག་ཐམས་ཅད་འདུལ། །ཉོན་མོངས་ལྔ་ཡི་ནད་རྣམས་ཞི། །རྒྱུ་གསུམ་དང་ནི་རྐྱེན་ལྔ་ལས། །ས་བོན་གྱིས་ནི་ཡང་དག་སྦྱང་། །སྤྲོ་བསྡུ་གཡོས་པར་གྱུར་པ་ལས། །རྣམ་ཤེས་བརྒྱད་ནི་ཀུན་ཏུ་རྒྱུ། །འཇིགས་པའི་ནད་རྣམས་ཞི་བར་བྱེད། །བདག་གི་དྲི་མ་ཆེན་པོ་ལ། །ས་བོན་གྱིས་ནི་རྣམ་སྦྱངས་ཏེ། །ཟོས་ན་ཡོན་ཏན་གཉིས་དང་ལྡན། །དངོས་གྲུབ་ཆེན་པོ་གཏི་མུག་ཡིན། །བདག་གི་དངོས་པོ་མཱཾ་ས་ལ། །ས་བོན་གྱིས་ནི་རྣམ་སྦྱངས་ཏེ། །ཟོས་ན་ཡོན་ཏན་གཉིས་དང་ལྡན། །དངོས་གྲུབ་ཆེན་པོ་ང་རྒྱལ་ཡིན། །བདག་གི་ཁྲག་ལས་གྱུར་པ་ཡི། །ས་བོན་གྱིས་ནི་རྣམ་སྦྱངས་ཏེ། །ཟོས་ན་ཡོན་ཏན་གཉིས་དང་ལྡན། །དངོས་གྲུབ་ཆེན་པོ་འདོད་ཆགས་ཡིན། །བདག་གི་དྲི་ཆུ་ལས་གྱུར་པ། །ས་བོན་གྱིས་ནི་རྣམ་སྦྱངས་ཏེ། །ཟོས་ན་ཡོན་ཏན་གཉིས་དང་ལྡན། །དངོས་གྲུབ་ཆེན་པོ་ཕྲག་དོག་ཡིན། །བདག་གི་གསང་བའི་ས་བོན་ལས། །ས་བོན་གྱིས་ནི་རྣམ་སྦྱངས་ཏེ། །ཟོས་ན་ཡོན་ཏན་གཉིས་དང་ལྡན། །དངོས་གྲུབ་ཆེན་པོ་ཞེ་སྡང་ཡིན། །ཀུན་འདུས་གཅིག་ཏུ་གྱུར་པ་ཡིན། །ཕྲ་མོ་སྟོང་དང་སྦོམ་པོ་བརྒྱད། །བསྡུས་ནས་གོང་བུར་ཟིན་པ་ལས། །བསྡུ་བའི་ས་བོན་གྱིས་སྦྱངས་པའི། །སྤྲོ་བསྡུས་


DNG023_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

འོད་དུ་གྱུར་པ་ལ། །ཐབས་དང་ཤེས་རབ་ཕྱག་རྒྱ་ཡིས། །ཟོས་ནས་དཔལ་ཆེན་དངོས་གྲུབ་ཐོབ། །མཁའ་འགྲོ་མ་རྣམས་མགུ་བར་བྱེད། །རྒྱུ་གསུམ་རྐྱེན་ལྔ་བདུད་རྩི་ཆེན་པོ་ལས། །སྣོད་ཆེན་སྣང་སྲིད་འཆར་བའི་རྒྱུད། །དུས་གསུམ་རྒྱལ་བ་ཀུན་གྱི་འབྱུང་གནས་ཏེ། །མཁའ་འགྲོ་དམ་ཅན་ཀུན་གྱི་སྲོག་གི་རྒྱུན། །རང་བཞིན་བདུད་རྩི་ཆེན་པོའི་འབྱུང་གནས་ནི། །རང་བྱུང་རྣམ་དག་ཉིད་ཀྱི་སྐུ་གསུང་ཐུགས། །བདུད་རྩི་ལྔ་ཡི་སྡོང་པོར་ཉིད་བཞུགས་པས། །དུག་གསུམ་རྟོག་པའི་ནད་ཀྱི་གཉེན་པོ་ཡིན། །ཐེག་ཆེན་ས་གཞི་ཆེན་པོ་ལས། །རྩི་མཆོག་མང་པོ་ཀུན་སྐྱེས་ཏེ། །འགྲོ་བའི་གསོས་སུ་གྱུར་པ་ལྟར། །བདག་ཉིད་ཆེན་པོའི་བདུད་རྩིའི་འཁོར་ལོ་ལས། །སྲོག་གིས་བསྡུས་པའི་སེམས་ཅན་ཐམས་ཅད་ཀུན། །རྣམ་རྟོག་ནད་ཀྱི་གསོས་སུ་ཆེ། །རྒྱུ་གསུམ་རྐྱེན་ལྔའི་བདུད་རྩི་དེ། །མ་རིག་དམྱལ་བའི་དོང་ཞེས་བྱ། །དེ་སྐད་ཅེས་བཀའ་སྩལ་པ་ལས། རྡོ་རྗེ་སེམས་དཔའ་དང་། ལྷ་གནོད་འདུལ་ལ་སོགས་པ་འཁོར་དེར་འདུས་པ་རྣམས་བདུད་རྩིའི་དཀྱིལ་འཁོར་གྱིས། གཏན་དུ་ཚིམས་ནས་མི་འཆི་བའི་དངོས་གྲུབ་ཐོབ་བོ། །བདུད་རྩི་རིན་པོ་ཆེ་ལྔས་རྣམ་པར་རྟོག་པའི་མཚན་མ་བཅོམ་ནས། ཆོས་ཉིད་དུ་གྱུར་པའི་བདུད་རྩིའི་བཅའ་གཞིའི་ལེའུ་སྟེ་གསུམ་པའོ།། །།གཡུང་དྲུང་ལྷ་ཡིས་ཡང་གསོལ་པ། །སྲིད་པའི་སེམས་ཅན་ཐམས་ཅད་ཀུན། །འདོད་ཆགས་ཀྱིས་ནི་ཁམས་གསུམ་འཁོར། །ཞེ་སྡང་གིས་ནི་ངན་སོང་ལྷུང་། །དེ་ལ་ནན་ཏན་ཇི་ལྟར་བགྱི། །ཉག་གཅིག་ཡབ་ལ་བདག་ཉན་འཚལ། །དེ་སྐད་གསོལ་པ་གསན་ནས་ཀྱང་། །ཉག་གཅིག་ཡབ་ཀྱིས་བཀའ་སྩལ་པ། །ཇི་ལྟར་ཆགས་སྡང་རྣམ་པ་གཉིས། །དངོས་གྲུབ་ཆེན་པོ་ངས་བསྟན་གྱིས། །ཉོན་ཅིག་གཡུང་དྲུང་ཡང་དག་ལྷ། །ཞེ་སྡང་ཆེན་པོའི་ཏིང་འཛིན་གྱིས། །ཕ་དང་ཁུ་བོ་ཚ་བོ་དང་། །ལྷ་དང་བུ་མོ་མཛེས་སྡུག་དང་། །བྲན་དང་


DNG023_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

གཡོག་མོ་ལ་སོགས་ཏེ། །ཞིང་བཅུ་དག་ཏུ་ལྡན་པ་ལ། །ཕུང་པོ་གསོད་བྱེད་སྙིང་ཕྱུང་ན། །དངོས་གྲུབ་ཡ་མཚན་ཆེན་པོར་འགྱུར། །འདོད་ཆགས་ཆེན་པོའི་ཏིང་འཛིན་གྱིས། །མ་དང་བུ་མོ་སྲིང་མོ་རྣམས། །ལྷ་མོ་ཀླུ་མོ་རིགས་ངན་དང་། །བྲན་མོ་གཡོག་མོ་ལ་སོགས་ཏེ། །གདོལ་པ་མོ་དང་ཕྱལ་པ་དང་། །ཚུལ་དགུར་སྦྱར་བ་དངོས་གྲུབ་ཐོབ། །ཅེས་བཀའ་སྩལ་པས། ལྷ་གཡུང་དྲུང་ལ་སོགས་པ་ཡ་མཚན་དུ་གྱུར་ནས་སྔངས་ཏེ། ཅི་ཡང་མི་སྨྲ་བ་དང་། འཁོར་དེ་དག་ལས་འཁོར་གྱི་གཙོ་བོ་དཔལ་རྡོ་རྗེ་སེམས་དཔའ་སྟན་ལས་ལངས་ཏེ། ཡེ་ཤེས་བཞིའི་ཕྱག་ཕྱོགས་བཞིར་འཚལ་ཏེ། བག་བཞི་ས་ལ་བརྡབས་ཏེ་ལུས་བརྐྱངས་ནས། རྒྱལ་པོ་རྫོགས་པའི་ཞབས་སྤྱི་བོ་ལ་བླངས་ཏེ། དངོས་གྲུབ་མྱུར་བར་འདོད་པའི་ཕྱིར། ཕྱག་རྒྱ་བཅས་ནས་གསོལ་པ། ཕ་དང་ཉེ་བཞི་ཞིང་བཅུ་དག །བསད་ནས་དངོས་གྲུབ་ཐོབ་པ་ཡི། །ཞེ་སྡང་ཆེན་པོའི་ཏིང་འཛིན་ལ། །ཞིང་བཅུ་བསད་ན་དངོས་གྲུབ་ཐོབ། །རྟོགས་པ་སྣ་ཚོགས་ལས་བྱའོ། །མ་དང་ཉེ་བ་ཕྱལ་པ་ལ། །སྦྱར་ན་དངོས་གྲུབ་དམ་པ་ཐོབ་པར་འགྱུར། །འདོད་ཆགས་ཆེན་པོའི་ཏིང་འཛིན་གྱིས། །དངོས་གྲུབ་ཆེན་པོ་བདག་འཚལ་ན། །སྤྱི་དཔལ་ཆེན་པོས་བསྟན་དུ་གསོལ། །ཞེས་ཞུས་ཏེ། ལུས་ས་ལ་ལན་སྟོང་དུ་བརྡབས་པ་དང་། བག་བཞི་ས་ལ་བཏུད་ནས། སྲིད་པ་ཐམས་ཅད་དུས་གཅིག་ཏུ་གཡོས་ཏེ། འཁོར་ཐམས་ཅད་དུས་གཅིག་ཏུ་ཁམས་འཁྲུགས་ནས། ཐམས་ཅད་བག་བཞི་ས་ལ་བརྡབས་ནས་ཡ་མཚན་ཏོ། །སྤྱི་དཔལ་ཆེན་པོ་ཡ་མཚན་ཏོ། །རྡོ་རྗེ་སེམས་དཔའ་ཡ་མཚན་ཏོ། །ཞེས་ཚིག་ཏུ་སྨྲས་ནས། པདྨ་གའུ་ཁ་འབུས་པ་ལྟར། སོར་མོ་བཅུ་སྤྱི་བོར་བླངས་ནས། མིག་མི་ལྡོག་པར་མངོན་པར་རྫོགས་པའི་རྒྱལ་པོ་ལ་རྟོག་གོ། །དེ་ལྟ་བུའི་སྤྱོད་པ་ཐུགས་སུ་གསོལ་ནས། འཁོར་ཐམས་ཅད་ལ་དགྱེས་པ་ཡེ་ཤེས་ཀྱི་མདངས་ཀྱིས་


DNG023_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས་ཏེ་བཀའ་སྩལ་པ། རྡོ་རྗེ་འཁོར་ལ་གདུང་བ་དང་། །སེམས་ཅན་ཀུན་ལ་ཐུགས་བརྩེའི་ཕྱིར། །རྡོ་རྗེ་སེམས་དཔས་ཞུས་པ་ལེགས། །ཀུན་ཀྱང་དྲན་པ་གནས་སུ་སྡུས། །སྲིད་པ་ཐམས་ཅད་བདེ་ལ་འཁོད། །ངས་ཀྱང་བདུད་རྩིའི་སྙིང་པོ་སྦྱིན། །སྡུ་ན་ས་མ་ཡ་སྟྭཾ། ཞེས་བརྗོད་པས། འཁོར་ཀུན་སེམས་རྣལ་དུ་ཕེབས་པ་དང་། སྲིད་པ་ཐམས་ཅད་དུས་གཅིག་ཏུ་བདེ་སྟེ། རྣ་བའི་དབང་པོ་བླགས་ནས། རྡོ་རྗེ་སེམས་དཔའི་ཕྱག་རྒྱའི་རྗེས་སུ་ཞུགས་ནས་གུས་པར་ཉན་ཏོ། །དེ་ནས་སྤྱི་དཔལ་ཆེན་པོས་བཀའ་སྩལ་པ། གཉེན་སྡུག་དང་ནི་ཞིང་བཅུ་ལ། །གསད་པའི་ཕྱིར་ནི་ཞེ་སྡང་བསྒོམ། །སྤྱོད་པ་གསུམ་གྱིས་རྣམ་སྦྱངས་པས། །སྲིད་པའི་བག་ཆགས་མ་ལུས་འབྱང་། །ལྔ་ཡི་ཚོགས་སུ་ས་བོན་གྱིས། །སྒོ་ལྔ་བཀུག་ནས་ཚོར་བ་མེད། །སྙིང་བརྩེ་བ་ཡི་ཤུགས་དག་གིས། །བསྡུས་ན་རྒྱལ་པོ་རི་ལུ་བཞིན། །སྒོ་འབྱེད་པ་ཡི་ས་བོན་གྱིས། །བོ་དྷི་ཙིཏྟའི་སྒོ་ཕྱེ་ནས། །རྣ་བརྒྱུད་བྱིན་ནས་བསྒོམ་བཞུ་བླུགས། །མས་ཡར་ཟློག་པའི་ས་བོན་གྱིས། །སྤར་ཏེ་འབྲུ་བཞི་ས་བོན་གྱིས། །ཆུ་དང་འོ་མ་འདྲེས་པ་བཞིན། །མྱ་ངན་འདས་ལ་ཕྱག་རྒྱ་ཡིས། །བཅིངས་ན་བདེ་སྐྱིད་གཡུང་དྲུང་ཡིན། །རྐྱེན་ལྔ་སྒོ་འབྱེད་ས་བོན་གྱིས། །རི་རབ་ཆེན་པོའི་སྒོ་ཕྱེ་སྟེ། །ལྷ་མོ་ཡི་ནི་ཕྱག་རྒྱ་ཡིས། །ལྕགས་ཀྱུའི་ས་བོན་སྦྱངས་ནས་སུ། །རྒྱུ་གཅིག་དབྱིངས་ནས་ཕྱུང་ནས་སུ། །མཚམས་སུ་སྦྱོར་བའི་ས་བོན་གྱིས། །ཡེ་ཤེས་གཡུང་དྲུང་བདལ་བ་ལ། །སྤྱི་དཔལ་ཆེན་པོས་མཚམས་སྦྱར་ནས། །གསེར་དང་དངུལ་དུ་བསྲེས་པ་བཞིན། །སྡིག་པ་སྤྱད་ཀྱང་ཡེ་ཤེས་འབར། །ཡང་ན་དཀྱིལ་འཁོར་གསལ་སྤྲོས་ཏེ། །ཕུང་པོ་མངོན་རྫོགས་ལྷ་ལ་མཆོད། །རྩ་བ་གསང་བའི་བྷ་ག་ལ། །མཚམས་སུ་སྦྱོར་བའི་ས་བོན་གྱིས། །སྲས་སུ་བསྐྱེད་ན་བསོད་ནམས་མཆོག །བསྐལ་པའི་མེ་དཔུང་འབར་བ་ཡིས། །སྲིད་པའི་བུད་ཤིང་སྲེག་པ་ལྟར། །སྡིག་པ་སྤྱད་ཀྱང་ཡེ་ཤེས་


DNG023_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

འབར། །ཡེ་ཤེས་མེ་དཔུང་འབར་བ་ཡིས། །འགྲོ་བ་ཀུན་གྱི་བག་ཆགས་བསྲེགས། །མེ་ལ་ཤིང་གིས་བསྣན་པ་ལྟར། །སྡིག་པ་སྤྱད་ཀྱང་ཡེ་ཤེས་འབར། །མ་སྲིང་དང་ནི་ཕྱལ་པ་དང་། །སྦྱོར་བའི་ཕྱིར་ནི་འདོད་ཆགས་བསྒོམ། །ལྷ་ཡི་ས་བོན་གནས་ལྔ་ལ། །གཅིག་ལ་ལྷ་ཡི་ཚོམ་བུར་སྦྱར། །ལམ་དུ་བདེ་བའི་ས་བོན་གྱིས། །བྷ་ག་ལ་ནི་པདྨས་བརྒྱན། །སྟན་དུ་བདེ་བའི་ས་བོན་གྱིས། །ཀློང་ཆེན་བདེ་བའི་འཁོར་ལོ་རྩིབས་སུ་བཅས། །ལས་ཀྱི་ས་བོན་གཡས་གཡོན་གྱིས། །དབུ་ལ་མཁའ་འགྲོ་ལྔ་པོ་ཉིད། །དྲིལ་བུའི་ས་བོན་རྐང་མཐིལ་ལ། །ཞགས་པའི་ས་བོན་ལག་གཉིས་ལའོ། །བདག་ཉིད་སྙིང་པོ་བརྟན་པའི་སྐུ། །གནས་ལྔར་རལ་གྲིའི་ས་བོན་ལྔ། །གཅིག་ལ་མཁའ་འགྲོ་ལྔ་ལྔས་བསྐོར། །འདྲེན་པའི་ས་བོན་སྒལ་ཚིགས་ལ། །དགྱེས་པའི་ས་བོན་གཡས་གཡོན་ལ། །བསྡིམ་པའི་ས་བོན་གསང་བ་ལ། །ལྕགས་ཀྱུའི་ས་བོན་རྐང་གཉིས་ལ། །ལྕགས་སྒྲོག་ས་བོན་ལག་གཉིས་ལ། །བསྐྱོད་པའི་ས་བོན་མཚམས་སུ་སྟེ། །སྤྲོས་ན་གཉིས་སུ་མེད་པའོ། །སྤྲོས་པ་ཚོམ་བུ་ཀུན་བསྡིམ་སྟེ། །མཆོད་པ་བཞི་ཡི་ས་བོན་གྱིས། །སྟོང་ཁམས་བཀངྐ་སྟེ་མཉེས་མཆོད་ལ། །རིགས་དྲུག་འགྲོ་བའི་སྡིག་སྦྱངས་ནས། །འཇུག་པའི་ས་བོན་ཆེན་པོ་ཡིས། །བསྡུས་ནས་ཀུན་བཟང་མཁའ་ལ་བསྡིམ། །གཏིང་དཔག་མེད་པའི་རྒྱ་མཚོ་ལ། །ཆུ་བྲན་ཐམས་ཅད་འདུ་བ་ལྟར། །བྱ་སྤྱོད་གཉིས་ཀྱི་རླུང་དཀྱིལ་དུ། །མ་སྲིང་ལ་སོགས་ཀླུ་མོ་དང་། །གདོལ་པ་རིགས་ངན་ཕྱལ་པ་དག །ཚུལ་དགུར་སྦྱར་ན་བསོད་ནམས་མཆོག །ཅེས་བཀའ་སྩལ་པ་དང་། འཁོར་ཐམས་ཅད་ཀྱིས་ཆགས་སྡང་གི་དངོས་གྲུབ་ཐོབ་བོ། །ཏན་དང་ག་ཎའི་བཅའ་གཞིའི་ལེའུ་སྟེ་བཞི་པའོ།། །།རྡོ་རྗེ་སེམས་དཔས་ཡང་གསོལ་པ། །མངོན་སྤྱོད་མཆོད་པ་ཆེན་པོ་དག །ཇི་ལྟར་བདག་གིས་ནན་ཏན་བགྱི། །སྤྱི་དཔལ་མཆོག་ལ་བདག་ཉན་འཚལ། །


DNG023_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་བདེ་བས་བཀའ་སྩལ་པ། །དེ་ཕྱིར་ཉོན་ཅིག་རྡོ་རྗེ་སེམས། །མངོན་སྤྱོད་མཆོད་པ་སྣ་ཚོགས་ཏེ། །བདག་ཉིད་མཁའ་འགྲོའི་དཀྱིལ་འཁོར་ལྡན། །རྒྱན་དང་བགོ་བའི་ལོངས་སྤྱོད་ལ། །འདོམ་གང་འོད་ཀྱི་ས་བོན་གྱིས། །སྦྱངས་ན་དཀྱིལ་འཁོར་མཉེས་པ་ཡིན། །བཟའ་དང་བཅའ་བའི་ལོངས་སྤྱོད་ལ། །བསྲེག་པའི་ས་བོན་མཐར་བཞག་ལ། །བདུད་རྩིའི་ས་བོན་མངོན་སྦྱངས་ཏེ། །མཉེས་ཤིང་དགྱེས་པའི་ས་བོན་གྱིས། །མཆོད་ཅིང་ཟོས་ན་དཀྱིལ་འཁོར་མཉེས། །བཏུང་བས་ཚིམས་པའི་ལོངས་སྤྱོད་ལ། །བསྲེག་པའི་ས་བོན་གྱིས་སྦྱངས་ཏེ། །ཆུ་ཡི་ས་བོན་ཆེན་པོ་ཡིས། །སྦྱངས་ཏེ་འཐུང་ན་དཀྱིལ་འཁོར་དགྱེས། །ཕར་གཏོང་བ་དང་ཚུར་ལེན་པ། །ཕོ་དང་མོ་ཡི་ས་བོན་གྱིས། །སྦྱངས་ན་ཐབས་དང་ཤེས་རབ་ཐོབ། །མཆོད་པ་འོད་ཀྱི་དཀྱིལ་འཁོར་སྤྲོ། །རྟགས་ཀ་ནི་དང་ཐ་དོ་ལ། །ཐབས་དང་ཤེས་རབ་ས་བོན་གྱིས། །སྦྱངས་ན་སྡིག་བྱང་ཉེས་པ་མེད། །འདི་ལྟར་བྱས་ན་འཕགས་པ་མཉེས། །མངོན་སྤྱོད་མཆོད་པ་ཆེན་པོ་ཡིས། །ཆོས་ཀྱི་རང་བཞིན་དངོས་མེད་དེ། །དངོས་མེད་ཡི་གེ་སྟོང་པས་སྦྱངས། །སྟོང་ཉིད་སྟོང་པ་ཡེ་ནས་དབེན། །བསགས་པའི་སྣོད་ཀྱང་དངོས་ཀྱིས་སྟོང་། །རྣམ་པར་སྨིན་པ་སྟོང་པས་མེད། །བྱེད་པ་པོ་དང་བྱ་བ་མོ། །གདོད་ནས་སྟོང་པའི་འབྲས་བུ་ཡིན། །རྟོགས་པས་སྟོང་པའི་འབྲས་བུ་ལེན། །ལེགས་དང་ཉེས་པ་གཉིས་མེད་དེ། །ཐིག་ལེ་ཆེན་པོ་ལེན་པ་མེད། །གདོད་ནས་ལེན་པའི་རྒྱལ་པོ་ཡིན། །དེ་སྐད་ཅེས་བཀའ་སྩལ་པ་དང་། རྡོ་རྗེ་སེམས་དཔའ་ལ་སོགས་པའི་འཁོར་ཕུན་སུམ་ཚོགས་པ་ཀུན། སྟོང་པའི་འབྲས་བུ་ལ་སེམས་མི་ཡེངས་པར་རྟོག་གོ། །དེ་ནས་ལྷ་གནོད་འདུལ་སྟན་ལས་ལངས་ཏེ། སྤྱི་དཔལ་ཆེན་པོའི་ཞབས་ལ་འཇུས་ནས། གནོད་འདུལ་ཆེན་པོས་གསོལ་པ། དགོངས་ཤིག་བདེ་ཆེན་ཡེ་ཤེས་ལྷ། །སྲིད་པ་འཁྲུལ་པའི་རྟོག་པ་ཡིས། །སེམས་ཀྱི་འཁྲུལ་པ་ཅི་


DNG023_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

མཆིས་པ། །ཞབས་ལ་སྤྱི་བོས་གཏུགས་ནས་སུ། །སྟོང་པ་ཆེན་པོར་བཟོད་པར་གསོལ། །འབྲས་བུ་ཆེན་པོར་བཟོད་པར་གསོལ། །བྱང་ཆུབ་ཆེན་པོར་བཟོད་པར་གསོལ། །དེ་ནས་མི་དམིགས་པའི་ཚངས་པ་ཆེན་པོ་ཐོབ་བོ། །དེ་ནས་རྡོ་རྗེ་སེམས་དཔའ་དེས་ལངས་ནས་སྐུ་ལ་ཐིག་ལེ་སྦྲུལ་ལྟར་འཁྲིལ། མཛེས་པ་ཆེན་པོའི་མཆོད་པ་བྱས། །ཕྱི་དབང་ཆེན་པོ་བདག་ལ་གསོལ། །ནང་དབང་ཆེན་པོ་བདག་ལ་གསོལ། །གསང་དབང་ཆེན་པོ་བདག་ལ་གསོལ། །ཞེས་ཞུས་པ་དང་། སྤྱི་དཔལ་ཆེན་པོས་བཀའ་སྩལ་པ། ཕྱི་དང་ནང་དང་གསང་བ་ཡིས། །ང་ཡི་གསང་རྒྱུད་ཆེན་པོ་འདི། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ། །གསང་བ་འདི་ལས་མི་མངའ་བས། །གསང་བའི་གསང་ཆེན་གསང་བའི་གཏེར། །གསང་བའི་མཆོག་གི་སྤྱོད་པ་འདི། །རྡོ་རྗེ་སེམས་དཔའ་ཁྱེད་ལ་གཏད། །འགྲོ་བ་ཀུན་ལ་སྙིང་བརྩེའི་ཕྱིར། །ང་ཡི་སྤྱོད་པ་མཐའ་དག་དང་། །ང་ཡི་བྱིན་བརླབས་ཆེན་པོ་རྣམས། །རྡོ་རྗེ་སེམས་དཔའ་ཁྱེད་ཀྱིས་ཟུང་། །དེང་ནས་རྡོ་རྗེ་སེམས་དཔའ་ཁྱོད། །གསང་བ་ཀུན་གྱི་བྱེད་པའོ། །གསང་བའི་གསང་ཆེན་གསང་བའི་བདག །སྐུ་དང་གསུང་དང་ཐུགས་གསང་བའི། །གསང་བའི་དཔལ་དུ་དབང་བསྐུར་རོ། །སངས་རྒྱས་ཀུན་གྱི་དགོངས་པ་སྟེ། །རྣལ་འབྱོར་ཀུན་ལ་བདེ་སྦྱིན་པ། །རྡོ་རྗེ་སེམས་དཔའ་ཁྱེད་ཀྱིས་གཟུངས། །གུ་ཡ་རཱ་ཙ་མ་ཧཱ་རཱ་ཙ་ས་མ་ཡཱ་ལཾ་ཧོ་ཧོ། ཞེས་གནང་བ་དང་། དེ་ནས་རྡོ་རྗེ་སེམས་དཔའ་དེས། །རྒྱན་དང་ཆ་ལུགས་བཀྲོལ་བྱས་ཏེ། །སྤྱི་དཔལ་མཆོག་ལ་མངོན་པར་གཏོར། །གསང་དབང་ཆེན་པོ་བཙལ་བའི་ཕྱིར། །སྙིང་དང་སྙིང་གི་གྲོགས་མོ་དེ། །སྤྱི་དཔལ་མཆོག་ལ་ཡོན་དུ་འབུལ། །རྒྱན་དང་ཆ་ལུགས་མང་པོ་ཀུན། །གསང་དབང་གནང་ནས་ཡོན་དུ་བཞེས། །མངོན་སྤྱོད་ཀྱི་མཆོད་པ་ཆེན་པོའི་ལེའུ་སྟེ་ལྔ་པའོ།། །།རྡོ་རྗེ་


DNG023_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔས་ཡང་གསོལ་པ། ས་མ་ཡ་ཞེས་བགྱི་བ་གང་། །ས་མ་ཡ་ལ་དུ་ཞིག་མཆིས། །ས་མ་ཡ་ཡི་དོན་རྣམས་གང་། །དེ་སྐད་ཞུས་པ་གསན་ནས་ཀྱང་། །ཉག་གཅིག་ཡབ་ཀྱིས་བཀའ་སྩལ་པ། །ས་མ་ཡ་ཞེས་བྱ་བ་ནི། །འདའ་བར་དཀའ་བའི་དམ་ཚིག་གོ། །དམ་ཚིག་གྲངས་ལ་བསམ་མི་ཁྱབ། །བསྡུ་ན་རྣམ་པ་གསུམ་ཡིན་ནོ། །རྡོ་རྗེ་སེམས་དཔས་ཡང་གསོལ་པ། །ས་མ་ཡ་ཞེས་བཀའ་སྩལ་པ། །ཇི་ལྟར་བདག་གིས་ནན་ཏན་བགྱི། །ཉག་གཅིག་ཡབ་ལ་བདག་ཉན་འཚལ། །ཉོན་ཅིག་དཔལ་ལྡན་རྡོ་རྗེ་སེམས། །སྟོན་པ་བདེ་གཤེགས་ཀུན་གྱི་དཔལ། །སྐུ་ཡི་ཕྱག་རྒྱ་མི་སྤང་ཞིང་། །བསྒོ་བའི་ཚིག་རྣམས་མཉན་པར་བྱ། །རྡོ་རྗེ་སྤུན་ལ་གདུང་བ་བསྐྱེད། །འདི་ནི་ལུས་ཀྱི་ས་མ་ཡ། །བསྐྱེད་རྫོགས་ས་བོན་རྒྱུན་མི་འཆད། །རྒྱལ་པོ་ཕྱག་རྒྱ་གསལ་བར་བསྒོམ། །འདི་ནི་ངག་གི་ས་མ་ཡ། །གསང་བའི་སྙིང་པོ་ངེས་པའི་དོན། །སྣོད་ངན་རྣམས་ལ་སྤེལ་བ་མིན། །འདི་ནི་ཙིཏྟའི་ས་མ་ཡ། །ཏན་གན་དང་ནི་འབྲས་བུ་ལྔ། །སྤང་བར་མི་བྱ་སྤྱད་པར་བྱ། །འདི་ནི་ཡན་ལག་ས་མ་ཡ། །དམིགས་མེད་སྤྱོད་པ་མཐའ་དག་ཀུན། །འགྲོ་དོན་རྫོགས་པའི་ས་མ་ཡ། །ས་མ་ཡ་ནི་རྡོ་རྗེ་ཆེ། །འདའ་བར་མི་མཛད་རྡོ་རྗེ་དམ། །བཅོལ་བའི་ལས་རྣམས་བྱེད་པ་ནི། །མཁའ་འགྲོ་རྣམ་གསུམ་ས་མ་ཡ། །ཞེས་དཔའ་བོས་བཤད་དོ། །དེ་སྐད་ཅེས་སྤྱི་དཔལ་ཆེན་པོས་བཀའ་སྩལ་པ་དང་། འཁོར་ཐམས་ཅད་ཡི་རངས་ཏེ། རྡོ་རྗེ་སེམས་དཔའ་དང་། རིགས་ལྔའི་སངས་རྒྱས་རྣམས་ནི་གསང་བའི་བདག་པོར་གྱུར། འཁོར་མང་པོས་ནི་གཡུང་དྲུང་གི་དངོས་གྲུབ་ཐོབ་སྟེ། གསང་བ་དགྱེས་པའི་དམ་ཚིག་ཅན་དུ་གྱུར་ཏོ། །དམ་ཚིག་བཅའ་གཞིའི་ལེའུ་སྟེ་དྲུག་པའོ།། །།རྣལ་འབྱོར་གྱི་རྒྱུད་ལུང་ཆེན་པོ། ཀ་མ་ལ་དེ་ཝི་སིདྡྷི་མ་ཧཱ་ཏནྟྲ་ལས། དཀྱིལ་འཁོར་བསྐྱེད་པ་དང་། བདུད་རྩི་ཆེན་པོའི་


DNG023_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

བཅའ་གཞི་དང་། ཏིང་འཛིན་ཕུན་སུམ་ཚོགས་པའི་བཅའ་གཞི་དང་། ས་མ་ཡའི་བཅའ་གཞི་སྟེ། རིན་པོ་ཆེའི་གཏེར་གྱི་ལེའུ་སྟེ་བདུན་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། སྲིད་པའི་དབང་ཆེན་མོ་རྣམས་ཀུན། །སྤྱན་རྣམས་དྲང་ན་གང་གིས་དྲང་། །དབང་དུ་བསྡུ་ན་ཇི་ལྟར་བསྡུ། །ལས་ལ་བཀོལ་ན་ཇི་ལྟར་བཀོལ། །ཚོགས་ཀྱི་མཆོད་པ་ཇི་ལྟར་དབུལ། །དེ་སྐད་ཞུས་པ་གསན་ནས་ཀྱང་། །རྫོགས་སངས་རྒྱས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །ལས་རྣམས་འོག་མ་འདི་ལྟར་བྱ། །ཧཱུཾ་སྲིད་པ་ཐམས་ཅད་ཡུམ་གྱི་བྷ་གའི་ཀློང་། །དུས་གསུམ་བདེ་གཤེགས་འབྱུང་བ་ལྔ་ཡི་ངང་། །སྐྱེ་འགྲོ་མ་ལུས་འབྱུང་བ་ལྔ་ལ་རྫོགས། །འདས་དང་མ་བྱོན་འབྱུང་བ་ལྔ་ཡི་དབྱིངས། །འབྱུང་བ་ལྔ་ཉིད་བྷ་ག་ཡུམ་གྱི་ཀློང་། །བདེ་ཆེན་ཡུམ་གྱི་ཀློང་ལ་ཕྱག་འཚལ་ལོ། །ཧཱུྃ་ཁམས་གསུམ་ཐམས་ཅད་ཡུམ་གྱི་བྷ་གའི་རྒྱན། །སྣང་སྲིད་ཐམས་ཅད་འཁོར་ལོ་རྩིབས་བཞི་པ། །གྲུ་ཆད་སྒོ་བཞི་བྷ་གའི་ཚུལ་དུ་བརྒྱན། །འབྱུང་བ་ལྔ་ཡི་རྒྱལ་མོ་སྐུ་བསྐྱོད་ཅིག །ཧཱུྃ། འཁོར་ལོ་འབར་བའི་ལྟེ་དབུས་སུ། །ཡ་བདུད་བསྒྱེལ་བའི་གདན་སྟེངས་སུ། །ཡུམ་གྱི་རྒྱལ་མོ་སྤྱན་འདྲེན་ཏེ། །བཞི་ཟུར་ཞབས་བརྒྱད་ཕྱོགས་མཚམས་གནོན། །མཁའ་བཞི་བདེ་ཀློང་གཅིག་ཏུ་འཁྱིལ། །མཁའ་ལ་དུས་བཞི་ཆ་སྙོམས་མ། །དབུ་གཅིག་ཞལ་ལྔ་སྲིད་པ་གསལ། །ཞལ་ནས་འབྱུང་བ་ལྔ་འཆར་མ། །ཕྱག་དྲུག་ཕྱག་ཆ་སྣ་ཚོགས་བསྣམས། །དང་པོ་རྡོ་རྗེ་དྲིལ་བུ་དང་། །བར་མ་བྷནྡྷ་ཞགས་པར་བཅས། །ཐ་མ་བདུད་རྩི་གཡང་གཞི་འབར། །སྣ་ཚོགས་འགྱུར་བའི་སྐུ་མདོག་ལ། །ན་བཟའ་སྣ་ཚོགས་ཤིན་ཏུ་འབར། །འཁོར་ལོ་འབར་བའི་རྩེ་མོ་ལ། །ཚོགས་ཀྱི་བདག་མོ་གཤེགས་སུ་གསོལ། །ཧཱུྃ། ཤར་ཕྱོགས་འཁོར་ལོའི་རྩིབས་སྟེངས་སུ། །ས་བདག་བསྒྱེལ་བའི་གདན་སྟེངས་སུ། །ཤར་


DNG023_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་མཁའ་འགྲོ་སེང་གེའི་གདོང་། །རྟག་པའི་རྒྱལ་མོ་རྣམ་སྣང་གསལ། །སྣ་ཚོགས་འགྱུར་བའི་སྐུ་མདོག་ལ། །ན་བཟའ་དཀར་མོ་ཤེལ་ལྟར་དག །དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །དང་པོ་རྡོ་རྗེ་བྷནྡྷ་འབར། །བར་མ་དགྲ་སྟྭ་གཏུན་ཤིང་རྡེག །ཐ་མ་སེང་གེ་མཆོག་ཆེན་སྙོད། །འབྱུང་བ་ས་ཡི་མངའ་བདག་མོ། །འགྲོ་བའི་རུས་ལ་མངའ་མཛད་མ། །རུས་པའི་བདག་མོ་བཞུགས་སུ་གསོལ། །ཧཱུྃ། བྱང་ཕྱོགས་འཁོར་ལོའི་རྩིབས་སྟེངས་སུ། །གནོད་སྦྱིན་བསྒྱེལ་བའི་གདན་སྟེངས་སུ། །བྱང་གི་མཁའ་འགྲོ་ཁྱུང་ཆེན་གདོང་། །རྟག་པའི་རྒྱལ་མོ་ཡང་གསལ་གཡོས། །སྣ་ཚོགས་འགྱུར་བའི་སྐུ་མདོག་ལ། །ན་བཟའ་ལྗང་གུ་ཤིན་ཏུ་འབར། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །དང་པོ་རྒྱ་གྲམ་བྷནྡྷ་འབར། །བར་མ་ཁྱུང་ཆེན་རྒྱུ་ཕྲེང་འདྲེན། །ཐ་མ་སྤྱང་མོ་ཞིང་ཆུང་སྙོད། །འབྱུང་བ་རླུང་གི་མངའ་བདག་མོ། །འགྲོ་བའི་དབུགས་ལ་མངའ་མཛད་མ། །དབུགས་ཀྱི་བདག་མོ་བཞུགས་སུ་གསོལ། །ཧཱུཾ། ནུབ་ཕྱོགས་འཁོར་ལོའི་རྩིབས་སྟེངས་སུ། །ཆུ་བདག་བསྒྱེལ་བའི་གདན་སྟེངས་སུ། །ནུབ་ཀྱི་མཁའ་འགྲོ་དུར་བྱའི་གདོང་། །རྟག་པའི་རྒྱལ་མོ་གཉེན་གསལ་མ། །སྣ་ཚོགས་འབར་བའི་སྐུ་མདོག་ལ། །ན་བཟའ་དམར་མོ་དབང་གིས་མཛེས། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །དང་པོ་པདྨ་བྷནྡྷ་འབར། །བར་མ་ཞགས་པ་ཏྲི་ཤཱུ་ལ། །ཐ་མ་ཅེ་སྤྱང་ཞིང་ཆུང་སྙོད། །འབྱུང་བ་ཆུ་ལ་མངའ་མཛད་མོ། །འགྲོ་བ་ཁྲག་ལ་མངའ་མཛད་མ། །ཁྲག་གི་བདག་མོར་བཞུགས་སུ་གསོལ། །ཧཱུཾ། ལྷོ་ཕྱོགས་འཁོར་ལོའི་རྩིབས་སྟེངས་སུ། །གཤིན་རྗེ་བསྒྱེལ་བའི་གདན་སྟེངས་སུ། །ལྷོ་ཡི་མཁའ་འགྲོ་བ་གླང་གདོང་། །རྟག་པའི་རྒྱལ་མོ་བཀྲག་གསལ་འབར། །སྣ་ཚོགས་འགྱུར་བའི་སྐུ་མདོག་ལ། །ན་བཟའ་སྔོན་མོ་བཻ་ཌཱུརྱ། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །


DNG023_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་རིན་ཆེན་བྷནྡྷར་འབར། །བར་མ་མེ་དབལ་དབྱུག་ཐོ་བསྣམས། །ཐ་མ་སྟག་མོ་ཞིང་ཆུང་སྙོད། །འབྱུང་བ་མེ་ལ་མངའ་མཛད་མ། །དྲོད་ཀྱི་བདག་མོར་བཞུགས་སུ་གསོལ། །ཧཱུཾ། དཀྱིལ་མཚམས་འཁོར་ལོའི་རྩིབས་སྟེང་ན། །བརྒྱ་བྱིན་སྒྱེལ་བའི་གདན་སྟེངས་སུ། ། ནམ་མཁའི་མཁའ་འགྲོ་རྡོ་རྗེའི་མཆུ། །རྟག་པའི་རྒྱལ་མོ་བཀྲག་གསལ་མཉམ། །སྣ་ཚོགས་འགྱུར་བའི་སྐུ་མདོག་ལ། །ན་བཟའ་སེར་པོ་བཙོ་མ་གསེར། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །དང་པོ་འཁོར་ལོ་བྷནྡྷ་འབར། །བར་མ་རྒྱལ་མཚན་སྤུ་གྲི་འཛིན། །ཐ་མ་འུག་པ་ཞིང་ཆུང་སྙོད། །ནམ་མཁའ་སྟོང་ལ་དབང་བསྒྱུར་ཞིང་། །འགྲོ་བའི་བཀྲག་ལ་མངའ་མཛད་མ། །བཀྲག་གི་བདག་མོར་བཞུགས་སུ་གསོལ། །ཀུན་ཀྱང་ཡེ་ཤེས་མཁའ་འགྲོ་མ། །མཆེ་བ་ཅན་ལ་གཙིགས་ཤིང་ཧ་ཧ་བཞད། །འཇིགས་ཚུལ་ཆེ་ལ་སྙིང་རྗེར་ལྡན། །ཡེ་ཤེས་དྲུག་དང་ལྡན་པ་སྟེ། །ཕ་རོལ་ཕྱིན་པ་དེ་བཞིན་ཉིད། །སེམས་ཅན་ཀུན་ལ་ཐུགས་བརྩེའི་ཕྱིར། །འགྲོ་ལ་ཕན་ཕྱིར་གཤེགས་སུ་གསོལ། ༈ །ད་ནི་མ་མོ་དབང་དུ་བསྡུ་བའི་བཀོལ་ཐབས་བསྟན་ཏེ། ཉོན་ཅིག་གནོད་འདུལ་ལྷ་ཡི་གཙོ། །གཙོ་མོ་ལ་སོགས་དྲུག་པོ་འདི། །བདག་ཉིད་ཆེན་པོར་བསྒོམ་པར་བྱ། །བཅུ་བཞི་མན་ཆད་གདན་དུ་བཏིང་། །བདག་ཉིད་ཆེན་པོར་བསྒོམ་པར་བྱ། །མ་ནི་དགྱེས་ཆེན་རྟག་པའི་མཁའ། །མོ་ནི་བདེ་ཆེན་ལོངས་སྤྱོད་ཀློང་། །མ་ནི་རྟག་ཆེན་གཡུང་དྲུང་མཁའ། །མོ་ནི་ཆགས་བྱེད་བྱང་ཆུབ་ཀློང་། །མ་ནི་སྐུ་གསུང་ཐུགས་ཀྱི་མཁའ། །མོ་ནི་ལུས་ངག་ཡིད་གསུམ་ཀློང་། །མ་ནི་རྒྱལ་བ་ཀུན་གྱི་མཁའ། །མོ་ནི་འགག་པ་མེད་པའི་ཀློང་། །མ་ནི་ཐབས་མཆོག་གནོད་མེད་མཁའ། །མོ་ནི་ཤེས་རབ་ཆགས་མེད་ཀློང་། །མ་ནི་ནམ་མཁའི་དབྱིངས་ཉིད་མཁའ། །མོ་ནི་སེམས་ཀྱི་སེམས་ཉིད་ཀློང་། །མ་ནི་ཆོས་ཀྱི་ཆོས་ཉིད་མཁའ། །


DNG023_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ནི་བདེ་ཆེན་བྷ་གའི་ཀློང་། །མ་ནི་སྐུ་བཞི་བདེ་ཆེན་དབྱིངས། །མོ་ནི་རྣམ་ཤེས་ཧཱུཾ་ཆེན་འབར། །མཁའ་ཀློང་གཉིས་སུ་བདག་བསྒོམས་ཤིང་། །ཐིག་ལེ་ཆེན་པོར་བློ་བརྟན་ནས། །ལུས་ལ་མ་མོ་དབང་དུ་བསྡུས། །ཞེས་འབྱུང་སྟེ། དེ་ལ་མ་མོ་ལུས་ལ་ཇི་ལྟར་བསྡུ་ཞེ་ན། ཚིག་དོན་དུ་ནི་འདི་སྐད་སྟོན། །ཡེ་ཤེས་ཐིག་ལེ་ཆེན་པོ་དང་། །གསང་ཆེན་བདེ་བའི་ལམ་མཆོག་དང་། །མན་ངག་རྫོགས་པའི་དཀྱིལ་འཁོར་ལ། །ཡང་གསང་མ་མོ་དྲུག་པོ་དེ། །ཆགས་པའི་གདན་དུ་བསྒོམ་པར་བྱ། །འོད་ཆེན་ཁ་དོག་སྣ་ཚོགས་ཀྱིས། །སྲིད་པའི་བདེ་འགྲོ་ཐམས་ཅད་དང་། །ཉི་ཟླའི་ཐོད་ཕྲེང་གདན་དུ་གདིང་། །ཐིག་ལེ་ཆེན་པོའི་རྒྱན་བཞི་ཡིས། །ཁྲོས་པའི་དབང་ཆེན་བཞི་པོ་དག །ཆགས་པའི་གདན་དུ་གདིང་བར་བྱ། །སྲིད་པའི་དྭངས་མ་བརྒྱད་པོ་ཡིས། །སྦས་པའི་མ་མོ་བཞི་པོ་དང་། །ཐུགས་ཀྱི་དགྱེས་སྡེ་བཞི་རྣམས་ཀྱང་། །མངོན་སུམ་གདན་དུ་གདིང་བར་བྱ། །བདེ་ཆེན་གསང་བའི་དཀྱིལ་འཁོར་དུ། །སྲིད་པ་ཆགས་བྱེད་སྤུན་གཉིས་བཀན། །སྲིད་པ་རང་ལུགས་གཉུག་མ་ཡིས། །ཨེ་ཀ་ཛ་ཏི་སྤུན་དྲུག་བཀན། །ཆགས་པའི་ཡུམ་ཆེན་དམར་མོ་ཡིས། །འདོད་ཆགས་གཙོ་མོ་སྤུན་གཉིས་བཀན། །སྲིད་པ་སྤྱི་ཡི་མདོ་སྡུད་ཀྱིས། །ནམ་མཁའི་རྒྱལ་མོ་སྤུན་གཉིས་བཀན། །དབང་པོ་སྤྱི་ཡི་མདོ་གསལ་གྱིས། །སྲིད་པའི་མ་ཆེན་བདུན་རྣམས་བཀན། །གཡས་གཡོན་ཐབས་དང་ཤེས་རབ་ཀྱིས། །དམག་གི་རྒྱལ་མོ་སྤུན་གཉིས་བཀན། །སྲིད་པའི་འཇུག་བྱེད་འཕྲོ་འདུ་ཡིས། །ཉི་ཤུ་རྩ་བརྒྱད་གན་རྐྱལ་མནན། །དེ་ལྟར་གདན་དུ་བཏིང་བར་བྱ། །སྙིང་འདྲེན་ཕྱག་རྒྱ་བཅས་ནས་སུ། །དྲག་པོའི་སྔགས་ཀྱིས་གནན་པར་བྱའོ། །ཧཱུཾ་མུ་ཁ་ལེ་ཧ་ན། ཧ་ཧ་ན། ཧཱུཾ་ཧ་ཧ་ཕཊ། ཀྲོ་དྷཱི་ཤྭ་རཱི་བྷ་ག་ཤནྟིཾ་ནན། སཱུརྱ་པདྨ་ཁ་རག་སྲིད་འགྲོ་ནན། སུ་ཏྲི་དུནྟི་ནན། མ་དུ་ས་སྟན་ཕཊ། ཀེཾ་ཏ་ཀེཾ་ཏ་ནི་ལ་ལད་ཏྲན་ནན། མ་མ་བྷྱོ་ཧཱུཾ་ཕཊ། ནན་མ་མ་དུཥྚན་ཕཊ་ནན། མ་རག་


DNG023_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

ཏྲ་པྲ་ཝེ་ཤ་ན་ཤ་ན། ནན་ནན། དེ་སྐད་ཅེས་ནི་བརྗོད་པ་ཡིས། །གདན་གྱི་རྒྱུ་རྣམས་བསྐྱེད་པ་དང་། །བདུད་རྩི་དམར་ཆེན་ཁར་བླུགས་སོ། །ཨོཾ་བཛྲ་ཨ་མྲྀ་ཏ། ཨུ་ཙི་ཏ་ཙིཏྟ་ནན། དྲ་ཏ་ཕཊ་ནན། འདི་ནི་སྲོག་འཕྲོག་པའི་སྔགས་ཡིན་ཏེ། གདན་གྱི་སྙིང་ཁྲག་ཞལ་དུ་རྔུབས། ། ལྕེ་ཡི་སྟེང་དུ་གསལ་བར་བཞག །དེ་ནས་གདན་ནས་བཀྱེ་ནས་སུ། །བསྒྲུབ་པའི་ལས་རྣམས་བྱེད་པར་བསྒོམ། །ཆེ་བའི་ང་རྒྱལ་འདི་སྐད་བསྐྱེད། །ཧཱུཾ། ང་ནི་ཁྲག་འཐུང་ཀུན་གྱི་རྗེ། །ང་ནི་ཁྲོ་བོ་ཀུན་གྱི་ཡབ། །ང་ནི་སྲིད་གསུམ་སྙིང་རྗེའི་བདག །ང་ནི་མ་མོ་ཀུན་གྱི་རྗེ། །ཐམས་ཅད་ཀུན་གྱི་སྙིང་ཁྲག་བདག །ཁྱེད་ཀྱི་སྙིང་ཁྲག་ང་ལ་ཡོད། །ང་ཡི་ལས་རྣམས་ཁྱེད་ཀྱིས་སྒྲུབས། །ཛཿཧཱུཾ་བཾ་ཧོཿམ་མ་བྷྱོ། རུ་ལུ་རུ་ལུ་རག་མོ་བྷྱོ། ཧཱུྃ། ཡེ་ཤེས་རྩལ་འཕང་ཐིག་ལེ་ཡིས། །བསྒོམ་བྱ་མ་མོ་བཅུ་གསུམ་ལ། །དྲུག་ཅུ་རྩ་བརྒྱད་དཀྱིལ་འཁོར་རྫོགས། །ཞེས་འབྱུང་སྟེ། བདག་ཉིད་བླ་ན་མེད་པའི་ཏིང་ངེ་འཛིན་དུ་གསལ་བར་བྱས་ལ། སེམས་ལས་སྐྱེས་པའི་མ་མོ་བཅུ་གསུམ་དང་། མ་མོ་དྲུག་ཅུ་རྩ་བརྒྱད་ཀྱི་སྲོག་གི་སྙིང་པོ་བསྡུས་ལ་འཁོར་དུ་བཞག་གོ། །དེ་ནས་རྣལ་འབྱོར་གྱིས་འབྱོར་ཚོགས་ཀྱི་མཆོད་པ་གཞུང་བཞིན་བཤམས་ལ། སྣ་ལ་ཡེ་ཤེས་ལྔ་ལས་བསྐྱེད་པ་རྣམས་མཆོད། ཧཱུྃ། ཐིག་ལེ་དབྱིངས་ལས་བསྐྱེད་པའི་ཁྲོ་རྒྱལ་ཡུམ། །ཡེ་ཤེས་ཐུགས་ལས་བསྐྱེད་པའི་ཁྲོ་མོའི་སྐུར་སྟོན་པ། །གཉིས་མེད་ཧ་ཧ་བཞད་ཅིང་རྔམ་པའི་སྒྲ་ཡིས་ཧཱུཾ་སྒྲ་འབྱིན། །མཆེ་བ་དམར་མོ་གཙིགས་ནས་སྙིང་འདྲེན་རྐན་སྒྲ་ཅན། །སྐྱེ་ཤི་རྩ་བ་གཅོད་ནས་བདེ་ཀློང་ཐུགས་ལ་བསྡུ། །ཀུན་ཀྱང་སྐུ་མདོག་ཁྲོ་མོར་བཞུགས་ཤིང་དབང་ཆེན་དཀྱིལ་འཁོར་རྫོགས། །ཕྱག་ནས་སྤྲུལ་པ་གཏོང་ཞིང་དུག་གསུམ་དབྱིངས་སུ་སྦྱོར། །མ་ཚོགས་འཁོར་དུ་བསྡུས་ནས་བྷ་ག་མངའ་མཛད་མ། །དྲུག་ཅུ་རྩ་བརྒྱད་ཚོགས་ཀྱིས་དུས་ལ་བབས་ཀྱི་རྔམ་པའི་སྒྲ་ཕྱུང་ཞིག །སྲིད་


DNG023_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དཀྱིལ་འཁོར་རྫོགས་པའི་ཐིག་ལེ་ཆེ། །དགྱེས་པའི་བཞད་པ་སྒྲ་སྒྲོགས་རོལ་པའི་ཚུལ་བཞིན་མཛོད། །རྒྱུ་ལས་བསྐྱེད་པའི་བདུད་རྩི་ཆེན་པོ་འདི། །རྣམ་རྟོག་གཞོམ་ཕྱིར་ཁྱོད་ཀྱི་སྐུ་ལ་ཐིམ་པར་མཛོད། །ཧ་ཧཱུྃ་ཧེ་མ་བྷྱོ་བྷྱོ། རུ་ལུ་རུ་ལུ་ཧཱུཾ། རུ་ལུ་རུ་ལུ་ཧཱུྃ་བྷྱོ། ཨ་ལ་ལ་ཧོ། ཨོཾ་ཧ་ཧོ། སྐུ་ལས་བསྐྱེད་པ་སྟོན་ནས་སུ། །འཁོར་གྱི་དྲུག་པོ་སྤྱན་དྲང་ངོ་། །ཧཱུཾ། མ་མོ་ཆེན་མོ་ཚོགས་ཀྱི་དཀྱིལ་འཁོར་ནས། །ཀུན་འབྱུང་དལ་ལ་མངའ་བདག་མོ། །བཞི་ཟུར་ཞབས་བརྒྱད་ཞལ་ལྔ་འབར། །མཁའ་བཞི་བདེ་ཀློང་དབྱིངས་ནས་གསལ། །མཁའ་ལ་སྲོག་གི་མངའ་མཛད་མ། །དཀྱིལ་འཁོར་གཙོ་མོར་བཞུགས་སུ་གསོལ། །ཧཱུཾ། མ་མོ་ཆེན་མོ་རྒྱུ་བདག་མོ། །སྣ་ཚོགས་འགྱུར་བའི་སྐུ་མདོག་ལ། །ཞལ་གསུམ་ཤར་གྱི་མཁའ་འགྲོ་མ། །ཧཱུཾ། མ་མོ་ཆེན་མོ་དབུགས་བདག་མོ། །སྣ་ཚོགས་འགྱུར་བའི་སྐུ་མདོག་ལ། །ཞལ་གསུམ་བྱང་གི་མཁའ་འགྲོ་མ། །ཧཱུྃ། མ་མོ་ཆེན་མོ་རླན་བདག་མོ། །སྣ་ཚོགས་འགྱུར་བའི་སྐུ་མདོག་ལ། །ཞལ་གསུམ་ནུབ་ཀྱི་མཁའ་འགྲོ་མ། །ཧཱུྃ། མ་མོ་ཆེན་མོ་དྲོད་བདག་མོ། །སྣ་ཚོགས་འགྱུར་བའི་སྐུ་མདོག་ལ། །ཞལ་གསུམ་ལྷོ་ཡི་མཁའ་འགྲོ་མ། །ཧཱུྃ། མ་མོ་ཆེན་མོ་བཀྲག་གི་བདག །སྣ་ཚོགས་འགྱུར་བའི་སྐུ་མདོག་ལ། །ཞལ་གསུམ་ནམ་མཁའི་མཁའ་འགྲོ་མ། །ཡང་སྦས་དྲུག་གིས་དཀྱིལ་འཁོར་རྣམས། །ཐུགས་དམ་ཆེན་པོ་རྗེས་དགོངས་ཏེ། །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །དེ་ནས་བཅུ་བཞི་མན་ཆད་ཀྱང་། །རང་རྒྱུད་ལུགས་བཞིན་བསྐུལ་བར་བྱ། །མ་མོ་བཀོལ་ཐབས་དང་། དབང་དུ་བསྡུ་བ་དང་། ཚོགས་ཀྱི་ལེའུ་སྟེ་བརྒྱད་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །མ་མོ་ཀུན་གྱི་ཕྱག་རྒྱ་རྣམས། །དོན་དུ་ཇི་ལྟར་འཚལ་བར་བགྱི། །རྫོགས་སངས་རྒྱས་ལ་བདག་ཉན་འཚལ། །རྫོགས་སངས་རྒྱས་ཀྱིས་བཀའ་སྩོལ་ཅིག །


DNG023_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

དེ་སྐད་ཞུས་པ་གསན་ནས་ཀྱང་། །རྫོགས་སངས་རྒྱས་ཀྱིས་བཀའ་སྩལ་པ། མ་མོ་རྣམས་ཀྱི་ཕྱག་རྒྱ་རྣམས། །འབྲུ་ལྔ་དོན་དང་ངས་བསྟན་པས། །ཉོན་ཅིག་གནོད་འདུལ་ལྷ་ཡི་གཙོ། །ཨ་ལ་ལ་ཧོ། ས་མ་ཡ་ཧཱུཾ་ཧ་ཧོ་སྟྭཾ། ལག་གི་འདུ་བྱེད་བསྒོམ་པ་ནི། །གཡས་གཡོན་ཐབས་དང་ཤེས་རབ་ལས། །རྡོ་རྗེ་གར་དུ་བསྐོར་བ་ལས། །ཤེས་རབ་མཆོག་གི་སྙིང་གར་བསྟན། །སྦོམ་པོ་དབང་མོ་རྩེ་སྤྲད་དེ། །ཐབས་ཀྱི་ཕྱོགས་མཚམས་བསྐོར་བ་ནི། །མ་མོ་ཚོགས་ཀྱི་རྒྱལ་མོའི་རྒྱ། །རྡོ་རྗེ་སྡེར་མོ་དམ་བསྣོལ་ཏེ། །ཨོཾ་བསྒྲེང་རྩེ་མོར་རྒྱ་བཅིང་བྱ། །མ་མོ་རྡོ་རྗེ་རུས་པའི་རྒྱ། །རྡོ་རྗེ་ཁུ་ཚུར་བཅངས་པ་ལས། །ཧཱུྃ་དང་ཧ་གཉིས་རྩེ་སྤྲད་དེ། །འབྲུ་གསུམ་བརྐྱང་ནས་གཤོག་པའི་ཚུལ། །ན་ར་ཧ་སར་གཟུང་བ་ནི། །མ་མོ་རྡོ་རྗེ་དབུགས་ཀྱི་རྒྱ། །རྡོ་རྗེ་ཁུ་ཚུར་བཅངས་པ་ལས། །ཨོཾ་དང་སྭ་གཉིས་རྒྱབ་བསྣོལ་འཁྱུད། །འབྲུ་གསུམ་རྩེ་སྤྲད་སྐུ་གསུང་ཐུགས། ། བཞད་པའི་ཐད་ཀར་གཟུང་བ་ནི། །མ་མོ་རྡོ་རྗེ་ཁྲག་གི་རྒྱ། །རྡོ་རྗེ་ཁུ་ཚུར་དམ་བཅིངས་ནས། །ཧ་གཉིས་རྩེ་སྤྲད་གྱེན་དུ་བསྒྲེང་། །ཨོཾ་གཉིས་རྩེ་སྤྲད་ཐད་ཀར་བརྐྱང་། །སྭ་བསྒྲེང་རྩེ་སྤྲད་ཐུར་དུ་བརྐྱང་། །འབྲུ་གཉིས་སོ་སོར་དམ་བསྣོལ་ནས། །གུ་ཡའི་ཐད་ཀར་གཟུང་བ་ནི། །མ་མོ་རྡོ་རྗེ་མེ་ཡི་རྒྱ། །རྡོ་རྗེ་ཁུ་ཚུར་བཅིངས་པ་ལས། །་གཉིས་རྒྱབ་བསྣོལ་ལུ་གུ་རྒྱུད། །འབྲུ་གསུམ་སོ་སོར་རྩེ་སྤྲད་དེ། །ཧཱུྃ་གཉིས་དྲག་ཏུ་གཡོབ་པ་ནི། །མ་མོ་རྡོ་རྗེ་བཀྲག་གི་རྒྱ། །རྡོ་རྗེ་ཐལ་མོ་བརྐྱང་བ་ལས། །ཐབས་ཀྱི་ཨོཾ་དང་ཧ་གཉིས་ལས། །ཤེས་རབ་ཨཱཿཡིས་བརྟེན་པར་བྱ། །ཤེས་རབ་ཨོཾ་དང་ཧ་གཉིས་ལས། །ཐབས་ཀྱི་ཧཱུྃ་གིས་བརྟན་པར་བྱ། །ཤེས་རབ་ཨོཾ་དང་ཧཱུཾ་བརྐྱང་སྟེ། །ཐབས་ཀྱི་ཨོཾ་དང་སྦས་བཀབ་པ། །སེམས་ཀྱི་དཀྱིལ་དུ་བཀན་བཀབ་པས། །མ་མོ་ཡེ་ཤེས་མཁའ་འགྲོ་མའི། །རྡོ་རྗེ་ཚོགས་ཆེན་རྫོགས་པ་ཡི། །


DNG023_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་མིན་པར་དཔའ་བོས་བཤད། །གཙོ་མོ་རྣམས་ཀྱི་ཕྱག་རྒྱའི་ལེའུ་སྟེ་དགུ་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །སེམས་ཉིད་འཇིག་རྟེན་ལ་བཟླ་བའི། །ཕྱག་རྒྱ་ཆེན་པོ་ཇི་ལྟར་ལགས། །དབང་ཕྱུག་གཙོ་ལ་བདག་ཉན་འཚལ། །དབང་ཕྱུག་གཙོ་ཡིས་བཀའ་སྩོལ་ཅིག །དེ་སྐད་གསོལ་པ་གསན་ནས་ཀྱང་། །དབང་ཕྱུག་གཙོ་ཡིས་བཀའ་སྩལ་པ། །ཉོན་ཅིག་གནོད་འདུལ་ལྷ་ཡི་གཙོ། །ཐིག་ལེ་ཆེན་པོའི་ཕྱག་རྒྱ་ནི། །རྡོ་རྗེ་ཁུ་ཚུར་ཁ་སྤྲད་དེ། །ཤེས་རབ་མཆོག་གི་ཕྱོགས་ནས་སུ། །ཨོཾ་ཨཾ་ཧ་གསུམ་རྩེ་སྤྲད་པ། །རྣམ་པར་ཐར་པའི་སྒོ་གསུམ་རྒྱ། །ཐབས་མཆོག་སྦྱོང་བའི་ཕྱོགས་ནས་སུ། །ཨོཾ་ཨཾ་ཧ་གསུམ་རྩེ་སྤྲད་པའི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་རྒྱ། །ཐབས་ཀྱི་ཧཱུཾ་གི་སྒོ་གསུམ་ནི། །རང་རིག་ཡེ་ཤེས་ཕྱག་རྒྱ་ཡིན། །ཤེས་རབ་སྭ་ཡིས་སྐུ་གསུང་ཐུགས། །ཐིག་ལེ་བྱང་ཆུབ་སེམས་ཀྱི་རྒྱ། །ཤེས་རབ་ཧཱུཾ་གི་རྩེ་མོ་རུ། །ཐབས་ཀྱིས་སྭ་ཡིས་སྤྱིར་མནན་པ། །ཐབས་དང་ཤེས་རབ་ཕྱག་རྒྱ་ཞེས། །ཡང་དག་རྫོགས་ཀྱིས་ངེས་པར་བཤད། །ཐིག་ལེ་ཆེན་པོའི་རྒྱ་བཅིངས་ནས། །མ་ཧཱ་སུ་ཁར་བསྡམས་ནས་སུ། །བླ་ན་མེད་པར་གསལ་གྱུར་ནས། །དུག་གསུམ་ཉེས་དམིགས་སེལ་བར་ངེས། །ངས་གསུང་པ་ལ་ཐེ་ཚོམ་མེད། །དུས་གསུམ་མགོན་པོས་དེ་སྐད་གསུངས། །སེམས་ལ་བཟླ་བའི་ཕྱག་རྒྱའི་ལེའུ་སྟེ་བཅུ་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །གཙོ་མོ་རྣམས་ཀྱི་ཕྱག་རྒྱ་བསྟན་ལགས་ན། །བཅུ་བཞི་ཞེས་ནི་བགྱི་བ་ཡི། །ཕྱག་རྒྱ་རྣམས་ནི་ཇི་ལྟར་ལགས། །རྫོགས་སངས་རྒྱས་ལ་བདག་ཉན་འཚལ། །དེ་སྐད་གསོལ་པ་གསན་ནས་ཀྱང་། །རྫོགས་སངས་རྒྱས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །བཅུ་བཞི་ཞེས་ནི་བྱ་བ་ཡི། །ཕྱག་རྒྱ་རྣམས་ནི་ངས་བསྟན་ནོ། །གཡས་གཡོན་ཐབས་དང་ཤེས་རབ་ལ། །ཤེས་རབ་


DNG023_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གི་སྙིང་གར་བསྟེན། །ཤེས་རབ་ཕྱོགས་མཚམས་བསྐོར་བ་ནི། །ཕྲ་མེན་རྒྱ་མཚོ་ཚོགས་ཀྱི་རྒྱ། །རྡོ་རྗེ་སྡེར་མོ་བརྐྱང་བ་ལས། །ཧ་གཉིས་རྩེ་སྤྲད་ཕྲེང་བའི་ཚུལ། །འབྲུ་བརྒྱད་ཕྱར་ནས་གདེངས་པ་ནི། །འདི་ནི་ཉི་ཟླ་ཐོད་ཕྲེང་རྒྱ། །ཐབས་ཀྱི་ཨོཾ་ནི་གྱེན་དུ་བསྒྲེང་། །ཨོཾ་དང་སྭ་དང་ཨཾ་དང་ཧ། །ཨོཾ་ལ་སྦྱར་ཏེ་ཟུར་ཅན་དུ། །རྟོགས་པའི་ཚུལ་དུ་ཕྱར་བ་དང་། །ཤེས་རབ་ཐལ་མོ་དྲང་བརྐྱང་ནས། །སྐུ་ཡི་ཁ་རུ་བརྐྱང་བ་ནི། །རྡོ་རྗེ་ཉི་མ་ཁྲོས་པའི་རྒྱ། །ཨོཾ་ཧཱུཾ་སྭ་གསུམ་རྩེ་སྤྲད་དེ། །བསྣོལ་ཏེ་དམ་དུ་བསྡམས་པ་དང་། །ཨོཾ་ཧཱུཾ་ཡང་དང་ཧ་གཉིས་རྩེ་སྤྲད་ནས། །སྙིང་གའི་ཐད་ཀར་གཟུང་བ་ནི། །ཁམས་གསུམ་འཚོ་བྱེད་ཁྲོས་པའི་རྒྱ། །རྡོ་རྗེ་འཁོར་བ་བསྡུས་པའི་ལས། །ཧཱུཾ་དང་ཧ་གཉིས་གཏོར་བའི་ཚུལ། །པདྨ་ཁྲག་འཐུང་ཁྲོས་པའི་རྒྱ། །ཐབས་ཀྱི་རྡོ་རྗེ་ཐལ་མོ་གཉིས། །ཕྱར་ཏེ་དྲག་ཏུ་རྒྱབ་པ་ནི། །སྲིད་གསུམ་བདེ་སྦྱོར་ཁྲོས་པའི་རྒྱ། །རྡོ་རྗེ་ཐལ་མོ་སྦྱར་ནས་ནི། །གདོང་དང་དཔྲལ་བ་རབ་གཏུགས་ཏེ། །གུས་པའི་ཚུལ་གྱིས་ལུས་བཏུད་པ། །འདི་ནི་མ་བཞིའི་ཕྱག་རྒྱའོ། །ཧ་དང་ཧཱུཾ་གཉིས་ཞགས་པའི་ཚུལ། །ཕྱི་མ་ཕྱོགས་བཞིར་བརྐྱང་བ་ནི། །འདི་ནི་རྒྱན་གྱི་རྒྱལ་མོའི་རྒྱ། །ཐབས་ཀྱི་ཕྱག་རྒྱ་ཁུ་ཚུར་བཅང་། །བསྡིགས་པའི་ཐབས་སུ་འཕྱར་བ་ནི། །འདི་ནི་དབྱིངས་ཕྱུག་ཆེན་མོའི་རྒྱ། །རྡོ་རྗེ་ཐལ་མོ་སྦྱར་ནས་ནི། །སྐུ་ཡི་ཐད་ཀར་གཟུང་བ་ནི། །འདི་ནི་བདག་ཉིད་ཆེན་མོའི་རྒྱ། །གཡས་གཡོན་སོར་མོ་བརྐྱང་ནས་ནི། །ཧ་དང་ཧཱུཾ་གཉིས་རྩེ་སྤྲད་དེ། །གཤོག་པའི་ཚུལ་དུ་བརྐྱང་བ་ནི། །འདི་ནི་གཅིག་པུ་ཆེན་མོའི་རྒྱ། །ཡི་གེ་འབྲུ་ལྔ་རྩེ་སྤྲད་ནས། །རྡོ་རྗེ་ཐོད་པའི་ཚུལ་དུ་བྱ། །འདི་ནི་དཀར་མོ་མིག་གཅིག་རྒྱ། །དཔའ་བོ་འབྲུ་ལྔ་དམ་བསྣོལ་ཏེ། །ཧ་གཉིས་བརྩེགས་ཏེ་ཧཱུཾ་ལ་གཏད། །ཐོད་པ་སུལ་མངས་ཚུལ་དུ་བྱ། །འདི་ནི་ནག་མོ་རལ་གཅིག་རྒྱ། །ཡི་གེ་འབྲུ་ལྔ་དམ་བསྣོལ་ཏེ། །ཧ་གཉིས་བརྩེགས་ལ་ཧཱུཾ་ལ་


DNG023_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

གཏད། །རྩེ་མོ་སོ་སོར་ཕྱར་བ་ནི། །ཐོད་པ་ལྕང་ལོའི་ཚུལ་དུ་བྱ། །འདི་ནི་དམར་མོ་དབང་བསྒྱུར་རྒྱ། །ཐབས་དང་ཤེས་རབ་རྒྱ་བསྣོལ་ཏེ། །ཧཱུཾ་དང་ཧ་གཉིས་རྩེ་སྤྲད་དེ། །རྡོ་རྗེ་ཐོད་པའི་ཚུལ་དུ་བྱ། །འདི་ནི་སེར་མོ་ལས་མཁན་རྒྱ། །མ་མོ་བཅུ་བཞིའི་ཕྱག་རྒྱའི་ལེའུ་སྟེ་བཅུ་གཅིག་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །འཇིག་རྟེན་འདི་ལ་དབང་བྱེད་པ། །རིམ་པ་གང་དང་གང་ལགས་ལ། །ཡང་དག་རྫོགས་ལ་བདག་ཉན་འཚལ། །ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་གཡུང་དྲུང་ལྷ་ཡི་གཙོ། །འཇིག་རྟེན་ཇི་ལྟར་དབང་བགྱི་བ། །ངས་བསྟན་པ་ལ་སེམས་ཐུད་ཅིག །འབྱུང་བ་ལྔ་ལས་བསྐྱེད་པ་ནི། ཀུན་ཏུ་བཟང་མོའོ། །དབང་བསྒྱུར་བའི་བུ་མོ་སྤུན་ལྔ། ཆ་སྙོམས་མ་ནི་སྲིད་པའི་བདེ་འགྲོ་མ། འབྱུང་བ་ལྔའི་ཉུལ་ལེ་མ་ནི་ཆགས་འཛིན་སྤུན་གཉིས་སོ། །དུས་བཞི་རྫོགས་པར་བྱེད་པ་ནི་ཀུན་ཏུ་བཟང་མོའོ། །དུས་བཞི་ལ་དབང་བྱེད་པ་བུ་མོ་སྤུན་ལྔའོ། །དུས་བཞི་ཆའི་ཉུལ་ལེ་མ་ཆེན་མོ་ནི་ཕྱག་ཡ་བདུད་ཀྱི་ཆུང་མའོ། །མ་མོ་རང་རང་གིས་བཀོལ་ཐབས་ནི། ཡུམ་ཆེན་མོ་ཉིད་ཀྱིས་མཁའ་ལ་རྒྱུ་བའི་མ་མོ་གསུམ་དང་། དབྱིངས་ལས་ཤར་བའི་མ་མོ་གསུམ་དང་། ཡི་དམ་བསྒོམ་ལེགས་ཀྱི་མ་མོ་དང་བདུན་འཁོལ་ལོ། །དེས་སྲིད་པ་བདེ་འགྲོ་མ་བཀོལ་ལོ། །དེས་རྡོ་རྗེ་ཉི་མ་ཁྲོས་པའི་དབང་མོ་ཆེ་དང་། པདྨ་ཁྲག་འཐུང་ཁྲོས་པའི་དབང་མོ་ཆེ་འཁོལ་ལོ། །དེས་སྲིད་པ་ཆགས་བྱེད་མ་འཁོལ་ལོ། །དེས་ཨེ་ཀ་ཙ་ཏི་ལ་སོགས་པ་མ་མོ་བདུན་འཁོལ་ལོ། །དེས་འདོད་ཁམས་ལྷའི་གཙོ་མོ་དང་། རྡོ་རྗེ་གར་གྱི་དབང་ཕྱུག་མ་གཉིས་འཁོལ་ལོ། །དེས་ནམ་མཁའི་རྒྱལ་མོ་དང་། །གླིང་བཞི་སྤྱི་ཕུད་མ་འཁོལ་ལོ། །བུ་མོ་སྤུན་ལྔས་ནི་སྲིད་པ་ཐམས་ཅད་དབང་དུ་བྱེད་དོ། །རྟག་པའི་རྒྱལ་མོ་བཀྲག་གསལ་མཉམ་གྱིས་ནི། ཉི་མའི་ཕྲེང་ཅན་འཁོལ་ལོ། །དེས་སྲིད་པ་ཆ་སྙོམས་མ་འཁོལ་ལོ། །དེས་ས་བདག་


DNG023_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་ཕྲེང་འཁོལ་ལོ། །དེས་ཨེ་ཀ་ཙ་ར་མ་འཁོལ་ལོ། །དེ་རྣམས་ནི་དབུས་ཀྱི་ཉུལ་ལེ་མ་སྟེ། ནམ་གྱི་གུང་ལ་རྒྱུ། རྟག་པའི་རྒྱལ་མོ་རྣམ་སྣང་གསལ་གྱིས་ནི། ཁམས་གསུམ་འཚོ་བྱེད་ཁྲོས་པའི་དབང་མོ་ཆེ་འཁོལ་ལོ། །དེས་དཀར་མོ་མིག་གཅིག་མ་འཁོལ་ལོ། །དེས་ནི་རྒྱན་གྱི་རྒྱལ་མོ་འཁོལ་ལོ། །དེས་གྲུ་འདེགས་མ་ཧ་ར་ཏིང་དཀར་མོ་འཁོལ་ལོ། །དེས་དམག་གི་རྒྱལ་མོ་དཀར་མོ་མཆེ་བ་ཅན་འཁོལ་ལོ། །དེས་སྲིང་མོ་བཞི་སྟེ་གླིང་བཞི་སྤྱི་འགྲོ་མ་འཁོལ་ལོ། །འདི་རྣམས་ཤར་གྱི་ཉུལ་ལེ་མ་སྟེ། ནམ་གྱི་སྲོད་ལ་རྒྱུའོ། །རྟག་པའི་རྒྱལ་མོ་འོད་གསལ་འབར་གྱིས་ནི། སྲིད་པའི་བདེ་སྦྱོར་ཁྲོས་པའི་དབང་མོ་ཆེ་འཁོལ་ལོ། །དེས་ཐུགས་ཀྱི་དགྱེས་སྡེ་མོ་ནག་མོ་རལ་པ་ཅན་འཁོལ་ལོ། །དེས་དབྱིངས་ཕྱུག་མ་འཁོལ་ལོ། །དེས་གྲུ་འདེགས་མ་དུན་ཏིང་ནག་མོ་འཁོལ་ལོ། །དེས་དམག་གི་རྒྱལ་མོ་ནག་མོ་ཁ་རླན་མ་འཁོལ་ལོ། །དེས་སྲིང་མོ་མཁའ་ལ་ཁྱུང་ལྡིང་མ་འཁོལ་ལོ། །འདི་རྣམས་ནི་ལྷོའི་ཉུལ་ལེ་མ་སྟེ། ནམ་གྱི་འཇིང་ལ་རྒྱུའོ། །རྟག་པའི་རྒྱལ་མོ་གཉེན་གསལ་མས་ནི། རྡོ་རྗེ་ཉི་མ་ཁྲོས་པའི་དབང་མོ་ཆེ་འཁོལ་ལོ། །དེས་ནི་ཐུགས་ཀྱི་དགྱེས་སྡེ་མོ་དམར་མོ་དབང་བསྒྱུར་མ་འཁོལ་ལོ། །དེས་ནི་བདག་ཉིད་མ་འཁོལ་ལོ། །དེས་གྲུ་འདེགས་མ་ཤན་ཏིང་དམར་མོ་འཁོལ་ལོ། །དེས་དམག་གི་རྒྱལ་མོ་དམར་མོ་མཆུ་འཇིབ་མ་འཁོལ་ལོ། །དེས་དཀར་མོ་གཡག་ཐོད་ཅན་འཁོལ་ལོ། །དེ་རྣམས་ནི་ནུབ་ཀྱི་ཉུལ་ལེ་མ་སྟེ། ནམ་གུང་ལ་རྒྱུའོ། །རྟག་པའི་རྒྱལ་མོ་ཡང་གསལ་གཡོས་ཀྱིས་ནི། པདྨ་ཁྲག་འཐུང་ཁྲོས་པའི་དབང་མོ་ཆེ་འཁོལ་ལོ། །དེས་ཐུགས་ཀྱི་དགྱེས་སྡེ་མོ་སེར་མོ་ལས་མཁན་མ་འཁོལ་ལོ། །དེས་སྲིན་མོ་བདུན་འཁོལ་ལོ། །དེས་གྲུ་འདེགས་མ་གྲུབ་ཏིང་སེར་མོ་འཁོལ་ལོ། །དེས་དམག་གི་རྒྱལ་མོ་རྐང་ལྡག་མ་འཁོལ་ལོ། །དེས་སྲིན་མོ་སྡེར་ཆེན་མ་འཁོལ་ལོ། །དེ་རྣམས་བྱང་གི་ཉུལ་ལེ་མ་སྟེ། ནམ་


DNG023_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཐོ་རངས་རྒྱུའོ། །ཡུམ་ཆེན་མོ་ཉིད་ནི། ཉིན་མཚན་ཁྱབ་པར་རྒྱུག་གམ་གཟིགས་ཏེ། ཕྱོགས་བཞི་མཚམས་བརྒྱད་ལ་མངའ་མཛད་དོ། །སྤྱི་དབང་ནི་ཡུམ་ཆེན་མོས་རྟག་པའི་རྒྱལ་མོ་ལྔ་ལ་སོགས་པ་མ་མོར་གྲགས་པ་དང་། སྲིད་པ་གསུམ་ལ་མངའ་མཛད་དོ། །རྟག་པའི་རྒྱལ་མོ་ལྔས་མ་མོ་ཆེན་མོ་བདུན་འཁོལ་ལོ། །དེས་སྲིད་པ་བདེ་འགྲོ་མ་དང་། ཉི་ཟླ་ཐོད་ཕྲེང་མ་གཉིས་འཁོལ་ལོ། །དེས་ཁྲོས་པའི་དབང་མོ་ཆེ་བཞི་འདུལ་ལོ། །དེས་དགྱེས་སྡེ་མོ་བཞི་འདུལ་ལོ། །དེས་སྦས་པའི་མ་མོ་བཞི་འདུལ་ལོ། །དེས་སྲིད་པ་ཆགས་བྱེད་དང་ཆ་སྙོམས་མ་གཉིས་འདུལ་ལོ། །དེས་ཨེ་ཀ་ཙི་ཏི་སྤུན་དྲུག་འདུལ་ལོ། །དེས་མ་བདུན་འདུལ་ལོ། །དེས་འདོད་ཁམས་ལྷ་ཡི་གཙོ་མོ་ནི་མཚན་འདུལ་ལོ། །དེས་རྡོ་རྗེ་གར་གྱི་དབང་ཕྱུག་མ་སྤུན་འདུལ་ལོ། །དེས་དམག་གི་རྒྱལ་མོ་སྤུན་བཞི་འདུལ་ལོ། །དེ་ལྟར་གང་འཁྲུགས་ན་ཡང་ཐ་མ་ནས་རིམ་བཞིན་ཏེ། གཙོ་མོ་བཅོས་ན་ཀུན་ཀྱང་བདེ། མ་མོ་ལྔ་བཅུ་རྩ་ལྔ་སོ་སོའི་དབང་ཚད་དོ། །སེམས་ལས་སྐྱེས་པའི་མ་མོ་བཅུ་གསུམ་གྱིས་བསྣན་པ་དང་། དྲུག་ཅུ་རྩ་བརྒྱད་ཀྱི་ཚོགས་ཞེས་བྱའོ། །མ་མོ་སོ་སོའི་དབང་ཚད་ཀྱི་རིམ་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །བཅུ་བཞི་ཞེས་ནི་བགྱི་བ་ཡི། །རབས་རྒྱུད་རྩ་བ་ཇི་ལྟར་ལགས། །དགུག་དང་འདྲེན་པའི་སྔགས་རྣམས་ནི། །རྣལ་འབྱོར་མཆོག་ལ་བདག་ཉན་འཚལ། །དེ་སྐད་གསོལ་པ་གསན་ནས་ཀྱང་། །རྣལ་འབྱོར་མཆོག་གིས་བཀའ་སྩལ་པ། །ཉོན་ཅིག་གནོད་འདུལ་ལྷ་ཡི་གཙོ། །བཅུ་བཞི་མན་ཆད་རྗེ་ཁོལ་གྱི། །རབས་རྒྱུད་འགུགས་འདྲེན་སྔགས་རྣམས་ཀུན། །གཏན་ཚིགས་རྩ་བ་སྦས་པ་རྣམས། །ད་ལྟ་ཉིད་དུ་གཏན་ལ་དབབ། །དེ་ལ་རི་རབ་གླིང་བཞི་གོང་དུ་ཆགས་པས་རང་ལུགས་སུ་ཡོད་པ་ཟད། ཉི་མ་དགུ་བརྒྱ་རྩ་གཅིག་དང་། ཟླ་བ་བརྒྱ་རྩ་གཅིག་དང་། ཉི་ཟླ་སྟོང་རྩ་གཉིས་ཀྱིས་རི་རབ་


DNG023_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཕྱི་རོལ་ན་གནས་པའི་སྣང་སྲིད་ཐམས་ཅད་ཚིག་ནས། ཅི་ཡང་མི་གནས་པ་ལས། རི་རབ་ཀྱི་ནང་རིང་ཐུང་དུ་དཔག་བསམ་གྱི་ཤིང་ཡོངས་འདུ་ས་བརྟོལ་ཞེས་ཀྱང་བྱ་བ་ཡོད་པ་ལས། ཤིང་གི་རྩེ་མོ་རི་རབ་ཀྱི་བུམ་པའི་ནང་ན། ཡུམ་ཆེན་མོ་སྲིད་པ་བདེ་འགྲོ་མ། ཁམས་གསུམ་ཡུམ་མཆོག་མ་ཞེས་བྱ་བ་སྐུ་མདོག་མཐིང་གར་བཞུགས་པ། དབུ་དང་། ཕྱག་དང་། སྤྱན་ཅིར་ཡང་སྟོན་པ། རིན་པོ་ཆེ་སྣ་ཚོགས་ཀྱི་རལ་པ་ཅན། སྦས་པའི་སྤྱན་གཉིས་ལས། གཡས་པ་ནས་ཁྲག་གི་མཆི་མ། གཡོན་ན་བདུད་རྩིའི་མཆིལ་མ། སྦས་པའི་ཞལ་ནས། འབྲས་བུ་རྣམ་པ་ལྔའི་བཅུད་འཛག་མ། སྦས་པའི་ཕྱག་གཉིས་ལ། གཡས་པས་སྲིད་པ་ཐམས་ཅད་ཀྱི་རྩེ་གཟུང་བ། གཡོན་པས་འོག་གི་རྡོ་རྗེའི་གདན་ལ་ཐུག་པ་ཡན་ཆད་གཟུང་བའོ། །སྦས་པའི་ཞབས་གཉིས་ཀྱིས། གཡས་པས་འཇིག་རྟེན་གྱི་ཁམས་ཀྱི་དབང་ཆེ་བ་ཐམས་ཅད་ཀྱི་སྙིང་བརྫིས་པ། གཡོན་པས་འཇིག་རྟེན་གྱི་ཁམས་ཀྱི་དབང་ཆེ་བ་ཐམས་ཅད་ཀྱི་སྙིང་རྩ་གནོན་པ། གསང་བའི་མཁའ་གེ་སར་གྱི་དཀྱིལ་འཁོར་ནས་སྣང་སྲིད་ཐམས་ཅད་འཕེལ་འགྲིབ་མཛད་པ། ཡེ་ཤེས་རང་སྣང་ཤར་བ་ལས། མ་རྟོགས་པ་ཀུན་མཁའ་གཏིང་དུ་བསྡུས་པ། སྤྱི་གཙུག་ནས་ཁྲག་གི་རལ་པ་གཅིག་གིས། སྲིད་པའི་མ་མོ་ཐམས་ཅད་དབང་དུ་སྡུད་མ། རི་རབ་ཀྱི་རྩེ་མོ་བུམ་པའི་དབུས་ན་བཞུགས་སོ། །དེའི་ཁོལ་མོ་སྲིད་པ་ཆགས་བྱེད་མ་དང་ཆ་སྙོམས་མ་གཉིས་ཤིང་གི་སྐེད་པ་ན་གནས་སོ། །ཡུམ་ཆེན་མོའི་ཁོལ་མོ་སྲིད་པ་ཞིག་འཛིན་དང་། སྲིད་པ་བྱན་མཁན་གཉིས་ནི་ཤིང་གི་རྩ་བ་ན་གནས་ཏེ། རི་རབ་ཀྱི་ཕྱི་རོལ་ན་གནས་པའི་སྣང་ཞིང་སྲིད་པའི་སྐྱེ་འགྲོ་ཐམས་ཅད་ཚིགས་ནས་ཅི་ཡང་མི་སྣང་བ་ལས། སྲིད་པ་བདེ་འགྲོ་མས་ཉི་ཟླ་དབང་དུ་བསྡུ་བའི་ཕྱིར། འབྱུང་བ་ལྔའི་འོད་ལས་བྱུང་བའི་བུ་མོ་མདོག་དཀར་མོ་ལ་གཡུའི་རལ་པ་ཅན། དཔྲལ་བའི་དབྱེས་ན་མིག་ཟུར་གསུམ་གཅིག་ཡོད་པ། ལྕགས་


DNG023_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཟངས་ཀྱི་མཁར་ནག་ལ་སྙིང་བརྒྱུས་པའི་ཞགས་པ་འཕེན་པ་ཅན་ཅིག་བསྐྱེད་པས། དེས་ཉི་ཟླ་སྟོང་ཐོད་དང་ཕྲེང་བར་བཅིངས་ནས། ཉི་ཟླ་ཟུང་གཅིག་བཏང་བ་ལས། གདོང་སྲིད་པ་ཆ་སྙོམས་སོ། །དེ་ནས་ཡུམ་བདེ་འགྲོ་མས་ཕྱི་རོལ་གྱི་སྣང་སྲིད་ཐམས་ཅད་ཕྱུང་ངོ་། །དེ་ནས་དཀར་མོ་ཉི་མའི་ཐོད་ཕྲེང་ཅན་དེ། ང་ཉིད་ཀྱི་ནི་གསང་བར་བསྡུས། རབ་ཏུ་གསང་ཞིང་སྦས་པ་ཡིས། མུ་སྟེགས་ཀཱ་ལ་ཤ་ཆེན་པོ་བྱ་བ། རི་རབ་འོག་རྒྱ་མཚོའི་གཏིང་ནས་གནས་པ་དེས་མཐོང་ངོ་། །བྱི་བའི་ལོ་ལ་ཡིད་ཀྱིས་སྦྱོར་བ་གཅིག་བྱས་པ་ལས། གླང་གི་ལོ་ལ་བུ་མོ་སྤུན་བཞི་སྐྱེས་པ་དང་། ཁོལ་མོ་སྲིད་པ་ཆ་སྙོམས་ཀྱིས་ལྟེ་བ་གཅད་དོ། །བུ་མོ་དེ་བཞིའི་མིང་མ་ཡིས་བཏགས་སོ། །དབྱིངས་ཕྱུག་མ་དང་། རྒྱན་གྱི་རྒྱལ་མོ་དང་། བདག་ཉིད་མ་དང་། གཅིག་པུ་མ་བཞིར་བཏགས་སོ། །དེ་ཡང་མིང་ཆེས་ནས་དེ་བཞིས་སྲིད་པ་ཕུང་བ་དང་འདྲ་བར་ལན་གཅིག་བྱས་སོ། །དེ་ནས་ང་ཉིད་ཀྱིས་ནི་ཡེ་ཤེས་ཀྱིས་ཡེ་ཤེས་ཀྱི་སྤྲུལ་པ་བཀྱེ་ནས་སུ། འཇིག་རྟེན་ཕུང་བྱེད་བཞིའི་མངལ་ལ་སོགས་པ་དབང་དུ་བསྡུས། ཧཱུཾ་ལས་སྤྲུལ་པའི་བུ་མོ་བཞི། དེ་བཞི་ལ་ནི་བསྐྱེད་བྱས་ཏེ། དེ་བཞིའི་མ་སྲིད་པ་ཆགས་བྱེད་མས་བྱས་སོ། །མིང་ཕྱི་མོ་དང་མས་བཏགས་སོ། །རྡོ་རྗེ་ཉི་མ་ཁྲོས་པའི་དབང་མོ་ཆེ་དང་། རྡོ་རྗེ་པདྨ་ཁྲག་འཐུང་ཁྲོས་པའི་དབང་མོ་ཆེ་དང་། རྡོ་རྗེ་སྲིད་པ་བདེ་སྦྱོར་ཁྲོས་པའི་དབང་མོ་ཆེ་དང་། རྡོ་རྗེ་ཁམས་གསུམ་འཚོ་བྱེད་ཁྲོས་པའི་དབང་མོ་ཆེ་དང་། དེ་ལྟར་བཞིར་བཏགས་སོ། །མིང་དེ་ལེགས་ནས། བུ་མོ་དེ་བཞིས་མ་བཞི་དབང་དུ་བསྡུས་སོ། །དེས་སྲིད་པ་བདེ་ལ་བཀོད་དོ། །སྤྲུལ་པའི་བུ་མོ་བཞི་དང་། རིགས་ཀྱི་འབྱུང་བ་བཞི་པོ་རུ། དཔག་བསམ་གྱི་ཤིང་གི་ཡལ་ག་ལ། འབྲུག་གི་ལོ་ལ་རྩེད་འཇོ་བྱས་པས། མུ་སྟེགས་ཀཱ་མ་ལས་ཚོར་ནས་སུ་སྡིག་ཅན་དམོད་པའི་མཚོན་ཆས་ནི། མཛའ་ན་སྡུག་པ་ཁྱེད་ཅག་རྣམས། །ནལ་བུ་ལྟོ་རུ་ཞུགས་ནས་སུ། །ངོ་ཚ་བུ་ཡང་


DNG023_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

སྦེད་པར་ཤོག །ཅེས་དམོད་མོ་དམོས་པ་ལས། དམོད་མོ་སྡིགས་ཏེ། སྦྲུལ་གྱི་ལོ་ལ་བུ་མོ་སྤུན་བཞི་སྐྱེས་པ་ཡང་ཁོལ་མོ་སྲིད་པ་ཆགས་བྱེད་ཀྱིས་ལྟེ་བ་བཅད་དོ། །དེ་ནས་མ་བཞི་ངོ་ཚ་ནས། རི་རབ་ངོས་བཞིར་བསྐུངས་ཏེ་བཞག་པ་ལས། རྟའི་ལོ་ལ་བལྟ་ཡིས་མི་ཕྲ་བའི་བུད་མེད་བཞི་རྫུ་འཕྲུལ་ཆེ་ཞིང་ལྷ་མཚན་དང་ལྡན་པ་ཞིག་གདའ། དེ་སྤྱི་དཔལ་ཆེན་མོའི་སྤྱན་གྱིས་གཟིགས་ནས། ཐུགས་ཀྱི་དགྱེས་སྡེ་མོ་གསང་བའི་བྱི་མོ་བཞིར་གཟུང་ངོ་། །དཀར་མོ་མིག་གཅིག་རྒྱས་འདེབས་མོ་དང་། ནག་མོ་རལ་ཆེན་རྨོངས་བྱེད་མ་དང་། དམར་མོ་དབང་བསྒྱུར་ཟ་བྱེད་མ། སེར་མོ་ཚེ་འཕེལ་མ་ཞེས་ཐུགས་ལས་མིང་དང་མཚན་དུ་བཏགས་སོ། །མ་མོ་བཅུ་བཞིའི་རབས་རྒྱུད་ཀྱི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་རྡོ་རྗེ་རྣལ་འབྱོར་མ་དེ་རྣམས་ཀྱིས་ཁོལ་མོ་སྲིད་པ་ཆགས་བྱེད་མ་དང་། ཁོལ་པོ་སྲིད་པ་ཞིག་འཛིན་གཉིས་ཀྱི་ལོ་དཔྱིད་ཟླ་ར་བ་ལ་ཁྱོ་ཤུག་ཏུ་འདུས་པ་ལས། ཕག་གི་ལོ་དཔྱིད་ཟླ་ར་བའི་ཉ་ལ་བུ་ཁྱེའུ་གཅིག་སྐྱེས་ཏེ། ཇོ་མོ་ཉི་ཟླའི་ཐོད་ཕྲེང་ཅན་གྱིས། སྐོས་རྗེ་དྲང་དཀར་དུ་མིང་བཏགས་ཏེ། བློན་པོར་བསྐོས་སོ། །དེ་ནས་སྐོས་རྗེ་དྲང་དཀར་དང་། སྲིད་པ་ཆ་སྙོམས་སྲུ་མཚན་གཉིས་ཁྱོ་ཤུག་ཏུ་འདུས་ཏེ། སྲིད་པ་ཆ་བསྙམས་སོ། །དེ་གཉིས་ལ་བུ་མོ་སྤུན་དྲུག་སྐྱེས་ཏེ། བཞི་ནི་ཁྲོས་པའི་དབང་མོ་ཆེ་བཞིའི་བློན་པོ་རྒྱལ་པོ་བཞིའི་ཆུང་མར་བླངས་སོ། །ཇོ་མོས་རི་རབ་ཀྱི་གྲུ་འདེགས་སུ་བཅུག་སྟེ། གྲུ་འདེགས་མ་ཆེན་མོ་བཞིར་མིང་བཏགས་སོ། །བུ་མོ་ཆུང་ངུ་མ་གཉིས་ལ། གཅིག་ནི་སྲིད་པ་བྱན་མཁན་གྱི་ཆུང་མར་བླངས་སོ། །ཇོ་མོ་ཉི་ཟླ་ཐོད་ཕྲེང་ཅན་གྱིས་ཧེ་རུ་ཀ་སྣིར་མིང་བཏགས་སོ། །སྲིད་པའི་བྱན་བྱེད་དུ་བཅུག་གོ། །དེའི་ནུ་མོ་ཐ་ཆུང་ཨེ་ཀ་ཙ་ཏི་ནི་དབྱིངས་ཕྱུག་མ་སྤུན་བཞིའི་འཁོར་ན་གནས་སོ། །དེ་ནས་རྒྱལ་མོ་ཆེན་པོ་བཞི་ལས། བུ་མོ་སྤུན་བཞི་སྐྱེས་ཏེ། དཀར་མོ་མཆེ་བ་ཅན་དང་། ནག་མོ་


DNG023_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་རླན་མ་དང་། དམར་མོ་མཆུ་འཇིབ་མ་དང་། སེར་མོ་རྐང་ལྡག་མ་བཞི་སྐྱེས་ཏེ། དེ་བཞི་ནི་ཐུགས་ཀྱི་དགྱེས་སྡེ་མོ་སྤུན་བཞིའི་ཁོལ་མོར་ཐོབ་སྟེ། དམག་གི་རྒྱལ་མོར་བསྐོས་སོ། །དེ་ནས་ཁྲོས་པའི་དབང་མོ་ཆེ་བཞིའི་ཁོལ་མོ་ཨེ་ཀ་ཙ་ཏི་ཤུགས་ཀྱི་བློན་པོ་ལྷ་ཆེན་པོ་བདུན་གྱི་ཆུང་མ་སྲིན་མོ་བདུན་པོ་དེ། འཇིག་རྟེན་དུ་རབ་ཏུ་གནོད་པ་ལས། ཡུམ་ཆེན་མོའི་ཐུགས་ཀྱི་སྤྲུལ་པ་ལས། དབྱིངས་ལས་ཤར་བའི་མ་མོ་གསུམ་དང་། མཁའ་ལ་རྒྱུ་བའི་མ་མོ་གསུམ་དང་། གསང་བ་འདུས་པའི་མ་མོ་གཅིག་སྟེ། ཐུགས་ཀྱི་སྤྲུལ་པའི་མ་མོ་བདུན་གྱིས། སྲིང་མོ་བདུན་བཏུལ་ལོ། །དེ་ནས་གཙོ་མོ་བཞི་ལས་རྒྱན་གྱི་རྒྱལ་མོ་སྤུན་བཞི་བྱ་བ་མངགས་ནས། བུ་མོས་མའི་བཀྲག་དང་གཟི་མདངས་ཕྲོགས་ཏེ། དབང་ཡང་མེད། མཐུ་ཡང་ཆུང་བ་ལས། ཞེ་ངན་ཤ་སྟག་བྱེད་དོ། །དེ་ནས་རྒྱན་གྱི་རྒྱལ་མོ་དང་། ཁོལ་པོ་ཕྱ་ཡ་བདུད་དང་གཉིས་བྱི་བའི་ལོ་ལ་བྱི་བགྱིས་པའི་བུ། གླང་གི་ལོ་ལ་ཡར་ལ་ཤོད་ཀྱི་སྐྱེས་ཏོ་རེ་དང་། འདོད་ཁམས་ལྷའི་གཙོ་མོ་མིང་སྲིང་གཉིས་སྐྱེས་སོ། །འདིས་འབྱུང་བའི་ནད་གཏོང་བའོ། །དེ་ནས་ཡང་ཡར་ལ་ཤོད་ཀྱི་སྐྱེས་ཏོ་རེ་དང་། ཇོ་མོ་ན་ཡང་ཇོ་མོ། སྲུ་མོ་ན་ཡང་སྲུ་མོ། བདག་ཉིད་མ་ཞེས་བྱ་བ་གཉིས། ཤིང་ན་ཕྱི་ས་ལའི་རྩེ་མོར། རྟའི་ལོ་ལ་ཚེས་བཅོ་ལྔ་ལ་མཛའ་ན་བརྒྱུགས། ནང་པར་སོ་སོར་གྱེས་པ་ལས། སྲུ་མོའི་རྟིང་པ་ལ་ཁྲག་ཐིགས་གཅིག་འདུག་པ་མཐོང་སྟེ། མི་གཙང་བའི་སེམས་སྐྱེས་ཏེ་མཆིལ་མ་གཅིག་བསྐྱུར་བ་ལས་ཁྲག་དང་མཆིལ་མ་འདྲེས་པའི་བུ་མིང་སྲིང་གཉིས་མཚེའུ་མར་སྐྱེས་ཏེ་ལུག་གི་ལོ་ཚེས་བཅུ་བཞི་ལ་གནམ་གྱི་ལྷ་དཀར་པོ་སྐྱེས། ཚེས་བཅོ་ལྔ་ལས་བདག་པདྨ་ཕྲེང་སྐྱེས་སོ། །དེ་ཡང་དབྱིངས་ཕྱུག་མ་དང་ཡར་ལ་ཤོད་ཀྱིས་སྐྱེས་ཏོ་རེ་གཉིས་སྤྲེའུའི་ལོ་ལ་བྱི་བགྱིས་པའི་བུ། བྱ་ཡི་ལོ་ལ་མིང་སྲིང་གཉིས་སྐྱེས་ཏེ། མིང་པོ་ཤར་གྱི་ཤེལ་གིང་ཤེལ་གེ། སྲིང་མོ་


DNG023_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

གར་གྱི་དབང་ཕྱུག་མ་ཡིན་ནོ། །དེ་ནས་ཡ་བདུད་དང་ཨེ་ཀ་ཙ་ཏི་གཉིས་ལ་བུ་མོ་སྤུན་གཉིས་སྐྱེས་ཏེ། ཆེ་བ་ནི་རིན་ཆེན་སྲིད་འདེགས་མ་ཞེས་ཀྱང་བྱ། ནམ་མཁའི་རྒྱལ་མོ་ཞེས་ཀྱང་བྱ། ཆུང་ངུ་ནི་གླིང་བཞི་སྤྱི་ཕུད་མ་ཞེས་ཀྱང་བྱ། འཇིག་རྟེན་དབང་སྡུད་མའོ། །སྲིད་པ་ཆ་སྙོམས་མ་ནི། ཧེ་རུ་ཀས་སྣིར་ཞེས་བྱ་སྟེ། སྲིད་པ་ཆགས་བྱེད་མ་ནི་ལྷ་མོ་ཚོགས་ཀྱི་རྗེ་མོ་ཞེས་བྱའོ། །ཨེ་ཀ་ཙ་ཏི་ནི་མི་ཡོངས་ཀྱི་ཚོགས་ཀྱི་བདག་མོ་ཞེས་བྱའོ། །གྲུ་འདེགས་མ་ཆེན་མོ་བཞི་ནི་ཧར་ཏིང་དཀར་མོ་དང་། དུན་ཏིང་ནག་མོ་དང་། ཤན་ཏིང་དམར་མོ་དང་། གྲུབ་ཏིང་སེར་མོ་དང་བཞིའོ། །མ་མོའི་དཀྱིལ་འཁོར་ཆེན་པོ་བརྒྱད་ལ། ཡུམ་སྲིད་པ་བདེ་འགྲོ་མ་ནི། ཡོངས་སུ་རྫོགས་པའི་གྲུབ་ལྡན་མ་མོའི་ཚོགས་ཀྱི་དཀྱིལ་འཁོར་ཞེས་བྱའོ། །དཀར་མོ་ཉི་ཟླའི་ཐོད་ཕྲེང་ཅན་ནི། ཐོད་ཕྲེང་གི་དཀྱིལ་འཁོར་ཞེས་བྱའོ། །ཁྲོས་པའི་དབང་མོ་ཆེ་བཞི་ནི། སྙིང་རྗེ་བྱམས་པའི་མཎྜལ་ལོ། །དཀར་མོ་མིག་གཅིག་མ་ལ་སོགས་པ་བཞི་ནི། གསང་བ་དགྱེས་པའི་དཀྱིལ་འཁོར་རོ། །དབྱིངས་ཕྱུག་མ་བཞི་ནི་ཕུང་བྱེད་སྦས་པའི་དཀྱིལ་འཁོར་རོ། །ཡང་རྣམ་པ་གཅིག་ཏུ་ཡུམ་ཆེན་མོ་དང་། དཀར་མོ་ཉི་ཟླའི་ཐོད་ཕྲེང་ཅན་གཉིས་ནི་ཡོངས་སུ་རྫོགས་པའི་འཇིག་རྟེན་ཀུན་གྱི་དཀྱིལ་འཁོར་ཏེ། སྤྱི་དཔལ་ཆེན་པོ་དང་གཉིས་སུ་མེད་དོ། །ཁྲོས་པའི་དབང་མོ་ཆེ་བཞི་ནི། འགྲོ་བ་ཡོངས་སུ་སྐྱོང་བའི་དཀྱིལ་འཁོར་ཏེ། བདུད་རྩིའི་བུམ་པ་དང་འདྲའོ། །ཐུགས་ཀྱི་དགྱེས་སྡེ་མོ་བཞི་ནི། གེ་སར་ཡོངས་ཀྱི་དཀྱིལ་འཁོར་ཞེས་གསང་བའི་དྲོད་ཆགས་འཛིན་གྱི་བདག་མོ་ཡིན་ནོ། །དེ་རྣམས་ཀྱི་ཁོལ་མོའི་ཚོགས་བརྒྱད་ནི། སྲིད་པ་ཆགས་བྱེད་མ་ནི་ཆགས་འཛིན་ཆེན་མོའི་ཚོགས་སོ། །སྲིད་པ་ཆ་སྙོམས་མ་ནི། མཉམ་བྱེད་ཆེན་མོའི་ཚོགས་སོ། །སྲིད་པ་གྲུ་འདེགས་མ་ནི་གླིང་བཞི་ཕུད་ཉུལ་མའི་ཚོགས་སོ། །ཨེ་ཀ་ཙ་ཏི་ནི་ཕོ་ཉ་ཀུན་གྱི་ཚོགས་སོ། །དམག་


DNG023_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

གི་རྒྱལ་མོ་བཞི་ནི་དྲི་ཟ་ལ་སོགས་པའི་རིགས་སོ་སོའི་ཚོགས་སོ། །འདོད་ཁམས་ལྷའི་གཙོ་མོ་ནི། བུད་མེད་ནག་མོའི་ཚོགས་སོ། །རྡོ་རྗེ་གར་གྱི་དབང་ཕྱུག་མ་དང་། པདྨ་གར་གྱི་དབང་ཕྱུག་མ་གཉིས་ནི། ཉུལ་ལེ་མའི་ཚོགས་སོ། །རིན་ཆེན་སྲིད་འདེགས་མ་དང་། གླིང་བཞི་སྤྱི་ཕུད་མ་ནི་སྨན་ཕྲན་གཙོ་མོའི་ཚོགས་སོ། །དེ་ལ་ཨེ་ཀ་ཙ་ཏིའི་ནུ་མོ་ཨེ་ཀ་ཛ་རས་བསམས་ནས། ཇོ་མོ་ཀུན་གྱི་ནང་ན་ཡང་བདག་གི་ཇོ་མོ་ཁྱད་པར་ཡང་དབང་ཆུང་ལ། བདག་ཅག་ཁོལ་མོ་རྣམས་ཀྱི་ནང་ན་ཡང་བདག་ཁུད་པར་དབང་ཆུང་བས། ད་ངན་ཐབས་ཞིག་བྱ་སྙམ་ནས། ཇོ་མོ་གཅིག་པུ་མས་བྱི་སྣ་བྱས་ནས། རྒྱ་མཚོའི་གཏིང་ན་ཆུ་སྲིན་གྱི་རྒྱལ་པོ་ཀུམྦྷི་ར་མ་ཧཱ་ཧ་སྟེ་ཞེས་ཀྱང་བྱ། མ་ཀ་ར་ཞེས་ཀྱང་བྱ་བ་ཅིག་བཀུག་ནས། དུག་ཤིང་གདུག་པ་ཅན་དྲུངས་པ་གཅིག་གི་རྩ་རུ། སྟག་གི་ལོ་ལ་ཉལ་པོ་བྱེད་དུ་བཅུག་པའི་བུ་ནི། ཡོས་བུའི་ལོ་ལ་དཀར་པོ་མིག་གཅིག་སྐྱེས། སྲིང་མོ་ནི་ནག་མོ་ཁྲག་འཛག་མ་སྐྱེས་ཏེ་ནད་གཏོང་བའོ། །དེ་ནས་མིང་པོས་མའི་གཟི་མདངས་ཕྲོགས་ནས། འཇིག་རྟེན་ཡོངས་ཀྱི་མཐུ་རྐུ་བར་བདོག་པ་ལ། སྲུ་མོ་ཨེ་ཀ་ཙ་ཏིས་ཚོར་ཏེ། ཇོ་མོ་ཁྲོས་པའི་དབང་མོ་ཆེ་རྣམས་ལ་ཞུས་ནས། རྗེ་འབངས་ལྔས་བསྒྲལ་བ་ལས། མི་གཅིག་གི་ཁོང་པའི་ནང་ནས་ཙིཏྟ་བཅུ་ཕྱུང་བ་ལས། གཅིག་ནི་སྙིང་གི་བདག་པོ་ལ་ཕུལ་ལོ། །དགུ་ལ་གསུམ་ནི་རྒྱལ་ཐེའུ་ཁྲ་བོ་དང་། ཏྲི་ཤང་ཀ་ར་དང་། དཀར་ཐོར་ཐོར་དང་གསུམ་སྟེ། རྒྱལ་པོའི་རིགས་ལ་གནོད་དོ། །གསུམ་ལ་བར་ཐེའུ་སྨུག་པོ་དང་། ལེགས་ཐེའུ་ཁྲ་བོ་དང་། ས་ཐེའུ་ནག་པོ་དང་གསུམ་ནི་མི་ཡོངས་ལ་གནོད་དོ། །གསུམ་ལ་ཕྱོགས་བཅུར་གྱུར་ཏེ། བྲག་སྲིན་དང་། ཆུ་སྲིན་དང་། ཤིང་སྲིན་གསུམ་དུ་གྱུར་ཏོ། །དགུ་ཀའི་རྐང་པ་ཡ་རེ་བཅག་ནས། གནམ་ཁྱི་དཀར་པོའི་འཁོལ་དུ་བཅུག་གོ། །དེ་ནས་འབྲུག་གི་ལོ་ལ་ཨེ་ཀ་ཙ་ར་མ་མངལ་མི་བདེ་ནས། མཉེས་


DNG023_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

བཙིར་བ་དང་། གདོང་སོག་པོ་ལ་མིག་ལོང་བ། ལུས་ཀྱང་སྤྱང་ཀི་ལ་ཁོག་པ་ན་སྙིང་གསུམ་ཡོད་པ་གཅིག་སྐྱེས་པ་ལས། འདི་སུ་ལའང་ཆ་མེད་དོ་སྙམ་ནས། དགྲའི་སྙིང་འབྱིན་བྱམས་ཀྱི་ལན་ལྡོན་པར་འོང་སྟེ། སུ་ལ་ཡང་ཆ་མེད་པས་རུང་ངོ་སྙམ་ནས། དགའ་ཞིང་མགུ་བ་ལས། ཇོ་མོ་ཉི་མའི་ཐོད་ཕྲེང་ཅན་གྱིས་ཚོར་ནས། སྙིང་གཉིས་ཁར་བཅུག་ནས། ཤེལ་གེ་ལ་ཁོལ་པོར་བྱིན་ཏེ་བཏང་ངོ་། །ཕོ་རྒྱུད་མོ་རྒྱུད་ཀྱི་གཏན་ཚིགས་ཀྱི་ལེའུ་སྟེ་བཅུ་གསུམ་པའོ།། །།གཡུང་དྲུང་ལྷ་ཡིས་ཡང་གསོལ་པ། །འགུགས་ཤིང་འདྲེན་པར་བྱེད་པ་ནི། །མ་མོ་རྣམས་ཀྱི་གསང་སྔགས་ཏེ། །རྫོགས་སངས་རྒྱས་ལ་བདག་ཉན་འཚལ། །དེ་སྐད་གསོལ་པ་གསན་ནས་ཀྱང་། །རྫོགས་སངས་རྒྱས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །འགུགས་ཤིང་འདྲེན་པའི་ལས་རྣམས་ཀུན། །ཡང་དག་ཉིད་དུ་ངས་བསྟན་གྱི། །གཡུང་དྲུང་ལྷ་ཡི་དབང་པོ་ཐུད། །ཨོཾ་བཛྲ་ཀྲོ་དྷཱི་ཤྭ་རཱི་བྷ་ག་པདྨ་རྱ་ཧཱུཾ་ཧཱུཾ། ཨོཾ་བཛྲ་ཤཱན་ཏིང་པདྨ་ག་རུ་ཏིང་བྷྱོ། ཨོཾ་མུ་ཏྲཱི་ནི་བྷྱོ། ཨ་ཤནྟྲི་ནི་བྷྱོ། བྷ་ག་དུནྟི་ནི་བྷྱོ། ཁ་མུན་དནྟྲི་ནི་བྷྱོ། ཨོཾ་བཛྲ་སཱུརྱ་བི་ཏོ་ཨ་ཏོ་ཡེ། ཨོཾ་བཛྲ་པདྨ་བི་ཏོ་ཨ་ཏོ་ཡེ། ཨོཾ་བཛྲ་ཁ་རག་བི་ཏོ་ཨ་ཏོ་ཡེ། ཨོཾ་བཛྲ་སྲིད་འགྲོ་བི་ཏོ་ཨ་ཏོ་ཡེ། ཨོཾ་བཛྲ་ཨ་ཀེཾ་ཨ་ཀེཾ་བྷྱོ། ཨོཾ་བཛྲ་ཏ་ཀེཾ་ཏ་ཀེཾ་བྷྱོ། ཨོཾ་བཛྲ་ནཱི་ལ་ནཱི་ལ་བྷྱོ། ཨོཾ་བཛྲ་ལནྟ་ལནྟ་བྷྱོ། ཨོཾ་བཛྲ་ཛ་ཏྲཾ་མུ་རཾ་ཤྭ། བཛྲ་ཁ་རག་སྙིང་ཁ་རག་མ་བྷྱོ། ཏྲག་རཀྴ་ཏྲག་རཀྴ་བྷྱོ། ཏྲག་རཀྴ་ཁ་མུན་ཏྲ་སཾ་ཁ་མུན་ཏྲ་བ་རཀྴ་བྷྱོ། པྲ་ཀ་རཱ་ཏི་ཥ་བྷྱོ། པྲ་གི་བེང་གི་ཤ་བྷྱོ། བྷྱོ་ཧཱུཾ་ཀ་རི་རོ་ཀ །རེ་སཾ། བ་རོད་དྷ་རོད། ནི་ལ་ཆུ་མི་ཧ། ཁ་ཊྭཱྃ་ག །ད་ལ་ཙ་ལ། པད་མ་ཙནྡྷ། ཨ་ནུ་རོཀྟ། མ་ནུ་རག་ཏོ། དིང་སཾ་དིང་སཾ། ཨེ་ཨ་རལླི། བུ་བྱི་རུ་ལུ་རུ་ལུ་བྷྱོ། ཏྲག་རཀྴ་ཏྲག་རཀྴ་བྷྱོ། ཨ་ཏིང་བྷྱོ། བྱི་ཏིང་བྷྱོ། སུ་ཏིང་བྷྱོ། མུ་ཏིང་བྷྱོ། བཛྲ་ཤཱནྟིཾ་བྷྱོ།


DNG023_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

དུནྟིང་བྷྱོ། ཧར་ཏིང་བྷྱོ། གྲུབ་ཏིང་བྷྱོ། ཧེ་བཾ་ཡང་བྷྱོ། ཨ་བ་ཏ་ལ་བྷྱོ། དྷ་དྷི་ན་ཡང་ལ་དུ་ན་བྷྱོ། དི་ལ་དྷི་ན་ལ་ལ་ལས་ལ་ཡང་མ་མ་ལ་བྷྱོ། བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ། འདིས་ནི་མ་མོ་འགུགས་འདྲེན་འགྱུར། །དེ་སྐད་དཔའ་བོས་ཡང་དག་བཤད། །མ་མོ་འགུགས་འདྲེན་དང་ཐུན་སྔགས་ཀྱི་ལེའུ་སྟེ་བཅུ་བཞི་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །འཇིག་རྟེན་འདི་བསྒྲུབ་ཇི་ལྟར་བསྐུལ། །སྲིད་པའི་དབང་ཆེན་འདི་རྣམས་ཀུན། །བསྙེན་བསྒྲུབ་བགྱི་ན་ཇི་ལྟར་བགྱི། །མངོན་སངས་རྒྱས་ལ་བདག་ཉན་འཚལ། །དེ་སྐད་གསོལ་པ་གསན་ནས་ཀྱང་། །ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །བསྙེན་ཅིང་བསྒྲུབ་པའི་ཚིག་རྣམས་ཀུན། །ངས་གསུང་པ་ལ་ཐེ་ཚོམ་མེད། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །ཧཱུཾ། སྲིད་པ་བདེ་འགྲོ་ཁམས་གསུམ་ཀུན་གྱི་ཡུམ་མཆོག་མ། །ཕྲ་མེན་རྒྱ་མཚོ་སྐུ་བསྐྱོད་ཅིག །རྣལ་འབྱོར་ཆེན་མོའི་སྐུ་སྤྲུལ་པ། །སྤྱན་གཉིས་ཁྲོས་པའི་ཚུལ་མངའ་ཞིང་། །ཞི་བའི་སྐུ་ལ་སྣང་སྲིད་འཆར། །སྤྲུལ་པའི་སྐུ་ལ་ཞབས་བརྒྱད་འཆར། །དྲུག་གིས་རྒྱུ་དྲུག་སྒོ་ཡང་གཅོད། །གཅིག་ནི་ཀླུ་ཡི་ཁམས་སུ་རྐྱོང་། །གཅིག་ནི་བདུད་དང་མུ་སྟེགས་གནོན། །རྣམ་པར་ཤེས་པའི་ཡུལ་དྲུག་ལས། །སྤྱན་དྲུག་མངོན་པར་ཤར་བ་ནི། །སྤྱན་གསུམ་གྱེན་དུ་གཟིགས་པ་ཡིས། །རྣམ་པར་ཐར་པའི་སྒོ་ཡང་གཅོད། །སེམས་ཅན་སྐྱེ་ཤིའི་ལམ་ཡང་སྟོན། །སྤྱན་གསུམ་ཐུར་དུ་གཟིགས་པ་ཡིས། །སྲིད་པ་ཐམས་ཅད་ཐལ་བར་རློག །དེ་ལས་སླར་ཡང་སྐྱེད་པར་བྱེད། །གཡས་ཀྱི་ཞལ་བཞད་ཐུགས་རྗེ་ཆེ། །གཡོན་གྱི་ཞལ་བཞད་དབང་དུ་སྡུད། །དབུས་ཀྱི་ཞལ་བཞད་དྲག་ཤུལ་ཆེ། །རྡོ་རྗེ་མཆེ་བ་གཙིགས་པ་ཡིས། །སྲིད་གསུམ་འགྲན་ཟླ་ཆེམ་ཆེམ་གསོལ། །རྣལ་འབྱོར་གསང་བའི་བྷ་ག་ལས། །སྲིད་པ་གསུམ་ཡང་འཆར་བར་བྱེད། །ལྷ་ཆེན་ལ་སོགས་མཐའ་


DNG023_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་ཕྱོགས། །བདུད་དང་གནོད་སྦྱིན་ལ་སོགས་ཏེ། །གཤིན་རྗེ་སྲིན་པོ་མ་ལུས་ཀུན། །ཡུམ་གྱི་སྐུ་ཡི་གཡས་ཕྱོགས་སུ། །ལས་ཀྱི་མ་མོ་བཅུ་དྲུག་འཆར། །ཕོ་ཉ་ཕྱག་བརྙན་ཐབས་ཀྱིས་འགྱེད། །གཡོན་གྱི་ཕྱོགས་ནས་འཆར་བ་ནི། །རྣལ་འབྱོར་སྐུ་ཡི་སུམ་ཆ་ལས། །ངེས་པའི་མ་མོ་དགུ་སྦས་ཤིང་། །ཐམས་ཅད་སྐུ་ལ་མཆོད་པར་བརྩོན། །ཡུམ་གྱི་ཞབས་ཀྱི་གཡས་ཕྱོགས་ནས། །འདོད་པའི་མ་མོ་བརྒྱད་མནན་ཏེ། །འཇིག་རྟེན་ཀུན་ལ་སྨན་པར་མཛད། །ཡུམ་གྱི་ཞབས་ཀྱི་གཡོན་ཕྱོགས་ནས། །བཀའ་སྡོད་ཉི་ཤུ་རྩ་བརྒྱད་རྣམས། །རྣལ་འབྱོར་ཀུན་གྱི་ལས་རྣམས་སྒྲུབ། །སྲིད་པའི་མ་མོ་ཐམས་ཅད་ཀུན། །རྣལ་འབྱོར་སྐུ་ཡི་ཁྱོན་དུ་རྫོགས། །མ་མོ་ཐུགས་ཀྱི་ཐིག་ལེ་ལས། །རྡོ་རྗེ་ཁ་ཊྭཱྃ་གཞུ་བདུངས་ཤིང་། །ཤེས་རབ་ཡེ་ཤེས་མདེའུ་རྩེ་ལས། །སྤྲུལ་པའི་ཐིག་ལེ་དགུ་འཕེན་མ། །ངེས་པའི་བདེ་ཀློང་གཅིག་ཏུ་འཁྱིལ། །ཧེ་རུ་ཧཱུཾ་སྒྲས་འཁོར་དུ་བཞག །མཐིང་ནག་འབར་བའི་འཕྲོ་འདུ་ཡིས། །ཐམས་ཅད་སྒྲོལ་ཞིང་དབང་དུ་སྡུད། །ཞི་བའི་སྐུ་ལ་ཐུགས་རྗེ་ཆེ། །ཡེ་ཤེས་སྤྲུལ་པའི་ཕྱག་དྲུག་ལས། །གཡས་ཀྱི་དང་པོ་འཁོར་ལོ་བསྒྱུར། །གསང་སྔགས་བཀའ་རྣམས་སྒྲོགས་པའི་དོན། །གཡོན་པ་རིན་ཆེན་སྲིད་པ་སྒྱུར། །སྲིད་པའི་འཇིག་རྟེན་གནས་ལ་འཕེན། །གཡས་ཀྱི་བར་མ་གཡང་གཞི་རྡེབ། །བདུད་དང་མུ་སྟེགས་རྡུལ་དུ་རློག །གཡོན་པ་བྷནྡྷ་དམར་བསྐྱིལ་ཞིང་། །བུད་མེད་ལྔ་པོ་དབང་དུ་སྡུད། །གཡས་ཀྱི་ཐ་མ་ཚེ་འཛིན་ཅིང་། །རྣལ་འབྱོར་ཀུན་ལ་དངོས་གྲུབ་འབེབས། །གཡོན་པ་ལྕགས་ཀྱུ་དགུ་བསྣམས་པས། །དམ་ཉམས་ཀུན་དང་དགྲ་བགེགས་ཀྱི། །བཀའ་ལས་འདས་པའི་སྙིང་རྩ་འདྲེན། །སྤྱི་གཙུག་རལ་པའི་འཕྲོ་འདུ་ཡིས། །སྟོང་གསུམ་འཇིག་རྟེན་བྷྱོ་བཟློག་མཛད། །བདག་ཅག་ཡེ་ཤེས་བསྩལ་འཆང་ཞིང་། །ངེས་པའི་དོན་དང་རྟོགས་པའི་


DNG023_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

མཐུས། །མན་ངག་ཐུགས་ཀྱི་དཀྱིལ་འཁོར་བསྐུལ། །སྐད་ཅིག་ཡུད་ཙམ་དབྱིངས་ནས་བཞེངས། །སྲིད་པ་གསུམ་དང་གླིང་བཞི་ཡང་། །ཐང་གཅིག་ཡུད་ཙམ་འཇིག་པར་མཛད། །ཁྱད་པར་ཡེ་ཤེས་ཉི་ཟླའི་སྤྱན། །གཡས་ཀྱི་སྤྱན་གྱིས་སྲིད་པ་གསལ། །གཡོན་གྱི་སྤྱན་གྱིས་སྦྱོར་བ་མཛད། །རྡོ་རྗེ་སྨིན་མ་གཡེངས་པ་ཡིས། །མུ་སྟེགས་ཡག་ཤའི་སྙིང་ཡང་འགེམས། །མ་མོ་ཁྱོད་ཀྱི་མཚན་ཉིད་ནི། །བྱང་ཆུབ་སེམས་མ་ཞེས་ཀྱང་གྲགས། །ཡང་དག་གསང་བའི་མཚན་ཉིད་ནི། །སངས་རྒྱས་ཁྲོས་པའི་རྒྱལ་མོ་ལགས། །བདེ་ཀློང་ཀུན་གྱི་གཙོ་མོ་ཞེས་ཀྱང་གྲགས། །རྣལ་འབྱོར་གསང་བའི་དཀྱིལ་འཁོར་དུ། །གསང་བ་ཐབས་ཀྱི་འཕྲོ་འདུ་ཡི། །ཡུམ་གྱི་ཐུགས་དམ་འདིས་བསྐང་ལ། །སྐུ་ནི་མི་བསྐྱོད་འདིར་བཞུགས་ལ། །འཁོར་གྱི་བློན་མོ་ཀུན་བསྐྱོད་དང་། །བཅོལ་བའི་ལས་རྣམས་འགྲུབ་པར་མཛོད། །ཅེས་ཚོགས་ལ་སྤྱན་དྲང་བ་ནི། ཕྲ་མེན་རྒྱ་མཚོ་མའོ། །གསང་བའི་མཆོད་པ་དང་ལྡན་པར་བྱ་སྟེ་བསྐུལ་བ་ནི། ཧཱུཾ། ལྷ་མོ་ཆེན་མོ་རྣལ་འབྱོར་མ། །ཀུན་གཞི་ཡོངས་ཀྱི་དབང་ཕྱུག་མོ། །སྣང་སྲིད་ཀུན་ལ་དབང་བསྒྱུར་ཞིང་། །སྐྱེ་འགྲོ་ཡོངས་ཀྱི་དབུགས་འཕྲོག་མ། །དུང་ཆེན་ཕྱག་ན་བསྣམས་ཤིང་འོ་དོད་ཆེན་པོས་འདེབས། །གཤིན་རྗེ་བྲན་དུ་འཁོལ་ཞིང་འཇིག་རྟེན་མེ་ཡིས་སྲེག །འགྲོ་བའི་ཚེ་དཔལ་འཕྲོག་ཅིང་བོ་དྷི་ཙིཏྟའི་བདག །སྒྲོལ་བ་དོན་དུ་གཉེར་ཞིང་དབང་ཕྱུག་ཀུན་དང་སྦྱོར། །སྲིད་གསུམ་སྤྲུལ་པས་འགེངས་ཤིང་བདུད་དཔུང་རྡུལ་དུ་རློགས། །གཡང་གཞི་གོས་སུ་མནབས་ཤིང་ཁ་ཊྭཱྃ་གཡབ་མོས་འདེབས། །སྐུ་མདོག་ཁྲོ་བོར་བཞུགས་ཤིང་ཁྲག་དང་ཞག་གིས་བརྒྱན། །སྤུ་གྲི་ཕྱག་ན་བསྣམས་ཤིང་ཀུན་གྱི་སྙིང་འབྱིན་མ། །ཞིང་ཆེན་གདན་ལ་བཞུགས་ཤིང་རྣལ་འབྱོར་གྲོགས་མཛད་མ། །མཱཾ་ས་ཟས་སུ་ཟ་ཞིང་ཙིཏྟའི་ཞགས་པ་འཕེན། །ཉི་ཟླ་ཐོད་དུ་བཅིངས་ཤིང་སྟོང་ཁམས་བདེ་ལ་འགོད། །བདུད་ཀྱི་བུ་སྨད་འཁོལ་ཞིང་ང་རྒྱལ་


DNG023_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་ཤུལ་ཆེ། །དུང་ཆེན་སྣོད་དུ་དམར་ཆེན་ཁྲག་དང་སྙིང་དུ་བསྲེས་པ་འདིས། །ཁྱོད་ཀྱི་སྐུ་ལ་བསྡིམ་པས་བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །ཅེས་བྱ་བས་བསྐུལ་བ་ནི་ཉི་མའི་ཐོད་ཕྲེང་ཅན་ནོ། །རྒྱུ་བསྒྲལ་བ་ཙིཏྟའི་བདག་མོ་ཡིན་ནོ། །དེ་ཀུན་གྱི་སྙིང་ལ་ཡང་དབང་ངོ་། །ཧཱུཾ། རྣལ་འབྱོར་ཁྲོས་པའི་དབང་མོ་ཆེ། །ཉི་མ་སྟོང་གི་གཟི་མདངས་ཅན། །སྟོང་གསུམ་འཆི་བདག་འོད་ཟེར་འཕྲོ། །སྲིད་པའི་སྒྲོལ་མ་གཤེགས་སུ་གསོལ། །ཧཱུཾ། རྣལ་འབྱོར་ཁྲོས་པའི་དབང་མོ་ཆེ། །པདྨ་སྟོང་གིས་སྐུ་བརྒྱན་ཅིང་། །གེ་སར་འབུམ་གྱི་ཁྲག་འཐུང་མ། །དབང་ཕྱུག་ཆེན་མོ་གཤེགས་སུ་གསོལ། །ཧཱུཾ། རྣལ་འབྱོར་ཁྲོས་པའི་དབང་མོ་ཆེ། །ཁམས་གསུམ་རྫོགས་བྱེད་བདུད་རྩི་སྦྱོར། །འཇིག་རྟེན་སྨན་མཆོག་ཀུན་གྱི་གསོས། །བདུད་རྩིའི་རྒྱལ་མོ་གཤེགས་སུ་གསོལ། །ཧཱུཾ། རྣལ་འབྱོར་ཁྲོས་པའི་དབང་མོ་ཆེ། །བྷ་ག་ཡོངས་ལ་མངའ་མཛད་ཅིང་། །གནས་ལམ་ཐམས་ཅད་སྟོངས་པར་མཛད། །ཐར་པའི་ལམ་མཆོག་གཤེགས་སུ་གསོལ། །ཞེས་བརྗོད་ལ། འབྱོར་ཚོགས་ཀྱི་མཆོད་པ་འབུལ་བ་ནི། ཁྲོས་པའི་དབང་མོ་ཆེ་བཞིའོ། །བྷ་ག་འབུམ་ལ་མངའ་མཛད་མ། །དབྱིངས་ཕྱུག་རྒྱལ་མོ་གཤེགས་སུ་གསོལ། །འཇིག་རྟེན་ཡོངས་ཀྱི་རྒྱན་མཛད་མ། །རྒྱན་གྱི་རྒྱལ་མོ་གཤེགས་སུ་གསོལ། །བདག་ཉིད་ལྷག་ལྷག་བཞད་མཛད་མ། །བདག་ཉིད་ཆེན་མོ་གཤེགས་སུ་གསོལ། །གཅིག་པུ་སྟོང་ཁམས་རྒྱུག་འགྲོ་མ། །གཅིག་པུ་ཡུམ་མཆོག་གཤེགས་སུ་གསོལ། །ཞེས་བསྐུལ་བ་ནི་སྦས་པའི་མ་མོ་བཞིའོ། །ཧཱུཾ། རི་རབ་གླིང་བཞིའི་ཤར་ཕྱོགས་ན། །ཤར་གྱི་དཀར་མོ་མིག་གཅིག་མ། །ན་བཟའ་བྱ་རྒོད་ཐུལ་པ་ལ། །གཡུ་ཡི་དྲིལ་བུ་འབུམ་གྱིས་བརྒྱན། །དུང་གི་ལན་ཚར་མཆེ་བ་ཅན། །རིན་ཆེན་ཤེལ་གྱི་ཐོད་གདེངས་ཅན། །དཀར་མོ་སྒེག་མོ་འབུམ་གྱིས་བསྐོར། །སྲིད་པ་ཤར་ལ་མངའ་མཛད་མ། །འདིར་སྤྱོན་


DNG023_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

དམ་སྐོང་ཕྲིན་ལས་མཛོད། །ཧཱུཾ། རི་རབ་གླིང་བཞིའི་ལྷོ་ཕྱོགས་ནས། །ལྷོ་ཡི་ནག་མོ་མཆེ་བ་ཅན། །ན་བཟའ་ཞིང་གི་གོ་ཟུ་ལ། །གསེར་གྱི་དྲིལ་བུ་འབུམ་གྱིས་བརྒྱན། །ལྕགས་ཀྱི་ལན་ཚར་མཆེ་བ་ཅན། །གསེར་གཡུ་སྤེལ་བའི་ཐོད་གདེངས་ཅན། །ནག་མོ་སྒེག་མ་འབུམ་གྱིས་བསྐོར། །སྲིད་པ་ལྷོ་ལ་མངའ་མཛད་མ། །འདིར་སྤྱོན་དམ་སྐོང་ཕྲིན་ལས་མཛོད། །ཧཱུཾ། རི་རབ་གླིང་བཞིའི་ལྷོ་ཕྱོགས་ནས། །ནུབ་ཀྱི་དམར་མོ་དབང་བསྒྱུར་མ། །ན་བཟའ་ཆུ་སྲིན་གཡང་གཞི་ལ། །སྦྲུལ་ནག་སྟོང་གི་གདེངས་ཀ་ཅན། །གཡུ་ཡི་ལན་ཚར་མཆེ་བ་ཅན། །བྱེ་རུ་དམར་པོའི་ཐོད་གདེངས་ཅན། །དམར་མོ་སྒེག་མ་འབུམ་གྱིས་བསྐོར། །སྲིད་པ་ནུབ་ལ་མངའ་མཛད་མ། །འདིར་སྤྱོན་དམ་སྐོང་ཕྲིན་ལས་མཛོད། །ཧཱུཾ། རི་རབ་གླིང་བཞིའི་བྱང་ཕྱོགས་ནས། །བྱང་གི་སེར་མོ་ལས་མཁན་མོ། །ན་བཟའ་རྨ་བྱའི་ཐུལ་པ་ལ། །མཐིང་གི་གོ་ཅོག་ཡ་བ་བསྐོར། །གསེར་གྱི་ལན་ཚར་མཆེ་བ་ཅན། །ཐོད་སྐམ་འབར་བའི་ཐོད་གདེངས་ཅན། །ལྗང་ནག་སྒེག་མ་འབུམ་གྱིས་བསྐོར། །འདིར་སྤྱོན་དམ་སྐོང་ཕྲིན་ལས་མཛོད། །གླིང་བཞི་རྒྱལ་མོ་གསང་བའི་གཟུངས། །ཐུ་བ་གཡས་པ་དམག་གིས་བཀངྐ་། །རྣལ་འབྱོར་ཀུན་གྱི་དགྲ་འདུལ་མ། །ཐུ་བ་གཡོན་པ་རིན་པོ་ཆེ། །སྒྲུབ་པ་པོ་ལ་རྟགས་འབྱིན་མ། །གཡས་ཀྱི་ཕྱག་ན་གཡང་གཞི་རྡེབས། །ཁམས་གསུམ་རྡུལ་དུ་བརླགས་ནས་སུ། །གཡོན་པ་བྷནྡྷ་ཐོད་པས་བསྐོར། །མ་མོ་ཐམས་ཅད་དབང་དུ་སྡུད། །རལ་པ་ཅན་གྱི་འཁོར་སྐྱོང་མ། །འདིར་སྤྱོན་དམ་སྐོང་ཕྲིན་ལས་མཛོད། །ཅེས་འབྱོར་ཚོགས་ཀྱི་མཆོད་པ་ལ་སྤྱན་དྲང་བ་དང་། བཀའ་བཞིན་གནག་པ་བཅོལ་བ་ནི། ཐུགས་ཀྱི་དགྱེས་སྡེ་མོ་བཞི་དང་། གསང་བའི་ཡང་བྱི་མོ་བཞིའོ། །འདི་བཞི་ལ་བཅོལ་བ་དང་། ཅི་བཅོལ་བ་བསམ་པ་ཡིད་བཞིན་དུ་འགྲུབ་པར་འགྱུར། ལྷུར་ཡང་


DNG023_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་དང་སྲིའུ་ལ་མཁས་ཤིང་། གསང་བའི་བྲ་ལ་ཡང་རྣོ། དེ་ཡན་ཆད་ཀྱིས་མ་མོ་བཅུ་བཞིའི་བསྐུལ་ཚིག་གི་ལེའུ་སྟེ་བཅོ་ལྔ་པའོ།། །།ད་ནི་སྲིད་པའི་སྨན་མོ་བསྐུལ་བར་བྱ་སྟེ། ཧཱུཾ། སྲིན་མོ་ཆེན་མོ་ཤམ་ཤམ་མོ། །ཨ་ཕྱི་ཆེན་མོ་མི་བཟད་མ། །གོས་སུ་ཞིང་ཆེན་ལྤགས་རློན་ལ། །མཐའ་མ་བྷནྡྷ་སྟོང་གིས་བསྐོར། །ཕྱག་གཡས་ཞིང་ཆེན་སོར་ཕྲེང་བགྲང་། །གཡོན་ན་མི་མགོའི་ཕོར་པ་རུ། །མི་ཁྲག་སྙིང་ཚིལ་གཏུབས་ནས་སུ། །རང་གིས་རང་ལ་ཐིམ་པར་སྟོབ། །གཡང་གཞིའི་རུ་མཚོན་ཕྱར་ནས་སུ། །བདུད་དང་མུ་སྟེགས་ཐལ་བར་རློགས། །འཇིག་རྟེན་ཐམས་ཅད་སྒྲོལ་བར་བྱེད། །སྲིད་པ་གསུམ་གྱི་ཕུད་ཉུལ་མ། །དེ་ནི་ཇོ་མོ་ཉིད་ལ་མཆོད། །ལས་སུ་བཅོལ་ན་ཀུན་ཀྱང་སྒྲུབ། ། འདིར་སྤྱོན་དམ་སྐོང་ཕྲིན་ལས་མཛོད། །ཅེས་བསྐུལ་བ་ནི་ཨ་ཕྱི་ཆེན་མོ་སྟེ། ། སྲིད་པ་ཆགས་བྱེད་མའོ། །ཧཱུཾ། ཁྱིམ་བདག་ཆེན་མོ་རྣལ་འབྱོར་མོ། །རྣལ་འབྱོར་ཆེན་མོ་སྲིད་པའི་བདག །རྣལ་འབྱོར་ཆེན་མོ་ཁྱིམ་བདག་མོ། །ཁྱིམ་བདག་ཆེན་མོ་ཐིག་ལེ་དགུ། །ཡེ་ཤེས་ལྔ་ཡི་རོལ་པ་ཡིས། །ཕྱག་ན་རྩེ་གསུམ་འབར་བ་བསྣམས། །ཁྲག་འཐུང་ཡབ་ཡུམ་རྣམས་ལ་དབང་སྒྱུར་ཞིང་། །མཐུ་ཆེན་རྣལ་འབྱོར་ཀུན་གྱི་གྲོགས་མཛད་མ། །དུང་ཆེན་ཁྲག་འདི་སྐུ་ལ་སྡིམ་པར་མཛོད། །ཁྱེད་ཀྱི་འཁོར་འདི་རབ་ཏུ་མི་བསྒྲུངས་ཏེ། །སྒྲ་སྙན་ཡིད་འཕྲོག་མ་མོ་ཁྱོད་ཀྱི་འཁོར། །འདོད་པ་ལྔ་ལ་འདོད་ཅིང་རབ་ཏུ་བསྐུལ། །ཁྲག་གིས་རླན་པར་མཛད་ཅིང་དབང་དུ་སྡུད། །དྲག་ཤུལ་གཏུམ་མོ་རབ་ཏུ་རྨོངས་བྱེད་མ། །ཀུན་གྱི་ཡིད་ལ་འདོད་ཅིང་རབ་ཏུ་མཐུ་ཆེན་བསྐུལ། །མེ་ཡི་བསྐལ་པ་གཏོང་ཞིང་སྙིང་རྗེའི་ལམ་ལ་སྒྲོལ། །གསོད་པ་དོན་དུ་གཉེར་ཞིང་ཁྲོ་བོ་ཀུན་དང་སྦྱོར། ། བདུད་ཀྱི་བུ་མོ་འཁོལ་ཞིང་ང་རྒྱལ་དྲག་ཤུལ་ཆེ། །འོ་དོད་ཆེན་པོ་འདོན་ཞིང་ཞལ་གདངས་མཆེ་བ་གཙིགས། །དགྲ་སྙིང་ཚལ་པར་


DNG023_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

འགེམས་ཤིང་མ་མོ་ཁྱོད་ཀྱི་མཐུ། །དམ་ཚིག་དུས་ལ་བབ་ཀྱི་གཤེགས་སུ་གསོལ། །ཞེས་ལས་གཉན་པོ་བཅོལ། དེ་ནི་སྦས་པའི་མ་མོ་སྟེ། སྲིད་པ་ཆ་སྙོམས་སོ། །ཧཱུཾ། རྣལ་འབྱོར་ཆེན་མོ་སྲིད་པའི་བདག །ཨེ་ཀ་ཙ་ཏི་རལ་གཅིག་མ། །མིག་གཅིག་མ་ལ་དཀར་ཤམ་མདོག །རང་ཆས་སྤྲིན་དཀར་གོ་ཟུ་ལ། །འཇའ་ཚོན་འབར་བའི་མཐའ་ཆག་ཅན། །ལག་ན་ཁ་ཊྭཱྃ་ག་ཡི་མཚོན་ཐོགས་ཤིང་། །ཟ་འོག་ཞབས་མའི་དབུ་རྒྱན་ཅན། ། བསྟན་པ་ཙམ་གྱིས་ཁམས་གསུམ་རྨོངས་བྱེད་མ། །བརྡབས་པ་ཙམ་གྱིས་ཐེ་རང་འགོང་པོ་བརླག་གཅོད་མ། །དམ་སྐོང་ཕྲིན་ལས་གཉན་པོ་མཛོད། །ཅེས་བཅོལ་བ་ནི་ཨེ་ཀ་ཙ་ཏིའོ། །ད་ནི་མ་མོ་བདུན་བསྐུལ་ཏེ། ཧཱུཾ། རྒྱ་མཚོ་ཆེན་པོའི་དཀྱིལ་འཁོར་ནས། །དཔལ་ལྡན་ཤུགས་འགྲོ་གཙོ་མོ་སྟེ། །ནག་མོ་ཆེན་མོ་རལ་པ་ཅན། །རི་རབ་བསྙིལ་བའི་རྔམ་སྟབས་ཅན། །ཁ་ནས་མེ་འབར་རྒྱ་མཚོ་སྐམ། །རྡོ་རྗེ་ཀུན་བཟང་གཤེགས་སུ་གསོལ། །ཧཱུཾ། ཁྲོ་བོ་རྔམ་པའི་དཀྱིལ་འཁོར་ནས། །མཛེས་པའི་ཚུལ་གྱིས་འོད་འཕྲོ་ཞིང་། །འཇིག་རྟེན་འཆི་བདག་འོད་འཕྲོ་མ། །ཀུན་ཏུ་བཟང་མོ་གཤེགས་སུ་གསོལ། །ཧཱུཾ། འབར་བ་ཆེན་པོའི་དཀྱིལ་འཁོར་ནས། །ནམ་མཁའ་སྟོང་ལ་དབང་བསྒྱུར་ཞིང་། །བདུད་དང་དྲག་སྙེམས་ཀུན་འདུལ་མ། །རྡོ་རྗེ་ཀུན་གསལ་གཤེགས་སུ་གསོལ། །ཧཱུཾ། དམ་ཚིག་ཆེན་པོའི་དཀྱིལ་འཁོར་ནས། །ཕོ་ཉ་དྲུག་ཅུའི་གཙོ་མོ་སྟེ། །ཤ་ཆེན་ཚོགས་ལ་ལོངས་སྤྱོད་ཅིང་། །གདུག་པ་མ་ལུས་ཀུན་འདུལ་མ། །རྡོ་རྗེ་ཆེན་མོ་ཡེ་ཤེས་མཆོག །དམ་ཚིག་ཆེན་མོ་གཤེགས་སུ་གསོལ། །ཧཱུཾ། ཁྲག་གི་རྒྱ་མཚོའི་དཀྱིལ་འཁོར་ནས། །ཁྲོ་མོ་གཏུམ་ཆེན་ཟ་བྱེད་མ། །རྡོ་རྗེ་དྲ་བའི་ཕྲེང་ཐོགས་མ། །བྱང་ཕྱོགས་རང་གི་འཁོར་འདུལ་མ། །རྡོ་རྗེ་འོད་ཆགས་གཤེགས་སུ་གསོལ། །ཧཱུཾ། འོད་ཕུང་འཁྲིགས་པའི་དཀྱིལ་འཁོར་ནས། །ཞགས་པ་སྟོང་གི་གདེངས་ལྡན་ཞིང་། །འབྱུང་པོ་མ་


DNG023_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་འཆིང་མཛད་མ། །རྡོ་རྗེ་གསལ་འཕྲོ་གཤེགས་སུ་གསོལ། །ཧཱུཾ། དབང་ཕྱུག་ཆེན་པོའི་དཀྱིལ་འཁོར་ནས། །ལྕགས་ཀྱུ་འབར་བའི་འཕྲོ་འདུ་ཅན། །དམ་ཚིག་ཉམས་རྣམས་སྲེག་མཛད་མ། །བཀའ་ལས་འདས་པའི་སྙིང་འབྱིན་མ། །རྡོ་རྗེ་གཡུ་སྒྲོན་གཤེགས་སུ་གསོལ། །ཞེས་བྱ་བ་ནི་མ་མོ་བདུན་ནོ། །ཧཱུཾ། ལྷ་མོ་ཆེན་མོ་དབང་ཕྱུག་མ། །རིན་ཆེན་སྲིད་འདེགས་མཛེས་པའི་ཟ་མ་ཏོག །མདོག་བཟང་སྔོན་མོ་རལ་པ་ཅན། །རང་ཆས་མུ་ཏིག་གོ་ཟུ་ལ། །གསེར་དང་གཡུ་ཡི་ཕྲ་བཀྱེ་ཞིང་། །ཐ་མ་རིན་ཆེན་འབར་བས་བསྐོར། །གཡས་ན་གཡུ་ཡི་ཟ་མ་ཏོག །གཡོན་ན་དུང་གི་ཟོ་བ་ཐོགས། །ཁྱོད་ནི་སྲིད་པའི་མ་མོ་སྟེ། །ཚེ་གཡང་སྡུད་ཅིག་རིན་ཆེན་སྲིད་འདེགས་མ། །ཧཱུཾ། གྲུབ་པའི་རྣལ་འབྱོར་མ་སྟེ་མཐུ་མོ་ཆེ། །བདུད་ཀྱི་སྲིང་མོ་གཤིན་རྗེ་མོ། །མདོག་བཟང་དཀར་ལ་རལ་པ་ཅན། །རལ་པའི་ཟར་བུས་མུན་ནག་གཏིབས། །ལྕགས་ཀྱི་ལུས་ལ་ཟངས་ཀྱི་འདབ་མ་ཅན། །རྫུ་འཕྲུལ་བཞི་ཡི་ཞབས་དང་ལྡན། །ལག་པ་གཡས་ན་གཤིན་རྗེའི་ཁྲམ་བམ་ཐོགས། །གཡོན་ན་བདུད་ཀྱི་ཤོ་རྡེ་དཀར་ནག་འགྲེམས། །མཆན་ན་ནད་ཀྱི་རྐྱལ་པ་སྦེད། །ཁྱོད་ནི་འཇིག་རྟེན་བྷྱོ་བཟློག་མཁན། །ཁྲམ་ཁ་ཕྱིས་ལ་ཤྭོ་རྡེ་སྤོས། །ནད་ཁ་ཆིངས་ལ་དལ་ཁ་སྒྱུར། །ཧཱུཾ། རྣལ་འབྱོར་འཇིག་རྟེན་དབང་ཕྱུག་མ། །མདོག་བཟང་དཀར་མོ་རལ་པ་ཅན། །ཁྱེད་ནི་གླིང་བཞི་སྤྱི་འགྲོ་མ། །རང་ཆས་དར་དཀར་གོ་ཟུ་ལ། །གཡུ་བྲན་འབར་བའི་མཐའ་ཆག་ཅན། །གསེར་གྱི་གོང་ལག་འབར་བ་ལ། །གཡུ་ཡི་ཅོད་པན་འོད་འཕྲོ་མ། །རྫུ་འཕྲུལ་རྐང་པས་ཕྱོགས་བཅུར་འཕྲིན། །གཡས་ཀྱི་ཕྱག་ན་བསྣམས་པ་ནི། །གསེར་གྱི་ལྕུ་གུ་འབར་བ་ལ། །གཡུ་ཡི་ལྕག་འབྲས་འགྱུར་བ་བཏགས། །གནམ་ལ་བསྐོར་བས་བདུད་དཔུང་འཇོམས། །ས་ལ་བརྡབ་པས་དགྲ་བགེགས་སྒྲོལ། །གཞན་གྱིས་རྦད་ཀྱང་མི་ཉན་


DNG023_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

པར། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །ཞེས་བྱ་བ་ནི། ནང་གི་རྫས་ལྔ་དང་ལྡན་པར་བྱས་ལ། ལས་བཅོལ་བ་ནི། ནམ་མཁའི་རྒྱལ་མོ་ནེ་མཚན་ནོ། །ཧཱུྃ། རྡོ་རྗེ་གར་གྱི་དབང་ཕྱུག་མ། །དབུ་བརྒྱ་མ་ལ་སྤྱན་སྟོང་མ། །འཇིགས་ཚུལ་རྔམས་པའི་ཆ་བྱད་ཅན། །ཕྲིན་ལས་འབྱུང་པོ་ཀུན་འདུལ་མ། །རྡོ་རྗེ་སྒེག་མོ་གཤེགས་སུ་གསོལ། །ཧཱུཾ། པདྨ་གར་གྱི་དབང་ཕྱུག་མ། །ས་བདག་ཆེན་མོ་པདྨ་ཕྲེང་། །ལག་ན་ཐོད་པ་ཁྲག་གིས་བཀངྐ་། །གྲོང་རྣམས་ཀུན་ལ་འཐོར་བྱེད་མ། །ས་བདག་ཆེན་མོ་གཤེགས་སུ་གསོལ། །ཞེས་བརྗོད་པ་ནི། རྡོ་རྗེ་གར་གྱི་དབང་ཕྱུག་མ་དང་། པདྨའི་གར་མཁན་མའོ། །ད་ནི་རྒྱལ་པོ་ཆེན་པོ་བཞིའི་ཆུང་མ་དང་། བུ་མོ་བཞི་ཡང་བསྐུལ་བར་བྱ་སྟེ། ཧཱུཾ། རི་རབ་བཞིའི་གྲུ་འདེགས་མ། །ཧར་ཏིང་དཀར་མོ་ཆེན་མོ་ལ། །བྱང་ཤར་མཚམས་ཀྱི་གྲུ་འདེགས་མ། །དུན་ཏིང་ནག་མོ་ཆེན་མོ་ལ། །ཤར་ལྷོའི་མཚམས་ཀྱི་གྲུ་འདེགས་མ། །ཤན་ཏིང་དམར་མོ་ཆེན་མོ་ལ། །ལྷོ་ནུབ་མཚམས་ཀྱི་གྲུ་འདེགས་མ། །གྲུབ་ཏིང་སེར་མོ་ལྗང་སེར་མ། །ནུབ་བྱང་མཚམས་ཀྱི་གྲུ་འདེགས་མ། །མཚམས་ཀྱི་གྲུ་འདེགས་ཆེན་མོ་ལ། །རྒྱལ་ཆེན་གཟུངས་མ་ལས་མཛོད་ཅིག །ཧཱུཾ། དམག་གི་རྒྱལ་མོ་ཆེན་མོ་སྟེ། །ཤར་གྱི་དཀར་མོ་མཆེ་བ་གཙིགས། །ལྷོ་ཡི་ནག་མོ་ཁ་རླན་མ། །ནུབ་ཀྱི་དམར་མོ་མཆུ་འཇིབ་མ། །བྱང་གི་སེར་མོ་རྐང་ལྡག་མ། །རིགས་བཞིའི་དམག་དཔུང་མང་པོས་བསྐོར། །དམག་གི་རྒྱལ་མོ་གཤེགས་སུ་གསོལ། །ཧཱུཾ། གླིང་བཞིའི་མགྱོགས་མ་ལྷ་ཡི་སྲིང་། །ཤར་གྱི་མགྱོགས་མ་གཤེགས་སུ་གསོལ། །མཁའ་ལ་ཁྱུང་ལྡིང་གཤིན་རྗེའི་སྲིང་། །ལྷོ་ཡི་མགྱོགས་མ་གཤེགས་སུ་གསོལ། །དམར་མོ་གཡག་ཐོད་ཀླུ་ཡི་སྲིང་། །ནུབ་ཀྱི་མགྱོགས་མ་གཤེགས་སུ་གསོལ། །ནག་མོ་སྡེར་ཆེན་གནོད་སྦྱིན་སྲིང་། །བྱང་གི་མགྱོགས་མ་གཤེགས་སུ་གསོལ། །ཞེས་


DNG023_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ནི་ལས་ཀྱི་སྲིང་མོ་བཞིའོ། །འདི་མན་ཆད་མ་མོ་རྣམས་ཀྱི་ལས་བྱང་དང་། བསྐུལ་ཚིག་གི་ལེའུ་སྟེ་བཅུ་དྲུག་པའོ།། །།གཡུང་དྲུང་ལྷ་ཡིས་ཡང་གསོལ་པ། །འཇིག་རྟེན་དབང་ཆེན་ཇི་སྙེད་ཀུན། །སྲིད་པའི་མི་ལ་སྨན་སླད་དུ། །ཚུལ་བཞིན་བསྒྲུབ་ན་ཇི་ལྟར་བགྱི། །རྫས་དང་མཐུན་རྫས་ཇི་ལྟར་བརྟེན། །རྟགས་དང་དུས་ཚིགས་ཇི་ལྟར་འབྱུང་། །རྫོགས་སངས་རྒྱས་ལ་བདག་ཉན་འཚལ། །རྫོགས་སངས་རྒྱས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །དབེན་ལ་གཉན་ཞིང་ཉམས་དགའ་བའི། །པདྨའི་མཚན་དང་ལྡན་པ་ཡི། །རིགས་སུ་གྱུར་པའི་ཡུམ་གསུམ་ཡང་། །སྒྲུབ་པའི་དོན་ཕྱིར་གཞག་པར་བྱ། །རྫས་སུ་གྱུར་པའི་ཡོ་བྱད་ཀྱང་། །ཐིག་ལེ་མེ་མར་ཁ་དགུ་བཏང་། །ཙིཏྟ་བཅུ་གཅིག་ཡང་དག་ལྡན། །བྷནྡྷ་ལྕང་ལོར་ལྡན་པ་ནི། །པདྨའི་རིགས་སུ་གྱུར་པ་ཡི། །མཚན་དང་ལྡན་པའི་རཀྟས་བཀངྐ་། །གསུར་ཆེན་དུད་པ་རྒྱུན་མི་གཅད། །གསར་རྙིང་ཞིང་གི་མཆོད་པ་དགྲམ། །ཅི་འབྱོར་ཡོ་བྱད་གསུམ་སོགས་ལ། །བདུན་གསུམ་ཚུལ་བཞིན་བསྒྲལ་བར་བྱ། །རྒྱན་དང་ཆས་གོས་ལ་སོགས་པ། །ཤུན་ཆེན་རལ་ག་གཙོ་བོ་ལ། །སྲིད་པ་སྤྱི་བླུགས་ཞྭ་བགོས་ཏེ། །རྩེ་གསུམ་འབར་བའི་ཕྱག་རྒྱ་བསྣམས། །ཕྲེང་བ་ཆེན་པོ་དེ་བཞིན་བགྲང་། །ཡུམ་ཡང་གཡང་གཞིའི་སླག་པ་ལ། །རྩེ་གསུམ་འབར་བའི་གཡབ་མོ་ཐོགས། །ཕྲེང་བ་ཆེན་པོ་གཙོ་དང་མཐུན། །དངོས་གྲུབ་ཞལ་བུ་རིན་ཆེན་རིགས། །དར་དཀར་ཁ་བཅད་དེ་བཞིན་བཞག །རྡོ་རྗེ་རིགས་ལྡན་རྟགས་སུ་གསོལ། །བདག་ཉིད་མན་ངག་ཧེ་རུ་ཀ །ཡུམ་ཡང་སྲིད་པའི་བདེ་འགྲོ་མ། །གཉིས་སུ་མེད་པར་བསྒོམ་བྱ་སྟེ། །རཀྟ་ལ་ནི་སྲིད་པ་ཡི། །སྙིང་གི་དཀྱིལ་ནས་དྲང་ནས་སུ། །མངོན་དུ་འོང་བར་བསམ་པ་ནི། །མདོག་དཀར་མོ་ལ་ཉི་མ་དང་། །ཟླ་བ་འབུམ་གྱི་ཐོད་ཕྲེང་བྱས། །དཔྲལ་བའི་


DNG023_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེས་ན་མིག་ཟུར་གསུམ་པ་གཅིག་ཡོད་པ། སྦས་པའི་ཕྱག་གཉིས་ཀྱིས་སྲིད་པའི་པདྨ་ཐམས་ཅད་ཀྱི་གེ་སར་བཟུང་བ། ལྕགས་དང་ཟངས་ཀྱི་དྲིལ་ཞགས་ལ། སྙིང་བརྒྱུས་པའི་ཞགས་པ་འཕེན་པ། མིག་གཉིས་ནས་རིན་པོ་ཆེ་སྣ་ཚོགས་ཀྱི་མཆི་མ་འཐོར་བ། གཡུའི་རལ་པ་ཅན་ལ་མཆོད་པ་གསོལ་ཞིང་བརྟེན་དབྱངས་སྙན་པོས་བསྐུལ་བ་ནི། ཧཱུཾ། ཆེ་ཞེས་ཆེན་མོ་གསང་བའི་གཟུངས། །ཐིག་ལེ་སྦྱོར་བའི་ཡུམ་གཅིག་མ། །དཀར་མོ་ཉི་ཟླའི་ཐོད་ཕྲེང་ཅན། །གྲུ་གསུམ་འབར་བའི་མིག་གཅིག་ལ། །གཡུ་ཡི་རལ་པས་སྲིད་པ་སྦྱོར། །སྦས་པའི་ཕྱག་གཉིས་ཆགས་པའི་པདྨ་འཛིན། །རིན་ཆེན་མཆི་མ་སྐྱེ་འགྲོའི་གསོས། །ཙིཏྟའི་ཞགས་པས་མུ་སྟེགས་སྒྲོལ། །ཐིག་ལེ་གསང་བའི་ཡུམ་གཅིག་མ། །སྔོན་མཆོད་སྦྱོར་མཛད་ཇི་བཞིན་དུ། །བདག་དང་གཉིས་མེད་སྦྱོར་བྱ་ཞིང་། །གསང་བའི་གཟུངས་སུ་རབ་བྱའོ། །ཞེས་དམ་བཅས་ལ། གྲངས་ནི་ཞག་བདུན་ཟླ་གཅིག་བསྟུང་ངོ་། །བཅུ་བཞི་ན་ཉི་མ་གཅིག་བསྟུང་ངོ་། །ཉི་ཤུ་རྩ་གཅིག་ན་དངོས་གྲུབ་ཀྱི་བྷནྡྷར་སྙིང་གཏུབས་པ་དང་། བྷནྡྷར་རཀྟ་བསྲེས་པ་གཅིག་འོང་ངོ་། །དེ་མིན་ན་གཞན་ཡང་འོང་ངོ་། །ཅི་བྱུང་ཡང་མཚན་མ་སྤང་ངོ་། །ཉི་ཤུ་རྩ་གཉིས་ན་སྐུ་མངོན་དུ་འབྱོན་ནོ། །དེར་ཏིང་འཛིན་གསལ་བར་བྱས་ལ། གེ་སར་གྱི་རཀྟ་དབང་དུ་བསྡུས་ཏེ། སྦྱོར་བའི་ཕྱག་རྒྱ་བཅིངས་ལ། ཟླ་གམ་འབུལ་ཞིང་སྦྱོར་བའི་ཚུལ་སྟོན། བདག་ཆགས་པ་མ་སྐྱེས་པ་དང་། མོས་རྐང་དཀྲིས་བོར་ནས། མཛེས་པ་དང་ཆས་ནས་སྦྱོར་བ་འབུལ་ལོ། །དེར་མངོན་དུ་སྦྱར་ཏེ། གསང་བའི་བྱང་ཆུབ་སེམས་དེས་སྣ་ལ་བདག་ཉིད་ལ་མཆོད་པ་བྱ། དེ་ནས་སྒྲུབ་པའི་གྲོགས་མོ་ལ་སྦྱིན། དེ་ནས་ཐ་ཚིག་དང་དམ་བསྲེས་ཏེ། གསང་བའི་གཟུངས་མར་དམ་སྩལ་ལོ། །དེ་ནས་ཕྲག་དོག་སྤང་བའི་ཕྱིར། སྒྲུབ་ཟླ་གསུམ་ཆར་སྦྱར་ནས་སུ། །སྒྲུབ་ཟླ་སོ་སོར་དམ་བསྲེའོ། །དེ་ཡན་ཆད་ཅི་ཡང་བྱ་མི་དགོས་


DNG023_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །བསྒྲུབས་པའི་ཡོན་ཏན་ནི་མ་མོ་གཞན་ལྟ་སྨོས་ཅི་དགོས་ཏེ། ཁྲོས་པའི་དབང་མོ་ཆེ་བཞི་དང་། ཧེ་རུ་ཀ་སྣི་མན་ཆད་འདར་ལྕུག་ལྕུག་སྐུ་བསྐྱོད་པ་ཙམ་ན་རྒྱུག་ནས་འོང་ངོ་། །འཇིག་རྟེན་འདིར་བསམ་པ་ནི། གཅེས་སྤྲས་མི་འགྲུབ་པ་མེད་དོ། །འདི་བསྒྲུབ་པའི་དུས་སུ་དང་པོ་གཏོར་མ་རྣམ་པ་གསུམ་བཏང་ངོ་། །བཤགས་པ་བྱ། ཚེ་རབས་ཀྱི་ལན་ཆགས་ཀྱི་གཏོར་མ་བཏང་ངོ་། །དམ་སྐོང་བགྱི། འདི་ཉི་ཟླ་ཐོད་ཕྲེང་ཅན་གྱི་སྒྲུབ་ཐབས་སོ། །སྲིད་པ་བདེ་འགྲོ་མའི་སྒྲུབ་པ་ནི་མྱ་ངན་ལས་འདས་པ་སྟེ། འགྲོ་བའི་དོན་ཐུགས་རྗེའི་འོད་ཀྱིས་མཛད་དོ། །བསྒྲུབ་པའི་མ་མོ་མ་ཡིན་ནོ། །དབེན་ལ་གཉན་པའི་གནས་སུ། རིགས་བཞིའི་ཡུམ་དང་ལྡན་པར་བྱ་སྟེ། ཡོ་བྱད་བཞི་ཡང་དེ་བཞིན་བཤམ། །གསར་པ་ཞིང་གི་མཆོད་པ་ཡང་བཤམ། །རིགས་བཞི་བྷནྡྷ་ཡང་དག་ལྡན། །ཞིང་གི་དུད་པ་རྒྱུན་མི་གཅད། །མཆོག་གི་ཕུར་པ་བཞི་ཡང་དྲིལ། །དུང་ཆེན་ཕྲེང་བ་ཡང་དག་བགྲང་། །ཤུན་ཆེན་དབུ་རྒྱན་དེ་བཞིན་གསོལ། །སྟག་ལྤགས་གཡང་གཞི་གོས་སུ་མནབས། །རྒྱུ་མ་བསྒྲིལ་བའི་ཞག་བསྡོག་ལ། །ཆུ་དང་མ་བསྲེས་དྭངས་མའི་ཁྲག །དམ་རྫས་རྣམ་པ་སྣ་ཚོགས་པ། །རྩེ་གསུམ་གཡབ་མོ་ཐོགས་ནས་ནི། །བསྒྲུབ་ཅིང་བརྟེན་པའི་ལྷ་མོ་དེ། །རྡོ་རྗེ་ཉི་མ་ཁྲོས་པའི་དབང་མོ་ཆེ། །རྡོ་རྗེ་རིགས་ཀྱི་མ་མོ་སྟེ། །སྐུ་མདོག་དཀར་མོ་གཡུ་ཡི་རལ་པ་ཅན། །སྤྱན་གསུམ་རྡོ་རྗེ་མཆེ་བ་གཙིགས་པ། གསང་བའི་མཁའ་ཤེལ་གྱི་གའུར་འཁྱིལ་པ། མ་ཆགས་པའི་སྦྱོར་བས་སྲིད་པ་འཁྱུད་པ། ཕྱག་གཡས་ན་རྡོ་རྗེ་རྩེ་དགུ་བསྣམས་པ། གཡོན་པས་ཞིང་གི་གཡང་གཞིའི་གཡབ་མོ་བསྣམས་ཤིང་། བདུད་དང་མུ་སྟེགས་དབང་དུ་སྡུད་པ། མ་རྒྱན་གྱི་རྒྱལ་མོ་ལ་ཁྲོས་པའི་ཚུལ་སྟོན་པ། སྦྱོར་བའི་མདངས་ཅན་ནོ། །རྡོ་རྗེ་སྲིད་པ་བདེ་སྦྱོར་ཁྲོས་པའི་དབང་མོ་ཆེ་ནི། རིན་ཆེན་རིགས་ཀྱི་མ་མོ་སྟེ།


DNG023_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་མདོག་སྔོན་མོ་ལ། སྤྱན་གསུམ་རིན་པོ་ཆེའི་མཆེ་བ་གཙིགས་པ། འོད་ཟེར་སྔོན་པོ་ཕྱོགས་བཅུར་འཕྲོས་པ། གསང་བའི་མཁའ་རིན་པོ་ཆེའི་གའུར་འཁྱིལ་པ། རྒྱུ་མ་འདྲིལ་པའི་དྲིལ་ཞགས་འཕེན་པས། བདུད་དང་མུ་སྟེགས་འཆིང་བ། མ་དབྱིངས་ཕྱུག་མ་ལ་ཁྲོས་པའི་ཚུལ་སྟོན་པ། སྦྱོར་བའི་མདངས་ཅན་ནོ། །རྡོ་རྗེ་པདྨ་ཁྲོས་པའི་དབང་མོ་ཆེ་ནི། པདྨ་རིགས་ཀྱི་བདག་མོ་སྟེ། སྐུ་མདོག་དམར་མོ་ལ། བསེའི་རལ་པ་ཅན། སྤྱན་གསུམ་ཞལ་གསུམ་བྱེ་རུའི་མཆེ་བ་གཙིགས་པ། གསང་བའི་མཁའ་ལ་བྱེ་རུའི་གའུར་འཁྱིལ་པ། འོད་ཟེར་དམར་པོས་ནུབ་ཕྱོགས་དབང་དུ་སྡུད་པའོ། །ཁྲག་གི་དྭངས་མ་འཐོར་ཞིང་བདུད་དང་མུ་སྟེགས་ཀྱི་སྙིང་འབྱིན་པ། གཉིས་མེད་སྦྱོར་བས་སྲིད་པ་འཁྱུད་པ་མ་བདག་ཉིད་མ་ལ་ཁྲོས་པའི་ཚུལ་སྟོན་པ། སྦྱོར་བའི་མདངས་ཅན་ནོ། །རྡོ་རྗེ་ཁམས་གསུམ་རྫོགས་བྱེད་ཁྲོས་པའི་དབང་མོ་ཆེ་ནི། ལས་ཀྱི་རིགས་ལ་དབང་བྱེད་དེ། སྐུ་མདོག་ལྗང་གུ་ལ། རྡོ་རྗེ་དྲིལ་བུའི་རལ་པ་ཅན། སྤྱན་གསུམ་རྡོ་རྗེ་རྒྱ་གྲམ་གྱི་མཆེ་བ་གཙིགས་པ། འོད་ཟེར་ལྗང་གུས་བྱང་ཕྱོགས་དབང་དུ་སྡུད་པ། ལག་པ་གཡས་པས་གཡང་གཞི་རྡེབས་ཤིང་བདུད་དང་མུ་སྟེགས་ཀྱི་མགོ་གཅོད་པ། གསང་བའི་མཁའ་གསེར་གྱི་གའུར་འཁྱིལ་པ། གྲུབ་པའི་སྦྱོར་བས་ཁམས་གསུམ་འཁྱུད་པ། མ་གཅིག་པུ་མ་ལ་ཁྲོས་པའི་ཚུལ་སྟོན་པ། སྦྱོར་བའི་མདངས་ཅན་ནོ། །སྤྱོད་པ་གསལ་ཞིང་སྤྱན་དྲངས། གནས་ནས་འབྱོན་པར་གསོལ་ཞིང་དབྱངས་སྙན་པོས་བསྐུལ་བ་ནི། ཧཱུཾ། ཆེ་ཞེ་ཁྲོས་པའི་དབང་མོ་ཆེ། །སྐུ་མདོག་དཀར་མོ་གཡུ་ཡི་རལ་པ་ཅན། །སྤྱན་གསུམ་རྡོ་རྗེ་མཆེ་བ་གཙིགས། །ཞིང་ཆེན་གཡབ་མོས་མུ་སྟེགས་སྒྲོལ། །ཤེལ་གྱི་གའུར་གནས་རིས་འཆའ། །གཉིས་མེད་སྦྱོར་བས་ཁམས་གསུམ་འཁྱུད། །སྦྱོར་བའི་མདངས་ཀྱིས་ཀུན་ལ་ཁྱབ། །ཡུམ་ལ་ཁྲོ་ཞིང་སྲིད་པའི་གསོས། །བདག་དང་གཉིས་སུ་མེད་པར་སྦྱོར། །ཧཱུཾ། ཆེ་


DNG023_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་ཁྲོས་པའི་དབང་མོ་ཆེ། །སྐུ་མདོག་སྔོན་མོ་རིན་ཆེན་རལ་པ་ཅན། །སྤྱན་གསུམ་རིན་ཆེན་མཆེ་བ་གཙིགས། །རྒྱུ་མ་བསྒྲིལ་བའི་དྲིལ་ཞགས་ཀྱིས། །བདུད་དང་མུ་སྟེགས་ཐམས་ཅད་འཆིང་། །རིན་ཆེན་གའུར་གནས་རིས་འཆའ། །མི་ལེན་སྦྱོར་བས་འཇིག་རྟེན་འཁྱུད། །སྦྱོར་བའི་མདངས་ཀྱིས་ཀུན་ལ་ཁྱབ། །ཡུམ་ལ་ཁྲོ་ཞིང་ཀུན་ལ་བྱམས། །བདག་དང་གཉིས་སུ་མེད་པར་སྦྱོར། །ཧཱུཾ། ཆེ་ཞེ་ཁྲོས་པའི་དབང་མོ་ཆེ། །སྐུ་མདོག་དམར་མོ་བསེ་རལ་ཅན། །སྤྱན་གསུམ་བྱེ་རུའི་མཆེ་བ་གཙིགས། །ཁྲག་གི་དྭངས་མས་བདུད་དཔུང་སྒྲོལ། །བྱེ་རུའི་གའུར་གནས་རིས་འཆའ། །བདག་མེད་སྦྱོར་བས་སྟོང་གསུམ་འཁྱུད། །སྦྱོར་བའི་མདངས་ཀྱིས་ཀུན་ལ་ཁྱབ། །ཡུམ་ལ་ཁྲོ་ཞིང་རྣལ་འབྱོར་སྐྱོང་། །བདག་དང་གཉིས་སུ་མེད་པར་སྦྱོར། །ཧཱུཾ། ཆེ་ཞེ་ཁྲོས་པའི་དབང་མོ་ཆེ། །སྐུ་མདོག་ལྗང་གུ་བསྒྱིངས་པ་ལ། །རྡོ་རྗེ་དྲིལ་བུའི་རལ་པ་ཅན། །སྤྱན་གསུམ་མཆེ་བ་རྒྱ་གྲམ་གཏམས། །ཁ་ཊྭཱྃ་གཡབ་མོས་མུ་སྟེགས་སྒྲོལ། །རྡོ་རྗེ་གའུར་གནས་རིས་འཆའ། །གྲུབ་པའི་སྦྱོར་བས་འཇིག་རྟེན་འཁྱུད། །སྦྱོར་བའི་མདངས་ཀྱིས་ཀུན་ལ་ཁྱབ། །ཡུམ་ལ་ཁྲོ་ཞིང་སེམས་ཅན་སྐྱོང་། །བདག་དང་གཉིས་སུ་མེད་པར་སྦྱོར། །ཞེས་པས་བསྐུལ་བ་ནི། ཁྲོས་པའི་དབང་མོ་ཆེ་བཞི་སྟེ། སྒྲུབ་པ་ལ་ཞུགས་པའི་ནུབ་མོ་རྒྱུ་གཅིག་བསྒྲལ། ཞག་བདུན་ན་གཅིག་བསྒྲལ། ཞག་དགུ་ན་གཅིག་བསྒྲལ། བཅུ་གསུམ་ན་གཅིག་བསྒྲལ། གཅིག་གི་ནུབ་མོ་གསང་བའི་ཡུམ་དུ་དམ་བཅའ། གསུམ་གྱི་ནུབ་མོ་སྒྲ་ཆེན་པོ་འབྱུང་ཞིང་མེ་ཆེན་པོ་འབར་རོ། །བདུན་གྱི་ནུབ་མོ་ནམ་མཁའ་ལ་སྣ་ཚོགས་པའི་རོལ་པས་ཐིབས་སེ་འབྱུང་ངོ་། །དེ་ལྟ་བུ་དག་བྱུང་བ་དང་། བདག་དཔལ་ཆེན་པོ་དབུ་དགུ་ཕྱག་བཅོ་བརྒྱད་པ། ཞབས་བརྒྱད་མ་ཧཱ་དེ་ཝ་བརྫིས་པ་ཕྱག་ན་མཚོན་ཆ་སྣ་ཚོགས་པ་བསྣམས་པ། ཞིང་གི་ན་བཟའ་རློན་པ་དང་།


DNG023_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

སྦྲུལ་ནག་གི་ཆུན་པོ་དང་། ཐོད་པས་བརྒྱན་པ་གསལ་བའི་དབང་གིས་དང་ལ་བསྙེན་པ་བྱ། གཉིས་སུ་མེད་པའི་སྦྱོར་བ་དབུལ། དགུ་ལ་མངོན་དུ་འབྱུང་བ་དང་། བདག་ཉིད་དཔའ་བོ་སྒེག་པའི་ཏིང་ངེ་འཛིན་དུ་གསལ་བ་དང་། འཛུམ་པའི་མདངས་ཀྱིས་པདྨ་དབང་དུ་བསྡུས་ལ། དེ་ནས་ལྷ་མོ་ཆགས་སེམས་ཀྱིས། །གཉིས་སུ་མེད་པའི་སྦྱོར་བ་དབུལ། །གུས་པའི་ཚིག་ཏུ་སྙན་སྒྲོགས་པ། །དཔའ་བོ་ཆེན་པོ་ཡེ་ཤེས་སྐུ། །རྡོ་རྗེ་གསང་བའི་དཀྱིལ་འཁོར་དུ། །པདྨ་གསང་བའི་མཆོད་འབུལ་གྱིས། །དགྱེས་པ་ཆེན་པོའི་ངང་ཉིད་ཀྱིས། །ཆགས་པ་ཆེན་པོར་བྱིན་གྱིས་རློབས། །དེ་སྐད་བསྟོད་དེ་སྦྱོར་བ་དབུལ། །དེ་ནས་བདག་དང་མངོན་སྦྱོར་ལ། །དྲོད་ཀྱིས་བྱང་ཆུབ་སེམས་ཉིད་དང་། །རཀྟའི་དྭངས་མ་བསྲེས་ནས་སུ། །སྣ་ལ་བདག་ཉིད་གཙོ་ལ་མཆོད། །དེ་ནས་སྒྲུབ་ཟླ་བཞི་ལ་སྦྱིན། །ཀུན་དང་དམ་ཚིག་བསྲེས་ནས་ཀྱང་། །མནས་བསྒག་གོ། །དེ་ནས་བསྒྲུབ་པའི་མ་མོ་ལ་སྦྱིན། དེ་ནས་དམ་བསྲེས་མནས་བསྒགས་ནས། རྟོག་པའི་ཕྲག་དོག་སྤང་བའི་ཕྱིར། །སྒྲུབ་ཟླ་བཞི་དང་བདག་སྦྱོར་ཏེ། །ཀུན་དང་དམ་བསྲེས་མནས་བསྒག་གོ། །གཏོར་མ་གཞན་ནི་གོང་མ་བཞིན། །འདི་འགྲུབ་ན་འཇིག་རྟེན་གྱི་བསམ་པ་ཐམས་ཅད་ཡིད་བཞིན་དུ་འགྲུབ་ལ། ལྷུར་ཡང་ཚེ་རིང་བ་དང་། སྲིའུ་ལ་མཁས་སོ། །མ་མོ་འགོ་ནས་འབྱུང་བ་ལྟ་སྨོས་ཀྱང་ཅི་དགོས། མ་བཞི་ཡང་བྲན་མོར་འཁོལ་ལོ། །འདི་ནི་ཁྲོས་པའི་དབང་མོ་ཆེ་བཞི་སྒྲུབ་ཐབས་སོ། །འདི་བཞིའི་མ་བཞི་ནི། བསྒྲུབ་ཏུ་སྐྱོན་ཆེ་སྟེ། སྤྱིར་བུ་མོ་བཞི་བསྒྲུབ་ན། བུ་མོས་མ་འཁོལ་བས། བསྒྲུབས་ལྷག་པར་མི་དགོས་སོ། །ད་ནི་ཐུགས་ཀྱི་དགྱེས་སྡེ་མོ་བཞིའི་སྒྲུབ་པའི་ཐབས་འབྱུང་སྟེ། རྟའི་ལོ་ཚེས་བདུན་ལ་སྒྲུབ་པ་བཤམ་བརྒྱད་ལ་འཇུག་སྟེ། ཉའི་བར་དུ་བསྒྲུབས། བསྒྲུབ་པའི་ཡོ་བྱད་དུ་འཚལ་བ། དཀར་མོ་མིག་གཅིག་མའི་བྷནྡྷ་ནི། ཟླུམ་ལ་པདྨ་


DNG023_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་པ། འཇམ་པོ་རི་མོ་ཉུང་བ་སྟེ། །གཙུག་ཏུ་བུ་གུ་འབྱུང་བ་ནི། །དཀར་མོ་ཆེན་མོའི་ཕྱག་ན་བསྣམས། །ལྗོན་རིང་ལྕང་ལོས་རབ་ཏུ་བརྒྱན། །ལྗོན་ཤིང་ལྟ་བུའི་རྩེ་མོ་ཡོད་པ་ནི། །ནག་མོ་ཆེན་མོའི་ཕྱག་ན་བསྣམས། །པདྨ་འདབ་བརྒྱད་རྩར་བྲིས་ལ། །ཨ་དཀར་གཙུག་ན་ཡོད་པ་ནི། །དམར་མོ་དབང་སྡུད་ཕྱག་ན་བསྣམས། །ལྗོན་ཤིང་དུམ་བུ་གཉིས་འདུག་པ། །རྡོ་རྗེ་རྒྱ་གྲམ་རྩར་འདུག་པ། །སེར་མོ་ལས་མཁན་ཕྱག་ན་བསྣམས། །གཙུག་སྲུབས་ནང་དུ་རུབས་པ་ལས། །རྩ་རྣམས་གཙུག་ཏུ་བཅིངས་པ་ལས། །ཧཱུཾ་ཆེན་དགུ་ནི་འབར་བ་སྟེ། །དཔལ་ཆེན་ཉིད་ཀྱི་ཕྱག་ན་བསྣམས། །ཞེས་འབྱུང་སྟེ། བྷནྡྷ་དེ་ལྔ་ཡང་དག་ལྡན། །ཤེལ་རྒྱུ་བཞི་ཡང་ཡང་དག་བསོགས། །སྙན་པོ་ཆས་སུ་སྩལ་པ་དང་། །གཞན་ཡང་དམ་རྫས་སྣ་ཚོགས་པ། །སླག་པ་ཆེན་པོ་གཙོ་བོ་ལ། །ཞྭ་དཀར་པོ་ཡང་དབུར་བརྒྱན་ནོ། །འཇིག་རྟེན་གཟུངས་བཞིའི་རིགས་བསྟན་པ། །ཤ་མདོག་དཀར་ལ་མདངས་བཟང་བ། །སོ་ཐགས་བཟང་ལ་མིག་དཀྱུས་རིང་། །དཀར་མོ་མིག་གཅིག་ཚུལ་དུ་སྣང་། །བརྩོན་འགྲུས་ཅན་ལ་དྲག་ཤུལ་ཆེ། །རལ་པ་ཅན་ལ་ཧ་རི་མིག །ནག་མོ་རལ་ཅན་ཚུལ་དུ་སྣང་། །ཤ་མདོག་དཀར་ལ་མདངས་སྡུག་པ། །སྨྲས་ན་སྙན་ལ་འགྲོ་ན་ལྡེམ། །དམར་མོ་དབང་སྡུད་ཚུལ་དུ་སྣང་། །ཟུར་བཞི་རིང་ལ་མཆེ་བ་རྣོ། །ཤ་མདོག་སྔོ་ལ་བརྟུལ་ཞུགས་ཆེ། །སེར་མོ་ལས་མཁན་ཚུལ་དུ་སྣང་། །ཡུམ་བཞི་གཟུངས་སུ་ལྡན་བྱས་ཏེ། །ཡུམ་བཞི་བསྙེན་པ་སོ་སོར་བགྲང་། །བདག་ཉིད་མན་ངག་སེམས་ལྡན་པས། །བཞི་ཆར་བསྙེན་པ་གཅིག་ཏུ་བགྲང་། །བསྙེན་དབྱངས་སྙན་པས་བསྐུལ་བ་ནི། །ཧཱུཾ། ཤར་གྱི་དཀར་མོ་མིག་གཅིག་མ། །ན་བཟའ་ཚིལ་ཆེན་གོ་ཟུ་མནབས། །བྷནྡྷ་རློན་པའི་དྲིལ་བུས་བརྒྱན། །ལན་ཕྲན་ཞག་གིས་འཁྲིལ་བ་ལ། །དུང་གི་མཆེ་བ་གཙིགས་པ་


DNG023_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས། །ཤར་གྱི་སྲིད་གསུམ་ཕུར་འདེབས་མ། །རིན་ཆེན་ཤེལ་གྱི་ཐོད་གདེངས་ཅན། །ཞག་གི་ལན་ཕྲན་གསིགས་པ་ཡིས། །སྟེང་དུ་ཡ་བདུད་གདུལ་ཞིང་འཆིང་། །བར་དུ་བརྒྱ་བྱིན་ཕུང་བར་བྱེད། །འོག་ཏུ་དམྱལ་ཁམས་སྟོངས་པར་བྱེད། །མ་གཡེལ་ཐུགས་རྗེ་གསང་བའི་གཟུངས། །ཧཱུཾ། རི་རབ་གླིང་བཞིའི་ལྷོ་ཕྱོགས་ན། །མ་མོ་ཆེན་མོ་མཆེ་བ་ཅན། །ན་བཟའ་ཞིང་ལྤགས་གོ་ཟུ་ལ། །བྷནྡྷ་དཀར་པོའི་དྲིལ་བུས་བརྒྱན། །རྡོ་རྗེ་ལན་ཕྲན་རིན་ཆེན་འཁྲོལ། །ལྕགས་ཀྱི་མཆེ་བ་གཙིགས་པ་ཡིས། །ལྷོ་ཕྱོགས་སྲིད་གསུམ་ཕུར་འདེབས་མ། །གསེར་གཡུ་སྤེལ་བའི་ཐོད་གདེངས་ཅན། །དྲི་ཆེན་ལན་ཕྲན་གསིགས་པ་ཡིས། །སྟེང་དུ་མ་ཧཱ་དེ་ཝ་འཆིང་བར་བྱེད། །བར་དུ་གཤིན་རྗེ་ཕུང་བར་བྱེད། །འོག་ཏུ་བྱོལ་སོང་སྟོངས་པར་བྱེད། །མ་གཡེལ་ཐིག་ལེ་གསང་བའི་གཟུངས། །ཧཱུཾ། རི་རབ་གླིང་བཞིའི་ནུབ་ཕྱོགས་ན། །དམར་མོ་ཆེན་མོ་དབང་བསྒྱུར་མ། །ན་བཟའ་རཀྟའི་གོ་ཟུ་ལ། །སྦྲུལ་ནག་འཁྲིལ་བའི་ཆུན་འཕྱང་ཅན། །པདྨ་རཀྟའི་ལན་ཕྲན་ལ། །མཆེ་བ་དམར་པོ་གཙིགས་པ་ཡིས། །ནུབ་ཕྱོགས་སྲིད་གསུམ་ཕུར་འདེབས་མ། །མི་ཁྲག་རློན་པའི་ཐོད་གདེངས་ཅན། །རཀྟའི་ལན་ཕྲན་གསིགས་པ་ཡིས། །སྟེང་དུ་ཚངས་པ་ཆེན་པོ་འཆིང་། །བར་དུ་འཆི་བདག་ཕུང་བར་བྱེད། །འོག་གི་ཡི་དྭགས་སྟོངས་པར་བྱེད། །མ་གཡེལ་ཐུགས་རྗེ་གསང་བའི་གཟུངས། །ཧཱུྃ། རི་རབ་གླིང་བཞིའི་བྱང་ཕྱོགས་ནས། །སེར་མོ་ཆེན་མོ་ལས་མཁན་མོ། །མཛེས་པའི་ན་བཟའ་ཆེན་པོ་ནི། །མཱཾ་ས་ཆེན་པོའི་ཐུལ་པ་ཅན། །དྲི་ཆུ་ཁོལ་བའི་ཡ་བས་བསྐོར། །ལན་ཕྲན་དྲི་ཆུ་འབར་བ་འབྱུང་། །གསེར་གྱི་མཆེ་བ་གཙིགས་པ་ཡིས། །བྱང་ཕྱོགས་སྲིད་གསུམ་ཕུར་འདེབས་མ། །མཱཾ་ས་སྤུངས་པའི་ཐོད་གདེངས་ཅན། །དྲི་ཆུའི་ལན་ཕྲན་གཙིགས་པ་ཡིས། །སྟེང་དུ་ཚོགས་ཀྱི་བདག་པོ་འཆིང་། །བར་དུ་


DNG023_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་སྦྱིན་ཕུང་བར་བྱེད། །འོག་ཏུ་བགེགས་རིགས་སྟོངས་པར་བྱེད། །མ་གཡེལ་ཐུགས་རྗེ་གསང་བའི་གཟུངས། །ཧཱུཾ། གླིང་བཞི་གསང་བའི་གཟུངས་གཅིག་མ། །བདུད་རྩི་རྣམ་ལྔ་དབུ་ལ་རྫོགས། །གཡས་ན་གཡང་གཞི་རུ་མཚོན་གྱིས། །ཐམས་ཅད་གནས་ཕྱགས་ཆེན་པོས་འདེབས། །མུ་སྟེགས་ནག་པོའི་སྙིང་འབྱིན་མ། །གཡོན་ན་བྷནྡྷ་ཁྲག་འཛག་པས། །བུད་མེད་ཐམས་ཅད་དབང་དུ་སྡུད། །འབུམ་ཕྲག་ཡངས་པའི་འཁོར་མངའ་ཞིང་། །སྒྲུབ་པ་པོ་ལ་བརྩེ་དགོངས་མ། །འདིར་སྤྱོན་སྒྲུབ་པའི་ལས་མཛོད་ཅིག །ཅེས་བསྐུལ་བ་ནི། ཞག་བཞིའི་ནུབ་མོ་དངོས་གྲུབ་ཀྱི་རྟགས་དང་པོར་རཀྟ་དང་ཚིལ་ཆེན་དང་མཆོག་ཏུ་བརྟག་པའི་ཡང་གཏུབས་པའི་བྷནྡྷ་དང་བཞིའོ། །དགུ་ཡི་མཚན་མོ་བྷནྡྷ་པདྨ་རཀྟ་དང་། སྣང་སྲིད་ཀྱི་སྨན་སྦྱར་བའི་བྱང་ཆུབ་སེམས་ལ་སོགས་པའི་བདུད་རྩི་རྣམ་པ་ལྔ་བསྲེས་པས་གང་བ་འོང་སྟེ། དགའ་བ་མི་སྐྱེད་པར་མྱུར་དུ་ལོངས་སྤྱོད་དང་། དེའི་ནུབ་མོ་རྒྱུ་བཞི་ཡང་དེར་བསྒྲལ་ལོ། །བདུན་གྱི་ནུབ་མོ་བཞི་ཅར་ཡང་སྐུ་མངོན་དུ་འབྱུང་ངོ་། །རྒྱན་དང་ཆ་ལུགས་ལྡན་པ། ཤིན་ཏུ་ཡིད་དུ་འོང་བའི་ལྷ་མོ་བཞིའོ། །བདག་མན་ངག་གི་ཏིང་འཛིན་གསལ་བར་བསྒོམས་ལ། ཆགས་པའི་མདངས་ཕྱུང་ལ། གེ་སར་གྱི་རཀྟ་དབང་དུ་བསྡུས་ལ། པདྨའི་ནང་དུ་རྡོ་རྗེ་འཇུག་པའི་ཕྱག་རྒྱ་བཅིངས་ལ། རིམ་པ་བཞིན་དུ་ཟླ་གམ་ཕྱེད་ཅིང་སྦྱོར་བ་དབུལ་ལོ། །གོང་མའི་བསྒྲུབ་པའི་ལྷ་མོ་བཞིན་དུ་ཚུལ་དེ་བཞིན་དུ་བགྱི། དེ་ནས་དེའི་ཕྱི་དེ་ནུབ་མོ་མཆོག་ཕྲན་ཆས་སུ་སྩལ་བ་བསྒྲལ་བ་དང་། ཁམས་གསུམ་བསྒྲལ་བའི་དངོས་གྲུབ་ཀྱང་སྟེར་རོ། །འདི་བཞི་འགོ་ལ་ཕྲག་དོག་ཆུང་ལ། དབང་ཆེ་ལ་གསང་བའི་དམ་དུ་རུབ་སྟེ། བསམ་དགུ་ཡིད་བཞིན་དུ་འགྲུབ་སྟེ། གསང་བའི་དགྱེས་སྡེ་མོར་ལུང་བསྩལ་ཏེ་བཞག་གོ། །དེ་ཕན་ཆད་ཅི་ཡང་བྱ་མི་དགོས་ཏེ། སྦྱོར་བ་ཡང་དུས་སུ་དབུལ་ཏེ། ལས་


DNG023_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ཚུལ་བཞིན་དུ་བྱེད་དོ། །བསྒྲུབ་པ་ལ་འཇུག་པའི་ཚུལ་ནི་གོང་མ་དང་འདྲའོ། །འདི་ནི་ཐུགས་ཀྱི་དགྱེས་སྡེ་མོ་གསང་བའི་ཡང་བྱི་མོ་བཞིའི་སྒྲུབ་ཐབས་སོ། །འདི་ཡན་ཆད་ཀྱི་མ་མོ་གྲུབ་ན། ཚེ་འདིའི་ཡོན་ཏན་ལྟ་ཅི་སྨོས། ཕུང་པོ་འཇིག་པའི་དུས་སུ་ཡང་གླུ་དབྱངས་དང་རོལ་མོ་ལ་སོགས་པ་འོད་དང་རྟགས་བཟང་པོ་དང་། ནམ་མཁའ་ལ་སྒྲ་འོང་བ་དང་། རོལ་མོ་དང་། སིལ་སྙན་ལ་སོགས་པས་བསུས་ནས། བདེ་བ་ཅན་གྱི་ཞིང་ཁམས་སུ་སྒྲུབ་མི་དགོས་པར་དཀྱིལ་འཁོར་དང་འོག་མིན་དུ་སྐྱེ་བའོ། །འདི་ཡན་ཆད་ཀྱིས་མ་མོ་གྲུབ་ན། མ་མོ་འོག་མ་ཐམས་ཅད་རང་བཞིན་གྱིས་འདུ་བ་དང་། ལྷག་པར་ཡང་སྒྲུབ་མི་དགོས་སོ། །འདི་ནི་མ་མོའི་གཙོ་མོ་རྣམས་ཀྱི་སྒྲུབ་ཐབས་ཀྱི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་མ་མོ་བདུན་བསྒྲུབ་པར་འདོད་ན། གནས་དུར་ཁྲོད་དུ་སོང་ལ། ཡུམ་རྡོ་རྗེ་རིགས་ཀྱི་མཚན་དང་ལྡན་པ་གསུམ། དབང་གི་སློབ་དཔོན་གཉིས་ཀྱིས་བསྒྲུབ་སྟེ། བྷནྡྷ་མཚན་དང་ལྡན་པ་བདུན་ནམ་གསུམ་དུ་བདུད་རྩི་རྣམ་པ་ལྔ་མ་བསྒྲུབས་པའི་རློན་པ་བསྩལ། གསུམ་དུ་འཇིག་རྟེན་པའི་སྨན་སྣ་ཚོགས་བསྩལ། གཅིག་ཏུ་བྱང་ཆུབ་སེམས་དང་རཀྟའི་ཉི་ཚེ་བསྩལ། བྷནྡྷ་རིན་པོ་ཆེ་མཚན་ལྡན་གྱི་ནང་དུ་བདུད་རྩི་ཨ་མྲྀ་ཏ་བསྩལ། ཤེལ་ལྡིང་ནག་གསུམ། ཤེལ་དཀར་པོ་གཅིག །ཙ་ར་ནག་པོ་གཅིག །ཀུ་ཀུ་ར་ཙ་དཀར་པོ་གཅིག །ནམ་མཁའ་ལྡིང་གཅིག །མཆོག་གི་སྟོད་དམ་སྨད་སྦོམ་པ་གཅིག་བཅས་ཆས་གོས་ཐམས་ཅད་ནག་པོར་བསྒྱུར་ཏེ། གསུར་ཆེན་གྱི་དུད་པ་རྒྱུན་མི་གཅད་པར་གཏང་ངོ་། །འཛབ་དྲངས་པ་དང་། ཞག་བདུན་ན་སྒྲ་ཆེན་པོ་ཞིག་འབྱུང་སྟེ། དེར་ཟུང་གཅིག་བསྒྲལ་ཏེ། མཆོད་པ་བྱ། མའི་ཚུལ་དུ་བསྟེན། ཞག་དགུ་ན་མི་སྡུག་པའི་ཆོ་འཕྲུལ་སྣ་ཚོགས་འབྱུང་ངོ་། །དེར་ཟུང་གཅིག་བསྒྲལ་ལ། ཞག་བཅུ་གཅིག་ན་ཉིན་མཚན་འགྱུར། དེར་ཟུང་གཅིག་བསྒྲལ་ཏེ། སྲིང་མོའི་


DNG023_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་དུ་བསྟེན། ཞག་བཅོ་ལྔ་ན་བདུན་ཅར་སྐུ་མངོན་དུ་འབྱུང་ངོ་། །བདག་ཅག་དམ་ཚིག་མ་ཉམས་ན་མཛེས་པ་དང་ལྡན་པར་འོང་ངོ་། །ཉམས་ན་ནག་མོ་རལ་པ་ཅན་བདུན་མི་སྡུག་པ་གཅིག་བྱེད་པ་ལ། མཆེ་བ་དམར་ཙ་རེ་བ་འདུག་པར་འོང་ངོ་། །མན་ངག་གསལ་ན། བདག་ཉིད་ཀྱི་དབང་དུ་བསྡུ། མི་གསལ་ན་བཟོད་པར་གསོལ་ཏེ། བསྐང་བར་བྱའོ། །བདག་མན་ངག་དང་ལྡན་ན། དང་པོར་མི་སྡུག་པ་ལས་ཀྱང་སྡུག་པར་སྟོན་ནོ། །དང་པོ་ནས་སྡུག་ན་པདྨ་དབང་དུ་བསྡུས་ལ་ང་རྒྱལ་བསྐྱེད་ལ་སྲུ་མོའི་ཚུལ་དུ་བརྟེན་ནོ། །དེ་ལྟར་ཕྱག་འཚལ་ཞིང་དཔོན་ཟེར་ནས་མི་སྡུག་མི་བྱེད་དོ། །དེ་ནས་པདྨ་རཀྟ་ཧཱུཾ་གིས་བསྡུས་ནས། རྒྱན་བོར་ནས་གསུམ་གསུམ་དང་བཅུར་བྱས་ནས། མེལ་ཚེ་ཐུན་རེ་ལ་ལན་གཉིས་གཉིས་དབུལ་ལོ། །སྣ་ལ་གཙོ་མོ་དང་སྦྱོར་རོ། །དེ་ནས་ཡོ་དང་སྦྱོར་བའི་བྱང་ཆུབ་ཀྱི་སེམས་ཉི་ཚེ་འདོད་པ་བཞིན་དུ་དམ་བསྲེ་སྟེ། ང་ཡི་བརྣག་པའི་ལས་ཀུན་ཡང་སྒྲུབས་ཤིག་པར་ལུང་སྩལ་ལོ། །བྲན་དང་བྲན་མོ་དང་སླས་དང་བྱི་མོ་ཡིན་པས་མནའ་མ་ཟ་ཞེས་ལུང་སྩལ་ལོ། །དེ་ཕྱིན་ཆད་བྲན་བཞིན་དུ་ལས་བྱེད་དོ། །ད་ནི་སྦས་པའི་མ་མོ་བསྒྲུབ་པར་བྱའོ། །ཡོ་བྱད་གོང་མ་ཀུན་གྱི་སྟེང་དུ་ཞིང་གི་རྒྱུ་ཞགས་གཅིག །སྲིད་པའི་སྤྱི་བླུགས་ཀྱི་ཞྭ་རལ་པ་ཅན། དུང་ཆེ་ཆུང་དང་། བྱེ་རུ་དང་། གསེར་གཡུས་བརྒྱན་པ་གཅིག །ཞིང་ཆེན་གྱི་རྫས་ལྔ་ཐོགས་ནས་བསྒྲུབས་ན། རྟགས་འོང་བ་གོང་དང་མཐུན། སྒྲུབ་ཐབས་གོང་དང་མཐུན། ཡོན་ཏན་མ་བདུན་མན་ཆད་འཁོལ་ལོ། །བསམ་པ་ཐམས་ཅད་འགྲུབ། ལྷར་ཡང་དགྲ་ལ་རྦད་པ་བཟང་ངོ་། །འདི་ནི་ཨེ་ཀ་ཙ་ཏིའི་སྒྲུབ་ཐབས་སོ། །སྟེགས་བུ་འདོམ་གང་གྲུ་བཞི་པ་གཅིག་གི་སྟེང་དུ་གྲ་ཕྱིང་གཙང་མ་གཅིག་བཏིང་ལ། དམ་རྫས་སྣ་ཚོགས་པའི་གཏོར་མ་གཅིག་གི་ནང་དུ་སྨན་གི་ཝང་སྩལ་ཏེ། དར་དམར་པོ་ཁ་ཚོན་གང་གིས་


DNG023_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་བཅད་དེ། ཁ་ནུབ་ཕྱོགས་སུ་བལྟས་ལ། ཞག་བདུན་དུ་བསྙེན་པ་བགྱི། ཡུམ་མཚན་དང་ལྡན་པ་ལ་དབབ་པོ། །དང་པོ་བསྐུལ་བ་ནི། ཧཱུྃ། སྲིད་པའི་མ་མོ་མ་གཡེལ་ཐུགས་དམ་ཅན། །སྐྱེ་འགྲོ་རལ་གཅིག་འཇིག་རྟེན་སྒྲོལ། །མིག་ནས་ཁྲག་འབབ་སྟོང་ཁམས་བསྲེག །ཁ་ནས་མེ་འབར་རྒྱ་མཚོ་གཏིང་ནས་སྐེམས། །མ་གཅིག་བྱུང་བའི་དུས་མཐའ་ནས། །འཇིག་རྟེན་ལས་ཀྱིས་དབང་བསྒྱུར་ཏེ། །སེམས་ཅན་དོན་ལ་རབ་ཏུ་བརྩམ། །སྙིང་རྗེ་བྱམས་པའི་དཀྱིལ་འཁོར་དུ། །བརྩེ་བའི་ཐུགས་ཀྱིས་གཤེགས་སུ་གསོལ། །ཞེས་བསྐུལ་ལོ། །ཡུམ་ལ་ཕབ་སྟེ་དྲིས་ན་སྣང་སྲིད་ཀྱི་གཏམ་སྨྲའོ། །ད་ནི་བུ་མོ་སྤུན་གཉིས་བསྒྲུབ་པར་བྱ་སྟེ། བསྐུལ་བ་ནི། ཧཱུྃ། མ་མོ་ཆེན་མོ་གཡར་དམ་ཅན། །ནམ་མཁའི་དབྱིངས་ཀྱི་དཔལ་མོ་བཙན། །གནམ་ཕྱེད་གོས་སུ་གྱོན་པ་མོ། །ས་ཕྱེད་གདན་དུ་གདིང་བའི་བདག །འཁོར་ནི་གནམ་སྨན་འབུམ་གྱིས་བསྐོར། །ཆིབས་སུ་གསེར་གྱི་ཤ་ཕོ་བཅིབས། །མགོ་ལ་གཡུ་ཡི་རྭ་བཅུ་འབར། །ཕྱག་ན་གསེར་གྱི་དྲིལ་བུ་བསྣམས། །བདུད་དང་མུ་སྟེགས་དབང་དུ་སྡུད། །ཆེ་ཞེ་སྲིང་གཅིག་མ་གཡེལ་ཅིག །ད་ནི་བུ་མོ་ཆུང་ངུ་བསྒྲུབ་པར་བྱ་སྟེ། ཧཱུཾ། མ་མོ་མ་གཡེལ་གཡར་དམ་ཅན། །དན་ཏིང་གསེར་གཡུའི་གོ་ཅོག་ཅན། །གཡུ་ཡི་དྲིལ་སྙན་འབུམ་གྱིས་བརྒྱན། །ཆིབས་སུ་དུང་ཤ་དཀར་པོ་བཅིབས། །ཁས་བླངས་དམ་བཅས་བསྙེལ་ལམ་ཅི། །བསྐུལ་ལོ་བཞེངས་སམ་ད་ཚུར་སྤྱོན། །གསེར་ཅན་ལྟ་བུ་དེ་ལ་བརྟེན། །ཞེས་བསྐུལ་ལོ། །འདི་ནི་མ་མོ་གསེར་གྱི་བསྒྲུབ་པའོ། །གསེར་རམ་གཡུ་བརྡར་བའི་ཕུད་ཀྱིས་བོས་ནས་བརྟེན་ན་བྱེས་ཡུལ་མདོ་གཙང་གར་འགྲོ་ཡང་བསམ་པ་ཡིད་བཞིན་དུ་འགྲུབ་པོ། །རུང་ཏེ་རུང་ཏེ་ཧཱུཾ། འདི་ནང་དུ་བརྟེན་པ་ན་བཅོས་དཀའ། མ་མོ་ཕྱི་མ་རྣམས་ཀྱང་ཞལ་ནས་གསུངས་པའི་སྒྲུབ་ཐབས་ནི་ཡོད་ན། ཕྲག་དོག་ཆེ་ལ་


DNG023_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

བཅོས་དཀའ་སྟེ། བློ་ཆུང་བ་རྣམས་ཀྱི་དོན་དུ་མི་རུང་བས། འདིར་མ་གསུངས་སོ། །སྒྲུབ་ཐབས་ཀྱི་ལེའུ་སྟེ་བཅོ་བརྒྱད་པའོ།། །།དེ་ནས་མ་མོ་དབང་དུ་བསྡུ་བའི་ཐབས་བཤད་དེ། གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །འཇིག་རྟེན་མ་མོ་དབང་ཆེན་རྣམས། །དབང་དུ་བསྡུ་ན་ཇི་ལྟར་བསྡུ། །མངོན་རྫོགས་དཔལ་ལ་བདག་ཉན་འཚལ། །དེ་སྐད་གསོལ་པ་གསན་ནས་ཀྱང་། །ཡང་དག་གཟིགས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་གནོད་འདུལ་ལྷ་ཡི་གཙོ། །ངས་གསུངས་པ་ལ་གདོན་མི་ཟ། །ང་ཡིས་བཤད་པ་གང་ཞེ་ན། །ཡུམ་དང་དྭངས་མ་རྩ་རྣམས་ལ། །རིགས་ཀྱི་མ་མོ་ལ་སོགས་ཏེ། །གྷུ་ཡ་གསང་བའི་ཡུམ་བཞི་ཡང་། །རྐྱེན་གྱིས་མ་སྲིང་བཤད་པར་བྱ། །དེས་ནི་མ་མོ་དབང་དུ་བསྡུ། །དབང་དུ་བསྡུ་བའི་ལེའུ་སྟེ་བཅུ་དགུ་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །སྲིད་པའི་དབང་ཅན་འདི་རྣམས་ཀུན། །སྲོག་ཆགས་ཀུན་ལ་གནོད་བགྱིད་པ། །བསྐང་བའི་ཆོ་ག་ཇི་ལྟར་བགྱི། །འཇིག་རྟེན་མགོན་ལ་བདག་ཉན་འཚལ། །དེ་སྐད་གསོལ་པ་གསན་ནས་ཀྱང་། །འཇིག་རྟེན་མགོན་གྱིས་བཀའ་སྩལ་པ། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །སརྦ་རཱུ་བས་ཐམས་ཅད་སྐོངས། །སྐོང་ཟློག་པ་ཡི་ལས་ཞེས་བྱའོ། །མ་ཧཱ་ཤཱནྟིཾ་ཆོ་ག་རྫོགས། །ཞི་རྒྱས་ཆེན་པོའི་ལས་ཞེས་བྱ། །ངས་གསུངས་པ་ལ་ཐེ་ཚོམ་མེད། །ངས་གསུངས་པ་ལ་གདོན་མི་ཟ། །དེ་ལ་སརྦ་རཱུ་པ་གཉིས་ཏེ། །སྣ་ཚོགས་པ་ཡི་འབྲུ་སྣ་ལ། །ངར་ཕྱེ་དྲེ་གང་བསགས་ནས་སུ། །སྣང་སྲིད་གཟུགས་སུ་བྱས་ནས་སུ། །དཔའ་བོ་འབྲུ་ལྔས་བྱིན་གྱིས་བརླབས། །རྣམ་ཤེས་ཚང་བར་བསྒོམ་བྱས་ཏེ། །སྣ་ཚོགས་སྤྱན་གཟིགས་དཀོར་ཆས་བརྒྱན། །ཁམས་གསུམ་སེམས་ཅན་ཐམས་ཅད་ལ། །ལུས་ངག་གླུད་དུ་བསྔོས་བྱིན་ཏེ། །རི་རབ་བང་རིམ་གླིང་བཅུ་གཉིས། །ཚེ་དཔལ་


DNG023_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

ཕོ་ཉས་འགུགས་བྱེད་པ། །འདི་ནི་ཕྱི་རྒྱུད་ཡོ་ག་ཡིན། །གྷུ་ཧྱ་སརྦ་རཱུ་པས་ནི། །ཉི་ཤུ་རྩ་གཅིག་འབྲུ་སྣ་ལ། །ངར་ཕྱེ་དྲེ་གསུམ་བཅལ་ནས་ནི། །རིན་ཆེན་སྣ་ཚོགས་ཕྱེར་བཏགས་ནས། །སུམ་ཆ་གཅིག་ལ་ནི་རབ་གཟུགས། །རིགས་སུ་མཐུན་པའི་ཁ་དོག་བྱ། །ངར་ཕྱེ་སུམ་ཆ་གཅིག་ལ་ནི། །གཅན་གཟན་རྒྱལ་པོ་དྲུག་གི་གཟུགས། །དཀར་ལ་མཛེས་དང་ལྡན་པར་བྱ། །སྟོབས་ཀྱི་རྒྱལ་པོ་དྲུག་པོ་ལ། །མཛེས་ལྡན་སེར་པོའི་རྒྱན་གྱིས་བརྒྱན། །སྲོག་ཆགས་གཙོ་བོ་དྲུག་པོ་ཞོན། །ཤུགས་ཀྱི་རྒྱལ་པོ་དྲུག་པོ་ལ། །མཛེས་དང་ལྡན་པའི་ཞིང་རྒྱན་ཅན། །འདབ་ཆགས་གཙོ་བོ་དྲུག་པོ་ཞོན། །འདབ་ཆགས་གཙོ་བོ་དྲུག་པོ་ལ། །སྣ་ཚོགས་དར་གྱིས་བརྒྱན་པའོ། །སེམས་ཅན་རྒྱལ་པོ་དེ་རྣམས་ཀུན། །སྤྱན་གཟིགས་དཀོར་ཆ་ཡང་དག་ལྡན། །རི་རབ་བང་རིམ་དང་པོ་ལ། །གཞག་ནས་གཙོ་མོ་དྲུག་ལ་འབུལ། །དེ་ནས་ངར་ཕྱེ་དྲུག་ཆ་ལ། །གླང་ཆེན་གཟུགས་ནི་བཅུ་བཞི་དང་། །སྟག་གཟིག་ལ་སོགས་བཅུ་བཞི་དང་། །གདོང་ཅན་བྱ་ཡི་གཟུགས་ཅན་དང་། །སྲོག་ཆགས་རྒྱལ་པོ་བཅུ་བཞི་དང་། །དཀར་པོ་ཀུ་ཀུ་རཱ་ཛའི་གཟུགས། །སྲོག་ཆགས་གཟུགས་ནི་དེ་དག་ཀུན། །རི་རབ་རིམ་པ་བར་མ་ལ། །མ་མོ་བཅུ་བཞིའི་རྫས་ཡིན་ནོ། །དེ་ནས་ངར་ཕྱེ་དྲུག་ཆ་ལ། ། སྣང་སྲིད་ཐམས་ཅད་གཟུགས་སུ་སྣང་། །སྣ་ཚོགས་ཁ་དོག་ཡང་དག་ལྡན། །རི་རབ་ཐ་མར་འཁོར་བར་བཞག །སྣ་ཚོགས་ཟས་དང་ནོར་བུ་ལྡན། །སྲིད་པའི་ཆགས་བྱེད་ལ་སོགས་ཏེ། །མ་མོར་གྲགས་པ་ཀུན་གྱི་རྫས། །རི་རབ་བུམ་པའི་རྩེ་མོ་ལ། །སྣ་ཚོགས་དར་གྱི་རྒྱལ་མཚན་ལྔ། །གྲྭ་བཞི་དབུས་དང་ལྔ་ལའོ། །དཀྱིལ་འཁོར་དབུས་དང་ལྔ་ལའོ། །དཀྱིལ་འཁོར་དམར་པོ་དར་གྱི་གདུགས། །གསེར་སྐྱེམས་ཕྲ་མེན་སྐྱོགས་ལྔ་ལ། །དབུས་སུ་བསེ་ཡི་བྱའོ་གང་། །སྟེགས་བུ་གྲུ་བཞི་ཡང་དག་ལྡན། །སྟེགས་བུ་དྲི་ནི་ཞིམ་པོས་


DNG023_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱན། །རཀྟའི་གདན་ལ་མཎྜལ་ལ། །སྣ་ཚོགས་མེ་ཏོག་ཡང་དག་ལྡན། །དགྲམ་པའི་གཅལ་དུ་བཀྲམ་ཡང་རུང་། །དེ་ཡི་སྟེང་དུ་གཏོར་མ་གཞག །དེ་ལས་དཔགས་པའི་མཎྜལ་ལ། །རྫས་དང་ལྡན་པའི་དམར་གཏོར་གཞག །དབུས་སུ་དཔལ་གྱི་མཆོད་པ་ལ། །མདའ་དང་དར་སྣ་རྒྱུ་ཞགས་ལྡན་པར་བྱའོ། །ཕུད་དང་རཀྟ་སྨན་སྦྱར་བའོ། །སྔགས་མཁན་གོས་སུ་བྱ་བ་ནི། །དམར་པོ་སྔོན་པོ་ནག་པོ་གཟུང་། །ཞག་གསུམ་བསྙེན་པ་བསྒོམ་པ་ནི། །བླ་ན་མེད་པའི་ཏིང་འཛིན་གསལ། །དེ་ནས་ཆེ་མཆོག་ཧེ་རུ་ཀ །སྐུ་མདོག་ནག་པོ་རལ་པ་ཅན། །དབུ་གསུམ་པོ་ལ་ཕྱག་ཀྱང་དྲུག །དབུས་མཐིང་གཡས་དཀར་གཡོན་དམར་ཏེ། །གཡས་ཀྱི་དང་པོ་རྡོ་རྗེ་ལ། །གཡོན་གྱི་དང་པོ་བྷནྡྷ་ལ། །བར་མ་ཞིང་གི་གཡང་གཞི་ཡིས། །མ་མོ་ཐམས་ཅད་འགུགས་འདྲེན་པའོ། །ཐ་མ་དུང་ཆེན་གའུ་ལ། །གནམ་ལྕགས་ཐོག་གཟེར་གཏམས་པ་རུ། །མི་ཕྱུགས་གཉིས་ཀྱི་ཚེ་དང་གཡང་། །ཡི་གེ་ཧཱུཾ་དུ་བསྡུས་པའོ། །ཡུམ་ཡང་དབང་སྡུད་རྒྱ་མཚོ་སྟེ། །རྒྱན་དང་ཆ་ལུགས་གཙོ་དང་མཐུན། །གཉིས་སུ་མེད་པའི་མཆོད་འབུལ་བ། །དཔལ་མཆོག་ཧེ་རུ་ཀ་དང་དབང་མཆོག་ཧེ་རུ་ཀ །ཡབ་ཡུམ་སྡུད་པའི་མཆོད་པ་འབུལ་བར་བསམས་ལ། ཕྲ་མེན་མན་ཆད་དགོད་པའི་སྙིང་པོ་ནི། ཧཱུཾ་ཧེ་རུ་ཀ་ཀྲོ་ཏཱི་ཤྭ་རཱི་སྟྭཾ་ཧཱུཾ་ཧ་ཧེ་ཕཊ། ཨོཾ་མ་མ་ཡོ་གི་ནཱི། རུ་ལུ་རུ་ལུ་བྷྱོ། མ་མ་ཡོ་གི་ནཱི། རུ་ལུ་རུ་ལུ་བྷྱོ། མ་མ་ཡོ་གཱི་རུ་ལུ་རུ་ལུ་བྷྱོ། ཞག་བདུན་གྱི་བར་དུ་བཟླས་ལ། དེ་ནས་བསྐང་བཟློག་གཏོར་མ་ཡང་བཏང་། གོང་དུ་དཔགས་པའི་དམར་གཏོར་ལ། ཆེ་མཆོག་ཧེ་རུ་ཀ་དང་། དབང་ཆེན་ཧེ་རུ་ཀ་ལ་སོགས་པ། དཔལ་གྱི་འཁོར་མཆོག་ཏུ་མཆོད་དོ། །ཧཱུཾ། བཅོམ་ལྡན་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ །མཐིང་ནག་འཇིགས་པའི་ཆ་ལུགས་ཅན། །དཀར་དང་དམར་བའི་ཞལ་མངའ་ཞིང་། །ཕྱག་


DNG023_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་ཆས་ཏེ་སྐྱེ་ཤི་སྒྲོལ། །སྦྲུལ་ནག་པགས་པས་མ་ཚོགས་འདུལ། །གཡང་གཞིའི་གཡབ་མོས་ཐམས་ཅད་འདུལ། །ཡུམ་དང་གཉིས་སུ་མེད་པ་སྟེ། །མ་མོའི་ཚོགས་ཀྱིས་མཆོད་པ་ཡིས། །ཐུགས་རྗེ་དབྱིངས་ལ་རོལ་པར་མཛོད། །ཅེས་བསྟོད་པ་ལ་སོགས་པ། དཔལ་གྱི་འཁོར་ཚོགས་རྒྱུད་བཤམས་ཀྱི་ལུགས་བཞིན་དུ་བཤམས་པར་བགྱི། ཕྲིན་ལས་བཅོལ། དེ་ནས་མ་མོ་སྲོག་གི་སྙིང་པོ་ནས་ཀུན་བསྡུ་སྟེ། ཨ་མྲྀ་ཏས་བདེན་པ་བདར། བདག་ཉིད་ཆེ་བའི་ང་རྒྱལ་འདི་སྐད་བསྐྱེད་དོ། །ང་ནི་ཁྲག་འཐུང་ཀུན་གྱི་རྗེ། །ཁམས་གསུམ་སྙིང་ཁྲག་དྭངས་མའི་བདག །ང་ནི་སྐྱེ་འགྲོ་དབུགས་ཀྱི་བདག །ང་ནི་རུས་འཆའ་ཆེན་པོ་སྟེ། །ཁམས་གསུམ་ཀིང་རུས་དུར་ཁྲོད་བདར། །ང་ནི་ཤ་ཟ་ཆེན་པོ་སྟེ། །ཁམས་གསུམ་དྭངས་མ་ཀུན་གྱི་བདག །ང་ནི་སྐྱེ་འགྲོ་དབུགས་ཀྱི་བདག །མ་མོ་ཀུན་གྱི་རེ་གནས་ཡིན། །མ་ཚོགས་སྐོང་བཟློག་གཏོར་མ་ལོང་། །ཚེ་དང་བསོད་ནམས་དར་བར་འཚལ། །པོག་རྒོད་དུད་པ་བཏང་ནས་ཀྱང་། །གཏོར་མ་བསྔོ་བ་འདི་སྐད་དོ། །ཧཱུཾ། མ་ཚོགས་ནི་གཉན་མཆོད་ཕྱིར། །འབྲུ་སྣ་ནི་མང་པོ་དང་། །རིན་ཆེན་ནི་སྣ་ཚོགས་པས། །གླིང་བཞི་ནི་གཏོར་མ་ལ། །སྲོག་ཆགས་ནི་མང་པོས་བསྐོར། །ཀུན་ཀྱང་ནི་རིན་པོ་ཆེ། །རྒྱན་དང་ནི་ཆ་ལུགས་ཏེ། །འཇིག་རྟེན་ནི་ཟས་ཀྱིས་བསྐོར། །དཀོན་པ་ནི་རྫས་ཀྱིས་བསྐོར། །མུ་མེན་ནི་སྟེགས་བུ་ལ། །རིན་ཆེན་ནི་བཅལ་བཀྲམ་སྟེ། །བྱེ་རུ་ཡིས་སྐས་བཙུགས་ཏེ། །སྤོས་ཀྱི་ནི་ས་གཞི་ལ། །དབང་གི་ནི་དཀྱིལ་འཁོར་བཀོད། །དར་དཀར་ནི་ཡོལ་དྲེས་ཏེ། །གསལ་བའི་ནི་མེ་བུས་ཤིང་། །རྒྱལ་མཚན་ནི་སྣ་ཚོགས་བཙུགས། །མ་ཚོགས་ཀྱི་རྒྱལ་མོ་སྟེ། །ལེ་བརྒན་ནི་གདུགས་ཀྱིས་བཀབ། །དུད་པ་ནི་ནག་ཕྱུང་ཞིང་། །གསེར་གྱི་ནི་སྐྱེམས་བདར་ཏེ། །ཚེ་སྲོག་ནི་གླུད་དུ་འབུལ། །ཆུང་སྲི་ནི་གླུད་དུ་འབུལ། །


DNG023_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྤྱོད་ནི་གླུད་བཞེས་ཤིག །ཧཱུཾ། རི་རབ་གླིང་བཞིའི་དཀྱིལ་འཁོར་ནས། །འཇིག་རྟེན་ཡོངས་ཀྱི་མངའ་བདག་མོ། །མ་མོ་ཚོགས་ཀྱི་རྒྱལ་མོ་སྟེ། །སྲིད་པ་ཡོངས་ལ་མངའ་མཛད་མ། །སྐྱེ་འགྲོ་ཡོངས་ཀྱི་ཟ་བྱེད་མོ། །ན་བཟའ་སྟོང་གསུམ་ས་གཞི་ལ། །ཐོད་རློན་མང་པོའི་ཕྲེང་བ་ཅན། །ལག་ན་སྙིང་གི་ལོངས་སྤྱོད་མ། །འདིར་སྤྱོན་ཚེ་སྲོག་གླུད་བཞེས་ཤིག །མདོས་བདག་ཆེན་པོ་མདོས་ལ་གཤེགས། །ཧཱུཾ། རྡོ་རྗེ་རིགས་ཀྱི་རྒྱལ་མོ་སྟེ། །ཤར་ཕྱོགས་ཁམས་ཀྱི་མངའ་བདག་མོ། ། དར་དཀར་སྤྲིན་དཀར་གོ་ཟུ་ལ། །ལག་ན་གསེར་གྱི་སྤུ་གྲི་ཐོགས། །སྲིད་པ་ཀུན་གྱི་རུས་འཆའ་མ། །འདིར་སྤྱོན་ཚེ་སྲོག་གླུད་བཞེས་ཤིག །མདོས་བདག་ཆེན་མོ་མདོས་ལ་གཤེགས། །གླུད་བདག་ཆེན་མོ་གླུད་ལ་གཤེགས། །ཧཱུཾ། རིན་ཆེན་རིགས་ཀྱི་རྒྱལ་མོ་སྟེ། །ལྷོ་ཕྱོགས་ཁམས་ཀྱི་མངའ་བདག་མོ། །ནག་མོ་གཡུ་ཡི་གོ་ཟུ་ཅན། །བསྐལ་པ་མེ་ཡི་འོད་འབར་ཞིང་། །སྲིད་པ་གསུམ་གྱི་དྲོད་འབེབས་མ། །སྐྱེ་འགྲོ་ཀུན་གྱི་ཚེ་འཕྲོག་མ། །འདིར་སྤྱོན་ཚེ་སྲོག་གླུད་བཞེས་ཤིག ། མདོས་བདག་ཆེན་མོ་མདོས་ལོངས་ཤིག །ཧཱུཾ། པདྨ་རིགས་ཀྱི་རྒྱལ་མོ་སྟེ། ། ནུབ་ཕྱོགས་ཁམས་ཀྱི་མངའ་བདག་མོ། །དམར་མོ་ཁྲག་གི་གོ་ཟུ་ཅན། །ལག་ན་ཐོད་པ་ཁྲག་གིས་བཀངྐ་། །སྐྱེ་འགྲོ་ཀུན་གྱི་ཁྲག་འཐུང་མ། །འདིར་སྤྱོན་ཚེ་སྲོག་གླུད་བཞེས་ཤིག །མདོས་བདག་ཆེན་མོ་མདོས་ལོངས་ཤིག །ཧཱུཾ། ལས་ཀྱི་རིགས་ཀྱི་རྒྱལ་མོ་སྟེ། །བྱང་ཕྱོགས་ཁམས་ཀྱི་མངའ་བདག་མོ། །ཕྱག་ན་ནེའུ་ལེའི་རྐྱལ་པ་ཐོགས། །སེར་མོ་རླུང་གི་གོ་ཟུ་ཅན། །སྐྱེ་འགྲོ་དབུགས་ཀྱི་མངའ་བདག་མོ། །འདིར་སྤྱོན་ཚེ་སྲོག་གླུད་བཞེས་ཤིག །མདོས་བདག་ཆེན་མོ་མདོས་ལོངས་ཤིག །ཧཱུཾ། ནམ་མཁའ་རིགས་ཀྱི་རྒྱལ་མོ་སྟེ། །འཇིག་རྟེན་ཀུན་གྱི་དྭངས་མའི་བདག །མཐིང་ནག་ནམ་མཁའི་གོ་ཟུ་ཅན། །གསེར་


DNG023_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དྲིལ་ཞགས་རྡེག་ཅིང་འཕེན། །སྐྱེ་འགྲོ་ཡོངས་ཀྱི་དྭངས་མའི་བདག །འདིར་སྤྱོན་ཚེ་སྲོག་གླུད་བཞེས་ཤིག །མདོས་བདག་ཆེན་མོ་མདོས་ལོངས་ཤིག །ཧཱུཾ། རི་རབ་གླིང་བཞིའི་ཟོམ་རྩེ་ལ། །སྣང་སྲིད་ཀུན་གྱི་ཕུད་ཚོགས་མ། །སྐུ་མདོག་ནག་མོ་ཆེན་མོ་ལ། །དབུ་དང་སྤྱན་ནི་ཅིར་ཡང་སྟོན། །རིན་ཆེན་རལ་པ་སྣ་ཚོགས་ཀྱིས། །སྣང་སྲིད་ཁོག་པ་གསལ་མཛད་མ། །སྤྱན་གཉིས་མཛེས་པའི་མཆི་མ་ཡིས། ། གཡས་པ་སྣང་སྲིད་དབང་དུ་སྡུད། །གཡོན་པས་སྐྱེ་འགྲོ་གསོ་མཛད་མ། །ལྔ་བཅུ་རྩ་བདུན་ཇོ་མོ་སྟེ། །སྐྱེ་འགྲོ་ཀུན་གྱི་མངའ་མཛད་མ། །མ་མོ་ཆེན་མོ་གཤེགས་ནས་ཀྱང་། །མདོས་བདག་ཆེན་མོ་མདོས་ལ་གཤེགས། །གླུད་བདག་ཆེན་མོ་གླུད་ལ་གཤེགས། །ཞེས་ཀུན་ལ་འགྲེའོ། །ཧཱུཾ། ཆེ་ཞེ་ཆེན་མོ་དཀར་མོ་སྟེ། །ཉི་ཟླ་སྟོང་གི་ཐོད་གདེངས་ཅན། །ཟངས་དང་ལྕགས་ཀྱི་མཁར་ནག་ལ། །སྙིང་གི་ཞགས་པ་བསྡོག་ཅིང་འཕེན། །དཀར་མོ་ཆེན་མོའི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་ལ་གཤེགས། །གླུད་བདག་ཆེན་མོ་གླུད་ལ་གཤེགས། །ཧཱུཾ། ཆེ་ཞེ་ཆེན་མོ་ཉི་མའི་མདངས། །སྲིད་པ་གསུམ་ཆར་སྒྲོལ་མཛད་མ། །ལག་ན་ཤེལ་གྱི་སྤུ་གྲི་བསྣམས། །ཁྲོས་པའི་རྒྱལ་མོའི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་ལ་གཤེགས། །གླུད་བདག་ཆེན་མོ་གླུད་ལ་གཤེགས། །ཧཱུཾ། ཆེ་ཞེ་ཆེན་མོ་ཁྲག་འཐུང་མདངས། །སྲིད་པ་གསུམ་ཆར་དབང་དུ་སྡུད། །ལག་ན་ཐོད་པ་ཁྲག་གིས་བཀངྐ་། །ཁྲོས་པའི་རྒྱལ་མོའི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་ལ་གཤེགས། །གླུད་བདག་ཆེན་མོ་གླུད་ལ་གཤེགས། །ཧཱུཾ། ཆེ་ཞེ་ཆེན་མོ་བདུད་རྩིའི་བདག །སྲིད་པ་གསུམ་ཆར་གསོ་མཛད་མ། །ལག་ན་བདུད་རྩིའི་བུམ་པ་ཐོགས། །ཁྲོས་པའི་རྒྱལ་མོའི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་ལ་གཤེགས། །གླུད་བདག་ཆེན་མོ་གླུད་ལ་གཤེགས། །ཧཱུཾ། ཆེ་ཞེ་ལྗང་ནག་


DNG023_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

གནས་འབུམ་མ། །སྲིད་པ་གསུམ་ཆར་གསང་བར་སྦྱོར། །ལག་ན་ཞིང་ལྤགས་རྒྱལ་མཚན་ཐོགས། །ཁྲོས་པའི་རྒྱལ་མོའི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་ལ་གཤེགས། །གླུད་བདག་ཆེན་མོ་གླུད་ལ་གཤེགས། །ཧཱུཾ། དཀར་མོ་སྲིད་པའི་རྒྱན་བྱེད་མ། །ལག་ན་སྐྲ་ཡི་ཞགས་པ་ཐོགས། །ཕུང་བྱེད་ཆེན་མོའི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་ལ་གཤེགས། །གླུད་བདག་ཆེན་མོ་གླུད་ལ་གཤེགས། །ཧཱུཾ། མཚན་ནི་དབྱིངས་ཕྱུག་ཆེན་མོ་སྟེ། །ལག་ན་མི་ཡི་ཐོད་པ་ཐོགས། །ཕུང་བྱེད་ཆེན་མོའི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་ལ་གཤེགས། །གླུད་བདག་ཆེན་མོ་གླུད་ལ་གཤེགས། །ཧཱུཾ། མཚན་ནི་བདག་ཉིད་ཆེན་མོ་ལ། །ལག་ན་ཞིང་གི་རྒྱུ་ཞགས་ཐོགས། །ཕུང་བྱེད་ཆེན་མོའི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་ལ་གཤེགས། །གླུད་བདག་ཆེན་མོ་གླུད་ལ་གཤེགས། །ཧཱུཾ། མཚན་ནི་གཅིག་པུ་ཆེན་མོ་ལ། །ལག་ན་མི་ཡི་གཡང་གཞི་རྡེབས། །ཕུང་བྱེད་ཆེན་མོའི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་ལ་གཤེགས། །གླུད་བདག་ཆེན་མོ་གླུད་ལ་གཤེགས། །ཧཱུཾ། གླིང་བཞི་ཕྱོགས་ཀྱི་དཀྱིལ་འཁོར་ནས། །སྲིད་པ་ཤར་གྱི་བདག་མོ་སྟེ། །ཤར་གྱི་དཀར་མོ་མིག་གཅིག་མ། །ལག་ན་བྷནྡྷ་ཟླུམ་པོ་ཐོགས། །སྐྱེ་བ་མེད་པའི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་ལ་གཤེགས། །གླུད་བདག་ཆེན་མོ་གླུད་ལ་གཤེགས། །ཧཱུཾ། སྲིད་པ་ལྷོ་ཡི་མངའ་བདག་མོ། །ནག་མོ་ཆེན་མོ་མཆེ་བ་ཅན། །ལག་ན་བྷནྡྷ་སུལ་མངས་ཐོགས། །སྲིད་པར་བྱེད་པའི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་ལ་གཤེགས། །གླུད་བདག་ཆེན་མོ་གླུད་ལ་གཤེགས། །ཧཱུཾ། སྲིད་པ་ནུབ་ཀྱི་མངའ་བདག་མོ། །དམར་མོ་དབང་གི་རྒྱལ་མོ་ལ། །ལག་ན་བྷནྡྷ་ལྕང་ལོ་ཐོགས། །འཆི་བར་བྱེད་པའི་མིང་ནས་ཕྱུང་། །མདོས་བདག་


DNG023_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་མོ་མདོས་ལ་གཤེགས། །གླུད་བདག་ཆེན་མོ་གླུད་ལ་གཤེགས། །ཧཱུཾ། སྲིད་པ་བྱང་གི་ཕྱོགས་ནས་མངའ་བདག་མོ། །སེར་མོ་ཆེན་མོ་ལས་ཀྱི་གཙོ། །ལག་ན་ཐོད་པའི་རྒྱ་གྲམ་བསྣམས། །ལེན་པར་བྱེད་པའི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་ལ་གཤེགས། །གླུད་བདག་ཆེན་མོ་གླུད་ལ་གཤེགས། །དེ་རྣམས་ཀྱི་ཁོལ་མོ་བསྐུལ་བར་བྱ་སྟེ། ཧཱུཾ། སྲིད་པ་ཡོངས་ཀྱི་ཤ་ཟ་མོ། །ཤན་ཤན་ནེའུའི་ཚོགས་ཀྱི་རྗེ། །གོས་སུ་མི་ལྤགས་རློན་པ་ལ། །ཐ་མ་མི་མགོ་སྟོང་གིས་བསྐོར། །སྲིད་པ་ཀུན་གྱི་བདག་ཉིད་མ། །ས་སྲིན་ཆེན་མོའི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་ལ་གཤེགས། །གླུད་བདག་ཆེན་མོ་གླུད་ལ་གཤེགས། །ཧཱུཾ། ཧ་ལ་ཧ་ལའི་གདོང་བརྒྱ་མོ། །སྲིད་པ་གསུམ་གྱི་ཁྱིམ་བདག་མོ། །སྟག་ལྤགས་གཡང་གཞིའི་གོ་ཟུ་གྱོན། །ལག་ན་ཞིང་ལྤགས་རློན་པ་ཐོགས། །ཧེ་རུ་ཀས་ནི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་ལ་གཤེགས། །གླུད་བདག་ཆེན་མོ་གླུད་ལ་གཤེགས། །ཧཱུཾ། འཇིག་རྟེན་ཀུན་གྱི་བྱན་མཁན་ཏེ། །སྤྱིན་དཀར་མཛེས་པའི་གོ་ཟུ་གྱོན། །ལག་ན་ཞིང་ལྤགས་རློན་པ་ཐོགས། །ཨེ་ཀ་ཙ་ཏིའི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་ལ་གཤེགས། །གླུད་བདག་ཆེན་མོ་གླུད་ལ་གཤེགས། །ཧཱུཾ། ཆ་བྱད་སྔོན་མོ་ཆེན་མོ་ལ། །མུ་ཏིག་ཁུ་འཕང་གོ་ཟུ་ལ། །ཚེ་དང་གཡང་རྐུ་འཕྲོག་བྱེད་མ། །ནམ་མཁའི་རྒྱལ་མོའི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་ལ་གཤེགས། །གླུད་བདག་ཆེན་མོ་གླུད་ལ་གཤེགས། །ཧཱུཾ། ཆ་བྱད་དཀར་མོ་ཆེན་མོ་ལ། །ལག་ན་ལྕགས་ཀྱུ་འབར་བ་ཐོགས། །གླིང་བཞི་ཉུལ་བྱེད་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་ལ་གཤེགས། །གླུད་བདག་ཆེན་མོ་གླུད་ལ་གཤེགས། །ཧཱུཾ། རི་རབ་གླིང་བཞིའི་གྲུ་འདེགས་མ། །ཆ་བྱད་དཀར་མོ་སྒེག་པ་ལ། །ལག་ན་ས་ཡི་དཀྱིལ་འཁོར་ཐོགས། །ཧར་ཏིང་དཀར་མོའི་མིང་ནས་ཕྱུང་། །མདོས་


DNG023_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཆེན་མོ་མདོས་ལ་གཤེགས། །གླུད་བདག་ཆེན་མོ་གླུད་ལ་གཤེགས། །ཆ་བྱད་ནག་མོ་ཆེན་མོ་ལ། །ལག་ན་མེ་ཡི་དཀྱིལ་འཁོར་ཐོགས། །དུན་ཏིང་ནག་མོའི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་ལ་གཤེགས། །གླུད་བདག་ཆེན་མོ་གླུད་ལ་གཤེགས། །ཆ་བྱད་དམར་མོ་སྒེག་པ་ལ། །ལག་ན་ཆུ་ཡི་དཀྱིལ་འཁོར་ཐོགས། །ཤཱནྟིཾ་དམར་མོའི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་ལ་གཤེགས། །གླུད་བདག་ཆེན་མོ་གླུད་ལ་གཤེགས། །ཧཱུྃ། ཆ་བྱད་སེར་མོ་སྒེག་པ་ལ། །ལག་ན་རླུང་གི་དཀྱིལ་འཁོར་ཐོགས། །གྲུབ་ཏིང་སེར་མོའི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་ལ་གཤེགས། །གླུད་བདག་ཆེན་མོ་གླུད་ལ་གཤེགས། །ཧཱུཾ། དམག་གི་རྒྱལ་མོ་ཆེན་མོ་བཞི། །ཤར་གྱི་དཀར་མོ་མཆེ་གཙིགས་མ། །ལྷོ་ཡི་ནག་མོ་ཁ་རླན་མ། །ནུབ་ཀྱི་དམར་མོ་མཆུ་འཇིབ་མ། །བྱང་གི་སེར་མོ་ལས་མཁན་མ། །དམག་གི་རྒྱལ་མོ་ཆེན་མོ་བཞི། །རིགས་བཞི་དམག་དཔུང་བཞི་ཡིས་བསྐོར། །ཁ་རྗེ་ཟ་བའི་བདག་མོ་སྟེ། །མདོས་བདག་ཆེན་མོ་མདོས་ལ་གཤེགས། །གླུད་བདག་ཆེན་མོ་གླུད་ལ་གཤེགས། །ཆ་བྱད་ནག་མོ་ཆེན་མོ་ལ། །འཇིགས་སུ་རུང་བའི་རལ་པ་ཅན། །སྐུ་སྟོད་སྟག་ལྤགས་གཡང་གཞི་ལ། །སྐུ་སྨད་ཟངས་ཀྱི་འདབ་མ་ཅན། །མི་ཕྱུགས་གསོད་པའི་ཁྲམ་བམ་ཐོགས། །འདོད་པ་ཁམས་ཀྱི་གཙོ་མོ་སྟེ། །གཤིན་རྗེ་མ་ཆེན་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་ལ་གཤེགས། །གླུད་བདག་ཆེན་མོ་གླུད་ལ་གཤེགས། །ཧཱུཾ། ལྷ་ཆེན་བརྒྱད་ཀྱི་མ་ཆེན་མོ། །སྲིན་མོ་ཆེན་མོ་ཤམ་ཤམ་མོ། །སྲིན་མོ་རབ་ཏུ་སྐམ་པ་དང་། །སྲིན་མོ་ཆེན་མོ་ཕོར་ཐོགས་མ། །སྲིན་མོ་ཆེན་མོ་དྲི་སྣོམ་མ། །སྲིན་མོ་ཆེན་མོ་གཡང་གཞི་མ། །སྲིན་མོ་ཆེན་མོ་རབ་ཏུ་གསོད་བྱེད་མ། །སྲིན་མོ་ཆེན་མོ་རབ་ཏུ་ཟ་བ་མོ། །སྲོག་ཆགས་ཀུན་གྱི་ཁྲག་འཐུང་མ། །སྲོག་ཆགས་


DNG023_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ལ་གནོད་བྱེད་མ། །མཁལ་མ་དང་ནི་ནང་ཁྲོལ་གྱིས། །སྙིམ་པ་ཤིན་ཏུ་བཀངྐ་ནས་སུ། །རང་གིས་རང་ལ་ཐིམ་པར་སྟོབ། །མ་མོ་ཆེན་མོའི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་ལ་གཤེགས། །གླུད་བདག་ཆེན་མོ་གླུད་ལ་གཤེགས། །ཤར་ཕྱོགས་ཁམས་ནས་ཤིན་ཏུ་རྒྱུག །མི་མགོའི་ཕོར་པ་ཁྲག་གིས་བཀངྐ་། །གྲོང་སྒོར་འཐོར་ཞིང་ནད་འཕེན་མ། །མ་བདུད་ཆེན་མོའི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་ལ་གཤེགས། །གླུད་བདག་ཆེན་མོ་གླུད་ལ་གཤེགས། །གླིང་བཞི་ཀུན་གྱི་རྒྱུག་འགྲོ་མ། །ཕྱོགས་བཞི་དག་ནས་སྲིང་མོར་གྲགས། །སྲིང་མོ་ཆེན་མོ་ཕོ་ཉའི་ཚུལ། །ཕོ་ཉ་ཆེན་མོའི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་ལ་གཤེགས། །གླུད་བདག་ཆེན་མོ་གླུད་ལ་གཤེགས། །ས་འོག་ནས་ནི་གཡོ་བྱེད་ཅིང་། །འཇིག་རྟེན་མྱོས་བྱེད་ཟ་བ་མོ། །ས་བདག་ཆེན་མོའི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་ལ་གཤེགས། ། ཀུན་ཏུ་ཡང་གླུད་བདག་ཆེན་མོ་གླུད་ལ་གཤེགས། །ནག་མོ་ཧ་ལ་ཧ་ལ་མོ། །ཐབ་དང་འབྲོག་སྲིན་སྡོང་ཟླ་སྟེ། །མ་ཡམས་ཆེན་མོའི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་ལ་གཤེགས། །གླུད་བདག་ཆེན་མོ་གླུད་ལ་གཤེགས། །གཞན་ཡང་བོད་ཡུལ་དུ་གྲགས་པའི་དབང་ཕྱུག་མ་དང་བརྟན་མའི་མིང་བརྗོད་དོ། །གཏོར་མ་བཏང་། ཀུན་ཏུ་འཁར་རྔ་དང་རྫ་རྔ་ཡང་རྡུང་སྟེ། གླུ་དབྱངས་སྙན་པར་བླངས་ནས་སུ། །ཁྲོམ་ལམ་དང་ནི་རི་རྩེར་བསྐྱལ། །མན་ངག་ལྡན་པས་ཚེ་དཔལ་དྲངས། །དེས་ནི་བསམ་པ་ཡིད་བཞིན་འགྲུབ། །དེ་སྐད་ཅེས་ནི་བཀའ་སྩལ་ནས། །ལྷ་རྣམས་འཆི་བས་འཇིག་འགྱུར་ཏེ། །སྲོག་ཆགས་གཞན་ལྟ་སྨོས་ཅི་དགོས། །གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །ལྷ་ཡི་སྲོག་ཀྱང་འཆི་འགྱུར་ན། །འཇིག་རྟེན་ཕན་ཡོན་ཆོ་ག་གང་། །འཇིག་རྟེན་མི་ལ་ཇི་ལྟར་ལགས། །ཡང་དག་སྲོག་ལ་བདག་ཉན་འཚལ། །ཡང་དག་རྫོགས་ཀྱིས་


DNG023_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་སྩལ་པ། །འཇིག་རྟེན་ཕན་ཡོན་བསམ་མི་ཁྱབ། །འཇིག་རྟེན་མི་ལ་གྲགས་པ་ནི། །ལྷ་མོ་ཡོངས་འཁྱུད་བདེ་བའི་སྲས། །ངས་བསྟན་ཁྱེད་ཀྱིས་སྒྲོགས་མི་དགོས། །གླིང་བཞིའི་སྤྱི་འདུས་ཆེན་པོའི་ལེའུ་སྟེ་ཉི་ཤུ་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །སྲིད་པའི་དབང་ཆེན་འདི་རྣམས་ཀུན། །སྲོག་གིས་བསྐང་བ་ཇི་ལྟར་ལགས། །ཉག་གཅིག་ཡབ་ལ་བདག་ཉན་འཚལ། །དེ་སྐད་གསོལ་པ་གསན་ནས་ཀྱང་། །ཉག་གཅིག་ཡབ་ཀྱིས་བཀའ་སྩལ་པ། །ངས་བསྟན་པ་ལ་ཐེ་ཚོམ་མེད། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །སྲིད་པའི་དབང་ཅན་འདི་རྣམས་ཀུན། །སྲོག་གིས་བསྐང་བ་འདི་རྣམས་སོ། །ཧཱུཾ། གཙོ་མོ་ཡུམ་གྱི་མངོན་སྤྱོད་མ། །སྤྱི་གཙུག་གཡུ་ཡི་རྡོ་རྗེ་རྩེ་དགུ་འབར། །གཡུ་ཡི་རལ་པས་སྟོང་གསུམ་ཁྱབ། །གཡས་ཀྱི་ཕྱག་ན་རིགས་ལྔའི་སངས་རྒྱས་བསྣམས། །གཡོན་གྱི་ཕྱག་ན་བདུད་རྩིའི་ལོངས་སྤྱོད་འགྱེད། །ཡེ་ཤེས་སྤྲུལ་པའི་སྤྱན་གྱིས་ཀུན་ཏུ་གཟིགས། །ཁམས་གསུམ་སྲིད་པ་གསུམ་ལ་དབང་བསྒྱུར་མ། །རྟག་ཏུ་དབང་ཕྱུག་ཆེན་པོའི་གྲོགས་མཛད་མ། །བལྟས་པས་མི་མཐོང་གཅིག་ཀྱང་མེད། །བསྐང་ངོ་བསྐལ་པའི་ཐུགས་དམ་བསྐང་། །ཧཱུཾ། ཤར་གྱི་ཕྱོགས་ཀྱི་མངའ་བདག་མོ། །འབྱུང་བ་ས་ལ་དབང་བསྒྱུར་ཞིང་། །འགྲོ་བའི་རུས་ལ་མངའ་མཛད་མ། །འདི་ཡི་རུས་པས་བསྐང་བྱས་ནས། །མཐུན་པའི་རྫས་ཆེན་ངས་འབུལ་གྱི། །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །ཧཱུཾ། ལྷོ་ཡི་ཕྱོགས་ཀྱི་མངའ་བདག་མོ། །འབྱུང་བ་ཆུ་ལ་དབང་བསྒྱུར་ཞིང་། །འགྲོ་བའི་ཁྲག་ལ་མངའ་མཛད་མ། །འདི་ཡི་ཁྲག་གིས་བསྐང་བྱས་པས། །མཐུན་པའི་རྫས་ཆེན་ངས་འབུལ་གྱི། །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །ཧཱུཾ། ནུབ་ཕྱོགས་ཁམས་ཀྱི་མངའ་བདག་མོ། །འབྱུང་བ་མེ་ལ་དབང་བསྒྱུར་ཞིང་། །འགྲོ་བའི་དྲོད་ལ་མངའ་མཛད་མ། །འདི་


DNG023_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་དྲོད་ཀྱིས་བསྐང་བྱས་པས། །མཐུན་པའི་རྫས་ཆེན་ངས་འབུལ་གྱི། །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །ཧཱུཾ། བྱང་ཕྱོགས་ཁམས་ཀྱི་མངའ་བདག་མོ། །འབྱུང་བ་རླུང་ལ་དབང་བསྒྱུར་ཞིང་། །འགྲོ་བའི་དབུགས་ལ་མངའ་མཛད་མ། །འདི་ཡི་དབུགས་ཀྱིས་བསྐང་བྱས་པས། །མཐུན་པའི་རྫས་ཆེན་ངས་འབུལ་གྱི། །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །ཧཱུཾ། ནམ་མཁའ་རིགས་ཀྱི་རྒྱལ་མོ་སྟེ། །ནམ་མཁའ་སྟོང་ལ་དབང་བསྒྱུར་ཞིང་། །འགྲོ་བའི་བཀྲག་ལ་མངའ་མཛད་མ། །འདི་ཡི་བཀྲག་གིས་བསྐང་བྱས་པས། །མཐུན་པའི་རྫས་ཆེན་ངས་འབུལ་གྱི། །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །རྒྱུ་བསྒྲལ་བའི་འབྱུང་བ་ཆེན་པོ་ལྔས་ཡེ་ཤེས་ལྔའི་མཁའ་འགྲོ་མ་དང་། གཙོ་བོ་ཡབ་ཡུམ་ཡང་བསྐང་ངོ་། །ད་ནི་འདོད་ཁམས་ཀྱི་ལྷ་མོ་རྣམས་བསྐང་བ་ནི། ཧཱུཾ། སྲིད་པ་བདེ་འགྲོ་ཁམས་གསུམ་ཀུན་གྱི་ཡུམ་མཆོག་སྟེ། །སྐུ་མདོག་མཐིང་ནག་ཆེན་མོ་ལ། །དབུ་དང་ཞབས་ཀྱིས་སྟོང་ཁམས་ཁེངས། །རིན་ཆེན་རལ་པས་སྣང་སྲིད་གསལ། །ཁྱེད་ནི་འདོད་ཁམས་གཙོ་མོ་སྟེ། །ཕུད་ཀྱི་བདག་མོའི་ཐུགས་དམ་བསྐང་། །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །དཔག་བསམ་ཤིང་གི་ཡལ་ག་ལ། །དཀར་མོ་གཡག་ཐོད་རལ་པ་ཅན། །ཉི་ཟླ་སྟོང་གི་ཐོད་གདེངས་ཅན། །དཔག་ཚད་བརྒྱད་ཁྲི་བཞི་སྟོང་འོག་ནས་ཁྲག་གི་དྲི་སྣོམ་མ། །རལ་པའི་ཟར་བུ་གཡོན་ནས་གཅིག་ཏུ་འཁྱིལ། །སྲིད་པའི་ས་གཞི་གཡོགས་ཤིང་ཁེབས་མཛད་མ། །ལག་པ་གཡས་ན་ལྕགས་དང་ཟངས་ཀྱི་དྲིལ་ཞགས་བསྣམས། །སྙིང་གི་ཞགས་པ་སྡོག་ཅིང་འཕེན། །ལག་པ་གཡོན་ན་བྷནྡྷ་མགོ་བཅད་བཅུ་བར་མཛད། །ཚངས་པ་ལ་སོགས་ལྷ་ཆེན་བརྒྱད་ཀྱི་མགོ་བཅད་ནས། །ཉི་ཟླ་སྟོང་གིས་སྐུ་ལ་བརྒྱན་ཅིང་བཀླུབས། །སྣང་སྲིད་སྙིང་གི་བདག་མོ་སྟེ། །འདི་ཡི་སྙིང་གིས་བསྐང་བྱས་པས། །མཐུན་


DNG023_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྫས་ཆེན་ངས་འབུལ་གྱི། །ང་ཡིས་བཅོལ་བ་གྲུབ་པར་མཛོད། །ཆེ་ཞེ་ཆེན་མོ་དཀར་མོ་ཉི་མའི་མདངས། །དཀར་མོ་རལ་གཅིག་ཐུགས་དམ་བསྐང་། །ཆེ་ཞེ་རྡོ་རྗེ་ཉི་མ་ཁྲོས་པའི་དབང་མོ་ཆེ། །ཁམས་གསུམ་ཐམས་ཅད་གསལ་མཛད་མ། །བསྐང་ངོ་བསྐལ་པའི་ཐུགས་དམ་སྐོངས། །ཆེ་ཞེ་ཁམས་གསུམ་འཚོ་བྱེད་ཁྲོས་པའི་དབང་མོ་ཆེ། །ཁམས་གསུམ་ཐམས་ཅད་གསང་བར་སྦྱོར། །མཐུན་པའི་རྫས་ཆེན་ངས་འབུལ་གྱི། །བསྐང་ངོ་བསྐལ་པའི་ཐུགས་དམ་སྐོངས། །ཆེ་ཞེ་ཆེན་མོ་དམར་མོ་རལ་གཅིག་མ། །སྲིད་པ་བདེ་སྦྱོར་ཁྲོས་པའི་དབང་མོ་ཆེ། །ཁམས་གསུམ་ཐམས་ཅད་དབང་དུ་སྡུད། །མཐུན་པའི་རྫས་ཆེན་ངས་འབུལ་གྱི། །ང་ཡིས་བཅོལ་བའི་ལས་རྣམས་མཛོད། །བསྐང་ངོ་བསྐལ་པའི་ཐུགས་དམ་སྐོངས། །ཆེ་ཞེ་པདྨ་ཁྲག་འཐུང་ཁྲོས་པའི་དབང་མོ་ཆེ། །སྲིད་པ་ཐམས་ཅད་བདེ་ལ་འགོད། །མཐུན་པའི་རྫས་ཆེན་ངས་འབུལ་གྱི། །ང་ཡིས་བཅོལ་བའི་ལས་རྣམས་མཛོད། །བསྐང་ངོ་བསྐལ་པའི་ཐུགས་དམ་སྐོངས། །སྣང་སྲིད་ཀུན་གྱི་རྒྱན་མཛད་མ། །རྒྱན་གྱི་རྒྱལ་མོའི་ཐུགས་དམ་བསྐང་། །བདག་ཉིད་ལྷག་ལྷག་བཞད་མཛད་མ། །བདག་ཉིད་ཆེན་མོའི་ཐུགས་དམ་བསྐང་། །མཚན་ནི་དབྱིངས་ཕྱུག་ཆེན་མོ་སྟེ། །ལག་ན་མི་མགོའི་ཕོར་བ་ཐོགས། །བསྐང་ངོ་བསྐལ་པའི་ཐུགས་དམ་སྐོངས། །མཚན་ནི་གཅིག་པུ་ཆེན་མོ་ལ། །ལག་ན་མི་ཡི་གཡང་གཞི་ཐོགས། །བསྐང་ངོ་བསྐལ་པའི་ཐུགས་དམ་སྐོངས། །ཐུགས་ཀྱི་དགྱེས་སྡེ་ཆེན་མོ་སྟེ། །གསང་བའི་མན་ངག་ཡང་བྱི་མོ། །སྒྲུབ་པ་པོ་ལ་རྟགས་ཕྱུང་ཞིག །རྟག་ཏུ་དབང་ཕྱུག་ཆེན་མོས་གྲོགས་མཛོད་ཅིག །སྲིད་པ་ཤར་གྱི་བདག་མོ་སྟེ། །དཀར་མོ་མིག་གཅིག་རལ་པ་ཅན། །ཤར་གྱི་དཀར་མོ་འབུམ་སྡེར་བཅས། །བསྐང་ངོ་བསྐལ་པའི་ཐུགས་དམ་སྐོངས། །སྲིད་པ་ལྷོ་ཡི་བདག་མོ་སྟེ། །ནག་མོ་ཆེན་མོ་


DNG023_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

མཆེ་བ་ཅན། །འཁོར་ནི་ནག་མོ་འབུམ་སྡེར་བཅས། །བསྐང་ངོ་བསྐལ་པའི་ཐུགས་དམ་སྐོངས། །སྲིད་པ་ནུབ་ཀྱི་བདག་མོ་སྟེ། །དམར་མོ་ཆེན་མོ་དབང་བསྒྱུར་མ། །ནུབ་ཀྱི་དམར་མོ་འབུམ་སྡེར་བཅས། །ཐུགས་དམ་གཉེན་པོ་བདག་སྐོང་གིས། །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །སྲིད་པ་བྱང་གི་བདག་མོ་སྟེ། །སེར་མོ་ཆེན་མོ་ལས་ཀྱི་གཙོ། །བྱང་ཕྱོགས་སེར་མོ་འབུམ་སྡེར་བཅས། །ཐུགས་དམ་གཉེན་པོ་བདག་སྐོང་གིས། །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །དེ་ཡན་ཆད་ནི་མ་མོ་བཅུ་བཞིའི་སྐོང་ཐབས་སོ། །ད་ནི་ཁོལ་མོ་རྣམས་ཤ་ཁྲག་དམར་དང་བསྲེས་པ་ཨ་མྲྀ་ཏས་བསྐང་སྟེ། སྲིད་པ་ཀུན་གྱི་ཁྱིམ་བདག་མོ། །ཧེ་རུ་ཀས་ནི་ཐུགས་དམ་བསྐང་། །ཧར་ཏིང་དཀར་མོའི་ཐུགས་དམ་བསྐང་། །དུན་ཏིང་ནག་མོའི་ཐུགས་དམ་བསྐང་། །ཤཱནྟིཾ་དམར་མོའི་ཐུགས་དམ་བསྐང་། །གྲུབ་ཏིང་སེར་མོའི་ཐུགས་དམ་བསྐང་། །སྲིད་པའི་གྲུ་འདེགས་ཆེན་མོ་ཡིས། །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །དམག་གི་རྒྱལ་མོ་ཆེན་མོ་བཞི། །དཀར་མོ་ཆེན་མོ་མིག་གཅིག་མ། །ནག་མོ་ཆེན་མོ་ཁ་རླན་མ། །དམར་མོ་ཆེན་མོ་མཆུ་འཇིབ་མ། །སེར་མོ་ཆེན་མོ་རྐང་ལྡག་མ། །རིགས་བཞི་དམག་དཔུང་འཁོར་གྱིས་བསྐོར། །ཐུགས་དམ་གཉན་པོ་བདག་གིས་བསྐང་། །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །ཨེ་ཀ་ཙ་ཏི་དཔལ་གྱི་ཡུམ། །ལྕགས་ཀྱི་སོ་ལ་ཟངས་ཀྱི་སྐྲ། །སྣ་ཚོགས་ཞལ་ལ་ཞིང་སྒྲོལ་མ། །ཐུགས་དམ་གཉན་པོ་བདག་སྐོང་གིས། །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །ཨེ་ཀ་ཙ་ཏིའི་ཐུགས་དམ་བསྐང་། །སྲིད་པའི་མ་བདུན་ཐུགས་དམ་བསྐང་། །མ་མོར་གྲགས་པ་ཀུན་གྱི་ཐུགས་དམ་གཉན་པོ་བསྐང་། །དེ་ལྟར་ནང་གི་དམ་རྫས་དང་ལྡན་པར་བྱས་ལ། ཤེལ་སྨུག་པོའམ། ནམ་མཁའ་ལྡིང་ལ་སོགས་པ་རྒྱུ་གང་བསྒྲལ་ཡང་རུང་། འབྱུང་བ་ཆེན་པོ་ལྔ་ཡིས་


DNG023_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཀྱི་མཁའ་འགྲོ་མ་ལྔ་དང་གཙོ་མོ་བསྐང་། ཤ་ཁྲག་དམར་དང་ཨ་མྲྀ་ཏས་འཁོར་གྱི་མ་མོའི་ཐུགས་དམ་བསྐང་ན། སྒྲུབ་པ་པོ་བསམ་པ་ཡིད་བཞིན་དུ་འགྲུབ་ཅེས་དཔལ་ཆེན་པོ་ཧེ་རུ་ཀས་བཤད་དོ། །མ་མོའི་ཐུགས་དམ་བསྐང་བའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །ཆོ་ག་འདི་བསྟན་ཕན་ཡོན་གང་། །ཡང་དག་རྫོགས་ཀྱིས་བཤད་དུ་གསོལ། །ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །ལྷ་རྣམས་སྲོག་ཀྱང་འཆི་འགྱུར་ན། །སྲོག་ཆགས་གཞན་ལྟ་སྨོས་ཅི་དགོས། །སྲིད་པའི་དམ་ཅན་འདི་བསྐང་ན། །དུས་མིན་འཆི་བ་བཟློག་པར་འགྱུར། །དུས་སུ་བབ་ན་ནུར་བར་འགྱུར། །འཇིག་རྟེན་ལོངས་སྤྱོད་བརྟན་པར་འགྱུར། །རབས་རྒྱུད་ཆད་པའི་མི་དང་ལྷ། །ཆོ་ག་འདི་ལ་རྟེན་བྱེད་ན། །སྤུན་བཞི་བུ་ཡི་འདུ་བར་ངེས། །ཆོ་ག་འདི་ལ་རྟེན་བྱེད་ན། །འཆི་བདག་ཞགས་པས་ཟིན་པ་ཡང་། །ཞགས་པ་ནག་པོ་བཅད་ནས་སུ། །སྨྱོ་འབོག་ནད་ཀྱང་རྣམ་པར་འཇིག །ཚེ་རིང་བདེ་བ་ཕུན་སུམ་ཚོགས། །འཇིག་རྟེན་འདིར་ན་བདེ་སྐྱིད་དེ། །རིག་འཛིན་ས་ལ་དེ་བཞིན་གཤེགས། །ཆོ་ག་འདི་ལ་རྟེན་བྱེད་ན། །བྲན་གཡོག་སྒབ་རྣམས་འཕེལ་བར་བྱེད། །གཞན་གྱི་དམག་གིས་བཀུར་སྡི་ཞིང་། །རྒྱལ་པོ་ལོངས་སྤྱོད་འཕེལ་བར་འགྱུར། །ཆོ་ག་འདི་ལ་རྟེན་བྱེད་ན། །དབུལ་པོ་ལོངས་སྤྱོད་འཕེལ་བར་འགྱུར། །ནོར་གྱི་དབྱིག་ཀྱང་དེ་བཞིན་རྙེད། །ཆོ་ག་འདི་ལ་རྟེན་བྱེད་ན། །སྐྱིད་པ་རྟག་ཅིང་བསམ་དགུ་འགྲུབ། །རྨོངས་པོ་འཕེལ་ཞིང་ཡུལ་ཡང་འགྲུབ། །དེ་ནས་ན་ཚ་སྡུག་བསྔལ་མེད། །ཕ་རོལ་དམག་དཔུང་འཇིགས་པར་འགྱུར། །ལོ་ཕྱུགས་རྟག་ཏུ་འཕེལ་བར་འགྱུར། །ཆོ་ག་འདི་ལ་རྟེན་བྱེད་ན། །འཇིག་རྟེན་དབང་ཅན་ཐམས་ཅད་ཀྱིས། །བྱང་ཆུབ་སེམས་ལྡན་བཀུར་སྡི་ཞིང་། །ཚེ་དང་ཆུས་སྲིད་འཕེལ་བར་


DNG023_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། །བསྒོ་བའི་ཚིག་རྣམས་བྲན་བཞིན་ཉན། །འདི་ཡི་ཡོན་ཏན་བསོད་ནམས་ཀྱིས། །ཕྱི་མའི་དངོས་གྲུབ་མཆོག་ཡིན་ཏེ། །བསོད་ནམས་ཉིད་དུ་གང་ན་མེད། །འདི་ལ་ཡོན་ཏན་བརྗོད་མི་ལང་། །དེ་སྐད་གསུངས་པས་ལྷ་རྣམས་དགའ། །མདོས་ཀྱི་ཕན་ཡོན་གྱི་ལེའུ་སྟེ་ཉེར་གཉིས་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །དབང་ཅན་མོ་རྣམས་སྐོང་བ་ཡིས། །དབང་བྱེད་ཕོ་ལ་མི་འཚལ་ལམ། །རྫོགས་སངས་རྒྱས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་གཡུང་དྲུང་ལྷ་ཡི་གཙོ། །འདོད་ཆགས་ང་རྒྱལ་ཆེ་བ་ཡིས། །ཞེ་སྡང་བྱེད་པའི་དབང་མོ་ཆེ། །སྲིད་པའི་མ་བཞིས་འཇིག་རྟེན་བསྐྱེད། །འདི་བསྐངས་ཟློག་པས་ཐམས་ཅད་འགྲུབ། །དེ་ནས་ཕོ་རིགས་མཆོད་འདོད་ན། །སྟེགས་བུ་གོ་འཕང་མཐོ་དམན་དབྱེ། །ཆོ་གའི་རྫས་ནི་འདི་དག་གོ། །འབྲུ་སྣ་བཅུ་གསུམ་ངར་ཕྱེ་དང་། །རིན་ཆེན་སྣ་བདུན་བདར་ནས་སུ། །རྒྱལ་པོ་ཆེན་པོའི་གཟུགས་སུ་བྱ། །དེ་ལ་ལག་པ་གཡས་གཡོན་རིན་པོ་ཆེ། །གསལ་བྱེད་བརྒྱད་ཀྱང་དེ་བཞིན་ནོ། །འབྲུ་སྣ་ལྔ་དང་ཚོམ་བུ་ལྔ། །ལུས་དང་ཡན་ལག་དེ་བཞིན་བརྒྱན། །བདུད་དང་དྲང་དཀར་ཆེན་པོ་དང་། །དེ་ཝ་ནོར་གྱི་བདག་པོ་དང་། །གཤིན་རྗེ་རཱུ་ཏྲའི་རྫས་ཡིན་ཏེ། །སྐྱེས་ཏོ་རེ་ལ་དེ་བཞིན་ནོ། །འབྲུ་སྣ་གཙང་ཕྱེ་དྲེ་བཞི་ལ། །མཁར་ཐབས་མདའ་ཡིས་རྣམ་པར་བརྒྱན། །ལྕེ་བཟངས་དར་དཀར་བཀྲ་བའི་རྒྱན། །དེ་བཞིན་ཤ་དང་རིན་ཆེན་ཆང་། །དཀར་གླུད་སྐྱེམས་དང་བཅས་པ་ཡིས། །དཀར་པོ་ཆེ་ལ་དེ་བཞིན་ནོ། །དྲེ་ཆ་གསང་ཕྱེ་ཟླ་གམ་ལ། །ཟ་འོག་མདའ་ཡིས་རྣམ་པར་བརྒྱན། །ལེའུ་བཟངས་དར་དཀར་ན་བཟའི་རྟེན། །དེ་བཞིན་ཤ་དང་རིན་ཆེན་ཆང་། །སེ་གླུད་རྐྱེན་དང་ཆས་པ་ནི། །བྱང་ཤར་མཚམས་སུ་དེ་བཞིན་ནོ། །ནས་དང་ཡུངས་ཀར་མངོན་གྱིས་བརྒྱན། །སྲིད་པ་ཀུན་ལ་དེ་བཞིན་ཏེ། །འབྱུང་པོ་ཕལ་ལ་སྨེ་གཏོར་སྦྱིན། །དེ་སྐད་བགྱིས་པ་དེའི་


DNG023_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་འདི་སྐད་བརྗོད། །དཔག་བསམ་ཤིང་གི་སྐེད་པ་ལ། །གསེར་མཁར་ནི་སེར་པོ་ལ། །བསེ་སྒོ་ནི་ཐམས་སེ་ཐམ། །གཡུ་བད་ནི་སྔོན་པོས་བསྐོར། །དེ་ཡི་ནི་བདག་པོ་སྟེ། །སྐོས་རྗེ་ནི་དྲང་དཀར་ཞིག །སྐོས་མཁན་ནི་མིང་ནས་ཕྱུང་། །མདོས་བདག་ནི་མདོས་ལ་གཤེགས། །གླུད་བདག་ནི་གླུད་ལ་གཤེགས། །གསེར་མཁར་ནི་རྩེ་དགུ་ནས། །རིན་ཆེན་ནི་སྟེགས་བུ་ལ། །ལྕགས་ཀྱི་ནི་སྒོ་ཁྱུད་ཅན། །དེ་ཡི་ནི་སྟེང་ནའོ། །སྲིད་པའི་ནི་དྲང་དཀར་བ། །ཞིག་འཛིན་གྱི་མིང་ནས་ཕྱུང་། །མདོས་བདག་ནི་མདོས་ལ་གཤེགས། །གླུད་བདག་ནི་གླུད་ལ་གཤེགས། །རིམ་པ་ནི་བཅུ་གསུམ་ལ། །རི་རབ་ཀྱི་རིམ་པ་ལ། །གནམ་གྱི་ནི་སྟེང་ཤེད་ན། །ལྕགས་མཁར་ནི་སྔོན་པོ་ལ། །གསེར་གྱི་ནི་བད་བསྐོར་ཞིང་། །ཟངས་ཀྱི་ནི་སྒོ་སྩལ་པ། །དེ་ཡི་ནི་བདག་པོ་ལ། །དབང་ཕྱུག་ནི་ཆེན་པོ་ལ། །མ་ཧཱེ་ནི་ཤྭ་རཱེ་ཞིག །ནག་པོ་ནི་ཆེན་པོ་ཞིག །ཡ་བདུད་ནི་མིང་ནས་ཕྱུང་། །མདོས་བདག་ནི་མདོས་ལ་གཤེགས། །གླུད་བདག་ནི་གླུད་ལ་གཤེགས། །དེ་ཡི་ནི་གླིང་ཕྲན་ན། །ཡར་གྱི་ནི་ཡང་ལེ་ཤོད། །བདུད་བས་ནི་ཐབས་མཁས་ཏེ། །བདུད་བས་ནི་དྲག་ཤུལ་ཆེ། །འགྲོ་བ་ནི་ཀུན་གྱི་བདུད། །འགྲོ་བ་ཡི་ཚེ་དཔལ་ཕྲོག །སྐྱེས་བུ་ནི་སྐྱེས་ཏོ་རེ། །མ་བདུད་རྒྱལ་མོའི་མིང་ནས་ཕྱུང་། །མདོས་བདག་ནི་མདོས་ལ་གཤེགས། །གླུད་བདག་ནི་གླུད་ལ་གཤེགས། །ལྷོ་ཕྱོགས་ནི་གླིང་ཁམས་ན། །རུས་མཁར་ནི་གླིང་དགུ་ལ། །དེ་ཡི་ནི་བདག་པོ་ལ། །ཤི་བདུད་ཀུན་གྱི་ཁྲམ་འདེབས་པ། །མདོས་བདག་ནི་མདོས་ལ་གཤེགས། །གླུད་བདག་ནི་གླུད་ལ་གཤེགས། །འཛམ་བུ་གླིང་གི་ནོར་གྱི་བདག །མ་ཧཱ་དེ་ཝ་ལྷ་ཆེན་པོ། །བཙུན་མོ་ཨུ་མ་འཁོར་དང་བཅས། །ནོར་ལྷ་ཆེན་པོའི་མིང་ནས་ཕྱུང་། །མདོས་བདག་ནི་མདོས་ལ་གཤེགས། །གླུད་བདག་ནི་གླུད་ལ་གཤེགས། །གནམ་གྱི་ནི་


DNG023_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

ཡར་སྟེང་ན། །དུང་མཁར་ནི་དཀར་པོ་ལ། །གཡུ་ཡི་ནི་བད་བསྐོར་ལ། །བསེ་ཡི་ནི་སྒོ་སྩལ་ཏེ། །དེ་ཡི་ནི་བདག་པོ་བ། །ཁྱབ་འཇུག་དུང་གི་ཐོར་ཚུགས་ཅན། །གནམ་གྱི་དཀར་པོའི་མིང་ནས་ཕྱུང་། །མདོས་བདག་ནི་མདོས་ལ་གཤེགས། །གླུད་བདག་ནི་གླུད་ལ་གཤེགས། །བྱང་ཤར་གྱི་མཚམས་ཤེད་ན། །བསྭེ་མཁར་ནི་ཁྲ་བོ་ལ། །དུང་གི་ནི་བད་བསྐོར་ལ། །ལྕགས་ཀྱི་ནི་སྒོ་སྩལ་ཏེ། །དེ་ཡི་ནི་བདག་པོ་བ། །ཤར་ཕྱོགས་གནམ་ས་ཕྱེད་ཀྱི་བདག ། ཚངས་རྒྱུར་ཡང་ཚངས་པའི་ལུས་ལ་ཐོར་ཚུགས་མགོ། །བཙན་མགོན་རྒྱལ་པོའི་མིང་ནས་ཕྱུང་། །མདོས་བདག་ནི་མདོས་ལ་གཤེགས། །གླུད་བདག་ནི་གླུད་ལ་གཤེགས། །ཤར་ཕྱོགས་ནི་ཕ་གི་ན། །དུང་མཁར་ནི་སྒོ་དགུ་ལ། །བསེ་ཡི་ནི་སྒོ་སྩལ་པ། །ཤར་ཕྱོགས་གནམ་ས་ཕྱེད་ཀྱི་བདག །ཚངས་པའི་ལུས་ལ་ཐོར་ཚུགས་མགོ། །ཤར་ཕྱོགས་རྒྱལ་པོའི་མིང་ནས་ཕྱུང་། །མདོས་བདག་ནི་མདོས་ལ་གཤེགས། །གླུད་བདག་ནི་གླུད་ལ་གཤེགས། །སེ་བཙན་རོལ་པོ་རྐྱ་རོལ་པོ། །བཙན་གྱི་རྒྱལ་པོའི་མིང་ནས་ཕྱུང་། །མདོས་བདག་ཆེན་པོ་མདོས་ལ་གཤེགས། །གླུད་བདག་ཆེན་པོ་གླུད་ལ་གཤེགས། །བཙན་ལ་རོལ་པ་དེ་བཞིན་ནོ། །ད་ནི་མ་ཧཱ་ཤཱནྟིཾ་གི་ཆོ་ག་བཤད་དེ། གསང་ཕྱེ་གཙང་མ་ཁལ་ཕྱེད་ལ། །ཇི་ལྟར་འདོད་པའི་གཟུགས་བཤམས་ལ། །དཀོར་ཆ་སྤྱན་གཟིགས་ཡང་དག་ལྡན། །དེ་ནི་ཕྱི་རྒྱུད་ཤཱནྟིཾ་ངོ་། །དེ་ལ་འཇིག་རྟེན་ཤས་བསྐོས་ཏེ། །དམར་གཏོར་དམ་རྫས་ལྡན་པ་ནི། །ཤཱནྟིཾ་ནང་གི་ཆོ་གའོ། །གཉན་པའི་ས་ནི་དབེན་པ་རུ། །གྲུ་བཞི་སྤོས་ཆུའི་མཎྜལ་བྱ། །ཟས་ཀྱི་སྟེགས་བུ་གང་བར་བྱ། །ལས་དང་ཕན་ཡོན་གོང་མ་བཞིན། །བསྔོས་ཏེ་དར་སྤྲ་བཤུས་ཏེ་བཞག །ཕྱི་རྒྱུད་མཐུན་དེ་དཀར་པོ་ཡིན། །གསང་བ་མཐུན་དེ་གཉིས་ཀ་འདྲ། །འདི་བརྩམས་བསམ་པ་མ་འགྲུབ་ན། །འཇིག་རྟེན་དབང་ཆེན་ཕུང་བར་འགྱུར། །ལས་རྣམས་ཀུན་གྱི་བརྣག་པ་སྟེ། །ཆོ་ག་ལུང་ཆེན་རྫོགས་


DNG023_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདི། །ངས་གསུངས་པ་ལ་ཐེ་ཚོམ་མེད། །དེ་སྐད་ཅེས་ནི་བཀའ་སྩལ་པས། །འཇིག་རྟེན་དབང་ཆེན་མངོན་པར་དགའ། །ལྷ་རྣམས་ཐམས་ཅད་མཐུ་སྐྱེས་ནས། །སེམས་ཅན་ཀུན་ལ་ཕན་པ་སྒྲུབ། །དམ་ཚིག་མཐའ་ནི་དེ་བཞིན་གནས། །མདོས་ཀྱི་ཕན་ཡོན་གྱི་ལེའུ་སྟེ་ཉེར་གསུམ་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །འགུགས་དང་འདྲེན་པའི་ལས་རྣམས་ནི། །ཕོ་ཉའི་ལས་རྣམས་བདག་ཉན་འཚལ། །རྫོགས་སངས་རྒྱས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །སྲིད་གསུམ་འདུལ་བའི་ཕོ་ཉ་ནི། །བདག་ཉིད་མན་ངག་ལྡན་བྱས་ཏེ། །སེམས་ཀྱི་དཀྱིལ་ནས་བསྐུལ་བ་ནི། །ཧཱུཾ་དཔལ་གྱི་ཕོ་ཉ་བཀའ་སྡོད་མ། །ཁྱུང་གི་ཁྲ་ཆེན་ལྡིང་བ་ལ། །ལྕགས་ཀྱི་མ་མོ་ཁྱུང་མགོ་ཅན། །མགོ་གསུམ་པ་ལ་ལག་དྲུག་མ། །གཡས་ན་རྡོ་རྗེ་ཁ་ཊྭཱཾ་ག །བར་མ་སྤུ་གྲིས་སྲིད་གསུམ་སྒྲོལ། །ཐ་མ་མུ་སྟེགས་དྲིལ་ཞགས་འཆིང་། །གཡོན་ན་བྷནྡྷ་རཀྟས་བཀངྐ་། །བར་མ་འཁོར་ལོ་བསྐལ་པའི་མེ། །ཐ་མ་ལྕགས་ཀྱུ་འཕྲོ་འདུ་ཅན། །གནས་ནི་དུར་ཁྲོད་དཀྱིལ་དུ་བཅས། །བསྐུངས་ནི་ཐུགས་ཀྱི་དཀྱིལ་དུ་བསྐུངས། །བཏོན་ནི་ལྗགས་ཀྱི་རྩེ་ལ་བཏོན། །དབང་ནི་སྲིད་པ་གསུམ་ལ་བྱེད། །ཟ་ནི་སྐྱེ་འགྲོ་ཡོངས་ལ་ཟ། །ཉུལ་ནི་གླིང་བཞི་ཁྱབ་པར་ཉུལ། །བང་ནི་ངེས་པར་གློག་ལས་མགྱོགས། །རྦོད་ནི་དངོས་པོ་གཅིག་ལ་རྦོད། །ཀྱལ་ཀ་ཆེན་པོས་བདུད་དཔུང་འཇོམས། །ཚམ་རྔམས་ཆེན་པོས་བདུད་རིགས་འཇོམས། །ང་རྒྱལ་ཆེན་པོས་མུ་སྟེགས་འཇོམས། །རྫུ་འཕྲུལ་ཆེན་པོས་རི་རབ་བསྙིལ། །ཁྱོད་ནི་སྲིད་གསུམ་སྒྲོལ་བྱེད་པས། །ཆེད་འགའ་དྲག་ཏུ་བསྐུལ་བའི་ཚེ། །གང་ལ་བྱ་བ་འགྲུབ་པར་བྱོས། །དེ་ཡི་བཀའ་སྡོད་ཕོ་ཉ་ནི། །དཀར་མོ་ཉི་མའི་ཐོད་ཕྲེང་ཅན། །ཀྱལ་ཀ་ཆེན་པོས་བདུད་དཔུང་འཇོམས། །ཚམ་རྔམས་ཆེན་པོས་བདུད་དཔུང་སྒྲོལ། །མཚན་ནི་སྤྲིན་དཀར་གོ་


DNG023_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ཅོག་ཅན། །རྦད་ནི་དངོས་པོ་གཅིག་ལ་རྦོད། །གང་ལ་བྱ་བ་གྲུབ་པར་བྱོས། །དེ་ཡི་བཀའ་སྡོད་ཕོ་ཉ་ནི། །ཉི་ཟླ་སྟོང་གི་ཐོད་ཕྲེང་ཅན། །ཕྱག་དྲུག་ཟུར་གསུམ་མིག་གཅིག་ལ། །དྲིལ་བུའི་དབུ་གསུམ་བྱུང་བ་ནི། །མགོ་ལ་ཚིལ་གྱི་ཡིད་ཞུ་ཅན། །མཚན་ནི་སྤྲིན་དཀར་གོ་ཅོག་ཅན། །ཕྱག་གཉིས་པདྨ་སྟོང་གཟུང་ཞིང་། །མཚན་ནི་འཇིག་རྟེན་ཀུན་འདུལ་མ། །གཡས་ན་ཞིང་གི་རྒྱུ་ཞགས་འཕེན། །བདུད་དང་མུ་སྟེགས་འཆིང་བྱེད་མ། །མཚན་ནི་དབྱིངས་ཕྱུག་ཆེན་མོ་ལ། །གཡོན་གྱི་དང་པོ་བསྣམས་པ་ནི། །མི་མགོ་རློན་པའི་ཕོར་པ་རུ། །མི་ཁྲག་རློན་པའི་ནང་བསྩལ་ཞིང་། །བདུད་རྩིའི་བཅུད་དང་བསྲེས་ནས་འཐོར། །དྲོངས་ཤིག་དགྲ་བགེགས་རྡུལ་དུ་རློག །མཚན་ནི་བདུད་རྩིའི་ལོངས་སྤྱོད་མ། །གཡས་ཀྱི་ཕྱག་ན་བསྣམས་པ་ནི། །མི་ཡི་རུས་པའི་ཕུར་བུ་འདྲིལ། །དགྲ་བགེགས་མནན་པའི་ལས་མཛད་མ། །མཚན་ནི་རྡོ་རྗེ་གསང་བའི་མཆོག །གཡོན་གྱི་ཕྱག་ན་བསྣམས་པ་ནི། །ཟངས་དང་ལྕགས་ཀྱི་དྲིལ་ཞགས་ལ། །མི་སྙིང་བརྒྱུས་པའི་ཞགས་པ་འཕེན། །སྲིད་པ་གསུམ་ཆར་འཆིང་བར་མཛད། །མཚན་ནི་གསེར་གྱི་དྲིལ་ཞགས་མ། །སྤྲུལ་པའི་འཕྲོ་འདུ་མང་པོ་ཅན། །གཡས་གཡོན་རོལ་པའི་གཡབ་མོ་ཡིས། །ཁམས་གསུམ་རྡུལ་དུ་རློག་མཛད་མ། །མཚན་ནི་གཡང་གཞི་རུ་མཚོན་ཅན། །ན་བཟའ་མི་ལྤགས་རློན་པ་ལ། །སྟོང་ཁམས་ཐམས་ཅད་མྱོས་མཛད་མ། །དགྲ་བགེགས་ཐམས་ཅད་རྡུལ་དུ་རློགས། །མཚན་ནི་ཞིང་གི་ན་བཟའ་ཅན། །ཁ་ནས་མི་ཁྲག་རློན་པ་འཐོར། །སྟོང་ཁམས་ཐམས་ཅད་སྲེག་མཛད་མ། །སྐུ་ལ་མི་མགོ་སེ་རལ་ཁ། །སྐྱེ་འགྲོ་ཐམས་ཅད་སྐྱོང་མཛད་མ། །མཚན་ནི་མེ་ཏོག་ཆུན་འཕྱང་ཅན། །འབར་མ་གཏུམ་ཆེན་ཁྲོ་མོ་འདུལ། །ཁྲོ་རྒྱལ་ཆེན་པོ་གཤིན་རྗེ་གཤེད། །བཀའ་ཡི་ཕོ་ཉ་མགྱོགས་མའི་ཚོགས། །ང་རྒྱལ་ཅན་རྣམས་དབང་དུ་སྡུད། །གང་ལ་བྱ་བ་རྡུལ་དུ་རློགས། །འདི་ནི་ཕོ་ཉའི་


DNG023_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་མོ་སྟེ། །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །མཚན་ནི་མེ་འབར་ཆེན་མོ་ལ། །ལག་ན་མེ་ཡི་དཀྱིལ་འཁོར་ཐོགས། །དགྲ་བགེགས་མ་ལུས་སྲེག་པར་མཛད། །ཐར་པའི་དུས་མེད་འོ་དོད་འབོད། །སླན་ཆད་སྡོམ་ཞེས་སྨྲ་བར་ངེས། །མ་བཏང་མྱུར་དུ་ལ་འུར་ཁུག །ཕོ་ཉ་དྲུག་ཅུའི་གཙོ་མོ་སྟེ། །ཨེ་ཀ་ཛ་ཊི་རལ་གཅིག་མ། །རལ་པའི་ཟར་བུས་སྲིད་གསུམ་སྡུད། །ཟ་འོག་ཞབས་མའི་དབུ་རྒྱན་ཅན། །གནམ་ལ་བསྐོར་བས་བདུད་དཔུང་བཟློག་མཛད་མ། །ས་ལ་བརྡབས་པས་དམ་སྲི་འབྱུང་པོའི་བླ་གཅོད་མ། །སྒྲུབ་པའི་དགྲ་དང་བགེགས་ཐུལ་ཅིག །མཚན་ནི་ཁྱིམ་བདག་ཆེན་མོ་ལ། །ཆིབས་སུ་རླུང་འཚུབས་མདུར་གོམ་བསྐྱོད། །དྲོངས་ཤིག་དགྲ་བགེགས་ཨང་ཀུ་ཤ །དངོས་གྲུབ་བར་ཆད་བྱེད་པ་དང་། །སྒྲུབ་པ་པོ་ཡི་མཐུ་འཕྲོག་རྣམས། །སྒྲོལ་བདག་ཆེན་མོ་ད་ཚུར་སྤྱོན། །མཐུ་ཆེན་དམ་ཅན་ད་ཚུར་སྤྱོན། །ངས་གསུངས་པ་ལ་ཐེ་ཚོམ་མེད། །ཞེས་ལས་ལ་བསྐུལ་བ་ཁུགས་པར་བྱའོ། །ཕོ་ཉ་ཆེན་མོའི་ལེའུ་སྟེ་ཉེར་བཞི་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །བསྟན་པ་གཉན་པོ་འཇིག་བྱེད་པའི། །ལུ་གུ་རྒྱུད་ལས་འགལ་ཕྱེད་དང་། །སེམས་ཅན་ཀུན་ལ་གནོད་བྱེད་དང་། །རྟག་ཏུ་གདུག་སེམས་གྱུར་པ་ལ། །ནན་ཏན་ལས་རྣམས་ཇི་ལྟར་འཚལ། །རྫོགས་སངས་རྒྱས་ལ་བདག་ཉན་འཚལ། །དེ་སྐད་གསོལ་པ་གསན་ནས་ཀྱང་། །ངོ་མཚར་ལྷ་ཡིས་བཀའ་སྩལ་པ། །རྟག་ཏུ་གདུག་པའི་སེམས་གྱུར་ཏེ། །སེམས་ཅན་ཀུན་ལ་གནོད་པ་ལ། །ནན་ཏུར་ལས་རྣམས་ངས་བསྟན་གྱི། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །ཇི་ལྟར་ཡིད་འཐད་གནས་སུ་ནི། །དཀྱིལ་འཁོར་ཚད་དང་ལྡན་པར་བྱ། །དབང་གི་དཀྱིལ་འཁོར་ཁ་སྤྲོད་པ། །དབུས་སུ་ཀུན་ཏུ་བཟང་མོ་མཁའ། །འཛུབ་གསུམ་པ་ལས་དྲང་པོར་བྲི། །ཟེ་བ་སོར་བཞི་ཆ་སྙོམས་པ། །དགུག་དང་སྤར་འཕང་སྔགས་


DNG023_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་འགེངས། །དབང་གི་དཀྱིལ་འཁོར་ཁ་རན་ལ། །གནོན་དང་འཕང་བའི་སྔགས་ཀྱིས་བསྐོར། །དེ་ནས་ཁ་རན་གྲུ་བཞི་ལ། །སོར་ལྔ་པ་ཡི་ཚད་དུ་བྱའོ། །རྡོ་རྗེ་པདྨ་སྤེལ་མར་བྲི། །དེ་ནས་མཎྜལ་རྒྱས་པ་ལ། །འོད་ཕུང་ཐོད་པའི་ཕྲེང་བས་བརྒྱན། །སྒོ་བཞི་མདའ་བཞིས་བརྒྱན་པར་བྱ། །དེ་ནས་རྫས་ཀྱི་ངོ་བོ་ཡང་། །རྒྱུ་ཡི་གཙོ་བོ་དགུ་བསོགས་ཏེ། །གྲུབ་པའི་རྣལ་འབྱོར་དགུ་རྦད་པ། །གཉིས་ལ་ཆགས་འཛིན་སྤུན་གཉིས་བྲི། །བདུན་ལ་མ་བདུན་སྔགས་བྲིས་ཏེ། །དྲག་པོའི་ཁ་རན་འཁོར་བར་བྲི། །དབང་དང་དྲག་པོར་ལྡན་པར་བྱ། །ལྕགས་ཟངས་ཤིང་བུ་གང་ཡང་རུང་། །དབང་དྲག་ཕུར་པ་དགུ་པོ་ལ། །མགོ་ལ་མཁའ་འགྲོ་ལྔ་ལྔ་བསམ། །ངོས་ལ་རྣལ་འབྱོར་བཅུ་བཞི་བསྒོམ། །སྐེད་པར་ཆགས་འཛིན་ལ་སོགས་བསམ། །རྩེ་མོར་མ་བདུན་བསམ་ནས་སུ། །དམིགས་པའི་དངོས་པོ་གང་ཡང་རུང་། །དཀར་ནག་དཀྱིལ་དུ་བརྒྱབ་ནས་སུ། །དགེ་སྡིག་ལས་ཀྱི་མཚམས་ཕྱེ་ནས། །དྭངས་མའི་དངོས་པོ་ཐམས་ཅད་ཀུན། །རྔུབས་ནས་མ་མོས་ཟོས་པར་བསམ། །དེ་ལྟར་བརྒྱབ་ན་ལྷ་ཡང་འཆི། །དངོས་པོ་བདག་ཉིད་བསྒོམ་བྱ་བ། །ཕྲ་མེན་རྒྱ་མཚོ་ཉིད་ཀྱི་སྐུ། །དབང་དྲག་སྐུ་མདོག་ཆེན་མོ་ལ། །དབུ་གཅིག་ཞལ་ལྔ་འཇིགས་པའི་སྐུ། །དབུ་ལ་མཁའ་འགྲོ་ལྔ་བསྒོམས་ཤིང་། །མཆེ་བ་ཅན་ལ་གཙིགས་ཞིང་བཞད། །མ་མོ་ཐམས་ཅད་དབྱིངས་ནས་འགྱེད། །ཕྱག་ན་དབང་དྲག་ཕུར་པ་འགྱེད། །འདྲེན་དང་གནན་དང་སྤར་བ་ཡི། །སྔགས་རྣམས་དྲག་ཏུ་བཟླས་ནས་སུ། །རྣལ་འབྱོར་མ་རྣམས་རྦད་ནས་སུ། །གང་ལ་བྱ་བའི་དངོས་པོ་དེ། ། དབང་དྲག་དཀྱིལ་དུ་གཟུང་ནས་ནི། །རྣམ་ཤེས་དབྱིངས་སུ་བསྡུས་པ་དང་། །དགེ་སྡིག་ལས་རྣམས་སྦྱངས་ནས་སུ། །ལྷུ་གཟུགས་ཕྲལ་ཏེ་ཟོས་བསམ་ནས། །རྡོ་རྗེའི་བྲག་ཀྱང་འཇིག་པར་འགྱུར། །ངས་གསུངས་པ་ལ་ཐེ་ཚོམ་མེད། །ཅེས་བཀའ་སྩལ་པ་དང་། དེ་ནས་རིགས་ལྔའི་སངས་རྒྱས་འཁོར་


DNG023_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ན་གནས་པའི་རྡོ་རྗེ་སེམས་དཔའ་སྟན་ལས་ལངས་ཏེ། གར་གྱི་བརྡའ་ཕྱག་འཚལ་ནས་འདི་སྐད་གསོལ་པ་དང་། དབང་དྲག་དཀྱིལ་འཁོར་བྱིན་རླབ་དང་། །དབང་དྲག་ཕུར་པའི་ཆོ་འཕྲུལ་དང་། །འདྲེན་མནན་སྤར་འཕང་སྔགས་ཀྱི་མཐུ། །མགོན་པོ་ཆེན་པོས་བསྟན་དུ་གསོལ། །དེ་སྐད་རྡོ་རྗེ་སེམས་དཔས་གསོལ་པ་གསན་ནས། ཅི་ཡང་མི་གསུང་བར་དབང་དྲག་གི་ཏིང་ངེ་འཛིན་ལ་ཞུགས་སོ། །ཏིང་ངེ་འཛིན་ལ་ཞུགས་པ་བཞིན། བཛྲ་བོ་དྷི་ཛྭ་ལ་མཎྜ་ལ། བྷ་ག་རུ་ཏྲ་བྷ་ག་རུ་ཏྲོ་སྟྭཾ། བཾ་ཀཱི་ལ་ཡ། ཛ༔ཧཱུཾ་ནན། སྥ་ར་ཎ་ཡ། ཕཊ་ཙིཏྟ་སུ་ཁ་ཧཱུཾ། ཞེས་གསུངས་པ་དང་། ཁམས་གསུམ་ཐམས་ཅད་མཁའ་གྲུ་གསུམ་གདེངས་པའི་དཀྱིལ་འཁོར། གཏིང་དཔག་མེད་པའི་གཞལ་ཡས་ཁང་དབང་དྲག་གི་ཕུར་པ་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་བརྒྱན་པ་སྟེང་ནས་ཆར་དུ་བབ་སྟེ། དབང་དྲག་བདེ་བའི་དཀྱིལ་འཁོར་དུ། རྡོ་རྗེ་སེམས་དཔའ་ལ་སོགས་ཏེ་རིགས་ལྔ་དང་ལྷ་གནོད་འདུལ་ཁ་སྦུབ་ཏུ་བརྒྱལ། དབང་དྲག་གི་དལ་གདེངས་ཀར། སྲིད་པའི་མ་མོ་དབང་ཅན་གྱི་ཚོགས་ནི་གན་རྐྱལ་དུ་བསྒྱེལ་ནས་སྙིང་དཀར་ནག་གི་མཚམས་སུ་ཕུར་བུ་ཕོག་ཏེ་དགེ་སྡིག་གི་ཤན་ཐང་ཕྱེ་ནས། བྱང་ཆུབ་ཀྱི་སེམས་སུ་བྱིན་གྱིས་བརླབས་ནས། དེ་ལྟར་ཐམས་ཅད་བརྒྱལ་བ་དང་འདི་སྐད་ཅེས་གླུ་བླངས་སོ། །དབང་དྲག་དཀྱིལ་འཁོར་ཡུམ་གྱི་མཁའ། །མཁའ་ཡི་དཀྱིལ་འཁོར་བདེར་གཤེགས་གནས། །གཏིང་དཔག་མེད་པའི་གཞལ་ཡས་སུ། །དབྱིངས་ནས་དབང་དྲག་ཕུར་བུ་ཡིས། །རྡོ་རྗེ་སེམས་དཔའ་ལ་སོགས་ཀུན། །རང་རྒྱུད་ཉིད་ལ་དྲངས་ནས་ཀྱང་། །དབང་དྲག་མཁའ་ལ་བཞག་ནས་སུ། །སླན་ཆད་གསང་བའི་དབྱིངས་སུ་སྦྱོར། །གྷུ་ཡ་བྷ་ག་ས་མ་ཡཱ་སྟྭཾ། ལཾ་ལཾ་མ་ཧཱ་ཙིཏྟ་ཧོ། ཞེས་གསུངས་པས། བརྒྱལ་བ་ཐམས་ཅད་སླར་དྲན་པ་རྙེད་ནས། དབང་དྲག་གི་དཀྱིལ་འཁོར་ན་འདར་ཡེད་ཡེད་འདུག་པར་ཚོར་རོ། །དེ་ནས་རྡོ་རྗེ་སེམས་དཔའ་ལ་སོགས་པས་གསོལ་པ།


DNG023_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་ཆེན་པོ་ཨ་ལ་ལ། །དབང་དྲག་དཀྱིལ་འཁོར་བདེ་བའི་མཆོག །གསང་སྔགས་ཆེན་པོ་ཨ་ལ་ལ། །འདྲེན་གནོན་སྤར་འཕང་ཆོ་འཕྲུལ་སྟེ། །མཚོན་ཆ་ཆེན་པོ་ཨ་ལ་ལ། །དབང་དྲག་ཕུར་བུ་དགེ་སྡིག་སྦྱོང་། །ཁྲག་འཐུང་ཆེན་པོ་ཨ་ལ་ལ། །བླ་མེད་ཁྲག་འཐུང་རྗེ་བཙན་མཆོག །མཁའ་འགྲོ་ཆེན་མོ་ཨ་ལ་ལ། །ཡེ་ཤེས་མཁའ་འགྲོ་སྤྲུལ་པའི་ཚོགས། །ཅེས་སྨྲས་སོ། །རྡོ་རྗེ་སེམས་དཔས་ཡང་གསོལ་པ། །རྫུ་འཕྲུལ་ཆེན་པོ་ཐབས་ཀྱི་མཆོག །མུ་སྟེགས་ཐམས་ཅད་ཀྱི་གཉེན་པོ་བདག་ལགས་ཏེ། བདག་གི་མིང་ཡང་རྡོ་རྗེ་སེམས་དཔར་བཏགས་པ་ལགས་ན། འདིར་བླ་མེད་བཅོམ་ལྡན་འདས་ཀྱི་སྤྱན་སྔར། དབང་དྲག་གི་དཀྱིལ་འཁོར་ཆེན་པོའི་ཆོ་འཕྲུལ་གྱིས། བདག་ཀྱང་བརྒྱལ་ན་མི་མཐུན་པ་གཞན་སྨོས་ཀྱང་ཅི་འཚལ། དཀྱིལ་འཁོར་ཆེན་པོ་འདི་དུས་གསུམ་དུ་མི་འགྱུར་བའི་བདག་ཉིད་གསང་བ་མཆོག་ཀྱང་དེ་བཞིན་འཛིན། ཅེས་གསོལ་ཏོ། །དེ་ནས་དབང་དྲག་གི་དཀྱིལ་འཁོར་ཆེན་པོའི་ཆོ་འཕྲུལ་གྱིས། མུ་སྟེགས་ཀཱ་ལ་ཆེན་པོ་ཡང་གཏན་དུ་གནོན་པར་གྱུར་ཏོ། །རྣལ་འབྱོར་དགྲ་བགེགས་མནན་པའི་ལེའུ་སྟེ་ཉེར་ལྔ་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །རྡོ་རྗེ་རྒྱལ་པོས་བཀའ་སྩལ་པ། །རྒྱུད་ལུང་ཆེན་པོ་འདི་དག་ལ། །སྐྱེ་འགྲོ་གང་དག་ཡི་རངས་ཏེ། །མོས་པའི་དངོས་གྲུབ་ཇི་ལྟར་ལགས། །གང་གིས་འདི་ལ་མ་དད་པའི། །སྐུར་པ་འདེབས་པའི་སྐྱེ་བོ་ལ། །རྣམ་པར་སྨིན་པ་ཅི་ལྟ་བུ། །ངོ་མཚར་ལྷ་ལ་བདག་ཉན་འཚལ། །དེ་སྐད་གསོལ་པ་གསན་ནས་ཀྱང་། །ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །ངས་གསུངས་པ་ཡི་ལུང་འདི་ལ། །སྐྱེ་བོ་གང་གིས་བརྩོན་འགྲུས་པ། །ལུང་འདི་ཉིད་ཀྱི་སྲིད་པ་བརྗེ། །ཚེ་འདི་ཉིད་ལ་དགོངས་པ་རྫོགས། །རྒྱལ་པོ་བཞིན་དུ་ཆེ་བར་ངེས། །ངས་གསུངས་པ་ཡི་ལུང་འདི་ལ། །རྣལ་འབྱོར་གང་ཞིག་དད་མོས་པ། །


DNG023_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་གསུམ་དབང་ཆེན་ཐམས་ཅད་ཀྱིས། །ཤེས་རབ་མིག་གིས་བལྟས་པའི་ཚེ། །སྲིད་གསུམ་དཀྱིལ་འཁོར་རྫོགས་པར་མཐོང་། །དེ་ལ་རིམ་གྲོས་མཆོད་བྱེད་པ། །བསྒོ་བའི་ཚིག་ལ་བྲན་བཞིན་ཉན། །ངས་གསུངས་པ་ཡི་རྒྱུད་ལུང་ལ། །གང་གིས་སྐུར་པ་འདེབས་པ་དེ། །དམ་སྲི་དམར་པོར་ངེས་པར་སྐྱེ། །དམ་ཅན་ཀུན་གྱིས་སྡིག་མཐོང་ནས། །ཚེ་འདི་ཉིད་ལ་སྨྱོ་འབོག་ཅིང་། །དུས་མིན་འཆི་བར་སྲོག་ཟད་ངེས། །ངས་གསུངས་པ་ཡི་ལུང་འདི་ལ། །དོན་མེད་ཕྱལ་པར་སྒྲོགས་པ་དེ། །ཐར་པའི་དུས་མེད་འོ་དོད་འབོད། །སླན་ཆད་སྡོམ་ཞེས་སྨྲ་བར་བྱེད། །ངས་གསུངས་པ་ཡི་རྒྱུད་ལུང་ལ། །མི་ཉན་པ་ཡི་སེམས་ཅན་དེ། །གཤིན་རྗེའི་ཞགས་པས་བཟུང་ནས་ཀྱང་། །དེས་ཀྱང་ཉེས་དམིགས་ཁྲམ་ལ་བཏབ་ནས་སུ། །ལྷུ་གཟུགས་ཐམས་ཅད་འདྲལ་བར་ངེས། །ངས་གསུངས་པ་ཡི་རྒྱུད་ལུང་ལ། །སྐྱེ་བོ་གང་ཞིག་དད་མོས་པ། །འཇིག་རྟེན་འདི་ཡི་ཡོན་ཏན་ཡང་། །ནོར་བུ་རིན་ཆེན་འབར་བ་ལྟར། །ཐར་པ་བདེ་བའི་འབྲས་བུ་ཡིན། །རིག་འཛིན་ས་ནོན་གདོན་མི་ཟ། །སྐྱེ་འགག་མེད་པའི་དངོས་གྲུབ་ཀྱིས། །མི་འགྱུར་རྡོ་རྗེའི་དངོས་གྲུབ་ཐོབ། །ངས་གསུངས་པ་ལ་ཐེ་ཚོམ་མེད། །དེ་སྐད་ཅེས་བཀའ་སྩལ་པ་དང་། རྡོ་རྗེ་སེམས་དཔའ་ལ་སོགས་ཏེ་རིགས་ལྔའི་སངས་རྒྱས་དང་སྲིད་པའི་ཕྲ་མེན་རྒྱ་མཚོ་ལ་སོགས་ཏེ་མ་མོ་སྟོང་གི་ཚོགས་དང་། ལྷ་ཆེན་པོ་གནོད་འདུལ་ལ་སོགས་པ་གཡུང་དྲུང་ལྷའི་རིགས་མང་པོ་དང་། རྡོ་རྗེ་གཞོན་ནུ་མ་ལ་སོགས་ཏེ་རིག་འཛིན་གྱི་བུད་མེད་མང་པོ་དང་། ཧེ་རུ་ཀ་སྣི་ལ་སོགས་སྟེ་འཇིག་རྟེན་གྱི་དབང་མོ་ཆེ་མང་པོ་དང་། འཇིག་རྟེན་གྱི་དབང་ཆེན་མང་པོ་རྣམས་གུས་པས་ཡི་རངས་ཏེ། ཐར་པའི་བདེ་བ་ཡང་ཐོབ་སྟེ། ཨ་ལ་ལའི་སྒྲ་བྱུང་ནས། རིག་འཛིན་གྱི་དམ་ཅན་དུ་གྱུར་ཏོ། །ཧེ་རུ་ཀའི་ཞལ་ནས་དམོད་བཙུག་པའི་ལེའུ་སྟེ་ཉེར་དྲུག་པའོ།། །།ཆོ་ག་རྫོགས་ལུང་ཆེན་པོ་འདི། །གང་གིས་རྙེད་པ་


DNG023_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་སྟེ། །དམ་ཚིག་གཙང་མ་སྐྱེ་བར་འགྱུར། །སྲིད་པའི་གསང་བའི་རྫོགས་ལུང་འདི། །འགྲོ་བའི་དོན་ལ་དགའ་བ་དང་། །ཐེག་པ་ཆེན་པོ་གཙོར་ལེན་ཅིང་། །རྡོ་རྗེ་སློབ་དཔོན་མཆོད་བྱེད་པ། །ལུ་གུ་རྒྱུད་ལ་གཙོར་སྡོམ་པའི། །སྐལ་ལྡན་དེ་དང་འཕྲད་པར་ཤོག །གྷུ་ཡ་གསང་བའི་དབང་ཕྱུག་ཆེན་པོ། སློབ་དཔོན་རྡོ་རྗེ་སེམས་དཔའི་ཞལ་དང་འདྲ་པའི་ཤྲཱི་ཛྙཱ་ནས་བསྒྲུབས་པས་འདི་འགྲུབ་པར་གྱུར་ཏེ་དངོས་གྲུབ་ཆེན་པོ་ཐོབ་སྟེ། སྲིད་པའི་དམ་ཅན་ཐམས་ཅད་བྲན་བཞིན་དུ་ཉན་ཏེ། ཅི་བྱ་བ་བསམ་པ་འགྲུབ་པ་ལས། གསང་བའི་སློབ་དཔོན་ཡེ་ཤེས་སྤྱན་དང་ལྡན་པ་ཀུན་ཀྱང་འདིར་འགྲུབ་པར་འགྱུར། ཞེས་སློབ་དཔོན་རོ་ལངས་བདེ་བས་གསལ་བར་བཤད་དོ། །རྫོགས་ལུང་ཆེན་པོའི་ལེའུ་སྟེ་ཉེར་བདུན་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །མ་མོའི་སྤྱི་བསྐུལ་ཇི་ལྟར་མཆིས། །ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །མ་མོ་སྤྱི་བསྐུལ་འདི་ལྟར་བསྐུལ། །ཧཱུཾ་བསམ་འཕེལ་ནོར་བུ་རིན་པོ་ཆེ། །མ་བཞག་དེ་ནི་འདོད་དགུར་སྤེལ། །ནང་གི་རིན་ཆེན་སྣ་ལྔ་ལ། །ཕྱི་ཡི་ལུ་འུ་རྐང་འགྲོས་དང་། །མཆོད་རྫས་འབྲུ་ལ་ལོ་ཏོག་རྒྱས་པར་སྤེལ། །ཐང་ཅིག་ཡུད་ལ་འདུས་ཚོགས་ཞིང་། །ཉི་ཟེར་འདོད་ཆགས་འཕྲུལ་མོ་ཆེ། །མཉམ་ཉིད་སྐུ་ལ་ཅི་སྟེ་བཞེས། །མ་གཡེལ་མ་གཡེལ་མ་ཡི་ཚོགས། །གོང་གསུམ་ལྕུག་ཕྲན་རླུང་གིས་བསྐྱོད་པ་བཞིན། །གུམ་གུམ་ཆུམ་ཆུམ་ལས་ལ་འདུ། །ཡུན་རིང་གོང་ནས་བསྙེན་པའི་ལྷ། །རྟག་ཏུ་མིང་དང་མཚན་ནས་འབོད་ཅི་འཚལ། །མ་འདའ་མ་འདའ་དམ་མ་འདའ། །མ་འཕང་མ་འཕང་ལྷ་མ་འཕང་། །ཁྱུང་ཆེན་སྐུ་ལ་གཤོག་རྫོགས་མ། །ཁམ་ཁམ་ཚིག་ཚིག་གློག་རེ་འགྱུ། །མེ་སྟག་འབར་བའི་འཕྲོ་འདུ་ཅན། །བོས་ཤིང་ནི་སྙན་མ་སྲ། །བསྙེན་ཅིང་ནི་གོང་མ་གཡེལ། །འདྲིས་ཤིང་ནི་མགུར་མ་རྐྱེན། །འགྲོགས་ཤིང་ནི་གཞུང་མ་ངན། །མ་བདུད་ལྟར་གྲགས་མ་ང་། །མ་རུ་བགྱིའོ་དབང་མ་རློན། །སྲིང་མོར་བགྱི་ན་


DNG023_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

གདུང་མ་ཆུང་། །དགྲ་བླར་བགྱི་ན་མཐུ་མ་ཆུང་། །གཟུངས་མར་བགྱི་ན་བརྩེ་མ་ཆུང་། །དགའ་མར་བགྱི་ན་གདུང་མ་ཆུང་། །གྲོགས་མོར་བགྱི་ན་གཞུང་མ་ངན། །ཕོ་ཉར་བགྱི་ན་བང་མ་བུལ། །བདག་ཅག་སེམས་ཅན་ལས་ཀྱིས་མནར་བ་ལས། །རེ་ལྟོས་དཔུང་གཉེན་ཁྱོད་ལས་མི་བཞུགས་ན། །ཁྱོད་ལ་ཐུགས་རྗེ་མི་མངའ་འམ། །བདག་ལ་གཡར་དམ་མ་མཆིས་སམ། །ཕྱོགས་བཅུའི་འཇིག་རྟེན་རབ་འདས་ན། །རྣལ་འབྱོར་རྗེས་སུ་སློབ་པ་མང་ཡོད་ཀྱང་། །རྩེ་གཅིག་སྒྲུབ་པའི་མིང་པོ་བདག་ཙམ་དཀོན། །མ་གཡེལ་མ་གཡེལ་སྲུང་མའི་ཚོགས། །གཡེལ་དུ་དོགས་ནས་རྫས་ལ་བརྟེན། །འདས་སུ་དོགས་ནས་འཛབ་དུ་འདྲེན། །ཇི་ལྟར་དངོས་གྲུབ་གཉན་པོ་རུ། །དམར་གྱི་ཨརྒྷ་རྒྱ་མཚོར་བསྐྱིལ། །ཙིཏྟ་མང་པོ་རྫ་ལྟར་ལྷགས། །མཱཾ་ས་ཤ་ཆེན་ཕུང་པོར་སྤུངས། །ཇི་ལྟར་གསང་ཆེན་གཉན་པོ་རུ། །རྫས་ཀྱི་མཆོད་པ་གཉན་བཀྲམ་ཞིང་། །དམར་ཆེན་དམ་ལ་གསོལ་པ་ཡི། །དེ་ཚེ་ཁས་བླངས་དམ་བཅས་བཞིན། །བཅོལ་བའི་ལས་རྣམས་འགྲུབ་པར་མཛོད། །བུད་མེད་བུ་ལྟར་ངང་མ་ཐུང་། །དྭ་ཕྲུག་སྲིང་ལྟར་ཤེད་མ་ཆུང་། །དུས་ལ་བབ་པོ་ས་མ་ཡཱ། མ་མ་བྷྱོ་བྷྱོ། མ་མོ་སྤྱི་བསྐུལ་གྱི་ལེའུ་སྟེ་ཉེར་བརྒྱད་པའོ།། །།གཡུང་དྲུང་ལྷ་ཡིས་ཡང་གསོལ་པ། །མ་མོ་གསང་ཆེན་དཀྱིལ་འཁོར་ལས། །སྒྲུབ་པའི་རྫས་ཀྱི་དབང་བསྐུར་བ། །བདག་གིས་ནན་ཏན་ཇི་ལྟར་བསྐྱེད། །རྫོགས་སངས་རྒྱས་ལ་བདག་ཉན་འཚལ། །དེ་སྐད་གསོལ་པ་གསན་ནས་ཀྱང་། །རྫོགས་སངས་རྒྱས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །བསྒྲུབ་པའི་ལས་ཀྱི་དབང་རྣམས་ནི། །ངས་གསུངས་པ་ལ་ཐེ་ཚོམ་མེད། །ངས་གསུངས་པ་ལ་ནན་ཏན་བསྐྱེད། །ཅེས་བཀའ་སྩལ་པ་དང་། གཡུང་དྲུང་ལྷ་ཡིས་ཡང་གསོལ་པ། །ཕྱི་དབང་ཆེན་པོ་བདག་ལ་སྩོལ། །ནང་དབང་ཆེན་


DNG023_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

པོ་བདག་ལ་སྩོལ། །གསང་དབང་ཆེན་པོ་བདག་ལ་སྩོལ། །སྤྱི་དབང་ཆེན་པོ་བདག་ལ་སྩོལ། །དེ་སྐད་ཞུས་པ་གསན་ནས་ཀྱང་། །རྫོགས་སངས་རྒྱས་ཀྱིས་བཀའ་སྩལ་པ། །ཕྱི་ནང་གསང་བའི་དབང་རྣམས་ནི། །ང་ཡི་ཐུགས་ཀྱི་རྒྱུད་ལ་གནས། །ང་ཡི་ཐུགས་ཀྱི་གསང་རྒྱུད་འདི། །གཏིང་ནས་བཟུང་ནས་ཁྱོད་ལ་གཏད། །ཁྱོད་ཀྱིས་སེམས་ལ་བརྣག་པར་གྱིས། །ལྕང་ལོར་ལྡན་པའི་བྷནྡྷ་འདི། །ང་ཡི་ལག་ཏུ་གཟུང་ནས་ནི། །སྣོད་ལྡན་ཁྱོད་ལ་དབང་བསྐུར་རོ། །བྷནྡྷ་མཛེས་པའི་དཀྱིལ་འཁོར་དུ། །བདེ་ཆེན་གསང་བའི་དབང་བསྐུར་བ། །ལྟག་སྤྲོད་ཟུར་གསུམ་བདེ་ཆེན་འདིས། །མ་མོ་ཐམས་ཅད་བསྒྲུབ་བྱའི་ཕྱིར། །བདུད་རྣམས་ཟིལ་གྱིས་གནོན་པ་དང་། །རྐྱེན་བདུད་དབང་དུ་བསྡུ་བའི་ཕྱིར། །སྒྲོལ་བྱེད་ཆེན་མོའི་དབང་ཐོབ་ཤོག །དུང་ཆེན་དག་གིས་དབང་བསྐུར་བས། །སྣང་སྲིད་ཐམས་ཅད་བསྒྲགས་པ་བཞིན། །དེང་གི་ཡོན་བདག་བུ་ཁྱོད་ཀྱང་། །ཆོས་ཀྱི་དབྱིངས་ཀྱི་སྒྲ་སྒྲོགས་ཤིང་། །མ་མོ་སྒྲུབ་པའི་དབང་ཐོབ་ཤོག །ཞིང་ཆེན་དག་གིས་དབང་བསྐུར་བས། །ཞིང་གི་ཁྱད་པར་དྲེས་པ་བཞིན། །བདུད་བཞི་གཡབ་ཀྱིས་བོར་ནས་ནི། །ཧཱུཾ་གི་མེ་ཆེན་འབར་བ་ཡིས། །བདུད་བགེགས་ཞི་བར་བསྲེགས་པ་བཞིན། །འབར་བྱེད་ཆེན་མོའི་དབང་ཐོབ་ཤོག །རྔ་ཆེན་དག་གིས་དབང་བསྐུར་བས། །རྔ་ཡི་གསང་བ་ཡུམ་གྱི་ངང་། །ཤེས་རབ་ཐབས་ཀྱིས་སྒྲ་སྒྲོགས་པ། །ཐབས་ཀྱི་ཕྱག་རྒྱ་བསྐྱེད་ནས་ནི། །རྔ་ཡི་བྱེ་བྲག་འདི་ལས་བྱུང་། །གསང་བ་རྔ་ཡི་དབང་ཐོབ་ཤོག །ཞིང་མཆོག་དག་གིས་དབང་བསྐུར་བས། །ཐོར་ཏོ་རྒྱ་མདུད་ཁྲོ་བོ་བརྒྱད། །ཐུགས་ཀྱི་སྤྲུལ་པའི་དགྲ་ཡང་འགྱེད། །སྐེད་པའི་རྒྱ་མདུད་གྲ་བརྒྱད་ལ། །གསང་བའི་མ་མོ་བརྒྱད་ཕྱུང་སྟེ། །ཐུགས་ཀྱི་འོད་ཟེར་ཕྱོགས་བཅུར་འགྱེད། །རྩེ་མོ་དག་གིས་ཟུར་གསུམ་པས། །སྲིད་པའི་མ་མོ་དབང་དུ་སྡུད། །ཁམས་གསུམ་ཐམས་ཅད་དབང་དུ་


DNG023_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

སྡུད། །ཟིལ་གྱིས་གནོན་པའི་དབང་ཐོབ་ཤོག །རཀྟ་མཱཾ་སས་དབང་བསྐུར་བས། །མ་མོ་གསང་ཆེན་དགྱེས་པ་འདིར། །སྒྲོལ་གིང་ཆེན་པོ་སྐར་ལྟར་བཀྲམ། །རཀྟའི་རྒྱ་མཚོ་མཚོ་ལྟར་རླབས། །མ་མོ་སྒྲུབ་པའི་དབང་ཐོབ་ཤོག །ཚིལ་ཆེན་གསུར་གྱིས་དབང་བསྐུར་བས། །སྲིད་པ་ཐམས་ཅད་དྲི་སྣོམ་ཞིང་། །དྲི་ཡི་མཆོད་པ་དམ་པ་འདིས། །གསང་བའི་མ་མོ་དྲི་ལ་དད། །གསུར་དང་དྲི་ལ་སྣོམ་པ་མོ། །ཅི་ལྟར་གོང་དུ་བཅོལ་བ་བཞིན། །སྒྲུབ་པའི་ལས་རྣམས་བསྒྲུབས་པ་བཞིན། །ལས་ཀྱི་དབང་རྣམས་སྒྲུབ་ནས་ནི། །དཔའ་བོ་ཆེན་པོའི་སྤྱན་སྔ་རུ། །འཁུ་ལྡོག་བྲན་ལྟར་མི་བྱེད་ཅིང་། །སེམས་ཀྱི་དག་པ་ཉེར་བཞག་ཅིང་། །མ་མོའི་ལས་དབང་འདི་བསྐུར་བས། །སྒྲུབ་པའི་བྲན་ཕོ་བྲན་མོ་བཞིན། །ལས་དབང་ཆེན་པོའི་དབང་ཐོབ་ཤོག །སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧྃ། སརྦ་ཏ་ཐཱ་ག་ཏ་ཝཱཀ་བཛྲ་སྭ་བྷཱ་ཝ་ཨདྨ་ཀོ྅ཧྃ། སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧྃ། སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧྃ། མ་མོ་གསང་ཆེན་འདུས་པ་འདིར། །སྙིང་པོ་ལྔ་ཡིས་དབང་བསྐུར་བས། །དེ་རིང་ཕན་ཆད་བུ་ཁྱོད་ཀྱིས། །ཚེ་ཡང་ཤིན་ཏུ་རིང་བ་དང་། །དངོས་གྲུབ་གཟི་ཆེན་ཐོབ་པའི་ཕྱིར། །རང་རྟགས་གསལ་བའི་དབང་བསྐུར་རོ། །འདི་ནི་མ་མོ་རང་རྟགས་ཀྱི། །དབང་ཆེན་ལགས་སོ་དབང་གི་མཆོག །སྒྲོལ་མ་ཆེན་པོའི་བརྟུལ་ཤུགས་ཀྱིས། །བདུད་བཞི་ཟིལ་གྱིས་གནོན་པ་དང་། །རྐྱེན་དབང་ཐབས་ཀྱིས་འདུལ་བ་དང་། །དེ་ཕྱིར་གསང་ཆེན་དཀྱིལ་འཁོར་རྒྱུད། །མན་ངག་བཅུད་ཀྱི་དོན་བསྟན་པ། །ཀུན་གྱི་ཐུན་མོང་མ་ལགས་ཏེ། །འདི་བསྟན་གཞན་ལ་བསྟན་གྱུར་ན། །ས་བོན་སད་ཀྱིས་གསད་པ་བཞིན་དུ་འགྱུར། །ས་བོན་མེས་ཚིག་བཞིན་དུ་འགྱུར། །སྣོད་ངན་ཞབས་སུ་ཟགས་པ་ན། །ནས་ངན་ཚིག་པ་བཞིན་དུ་འགྱུར། །དོན་འདི་གཞན་དུ་མི་སྤེལ་


DNG023_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། ། རང་གི་སེམས་ལ་བཅངས་པ་ན། །དངོས་གྲུབ་ཉིད་ཀྱང་རྟག་ཏུ་ཐོབ། །མཐུ་དང་གཟི་མདངས་ཐམས་ཅད་འཕེལ། །དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར། །ཞེས་བཀའ་སྩལ་ཏོ། །མན་ངག་དབང་གི་ལེའུ་སྟེ་ཉེར་དགུ་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །མ་མོ་ངོས་བཟུང་ཇི་ལྟར་བཟུང་། །མངོན་རྫོགས་ཡབ་ཀྱིས་བཀའ་སྩལ་པ། །མ་མོ་ངོས་གཟུང་འདི་ལྟར་གཟུང་། །སེམས་ཉིད་མ་བཅོས་མུ་ཁ་ལེ། །སེམས་ལས་བསྐྱེད་པའི་མ་མོ་བཅུ་གསུམ་དང་། །བྱིངས་ཀྱི་མ་མོ་བཅུ་བཞི་དང་། །ཡེ་ཤེས་ཀྱི་མ་མོ་ཉི་ཤུའོ། །སྣང་སྲིད་ཀུན་ཁྱབ་ཤུ་རེ་མ། །ཐུགས་དམ་བསྐང་བའི་ཡུམ་ཆེན་ལྔ། །དགྲ་བགེགས་སྒྲོལ་བའི་ཤུགས་སྒྲོལ་དྲུག །དྲག་ཤུལ་དབང་ཆེན་མ་མོ་བདུན། །གནོད་བྱེད་སྙིང་གཅོད་སྲིན་མོ་བརྒྱད། །བཀའ་སྡོད་བློན་མོ་ཆེན་མོ་དགུ། །ཡང་གབ་དབང་གི་རྒྱལ་མོ་བཞི། །སེམས་ལས་བསྐྱེད་པའི་མ་མོ་བཞི། །དམ་ལ་གནས་པའི་སྲིང་མོ་བཞི། །ཡིད་ལ་གཞུངས་པའི་མཛའ་མོ་བཞི། །ལུས་ལ་བསྐྱེད་པའི་བུ་མོ་བཞི། །མ་མོ་ཀུན་གྱི་གཙོ་མོ་བཞི། །བདུད་རྩི་སྒྲུབ་པའི་རྒྱལ་མོ་བཞི། །ཕུར་བུ་སྒྲུབ་པའི་བློན་མོ་བཞི། །མ་མོ་ཐུན་གྱི་བདག་མོ་བཞི། །ལས་ལ་གཤིན་པའི་བྲན་མོ་བཞི། །ད་ར་དབུགས་འཕྲོག་ལྷ་མོ་བཞི། །མ་མོ་རྩ་ཁྲོ་བདག་མོ་བཞི། །དགྲ་བོའི་སྙིང་ཕྲོག་ལྷ་མོ་བཞི། །ཀུན་གཞི་གནས་གྱུར་གཅིག་པུ་མ། །གླིང་བཞི་དབང་སྒྱུར་གྲགས་མོ་རྒྱལ། །སྟོང་གསུམ་དབང་བསྒྱུར་ཙ་ཛ་ཤྭ་རེ་མ། །དགྲ་བོ་དབང་བསྒྱུར་དཔལ་ལྡན་རེ་མ་ཏི། །འཇིག་རྟེན་དབང་ཆེན་དམན་མོའི་ཚོགས། །གཤིན་རྗེའི་ལྕམ་མོ་ཉི་ཤུ་གཅིག །ལས་མཁན་མ་མོ་བརྒྱད་བཅུ་གཅིག །བྱང་ཤར་མཚམས་ཀྱི་སྲིང་གཅིག་མ། །ཐུགས་ཀྱི་སྤྲུལ་པ་ནག་མོ་བདུན་ཚོགས་ནག་མོ་ཉི་ཁྲིའི་ཚོགས། །སྐུ་ཡི་སྤྲུལ་པ་དཀར་མོ་བདུན་ཚོགས་དཀར་མོ་ཉི་ཁྲིའི་ཚོགས། །གསུང་གི་སྤྲུལ་པ་དམར་མོ་བདུན་ཚོགས་དམར་མོ་ཉི་ཁྲིའི་ཚོགས། །ཡོན་ཏན་གྱི་མ་མོ་སེར་ནག་བདུན་
ཚོགས་སེར་ནག་ཉི་ཁྲིའི་ཚོགས། །ཕྲིན་ལས་ཀྱི་མ་མོ་ལྗང་ནག་བདུན་ཚོགས་ལྗང་ནག་ཉི་ཁྲིའི་ཚོགས། །མ་མོ་ངོས་གཟུང་གི་ལེའུ་སྟེ་སུམ་ཅུ་པའོ།། །།གཡུང་དྲུང་ལྷ་ཡིས་ཡང་གསོལ་པ། །སྣང་སྲིད་ཐིག་ལེར་ཇི་ལྟར་བསྡུ། །མངོན་རྫོགས་ཡབ་ཀྱིས་བཀའ་སྩལ་པ། །སྣང་སྲིད་ཐིག་ལེར་འདི་ལྟར་བསྡུ། །དེ་ཡང་གང་ཞེ་ན། ཡིད་དང་ཀུན་གཞི་དང་རྣམ་པར་ཤེས་པ་ལས། མ་མོ་ཐིག་ལེ་དགུར་གསལ་ཏེ། མ་མོ་ལྷུན་གྱིས་རྫོགས་པའི་ཐིག་ལེ་དང་། བྷ་ག་གནས་ཀྱི་ཐིག་ལེ་དང་། མ་མོ་ལུང་གི་ཐིག་ལེ་དང་། མ་མོ་སྒྲུབ་པའི་ཐིག་ལེ་དང་། མ་མོ་སྤྲུལ་པའི་ཐིག་ལེ་དང་། མ་མོ་ཐབས་ཀྱི་ཐིག་ལེ་དང་། མ་མོ་ཤེས་རབ་ཀྱི་ཐིག་ལེ་དང་། མ་མོ་སྐུ་གསུང་ཐུགས་ཀྱི་ཐིག་ལེ་དང་། མ་མོ་བྱང་ཆུབ་སེམས་ཀྱི་ཐིག་ལེའོ། །ཀུན་ཟླུམ་པའི་ཐིག་ལེ་ཞེས་ཀྱང་བྱ། ཀློང་ཡངས་པའི་ཐིག་ལེ་ཞེས་ཀྱང་བྱ། བརྗོད་དུ་མེད་པའི་ཐིག་ལེ་ཞེས་ཀྱང་བྱ། མ་ནོར་བ་ཞེས་ཀྱང་བྱ། གཏན་ལ་འབེབས་པ་ཞེས་ཀྱང་བྱ། མ་བཅོས་པ་ཞེས་ཀྱང་བྱ། རྒྱུ་རྐྱེན་མེད་པ་ཞེས་ཀྱང་བྱ། མ་འགགས་པ་ཞེས་ཀྱང་བྱ། ཡེ་གནས་ཆེན་པོར་གནས་སོ། །མ་མོ་སྣང་སྲིད་ཐིག་ལེའི་ལེའུ་སྟེ་སོ་གཅིག་པའོ།། །།རྒྱུད་ལུང་བྱང་སྐོར་རྩ་རྒྱུད་ཅེས་བྱ་བ་རྫོགས་སོ། །གནུབས་ནམ་མཁའི་སྙིང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།

བྱང་སྐོར་གྱི་རྒྱུད་ཕྱི་མ།


DNG023_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་སྐོར་གྱི་རྒྱུད་ཕྱི་མ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །སྔོན་འདས་པའི་དུས་མ་བྱུང་བའི་སྔོན་རོལ་ན། སྲིད་པ་ཐམས་ཅད་ཀྱི་སེམས་ཅན་མྱ་ངན་ལས་འདའ་བ་དང་། ཐེ་ཚོམ་བཅད་པའི་ཕྱིར་རྡོ་རྗེ་སེམས་དཔས་ཞུས་པ། རྡོ་རྗེ་སེམས་དཔས་ཡང་གསོལ་པ་དང་། འཇིག་རྟེན་པ་ཡི་ཆོས་རྣམས་ལས། །སེམས་ཅན་མྱ་ངན་ཇི་ལྟར་འདའ། །རྟག་ཆད་མཐའ་གཉིས་གང་དུ་བསྡུ། །ཡང་དག་རྫོགས་ཀྱིས་བཀའ་སྩོལ་ཅིག །དེ་སྐད་གསོལ་པ་གསན་ནས་ཀྱང་། །ཉག་གཅིག་ཡབ་ཀྱིས་བཀའ་སྩལ་པ། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །སྣོད་ཀྱི་


DNG023_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་ཀུན་བཟང་ཀློང་། །བཅུད་ཀྱི་འཇིག་རྟེན་སངས་རྒྱས་རྒྱུ། །ཕྱི་ནང་སྣོད་བཅུད་རྣམ་པར་དག །རྟག་ཆད་མཐའ་གཉིས་མྱ་ངན་འདས། །གཡུང་དྲུང་ལྷ་ཡིས་ཡང་གསོལ་པ། །སྟོན་པ་རྣམ་གསུམ་གང་ལ་བགྱི། །སྡུད་པ་རྣམ་གསུམ་གང་ལ་བགྱི། །གནས་ཞེས་བགྱི་བ་ཇི་ལྟ་བུ། །གནས་ལ་ངེས་པ་དུ་ཞིག་མཆིས། །དུས་ཞེས་བགྱི་བ་ཇི་ལྟ་བུ། །དུས་ལ་རྣམ་པ་དུ་ཞིག་མཆིས། །ཡང་དག་རྫོགས་ཀྱིས་བཀའ་སྩོལ་ཅིག །ཉོན་ཅིག་གཡུང་དྲུང་ཡང་དག་པ། །སྟོན་པ་རྣམ་གསུམ་ཡེ་ཤེས་སྐུ། །སྡུད་པ་རྣམ་གསུམ་རིག་པའི་གཏེར། །འཕོ་འགྱུར་མེད་པས་གནས་ཞེས་བྱ། །ཡང་དག་དོན་རྟོགས་དུས་ཞེས་བྱ། །རྡོ་རྗེ་སེམས་དཔས་ཡང་གསོལ་པ། །ལྷ་ལ་རྣམ་པ་དུ་ཞིག་མཆིས། །འཁོར་ལ་རྣམ་པ་དུ་ཞིག་མཆིས། །ལུང་ལ་རྣམ་པ་དུ་ཞིག་མཆིས། །ཡང་དག་རྫོགས་ཀྱིས་བཀའ་སྩོལ་ཅིག །ཉོན་ཅིག་གཡུང་དྲུང་ཡང་དག་པ། །ལྷ་ལ་རྣམ་པ་གསུམ་དུ་བསྟན། །འཁོར་ལ་རྣམ་པ་གསུམ་དུ་བསྟན། །ལུང་ལ་རྣམ་པ་གསུམ་དུ་བསྟན། །རྡོ་རྗེ་སེམས་དཔས་ཡང་གསོལ་པ། །རྒྱུད་ཅེས་བགྱི་བ་ཇི་ལྟར་ལགས། །ལུང་ཞེས་བགྱི་བ་ཇི་ལྟར་ལགས། །མན་ངག་ཞེས་བགྱི་ཇི་ལྟར་ལགས། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །རྒྱུད་ཅེས་བྱ་བ་འདྲེལ་བའི་དོན། །ལུང་ཞེས་བྱ་བ་སྟོན་པའི་བཀའ། །མན་ངག་ཅེས་བྱ་ལ་ལྔའོ། །རྡོ་རྗེ་སེམས་དཔས་ཡང་གསོལ་པ། །ཡུམ་གྱི་དབྱིངས་ཞེས་གང་ལ་བགྱི། །ཡབ་ཀྱི་མཁའ་ཞེས་གང་ལ་བགྱི། །བླང་དོར་མེད་པ་གང་གིས་འགྲུབ། །འཁོར་བ་གནས་འདི་མི་འཚལ་ན། །ཀློང་ཞེས་བགྱི་བ་ཇི་ལྟ་བུ། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །འདུ་འབྲལ་མེད་པ་ཡུམ་གྱི་དབྱིངས། །སྐྱེ་འཆི་མེད་པ་ཡབ་ཀྱི་མཁའ། །བླང་དོར་མེད་པ་བདེ་ཆེན་ཀློང་། །བདེ་བ་ཆེན་པོའི་དོན་རྟོགས་ན། །བླང་དོར་མེད་པ་དེ་ཡི་འགྲུབ། །གཉིས་མེད་དོན་རྟོགས་དེ་ཡི་ངང་། །རྡོ་རྗེ་སེམས་


DNG023_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

དཔས་ཡང་གསོལ་པ། །ཆོས་ཉིད་རྟག་པའི་གཡུང་དྲུང་ལ། །སེམས་ཉིད་དོན་གྱི་ལ་དོར་ན། །རྟོག་པའི་ལྟ་བ་ལ་དོར་རོ། །རྡོ་རྗེ་སེམས་དཔས་ཡང་གསོལ་པ། །མ་ཞེས་བགྱི་བ་གང་གི་དབྱིངས། །མོ་ཞེས་བགྱི་བ་གང་གི་ཀློང་། །མ་མོའི་གཏན་ཚིགས་ཇི་ལྟར་ལགས། །འབྱུང་བ་ལྔ་པོ་གང་ལས་གྲུབ། །སངས་རྒྱས་རྒྱུ་ཉིད་གང་ལས་གྲུབ། །བདེ་བ་ཆེན་པོའི་ངང་ཉིད་ལས། །རྒྱུ་རྐྱེན་གཉིས་ཀྱིས་བསྐྱེད་ལགས་ན། །འབྱུང་བ་གཉིས་ཀྱི་ངང་ཉིད་ལས། །འདི་ལ་འཕོ་འགྱུར་མཆིས་ལགས་སམ། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །ཆེ་བས་ཆེ་བའི་ཟབ་མོ་འདི། །ཆེ་བའི་ཡེ་ཤེས་རྙེད་དཀའ་བ། །ཤེས་རབ་ཐབས་ལ་བརྟེན་པས་འགྲུབ། །མ་དང་མོ་ཡི་དོན་རྟོགས་ན། །མ་སོང་བ་ན་ངེས་པར་ཐོབ། །ཡིད་བཞིན་ནོར་བུ་མ་བཙལ་རྙེད། །ཡེ་ཤེས་ཉི་མ་རང་ལས་ཤར། །ཆེན་པོ་ལྔ་ཡི་ངང་ཉིད་དུ། །ཐམས་ཅད་མ་ལུས་སངས་རྒྱས་སོ། །ཧཱུཾ་ཧཱུཾ་ཧཱུཾ། ཏིང་འཛིན་དབང་ཆེན་དཀྱིལ་འཁོར་རིམ་བཞིན་བསྐྱེད། །བདག་ཉིད་དབང་ཆེན་སྐུར་བསྒོམས་ཐམས་ཅད་དབང་དུ་བསྡུས། །དབུ་དགུ་བཅོ་བརྒྱད་ཕྱག་སྟེ་ཞབས་ཀྱང་བརྒྱད་དུ་བསྟན། །མན་ངག་འཛུབ་ཚུགས་དྲུག་གིས་དོན་རྣམས་ཚང་བར་སྟོན། །རྡོ་རྗེ་སེམས་དཔས་ཡང་གསོལ་པ། །སེམས་ཅན་དུས་མིན་འཆི་བ་རྣམས། །དེ་ལས་ཟློག་ན་ཇི་ལྟར་བཟློག །བསྐང་བའི་གནས་ལྔ་ཇི་ལྟར་ལགས། །ཡང་དག་རྫོགས་ཀྱིས་བཀའ་སྩོལ་ཅིག །དེ་སྐད་གསོལ་པ་གསན་ནས་ཀྱང་། །ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །སེམས་ཅན་དུས་མིན་འཆི་བ་དེ། །བསྐང་བའི་གནས་ལྔ་འདི་རྣམས་སོ། །ཧཱུཾ་སྣང་སྲིད་ཐམས་ཅད་ཡུམ་གྱི་བྷ་ག་སྟེ། །དུས་གསུམ་བདེ་གཤེགས་ཡུམ་གྱི་གྲོང་ནས་བསྐྱེད། །དབུས་ཀྱི་ཆེ་མཆོག་སྐུ་དང་གཉིས་མེད་བཞུགས། །མུ་མཐར་ཁྱབ་པའི་ཐུགས་དམ་བདག་སྐོང་ན། །ཐུགས་དམ་བསྐོངས་ནས་དབང་དང་དངོས་གྲུབ་སྩོལ། །ཤར་ཕྱོགས་རྡོ་རྗེ་རིགས་ཀྱི་གཙོ། །


DNG023_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་དབྱིངས་ཕྱུག་མི་ཕྱེད་མ། །བསྐང་ངོ་བསྐལ་པའི་ཐུགས་དམ་བསྐང་། །ལྷོ་ཕྱོགས་རིན་ཆེན་རིགས་ཀྱི་གཙོ། །རིན་ཆེན་དབྱིངས་ཕྱུག་མི་ཕྱེད་མ། །བསྐང་ངོ་བསྐལ་པའི་ཐུགས་དམ་བསྐང་། །ནུབ་ཕྱོགས་པདྨ་རིགས་ཀྱི་གཙོ། །པདྨ་དབྱིངས་ཕྱུག་མི་ཕྱེད་མ། །བསྐང་ངོ་བསྐལ་པའི་ཐུགས་དམ་བསྐང་། །བྱང་ཕྱོགས་ལས་རབ་རིགས་ཀྱི་གཙོ། །ལས་ཀྱི་དབྱིངས་ཕྱུག་མི་ཕྱེད་མ། །བསྐང་ངོ་བསྐལ་པའི་ཐུགས་དམ་བསྐང་། །དབྱིངས་ཀྱི་མ་ཆེན་བརྒྱད་རྣམས་དང་། །ཡུལ་གྱི་སྲིང་མོ་བརྒྱད་རྣམས་ཀྱང་། །བསྐང་ངོ་བསྐལ་པའི་ཐུགས་དམ་བསྐང་། །བསྐང་བའི་ལེའུ་སྟེ་དང་པོའོ།། །།རྡོ་རྗེ་སེམས་དཔས་ཡང་གསོལ་པ། །བསྟན་པ་གཉན་པོ་འཇིག་བྱེད་ཅིང་། །ལུ་གུ་རྒྱུད་ལ་འགལ་བྱེད་དང་། །སེམས་ཅན་ཀུན་ལ་གནོད་བྱེད་པའི། །རྟག་ཏུ་གདུག་པའི་སེམས་འཆང་རྣམས། །ལུས་སེམས་སོ་སོར་དབྲལ་བའི་ཕྱིར། །ལྷ་དང་དབྱེ་བ་ཇི་ལྟར་ལགས། །རྫོགས་སངས་རྒྱས་ལ་བདག་ཉན་འཚལ། །དེ་སྐད་གསོལ་པ་གསན་ནས་ཀྱང་། །ངོ་མཚར་ལྷ་ཡིས་བཀའ་སྩལ་པ། །བསྟན་པ་གཉན་པོ་འཇིག་བྱེད་ཅིང་། །ལུ་གུ་རྒྱུད་ལ་འགལ་བྱེད་དང་། །སེམས་ཅན་ཀུན་ལ་གནོད་བྱེད་པའི། །རྟག་ཏུ་གདུག་པའི་སེམས་འཆང་རྣམས། །ལུས་སེམས་སོ་སོར་དབྲལ་བའི་ཕྱིར། །དབྱེ་བའི་ལས་རྣམས་ངས་བསྟན་གྱི། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །འགོ་བའི་ལྷ་དང་ཕྲལ་བའི་ཕྱིར། །བྱ་རོག་འུག་པའི་གུང་རུ་ལ། །ཨ་དང་ནྲྀ་ཡི་ཡི་གེ་བྲི། །རྨེ་བ་རྐང་གི་དྲེག་པས་སླན། །ཤོག་ཤོག་གྲུ་བཞི་ཚོན་རེ་ལ། །ལྷ་དང་མི་ཡི་མིང་བྲིས་ལ། །ཚོན་སྐུད་སྣ་ལྔས་བྱང་དུ་གཞུག །རྐང་དུ་རྩ་དུར་བཅུག་ནས་ནི། །འོག་གི་ཕྱིན་ཕྱོགས་དག་ཏུ་བསྟན། །དུ་ར་ནག་པོས་རྐང་དུར་བསྡམ། །མནྡྷ་ལི་ཡི་དར་གྱིས་གྲིལ། །ཨ་ཏྲི་ས་ལའི་ཐག་པས་བཅིང་། །འདའ་ར་པ་ཏིའི་རྒྱུས་པས་གདགས། །པ་ར་མ་ཏིའི་དུ་བས་གདུག །སྲི་ཤའི་ཤིང་


DNG023_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཏགས་ནས་ཀྱང་། །ཐང་ལ་ཕྱར་ཏེ་སྡང་མིག་བལྟ། །ཨ་ཏ་པ་ཡི་ལྕགས་ཀྱིས་བརྡེག །རྦ་ན་ཏ་ཡི་དུ་བས་བདུག །ཙ་ར་ཏ་ཡི་མདའ་ཡིས་བརྡེག །གུ་པ་ཏའི་ས་ར་ཡང་མགུལ་དུ་གདགས། །མ་ལ་ཏ་ཡི་སྒྲོ་ནས་དབྱུང་། །མེ་ལྕེ་འབར་བའི་སྙིང་པོ་བཟླས། །རྣར་ཉན་ཕྲ་མའི་གཟུགས་བྲིས་ལ། །ལྷ་དང་མི་ཡི་བར་དུ་གཟུག །མཱ་ར་ཎ་ཡི་སྔགས་ཀྱིས་དབྱེ། །མཚོན་ཆའི་ཕྱག་རྒྱ་བཅས་ནས་ནི། །གཟུགས་ཀྱི་བར་དུ་བརྡེག་པར་བྱ། །རཀྴ་རུ་པའི་སྔགས་ཀྱིས་གདབ། །ལྕགས་ཀྱུའི་ཕྱག་རྒྱ་གཉིས་བཅིངས་ནས། །ཨངྐུ་ཤ་ཡི་སྔགས་ཀྱིས་དྲངས། །ཞགས་པའི་ཕྱག་རྒྱ་གཉིས་བཅིང་ལ། །པཱ་ཤ་ཧཱུཾ་གི་སྔགས་ཀྱིས་བཅིངས། །ལྕགས་སྒྲོག་ཕྱག་རྒྱ་གཉིས་བཅིངས་ལ། །སྥོ་ཊ་བཾ་གྱི་སྔགས་ཀྱིས་བསྡམ། །དྲིལ་བུའི་ཕྱག་རྒྱ་གཉིས་བཅིངས་ལ། །གྷཎྜ་ཧོ་ཡི་སྔགས་ཀྱིས་སྤར། །བདག་ཉིད་དབང་ཆེན་སྐུར་བསྒོམས་ཏེ། །ཕོ་ཉ་དྲུག་ཅུས་རྟེན་ལ་དབབ། །གོང་གི་ལས་རྣམས་སྦྱར་ལ་བྱ། །དེས་ནི་མཚན་མ་འབྱུང་བར་འགྱུར། །དེས་ནི་མཚན་མ་མ་བྱུང་ན། །འདའ་ར་པ་ཏིའི་སོབ་པ་ལ། །མ་ལ་ཏི་ཡི་ཁྲག་གིས་བྲིས། །གདང་ཏ་ག་ནའི་དོང་དུ་གཞུག །ཆེ་མཆོག་ཡབ་ཡུམ་བསྒོམས་ནས་ནི། །སྨན་མོའི་སྔགས་དང་ཕྱག་རྒྱས་གདབ། །སྒྲུབ་པའི་ཕྲིན་ལས་གཞུང་བཞིན་བྱ། །ཉེ་འབྱེད་ཀྱི་ལེའུ་སྟེ་གཉིས་པའོ།། །།རྡོ་རྗེ་སེམས་དཔས་ཡང་གསོལ་པ། །དམ་ཚིག་འདས་པའི་སྔགས་ཟེར་དང་། །འཇིག་རྟེན་མཚན་མའི་བྱོལ་པོ་དང་། །ལྷ་འདྲེ་དྲག་པོར་གཡོས་པ་ཡི། །ངན་སྔགས་རྫུ་འཕྲུལ་ཇི་ལྟར་ཟློག །རྫོགས་སངས་རྒྱས་ལ་བདག་ཉན་འཚལ། །དེ་སྐད་གསོལ་པ་གསན་ནས་ཀྱང་། །ངོ་མཚར་ལྷ་ཡིས་བཀའ་སྩལ་པ། །དམ་ཚིག་འདས་པའི་སྔགས་ཟེར་དང་། །འཇིག་རྟེན་མཚན་མའི་བྱོལ་པོ་དང་། །དྲག་པོར་གཡབ་པའི་རྫུ་འཕྲུལ་རྣམས། །བཟློག་པའི་ལས་རྣམས་ངས་བསྟན་གྱིས། །ཉོན་ཅིག་གཡུང་དྲུང་


DNG023_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་པ། །ངན་སྔགས་པར་བུས་ཟློག་པའི་ཕྱིར། །གཏན་ཚིགས་མན་ངག་འདི་གསུངས་སོ། །བ་ཀོ་འདྲ་བའི་མཎྜལ་གཞུང་བཞིན་བྱ། །སྶཙྪ་ཙ་ཏི་མང་དུ་གདབ། །ཕྱི་ཡི་བཤགས་པ་གཞུང་བཞིན་བྱ། །དེ་ནས་གསང་བའི་མཚམས་བཅད་དོ། །ལས་ཀྱི་དཀྱིལ་འཁོར་གཞུང་བཞིན་བྱ། །ནང་གི་སརྦ་རུ་པ་གཏོང་། །བསྐང་གསོ་སྤང་སྐོང་གྲངས་ཀྱིས་གདོན། །བསྐང་བའི་གནས་ལྔ་བཞིན་དུ་བསྐང་། །མ་ཧཱ་ཤཱནྟིའི་ཆོ་ག་བྱ། །མ་མོར་གྲགས་པ་ཀུན་ཀྱང་བསྐང་། །ཡོ་བྱད་ནག་པོ་གཞུང་བཞིན་གཏང་། །རྟགས་དང་མཚན་མ་ཞིབ་ཏུ་བརྟགས། །རྟགས་དང་མཚན་མ་ཟིན་པ་དང་། །བསྐང་བཟློག་ཆོ་ག་བརྩམ་པར་བྱ། །དེས་ནི་མཚན་མ་ཟློག་པར་འགྱུར། །བཟློག་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་བསྐྱར་ཏེ་ཡང་གསུངས་པ། །བསྐང་བ་དེས་ཀྱང་མ་བསྐངས་ན། །དབང་གི་རྒྱལ་པོའི་སྐུར་བསྒོམས་ཏེ། །རྩ་བ་གང་ཡིན་མ་མོ་དེ། །ཀུ་ཤ་ལ་ལ་གཟུགས་བྱས་ཏེ། །ཡན་ལག་བསྡུས་ལ་རྒྱ་ཡིས་གདབ། །དམན་མོ་ལྔ་བཅུ་རྩ་གསུམ་ཡང་། །ཤིང་ཤུན་དག་ལ་གཟུགས་བྲིས་ལ། །ཏ་ར་བ་ཏིའི་སྐུད་པས་གདགས། །ཡེ་ཤེས་མ་མོ་བཅུ་བཞི་ཡང་། །ཆེ་མཆོག་སྐུ་རུ་བསྒོམས་ནས་ནི། །མགོ་ལུས་བསྣོལ་ཏེ་གདན་དུ་གདིང་། །དེས་ནི་ངན་སྔགས་ཟློག་པར་འགྱུར། །གལ་ཏེ་ལས་སུ་མ་གྲུབ་ན། །བརྟགས་ཏེ་རྩ་བ་གང་ཡིན་པ། །ཤོག་ཤོག་དག་ལ་གཟུགས་བྱས་ལ། །མཆོག་གི་ཕུར་བུ་གཡས་པས་རྡེག །སྨན་མོ་ལྔ་བཅུ་རྩ་གསུམ་ཡང་། །འཇག་མ་དག་ལ་གཟུགས་བྱས་ལ། །ཟངས་ཀྱི་ཕུར་བུ་དམར་པོས་གདབ། །དབུས་ཀྱི་མ་མོ་བཅུ་གསུམ་ཡང་། །ཞིང་གི་ཤུན་མའི་རས་མ་ལ། །ཁྲག་དང་མཚལ་གྱིས་གཟུགས་བྱས་ལ། །གསེར་རམ་སེར་པོའི་ཕུར་བུས་གདབ། །དེས་ནི་ངན་སྔགས་ཟློག་པར་འགྱུར། །གལ་ཏེ་ལས་སུ་མ་གྲུབ་ན། །དབུས་ཀྱི་ཆེ་མཆོག་ཡབ་ཡུམ་གཉིས། །སྤྲ་ཚིལ་དག་ལ་གཟུགས་བྱས་ལ། །ལྕགས་སམ་ནག་པོའི་ཕུར་པ་ཡིས། །


DNG023_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀ་ཉིད་དུ་གདབ་པར་བྱ། །ལས་རྣམས་འགྲུབ་པར་གདོན་མི་ཟ། །ཀཱི་ལ་ཡ་ཡི་སྔགས་བརྗོད་པས། །ཆོས་ཉིད་དབྱིངས་སུ་གདབ་པར་བྱ། །ཆེ་མཆོག་རྟགས་ཀྱི་ཕྱག་རྒྱ་ཡིས། །འགྱུར་མེད་དབྱིངས་སུ་རྒྱས་གདབ་པོ། །ངན་སྔགས་ཕུར་བུས་བཟློག་པའི་ལེའུ་སྟེ་བཞི་པའོ།། །།རྡོ་རྗེ་སེམས་དཔས་ཡང་གསོལ་པ། །དེ་ལྟར་ངན་སྔགས་བཟློག་ནས་ནི། ། སྔོན་དུ་སྔ་མའི་སྔགས་ཟེར་དེས། །ཚེ་སྲོག་ཉམས་ན་ཇི་ལྟར་གསོ། །རྫོགས་སངས་རྒྱས་ཀྱིས་བཀའ་སྩོལ་ཅིག །སྔོན་དུ་སྔ་མའི་སྔགས་ཟེར་དེས། །ཚེ་སྲོག་ཉམས་ན་གསོ་བའི་ཕྱིར། །གསང་བའི་ཆོ་ག་ངས་བསྟན་གྱི། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །སྟེགས་བུ་འདོམ་གང་གྲུ་བཞི་ལ། །འཁོར་ལོ་རྩིབས་བརྒྱད་དེ་དབུས་སུ། །པདྨ་ཆེན་པོ་འདབ་བརྒྱད་བྲི། །པདྨ་ཆེན་པོ་དེ་དབུས་སུ། ། རིན་ཆེན་འབར་བ་ཟུར་བརྒྱད་བྲི། །དེ་དབུས་ཟླ་གམ་ཟླུམ་པོ་ལ། །བྷནྡྷ་མཚན་དང་ལྡན་པ་བཞག །རིན་ཆེན་འབར་བ་ཟུར་བརྒྱད་ལ། །ལྔ་ལ་རྟག་པའི་རྒྱལ་མོ་ལྔ། །གཉིས་ལ་སྨེ་ཤ་པྲ་མོ་ཧ། །གཅིག་ལ་ཚེ་ཡི་སྙིང་པོ་བྲི། །པདྨ་ཆེན་པོ་འདབ་བརྒྱད་ལ། །ཕྱོགས་བཞིར་ཁྲོས་པའི་དབང་ཆེན་བསྐྱེད། །མཚམས་བཞིར་གསང་བའི་ཡུམ་བཞི་དགོད། །ཕྱོགས་བཞིར་ཕྱག་རྒྱ་ཆེན་པོ་བཞི། །གཉིས་ལ་ཐོད་ཕྲེང་རྒྱ་མཚོ་གཉིས། །གཅིག་ལ་ཚེ་ཡི་སྙིང་པོ་བྲི། །སྨན་མོ་ཕྱི་མ་དོན་གྱིས་སྦྱར། །དཀྱིལ་འཁོར་དེ་ཡི་ཕྱི་རིམ་དུ། །བཀྲ་ཤིས་བརྒྱད་ཀྱང་དགོད་པར་བྱ། །སྒོ་བཞིར་ཁྲོ་བོ་བཞི་ཡང་དགོད། །ཚིལ་ཆེན་མར་མེ་རྒྱུན་མི་གཅད། །ཡོ་བྱད་ཚོགས་པའི་ཟས་རྣམས་ལ། །རྩ་བའི་སྔགས་ཀྱིས་བཏབ་ལ་བཞག །མ་མོ་སྤྱི་ཡི་ཕྱག་རྒྱ་བཅོས། །ཨཱ་ཡུཿབྱ་བའི་སྔགས་ཀྱིས་གདབ། །དངོས་གྲུབ་རྟགས་དང་སྦྱར་ནས་ནི། །གསོ་བསྐྱེད་བཟླས་ཤིང་བསྡིམ་པར་བྱ། །ཚེ་སྒྲུབ་པའི་ལེའུ་སྟེ་ལྔ་པའོ།། །།རྡོ་རྗེ་སེམས་དཔས་ཡང་གསོལ་པ། །ཐིག་ལེའི་སྤྱོད་པ་ཉམས་པ་དང་། །


DNG023_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་བོའི་ཐིག་ལེ་ཉམས་པ་དང་། །ལས་དེ་སླར་ལ་ཟློག་པའི་ཕྱིར། །ཉག་གཅིག་ཡབ་ལ་བདག་ཉན་འཚལ། །ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །ལས་དེ་སླར་ཡང་ཟློག་པའི་ཕྱིར། །ངེས་པའི་མན་ངག་ངས་བསྟན་གྱི། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །རྟགས་དང་མཚན་མ་བྱུང་བའི་ཚེ། །བསྡམས་པའི་ཕྱག་རྒྱ་བཀྲོལ་ནས་ནི། །དགྲ་ཡི་ཡུལ་ཕྱོགས་བལྟས་ནས་ནི། །གྲོ་ག་ཤིང་ཤུན་རས་སོགས་ལ། །མི་དེའི་མིང་སྨྲས་བྱང་བུར་བྲིས་ནས་ནི། །དེ་ཡི་ལག་ཏུ་བསྐུར་ནས་ནི། །ཤུགས་སྒྲོལ་མ་ཡི་སྔགས་ཀྱིས་གདབ། །ཁྲག་དང་དུག་གི་གཏོར་མ་ཡང་། །རབས་ཆད་ཐོད་པར་བཤམས་ནས་ནི། །ཡུལ་ས་དེ་ཡི་ཕྱོགས་སུ་གཏོར། །ལས་རྣམས་ངེས་པར་གདོན་མི་ཟ། །སྙིང་གི་ཕུར་བུ་ཕྱུང་ནས་ནི། །ཨ་མྲྀ་ཏ་ཡིས་མཆོད་བྱས་ནས། །དམ་རྫས་གཙང་མའི་གཏོར་མ་ལ། །ཁུ་ས་ར་ཡི་ཁྲག་གིས་སྦྲེང་། །གང་ཡིན་དེ་ཕྱོགས་ཁ་བལྟས་ཏེ། །གཙོ་འཁོར་ཚུལ་བཞིན་བསྐུལ་ནས་ནི། །ལུས་ཀྱང་གསིག་ཅིང་ཕྱག་རྒྱ་བསྡམ། །བདག་ཉིད་དབང་གི་སྐུར་བསྒོམ་ཏེ། །དབང་དྲག་ཕྱག་རྒྱ་བཅས་ནས་ནི། །གཟུགས་དེ་ཉིད་ལ་ཚམ་རྔམས་བྱ། །དྲག་ཤུལ་དབང་གིས་བསྐྱོད་ལ་གཏང་། །དེ་ལྟར་སྨན་མོ་རྣམས་དྲག་ཤུལ་གྱིས་དབང་དུ་བསྡུས་ལ་གཏོང་། ལས་མི་འགྲུབ་མི་སྲིད་དོ། །འདི་ནི་རོམྦུ་གུ་ཧྱ་ཙནྡྲའི་མན་ངག་གི་ལེའུ་སྟེ་དྲུག་པའོ།། །།བསྡམས་པའི་ཕྱག་རྒྱ་བཀྲོལ་ནས་ནི། །བྲིག་ཤའི་ལྕགས་ཀྱིས་སྡོམ་ནས་ནི། །བིང་གི་ཕྱག་རྒྱ་བཅས་ནས་ནི། །རྡོ་རྗེ་གནོད་འགྲོས་གོང་མ་ཡིས། །ཕྱོགས་དེར་དྲག་ཏུ་བཏུད་འགྲོའོ། །ཡབ་ཡུམ་སྔགས་ཀྱིས་བཏབ་ནས་ནི། །བིང་གི་ཕྱག་རྒྱ་དྲག་བསྒྱུར་ན། །དེས་ནི་མོད་ལ་ལས་རྣམས་འགྲུབ། །ལན་གསུམ་བྱས་ན་ན་བར་འགྱུར། །ལན་ལྔ་བྱས་ན་འཆི་བར་འགྱུར། །སྙིང་གི་ཕུར་བུ་ཕྱུང་ནས་ནི། །ལན་གསུམ་དྲག་ཏུ་དྲིལ་བྱས་ཏེ། །སྤྱི་བོ་དག་ཏུ་གདབ་པར་བྱ། །ལྕགས་སྣ་ལྔ་ཡི་ཕུར་པ་ལ། །དབང་དྲག་ལས་རྣམས་གཞུང་བཞིན་བྱ། །དེས་ནི་ངེས་པར་གདོན་མི་ཟ། །མོན་ནམ་རབས་ཆད་ཐོད་པ་


DNG023_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །ནང་དུ་མ་བདུན་སྙིང་པོ་བྲི། །སྤྱི་གཙུག་ཉི་ཟླ་ཐོད་ཕྲེང་བྲི། །ཆགས་འཛིན་སྤུན་གཉིས་རྣ་ལྟག་གོ། །ཚོན་སྐུད་གཉིས་ཀྱིས་མིག་ནས་གདགས། །རཀྴ་རུ་ཏྲའི་སྔགས་ཀྱིས་གདབ། །བིང་གི་ཕྱག་རྒྱ་གཉིས་བསྒྲིལ་ཏེ། །དྲག་ཏུ་བསྐུལ་ཏེ་འཕངས་ལ་བཏང་། །ཞིང་གི་ཤ་ཚིལ་རས་མ་ཡིས། །མ་མོ་རྣམས་ལ་གཏང་རག་གཏོང་། །ལས་རྣམས་འགྲུབ་པར་གདོན་མི་ཟ། །སློབ་དཔོན་པདྨ་སམྦྷ་བའི་མན་ངག་གོ། །ངན་སྔགས་པར་བུས་གསད་པའི་ལེའུ་སྟེ་བདུན་པའོ།། །།རྡོ་རྗེ་སེམས་དཔས་ཡང་གསོལ་པ། །བསྟན་པ་གཉན་པོ་འཇིག་བྱེད་ཅིང་། །ལུ་གུ་རྒྱུད་ལས་འགལ་བྱེད་དང་། །སེམས་ཅན་ཀུན་ལ་གནོད་བྱེད་པ། །རྟག་ཏུ་གདུག་པའི་སེམས་གྱུར་ན། །ནན་ཏུར་འོག་ཏུ་ཇི་ལྟར་བཅའ། །རྫོགས་སངས་རྒྱས་ལ་བདག་ཉན་འཚལ། །དེ་སྐད་གསོལ་པ་གསན་ནས་ཀྱང་། །ངོ་མཚར་ལྷ་ཡིས་བཀའ་སྩལ་པ། །བསྟན་པ་གཉན་པོ་འཇིག་བྱེད་ཅིང་། །ལུ་གུ་རྒྱུད་ལས་འགལ་བྱེད་དང་། །སེམས་ཅན་ཀུན་ལ་གནོད་བྱེད་པ། །རྟག་ཏུ་གདུག་པའི་སེམས་གྱུར་ན། །ནན་ཏུར་ལས་རྣམས་ངས་བསྟན་གྱི། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །སྲོག་གི་རྩ་རྣམས་སྐམ་པའི་ཕྱིར། །ར་སོག་གྲོ་ག་ཤིང་ཤུན་ནམ། །གཡམ་པ་སྔོན་པོའི་ངོས་དག་ལ། །ཁྱི་ཁྲག་ར་ཁྲག་སོལ་པ་ཡིས། །དགྲ་བོའི་གཟུགས་སུ་བྲིས་ནས་ནི། །ཚེར་མ་ཅན་གྱི་ཤིང་རྣམས་སམ། །པྲིག་ཤ་བ་ཡི་ཤིང་བུ་ལ། །ར་ཏི་དམར་པོའི་འདྲེ་ལྕགས་གདབ། །དགྲ་བོའི་གཟུགས་ལ་བརྡེག་པར་བྱ། །ཡ་ན་ཏ་ཀའི་ཤུན་པ་ལ། །ན་པ་གུ་ཏིའི་ཡི་གེ་བྲིས། །མགོ་ལ་མཁའ་འགྲོ་ལྔ་པོ་ཡང་། །ཙ་ར་མ་ཏི་ཏ་ཡིས་བྲི། །ལྟེ་བར་ཆགས་འཛིན་སྤུན་གཉིས་བྲི། །རྐང་པ་གཉིས་ལ་མ་བདུན་བྲི། །གཡས་པའི་དུམ་བུ་བཞི་པོ་ལ། །ཕུང་བྱེད་སྦས་པའི་མ་བཞི་བྲི། །གཡོན་པའི་དུམ་བུ་བཞི་པོ་ལ། །ཁྲོས་པའི་དབང་ཆེན་བཞི་པོ་བྲི། །གསང་བའི་ཡུམ་བཞི་ཀླད་པའི་རྒྱས། །ཉི་ཟླ་ཐོད་ཕྲེང་


DNG023_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་གི་དཀྱིལ། །ཕྲ་མེན་རྒྱ་མཚོ་མཁལ་མའི་དཀྱིལ། །ཡེ་ཤེས་ཚོགས་ཀྱི་རྗེ་མོ་ནི། །ཕུད་ཀྱི་གཙོ་མོར་བཞུགས་སུ་གསོལ། །ཕྱི་ཡི་སྨན་མོ་འཁོར་རྣམས་ནི། །གདུགས་རྩིབ་ཁར་དང་ཕྱུག་རེའོ། །ཡང་ཕྱིན་ཆེན་མོ་རྒྱུས་པའོ། །དུས་དྲུག་རྒྱུ་བའི་དགྲ་བོ་ནི། །ཤ་བ་གཉན་དང་བ་གླང་ངོ་། །འདི་ནི་ནམ་གྱི་གུང་ལ་རྒྱུ། །རྟ་དང་ལུག་དང་ར་གསུམ་ནི། །འདི་ནི་ཉིན་བཞིན་རྒྱུ་བའོ། །རྗེ་ཁོལ་དྲུག་ཅུ་རྩ་བཞི་ཡང་། །དུས་དྲུག་རྒྱུ་བ་དེ་བཞིན་ནོ། །མྱུར་དུ་བསྒྲལ་བའི་སྔགས་རྣམས་ནི། །གོང་མའི་སྔགས་རྣམས་བསྟན་པ་ནི། །སྔགས་ཡུང་དཀར་ལ་ཁྲི་འབུམ་དུ། །བཟླས་པས་གཟུགས་ལ་བརྡེག་པར་བྱ། །གཡོན་གྱི་རྨེ་ལག་གཅད་ནས་ནི། །རང་གི་དཔྲལ་བའི་དབྱེས་སུ་གཞག །བདུད་ཀྱི་ཆས་སུ་ཞུགས་ནས་ནི། །སྐྲ་བཤིག་མིག་ནས་མཆིལ་མ་དབྱུང་། །དེ་ཕྱོགས་ཉིད་དུ་བལྟས་ནས་ནི། །ང་རོ་དྲག་པོ་བསྒྲགས་ནས་ཀྱང་། །གཡས་པའི་ཕྱག་རྒྱ་སྡིགས་འཛུབ་ཀྱིས། །སྔགས་འདི་དྲག་ཏུ་བཟླས་ལ་བརྡེག །སྙིང་ལ་ཟླ་བ་ཙི་མ་ཤ །རོ་ལ་ཁྲག་འཐུང་ཀངྐྈ་ཤ་ཟན། ཡང་ཏང་བར་ལ་ཏོ། ཤ་ལ་ཁྱི་སྤྱང་། ཀྲ་ཧེ་ཀྲ་ཧེ། བཛྲ་བྷནྡྷ་བྷྱོ། རུ་ལུ་རུ་ལུ། ཁྲག་སྐེམས་ཀྱི་ལེའུ་སྟེ་བརྒྱད་པའོ།། །།ཤྲཱི་ཛྙཱ་ནའི་མན་ངག་འདི་སྲོག་དང་འདྲའོ། །དགེ་སྡིག་ལུས་ལ་དྲི་མ་དང་འདྲའོ།། །།རྡོ་རྗེ་སེམས་དཔས་ཡང་གསོལ་པ། །བསྟན་པ་གཉན་པོ་འཇིག་བྱེད་པ། །ལུ་གུ་རྒྱུད་ལས་འགལ་བྱེད་ཅིང་། །སེམས་ཅན་ཀུན་ལ་གནོད་བགྱིད་པའི། །རྟག་ཏུ་གདུག་པའི་སེམས་གྱུར་ན། །ནན་ཏུར་ལས་རྣམས་ཇི་ལྟར་འཚལ། །རྫོགས་སངས་རྒྱས་ལ་བདག་ཉན་འཚལ། །དེ་སྐད་གསོལ་པ་གསན་ནས་ཀྱང་། །ངོ་མཚར་ལྷ་ཡིས་བཀའ་སྩལ་པ། །བསྟན་པ་གཉན་པོ་འཇིག་བྱེད་པ། །ལུ་གུ་རྒྱུད་ལས་འགལ་བྱེད་ཅིང་། །སེམས་ཅན་ཀུན་ལ་གནོད་བྱེད་པའི། །རྟག་ཏུ་གདུག་པའི་སེམས་གྱུར་ན། །ནན་ཏུར་ལས་རྣམས་ངས་བསྟན་གྱི། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །ཇི་ལྟར་ཡི་


DNG023_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

དམ་གནས་གསུམ་ནི། །འབྲུ་སྣ་ཚོགས་པའི་མི་གཟུགས་ལ། །མཁར་ཐབས་མདའ་ཡིས་བརྒྱན་ནས་ནི། །སླེའུ་བཟང་དར་དཀར་ཆས་ཀྱིས་བརྒྱན། །ཡོ་བྱད་ཚོགས་པའི་སྡེར་ཆས་དང་། །ཟ་འོག་དག་གིས་རྣམ་པར་བརྒྱན། །ལེའུ་བཟང་སླེའུ་དགྲ་ཡི་རྐྱེན། །རིན་ཆེན་སྣ་བདུན་རྒྱན་གྱིས་བརྒྱན། །མ་ཧཱ་ཤནྟིཾ་གཞུང་བཞིན་བརྗོད། །ཕོ་རིགས་རྣམས་ལ་གཞུང་བཞིན་བསྔོ། །དེ་ནས་གཞུང་བཞིན་བསྔོས་པ་དང་། །སོལ་བའི་དོང་གྲུ་གསུམ་གྱི་ནང་དུ་གླུད་ཕྱི་རྒན་དུ་མནན་ལ། དེའི་སྟེང་དགྲ་གང་ཡིན་པའི་གཟུགས་ར་སོག་ལ་བྲིས་ལ་ཁ་སྦུབ་ཏུ་མནན་ཏེ། དེའི་སྟེང་དུ་རྡོ་རྗེ་རྒྱ་གྲམ་གྱིས་མནན་ནོ། །དེ་ནས་དགྲ་བོའི་མིང་བྲིས་ཏེ། འོ་དོད་བོས་ལ་གཏད་དོ། །ལས་མྱུར་དུ་འགྲུབ་པོ། །རྨྱུག་རྒོད་ལ་དཔག་བསམ་ཤིང་གི་གཟུགས་བྱས་ལ། གྲོ་གའམ་ཤིང་ཤུན་ལ་གཟུགས་བྱས་ཏེ། སྙིང་གར་ཁྲག་གིས་མིང་བྲིས་ལ་གསེར་གཡུ་གཉིས་བཏགས་ལ་སྐོས་རྗེ་དྲང་དཀར་ལ་བསྔོས་ལ། དེ་ནས་མནྟ་ལིའི་དར་དུ་གཏུམས་ལ། འདའ་ར་པ་ཏིས་གདགས་སོ། །ཨ་ཏི་པ་ཏའི་ཐག་པས་བཅིང་ངོ་། །འོ་དོད་དྲག་ཏུ་འབོད་དོ། །དེས་དམོད་མོ་དྲག་པོས་ཐེབས་ཏེ་འོང་ངོ་། །ལྕགས་དང་གསེར་གཡུ་བསྲེས་ལ། ཁོལ་བོ་སྲིད་པ་ཞིག་འཛིན་ལ་བསྔོས་ལ། གོང་དུ་བསྟན་པའི་གཟུགས་དང་ཡས་སྟགས་བསྲེས་ལ། རུས་སྦལ་གྱི་ཤུན་པར་གཏུམས་ལ་ཡར་ལ་ཏའི་དོང་དུ་གཞུག་གོ། །ཡེ་ཤེས་ཚོགས་ཀྱི་རྗེ་མོའི་ཕྱག་རྒྱས་གདབ་པོ། །དེས་ནི་དབང་པོ་མི་གསལ་བ་དང་། དིག་པ་དང་ལྐུགས་པར་བྱེད་དོ། །ལྕགས་དང་གསེར་དང་ཟངས་དང་གསུམ་བརྡར་ལ་ཡ་བདུད་ཆེན་པོ་ལ་བསྔོས་ལ། གོང་དུ་བསྟན་པའི་གཟུགས་ལ་སྔ་མའི་ཡས་སྟགས་བསྲེས་ལ་མུ་ལའི་དོང་དུ་གཞུག་གོ། །ཆེ་མཆོག་རྟགས་ཀྱི་ཕྱག་རྒྱས་གདབ་པོ། །དེ་ལྟར་བྱས་ན་གློ་བུར་དུ་འཆི་བར་འགྱུར་རོ། །གླུད་ཟན་དྲེ་གང་པ་གཅིག་ལ་གླིང་ཕྲན་བཅུ་གཉིས་ཀྱི་གཟུགས་བྱས་ལ། དཀོར་ཆས་བརྒྱན་ལ་ཡར་ལ་ཤོད་ཀྱི་སྐྱེས་ཏེ་རེ་


DNG023_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བསྔོས་ལ། དེ་ནས་འཇག་མ་ལ་མིའི་གཟུགས་བྱས་ལ། གྲོ་ག་ལ་དགྲ་བོའི་མིང་བྲིས་ལ་གཟུགས་ཀྱི་སྙིང་གར་བླན་ནོ། །ཟན་ཟ་བའི་ཚུལ་བྱེད་དུ་གཞུག་གོ། །འོ་དོད་དྲག་པོ་འབོད་དོ། །དེ་ལྟར་བྱས་ན་གློ་བུར་དུ་ཐུམ་བུར་འོང་ངོ་། །རུས་པ་སྣ་ཚོགས་པ་སྤུངས་ནས་གཤིན་རྗེའི་རྒྱལ་པོ་ལ་བསྔོས་ལ། ཡས་སྟགས་དེའི་གསེབ་ཏུ་ཁམས་ལ་དགྲ་བོའི་གཟུགས་བྱས་ལ། སྙིང་གར་མིང་རུས་བྲིས་ལ་ཁ་ནུབ་ཕྱོགས་སུ་བསྟན་ལ། མདའ་བཀངྐ་བའི་ཚུལ་དུ་བྱའོ། །ཅི་ཡང་རུང་བའི་ཞིང་ལྤགས་ཡང་བསྐོན་ནོ། །གཤིན་རྗེ་ནག་པོའི་སྔགས་ཀྱིས་གདབ་པོ། །མི་ནོར་དུ་མིང་བཏགས་པ་སྣ་ཚོགས་པའི་དཀྱིལ་དུ་རྩྭ་ལ་གཟུགས་བྱས་ལ། གྲོ་ག་ལ་མིང་བྲིས་ལ། ས་ལ་ཨུ་མ་དེ་ཝའི་གཟུགས་བྱས་ལ། ཨུ་མ་དེ་བཱིའི་སྟེང་དུ་བསྐྱོན་ལ། འདོད་ཆགས་སྤྱོད་པའི་ཚུལ་དུ་བྱོན། མ་ཧཱ་དེ་ཝ་ནི་བྷན་ཛ་མཱ་ར་ཡ་ཕཊ། ཅེས་པའི་སྔགས་ཀྱིས་གདབ་པོ། །དེ་ལྟར་བྱས་ན་མཁལ་སྐེད་ན་བ་དང་། ཕོ་མཚན་སྐྲངས་པ་དང་། ཆུ་འགག་ནས་འཆིའོ། །དུང་དང་གསེར་གཡུ་དང་བསེ་དང་མཚལ་ལ་སོགས་པ་ཡས་སྟགས་སྣ་ཚོགས་དང་། དགྲ་བོའི་མིང་བྱང་བྲིས་ལ། ར་ཏི་དམར་པོའི་པགས་པར་གཏུམས་ལ། པ་ཏི་པ་ལ་མ་ནཿ། ཞེས་བཟླས་ཏེ་དེ་ལ་གདབ་པར་བྱའོ། །དེས་ནི་མྱུར་དུ་འབོག་པར་འགྱུར་རོ། །གསེར་དང་དུང་དང་ལྕགས་གསུམ་ལ། དགྲ་བོའི་མིང་བྲིས་ཏེ་བསྲེས་ལ། རྫ་མ་ནག་པོའི་འོག་ཏུ་བཅུག་ལ། བ་ཏི་ཙ་ར་ནའི་སྔགས་བཏབ་ལ་བོས་ཤིང་གཏད་ན་རྦབ་དང་བྲག་གཡང་དུ་འཆིའོ། །ཆོ་ག་བྱེད་པའི་དུས་སུ་མ་མོའི་བདུད་ཆས་སུ་ཞུགས། ངོ་ལ་ཁྲག་གིས་བྱུག་ལ། བདག་ཉིད་མུ་ཁ་ལེའམ་དབང་ཆེན་གྱི་ས་མཱ་ཏིར་ཞུགས་ལ། གཞུང་བཞིན་དུ་ལས་བཅོལ་ལོ། །ཕོ་རིགས་ཕྱི་མ་ལ་ལས་གཏད་ཅིང་ལས་བཅོལ་བ་ནི། ཡོད་ན་འཁུ་ལྡོག་ཆེ་ལ་རྒྱབ་འགྱུར་ཆེ་བས་འདིར་མ་གསུངས་སོ། །དགྲ་བོ་བདུད་ལ་གཏད་པའི་ལས་སོ། །གྲགས་པ་གཞོན་ནུའི་གདུང་རབས་ནི། །ཉི་ཤུ་རྩ་གཉིས་བརྒྱུད་པ་ཡི། །


DNG023_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་པོའི་ངན་སྔགས་བདུན་པོ་ནི། །ཆུ་སྲིན་གྲེ་བར་རིན་ཆེན་སོང་བ་བཞིན། །བསྐལ་པར་ཡང་ནི་མི་བཏང་ངོ་། །རྨོངས་ལ་འཆལ་བས་བྱིན་གྱུར་ན། །དུས་མིན་པར་ནི་སྲོག་ཟད་ནས། །བསྐལ་པ་བདུན་དུ་བརླག་པར་འགྱུར། །གསང་བ་གཏན་ཚིགས་ཀྱི་ལེའུ་སྟེ་དགུ་པའོ།། །།གཡུང་དྲུང་ལྷ་ཡིས་ཡང་གསོལ་པ། །མ་མོ་གསང་ཆེན་དཀྱིལ་འཁོར་དུ། །སྒྲུབ་པའི་རྩལ་གྱིས་དབང་བསྐུར་བ། །བདག་གིས་ནན་ཏན་ཇི་ལྟར་བསྐྱེད། །རྫོགས་སངས་རྒྱས་ལ་བདག་ཉན་འཚལ། །དེ་སྐད་གསོལ་པ་གསན་ནས་ཀྱང་། །རྫོགས་སངས་རྒྱས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །བསྒྲུབ་པའི་ལས་ཀྱི་དབང་རྣམས་ནི། །ངས་གསུངས་པ་ལ་ཐེ་ཚོམ་མེད། །ངས་གསུངས་པ་ལ་ནན་ཏན་བསྐྱེད། །ཅེས་བཀའ་སྩལ་པས། གཡུང་དྲུང་ལྷ་ཡིས་ཡང་གསོལ་པ། །ཕྱི་དབང་ཆེན་པོ་བདག་ལ་སྩོལ། །ནང་དབང་ཆེན་པོ་བདག་ལ་སྩོལ། །གསང་དབང་ཆེན་པོ་བདག་ལ་སྩོལ། །སྤྱི་དབང་ཆེན་པོ་བདག་ལ་སྩོལ། །དེ་སྐད་ཞུས་པ་གསན་ནས་ཀྱང་། །རྫོགས་སངས་རྒྱས་ཀྱིས་བཀའ་སྩལ་པ། །ཕྱི་ནང་གསང་བའི་དབང་རྣམས་ནི། །ང་ཡི་རྒྱུད་ཀྱི་ཐུགས་ལ་གནས། །ང་ཡི་ཐུགས་ཀྱི་གསང་རྒྱུད་ནི། །གཏིང་ནས་གཟུངས་ལ་ཁྱོད་ལ་གཏད། །ཁྱོད་ཀྱི་སེམས་ལ་བརྣག་པར་གྱིས། །ལྕང་ལོར་བཅས་པའི་བྷནྡྷ་འདི། །ང་ཡི་ལག་ཏུ་གཟུང་ནས་ནི། །སྣོད་ལྡན་ཁྱོད་ལ་དབང་བསྐུར་རོ། །བྷནྡྷ་མཛེས་པའི་དཀྱིལ་འཁོར་དུ། །བདེ་ཆེན་གསང་བའི་དབང་བསྐུར་བ། །ལྟག་སྤྲོད་ཟུར་གསུམ་བདེ་ཆེན་འདིས། །མ་མོ་ཐམས་ཅད་བསྒྲུབ་བྱའི་ཕྱིར། །བདུད་རྣམས་ཐམས་ཅད་ཟིལ་གྱིས་གནོན། །རྐྱེན་དྲུག་དབང་དུ་བསྡུ་བའི་ཕྱིར། །སྒྲོལ་བྱེད་དག་གིས་དབང་ཐོབ་ཤོག །དུང་ཆེན་དག་གིས་དབང་བསྐུར་བས། །སྣང་སྲིད་ཐམས་ཅད་བསྒྲགས་པ་བཞིན། །དེང་གི་ཡོན་བདག་བུ་ཁྱོད་ཀྱང་། །ཆོས་ཀྱི་དབྱིངས་ཀྱི་སྒྲ་སྒྲོགས་ཤོག །མ་མོ་སྒྲུབ་པའི་དབང་ཐོབ་ཤོག །


DNG023_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ཆེན་དག་གིས་དབང་བསྐུར་བས། །ཞིང་གི་ཁྱད་པར་དྲེས་པ་བཞིན། །བདུད་བཞི་གཡབ་ཀྱིས་བོར་ནས་ནི། །ཧཱུཾ་གི་མེ་ཆེན་འབར་བ་ཡིས། །བདུད་བགེགས་ཞི་བར་བསྲེགས་པ་བཞིན། །འབར་བྱེད་ཆེན་པོའི་དབང་ཐོབ་ཤོག །རྔ་ཆེན་དག་གིས་དབང་བསྐུར་བས། །རྔ་ནི་གསང་བ་ཡུམ་གྱི་ངང་། །ཤེས་རབ་ཐབས་ཀྱི་སྒྲ་སྒྲོགས་པས། །ཐབས་ཀྱི་ཕྱག་རྒྱ་བསྐྱོད་ནས་ནི། །རྔ་ཡི་བྱེ་བྲག་འདི་ལས་བྱུང་། ། གསང་བ་རྔ་ཡི་དབང་ཐོབ་ཤོག །ཞིང་མཆོག་དག་གིས་དབང་བསྐུར་བས། །ཐོར་ཐོ་རྒྱ་མདུད་ཁྲོ་བོ་བརྒྱད། །ཐུགས་ཀྱི་སྤྲུལ་པའི་གྲ་ཡང་འགྱེད། །སྐེད་པའི་རྒྱ་མདུད་གྲ་བརྒྱད་ལ། །གསང་བའི་མ་མོ་བརྒྱད་ཕྱུང་ཞིང་། །ཐུགས་ཀྱི་འོད་ཟེར་ཕྱོགས་བཅུར་འགྱེད། །རྩེ་མོ་དག་ནི་ཟུར་གསུམ་ལ། །སྲིད་པའི་མ་མོ་དབང་དུ་བསྡུ། །ཁམས་གསུམ་ཐམས་ཅད་དབང་དུ་སྡུད། །ཟིལ་གྱིས་གནོན་པའི་དབང་ཐོབ་ཤོག །རཀྟ་མཱཾ་སས་དབང་བསྐུར་བས། །མ་མོ་གསང་ཆེན་དགྱེས་པ་འདིར། །སྒྲོལ་གིང་ཆེན་པོ་སྐར་ལྟར་བཀྲམ། །རཀྟའི་རྒྱ་མཚོ་མཚོ་ལྟར་རླབས། །མ་མོ་སྒྲུབ་པའི་དབང་ཐོབ་ཤོག །ཚིལ་ཆེན་གསུར་གྱིས་དབང་བསྐུར་བས། །སྲིད་པ་ཐམས་ཅད་དྲི་སྣོམ་ཞིང་། །དྲི་ཡི་མཆོད་པ་དམ་པ་འདིས། །གསང་བའི་མ་མོ་དྲི་ལ་དད། །གསུར་དང་དྲི་ལ་སྣོམ་པ་མོ། །ཇི་ལྟར་གོང་དུ་བཅོལ་བ་བཞིན། །བསྒྲུབ་པའི་ལས་རྣམས་བསྒྲུབས་པ་བཞིན། །ལས་ཀྱི་དབང་རྣམས་བསྒྲུབས་ནས་ནི། །དཔའ་བོ་ཆེན་པོའི་སྤྱན་སྔ་རུ། །འཁུ་ལྡོག་བྲན་ལྟར་མི་བྱེད་ཅིང་། །སེམས་ཀྱི་དག་པ་ཉེར་བཞག་ཅིང་། །མ་མོའི་ལས་དབང་འདི་བསྐུར་བས། །སྒྲུབ་པའི་བྲན་ཕོ་བྲན་མོ་བཞིན། །ལས་དབང་ཆེན་པོ་ཐོབ་པར་ཤོག །སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧྃ། སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧྃ། སརྦ་ཏ་ཐཱ་ག་ཏ་ཝཱཀ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧྃ། སརྦ་ཏ་ཐཱ་ག་ཏ་པཱུ་ཙ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧྃ། སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧྃ། མ་མོ་གསང་ཆེན་འདུས་པ་འདིར། །སྙིང་པོ་ལྔ་ཡིས་དབང་བསྐུར་བས། །དེ་རིང་ཕན་ཆད་བུ་ཁྱོད་ཀྱི། །ཚེ་ཡང་ཤིན་ཏུ་རིང་བ་དང་། །དངོས་


DNG023_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་གཟི་ཆེན་ཐོབ་པའི་ཕྱིར། །རང་རྟགས་གསང་བའི་དབང་བསྐུར་རོ། །འདི་ནི་མ་མོ་རང་རྟགས་ཀྱི། །དབང་ཆེན་ལགས་ཏེ་དབང་གི་མཆོག །སྒྲོལ་མ་ཆེན་མོའི་དྲག་ཤུལ་གྱིས། །བདུད་བཞི་ཟིལ་གྱིས་གནོན་པ་དང་། །རྐྱེན་དབང་ཐབས་ཀྱིས་འདུལ་བ་དང་། །དེ་བཞིན་གསང་ཆེན་དཀྱིལ་འཁོར་དུ། །མན་ངག་རྒྱུད་ཀྱི་དོན་བསྟན་པ། །ཀུན་གྱི་ཐུན་མོང་མ་ལགས་ཏེ། །འདི་བསྟན་གཞན་ལ་བཤད་གྱུར་ན། །ས་བོན་མེས་ཚིག་བཞིན་དུ་འགྱུར། །སྣོད་ངན་ཞབས་སུ་ཟག་པ་ན། །ནས་ངན་ཚིག་པ་བཞིན་དུ་འགྲོ། །དོན་འདི་གཞན་ལ་མི་སྤེལ་སྟེ། །རང་གི་སེམས་ལ་འཆང་བ་ན། །དངོས་གྲུབ་དམ་ཀྱང་རྟག་ཏུ་ཐོབ། །མཐུ་དང་གཟི་བརྗིད་ཐམས་ཅད་འཕེལ། །དངོས་གྲུབ་ཆེན་པོ་ཐོབ་པར་འགྱུར། །ཅེས་བཀའ་སྩལ་ཏོ། །མན་ངག་དབང་གི་ལེའུ་སྟེ་བཅུ་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །མ་མོ་ངོས་འཛིན་ཇི་ལྟར་བཟུང་། །མངོན་རྫོགས་ཡབ་ཀྱིས་བཀའ་སྩལ་པ། །མ་མོ་ངོས་བཟུང་འདི་ལྟར་བཟུང་། །སེམས་ཉིད་མ་བཅོས་མུ་ཁ་ལེ། །སེམས་ལས་བསྐྱེད་པའི་བུ་མོ་བཅུ་གསུམ་དང་། །དབྱིངས་ཀྱི་མ་མོ་བཅུ་བཞི་དང་། །ཡེ་ཤེས་མ་མོ་ཉི་ཤུའོ། །སྣང་སྲིད་ཀུན་ཁྱབ་ཤྭ་རེ་མ། །ཐུགས་དམ་བསྐང་བའི་ཡུམ་ཆེན་ལྔ། །དགྲ་རྣམས་བསྒྲལ་བའི་ཤུགས་སྒྲོལ་དྲུག །དྲག་ཤུལ་དབང་ཆེན་མ་མོ་བདུན། །གནོད་བྱེད་སྙིང་གཅོད་སྲིན་མོ་བརྒྱད། །བཀའ་སྡོད་ལས་ཀྱི་བློན་མོ་དགུ། །ཡང་དག་དབང་གི་རྒྱལ་མོ་བཞི། །སེམས་ལས་སྐྱེས་པའི་མ་མོ་བཞི། །དམ་ལ་གནས་པའི་སྲིང་མོ་བཞི། །ཡིད་ལ་གཞུངས་པའི་མཛའ་མོ་བཞི། །ལུས་ལས་བསྐྱེད་པའི་བུ་མོ་བཞི། །མ་མོ་ཀུན་གྱི་གཙོ་མོ་བཞི། །བདུད་རྩི་སྦྱོར་བའི་རྒྱལ་མོ་བཞི། །ཕུར་བུ་བསྒྲུབ་པའི་བློན་མོ་བཞི། །མ་མོ་ཀུན་གྱི་བདག་མོ་བཞི། །ལས་ལ་ཤིས་པའི་བྲན་མོ་བཞི། །ད་ལྟ་དབུགས་འཕྲོག་ལྷ་མོ་བཞི། །མ་མོ་རྩ་ཁྲོ་བདག་མོ་བཞི། །དགྲ་བོའི་སྙིང་འཕྲོག་ལྷ་མོ་བཞི། །ཀུན་གཞི་


DNG023_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

གནས་བསྒྱུར་བུ་གཅིག་མ། །གླིང་བཞི་གནས་བསྒྱུར་གྲགས་མོ་རྒྱལ། །སྟོང་གསུམ་དབང་བསྒྱུར་བཛྲ་ཤྭ་རཱི་མ། །དགྲ་བོ་དབང་བསྒྱུར་དཔལ་ལྡན་རེ་མ་ཏི། །འཇིག་རྟེན་དབང་ཆེན་སྨན་མོའི་ཚོགས། །གཤིན་རྗེའི་གཙོ་མོ་ཉི་ཤུ་གཅིག །ལས་མཁན་མ་མོ་བརྒྱད་ཅུ་གཅིག །བྱང་ཤར་མཚམས་ཀྱི་སྲིང་གཅིག་མ། །ཐུགས་ཀྱི་སྤྲུལ་པ་ནག་མོ་བདུན། །ནག་མོ་བདུན་ཚོགས་ནག་མོ་ཉི་ཤུའི་ཚོགས། །སྐུའི་སྤྲུལ་པ་དཀར་མོ་བདུན་ཚོགས། དཀར་མོ་ཉི་ཁྲིའི་ཚོགས། གསུང་གི་སྤྲུལ་པ་དམར་མོ་བདུན་ཚོགས། དམར་མོ་ཉི་ཁྲིའི་ཚོགས། ཐུགས་ཀྱི་སྤྲུལ་པ་སྨུག་མོ་བདུན་ཚོགས། སྨུག་མོ་ཉི་ཁྲིའི་ཚོགས། ཡོན་ཏན་མ་མོ་སེར་ནག་བདུན་ཚོགས། སེར་མོ་ཉི་ཁྲིའི་ཚོགས། ཕྲིན་ལས་སྤྲུལ་པ་ལྗང་ནག་བདུན་ཚོགས། ལྗང་ནག་བདུན་ཅུའི་ཚོགས། མ་མོ་ངོས་འཛིན་གྱི་ལེའུ་སྟེ་བཅུ་གཅིག་པའོ།། །།གཡུང་དྲུང་ལྷ་ཡིས་ཡང་གསོལ་པ། །སྣང་སྲིད་ཐིག་ལེ་ཇི་ལྟར་བསྡུ། ། མངོན་རྫོགས་ཡབ་ཀྱིས་བཀའ་སྩལ་པ། སྣང་སྲིད་ཐིག་ལེ་འདི་ལྟར་བསྡུ། །དེ་ཡང་གང་ཞེ་ན། ཡིད་དང་ཀུན་གཞི་དང་། རྣམ་པར་ཤེས་པ་ལས། མ་མོ་ཐིག་ལེ་རྒྱུར་གསལ་ཏེ། མ་མོ་ལྷུན་གྱིས་རྫོགས་པའི་ཐིག་ལེ་དང་། མ་མོ་གནས་ཀྱི་ཐིག་ལེ་དང་། མ་མོ་ལུང་གི་ཐིག་ལེ་དང་། མ་མོ་སྒྲུབ་པའི་ཐིག་ལེ་དང་། མ་མོ་སྤྲུལ་པའི་ཐིག་ལེ་དང་། མ་མོ་ཐབས་ཀྱི་ཐིག་ལེ་དང་། མ་མོ་ཤེས་རབ་ཀྱི་ཐིག་ལེ་དང་། མ་མོ་སྐུ་གསུང་ཐུགས་ཀྱི་ཐིག་ལེ་དང་། བྱང་ཆུབ་སེམས་ཀྱི་ཐིག་ལེ་དང་། ཀུན་ནས་ཟླུམ་པའི་ཐིག་ལེ་ཞེས་ཀྱང་བྱ། ཀློང་ཡངས་པའི་ཐིག་ལེ་ཞེས་ཀྱང་བྱ། བརྗོད་དུ་མེད་པའི་ཡེ་ཤེས་ཀྱིས་ཐིག་ལེ་ཞེས་ཀྱང་བྱ། མ་ནོར་བ་ཞེས་ཀྱང་བྱ། གཏན་ལ་འབེབས་པ་ཞེས་ཀྱང་བྱ། མ་བཅོས་པ་ཞེས་ཀྱང་བྱ། རྒྱུ་རྐྱེན་མེད་པ་ཞེས་ཀྱང་བྱ། མ་འགགས་པ་ཞེས་ཀྱང་བྱ། ཡེ་གནས་ཆེན་པོར་གནས་སོ། །མ་མོ་སྣང་སྲིད་ཐིག་ལེའི་ལེའུ་སྟེ་བཅུ་གཉིས་པའོ།། །།བྱང་སྐོར་གྱི་རྒྱུད་ཕྱི་མ་རྫོགས་སོ།། །།

འཕགས་པ་རྡོ་རྗེ་ནག་མོ་དབང་ཕྱུག་མ་ཞེས་བྱ་བའི་སྔགས་རྒྱུད་ཀྱི་རྒྱལ་པོ།


DNG023_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱརྱ་བཛྲ་དི་ཐཱི་ཀཱ་ལཱི་ཤྭ་རཱི་ནཱ་མ་མནྟྲ་ཏནྟྲ་རཱ་ཛ། བོད་སྐད་དུ། འཕགས་པ་རྡོ་རྗེ་ནག་མོ་དབང་ཕྱུག་མ་ཞེས་བྱ་བའི་སྔགས་རྒྱུད་ཀྱི་རྒྱལ་པོ། བཅོམ་ལྡན་འདས་མངོན་རྫོགས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མངོན་རྫོགས་ཀྱི་རྒྱལ་པོ་ལ་ཐམས་ཅད་ཀྱི་རང་བཞིན་གྱི་བཞུགས་གནས། ཡུམ་རྡོ་རྗེ་མུ་ཁ་ལེ་མའི་བྷ་ག་རྣམ་པར་དག་པའི་དབྱིངས་ན་བཞུགས་སོ། །གཞན་ཡང་ཉིད་ལས་མི་གཞན་པའི་འཁོར། ཐིག་ལེའི་ཆོས་མཐར་ཐུག་པའི་ངང་ནས་སྤྲུལ་པ། སྣང་སྲིད་ཀྱི་བདག་མོ་ཆེན་མོ་སྣོད་བཅུད་ལ་དབང་སྒྱུར་བ་འབྱུང་བའི་རྒྱལ་མོ་ལྔ་དང་། ཡེ་ཤེས་ཚོགས་ཀྱི་མ་མོ་བཅུ་བཞི་དང་། དམན་མོ་ལྟར་སྣང་བ་ལྔ་བཅུ་རྩ་བརྒྱད་དང་། ཡང་ཐབས་ཅིག་གོ། །གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་དང་ཐབས་ཅིག་གོ། །སྲིད་པ་གསུམ་གྱི་གནོད་སྦྱིན་མའི་ཚོགས་གདུག་པའི་མཚོན་ཆ་དང་པོ་དང་། གདུག་པ་དཔལ་གྱི་མཚོན་ཆ་ཅན་དང་གདུག་པ་མིག་གི་མཚོན་ཆ་ཅན། གདུག་པའི་དམོད་པ་ཅན་ལ་སོགས་པ། མིའི་ཤ་ཁྲག་དང་སྲོག་དབུགས་ལ་སོགས་པ་ལ་དབང་བྱེད་པ། འཇིག་རྟེན་དུ་བསྐལ་པ་མ་ཡིན་བསྐལ་པ་དང་། དུས་མ་ཡིན་པའི་ཆོ་འཕྲུལ་དང་། མི་མཐུན་པའི་ནད་དང་། འཇིགས་པའི་ས་གཡོས་དང་། ཐོག་དང་། སེར་བ་དང་། སྲིད་པ་གསུམ་ན་བཀའ་ནན་ཆེ་བ། བརྡ་མི་འཕྲོད་པ། འཇིགས་པའི་སྦྱུགས་གླུ་ལེན་ཅིང་། ལག་པའི་བརྡ་གཏོང་བ། ཁྲག་དང་ཞག་གི་དྲི་སྣོམ་པ། སེམས་ཅན་ཐམས་ཅད་ལ་རྣམ་པར་འཚེ་བ། ནང་གི་རྒྱན་བབ་ན་གཅིག་ལ་གཅིག་གི་རིགས་ཁྱོ་དང་། བུ་ལ་སོགས་པ་ཟ་བར་བྱེད་པ། ཉུངས་བདུན་འཆའ་ཞིང་སྨུག་རྩི་སྐུད་པ་དང་། ཤིན་ཏུ་སྒེག་པའི་ཚོགས་རྣམས་ལ། མ་མོའི་ཚོགས་འདི་ལྟ་སྟེ། ཤི་ན་འཛམ་བུ་པྲྀཀྵ་ལ་གནས་པའི་སྲིན་མོ་ཆེན་མོ་ཤ་


DNG023_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཁྲག་གི་དྲི་ཚོར་ན། མཚན་གཅིག་ལ་དཔག་ཚད་བརྒྱད་ཁྲིར་རྒྱུག་པར་བྱེད་པའི་སྲིན་མོ་ཆེན་མོ་དམོད་པའི་མཚོན་ཆ་ཅན་དང་། ཨེ་ཀ་ཙ་ཏི་དམོད་པའི་མཚོན་ཆ་ཅན་དང་། དམག་གི་རྒྱལ་མོ་དམོད་པའི་མཚོན་ཆ་ཅན་དང་། མ་བདུན་སྲིང་བཞི་དམོད་པའི་མཚོན་ཆ་ཅན་དང་། བདག་མོ་དམོད་པའི་མཚོན་ཆ་ཅན་དང་། མ་བདུན་གནོད་སྦྱིན་དཔོན་གཡོག་དམོད་པའི་མཚོན་ཆ་ཅན་དང་། བདུད་མོ་གནོད་སྦྱིན་སྤུན་གསུམ་དམོད་པའི་མཚོན་ཆ་ཅན་དང་། དུས་ཀྱི་ཞགས་པ་དམོད་པའི་མཚོན་ཆ་ཅན་དང་། དེ་ལ་སོགས་ཏེ་སྲིད་པ་གསུམ་ཕུང་བར་བྱེད་པའི་མ་མོའི་དམོད་པའི་མཚོན་ཆ་ལ་སོགས་པ་ལས་དྲག་པོའི་རྐྱེན་ལས་གྱུར་པ་བསམ་གྱིས་མི་ཁྱབ་པ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེའི་ཚེ་དེ་དག་གི་ནང་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། གསང་བའི་བདག་པོ་ཕྱག་ན་རྡོ་རྗེས། བཅོམ་ལྡན་འདས་མངོན་རྫོགས་ཀྱི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཞིང་དང་བསྐལ་པ་འདི་ཉིད་ལ། །ལས་དང་རྐྱེན་ལས་གྱུར་པ་ཡིས། །སྤྲུལ་པར་ནུས་པའི་མ་མོ་ཞིག །སེམས་ཅན་རྣམས་ལ་རྣམ་པར་འཚེ། །གདུལ་ཕྱིར་དབང་ནི་བསྐུར་བ་དང་། །དམ་ལ་བཏགས་ཏེ་རྣལ་འབྱོར་པས། །སྒྲུབ་ཐབས་ལ་སོགས་བཤད་པར་བྱོས། །རྡོ་རྗེ་འཛིན་ལ་བདག་ཉན་འཚལ། །ཅེས་གསོལ་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་གསུངས་སོ། །གསང་བདག་རྡོ་རྗེ་འཛིན་པ་ཁྱོད། །ཕྱག་རྒྱ་དབང་བསྐུར་སྦྱོར་བ་གཉིས། །དུས་ལ་བབ་ན་ཉན་པར་བྱོས། །བྱིན་རླབས་དབང་ནི་བསྐུར་བར་བྱ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ཉིད་ཀྱི་རྒྱུད་དང་། སྲིན་མོ་ཆེན་པོ་སྤྲུལ་པར་ནུས་པའི་རྒྱུད་གཉིས་སུ་མངོན་པར་སྤྲུལ་ཏེ། གསང་བའི་བདག་པོ་ཉིད་ཀྱི་རྒྱུད་ནི། དོན་དམ་པ་འདྲི་བར་གྱུར་ཏོ། །སྲིན་མོ་ཆེན་མོའི་རྒྱུད་ནི། ནུབ་ཕྱོགས་ཀྱི་སྒོ་ནས་ཐལ་མོ་སྦྱར་ཏེ། དབང་ནོད་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་མངོན་རྫོགས་རྒྱལ་


DNG023_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

པོས། ཡུམ་གྱི་བྷ་ག་ལ་གསང་བའི་རྡོ་རྗེ་བཟླས་པས། ཉི་ཟླའི་སྟེང་དུ་གནས་ཡུལ་གྱི་ཁྲོ་མོར་གྱུར་ཏེ། དེ་ཉིད་ཧ་ཧོར་གྱུར་པ་རྣམས། སྦོམ་པོ་དང་དབང་མོ་གཉིས་ཀྱིས་བཟུང་སྟེ། བཛྲ་ཀོའུ་རཱི་ཧ། བཛྲ་ཙོའུ་རཱི་ཧ། བཛྲ་བེ་ཏཱ་ལཱི་ཧ། བཛྲ་པུསྐ་སཱི་ཧ། བཛྲ་གྷསྨ་རཱི་ཧ། བཛྲ་སྨ་ཤ་ནཱི་ཧ། བཛྲ་ཙཎྜ་ལཱི་ཧ། བཛྲ་སིངྷ་མུ་ཁཱ་ཧེ། བཛྲ་བྱཱ་གྷཱ་མུ་ཁཱ་ཧེ། བཛྲ་སྲྀ་ལ་མུ་ཁཱ་ཧེ། བཛྲ་ཀྲྀ་ཌྷ་མུ་ཁཱ་ཧེ། བཛྲ་ཀངྐྈ་མུ་ཁཱ་ཧེ། བཛྲ་ཀཱ་ཀ་མུ་ཁཱ་ཧེ། བཛྲ་ཨཱུ་ལུ་ཀ་མུ་ཁཱ་ཧེ། ཨ་བྷི་ཥིཉྩ་ཧཱུཾ་ཞེས་སྤྱི་བོའི་སྟེང་དུ་བཞག་པས་ལྷ་མོ་དེ་ཉིད་དབུ་བཅུ་བདུན། ཕྱག་སུམ་ཅུ་རྩ་བཞི་དང་ལྡན་པར་གྱུར་ཏོ། །དེ་ནས་ལྷ་མོ་འཇིགས་པའི་གཟུགས་ཅན་དེས། སྤྲུལ་པའི་འོད་ཟེར་ཐུགས་ཀ་ནས་ཉིད་དང་འདྲ་བ་བཀྱེས་ནས། སྲིན་མོ་ཆེན་མོ་དེ་སྐད་ཅིག་གིས་གཡོག་དང་བཅས་པ་དེ་མ་ཐག་ཏུ་དཔལ་ཆེན་པོའི་ཐད་དུ་སྐད་ཅིག་གིས་ཁ་སྦུབ་ཏུ་འདྲེད་ཀྱིས་སོང་བར་གྱུར་ཏོ། །དེ་ནས་དཔལ་ཆེན་པོས་དབུགས་ཕྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས། དེ་མ་ཐག་ཏུ་དྲན་པ་སྟོར་བ་རྙེད་པར་གྱུར་ཏོ། །དེ་ནས་སྲིན་མོ་ཆེན་མོ་དེས། འདི་སྐད་ཅེས་གསོལ་ཏོ། །སྔར་སེམས་ཅན་རྣམས་ལ་རྣམ་པར་འཚེ་བ་ཡང་རབ་ཏུ་གནོང་། ཕྱིས་མི་བྱེད་པར་ཡང་དམ་བཅའ། སྲོག་གི་སྙིང་པོ་ཡང་འདི་འབུལ་ལོ། །ཨོཾ་རུ་རུ་རོ་རུ་ཙ་པ་ལ་ཨ་ཤུག་མེ་ཧཱུཾ་བྷྱོ། འཇིག་རྟེན་མགོན་ལ་བདག་སྐྱབས་མཆི། །དེ་ཡང་བདག་ལ་དབང་བསྐུར་གསོལ། །འཚལ་བའི་སྐལ་བ་སྩལ་དུ་གསོལ། །ལས་དང་བྱ་བའང་བསྐོ་རུ་གསོལ། །ཞེས་སྨྲས་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་རྗེ་ཆེན་པོའི་ཏིང་ངེ་འཛིན་ཅེས་བྱ་བ་ལ་སྙོམས་པར་ཞུགས་ནས། སྲིན་མོ་ཆེན་མོ་ཁྱོད་ཉིད་ལ། །ཡེ་ཤེས་རྣམས་ཀྱིས་དབང་བསྐུར་ཏེ། །རྫོགས་པའི་ཚུལ་གྱིས་ཕྱག་རྒྱ་ཆེ། །ས་བརྒྱད་གནོན་པའི་སེམས་མར་ཤོག །ཅེས་ལྷག་པའི་བྱང་ཆུབ་སེམས་སྦོམ་པོ་དང་དབང་མོས་བཟུང་སྟེ། སྲིན་མོ་ཆེན་མོ་དེ་


DNG023_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཕྱི་ནང་གསང་བ་གསུམ་གྱི་དབང་བསྐུར་བས། ས་བརྒྱད་པའི་བྱང་ཆུབ་སེམས་མར་གྱུར་ཏོ། །ཟས་སྐལ་ནི་དེ་བཞིན་གཤེགས་པའི་བསྟན་པ་ལ་གནོད་པར་བྱེད་པ་ཐམས་ཅད་ཟོ་ཞིག །ལས་ཀྱི་སྐལ་བ་ནི་རྣལ་འབྱོར་པ་སྒྲུབ་པ་པོ་ཐམས་ཅད་ཀྱི་གྲོགས་གྱིས་ཤིག །ཅེས་གསུངས་སོ། །ཞེས་འཕགས་པ་རྡོ་རྗེ་ནག་མོ་དབང་ཕྱུག་མའི་སྔགས་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་མངོན་རྫོགས་རྒྱལ་པོས། སྲིན་མོ་ཆེན་མོ་དེ་ལ་འདི་སྐད་ཅེས་གསུངས་སོ། །ཁྱོད་ཀྱིས་སྟེང་ལྷ་ཡུལ་དུ་ཕུང་བར་བྱེད་པའི་དམོད་པའི་མཚོན་ཆ་ནི་གང་ཡིན། འོག་ཀླུ་ཡུལ་དུ་ཕུང་བར་བྱེད་པའི་དམོད་པའི་མཚོན་ཆ་ནི་གང་ཡིན། གླིང་བཞི་ཕུང་བར་བྱེད་པའི་དམོད་པའི་མཚོན་ཆ་ནི་གང་ཡིན། ཁྱོད་སྒྲུབ་པའི་གནས་ནི་གང་ཡིན། འཁོར་ལ་སོགས་པའི་བསྟན་པའི་རྫས་གང་ཡིན། སྲོག་གི་སྙིང་པོ་ནི་གང་ནས་ཇི་སྐད་དྲང་། དམོད་པའི་མཚོན་ཆ་ནི་གང་ལ་ཇི་ལྟར་བྱ། བསད་པ་ལ་སོགས་པའི་དཀྱིལ་འཁོར་ཇི་ལྟར་བྲི་བར་བྱ། ཁྱོད་ཀྱིས་སྨྲོས་ཤིག །ཧི་ཧི་མངོན་རྫོགས་བཀའ་སྩལ་ཉན། །རྫོགས་པའི་སངས་རྒྱས་སྤྱན་སྔ་རུ། །དམོད་པ་ལ་སོགས་སྨྲ་བར་བྱ། །རྡོ་རྗེ་འཛིན་པ་ཆེན་པོ་ཡིས། །དམོད་པ་འདི་ལ་བྱིན་རླབས་མཛོད། །དཀྱིལ་འཁོར་ལ་སོགས་ཐམས་ཅད་ལ། །བྱིན་རླབས་དམ་པ་ཐོབ་པར་མཛོད། །ཐེག་པར་ཞུགས་པའི་རྣལ་འབྱོར་ལ། །ཐུགས་རྗེ་ཆེན་པོ་བསྒྲག་པར་གསོལ། །སྟེང་ལྷ་ཡུལ་དུ་ལྷ་མིན་གྱི་རྒྱལ་པོ་ཐགས་ཟངས་རིས་ལ་སོགས་པའི་དམག་དཔོན་ནི། མན་དྷ་ཨ་སུ་ར་བྱ་བ། ལོང་བ་མགོ་གསུམ་པ། ལག་པ་བཞི་པ་གཅིག་གིས་སྣ་དྲངས་ནས་འོང་ངོ་། །ལྷའི་དབང་པོ་བརྒྱ་བྱིན་ལ་སོགས་པའི་དམག་དཔོན་ནི། བ་སུ་ཏ་བྱ་བ་གཅིག་གིས་སྣ་དྲངས་ནས་འོང་། མིའི་རིགས་ཐམས་ཅད་ཀྱིས་ལྷའི་གྲོགས་བྱས། སྲིན་གྱི་རིགས་ཐམས་ཅད་ཀྱིས་ལྷ་མ་ཡིན་གྱི་གྲོགས་བྱས་ཏེ། ལྷ་མ་


DNG023_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

སྲིན་ཐམས་ཅད་དཔག་བསམ་གྱི་ཤིང་ལ་མ་འཆམས་ཏེ། རྩོད་པ་ཆེན་པོ་བྱས་པས། ལྷ་ཕམ་ལྷ་མ་ཡིན་རྒྱལ་ཏེ། དེའི་དུས་སུ་ལྷ་ཐམས་ཅད་ཀྱི་མདངས་དང་དྲོད་ལ་སོགས་པའི་བཅུད་ལ་བདག་གི་སྲོག་ཞུགས་པར་གྱུར་ཏེ། ལྷ་མོ་མདངས་ལྡན་མར་གྱུར་ཏེ། གནས་ནི་ཤིང་ཆེན་པོ་ཡོངས་འདུ་ཞེས་བྱ་བ་ལ་གནས་བཅས་ནས། དེའི་དུས་སུ་མདངས་དང་དྲོད་ལས་སྤྲུལ་པའི་གནོད་སྦྱིན་མོ་གཉིས་ལས་ཀྱིས་བསྟུན་ཏེ། གཡོག་ཏུ་བྱུང་ནས། ལྷ་མ་ཡིན་གྱི་རིས་ཐམས་ཅད་ལ་དམོད་པ་དམོས་པ་ནི་འདི་ལགས་ཏེ། རུ་རུ་རག་མོ་ཐགས་ཟངས་རིས་པ་ཀྱི་ཙིཏྟ་མཱ་ར་ཡ། ཐང་མུ་ལེ་ཐང་མུ་ལེ། ཙ་ཐང་ཙ་ཐང་། ཐགས་ཟངས་རིས་ཀྱི་སྲོག་རྦད་རྦད། མུཾ་ནྲྀ་མུཾ་ནྲྀ་རྦད་ནན། རག་མོ་ནི་ཁ་ལོ། རག་མོ་ནི་ཁ་ལོ་རྦད། དུག་ནྲྀ་དུག་ནྲྀ་ཁ་ལོ་རྦད། ཀྱི་ཁ་ལོ་རྦད། མུ་ཁ་ལོ་རྦད། དེ་ནི་བདག་ཉིད་ཀྱི་དམོད་པའོ། །ཙ་སྡི་ཙ་སྡི་རྦད། ནིར་སྡི་ནིར་སྡི་རྦད། མུགས་མུགས། དེ་ནས་གནོད་སྦྱིན་མོ་དྲེ་སྣ་མའི་དམོད་པའོ། །ཐུབས་ཐུབ་སུབས་ཏི་རྦད། སེ་ཁ་ལོ་རྦད། མུ་ཁ་ལོ་རྦད། དེ་ནི་ཁྲི་སྨན་ལྡེམ་དྲུག་གིའོ། །དེས་ནི་ཐགས་ཟངས་རིས་ཀྱི་རིགས་ཐམས་ཅད་བརླགས་པར་བྱས་སོ། །དེ་ནས་ལྷ་ཐམས་ཅད་ཕྲག་དོག་གི་དབང་གིས། བདག་དང་དབང་ཕྱུག་ཆེན་པོ་མ་ཧཱ་དེ་བ་ཉལ་པོ་བྱས་པ། ལྷ་བྲན་ཐམས་ཅད་ཀྱིས་དཔྱས་པས། ལྷ་བྲན་ཐམས་ཅད་ལ་དམོད་པ་འདི་དམོས་པའོ། །ཨེ་ར་ཙ་ར་ཨེ་ར་ཙ་ར། དེ་བ་ཙིཏྟ་མཱ་ར་ཡ། ཐང་མུ་ལེ་ཐང་མུ་ལེ། ཙ་ཐང་ཙ་ཐང་། དེ་བ་ཙིཏྟ་རྦད་རྦད། མུཾ་ནྲྀ་མུཾ་ནྲྀ་ནན་ནན། རག་མོ་ནི་རག་མོ་ནི་ཁ་ལོ་རྦད། དུག་ནྲྀ་དུག་ནྲྀ་ཁ་ལོ་རྦད། ཀྱི་ཁ་ལོ་རྦད། ཙ་ཏི་ཙ་ཏི་རྦད། ནིར་ཏི་ནིར་ཏི། མུགས་མུགས། ཐུབ་ཐུབ་སུབས་ཏི་རྦད། སེང་ཁ་ལོ་རྦད། མུ་ཁ་ལོ་རྦད།དེས་ནི་ལྷའི་ཚོགས་ཐམས་ཅད་བརླགས་པར་བྱས་སོ། །རྒྱལ་ཆེན་བཞི་ལ་དོ་བསྡོས་ཏེ། རྐང་པ་རྒྱ་མཚོའི་གཏིང་དུ་


DNG023_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

བརྐྱང་། སྤྱི་བོ་རི་རབ་རྩེ་དང་མཉམ་པས་རྒྱལ་ཆེན་བཞིའི་འཁོར་ཐམས་ཅད་ཞེ་སྡང་སྐྱེས་ནས། དམག་དང་བཅས་ནས་རྒོལ་དུ་བྱུང་བ་ལ། དམོད་པ་དམོས་པ་འདིའོ། །ད་ནི་དུན་ཏིང་དུ་ལ་ཡ་བཛྲ། དེ་བ་ཙིཏྟ་མཱ་ར་ཡ། ཐང་མུ་ལེ་ཐང་མུ་ལེ། ཙ་ཐང་ཙ་ཐང་། དེ་བ་ཙིཏྟ་རྦད་རྦད། མུཾ་ནྲྀ་མུཾ་ནྲྀ་ནན། རག་མོ་ནི་རག་མོ་ནི་ཁ་ལོ་རྦད། དུག་ནྲྀ་དུག་ནྲྀ་ཁ་ལོ་རྦད། ཀྱི་ཁ་ལོ་རྦད། མུ་ཁ་ལོ་རྦད། ཙ་ཏི་ཙ་ཏི་རྦད། མུགས་མུགས། ཐུབ་ཐུབ་སུབས་ཏི་རྦད། པེ་ཁ་ལོ་རྦད། མུ་ཁ་ལོ་རྦད། དེས་ནི་རྒྱལ་ཆེན་རིགས་བཞིའི་འཁོར་ཚོགས་བརླགས་པར་བྱས་སོ། །དེ་ནས་ཡང་ལྷ་མ་སྲིན་གྱི་རྒྱལ་པོ་ཧེ་རུ་ན་ཀེ་ཤུ་བྱ་བས། བདག་ཅག་ལ་མཚོན་གྱི་ཆར་ཕབ་པས། མཚོན་ཐམས་ཅད་ཀྱང་རྣལ་བར་གྱུར་ཏེ། ཡང་དམོད་པ་དམོས་པ་ནི་འདིའོ། །དུ་རུ་ཙ་ལ་ནི་ཧ་ན་བཛྲ་ཧེ་རུ་ན་ཀེའུ་ཤུ་ཙིཏྟ་མཱ་ར་ན། ཙ་ཐང་ཙ་ཐང་། ཐང་མུ་ལེ་ཐང་མུ་ལེ། ཧེ་ར་ན་ཀེའུ་སྲོག་རྦད་རྦད། མུཾ་ནྲྀ་མུཾ་ནན་ནན། རག་མོ་ནི་རག་མོ་ནྲྀ་ཁ་ལོ་རྦད། དུག་ནྲྀ་དུག་ནྲྀ་ཁ་ལོ་རྦད། ཀྱི་ཁ་ལོ་རྦད། ཙ་ཏི་ཙ་ཏི་རྦད། ནིར་ཏི་ནིར་ཏི་རྦད། མུགས་མུགས། ཐུབ་ཐུབ་སུབས་ཏི་རྦད། པེ་ཁ་ལོ་རྦད། དེས་ནི་ཧེ་རུ་ན་ཀེའུ་ཤུ་བརླགས་པར་བྱས་སོ། །དེ་ནས་ཡང་ཧེ་རུ་ན་ཀེའུ་ཤུའི་ཆུང་མ་ཕག་གི་སྣ་ཅན་མས་ཁྱོ་ཤི་བའི་དུས་སུ་དམོད་པ་དམོས་པས། བདག་ཅག་ལ་ནི་མ་ཚུགས་ཏེ་དམོད་པའི་ལན་བཏབས་པ་འདིའོ། །དུ་མ་ཧཱ་ར་བཛྲ་བྷྱོ། ཕག་གི་སྣ་ཅན་མའི་ཙིཏྟ་མཱ་ར་ཡ། ཙ་ཐང་ཙ་ཐང་། ཐང་མུ་ལེ་ཐང་མུ་ལེ། ཕག་གི་སྣ་ཅན་མའི་སྲོག་རྦད་རྦད། མུཾ་ནྲྀ་མུཾ་ནྲྀ་ནན་ནན། རག་མོ་ནི་རག་མོ་ནི་ཁ་ལོ་རྦད། དུག་ནྲྀ་དུག་ནྲྀ་ཁ་ལོ་རྦད། ཀྱི་ཁ་ལོ་རྦད། མུ་ཁ་ལོ་རྦད། ཙ་ཏི་ཙ་ཏི། ནིར་ཏི་ནིར་ཏི་རྦད། མུགས་མུགས། ཐུབ་ཐུབ་སུ་མ་ས་ཏི་རྦད། སེ་ཁ་ལོ་རྦད། མུ་ཁ་ལོ་རྦད། དེས་ནི་ཕག་གི་སྣ་ཅན་མ་བརླགས་པར་བྱས་སོ། །དེ་ནས་སྟེང་ལྷ་ཡུལ་དུ་མ་ཆགས་ནས་


DNG023_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

འོག་ཀླུ་ཡུལ་དུ་འོངས་པས་ཀླུ་རིགས་བཞིས་འདུག་ཏུ་མ་སྟེར་ཏེ། རྒྱལ་རིགས་ནི་ཕྲག་དོག་སྐྱེས། རྗེ་རིགས་ནི་འདོད་ཆགས་སྤྱད་པར་མཐོང་། བྲམ་ཟེའི་རིགས་ནི་བསྡོ་བར་མཐོང་། རིགས་ངན་ནི་ཤིན་ཏུ་སྐྲག་ནས་འདུག་ཏུ་མ་སྟེར་ཏེ། ཡང་དམོས་པ་འདིའོ། །ནཱ་ག་ནཱ་ག །ནཱ་ག་ཙིཏྟ་མཱ་ར་ཡ། ཀྱི་མ་སྲོགས་ཀྱི་མ་ཙ། ནཱ་ག་ཙིཏྟ་མཱ་ར་ཡ། མ་ར་ཏིག་མ་ར་ཏིག ནཱ་ག་ཙིཏྟ་མཱ་ར་ཡ། ཙེ་ཙེ་ན་མ་ར་རིག །ནཱ་ག་ཙིཏྟ་མཱ་ར་ཡ། ཙ་ཐང་ཙ་ཐང་། ཐང་མུ་ལེ་ཐང་མུ་ལེ། ནཱ་ག་མ་སྲོག་རྦད་རྦད། མུཾ་ནྲྀ་མུཾ་ནྲྀ་ནན་ནན། རག་མོ་ནི་རག་མོ་ནི་ཁ་ལོ་རྦད། དུག་ནྲྀ་དུག་ནྲྀ་ཁ་ལོ་རྦད། ཀྱི་ཁ་ལོ་རྦད། མུ་ཁ་ལོ་རྦད། ཙ་ཏི་ཙ་ཏི་རྦད། ནིར་ཏི་ནིར་ཏི་རྦད།མུགས་མུགས། ཐུབ་ཐུབ་སུབས་ཏི་རྦད། པེ་ཁ་ལོ་རྦད། མུ་ཁ་ལོ་རྦད།དེས་ནི་ཀླུ་རིགས་བཞིའི་ཚོགས་ཐམས་ཅད་ཕུང་བར་བྱས་སོ། །དེ་ནས་འཛམ་བུ་གླིང་གི་བྱང་ཕྱོགས་སུ། མྱ་ངན་གྱི་སྣམ་བུ་ལ། མཁའ་འགྲོ་མའི་ཚོགས། མཁའ་རྨང་བཞི་ནི་ལྕགས། ལོགས་བཞི་ནི་བསེ། ཟུར་བཞི་ནི་མཆོང་། ཁ་བད་གཡུ། པུ་ཤུ་ཤེལ། སྒོ་ནི་དུང་། མཐའ་མ་ནི་ལྕགས་རི། ནང་ནི་འབར་བའི་ཐོད་དགུ། མི་རོ་རྟ་རོའི་ཁྲི། དེ་ན་མཆིས་ཤིང་མཚན་མོ་དུར་ཁྲོད་དུ་ཉུལ་ཏེ། ཟས་སུ་མིའི་ཤ་ཟ་ཞིང་ཁྲག་འཐུང་སྟེ་གནས་པ་ལ། ལས་ཀྱི་འཕྲོ་ཟད་ནས་ཚེའི་དུས་བྱས་ནས་ཤི་བར་གྱུར་ཏོ། །དེ་ནས་ཕ་ནི་དམུ། མ་ནི་ཀུན་འགྲོ་མ། དེ་གཉིས་ཀྱི་བུ་མོ་བདག་རང་དམུ་ཟད་ན་ཏིང་ཤག་བྱ་བར་སྐྱེས་ཏེ། ཁྱོ་ཏྲ་ལི་ཏ་བྱ་བ་ལ་ཕྱིན་པས། ཁྱོ་གམ་དུ་འོང་དུ་མ་འདོད་དོ། །ཕག་རྫི་དང་འཆོས་པས། ནལ་བུ་བཙས་པར་གྱུར་ཏེ། རྒྱ་མཚོར་ལྕེབ་ཏུ་ཕྱིན་པས། རྒྱ་མཚོའི་ནང་དུ་ཨེ་ཀ་ཙ་ཏི་མའི་ཞལ་མཐོང་། དེ་ནས་ཨེ་ཀ་ཙ་ཏི་ལ་དབང་ནོས་ཏེ། ཨེ་ཀ་ཙ་ཏིས་ཚེ་རབས་སྔ་མའི་གནས་


DNG023_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན། བྱང་མྱ་ངན་གྱི་སྣམ་བུར་ཕྱིན་ཏེ། ཁྱོ་དང་ཆེན་མ་ལ་དམོད་པ་དམོས་པ་ནི་འདི་ཡིན་ཏེ། རུ་རུ་རག་མོ་ཏྲ་ལི་ཏའི་ཙིཏྟ་མཱ་ར་ཡ། ཙ་ཐང་ཙ་ཐང་། ཐང་མུ་ལེ་ཐང་མུ་ལེ། ཏྲ་ལི་ཏའི་སྲོག་རྦད་རྦད། མུཾ་ནྲྀ་མུཾ་ནྲྀ་ནན་ནན། རག་མོ་ནི་རག་མོ་ནི་ཁ་ལོ་རྦད་རྦད། དུག་ནྲྀ་དུག་ནྲྀ་ཁ་ལོ་རྦད་རྦད། ཀྱི་ཁ་ལོ་ཀྱི་ཁ་ལོ་རྦད་རྦད། ཙ་ཏི་ཙ་ཏི་རྦད་རྦད། ནིར་ཏི་ནིར་ཏི་སྙིང་ལ་མུགས་མུགས། ཐུབ་ཐུབ་སུབས་ཏི་རྦད། ཁ་འདར་ཡེད་ཡེད། ཐུམ་ཐུམ་རྦད་རྦད། པེ་ཁ་ལོ་རྦད། མུ་ཁ་ལོ་རྦད། གཞན་ཡང་། ཨེ་ར་ཙ་ན་ཨེ་ར་ཙེ་ར་ཏྲ་ལི་ཏའི་ཙིཏྟ་མཱ་ར་ཡ། ཙ་ཐང་ཙ་ཐང་། ཐང་མུ་ལེ་ཐང་མུ་ལེ། ཏྲ་ལི་ཏའི་སྲོག་རྦད་རྦད། མུཾ་ནྲྀ་ལ་སོགས་པའི་དམོད་པ་གོང་མ་དང་མཐུན་པར་དམོས་ཏེ། གཞན་ཡང་ནི་དུན་ཏིང་དུ་ལ་བཛྲ། དུ་རུ་ཙ་ལ་ནི་ཧ་ན་བཛྲ། དུ་མ་ར་བཛྲ་ཐཱ། ནཱ་ག་ར་ག །ཀྱེ་མ་སྲོག་ཀྱི་མ་ཙ། ན་མ་ར་ཏིག་ན་མ་ར་ཏིག །ཙེ་ཙེ་ན་མ་ར་ཏིག །ཅེས་ལྷ་དང་ལྷ་མ་ཡིན་དང་། ཀླུ་ལ་སོགས་པའི་དམོད་པ་དང་སྦྲགས་ཏེ། དེ་ཡང་མིའི་རིགས་ལ་རྒྱུད་གཅིག་ལ་ཡང་ལྷ་ལྟ་བུ་དལ་ཞིང་འཇམ་པ་ཡང་ཡོད། ལྷ་མ་ཡིན་ལྟ་བུ་ཁྲོ་བའི་སེམས་ཀྱང་ཡོད། རྒྱལ་པོ་ལྟ་བུ་བསོད་ནམས་ཆེ་ཞིང་དབང་ཐང་ཆེ་བའི་ཞད་ཀྱང་ཡོད། ཀླུ་ལྟ་བུ་གདུག་པའི་སེམས་ཀྱི་རྒྱུད་ལ་སོགས་པ་ཡོད་པས། དམོད་པ་དེ་དག་དང་སྦྱར་བ་ལགས། དེས་རྟ་ལི་ཏ་དང་། ཆེན་མ་ཀུན་བརླགས་པར་བྱས་སོ། །དེས་ནི་ཁད་ཀྱིས་གླིང་བཞི་ཕུང་བར་བྱས་ཏེ་དམོད་པས་བསད་ཅིང་ཟོས་པ་ལགས། བདག་སྒྲུབ་པའི་རྣལ་འབྱོར་པའི་གནས་ནི། བདག་ཉིན་མོ་བྲག་དམར་པོ་ཆོ་ལ་ཟངས་འདྲ་བ་ན་གནས། མཚན་མོ་ནི་དུར་ཁྲོད་ལ་སོགས་པ་ཉུལ་བས། རྣལ་འབྱོར་པས་ཀྱང་གནས་དེ་ལྟ་བུར་བྱ། བདག་དང་དྲེགས་པའི་འཁོར་མཆོད་ཅིང་བརྟེན་པའི་རྫས་ནི། ལུག་ནག་པོ་སྤྱི་དཀར་ལ་འབན་ཀྱང་འབེབས་བཅའ། ནལ་བུའི་ཤ་ལ་ལྷ་བཤོས་བྱ།


DNG023_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་ལ་ཨརྒྷཾ་བྱ། ཚིལ་བུ་ལ་མེ་མར་བྱ། དབང་པོ་ལྔས་མེ་ཏོག་བྱ། གོ་རོ་ཙ་ན་དང་ཚིལ་ཆེན་གྱིས་དྲི་ཆུ་བྱ། ཤ་དང་ཁྲག་དང་ཚིལ་ལས་སྤོས་བྱ། ཤུན་གྱིས་རྒྱལ་མཚན་བྱ། ཐོད་པས་གཏོར་སྣོད་བྱ། རྒྱུ་མས་ཐིག་སྐུད་བྱ། སྙིང་གིས་གཏོར་མའི་དབུས་བྱ། གློ་བ་དང་མཁལ་མ་དང་མཆིན་པས་མཐའ་བྱས་ཏེ་བཞག །གཞན་ཡང་ནལ་བུའི་རྐང་གིས་གླིང་བུ་བྱ། སྐད་ནི་པུ་རུ་རུ་པུ་རུ་རུ་ཟེར། ཐོད་པ་ལྟག་སྤྲོད་ཀྱི་རྔ་ལ་ཞིང་གི་པགས་པས་གཡོགས་མ་བྱས་ལ། ནལ་བུའི་རྐང་གིས་བྲབ། སྐད་ནི་ཅང་ཅང་ཏོག་ཅང་ཅང་ཏོག་ཟེར། ནལ་བུའི་ཐེབ་རྡོག་གཉིས་པོ་ལྷོ་རྡེབས་སུ་བྱ། སྐད་ནི་བུ་ལ་ཏོག་བུ་ལ་ཏོག་ཟེར་རོ། །བྷནྡྷ་མ་ཀ་གཉིས་ལ་ཆ་ལང་བྱ། སྐད་ནི་ཀྲོག་ཀྲོག་ཅིང་བུག་ཀྲོག་ཀྲོག་ཅིང་བུག་ཟེར་རོ། །དེ་ལྟ་བུའི་སྒྲ་དང་རྫས་གང་ན་ཡོད་པའི་རྣལ་འབྱོར་པ་དེའི་དྲུང་དུ་སྲོག་གི་སྙིང་པོ་ནས་མ་དྲངས་ཀྱང་། སྐད་ཅིག་གིས་བདག་དང་། བདག་གི་འཁོར་འཇིགས་སུ་རུང་བ་བརྡ་མི་འཕྲོད་པ་དེ་དག་ཀྱང་བཀའ་ཉན་ཅིང་། གམ་དུ་མཆིའོ། །གཞན་ཡང་བདག་འཚལ་བའི་རྫས་ནི། ལག་གི་འདུ་བྱེད་ལས་ལྷུང་བའི་བྱང་ཆུབ་སེམས་དང་། འཆི་ཀའི་མཚལ་ཐིགས་དང་། ཚིལ་དཀར་ནག་དང་། ཐལ་ཆེན་དང་། ཤིང་ལོ་རླུང་གིས་ཁྱེར་བ་བཟུང་བ་དང་། མཛེས་སྡུག་མེ་ཏོག་སྣ་བརྒྱད་དང་། ཤ་སྣ་རྩ་བརྒྱད་དང་། བདུད་རྩི་ཤི་སོས་ལ་སོགས་པ་ཀུན་གྱི་གམ་དུ་མཆིའོ། །འཁོར་ལྡིང་བགྱིད་ལགས་སོ། །དྲེའུ་སྣ་རི་ལྷོ་ཡང་ལྷ་རྫས་དང་། དྲེའུ་ཁྱི་ཁྲག་གང་ན་མཆིས་པ་དེར་མཆི་ཞིང་འཁོར་ལྡིང་བགྱིད་ལགས་སོ། །ཁྲི་སྨན་ནི་མཆིན་མཁྲིས་དང་། རྨྱུག་མ་དང་། བལ་ཚོན་སྣ་ལྔ་དང་། སྣ་ཁྲག་དང་དེ་རྣམས་གང་ན་མཆིས་པ་དེར་མཆི་ཞིང་འཁོར་ལྡིང་བགྱིད་ལགས་སོ། །སྲོག་གི་སྙིང་པོ་ནི། ཨཱོཾ་རུ་རུ་རོ་རུ་ཙ་པ་ལ་ཨ་ཤུག་མེ་ཧཱུཾ་བྷྱོ་ཛ་ཛཿ། བདག་གིའོ། །མ་མ་ད་དུང་ཁྱེར་ཡ་བྷྱོ། དྲེའུ་སྣའི་འོ། །རུ་རུ་རོ་རུ་ལ་


DNG023_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

དུར་མ་ཏི་བྷྱོ། ཁྲི་སྨན་གྱིའོ། །ཨཱོཾ་རུ་རུ་རོ་རུ་ཙ་པ་ལ་ཨ་ཤུག་མེ་ཧཱུཾ་བྷྱོ་ཛ་ཛཿ། བདག་ཅག་གསུམ་སྤྱི་དྲིལ་བ་ལགས་ཏེ། བདག་ཅག་གི་སྲོག་གི་སྙིང་པོ་འདི་རྣམས་རྣལ་འབྱོར་པ་གང་ཞིག་འདྲེན་པ་དེའི་སྤྱན་སྔར་མཆི་ཞིང་ལས་ཀུན་བགྱིད་དོ། །དམོད་པའི་མཚོན་ཆ་ནི་གང་ལ་ཇི་ལྟར་དམོས་ཡང་རུང་སྟེ། རྩ་ཀོ་ལ་ནག་པོའི་ནང་དུ་ཁྲག་དང་དུག་དང་སྙིང་བཏགས་པའི་ཕྱེ་མ་བླུགས་ལ། དེ་ལ་ཞིང་སྐྲའི་ཐག་པ་བཏགས་ཏེ། དམོད་པ་ཞིང་སྐྲའི་ཐགས་པ་ནས་ཞུགས་ཏེ། ཐུན་ལ་དུག་གི་ན་བུན་འཐིབས་པར་བསམ་ནས་འཕང་ན་ལྷ་ལ་སོགས་པ་ཡང་ཤི་བར་འགྱུར་ན། མི་ལ་སོགས་པ་ཀུན་སྨོས་ཅི་དགོས། བདག་ཅག་བསྙེན་ཅིང་སྒྲུབ་པའི་དཀྱིལ་འཁོར་ནི། གྲུ་གསུམ་མཐིང་ནག་ཟླ་གམ་གསུམ་དང་། སྒོ་དང་སྒོ་ཁྱུད་ལ་སོགས་པ་དང་ལྡན་པར་བྱས་ཏེ། གྲུ་གསུམ་ལ་མངོན་རྫོགས་རྒྱལ་པོ་ཉིད་དགོད། ཟླ་གམ་ལ་བདག་ཅག་བཀོད་ནས་བསྒྲུབས་ན། དེའི་བཀའ་བཞིན་བགྱིད་དོ། །གསང་བའི་དཀྱིལ་འཁོར་ཡང་གྲུ་གསུམ་མཐིང་ནག་གི་དབྱིབས་ལ། མངོན་རྫོགས་ཀྱི་རྒྱལ་པོས་བཀའ་ཇི་ལྟར་སྩལ་བ་གང་ལགས་པ་དེའི་ལས་བགྱིའོ་སྙིང་པོ་དང་། དམོད་པ་ལ་སོགས་པ་གཞན་ཡང་མངོན་རྫོགས་རྒྱལ་པོས་བཀའ་ཅི་ལྟར་སྩལ་པ་དེ་བཞིན་ལས་བགྱིད་དོ། །ཞེས་སྨྲས་སོ། །འཕགས་པ་རྡོ་རྗེ་ནག་མོ་དབང་ཕྱུག་མའི་སྔགས་རྒྱུད་ཀྱི་རྒྱལ་པོ་ལས། རྗེས་སུ་སྨྲ་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས། མངོན་རྫོགས་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཧེ་ཧེ་མངོན་རྫོགས་རྒྱལ་པོ་ཡིས། །དཔལ་ལྡན་ནག་མོ་ཆེན་མོ་ཡི། །སྒྲུབ་རྦད་གསད་པའི་ལས་རྣམས་དང་། །བཏུ་དང་ཐུན་སྔགས་ཐམས་ཅད་དང་། །ལྟ་སྤྱོད་དམ་ཚིག་མྱུར་འགྲུབ་དང་། །རྒྱུད་དང་མ་འགྲུབ་གནད་བོར་དང་། །ཐམས་ཅད་མ་ལུས་བཤད་པར་བྱོས། །རྡོ་རྗེ་འཛིན་པ་བདག་ཉན་འཚལ། །


DNG023_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་རྫོགས་རྒྱལ་པོས་བཀའ་སྩལ་པ། །དཔལ་ལྡན་ནག་མོ་ཆེན་པོ་དེ། །བསྙེན་ཅིང་བསྒྲུབ་པར་བྱ་བ་ནི། །ཕྱི་དང་ནང་དང་གསང་བ་སྟེ། །དབང་ནི་ཚུལ་བཞིན་ཐོབ་པ་དེས། །དཀྱིལ་འཁོར་མཐིང་གནག་གྲུ་གསུམ་བྲི། །ཟླ་གམ་གསུམ་ལྡན་སྒོ་དང་ཁྱུད། །ནལ་བུའི་རྒྱུ་མས་ཐིག་བཏབ་ལ། །གྲུ་གསུམ་ནལ་བུའི་རྐང་གསུམ་ཚད། །ཟླུམ་པོ་དེ་དང་དེ་ཡིས་བསྐོར། །ཕྱི་ལུམ་རྐང་མགོའི་ཚད་ཀྱིས་བྱ། །གྲུ་ཆད་དྲངས་ཏེ་བསྒོ་བྱ་བ། །མགོ་སྦུབ་པ་ཡི་ཚད་དུ་བྱ། །རྟག་པར་བཞུགས་པའི་གཏོར་མ་དང་། །རྒྱུན་གཏོར་ལ་སོགས་ཀུན་གྱིས་སྤྲས། །ཟླ་གམ་གསུམ་དབུས་རལ་གཅིག་མ། །ནལ་ཐོད་སྔགས་བྲིས་སྦུབ་ལ་དགོད། །མཐའ་མར་རྟེན་རྫས་གཞག་པར་བྱ། །ཟུར་ལ་ཕུར་བུ་བསྔགས་ལ་དགོད། །ཞིང་གི་རྒྱལ་མཚན་རྐང་གི་དུང་། །ཐོད་པའི་རྔ་ཆེན་ཆ་ལང་དང་། །སོར་ཕྲེང་སྤྱི་བླུགས་ཞྭ་ཆེན་དགོད། །དེ་ནས་བསྙེན་བསྒྲུབ་ཚུལ་བཞིན་བྱ། །མཚན་མ་བཟང་པོ་མ་བྱུང་བར། །འཛབ་གདོན་བསྟོད་དང་སྐུལ་བ་བཏང་། །རྒྱུ་དུས་དག་ཏུ་རྒྱུན་གཏོར་ནི། །གནད་ནས་བོར་ཅིང་གཅུན་པར་བྱ། །དེ་ནས་མཚན་མ་བྱུང་བ་དང་། །དངོས་གྲུབ་གང་འདོད་རྫས་ལ་བླང་། །དེ་ནི་སྒྲུབ་པ་བཤད་པ་ཡིན། །འཕགས་པ་རྡོ་རྗེ་ནག་མོ་དབང་ཕྱུག་མའི་སྔགས་རྒྱུད་ལས། བསྙེན་ཅིང་སྒྲུབ་པ་དང་། བཅའ་གཞི་དཀྱིལ་འཁོར་གྱི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བསད་ཅིང་འཕོ་བའི་དཀྱིལ་འཁོར་ནི། །གྲུ་བཞི་མཐའ་རས་གསུམ་ལྡན་པ། །དབུས་སུ་གྲུ་གསུམ་བཅུ་དྲུག་སྟེ། །དབུས་བཞི་གནག་ལ་འཚེར་བ་ཡིན། །དབུས་ཀྱི་ལྷག་མ་ནལ་བུའི་ཁྲག །བྱང་ཤར་ལྷོ་དང་ནུབ་བྱང་གསུམ། །གཡས་དཀར་གཡོན་སྔོ་རྒྱབ་ཀྱང་སེར། །དེ་ལ་ཁམ་བུ་བརྒྱད་བཀོད་དེ། །ནས་ནག་བྲ་བོ་སྐྱེ་ཚེ་དང་། །ཉུང་ནག་དུག་དང་རམ་བུ་དང་། །སྣེའུ་སྐྱེ་ཕིབ་མ་ལ་སོགས་པ། །ནལ་


DNG023_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

བུའི་མཛུབ་མོའི་ཚད་དུ་བྱ། ། རིགས་དང་མཐུན་པའི་མདོག་ཏུ་བསྐུ། །ཡང་ན་ཀུན་ཀྱང་ནག་པོར་བྱ། །ཁམ་བུ་བརྒྱ་ཡི་དཀྱིལ་འཁོར་ཡིན། །དེ་ནས་ཡང་དག་བཤད་བྱ་བ། །གྲུ་གསུམ་མཐའ་རས་གསུམ་ལྡན་ལ། །གྲུ་གསུམ་ཐོག་ཏུ་ཟླ་གམ་དྲུག །དེ་དབུས་ཟླུམ་པོ་གྲུ་གསུམ་ལྡན། །ཁམ་བུ་དེ་ལ་དགུ་བཀོད་དེ། །ཁམ་བུ་དགུ་བསྒྲུབ་དཀྱིལ་འཁོར་ཡིན། །དེ་ནས་ཡང་དག་བཤད་བྱ་བ། །གྲུ་གསུམ་ཟླུམ་པོ་གྲུ་གང་ཚད། །ཟླ་གམ་ཕྱིར་བལྟས་རྩ་གཅིག་དང་། །དེ་ན་ཟླ་གམ་དུག་དང་གསུམ། །གྲུ་གསུམ་མཐིང་གནག་དབུས་སུ་བྲི། །ཟླ་གམ་གསུམ་ལ་ཕག་ཐོད་གསུམ། །ཁྲག་དང་དུག་དང་མིང་རུས་དང་། །ཁ་སྐོར་དཔོན་གཡོག་སྔགས་ཀྱང་བྲི། །ཟླ་གམ་དྲུག་ལ་སྒོ་ནི་དྲུག །སྙིང་གཏུབ་སྔགས་དྲུག་ཕུར་དྲུག་དགོད། །ཟླ་གམ་ཕྱིར་བལྟས་རྩ་གཅིག་དང་། །སྒོ་ང་ཉི་ཤུ་རྩ་གཅིག་དང་། །སྙིང་པོ་ཕུར་བུ་རྩ་གཅིག་དགོད། །སྒོང་ཟོར་ནག་པོའི་དཀྱིལ་འཁོར་ཡིན། །དེ་ནས་ཡང་དག་བཤད་བྱ་བ། །གྲུ་གསུམ་རྩེ་གསུམ་བསྙེན་བསྒྲུབ་གསུམ། །རྩ་བ་དབུས་བྲི་རྒྱབ་ཏུ་གསུམ། །ཟླ་གམ་ཕྱིར་བལྟས་གསུམ་པ་བྲི། །བྱང་གི་ཟླ་གམ་དཀར་ནག་ཅན། །ཤར་དཀར་ནུབ་ནི་ལྗང་གུར་བྱ། །བྱང་ཤར་ལ་སོགས་ཟླ་གམ་གསུམ། །དམར་དང་ལྗང་དང་གནག་པར་བྱ། །ཁྲག་དང་ཁམ་བུ་དུག་ཐུན་བཞག །ནང་གི་ཟླ་གམ་གསུམ་དག་ལ། །འབྲང་རྒྱས་ཕྱེད་དཀར་ཕྱེད་ནག་དང་། །ཚེ་དང་མར་གསུམ་སྦྱར་བའི་རྫས། །བྱང་ལ་སོགས་པར་རིམ་བཞིན་བཞག །ཛ་གསུམ་མཚོ་ལ་ཁ་ཕྱིར་བསྟེན། །ཕུར་པ་བཅུ་གཉིས་དགོད་པར་བྱ། །ཕོ་ཐོད་མོ་ཐོད་སྟེང་དང་འོག །ཡ་དང་མ་ནི་གནག་དང་དམར། །མཐའ་མར་གསུམ་གྱི་སྙིང་པོས་བསྐོར། །བར་དུ་མིང་དང་རུས་བཅུག་ནས། །མཁར་ནག་དག་གིས་བསྡམ་པ་དགུ། །ཟུར་དགུ་ལ་ནི་བཞུགས་པ་སྟེ། །ཕུར་བུ་དགུ་ལ་བསྔགས་ཏེ་གནན། །ཐོད་


DNG023_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

པ་དགུ་བརྩེགས་མཎྜལ་ཡིན། །དེ་ནས་ཡང་དག་བཤད་བྱ་བ། །གྲུ་གསུམ་བརྩེགས་པའི་ཁྱད་པར་ཅན། །བྱང་དང་ཤར་དང་ལྷོ་ནུབ་དང་། །མཐའ་རས་ཟུར་གསུམ་ཕྱེད་ཚལ་བྲིས། །དབུས་སུ་མུ་ཁྱུད་གསུམ་ལྡན་པ། །གྲུ་གསུམ་བྲིས་པས་ཟླ་གམ་གསུམ། །ཁྱུད་འཁོར་དཀར་དང་སེར་བར་བྱ། །གཙོ་ལ་ཁ་བལྟས་དོན་དག་གིས། །གཡས་དཀར་གཡོན་ནག་གྲུ་གསུམ་དྲུག །སྤྱན་དྲུག་ཕུར་དྲུག་སྔགས་དྲུག་དགོད། །དྲག་སྔགས་དགུག་སྔགས་ཟླ་གམ་སྔགས། །རིམ་པ་བཞིན་དུ་བྲི་བར་བྱ། །མཚོ་ལྗང་སྙིང་སྣའི་སྔགས་ཀྱང་བྲི། །ཕོ་ཐོད་མོ་ཐོད་སྟེང་དང་འོག །ཡ་དང་མ་ནི་བྲིས་པ་ཡིས། །ཟུར་གསུམ་དག་ལ་རེ་རེ་གནག །ཚེ་དང་འབྲང་རྒྱས་མཆོད་པ་ཡི། །སྔགས་ཀྱི་སྒྲུབ་པའི་དཀྱིལ་འཁོར་ཡིན། །དེ་ནས་ཡང་དག་བཤད་བྱ་བ། །གྲུ་གསུམ་མཐའ་རས་གསུམ་ལྡན་ལ། །ལོགས་ལ་ཕྱིར་བལྟས་ཟླ་གམ་གསུམ། །ཟུར་དུ་ནང་བལྟས་ཟླ་གམ་གསུམ། །དབུས་སུ་རྩ་བའི་མཎྜལ་བྲི། །ཚེ་དང་འབྲང་རྒྱས་མཆོད་པ་ཡིས། །ཟླ་གམ་ཁ་དོག་དེ་བཞིན་བྱ། །ཟུར་གྱི་ཟླ་གམ་གསུམ་པོ་ལ། །སྔགས་དྲུག་ཕུར་དྲུག་ཐུན་དྲུག་དགོད། །ཟླ་གམ་ཁ་དོག་དེ་བཞིན་བྱ། །ཟུར་དུ་ཐོད་པ་གསུམ་པོ་མནན། །སྐུ་ཡི་མཎྜལ་གསང་བ་ཡིན། །དེ་ནས་ཡང་དག་བཤད་བྱ་བ། །དཀྱིལ་འཁོར་གོང་དང་གཞི་མཐུན་བྱ། །དུག་ཐུན་ཁམ་བུ་ཁྲག་ཐུན་གསུམ། །སྒྲུབ་པ་གསུམ་ཞེས་བྱ་བ་ཡིན། །དེ་ནས་ཡང་དག་བཤད་བྱ་བ། །གྲུ་གསུམ་མཐའ་རས་གསུམ་ལྡན་ལ། །ལོགས་ལ་ཟླ་གམ་གསུམ་གསུམ་དགུ། །རྩ་བ་ལ་ནི་འབྲུ་དགུ་དགོད། །ཁ་དོག་དམར་ནག་དག་ཏུ་བྱ། །ཟུར་དུ་ཐོད་པ་གསུམ་པོ་གནོན། །དབུས་སུ་རྩ་བའི་སྙིང་པོ་བྲི། །ཁྱམས་ནི་ནག་པོ་དག་ཏུ་གཏོང་། །དུག་ཐུན་ཁམ་ཐུན་ལ་སོགས་བཅའ། །ཐུགས་ཀྱི་དཀྱིལ་འཁོར་བྱ་བ་ཡིན། །དེ་ནས་ཡང་དག་བཤད་བྱ་བ། །གྲུ་གསུམ་མཐའ་རས་གསུམ་དང་ལྡན། །དབུས་


DNG023_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

སུ་རྩ་བའི་མཎྜལ་ལ། །ལོགས་ལ་ཁ་བལྟས་ཟླ་གམ་གསུམ། །ཚེ་དང་འབྲང་རྒྱས་ཟླ་གམ་ཀྱང་། །ཁ་དོག་དེ་བཞིན་བྱ་བར་བཤད། །ཟུར་ལ་སྔགས་དྲུག་ཐུན་དྲུག་དང་། །ཕུར་དྲུག་ཚུལ་བཞིན་དགོད་པར་བྱ། །དབུས་ལ་མུ་ཁྱུད་གཉིས་ལ་སྔགས། །རྩ་བའི་སྔགས་ནི་བྲི་བར་བྱ། །ཕྲིན་ལས་དཀྱིལ་འཁོར་ཡིན་པར་བཤད། །དེ་ནས་ཡང་དག་བཤད་བྱ་བ། །གྲུ་གསུམ་ཟླུམ་པོ་ཟུར་གསུམ་ཅན། །མཐའ་མ་མེ་རི་འབར་བ་སྟེ། །ཟུར་གསུམ་ལ་ནི་ཐོད་པ་གནན། །གྲུ་གསུམ་མཐིང་ལ་ཟླ་གམ་དམར། །བསྒྲུབ་གཏོར་དུག་ཐུན་རྒྱུན་གཏོར་དང་། །ཟླ་གམ་གསུམ་ལ་རིམ་བཞིན་དགོད། །དབུས་སུ་བསྒྲུབ་བྱ་གཞག་པར་བྱ། །གཞན་ཡང་ཐོད་པ་མཚན་ངན་དུ། །ཐུན་ཁྲག་ཕུར་བུ་རྩེ་མོ་ཡང་། །མཁས་པས་གནམ་ལ་བསྟན་ལ་བཞག །ཚུལ་བཞིན་བསྒྲུབ་ན་འགྲུབ་པར་འགྱུར། །དེ་ནས་ཟོར་ནི་བྱེད་པ་ན། །མདུང་གསུམ་དར་སྣ་བཏགས་པ་གསུམ། །དྲེའུ་སྣ་མ་ཡིས་སྣ་དྲངས་ལ། །མདུང་དར་ནག་པོ་ཐོགས་ནས་སུ། །རེ་མ་ཏི་ཡིས་དབུས་བྱས་ཏེ། །མདུང་དང་དར་ནི་དམར་པོ་བྱ། །ལྡེམ་དྲུག་མ་ཡིས་མཇུག་བརྟུལ་ཏེ། །མདུང་དར་སེར་པོ་བྱས་ནས་ནི། །བདག་ཉིད་བདུད་ཀྱི་ཆས་སུ་འཇུག །གཡས་སུ་མདུང་ཐོགས་གཡོན་དུ་ཐུན། །ཕྱར་ནག་ལུས་ལ་གོན་ནས་ནི། །ཁྲག་ཐུན་ལ་སོགས་འཕང་བར་བྱ། །འཕགས་པ་རྡོ་རྗེ་ནག་མོ་དབང་ཕྱུག་མའི་སྔགས་རྒྱུད་ཀྱི་རྒྱལ་པོ་ལས། ཕྲིན་ལས་བསྒྲུབ་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །དཔལ་ལྡན་ནག་མོ་ཆེན་མོ་ཡི། །དམོད་པའི་ན་ཡ་བརྩི་བྱ་ན། །བྱིན་རླབས་བྱེད་པའི་སྔགས་ཚན་དགུ། །མེ་ཡི་ས་བོན་ཨུ་ཡིས་བརྒྱན། །སྣ་དྲངས་བདུན་དུ་བཤད་པ་སྟེ། །ལྷ་ཡི་སྙིང་པོ་ཨེས་བརྒྱན་ནས། །དམོད་པ་བཅུ་ཡི་གཅིག་དག་གོ། །ང་ཡིས་སྣ་དྲངས་བཅུ་གཅིག་སྟེ། །དེ་ནས་


DNG023_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

ཨུས་བརྒྱན་བཅུ་གཅིག་པའོ། །གོང་སླངས་སྣ་དྲངས་དགུ་པའོ། །དེ་འོག་བདུན་དུ་འདོད་པ་ཡིན། །ཀ་ལ་ཡ་སྟེ་ཨིས་སྤྲས་པ། །དགུ་ཡི་རྣམ་པ་ཚང་བའོ། །མ་ཡིས་སྣ་དྲངས་དགུར་འདོད་པ། །ཙ་ལ་ཨེས་སྤྲས་བཅོ་ལྔ་ཡིན། ། དང་པོ་རུ་རུ་རག་མོ་ཞེས། །ཐ་མར་མ་ར་མཱ་ར་ཡ་ཞེས་པ། །ཐགས་ཟངས་རིས་ལ་དམོད་པ་ཡིན། །ཨུ་ཨུ་ཨོ་ཞེས་བྱ་བས་སྤྲས། །ཨེར་རྩར་ཨེར་རྩར་མཱ་ར་ཡ་ཞེས་པ། །ལྷ་ཡི་གཞོན་ནུ་རྣམས་ལ་དམོས། །ཨེ་ཨ་གཉིས་ཀྱིས་མཛེས་པའི་སྒྲ། །ད་ནི་དུན་ཏིང་དུ་ལ་ཡ། །བཛྲ་མཱ་ར་ཡ་ཞེས་པས། །རྒྱལ་ཆེན་བཞི་ཡི་འཁོར་ལ་དམོས། །ཨི་ཨུ་ཨི་ཨུའི་རྣམ་པས་མཚན། །དུ་རུ་རྩ་ལ་ནི། ཧ་ན་བཛྲ་མཱ་ར་ཡ། ནཱ་ག་གེ་ཤུ་སྟེ་ལྷ་མ་ཡིན། །དམོད་པ་ཨུ་ཨུ་ཨི་ཡིས་སྤྲས། །དུ་མ་ཧ་ར་བཛྲ་བྷྱོ། །མཱ་ར་ཡ་ཞེས་བྱ་བ་ནི། །ཕག་གི་སྣ་ཅན་གསོད་པ་སྟེ། །ཨུ་ཨོ་ཧ་ལ་ཡས་ཀྱང་བརྒྱན། །ནཱ་ག་ར་ག་ཞེས་པ་ནི། །མཱ་ར་ཡ་ཞེས་པ་ནི་ཀུན་ལ་སྤྲས། །ཀླུ་ཡི་སྒྲ་སྟེ་བྲམ་ཟེའི་རིགས། །ཀྱེ་མ་སྲོག་དང་ཀྱེ་མ་ཙ། །མཱ་ར་ཡ་སྟེ་སོད་ཅིག་སྒྲ། ། རྒྱལ་རིགས་ཀླུ་སྟེ་དམོད་པ་ཡིན། །ཀ་ལ་ཡས་བརྒྱན་ཨི་ཡིས་སྤྲས། །པ་ལ་མེས་མཛེས་ཨོ་དང་ལྡན། །གོང་བཞིན་ཀ་ལ་བརྒྱན་ཏེའོ། །ར་དང་ཙ་བསྡེབ་གསོད་པའི་སྒྲ། །མ་ར་ཏིག་དང་མ་ར་ཏིག །གསོད་པའི་སྒྲ་སྟེ་མཱ་ར་ཡ། །རྗེ་རིགས་དམོད་པའོ་ཨི་ཨིས་བརྒྱན། །ཙེ་ཙེ་ན་དང་མ་ར་ཏིག །གོང་མ་ལྟ་བུར་བརྗོད་པ་དང་། །མཱ་ར་ཡ་ཡང་ཤམ་བུར་བཏགས། །རིགས་ངན་ཀླུ་ཡི་དམོད་པ་ཡིན། །ཨེ་ཨེ་ཨི་དང་ཨེ་ཨེ་ཨི། །སྨྲས་པ་རང་བྱུང་ལྡན་པའོ། །བྱིན་རླབས་གསང་བའི་དམོད་པ་དགུ། །རྣམ་ཤེས་བརྒྱད་ཀྱི་གཤེད་མ་སྟེ། །རལ་གྲི་ལྟ་བུའི་དམོད་པ་ཡི། །ངར་བླུད་དམོད་སྔགས་བྱིན་རློབ་པའོ། །དེ་ལ་དམོད་པའི་ཐང་བ་ནི། །ན་ཡ་གྲངས་སུ་བརྩི་བ་འདི། །དཔལ་ཆེན་དཔོན་གཡོག་དམོད་པ་ལ། །དེ་ལ་བཅུ་ཡི་དྲུག་དག་དང་། །


DNG023_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་དྲུག་ལྡན་པའི་མཚོན་ཆ་ཅན། །ཐང་མུ་ལེ་ཐང་མུ་ལེ། ཨུ་ཨེ་ཨུ་ཨེ་བཞི་དང་ལྡན། །ཙ་ཐང་ཙ་ཐང་རྦད་རྦད་ལ། །ར་དང་ཙ་བསྡེབས་ར་དང་ཙ། །བསྡེབས་ཏེ་ར་གཉིས་པ་ཡིས་མཚན། །མུཾ་སྣི་མུཾ་སྣི་ནན་ནན་ཞེས། །ཨུ་དང་ཨཾ་དང་ཨུ་དང་ཨཾ། །ས་གཉིས་ན་ས་ཨི་ཨི་གཉིས། །མཚན་ཏེ་དེ་ནས་རག་མོ་ནི། །རག་མོ་ནི་དང་ཁ་ལོ་རྦད། །ཨོ་ཨི་ཨོ་ཨི་ཨོ་སྟེ་ཡང་། །ར་ལི་སྣ་ལ་པ་ཡི་ལེགས། །ཀླུ་ཡུལ་ཐ་མའི་ཨོ་ཉིད་སྤངས། །དུག་སྣི་དུག་སྣི་ཁ་ལོ་རྦད། །ཨུ་དང་ཨི་དང་ཨུ་ཨི་ཨོ། །ས་གཉིས་ན་ཡིས་སྣ་སྤྲས་པ། །ར་ལ་བས་མཚན་ཨོ་གཅིག་ནི། །ཀླུ་ཡི་ཡུལ་དུ་སྤངས་པ་ཡིན། །ཀྱི་ཁ་ལ་དང་མུ་ཁ་ལོ། །ཨོ་གཉིས་རྟིང་ལ་རྦད་རེའོ། །ཀ་ལས་ཡ་བརྒྱན་ཨོ་ཡིས་སྤྲས། །ལ་ལ་ཨོ་དང་ཨོ་ཡིས་མཚན། །ཨུ་དང་ཨོ་དང་ར་ལ་བ། །ཀླུ་ཡུལ་ཨོ་ཨོ་གཉིས་པོ་སྤང་། །དྲིའུ་སྣ་མ་ཡི་དམོད་པ་ཡིན། །རྩ་སྡི་རྦད་རྩ་སྡི་རྦད་ཅེས་པ། །ར་ལ་ཅས་སྤྲས་པ་ལ་ཏ། །ཨི་དང་ལྡན་ཏེ་གོང་མ་སྦྲགས། །དེ་ནས་རལ་པས་མཚན་པའོ། །ནི་སྡི་དང་ནི་སྡི་རྦད། །ཨི་སྟེ་ས་སྣ་ཏས་མཛེས་པ། །ཨི་དང་དེ་ལྡན་ཏས་མཛེས་པ། །ཨི་དང་དེ་ལྡན་གོང་མ་ལྡབས། །ཐ་མར་བཅད་པའི་སྔགས་དང་ལྡན། །མུགས་མུགས་ཞེས་པས་དྲེའུ་སྣམ། །ཨུ་དང་ཨུ་དང་གཉིས་ཀྱི་སྦྲགས། །ལྡེམ་དྲུག་མ་ཡི་དམོད་པ་ནི། །ཐུབ་ཐུབ་ཅེས་དང་སུབས་སྡི་རྦད། །ཨུ་ཨུ་ཨུ་ཨི་དང་ས་སྣ་ཏ། །ཐ་མར་བཅད་པའི་སྔགས་དང་ལྡན། །སེ་ཁ་ལོ་དང་མུ་ཁ་ལོ། །རྦད་རྦད་བར་དང་ཐ་མར་སྦྱར། །ཨེ་ཨོ་ཨུ་ཨོ་བསད་གཉིས་ལྡན། །ཀླུ་ཡི་ཡུལ་དུ་ཨོ་གཉིས་དང་། །ལྷ་ཡུལ་ཐ་མའི་རྦད་གཅིག་སྤང་། །ལྡེམ་དྲུག་གདུག་པའི་དམོད་པ་ཡིན། །དེ་ལ་མི་ཡུལ་ཐང་པ་ནི། །ན་ཡ་རབ་ཏུ་བརྩི་བ་ལ། །བཅུ་ཚོ་བདུན་དང་བརྒྱད་དང་ལྡན། །རྩ་ཐང་རྩ་ཐང་། ར་གཉིས་འོག་ཏུ་རྩ་ཡིས་མཛེས། །དེ་ནས་ཐང་མུ་ལེ་ཐང་མུ་ལེ། ཨེ་ཨེ་གཉིས་


DNG023_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་མཛེས་པར་བྱ། །ཨུ་དང་ཨེ་ཡིས་མཚན་པའོ། །སྔོན་གྱི་གོང་བཞིན་ཤེས་པར་བྱ། །རྩིས་ཀྱི་ན་ཡ་མ་བརྩིས་པའི། །རྦད་གཉིས་གོང་དུ་མིང་དང་སྲོག །མུཾ་སྣི་མུཾ་སྣི་ནན་ནན་ཞེས། །ཨུ་དང་དེ་ལ་ཨཾ་དང་ལྡན། །ས་སྣ་ནས་མཛེས་སྟེང་དུ་ཨི། །དེ་གཉིས་འོག་ཏུ་གཉིས་པོ་དྲངས། །རག་མོ་ནྲྀ་དང་རག་མོ་ནྲྀ། །ཐ་མ་ཁ་ལོ་རྦད་རྦད་དུ། །ཨི་ཨོ་ཨི་དང་ཨོ་ཨུ་ལྡན། །ཐ་མར་བཅད་གཉིས་ར་ལ་པ། །དུག་སྣི་དུག་སྣི་ཁ་ལོ་དང་། །རྦད་རྦད་ཨུ་ཨི་ས་སྣ་ན། །འོག་ཏུ་དེ་དྲངས་སྟེང་དུ་ཨོ། །བཅད་པ་གཉིས་ཀྱི་མཐའ་མཛེས་པ། །ཀྱི་ཁ་ལོ་དང་ཀྱི་ཁ་ལོ། །ཐ་མར་རྦད་རྦད་ཅེས་པ་སྟེ། །ཀ་ལ་ཡས་མཛེས་གླད་དུ་ཨི། །ཨོ་དང་དེ་འདྲ་འོག་མར་སྦྲགས། །བཅད་གཉིས་བར་མ་བས་འོག་ལེགས། །རྩ་སྡི་རྩ་སྡི་རྦད་རྦད་ཅེས། །ར་ཡི་འོག་ཏུ་ཙ་ཡིས་སྤྲས། །ས་ལ་ཏ་སྟེ་དེ་ལ་ཨི། །འོག་ཏུ་སྦགས་ཏེ་བཅད་པ་གཉིས། །རེ་མ་ཏི་ཡིས་མི་ལ་མོས། །ནི་སྡི་ནི་སྡི་ཞེས་པ་ལ། །ཨི་དང་ས་སྣ་ཏ་ཡིས་མཛེས། །དེ་ལ་ཨིས་བརྒྱན་འོག་ཏུ་དྲངས། །མུགས་དང་མུགས་ཞེས་མུགས་གཉིས་གོང་། །ན་ཡ་མ་བརྩིས་དྲན་བྱེད་མིང་། །བཅུག་སྟེ་འོག་ཏུ་ཨུས་མཛེས་པ། །དྲེའུ་སྣ་དམོད་མོ་མི་ཡུལ་མཚོན། །ཐུབ་ཐུབ་སུབས་དང་ཏི་སྟ་རྦད། །ཨུ་ཨུ་ཨུ་ཨི་པ་སྣ་ཏ། །ཐ་མར་བཅད་པའི་རྦད་གཅིག་མཛེས། །ཐུབ་ཐུབ་རྦད་རྦད་ཅེས་པ་སྟེ། །ཨུ་ཨུ་བཤད་པ་གཉིས་དང་ལྡན། །སེ་ཁ་ལོ་མུ་ཁ་ལོ། རྦད་རྦད་ཅེས་པ་ཡང་དག་དམོས། །ཨེ་ཨོ་ཨུ་ཨོ་བཅད་པ་གཉིས། །ལྡེམ་དྲུག་མ་ཡི་དམོད་པའོ། །དེ་ནས་ཡང་དག་བཤད་བྱ་བ། །དེ་བཞིན་མི་ལ་བསྔགས་པ་ནི། །གཞན་ཡང་འདི་ལྟར་སྦྱར་བར་བྱ། །གླིང་བཞི་དག་གི་མི་ལ་ཡང་། །སྙིང་རྗེ་ཆེ་དང་ཁྲོ་མེད་དང་། །ང་རྒྱལ་ཁེངས་སེམས་མེད་པ་དང་། །ཤིན་ཏུ་དཀར་ཞིང་གཟུགས་བྱད་བཟང་། །དེ་ནས་དེ་ལ་ལྷ་ཡུལ་དམོད་པ་བསྔགས། །


DNG023_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་ཁྲོ་གཏུམ་ང་རྒྱལ་ཅན། །ཁ་རླངས་ཆེ་ཞིང་འཁྲུག་པར་དགའ། །གཟུགས་བྱད་གཏུམ་པོར་གནས་པ་ལ། །ལྷ་མ་ཡིན་གྱི་དམོད་པ་བསྔགས། །བུད་མེད་ལུས་དང་བུད་མེད་ལ། །ཕག་གི་སྣ་ཅན་དམོད་པ་བསྔགས། །རྒྱལ་པོ་ལྟ་བུའམ་རྒྱལ་རིགས་ལ། །རྒྱལ་ཆེན་བཞི་ཡི་དམོད་པ་བསྔགས། །སྨ་ར་ཆེ་ཞིང་གདུག་པ་ཆེ། །ལུས་ནི་སྦྲུལ་ལྟར་མཉེན་པ་ལ། །གདུག་པ་བྲམ་ཟེའི་དམོད་པ་བསྔགས། །ཞེ་སྡང་གདུག་པ་དབང་མོ་ཆེ། །རྒྱལ་རིགས་ཀླུ་ཡི་དམོད་པ་བསྔགས། །ལེགས་ཉེས་གཅོད་ཅིང་འཁོར་ཚིས་ཆེ། །སྤྱོད་པ་གཟོབ་ཅིང་གདུག་པ་ཅན། །ཤ་རྩི་སེར་ལ་ལུས་པོ་མཉན། །རྗེ་རིགས་ཀླུ་ཡི་དམོད་པ་བསྔགས། །དམན་པའི་སྤྱོད་པ་འཕྲལ་དུ་བྱེད། །ལུས་བྱད་ངན་ལ་གྱོང་ཞིང་བཤན། །གདུག་པ་ཆེ་ཞིང་ཁ་མི་སྨྲ། ། རིགས་ངན་ཀླུ་ཡི་དམོད་པ་བསྔགས། །གཞན་ཡང་འདི་ལྟར་སྦྱར་བར་བྱ། །མགོ་ལ་ངར་བླུད་མཇུག་ལ་གྲི། །ཐང་བྱས་བཟླས་ན་གང་ཡང་འཆི། །མཇུག་ལ་ངར་གླུད་མགོ་ལ་གྲི། །སྦྱོར་ཤེས་བཟླས་ཀྱང་འགལ་བ་མེད། །འཕགས་པ་རྡོ་རྗེ་ནག་མོ་དབང་ཕྱུག་མའི་སྔགས་རྒྱུད་ལས། དམོད་སྔགས་ཐང་བ་ན་ཡ་བརྩི་བ་དང་། ཤིས་པའི་དམོད་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ཏྲ་ག་ཤ་དང་ཁ་མུན་ཏྲ། ཏ་མ་མེས་སྤྲས་ཨུ་དང་ལྡན། །དེ་བཞིན་ཏ་ལ་མེས་མཛེས་པའོ། །མུ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཨུ་ཨུ་ཨུ་ཨུ་ཨུ་དང་ལྡན། །ཧ་ལ་འས་སྤྲུས་ཨུ་ལྡན་ཀླད་དུ་ཨཾ། །བ་ལ་ཧས་མཛེས་ཧ་ལ་ཡ། །དེ་ལ་ཨོ་དང་མ་མོ་སྲོག །ཧ་ལ་འ་སྟེ་ཨུ་ལྡན་ཨཾ་གྱིས་སྤྲས། །དཔོན་མོ་ཉིན་མོ་རྒྱུ་བའི་སྔགས། །རག་མོ་ཏེ་ཀེཾ་ཙ་ཙ་ཞེས། །ཨོ་དང་ཨེ་ཨེ་ལྡན་པའོ། །ཐ་མ་ཁ་ལ་བྷྱོ་ཞེས་བརྗོད། །པ་ལ་ཧས་མཛེས་ཡ་སྟེ་ཨོ། །དེ་ལ་མ་མོ་སྲོག་དང་ལྡན། །མཚན་མོ་རྒྱུ་བ་དཔོན་གཡོག་གོ། །རུ་ལུ་རུ་ལུ་མ་ཧི་བྷྱོ། །ཨུ་ཨུ་ཨུ་ཨུ་ཨི་ཡིས་མཛེས། །བ་ལ་ཧས་


DNG023_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲས་ཧ་ལ་ཡ། །གོང་བཞིན་ཨོ་སྟེ་སྲོག་དང་ལྡན། །ཉིན་མོ་རྒྱུ་བའི་སྔགས་སུ་ཤེས། །ཐུཾ་ལིས་ཐུཾ་ལིས་སྙིང་རྩ་འདུ་འདུ་ཞེས། །ཨུ་ཨི་ཨུ་ཨི་ས་སྣ་ཉ་དང་ཨི། །ཨུ་ཨུ་ཞེས་ནི་མཇུག་ལ་སྟེ། །སྲོག་སྲིག་སྲོག་སྲིག་ཤཾ་ཤཾ་ཞེས། །ས་ལ་མེ་སྟེ་ཀླད་དུ་ཨོ། །ས་ལ་མེས་མཚན་ཨོ་དེས་སྤྲས། །དེ་ཡང་སྔོན་བཞིན་འོག་ཏུ་བཏུ་བར་ཤེས། །ཤ་ཤ་གཉིས་ལ་གླད་ལ་ཨཾ། །ཐ་མར་ཁྱེར་བྷྱོ་འདུ་ཤེས་ཏེ། །ཁ་ལ་ཡ་ཏེ་དེ་ལ་ཨེ། །བ་ལ་ཧས་མཛེས་ཡ་དང་ཨོ། །དེ་ལ་སྲོག་ལྡན་ཨུ་ཨུ་ཞེས། །དེ་ནི་ཨེ་ཀ་ཙ་ཏིའི་སྔགས། །བ་ལ་ཨ་ཤ་ཛྭ་ལ་ཧྲཱྀ། །ཧ་ལ་མེས་སྤྲས་གླད་དུ་ཨི། །སྐུ་ཡི་སྔགས་ཏེ་ལས་མཛད་པའོ། །མ་ནི་སྲོག་དང་ཛྭ་ལ་ཧཱུཾ། །ཨི་དང་ས་ལ་མེ་ཡིས་མཚན། །དེ་ལ་ཨོ་སྟེ་ཛ་ལ་ཝ། །ཧ་ལ་འས་སྤྲས་ཨུ་སྟེ་ཨཾ། །གསུང་སྟེ་ཕྲིན་ལས་མཛད་པའོ། །ཨཱོཾ་དུ་རུ་བ་ག་ཤ་ཧཱུཾ། །ཡེ་ཤེས་ལྔ་སྟེ་ཨུ་ཨུ་དང་། །ཧ་ལ་འ་སྟེ་ཨུ་ཨཾ་ལྡན། །ཐུགས་ཀྱི་སྙིང་པོ་བསྟན་པ་ཡིན། །མ་ཧཱ་སྲོག་ཐུན་སྙིང་ལཾ་བྷྱོ། །ས་ལ་མེ་སྟེ་ཨོ་དང་ཨུ། །ཕྲིན་ལས་སྙིང་པོ་ཀུན་འགྲུབ་པའོ། །ཨཱོཾ་དང་བཛྲ་སྙིང་ཁ་རག །སྙིང་ཁ་རག་དང་བྷྱོ་ཞེས་པ། །ཡེ་ཤེས་ལྔ་སྟེ་ཛ་ལ་ར། །ས་ལ་ཉ་སྟེ་སྟེང་དུ་ཨི། །དེ་ཉིད་དྲངས་ཏེ་སྔོན་བཞིན་སྲོག །མཱ་ར་ཡ་དང་ཐུན་ཡང་སྦྱར། །ཁམ་བུ་དགུར་ཡང་བཤད་པ་ཡིན། །མཱ་ར་ཡ་དང་ཐུན་ཡ་བཅད། །ཁམ་བུ་བརྒྱ་ཡི་སྤྱི་སྒྲུབ་ཡིན། །ཕྲིན་ལས་ཀུན་ལས་འཇུག་པ་ཡིན། །རྒྱུན་དུ་བཟླས་པ་ཁམ་བུ་ཡི། །རྒྱུན་དུ་སྐུ་གསུང་ཐུགས་ལ་སོགས། །བསྙེན་བསྒྲུབ་ཀྱང་ནི་བྱ་བ་ཡིན། །གཞན་ཡང་ཡང་དག་བཤད་བྱ་བ། །ཏྲག་རག་ཤ་དང་མུ་ཏྲ་ཞེས། །ཏ་ལ་མེ་སྟེ་ཨུ་ཏ་མེ། །དབུས་ཀྱི་ཐུན་ཏེ་ནག་པོ་ལ། །ཁ་མུན་ཏྲ་དང་རག་མོ་ཛ། །དེ་ནས་ཛ་སྟེ་ཨུ་ཏ་མེ། །ཨོ་སྟེ་མན་ཏྲ་ཁྲག་ལ་བཟླས། །ཁ་ལ་མ་ཏི་བྷྱོ་དང་ནི། །དེ་ནས་རག་ཤ་དང་ཨི་དང་སྲོག །དེ་ལྡན་གཡས་སུ་ཁྲག་


DNG023_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

ལའོ། །ཏྲག་རག་ཤ་དང་མུ་ཏྲ་ཞེས། །དེ་ནས་མུ་ཏྲ་དང་སྙིང་ཁ་རག །ཏ་ལ་མེ་སྟེ་ཨུ་ཏ་མེ། །དབུས་ཀྱི་ཐུན་ཏེ་ནག་པོ་ལ། །ཁ་མུན་ཏྲ་དང་རག་མོ་ཛ། །དེ་ནས་ཛ་སྟེ་ཨུ་ཏ་མེ། །ཨོ་སྟེ་མན་ཏྲ་ཁྲག་ལ་བཟླས། །ཁ་ལམ་མ་ཏི་བྷྱོ་དང་ནི། །དེ་ནས་རག་ཤ་དང་ཨི་དང་སྲོག །དེ་ལྡན་གཡས་སུ་ཁྲག་ལའོ། །ཏྲག་རཀ་ཤ་དང་མུ་ཏྲ་ཞེས། །དེ་ནས་མུ་ཏྲ་དང་སྙིང་ཁ་རག །ཏ་ལ་མེ་སྟེ་ཨུ་ཏ་མེ། །ཨུ་དང་ཏ་མེ་ས་སྣ་ཉ། །ཨི་དང་ལྡན་པ་གཡོན་ལ་བཟླས། །ཀུན་གྱི་མཇུག་ལ་མཱ་ར་ཡ། །ཐུན་ཡང་སྦྱར་ཏེ་དྲང་བར་བྱ། །ཨཱོཾ་དང་མ་མ་ཏྲག་རག་ཤ །ཡེ་ཤེས་ལྔ་སྟེ་ཏ་མེས་སྤྲས། །དབུས་ཏེ་ནག་པོ་ཐུན་ལ་བཟླས། །ཙ་ལ་ལ་ཞེས་བརྗོད་ནས་ཀྱང་། །ཁ་ལ་མ་ཏིང་ཨུ་དང་ལྡན། །ཟུར་གྱི་བཅུ་ལ་བཟླས་པ་ཡིན། །སྙིང་ལ་ཟ་བ་ཙིཏྟ་ལ། །ས་སྣ་ཉ་སྟེ་ཨི་ཨིའོ། །གཡས་ཀྱི་ཐུན་ཏེ་དཀར་པོ་ལའོ། །རག་ཤ་མུ་ཏྲ་བྷྱོ་ཞེས་པ། །ཨུ་དང་ཧ་མེ་སྔོན་བཞིན་སྲོག །གཡོན་དུ་སྔོན་པོ་དག་ལ་བཟླས། །རེ་མ་ཏེ་སྟེ་བྱང་ཤར་རོ། །ཨཱོཾ་དང་རུ་རུ་རོ་རུ་ཞེས། །ཡེ་ཤེས་ལྔ་སྟེ་ཨུ་ཨུ་ཨོ། །ཨུ་ལྡན་ལྷོ་ཡི་ཟུར་ལ་བཟླས། །རུ་རུ་དེ་ནས་རག་ཤ་ན། །ཨུ་ཨུ་གཉིས་ཀྱིས་འོག་ཏུ་ལེགས། །དབུས་ཀྱི་ཐུན་ལ་བཟླས་པ་ཡིན། །རུ་དང་རག་ཤ་ཏྲག་རག་ཤ་ཞེས། །ཨུ་དང་མེས་སྤྲས་གཡས་སུ་བཟླས། །རུ་ལུ་རུ་ལུ་རག་ཤ་ཞེས། །ཨུ་ཨུ་ཨུ་ཨུས་འོག་ཏུ་ལེགས། །གཡོན་གྱི་ཕྱོགས་སུ་འཕང་བའི་སྔགས། །རུ་རུ་རོ་རུ་རུ་ལུ་ཞེས། །ཐ་མར་ཙག་ཤ་སྦྱར་བྱས་ན། །ཨུ་ཨུ་ཨོ་ཨུ་ཨུ་ཨུས་སྤྲས། །ཁྲི་སྨན་ཁམ་བུ་སྤྱི་བསྒྲུབ་པོ། །ཐོག་མར་ཏྲག་རག་ཤ་ཞེས་བརྗོད་དང་། ཐ་མར་སྙིང་ཁྲག་སྙིང་བྷྱོ་ཞེས། །སྤུ་ཏ་སྤུ་ཏ་བྷྱོ་ཞེས་པ། །ཏ་ལ་མེས་སྤྲས་པ་ལ་ཉ། །དེ་ལ་ཨི་སྟེ་ཁ་ལ་མེ། །ས་ལ་ཉ་སྟེ་དེ་ལ་ཨི། །དེ་རྟིང་སྔོན་བཞིན་སྲོག་གི་མཐའ། །ས་ལ་སས་སྤྲས་དེ་ལ་ཨུ། །དེ་འདིར་དྲངས་ཏེ་སྲོག་མཐའ་ཅན། །དྲིའུ་སྣ་ཁམ་


DNG023_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

བུ་སྤྱི་བསྒྲུབ་པའོ། །སྙིང་ཁ་རག་དང་ནིར་ཤ་ཞེས། །ས་ཡི་སྣ་ལ་ཉ་ཡིས་སྤྲས། །དེ་ལ་ཨི་སྟེ་དེ་ནས་ཨི། །ནུབ་ཟུར་ཁམ་བུ་བཅུ་ལ་བཟླས། །རུ་ལུ་རཀ་ཤ་ཏི་ན་ཞེས། །ཨུ་ཨུ་ཨི་གསུམ་དེ་ལ་བརྒྱན། །དབུས་ལ་བཟླས་པ་ཉིད་དུའོ། །རག་མོ་ཙ་ཙ་ཤ་ཤ་ཞེས། །ཨོ་སྟེ་གཡས་ཀྱི་ཕྱོགས་སུ་བཟླས། །སྙིང་ཁྲག་དེ་ནས་རྩ་བ་ཡ། །ས་ཡི་སྣ་ཉ་དེ་ལ་ཨི། །ཁ་ལ་མེ་སྟེ་ར་ལ་ཙ། །གཡོན་གྱི་ཕྱོགས་སུ་བཟླས་པའོ། །དེ་ནས་ཡང་དག་བཤད་བྱ་བ། །ཁམ་བུ་སྤྱི་བསྒྲུབ་སྒོས་སྒྲུབ་ཀྱི། །རྩིས་ཀྱི་ན་ཡ་བརྩི་བ་ནི། །སྔགས་ཚན་དགུ་པོ་དག་ལ་ཡང་། །ཐོག་མར་བཅུ་བཞི་དེ་འོག་དགུ། །དེ་འོག་བདུན་ཏེ་བཅུ་དྲུག་འོག །ལྔ་པ་བདུན་ཏེ་དྲུག་པ་དྲུག །བདུན་དྲུག་བདུན་ལྡན་བརྒྱད་པའོ། །དགུ་པ་དེ་ཉིད་ཡང་དག་ལྡན། །ཐོག་མ་ལྔ་སྟེ་དེ་འོག་བདུན། །གསུམ་པ་བདུན་ཏེ་དེ་འོག་བཅུ། །དང་པོ་ལྔ་པ་གཉིས་པ་བདུན། །གསུམ་པ་བདུན་ཏེ་བཞི་པ་ལྔ། །ཐོག་མ་ལྔ་སྟེ་གཉིས་པ་ལྔ། །གསུམ་པ་ལྔ་སྟེ་བཞི་པ་དྲུག །ལྔ་པ་བརྒྱད་དུ་གྲགས་པའོ། །ཐོག་མ་བཅུ་གཅིག་གཉིས་པ་ལྔ། །གསུམ་པ་དྲུག་སྟེ་བཞི་པ་དྲུག །ལྔ་པ་དག་ཀྱང་དེ་དང་ལྡན། །མཇུག་ལ་མཱ་ར་ཡ་ཐུན་ལ་གདགས། །འཕགས་པ་རྡོ་རྗེ་ནག་མོ་དབང་ཕྱུག་མའི་སྔགས་རྒྱུད་ཀྱི་རྒྱལ་པོ་ལས། ཐུན་སྔགས་སྒྲུབ་པ་དང་། ན་ཡ་བརྩི་བའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །དྲག་པོ་ལས་ཀྱི་བྱ་བ་བཤད། །་ནི་ཡེ་ཤེས་ལྔ་ལྡན་པའོ། །རུ་རུ་ཀེའུ་རིས་དབང་བསྐུར་བ། །ཨུ་ཨུ་གཉིས་ཀྱི་འོག་ཏུ་ལེགས། །རོ་རུ་སེངྷ་བརྒྱད་དང་ལྡན། །ཨོ་ཨུ་ལྡན་ཏེ་ཙ་བ་ལ། །རལ་པ་གཅིག་མའི་ཕྱག་རྒྱ་ཡིན། །ཨ་ཤུག་མེ་སྟེ་ཨུ་ཨེ་གཉིས། །གསང་བའི་མ་བདུན་གཡོག་དང་བཅས། །མ་ཧཱུཾ་མ་བྷྱོ་ཛ་ཛ་ཞེས། །ཧ་ལ་འ་ལྡན་ཨུ་སྟེ་ཨཾ། །དཀྱིལ་འཁོར་ལྷ་ཡི་སྒོ་མ་བཞི། །སྔོན་བཞིན་


DNG023_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

མ་མོའི་སྲོག་སྔགས་ཏེ། །དབང་ཕྱུག་ལྡན་རུ་རུ་སྲིན་མོ་ཚ་བའི་ནད། །རོ་རུ་རབ་ཏུ་ཚ་བའི་ནད། །ཙ་པ་ལ་ནི་བསྒྲུབ་མི་སྟེ། །མ་མོ་བདུན་ནི་ཨ་ཤུག་མེ། །ཧཱུྃ་ཞེས་ཐམས་ཅད་སྡུད་བྱེད་པ། །བྷྱོ་ཞེས་ཐམས་ཅད་ལས་ལ་སྡུད། །དེ་རྣམས་ཛ་ཡིས་ཡང་དག་འགུགས། །གཉིས་པས་བསྒྲུབ་བྱའི་ངོ་བོ་འགུགས། །རྒྱལ་བ་རྣམས་ཀྱིས་བྱིན་བརླབ་པ། །སྔགས་དེ་དང་པོར་བཟླ་བར་བྱ། །ཨཱོཾ་དང་ཙ་པ་ལ་ཞེས་ཏེ། །ཨ་ཤུག་མེ་དང་མི་ཞེས་སྒྲ། །གཉིས་དེ་སྭཱ་ཧཱ་གཞག་པར་བྱ། །ཡེ་ཤེས་ལྔ་སྟེ་ཨུ་ཨེ་ཨི། །ས་སྣ་ཝ་སྟེ་ཉིན་མོ་དང་། །ནུབ་མོ་དྲག་དང་ཞི་བ་བཟླས། །ཞི་བ་ངས། ཡི་གེ་དགུ་ལ་རྩ་བའི་སྔགས། །ཨཱོཾ་དང་བཛྲ་ཁ་རག་སྙིང་ཁ་རག །ཏྲག་ཤ་ཙ་མུན་ཙཀ་ཤ་ཞེས། །ཡི་གེ་ལྔ་དང་ཛ་ལ་མེ། །ས་ཉ་ཨི་སྟེ་ཏ་ལ་མེ། །ཨུ་སྟེ་བཅུ་གསུམ་དེ་ཉིད་སྔགས། །ཁ་མུ་ཏྲ་དང་པ་ཏྲ་ཞེས། །མཇུག་ཏུ་ཏྲག་དང་རཀ་ཤ་སྦྱར། །ཨུ་དང་ཏ་མེ་ཏ་ཡང་མེ། །ཏ་མེ་བརྒྱད་པ་རི་མ་ཏི། །རུ་རུ་རོ་རུ་ཁ་ཞེས་པ། །ཨུ་ཨུ་ཨོ་ཨུ་བཞི་པ་ནི། །ཁྲི་སྨན་ཟླ་གམ་བྲི་བའི་སྔགས། །རུ་རུ་རོ་རུ་མུ་ཏྲ་ཞེས། །ཨུ་ཨུ་ཨོ་ཨུ་ཨུ་སྟེ་མེ། །དྲུག་པ་དྲེ་སྣ་ཞེས་པའོ། །དུར་ལ་ཏིག་དང་མ་དུ་ང་། །བྷྱོ་ཞེས་ཨུ་ཨི་ཨུ་དང་སྲོག །མ་མོ་ནག་མོ་ཁྲོ་སྟེ་སྟོང་། །བདུན་དང་ལྡན་པ་བཟླས་པ་བྱ། །ཏྲ་ག་རག་ཤ་དང་ཁ་མུན་ཏྲ། །བྷྱོ་ཞེས་རུ་ལུ་རུ་ལུ་སྟེ། །ཏ་མེ་ཨུ་སྟེ་ཏ་ལ་མེ། །སྲོག་དང་ཨུ་ཨུ་ཨུ་ཨུ་སྟེ། །ཨེ་ཀ་ཙ་ཏི་ཡང་རྗེ་མོ། །ཏྲག་རཀ་ཤ་སྙིང་ཁྲག་སྙིང་། །བྷྱོ་ཞེས་ཏ་མེ་ས་སྣ་ཉ། །དེ་ལ་ཨི་སྟེ་ཁ་ལ་མེ། །ས་ཉ་དེ་ཨི་སྔོན་བཞིན་སྲོག །མཐའ་ཅན་རེ་མ་ཏི་ཡི་སྔགས། །སྤུ་ཏ་སྤུ་ཏ་བྷྱོ་པ་ལས། །ཨུ་ཡིས་དེ་སྤྲས་གཉིས་ཏེ་སྲོག །ཁྲི་སྨན་དྲག་པོའི་སྔགས་ཞེས་པ། །ཤ་ཤ་ཏྲག་དང་ཤ་ཏྲག་ཅེས། །ཏ་གཉིས་མཛེས་མཚན་དྲེའུ་སྣ་མ། །དྲག་མོ་དྲག་པ་སྙིང་ཏྲག་ཅེས། །མཇུག་ཏུ་སྙིང་ཏྲག་ཏ་ལ་མཛེས། །ཨོ་ཏ་མེ་སྟེ་ས་སྣ་དེ། །ཨིས་སྤྲས་


DNG023_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

ཏ་ལ་མེ་ཡིས་མཚན། །དེ་ཉིད་འོག་ཏུ་དེ་དང་འདྲ། །ཨེ་ཀ་ཙ་ཏི་དྲག་པོའི་སྔགས། །ཏྲག་མུ་ཏྲག་པ་རེ་མ་ཏི། །གཉིས་མེས་མཚན་ཏེ་བར་དུ་ཨུ། །ལས་ཀུན་བྱེད་དེ་མཱ་ར་ཡ། །ཐུན་ཡ་སྦྱང་ཏེ་སྒོ་ང་དྲུག །སུམ་ཅུ་རྩ་དྲུག་དྲིལ་ལ་བཟླས། །ཕག་ཐོད་ལ་སོགས་ཀུན་ལ་འཇུག །དེ་ནས་ཡང་དག་བཤད་བྱ་བ། །མ་མ་ཏྲག་དང་རག་ཤ་ཞེས། །དེ་ནས་མུ་ཏྲ་ཁ་མུ་ཏྲ། །ཏ་མེ་ཨུ་ཏ་མེས་སྤྲས་པ། །ཨུ་སྟེ་ཏ་ལ་གོང་བཞིན་མེ། །མུ་རུ་མུ་རུ་ལུ་ཞེས། །ཨུ་ཨུ་དྲུག་གིས་ལོག་ཏུ་ལེགས། །བྷྱོ་ཧཱུཾ་བྷྱོ་ཞེས་མཇུག་ཏུ་བཏགས། །སྲོག་གཉིས་བར་དུ་ཧ་ཨུ་ཨཾ། །ཏྲག་རག་ཤ་ཁ་མུ་ཏྲ་ཞེས། །ཏ་མེ་ཨུ་སྟེ་ཏ་ཡང་མེ། །དུར་མ་ཏི་སྡི་རག་ཤ་མོ། །ཙ་ཞེས་ཨུ་ཨི་ཨོ་གསུམ་བརྒྱན། །མ་མ་དུར་ཏེ་ཨུ་འོག་ལེགས། །དུམ་ལོ་ན་ཡ་ཨུ་ཨོས་མཚན། །སྙིང་ཞེས་ཁ་ལ་རག་ཤ་བརྗོད། །ས་ལ་ཉ་སྟེ་ཨིས་སྤྲས་པ། །རྦད་གཏུབས་བཅད་སྔགས་ཨུ་དང་ལྡན། །ཙིཏྟ་བཾ་ཞེས་ཨི་ཨཾ་ལྡན། །ཁ་ལ་ཐུཾ་མྱོས་སྙིང་ཁྲག་ཅེས། །ཨུ་སྟེ་མ་ལ་ཡ་ཡིས་མཚན། །དེ་ལ་ཨོ་སྟེ་ས་སྣ་ཉ། །དེ་ལ་ཨི་དང་ཁ་ལ་མེས་སྤྲས་པའོ། །ཧ་སྲ་རུ་རུ་ཐུཾ་ཞེས་པ། །ཨུ་གསུམ་གོང་དུ་ས་ལ་མེས། །ཨེ་པ་ཐུམ་སྟེ་ཨི་ཨུ་གཉིས། །དུ་ཐུ་བྲ་རཾ་ཐུཾ་ཞེས་པ། །ཨུ་གསུམ་སྐབས་སུ་ས་ལ་མེ། །དུམ་ལ་ན་ཡང་འཇུག་པ་སྟེ། །ཨུ་ཨོ་གཉིས་ཀྱིས་མཚན་པར་བྱ། །ཨི་ཡུ་ན་དང་ས་མ་ཡ། །ཐིབས་ཐིབས་ལི་ཤར་ཡང་ངེས་སོད། །ས་མ་ཡ་ཞེས་ཏི་སྟ་ནི། །ཨི་ཨུ་ཨི་གསུམ་ཨེ་ཨ་ལྡན། །ཨི་སྟེ་ཚ་སྣ་ཏ་ཡིས་མཛེས། །སྒོ་ངའི་ཐུན་སྔགས་མན་པར་བཤད། །མ་མ་མ་རུ་ཐིབས་ཐིབས་ཞེས། །ཨུ་ཨི་ཨི་གསུམ་རྒྱན་དུ་བྱས། །ཐབ་སྲ་བུར་དང་ཁ་ཤ་བམ། །ས་ལ་མེ་སྟེ་ཨུ་ཨཾ་ལྡན། །ཡང་ཐུཾ་རི་ལི་ལི་ཞེས་པ། །ཨཾ་ཨུ་ཨི་ཨི་ཨི་བརྒྱན་ལྡན། །ཐིབ་ནིག་གཅིག་མེད་ཨི་ཨི་ཨི། །ཨེ་ཡིས་བརྒྱན་པ་ལེགས་པར་བྱ། །གཉིས་ཏྲག་བརྒྱད་རྩད་


DNG023_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

ཨི་ཏ་མེ། །ར་སྣ་ག་སྟེ་དེ་ལ་ཡ། །གནམ་མཐོངས་ཕྱེད་དང་ལྕགས་སྒྲོག་ཁྲོལ། །ཨོ་ལྡན་ཕ་ལ་དེ་ལ་ཨེ། །ལ་འོག་ཅ་སྟེ་ས་སྣ་ག །དེ་ལ་མེ་ཨོ་ཁ་མེ་ཨོ། །མི་རིང་སོང་དེ་ཨི་ཨ་ལྡན། །བཛྲ་ནི་ཕཊ་མཇུག་ཏུ་བརྗོད། །ཛ་ལ་མེ་ལྡན་ཨེ་རྒྱན་ཅན། །མཱ་ར་ཡ་དང་ཐུན་ཡ་གདགས། །སྒོ་ང་རྩ་གཅིག་ཐུན་སྔགས་ཡིན། །བཛྲ་ཏེ་ཕཊ་བཛྲ་ཛ་ཏ་ཏེ་ཕཊ་ཅེས། ཛ་མེ་ཨེ་དང་ཛ་མེ་ཨེ། ཏ་ཡིས་བརྒྱན་ཏེ་ཨེས་སྤྲས་པའི། །བཛྲ་ཨེ་ཧི་ཨེ་ཧི་ཞེས། །ཛ་མེ་ཨེ་ཨི་ཨེ་ཨིས་སྤྲས། །ནཱ་ག་ལེ་དང་ནཱ་ག་ལེ། །ཨེ་གཉིས་སྟེང་དུ་བརྒྱན་པའོ། །སུམྦྷ་ལེ་དང་སུམྦྷ་ལེ། །ཨུ་ཨེ་ཨུ་ཨེས་བརྒྱན་དུ་བ། །ཙིན་ཡ་ཙིན་ཡ་ཞེས་པ་ནི། །ཨི་ཨི་གཉིས་ཀྱིས་བརྒྱན་པའོ། །ལེན་ཡང་ལེན་ཡང་ཞེས་པ་ཡང་། །ཨེ་ཨེས་སྟེང་ནས་མཚན་པར་བྱ། །ཁ་ཤ་བཾ་དང་ཁ་ཤ་བཾ། །ཨཾ་ཨཾ་གཉིས་དང་ལྡན་པའོ། །མ་དུ་ངང་བྷྱོ་མ་དུ་ང་བྷྱོ། །ཞེས་ཨུ་ཨུ་སྲོག་དང་ལྡན་པའོ། །བརྒྱ་དང་བཅུ་བདུན་གཅིག་ལྡན་པ། །སྒོ་ང་དྲུག་དང་ཁྲག་དང་ཐུན། །ཐམས་ཅད་ཀུན་ལ་སྔགས་པ་ཡིན། །འཕགས་པ་རྡོ་རྗེ་ནག་མོ་དབང་ཕྱུག་མའི་སྔགས་རྒྱུད་ཀྱི་རྒྱལ་པོ་ལས། རྩ་བའི་སྔགས་དང་། ཟོར་ཐུན་ཐམས་ཅད་ཀྱི་ན་ཡ་བརྩི་བའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །མ་ཧཱ་རཀྴ་ཙིཏྟ་ཞེས། །ཨི་སྟེ་དྲུག་ལྡན་གསང་བའི་སྔགས། །ཀ་ལ་མ་དང་རཀ་ཤ་ཞེས། །སི་ཏི་ཙིཏྟ་ཨི་ཨི་ཨི། །ཨོ་ཨེ་ཨུ་དང་མ་མོ་སྲོག །དགུ་དང་ལྡན་པར་བཤད་པའོ། །རུ་ལུ་རུ་ལུ་མ་ཧི་བྷྱོ། །ཨུ་བཞི་ཨི་སྲོག་ལྡན་པ་ཡིན། །ཏྲག་རཀྴ་དད་མུ་ཏྲ་ཁ། །མུ་ཏྲ་ནག་མོ་ཛ་ཛཿ ཞེས། །ཏ་གཉིས་མེ་སྟེ་དབུས་སུ་ཨུ། །ཨུ་ཨོ་པར་དུ་ཏ་མེས་སྤྲས། །ཡི་གེ་བཅུ་གཉིས་གསང་བའོ། །ཏེ་ཀུཾ་ཁ་ལ་མ་བྷྱོ་ཞེས། །ཨེ་ཨོ་སྲོག་སྟེ་དྲུག་པ་ཡིན། ། བོད་པ་ཞེས་བྱའི་གསང་སྔགས་སོ། །ཏྲ་ཤ་རག་དང་མུ་ཏྲ་སྙིང་། །ཁ་རག་རྦད་ཐུཾ་རི་ལི་བྷྱོ་སྟེ། །རི་ལུ་བྷྱོ་སྟེ་ཏ་མེ་གཉིས། །དབུས་སུ་ཨུ་སྟེ་


DNG023_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

ས་སྣ་ཉ། །དེ་ལ་ཨི་ལྡན་བཅད་པའོ། །དེ་ཡི་ཡི་གེ་ན་ཡའོ། །འགུ་ཡ་རག་ཤ་ཙིཏྟ་ཞེས། །ཨུ་ཨི་ཡི་གེ་དྲུག་པ་ཡིན། །ཧྲི་བཾ་ཤ་ཙ་ཏི་ཙིཏྟ། །དབང་དང་ཨཾ་སྟེ་ཨི་ཨོ་བདུན། །མ་མ་རྩ་པུར་ཏི་ཙིཏྟ། །ར་སྣ་ཙ་ལྡན་ཨུ་ཨི་ཨི། །བདུན་དང་ལྡན་པར་བཤད་པའོ། །པུ་རུ་ཛ་ལྟུམ་ཙིཏྟ་ཞེས། །ཨུ་ཨུ་ལ་སྣ་ཏ་ཨུས་བརྒྱན། །ཨི་ཞེས་དྲུག་པ་རྒྱན་ཅན་ནོ། །ཐུན་སྔགས་དྲུག་ཅེས་བྱ་བར་བཤད། །ཨ་ཧ་ཁ་ཏང་ཨ་བི་ར། །ཙ་ཙིཏྟ་ཞེས་ཁ་ལ་ཝ། །ཨི་གཉིས་ཡི་གེ་བཅུ་པའོ། །ཧ་ཏྲང་དང་ནི་མ་ཧཱ་ཏྲང་། །རུ་ལུ་ཙིཏྟ་ཏ་མེ་གཉིས། །ཨུ་ཨུ་ཨི་ཞེས་ཡི་གེ་དགུ། །བརྒྱད་ཀྱི་ཐ་མར་སྲོག་ཏུང་ཏུང་། །བསྐུལ་བའི་སྔགས་ཏེ་སྦྱར་བར་བཤད། །དེ་ནས་ཡང་དག་བཤད་བྱ་བ། །བོད་དང་རྦད་དང་བསད་པའི་སྔགས། །ཏྲག་རག་ཤ་དང་མུ་ཏྲ་ཡ། །སྙིང་ཁ་རག་མ་བྷྱོ་བྷྱོ་ཞེས། །ཏ་མེ་གཉིས་ཏེ་དབུས་སུ་ཨུ། །ས་སྣ་ཉ་སྟེ་དེ་ལ་ཨི། །མ་མོ་སྲོག་སྙིང་གཉིས་མཐའ་ཅན། །རྦད་སྔགས་ཡི་གེ་བཅུ་གཉིས་པའོ། །ཏྲག་རཀྴ་དང་ཁ་མུ་ཏྲ། །རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། །ཏ་གཉིས་མེ་སྟེ་དབུས་སུ་ཨུ། །ཨུ་བཞི་ཧ་ལ་ཨུ་ཨཾ་ཅན། །བར་དུ་སྲོག་སྟེ་བཅུ་གསུམ་པའོ། །རག་མོ་ཏེ་ཀུམ་ཙ་ཙ་ཁ་ལ་བྷྱོ། །ཨོ་ཨེ་ཨུ་དང་མ་མོ་སྲོག །དགུ་དང་ལྡན་པར་བཤད་པའོ། །རུ་ལུ་རུ་ལུ་མ་ཧི་བྷྱོ། །ཨུ་བཞི་ཨ་སྲོག་བདུན་པ་ཡིན། །ཏྲག་རག་ཤ་དང་མུ་ཏྲ་ཁ། །མུ་ཏྲ་རག་མོ་ཛ་ཛ་ཞེས། །ཏ་གཉིས་མེ་སྟེ་དབུས་སུ་ཨུ། །ཨུ་ཨོ་བར་དུ་ཏ་མེས་སྤྲས། །ཡི་གེ་བཅུ་གཉིས་གསང་བའོ། །ཏེ་ཀུམ་ཁ་ལ་མ་བྷྱོ་ཞེས། །ཨི་ཨུ་སྲོག་སྟེ་དྲུག་པ་ཡིན། །བོད་པ་ཞེས་བྱའི་གསང་སྔགས་སོ། །ཏྲག་རག་ཤ་དང་མུ་ཏྲ་སྙིང། །ཁ་རག་རྦད་ཐུཾ་རི་ལི་ཞེས། །རི་ལི་བྷྱོ་སྟེ་ཏ་མེ་གཉིས། །དབུས་སུ་ཨུ་སྟེ་ས་སྣ་ཉ། །དེ་ལ་ཨི་ལྡན་བཅད་པ་འོག །ཨུ་སྟེ་ཨི་བཞི་སྲོག་མཐའ་ཅན། །བཅོ་ལྔ་ལྡན་པ་བསད་པའོ། །དེ་ནས་ཡང་དག་བཤད་བྱ་བ། །དཀར་


DNG023_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

ནག་སྔོ་ན་དམར་སེར་པོ། །ཕྱིང་ཀ་ལོག་སྟེ་གསང་བའི་ཐུན། །་བཛྲ་ཀི་བི་རི་ཧཱུྃ་ཕཊ། ཡེ་ཤེས་ལྔ་སྟེ་མགོ་ལ་བཞག །ཛ་ལ་མེ་སྟེ་ཨི་གསུམ་ཧ། །ཨུ་ཨཾ་མཛེས་པ་ཡི་གེ་བདུན། །མ་ཧཱ་ས་ར་ག་ན་ཧཱུཾ། །ཕཊ། མཐའ་ཨུ་ཨཾ་བརྒྱན་པའོ། །ས་ཤི་ས་ཤི་བླ་ཤི་ཞེས། །ས་ཟད་ཧཱུཾ་ཞེས་བཤད་པ་ནི། །ཨི་གསུམ་པ་ལ་ལ་འོག་ལེགས། །ཨུ་ཨཾ་སྤྲས་པ་དགུ་པར་བཤད། །ལོ་ཤི་ཁ་ལ་རག་བཤད་དང་། །རྦད་ན་ཧཱུཾ་སྟེ་ཨོ་ཨི་བཅད། །ཨུ་ཨཾ་ཧ་སྤྲས་དེ་ཡང་དགུ། །དུ་ན་ས་ར་ཐིམས་ན་དགྲ་བོ་ཧཱུཾ། །ཨུ་ཨི་ཧ་ལ་ཨུ་ཨཾ་མཛེས། །ཡི་གེ་བདུན་པ་དག་ཏུ་བཤད། །འཕགས་པ་རྡོ་རྗེ་ནག་མོ་དབང་ཕྱུག་མའི་སྔགས་རྒྱུད་ལས། བོད་པ་དང་། རྦད་པ་དང་། བསད་པ་དང་། ཁར་ནག་ཐུན་གྱི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །སྤྱན་དྲང་མཆོད་དང་ཆོ་ག་ཀུན། །སྙིང་པོ་འདི་ཡིས་བྱ་བར་བཤད། །ནག་མོ་ཏིང་ལ་མ་མ་དུན་བྷྱོ། སྤྱན་དྲང་བའོ། །ཀཱ་ལཱི་རག་མོ་དུན་བྷྱོ་མ་མ་ཡ་ཡ་ཧའི། ཕྱག་གོ། །རག་ཤ་མའི་ཀུན་ལ་པདྨ་ས་མ་ཡ་ཏིཥྛ་ལྷན། བརྟན་པའོ། །མ་མ་ཀཱ་ལཱི་སེ་ཏ་ཀུ་ལུ་ལུ་ཧ་ཧ་ཧ། མཱཾ་ས་ཁཱ་ཧི། རཀྟ་ཁཱ་ཧི། པཉྩ་ཨ་མྲྀ་ཏ་ཁཱ་ཧི། མཆོད་པའོ། །མ་མ་སྙིང་ཁྲག་ཚལ་པ་དུན་ཏིང་ན་བྷྱོ་བྷྱོ། ལས་བཅོལ་བའོ། །ཏྲག་རག་ཤ་མ་ཧི་དུན་བྷྱོ། མ་ཧཱ་ཡཀ་ཤ་ཏིག་སྣ་ཀ་ལི་དུན་བྷྱོ་ཁྱེར། སྲོག་སྙིང་དུ་ཤེས་པར་བྱའོ། །རག་མོ་རག་མོ་མ་མ་དུན་ཏིང་ཧེར་མ་ཧེད་བྷྱོ། །རྦད་པའོ། །བཛྲ་ཀ་རུན་རྦད། སྙིང་ཁྲག་ཚལ་བ་རྦད། གཏུབ་ཙིཏྟ་རྦད། མུགས་མུགས་རྦད། སྙིང་ཁྲག་ཁ་ལ་རྦད། ཚལ་བུས་ན་སི་དུ་རྦད། ཧུར་ཐུཾ་སྲོག་ལ་རྦད། ཕུར་པ་གདབ་པའི་སྔགས་སོ། ། རྦད་དུ་རྦད་དུ་རྦད་དུ་ཡ་ག་མོ་སོད་ཅིག་སོད་ཅིག་ནིར་ཛ་ཐུཾ་རི་ལི་ལི་ནིར་ཛ༔། མྱུར་དུ་བསྒྲལ་བའི་སྙིང་པོའོ། །ཏྲཀ་ཤ་མུ་ཏྲ་སྙིང་ཁ་རག་མོ་བྷྱོ། མདུན་ཕུང་གཏེར་བའོ། །ཡང་འདྲི་ནི་ཡཾ། བི་ལི་མ་ནི་ཡཾ། དཀྲུག་


DNG023_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །རག་མོ་ནི་ཤ་ཀུ་རུ་ཐུཾ་རིལ་རྦད། རག་མོ་ཁ་ལ་ཙ་ཙ་དུན་བྷྱོ་བྷྱོ། རཀྴ་ཐུཾ་རྦད། ཁ་ལ་ཙ་ཙ་བྷྱོ་བྷྱོ་ཙ་ཏི་རྦད། སྙིང་ལ་དུན། རག་མོ་ཁ་ལ་ཙ་ཙ་དུན་བྷྱོ་བྷྱོ། ས་མ་ཡ་དུན་བྷྱོ་བྷྱོ། འུར་ཀ་མ་ཀ་མེ་ཤ་མ་བྷྱོ། རྦད་པའོ། །ད་ནི་གཏད་ཅིང་མནན་པ་བཤད། །ཕ་མེས་ཐོད་པར་མིང་དང་རུས། །ཁར་ནག་དག་གིས་དཀྲིས་བྱས་ལ། །ར་ལ་ཐེབས་ན་ཐེ་ཚོམ་མེད། །འུར་ཀ་མ་ཀ་མེ་ཤ་རག་ཁ་ཁ་ཧ་ཧ་ཧྲི་ཧྲི་ཛཿ། དེ་ནས་ཐོད་པའི་དངོས་པོ་དེ། །བཅོ་ལྔ་ལོན་ནས་དེ་བཞིན་དུ། །ལྷ་ཁང་དུར་ཁྲོད་ལམ་པོ་ཆེ། །དེ་དག་ཏུ་ནི་གནན་པར་བྱ། །མ་མོ་ལས་བྱེད་མ་བཏུབ་ན། ། ཞིང་ཤུན་དག་ལ་གཟུགས་བྱས་ལ། །གཟུགས་དེ་བརྡུངས་ཤིང་དཀྲུག་སྔགས་བཟླས། །ཛ་ཛ་ཨེ་ཧ་ཧི་ས་མ་ཡ་སྙིང་ཁ་རག །དེ་དག་དེ་བཞིན་བཟླས་བྱ་ཞིང་། །ཀཱི་ལ་ཡ་ནི་བརྗོད་པར་བྱས། །འཕགས་པ་རྡོ་རྗེ་ནག་མོ་དབང་ཕྱུག་མའི་སྔགས་རྒྱུད་ལས། མཆོད་པ་ལས་ཀྱི་མདེའུ་ཐུང་བསྟན་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །སྤྱོད་པའི་རྣལ་འབྱོར་བསྟན་པ་ནི། །གཉིས་མེད་ལྟ་བས་ཐག་བཅད་དེ། །སྤྱོད་པ་ཆེན་པོ་ལ་དོར་བ། །འཁོར་བ་མྱ་ངན་འདས་པའི་ཆོས། །རྟོགས་ན་དེ་གཉིས་ག་ལ་སྲིད། །རྟོག་པ་ལོག་པས་གཉིས་སྣང་སྟེ། །དེ་ལ་མི་མོས་ལོག་རྟོགས་ཅན། །རང་ལ་རྔན་བྱེད་འཁྲུལ་པའི་སེམས། །བསྟན་ལ་སྐུར་འདེབས་འཇིག་བྱེད་པ། །དེ་ཡིས་འཁོར་བའི་ངན་འགྲོར་ལྟུང་། །ཐུགས་རྗེ་ཆེན་པོས་བསྒྲལ་བར་བྱ། །དེ་ལྟ་བུ་ཡི་བསམ་པ་དང་། །ལྡན་ན་སངས་རྒྱས་སངས་རྒྱས་ཉིད། །དེ་མི་ལྡན་གྱི་རྣལ་འབྱོར་པས། །ཤིན་ཏུ་གདུག་པའི་ཞེ་སྡང་ཅན། །ཇི་སྲིད་འདི་ནི་གསད་པར་བྱ། །འདི་ནི་ང་ཡི་དགྲ་ཡིན་ཞེས། །རྒྱ་ཆེན་མ་རྟོགས་འཁྲུལ་པའི་སེམས། །ཞེ་སྡང་སོལ་བའི་སྡོང་པོ་འདྲ། །དེ་ཉིད་འཁོར་བའི་གཡང་སར་ལྷུང་། །གཞན་ཡང་ཕྲ་མོའི་ལྟ་བ་ནི། །སྤྱོད་ལམ་ཀུན་དུ་མ་འཁྲུལ་པར། །བདག་ཉིད་མངོན་རྫོགས་རྒྱལ་པོར་བལྟ། །གཡོན་གནས་


DNG023_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཡུམ་དུ་བལྟ། །གཡས་གནས་རལ་གཅིག་ཕྱག་རྒྱར་བལྟ། །མདུན་གནས་ཐམས་ཅད་མ་མོ་གསུམ། །བཀའ་ལུང་ཉན་ཅིང་ལས་བྱེད་བལྟ། །རྩི་ཤིང་ནགས་ཚལ་ལ་སོགས་ཀུན། །ཐམས་ཅད་མ་མོའི་ཚོགས་སུ་བལྟ། །བཟའ་དང་བཅའ་དང་བཏུང་དང་བགོ། །ལོངས་སྤྱོད་ཚོགས་སུ་སྣང་བ་ཀུན། །ཐམས་ཅད་མ་མོའི་རྫས་སུ་བལྟ། །སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་། །བཅུད་དུ་གནས་པ་འཁོར་ཚོགས་བལྟ། །སྟེང་ན་ཞིང་ཆེན་གཡང་གཞིའི་ཚོགས། །འོག་ན་ཁྲག་གི་རྒྱ་མཚོའི་ཀློང་། །བར་ན་ཀེཾ་རུས་བརྩེགས་པར་བལྟ། །སྤྱོད་ལམ་ཀུན་ཏུ་བལྟ་བར་བྱ། །འཕགས་པ་རྡོ་རྗེ་ནག་མོའི་སྔགས་རྒྱུད་ལས། ལྟ་བ་བསྟན་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །གཞན་ཡང་སྤྱོད་པ་བསྟན་པ་ནི། །ལོངས་སྤྱོད་མི་ཁྲག་ཤ་ལ་རློམ། །ནལ་བུའི་ཚིལ་དང་ཤ་དང་རྐང་། །བྲིས་སྐུའི་གཡས་གཡོན་ཀུན་ཏུ་ཡང་། །སྤོས་ཀྱི་ན་བུན་འཐིབ་པར་བྱ། །མདོ་བ་དྲེའུ་རྟ་ཞོན་པར་ནུས། །བུད་མེད་ཚུལ་དུ་ལབ་ཆུང་གོན། །སོར་ཚིགས་ཕྲེང་བ་འབྲལ་མི་བྱ། །ན་ཆུང་གཞོན་པའི་མགོ་ལྤགས་གོན། །མི་དབང་མར་མེ་བལྟམས་བྱས་ལ། ། བྲིས་སྐུ་དེ་ཡི་མཐའ་མ་རུ། །འགྲོ་དང་འདུག་དང་བསྐོར་དང་འབུད། །རྐང་གི་གླིང་བུ་ཆ་ལང་བརྡབ། །གསང་བའི་སྔགས་ཀྱི་སྒྲ་དག་ཀྱང་། །མིས་མ་ཚོར་བར་དྲག་ཏུ་བཟླས། །གྲོང་དང་འདུ་འཛི་ཟས་དག་ལ། །ཆགས་པར་མི་བྱ་ཐོད་པའི་རྔ། །བརྡུང་ཞིང་འདུ་ལོང་སྤྱུགས་གླུ་བླང་། །དྲག་པོ་དག་ལ་འཇུག་པའི་ཚེ། །ཕྱར་བ་གོན་ལ་མཆི་མ་དབྱུང་། །གདུང་བའི་སྨྲེ་སྔགས་འདོན་པར་བྱ། །ཐུན་ལ་ཞིང་སྐྲ་བཏགས་ལ་འཐེན། །ཤ་ཆེན་དག་ཀྱང་བཟའ་བར་བྱ། །སྐོམ་ན་ཁྲག་ཀྱང་འཐུང་བར་བྱ། །དེ་ལྟར་བྱས་ན་འགྲུབ་པར་འགྱུར། །གཞན་ཡང་རྣལ་འབྱོར་ཆེན་པོ་དེས། །རས་ཆེན་དག་ཀྱང་བླང་བྱས་ལ། །གྲུ་གསུམ་ཚད་བྱས་རེ་མ་ཏི། །མདོག་ནག་མཆེ་གཙིགས་རལ་གཅིག་མ། །སྦྲུལ་དང་སེང་གེའི་རྣ་ཆ་ཅན། །རུས་པའི་ཕྲེང་བའི་ཐོད་ཆེན་པོ། །ལག་ན་མདུང་དང་རལ་གྲི་ཅན། །གོས་སུ་མི་ཡི་པགས་པ་གོན། །སྨད་དུ་རེ་ལྡེ་སེར་པོས་གཡོགས། །སྐེ་རགས་གདུག་པའི་སྦྲུལ་གྱིས་བྱས། །དྲེལ་ལ་ཞོན་པ་དབུས་སུ་བྲི། །དེ་ཡི་མདུན་གྱི་ངོས་སུ་ཡང་། །དྲེལ་སྣ་མ་ཞེས་མདོག་གནག་མ། །གཅེར་བུ་མི་བགྲུངས་འཇིགས་པ་ཆེ། །གཡས་ན་མདུང་ཐོགས་གཡོན་པ་ནི། །རྒྱུ་མའི་མཐུར་མདས་དྲེའུ་སྣ་ཁྲིད། །བོང་བུ་གྭ་པ་ཞོན་པ་བྲི། །རེ་མ་ཏི་ཡི་རྒྱབ་ངོས་ལ། །ཁྲི་སྨན་ཞེས་བྱ་ལྡེམ་དྲུག་མ། །མདོག་ནག་རེ་ལྡེ་ནག་


DNG023_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

པོ་གོན། །བྱ་མོ་ནག་མོ་ཞོན་ནས་ནི། །གཡས་ན་མདུང་ཐོགས་གཡོན་ན་ནི། །ཐོད་དབྱུག་དྲེའུ་ལ་རྡེག་པ་བྲི། །དེ་ལྟ་བུ་ཡང་སྤྱོད་ལམ་མོ། །གཞན་ཡང་ནལ་བུ་ལ་སོགས་ཀྱི། །ཤ་དང་ཁྲག་དང་ཚིལ་ལ་སོགས། །གཏོར་མ་གཏན་དུ་གཏང་བར་བྱ། །འཕགས་པ་རྡོ་རྗེ་ནག་མོ་དབང་ཕྱུག་མའི་སྔགས་རྒྱུད་ལས། སྤྱོད་ལམ་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །རྣལ་འབྱོར་ཆེན་པོའི་དམ་ཚིག་ནི། །སྙིང་རྗེ་དུས་དང་རྣམ་པ་རུ། །ཆུ་བོ་ཆེན་པོའི་རྒྱུན་བཞིན་བྱ། །ལྷ་ནི་མི་སྤང་བླ་མ་བཀུར། །དམ་འདྲེས་གསང་བའི་མཚང་མི་བྲུ། །དམན་ལ་མི་གཤེ་སྙིང་རྗེ་བསྐྱེད། །གསང་སྔགས་སྒྲ་དང་ཏིང་ངེ་འཛིན། །སྤྱོད་ལམ་ཀུན་ཏུ་རྒྱུན་མི་གཅད། །བཟའ་དང་བཏུང་བ་ཐམས་ཅད་ལ། །ལྷ་ལ་ཕུད་འབུལ་ནོངས་པ་བཤགས། །དམ་རྫས་མ་ཚང་ལྷ་མི་འབོད། །བུད་མེད་ཚོགས་ལ་སྨད་མི་བྱ། །རང་གི་ཉེས་ན་དཔང་མི་གཟུགས། །རྣལ་འབྱོར་རྣལ་འབྱོར་ཐམས་ཅད་ལ། །དུས་དང་རྟག་ཏུ་སྨད་མི་བྱ། །དཀོན་མཆོག་སྤྱི་ཆད་གཉེར་དུ་བླང་། །དེ་ལྟར་བྱས་ན་མྱུར་དུ་འགྲུབ། །འཕགས་པ་རྡོ་རྗེ་ནག་མོ་དབང་ཕྱུག་མའི་སྔགས་རྒྱུད་ལས། དམ་ཚིག་བརྒྱན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །རེ་མ་ཏི་སྟེ་དཔོན་གཡོག་གསུམ། །ཚེས་གཅིག་ལོ་གསར་གཉན་པ་ལ། །རྒྱུ་སྟེ་གཏོར་མ་སྦྱིན་པར་བྱ། །ཟླ་བ་གཅིག་ལ་རྒྱུ་བ་ནི། །ཉི་ཤུ་དགུ་སྟེ་གཏོར་མ་གཏོང་། །ཞག་གཅིག་དག་ལ་རྒྱུ་བ་ནི། །ནང་ནུབ་ཉིན་གུང་མཚན་གུང་གཉིས། །གནད་ནས་བོར་ཞིང་ཕྲིན་ལས་བཅོལ། །འཕགས་པ་རྡོ་རྗེ་ནག་མོའི་སྔགས་རྒྱུད་ལས། དམ་ཚིག་དང་རྒྱུ་བའི་དུས་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །གལ་ཏེ་བཀའ་བཞིན་མི་བྱེད་ན། །དཀྱིལ་འཁོར་གྲུ་གསུམ་སུམ་བརྩེགས་ལ། །མ་མོ་དེ་གསུམ་ཤེས་པ་གཟིར། །དུར་ཁྲོད་རོ་རས་འཁར་སིལ་ལ། །མ་ཡི་མཐའ་མར་རང་སྙིང་བྲི། །ཕུར་དུ་སེང་ལྡེང་ལྕགས་སྐྱེར་ཕུར། །བྱང་ཤར་གཏོར་མ་སྤྲིན་ཁེབས་ཅན། །ལྷོ་རུ་བྲུབ་ཁུང་ཚེར་མས་དགང་། །ཀཱི་ལ་ཡའམ་ཆེ་མཆོག་གི། །ང་རྒྱལ་བསྐྱེད་དེ་ཐུགས་ཀར་ཕཊ། །གྲངས་མེད་ཧཱུཾ་གིས་མཐའ་མ་བསྐོར། །བསྙེན་བྲིས་ཕུར་བུ་གཡོན་བཟུང་ལ། །ཤ་སེར་གཟིར་བའི་སྔགས་འབུམ་བཟླས། །མ་མ་ཏྲིག་ནན་རེ་མ་ཏི། །ཏ་ལ་མེས་སྤྲས་དེ་ལ་ཨི། །ཨོ་ཨི་གཉིས་ཀྱིས་བརྒྱན་པར་བྱ། །ཙིཏྟ་པ་ལ་ཏྲག་རཀྴ། །ཨི་སྟེ་ཏ་ལ་མེས་མཚན་བྱ། །ཁ་མུན་ཏྲ་བཾ་རཀྴ་དུན། །དུན་ཛ་ཧྲཱྀ་སྟེ་ཨུའི་


DNG023_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

འོག་ལེགས། །ཏ་ལ་མེ་སྟེ་ཨུ་ཨུ་དབང་། །ཡི་གེ་ཉི་ཤུ་རྩ་བཞི་ནི། །མ་མོ་གསུམ་པོ་གནད་ལ་བོར། །འབུམ་ཕྲག་གཅིག་ནི་བཟླས་པ་བྱ། །ཧཱུཾ་ཕཊ་ནག་པོའི་འོད་ཟེར་གྱིས། །སྲིད་པའི་མ་གསུམ་དབང་བསྡུས་ཏེ། །མར་ཐིམ་ནག་མོ་རལ་པ་ཅན། །ཉི་མའི་གོ་ཟུ་མདོག་དམར་ཅན། །ཁྲོ་བོས་དབུ་མནན་མདངས་བཀྲག་ཕྲོག །རཀྴ་མ་མ་ས་མ་ཡ། །སྟྭཾ་ཞེས་ས་སྣ་ཏས་སྤྲས་པ། །དེ་ལ་ཝ་ལྡན་ཨ་ཨཾ་སྟེ། །ཏྲིག་ནན་ས་མ་ཡ་སྟྭཾ་ཞེས། །ཏ་ལ་མེས་ཏེ་སྟེང་དུ་ཨི། །ས་ལ་ཏ་སྟེ་དེ་ལ་ཝ། །དེ་སྟེང་ཨོ་ཨེ་ལྡན་པར་བྱ། །ཡི་གེ་བཅུ་བཞི་དེ་དག་ནི། །ཕུར་བཏབ་བདུད་རྩི་བླུད་པ་ཡིན། །ཛ་ཛ་རེ་མ་ཏི་ཛ་ཞེས། །ཨེ་ཨི་མཛེས་པའི་གོང་མི་སྒྲགས། །དབུགས་རྒྱུན་རྩ་ནི་ཛ་ལ་ཛ་ལ། ཨ་དང་ར་སྣ་ག་ཡ་ཨུ། །ར་ཡིས་སྣ་ལ་ཙ་ཡིས་སྤྲས། །རྩ་རྒྱུན་དེ་ནི་སྙིང་ལ་བྷྱོ། །ར་སྣ་ཙ་སྟེ་ར་ལ་ག །དེ་ལ་ཨུས་སྤྲས་ས་སྣ་ཉ། །དེ་ལ་ཨི་སྟེ་མཐའ་མར་སྲོག །རཀྨོ་ཧ་ར་ཧུར་དུན་བྷྱོ། །ཨོ་ཨུ་ཨ་སྟེ་ཐ་མར་སྲོག །རག་མོ་ཐུན་ནི་བྷྱོ་བྷྱོ་ཞེས། །ཨོ་ཨུ་ཨི་སྟེ་སྲོག་གཉིས་མཐའ། །རྩ་བདུན་སྔགས་ཀྱི་ཕྲེང་བ་སྟེ། །ཐོད་པར་འཕགས་པའི་ལས་བྱ་ན། །མ་ཧཱ་དེ་བའང་འཇིགས་པར་འགྱུར། །འཕགས་པ་རྡོ་རྗེ་ནག་མོ་དབང་ཕྱུག་མའི་སྔགས་རྒྱུད་ལས། ཤི་ས་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ལ་སོགས་པའི་འཁོར་འདུས་པ་ཆེན་པོའི་ཚོགས་ཀྱིས། བཅོམ་ལྡན་འདས་མངོན་རྫོགས་ཀྱི་རྒྱལ་པོ་དང་རལ་པ་གཅིག་མ་ལ་བསྟོད་པ། ཨེ་མ་ཧོ་ངོ་མཚར་མངོན་རྫོགས་ཆེ། །ཨེ་མ་ཧོ་སངས་རྒྱས་ཀུན་གྱི་སྐུ། །འབར་བ་ཆེན་པོའི་གར་དགུ་ཡིས། །དོན་བྱེད་རང་བཞིན་ཁྱོད་ལ་འདུད། །ཨེ་མ་ཨེ་མ་ཡ་མཚན་ཆེ། །སྒྲ་ནི་རི་རབ་འབུམ་བསྙིལ་བཞིན། །སེམས་ཅན་ཐམས་ཅད་དབང་དུ་སྡུད། །ཧཱུཾ་ཕཊ་སྒྲ་ཆེན་ཁྱོད་ལ་འདུད། །ཨེ་མ་དེ་བཞིན་གཤེགས་པའི་ཐུགས། །ཤིན་ཏུ་ཟད་པ་རྒྱ་མཚོའི་གཏིང་། །ཉོན་མོངས་ཐམས་ཅད་སྲེག་པར་བྱེད། །མི་རྟོག་ཐུགས་ཆེན་ཁྱོད་ལ་འདུད། །ཨེ་མ་དཔལ་ལྡན་རལ་གཅིག་མ། །ཡ་མཚན་ཆེན་མོ་དབུ་བཅུ་བདུན། །སྤྱན་ནི་ལྔ་བཅུ་གཅིག་དང་ལྡན། །ཕྱག་ནི་སུམ་ཅུ་རྩ་བཞི་སྟེ། །ཤིན་ཏུ་འཇིགས་པའི་ཕྱག་མཚན་ཅན། །སྲིན་མོའི་ཚོགས་རྣམས་འདུལ་བྱེད་མ། །འཇིག་རྟེན་རྣམས་ནི་བདེ་ལ་བཀོད། །ཐུགས་རྗེ་ཆེ་ལ་ཕྱག་འཚལ་འདུད། །ཅེས་བསྟོད་ནས། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་སོགས་པའི་འཁོར་ཐམས་ཅད་རྗེས་སུ་ཡི་རང་བར་གྱུར་ཏོ། །འཕགས་པ་རྡོ་རྗེ་ནག་མོ་དབང་ཕྱུག་མའི་སྔགས་རྒྱུད་ལས། བསྟོད་ཅིང་རྗེས་སུ་ཡི་རངས་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།རྫོགས་སོ།། །།

རྡོ་རྗེ་ནག་མོ་དབང་ཕྱུག་མའི་རྒྱུད་ཕྱི་མ།


DNG023_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ནག་མོ་དབང་ཕྱུག་མའི་རྒྱུད་ཕྱི་མ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་མངོན་རྫོགས་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །སངས་རྒྱས་ཀུན་གྱི་ཐུགས་ཀྱི་མཆོག །ཧེ་རུ་ཀ་སྟེ་དགྱེས་ཕྱག་མཛད། །དམ་ཚིག་ཆེན་པོ་སེམས་ཅན་དོན། །རྫོགས་པར་མཛད་ལ་མགོས་ཕྱག་འཚལ། །སྟོང་ཉིད་ངང་ལ་མ་བཞུགས་པར། །བདེ་ཆེན་མནལ་ནས་ཅི་སྟེ་བཞུགས། །ཕྱི་རབས་རྣལ་འབྱོར་དོན་ཆེད་དུ། །ཐེ་ཚོམ་ཆེན་པོ་ཞུ་བར་འཚལ། །དེ་ནས་ཧེ་རུ་ཀའི་ཆོས་ཉིད་ལ་མནལ་བ་དེ་ལས་བཞེངས་ཏེ། ཕྱག་ན་རྡོ་རྗེ་ཞེས་བོས་ནས། ཐེ་ཚོམ་ཐམས་ཅད་ཁྱོད་ཀྱིས་དྲིས་ཤིག །ངས་བཤད་པར་བྱའོ་ཞེས་གསུངས་པ་དང་། ཕྱག་ན་རྡོ་རྗེས་འདི་སྐད་ཅེས་སྨྲས་སོ། །ཀྱེ་ཀྱེ་ཐུགས་ཀྱི་བདག་པོ་མཆོག །དབང་ཕྱུག་ཆེན་མོའི་རྒྱུད་ཀྱི་དོན། །མདོར་ན་ཚུལ་ནི་ཇི་ལྟར་བསྒྲུབ། །བསྡུས་པའི་དཀྱིལ་འཁོར་གང་ཞིག་ལགས། །དམ་རྫས་གང་དང་གང་གིས་བགྱི། །མཆོད་པའི་ཚུལ་ནི་ཇི་ལྟར་མཆོད། །སྲོག་སྙིང་ཡང་དག་གང་ཞིག་ལགས། །གྲུབ་པའི་མཚན་མ་ཇི་ལྟར་དབྱུང་། །ཐུན་རྣམས་བསྡུ་ན་ཇི་ལྟར་བསྡུ། །གསང་བའི་ལས་ནི་གང་གིས་བྱ། །གསད་པའི་དུས་སུ་མཚན་མ་གང་། །ཆུ་འཁྱགས་ལས་ལ་ཇི་ལྟར་བསྒྲུབ། །མིང་པོ་གཤིན་རྗེ་ནག་པོ་ཡི། །སྒྲུབ་ཐབས་ཀྱང་ནི་བཤད་པར་མཛོད། །བུ་གཅིག་བདུད་ཀྱི་སྒྲུབ་ཐབས་ཀྱང་། །ཐུགས་རྗེ་ཆེན་པོས་བཤད་པར་འཚལ། །ཁྱོད་ནི་གནོད་སྦྱིན་ཞེས་བྱ་བ། །དེ་ཡང་དཔའ་བོས་བཤད་དུ་གསོལ། །དེ་ལ་དཔའ་བོས་བཀའ་སྩལ་པ། །དབང་ཕྱུག་ནག་མོའི་དཀྱིལ་འཁོར་ནི། །སྒྲུབ་པའི་དཀྱིལ་འཁོར་བསྡུས་པ་ནི། །ཕྱི་དང་ནང་དང་གསང་བ་གསུམ། །ཕྱི་ནི་རྒྱ་རུ་མདའ་ཚད་ལ། །དཔངས་སུ་ཁྲུ་ཕྱེད་ལྡན་བྱས་ཏེ། །བ་ཡི་སྣ་ལྔས་བྱི་དོར་བྱས། །གྲུ་གསུམ་ཟླ་གམ་སྒོ་བཞིར་ལྡན། །ཚོན་རྩི་བཟང་པོས་བྱུག་པ་ནི། །གྲུ་གསུམ་མཐིང་ནག་ཟླ་གམ་དམར། །གྲུ་ཆད་ལྗང་གུ་སྒོ་བཞི་རིགས། །ཤིན་ཏུ་མཛེས་ཤིང་སྤྲས་པ་བྲི། །ནང་གི་འཁོར་ལོ་བྲི་བ་ནི། །དུར་ཁྲོད་ལྟ་བུའི་གནས་དག་ཏུ། །མནྡལ་


DNG023_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

འདོམ་གང་ཉམས་དགའ་བ། །དེ་ཕྱིར་གཞལ་ཡས་བརྩིག་པར་བྱ། །དབུས་སུ་གྲུ་གསུམ་མཐོ་རྡོ་ལ། །རས་རུས་ཕྲ་མོས་བརྩིག་པར་བྱ། །དཔངས་ནི་ཆག་གང་ཚད་དུའོ། །དཔལ་ཐར་གཉིས་ཀྱིས་གདུང་གི་ཚུལ། །རྩིབ་མས་གདུང་གི་སྤྲ་ལག་དགོད། །ཤ་ཆེན་ཁྲག་གིས་ཐོག་ཕུབ་བྱ། །སྟེང་དུ་ཐིང་རིལ་རྐང་གཅིག་ལ། །ནལ་བུའི་ཙིཏྟ་རྒྱལ་མཚན་ཚུལ། །ཐོད་མཁར་དེ་ཡི་ཕྱི་རིམ་དུ། །ལྕགས་ཕྱེ་ས་ནག་བསྲེས་པ་ཡིས། །རི་ཡི་ཚུལ་དུ་ལན་བདུན་བསྐོར། །དེ་ནི་མ་བདུན་གནས་པ་ཡིན། །ནང་དུ་ཁམ་ས་ཤ་ཆེན་ལ། །དྲེའུ་རྟ་རྐང་རྒྱུས་སྲབ་མཐུར་ཅན། །རྣ་བ་ལ་ནི་དྲིལ་བུ་འཕྱང་། །དེ་ལྟ་བུ་ཡི་གཟུགས་གཅིག་ལ། །སྟེང་དུ་ཞོན་པའི་མ་མོ་ནི། །ལྕགས་ཕྱེ་ས་ལས་བྱ་བ་སྟེ། །མགོ་གཅིག་ལག་གཉིས་ཁྲོ་ཚུལ་ཅན། །རལ་གྲི་མདུང་ཐུང་གཡས་དང་གཡོན། །ཀོ་རློན་སྟོད་ལ་རེ་ལྡེ་སྨད། །སྦྲུལ་གྱི་སྐེ་རགས་བཅིངས་པ་སྟེ། །ཁ་ནས་ཁྲག་གི་ཟར་བུ་འཛག །རྐང་པ་སྒྲོག་ཏུ་བཅུག་པར་བྱ། །དེ་ཡི་མདུན་དུ་གཟུགས་བྱ་བ། །མཚན་མོ་ནག་མོ་རིང་བའི་གཟུགས། །མགོ་གཅིག་ལག་གཉིས་གྲི་གུག་གཡས། །བྷནྡྷ་གཡོན་ཁྱེར་གཅེར་བུའི་གཟུགས། །སྐྲ་ནི་གྲོལ་བའི་གཟུགས་སུ་བྱ། །དེ་ནས་ཐུགས་ཀྱི་སྤྲུལ་པ་སྟེ། །གཟས་པའི་སྙིང་ལ་གཟུང་བར་བྱེད། །དེ་ནས་ཚོན་རྩི་བཟང་པོ་ཡིས། །བོང་བུ་ལྷོ་ལ་མ་མོ་སྔོ། །མཚན་མོ་ནག་མོ་སྔོ་བཀྲར་བྲི། །གཡོག་མོ་གཉིས་ཀྱི་རང་བཞིན་ལྡན། །ཐོད་པའི་མཁར་གྱི་སྒོ་དག་ནི། །ལྷོ་རུ་བཏོད་ལ་མ་མོ་གཉིས། །ཐོད་པའི་མཁར་དུ་གཞུག་པར་བྱ། །ལྷོ་རུ་ཁ་བལྟས་བདག་ཀྱང་རུང་། །ལྕགས་རི་བདུན་ལ་མ་མོ་བདུན། །བྱ་ནག་བདུན་གྱི་གཟུགས་སུ་བྱ། །དེ་ནི་གང་གི་དཀྱིལ་འཁོར་རོ། །ད་ནི་གང་གི་དཀྱིལ་འཁོར་ནི། །མི་ཁོག་སྐྱ་མོའི་ནང་དུ་ཡང་། །གོང་གི་མ་མོའི་གཟུགས་བརྙན་ནི། །ཤིན་ཏུ་གསང་སྟེ་གཞུག་པར་བྱ། །མི་ཁོག་དེ་ཡི་མགོ་བོ་ནི། །བྱང་ཤར་རྐང་པ་ལྷོ་ནུབ་ཏུའོ། །ཡན་ལག་ལྔ་དང་ལིངྒ་དང་། །སྙིང་ག་བདུན་པོ་དག་ཏུའོ། །བྱ་ནག་བདུན་གྱི་གཟུགས་ཀྱང་བཞག །དཀྱིལ་འཁོར་མདོར་བསྡུས་བསྟན་པ་སྟེ། །འདི་ལས་ལྷག་པའི་དཀྱིལ་འཁོར་ནི། །སྔར་


DNG023_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

མ་བཤད་ཅིང་ད་མི་གསུང་། །དཔའ་བོ་ཆེན་པོས་བཀའ་སྩལ་ཏོ། །རྡོ་རྗེ་ནག་མོ་དབང་ཕྱུག་མའི་ཕྱི་མའི་རྒྱུད་ལས། གསང་བའི་དཀྱིལ་འཁོར་གྱི་ལེའུ་སྟེ་དང་པོའོ།། །།དེ་ནས་དམ་རྫས་བསྟན་པ་ནི། །ཕྱི་ནང་གསང་བ་གསུམ་དུ་བསྟན། །ཕྱི་ཡི་དཀྱིལ་འཁོར་དམ་རྫས་ནི། །དབུས་སུ་སེང་གེ་དཀར་མོའི་སྙིང་། །འབྲས་བུ་སྣ་ཚོགས་གཏོར་མ་ལ། །སྤྱན་གཟིགས་དག་གིས་བརྒྱན་པ་གཞག །ལྷ་མཆོག་ཡབ་ཡུམ་དག་ལ་མཆོད། །ཤ་དང་ཁྲག་དང་ནལ་བུ་དང་། །ཤིང་ལོ་ཐལ་ཆེན་སྙིང་ཆེན་དང་། །བྱང་ཆུབ་སེམས་ཀྱི་དམ་རྫས་ནི། །ཐོད་པར་བསྩལ་ལ་ཟླ་གམ་གཞག །ལྷ་རྫས་ལ་སོགས་གཞུང་དག་དང་། །མཆིན་མཁྲིས་ལ་སོགས་རྣམ་པ་ཀུན། །ཐོད་པ་རེ་རེར་བསྩལ་ལ་བཞག །མ་མོ་རེ་ལ་གཏོར་མ་རེ། །རྒྱུན་དུ་རྒྱུ་བའི་དུས་སུ་བཏང་། །ཞིང་ཆེན་གདུང་དང་རྒྱུ་ཕྲེང་དང་། །ཤ་ཆེན་ལང་ལིང་ལ་སོགས་པ། །ཕྱི་ཡི་མཆོད་པའི་རྫས་སུ་གཞག །ནང་གི་དམ་རྫས་བསྟན་པ་ནི། །ཐོད་མཁར་ཕྱོགས་བཞིར་ནལ་རོ་བཞི། །རྩང་ལ་གདགས་ཏེ་འཕྱང་དུ་གཞུག །ནལ་བུའི་ལུས་པོ་མགོ་མཇུག་ཏུ། །ཏིལ་མར་དག་གིས་བྱུག་པར་བྱ། །སྤྱི་བོར་མི་མགོ་རེ་རེ་གཞག །དཔྲལ་བར་མཐེ་བོང་རེ་རེ་གཞག །སྙིང་གར་རྨ་བྱའི་མདོངས་རེ་གཟུག །སྐེད་པར་དར་གྱི་སྐེ་རགས་བཅིངས། །ལག་ཏུ་གཡབ་དར་རེ་རེ་སྟེ། །དེ་ལ་མ་མོ་འབར་བར་ངེས། །གཏོར་མ་ཤ་དང་ཁྲག་ལ་བྱ། །མ་མོ་གཉིས་ཀྱི་མདུན་དུ་དྲངས། །སྔགས་ཀྱིས་བཏབ་ལ་ལེན་དུ་གཞུག །སུ་ཞིག་དངོས་གྲུབ་འདོད་པ་ཡིས། །ནལ་རོ་བཞི་ལ་ནན་ཏན་བསྐྱེད། །བྱ་ནག་བདུན་གྱི་མདུན་དག་ཏུ། །ཤ་ཁྲག་གཏོར་མ་བྷནྡྷ་རེ། །སྔགས་ཀྱིས་བཏབ་ལ་ལན་དུ་གཞུག །མཚན་མོ་ནག་མོའི་གཏོར་མ་ལ། །གཟས་པའི་མིང་རུས་བཅུག་ལ་བྱིན། །ཐེ་ཚོམ་མེད་པར་ལས་བྱེད་དོ། །གསང་བའི་དམ་རྫས་བསྟན་པ་ནི། །མི་ཁོག་སྐྱ་མའི་མདུན་དག་ཏུ། །སྐྱེས་པ་ཤིན་ཏུ་ལེགས་པ་ཡི། །རོ་ནི་རྨ་མེད་བཙལ་བྱས་ལ། །གསལ་ཤིང་བཟང་པོར་བཙུགས་པ་ལ། །དར་ནག་བཏགས་ལ་


DNG023_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

འཕྱང་དུ་གཞུག །དེ་ཡི་ལུས་ཀྱང་མགོ་མཇུག་ཏུ། །ཏིལ་མར་སྨུག་ཙི་བྱུག་པར་བྱ། །མགོ་ནི་ཐོར་ཅོག་ཟུར་ཕུད་ཅན། །དེ་ལ་རྒྱན་གྱིས་མཛེས་པར་བྱ། །རྗེ་ངར་ལྟེ་བའི་བར་དག་ཏུ། །དར་གྱི་ཤམ་ཐབས་ལེགས་པར་བརྒྱན། །རྐང་གཅིག་བརྐྱང་སྟེ་ཡིད་བསྐུལ་ཚུལ། །མ་ལ་ལྡེམ་ཞིང་བསྒྱིངས་པའི་ཚུལ་དུ་བཞག །ལག་ཏུ་མཛེས་པའི་མེ་ལོང་བསྐུར། །མ་ལ་སྟེགས་པའི་ཚུལ་དུ་བསམ། །དེ་ལྟ་བུ་ཡི་དམ་རྫས་ཏེ། །མ་མོ་བོས་ལ་སྦྱིན་པར་བྱ། །དེ་ནས་ཐེ་ཚོམ་མེད་པ་རུ། །རྣལ་འབྱོར་མ་ལ་གང་འདོད་སྟེར། །རྫས་མཆོད་དམ་པ་ཡིན་པར་བཤད། །གཞན་ཡང་དམར་གྱི་གཏོར་མ་དང་། །ཞལ་ཟས་སྣ་ཚོགས་མདུན་དུ་དྲངས། །རྒྱུད་ཕྱི་མ་ལས། རྫས་ཀྱི་ལེའུ་སྟེ་གཉིས་པའོ།། །།དེ་ནས་མཆོད་ཚུལ་བཤད་བྱ་བ། །དང་པོ་སྐྱེ་བ་མེད་པ་དང་། །གཉིས་པ་སྙིང་རྗེའི་བདག་ཉིད་དང་། །གསུམ་པ་རང་སེམས་ཧཱུཾ་དུ་སྣང་། །འབྱུང་བ་རླུང་སྟེ་ནམ་མཁའི་སྟེང་། །གྲུ་གསུམ་ཨེ་དང་གཞུ་འདྲ་ཡི། །ཆུ་ནི་བཾ་ལས་ཟླུམ་པོར་བསྐྱེད། །སུ་ལས་གསེར་གྱི་ས་གཞིར་སྣང་། །ཀེཾ་ལས་རུས་པའི་རི་རབ་སྟེང་། །བྷྲཱུཾ་ལས་གཞལ་ཡས་ཁང་དུ་སྣང་། །གྲུ་བཞི་སྒོ་བཞི་ཡང་དག་ལྡན། །གྲུ་གསུམ་ཟླ་གམ་གྲུ་ཆད་དང་། །སྣ་ཚོགས་རྒྱན་གྱིས་བརྒྱན་པར་བསྒོམ། །དབུས་སུ་གདན་ཁྲི་ཉི་ཟླ་དང་། །མ་ཧཱི་ཆེན་པོ་གསལ་བར་བྱ། །ཟླ་གམ་གསུམ་ལ་མ་མོ་རེ། །དེ་ལ་ཆོ་གའི་ཡན་ལག་གིས། །རང་ཉིད་སངས་རྒྱས་ལུས་སུ་སྣང་། །དབུ་གསུམ་ཕྱག་དྲུག་ཞབས་བཞི་འམ། །ཡང་ན་མཆོག་གི་ཧེ་རུ་ཀ །དབུ་དགུ་ཕྱག་ནི་བཅོ་བརྒྱད་ཚུལ། །ཆོ་ག་མཁས་པས་ཡབ་ཡུམ་གསལ། །རོ་གསུམ་སྟེང་དུ་མ་མོ་གསུམ། །གར་ཐབས་བྱེད་ཅིང་གནས་པ་སྟེ། །ནག་མོ་ཆེན་མོ་བོང་ཞོན་མ། །རལ་གྲི་འདེབས་ཤིང་མདུང་ཐུང་འཕེན། །རྒྱུ་མའི་དྲིལ་བུ་འགྲམ་པར་འཕྱང་། །ཀོ་རློན་སྟོད་ལ་རེ་ལྡེ་སྨད། །རྨ་བྱའི་སྒྲོ་ཆུན་སྤྱི་བོར་བཙུགས། །ལྟེ་བའི་ཕྱོགས་ནས་ཉི་ཤར་མ། །དཔྲལ་བའི་ངོས་ནས་ཟླ་བ་འཆར། །རྣ་བ་གཡས་པའི་ཁུང་བུ་ན། །སེང་གེ་


DNG023_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མ་ཐོགས་མེད་མཆོངས། །གཡས་ན་སྦྲུལ་ནག་ལྕེ་གཉིས་འཛིན། །ཁ་ནས་ཁྲག་གི་ཟར་བུ་འཛག །རོ་གཅིག་སྟེང་ན་འདུག་པ་ནི། །ཕུང་བར་ཕྱེད་པའི་མ་མོ་སྟེ། །གཅེར་བུ་གར་ཐབས་ཁྲག་འཐུང་མ། །ལག་ན་རྡེའུ་ནག་གཡས་གཡོན་འགྲེམས། །མཚན་མོ་དག་ལ་རྒྱུ་བར་བྱེད། །རོ་གཅིག་སྟེང་ན་འདུག་པ་ནི། །གསོད་པར་བྱེད་པའི་མ་མོ་སྟེ། །དུར་ཁྲོད་རོ་རས་ཧྲུལ་པོ་ལས། །དབུལ་མོ་ཚུལ་གྱི་ཆ་ལུགས་འཛིན། །མཐིང་ནག་མིག་དམར་མདུང་ཐུང་ཅན། །ཐོད་ཁྲག་ཁ་རུ་འཐུང་བར་བྱེད། །ཉིན་མོ་རྒྱུ་ཤིང་མཚན་མོ་ཉལ། །མཚན་མོ་ནག་མོ་བསྒོམ་པ་ནི། །བོང་ཞོན་མ་ཡི་མདུན་དག་ན། །བཀའ་ཉན་གསུང་སྡོད་མ་མོ་གཅིག །ལུས་ནི་རིད་ཅིང་ཐལ་བའི་མདོག །མིག་ནི་གཏིང་ནས་ཁྲག་མིག་བལྟ། །ལག་ན་གྲི་གུག་ཐོད་པ་ཐོགས། །གང་ཞིག་གཟས་པའི་སྙིང་རྩ་ལ། །གྲི་གུག་གཅོད་ཅིང་ཐོད་པར་བླུགས། །ཐོད་ཁྲག་ཁེངས་པ་ཁ་ལ་འཐུང་། །ཉིན་མོ་ཉལ་ནས་མཚན་མོ་རྒྱུག །ལུས་ལ་གོས་མེད་སྐྲ་གཡེངས་མ། །དེ་ལྟ་བུ་གཅིག་བདག་ཉིད་བསྒོམ། །ཐོད་པའི་མཁར་གྱི་ཕྱི་རོལ་ན། །ལྕགས་རི་བདུན་ལ་མ་མོ་བདུན། །བྱ་ནག་བདུན་དུ་སྤྲུལ་ནས་ནི། །འཕུར་ཞིང་ལྡིང་ཞིང་ཆགས་ཚུལ་སྟོན། །རྣལ་འབྱོར་ཆེན་མོ་དེ་ལྟར་བསམ། །དེ་ནས་གྲུབ་པའི་མ་མོ་དེ། །རང་ཉིད་ཧཱུཾ་གི་ལྕགས་ཀྱུ་ཡིས། །དྲངས་ནས་མཆོད་པའི་ཚོགས་དབུལ་ཏེ། །བ་ལིཾ་སྣ་ལ་དབུལ་བར་བྱ། །མ་ཧཱ་བ་ལིཾ་ཁཱ་ཧི་ཞེས་པ། སྔགས་དང་བཅས་ལ་སྦྱིན་པར་བྱ། །ཆེ་གེ་མོ་ཞིག་མཱ་ར་ཡ། །གསང་སྔགས་དེ་ཡི་སྒྲ་ཡང་བརྗོད། །དེ་ནས་ཁྲག་གི་ཨརྒྷཾ་དབུལ། །མ་ཧཱ་རཀྟ་པཱུ་ཙ་ཧོ། །དེ་ནས་དབང་པོའི་མེ་ཏོག་དབུལ། །མ་ཧཱ་པུཥ྇་པཱུ་ཙ་ཧོ། དེ་ནས་ཚིལ་ཆེན་སྤོས་མི་དབུལ། །མ་ཧཱ་དྷཱུ་པེ་པཱུ་ཙ་ཧོ། བདག་ཉིད་དྲི་ཆེན་དེ་ལ་དབུལ། །མ་ཧཱ་གནྡྷེ་པཱུ་ཙ་ཧོ། དེ་ནས་ཚིལ་ཆེན་མར་མེ་དབུལ། །མ་ཧཱ་དཱི་པ་པཱུ་ཙ་ཧོ། དེ་ནས་དྲི་ཆུའི་མཆོད་པས་མཆོད། །མ་ཧཱ་གནྡྷེ་པཱུ་ཙ་ཧོ། དེ་ནས་མཐུན་པའི་རྫས་ཆེན་བསྟབ། །དེ་ནས་གཏོར་མ་གཏོང་བ་ནི། །ཉི་མའི་ཟེར་ལ་མི་མོ་རྒྱུ། །བཅོ་ལྔ་


DNG023_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བའི་ཟེར་དག་ལ། །མཚན་མོ་ནག་མོ་རྒྱུ་བར་བྱེད། །གསོད་པར་བྱེད་པའི་མ་མོ་ནི། །ནམ་གྱི་གུང་ལ་རྒྱུ་བར་བྱེད། །ཕུང་བར་བྱེད་པའི་མ་མོ་ནི། །ཉི་མའི་གུང་ལ་རྒྱུ་བར་བྱེད། །དུས་བཞི་དག་ཏུ་གཏོར་མ་སྦྱིན། །རྒྱུད་ཕྱི་མ་ལས། ལས་ཀྱི་ཁོག་དབུབ་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་སྔགས་ཀྱི་ཚུལ་བཤད་པ། །མ་མོ་ཆེན་མོའི་སྲོག་སྙིང་ནི། །ཐུཾ་ལིང་སྙིང་རྩ་འདུ་འདུ་བ། །མཚན་མོའི་སྲོག་སྙིང་ནི། ཤིན་ཏུ་ཟབ་པས་སྔར་མ་བསྟན། །བཤད་ཀྱི་གསང་བའི་བདག་པོ་ཉོན། །ཨཱོཾ་ནྲི་ཀ་པ་ལི་ཧཱུཾ་ཕཊ། གསང་བའི་བདག་པོས་གསང་བར་གྱིས། །ཙ་པ་ལི་ནི་བཅོ་ལྔ་པ། །ཕུང་བྱེད་མ་མོ་བོད་པ་ཡིན། །ཁ་མུན་ཏྲ་པ་ཞེས་པ་ནི། །གསོད་པའི་མ་མོའི་སྙིང་པོ་ཡིན། །དང་པོ་རྣལ་འབྱོར་དེ་ཡིས་ནི། །དམོད་མོ་བྱེད་ན་བཅུ་བདུན་ཏེ། །ཁམ་བུ་བྱེད་ན་ཉིན་མཚན་མ་ད་ར། །སྒོ་ང་བྱེད་ན་ཙ་པ་ལ། །ཕག་ཐོད་བྱེད་ན་ཁ་མུན་ཏྲ། །ཁྲག་ཟོར་བྱེད་ན་སྙིང་ཁྲག་ཤ །མདའ་ཟོར་བྱེད་ན་སྐུ་གསུང་ཐུགས། །སྔགས་སྒྲུབ་ཙ་པ་ལ་ཡིན་ཏེ། །ཐོད་པ་དགུ་ནི་ཁ་མུན་ཏྲ། །དེ་རྣམས་ལས་ལ་སྦྱར་བ་ཤིས། །ཐུན་ལིང་ཀ་པཱ་ལ་གཉིས་ཏེ། །ཤིན་ཏུ་གསང་སྟེ་བཟླས་པ་རྒྱུན། །ཐུན་ལིང་ཉིན་ལ་ཀ་ལིང་མཚན། །རྟག་ཏུ་བཟླ་ཞིང་གཏོར་མ་གཏོང་། །རྒྱུད་ཕྱི་མ་ལས། རྒྱུད་དུ་དྲང་བའི་སྙིང་པོའི་ལེའུ་སྟེ་བཞི་པའོ།། །།དེ་ནས་གྲུབ་པའི་མཚན་མ་བསྟན། །མ་མོ་ནག་མོའི་མཚན་མ་ནི། །ཐུམ་ཐུམ་སྐབས་སུ་བྱ་ནག་མོ། །ཐོད་པའི་མཁར་ལ་འབབ་པ་མཐོང་། །མཚན་མོ་ནག་མོ་གྲུབ་པ་ནི། །བསམ་གཏན་བྱེད་པའི་ཡིད་ལམ་དུ། །ཡི་དྭགས་འདྲེ་གཟུགས་མཐོང་བར་འགྱུར། །ཕུང་བྱེད་མ་མོའི་མཚན་མ་ནི། །ཚུལ་བུ་ཤུག་རྒྱངས་སྟོན་པར་བྱེད། །གསོད་བྱེད་མ་མོའི་མཚན་མ་ནི། །སེར་བ་ཁུ་འཕང་ཆེན་པོར་བྱེད། །རྒྱུད་ཕྱི་མ་ལས། མཚན་མའི་ལེའུ་སྟེ་ལྔ་པའོ།། །།ཐུན་རྣམས་ཐམས་ཅད་བསྡུ་བ་བསྟན། །ཐུན་གྱི་ཕྱི་ནང་གསང་བ་གསུམ། །ཕྱི་ཡི་ཐུན་རྣམས་སྔར་བསྟན་པ། །སྒོ་ང་ཁམ་བུ་ལ་སོགས་ཡིན། །ནང་གི་ཐུན་ཞེས་བྱ་བ་ནི། །ཐོད་མཁར་ཆེན་པོའི་མདུན་དག་ཏུ། །མུ་སུ་རི་ཡི་ཐོད་པའི་ནང་། །ཁྲག་གསུམ་དག་དང་དུག་གིས་


DNG023_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

བཀངྐ་། །གྲུ་གསུམ་བྲུས་ལ་གཏིང་དུ་གཞུག །གཡམ་པ་སྔོ་ནག་དག་ལ་ནི། །མཚན་མོ་ནག་མོའི་གཟུགས་བྲིས་ལ། །ཐོད་པའི་ཁ་ནི་གཅད་པར་བྱ། །དེ་ལ་རྣལ་འབྱོར་ཞེ་སྡང་ཅན། །དྲོད་མ་ཕེབས་ཀྱི་བར་དུ་བཟླས། །ནག་མོ་དགུ་བསྐོར་སྔགས་ཀྱིས་གདགས། །མཚན་མོ་ནག་མོའི་སྙིང་པོ་དང་། །ཤིན་ཏུ་གསང་བའི་དམོད་མོ་དང་། །སྡེབས་ནས་ནག་མོ་དགུ་བསྐོར་ཏེ། །འགྲོ་བ་རིགས་དྲུག་བདུད་དུ་འབབ། །འཛམ་གླིང་མི་ལ་གཉེན་དུ་ཆེ། །ཆུ་ཚོད་བརྒྱད་ཅུ་རྫོགས་པ་དང་། །ཐུན་ནི་ཁ་གསུམ་བགོས་བྱས་ལ། །གཅིག་ནི་གཟས་པའི་གཟུགས་ལ་བརྡེག །གཅིག་ནི་ཐུན་གྱི་གཏའ་རུ་གཞུག །དེ་ནས་ཐུན་གཅིག་ཡུལ་ཕྱོགས་འཕང་། །ནག་མོ་བདུན་བསྐོར་ཐུན་གྱིས་ནི། །བདུན་གསུམ་ལོན་པ་འཆི་བར་བྱེད། །གསང་བའི་ཐུན་ཞེས་བྱ་བ་ནི། །མི་ཁོག་སྐྱ་མོའི་མདུན་དག་ཏུ། །སྐྱེར་མ་མི་རིང་ལག་པ་རུ། །གཡས་སུ་མེ་ལོང་གཡོན་དུ་ཐུན། །ཁར་ནག་ཐུན་ལ་བཏགས་ནས་ནི། །མཚན་མོ་ནག་མོའི་ལག་ཏུ་གཏང་། །འབུར་ཁུང་ནག་མོའི་སྔགས་ཀྱིས་བཏབ། །འབུར་ཁུང་ནག་པོ་ཞེས་བྱ་བ། །ཁམ་བུ་དགུ་ཡི་སྔགས་དང་ནི། །ཐང་སྔགས་དམོད་པ་སྦྲགས་པ་ཡིན། །བཅུ་དྲུག་དག་ནས་དབུ་བཙུགས་པས། །ཉི་ཤུ་དགུ་ལ་མི་རོ་ཡི། །ལག་གི་བྷནྡྷ་ཁོལ་བར་བྱེད། །འབུར་ཁུང་ནག་མོ་དྲག་ཏུ་འཕང་། །ཐེ་ཚོམ་མེད་པར་དཔའ་བོས་བཤད། །རྒྱུད་ཕྱི་མ་ལས་དྲག་པོའི་ཐུན་ཐམས་ཅད་ཀྱི་སྙིང་པོ་ཞེས་བྱ་བའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་གསད་པའི་ལས་བཤད་པ། །འཆི་བར་འགྱུར་བའི་སྦྱོར་བ་ནི། །རྣམ་པ་གསུམ་དུ་བཤད་པར་བྱ། །ཐུན་གྱི་ལས་རྣམས་རྫོགས་པ་དང་། །བསམ་གཏན་དག་གིས་བསད་པ་ནི། །མཚན་མོ་ནག་མོའི་ཏིང་འཛིན་ནི། །རྣལ་འབྱོར་གྱིས་བསམ་ཞེ་སྡང་བསྐྱེད། །རྫུ་འཕྲུལ་སྟོབས་ཀྱིས་འཕྲུལ་ནས་ནི། ། གཟས་པ་པོ་ཡི་དྲུང་ཕྱིན་ནས། །གྲི་གུག་དག་གིས་ཁོག་པ་དྲེག །སྲོག་རྩ་བཅད་ནས་བྷནྡྷ་བཀངྐ་། །རང་ཉིད་ཀྱིས་ནི་འཐུངས་པས་གང་། །བཀྲག་དང་གཟི་མདངས་


DNG023_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པར་བསམ། །རི་བདུན་དག་ལ་གནས་པ་ཡི། །བྱ་ནག་བདུན་གྱིས་ཤ་རྣམས་ཟོས། །སྙིང་རྗེ་མེད་པའི་ལྷ་ཚོགས་ཀྱིས། །ལྷག་མ་མེད་པར་ཟད་པར་བྱས། །ལན་གྲངས་བརྒྱ་རུ་དེ་ལྟར་བསྒོམ། །རྒྱུན་སྔགས་གསད་པའི་སྔགས་དང་བཅས། །གཏོར་མ་ནར་མར་གཏང་བར་བྱ། །རྒྱུད་ཕྱི་མ་ལས། གསད་པའི་མན་ངག་བསྡུས་པའི་ལེའུ་སྟེ་བདུན་པའོ།། །།འཆི་བའི་མཚན་མ་བཤད་བྱ་བ། །རྣལ་འབྱོར་མཐུ་ཆེན་འཕན་པའི་ཚེ། །ཐོད་པ་སྦུབ་ན་འཆི་བ་ཡིན། །མཆི་མ་བྱུང་ན་འཆི་བ་ཡིན། །སྲོག་ཆགས་གསད་ན་འཆི་བ་ཡིན། །ཁྲག་ཆེན་ཁོལ་ན་འཆི་བ་ཡིན། །ཤིང་ཆེན་གཅོད་ན་འཆི་བ་ཡིན། །རྡོ་ཆེན་འབྱིན་ན་འཆི་བ་ཡིན། །རྒྱུད་ཕྱི་མ་ལས། ལྟས་ཀྱི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་མིང་པོའི་སྒྲུབ་པ་ཐམས་ཅད་ནི། །གཤིན་རྗེ་ནག་པོ་ཞེས་བྱ་བ། ། ལམ་རྒྱུད་ལྔ་ལ་དབང་ཡང་བྱེད། །གིའུ་ཏི་ཤན་བྱ་བ་ཡིན། །གཤིན་རྗེ་སྔོན་པོ་ཞེས་བྱ་བ། །ལྕགས་མཁར་བཅུ་དྲུག་ལ་དབང་བྱེད། །ཆོས་ཀྱི་རྒྱལ་པོ་བྱ་བ་ཡིན། །གཤིན་རྗེ་འཇིགས་པ་ཞེས་བྱ་བ། །ཤ་ཁྲག་དབུགས་ལ་དབང་བྱེད་པ། །ནར་ཧི་སང་ཞེས་བྱ་བ་ཡིན། །གཤིན་རྗེ་ཆེན་པོ་གླང་མགོ་ཅན། །བྱོལ་སོང་རྒྱལ་པོ་ཞེས་བྱ་བ། །གཤིན་རྗེ་རྒྱལ་པོ་ཞེས་བྱ་བ། །མ་མོའི་མིང་པོ་ཡིན་པ་སྟེ། །དྲག་པོའི་དཀྱིལ་འཁོར་བྲི་བར་བྱ། །གྲུ་གསུམ་གཅིག་ལ་གྲུ་ཆད་བཞི། །མཐིང་ནག་ཚོན་གྱིས་དགང་བར་བྱ། །ཐ་མར་མེ་རི་དམར་པོ་སྟེ། །དེ་ལ་འཆི་བདག་བཞི་བཀོད་པས། །མི་ཐོད་སྐྱགས་ཙེ་བཞི་དག་ལ། །འཆི་བདག་ཞལ་བཞི་ཚོན་གྱིས་བྲི། །རང་རང་སྙིང་པོས་མཚན་ཏེ་དགོད། །བམ་ཆེན་དག་གི་ཤ་ཁྲག་གིས། །གཏོར་མ་ཆེན་པོ་དབུལ་བྱ་ཞིང་། །སྙིང་པོ་འདི་དག་བཟླས་པར་བྱ། །ཡ་མ་རཱ་ཙ་འགེའུ་ཏེ་ཤན། །དྷརྨ་རཱ་ཙ་ཡ་མ་ནར་སེང་ཏ་ཡ། པྲེ་ཏེ་མུ་ཁའི་ཏི་ཡ་ས་མ་ཡ་ཛཿཛཿ། དེ་ནས་རྟགས་ཆེན་འབྱུང་འགྱུར་ཏེ། །མ་རིང་གཅེར་བུ་རྒྱུག་པར་བྱེད། །མོན་པ་བླ་རྐུན་ནག་པོར་སྟོན། །བཙུན་པ་རླུང་ནག་འཚུབས་མ་འབྱུང་། །རྒྱལ་པོ་ཆེན་པོའི་ཚུལ་དུ་སྟོན། །དེ་ནས་གསོད་


DNG023_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་འདོད་ན། །ཁམས་ལ་ནི་གཤིན་རྗེའི་གཟུགས། །གནག་ཅིང་མཐོ་བའི་མི་གཟུགས་བཞི། །ལག་ན་དབྱུག་པ་ཞགས་པ་དང་། །ལྕགས་ཀྱུ་ཁ་བྲག་ཐོགས་པར་བྱ། །དེ་ནས་བྱིན་བརླབ་གཤིན་རྗེར་དམིགས། །གཏོར་མ་མངའ་དབུལ་བྱ། དེ་ནས་འཁོར་ལོ་བྲི་བ་ནི། །གྲུ་གསུམ་གཅིག་ལ་གྲུ་གསུམ་བཞི། །དབུས་སུ་གཟས་པའི་མིང་དང་གཟུགས། །གསུམ་ལ་སྔགས་དགོད་དང་པོ་ལ། །ཉི་མ་བཞི་རུ་ལྷ་བཞི་བསྒོམ། །འཁོར་ལོ་སྒོ་ཞིང་རྐང་པའི་འོག །གསང་སྔགས་འདི་དག་བཟླས་པར་བྱ། །ཡ་མ་རཱ་ཙ་འགེའུ་ཏེའུ་ཤན། ཆེ་གེ་མོ་མཱ་ར་ཡ་རྦད། དྷརྨ་རཱ་ཙ་ཡ་མ་རཱ་ཙ་ཆེ་གེ་མོ་མ་ར་ཡ་རྦད། མ་ར་ཧིང་ཧ་ཡ་མ་ར་ཙ་ཆེ་གེ་མོ་མཱ་ར་ཡ་རྦད། པྲེ་ཏེ་མུ་ཁི་ཏྲི་ཡ་མ་རཱ་ཙ་ཆེ་གེ་མོ་མཱ་ར་ཡ་རྦད། ཐལ་ཆེན་ཉུང་དཀར་སྐྱེ་ཚེས་བྲབ། །ཐོན་ནས་གཟུགས་དང་འཁོར་ལོ་མནན། །ཟླ་དྲུག་རྫོགས་ནས་འཆི་བར་འགྱུར། །རྒྱུད་ཕྱི་མ་ལས། གཤིན་རྗེ་མིང་པོའི་ལེའུ་སྟེ་དགུ་པའོ།། །།བདུད་ཆེན་པོ་ཡི་སྒྲུབ་ཐབས་ནི། །དཀྱིལ་འཁོར་མདའ་ཚད་གྲུ་བཞི་ལ། །དབུས་སུ་ཟླུམ་པོ་ཕྱི་རོལ་དུ། །གྲུ་གསུམ་ཆེན་པོ་བཅུ་དག་བྱ། །རྡོ་རྗེ་ར་བ་སྒོ་བཞི་ཡང་། །ཀུན་ནས་ལེགས་པར་བྲི་བར་བྱ། །དབུས་སུ་བདེ་གཤེགས་ཆེན་པོ་སྟེ། །གྲུ་གསུམ་ཆེན་པོ་བཅུ་པོ་ལ། །བདུད་ནི་ལྕམ་དྲལ་བཅུ་པོ་དགོད། །མིང་པོ་བདུད་ཆེན་བཅུ་པོ་ནི། །ཡང་རྗེ་ནག་པོ་ཞེས་པ་དང་། །འབར་བ་ཡམ་ཆུང་ཞེས་པ་དང་། །ནག་པོ་བདུད་རྗེ་ཞེས་པ་དང་། །སྲོག་བདུད་ནག་པོ་ཞེས་པ་དང་། །བླ་བདུད་ཡོར་པོ་ཞེས་པ་དང་། །སྲོག་བདུད་དམར་གྱི་སྟག་རེ་དང་། །སྲིན་མོ་སྨིན་མོ་འབར་བ་དང་། །སེར་པོ་འབར་མ་ཞེས་པ་དང་། །དཀར་མོ་འབར་བ་ཞེས་པ་དང་། །དམར་མོ་འབར་བ་ཞེས་པ་དང་། །བློན་པོ་ཤ་འདྲེན་སྐྱ་བོ་གཉིས། །ཁོལ་པོ་འཛིན་པོ་སྔོན་པོ་གཉིས། །སྒོ་བཞི་དག་ལ་དགོད་པར་བྱ། །དེ་ནས་མཐུན་པའི་དམ་རྫས་ནི། །མིང་པོ་དྲུག་པོ་དག་ལ་ནི། །མི་སྙིང་རྟ་སྙིང་སྤྲེའུ་སྙིང་དང་། །ཁྱི་ནག་ལུག་ནག་བྱ་ནག་སྙིང་། །གཏོར་མ་བྱས་ཏེ་དབུལ་བར་བྱ། །དེ་རྣམས་སྙིང་རྗེ་བྱས་ནས་ནི། །གསེར་སྐྱེམས་བཤོས་བུ་ནག་པོའི་གཟུགས། །ཟླ་


DNG023_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཉ་ཆེན་ཤར་བ་ལ། །མིང་ནས་འབོད་ཅིང་སྦྱིན་པར་བྱ། །སྲིང་མོ་འབར་མ་བཞི་པོ་ལ། །སྤྱན་གཟིགས་སྣ་ཚོགས་ཚོགས་པ་ཡིས། །གོང་མ་བཞིན་དུ་མཆོད་པར་བྱ། །ཁོལ་མོ་བློན་པོ་བཞི་པོ་ལ། །སྙུག་མ་དག་ལ་རྟེན་བཅས་ལ། །གཏོར་མ་གསེར་སྐྱེམས་དག་གིས་མཆོད། །དེ་ནས་བཟླས་པ་བྱ་བ་ནི། །ཨ་བདུད་པྲ་མ་ཡ་ཁ་རུ་ཧཱུཾ། ད་རུ་ཧཱུཾ། རུ་ཏྲག་ཧཱུཾ། ཧཱུཾ་དུར་ན་ཧཱུཾ། ཤར་ཀ་ཧཱུཾ། དྷྲིག་ཤོ་ཧཱུཾ། དེ་ནི་བཟླས་པ་ཙམ་གྱིས་ནི། །གློག་དམར་རལ་གྲི་ཙམ་ནི་འོང་། །གྲུབ་པའི་མཚན་མ་བྱུང་བ་དང་། །དགྲ་རྣམས་གསོད་པར་འདོད་པ་ན། །གཟས་པ་པོ་ཡི་མིང་བྲིས་ལ། །སོད་ཅིག་ཆོད་ཅིག་སྒྲ་ཡིས་ནི། །དྲག་ཏུ་བརྡུང་ཞིང་ཕྱེ་མར་གཏང་། །གསེར་སྐྱེམས་ནང་དུ་ཕྱེ་མ་བླུགས། །ཟླ་བ་ཉ་ཆེན་ཤར་བ་ལ། །མིང་སྲིང་བཅུ་པོ་མཆོད་ཆས་བོད། །གསེར་སྐྱེམས་གཏོར་ཞིང་བསྟབ་པར་བྱ། །ཐོགས་པ་མེད་པར་འཆི་བར་འགྱུར། །རྒྱུད་ཕྱི་མ་ལས་བུ་བདུད་སྒྲུབ་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་གནོད་སྦྱིན་བསྒྲུབ་བྱ་བ། །གནོད་སྦྱིན་ལྕགས་ཀྱི་འཁར་བ་ཅན། །བདུད་དང་མ་མོའི་ཕ་ཡིན་ཏེ། །དུར་ཁྲོད་རས་ལ་གནོད་སྦྱིན་གཟུགས། །ནག་མོ་ཆེན་མོ་ཞལ་གཅིག་པ། །སྐྲ་ནི་གྱེན་དུ་འབར་བ་ལ། །ལུས་ལ་དྲེའུ་ནག་པགས་པ་གསོལ། །ལག་ན་ལྕགས་ཀྱི་འཁར་བ་ཐོགས། །དེ་ནས་གནོད་སྦྱིན་བཀུགས་ནས་ནི། །གནོད་སྦྱིན་རྟེན་ལ་བསྡིམ་པར་བྱ། །ལྷ་ཆེན་ཚལ་བུའི་ཤ་ཁྲག་གིས། །རྟག་ཏུ་གཏོར་མ་མདུན་དུ་དྲང་། །བཤོས་བུ་རྩེ་ནག་གསེར་སྐྱེམས་ཀྱིས། །ཚེས་བརྒྱད་ནམ་ཕྱེད་དག་ལ་མཆོད། །དེ་ནས་སྲོག་སྙིང་བཟླས་པ་ནི། །ཨོཾ་བཛྲ་ཡཀྴ་པྲེ་ཏེ་ན་བྷ་ར་དུང་། ཏིཥྞ་ཧཱུཾ་ཕཊ་ཛ། བཟླས་པས་ཁྲག་ཆེན་རལ་པའི་སྒྲ། །འབྱུང་སྟེ་དེ་ནས་གསད་འདོད་པས། །གཟས་པ་པོ་ཡི་གཟུགས་བྲིས་ལ། །ཏིང་ངེ་འཛིན་གྱིས་འོད་ཟེར་གྱིས། །བཀུག་སྟེ་རྟེན་ལ་བསྡིམ་པར་བྱ། །གསང་སྔགས་རྟིང་ལ་ཏ་ཐ་ཡ། །བཏགས་པས་ཐལ་བ་བཞིན་དུ་བཏགས། །གནོད་སྦྱིན་བོས་ལ་གཏོར་མ་གཏང་། །གསེར་སྐྱེམས་གཟུགས་བསྲེས་བརྒྱད་ལ་གཏོར། །འོ་དོད་བོས་ལ་སོད་ཅིག་བརྗོད། །ཟླ་བ་ཕྱེད་ན་འཆི་བར་འགྱུར། །རྒྱུད་ཕྱི་མ་


DNG023_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

ལས། གནོད་སྦྱིན་ལྕགས་ཀྱི་འཁར་བ་ཅན་གྱི་ལེའུ་སྟེ་བཅུ་གཅིག་པའོ།། །།བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ། ང་ཡིས་སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། འདི་ལྟ་བུ་ཞེ་སྡང་ཐམས་ཅད་ཀྱི་གཉེན་པོར་བཤད་པ་ནི། ཀུན་ལ་བཤད་པར་མི་བྱ་སྟེ། ཁྱོད་ཀྱིས་སྦོས་ཤིག །སངས་རྒྱས་ཀྱི་དམ་པའི་ཆོས་གཞུང་བཞིན་དུ་བྱེད་པ་རྣམས་ནི། ཆོས་བྱེད་དུ་མི་སྟེར་ཞིང་། བསྟན་པ་འཇིག་ན་ཆ་རྐྱེན་དུ་བཤད་པ་ལས་མ་རྟོགས་པར་ཐམས་ཅད་དུ་བྱས་ན་ལྗོན་ཤིང་རྩ་བ་བཅད་པ་དང་འདྲ་སྟེ། བྱང་ཆུབ་ཀྱི་འབྲས་བུ་ནམ་ཡང་མི་ཐོབ་ཅིང་ལས་ཀྱང་འགྲུབ་པར་མི་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཕྱག་ན་རྡོ་རྗེ་དང་བཅས་པའི་འཁོར་ཐམས་ཅད་རྗེས་སུ་ཡི་རངས་ནས་མངོན་པར་བསྟོད་དོ། །འཕགས་པ་རྡོ་རྗེ་ནག་མོ་དབང་ཕྱུག་མའི་རྒྱུད་ཕྱི་མ་ལས། མངོན་པར་གཏད་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།རྩ་བའི་རྒྱུད་དང་བཅས་པ་རྫོགས་སོ།། །།དེ་ནས་བཅོམ་ལྡན་འདས་མངོན་རྫོགས་ཀྱི་རྒྱལ་པོ། ཐིག་ལེའི་ངང་ལས་སྙོམས་པར་ཞུགས་ནས་ཅང་མི་གསུང་བར་གྱུར་ཏོ། །ཡང་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་དང་། འཁོར་འདུས་པའི་ཚོགས་རྣམས་ཀྱིས། ཐིག་ལེའི་ངང་ལས་བསྐུལ་བའི་གླུ་འདི་བླངས་སོ། །ཨ་ཀྱེ་ཆོས་ཉིད་ཐིག་ལེ་ངང་ལ་ཅི་བདེར་སྙོམས་པར་ཞུགས་སོ། །དོན་ཉིད་དྲན་པར་མཛོད་ཅིག་ཆོས་ཉིད་སྟོང་ལས་བཞེངས། །འཁོར་བར་བཅིངས་པ་མ་ལུས་སོལ་ཅིག་འགྲོ་དོན་མཛོད། །ཐེ་ཚོམ་རྣམ་པར་མཆིས་ཀྱིས་དོན་རྣམས་བཤད་དུ་གསོལ། །ཞེས་གསོལ་པ་དང་། མངོན་རྫོགས་རྒྱལ་པོ་ཐིག་ལེའི་ངང་ལ་སྙོམས་པར་ཞུགས་པ་ལས་བཞེངས་ཏེ་འདི་སྐད་གསུངས་སོ། །ཨེ་མ་དོན་རྣམས་ཐམས་ཅད་བདག་གིས་དགྲོལ་བར་བྱ། །མཐུ་རྩལ་འདུས་པ་ཁྱོད་ཀྱིས་དོན་མ་འདུས་པ་ཀུན། །ཐེ་ཚོམ་ཡོད་པ་ཐམས་ཅད་དྲིས་ཤིག་ངས་བཤད་ཀྱིས། །འགྲོ་དོན་བསམ་པ་ཐམས་ཅད་བསྐང་བར་བྱ་ཡི་ཉོན། །དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་ལས་ཐམས་ཅད་ཁ་སྐོང་བའི་ཕྱིར། འདི་སྐད་གསུངས་སོ། །ཨེ་མ་བསྙེན་པ་ཉེ་བསྙེན་སྒྲུབ་པ་


DNG023_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ཕྲིན་ལས་རྣམ་པ་ཇི་ལྟར་ལགས། །སྔགས་རྣམས་བཟླས་པ་གང་ལ་ཅི། །གྲུབ་པའི་མཚན་མ་ཇི་ལྟ་བུ། །མངོན་རྫོགས་རྒྱལ་པོས་བཀའ་སྩལ་པ། །དང་པོ་བསྙེན་པ་བྱ་བ་ནི། །ལྷ་རྣམས་ཉེ་བར་བསྙེན་པ་དང་། །དམན་པའི་ཉེ་བར་བསྙེན་པ་གཉིས། །ལྷ་རྣམས་དངོས་གྲུབ་སྩོལ་འདོད་ན། །བསམ་པ་ཐམས་ཅད་ཀུན་སྤངས་ལ། །ཐེ་ཚོམ་ཕྲ་མོ་མེད་པ་ཡིས། །རྡོ་རྗེ་ལྟ་བུར་མཁྲེགས་པ་དང་། །བྲག་ཆེན་ལྟ་བུར་བརྟན་པ་ཡིས། །བླ་མ་དམ་པ་སྙིང་རྗེ་ཅན། །གདམས་ངག་ཀུན་འདུས་དབང་རྣམས་རྫོགས། །ཆོས་ཉིད་བློ་ལ་གསལ་བ་ལ། །མཉེས་པ་གཉིས་ཀྱིས་མཉེས་བྱས་ཏེ། །དང་པས་དང་པོ་ཐོག་མ་ཉིད་དུ་མཉེས་བྱས་ལ། །གཉིས་པ་རྒྱུད་ཀྱིས་མཉེས་བྱས་ལ། །བླ་མས་གནང་བ་གཉིས་རྣམས་ནི། །དབང་རྣམས་གནང་བ་དང་པོར་གཅེས། །མན་ངག་གནང་བ་གཉིས་པའོ། །དེ་ནས་རྣལ་འབྱོར་ཆེན་པོ་དེས། །ཐོག་མར་རང་གནས་བཙལ་བ་ནི། །ཤིན་ཏུ་བར་ཆད་མེད་པའི་གནས། །འདུ་འཛིའི་རྣམ་པ་མེད་པ་དང་། །དངོས་གྲུབ་ཉེ་བའི་ཆུ་མིག་སྟེ། །ནད་དགྲ་མེད་པའི་གནས་ཆེན་དེར། །བསམ་པ་ཐམས་ཅད་སྤང་བའི་ཕྱིར། །བྱ་བའི་ལས་རྣམས་ཐམས་ཅད་ཀུན། །མ་ལུས་པ་རྣམས་རྫོགས་པར་བྱ། །ས་རྣམས་བདག་པོ་ལས་བསླང་སྟེ། །དཀྱིལ་འཁོར་མཎྜལ་མདའ་གང་ལ། །བ་ཡི་རྣམ་ལྔས་ལེགས་བྱས་ཏེ། །དང་པོར་བསོད་ནམས་ཚོགས་བསག་ཕྱིར། །ཡན་ལག་བདུན་པའི་སྨོན་ལམ་དང་། །ཕྱི་བཤགས་ནང་བཤགས་རྒྱ་ཆེར་བྱ། །མངོན་པར་རྫོགས་ཀྱི་འཁོར་ཚོགས་ལ། །རྣལ་འབྱོར་བྱ་ཞིང་མཆོད་དང་བསྟོད། །དེ་ནས་མ་མོའི་དཀྱིལ་འཁོར་ནི། །ཟླ་གམ་གསུམ་པ་ཚུལ་བཞིན་བྲི། །རྩ་བའི་རྒྱུད་ལས་གྲགས་པ་ཡི། །དམ་རྫས་མ་ལུས་ཚང་བར་བྱ། །ཤིན་ཏུ་དམ་པའི་མཚམས་བཅད་དེ། །རྒྱུ་འགྲུལ་ཤོར་ན་དངོས་གྲུབ་མེད། །བྱ་རྣམས་གནང་བའི་ཚུལ་དུ་བྱ། །མ་འགྲུབ་བར་དུ་དམ་དུ་བཅའ། །དུས་ཀུན་དུ་ནི་བསྒྲུབ་བྱ་སྟེ། །ཏིང་ངེ་འཛིན་ནི་རྣམ་པ་གསུམ། །དེ་བཞིན་ཉིད་དང་ཀུན་ཏུ་སྣང་། །རྒྱུ་ཞེས་བྱ་བ་བསྒོམ་པར་བྱ། །དེ་ནས་དབང་ཆེན་གཞལ་ཡས་ཁང་། །དེ་ནས་དཔལ་ཆེན་ཧེ་རུ་ཀ །


DNG023_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པའི་ལྷ་ནི་བསྒོམ་པར་བྱ། །ཐུགས་ཀར་ཁྲག་གི་ཉི་མ་ལས། །མ་གསུམ་ཟླ་གམ་སྟེང་དུ་གསལ། །དེ་ནས་དཔལ་ལྡན་དཔོན་གཡོག་གསུམ། །ཚུལ་བཞིན་བསྒོམ་སྟེ་སྤྱན་ཡང་དྲང་། །མཆོད་པ་བྱ་སྟེ་བསྟོད་པ་བྱ། །དེ་ནས་བསྙེན་པའི་སྔགས་བཟླས་པ། །རྣལ་འབྱོར་མན་ངག་ཅན་གྱིས་ནི། །དང་པོར་དམ་བཅའ་གང་ཡིན་པ། །དམོད་པའི་རྒྱུན་སྔགས་བཅུ་བདུན་ཏེ། །ཁམ་བུའི་རྒྱུན་སྔགས་ཉིན་མཚན་གསུམ། །སྔགས་ཀྱི་སྒྲུབ་པ་ཙ་པ་ལ། །ཐོད་དགུ་ཨ་ཤུག་མེ་ཡིན་ནོ། །ཟླ་གམ་ཕག་ཐོད་རུ་རུ་ཡི། །སྔགས་དག་ཡིན་ཏེ་དེ་ནས་ཡང་། །བཛྲ་ཁ་རག་གདོན་པར་བྱ། །ཁྲག་ཐུན་ཁ་མུན་དྲང་བ་སྟེ། །དམོད་མོ་ཉེ་བར་བསྙེན་བྱེད་ལ། །མ་མོར་བསྒོམ་སྟེ་ཤ་ཁྲག་བཟའ། །དམོད་མོ་ཇི་ལྟར་གསུངས་པ་ལ། །ཟླ་དྲུག་བརྩོན་པར་བཏོན་ན་ནི། །མ་མོ་ཉིད་དང་འདྲ་བར་འགྱུར། །སྐུ་གསུང་ཐུགས་དང་ཕྲིན་ལས་ནི། །དེ་དང་དེ་ལ་གདོན་པར་བྱ། །སྲོག་སྒྲུབ་སྲོག་གི་སྔགས་ཡིན་ནོ། །ལས་རྣམས་ཕྲ་མོ་ཐམས་ཅད་ནི། །རུ་རུ་རོ་རུའི་སྔགས་ཡིན་ནོ། །རག་མོ་ནི་ཤ་རུ་ཀུ་རུ་ནི། །ཐང་སྔགས་ཀུན་གྱི་རྦད་པ་སྟེ། །ཐུཾ་ལིས་སྙིང་རྩ་འདུ་འདུ་བ། །ཁམ་བུ་རྣམས་ཀྱི་རྦད་སྔགས་སོ། །དེ་དང་ཀུན་འདྲ་ཤེས་པར་བྱ། །ཐང་སྔགས་མཐའ་ནི་གནན་པ་སྟེ། །ལམ་བུའི་མཐའ་ནི་འཕང་བའོ། །སྒོ་ངའི་མཐའ་ནི་སྲེག་པ་སྟེ། །ཁྲག་ཐུན་མཐའ་ནི་བརྡེག་པའོ། །སྲོག་བསྒྲུབ་མཐའ་ནི་གདབ་པའོ། །སྔགས་བསྒྲུབ་ཐོད་པ་དགུ་བརྩེགས་དང་། །སྐུ་གསུང་ཐུགས་དང་ཕྲིན་ལས་ནི། །གནན་ཅིང་འཕང་བར་བཤད་པའོ། །བསྙེན་པ་ཉེ་བསྙེན་གཉིས་དག་ལ། །བར་མ་ཆད་པའི་འཛབ་གྲངས་དང་། །བྱེ་བ་དག་ནི་མ་སྐྱོལ་བར། །ཕྲིན་ལས་བྱས་ན་རང་རེ་བརླག །དེ་དག་བར་དུ་གདོན་པ་ནི། །ཤ་ཁྲག་དམར་ལ་གཞི་བླངས་ལ། །ཞག་རེ་དག་ལ་གསུམ་གསུམ་གཏོར། །གཏོར་མ་བཟང་ན་དངོས་གྲུབ་ཆེ། །གཏོར་མ་ཆུང་ན་དངོས་གྲུབ་ཆུང་། །བཟླས་བརྗོད་ཀྱང་ནི་དེ་དང་འདྲ། །གཏོར་མ་བཟླས་བརྗོད་རྫོགས་པ་ན། །ལྷ་མོ་དེ་ཉིད་སྐུ་སྟོན་འགྱུར། །


DNG023_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

འོད་དང་སྒྲ་དང་རླུང་འཚུབ་འབྱུང་། །བུད་མེད་མཛེས་པ་སྟེག་པ་དང་། །དངོས་གྲུབ་ཚུལ་བཞིན་སྟེར་བར་འགྱུར། །དེ་ཚེ་དངོས་གྲུབ་བླང་བར་བཤད། །གྲུབ་པ་དག་ཀྱང་ཡིན་པར་བཤད། །ནག་མོ་སྔགས་ཀྱི་རྒྱུད་ཕྱི་མའི་ཕྱི་མ་ལས། བསྙེན་བསྒྲུབ་ཀྱི་ལེའུ་སྟེ་དང་པོའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །ཕྲིན་ལས་སྒྲུབ་པའི་སྔགས་པ་ཡིས། །ཤིན་ཏུ་བཟླས་པ་རྫོགས་པ་དང་། །ལས་འཕྲོ་ཡོད་པའི་རྣལ་འབྱོར་པས། །བཟླས་པ་མ་རྫོགས་གོང་དུ་ཡང་། །ལྷ་མོ་དེ་ཉིད་སྐུ་སྟོན་འགྱུར། །གདེང་དང་ལྡན་པས་སྒྲུབ་པ་ལས། །ཀུན་གྱིས་བྱས་ན་བརླག་པར་འགྱུར། །དང་པོར་བསྒྲུབ་པའི་གནས་བཙལ་བ། །ཤིན་ཏུ་ཡི་དྭགས་ཆེ་བའི་གནས། །རྣལ་འབྱོར་ལྡན་ན་དེ་རུ་བསྒྲུབ། །དང་པོའི་གནས་པའི་གནས་ཆེན་དུ། །དངོས་གྲུབ་ཐོབ་པ་དེ་རུ་བྱ། །ཆུ་བོ་ཆེན་པོའི་འགྲམ་དག་ཏུ། །མ་མོ་ཉེ་བས་དེར་འདུག་སྟེ། །རྫས་རྣམས་གོང་དུ་ཚོགས་པར་བྱ། །དེ་ནས་མཆོད་སྦྱིན་ཅིག་སྦྱིན་ཏེ། །ནམ་གྱི་གུང་ངམ་ཉི་མའི་གུང་། །དྲག་པོའི་དཀྱིལ་འཁོར་གང་བྱེད་བྲི། །ཐུན་དང་གཟུགས་དང་དཀྱིལ་འཁོར་དང་། །ལས་ཀྱི་བྱ་བ་ཐམས་ཅད་ཀུན། །མཁས་པས་བྱང་ཤར་མཚམས་སུ་བྱ། །རྫས་རྣམས་ཐམས་ཅད་ཚོགས་པ་དང་། །མངོན་རྫོགས་ལྷ་ལ་མཆོད་པ་བྱ། །ལྷ་སྲིན་ཀུན་ལ་དཔང་བཙུགས་ཏེ། །མཆོད་ཅིང་ངག་གིས་མཉེས་པར་བྱ། །ཤྭ་རྡེའུ་དཀར་ནག་བརྩི་བྱས་ཏེ། །དེའི་ཚེ་ཁྲམ་ལ་གདབ་པར་བྱ། །དེ་ལ་བསྙེན་བསྒྲུབ་གང་ཡིན་པ། །ཚུལ་དུ་བྱས་པའི་ཕྲིན་ལས་ཀྱིས། །བཟླས་པ་རྫོགས་པར་བྱ་བར་བཤད། །དེ་ནས་གསད་པར་ལས་བྱེད་ན། །དྲི་ཡི་མཆོད་པ་ལྷ་ལ་དབུལ། །ཁ་ཡི་རོ་དང་ཁྲོ་བོའི་བཞིན། །ང་རོ་དྲག་པོས་གཟེར་སྔགས་བཟླས། །བྱང་ཤར་མཚམས་སུ་ཆས་བྱས་ལ། །མེ་ལྷའི་ཕྱོགས་ནས་དགུག་བྱས་ཏེ། །ཏིང་ངེ་འཛིན་དང་ཕོ་ཉ་དང་། །ཉུང་དཀར་མདའ་དང་ཞབས་མས་གྲིལ། །གཟས་པ་བཀུག་ལ་སྒོ་བཞིར་བསྡིམ། །དྲག་པོའི་སྔགས་འདིས་དགུག་པར་བྱ། །ཀངྐ་པ་རཱུ་པ་ནྲྀ་ཤ་ཀུ་རུ། ཨཱ་ཀཪྵ་ཡ་ཨཱ་ཀཪྵ་ཡ་རྦད་རྨ་


DNG023_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་མ་ཏིཥྚ་མུ་ཀ་ཡེ་སྭཱ་ཧཱ། ཨུ་ནི་ཨུ་ནི་ལ་མཱ་ར་ཡ་ཛ་ཛ། དུ་བའི་སྒྲ་དང་སྤུག་ཅིང་གདབ། །ཐོད་པ་ཅང་ཏེའུ་དྲག་ཏུ་བརྡུང་། །ཁ་ཏི་རི་མཱིའི་མེ་འདག་ལ། །དེ་གཟུགས་དྲོ་བར་བསྲོ་བར་བྱ། །ལྷ་སྲིན་སྡེ་བརྒྱད་དཔང་དུ་གཟུག །སྲུང་མ་དག་ལ་དམ་ཡང་བདར། །གཤིན་རྗེའི་ཕྱོགས་སུ་བྱ་བར་བཤད། །རླུང་ལྷའི་ཕྱོགས་སུ་དབྱེ་བར་བཤད། །ཏིང་ངེ་འཛིན་དང་བདུག་པའི་རྫས། །མི་མཐུན་སྒྲོ་དང་སྔགས་འདི་ཡིས། །དེ་ཡི་ལུས་བསྲུང་དག་དང་དབྱེ། །ནྲྀ་དེ་བ་ཀ་བ་ཨེ་ཛ་ལ་ར་ཙ་ར་ཕྱེ་ཙ་ཕྱེ། ཨ་ཤག་ཨ་ཤག །ས་མ་ཡཱ་ཕྱེ་ཡ། པུ་ཏ་པུ་ཏ། ཕུས་ཕུས་ལ། སེན་མ་ཕུས་ཕུས། སྲིན་པོའི་ཕྱོགས་སུ་གསད་བྱ་སྟེ། །ཐུན་དང་ཏིང་འཛིན་ཕུར་པ་དང་། །ཉུང་དཀར་ཐུན་སྔགས་ཀུན་གྱིས་བྲབ། །གྲི་ཡིས་གཏུབས་ལ་གཏོར་མར་བསྟབ། །ཟོར་རྣམས་ཕོག་པ་དག་ཏུ་འཕང་། །མ་ཧཱ་དེ་ཝའང་འཇིག་པར་འགྱུར། །རྒྱུད་ཕྱི་མའི་ཕྱི་མ་ལས། ལས་ཀྱི་རིམ་པར་བྱ་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །ཐུན་གྱི་བསྐུལ་པ་ཇི་ལྟར་ལགས། །གྲུབ་པའི་རྟགས་ནི་གང་ལ་བགྱི། །སོ་སོའི་ནད་རིམས་ཇི་ལྟ་བུ། །འཆི་བར་འགྱུར་བའི་མཚན་མ་ཅི། །མངོན་རྫོགས་ཡབ་ཀྱིས་བཀའ་སྩལ་པ། །ལྷ་མོའི་ཐུགས་དམ་བསྐུལ་པ་ནི། །རྫས་ཀྱི་གཏོར་མ་ཕུན་སུམ་ཚོགས། །དེ་ལ་དམ་ནི་བཅའ་བར་བྱ། །མཆོད་པ་དམར་གྱི་ཨརྒྷཾ་སྦྲེང་། །བསྐོང་བ་མཁའ་ལྡིང་ཟངས་མཆུ་ཅན། །གཡབ་པ་མཆོག་གི་ལག་པས་བྱ། །བརྡུང་བ་ཅང་ཏེའུ་རྟག་ཏུ་བརྡུང་། །འབུད་པ་མི་རྐང་གླིང་བུ་འབུད། །བརྡབ་པ་བྷནྡྷའི་ཆ་ལང་བརྡབ། །རྟེན་ནི་བྲིས་སྐུ་དག་ལ་བྱ། །སྣང་བ་ཚིལ་ཆེན་མར་མེ་བཏང་། །དྲི་མཆོག་ཚིལ་གྱི་དུད་པ་བཏང་། །ཕྲེང་བ་སོར་ཚིགས་མགོ་ལ་བཅིངས། །མཆི་མ་ཕྱུང་ལ་འདི་སྐད་བོད། །དཔལ་ལྡན་ལྷ་མོ་འགྲོ་ཀུན་བྱམས་མ་ཁྱོད། །སེམས་ཅན་ཀུན་ལ་བྱམས་ཀུན་མ་དང་འདྲ། །མི་བསླུ་དམ་ཚིག་དབང་གིས་འདི་རུ་བག་ཙམ་སྤྱོན། །ལྔ་བརྒྱ་དུས་ཀྱིས་མནར་བའི་མཐའ་མ་ལ། །བཀའ་དང་གཞུང་བཞིན་བསྒྲུབ་པའི་དམ་ཚིག་བག་ཙམ་དཀོན། །སྐུ་


DNG023_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་རྒྱན་དང་མ་ཡི་ཆ་ལུགས་ནི། །ཏིལ་མར་སྔོན་པོས་ལུས་བསྐུས་ཐིག་ལེས་བརྒྱན། །རལ་པའི་ལན་བུ་གཅིག་ཏུ་བྱས་པ་ནི། །སྤྱི་བོའི་གཙུག་ཏུ་ལེའུ་བརྒན་ཐོར་ཚུགས་ཅན། །རོ་ཉ་རྣ་ཆས་ལུས་ལ་བརྒྱན་བྱས་ཤིང་། །ཚིགས་མདོ་དྲུག་ཏུ་ཁྲག་གི་ཐིག་ལེས་བརྒྱན། །སེང་གེ་མཚུངས་མེད་གསོན་མས་ཕྲག་གོང་བརྒྱན། །སྦྲུལ་གྱི་སྐེ་རགས་འཆིང་ཞིང་ལག་ན་དར་མདུང་ཐོགས། །མེ་རི་འབར་བའི་ནང་ན་སྐུ་བཞུགས་པས། །རྐང་སྒྲོག་ལྕགས་ལ་བྱས་པ་གཅིག་གིས་ཞབས་ཀྱི་མཁྲིག་མ་གཉིས་ལ་བརྒྱན། །སྤྱན་གསུམ་ཁྲག་འབབ་སྦྲུལ་མགོ་བཅུ་བདུན་དབུ། །ཆིབས་སུ་དྲེའུ་ཕ་ལ་བཅིབས་ནས་དུར་ཁྲོད་གསུམ་ཚིགས་རྒྱུ། །དགྲ་སྙིང་ཚལ་པར་འགེམས་ཤིང་མ་གཅིག་བྱམས་མ་ཁྱེད། །ཙིཏྟ་མ་ཉམས་སྙིང་གི་རྩེ་མོ་ཡང་། །མ་གཅིག་སྒྲིབ་ལ་དྲང་ཕྱིར་རྣལ་འབྱོར་བདག་ལ་མཆིས། །ཤིང་ལོ་རླུང་ཁྱེར་ས་ལ་མ་རེག་ཀྱང་། །མ་གཅིག་གདན་དུ་གདིང་ཕྱིར་རྣལ་འབྱོར་བདག་ལ་མཆིས། །ཤི་ཀ་མཚལ་ཐིག་སྣ་ཚོགས་སྐམས་པའི་རཀྟ་ཡང་། །མ་གཅིག་ཞལ་དུ་རུང་ཕྱིར་རྣལ་འབྱོར་བདག་ལ་མཆིས། །ཏིལ་གྱི་ཞུན་མར་ཀོང་དུ་མ་ཉམས་ཀྱང་། །མ་གཅིག་སྐུ་ཕྱིར་བུ་གཅིག་བདག་ལ་མཆིས། །མི་དབང་འབྲས་བུ་སྨིན་པ་སྐམས་པོ་ཡང་། །མ་གཅིག་སྒྲིབ་ལ་དྲང་ཕྱིར་བུ་གཅིག་བདག་ལ་མཆིས། །མ་གཅིག་མ་གཅིག་ཅེས་སུ་བོད་པ་ཡང་། །དགྲ་དང་གདུག་པ་བསྒྲལ་ཕྱིར་མ་གཅིག་མྱུར་དུ་བྱོན། །ཛ་ཛ་རེ་མ་ཏི་ཛ། ཤ་རྒྱུད་སྙིང་ལ་ཛ། སྙིང་རྒྱུད་ཙ་ལ་ཛ་ཤ་རྒྱུད་དབུགས་ལ་ཛ། ཀེཾ་ཀེཾ་ཤ་ལ་ཀེཾ། འཇིབ་འཇིབ་ཁྲག་ལ་འཇིབ། ཆེམ་ཆེམ་རུས་ལ་ཆེམ། ཐིག་ལེ་མ་མ་ལ་བྷྱོ་བྷྱོ། ཐུན་གྱི་མ་མོ་བསྐུལ་པ་ནི། །ཕྱར་བ་ཞིང་ཤུན་ལུས་ལ་གོན། །ཤ་ཆེན་མུར་ཞིང་ཁྲག་ཆེན་བཏུང་། །ཞིང་སྐྲའི་ཐག་པས་འཐེན་ནས་ནི། །ཐུགས་དམ་དྲག་ཏུ་འདི་སྐད་བསྐུལ། །བྷྱོ་ཐུན་གྱི་མ་མོ་འབྲིང་མ་ནི། །ནམ་གྱི་སྲོད་ལ་འཕོས་པའི་ཚེ། །ཆིབས་སུ་བོང་བུ་གྭ་པ་ཆིབས། །དེ་ལ་གསང་བའི་མཚན་གསོལ་བ། །མ་ཆེན་བ་ལམ་དྲེའུ་སྣ་མ། །ཉིད་ཀྱི་སྐུ་ནི་གཅེར་བུ་ལ། །གཡས་


DNG023_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

ན་མདུང་རྩེ་གསུམ་པ་བསྣམས། །གཡོན་གྱིས་ཐུན་གྱི་ཁྲག་སྤྱོ་མ། །སྔགས་འཆང་ཀུན་གྱི་མཆོད་ལེན་ཅིང་། །རྣལ་འབྱོར་ཀུན་གྱི་སྐུ་སྲུང་མ། །བདག་གི་གདུང་ནས་བོས་པའི་ཚེ། །དེ་ཚེ་ཁྱེད་ཀྱིས་ཐུན་ཕོབ་ལ། །ཁྲག་ཐུན་རིམས་སུ་བསྒྱུར་དུ་གསོལ། །རིམས་ནད་དགྲ་ལ་དབབ་ཏུ་གསོལ། །བྷྱོ་ཐུན་གྱི་མ་མོ་ཆེན་མོ་ནི། །ནམ་གྱི་གུང་ལ་བསྐུལ་པའི་ཚེ། །ཆིབས་སུ་དྲེའུ་རྟ་རྐང་གསུམ་ཆིབས། །སྐུ་ནི་མཐིང་ནག་ཆེན་མོ་ལ། །གཡས་ན་ནད་ཀྱི་རྐྱལ་པ་བསྣམས། །གཡོན་ན་ཐུན་གྱི་ཁྲག་སྤྱོ་མ། །མ་ཆེན་གསང་བའི་མཚན་བཏགས་པ། །མ་གཅིག་དཔལ་ལྡན་རེ་མ་ཏི། །བདག་གིས་གདུང་སྟེ་བོས་པའི་ཚེ། །དེ་ཚེ་རིམས་ཀྱི་ཆར་ཕོབ་ལ། །ཁྲག་ཐུན་རིམས་སུ་བསྒྱུར་དུ་གསོལ། །རིམས་ནད་དགྲ་ལ་དབབ་ཏུ་གསོལ། །བྷྱོ་ཐུན་གྱི་མ་མོ་ཐ་ཆུང་ནི། །ནམ་གྱི་ཆ་སྨད་བོས་པའི་ཚེ། །ཆིབས་སུ་བྱ་ཆེན་ནག་མོ་ཆིབས། །དེ་ལ་གསང་བའི་མཚན་གསོལ་བ། །ཁྲི་སྨན་དེ་ནི་ལྡེམ་དྲུག་མ། །སྐུ་མདོག་མཐིང་ནག་ཆེན་མོ་ལ། །གོས་སུ་རེ་ལྡེ་ནག་པོ་གསོལ། །ཁྲག་ཞག་འདྲེས་པའི་ཐིག་ལེ་ཅན། །གཡས་ན་དབུགས་ནད་རྐྱལ་པ་བསྣམས། །གཡོན་ན་ཐུན་གྱི་ཁྲག་སྤྱོ་མ། །ཁྱོད་ལ་བདག་གིས་བོས་ཙམ་ན། །དེ་ཚེ་རིམས་ཀྱི་ཆར་ཕོབ་ལ། །ཐུན་ཁྲག་རིམས་སུ་བསྒྱུར་དུ་གསོལ། །རིམས་ནད་དགྲ་ལ་དབབ་ཏུ་གསོལ། །ཏྲཀྴ་རཀྴ་མུ་ཏྲ་མ་ཐུན་བྷྱོ། མ་མོའི་སྤྱན་དགྲ་ལ་བྷྱོ། སྙན་དགྲ་ལ་བྷྱོ། དབུགས་དགྲ་ལ་བྷྱོ། ཐུགས་དགྲ་ལ་བྷྱོ། འཕགས་པ་རྡོ་རྗེ་ནག་མོ་དབང་ཕྱུག་མའི་སྔགས་རྒྱུད་ཀྱི་རྒྱུད་ཕྱི་མ་ལས། ཐུན་གྱི་མ་མོ་བསྐུལ་བའི་ལེའུ་སྟེ་གསུམ་པའོ།། །།གྲུབ་པའི་རྟགས་ནི་བཤད་བྱ་བ། །ཁྲག་ཐུན་གྲུབ་པའི་མན་ངག་ནི། །བཟང་རྟགས་ངན་རྟགས་གཉིས་སུ་བཤད། །གནག་ན་དྲག་པོའི་མཚན་མའོ། །དམར་ལ་དྭངས་ན་བཟང་བ་སྟེ། །ཁོལ་ན་མྱུར་དུ་འཕང་བར་བྱ། །རླངས་པ་བྱུང་ན་གྲུབ་པ་ཡིན། །འགྲིབ་ན་སྒྲིབ་པ་ཡོད་པ་ཡིན། །ཆད་ན་ལས་མི་འགྲུབ་པར་བཤད། །སྦོས་ན་ཁྲག་ཐུན་རུལ་པའོ། །དེ་


DNG023_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་ཐོད་པ་འཕེན་པའི་ཚེ། །རླུང་ཕྱོགས་ལོག་ན་ལས་མི་འགྲུབ། །བ་མོ་བྱུང་ན་ལས་མི་འགྲུབ། །དེ་ཚེ་ཐོད་པ་ཁ་གདངས་ན། །དེ་ཡང་ལས་མི་འགྲུབ་པ་ཡིན། །རང་ལ་བལྟས་ན་འཁོར་དུ་ལྡོག །ཐུན་ཁྲག་ཁོལ་ན་སྔགས་པ་འཆི། །ཐོད་པ་སྦུབ་ན་ངན་པ་ཡིན། །དགྲ་ལ་ཁ་བལྟས་དེ་ཡང་བཟང་། །གཟའ་རྒོད་རྒྱུ་ན་དེ་ཡང་བཟང་། །གཅན་གཟན་འགྲོལ་ན་དེ་ཡང་བཟང་། །མི་རྒོད་རྒྱུ་ན་དེ་ཡང་བཟང་། །སྒྲ་ཆེན་བྱུང་ན་དེ་ཡང་བཟང་། །གཞལ་ཡས་ཁམ་བུ་གྲུབ་པ་ནི། །ཁམ་བུ་ལྡེག་གམ་འཕར་བ་དང་། །སྣུམ་གྱིས་བྱུགས་པར་འདྲ་ན་བཟང་། །སྐམ་ལ་སེར་ག་ཆེ་ན་ངན། །དམོད་མོ་གྲུབ་ན་ཁྲག་ཐུན་ཁོལ། །ཞེ་སྡང་མེ་ཆེན་བཞིན་དུ་འབར། །ཁ་ལ་འབྲུམ་བུ་མང་དུ་འབྱུང་། །སྒོང་ཐུན་འགྲུབ་ན་སྒོ་ང་འཚེགས། །སྲོག་སྒྲུབ་གྲུབ་ན་ཕུར་བུ་འཕར། །སྐུ་གསུང་ཐུགས་ལ་སོགས་པ་ཀུན། །རྫས་ལ་འོད་ཀྱང་འབྱུང་བར་འགྱུར། །དེ་ལ་སོགས་པའི་རྟགས་རྣམས་ནི། །གཞན་ཡང་མང་དུ་འབྱུང་བར་འགྱུར། །འཕགས་པ་རྡོ་རྗེ་ནག་མོ་དབང་ཕྱུག་མའི་སྔགས་རྒྱུད་ཀྱི་ཕྱི་མ་ལས། གྲུབ་པའི་རྟགས་ཀྱི་ལེའུ་སྟེ་བཞི་པའོ།། །།གཞན་ཡང་ནད་རྣམས་བཤད་བྱ་བ། །དམོད་པ་གྲུབ་ན་སྨྱོ་ནས་འཆི། །ཁྲག་ཐུན་གྲུབ་ན་བལ་ནད་འོང་། །ཁམ་བུ་གྲུབ་ན་ཁྲག་ཏུ་སྐྱུག །སྒོ་ང་གྲུབ་ན་རྒྱུ་གཟེར་འོང་། །ཕག་ཐོད་གྲུབ་ན་གཉན་ནད་འོང་། །ཤི་ས་གྲུབ་ན་མཁྲིས་ནད་འོང་། །སྐུ་གསུང་ཐུགས་ལ་སོགས་པ་ནི། །ཁྲག་ཐུན་ཁོ་ནར་བཤད་པ་ཡིན། །ཐོད་པ་དགུ་དང་སྔགས་གྲུབ་ཀྱང་། །ཁྲག་ཐུན་ཁོ་ནར་བཤད་པ་ཡིན། །གནན་པ་གྲུབ་ན་མཛེ་ནད་འོང་། །དེ་ལ་སོགས་པའི་ནད་རྣམས་ནི། །རྣམ་པ་མང་དུ་འབྱུང་བར་འགྱུར། །འཆི་བར་འགྱུར་བའི་མཚན་མ་ནི། །རྨི་ལམ་དང་ནི་མངོན་རྟགས་གཉིས། །རི་དྭགས་གསད་ན་ཐེ་ཚོམ་མེད། །ཤོར་བ་རྨིས་ན་ལན་ཅིག་གཉིས། །བསྐྱར་ནས་ཀྱང་ནི་བྱ་བར་བཤད། །ར་དང་བ་ལང་གཡག་གསད་ན། །ཐེ་ཚོམ་མེད་པར་འཆི་བར་འགྱུར། །ལུག་གསད་གཉེན་ནི་དགྲར་གྱུར་པ། །མདོར་ན་སྲོག་ཆགས་གསད་པ་ནི། །འཆི་སྟེ་ཐུན་ནི་གྲུབ་པ་ཡིན། །བྱ་ནག་བབ་ན་རིམས་ནད་ཕེབས། །


DNG023_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

ཚུབ་ནག་བྱུང་ན་མཚན་མ་བཟང་། །བ་མོ་སྐྱ་ན་འཆི་རྟགས་ཡིན། །ཁྲོ་ཞིང་འཚིག་ན་གྲུབ་རྟགས་ཡིན། །སྒོ་ཁྱི་ངུ་ན་བཟང་བ་སྟེ། །ལྟས་ངན་འཕེབས་ན་རབ་ཏུ་བཤད། །འཕགས་པ་རྡོ་རྗེ་ནག་མོ་དབང་ཕྱུག་མའི་སྔགས་རྒྱུད་ཀྱི་ཕྱི་མ་ལས། ལས་གྲུབ་རྟགས་ཀྱི་ལེའུ་སྟེ་ལྔ་པའོ།། །།དེ་ནས་གནན་པ་བཤད་བྱ་བ། །ཀླུ་གདུག་གནས་པའི་ས་དག་ནི། །སྐྱོན་ཡོན་རྣམ་པ་གཉིས་དང་ལྡན། །གནོད་སྦྱིན་དྲག་པོའི་གནས་དག་ནི། །རབ་མཆོག་དམ་པ་ཡིན་པར་བཤད། །མ་མོ་ཚོགས་པའི་གནས་དག་ཀྱང་། །དེ་ཡང་གནན་པའི་ས་རུ་བཤད། །སྟག་གི་ཁ་དང་སྐུ་གདུང་འོག །རྒྱ་གྲམ་ལམ་དང་ས་དོག་པ། །དུར་ཁྲོད་དག་དང་ཕུག་རྡུགས་གནས། །གནན་པའི་ས་རུ་བཤད་པའོ། །དེ་ལ་གནན་པའི་ལས་དག་ནི། །ཟུར་གསུམ་པ་ཡི་རས་དག་ལ། །མཐོ་གང་དབུས་སུ་བྲི་བ་ན། །དུག་དང་ར་ཁྲག་དག་གིས་ཀྱང་། །མ་མོ་ནག་མོ་རལ་པ་ཅན། །མདུང་དང་རལ་གྲི་ཐོགས་པ་སྟེ། །བོང་བུ་གྭ་ཞོན་བྲི་བར་བྱ། ། མཐའ་རུ་སྙིང་པོ་དག་གིས་བསྐོར། །རྒྱབ་ན་ཨེ་ཀ་ཙ་ཏི་དང་། །མ་བདུན་དག་ཀྱང་ཤ་ཟ་སྟེ། །ཡན་ལག་ཉི་ཤུ་རྩ་གཅིག་ལ། །དབང་ཕྱུག་མ་མི་ཚོགས་དང་ནི། །མ་མོ་ནག་མོའི་ཚོགས་ཀྱིས་བསྐོར། །བར་དུ་གཟས་པའི་མིང་དང་རུས། །རྒྱབ་ཏུ་རི་རབ་རང་སྙིང་ཅན། །དེ་དག་ལ་ཆའི་སྦལ་པར་གཞུག །དེ་ནས་ཞིང་ཤུན་དཀྲི་བ་སྟེ། །མཁར་ནག་ལྔ་ཡིས་རྒྱ་གྲམ་བགྱིད། །ནག་མོའི་ཐོད་པ་མཆོད་རྟེན་ནམ། །གླང་རུ་དག་གི་ནང་དུ་གཞུག །ཐུན་སྔགས་ལ་སོགས་ཀུན་གྱིས་བསྣུན། །དེ་ནས་རེ་བ་དག་ཏུ་གྲིལ། །མ་མོའི་ཚོགས་དང་ས་བདག་ལ། །མཆོད་པ་ཚུལ་བཞིན་བྱས་ནས་ནི། །ཕོ་ཉ་གཏང་ལ་གཟས་པ་དགུག །ཕྱག་རྒྱ་བཞི་ཡིས་མ་ནོར་བསྡིམ། །ཀླུ་གདུག་གནས་པའི་གཡོན་ནས་འཛུག །ཆུ་མིག་ཀླུ་ཡི་ཁ་ཡང་རུང་། །གཡས་གཡོན་རྐང་འདོམ་བཅུ་བཅུ་པ། །ཀླུ་ཡི་རྭ་སྟེ་དེ་ཡང་རུང་། །ཆུ་མིག་དེ་ནས་འདོམ་གང་གཞལ། །ཀླུ་ཡི་སྙིང་སྟེ་བཟང་བར་བཤད། །ཐེབས་པར་མྱུར་དུ་གཞུག་པར་བྱ། །གཡས་སུ་


DNG023_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར་ཏེ་ཞབས་མས་བརྡབ། །རྨ་བྱའི་སྒྲོ་ཡིས་དེ་མཚམས་བཅད། །འཕགས་པ་རྡོ་རྗེ་ནག་མོའི་དབང་ཕྱུག་མའི་སྔགས་རྒྱུད་ཀྱི་ཕྱི་མ་ལས། གནན་པའི་ལེའུ་སྟེ་དྲུག་པའོ།། །།དངོས་གྲུབ་རྒྱུ་བའི་མཚན་ཉིད་ནི། །དང་ལ་དང་པོར་སྔགས་པ་ཡིས། །ཚུལ་དང་ལྡན་པའི་ལས་འདི་བརྩམ། །ཚུལ་ནི་འདི་དག་ཡིན་པར་བཤད། །སངས་རྒྱས་དངོས་གྲུབ་སྒྲུབ་པ་ཡི། །བར་དུ་གཅོད་ལ་ལས་འདི་བརྩམ། །དགེ་འདུན་དག་དང་ཆོས་བྱེད་ལ། །ངན་སེམས་པ་ལ་ལས་འདི་བརྩམ། །ཐེག་པ་སྤྱི་ལ་སྨོད་པ་ལ། །ལས་འདི་བརྩམ་པར་བྱ་བ་ཡིན། །རྣལ་འབྱོར་སྲོག་དང་འབྲལ་བྱེད་ན། །ལས་འདི་དེ་ལ་བརྩམ་པར་བྱ། །ཆོས་འཁོར་གཉན་པོ་འཇིག་བྱེད་ན། །དེ་ལ་ལས་འདི་བརྩམ་པ་གཅེས། །དེ་ལ་དང་པོ་ཞི་བ་སྟེ། །ཐམས་ཅད་དྲག་པོས་མི་འདུལ་བས། །དང་ལ་དྲག་པོས་འདུལ་མི་བྱ། །ཅི་སྲིད་དྲག་པོ་བརྩམ་སྲིད་ན། །རང་སེམས་རྒྱུད་ཀྱང་བརླག་པར་འགྱུར། །ཕྱི་མའི་འབྲས་བུ་ག་ལ་སྲིད། །དེ་ལ་སངས་རྒྱས་ཐུགས་ཀྱང་ཆད། །དཀོན་མཆོག་གསུམ་གྱི་བཀའ་ཡང་བཅགས། །མཁའ་འགྲོ་ཀུན་གྱི་ཡིད་ཀྱིས་ཁྲེལ། །འཇིག་རྟེན་དྲེགས་པས་ཞལ་ལྕེ་གཅོད། །རང་ལ་བར་ཆད་འབྱུང་བར་འགྱུར། །སྒྲུབ་ཐབས་འབྲས་བུ་མི་འབྱུང་སྟེ། །སྙིང་རྗེ་བྲལ་བས་དམྱལ་བར་ལྟུང་། །གལ་ཏེ་རྣལ་འབྱོར་ཆེན་པོ་དེས། །ཅིས་ཀྱང་ཐུལ་བར་མ་གྱུར་ན། །དྲག་པོའི་ལས་འདི་བྱ་བར་བཤད། །ཞེ་སྡང་ཆེན་པོ་བསྐྱེད་བྱས་ཀྱང་། །འབྲས་བུ་བརླག་པར་མི་འགྱུར་ཏེ། །ཐབས་ཀྱི་ཕ་རོལ་ཕྱིན་པར་འགྱུར། །དེ་ལ་དྲག་པོ་མ་བརྩམས་ན། །དཀོན་མཆོག་སྤྱི་ཡི་ཆད་པ་འོང་། །ཞེ་སྡང་འདི་ནི་བསྒྲུབས་བྱས་ན། །འབྲས་བུ་ཐོབ་པར་ཐེ་ཚོམ་མེད། །དེ་ལ་སངས་རྒྱས་ཐུགས་ཀྱིས་དགོངས། །དཀོན་མཆོག་གསུམ་པོའི་བཀའ་བྱུང་བས། །མཁའ་འགྲོ་ཐམས་ཅད་གྲོགས་བྱེད་དོ། །ལྷ་སྲིན་སྡེ་བརྒྱད་སྟོངས་བྱེད་དེ། །རང་ལ་བར་ཆད་མི་འབྱུང་འགྱུར། །ཐོག་མའི་སྙིང་རྗེས་འབྲས་བུ་ཐོབ། །དཔའ་བོ་ཆེན་པོ་ངས་བཤད་ཀྱིས། །ཕྱག་ན་རྡོ་རྗེ་ཁྱོད་ཀྱིས་
ཀྱང་། །འགྲོ་བའི་དོན་དུ་བཤད་པར་གྱིས། །མངོན་རྫོགས་རྒྱལ་པོས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་སོགས་པའི་འཁོར་ཐམས་ཅད་ཀྱིས་ཞལ་ནས་གསུངས་པ་ལ་ཡི་རངས་ཏེ་མངོན་པར་བསྟོད་དོ། །འཕགས་པ་རྡོ་རྗེ་ནག་མོ་དབང་ཕྱུག་མའི་སྔགས་རྒྱུད་ཀྱི་ཕྱི་མ་ལས། དངོས་གྲུབ་ཀྱི་ལེའུ་སྟེ་བདུན་པའོ།། །།རྒྱུད་ཀྱི་ཕྱི་མ་རྫོགས་སོ།། །།རྡོ་རྗེ་གདན་དུ་སྦས་པའི་ཕྱི་མ་འདི། །རྡོ་རྗེ་གདན་གྱི་འོག་ནས་བརྐོས། །སྙིང་པོར་ཕྱུང་བའི་མན་ངག་ཕྱི་མ་འདི། །བསྟན་པ་བསྲུང་བའི་རྒྱུད་རྣམས་མང་པོ་ཞིག །སྟོན་པའི་ཞལ་ནས་མང་པོ་ཀུན་གསུངས་ཀྱང་། །བཅུད་ཕྱུང་བ་ཡི་གསང་བ་ཕྱི་མ་འདི། །འགལ་བ་ཆོམས་ལ་འབེབས་པའི་མན་ངག་དམ་པ་ཡིན། །རྩ་བའི་རྒྱུད་ཉིད་གསལ་བར་བྱེད་པ་སྟེ། །ལྡེ་མིག་ལྟ་བུའི་ཁ་བསྐང་རྒྱུད་མཆོག་གོ། །རྩ་བའི་རྒྱུད་ནི་མུན་པ་ལྟ་བུར་གནས། །ཕྱི་མ་འདི་ནི་མར་མེ་ལྟ་བུར་སྣང་། །མར་མེ་བསྒྱུར་བའི་བསོད་ནམས་དམ་པ་འདིས། །མུན་པ་སེལ་བའི་རྒྱུད་མཆོག་རྟོགས་པར་ཤོག །བདུད་འདུལ་ལྷ་ཡི་ཕྱི་རྒྱུད་འདི། །གཞན་ལ་ཡོད་པར་འགྱུར་རེ་སྐན། ། 

འཕགས་པ་ལྷ་མོ་ནག་མོའི་སྔགས་རྒྱུད།


DNG023_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱརྱ་དེ་བཱི་ཀཱ་ལཱི་མན་ཏྲ་ཏན་ཏྲ། བོད་སྐད་དུ། འཕགས་པ་ལྷ་མོ་ནག་མོའི་སྔགས་རྒྱུད། བཅོམ་ལྡན་འདས་ཡབ་མངོན་རྫོགས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ཡབ་མངོན་རྫོགས་ཀྱི་རྒྱལ་པོ་ཆོས་ཀྱི་སྐུའི་ངང་ལས་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་ནས། འགྲོ་བ་ཇི་ལྟར་འདུལ་བ་བཞིན་དུ་དགོངས་ནས། འབྱུང་བ་ལྔ་སྲིད་པའི་རྒྱུར་བཤིག་ནས། རི་རབ་རི་ཡི་རྩེ་མོ་གཡུང་དྲུང་ལྷའི་གནས་སུ། ཡུམ་ཆེན་མུ་ཁ་ལེ་དང་གཉིས་སུ་མེད་པའི་མཁའ་དབྱིངས་ལས། ཐིག་ལེ་ཆོས་ཀྱི་སྐུའི་ངང་ལས་ལོངས་སྤྱོད་རྫོགས་པའི་སྐུ་སྣང་སྲིད་ཀྱི་བདག་མོ་སྣོད་བཅུད་ལ་དབང་སྒྱུར་བའི་འབྱུང་བའི་རྒྱལ་མོ་དྲུག་དང་། ཡེ་ཤེས་ཚོགས་ཀྱི་རྗེ་མོ་བཅུ་བཞི་དང་། སྤྲུལ་པའི་སྐུ་དམན་མོ་ལྔ་བཅུ་རྩ་དྲུག་དང་། འདོད་པ་ཁམས་ཀྱི་གནོད་སྦྱིན་མང་


DNG023_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ཚོགས་རྣམས་འདི་ལྟ་སྟེ། རྒྱ་མཚོའི་ངོས་ན་གནས་པའི་དམོད་པའི་མཚོན་ཆ་ཅན་དང་། མ་བདུན་སྲིང་བཞི་དམོད་པའི་མཚོན་ཆ་ཅན་དང་། སྲིད་པའི་ཁྲོ་མོ་དམོད་པའི་མཚོན་ཆ་ཅན་དང་། མ་བདུན་དཔོན་གཡོག་དམོད་པའི་མཚོན་ཆ་ཅན་དང་། གནོད་སྦྱིན་སྤུན་གསུམ་དམོད་པའི་མཚོན་ཆ་ཅན་དང་། རེ་མ་ཏི་སྤུན་བཞི་དམོད་པའི་མཚོན་ཆ་ཅན་དང་། དུས་ཀྱི་ཞགས་པ་མ་དང་། རབ་ཏུ་འཕྱང་མ་མོ་དང་། དུས་ཀྱི་མཚམས་སྦྱོར་མ་དང་། གཤིན་རྗེའི་ཞགས་ཐོགས་མ་དང་། དཔལ་ལྡན་དམར་སེར་མ་དང་། དཔལ་ལྡན་དུང་མགྲིན་མ་དང་། སྤྲེའུ་ལྟར་དམར་སེར་མ་དང་། རྣམ་པར་འཕྱང་བ་མོ་དང་། ཚོགས་ཀྱི་ཕྱག་ཚང་མ་དང་། རྣ་ཉན་ཕྲ་མ་མོ་དང་། གཏུམ་མོ་ཙ་མུན་ཏི་དང་། དེ་དག་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་སྟེ། དམོད་པའི་མཚོན་ཆ་ཐོགས་པས། སེམས་ཅན་གྱི་ཤ་ཁྲག་དང་སྲོག་དབུགས་ལ་དབང་བྱེད་པ། དུས་མ་ཡིན་པའི་ཆོ་འཕྲུལ་དང་། བསྐལ་པ་མ་ཡིན་པའི་བསྐལ་པ་དང་། རིམས་ནད་ལ་སོགས་པ་མི་མཐུན་པའི་ནད་གཏོང་བ། བཀའ་ནན་ཆེ་བ། ཟློག་པར་དཀའ་བ་ལག་པའི་བརྡའ་གཏོང་བ་དང་། འཇིགས་པའི་སྤྱུགས་གླུ་ལེན་པ། བརྡ་མི་འཕྲོད་པ་དེ་དག་དང་ཐབས་ཅིག་ཏུ་བཞུགས་ཏེ། དེའི་ཚེ་དེ་དག་གི་ནང་ནས། འདོད་པའི་ཁམས་ཀྱི་ལྷ་མོ་ནག་མོས། བཅོམ་ལྡན་འདས་ཡབ་མངོན་རྫོགས་ཀྱི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་བ་བཏབ་པོ། །ཧེ་ཧེ་དཔའ་བོ་བཀའ་སྩལ་མཛོད། །ཡེ་ཤེས་མ་མོའི་ཚོགས་རྣམས་དང་། །བདག་ཅག་གི་ཡང་འཁོར་ཚོགས་རྣམས། །འཚལ་བའི་སྐལ་བ་གང་ལ་བགྱི། །ལས་སུ་བགྱི་བ་བཀའ་སྩལ་མཛོད། །དཔའ་བོ་ཆེན་པོས་བཀའ་སྩོལ་ཉན། །མངོན་རྫོགས་རྒྱལ་པོས་བཀའ་སྩལ་པ། །ཉོན་ཅིག་དམན་མོའི་འཁོར་ཚོགས་རྣམས། །ཁྱེད་ཀྱི་ཟས་དང་ལས་དག་ནི། །སངས་རྒྱས་བསྟན་ལ་གནོད་པ་དང་། །ནག་པོའི་ཕྱོགས་སུ་གཏོགས་པ་དག །དམན་མོ་ཁྱོད་ཀྱི་ཟས་སྐལ་གྱིས། །སངས་རྒྱས་


DNG023_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ལ་གནས་པ་ཡི། །རྣམ་བཞིའི་འཁོར་རྣམས་བསྲུང་བར་བྱས། །ཉོན་ཅིག་དཔལ་ལྡན་ལྷ་མོ་ཆེ། །ས་བརྒྱད་ནོན་པའི་སེམས་མ་ཁྱོད། །རྟག་ཏུ་དཀར་པོའི་ཕྱོགས་རྣམས་ལ། །བསྲུང་དང་ཞི་བ་རྒྱས་པ་གྱིས། །ཞེས་གསུངས་སོ། །ནག་མོ་སྔགས་ཀྱི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་ལྷ་མོ་ནག་མོ་ཡི། །སྒྲུབ་པ་ཇི་ལྟར་བཤད་བྱ་བ། །རི་ཟླུམ་དག་གམ་ཆུ་བོའི་འགྲམ། །བྲག་དམར་ཆོལ་ཟངས་འདྲ་བ་འམ། ། ཁམ་ཀྱང་ཁང་རུལ་དབེན་པར་སོང་ནས་སུ། །རྫས་དང་ཡོ་བྱད་ཚང་བར་བསག །བདག་དབང་བར་ཆད་མེད་པར་བྱ། །གདེང་དང་ལྡན་པའི་རྣལ་འབྱོར་པས། །དཀྱིལ་འཁོར་གྲུ་གསུམ་མཐིང་ནག་བྱ། །ཁྲག་ལས་བྱས་པའི་ཟླ་གམ་གསུམ། །སྒོ་དང་སྒོ་ཁྱུད་དེ་བཞིན་བྱ། །སྤོས་ཆེན་མེ་མར་ཆེན་པོ་གཏོང་། །སྤྱི་བླུགས་ཞྭ་གོན་ཕྲེང་ཆེན་བགྲང་། །བྷནྡྷའི་ཆ་ལང་རྐང་གི་དུང་། །ཐོད་པ་ལྟག་སྤྲོད་རྔ་ཆེན་དང་། །ཤུན་གྱི་རྒྱལ་མཚན་དེ་བཞིན་བྱ། །གནོད་སྦྱིན་དཔོན་གཡོག་གང་བསྒྲུབས་ཀྱང་། །གཞུང་དང་མཐུན་པར་བྱས་ནས་ནི། །བོད་དང་རྦད་དང་གསང་སྔགས་བཟླས། །ཏྲག་རཀྴ་མུ་ཏྲ་ཡ། སྙིང་ཁ་རག་མོ་བྷྱོ་བྷྱོ། ཏྲཀ་རཀྴ་ཁ་མུན་ཏྲ་རུ་ལུ་རུ་ལུ་ཧཱུཾ་བྷྱོ། རག་མོ་ཏེ་ཀུམ་ཛ་ཛ་ཁ་ལ་བྷྱོ། རུ་ལུ་རུ་ལུ་མ་ཧྀཾ་བྷྱོ། ཏྲག་རཀྴ་ཁ་མུན་ཏྲ་རག་མོ་ཛ་ཛ། ཧེ་ཁུཾ་ཁ་ལ་མ་ཁི་བྷྱོ། ཏྲག་རཀྴ་ཁ་མུན་ཏྲ་སྙིང་ཁ་རག་རྦད་ཐུམ་རི་ལི་ལི་བྷྱོ། བརྣག་པ་སྔགས་ཀྱི་ལེའུ་སྟེ་གཉིས་པའོ།། །།ཁར་ནག་བདག་གིས་བཤད་བྱ་བ། །དཀར་པོ་ནག་པོ་སྔོན་པོ་དང་། །དམར་པོ་སེར་པོ་དེ་བཞིན་ཏེ། །དེ་དག་སྔགས་སུ་གསུངས་པའོ། །ཨོཾ་བཛྲ་པི་ཀི་ཡང་རི་ཧཱུཾ། མ་ཧཱ་པ་ར་ག་ཡ་ཧཱུཾ། མ་ཧཱ་ས་ཤི་སི་ཤི་བླ་ཤིས་ཟང་ཧཱུཾ། ལོ་ཤི་ཁ་ལ་རག་ན་རྦད་ན་ཧཱུཾ། དུ་ནས་ར་ཐིབ་ན་གྲོ་བོ་ཧཱུཾ། ཁར་ནག་སྔགས་ཀྱི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ལྕགས་ཀྱུའི་ཕྱག་རྒྱ་བཅས་ནས་ནི། །སྤྱན་དྲང་མཆོད་ཅིང་བཞུགས་སུ་གསོལ། །ནག་མོ་


DNG023_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

དུན་ཏིང་མ་ལས་ལ་བྷྱོ། མ་མོ་ནག་མོ་ཐུན་བྷྱོ། ཨོཾ་ཨཱ་ཧཱུཾ་ས་མ་ཡ། ཨེ་ཧྱེ་ཧི་ཛ། ཨཱ་རལླི་ཧཱུཾ་ཧྲིཾ་ཧྲིཾ་མ་མ་བྷྱོ་བྷྱོ་རུ་ལུ་རུ་ལུ་རག་མོ་བྷྱོ། ཙིཏྟ་དམར་མོ་ལ་དུན་བྷྱོ། མ་ཧཱ་ཀཱ་ལཱི་བྷྱོ་རུ་ལུ་རུ་ལུ། ནག་མོ་སྔགས་ཀྱི་རྒྱུད་ལས། སྤྱན་དྲང་ཞིང་མཆོད་པ་སྔགས་ཀྱི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ཤིན་ཏུ་དྲག་པོའི་སྣོད་ནང་དུ། །ཙིཏྟ་དང་ནི་རཀྟ་དང་། །བཙན་དུག་རྣམས་ནི་བླུག་པར་བྱ། །གདུག་པའི་དམོད་མོ་འདིས་དམོས་ཏེ། །ལྷ་ལ་སོགས་པ་དེ་བཞིན་ན། །དེ་བཞིན་མི་ལ་སོགས་ཅི་སྨོས། །ཐང་མུ་ལེ་ཐང་མུ་ལེ། རྩ་ཐང་རྩ་ཐང་། རྦད་རྦད། མུཾ་སྣི་མུཾ་སྣི། ནན་ནན། རག་མོ་ནི་རག་མོ་ནི། ཁ་ལོ་རྦད། དུག་སྣི་དུག་སྣི་ཁ་ལོ་རྦད། ཀྱི་ཁ་ལོ་རྦད། མུ་ཁ་ལོ་རྦད། རྩ་སྡི་རྩི་སྡི་རྦད། ནིར་སྡི་ནིར་སྡི། མུགས་མུགས། ཐུབ་ཐུབ། སུབས་སུབས་སྡི་རྦད། སེ་ཁ་ལོ་རྦད། མུ་ཁ་ལོ་རྦད། ཐོད་པ་ཆུ་མིག་དེ་བཞིན་དུ། །ཀླུ་དང་མ་མོ་དཀྲུགས་པའི་སྔགས། །དེ་ལྟར་བཟླས་ན་དེ་བཞིན་འགྱུར། །འུར་ཀཾ་ཀ་མེ། ཤ་རག་ཁ་ཁ་ཧ་ཧ་ཧྲ་ཧི་ཛ། མ་མོ་ལས་བྱེད་མ་བཏུབ་ན། །ཞིང་ཤུན་དག་ལ་གཟུགས་བྱས་ལ། །གཟུགས་དེ་བརྡུང་ཞིང་དཀྲུགས་སྔགས་བཟླས། །ཛ་ཛ་ཨེ་ཧྱེ་ཧི་ས་མ་ཡ་སྙིང་ཁ་རག །དེ་དག་དེ་བཞིན་བཟླས་བྱས་ཤིང་། །ཀཱི་ལ་ཡ་ཡང་བརྗོད་པར་བྱ། །དེ་ནས་ཐོད་པ་གང་ཡིན་པ། །ཁར་ནག་དག་གིས་དཀྲི་བར་བྱ། །དཀར་པོ་དག་ལ་སྔགས་འདི་བཟླས། །སྙིང་ལ་ཟ་བའི་ཙི་མ་ཙིཏྟ་ལ་ཡང་ཤ །རོ་ལ་ཁྲག་འཐུང་། ཀངྐ་ཀ་ཤ་ཟན། ཡཾ་ཏཾ་པ་ར་ལ་ཧོ། ཤ་ལ་ཀྱི་སྤྱང་། རོ་ལ་ཁྲག་འཐུང་། པ་ཙང་ཤིག་པ་ཙང་ཤིག །དེ་ནས་ཐོད་པའི་དངོས་པོ་དེ། །ཞག་ནི་དེ་བཞིན་བཅོ་ལྔ་སྦ། །དེ་ནས་བླངས་ཏེ་དེ་བཞིན་དུ། །ལྷ་ཁང་རོ་ཁང་ཡང་ན་ནི། །ལམ་སྲང་དག་ཏུ་གནན་པར་བྱ། །དེ་ནས་ཡང་དག་བཤད་བྱ་བ། །ཞལ་ནས་དམོས་པའི་ཐང་སྔགས་ལ། །དེ་དག་བཞི་རུ་དམོས་པ་སྟེ། །དང་པོ་བཅུ་ཡི་དྲུག་པ་དང་། །བདུན་པ་རྣམ་པར་ལྡན་པ་སྟེ། །འདོད་ཁམས་ལྷ་གནས་དག་ཏུ་དམོས། །དེ་ལ་ཐང་སྔགས་གཉིས་པ་ནི། །ཀླུ་ཡི་


DNG023_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སུ་དམོས་པ་སྟེ། །དེ་ལ་བཅུ་ཡི་དྲུག་དག་དང་། །དེ་བཞིན་བརྒྱད་ཀྱི་རྣམ་པས་མཛེས། །ཐང་སྔགས་གསུམ་པ་གང་ཡིན་པ། །མི་ཡི་གནས་སུ་དམོས་པ་སྟེ། །བཅུ་ཡི་རྣམ་པ་བདུན་དང་ཡང་། །དེ་བཞིན་བཞི་དང་ལྡན་པ་ཡིན། །དེ་ལ་ཐང་སྔགས་བཞི་པ་ནི། །ཤིན་ཏུ་གསང་བའི་དམོད་མོ་སྟེ། །དེ་དག་དགུ་དང་ལྡན་པ་སྟེ། །དང་པོ་དང་ནི་གཉིས་པ་ལ། །ཐོག་མར་རུ་དང་ཨེ་བཞག་ནས། །མཇུག་ཏུ་གཅད་པའི་སྔགས་དང་ལྡན། །དེ་བཞིན་གསུམ་པ་བཞི་པ་ལ། །དེ་ནི་ཕྱག་འཚལ་མེད་པ་ལ། །གསུམ་ལ་དུ་ཡང་དང་བཞག་བཞི་པར་དུ། །དེ་བཞིན་འོག་ཏུ་བཅད་སྔགས་ལྡན། །ལྔ་པ་དུ་སྟེ་དྲུག་ལ་ཀྱི། །དེ་ལྟར་བཅད་སྔགས་ལྡན་པ་སྟེ། །བདུན་བརྒྱད་དགུ་ལ་འདི་ལྟ་སྟེ། །ན་མ་རྩེ་གསུམ་མགོར་བཞག་ནས། །སྔོན་བཞིན་བཅད་པ་འོག་ཏུ་ལྡན། །རུ་རུ་རག་མོ་དགྲ་བོའི་སྙིང་མཱ་ར་ཡ། ཙ་ཐང་ཙ་ཐང་། ཐང་མུ་ལེ་ཐང་མུ་ལེ་སྲོག་ལ་རྦད། ཨེ་ར་རྩ་ར་ཨེ་ར་རྩ་ར། དུ་ནི་དུན་ཏིང་དུ་ལ་ཡ་བཛྲ། དུ་རུ་ཙ་ལ་ནི་ཧ་ན་བཛྲ། དུ་མ་ར་ཧ་ན་བཛྲ་བྷྱོ། ནཱ་ག་ར་ཙ། ཀྱི་མ་སྲོག་གི་མ་རྩ། མ་ར་ཏིག་མ་ར་ཏིག །ཙེ་ཙེ། ན་མ་ར་ཏིག །ཙེ་ཙེ། ན་མ་ར་ཏིག །དེ་དག་སྔོན་བཞིན་ཐང་སྔགས་ཏེ། །རྩིས་ཀྱི་ན་ཡ་འདི་རྣམས་བཞིན། །རུ་ལ་བཞི་ཡི་རྣམ་པ་སྟེ། །ཨེ་ལ་བརྒྱད་དུ་ཤེས་པར་བྱ། །དུ་ལ་ཡང་ནི་བརྒྱད་དུ་སྟེ། །དེ་དག་དུ་ལ་བརྒྱད་དུ་གྲགས། །དུ་ལ་དྲུག་སྟེ་ན་ལ་བཞི། །ཀྱི་ཡི་རྣམ་པ་དྲུག་ཏུ་བརྩི། །མ་ནི་དྲུག་ཏུ་ཤེས་པར་བྱ། །རྩེ་ནི་བཅུ་གཉིས་དག་ཏུ་བརྩི། །དེ་དག་ཡན་ལག་བརྩི་བ་ནི། །དང་པོ་ལ་ནི་ཨུ་ཨུ་དང་། །ཨོ་ཡི་རྣམ་པས་མཚན་པ་ཡིན། །ཨ་གཉིས་ཨེ་དང་ལྡན་པ་ནི། །གཉིས་པ་དག་ཏུ་ཤེས་པར་བྱ། །དེ་བཞིན་ཨུ་དང་ཨི་དང་ནི། །ཨུ་དང་ཨི་དང་ཨུ་རྣམས་དང་། །ལྔ་དང་ལྡན་ན་གསུམ་པའོ། །ཨུ་དང་ཨུ་སྟེ་ཨི་དང་ལྡན། །གསུམ་གྱིས་བརྒྱན་པ་བཞི་པ་ཡིན། །ཨུ་དང་ཨོ་དང་ལྡན་པ་དང་། །བ་ཡི་སྣ་ལ་ཧ་ཡིས་མཛེས། །ཧ་ལ་དེ་བཞིན་ཡ་འོག་ལྡན། །


DNG023_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་པ་དག་ཏུ་ཤེས་པར་བྱ། །ཀླུ་ཡི་སྒྲ་རུ་བརྗོད་པར་བྱ། །རྒྱན་ཆས་སྤངས་པ་དྲུག་པའོ། །ཨི་ལ་འོག་ཏུ་ཡ་དང་ལྡན། །དེ་བཞིན་ཨོ་དང་ཨ་འོག་ཨི་ཡང་། ར་ཡང་ཡིན་ནམ་ཡ། །དེ་དག་ལྡན་པ་བདུན་པ་ཡིན། །ཨི་ཨི་གཉིས་ཀྱིས་བརྒྱན་པ་ན། །བརྒྱད་པ་དག་ཏུ་བརྗོད་པ་ཡིན། །ཨེ་ཨེ་ཨི་དང་ཨེ་ཨེ་ཨི། །དྲུག་གིས་བརྒྱན་པ་དགུ་པའོ། །འདི་ལྟར་གྲངས་དང་རྒྱན་ཆ་དང་། །རྩིས་ཀྱི་ན་ཡ་མ་བརྩིས་ན། །ཆད་དང་ལྷག་དང་ནོར་པ་འབྱུང་། །དེ་དག་བྱུང་ན་དོན་མེད་འགྱུར། །དེ་ཡི་ཕྱིར་ན་བརྩི་བ་ཡིན། །གསལ་བར་མ་སྨྲས་གསང་ཕྱིར་གསང་། །དེ་ཡི་ཕྱིར་ན་ཐུན་མོང་མིན། །དེས་ན་རྒྱུད་འདིར་སྦས་པ་ཡིན། །ཐང་མུ་ལེ་ཐང་མུ་ལེ། རྩ་ཐང་རྩ་ཐང་། རྦད་རྦད། མུཾ་སྣི་མུཾ་སྣི། ནན་ནན། རག་མོ་ནི་རག་མོ་ནི། ཁ་ལ་རྦད། དུག་སྣི་དུག་སྣི་ཁ་ལོ་རྦད། ཀྱི་ཁ་ལ་རྦད། མུ་ཁ་ལ་རྦད། ཙསྡི་ཙསྡི་རྦད། ནིར་སྡི་ནིར་སྡི་རྦད། མུགས་མུགས། ཐུབ་ཐུབ་སུབ་སུབ་སྡི་རྦད། སེ་ཁ་ལོ་རྦད། མུ་ཁ་ལོ་རྦད་རྦད། རྩིས་ཀྱི་ན་ཡ་བརྩི་བ་ནི། །འདི་ལྟར་ཡང་དག་བཤད་བྱ་བ། །མ་ལ་བཞི་ཡི་རྣམ་པ་ལ། །ཨུ་ཨེ་བཞི་ཡི་རྒྱན་གྱིས་མཛེས། །དེ་བཞིན་མ་ས་བཞི་ལ་ཡང་། །ས་ཡི་འོག་ཏུ་ན་ཡི་མཛེས། །ཨུ་ཨི་བཞི་ཡིས་རྣམ་པར་བརྒྱན། །མ་ན་བཞི་ཡི་དངོས་པོ་ལ། །ཨོ་ཨི་བཞི་ཡི་རྒྱན་དང་ལྡན། །དང་པོ་ཐང་སྔགས་དག་ལ་ནི། །རིམ་བཞིན་ལ་སྟེ་ཨོ་དང་ལྡན། །འདོད་ཁམས་ལྷ་གནས་དག་ཏུ་དམོས། །དེ་ལ་ཐང་སྔགས་གཉིས་པ་ནི། །ལ་སྟེ་ཨོ་ཡི་རྣམ་པ་སྤངས། །ཀླུ་ཡི་ཡུལ་དུ་ཨོ་ཉིད་སྤང་། །ད་ས་བཞི་ལ་ཨུ་ཨི་བཞི། །ས་གཉིས་ན་ཡིས་འོག་ཏུ་ལེགས། །ལ་སྟེ་ཨོ་ཡི་རྣམ་པས་བརྒྱན། །འདོད་ཁམས་ལྷ་གནས་དག་ཏུ་དམོས། །ཀ་ཡི་སྣ་ལ་ལ་ཡིས་མཛེས། །དེ་ལྟ་བུ་ཡིས་ཀླད་དུ་མཛེས། །ལ་སྟེ་ཨོ་ཡིས་བརྒྱན་པ་ནི། །ལྷ་ཡིས་ཡུལ་དུ་དམོས་པའོ། །ལ་སྟེ་ཨོ་སྤང་ཀླུ་ཡུལ་ཡིན། །མ་ལ་ཨུ་ཨོ་ལྡན་པ་ལ། །ས་གཉིས་ཨི་དང་རྣམ་པར་ལྡན། །ས་ཡི་འོག་ཏུ་ཏ་ཡིས་བརྒྱན། །ན་གཉིས་ས་གཉིས་ཨི་བཞིས་བརྒྱན། །ས་འོག་ཏ་ཡི་རྒྱན་གྱིས་མཛེས། །


DNG023_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་མ་གཉིས་ཨུ་ཡིས་མཛེས། །ཐ་གཉིས་ཨུ་ཨུས་བརྒྱན་པ་ལ། །ས་ས་གཉིས་ལ་ཨུ་ཡིས་མཛེས། །ཨི་ཡི་ས་ལ་ཏ་དང་ལྡན། །དེ་བཞིན་ས་ང་ལ་གཉིས་ལ། །ཨེ་ཨོས་ཀླད་དུ་རྣམ་བརྒྱན་མཚན། །མ་ལ་ཨུ་ཨོ་ཡང་དག་ལྡན། །མཇུག་ཏུ་བཅད་པའི་རྦད་སྔགས་མཛེས། །ལྷ་ཡི་ཡུལ་དུ་རྦད་ཅིག་སྤངས། །ཀླུ་ཡི་ཡུལ་དུ་ཨོ་ཉིད་སྤངས། །འདི་ལྟར་བརྩི་བའི་ཡི་གེ་ནི། །ཐོག་མ་རྒྱན་ཆ་ལྡན་པ་སྟེ། །རྒྱན་གྱིས་བརྒྱན་པ་གསལ་བར་བཤད། །གྲོགས་ཀྱི་ཡི་གེ་མང་པོ་ནི། །དེ་དག་གསལ་བར་མ་བཤད་དེ། །གྲངས་ཀྱི་རྣམ་པ་རྩིས་སུ་ཤེས། །དེ་ལ་དང་པོ་ཐང་སྔགས་ལ། །བཅུ་དྲུག་དག་ལ་དྲུག་ཅུ་སྟེ། །བདུན་དང་ལྡན་པས་རོ་བདུན་ཡིན། །ཐང་སྔགས་གཉིས་པ་སྔོན་བཞིན་དུ། །བརྒྱད་དང་ལྡན་པས་དེ་བཞིན་དུའོ། །ཐང་མུ་ལེ་ཐང་མུ་ལེ། རྦད་རྦད། མུཾ་སྣི་མུཾ་སྣི་ནན། རག་མོ་ནི་རག་མོ་ཁ་ལོ་རྦད་རྦད། དུག་སྣི་དུག་སྣི། ཁ་ལོ་རྦད་རྦད། ཀྱི་ཁ་ལོ་ཀྱི་ཁ་ལོ་རྦད་རྦད། ཙ་སྡི་ཙ་སྡི་རྦད་རྦད། ནི་སྡི་ནི་སྡི། སྙིང་ལ་མུགས་མུགས། ཐུབ་ཐུབ་སུབས་ཏི་རྦད། ཁ་འདར་ཡེད་ཡེད་ཐུམས་ཐུམས་རྦད་རྦད། སེ་ཁ་ལོ་མུ་ཁ་ལོ་རྦད་རྦད། མི་ཡུལ་གླིང་བཞིའི་དམོད་མོ་འདི། །བཅུ་བདུན་ལ་ནི་བདུན་ཅུ་སྟེ། །བཞི་དང་ལྡན་པ་རྩ་བཞི་ཡིན། །རྩིས་ཀྱི་ན་ཡ་བཤད་བྱ་བ། །མ་ལ་བཞི་སྟེ་ཨུ་ཨཾ་བརྒྱན། །མ་ལ་ཀླད་དུ་ཐིག་ལེས་བརྒྱན། །འོག་ཏུ་ཨུ་ཡི་རྣམ་པས་མཛེས། །ས་ཡི་འོག་ཏུ་ན་ཡིས་མཛེས། །ཀླད་དུ་ཨི་ཡིས་རྣམ་པར་བརྒྱན། །མ་ཡི་ཀླད་དུ་སྔོན་བཞིན་ལ། །ས་ཡི་རྒྱན་ཡང་དེ་བཞིན་དུ། །མ་ན་མ་སྟེ་ཨོ་ཨི་ཨོ། །ལ་སྟེ་ཀླད་དུ་ཨོ་ཡིས་མཚན། །ད་སྟེ་ཨུ་དང་ལྡན་པ་ལ། །ས་ཡི་འོག་ཏུ་ན་ཡིས་མཛེས། །ཀླད་དུ་ཨི་ཡིས་ཡང་དག་བརྒྱན། །དེ་བཞིན་ད་ནི་ཨུ་དང་ལྡན། །ས་འོག་ན་ཡིས་མཛེས་པ་ལ། །ཀླད་དུ་ཨི་ཡིས་མཚན་མ་ཡིན། །ལ་སྟེ་ཨོ་ཡིས་ཀླད་དུ་མཛེས། །ཀ་ཡི་འོག་ཏུ་ཡ་ཡིས་མཛེས། །ཀླད་དུ་ཨི་ཡིས་ཡང་དག་བརྒྱན། །ལ་སྟེ་


DNG023_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

ཨོ་ཡིས་བརྒྱན་བྱས་ལ། །ཀ་ལ་སྔོན་བཞིན་ཡ་ཡིས་མཛེས། །ཀླད་དུ་ཨི་དང་ལྡན་བྱས་ལ། །ལ་སྟེ་ཀླད་དུ་ཨོ་དང་ལྡན། །ས་ཡིས་སྣ་ལ་ཏ་ཡིས་མཛེས། །ཀླད་ལ་ཨི་ཡི་མཛེས་པས་བརྒྱན། །དེ་བཞིན་ས་ཡང་ཏ་མཛེས་ཏེ། །ཨི་ཡིས་མཚན་པ་ཡང་དེ་བཞིན་ཏེ། །ན་སྟེ་ཀླད་དུ་ཨི་ཡིས་མཚན། །ས་ཡི་འོག་ཏུ་ཏ་ཡིས་མཛེས། །ཀླད་དུ་ཨི་ཡིས་ཡང་དག་བཤད། །ན་ཡང་ཀླད་དུ་སྔོན་བཞིན་ལ། །ས་ཡང་ཏས་མཛེས་དེ་བཞིན་ནོ། །ས་འོག་ཉ་མཛེས་ཀླད་དུ་ཨི། །མ་གཉིས་ཨུ་ཡིས་རྣམ་པར་བརྒྱན། །ཐ་གཉིས་ཨུ་ཡིས་འོག་ཏུ་ལེགས། །ས་ལ་ཨུ་ཡིས་བརྒྱན་པ་སྟེ། །ཏ་ལ་ཨི་ཡིས་ཡང་དག་བརྒྱན། །ཡ་གཉིས་ཨེ་དང་ལྡན་པ་ལ། །ཐ་གཉིས་ཨུ་ཨུས་འོག་ཏུ་ལེགས། །ས་ཡང་ཨེ་ཡིས་ཀླད་དུ་མཛེས། །ལ་ནི་ཨོ་དང་ལྡན་པ་ལ། །མ་ལ་ཨུ་ཡིས་འོག་ཏུ་བརྒྱན། །ལ་ནི་ཨོ་དང་ལྡན་པ་ལ། །ཐ་མར་རྦད་གཉིས་སྦྱར་བར་བྱ། །འདི་ལྟར་ཡི་གེ་བརྩི་བ་ནི། །རྒྱན་གྱིས་བརྒྱན་པ་བརྩི་བ་སྟེ། །གྲོགས་བྱེད་ཡི་གེ་འདིར་མ་བཤད། །རྩིས་སུ་སྔོན་དུ་དེ་བཞིན་བརྩིས། །རྒྱན་དང་ལྡན་པའི་ཡི་གེ་ནི། །སྐྱེས་བུ་མཚོན་ཆ་ཅན་དང་འདྲ། །  གྲོགས་བྱེད་ཡི་གེ་དམག་མི་འདྲ། །ཡན་ལག་བརྒྱན་པ་མཚོན་ཆ་འདྲ། །དེ་ཕྱིར་ཡན་ལག་བརྩི་བ་གཅེས། །ལྷ་མོའི་སྔགས་ཀྱི་རྒྱུད་ལས། ཐང་སྔགས་དམོད་པའི་ན་ཡ་རྩིས་ཀྱི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །སྔགས་ཀྱི་སྙིང་པོ་འདི་ལྟ་སྟེ། །ཐོག་མ་ཉིད་ལ་ཏྲག་རག་ཤ །དེ་བཞིན་ཁ་མུན་ཏྲ་ཞེས་བརྗོད། །མུ་རུ་ལུ་ཧཱུཾ་བྷྱོ་བརྗོད་པ། །ལྷ་མོ་ཉིན་མོ་རྒྱུ་བའི་སྔགས། །རག་མོ་ཏེ་ཀེམ་ཙ་ཙ་ཞེས། །ཐ་མར་ཁ་ལ་བྷྱོ་བརྗོད་པ། །མཚན་མོ་རྒྱུ་བའི་སྔགས་སུ་ཤེས། །རུ་ལུ་རུ་ལུ་མ་ཧྲི་བྷྱོ། །ལྷ་མོ་རྟག་ཏུ་རྒྱུ་བའི་སྔགས། །ཐུཾ་ལིང་ཐུཾ་ལིང་ཙ་འདུ་འདུ་ཞེས། །དེ་ནས་སྲོག་ཕྲིག་གཉིས་བརྗོད་ནས། །ཐ་མར་ཤཾ་ཤཾ་ཁྱེར་བྷྱོ་ཞེས། །ཐ་མར་འདུ་འདུ་བརྗོད་པ་ནི། །ཨེ་ཀ་ཙ་ཏིའི་སྔགས་སུའོ། །ཐོག་མར་མ་མ་བརྗོད་ནས་ཀྱང་། །ཐ་མར་ཨ་ཤ་ཛྭ་ལ་བརྗོད། །དེ་ནས་


DNG023_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡི་མཇུག་ཏུ་ཧྲཱྀཿ། །སྐུ་ཡི་སྙིང་པོ་བརྗོད་པ་ཡིན། །མ་ནི་སྲོག་ཅེས་བརྗོད་ནས་ཀྱང་། །ཐ་མར་ཛྭ་དང་དེ་ནས་ལ། །དེ་ནས་དེ་ཡི་མཇུག་ཏུ་ཧཱུཾ། །འདི་ནི་གསུང་གི་སྙིང་པོའོ། །ཐོག་མ་ལ་ནི་ཨོཾ་བཞག་ལ། །ཐ་མར་རུ་རུ་བག་ཤ་བརྗོད། །མཇུག་ཏུ་ཧཱུཾ་བརྗོད་ཐུགས་སུ་བསྟན། །ཐོག་མར་མ་ཧཱ་སྲོག་ཐུན་ཞེས། །ཐ་མར་སྙིང་ལ་བྷྱོ་ཞེས་བརྗོད། །ཕྲིན་ལས་སྙིང་པོར་བསྟན་པ་ཡིན། །ཨོཾ་དང་བཛྲ་དང་པོར་བཞག །སྙིང་ཁ་རག་ཅེས་ལན་གཉིས་བརྗོད། །ཐ་མར་བྷྱོ་ཞེས་བརྗོད་ནས་ཀྱང་། །མཇུག་ཏུ་རུ་ལུ་བྷྱོ་ཞེས་བརྗོད། །ཁམ་བུ་སྒྲུབ་པའི་ཐུན་སྔགས་ཡིན། །ཐོག་མ་ཉིད་ལ་ཏྲག་རག་ཤ །མུ་ཏྲ་མཱ་ར་ཡ་ཞེས་བརྗོད། །ཐ་མར་ཐུན་ཡ་སྦྱར་བ་ནི། །དབུས་ཀྱི་ཐུན་ལ་བཟླས་པའོ། །ཐོག་མར་ཁ་མུན་ཏྲ་ཞེས་བརྗོད། །རག་མོ་ཛ་ཛ་མཱ་ར་ཡ། །ཐ་མར་ཐུན་ཡ་བརྗོད་པ་ནི། །མདུན་དུ་བཟླས་པའི་སྔགས་སུ་ཤེས། །ཁ་ལ་མ་ཏི་བྷྱོ་བརྗོད་ནས། །ཐ་མར་རགྴ་མཱ་ར་ཡ། །མཇུག་ཏུ་ཐུན་ཡ་བརྗོད་པ་ནི། །གཡས་ཀྱི་ཕྱོགས་སུ་བརྗོད་པའོ། །ཐོག་མ་ལ་ནི་ཏྲག་རག་ཤ །མུ་ཏྲ་ལན་གཉིས་བརྗོད་ནས་ཀྱང་། །སྙིང་ཁ་རག་ཅེས་བརྗོད་ནས་ནི། །དེ་བཞིན་མཱ་ར་ཡ་ཞེས་བརྗོད། །ཐ་མར་ཐུན་ཡ་སྦྱར་བ་ནི། །གཡོན་གྱི་ཐུན་སྔགས་ཞེས་བྱའོ། །ཨཱོཾ་ཞེས་བྱ་བ་ཐོག་མར་བཞག །དེ་ནས་མ་མ་ཏྲག་རག་ཤ །མཱ་ར་ཡ་དང་ཐུན་ཡ་བརྗོད། །དབུས་ཀྱི་ཐུན་ལ་བཟླས་པའོ། །ཙ་པ་ལ་ཞེས་བརྗོད་ནས་ཀྱང་། །ཁ་ལ་མ་ཏི་མཱ་ར་ཡ། །མཇུག་ཏུ་ཐུན་ཡ་བརྗོད་པ་ནི། །ཟུར་གྱི་བཅུ་ལ་བཟླས་པའོ། །སྙིང་ལ་ཟ་བ་ཙིཏྟ་ལ་ཞེས་བརྗོད་ནས་ཀྱང་། །མཱ་ར་ཡ་དང་ཐུན་ཡ་བརྗོད། །ལྷ་མོའི་ཐུན་ལ་བཟླས་པ་ཡིན། །ཐོག་མར་རག་ཤ་མུ་ཏྲ་བྷྱོ། །མཱ་ར་ཡ་ཞེས་བརྗོད་ནས་ཀྱང་། །ཐ་མར་ཐུན་ཡ་བརྗོད་པ་ནི། །གཡོན་ཕྱོགས་སུ་ནི་བཟླས་པ་བྱ། །ཨཱོཾ་ནི་ཐོག་མ་ཉིད་དུ་སྟེ། །རུ་རུ་རོ་རུ་མཱ་ར་ཡ། །ཐ་མར་ཐུན་ཡ་བརྗོད་པ་ནི། །ཁྲི་སྨན་ཁམ་བུའི་སྔགས་སུའོ། །ཐོག་མར་རུ་རུ་རག་ཤ་ན། །ཐ་མར་མཱ་ར་ཡ་བརྗོད་ནས། །མཇུག་ལ་ཐུན་ཡ་བརྗོད་པ་ནི། །དབུས་ཀྱི་ཐུན་ལ་བཟླས་


DNG023_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །ཐོག་མ་ལ་ནི་རུ་རག་ཤ །དེ་ནས་ཏྲག་ཤ་མཱ་ར་ཡ། །མཇུག་ཏུ་ཐུན་ཡ་བརྗོད་པ་ནི། །ལྷོ་ཡི་ཕྱོགས་ལ་གཡས་སུ་བཟླས། །རུ་རུ་རོ་རུ་རུ་ལུ་བརྗོད་བྱས་ནས། །ཐ་མར་རག་ཤ་མཱ་ར་ཡ། །མཇུག་ལ་ཐུན་ཡ་སྦྱར་བ་ནི། །གཡོན་གྱི་ཕྱོགས་སུ་འཕང་བའི་སྔགས། །རུ་རུ་རོ་རུ་རུ་ལུ་ཞེས། །ཐ་མ་ལ་ནི་ཙཀྴ་སྦྱར། །མཱ་ར་ཡ་ཐུན་ཡ་བརྗོད་པ། །ཁྲི་སྨན་ཁམ་བུ་སྒྲུབ་པའོ། །ཐོག་མ་ཉིད་ལ་ཏྲག་རག་ཤ །ཐ་མར་སྙིང་ཁྲག་སྙིང་བྷྱོ་ཞེས། །ཐ་མར་ཐུན་ཡ་བརྗོད་པ་ནི། །དྲེའུ་སྣ་ཁམ་བུ་སྒྲུབ་པའི་སྔགས། །སྥོ་ཊ་སྥོ་ཊ་བྷྱོ་ཞེས་གཉིས་བརྗོད་ནས། །དེ་བཞིན་མཱ་ར་ཡ་ཞེས་བརྗོད། །ཐ་མ་ལ་ནི་ཐུན་ཡ་བརྗོད། །ཁམ་བུ་སྒྲུབ་པའི་དུས་སུ་བཟླས། །ཐོག་མ་ཉིད་ན་སྙིང་ཁ་རག །མཱ་ར་ནི་ཤ་མཱ་ར་ཡ། །མཇུག་ལ་ཐུན་ཡ་བརྗོད་པ་ནི། །ནུབ་ཟུར་ཁམ་བུ་བཅུ་ལ་བཟླས། །རུ་ལུ་རག་ཤ་ཐོག་མར་བརྗོད། །ཐ་མར་ཏི་ན་མཱ་ར་ཡ། །མཇུག་ལ་ཐུན་ཡ་བརྗོད་པ་ནི། །དབུས་ལ་བཟླས་པའི་སྔགས་སུའོ། །རག་མོ་ཙ་ཙ་ཞེས་བརྗོད་ནས། །མ་ར་མ་ར་ཤ་ཤ་མཱ་ར་ཡ། །མཇུག་ལ་ཐུན་ཡ་བརྗོད་པ་ནི། །གཡས་ཀྱི་ཕྱོགས་སུ་བཟླས་པའོ། །ཐོག་མར་སྙིང་ཁྲག་རྩ་ལ་ཡ། །ཐ་མར་མཱ་ར་ཡ་ཞེས་བྱའོ། །མཇུག་ཏུ་ཐུན་ཡ་བརྗོད་པ་ནི། །གཡོན་དུ་བཟླས་པའི་སྔགས་སུའོ། །སྔགས་ཚན་བཞི་ནི་བཅུ་ནུབ་ཕྱོགས་བཟླས། །ནག་མོ་སྔགས་རྒྱུད་ལས། ཐུན་སྔགས་དམོད་མོའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །རྦད་པའི་སྔགས་དང་སྒྲུབ་པ་དང་། །དེ་ཡི་གསང་བའི་རིམ་པ་འདིའོ། །རྦད་དུ་རྦད་དུ་ཡག་མོ་སོད་ཅིག་ནྲྀ་ཛ། ཐུཾ་དྲི་ལི་ལི་ནྲྀ་ཛ་ཐུཾ་རིལ། མྱུར་དུ་བསྒྲལ་བའི་སྙིང་པོའོ། །ཏྲག་རཀྴ་མུ་ཏྲ་སྙིང་ཁ་རག་མོ་བྷྱོ། གཏོར་བའི་ལས་སུ་ཤེས་པར་བྱ། །ཨོཾ་བཛྲ་ཀྲོ་ཏ་ནི་ཨེ་ཀ་ཙ་ཏཱི་ཧཱུཾ་ཧཱུཾ། རགྴ་རགྴ་ཧི་ཧི། མ་མ་ཧཱུཾ་ཛ། དམ་རྩ་ལ། མ་མ་བྷྱོ་བྷྱོ། རུ་ལུ་རུ་ལུ་རག་མོ་བྷྱོ། ཙི་ཙི་སྟ་ཏ་མ་སོ་ལ་དུན་བྷྱོ། ཤི་ལི་ཤི་ལི་ཀིང་ཀ་ལི་ཧཱུཾ། ཁ་རག་གི་ལི་ཧཱུཾ། ཤ་ཀ་ལི་ཧཱུཾ། པྲ་བི་གིང་ནན། ཡ་མ་འགྲི་ནི་ཡཾ། ལུཾ་བ་ཏི་ཡང་། བྱི་


DNG023_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

ལི་མ་ཏི་ཡཾ་ཡཾ། ཞེས་བྱ་བ་དེ་དག་ནི་དཀྲུགས་པའི་སྔགས་སུ་ཤེས་པར་བྱ། རག་མོ་ནི་ཤ་ཀུ་རུ་ཐུམ་རིལ་རྦད། རག་མོ་ཁ་ལ་ཙ་ཙ་དུན་བྷྱོ་བྷྱོ། རག་ཏ་ཐུཾ་རྦད། ཁ་ལ་ཙ་ཙ་བྷྱོ་བྷྱོ། ཙ་ཙི་རྦད་སྙིང་ལ་དུན་རག་མོ་ཁ་ལ་ཙ་ཙ་དུན་བྷྱོ་བྷྱོ་ས་མ་ཡ་དུན་བྷྱོ་བྷྱོ། འུ་འུར་ཀཾ་མེ་ཤཾ་ན་རཱ་བྱང་ཀྱང་ཀ་མེ་ནཾ་ཤ་བྷྱོ། ནག་མོ་སྔགས་རྒྱུད་ལས། རྦད་སྔགས་གསང་བའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །དཔོན་གཡོག་གསུམ་པའི་སྒྲུབ་པ་ནི། །ས་ཆོག་གཏོར་མ་སྨན་མཆོད་དང་། །ལས་ཀྱི་བྱ་བ་གཞུང་བཞིན་བྱ། །དཀྱིལ་འཁོར་ཚད་ནི་མཐོ་ལྔར་བྱ། །ཟུར་བཞིའི་འོག་ཏུ་གཟུགས་བརྙན་གཞུག །དེ་ལ་གནན་པའི་ཆོ་ག་བྱ། །མ་མོ་གཤིན་རྗེ་ཁྲོ་བཅུ་དང་། །དེ་རྣམས་སྔགས་ནི་ཐམས་ཅད་དང་། །དཔོན་གཡོག་གསུམ་པའི་སྔགས་དང་ནི། །ཨེ་ཀ་ཙ་ཏིའི་སྔགས་རྣམས་ཀྱིས། །ཕུར་པ་བཞི་ལ་སྔགས་ལ་གནན། །སྟེང་དུ་དཀྱིལ་འཁོར་ཟླུམ་པོར་བརྩིག །ཆག་གང་དཔངས་སུ་བྱས་ནས་ནི། །དེ་ཡི་ཕྱེད་དུ་ནག་པོ་བྱ། །ཕྱེད་ནི་མི་ཁྲག་རྟ་ཁྱིའི་ཁྲག །བསྲེས་ལ་ཡན་ཆད་བྱུག་པར་བྱ། །དེ་ནས་དཀྱིལ་འཁོར་བྲི་བ་ནི། །དབུས་ཟླུམ་ཟླ་གམ་གསུམ་བསྐོར་ལ། །ཤར་དང་ལྷོ་དང་བྱང་དག་ཏུ། །རེ་མ་ཁྲི་སྨན་དྲེའུ་སྣ་དགོད། །ཟླ་གམ་གསུམ་པོ་དག་ལ་ཡང་། །ཕག་ཐོད་ཁྲག་སྣས་བཀངྐ་ནང་དུ། །མཱ་ར་ཡ་ཡི་མིང་བྲིས་གནན། །ཕྱི་སྐོར་དཔོན་གཡོག་སྔགས་ཀྱང་བྲིས། །ཕྱི་རིམ་ཟླ་གམ་དྲུག་ལ་ནི། །དྲག་སྔགས་དྲུག་དང་སྒོ་ང་དྲུག །ཕུར་དྲུག་ཚུལ་བཞིན་དགོད་པར་བྱ། །དེ་ཡི་ཕྱི་རིམ་དག་ལ་ཡང་། །ཟླ་གམ་ཕྱིར་བལྟས་རྩ་གཅིག་ལ། །ཟླ་གམ་རེ་ལ་སྒོ་ང་དང་། །ཕུར་པ་སྙིང་སྣ་རྩ་གཅིག་དང་། །སྙིང་པོ་ཉི་ཤུ་རྩ་གཅིག་དགོད། །དེ་ལ་འདི་ནི་བྲི་བའི་སྔགས། །མ་མ་ཏྲག་རགྴ་མུ་ཏྲ་ཁ་མུ་ཏྲ། མུ་རུ་མུ་རུ་མུ་རུ་རུ་ལུ་བྷྱོ་ཧཱུཾ་བྷྱོ། ཏྲག་རཀ་ཤ་ཁ་མུ་ཏྲ། དུར་མ་མ་ཏི་རག་མོ་ཛ། མ་མ་དུར། དུམ་མོ་ན། སྙིང་ཁ་ལ་རགྴ་རྦད་གཏུབས། ཙིཏྟ་བཾ། གལ་


DNG023_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

ཐུཾ་མྱོས། སྙིང་ཁྲག་ཏོ་པྲ། རུ་རུ་སྲི་བ་ཐུཾ་ཧེ་པ་ཐུཾ། དུ་ཐུཾ་དུ་ཐུཾ། པྲ་རཾ་ཐུཾ། དུམ་ལོ་ན། ཞི་ནི་ཐུཾ། ཨི་ཨུ་ཨ་ས་མ་ཡ་ཐིབས་ཐིབས། ལིཾ་ཤར་ཡཾ་དེས་སོ། །ས་མ་ཡ་ཏི་སྟ་མ་མ་མ་རུ་ཐིབས་ཐིབས། ཐབས་པྲ་ཕུར་ཁ་ཤ་བཾ། ཡཾ་ཐུཾ་རི་ལི་ལི། ཐིག་ནིག་གཅིག་མེད། གཉིས་དྲག །བརྒྱད་གཅད་གནམ་མཐོངས་ཕྱེ། ལྕགས་སྒྲོག་ཁྲོལ། མི་རེངས་སོད། བཛྲ་ནེ་སོད། བཛྲ་ཏེ་ཕཊ། བཛྲ་ཛྭ་ལ་ཏེ་ཕཊ། བཛྲ་ཏེ་ཕཊ། བཛྲ་ཨི་ཧིང་ཨི་ཧིང་། ནཱ་ག་ལེ་ནཱ་ག་ལེ། སུཾ་བ་ལེ་སུཾ་བ་ལེ། ཙིན་ཡང་ཙིན་ཡང་། ལེན་ཡང་ལེན་ཡང་། ཁ་ཤ་བཾ། ཁ་ཤ་བཾ། མ་དུང་ང་བྷྱོ་མ་དུང་ང་བྷྱོ། སྒོང་ཟོར་དུག་སྣ་མང་པོ་ལ། །དེ་དག་སྔགས་ནི་བཟླས་པ་ཡིན། །མདུང་གསུམ་དར་སྣ་བཏགས་པ་གསུམ། །རེ་མ་ཏི་ཡི་མདུང་དམར་ལ། །དྲེའུ་སྣའི་མདུང་ནི་ནག་པོར་བྱ། །ཁྲི་སྨན་མདུང་ནི་སེར་པོ་ལ། །དར་གྱི་ཁ་དོག་དེ་བཞིན་བྱ། །དྲེའུ་སྣ་མ་ཡིས་སྣ་དྲངས་ལ། །རེ་མ་ཏི་ཡིས་དབུས་བྱས་ལ། །ཁྲི་སྨན་དག་གིས་མཇུག་བྱས་ལ། །ཐུན་ཁྲག་ལག་ཏུ་ཐོགས་ནས་ཀྱང་། །གཡས་སུ་མདུང་ཐོགས་ཕྱར་བ་བགོ། །མ་མོའི་བདུད་ཆས་ཞུགས་ནས་ཀྱང་། །སྒོ་ངའི་ཐུན་སྩོགས་འཕང་བར་བྱ། །ནག་མོ་སྔགས་རྒྱུད་ལས། སྒོང་ཐུན་དམོད་མོའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །སྐུ་གཅིག་མཎྜལ་འདོམ་གང་ལ། །གྲུ་བཞི་རྒྱས་པའི་རང་བཞིན་ལ། །ཟླུམ་པོ་ཞི་བའི་ཚུལ་དུ་སྟེ། །ཟླ་གམ་རྣམ་གསུམ་དབང་གི་ཚུལ། །མཐིང་ནག་གྲུ་གསུམ་དྲག་པོའོ། །མཐིང་ནག་གྲུ་གསུམ་དབུས་ལ་གང་དམིགས་གཞག །ལུག་ཁྲག་ར་ཁྲག་ཁྱི་ཁྲག་ཡང་མི་ཁྲག་ཕག་ཁྲག་གསུམ། །ཟླ་གམ་གསུམ་ལ་རིམ་པ་བཞིན་དུ་བསྐུ། །དུག་གཏོར་རྒྱུན་གྱི་གཏོར་མ་དང་། །རྟག་པར་བཞུགས་པའི་གཏོར་མ་ཡང་། །ཟླ་གམ་དག་ལའང་རིམ་བཞིན་ནོ། །གྲུ་གསུམ་མཐིང་ནག་ཟླ་གམ་དམར། །གྲུ་ཆད་ཟླ་གམ་ལྡན་པ་ལ། །གྲུ་བཞི་སེར་པོ་ལྕགས་དང་སྒོ། །ཟླ་གམ་གསུམ་ལ་ཕུར་པ་དགོད། །འདི་ནི་སྐུ་གཅིག་དཀྱིལ་འཁོར་ཡིན། །གཞན་ཡང་གྲུ་


DNG023_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་མཐིང་ནག་ལ། །ཟླུམ་པོ་གྲུ་གསུམ་ཨེ་དང་ལྡན། །ཟླ་གམ་གསུམ་ལྡན་དམར་པོ་ལ། །སྒྲུབ་གཏོར་དང་ནི་དུག་ཐུན་དང་། །རྒྱུན་གཏོར་རིམ་བཞིན་དགོད་པར་བྱ། །དབུས་སུ་གང་དམིགས་མཱ་ར་ཡ། །ཕྱི་རིམ་གྲུ་གསུམ་དག་ལ་འང་། །སེམས་ཀྱི་རྩ་ལག་ཤི་ཀའི་མཚལ། །མི་དབང་འབྲས་བུ་གཞག་པར་བྱ། །ཕྱི་རིམ་ཁ་ཁྱེར་མེ་རིས་མཛེས། །ཟུར་གསུམ་འོག་ཏུ་ཐོད་པ་གནན། །ལྷ་མོ་ནག་མོའི་སྔགས་རྒྱུད་ལས། སྐུ་ཡི་མཎྜལ་གསང་བའི་ལེའུ་སྟེ་དགུ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །རྩ་བའི་གསང་སྔགས་འདི་དག་གསུངས། །ཨོཾ་རུ་རུ་རོ་རུ་ཙ་པ་ལ་ཨ་ཤུག་མེ་མ་ཧཱུཾ་མ་བྷྱོ་ཛ་ཛཿ། དཔོན་གྱིའོ། །ཨོཾ་ཙ་པ་ལ་ཨ་ཤུག་མེ་སྭཱ་ཧཱ། དེ་ཉིད་དོ། །ཨོཾ་བཛྲ་ཁ་རག་སྙིང་ཁ་རག་ཏྲག་ཤ་ཙ་མུན་ཙག་ཤ །མ་ཉིད་ཀྱིའོ། །ཏྲག་རཀྴ་ཁ་མུ་མུནྟྲ་བྷྱོ་རུ་ལུ་རུ་ལུ་ཏྲག་རཀྴ་སྙིང་ཁྲག་སྙིང་བྷྱོ་སྤུ་ཏ་སྤུ་ཏ་བྷྱོ། ཤ་ཤ་ཏྲག་ཤ་ཤ་ཏྲག །ཏྲག་མོ་ཏྲ་བ་སྙིང་ཏྲ་བ་སྙིང་ཁྲག་དྲག །ཏྲག་མུ་ཏྲག་མ། སྙིང་ཁྲག་རྩ་དྲེང་དྲེང་། ཨོཾ་ཛྭ་ལ་ཛྭ་ལ་ཏིང་། ཨོཾ་བཛྲ་ཁ་རག་སྙིང་ཁ་རག་བཛྲ་ཀ་ལཾ་བྷྱོ་ཛ། ཏྲག་རཀྴ་ཁ་མུ་ཏྲ་བྷྱོ་མཱ་ར་ཡ་ཐུན་ཡ། ཏྲག་རཀྴ་སྙིང་ཁྲག་སྙིང་བྷྱོ་མཱ་ར་ཡ། ཐུན་ཡ། སྤུ་ཏ་སྤུ་ཏ་བྷྱོ་མཱ་ར་ཡ་ཐུན་ཡ། ས་མ་ཡ་ཏི་སྟ། མ་མ་རུ་རུ་ཐིབས་ཐིབས། ཐབ་པྲ་བུར་ཁ་ཤ་བཾ། ཡཾ་ཐུཾ་རི་ལི་ལི། ཐིག་ནིག །གཅིག་མེད། གཉིས་དྲག །བརྒྱད་གཅད། གནམ་མཐོངས་ཕྱེ་ལྕགས་སྒྲོག་ཁྲོལ། མི་རེངས་སོད། བཛྲ་ནེ་ཕཊ། རམ་བུ་སྐྱེ་ཚེ་ནས་ནག་དང་། །བྲ་བོ་ལ་སོགས་ཁྲག་བསྐུས་ལ། །སྒོ་ངར་བཅུག་ལ་བཟླས་པ་བྱ། །དེས་ནི་མཱ་ར་གདོན་མི་ཟ། །ནག་མོ་སྔགས་ཀྱི་རྒྱུད་ལས། རྩ་བ་སྔགས་ཀྱི་ལེའུ་དང་། ཐུན་སྔགས་གསང་བའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་ཐུན་དགོངས་བཤད་བྱ་བ། །བ་སུ་ཞིང་སྐྲ་སུམ་སྒྲིལ་དག །གར་སྤྱིན་ཁྲག་གི་རྣམ་པ་ཡིས། །ལྷ་མོ་ཉིད་ཀྱི་ཐུགས་ཀར་སྦྱར། །རྣལ་འབྱོར་སྲིན་ལག་དག་ལ་གདགས། །རྣལ་འབྱོར་ཙིཏྟ་ཁ་སྦྱར་བའི། །


DNG023_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

ག་པུར་རིན་ཆེན་གཞལ་ཡས་ཁང་། །ཉི་མའི་དཀྱིལ་འཁོར་བསམ་བྱས་ལ། །དེ་དཀྱིལ་སྨུག་ནག་མ་བསམས་ལ། །བཟླས་པའི་ཡིག་འབྲུ་ཕྱི་རིམ་བསམ། །གཟུངས་ཐག་སྲོག་རྩའི་རང་བཞིན་ནམ། །གསེར་ལྕེའུ་སུམ་སྒྲིལ་ཁོང་སྟོང་ནས། །ཡིག་འབྲུ་སྨུག་ནག་བསམ་བྱ་ཞིང་། །འཕྲོ་འདུ་མགལ་མེ་བསྐོར་བ་བཞིན། །དངོས་གྲུབ་སྩོལ་དང་མཆོད་འབུལ་དུ། །མ་དང་བུ་ཡི་ཚུལ་གྱིས་བྱ། །དེ་ནས་ཡང་དག་བཤད་བྱ་བ། །ཐོད་ཟོར་གསང་བའི་ལེའུ་དག་ལས། །མོན་ནམ་རབས་ཆད་ཐོད་པ་རུ། །ཁྲག་སྣ་དུག་སོགས་བླུགས་བྱས་ལ། །བོང་བུ་ཞོན་ནས་བདུད་ཆས་ཞུགས། །ཞིང་ཆེན་གཡབ་ཅིང་གསུར་ཆེན་བཏང་། །དུམ་བུ་གཉིས་བརྗོད་ཚལ་པ་གཉིས། །ཧ་ན་གཉིས་བརྗོད་ཐུན་སྔགས་བརྗོད། །འདབ་ཆགས་ནག་མོའི་ཟོར་དག་ལས། །མཐིང་ནག་དར་ལྕེའུ་ནང་དུ་ཡང་། །ཡུངས་ཀར་དག་ལ་ཐུན་སྔགས་བརྗོད། །འདབ་ཆགས་ནག་མོ་སོགས་པར་ཡང་། །སྐྱེ་རུ་གཟས་པའི་མིང་བྱང་གདགས། །ཙིཏྟའི་རྩེ་མོའི་ཕྲེང་བ་ཡང་། །དེ་ཡི་སྐྱེ་ལ་བསྐོན་བྱས་ལ། །གོ་ཟུ་ནག་པོ་གོན་པ་ཡིས། །བུད་མེད་དག་ལ་འདབ་ཆགས་བསྐུར། །གཏོར་མ་ནག་པོ་དག་ཀྱང་ནི། །བུད་མེད་དེ་ལ་དེ་བཞིན་བསྐུར། །ཆུ་བོ་ཆེན་པོའི་གཞུང་ལ་གཏོང་། །སྙིང་ཟོར་ནག་མོ་བཤད་བྱ་བ། །ཤེལ་ནག་སྙིང་གི་ནང་དག་ཏུ། །ཉུང་ནག་དག་ལ་ཐུན་སྔགས་བཟླས། །སྐྱུང་ཀའི་མདའ་ལ་གདགས་ཏེ་འཕང་། །དེ་ལྟར་ལས་རྣམས་བྱས་གྱུར་ན། །གང་ལ་བྱ་བ་མཱ་ར་ཡ། །དེ་ནས་གནོད་སྦྱིན་མ་ཚོགས་རྣམས། །དགའ་བའི་མདངས་ཀྱིས་པད་མ་སྟོན། །དཔའ་བོས་བཀའ་སྩལ་རྒྱུད་འདི་ལ། །ལེགས་པའི་རྣམ་གྲངས་མང་པོ་བརྗོད། །གཙོ་བོ་ཉིད་ཀྱི་ཐུགས་ཀ་རུ། །དེ་ཉིད་དུ་ནི་མི་སྣང་གྱུར། །དཔལ་ལྡན་ནག་མོའི་སྔགས་རྒྱུད་ལས། ཟོར་སྔགས་གསང་བའི་ལེའུ་དང་། རྗེས་སུ་ཡི་རང་བའི་ལེའུ་སྟེ་བཅུ་གཅིག་པའོ།། །།མངའ་བདག་རྒྱལ་པོ་ཆེན་པོའི་སྙན་དབལ་དུ། །བདག་གི་གདམས་པའི་བཀའ་མཆིད་


DNG023_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་གསོལ་ན། །མངའ་བདག་རྒྱལ་པོ་ཆེན་པོ་སྙན་གསོན་ཅིག །བང་སོ་བཟང་པོ་དེ་ལྟ་བགྱིས་པ་འདི། །དགུང་དུས་འཁྲུགས་པའི་དུས་སུ་ཕྱག་རྗེས་བཟང་། །གཙུག་ལག་ཁང་པ་ད་ལྟར་མཚོན་པ་འདི། །སྐུ་ཚེ་སླད་མའི་དོན་དུ་ཆེ་བ་ལེགས། །བཻ་རོ་ཙ་ན་དགེ་སློང་བདག་གིས་ཀྱང་། །ཕ་བོར་མ་བོར་སྤུན་བོར་གཉེན་བོར་ནས། །རྗེ་ཡི་ཞབས་ནས་བཏེགས་པ་ཇི་ཙམ་པ། །མངའ་བདག་རྒྱལ་པོའི་ཐུགས་ལ་མངའ་བར་བས། །མིག་ལྟར་གཅེས་པར་བྱེད་པའི་དུས་གསུམ་ཕ་མ་དང་། །གསོན་གཤིན་ལས་ཀྱིས་འདྲེལ་བའི་གཉེན་བཞི་དང་། །རྩེ་གཅིག་ལས་ཀྱིས་འདྲེལ་བའི་ཡུལ་མི་གཉེན་འདུན་དང་། །འཁོར་ཡུལ་དུང་པོས་འདྲེལ་བ་དེ་རྣམས་དང་། །སྐད་ཅིག་སུས་ཀྱང་འབྲལ་རྔོ་མི་ཐོགས་པ། །མངའ་བདག་རྒྱལ་པོ་ཐུགས་ཚོད་ཆེ། །འདི་ནས་རྒྱ་གར་ཡུལ་གྱི་བར་དག་ལ། །དེའུ་ཤ་དེའུ་ཆད་ལྔ་བཅུ་རྩ་བཞི་བྱས། །བོད་ཀྱི་རྒྱལ་ཁམས་སྨིན་པར་བྱ་བ་དང་། །བོད་ཀྱི་དགེ་སློང་གཉན་པར་བྱ་བའི་ཕྱིར། །མ་རིག་མུན་པ་སེལ་བའི་བསྙེན་བསྒྲུབ་འདི། །རིན་ཆེན་ཕུང་པོར་བསྒྱུར་བའི་བསྟན་ཆོས་དང་། །འགལ་བ་ཆམ་ལ་འབེབས་པའི་རྒྱུད་འདི་འོང་། །འགལ་བ་ཆམ་ལ་འབེབས་པའི་སྔགས་འདི་ནི། །བདག་ལ་འཇམ་དཔལ་སྟོན་པས་ལུང་བསྟན་ཏེ། །རྡོ་རྗེ་གདན་གྱི་འོག་ནས་བརྐོས་ནས་འོང་། །ཡང་དག་རུས་པ་སྙིང་རུས་བསྐྱེད་ནས་ནི། །གསེར་ནི་རྫོངས་པར་ནོར་གྱི་བླ་བྱས་ཏེ། །ཚེ་འདི་མ་འཕོས་སྲོག་སྐྱབས་གསེར་ལ་བགྱིས། །དེའུ་ཤི་དེའུ་ཆད་བྱས་ཏེ་སྤྱན་སྔར་མཆིས། །མངའ་བདག་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་དང་། །སྔོན་ཆད་མོལ་བའི་དོན་བཞིན་བདག་གིས་བགྱིས། །མཁས་པའི་དུག་སྔགས་བཅད་ནས་སེམས་ཕྱོགས་དང་། །རྡོ་རྗེ་གདན་དུ་སྦས་པའི་སྔགས་རྒྱུད་འདི། །དཀའ་བླ་བྱས་ཏེ་དགེ་སློང་བདག་གི་མཆིས། །འདི་ལྟར་དཀའ་བླ་སྤྱད་པ་གྲངས་མེད་ལ། །སྙིང་པོར་བྱུང་བ་ལྷ་མོ་སྔགས་རྒྱུད་འདི། །བསྟན་པ་སྲུང་བའི་དྲག་སྔགས་མང་བ་ཞིག །སྟོན་པའི་ཞལ་ནས་མང་པོ་ཀུན་


DNG023_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ཀྱང་། །བཅུད་དུ་བྱུང་བ་ལྷ་མོ་སྔགས་རྒྱུད་འདི། །ཉིད་དང་སྲས་དང་ཉིད་དང་འདྲ་བ་ལས། །གཞན་ལ་སྦྱིན་པ་མིན་གྱིས་གཟིགས་མཛོད་ལ། །བདུད་འདུལ་པེ་ཀར་གླིང་གི་མཛོད་དུ་སྦས། །གཞན་ལ་བྱིན་ན་རྒྱལ་པོ་དམ་ཚིག་ཉམས། །གཞན་ལ་ཡོད་པར་འགྱུར་རེ་སྐན།། །།དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་དང་། འཁོར་མང་པོ་ལ་སོགས་པ་རྣམས་ཀྱིས། ཚིག་མཐུན་པར་བཅོམ་ལྡན་འདས་མངོན་རྫོགས་ཀྱི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ། བཅོམ་ལྡན་འདས་མངོན་རྫོགས་ཡབ། །ནག་མོ་སྔགས་ཀྱི་རྒྱུད་འདི་ལ། །ངོ་མཚར་རྨད་འབྱུང་བསྟན་པ་རྣམས། །བདག་ཅག་ཐེ་ཚོམ་འཚལ་བ་མཆིས། །བཅོམ་ལྡན་གསུང་གི་ངོ་བོ་ཡིས། །ཞུ་བའི་དམིགས་རྣམས་བསྟན་དུ་གསོལ། །འཕགས་པ་ཞེས་ནི་ཇི་ལྟར་ལགས། །ནག་མོ་ཞེས་བགྱི་ཇི་ལྟར་ལགས། །རྒྱུད་ཅེས་བགྱི་བ་ཇི་ལྟར་ལགས། །ཆོས་ཉིད་ངང་ལས་བཞེངས་ནས་ནི། །ཞུ་བའི་དམིག་རྣམས་བསྟན་མཛོད་ལ། །དེ་ནས་བཅོམ་ལྡན་མངོན་རྫོགས་ཡབ། །གཞན་ལ་ཕན་པ་མཛད་པའི་ཕྱིར། །ཚངས་པའི་གསུང་ནི་བྱུང་ནས་སུ། །འདུས་པའི་འཁོར་རྣམས་ཞུ་བ་ཡི། །ཐེ་ཚོམ་མཆིས་པའི་དམིགས་རྣམས་ཀུན། །མ་ལུས་ཞུ་བ་རབ་ཏུ་ལེགས། །འཕགས་པ་ཞེས་ནི་བྱ་བ་ཡང་། །ཉོན་མོངས་མ་ལུས་ཀུན་ལས་འཕགས། །ཡེ་ཤེས་ཐམས་ཅད་རྫོགས་པར་བྱུང་། །ཀུན་གྱིས་དེ་ལ་སྙེག་ཏུ་མེད། །དེ་ཕྱིར་འཕགས་པ་ཞེས་བྱའོ། །ལྷ་མོ་ཞེས་ནི་བྱ་བ་ཡང་། །ལྷ་རྣམས་ཀུན་གྱི་འོད་ལས་ནི། །ལྷ་མོ་གཅིག་ཏུ་བྱིན་གྱིས་བརླབས། །ལྷ་མ་ཡིན་གྱི་གཡུལ་ངོ་བཟློག །དེ་ལ་ལྷ་མོ་ཞེས་ནི་བྱ། །ནག་མོ་ཞེས་ནི་བྱ་བ་ཡང་། །མདངས་ལས་སྤྲུལ་པའི་ལྷ་མོ་དེ། །ལོག་ལྟ་ཐམས་ཅད་གདུལ་བའི་ཕྱིར། །ཕྱོགས་གཅིག་དག་ལ་ཞེ་གནག་ལས། །དེ་ལ་ནག་མོ་ཞེས་བྱའོ། །སྔགས་ཞེས་བྱ་བ་བསྟན་པ་ཡང་། །དེ་ལ་སྔགས་ནི་རྣམ་པ་གཉིས། །བོད་


DNG023_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་བསྙེན་པའི་སྔགས་དང་ནི། །རྦད་ཅིང་གསད་པའི་སྔགས་དག་གོ། །སྔགས་ཞེས་ཀྱང་ནི་དེ་ལ་བྱའོ། །དེ་ལ་རྒྱུད་ཅེས་བྱ་བ་ཡང་། །དོན་རྣམས་ཚང་ཞིང་འདྲེལ་བ་དང་། །དགོས་པ་ཐམས་ཅད་བསྒྲུབ་པའི་ཕྱིར། །དེ་ཕྱིར་རྒྱུད་ཅེས་བྱ་བ་བཤད། །ནག་མོ་སྔགས་ཀྱི་རྒྱུད་ཕྱི་མ་ལས། རྒྱུད་ཀྱི་མཚན་དྲིས་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་ཡང་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས། ཡབ་མངོན་རྫོགས་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །འདི་ཡི་གནས་རྣམས་ཇི་ལྟ་བུ། །ཟུར་དུ་ཐོད་ཚལ་ཇི་ལྟར་མནན། །དམ་ཚིག་བསག་གཞག་ཇི་ལྟར་ལགས། །མ་མོ་མཆོད་དུས་ཇི་ལྟར་བྱ། །སྔགས་ཀྱི་བཟླས་བརྗོད་ཇི་ལྟར་ལགས། །མངོན་རྫོགས་རྒྱལ་པོས་བཀའ་སྩལ་པ། །དབང་རྣམས་རྫོགས་ཤིང་དད་པ་ཆེ། །ཐེ་ཚོམ་ཡིད་གཉིས་ཟད་པ་ཡིས། །ཐོག་མར་གནས་རྣམས་བཙལ་བ་ནི། །རི་ལུང་ལ་སོགས་གནས་རྣམས་ཀྱང་། །རྩ་བའི་རྒྱུད་ལས་གསུངས་པ་ཡིས། །བདག་དབང་གཞུང་མཐུན་གནས་ཀྱང་བཙལ། །དེ་ནས་གནས་ཆེན་དེ་ལྟ་བུར། །མ་མོ་རྣམས་ཀྱི་དཀྱིལ་འཁོར་ནི། །ཟླ་གམ་གསུམ་པ་ཚུལ་བཞིན་དུ། །རྩ་བའི་རྒྱུད་ལས་འབྱུང་བ་བྲི། །དེ་ནས་གནན་པ་སྦྱོར་བ་ཡང་། །གདུག་པ་ཅན་གྱི་མ་མོ་ཡི། །ཁ་རླངས་སྣ་རླངས་ལ་སོགས་པའི། །གདུག་པའི་གཟི་བྱིན་གདོན་པའི་ཕྱིར། །ཟུར་དུ་ཁུང་བུ་བྲུས་ནས་ནི། །ཐོད་ཚལ་དྲུག་གམ་བརྒྱད་དག་ལ། །ཐོད་པ་སྟེང་མ་རྣམས་ལ་དབུས་སུ་ཡ་བྲིས། དེ་ལ་ཡ་མ་རཱ་ཙའི་སྔགས་ཀྱིས་བསྐོར། །འོག་མ་རྣམས་ལ་དབུས་སུ་མ་བྲིས། དེ་ལ་མ་མོའི་སྔགས་ཀྱིས་བསྐོར། །བར་དུ་བསྒྲུབ་བྱའི་གཟུགས་དང་མིང་རུས་གཞུག །ཕུར་པའི་སྔགས་དང་མ་མོའི་སྔགས། །གཤིན་རྗེའི་སྔགས་ཁྲོ་བཅུའི་སྔགས་དང་། ཛ་ཏིའི་སྔགས་དང་། ཕུར་པ་རེ་རེ་ལ་བསྔགས་ལ་མནན། དེ་ལྟར་ལས་རྣམས་བྱས་གྱུར་ན། །དགྲ་རྣམས་ཀུན་ལ་གནོད་པར་འགྱུར། །ནག་མོའི་སྔགས་རྒྱུད་ཕྱི་མ་ལས། གནས་དང་དཀྱིལ་


DNG023_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ཐོད་ཚལ་གྱི་ལེའུ་སྟེ་གཉིས་པའོ།། །།དེ་ནས་དམ་རྫས་བསྟན་པ་ལ། །ཤ་ཆེན་དང་ནི་ཚིལ་ཆེན་དང་། །བོང་བུའི་རླིག་པ་ནལ་བུའི་ཤ །བུད་མེད་མངལ་ཁྲག་ཤི་ཀའི་ཁྲག །གཞན་ཡང་ཁྲག་སྣ་ཐམས་ཅད་དང་། །ལུག་ནག་སྤྱི་དཀར་བྱ་ནག་དང་། །འབྲང་རྒྱས་ཕྱེད་དཀར་ཕྱེད་ནག་དང་། །ཐལ་ཆེན་དང་ནི་མིང་རུས་རྒྱུད། །རེ་མ་ཏི་ཡི་རྫས་སུ་བསག །ལྷོ་ཡི་གླང་ནས་ཕྱུང་བ་ཡིས། །ར་སྐྱགས་ལ་སོགས་རྫས་རྣམས་ཀུན། །སྟར་ག་ལ་སོགས་རྫས་རྣམས་ཀྱང་། །དྲེའུ་སྣ་མ་ཡི་རྫས་སུ་བསག །མཆིན་མཁྲིས་ལ་སོགས་རྫས་རྣམས་ཀྱང་། །རྨྱུག་མའི་སྦུ་གུ་བལ་ཚོན་ལྔ། །སྣ་ཁྲག་ལ་སོགས་རྫས་རྣམས་ཀྱང་། །ཁྲི་གཉན་ལ་སེའི་རྫས་སུ་བསག །གཞན་ཡང་ཤུན་ཆེན་སླག་པ་དང་། །སྤྱི་བླུགས་ཞྭ་ལ་སོགས་པ་ཡང་། །རྩ་བའི་རྒྱུད་བཞིན་བསག་པར་བྱ། །ད་ནི་དམ་རྫས་གཞག་པ་ནི། །དབུས་སུ་དཔལ་གྱི་གཏོར་མ་ཡང་། །མ་མཐོང་བར་དུ་གཞག་པར་བྱ། །བྱང་དུ་མ་མོའི་གཏོར་མ་ནི། །འབྲུ་ནག་ལ་སོགས་དམ་རྫས་ལ། །རྟག་པར་བཞུགས་པའི་ཞུགས་མར་གཞག །ཤིང་ཤུན་མིང་བྲིས་ནང་དུ་གཞུག །རྒྱུན་གཏོར་དག་ཀྱང་བྱང་དུ་གཞག །ཤར་དུ་དྲག་པོའི་གཏོར་མ་གཞག །ལྷོ་རུ་མ་མོའི་སྨན་ཕུད་གཞག །དངོས་གྲུབ་རྫས་ནི་ནུབ་ཏུ་གཞག །དཔལ་ཆེན་ཕུད་ནི་བྱང་དུ་གཞག །བྱང་ཤར་ཤར་ནུབ་ཁྲག་ཀྱང་གཞག །ཚེ་ནི་ནུབ་ཏུ་གཞག་པར་བྱ། །རེ་མ་ཏི་ལ་སོགས་པ་ཡི། །མ་མོ་སོ་སོའི་དམ་ཚིག་ཀུན། །རེ་རེ་ཟླ་གམ་རེ་ལ་གཞག །གཞན་ཡང་ཤ་སྣ་ཁྲག་སྣ་དང་། །སྙིང་སྣ་ལ་སོགས་རྫས་རྣམས་ཀུན། །དཀྱིལ་འཁོར་འགྲམ་དུ་གཞག་པར་བྱ། །དེ་ནས་མ་མོའི་མཆོད་པ་ཡང་། །ཏིང་འཛིན་རྣམ་གསུམ་འཕྲོ་འདུ་ལས། །འབྱུང་བ་རིམ་བརྩེགས་གཞལ་ཡས་ཁང་། །དེ་ནས་རྒྱུད་ལས་ཤིས་ཕྱོགས་ལྷ། །བསྒོམས་ཏེ་སྤྱན་དྲང་མཆོད་བསྟོད་བྱ། །མ་མོ་མཆོད་པའི་དུས་དག་ཀྱང་། །ཉི་མ་གུང་དང་མཚན་གུང་


DNG023_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །སྐྱ་རེངས་ཤར་དང་བྱང་རིས་ཆད། །སྨུག་ནག་འཇིགས་པའི་རྒྱལ་མོ་སོགས། །བོད་མཆོད་བསྟོད་དང་གཏོར་མ་སྦྱིན། །ནག་མོ་སྔགས་ཀྱི་རྒྱུད་ཕྱི་མ་ལས། དམ་རྫས་བསག་པ་དང་མ་མོ་མཆོད་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་སྔགས་རྣམས་བཟླས་པ་ནི། །བྱ་སྟག་ལོ་དང་ཟླ་བ་དང་། །རྣལ་འབྱོར་དབང་ཕྱུག་ཆེན་པོ་དེས། །ཤིས་པའི་ལྷ་བསྒོམ་རྒྱུན་སྔགས་བཟླས། །སྒོང་ཐུན་ཁྲག་ཐུན་རྒྱུན་སྔགས་ཀྱང་། །ཏྲག་རཀྴ་ཁ་མུན་ཏྲ་ཟླ། །སྒོང་དྲུག་བཟླས་པ་དག་ཀྱང་དེའོ། །ཐོད་ཟོར་ལ་སོགས་རྒྱུན་སྔགས་ཏེ། །ཁམ་བུའི་རྒྱུན་སྔགས་བཟླས་པ་ཡང་། །ཉིན་མཚན་གསུམ་གྱི་སྔགས་དག་དགོད། །དམོད་མོའི་རྒྱུན་སྔགས་བཅུ་དྲུག་བཟླས། །ནག་མོ་སྔགས་ཀྱི་རྒྱུད་ཕྱི་མ་ལས། རྩ་བའི་སྔགས་རྣམས་བཟླས་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས། ཡབ་མངོན་རྫོགས་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཕྲིན་ལས་སྒྲུབ་པ་ཇི་ལྟར་ལགས། །དེ་ཡི་གནས་ནི་ཇི་ལྟ་བུ། །ཕྲིན་ལས་དཀྱིལ་འཁོར་ཇི་ལྟར་བྲི། །རྦད་པའི་སྔགས་རྣམས་ཇི་ལྟར་བཟླ། །ཐུན་སྔགས་བཟླས་པ་ཇི་ལྟར་ལགས། །མངོན་རྫོགས་རྒྱལ་པོས་བཀའ་སྩལ་པ། །མཆོད་དང་ལེགས་པ་རྫོགས་པ་དང་། །རྣལ་འབྱོར་གདེང་དང་ལྡན་པ་ཡིས། །ཕྲིན་ལས་དག་ནི་བརྩམ་པར་བྱ། །ཀུན་གྱིས་བརྩམས་ན་རླག་པར་འགྱུར། །ཡང་ན་རྣལ་འབྱོར་ལས་མ་གྲུབ་པ་འམ། །ཤིན་ཏུ་བསོད་ནམས་ཆུང་བ་ཡིས། །མ་མོ་ལས་བྱེད་མ་འདོད་ན། །གཉེན་པོ་གདུལ་སྐལ་ལྷ་བསྒོམ་ལ། །ཤི་ས་བསྟན་ཞིང་སྔགས་ཀྱང་བཟླས། །ཛ་ཛ་ཨེ་ཏི་མ་མ་ཡ་སྙིང་ཁ་རག་མ་མ་ཀཱི་ལི་ཀཱི་ལ་ཡ་ས་མ་ཡ་སྟྭཾ། སྔགས་དེ་བཟླས་ལ་གཟུགས་བརྡེག་གོ། །དེ་ནས་མ་མོའི་གཏོར་མ་ནི། །གདན་འོག་དག་གམ་ཕུང་ས་ལ། །ཏྲག་རཀྴ་ཁ་མུན་ཏྲས་སྔགས་ལ་གཏོར། །དེ་ལྟར་བྱས་ན་ལས་རྣམས་འགྲུབ། །ནག་མོ་


DNG023_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱི་རྒྱུད་ཕྱི་མ་ལས། དེ་ནས་བསྟན་ཅིང་ལས་ལ་གཏོང་བའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་དྲག་པོའི་གནས་བཙལ་བ། །རྣལ་འབྱོར་གདེང་དང་ལྡན་པ་ཡིས། །དམ་རྫས་གོང་དུ་ཚོགས་པར་བྱ། །ལྷ་འདྲེ་དག་ཀྱང་ཡོད་པའི་གནས། །ནག་མོ་གནས་པའི་ས་དག་ཏུ། །དངོས་གྲུབ་མྱུར་བས་དེ་རུ་བྱ། །ཆུ་བོ་ཆེན་པོའི་འགྲམ་དག་ཏུ། །མ་མོ་རྒྱུ་བས་དེ་རུ་བྱ། །དུར་ཁྲོད་ཆེན་པོ་སྐྱི་གཡའ་བར། །ལྷ་འདྲེ་ཚོགས་པས་དེ་རུ་བྱ། །དེ་ནས་ནམ་གུང་ཉིན་གུང་ལ། །དྲག་པོའི་དཀྱིལ་འཁོར་གང་བྱེད་ནི། །རྩ་བའི་རྒྱུད་ལས་འབྱུང་བ་བྲི། །གཟུགས་དང་ཐུན་དང་ནལ་ཐོད་དང་། །ལས་ཀྱི་བྱ་བ་ཐམས་ཅད་ཀུན། །མཁས་པས་བྱང་ཤར་མཚམས་སུ་བརྩམ། །དེ་ལྟར་རྫས་རྣམས་ཚོགས་པ་དང་། །སྣང་སྲིད་ལྷ་འདྲེ་ཐམས་ཅད་ལ། །མཆོད་སྦྱིན་བྱས་ལ་དཔང་ཡང་གཟུག །མངོན་རྫོགས་ལྷ་མཆོད་བསྙེན་བསྒྲུབ་བྱ། །རང་གིས་མ་ཉེས་ཤོ་རྡེའུ་དགྲམ། །ཁྲམ་ལ་དག་ཀྱང་གདབ་པར་བྱ། །ནག་མོ་སྔགས་ཀྱི་རྒྱུད་ཕྱི་མ་ལས། དྲག་པོའི་གནས་དང་། དཀྱིལ་འཁོར་བྲི་བ་དང་། ལས་ཀྱི་བྱ་ཐབས་ཀྱི་ལེའུ་སྟེ་དྲུག་པའོ།། །།དེ་ནས་རྦད་སྔགས་བཟླས་པ་ནི། །བྷན་དྷའི་ཆ་ལང་དག་ཀྱང་བརྡབ། །ཐུགས་དམ་དག་ཀྱང་དྲག་ཏུ་བསྐུལ། །རག་མོ་ནི་ཤ་ཀུ་རུ་ལ་སོགས་ནི། །སྒོ་ང་ལ་སོགས་ཐུན་རྣམས་དང་། །དམོད་མོ་ཀུན་གྱི་རྦད་སྔགས་ཡིན། །སྙིང་ཁྲག་རྩལ་དྲེང་དྲེང་ལ་སོགས་ཀྱང་། །སྒོང་དྲུག་ཐུན་གྱི་རྦད་སྔགས་ཡིན། །སྐུ་གསུང་ཐུགས་དང་ཕྲིན་ལས་ཀྱང་། །ཁམ་བུ་སྒྲུབ་པའི་རྦད་སྔགས་ཡིན། །རྦད་དུ་རྦད་དུ་ཡག་མོ་ལ་སོགས་ཀྱང་། །སྤྱི་རྣམས་ཀུན་གྱི་རྦད་སྔགས་གང་། །མྱུར་དུ་ཡང་ནི་སྒྲོལ་བ་ཡིན། །ནག་མོ་སྔགས་ཀྱི་རྒྱུད་ཕྱི་མ་ལས། རྦད་སྔགས་ཀྱི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཐུན་སྔགས་བཟླས་པ་ཡང་། །ཁྲག་ཐུན་སྤྱི་ཡི་སྔགས་ཀྱང་འདི། །མ་མ་ཏྲག་རག་ཤ་ཁ་ཐུན་ཁ་མུན་ཏྲ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། དེ་དག་སྤྱི་རུ་བཟླས་པ་བྱ། །


DNG023_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

ཉིན་རྣམས་ལྔ་ཡི་བཟླས་པ་ཡང་། །ཁྲག་སྐྱུག་དག་ཀྱང་གཏང་འདོད་ན། །ཏྲག་རག་ཤ་ལ་སོགས་པ་བཟླས། །མཚོན་འཁྲུག་དག་ནི་གཏང་འདོད་ན། །མ་མ་ཧཱུར་ལ་སོགས་པ་བཟླས། །རིམས་ནད་དག་ཀྱང་གཏང་འདོད་ན། །ཨི་ཨུ་ཨ་ལ་སོགས་པ་བཟླས། །སྨྱོ་རིམས་འདོད་ན་ཐིག་ནིག་བཟླས། །མཛེ་ནད་དག་ཀྱང་གཏོང་འདོད་ན། །བཛྲ་ནི་ཕཊ་ལ་སོགས་པ་དང་། །ན་ག་ལི་ལ་སོགས་པ་བཟླས། །རྦོད་ནད་མཚོན་འཁྲུག་གཏོང་འདོད་ན། །དམོད་མོ་དག་ཀྱང་བཟླས་པར་བྱ། །ཤིན་ཏུ་མྱུར་བར་གསོད་འདོད་ན། །ཁུག་པ་དགུ་དྲིལ་དག་ཏུ་བཟླས། །བལ་ནང་འདོད་ན་ཁྲག་ཐུན་བཟླས། །ཁྲག་སྐྱུག་འདོད་ན་ཁམ་བུ་བཟླས། །རྒྱུ་གཟེར་འདོད་ན་སྒོང་ཐུན་བཟླས། །གཉན་ནད་འདོད་ན་ཐུན་དྲུག་བཟླས། །ལས་མ་འགྲུབ་ན་ཤི་ས་གཟིར། །མཁྲིས་ནད་དག་ཀྱང་འོང་བར་ངེས། །ཐོད་ཟོར་ནག་པོའི་བཟླས་པ་ཡང་། །དུམ་བུ་དུམ་བུ་ཚལ་པ་ཚལ་པ། ཧ་ན་ཧ་ན་མཱ་ར་ཡ་ཐུན་ཡ། དེ་དག་བཟླས་པས་མཚོན་གྲི་དང་། །རིམས་ནད་དག་ཀྱང་འོང་བར་ངེས། །མཛེ་ནད་དག་ཀྱང་གཏང་འདོད་ན། །མཛེ་ཅན་ཐོད་པ་དག་དང་ནི། །དགྲ་བོའི་ཕ་མེས་ཐོད་པ་རྗེས། །ཕ་མེས་ཐོད་པ་ཀླུ་འམ་ས་བདག་ལ། །གཏད་དེ་ཐེབས་པ་དག་ཏུ་བྱའོ། །དམོད་པ་གྲུབ་པར་འདོད་པ་ན། །མ་མོར་བསྒོམས་ཏེ་ཤ་ཁྲག་བཟའ། །ཐང་སྔགས་མཐའ་ནི་འཕང་དང་གནན། །ཁམ་བུ་དག་གི་མཐའ་ཡང་ནི། །སྐུལ་ཏོག་དག་གིས་འཕང་བ་ཡིན། །སྒོ་ངའི་མཐའ་ཡང་འཕང་དང་གནན། །གཟུངས་སུ་དག་ཀྱང་གཟུང་བའོ། །ཐུན་དྲུག་མཐའ་ཡང་གནན་དང་འཕང་། །གཟུངས་སུ་དག་ཀྱང་གཟུང་བར་བྱ། །གཞན་ཡང་ཐུན་རྣམས་ཐམས་ཅད་ཀུན། །འཕང་དང་བསྒྱུར་བར་བྱ་བ་ཡིན། །ནག་མོ་སྔགས་ཀྱི་རྒྱུད་ཕྱི་མ་ལས། ཐུན་གྱི་སྔགས་བཟླས་པ་དང་། འཕང་ཐབས་ཀྱི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཡང་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས། ཡབ་མངོན་རྫོགས་རྒྱལ་པོ་ལ་


DNG023_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སྐད་ཅེས་གསོལ་ཏོ། །བསྒྲུབ་པའི་མཚན་མ་ཇི་ལྟར་ལགས། །ཐུན་རྣམས་བསྐུལ་བ་ཇི་ལྟ་བུ། །ཐུན་གྱི་གཏུབ་ཐབས་ཇི་ལྟར་གཏུབ། །ཐུན་རྣམས་འཕང་བ་ཇི་ལྟར་འཕང་། །སྲེག་པའི་སྦྱོར་བ་ཇི་ལྟར་བྱ། །གནན་པ་བྱ་ན་ཇི་ལྟར་གནན། །ཐ་མ་ཇི་ལྟར་འཆི་བར་འགྱུར། །མངོན་རྫོགས་ཡབ་ཀྱིས་བཀའ་སྩལ་པ། །ཁྲག་ཐུན་གྲུབ་པའི་མཚན་མ་ནི། །གནག་ན་དྲག་པོའི་མཚན་མའོ། །དམར་ལ་གདངས་ན་གྲུབ་པ་ཡིན། །ཁོལ་ལམ་རླངས་པ་འབྱུང་བ་འགྲུབ། །དེའི་ཚེ་མྱུར་དུ་འཕང་བར་བྱ། །འགྲིབས་ན་བག་ཆགས་ཡོད་པ་ཡིན། །ཆད་ན་ལས་མ་གྲུབ་པ་སྟེ། །སྦོས་ན་ཐུན་ཁྲག་རུལ་པ་ཡིན། །དེ་ལྟར་བྱུང་ན་བསྐྱར་ལ་བྱ། །གཞལ་ཡས་ཁང་དུ་སྒྲུབ་པ་ནི། །ལྡེག་འཕར་སྣུམས་ན་གྲུབ་པ་ཡིན། །སེར་ཀ་དང་ནི་སྐམས་ན་ངན། །ཁམ་བུའི་རྒྱུ་དང་ཚད་དག་ནི། །ནལ་བུའི་མཛུབ་མོའི་ཚད་དུ་བྱས། །རམ་བུ་སྐེ་ཚེ་ནས་ནག་དང་། །སྲན་མ་བྲ་བོ་ལ་སོགས་པ། །དམེ་ཁྲག་དུག་ཚོགས་ཀུན་གྱིས་བསྐུ། །དམོད་མོ་གྲུབ་པའི་མཚན་མ་ནི། །ཁྲག་ཐུན་ཁོལ་ན་གྲུབ་པ་ཡིན། །སྒོ་ང་གྲུབ་ན་སྒོ་ང་འཚེག །ཁ་ལ་འབྲུམ་པ་མང་དུ་འབྱུང་། །རྫས་ལ་འོད་ཀྱང་འབར་བ་འབྱུང་། །ནག་མོ་སྔགས་ཀྱི་རྒྱུད་ཕྱི་མ་ལས། གྲུབ་པའི་མཚན་མ་བསྟན་པའི་ལེའུ་སྟེ་དགུ་པའོ།། །།ཐུན་གྱི་མ་མོ་བསྐུལ་བ་ནི། །ཞིང་ཆེན་ཕྱར་ནག་ལུས་ལ་གྱོན། །ཐུན་ལ་ཞིང་སྐྲའི་ཐག་པ་ཐེན། །དུས་ཚོད་ཉིན་གུང་མཚན་གུང་ན། །རྐང་གི་གླིང་བུ་དག་ཀྱང་འབུད། །ཐུན་གྱི་མ་མོ་དྲག་ཏུ་བསྐུལ། །དེ་ནས་ཐུན་གྱིས་གཏུབ་ཐབས་ནི། །མཐའ་ནས་དབུས་སུ་གཏུབ་པར་བྱ། །ནག་མོ་སྔགས་ཀྱི་རྒྱུད་ཕྱི་མ་ལས། ཐུན་བསྐུལ་ཐུན་གཏུབ་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་ཐོད་པ་འཕང་བ་ནི། །བདུད་ཆས་ཞུགས་ནས་མ་མོ་བསྒོམ། །རླུང་ཕྱོགས་ལངས་དང་ཀི་ཀངྐ་རྒྱུ། །མ་མོ་རྒྱུ་བའི་དུས་རྣམས་སུ། །དུར་ཁྲོད་དག་གི་ཆད་ཀ་འམ། །བྱང་རི་མཐོན་པོའི་ཁར་སོང་ལ། །སྔོ་ཕུད་གཏོར་ལ་


DNG023_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ཡང་བསལ། །མ་ཉེས་དཔང་གཟུག་མཆི་མ་དབྱུང་། །གསུར་དུད་བཏང་ཞིང་མ་མོ་འབོད། །གླིང་བུ་འབུད་ཅིང་ཐུགས་དམ་བསྐུལ། །བདུན་རྒྱུད་རྩད་ལ་ཁྲག་མདའ་འདེབས། །ཐོད་ཁྲག་སྤྱོས་ཤིག་ཙིཏྟ་ཀུན་ཏུ་ནན། །སྙིང་ཁྲག་སྤྱོས་ཤིག་ཙཀྲ་རམ། །རྣམ་ཤེས་སྤྱོས་ཤིག་ཤྭ་ར་རམ། །ངག་རྣམས་སྤྱོས་ཤིག་པོ་ཏི་རམ། །གཟུགས་ཕུང་བཤིག་ཅིག་སུ་ཏྲི་ནི། །ཡན་ལག་ཆིངས་ཤིག་ཙི་ན་ཏྲ། །ཁྲག་སྣ་སྤྱོས་ཤིག་མ་མོའི་ཚོགས། །རེ་མ་ཏི་རེ་མ་ཏི། དུང་ང་བྷྱོ་དུང་ང་བྷྱོ། རྨུག་ཤག་རྨུག་ཤག་རྨུག་རྨུ་ཏྲི། སྨྱོས་ཤག་སོད། རྦད་དི་རི། ས་མ་ཡ། གཞུང་པ་རྩད་ནས་ཐོད། སྲོག་རྩ་རྩད་ནས་ཆོད། དེ་ནས་མདའ་དང་ཕག་ཐོད་ལ་སོགས་པ་དང་། ཐོད་ཁྲག་རྡོ་ནག་ལ་སོགས་པ་དང་། ཐུན་རྣམས་མ་ལུས་ཐམས་ཅད་ནི། །ཕོག་པ་དག་ཏུ་འཕང་བར་བྱ། །དེ་ནས་བསྲེག་པའི་སྦྱོར་བ་བཤད། །དྲག་པོ་ཤིང་གི་མེ་དག་ལ། །གདུག་པའི་རྫས་དང་མིང་རུས་དང་། །རྩ་བའི་སྔགས་གཞུག་དག་ལ་ཡང་། །མཱ་ར་ཡ་དང་ཁ་རཾ་གདགས། །ལྷ་མོའི་ཞལ་གྱི་ཧོམ་དུ་བསྲེག །དེ་ལྟར་ལས་རྣམས་བྱས་གྱུར་ན། །ལྷ་དབང་ཉིད་ཀྱང་འཆི་བར་འགྱུར། །ནག་མོ་སྔགས་ཀྱི་རྒྱུད་ཕྱི་མ་ལས། ཐུན་རྣམས་འཕང་བ་དང་། བསྲེག་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་གནན་པའི་ལས་བཤད་པ། །ཀླུ་ཡི་གནན་པ་སྐྱོན་ཡོན་གྱིས། །ཤིན་ཏུ་ཉིན་ཆེ་རབ་ཏུ་གཟབ། །གནོད་སྦྱིན་དྲག་པོ་གནས་པའི་སར། །དེ་བཟང་དེ་རུ་བྱ་བ་ཡིན། །མ་མོ་ཚོགས་པའི་ས་དག་བཟང་། །གཞན་ཤུལ་དག་ཀྱང་བཟང་བར་བཤད། །སྟག་སྐྱ་ཁ་དང་སྐུ་གཟུགས་འོག །ཤིང་གཅིག་རྒྱ་གྲམ་ས་དག་གནན། །དུར་ཁྲོད་ཆུ་མདོ་ཕུག་རྡུགས་དང་། །གནན་པའི་ས་རུ་དེ་རྣམས་བཤད། །དེ་ནས་གནན་པ་བྱ་བ་ཡང་། །གང་གི་ཐོད་ཚལ་གཟུགས་དང་རྗེས། །ལྷོ་ཟུར་ཐོད་ཚལ་ཁ་ཕྱེ་སྟེ། །ལྷོ་ཕྱོགས་དུར་ཁྲོད་རྒྱ་གྲམ་ལམ། །གཤིན་རྗེ་འཁོར་དང་བཅས་པ་ལ། །ཟས་སྐལ་དག་ཏུ་གཏད་པར་བྱ། །བྱང་ཤར་ཐོད་ཚལ་ཁ་སྦྱར་ཏེ། །ཤིང་གཅིག་ཆུ་མདོ་དུར་ཁྲོད་དུ། །མ་མོ་ནག་མོ་འཁོར་


DNG023_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ལ། །གྲོགས་ཀྱི་སྐལ་དུ་གཏད་པར་བྱ། །ནུབ་བྱང་ཐོད་ཚལ་ཁ་སྦྱར་ཏེ། །དུར་ལེབ་རྫས་དང་སྦྲགས་ནས་ནི། །དུར་སྲི་ཆེན་མོ་འཁོར་བཅས་ལ། །དགྲ་བླ་དག་ཏུ་གཏད་པར་བྱ། །ཁར་ནག་དག་གི་སྐུད་པས་བཀྱིག །དེ་ནས་གནན་པའི་ལས་གཞན་ནི། །ལ་ཅ་དག་ལ་སྦལ་པ་བྱ། །ལྟོ་བར་དགྲ་བོའི་མིང་རུས་གཞུག །ཤིང་རུལ་ཤུན་པ་སྦལ་པར་དཀྲི། །མཛེ་ཐོད་ཕ་མེས་ཐོད་པས་བརྗེ། །སྦལ་པ་ཕ་མེས་ཐོད་པར་གཞུག །ཁར་ནག་ལྔ་པོ་དག་ལ་ཡང་། །བཛྲ་ཏི་རི་ལ་སོགས་པ་བཟླས། །སྙིང་ཟ་བ་ཡི་གསང་སྔགས་བཟླས། །ཁར་ནག་ལྔ་ཡིས་རྒྱ་གྲམ་བཀྱིགས། །དེ་ནས་རེ་བ་དུག་པོར་གྲིལ། །ཐུགས་དམ་བསྐུལ་བ་ས་ལ་དགུག །གཡོན་ཞུགས་ཀླུ་ཡི་ཕོ་བྲང་ལ། །རྐང་འདོམ་དག་གིས་བཅལ་བྱས་ནས། །རྭ་འམ་སྙིང་ངམ་ཁ་དག་ཏུ། །ཐེབས་པར་མྱུར་བར་གཏད་པར་བྱ། །པདྨ་དབང་ཆེན་ཏིང་འཛིན་ནམ། །གཉེན་པོ་བྱ་ཁྱུང་ཏིང་འཛིན་བསྒོམ། །འུར་བརྐམ་མེ་ཡི་གསང་སྔགས་བཟླས། །དེ་བཟླས་ཀླུ་དང་མ་མོ་དཀྲུག་པར་འགྱུར། །དེ་རུ་རྣལ་འབྱོར་ཡུན་མི་རིང་། །རེ་བའི་མ་གྱོན་གཡས་ཕྱོགས་བྲོས། །རྨ་བྱའི་སྒྲོ་ཡིས་མཚམས་ཀྱང་གཅད། །བུད་མེད་ཞབས་མས་གདབ་པར་བྱ། །དེ་རུ་ཞག་དྲངས་བཅོ་ལྔ་སྦ། །དེ་ནས་བཏོན་ཏེ་གོང་མ་ཡི། །ས་བདག་ལ་སོགས་གནས་པའི་ས་རུ་མནན། །དེ་ནས་འཆི་བར་འགྱུར་བའི་མཚན་མ་ནི། །རྨི་ལམ་དང་ནི་མངོན་རྟགས་སོ། །རི་དྭགས་ཕྱུགས་ལ་སོགས་པ་དང་། །ཤ་དགོད་བྱས་ན་བཟང་བ་ཡིན། །ཤོར་བ་རྨི་ན་བསྐྱར་བ་བྱ། །མདོར་ན་སྲོག་ཆགས་གསད་པ་རྨི་བ་ནི། །མྱུར་དུ་འཆི་བར་འགྱུར་བ་ཡིན། །ཤིང་ཆེན་བཅད་པ་རྨི་ན་བཟང་། །རྡོ་ཆེན་ཕྱུང་བ་རྨི་ན་བཟང་། །ཆུ་ཆེན་འབབ་པ་རྨི་ན་བཟང་། །མེ་ཆེན་བཏང་བ་བཟང་སྟེ་འཆི་བའོ། །ནམ་མཁའ་སྨུག་ནག་འཐིབས་ན་བཟང་། །སྒྲ་ཆེན་དག་ཀྱང་བྱུང་ན་བཟང་། །འོད་ཆེན་བྱུང་ན་བཟང་བ་ཡིན། །རླུང་ནག་ཀྱང་ནི་བྱུང་ན་བཟང་། །ཐོ་ཕྱིར་སྔོན་པོས་སྲོག་ཆགས་བསད་ན་བཟང་། །གཅན་གཟན་དག་གིས་སེམས་ཅན་བསད་ན་བཟང་སྟེ་འཆིའོ། །
དགྲ་བོ་བཀྲག་མདངས་ཕྲལ་ཏེ་ཧོམ་སྐྱ་ན་འཆིའོ། །ནག་མོ་སྔགས་ཀྱི་རྒྱུད་ཕྱི་མ་ལས། གནན་པ་དང་འཆི་བའི་མཚན་མའི་ལེའུ་སྟེ་བཅུ་གཉིས་པའོ།། །།འཕགས་པ་ལྷ་མོ་ནག་མོའི་རྒྱུད་ཕྱི་མ་ལས་ཀྱི་རིམ་པ་བྱ་བ་རྫོགས་སོ།། །།

དཔལ་ལྷ་མོ་ནག་མོའི་ཐུགས་ཀྱི་སྲོག་སྒྲུབ་གསང་བའི་རྒྱུད།


DNG023_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

།རྒྱ་གར་སྐད་དུ། ཤྲཱི་དེ་བཱི་ཀཱ་ལཱི་ཙིཏྟ་སཱ་དྷ་ན་གུ་ཧྱ་ཏནྟྲ། བོད་སྐད་དུ། དཔལ་ལྷ་མོ་ནག་མོའི་ཐུགས་ཀྱི་སྲོག་སྒྲུབ་གསང་བའི་རྒྱུད། བཅོམ་ལྡན་འདས་རྡོ་རྗེ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་སྲས་དང་འཁོར་དུ་བཅས་པ་རྣམས་བཙུན་མོའི་བྷ་གའི་ཀློང་རྣམ་པར་དག་པ་ལ་བཞུགས་སོ། །གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གསང་བའི་བདག་པོ་དཔལ་ཕྱག་ན་རྡོ་རྗེ་དང་གཞན་ཡང་བདུད་ཀྱི་མ་གཤིན་རྗེའི་སྲིང་མོ་དཔལ་ལྷ་མོ་ཞེས་བྱ་བས། རང་བཞིན་གྱི་དཀྱིལ་འཁོར་མཐོང་ཞིང་། འདས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཐད་དུ་དམ་བཅས་པ། ད་ལྟར་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་བསྟན་པ་བསྲུང་བའི་སྨོན་ལམ་བཏབ་པ། དུས་ཕྱི་མ་ལ་སངས་རྒྱས་ཀྱི་ས་ལ་སྨིན་ཅིང་ལུང་བསྟན་པའི་སྨོན་ལམ་ཅན་དང་། ཐབས་ཅིག་ཏུ་བཞུགས་སོ། །གཞན་ཡང་རང་བཞིན་གྱི་དཀྱིལ་འཁོར་མ་མཐོང་བ་རྣམས་ནི་བརྒྱ་བྱིན་དང་། གཤིན་རྗེ་དང་། སྲིན་པོ་དང་། ཤ་ཟ་དང་། གནོད་སྦྱིན་དང་། མ་མོ་ནག་མོ་དང་། ལྟོ་འཕྱེ་དང་། གྲུལ་བུམ་དང་། དྲི་ཟ་དང་། མིའམ་ཅི་དང་། ལྷ་མ་ཡིན་དང་། མཁའ་ལྡིང་དང་། མ་མོ་དང་། མཁའ་འགྲོ་མ་དང་། མཁའ་འགྲོ་མའི་བདག་པོ་དཔལ་ནག་པོ་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་སོ། །དེའི་ཚེ་དེའི་དུས་ན། གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་སྟན་ལས་ལངས་ནས། རང་བཞིན་གྱི་དཀྱིལ་འཁོར་མ་མཐོང་བ་རྣམས་ལ་འདི་སྐད་དུ། བརྒྱ་བྱིན་ལ་སོགས་པ་ཁྱེད་རྣམས་ཀྱིས་དེ་བཞིན་གཤེགས་པ་སྲས་དང་འཁོར་དུ་བཅས་པ་རྣམས་ལ་ཕྱག་འཚལ་བ་དང་། མཆོད་པ་དང་། སྐྱབས་སུ་འགྲོ་བ་དང་། རྣམ་པར་དཀར་བའི་ཕྱོགས་ལ་དད་པར་གྱིས་ཤིག་ཅེས་སྨྲས་པ་དང་། བརྒྱ་བྱིན་ལ་སོགས་པ་རྣམས་


DNG023_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཕྱོགས་བཅུའི་སངས་རྒྱས་ཀྱི་མཚན་ནས་བརྗོད་ཅིང་ཕྱག་འཚལ་བ་དང་། སྐྱབས་སུ་འགྲོ་བ་དང་། དཀར་པོའི་ཕྱོགས་ལ་དད་པ་དང་མོས་པ་བྱ་སྟེ། ཐལ་མོ་སྦྱར་ནས་ཐབས་ཅིག་ཏུ་འགྲིགས་པར་བྱས་ཏེ། འདི་སྐད་དུ་སངས་རྒྱས་ཀྱི་ཆོས་འཇིག་རྟེན་དུ་ཡུན་རིང་བར་གནས་ཤིང་། རྒྱས་པར་བྱ་བའི་སླད་དུ་བདག་ཅག་རྣམས་ཀྱིས། དེ་བཞིན་གཤེགས་པ་རྣམས་ལ་ཕྱག་འཚལ་བ་དང་། མཆོད་པ་དང་སྐྱབས་སུ་འགྲོ་བ་དང་། དད་པ་དང་། མོས་པ་དང་། ཡིད་ལ་བྱ་བའི་བྱིན་རླབས་ཀྱིས་དེ་བཞིན་གཤེགས་པ་སྲས་དང་འཁོར་དུ་བཅས་པ་རྣམས་བདག་གི་མངོན་དུ་སྣང་བར་གྱུར་ཅིག །ཅེས་སྨོན་ལམ་བཏབ་པ་དང་། དེའི་མོད་ལ་དེ་བཞིན་གཤེགས་པ་སྲས་དང་འཁོར་དུ་བཅས་པ་རྣམས་མངོན་དུ་སྣང་བར་གྱུར་ཏོ། །དེ་ནས་བརྒྱ་བྱིན་ལ་སོགས་པ་དགའ་བ་དང་སྤྲོ་བ་སྐྱེས་ནས་ལྷའི་མེ་ཏོག་མན་ད་ར་བ་ལ་སོགས་པ་རྣམས་ཀྱིས་མཆོད་ཅིང་རྒྱན་གྱི་ཆར་ཆེན་པོ་མངོན་པར་ཕབ་པོ། །དེ་ནས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་སྨྲས་སོ། །བརྒྱ་བྱིན་ལ་སོགས་པ་ཁྱེད་རྣམས་ཀྱིས་སངས་རྒྱས་ཀྱི་བསྟན་པ་བསྲུང་བའི་ཕྱིར། དཔལ་ལྷ་མོ་ནག་མོ་ལ་ཞུས་ཤིག་ཅེས་སྨྲས་པ་དང་། བརྒྱ་བྱིན་ལ་སོགས་པའི་འཇིག་རྟེན་པའི་འཁོར་རྣམས་ཀྱིས་དཔལ་ལྷ་མོ་ནག་མོ་ལ་མཆོད་པ་དང་། བསྟོད་པ་བྱས་ཏེ་འདི་སྐད་དུ་ཁྱོད་ཀྱིས་བསྟན་པ་བསྲུང་དུ་གསོལ། ཞེས་སྨྲས་པ་དང་། དཔལ་ལྷ་མོ་ནག་མོས་སྨྲས་པ་བསྟན་པ་ཞེས་བྱ་བ་ནི་གང་། བསྲུང་བ་ཞེས་བྱ་བ་ནི་ཇི་ལྟ་བུ། མ་བསྲུངས་ན་ཅི་སྐྱོན་ཞེས་སྨྲས་པ་དང་། བསྟན་པ་ཞེས་བྱ་བ་ནི་མདོ་སྡེ་འདུལ་བ་མངོན་པ་སྟེ། རྒྱལ་བའི་བཀའ་སྡེ་སྣོད་དུ་གྱུར་པ་མཐའ་དག་གོ། །སྲུང་བ་ཞེས་བྱ་བ་ནི་འཇིག་རྟེན་དུ་ཡུན་རིང་དུ་གནས་པའོ། །འཆང་བ་དང་། ཉན་པ་དང་། སྒོམ་པ་དང་། འཛིན་པ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་རྣམས་ལ། གནོད་པ་བསྒྲལ་ཞིང་ཚར་གཅོད་པའོ། །འཆང་བ་ལ་སོགས་པ་བསྲུང་ཞིང་བསྐྱབ་པ་དང་། འཁོར་དང་ལོངས་སྤྱོད་


DNG023_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

འཕེལ་ཞིང་རྒྱས་པར་བྱ་བ་དང་། མ་བསྲུངས་ན་དཀོན་མཆོག་གསུམ་པོ་བཀའ་མི་གཉན། མི་དང་མི་མ་ཡིན་པས་བར་དུ་གཅོད་ཅིང་དེའི་དབང་གིས། སངས་རྒྱས་ཀྱི་བསྟན་པ་འཇིག་རྟེན་དུ་ཡུན་རིང་དུ་གནས་པར་མི་འགྱུར་རོ་ཞེས་སྨྲས་པ་དང་། དཔལ་ལྷ་མོ་ནག་མོ་རང་བཞིན་གྱི་སྟན་ལས་ལངས་ནས། བཅོམ་ལྡན་འདས་ལ་ལན་བརྒྱ་ཕྲག་སྟོང་དུ་བསྐོར་བ་བྱས་ཏེ་ཕྱག་འཚལ་ནས་ཐལ་མོ་སྙིང་གར་སྦྱར་ནས་འདི་སྐད་ཅེས་ཞུས་སོ། །བཅོམ་ལྡན་འདས་བདེ་བར་གཤེགས་པ་བདག་གིས་སངས་རྒྱས་ཀྱི་བསྟན་པ་བསྲུང་བ་དང་། དམ་པའི་ཆོས་མཉན་པར་བྱ་བ་དང་། ཡང་དག་པའི་དགེ་འདུན་བསྲུང་ཞིང་བསྐྱབ་པར་བགྱི་བའི་སླད་དུ། བཅོམ་ལྡན་འདས་ཀྱིས་བདག་ལ་དབང་བསྐུར་དུ་གསོལ། བྱིན་གྱིས་བརླབ་ཏུ་གསོལ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་སྒྲོལ་བའི་ཡུམ་དུ་བྱིན་གྱིས་བརླབས་ཏེ། ཡང་དག་པའི་མཐུ་དང་ལྡན་པར་བྱ་བའི་ཕྱིར། ཞིང་ཆེན་པོའི་གཡང་གཞི་དང་། བདུད་དང་སྲིན་པོ་ལས་རྒྱལ་བར་བྱ་བའི་ཕྱིར། གཡུལ་དུ་མཚོན་གྱིས་བསད་པའི་མགོ་ཕྲེང་དང་ཐམས་ཅད་བསྒྲལ་ཞིང་བསད་ཀྱང་བག་ཆགས་ཀྱིས་མི་གོས་པར་བྱ་བའི་ཕྱིར། རེ་ལྡེ་ནག་པོའི་གོས་དང་། སྨན་མོ་ཐམས་ཅད་ཟིལ་གྱིས་གནན་པའི་ཕྱིར། སྙན་ཆ་གཡས་པ་སེང་གེ་དང་། ཀླུ་གནད་ལ་དབབ་པའི་ཕྱིར། སྙན་ཆ་གཡོན་སྦྲུལ་གྱི་གདེངས་ཀ་དང་། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་ཚེ་སྲོག་དབང་དུ་བསྡུ་བའི་ཕྱིར། ལག་གཡས་སུ་ཁ་ཊྭཱཾ་ག་རྩེ་གསུམ། འགལ་བ་རྩད་ནས་གཅད་པའི་ཕྱིར། འོག་མར་ལྕགས་ཀྱི་ཕུར་པ་དང་། སྲིད་གསུམ་ཉེས་ལེགས་དང་རྣལ་འབྱོར་བྱ་ར་མཛད་པའི་ཕྱིར། འཕྲུལ་གྱི་མེ་ལོང་དང་དམ་ཉམས་གནས་ནས་དགུག་པའི་ཕྱིར། སྦྲུལ་གྱི་ཞགས་པ་རྣམས་ཀྱིས་དབང་བསྐུར་རོ། །དེའི་ཚེ་འཁོར་བརྒྱ་བྱིན་ལ་སོགས་པ་རྣམས་འཇིགས་ཤིང་སྐྲག་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་མིང་གིས་དབང་བསྐུར་བ་ནི། ཨཱརྱ་རེ་མ་ཏིའོ། །


DNG023_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀྱི་བསྟན་པ་སྲུངས་ཤིག་པར་གཉེར་གཏད་དོ། །དཔལ་ཆེན་པོའི་སྤྱན་སྔར་ལྷ་མོ་རེ་མ་ཏིས་རང་གི་སྙིང་པོ་ཕུལ་བ། ཏྲག་རཀྴ་མ་ཧི་དུན་བྷྱོ། མ་ཧཱ་ཡཀྴ་མིཀྞ་ནག་མོ་དུན་བྷྱོ་ཞེས་བསྙེན་པའི་སྙིང་པོ་དང་། གཞན་ཡང་མ་མ་ཏྲག་རཀྴ་རེ་མ་ཏི་སྙིང་ཁ་རག་ཙིཏྟ་ཙ་པ་ལ་ཨ་ཤུག་མེ་བྷྱོ་ཛཿཞེས་བྱ་བ་རྩ་བའི་སྙིང་པོའོ། །གཞན་ཡང་རག་མོ་རག་མོ་མ་མ་དུན་ཏིང་། ཧེར་མ་ཧེད་བྷྱོ་ཞེས་བསྒྲུབ་པའི་སྙིང་པོ་དང་། བཛྲ་ཀུ་རུན་རྦད། སྙིང་ཁྲག་ཚལ་པ་རྦད། གཏུབས་ཙིཏྟ་རྦད། མྱོགས་རྨུགས་རྦད། སྙིང་ཁྲག་ཁ་ལ་རྦད། ཚལ་བུ་སེ་ན་སྲིན་དུ་ཧུར་སྲོག་ལ་ཡ་རྦད། མ་མ་རག་མོ་ཆེ་གེ་མོའི་སྙིང་ལ་ཛ་ཛ། ནག་མོ་ཧར་ཧུར་མ་ཧ་ཆོ་ཆོ། ཨུར་ཀ་མེ་ཤ་མ་ར་ཁ་ཁ་ཧ་ཧ་ཏྲ་ཧ་ཧི་ཛ། ཆེ་གེ་མོའི་སྙིང་ལ་བྷྱོ། རེ་མ་ཏི་པ་ཤ་ཙ་པ་ལ་ཤ །ཙ་པ་ལ་ཛ་ཛ། དུན་དུན་རཀྴ་རཀྴ། མུ་རུ་ལུ་རུ་ལུ་རུ་ལུ་བྷྱོ། ཆེ་གེ་མོ་མཱ་ར་ཡ་ཕཊ་ཅེས་ལས་ལ་སྦྱོར་བའི་གསད་པའི་སྔགས་རྣམས་ཕུལ་ལོ། །ལྷ་མོ་དེས་སངས་རྒྱས་ཀྱི་བསྟན་པ་བསྲུང་བར་ཁས་བླངས་ཏེ་འདི་སྐད་དུ། བཅོམ་ལྡན་འདས་བདག་གིས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལྟ་བུ་མངོན་པ་ལ་སོགས་པའི་སྡེ་སྣོད་གསུམ་ལ་གང་ཞིག་མོས་ཤིང་དད་པས་ཡིད་དྭངས་པའི་གང་ཟག་དེ་ལ་བསྲུང་ཞིང་བསྐྱབ་པར་བགྱིའོ། །གང་ཞིག་འཆད་པ་དང་། ཉན་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་ཡིད་ལ་བྱེད་པ་དེའི་སྦྱོར་བ་ངན་པ་བསལ་བར་བགྱིའོ། །གང་སྒོམ་པ་དང་སྒྲུབ་པ་ཉམས་སུ་ལེན་པ་དེ་དག་གི་གིང་དང་ཕོ་ཉ་དུས་རྟག་ཏུ་བགྱིའོ། །དེ་ལྟར་བདག་གིས་དམ་བཅས་པ་ལྟར་མ་བགྱིས་ན་བདག་གིས་ད་ལྟ་ཉིད་དུ་བཅོམ་ལྡན་འདས་བསླུས་པ་ལགས་སོ། །དེའི་དབང་གིས་རང་གི་སྲོག་གི་སྙིང་པོར་མེ་འབར་ནས་ལུས་སྲོག་ཐལ་བ་བཞིན་དུ་ཚིག་པར་གྱུར་ཏེ། མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་གྱུར་ཅིག་ཅེས་སྨོན་ལམ་བཏབ་ཅིང་མནའ་བོར་རོ། །དེ་ནས་དཔལ་ལྷ་མོ་ནག་མོ་དེས་དབང་དང་བྱིན་རླབས་ཐོབ་ཅིང་དམ་ཚིག་ཅན་དུ་གྱུར་པའི་ཚེ་བརྒྱ་བྱིན་ལ་སོགས་པའི་འཁོར་རྣམས་ཀྱིས་རང་རང་གི་རྒྱན་དང་ལག་ཆ་ཕུལ་ཏེ། དེ་ལྟར་བརྒྱ་བྱིན་གྱིས་རྡོ་རྗེ་


DNG023_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

ཕུལ་ལོ། །ཚངས་པས་རྨ་བྱའི་རྒྱལ་མཚན་ཕུལ་ལོ། །ཁྱབ་འཇུག་གིས་ཉི་ཟླའི་རྒྱལ་མཚན་ཕུལ་ལོ། །རྣམ་ཐོས་ཀྱི་བུས་སེང་གེའི་རྒྱལ་མཚན་དང་། ནམ་མཁའི་ལྷ་སྲིན་རྣམས་ཀྱིས་དྲིལ་བུ་དང་། ཀླུའི་རྒྱལ་པོ་རྣམས་ཀྱིས་སྦྲུལ་གྱི་གདེངས་ཀ་དང་། ས་བདག་པ་ཏ་ལིས་སྟག་གི་རྒྱལ་མཚན་དང་། སྲིན་པོ་དང་ཤ་ཟ་རྣམས་ཀྱིས་ཐོད་པའི་ཕྲེང་བ་དང་། ཁྲག་དང་ཞག་གི་ཡོ་བྱད་དང་། བདུད་ཡབ་རྗེས་ཁྲམ་བམ་དང་། བཙན་གྱེའུས་ཤོ་རྡེ་དང་། འཁོར་མ་མོས་ནད་ཀྱི་རྐྱལ་པ་དང་། དེ་ལྟར་འཁོར་རྣམས་ཀྱིས་རང་རང་གི་རྒྱན་དང་ཡོ་བྱད་ལག་ཆ་ལ་སོགས་པ་ཕུལ་ཏེ་བསྟོད་པ་རྣམས་ཀྱིས་ཀྱང་བསྟོད་དོ། །ལྷ་མོ་དེ་ཡང་སྲིད་པ་གསུམ་ན་འགྲན་གྱི་དོ་མེད་པར་གྱུར་ཏོ། །དཔལ་ལྷ་མོ་ཙིཏྟ་གསང་བའི་སྲོག་རྐྱལ་བུའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་གསང་བའི་བདག་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདེ་བར་གཤེགས་པ་སངས་རྒྱས་ཀྱི་བསྟན་པ་ཡུན་རིང་དུ་གནས་པར་བྱ་བའི་ཆེད་དུ། དཔལ་ལྷ་མོའི་ཏིང་འཛིན་དང་། སྤྱན་དྲང་ཞིང་མཆོད་པའི་སྔགས་དང་། དེའི་རྟེན་གཟུགས་བརྙན་བསྟན་པ་དང་། བོད་པ་དང་། རྦད་པ་དང་། གསད་པ་དང་། རྒྱུད་ཀྱི་སྔགས་བཏུ་བ་དང་། བསྒྲུབ་པའི་དཀྱིལ་འཁོར་དང་། བསྒྲུབ་པའི་རྫས་དང་། ཕུར་པ་གདབ་པའི་སྔགས་དང་། མཚོན་གྱིས་གཏུབ་ཅིང་སྦྱིན་བསྲེག་བྱ་བ་དང་། ཐུན་ཟོར་འཕང་བ་དང་། གནན་པ་བྱ་བ་དང་། སེར་བ་དབབ་པའི་ཐབས་བསྟན་དུ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་དང་། གསང་བའི་བདག་པོ་ལྷ་མོའི་ཏིང་ངེ་འཛིན་ནི། ཡཾ་སྥ་ར་ཎ་རཾ་ཨགྣེ་ཛྭ་ལ་རཾ་ཞེས་མེ་རླུང་གི་དབུས་སུ་ཐོད་པའི་གཞལ་ཡས་ཁང་བསྐྱེད་པ་ནི། བྷྲཱུཾ་བི་ཤྭ་བི་ཤུཌྜྷ་ཀ་པཱ་ལ་ཧཱུཾ། དེའི་ནང་དུ་གྷོ་ར་ཏི་གར་པ་ཏ་ཧཱུཾ་ཞེས་པས་ལྕགས་ཀྱི་དྲེའུ་རྟ་བསྐྱེད་དོ། །དེའི་གོང་དུ་ཡི་གེ་མའི་འཕྲོ་འདུ་ལ་ཨོཾ་ནག་མོ་དུནྟིང་ལཾ་དུནྟིང་བྷྱོ་ཞེས་པས་ལྷ་མོ་ནག་མོ་ནི། སྐུ་མདོག་མཐིང་ནག་རལ་པ་གཡས་ནས་


DNG023_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་དུ་འཁྱིལ་པ། ཞལ་གདངས་ཞིང་མཆེ་བ་གཙིགས་པ། སྤྱན་རྩ་དམར་ལ་སྡང་མིག་བགྲད་པ། ཞིང་ཆེན་གྱི་གཡང་གཞི་དང་། སྟག་གི་ཤམ་བུ་དང་། སྦྲུལ་གྱི་སྐེ་རགས་དང་། ཐོད་པའི་ཕྲེང་བ་དང་། ཕྱག་གཡས་གཉིས་ན་ཁ་ཊྭཱཾ་དང་ཕུར་པ། གཡོན་གཉིས་ན་མེ་ལོང་དང་སྦྲུལ་ཞགས་བསྣམས་པ། ནད་ཀྱི་རྐྱལ་པ་མཆན་ན་སྦེད་པ། ཁྲམ་བམ་རྒྱབ་ཏུ་ཁུར་ཤོ་རྡེ་མདུན་ན་འཐོར་བ། ཚོན་གྱི་གྲུ་གུ་རྐྱོང་ཞིང་འཐུལ་བ། འཁོར་ནག་མོ་འབུམ་སྡེ་དང་བཅས་པ་གསལ་བར་བསྒོམ་པར་བྱའོ། །ལྷ་མོ་ཙིཏྟ་སྲོག་གསང་བའི་རྐྱལ་བུ་ལས། སྐུ་བསྐྱེད་པའི་ཏིང་འཛིན་གྱི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་སྤྱན་དྲང་ཞིང་མཆོད་པའི་སྔགས་འདི་གསུངས་སོ། །བདག་ཉིད་གདེང་དང་ལྡན་པ་ཡིས། །ལྕགས་ཀྱུའི་ཕྱག་རྒྱས་སྤྱན་དྲངས་ཏེ། །བཞུགས་གསོལ་གཏོར་མ་བསྟབ་པར་བྱའོ། །ཨོཾ་ནག་མོ་དུནྟིང་ལཾ་མ་མ་དུན་བྷྱོ། ཛཿཧཱུཾ་བཾ་ཧོཿ། ནག་མོ་དུན་བྷྱོ་བྷྱོ། ཨོཾ་ཨཱཿཧཱུཾ་ས་མ་ཡ་ཨེ་ཧྱེ་ཧི་ཛ། ཨ་ར་ལི་ཧྲིཾ་ཧྲིཾ། རཀྴ་མ་ཧི་ཀུ་ལ་པདྨ་ས་མ་ཡ་ཏིཥྛ་ལྷན། མ་མ་ནག་མོ་སེན་ཏ་སེན་ཏ་ཀུ་ལ་ཀུ་ལ། ཧ་ཧ་ཧ། མ་ཧཱ་མཱཾ་ས་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། པཉྩ་ཨ་མྲྀ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བྷུན་ཛ་ཧོ། པི་པ་ཏོ་ས་མ་ཡ་སྭཱ་ཧཱ། ཞེས་སྤྱན་དྲངས་ཤིང་གཉིས་སུ་མེད་པར་བསྡིམ་ལ་གཏོར་མ་དབུལ་བར་བྱའོ། །དཔལ་ལྷ་མོ་ཙིཏྟ་གསང་བའི་རྒྱུད་ལས། སྤྱན་དྲངས་ཤིང་བཞུགས་སུ་གསོལ་བ་དང་མཆོད་སྔགས་ཀྱི་ལེའུ་སྟེ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་བསྙེན་པའི་རྟེན་གྱི་གཟུགས་བརྙན་འདི་གསུངས་སོ། །དམིགས་པའི་རྟེན་གྱི་གཟུགས་བརྙན་ནི། །འདྲི་མཁན་གསང་ཐུབ་དམ་ཚིག་ཅན། །དབེན་པའི་གནས་སུ་སོང་ནས་ནི། །དུར་ཁྲོད་རས་ལ་མ་མོའི་སྐུ། །ཚོན་གྱིས་ལེགས་པར་བྲི་བར་བྱ། །མཐིང་ནག་ཞལ་གཅིག་ཕྱག་བཞི་པ། །ཞལ་བགྲད་མཆེ་གཙིགས་སྤྱན་རྩ་དམར། །ཞིང་གི་གོ་ཟུ་སྟག་ཤམ་ཅན། །


DNG023_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

སྦྲུལ་གྱི་སྐ་རགས་ཐོད་ཕྲེང་ཅན། །རྩ་བའི་ཕྱག་ནི་གཡས་གཡོན་ན། །ཁ་ཊྭཱཾ་མེ་ལོང་བསྣམས་པའོ། །གཡས་གཡོན་གཉིས་ཀྱི་འོག་མ་ན། །ལྕགས་ཕུར་འདྲིལ་ཞིང་སྦྲུལ་ཞགས་འཕེན། །དྲེའུའི་སྟན་ལ་ཁྲོས་པའི་གཟུགས། །དུར་ཁྲོད་ཆེན་པོའི་དབུས་གནས་པ། །བྲིས་ནས་དབང་བསྐུར་མཆོད་པ་འབུལ། །བསྙེན་པའི་སྔགས་ནི་སུམ་འབུམ་བཟླས། །ཞེས་གསུངས་སོ། །དཔལ་ལྷ་མོ་ཙིཏྟ་གསང་བའི་སྲོག་རྐྱལ་བུའི་རྒྱུད་ལས། གཟུགས་བརྙན་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས། གསང་སྔགས་འདི་དག་བྱིན་གྱིས་བརླབ་ཅིང་བཏུ་བ་མཛད་དོ། །ཐོག་མར་ཡི་གེ་ཐམས་ཅད་ནི། །དམིགས་མེད་བརྗོད་མེད་བསམ་དང་བྲལ། །སྒྲ་ཡི་རྣམ་པ་ག་ལ་ཡོད། །དམིགས་མེད་གདོད་ནས་རྣམ་པར་དག །དོན་དམ་ཡི་གེ་ཨ་ཞེས་བྱ། །སེམས་ཅན་ལས་དང་སྨོན་ལམ་གྱིས། །སྟོབས་ལས་ཀུན་རྫོབ་ཡི་གེ་བྱུང་། །ཨ་ཨཱ་ཨི་ཨཱིཾ་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨཿ། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྙ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ། དེ་ལས་བྱུང་བའི་སྔགས་རྣམས་ནི། །མ་ནོར་གསལ་བ་འདི་ལྟ་སྟེ། །དང་པོར་བཞི་པའི་དང་པོར་གཞག །དེ་ལ་དྲུག་པའི་གཉིས་པས་འོག་ཏུ་བརྒྱན། །དང་པོའི་གསུམ་པས་མཛེས་པར་བྱའོ། །དེ་འོག་དྲུག་པའི་གཉིས་པ་གཞག །དང་པོའི་གསུམ་པ་དེ་ལ་སྦྱིན། །དེ་འོག་བདུན་པའི་དང་པོ་གཞག །དེ་འོག་ལྔ་པའི་ལྔ་པ་གཞག །དེ་འོག་བདུན་པའི་བཞི་པ་གཞག །དབྱངས་ཀྱི་གསུམ་པས་སྟེང་ནས་དབབ། །དེ་འོག་བཞི་པའི་གསུམ་པ་ལ། །དབྱངས་ཀྱི་ལྔ་པས་འོག་ནས་བརྒྱན། །དེ་ལ་བཞི་པའི་ལྔ་པས་མཛེས། །དེ་འོག་ལྔ་པའི་བཞི་པ་གཞག །དེ་ལ་ཡ་སྟ་བརྒྱན་པར་བྱ། །དབྱངས་ཀྱི་བཅུ་གསུམ་གོང་ནས་དབབ། །དེ་འོག་ལྔ་པའི་ལྔ་པ་གཞག །དེ་འོག་བདུན་པའི་བཞི་པ་གཞག །དེ་ལ་དབྱངས་ཀྱི་གཉིས་པས་བརྒྱན། །དེ་འོག་དྲུག་པའི་དང་པོ་གཞག །དང་པོའི་གསུམ་པས་


DNG023_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

མཛེས་པར་བྱ། །དེ་འོག་བདུན་པའི་དང་པོ་གཞག །དེ་འོག་བཞི་པའི་དང་པོ་གཞག །དབྱངས་ཀྱི་གསུམ་པས་སྟེང་ནས་དགབ། །དེ་ལ་དང་པོའི་གསུམ་པས་མཛེས། །དེ་འོག་བདུན་པའི་གསུམ་པ་གཞག །བཞི་པའི་ལྔ་པས་འོག་ཏུ་བརྒྱན། །དེ་འོག་བཞི་པའི་ལྔ་པ་གཞག །དང་པོའི་གསུམ་པ་དེ་ལ་སྦྱིན། །དེ་འོག་ལྔ་པའི་ལྔ་པ་གཞག །དབྱངས་ཀྱི་བཅུ་གསུམ་སྟེང་ནས་དགབ། །དེ་འོག་བཞི་པའི་གསུམ་པ་གཞག །དབྱངས་ཀྱི་ལྔ་པས་འོག་ཏུ་བརྒྱན། །དེ་ལ་བཞི་པའི་ལྔ་པས་མཛེས། །དེ་ལ་ཡ་སྟས་བརྒྱན་པར་བྱ། །དབྱངས་ཀྱི་བཅུ་བཞིས་སྟེང་དུ་བརྒྱན། །མི་འགྱུར་བཅུ་བདུན་རྩེགས་དང་བཅས། །སྙིང་ནས་འདྲེན་པའི་སྲོག་སྔགས་ཡིན། །ལྔ་པའི་ལྔ་པ་ལན་གཉིས་གཞག །དེ་འོག་བཞི་པའི་དང་པོ་ལ། །དྲུག་པའི་གསུམ་པ་བརྒྱན་ལྡན་ཞིང་། །དང་པོའི་གསུམ་པ་དེ་རུ་སྦྱར། །དྲུག་པ་ཡི་ནི་གསུམ་པ་དང་། །དང་པོའི་གསུམ་པ་སྦྱར་ནས་སུ། །དེ་མཐར་བདུན་པའི་དང་པོ་གཞག །དྲུག་པའི་གསུམ་པ་བཅུ་གཅིག་བརྒྱན། །དེ་འོག་ལྔ་པའི་ལྔ་པ་གཞག །བཞི་པའི་དང་པོ་དབྱངས་གསུམ་བརྒྱན། །བདུན་པ་ཡི་ནི་གསུམ་པ་ལ། །གཉིས་པའི་ལྔ་པས་བརྒྱན་ལྡན་ཞིང་། །དབྱངས་ཀྱི་གསུམ་པའི་རྒྱན་གྱིས་མཛེས། །དེ་འོག་དང་པོའི་ལྔ་པ་སྦྱིན། །དེ་འོག་དང་པོའི་གཉིས་པ་གཞག །དྲུག་པ་ཡི་ནི་གསུམ་པ་དང་། །དང་པོ་ཡི་ནི་གསུམ་པ་སྦྱར། །གཉིས་པའི་དང་པོ་དབྱངས་གསུམ་བརྒྱན། །དེ་མཐར་བཞི་པའི་དང་པོ་གཞག །དེ་མཐར་གཉིས་པའི་དང་པོ་ལ། །ལྔ་པའི་དང་པོ་སོ་སོར་གཞག །དེ་འོག་དྲུག་པའི་བཞི་པ་གཞག །དེ་འོག་དབྱངས་ཀྱི་དང་པོ་ཉིད། །དེ་འོག་བདུན་པའི་དང་པོ་ལ། །དབྱངས་ཀྱི་ལྔ་པའི་རྒྱན་ལྡན་ཞིང་། །དང་པོའི་གསུམ་པ་དེ་ལ་སྦྱིན། །ལྔ་པ་ཡི་ནི་ལྔ་པ་ལ། །དབྱངས་ཡིག་བཅུ་གཅིག་རྒྱན་ལྡན་ཞིང་། །ལྔ་པ་ཡི་ནི་བཞི་པ་ལ། །འོག་ནས་དྲུག་པའི་དང་པོས་མཛེས། །དབྱངས་ཡིག་བཅུ་གསུམ་རྒྱན་ལྡན་ཞིང་། །གཉིས་


DNG023_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡི་ནི་གསུམ་པ་ལ། །དབྱངས་ཀྱི་གཉིས་པའི་རྒྱན་ལྡན་པ། །སྔགས་ཀྱི་མཐའ་རུ་གཞག་པར་བྱ། །འདི་ནི་རྩ་བའི་སྙིང་པོ་སྟེ། །རང་དབང་མེད་པར་སྲོག་ནས་འདྲེན། །དེ་ནས་རྒྱུད་འདི་སྦས་པའི་མཐུས། །ཙིཏྟ་གསང་བ་རྒྱལ་བུའི་རྒྱུད། །སྔགས་འདི་འབུམ་ཕྲག་གསུམ་གྱིས་ནི། །འདོད་པའི་ལས་འདི་འགྲུབ་པར་འགྱུར། །དང་པོ་དྲུག་པའི་གསུམ་པ་གཞག །དེ་ལ་དང་པོའི་གསུམ་པས་མཛེས། །དེ་འོག་ལྔ་པའི་ལྔ་པ་གཞག །དབྱངས་ཀྱི་བཅུ་གསུམ་སྟེང་ནས་བརྒྱན། །དེ་འོག་དྲུག་པའི་གསུམ་པ་གཞག །དང་པོའི་གསུམ་པས་དེ་ལ་མཛེས། །དེ་འོག་ལྔ་པའི་ལྔ་པ་ནི། །ཚེག་དང་བཅས་ལ་གཉིས་སུ་གཞག །དེ་འོག་བཞི་པའི་གསུམ་པ་གཞག །དབྱངས་ཀྱི་ལྔ་པས་འོག་ཏུ་བརྒྱན། །བཞི་པའི་ལྔ་པས་དེ་ལ་མཛེས། །དེ་འོག་བཞི་པའི་དང་པོ་གཞག །དབྱངས་ཀྱི་བདུན་པས་སྟེང་ནས་བརྒྱན། །དང་པོའི་ལྔ་པའི་འགྲམ་དུ་མཛེས། །དེ་འོག་བདུན་པའི་བཞི་པ་གཞག །དབྱངས་ཀྱི་བཅུ་གཅིག་སྟེང་ནས་བརྒྱན། །དྲུག་པའི་གསུམ་པ་དེ་ལ་སྦྱིན། །དེ་འོག་ལྔ་པའི་ལྔ་པ་གཞག །དེ་འོག་བདུན་པའི་བཞི་པ་གཞག །དབྱངས་ཀྱི་བཅུ་གཉིས་སྟེང་ནས་དགབ། །བཞི་པ་གསུམ་པ་དེ་ལ་མཛེས། །དེ་འོག་ལྔ་པའི་བཞི་པ་གཞག །ཡ་ཏས་མཛེས་པར་བརྒྱན་བྱས་ལ། །དབྱངས་ཀྱི་བཅུ་པས་སྟེང་ནས་དབབ། །སྒྲུབ་སྔགས་ཚེག་བར་བཅུ་གཉིས་པ། །ཡང་གསང་ཐུགས་ཀྱི་རྒྱུད་ལས་བྱུང་། །ཤིན་ཏུ་ནུབ་ཀྱི་དུས་སུ་བཟླས། །དང་པོར་ལྔ་པའི་གསུམ་པ་གཞག །དེ་ལ་གཉིས་པའི་གསུམ་པས་མཛེས། །དྲུག་པའི་གསུམ་པ་ཤམ་དུ་མཛེས། །དེ་འོག་དང་པོའི་དང་པོ་གཞག །དབྱངས་ཀྱི་དྲུག་པས་འོག་ཏུ་བརྒྱན། །དེ་འོག་དྲུག་པའི་གསུམ་པ་ལ། །དབྱངས་ཀྱི་དྲུག་པས་འོག་ཏུ་མཛེས། །དེ་འོག་བཞི་པའི་ལྔ་པ་གཞག །དེ་འོག་དྲུག་པའི་གསུམ་པ་གཞག །འོག་ཏུ་ལྔ་པའི་གསུམ་པའོ། །དེ་ལ་བཞི་པའི་གསུམ་པས་


DNG023_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

མཛེས། །རྟེན་ལྔ་སྤྱི་ནས་དེ་ཡིས་འཇོམས། །དེ་འོག་བདུན་པའི་གསུམ་པ་གཞག །དེ་ལ་གཉིས་པའི་ལྔ་པས་བརྒྱན། །དབྱངས་ཀྱི་གསུམ་པས་སྟེང་ནས་དགབ། །དེ་ལ་དང་པོའི་ལྔ་པ་སྦྱིན། །དེ་འོག་དང་པོའི་གཉིས་པ་གཞག །དྲུག་པའི་གསུམ་པས་འོག་ཏུ་བརྒྱན། །དང་པོའི་གསུམ་པ་དེ་ལ་མཛེས། །དེ་འོག་གཉིས་པའི་གཉིས་པ་གཞག །དེ་ལ་དྲུག་པའི་ལྔ་པ་མཛེས། །དེ་འོག་ལྔ་པའི་དང་པོ་གཞག །དེ་འོག་དྲུག་པའི་གསུམ་པ་གཞག །ལྔ་པའི་གསུམ་པས་འོག་ཏུ་བརྒྱན། །དེ་ལ་བཞི་པའི་གསུམ་པས་མཛེས། །སྙིང་ཁྲག་རྩ་ནས་དེ་ཡིས་འཁྲུག །དེ་འོག་དྲུག་པའི་གསུམ་པ་གཞག །བཞི་ཡི་དང་པོ་ལུས་ལ་མཛེས། །དབྱངས་ཀྱི་ལྔ་པས་གཤམ་དུ་བརྒྱན། །དེ་ལ་ལྔ་པའི་གསུམ་པ་དང་། །བདུན་པ་ཡི་ནི་གསུམ་པ་བསག །དེ་འོག་གཉིས་པའི་དང་པོ་གཞག །དབྱངས་ཀྱི་གསུམ་པའི་དང་པོ་གཞག །དབྱངས་ཀྱི་གསུམ་པས་སྟེང་ནས་དགབ། །དེ་འོག་བཞི་པའི་དང་པོ་གཞག །དེ་འོག་དྲུག་པའི་གསུམ་པ་གཞག །ལྔ་པའི་གསུམ་པས་འོག་ཏུ་བརྒྱན། །གསུམ་པའི་གསུམ་པ་དེ་ལ་མཛེས། །དེ་ཉིད་ཙིཏྟ་གཏུབ་པའོ། །དང་པོར་ལྔ་པའི་ལྔ་པ་གཞག །དེ་ལ་ཡ་ཧས་མཛེས་པར་བྱའོ། །དང་པོའི་གསུམ་དང་བདུན་པ་ཡིས། །གསུམ་པས་དེ་ལ་མཛེས་པར་བྱ། །དབྱངས་ཀྱི་བཅུ་གསུམ་སྟེང་ནས་དགབ། །དེ་འོག་དྲུག་པའི་གསུམ་པ་གཞག །འོག་ཏུ་ལྔ་པའི་ལྔ་པས་བརྒྱན། །དབྱངས་ཀྱི་ལྔ་པས་འོག་ཏུ་བརྒྱན། །དང་པོའི་གསུམ་དང་བདུན་པས་མཛེས། །དེ་འོག་དྲུག་པའི་གསུམ་པ་གཞག །དེ་ལ་ལྔ་པའི་གསུམ་པ་སྦྱིན། །དེ་ལ་བཞི་པའི་གསུམ་པས་མཛེས། །མྱོས་སུ་གཞུག་པའི་དྲག་སྔགས་སོ། །དེ་འོག་བདུན་པའི་གསུམ་པ་གཞག །དེ་ལ་གཉིས་པའི་ལྔ་པས་བརྒྱན། །དེ་ལ་དང་པོའི་ལྔ་པས་མཛེས། །དབྱངས་ཀྱི་བཞི་པས་སྟེང་ནས་དགབ། །དེ་འོག་དང་པོའི་གཉིས་པ་གཞག །དྲུག་པའི་གསུམ་པས་འོག་ཏུ་བརྒྱན། །དེ་ལ་དང་པོའི་གསུམ་པས་མཛེས། །དེ་འོག་དང་པོའི་གཉིས་པ་གཞག །དེ་


DNG023_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

འོག་དྲུག་པའི་བཞི་པ་གཞག །དེ་འོག་དྲུག་པའི་གསུམ་པ་གཞག །དེ་ལ་ལྔ་པའི་གསུམ་པས་བརྒྱན། །དེ་ལ་བཞི་པའི་གསུམ་པས་མཛེས། །སྲོག་དང་བྲལ་བའི་དྲག་སྔགས་སོ། །དེ་འོག་གཉིས་པའི་གཉིས་པ་གཞག །དེ་ལ་དྲུག་པའི་བཞི་པས་མཛེས། །དེ་འོག་ལྔ་པའི་གསུམ་པ་གཞག །དབྱངས་ཀྱི་ལྔ་པས་འོག་ཏུ་བརྒྱན། །དེ་འོག་བདུན་པའི་གསུམ་པ་གཞག །དེ་ལ་དབྱངས་ཀྱི་བཅུ་གཉིས་བརྒྱན། །དེ་འོག་བཞི་པའི་ལྔ་པ་གཞག །དེ་འོག་བདུན་པའི་གསུམ་པ་གཞག །དབྱངས་ཀྱི་གསུམ་པས་སྟེང་ནས་དགབ། །བཞི་པ་ལྔ་པས་དེ་ལ་མཛེས། །དེ་འོག་གསུམ་པའི་གསུམ་པ་གཞག །དབྱངས་ཀྱི་ལྔ་པས་འོག་ཏུ་བརྒྱན། །དེ་འོག་དྲུག་པའི་གསུམ་པ་གཞག །དེ་ལ་ལྔ་པའི་གསུམ་པའི་བརྒྱན། །དེ་ལ་གསུམ་པའི་གསུམ་པས་མཛེས། །ལུས་ཀུན་གཏུབ་པའི་དྲག་སྔགས་སོ། །དེ་འོག་དྲུག་པའི་དང་པོ་གཞག །དབྱངས་ཀྱི་ལྔ་པས་འོག་ཏུ་བརྒྱན། །དེ་ལ་དྲུག་པའི་གསུམ་པ་སྦྱིན། །དེ་འོག་གསུམ་པའི་གཉིས་པ་གཞག །དབྱངས་ཀྱི་དྲུག་པས་འོག་ཏུ་བརྒྱན། །ལྔ་པ་ཡི་ནི་ལྔ་པ་དང་། །བདུན་པའི་གསུམ་པས་བརྩེགས་ལ་མཛེས། །དེ་འོག་བདུན་པའི་གསུམ་པ་གཞག །དྲུག་པའི་གསུམ་པ་འོག་ཏུ་བརྒྱན། །དབྱངས་ཀྱི་བཅུ་གསུམ་སྟེང་ནས་དགབ། །དང་པོའི་གསུམ་པ་དེ་ལ་མཛེས། །དེ་འོག་བཞི་པའི་བཞི་པ་གཞག །དེ་འོག་བཞི་པའི་དང་པོ་གཞག །དེ་འོག་གསུམ་པའི་གསུམ་པ་གཞག །ལྔ་པའི་གསུམ་པས་འོག་ཏུ་བརྒྱན། །དེ་ལ་གསུམ་པའི་གསུམ་པས་མཛེས། །མཚོན་གྱིས་གཏུབ་པའི་དྲག་སྔགས་སོ། །ལྔ་པའི་ལྔ་པ་ལན་གཉིས་བརྗོད། །དྲུག་པ་ཡི་ནི་གསུམ་པ་གཞག །དང་པོ་ཡི་ནི་གསུམ་པ་སྦྱར། །ལྔ་པ་ཡི་ནི་ལྔ་པ་ལ། །དབྱངས་ཡིག་བཅུ་གསུམ་རྒྱན་གྱིས་མཛེས། །ཆེ་གེ་མོ་ཡི་སྙིང་ལ་ནི། །གཉིས་པའི་གསུམ་པ་ལན་གཉིས་བརྗོད། །དེ་ལ་དབྱངས་ཡིག་རྒྱན་གྱིས་བརྒྱན། །དེ་འོག་


DNG023_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པའི་ལྔ་པ་ལ། །དང་པོ་ཡི་ནི་གསུམ་པ་སྦྱར། །ལྔ་པ་ཡི་ནི་ལྔ་པ་ལ། །དབྱངས་ཡིག་བཅུ་གསུམ་རྒྱན་གྱིས་མཛེས། །བདུན་པ་ཡི་ནི་བཞི་པ་ལ། །དྲུག་པ་ཡི་ནི་གསུམ་སྦྱར་གཉིས། །བདུན་པའི་བཞི་པའི་འོག་མ་ལ། །དབྱངས་ཡིག་ལྔ་ཡི་རྒྱན་གྱིས་བརྒྱན། །ལྔ་པའི་ལྔ་དང་བདུན་པའི་བཞི། །དྲུག་པའི་བཞི་ལ་སོ་སོར་གཞག །ཆོ་ཆོ་ཞེས་ནི་རྦད་པར་བྱ། །དེ་འོག་དབྱངས་ཡིག་ལྔ་པ་དང་། །དྲུག་པ་ཡི་ནི་གསུམ་པར་སྦྱར། །དང་པོའི་དང་པོ་དེ་མཐའ་གཞག །དེ་འོག་ལྔ་པའི་ལྔ་པ་དང་། །དྲུག་པའི་གསུམ་པ་སོ་སོར་གཞག ། དང་པོའི་གཉིས་པ་ལན་གཉིས་དང་། །བདུན་པའི་བཞི་པ་ལན་གཉིས་བརྗོད། །བཞི་པའི་དང་པོ་ལན་གསུམ་གཞག །དྲུག་པའི་གཉིས་པས་དང་པོར་བརྒྱན། །ཐ་མ་དབྱངས་ཡིག་གསུམ་པས་བརྒྱན། །གཉིས་པ་ཡི་ནི་གསུམ་པ་ལ། །དབྱངས་ཡིག་གཉིས་པའི་རྒྱན་གྱིས་མཛེས། །ལན་གཉིས་དག་ཏུ་བརྗོད་པར་བྱ། །དེ་རྗེས་མིང་སྨོས་སྙིང་ལ་བྷྱོ། །འདི་ནི་བརྗོད་པའི་སྙིང་པོ་ཡིས། །འབུམ་ཕྲག་གསུམ་གྱིས་འགྲུབ་པར་འགྱུར། །དྲུག་པ་ཡི་ནི་གསུམ་པ་ལ། །དབྱངས་ཡིག་བཅུ་གཅིག་རྒྱན་དང་ལྡན། །དེ་འོག་ལྔ་པའི་ལྔ་པ་གཞག །བཞི་པའི་དང་པོ་དབྱངས་གསུམ་བརྒྱན། །ལྔ་པ་ཡི་ནི་དང་པོ་ལ། །བདུན་པ་ཡི་ནི་དང་པོ་ལ། །གཉིས་པ་ཡི་ནི་དང་པོ་གསུམ། །རིམ་བཞིན་སོ་སོར་གཞག་པ་ནི། །ལན་གཉིས་དག་ཏུ་བརྗོད་པར་བྱ། །དེ་འོག་ལྔ་པའི་དང་པོ་དང་། །དྲུག་པ་བཞི་པ་སོ་སོར་གཞག །གཉིས་པ་ཡི་ནི་གསུམ་པ་ལ། །དབྱངས་ཡིག་གཉིས་པའི་རྒྱན་གྱིས་མཛེས། །ལག་གཉིས་དག་ཏུ་བརྗོད་པར་བྱ། །བཞི་པ་ཡི་ནི་གསུམ་པ་ལ། །དབྱངས་ཡིག་ལྔ་པའི་རྒྱན་ལྡན་ཞིང་། །བཞི་པའི་ལྔ་པ་དེ་རུ་སྦྱར། །དེ་ཉིད་ལན་གཉིས་བརྗོད་པར་བྱ། །དྲུག་པ་ཡི་ནི་གསུམ་པ་དང་། །དང་པོ་ཡི་ནི་གསུམ་པར་སྦྱར། །དེ་འོག་བདུན་པའི་དང་པོ་གཞག །དེ་དག་ལན་གཉིས་བརྗོད་པར་བྱ། །དེ་འོག་ལྔ་པའི་ལྔ་པ་ལ། །དབྱངས་


DNG023_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་རྒྱན་གྱིས་འོག་ཏུ་ལེགས། །བཞི་པ་ཡི་ནི་དང་པོ་ལ། །དྲུག་པ་ཡི་ནི་རྒྱན་གྱིས་མཛེས། །དྲུག་པའི་གསུམ་དང་བཞི་པ་ལ། །དབྱངས་ལྔའི་རྒྱན་གྱིས་འོག་ཏུ་སྤྲས། །དེ་དག་ལན་གཉིས་བརྗོད་པར་བྱའོ། །ལྔ་པ་ཡི་ནི་བཞི་པ་ལ། །དབྱངས་ཡིག་བཅུ་གསུམ་རྒྱན་གྱིས་མཛེས། །འདི་ནི་སྙིང་པོ་གསང་སྔགས་ཏེ། །དེ་རྗེས་མིང་སྨོས་རལ་གྲི་མེ། །འཐོར་བྱེད་རླུང་གི་ས་བོན་རྗེ། །གསོད་བྱེད་ཡི་གེ་ཕཊ་གཉིས་བརྗོད། །འབུམ་ཕྲག་གཅིག་གིས་གསོད་པར་ངེས། །བཞི་པའི་དང་པོ་གྲུ་གསུམ་སྒྲ། །དེ་རུ་དང་པོའི་གསུམ་པ་གཞག །གྲུ་གསུམ་དང་པོ་གསུམ་སྦྱར་ཞེས། །བདུན་པའི་དང་པོ་གཞག་པར་བྱ། །དེ་རྗེས་ལྔ་པའི་ལྔ་པ་གཞག །དེ་རྗེས་དབྱངས་ཡིག་དབྱངས་གསུམ་བརྒྱན། །བཞི་གསུམ་དབྱངས་གསུམ་ལྔ་པའི་བརྒྱན། །དེ་ལ་བཞི་པའི་ལྔ་པ་སྦྱིན། །ལྔ་པ་ཡི་ནི་བཞི་པ་ལ། །དབྱངས་ཡིག་བཅུ་གསུམ་རྒྱན་གྱིས་མཛེས། །འོག་ནས་དྲུག་པའི་དང་པོས་བརྒྱན། །དེ་འོག་ལྔ་པའི་ལྔ་པ་གཞག །དེ་འོག་བདུན་པའི་བཞི་པའོ། །དེ་འོག་དྲུག་པའི་དང་པོ་ལ། །དང་པོའི་གསུམ་པ་སྦྱར་བས་མཛེས། །བདུན་པའི་དང་པོ་གཞག་པར་བྱ། །བཞི་པའི་དང་པོ་དབྱངས་གསུམ་བརྒྱན། །དེ་ལ་དང་པོའི་གསུམ་པ་སྦྱར། །བདུན་པ་ཡི་ནི་གཉིས་པ་ལ། །བཞི་པ་ཡི་ནི་ལྔ་པས་བརྒྱན། །བཞི་པའི་ལྔ་པ་དེ་ཉིད་ལ། །དང་པོ་ཡི་ནི་གསུམ་པ་སྦྱར། །ལྔ་པ་ཡི་ནི་ལྔ་པ་ལ། །དབྱངས་ཡིག་བཅུ་གསུམ་རྒྱན་གྱིས་མཛེས། །བཞི་གསུམ་དབྱངས་ཡིག་ལྔ་ཡིས་བརྒྱན། །དེ་ལ་བཞི་པའི་ལྔ་པ་སྦྱིན། །ལྔ་པ་ཡི་ནི་བཞི་པ་ལ། །འོག་ཏུ་དྲུག་པ་དང་པོ་སྦྱིན། །དབྱངས་ཡིག་བཅུ་གསུམ་རྒྱན་ལྡན་པའོ། །འདི་ནི་རྒྱུད་ཀྱི་སྙིང་པོ་སྟེ། །རྟག་པར་བཟླས་ཤིང་གཏོར་མ་སྦྱིན། །དཔལ་ལྷ་མོ་ཙིཏྟ་གསང་བའི་སྲོག་རྐྱལ་བུའི་རྒྱུད་ལས། སྙིང་པོ་སྔགས་ཀྱི་བཏུ་ཐབས་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས། སྒྲུབ་པའི་དཀྱིལ་འཁོར་འདི་གསུངས་སོ། །མནྜལ་གྲུ་བཞི་ལྡན་པ་ལ། །ཚོན་རྩི་སེར་པོས་བརྒྱན་


DNG023_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚུལ། །དེ་ཡི་དཀྱིལ་འཁོར་གྲུ་གསུམ་ནི། །དུར་ཁྲོད་སོལ་བས་ནག་པོར་བྱུག །དྲག་པོའི་དཀྱིལ་འཁོར་ཞེས་སུ་འདོད། །དེ་ཡི་དཀྱིལ་དུ་ཟླུམ་པོ་ནི། །མུ་ཁྱུད་ཞི་བའི་ཚུལ་དུ་དཀར། །དེ་ཡི་དཀྱིལ་དུ་གྲུ་གསུམ་ནི། །ནག་པོ་ཆོས་ཀྱི་དབྱིངས་ཀྱི་རྟགས། །ཟླ་གམ་རྣམ་གསུམ་དབང་གི་རྟགས། །དེ་ཡི་བསྒྲུབ་རྫས་བཤད་བྱ་བ། །རྗེ་རིགས་བྷནྡྷ་མཚན་ལྡན་ཞིང་། །ལྕང་ལོ་ཅན་དུ་གསོག་པ་ནི། །བདུད་རྩི་རཀྟ་གི་ཧང་དང་། །ག་པུར་ཤ་ཆེན་ཚིལ་ཆེན་དང་། །ནལ་བུའི་སྙིང་དང་འབྲས་བུ་དང་། །ཛ་གད་ཕུད་ཀྱིས་བསྐང་ལ་གཞག །དེ་དང་འདྲ་བའི་བྷནྡྷ་ལ། །ལྷ་མོའི་སྙིང་པོས་བརྒྱན་བྱས་ཏེ། །དཀྱིལ་འཁོར་དབུས་སུ་ཁ་སྤྲད་དེ། །རྟགས་དང་མཚན་མ་བྱུང་བ་དང་། །དངོས་གྲུབ་བླང་ཞིང་དམ་ཚིག་བསྲེ། །ཤ་ཆེན་སྤོས་དང་ཚིལ་ཆེན་མེ། །དུག་ལས་བྱུང་བའི་མེ་ཏོག་དང་། །རཀྟའི་གསང་ནན་ཕུད་དང་བཅས། །ཐོད་པ་ལྟག་སྤྲོད་རྔ་ཆེན་སྒྲ། །བྷནྡྷའི་ཆ་ལང་རྐང་གི་དུང་། །ཤུན་ཆེན་རྒྱལ་མཚན་དར་ནག་གདུགས། །མི་རོའི་ལག་པའི་གཡབ་མོར་བཅས། །བསྒྲུབ་པའི་རྫས་སུ་བསག་པར་བྱ། །དཔལ་ལྷ་མོ་ཙིཏྟ་གསང་བའི་སྲོག་རྐྱལ་བུའི་རྒྱུད་ལས། བསྒྲུབ་པའི་དཀྱིལ་འཁོར་བྲི་ཞིང་རྫས་དགོད་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ལས་ཀྱི་དཀྱིལ་འཁོར་བཅའ་གཞི་དང་། དུར་ཁྲོད་ཀྱི་རྫས་གསོག་པ་འདི་གསུངས་སོ། །གྲུ་གསུམ་སུམ་བརྩེགས་ནང་དུ་བྲུ། །ཆོས་བཟངས་ལྟ་བུའི་བང་རིམ་གྱི། །ནང་དུ་དུར་ཁྲོད་སོལ་བས་བྱུག །ཟླ་གམ་རྣམ་གསུམ་དམར་པོར་བྱ། །མུ་ཁྱུད་དཀར་པོ་གྲུ་བཞི་སེར། །མཐའ་མ་མེ་ཡི་ཕྲེང་བར་བཅས། །གྲུ་གསུམ་བང་རིམ་དང་པོ་ལ། །ཐོད་པ་ཡི་ནི་ཕྲེང་བ་བཏགས། །གཉིས་པར་རལ་གྲི་གསུམ་པར་མདའ། །བྱིན་གྱིས་བརླབ་ཅིང་དགོད་པར་བྱ། །ནང་དུ་ཡུགས་སའི་ཞབས་མ་གདིང་། །དྲི་མ་དྲུག་ལ་དམིགས་པའི་གཟུགས། །མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས། །ཚ་བ་གསུམ་གྱི་ཁུ་བས་བྱུག །མིང་


DNG023_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

དང་རུས་བཅས་ནང་དུ་གཞུག །ཐོད་པ་རབ་ཏུ་མཚན་ངན་པར། །ར་དང་རྟ་དང་ཁྱི་ཡི་ཁྲག །ཕག་གི་ཁྲག་དང་སྤྱང་དུག་བླུག །ལྕགས་ཕུར་དུག་གིས་བྱུགས་པ་བདུན། །རྩེ་མོ་གནམ་བསྟན་ནང་དུ་གཟུག །མེ་འབར་རྟགས་བྱུང་ཕུར་བུས་གདབ། །རྦད་པའི་སྔགས་ཀྱིས་བསྒྲུབ་པར་བྱའོ། །གཞན་ཡང་དམ་རྫས་ཚང་བ་ཡི། །གཏོར་མ་ཟླ་གམ་གཅིག་ལ་གཞག །དུག་དང་ལན་ཚྭ་སྐྱེ་ཚེ་གསུམ། །ཆང་དང་མར་ནག་དྷ་དུ་ར། །རིམས་ནད་དག་གིས་བཏབ་པའི་ཁྲག །ཐལ་ཆེན་ཁྲག་དང་ཐོད་པར་སྦྱར། །ཟླ་གམ་གཅིག་ལ་གཞག་པར་བྱ། །དཔལ་ལྷ་མོ་ཙིཏྟ་གསང་བའི་སྲོག་རྐྱལ་བུའི་རྒྱུད་ལས། རྫས་བསག་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཕུར་པ་བཏབ་ལ་མཚོན་གྱིས་གཏུབ་ཅིང་སྦྱིན་བསྲེག་བྱ་བ་དང་། ཐུན་ཟོར་འཕང་བ་དང་། གནན་པའི་ལས་འདི་གསུངས་སོ། །ལས་ཀྱི་དཀྱིལ་འཁོར་རྫས་རྣམས་ལ། །རྦད་པའི་སྔགས་ཀྱིས་བསྣུན་ཅིང་བསྐུལ། །མེ་འབར་རྟགས་མཐོང་ཕུར་པས་གདབ། །བཛྲ་ཀུ་རུ་ན་རྦད། སྙིང་ཁྲག་ཚལ་པ་རྦད། གཏུབས་ཙིཏྟ་རྦད། མྱགས་རྨུགས་རྦད། སྙིང་ཁྲག་ཁ་ལ་རྦད། ཚལ་བུས་སིན་དུ་རྦད། ཧུར་ཐུམས་སྲོག་ལ་ཡ་རྦད། དེ་ནས་མཚོན་གྱིས་གཏུབ་པར་བྱ། །ལས་ཀྱི་དཀྱིལ་འཁོར་དབུས་ཉིད་དུ། །དུག་ཤིང་གདུག་པའི་ཤིང་བུ་ལ། །རིགས་ངན་ཁྱིམ་ནས་བླངས་པའི་མེས། །སྤར་ལ་ལིངྒ་སྲེག་པ་ནི། །དུར་ཁྲོད་ཤིང་ལ་ཡམ་ཤིང་ནི། །ཟུར་གསུམ་ལོགས་ལ་ཁྲག་ཆེན་པོས། །མིང་རུས་བྲིས་པ་རེ་རེ་དང་། །ལིངྒ་དུམ་བུ་རེ་རེ་དང་། །དུག་དང་སྐྱེ་ཚེ་ལ་སོགས་རྫས། །སྤགས་ཤིང་སྲེག་པའི་ལས་བྱས་ན། །མྱུར་དུ་རིམས་ཀྱིས་འདེབས་པར་འགྱུར། །མ་མ་སརྦ་ཤ་ཏྲུཾ་མཱ་ར་ཡ། ཨ་མུ་ཀཾ། ད་ཧ་ད་ཧ། པ་ཙ་པ་ཙ་བྷ་ཀུ་རུ། ཧཱུཾ་ཧཱུཾ། ཕཊ་ཕཊ། སྭཱ་ཧཱ། བརྒྱ་རྩ་


DNG023_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ཀྱིས་འགྲུབ་པར་འགྱུར། །དེ་ནས་བསྲེགས་པའི་ཐལ་བ་དང་། །མིང་བྱང་ལྷན་ཅིག་ཞབས་མས་གྲིལ། །དུར་ཁྲོད་དབུས་སུ་གནན་ཅིང་གཏད། །མཚན་ངན་བྷནྡྷའི་ཁྲག་དུག་དང་། །ཐུན་སྔགས་བཟླས་ཤིང་ཟོར་དུ་འཕང་། །རག་མོ་ཐང་མུ་ལེ་ཐང་། མུ་ལེ་རྦད། རྩ་ཐང་རྩ་ཐང་། མུ་ལེ་རྦད་རྦད། མུཾ་སྣི་མུཾ་སྣི་ནན་ན་ཎ། རག་མོ་ནི་རིག་མོ་ནི་ཁ་ལོ་རྦད་རྦད། དུག་སྣི་རྦད་རྦད་རྦད། ཁྱི་ཁ་ལོ་ཁྱི་ཁ་ལོ་རྦད་རྦད། ཙིཏྟ་ཙིཏྟ་རྦད་རྦད། ནི་རྟི་ནི་རྟི། མུགས་མུགས། ཐུམ་ཐུམ་སུམ་ཏྲི་ཧ་རྦད། ཐུམ་ཐུམ་རྦད། མོག་མོག་རྦད། ཆེ་གེ་མོ་ལིང་རྦད། ས་མ་ཡ་ཛ་ཛ་ཞེས་པས་ཐུན་འཕང་། གྲངས་ནི་སྟོང་རྩ་བརྒྱད་དོ། །དཔལ་ལྷ་མོ་ཙིཏྟ་གསང་བའི་སྲོག་རྐྱལ་བུའི་རྒྱུད་ལས། དྲག་པོ་སྒྲུབ་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་སེར་བ་དབབ་པའི་ལས་འདི་གསུངས་སོ། །ཤ་སྣ་ཁྲག་སྣ་སྙིང་སྣ་དང་། །ནལ་བུའི་སྙིང་དང་ལོ་ཟླའི་མིང་། །ནལ་བུའི་ཐོད་པར་སྔགས་ཀྱིས་གྲུབ། །མ་མ་རུ་ལུ་རུ་ལུ་ས་མ་ཡ་སྟྭཾ། ཛ་ལང་དུམ་དུ། ཨ་ཀ་ཤ་ཡ། ཏྲག་རཀྴ་ཕྲོམ། སུམ་འབུམ་རྫོགས་དང་ལས་ལ་སྦྱོར། །གཏོར་མ་གཏང་ཞིང་སྔགས་ཀྱིས་བསྐུལ། །ཐུན་རྫས་གསུམ་དུ་བགོས་ནས་སུ། །གཅིག་ནི་ཡུལ་སའི་རྟེན་ལ་གནན། །གཅིག་ནི་ཐབས་བྱ་ཟོར་དུ་འཕང་། །གཅིག་ནི་ཕྱིས་ཀྱི་གཏའ་དམར་གཞུག །དྲག་པོ་རྒྱུ་བའི་དུས་ཆེན་ལ། །ཤུན་ཆེན་བརྡབ་ཅིང་འོ་དོད་འབོད། །དེས་ནི་ལས་རྣམས་ཆུད་མི་ཟའོ། །ཞེས་གསུངས་པ་དང་། འཁོར་ཐམས་ཅད་རབ་ཏུ་དགའ་ནས། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །དཔལ་ལྷ་མོ་ཙིཏྟ་གསང་བའི་སྲོག་རྐྱལ་བུའི་རྒྱུད་ལས། སེར་བ་དབབ་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ལྷ་མོའི་ཕྲིན་ལས་འདི་གསུངས་སོ། །སྣང་མེད་དབྱིངས་ཀྱི་རང་བཞིན་ནི། །དམིགས་མེད་དབྱིངས་ཀྱི་ངང་དུ་གསལ། །


DNG023_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་གདལ་འོད་ཆེན་རྫོགས་པར་ལྡན། །མ་ཧཱ་ཤཱུ་ནྱ་ཏཱ་མཎྜལ་ཧཱུཾ། རིག་པ་ཡེ་ཤེས་བདེ་ཆེན་མཁའ། །ཀུན་སྣང་སྣང་སྲིད་ཁྱབ་པར་གསལ། །གཉིས་མེད་ལྷུན་གྱིས་གྲུབ་པའི་མཆོག །དྷརྨ་དྷཱ་ཏུ་མཎྜལ་ཧཱུཾ། གཉིས་སུ་མེད་པའི་མཁའ་དབྱིངས་ལས། །བྱང་ཆུབ་སེམས་ཀྱི་སྤྲིན་ཚོགས་གཏིབས། །བདེ་མཆོག་ཡིད་བཞིན་ཆར་དུ་འབེབས། །ཐམས་ཅད་མ་ལུས་བསྐྱེད་པའི་རྒྱུ། །ཏྲཱཾཿ། རིན་ཆེན་འབར་བའི་འོད་ཟེར་ལས། །དབང་ཆེན་དཀྱིལ་འཁོར་འབྱུང་བའི་རྒྱུ། །ཨེ་ཡཾ་རཾ་སུཾ་ལཾ་བྷྲཱུཾ། གྲུ་གསུམ་མཐིང་ནག་འབར་བའི་ནམ་མཁའ་ལ། །འཐོར་བྱེད་རླུང་ནག་ཚོགས་ནི་རྒྱ་གྲམ་གཏམས། །ཆགས་པ་རཀྟའི་ཚོགས་ནི་རྦ་ཀློང་འཁྱིལ། །ཞིང་ཆེན་གཏམས་པའི་ཚོགས་ནི་མཐའ་དབུས་བརྡལ། །ཀེང་རུས་འབར་བའི་རི་རབ་མི་བཟད་པ། །དེ་སྟེང་རྡོ་རྗེ་རྒྱ་གྲམ་གཅལ་བཀྲམ་སྟེ། །སྣ་ཚོགས་དག་པའི་སྣང་བ་འདི་བརྗོད་དོ། །བྷྲཱུཾ་བྷནྡྷ་ཙཀྲ་ཧ་ལ་ཧ་ལ་ཧཱུཾ། མི་བཟད་མཐིང་ནག་འབར་བའི་གཞལ་ཡས་ནི། །ཆུ་སྲིན་བྱེ་བ་ས་ཡའི་ཐོད་པ་ལ། །མི་བཟད་དུར་ཁྲོད་འབར་བའི་རྩིག་རྨང་བྱས། །ཐོད་སྐམ་དགུ་ཡི་རྩིག་པ་མཁར་དུ་བརྩིག །གནམ་ལྕགས་ཨུ་རྨོ་འབར་བའི་གཟེར་གྱིས་བཏབ། །རིན་ཆེན་མཆོག་གིས་ཟུར་བཞི་མཛེས་པར་བརྒྱན། །གཡུ་འོད་སྔོན་པོ་འབར་བའི་ཁ་བད་ཅན། །མུ་ཁྱུད་གནམ་ལྕགས་འབར་བའི་རི་ཡིས་བསྐོར། །སུམ་པ་སུམ་པ་བྷནྡྷ་རཀྴ་ཏི་ར་བཾ། །མཐིང་ནག་འབར་བའི་དཀྱིལ་འཁོར་ན། །ཞིང་ཆེན་ཞིང་ཆུང་གཅལ་དུ་བཀྲམ། །མཆོག་ཆེན་མཆོག་ཕྲན་གདན་ཏུ་བཏིང་། །ཐེ་བྲང་དགུ་བརྒྱའི་གབ་ཙེ་ལ། །ལྷ་སྲིན་ཀུན་ཀྱང་གདན་དུ་བཏིང་། །ནྲྀ་སྡི་ར་བཾ། ཡཀྵ་སྡི་ར་བཾ། རཀྴ་སྡི་ར་བཾ། དེ་བ་ཏི་ར་བཾ། རུ་དྲ་མཎྜ་ལ་ཧཱུཾ། དཔལ་ལྷ་མོ་ཙིཏྟ་གསང་བའི་སྲོག་རྐྱལ་བུའི་རྒྱུད་ལས། གཞལ་ཡས་ཁང་གདན་དང་བཅས་པ་བསྒོམ་པའི་


DNG023_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

ལེའུ་སྟེ་བཅུ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ལྷ་མོ་སྐུ་བསྐྱེད་ཅིང་སྤྱན་དྲང་བ་འདི་གསུངས་སོ། །ཨོཾ་ནག་མོ་ཏི་ལིང་མ་མ་དུན་ཏིང་བྷྱོ། ཧཱུཾ་བྷྱོ། ཡི་གེ་མ་ལས་བསྐྱེད་པའི་ལྷ་མོ་ནི། །མཐིང་ནག་ཞལ་གཅིག་ཕྱག་བཞི་སྲིན་མོའི་ཚུལ། །རལ་པའི་ཐོར་ཚུགས་གསེར་དང་བྱེ་རུས་བརྒྱན། །དུས་བཞིའི་མ་མོ་བཞི་ལ་སྐུ་ལས་འཆར། །ཞིང་ཆེན་གཡང་གཞི་སྟག་ལྤགས་སྦྲུལ་གྱིས་བརྒྱན། །འཁོར་དུ་མི་བཟད་ནག་མོ་སྟོང་གིས་བསྐོར། །མཐིང་ནག་དྲེའུ་ཞོན་འཇིགས་པའི་སྐུ་མདོག་གསལ། །ཧཱུཾ་བྷྱོ། དུར་ཁྲོད་གསང་བ་དབྱིངས་ཀྱི་དཀྱིལ་འཁོར་ནས། །ལྷ་མོ་ཆེན་མོ་མཐུ་མོ་ཆེ། །དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་སྤྱོན་འཁོར་དང་བཅས། །རྣལ་འབྱོར་དམ་ལ་གདུང་བའི་ཚེ། །མཆི་མ་ཐུལ་ཐུལ་ད་ཚུར་སྤྱོན། །ཉི་མ་བྱང་ཤར་ཕ་ཀི་ན། །བྲག་དང་ཆུ་འཐབས་མར་འདས་ན། །མཚོ་མུ་ལེ་གཏིང་གི་ནང་ཤེད་ནས། །མ་གཅིག་དཔལ་ལྡན་རེ་མ་ཏི། །ནག་མོ་སྟོང་གི་འཁོར་དང་བཅས། །ཐུགས་དམ་དབང་གིས་སྤྱན་འདྲེན་ན། །སྒྲུབ་མཆོག་བསྐྱབ་ཕྱིར་གཤེགས་སུ་གསོལ། །སྔོན་ཚེ་དཔལ་ཆེན་ཧེ་རུ་ཀའི། །སྤྱན་སྔར་ཇི་ལྟར་དམ་བཅས་པ། །མ་རུ་ཙེ་ཡི་སྒོ་འགྲམ་དུ། །ཁས་བླངས་དམ་བཅས་བདག་བསྐུལ་གྱིས། །དམ་ཚིག་བཞིན་དུ་གཤེགས་སུ་གསོལ། །ཨོཾ་ནག་མོ་ཏིང་ལ་མ་མ་དུན་བྷྱོ་ཛཿཧཱུཾ་བཾ་ཧོཿ། ནག་མོ་དུན་བྷྱོ། དཔལ་ལྷ་མོ་ཙིཏྟ་སྲོག་རྐྱལ་བུའི་རྒྱུད་ལས། སྐུ་བསྐྱེད་པ་སྤྱན་དྲང་བའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས། ལྷ་མོ་ནག་མོ་ལ་ཕྱག་འཚལ་ཞིང་བརྟན་པར་བཞུགས་པ་འདི་གསུངས་སོ། །མི་མངོན་མཁའ་དབྱིངས་དག་པ་ནས། །ཡང་དག་སྐུ་གཅིག་བྱུང་བ་ནི། །སྐུ་གཅིག་


DNG023_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལས་སྤྲུལ་པ་དྲུག །སྤྲུལ་དྲུག་མ་ལ་བཀའ་ཉན་སྟོང་། །བཀའ་ཉན་རེ་ལ་ཕྱག་བརྙན་འབུམ། །སྣང་སྲིད་བདག་ལ་ཕྱག་འཚལ་ལོ། །དེ་ཕྱིར་ཞིང་ཀུན་དྲོད་འབེབས་ན། །འཚུབ་མ་ཀུན་གྱི་སྣ་འདྲེན་ཅིང་། །ཆུ་བོ་ཀུན་གྱི་གཞུང་བྱེད་མ། །ནག་མོ་གཙོ་ལ་ཕྱག་འཚལ་ལོ། །དབྱར་ཞིང་ནམ་མཁའི་ཁམས་ནས་རྒྱུ། །འབྲུག་དང་གློག་གི་བདག་མོ་མཛད། །ཐོག་དང་བུ་ཡུག་འབེབས་མཛད་མ། །གློག་མ་སྲིན་ལ་ཕྱག་འཚལ་ལོ། །སྟོན་ཞིང་འབྲས་བུ་སྨིན་མཛད་ཅིང་། །སྤང་པོ་དེ་ནི་ཁ་སེར་ལ། །འབྲས་བུ་ལོ་ཐོག་བཅུད་ལེན་མ། །མི་རྣམས་ཀུན་གྱི་དཔལ་འཕྲོག་མ། །ཀློང་དགུ་མ་ལ་ཕྱག་འཚལ་ལོ། །དགུན་ཞིང་རྒྱ་མཚོའི་གཏིང་ན་བཞུགས། །ཁམས་གསུམ་ཀུན་ལ་རྒྱས་འདེབས་མ། །ཀླུ་བྲན་ཀུན་གྱི་དགྱེས་སྡེ་མོ། །གློག་འགྱུ་མ་ལ་ཕྱག་འཚལ་ལོ། །རག་མོ་རག་མོ་མ་དུནྟིང་ན་མ་ཧཱ་ཡ་ཧི། དཔལ་ལྡན་ལྷ་མོ་རེ་མ་ཏི། །མི་བཟད་ནག་མོ་འཁོར་དང་བཅས། །བྱང་ཤར་མཚམས་ནས་སྤྱན་འདྲེན་གྱིས། །ཕྲིན་ལས་མཛད་ཅིང་བརྟན་པར་བཞུགས། །རཀྴ་མ་ཧི་ཀུ་ལ་པདྨ་ས་མ་ཡ་ཏིཥྛ་ལྷན། དཔལ་ལྷ་མོ་ཙིཏྟ་གསང་བའི་སྲོག་ལས་ཀྱི་རྐྱལ་བུའི་རྒྱུད་ལས། ཕྱག་འཚལ་བ་དང་། བརྟན་པར་བཞུགས་སུ་གསོལ་བའི་ལེའུ་སྟེ་བཅུ་གཉིས་པའོ།། །།ཡང་བཅོམ་ལྡན་འདས་ཀྱིས་དཔལ་ལྷ་མོ་ལ། གར་དང་ཐུགས་དམ་བསྐང་བའི་ལས་འདི་གསུངས་སོ། །གཡས་གཡོན་ཐབས་དང་ཤེས་རབ་སྟེ། །ལྷ་མོ་ཉིད་ཀྱི་ཕྱག་རྒྱ་ནི། །ཞལ་གཅིག་ཕྱག་བཞི་འཇིགས་པའི་གཟུགས། །གཡས་གཉིས་ཁ་ཊྭཱཾ་ཕུར་བུས་འདེབས། །གཡོན་གཉིས་མེ་ལོང་སྦྲུལ་ཞགས་བསྣམས། །ཕྱག་རྒྱ་གར་གྱི་མཆོད་པ་བཞེས། །དགྲ་བགེགས་དབང་


DNG023_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

སྡུད་དམ་སྐོང་ཕྲིན་ལས་མཛོད། །མ་མོ་སྟོང་གི་ཕྱག་རྒྱ་ནི། །ཀུན་ཀྱང་མི་བཟད་ནག་མོའི་ཚོགས། །གཡས་པ་ཁྲག་གི་ཟོར་འཕེན་ཅིང་། །གཡོན་པ་ཞིང་གི་གཡབ་མོ་ཐོགས། །ཕྱག་རྒྱ་གར་གྱི་མཆོད་པ་བཞེས། །དགྲ་བགེགས་དབང་སྡུད་ཐུགས་དམ་དངོས་གྲུབ་སྩོལ། །རག་མོ་མ་ཧཱ་མུ་དྲ་ཧོ། རང་བྱུང་གདོད་ནས་དག་པའི་དམ་རྫས་ལྔ། །གདོད་ནས་དག་པའི་དམ་རྫས་བདུད་རྩི་མཆོག །རྩ་བ་བརྒྱད་ལ་ལོ་མ་སྟོང་། །སངས་རྒྱས་སྟོང་གི་དངོས་གྲུབ་ལེན། །དམར་ཆེན་མཚོ་དང་མཱཾ་ས་དྲི། །ག་པུར་ཤེལ་གྱི་སྤོས་ཕོར་དྲི། །སངས་རྒྱས་སྟོང་གི་ཐུགས་དམ་སྟེ། །རྣལ་འབྱོར་ཡོངས་ཀྱི་དམ་ཚིག་གོ། །དམ་ཚིག་སྦྱིན་པ་ཆེན་པོ་འདི། །སྦྱིན་ནོ་བསྟབ་པོ་གསོལ་ལོ་བསྐུལ། །གདུང་བའི་ལྷ་མོ་མཐུ་མོ་ཆེ། །དུས་ལ་རུབ་ཅིང་དམ་ལ་འཕྲེང་། །དབང་ཕྱུག་ཆེན་པོ་ཀུན་གྱི་སྲིང་། །རྣལ་འབྱོར་ཡོངས་ཀྱི་མ་གཅིག་མ། །མཚན་བཟང་ནག་མོ་རེ་མ་ཏི། །རྣམ་དག་བདུད་རྩི་དམ་རྫས་མཆོད་པ་འབུལ། །ཐུགས་རྗེ་ཆེ་དགོངས་དབང་དང་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། དམ་རྫས་བདུད་རྩི་འབར་བའི་མཆོད་པ་འདི། །མ་ཚོགས་ནག་མོ་སྟོང་གི་འཁོར་བཅས་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེ་ཆེ་དགོངས་དབང་དང་དངོས་གྲུབ་སྩོལ། །རྡོ་རྗེ་དྲི་ཆུ་བདུད་རྩི་མཆོག །པཉྩ་ཨ་མྲྀ་ཏ་དང་སྦྱར། །དམ་ཚིག་སྙིང་གི་ཁྲག་ཆེན་པོ། །བསྲེ་བའི་མཆོག་སྟེ་སྲོག་གི་སྙིང་། །སྙིང་དང་སྙིང་གི་གྲོགས་མོར་བྱའོ། །མ་ཧཱ་ཀུ་རུ་ས་མ་ཡ། མ་ཧཱ་པཉྩ་ས་མ་ཡ། མ་ཧཱ་ཨ་མྲྀ་ཏ་ས་མ་ཡ། དཔལ་ལྷ་མོ་ཙིཏྟ་གསང་བའི་སྲོག་རྐྱལ་བུའི་རྒྱུད་ལས། གར་དང་ཐུགས་དམ་བསྐང་བའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་


DNG023_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྷ་མོ་ལ་དུག་གསུམ་ཤ་ཁྲག་གི་མཆོད་པ་འདི་གསུངས་སོ། །མཐིང་ནག་འཇིགས་པའི་རྒྱལ་མོ་གཤེགས་སུ་གསོལ། །ནག་མོ་མི་བཟད་རྒྱལ་མོ་གཤེགས་སུ་གསོལ། །ཕྱག་བརྙན་གྲུབ་འཛིན་རྒྱལ་མོ་གཤེགས་སུ་གསོལ། །མདོག་བཟང་ནག་མོ་མཐུ་ཆེན་རྒྱལ་མོ་གཤེགས་སུ་གསོལ། །ཨེ་ཧྱེ་ཧི་ཚུར་གཤེགས་འཁོར་དང་བཅས། །ཛཿཧཱུཾ་བཾ་ཧོཿསྤྱན་འདྲེན་གཤེགས་སུ་གསོལ། །མ་གཅིག་ཆེན་མོ་འདིར་སྤྱོན་ཤ་ལ་སྤྱོན། །དགྲ་བགེགས་འབྱུང་པོའི་ཤ་འདི་ཟན་བས་ཞིམ། །མ་གཅིག་ཆེན་མོ་འདིར་སྤྱོན་ཁྲག་ལ་སྤྱོན། །དགྲ་བགེགས་འབྱུང་པོའི་ཁྲག་འདི་ཆང་བས་ཞིམ། །མ་གཅིག་ཆེན་མོ་འདིར་སྤྱོན་རུས་ལ་སྤྱོན། །དགྲ་བགེགས་འབྱུང་པོའི་རུས་པ་མར་བས་ཞིམ། །འབྱུང་པོའི་ཤ་ཁྲག་རུས་པ་འདི་གསོལ་ལ། །བདག་གིས་མངགས་པའི་ལས་འདི་མཐར་ཕྱུང་ཞིག །གསུར་ཆེན་ཤ་ལ་རོལ་ཏེ་གཤེགས་སུ་གསོལ། །དམར་ཆེན་ཁྲག་ལ་རོལ་ཏེ་མཆོད་པར་བཞེས། །རུས་ཆེན་རྐང་ལ་རོལ་ཏེ་མཆོད་པར་བཞེས། །ཤ་རུས་དམ་རྫས་བདུད་རྩི་འདི་གསོལ་ལ། །བདག་གིས་མངགས་པའི་ལས་འདི་གྲུབ་པར་མཛོད། །ད་ནི་བུ་གཅིག་སྤུ་གུ་མ་ཉམས་སེམས། །འབྲས་བུ་མི་དབང་སྨིན་པའི་མཚལ་ཐིག་འདི། །མ་ལ་འབུལ་ལོ་ཟོ་འོ་མ་གཅིག་མ། །མ་དག་བསྟན་པའི་དམ་རྫས་འདི་གསོལ་ལ། །ད་ལྟ་ཉིད་དུ་དགྲ་ལ་རྟགས་ཕྱུང་ཞིག །མ་མ་ནག་མོ་པེ་ཏ་ལི། ཀུ་ལུ་ཀུ་ལུ་ཧ་ཏ། ས་མ་ཡ་ཁཱ་ཏི་རཀྟ་ཁཱ་ཧི། པཉྩ་ཨ་མྲྀ་ཁཱ་ཧི། དཔལ་ལྷ་མོ་ཙིཏྟ་གསང་བའི་སྲོག་རྐྱལ་བུའི་རྒྱུད་ལས། ཤ་ཁྲག་གི་མཆོད་པའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་དཔལ་ལྷ་མོ་ལ་ཕྲིན་ལས་བཅོལ་བའི་ལས་འདི་


DNG023_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སོ། །ཧཱུཾ་ཧོ་སྔོན་ཡུང་པོ་མ་ལོན་པའི་དུས་ན། དུར་ཁྲོད་རོ་ཐང་ནག་པོའི་གྲོང་ཁྱེར་མ་རུ་ཙེ་ཡི་སྒོ་འགྲམ་དུ། གཤིན་རྗེའི་ཡུམ་གཅིག་བདུད་ཀྱི་ལྕམ་མོ་རེ་མ་ཏི་ཡུམ་ཆེན་ཨེ་ཀ་ཛ་ཊིའི་དངོས་གྲུབ་བསྒྲུབས་ནས་ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ། ལྷའི་ངག་སྙན་པ་དང་ཚིག་བདེན་པ་དང་། ཉིད་ཀྱི་སྲོག་གི་སྙིང་པོ་མདོངས་གསོལ་དུ་ཕུལ་ནས་ཕྱི་རབས་སྔགས་འཆང་གི་སྲུང་མར་ཞལ་གྱིས་བཞེས་ཏེ། བདག་ལ་བསྟོད་པ་དང་། མཆོད་པ་དང་། ཡི་དམ་དུ་བྱེད་པ་རྣམས་ཀྱི་རྐྱེན་བཟློག་པ་དང་། སྐུ་དགྲ་གདུལ་བ་དང་། དེ་ཡིས་བཀའ་ཅི་སྩོལ་བའི་དངོས་གྲུབ་སྦྱིན་ནོ་ཞེས། ཁས་བླངས་དམ་བཅས་པའི་དམ་ཚིག་ལས་མི་འདའ་བར་བྱ་བ་དང་། ཁྱོད་ཀྱི་སྐུ་ཡི་ཁྱད་པར་བསྟན་པ་དང་། ཁྱོད་ཀྱི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། ཁྱད་པར་དུ་ཡང་བདག་གི་དགྲ་བོ་ཆེ་གེ་མོ་འདི། སྔོན་ལས་ཀྱི་རྣམ་པར་སྨིན་པ་ལ་མ་གཞག་གཞན་གྱིས་གནོད་པའི་སྦྱོར་བ་ལ་མ་ལྟོས། དུས་ད་ལྟ་ཉིད་དུ་རྟགས་རྣམ་པ་སྣ་ཚོགས་བསྟན་དུ་གསོལ།ཧཱུཾ་ཧོ། དཔལ་ལྷ་མོ་ཁྱེད་ལ་བརྣག་པའི་ལས་བཅོལ་བ་ནི། དཀོན་མཆོག་གསུམ་གྱི་སྤྱི་དགྲ་རྣལ་འབྱོར་གྱི་སྒོས་དགྲ། སངས་རྒྱས་ཀྱི་བསྟན་པ་བཤིག་པ། དཀོན་མཆོག་གི་དབུ་འཕངས་སྨོད་པ། ཆོས་འཁོར་རྩེ་ནས་འཇོམས་པ་མི་ཐུབ་ཐུབ་ཟེར་བ། མི་ཆོད་ཆོད་ཟེར་བ། ཁ་དྲག་སྨྲ་བ། བསྟན་པ་གཤིག་པ། ཡ་ག་ཟེར་བ། དཀོར་ལ་རློམ་པ་བྱང་དམར་ལ་བཏབ་པའི་དགྲ་བོ་ཆེ་གེ་མོ་འདི་ལས་ཀྱི་རླུང་དམར་གྱིས་རྒྱབ་ནས་ཕུལ་ཅིག །འཇིགས་པའི་མུན་པས་མདུན་ནས་བསུས་ཤིག །མི་བཟོད་པའི་འོ་དོད་འབོད་ཏུ་ཆུག་ཅིག །རྟགས་དང་མཚན་མ་མྱུར་དུ་སྟོན་ཅིག །ཁ་ནས་ཁྲག་སྐྱུག་ཏུ་ཆུག་ཅིག །སྣ་ནས་ཆུ་སེར་འཛག་ཏུ་ཆུག་ཅིག །ལུས་ལ་ཚ་བའི་མེ་འབར་ཏུ་ཆུག་ཅིག །


DNG023_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ངག་ཐལ་བའི་རྡུལ་ཏུ་རློག་པར་མཛད་དུ་གསོལ། །ཧཱུཾ་ཧོ། དཔལ་ལྷ་མོ་ཙིཏྟ་གསང་བའི་སྲོག་རྐྱལ་བུའི་རྒྱུད་ལས། ཕྲིན་ལས་བཅོལ་བའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བསྒྲུབ་པའི་བྱིན་རླབས་བསྐྱེད་པའི་ཕྱིར། དབང་གི་རིམ་པ་འདི་གསུངས་སོ། །ཧཱུཾ་ཞེས་ཡི་དམ་ལྷ་རུ་སྒྲུབ་པ་པོ་བསྐྱེད་ལ། སློབ་དཔོན་གྱིས་ལྷ་མོའི་སྐུ་ལག་ཏུ་བླངས་ལ། སྐད་ཅིག་མས་ལྷ་མོར་བསྐྱེད་ལ། ཧཱུཾ་གྲུ་གསུམ་འདེགས་པའི་དཀྱིལ་འཁོར་དུ། །འཛབ་རྫོགས་བསྙེན་ཚད་དུས་ཉིད་དུ། །ལྷ་མོའི་སྐུ་ཡི་དབང་བསྐུར་བས། །མི་ཉམས་པ་ཡིས་ལས་འདི་ལ། ། བརྩམས་ནས་ཐམས་ཅད་མཐར་ཕྱིན་ཤོག །བྱིན་རླབས་དབང་མཆོག་ཐོབ་པར་ཤོག །མ་མ་རག་མོ་ཨ་བྷི་ཥིཉྩ་ཧཱུཾ་ཨ། རིགས་ཀྱི་བུ་ཁྱོད་ལ་བསྙེན་བསྒྲུབ་ཀྱི་དབང་བསྐུར་བས། སངས་རྒྱས་ཀྱི་བསྟན་པ་བསྲུང་ཞིང་མཐུ་རྩལ་མཆོག་དང་ལྡན་ཞིང་། དགྲ་འདུལ་ཞིང་བགེགས་འཇོམས་པའི་དབང་ཐོབ་པར་ཤོག་ཅིག །ཡང་གུ་རུས་ཐོད་རྔ་ཐོགས་ལ། སྲིད་པ་གསུམ་དུ་སྒྲོགས་པ་ཡི། །མཛུབ་ངོ་གཉིས་པའི་ཐོད་རྔ་འདིས། །རིགས་ལྡན་ཁྱོད་ལ་དབང་བསྐུར་བས། །གསུང་དབྱངས་ཡན་ལག་དྲུག་ཅུ་ཡི། །ལྷ་མོའི་གསུང་དབྱངས་ཐོབ་པར་ཤོག །གི་རྟི་ཨ་བྷི་ཥིཉྩ་ཧཱུཾ་ཨ། རིགས་ཀྱི་བུ་ཁྱོད་ལ་རྔ་ཆུང་གི་དབང་ཐོབ་པར་གྱུར་ཅིག །གུ་རུས་ལྕགས་ཕུར་ཐོགས་ལ། ཏིང་འཛིན་ཧཱུཾ་དུ་བྱིན་གྱིས་བརླབས་པ་ཡིས། །སྒྲོལ་བྱེད་ལྕགས་ཕུར་དཔལ་ལྡན་འདི། །སྐུ་གསུང་ཐུགས་ལས་རབ་སྤྲུལ་པའི། །རིགས་ལྡན་ཁྱོད་ལ་དབང་བསྐུར་བས། །དམ་ཉམས་སྒྲོལ་གིང་བྱེད་པར་ཤོག །བཛྲ་ཀཱི་ལི་ཀཱི་ལ་ཡ་ཨ་བྷི་ཥིཉྩ་ཧཱུཾ་ཨ། རིགས་ལྡན་ཁྱོད་ལ་ལྕགས་ཕུར་གྱི་དབང་བསྐུར་བས། དམ་ཉམས་མྱུར་དུ་བསྒྲལ་བའི་དབང་ཐོབ་པར་འགྱུར་ཅིག །གུ་རུས་ཐོད་ཕྲེང་ཐོགས་ལ། ཟུར་གསུམ་འདེགས་པའི་དཀྱིལ་འཁོར་དུ། །སྐུ་གསུམ་རྒྱན་ནི་མ་ཉམས་པའི། །ཐོད་པའི་ཕྲེང་བས་དབང་བསྐུར་བས། །མི་བརྗེད་


DNG023_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

གཟུངས་ནི་ཐོབ་པར་ཤོག །བཛྲ་མཱ་ལེ་ཨ་བྷི་ཥིཉྩ་ཨ། རིགས་ཀྱི་བུ་ཁྱོད་ལ་ཐོད་ཕྲེང་གི་དབང་བསྐུར་བས། ནུས་པའི་དབང་ཐོབ་པར་གྱུར་ཅིག །གུ་རུས་ཡུངས་ཀར་ཐོགས་ལ། སྒྲུབ་པའི་རྫས་སུ་བྱིན་བརླབས་པའི། །སྒྲོལ་བ་ཁྲོ་བོའི་བསྒྲུབ་པ་སྟེ། །ཡུངས་ཀར་རྒྱལ་པོས་དབང་བསྐུར་བས། །དགྲ་བགེགས་སྒྲོལ་བའི་དབང་ཐོབ་ཤོག །བཛྲ་ཀྲོ་དྷ་ཨ་བྷི་ཥིཉྩ་ཧཱུཾ། རིགས་ཀྱི་བུ་ཁྱོད་ལ་ཡུངས་ཀར་རྒྱལ་པོའི་དབང་བསྐུར་བས། དགྲ་བགེགས་སྒྲོལ་བར་བྱེད་པའི་དབང་ཐོབ་པར་གྱུར་ཅིག །འདོད་ཡོན་ལྔ་ལྡན་ཁྱད་པར་གཏོར་མ་འདི། །རིགས་ལྡན་ཁྱོད་ལ་དབང་བསྐུར་བས། །རང་བྱུང་དཔལ་གྱི་ལྷ་མོ་ཡིས། །ནུས་པ་རྫོགས་པའི་དབང་ཐོབ་ཤོག །བ་ལིཾ་ཏ་ཨ་བྷི་ཥིཉྩ་ཧཱུཾ་ཨ། དཔལ་ལྷ་མོ་ཙིཏྟ་གསང་བའི་སྲོག་རྐྱལ་བུའི་རྒྱུད་ལས། ནུས་པ་དབང་གི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས། ཟོར་དྲུག་ཐུན་དང་བདུན་པོ་འདི་གསུངས་སོ། །སྙིང་ཟོར་ལུག་ནག་སྙིང་ལ་ནི། །ཡུངས་ཀར་བྲབ་ཅིང་དེ་ཕྱོགས་འཕང་། །ཐོད་ཟོར་རབས་ཆད་ཐོད་པ་རུ། །ཁྲག་སྣ་བླུགས་ལ་དེ་ཕྱོགས་འཕང་། །བྱ་ཟོར་བྱ་ནག་ལུག་ལ་མངགས། །བྲབ་ཅིང་དེ་ཕྱོགས་ཕུང་བར་བྱ། །མདའ་ཟོར་འུག་པ་ཕོ་རོག་སྒྲོས་བསྒྲོན་ལ། །དུག་ཤིང་མདེའུ་བཅུག་ལ་འཕང་། །སྒོང་ཟོར་བྱ་ནག་སྒོ་ང་བུ། །ཐུན་བྲབ་དེ་ཕྱོགས་འཕང་བར་བྱ། །ཐུན་ནི་ཡུངས་ཀར་སྣ་ཚོགས་ཐུན་སྣས་བྲབ་པར་བྱའོ། །ལྷ་མོ་ཙིཏྟ་གསང་བའི་སྲོག་རྐྱལ་བུའི་རྒྱུད་ལས། ཐུན་ཟོར་གྱི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་འཁོར་ན་གནས་པའི་ལྷ་མོ་དང་། ཀླུ་མོ་དང་། བདུད་མོ་དང་། སྲིན་མོ་དང་། བདུད་དང་། མགོན་པོ་དང་། གནོད་སྦྱིན་དང་། གཟའ་དང་། སྒྲོལ་གིང་རྣམས་ཀྱིས་བསྟན་པ་བསྲུང་བར་དམ་བཅས་ནས། བཅོམ་ལྡན་འདས་ཀྱིས་གཞག་པའི་གནས་སུ་འདུག་ནས་སྒྲོལ་བའི་གིང་དུ་ཁས་བླངས་སོ། །ཙིཏྟ་གསང་བའི་སྲོག་རྐྱལ་བུའི་རྒྱུད་ལས། དམ་བཅས་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།ཙིཏྟ་གསང་བའི་རྒྱུད་རྫོགས་སོ།། །།

སྙིང་ཐིག་བཀོལ་བའི་རྒྱུད།


DNG023_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཙིཏྟ་སྙིང་ཁོལ། བོད་སྐད་དུ། སྙིང་ཐིག་བཀོལ་བའི་རྒྱུད། དེ་ནས་འཇིགས་བྱེད་ཧེ་རུ་ཀས། །སྙིང་ཐིག་རྒྱུད་འདི་བཞག་པ་སྟེ། །འུག་པའི་གདོང་ཅན་ཞེས་སུ་གྲགས། །བདེ་འགྲོའི་ཐུན་དང་བཞིའི་སྙིང་ཐིག །སྙིང་གཟེར་སྔགས་དང་སྙིང་ཐུན་དྲལ་བས་གསད་པའི་ལས། །སྦྱིན་སྲེག་ངེས་པར་གསད་པ་དང་། །ངན་སྔགས་སྦྱོར་བ་ཐམས་ཅད་དང་། །གཏོར་མ་ལས་ཀྱི་སྦྱོར་བ་དང་། །ཕན་གདགས་པ་ཡི་རྣམ་པ་དང་། །དབང་དུ་བསྡུ་ཞིང་ཤི་ས་བསྟན། །རབས་ཆད་ནག་པོའི་ཐོད་པ་རུ། །ཆུ་སྣ་གཙང་དང་ཁྲག་སྣ་གཙང་། །སྲེད་དེ་ཡི་དམ་ལྷ་རུ་བསྒོམ། །ངན་སྔགས་སྦྱོར་བ་འདི་ལྟར་བཟླས། །མ་མ་སྙིང་ཁ་རག་བྷྱོ་བྷྱོ། མ་ཁ་རག་སྙིང་ཁ་རག་བྷྱོ་བྷྱོ། འབུམ་གྲངས་དག་ནི་ཐེམ་གྱུར་ན། །འཆི་བར་འགྱུར་བར་གདོན་མི་ཟ། །ཁྲག་གིས་གནོད་པ་དེ་ལ་གཏོར། །ཀུན་ཀྱང་རླག་པར་རབ་ཏུ་ནུས། །དབེན་པའི་གནས་སུ་སོང་ནས་ནི། །ས་ཡི་མཎྜལ་སྟེང་དུ་ནི། །མི་དང་ཁྱི་དཀར་བ་གླང་སྲེ་མོའི་སྙིང་། །མི་ཕག་རྣམས་ཀྱི་གཡང་གཞི་མ་ཉམས་འདིང་བར་བྱེད། །དཀྱིལ་འཁོར་གྲུ་གསུམ་སོ་སོའི་ཁྲག །མི་མགོ་ཕོར་པའི་ནང་དུ་ནི། །སོ་སོའི་སྙིང་ཁྲག་གཏོར་མར་བསྩལ། །དེ་ཡི་ནང་དུ་གཟུགས་ཀྱི་རྟེན། །ཤིང་ཤུན་བྲིས་པའི་མིང་རུས་དང་། །སྲོག་རྩའི་ནང་དུ་དམ་དུ་གཞུག །སྙིང་གི་ནང་དུ་དམ་དུ་བཅིང་། །ཁ་ནི་བག་ཟན་དག་གིས་གཅད། །དམར་གཏོར་ཨརྒྷ་ཆ་གཉིས་ཀྱང་། །དེ་ཡི་དྲུང་དུ་གཞག་པར་བྱ། །བདག་ཉིད་དཔལ་ཆེན་ཧེ་རུ་བསྒོམ། །ཁྲག་འཐུང་རིམ་པ་བཞིན་དུ་བྱ། །སྲིད་པ་བདེ་འགྲོའི་དྲོད་གཤེར་ལས། །གང་འདོད་རེ་རེ་དམིགས་བྱ་སྟེ། །སྤྱན་དྲང་བྱིན་བརླབ་དབང་བསྐུར་མཆོད། །ཁྲམ་ཀ་སྟོང་དང་རི་རབ་གླིང་། །ས་གཞི་འདེགས་དང་རྒྱ་མཚོ་གླིང་། །བཞི་པོ་ཚུལ་བཞིན་བསྐུལ་བར་བྱ། །ཉུང་དཀར་ཐལ་ཆེན་སྐེ་ཚེ་ལ། །རྣམ་གསུམ་བཟླས་པས་གདགས་པར་བྱ། །ཉི་མ་དང་པོས་སྐུལ་བར་བྱེད། །ཉི་མ་གཉིས་པས་འགུགས་པར་བྱེད། །གསུམ་པས་


DNG023_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་འཕྲོག་ཉམས་པར་བྱེད། །བཞི་པས་གསོད་ཅིང་འཕོ་བར་བྱེད། །ལྔ་ཡི་ནུབ་མོ་དེ་དག་ཀུན། །ཕུར་བུ་སོར་གསུམ་གདབ་པར་བྱ། །ཡང་ན་གཟུགས་དེ་མཚོན་གྱིས་གཏུབ། །རབས་ཆད་ཐོད་པར་བསྩལ་ནས་ནི། །གནོད་པར་གྲུབ་པའི་གནས་སུ་སྦ། །ཕྲིན་ལས་རྣམ་བཞིས་གཟིར་གནན་བྱ། །དེས་ཀྱང་ཐེ་ཚོམ་མེད་པར་འགྲུབ། །ཡང་ན་དགོས་པ་དེ་རྣམས་ཀུན། །གའུའི་ནང་དུ་བསྩལ་ནས་ནི། །འགྲོ་དང་འདུག་པའི་དུས་རྣམས་སུ། །གཙོ་མོ་བཞི་པོ་ནམ་གྲུབ་བསྐུལ། །ཉུང་དཀར་ཐལ་ཆེན་སྐེ་ཚེ་ལ། །སྲོག་སྔགས་གསད་པའི་སྙིང་པོ་བཟླས། །དེ་ཡི་ནང་དུ་གདབ་པར་བྱ། །ཁྲག་ནི་གནོད་པ་དེ་ལ་གཏོར། །ཡང་ན་དེ་ཡི་ཕྱོགས་སུ་འཕང་། །གཟུགས་རྣམས་རབས་ཆད་ཐོད་པར་བསྩལ། །གནོད་པར་འགྲུབ་པའི་ས་རུ་སྦ། །གནན་པ་ཡང་ན་གོང་མ་བཞིན། །སྡང་བ་ཐམས་ཅད་མེད་འདོད་ན། །མྱུར་དུ་དེ་ལྟར་བྱས་པས་འགྲུབ། །བཟླས་པའི་སྔགས་ནི་འདི་རྣམས་ཡིན། །མ་མ་ཏྲག་རག་ཤུ་མུན་ཙ་བྷྱོ། རུ་སྙིང་ཁྲག་ཁ་ལ་རག་ཤ་ནི་རྦད་ཐུཾ་རིལ་རིལ་རྦད། མ་མ་སྙིང་ཁ་ལ་རག་ཏིཤྚ་རྦད། ཐུམ་རི་ལི་ལི་རྦད། མ་མ་ནི་ཤ་ཀུ་རུ་རག་ཏྲ་ཁ་རཾ་ཀུ་ནི་ཀུ་རུ་ནི་ཁ་རཾ་བྷྱོ། ཐུམ་རི་ལི་ལི་རྦད། མ་མ་ཏྲག་རག་ཤ་མུ་ཏྲ་སྙིང་ཁ་རག་བྷྱོ་ཐུམ་རི་ལི་ལི་རྦད། མ་མ་ས་མ་ཡ་སྙིང་ཁ་རག་ཁ་ཐུམ་ནི་ཛས་དུན་མཱ་ར་ཡ་ར་ཕཊ་ཐུན་བྷྱོ། མ་ནག་ཤ་བ་རག་མོ་བྷྱོ། ཆེ་གེ་མོ་སརྦ་མ་ར་ཡ་ཙིཏྟ་ཀུ་ལིང་མཱ་ར་ཡ་ཕཊ་ཐུན་བྷྱོ། སྙིང་ཏིག་བཀོལ་བའི་རྒྱུད་ལས། སྲིད་པའི་བདེ་འགྲོ་མའི་ཐུན་དང་། མ་བཞིའི་སྙིང་ཏིག་དང་སྲོག་ཏིག་གི་ལེའུ་སྟེ་དང་པོའོ།། །།དེས་ཀྱང་གལ་ཏེ་མ་ཐུབ་ན། །བུ་མོ་བཞི་ཡི་སྦྱོར་བ་བྱ། །དབེན་པའི་གནས་སུ་སོང་ནས་ཀྱང་། །ས་ཡི་མཎྜལ་སྟེང་དུ་ནི། །སོ་སོའི་གཡང་གཞི་བཏིང་ནས་ཀྱང་། །དཀྱིལ་འཁོར་གྲུ་གསུམ་བྲི་བར་བྱ། །མི་ཡི་ཐོད་པའི་སྣོད་ནང་དུ། །སྙིང་དང་ཁྲག་གིས་གཏོར་མ་བྱ། །དེ་ཡི་ནང་དུ་དགྲ་ཡི་གཟུགས། །གྲོ་ག་ལ་བྲིས་གཞག་པར་བྱ། །སྲོག་རྩའི་ནང་དུ་བསྩལ་


DNG023_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ནི། །སྙིང་ག་དག་ཏུ་གཞག་པར་བྱ། །དམར་གྱི་གཏོར་མ་ཨརྒྷ་བཅས། །དེ་ཡི་འགྲམ་དུ་གཞག་པར་བྱ། །བདག་ཉིད་དཔལ་ཆེན་ཧེ་རུ་དམིགས། །ཁྲག་འཐུང་ཚུལ་བཞིན་མཆོད་པ་བྱ། །གནོད་སྦྱིན་བདུད་དང་བྲག་སྲིན་སྨན། །ཀླུ་སྲིན་བུ་མོ་བཞི་པོ་བསྐུལ། །ཉུང་དཀར་ཐལ་བ་སྐེ་ཚེ་ལ། །སྲོག་སྙིང་གསད་པའི་སྔགས་བཟླས་ལ། །དེ་ཡི་གཟུགས་ལ་གདབ་པར་བྱ། །ཉི་མ་དང་པོས་སྐུལ་བར་བྱེད། །ཉི་མ་གཉིས་པས་འགུགས་པར་བྱེད། །གསུམ་པས་སྲོག་འཕྲོག་ཉམས་པར་བྱེད། །བཞི་པས་གསོད་ཅིང་འཕོ་བར་བྱེད། །ལྔ་ཡི་ནུབ་མོ་དེ་དག་ཀུན། །ཕུར་བུ་སོར་གསུམ་གདབ་པར་བྱ། །ཡང་ན་གཟུགས་དེ་མཚོན་གྱིས་གཏུབ། །རབས་ཆད་ཐོད་པར་བསྩལ་ནས་ནི། །གནོད་པ་འགྲུབ་པའི་ས་རུ་སྦ། །ཕྲིན་ལས་གང་བརྩམ་དེ་ལ་བྱའོ། །ངེས་པར་གདོན་མི་ཟ་བར་འགྲུབ། །ཡང་ན་དགོས་པ་དེ་རྣམས་ཀུན། །ག་འུའི་ནང་དུ་བསྩལ་ནས་ནི། །འགྲོ་དང་འདུག་པའི་དུས་རྣམས་སུ། །བུ་མོ་བཞི་པོ་བསྐུལ་བར་བྱ། །ཉུང་དཀར་ཐལ་ཆེན་སྐེ་ཚེ་ལ། །སྲོག་རྦད་གསང་བའི་སྔགས་བཟླས་ལ། །དེ་ཡི་ནང་དུ་གདབ་པར་བྱ། །ཁྲག་ནི་ཉམས་པ་དེ་ལ་གཏོར། །ཡང་ན་ཕྱོགས་སུ་འཕང་བར་བྱ། །གཟུགས་རྣམས་རབས་ཆད་ཐོད་པར་བསྩལ། །གནོད་པ་འགྲུབ་པའི་ས་རུ་སྦ། །མནན་པ་ཡང་ནི་སྔ་མ་བཞིན། །རྒྱུན་དུ་དེ་ལྟར་བྱེད་འགྱུར་ན། །སྡང་བ་ཐམས་ཅད་མེད་པར་འགྱུར། །དེ་ཡི་བཟླས་པ་འདི་ཡིན་ཏེ། །རག་མོ་དུན་ཏྲི་རག་ཤ་སྙིང་ཤད་ཤད། རག་ཤ་དུ་ལིང་ཤ་ཏྲི་ཛ་ཛ་སྙིང་ལ་ཤད་ཤད། རག་ཤ་དུ་ནི་ཏྲ་ཕྲ་ཆེ་གེ་མོ། རག་ཤ་རོ་ལ་རྦད། སུ་རུ་ཤ་མ་ཤ་ཏྲ་ཛི། སྙིང་ཤད་ཤད། ན་ག་ཤ་ཛ་དུ་རག་མོ་ཁ་ཚེ་ཏི། ཛ་ཛ་སྙིང་ལ་ཤད་ཤད། ཆེ་གེ་མོ་སྙིང་ལ་རག་ཤ་བྷྱོ། ཚལ་པ་དུམ་བུ་མཱ་ར་ཡ་ཕཊ། ཆེ་གེ་མོ་མུ་ཀ་སྟམ་བྷ་ཡ་རྦད། མཱ་ར་ཡ་རྦད། ཆེ་གེ་མོ་རི་ཤི་སྲོག་དབུགས་མཱ་ར་ཡ་ཕཊ། ཆེ་གེ་མོ་རག་ཤ་རོ་ལ་རྦད། ས་ཏུ་ཤ་བཾ་ཤི་ན་མཱ་ར་ཡ་ཕཊ། སྙིང་ཏིག་བཀོལ་བའི་


DNG023_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ལས། བུ་མོ་བཞིའི་སྲོག་ཏིག་དང་སྙིང་ཏིག་གི་ལེའུ་སྟེ་གཉིས་པའོ།། །།མ་མོའི་སྙིང་གི་གཟེར་སྔགས་ཀྱིས། །ཐམས་ཅད་དུ་ནི་བརྡེག་ཅིང་གསད། །དམར་གྱི་གཏོར་མ་ཨརྒྷར་བཅས། །སྙིང་སྣ་ཚོགས་ཚད་དེ་རུ་བླུགས། །གྲུ་གསུམ་དཀྱིལ་དུ་ལིངྒ་གཞག །སྲིད་པའི་མ་མོ་ཚོགས་ཀྱི་གཙོ། །སྟོང་རྩ་བརྒྱད་ནི་རབ་བསྐྱེད་ཅིང་། །སྤྱན་དྲང་དབང་བསྐུར་བྱིན་གྱིས་བརླབ། །ཟིལ་གྱིས་མནན་ཅིང་བསྡིག་པར་བྱ། །མཆོད་འབུལ་སྲོག་སྙིང་སྟོང་དུ་བཟླས། །ཕོ་ཉ་རྣམས་ནི་ཚུལ་བཞིན་བཀྱེ། །གཙོ་མོ་བཞི་ཡང་རབ་ཏུ་བསྐུལ། །མ་མོ་སྤྱི་ཡང་རབ་ཏུ་བསྐུལ། །གུ་གུལ་དུད་པ་རྒྱུན་མི་གཅད། །ཚ་བ་རྣམ་པ་ལྔ་ཡང་བདུག །ལྔ་ལྔ་དག་ཀྱང་དབྱེ་བར་བྱ། །མ་ཚོགས་ལས་ནི་བྱེད་འགྱུར་བསྒོམ། །ཉུང་དཀར་དྲེག་ཅིང་གཟུགས་ལ་བྲབ། །རེག་མོ་སྙིང་རྩ་ལ་བྷྱོ། རེག་མོ་རག་མོ་སྙིང་དུ་རུ་ཧཱུཾ། རེག་མོ་ཙ་བ་ལ་དགྲ་བོའི་སྙིང་ཁ་རག་བྷྱོ། རེག་མོ་ཙ་པ་ཁྲག་མུ་མུ་མ་མ་བྷྱོ། རེག་མོ་སེམས་བྱེད་སྙིང་ལ་བྷྱོ། རེག་མོ་ལྟ་བྱེད་མིག་ལ་བྷྱོ། རེག་མོ་ཉན་བྱེད་རྣ་བ་ལ་བྷྱོ། རེག་མོ་སྨྲ་བྱེད་ལྕེ་ལ་བྷྱོ། རེག་མོ་ཚོར་བྱེད་ལུས་ལ་བྷྱོ། རེག་མོ་སྲོག་རྒྱུད་རྩ་ལ་བྷྱོ། རེག་མོ་བཾ་ལ་རི་ལི་ལི། རེག་མོ་ཁྲག་ལ་རི་ལི་ལི། རེག་མོ་སྙིང་ལ་རི་ལི་ལི། རེག་མོ་སྲོག་ལ་ཆེམ་ཆེམ། རེག་མོ་བཾ་རི་ལི་ལི། རེག་མོ་བ་ཤི་པ་ཙ་པ་ཙ་ལ་ཛ་ཛ། རེག་མོ་སྙིང་རྒྱུད་རྩ་ལ་ཛ་ཛ། རེག་མོ་རྩ་རྒྱུད་སྲོག་ལ་ཛ་ཛ། རེག་མོ་ཤ་རྒྱུད་སྙིང་ལ་ཛ་ཛ། སྲོག་རྒྱུད་དབུགས་ལ་ཛ་ཛ། ཨོཾ་ག་ག་ནི་ག་ག་ནི། ཨཱ་ཀར་ཤ་ཡ་ཨཱ་ཀར་ཤ་ཡ། གྲྀཧྞ་གྲྀཧྞ། བན་དྷ་བན་དྷ། ཧ་ས་ཡ་ཧ་ས་ཡ། ཏིཥྛ་ཏིཥྛ། ག་མ་ར། ཡ་ཛ་མ་ཧ་ཡེ་མ་ཡེ་གེ་ཡེ། རེག་མོ་ཛ། ཨོཾ་རུ་ལུ་རུ་ཧཱུཾ་དེ་བྷྱོ། དགྲ་བོའི་སྙིང་ལ་ཐུན། དགྲ་བོའི་ལག་ལ་ཐུན། དགྲ་བོའི་རྐང་ལ་ཐུན། བརྒྱ་རྩ་བརྒྱད་དུ་བཟླས་པ་དེ། །མ་འགྲུབ་བར་དུ་གཟུགས་མིང་བཅས། །སྤྱི་ཡི་སྙིང་གཟེར་མ་གྲུབ་ཀྱང་། །གཙོ་མོ་བཞིའི་སྙིང་གཟེར་བསྟན་པར་བྱའོ། །རྫས་དང་སྦྱོར་བ་སྔར་བསྟན་


DNG023_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན། །ཁྱད་པར་གསད་པའི་ལས་འདི་ལ། །གཟུགས་མིང་ལིངྒ་བརྡེག་དུས་སུ། །གཙོ་མོ་བཞི་པོ་མནན་གཅོད་དམིགས། །ཉུང་དཀར་རྫས་ལ་བརྒྱ་རྩ་བརྒྱད། །རག་མོ་ཁ་ལ་ཁ་ཆེ་མ་མ་བྷྱོ། རག་མོ་ཀླད་པ་ལ་ཡ། རག་མོ་ཁ་ལ་ཁ་ཙེ་མ་བྷྱོ། རག་མོ་སྙིང་ལ་ཡ། རག་མོ་དབང་པོ་ལ་ཡ། རག་མོ་ཀྲོ་ཙ་ལ་སྙིང་ཟན་མ་ཐུན། རག་མོ་དུན་ཏི་མ་ཧེང་ཧེང་། རག་མོ་ཤ་ལ་ཛ་ཛ། སྲོག་རྒྱུད་དབུགས་ལ་ཛ་ཛ། རག་མོ་སྙིང་ཁ་རག་མོ་དུན་ཏིང་དུན་ད་ར་ཡ་རྦད། རག་མོ་མ་མ་ཤན་ཏིང་མཱ་ར་ཡ་ཕཊ། མ་མ་ཧྲི་ཧྲི་ན་ཡ་རྦད། དགྲ་བོ་ནྲྀ་མཱ་ར་ཡ་སོད་སོད། སྦས་པའི་མ་བཞི་འགྲུབ་མོད་ཀྱིས། །ཤན་པའི་སྙིང་གཟེར་བསྟན་པར་བྱ། །རྫས་དང་སྦྱོར་བ་འདྲ་བ་ལས། །སྤྱང་དུག་ཉུང་དཀར་ལ་སྔགས་གདབ། །ཤན་པ་བཞི་ཡི་ནད་གཅོད་དམིགས། །རག་མོ་སྙིང་ལ་ཤད་ཤད། རག་མོ་སྙིང་ལ་འུད་འུད། རག་མོ་སྙིང་ལ་ཐུམ་རིལ་ཛ་ཛ། རག་མོ་སྙིང་ལ་ཛ་ཛ། རག་མོ་སྙིང་རྒྱུད་ཙ་ལ་ཛ་ཛ། རག་མོ་ད་ར་ཡང་སྲོག་རི་ལ་རྦད། རག་མོ་སྙིང་ལ་ཧབ་ཧབ། རག་མོ་སྙིང་ལ་འུབ་འུབ། རག་མོ་དབུགས་སུབ་རིལ་རྦད། རག་མོ་སྙིང་ལ་ཡ། རག་མོ་ཀླད་པ་ལ་ཡ། རག་མོ་དབང་པོ་ལ་ཡ། མ་མ་མ་མ་བྷྱོ་བྷྱོ་བྷྱོ་བྷྱོ། དགྲ་བོ་ལྷུང་འདུག་ཏུ་དུས་སུ་གདབ་པོ། །གྲུ་གསུམ་དཔལ་གྱི་ལིངྒ་ལ། །ཡུངས་ཀར་ཁྲག་གིས་བྱུགས་པ་དེ། །སྲིད་པ་བདེ་འགྲོ་ཉིད་ཀྱིས་གདབ། །ཨོཾ་ཤྲཱི་བཛྲ་མཱ་ར་ཡ། ཤིག་ཁ་ལ་ཟ་མུ་ཛ། ཁྲག་ཏིང་ཤན་ཏིང་སྣར་བ་མཱ་ར་ཡཾ་ཐིབ་སུ་རན་ཤ་ཐིབ། པྲ་ཏི་ག་ཉི་ཐིབ། ད་ར་ཡ་ཐིབ། མུ་ཤི་བཛྲ་ཁལ་སུབ་རིལ། སྙིང་གོང་ཆོད། དབང་གི་མ་བཀོད་ཅིང་དམ་མི་གནས། །ཐེ་ཚོམ་ཟ་ཞིང་ཞེ་སྡང་མེད། །ལས་ཀྱི་ཆོ་ག་མ་མཐོང་བས། །དེས་ཀྱང་འགྲུབ་པར་ཡོངས་མི་འགྱུར། །དེ་དག་ལྔ་དང་ལྡན་པའི་མིས། །ལས་དེ་ངེས་པར་འགྲུབ་པར་འགྱུར། །ཡང་ཏིག་བཀོལ་བའི་རྒྱུད་ལས། མ་མོ་སྙིང་གཟེར་བཏུ་བའི་ལེའུ་སྟེ་གསུམ་པའོ།། །།གལ་ཏེ་རྣལ་འབྱོར་


DNG023_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

པ་བདག་གིས་ཤིན་ཏུ་མྱུར་བར་ལས་མ་འགྲུབ་ན། དེ་ཚེ་སྙིང་ཟོར་བསྡུས་པས་བསྒྲལ་བར་བྱའོ། །དཀྱིལ་འཁོར་འདོམ་གང་གྲུ་བཞིའི་དབུས་སུ། དེ་རུ་གྲུ་གསུམ་ཁྲུ་གང་བྲུ། །ནས་སྔོན་ཕྱེ་དང་རྡོ་ནག་ཏིལ། །དེ་ཚེ་ར་ཁྲག་དག་གིས་སྦྲུ། །འབྲུ་གཏོར་ཆང་ཕུད་རང་བར་བྱ། །དེ་ཡང་ཞིང་ལྤགས་དགྲ་བོའི་གཟུགས། །མིང་རུས་བྲིས་པས། རང་སྙིང་ནང་བཅུག་བག་ཕྱེས་བཅད། །ཟུར་གསུམ་སོལ་ཕྱེས་བྱུག་ནས་གཞུག །རབས་ཆད་ཐོད་པའི་སྣོད་ནང་དུ། །ཁྲག་སྣ་གསུམ་དང་དུག་སྣ་གསུམ། །དྲག་པོ་གསུམ་ནི་དུག་གི་རྫས། །རྨྱུག་མ་མཐོ་གང་ཙམ་བཞི་ལ། །ཞིང་གི་སྒྲོས་བསྐྱོན་མདེའུ་ཐུན་རྫས། །སྐྱེར་མདེའུ་ཟུར་གསུམ་བུག་པ་ལ། །ཉུང་དཀར་སྐྱེར་གཞུ་ཆ་རྐྱེན་རྫས། །དེ་ནི་གསང་རྫས་ཡིན་པར་གྲགས། །དམར་གྱི་གཏོར་མ་ཨརྒྷ་བཅས། །དེ་ནི་རྐང་པ་བཞི་ཡིས་རྫས། །དེ་བཞིན་ཀུན་སྣང་རྒྱུ་བསྒོམ་པས། །སེམས་ཀྱི་དཀྱིལ་འཁོར་དེ་དམིགས་ལ། །སྤྱན་དྲང་བྱིན་བརླབ་དབང་བསྐུར་ཏེ། །མཆོད་བསྟོད་ལ་སོགས་མཁས་པས་བྱའོ། །སྟོང་རྩ་བརྒྱད་ཀྱི་སྙིང་པོ་ནི། །ཐུན་གྱི་ཚུལ་དུ་བསྙེན་པར་བྱའོ། །ཞག་བདུན་བཅོ་ལྔའི་དུས་ཕྱིན་མོ། །དེ་ཡི་དུས་ལ་གཟུང་བྱའོ། །ཁྲོ་བོའི་སྐུར་བསྒོམ་སྲོག་སྙིང་ལ། །ས་མ་ཡ་དུ་ས་མ་དུ་བཏགས་བཟླས། དགུག་ཅིང་བསྡིམ་བསྡིམ་ཐེམ་པ་དང་། སྒྲུབ་པའི་རྫས་གསུམ་བླུག །སྙིང་ལ་གདབ་ཅིང་བརྒྱ་རྩ་བརྒྱད། །ཕོག་གསུམ་བཟླས་པས་ཐུན་དུ་གདབ། །ས་མ་ཡ་དུ་ཁ་ཤ་བཾ་ཏྲག་རག་ཤ་མ་བྷྱོ། སྙིང་སྙིང་ཁྲག་ཁྲག་ཏི་ཐུན་མ་ཐུམ་བྱའོ། །མ་མ་ས་མ་ཡ་ནི་ཁུག་དམ་དམ་ཛ་ཛ། མ་ཉེས་དཔང་ཀུན་བཙུགས་པ་ལ། །དོང་ཁ་གཡམ་པས་གཅད་པའི་སྟེང་། །རང་འདུག་མདའ་ཐུན་སྒྲུབ་པའི་ཕྱིར། །གཙོ་མོ་རེ་རེས་མདའ་ཐུན་རེ། །བརྒྱ་རྩ་བརྒྱད་རེ་བསྒྲུབ་པར་བསམ། རག་དུན་ཏྲག་དུན་དམ་ཛ་སྲོག་ཤ་བོ། ཤ་དུ་ཡ་ཡ་ཐིབ་ཐིབ། བརྒྱ་རྩ་རེ་ཞིང་སྙུག་མ་དགང་། །སྟོང་གི་བུ་ག་བག་ཟན་དགབ། །གཏོར་མ་ཁ་ཕྱེ་གཞུ་བདུངས་ཏེ། །མ་མ་ཀྲི་ཤ་ཤ་ཀ་ཀ་པ་ཙ་


DNG023_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་མུག་དི་རི་རྦད། ཤན་ཏི་ཡ་ཕཊ། སྙིང་ཏྲིང་ཞུང་ཡ་སོད། མ་ས་དུ་སང་མཱ་ར་ཡ་ཕཊ། ཤིག་ཤིག་མ་སྙིང་ལ་དུ་ཛ། དུ་དུ་མ་ཤ་ཤཾ་ཛ། ཡང་ཡ་མ་ཧྲི་མ་ཛ། ཛ་ཙ་ཏི་ལ་ཤིག་ཡ། མ་མ་ཡཾ་ཐུན། ཟུང་སྙིང་དུ་ཟུང་། ཙི་ཏ་ཤ་བབ། འབྲི་ཤ་བ་ཡ། ཟང་ཡག་མ་མ་ཐུན་ཡང་། སྙིང་ཁམ་སྙིང་ཏེ་ཀེ་མ། མ་མ་ཏྲི་ཟ་ཤིག །མ་མ་སྙིང་མཱ་ར་ཡ་ཛ། སྙིང་ཙི་ཏི་ཐུན་ཛ་ཛ། སྙིང་ཤིག་ཤེ་མཱ་ར་ཡ་ཛ་ཛ། སྦྲང་ཏི་མཱ་ར་ཡ་ཏི་ཤིག །དུ་ག་སྙུ་བཾ་ཡ། སྙིང་ཁ་རག་ཡག་ཤ་བ་ལ་ནྲྀ་ཏི་སོད་ཡ། ནྲྀ་པ་ལ་སོད། མགོ་ནས་ཆང་པ་ལ་ཡ་ཡ། མ་མ་ཁོང་གི་སྙིང་ལ་ཐུན་ཐུན། ཏི་ཏ་ཁ་ཤ་ཐུམ་རིལ་ཛ། མ་སྙིང་གི་ཤ་ལ་ཡ། སྙིང་དུ་ཆིག་ཡམ། ཡཾ་ཐིག་ཙིཏྟ་ལ་ཡིག ཤན་པ་དུང་ཡ་སོད། ཤག་ནི་ཡ་སོད། གཟུགས་དང་ཁྲག་གིས་ཐོད་པ་དགང་། །ཆོ་ག་ཟིན་ནས་དུར་མཆད་དང་། །ནམ་ཕྱེད་ལྷོ་ནས་བྱང་དུ་བརྡེག་པར་བྱ། །འདི་ལ་བྱ་རྒོད་གདེང་བཙུགས་ནས། །སྙིང་དུམ་བཅས་པ་ཁྱིམ་དུ་འཕང་། །དེས་ཐུན་ཡང་བརྡེག་པར་བྱའོ། །གཏོར་མ་མ་མོ་དངོས་ལ་སྦྱིན། །བྱང་ཤར་མཚམས་ནས་བྱ་ནག་བཅས། །ལས་འགྲུབ་ཉིད་དུ་ཤེས་པར་བྱ། །སྒྲུབ་པ་སྔགས་ཀྱི་མདའ་བརྡེག་པ། །མ་བཞིའི་ཁོ་ནའི་སྙིང་ཟོར་ཡིན། །སྙིང་ཏིག་བཀོལ་བའི་རྒྱུད་ལས། མ་བཞི་དང་ཤན་པ་མོར་བཅས་པའི་སྙིང་ཟོར་དང་། མ་བཞི་ཁོ་ནའི་ལེའུ་སྟེ་བཞི་པའོ།། །།གསང་བའི་གསང་ཆེན་དེ་དག་ཉིད། །དེ་ཡི་དཀྱིལ་འཁོར་དབུས་སུ་ནི། །མཐིང་ནག་གྲུ་གསུམ་བྲི་བར་བྱ། །གཏིང་དུ་ཁྲུ་གང་བྲུ་བར་བྱ། །ཧེ་རུ་ཀ་ཡི་གཏོར་མ་དང་། །གནོད་པར་བྱེད་པའི་ལིངྒ་དང་། །མཆེད་དང་ཀླས་གང་གཟུགས་པར་བྱ། །ཉུང་དཀར་ཉུང་ནག་བསྲེས་ནས་བསྲེག །འགྲི་ཏ་ཁ་ཁ་རུ་ཀ་དང་། །ཀུ་ཏི་ཀ་དང་ཚེད་མོ་རྣམས། །སྤང་བའི་རྫས་ནི་བསྲེག་བྱས་ན། །ཤིན་ཏུ་མྱུར་བར་འཆི་བར་འགྱུར། །ལྕགས་རེངས་སྐད་འབྱིན་འཆི་བར་འགྱུར། །ནད་ནི་སྣ་ཚོགས་འབྱུང་བར་འགྱུར། །ནད་གང་འདོད་པ་ཁས་བླངས་ལ། །བསྲེག་པར་བྱའོ། །


DNG023_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་དུ་བསྙེན་པ་ཞག་གསུམ་བྱའོ། །ཉི་ཤུ་བརྒྱད་དང་ཉི་ཤུ་གསུམ། །མདུན་གྱི་མཎྜལ་ཁྲག་གིས་བྱུག །ཧེ་རུ་ཀ་ཡི་གཏོར་མ་བཞག །དེ་བཞིན་ཀུན་སྣང་རྒྱུ་བསྒོམས་ཏེ། །སྐུ་བསྐྱེད་སྤྱན་དྲངས་མཆོད་པ་བྱ། །བསྡིག་དང་དབང་སྡུད་ཟིལ་གྱིས་མནན། །དཔལ་གྱི་སྙིང་པོ་འབྲུ་གསུམ་དང་། །མོ་ཡི་སྲོག་སྙིང་མཚན་རྟགས་བཟླས། །ནམ་ལངས་པ་དང་མ་མོའི་དབུས་ན་འདུག་པར་བསྒོམ། མ་མོ་བཞི་པོ་ཕྱོགས་བཞིར་གནས། །རྦད་སྔགས་འཁོར་གྱི་མ་མོ་ཡིས། །འགགས་ཤིང་གསད་ཅིང་ཚུལ་ཆེ་མཆོག་དང་། །མ་མོ་བཞི་པོ་ལྟེ་བར་དམིགས། །བརྒྱ་བརྒྱ་བར་དུ་རིམ་བཞིན་བསྲེག །བར་དུ་གཙོ་མོ་བསྐུལ་བར་བྱའོ། །སྦྱིན་སྲེག་ལ་ཡང་རྣམ་བཞི་སྟེ། །སྤྱི་དང་པོ་གསད་པ་དང་ནད་ཀ་འབེབས་པའི་རྫས་ཀྱིས་བསྲེག །ངོས་འཛིན་ནད་རྣམས་བསྐྱར་དེ་བསྲེག །དེ་ནས་སྦྱིན་བསྲེག་རྫོགས་པ་དང་། ལམ་གྱི་རྒྱ་གྲམ་འདུ་བའི་སར་དུར་ཁྲོད་རས་དང་འཁོར་ལོ་ནི་ཐིག་ལེ་དགུ་དང་ལྡན། ཕྱོགས་བཞིར་མ་བཞིའི་སྙིང་པོ་བྲི། །མཚམས་བཞིར་ཤན་པའི་སྙིང་པོ་བྲི། །དབུས་སུ་གཙོ་འཁོར་བྲི་བར་བྱ། །ས་ཕྱོགས་དག་ཏུ་སྦ་བར་བྱ། །ཆུང་ཟད་གྲུབ་པའི་རྣལ་འབྱོར་པས། །འཁོར་གྱི་ཀླུ་ལ་གཏད་པ་ནི། །ཕ་མེས་ཐོད་པའི་ནང་དུ་ཡང་། །འབྲུ་སྣ་ལྔ་ལ་སྦྲུལ་གཟུགས་བྱ། །མིང་རུས་ཚང་བར་ཤིང་ཤུན་བྲི། །འཁོར་ལོའི་དབུས་སུ་གདགས་པར་བྱ། །དེ་ཡང་སྦྲུལ་གྱི་མགོ་ལ་གདགས། །སྦྲུལ་མགོ་ཚོན་སྐུད་ཀྱིས་བཅིངས་ལ། །ཐོད་པའི་མདུན་དུ་བཏགས་ལ་བཅིང་། །ཆུ་མིག་མདོག་ཅན་འཇིགས་སར་གནོན། །བྱང་དུ་བལྟས་པས་མཆོག་ཡིན་ཏེ། །པདྨ་ཧེ་རུ་ཀ་རུ་བསྒོམ། །རྒྱ་མཚོ་གླིང་བཞིའི་ཀླུ་རྣམས་དགུག །ཚོན་སྐུད་སོར་གསུམ་རྐང་པས་དགུག །དམག་གི་མ་མོ་དབང་དུ་བསྡུས། །མ་མོས་ཀླུ་རྣམས་འཁོར་གཟིར་བསམ། །རབ་ནི་ཀླུ་ལ་གཏད་པ་ཡིན། །འབྲིང་དེ་བདུད་དང་རྒྱལ་པོ་ལ། །སྦྱོར་བ་གོང་གིས་བྱ་བ་ཡིན། །སྦྱིན་སྲེག་ཐལ་བ་རྒྱ་མཚོར་དོར། །སྙིང་ཏིག་བཀོལ་བའི་རྒྱུད་ལས། སྦྱིན་སྲེག་དང་མནན་པའི་ལེའུ་སྟེ་ལྔ་པའོ།། །།སེམས་ཅན་མོས་པས་དད་པ་ལ། །


DNG023_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

ངན་སྔགས་ཀྱིས་ནི་བསྒྲལ་བར་བྱའོ། །འབྲུབ་ཁུང་སུམ་བརྩེགས་ཁ་ཁྱེར་ལ། །རྩེ་མོ་མདོར་བསྟན་ཁྲུ་གང་ལ། །ལྕགས་ཕྱེས་བཀངྐ་བའི་ནང་དུ་ཛ། །ལྷོ་ཕྱོགས་མགོ་བསྟན་གཏོར་མ་བྱ། །བདག་ཉིད་ལྷོ་རུ་བལྟ་བར་བྲི། །གཟུགས་དང་མིང་རུས་མ་མོས་དགུག །མ་མོས་མཚོན་ཆ་འབེབས་པར་བསྒོམ། །ཨོཾ་ཛྭ་ལ་བཛྲ་ཧཱུཾ་སུཾ་བྷ་ནི། སྙིང་ཁ་ལ་རག་ཤ་རྦད། སུབས་རྔུབས་རྦད། སུག་རིལ་རྦད། སྙིང་ལ་མུག་ཤང་ཤང་། བཾ་རིལ་རྦད། ཨོཾ་ག་ཙིཏྟ་ན་འདུ་འདུ། མ་མ་ཤད་ཤད། མུག་ཤང་མུག་ཤང་། རྦད་རིལ་སྙིང་ཁ་རག་ཏི། མ་བྷྱོ་སྙིང་ལ་རག་ཤ་བྷྱོ། ཐུན་བྷྱོ་སྙིང་ལ་བྷྱོ། ཐུམས་ཐུམས་མང་། སུ་ཏྲ་པ་ཡང་པ་ཡང་པ་རི་སོད། སོད་ཡོ་ནི་ཤ་ཡ་མ་བུ་ཧཱུཾ་ཕཊ། སུ་ཏྲ་ལ་ཡ་སོད། འདྲ་ཡ་ན་ཏྲ་ཛྭ་རི་སྭཱ་ཧཱ། གསད་པར་མི་བྱ་དགྲ་བོ་ལ། །བྱང་དུ་གཞུག་པའི་ཐབས་དག་ལ། །བྱི་ལ་གྭ་པའི་མཇུག་སྤུ་དང་། །ཁྱི་རྒྱ་བོའི་ཁྲག་གིས་རྐང་རྗེས་ས་དང་བསྲེས་པ་ཡིས། ལག་མཐིལ་དྲིལ་བས་སྔགས་འདི་བཟླས། ན་ཙོ་ན་བུ་ཙི། མུ་ཏུ་ཤད་ཤད། ཏིསྟ་རྦད་ཐུམ་རི་ལི་ལི། བརྒྱ་རྩ་བརྒྱད་ནི་བརྗོད་པ་སྟེ། །ཉིན་གཉིས་པ་ལ་ལན་དྲུག་དྲུག །ཉི་མ་ཤར་ཀ་རྭའི་ནང་དུ་སྦས་ཏེ། ཚོན་སྐུད་ཀྱིས་བཅིང་བར་བྱའོ། །ཆུ་མིག་རྡོ་རུ་སྦས་ཏེ་གཞུག །ཡན་ལག་བཅིངས་ཏེ་འགྲོ་མི་ཤེས། །མྱུར་དུ་གྲུབ་འདོད་མདོ་མདོར་བསྐུལ། །གཡམ་པ་སྔོན་པོར་གཟུགས་བྲིས་ལ། །སྔོ་མྱོགས་ཀྱིས་སོང་བར་བསམ་ལ། །སྙིང་ཁ་རག་ནི་ཤ་ཀུ་རུ་རུ་ཁ་རག་བྷྱོ། ཤ་སྡི་སྟ་རྦད་ཐུམ་རིལ་ལི་ལི། གཟུགས་ལ་ཕབ་ཅིང་བཏུལ་གྱུར་ན། མྱུར་དུ་འཆི་བར་འགྱུར། ཤིན་ཏུ་རབས་ཆད་ཐོད་པ་བཙལ་ཏེ། དེ་ནས་ཁྲག་གཙང་ཆུ་གཙང་ཆང་ཕུད་དང་། །སྔགས་འདི་བཟླས་ལ་གཏོར་བར་བྱ། །མ་མ་སྙིང་ཁ་རག་སྙིང་ཁ་ལ་རག་བྷྱོ། མི་བདེ་བ་རྣམ་པ་སྣ་ཚོགས་ལས། མྱུར་དུ་འཆི་འགྱུར་ཐེ་ཚོམ་མེད། །ཐོད་པའི་ནང་དུ་དྲི་ཆེན་དང་དྲི་ཆུ་བླུགས་ལ། ཉུང་དཀར་ཉུང་ནག་དེ་རུ་བླུགས། །མཆོད་འབུལ་སྦྱིན་གཏོར་སྦྱིན་པར་བྱ། །སྙིང་ཏིག་བཀོལ་བའི་རྒྱུད་ལས། ངན་སྔགས་སྦྱོར་


DNG023_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ལེའུ་སྟེ་དྲུག་པའོ།། །།གཏོར་མའི་ལས་ཀྱི་སྦྱོར་བ་ཡང་ཚར་བཅད་པ་དང་། ཕན་གདགས་པའི་ཕྱིར། མཎྜལ་འདོམ་གང་གྲུ་བཞི་ལ། །དབུས་སུ་བཟའ་བའི་བྱེ་བྲག་དང་། །སྨན་དང་འབྲུ་དང་ཤིང་ཐོག་དང་། །རོ་དང་ཚོད་མ་ཆང་གི་ཚོགས། །ཤ་ཁྲག་བྱེ་བྲག་སྣ་ཚོགས་པ། །བསོགས་ཏེ་དེ་ལ་སྦྱིན་པར་ཡང་། །སྟོང་ཉིད་གྲུ་གསུམ་འབར་བ་ཡི། །དཀྱིལ་དུ་སྲིད་པ་བདེ་འགྲོ་དང་། །ཆེ་མཆོག་རིམ་བཞིན་དམིགས་པར་བྱ། །ཁྲག་གི་རྒྱ་མཚོ་བྱེ་བྲག་ལས། །ཆེ་མཆོག་གཙོ་མོ་མ་བཞི་དམིགས། །དེ་རྣམས་འཁོར་ཡང་དམིགས་པར་བྱ། །སྤྱན་དྲང་དགུག་པའི་བར་དུ་སྟེ། །བརྒྱ་རྩ་བརྒྱད་དུ་བྱ་བ་ཡིན། །བྱིན་རླབས་དབང་བསྐུར་ཟིལ་མནན་ཏེ། །བསྡིགས་ཏེ་ཕུད་ནི་བདུད་རྩིར་དམིགས། །ཉི་ཤུ་རྩ་གཅིག་དབུལ་བར་བྱ། །ས་མ་ཡ་བཾ་ཛ། ཨ་མྲྀ་ཏ་པྲ་ཏི་ཁ་རཾ་ཁཱ་ཧི། ཁྲག་ལ་དགུག་པའི་བརྒྱ་རྩ་བརྒྱད། །བསད་པའི་ཐུན་ཡང་དེ་དང་མཐུན། །རྡོས་མ་ཤ་ཁྲག་རག་སྔགས་ལ། །ཉི་ཤུ་རྩ་གཅིག་བཏགས་ལ་དབུལ། །མ་ཧཱ་པཉྩ་ཁཱ་ཧི། གོ་རོ་ཙ་ན་ཁཱ་ཧི། ཞེས་ཀུན་ལ་བསྟབ། དྲིལ་བ་ཀུན་ལ་བརྒྱ་རྩ་བརྒྱད་བཟླས་ཏེ། གནོད་པ་འབྱུང་། བསྙེན་དང་བསྒྲུབ་པའི་སྦྱོར་བ་ཡང་། །རྒྱུན་གྱི་སྦྱོར་བ་རྣམ་བཞི་པ། །བསྙེན་པའི་བདུད་རྩི་མན་ཆད་ནི། །སྒྲུབ་པ་ཀུན་གྱིས་འཇིག་པ་སྟེ། །སྦྱོར་ཀ་དུ་ཡང་དུ་ཡང་ཡིན། །བདུན་ནམ་ལྔ་བཞིའི་བར་དུའོ། །རྒྱུ་ནི་ཉི་ཤུ་གཉིས་གསུམ་ཚེས་བརྒྱད་དགུ་ལའོ། །སྦྱོར་བ་རྒྱུ་བའི་དུས་སུ་སྟེ། །བསྙེན་བསྒྲུབ་གཉིས་ལ་དུས་ཚོད་མེད། །ཞི་དང་རྒྱས་དང་དབང་དང་ནི། །ལས་དང་རྫས་དང་སྦྱོར་བ་ཡིན། །སེམས་ཅན་རྐྱེན་དང་འཕྲད་པ་ཡིས། །དེ་དུས་སྲིད་པའི་མ་མོ་འཁྲུག །དེ་དུས་གཡོ་ཞིང་བཟློག་པའི་ཐབས། །དབེན་པའི་གནས་སུ་སོང་ནས་ནི། །ས་ཡི་དཀྱིལ་འཁོར་བྲི་བར་བྱ། །གཏོར་མར་རཀ་ཏ་བདུད་རྩི་དང་། །གསང་བའི་ཐུན་ཡང་བསོག་པར་བྱ། །དེས་ནི་སྔགས་པ་རང་གི་བཅས། །གོས་ནག་ཐོད་ནག་བཅིང་བར་བྱ། །ཤར་དུ་མཐིང་ནག་གུར་ཆེན་ལ། །ལྷོ་རུ་ལེ་བརྒན་གུར་ཆེན་དབུབ། །ནུབ་ཏུ་ཟ་འོག་གུར་ཆེན་ལ། །བྱང་དུ་


DNG023_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

དར་ནག་གུར་ཆེན་དབུབ། །ཤར་དུ་སྲན་མ་ལྷོར་ཡུངས་ཀར། །ནུབ་ཏུ་བྲ་བོ་བྱང་དུ་ནས། །དབུས་སུ་གྲོ་ནི་བླུག་པར་བྱ། །དབུས་སུ་རི་རབ་གཟུགས་བྱས་ཏེ། །སྲིད་པ་བདེ་འགྲོ་དཔོན་གཡོག་རྫས། །གླུད་རྣམས་བརྒྱ་རྩ་བརྒྱད་དུ་དགོད། །བདག་ཉིད་དཔལ་ཆེན་ཧེ་རུ་ཀ །སྲིད་པའི་མ་མོ་དབང་དུ་སྡུད། །ཤར་གྱི་མཐིང་ནག་གུར་ནང་དུ། ། ཁྲམ་ཁ་སྟོང་གི་འཁོར་བཅས་ལ། །གླུད་བརྒྱ་རྩ་བརྒྱད་བུལ་བར་བྱ། །ལྷོ་ཕྱོགས་ཀྱི་ནི་གུར་ནང་དུ། །རི་རབ་གླིང་བཞི་འཁོར་བཅས་ལ། །གླུད་སེར་བརྒྱ་རྩ་བརྒྱད་དུ་དབུལ། །ནུབ་ཕྱོགས་ཀྱི་ནི་གུར་ནང་དུ། །ས་གཞི་འདེགས་པའི་འཁོར་བཅས་ལ། །གླུད་བརྒྱ་རྩ་བརྒྱད་དབུལ་བར་བྱ། །ལྷོ་ཡི་ཕྱོགས་ཀྱི་གུར་ནང་དུ། །རྒྱ་མཚོ་གླིང་གི་འཁོར་བཅས་ལ། །སྦྲུལ་དང་སྡིག་པ་གཉིས་བརྒྱ་དབུལ། །མ་ཏང་གི་ནི་གཟུགས་དག་ལ། །ཡན་ལག་དག་ལ་ཤན་པ་དགོད། །འོག་ལ་བདུད་ཆེན་ཀིང་ཀ་ར། །འཁོར་ནི་བདུད་ལ་ཞུ་བར་བྱ། །མ་ཆེན་ལྔ་ལ་ཞུ་གསོལ་གདབ། །གླིང་ལ་སྲོག་གླུད་དབུལ། །རྟ་འདྲེ་ཀུན་ལ་མཐུན་རྫས་དབུལ། །སྤྱི་ཡི་ལས་ལ་མཁས་པས་བགྱི། །དེ་ལ་གོས་གོན་གླུད་དུ་དབུལ། །མདོས་དང་གཏོར་མ་དགྲ་ཕྱོགས་བསྐྱལ། །ནམ་གུང་བསྐྱལ་བར་ཤིན་ཏུ་གཅེས། །ནད་ཀྱི་ཐུན་གྱི་བཤུ་བར་བྱ། །ཉམས་པ་དག་ལ་ཐུན་སྣ་དབུལ། །དེ་ནས་མཚམས་གཅད། སྣ་ལ་མདོས་ཀྱི་སེལ་བྱ། བར་དུ་ཚེ་དགུག །ཐ་མར་དགྲ་ལ་མདོས་ཁ་བསྟན། །སེམས་ཅན་རྣམ་སྨིན་བདོ་བ་ཡང་། །ལོ་གསུམ་བར་དུ་གནས་པར་ནུས། །སྙིང་ཏིག་བཀོལ་བའི་རྒྱུད་ལས། གཏོར་མའི་སྦྱོར་བ་དང་ཕན་གདགས་མདོས་ཀྱི་ལེའུ་སྟེ་བདུན་པའོ།། །།དེ་ནས་མ་མོ་དབང་དུ་བསྡུ་སྟེ། བལྟ་བས་བསྡུ་དང་སྤྱོད་པས་བསྡུ། །བལྟ་བས་བསྡུ་ནི་འདི་རྣམས་ཏེ། །ཕྱི་ནང་སྲིད་པ་བདེ་འགྲོ་མ། །འབྱུང་བ་བཞི་ལས་སྲིད་པ་ལ། །ཐམས་ཅད་འབྱུང་བའི་རང་བཞིན་ཡིན། །དེ་ནས་མི་དམིགས་པ་རུ་བསྒོམ། །དེ་ནི་བལྟ་བའི་དབང་སྡུད་དོ། །སྤྱོད་པ་ཆེ་མཆོག་ཧེ་རུ་ཀ་རུ་བསྒོམ། །རཀྟའི་མཚོ་ལ་གནས་


DNG023_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཅས་མོ། །དབུ་ཡང་རྡོ་རྗེ་ཚལ་པ་ལ། །དབུ་ནས་རྒྱབ་ཏུ་འགེམས་པར་བྱེད། །གནམ་ལྕགས་ངུར་མོས་མགོ་ནས་རྒྱབ་ཏུ་འགེམས། །སྐུ་ཡང་རྡོ་རྗེ་རྡུལ་དུ་རློག་པར་བྱེད། །བདག་ཉིད་ཕྱག་ན་གནམ་ལྕགས་ངུར་མོ་བསྣམས་པར་བསྒོམ། མ་མོ་རང་དབང་མེད་པར་སྲོག་སྙིང་ནས་དྲང་། འདར་བར་བསྒོམ་པར་བྱའོ། །སྙིང་ཏིག་བཀོལ་བའི་རྒྱུད་ལས། དབང་དུ་བསྡུ་བ་དང་ཤི་ས་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་དམ་ཚིག་བསྟན་པ་ནི། །སྤྱི་ཡི་དམ་ཚིག་ཐུན་མོང་ལས། །མ་མོའི་སྒོས་དམ་འདི་ལྟར་བསྲུང་། །རྫས་དང་ཡོ་བྱད་ལྡན་པར་བྱ། །མ་མོའི་རྒྱུ་དུས་ཤེས་པར་བྱ། །དམ་ཉམས་དག་དང་འཕྲད་མི་བྱ། །བསྙེན་པའི་ལྷ་ཡང་གསལ་བར་བསྒོམ། །མ་མོའི་སྙིང་པོ་མ་ནོར་བཟླས། །ཉེས་པ་ཆུང་ལ་མི་བྱའོ། །སློབ་དཔོན་དགྲ་ལ་བསྒྲིམས་དམ་བྱ། །སུ་ལ་ཡང་ནི་མི་བསྟན་པ། །མ་མོ་ལ་དང་སྒྲུབ་པ་པོ། །འདི་ནི་མ་མོའི་དམ་ཚིག་གོ། །རང་གི་སྲོག་བཞིན་བསྲུང་བར་བྱ། །སྙིང་ཏིག་བཀོལ་བའི་རྒྱུད་ལས། མ་མོ་དམ་ཚིག་བསྟན་པའི་ལེའུ་སྟེ་དགུ་པའོ།། །།རྒྱུད་འདི་ཇི་ལྟར་འབྱུང་བའི་ཁུངས་ནི། དྷ་ན་སང་ཤི་ཏ་དུར་ཁྲོད་བསིལ་བའི་ཚལ་དུ་དགོངས་པ་མཛད་པ་ལས། བ་རི་ཏ་ཀའི་ཁང་པའི་ནང་ནས་ཡ་མཚན་ཆེ་བའི་དྷརྨ་འོད་ཀྱིས་བསྐོར་བ་འདི་བྱུང་ངོ་། །སྲིད་པའི་མ་མོ་འདུ་བ་དང་། མཆོད་པ་བྱེད་པ་དང་། ཕྱག་བྱེད་པ་ཉམས་སུ་བྱུང་བས། སློབ་དཔོན་ལ་ཡང་བར་ཆད་བཏང་ངོ་། །དེ་ནས་སློབ་དཔོན་གྱིས་ཀྱང་མཆོད་རྟེན་བདེ་བྱེད་བརྩེགས་སུ་བྱོན་པས། མ་མོ་ཤ་དང་ཁྲག་གིས་བྲིད་དབང་དུ་འདུས་པར་མཛད་པ་ལས། ནང་པར་འགྲོ་ཀར་མ་མོ་རྣམས་བྱུང་བ་བས། ཁྱེད་རང་གི་སྲོག་སྙིང་ཁྱེར་ལས་ཤོག་བྱས་པ་ལས། མ་མོས་དེར་འོངས་སོ། །དེ་ནས་མ་མོ་རྣམས་དབང་དུ་འདུས་སོ། །དེ་ནས་སློབ་དཔོན་གྱིས་ཀྱང་དུར་ཁྲོད་བསིལ་བའི་ཚལ་དུ་སྦས་པ་ལ། བཙན་པོ་ལ་དགྲ་ལངས་ནས་བླངས་པ་ལགས་སོ། །མ་མོ་རྣམས་ཀྱི་སྙིང་ཏིག་བཀོལ་བའི་རྒྱུད་རྫོགས་སོ།། །།

སྲོག་ཏིག་དང་སྙིང་ཏིག་གི་རྒྱུད།


DNG023_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། མ་མོ་ཙིཏྟ་ཡང་སྙིང་། བལ་མོའི་སྐད་དུ་སྐྲོག་ཟེར། སང་སྐྲི་ཏའི་སྐད་དུ་སྙིང་ཏིག །བོད་སྐད་དུ། སྲོག་ཏིག་དང་སྙིང་ཏིག་གི་རྒྱུད་ཅེས་བྱའོ། །ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །དེ་ནས་མ་མོ་འདུལ་མཛད་པ། །འཇིགས་བྱེད་ཧེ་རུ་ཀ་ཡིས་ནི། །མ་མོ་འབུམ་ཐིག་བཀའ་སྩལ་ཏེ། །སྔོན་ལས་དཀར་ནག་འདྲེས་པ་ལས། །སྣང་སྲིད་མ་མོ་འབུམ་དུ་འགྱུར། །དེ་ལ་དབང་ཆེན་མ་མོ་ནི། །ཁྲི་དང་ཆིག་སྟོང་དག་ཏུ་སྲིད། །དེ་ལས་སྲོག་གཅོད་བདག་མོ་སྟེ། །བྱུང་བའི་ཡན་ལག་སྣང་བ་ནི། །མ་མོ་སྟོང་དང་རྩ་བརྒྱད་སྲིད། །འགུགས་ཤིང་འདྲེན་པའི་ལས་མཛད་མ། །ཕོ་ཉ་ཉིས་བརྒྱ་ལྔ་བཅུ་གཉིས། །གསོད་ཅིང་གསོད་པའི་ལས་བྱེད་མ། །བདུད་མོ་ཉིས་བརྒྱ་ལྔ་བཅུ་གཉིས། །མཛེས་པའི་ཚུལ་སྟོན་ལས་བྱེད་པ། །སྨན་ཕྲན་ཉིས་བརྒྱ་ལྔ་བཅུ་གཉིས། །ལེགས་ཉེས་རྗེས་སུ་ལས་བྱེད་མ། །ཉུལ་ལེ་ཉིས་བརྒྱ་ལྔ་བཅུ་གཉིས། །དེ་ཡི་ནང་ནས་གཙོ་མོ་ནི། །ནམ་མཁའ་རྣམ་པར་སེལ་བྱེད་མ། །ཁྲམ་ཁ་སྟོང་གི་དབང་མོ་ཆེ། །ས་ཁམས་ཤ་རུས་དབང་བྱེད་མ། །ས་གཞི་འདེགས་པའི་དབང་མོ་ཆེ། །ཆུ་ཁམས་ཁྲག་ལ་དབང་བྱེད་མ། །རྒྱ་མཚོ་གླིང་གི་དབང་མོ་ཆེ། །རླུང་ཁམས་དབུགས་ལ་དབང་བྱེད་མ། །རི་རབ་གླིང་བཞི་དབང་མོ་ཆེ། །ཀུན་ལ་ཁྱབ་པའི་དེ་བཞིན་ཉིད། །ཐིག་ལེ་ཆེན་པོ་མངོན་སངས་རྒྱས། །སྲིད་པའི་བདེ་འགྲོ་མ་རུ་བརྗོད། །ཡང་ཏིག་བཀོལ་བའི་རྒྱུད་ལས། མ་མོ་འདས་པའི་བཅའ་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་སྒྲུབ་པའི་གནས་བསྟན་པ། །དུར་ཁྲོད་ས་ཕུག་རི་བྲག་དང་། །ཉམས་དགའ་བ་ཡི་ས་ཕྱོགས་སུ། །ཆུ་ཀླུང་ནགས་ཚལ་ལ་སོགས་པ། །སྒྲུབ་པའི་གནས་སུ་རབ་ཏུ་བསྟན། །གནས་དེར་དྲག་པོའི་བསྒྲུབ་བྱ་བ། །སྔོན་འགྲོ་བདུད་འདུལ་ས་བརྟག་ཅིང་། །ས་བསླང་ས་སྦྱང་མཚམས་གཅད་བྱ། །གནས་དེར་གསང་བའི་དཀྱིལ་འཁོར་ནི། །ཧེ་རུ་ཀ་ཡི་དཀྱིལ་འཁོར་བསྐྱེད། །བསྐྱེད་ཅིང་སྤྱན་དྲང་མཆོད་བསྟོད་དེ། །བྱིན་བརླབ་དབང་བསྐུར་ཚུལ་བཞིན་བྱ། །བཟླས་བརྗོད་དག་ཀྱང་མཐུན་བྱས་ནས། །དེ་ནས་དབང་བྱེད་མ་བསྒྲུབས་པ། །ས་ཡི་དཀྱིལ་


DNG023_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་འདོམ་གང་ལ། །དབུས་སུ་གྲུ་གསུམ་མཐིང་ནག་བྲི། །དེ་ལ་ཟླ་གམ་གསུམ་གྱིས་བསྐོར། །ཟླུམ་པོ་ཞི་བ་དཀར་པོ་ལ། །རྒྱས་པ་གྲུ་བཞི་སེར་དམར་ལྗང་། །ཐ་མ་ལྕགས་རི་ནག་པོས་བསྐོར། །གསང་བའི་དཀྱིལ་འཁོར་བསྟན་པ་ནི། །ཞི་བ་རབ་ཏུ་རྒྱས་པ་ལ། །དེ་ལ་ཐིག་བཞི་གྲུ་བཞིར་གདབ། །མ་བཞི་ལོགས་བཞིར་དགོད་པར་བྱ། །མཚམས་བཞིར་ལས་བྱེད་བཞི་དགོད་བྱ། །མ་མོ་བཞི་ཡི་ཐོད་པ་ལ། །མཐིང་ནག་གྲུ་གསུམ་འབར་བའི་སྟེང་། །དཔལ་གྱི་ཕྱག་རྒྱ་དགོད་པར་བྱ། །དེ་ནི་དཔལ་གསང་བའི་དཀྱིལ་འཁོར་རོ། །རྒྱལ་པོ་གསུམ་དང་གསོན་ཁྲག་གསུམ། །ཆུ་སྣ་གསུམ་དང་དུག་སྣ་གསུམ། །རྫས་གསུམ་དྲག་པོའི་ཤ་སྣ་གསུམ། །དགྲ་བོའི་མིང་རུས་བྲིས་ནས་ནི། །རབས་ཆད་ཐོད་པའི་ནང་དུ་བླུག །རྒྱུ་ཞགས་དག་གིས་དམ་དུ་བཅིང་། །རྒྱུས་པའི་གཟུངས་ཐག་རབ་ཏུ་གདགས། །གསང་བའི་དཀྱིལ་འཁོར་དམ་པ་དེར། །སྐྱེར་རྩང་ཁྲག་གིས་བྱུག་པ་ལ། །ཁ་རུ་ཚོན་སྐུད་ཁྲག་བཏགས་བརྐྱང་། །དེ་ལ་མཐུན་རྫས་རབ་ཏུ་གཞག །དེ་ནས་མཐོ་གང་རྩང་རྩེ་ལ། །མཐིང་ནག་གུར་གྱི་ཡོལ་བས་དགབ། །གཉེན་པོའི་ལྷ་ཡང་སྒོམ་པར་བྱེད། །མ་མོ་རྣམས་ཀྱི་རྫས་བསྟན་པ། །གཞོང་པ་གྲུ་གསུམ་ནང་དུ་ཡང་། །ཁྲག་སྣ་གསུམ་དང་ཤ་སྣ་དང་། །སྨན་སྣ་ཚོགས་པ་བླུག་པར་བྱ། །གཏོར་མ་གྲུ་གསུམ་བཀོད་དེ་གཞག །གཡས་ཀྱི་གྲུ་གསུམ་ཞལ་དེ་ལ། །ཟུར་གསུམ་མིང་རུས་བྲིས་པ་དགོད། །ཆང་ཕུད་སྨན་དང་ཤ་སྣ་དང་། །ཁྲག་སྣ་སྟག་དང་གླང་པོ་སེང་གེ་དང་། །སྤྱང་ཀིའི་སྙིང་ལ་སོགས་པ་གཞག །དམར་ཆེན་གཏོར་མ་མ་མོའི་རྫས། །ཟླ་གམ་ཞལ་གྱི་གཉིས་པ་ལ། །ཁྲག་སྣ་སྟོང་དང་སྨན་སྣ་འབྲུ། །འཛའ་གད་བཀངྐ་བས་ཐུགས་དམ་བསྐང་། །ཉུང་དཀར་ཁྲག་གིས་བྱུག་པ་ལ། །ནད་ཀྱི་ངོ་བོས་གསོད་པའི་རྫས། །ཞིང་ཆེན་ལྷུ་དུམ་བཀྲམ་པ་ལ། །ཚིལ་ཆེན་དུད་པ་རྒྱུན་མི་གཅད། །ཐོད་ནག་བཅིང་ཞིང་གོས་ནག་གོན། །དཔང་གཟུག་ར་མདའ་ཟློག་པར་བྱེད། །ཞེ་སྡང་འབར་བའི་དཀྱིལ་འཁོར་དུ། །


DNG023_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་སྡང་སོལ་དུམ་བཞིན་དུ་བསྐྱེད། །ཡང་ཏིག་བཀོལ་བ་ལས། གནས་དང་སྔོན་དུ་བྱ་བ་དང་རྫས་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་དག་བཤད་པར་བྱ། །རྫས་བསྟན་སྒྲུབ་པ་པོ་ཡིས་ཀྱང་། །ཏིང་འཛིན་རིམ་པ་དམིགས་པ་ཡིས། །དབང་ཆེན་རིམ་པས་དམིགས་པར་བྱའོ། །མ་གཤིན་འདུས་པ་དཀྱིལ་འཁོར་དུ། །འཁོར་ལོ་བཞི་ཡི་ལྟེ་བ་དབུས། །ཕྱོགས་སྐྱོང་ཁྲོ་བཅུ་རིགས་ལྔ་དང་། །འདོད་པའི་དབང་ཅན་ཉལ་བ་དང་། །སྟེང་དུ་ཆེ་མཆོག་ཧེ་རུ་དམིགས། །ཉི་ཤུ་རྩ་གཅིག་མདོག་མ་ངེས། །བཞི་བཅུ་རྩ་གཉིས་བདེ་གཤེགས་འཛིན། །སྟེང་ཞལ་རྡོ་རྗེ་མཉམ་སྦྱོར་བས། །བྱང་ཆུབ་སེམས་ཀྱི་རྒྱུ་ལས་བྱུང་། །གསོན་གཤིན་སྒྲོལ་བའི་ཡུམ་ཞེས་བྱའོ། །སྲིད་པ་བདེ་འགྲོ་མ་དེར་དམིགས། །དེ་ཡི་འབྱུང་བ་བཞི་པོ་ལ། །མ་མོ་བཞི་པོ་བསྐྱེད་པར་བྱ། །སྟོང་རྩ་བརྒྱད་ཀྱང་དམིགས་པར་བྱ། །སྤྱན་དྲང་དབང་བསྐུར་བྱིན་བརླབ་སྟེ། །བདག་ཡང་སེམས་ཀྱིས་དབུལ་བ་དང་། །དྲང་དང་རྦད་དང་གསད་པའི་སྔགས། །གཙོ་མོ་འཁོར་དང་བཅས་པ་ཡིས། །ཉིན་གུང་མཚན་གུང་མ་ནོར་བཟླས། །ཉིན་གུང་མཚན་གུང་ལ་བསྐུལ་ཞིང་། །དུས་དེར་གཏོར་མ་གཏང་བར་བྱ། །མ་ནོར་དུས་སུ་རིམ་པར་བསྒོམ། །ཡང་ཏིག་བཀོལ་བ་ལས། མ་མོའི་ལས་བྱ་ཐབས་ཀྱི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །གྲུབ་པའི་རྟགས་མཚན་བྱུང་བ་དང་། །ལས་ལ་རབ་ཏུ་སྦྱར་བའི་ཕྱིར། །ཁྱིམ་མམ་དུར་མཆད་ཕས་འོངས་གདོང་། །ཁྲག་དང་ཉུང་དཀར་བསྲེས་པ་དེ། །རྒྱ་བཀྲོལ་ལག་གཡང་བླུགས་ཏེ་གཏོར། །ཕྱོགས་བསྐོར་གཡབ་མོས་གདུལ་བྱའོ། །དྲག་པོའི་རྫས་ཀྱིས་གནན་ཏེ་གཞག །སེར་བ་ཐོག་མར་འབེབས་འདོད་ན། །ཀླུ་གནས་ཆུ་མིག་བྲག་དམར་གནས། །ཡུལ་ལྷ་སོགས་ལ་བརྡེག་པར་བྱའོ། །རྫས་དང་སྔགས་ཀྱི་སྦྱོར་བ་ནི། །སོ་སོ་ཐ་དད་གནོད་པར་བསམ། །ལས་ལ་བཙུད་ནས་གྲུབ་པར་འགྱུར། །ཡང་ཏིག་བཀོལ་བ་ལས། སོ་སོ་ལས་ལ་སྦྱར་བའི་ལེའུ་སྟེ་བཞི་པའོ།། །།


DNG023_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་སྔགས་ཀྱི་སྦྱོར་བ་ནི། །ལས་ལ་ཕན་འདོགས་ཡིན་ཕྱིར་བསྟན། །ཨོཾ་ཤྲཱི་ཧེ་རུ་ཀ་བཛྲ་ཧཱུཾ་ཏྲ་ཧཱུཾ་ཕཊ། བཾ་ཧཱུཾ་ཨེ་ཨ་ར་ལི་ཧཱུཾ་ཛ། མ་ཧཱ་སྲོག་ཤྭ་ཐུན་བྷྱོ། མ་མ་སྙིང་ཁ་རག །མ་རག་ཤ་མ་རག་ཤ་བཛྲ་བཛྲ་ཏིང་ཏིང་། རག་མོ་སྙིང་ཁ་རག །མ་མ་ཏྲག་ཤ་ཛ། སྙིང་ཛྲ་ཛ་དུན་དུན་རག་མོ་ཏེ་ཀཾ། མ་མ་རུ་ལུ་རུ་ལུ་བྷྱོ། སྙིང་ཁ་རག་མ་ས་མ་ས་དུ་ཛྲ་ཛ། ཙ་ར་ནན་མ་ར་ཤག་ནི་དུ་མཱ་ར་ཡ་ཛ་ཤག །སྙིང་ཙ་མ་རག་མོ་ཐུན་ཐུན། མ་ཏིང་རག་མོ་ཐུན། སྙིང་ཁྲག་མཱ་ར་ཡང་དུ། དགྲ་བོ་ཐུན་ཐུན། མ་ཤ་ཤ་ཏྲི་རག་མོ་སྙིང་ཁ་རག་མོར་དུ་ཆེ་གེ་མོ། ཐུན་ཐུན། མ་མ་ཏྲག་རག་ཤ་ཆེ་གེ་མོ་སྙིང་དུ་ཕྱིག་ཡམ། ཆེ་གེ་མོས་དུ་མཱ་ར་ཡ་ཕཊ་ཐུན་བྷྱོ། དགྲ་བོ་ཀླད་པ་ལ་ཡ། སྙིང་ལ་ཡ། དབང་པོ་ལ་ཡ། སྙིང་ཟན་མ་བྷྱོ། ནཱ་ག་ཤིག་བཾ་ཧཱུཾ། བཾ་ཧཱུཾ་ཡ་ཤིག །ནཱ་ག་ཤིག་སོད། ནཱ་ག་ལས་མྱུར་དུ་གྱིས་ཤིག །བཙན་སྟན། རྨ་སྟན། འགྲི་མ་འགྲི་མ་ཤ་ཛ། ཚོམ་ཏྲི་མཱ་ར་ཡ་རག་ཤ་ཛ། བཙན་ལ་ལས་མྱུར་དུ་མཛོད་ཅིག །ཏྲི་ལིང་ཤ་ཀ་དུ་ཕྱུང་། ཏྲི་ཙ་བ་ལ་ཤིག །ཞུང་ཏྲི་ངཱུ ། མ་མོ་ལས་མྱུར་དུ་གྱིས་ཤིག །དེ་ལས་བསམ་གཏན་སྦྱོར་བ་ནི། །སྔགས་ལ་ཕན་འདོགས་ཕྱིར་ན་བསྟན། །དང་པོར་གནས་དང་རིམ་པ་བསྒོམ། །གཉིས་པ་རིམ་པས་གསལ་བར་བསྒོམ། །གསུམ་པས་དབང་དུ་བསྡུ་བ་བསྒོམ། །འོད་ཟེར་བྱེ་བ་རབ་འཕྲོས་པས། །སྲིད་གསུམ་མ་མོ་སྙིང་ནས་དྲངས། །དེ་ནས་མདུན་དུ་རབ་བཀུག་སྟེ། །འདར་ཞིང་སྲིད་གསུམ་བ་སྤུའི་ཚུལ་དུ་འདུ། །ལུས་ངག་ཡིད་གསུམ་དབང་དུ་བསྡུ་བའི་རྟགས། །ཏིང་འཛིན་གསལ་བས་འཇིགས་པར་བྱ། །སྲིད་པའི་མ་མོ་བཀའ་གཉན་པས། །ལས་ལ་འཕོས་ཏེ་སྙིང་ནས་དྲངས། །སྲོག་སྒྲོལ་མིག་རྩ་རིག་རིག་འདུག །གདངས་སྐད་ཚངས་པའི་གནས་སུ་འདོན། །སྔ་ཕྱིར་བཟུང་ནས་ཐུན་ནང་དུ། །ཁུགས་ནས་ལས་ལ་གསལ་བར་དམིགས་པར་བྱ། །འོངས་ནང་གཟའ་བ་འོད་འབར་ནི། །ཁ་ནས་ངན་སྔགས་རབ་ཟློས་ཤིང་། །ཕྲིན་ལས་


DNG023_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་རླག་མཛད་དམིགས། །གང་འདོད་ཚངས་པའི་གནས་སུ་འདོན། །མཚོན་ཆ་ཆར་འབེབས་ཚངས་པ་ཡི། །ཚེ་དང་ལྡན་པ་མྱུར་དུ་འཇིག །སྔགས་དང་དམའ་དང་བསམ་གཏན་ལྡན། །དེ་དུས་རྟགས་ནི་བསྟན་པ་ཡང་། །དཀར་དམར་འདྲེས་ན་དངོས་གྲུབ་ཐོབ། །བོ་ན་སྒྲིབ་ཡོད་བཤགས་པ་བྱ། །འགུལ་ཞིང་ལྡེག་ན་མྱུར་དུ་ཁུགས། །ཁོལ་ཞིང་རླབས་བྱུང་མྱུར་བར་གསོད། །གནག་ན་ཕོ་ཉ་འཁོར་བཅས་གྲུབ། །དམར་ན་བདུད་མོ་འཁོར་བཅས་གྲུབ། །སྣ་ཚོགས་སྨན་ཕྲན་འཁོར་བཅས་གྲུབ། །དཀར་ན་ཉུལ་ལེ་འཁོར་བཅས་གྲུབ། །སྒྲ་ནི་གང་ནས་བྱུང་བ་ཡི། །སྣ་ཚོགས་པ་ནི་གྲུབ་པར་བྱ། །དྲི་ཡང་དེ་བཞིན་ཤེས་པར་བཤད། །མ་བཙན་བརྟག་པ་རབ་ཏུ་བརྟགས། །ཤར་རམ་ལྷོའམ་ནུབ་བམ་བྱང་། །དེ་ཡང་དབུས་སུ་བྱུང་ན་བཟང་། །ཉམས་ལ་གསལ་ལམ་མཐོང་ན་ལེགས། །རི་མོ་སྟོན་ན་བསྒྲད་པར་བྱ། །མང་པོ་བྱུང་ན་འཁོར་མི་ཡིན། །གཏོར་མ་སྤྱི་ལ་སྦྱིན་པར་བྱ། །བཞི་རུ་བྱུང་ན་གཙོ་མོ་སྟེ། །ཤིན་ཏུ་བཅོལ་བ་དྲག་ཏུ་བྱ། །དམག་ཚོགས་སྟོན་ན་ལས་བྱེད་ཡིན། །ལུས་ལ་སྦྲུལ་གྱིས་འཁྲིལ་པ་ནི། །འཁོར་གྱི་ཀླུ་མོ་ལས་བྱེད་ཡིན། །བུད་མེད་བྱུང་ན་མ་མོ་ལས་བྱེད་ཡིན། །སྐྱ་ཤར་བྱུང་ནས་ལས་བྱེད་ན། །བདུད་ཕོ་ལས་བྱེད་ཡིན་པར་བཤད། །དགྲ་རྟགས་ཕོགས་དགུ་བྱུང་མོད་ཀྱང་། །ངེས་པ་མེད་པར་ཤིན་ཏུ་འབད། །ཐེ་ཚོམ་ཟ་ན་འདི་འགྲུབ་མེད། །སྦྱོར་བ་མ་གཙང་ལས་མི་གྲུབ། །རྟགས་ལ་ལྟོས་ལས་ལེགས་པར་སྒྲུབ། །སེམས་བསྲན་ཆུང་ན་ལས་མི་གྲུབ། །དེ་ཡི་རྟགས་ཀྱི་སྒྲུབ་པ་བཤད། །འགྱུ་བའི་དུས་ལ་སྒྲུབ་གཟུགས་གཟུང་། །བཅོ་ལྔ་ཉེར་གཉིས་མར་ངོ་ལ། །ཚེས་གྲངས་བཅོ་ལྔ་ལས་བྱེད་དུས། །དེ་དུས་གྲུབ་མཐའ་ལས་ལ་གཟུད། །གྲངས་ཀྱི་གྲུབ་མཐའ་བསྟན་པ་ནི། །སྟོང་ངམ་ཁྲི་འམ་འབུམ་གྱི་བར། །འབུམ་མམ་བདུན་འབུམ་བྱ་བའི་བར། །དང་པོ་བསྒྲུབ་པ་སྦྱར་བར་བྱ། །ལས་ལ་གཟུད་པའི་ལས་ཟིན་པས། །གཏོར་མ་བཏང་སྟེ་བཤགས་པ་བྱ། །རྫས་དང་དལ་ལ་བསྡུས་ཏེ་སྦ། །ཡང་ཏིག་བཀོལ་བ་ལས།  བསམ་གཏན་དང་གྲངས་


DNG023_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

དང་། དུས་དང་བཅས་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ཅུང་ཟད་གྲུབ་པའི་རྣལ་འབྱོར་པས། །བསྒྲུབ་པའི་སྦྱོར་བ་བཅས་པ་སྦྱིན། །དེ་ཡང་རྒྱུན་གྱི་ཏིང་འཛིན་ནི། །བཅུ་ཚན་གྲུབ་པའི་བསྒྲུབ་པ་སྟེ། །རུ་དམ་ཁ་ན་དམ་པོ་རུ། །གསད་པའི་རྫས་རྣམས་ཐུན་དུ་བླུག །མི་ཡིས་མི་མཐོང་གནས་དག་ཏུ། །གྲུ་གསུམ་ནང་དུ་གསེང་ལ་གཞག །གཏོར་མ་ཆེན་པོ་རྫས་ལྡན་གཟུང་། །དུས་རྣམས་ཀུན་ཏུ་སྦྱིན་པར་བྱ། །སྟོང་ལས་མར་མེ་འབར་ཧཱུཾ་སྟེ། །འོད་ལས་འདབ་བཞི་ལས་བྱེད་ཐམས་ཅད་ལྡན་པར་དམིགས། སྟེང་གི་ནམ་མཁའ་ཉི་མ་ལ། །གནས་པའི་སྟེང་དུ་ཧཱུཾ་དམིགས་ཏེ། །དེ་ལས་འཇིགས་བྱེད་འབར་བ་བསྒོམ། །སྦྱན་དྲང་བྱིན་བརླབ་དབང་བསྐུར་ཏེ། །ཉིན་མཚན་བཟླས་པ་ཐུན་རེ་དབུལ། །སྤྱོད་ལམ་དུས་བཞི་ཐམས་ཅད་དུ། །ལུས་ལ་ཉུང་དཀར་དགྱེ་རུ་བཏགས་ལ། །ཧེ་རུ་ཀ་རུ་གདུག་པའི་གནས། །དེ་ཡི་མ་མོའི་གསལ་དམིགས་ཤིང་། །སྔགས་སྦྲེལ་ཟུར་མ་ཆག་པར་བཟླས། །ཐུན་སྣོད་ནང་དུ་ངེས་པར་བླུག །ལས་ཀྱི་སྦྱོར་བ་བསྟན་པ་ནི། །སད་དང་སེར་བ་ལ་སོགས་ཀུན། །ཉ་གསུམ་བསྒྲུབས་ལ་བདུན་ལ་བརྡོག །གནམ་སྟོང་ཚེས་རྣམས་ཉི་ཤུ་གཉིས། །བསྒྲུབ་སྟེ་ཕྱི་དེ་ནུབ་མོ་ནི། །སད་སེར་དུས་སུ་དྲག་པོའོ། ། འདིས་འགྲུབ་གཞན་གྱིས་འགྲུབ་པ་མིན། །ཡང་ཏིག་བཀོལ་བ་ལས། སྒྲུབ་པ་དང་ལས་ལ་སྦྱོར་བའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ཤིན་ཏུ་དྲག་པོའི་རྣལ་འབྱོར་པས། །སྦྱོར་བ་ཁོ་ནས་སྒྲོལ་བར་བྱ། །དེ་ཡང་ཐབས་མཆོག་བདུན་དུ་འདུས། །བསྒོམ་པའི་གཉེན་པོ་ལྷ་གསལ་དང་། །ལས་སུ་རུང་བ་མ་ཡེངས་དང་། །སྐུ་གསལ་དབང་བསྡུས་ལས་གཟུད་དང་། །བཙུད་ནས་རྦད་པའི་སྔགས་བཟླས་ཤིང་། །ཞེ་སྡང་འབར་བའི་དཀྱིལ་འཁོར་ནས། །གསད་པའི་ཞེ་སྡང་འབར་དམིགས་ཤིང་། །མ་མོས་མཚོན་ཆ་སྣ་ཚོགས་ཀྱིས། །གསོད་པར་དམིགས་ཏེ་ཐུན་དུ་བརྡེག །སྒྲོལ་བ་ལུང་གི་ཞེ་སྡང་ངོ་། །མ་མོས་ཤིན་ཏུ་སྒྲོལ་བའི་ལས། །


DNG023_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་རྩ་སྤྱི་བོ་རལ་ནས་ཀྱང་། །རྣམ་པར་ཤེས་པ་འབྱེད་པར་བསྒོམ། །ཐོད་པས་ཐོད་པ་འཇིགས་པར་བསྒོམ། །མ་མོས་འཁོར་བ་ལམ་ལ་གནས། །མདོག་དང་མཐུན་པའི་ནད་འགྱེད་ན། །འཇོག་པ་ཁྲག་མེད་ཞེས་ཀྱང་བརྗོད། །སྙིང་ནས་མདུན་ན་བད་ཀན་རྩ། །ནམ་མཁའི་མ་མོ་རླུང་ནག་དང་། །བད་ཀན་དེ་ལས་སྐྱེ་བར་དམིགས། །སྙིང་ནས་གཡས་ན་ཁྲག་གི་རྩ། །ས་ཡི་དབང་བྱེད་མ་མོའི་རྩ། །ཁྲག་ནི་དེ་ལས་འབྱུང་བར་དམིགས། །རྒྱབ་ན་གནས་པ་ས་ཚོགས་རྩ། །འབྱུང་བ་རླུང་གི་མ་མོ་དེས། །སྣ་ཚོགས་ནད་ཀྱི་གཉིས་འབྱུང་དམིགས། །གཡོན་ན་གནས་པ་མཁྲིས་པའི་རྩ། །འབྱུང་བ་ཆུ་ཡི་དབང་མོ་དེས། །མཁྲིས་པ་ཀུན་ཀ་གཉིས་འབྱུང་དམིགས། །ཡིད་ཀྱི་འཛིན་ཕུར་འདེབས་པ་ལ། །ཟློག་པ་ཧེ་རུ་ཀས་མིས་ཟློག །དྲག་པོའི་རྒྱུ་དུས་དལ་ཏེ་བཟླས། །གསང་བའི་དངོས་གྲུབ་ངེས་པར་འབྱུང་། །སྔགས་ནི་རྣ་དབང་ཐོས་མི་རུང་། །ཡིད་ངག་ལྐུགས་པའི་ཚུལ་དུ་བཟླས། །སྒྲ་མ་ཉམས་ན་དངོས་གྲུབ་འབྱུང་། །བསྒྲལ་བ་ཅི་ལྟར་འདོད་པ་དྲུག །བསྐང་བ་བྱང་ཆུབ་སེམས་དང་ནི། །བདུད་རྩི་དམར་གྱི་ཨརྒྷཾ་དང་། །ཟླ་ཤི་ཉ་དང་ཚེས་བརྒྱད་དང་། །ཉི་ཤུ་གཉིས་དགུ་གནམ་སྟོང་བསྐང་། །བྱེས་སུ་འགྲོ་ན་ལུས་ལ་བཅང་། །དགྲ་བྱུང་མདུན་དུ་གཏོར་བར་བྱ། །ནུབ་མོ་བག་ཕབ་ཁྱིམ་ལ་བརྒྱག །དྲེད་པར་གྱུར་ན་མི་འགྲུབ་སྟེ། །དེ་ནི་བསྒྲུབ་པའི་དགོས་པ་སྟེ། །རྟགས་ནི་མོད་ལ་འབྱུང་བར་བཤད། །བདུན་དང་ལྡན་པའི་སྦྱོར་བའི་རྫས། །འཕངས་ན་ཚངས་པ་ཉིད་ཀྱང་བཀྲོངས། །ཡང་ཏིག་བཀོལ་བ་ལས། སྦྱོར་བའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ལས་རེས་ཐམས་ཅད་བསྒྲུབ་པ་ལ། །ལས་ཀྱི་སྦྱོར་བས་གྲུབ་པ་ཡིན། །ཐུན་གྱི་སྦྱོར་བ་མཆོག་ཏུ་བཤད། །རྣམ་པར་སྦྱར་བའི་སྙིང་པོར་བཤད། །སྣ་ལ་གཏད་པའི་སྦྱོར་བ་ནི། །མ་དང་བདུད་ལ་གཏད་པར་བྱ། །གསོན་ཁྲག་གསུམ་ལ་ཚོགས་གསུམ་གཅད། །སྣེལ་གྲིའི་ཐོད་པར་བླུགས་ལ་གནན། །གཅིག་ལ་སྤྱི་གཏོར་དག་ལ་གཏང་། །ཉུང་དཀར་


DNG023_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་དེ། །མ་མོའི་གཏོར་མ་དག་ལ་གཏང་། །མ་མ་ཤ་ཤ་བྷྱོ། མ་མ་ཧྲིང་ཧྲིང་བྷྱོ། མ་མ་ཙིཏྟ་ཛྭ་ལ་རཾ། སྙིང་ཟན་མ་བྷྱོ། མ་མ་ཁ་འདར་མ་བྷྱོ། རེག་མོ་ཁྲག་ཏིག་མ་མ་བྷྱོ། རེག་མོ་སྙིང་ཁ་རག་མོ་བྷྱོ། རེག་མོ་ཀྲོ་མ་ཙ་ལ་ཀྲོ་མ་ཙ་ལ་བྷྱོ། རེག་མོ་མ་ཤན་ཏིང་མ་བྷྱོ། རེག་མོ་དགྲ་བོ་སྙིང་ལ་བྷྱོ། རེག་མོ་དགྲ་བོ་ཤ་རྒྱུད་ལ་བྷྱོ། སྙིང་རྒྱུད་དབུགས་ལ་བྷྱོ། རྩ་རྒྱུད་སྲོག་ལ་བྷྱོ། ཡང་ཏིག་ཁྲག་དང་ཉུང་དཀར་བཅས། ཡག་མོ་ཀྲོ་མ་ཙ་ལ། ཡག་མོ་ཀྲོ་མ་ཙ་ལ་ཆུམ་ཆུམ་ཐུམ་རི་ལི་རི་ལི། རེག་མོ་ཁ་རི་ལ་བྷྱོ། རེག་མོ་ཆུ་ཏ་ཛྭ་ལ་རམ་བྷྱོ། རེག་མོ་ཁ་གཏང་ཁ་སྙིང་ལ་རིལ། རེག་མོ་ཧིས་ཏ་རྦད། ཐུམ་རི་ལི་རི་ལི་བྷྱོ། རེག་མོ་ཤ་ལ་ཛ་ཛ། རེག་མོ་དབུགས་ལ་ཛ་ཛ། རེག་མོ་སྙིང་ལ་ཛ་ཛ་བྷྱོ། སྲོག་མོ་ཛ་ཛ་བྷྱོ། ཨ་བཾ་ཙ་ར་ས་སྦས་པ་ཡིན། སྙིང་པོ་གྱིས་སྦས་དགོངས། ཨོཾ་བཛྲ་རག་ཤ་ཐུན་དེ་བྷྱོ། ཨོཾ་བཛྲ་མུ་རྟན་ཏྲ་བྷྱོ། མ་རཀྴ་བྷྱོ། སྙིང་རྩ་ཏ་མ་བྷྱོ། ཆེ་གེ་མོའི་སྙིང་ལ་ཡ། དུནྟི་རེག་མོ་དུན་བྷྱོ། རུ་རག་ཏྲག་མ་ཏྲཾ་དུ་བྷྱོ། ཤ་མ་ཤ་ཏྲི་མ་ར་དུ་བྷྱོ། རུ་སྙིང་ཁྲག་ཁ་རག་ཤ་ནི་བྷྱོ། རུ་སྙིང་ཁྲག་ཁ་རག་ཤ་ནི་བྷྱོ། ནྲྀ་ཤ་ཀུ་རུ་ནི་རུ་རུ་རྦད་བྷྱོ། ཏྲག་རག་ཤ་མུ་ཏྲི་ནི་བྷྱོ། དེས་ཀྱང་སྟོང་ཁྲམ་མཐར་ཕྱིན་འགྱུར། །དེས་ཀྱང་གལ་ཏེ་མ་གྲུབ་ན། །ཉམས་པ་དགྲ་བོ་འདུལ་ལ་གཏང་། །མི་མེད་ལྷ་ཁང་སྟོང་པ་རུ། །རིན་ཆེན་སྣ་ཚོགས་སྣོད་དུ་ནི། །ནས་དང་གྲོ་དང་འབྲུ་སྣ་ཚོགས། །རིན་ཆེན་སྣ་ཚོགས་སྦྱར་བ་ཡི། །གཏོར་མ་བྱས་ལ་ལུག་གི་ནི། །རྗེ་ངར་གཏུབས་ཏེ་བླུག་པར་བྱ། །བག་ཕྱེའི་མི་གཟུགས་སོར་བཅུ་གཉིས། །དབང་པོ་ལགས་བཏོད་མིང་དང་རུས། །ཤིན་ཤུན་དག་ལ་སྙིང་གར་གླན། །གྲ་ཕྱིང་གཙང་མ་མཐིང་ནག་གུར། །ནང་དུ་གཟུགས་བཅས་གཞག་པར་བྱ། །སྟོང་དམིགས་དེ་ལ་རྟ་མགྲིན་བསྐྱེད། །ཆེ་བའི་ང་རྒྱལ་བདུད་རྣམས་བོད། །བདུན་ཧྲི་མ་ར་ཟུང་། ཧྲི་དུ་ས་ཧྲི། དྲི་ཏྲི་ཤོ་མ། ཧྲི་དན་ཛ། ཆེ་གེ་མོ་ཛ་ཛ། ཡ་ཡ་ཐིབ་ཐིབ། ཅེས་སྟོང་བཟླས། དེ་ནས་བདུད་འོང་བསྡིམ་པར་


DNG023_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། །གཏོར་མ་བྱིན་བརླབ་བདུད་ལ་གཏང་། །གཏོར་མ་གཟུགས་དང་གླུད་བདག་གསུམ། །བུད་མེད་ཞབས་མས་གཏུམས་ནས་ཀྱང་། །ཆུ་དང་གྲོག་པོ་ཕུག་རྡུགས་དང་། །ལམ་གྱི་བཞི་མདོར་གནན་པར་བྱ། །ཆུ་དང་ལུང་པ་སབ་སུབ་དང་། །རི་རབ་གྲོག་པོའི་བར་ལ་མནན། །མང་འདུས་སར་ནི་ཤིན་ཏུ་འབད། །ཡང་ཏིག་བཀོལ་བའི་ལེའུ་ལས། དགྲ་བོ་མ་མོ་དང་བདུད་ལ་གཏད་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བསྡིག་དང་དབང་དུ་བསྡུ་བའི་ཕྱིར། །མ་དང་བདུད་ཀྱི་ལྟས་ངན་དབབ། །མདུན་ས་ལྡན་པ་དག་གིས་བླང་། །གྲོ་བ་ཅོག་ས་གསུམ་བསྲེས་ལ། །གླུད་ཆེན་ཆག་གང་བ་བྱས་ཏེ། །གང་འདོད་ལྟས་ངན་སྤུ་ཡིས་བརྒྱན། །ཁ་དོག་མིང་རུས་བསྲེག་འདོད་ན། །དགྲ་ཡི་མིང་རུས་དུར་མཆད་དེ། །མ་མོ་རྒྱུ་བའི་དུས་དག་ཏུ། །དམར་གྱི་གཏོར་མ་བདུད་རྩི་དང་། །སྔགས་པ་ཁ་ནི་བྱང་ཕྱོགས་བལྟས། །ལྟས་ངན་རྫས་ཀྱང་དེ་ལྟར་བསྟན། །སྐུར་བསྐྱེད་སྤྱན་དྲང་མཆོད་བསྟོད་དེ། །མ་མོའི་སྙིང་པོ་སྟོང་དུ་བཟླས། །སྲོག་འཕྲོག་མ་དང་དབུགས་འཕྲོག་མ། །ཚེ་འཕྲོག་མ་ཡིས་ལྟས་ངན་འབེབས། །མ་མ་སྙིང་ཁ་རག་མ་སྙིང་ལ་ཀ་དང་རི་མ་སྲོག་རྩ་ལ་ཡ། མ་སྦུགས་ཙིཏྟ་ལ་ཡ། མ་སྙིང་ཁ་རག་མ། སྙིང་ཀངྐ་ཀངྐ་རི། མ་མ་སྙིང་ཙ་ཏ་ལ་ཡ། མ་སྦུགས་ཙིཏྟ་ལ་ཡ། མ་མ་ཙི་ཏ་ཡ། ཕྱོགས་བཞིར་གཏད། ངན་སྔགས་དགོས་པ་ཚུལ་བཞིན་བྱ། །དེས་ཀྱང་གལ་ཏེ་མ་ཕེབས་ན། །བདུད་ཀྱི་ལྟས་ངན་དབབ་པ་བསྟན། །ཉ་གསུམ་དུས་སུ་བདེ་བ་ཡི། །རྒྱལ་པོའི་མདུན་སར་ཕྱེ་ཕུད་ལ། །ཟན་བྱས་ཁྲག་སྣ་སྙིང་སྣ་གསུམ། །རིན་ཆེན་སྣ་བདུན་ལས་བྱས་པའི། །གཏོར་མ་དྲ་ཕྱིང་སྟེང་དུ་གཞག །རྨྱུག་མ་ཚིགས་གསུམ་སྲིན་བྱས་བསྒྲོན། །ལྟོང་དེ་ལ་ནི་ལྟས་ངན་བྲི། །བདུད་རྣམས་ཐམས་ཅད་བསྐུལ་བ་ནི། །སྙིང་པོ་བཟླས་ལ་ལྟོང་དུ་གཞུག །བདག་ཉིད་རྟ་མགྲིན་བསྒོམ་པར་བྱ། །ཏི་ཁ་ཁ་ཐུན་རྨྱུག་ཏྲི་


DNG023_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་ཏྲི། བདུད་མ་ཏེ་བསྐྱོལ། མ་ར་དུང་བིར་སེར་ཡ་ཆོམ། ཕོང་ས་མ་ཡ། མ་མ་ཡ་ཏྲ་ཛ་ཛ། སྟོང་བཟླས་ཁ་ནི་བག་ཟན་གཅད། །གཞུ་བདུངས་དགྲ་བོའི་ཕྱོགས་སུ་འཕང་། །ཕྱི་ནང་གཏོར་མ་དེ་བཞིན་བཏང་། །རང་གིས་དམོད་ཀྱང་གཟུག །ཡ་ཏྲི་ཏྲི་དུ་ན་རག་དུ་མྱགས། །བདུད་ལ་བསྒོ་བ་སྣ་ཚོགས་བྱའོ། །སྲོད་དང་ཐོ་རངས་ལྟས་ངན་འབྱུང་། །སྨྱོ་འབོག་བརྒྱལ་ནད་སྨྱོ་བར་འགྱུར། །ཡང་ཏིག་བཀོལ་བ་ལས། དགྲ་བོ་ལ་མ་མོ་དང་བདུད་ཀྱི་ལྟས་ངན་དབབ་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་གཞན་ཡང་བསྟན་པ་ནི། །མཐིང་གནག་གུར་ཆེན་ཕུབ་པ་ལ། །དྲ་ཕྱིང་གཙང་མ་གདིང་བྱ་སྟེ། །འཁོར་ལོ་རྩིབས་བཞིའི་རྩིབས་མཆན་ན། །ས་གཞིའི་ཤན་བཞི་པོ་དགོད། །དགྲ་བོའི་གཟུགས་ཀྱང་འབྲུ་ལ་བྱ། །ཤིང་ཤུན་མིང་རུས་སྙིང་གར་གླན། །གཏོར་མ་ཆ་རྐྱེན་ལྡན་པར་བརྩམ། །དེ་བཞིན་ཀུན་སྣང་རྒྱུ་བསྒོམས་པས། །འོད་ལས་མུ་ཁ་ལེ་ཉིད་དང་། །ཕྱོགས་མཚམས་མ་ནོར་གསལ་བར་བསོགས། །སྔགས་བཟླས་སྐུ་ཡང་གསལ་བར་བསམས། །བྱིན་བརླབ་དབང་བསྐུར་མཆོད་པ་འབུལ། །གཟུགས་ལ་བསྡིམ་ནས་སྙོམས་འཇུག་བྱའོ། །རུ་སྙིང་ཁྲག་ཁ་ལ་རག་ཤ་རྦད་ཐུམ་རི་ལི་ལི་བྷྱོ། སྙིང་ཁ་ལ་རག་ཤ་ན་ཤ་སྡི་སྟ་རྦད་ཐུམ་རི་ལི་ལི་བྷྱོ། ནྲྀ་ཤ་ཀུ་རུ་རག་ཏ་ཁ་ཁ་རཾ་ཀུ་རུ་ཐུམ་རི་ལི་ལི་བྷྱོ། ཏྲག་རགྴ་ཁ་མུན་ཏྲ་མ་བྷྱོ། གྲངས་མེད་བཟླས་ལ་ནི་ཛ་གདབ། །སྙོམས་འཇུག་གསད་པའི་མ་མོ་ཡིས། །ཐུཾ་རིལ་མཛེས་མཱ་ར་ཡ། ཕུང་པོ་ཤ་རུས་ཟ་བར་དམིགས། །རྣམ་ཤེས་གཏན་གྱི་གྲོགས་བྱེད་བསྒོམ། །གཟུགས་ནི་དུག་གཏོར་བཅུག་ལ་མནན། །གཏོར་མ་མ་མོ་ཉིད་ལ་སྦྱིན། །དེས་ཀྱང་མཚོན་པར་མ་ནུས་ན། །ཕུང་བྱེད་མ་བཞི་སྣ་གླན་ལ། །སྔར་བསྟན་བཞི་ཡི་སྙིང་པོ་བཟླས། །ཙ་ཧྲ་ཙ་ཧྲ་བྷྱོ། རུ་ལུ་རུ་ལུ། ཨ་ཀྲ་མ་བྷྱོ། རུ་ལུ་རུ་ལུ། མ་ཀྲ་མ་ཀྲ་བྷྱོ། རུ་ལུ་རུ་ལུ། ཤ་ཀྲ་མ་བྷྱོ། རུ་ལུ་རུ་ལུ། དེ་དུས་ཤན་པ་མ་བཟླས་པ། །ཙ་ལེ་ཙ་ལེ་སྙིང་ཙ་ལ། །ན་གེ་ན་གེ་ཤ་ལ་ནན། །
རླམས་སེ་རླམ་སེ། ཁྲམ་རླམ། བྱ་དུས་ཉམས་བསྟན་པ་ནི། ར་བཞི་ཚེས་བརྒྱད་སྲོས་ལ་འགྱུ། །འབྲིང་པོ་བཅོ་ལྔ་སྲོས་ལ་འགྱུ། །ཐ་ཆུང་བཅོ་ལྔ་མཚམས་ལ་འགྱུ། །དུས་དེར་མི་ཁྲོ་མི་སྲིད་ན། །ཁ་དང་ཐ་ཆུང་ལག་སོར་དང་། །བི་རྫི་བཞི་ལ་སྲིན་མོ་འགྱུ། །དུས་དེར་སྣ་གླན་ལ་སོགས་བྱ། །ལས་ཀྱི་སྦྱོར་བ་བྱ་བར་བཤད། །སྣ་གླན་པ་དང་། བྱ་ཐབས་དང་། ཉམས་ལེན་བསྟན་པའི་ལེའུ་སྟེ་བཅུ་པའོ།། །།ཡང་ཏིག་བཀོལ་བའི་རྒྱུད་རྫོགས་སོ།། །།

སྙིང་ཏིག་བཀོལ་བའི་རྒྱུད་འུག་པའི་གདོང་ཅན་ཞེས་བྱ་བ།


DNG023_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཙིཏྟ་ཨུ་ལཱུ་ཀ་མུ་ཁ་ཏནྟྲ་ནཱ་མ། བོད་སྐད་དུ། སྙིང་ཏིག་བཀོལ་བའི་རྒྱུད་འུག་པའི་གདོང་ཅན་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་འཇིགས་བྱེད་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དཔལ་འཇིགས་བྱེད་ཀྱི་རྒྱལ་པོ། དུར་ཁྲོད་ཆེན་པོ་ཀྱི་ཤ་ན་ཞེས་བྱ་བ་ཁང་བཟང་རབ་ཏུ་འབར་བ་ན། ཁྲག་གི་རྒྱ་མཚོ་ཆེན་པོའི་ཀློང་། དུར་ཁྲོད་ཀྱི་རོ་མང་པོ་ཡོད་པའི་གནས། ཐོད་པ་བརྩེགས་པའི་གནས། ཐོད་པ་བརྩེགས་པའི་གཞལ་ཡས་ཁང་། ཀེང་རུས་བརྩེགས་པའི་གྲོང་ཁྱེར་གྱིས་བསྐོར་བ་ཤིན་ཏུ་འཇིགས་ཤིང་སྐྱི་གཡའ་བའི་གནས་དེ་ན། འཁོར་ཚོགས་ཁྲོ་བོ་དང་ཁྲོ་མོ་དང་འབར་བའི་ཚོགས་བསམ་གྱིས་མི་ཁྱབ་པ་དང་། མ་མོ་མཁའ་འགྲོ་བསམ་གྱིས་མི་ཁྱབ་པའི་ཚོགས་ལ། འདི་ལྟ་སྟེ། ཡེ་ཤེས་ཀྱི་མ་མོ་དང་། སྲིད་པའི་མ་མོ་དང་། བཀའ་སྡོད་ཀྱི་ལས་མཁན་དང་། སྲིན་མོ་ཁྲོ་མོའི་ཚོགས་བསམ་གྱིས་མི་ཁྱབ་པ་ནི་འདི་ལྟར། དཀར་མོའི་ཚོགས་དང་། རྐུན་མོའི་ཚོགས་དང་། རྨོངས་མོའི་ཚོགས་དང་། སྦོས་མོའི་ཚོགས་དང་། གཏུམ་མོའི་ཚོགས་དང་། ཐལ་བྱེད་མའི་ཚོགས་དང་། སྨེ་ཤ་ཅན་གྱི་ཚོགས་དང་། མ་མོ་ལ་སོགས་པའི་འཁོར་ན། སྤྲུལ་པའི་བུད་མེད་སེང་གདོང་མའི་ཚོགས་དང་། སྟག་གདོང་མ་དང་། ཝ་གདོང་མ་དང་། སྤྱང་གདོང་མ་དང་། གཞན་ཡང་བྱ་རྒོད་མ་དང་།


DNG023_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

ཀངྐ་མ་དང་། བྱ་རོག་མ་དང་། འུག་པའི་མགོ་ཅན་ལ་སོགས་པ། ཤ་ཁྲག་སྲོག་དབུགས་ལ་དབང་བྱེད་པ། འཇིག་རྟེན་གྱི་ནད་བདག་མོ། སྲོག་གཅོད་པའི་བདག་མོ། བདུད་ཀྱི་བུ་མོ་དང་། གནོད་སྦྱིན་གྱི་བུ་མོའི་ཚོགས་དང་། གཟའ་ཡི་བུ་མོའི་ཚོགས་དང་། བྲག་སྲིན་གྱི་བུ་མོའི་ཚོགས་དང་། ཀླུ་སྲིན་གྱི་བུ་མོའི་ཚོགས་དང་། ལས་ལ་གྲུབ་པའི་ལྷ་སྲིན་གདུག་པ་ཅན་ལ་སོགས་པ་བསམ་གྱིས་མི་ཁྱབ་པས་བསྐོར་ཏེ་གནས་སོ། །དེའི་ཚེ་དེ་དག་གི་ནང་ནས་ལས་ཀྱི་སྲིན་མོ་འཇིག་རྟེན་གྱི་ཚེ་སྲོག་ལ་དབང་བྱེད་པའི་བདག་མོ། གསོད་བྱེད་དམར་མོ་མི་ཟན་མ་ཞེས་ཀྱང་བྱ། སྲིན་མོ་འོད་འདུས་ཤང་ཀ་ཏི་ཞེས་ཀྱང་བྱ། དམར་མོ་ཆུ་སྲིན་རྒྱལ་མཚན་ཅན་ཞེས་ཀྱང་བྱ། ཟློག་བྱེད་ཆེན་མོ་པྲ་མོ་ཧ་ཞེས་ཀྱང་བྱ་བ་ཞིག་གིས། བཅོམ་ལྡན་འདས་འཇིགས་བྱེད་ཆེན་མོ་ལ་ལན་བརྒྱ་སྟོང་དུ་བསྐོར་ཞིང་མཆོད་པ་བྱས་ཏེ། འདི་སྐད་ཅེས་གསོལ་ཏོ། །ཨེ་མ་དཔའ་བོ་ཐུགས་རྗེ་བདག །བསྐལ་པ་བགྲངས་པའི་འགྲོ་དྲུག་རྣམས། །ལས་ཀྱི་འཁོར་བའི་འཇིག་རྟེན་འདི། །སྒྲོལ་བ་འབའ་ཞིག་ཐུགས་རྗེའི་བདག །ཁམས་གསུམ་སྒྲོལ་བའི་མཆོག་འཚལ་གྱིས། །སྲིད་གསུམ་སྒྲོལ་བའི་དབང་སྩོལ་ཅིག །ཅེས་གསོལ་པ་དང་། བཅོམ་ལྡན་འདས་འཇིགས་བྱེད་ཧེ་རུ་ཀས། ཁམས་གསུམ་དབང་དུ་བསྡུས་སྲིད་གསུམ་ཟིལ་གྱིས་གནོན། སྐུ་ཡི་འོད་ཟེར་དང་གསུང་གི་ང་རོ་དང་། ཐུགས་ཀྱི་སྤྲུལ་པས་འཁོར་རྣམས་སྤྲོ་བ་བསྐྱེད་པར་མཛད་དེ། འདི་སྐད་ཅེས་བཀའ་སྩལ་ཏོ། །ཉོན་ཅིག་སྲིད་པའི་ཁྲོ་མོའི་གཙོ། །སྲིད་གསུམ་འཇིག་རྟེན་ཐམས་ཅད་དུ། །མི་དགེའི་ཆོ་འཕྲུལ་གསད་བཅད་ཚོགས། །བཀའ་དང་མཐུན་པའི་ལས་མ་ཡིན། །འོན་ཀྱང་ལྔ་བརྒྱའི་ཐ་མ་ལ། །བསྟན་པ་འཇིག་པའི་རཱུ་ཏྲའི་ཚོགས། །ཁྱོད་ཀྱི་ཟས་དང་སྐོམ་དུ་བསྔོ། །དམ་སྲི་བསྒྲལ་བའི་ཞིང་བཅུ་ཡིན་པས། །སྲོག་དང་དབུགས་ལ་དབང་བསྒྱུར་རོ། །བཀའ་དང་མཐུན་པའི་རྣལ་འབྱོར་ལ། །བསྲུང་དང་དབབ་པའི་ལས་ཀུན་བྱོས། །མུ་སྟེགས་ལོག་ལྟའི་ངན་སྦྱོར་རྣམས། །ཟློག་ཅིང་གསོད་པར་དབང་བསྐུར་རོ། །དོན་དང་མཐུན་པའི་རྣལ་འབྱོར་གྱི། །ལས་རྣམས་མ་ལུས་ཀུན་བྱོས་ཤིག །ཅེས་བཀའ་སྩལ་


DNG023_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། སྲིན་མོ་ཆེན་མོ་སེམས་རབ་ཏུ་དགའ་བ་སྐྱེས་ནས། དཔལ་ཆེན་པོའི་བཀའ་སྩལ་པའི་ལུང་བཞིན་དུ་དམ་བཅས་ཏེ། གསང་སྔགས་ཀྱི་སྲུང་མར་གྱུར་ཏོ། །འཁོར་ན་གནས་པའི་མ་མོ་བསམ་གྱིས་མི་ཁྱབ་པ་རྣམས་ཀྱང་རབ་ཏུ་དགའ་བའི་སེམས་ཀྱིས། བཅོམ་ལྡན་འདས་ལ་བསྟོད་ཅིང་། བསྐོར་བ་དང་མཆོད་པ་རྒྱ་ཆེར་བྱས་ནས། འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ་དཔལ་ཆེན་ཁྲག་འཐུང་ཚོགས། །བདག་ཅག་ལས་ཀྱིས་མ་མོ་ཤང་ཀ་ཏིའི། །བཀའ་དང་སྒྲུབ་པའི་རྗེས་སུ་ནི། །བདག་ཅག་རྣམས་ཀྱང་ལས་བགྱིད་པས། །བཅོམ་ལྡན་འདས་ཀྱིས་བཀའ་ལ་ཐོགས། །དོན་དང་མཐུན་པའི་དབང་སྩོལ་ཅིག །ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་འཁོར་དེ་དག་ལ་བཀའ་སྩལ་པ། ལེགས་སོ་ལེགས་སོ་སྲིན་མོའི་ཚོགས། །ཁྱོད་ཀྱིས་ལས་དང་སྐལ་བསྟན་པ། །བསྟན་པ་གཉན་པོ་སྲུང་བ་དང་། །དཀོན་མཆོག་སྐུ་དགྲ་གདུལ་བ་དང་། །རྣལ་འབྱོར་དོན་མཐུན་སྐྱོང་བར་གྱིས། །ཞེས་གསུངས་པས་ཤིན་ཏུ་དགའ་སྟེ། རིག་འཛིན་གྱི་དམ་ཅན་དུ་གྱུར་ཏོ། །སྙིང་ཏིག་བཀོལ་བའི་རྒྱུད་འུག་པའི་གདོང་ཅན་ཞེས་བྱ་བ་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་འཁོར་དེའི་ནང་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་གསང་བ་པའི་བདག་པོ་ཞེས་བྱ་བ་ཞིག་གིས་མཁྱེན་བཞིན་དུ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ་དཔལ་ཆེན་ཐུགས་རྗེ་བདག །ལས་ཀྱི་སྲིན་མོ་ཆེན་མོ་འདི། །ད་ལྟར་ཇི་ལྟར་རྒྱུ་ལས་བྱུང་། །གནས་ནི་ཇི་ལྟ་བུ་ལ་གནས། །ལས་དང་བྱ་བ་ཇི་ལྟ་བུ། །ཕྱི་རབས་བསྟན་པ་སྲུང་བ་ཡིས། །ཚུལ་བཞིན་བསྒྲུབ་ན་ཇི་ལྟར་སྒྲུབ། །ངན་སྔགས་སྦྱོར་བ་ཇི་ལྟར་ལགས། །ཕན་གདགས་པ་ཡི་ལས་ནི་གང་། །ཟློག་ཅིང་བསྲུང་ན་ཇི་ལྟར་ལགས། །དབབ་གསད་ཆོ་འཕྲུལ་སྲེག་མནན་དང་། །དབང་བསྐུར་ཤི་ས་བསྟན་པ་དང་། །ལས་རྣམས་མ་ལུས་མཐའ་དག་ཀུན། །དཔའ་བོས་རྒྱས་པར་བཀའ་སྩོལ་ཅིག །དེ་སྐད་ཅེས་གསོལ་པ་དང་།


DNG023_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་འཇིགས་བྱེད་ཆེན་པོས་བཀའ་སྩལ་པ། ཉོན་ཅིག་ཟུང་ཞིག་རྡོ་རྗེ་འཛིན། །ལས་དང་ཐུགས་རྗེས་འདྲེལ་བ་ཡིས། །སྲིན་མོའི་ལས་རྣམས་ངས་བཤད་ཀྱི། །གསང་བདག་རྡོ་རྗེ་འཛིན་པ་ཉོན། །བསྐལ་པ་ཀུན་བཀོད་བྱ་བ་ལ། །ལས་ཀྱིས་གོལ་པའི་རཱུ་ཏྲ་དེ། །ཉིད་ཀྱིས་དེ་ཉིད་གསང་བར་བཏུལ། །སྲིན་པོའི་ཆུང་མར་གྱུར་པ་ནི། །སྲིན་མོ་ང་རོ་ཁྲག་འཐུང་མྱོས། །རལ་གཅིག་མ་ཞེས་བྱ་བ་དང་། །ཕ་མ་གདུག་པའི་བུ་མོ་ནི། །སྲིན་མོ་ཤང་ཀ་ཏི་ཞེས་གྲགས། །གདུག་པའི་བྱད་སྟེམས་ངན་པ་ཡིས། །འཇིག་རྟེན་ཕུང་ལ་ཁད་པ་ལས། །དྲེགས་པའི་སྲིན་པོ་རཱུ་ཏྲ་དེ། །མངོན་སྤྱོད་ཐུགས་རྗེས་བསྒྲལ་བ་ནི། །འཛམ་གླིང་ལྷོ་ཡི་ཞིང་ཁམས་སུ། །ཕུང་པོ་ཉལ་སྟབས་གན་རྐྱལ་དུ། །རོ་ལ་གླིང་བཞིར་གྱུར་པ་ནི། །ཐུག་པ་མེད་པར་ཀུན་ཏུ་བརྐྱང་། །དུར་ཁྲོད་ཆེན་པོ་བརྒྱད་དུ་གྱུར། །སྲིན་མོ་རལ་གཅིག་དམ་ལ་བཏགས། །བུ་མོ་སྲིན་མོ་ཤང་ཀ་ཏི། །རོ་ཡི་སྲུང་མ་ཆེན་མོར་བཞག །ཕྱི་རབས་དྲང་བའི་ཆོ་འཕྲུལ་དུ། །རང་བྱུང་མཆོད་རྟེན་བརྒྱད་སྤྲུལ་ཏེ། །སྲུང་མ་ཆེན་མོ་བརྒྱད་རྣམས་བཞག །དེ་ནས་འཛམ་གླིང་ས་འདི་ཀུན། །བཀྲ་ཤིས་རྫུ་འཕྲུལ་འབྱུང་བའི་གནས། །ཆོ་འཕྲུལ་འབྱུང་བར་བཀའ་སྩལ་ཏོ། །དེ་དག་ནང་ནས་མཐུ་རྩལ་ཅན། །སྲིན་མོ་འོད་འདུས་ཤཾ་ཀ་རི། །ལྷ་ཆེན་ཚོགས་བདག་ཆུང་མར་གྱུར། །ལྷ་མོ་ཤང་ཀ་ཏི་ཞེས་བྱ། །སྐྱེ་འགྲོ་ཀུན་གྱི་སྲོག་འཕྲོག་པས། །གསོད་བྱེད་དམར་མོ་མི་ཟན་མ། །སྲིད་པ་གསུམ་གྱི་དབུགས་ལེན་མ། །སྲིན་མོ་ཁྲག་འཐུང་མ་ཞེས་བྱ། །ཡང་ན་ཟློག་བྱེད་པྲ་མོ་ཧ། །ཕྱག་ན་རྡོ་རྗེ་དབང་གི་གནས། །ཁ་ཆེའི་ཡུལ་གྱི་དུར་ཁྲོད་དེ། །མཐའ་ཡས་ཀྱི་ནི་རི་ཡི་ཕུག །རྒྱ་མཚོའི་གླིང་གི་མ་ག་དོ། །དུར་ཁྲོད་སྲིན་མོ་རོ་ཡི་གླིང་། །མ་མོ་གནས་ནི་དེ་ན་གནས། །སྲུང་ནི་མཆོད་རྟེན་ཀ་ནི་སྲུང་། །ལས་ནི་རྣལ་འབྱོར་ཏིང་འཛིན་ཉུལ། །ང་ཡི་དམ་ལ་རབ་ཏུ་གནས། །དད་མོས་ཉམས་སུ་གང་ལོན་པ། །དེ་ཡིས་དགོས་པ་གྲུབ་པར་བྱེད། །ཅེས་གསུངས་སོ། །སྙིང་ཏིག་བཀོལ་བའི་རྒྱུད་འུག་པའི་གདོང་ཅན་ཞེས་བྱ་བ་


DNG023_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

ལས། གླེང་སློང་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བསྟན་པ་བསྲུང་བར་བྱ་བའི་ཕྱིར། །ལས་རྣམས་འོག་མ་འདི་ལྟར་བྱ། །ཁྲག་འཐུང་རྒྱལ་མོའི་སྒྲུབ་ཐབས་ནི། །ཤིན་ཏུ་དབེན་པའི་གནས་དག་ཏུ། །སྲིན་མོའི་གཡང་གཞི་བཀྲམ་ནས་སུ། །དེ་ཡི་དབུས་སུ་དཀྱིལ་འཁོར་ནི། །ཐིག་ལེ་ཁྲག་གི་ཟླ་གམ་བྱ། །སྲིན་མོའི་སྐུ་ཡང་ཁྲག་གིས་བྲི། །དེ་ཡི་དབུས་སུ་བཞུགས་སུ་གསོལ། །སྙིང་གི་གཏོར་མ་མདུན་དུ་གཞག །བསྟོད་པའི་ཚིག་དང་མཆོད་པ་ནི། །དུས་ཉིད་དུ་ནི་དབུལ་བར་བྱ། །བདག་ཉིད་དཔལ་གྱི་སྐུར་བསྒོམ་ནས། །སྒྲུབ་པའི་སྔགས་ནི་འཛབ་ཏུ་དྲང་། །གྲུབ་པའི་རྟགས་ནི་བྱུང་བ་དང་། །ནུབ་ཕྱོགས་སུ་ནི་གཏོར་མ་གཏང་། །དགོངས་པ་དམ་པ་དེ་ཡི་ཚེ། །གསང་སྟེ་གང་འདོད་བཅོལ་བ་ནི། །ཟློག་དང་སྲུང་དང་གསོད་ལ་སོགས། །ཇི་ལྟར་འདོད་པ་བཞིན་དུ་འགྲུབ། །སྙིང་ཏིག་བཀོལ་པའི་རྒྱུད་འུག་པའི་གདོང་ཅན་ཞེས་བྱ་བ་ལས། མ་མོ་སྒྲུབ་པའི་གནད་ཀྱི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །སྤྱན་འདྲེན་ཉེ་བའི་སྙིང་པོ་དང་། །ལས་རྣམས་ཀུན་གྱི་གསང་སྔགས་ནི། །དང་པོ་བདག་ཉིད་གསལ་གདབ་སྔགས། །ཨོཾ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚཱན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཕཊ། བདག་ཉིད་ཁྲོ་རྒྱལ་ང་རྒྱལ་བྱ། །ཨོཾ་བཛྲ་པྲ་མོ་ཧཱ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། མ་མོ་བསྐྱེད་པའི་སྔགས་སོ། །ཛཿཧཱུཾ་བཾ་ཧོཿ། བཛྲ་པྲ་མོ་ཧ་ཤང་ཀ་རི་ཛ། སྤྱན་དྲང་ཉེ་བའི་སྙིང་པོའོ། །བཛྲ་པྲ་མོ་ཧཱ་ཛ་ཧཱུཾ་དུ་དྲི་མ་རག་མོ་སྙིང་རྩ་བྷྱོ། སྐུའི་སྙིང་པོ་སྒྲུབ་པའོ། །ཨཱོཾ་བཛྲ་རག་མོ་ཁ་ལ་རཀྴ་དུང་དམར་ཀ་མ་ལ་བྷྱོ། གསུང་བསྒྲུབ་སྔགས་ཀྱི་དྲག་སྔགས་སོ། །ཨོཾ་བ་ལིན་རཀྴ་རག་མོ་ཁཱ་ཧི་ཧོཿ། མེ་ཙ་མེ་དྷ་རཀྟ་རུ་ཏི་ཁཱ་ཧི་ཁཱ་ཧི། མཆོད་པ་འབུལ་བའི་སྔགས་སོ། །ཨོཾ་ཀྲོ་དྷ་མ་ཀེན་ཤང་ཀི་མ་པྲ་དུ་ཧ་མ་ཧཱུཾ་བྷྱོ་ཧཱུཾ་ཛཿཛཿ། ཐུགས་ལས་དྲངས་པའི་སྙིང་པོའོ། །ཨོཾ་མ་མོ་བཛྲ་དྲག་རག་མོ་སྙིང་ལ་ཤད་སྲོག་ལ་དུན་དུན་བྷྱོ། རག་མོ་ཁ་ལ་ཁ་ཚེ་མ་དུན་རྦད་རྦད།རཀྴ་ལ་ལིང་ཁ་བཾ་མུགས་མུགས་མཱ་ར་ཡ་ཛཿཛཿ།


DNG023_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་པྲ་མོ་ཧ་བྷྱོ་བྷྱོ། སྙིང་ཤིག་བཀོལ་བ་འུག་པའི་གདོང་ཅན་གྱི་རྒྱུད་ལས། སྲིན་མོའི་སྔགས་ཀྱི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །དམ་རྫས་ཚང་བའི་གཏོར་མ་བསག །གདུང་བའི་དབྱངས་ཀྱིས་འདི་སྐད་བསྐུལ། །ཧེ་རུ་ཀ་ཡི་དཀྱིལ་འཁོར་དུ། །དུར་ཁྲོད་ཆེན་པོའི་གནས་བསྲུང་ན། །སྲིད་པ་ཡོངས་ཀྱི་ཤ་ཟན་མོ། །ཁམས་གསུམ་སྲིད་པའི་དབུགས་འཕྲོག་མ། །ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །ཡུལ་གྱི་མིང་ནི་ཁ་ཆེའི་ཡུལ། །རྒྱ་མཚོའི་གླིང་ནི་མ་ག་དོ། །དུར་ཁྲོད་མིང་ནི་ཧེ་ཆེན་བརྡལ། །མཆོད་རྟེན་མིང་ནི་ཀ་ནིཥྐ། །མ་མོའི་མིང་ནི་འོད་འདུ་ཤང་ཀ་ཏི། །གནས་ནི་དུར་ཁྲོད་ཧེ་ཆེན་བརྡལ། །སྲུང་ནི་མཆོད་རྟེན་ཀ་ནི་སྲུང་། །དམར་ནག་འབར་བའི་རལ་པ་ཅན། །སྐད་ནི་མི་གཅིག་ཁ་ཆེའི་སྐད། །གཟུགས་ནི་མི་སྟོན་ལག་བརྒྱ་མ། །བརྡ་ནི་མི་འཕྲོད་ལྷོ་བལ་མོ། །མཆེད་ལ་གདུང་ཞིང་དམ་ལ་གནས། །ཞིང་ཆེན་གཡང་གཞི་གདན་ལ་གདིང་། །དམར་ཆེན་དམ་ལ་གཤེགས་སུ་གསོལ། །དུས་འདིར་གྲུབ་པ་སྩལ་དུ་གསོལ། །བཀའ་དང་དམ་ལས་འདས་གྱུར་ན། །ཧེ་རུ་ཀ་དཔལ་ཐུགས་ཁྲོས་ནས། །དམར་སྨུག་ནང་དུ་ཆིག་ཏ་རེ། །དེ་སྐད་བསྟོད་ཅིང་སྤྱན་དྲངས་ལ། །མཆོད་པ་དུས་གསུམ་དབུལ་བར་བྱ། ། ནམ་དང་ཉི་མའི་གུང་ལ་ནི། །དམར་གྱི་ཨརྒྷ་བསྟབ་ཅིང་སྦྲེང་། །བསྒྲུབ་པའི་སྔགས་ནི་འཛབ་ཏུ་དྲང་། །སྙིང་ཏིག་བཀོལ་བ་འུག་པའི་གདོང་ཅན་གྱི་རྒྱུད་ལས། མ་མོ་གནད་ནས་བསྐུལ་བའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ཟློག་པའི་ཐབས་ནི་འདི་ལྟར་བྱའོ། །སྒྲུབ་པ་ཚུལ་དུ་མཐུན་པ་ལ། །གཏོར་མའི་ནང་དུ་གདབ་པ་ནི། །ཐལ་ཆེན་དང་ནི་ཉུངས་ཀར་ལ། །ཟློག་བྱེད་མ་ཡི་ཟློག་སྔགས་ཀྱིས། །ཉིན་གསུམ་བར་དུ་བཏབ་ནས་ནི། །ཕྱོགས་བཅུ་དག་ཏུ་གཏོར་བྱས་ནས། །དམ་སྲི་བར་ཆོད་བཟློག་པར་འགྱུར། །གཞན་དག་སྨོས་ཀྱང་ཅི་དགོས་ཏེ། །དེ་ཡི་མཚན་ནི་སྤོ་བར་བྱ། །ལས་སྐལ་བཞིན་དུ་བཅོལ་གྱུར་ན། །ཕྱག་ན་རྡོ་རྗེའི་མཐུ་ཡང་ཟློག །ཨོཾ་བཛྲ་པྲ་མོ་ཧ་ཨ་ལོ་ཁས་ནག་མོ་བམ་མ་ཐུན་ཟློག་ཛཿཧཱུཾ་བྷྱོ་


DNG023_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

བྷྱོ། ཐམས་ཅད་ཟློག་པའི་སྔགས་སོ། །ཨོཾ་བཛྲ་པྲ་མོ་ཧ་ཧེ་ས་མ་ཡ་མ་མོ་བྷྱོ་བྷྱོ། རཀྴ་རཀྴ་ས་མ་ཡ་ཁ་ཏཾ་ཁ་ཏཾ་མ་ཐུན་ཟློག་ཐུན་ཟློག །དམོད་དང་བྱད་བཟློག་པའི་སྔགས་སོ། །ཨོཾ་བཛྲ་པྲ་མོ་ཧ་ཁ་ལ་རག་མོ་ཤག་ཤམ་ཙིཏྟ་རྦད་བྷྱོ་བྷྱོ། ལྷ་སྲིན་གྱི་རྫུ་འཕྲུལ་བཟློག་པའོ། །ཨོཾ་མ་མ་ཤང་ཀ་ཏི་རག་མོ་རག་མོ། མན་པྲ་མ་ཁྲུཾ་ཁྲུཾ་ཤིག་ཤིག་ཛ་ཛཿབྷྱོ་བྷྱོ། རྦོད་གཏོང་བཟློག་ཅིང་སླར་གསད་པའོ། །སྙིང་ཏིག་བཀོལ་བའི་རྒྱུད་འུག་པའི་གདོང་ཅན་ཞེས་བྱ་བ་ལས། བཟློག་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །རྣལ་འབྱོར་འཁོར་བཅས་བསྲུང་བའི་ཕྱིར། །བསྒྲུབ་པ་གཞུང་བཞིན་མཐུན་པ་ལ། །བསྲུང་བའི་དོན་དུ་འདི་ལྟར་རོ། །བྱ་ནག་མོའི་སྒོ་ང་གཏོར་མའི་དབུས། །རྫས་ནི་ཉུང་དཀར་ཐལ་བ་ལ། །ཟློག་བྱེད་མ་ཡི་བཟློག་སྔགས་ཀྱིས། །གསུམ་གྱི་བར་དུ་བཟླས་ནས་ནི། །དེ་ཡི་ནང་དུ་བླུག་པར་བྱ། །དེ་ནས་རས་ཀྱི་སྒྱེ་འུར་བླུགས། །གང་ལ་བསྲུང་བར་བྱ་བའི་ཕྱིར། །ལུས་སམ་མགུལ་དུ་བཏགས་གྱུར་ན། །བསྲུང་སྟེ་ཐམས་ཅད་ཐུབ་པར་འགྱུར། །ཨོཾ་བཛྲ་པྲ་མོ་ཧ་ཧེ་དུང་ལིང་། ནག་མོ་བམ་སྲུངས། ཨེ་ནུ་དུ་ཏ་མ་ཕཊ། སྙིང་ཏིག་བཀོལ་བའི་རྒྱུད་འུག་པའི་གདོང་ཅན་ལས། བསྲུང་བའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །དགྲ་བགེགས་འཕོ་བའི་ལས་བྱེད་དེ། །སྒྲུབ་པ་གཞུང་བཞིན་མཐུན་པ་ལས། །གསད་པའི་དོན་དུ་འདི་ལྟར་རོ། །གཏོར་མའི་དབུས་སུ་གཟུགས་བཞག་ལ། །སྙིང་གི་ཁྲག་དང་བམ་གྱི་ཁྲག །ཉུང་དཀར་ཉུང་ནག་སྐེ་ཚེ་ལ། །གསོད་བྱེད་མ་ཡི་དམོད་མོ་བཟླས། །ལུས་དང་གཟུགས་ལ་བཏབ་གྱུར་ཅིང་། །སྦ་བའི་ས་དེར་མནན་ན་ནི། །རྟགས་དང་མཚན་མ་མྱུར་དུ་འོངས། །གསོད་བྱེད་མ་ཡི་དམོད་མོ་ཡིས། །ལྷ་སྲིན་སྡེ་བརྒྱད་སྲུང་བར་འགྱུར། །བུད་མེད་ལག་པ་གཡས་པ་རུ། །གསུམ་མམ་མར་གྱི་ཚེས་བརྒྱད་ལ། །དམོད་མོ་བཏབ་པ་བླུགས་ནས་ནི། །རང་རང་ཁྱིམ་གྱི་ཕྱོགས་སུ་གཏོར། །སྲིན་མོའི་ལག་པ་ཞེས་བྱ་བ། །


DNG023_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

མི་ནད་མོད་ལ་འབེབས་པར་བྱེད། །ཡང་ན་རྒྱུན་དུ་དེ་ལྟར་བྱ། །གསད་པའི་དམོད་མོ་འདི་ལྟར་རོ། །ཛ་ཡཀྴ་ནག་མོ། རཀྴ་མ་ནག་མོ། སྙིང་ལ་ཤད་ཤད་བྷྱོ་བྷྱོ། ཆེ་གེ་མོ་ཞིག་མུམ་རྦད། བྷྱོ་སྙིང་ཁ་རག་ཚལ་པ་རྦད། བྷྱོ་མཱ་ར་ན་ཧཱུཾ་ནན། བམ་མུག་ཧེ། རག་མོ་ཁ་ཚེ་དེ་ར་ཡ་ཐུན་བྷྱོ་བྷྱོ། འདི་དག་མ་མོའི་དམོད་མོ་སྟེ། །ལས་རྣམས་ངེས་པར་འགྲུབ་པར་འགྱུར། །སྙིང་ཏིག་བཀོལ་བ་འུག་པའི་གདོང་ཅན་གྱི་རྒྱུད་ཅེས་བྱ་བ་ལས། གསད་པ་ཐུན་ནག་གི་དམོད་མོའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བསྟན་པ་བསྲུང་བའི་ལས་བྱ་ན། །ཆུ་འཁྱགས་ཐོག་དང་སེར་བ་དབབ། །དེ་ཡི་ལས་ཀྱང་འདི་ལྟར་རོ། །སྒྲུབ་པ་གཞུང་དང་མཐུན་པ་ལ། །རབས་ཆད་ནག་པོའི་ཐོད་པ་རུ། །དགྲ་བོའི་ལོ་ཏོག་སྔོ་སྣར་བཅས་པ་བླུགས། །ཁྲག་དང་དུག་དང་སྐེ་ཚེ་ལ། །ཐུགས་ཀྱི་སྙིང་པོ་འབུམ་དུ་བཟླས། །ལས་སྔགས་ཁྲི་ཐོན་དགྲ་ཡུལ་གནན། །ཙ་རའི་ཁྲག་གིས་དམར་ལམ་བསྟན། །སྲིད་པ་གཡོ་ཕྱིར་ཁྲག་ཟོར་བརྡེག །སེང་ལྡེང་ཕུར་པ་སོར་བརྒྱད་ལ། །སྲིན་མོ་ཉིད་དུ་དབང་བསྐུར་ཏེ། །ལྷ་ཀླུ་གནས་པའི་རྟེན་ལ་གདབ། །སྐྱིན་ཐང་ངེས་པར་འབེབ་པར་འགྱུར། །ཐུགས་ཀྱི་སྔགས་ལ་རྦད་སྔགས་སྦྲེལ། །ཏདྱ་ཐཱ་ཛ་རི་ལི་རི་ལི་སྙིང་ཁ་རཀྴ་པ་ཤང་ཀུ་རུ་མ་མ་རཾ་རཾ་ཧྲིལ་ཧྲིལ། ཤར་ཤར། དྲག་དྲག །རུ་ཙ་རུ་ཙ། ཤུ་ཏི་པྲོཾ། ཙ་མུན་དུད་པྲོཾ། ས་མནྟ་ཨ་ཀར། དུ་རུ་དུ་རུ་པྲོཾ་ཕཊ། སེར་བསྒྲུབ་དྲིལ་སྔགས་སོ། །མ་ཀེན་ཤིང་གི་ཏ། རག་མོ་རག་མོ། བྷྱོ་བྷྱོ། དུད་པྲོཾ། དཀར་པྲོཾ། ཤུ་ཏི་པྲོཾ། སུག་ཏི་སྨི་ན། དྲག་ཏུ་ཙར་ཧྲིལ་བྷྱོ། དུམ་དུམ་མ་མ་ཧྲིལ་ཤག་ཕོབ། ཨེ་ཀེ་ཏྲ་རྦད་གློ་བུར་སྐྱིན་འདོང་ཕོབ། སེར་བ་དབབ་པའི་སྔགས་སོ། །ཨོཾ་བཛྲ་པྲ་མོ་ཧཱ། གུ་ཤི་ལ། ས་མ་ཡ་པྲཾ་ཐུན་པྲཾ་རག་རྦད། ནལ་ཆེམ་འུར་རྦད། ཙག་རམ་མེ་པྲོཾ་རྦད་རྦད། ཐོག་དབབ་པའི་སྔགས་སོ། །ལས་རྣམས་སྔ་མའི་སྟེང་དུ་ཡང་། །ཤེས་རབ་མའི་མཚལ་དང་གསེར་དང་། །ཁྲོ་ཆུ་འཁར་བ་ཐོག་ལྕགས་དང་། །འབྲུག་རུས་ཉུང་དཀར་རྣམས་ལ་བསྔགས། །


DNG023_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་པར་བླུགས་ཏེ་རབ་སྦས་བསྒྲུབ། །སྙིང་ཏིག་བཀོལ་བ་འུག་པའི་གདོང་ཅན་གྱི་རྒྱུད་ལས། ཐོག་སེར་དབབ་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ཆོ་འཕྲུལ་སྔོན་དུ་བསྟན་པའི་ཕྱིར། །ལྟས་ངན་སྤྲུལ་པ་སྣ་ཚོགས་དབབ། །འུག་པའི་ཤ་ཁྲག་སྤུ་ལ་སོགས། །བག་ཕྱེ་ལ་སོགས་གཟུགས་བྱས་ལ། །འུག་པའི་ཤ་ཁྲག་སྒྲོ་བཙུགས་ཏེ། །མ་མོའི་མདུན་དུ་གཞག་པར་བྱ། །ལྟས་ངན་གཟུགས་ནི་སྣ་ཚོགས་ཀྱིས། །འུག་པའི་གཟུགས་ཀྱི་ཐ་མ་བསྐོར། །སོ་སོའི་ཤ་ཁྲག་སྙིང་བཅས་གཞག །མ་མོའི་སྒྲུབ་པ་གཞུང་བཙུགས་ལ། །ལྟས་ངན་རྒྱལ་མོ་བསྐུར་བར་བྱ། །རྟགས་དང་མཚན་མ་བྱུང་བའི་ཚེ། །ནམ་གུང་ནག་ལ་དགྲ་ཕྱོགས་འཕང་། །ངེས་པར་ཆོ་འཕྲུལ་འབྱུང་བར་འགྱུར། །ཨོཾ་བཛྲ་པྲ་མོ་ཧ། ཨེ་རུ་ཏ་བ་ཕཊ། རག་མོ་རུ་ལུ་རུ་ལུ་ཀ་ཕོབ། ཏྲི་ལ་དུན་ཚེ་ཏྲབ་ཏྲབ་སིལ་སིལ་ཕོབ། སེངྷ་བྱཱ་གྷྲ་སྲི་ལ་ཤྭ་ན་ཕོབ། གྲྀཌྷ་ཀངྐྈ་ཀཱ་ཀཱ་ཨུ་ལཱུ་མ་ཕོབ། མ་བྷྱོ་ས་མ་ཡ་ཕོབ། སེང་གེ་སྟག་དང་ཝ་སྤྱང་ཚོགས། ། བྱ་རྒོད་ཀངྐྈ་བྱ་རོག་འུག །མངོན་སུམ་དག་ཏུ་འབྱུང་བར་ངེས། །སྙིང་ཏིག་བཀོལ་བའི་ལེའུ་སྟེ་འུག་པའི་གདོང་ཅན་ཞེས་བྱ་བའི་རྒྱུད་ལས། ལྟས་ངན་གཏང་བའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །མ་མོ་དམ་ལ་རུབ་པའི་ཕྱིར། །དབང་དུ་བསྡུ་བའི་ལས་བཤད་དེ། །བདག་ཉིད་དཔལ་ཆེན་ཧེ་རུ་ཀ །ཐུགས་ལས་ཡེ་ཤེས་རབ་འབར་འཕྲོས། །མ་མོའི་སྙིང་གི་དཀྱིལ་དུ་ནི། །དམར་སྨུག་འབར་བའི་མེ་དག་བསམ། །ད་ལས་ཡེ་ཤེས་སེམས་དཔར་བསམ། །གལ་ཏེ་དམ་ལས་འདའ་གྱུར་ན། །བདུད་རྩི་གཏོར་ཞིང་སྔགས་འདི་བཟླས། །ཨོཾ་བཛྲ་ཀྲོ་ཏ་མ་ཀེན་ཤང་ཏྲི་མ་ཏྲང་དུ་ཧ་མ་ཧཱུཾ་བྷྱོ་བྷྱོ། ཛ་ཛཿ། ས་མ་ཡ་ཨི་དན་ཧི་ན་ར་ཀན་རཀྴ་ཀྲོ་དྷ་ཛྭ་ལ་རཾ། མ་རཀྴ་པྲ་བེ་ཤ་ཡ་ཕཊ། དེ་སྐད་ཅེས་ནི་བརྗོད་པ་ནི། །མ་མོའི་སྙིང་ཏིག་སྲོག་སྙིང་ཉིད། །དམར་སྨུག་འབར་བའི་མེ་ནང་དུ། །རྡོ་རྗེ་གནོད་སྦྱིན་ཁྲོ་མོར་གྱུར། །སྙིང་ཁྲག་ཐམས་ཅད་འཐུང་བསམ་པས། །མ་མ་ཉིད་ཀྱང་བརྒྱལ་བར་


DNG023_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། །དེ་ནས་ལས་རྣམས་གྲུབ་པ་དང་། །སླར་ཞིང་མ་མོ་གསོ་བར་བྱེད། །ཨོཾ་ཛྙཱ་ན་ཙིཏྟ་བཛྲ་ཤང་ཀི་ཧཱུཾ། སྙིང་པོ་སྲོག་གི་སྙིང་པོ་བྲི། །ཞིང་ཆེན་ཙིཏྟ་ཝ་ཡི་སྙིང་། །གསེར་དང་བཅས་པས་ཤེས་རབ་མཚལ། །ཞིང་ཆེན་ཁུག་མར་བསྩལ་ནས་ནི། །འགྲོ་དང་འདུག་པའི་དུས་སུ་བཟླས། །ལས་རྣམས་གྲུབ་པར་གདོན་མི་ཟ། །སྙིང་ཏིག་བཀོལ་བ་འུག་པའི་གདོང་ཅན་ཞེས་བྱ་བའི་རྒྱུད་ལས། དབང་དུ་བསྡུ་ཞིང་ཤི་ས་བསྟན་པའི་བླ་སྲོག་གཟུང་བའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ལས་རྣམས་མེ་ཡིས་གྲུབ་པ་སྟེ། །སྦྱིན་སྲེག་ལས་ནི་འདི་ལྟར་རོ། །ཤར་ལྷོ་འབྲུབ་ཁུང་གྲུ་གསུམ་སྟེ། །དུག་ཤིང་གདུག་པའི་མེ་སྦར་ལ། །མ་མོ་མེ་ལྷ་ཉིད་དུ་བསྒོམ། །མཆོད་རྫས་རིམ་པར་དབུལ་བར་བྱ། །ཨོཾ་བཛྲ་ཀྲོདྷ་ཕྲ་མོ་ཧ་རཾ་ཛྭ་ལ་ནི་རམ་རམ་ཆེ་གེ་མོ་མཱ་ར་ཡ་ཕཊ། བརྒྱ་རྩ་བརྒྱད་ནི་བསྲེག་བྱས་ན། །ཚངས་པའི་ཚེ་དང་ལྡན་པ་ཡང་། །སྐད་ཅིག་ཡུད་ལ་བརླག་པར་འགྱུར། །ཧུ་ལུ་མུ་ཁའི་རྒྱུད་ལས། སྦྱིན་སྲེག་གི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །གཏན་འཕོའི་ལས་ཀྱི་གནན་ཐབས་ནི། །རབས་ཆད་ཐོད་པ་དེ་ནང་དུ། །དགྲ་བགེགས་མིང་དང་གཟུགས་བཅས་གཞུག །སྦྱིན་སྲེག་ཐལ་བ་གཟུགས་བཅས་དྲུག །ལྷ་ཁང་མཆོད་རྟེན་འདྲེ་གཟུགས་ཅན། །ལྷ་སྲིན་གནས་པའི་སར་སོང་ལ། །དུག་ཁྲག་ཉུང་དཀར་སྣ་ཚོགས་བྲབ། །ཨོཾ་མ་མ་རག་མོ་ས་མ་ཡ་ཛཿརྦད་ཨི་ཤ་ན་རཀྨོ་ཟུང་། མ་མ་རྦད། ལཾ་ལཾ། སྟཾ་སྟཾ། ཛ་རྦད། ཁྲག་རྦུད། ཙིཏྟ་ཟུང་། རག་མོ་བྷྱོ་ཛཿ། རག་མོ་ཤ །ནག་མོ་ཟུང་། མཱ་ར་ཡ་ཛཿཛཿ། བསྐལ་པར་ཐར་པའི་དུས་མེད་པར་བསམ། སྙིང་ཏིག་བཀོལ་བའི་རྒྱུད་ལས། མནན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །གལ་ཏེ་ལས་སུ་མ་རུངས་ན། །བུ་མོ་བཞི་ཡི་སྦྱོར་བ་བརྩམ། །དབེན་པའི་གནས་སུ་སོང་ནས་ནི། །ས་ཡི་མཎྜལ་སྟེང་དག་ཏུ། །སོ་སོའི་གཡང་གཞི་བཏིང་ནས་སུ། །དཀྱིལ་འཁོར་ཁྲག་གིས་གྲུ་གསུམ་བྱ། །


DNG023_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

མི་མགོའི་ཕོར་པའི་ནང་དག་ཏུ། །སྙིང་དང་ཁྲག་གི་གཏོར་མ་གཞག །དེ་ཡི་ནང་དུ་གཟུགས་ཀྱི་སྟེང་། །གྲོ་གར་དགྲ་བོའི་མིང་རུས་བྲིས། །སྲོག་རྩའི་ནང་དུ་བསྩལ་ནས་ནི། །སྙིང་ག་དག་ཏུ་གཞག་པར་བྱ། །དམར་གྱི་ཨརྒྷ་གཏོར་མར་བཅས། །དེ་ཡི་འགྲམ་དུ་གཞག་པར་བྱ། །བདག་ཉིད་དཔལ་ཆེན་ཧེ་རུ་བསྒོམ། །བདུད་དང་གནོད་སྦྱིན་བྲག་སྲིན་དང་། །ཀླུ་སྲིན་བུ་མོ་བཞི་པོ་བསྐུལ། །ཉུང་དཀར་ཐལ་ཆེན་སྐེ་ཚེ་དང་། །སྲོག་རྦད་གསད་པའི་སྔགས་སུ་བཟླས། །དེ་ཡི་གཟུགས་ལ་གདབ་པར་བྱ། །ཉི་མ་དང་པོ་སྐུལ་བར་བྱེད། །གཉིས་པ་དེ་ཉིད་འགུགས་པར་བྱེད། །གསུམ་པས་སྲོག་འཕྲོག་ཉམས་པར་བྱེད། །བཞི་པས་གསོད་ཅིང་འཕོ་བར་བྱེད། །ལྔ་པའི་ནུབ་མོ་དེ་དག་ཀུན། །ཕུར་བུ་སོར་གསུམ་གདབ་པར་བྱ། །ཡང་ན་གཟུགས་དེ་མཚོན་གྱིས་གཏུབ། །རབས་ཆད་ཐོད་པར་བསྩལ་ནས་ནི། །གནོད་པར་གྱུར་པའི་ས་དག་ཏུ། །ཕྲིན་ལས་རྣམ་བཞིའི་གཟིར་གནན་བྱ། །ངེས་པར་གདོན་མི་ཟ་བར་འགྱུར། །ཡང་ན་དེ་ཡི་དགོངས་པ་དེ་རྣམས་ཀུན། །གའུའི་ནང་དུ་བསྩལ་ནས་ནི། །འགྲོ་འམ་འདུག་པའི་དུས་རྣམས་སུ། །བུ་མོ་བཞི་པོ་བསྐུལ་ནས་ནི། །ཉུང་དཀར་ཐལ་ཆེན་སྐེ་ཚེ་དང་། །སྲོག་རྦད་གསད་པའི་སྔགས་བཟླས་ནས། །དེ་ཡི་ནང་དུ་གདབ་པར་བྱ། །ཁྲག་གིས་གནོད་པ་དེ་ལ་གཏོར། །ཡང་ན་དེ་ཡི་ཕྱོགས་སུ་འཕང་། །གཟུགས་རྣམས་རབས་ཆད་ཐོད་པར་བསྩལ། །གནོད་པར་གྱུར་པའི་ས་རུ་སྦ། །མནན་པ་ཡང་ནི་སྔ་མ་བཞིན། །རྒྱུན་དུ་དེ་ལྟར་བྱས་གྱུར་ན། །སྡང་བ་ཐམས་ཅད་བརླག་པར་འགྱུར། །ཇི་ལྟར་འདོད་པ་བཞིན་དུ་འགྲུབ། །རག་མོ་དུན་ཏྲི་ཡཀྴ་སྙིང་ལ་ཤད་ཤད། ཆེ་གེ་མོ་སྙིང་ལ་རཀྴ་བྷྱོ། ཚལ་པ་དུམ་བུ་མཱ་ར་ཡ་ཕཊ། བདུད་ཀྱི་བུ་མོའི་སྔགས་སོ། །གནོད་སྦྱིན་གྱི་བུ་མོའི་སྔགས་ལ། རཀྴ་དུ་ལིང་མ་ཧྲི་ཛ་སྙིང་ཤད་ཤད། ཆེ་གེ་མོ་འུ་མུ། སྟམ་བྷ་ཡ་ཕཊ། བྲག་སྲིན་མོའི་བུ་མོ་ནི། རཀྴ་དུན་ཏི་པྲ་མ་ཤ་ཏྲི་ཛཿསྙིང་ཤད་ཤད། ཆེ་གེ་མོའི་རོ་ཤ་སོག་རྨུག་རྨུག །ཙིཏྟ་རྦད། མཱ་ར་ཡ་རྦད། ཀླུ་


DNG023_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

སྲིན་བུ་མོའི། ནཱ་ག་རགྴི་ཛཿདུ་རག་མོ་ཁ་ཚེ་ཏྲི་ཛ་ཙིཏྟ་ཤད་ཤད། ཆེ་གེ་མོ་རཀྴ་རོ་མོ་རྦད་པུ་རུ་ཤ་བམ་ཤིག་མཱ་ར་ཡ་རྦད། སྙིང་ཏིག་བཀོལ་བའི་རྒྱུད་འུག་པའི་གདོང་ཅན་ཞེས་བྱ་བ་ལས། བུ་མོ་བཞིའི་སྲོག་རྦད་གསད་པའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ཚེ་སྲོག་ཉམས་པ་གསོ་བ་ནི། །མཎྜལ་པདྨ་འདབ་བཞི་ལ། །དབུས་སུ་ཟླ་གམ་ཁ་སྤྲད་དེ། །དཔལ་ཆེན་ཉིད་དང་སྲིན་མོ་དགོད། །པདྨ་འདབ་བཞི་དག་ལ་ཡང་། །བུ་མོ་བཞི་ནི་ཚུལ་བཞིན་དགོད། །ཚེ་དུམ་བྷནྡྷ་སྲུབ་མེད་ལ། །སྙིང་པོ་སྔགས་དང་ཟས་ཀྱིས་དགང་། །རྒྱན་ཆས་ལྡན་པས་མཆོད་པ་དགྲམ། །ཨོཾ་ཨཱཿཧཱུཾ་བཛྲ་ཨཱ་ཡུ་ཥེ་ཛཿ། པུཎྱེ་པུཥྚིཾ་ཀུ་རུ་སིདྡྷི་སིདྡྷི་ཧཱུཾ། ཚེ་ཡི་སྙིང་པོ་ཞག་གསུམ་བགྲང་། །བར་ཆོད་བཟློག་ཕྱིར་ཕྱག་རྒྱར་གཞུག །བསྐུལ་པའི་ཕོ་ཉས་ཚེ་དཔལ་དྲང་། །དྲོད་ཚད་ཟིན་ནས་ཚེ་དབང་བསྐུར། །དེ་ཡིས་ཚེ་ཡི་སིདྡྷི་ངེས་པར་འགྲུབ། །སྙིང་ཏིག་བཀོལ་བ་འུག་པའི་གདོང་ཅན་ཞེས་བྱ་བའི་རྒྱུད་ལས། ཚེ་བསྒྲུབ་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །མ་མོ་སྐོང་བའི་རྫས་བཤད་དེ། །ཤེལ་སྨུག་སྤྱི་དཀར་མོ་ཡི་རིགས། །རྒྱན་ཆས་གསལ་བ་རྫས་ཀྱི་མཆོག །མཁའ་ལྡིང་སྨུག་མོ་ཐིག་ལེ་ཅན། །ཉམས་ཆག་སྐོང་བའི་རྫས་ཆེན་དེ། །སྐྱེས་པ་གཙང་མའི་བམ་གསར་ནི། །མ་མོ་མཆོད་ཅིང་སྒྲུབ་པའི་རྫས། །མ་མོའི་དམ་རྫས་ཁྱད་པར་ནི། །ཝ་སྙིང་མི་དང་ལུག་སྨུག་སྙིང་། །མཁའ་ལྡིང་སྙིང་ཁྲག་བདུད་རྩི་དང་། །བྱང་སེམས་དཀར་དམར་རྫས་མཆོག་ནི། །མ་མོ་བརྟེན་པའི་རྫས་ཡིན་ནོ། །གཞན་ཡང་ཤ་ཆེན་ཚིལ་ཆེན་དང་། །འབྲས་བུ་མི་དབང་ཤ་ཁྲག་སྙིང་། །གསུར་ཆེན་དུད་པ་ཚིལ་ཆེན་མེ། །གཡང་གཞི་རྒྱལ་མཚན་ན་གདུགས་དང་། །རྫས་དང་ལྡན་པའི་གཏོར་མ་དང་། །འབྲུ་ཆང་རྩི་ཆང་རཀྟའི་ཚོགས། །མ་མོ་མཆོད་པའི་རྟེན་བྱའོ། །སྙིང་ཏིག་བཀོལ་བའི་རྒྱུད་འུག་པའི་གདོང་ཅན་ཞེས་བྱ་བ་ལས། མ་མོའི་མཐུན་རྫས་ཀྱི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །མ་མོའི་རྟགས་དང་མཚན་


DNG023_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

མ་བཤད། །རབ་ནི་སྐུ་སྟོན་གསུང་མཆོག་སྒྲ། །འབྲིང་ནི་མེ་འབར་འོད་འཕྲོ་ཞིང་། །རྣལ་འབྱོར་ཅི་དྲིས་སྨྲ་བར་བྱེད། །ཐ་མ་རྨི་ལམ་སྣ་ཚོགས་སྟོན། །དམར་མོ་བུད་མེད་མཆེ་བ་ཅན། །ཆུ་སྲིན་རྒྱལ་མཚན་འཕྱར་བ་ནི། །རྨི་ལྟས་རབ་ཏུ་བཤད་པ་ཡིན། །དཀར་མོ་བྱུང་ན་ཕན་བྱ་འགྲུབ། །སེར་མོ་བྱུང་ན་ལོངས་སྤྱོད་འཕེལ། །ནག་མོ་བྱུང་ན་མཐུ་རྩལ་འབྱུང་། །ཕོ་རུ་བྱུང་ན་ལས་ལ་སྐུལ། །དམག་ཚོགས་བྱུང་ན་རྦད་གསོད་བྱ། །གཅན་གཟན་བྱུང་ན་བརྣག་པ་འགྲུབ། །དུ་བ་མཐོང་ན་ཉམས་པ་གནོད། །རྒོད་ཅིང་བྱུང་ན་དངོས་གྲུབ་སྟེར། །སྦྱོར་བ་བྱེད་ན་དངོས་གྲུབ་འགྲུབ། །རྒྱང་གླུ་ལེན་ན་མཆོད་པ་སྟེར། །དབང་རྟགས་སྟོན་དང་གླལ་གྱུར་ན། །གཏོར་མ་དུས་སུ་སྦྱིན་པར་བྱ། །མངོན་སུམ་པ་ཡི་ཆོ་འཕྲུལ་ཡང་། །འབྲུག་དང་སྒྲ་དང་ཐུག་ཆོམས་དང་། །རླུང་དམར་འཁྲུག་དང་སྒོ་རྡུང་དང་། །མེ་དང་འོད་དང་སྒོ་ཁྱིམ་འཚགས། །སྣ་ཚོགས་མཚན་མ་ཅི་ཡང་འབྱུང་། །གང་ཡང་མེད་ན་རྟོག་མི་སྐྱེད། །འཇིགས་པར་བྱུང་ཡང་མཉམ་པར་བཞག །སྙིང་ཏིག་བཀོལ་བའི་རྒྱུད་འུག་པའི་གདོང་ཅན་ཞེས་བྱ་བ་ལས། རྟགས་དང་མཚན་མ་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །འཁྲུག་པ་བཅོས་དང་བསྐང་ཟློག་ཕྱིར། །དྲག་པོ་བསད་མདོས་བཤད་པར་བྱ། །འབྲུ་སྣ་ཚོགས་པའི་རི་རབ་ནི། །མཆོད་རྟེན་ཀཀྞིའི་དབྱིབས་སུ་བྱ། །རི་རབ་གསུམ་ལྡན་བུམ་པས་མཛེས། །སྟེང་དུ་དམར་མོ་དར་གྱི་གདུགས། །ཕྱོགས་བཞིར་རྒྱལ་མཚན་བ་དན་མདའ། །དབུས་སུ་མ་མོའི་གཟུགས་གཞག་ལ། །སྙིང་སྣ་གསེར་གཡུ་བདུད་རྩིར་བཅས། །གསལ་བའི་འོད་དང་བཅས་པ་དགྲམ། །དེ་འོག་བང་རིམ་དང་པོ་ལ། །བུ་མོ་བཞི་ཡི་གཟུགས་བཞག་ལ། །དར་དང་རྒྱལ་མཚན་སྔ་མ་བཞིན། །སེང་སྟག་ཝ་དང་སྤྱང་ཀི་དང་། །བྱ་རྒོད་ཀངྐ་ཀ་བྱ་རོག་འུག །བརྒྱད་བརྒྱད་བང་རིམ་བར་མའོ། །འབྲི་ལུག་ར་དང་བྱ་ནག་ཁྱི། །ཤ་དགོ་གནའ་གཉན་རི་དྭགས་


DNG023_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །སྲོག་ཆགས་མིར་བཅས་བརྒྱད་བརྒྱད་ནི། །བང་རིམ་ཐ་མ་དག་ལ་ནི། །གཞན་ཡང་སྲིད་པའི་སེམས་ཅན་གཟུགས། །ཁ་དོག་ཚོན་གྱིས་ངོས་བསྒྱུར་ནས། །རི་རབ་ཐ་མ་འཁོར་བར་བྱ། །སྤྱན་གཟིགས་དཀོར་ཆ་རྒྱན་དང་ལྡན། །རང་གླུད་ཆས་ལྡན་བརྒྱ་རྩ་བརྒྱད། །མ་མོ་འཁོར་ཚོགས་ཀུན་ལ་བསྔོ། །བདག་ཉིད་དཔལ་ཆེན་བསྒོམ་བྱས་ལ། །ཁྲག་འཐུང་མཆོད་པ་གཞུང་བཞིན་བྱ། །ཚེ་དཔལ་དྲོང་དང་དངོས་གྲུབ་བླང་། །ཞག་གསུམ་བསྙེན་པ་བཙུགས་ནས་ནི། །མ་མོ་ཉིད་དང་འཁོར་ལ་བསྔོ། །གནོད་པར་གྱུར་པའི་ས་རུ་བསྐྱལ། །ལས་རྣམས་ངེས་པར་འགྲུབ་པར་འགྱུར། །དེ་ཡི་ལས་ཐབས་འདི་ལྟ་སྟེ། །དཀྱིལ་འཁོར་དབུས་སུ་གཡང་གཞི་གདིང་། །དེ་ལ་ལྷ་བཀོད་རྫས་ཀྱིས་བསྐོར། །བྱང་དུ་མཎྜལ་དྲིས་བྱུག་ལ། །ལུག་ནག་གཡང་གཞིའི་སྟེང་དུ་ཡང་། །ནས་ནག་ཁལ་ལམ་དྲེ་གསུམ་བདལ། །སྟེང་དུ་བསྐང་ཟློག་མདོས་ཆེན་བཞག །དབུས་སུ་འབྱོར་ཚད་སྐོང་རྫས་ལ། །ལྷོ་ཕྱོགས་བསད་ལས་འབྲུབ་ཁུང་དུ། །ཤར་དུ་སྒྲུབ་པ་བདག་ཉིད་བཞུགས། །འདིས་ནི་ཇི་ལྟར་བསམ་པ་འགྲུབ། །སྙིང་ཏིག་བཀོལ་བ་འུག་པའི་གདོང་ཅན་ཞེས་བྱ་བའི་རྒྱུད་ལས། དྲག་པོ་མདོས་ཀྱི་ལེའུ་སྟེ་བཅོ་བརྒྱད་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །གཞི་དང་གཙོ་མོའི་སྤྱི་སྔགས་བསྟན། །ཨོཾ་བཛྲ་པྲ་མོ་ཧ་མ་ཀེན་ཤང་ཀི་མ་པྲ་དུ་ཧ་ན་ཧཱུཾ་ཏྲག་རག་མོ་རཀྴ་ཡཀྴ་དུང་ཧི་པྲ་མོ་ཡ་ནཱ་ག་རཀྴ་མེ། ཧུ་ལུ་ཧུ་ལུ་ཧཱུཾ་བྷྱོ་ཧཱུཾ། གཅིག་ཏུ་དྲིལ་ཏེ་བོད་པའོ། །ཨོཾ་རག་མོ་ཙིཏྟ་རྦད་རུ་རུ་རྦད་སུ་མ་དུ་ཧ་ན་ཧ་ན་ཛཿརྦད་རྦད། ཨོཾ་ཙ་ཀ་ཧ་ཧ་ཀ་ལཾ་བ་ཏོ་ར་བྷྱོ། རཀྴ་ཙཀྲ་བ་པ་མ། ཙི་མ་མ་དུ་ཁ་ཙིཏྟ་ནན་བྷྱོ། སྤྱིར་རྦད་པའོ། །ར་ཧི་ལིཾ་ཀི་ལི་ཀི་ལཱ་ཡ་རྦད་བུ། ཨི་དར་རི་ཡཾ་མྱང་ཡཾ་དང་ཡང་། ལུ་པ་ཏི་ཡང་། པ་རོག་མོ་ཏ་ཡང་བྱི་ལི་མ་ཏི་ཡང་། མ་མ་ཀན་ཤང་ཀི་པྲ་མ་ཡ། ཏིཥྚ་རྦད། ཐུཾ་རི་ལི་ལི་རྦད། ཡགྴ་རཀྴ་པྲ་མ་ནི་ནཱ་ག་རག་མོ་ཐུཾ་རི་ལི་རྦད་རྦད། ཙིཏྟ་ཙིཏྟ་ཁ་རག་ཏྲག་རཀྴ་ཏྲཾ། མ་ཧཱ་ས་མ་ཡ། མ་ཧཱ་རཀྴ་ཏྲཾ། ཙིཏྟ་ཐུཾ་རི་ལི་ལི་རྦད། སྤྱིར་བསད་
པའི་སྔགས་སོ། །སྙིང་ཏིག་བཀོལ་བ་འུག་པའི་གདོང་ཅན་ཞེས་བྱ་བའི་རྒྱུད་ལས། ཙིཏྟ་ཡང་སྙིང་གི་སྔགས་ཀྱི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་དཔལ་ཆེན་ཧེ་རུ་ཀ །དཔལ་གྱི་ཐུགས་ཀྱི་རྒྱུད་འདི་བཤད། །ཉོན་གཅིག་རྡོ་རྗེ་འཛིན་པ་ཁྱེད། །ང་ཡི་གསང་རྒྱུད་ཆེན་པོ་འདི། །ལྔ་བརྒྱའི་དུས་སུ་བསྟན་སྲུང་ཕྱིར། །རྩ་བ་གསུམ་དུ་བསྡུ་བར་བྱ། །ཡན་ལག་ལྔ་ལ་སྤྲོ་བྱས་ཏེ། །དང་པོ་དཔལ་ཆེན་སྤྱན་སྔ་རུ། །སྲིད་པའི་ཚེ་སྲོག་བདག་མོ་ཡིས། །རང་རང་སྲོག་གི་སྙིང་པོ་ཕུལ། །ཕུང་བྱེད་བུ་མོ་སྤུན་བཞི་ཡིས། །རང་རྟགས་སྲོག་གི་སྙིང་པོ་ཕུལ། །འཁོར་དང་བཅས་པ་ཐམས་ཅད་ཀུན། །དཔལ་ཆེན་ཉིད་ཀྱི་དམ་ལ་གནས། །བསྟན་པ་སྲུང་བའི་བདག་མོ་ཡིན། །དད་མོས་ཉམས་སུ་གང་ལེན་པ། །དངོས་གྲུབ་མཆོག་ནི་གདོན་མི་ཟ། །ཞེས་བཀའ་སྩལ་པ་དང་། འཁོར་གྱི་གཙོ་བོ་དཔལ་རྡོ་རྗེ་འཛིན་པ་དང་། སྲིན་མོ་འོད་འདུས་ཤང་ཀ་ཏི་ལ་སོགས་པ། བུ་མོ་དང་འཁོར་དུ་བཅས་པ་ཐམས་ཅད་རབ་ཏུ་དགའ་བ་སྐྱེས་ཏེ། བཅོམ་ལྡན་འདས་ལ་བསྟོད་དོ། །སྙིང་ཏིག་བཀོལ་བ་འུག་པའི་གདོང་ཅན་ཞེས་བྱ་བའི་རྒྱུད་ལས། ཡོངས་སུ་གཏད་པའི་ལེའུ་སྟེ་ཉི་ཤུ་པའོ།། །།མ་མོ་རབ་ཏུ་གསང་བའི་རྒྱུད་རྫོགས་སོ།། །།

དབྱིངས་གསང་བའི་འཁོར་ལོའི་རྒྱུད།


DNG023_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨེ་གུ་ཧྱ་ཙཀྲ་ཏན་ཏྲ། བོད་སྐད་དུ། དབྱིངས་གསང་བའི་འཁོར་ལོའི་རྒྱུད། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་གསང་བ་གསུམ་གྱི་བདག་པོ་ཤིན་ཏུ་འཇིགས་པ་རྒྱན་རྣམ་པ་སྣ་ཚོགས་དང་ལྡན་པ། གསང་བའི་བྷ་ག་ལས་བཞེངས་ཏེ། དྲག་པོ་ཨེའི་གདན་ལ་བཞུགས་པ། གསང་བ་རིགས་ཀྱི་འཁོར་རྣམས་ཀྱིས་བསྐོར་ཏེ་བཞུགས་སོ། །དེའི་ནང་ནས་བཅོམ་ལྡན་འདས་དཔལ་གཤིན་རྗེའི་གཤེད་པོ་གདན་ལས་བཞེངས་ཏེ་སྟོན་པ་ཀུན་ཏུ་བཟང་པོ་ལ་གར་གྱི་མཆོད་པ་ལན་བརྒྱ་ཕྲག་ཕུལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །


DNG023_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱེ་མ་བདེ་གཤེགས་བཅོམ་ལྡན་འདས། །གོང་དུ་གསུངས་པའི་རྒྱུད་རྒྱལ་དེར། །རྟེན་གྱི་དཀྱིལ་འཁོར་གསུངས་པ་ལས། །གསད་པའི་ལས་དེ་མི་འགྲུབ་བམ། །འགྲུབ་ན་གསང་སྔགས་ཇི་ལྟར་ལགས། །མཱ་ར་ཡ་ཡི་ཕྲེང་བ་ལས། །དེ་ལ་བསྙེན་པ་མི་འཚལ་ལམ། །གསད་པའི་དུས་ཚོད་ཇི་ལྟར་ལགས། །ཉ་ཤི་དུས་སུ་བསད་པ་ཡི། །དེ་ཡི་གཏན་ཚིགས་ཇི་ལྟར་ལགས། །རཀྟའི་ངེས་པ་ཇི་ལྟ་བུ། །ཐོད་པའི་ངེས་པ་ཇི་ལྟར་ལགས། །ཡི་གེ་གྲངས་ཀྱི་ངེས་པ་ཅི། །འདི་ལ་ཚད་མ་མི་འཚལ་ལམ། །འཁོར་ལོ་ཞེས་བགྱི་ཇི་ལྟ་བུ། །བཅོམ་ལྡན་འདས་ཀྱིས་དེ་བཤད་འཚལ། །དེ་ནས་བཅོམ་ལྡན་འདས་དཔལ་མངོན་རྫོགས་རྒྱལ་པོ་གདན་ལས་བཞེངས་ཏེ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས། །སེམས་ཅན་ཉོན་མོངས་སེལ་བའི་སྨན། །དུག་ལྔ་སེལ་བའི་རྩི་མཆོག་ཡིན། །མ་རིག་སེལ་བའི་སྒྲོན་མེ་མཆོག །དེ་ནི་བདེ་བ་ཆེན་པོ་སྟེ། །མ་འོངས་རྣམས་ཀྱི་དོན་དུ་བཤད། །ལུས་ངག་ཡིད་གསུམ་གུས་པས་ཉོན། །རྟེན་གྱི་དཀྱིལ་འཁོར་གྱིས་བསད་པ། །འདི་ལ་རྣམ་པ་བདུན་དུ་གསུངས། །དང་པོར་ཨེ་ཡི་གནས་པ་ཡང་། །སྐྱེ་མེད་ཆོས་དབྱིངས་ཡི་གེ་ཨེ། །མཱ་ར་ཡ་ཉིད་མཐར་བཞག་པ། །ཛས་འགུགས་བསྙེན་པའི་མཆོག་ཏུ་གསུངས། །གཉིས་པ་ཡི་གེ་ཡཾ་ཡིན་ཏེ། །སྐྱོད་བྱེད་ཡི་གེ་བྷྱོ་ཡིས་བསྐུལ། །གསུམ་པ་ཡི་གེ་རཾ་ཡིན་ཏེ། །རཾ་གཉིས་བར་དུ་མཱ་ར་ཡ། །སྲེག་བྱེད་མེ་ཡི་འཁོར་ལོ་བསྒོམ། །བཞི་པ་ཡི་གེ་པཾ་ཡིན་ཏེ། །པཾ་གཉིས་བར་དུ་མཱ་ར་ཡ། །འདོད་ཆགས་ཁྲག་གི་དཀྱིལ་འཁོར་བསྒོམ། །ལྔ་པ་ཡི་གེ་སུ་ཡིན་ཏེ། །སུ་གཉིས་བར་དུ་མཱ་ར་ཡ། །གཏི་མུག་ས་ཡི་དཀྱིལ་འཁོར་བསྒོམ། །དྲུག་པ་ཡི་གེ་ཧཾ་ཡིན་ཏེ། །ཧཾ་གཉིས་བར་དུ་མཱ་ར་ཡ། །འོད་ཀྱི་གོང་བུ་ལྟ་བུར་བསྒོམ། །བདུན་པ་ཡི་གེ་ཕཊ་ཡིན་ཏེ། །ཕཊ་གཉིས་བར་དུ་མཱ་ར་ཡ། །ཁྲོ་ཚོགས་ནམ་མཁའི་སྐར་ལྟར་འཁྲུགས། །ཡི་གེ་ནྲྀ་ནི་ས་བོན་ཡིན། །གསོད་བྱེད་ཡི་གེ་རྦད་ཀྱང་ཡིན། །ཨེ་བཞག་ཡི་གེ་མཱ་ར་ཡ། །ཐ་མ་ཛ་ཡིས་བསྟེན་པ་ནི། །


DNG023_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

མཱ་ར་ཡ་ཡི་བསྙེན་པ་ཡིན། །རེ་རེས་ལས་རེ་འགྲུབ་པའི་ཕྱིར། །སྒྲུབ་པ་ཆེན་པོ་བདུན་དུ་གསུངས། །དབྱིངས་གསང་བའི་འཁོར་ལོའི་རྒྱུད་ལས། རྟེན་དྲག་སྔགས་ཀྱི་སྒྲུབ་ལུགས་བདུན་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་འཇམ་དཔལ་གྱིས་གསོལ་པ། །ཉ་ཞེས་བྱ་བ་ཇི་ལྟ་བུ། །ཉ་ཡི་གཏན་ཚིགས་ད་བཤད་འཚལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཉ་གཉེན་པོ་དོན་གྱི་མདོ་བཞིན་དུ། རྣལ་འབྱོར་པ་བཀྲ་ཤིས་པར་སྟོན་པ་དང་། ལོག་པར་བལྟ་བ་རྣམས་ལ་མཛེ་ནད་དང་། རིམས་ནད་སྣ་ཚོགས་བཏང་བ་དང་། དེས་ཉ་བསྟན། སྟོང་ནི་རྣལ་འབྱོར་པའི་སེམས་ཀྱི་སྐྱེ་ལུགས་དང་། གཟས་པ་པོ་གསོད་པའི་ཐབས་སྟོན་པའི་ཕྱིར་ན། སྟོང་ཞེས་བྱ། རཀྟ་ནི་མཁའ་འགྲོ་ཀུན་གྱི་དམ་རྫས་ཀྱི་མཆོག་ཡིན་པ་དང་། གཟས་པ་པོ་གང་ཡིན་པ་བསྒྲལ་བའི་ཐབས་དེ་ལས་བྱུང་བའི་ཕྱིར་རཀྟ་བསྟན་ཏོ། །དབྱིངས་གསང་བའི་འཁོར་ལོའི་རྒྱུད་ལས། ཉ་སྟོང་དང་རཀྟ་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།ཀྱེ་མ་བདེ་གཤེགས་བཅོམ་ལྡན་འདས། །ཐོད་པ་རྣམ་པ་དུ་རུ་གསུང་། །ཐོད་པའི་ངེས་པ་ད་བཤད་འཚལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཐོད་པའི་དེ་ཉིད་བཤད་བྱ་ཡིས། །ལུས་ངག་ཡིད་གསུམ་གུས་པས་ཉོན། །མནན་ཐོད་དང་ནི་མཆོད་ཐོད་དང་། །འཕང་ཐོད་དེ་བཞིན་ལྡིང་ཐོད་དང་། །སྤར་ཐོད་ནམ་མཁའ་མཆོད་ཐོད་དང་། །ཟློག་ཐོད་འབུབ་ཐོད་མ་ཉམས་ཐོད། །སྨྲ་ཐོད་ཟ་ཐོད་ལ་སོགས་པ། །ཐོད་པ་བཅུ་གསུམ་དག་ཏུ་ངེས། །ཡི་གེ་ལཾ་བྲིས་རི་རབ་ལྡན། །དབུས་སུ་ནྲྀ་དང་མིང་རུས་བཅུག །བྲིས་པ་མནན་པའི་ཐོད་པར་ངེས། །རྫས་དང་མནན་པར་ངེས་པའི་རྫས། །སྦལ་པ་དག་གི་ཤུན་རྣམས་ནི། །སྦྲུལ་གྱི་ཤུན་དུ་ངེས་པ་ཡིན། །ཚིག་དང་མནན་པར་ངེས་པའི་ཚིག །ནཱ་ག་ཞེས་བྱའི་པོའང་གཞུག །ཏིང་འཛིན་དང་ལྡན་གཤིན་རྗེའི་སྔགས། །ཨ་ཀྲོ་འབྲུ་བདུན་གཉའ་ནོན་ཡིན། །རྡོ་རྗེའི་བཟླས་པ་མི་ནུས་པས། །


DNG023_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

མནན་ན་ངེས་པར་ནོན་པ་ཡིན། །དབུས་སུ་བསྒྲུབ་བྱའི་མིང་རུས་དང་། །གཉན་དགུ་དག་ལ་གཏད་པར་བྱ། །མནན་ཐོད་མཆོད་ན་གསོ་བར་འགྱུར། །འཕང་ན་བསྒྲུབས་པ་འཆོར་བར་ངེས། །ཀླུ་ལ་བ་དམར་རྭ་རུ་མནན། །གཞན་ཡང་རྟ་ལ་སོགས་པ་ཡིན། །གཟུགས་ལ་མནན་ན་ངེས་པར་ཕུང་། །གཞན་ཡང་མནན་པ་ཐོད་པའི་གྲངས། །ཁམ་པའི་ཕུར་པ་བཅུ་འམ་དགུ་ལས་ཉུང་མི་བྱ། །དེ་དག་མནན་པ་གྲུབ་པའི་རྟགས། །ཀླུ་ལས་མཛེ་ནད་བཅོ་བརྒྱད་འབྱུང་། །བཙན་ལས་གཟེར་ནད་དྲུག་ཏུ་འབྱུང་། །ས་བདག་ལས་ནི་ཞ་གྲུམ་སྟེ། །ཡུལ་ལྷས་ཡུལ་ལས་དབྱུང་ལ་སོགས། །དམུ་ལྷས་དམུ་ནད་དགུ་རྣམས་གཏོང་། །ལྷ་ལ་སོགས་པ་གཞན་རྣམས་ལ། །བདུན་དང་ལྔ་དང་དྲུག་དང་ཡང་། །བརྒྱད་དང་དགུ་རུ་ཤེས་པར་བྱ། །ཕུང་བྱེད་མནན་ཐོད་བཤད་པའོ། །མཆོད་ཐོད་ནལ་བུ་དྲེད་དང་ཕག །ཞག་གསུམ་ལ་སོགས་གོང་དང་འདྲ། །ཡོངས་སུ་མ་ཉམས་ཐོད་པ་ལ། །དབུས་སུ་གཙོ་བོའི་སྔགས་བྲིས་ལ། །མ་ར་ཡ་ཡི་སྔགས་ཀྱིས་བསྐོར། །རཀྟའི་རྒྱ་མཚོ་མཆོད་པའི་རྫས། །བོད་པའི་རྫས་ནི་སྤོས་ཆེན་ལ། །བསྙེན་པའི་རྫས་ནི་ཨ་མྲྀ་ཏ། །དམ་ཚིག་རྫས་ནི་དམ་ཚིག་བསྲེ། །བསྒོམ་དང་ཏིང་འཛིན་མ་འཁྲུལ་བས། །མཁའ་འགྲོ་ཐོད་པ་དེ་ལ་མཆོད། །ཡེ་ཤེས་གཤེགས་དང་འདྲེལ་བ་བཞིན། །མཆོད་ཐོད་དྲན་ཏེ་རྟག་ཏུ་མཆོད། །ཟས་ཀྱི་ཕུད་མཆོད་རྟག་ཏུ་དྲན། །བྲན་དང་ཡུལ་འཁོར་སྐྱོབ་པར་བྱེད། །ཅི་འདོད་བསམ་པ་འགྲུབ་པར་བྱེད། །མཆོད་ཐོད་མནན་ན་མཁའ་འགྲོ་མནན། །སྟོང་གསུམ་སྲིད་པའི་མཁའ་འགྲོ་འཁྲུག །བདག་ཉིད་འཁོར་དུ་སྨྱོ་འབོག་གཏོང་། །རིམས་ནད་སྣ་ཚོགས་འབྱུང་བར་འགྱུར། །གཞན་ཡང་མཛེ་ཆད་སྣ་ཚོགས་གཏོང་། །འཕང་ན་ལས་མཁན་འཕང་བ་སྟེ། །བོད་པའི་སྔགས་དང་ཚིག་གིས་ཀྱང་། །ཏིང་འཛིན་སྤོས་ཀྱང་མི་འཁོར་ཏེ། །བརྟེན་དང་མཆོད་པ་དེ་དང་འདྲ། །འཁོར་གྱི་མ་མོ་གཞན་དུ་འཕྲོས། །ལྷ་ལ་རྒྱབ་ཀྱིས་ཕྱོགས་པའོ། །ཡུན་དུ་བཟུང་


DNG023_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

བའི་མཆོད་ཐོད་དང་། །རྟག་པར་བཞུགས་དང་རྗེས་སུ་དྲན། །མཐུན་པར་ཞུགས་ཀྱང་གཤེགས་བཞུགས་མེད། །ཐོད་པ་བཞི་ལ་མཆོད་པར་གསུངས། །འཕང་ཐོད་རབས་ཆད་ཐོད་པ་རུ། །དྲག་སྔགས་བྲིས་ཏེ་དེ་བཞག་ནས། །ཏིང་འཛིན་དུག་གི་ན་བུན་འཐིབས། །འཕང་ཐོད་མཆོད་ན་དྲག་སྔགས་དང་། །ན་བུན་བདག་ལ་ལྡོག་པར་བྱེད། །མནན་ན་ན་བུན་ལྷ་འདྲེ་ཡི། །གཉན་དགུ་དག་ལ་མནན་པ་སྟེ། །གཉན་དགུའི་རིམས་ནད་བདག་ལ་ལྡོག ། མཆལ་ཡང་འཆང་ཆེན་ཁ་འམ་བྱང་རི་ཁར། །འཕང་ན་དགྲ་ཡི་ཡུལ་ཁམས་སུ། །ནད་ཀྱི་ན་བུན་འཐིབས་པ་དང་། །མཚོན་གྱི་བསྐལ་པ་འཁྲུགས་པ་དང་། །དུག་གི་ན་བུན་ངེས་པར་འཐིབས། །བྱང་རི་ཁ་ནས་འཕང་པར་ངེས། །དབྱིངས་གསང་བའི་འཁོར་ལོའི་རྒྱུད་ལས། ཐོད་པ་བཤད་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་འཇམ་དཔལ་གཤེད་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བདེ་གཤེགས་བཅོམ་ལྡན་འདས། །ཡི་གེ་རྩིས་ནི་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་ད་བཤད་འཚལ། །ཞེས་གསོལ་པས། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉོན་ཅིག་འཇམ་དཔལ་གཤིན་རྗེ་གཤེད། །སྔགས་ཀྱི་དེ་ཉིད་རྣམ་པ་ལྔ། །ཡང་དག་ཉིད་དུ་བཤད་བྱ་ཡི། །བསྙེན་སྔགས་བསྒྲུབ་སྔགས་བསད་པའི་སྔགས། །སྔགས་ཀྱི་ཕྲེང་བ་དུམ་དུམ་འདྲེལ། །ཨཱོཾ་ནི་རིགས་ལྔ་སངས་རྒྱས་ཏེ། །མཱ་ར་ཡ་ཡི་རིགས་པ་དྲང་། །ཐ་མར་ཡི་གེ་ཛ་བཞག་པ། །རྟེན་ཅན་གྱི་ནི་བསྙེན་པའོ། །ཨེ་ནི་ཆོས་ཀྱི་དབྱིངས་ཉིད་དེ། །ཡི་གེ་ཛ་ཡིས་དགུག་བྱས་ནས། །ཡི་གེ་བཞི་ཡིས་རིགས་པ་དྲང་། །རྟེན་འདྲེལ་བསྒྲུབ་པའི་བསྙེན་པ་ཡིན། །མཐར་བྱེད་ལྔ་ནི་ཡི་གེ་ཨོཾ། །ཨ་ནི་ཡུམ་ལྔའི་སྙིང་པོ་སྟེ། །ཀྲོ་ནི་ཕྱོགས་བཅུའི་ཁྲོ་བོ་ཡིན། །ཧེ་ནི་སྲས་བཅས་སྙིང་པོ་སྟེ། །ཀ་ནི་གཟུགས་སྐུའི་སྙིང་པོ་ཡིན། །ཧཱུཾ་གིས་ཐམས་ཅད་དབང་དུ་སྡུད། །ཕཊཿཀྱིས་ལྷ་ཚོགས་སྤྲོ་བ་སྟེ། །འཇམ་དཔལ་རྩ་བའི་བསྙེན་པ་ཡིན། །


DNG023_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་ཤེས་པ་དངོས་པོ་སྟེ། །རང་ལ་ཡོད་པས་གྲུབ་པ་ཡིན། །ཡི་གེ་བྷྱོ་ནི་སྒྲུབ་སྔགས་ཏེ། །རྦད་ནི་བསད་པའི་སྔགས་ཡིན་ཏེ། །ལཾ་ནི་མནན་པའི་སྔགས་ཡིན་ནོ། །མཱ་ནི་གཤེད་མའི་རྒྱུ་ཡིན་ཏེ། །ར་ནི་གཤེད་མར་བྱེད་པ་ཡིན། །ཡ་ནི་གཤེད་མའི་རྐྱེན་ཡིན་ཏེ། །གཤེད་མའི་ཚོགས་སྤྲོ་ཡི་གེ་ཕཊ། །སྔགས་ཀྱི་ཕྲེང་བ་དུམ་དུམ་འདྲེལ། །ཡེ་ཤེས་ལྔ་དང་ལྷུན་གྱིས་གྲུབ། །ཡེ་ཤེས་ཕྲེང་བ་དུམ་དུམ་འདྲེལ། །ལས་དང་འཇིག་རྟེན་འཇིག་རྟེན་འདས། །ལས་མཁན་ཕྲེང་བ་དུམ་དུམ་འདྲེལ། །འབྲས་བུ་དང་ནི་ཚོགས་དང་གསུམ། །ལམ་གྱི་ཕྲེང་བ་དུམ་དུམ་འདྲེལ། །ཕྲེང་བ་ཡང་དག་རྣམ་པ་གསུམ། །དེ་ཉིད་མ་འཁྲུལ་སྤྱད་གྱུར་ན། །ལས་མཁན་མ་ལུས་དབང་དུ་འདུ། །རྒྱུད་ནི་རྣམ་པ་གསུམ་ཡིན་ཏེ། །ལས་ཀྱི་རྒྱུད་ནི་དྲེགས་པ་ཅན། ། འབྲས་བུའི་རྒྱུད་ནི་བདེ་གཤེགས་སྐུ། །ལམ་གྱི་རྒྱུད་ནི་གསང་སྔགས་ཀྱི། །ཡི་གེ་འབྲུ་ལྔ་དེ་ཉིད་ཡིན། །རྟེན་དང་རྟེན་ཅན་རྣམ་གཉིས་ཀྱི། །སྲོག་གི་སྙིང་པོ་མ་ནོར་བར། །དྲང་བས་རྟེན་དང་བཅས་པར་འགུགས། །བསྙེན་སྔགས་མ་ནོར་བདེ་བ་སྐྱེད། །སྒྲུབ་སྔགས་མ་ནོར་ལས་ལ་འཛུད། །བསད་སྔགས་མ་ནོར་མཚོན་དུ་དབབ། །ཨེ་ཡིས་བསྙེན་པ་བགྲངས་པ་ཡིས། །སྐུ་གསུམ་ཐོབ་ཀྱང་འཆི་བར་ངེས། །ཡཾ་གྱིས་བསྙེན་པ་བགྲངས་པ་ཡིས། །རིག་པ་རྙེད་ཀྱང་གནས་ནས་འགུགས། །རཾ་གྱི་བསྙེན་པ་བགྲངས་ནས་ནི། །དྲོད་ལྔ་ཐོབ་ཀྱང་ལུས་སེམས་འབྲལ། །བཾ་གྱི་བསྙེན་པ་བགྲངས་པས་ནི། །སྐུ་ལྔ་ཐོབ་ཀྱང་སྡུག་བསྔལ་མྱོང་། །སུ་ཡི་བསྙེན་པ་བགྲངས་ནས་ནི། །ས་རྣམས་ཐོབ་ཀྱང་གསོད་པར་བྱེད། །ཧཾ་གི་བསྙེན་པ་བགྲངས་པས་ནི། །སྐུ་ལྔ་རྟོགས་ཀྱང་འཇིགས་པར་འགྱུར། །ཕཊ་ཀྱི་བསྙེན་པ་བགྲངས་པས་ནི། །ཆེ་བས་ཆེ་བའི་མཐུ་དཔུང་འཇོམས། །འདི་རྣམས་གཅིག་ལས་གང་བྱས་ཀྱང་། །ལས་རྣམས་འགྲུབ་པ་གདོན་མི་ཟ། །དབྱིངས་གསང་བའི་འཁོར་ལོའི་རྒྱུད་ལས། སྔགས་ཀྱི་རྩིས་དང་


DNG023_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མ་བཤད་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་འཇམ་དཔལ་གཤིན་རྗེའི་གཤེད་གདན་ལས་བཞེངས་ཏེ། ཀྱེ་མ་བདེ་གཤེགས་བཅོམ་ལྡན་འདས། །གོང་དུ་གསུངས་པའི་མནན་གཏད་ལ། །ལས་ཀྱི་བྱེ་བྲག་ཇི་ལྟར་བགྱི། །བཅོམ་ལྡན་འདས་ལ་བཀའ་འདྲི་ཞུ། །དེ་སྐད་གསོལ་པ་གསན་ནས་ཀྱང་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ང་ནི་འགྲོ་ལ་ཐུགས་བརྩེའི་ཕྱིར། །ལས་ཀྱི་བྱེ་བྲག་ཐམས་ཅད་ཀུན། །འགྲོ་ལ་བརྩེ་ཕྱིར་ངས་བཤད་ཀྱི། །ལུས་ངག་ཡིད་གསུམ་གུས་པས་ཉོན། །ཨེ་ནི་ཆོས་ཀྱི་དབྱིངས་ཉིད་ཡིན་པ་སྟེ། །གྲུ་གསུམ་ནམ་མཁའི་སྙིང་པོ་ཡིན། །ནཱ་ག་ཀླུ་ཡི་སྙིང་ནས་འདྲེན། །ཚལ་གྱིས་ཀླུ་རྣམས་སོ་སོར་འབྱེད། །ཐུམ་གྱིས་རིགས་བཞི་ལས་ལ་འཛུད། །རིལ་གྱིས་སོ་སོར་འཛིན་པར་བྱེད། །ནམ་གྱིས་མགོ་ལུས་དབང་དུ་བསྡུས། །ཕུག་གིས་ལས་རྣམས་གདོན་མི་ཟ། །ཨེ་ནག་ཚལ་ཐུམ་རིལ་ནཾ་ཕུག །ལྕགས་ཀྱི་ཕུར་བུ་སོར་བརྒྱད་པ་གཅིག་གིས་བརྡེག་ཅིང་ཡི་གེ་ཧཾ་བསམ་ལ། མཛེ་ནད་སྣ་ཚོགས་པའི་རིམས་ཀྱིས་བཏབ་ནས་དང་། མཚོན་གྲིར་འཆི་བར་འགྱུར། རྨུགས་ཀྱིས་གཟས་པ་སྲོག་ནས་འདྲེན། །ཚལ་གྱིས་ལས་མཁན་གཤེད་མར་འགྱེད། །ཚལ་པ་ངེས་པར་གསོད་པ་ཡིན། །དུམ་དཀྲུག་གཉིས་བརྗོད་མནན་པའི་དོན། །མགོ་ཆག་པ་དང་རྐང་ལག་ཆག་པ་དང་། །ར་རུས་ཆག་པས་འཆི་བར་འགྱུར་རོ། །རྨུགས་ཚལ་ཚལ་པ་དུཾ་དཀྲུག །དུཾ་དཀྲུག །ཟངས་ཀྱི་ཕུར་པ་སོར་བརྒྱད་གཅིག་བརྡེག་ཅིང་། གྱོ་མོ་ལ་འཁོར་ལོ་བྲིས་ལ་གཏུམས་ན། གོང་མིའི་ནད་རྣམས་ཀྱིས་བཏབ་ནས་འཆི་བར་འགྱུར་རོ། །ནཱ་ག་ཞེས་བྱས་ཀླུ་རྣམས་འགུགས། །ཧེ་ཧེ་བཏབ་པའི་སྔགས་ཡིན་ཏེ། །དི་དི་རི་རིས་གཤེད་མར་ལྡང་། །རྨུགས་གཤར་གཤེད་མ་བསྐུལ་བའི་སྔགས། །ནཱ་ག་ཧེ་ཧེ་དི་དི་རི་རི་རྨུགས་གཤར། བརྒྱ་རྩ་བརྒྱད་བརྒྱབ་ན། དགྲ་བོ་


DNG023_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

མཛེས་འཛིན་པར་འགྱུར་རོ། །དེ་དག་ནི་དྲག་སྔགས་ཁྱད་པར་ཅན་བསྟན་པ་སྟེ། དབྱིངས་གསང་བའི་འཁོར་ལོའི་རྒྱུད་ལས། མནན་པ་ལས་ཀྱི་བྱེ་བྲག་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་འཇམ་དཔལ་སྟན་ལས་བཞེངས་ཏེ། བཅོམ་ལྡན་འདས་ལ་ཕྱག་བྱས་ཏེ། །ཀྱེ་མ་བདེ་གཤེགས་བཅོམ་ལྡན་འདས། །མ་འོངས་པ་ཡི་རྣལ་འབྱོར་ལ། །ཐུན་མོང་སྔགས་རྣམས་མི་འཚལ་ལམ། །དེ་ལ་ནན་ཏུར་མི་འཚལ་ལམ། །བཅོམ་ལྡན་འདས་ཀྱིས་ད་བཤད་འཚལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སྔགས་རྣམས་སྤུ་གྲི་འདྲ་བ་ལ། །ཤིན་ཏུ་བཤད་པར་མི་སྤོབས་ཀྱང་། །མ་འོངས་རྣམས་ཀྱི་དོན་ཕྱིར་བཤད། །ད་ར་རྣམ་ཤེས་སྔགས་ཡིན་ཏེ། །ཐུམ་བྱེར་གྱིས་ནི་གསོད་པར་བྱེད། །ད་ར་ཐུམ་བྱེར་མནན་པ་ཡིན། །ད་ར་ཐུམ་བྱེར་དར་ཐུམ་བྱེར། །ཁྱི་ཁྲག་ར་ཁྲག་མོན་པའི་ཁྲག །གནག་གི་ཁ་སྤུ་གློ་བ་སློ་རྣམས་ལ། །སྔགས་བཏབ་བཀོལ་ན་གནག་རྣམས་ཕུང་། །བསྙེན་བསྒྲུབ་སྔགས་ནི་འབུམ་དུ་བཟླས། །ཟླ་སྐར་བེའུ་རྫི་ཡིན་ཏེ་ཉི་མ་དྲོས་ལ་བྱ། །རྦད་ཐུམ་འཁྲུགས་པའི་སྙིང་པོ་སྟེ། །དེ་ནི་རྣམ་ཤེས་སྙིང་པོར་གསུངས། །ཅི་རི་གཉིས་འགྱུར་བརྗོད་པར་བྱ། །རི་རི་སྲེག་པའི་སྦྱོར་བ་ཡིན། །སྤར་ན་གྲ་མ་བསད་སྔགས་ཏེ། །ཐུག་ལུམ་གཉིས་བརྗོད་བསད་སྔགས་ཡིན། །བར་དུ་མུག་བྱེར་གཉིས་བཞག་ལ། །རབ་ཏུ་བསད་པའི་གསང་སྔགས་སོ། །རྦད་ཐུཾ་རྩི་རི་རྩི་རི་སྤ་རན་གྲི་ཐུག་ལུཾ་ཐུག་ལུཾ་མུགས་བྱེར། གཞན་ཡང་ཨོཾ་ནི་ཀུན་གྱི་མགོ་ཡིན་ཏེ། །དྲེས་འདི་བུས་ཞེས་རྦད་པ་དང་། །ཐུམ་བུ་ཀྲི་ཏ་བསད་པའི་སྔགས། །དུར་གྲི་ཏ་དུང་བསྟབ་པའོ། །འཇིབས་ནི་བསད་པའི་སྔགས་ཡིན་ཏེ། །རྟ་ལ་སོགས་པའི་རྨིག་ཟླུམ་རྣམས། །ཡོངས་ལ་བརྡེག་པར་བསྟན་པ་ཡིན། །ཨོཾ་དྲེ་འདི་བུས་ཐུཾ་སྤུ་གྲི་ཏ་དུང་འཇིབས། དགྲ་བོ་ཡུལ་ཚན་དང་འགྲས་ན། གླ་བའི་ཆུ་ལ་ཆུ་བླུགས་ལ། ངན་སྔགས་འདི་བཏབ་ན་ཕུ་


DNG023_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་སྐམ་མོ། །ཧེ་ཧེ་དུམ་བུ་ཧཱུཾ་ཡ་ནཱ་ག་དུང་ཞེས་བརྗོད་ནས། ཆུ་ལ་རྒྱབ་ན་ཆུ་མིག་ཐལ་བར་ཐོར་གྱིས་འགྲོའོ། །ནཱ་གས་ཀླུ་ཡི་སྲོག་ནས་འདྲེན། །ཐུམ་བུ་དམོད་པའི་སྔགས་ཡིན་ཏེ། །ཧཱུཾ་ཡ་བསྟབ་པའི་སྔགས་སུ་གསུངས། །ནཱ་ག་ཐུཾ་བུ་ཧུ་ཡ། སྦལ་པའི་གསོ་བ་ཁྲག་སྣ་ཚོགས་ཀྱིས་བསྐང་བ་ལ། བག་ཟན་གྱི་སྦལ་ལྕོང་བརྒྱད་ཀྱིས་མཐའ་བསྐོར་ལ། །སྐར་སྒྱེད་ཡང་མ་གཡེང་གསུམ་ལ་བསྙེན་པ་བཟླས། སྐར་མ་ཁྲུམས་སྨད་ལ་གཏད། ཕག་པའི་ཐོད་པས་ཕག་པའི་སོག་པ་མནན། དགྲ་བོ་ཕོ་རྒྱུད་མཐའ་ཕུང་བར་ངེས་སོ། །ཨོཾ་ནི་རྣམ་པར་སྣང་མཛད་དེ། །རྗེ་ཁྲམ་བཙན་གྱི་སྲོག་སྙིང་སྟེ། །ཝ་ཁྲམ་བཙན་སྲིད་སྲོག་སྙིང་ཡིན། །རྟ་ཁྲམ་བུམ་སྲིའི་སྲོག་སྙིང་ཡིན། །ཨོཾ་རྗེ་ཁྲམ་ཝ་ཁྲམ་རྟ་ཁྲམ། །རབས་ཆད་ཀྱི་ནི་ཐོད་པ་དང་། །རྟ་ཐོད་དུ་བཅུག་ལ་སྐར་མ་བི་རྫི་ལ་གཏད་ནས། གོང་གསུམ་དུ་བཅུག་ན། དགྲ་བོ་མོ་རྒྱུད་མཐའ་ཕུང་བར་འགྱུར་རོ། །དབྱིངས་གསང་བ་འཁོར་ལོའི་རྒྱུད་ལས། ལས་ཐུན་མོང་གི་སྔགས་བསྟན་པ་སྟེ་ལེའུ་དྲུག་པའོ།། །།དེ་ནས་དེ་དག་ཐམས་ཅད་ཀྱི། །སྤྱི་ཉིད་བཤད་པ་ལ་ཞུགས་ཏེ། །མཉམ་པ་ཉིད་ལ་གནས་པ་ལས། །བཅོམ་ལྡན་འདས་ལ་འཇམ་དཔལ་གྱིས་ཞུས་པ། སྤྱི་དང་རང་གི་མཚན་ཉིད་ལས། །སྔགས་ལ་ངེས་པ་དུ་ཞིག་མཆིས། །བཅོམ་ལྡན་འདས་ལ་བཀའ་འདྲི་ཞུ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །མ་འོངས་རྣམས་ལ་ཕན་གདགས་ཕྱིར། །སྔགས་ཀྱི་དེ་ཉིད་བཤད་པར་བྱ། །སྔགས་ཀྱི་མགོ་བོ་ཨོཾ་ཡིན་ཏེ། །བསྙེན་པ་བསྒྲུབ་ན་འབྱུང་བར་ངེས། །རྣམ་པར་སྣང་མཛད་ཡིན་པའི་ཕྱིར། །དྲག་པོའི་ལས་ལ་འདུལ་མི་འགྱུར། །མགོ་མེད་ཡི་གེ་ཧཱུཾ་གཞུག་བྱ། །ཡེ་ཤེས་ལྔ་དང་ལྡན་མོད་ཀྱང་། །ཐུགས་ཉིད་རྡོ་རྗེ་ཡིན་པའི་ཕྱིར། །ཁྲོས་པ་དྲག་པོས་འདུལ་བར་བསྟན། །འདུག་ས་གོང་འོག་སྤོ་བ་ཡིན། །ཡེ་


DNG023_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རང་སྔགས་གོང་དུའོ། །ལས་མཁན་སྲོག་སྙིང་འོག་ཏུ་སྟེ། །བསྙེན་པའི་དུས་ཉིད་འགུགས་པར་བྱེད། །ཡི་གེ་ཛ་ཡིས་ཀུན་ཏུ་འགུགས། །ཉིན་སྲིབས་གཉིས་སུ་དབྱེ་བ་ཡང་། །ཞི་རྒྱས་གཉིས་ནི་ཉིན་ཡིན་ཏེ། །གསོ་བའི་ལས་ལ་ཤིས་པས་སོ། །དབང་དྲག་གཉིས་ནི་སྲིབས་ཡིན་ཏེ། །དྲག་པོའི་ལས་ལ་ཤིས་པས་སྲིབས། །ལས་མཁན་སྣ་ཚོགས་ལས་བྱུང་བ། །ཕྲ་མེན་དགེ་བ་ཞེས་སུ་གསུངས། །ཛྭ་ལ་རཾ་ཞེས་འབྱུང་བ་དང་། །འདུས་ཏེ་ཧྲཱྀས་ཞེས་བྱ་བས་ནི། །ཐོག་དང་ཚ་བའི་ལས་རྣམས་འགྲུབ་པར་བྱེད། །འདི་ལ་མ་འདྲེས་རྦད་འབྱུང་ལ། །བསད་པའི་ལས་ལ་ཤིས་པ་ཡིན། །གཉིས་གོང་པྲོཾ་དང་ཧྲིལ་བཞག་པ། །དབབ་པའི་ལས་ལ་ཤིས་པ་ཡིན། །རང་རང་ལས་རྣམས་སྣ་ཚོགས་ལས། །སྔགས་མཐར་འབྲུ་རེ་གང་འབྱུང་བ། །མཐའ་རྟེན་གཞུག་ཅེས་དེ་ལ་བརྗོད། །ཇི་སྙེད་ལྷ་ཡི་གྲངས་བྱུང་ཡང་། །རྣམ་ཤེས་སྙིང་པོ་རེ་རེས་མཚོན། །མང་པོ་གཅིག་ཏུ་སྦོམ་ཞེས་བྱ། །དམ་ཚིག་རྗེས་དྲན་ཇི་སྙེད་ལས། །སྙིང་པོ་རེ་རེས་གཅིག་ཏུ་དྲིལ། །ཆོལ་བུ་ཀུན་ནས་བཏུས་ཞེས་བརྗོད། །ལས་གསུམ་གཅིག་ཏུ་གང་བཟློག་པ། །འུར་བ་གཅིག་ཏུ་དྲིལ་ཞེས་བརྗོད། །འབྱུང་བ་ཚ་གྲང་གང་འཁྲུགས་པ། །མེ་ཆུ་འགལ་བ་བསོགས་ཞེས་བཤད། །དབྱིངས་གསང་བའི་རྒྱུད་ལས། རྩིས་ཚད་བཤད་པའི་ལེའུ་སྟེ་བདུན་པའོ།། །།ཨེ་མའོ་བཅོམ་ལྡན་གསང་ཆེན་བདག །ཐམས་ཅད་མཁྱེན་རྫོགས་ཕྱག་འཚལ་ལོ། །ཀུན་ཁྱབ་བདེ་ཆེན་གསང་སྔགས་དོན། །ཇི་ལྟར་གསུངས་པའི་བཀའ་ལུང་དེ། །ལུང་གི་ཡི་གེ་མ་འདྲེས་གསལ། །རང་བཞིན་རྒྱུད་ལས་ཚིག་གི་རྒྱུད། །རྟེན་འདྲེལ་ཡི་གེ་སྒྲ་རྟགས་


DNG023_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །བདག་གི་བསྡུས་ལ་གནས་པར་བགྱི། །འདི་དོན་མ་ལུས་གསུང་པ་རྣམས། །འཆད་པའི་རྣལ་འབྱོར་དམ་པ་སྟེ། །གསང་བདག་ཉིད་དུ་གནས་པར་བགྱི། །ཇི་ལྟར་ཇི་ལྟའི་སེམས་ཅན་རྣམས། །དེ་ལྟ་དེ་ལྟའི་དོན་རྣམས་ལ། །གནས་ཤིང་དད་པར་བགྱི་ལགས་སོ། །འདི་སྤྱོད་རྣལ་འབྱོར་གང་དག་ཀྱང་། །རྒྱ་རྟགས་ཞེས་ནི་གཟུང་བར་བགྱི། །དེ་ལ་རྒོལ་དང་བར་གཅོད་དང་། །གཞན་གྱི་སྡེ་པས་མི་ཚུགས་བགྱིའོ། །བཅོམ་ལྡན་འདས་དགོངས་པ་མཐར་ཕྱིན་ནས། བདེ་བ་ཆེན་པོའི་ངང་ལ་བཞུགས་སོ། །དབྱིངས་གསང་བའི་འཁོར་ལོའི་རྒྱུད་ལས། ཇི་སྙེད་པ་གཏད་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་འཇམ་དཔལ་གཤིན་རྗེའི་གཤེད་གདན་ལས་བཞེངས་ཏེ། བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ། འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བདེ་གཤེགས་བཅོམ་ལྡན་འདས། །འཁོར་ལོའི་ངེས་པ་ཇི་ལྟ་བུ། །དེ་ཡི་དགོས་པ་ཇི་ལྟ་བུ། །ཡང་དགོས་ཇི་ལྟ་བུ་རུ་བཞེད། །བཅོམ་ལྡན་བདག་ལ་བཀའ་དྲིན་གསུང་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ད་ནི་དུས་གསུམ་ཆ་སྙོམས་འབྱུང་། །དུས་གསུམ་ཆ་ཡང་དེ་བཞིན་དེ། །ང་ལས་ཧཱུཾ་གི་སྒྲ་འབྱུང་བས། །ཧ་ཧེ་མཚོན་ཆའི་ཚུལ་དུ་འབྱུང་། །ཧཱུཾ་གི་ཁོང་ནས་ཨེ་འབྱུང་བས། །དཀར་པོ་གྲུ་གསུམ་ཆོས་དབྱིངས་སུ། །གྲུ་གསུམ་མཱ་ར་ཡ་རེ་དགོད། །དཀྱིལ་དུ་རྣམ་ཤེས་སྙིང་པོ་དགོད། །དེ་སྟེང་ཡི་གེ་ཛ་བཞག་པ། །ཆ་མཉམ་པ་ཡི་འཁོར་ལོ་ཡི། །ས་དེར་ཡི་གེ་རྦད་བཞག་པ། །གསོད་བྱེད་དྲག་པོའི་འཁོར་ལོ་ཡིན། །ས་དེར་ཡི་གེ་བྷྱོ་བཞག་པ། །བསྒྲུབ་པའི་འཁོར་ལོ་ཆེན་པོ་ཡིན། །ཀུན་


DNG023_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དེ་བཞིན་ཤེས་པར་བྱ། །ཧཱུཾ་གི་ཁོང་ནས་ཧཾ་བྱུང་བས། །དྭངས་མའི་འཁོར་ལོ་ཆེན་པོ་སྟེ། །དྭངས་མ་ལྔ་ལ་ཡིག་འབྲུ་ལྔ། །སྐྱེ་བ་མེད་པའི་བྱང་ཆུབ་སེམས། །འགག་པ་མེད་པས་འཆི་བ་མེད། །མདོར་ན་རྒྱུ་མེད་རང་བཞིན་བསྐོར། །ལྷག་པ་བྱང་སེམས་འཁོར་ལོ་སྟེ། །སྐྱེ་འགག་གཉིས་མེད་གཟུང་འཛིན་བྲལ། །ཐབས་དང་ཤེས་རབ་གཉིས་ལྡན་པ། །ལྔ་དང་བཅུ་ཡི་རང་བཞིན་བསྐོར། །ཞེས་བརྗོད་དོ། །འདི་ནི་རྫོགས་པའི་འཁོར་ལོ་ཆེན་པོ་ཡིན། །ཧཾ་གི་ཁོང་ནས་ཡཾ་བྱུང་བས། །མཆོག་མ་གཉིས་དང་ཆང་རྩ་གཉིས། །འཆང་བའི་དཀྱིལ་དུ་འབྲུ་ལ་དགོད། །འདི་ནི་འབྱུང་བ་རླུང་གི་འཁོར་ལོ་ཡིན། །མེ་ཡི་འཁོར་ལོ་གྲུ་གསུམ་ལ། །ཡི་གེ་ལྔ་དང་རབ་ཏུ་ལྡན། །ཆུ་ཡི་འཁོར་ལོ་ཟླུམ་པོ་སྟེ། །ཡི་གེ་ལྔ་དང་རབ་ཏུ་ལྡན། །ས་ཡི་འཁོར་ལོ་གྲུ་བཞི་ལ། །ཡི་གེ་ལྔ་དང་ལྡན་པ་སྟེ། །ཐམས་ཅད་གོང་བཞིན་ཤེས་པར་བྱ། །ཡི་གེ་འོད་དུ་ལྡན་པར་བསྒོམ། །ཕཊ་ཀྱིས་སེམས་ཀྱི་རོ་བསད་དེ། །ཏ་ནི་སྲེག་པར་བྱེད་པ་ཡིན། །རྦད་ནི་བདེ་བའི་རོ་བསད་དེ། །ཆོས་ཀྱི་དབྱིངས་སུ་རྟག་པར་བྱའོ། །འཁོར་དང་མྱང་འདས་ཆོས་ཐམས་ཅད། །བྱང་ཆུབ་སེམས་ཀྱི་འཁྲུལ་འཁོར་བསྐོར། །ཡོངས་སུ་བྱང་ནས་སྣང་བར་འགྱུར། །འདུས་བྱས་རྫས་ཀྱི་འཁོར་ལོ་བསྐོར་བ་མུ་སྟེགས་འཁྲུལ་པའི་ལམ། །དཔེར་ན་མཚོན་རྩེ་གཅིག་པས་བཏབ་ན་འཆོར་མེད་བཞིན། །སྣང་ལ་རང་བཞིན་མེད་པ་རྩེ་གཅིག་བསྒོམ། །དབྱིངས་གསང་བ་འཁོར་ལོའི་རྒྱུད་ལས། འཁོར་ལོ་རྣམ་པ་གསུམ་བཤད་པའི་ལེའུ་སྟེ་དགུ་པའོ།། །།གསང་སྔགས་ཐམས་ཅད་ཀྱི་སྤྱི་རྒྱ་ཆེན་པོ་རྒྱུད་ཕྱི་མའི་རིམ་པར་གསུངས་པ་རྫོགས་སོ།། །།

ཕྲ་མེན་སྤྱང་ཀི་ལས་ཀྱི་རྒྱལ་མོའི་རྒྱུད།


DNG023_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཤྭ་ན་མུ་ཁ་ཀརྨ་རཱ་ཏནྟྲ། བོད་སྐད་དུ། ཕྲ་མེན་སྤྱང་ཀི་ལས་ཀྱི་རྒྱལ་མོའི་རྒྱུད། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་བཤད་པའི་ཚེ། །སངས་རྒྱས་མ་བྱུང་སྔོན་རོལ་དུ། །ཆོས་ཉིད་སྐྱེ་བ་མེད་དབྱིངས་ན། །སྟོན་པ་ཀུན་ཏུ་བཟང་པོ་དང་། །རིགས་ལྔའི་སངས་རྒྱས་ཡབ་ཡུམ་དང་། །སྲས་བཅས་བྱང་ཆུབ་སེམས་དཔའ་རྣམས། །མཉམ་པའི་ངང་ལ་བདེ་བར་བཞུགས། །དེ་ཚེ་འཛིན་རྟོག་དབང་གིས་ཀྱང་། །འཛིན་རྟོག་གསུམ་པོ་རིམ་གྱིས་ཆགས། །སྐྱེ་འགྲོ་མ་ལུས་ཐམས་ཅད་ལ། །དྲེགས་པས་རིམ་པར་དབང་བསྒྱུར་བ། །བསམ་པ་ལོག་པའི་བར་ཆད་བདུད། །ང་རྒྱལ་ཁེངས་པའི་གཤིན་རྗེ་དང་། །གཏི་མུག་རྨོངས་པའི་སྲིན་པོ་རྣམས། །སྲིད་པ་གསུམ་ལས་དབང་ཆེ་སྟེ། །ཁམས་གསུམ་མ་ལུས་རིམ་གྱིས་བསྡུས། །ང་རྒྱལ་དྲེགས་པའི་གཟུགས་འཆང་བས། །གཟུགས་ཕུང་ཆེ་ལ་གདོས་པོ་རགས། །ང་རོ་ཆེ་ཞིང་གཏུམ་བག་ཅན། །ལག་ན་མཚོན་ཆ་སྣ་ཚོགས་ཐོགས། །བྱམས་དང་སྙིང་རྗེའི་ལམ་དང་བྲལ། །ཆེ་བཙན་རྟག་པར་འཛིན་པའི་མཐུས། །ལོག་པའི་ལམ་དང་གོལ་པའི་ས། །ཕྱིན་ཅི་ལོག་ལ་ཡིད་ཆེས་པས། །ལས་སུ་མཚན་མའི་ཆོས་ལ་སྤྱོད། །སྲིད་པའི་ས་བོན་རྩུབ་མོས་འཕང་། །དམྱལ་བའི་སྡུག་བསྔལ་ཉམས་སུ་མྱོང་། །གལ་ཏེ་དེ་ལས་ཐར་ནས་ཀྱང་། །སླར་ཡང་སྲིན་པོའི་ལུས་བླངས་ནས། །གོང་མ་བཞིན་དུ་འཁོར་བར་བྱེད། །དེ་ཡི་འཁོར་ཡང་སྲིན་མོ་དང་། །མ་མོ་དང་ནི་མཁའ་འགྲོ་དང་། ། ཤིན་ཏུ་གཏུམ་པའི་འཁོར་དང་བཅས། །གསོད་པའི་ལས་ལ་འབབས་ཤིང་གྲིམ། །ཤ་དང་ཁྲག་དང་སྲོག་ལ་སྤྱོད། །ངེས་པའི་ལུང་དང་མ་ལྡན་པས། །ཀུན་ཀྱང་དམྱལ་བའི་ལམ་དུ་འགྲོ། །སྤྲུལ་སྐུ་ལ་སོགས་སངས་རྒྱས་ཀྱིས། །འདུལ་བའི་ལས་སུ་མ་གྱུར་ཏེ། །སླར་ཡང་ཁེངས་པས་རྒོལ་བར་བྱེད། །སྟུག་པོས་བརྒྱན་པའི་ཞིང་ཁམས་ན། །རྒྱལ་བ་རྣམས་ཀྱི་ཐུགས་


DNG023_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་གཟིགས། །རྡོ་རྗེ་སེམས་དཔའ་སྟན་ལས་ལངས། །ཀུན་བཟང་ཡབ་ལ་འདི་སྐད་གསོལ། །ཨེ་མ་བཅོམ་ལྡན་ཨ་ལ་ལ། །རྒྱལ་བའི་ཞིང་ཁམས་འདི་དག་ན། །ལོག་པའི་བདུད་དང་སྲིན་པོ་རྣམས། །སངས་རྒྱས་བཀའ་ལས་འགལ་བགྱིད་པ། །འདི་ལ་ནན་ཏན་ཇི་ལྟར་བགྱི། །ཀུན་བཟང་ལྷ་ཡིས་བཀའ་སྩལ་པ། །བདུད་དང་གཤིན་རྗེ་སྲིན་པོ་རྣམས། །ང་རྒྱལ་དྲེགས་པས་འཆིང་བ་ལ། །ཤིན་ཏུ་གདུག་ཅིང་གཏུམ་བྱེད་པས། །དེ་ལ་ཞི་བས་ཕན་མི་འགྱུར། །ཤེས་རབ་ཐབས་དང་ལྡན་བྱས་ནས། །ཁྲོ་བོར་དེ་བཞིན་གཤེགས་མཛད་པ། །སངས་རྒྱས་ཐུགས་རྗེ་ཁྲོས་པ་ཡིས། །སྟོང་གསུམ་མ་ལུས་ཐམས་ཅད་ཀྱང་། །སྐད་ཅིག་ཡུད་ལ་མེད་འགྱུར་ན། །སྲིད་པ་གསུམ་ལ་སྨོས་ཅི་དགོས། །དུར་ཁྲོད་གར་གྱི་ཕྱག་རྒྱར་བསྐྱེད། །དེ་ནས་སྟོན་པ་རྡོ་རྗེ་འཆང་། །ལེགས་པར་ཐལ་སྦྱར་ཕྱག་འཚལ་ནས། །དེ་ཉིད་ལ་ནི་གནས་བསྒྱུར་ཏེ། །གདུག་ཅིང་དྲག་ལ་རྩུབ་པ་ཡིས། །གོང་མ་ལས་ཀྱང་ཆེར་སྣང་ཞིང་། །དབུ་དང་ཕྱག་ཞབས་མང་པོ་དང་། །མཚོན་ཆ་རྣམ་པ་སྣ་ཚོགས་པས། །འཇིགས་པའི་ཆ་ལུགས་མང་པོས་བརྒྱན། །གཟི་བྱིན་མཐུ་དཔུང་བསྐྱད་དུ་མེད། །རབ་ཏུ་རྔམས་ཤིང་ཐུགས་གཏུམ་ནས། །དགྱེས་མཛད་རྡོ་རྗེ་གསོར་ནས་ཀྱང་། །གོམས་པའི་སྟོབས་ཀྱིས་གར་བྱེད་ཅིང་། །སྐུ་ཡི་སྤྲུལ་པ་སྣ་ཚོགས་ཀྱིས། །འཇིག་རྟེན་གསུམ་པོ་ཀུན་བཀངྐ་ནས། །སྲིད་པ་གསུམ་ཡང་དུས་གཅིག་གཡོས། །ཉི་མ་འབུམ་གྱི་འོད་བདལ་བས། །དྲེགས་པ་ཀུན་ཀྱང་ཚིག་ཅིང་བྲོས། །འབྲུག་སྟོང་མང་པོའི་སྒྲ་བསྒྲགས་པས། །གདུག་པ་མ་ལུས་བརྒྱལ་ཞིང་སྐྲག །སླན་ཆད་སྡོམ་ཞེས་སྨྲ་བ་དང་། །འབངས་སུ་མཆི་ཞེས་བྲོ་བོར་ཀྱང་། །ཐུགས་རྗེས་དེ་ཡི་ཁར་མ་བཏང་། །སྲིན་པོའི་ཆུང་མ་སྲིན་མོ་གཏུམ། །སྨུག་ནག་ཀྲོ་ཏཱི་ཤྭ་རཱི་དེ། །དཔལ་ཆེན་འབར་བའི་ཐུགས་རྗེ་ཡིས། །ཕྱག་རྒྱ་བཞི་ཡིས་དབང་དུ་བསྡུས། །ཐབས་དང་ཤེས་རབ་རོལ་པ་ཡིས། །བྱང་ཆུབ་སེམས་ཀྱིས་


DNG023_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་བརླབས་པས། །དཔལ་ཆེན་ཡཀྴ་ཧེ་རུ་ཀ །རྔམ་པའི་ཚུལ་གྱིས་ཕྱིར་འཐོན་ཏེ། །སྐུ་ཆེ་ཡན་ལག་རགས་པ་དང་། །ཞལ་བགྲད་མཆེ་བ་གཙིགས་པ་ཡིས། །འཇིག་རྟེན་ཁམས་ཀུན་གང་བྱས་ནས། །བདུད་དང་སྲིན་པོ་གཤིན་རྗེ་དང་། །གདུག་པ་མ་ལུས་སྐྲག་པར་མཛད། །འཇིགས་པའི་གདོང་ལ་འཇིགས་པའི་གཟུགས། །འཇིགས་པའི་མཚོན་ཆ་སྣ་ཚོགས་ཀྱིས། །ཕ་རོལ་དྲེགས་པ་ཚར་བཅད་ནས། །ཤིན་ཏུ་སྐྲག་ཅིང་བརྒྱལ་བར་བྱས། །རབ་ཏུ་འབར་བའི་མེ་དཔུང་དང་། །སྲེག་པའི་མེ་ཆེན་རབ་སྤར་ཏེ། །ཕ་རོལ་གཡུལ་ལས་རྒྱལ་བར་མཛད། །སྲིན་པོ་ཆུང་མ་ལ་སོགས་རྣམས། །ཕྱག་རྒྱ་བཞི་ཡིས་དབང་བསྡུས་ནས། །ཐབས་དང་ཤེས་རབ་རོལ་པར་མཛད། །ཞལ་ནས་གདུག་པའི་ཚིག་འདི་བརྗོད། །ང་ནི་ཤིན་ཏུ་སྒྲིབས་བཀྲེས་ཤིང་སྐོམས་ཤིང་སྐེམས། །ང་ནི་སངས་རྒྱས་ཉིང་ཤ་ཅན། །དུས་གསུམ་སངས་རྒྱས་ཟོས་པས་ང་མ་འགྲངས། །ད་རུང་འགྲོ་ཀུན་ཟ་འདོད་བཀྲེས་ལ་སྐོམ། །འཇིག་རྟེན་ལྷ་མི་འགའ་ཙམ་བསད་པ་ལ། །གསོད་མ་འཇིགས་སུ་རུང་ཞེས་སུ་སྒྲོགས་པ། །འཇིགས་བྱེད་ང་ལྟ་བུ་ལ་ཇི་སྐད་སྨྲ། །གང་ཞིག་གསོད་པར་འདོད་ཀྱང་མི་གཏོང་ངོ་། །རབ་ཏུ་རྔམ་པའི་ཚིག་དེ་ཐོས་ཙམ་གྱིས། །བདུད་ལ་སོགས་ཏེ་སྲིན་པོ་ཐམས་ཅད་ཀུན། །རབ་ཏུ་སྐྲག་སྟེ་ཚིག་ཏུ་འདི་སྐད་སྨྲ། །མི་བྱེད་ཐོང་ཐོང་རྒྱལ་པོ་མི་བྱེད་ཐོང་། །ཅི་སྟེ་སངས་རྒྱས་ཆོས་དང་དགེ་འདུན་རྣམས། །སྙོམས་པའི་སྙིང་རྗེ་ཁྱོད་ལ་མི་མངའ་འམ། །ཡུན་དུ་འབངས་བགྱི་ངེས་པའི་བྲོ་འབོར་ཞེས། །གདུང་བས་ཁས་ལེན་སྨྲ་ཡང་མ་བཏང་སྟེ། །གཟིར་གནོན་ཕྱག་རྒྱ་ཆེན་པོས་མ་བཏང་སྟེ། །འདར་ཞིང་ཐར་མེད་དྲུང་ན་ཉན་ཅིང་འཁོར། །དེ་ཡི་འཁོར་དང་སླས་དང་བྲན་དུ་བཅས། །འདར་ཞིང་སྐྲག་ནས་གཅེར་བུ་བཞིན་དུ་གནས། །ཕྲ་མེན་སྤྱང་ཀི་ལས་ཀྱི་རྒྱལ་མོའི་རྒྱུད་ལས། སྔོན་བྱུང་བའི་གླེང་གཞིའི་ལེའུ་སྟེ་དང་པོའོ།། །།འདས་པའི་དུས་ན་སྔོན་བྱུང་བས། །


DNG023_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་དང་གཤིན་རྗེ་དབང་ཕྱུག་སྟེ། །དཔལ་ཆེན་ཡཀྴ་ཧེ་རུ་ཀས། །ཐུགས་རྗེ་ཚད་མེད་བཞིས་བསྒྲལ་ནས། །རོ་ཡི་ཉལ་ཐབས་གན་རྐྱལ་ཏེ། །འཛམ་གླིང་ལྷོ་ཡི་ཞིང་ཁམས་སུ། །བོར་ནས་ས་གཞིར་གྱུར་པ་ནི། །དུར་ཁྲོད་ཆེན་པོ་བརྒྱད་དུ་གྱུར། །མགོ་ནི་ལྷོ་ནུབ་མཚམས་སུ་བསྟན། །རྐང་པ་བྱང་ཤར་མཚམས་སུ་བསྟན། །ལག་པ་གཉིས་ནི་གཡས་གཡོན་བརྐྱང་། །མགོ་དང་ལུས་སྙིང་ཡན་ལག་ནི། །དུར་ཁྲོད་བརྒྱད་དུ་བསྟན་པ་ལས། །ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །དུར་ཁྲོད་གནས་སུ་སྦྱང་བའི་ཕྱིར། །རོ་ཡི་བསྲུང་མ་ཆེན་པོ་ནི། །མ་མོ་ཆེན་མོ་བརྒྱད་བཞག་གོ། །དེ་ཡི་གནས་རྟེན་ཆེན་པོ་ཡིན། །མཆོད་རྟེན་ཆེན་པོ་གཟི་བརྗིད་ཅན། །རང་བྱུང་རེ་རེ་བཞག་པ་ཡིན། །དེ་ཡི་ལུས་སྙིང་མ་གྷ་དྷ། །དུར་ཁྲོད་ཆེན་པོ་བསིལ་བའི་ཚལ། །མ་མོ་ཆེན་མོ་ཀོའུ་རི་མ། །མཁས་ཤིང་སྙིང་སྟོབས་ཆེ་བའི་སའོ། ། མཆོད་རྟེན་མིང་ནི་བདེ་བྱེད་ལེགས། །དེ་ཡི་མགོ་ནི་ལྷོ་ཕྱོགས་ཀྱི། །དུར་ཁྲོད་ཆེན་པོར་བཞག་པ་ཡིན། །སིང་གྷ་ཡུལ་གྱི་གླིང་ཕྲན་ཡིན། །མ་མོ་ཆེན་མོ་ཙོའུ་རི་མ། །མཐོང་ཐོས་རྣམ་པར་འཕྲུལ་བག་མངའ། །མཆོད་རྟེན་རི་བོ་ཏ་ལ་ཡིན། །ལག་པ་གཡས་པ་ཤར་ལྷོ་མཚམས། །དུར་ཁྲོད་ཆེན་པོ་བལ་ཡུལ་ཡིན། །མ་མོ་ཆེན་མོ་པུཀྐ་སཱི། །ལྷག་པར་ཟས་ཀྱི་ལོངས་སྤྱོད་ཆེ། །མཆོད་རྟེན་ཁ་ཤོ་བྱ་ཀྲི་ཁ། །ལག་པ་གཡོན་པ་ལྷོ་ནུབ་མཚམས། །དུར་ཁྲོད་ཆེན་པོ་སཱ་ལའི་ཡུལ། །མ་མོ་ཆེན་མོ་བེ་ཏཱ་ལཱི། །ཕྱག་ན་རྡོ་རྗེ་དབང་གི་གནས། །དེ་ན་མཐུ་དང་དབང་ཡང་ཆེ། །གྱད་ཡུལ་མཆོད་རྟེན་གོ་མ་ལ། །རྐང་པ་གཡས་པ་བྱང་ཤར་མཚམས། །དུར་ཁྲོད་ཆེན་པོ་ལི་ཡི་ཡུལ། །མ་མོ་ཆེན་མོ་ཙཎྜ་ལི། །ལྷ་མོ་ཤང་ཀི་ནི་ཞེས་གྲགས། །ཆུ་དང་མེ་གྲུབ་རྫུ་འཕྲུལ་ཅན། །མཆོད་རྟེན་མིང་ནི་གྷེའུ་ངོ་ཤན། །རྐང་པ་གཡོན་པ་ལྷོ་ནུབ་མཚམས། །དུར་ཁྲོད་ཆེན་པོ་ཁ་ཆེའི་ཡུལ། །མ་མོ་ཆེན་མོ་ཕྲ་མོ་ཧ། །བདེ་སྐྱིད་ལྡན་པ་ཕུན་སུམ་ཚོགས། །མཆོད་རྟེན་མིང་ནི་ཀ་ནིཥྐ། །ཕོ་མཚན་སྟེང་གི་བྱང་ཕྱོགས་


DNG023_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །དུར་ཁྲོད་ཆེན་པོ་ཨོ་རྒྱན་ཡུལ། །མ་མོ་ཆེན་མོ་གྷསྨ་རཱི། །འབྱོར་པ་ལོངས་སྤྱོད་ལྔ་དང་ལྡན། །དངོས་གྲུབ་ཅན་ཡང་དེ་ན་མང་། །གཟི་ཡི་མཆོད་རྟེན་ཆེན་པོ་སྟེ། །མིང་ཡང་དྷརྨ་ཙཀྲའོ། །དེ་ཡི་ནང་ཁྲོལ་ཐམས་ཅད་ཀུན། །དུར་ཁྲོད་ཆེན་པོ་ཟ་ཧོར་ཡུལ། །རྒྱ་མཚོའི་གླིང་གི་མ་ཧཱ་དེ། །ལང་ཀ་པུ་རི་སྲིན་པོའི་གནས། །མ་མོ་ཆེན་མོ་སྨ་ཤ་ནཱི། །སྲིན་པོ་སྲིན་མོ་ཤ་ཟ་རྣམས། །དེ་དག་ཀུན་ལ་དབང་སྒྱུར་ཞིང་། །རིན་ཆེན་ནོར་དང་དཔག་བསམ་ཤིང་། །འབྱོར་པ་ལོངས་སྤྱོད་ཀུན་དང་ལྡན། །མཆོད་རྟེན་བདེ་བྱེད་གཞོན་ནུའོ། །འཇིག་རྟེན་དུ་བསྟན་པའི་དུར་ཁྲོད་ཆེན་པོ་བརྒྱད་ཀྱི་གླེང་གཞིའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་བསྐྱེད་དེ། དང་པོ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ཆོས་ཉིད་ཀྱི་དབྱིངས་སྤྲོས་པ་དང་བྲལ་བར་བསྒོམ་མོ། །དེ་ནས་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན། ཀུན་གཞི་བྱང་ཆུབ་སེམས་མཚན་མའི་སྤྲོས་པ་དང་བྲལ་བར་བསྒོམ་མོ། །དེ་ནས་རྒྱུའི་ཏིང་ངེ་འཛིན་ནི། སེམས་ཀྱི་ས་བོན་ཧཱུཾ་ནག་པོ་ཞིག་ཏུ་མངོན་དུ་གསལ་བར་བསྒོམ་མོ། །དེ་ནས་འདི་སྐད་ཅེས་བསྐུལ་ལོ། །སྐྱེ་མེད་རྣམ་དག་ཆོས་ཀྱི་དབྱིངས། །སྤྲོས་དང་བྲལ་བ་དེ་བཞིན་ཉིད། །མི་རྟོག་མི་དམིགས་བྱང་ཆུབ་སེམས། །གཟུང་འཛིན་དག་པས་ཀུན་ཏུ་སྣང་། །ཡི་གེ་ཧཱུཾ་ནི་སེམས་ཀྱི་རྒྱུ་ཡིན་ཏེ། །མཐའ་དབུས་མེད་པར་ཀུན་ལ་ཁྱབ་པར་དམིགས། །སྤྲོས་བྲལ་ཧཱུཾ་ནི་འབར་བའི་སྐུར་བསྟན་པའོ། །ཧཱུཾ་ནག་འབར་བའི་སྐུ་ལ་ཕྱག་འཚལ་ལོ། །དེ་ནས་ཧཱུཾ་མཐིང་ནག་འབར་བ་དེ་མདུན་གྱི་བར་སྣང་ལ་གནས་པ་དེ་ལ་ཕར་འཕྲོས་པས་རྒྱལ་བ་རྣམས་ཀྱི་ཐུགས་དམ་བསྐུལ། སླར་འདུས་པ་ཧཱུཾ་ལ་འདུས། ཧཱུཾ་ལས་སྐུར་གྱུར་ཏོ། །དེ་ཡི་ཁྱད་པར་ལས་འོག་གི་ཕྱོགས་སུ་ཡི་གེ་རྃ་ཡྃ་ཁྃ་ཀེཾ་བྷྲཱུྃ་བསམ་མོ། །ཡི་གེ་དེ་ལྔ་ལས་འཕྲོས་འདུས་པའི་ཆོ་གས་དབང་ཆེན་གྱི་དཀྱིལ་འཁོར་བསྐྱེད་དེ། དེ་ནས་གཞལ་ཡས་ཁང་བསྐྱེད་དོ། །དཀྱིལ་འཁོར་


DNG023_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པ་དང་གདན་འདིང་པ་གཞུང་དང་མཐུན། དེ་ནས་ནམ་མཁའི་གནས་ན་ཡི་གེ་ཧཱུཾ་གནས་པ་དེ་ལ་འདི་སྐད་གདན་ལ་དབབ་བོ། །ཧཱུཾ་ནི་བར་སྣང་གནས་པ་ལ། །དྲག་པོའི་ཏིང་འཛིན་འབར་བ་ཡིས། །གདན་གྱི་སྟེང་དུ་བབ་ནས་ཀྱང་། །འབར་བའི་གདན་ལ་བརྟན་པར་བཞུགས། །ཨོཾ་ཧཱུཾ་ཧཱུཾ་མཎྜ་ལ་ཧ་ལ་ཧ་ལ་ཧཱུཾ་ཛ། ཅེས་བརྗོད་པས་ཡི་གེ་ཧཱུཾ་དེ་བབས་ཏེ། དེ་ནས་སྐུ་བསྐྱེད་པ་འདི་ལྟར་བརྗོད་དོ། །ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། ཧཱུཾ་གི་འབར་བའི་ཆོ་འཕྲུལ་ལས། ཧཱུཾ་མཐིང་ནག་བྱུང་ཏེ། དེ་ནས་ཧཱུཾ་ལས་འདི་སྐད་བསྐུལ་ལོ། །ཧཱུཾ་ལས་ཡེ་ཤེས་འབར་བའི་འོད་འཕྲོས་པས། །ཕྲིན་ལས་རྣམ་བཞི་སྐུ་ལ་རྫོགས་མཛད་པ། །ཁྲོས་ནས་དབང་སྡུད་འབར་བའི་སྐུར་བསྟན་པ། །སྐུ་མཆོག་སྤྲུལ་པའི་ཧེ་རུ་ཀ་ཡི་སྐུ་བྱུང་ངོ་། །ཧཱུཾ་ཧཱུཾ་ཡཀྴ་ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་སརྦ་དུཥྚཱན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཕཊ། ཡཀྴ་ཀྲོ་དྷཱི་ཤྭ་རཱི་ཧཱུཾ་ཕཊ། ཨ་ལ་ལ་ཧོ་ཞེས་བརྗོད་པས། ཧེ་རུ་ཀའི་སྐུ་མངོན་དུ་བྱུང་ངོ་། །སྐུ་མདོག་མཐིང་ནག་ཞལ་གསུམ་ཕྱག་དྲུག་པ། ཞབས་བཞིར་བགྲད་པ། གཡོན་ནས་ཡུམ་ཡཀྴ་ཁྲོས་པའི་རྒྱལ་མོ་གཙོ་དང་འདྲ་བར་སྐུ་བསྐྱེད་དོ། །དེ་ནས་ཡབ་ཡུམ་དགྱེས་པ་སྐྱེད་པ་འདི་སྐད་དོ། །སྐུ་གསུང་ཐུགས་སུ་བྱིན་བརླབས་ནས། །དེ་ནས་ཡུམ་གྱི་མཁའ་དཀྱིལ་དུ། །དགའ་མཆོག་རྡོ་རྗེ་རབ་གསོར་ནས། །ཡེ་ཤེས་སེམས་དཔའི་ཆོ་འཕྲུལ་བསྟན། །ཤར་ཕྱོགས་དྲེགས་པ་བསྒྲལ་བའི་ཕྱིར། །སེམས་དཔའ་ཁྱེའུ་ཆུང་དཀར་པོར་སྤྲུལ། །སྲིན་མོ་ར་གདོང་ལྕགས་ཀྱུ་མ། །ཐབས་དང་ཤེས་རབ་སྦྱར་བ་ལས། །དབང་སྡུད་རབ་ཏུ་མངོན་གསལ་ཏེ། །དེ་ནས་དབང་དུ་འདུས་པ་ལས། །ཁྲོ་བོ་ཞལ་གསུམ་ཕྱག་དྲུག་སྤྲུལ། །མ་མོ་ཀཽ་རཱི་སྔོན་མོ་བྱུང་། །དགྱེས་པའི་སྒྲ་ནི་ཧ་ཧ་བཞད། །ཡཀྴ་ཧེ་རུ་ཀ་ཡིས་དབང་བསྐུར་ནས། །གསོད་བྱེད་བདག་མོ་ཡིན་པར་གསལ། །སྲིན་མོ་མ་ཏང་བསྒྲལ་བའི་ཕྱིར། །གདུག་པའི་མཚོན་ཆ་སྤུ་གྲི་འབར། །མ་ཡིས་འཛིན་བྱེད་ལྕགས་ཀྱུས་བཟུང་། །བུ་མོས་གདུག་པའི་མཚོན་ཆ་ཡིས། །སྲིན་མོ་མ་


DNG023_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

ཏང་དཀར་མོ་བསྒྲལ། །མ་མོ་ཀོའུ་རཱི་མ་ཡི་གནས། །དེ་ནས་དུར་ཁྲོད་བདག་པོ་དག །རོ་ལངས་སྦྱང་པོའི་སྤྱད་པའི་ཡང་བདག་པོ་དང་། །ཡུམ་ནི་ལྷ་མོ་ཀོའུ་རཱི་གཉིས། །ཐབས་དང་ཤེས་རབ་སྦྱོར་བ་ལས། །མངོན་བྱུང་སེངྷ་སེང་གེའི་མགོ། །ཕོ་ཉ་ཡིན་པར་དབང་བསྐུར་རོ། །ཡགྴ་ཤྲཱི་ཧེ་རུ་ཀ་དང་། ཡཀྴ་ཁྲོས་པའི་རྒྱལ་མོ་གཉིས། །ཐབས་དང་ཤེས་རབ་གཉིས་མེད་ལས། །མངོན་བྱུང་སེམས་དཔའ་མཐིང་གའི་སྐུ། །སྲིན་མོ་ཕག་གདོང་ཞགས་པ་མ། །དབང་སྡུད་རབ་ཏུ་མངོན་གསལ་ཏེ། །ཐབས་དང་ཤེས་རབ་སྦྱོར་བ་ལས། །ཁྲོ་བོ་ཞལ་གསུམ་ཕྱག་དྲུག་སྤྲུལ། །མངོན་བྱུང་མ་མོ་ཙོའུ་རཱི་མ། །དགྱེས་པའི་སྒྲ་ཆེན་ཧ་ཧ་བཞད། །རུ་དྲ་ནག་པོ་བསྒྲལ་བའི་ཕྱིར། །གསོད་བྱེད་ཆེན་མོར་དབང་བསྐུར་ཏེ། །གདུག་པའི་མཚོན་ཆ་མདའ་གཞུ་འཛིན། །མ་ཡི་ཞགས་པས་སྲིན་མོ་བཟུང་། །བུ་མོས་མདའ་ཡིས་སྙིང་ལ་གཟིར། །མ་མོ་ཙོའུ་རཱི་མ་ཡི་གནས། །དེ་ནས་དུར་ཁྲོད་བདག་པོ་དག །སྲིན་བྲག་ཡང་པོ་བལ་ཆེན་ནག་པོ་དང་། །མ་མོ་ཙོའུ་རཱི་སེར་མོ་གཉིས། །ཐབས་དང་ཤེས་རབ་གཉིས་མེད་པས། །མངོན་བྱུང་ཕྲ་མེན་སྟག་གི་མགོ། །དགྱེས་པའི་སྒྲ་ཆེན་ཧེ་ཧེ་བཞད། །རུ་དྲ་ནག་པོ་བསྒྲལ་བའི་ཕྱིར། །གསོད་བྱེད་ཆེན་མོར་དབང་བསྐུར་རོ། །ཡཀྴ་འཇོམས་བྱེད་རྒྱལ་པོ་དང་། །ཡཀྴ་ཁྲོས་པའི་རྒྱལ་མོ་གཉིས། །ཐབས་དང་ཤེས་རབ་གཉིས་མེད་ལས། །མངོན་བྱུང་སེམས་དཔའ་དམར་པོའི་ཞལ། །ལྷ་མོ་ལྕགས་སྒྲོག་ཉི་ཟླའི་སྤྱན། །དབང་སྡུད་མར་ནི་མངོན་གསལ་ཏེ། །ཐབས་དང་ཤེས་རབ་སྦྱོར་བ་ལས། །ཁྲོ་བོ་ཞལ་གསུམ་ཕྱག་དྲུག་སྤྲུལ། །དྲེགས་པ་ཆེན་པོ་བསྒྲལ་བའི་ཕྱིར། །སེམས་དཔའ་པདྨ་ཁྲོ་བོ་དང་། །ཡུམ་ནི་མ་མོ་ལྕགས་སྒྲོག་མ། །ཐབས་དང་ཤེས་རབ་སྦྱོར་བ་ལས། །མངོན་བྱུང་མ་མོ་པྲ་མོ་ཧཱ། །དགྱེས་པའི་སྒྲ་སྐད་ཧ་ཧ་བཞད། །དྲེགས་པ་ཆེན་པོ་བསྒྲལ་བའི་ཕྱིར། །གསོད་བྱེད་ཆེན་པོར་དབང་བསྐུར་རོ། །གདུག་པའི་མཚོན་ཆ་སྤུ་གྲི་བྱིན། །སྲིན་མོ་ཕག་


DNG023_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

གདོང་དམར་མོ་དག །མ་ཡིས་ཕྱག་རྒྱས་བསྡོམ་ནས་སུ། །གདུག་པའི་སྤུ་གྲིས་གསོད་པར་བྱེད། །སྲིན་མོ་བསད་པའི་ཁོག་པ་ནི། །མ་མོ་པྲ་མོ་དམར་མོའི་གནས། །དེ་ནས་དུར་ཁྲོད་བདག་པོ་དག །དུར་ཁྲོད་རྐུན་ཆེན་བདག་པོ་དང་། །མ་མོ་ཆེན་མོ་པྲ་མོ་གཉིས། །ཐབས་དང་ཤེས་རབ་གཉིས་མེད་ལས། །མངོན་བྱུང་སྲྀ་ལ་ཝ་ཡི་མགོ། །དགྱེས་པའི་སྒྲ་ཆེན་ཧེ་ཧེ་བཞད། །ཕྲ་མེན་མ་རུ་དབང་བསྐུར་རོ། །ཡཀྴ་གསོད་བྱེད་རྒྱལ་པོ་དང་། །ཡཀྴ་ཁྲོས་པའི་རྒྱལ་མོ་གཉིས། །ཐབས་དང་ཤེས་རབ་གཉིས་མེད་ལས། །སེམས་དཔའ་ལྗང་གུ་རྫོགས་མཛད་པ། །དབུ་གསུམ་ཕྱག་ནི་དྲུག་པར་སྤྲུལ། །སྲིན་མོ་ཐལ་བྱེད་ནག་མོ་དང་། །ཐབས་དང་ཤེས་རབ་སྦྱོར་བ་ལས། །མངོན་བྱུང་མ་མོ་བེ་ཏཱ་ལི། །དགྱེས་པའི་སྒྲ་ཆེན་ཧ་ཧ་བཞད། །དྲེགས་པ་ཆེན་པོ་བསྒྲལ་བའི་ཕྱིར། །གསོད་བྱེད་ཆེན་པོར་དབང་བསྐུར་རོ། །གདུག་པའི་སྤུ་གྲི་ལག་ཏུ་བྱིན། །ཐལ་བྱེད་དྲིལ་བུས་བཀུག་བྱས་ནས། །བེ་ཏཱ་ནག་མོས་སྤུ་གྲི་ཡིས། །རུ་དྲ་ནག་པོ་བསྒྲལ་བ་ཡི། །ཁོག་པ་དུར་ཁྲོད་གཞལ་ཡས་ཁང་། །མ་མོ་བེ་ཏཱ་ལི་ཡི་གནས། །དེ་ནས་དུར་ཁྲོད་བདག་པོ་དག །སྲིན་པོ་རཀྴ་སྤྱང་མགོ་དང་། །མ་མོ་ཆེན་མོ་བེ་ཏཱ་ལི་གཉིས། །ཐབས་དང་ཤེས་རབ་གཉིས་མེད་ལས། །མངོན་བྱུང་ཕོ་ཉ་སྤྱང་མགོ་ཅན། །དགྱེས་པའི་སྒྲ་ཆེན་ཧེ་ཧེ་བཞད། །ཕྲ་མེན་མ་རུ་དབང་བསྐུར་རོ། །ཕྲིན་ལས་རྫོགས་པའི་སྐུ་ལས་ནི། །ཨོཾ་གསོད་བྱེད་རྔམ་པའི་སྐུ་བྱུང་སྟེ། །རཀྴ་ཤྲཱི་ཧེ་རུ་ཀ་དང་། །རཀྴ་ཁྲོས་པའི་རྒྱལ་མོ་གཉིས། །ཐབས་དང་ཤེས་རབ་གཉིས་མེད་ལས། །མངོན་བྱུང་སེམས་དཔའ་གང་ཀལ་ཐང་ཡང་ལ་བྱུང་། །ཡུམ་ནི་སྲིན་མོ་ཀར་ཤང་མོ། །ཐབས་དང་ཤེས་རབ་གཉིས་མེད་ལས། །མངོན་བྱུང་ལྷ་མོ་པུཀྐ་སཱི། །དགྱེས་པའི་སྒྲ་ཆེན་ཧ་ཧ་བཞད། །སྲིན་པོ་བྷཻ་ར་བསྒྲལ་བའི་ཕྱིར། །མ་མོས་མཚོན་གྱི་ཞགས་པས་ནི། །སྲིན་པོ་བྷཻ་ར་བཟུང་ནས་ནི། །པུཀྐ་སཱི་ཡིས་སྤུ་གྲི་ཡིས། །རྒྱུ་ཞགས་དྲང་ནས་བསྒྲལ་བའོ། །དེ་ནས་དུར་ཁྲོད་བདག་པོ་དག །སྲིན་མོ་


DNG023_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

རཀྴ་མཆུ་དམར་དང་། །མ་མོ་ཆེན་མོ་པུཀྐ་གཉིས། །ཐབས་དང་ཤེས་རབ་གཉིས་མེད་ལས། །མངོན་བྱུང་ཕྲ་མེན་གྲྀ་ཌྷ་མ། །དགྱེས་པའི་སྒྲ་ཆེན་ཧེ་ཧེ་བཞད། །ཕྲ་མེན་མ་རུ་དབང་བསྐུར་རོ། །རཀྴ་ཤྲཱི་ཧེ་རུ་ཀ་དང་། །རཀྴ་ཀྲོ་ཏཱི་ཤྭ་རཱི་གཉིས། །ཐབས་དང་ཤེས་རབ་འདྲེལ་བ་ལས། །མངོན་བྱུང་སེམས་དཔའ་དྲག་པོ་བྱུང་། །སྲིན་མོ་ཆེན་མོ་ནག་མོ་དང་། །ཐབས་དང་ཤེས་རབ་གཉིས་མེད་ལས། །མངོན་བྱུང་ལྷ་མོ་གྷསྨ་རཱི། །དགྱེས་པའི་སྒྲ་ནི་ཧ་ཧ་བཞད། ། ཞགས་པས་བཟུང་ནས་སྤུ་གྲི་ཡིས། །མགོ་བཅད་ཕྲེང་བས་ལུས་ལ་བརྒྱན། །དེ་ནས་དུར་ཁྲོད་བདག་པོ་དང་། །མ་མོ་ཆེན་མོ་གྷས་མ་གཉིས། །ཐབས་དང་ཤེས་རབ་གཉིས་མེད་ལས། །མངོན་བྱུང་ཕྲ་མེན་ཀངྐྈ་མ། །དགྱེས་པའི་སྒྲ་སྐད་ཧེ་ཧེ་བཞད། །ཕྲ་མེན་མ་རུ་དབང་བསྐུར་རོ། །གསོད་བྱེད་རཀྴ་ཧེ་རུ་ཀ་དང་། །རཀྴ་ཀྲོ་དྷཱི་ཤྭ་རཱི་མ། །ཐབས་དང་ཤེས་རབ་གཉིས་མེད་ལས། །སེམས་དཔའ་སྒྲ་ཆེན་འོད་གསལ་བྱུང་། །སྲིན་མོ་ཆེན་མོ་རོ་ཁ་དང་། །ཐབས་དང་ཤེས་རབ་གཉིས་མེད་ལས། །མ་མོ་ཆེན་མོ་སྨ་ཤ་བྱུང་། །དགྱེས་པའི་སྒྲ་ནི་ཧ་ཧ་བཞད། །དེ་ནས་དྲེགས་ཆེན་བསྒྲལ་བའི་ཕྱིར། །གསོད་བྱེད་ཆེན་པོར་དབང་བསྐུར་རོ། །སྲིན་མོ་སྒྲ་ཆེན་མཐའ་ཡས་ཀྱང་། །མཚོན་གྱི་ཞགས་པས་བཟུང་ནས་ནི། །སྤུ་གྲིས་སྙིང་ཕྱུང་སྟོབ་པ་ཡིས། །མ་མོ་སྨ་ཤ་ནི་ཡི་གནས། །དེ་ནས་དུར་ཁྲོད་བདག་པོ་དག །སྲིན་མོ་ཆེན་མོ་འབྱིན་ཆེན་དང་། །མ་མོ་ཆེན་མོ་སྨ་ཤ་གཉིས། །ཐབས་དང་ཤེས་རབ་གཉིས་མེད་ལས། །མངོན་ཕྱུང་ཁ་ཁྭ་བྱ་རོག་གདོང་། ། དགྱེས་པའི་སྒྲ་ཆེན་ཧེ་ཧེ་བཞད། །ཕྲ་མེན་མོ་རུ་དབང་བསྐུར་རོ། །རཀྴ་ཤྲཱི་ཧེ་རུ་ཀ་དང་། །རཀྴ་ཁྲོས་པའི་རྒྱལ་མོ་གཉིས། །ཐབས་དང་ཤེས་རབ་གཉིས་མེད་ལས། །མངོན་བྱུང་སེམས་དཔའ་གསེར་གདོང་ཞལ། །སྲིན་མོ་དུར་ཁྲོད་ཙ་མུན་ཧྲཱྀ། །ཐབས་དང་ཤེས་རབ་གཉིས་མེད་ལས། །མངོན་བྱུང་མ་མོ་ཙཎྜ་ལཱི། །དགྱེས་པའི་སྒྲ་ཆེན་ཧ་ཧ་བཞད། །


DNG023_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་དྲེགས་པ་བསྒྲལ་བའི་ཕྱིར། །སྲིན་པོ་བཻ་དུ་སེར་སྐྱ་ཡང་། །མ་ཡིས་ལྕགས་ཀྱིས་བཟུང་ནས་ནི། །མ་མོ་ཆེན་མོ་ཙནྡྷ་ལིས། །སྤུ་གྲིས་སྲིན་པོའི་མགོ་ལུས་ཕྲལ། །མ་མོ་ཙནྡྷ་ལཱི་ཡི་གནས། །དེ་ནས་དུར་ཁྲོད་བདག་པོ་དག །སྲིན་པོ་ཆགས་པའི་གསེར་བྱ་དང་། །མ་མོ་ཆེན་མོ་ཙནྡྷ་ལཱི། །ཐབས་དང་ཤེས་རབ་གཉིས་མེད་ལས། །ཕྲ་མེན་འུག་པའི་མགོ་ཅན་བྱུང་། །དགྱེས་པའི་སྒྲ་སྐད་ཧེ་ཧེ་བཞད། །ཕྲ་མེན་མ་རུ་དབང་བསྐུར་རོ། །ཨོཾ་ཧཱུྃ་ཧཱུཾ་ཧ་ཧ་ཧ་ཧ་ཧེ་ཧེ་ཧེ་ཧེ། ཧ་ཧ་ཧ་ཧ་ཧེ་ཧེ་ཧེ་ཧེ། འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་རྫོགས། །སྐུ་མདོག་ཕྱག་མཚན་སྣ་ཚོགས་གསལ། །འཇིགས་བྱེད་རྒྱན་གྱི་དཀྱིལ་འཁོར་ལས། བསྒོམ་ཁོག་རྩ་བའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་སྒྲུབ་ལུགས་ཀྱི་དཀྱིལ་འཁོར་བཤད་དེ། སྒྲུབ་ལུགས་སྤྱིར་ན་རྣམ་པ་གཉིས་ཏེ། མ་ཏང་ཞལ་གྱི་སྒྲུབ་ལུགས་དང་། བང་རིམ་གསུམ་པའི་སྒྲུབ་ལུགས་སོ། །དེ་ལའང་སྒྲུབ་ལུགས་ཀྱི་དཀྱིལ་འཁོར་བརྒྱད་དོ། །དེ་ལ་མ་ཏང་ཞལ་གྱི་དཀྱིལ་འཁོར་ནི། །གནས་དང་ས་གཞི་བརྟག་པ་རུ། །བསླང་དང་བྱིན་བརླབ་གཞུང་བཞིན་བྱ། །དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། །བདུད་རྩི་ལྔ་ཡིས་ཞལ་ཞལ་བྱ། །དེ་ནས་མ་ཏང་གནན་པར་བྱ། །ཤར་ཕྱོགས་ལམ་སྒོ་འཇིག་རྟེན་ནས། །ཡང་དག་ཐར་ལམ་གཅོད་བྱེད་པ། །འབྱུང་པོ་གཏུམ་པོ་ང་རྒྱལ་ཅན། །ཁྱོད་ནི་སྒྲིབ་པ་ཅི་ལ་སྒྲིབ། །ཡང་དག་ཤེས་རབ་ཡེ་ཤེས་ཀྱིས། །ཁུངས་བརྟག་རྩད་བཅད་བདག་ལས་བྱུང་། །བདག་འཛིན་བདག་གིར་འཛིན་པ་ནི། །བདག་མེད་སྟོང་པའི་ཐོ་བས་གཞོམ། །བདག་པོ་ཐབས་སྟོབས་བརྩོན་འགྲུས་ཀྱིས། །གནས་ངན་ལེན་པའི་དེད་དཔོན་བྱེད། །དེ་ཉིད་བདག་རྟོག་བྱེད་པས་ན། །བདག་མེད་སྟོང་པའི་ཐོ་བས་གཞོམ། །ཨདྨ་ནི་དྷི་མ་ཧཱ། ཛྙཱ་ན་བཛྲ། མུད་ཀཱ་ལ། ཨ་ཀོ་ཏ་ཡ་ཧཱུཾ་ཕཊ། སརྦ་པ་པ་ཀར་ཏེ། ཀར་པ་སི་མ་ཏཾ་ཁ་རུ་ཏྲ་ཧཱུཾ་ཕཊ། ཆས་ཆེན་དག་གི་གོ་བགོས་ཏེ། །དཔལ་ཆེན་སྟོབས་ཀྱང་ཆེ་བའི་བདག །སྟོང་པའི་མཚོན་ཆེན་རྣོན་པོ་ཡིས། །དེ་དག་


DNG023_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

ཀླད་པ་དག་ཀྱང་འགེམས། །ཆོས་ཀུན་རྟག་ཏུ་རང་གི་ངོ་བོ་སྟོང་། །རྒྱལ་བའི་སྲས་རྣམས་དངོས་པོ་རྣམ་པར་འཛིན། །སྲིད་པ་ཇི་བཞིན་ཡོང་ཡེ་སྟོང་པ་ཡིན། །དེ་ནས་ཡང་འདི་སྐད་བརྗོད་དོ། །འཕགས་པ་ཐམས་ཅད་དགོངས་སུ་གསོལ། །འབྱུང་པོ་མང་པོ་ཀུན་ཉོན་ཅིག །རྡོ་རྗེ་རྣོན་པོ་འཇམ་དཔལ་གྱི། །ཐུགས་རྗེ་དད་དང་ཤེས་རབ་ཀྱིས། །ཐབས་ལ་མཁས་པའི་བྱིན་རླབས་ཀྱིས། །འགྲོ་བ་ཐམས་ཅད་གཟུང་བར་མཛོད། །འགྲོ་བའི་བདག་པོའི་ཚེ་དང་སྲོག །གསོན་པོར་བདེ་བར་གཅོད་པ་དང་། །བདག་དང་གཤིན་རྗེ་འཁོར་བཅས་ལ། །འཇོམས་ཤིང་གཅོད་པའི་གཤེད་པོ་ནི། །འཇམ་དཔལ་འཕྲུལ་གྱི་དངོས་གྲུབ་མཆོག །སྲིད་གསུམ་མཐར་བྱེད་རྔམ་པ་སྟེ། །ཁ་ཊྭཱཾ་ཐོད་དབྱུག་མི་བཟད་པས། །སྙིང་རྗེས་བཅོམ་ནས་གསད་པར་བྱ། །ཛཿཧཱུཾ་བཾ་ཧོཿ། ཤྲཱི་ཧེ་རུ་ཀ །སརྦ་དུཥྚཱན། ས་མ་ཡ་མུ་དྲ། པྲ་པཉྩ་ཀྲ། ཙག་ཤེ་ཀ་ཧ་ན་ཧཱུཾ་ཕཊ། བདག་པོས་རོལ་སྟབས་དྲག་པོ་ཡིས། །རོ་གཉིས་ཉལ་ཐབས་གན་རྐྱལ་དུ། །མགོ་ནི་ལྷོ་ནུབ་མཚམས་སུ་བསྟན། །རྐང་པ་བྱང་ཤར་མཚམས་སུ་བསྟན། །ལག་པ་གཡས་པའི་མཁྲིག་མ་ལ། །ཁྱི་གཉིས་དང་ནི་བྱ་རྒོད་གཉིས། །རྐང་པ་ཅུང་ཟད་བསྣོལ་བ་ནི། །ཐལ་བའི་མདོག་ལ་སྐུ་འགྲེང་བ། །ཁོག་པ་ནམ་མཁའ་གཞལ་ཡས་ཁང་། །ཡན་ལག་དུར་ཁྲོད་རིན་ཆེན་གཏེར། །ཤེས་རབ་དགྲ་སྟྭས་གཤག་པར་བྱེད། །དགྲ་སྟྭའི་ཕྱག་རྒྱས་གཤག་པ་ཡིན་ནོ། །དེ་ལྟར་ཁོག་པ་བཤས་ལ། བྷྲཱུཾ་དྷརྨ་ཁ་ད་ལི་པི། ཞེས་བརྗོད་པས། ཁོག་པའི་ནང་གཞལ་ཡས་ཁང་དུ་གྱུར་པར་བསྒོམ་མོ། །དེ་ཡི་ནང་དུ་བཞུགས་པ་ནི། །གནས་ཀྱི་སྒོ་འདི་སུ་ཡིས་བཅད། །སེམས་ཀྱི་བདག་པོས་བཅད་དམ་ཅི། །གཟུང་འཛིན་རྐང་ལག་བསྣོལ་བ་ལ། །ཡུལ་ལས་འདས་པའི་ཞབས་ཀྱིས་དབྱེ། །ཧཱུཾ་ཕཊ་མ་ཧཱ་རུ་དྲ་ཕྱེ། དེ་ནས་ལྕགས་ཀྱུའི་ཕྱག་རྒྱས་བཏབ་ལ། རྡོ་རྗེ་གར་གྱི་ཚུལ་གྱིས་འཁོར་ཐམས་ཅད་གཞུག་གོ། །ཏོ་ཙེ་ཏོ་ཙེ་བྱ། ཨདྨ་དྷར་དྷི། མ་ནུ་དྷ་ར་དྷི། ཀ་པཱ་ལ་ཏོ་ཙེ་བྱ། པདྨ་དྷ་ར་དྷི། དེ་ནས་


DNG023_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

དུར་ཁྲོད་ཀྱི་གནས་བརྒྱད་བརྩེགས་པ་ནི། སྒྲུབ་པ་ཆེན་པོ་ལས་མ་གཏོགས་པར་གཞན་དུ་མི་བྱ་སྟེ། བྱས་ན་ཞག་བདུན་གྱིས་ཁྲག་སྐྱུགས་ཏེ་ཤི་བར་འོང་ངོ་། །ཞེས་གཞུང་ལས་འབྱུང་ངོ་། །དེ་ལྟར་གྱུར་པའི་འཛམ་གླིང་དུ། །སྐྱེ་ཤི་གནས་པའི་ཡུལ་ཡིན་པས། །ཕྱི་རབས་སྔགས་འཆང་སྒྲུབ་པ་པོས། །འཇིགས་བྱེད་ཆེན་པོ་ཁྲག་འཐུང་གི། །དུས་གསུམ་རྒྱལ་བའི་བཀའ་བཞིན་དུ། །རྟོགས་ལྡན་རྒྱལ་པོའི་དུར་ཁྲོད་གནས། །ཤེས་རློམས་འཁྲུལ་སྣང་ཀུན་ཏུ་བྱེད་པ་ནི། །མ་བདུན་ཟ་ལམ་བདུན་གྱིས་འཆི། །དེ་ཡི་རྣམ་ཤེས་ཙིཏྟ་ན་ར་ཀན། །འཇམ་དཔལ་འཕྲུལ་གྱི་དངོས་གྲུབ་མཆོག །སྲིད་གསུམ་མཐར་བྱེད་དེ་བ་དེས། །ཐོད་དབྱུག་ཆེན་པོ་མི་ཟད་པས། །གཤིན་རྗེ་བཅོམ་སྟེ་བསད་ནས་སུ། །རོ་ཡང་ལྷོ་ཡི་འཛམ་གླིང་དུ། །དུར་ཁྲོད་ཆེན་པོའི་གནས་བརྒྱད་བརྩེགས། །དེ་ལྟར་དེ་བཞིན་བདག་གིས་ནི། །ཕ་ལས་བུ་ཡིས་ས་བླངས་བཞིན། །འདི་ལུས་དུར་ཁྲོད་གནས་སུ་འབུལ། །དེ་ཡི་ལུས་སྙིང་མཁལ་མ་དེ། །དུར་ཁྲོད་ཆེན་པོ་བསིལ་ཚལ་དུ། །མ་མོ་ཆེན་མོ་ཀོའུ་རཱི་མ། །དུར་ཁྲོད་ཆེན་པོའི་རྒྱན་དུ་འབུལ། །མཁས་ཤིང་མཐུ་སྟོབས་སངས་རྒྱས་པའི། །ཐོང་ཐོས་རྣམ་པར་འཕྲུལ་བག་གི། །དངོས་གྲུབ་དམ་པ་སྩལ་དུ་གསོལ། །དེ་ཡི་མགོ་བོ་ལྷོ་ཕྱོགས་ཀྱི། །སེང་གྷའི་ཡུལ་ན་ཙོའུ་རཱི་མ། །དུར་ཁྲོད་ཆེན་པོའི་རྒྱན་དུ་འབུལ། །མཐོང་ཐོས་རྣམ་པར་འཕྲུལ་བག་གི། །དངོས་གྲུབ་དམ་པ་སྩལ་དུ་གསོལ། །དེ་ཡི་ལག་གཡས་ཤར་ལྷོ་མཚམས། །བལ་ཡུལ་ན་ནི་པུཀྐ་སཱི། །དུར་ཁྲོད་ཆེན་པོའི་རྒྱན་དུ་འབུལ། །ལྷག་པར་རྫས་ཀྱིས་མཆོད་པར་འོས། །དངོས་གྲུབ་དམ་པ་སྩལ་དུ་གསོལ། །དེ་ཡི་ལག་གཡོན་ལྷོ་ནུབ་མཚམས། །ས་ལའི་ཡུལ་ན་བཻ་ཏཱ་ལཱི། །དུར་ཁྲོད་ཆེན་པོའི་རྒྱན་དུ་འབུལ། །ཕྱག་ན་རྡོ་རྗེས་མཐུ་སྟོབས་སྩོལ། །དེ་ཡི་རྐང་གཡས་བྱང་ཤར་མཚམས། །ལི་ཡི་ཡུལ་ན་ཙནྡྷ་ལི། །དུར་ཁྲོད་ཆེན་པོའི་རྒྱན་དུ་འབུལ། །ལོངས་སྤྱོད་ལྡན་པའི་དངོས་གྲུབ་སྩོལ། །དེ་ཡི་


DNG023_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

རྐང་གཡོན་ནུབ་བྱང་མཚམས། །ཀ་ནིཥྐ་ན་པྲ་མོ་ཧ། །དུར་ཁྲོད་ཆེན་པོའི་རྒྱན་དུ་འབུལ། །བདེ་སྐྱིད་ལྡན་པའི་དངོས་གྲུབ་སྩོལ། །དེ་ཡི་ཕོ་མཚན་བྱང་ཕྱོགས་ཀྱི། །ཨོ་རྒྱན་ཡུལ་ན་གྷས་མ་རཱི། །དུར་ཁྲོད་ཆེན་པོའི་རྒྱན་དུ་འབུལ། །གྲུབ་པ་མྱུར་བའི་དངོས་གྲུབ་སྩོལ། །བཞག་ཤ་ཁོང་ནང་ལ་སོགས་པ། །ཐམས་ཅད་མ་ལུས་དུར་ཁྲོད་ན། །སྨ་ཤ་ནཱི་ཡི་རྒྱན་དུ་འབུལ། །ས་རྣམས་གྲུབ་པའི་དངོས་གྲུབ་སྩོལ། །ཞེས་བརྗོད་དེ་དུར་ཁྲོད་ཀྱི་གནས་བཤམ་མོ། །མ་མོ་ཆེན་མོ་ཀོའུ་རཱི་མ། །གཡས་པའི་གྲུ་མོ་ཅན་དུ་བྱ། །མ་མོ་ཙོའུ་རཱི་སྤྱི་བོར་བྱ། །མ་མོ་ཆེན་མོ་པྲ་མོ་ཧ། །རྐང་པ་གཡོན་པ་དག་ལ་བྱ། །མ་མོ་ཆེན་མོ་བེ་ཏཱ་ལཱི། །གྲུ་མོ་གཡོན་པ་དག་ལ་བཀོད། །མ་མོ་ཆེན་མོ་པུཀྐ་སཱི། །དེ་ཡི་ལག་པ་གཡས་ལ་དགོད། །མ་མོ་ཆེན་མོ་གྷས་མ་རཱི། །དེ་ཡི་ཕོ་མཚན་དག་ལ་དགོད། །མ་མོ་ཆེན་མོ་ཙཎྜ་ལཱི། །རྐང་པ་གཡས་པའི་པུས་མོ་ལ་དགོད། །མ་མོ་ཆེན་མོ་སྨ་ཤ་ནཱི། །བཞག་ཤ་ནང་ཁྲོལ་དག་ལ་དགོད། །ཕྱོགས་རྣམས་མ་ནོར་དགོད་པ་ལ། །མས་ཅད་སྒྲོལ་བའི་དངོས་གྲུབ་དང་ལྡན་ནོ། །དུར་ཁྲོད་བརྒྱད་འདི་སྒྲུབ་པ་ཆེན་པོ་ལས་གཞན་དུ་མི་བྱའོ། །དེ་ལྟར་མ་ཏང་མནན་ནས་གཞལ་ཡས་ཁང་དུ་བྱས་ཏེ། གཟུང་འཛིན་སྒོ་ཕྱེས་ནས། རྒྱལ་མཚན་ལ་སོགས་པའི་ནང་དུ་གཞུག་གོ། །སྟེགས་བུ་ཡང་མ་ཏང་གི་གཟུགས་འདྲ་བ་བཏོད་ལ། མགོ་ལྷོ་ནུབ་ཏུ་ཐུག་པ་མེད་པར་བསྟན། རྐང་པ་བྱང་ཤར་མཚམས་སུ་བསྟན། །མདོག་ཡོངས་ཀྱང་སྔོ་སྐྱར་བྱས་ལ། གན་རྐྱལ་དུ་བསྒྱེལ་ལོ། །ཆེ་ཆུང་གི་ཚད་ནི་གནས་ཡངས་དོག་དང་སྦྱར་རོ། །མ་ཏང་གི་སྙིང་གར་དུག་གསུམ་གྱི་དཀྱིལ་འཁོར་བང་རིམ་གསུམ་པར་བྱའོ། །མཐའ་མ་དམར་པོ་གྲུ་བཞི་ལ། འཕངས་སུ་ཁྱུང་གང་གི་སྟེང་དུ། མཐིང་ནག་གྲུ་གསུམ་ལ་འཕངས་སུ་སོར་བཞི་བྱ། དེའི་སྟེང་དུ་དམར་ནག་ཟླ་གམ་ལ། འཕངས་སུ་སོར་གསུམ་བྱ། དཔྲལ་བ་དང་གདོང་པ་དང་ཡན་ལག་གཉིས། མཁལ་མ་གཡས་གཡོན་


DNG023_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས། ཁ་དང་རིག་པ་གཉིས་ལ། སྟེགས་བུ་གྲུ་བཞི་པ་འདོམ་གང་བྱ། །དེའི་ཕྱི་རིམ་ཡོངས་སུ་ཟླ་གམ་ལ། འཕངས་སུ་སོར་གཉིས་སོ། །དེའི་ཕྱི་རིམ་ཡོངས་སུ་བསྐལ་པའི་མེ་རི་དམར་ནག་གི་ཀློང་བྲི། དེ་ནས་རྫས་བཀྲམ་སྟེ། བྷནྡྷ་རལ་པ་གཅིག་པ་ལ་དཔལ་ཆེན་པོ་ཡབ་ཡུམ་གྱི་སྙིང་པོ་བྲིས་ལ། གོང་གི་ཟླ་གམ་དམར་ནག་ལ་བཞག །དེའི་འོག་མའི་མཐིང་ནག་གྲུ་གསུམ་ལ། བསྐལ་པའི་མེ་དཔུང་དམར་ནག་གི་ཀློང་བྲི། ཐ་མའི་དམར་པོ་གྲུ་བཞི་ལ། རིགས་བཞི་ཧེ་རུ་ཀའི་སྙིང་པོ་བྲིས་ལ། ཕྱོགས་བཞིར་བཞག་གོ། །ཡན་ལག་གི་དཀྱིལ་འཁོར་ལ། ཀོའུ་རཱི་མ་བརྒྱད་ཀྱི་སྙིང་པོ་ཚལ་བུ་ལ་བྲིས་ལ་བཞག་གོ། །དཔལ་ཆེན་པོ་ཡབ་ཡུམ་གྱི་སྐོས་ཀྱི་ཤ་དང་། མ་མོ་རྫས་རྟགས་ཀྱི་ཤ་བརྒྱད་དང་ཕྱོགས་ཕྱོགས་སུ་བཀོད་དོ། །ཕྲ་མེན་མའི་རྫས་ཕྱོགས་བཞིར་སྦར་མོ་བཞི་བཀྲམ། མཚམས་བཞིར་མགོ་བཞི་བཀྲམ། རྣ་བ་རཀྟ་ཚིལ་སྣ་རྐང་པ་མིག་སྲོ་ཏ་ཨན་ཛ་གོ་རོ་ཙ་ན་རྣམས་བཞག་གོ། །སྒོ་བཞིར་དཔལ་དར་བཞག །དེའི་ཕྱི་རིམ་ཡོངས་སུ་ཟླ་གམ་ལ། དབང་ཕྱུག་མའི་རྫས་མེད་ན་མཚན་བྱང་དགོད། ལྷ་བཤོས་ཟླ་གམ་རཀྟའི་ཐིག་ལེ་དགུ་བྱས་པ་དང་། དམ་རྫས་ཚང་མའི་གཏོར་མ་སྤྲིན་ཆེན་གྱི་ཞལ་ཁེབས་ཅན་གཅིག་དྲངས་སོ། །ཚིལ་ཆེན་གྱི་མར་མེ་དགུ་བལྟམ་མོ། །བ་སུ་ཏའི་རྒྱུ་ཞགས་ཀྱིས་མཐའ་བསྐོར། ཁྲག་སྣ་དང་སྙིང་སྣ་ཅི་མང་བཞག །དེ་ནས་སྤྱན་དྲང་མཆོད་པ་འབུལ། བཤགས་ཤིང་དངོས་གྲུབ་གསོལ། །འཛབ་དྲང་ཐུགས་དམ་བསྐུལ། ཕྲིན་ལས་བཅོལ་དགྲ་བགེགས་དགུག །གཟུགས་ལ་ཕབ་ལ་བསད་དོ། །དེ་ནས་དཀྱིལ་འཁོར་བསྡུ་བའོ། །དེ་ནས་བང་རིམ་གསུམ་པའི་དཀྱིལ་འཁོར་ནི། དང་པོ་ཕུན་སུམ་ཚོགས་པ་བཞི་དང་ལྡན་པར་བྱས་ལ། གནས་ཀྱི་ཕ་རོལ་དུ་སྟེགས་བུ་གྲུ་བཞི་པ་གཅིག་བྱས་ལ། ཙནྡན་གྱི་ལྡེ་གུ་དང་། མེ་ཏོག་གི་ཕོར་བུ་ཕུང་བུ་ཡང་དང་། སྤོས་ཀྱི་ཚོམ་བུ་དང་། ཤོག་བུའི་མཐོ་རྣམས་བཀྲམ་ནས། དེའི་སྟེང་དུ་མཆོད་པ་རྣམ་པ་ལྔ་དང་། གཏོར་མ་ཆ་གསུམ་


DNG023_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་ལ། སྒྲུབ་པོ་རྣམས་སྡིག་པ་སྦྱང་། བྱང་ཆུབ་ཏུ་སེམས་སྐྱེད། སྤང་སྐོང་ཀླག །མཆོད་པ་རྣམ་པ་ལྔ་འབུལ། གཏོར་མ་ཆ་གསུམ་གཞུང་བཞིན་བཏང་། དེ་ནས་སྟེགས་བུ་འདོམ་གང་གྲུ་བཞི་པར་བྱས་ལ། དུར་ཁྲོད་ཀྱི་ཆག་ཆག་རྣམ་གསུམ་གྱིས་གདབ་ལ། ཤེས་རབ་མ་བྱིན་གྱིས་བརླབ་ལ། ཐིག་སྐུད་འཁལ་དུ་གཞུག །མ་ཏང་ལས་ཟླ་གམ་དམར་པོ་གྲུ་བཞི་པ་མཛུབ་གང་གི་འཕང་བཏོད་དོ། །དེའི་སྟེང་དུ་མཐིང་ནག་གྲུ་གསུམ་པ་སོར་བཞི་པའི་འཕངས་སུ་བྱའོ། །དེའི་སྟེང་དུ་ཟླ་གམ་དམར་ནག་སོར་གསུམ་པའི་འཕངས་སུ་བྱའོ། །དེ་ནས་དཀྱིལ་འཁོར་ལ་རྫས་དགྲམ་པ་ནི། བྷནྡྷ་རང་པ་གཅིག་ལ་དཔལ་ཆེན་པོ་ཡབ་ཡུམ་གྱི་སྙིང་པོ་བྲིས་ཏེ། ཡ་ཐོག་ཟླ་གམ་གྱི་སྟེང་དུ་བཞག་གོ། །བྷནྡྷ་ཚལ་བུ་བརྒྱད་ལ་ཀོའུ་རཱི་མ་བརྒྱད་ཀྱི་སྙིང་པོ་བྲིས་ལ་ཟླ་གམ་གྱི་མཐར་རིམ་པ་བཞིན་དུ་འཁོར་བར་བཞག །ཚིལ་ཆེན་གྱི་མར་མེ་ཁ་དགུར་བལྟམ་མོ། །དེ་འོག་མཐིང་ནག་གྲུ་གསུམ་པ་ལ་ཤ་ཆེན་གྱི་ལང་ལིང་དང་། ཞིང་ཆེན་རས་རོས་ཀྱིས་བསྐོར་རོ། །དེ་ཡི་འོག་མ་དམར་པོ་གྲུ་བཞི་པ་ལ། སྒོ་བཞིར་སྒོ་བ་བཞིའི་རྫས་དགྲམ། ལྷ་བཤོས་ཟླ་གམ་ལ་རཀྟའི་ཐིག་ལེ་དགུ་བྱས་ལ། ཕུད་ཀྱི་གཏོར་མ་དྲང་ངོ་། །སྒྲུབ་པ་པོ་རྣམས་ཀྱི་མདུན་དུ་བྷནྡྷའི་བཟེད་ཕོད་དང་དམར་གྱི་རཀྟ་དགྲམ་མོ། །དེ་ནས་དཀྱིལ་འཁོར་བསྐྱེད་དེ་སྤྱན་དྲང་མཆོད་པ་འབུལ། འཛབ་སྟོང་རྩ་བརྒྱད་འབུལ། ཐུགས་དམ་བསྐུལ། དངོས་གྲུབ་སྩོལ་བ་དང་། སྟོང་ཚིག་གི་མཆོད་པ་འབུལ་ལོ། །དགོངས་དང་ཐོ་རངས་གཏོར་མ་བཏང་ངོ་། །གཏོར་མ་ཕྱི་མ་ཡང་དྲངས་ལ། དཀྱིལ་འཁོར་བསྐྱེད་དེ་སྤྱན་དྲང་མཆོད་པ་འབུལ། བཤགས་ཤིང་དངོས་གྲུབ་སྩོལ། འཛབ་དྲང་ཐུགས་དམ་བསྐུལ། ཕྲིན་ལས་བཅོལ། དགྲ་བགེགས་བསད་ལ་སླར་གསོའོ། །དེ་ནས་སྒྲུབ་པ་ཕྱིན་པ་དང་གཏོར་མ་ཚོ་གསུམ་དུ་བཅད་དེ། ཚོ་གཅིག་ལ་སྦྱིན་བསྲེག་བྱ། ཚོ་གཅིག་གིས་མཁའ་འགྲོ་མ་བསྐྱང་། ཚོ་གཅིག་


DNG023_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཟད་པའི་གཏེར་དུ་སྦའོ། །དེ་ནས་རིམ་པ་བཞིན་དུ་དཀྱིལ་འཁོར་དུ་འཇུག་ཅིང་དབང་བསྐུར་རོ། །དེ་ནས་དཀྱིལ་འཁོར་བསྡུ་ཞིང་དངོས་གྲུབ་སྩོལ་ལོ། །དེ་ནས་གཏོར་མ་ཆ་གཅིག་ལ་རྒྱལ་པོ་ཆེན་པོ་བཞི་མཆོད་ནས་སླར་གཤེགས་སུ་གསོལ་ལོ། །དེ་ནས་གུ་ཧྱ་གསང་བའི་དཀྱིལ་འཁོར་ནི། འདིའི་གཞུང་གིས་ཀྱང་། དང་པོ་ཕུན་སུམ་ཚོགས་པ་བཞི་དང་ལྡན་ནས། ས་ཡི་ཆོ་ག་དང་སྡིག་པ་སྦྱངས་ཤིང་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། སྤང་སྐོང་བཀླག་པར་བྱའོ། །དེ་ནས་དཀྱིལ་འཁོར་འདོམ་གང་གྲུ་བཞི་བྱས་ཏེ། དེ་ལ་དུར་ཁྲོད་ཀྱི་ཆག་ཆག་གསུམ་གདབ་སྟེ། ཤེས་རབ་མ་བྱིན་གྱིས་རློབ་ལ་ཐིག་སྐུད་བཀལ། དེ་ནས་ཐིག་བཞིར་གདབ་ལ་ལེའུ་ཚེ་དགུར་བྱ། དེའི་ཕྱི་རིམ་གྲུ་བཞི་ལ་མེ་རི་བཞི་དང་ལྡན་པར་བྱ། དེ་ནས་བྷནྡྷ་རང་པ་དགུ་ལ་དཔལ་ཆེན་པོ་ཡབ་ཡུམ་གཙོ་བརྒྱད་ཀྱི་སྙིང་པོ་བྲིས་ལ། ལིང་ཚེ་དགུ་ཡི་དབུས་སུ་བཞག །བྷནྡྷ་ཚལ་བུ་བརྒྱད་ལ། ཀོའུ་རཱི་མ་བརྒྱད་ཀྱི་སྙིང་པོ་བྲིས་ལ་བཞག །སྙིང་སྣ་བརྒྱད་དང་ལིང་ཚེ་དགུ་ཡི་གཡས་སུ་བཞག །ཚལ་བུ་བརྒྱད་ལ་ཕྲ་མེན་བརྒྱད་ཀྱི་སྙིང་པོ་བྲིས་ལ། དམ་རྫས་བརྒྱད་དང་གཡོན་དུ་བཞག །སྒོ་བཞིར་དཔལ་དར་བཞི་བཞག །ལྷ་བཤོས་ཟླ་གམ་ལ་རཀྟའི་ཐིག་ལེ་བྱས་པ་དགུ་དང་། དམ་རྫས་ཚང་བའི་གཏོར་མ་སྤྲིན་ཆེན་གྱིས་ཞལ་ཁེབས་ཅན་གཅིག་དྲངས་སོ། །ཚིལ་ཆེན་གྱི་མར་མེ་ཁ་དགུ་གཅིག་བལྟམ་མོ། །བ་སུ་ཏའི་རྒྱུ་ཞགས་ཀྱིས་མཐའ་བསྐོར། སྟེང་གི་ཕྱོགས་སུ་བ་སུ་ཏའི་རྒྱུ་ཞགས་མིག་མངས་རིས་སུ་དྲེས་པའོ། །ཚིལ་ཆེན་གྱི་འཕན་གདུགས་ཀྱང་བྲི། ཙིཏྟའི་ཕོ་ལོང་འཕྱང་འཕྲུལ་ཀྱང་དགོད། ཕྱོགས་བཞིར་ཞིང་ཆེན་གྱི་རུ་མཚོན་བསྒྲེང་ངོ་། །ཕྱོགས་བཞིར་རཀྟའི་མཚོ་བསྐྱིལ་ལ་གཟར་བུས་བརླབ་པོ། །སྒྲུབ་པ་པོ་རྣམས་ཀྱི་མདུན་དུ་བྷནྡྷའི་བཟེད་ཞལ་དང་། བྷནྡྷའི་སྒྲེང་སྣོད་ཀྱང་དགྲམ་མོ། །དེ་ནས་སྤྱན་དྲང་མཆོད་པ་འབུལ་ལོ། །སྡིག་བཤགས་དངོས་གྲུབ་སྩོལ། འཛབ་དྲང་ཐུགས་དམ་བསྐུལ། ཕྲིན་ལས་བཅོལ། དགྲ་བགེགས་བཀུག་ཅིང་གཟུགས་ལ་ཕབ་


DNG023_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བསྟབ་པ་བྱ། འཛབ་སྟོང་རྩ་བརྒྱད་དུ་འབུལ། སྟོང་ཚིག་གི་མཆོད་པ་བྱའོ། །གཏོར་མ་དགོང་དང་ཐོ་རངས་མི་གཏོང་བའི་ཟོ་རིས་བཅད་ལ་དེར་བླུགས་ཤིང་གཏར་བཟུང་ངོ་། །སྒྲུབ་པ་ཐོན་པ་དང་དུར་ཁྲོད་ཆེན་པོར་བསྐྱལ་ལ་བཏང་ངོ་། །དེ་ནས་དཀྱིལ་འཁོར་བསྡུ་དངོས་གྲུབ་སྩོལ་ལོ། །དེ་ནས་ཙིཏྟ་གསང་བའི་དཀྱིལ་འཁོར་ནི། ཞིང་ལྤགས་རློན་པའི་དབུས་སུ་དགྲ་ཡི་གཟུགས་བྲིས་ལ། སྙིང་གར་མིང་རུས་རཀྟ་ཁྲག་ཆེན་གྱིས་བྲིའོ། །སྙིང་སྣ་ཚོགས་ནང་དུ་མིང་རུས་བཅུག་ལ། དེ་ཞིང་ལྤགས་ཀྱི་ནང་དུ་བཅུག་ལ། སྲོག་གི་སྔགས་བཟླས་ལ། མཆི་མ་ཐེངས་གསུམ་ཕྱུང་ལ་འོ་དོད་འབོད་ལྷ་ལ་དཔང་གཟུག་གོ། །ཕྲ་མེན་སྤྱང་ཀི་ལས་ཀྱི་རྒྱལ་མོའི་རྒྱུད་ལས། སྒྲུབ་ཐབས་ཀྱི་ལེའུ་སྟེ་བཞི་པའོ།། །།དེ་ནས་དཔལ་ཁྲག་འཐུང་ཆེན་པོ་ཉིད་དབྱིངས་ནས་བསྐྱོད་པ་དང་། འཁོར་རྣམས་དགྲ་བོའི་ལས་ལ་གཟུད་པ་འདི་སྐད་དོ། །ཧཱུཾ་ཁྲོ་རྒྱལ་ཁྲག་འཐུང་འཇིགས་བྱེད་ཆེན་པོ་ཡི། །སྐུ་གསུང་ཐུགས་ལས་བསྐྱེད་པའི་མཁའ་འགྲོ་མ། །དྲག་ཤུལ་ཚུལ་གྱིས་སེམས་ཅན་དོན་མཛད་ཅིང་། །གདུག་པའི་ཚོགས་དང་གནོད་སྦྱིན་ཆ་ལུགས་འཆང་། །བྱམས་པའི་ཐུགས་ཀྱིས་གཉིས་མེད་དོན་རྟོགས་ནས། །ཡེ་ཤེས་འོད་སྟོང་འབར་བའི་ཀོའུ་རཱི་མ། །ཤར་གྱི་ཕྱོགས་ནས་ལས་བྱོས་ལ། །དམ་ཉམས་དགྲ་ལ་རྟགས་ཕྱུང་ཞིག །ཞི་གནས་རྩ་གཅིག་གཏོད་པའི་གཞུ་བཀངྐ་སྟེ། །ལྷག་མཐོང་ཤེས་རབ་གསལ་བའི་མདའ་བཀངྐ་ནས། །ཉོན་མོངས་བདུད་འཇོམས་ཡེ་ཤེས་དབྱིངས་རུམ་དུ། །དུག་གསུམ་སྒྲོལ་མཛད་ཐུགས་རྗེ་ཙཽ་རཱི་མ། །ལྷོ་ཡི་ཕྱོགས་ནས་ལས་བྱོས་ལ། །དམ་ཉམས་དགྲ་ལ་རྟགས་ཕྱུང་ཞིག །འདོད་པའི་རྡུལ་བྲལ་ཆགས་མེད་པད་མའི་སྐུ། །དགའ་བྱེད་དྲེགས་པའི་བདུད་འཇོམས་རྒྱལ་བའི་རྟགས། །ཆོས་ལ་དབང་བསྐུར་ཆུ་སྲིན་རྒྱལ་མཚན་འཛིན། །རྣམ་རྟོག་ཟ་བྱེད་ཁྲག་འཐུང་པྲ་མོ་ཧ། །ནུབ་ཀྱི་ཕྱོགས་ནས་ལས་བྱོས་ལ། །དམ་ཉམས་དགྲ་ལ་རྟགས་ཕྱུང་ཞིག །


DNG023_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲིན་ལས་རྣམ་བཞིས་ཅི་འདུལ་བཏང་སྙོམས་ཀྱི། །ཐབས་ཀྱིས་ཁྲོ་བར་མཛད་པའི་གར་ཐབས་ཅན། །འཆི་བདག་བདུད་ཀྱི་སྡེ་འཇོམས་རྡོ་རྗེ་ཕྱར། །ཤེས་རབ་དབྱིངས་ལ་སྦྱོར་བའི་བཻ་ཏཱ་ལི། །བྱང་གི་ཕྱོགས་ནས་ལས་བྱོས་ལ། །དམ་ཉམས་དགྲ་ལ་རྟགས་ཕྱུང་ཞིག །ཡེ་ཤེས་ཉི་མས་མ་རིག་མུན་གསལ་ཕྱིར། །ང་རྟོག་ཁྲག་མཚོ་འཁྱིལ་པའི་དབྱིངས་རུམ་དུ། །ཐབས་མེད་རྒྱུད་དྲུག་འཁྱམས་པའི་ཕུང་པོ་ལྔ། །བདེ་ཆེན་དབྱིངས་སུ་འདྲེན་མཛད་པུཀྐ་སཱི། །ཡེ་ཤེས་དབྱིངས་ཉིད་ཡེ་ནས་གཉིས་མེད་ཕྱིར། །ཐབས་ཀྱི་རྡོ་རྗེས་བྷནྡྷ་དཀྲུག་ཅིང་གསོལ། །སྤྲིན་མེད་མཁའ་ལ་ཉི་ཟླའི་དཀྱིལ་འཁོར་བཞིན། །ཡེ་ཤེས་འོད་འཕྲོ་འཁྲུག་བྱེད་གྷས་མ་རཱི། །ལྷོ་ནུབ་མཚམས་ནས་ལས་བྱོས་ལ། །དམ་ཉམས་དགྲ་ལ་རྟགས་ཕྱུང་ཞིག །འཇིགས་ཚོགས་གསང་ནུར་དུར་ཁྲོད་སྦྱར་བ་ཡིས། །ཐུགས་རྗེས་མཆོག་གིས་རྣམ་ཤེས་སྒོ་ཕྱེ་ནས། །དྲག་ཤུལ་རྔམས་པའི་སྟངས་སྟབས་ཚུལ་གྱིས་སུ། །ཉོན་མོངས་ཡིད་འཕྲོག་ཟ་བྱེད་སྨ་ཤ་ནཱི། །ནུབ་བྱང་མཚམས་ནས་ལས་བྱོས་ལ། །དམ་ཉམས་དགྲ་ལ་རྟགས་ཕྱུང་ཞིག །ལོག་འདྲེན་བགེགས་ཀྱི་ཚོགས་རྣམས་བཤིག་པའི་ཕྱིར། །ཐབས་ཀྱི་རཀྟ་ཡང་རཀྴ་ཚུལ་གྱིས་སྒྲོལ་མཛད་དེ། །ཡེ་ཤེས་སྤུ་གྲི་འབར་བའི་ཚེམས་བརྡར་ནས། །འདུ་བྱེད་ལྔ་ཕུང་གཅོད་མཛད་ཙཎྜ་ལཱི། །བྱང་ཤར་མཚམས་ནས་ལས་མཛོད་ཅིག །དམ་ཉམས་དགྲ་ལ་རྟགས་ཕྱུང་ཞིག །དེ་ལ་འདི་སྐད་ཅེས་བསྟོད་དོ། །ཀུན་ཀྱང་ཡེ་ཤེས་འབར་བའི་ཀློང་དཀྱིལ་ནས། །དགོངས་སྤྱོད་རྒྱ་མཚོ་དཔག་གིས་མི་ལང་ཡང་། །སྐུ་མདོག་ཕྱག་མཚན་གཅིག་ཏུ་མ་ངེས་ཏེ། །དུར་ཁྲོད་འབར་བའི་གནས་མཆོག་དམ་པ་འདོར། །གཞུང་ལས་བྱུང་བའི་དཀྱིལ་འཁོར་གཉན་པོ་བྲིས། །བདུད་རྩི་དམར་གྱི་གཏོར་མ་གཉན་བཤམས་ཏེ། །ཞིང་ཆེན་གསར་རྙིང་གདན་མཆོག་བཏིང་ལགས་ཀྱི། །ཐུགས་དམ་བཞིན་དུ་ཅི་བདེར་གཤེགས་སུ་གསོལ། །གསེར་མདོག་གཟི་འབར་རྡོ་རྗེའི་ཐུགས་ལས་སྤྲུལ། །


DNG023_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

སེང་གེའི་སྐད་ཀྱིས་བདུད་དཔུང་འཇོམས་མཛད་པ། །དྲག་ཤུལ་སྟོབས་ཀྱིས་ཞིང་ཆེན་དཀྲུག་ཅིང་གསོལ། །རྒྱུད་དྲུག་བསྒྲལ་ཕྱིར་རྩལ་ཆེན་སེངྷ་མ། །ཞེ་སྡང་རྔམས་པས་དམ་ཉམས་ཁ་ལོང་ཁ། །སྲོག་ལུས་དབང་པོར་བཅས་ཏེ་མེད་པར་མཛོད། །དབང་མཆོག་ཡོན་ཏན་རིན་ཆེན་སྐུ་ལས་སྤྲུལ། །སྐུ་མདོག་དམར་ནག་བྱིན་ཆེན་སྟག་གི་ཞལ། །གསང་བའི་ལོངས་སྤྱོད་ཞིང་ཆེན་སྙིང་ཉིད་ཀྱང་ལ་གཟིགས། །འཆི་བདག་བདུད་ཀྱི་སྡེ་འཇོམ་བྱཱ་གྷྲ་མ། །ཞེ་སྡང་རྔམས་པས་གང་ལ་ཐོགས་པ་མེད། །དམ་ཉམས་དགྲ་བོ་མ་བཏང་མྱུར་དུ་སྒྲོལ། །དྲི་མེད་རྣམ་དག་པད་མའི་གསུང་ལས་སྤྲུལ། །ཕུང་པོ་བདག་མེད་དབྱིངས་སུ་གཅིག་མཁྱེན་ནས། །སྐུ་མདོག་དམར་ནག་ཞིང་ཆེན་ཁོང་ནས་དྲུད། །དུར་ཁྲོད་བགེགས་ཀྱི་ཚོགས་འཇོམས་སྲྀ་ཀླ་མ། །དྲག་ཤུལ་རྔམས་པས་དམ་ཉམས་རྒྱུ་སྙིང་འབྱིན། །ཐབས་མཁས་འཛབ་ཚུལ་ངེས་པར་གྲུབ་པར་གྱིས། །ཡེ་ཤེས་ཐུགས་རྗེ་ཕྱོགས་བཅུར་ཁྱབ་པ་ཡི། །བྱ་རྒོད་གཟུགས་ཀྱི་རྫུ་འཕྲུལ་མཐུ་དང་ལྡན། །འཁོར་བ་མི་སྤོང་མྱ་ངན་མི་འདའ་བས། །སྤུ་གྲི་མཚོན་བསྣམས་ཁྲག་འཐུང་གྲྀ་ཌྷ་མ། །འདོད་ཆགས་རྔམས་པས་སྙིང་ཁྲག་དྲོན་མོ་གསོལ། །ཐོགས་པ་མེད་པར་དམ་ཉམས་སྙིང་ནས་དྲོངས། །རྡོ་རྗེ་དོན་གྲུབ་ལས་ཀྱི་རིགས་ལ་གྲུབ། །སྐུ་མདོག་མཐིང་ནག་སྤྱང་མོ་འཇིགས་པའི་མདོག །ཐུགས་རྗེ་ཐབས་ཀྱིས་ཞིང་ཆེན་འདྲད་ཅིང་གསོལ། །རྡོ་རྗེ་དོན་གྲུབ་ཟ་བྱེད་ཤྭ་ན་མ། །དྲག་ཤུལ་རྔམས་པས་དམ་ཉམས་འདྲད་ཅིང་གསོལ། །གང་ལ་བྱ་བ་ཐོགས་མེད་མྱུར་དུ་སྒྲོལ། །དུར་ཁྲོད་སྤྱོད་པས་འགྲོ་དྲུག་བསྒྲལ་བའི་ཕྱིར། །ལོག་འདྲེན་དབང་པོ་གང་ཀའི་མཆུས་འབྱིན་མ། །ཐབས་ཀྱི་བཤན་བསྣམས་ཞིང་ཆེན་འཕྲག་ལ་ཁུར། །འཇིག་རྟེན་བསྒྲལ་ཕྱིར་ཚེ་འཕྲོག་ཀངྐ་ཀ་མ། །གཏུམ་ཤིང་རྔམས་པས་གློ་སྙིང་ཁོང་ཁྲག་འཐུང་། །དམ་ཉམས་དགྲ་བོའི་ཙིཏྟ་ཕྱུང་ལ་ཤོག །ཤེས་བྱའི་བག་ཆགས་རྩད་ནས་བཅད་པའི་ཕྱིར། །ཡེ་ཤེས་མཚོན་བསྣམས་རྒྱུ་ཕྲེང་ཁྲག་ལ་མོས། །


DNG023_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་རྟོག་རྡུལ་གྱིས་མི་གོས་བྱ་རོག་གདོང་། །ཡོན་ཏན་ཡིད་བཞིན་བདག་ཉིད་ཁྭ་ཁ་མ། །ནག་མོ་རྔམས་འཁྲུགས་མིག་དང་དབང་པོ་འབྱིན། །དམ་ཉམས་དགྲ་བོའི་དབང་པོ་ཕྱུང་ལ་ཤོག །དོན་དམ་གཉིས་མེད་ངེས་པའི་དོན་རྟོགས་ཤིང་། །ཅིར་ཡང་འགྱུར་བའི་སྐུ་མདོག་སྣ་ཚོགས་འཆང་། །འགྲོ་དྲུག་བསྒྲལ་ཕྱིར་ལྕགས་ཀྱུ་རྣོ་བསྣམས་ཤིང་། །མི་བཟད་ཐོད་ཁྲག་འཐུང་བའི་ཧུ་ལུ་མ། །གཏུམ་ཁྲོའི་དབང་གིས་ཉམས་པའི་ཙིཏྟ་འབྱིན། །དམ་ཉམས་དགྲ་བོའི་སྲོག་དབུགས་ད་ཆོད་ཅིག །དེ་རྣམས་ལ་སྤྱིར་འདི་སྐད་བསྟོད་དོ། །བསྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །ཀུན་ཏུ་ཁྲོ་གཏུམ་མི་བཟད་དྲག་པོའི་སྐུ། །ཕྲིན་ལས་རྒྱ་མཚོ་གྲུབ་པ་ཚུལ་བཞིན་སྤྱོད། །གཞན་ཡང་ཕྲ་མེན་རྒྱ་མཚོ་མཁའ་འགྲོའི་ཚོགས། །འགྲོ་བའི་དོན་ཕྱིར་སྣ་ཚོགས་སྐུར་སྟོན་ཅིང་། །དུར་ཁྲོད་གསར་རྙིང་ཚོགས་ལ་ལོངས་སྤྱོད་རྣམས། །དུར་ཁྲོད་ཆེན་པོའི་དངོས་གྲུབ་སྩལ་དུ་གསོལ། །དམ་རྫས་དམར་གྱི་མཆོད་པས་མཆོད་དོ། །ཕྲ་མེན་སྤྱང་ཀི་ལས་ཀྱི་རྒྱལ་མོའི་རྒྱུད་ལས། ཕྲིན་ལས་ཀྱི་ལེའུ་སྟེ་ལྔ་པའོ།། །།དེ་ནས་གསད་པར་བྱ་བའི་སྒྲུབ་ཐབས་ལ་ཡང་། དཀྱིལ་འཁོར་བརྒྱད་དེ། བཟློག་པར་བྱ་བ་དང་། ལེན་པར་བྱ་བ་དང་། བརྐུ་བར་བྱ་བ་དང་། དབྲལ་བར་བྱ་བ་དང་། སྨྱོ་བར་བྱ་བ་དང་། མྱོས་པར་བྱ་བ་དང་། གསད་པར་བྱ་བ་དང་། དབྲོག་པར་བྱ་བ་དང་། དཀྱིལ་འཁོར་བརྒྱད་དོ། །དེ་ལས་བཟློག་པར་བྱ་བ་ནི། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། །དབུས་སུ་དམར་ནག་གྲུ་གསུམ་བྲི། །དེ་ཡི་སྟེང་དུ་སྣམ་བུ་གཙང་མ་གཅིག་བཏིང་ལ། ཡུངས་ཀར་དྲེ་གང་ཡང་བཏིང་ལ་དེའི་དབུས་སུ་བྷནྡྷ་ལ་ཟློག་བྱེད་མའི་སྙིང་པོ་བྲིས་ལ། མི་ཁྲག་དང་རྟ་ཁྲག་ལ་སྔགས་བཏབ་ལ། གང་ཡིན་པའི་ཕྱོགས་སུ་འཕང་ངོ་། །བཟློག་པའི་དཀྱིལ་འཁོར་རོ། །ལེན་པར་བྱ་བའི་དཀྱིལ་འཁོར་ནི། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། །དབུས་སུ་མཐིང་ནག་གྲུ་གསུམ་བྲི། །དེའི་དབུགས་སུ་བྷནྡྷ་ལ་ལེན་བྱེད་མ་


DNG023_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་སྙིང་པོ་བྲིས་ལ་བཞག་གོ། །དེའི་རྫས་སུ་བྱིས་པའི་སྙིང་དང་། སེང་གེའི་སྙིང་དང་། ཤ་ཆེན་གྱི་སྐོས་བཞག་གོ། །རྐུ་བར་བྱེད་པའི་དཀྱིལ་འཁོར་ནི། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། །དབུས་སུ་སེར་ནག་གྲུ་གསུམ་བྲི། །དེའི་དབུས་སུ་བྷནྡྷ་ལ། རྐུ་བྱེད་མའི་སྙིང་པོ་བྲིས་ལ་བཞག་གོ། །དེ་ཡི་རྫས་སུ་སྟག་གི་མཆེ་བ་དང་སྙིང་བཞག །སྐོས་ཀྱི་ཤ་ཆེན་ཡང་བཞག་གོ། །དབྲལ་བར་བྱ་བའི་དཀྱིལ་འཁོར་ནི། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། །དབུས་སུ་དམར་ནག་གྲུ་གསུམ་བྲི། །དེ་ཡི་དབུས་སུ་བྷནྡྷ་ལ། དབྲལ་བར་བྱེད་པའི་སྙིང་པོ་བྲིས་ལ་བཞག་གོ། །དེ་ཡི་རྫས་སུ་བྱ་དཀར་པོའི་སྙིང་དང་མཆུ་བཞག་གོ། །སྐོས་ཀྱི་ཤ་ཆེན་ཡང་བཞག་གོ། །སྨྱོ་བར་བྱེད་པའི་དཀྱིལ་འཁོར་ནི། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། །དབུས་སུ་ལྗང་ནག་གྲུ་གསུམ་བྲི། །དེ་ཡི་དབུས་སུ་བྷནྡྷ་ལ། སྨྱོ་བྱེད་མའི་སྙིང་པོ་བྲིས་ལ་བཞག །དེ་ཡི་རྫས་སུ་བྱ་ནག་མོའི་སྙིང་དང་མཆུ་བཞག་གོ། །མྱོས་པར་བྱེད་པའི་རྫས་ནི། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། །དབུས་སུ་མཐིང་ནག་གྲུ་གསུམ་བྲི། །དེ་ཡི་སྟེང་དུ་བྷནྡྷ་ལ་མྱོས་བྱེད་མའི་སྙིང་པོ་བྲིས་ལ་བཞག་གོ། །དེ་ཡི་རྫས་སུ་སྤྱང་ཀིའི་སྙིང་དང་མཆེ་བ་བཞག །སྐོས་ཀྱི་ཤ་ཆེན་ཡང་བཞག་གོ། །གསོད་པར་བྱེད་པའི་དཀྱིལ་འཁོར་ནི། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། །དབུས་སུ་དམར་ནག་གྲུ་གསུམ་བྲི། །དེ་སྟེང་བྷནྡྷ་ལ་གསོད་བྱེད་མའི་སྙིང་པོ་བྲིས་ལ་བཞག །དེ་ཡི་སྟེང་དུ་བྱ་ནག་མོའི་སྙིང་དང་མཆུ་བཞག །སྐོས་ཀྱི་ཤ་ཆེན་ཡང་བཞག་གོ། །དབྲོག་པར་བྱེད་པའི་དཀྱིལ་འཁོར་ནི། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། །དབུས་སུ་སེར་ནག་གྲུ་གསུམ་བྲི། །དེ་ཡི་སྟེང་དུ་བྷནྡྷ་ལ་འཕྲོག་བྱེད་མའི་སྙིང་པོ་བྲིས་ལ་བཞག །དེ་ཡི་རྫས་སུ་འུག་པའི་སྙིང་དང་མཆུ་བཞག །སྐོས་ཀྱི་ཤ་ཆེན་ཡང་བཞག་གོ། །ཕྲ་མེན་མ་ལས་ཀྱི་རྒྱལ་མོའི་རྒྱུད་ལས། དཀྱིལ་འཁོར་སྤྲོས་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཆོ་གའི་ཐབས་ནི། དང་པོ་ཕྱིའི་ལས་


DNG023_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་བཞིན་བྱས་ལ། ཟླ་ལ་མི་འགོག་པའི་གླུད་ཀྱི་གཏོར་མའི་ཆོ་ག་བྱས་ལ། བདག་ཉིད་དཔལ་རྡོ་རྗེ་ཧེ་རུ་ཀར་བསྒོམ་སྟེ། དམ་རྫས་སྙིང་རྣམས་དང་། ཤ་ཆེན་རྣམས་བཀྲམ་ལ། རྭ་དུང་གི་ནང་དུ་མ་མོའི་སྲོག་གི་སྙིང་པོ་བདུན་བྲིས་ལ་གཡབ་མོས་གདབ་བོ། །དུང་ཕོར་དུ་རཀྟ་གསུམ་གྱིས་དགང་། ཞིང་གི་རཀྟས་སྤྲུས་པའི་གཏོར་མ་བཤམ། ཚིལ་ཆེན་གྱི་མར་མེ་བལྟམ། སྣུམ་ཆེན་གྱི་དུད་པ་ཡང་བཏང་སྟེ། བསྙེན་པ་ཞག་བདུན་བཙུགས་ལ་བསྒྲུབས། དེ་ནས་བསྙེན་པའི་ཞག་གྲངས་ཐེམས་པ་དང་། ཙ་ཀ་ལི་ནག་པོའི་ནང་དུ་གཟུགས་དང་མིང་བྱང་གཞུག་ལ་ལམ་བསྣོལ་བའི་ཁར་སྦའོ། །དེ་ནས་བྷནྡྷའི་ནང་དུ་ཞིང་ཆེན་གྱི་རཀྟས་བཀངྐ་ལ་སྙིང་པོ་བཟླས་ནས་གྲོང་ལ་གཏོར་རོ། །དཀྱིལ་འཁོར་གྱི་ལྷ་གྲངས་ཚང་བར་བསྐུལ་ལོ། །གཟུགས་སྨས་པར་བྱ་བའི་སྔགས་ལ། དཀྱིལ་འཁོར་གྱི་ཕྱོགས་བཞིར་ཡང་སྲིན་མོ་བདུན་གྱི་སྐུ་གཟུགས་གཟུག་གོ། །དམ་རྫས་ཀྱང་ཕྱོགས་མ་ནོར་བར་དགྲམ་མོ། །དེ་ནས་ཉམས་བརྟག་པ་ནི། རྨི་ལམ་ནི་བུད་མེད་བཟང་པོ་དང་འཕྲད་ན་བཟང་ངོ་། །བུད་མེད་ངན་ན་སྒྲིབ་པ་སྦྱང་ཞིང་བཤགས་པ་བྱའོ། །སྙིང་མི་དགའ་ཉམས་མི་བདེན། སྒྲིབ་པའི་ཤས་ཡོད་པས་བཤགས་པ་བྱའོ། །ངུ་འབོད་ལ་སྙིང་མི་དགའ་ན་མཆོད་པ་བྱའོ། །ཉམས་དགའ་ལ་བརྗིད་ཆེ་ན་བཀའ་ཉན་པར་འོང་། རང་གི་ཆུང་མ་དང་འཕྲད་པའམ་ཁྲོ་ཞིང་མ་བཏུད་ན་དབང་དུ་མ་འདུས་པ་ཡིན་པས་བསྒོམ་པར་བྱའོ། །གང་འདོད་པའི་སྔགས་བཟླས་པར་བྱའོ། །ཆོ་འཕྲུལ་ཆུང་ལ་རང་དམན་ན་རང་ལ་རྐྱེན་འོང་། ཆོ་འཕྲུལ་ཆུང་ལ་བུད་མེད་དང་མ་འཕྲད་ན་མ་མོ་གཡེལ་བ་ཡིན་པས། དུང་གི་ནང་དུ་སྙིང་པོ་བྲིས་ལ་ཤིང་བྲིག་ཤའི་ལྕགས་ཀྱིས་བརྡུང་ཞིང་སྙིང་པོ་བརྗོད་དོ། །གདུང་པའི་མཆི་མ་དབྱུང་ཞིང་གཡབ་མོས་གཡབ་བོ། །དེ་ནི་མ་མོ་བདུན་གྱི་ལས་བྱང་གི་ལེའུ་སྟེ་བདུན་པའོ།། །།དེ་ནས་བསྒོམ་པར་བྱ་བ་ནི། བདག་ཉིད་དཔལ་ཆེན་པོ་ཡཀྴ་ཧེ་རུ་ཀར་བསྒོམས་ལ། རཀྴ་ཧེ་རུ་ཀར་ཡང་མི་འགལ་ལོ། །དེ་ནས་མ་མོ་བདུན་བསྒོམ་པ་ནི། ཡི་གེ་


DNG023_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

ཧ་བདུན་ལས་བསྐྱེད་དོ། །དེ་ནས་ཧ་ལས་ཀོའུ་རི་མ་བསྒོམ་པ་ནི། ཧ་ཀོའུ་རི་མ་ཀ་དར་ཞེས་བརྗོད་པས། ཀོའུ་རི་མ་སྐུ་མདོག་ནག་མོ་རལ་པ་ཅན། ཞལ་ཧོམ་ཁུང་ཟུར་གསུམ་པ། སྤྱན་གསུམ་སྡང་མིག་ཏུ་གཟིགས་པ། ཕྱག་ན་གསོད་བྱེད་ཁྲོམ་ཐོགས་པ། མ་མོ་ནག་མོ་ལ་ཞོན་པ་ཞིག་བསྒོམ་པ་དང་། སྲིད་པ་གསུམ་གྱི་མ་མོ་འབུམ་ཡང་དབང་དུ་སྡུད་ཅིང་རྦད་པར་གྱུར་ན། དཔལ་ཧེ་རུ་ཀའི་སྙིང་ཡང་འབྱིན་པར་འགྱུར་ན། གཞན་ལྟ་སྨོས་ཀྱང་ཅི་དགོས་ཏེ་དེ་ལྟར་བསྒོམ་མོ། །དེ་ནས་ཙོའུ་རཱི་མ་བསྒོམ་པ་ནི། ཙོའུ་རི་ཀ་ད་ར་ཞེས་བརྗོད་པས། ཙོའུ་རི་སྐུ་མདོག་སེར་མོ་གདོང་བཞི་མ་རལ་པ་སེར་ནག་གཡས་ནས་གཡོན་དུ་འཁྱིལ་པ། ལག་ན་ནད་ཀྱི་རྐྱལ་པ་དང་འགུགས་བྱེད་ཀྱི་ལྕགས་ཀྱུ་ཐོགས་པ། གཤིན་རྗེ་མ་མོ་རལ་གཅིག་མ་ཞེས་བྱ་བ་ལ་ཞོན་ནས་འོང་བར་བསྒོམ་མོ། །དེ་ལྟར་བསྒོམ་ན་དཔལ་ཧེ་རུ་ཀ་དང་མ་མོ་འབུམ་གྱི་མཐུ་ཡང་རྐུ་བར་བྱེད་དོ། །དེ་ནས་པྲ་མོ་ཧ་བསྒོམ་པ་ནི། ཧ་པྲ་མོ་ཧ་ད་ར་ཞེས་བརྗོད་པས། པྲ་མོ་ཧ་སྐུ་མདོག་དམར་མོ་ལ་བྱུ་རུའི་རལ་པ་གཡས་ནས་གཡོན་དུ་འཁྱིལ་པ། ལག་ན་ཁ་ཊྭཱཾ་རྩེ་གསུམ་གྱིས་གང་ལ་དམིགས་པ་ཐམས་ཅད་བཟློག་ནུས་པ། མ་མོ་ཀླུ་མོ་དམར་མོ་ཞེས་བྱ་བ་ལ་ཞོན་ནས་འོང་བར་བསྒོམ་མོ། །དེ་ལྟར་བསྒོམ་ན་མ་མོ་ངར་འཛིན་གྱི། འཇིག་རྟེན་གྱི་དྲེགས་པ་ཅན་ཡང་དབང་དུ་སྡུད་ནུས་སོ། །དེ་ནས་བཻ་ཏཱ་ལི་བསྒོམ་པ་ནི། བཻ་ཏཱ་ལི་གིང་ད་ར་ཞེས་བརྗོད་པས། བཻ་ཏཱ་ལི་སྐུ་མདོག་མཐིང་ནག་ལ་རལ་ནག་འཕྱར་བ། སྤྱན་གསུམ་ཁྲོ་གཉེར་ཅན། རལ་པ་ལུས་ལ་གོས་སུ་གོན་པ། ལག་ན་གནོད་བྱེད་ཀྱི་དབྱུག་པ་ཐོགས་པ། གནོད་སྦྱིན་གྱི་མ་མོ་ཨ་ཡང་ནག་མོ་ཞེས་བྱ་བ་ལ་ཞོན་ནས་འོང་བར་བསྒོམ་མོ། །དེ་ལྟར་བསྒོམ་ན་སྲིད་པ་གསུམ་དབང་དུ་སྡུད་པ་དང་། གནོད་སྦྱིན་གྱི་མ་མོ་དང་། དཔལ་ཧེ་རུ་ཀ་ཡང་ཉམས་ཤིང་འབོག་པར་བྱེད་དོ། །དེ་ནས་པུཀྐ་སཱི་བསྒོམ་པ་ནི། པུཀྐ་སི་དྷ་ར་ཞེས་བརྗོད་པས། པུཀྐ་སཱི་སྐུ་མདོག་དམར་ནག་ལ་དབུ་བཞི་པ། རལ་པ་ལྗང་ནག་


DNG023_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་ནས་གཡོན་དུ་འཁྱིལ་པ། མཆེ་བ་གཙིགས་པ་སྤུ་གྲིས་གཏམས་པ། མི་བཟད་སྲིན་པོའི་མགོ་བོའི་དུང་འབུད་པ། མ་མོ་ནག་མོ་དོམ་སྙིལ་མ་ཞེས་བྱ་བ་ལ་ཞོན་ནས་འོང་བར་བསྒོམ་མོ། །དེ་ལྟར་བསྒོམ་ན་སྲིད་པའི་མ་མོ་དང་། དཔལ་ཧེ་རུ་ཀ་ཡང་དབང་དུ་སྡུད་ཅིང་འབྲལ་བར་བྱེད་དོ། །དེ་ནས་གྷས་མ་རཱི་བསྒོམ་པ་ནི། ཧ་གྷསྨ་རཱི་བི་ལོ་ཀ་ད་ར་ཞེས་བརྗོད་པས། གྷསྨ་རཱི་སྐུ་མདོག་མཐིང་ནག་ལ། གཅེར་བུ་རལ་པ་ཅན་དུ་འདུག་པ། ཞལ་གཅིག་པ་མཆེ་བ་གཙིགས་པ་ལག་ན་སྲིད་པའི་དུང་འབུད་པ། མ་མོ་སྲིན་མོ་མིག་མེད་ལ་ཞོན་ནས་འོང་བར་བསྒོམ་མོ། །དེ་ལྟར་བསྒོམ་ན་མ་མོ་ཐམས་ཅད་དང་། དཔལ་ཧེ་རུ་ཀ་ཡང་སྨྱོ་བར་བྱེད་དོ། །དེ་ནས་ཙཎྜ་ལི་བསྒོམ་པ་ནི། ཧ་ཙཎྜ་ལི་མནྡུ་ར་ཞེས་བརྗོད་པས། སྐུ་མདོག་སེར་ལྗང་ཞལ་བཞི་ལ་རལ་པ་ནག་པོ་གཡས་ནས་གཡོན་དུ་འཁྱིལ་པ། སྤྱན་གསུམ་སྡང་མིག་ཏུ་བགྲད་པ། ཕྱག་ན་གཅོད་བྱེད་དགྲ་སྟྭ་བསྣམས་པ། མ་མོ་སྲིན་སྐྱེད་མ་ཞེས་མ་ཞེས་བྱ་བ་ལ་ཞོན་ནས་འོང་བར་བསྒོམ་མོ། །དེ་ལྟར་བསྒོམ་ན་སྲིད་པའི་མ་མོ་དང་དཔལ་ཧེ་རུ་ཀ་ཡང་ཉམས་ཤིང་རླག་པར་བྱེད་དོ། །འདི་ལྟར་བསྒོམ་ན་སྲིད་པའི་མ་མོ་བདུན་ཡང་ལས་ལ་མངག་ཏུ་བཏུབ་པོ། །སྒོམ་ཐབས་ཀྱི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཡེ་ཤེས་ཕྱག་རྒྱ་ནི། །གཡས་གཡོན་ཐབས་དང་ཤེས་རབ་ལས། །སྦྱོར་བའི་ཕྱག་རྒྱ་འབྱུང་བའི་རྒྱུ། །ཁྲོ་བདག་ཆེན་པོའི་ཕྱག་རྒྱ་ནི། །གཡས་པ་རྡོ་རྗེ་རྩེ་དགུ་བསྣམས། །གཡོན་པ་བྷནྡྷ་དམར་གྱིས་བཀངྐ་། །རྡོ་རྗེས་དཀྲུག་ཅིང་ཞལ་དུ་གསོལ། །ཀོའུ་རི་བྷན་དམར་བྱིས་དབྱུག་སྔོ། །སེངྷ་གསོད་བྱེད་བསྣོལ་སེར་སེང་། །ཙོའུ་རི་མདའ་གཞུ་འགེངས་མ་སེར། །བྱཱ་གྷྲི་གནས་ལྟ་བསྣོལ་དམར་སྟག །པྲ་མོ་ཆུ་སྲིན་རྒྱལ་མཚན་ཕྱར། །སྲྀ་ལ་ནག་མོ་ཝ་གདོང་ཞགས། །བཻ་ཏཱ་བྱིས་ཟ་རྡོར་འཕྱར་གནག །ཤྭ་ན་ཞིང་འདྲད་སྤྱང་མོ་གདོང་། །པུཀྐ་དམར་སེར་བྱིས་རྒྱུ་འདྲེན། །ཀྲི་ཏ་མགྲིན་དམར་ཁྲག་འཐུང་བྱ་རྒོད་མཆུ། །གྷས་མ་


DNG023_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

དུང་དམར་ཁྲག་འཐུང་ལྗང་། །ཀངྐྈ་སྣར་མགོ་ཞིང་ཆེན་དཀྲུབ། །སྨ་ཤ་མཐིང་ནག་བྱིས་སྙིང་ཟ། །ཁྭ་ཁྭ་ནག་མོ་སྤུ་གྲི་རྒྱུ་ཞགས་འདྲེན། །ཙན་དྷ་སེར་སྐྱ་མཆོག་ལུས་འབྲལ། །ཧུ་ལུ་རྡོར་རྒྱུ་མཐིང་ཚོགས་འུག །རྟ་གདོང་ལྕགས་ཀྱུ་བྷན་དམར་སྤྲུལ། །ཕག་གདོང་ཞགས་པ་བྷན་དམར་གནག །དྲེད་གདོང་དམར་མོ་སྤྱན་གསུམ་ཉི་ཟླ་དམར། །སྤྱང་གདོང་དྲིལ་བུ་བྷན་དམར་ལྗང་། །སོ་སོའི་ལས་རྣམས་གྲུབ་པར་འགྱུར། །ཞེས་བྱ་སྟེ་ཕྱག་རྒྱའི་ལེའུ་སྟེ་དགུ་པའོ།། །།དེ་ནས་གསང་སྔགས་འདི་བརྗོད་པར་བྱའོ། །ཛཿཧཱུཾ་བཾ་ཧོཿ། བཛྲ་ཤྲཱི་ཧེ་རུ་ཀ །བཛྲ་ཀྲོ་དྷཱི་ཤྭ་རཱི་སྟྭཾ། ས་མ་ཡ་སྟྭཾ། ས་མ་ཡ་ཧོ། བཛྲ་ཡཀྴ་ཧེ་རུ་ཀ་ཧ་ཧ། བཛྲ་ཀཽའུ་རཱི་ཡ། ཨ་ལོ་ཙཎྜ། རེ་རལ་ཛཿཧཱུཾ། བཛྲ་ཙོའུ་རཱི་ཧ་ཛཿཧཱུཾ། བཛྲ་པྲ་མོ་ཧ་མོ་ཧ་ཡ། ཨ་ཀ་རཾ་ཡ་སརྦ་དུ་སྟན་ཧྲྀ་ད་ཡ་པྲ་མོ་ཧ་ནི་ཧཱུཾ་ཕཊ། བཛྲ་བཻ་ཏཱ་ལི་ཡཀྴ་ཧཱུཾ་ཛ། བཛྲ་པུཀྐ་སི་ད་སི་ད། བྷནྡྷ་བྷནྡྷ། མཱ་ར་ཡ་ཧཱུཾ་ཛཿ། བཛྲ་ནི་ད་ཧ་གྷསྨ་རཱི་ཧཱུཾ་ཕཊ། བཛྲ་སྨ་ཤ་ནཱི་བི་ལོ་ཀ་ཧཱུཾ་ཕཊ། བཛྲ་ཙཎྜ་ལཱི་ཧི་ལི་མི་ཙག་ཤོ་བྱ་ཧཱུཾ་ཕཊ། ཨོཾ་ཀུན་གྱི་མགོ་ལ་བཟླས་སོ། །ཉིན་འབུམ་མཚན་འབུམ་བཟླས་ཏེ། འཛབ་རྫོགས་པ་དང་མཆོད་པ་གཞུང་བསྲང་ངོ་། །དེ་ནས་མ་མོ་གཤེད་ཁྲོལ་བུའི་སྔགས་ལ། མ་མོ་ཀོའུ་རཱི་མ་ཤག་ཤག་དནྟིཾ་བྷྱོ། ཙོའུ་རཱི་མ་དུནྟིཾ་བྷྱོ།ཤག་ཤག་བྷྱོ། པྲ་མོ་ཧ་མ་ལ་དནྟིཾ་བྷྱོ། ཤག་ཤག་བྷྱོ། བཻ་ཏཱ་ལི་ཙ་ཁྲོམ་ཤག་ཤག་བྷྱོ། པུཀྐ་སཱི་སྡི་ལི་ཤག་ཤག་བྷྱོ། གྷསྨ་རཱི་ནི་རོ་ལ་ཤག་ཤག་བྷྱོ། ཙནྡྷ་ལཱི་ཡ་ཏི་ཤ་ར་བྷྱོ། ཤག་ཤག་བྷྱོ། མ་མོའི་འདེབས་སྔགས་ལ། མ་མོ་ཀོའུ་རཱི་ཡ་ཨ་ཙད་དཾ་རྩེ་ར་ལ་ཛཿཧཱུཾ། སེན་མེན་ཨ་ཡ་མ་རུ་ཏྲ་ཡམ་རྦད་ཐུཾ་རི་ལི་ལི། བཛྲ་ཙོའུ་རཱི་ཧཱུཾ་ཛཿ། ཁ་ལོ་དན་ཏི་རྦད་ཐུཾ་རི་ལི་ལི། བཛྲ་པྲ་མོ་ཧ་དེ་མོ་ཧ། ཨ་ཀྲི་ཧྲྀ་ད་ཡ། པྲ་མོ་ཧ་ཡ་ཧཱུཾ་ཕཊ། ན་ལོ་ཡེ་ན་བཟློག །བཛྲ་བཻ་ཏཱ་ལཱི་ཡཀྴ་ཧཱུཾ། ས་དྲི་ཁ་ལ་རྦད་ཐུཾ་རི་ལི་ལི། བཛྲ་པུཀྐ་སཱི་ཙྪིནྡྷ་ཙྪིནྡྷ། བྷནྡྷ་བྷནྡྷ་ཀྲི་མོ་སོ་རྦད། ཐུཾ་རི་ལི་ལི། བཛྲ་དྷ་ན་


DNG023_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

གྷསྨ་རཱི་ཕཊ། ཀཱ་ཀཱ་ཡ་བ་ར་ལ། རྦད་ཐུཾ་རི་ལི་ལི། བཛྲ་སྨ་ཤ་ནཱི་བི་ལོ་ཀ་ནི་ཧཱུཾ་ཕཊ། ཡཀྴ་ནག་པོ་ཁ་ལ་བྷྱོ། ཁ་ཁ་ཡ་ཕཊ། ཆུམ་སོད་ཐུཾ་རི་ལི་ལི། བཛྲ་ཙཎྜ་ལཱི་ཧི་ལི་མི་ལི་ཙག་ཤོ་བྱ་ཧཱུཾ་ཕཊ། འུ་ཡང་ཁ་བ་སོད། ཐུཾ་རི་ལི་ལི། མོ་མོའི་འདེབས་སྔགས་སོ། །དུར་ཁྲོད་ཀྱི་མ་མོའི་འདེབས་སྔགས་ལ། རོ་ག་མ་ར་ལ་མ་མ་བྷྱོ། མན་གྲུ་མ་ཡ་ཏིང་མ་མ་བྷྱོ། ཙ་མུནྟ་མ་མ་ཀི་བྷྱོ། དྲེའུ་དྲི་མ་མ་རུ་དྲི་མཱ་ར་ཡ་བྷྱོ། སྔགས་ལེའུ་དང་ཡང་གསང་གཏེར་གྱི་ལེའུ་སྟེ་བཅུ་པའོ།། །།དེ་ནས་ལས་ལ་གཉེར་གཏད་པ་ནི། དཔལ་ཆེན་པོ་དགུ་བསྒོམ་ལ་མ་མོ་བརྒྱད་རྦད་དོ། །མ་མོ་བརྒྱད་བསྒོམ་ལ་ཕྲ་མེན་བརྒྱད་རྦད་དོ། །ཀོའུ་རཱི་མ་བསྒོམ་ལ་རོ་ཁ་མ་རྦད་དོ། །ཙོའུ་རཱི་མ་བསྒོམ་ལ་ནམ་གྲུ་མ་རྦད་དོ། །པྲ་མོ་ཧ་བསྒོམ་ལ་ཙ་མུན་ཏྲི་རྦད་དོ། །བཻ་ཏཱ་ལི་བསྒོམ་ལ་དེ་ཏྲི་མ་རྦད་དོ། །མ་མོ་བརྒྱད་དང་ཕྲ་མེན་བརྒྱད་དང་ལྷ་མོ་བཞི་ཡང་ནས་ཡང་དུ་བསྐུལ་ཞིང་ལས་ལ་བཅོལ་ལོ། །ལྷ་མོ་བཞི་ཡི་དམ་རྫས་ལ། ར་རོག་པོའི་སྙིང་ཁྲག་དང་། རྟའི་སྙིང་ཁྲག་དང་། ཁྱི་ནག་པོའི་སྙིང་ཁྲག་དང་། ཕག་པའི་སྙིང་ཁྲག་དང་དེ་རྣམས་བྷནྡྷའི་ནང་དུ་བཅུག་ལ། ཞག་བདུན་དང་དགུ་ལ་བསྒྲུབ་པོ། །གྲུབ་ནས་གང་ལ་བྱ་བ་ལ་གཏོར་རོ། །སེང་ལྡེང་གི་ཕུར་པ་སོར་གསུམ་པ་གཅིག་ལ་སྔགས་བཏབ་ལ། རྩིག་པའི་རྨང་དུ་སྦས་ན་གྲུབ་ངེས་སོ། །གཤེད་དགྱེས་པའི་ལེའུ་ཞེས་བྱ་སྟེ་བཅུ་གཅིག་པའོ།། །།དེ་ནས་མ་མོ་ལས་བྱེད་དུ་མ་འདོད་ན། མ་མོའི་ཤི་ས་བསྟན་པ་ནི། དུག་སྣ་ལྔ་ཡི་གཏོར་མ་བཤམ་ལ་གཡས་སུ་བཞག །སྨན་ལྔ་ཡི་གཏོར་མ་བཤམ་ལ་གཡོན་དུ་བཞག །མ་མོའི་རྫས་རྔ་བརྡུངས་ཤིང་མཆི་མ་དབྱུང་། རྫས་ལྔ་བརྡུངས་བསྔགས་བཏབ་ཀྱང་ལ་ཤི་ས་བསྟན་ཏེ། མ་མོ་རྣམས་ཀྱི་ཤི་ས་ནི། སྲིན་པོའི་ཡུལ་ལངྈ་པུ་རང་ཡིན་ནོ། །ཤི་བའི་དུར་ཡང་ལངྈ་པུ་རང་ཡིན་ནོ། །མ་མོ་རྣམས་བཀའ་ལས་འདས་ན། དཔལ་ཆེན་པོ་ཡཀྴ་ཧེ་རུ་ཀ་སྐུ་ཁྲོས་ནས། འོད་ཟེར་དམར་སྨུག་གི་ནང་དུ་སྲེག་པར་མཛད་པའོ། །


DNG023_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བས་སྒྲུབ་པོས་ཀྱང་དཔལ་ཆེན་པོའི་སྐུར་བསྒོམ་ལ། གསད་པའི་ལས་བྱའོ། །དུག་གིས་གཏོར་མ་ལས་བསྒྲེངས་ཤིང་སྙིང་པོ་ཡང་བརྗོད་དོ། །དུག་གི་གཏོར་མས་མ་མོ་ལ་བརྡེག་གོ། །ཕ་མེན་མ་རྣམས་ལ་ཡང་བརྡེག་གོ། །ལྷ་མོ་བཞི་ལ་ཡང་བརྡེག་ལ་ལས་བྱེད་དུ་གཞུག་གོ། །ལས་བྱེད་དུ་མ་འདོད་ན། ཡཀྴ་ཧེ་རུ་ཀའི་སྐུར་བསྒོམ་ལ་སྲོག་གི་སྙིང་པོ་ནས་དྲངས་ཤིང་ཞིང་གི་གཡབ་མོས་བརྡུང་ངོ་། །ཀོའུ་རི་ནག་མོ་ཛ། ཞེས་བརྡུང་ངོ་། །ཤི་ས་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་གསོ་བ་དང་སྐོང་བ་ནི། སྨན་སྣ་ལྔའི་གཏོར་མ་དང་བྱ་ནག་མོ་དང་། སྙིང་སྣ་བརྒྱད་ཀྱིས་ཐུགས་དམ་བསྐང་ངོ་། །དེ་ནས་ཀཽ་རཱི་མ་ཁྱི་དཀར་མོའི་སྙིང་གིས་བསྐང་། ཙོ་རཱི་མ་སྲེ་མོའི་སྙིང་གིས་བསྐང་། པྲ་མོ་ཧ་ཝའི་སྙིང་གིས་བསྐང་། བཻ་ཏཱ་ལི་སྤྱང་ཀིའི་སྙིང་གིས་བསྐང་། པུཀྐ་སཱི་བྱ་རྒོད་ཀྱི་སྙིང་གིས་བསྐང་། གྷས་མ་རཱི་སྐྱུང་ཀའི་སྙིང་གིས་བསྐང་། ཙཎྜ་ལཱི་འུག་པའི་སྙིང་གིས་བསྐང་། ཤ་ཆེན་གྱི་ལང་ལིང་དང་། སྐོས་ཀྱི་ཤ་ཆེན་རྣམས་ཀྱིས་ཐུགས་དམ་བསྐང་ངོ་། །སྙིང་དེ་རྣམས་ཀྱིས་ཐུགས་དམ་བསྐང་བར་འགྱུར་རོ། །ཐུགས་དམ་བསྐང་ཞིང་གསོ་བའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་གསད་པར་བྱ་བའི་ལས་ནི། ལིངྒའི་གཟུགས་ནི་འདི་ལྟར་བྱའོ། །གྲོ་གའམ་ཤིང་ཤུན་ལ་གཟུགས་བྲིས་ལ། གཡས་སུ་ཧཱུཾ་བྲི། གཡོན་དུ་ཕཊ་བྲི།དཔྲལ་བར་རུས་བྲི། ཁར་མིང་བྲི། སྙིང་གང་ནྲྀ་བྲི། འདོམས་སུ་མཱ་ར་ཎ་བྲི། སྤྱི་བོར་ཀཱི་ལ་ཡ་བྲི། ཚོན་སྐུད་སྣ་ལྔས་བཅིང་། ཧོམ་ཁུང་ནང་དུ་བཅུག །དེ་ནས་དུག་ཤིང་དགུའི་ཕུར་པས་གདབ་བོ། དེ་ཡང་སྣ་ལ་བླ་ཁུག་པར་དགུག་གོ། །མ་མོ་རྣམས་བསྐུལ་ལོ། །བླ་ཁུག་པར་གསལ་ནས། ཕུར་པས་བརྡེག །མ་མོ་རྣམས་ཀྱིས་བུ་ག་དགུར་གདབ་བོ། །སྔགས་ཀྱང་གཞུང་སྔགས་བཟླས་སོ། །ཕུར་པ་སྤྱི་ཡི་སྔགས། བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣན། དཱིཔྟ་ཙཀྲ་ཧཱུཾ་ཕཊ། དུན་ཤེལ་མ་ར་ན་ལྷང་ལྷང་ཙམ་དུ་རྦད། ཉིན་ལན་


DNG023_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་མཚན་ལན་གསུམ་སྟོང་རྩ་བརྒྱད་དུ་བཟླས་སོ། །ཕུར་པ་སྨེ་བརྩེགས་ཀྱི་ཡང་སྙིང་དུ་ཕྱུང་བའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་མ་མོ་བདུན་སྤྱིའི་སྒྲུབ་ཐབས་ནི། ཡེ་ཤེས་ཐུགས་ཀྱི་མ་མོ་སྟེ། །གསང་བ་ཐུགས་ཀྱི་མ་མོ་སྟེ། །འདི་ལས་དཀྱིལ་འཁོར་བྱུང་བ་ནི། །སྒྲུབ་པའི་གནས་རྣམས་བརྟག་པ་དང་། །ས་གཞི་བརྟག་པ་གཞུང་བཞིན་བྱ། །དེ་ནས་དཀྱིལ་འཁོར་གཏན་ལ་དབབ་པར་བྱ་སྟེ། དཀྱིལ་འཁོར་གྲུ་གསུམ་ལ། དབུས་སུ་དོང་ཆག་གང་བྲུས། ནང་སོལ་བས་བཀངྐ་ལ་བཞག་གོ། །དེའི་ཕྱི་རིམ་དུ་རྟ་ཁྲག་དང་མི་ཁྲག་སྐམ་པོ་བསྲེས་པ་ལ་མཎྜལ་གྲུ་གསུམ་བྱས་ལ་བཞག་གོ། །དེའི་ཕྱི་རིམ་དུ་མཐིང་ནག་གྲུ་གསུམ་དུ་བྱས་ལ་བཞག་གོ། །དེ་ནས་སྒྲུབ་པའི་རྫས་ལ། དབུས་སུ་བྱིས་པའི་སྙིང་བཞག་སྟེ། ཀོའུ་རཱི་མའི་རྫས་སོ། །ཙོའུ་རཱི་མའི་རྫས་སུ་སྟག་གི་སྙིང་བཞག་གོ། །པྲ་མོ་ཧའི་རྫས་སུ་ཝའི་སྙིང་བཞག་གོ། །བཻ་ཏཱ་ལིའི་རྫས་སུ་ཁྱི་ཡི་སྙིང་བཞག་གོ། །པུཀྐ་སཱིའི་རྫས་སུ་བྱ་དཀར་པོའི་སྙིང་བཞག་གོ། །གྷས་མ་རཱིའི་རྫས་སུ་བྱ་ནག་མོའི་སྙིང་བཞག །ཙཎྜ་ལཱིའི་རྫས་སུ་འུག་པའི་སྙིང་བཞག །ཤ་ཆེན་ཀུན་གྱི་རྫས་ཡིན། ཚིལ་ཆེན་གྱི་མར་མེ་ཡང་བཏང་། དེ་ནས་དྲོད་ཚད་བརྟགས་ཏེ། སྙིང་མི་དགའ་ལ་ཉམས་མི་བདེ་ན། སྒྲིབ་པ་ཡོད་པས་བསྐང་བཤགས་བྱ། ངུ་སྙིང་འདོད་ལ་མི་དགའ་ན་ཐུགས་དམ་མ་བསྐངས་པས་མཆོད་པ་བསྟབ་པོ། །ཁྲོ་སྙིང་འདོད་ན་དབང་དུ་མ་འདུས་པས་བསྒོམ་པར་བྱའོ། །ཁྱོ་གའི་ཆོ་འཕྲུལ་ཆེ་ན་དབང་དུ་མ་འདུས་པས། ཏིང་ངེ་འཛིན་གསལ་བར་བྱས་ནས་སྔགས་བཟླས་སོ། །བུད་མེད་ཀྱི་ཆོ་འཕྲུལ་ཆེ་ན་ཕུར་པ་གདབ་པོ། །ཆོ་འཕྲུལ་ཆུང་ལ་གླལ་འདོད་ན་མི་རུང་བས་བསྟབ་པ་བྱ། བུད་མེད་མདོག་ངན་པ་དང་འཕྲད་ན་ངན་ཏེ་སྒྲིབ་པ་སྦྱོང་། སྙིང་དགའ་ལ་ཉམས་བདེ་ན་སྒྲིབ་པ་མེད་པ་ཡིན་ནོ། །སེམས་དགའ་ན་སྐོང་པ་ཡིན་ནོ། །ཉམས་དགའ་ལ་བརྗིད་ཆེ་ན་བཀའ་ཉན་པར་འོང་ངོ་། །ཏིང་ངེ་འཛིན་གསལ་ན་དབང་དུ་འདུས་པ་ཡིན་ནོ། །ཆོ་གའི་ཆོ་འཕྲུལ་ཆུང་ན་དབང་དུ་འདུས་


DNG023_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ནོ། །རྨི་ལམ་ན་བུད་མེད་བཟང་མོ་དང་འཕྲད་ན་བཟང་། ཆོ་འཕྲུལ་ཆེ་ལ་བུད་མེད་དང་འཕྲད་ན་བཟང་། དེ་ནས་གཤེད་བསྐོ་བ་ནི་ཀོའུ་རི་མ་བསྒོམ་པས། ཕྲ་མེན་སེང་གེའི་མགོ་ཅན་རང་དབང་མེད་པར་ལེན་ཅིང་མངོན་དུ་འོང་ངོ་། །ཙོའུ་རི་མ་བསྒོམ་པས། ཕྲ་མེན་མ་སྟག་དང་སྲེ་མོའི་མགོ་ཅན་ལ་རང་དབང་མེད་པར་འོང་ཞིང་། ལྟས་ངན་འབེབས་ཤིང་ནོར་དང་འབྲལ་ལོ། །པྲ་མོ་ཧས་ཝའི་མགོ་ཅན་རང་དབང་མེད་པར་གཏོང་ཞིང་དབང་དུ་སྡུད་དོ། །བཻ་ཏཱ་ལིས་སྤྱང་ཀིའི་མགོ་ཅན་མངགས་ནས། རང་དབང་མེད་པར་འོང་ཞིང་འབྲལ་བའི་ལས་བྱེད་དོ། །པུཀྐ་སཱིས་བྱ་རྒོད་ཀྱི་མགོ་ཅན་མངགས་ནས་རང་དབང་མེད་པར་འོང་ཞིང་འབྲལ་བའི་ལས་བྱེད་དོ། །གྷས་མ་རཱིས་བྱ་ཀངྐ་ཀའི་མགོ་ཅན་མངགས་ནས་རང་དབང་མེད་པར་འོང་ཞིང་སྨྱོ་བའི་ལས་བྱེད་དོ། །ཙཎྜ་ལིས་འུག་པའི་མགོ་ཅན་མངགས་ནས་རང་དབང་མེད་པར་འོང་སྟེ་ཚེ་སྲོག་འཕྲོག་པའི་ལས་བྱེད། མགོ་བརྙན་མ་དེ་དག་ཀྱང་མངོན་གསུམ་དུ་ཁྱིམ་དུ་དབབ་པོ། །དེ་ནས་སྙིང་པོ་བཟླས་པ་ནི། ཨོཾ་བཛྲ་ཀོའུ་རཱི་ཡ། ཨ་ལོ་ཙ་ལ་རྦད་དུམ་བེ་ར་ལ་ཛབ་ཧཱུཾ། ཨོཾ་བཛྲ་ཙོའུ་རཱི་ཛ་ཧཱུཾ་བྷྱོ། ཤི་ཤད་ཤད་ཛ་ཛ་ཧཱུཾ། ཨོཾ་བཛྲ་པྲ་མོ་ཧ། དེ་མོ་ཧ་ཡ། སརྦ་དུཥྚན་ཨ་ཀ་ཧྲྀ་ད་ཡ། པྲ་མོ་ཧ་མོ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་པུཀྐ་སཱི་ཙྪིནྡ་ཙྪིནྡ་ཡ། ཐུཾ་ཐུཾ་བནྡྷ་བནྡྷ། མོ་ཧ་ར་ལ་ཛ་ཛ་བྷྱོ་བྷྱོ་ཧཱུཾ། ཨོཾ་བཛྲ་གྷས་མ་རཱི་ད་ན་ཀ་མ་ཧཱུཾ། དུམ་དུམ་རྦད་རྦད་ཛ་ཛ་ཧྲཱྀ། ཨོཾ་བཛྲ་བཻ་ཏཱ་ལི་ཡཀྴ་ཛ་ཧཱུཾ་ནག་མོ་ཁ་བྷྱོ་བྷྱོ། ཨོཾ་བཛྲ་ཙཎྜ་ལཱི་ཧི་མི་ལི་ཙག་ཤོ་བྷྱོ། ཧོ་ཆེ་ག་དུམ་སྦྲུག །བྱི་རྦད་ཆུམ་ཆུམ་ཤད་ཤད་ཛ་ཧཱུཾ། ཧ་ཧེ་སེངྷ་ཧེ། མ་མ་ཀངྐ་ཀི་རྦད་ཐུཾ་རི་ལི་ལི། བྱཱ་གྷྲི་ཧེ་རུ་ཀ་ཤ་རྦད་ཐུཾ་བྷྱོ། སྲི་ལ་མུ་ཁ་ཧེ། རུ་དྲ་རུ་དྲ་ཤིག་ཤིག་རྦད་རྦད་ཧེ་ཧེ་བྷྱོ། ཤོ་ན་མུ་ཀ་ཧེ་ཀ་ལ་དུམ་བུ་ཧེ་གྱི་གྱི་མ། ཀྲི་ཏ་མུ་ཀ་ཧེ་ཤ་དྲི་ཧི་ཁ་ཡག་ཐུམ་བྷྱོ་རྦད། ཀངྐ་མུ་ཀ་ཧེ་ཡགྴ་ཁ་ཐུཾ་བྷྱོ་རྦད། ཧུ་ལུ་མུ་ཀ་ཧེ། ཆེམ་ཆེམ་ག་རུ་རྦད་ཐུཾ་རི་ལི་ལི་བྷྱོ། ཞེས་བརྒྱ་རྩ་བརྒྱད་བཟླས་སོ། །ཀོའུ་རི་མ་


DNG023_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་བརྒྱད་བསྒོམ་ལ། ཕྲ་མེན་མ་བརྒྱད་རྦད་ཅིང་ལས་བཅོལ་ལོ། །དགྲ་བོ་རོ་ཡང་སྤྱང་ཀི་དང་ཝ་ལས་སོགས་པས་ཟའོ། །ཕྲ་མེན་མ་རྣམས་ཀྱང་མངོན་དུ་འབབས་སོ། །སྲོག་གི་སྙིང་པོའོ། །དེ་ནས་ལས་ཀྱི་གཉེར་གཏད་པ་ནི། བཛྲ་ཧེ་རུ་ཀ་བསྒོམ་ལ། ཀོའུ་རཱི་མ་ལ་བླང་པའི་གཉེར་གཏད་དོ། །བུཌྜྷ་ཧེ་རུ་ཀ་བསྒོམ་ལ་ཙོའུ་རཱི་མ་ལ་བརྐུ་བའི་ལས་གཉེར་གཏད་དོ། །པད་མ་ཧེ་རུ་ཀ་བསྒོམ་ལ་པྲ་མོ་ཧཱ་ལ་བཟློག་པའི་ལས་གཉེར་གཏད་དོ། །ཀརྨ་ཧེ་རུ་ཀ་བསྒོམ་ལ་བཻ་ཏཱ་ལི་ལ་མྱོས་པར་བྱེད་པའི་ལས་གཉེར་གཏད་དོ། །ཡཀྴ་ཧེ་རུ་ཀ་བསྒོམ་ལ་པུཀྐ་སཱི་ལ་འབྲལ་བར་བྱེད་པའི་ལས་གཉེར་གཏད་དོ། །རཀྴ་ཧེ་རུ་ཀ་བསྒོམ་ལ། གྷསྨ་རཱི་ལ་སྨྱོ་བར་བྱེད་པའི་ལས་གཉེར་གཏད་དོ། །ས་ནུ་ཧེ་རུ་ཀ་བསྒོམ་ལ་སྨ་ཤ་ནཱི་ལ་གསད་པར་བྱ་བའི་ལས་གཉེར་གཏད་དོ། །དམ་ཚིག་ཧེ་རུ་ཀ་བསྒོམ་ལ་ཙཎྜ་ལཱི་ལ་བཟློག་པའི་ལས་གཉེར་གཏད་དོ། །ཀོའུ་རཱི་མས་སེང་གེའི་མགོ་ཅན་ལ་ནོར་དང་འབྲལ་བའི་ལས་གཉེར་གཏད་དོ། །ཙོའུ་རཱི་མས་སྟག་གི་མགོ་ཅན་ལ་ལེན་པར་བྱེད་པའི་ལས་གཉེར་གཏད་དོ། །པྲ་མོ་ཧས་ཝའི་མགོ་ཅན་ལ་དབང་དུ་སྡུད་པའི་ལས་གཉེར་གཏད་དོ། །བཻ་ཏཱ་ལིས་སྤྱང་ཀིའི་མགོ་ཅན་ལ་ཉམས་པར་བྱེད་པའི་ལས་གཉེར་གཏད་དོ། །པུཀྐ་སཱིས་བྱ་རྒོད་མགོ་ཅན་ལ་འབྲལ་བར་བྱེད་པའི་ལས་གཉེར་གཏད་དོ། །གྷསྨ་རཱིས་ཀངྐ་ཀའི་མགོ་ཅན་ལ་སྨྱོ་བར་བྱེད་པའི་ལས་གཉེར་གཏད་དོ། །སྨ་ཤ་ནཱིས་བྱ་རོག་གི་མགོ་ཅན་ལ་གསོད་པར་བྱེད་པའི་ལས་གཉེར་གཏད་དོ། །ཙནྡྷ་ལཱིས་འུག་པའི་མགོ་ཅན་ལ་འབྲལ་བའི་ལས་གཉེར་གཏད་དོ། །དེ་ཡང་མན་མཚང་འབྲུ་ཡང་ཞིང་ལས་བྱེད་དུ་གཞུག་གོ། །ལས་གཉེར་གཏད་ཅིང་སྙིང་ཡང་བསྟབ་བོ། །དེ་ནས་ཤི་ས་བསྟན་པ་ནི། བདག་དཔལ་ཧེ་རུ་ཀར་བསྒོམ་ལ། མ་མོའི་སྲོག་གི་སྙིང་པོ་ནས་དྲངས་ཤིང་། བཛྲ་ཨཱངྐུ་ཤས་བརྡུང་ངོ་། །ཙོའུ་རཱི་གདོང་བཞི་ཛཿཛཿ། ཞེས་བྱ་བ་ལ་སོགས་པས་བརྡུང་ངོ་། །ཡང་རྣམ་པ་གཅིག་ལ་ལྷ་གནད་ལ་བོར་བ་ནི། སྣ་ལ་གཡག་རུའི་ནང་དུ་མཚན་བྱང་བཅུག་ལ། དེ་ནས་སྔོན་ལ་གཡབ་མོས་གཡབ་


DNG023_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

ལ། ཤ་ཁྲག་གི་མཆོད་པ་འབུལ་ལོ། །གཡག་རུའི་ཁར་སྐྱེར་ཕུར་བདུན་ལ་ཀོའུ་རཱི་མ་བདུན་གྱི་སྔགས་བཟླས། གཡག་རུའི་ཁ་བཀབ་ལ། གནད་ལ་བོར་བ་ནི་བདག་ཉིད་ཞེ་སྡང་རྡོ་རྗེར་བསྒོམ་པའི་རྐང་པ་ལ་འཁོར་ལོ་རྩིབས་བརྒྱད་པ་བསྒོམ་ལ་གཡས་ཕྱོགས་སུ་སྨན་བཞག །གཡོན་དུ་དུག་ཕོར་ཐུན་དྲག་པོས་གང་བ་བཞག་ལ། བཛྲ་ཀོའུ་རཱི་ཛ་ཛཿ། བཛྲ་ཙོའུ་རཱི་ཛ་ཛཿ། ཞེས་བཟླས་པས། མདུན་དུ་གནམ་ལས་བྱ་རོ་བསྐྱུར་བ་བཞིན་དུ་བྱུང་བར་བསམ་མོ། །དེ་ནས་དུག་སྔགས་འདི་བཟླས་སོ། །ཨོཾ་བུ་རུ་མེ་ཏ་ཧ། ཞེས་བཟླས་ལ་དུག་བརྡེག་གོ། །དེ་ནས་ཅི་བགྱི་བཀའ་སྩོལ་ཟེར་བར་བསྒོམ་མོ། །དེ་ནས་སྨན་གྱིས་གསོ་ཞིང་བསྟོད་དོ། །དེ་ནས་བསྐང་བ་ནི། དམ་རྫས་ཚང་བའི་གཏོར་མ་དང་། རཀྟ་སྣ་ཚོགས་དང་། སྙིང་སྣ་ཚོགས་དང་། མཆེ་བ་སྣ་ཚོགས་དང་། ཤ་སྣ་ཚོགས་དང་། བྱ་ནག་མོས་བསྐང་ངོ་། །དེ་ཡང་ཕུད་ཀྱིས་དཔལ་ཆེན་པོ་བསྐང་ངོ་། །ལྷག་མའི་ཕུད་ཀྱིས་ཀོའུ་རཱི་མ་བདུན་བསྐང་ངོ་། །ལྷག་མའི་ལྷག་མས་ཕྲ་མེན་མ་བསྐང་ངོ་། །ཡང་ནས་ཡང་དུ་རྫས་ཀྱིས་བསྐང་ངོ་། །སྨན་གྱིས་གསོའོ། །ཡང་ན་ཉེས་བྱེད་གཅིག་རླག་པར་བྱེད་ན། ལིངྒ་བྱས་ལ་ཁྲོ་མོ་བྱིས་པའི་དབྱུག་པ་ཅན་རྦད་ལ། རཀྟ་སྣ་གསུམ་གྱི་ནང་དུ། ཤ་སྣ་གསུམ་བླུག་ལ་ཁ་ཤར་ཕྱོགས་སུ་བལྟས་ཏེ། དཔྲལ་བའི་དབྱེས་སུ་རཀྟ་གསུམ་གྱིས་ཐིག་ལེ་གསུམ་བཏབ་ལ། ལིངྒ་མདུན་དུ་བཞག་སྟེ་སྔགས་འདི་བརྗོད་དོ། །མ་མོ་ཆེན་མོ་ཀོའུ་རཱི་ཛཿཛཿ། བྷྱོ་ཁཱ་ཧི་བྷྱོ། ཞེས་བྱ་བ་བརྒྱ་རྩ་བརྒྱད་བཟླས་སོ། །དེ་ནས་བསྟོད་ཅིང་བསྐུལ་ལ། ཨོཾ་བཛྲ་མུ་མོ་ཏ་ཏི་བྷྱོ། མུཾ་ཁཾ་ཙད་དེ་ན་རྦད། སི་ཏི་ཁ་བྷྱོ། ཞེས་བརྗོད་དོ། །སྲིན་མོ་རལ་གཅིག་མས་དགྲ་བོ་དབང་དུ་སྡུས་ཤིག །རྡུལ་དུ་རློགས་ཤིག་ཅེས་ཀྱང་བྱའོ། །དེ་ནས་ཡང་ལས་མ་གྲུབ་ན་འདི་ལྟར་བྱའོ། །འཇིགས་པའི་གཙོ་མོའི་གམ་དུ་སོང་ལ། སྦུག་གུ་ལུང་དགུ་པའི་ནང་དུ། དུག་སྣ་ཚོགས་དང་། གཏོར་མ་བྱས་ལ་སྔོན་ལ་ཀོའུ་རཱི་བསྐུལ་ལོ། །དགྲ་བོའི་ཕྱོགས་སུ་སྟངས་སྟབས་ལན་


DNG023_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་བྱས་ལ། དགྲ་བོའི་ཕྱོགས་སུ་ཚམ་རྔམས་བྱ། དེ་ཡང་སྔགས་འདི་བཟླས་ཤིང་ཚམ་རྔམས་བྱའོ། །བྷྱོ་ཧབ་ཧུབ། དམ་ཉམས་ཀྱི་སྙིང་དཀར་ནག་མཚམས་སུ་ཕོག་པར་རྒྱོབ་ཅིག །ཀོའུ་རཱི་མ་ཛ་བྷྱོ་ཧབ། ཅེས་བྱས་ལ་བཟླས་སོ། །དེ་ནས་ཤར་ཕྱོགས་སུ་ཁ་བལྟས་ལ། གསེར་སྐྱེམས་ཕོར་གང་གི་ནང་དུ་བཤོས་བུ་ཁྲུ་གང་པ་གཅིག་བཅུག་ལ་རྨྱུག་མ་ཚིགས་དགུ་པ་གཅིག་ལ་དར་དཀར་མཐོ་གང་བཏགས་ལ་ཤེལ་གིང་དཀར་པོས་དམ་ཉམས་པ་འདི་རླག་པར་མཛོད་ཅིག་བྱས་ལ་སྔགས་འདི་བརྗོད་དོ། །ཧུ་དེ་ཧ་རུ་ཧུ་ར་བྷྱོ། སུ་ཀངྐ་དཀར་པོ་ཆོ་ཆོ། ཞེས་བྱ་ལ་ལས་བཅོལ་ལོ། །དེ་ནས་ནུབ་བྱང་མཚམས་སུ་བལྟས་ལ། གསེར་སྐྱམས་ཕོར་གང་ཐོགས་ལ། ཡམ་ཤུད་དམར་པོ་ལ་དགྲ་བོ་ཁྱོད་ཀྱིས་གསོལ་ཅིག །མངའ་མཛོད་ཅིག་བྱས་ལ་སྔགས་འདི་བརྗོད་དོ། །ཏིབ་ཧབ་ཧབ་ཧ་ར་ཏིམ་ཏིམ་ཧཾ། ཞེས་བྱ་ལ་ལས་བཅོལ་ཞིང་དགྲ་བོ་གཏད་དོ། །དེ་ནས་གནན་པ་བྱ་བ་ནི། ཁྲོ་མོ་ཀོའུ་རཱི་མ་བསྒོམ་ལ་བྱ་ངང་ངུར་གྱི་སྒོ་ངའམ་བྱ་ནག་མོའི་སྒོ་ངའི་ནང་། གནག་པའི་མཚན་བྱང་བྲིས་ལ། རཀྟ་སྣ་གསུམ་གྱི་ཨརྒྷཾ་སྦྲེངས་ཤ་ཁྲག་གི་མཆོད་པ་འབུལ་ལོ། །དེ་ནས་བསྐུལ་ཞིང་དགྲ་བོའི་མིང་བྱང་ལ་བསྟབ་པ་བགྱི། དེ་ནས་སྙིང་པོ་འདི་ཁྲིའམ་འབུམ་བཟླས་སོ། །ཏེ་ན་ཏེ་མཱ་ར་ཡ་ཛ། ཞེས་པ་ཡིད་ལ་བཟླས་སོ། །ཉུང་དཀར་རམ་སྐེ་ཚེ་ལ་སྔགས་བཟླས་ཏེ་མིང་བྱང་ངམ་གཟུགས་ལ་བསྣུན་ལ། མཆོག་གི་གླིང་བུ་འབུད་ལ་གཏོར་མ་ནི་ཆུའི་གཞུང་ངམ་ས་གཙང་སར་བསྐྱལ་ལོ། །མིང་བྱང་ལ་གཟེར་མནན་དྲག་ཏུ་བགྱི། ཞིང་ཆེན་གྱི་གཡང་གཞི་ལན་གསུམ་དུ་བརྡབ་ལ། གང་ལ་བྱ་བ་ལ་ལས་བཅོལ་ལོ། །དེ་ནས་མོན་གྱི་བྷནྡྷ་སྐམ་རློན་ཁ་སྦྱར་བའམ་རྟ་དང་གཡག་གི་ཐོད་པ་སྦྱར་བའི་ནང་དུ། དགྲ་བོའི་མིང་བྱང་བཅུག་པ་ལ། ཐོད་པ་ཁ་སྦྱོར་ལ་སྔོན་དམར་གྱིས་བཅིངས་ལ། སེང་ཕྲོམ་དང་། སྨུག་རྐང་དང་། ལྡོང་རོས་དང་། པྲི་ཡང་ཀུ་དང་། འདི་རྣམས་ཞག་ཏུ་སྦྲུས་ཏེ་རིལ་བུ་བརྒྱའམ་སྟོང་རྩ་བརྒྱད་བྱས་ཏེ། རིལ་བུ་རེ་རེ་ལའང་སྔགས་བརྒྱ་རྩ་


DNG023_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་བཟླས་ཤིང་ཐོད་པ་ལ་གདབ་པོ། །དེ་ཡི་སྔགས་ལ། ན་མོ་པུ་རི་བཛྲ་ཙ་ཀ་ནན། ཙག་ཀ་ཤག་ཅེས་ཡིད་ལ་བཟླས་སོ། །རིལ་བུ་རེ་རེ་ལ་སྔགས་བརྒྱ་རྩ་བརྒྱད་དམ་སྟོང་རྩ་བརྒྱད་ཚང་བ་དང་རྫས་དེ་ཉིད་ལམ་པོ་ཆེའི་གཞི་མདོའམ་བྲག་དང་ཆུ་འཐབས་པའི་སར་ས་ཆག་གང་བརྐོས་ལ། དེ་ཡི་ནང་དུ་སྦས་ལ་ས་བདག་ལ་གཏད་པར་བསྒོམ་མོ། །དེ་ནས་གནས་བདེ་བར་སོང་ལ་བདག་དཔལ་ཆེན་པོའི་ཏིང་ངེ་འཛིན་དུ་ཞུགས་ཏེ། གསལ་བར་བསྒོམ་ལ། དེ་ནས་ལས་འདི་ལྟར་བགྱི་སྟེ། མངོན་སྤྱོད་ཀྱི་ཨེ་གྲུ་གསུམ་གཅིག་བྱས་ཏེ། དེའི་ནང་དུ་དགྲ་བོའི་མིང་བྱང་བྲི། ཁ་དོག་ནག་པོར་བྱས་ལ་སྐྱེར་ཕུར་བདུན་དང་སྐྱེར་པའི་རྩང་བདུན་གྱིས་ཁ་བསྐོར། དེ་ཡི་ཕྱི་རིམ་རྡོ་རྗེ་ར་བས་བསྐོར་ལ་ཁྲག་གིས་བསྐུ། དེ་ནས་རྟའི་གཅིན་དང་འབྲིའི་ཀླད་པ་བསྲེས་ལ། རས་བལ་ལ་བསྐུས་ཏེ་སྡོང་བུ་བྱས་ལ་ཚིལ་ཆེན་གྱི་མར་མེ་གསུམ་བཏང་། དེའི་དུད་པ་དང་རྟའི་ཚིལ་བཙོས་པའི་ཞག་དང་ལྡེ་གུར་བྱས་ཏེ། དཀྱིལ་འཁོར་གྱི་མཎྜལ་བྱ། ར་སོག་གམ་ཕག་པའི་ཐོད་པ་ལ་གཟུགས་བྱ། ར་ཁྲག་དང་ཁྱི་ཁྲག་གིས་སྙིང་གར་ཛ་བྲི། གཟུགས་ལ་སྔོན་དམར་གྱིས་དཀྲིས་ལ། ཉུང་དཀར་ལ་སྔགས་འདི་ཁྲིའམ་འབུམ་བཟླས་ལ་སྙིང་གར་གདབ་བོ། །སྔགས་ལ་རཀྴ་ཁ་ཐམ་སྙིང་ཁ་རཀྴ་པ་ར་བ་ཏི། དུར་ད་རི་བྷྱོ་ཛ། དམ་ལས་འགལ་བར་བྱེད་པའི་དགྲ་བོ་འདི་ཕྱེ་མར་བརླག་པར་མཛོད་ཅིག །ཧཱུཾ་ཛ་ནི་ཛ་པ་ར་པ་ར་ཏི་ཛ། ཀ་ར་ཀ་ར་ཛ། ཞེས་བརྗོད་དོ། །དེ་ནས་བསྐུལ་ལ་དགྲ་བོའི་དབང་པོ་ཀུན་བསྟབ་པོ། །དེ་ནས་དགྲ་བོ་ཀླུ་ལ་གཏད་པའི་ཆོ་ག་ལ། ཤོག་ཤོག་ལ་སྦལ་པ་ནག་པོའི་གཟུགས་བྲིས་ལ། དེ་ཡི་ནང་དུ་མིང་བྱང་བྲིས་ལ་གནག་པའི་ཀླུ་རྣམས་ལ་གཏད་པར་བསྒོ། ཀླུ་རྣམས་ལ་སྨན་དང་འོ་མ་དང་གཏོར་མས་མཆོད་དེ། །སྲིད་པའི་ལྷ་འདྲེ་ལ་གསེར་སྐྱེམས་གཏང་ངོ་། །བྱང་ཤར་མཚམས་ཀྱི་ཡམ་ཤུད་དམར་པོ་འཁོར་དང་བཅས་པ་ལ་ཡང་གསེར་སྐྱེམས་ཆ་གཅིག་བཏང་ངོ་། །དགྲ་བོའི་ཚེ་སྲོག་གི་བར་


DNG023_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཆད་ཅིག་པར་བསྒོམ། དེ་ནས་ཀླུ་རྣམས་ཀྱི་སྙིང་པོ་བཟླས་སོ། །ཨོཾ་ཕཊ་ནི་ཛ། ཤམ་བག་ལ་ནི་ཛ། ཨོཾ་དགྲ་བོ་ནྲྀ་ཛ། འགལ་བྱེད་འགེའུ་རུ་ནི་ཛ། ལན་ཁྲིའམ་འབུམ་བཟླས་སོ། །སྦལ་པའི་གཟུགས་ནི་ས་ཆག་གང་འོག་ཏུ་མནན་ནོ། །དེ་ལྟར་བྱས་ལ་ཀླུ་ནག་པོ་ལ་གཏད་པར་བསྒོམ་མོ། །གུ་གུལ་ནག་པོའི་དུད་པས་བདུག །འགྲོ་བ་རིགས་དྲུག་ལ་སྦྱིན་གཏོར་བཏང་། དེ་ལྟར་ཀླུ་རྣམས་ལ་དམ་སྩལ་ལ་མནས་བསྒག་པ་ནི། ཨོཾ་ཙ་ཏ་ཙ་ཏ་བྱི་ཙ་ཏ། ཤད་ཤད་ཏ་སྭཱ་ཧཱ། ཞེས་མནས་བསྒག་གོ། །དེ་ལྟར་བྱས་ན་ཅི་ཡང་འགྲུབ་བོ། །སྒྲུབ་ཐབས་ཀྱི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་ལས་ཀྱི་གཞུག་གཉིས་པ་ནི། དང་པོ་ཡུལ་ནས་སྤྱན་དྲང་། མཆོད་པ་འབུལ། བསྟབ་པ་བྱ། ཕོ་ཉ་བཏང་། སྲོག་གི་སྙིང་པོ་ནས་དྲོངས་ཅི་མང་དུ་བཟླས་སོ། །མངག་ཅིང་ལས་རང་དབང་མེད་པར་བྱེད་དུ་གཞུག་གོ། །དེ་ནས་ནམ་ཕྱེད་ཡོལ་དང་ཉི་མ་ཕྱེད་ཡོལ་ཙམ་ན། སྲིན་མོ་བདུན་ལ་མཚང་འབྲུ་ཞིང་ལས་བྱེད་དུ་གཞུག་པ་ནི། རྒྱ་གར་སྐད་དུ། བཛྲ་ཁམས་ཛ། སཾ་སྐྲི་ཏའི་སྐད་དུ། དམར་མོ་མི་ཟན་མ་མཆེ་བ་ཅན། བོད་སྐད་དུ། རལ་པ་གཅིག་མའི་བུ་མོ་ཡིན་པས་པྲ་མོ་ཧ་ཞེས་བྱ་བ་ལས་ཅི་ཡང་ཟློག་ནུས་སོ།། རྒྱ་གར་སྐད་དུ། བཛྲ་ཡགྴ་ཛ། སཾ་སྐྲི་ཏའི་སྐད་དུ། སྲིན་མོ་རལ་གཅིག་མ་ཞེས་བྱ་བ། བོད་སྐད་དུ། ཀཽ་རཱི་མ་ནག་མོ་ལེན་བྱེད་མ་སྟེ་ལས་ཅི་ཡང་ལན་ནུས་སོ།། རྒྱ་གར་སྐད་དུ། བཛྲ་མ་ཛ་ཞེས་བྱ་བ། སཾ་སྐྲི་ཏའི་སྐད་དུ། སྲིན་མོ་རལ་གཅིག་གདོང་བཞི་མ་ཞེས་བྱ་བ། བོད་སྐད་དུ། ཙོའུ་རཱི་སེར་མོ་རྐུ་བྱེད་མ་ཞེས་བྱ་སྟེ་ལས་ཅི་ཡང་བརྐུ་ནུས་སོ།། རྒྱ་གར་སྐད་དུ། མ་མ་ཛ་ཛ་ཞེས་བྱ་བ། སཾ་སྐྲི་ཏའི་སྐད་དུ། སྲིན་མོ་མགོ་འཕྱངས་འཆང་མ་ཡང་ཞེས་བྱའོ། །བོད་སྐད་དུ། བཻ་ཏཱ་ནག་མོ་མྱོས་བྱེད་མ་ཞེས་བྱ་སྟེ་ལས་ཅི་ཡང་ཉམས་སོད་པར་བྱེད་དོ།། རྒྱ་གར་སྐད་དུ། བཛྲ་ཁ་ར་ཛ་ཞེས་བྱ་བ། སཾ་སྐྲི་ཏའི་སྐད་དུ། སྲིན་མོ་འབྲལ་བྱེད་མ་ཞེས་བྱ། བོད་སྐད་དུ། པུཀྐ་སཱི་ཞེས་བྱ་སྟེ་ལས་ཅི་ཡང་འབྲལ་བར་བྱེད་ནུས་སོ།།


DNG023_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། མ་ཧོ་ར་ཙ་ཞེས་བྱ་བ། སཾ་སྐྲི་ཏའི་སྐད་དུ། སྲིན་མོ་སྨྱོ་བྱེད་མ་ཞེས་བྱ་བ། བོད་སྐད་དུ། གྷས་མ་རཱི་ཞེས་བྱ་སྟེ། ལས་ཅི་ཡང་སྨྱོ་བར་བྱེད་ནུས་སོ།། རྒྱ་གར་སྐད་དུ། བཛྲ་ཡ་བུ་མུ་ཛ་ཞེས་བྱ། སཾ་སྐྲི་ཏའི་སྐད་དུ། བགེགས་ཡཀྴ་ནག་མོའི་བུ་མོ་སྲིན་མོ་ལན་ཕྲན་ཅན་ཞེས་བྱ། བོད་སྐད་དུ། ཙནྡྷ་ལཱི་ཞེས་བྱ། ལས་ཅི་ཡང་ཐོགས་པ་མེད་པར་བྱེད་ནུས་སོ། །ལས་གཉེར་གཏད་ཅིང་སྙིང་སྣ་བསྟབ་པ་ནི། ཀོའུ་རཱི་མ་ནི་ཉི་མ་ནུབ་ཁ་དང་ནམ་ཕྱེད་ཙམ་ན། གནོད་སྦྱིན་གྱི་བུ་མོ་ཞགས་པ་ཐོགས་མ་ལ་ཞོན་ནས། ཉུལ་དུ་འོང་ངོ་། །དུས་དེ་ཙམ་ན་སྲོག་གི་སྙིང་པོ་ནས་དྲོངས་ཤིང་རྫས་བསྟབ་ཅིང་བཏང་ངོ་། །སྒྲུབ་པ་དང་བསྙེན་པ་བྱེད་ན་ཉམས་ཉེ་བར་ལེན་དུ་འོང་ངོ་། །དངོས་གྲུབ་འཕྲོག་ཏུ་འོང་ངོ་། །ལས་གཉེར་ཡང་ཉི་མ་ནུབ་ཁ་ནམ་གུང་ལ་གཏད་དོ། །ཙོའུ་རཱི་མ་ནི་གཤིན་རྗེའི་བུ་མོ་རལ་གཅིག་མ་ཞེས་བྱ་བ་ལ་ཞོན་ནས་སྲོད་ལ་འོང་ངོ་། །རྦད་པ་དང་ལས་གཉེར་གཏད་པ་ཡང་སྲོད་ལ་བྱའོ། །ཉམས་ཉེ་བར་ལེན་ཅིང་མཆོད་འཐབས་སུ་འཇུག་གོ། །པྲ་མོ་ཧའི་དུས་ནི་ནམ་གུང་དང་ཉི་མ་གུང་ལ་འོང་ངོ་། །རྦད་པ་དང་ལས་གཉེར་གཏད་པ་ཡང་ཉི་མ་གུང་དང་ནམ་གུང་ལ་བྱའོ། །བཻ་ཏཱ་ལིའི་དུས་ནི་ཉི་མ་ནུབ་ཀ་དང་ནམ་ཕྱེད་ཡོལ་ན་རྒྱུའོ། །རྦད་པ་དང་ལས་གཉེར་གཏད་པ་ཡང་དུས་དེར་བྱའོ། །པུཀྐ་སཱིའི་དུས་ནི་ཉི་མ་ཤར་ཀ་དང་ནམ་ཕྱེད་ན་རྒྱུའོ། །རྦད་པ་དང་ལས་གཉེར་གཏད་པ་ཡང་ཉི་མ་ཤར་ཀ་དང་ནམ་གུང་ལ་བྱའོ། །གྷས་མ་རཱིའི་དུས་ནི་ནམ་ཕྱེད་ཡོལ་ལ་རྒྱུའོ། །རྦད་པ་དང་ལས་གཉེར་གཏད་པ་ཡང་ནམ་ཕྱེད་ཡོལ་ན་བྱའོ། །ཙཎྜ་ལཱིའི་དུས་ན་སྐྱ་རེངས་དང་པོ་ཤར་ཙ་ན་རྒྱུའོ། །རྦད་པ་དང་ལས་གཉེར་གཏད་པ་ཡང་སྐྱ་རེངས་ཤར་ཙ་ན་བྱའོ། །ནམ་རྒྱུ་བའི་དུས་ཚོད་དེར་ལས་བཅོལ་ཞིང་སྲོག་གི་སྙིང་པོ་ནས་དྲང་ངོ་། །ལས་གཉེར་གཏད་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་མགོ་བརྙན་རྣམས་ཀྱི་མ་མོ་རྦད་ཅིང་ལས་བཅོལ་བ་ནི། མགོ་བརྙན་མའི་ཕོ་ཉ་འགྱེད་ཅིང་རྦད། ལས་


DNG023_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

གཉེར་གཏད་པར་སྲོག་གི་སྙིང་པོ་ནས་བརྒྱ་རྩ་བརྒྱད་བཟླས་སོ། །བསྐུལ་བ་ནི་ཀོའུ་རི་མ་བརྒྱད་གསལ་བར་བསྒོམ་ཞིང་ཕྲ་མེན་མ་བརྒྱད་རྦད་ལ་ལས་བཅོལ་ལོ། །ཏིང་ངེ་འཛིན་གསལ་ན་ཕྲ་མེན་མ་རྣམས་ཀྱང་མངོན་དུ་འབབས་སོ། །ཏིང་ངེ་འཛིན་ཤུགས་ཆུང་ཡང་འོད་དང་སྒྲ་ལྟ་བུ་འབྱུང་ངོ་། །རྟགས་དེ་དག་བྱུང་བ་དང་འདི་སྐད་བསྐུལ་ལོ། །སྲིན་མོའི་གཟུགས་ལ་ཁྲོ་མོའི་ཞལ། །བྷནྡྷ་ཞིང་དབྱུག་འཇིགས་པར་སྒྲོགས། །དེ་ཡི་ཡང་སྤྲུལ་ཕོ་ཉ་མ། །བུད་མེད་ལུས་ལ་སེང་གེའི་མགོ། །དམ་ཉམས་གསོད་པའི་ཁྲོམ་ལ་ཐོབ། །དུས་ལ་བབ་པོ་ས་མ་ཡཱ། །སྲིན་མོའི་གཟུགས་འཆང་ཁྲོ་མོའི་ཞལ། །ཐབས་ཀྱི་མདའ་འཕེན་སྙིང་ལ་གཟིར། །དེ་ཡི་ཡང་སྤྲུལ་ཕོ་ཉ་མ། །བུད་མེད་ལུས་ལ་སྟག་གི་མགོ། །སྲིན་མོའི་གཟུགས་འཆང་ཁྲོ་མོའི་ཞལ། །མདུང་དར་འཛིན་བྱེད་ཆུ་སྲིན་གདོང་། །དེ་ཡི་ཡང་སྤྲུལ་ཕོ་ཉ་མ། །བུད་མེད་ལུས་ལ་ཝ་ཡི་མགོ། །སྲིན་མོའི་ལུས་ལ་ཁྲོ་མོའི་གདོང་། །རོ་ཟ་ཁྲག་འཐུང་རྡོ་རྗེ་འཕྱར། །དེ་ཡི་ཡང་སྤྲུལ་ཕོ་ཉ་མ། །བུད་མེད་ལུས་ལ་སྤྱང་ཀིའི་མགོ། །སྲིན་མོའི་གཟུགས་ལ་ཁྲོ་མོའི་ཞལ། །ཉམས་པའི་སྙིང་དང་རྒྱུ་མ་འདྲེན། །དེ་ཡི་ཡང་སྤྲུལ་ཕོ་ཉ་མ། །བུད་མེད་ལུས་ལ་བྱ་རྒོད་མགོ། །སྲིན་མོའི་ཆ་ལུགས་ཁྲོ་མོའི་ཞལ། །ཐོད་ཁྲག་རྡོ་རྗེས་དཀྲུགས་པ་གསོལ། །དེ་ཡི་ཡང་སྤྲུལ་ཕོ་ཉ་ནི། །བུད་མེད་ལུས་ལ་ཀངྐ་ཀའི་མགོ། །སྲིན་མོའི་ལུས་ལ་ཁྲོ་མོའི་སྤྱན། །ཉམས་པའི་སྙིང་འབྱིན་གསོད་ལ་རྔམས། །དེ་ཡི་ཡང་སྤྲུལ་ཕོ་ཉ་མ། །བུད་མེད་ལུས་ལ་ཀཱ་ཀཱའི་མགོ། །སྲིན་མོའི་ལུས་ལ་བྱ་རོག་མགོ། །སྲིན་མོའི་སྐུ་ལ་རཀྴའི་གདོང་། །དམ་ཉམས་སྲོག་གཅོད་སྙིང་ལ་རོལ། །དེ་ཡི་ཡང་སྤྲུལ་ཕོ་ཉ་ནི། །བུད་མེད་ལུས་ལ་འུག་པའི་མགོ། །དམ་ཉམས་གསོད་ཅིང་ཁྲམ་ལ་འདེབས། །ཞེས་ཤིང་གི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་ཡང་ལས་མ་གྲུབ་ན་འདི་ལྟར་བྱའོ། །དང་པོ་བདག་དཔལ་ཆེན་པོའི་ཏིང་ངེ་འཛིན་དུ་གསལ་བར་བསྒོམ་ལ། དམ་རྫས་ཁྲག་གི་གཏོར་མ་དང་ལྡན་པར་བྱ། ལྷའི་འཛབ་ཚང་


DNG023_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

བར་བཟླས་ལ་འཛབ་ཚང་བ་དང་། མ་མོ་རེ་མ་ཏི་ཤ་ཁྲག་ལ་རོལ་པའི་སྙིང་པོ་འདི་བདུན་འབུམ་བཟླས་སོ། །དྲག་ཏུ་བརྗོད་ན་གང་ལ་བྱ་བའི་དམིགས་བྱ། རིང་པོར་མི་ཐོགས་པར་རྡུལ་དུ་རློག་ནུས་སོ། །རེ་མ་ཏིའི་བསྙེན་པ་ནི། དམ་ཚིག་གཙང་མར་བྱས་ལ་གནས་གཙང་མར་སོང་སྟེ། གོས་ནག་པོ་གོན་ཐོད་ནག་པོ་བཅིང་། ཁྲག་སྣ་མང་པོའི་གཏོར་མ་བྱ། ཤ་སྣ་མང་པོའི་གཏོར་མ་བྱས་ལ་ཤ་སྣ་མང་པོ་བསགས་ལ། བྷནྡྷའི་ནང་དུ་མར་གྱིས་བཀངྐ་ལ་སྨན་བསྩལ། ཤ་ཆེན་གྱི་དུད་པ་བཏང་། སྙིང་པོ་བརྒྱ་རྩ་བརྒྱད་བཟླས་ལ་བསྐུལ་ལོ། །བཅོལ་དམ་དྲག་ཏུ་བྱ། རེ་མ་ཏིའི་སྒྲུབ་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།ཕྲ་མེན་ལས་ཀྱི་རྒྱལ་མོའི་དཀྱིལ་འཁོར་རྫོགས་སོ།། །།དེ་ནས་ཕྲ་མེན་མ་རྣམས་དམ་རྫས་ཚང་བས་མཆོད་པར་བྱ་སྟེ། མཐིང་ཀ་མཆོག་སྟོབས་དཔལ་གྱི་ཡུམ། །རྡོ་རྗེ་ཐུགས་ཀྱི་དབང་ཕྱུག་མ། །ཀོའུ་རཱི་མ་ཡིས་མཆོད་པ་རོལ། །གསེར་གྱི་འོད་འཕྲོ་མདའ་འཕེན་མ། །རིན་ཆེན་སྐུ་ཡི་དབང་ཕྱུག་མ། །ཙོའུ་རཱི་མ་ཡིས་མཆོད་པ་རོལ། །དམར་མོ་ཆུ་སྲིན་རྒྱལ་མཚན་འཛིན། །པདྨ་གསུང་གི་དབང་ཕྱུག་མ། །པྲ་མོ་ཧ་ཡིས་མཆོད་པ་རོལ། །ནག་མོ་རལ་པ་ཐོད་པར་འགྱིངས། །ཀརྨ་ལས་ཀྱི་དབང་ཕྱུག་མ། །བཻ་ཏཱ་ལི་ཡིས་མཆོད་པ་བཞེས། །ཞེ་སྡང་གཏུམ་ཁྲོ་སྤུ་གྲིའི་སོ། །ཞེ་སྡང་འཇོམས་པའི་དབང་ཕྱུག་མ། །གྷས་མ་རཱི་ཡིས་མཆོད་པ་རོལ། །རིན་ཆེན་མེ་ལྕེ་ཕྲེང་བ་ཅན། །གཏི་མུག་འཇོམས་པའི་དབང་ཕྱུག་མ། །པུཀྐ་སཱི་ཡིས་མཆོད་པ་རོལ། །ཁ་ཊྭཱཾ་མཚོན་གྱི་ཆར་འབེབས་མ། །འདོད་ཆགས་འཇོམས་པའི་དབང་ཕྱུག་མ། །སྨ་ཤ་ནཱི་ཡིས་མཆོད་པ་རོལ། །ཁྲོ་མོའི་ཕྱག་ན་དགྲ་སྟྭ་བསྣམས། །ང་རྒྱལ་འཇོམས་པའི་དབང་ཕྱུག་མ། །ཙཎྜ་ལཱི་ཡིས་མཆོད་པ་རོལ། །འཇིགས་པ་བཞི་ཡི་སྒོ་འགེགས་ཤིང་། །ཐར་པ་བརྒྱད་ཀྱི་ལམ་སྟོན་པ། །དེ་བཞིན་གནས་ཀྱི་ཕྱག་རྒྱ་མ། །ཀོའུ་རཱི་ལ་སོགས་མཆོད་པ་འབུལ། །རྡོ་རྗེ་


DNG023_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

གིང་ཆེན་ཕྲ་མེན་མ། །འཇིགས་པའི་གདོང་ཅན་གཏུམ་བྱེད་ཅན། །སང་ཧ་གསོད་བྱེད་སེང་གེའི་མགོ། །རོ་མཆོག་ཟ་བའི་ཕྲ་མེན་མ། །མུ་ཁས་རོལ་ཅིག་ར་ཙ་མ། །བྱཱ་གྷྲི་མགོ་ཅན་སྟག་གི་མགོ། །ཐོད་རློན་འདྲད་པའི་ཕྲ་མེན་མ། །མུ་ཁས་རོལ་ཅིག་བྱཱ་གྷྲི་མ། །སྲི་ལ་བྱིས་ལྡག་ཝ་ཡི་མགོ། །ལྤགས་ཆེན་ལྡག་པའི་ཕྲ་མེན་མ། །མུ་ཁས་རོལ་པས་ཧེ་ཧེ་ཀྲམ། །ཤོ་ན་ཤ་འདྲེད་སྤྱང་མོའི་གདོང་། །ཤ་ཆེན་ཟ་བའི་ཕྲ་མེན་མ། །མུ་ཁས་རོལ་པས་བྷཀྵ་ཁཱ་ཧི། །ཀྲི་ཏ་ཁྲག་འཐུང་བྱ་རྒོད་མཆུ། །དམར་ཆེན་འཇིག་པའི་ཕྲ་མེན་མ། །མུ་ཁས་རོལ་པས་ཀྲི་ཏ་བྷྱོ། །ཀངྐྈ་སྙིང་འབྱིན་དུར་བྱའི་མགོ། །ནང་རོལ་ཟ་བའི་ཕྲ་མེན་མ། །མུ་ཁས་རོལ་པས་ཀངྐྈ་མ། །ཁ་ཁ་རྒྱུ་འདྲེན་བྱ་རོག་སྣང་། །ནང་ཁྲོལ་ཟ་བའི་ཕྲ་མེན་མ། །མུ་ཁས་རོལ་པས་ཀཱ་ཀཱ་ལེ། །ཧུ་ལུ་སེམས་འཕྲོག་འུག་པའི་མགོ། །གློ་སྙིང་ཟ་བའི་ཕྲ་མེན་མ། །མུ་ཁས་རོལ་པས་ཨཱུ་ལུ་ཀ །རྟ་གདོང་དཀར་མོ་ལྕགས་ཀྱུ་མ། །ཉམས་པ་ཐམས་ཅད་སྙིང་ནས་འདྲེན། །མུ་ཁས་རོལ་པས་ཛ་ཛ་ཧཱུཾ། །ཕག་གདོང་ནག་མོ་མཆེ་བ་ཅན། ། འཁོར་བ་ཐམས་ཅད་འཆིང་བའི་ཕྱིར། །རྡོ་རྗེ་དྲིལ་ཞགས་སྡོག་ཅིང་འཕེན། །མུ་ཁས་རོལ་པས་ཨ་མོ་གྷ་ཧཱུཾ། །ཉི་ཟླ་མ་སྟེ་སྨུག་དམར་མ། །རྡོ་རྗེ་ལྕགས་སྒྲོག་དམར་གྱི་བདག །མུ་ཁས་རོལ་པས་ལོ་ཀ་བཾ། །ཐལ་བྱེད་ཆེན་མོ་ལྗང་ནག་མ། །དྲིལ་ཆེན་འཕྱར་ཏེ་གསོད་པའི་ཚུལ། །མུ་ཁས་རོལ་པས་བྷ་སྨི་བ་ལ་ཧོ། །ཞེས་བརྗོད་ལ་མཆོད་ཅིང་བསྟོད་དོ། །ཕྲ་མེན་སྤྱང་ཀི་ལས་ཀྱི་རྒྱལ་མོའི་རྒྱུད་ལས། མཆོད་ཅིང་བསྟོད་པའི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་ཕྲ་མེན་མ་རྣམས་ལ་ཕྲིན་ལས་བཅོལ་བ་ནི་འདི་སྐད་དོ། །ཀཽ་རཱི་དཀར་མོས་ཞིང་དབྱུག་ཕྱར། །ཁམས་གསུམ་རྡུལ་དུ་རློགས་པའི་དཔའ་རྟགས་ཅན། །དམ་ཉམས་རྡུལ་དུ་རློགས་པའི་ཕྲིན་ལས་མཛོད། །ཙཽ་རཱི་སེར་མོ་ཐབས་ཀྱི་མདའ་གཞུ་འགེངས། །ཆགས་པའི་དབང་གིས་གཙོ་བོའི་ཐུགས་ཀར་འཛིན། །པྲ་མོ་དམར་མོ་ཆུ་


DNG023_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

སྲིན་རྒྱལ་མཚན་ཕྱར། །བདུད་བཞི་ཕམ་མཛད་ཆེ་བའི་རྒྱལ་མཚན་ཕྱར། །བཻ་ཏཱ་ནག་མོ་ཟ་བྱེད་རྡོ་རྗེ་འཕྱར་ཞིང་འགྱིངས། །སྟང་སྟབས་ཆགས་པའི་དབང་གིས་ཁམས་གསུམ་མ་ལུས་དབང་དུ་སྡུད། །པུཀྐ་དམར་སེར་ཞིང་གི་རྒྱུ་ཞགས་འཛིན། །ཉོན་མོངས་འཁོར་བའི་གནས་ནས་སྒྲོལ་ཅིང་སྟོབ། །གྷས་མ་ལྗང་དམར་དུང་དམར་དཀྲུག །ལྕང་ལོར་བཅས་པའི་བྷནྡྷ་དམར་གྱིས་བཀངྐ་བ་ལ། །ཐབས་དང་ལྡན་པའི་རྡོ་རྗེས་དཀྲུག་ཅིང་གསོལ། །སྨེ་ཤ་མཐིང་ནག་ལོག་རྟོག་འབྲལ། །ཉོན་མོངས་འཁོར་བའི་རྒྱུན་རྩ་རྩད་ནས་གཅོད། །ཙནྡྷ་སེར་སྐྱ་ཞིང་གི་ཙིཏྟ་འདྲེན། །བྷནྡྷ་སྐམ་རློན་ཐོད་ཕྲེང་སེ་རལ་ཁ། །སེང་ཧ་གསོད་བྱེད་སེང་གེའི་གཟུགས། །ཟིལ་གྱིས་གནོན་པའི་ཏིང་ངེ་འཛིན། །མི་རོ་ཟ་བའི་ཕྲ་མེན་མ། །དགྲ་བོའི་རོ་ལ་རོལ་ཅིང་གཤེགས་སུ་གསོལ། །བྱཱ་གྷྲི་ཆེན་མོ་སྟག་གི་མགོ། །དཔའ་བོར་བཞུགས་པའི་ཏིང་ངེ་འཛིན། །མགོ་རུས་འཆའ་བའི་ཕྲ་མེན་མ། །དགྲ་བོའི་མགོ་ལ་རོལ་ཅིང་གཤེགས་སུ་གསོལ། །སྲི་ལ་དུར་རྐུན་ཝ་ཡི་གཟུགས། །སྒྱུ་རྩལ་ཆེ་བའི་ཏིང་འཛིན་ནི། །ལྤགས་ཆེན་ཟ་བའི་ཕྲ་མེན་མ། །དགྲ་བོའི་པགས་པ་རོལ་ཅིང་གཤེགས་སུ་གསོལ། །ཤྭ་ན་མུ་ཁ་སྤྱང་མོའི་གཟུགས། །རྟོག་པ་འཇོམས་པའི་ཏིང་འཛིན་གྱིས། །ཤ་ཆེན་ཟ་བའི་ཕྲ་མེན་མ། །དགྲ་བོའི་ཤ་ལ་རོལ་ཅིང་གཤེགས་སུ་གསོལ། །ཀྲི་ཏ་ཁྲག་འཐུང་བྱ་རྒོད་མགོ། །གནམ་འཕང་གཅོད་པའི་ཏིང་འཛིན་གྱིས། །ཁྲག་ཚིལ་ཟ་བའི་ཕྲ་མེན་མ། །དགྲ་བོའི་ཁྲག་ལ་རོལ་ཅིང་གཤེགས་སུ་གསོལ། །ཀངྐ་ཀའི་ཚེ་འཕྲོག་དུར་བྱའི་གཟུགས། །གཏི་མུག་སེལ་བའི་ཏིང་འཛིན་གྱིས། །ཀེང་རུས་འཆའ་བའི་ཕྲ་མེན་མ། །དགྲ་རུས་འཆའ་ཞིང་གཤེགས་སུ་གསོལ། །ཀཱ་ཀཱ་རྒྱུ་འདྲེན་བྱ་རོག་གདོང་། །རྡོ་རྗེ་སྦར་བྱེད་ཏིང་འཛིན་གྱིས། །ནང་ཁྲོལ་ཟ་བའི་ཕྲ་མེན་མ། །དགྲ་བོའི་ནང་ལ་རོལ་ཅིང་གཤེགས་སུ་གསོལ། །ཉུ་ལུ་ཡིད་འཕྲོག་འུག་པའི་གདོང་། །སྣང་གསལ་སྒྲོན་ཁྱེར་ཏིང་ངེ་འཛིན། །གློ་སྙིང་ཟ་བའི་ཕྲ་མེན་མ། །བགེགས་ཀྱི་སྙིང་ལ་རོལ་


DNG023_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་གཤེགས་སུ་གསོལ། །ཁམས་གསུམ་འཁོར་བའི་སྡུག་བསྔལ་ཅི་འདྲ་བ། །བྱམས་མགོན་ཁྱེད་ཀྱི་ཐུགས་ཀྱིས་ག་ལ་བཟོད། །གང་ལ་ཅི་འདུལ་འགྲོ་བའི་སྡུག་བསྔལ་རྣམས། །མྱུར་དུ་སྒྲོལ་མཛད་རྟ་གདོང་ལྕགས་ཀྱུ་མ། །སྔོན་གྱི་སྨོན་ལམ་ཐུགས་རྗེས་ཆེ་མངའ་བས། །འཁོར་བ་ཡུན་རིང་འགྲོ་བའི་སྡུག་བསྔལ་ལ། །རྟག་ཏུ་དོན་མཛད་སྐྱོ་ངལ་མི་མཁྱེན་ཏེ། །ཡིད་བཞིན་རེ་སྐོང་ཕག་གདོང་ཞགས་པ་མ། །ཐམས་ཅད་མཁྱེན་ཉིད་ཉི་ཟླའི་སྤྱན་མངའ་སྟེ། །རྨོངས་པའི་མུན་སེལ་བག་ཆགས་མ་ལུས་བསྲེགས། །འཁོར་བའི་རྒྱུད་མཁྱེན་ཅི་འདུལ་དེར་སྟོན་པ། །བློ་གྲོས་མིག་འབྱེད་ལྕགས་སྒྲོག་ཉི་ཟླ་མ། །མྱ་ངན་མི་འདའ་འཁོར་བ་མཐའ་གཏུག་པར། །ཁྱོད་ཀྱིས་ཐུགས་རྗེས་མི་གཏོང་རྟག་ཏུ་བརྩོན། །ཕྲིན་ལས་རྣམ་བཞིས་མ་ལུས་སྒྲོལ་མཛད་པ། །དེད་དཔོན་ཁྱེད་ཉིད་ཐལ་བྱེད་དྲིལ་བུ་མ། །ཞེས་བསྐུལ་ལོ། །ཕྲ་མེན་སྤྱང་ཀི་ལས་ཀྱི་རྒྱལ་མོའི་རྒྱུད་ལས། ཕྲིན་ལས་བསྐུལ་བའི་ལེའུ་སྟེ་ཉི་ཤུ་ཐམ་པའོ།། །།དེ་ནས་ཕྲ་མེན་མ་འདི་རྣམས་ལ་རྩིས་འགོ་རྣམ་པ་བདུན་གྱིས་སྟོན་ཏེ། དེ་ཡང་གང་ཞེ་ན། དགྱེས་པ་སྐྱེད་པ་དང་། མཉེས་པ་སྟོབས་པ་དང་། རྒྱུ་ལ་རོལ་པ་དང་། འབྲས་བུར་གྲུབ་པ་དང་། ཟ་བྱེད་ཀྱི་ཚོགས་དང་། མགྱོགས་བྱེད་ཀྱི་ཚོགས་དང་། འཇིགས་བྱེད་ཀྱི་ཚོགས་དང་བདུན་ནོ། །ཕྲ་མེན་སྤྱང་ཀི་ལས་ཀྱི་རྒྱལ་མོའི་རྒྱུད་ལས། དོན་གྱི་ཉིང་ཁུའི་ལེའུ་སྟེ་ཉི་ཤུ་གཅིག་པའོ།། །།དེ་ནས་བཛྲ་ཀོའུ་རཱི་མ་ཁ་དོག་སྔོན་པོར་བསྟན་པ་ནི། ཕྲིན་ལས་ཞི་བའི་རང་བཞིན་གྱིས། སེམས་ཅན་གྱི་དོན་བྱེད་པ་ཡིན་ལ། ཙཽ་རཱི་མ་ཁ་དོག་སེར་པོར་བསྟན་པ་ནི། ཕྲིན་ལས་རྒྱས་པའི་རང་བཞིན་གྱིས་སེམས་ཅན་གྱི་དོན་བྱེད་པ་ཡིན་ལ། པྲ་མོ་ཧཱ་སྐུ་མདོག་དམར་པོར་བསྟན་པ་ནི། ཕྲིན་ལས་དབང་གི་རང་བཞིན་གྱིས་སེམས་ཅན་གྱི་དོན་བྱེད་པ་ཡིན་ལ། བཛྲ་བཻ་ཏ་ལཱི་སྐུ་མདོག་ནག་པོ་བསྟན་པ་ནི། ཕྲིན་ལས་དྲག་པོའི་རང་བཞིན་གྱིས་སེམས་ཅན་གྱི་དོན་བྱེད་པ་


DNG023_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ལ། བཛྲ་པུཀྐ་སཱི་ཁ་དོག་དམར་སེར་དུ་བསྟན་པ་ནི་ཕྲིན་ལས་དབང་རྒྱས་རང་བཞིན་གྱིས་སེམས་ཅན་གྱི་དོན་བྱེད་པ་ཡིན་ནོ། །བཛྲ་གྷས་མ་རཱི་ཕྱག་ན་བྷནྡྷ་རཀྟ་དམར་གྱིས་བཀངྐ་ནས་རྡོ་རྗེས་དཀྲུག་ཅིང་གསོལ་བའོ། །བཛྲ་ཙཎྜ་ལཱི་ཕྱག་གཡོན་པ་ན་ཞིང་གི་ལུས་འཛིན་པ་ནི་མཚན་མའི་བེམ་པོ་ཡིན་ལ། གཡས་ཀྱིས་མགོ་གཅོད་པའོ། །སེང་ཧ་མུ་ཁཱ་སེང་གེའི་མགོ་ཅན། བྱཱ་གྷྲི་མུ་ཁ་སྟག་གི་མགོ་ཅན། བཛྲ་སྲི་ལ་མུ་ཁ་ཝའི་མགོ་ཅན། ཤྭ་ན་མུ་ཁ་སྤྱང་ཀའི་མགོ་ཅན། བཛྲ་ཀྲི་ཏ་མུ་ཁ་བྱ་རྒོད་མགོ་ཅན། བཛྲ་ཀངྐྈ་མུ་ཁ་དུར་བྱའི་མགོ་ཅན། བཛྲ་ཀཱ་ཀཱ་མུ་ཁ་བྱ་རོག་གི་མགོ་ཅན། བཛྲ་ཨུ་ལུ་ཀ་མུ་ཁ་འུག་པའི་མགོ་ཅན། ཕྲ་མེན་ལས་ཀྱི་རྒྱལ་མོའི་རྒྱུད་ལས། རྟོག་པ་བཤད་པའི་ལེའུ་སྟེ་རྩ་གཉིས་པའོ།། །།དེ་ནས་ཕྲ་མེན་རྣམས་ལ་དངོས་གྲུབ་བླང་བ་ནི། དཀྱིལ་འཁོར་ཐམས་ཅད་ཟླ་གམ་དུ་བསྒྱུར་ལ་འདི་སྐད་དོ། །དཔལ་ཆེན་ཡབ་ཡུམ་དཀྱིལ་འཁོར་ནས། །ཐབས་དང་ཤེས་རབ་དངོས་གྲུབ་སྩོལ། །སྨུག་ནག་འབར་བའི་མེ་རི་ལས། །རྣམ་ཤེས་བརྒྱད་ཀྱི་དངོས་གྲུབ་སྩོལ། །དུར་ཁྲོད་འབར་བའི་མེ་རི་ལས། །དྲག་ཤུལ་མཐུ་བརྒྱད་དངོས་གྲུབ་སྩོལ། །ཚད་མེད་སྒོ་བཞིའི་དཀྱིལ་འཁོར་ནས། །ཕྲིན་ལས་རྣམ་བཞིའི་དངོས་གྲུབ་སྩོལ། །ཞེས་བརྗོད་ལ་གསང་བའི་རྫས་དང་བཅས་སྤྱད་དོ། །ཕྲ་མེན་སྤྱང་ཀི་ལས་ཀྱི་རྒྱལ་མོའི་རྒྱུད་ལས། དངོས་གྲུབ་བླང་བའི་ལེའུ་སྟེ་རྩ་གསུམ་པའོ།། །།དེ་ནས་དཀྱིལ་འཁོར་དེ་ཉིད་དུ་དབང་བསྐུར་བ་ནི། སྒྲུབ་པའི་རྫས་ཐམས་ཅད་ཀྱིས་སློབ་མ་རྣམས་ཀྱི་སྤྱི་བོ་ནས་དབང་བསྐུར་རོ། །ཧཱུཾ་མེ་རི་སྨུག་ནག་འབར་བའི་དཀྱིལ་འཁོར་ནས། །དཔལ་ཆེན་ཡབ་ཡུམ་དབང་མཆོག་ཁྱོད་ལ་སྦྱིན། །ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ཟླ་གམ་དཀྱིལ་འཁོར་ནས། །གྲུབ་པའི་མ་བརྒྱད་དབང་མཆོག་ཁྱོད་ལ་སྦྱིན། །འབར་བའི་བར་ཁྱམས་བརྒྱད་ཀྱི་དཀྱིལ་འཁོར་ནས། །ཡང་སྤྲུལ་བརྒྱད་ཀྱི་དབང་མཆོག་ཁྱོད་ལ་སྦྱིན། །
སྒོ་བཞི་རྡོ་རྗེའི་བྲག་གི་དཀྱིལ་འཁོར་ནས། །འཇུག་པའི་སྒོ་བཞིའི་དབང་མཆོག་ཁྱོད་ལ་སྦྱིན། །ཕྲ་མེན་སྤྱང་ཀི་ལས་ཀྱི་རྒྱལ་མོའི་རྒྱུད་ལས། དབང་བསྐུར་བའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པའོ།། །།དེ་ནས་དཀྱིལ་འཁོར་བསྡུའོ། །རྫོགས་སོ།། །།

རྒྱུད་ཀྱི་རྒྱལ་པོ་རྡོ་རྗེ་མཁའ་འགྲོའི་རྒྱུད་ལས་སྲིད་པ་ཕྲ་མེན་རྒྱ་མཚོས་བསྡུས་པ།


DNG023_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཆེ་མཆོག་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །འདས་དང་མ་བྱོན་དུས་ཉིད་ན། །ལྕང་ལོ་ཅན་གྱི་ཕོ་བྲང་དུ། །འཇིགས་བྱེད་ཆེན་པོའི་སྐུ་ཅིར་ཡང་སྣང་བ་གནོད་སྦྱིན་འདུལ་བའི་རྩེ་ལ། དུར་ཁྲོད་ཀྱི་རྒྱན་སྣ་ཚོགས་དང་ལྡན་ཏེ། ཡེ་ཤེས་དགུའི་དབུ་དང་། སྟོང་པ་བཅོ་བརྒྱད་ཀྱི་ཕྱག་དང་ཐར་པ་བརྒྱད་ཀྱི་ཞབས་སུ་ལྡན་ཏེ། གྱད་དང་བརྗིད་པའི་ཚུལ་དུ་བཞུགས་སོ། །གནོད་སྦྱིན་ལྷའི་འདུན་ས་བྱི་ཤོའི་འཁོར་ལ། བཀའ་སྡོད་ཆེན་པོ། རྒྱ་གྲམ་འབར་བའི་གདན་ལ་མི་འཇིགས་པ་གསུམ་དང་བཅས་ནས། མི་ལྡོན་པར་རྟོག་པའི་ཚུལ་གྱིས། བསྡུ་བ་ཆེན་པོ་གཞན་དོན་དུ་མཛད་པའོ། །མཁའ་ལྔ་དབུས་ཀྱི་གཏིང་ཁུང་དུ་བསྡུས་ཏེ། འབར་བའི་རྭ་ལྔ་ལ། མུ་ཏིག་འབར་བས་དྲིལ་བ། རླུང་ནག་ཟླ་གམ་ལ། སྨིན་པ་ཆེན་པོས་བརྒྱན་པ་ཁྱམས་བཞི་འཁོར་ལོའི་ཚུལ་དུ་དབྱིངས་སུ་དྲིལ་བ། སྤངས་པ་ཐམས་ཅད་ཀྱི་ཕོ་བྲང་། ཐུན་མོང་མ་ཡིན་པར་འདྲེལ་ཏེ་བདེ་བ་ཆེན་པོའི་གནས་པའོ། །སྤྲུལ་པའི་ཆ་བྱད་མང་པོ་དང་བཅས་པ། མི་འགྱུར་བ་ཡབ་ཡུམ་ལ། ཤུགས་འགྲོ་ལྔའི་མདངས་ཀྱིས་བརྒྱན། །མི་འགྱུར་ཐིག་ལེའི་འོད་ཀྱིས་མཛེས། །རྡོ་རྗེ་འབར་བའི་བཞི་རུ་ལྡན། །ཤེས་པ་བརྒྱད་ཀྱི་རྟེན་དུ་གནས། །བཞད་པར་བྱེད་པའི་འོད་དུ་འབར། །དྭངས་མ་ཡུལ་གྱི་མཁའ་འགྲོ་རྣམས། །ཉེ་བའི་འཁོར་དུ་གནས་པའོ། །བསྐྱེད་དང་རྫོགས་པའི་མཁའ་འགྲོ་ནི། །བསྐྱོད་དང་སྨིན་པས་འདེགས་པར་བྱེད། །ཟ་བྱེད་བདུན་གྱི་དཀྱིལ་འཁོར་ལ། །སྐུ་གསུང་ཐུགས་ཀྱི་མཐའ་བརྒྱ་ཅན། །བདུད་རྩི་བཅུད་ཀྱི་མཁའ་འགྲོ་དྲུག །རྩེ་དང་སྐྱོབ་པ་བརྒྱད་དུ་ལྡན། །ལས་བྱེད་བཅུ་གཉིས་བརྒྱད་ཀྱིས་བསྐོར། །སྐུ་ཡི་མ་དང་གསུང་གི་སྲིང་། །ཐུགས་ནི་


DNG023_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

ཆོ་འཕྲུལ་ལྡན་པའོ། །བཤད་པ་བཞི་གཉིས་དུས་བཞིར་བཅས། །ཚངས་ཆེན་ལྷ་ཡི་ཚུལ་ཁྲིམས་ཅན། །གནམ་གྱིང་དཀར་པོ་ཐུགས་རྗེ་ཅན། །བརྒྱ་བྱིན་སེར་སྐྱ་ཡོན་ཏན་མཛོད། །བྷྲིང་གི་རི་ཏི་མཚན་བཞིར་ལྡན། །འཁོར་ལོ་ཁྱབ་འཇུག་སྤུ་གྲི་བསྣམས། །སྟོབས་བཟང་ཆེན་པོ་གནོད་སྦྱིན་འཇོམས། །སྐོས་རྗེ་འཕྲུལ་གྱི་མེ་ལོང་འཕྱར། །བདུད་ཀྱི་རྒྱལ་པོ་སྲིད་པ་ཤིག །འབྱུང་རིངས་སྤུན་དགུའི་ཆོ་འཕྲུལ་འགྱེད། །ཕག་ཆེན་པོ་ནི་བརྟུལ་ཞུགས་ལྡན། །ཕུང་བྱེད་བདུན་གྱིས་སྲིང་མོ་འདུལ། །ནོར་བདག་ཆེན་པོ་ནེའུ་ལེ་བསྣམས། །རྒྱལ་ཆེན་བཞི་ནི་དམག་དཔོན་མཛོད། །གཤིན་རྗེ་རཱུ་ཏྲ་འཁོར་རྣམས་བསྡུས། །གིང་དང་བསེ་ཡི་སྐྱེ་ས་བསྟན། །བདུད་དང་གཤིན་རྗེའི་མ་རུ་ཙེ། །དེ་ལྟ་བུ་ཡི་འཁོར་ཚོགས་དང་། །རང་བཞིན་ཐབས་ཅིག་བཞུགས་པའི་ཚེ། །རང་བཞིན་འཁོར་ནི་ཤུགས་ཀྱིས་འདུལ། །ལས་ཀྱི་འཁོར་ནི་སྤྲུལ་པས་འདུལ། །སྲུང་བྱེད་འཁོར་ནི་ཐབས་ཀྱིས་འདུལ། །སྒྲོལ་བྱེད་འཁོར་ནི་མཛད་པས་འདུལ། །ཐབས་ཀྱི་འཁོར་ནི་རོལ་པས་འདུལ། །དེ་ཡི་འདུལ་ཐབས་འདི་ལྟ་སྟེ། །སྐྱེ་མེད་མི་གཡོ་ཆོས་ཀྱི་དབྱིངས། །རང་བཞིན་ཤུགས་ཀྱིས་འདུལ་ཐབས་སོ། །སྣང་སྲིད་རིག་པའི་ཆོ་འཕྲུལ་གྱིས། །སྙིགས་མའི་མ་མོ་འཇིག་པར་འགྱུར། །གཉིས་མེད་སྲས་ཀྱིས་རོལ་པ་ཡིས། །སྐུ་གསུང་ཐུགས་ཀྱི་མ་མོ་འཇིག །རིག་པ་གར་ཐབས་སྣ་ཚོགས་ཀྱི། །བཤན་པའི་དཔུང་རྣམས་འཇོམས་པའི་དཔལ། །མངོན་སྤྱོད་རིག་པའི་བརྟུལ་ཞུགས་ཀྱིས། །སྲིད་པའི་ཕོ་རྒྱུད་མཚན་མར་འཇོམས། །འདུལ་ཐབས་ལྔ་ལས་ཡེ་ཤེས་ཤར། །གསལ་ལ་མི་རྟོག་ཡེ་ཤེས་དང་། །མཉམ་ལ་མ་འདྲེས་ཡེ་ཤེས་དང་། །བྱེ་བྲག་འབྱེད་པའི་ཡེ་ཤེས་དང་། །ཕྲིན་ལས་རྫོགས་པའི་ཡེ་ཤེས་དང་། །ལྷུན་གྱིས་གྲུབ་པའི་ཡེ་ཤེས་དང་། །འཁོར་ལས་འཕྲུལ་པ་འདི་ལྟ་སྟེ། །དང་པོ་ལྷ་དང་གཉིས་པ་མི། །


DNG023_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་ཡི་དྭགས་ཡིན་པ་སྟེ། །བཞི་པ་བྱོལ་སོང་གནས་རིགས་ལ། །ལྔ་པ་དམྱལ་བའི་འཁྲུལ་འཁོར་ལའོ། །རྟོགས་པའི་ས་རྣམས་འདི་ལྟ་སྟེ། །ཐ་མ་བསྒྲལ་པས་དང་པོ་སྟེ། །ཀུན་ཏུ་འོད་དུ་ཤར་བའོ། །བཞི་པ་གཉིས་པའི་དོན་དུའོ། །པདྨ་ཅན་དུ་སྣང་བའོ། །གསུམ་པ་གནས་སུ་གྲོལ་བའོ། །འཁོར་ལོ་ཚོགས་ཆེན་དོན་དུ་ལྡན། །གཉིས་པ་དག་པ་བཞི་པ་ལ། །ཡེ་ཤེས་བླ་མ་ནོན་པའོ། །གཅིག་ལ་ལྔ་ཡི་དོན་དུ་སྟེ། །རྫོགས་པའི་སྤྱི་གཅིག་དོན་དུ་ཤར། །འཁོར་ལྔ་སྨིན་པའི་འབྲས་བུ་ལྔ། །དང་པོ་ས་ཡི་འོད་ཡིན་ཏེ། །གཉིས་པ་མེ་ཡི་འོད་དུ་འབར། །གསུམ་པ་ཆུ་ཡི་མདངས་སུ་ལྡན། །བཞི་པ་སྤྱོད་པའི་ཐབས་ཡིན་ཏེ། །ལྔ་པ་ནམ་མཁའི་ཡེ་ཤེས་སོ། །དང་པོ་རྩ་ལ་གཉིས་པ་ཁྲག །གསུམ་པ་དབུགས་ལ་བཞི་པ་དྲོད། །ལྔ་པ་བཀྲག་གི་ངོ་བོའོ། །འཁོར་གྱིས་བསྡུ་བ་འདི་ལྟ་སྟེ། །དཔལ་ཆེན་ཐུགས་ཀྱི་ཐིག་ལེ་རྫོགས། །ཧཱུཾ་ནི་སྙིང་རྗེ་ཆེན་པོས་ཏེ། །འ་ནི་བྱམས་པའི་རང་བཞིན་ལ། །ཧ་ནི་དགའ་བ་ཆེན་པོ་སྟེ། །ཟླ་ཚེས་བཏང་སྙོམས་བདག་ཉིད་བསམ། །ང་ནི་བརྩོན་འགྲུས་འབྱུང་བ་ལ། །ཨ་ནི་ཤེས་རབ་ཆེན་པོའི་དོན། །མ་ཞར་བསྡུས་པར་མྱ་ངན་བཟླས། །མི་དམིགས་ཆོས་ཀྱི་དབྱིངས་སུ་ཐིམ། །རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། གླེང་གཞི་དང་། འཁོར་མྱ་ངན་ལས་བཟླ་བའི་ལེའུ་སྟེ་དང་པོའོ།། །།རྒྱལ་མཚན་རིམ་པ་གང་ལགས་པ། །ངོ་མཚར་ལྷ་ལ་བདག་ཉན་འཚལ། །རྫོགས་སངས་རྒྱས་ཀྱིས་བཀའ་སྩལ་པ། །དབེན་ལ་གཉན་པའི་ཆུ་ཀླུང་དུ། །མ་མོ་འདུ་བའི་དུར་ཁྲོད་དུ། །གནོད་སྦྱིན་འདུ་བའི་མདུང་རྩེ་དང་། །སྲིན་མོ་འདུ་བའི་སྦར་ཤད་དང་། །སྤེལ་དང་འགུགས་དང་དབྲོག་པ་དང་། །མནན་དང་སྦ་བ་དེ་བཞིན་ནོ། །མཆོད་དང་བསྐང་བའི་རྫས་རྣམས་དང་། །བུམ་ལྔ་རྟེན་དུ་བཅས་པས་ཏེ། །ཁྲུ་བཞི་སྦྱངས་པའི་མཎྜལ་དུ། །དབང་གི་སྐུད་པས་ཕྱེ་ནས་ནི། །སྡུལ་བྱེད་ལྔ་དང་ལྡན་པར་བྱ། །དབུས་


DNG023_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཟླ་གམ་སྒོ་བཞི་ལ། །དབང་གི་དཀྱིལ་འཁོར་གསུམ་གྱིས་བརྒྱན། །པད་བཞི་འཁོར་ལོ་རྩིབས་བརྒྱད་ལྡན། །སྣམ་བུ་སྒོ་ཡིས་རྣམ་པར་མཛེས། །ཆེ་མཆོག་ཡབ་ཡུམ་གསལ་བྱས་ཏེ། །ཐུགས་ལས་བུམ་པ་བྷྲཱུཾ་གྱིས་བརླབས། །ཉི་ཟླའི་སྟེང་དུ་ལྷ་ལྔ་དགོད། །སྒོ་བཞིར་གྲུ་འདེགས་སྙིང་པོ་དགོད། །རྒྱལ་མོ་ལྔ་ཡི་སྙིང་པོ་བསྐྱེད། །ལྷ་མོ་ལྔ་ཡི་དཀྱིལ་འཁོར་ལ། །སྒོ་མ་བཞི་ཡི་མཛེས་པར་བསྐྱེད། །གཙོ་བོ་ཐུགས་ལས་འོད་འཕྲོས་པས། །བསྐུལ་བས་ཛ་དང་ནྲྀ་རུ་དྲངས། །ཡབ་ཡུམ་བསྙེན་པ་མཁའ་རུ་སྤྲོས། །བསྣོལ་མར་དྲངས་པས་འོད་དུ་གསལ། །ཡབ་ལ་རིགས་ལྔ་དབུ་ལ་རྫོགས། །ཡུམ་ལྔ་མཁའ་ལ་ཤར་བའོ། །དཀྱིལ་འཁོར་ཞལ་ནི་བསྒྱུར་བྱས་ལ། །ཞི་བ་ནུབ་སྒོ་ཤར་དུ་སྟེ། །ཐིག་བཞི་ལྡན་པའི་དགུར་རྫོགས་པ། །པད་བརྒྱད་མུ་ཁྱུད་རབ་མཛེས་པའོ། ། དེ་ཚེ་ཕྱོགས་བཞིར་བསྐྱེད་བྱ་བ། །ཡེ་ཤེས་གཏུམ་མོ་བཞི་པོ་དང་། །བཞད་པའི་རྒྱལ་མོ་བཞི་སོགས་ལ། །ཟུར་བཞི་དགྱེས་སྡེ་རབ་ཏུ་བསམ། །སྒོ་བཞི་གྲུ་འདེགས་བསམ་བྱས་ཏེ། །འཁོར་གྱི་མ་མོ་བཅུ་དྲུག་དབུས། །ཡུམ་གྱི་གནམ་ཞལ་གདངས་པ་རུ། །ཐིག་ལེ་བཅུད་ཀྱི་ཐབས་མཚམས་སུ། །ཉི་ཟླ་འབར་བའི་ག་འུ་རུ། །ནྲྀ་ཡི་རྩེ་ལ་ཧ་ལྔ་བསམ། །དེ་ནི་རྒྱལ་མོ་ལྔ་ཡི་རྒྱ། །དེ་སྟེང་རྟ་མགྲིན་དབང་གི་རྒྱ། །རྡོ་རྗེ་རྒྱ་གྲམ་འཕར་བའི་རྒྱ། །རྭ་ལ་ཉི་ཟླ་འབར་བའི་རྒྱ། །དེ་ནས་སྔགས་ཀྱི་ཕོ་ཉ་རྒྱ། །ཡབ་ཡུམ་སྔགས་ལ་ལས་སྔགས་གདགས། །ཨོཾ་ཤྲཱི་ཧེ་རུ་ཀ་ཀྲོ་དྷཱི་ཤྭ་རཱི་ཕཊ། ནྲྀ་ཨཱ་ཡུ་ཤ་ཛ། གཙོ་བོའི་ཐུགས་ལས་འོད་འཕྲོས་པས། །བཅུ་དྲུག་མ་མོ་རྒྱུད་བསྐུལ་ཏེ། །ཚེ་རྟེན་ནྲྀ་རུ་དྲངས་ནས་སུ། །གཙོ་བོའི་ཐུགས་ལས་བསྡུས་བྱས་པས། །རྡོ་རྗེའི་ལམ་བྱུང་གནམ་ཞལ་མཁའ། །རྟ་མགྲིན་ཞལ་ནས་ག་འུར་འཁྱིལ། །ཚིག་གི་ཕོ་ཉ་དགུག་བྱས་པ། །ཧཱུཾ་ཆེ་ཞེས་ཆེན་མོ་གསང་བའི་ཡུམ། །ཐིག་ལེ་སྦྱོར་བའི་ཡུམ་གཅིག་མ། །དཀར་


DNG023_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ཉི་ཟླ་ཐོད་ཕྲེང་ཅན། །གྲུ་གསུམ་འབར་བའི་མིག་གཅིག་མ། །གཡུ་ཡི་རལ་པས་སྲིད་པ་སྒྲོལ། །ཆགས་པའི་ཕྱག་གིས་པདྨ་འཛིན། །རིན་ཆེན་མཆེ་མ་སྐྱེ་འགྲོའི་གསོས། །ཙིཏྟ་ཞགས་པས་མུ་སྟེགས་སྒྲོལ། །རྫུ་འཕྲུལ་ཤུགས་ཀྱིས་ཚེ་དྲོངས་ཤིག །དེ་ནས་སྤེལ་བར་བྱ་སྟེ། གྷྲི་པ་མུ་རན་ཧཱུཾ་ཨཱ་ཡུ་ཥེ་ཧཱུཾ་ཨ་བྷི་ཤ་སནྟི་ཨཱ་ཡུ་ཥེ་ཧཱུཾ་ཨ་བི་ཡང་ལང་ཏི་ཨཱ་ཡུ་ཥེ་ཧཱུཾ་ཨ། མ་ཧཱ་ལང་ཏི་ཧཱུཾ་ཨཱ་ཡུ་ཥེ་ཧཱུཾ་ཨ། ཆེ་མཆོག་ཀུན་གྱི་འཕྲོ་འདུ་ཡིས། །ག་འུ་རྒྱལ་མོ་ལྔ་བསྐུལ་བས། །འཕྲོ་འདུ་ཉི་མའི་འོད་ལྟར་སྤེལ། །དེ་ནས་ཚེ་གནས་བྱ་བ་ནི། །རྒྱལ་མོ་ལྔ་པོ་རྟེན་ལ་བསྡུ། །ཧཱུཾ་མཁའ་མཉམ་པ་ཡི་ཡེ་ཤེས་ནི། །ཆོས་དབྱིངས་ཉི་མ་ལྟ་བུ་ལ། །འཕྲོ་འདུ་ཡེ་ཤེས་ལྔ་རུ་ཤར། །བག་ཆགས་ལྔ་ཡི་རྒྱུད་སྦྱང་ནས། །འབྱུང་བ་ལྔ་ཡི་བཅུད་བསྡུས་པས། །མི་འགྱུར་ཚེ་ཡི་དངོས་གྲུབ་ཐོབ། །བུམ་པ་བཤིག་ལ་ཚེ་དབང་བསྐུར། །གནོན་པོའི་སྔགས་ཀྱིས་དྲལ་བྱས་ལ། །སྨིན་མཚམས་སྦས་ལ་རྒྱ་ཡིས་གདབ། །འབྲང་རྒྱས་བཀྲ་ཤིས་གསལ་བྱས་ནས། །མཁའ་འགྲོ་ཚོགས་ཀྱི་གཏང་རག་གཏོང་། །རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། རྒྱལ་པོ་བསྒྱུར་བའི་ལེའུ་སྟེ་གཉིས་པའོ།། །།ཕྲ་མེན་རྒྱ་མཚོས་ཡང་གསོལ་པ། །སྲིད་པ་རྒྱུད་ཀྱི་བྱུང་ཚུལ་དང་། །གྲུབ་པའི་དོན་ནི་འབྲས་བུ་གཉིས། །ངོ་མཚར་ལྷ་ལ་བདག་ཉན་འཚལ། །བཅུ་ཚོ་བཞི་རྫོགས་རྒྱལ་སོགས་དེ། །ལྷ་མོ་ཡོངས་འཁྱུད་བདེ་བ་མས། །བཀའ་དོན་གཏན་ཚིགས་གཏན་ལ་ཕབ། །མི་ནུབ་ཚེ་ཡི་གཏན་ཚིགས་དག །རྟོགས་པ་དོན་གྱི་ཆེ་བ་དང་། །ས་གཞི་ལྟ་བུ་གཅན་འཕྲང་དང་། །རྒྱལ་པོ་ལྟ་བུའི་བཀའ་ཉན་དང་། །མཛད་པ་ཐབས་ཀྱི་གར་ཐབས་དང་། །གསལ་བ་དོན་གྱི་དཀྱིལ་འཁོར་དང་། །ལྷུན་གྱིས་གྲུབ་པའི་བསྒྲུབ་པ་དང་། །མངོན་སྤྱོད་ལས་ཀྱི་མཐའ་རྒྱ་རྣམས། །ང་ཡི་གསང་རྒྱུད་ཆེན་པོའི་དོན། །གཞི་གཉིས་དོན་དུ་ངས་བསྟན་གྱིས། །འཁོར་གྱི་གཙོ་བོ་སེམས་གཏོད་ཅིག །བརྗོད་བྱ་རྗོད་བྱེད་ཐབས་ཚུལ་གྱིས། །


DNG023_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་དང་དགོས་པའི་བྱེ་བྲག་དང་། །འདྲེལ་བ་ཐབས་ཀྱི་གཏན་ཚིགས་རྣམས། །འདྲེལ་དོན་གཏན་ཚིགས་གཏན་ལ་ཕབ། །རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། གླེང་སློང་བའི་ལེའུ་སྟེ་གསུམ་པའོ།། །།རྟོགས་པའི་དོན་ནི་འདི་ལྟ་སྟེ། །སྐྱེ་མེད་མི་གནས་གཟུང་འཛིན་བྲལ། །མ་སྐྱེས་ཕྱིར་ན་སྐྱེ་བ་མེད། །དུས་གསུམ་འཕོ་འགྱུར་མེད་པའི་དོན། །མི་གཡོ་སེམས་ཀྱི་བདག་ཉིད་ལ། །འཕོ་འགྱུར་མེད་པའི་རིག་པ་གསལ། །འབྱུང་ལྔ་སེམས་ཀྱི་སྤྲུལ་པ་ལ། །ཡེ་ཤེས་ལྔ་ཡི་མཐའ་རྒྱ་ཅན། །ཀུན་འདུས་སྣང་སྲིད་དབྱིངས་ལ་འདུས། །འཕོ་འགྱུར་དུས་གསུམ་ངང་དུ་གསལ། །སྣང་སྲིད་རང་ཤར་ཀུན་ཏུ་བཟང་། །ཡེ་ནས་མ་གཤེགས་རང་བྱུང་བ། །སྣང་སྲིད་ཕྱག་རྒྱ་ཆེན་པོའི་དོན། །ཀུན་བཟང་ཀློང་གི་དཀྱིལ་འཁོར་ལ། །རིག་པ་ཐུགས་ཀྱི་འོད་ཤར་བ། །མཛེས་པ་ཡུལ་གྱི་རྒྱན་གྱིས་བརྒྱན། །དོན་ཀུན་རྒྱལ་བའི་ཐུགས་ལས་རྫོགས། །རྒྱལ་བ་ཐུགས་རྗེ་གཉིས་མེད་དོན། །སྐྱེ་འགག་མ་ལུས་སེམས་ལ་གསལ། །མ་འགགས་རིག་པའི་ཡེ་ཤེས་ལ། །སྣོད་བཅུད་ཀུན་གྱི་འོད་འདུས་པ། །མཁའ་ལ་རླུང་གི་དོན་དུ་ཤར། །མ་ནི་ངང་གི་རང་བཞིན་ལ། །མོ་ནི་རིག་པའི་དོན་ཤར་བ། །རིག་པ་མ་འགགས་གཏན་ཚིགས་ཀྱིས། །སྐྱེ་མེད་དོན་ཀུན་གཏན་ལ་ཕབ། །སྐྱེ་མེད་དོན་དམ་ཚད་མ་ཡིས། །སྐྱེ་བའི་ཆོས་ཀུན་གཏན་ལ་ཕབ། །དབྱིངས་དང་ཡེ་ཤེས་རང་བཞིན་ལས། །སྣང་སྲིད་མ་མོར་རང་བཞིན་འཆར། །རྫུ་འཕྲུལ་ཤུགས་ཀྱི་མཁའ་འགྲོ་རྣམས། །རྒྱལ་སྲས་ཐུགས་ཀྱི་དཀྱིལ་ནས་བྱུང་། །རང་གིས་རང་ལ་བརྟགས་བྱས་པས། །སྣང་དང་སྟོང་པའི་དོན་དུ་རྟོགས། །རང་ཉིད་ཚད་མའི་རྒྱལ་པོ་སྟེ། །ཤར་བ་རང་ཉིད་སྟོང་པར་རྟོགས། །སྐྱེ་འགག་མེད་པའི་ངང་ཉིད་ལས། །རོལ་པའི་ཁྱད་པར་ཅིར་ཡང་སྣང་། །མཚན་མའི་གཟུང་འཛིན་སྣ་ཚོགས་ཀུན། །སྤྲིན་ཕུང་མཁའ་ལ་ཐིམ་པ་བཞིན། །མ་སྐྱེས་ཆོས་དབྱིངས་


DNG023_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

ངང་དུ་ཐིམ། །ཐིམ་པའི་རྒྱལ་པོ་ཕྱག་རྒྱ་གསལ། །སྣང་སྲིད་རིག་པའི་རྒྱན་ཤེས་ན། །མ་མོ་ཀུན་གྱི་རེ་གནས་ཡིན། །སྲིད་པའི་མ་མོ་ཐམས་ཅད་དང་། །རྒྱལ་བའི་ཐུགས་ལས་བྱེ་བྲག་མེད། །དེ་ཡི་དོན་ནི་འདི་ལྟ་སྟེ། །མཁའ་ལ་འོད་དུ་གསལ་རྟོགས་ན། །འབྱུང་བ་ལྔ་ཡི་རྣམ་རྟོག་བྲལ། །མ་སྐྱེས་རིག་པའི་དོན་ལ་གསལ། །ཆོས་ཉིད་འཛིན་པའི་མཚན་མ་འཇིག །གསེར་གྱི་ཐིག་ལེ་དོན་གསལ་བ། །ཕྲ་མེན་རྒྱ་མཚོ་སྤྲོས་དང་བྲལ། །ཐིག་ལེ་ཆེན་པོའི་དོན་རྟོགས་ན། །ཐོད་ཕྲེང་མ་ཡི་འཛིན་རྟོག་བྲལ། །ཡེ་ཤེས་བཞི་ཡི་དོན་ཤར་བས། །ཁྲོས་པའི་དབང་ཆེན་མཚན་མ་འཇིག །རྣམ་པར་ཤེས་པའི་ངང་རྟོགས་ན། །མ་ཆེན་བཞི་ཡི་འཛིན་རྟོག་བྲལ། །དོན་དང་སེམས་ཅན་རིག་གྱུར་ན། །དགེ་སྡིག་མ་ཡི་མྱ་ངན་འདས། །སྐྱེད་པའི་དོན་ཉིད་རྟོགས་གྱུར་ན། །ཆགས་བྱེད་མ་ཡི་མཚན་མ་འཇིག །སྙོམས་བྱེད་བྱམས་པའི་ངང་གནས་པ། །ཆ་སྙོམས་མ་ཡི་མཚན་མ་འཇོམས། །ལས་བསླུ་མེད་པའི་དོན་གསལ་བས། །ནམ་མཁའི་རྒྱལ་མོའི་འཛིན་རྟོག་བྲལ། །དཔག་བསམ་ཤིང་གི་བཅུད་ཕྱུང་བས། །བུ་མོ་དྲུག་གི་གཏི་མུག་བསལ། །ཟངས་ཀྱི་སྦུ་གུའི་ངང་བསྐྱོད་མ། །འདོད་ཁམས་གསུམ་གྱི་འདོད་ཆགས་སྒྲོལ། །རྒྱུ་བ་རླུང་གི་དོན་ཤེས་པས། །སྲིད་བཞི་དམག་དཔོན་མཚན་མ་འཇིག །དབང་པོ་འདིར་བསྡུས་རིག་གྱུར་ན། །སྲིན་མོ་བདུན་གྱིས་ཞེ་སྡང་འཇིག །དགའ་བ་བཞི་ཡི་དུས་ཤེས་ན། །དུས་བཞིའི་རྒྱལ་མོ་རྟོགས་པ་འཇིག །རུས་པའི་རི་རབ་དོན་གསལ་ན། །ཉི་ཤུ་རྩ་བརྒྱད་མཚན་མ་འཇོམས། །སྲིད་པ་མཚན་མའི་ལས་རྟོག་ཀུན། །བདག་མེད་རྟོགས་པའི་ཐབས་ཀྱིས་འདུལ། །སྣང་སྲིད་སྣང་བའི་མ་མོ་ཀུན། །རིག་པའི་ཡེ་ཤེས་ཆོ་འཕྲུལ་ཏེ། །རིག་པ་མཁའ་ལ་འགྲོ་བ་ནི། །ས་རྣམས་ཀུན་ཏུ་རྒྱུ་འགྲོ་མ། །རང་བཞིན་གནས་པའི་རྫུ་འཕྲུལ་ཅན། །མཁའ་ལ་འཕྱོ་ཞིང་དབྱིངས་ལ་ཉལ། །སྣང་སྲིད་གར་ཐབས་རྒྱལ་བའི་


DNG023_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ། །འཕོ་འགྱུར་མི་མངའ་སྐྱེ་འགྲོ་གསོས། །བདེ་ཆེན་བཅུ་ཡི་དོན་རྟོགས་པ། །རྩ་བ་བྱང་ཆུབ་སེམས་སུ་གསལ། །སྤྱི་དཔལ་བཅུ་ཡི་དོན་གསལ་བས། །མངོན་རྫོགས་ཡབ་ཀྱི་ཐུགས་ལ་རྫོགས། །གསང་ཆེན་བཅུ་ཡི་མཁའ་གསལ་བས། །བྷ་ག་བཅུ་ཡི་དབྱིངས་འདུ་འབྱུང་། །རྫོགས་ཆེན་བཅུ་ཡི་དོན་གསལ་བས། །རྒྱལ་བའི་སྐུ་དང་ཡེ་ནས་མཉམ། །མངོན་རྫོགས་ཡབ་ཀྱི་དཀྱིལ་འཁོར་རོ། །བཅུ་ཚོ་བཅུ་ཡི་རྒྱན་གྱིས་བརྒྱན། །ཆོ་གས་ཐུགས་ཀྱི་དཀྱིལ་འཁོར་ལ། །ཡེ་ཤེས་ལྔ་ཡི་རྒྱན་གྱིས་མཛེས། །ཉོན་མོངས་ལྔ་ཡི་བག་ཆགས་སྦྱོངས། །ཁམས་གསུམ་འཁོར་བའི་ལམ་སྒོ་གཅད། །རྨད་བྱུང་རོལ་པའི་ཅིར་ཡང་སྣང་། །ཀུན་བཟང་ངང་དུ་ཐམས་ཅད་འདུས། །མཚན་མ་བཟང་ངན་ཐམས་ཅད་ཀུན། །ཅི་ཡང་སྣང་ཞིང་ངོ་བོ་སྟོང་། །སྟོང་པའི་ངང་ལས་རྟག་གནས་ན། །དུས་གསུམ་རྒྱལ་བའི་དགོངས་པ་ཡིན། །རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། ལྟ་བ་རྒྱ་མཚོའི་ལེའུ་སྟེ་བཞི་པའོ།། །།ཕྲ་མེན་རྒྱ་མཚོས་ཡང་གསོལ་པ། །སྤྱོད་པའི་དོན་ཆེན་ཇི་ལྟར་ལགས། །རྒྱལ་པོ་བདེ་བས་བཀའ་སྩལ་པ། །སྤྱོད་མཆོག་དམ་པ་འདི་ལྟར་ཏེ། །རྒྱལ་པོའི་ཚོགས་ཀྱི་ཕོ་བྲང་དུ། །འབྱོར་པའི་ཡོ་བྱད་ལྡན་བྱས་ནས། །སྣ་ཚོགས་ཡི་གེས་གཞལ་ཡས་བརླབ། །དྲག་པོའི་ས་བོན་རྫས་སྦྱངས་ནས། །རྒྱལ་མོ་ལྔ་ཡི་ས་བོན་གྱིས། །བདུད་རྩི་ཆེན་པོ་ལོངས་སྤྱོད་ལྡན། །གཡས་པ་ཏ་ཀའི་འབྲས་བུ་ཡིན། །གཡོན་པ་ཏ་རི་བཅད་བྱས་པས། །ཧྲིལ་སྒོ་འབར་བས་རོལ་པ་བསྟབ། །འབའ་ཏ་བདུད་རྩི་འབར་བ་ཡང་། །ཕར་གཏོང་ཚུར་ལེན་འབར་བར་བྱ། །ལམ་དགུ་ཐིག་ལེ་ཐིག་པ་ཡང་། །བཏབ་པའི་ཚུལ་ནི་གོང་མ་བཞིན། །ཏ་ལས་ཏ་ཡི་རྫས་རྣམས་དང་། །བདུད་རྩི་ཆེན་པོའི་ཐབས་སུ་རོལ། །འབྱུང་འཇུག་ཀུན་ལ་རི་ཀྲིས་བསྲུང་། །ཡབ་ལས་རྒྱལ་བ་རིགས་ལྔ་བསྲུང་། །ཡུམ་ལས་རྒྱལ་མོ་ལྔ་ཡི་མཛེས། །རྡོ་རྗེ་ཡི་


DNG023_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

གེ་རྫོགས་པས་རྒྱན། །བྷ་གར་དབྱིངས་ཕྱུག་རྒྱལ་མོ་སྟེ། །ཐབས་ཀྱི་སྤྱན་ནི་བརྡེག་བྱས་ཏེ། །ན་སའི་རྩེ་མོར་ཧཱུཾ་གཟུགས་ཏེ། །རྟ་མཆོག་གཡས་ནས་གཡོན་དུ་དྲིལ། །འོང་བའི་སྒྲ་ལ་ཧཱུཾ་ཞེས་བརྗོད། །འགྲོ་བའི་སྒྲ་ལ་ཕཊ་དུ་བསྒྲགས། །དེ་ནས་མཁའ་འགྲོ་མཆོད་བྱས་ཏེ། །རྡོ་རྗེ་མཁའ་འགྲོ་མ་ཚོགས་ཀུན་གྱི་རྗེ། །སངས་རྒྱས་རྣལ་འབྱོར་ཀུན་གྱི་མེས་གཅིག་ལ། །བདེ་ཆེན་ཡུམ་གྱི་དབྱིངས་ནས་གཤེགས་སུ་གསོལ། །མཁའ་བཞི་དབྱིངས་ལས་བསྐྱེད་པའི་སྲས་མོ་ལྔ། །འབྱུང་བ་ལྔ་དང་དུས་བཞི་ཆ་སྙོམས་མ། །མི་འགྱུར་གཡུང་དྲུང་བསྐྱེད་པའི་ས་ཡི་གཉིས་མེད་སྐུ། །རྒྱལ་མོ་ལྔ་ལ་སོགས་པ་གཤེགས་སུ་གསོལ། །ཀུན་གཞི་སེམས་ལས་བསྐྱེད་པ་ཁྲོ་མོ་ཚོགས། །ཕྱིར་མི་འོངས་པའི་སྤུན་དྲུང་བཅུ་བཞི་ཡི། །རུས་མིན་སྤུན་དྲུག་ཚོགས་རྣམས་གཤེགས་སུ་གསོལ། །ཕྱི་ནང་ཡུལ་ལས་བསྐྱེད་པའི་ལྔ་བཅུ་ལྔ། །མཚན་མེད་ནམ་མཁའ་ལྟ་བུའི་རང་བཞིན་ལས། །ཉི་ཟླ་གཟའ་སྐར་མང་པོ་ཤར་བ་ལྟར། །གནས་འདིར་འཁོར་བཅས་མ་ལུས་གཤེགས་སུ་གསོལ། །ས་མ་ཡཱ་དུ་ན་སྟྭམ། རྡོ་རྗེ་ཞིང་ཆེན་བསྣོལ་བའི་གདན་སྟེང་དུ། །ཉི་ཟླ་པདྨ་འོད་ཀྱི་དཀྱིལ་འཁོར་བཅས། །དབྱིངས་ཀྱི་སྤུན་དྲུག་བསྒོམ་བྱ་མ་མོའི་ཚོགས། །ལྔ་བཅུ་རྩ་ལྔའི་ཚོགས་ཀྱི་དཀྱིལ་འཁོར་ཚོགས། །མི་གཡོ་མི་འགུལ་བརྟན་པར་བཞུགས་སུ་གསོལ། །སྤྱོད་པའི་ངོ་བོ་འདི་ལྟ་སྟེ། །ཨུ་མ་ཚང་ནས་ཉལ་བ་དང་། །བཅུ་དྲུག་ཚང་ནས་སྡོད་པ་དང་། །ཕུགས་ནས་སྲམ་ལྟར་འཐེན་པ་དང་། །མཁའ་ལ་རླུང་ལྟར་འཕྱོ་བ་དང་། །རྔམས་པའི་དྲག་ཤུལ་བྱེད་པ་དང་། །ནམ་མཁའི་སྐས་ལ་འཛེག་པ་དང་། །གླག་ཆེན་གཟན་ལ་དབབ་པ་དང་། །འཕར་བ་དཔྱང་ཐག་ཆོད་པ་དང་། །གླང་ཆེན་རོལ་དུ་ཞུགས་པ་དང་། །མགལ་མེ་ཀླད་ལ་སྐོར་བ་དང་། །འདི་རྣམས་དམིགས་ཀྱིས་བསྒྲལ་བའོ། །ཕ་དང་ཁུ་བོ་མེས་པོ་དང་། །ལྷ་དང་བྲམ་ཟེ་མུ་སྟེགས་དང་། །བྲན་དང་གཡོག་པོ་བདུད་དང་ནི། །གཤིན་རྗེ་


DNG023_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

དྲེགས་པ་བསྒྲལ་བའོ། །ཉོན་མོངས་ཡིད་དང་རྣམ་ཤེས་ཡིད། །ཀུན་གཞི་སེམས་དང་འདོད་ཆགས་སེམས། །ང་རྒྱལ་དང་ནི་ཁོང་ཁྲོ་དང་། །སེར་སྣ་དག་དང་རྒྱུ་དག་དང་། །ལེ་ལོ་དང་ནི་ཕྲག་དོག་རྣམས། །འདི་རྣམས་དམིགས་ཀྱིས་སྒྲོལ་བའོ། །ཉོན་མོངས་གཟུགས་ཕུང་བཤིག་པའི་ཕྱིར། །གཡས་པ་སྤུ་གྲི་འབར་བ་ལ། །གཡོན་པ་གྱད་ཀྱིས་བརྒྱངས་ནས་སུ། །ཏྲ་ཐའི་སྔགས་ཀྱིས་སྒོ་ཕྱེ་ནས། །ཉ་ལ་བསྡུས་ལ་ཙེ་ལ་བསྡིམ། །འབྱུང་བ་གསུམ་གྱིས་སྦྱངས་བྱས་ནས། །རྡོ་རྗེ་ལྷགས་ཀྱིས་བསྡུས་བྱས་ནས། །ཀུན་ནས་བཟང་མོའི་མཁའ་ལ་བཞག །གསེར་དང་དངུལ་དང་འདྲེས་པ་བཞིན། །བསྡུས་ནས་རྒྱལ་བའི་ཕྱག་རྒྱར་བསྐྱེད། །ཟླ་རླུང་སྦྱོར་བའི་ཐབས་ཀྱིས་འཕང་། །རྒྱལ་བའི་རིགས་ཀྱི་སྲས་སུ་བསྐྱེད། །དགེ་སྡིག་ལས་ཀྱི་ཤན་ཕྱེད་ནས། །སྡིག་པ་བྱང་ནས་ཡེ་ཤེས་འབར། །སྦྱོར་བ་ཆེན་པོའི་དམ་ཚིག་ནི། །མ་དང་སྲུ་མོ་ཕྱི་མོ་དང་། །ལྷ་མོ་ཀླུ་མོ་རིགས་ངན་མོ། །གདོལ་པ་མོ་དང་ཕྱལ་པ་དང་། །རྨ་བྱ་མདོག་སྡུག་ཐབས་ཀྱིས་བརླབ། །ད་འོད་རི་ཀ་དབྱེ་བ་དང་། །སྒྲ་ཡི་ཐལ་མོ་སྦྱར་བ་དང་། །མཁའ་ལ་རླུང་གིས་བསྐྱོད་པ་དང་། །ལྕགས་སྒྲོག་ཕྱག་རྒྱ་བསྡམས་པ་དང་། །སྲེག་པའི་མེ་ཡིས་དབབ་པ་དང་། །ཡེ་ཤེས་རླུང་གིས་བསྒྲག་པ་དང་། །ལས་ཀྱི་རླུང་གིས་བཟློག་པ་དང་། །དགྱེས་པའི་ས་བོན་སྤྲོ་བ་སྟེ། །འདི་རྣམས་སྦྱོར་བའི་ཐབས་སུ་བསྟན། །དེ་ལས་ས་དགུ་དོན་གྱིས་རྫོགས། །ཡེ་ཤེས་དགུ་དང་ཡང་དག་ལྡན། །རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། ཚོགས་དང་ཏན་གྷན་གྱི་སྤྱོད་པ་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།ཕྲ་མེན་རྒྱ་མཚོས་ཡང་གསོལ་པ། །གཅན་འཕྲང་ཆུ་ཡི་རང་བཞིན་འདི། །རིམ་པ་གང་དང་གང་ལགས་པ། །ངོ་མཚར་ལྷ་ལ་བདག་ཉན་འཚལ། །ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །རྒྱལ་པོའི་བཀའ་རྟགས་མི་བཅག་པ། །ཇི་ལྟར་བསྒོ་བའི་ལས་བྱ་ཞིང་། །ལུས་ཀྱི་བསྲུང་བྱ་ཐུབ་པ་དང་། །ངག་གི་སྐྱོན་སྦ་ཡོན་ཏན་བརྗོད། །


DNG023_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱི་གྱ་གྱུ་མེད་པ་ནི། །རྒྱལ་པོ་བཀའ་ཡི་དམ་ཚིག་གོ། །རྡོ་རྗེ་རིག་པ་འཛིན་རྣམས་ལ། །ལུས་ངག་ཡིད་ཀྱི་རྩེ་སྡོམ་ཞིང་། །སྐྱོ་ངལ་མེད་པའི་དང་བ་ཡིས། །རྩེ་གཅིག་ཡིད་ཀྱིས་མོས་པར་བྱ། །འདི་ནི་སྐུ་ཡི་ས་མ་ཡ། །རིག་པའི་ཕྱག་རྒྱ་གཏན་བསྒོམ་ཞིང་། །འོད་ཀྱི་རྒྱན་གྱི་ལྷ་གསལ་བ། །སྐུ་གསུང་ཐུགས་ལ་གཏན་གནས་ཏེ། །ཉི་མའི་སྙིང་པོ་གཏན་གསལ་བ། །འདི་ནི་ཙིཏྟ་ས་མ་ཡ། །ཐིག་ལེ་འབར་བའི་སྒྲ་བྱུང་ཞིང་། །བསྐྱེད་རྫོགས་ས་བོན་རྒྱུན་མི་གཅད། །སྤྲོས་པས་ལྷ་བརྙེས་ངན་སོང་སྦྱོང་། །སྣང་སྲིད་སྔགས་ཀྱི་ཕྲེང་བར་གསལ། །འདི་ནི་གསུང་གི་ས་མ་ཡ། །འདི་ཡིས་བཀའ་གཞུང་མ་ཐུབ་པར། །ཕྱིན་ཅི་ལོག་ཏུ་སྤྱད་པ་ན། །འདི་རུ་མི་བདེ་སྣ་ཚོགས་འབྱུང་། །འབྲས་བུ་རྡོ་རྗེ་དམྱལ་བར་ལྟུང་། །ཉམས་པའི་རྒྱུ་ནི་འདི་ལྟ་སྟེ། །དད་པ་ཆུང་ཞིང་སེར་སྣ་ཆེ། །ཁྲོ་གཏུམ་ཆེ་ཞིང་བདག་མེད་པ་དང་། །གཡོ་སྒྱུ་ཆེ་ལ་ཕྲག་དོག་པ། །འདི་ནི་ཉམས་པའི་རྒྱུ་ཡིན་ནོ། །རྟོགས་པའི་དམ་ཚིག་གཞུང་ཐུབ་ན། །འཇིག་རྟེན་འདས་དང་འཇིག་རྟེན་པའི། །མཁའ་འགྲོ་རང་བཞིན་ཉེ་བ་ལ། །བར་ཆད་རྐྱེན་རྣམས་མི་འབྱུང་ཞིང་། །དགྲ་བགེགས་ཀུན་ལ་དབེན་པ་འཇུག །ཚེ་རིང་བ་དང་རྒྱུད་འཕེལ་འགྱུར། །རྒྱལ་པོ་ལྟ་བུར་ཀུན་གྱིས་བཀུར། །ངན་སོང་གནས་རྣམས་སྟོངས་པར་འགྱུར། །ཉམས་ན་སྐོང་ཐབས་འདི་ལྟ་སྟེ། །སྐུ་ཡི་དམ་ཚིག་གཞུང་ཉམས་ན། །མཁའ་འགྲོ་རྣམས་ཀྱིས་འཚེ་གྱུར་པས། །ལུང་ལྡན་དེ་ལ་གསོ་རུ་གཞུག །ཐུགས་ཀྱི་དམ་ཚིག་ཉམས་གྱུར་ན། །རྒྱལ་བའི་ཡི་དམ་སྤོབས་པ་དབབ། །གསུང་གི་དམ་ཚིག་ཉམས་གྱུར་ན། །རང་སྔགས་ཕྲེང་བ་འདབ་ཏུ་བཟླས། །བསྐང་གསོའི་ཆོ་ག་གཞན་ཡང་བྱ། །རྒྱུད་ཀྱི་རྒྱལ་པོ་རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། ས་མ་ཡ་དམ་ཚིག་ལེའུ་སྟེ་དྲུག་པའོ།། །།ཕྲ་མེན་རྒྱ་མཚོས་ཡང་གསོལ་པ། །རྒྱལ་པོ་བཀའ་རྟགས་ཇི་ལྟར་ལགས། །ངོ་མཚར་ཆེ་བ་བདག་ཉན་འཚལ། །མངོན་རྫོགས་ཡབ་ཀྱིས་བཀའ་


DNG023_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

སྩལ་པ། །རྒྱལ་པོ་བཀའ་རྟགས་ཆེན་པོ་ནི། །ངས་བསྟན་པ་ལ་སེམས་ཐུད་ཅིག །ཕྱི་དང་ནང་དང་གསང་བ་འདི། །རབ་འབྲིང་གསུམ་གྱི་སྣོད་ལ་བསྐུར། །ཞིང་གི་རུ་མཚོན་འབར་བ་འདི། །རྒྱལ་སྲས་ལག་ཏུ་བསྐུར་བྱས་པས། །སྲིད་པའི་མཁའ་འགྲོ་དབང་དུ་འགྱུར། །དཔུང་བཞི་ཚོགས་ལས་རྒྱལ་བར་བྱེད། །ཀེ་དུ་རཀྴ་ས་མ་ཡ་སྟྭཾ། ཧཱུཾ་རལ་གྲི་འདོད་ཆགས་འབར་བ་འདིས། །རྒྱལ་སྲས་ལག་ཏུ་བསྐུར་བྱས་པས། །ཉོན་མོངས་འཁོར་བའི་དྲ་བ་གཅོད། །སྲིན་པོ་དྲེགས་པའི་ཁོག་པ་དྲལ། །རཀྴ་ལ་ཁད་ག་ན་ཧཱུཾ། དར་ནག་འབར་བའི་རུ་མཚོན་འདིས། །རྒྱལ་སྲས་ཅོད་པན་འཕྱོ་བའི་དབང་། །ཐབས་དང་ཤེས་རབ་དབང་བསྐུར་བས། །དུས་གསུམ་གནས་སུ་བསྒྲལ་བའི་དབང་། །ཧ་ཧ་ན་ན་ན་ཕཊ་ཧཱུཾ། ཐོད་ཚར་འབར་བའི་དབུ་རྒྱན་ཅན། །རྒྱལ་མོ་ལྔ་ཡི་ཕོ་བྲང་སྟེ། །ཉོན་མོངས་ལྔ་ཡི་བག་ཆགས་སྦྱངས། །ཡེ་ཤེས་ལྔ་ཡི་འོད་དུ་ཤར། །ཛྙཱ་ན་ཧ་ཏ་ཧཱུཾ། ནང་གི་དོན་ལ་འདི་ལྟ་སྟེ། །རཀྟའི་ཐིག་ལེ་འབར་བ་འདིས། །མཁའ་འགྲོ་རིག་པ་གསལ་བས་ཏེ། །ཆེ་མཆོག་ནུ་མའི་འོད་དུ་འབར། །ལྷ་མོ་རིགས་ཀྱི་བཞུགས་གནས་སོ། །མོ་ཧ་ལ་ལ་ཧཱུཾ། རཀྟའི་ཐིག་ལེ་རྒྱ་གོང་དུ། །ཐལ་བའི་ཚོམ་བུ་ཁ་དོག་ཁ། ། རིག་འཛིན་རྣམ་གསུམ་ཕོ་བྲང་ནས། །དུག་གསུམ་རྩད་ནས་གཅོད་པའི་རྟགས། །སྐུ་གསུང་ཐུགས་ཀྱི་དོན་མཚོན་པ། །པྲ་ཙ་ལ་ཧཱུཾ། ཐལ་བའི་རྟགས་ཀྱི་རྒྱ་གོང་དུ། །ཟོ་རིས་འབར་བའི་ཐིག་ལེ་ལྔ། །རྒྱལ་བ་རིགས་ཀྱི་ཕོ་བྲང་སྟེ། །དུག་ལྔ་གནས་སུ་སྦྱངས་ནས་ནི། །ཡེ་ཤེས་ལྔ་ཡི་རྒྱ་ཡིས་གདབ། །པཉྩ་ཛྙཱ་ན་ཧཱུཾ། དམ་རྫས་ལྷ་ཡི་ཐིག་ལེ་ལ། །རྒྱལ་མོ་ལྔ་ཡི་སྙིང་པོས་སྦྱོངས། །ཨོཾ་ལྡན་དཀར་བའི་ཐིག་ལེ་ཡིས། །རྣམ་སྣང་དཔལ་གྱི་ཡེ་ཤེས་དོན་ཐོབ་ཤོག །ཧཱུཾ་ལྡན་མཐིང་ལ་འབར་བའི་རང་བཞིན་གྱིས། །བཀྲག་གསལ་སྙན་གྱི་ཡེ་ཤེས་དོན་ཐོབ་ཤོག །སྭ་ལྡན་སེར་ལ་


DNG023_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

འབར་བའི་ཐིག་ལེ་ཡིས། །འོད་གསལ་འབར་བའི་ཡེ་ཤེས་དོན་ཐོབ་ཤོག །ཨོཾ་ལྡན་དམར་ལ་དྭངས་པའི་ངོ་བོ་འདི། །གཉེན་གསལ་འབར་བའི་ཡེ་ཤེས་དོན་ཐོབ་ཤོག །ཧ་ལྡན་ལྗང་ལ་ལྡེམ་པའི་བདག་ཉིད་ཀྱིས། །ཡང་གསལ་གཡོས་ཀྱི་ཡེ་ཤེས་དོན་ཐོབ་ཤོག །གསང་བའི་དོན་ལ་འདི་ལྟ་སྟེ། །རྡོ་རྗེ་རིགས་ཀྱི་མཚན་ལྡན་མ། །ཁྲུས་ཀྱི་དྲི་ལྡན་ལྷ་མོ་རླབ། །སེང་གེ་སྟག་གི་གཡས་ཕབ་ནས། །གྱི་ལིང་རྫུ་འཕྲུལ་ཆེན་པོ་དང་། །གཅན་གཟན་ཐ་མ་བརྟུལ་ཞུགས་དང་། །རྒྱུ་བའི་རླུང་ནི་ན་སར་གཟུང་། །ལས་ཀྱི་རླུང་ནི་རྒྱ་གྲམ་གཟུང་། །ཁྱབ་བྱེད་རླུང་ནི་གཏི་མུག་སྟེ། །རླུང་གསུམ་གཟུང་བས་བརྟུལ་ཞུགས་མཆོག །རེ་རེ་ལ་ཡང་བཞི་བཞིའི་སྟེ། །ཡེ་ཤེས་བཅུ་དྲུག་མ་ཏ་རུ། །ལྷན་ཅིག་སྐྱེས་པའི་བདེ་དབང་བསྐུར། །ཨོཾ་རྡོ་རྗེ་རིགས་ཀྱི་ཡུམ་མཆོག་མ། །བདེ་མཆོག་ཡེ་ཤེས་སྐྱེད་བྱེད་མ། །གཡོ་བ་ལྔ་ལ་ཡེ་ཤེས་ལྔ། །འཛིན་བཞི་བཅུ་དྲུག་རྟོགས་པའི་ཐབས། །ཡུལ་མཆོག་མ་ཡིས་སྣང་བར་མཛོད། །རང་རིག་གསལ་བའི་ཡེ་ཤེས་འོད། །སྐད་ཅིག་རྟོགས་པའི་ཐབས་མཆོག་འདི། །སྐྱེ་མེད་ཡུམ་དང་རྒྱལ་པོ་ཡབ། །བདག་ལ་སྨིན་པའི་དོན་གསལ་བ། །རྒྱལ་བའི་སྐུ་དང་བཀའ་དྲིན་ཅིག །ཧོ། རིག་པའི་རྒྱལ་པོ་སྲས་མཛེས་དེས། །ལུས་ཀྱི་བཀུར་བ་ཕུན་སུམ་ཚོགས། །ངག་གི་སྐྱོན་སྦ་ཡོན་ཏན་བརྗོད། །སེམས་ཀྱིས་རྟག་ཏུ་འདུལ་བཅས་ལ། །ཡུམ་དང་རྒྱལ་པོ་ཐུན་མོང་བསྐུར། །སྲོག་ལུས་མན་ཆོད་ལུས་ཀྱི་རྣམས། །རྒྱལ་མོ་མཆོད་པས་སངས་རྒྱས་མཉེས། །དེ་ལྟར་ཐོབ་པའི་ཡོན་ཏན་ནི། །ལུས་ལ་འཚེ་བ་མི་འབྱུང་ཞིང་། །སྐྱེ་བོ་ཀུན་གྱིས་བཀུར་བ་དང་། །མཁའ་འགྲོ་མ་རྣམས་ཉེ་བ་དང་། །བརྒྱ་བྱིན་ཚེ་དང་མཉམ་པར་ངེས། །ཧེ་རུ་ཧཱུཾ་སྲས་འཁོར་རྣམས་མཉེས། །རྒྱལ་བ་ཉིད་དང་དགོངས་པ་མཉམ། །དེ་ལྟར་མ་ཐོབ་གང་ཟག་དང་། །བསྒྲུབ་པའི་ལས་ལ་འབྲས་མེད་འགྱུར། །འཇིག་རྟེན་འདི་ལ་ལས་ལོག་པས། །ཕྱི་མར་ངན་འགྲོའི་སྡུག་བསྔལ་འབྱུང་། །རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། དབང་བྱིན་པའི་ལེའུ་སྟེ་བདུན་པའོ།། །།


DNG023_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲ་མེན་རྒྱ་མཚོས་ཡང་གསོལ་པ། །དཀྱིལ་འཁོར་རིམ་པ་གང་ལགས་པ། །མངོན་རྫོགས་དཔལ་ལ་བདག་ཉན་འཚལ། །རྒྱལ་སྲས་དེ་བས་བཀའ་སྩལ་པ། །བདག་ཉིད་བྱང་ཆུབ་ཐིག་ལེ་ལ། །སྐྱེ་འགག་མེད་པའི་ངོ་བོས་ཏེ། །མི་དམིགས་མ་སྐྱེས་དབྱིངས་ཉིད་ལས། །ཆོས་རྣམས་འབྱུང་བའི་རང་བཞིན་ཏེ། །སྣང་སྲིད་མ་འགགས་རིག་པའི་རྩལ། །མ་འགགས་རིག་པ་རང་ཤར་བ། །ནམ་མཁའི་ངོ་བོ་སྙིང་རྗེ་མཆོག །མཚམས་སུ་སྦྱོར་བའི་སྙིང་རྗེ་སྟེ། །དབྱིངས་དང་ཡེ་ཤེས་རང་བཞིན་ལས། །གཉིས་མེད་རིག་པ་ཐུགས་ཀྱི་མཆོག །རིག་པ་གསལ་བ་ཡེ་ཤེས་རྒྱན། །མཐིང་ག་ཧཱུཾ་ནི་ཐུགས་ཀྱི་གཏོར། །ཨེ་ཨཱ་ཀཱ་ཤ་ནི་ཨཱ། དུ་ཀར་མ་རཀྴ་ལ། རཾ་ཛྭ་ལ་མཎྜ་ལ། མ་ཏི་ག་ར་མ། ཀིང་ནྲྀ་ཏྲི་ལཾ། རཾ་བི་ཤུད་དྷི། པདྨ་ཙཀྲ་ཏིར་བཾ། མཐིང་ག་ཧཱུཾ་གི་འཐོར་རླུང་ལ། །དྲག་པོ་ནམ་མཁའི་དཀྱིལ་འཁོར་སྣང་། །སྐྱོད་བྱེད་འབར་བའི་དབང་གི་དཀྱིལ་འཁོར་འབྱུང་། །རཀྟ་དམར་སྨུག་ཞི་བའི་དཀྱིལ་འཁོར་ཆགས། །ཤ་ཆེན་སྤུངས་པས་རྒྱལ་བའི་དཀྱིལ་འཁོར་ལ། །ཀེང་རུས་ཁྲལ་ཁྲོལ་རུས་པའི་རི་རབ་བརྩེགས། །སྣ་ཚོགས་བྷྲཱུཾ་ལས་ཕོ་བྲང་གཞལ་ཡས་ཤར། །འཁོར་ལོ་རྩིབས་ལ་ཡུམ་གྱི་མཁའ་བཞིས་བརྒྱན། །རྩིབས་ཆེན་བཞི་ལས་བཞི་ཡི་དཀྱིལ་འཁོར་ཤར། །དབུས་ཀྱི་ཤར་ནུབ་ཉི་ཟླ་འབར་བ་ལ། །ཕྱི་ཁྱམས་བྷ་ག་བཞི་ཡི་བར་ཁྱམས་ལ། །དུས་བཞི་འབྱུང་བ་བཞི་ཡི་གདན་དུ་གསལ། །གསུམ་པ་པདྨ་འདབ་བརྒྱད་པ་རུ་སྣང་། །བཞི་པ་འདབ་བརྒྱད་པདྨ་རྩིབས་སུ་ལྡན། །གྲུ་ཆད་བཞི་ལ་སྣམ་བུ་ཁྱམས་གསུམ་ལྡན། །ནང་གི་རྩིག་པར་རིན་ཆེན་རྣམ་ལྔ་ལ། །ཕྱི་ཡི་རྩིག་པ་ཐོད་པའི་མཁར་དུ་གཏམས། །ལྷ་བརྒྱད་གདུང་ལ་ཀླུ་བརྒྱད་ཕྱམ་དུ་བོར། །གཟའ་བརྒྱད་ཁ་བད་རྒྱུ་སྐར་དྲལ་བུ་བྱས། །རྒྱལ་ཆེན་རིགས་བཞི་སྦྲུལ་ནག་རྒྱན་གྱིས་བརྒྱན། །ཞིང་གི་རྒྱལ་མཚན་སྒོ་བཞིར་བརྒྱན། །ཉི་ཟླ་པདྨའི་འོད་ཀྱི་གདན་དུ་གསལ། །དབུས་སུ་རུ་དྲ་ཕོ་མོ་བསྣོལ་བ་ལས། །ལྷ་ཡི་དབང་པོ་རྒྱ་མཚོ་ཉི་མའི་གདན། །རྩིབས་བཞིའི་སྟེང་དུ་བདུད་བཞིའི་རྒྱལ་མོ་གདན། །དུས་བཞིའི་རྒྱལ་མོ་བཞི་ལ་སྨྲའོ་


DNG023_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

ལག་རིས་གདན། །ཕྱོགས་སྐྱོང་བརྒྱད་ནི་དགྱེས་སྡེ་ཁྲོས་པའི་གདན། །སྨན་མོ་ཐམས་ཅད་སྐམ་རློན་ཞིང་གི་གདན། །དབང་མོ་རྩ་བརྒྱད་དར་གྱི་བློན་གདན་ནོ། །ཧཱུཾ་ཆེན་དབུས་ཀྱི་གདན་ལ་ཤར་བ་ལ། །ཨོཾ་ཤྲཱི་ཧེ་རུ་ཀ་ཀྲོ་དྷཱི་ཤྭ་རཱི་ས་མ་ཡ་སྟྭཾ། བཅོམ་ལྡན་ཆེ་མཆོག་ཧེ་རུ་ཀ །ཀུན་ཏུ་བཟང་མོའི་རོལ་པ་ལས། །དགྱེས་པའི་རོལ་པ་གར་དུ་བཞེས་སུ་གསོལ། །སྐྱེ་མེད་ཀུན་ཏུ་བཟང་མོ་ལ། །སྣང་སྲིད་རྫས་སུ་དབུལ་དུ་གསོལ། །མཁའ་ལ་ཀློང་ཆེན་དབྱིངས་ནས་བཞེངས། །མཁའ་བཞི་དབུས་ཀྱི་དཀྱིལ་འཁོར་ལ། །དགྱེས་པ་གར་གྱི་ཐིག་ལེ་སྤྲོ། །འཁོར་ལོ་པདྨ་རིམ་པ་ནི། །རིམ་པ་བཞི་ཡི་འཕར་བའི་དབུས། །ཐིག་ལེ་སྤྲོས་པས་ཡིག་འབྲུ་ཤར། །བསྐྱེད་པའི་སྔགས་ཀྱིས་ཕྱི་རུ་གདོན། །བདག་གི་གསེར་གྱི་ཉི་མ་ལས། །ས་བོན་ལས་ནི་སྐུར་བསྐྱེད་པ། །བཛྲ་ཀྲོ་དྷཱི་ཤྭ་རཱི་བྷ་ག་པདྨརྱ་ཧཱུཾ། བདག་གི་འོད་ཆེན་ཁ་དོག་ལས། །ས་བོན་ལས་ནི་སྐུར་བསྐྱེད་པ། །བཛྲ་ཤནྟི་པདྨ་ག་རུ་ཏི་བྷྱོ། བདག་གི་འབྱུང་བ་ལྔ་པོ་ལས། །ས་བོན་ལས་ནི་སྐུར་བསྐྱེད་པ། །གི་ས་མུཾ་ཧཱུཾ་ཧ་ཛ་ལ་བར་རཾ་ཧཱུཾ་ཧ། ཤི་ཤ་སན་ཏི་ཧ་ཀ་སི་ལོང་ཧེ་ཧ། མ་ཧཱ་ལང་ཧེ་ཧ། བདག་གི་དྭངས་མ་བཞི་པོ་ལས། །ས་བོན་ལས་ནི་སྐུར་བསྐྱེད་པ། །མུ་ཏྲི་ནི་ཨ་ཤན་ཏྲི་ནི། བ་ག་དུན་ཏྲི་ནི། ཁ་མུན་དན་ཏྲི་ནི། བདག་གི་དྭངས་མ་བཞི་པོ་ལས། །ས་བོན་ལས་ནི་སྐུར་བསྐྱེད་པ། །རཾ་ཛྭ་ལ་ནི། པཾ་ཏིང་ཀ་ལ། སུ་ཙིཏྟ་ཧ། ཡཾ་གརྦྷེ་ལཾ། བདག་གི་དྭངས་མ་བརྒྱད་པོ་ལས། །ས་བོན་ལས་ནི་སྐུར་བསྐྱེད་པ། །ཨོཾ་སུརྱ་བི་ཏི་ཨ་ཏོ་ཡེ། པདྨ་བི་ཏོ་ཨ་ཏོ་ཡེ། ཁ་རཾ་བི་ཏོ་ཨ་ཏོ་ཡེ། སྲིད་འགྲོ་བི་ཏོ་ཨ་ཏོ་ཡེ། ཨོཾ་བཛྲ་ཀེཾ་ཀེཾ། བཛྲ་ཏ་ཀེ་བཛྲ་ཏ་ཀེཾ། བཛྲ་ནི་ལ་བཛྲ་ནི་ལ། བཛྲ་ལན་ཏ། བཛྲ་ལན་ཏ། བདག་གི་གསང་བ་བདེ་ཆེན་ལས། །ས་བོན་ལས་ནི་སྐུར་བསྐྱེད་པ། །ཟ་གྲཾ་ས་མུ་རཾ་ཤྭ་ར་ཟ་གྲཾ་མུར་རཾ་ཤྭ་ར་བཛྲ་ཁ་རག་སྙིང་ཁ་རག །བདག་གི་ཟངས་མའི་སྦུ་གུ་ལས། །ས་བོན་ལས་ནི་སྐུར་བསྐྱེད་པ། །པྲ་བན་ཀ་རི་བྷྱོ། པྲ་ཀིང་ཝང་གི་ཏི་བྷྱོ། བདག་གི་སྲིད་པ་མདོར་


DNG023_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་ལས། །ས་བོན་ལས་ནི་སྐུར་བསྐྱེད་པ། ཏྲག་རག་ཤ་ཁ་མུན་ཙམ་ཛག་ཤ་ཏྲག་རག་ཤ་མུ་དྲ་བ་ན། བདག་གི་དཔག་བསམ་ཤིང་བུ་ལས། །ས་བོན་ལས་ནི་སྐུར་བསྐྱེད་པ། །ཁ་མུན་པ་རག་པ་ཏྲ་རག་ཤ །སྲན་ཝཾ་ཀ་རི་ཏ་བྷྱོ། བདག་གི་དབང་པོ་མདོར་འདུས་ལས། །ས་བོན་ལས་ནི་སྐུར་བསྐྱེད་པ། །ཧཱུཾ་ཀ་བ་རོད་ད་རོད། ནི་ལ་ཆུ་རང་ཁ་དོང་ཀ་ཏ་པ་ལ། ཙ་པ་ལ། པདྨ་ཙག་ཤ །མ་ཀུ་རག་ཏི། དར་པཾ་དིང་པཾ། ཨེ་ཨཱ་ར་ལི། ནུ་པོ་རུ་ལུ་ནུ་པོ་རུ་ལུ་བྷྱོ། ཏྲག་ཤག་ཤ་རག་ཤ །གཡས་གཡོན་ཐབས་དང་ཤེས་རབ་ལས། །ས་བོན་ལས་ནི་སྐུར་བསྐྱེད་པ། །མ་ཏཾ་བྷྱོ། བྷྱོ་ཏི་བྷྱོ། པུཥྚིཾ་བྷྱོ། མུ་ཏིཾ་བྷྱོ། བཛྲ་ཤནྟིཾ་བྷྱོ། དུན་ཏིཾ་བྷྱོ། ཧར་ཏིཾ་བྷྱོ། གྲུབ་ཏིཾ་བྷྱོ། ཨ་པར་ལ་ཏ་བྷྱོ། ད་ལ་དུ་ན་བྷྱོ། དི་ན་མ་མ་ཡ་བྷྱོ། བདག་གི་སྲིད་པ་དབང་ཕྱུག་ལས། །ས་བོན་ལས་ནི་སྐུར་བསྐྱེད་པ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། དཀྱིལ་འཁོར་བསྐྱེད་པའི་ལེའུ་སྟེ་བརྒྱད་པའོ།། །།ཧཱུཾ་སྣང་སྲིད་ཐམས་ཅད་ཡུམ་གྱི་བྷ་གའི་ཀློང་། །དུས་གསུམ་བདེ་གཤེགས་འབྱུང་བ་ལྔ་ལ་རྫོགས། །འབྱུང་བ་ལྔ་ཉིད་ཡུམ་གྱི་བྷ་གས་བརྒྱན། །འདས་དང་མ་བྱོན་བྷ་ག་ཉིད་ཀྱིས་བརྒྱན། །བདེ་ཆེན་ཡུམ་གྱི་དབྱིངས་ནས་གཤེགས་སུ་གསོལ། །མཁའ་བཞི་དབྱིངས་ལས་བསྐྱེད་པའི་སྲས་མོ་ལྔ། །འབྱུང་བ་ལྔ་ཡི་རྒྱལ་མོ་གཤེགས་སུ་གསོལ། །དྭངས་མ་ཡུམ་ལས་བསྐྱེད་པའི་མཁའ་འགྲོའི་ཚོགས། །རྗེ་མོ་བཅུ་བཞིའི་ཚོགས་རྣམས་གཤེགས་སུ་གསོལ། །སྙིགས་མ་ཙ་ལས་བསྐྱེད་པའི་མ་མོའི་ཚོགས། །ལྔ་བཅུ་དྲུག་གི་ཚོགས་བཅས་གཤེགས་སུ་གསོལ། །འབྱུང་བ་བཞི་དང་དུས་བཞི་ཆ་སྙོམས་མ། །དུས་བཞིའི་རྒྱལ་མོ་འཁོར་བཅས་གཤེགས་སུ་གསོལ། །ཧཱུཾ་སྣང་སྲིད་ཐམས་ཅད་འཁོར་ལོ་རྩིབས་བཞི་པོ། །གྲུ་ཆད་སྒོ་བཞི་བྷ་གའི་ཚུལ་དུ་བརྒྱན། །དབུས་ནི་མི་འགྱུར་ཆོས་ཀྱི་བུམ་པ་ལ། །འདབ་བརྒྱད་དབྱིངས་ལས་


DNG023_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་རྩིབས་བཅུ་བཅས། །རྩིག་པ་གཉིས་ལས་སྣམ་བུ་སྒོ་ཡི་རྒྱན། །ཤར་དུ་རྟ་ཁྲག་ལྷོ་རུ་མི་ཁྲག་དང་། །ནུབ་ཏུ་མདའ་སྦྱར་བྱང་དུ་བདུད་རྩི་སོགས། །རང་བཞིན་མཚན་མོ་དུས་ནི་འདི་ཉིད་དུ། །མདའ་བཞི་རྒྱལ་མཚན་གནམ་དུ་ཡེ་རེ་རེ། །ཁྲག་དང་ཞག་གི་འདམ་ཆུ་ཟུ་ལུ་ལུ། །ཡེ་ཤེས་བཞི་ཡི་མེ་ལོང་ལམས་སེ་ལམ། །རལ་གྲི་རྒྱལ་ཆེན་དམག་དཔོན་ཆེན་པོ་བཞི། །འགྲོ་བའི་དོན་དུ་བརྟན་པར་བཞུགས་སུ་གསོལ། །བདུད་རྩི་ཕྱག་གི་བུམ་པའི་རྒྱུ་དག་གི། །ཧཱུཾ་གིས་བསྡིམས་ཤིང་རྒྱུད་སྦྱངས་ཧ་ལྔ་འབར། །ཐུགས་ལས་བཞི་འཕྲོས་བརྟན་པར་བཞུགས། །སྲིད་པའི་རི་ལ་འགྲོ་བའི་མཁའ་འགྲོ་རྣམས། །སྭ་གཉིས་ལུ་གུ་རྒྱུད་བྱས་ཧཱུཾ་གཉིས་ལྕགས་ཀྱུའི་ཚུལ་དུ་རྟེན། །ཨོཾ་ཤྲཱི་ཧེ་རུ་ཀ་ཡོ་གི་ཛ་ཛ་སུརྱ་མཎྜལ་བི་བམ། དམ་ཚིག་གཙོ་འཁོར་ལྡན་པ་ཡི། །སྤྲུལ་པ་རེ་རེ་གདན་དུ་བསྐྱེལ། །མཁའ་ཡི་གཏིང་ཁུང་དབུར་གནས་པ། །ནམ་མཁའི་མཐའ་ལ་རལ་གྲི་ཕབ། །ཏྲ་ཏ་ཕཊ། སོ་སོ་རང་རིག་སྒོ་དབྱེ་ནས། །ཧཱུཾ་གི་སྦུབས་ཀྱི་ལེ་བརྒན་དྲངས། །ཆེ་མཆོག་ལེ་བརྒན་འབར་བར་སྨིན། །ཨོཾ་ཨ་མྲྀ་ཏ་ཨུ་ཙིཏྟ་ཨ་ཧཱུཾ་ཨ། ཤེས་རབ་སྙིང་རྗེ་དུས་གཅིག་འབར། །ནུབ་པའི་གདན་ནས་བཏགས་བྱས་ཏེ། །ཕོ་བྲང་སྟེང་དུ་ཟུང་སྟེ་བཞེངས། །ཞལ་སྦྱོར་ཚུལ་དུ་གནས་པའོ། །གཉིས་སྦྱོར་གཙོ་ལ་ཟུར་བརྟན་པའོ། །རྡོ་རྗེ་མཁའ་འགྲོ་ལས། སྤྱན་དྲངས་ཤིང་དབང་བསྐུར་བའི་ལེའུ་སྟེ་དགུ་པའོ།། །།ཧཱུཾ་བཅོམ་ལྡན་ཆེ་མཆོག་ཧེ་རུ་ཀ །མཐིང་ནག་འཇིགས་པའི་ཆ་ལུགས་ཅན། །དཀར་ནག་འབར་བའི་ཞལ་མངའ་བ། །གཡས་ཀྱི་དང་པོ་རྡོ་རྗེ་ལ། །གཡོན་པ་དུང་ཆེན་གའུ་འཛིན། །གཡས་ཀྱི་བར་མ་གཡང་གཞི་ལ། །གཡོན་པ་རིན་ཆེན་སྲིད་དབང་བསྐུར། །གཡས་ཀྱི་ཐ་མ་རྩེ་གསུམ་ལ། །གཡོན་གྱི་ཐ་མ་ཚེ་འཛིན་ཅིང་། །མི་ཟད་གཏེར་གྱི་མཆོད་པར་བཞེས། །ཀུན་ཏུ་བཟང་མོ་བདེ་བའི་ཡུམ། །བཞི་ཟུར་ཞབས་བརྒྱད་ཕྱག་དྲུག་འབར། །གཡས་ཀྱི་དང་པོ་སྲིད་རྩེ་འཛིན། །གཡོན་གྱི་དང་པོ་རྒྱ་མཚོ་རློབ། །གཡས་ཀྱི་བར་མ་ཡབ་ལ་འཁྱུད། །གཡོན་གྱི་བར་


DNG023_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

མས་དུང་དམར་སྟོབ། །གཡས་ཀྱི་ཐ་མ་རུ་མཚོན་འཕྱར། །གཡོན་གྱི་ཐ་མ་མེ་དཔུང་བརྡེག །མི་ཟད་གཏེར་གྱི་མཆོད་པར་བཞེས། །སྦོམ་མེ་མཐེའུ་ཆུང་རྩེ་མནན་ནས། །གུང་མོ་རྩེ་སྤྲད་བཞི་བསྒྲེང་བ། །རྒྱལ་མོ་ལྔ་ཡི་ཕྱག་རྒྱ་ཡིན། །གཡས་པ་མཛུབ་མོ་བསྒྲེང་བ་ལ། །གཡོན་པ་ཆགས་པ་འཁྱུད་པ་ནི། །དུས་བཞི་རྒྱལ་མོ་ཕྱག་རྒྱ་ཡིན། །གཡས་པ་ཁུ་ཚུར་སྙིང་གར་བསྟེན། །གཡོན་པ་མཚོན་གྱི་བྱེད་པ་ཡིན། །ཕྲ་མེན་རྒྱ་མཚོ་ཉིད་ཀྱི་རྒྱ། །མཐེབ་མཛུབ་རྩེ་མོ་སོ་སོར་སྤྲད། །སྤྱན་གྱི་ཐད་ཀར་འཛིན་པ་ནི། །དེ་ནི་རྡོ་རྗེ་ཉི་མའི་རྒྱ། །མཐེབ་མོ་གཉིས་དང་མཛུབ་གཉིས་བསྒྲེང་། །གསུམ་པོ་ཕན་ཚུན་ཐགས་སུ་བཏགས། །དེ་ནི་སྦས་པའི་མ་བཞིའི་རྒྱ། །གུང་མོ་སྲིན་ལག་སོ་སོར་དགུག །མཐེ་བོང་གཉིས་ཀྱིས་སོ་སོར་མནན། །དེ་ནི་ཁྲོས་པའི་རྒྱལ་མོའི་རྒྱ། །མཐེའུ་ཆུང་མཐེ་བོང་རྩེ་ལ་མནན། །ལྷག་མ་གསུམ་པོ་འདི་ལྟར་བྱས། །ཐུགས་ཀྱི་དགྱེས་སྡེ་རྒྱ་ཆེན་ཡིན། །ཕན་ཚུན་ཐགས་སུ་བཏགས་པ་ལ། །ཕྱི་རུ་འགྱེད་ནས་འོད་འཕྲོས་པས། །སྨན་མོ་རྣམས་ཀྱི་ཕྱག་རྒྱ་ཡིན། །ཉི་ཤུ་རྩ་བརྒྱད་པོ་ཡི་ཕྱག་རྒྱ་ནི། །གཞན་དང་འགྲེ་སྟེ་འདིར་མ་བཤད། །མེ་ཏོག་རྒྱན་གྱི་མཆོད་པ་འདི། །སྣང་སྲིད་མཛེས་པའི་མཆོད་པ་ཆེན་པོ་བཞེས། །མེ་བདུག་སྤོས་ཀྱི་དུད་པ་ཆེན་པོ་འདི། །ཚིམ་པའི་མཆོད་པ་ཆེན་པོ་བཞེས་སུ་གསོལ། །བདུད་རྩི་ཆེན་པོའི་དམ་སྐོང་མཆོད་པར་བཞེས། །འདོད་ཆགས་ཁྲག་གི་མཆོད་པ་དམ་པར་བཞེས། །རྨད་བྱུང་རྒྱན་གྱི་གཏོར་མའི་མཆོད་པར་བཞེས། །ཞེ་སྡང་ཏིང་འཛིན་རམ་གྱི་མཆོད་པར་བཞེས། །འདོད་ཆགས་སྦྱོར་བྱེད་མཆོད་པར་བཞེས། །ལ་ལ་དྲིལ་ཆེན་སྒྲ་སྒྲོགས་ཁྲོ་ལོ་ལོ། །ལ་ལ་རོལ་པའི་རྟ་བྲོ་ཆེམས་སེ་ཆེམ། །རོལ་མོ་ཡེ་ཤེས་མཆོད་པ་ཆེན་པོ་བཞེས། །གནམ་ལྕགས་དུར་མོ་མེ་ཡི་མཆོད་པར་བཞེས། །གནམ་ལ་འཕུར་དང་ཆུ་ལ་འཕྱོ་བ་དང་། །ས་ལ་སྐྱེས་པའི་མདངས་ཀྱི་མཆོད་པར་བཞེས། །ཧོ་དགོངས་སུ་གསོལ། མ་མོ་མཁའ་འགྲོ་ཕྱི་ནང་གི་ཕྱོགས་སུ་བསྒྱུར་བ་དང་།


DNG023_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུག་གི་སྒྲ་སྒྲོགས་པ་དང་། གློག་གི་ལྕེ་འབྱིན་པ་དང་། གནམ་ལྕགས་ཀྱི་རྐན་རྡེབས་པ་དང་། རྒྱུ་འབྱུང་བ་ལྔ་ཁ་ལོ་སྒྱུར་བའི་རྒྱལ་མོ་ལྔ་དང་། ལས་མཛད་སྲིད་པ་ཁྲོས་པའི་དབང་མོ་ཆེ་བཞི། དྭངས་མའི་དབྱིངས་ལས་ཤར་བའི་མ་ཆེན་བཞི་དང་། རིག་པ་རྒྱན་གྱི་མ་ཆེན་བཞི་དང་། དམན་མོར་གྲགས་པ་ཐམས་ཅད་དང་། མཁྱེན་པ་དང་ནི་བྱིན་གྱིས་བརླབ་ཏུ་གསོལ། །དེ་ནས་རིག་པ་དོན་ལ་བཟླས། ཨོཾ་ཤྲཱི་ཧེ་རུ་ཀ །བཛྲ་བོ་དྷི་ཙིཏྟ་ས་མ་ཡ་ཧཱུཾ་ཧོ། ཀྲོ་དྷཱི་ཤྭ་རཱི་པདྨ་རུ་ལུ་རུ་ལུ་བྷྱོ། ཐུགས་ལས་ལྗགས་ཀྱི་རྩེ་ལ་འཕྲོ། །མཁའ་ལ་འདུ་ཞིང་དབྱིངས་སུ་བསྡུ། །དཀྱིལ་འཁོར་གཉིས་སྡེབས་ཞལ་སྐོར་བཟླས། །རང་རང་རྩ་བའི་སྙིང་པོ་སྤྲོ། །རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། མཆོད་པ་རིམ་པར་བསྟན་པའི་ལེའུ་སྟེ་བཅུ་པའོ།། །།ཧཱུཾ་ཐུགས་ཀྱི་ཀུན་མཁྱེན་སྐུ་ཡི་ཀུན་ཏུ་ཁྱབ། །གསུང་གི་སྒྲ་སྒྲོགས་ཡོན་ཏན་ཅིར་ཡང་སྣང་། །ཕྲིན་ལས་རྒྱ་མཚོ་མཛད་ལ་ཕྱག་འཚལ་ལོ། །ཅི་མི་འོང་བའི་སྤུན་དྲུག་བཅུ་གསུམ་པོ། །རུས་མིན་སྤུན་དྲུག་ཚོགས་ལ་ཕྱག་འཚལ་ལོ། །རིག་པའི་དབྱིངས་ལས་ཤར་བའི་དམ་ཅན་ཚོགས། །ཐུགས་རྗེ་རྩེ་གཅིག་ཡིད་ཀྱིས་དགོངས་ནས་གཤེགས། །སྲིད་པ་ཀུན་གྱི་ལས་རྣམས་གྲུབ་པ་མོ། །སྲིད་པའི་དམན་མོའི་ཚོགས་ལ་ཕྱག་འཚལ་ལོ། །དེ་ནས་གདན་རྣམས་བསྒྱེལ་ནས་སུ། །གྲུབ་པའི་ལས་རྣམས་བྱེད་པར་བསྒོ། །ཧཱུཾ་བཅོམ་ལྡན་ཆེ་མཆོག་ཧེ་རུ་ཀ །མཐིང་ནག་འབར་བའི་ཆ་ལུགས་ལ། །དུར་ཁྲོད་འབར་བས་སྐུ་ལ་བརྒྱན། །ཕྱག་དྲུག་ཕྱག་ཆས་སྐྱེ་ཤི་སྒྲོལ། །བསྐལ་པ་མེ་ཡི་གཟི་མདངས་ཅན། །ཡུམ་དང་གཉིས་སུ་མེད་པར་རོལ། །ཐུགས་རྗེ་དབྱིངས་ནས་རོལ་པར་མཛད། །ཐུགས་རྗེ་མི་འགྱུར་དབྱིངས་ནས་སྐུ་སྤྲུལ་པ། །མཁའ་དྲུག་རྒྱལ་མོ་མངོན་སྤྱོད་ལས་གྱིས་ཤིག །མི་དམིགས་སྐྱེ་མེད་དབྱིངས་ནས་སྐུ་སྤྲུལ་པ། །ཕྲ་མེན་རྒྱ་མཚོ་ལ་སོགས་ལས་གྱིས་ཤིག །སྙིང་རྗེ་ཆེན་པོའི་འོད་ལས་སྐུ་སྤྲུལ་མ། །ཉི་མ་ཐོད་ཕྲེང་ལ་སོགས་ལས་གྱིས་ཤིག །ཐུགས་ཀྱི་སྤྲུལ་པས་ཁམས་གསུམ་རྡུལ་དུ་རློག །ཁྲོས་པའི་དབང་ཆེན་ལ་སོགས་ལས་གྱིས་ཤིག །སྐྱེ་


DNG023_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

མེད་མི་འགྱུར་དབྱིངས་ནས་དོན་མཛད་མ། །སྦས་པའི་མ་ཆེན་ལ་སོགས་ལས་གྱིས་ཤིག །རིག་པའི་འོད་ལས་ཤར་བའི་བཞད་སྒྲ་ཅན། །ཐུགས་ཀྱི་དགྱེས་སྡེ་ལ་སོགས་ལས་གྱིས་ཤིག །སྣང་སྲིད་ཐམས་ཅད་སྐྱེ་འགྲོའི་རྣམ་འཕྲུལ་མ། །ཆགས་བྱེད་ཆ་སྙོམས་ལ་སོགས་ལས་གྱིས་ཤིག །དཔག་བསམ་ཤིང་བུ་ཁྱེར་ནས་སྤྲུལ་པའི་ལྷ། །ཨེ་ཀ་ཙ་ཏི་ལ་སོགས་ལས་གྱིས་ཤིག །འཐོར་རླུང་དྲག་པོས་སྣང་སྲིད་བྷྱོ་ཟློག་བྱེད། །ནམ་མཁའི་རྒྱལ་མོ་ལ་སོགས་ལས་གྱིས་ཤིག །འདོད་ཆགས་གནས་སུ་སྟོབས་མཛད་བྱམས་སྙོམས་མ། །འདོད་ཁམས་ནེ་མཚན་ལ་སོགས་ལས་གྱིས་ཤིག །བདུད་ཀྱི་བུ་སྨད་སྲིད་གསུམ་བྷྱོ་ཟློག་མཛད། །སྲིན་མོ་ཆེན་མོ་ལ་སོགས་ལས་གྱིས་ཤིག །ཐུགས་རྗེ་བྱམས་པས་ཡབ་ལ་བརྩེ་བ་མ། །ལས་ཀྱི་སྲིན་མོ་ལ་སོགས་ལས་གྱིས་ཤིག །བརྟུལ་ཞུགས་སྟོབས་ཀྱིས་བདུད་ཀྱི་དཔུང་འཇོམས་མ། །དམག་དཔོན་རྒྱལ་མོ་ལ་སོགས་ལས་གྱིས་ཤིག །རྒྱལ་བའི་བཀའ་བཞིན་ལས་རྣམས་ཁས་བླངས་པ། །ཉི་ཤུ་རྩ་བརྒྱད་དབང་མོ་ལས་གྱིས་ཤིག །རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། བསྐུལ་བའི་ལེའུ་སྟེ་བཅུ་གཅིག་པའོ།། །།ཕྲ་མེན་རྒྱ་མཚོས་ཡང་གསོལ་པ། །བསྒྲུབ་པའི་རིམ་པ་གང་ལགས་པ། །མངོན་རྫོགས་དཔལ་ལ་བདག་ཉན་འཚལ། །རྒྱལ་པོ་བདེ་བས་བཀའ་སྩལ་པ། །དབེན་ལ་གཉན་པའི་གནས་སུ་ནི། །འདབ་བཞི་སྒོ་བཞི་ཡང་དག་ལྡན། །ཡབ་ཡུམ་བསྙེན་པ་རྫོགས་བྱས་ནས། །ཀུན་ཏུ་བཟང་མོའི་བྷ་ག་ལ། །རྒྱལ་མོ་བཞི་དང་ཐུན་མོང་ཤར། །ཧཱུཾ་ཧཱུཾ་ཧཱུཾ། བྷྱོ་བྷྱོ་བྷྱོ་བྷྱོ། རཾ་ཛྭ་ལ་ནི་ཕཊ། སིང་ཏིང་ས་ལ་ཕཊ། ཕ་ཙནྟི་ཧ་ཕཊ། ཡཾ་གརྦྷེ་ལང་ཕཊ། ཏི་ཕང་ཕཊ། ཨ་པར་མནྟ་ཕཊ། དྭངས་སམ་འདི་དང་ས་མ་ཕཊ། ས་ཡི་དུས་ཉུལ་ཆེན་མོས་ཏེ། །ཤར་ཕྱོགས་ཁམས་ནས་གཤེགས་སུ་གསོལ། །མེ་ཡི་འོད་ནས་རྣམ་སྤྲུལ་མ། །ལྷོ་ཕྱོགས་ཁམས་ནས་གཤེགས་སུ་གསོལ། །ཆུ་ཡི་དྭངས་མས་སྤྲུལ་པ་མོ། །ནུབ་ཕྱོགས་ཁམས་ནས་གཤེགས་སུ་གསོལ། །རླུང་གི་བྱེད་ལས་སྐྱེད་པ་མོ། །བྱང་ཕྱོགས་ཀློང་


DNG023_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གཤེགས་སུ་གསོལ། །ལྷ་ཡི་བུ་མོ་འདབ་བཟང་མོ། །གཤིན་རྗེའི་བུ་མོ་རལ་པ་ཅན། །ཀླུ་ཡི་བུ་མོ་ཡིད་འཕྲོག་མ། །གནོད་སྦྱིན་བུ་མོ་གར་མཁན་མ། །ཕྱོགས་བཞི་དག་ནས་གཤེགས་སུ་གསོལ། །ཐིམ་པའི་རྒྱལ་མོའི་བྱེ་བྲག་ནི། །རྒྱ་མཚོ་གཟུགས་ཀྱི་ཁོག་པ་རུ། །གསེར་མིག་འབར་བའི་ཤ་ཡིས་བསྐང་། །རྒྱ་མཚོ་དགྲ་ཡི་ཁོག་པ་རུ། །ཙ་ར་ཀའི་པའི་མདངས་སྤྱིས་བསྐང་། །ན་ཁྲོ་ཏ་ཡི་ཁོག་པ་རུ། །སྟོངས་བྱེད་མ་ཡི་བཅུད་ཀྱིས་བལྟམས། །གནོད་སྦྱིན་འབར་བའི་རྩེ་མོ་རུ། །གངས་ཀྱི་ཞུན་ཆུ་འབར་བས་བསྐང་། །མཐུན་པའི་རྫས་ཀྱིས་སྐུ་མཉེས་བྱ། །སྤྱི་དཔལ་ཆེན་པོ་མཆོད་བྱས་ནས། །རང་རང་སྔགས་ཀྱིས་མཆོད་པར་བྱ། །ལྷ་ཡི་འབར་བའི་ཨེ་སྤྱིལ་དུ། །རྟེན་གྱི་འཁོར་ལོ་དམིགས་པ་ཡིས། །སྲི་རྩོ་ན་ཡི་ཐག་པས་གདགས། །གཟུགས་མོ་བྱི་ཐུར་དག་ལ་སྟོད། །ཧཱུཾ་དཔལ་གྱི་ཕོ་ཉ་ཆེན་མོ་ནི། །སྟོན་ཟླ་གསུམ་གྱི་ངོས་ཤེད་ལ། །ཁྲི་གདུགས་གདལ་བའི་ཤར་ཕྱོགས་ནས། །སྲིད་པ་བགྲེང་བུ་ཤ་ཟ་མ། །ཤར་ནས་དམ་སྲི་ཤ་དང་ཕྲོལ། །དགུན་ཟླ་གསུམ་གྱི་ངོས་ཤེད་ལས། །ཁྲི་གདུགས་གདལ་བའི་ལྷོ་ཕྱོགས་ནས། །སྲིད་པའི་འཕྲང་ཉལ་དྲོད་འཕྲོག་མ། །ལྷོ་ནས་དམ་སྲི་དྲོད་དང་ཕྲོལ། །དབྱར་ཟླ་གསུམ་གྱི་ངོས་ཤེད་ལ། །ཁྲི་གདུགས་གདལ་བའི་ནུབ་ཕྱོགས་ནས། །སྲིད་པ་ཏ་སྦྱོར་ཁྲག་འཛག་མ། །ནུབ་ནས་དམ་སྲི་ཁྲག་དང་ཕྲོལ། །ཁྲི་གདུགས་གདལ་བའི་བྱང་ཕྱོགས་ནས། །སྲིད་པའི་གན་རྐྱལ་དབུགས་འཕྲོག་མ། །བྱང་ནས་དམ་སྲི་དབུགས་དང་ཕྲོལ། །ཧཱུཾ་གླིང་བཞི་མགྱོགས་མ་ཤར་ནས་གཤེགས། །མཁའ་ལ་ཁྱུང་ལྡིང་ལྷོ་ནས་གཤེགས། །དམར་མོ་གཡག་མགོ་ནུབ་ནས་གཤེགས། །སེར་མོ་ལས་མཁན་བྱང་ནས་གཤེགས། །ཨེ་ལ་གནས་པའི་དམ་སྲི་མ། །རྒྱལ་མོ་བཞི་ཡི་རྣོ་ཡིས་གཅད། །ཏྲི་ཙིཏྟ་ཡ་ཁད་ཀན། རི་ཙིཏྟ་ལ་ཐུམ་ལུམ། ཁམ་ཙིཏྟ་ལ་ཧཱུཾ། ཨ་ཙིཏྟ་ལ་ཧ་ཕཊ། རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། དམ་སྲི་རླག་བྱེད་ཁྲག་གི་ལག་ཆ། ཕུང་བྱེད་དྲེགས་པའི་རྣོ་ཁ་སྒྲིལ་གྱི་ལེའུ་སྟེ་བཅུ་གཉིས་པའོ།། །།དབེན་ལ་


DNG023_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

གཉན་པའི་གནས་སུ་ནི། །མཎྜལ་འཁོར་ཡུག་ལྡན་པ་ལ། །འཁོར་ལོ་རྩིབས་བརྒྱད་འབར་བ་ལ། །རྡོ་རྗེ་འབར་བ་མེ་འོད་ལྡན། །ཡབ་ཡུམ་བསྙེན་པ་རྫོགས་བྱས་ནས། །ཡུམ་གྱི་མཁའ་དཀྱིལ་བྷ་ག་ལ། །རྩིབས་བརྒྱད་འཁོར་ལོ་འབར་བ་ལ། །ལྷ་མོ་ཚོམ་བུ་སྦོ་བར་བྱ། །ཙ་པ་ལ་ཕཊ། མ་རིང་ནི་ཕཊ། དུང་པ་ནི་ཕཊ། རག་ཤ་ནི་ཕཊ། ཙིཏྟ་ལ་ཕཊ། གརྦྷེ་ལང་ཕཊ། ཨུ་པ་ཏེ་ཕཊ། ནུ་མ་རེ་ཕཊ། ཕྱོགས་མཚམས་བརྒྱད་ནས་བསྐུལ་ཤེས་ན། །གྲུབ་པའི་མཚན་རྟགས་བསྟན་དུ་གསོལ། །ཛཿཧཱུཾ་བཾ་ཧོཿ། ལུང་སྟོང་མ་ཡི་རྩེ་མོ་རུ། །སྣ་ཚོགས་ལྔ་ཡི་རྩི་སྦྱར་བས། །ཐོབ་པའི་རྒྱལ་མོ་མཉེས་པར་བྱ། །རང་རང་སྔགས་ལ་རུ་ལུས་སྔགས། །ཐུགས་ཀར་སྔགས་ཟེར་འཕྲོ་འདུས་བསྐུལ། །བཞི་ཡི་ལྷོ་ཕྱོགས་ཨེ་ཡི་གནས། །སྲིན་པོ་འདུལ་བའི་གཟུགས་ཉིད་ལ། །ལྕགས་ཀྱི་དྲ་བས་རྒྱ་གྲམ་བྱ། །གངས་རི་འབར་བའི་རྩེ་ལ་བཞག །དེ་ནས་ཕོ་ཉ་མངག་པ་སྟེ། །ཧཱུཾ་མི་དམིགས་ཏིང་འཛིན་ཡེ་ཤེས་བདེ་བ་ཆེ། །ཧེ་རུ་ཧཱུཾ་སྲས་འཁོར་དུ་བཞད། །སྤྲུལ་པ་སེང་གེའི་མགོ་བོ་ཅན། །གངས་ཀྱི་སྟོངས་ནས་ངར་སྒྲ་འབྱིན། །གཅན་གཟན་ཕྲ་མོ་མང་པོ་འདར་ཅིང་འདུད། །དམ་ཉམས་རྡུལ་དུ་རློག་པའི་དུས་ལ་བབ། །ཧཱུཾ་མི་དམིགས་ཏིང་འཛིན་ཡེ་ཤེས་བདེ་བ་ཆེ། །སྤྲུལ་པ་སྟག་གི་མགོ་བོ་ཅན། །དམ་ཉམས་དགྲ་བོ་སྒྲལ་བའི་དུས་ལ་བབ། །ཧཱུཾ་མི་དམིགས་ཕྲ་མོ་ཆུ་སྲིན་རྒྱལ་མཚན་ཕྱར། །སྤྲུལ་པ་ཝ་ཡི་མགོ་ཅན་དུར་ཁྲོད་ཁྱབ་པར་ཉུལ། །སྙིང་རྗེ་མེད་པར་ལས་ཀྱིས་གསོད་པར་བྱེད། །དམ་ཉམས་རྡུལ་དུ་རློག་པའི་དུས་ལ་བབ། །ཧཱུཾ་མི་བཟད་ཁྲོས་པས་བྱང་ཕྱོགས་དྲེགས་པ་འཇོམས། །མི་དམིགས་ཕོ་ཉ་མི་སྡུག་རྡོ་རྗེ་ཕྱར། །སྤྲུལ་པ་སྤྱང་མོའི་མགོ་ཅན་སྲོག་ཆགས་གཞན་མ་སྒྲོལ། །རྟེན་ལ་ཕབ་གནས་གསུམ་རྣོན་པོས། །ནག་མོ་མགོ་ཅན་སྦུད་པ་རུ། །གདུག་པ་ཅན་གྱི་ཤིང་གིས་དགང་། །སྲིན་མོ་ཁྲོས་ནས་མེ་བསླངས་ལ། །སྙིང་པོ་རྒོད་ཀྱི་མཇུག་མས་མེ་སྦར་ལ། །བྱེད་པ་མོ་ནི་བཞི་གཉིས་ལ། །རང་རང་སྔགས་ཀྱིས་སྲེག་བྱང་བྱ། །


DNG023_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

དྷ་དུ་ར་ཡི་ཁུ་བ་དང་། །མཆི་རྐྱེན་རྒྱ་ཚིལ་མཆོད་པར་སྦྱར། །རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། བཤན་པ་མོ་བརྒྱད་སྒྲུབ་པའི་ཐབས་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དབེན་གནས་གཉན་པའི་གནས་མཆོག་ཏུ། །མཎྜལ་འཇིམ་པའི་དྲི་བྱུགས་ལ། །གྲུ་གསུམ་གཅིག་ལ་རྩིབས་བརྒྱད་ལྡན། །ཆེ་མཆོག་བསྙེན་པ་རྫོགས་བྱས་ནས། །ཡུམ་གྱི་བྷ་གའི་དཀྱིལ་དུ་འཁོར། །སྙིང་པོ་ཐིག་ལེ་སྤྲོས་པ་ལས། །ད་རི་ཧཱུཾ་ཕཊ། རུ་ལུ་ཧཱུཾ་ཕཊ། ར་ཏ་ཧཱུཾ་ཕཊ། རྩ་ཏེ་ཀ་ཧཱུཾ་ཕཊ། གུ་ཤ་ཏེ་ཧཱུཾ་ཕཊ། ཨ་ཏོ་ཡེ་ཧཱུཾ་ཕཊ། བི་ཏ་སྭ་ཕཊ། དུ་ར་རྩ་ཡེ་ཕཊ། ཛཿཧཱུཾ་ཧཱ་ཧེ་ཕཊ། རྒྱན་ལྡན་སྔགས་ཀྱིས་མཆོད་བྱས་ལ། །སྟོང་རྩ་བརྒྱད་ཀྱི་འཕྲོ་འདུ་བྱ། །རང་རང་སྔགས་ལ་རུ་ལུས་སྔགས། །མཐིང་ནག་ཨེ་ཡི་དཀྱིལ་འཁོར་དུ། །སུ་ཏྲ་ན་ཡི་རྐྱལ་པ་རུ། །ནྲྀ་ཏྲ་ན་ཡི་གཟུགས་བཅུག་ལ། །དེ་ནས་དཔལ་གྱི་ཕོ་ཉ་ལ། །ཧཱུཾ་ཤར་གྱི་ཕྱོགས་ནས་བསྐུལ་བ་ནི། །དཔལ་གྱི་བཀྲག་འཕྲོག་ནམ་མཁའི་གཟི། །སྐུ་མདོག་དཀར་སེར་སྤྲིན་གྱི་རལ་པ་ཅན། །སྤྱི་གཙུག་དམར་པོ་ཞེ་སྡང་སྐྱེད། །སྐར་མདའ་ཕྱག་གཉིས་གཟའ་ཡི་ཞགས་པ་འཕེན། །གཡས་པ་འོད་ཟེར་དམར་པོ་གཡོན་པ་ཁྲོ་ཆུ་ཙགས་ཆ་འཛིན། །དྲི་ཟ་མགོ་ཆང་བྷན་དྷ་རུ། །སྙིང་ཁྲག་དམར་ལ་ད་སྡོམས་ཤིག །ཧཱུཾ་ལྷོ་ཡི་ཕྱོགས་ནས་བསྐུལ་བ་ནི། །དཔལ་གྱི་ཁྲག་འཐུང་ནམ་མཁའི་གཟི། །ཁྲག་མདོག་དམར་མོ་བསེ་ཡི་རལ་པ་ཅན། །སྤྱི་གཙུག་འོད་ཟེར་དམར་པོ་སྐྱེས། །གཡས་པ་འོད་ཟེར་དམར་པོ་འཛིན། །གཤིན་རྗེ་མགོ་བཅད་བྷན་དྷ་རུ། །སྙིང་ཁྲག་དམར་ལ་ད་སྡོམས་ཤིག །ཧཱུཾ་ནུབ་ཀྱི་ཕྱོགས་ནས་བསྐུལ་བ་ནི། །དཔལ་གྱི་དྲོད་འཕྲོག་ནམ་མཁའི་གཟི། །མེ་འཕྲེང་བུ་འཕྲེང་མ་ཡི་རལ་པ་ཅན། །སྤྱི་གཙུག་མེ་ཡི་འདོད་ཆགས་དམར་པོ་སྐྱེས། །མེ་ཡི་ཕྱག་རྒྱ་གར་ཐབས་བྱེད། །མེ་མདའ་ཞབས་གཉིས་བརྐྱང་བསྐུམ་ཚུལ། །ཀླུ་བདུད་མགོ་བཅད་བྷནྡྷ་རུ། །སྙིང་ཁྲག་དམར་ལ་ད་སྡོམས་ཤིག །ཧཱུཾ་བྱང་གི་ཕྱོགས་ནས་བསྐུལ་པ་ནི། །དཔལ་གྱི་


DNG023_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

དབུགས་འཕྲོག་ནམ་མཁའི་གཟི། །སྐུ་མདོག་ལྗང་གུ་སྤྲིན་གྱི་རལ་པ་ཅན། །རླུང་གི་ཕྱག་གཉིས་གར་ཐབས་འགྱེད། །གཡས་པ་རྒྱ་གྲམ་རལ་གྲི་འདེབས། །གནོད་སྦྱིན་མགོ་བཅད་བྷནྡྷ་རུ། །སྙིང་ཁྲག་དམར་ལ་ད་སྡོམས་ཤིག །བཀུག་ལ་པུ་ཏྲའི་རྒྱལ་པོ་རུ། །ཀྲོ་ཏ་ན་ཡིས་བཏགས་ནས་སུ། །འབྱུང་བ་རླུང་གི་དཀྱིལ་འཁོར་དུ། །མོན་པ་ནག་པོས་བཏགས་ནས་ནི། །སྲིད་པ་མ་སྟོངས་བར་དུ་གདུག །རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། ཇག་པ་མ་མོའི་སྒྲུབ་པ་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།། །།དུར་ཁྲོད་ངན་པའི་ས་ཕྱོགས་སུ། །མཎྜལ་ཙནྡན་དྲིས་བྱུགས་ལ། །པད་བཞི་འཁོར་ལོ་རྩིབས་བཞི་བཅས། །ཆེ་མཆོག་བསྙེན་པ་རྫོགས་བྱས་ནས། །ཡུམ་གྱི་མཁའ་ལས་འོད་འཕྲོས་པ། །ཀུ་མ་ད་རི་ཕཊ། ཀངྐ་ཀ་ད་རི་ཕཊ། ཙ་མུན་ད་རི་ཕཊ། ཆུ་ལ་ད་རི་ད་རི་ཕཊ། ར་ཙ་ཧ་ཕཊ། ཀེ་རུ་ཧེ་ཕཊ། ཀ་ར་ཏ་ཕཊ། དུ་ན་ཡེ་ཕཊ། རྒྱན་ལྡན་གཏོར་མ་མཉེས་བྱས་ལ། །རང་རང་སྔགས་ལ་ཛ་ཡིས་མཛེས། །སྟོང་རྩ་བརྒྱད་དུ་བསྙེན་པ་བྱ། །ཤར་དུ་སྐར་མདའ་གསང་གིས་མཛེས། །ལྷོ་རུ་ནེ་ཀྲ་འབྲུ་མར་དགང་། །ནུབ་ཏུ་བདུད་ཀྱི་རྩེ་མོ་རུ། །རྒྱ་རུ་ར་ཡི་ཁུ་བས་དགང་། །རྐང་རྗེས་ཟད་པའི་རབས་ཆད་ཐོད་པ་རུ། །མེ་ཏོག་འབར་བའི་སྦྲང་རྩི་བཅུད་ཀྱིས་དགང་། །མ་ཧཱ་དེ་ཝའི་བུ་མོ་སྟེ། །ཀུ་མ་ད་རའི་དུས་ལ་བབ། །དཔལ་ཆེན་ཐུགས་ཀྱི་བུ་མོ་སྟེ། །ཀངྐ་ཀ་ད་རའི་དུས་ལ་བབ། །གནོད་སྦྱིན་ལེགས་པའི་བུ་མོ་སྟེ། །ཙ་མུན་ད་རའི་དུས་ལ་བབ། །ཀླུ་རྒྱལ་འཇོག་པོའི་བུ་མོ་སྟེ། །ཆུ་ལ་ད་རའི་དུས་ལ་བབ། །སྲིན་མོ་རྒྱུ་བའི་ཚེ་སྲོག་བདག །སྤྲུལ་པའི་རྒྱལ་མོའི་དུས་ལ་བབ། །འཇིང་གི་ཐུན་ལ་རྒྱུ་འགྲོ་མ། །རྒྱན་གྱི་རྒྱལ་མོའི་དུས་ལ་བབ། །ནམ་ཕྱེད་ཐུན་ལ་བབ་པའི་ཚེ། །དབང་གི་རྒྱལ་མོའི་དུས་ལ་བབ། །ཐོ་རངས་ཐུན་ལ་བབ་པའི་ཚེ། །ལས་


DNG023_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྒྱལ་མོའི་དུས་ལ་བབ། །ཁྲག་མཚོ་འབར་བའི་དཀྱིལ་འཁོར་དུ། །ཤིན་ཏུ་རྣོ་བའི་སྟེང་ནས་ནི། །རྣོ་དབལ་སྔགས་ཀྱིས་དབབ་པར་བྱ། །གུ་གུ་ཙིཏྟ་ལི་ཁ་ཐིམ་རྦད། ར་ཏོ་ནི་ད་ནི་པྲ་ཏོ་རྦད། དྭངས་དུ་ནི་ཐོ་རྦད། ཀྲི་ཏ་རུ་བི་ཏི་ནི་རྦད། ནད་དང་མཚོན་གྱི་བསྐལ་པ་ཡིས། །དུས་མཐའི་མེ་བཞིན་འཁྲུག་པར་བསམ། །རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། གའུ་ཕུང་བྱེད་ཆེན་པོའི་ལེའུ་སྟེ་བཅོ་ལྔ་པའོ།། །།གྲུབ་པའི་ས་གཞི་བརྟག་པ་རུ། །འཁོར་ལོ་འབར་བའི་རྩིབས་བཞི་ལ། །དུར་ཁྲོད་ཐལ་བས་བྲིས་བྱས་ཏེ། །དབུས་སུ་རྟ་མཆོག་ཡབ་ཡུམ་བསྐྱེད། །མཁའ་ལ་སྲས་སུ་ཡུམ་བཞི་བསྐྱེད། །སྙིང་རྩ་ཤ་མ་ལ་བྷྱོ། ཙ་བ་ས་ལ་བྷྱོ། མ་མ་ལ་ས་བྷྱོ། མཐིང་ནག་འབར་བའི་དཀྱིལ་འཁོར་དུ། །གདུག་པའི་པགས་པར་ར་དཀར་གཞུག །དེ་ནས་ཕོ་ཉ་ཆེན་མོ་ནི། །བྱང་ཤར་མཚམས་ཀྱི་འཁོར་འདུས་མ། །སྟག་སྨན་ཟོར་གདོང་ཆེན་མོ་ནི། །ཆིབས་སུ་ལྷོ་ཡི་སྟག་ལ་ཆིབས། །འཁོར་དུ་གཟིགས་སྨན་རོལ་པོ་འབྲོང་། །བྱང་ཤར་དགྲ་འདུལ་ཆེན་མོ་གཤེགས། །གློག་སྟོང་འཁྱུག་ཅིང་གཤེགས་སུ་གསོལ། །ནུབ་བྱང་མཚམས་ཀྱི་འཁོར་འདུལ་མ། །ནག་མོ་གདོང་དྲུག་མཆེ་ཆེན་འབེབས། །ཆིབས་སུ་བྱང་ཀའི་འབྲོང་ལ་ཆིབས། །གཡས་ནས་མི་ལྤགས་གཡང་གཞི་རྡེབ། །གཡོན་ན་མདུང་དམར་རུ་མཚོན་འདེབས། །ནུབ་བྱང་བདུད་འདུལ་དུས་ལ་བབ། །འབྲུག་སྟོང་ལྡིར་ཅིང་ད་ཚུར་སྤྱོན། །ལྷོ་ནུབ་མཚམས་ཀྱི་འཁོར་རྒྱལ་མོ། །ཁྲི་དམན་ལྡེམ་དྲུག་ཆེན་མོ་ནི། །ཆིབས་སུ་ནམ་མཁའི་གློག་ལ་ཆིབས། །གཡས་ན་དམན་བརྒྱ་ཤ་ར་ར། །གཡོན་ནས་གློག་འཁྱུག་ལྕིབས་སེ་ལྕིབ། །ལྷོ་ནུབ་སྲིན་མོ་དུས་ལ་བབ། །ཤར་ལྷོ་མཚམས་ཀྱི་བདུད་འདུལ་མ། །མཚན་ནི་བ་ལང་དྲེའུ་སྣ་མ། །ཆིབས་སུ་དྲེལ་རྟ་ཕག་ལ་ཆིབས། །དྲི་ཟ་འདུལ་བྱེད་ཆེན་མོ་གཤེགས་སུ་གསོལ། །གློག་སྟོང་འཁྱུག་ཅིང་ད་ཚུར་སྤྱོན། །


DNG023_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

གདུག་པ་ཀླད་ལ་བསྐོར་ནས་ཀྱང་། །སྣང་བ་ཆེན་པོ་ནང་དུ་འཕང་། །རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། འཁོར་འདུལ་མ་བཞི་སྒྲུབ་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།དུར་ཁྲོད་འབར་བའི་ཐོད་པ་རུ། །ཟླ་གམ་བཞི་ལ་ཐིག་ལེས་བརྒྱན། །ཕྲ་མེན་བསྙེན་པ་རྫོགས་ནས་ཀྱང་། །མཁའ་ལ་འོད་འཕྲོས་སྤྲུལ་པ་རྫོགས། །དུར་ཏ་ཡེ་ཕཊ། པ་རི་ཏ་ཕཊ། ཛ་ག་ཤ་ཡེ་ཧཱུཾ། ཁ་ས་ཡེ་ཧཱུཾ། རང་རང་བསྙེན་པ་རྫོགས་བྱས་ནས། །ཕྱོགས་བཞི་ཐིག་ལེས་ཟླུམ་པོ་བཞི། །ཀ་ཀོ་ལ་ཡི་ཐིག་པ་དང་། །ཏྲོས་ཕོ་རོག་པ་ར་ཡི་ཐིག་ལེ་དང་། །གསེར་མིག་མ་ཡི་ཐིག་ལེ་དང་། །སོ་ཏ་ནག་པོའི་ཐིག་ལེ་དང་། །རོ་ཏིའི་མིང་བཅུག་ལ། །ཙ་ར་ན་ཡི་འུར་རྡོས་འཕང་། །ཧཱུཾ་འདོད་པའི་བུ་མོ་མི་བཟད་མ། །ནམ་མཁའ་དང་བའི་སྐུ་མངའ་མ། །ཡེ་ཤེས་ཟླ་བའི་ཐུགས་མངའ་མ། །ཏིང་འཛིན་ཉི་མའི་སྤྱན་མངའ་མ། །འདོད་པའི་བུ་མོ་མི་བཟད་མ། །དྲེད་པོའི་བུ་མོའི་གཟུགས་ལྡན་མ། །རྔ་མོ་གྭ་བཅིབས་གློག་བས་མགྱོགས། །སྤྲུལ་པའི་བུ་མོ་མི་བཟད་མ། །འདོད་པའི་བུ་མོ་མི་བཟད་མ། །རུས་སྦལ་ཆིབས་ནི་གློག་བས་མགྱོགས། །ཟངས་ཀྱི་སྐུ་བྱང་ཀླད་ལ་བསྐོར། །བཤན་པ་འབུམ་གྱི་དབུས་ན་འགྱིང་། །འདོད་པའི་བུ་མོ་སྤྲུལ་པ་མོ། །མེ་ཡི་འབར་མ་ལྕེ་བརྒྱད་ནི། །མྱུར་བའི་ཚད་ནི་གློག་བས་མགྱོགས། །ལག་པའི་སྙིང་འབྱིན་ཞལ་དུ་འདྲེན། །རྡོ་རྗེ་མཁའ་འགྲོ་ལས། ཁྱོ་མེད་མ་བཞི་སྒྲུབ་པ་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ།། །།ཕྲ་མེན་རྒྱ་མཚོས་ཡང་གསོལ་པ། །ཕོ་ཡི་སྒྲུབ་པ་ཇི་ལྟར་ལགས། །རྒྱལ་བ་ཡབ་ལ་བདག་ཉན་འཚལ། །རྒྱལ་པོ་དེ་བས་བཀའ་སྩལ་པ། །དབུས་སུ་གྲུ་གསུམ་འབར་བ་ལ། །ཤེལ་ནག་རྒྱལ་བུར་གཟུགས་བཅུག་ལ། །ཕྱག་རྒྱ་བཞི་ཡིས་དགུག་གཞུག་བྱ། །བསྡིམ་ལ་གུ་གུ་ཐུལ་ཐུལ་བྱ། །


DNG023_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཕོ་ཉ་རབ་དགྱེ་སྟེ། །ཧཱུཾ་ཤར་གྱི་ཕྱོགས་ནས་བཞེངས་སེ་བཞེང་། །དུང་གི་གླང་པོ་ཆེན་པོ་ལ། །ཡ་རྐན་གནམ་ལ་མ་རྐན་ས། །མཆེ་བ་གངས་རི་གཏམས་པ་འདྲ། །ལྕེ་ནི་མུན་གྱི་གློག་བས་མགྱོགས། །དེ་འདྲའི་སེམས་ཅན་ཆེན་པོ་ལ། །བསེ་ཡི་སྐྱེས་བུ་འཕྲུལ་ཅན་ཞོན། །སྐུ་ལ་བསེ་ཁྲབ་ཁྲ་བོ་གསོལ། །ཕྱག་ན་བསེ་མདུང་དམར་པོ་བསྣམས། །དབུ་ལ་བསེ་ཡི་རྨོག་ཞུ་གསོལ། །རྡོ་རྗེ་འབར་བའི་ཕྲ་དོག་སྐྱེས། །བདུད་གཡག་འབྲོང་གི་གཞུ་མོ་ལ། །ཁྲོ་ཆུ་འབར་བའི་འཆང་ཟུང་དཀྱིལ། །གསེར་གྱི་མཆོག་མ་འབར་བ་ལ། །དངུལ་གྱི་སྤྱིན་གྱིས་སྡེབས་སྦྱར་ནས། །ཞིང་གི་རྒྱུས་ཀྱི་རྒྱུད་དུ་བལྟམས། །རྨྱུག་མ་བྱང་ཆུབ་ཤིང་བུ་ལ། །ཡེ་ཤེས་བཞི་ཡི་སྒྲོ་ཡིས་བསྐྱོན། །བདེ་ཆེན་ཆོས་ཀྱི་དབྱིངས་ཉིད་ལ། །རྨྱུག་མ་འོད་ཟེར་བདེ་བ་ཚ་ཚ་འཁྲུག །འཕྲོག་པར་རྒྱོབ་ཅིག་བཛྲ་ཡ། །གཟོར་རོ་གཟོར་རོ་ཙིཏྟ་མ་ཕཊ། ལྷོ་ཡི་ཕྱོགས་ནས་བཞེངས་སེ་བཞེང་། །གར་མཁན་ཤང་ཤང་རྟ་ཕོ་ལ། །ཡ་རྐན་རྦ་ལ་མ་རྐན་ཆུ། །མཆེ་བ་མཆུ་རི་འབར་བའི་སྐུ། །ལྕེ་ནི་མུན་གྱི་གློག་བས་གསལ། །དེ་འདྲའི་སེམས་ཅན་ཆེན་པོ་ལ། །བསེ་ཡི་སྐྱེས་བུ་གདུག་པ་ཞོན། །སྐུ་ལ་བསེ་ཁྲབ་ཁྲ་བོ་གསོལ། །ཕྱག་ན་བསེ་མདུང་དམར་པོ་བསྣམས། །དབུ་ལ་བསེ་ཡི་རྨོག་ཞུ་གསོལ། །རིན་ཆེན་སྔོན་པོའི་རྨོག་སྐྱེས་པ། །གཞུ་བཟུང་གཡོན་གྱི་ལྟོང་སྲོག་གཡས་ཀྱི་སྲོག །ཕོག་པར་རྒྱོབ་ཅིག་རཏྣ་ཡ། །གཟོར་རོ་གཟོར་རོ་ནཱ་ག་ཙིཏྟ་ཏྲ་ཋ་ཡ། ནུབ་ཀྱི་ཕྱོགས་ནས་བཞེངས་སེ་བཞེང་། །ཡིད་འོང་རྨ་བྱའི་རྟ་ཕོ་ལ། །ཡ་རྐན་མེ་ལ་མ་རྐན་དྲོད། །མཆེ་བ་མེ་སོ་དམར་པོ་ལ། །ལྕེ་ནི་མེ་ལྕེ་གློག་བས་མགྱོགས། །དེ་འདྲའི་སེམས་ཅན་ཆེན་པོ་ལ། །བསེ་ཡི་སྐྱེས་བུ་གདུག་པ་ཞོན། །སྐུ་ལ་བསེ་ཁྲབ་ཁྲ་བོ་གསོལ། །ཕྱག་ན་བསེ་མདུང་དམར་པོ་བསྣམས། །དབུ་ལ་བསེ་


DNG023_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་རྨོག་ཞུ་གསོལ། །བྱེ་རུ་དམར་པོའི་ཕྲ་དོག་སྐྱེས། །ཕོག་པར་རྒྱོབ་ཅིག་ནཱ་ག་ར། །གཟོར་རོ་གཟོར་རོ་ནཱ་ག་རྩ་པ་ལ་ཏྲ་ཏ་ཕཊ། བྱང་གི་ཕྱོགས་ནས་བཞེངས་སེ་བཞེང་། །གར་མཁན་ཤང་ཤང་རྟ་ཕོ་ལ། །ཡ་རྐན་རླུང་ལ་མ་རྐན་གྲང་། །མཆེ་བ་ཉི་ཟེར་འཛིན་པ་འདྲ། །ལྕེ་ནི་སྤྲུལ་པའི་གློག་བས་གསལ། །དེ་འདྲའི་སེམས་ཅན་ཆེན་པོ་ལ། །བསེ་ཡི་སྐྱེས་བུ་འཕྲུལ་པ་ཞོན། །སྐུ་ལ་བསེ་ཁྲབ་ཁྲ་བོ་གསོལ། །ཕྱག་ན་བསེ་མདུང་དམར་པོ་བསྣམས། །དབུ་ལ་བསེ་ཡི་རྨོག་ཞུ་ལ། །རྡོ་རྗེ་རྒྱ་གྲམ་ཕྲ་དོག་སྐྱེས། །ཕོག་པར་རྒྱོབ་ཅིག་ཁ་རམ་མ། །གཟོར་རོ་གཟོར་རོ་ཁ་དུན་ཙིཏྟ་ལ་ཧཱུཾ་ཕཊ། སྐྱེས་བུ་བཞི་ཡིས་མདོ་རྩེ་ཡིས། །གང་གི་གཟུགས་ལ་ཕབ་ལ་བསྒྲུབ། །རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། བསེ་ཡི་སྐྱེས་བུ་བཞི་སྒྲུབ་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།མདུང་རྩེ་སྦས་པའི་ས་ཕྱོགས་སུ། །འཁོར་ལོ་འབར་བ་བཞི་རུ་ལྡན། །དབུས་སུ་ཊ་ཀི་རཱ་ཙ་བསྐྱེད། །རྩ་དྲ་དུ་ཏྲ་ཧཱུཾ། ག་རྩ་པ་ར་ཏི་ཧཱུཾ། རྒྱན་ལྡན་གཏོར་མ་མཛེས་བྱས་ནས། །ར་རྩ་ནག་པོའི་ལྟོ་བ་རུ། །རཱུ་པ་ནྲྀ་དང་མིང་བྲིས་པས་མགོ་ལ་ལྷ་དང་བསྒྲལ་བའི་རྫས་སྟོན་བཞག་པར་བྱ། དེ་ནས་ཕོ་ཉ་དགྱེ་བྱས་ཏེ། ཧཱུཾ་ཁྲོ་བོ་ཆེན་པོ་ཁམས་གསུམ་གིང་ཀ་ར། །སྔོན་པོ་འབར་བ་ཆིབས་སུ་བཅིབས། །རྒྱ་ཕྱེ་སྟོད་ཀྱི་སླག་པ་ལ། །འབུམ་བྱེད་སྨད་ཀྱི་ཤམ་བུ་བཏགས། །ཞོ་དབུགས་དཀར་མོའི་རྨོག་ཞུ་ལ། །ཙནྡན་སྨུག་པོའི་འཛིང་ཐོད་བཅིངས། །བསེ་མདུང་དམར་པོ་དཔག་ཚད་བརྒྱད་ཁྲི་བཞི་སྟོང་ལ། །གནམ་ལྕགས་ཐོག་གི་མདུང་རྩེ་གསལ། །ནག་པོ་ཉི་ཁྲི་འཁོར་གྱིས་བསྐོར། །དགྲ་བོ་དབུགས་དང་བྲལ་བའི་དུས་ལ་བབ། །ཁྲོ་མོ་ཆེན་མོ་ཁམས་གསུམ་དབང་སྡུད་མ། །ཞབས་གཉིས་གྱད་དོར་གླིང་


DNG023_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་རཀྟས་བསྐོར། །ཕྱག་གཉིས་གཡོ་འགུལ་སྲིད་པའི་རི་བོ་འདེབས། །དགྲ་བགེགས་སྙིང་ལ་ཕུར་འདེབས་ལས་ཀྱི་གཤེད་མར་གཤེགས། །ཤར་ཕྱོགས་ཁམས་ན་རྒྱུ་བའི་གིང་ཆེན་བཞི། །མེ་ཟ་བྲག་གྱོན་དགྲ་བོའི་རུས་ལ་འཆའ། །ནང་པར་ཉི་མ་ཉིད་དང་དུས་གཅིག་འཆར། །སྲོག་དབུགས་གཟུགས་དང་ཕྲལ་བའི་དུས་ལ་བབ། །ལྷོ་ཕྱོགས་ཁམས་ནས་རྒྱུ་བའི་གིང་ཆེན་བཞི། །ཆུ་དབལ་སྔོན་པོ་ཆུ་ལྕེ་ཞོན་ནས་ནི། །སྲོད་ལ་པ་བ་སངས་དང་དུས་གཅིག་འཆར། །སྲོག་དབུགས་གཟུགས་ལ་དབང་ཞིང་ཀུན་གྱི་ཁྲག་ལ་ཁྱབ། །དགྲ་བོ་དབུགས་དང་ཕྲལ་བའི་དུས་ལ་བབ། །ནུབ་ཕྱོགས་ཁམས་ནས་རྒྱུ་བའི་གིང་ཆེན་བཞི། །མེ་དབལ་དམར་པོ་མེ་ལྕེ་ཞོན་པ་ནི། །ནམ་ཕྱེད་སྒྲ་གཅན་འཛིན་དང་དུས་གཅིག་རྒྱུ། །སྲོག་དབུགས་དྲོད་ལ་ཁྱབ་ཅིང་དམ་ཉམས་དྲོད་དང་བྲལ་བའི་དུས་ལ་བབ། །བྱང་ཕྱོགས་ཁམས་ནས་རྒྱུ་བའི་གིང་ཆེན་བཞི། །ཀླུ་དབལ་སྔོན་པོ་རླུང་ལྕེ་ཞེན་ནས་ནི། །སྲོག་དབུགས་དྲོད་ལ་ཁྱབ་ཅིང་ཀུན་གྱི་དབུགས་ལ་ཁྱབ། །དགྲ་བོ་དབུགས་དང་ཕྲལ་བའི་དུས་ལ་བབ། །གོང་གི་གཟུགས་ལ་ཕབ་བྱས་ནས། །འོད་ཡང་འབར་བས་ལྷུ་དུམ་ཕྲོལ། །མགོ་བོ་རྒྱ་བའི་རབ་ཏུ་འགྱུར། །ལྟེ་བ་རྒྱ་མཚོའི་ནང་དུ་སྐྱུར། །ལུས་པོ་དྲག་པོའི་མེ་ལ་བསྲེགས། །རྒྱུ་མ་འབྱུང་པོ་རྒྱུ་སར་མནན། །པགས་པའི་སྤྱི་ཟླུམ་ལུས་ལ་བསྐོན། །ནག་པོ་མགོ་བཅད་རླུང་གཏོར་བྱ། །རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། བཤན་པ་གིང་གི་སྒྲུབ་པའི་ལེའུ་སྟེ་བཅུ་དགུ་པའོ།། །།བྲག་དམར་འདུ་བའི་རྩེ་དག་ཏུ། །རྫས་རྣམས་རབ་ཏུ་ལྡན་པ་ལ། །དཀྱིལ་འཁོར་རྩིབས་བརྒྱད་ལྡན་པ་ལ། །ལས་དཀྱིལ་འཁོར་ལོས་རབ་བརྒྱན་པ། །ཏིང་འཛིན་སྟོང་པའི་རང་བཞིན་ལས། །ཡབ་ཡུམ་སྔགས་ཀྱིས་རྫོགས་པར་བསྐྱེད། །ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུཾ་ཕཊ། ཡུམ་གྱི་མཁའ་


DNG023_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཧཱུཾ་བཅུ་ལས། །གདན་གྱི་སྟེང་དུ་ཧཱུཾ་བཅུ་གདོན། །དེ་ནས་རང་བཞིན་སྤྱན་དྲངས་ཏེ། །ཧཱུཾ་ཆོས་སྐུ་མཉམ་ཉིད་རོལ་པའི་སྐུ། །སྨོན་ལམ་དབང་གིས་གཤེགས་སུ་གསོལ། །འཇམ་དཔལ་ཁྲོ་བོ་ཡེ་ཤེས་ལྷ། །མཉམ་ཉིད་རོལ་པས་གཤེགས་སུ་གསོལ། །ཧཱུཾ་སྟེང་ནས་ནག་པོ་འཇོམས་པ་གཤེགས། །ཤར་ནས་ཁྲོ་བོ་བྲམ་གྱོན་ནི། །ནམ་མཁའ་བྲག་འཛིན་གཤེགས་སུ་གསོལ། །ཤར་གྱི་ཨ་ཝ་གླང་མགོ་ཅན། །སྨུག་ནག་རྩེགས་པ་གཤེགས་སུ་གསོལ། །ལྷོ་ཕྱོགས་ཁྲོ་བོ་ཡ་བ་ཏི། །སྨུག་ནག་ལྕགས་ཀྱུ་གཤེགས་སུ་གསོལ། །ལྷོ་ནུབ་ལྕོགས་པ་མགོ་དགུ་ནི། །སྨུག་ནག་རལ་གྲི་གཤེགས་སུ་གསོལ། །ནུབ་ཕྱོགས་གཤིན་རྗེ་དམིགས་པ་ནི། །དམར་ནག་ཐོད་མཐིང་གཤེགས་སུ་གསོལ། །ནུབ་བྱང་གསོད་བྱེད་ཆེན་མོ་ནི། །སྔོ་ནག་སྤུ་གྲི་གཤེགས་སུ་གསོལ། །བྱང་ཕྱོགས་རྒྱལ་པོ་བདུད་འཇོམས་ནི། །ལྗང་ནག་ཐོད་པ་གཤེགས་སུ་གསོལ། །བྱང་ཤར་ཆོས་ཀྱི་རྒྱལ་པོ་ནི། །དཀར་སིང་ཁྲམ་ཤིང་གཤེགས་སུ་གསོལ། །འོག་གི་ཁྲོ་བོ་དམར་པོ་ནི། །དཀར་སེར་རྩིས་བྱང་གཤེགས་སུ་གསོལ། །མགོ་དགུ་རྐང་བརྒྱད་དྲེད་ཤམ་ཅན། །ཁམ་རྒྱ་མཐུ་ཆེན་དམར་པོ་ཆེ། །ཤེལ་གྱི་ཁམ་རྒྱ་ཕག་མོ་དང་། །ཐོད་མཐོང་མ་དང་སྔོ་ནག་མོ། །སྨུག་ནག་གྲུ་རྩ་མུ་ན་ཏྲི། །དུས་ལ་རུབ་ཅིང་དམ་ལ་གནས། །མ་ལུས་ལས་ལ་གཤེགས་སུ་གསོལ། །མཆོད་པ་ཧྲི་སྔགས་ཁྲི་འབུམ་བཟླས། །དེ་ནས་ལས་ཀྱི་དཀྱིལ་འཁོར་བསྐོར། །ཕྱི་ནང་གསང་བའི་འཁོར་ལོ་གསུམ། །བཞི་པ་ཟླ་ཡི་དཀྱིལ་འཁོར་ལ། །རྒྱས་པ་གླང་པོ་ཧེ་དུ་རྟེན། །དབང་ནི་ཆུང་མའི་སྙིང་གར་ཏེ། །བསད་པ་གཤིན་རྗེའི་ལྟོ་བ་རུ། །རྒྱུག་པ་དྲེད་དང་རྔ་མོ་གཉིས། །དབྱེ་བ་རྟ་དང་སེང་གེ་གཉིས། །སྨྱོ་


DNG023_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

འབོག་ཤ་བའི་རྒྱབ་ཏུ་བྱ། །ལྐུགས་པ་ལུག་གི་ལྟོ་བར་བྱ། །གནན་པ་རི་རབ་འོག་ཏུ་བྱ། །རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། གཤིན་རྗེའི་ཕོ་བྲང་གི་ལེའུ་སྟེ་ཉི་ཤུ་པའོ།། །།ཟར་རི་རྙོག་པ་ཁ་བད་ཅན། །སྟེང་དུ་དྲི་ཡིས་ཆག་ཆག་གདབ། །ཟླ་གམ་གཅིག་ལ་རྩིབས་བཞིས་བརྒྱན། །རྩ་བའི་སྔགས་ཀྱིས་ཡབ་ཡུམ་བསྐྱེད། །ཨོཾ་མ་རུ་ཙེ་མཉྫུ་ཤྲཱིཿཀུ་མཱ་ར་ཡ་མཱནྟ་ཀ་མ་བ་ཏོ་མེ་ཧཱུཾ། རྩ་བ་རྩམ་རི་ཤིག །སྙིང་རྩ་མ་ལ་བྷྱོ། ཛཿཧཱུཾ་བཾ་ཧོཿ། ས་མ་ཡ་ཛ་ཛཿ། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཛྭ་ལ་ཛྭ་ལ་ཧཱུཾ་ཕཊ། འབུམ་བཟླས། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་བག་ཤ་ཡ་ཧ་ན་ཧ་ན་ཧཱུཾ་ཕཊ། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཙིཏྟ་ས་ན་ཙིཏྟ་ཧཱུཾ་ཕཊ། རེ་རེ་ཡང་འབུམ་འབུམ་མོ། །དེ་ནས་ལས་ལ་སྦྱར་ཏེ། དེ་ནས་དྲག་པོ་ཨེ་དཀྱིལ་དུ། །གངས་ལ་གཡའ་ཡིས་བསྟན་ལ་བྲག །བཀུག་ལ་རྟེན་ལ་བསྡིམས་པ་བསྒྲལ། །ཨོཾ་ཧྲི་ལིང་ཤང་ཁ་རུ་དྲི་ཛ་ཡགྴ་རྦད། བུ་ཆེ་མ་ག་འདའ་རུ་རུ་ཕྲ་ཐུམ་ཐུམ། ཤེལ་ཤེལ་ཁྱུང་ཁྱུང་ཤོག་ཤོག་རྦད་ལིང་མྲ་ནི་ཛ། རྣམ་སྨིན་ལུས་བཤིག་གོ། །རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། བཤན་པ་དམར་པོའི་ལེའུ་སྟེ་ཉེར་གཅིག་པའོ།། །།མོན་པ་ཁྲོས་པའི་མདོར་རིས་ལ། །ཨེ་ཡིག་དབུས་སུ་དགོད་པ་ནི། །སེང་གེ་དཀར་མོའི་ལྟོ་བ་རུ། །ཤར་དུ་ཤེས་ལྔ་བསྟུམ་ནས་ནི། །ཕག་པའི་ཐོད་པ་བཀའ་ནས་ནི། །ཡུགས་ས་མོ་ཡི་ཞབས་མས་དཀྲི། །དཔལ་གྱི་ཐུགས་ལས་བཀྲག་མེད་སྤྲུལ། །གཡས་པ་རལ་གྲི་ཁྲམ་ཤིང་ཚུལ། །གཡོན་པ་ཡུངས་ཀར་ཤོ་རྡེལ་བརྡེག །ཨོཾ་ཨ་ལྡིང་ལྡང་བྷ་ལྡིང་། ཁྱད་ལྡིང་། ཡང་ཏོ་ལྡིང་། ན་ཏི་མ་རུ་ཡ་རྦད། ཏི་ཏི་མ་རུ་ཡ་རྦད། ཏི་ཏི་ནག་པོ་རི་ཏ་ཕཊ། རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། བདུད་ནག་པོ་ལ་གཏད་པའི་ལེའུ་སྟེ་ཉེར་གཉིས་པའོ།། །།ཡུལ་


DNG023_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

དང་དྭངས་མ་རྩ་རྣམས་ནི། །ཡུལ་ནི་སེམས་ཀྱི་རང་བཞིན་ཏེ། ། དྭངས་མ་ཐིག་ལེའི་རང་བཞིན་ཏེ། །རྩ་ནི་སྙིགས་མའི་དོན་དུ་ཤར། །ཐིག་ལེ་འཁྲུགས་པས་ཡུལ་འཁྲུགས་ཏེ། །ད་ནི་སྙིགས་མ་ཞིག་པར་འགྱུར། །ལས་རླུང་ལོག་པས་ཁྱབ་བྱེད་འཁྲུགས། །རྒྱུ་བྱེད་ལོག་བྱེད་ལོག་པས་ཆོས་ཉིད་འཁྲུགས། །ལས་རླུང་ལོག་པས་སྲིན་འཁྲུག་འགྱུར། །ཁྱབ་བྱེད་ལོག་ན་གུང་མོ་ཉམས། །ཆོས་ལོག་པས་མཛུབ་འཁྲུགས་ཏེ། །དང་པོ་བད་ཀན་སྐྱེ་བྱེད་ཅིང་། །གཉིས་པ་མཁྲིས་པ་སྐྱེད་བྱེད་ཅིང་། །གསུམ་པ་རླུང་ནི་སྐྱེ་བར་བྱེད། །རྒྱུ་བའི་རླུང་ནི་གསུམ་ཀར་ཁྱབ། །རུས་པའི་ནད་ནི་སྐྱེད་པར་བྱེད། །རྣལ་འབྱོར་ནད་ཀྱིས་ཟིན་པ་ལ། །བསྐང་གསོའི་ཆོ་ག་རྒྱས་པར་བྱེད། །རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། ནད་གསོ་བའི་ལེའུ་སྟེ་ཉེར་གསུམ་པའོ།། །།ཉོན་ཅིག་ཡབ་ཀྱིས་བཀའ་སྩལ་པ། །ང་ཡི་གསང་རྒྱུད་ཆེན་པོ་འདི། །ཕྲ་མེན་རྒྱ་མཚོ་ཉིད་ལ་གཏད། །མ་འོངས་སེམས་ཅན་ཐམས་ཅད་ཀུན། །འདི་ལ་མོས་པ་ཕྲད་པར་འགྱུར། །མ་མོས་སེམས་ཅན་ཕྲད་མི་འགྱུར། །ཕྲད་ན་ལོག་ན་དངོས་གྲུབ་ཡལ། །རྡོ་རྗེ་དམྱལ་བ་ལྟུང་ཞེས་བཤད། །དམོད་བཙུགས་པའི་ལེའུ་སྟེ་ཉེར་བཞི་པའོ།། །།རྒྱུད་ཀྱི་རྒྱལ་པོ་རྡོ་རྗེ་མཁའ་འགྲོའི་རྒྱུད་ལས་སྲིད་པ་ཕྲ་མེན་རྒྱ་མཚོས་བསྡུས་པ་རྫོགས་སོ།། །།